cover

ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་ལྔ་བ།

གླེགས་བམ། ཙ༽

འགྱུར་མེད་མཐུ་སྟོབས་རྣམ་རྒྱལ།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཞེ་ཆེན་མ་ཧཱ་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱི་གསུང་འབུམ་ལེགས་བཤད་ནོར་བུའི་མཛོད་ཁང་།


GTN005_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

༄༅།།སུ་བྷ་ཥི་ཏཾ་མ་ཎ་ཡཀོ་ཥཔྲ་སཱ་ད་ནཱ་མ་མ་ཧཱ་པཎྜི་ཏཱཀྵ་རཔྲ་བྷ་བ་བི་ཛ་ཡ་ཝཱཀླ་ཀྟཾ་མ་ཧཱ་པྲ་ཏཱི་ཤ་བི་ཧ་ར་ཏིསྨ།
༄༅། །ཞེ་ཆེན་མ་ཧཱ་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱི་གསུང་འབུམ་ལེགས་བཤད་ནོར་བུའི་མཛོད་ཁང་ཞེས་བྱ་བ་བཞུགས་སོ།།
དཔལ་རྒྱལ་བ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་།


GTN005_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྔགས་ལུང་རྟོགས་བསྟན་པ་གཉིས་ལྡན་ཆེ། །བཤད་དང་སྒྲུབ་པས་དར་ཞིང་རྒྱས་མཛད་པའི། །བསླབ་གསུམ་ངུར་སྨྲིག་འཆང་བའི་ཆོས་སྡེ་འདིའི། །འཕྲིན་ལས་གླིང་བཞི་ཡོངས་ལ་ཁྱབ་པར་ཤོག །
༧ རྒྱལ་དབང་བདུན་པ་སྐལ་བཟང་རྒྱ་མཚོས།
ལེགས་བཤད་ཉི་ཟླའི་སྣང་བས་འཛམ་གླིང་ཁྱོན། །ཀུན་ཏུ་རབ་ཁྱབ་བཀྲ་ཤིས་དཔལ་འབར་ཞིང་། །བཤད་སྒྲུབ་པདྨའི་དགའ་ཚལ་རབ་རྒྱས་པ། །རྟག་ཏུ་མི་ཉམས་གོང་ནས་གོང་འཕེལ་ཤོག །
༧ ཀུན་མཁྱེན་མི་ཕམ་རྒྱ་མཚོས།


GTN005_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཞེ་ཆེན་མ་ཧཱ་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལ་ན་མོ།
ལྷ་རིས་པ་ཕུར་བུ་ཚེ་རིང་།


GTN005_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཇི་སྐད་དུ། འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱི་ཞལ་སྔ་ནས། ཐུན་མོང་ཐུན་མིན་གཞུང་ཀུན་རང་དབང་གིས། །མ་ནོར་བསྒྱུར་ཞུས་གཏན་ལ་ཕབ་པ་ཡིས། །གངས་ལྗོངས་སྣང་བའི་སྒོ་ཆེན་ཐོག་མར་ཕྱེས། །ཞེས་གསུངས་པ་ལྟར། མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་རྣམས་ཀྱི་སྐུ་དྲིན་ལ་བརྟེན་ནས་གངས་ལྗོངས་མུན་པའི་གླིང་དུ་ཐུབ་བསྟན་མདོ་སྔགས་ཟུང་དུ་འབྲེལ་བའི་བཀའ་སྲོལ་གྱི་སྒོ་ཆེན་ཐོག་མ་ཉིད་དུ་འབྱེད་པར་མཛད་པའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་ལ་སྔ་འགྱུར་རྙིང་མ་ཞེས་ས་ཆེན་པོའི་ཁྱོན་འདིར་ཡོངས་སུ་གྲགས་པ་ཡིན་ལ། དེའི་རིང་ལུགས་འཛིན་པའི་བསྟན་འཛིན་གྱི་སྐྱེས་བུ་མཁས་གྲུབ་གཉིས་ལྡན་ནམ་མཁའི་སྐར་ཚོགས་ཀྱི་གྲངས་ལ་འགྲན་པ་བྱོན་ཅིང་། ཐོས་བསམ་སྒོམ་གསུམ་གྱིས་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་བསྟི་གནས་ཆོས་སྡེ་གྲངས་ལས་འདས་པ་ཕྱག་བཏབ་པའི་བྱེ་བྲག སྟོད་ན་རྡོར་སྨིན་གཉིས། བར་ན་ཞེ་རྫོགས་གཉིས། སྨད་ན་ཀཿདཔལ་གཉིས་ཞེས་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་དྲུག་ཏུ་གྲགས་པའི་ཡ་གྱལ། དཔལ་རྒྱལ་བ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་ཞེས་སྔ་འགྱུར་བཀའ་གཏེར་ཆོས་ཀྱི་རྒྱ་མཚོ་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱག་རྗེས་ཀྱི་རེ་ཁཱ་ཆེས་ཆེར་བཀྲ་བར། ཞེ་ཆེན་རབ་འབྱམས་སྐུ་ཕྲེང་གོང་འོག་གིས་གཙོས་པའི་བསྟན་འཛིན་གྱི་སྐྱེས་བུ་མང་དུ་བྱོན་ཅིང་དེ་དག་གི་གསུང་རྩོམ་མང་དུ་བཞུགས་ཡོད་ཀྱང་། དུས་འགྱུར་གྱི་དབང་གིས་མཁས་གྲུབ་གོང་མའི་གསུང་ཕལ་ཆེ་བ་མིང་གི་ལྷག་མ་ཙམ་དུ་གྱུར་བའི་སྐབས་འདིར། ཁམས་ཞེ་ཆེན་དགོན་གྱི་མཁན་སྤྲུལ་རྣམས་ནས་རེ་སྐུལ་གནང་བ་བཞིན། རྒྱལ་བསྟན་སྤྱི་དང་བྱེ་བྲག་ལ་ལྷག་བསམ་རྣམ་པར་དཀར་བ་གཤང་ནག་དགོན་གྱི་མཁན་པོ་སྐལ་བཟང་རྡོ་རྗེ་མཆོག་ནས་བོད་ཡུལ་གྱི་ས་གནས་གང་སར་ཁ་འཐོར་ནས་བཞུགས་ཡོད་པའི་གསུང་རྣམས་སྐུ་ངལ་འཛེམས་མེད་ཀྱིས་འཚོལ་སྡུད་གནང་སྟེ་གང་རྙེད་ཡོངས་རྫོགས་ཕྱོགས་སྒྲིག་གནང་ནས། སྔ་འགྱུར་རྒྱལ་བ་ཞེ་ཆེན་པའི་དཔེ་ཚོགས་ཞེས་པའི་དེབ་ཕྲེང་པར་སྐྲུན་ཞུ་རྒྱུའི་ཁོངས། ཞེ་ཆེན་དབོན་སྤྲུལ་སྐུ་ཕྲེང་ལྔ་པ་འགྱུར་མེད་གཞན་ཕན་འོད་ཟེར་མཆོག་ནས་ཞེ་ཆེན་དབོན་སྤྲུལ་སྐུ་ཕྲེང་དང་པོ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱི་གསུང་ཇི་རྙེད་པར་སྐྲུན་ཞུ་རྒྱུར་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱར་གནང་བར་ཡི་རངས་བསྔགས་བརྗོད་ཞུ་བ་དང་ཆབས་ཅིག གསུང་རབ་དེ་དག་གླེགས་བམ་གྱི་རྣམ་པ་ཙམ་དུ་མ་བཞག་པར་ནང་དོན་ཐོས་བསམ་སྒོམ་པས་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུར་འབྲེལ་ཡོད་ཚང་མས་དགོངས་འཇགས་ཡོད་པར་ཞུ།
ཞེ་ཆེན་རབ་འབྱམས་བདུན་པའི་མཚན་འཛིན་འགྱུར་མེད་བཤད་སྒྲུབ་ཆོས་ཀྱི་སེང་གེས། རབ་བྱུང་བཅུ་བདུན་པའི་ ས་ཕོ་ཁྱི་ལོའི་ཟླ་༢ ཚེས་༡༠ བཟང་པོར།།


GTN005_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

༼ཙ་དུམ་པ།༽
གསུང་རབ་སྣ་ཚོགས་སྐོར་བཞུགས་སོ། །
གསང་ཆེན་སྔ་འགྱུར་པའི་ཆོས་སྡེ་ཆེན་པོ་དཔལ་རྒྱལ་བ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་དཔེ་ཚོགས།


GTN005_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

༧ སྔ་འགྱུར་རྒྱལ་བ་ཞེ་ཆེན་པའི་དམ་པ་རྣམས་ཀྱི་གསུང་རབ་བྱུང་བའི་དཔེ་ཚོགས།
1 རྗེ་རབ་འབྱམས་གཉིས་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་གྱི་གསུང་ཆོས་པོད་དགུ།
2 མཁས་དབང་ཞེ་དྲུང་པདྨ་རྣམ་དག་གི་གསུང་ཆོས་པོད་གཉིས།
3 པདྨའི་ཐུགས་སྲས་རྒྱལ་ཚབ་བསྟན་འཛིན་ཆོས་རྒྱལ་གྱི་གསུང་ཆོས་པོད་གཅིག
4 མཁས་བཙུན་བཟང་པོ་བླ་མ་འཇིགས་མེད་བློ་གསལ་འོད་ཟེར་གྱི་གསུང་ཆོས།
5 ལྔ་རིག་སྨྲ་བ་གྲུབ་དབང་དབང་ཆེན་འབུམ་གྱི་གསུང་ཆོས་པོད་གཉིས།
6 གྲུབ་ཆེན་ཤེས་རབ་ཡར་འཕེལ་གྱི་གསུང་ཆོས་པོད་གསུམ།
7 མ་ཧཱ་པཎྜི་ཏ་དབོན་སྤྲུལ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱི་གསུང་ཆོས་པོད་བདུན།
8 གྲུབ་ཆེན་བླ་མ་རྟ་མགྲིན་དབང་ཆེན་གྱི་གསུང་ཆོས།
9 རྗེ་རབ་འབྱམས་བཞི་པ་གར་དབང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་ཆོས།
10 མཁས་གྲུབ་གཉིས་ལྡན་ཨ་གྲོ་སྒྲ་རམས་པ་འགྱུར་མེད་རྣམ་རྒྱལ་གྱི་གསུང་ཆོས་པོད་གཅིག
11 འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་ཆོས་པོད་སོ་གཉིས།
12 མཁས་གྲུབ་དབང་ཕྱུག་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་གྱི་གསུང་ཆོས་པོད་བཅུ་གསུམ།
13 རྗེ་རབ་འབྱམས་དྲུག་པ་སྣང་མཛད་གྲུབ་པའི་རྡོ་རྗེའི་གསུང་ཆོས།
14 འཇམ་མགོན་ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས་ཀྱི་གསུང་ཆོས་པོད་གཉིས།
15 གྲུབ་བརྙེས་ཀྱི་རིག་འཛིན་ཆེན་པོ་མཁས་དབང་གང་ཤར་དབང་པོའི་གསུང་ཆོས་པོད་གཅིག
16 རྟོགས་པའི་དབང་ཕྱུག་བླ་མ་པདྨ་འོད་གསལ་གྱི་གསུང་ཆོས་པོད་གཅིག
17 གྲུབ་དབང་བླ་མ་དགེ་ལེགས་འཕེལ་རྒྱས་ཀྱི་གསུང་ཆོས་པོད་གཅིག
18 འཇམ་མགོན་མཁྱེན་བརྩེ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་གསུང་ཆོས་པོད་ཉེར་ལྔ།
19 རྗེ་རབ་འབྱམས་བདུན་པ་འགྱུར་མེད་ཆོས་ཀྱི་སེངྒེའི་གསུང་ཆོས།

དག་སྒྲིག་གསལ་བཤད།


GTN005_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་མེས་གོང་མ་རྣམས་ཀྱི་བཀའ་དྲིན་ལས་ཕན་བདེ་འབྱུང་གནས་ཐུབ་བསྟན་མདོ་སྔགས་རིག་གནས་དང་བཅས་པའི་གཙུག་ལག་སྐར་ཚོགས་ཀྱི་གྲངས་དང་མཉམ་པ་རྣམས་སྤྱི་མཐུན་གྱི་བསོད་ནམས་ཀྱིས་མ་ཐེག་པ་དུས་འགྱུར་ནང་མི་ཉུང་བ་ཞིག་གཏོར་བརླག་སོང་ན་ཡང་། བསྟན་བ་ཡང་དར་གྱི་དུས་འདིར་སླར་ཡང་གོ་སྐབས་བཟང་པོ་དང་བསྟུན་ཕྱོགས་ཡོངས་ནས་ཉམས་པ་སླར་གསོ་ཡི་གནས་ལ་འབད་བཞིན་བའི་སྐབས་འདིར། མདོ་སྔགས་བསྟན་པ་རྒྱ་མཚོའི་འབྱུང་གནས་མ་དགོན་ཆེན་མོ་སྔ་འགྱུར་རྒྱལ་བ་ཞེ་ཆེན་པའི་བསྟན་པ་འཛིན་པའི་སྐྱེས་ཆེན་སྐྱབས་མགོན་ཉི་ཟླ་རྣམ་གཉིས། ཟླ་བྲལ་གྱི་པཎ་གྲུབ་རྣམ་གཉིས། མཚུངས་མེད་འཇམ་མགོན་རྣམ་གསུམ། རིག་འཛིན་གྲུབ་དབང་རྣམ་གསུམ། ཉེ་གནས་མཁས་དབང་རྣམ་གཉིས་སོགས་མཁས་གྲུབ་གཉིས་ལྡན་སྔོན་བྱོན་གྱི་སྐྱེས་བུ་དམ་པ་མི་ཉུང་བ་ཞིག་གི་གསུང་རབ་རྣམས། ཤེས་འཇོན་ནུས་གསུམ་ལྡན་པའི་དགོན་འདིའི་མཁན་སྤྲུལ་རྣམ་པས། ཕ་ནོར་བུས་བདག་གི་དཔེ་ལྟར་ཐུགས་ཁུར་ཆེ་བཞེས་ཐོག་དཔེ་སྐྲུན་གྱི་མཛད་པ་སྐྱོང་བཞིན་པ་ལས།
སྐབས་འདིར་ཟླ་བྲལ་གྱི་བཎ་གྲུབ་རྣམ་གཉིམ་གྱི་ཡ་གྱལ་ཏེ། གནམ་གྱིས་ས་ཁེབས་པ་ལྟ་བུའི་སློབ་ཚོགས་གསེར་རིའི་ཕྲེང་བ་ལྟ་བུ་རྣམས་ཀྱི་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག །མདོ་སྔགས་ཆོས་རིག་རྒྱ་མཚོའི་འབྱུང་གནས་ཞེ་ཆེན་མ་ཧཱ་པཎྜི་ཏ་དབོན་སྤྲུལ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དཔལ་བཟང་པོ་གང་གི་གསུང་འབུམ་ཡང་གདན་ས་འདི་ག་ནས་དབྱངས་ཡིག་པོད་གཅིག་ཙམ་ལས་གཞན་དག་དུས་འགྱུར་གྱིས་


