http://www.rssboard.org/rss-specification 720 XTF Search Results (docsPerPage=100;smode=simple;subject=NEGU002;subject-join=exact) http://nitarthadigitallibrary.org/xtf/search?docsPerPage%3D100;smode%3Dsimple;subject%3DNEGU002;subject-join%3Dexact Results for your query: docsPerPage=100;smode=simple;subject=NEGU002;subject-join=exact Sun, 09 May 2021 12:00:00 GMT ནི་གུའི་ཡན་ལག་ཕྱག་ཆེན་གའུ་མའི་ཁྲིད།. རྩོམ་མཁན། ནི་གུ་མ། http://nitarthadigitallibrary.org/xtf/view?docId=tei/NEGU002/NEGU002.xml ༄༅། །ནི་གུའི་ཡན་ལག་ཕྱག་ཆེན་གའུ་མའི་ཁྲིད་བཞུགས་སོ།། ན་མོ་གུ་རུ། བདེ་ཆེན་ལྷུན་གྲུབ་འདུས་མ་བྱས། །ལོངས་སྐུ་རྡོ་རྗེ་འཆང་ཆེན་པོ། །བླ་མ་རྣམས་ལ་ཕྱག་འཚལ་ནས། །ཕྱག་རྒྱ་ཆེན་པོ་འདིར་བཤད་བྱ། །དེ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མའི་ཞལ་གདམས་ཕྱག་རྒྱ་ཆེན་པོ་གའུ་མ་ལ་དོན་གསུམ་སྟེ། སྔོན་འགྲོ་དངོས་གཞི་རྗེས་སོ། །དང་པོ་ལ་གཉིས་ཏེ། ཐུན་མོང་དང་། ཐུན་མོང་མ་ཡིན་པའོ། །དང་པོ་སྔོན་འགྲོ་ཐུན་མོང་བ་ནི་རང་གི་མདུན་གྱི་ནམ་མཁའི་གནས་སུ་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་སྟེང་དུ། ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་འཁོར་ལོ་སྡོམ་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། རུས་པ་དང་རིན་པོ་ཆེའི་བརྒྱན་པ། སྣང་ལ་རང་བཞིན་མེད་པ་གཅིག་བསམ། དེའི་མདུན་དུ་སྐྱབས་འགྲོ་ཚད་མེད་པ་བཞི་བསྒོམ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་མཎྜལ་འབུལ་ཡིག་བརྒྱ་བཟླ། བླ་མ་བརྒྱུད་པ་ལ་གསོལ་བ་གདབ། འཆི་བ་མི་རྟག་པ་ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་རྒྱས་པར་བསྒོམ། སེམས་ཅན་ཐམས་ཅད་ལ་མར་ཤེས་པ་དང་། དྲིན་དྲན་པ་སོགས་ཀྱི་བྱམས་པ་དང་སྙིང་རྗེ་དགྲ་ལྟ་བུ་ལ་ནམ་སྐྱེས་བར་དུ་བསྒོམ་པ་ནི་སྤྱི་དང་མཐུན་ནོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི་རང་བབས་གསུམ་གྱི་སྟེང་དུ་འཇོག་པ་སྟེ། དེ་ཡང་རང་ལུས་ཡི་དམ་གྱ... http://nitarthadigitallibrary.org/xtf/view?docId=tei/NEGU002/NEGU002.xml Thu, 01 Jan 1970 12:00:00 GMT