http://www.rssboard.org/rss-specification 720 XTF Search Results (docsPerPage=100;expand=subject;f1-subject=སྔ་འགྱུར་རྒྱལ་བ་ཕུག་ཁང་པའི་དཔེ་ཚོགས།;keyword=གཡེམ་པ་) http://nitarthadigitallibrary.org/xtf/search?docsPerPage%3D100;expand%3Dsubject;f1-subject%3Dསྔ་འགྱུར་རྒྱལ་བ་ཕུག་ཁང་པའི་དཔེ་ཚོགས།;keyword%3Dགཡེམ་པ་ Results for your query: docsPerPage=100;expand=subject;f1-subject=སྔ་འགྱུར་རྒྱལ་བ་ཕུག་ཁང་པའི་དཔེ་ཚོགས།;keyword=གཡེམ་པ་ Sun, 05 May 2024 12:00:00 GMT ཨོ་རྒྱན་བྱང་ཆུབ་ལོ་མའི་དཔེ་ཚོགས།. སྟོན་པ་ཤཱཀྱ་ཐུབ་པ། རིག་འཛིན་འཇིགས་མེད་གླིང་པ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། རྒྱལ་སྲས་འགྱུར་མེད་རྡོ་རྗེ། ཨ་རིག་པཎ་ཆེན་པདྨ་ཚེ་དབང་། འགྲོ་འདུལ་དཔའ་བོ་རྡོ་རྗེ། རྫ་དཔལ་སྤྲུལ་རིན་པོ་ཆེ། བྱ་བྲལ་སངས་རྒྱས་རྡོ་རྗེ། དགེ་བཤེས་གླང་རི་ཐང་པ། དགེ་བཤེས་འཆད་ཁ་པ། ཀོང་སྤྲུལ་བློ་གྲོས་མཐའ་ཡས། པདྨ་འགྱུར་མེད་རྒྱ་མཚོ། མཁྱེན་བརྩེ་རབ་གསལ་ཟླ་བ། ཇོ་བོ་རྗེ། རྒྱལ་སྲས་དངུལ་ཆུ་ཐོགས་མེད། འཇམ་མགོན་ས་སྐྱ་པཎ་ཆེན། རྗེ་བཙུན་མི་ལ་རས་པ། རྗེ་བདག་ཉིད་ཆེན་པོ། ཕ་དམ་པ་སངས་རྒྱས། http://nitarthadigitallibrary.org/xtf/view?docId=tei/UBL002/UBL002.xml ༄༅། །བློ་གྲོས་རྒྱ་མཚོ་ཞུས་པའི་མདོ་ལས་བསྟན་པའི་དགེ་བཅུའི་རྣམ་གཞག །ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་རྣམས་ཆོས་གཅིག་གིས་ངན་སོང་ངན་འགྲོ་ལོག་པར་ལྟུང་བར་སྐྱེ་བ་ཡང་དག་པར་གཅོད་དོ། །ཆོས་གཅིག་པོ་དེ་གང་ཞེ་ན། འདི་ལྟ་སྟེ། བདག་ཇི་ལྟར་གྱུར་ཅིང་ཉིན་མཚན་རྣམས་འདའ་ཞིང་འདུག་སྙམ་དུ་དགེ་བའི་ཆོས་རྣམས་ལ་སོ་སོར་རྟོག་པ་སྟེ། དེ་དགེ་བའི་ཆོས་ལ་སོ་སོར་རྟོག་པ་མང་བས་མི་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་གོ་སྐབས་མི་འབྱེད་དོ། །དེ་མི་དགེ་བའི་ཆོས་སྤངས་ཏེ་དགེ་བའི་ཆོས་དང་ལྡན་པས་བསམ་པ་དགེ་བའི་སེམས་ཅན་འདི་ལྟ་སྟེ། སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། འགྲོག་པ་རྙེད་པར་འགྱུར་རོ། །ཀླུའི་བདག་པོ་དེ་ལ་དགེ་བའི་ཆོས་དེ་དག་གང་ཞེ་ན། དགེ་