GTN005_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ཟིན་ན་ཡང་། རྗེ་ཉིད་ཀྱི་ཕྲིན་ལས་ལ་དུས་ལས་ཡོལ་པ་མེད་སྟབས་བལ་ཡུལ་དང་མདོ་ཁམས་དག་ནས་ཆོས་ཚན་མི་ཉུང་བ་ཞིག་ཐོར་བུའི་ཚུལ་དུ་མ་ཉམས་པ་བཞུགས་ཡོད་པ་རྣམས་མཁན་པོ་སྐལ་བཟང་རྡོ་རྗེས་དེ་དག་ཕལ་ཆེར་འཚོལ་སྡུད་མཛད་ཅིང་། གཞན་ཡང་ཕྱོགས་གང་ཐད་ནས་མ་ཕྱི་ལག་སོན་བྱུང་བ་རྣམས་ཁྱོན་བསྡོམས་པོད་ཕྲེང་བདུན་གྱི་བདག་ཉིད་ཅན་འདི་སྐྱེ་འགྲོའི་བསོད་ནམས་ཀྱི་དཔལ་དུ་སྒྲུབ་པ་པོ་ཞེ་ཆེན་དབོན་སྤྲུལ་སྐུ་ཕྲེང་ལྔ་པ་འགྱུར་མེད་གཞན་ཕན་འོད་ཟེར་མཆོག་གིས་གསུང་འབུམ་འདི་བཞེངས་བའི་ཕན་ཡོན་དང་འགན་འཁྲི་ཞིག་ཏུ་མཁྱེན་དཔྱོད་རྣམ་བར་ཡངས་བས་ལེགས་པར་གཟིགས་ནས། སྐབས་འདིའི་འཚོལ་སྡུད་ཀྱི་འགྲོ་གྲོན་ནས་བཟུང་འགྲོ་སོང་ཡོངས་དང་སྐུ་ངལ་འོ་བརྒྱལ་ཆེན་པོས་ཆོས་སྦྱིན་མི་ཟད་པའི་བསོད་ནམས་ཀྱི་རྒྱུན་སྤེལ་པའི་ཚེ། དག་སྒྲིག་བྱེད་དགོས་ཚུལ་གྱི་བཀའ་ཐེབས་པ་བཞིན་དག་སྒྲིག་ཇི་ལྟར་བགྱིས་ཚུལ་ནི། དཔེ་བསྡུར་ནན་ཏན་བྱེད་རྒྱུ་རྩ་དོན་རྒྱུན་འཁྱོངས་སུ་བྱས་ཏེ། ཐོག་མར་མཁན་སྐལ་བཟང་རྡོ་རྗེ་དང་། མཁན་ཤེས་རབ་རྡོ་རྗེ། བླ་མ་པདྨ་ནོར་བུ་གསུམ་གྱིས་དཔེ་སྡུར་འབྲུ་དེད་ལན་གསུམ། བར་དུ་དགོན་པའི་དབུ་མཛད་རྣམ་པ་སོགས་ཀྱིས་དཔེ་སྡུར་དེད་ལན་གཅིག །ཆེས་མཇུག་མཐའི་དཔེ་སྡུར་དང་བཅས་དཔེ་སྡུར་ཚར་ལྔ་གྲུབ། གཞན་ཡང་མཁན་སྐལ་བཟང་རྡོ་རྗེ་དང་མཁན་ཤེས་རབ་རྡོ་རྗེ་དཔལ་ཡུལ་མཁན་བསོད་ནམས་ཚེ་རིང་སོགས་ཀྱིས་ཞུ་དག་ཚར་གཅིག་ལྷག །རང་གིས་ཀྱང་ལན་བརྒྱད་ཙམ་ཞུས་ཁུལ་བཅས་ཁྱོན་བསྡོམས་ཚར་གྲངས་བཅུ་གསུམ་ལྷག་བསྡུར་དག་ཞུས། འདི་ལ་གང་ཅིའི་ཐད་ནས་འོལ་ཚོད་ཀྱིས་དེས་ཆོག་དང་སླ་ཆོས་སོགས་ཀྱི་དབང་དུ་མ་བཏུང་ནས། གཞན་ལ་བཀའ་འདྲི་སོགས་ཐབས་ཤེས་གང་ལེགས་འབད་ནན་གྱིས་བྱི་


GTN005_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དོར་གྱི་ཁུར་བླངས་ཁུལ་བྱས་ན་ཡང་། དམ་པའི་གསུང་རབ་འདི་ལ་དག་སྒྲིག་པའི་སྐྱོན་གསུམ་གང་གི་རྙོག་མའི་ཆ་མཆིས་ན་བཤགས་ཡུལ་རྣམས་ཀྱི་མདུན་སར་བཟོད་གསོལ་ཞུ་བ་དང་འབྲེལ་ཡོ་བསྲང་མཛུབ་སྟོན་གྱི་དྲན་སྐུལ་གནང་རྒྱུ་སོལ་ལ་འདེབས་པ་ལགས། བཀའ་འགྱུར་གསན་ཡིག་ལས་བླ་མའི་མཚན་དང་ས་གནས་སོགས་དང་། ཆོས་ཚན་གཞན་དག་རྣམས་སུ་ཡང་དོགས་གནས་སྣང་ཡང་དེ་གར་བཞག་པ་ལས་ཇི་བཞིན་རྔོ་མི་ཐོགས། ལྷག་ཏུ་དབུ་མེད་དབུ་ཅན་དུ་ཕབ་པའི་བརྒྱུད་རིམ་ལས་ཉེས་འགལ་ཡོད་ངེས་སྙམ་པས་གཟིགས་པ་པོ་རྣམས་ལ་ཐུགས་ཕན་གསོ་བར་དམིགས་ནས་མ་ཕྱི་དཔེ་རྙིང་དག་ཕལ་ཆེར་ཟེར་སྡེར་དུ་བླུགས་ནས་གསུང་འབུམ་མཉམ་དུ་འབུལ་ལམ་ཡང་ཞུས་ཡོད།
འདིར་གསལ་བཤད་དགོས་ངེས་དག་གཤམ་དུ་གསལ།
༡༽ དཔེར་ན་རྡོ་རྗེ་ལྟ་བུའི་ཚིག་ཅིག་མ་ཕྱི་ནང་མི་གསལ་ནས་ཡིན་མིན་ཐེ་ཚོམ་མ་ཆོད་པ་རྣམས། ཚིག་དེ་དཔེར་ན་གུག་རྟགས་འདིའི་ནང་དུ་[རྡོ་རྗེ་]འདི་ལྟར་བྱས་ནས་བཀར་ཡོད། དེས་ན་མཚོན་རྟགས་འདི་ཅན་ནི་མ་ཕྱི་ནང་མི་གསལ་ནས་ཡིག་འབྲུ་དེ་ཡིན་མིན་ལ་དཔྱད་གཞི་ཅན་ཡིན།
༢༽ གཤེ༷ར་བུ༷་གཤེ༷ར་(ཤེད་བུ་ལ་ཤེད་)སྔོན་མ་གོར་ཐིག་རྟགས་ཅན་ནི་མ་ཕྱིའི་ཡིག་ནོར་དོགས་ཅན་ཉིད་སོར་བཞག་བྱས་ཏེ། ཕྱི་མ་གུག་རྟགས་ཅན་དེ་ནོར་བཅོས་ཡིག་འབྲུ་ཡིན། སྤྱིར་ཡིག་ནོར་ངེས་ཅན་རྣམས་ནོར་བཅོས་ཐད་ཀ་བྱས་པ་ལས་དེ་རིགས་གསལ་བཤད་དང་རེ་མིག་ཏུ་གུད་དུ་བཅད་པ་ནི་དགག་བྱ་ལས་དགོས་ལ་མ་མཐོང་། བཀའ་འགྱུར་གསན་ཡིག་ལས་དཔེར་ན་བླ་མ་གཅིག་གི་མཚན་ལ། བ་རི་ལོ་ཙཱ་བ། བ་རེག་ལོ་ཙཱ་བ། བ་རི་ལོ་ཙཱ་བ་འདིས་མཚོན་གཅིག་གྱུར་མེད་པ་ལ་ལ་དེ་གར་བཞག་ཡོད།


GTN005_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

༣༽ ( ) རྟགས་འདིའི་ནང་དུ་བླུག་པའི་ཚིག་རེ་ཟུང་ཡོད་པ་དེ་ནི་མ་ཕྱིའི་ནང་དུ་མེད། དེས་ན་དེ་དག་གཞུང་དཀྱུས་དང་མ་འདྲེས་པ་བྱས་ནས་ལོགས་སུ་གུགས་རྟགས་དེའི་ནང་དུ་བཀར་ཏེ་ཡོད། རྗེས་ཕྱོགས་སུ་རྗེ་འདིའི་གསུང་འབུམ་དང་ཡང་ན་ཚན་པ་དམིགས་བསལ་བ་དཔར་སྐྲུན་གནང་མཁན་བྱུང་ཚེ་སྐབས་འདིའི་དོན་ཚན་བརྒྱད་པོ་དང་འབྲེལ་བ་ཡོད་མེད་གཟིགས་ནས་དེ་ལུགས་ཞུ།
༤༽ སྐབས་ཀྱི་ལུང་དེའི་བར་ནས་ཆད་པ་གསོ་ཕྱིར་ལུང་ཁུངས་དངོས་ལས་དྲངས་ཏེ་ལུང་ཚིག་རེ་ཟུང་ལ་ཁ་གསབ་བྱས་ཡོད། དེ་དག་གཞུང་དཀྱུས་དང་མ་འདྲེས་པ་བྱས་ཏེ། དཔེར་ན་སྐབས་ཐོབ་དེར་(སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་།།)གུགས་རྟགས་འདི་ཅན་བྱས་ནས་བར་དུ་བཏགས་ཡོད།
༥༽ ལུང་ཁུངས་ནང་གི་ཚིག་དང་མ་ཕྱི་ནང་གི་ཚིག་གཉིས་གཅིག་མཚུངས་མིན་ས་རྣམས་དཔྱད་གཞིའི་ཆེད་དུ། དཔེར་ན་བད༷ག་{བ༵ག་}སྔོན་མ་གོར་ཐིག་རྟགས་ཅན་ནི་མ་ཕྱིའི་ནང་གི་ལུང་ཚིག་དེ་ལྟར་སོར་བཞག་ཡིན། ཕྱི་མ་གུག་རྟགས་ནང་གི་ཟླ་ཚེས་རྟགས་ཅན་དེ་ལུང་ཁུངས་ཀྱི་ཚིག་ཡིན། སྤྱིར་མ་ཕྱིའི་ལུང་དེ་ལུང་ཁུངས་དངོས་དང་གཤིབ་སྡུར་བྱས་ཏེ་ལ་ལ་ཡིག་ནོར་ཡིན་ངེས་རྣམས་བཅོས་ཏེ། དོགས་ཅན་རྣམས་དཔྱད་གཞི་རུ་གུག་རྟགས་སུ་བཀར་བ་ལས། རྣམ་པ་ཀུན་ཏུ་གཅིག་མཚུངས་འོང་ཐབས་བྱས་མེད། རྒྱུ་མཚན་ནི་གཞུང་གཅིག་ན་ཡང་དཔེ་མི་འདྲ་བ་དང་། ལུང་ཁུངས་ཀྱི་དཔེ་ཆ་རྣམས་དག་པོ་ཡིན་པའི་ངེས་པ་མེད། གཞུང་འདིར་ལུང་དྲངས་སྟངས་ཡང་མཐར་ཆགས་སུ་མ་དྲངས་ནས་བར་བར་ནས་དྲངས་ཏེ་ལུང་ཚིག་དཀྱུས་གཅིག་ཏུ་བྱས་པ་ཡང་འདུག་པས་སོ།།
༦༽ མ་ཕྱི་ནང་གཏན་ནས་མི་གསལ་བའི་ཚིག་གྲངས་ལྟར་གུག་རྟགས་འདིའི་ནང་དུ་ཚེགས་གྲངས་དེ་མཚུངས་སུ་བཞག་ཡོད། དཔེར་ན་(་་་་་)འདི་ལྟར་མ་ཕྱིའི་ནང་ནས་ཚིག་ལྔ་ཙམ་གཏན་ནམ་མ་གསལ་ན་དེ་སྙེད་ཚེགས་གྲངས་ལྔས་མཚོན་ཏེ་ཡོད།


GTN005_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

༧༽ མ་ཕྱི་ནང་མཛད་པ་པོའི་མཆན་གྱི་ཚུལ་དུ་ཡོད་རིགས་དང་གཞན་ཡང་གང་ལྟར་མཆན་བཏགས་ཡོད་བ་རྣམས། དཔེར་ན་གུག་རྟག་འདིའི་ནང་དུ་༼གོང་དུ་གསལ། ༽འདི་ལྟར་གཞུང་དང་མ་འདྲེས་པ་བྱས་ཏེ་བཀར་ཡོད། གུག་རྟགས་འདིར་ཡོད་རིགས་མཆན་རྣམས་ཚང་མ་མཛད་པ་པོའི་ཡིན་ཚོད་མ་རེད་སྙམ། གང་ལྟང་དཔེ་རྙིང་ནང་དུ་ཇི་ལྟར་ཡོད་པ་རྣམས་དེ་ལྟར་བཀོད་ཡོད།
༨༽ དམིགས་བསལ་གཞི་གསུམ་ཟིན་བྲིས་ཀྱི་མཆན་བཏབ་པ་རྣམས་{ }རི་མོ་འདིའི་ནང་དུ་བླུགས་ཡོད། མཚམས་འདི་ནས་མ་ཕྱི་མཁོ་སྤྲོད། དཔེ་རྙིང་འཚོལ་སྡུད། ཞུ་དག་རོགས་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་དང་། གཞན་ཡང་ད་དུང་བཀའ་འབུམ་འདིར་འཁོད་མ་ཐུབ་པའི་ཆོས་ཚན་ཉེར་གཅིག་ལྷག་རྙེད་མ་སོང་བས། དེ་དག་སུ་ལ་ཡོད་ན་རྗེས་ཕྱོགས་སུ་དཔེ་གཡར་ཐུགས་ཁུར་གནང་རྒྱུ་ཡང་གསོལ་བ་འདེབས་པ་བཅས།
༢༠༢༠ལོ་ཟླ་༤ཚེས་༩ཉིན་གྲོངས་ཁྱེར་སྤོས་ལྡན་ནས་ཐུབ་བསྟན་འགྱུར་མེད་ཤེས་རབ་ཀྱིས།

དཀར་ཆག


GTN005_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཆག ༼ཙ་དུམ།༽ གསུང་སྣ་ཚོགས་སྐོར། སྐྱེ་འཕྲེང་གསོལ་འདེབས་བྱིན་རླབས་མྱུར་འཇུག (1) ཞབས་བརྟན་གསོལ་འདེབས། (5) ༼འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལ་ཆེད་བརྗོད།༽ (6) ༼འཇམ་མགོན་ཀོང་སྤྲུལ་ལ་ཆེད་བརྗོད།༽ (9) ༼འཇམ་མགོན་ཀོང་སྤྲུལ་ལ་ཆེད་བརྗོད།༽ (12) ༼མཁས་གྲུབ་ཆེན་པོ་ཨ་གྲོ་སྒྲ་རམས་པ་ལ་ཆེད་བརྗོད།༽ (14) སྒྲ་ཀ་ལཱ་པའི་བྱིངས་སྒྲུབ་ཆ་ཤས། གཙུག་ཏོར་རྣམ་རྒྱལ་མའི་གཟུངས་རིང་། (17) ཚེ་དཔག་མེད་མཚན་བརྒྱའི་གཟུངས་ལ་སྒྲ་སྒྲུབ་གསར་དུ་དགོས་རིགས་རྣམས། (32) རྡོ་རྗེ་སེམས་དཔའི་ཡིག་བརྒྱའི་སྒྲ་སྒྲུབ་སྔར་མ་སོང་བ་རྣམས། (35) རྟེན་འབྲེལ་སྙིང་པོའི་སྒྲ་སྒྲུབ། (38) བདེ་མཆོག་གཟུངས་རིང་། (41) དགྱེས་རྡོར་གཟུངས་རིང་། (42)


GTN005_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཁྲུགས་གཟུངས་རིང་། (43) མཆོད་པའི་སྤྲིན་གཟུངས་། (44) མགོན་པོའི་སྔགས། (45) གཞི་གསུམ་ཆོ་གའི་ཟིན་བྲིས། (47) གསོ་སྦྱོང་གི་གཞི། (62) དབྱར་གནས་ཀྱི་གཞི། (71) དགག་དབྱེའི་གཞི། (83) བི་མ་སྙིང་ཐིག་གི་དཀར་ཆག་ཉིན་མོར་བྱེད་པ། (97) ཟབ་མོ་ཡང་ཏིག་གི་དཀར་ཆག་དཔག་བསམ་ལྗོན་འབྲས། (129) ཉེར་མཁོ་སྣ་ཚོགས་བཏུས་པ་ལས། (137) དད་དམ་འགྱུར་མེད་ཀྱི་སློབ་བུ་སྒྲ་རམས་པ་ལ་སྤྲིངས་པ། (143) ཡིག་དྲུག་བསྐུལ་བའི་སྒྲ་དབྱངས་ཐར་ལམ་ཐེམ་སྐས། (147) གསོན་འཕོའི་མཚམས་སྦྱོར་ཐར་ལམ་རབ་གསལ། (153) མར་མེ་སྨོན་ལམ་ལས་འཕྲོས་པའི་ལོ་རྒྱུས་ཕྲན་བུ་བཀོད་པ། (166) ཀར་གླིང་ཞི་ཁྲོའི་བར་དོ་དྲུག་ཁྲིད་ཀྱི་ཟིན་བྲིས་ཀུན་གསལ་མེ་ལོང་། (173) ཞི་ཁྲོའི་དཀྱིལ་བཤད་བཻ་ཌཱུརྱའི་མེ་ལོང་། (179) འགྲོ་དྲུག་རང་གྲོལ་འཕྲད་ཚད་སོགས་ལ་སྦྱོར་བའི་ཕྱག་ལེན། (199) གནས་འདྲེན་ཟིན་བྲིས། (234)


GTN005_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་བདེ་འདུས་ཟིན་བྲིས་ཡིད་ཀྱི་མུན་སེལ། (251) ཀླུ་དབང་རྒྱལ་པོའི་སྒྲུབ་ཐབས་སྨིན་དབང་ནད་བརྒྱ་སེལ་བའི་སྨན། (285 ཞིང་སྒྲུབ་ཕུང་པོ་བསྲེག་ཆོག་ལྔ་ལྡན་འོད་འབར་ངན་སོང་རྒྱུན་གཅོད། (305) ༼སྤོས་སྦྱོར།༽ (344) ༼བདུད་རྩི་སྨན་སྒྲུབ་ཕྱག་ལེན་གནང་ཚེ་སྨན་ཁྲོལ་བུ་བསྡུ་ཐོ།༽ (348) སྨན་བསྡུ་ཚུལ་དང་སྨན་སྒྱེ་ཁ་དོག་ལྔར་བླུག་ཚུལ། (349) བདུད་རྩི་སྨན་གྱི་སྦྱོར་ཚད་དང་ཉེ་བར་མཁོ་བའི་ལག་ལེན། (354) ཉམས་མྱོང་གི་བསླབ་བྱ། (359) དམ་ཅན་གསོལ་མཆོད་ཕྲིན་ལས་མྱུར་མགྱོགས། (364) འགྲོ་དྲུག་རང་གྲོལ་འཕྲད་ཚད་སོགས་ལ་སྦྱོར་བའི་ཕྱག་ལེན་དང་གནས་འདྲེན་ཟིན་བྲིས་ཞེས་པ་འདི་གཉིས་གཅིག་པར་སྣང་ཡང་དགོས་དབང་གིས་གཉིས་ཀ་བཞག་ཡོད།

སྐྱེ་ཕྲེང་གསོལ་འདེབས་བྱིན་རླབས་མྱུར་འཇུག


GTN005_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་ཕྲེང་གསོལ་འདེབས་བྱིན་རླབས་མྱུར་འཇུག་བཞུགས་སོ། །ཨེ་མ་ཧོ། སྐྱེ་མེད་སྤྲོས་བྲལ་ཆོས་སྐུ་སྣང་མཐའ་ཡས། །ལོངས་སྤྱོད་རྫོགས་སྐུ་འཕགས་མཆོག་སྤྱན་རས་གཟིགས། །གང་འདུལ་དེར་སྟོན་སྤྲུལ་སྐུ་པདྨ་འབྱུང་། །སྐུ་གསུམ་དབྱེར་མེད་བླ་མར་གསོལ་བ་འདེབས། །གཟོད་ནས་ཞི་བའི་བདུད་རྩི་མངོན་བརྙེས་ཀྱང་། །གཞན་ཕན་ཐུགས་བསྐྱེད་རྒྱ་ཆེས་བོད་ཡུལ་ལྗོངས། །རྒྱུད་ལྔའི་སེམས་ཅན་མིར་བསྒྱུར་འཕགས་པའི་སྤྲུལ། །སྤྲེལ་སྒོམ་བྱང་ཆུབ་སེམས་དཔར་གསོལ་བ་འདེབས། །གངས་ལྗོངས་མུན་གླིང་སྒྲ་རིག་ཡི་གེ་སོགས། །འཕགས་ཡུལ་དམ་པའི་སྲོལ་བཟང་ཉིན་མོའི་འོད། །བརྡལ་མཛད་སྔོན་མེད་ཤིང་རྟ་ཀུན་གྱི་མཆོག །ཐུ་མི་སམ་བྷོ་ཊ་ལ་གསོལ་བ་འདེབས། །


GTN005_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་སློབ་ཆོས་གསུམ་གདན་འཛོམས་བསམ་ཡས་སུ། །རྒྱལ་མོ་རོང་ནས་བཻ་རོས་ཆོས་བསྡུར་མངགས། །རྫོགས་ཆེན་སེམས་སྨད་ཕྱི་འགྱུར་ལོ་ཙཱ་མཆོག །གཡུ་སྒྲ་སྙིང་པོར་གྲགས་ལ་གསོལ་བ་འདེབས། །འཇམ་དཔལ་ཞལ་གཟིགས་མངོན་སྤྱོད་ཕྲིན་ལས་གྲུབ། །མི་དང་མི་མིན་གདུག་ཅན་ཐལ་བར་བརླགས། །ཟབ་གཏེར་མཛོད་འཛིན་ཕྱག་རྒྱ་ཟིལ་གནོན་དངོས། །དུམ་རྒྱ་ཞང་ཁྲོམ་ཞབས་ལ་གསོལ་བ་འདེབས། །འཕགས་ཡུལ་པཎ་གྲུབ་གཙུག་རྒྱན་མར་མེ་མཛད། །སྤྱན་པ་བཀའ་གདམས་བསྟན་པའི་འབྱུང་ཁུངས་གྲུབ། །ཕྱི་དར་བསྟན་ལ་བཀའ་དྲིན་ལག་རྗེས་ཅན། །ནག་ཚོ་ལོ་ཙཱའི་ཞབས་ལ་གསོལ་བ་འདེབས། །མཉམ་མེད་དྭགས་པོའི་ཐུགས་སྲས་མི་གསུམ་གྲལ། །བདེ་མཆོག་གྲུབ་བརྙེས་མི་གཡེལ་གནས་ཕུག་ཏུ། །ཕྱག་རྒྱ་ཟུང་དང་མཛོ་ཁྱི་བཞི་ཡང་གྲོལ། །


GTN005_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལྡོམ་ཤོ་སྒོམ་ཞབས་ལ་གསོལ་བ་འདེབས། །རྩེ་ལེ་རྒོད་ཚང་བསྒྲུབ་པའི་རྒྱལ་མཚན་བཙུགས། །ཐོས་བསམ་སྒོམ་པ་མཐར་ཕྱིན་དྲོད་ཚད་བརྙེས། །དོན་གཉིས་ལྷུན་གྲུབ་ཆོས་བརྒྱད་ཞེན་པ་མེད། །སྣ་ཚོགས་རང་གྲོལ་ཞབས་ལ་གསོལ་བ་འདེབས། །སྔ་འགྱུར་ཏནྟྲའི་བསྡུས་དོན་གསང་བ་སྙིང་། །དར་རྒྱས་འཆད་སྤེལ་སྙིང་སྟོབས་ཉི་འོད་འབར། །སྨད་འདུལ་བརྒྱུད་པའི་པད་ཚལ་རྒྱས་མཛད་པ། །ལོ་ཆེན་དྷརྨ་ཤྲཱིར་གསོལ་བ་འདེབས། །ལྟར་སྣང་འདུ་འཛི་རྒྱང་བསྲིངས་སྦས་ཚུལ་གྱིས། །འཕགས་མཆོག་སྒྲུབ་བརྩོན་ཡང་སྙིང་དུང་ཕྱུར་གྲངས། །དུ་མར་ཟློས་མཛད་བྱ་བྲལ་ཀུ་སཱ་ལི། །སངས་རྒྱས་རབ་བརྟན་ཞབས་ལ་གསོལ་བ་འདེབས། །ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱག་བཞེས་སྲོལ། །


GTN005_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་ཕྱིར་མཁན་ཆེན་ཨཽ་ཌི་ཡཱ་ན་ཡི། །བྱིན་རླབས་རྒྱུད་སྨིན་སུམ་ལྡན་རྡོ་རྗེ་འཛིན། །མཐུ་སྟོབས་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །གསོལ་བཏབ་བྱིན་མཐུས་གནས་སྐབས་གདོན་ཚོགས་ཞི། །མཐར་ཐུག་སྣང་བཞི་རྩལ་རྫོགས་ལམ་ལྔ་དང་། །ས་བཅུའི་རྩེར་སོན་དོན་གཉིས་ལྷུན་གྱིས་གྲུབ། །རྒྱལ་བ་མཆོག་དང་ཕྲིན་ལས་མཉམ་པར་ཤོག །ཅེས་པ་འདིའང་གདན་ས་རིག་འཛིན་མཁའ་སྤྱོད་གླིང་འདུས་སྡེའི་ཞལ་འདོན་རྒྱུར་དགོན་འཛིན་བླ་མ་རིམ་གཉིས་ལམ་ལ་གཟིགས་པ་དགེ་བའི་བཤེས་གཉེན་༧འགྱུར་མེད་ཆོས་འཁོར་ནས་ནན་ཆེར་བསྐུལ་མ་གནང་བ་ལྟར་དམ་ཚིག་སེལ་མེད་ངོ་མི་ལྡོག་ཕྱིར་དགེ་སློང༧འགྱུར་མེད་མཐུ་སྟོབས་རྣམ་པར་རྒྱལ་བས་སྤེལ་བ་དད་པ་བྱས་ན་ཁྱི་སོར་རིང་བསྲེལ་འཛག་པའི་དཔེ་ཟླར་འོས་སོ།། །།

ཞབས་བརྟན་གསོལ་འདེབས།


GTN005_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཞབས་བརྟན་གསོལ་འདེབས། མི་འགྱུར༵་འཕོ་མེ༵ད་བདེ་བ་ཆེན་པོའི་ཐུགས། །མ༵ཐུ་ནུས་བརྩེ་དང་མཁྱེན་པའི་སྟོབ༵ས་ཀྱིས་འབྱོར། །གཟུགས་སྐུའི་གསང་གསུམ་རྣམ༵་ཐར་བསྐལ་བརྒྱའི་བར། །ཞབས་བརྟན་བདུད་བཞིའི་གཡུལ་ལས་རྒྱལ༵་གྱུར་ཅིག །འདི་ནས་བྱང་ཆུབ་བར་དུ་མགོན་པོ་མཆོག །བརྟན་པའི་འཁོར་ལོའི་རྣམ་པར་སྙིང་གི་དབུས། །རྟག་པར་གོམས་ལས་དོན་བརྒྱུད་བྱིན་རླབས་གཏེར། །མཆོག་ཐུན་དངོས་གྲུབ་སྩོལ་བས་རྗེས་བཟུང་མཛོད། །ཅེས་པའང་རང་སློབ་ལྔ་རིག་སྨྲ་བའི་དབང་ཕྱུག་རྡོ་རྗེ་འཛིན་པ་འཇིགས་མེད་མཁྱེན་བརྩེའི་མྱུ་གུས་༼འཇམ་དབྱངས་མཁྱེན་བརྩེ་དབང་པོས༽རྒྱང་རིང་མོ་ནས་བསྐུལ་ངོར་ཤཱཀྱའི་དགེ་སློང་ཞེ་ཆེན་པ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་པས་མྱུར་བྲིས་སུ་སྤེལ་བ་དགེ།

༼འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལ་ཆེད་བརྗོད།༽


GTN005_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

༈ ༼འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལ་ཆེད་བརྗོད། ཐོས་བསམ་སྒོམ་པའི་ལུས་སྟོབས་ཡོངས་སུ་རྒྱས་ཤིང་འཆད་རྩོད་རྩོམ་པའི་སྒྲ་ཆེན་གྱིས་ལོག་སྨྲ་རི་དྭགས་མཐའ་དག་ཞུམ་པར་མཛད་ཅིང་། མཁྱེན་བརྩེ་ནུས་པའི་གཡུ་རལ་གྱི་ཁུར་ཆེན་རྣམ་པར་བརྗིད་པའི་གདོང་ལྔའི་དབང་པོ་ཐུབ་བསྟན་གངས་རིའི་རྒྱན་དུ་ཅིར་ཡང་མཛེས་པའི་ཆེད་དུ་བརྗོད་པ་ནི།༽ ཚ༵ངས་སྲས༵་མཚོ༵་བྱུ༵ང་ལྷ་མོ་ཉིད། །དགྱེ༵ས་པ༵འི་གར་གྱིས་སྙིང་ལ་སིམ། །བློ༵་ལྡན༵་གདོ༵ང་དྲུ༵ག་ལ༵ང་ཚོ༵་འཛིན། །བརྟན་པའི་འཁོར་ལོ་ཁྱོད་མིན་སུ། །ཚོགས་གཉིས་རིན་ཆེན་འབྱུང་གནས་བསྲུབས་སྐྱེས་ལས། །ཉེར་ཐོན་མཚན་དཔེའི་གཟུགས་སྐུ་སྲིད་པའི་མིག །ཕར་ཕྱིན་བཅུ་ཡི་ཆོ་གའི་འོད་སྟོང་གིས། །མཛེས་བསྒྲུབ་སྲིད་ཞིའི་མཁའ་ལ་རྒྱལ་གྱུར་ཅིག །འདི་ན་སྔར་མེད་ཟླ་བ་གསར་པའི་འཛུམ། །ལྔ་རིག་ཆ་ཤས་ཡོངས་རྫོགས་བྲི་གང་བྲལ། །འཆད་རྩོད་རྩོམ་པའི་བསིལ་ཟེར་སྤྲོ་བ་གང་། །


GTN005_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བསྟན་གྲོང་གསུམ་མཐར་གྱི་གཙུག་ན་བཀྲ། །གངྒཱ་ལྟོ་བར་བསྐྱིལ་ཞེས་ཛཧྦུའི། །སྙེམས་པར་མི་འཚལ་ལུང་རྟོགས་ཤེས་བྱའི་མཚོ། །རྣམ་འདྲེན་གང་གི་མཁྱེན་དཔྱོད་ཡོལ་གོ་རུ། །མ་བཟུང་མེད་པའི་ངོ་མཚར་འདི་ཡིས་ཀྱང་། །ཀུན་མཁྱེན་གོ་སར་བསླབ་གསུམ་རྒྱན་བཀླུབས་སྐུའི། །ལང་ཚོ་འདྲེན་བྱེད་བདུད་རྩིར་ཆགས་པའི་རོས། །སྙིགས་འགྲོ་གདུལ་བ་རྣམ་བཞིའི་དང་པོ་ཡི། །གདུལ་བྱར་མ་གྱུར་གཏམ་གྱི་རྫུན་རིས་ཡལ། །འཆད་པ་རྡོ་རྗེའི་ལྗགས་ཀྱི་འཇུག་པ་བརྒྱས། །མདོ་སྔགས་ཟབ་གནད་འགྲོལ་བྱེད་དབྱར་གྱི་རྔ། །བརྡུང་དེས་སྲིད་པ་ཧྲུལ་བྱེད་ལྟས་བཅོ་ལྔ། །མི་འཇིགས་འོད་སྲུང་བྱིན་འདི་ཅི་ཡིས་བརླིང་། །ཡུད་རེར་ཏིང་འཛིན་བྱེ་བའི་སྤྲོ་བསྡུ་ལ། །མཁའ་ཁྱབ་སྐྱོབ་པའི་ཐུགས་གསང་བཀྲ་བའི་ཚོན། །རྣམ་དཔྱོད་ཀཱ་ཤི་སྐྱོན་སྤངས་དྭངས་པའི་ངོས། །བཀྲ་ལ་སྲས་བཅས་རྒྱལ་རྣམས་གཟིགས་མོར་འབྱམས། །ཁྱོད་ཀྱི་རྣམ་ཐར་ལི་ཤི་དར་དྲགས་དྲིས། །


GTN005_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བགོས་པུཥྤེའི་ཚལ་ནས་ཅུང་ཟད་ཙམ། །འཐོར་བའི་བསྟོད་དབྱངས་དབྱར་གྱི་དཔལ་མོ་གང་། །བདག་བློ་འཁྱུད་པའི་བསོད་ནམས་ལྷུན་པོར་འཁུ། །མ་འདྲིས་བརྩེ་བའི་དགྱེས་ཞལ་ཟླ་བ་གསར། །སྐྱེ་དགུའི་སྙིང་ལ་འཇོ་བས་ཉེས་བརྒྱའི་མུན། །བཅིལ་བའི་ནགས་ཀླུང་བསྡུ་བཞིའི་བཟང་པོ་དྲུག །ཡོངས་སྨིན་དོན་གཉིས་ནོར་བུ་འབྱོར་བར་མཛོད། །ཅེས་ལུང་དང་རྟོགས་པའི་མཛོད་འཛིན་མཁྱེན་རབ་རྨད་བྱུང་རྣམ་འདྲེན་རྗེ་དབོན་བླ་མ་འཇིགས་མེད་མཁྱེན་བརྩེའི་མྱུ་གུ་རང་ཉིད་ནས་ཕྱི་ནང་རིག་པའི་གནས་ལ་གསན་བསམ་ཕུལ་བྱུང་གྲུབ་པར། བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་ཚང༵ས་སྲས༵་དགྱེ༵ས་པ༵འི་བློ༵་ལྡན༵་གདོང༵་དྲུག༵་དག༵འ་བ༵འི་ལ༵ང་ཚོ༵་ཞེས་པའི་མཚན་འབུལ་བསྟོད་བསྔགས་བཅས་ཆོས་རྗེ་ཐམས་ཅད་མཁྱེན་དངོས་ཀཿཐོག་པའི་སློབ་འབངས་ཤཱཀྱའི་དགེ་སློང་ལྔ་རིག་པ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱིས་དབེན་རི་བདེ་ཆེན་པདྨ་འོད་ནས་ཆེད་དུ་བརྗོད་པ་ཛ་ཡནྟུ།། །།

༼འཇམ་མགོན་ཀོང་སྤྲུལ་ལ་ཆེད་བརྗོད།༽


GTN005_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

༈ ༼འཇམ་མགོན་ཀོང་སྤྲུལ་ལ་ཆེད་བརྗོད། ཆུ་སྦྲུལ་དཔྱིད་ཐོག་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་རྗེ་འདི་ཉིད་ཀྱི་སྐུ་རྩར་ལོ་དྲུག་བསྙེན་ཏེ་ཚུར་ཕེབས་སྐབས། ཤེས་རབ་གསུམ་གྱི་ཡོན་ཏན་ཡར་ངོའི་ཟླ་བའི་རྗེས་སུ་འགྲོ་ཞིང་། འཆད་རྩོད་རྩོམ་པའི་འོད་སྟོང་ཐུབ་བསྟན་གླིང་བཞིའི་རྒྱན་དུ་མཛེས་ཤིང་། བསྟན་འགྲོའི་མི་མཐུན་རྒུད་པའི་མུན་པ་རིང་དུ་བསྐྲད་ཅིང་། ཕན་བདེའི་སྣང་བའི་དགའ་སྟོན་ཕྱོགས་བརྒྱར་སྤེལ་བའི་བྱེད་པོའི་མཆོག་ཏུ་མངའ་གསོལ་བའི་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ།༽ ༡ བློ༵་གྲོས་གཏེར༵་ཆེན་རྙེད་པས་བདེ། །ར༵བ་དཀར་ལྷག་བསམ་བསྟན་འགྲོར་དག༵འ། །ཚ༵ངས་བྱུ༵ང་སྙིང་དབུས་བསྙེ༵མས་པ༵འི་གར། །ལ༵ང་ཚོ༵འི་ཟླ༵་སྣ༵ང་གསལ་གྱུར་ཅིག །༢ གཟོད་ནས་ཆོས་ཁམས་དགེ་བའི་ཕྱག་རྒྱ་ཆེ། །འགྲོ་འདིའི་ལེགས་བཟུང་རྫོགས་བྱང་ཉེ་བའི་རྒྱུར། །ཡེ་ཤེས་གཟིགས་པས་བསྔགས་པ་མི་བསླུ་བའི། །བདེན་ངེས་གང་གི་གསང་གསུམ་བརྟན་པར་མཛོད། །༣ ཐོས་པས་བཅུ་ཕྲག་རིག་པར་བྱང་ཆུབ་ཅིང་། །བསམ་པས་ཐེ་ཚོམ་འཆིང་གྲོལ་ངེས་པ་རྙེད། །སྒོམ་པས་དེ་དོན་རྒྱུད་འབྱོར་ལུང་རྟོགས་བསྟན། །


GTN005_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིར་བགྱིད་ལ་རྒྱལ་བའི་རྗེས་སུ་སྙེགས། །༤ རང་རྒྱུད་མ་བཏུལ་གཞན་རྒྱུད་མི་དུལ་གཤིས། །སོ་བྱང་སྔགས་ལྡན་ས་ཟླའི་ཀཱ་ལ་ཤ ། ཁྱད་ཆོས་བཞི་ཡི་རིན་ཆེན་ཕྲ་ཚོམ་ཅན། །དོན་གཉིས་སྒྲུབ་པའི་རྟགས་སུ་བླང་བར་རིགས། །༥ ཉེ་རིང་མེད་པར་ཀུན་ལ་མ་འདྲིས་པའི། །མཛའ་བཤེས་ཉིད་བྱ་གཞན་གནོད་གཞི་བཅས་དོར། །དངོས་སམ་བརྒྱུད་ནས་ཕན་པ་འབའ་ཞིག་གིས། །བྱང་ཆུབ་སྤྱོད་མཆོག་རྒྱ་མཚོ་རྫོགས་པར་མཛོད། །༦ བློ་གྲོས་བརྒྱ་ཕྲག་ཉི་མ་འབར་བའི་མཐུན། །ཤེས་བྱའི་ལྟད་མོ་མ་ཆུད་ཅི་ཞིག་ཡོད། །གནས་སྐབས་ཉི་ཚེའི་ཆུ་ཁུར་དྲི་ཕྲ་མོ། །རྟོག་དཔྱོད་དྲི་གཞོན་དར་བས་བསལ་བར་འོས། །༧ གང་ཐུགས་རིང་ནས་བསྟན་འགྲོར་རྗེས་ཆགས་ཀྱིས། །


GTN005_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་མིག་འཕངས་པའི་དམ་བཅའ་སྨིན་ལེགས་མས། །བློ་ལྡན་གྲོགས་སུ་སྦྲོན་ལ་གེགས་བྱེད་ཆ། །ཕྲ་མོ་ཙམ་གྱིས་གླག་ལྟར་མ་གྱུར་ཅིག །༨ ཆོས་ཀུན་རྟེན་འབྲེལ་ལྟོས་གྲུབ་བླ་སློབ་ཀྱི། །དམ་ཚིག་རྡོ་རྗེའི་སྲད་བུས་སྦྲེལ་བ་ཡང་། །བསྐལ་པར་མི་འགྱུར་ཉི་དང་ཟེར་བཞིན་འབྲེལ། །མདོར་ན་བསམ་པའི་དོན་ཀུན་ཡོངས་རྫོགས་ཤོག །ཅེས་སྐྱེས་སྦྱངས་ཤེས་རབ་ཕུལ་བྱུང་ཁྱུང་པོ་བླ་མ་བསྟན་འཛིན་གཡུང་དྲུང་སྒྲ་ཀཱ་ཙན་པཱ་ཎི་དབྱངས་ཅན་སོགས་སྒྲ་རིག་རྒྱ་མཚོར་བསླབ་སྦྱོང་རྫོགས་སྐབས་བརྡ་སྤྲོད་ཀུན་བཤད་ཀྱི་མིང་དུ། བློ༵་གཏེ༵ར་ར༵བ་དག༵འ་ཚ༵ངས་བྱུ༵ང་བསྙེ༵མས་པ༵འི་ལ༵ང་ཚོ༵འི་ཟླ་༵སྣང༵་དུ་གསོལ་བའི་སྨོན་ཚིག་བསླབ་བྱ་དང་འབྲེལ་བ་ཤཱཀྱའི་དགེ་སློང་ཞེ་ཆེན་པ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ནས་སྦྱར་པའི་ཡི་གེ་པ་ནི་ལྔ་རིག་སྨྲ་བ་དགེ་བླ་པདྨ་སྐལ་བཟང་གིས་བགྱིས་པ་དགེ་ལེགས་འཕེལ། སརྦ་མངྒ་ལཾ་བྷ་བ་ཏུ།། །།

༼འཇམ་མགོན་ཀོང་སྤྲུལ་ལ་ཆེད་བརྗོད།༽


GTN005_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

༈ ༼འཇམ་མགོན་ཀོང་སྤྲུལ་ལ་ཆེད་བརྗོད། སྲུང་མ་སྤྱི་སྒོས་རྣམས་ལ་བུ་འདིའི་ཕྲིན་ལས་སྒྲུབ་དགོས་པའི་བཅོལ་དམ་དང་ལེགས་སྐྱེས་ཀྱི་གནང་སྦྱིན་བསྩལ་པའི་ཆེད་དུ་བརྗོད་པ།༽ འགྲོ་ཕྱིར་དམ་བཅའ་ཆེན་པོའི་ཁུར་ཐོགས་ནས། །སྤངས་རྟོགས་ཡོ༷ན་ཏ༷ན་རྒྱ༷་མཚོ༷ར་ལོངས་སྤྱོད་པ། །བསྐལ་བཟང་རྒྱལ་བ་སྟོང་དང་ཐ་མི་དད། །ཨོ་རྒྱན་རྡོ་རྗེ་འཆང་དེས་ཁྱོད་ལ་སྲུངས། །དེང་སྔོན་སྦྱངས་སྐྱེས་ཐོབ་ཀྱི་ཤེས་རབ་མངོན་པར་རྒྱས་པའི་མཁྱེན་རབ་ཀྱི་མྱུ་གུ་གསར་པ། ཐོས་བསམ་སྒོམ་པའི་འདབ་སྟོང་རྣམ་པར་རྒྱས་གྲུབ་པས། བློ་གསལ་བུང་བ་གཞོན་ནུའི་གསོས་སུ་གྱུར་པ་ལ་ཐེ་ཚོམ་བྲལ་ཞིང་། སླད་ཀྱི་ཆར་རིས་བྲལ་རྒྱལ་བ་མཆོག་གི་བསྟན་པ་བླ་ནས་བླར་འཕེལ་བའི་བྱེད་པོ་སྲིད་ཞིའི་འདྲེན་པ་མཆོག་ཏུ་མངའ་གསོལ་བར་བྱ་ཕྱིར། རྟེན་འབྱུང་གི་སྒོ་འཕར་བརྒྱ་ཕྲག་ཕྱེ་བའི་ལེགས་སོ་འབུལ་བའི་རྟེན་མཚོན་ལ། བཀྲ་ཤིས་པའི་ལྷ་རྫས། བུམ་པ་ལེགས་པ་ཆ། རང་གི་གྱོན་པ་བཟང་གོས་ཀྱི་ཆོས་གོས་བཅས་ཕུལ་བ་བརྩེ་བ་མཆོག་གིས་རྗེས་སུ་བཞེས་པ་ནས། འཆད་རྩོད་རྩོམ་པ་དང་བཤད་སྒྲུབ་སྒོམ་པས་བསྟན་འགྲོའི་དོན་ཆེན་སྒྲུབ་པའི་མཛད་པ་སྐྱོ་ངལ་སྤངས་ནས་རང་གཞན་དོན་གཉིས་དཀའ་བ་མེད་པར་འགྲུབ་པར་གདོན་མི་ཟ་བ་ལགས་པས་ཐུགས་ལ་བསྟིམ་འཚལ།


GTN005_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་གསང་གསུམ་བསྐལ་པ་བརྒྱ་ཕྲག་བར། །ཚེ་མཐའ་ཡས་པའི་ངོ་བོར་ལྷུན་ཆགས་ཤིང་། །མི་ཤིགས་རྡོ་རྗེ་མི་འགྱུར་གཡུང་དྲུང་དང་། །མི་ནུབ་རྒྱལ་མཚན་ལྟ་བུར་བརྟན་གྱུར་ཅིག །བཅུ་ཕྲག་རིག་ལམ་ཉིན་མོར་བྱེད་པའི་གཟིས། །རྨོངས་པའི་མུན་སྟུག་མ་ལུས་བསལ་བྱས་ནས། །བསྟན་འགྲོའི་དཔལ་གྱི་འདབ་མ་རྣམ་གྲོལ་བར། །རྣམ་མཁྱེན་སྐུ་བཞིའི་འབྲས་བཅུད་རྒྱས་འགྱུར་སྨོན། །སརྦ་ཐཱ་ཤུ་བྷཾ།

༼མཁས་གྲུབ་ཆེན་པོ་ཨ་གྲོ་སྒྲ་རམས་པ་ལ་ཆེད་བརྗོད།༽


GTN005_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

༈ ༼མཁས་གྲུབ་ཆེན་པོ་ཨ་གྲོ་སྒྲ་རམས་པ་ལ་ཆེད་བརྗོད། ཨ་གྲོ་སྒྲ་རམས་པའང་ཐོས་བསམ་སྒོམ་པའི་ཡོན་ཏན་བཀོད་མའི་ཆུ་ལྟར་ཡོངས་སུ་འཕེལ་བ་གཟིགས་ནས་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་ཐོས་པས་གུས་པ་བསྐྱེད་ནུས་པ་དག་གིས་གཟེངས་བསྟོད་པ་ནི།༽ ༡ མགྲིན་པའི་དབུས་བཞུགས་སྒྲ༵་དབྱང༵ས་ལྷ་མོ་ཡི། །བློ་གྲོས་ཕུན་ཚོགས་ཟླ་༵བ༵་སྙིང་ལ་ཤར། ཕྱི་ནང་རིགས་ལམ་འ༵ཆི་མེད༵་བདུད་རྩིའི་ཟེར། །བྲན་པས་ཀུནྡའི་ལ༵ང་ཚོ༵་བརྟས་འདི་མཚར། །༢ བཟང་པོའི་ཡོན་ཏན་འབྱུང་ཁུངས་བླ་མ་རུ། །ཤེས་པས་མི་ལྡོག་དད་པ་བརྟན་པོ་ཡིས། །མཉེས་པ་སྒྲུབ་ལ་ལྷོད་མེད་དགེ་བའི་མཐུས། །རྒྱལ་བསྟན་ཉིན་མོར་བྱེད་ལ་སོམ་ཉི་བྲལ། །༣ ལྔ་བདོར་ཐོས་བསམ་སྒོམ་པའི་རྟ་བདུན་པས། །བླང་དོར་སྒྲིབ་པའི་འཐིབ་བུ་བསལ་བ་ལ། །སྲས་བཅས་རྒྱལ་རྣམས་ཐུགས་བསྐྱེད་སྨིན་པའི་འབྲས། །ཁྱོད་ཀྱི་དོན་གཉིས་འགྲུབ་པའི་རྒྱུར་གྱུར་ཅིག །


GTN005_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་འདི་ཡང་རང་སློབ་བླ་མ་འགྱུར་མེད་རྣམ་རྒྱལ་སྒྲ་སྙན་སྡེབ་སྦྱོར་སོགས་རྫོགས་པར། བརྡ་སྤྲོད་ཀུན་བཤད་ཀྱི་མཚན་དུ་སྒྲ་༵དབྱང༵ས་ཟླ་༵བ༵་འཆི༵་མེ༵ད་ལ༵ང་ཚོ༵་ཞེས་ཤཱཀྱའི་དགེ་སློང་ཞེ་ཆེན་པ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དཔལ་བཟང་པོས་ཆེད་དུ་བརྗོད་པ་དགེའོ། །ཞེས་པའོ། །