བའི་ཆོས་རྣམས་ཞེས་བྱ་བ་ནི་ལྷ་དང་མིའི་སྐྱེ་དགུའི་ཕུན་སུམ་ཚོགས་པའི་རྩ་བའི་རྟེན་ཏོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་རྩ་བའི་རྟེན་ཏོ། །བླ་ན་མེད་པ་ཡང་དག་བར་རྫོགས་པའི་བྱང་ཆུབ་ཀྱི་རྩ་བའི་རྟེན་ཏོ། །རྩ་བའི་རྟེན་ཡང་གང་ཞེ་ན། འདི་ལྟ་སྟེ་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སྲོག་གཅོད་པ་སྤོང་བ་དང་། མ་བྱིན་པར་ལེན་པ་སྤོང་བ་དང་། འདོད་པས་ལོག་པར་གཡེམ་པ་སྤོང་བ་དང་། བརྫུན་དུ་སྨྲ་བ་སྤོང་བ་དང་། ཕྲ་མ་སྤོང་བ་དང་། ... http://nitarthadigitallibrary.org/xtf/view?docId=tei/UBL002/UBL002.xml Thu, 01 Jan 1970 12:00:00 GMT ཨོ་རྒྱན་བྱང་ཆུབ་ལོ་མའི་དཔེ་ཚོགས།. གཏེར་ཆེན་འགྱུར་མེད་རྡོ་རྗེ། ཨོ་རྒྱན་གཏེར་བདག་གླིང་པ། ལོ་ཆེན་ཆོས་དཔལ་རྒྱ་མཚོ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ཞེ་ཆེན་ཀོང་སྤྲུལ། རྒྱལ་ཚབ་པདྨ་རྣམ་རྒྱལ། http://nitarthadigitallibrary.org/xtf/view?docId=tei/UBL006/UBL006.xml ༄༅༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་ལས༔ ཟབ་གཏེར་ཁ་བྱང་བཞུགས་སོ༔ ༀ་ཨཱ་ཧཱུྃ༔ མ་ཧཱ་གུ་རུ་སརྦ་སིདྡྷིཧཱུྃ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ གདོང་དམར་བོད་ཀྱི་རྒྱལ་ཁམས་སུ༔ མདོ་སྔགས་ཆོས་ཀྱི་སྒྲོན་མེ་སྦར༔ ཉོན་མོངས་དུག་ལྔའི་མུན་པ་བསལ༔ མ་འོངས་སྐྱེ་བོ་བྱོལ་ཉོག་པས༔ གཟུ་ལུམ་རིས་ཆོད་དར་བའི་ཚེ༔ ཟབ་ཆོས་ཕལ་གྱི་ནུས་མཐུ་ཡལ༔ བསྒྲུབས་ཀྱང་དོན་མེད་ངལ་བས་ན༔ བརྩེ་ཆེན་འགྲོ་ལ་ཕན་བཞེད་ནས༔ ཟབ་མོའི་གདམས་པ་ཇི་སྙེད་པ༔ བཀའ་རྒྱས་བཏབ་ནས་གཏེར་དུ་སྦས༔ དུས་རྟགས་གདུལ་བྱ་འཛོམ་པ་ན༔ རིམ་བཞིན་བཏོན་ནས་དོན་བྱེད་པར༔ སྨོན་ལམ་གཏད་རྒྱ་གཉེར་དུ་གཏད༔ ཁྱད་པར་བྲག་དམར་དབེན་རྩ་རུ༔ བདག་འདྲ་སྣང་མཛད་རྡོ་རྗེ་ཡིས༔ ཟབ་བེར་སྲུབས་མེད་སྐུ་ལ་གསོལ༔ རོ་ལྡན་ཞལ་ཟས་ལྗགས་ལ་བསྟིམ༔ རིན་ཆེན་གསེར་གཡུའི་མཎྜལ་ཕུལ༔ མ་འོངས་འགྲོ་བའི་དོན་ཆེད་དུ༔ གུས་པས་གསོལ་བ་བཏབ་པ་ལས༔ གསང་བ་ལས་ཀྱང་ཆེས་གསང་བའི༔ ཡང་ཟབ་ཐེག་པ་ཀུན་ཀྱི་རྩེ༔ མཐར་ཐུག་བྱང་ཆུབ་སྒྲུབ་པའི་ལམ༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་དང༔ དྲག་པོ་གསང་བའི་སྒྲུབ་པ་དང༔ ཨ་ཏི་ཟབ་དོན་སྙིང་པོ་གསུམ༔ སོ་སོའི་གདམས་པ་ལེ་ལག་བཅས༔ ཁ་ཚང་དོན་འདྲིལ་སྙིང་པོའི་བཅུད༔ སྔོན་འདས་རྒྱལ་བ་གཤེགས་པའི་ཤུལ༔ ད་དུས་རྒྱལ་བའི་དགོངས་པའི་གནད༔ སློབ་དཔོན་པདྨ་འབྱུང་གནས་དང༔ མཁས་པ་བི་མ་མི་ཏྲ་ཡིས༔ ཐུ... http://nitarthadigitallibrary.org/xtf/view?docId=tei/UBL006/UBL006.xml Thu, 01 Jan 1970 12:00:00 GMT ཨོ་རྒྱན་བྱང་ཆུབ་ལོ་མའི་དཔེ་ཚོགས།. ཀུན་མཁྱེན་མི་ཕམ་རྒྱ་མཚོ། འཇིགས་བྲལ་ཡེ་ཤེ་རྡོ་རྗེ། ལོ་ཆེན་དྷརྨ་ཤྲཱི། འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན། སློབ་དཔོན་དཔའ་བོ། བྱང་བ་རིགས་ལྡན། གཏེར་ཆེན་འགྱུར་མེད་རྡོ་རྗེ། མཁས་གྲུབ་ཀརྨ་ཆགས་མེད། གྲུབ་ཆེན་འབྲོག་བན་ལོ་ཙ། མཆོག་གྱུར་བདེ་ཆེན་གླིང་པ། ལས་རབ་རྩལ། དི་བམ་ཀཱ་ར་ཤྲཱི་ཛྙཱ། རིག་འཛིན་འཇིགས་མེད་གླིང་པ། པདྨ་བི་ཛ། རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན། གྲུབ་ཆེན་ཐང་སྟོང་རྒྱལ་པོ། མི་ཕམ་མི་བསྐྱོད་རྡོ་རྗེ། གཏེར་ཆེན་ཀརྨ་གླིང་པ། ཧེ་རུ་ཀ་པ་པདྨ་དབང་ཆེན། བྱ་བྲལ་མཁྱེན་བརྩེའི་འོད་ཟེར། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། རྫ་དཔལ་སྤྲུལ་རིན་པོ་ཆེ། ཕ་དམ་པ་སངས་རྒྱས། འཇམ་མགོན་བློ་གྲོས་མཐའ་ཡས། མཁན་ཆེན་ཚེ་དབང་རིག་འཛིན། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ། ཆོས་རྗེ་ཡིད་བཞིན་ནོར་བུ། གུ་རུ་ཆོས་ཀྱི་དབང་ཕྱུག །ཨ་ཡུ་ཥཱི་བིཏྱ་དྷ་ར། སྟག་བླ་དཀོན་མཆོག་རྒྱལ་མཚན། ཐུབ་བསྟན་ཆོས་ཀྱི་གྲགས་པ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས། ཉག་བླ་པདྨ་བདུད་འདུལ། ཞབས་དཀར་ཚོགས་དྲུག་རང་གྲོལ། http://nitarthadigitallibrary.org/xtf/view?docId=tei/UBL001/UBL001.xml ༄༅། །འགྱུར་སྔགས་ཕྱོགས་བསྡུས། ཨོཾ་སམྦྷ་ར་སམྦྷ་ར་བྷི་མ་ན་ས་ར་མ་ཧ་ཛམ་བྷ་བ་ཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ། གཟུངས་འདིའི་ཕན་ཡོན་བཀའ་གདམས་གླེགས་བམ་ལས། དེ་ཡི་སྔོན་དུ་གཟུངས་འདི་སྦྱོར། །བྱེ་བ་འགྱུར་དུ་རྒྱལ་བས་གསུངས། ཞེས་སོ། །ཨོཾ་ཧྲཱིཿཔདྨ་ཎི་ཏི་ཤྭ་ར་ཧཱུྃ་ཕཊཿ ཨོཾ་མ་ཎི་པདྨེ་ཧཱུྃཿ གཟུངས་འདི་ལན་གཅིག་བཟླས་བས་མ་ཎི་དུང་ཕྱུར་སུམ་ཅུ་སོ་དྲུག་བཟླས་པར་འགྱུར་བར་མདོ་སྡེ་དྲི་མ་མེད་པའི་ཆོས་བསྟན་པའི་མདོ་ལས་གསུངས་སོ། །ཨོཾ་མ་ཎི་པདྨེ་ན་ར་དྷ་ཤ་ཧཱུྃཿ གཟུངས་འདི་ལན་བདུན་བརྗོད་ན་མ་ཎི་དུང་ཕྱུར་སུམ་ཅུ་སོ་བདུན་འདོན་པའི་ཕན་ཡོན་དང་མཉམ་པ་སྙིང་རྗེ་པདྨ་དཀར་པོ་ནས་གསུངས་སོ། །ཨོཾ་རུ་ཙི་ར་མ་ཎ་པྲ་ཝཏྟ་ཡ་ཧཱུྃཿ ཅེས་ལན་བདུན་བརྗོད་སྟེ་ཕྲེང་བ་ལ་ཕུ་བྱས་ལ་ཡིག་དྲུག་ལན་བདུན་བཟླས་ནའང་བྱེ་བར་འགྱུར་རོ། །ཨོཾ་པདྨོཥྞི་བི་མ་ལེ་ཧཱུྃ་ཕཊཿ མཚམས་མེད་པ་ལྔ་བྱས་པའི་ལས་སྒྲིབ་འདག་གོ །འཿཨཿཧཿཤཿསཿམ༔ འདི་ལན་གཅིག་བརྗོད་པས་བསྐལ་པ་སྟོང་གི་སྒྲིབ་པ་འདག་གོ །ཧ་ནུ་བྷ་ཤ་བྷ་ར་ཧོ་སྭཱ་ཧཱ། གཟུངས་འདི་ལན་གཅིག་ཙམ་མཐོང་ན་བསྐལ་བ་དུང་ཕྱུར་གསུམ་གྱི་སྡིག་སྒྲིབ་འདག་པ་འཕགས་པ་ཆུ་ཀླུང་རོལ་བའི་མདོ་ལས་གསུངས་སོ། ། http://nitarthadigitallibrary.org/xtf/view?docId=tei/UBL001/UBL001.xml Thu, 01 Jan 1970 12:00:00 GMT གསུང་འབུམ་པོད་ལྔ་པ།. དཔལ་སྤྲུལ་ནམ་མཁའ་འཇིགས་མེད། http://nitarthadigitallibrary.org/xtf/view?docId=tei/DNJ005/DNJ005.xml ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ལས༔ གནོད་སྦྱིན་དཀོར་གྱི་བདག་པོའི་རྩ་སྒྲུབ་བསྡུས་པ་དཔག་བསམ་ལྷུན་གྲུབ་བཞུགས་སོ༔ http://nitarthadigitallibrary.org/xtf/view?docId=tei/DNJ005/DNJ005.xml Thu, 01 Jan 1970 12:00:00 GMT གསུང་འབུམ་པོད་གཉིས་པ།. དཔལ་སྤྲུལ་ནམ་མཁའ་འཇིགས་མེད། http://nitarthadigitallibrary.org/xtf/view?docId=tei/DNJ002/DNJ002.xml བླ་མའི་གསོལ་འདེབས་ཡོན་ཏན་རྗེས་དྲན་ཞེས་བྱ་བ་བཞུགས་སོ༔ http://nitarthadigitallibrary.org/xtf/view?docId=tei/DNJ002/DNJ002.xml Thu, 01 Jan 1970 12:00:00 GMT གསུང་འབུམ་པོད་བདུན་པ།. དཔལ་སྤྲུལ་ནམ་མཁའ་འཇིགས་མེད། http://nitarthadigitallibrary.org/xtf/view?docId=tei/DNJ007/DNJ007.xml ཡེ་ཤེས་སྒྲོན་མེའི་ཆེ་བ་རང་ལ་གནས་པ་གསལ་བའི་རྒྱན་ཞེས་བྱ་བའི་ས་བཅད་ཞིབ་མོར་བཀོད་པ། http://nitarthadigitallibrary.org/xtf/view?docId=tei/DNJ007/DNJ007.xml Thu, 01 Jan 1970 12:00:00 GMT