སྒྲ་ཀ་ལཱ་པའི་བྱིངས་སྒྲུབ་ཆ་ཤས། གཙུག་ཏོར་རྣམ་རྒྱལ་མའི་གཟུངས་རིང་།


GTN005_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྒྲ་ཀ་ལཱ་པའི་བྱིངས་སྒྲུབ་ཆ་ཤས་བཞུགས་སོ། །ཨོཾ་སྭཱསྟི། ན་མོ་མ་ཧཱ་པྲ་སཱ་ད་གུ་ར་ཝེ། འདིར་སྒྲ་ཀ་ལཱ་པ་ལྟར་གཟུངས་སྔགས་ཆ་ཤས་བྱིངས་སྒྲུབ་ཀྱིས་སྔགས་དོན་འགྲོལ་བ་ལ་ཐོག་མར་གཙུག་ཏོར་རྣམ་རྒྱལ་མའི་གཟུངས་རིང་ནི། ཨ་བ་དང་རཀྵ་སྲུང་བ་ལའོ་ཞེས་པའི་བྱིངས་འཇོག །བྱིངས་མཐའི་ཨ་རྣམས་སོགས་གང་རྗེས་སུ་འབྲེལ་བ་མི་སྦྱོར་རོ། །ཞེས་པས་ཕྱིས། ཨ་བ་ལ་ཨཏ྄་ལས་མ་ནིན྄་འོས་རྐྱེན་མ་ནིན་འོས་རྐྱེན་མ་ནིནྲ་བྱིན། ཨིན྄་བརྗོད་དོན་ཕྱིས། ཨ་བ་ཏིའི་མཐའ་དབྱིའོས་ཨན྄་ཕྱིས། ཚ་བ་དག་གི་ལྔ་པ་ལ་ཤ་ཨཱུཊྲ་འོས་པ་ཨཱུཊྲ། ཤྲི་བི་ཨ་བི་མ་བི་ཛྭ་ར་ཏྭ་ར་རྣམས་ཀྱི་ཨུ་པ་དྷཱའི་འང་ངོས་ཨའང་ཨཱུཊ྄། ཨ་ཡིག་ལ་ཨཱུཊ྄འི་འཕེལ་བའོས་ཊ྄་གཉིས་ཕྱིས། མཚུངས་པར་འདྲ་བའི་ཡི་གེ་ལ་རིང་པོར་འགྱུར་ཏེ་ཕ་རོལ་འང་དབྱིའོ། །ནཱ་མིན྄་མཐའི་བྱིངས་དང་བི་ཀ་ར་ཎ་དག་གི་ཡོན་ཏན་ནོ། །ཨཱུ་ཨོ། མ་གསལ་བྱེད་ལ་རྗེས་སུ་ང་རོ་བྱས་པས་ཨོཾ་ཞེས་གྲུབ་སྟེ། རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་སྟེར་དཔལ་དང་གཡང་། །སྐལ་བ་བཟང་པོ་རྣམ་


GTN005_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཞེས་པས། མཆོག་དང་། ནོར་དང་། དཔལ་དང་། གཏེར་དང་། གཡང་རྣམས་རིམ་བཞིན། དངོས་གྲུབ་དང་། ལོངས་སྤྱོད་དང་། དབང་ཕྱུག་དང་། བསོད་ནམས་དང་། ལུས་སེམས་བདེ་བ་མྱོང་བ་ལྔར་སྒྲུབ་པར་བྱེད། དོན་ལ་ཡེ་ཤེས་ལྔ་ཡིན་ཞིང་། དམ་བཅའ་བ་སྟེ་མི་འགྱུར་བ་དང་། བཀྲ་ཤིས་པ་དང་རིག་སྔགས་ཀྱི་ནོར་བུ་འཛིན་པ་སྟེ། སྙིང་པོ་རྟག་ཏུ་དགེ་བས་སྔགས་སྤྲུལ་ཞིང་སྔགས་བཟླས་པ་དེ་རྟོགས་པར་བྱེད་པའི་ཕྱིར། དོན་མཐར་ཕྱིན་པར་འགྱུར་བས་ན་སྔགས་ཀྱི་མགོ་འདྲེན་དུ་སྨོས་སོ། །ཎ་མ་རབ་ཏུ་འདུད་པ་དང་སྒྲ་ལའོ་བྱིངས། བྱིངས་མཐའི་ཨ་བརྗོད་དོན། བྱིངས་ཀྱི་དང་པོ་ཎའི་ནའོ། །ཎ་མི་ལས་ཨ་སུན྄་གྱི་རྐྱེན། ཨུན྄་རྗེས་འབྲེལ། རྟགས་ཀྱི་དོན་ལ་རྣམ་དབྱེ་དང་པོའི་སི། གསལ་བྱེད་མཐའ་ལས་ཀྱང་ངོས་ཕྱིས། རེ་ཕ་དང་ས་དག་གི་རྣམ་བཅད་ན་མཿ ཞེས་གྲུབ་སྟེ། ཕྱག་འཚལ་ལོ། །བྷ་ཛ་བསྟེན་པ་ལའོའི་བྱིངས། རྐྱེན་གྷཉ་྄བྱིན། ཉ་྄རྗེས་འབྲེལ། ཙ་ཛ་དག་གི་དྷུཊ྄་དང་གྷ་རྗེས་སུ་འབྲེལ་བ་ལའོས་ཛྲགྲ་རུ་བསྒྱུར། གྷྲདེའི་དོན་ཕྱིས། སྲོག་གི་ཨ་བཞག་གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ཡི་གེར་དྲངས་པས་བྷ་ག་གྲུབ་པ། བཅོམ་པའམ་ལེགས་པ། དེ་འདི་ཡོད་པ་ཞེས་པ་མནྟུ་བནྟུ་བིན྄་ཨིན྄་རྣམས་སོ། །ཞེས་བནྟུ་བྱིན། ཨུ་རྗེས་འབྲེལ་ཕྱིས། རྣམ་དབྱེ་བཞི་པའི་ངེ་བྱིན་པས་ང་ཕྱིས་སྲོག་གི་ཨེ་བཞག །ཨ་ནུ་ཥངྒ་འང་ཀྲུཉྩ་དང་ཨིཏ྄་མ་ཡིན་པའི་འོས་ན྄་དབྱི། ཏ྄་ཨེ་ལ་དྲངས་པས་བ་ཏེ་གྲུབ།


GTN005_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ན་མོ་བྷ་ག་བ་ཏེ། ཨོཾ་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །སྲ໏་འགྲོ་བའི་བྱིངས། སརྟི་ལས་བའོས། བ་རྐྱེན། ཡོན་ཏན་བྱས་ར໏་ཨར྄། ར྄་བ་ལ་དྲངས་པས་སརྦ། ཏྲཻང྄་སྐྱོང་བའི་བྱིངས། རྐྱེན་ཌི་སྦྱར། ཌ་རྗེས་སུ་འབྲེལ་བ་ལ་མཐའི་དབྱངས་ལ་སོགས་པ་དབྱིའོས། ཨཻང྄་ཕྱིས། ཌ་དེའི་དོན་ཕྱིས་སྲོག་གི་ཨི་ལ་ཏྲ་྄དྲངས་པས་ཏྲི། ལོ་ཀྲ໏་དང་ལོ་ཙྲ໏་ལྟ་བའི་བྱིངས། རྐྱེན་གྷ་བྱིན། ར໏་རྗེས་འབྲེལ། གྷ་ཕྱིས་སྲོག་གི་ཨ་ལ་ཀ྄་དྲངས། ཡཎ྄་འང་སྟེ་རབ་ཏུ་གྲགས་པ་ལས་སོས་ཡཎ྄་བྱིན། ཎ་དང་བཅས་པར་དང་པོ་འཕེལ་བའོས་ཏྲི་ཏྲཻ་བྱས་ཎ་དེའི་དོན་ཕྱིས། ཨ་ཡི་ཡི་གེ་ཨིའི་ཡི་གེ་དག་དབྱངས་དང་ཡའི་རྐྱེན་ལའང་དབྱིའོས། རྟགས་མཐའི་དབྱངས་ཕྱིས་དྲངས་པས། སརྦ་ཏྲཻ་ལོཀྱ། འཇིག་རྟེན་གསུམ་པོ་ཐམས་ཅད་ལས། །ཉེར་བསྒྱུར་པྲ་ཏི་དང་བི་སྔོན། ཤི་ཥ་ཐམས་ཅད་མ་ཡིན་པར་སྦྱོར་བའི་བྱིངས། རྐྱེན་ཀྟ། ཀ྄་ནི་ཀ་ལ་ཡཎ໇་བཞིན་ཡང་སྟེ་ཡ་ལ་བརྗོད་པ་བོར་བའོ། །ཞེས་པས་ཕྱིས། ཥ྄་ཏ་ལ་དྲངས། ཥ་དང་ཏ་སྡེ་ལས་ཏ་སྡེའི་ཊ་སྡེའོས་ཏ་ཊ། ངེ་བྱིན། ངེ་ལ་ཡའོ། །ཨ་ཡིག་སྒྲ་ལྡན་ལ་རིང་པོའོ། །བུ་དྷིར྄་རྟོགས་པ་ལའོ་བྱིངས། ཨིར྄་རྗེས་འབྲེལ་ཕྱིས། ཀྟ་བྱིན་ཀ྄་ཕྱིས། གྷ་ཌྷ་དྷ་བྷ་རྣམས་ལས་དྷ་མ་ཡིན་པའི་ཏ་ཐ་དག་གི་དྷའོས། ཏ་དྷ་རུ་བསྒྱུར། དྷུཊ྄་རྣམས་ཀྱི་གསུམ་པའོས་དྷ་སྔོན་མ་ད྄། ཕར་དྲངས་པས་བུདྡྷ། ངེ་ཡ། རྟགས་མཐའ་རིང་། ཡུཥྨད྄་ལ་ངེ་བྱིན། ངེ་ལ་ཏུ་བྷྱམ໇་དུ་བསྒྱུར། ཏྭད྄་མད྄་དག་གི་གཅིག་ཉིད་ལ་ཏེ་མེ་ཞེས་པས་ཏུ་བྷྱཾ་ཏེ་རུ་བསྒྱུར། དེ་མཐར་ན་མཿ སྔར་ལྟར་སྒྲུབ། པྲ་ཏི་བི་ཤིཥྚ་ཡ་བུ་ཡ་ཏེ་ན་མཿ ཁྱད་འཕགས་སངས་རྒྱས་ཁྱོད་ཕྱག་འཚལ། །ཏ་ནུ་རྒྱས་


GTN005_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཡ་མུ་འགོག་པའི་བྱིངས། ཨུ་གཉིས་རྗེས་འབྲེལ། ཏ་ནི་ཡ་མི་དག་ལས་ཌ་དིཀ྄འོས། རྐྱེན་ཌ་དིཀ྄་བྱིན། ཨིཀ྄་ཕྱིས། ཌ་རྗེས་སུ་འབྲེལ་བས་བྱིངས་མཐའི་ཨན྄་དང་ཨམ྄་ཕྱིས། ཌ་ཕྱིས་སྲོག་གི་ཨ་ཏ໇་ལ་དྲངས་པས། ཏད྄། དེ། ཡད྄་གང་གྲུབ་ད྄་ཡ་ལ་དྲངས་པས་ཏདྱད྄། རྣམ་པར་བརྗོད་པ་ལ་ཐཱའོས་རྐྱེན་ཐཱ་བྱིན། ཏྱད྄་སོགས་ཀྱི་རྣམ་དབྱེ་ལ་ཨའོས་ད་ཨ་རུ་བསྒྱུར། ཨ་ཡིག་ལ་དབྱིའོས་ཡའི་ཨ་ཕྱིས་དྲངས། ཨོཾ་སྔར་སོང་། བྷྲ་མུ་གཡོ་བའི་བྱིངས། ཨུ་རྗེས་འབྲེལ། བྷྲ་མི་ལས་ཌུའོས་ཌུ་བྱིན་ཌ་རྗེས་འབྲེལ། མཐའི་དབྱངས་ཨམ྄་ཕྱིས། སྲོག་གི་ཨུ་ལ་དྲངས་པས་བྷྲུ་གྲུབ། ཨུཏ྄་ལས་ཨཱུང྄་འོས། ཨཱུང྄་བྱིན། ང་དབྱི། མཚུངས་འདྲ། མུ་ཨཱ་ག་མ་བྱིན། ཨུ་རྗེས་འབྲེལ། མ་ང་རོ་བྱས་པས་བྷྲཱུཾ་གྲུབ། ཏདྱ་ཐཱ་ཨོཾ་བྷྲཱུཾ་བྷྲཱུཾ་བྷྲཱུཾ། འདི་ལྟ་སྟེ་ཨོཾ་བྷྲཱུཾ་བྷྲཱུཾ་བྷྲཱུཾ། ཤུ་དྷ་དག་པ་ལའོའི་བྱིངས། བྱིངས་ལས་ཀྱང་རྒྱུ་འོས་ཨིན྄་ཀ་རི་ཏ་བྱིན། ཨིན໇་ཨིཙ໇་ཨཊ໇་རྣམས་ལ་ནཱ་མའི་ཨུ་པ་དྷཱའི་རིང་པོ་སྟེ་ནཱ་མིན྄་རྣམས་ཀྱི་ཡང་འཕེལ་བའོ་ཞེས་པའི་དོན་གྱིས་ན྄་ཕྱིས། ཨུ་པ་དྷཱ་ནཱ་མིན྄་གྱིའང་ཡང་བའི་འོ། །ཞེས་པས་ ཡོན་ཏན། བྱ་བ་ཡང་དག་པ་མངོན་པར་སྡུད་པ་ལ་དུས་ཐམས་ཅད་དུ་པཉྩ་མཱིའི་དབུས་མའི་གཅིག་ཚིག་གོ། ཞེས་ཧི་བྱིན། བྱེད་པ་པོ་ལ་ཨན྄་སྟེ་བི་ཀ་ར་ཎའོ་ཞེས་ཨན྄་བྱིན་བི་ཀ་ར་ཎ་ལ་ཨན྄་ཉིད་ལའོ། །ཞེས་པས་ཨི་ཡོན་ཏན་ཨེ། ན྄་དེའི་དོན་ཕྱིས། ཨེ་ཨཡ໇འོ་བྱས་དྲངས། ཨ་ཡིག་ལས་ཧནྟི་མ་ཡིན་པའི་ཧིའོས། ཧི་ཕྱིས། ཤོ་དྷ་ཡ་ཤོ་དྷ་ཡ་བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། སྦྱོངས་ཤིག་སྦྱོངས་ཤིག་རྣམ་སྦྱོངས་རྣམ་པར་སྦྱོངས། །ཥ་མ་མཉམ་པའི་བྱིངས། དངོས་པོ་ལ་རྐྱེན་ཨཙ྄་བྱིན་ཙ྄་ཕྱིས།


GTN005_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བྱིངས་ཀྱི་དང་པོ་ཥའི་སའོ། །དགག་པའི་ནཉ་྄སྔོན། དེའི་སྐྱེས་བུ་ལ་ནཉ໇་ཕྱིས་ཨ་བཞག །སམ྄་སྔོན། ཨ་མ་ནད་ཀྱི་བྱིངས། ཀྟ་བྱིན་ཀ྄་ཕྱིས་སྡེ་པ་ལ་སྡེ་པའི་མཐའ་འོས་བྱིངས་ཀྱི་མ྄་ན྄། མ྄་སྔོན་མ་ཨ་དང་ན྄་ཏ་ལ་དྲངས། ཨ་བ་སྔོན། བྷཱ་སྲ໏་འབར་བའི་བྱིངས་ར໏་རྗེས་འབྲེལ། རྐྱེན་ཨཙ྄་བྱིན་ཙ྄་དབྱི། དྲངས། སྥ་ར་འཕྲོ་བའི་བྱིངས། རྐྱེན་ཡུ། ཡུ་བུ་ཛྷ་རྣམས་ཀྱི་ཨ་ན་ཨ་ཀ་དག་གོ། ཞེས་པས་ཡུ་ཨ་ན་རུ་བསྒྱུར། ར྄་ཕར་དྲངས། ར་ཥ་ར໏འི་ཡི་གེ་རྣམས་ལ་མཐའ་མ་ཡིན་པའི་ནའི་ཎ་སྟེ། དབྱངས་དང་ཧ་དང་ཡ་དང་བ་དང་ཀ་སྡེ་དང་པ་སྡེ་བར་ན་ཡོད་ཀྱང་ངོས་ན་ཎ། གམླ໏་འགྲོ་བའི་བྱིངས་ལ໏་རྗེས་འབྲེལ། བུད་མེད་ལ་ཀྟིའོས། རྐྱེན་ཀྟི་བྱིན། ཀ྄་སྔར་བཞིན་ཕྱིས། བྱིངས་ཀྱི་མ྄་ཡང་ཕྱིས་པས། ཨ་ས་མ་ས་མནྟ་ཨ་བ་བྷ་ས་སྥ་ར་ཎ་ག་ཏི། མཉམ་མེད་ཀུན་ནས་སྣང་བས་ཁྱབ་པའི་གནས། །གམླ໏་འགྲོ་བའི་བྱིངས། ལ໏་རྗེས་འབྲེལ། ཡུཊ྄་བྱིན། ཊ྄་ཕྱིས། ཡུ་ཨ་ན་རུ་བསྒྱུར། བྱིངས་མཐའི་མ྄་དབྱི། བར་རྐྱེན་གཀ྄་བྱིན་ཨཀ྄་ཕྱིས་དྲངས་པས་ག་ག་ན་ནམ་མཁའ། སྭ་སྔོན། བྷཱུ་ཡོད་པའི་བྱིངས། གྷཉ་྄བྱིན། གྷཉ໇་ཕྱིས་སྲོག་གི་ཨ་བཞག །གྲུབ་པ་ཉ໇་ཎ໇་རྗེས་སུ་འབྲེལ་བ་ལ་ཨིཙ྄་བཞིན་དུའོས། ཨཱུ་ཨཽ། (ཨཽ་ཨཱབ໇་)མཚམས་སྦྱར་བས། སྭ་བྷཱ་བ། བི་སྔོན། ཤུ་དྷ་དག་པའི་བྱིངས། ཀྟ་བྱིན། ཀ྄་ཕྱིས། ཏ་དྷ། དྷ໇་སྔོན་མ་ད྄། ཕར་དྲངས། བུད་མེད་ལ་ཨ་ཨཱཔ྄་བྱིན་པས་བི་ཤུ། ཤྲའི་བོད་སི་བྱིན། ཐུང་ངུ་ནཱ་དི་ཤྲ་ལས་སི་དབྱིའོ། །སམྦུདྡྷི་ལའང་ངོས་རྟགས་མཐའ་ཨེ་བྱས། ག་ག་ན་སྭ་བྷཱ་བ་བི་ཤུདྡྷེ། ནམ་མཁའི་རང་བཞིན་རྣམ་པར་དག་གྱུར་མ། །ཨུ་ཥ་སྲེག་པ་ལའོ་བྱིངས། ནཀ྄འི་


GTN005_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན། ཀ྄་ཕྱིས་ཥ་ན་ལ་དྲངས། ན་ཎ། བྱིངས་དོན་ལ་ཨིན྄་བྱིན། ཨིན྄་ལ་རྟགས་ཡི་གེ་གཅིག་མིན་པའི་མཐའི་དབྱངས་ལ་སོགས་པ་དབྱིའོས། ཎའི་སྲོག་གི་ཨ་དབྱི། ན྄་དེ་དོན་ཕྱིས། ཤ་རཱི་ཥ་ལ་སོགས་པ་རྣམས་སོས་ཨཱིཥ་བྱིན། མཚུངས་འདྲ་བྱས་པས་ཨུཥྞཱིཥ། བི་སྔོན་ཛི་རྒྱལ་བའི་བྱིངས། ཨཙ྄་སྦྱར་ཙ྄་ཕྱིས་ཡོན་ཏན་ཛ་ཡ། པ་རི་སྔོན་ཤུདྷ། ཀྟ་སྔར་ལྟར། བདུན་པའི་ངི་། ཨིུ་ཥ་བི་ཛ་ཡ་པ་རི་ཤུདྡྷེ། གཙུག་ཏོར་རྣམ་པར་རྒྱལ་བ་ཡོངས་དག་མ། །ཨ་བྷི་སྔོན་ཥིཙ྄་འཁྲུད་པ་ལའོ། །བྱིངས་ཀྱི་དང་པོ་ཥའི་ས། པཉྩ་མཱིའི་ཏུ། ཨན྄་བི། ཥཙ྄་ལས་ནའོས་དབྱངས་མཐར་ན་ཨཱ་ག་མ་སྦྱིན། སྡེ་པ་ལ་སྡེ་པའི་མཐའ་འོས་ན྄་ཉ໇་ཉྩ་྄ཨ་ལ་དྲངས་པས། ས་ཥ་ཨབྷི་ཥིཉྩ་ཏུ། ཨསྨད྄་ལ། གཉིས་པའི་ཨམ྄། ཏྭད྄་མད྄་དག་གི་སོགས་ཨསྨད྄་མད྄་དུ་བསྒྱུར། འདི་རྣམས་ཀྱི་རྣམ་དབྱེ་ལ་མཐའ་དབྱིའོ་ད྄་ཕྱིས། ཨམ྄་དང་ཨཽའང་ཨཱམ྄འོ། མཚུངས་འདྲ་བྱས་མཱཾ་གྲུབ། ཨ་བྷི་ཥིཉྩ་ཏུ་མཱཾ། བདག་ལ་མངོན་པར་དབང་ནི་བསྐུར་དུ་གསོལ། །སརྦ་སྔར་ལྟར་ཏཏ྄་ལ་ཐཱ་གམླ໏་འགྲོ་བའི་བྱིངས་ལ໏་ཕྱིས། ཀྟ་བྱིན། མ྄་ཕྱིས་ག་ཏ།(ཛས໇་བྱིན།) ཛས྄་ལའོས་རྟགས་མཐའ་རིང་། ཛ་ཕྱིས་མཚུངས་འདྲ། རེ་ཕ་དང་ས་དག་གི་རྣམ་པར་བཅད་བྱའོ། །ཤ་ཥ་ས་ལ་ཕ་རོལ་གྱི་གཟུགས་སུ་ཡང་ནའོ། །སུ་སྔོན་ག་ཏ་སྔ་མ་ལྟར། སརྦ་ཏ་ཐཱ་ག་ཏཱཿ སུ་ག་ཏ། དེ་བཞིན་གཤེགས་པ་ཀུན་དང་བདེ་གཤེགས་ཀྱི། །བ་ར་སྔོན་མའི་བ་ཙ་བརྗོད་པའི་བྱིངས། ཡུ་ཨ་ན། མྲ໏ང྄་སྲོག་གཏོང་བའི་བྱིངས། ང྄་རྗེས་འབྲེལ། ནིཥྛཱའོས་ཀྟ། དགག་ཚིག་ཨ་སྔོན་མཚམས་


GTN005_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར། ཨ་བྷི་སྔོན་ཥི་ཙ་འཛག་པའི་བྱིངས། སྐྱེས་པ་ལས་མིང་ལ་གྷའོས་གྷ་བྱིན། ཙུའི་ཀུའོ་ཞེས་ཙ྄་ཀ྄། ཨུ་པ་དྷཱ་ནཱ་མིན྄་གྱིའང་ཡང་བའིའོ། །ཡོན་ཏན། ནཱ་མི་དང་ཀ་དང་ར་ལས་ཕ་རོལ་རྐྱེན་དང་རྣམ་འགྱུར་དང་ཨཱ་ག་མ་ལ་གནས་པའི་སའི་ཥ་སྟེ་ ནུ་དང་རྣམ་པར་བཅད་པ་དང་ཥ་བར་ན་ཡོད་ཀྱང་ངོ་། །ས་ཥ་རུ་བསྒྱུར། །བྷིས྄་ཨཻས་སོ། །ཨེ་ཡིག་ལ་ཨཻ་སྟེ་ཨཻ་ཡིག་ལའང་ངོ་། །ས་རྣམ་བཅད། ནཱ་མིན྄་གྱི་ཕ་རོལ་རའོ། །སྒྲ་ལྡན་དང་དབྱངས་ཕ་རོལ་ལོ། །མ་ཧ་མཆོད་པ་ལའོའི་བྱིངས། ཤནྟྲ໏ང྄་རྐྱེན། ཤ྄་ར໏ང་྄རྗེས་འབྲེལ་ཕྱིས་དྲངས། མ་ཧནྟ།໇ གཞི་མཐུན་ཚིག་ལ་མ་ཧཏ྄་ཀྱིས། ཨཱ་ཡི་ཡི་གེར་བྱ་བའོས། མ་ཧཱ། མུ་ད་དགའ་བའི་བྱིངས། རཀ྄འོས་རཀ྄་བྱིན་ཀ྄་ཕྱིས་དྲངས། མུ་དྲ་བུད་མེད་ཀྱི་ཨཱཔ྄། ཤྲ་ལས་སི་ཕྱིས། མ་ཏྲི་གསང་སྟེ་འཆད་པ་ལའོ། །ཨི་རྗེས་འབྲེལ། ཨི་དིཏ྄འི་ནུམ྄་བྱིན་ཨུམ྄་རྗེས་འབྲེལ། རྐྱེན་ཨཙ྄་སྦྱར་དྲངས་མནྟྲ། པ་ད་འགྲོ་བའི་བྱིངས། ཨཙ྄། བྷིས྄་ཨཻས྄་པ་དཻཿ བ་ར་བ་ཙ་ནཱ་མྲ໏་ཏཱ་བྷི་ཥེ་ཀཻརྨ་ཧཱ་མུ་དྲཱ་མནྟྲ་པ་དཻཿ གསུང་རབ་བདུད་རྩིས་མངོན་པར་དབང་བསྐུར་དང་། །ཕྱག་རྒྱ་ཆེན་པོའི་སྔགས་ཀྱི་ཚིག་རྣམས་ཀྱིས། །ཨོཾ་སྔར་བཞིན། ཨཱང྄་སྔོན་ང྄་ཕྱིས། ཧྲྀཉ໇་འཕྲོག་པའི་བྱིངས། པཉྩ་མཱིའི་ཧི། ཨན྄་བི་ནཱ་མིན྄་མཐའི་བྱིངས་དང་བི་ཀ་ར་ཎ་དག་གི་ཡོན་ཏན་ནོ། །ར໏་ཨར྄། ར྄་དྲངས། ཨ་ལས་ཧི་ཕྱིས། ཨཱ་ཧ་ར། ཨསྨད྄་ལ་ངས྄། ངས྄་ལ་ཏ་བ་མ་མའོ། །ཞེས་རྟགས་མཐའ་རྣམ་དབྱེ་བཅས་མ་མར་བསྒྱུར། ཨིཎ྄་འགྲོ་བ་ལའོའི་བྱིངས། ཎ྄་ཕྱིས། ཨིན྄་ལ་ཨུ་སིའོས་རྐྱེན་ཨུ་སི། ཨི་རྗེས་འབྲེལ། ཨི་འཕེལ་བ་ཨཻ། ཨཻ་ཨཱཡ྄་བྱས། ཨཱ་ཡུས྄། སཾ་སྔོན་ཌུ་


GTN005_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ངྷྲ໏ཉ໇་འཛིན་པ། ཌུ་དང་ཉ໇་ཕྱིས། རྐྱེན་ཎྱུཊ྄་བྱིན། ཎ་དང་བཅས་པར་དང་པོ་འཕེལ་བའོ། །ར໏་ཨཱར྄། ཎ྄་དང་ཊ྄་རྗེས་འབྲེལ། ཡུ་ཨ་ན། ན་ཎ། ན་ད་སོགས་ཨཉྩ་བཱ་ཧ་ཨུ་ཨི་ཨནྶ་ཨནྟ་ར་ས་ཁི་ན་མཐའ་རྣམས་ལས་ཨཱིའོ། །ཞེས་ཨཱི་བྱིན། བུད་མེད་དུ་བྱས་པའི་ཨཱི་ཡིག་ལས་ཨ་དབྱིའོས་རྟགས་མཐའི་ཨ་ཕྱིས་དྲངས། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་མ་མ་ཨཱ་ཡུསྶཾ་དྷཱ་ར་ཎཱི། ཨོཾ་ཀུན་བསྡུས་ཀུན་བསྡུས་བདག་གི་{ཚེ་}འཛིན་མ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ་ག་ག་ན་སྭ་བྷཱ་བ། བི་ཤུདྡྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུདྡྷེ་རྣམས་སྔར་བཞིན་འགྲོལ། ས་ཧ་སྲ་སྔོན། ར་ས་མདོའི་བྱིངས། ཨུརྨི་བྷཱུ་མི་རསྨི་རྣམས་སོས་རྐྱེན་མི། སཾ་སྔོན་ཙུ་ད་རྐུ་བ་ལའོས་བྱིངས། ཀྟ། བྱིངས་ཐམས་ཅད་པ་མ་ཡིན་པའི་གསལ་བྱེད་དང་པོ་ཅན་ཡ་ཡིག་དང་པོ་མིན་པའི་དང་པོར་ཨིཊ྄་ཨཱ་ག་མའོ། །རྐྱེན་གྱི་སྔོན་དུ་ཨིཊ྄། ཨུ་པ་དྷཱ་ཡོན་ཏན། བུད་མེད་ཀྱི་ཨཱཔ྄། བོད་སི་བྱིན་ཐུང་ངུ་ནཱ་དི་ཤྲ་ལས་སི་དབྱིའོ། །སམྦུདྡྷི་ལའང་ངོ་། །རྟགས་མཐའ་ཨེ། ས་ཧ་སྲ་རསྨི་སཉྩོ་དི་ཏེ། འོད་ཟེར་སྟོང་ཕྲག་ཀུན་ནས་འགྱེད་པ་མོ། །སརྦ་ཏ་ཐཱ་ག་ཏ་སྔར་བཞིན། ཨ་བ་སྔོན་ལོ་ཙྲ໏་ལྟ་བ་ལའོས་བྱིངས། ར໏་རྗེས་འབྲེལ། གྷཉ໇་བྱིན། ཙ྄་ཀ྄ །གྷ་໇དང་ཉ໇་རྗེས་འབྲེལ་ཕྱིས་ཀ྄་སྲོག་གི་ཨ་ལ་དྲངས་པས་ལོ་ཀ །ལྡན་རྐྱེན་ཨིན྄། ཨ་ཡི་ཡི་གེ་སོགས་རྟགས་མཐའི་ཨ་ཕྱིས་དྲངས། ན་ད་སོགས་ཐམས་ཅད་ཀྱི་ཨཱི་སྟེར། བོད་སི་ཕྱིས། སམྦུདྡྷི་ལ་ཐུང་ངུའོ། །སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀུན་


GTN005_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་མ། །ཥཥ྄་ལ་ཛས໇། གྲངས་ལ་ཥ་ཎའི་མཐའ་ལས་སོས་འཇིག །ཧ་ཤ་ཥ་ཚ་མཐའ་དང་ཡ་ཛ་སོགས་ཀྱིས་ཌའོ། །སྒྲ་མེད་པ་ལ་དང་པོ། རྫོགས་པ་ལ་ཡང་ནའོ། །ཥཊ྄། བྲཱ་སྐྱོང་བ་ལའོ་བྱིངས། གྷཉ໇་བྱིན། ཉ་ཙ་རྗེས་སུ་འབྲེལ་བ་ལ་ཨིཙ྄་བཞིན་དུའོ། །འཕེལ་བ་ཨཱར྄། ཉ໇་དེའི་དོན་ཕྱིས། གྷ໇་ཕྱིས་སྲོག་གི་ཨ་ལ་དྲངས། ཨམ྄་བྱིན། ཨ་ཡིག་ལ་དབྱིའོ། །བཱ་རཾ། ཨིཎ྄་འགྲོ་བའི་བྱིངས། ཎ྄་ཕྱིས། ཀྟ་དང་། ཨཱཔ྄་བྱིན། པ་རི་སྔོན། པྲཱ໏་སྐྱོང་བ་ལ། ཡུ་ཨ་ན། མཆུ་གྱུར་ཨུ་པ་དྷཱའི་ཨུར྄འོ། ནཱ་མིན྄་གྱི་ར་བ་དག་ལ་གསལ་བྱེད་ལ་སྟེ་ཀུར་ཚུར་དག་གིས་མ་ཡིན་ནོ། །ཨུ་པ་དྷཱ་རིང་། ན་ད་སོགས་ཀྱིས་ཨཱི། བོད་སི་རྟགས་མཐའ་ཐུང་། ན་ཎ། ཥཊྤཱ་ར་མི་ཏཱ་པ་རི་པཱུ་ར་ཎི། ཕ་རོལ་ཕྱིན་དྲུག་ཡོངས་རྫོགས་མ། །སརྦ་ཏ་ཐཱ་ག་ཏ་སྔར་བཞིན། པཱ་སྲུང་བ་ལའོའི་བྱིངས། བུན྄་ཏྲ໏ཙ໇་དག་གོས། ཏྲ໏ཙ྄་བྱིན། ཙ྄་ཕྱིས་ཚིག་ཕྲད་ཀྱིས་པཱ་ཡིག་མཱར་བསྒྱུར། བུ་ལ་བསྔགས་པ་ལ་མ་ཏའོས་མཱ་ཏྲ໏་མཱ་ཏར྄་བསྒྱུར། ཨཱཔ྄། བོད་སི། རྟགས་མཐའ་ཨེ། སརྦ་ཏ་ཐཱ་ག་ཏ་མཱ་ཏེ། དེ་བཞིན་གཤེགས་པ་ཀུན་གྱི་ཡུམ། །ད་ཤན྄་སྔོན། ན་ནི་འགའ་ཞིག་ཏུའོ། །ཕྱིས། བྷཱུ་ཡོད་པའི་བྱིངས། ཨུརྨི་སོགས་མི་བྱིན། པྲ་ཏི་སྔོན། སྠཱ་གནས་པའི་བྱིངས། ཀྟ། ཀ྄་ཕྱིས། དྱ་ཏི་སྱ་ཏི་མཱསྠཱ་རྣམས་ཏ་ལ་ཡོན་ཏན་མེད་པ་ལའོས་སྠཱ་སྠི་རུ་བསྒྱུར། ཨཱཔ྄་བོད་སི་ཕྱིས། རྟགས་མཐའ་ཨེ། ས་ཥ། ཥ་དང་ཊ་སྡེས་ཐ་དེ་ཋ་བྱས་པས། ད་ཤ་བྷཱུ་མི་པྲ་ཏིཥྛི་ཏེ། ས་བཅུ་ལ་ནི་རབ་གནས་མ། །སརྦ་ཏ་ཐཱ་ག་ཏ་སྔར་བཞིན། ཧྲྀཉ།྄ འཕྲོག་པའི་བྱིངས། ཧྲ໏ཉ໇་ལས་ཀ་ཡན྄་ཏེ་དུཀ྄འང་ངོ་། །ཀ་ཡན྄་བྱིན། ཀ་ཕྱིས་སྲོག་གི་ཨ་བཞག་ན྄་ཕྱིས། དུཀ྄་


GTN005_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ་ག་མ་བྱིན། ཨུཀ྄་ཕྱིས་ད྄་ཨ་ལ་དྲངས། ཨ་དྷི་སྔོན། སྠཱ་གནས་པ། ཡུ་ཨ་ན། མཚུངས་འདྲ། ས་ཥ་ཐ་ཋ། ཨ་དྷི་སྔོན། སྠཱ་གནས་པ། ཀྟ། ཀ྄་ཕྱིས། དྱ་ཏི་སོགས་སྠཱ་སྠི་རུ་བསྒྱུར། ས་ཥ་དང་ཐ་ཋ། ཨཱཔ྄། བོད་སི། རྟགས་མཐའ་ཨེ། སརྦ་ཏ་ཐཱ་ག་ཏ་ཧྲ໏་ད་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། དེ་བཞིན་གཤེགས་ཀུན་སྙིང་པོ་ཡི། །བྱིན་གྱིས་བརླབས་ཀྱི་བྱིན་རླབས་མ། །གཞན་སྔར་ལྟར་ལ་བོད་སི་གསུམ་བྱིན་པས། ཨོཾ་མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། ཨོཾ་ཕྱག་རྒྱ་ཕྱག་རྒྱ་ཕྱག་རྒྱ་ཆེ། །ཌུ་ཨོསྥུརྫི་རྡོ་རྗེ་ངེས་པར་འཐག་པའི་བྱིངས། ཌུ་དང་ཨོ་རྗེས་འབྲེལ། སྥུརྫི་བ་ཛི་རུ་བསྒྱུར། ཨི་བརྗོད་དོན། རཀ྄འོས་རཀ྄་རྐྱེན་ཀ྄་ཕྱིས་ཛ໇་ར་ལ་དྲངས། [ར་ར་ར་རུ་སོང་། འདི་དག་ལ་དཔྱད། ཞུ་མཆན།]བཛྲ་རྡོ་རྗེ། ཙིཉ໇་སོགས་པ་ལའོའི་བྱིངས། རྐྱེན་གྷཉ།྄ འཕེལ་བ་ཨི་ཨཻ། ཙཱ་ཀཱ། ཨཻ་ཨཱཡ྄་རྗེས་འབྲེལ་ཕྱིས། ཡ྄་ཨ་ལ་དྲངས། ཀཱ་ཡ་སྐུ། སཾ་སྔོན། ཧ་ན་འཚེ་བའི་བྱིངས། ཡུ་ཨ་ན། ཧནྟིའི་ཏའོས་ན྄་ཏ྄། པ་རི་སྔོན། ཤུ་དྷ་དག་པའི་བྱིངས། ཀྟ། ཀ྄་ཕྱིས་ཏ་དྷ། ཨཱཔ྄། བོད་སི། མཐའ་ཨེ། བཛྲ་ཀཱ་ཡ་སཾ་ཧ་ཏ་ན་པ་རི་ཤུདྡྷེ། རྡོ་རྗེའི་སྐུ་བསྣུན་ཡང་དག་མ། །སརྦ་འདྲ། ཌུཀྲ໏ཉ་྄བྱེད་པ་ལའོའི་བྱིངས། ཌུ་དང་ཉ໇་ཕྱིས། རྐྱེན་མ་ནིན྄། ཨིན྄་བརྗོད་དོན། ནཱ་མིན྄་མཐའི་ཡོན་ཏན་ར໏་ཨར྄་ར྄་མ་ལ་དྲངས། ན྄་ནི་འགའ་ཞིག་ཏུ་འོས་དབྱི། ཨཱང྄་སྔོན་ང྄་རྗེས་འབྲེལ་བྲ໏ཉ་྄སྒྲིབ་པའི་བྱིངས། ཉ໇་ཕྱིས། ཡུ་ཨ་ན། ཡོན་ཏན་ར໏་ཨར྄། ན་ཎ། བི་ཤུདྡྷེ། སྔར་བཞིན། སརྦ་ཀརྨ་ཨ་བ་ར་ཎ་བི་ཤུདྡྷེ། ལས་སྒྲིབ་ཐམས་ཅད་རྣམ་དག་མ། །པྲ་ཏི་དང་། ནི་སྔོན། བྲ໏་ཏུ་འཇུག་པའི་བྱིངས། ཨུ་རྗེས་འབྲེལ། ཨིན྄་ཀཱ་རི་ཏ་བྱིན། ན྄་ཕྱིས། པཉྩ་མཱིའི་ཧི།


GTN005_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཨན྄་བི། ཨི་ཡོན་ཏན་ཨེ། ཨེ་ཨཡ྄། བྱིངས་ཀྱི་ར໏་ཨར྄། ཧི་སྔར་ལྟར་ཕྱིས་པས། པྲ་ཏི་ནི་བརྟ་ཡ་མ་ཨསྨད྄་ལ། ངས྄་ལ་ཏ་བ་མ་མའོ། །མ་ཨཱ་ཡུཿ སླར་ཆུད་མཛོད་ཅིག་བདག་གི་ཚེ། །བི་ཤུདྡྷེ་སརྦ་ཏ་ཐཱ་ག་ཏ། རྣམ་དག་དེ་བཞིན་གཤེགས་ཀུན་གྱི། །སམ྄་སྔོན་ཨ་ཡ་འགྲོ་བའི་བྱིངས། རྐྱེན་ཨཙ྄་བྱིན་མ་ཕྱིར་དྲངས་པས་ས་མ་ཡ། གཞན་སྔར་ལྟར། ས་མ་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། དམ་ཚིག་བྱིན་བརླབས་ལྷག་གནས་མ། །ཨོཾ་འདྲ། མ་ན་ཤེས་པའི་བྱིངས། མ་ནི་ལས་ཀི་སྟེ་ཨའི་ཨུར྄འོས་ཀི་བྱིན། མདོ་དེས་ཨུ་པ་དྷཱ་ཨུ་བྱེད། ཀ྄་ཕྱིས་སྲོག་གི་ཨི་ལ་དྲངས་པས། མུ་ནི། ན་ད་སོགས་ཀྱིས་བུད་མེད་ཨཱི། བོད་སི་རྟགས་མཐའ་ཐུང་། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི། ཨོཾ་ཐུབ་པ་ཐུབ་པ་ཐུབ་ཆེན་མ། །བི་མུ་ནི་བི་མུ་ནི། མ་ཧཱ་བི་མུ་ནི། རྣམ་ཐུབ་རྣམ་ཐུབ་རྣམ་ཐུབ་ཆེ། །མ་ན་ཤེས་པའི་བྱིངས། བུད་མེད་རྐྱེན་ཀྟི་སྦྱར། ཀ྄་ཕྱིས། བ་ན་ཏི། ཏ་ནོ་ཏི་སོགས་ཨིཊ྄་བཀག་པ་རྣམས་ཀྱི་ངྷུཊ྄་ལ་ལྔ་པ་སྟེ་ཨཱཏ྄་ཀྱི་ཨཏ྄འང་ངོ་། །ཞེས་ པས་ན྄་ཕྱིས་པས་མ་ཏི། ཡང་མ་ན་ཤེས་པ་མ་གཉིས་བརྗོད། མ་ཧཱ་དང་། སུ་སྦྱར་བས། མི་ཟད་པའི་ཏ་ཐ་ལ། དངོས་པོའི་ཏ། ཨཱཔ྄། ཤྲ་ལས་སི་དབྱིའོ། །མ་ཏི་མ་ཏི་མ་ཧཱ་མ་ཏི། བློ་གྲོས་བློ་གྲོས་བློ་གྲོས་ཆེ། །མ་མ་ཏི་སུ་མ་ཏི་ཏ་ཐ་ཏཱ། མཁྱེན་བློ་བློ་བཟང་དེ་བཞིན་ཉིད། །བྷཱུ་ཡོད་པའི་བྱིངས་ལ། ཀྟ་རྐྱེན། ཀ྄་ཕྱིས། ཀོ་ཊི་བཞག །པ་རི་ཤུདྡྷེ་སྔར་ལྟར། བྷཱུ་ཏ་ཀོ་ཊི་པ་རི་ཤུདྡྷེ། ཡོངས་དག་མཐའ་ནི་ཡོངས་དག་མ། །བི་སྔོན་མའི་སྥུ་ཊ་རྣམ་པར་རྒྱས་པའི་བྱིངས། རྐྱེན་ཨཙ྄། བུ་དྷ་ཁོང་དུ་ཆུད་པའི་བྱིངས། ཀྟི་བྱིན།


GTN005_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཀ྄་ཕྱིས། ཏ་དྷ། དྷ་སྔོན་མ་ད྄་དྲངས། བུདྡྷི། བི་སྥུ་ཊ་བུདྡྷི་ཤུདྡྷེ། བློ་ནི་རྣམ་རྒྱས་དག་པ་མ། །ཧས໇་དགོད་པའི་བྱིངས། རྐྱེན་ཌེ་སྦྱིན། ཌ་རྗེས་སུ་འབྲེལ་བས་མཐའི་དབྱངས་ཕྱི་དྲངས། ཧེ་གཉིས་བརྗོད། ཛ་ཡ་སྔར་ལྟར། སྨྲ໏་སེམས་པའི་བྱིངས། ཨཙ྄་ཡོན་ཏན་ར໏་ཨར྄། སྥ་ར་འཕྲོ་བ་ཨཙ྄། ཨིན྄་ཀཱ་རི་ཏ། ཨིན྄་བི། ཧི། ཨིན྄་ཨིཙ྄་སོགས་ཀྱིས་ཨུ་པ་དྷཱ་རིང་། གཞན་སྔར་བཞིན། ཧེ་ཧེ་ཛ་ཡ་ཛ་ཡ། ཀྱེ་ཀྱེ་རྒྱལ་བ་རྒྱལ་བ་སྟེ། །བི་ཛ་ཡ་བི་ཛ་ཡ། རྣམ་པར་རྒྱལ་བ་རྣམ་པར་རྒྱལ། །སྨ་ར་སྨ་ར་སྨཱ་ར་ཡ་སྨཱ་ར་ཡ། དྲན་དྲན་དྲན་མཛོད་དྲན་པར་མཛོད། །སྥ་ར་སྥ་ར་སྥཱ་ར་ཡ་སྥཱ་ར་ཡ། རྒྱས་རྒྱས་རྒྱས་མཛོད་རྒྱས་པར་མཛོད། །སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། སངས་རྒྱས་ཀུན་བྱིན་བྱིན་བརླབས་མ། །ཤུདྡྷེ་ཤུདྡྷེ་བུདྡྷེ། དག་ཅིང་དག་མ་སངས་རྒྱས་མ། །བུདྡྷེ་བཛྲེ་བཛྲེ། སངས་རྒྱས་རྡོ་རྗེ་རྡོ་རྗེ་མ། །མ་ཧཱ་བཛྲ་སུ་བཛྲེ། རྡོ་རྗེ་ཆེན་མོ་རྡོ་རྗེ་བཟང་། །གྲ໏་རྣམ་པར་གནོན་པ་ལ། ཨུཎ໇་སོགས་ཀྱི་བྷ་རི་ཡོན་ཏན་ཨར྄་གརྦྷ། བཛྲ་གརྦྷེ་ཛ་ཡ་གརྦྷེ། རྡོ་རྗེ་སྙིང་པོ་རྒྱལ་བའི་སྙིང་། །བི་ཛ་ཡ་གརྦྷེ། རྣམ་པར་རྒྱལ་བའི་སྙིང་པོ་མ། །བཛྲ་སྔར་བཞིན། ཛྭ་ལ་འབར་བ་ལའོ། །ཙཱནྡྲ་པར་ཛྭ་ལ་སོགས་ལས་ཎ་ཡང་ནའོ་ཎ་སྦྱར། གྲུབ་པ་ཉ་ཎས་ཨུ་པ་དྷཱ་རིང་། ཎ໇་ཕྱིས་སྲོག་གི་ཨ་ལ་ལ་དྲངས། ཛས྄་བྱིན། ཛས྄་ལའོས་རྟགས་མཐའ་རིང་། རྗེས་འབྲེལ་ཕྱིས་མཚུངས་འདྲ། ས་རྣམ་བཅད་ཕ་རོལ་དུ། གརྦྷཱ་བོད་སི་སྔར་ལྟར། སྔ་མའི་རྣམ་བཅད་ཨཱ་བྷོ་དག་ལས་དབྱངས་ལ་དེ་ལྟ་ཉིད་དོ། །སྒྲ་ལྡན་ལ་དབྱིའོས་ཕྱིས། བཛྲ་སྔར་བཞིན། ཉེར་བསྒྱུར་ཨུཏ྄་དང་


GTN005_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སྦྱོར། བྷཱུ་ཡོད་པའི་བྱིངས། ཨཙ྄་བྱིན། བྱིངས་ཡོན་ཏན། ཨཱཔ྄་བོད་སི། སྔ་མའི་ཏ྄་མི་ཟད་པ་ལ་རྣམ་དབྱེ་འཇིག་པས་ཚིག་མཐའ་ཡིན་ཕྱིར་ད྄་བྱས་དྲངས། བཛྲོདྦྷ་བེ། བཛྲ་འདྲ། སཾ་སྔོན་བྷ་བེ་འདྲ། བཛྲ་བདུན་པའི་ངི་། ཡང་བཛྲ་ལྡན་རྐྱེན་ཨིན྄། བུད་མེད་ཨཱི། བོད་སི། སམྦུ་དྷི་ལ་ཐུང་། བཛྲི་ཎི། བཛྲ་ལ་གཉིས་པའི་ཨམ྄། ཕ་རོལ་དུ་བྷཱུ་ཡོད་པའི་བྱིངས། པཉྩ་མཱིའི་ཏུ། བྱེད་པ་པོ་ལ་ཨན྄་ཏེ་། བི་ཀ་ར་ཎའོ་ཞེས་ཨན྄་བྱིན། བི་ཀ་ར་ཎ་ལ་ཨན྄་ཉིད་ལའོ། །ཞེས་བྷཱུའི་ཡོན་ཏན་ཨོ། ན྄་དེ་དོན་ཕྱིས། ཨོ་ཨབ྄འོ། །བྷ་བ་ཏུ། ཨསྨད྄་ངས྄་དང་བཅས་མ་མ། ཤྲ໏་འཚེ་བའི་བྱིངས། ཤི་ར་ལས་ཨཱི་རཙ྄འོས། ཨཱི་རཙ྄་བྱིན། ཙ྄་ཕྱིས། བྱིངས་ཡོན་ཏན་ཨར྄། ཤ་རཱི་ར། གཉིས་པའི་ཨམ྄། སརྦ་འདྲ། ས་ཏ་མགྱོགས་པའི་བྱིངས། ཨུ་མ་ལོགས་རྣམས་སོས་ཝ་རྐྱེན། དྲུག་པའི་ཨཱམ྄། ཨཱམ྄་ལ་ནུའོ། ནུ་དང་བཅས་པའི་ཨཱམ྄་ལ་རིང་པོའོ། །དེ་མཐར་མི་ཟད་པའི་ཙ། མ྄་སྡེ་པ་ལ་སྡེ་པའི་ལྔ་པར་བསྒྱུར། སཏྭཱ་ནཱཉྩ། ཀཱ་ཡ་སྔར་བཞིན། པ་རི་སྔོན་ཤུདྷ་ལ་ཀྟི། ཀ྄་ཕྱིས་ཏ་དྷ། དྷ་སྔོན་མ་ད྄། དང་པོའི་སི་རྣམ་བཅད། ཤུདྡྷིཿ རྣམ་བཅད་ར། ཕར་དྲངས། བྷ་བ་ཏུ་འདྲ། མ་མ་འདྲ། ས་མཱ་ན་ལ། དེ་ཕན་གྱི་དཱ་སྦྱིན། ས་མཱ་ནའི་སའོས་དེ་སར་བསྒྱུར། ས་དཱ། (སརྦ་སྔར་ལྟར།)གམླ໏་འགྲོ་བ། ལ໏་ཕྱིས། ཀྟི། ཀ྄་དང་མ໇་ཕྱིས། ག་ཏི། པ་རི་ཤུདྡྷི་འདྲ། སི་རྣམ་བཅད་ཙ་མཐོང་བས་ཤ྄ར་བསྒྱུར། སརྦ་ཏ་ཐ་ག་ཏ་འདྲ་ཛས྄་དང་ཙ། ཨསྨད྄་ཨམ྄་བྱིན་མཱཾ། སམ྄་དང་ཨཱང྄་སྔོན། ཤྭ་ས་དབུགས་རྒྱུ་བའི་བྱིངས། བྱིངས་ལས་ཀྱང་རྒྱུ་ལའོས་ཨིན྄་ཀཱ་རི་ཏ་བྱིན། ཨུ་པ་དྷཱ་འཕེལ་ན྄་ཕྱིས། ཨན྄་བི། ཨིན྄་ཡོན་ཏན། པཉྩ་མཱིའི་


GTN005_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཨནྟུ། ཨ་དང་མཚམས་སྦྱོར་གྱི་ཡི་གེ་དག་ལ་ཨིའི་དེ་དག་སྟེ། དེ་དབྱི་བའང་ངོས། ཨན྄་བིའི་ཨ་ཕྱིས་ནས་དྲངས། ཤྭཱ་ས་ཡནྟུ་གྲུབ། བཛྲ་ཛྭཱ་ལཱ་གརྦྷེ། རྡོ་རྗེ་འབར་བའི་སྙིང་པོ་མ། །བཛྲོདྦྷ་བེ་བཛྲ་སཾ་བྷ་བེ། རྡོ་རྗེ་འབྱུང་མ་རྡོར་འབྱུང་མ། །བཛྲེ་བཛྲི་ཎི། རྡོ་རྗེ་ཅན་མ་རྡོ་རྗེ་མ། །བཛྲམྦྷ་བ་ཏུ་མ་ མ་ཤཱ་རཱི་རཾ། རྡོ་རྗེར་མཛོད་ཅིག་བདག་གི་ལུས། །སརྦ་སཏྭཱ་ནཱཉྩ། སེམས་ཅན་ཐམས་ཅད་རྣམས་ཀྱི་ཡང་། །ཀཱ་ཡ་པ་རི་ཤུདྡྷིརྦྷ་བ་ཏུ། ལུས་ནི་ཡོངས་སུ་དག་པར་མཛོད། །མ་མ་སཱ་ད་སརྦ་ག་ཏི། བདག་གི་རྟོགས་པ་ཐམས་ཅད་ཀྱང་། །པ་རི་ཤུདྡྷིཤྩ། རྟག་ཏུ་ཡོངས་སུ་དག་པར་མཛོད། །སརྦ་ཏ་ཐཱ་ག་ཏཱཤྩ། དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། །མཱཾ་ས་མཱ་ཤྭཱ་ས་ཡནྟུ། བདག་ཅག་དབུགས་དབྱུང་མཛད་དུ་གསོལ། །ཨོཾ་འདྲ། བུ་དྷ་ཁོང་དུ་ཆུད་པའི་བྱིངས། ཥི་དྷཱུ། བསྟན་བཅོས་ལ་སྟེ་བཀྲ་ཤིས་པའི་བྱིངས། མཐའ་ཕྱིས། པཉྩ་མཱིའི་ཧི། བྱིངས་ཐམས་ཅད་པ་ལ་ཡཎ྄འོ་ཞེས། ཡཎ྄་བྱིན་ཡཎ྄་ཨཱ་ཡི་ཡིན་ཡ་སྒྲ་ཙེ་ཀྲཱི་ཡི་ཏ་རྣམས་ལའོས་ཁྱད་དོན་ཎ་ཕྱིས། ཨ་ཡིག་ལས་ཧནྟི་མ་ཡིན་པའི་ཧིའོས་ཧི་ཕྱིས་བུདྡྷྱ་དང་སིདྡྷྱ་གྲུབ། བུ་དྷ་ཁོངས་སུ་ཆུད་པ་མུཙླ໏་གྲོལ་བ་ཤུ་དྷ་དག་པ་རྣམས་ལ་ཨིན྄། ཨན྄་བི། པཉྩ་མཱིའི་ཧི་སྔར་བཞིན་སྦྱར། སམ྄་སྔོན་མའི། ཨམ໇་འགྲོ་བའི་བྱིངས། ཨ་མི་ལས་ཏ། སྡེ་པའི་ལྔ་པ་མ྄་ན྄་ཏ་ལ་དྲངས། ལྔ་པའི་ང་སི་ཨཱཏ྄། ཕ་རོལ་དུ་མ་མཐོང་བས་ཏ་ན། གཞན་རྣམས་བསྒྲུབ་ཚུལ་གོང་དུ་སོང་། བུདྷྱ་བུདྷྱ་སིདྷྱ། སད་མཛོད་སད་མཛོད་གྲུབ་པར་མཛོད། །སིདྷྱ་བོ་དྷ་ཡ་


GTN005_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

བོ་དྷ་ཡ། གྲུབ་མཛོད་རྟོགས་མཛོད་རྟོགས་པར་མཛོད། །བི་བོ་དྷ་ཡ་བི་བོ་དྷ་ཡ། རྣམ་རྟོགས་རྣམ་པར་རྟོགས་པར་མཛོད། །མོ་ཙ་ཡ་མོ་ཙ་ཡ། གྲོལ་མཛོད་གྲོལ་བར་མཛད་དུ་གསོལ། །བི་མོ་ཙ་ཡ་བི་མོ་ཙ་ཡ། རྣམ་པར་གྲོལ་མཛོད་རྣམ་གྲོལ་མཛོད། །ཤོ་དྷ་ཡ་ཤོ་དྷ་ཡ་བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། སྦྱོངས་སྦྱོངས་རྣམ་སྦྱོངས་རྣམ་པར་སྦྱོངས། །ས་མནྟཱནྨོ་ཙ་ཡ་མོ་ཙ་ཡ། ཀུན་ནས་གྲོལ་མཛོད་གྲོལ་བར་མཛོད། །ས་མནྟ་རསྨི་པ་རི་ཤུདྡྷེ། ཀུན་ནས་འོད་ཟེར་ཡོངས་དག་མ། །སརྦ་ཏ་ཐཱ་ག་ཏ་ཧྲ໏་ ད་ཡ། དེ་བཞིན་གཤེགས་ཀུན་སྙིང་པོ་ཡི། །ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། །བྱིན་གྱིས་བརླབས་ཀྱིས་བྱིན་བརླབས་མ། །མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། ཕྱག་རྒྱ་ཕྱག་རྒྱ་ཕྱག་རྒྱ་ཆེ། །ཉེར་བསྒྱུར་སུ་དང་ཨཱང྄་སྔོན་ང྄་ཕྱིས། །མཚམས་སྦྱོར། ཨོ་ཧཱཀ྄་གཏོང་བ་ལའོའི་བྱིངས། ཨོ་ཀ྄་རྗེས་འབྲེལ། ཀྭིཔ྄་བྱིན། པཏ྄་རྗེས་སུ་འབྲེལ་བ་ལ་ཏའོ་ཞེས་པས་པ྄་ཕྱིས། ཨི་བརྗོད་དོན། ཀ་མ་ཡཎ྄་བཞིན་ཡང་སྟེ་ཡ་ལ་བརྗོད་པ་བོར་བའོ་ཞེས་ཀ྄་ཕྱིས། སྦྱར་བ་མིན་པའི་བའི་དབྱིའོས་ཝ་ཕྱིས་མི་ཟད་པ་ལས་འཇིག་གོས་སི་འཇིག་པས་སྭཱ་ཧཱ་གྲུབ་པ་གཞི་ཚུགས་ཤིག་པ་སྟེ་རིག་སྔགས་གྲུབ་པར་གྱུར་ཅིག་ཅེས་པའོ། །མ་ཧཱ་མུ་དྲཱ་མནྟྲ་པཱ་དཻཿསྭཱ་ཧཱ། ཕྱག་ཆེན་སྔགས་ཀྱི་ཚིག་རྣམས་ ཀྱིས། །ལེགས་པར་སྦྱིན་པར་མཛད་དུ་གསོལ། །གཟུངས་རིང་རྗོགས། ༈ གཟུངས་ཐུང་ནི། ཨོཾ་བྷྲཱུཾ་སྭཱ་ཧཱ། ཨོཾ་ཨ་མྲ໏་ཏ་ཨཱ་ཡུརྡ་དེ་སྭཱ་ཧཱ། ཞེས་པ་གཞན་རྣམས་སྔར་དང་འདྲ། དཱ་སྦྱིན་པའི་བྱིངས། ཉེར་བསྒྱུར་མེད་པའི་ཨཱཏ྄་ལས་ཀའོས།
ཀ་རྐྱེན། ཀིཏ྄་ལ་ཨཱཏ྄འི་དབྱིའོས། དཱའི་སྲོག་གི་ཨཱ་ཕྱིས། ཀ་དེའི་དོན་ཕྱིས་སྲོག་གི་ཨ་བཞག །ད྄་སྲོག་མེད་ཨ་ལ་དྲངས་གཉིས་བརྗོད། བུད་མེད་ཀྱི་ཨཱཔ྄་བྱིན། པ྄་རྗེས་འབྲེལ། མཚུངས་འདྲ། བོད་སི། ཐུང་ངུ་ནཱ་དི་ཤྲ་ལས་སི་དབྱིའོ། །སམྦུདྡྷི་ ལའང་ངོ་། །རྟགས་མཐའ་ཨེའོ། །ཨོཾ་བྷྲཱུཾ་ལེགས་པར་སྦྱིན། ཨོཾ་འཆི་མེད་ཚེ་སྦྱིན་ མ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་ཏྲཾ་ཧྲཱི་ཨཾ་ཨཿ རྣམས་ས་བོན་ཡིན། རཀྵ་སྲུང་བ་ལའོའི་བྱིངས། ཨན྄་བི། པཉྩ་མཱིའི་ཧི་ཕྱིས། རཀྵ་རཀྵ་མཱཾ་སརྦ་སཏྭཱ་ནཱཉྩ་སྭཱ་ཧཱ། བདག་དང་སེམས་ཅན་ཐམས་ཅད་ལ་སྲུངས་ཤིག་སྲུངས་ཤིག་གཞི་ཚུགས། ཞེས་པའོ། །

ཚེ་དཔག་མེད་མཚན་བརྒྱའི་གཟུངས་ལ་སྒྲ་སྒྲུབ་གསར་དུ་དགོས་རིགས་རྣམས།


GTN005_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔག་མེད་མཚན་བརྒྱའི་གཟུངས་ལ་སྒྲ་སྒྲུབ་སྔར་སོང་བ་རྣམས་ དེ་བཞིན་བྱེད་རྒྱུ་ལ། གསར་དུ་དགོས་རིགས་རྣམས་འབྲི་བར་བྱ་སྟེ། ཨོཾ་ན་མོ་བྷ་ག་ཝ་ཏེ། བཀྲ་ཤིས་ཕྱག་འཚལ་ལོ་བཅོམ་ལྡན་འདས་ལ། མཱང྄་ཚད་ལའོ། །ང་ཕྱིས། ཀྟ་བྱིན། ཀ྄་ཕྱིས། ངྱ་ཏི་སྱ་ཏི་སོགས་ཀྱིས་མ྄་མི། སྔོན་དུ་དགག་པའི་ནཉ໇་བཞག །ཉ་དང་ན་ཕྱིས་ཨ་བཞག་པའི་མཐར་ཉེར་བསྒྱུར་པ་རི། མི་ཟད་པ་ལས་སི་འཇིག་པས། ཨ་པ་རི་མི་ཏ། དཔག་ཏུ་མེད་པ། ཨཱ་ཡུས྄་ཚེ། སི་ཕྱིས་ས྄་རྣམ་བཅད། ཛྙཱ་ཁོང་དུ་ཆུད་པ། ཡུཊ྄་བྱིན། ཊ྄་ཕྱིས། ཡུ་ཨ་ན་རུ་བསྒྱུར། མཚུངས་འདྲ། ཛྙཱ་ན། ཡེ་ཤེས། སྔ་མའི་རྣམ་བཅད་ར། ཚུར་དྲངས་པས་ཚེ་དང་ཡེ་ཤེས། ཙིཉ໇་སོགས་པ་ལའོའི་བྱིངས། ཀྟ། ཀ྄་ཕྱིས། སྔ་སོར་ཉེར་བསྒྱུར་སུ་བི་ནིར྄། དེ་གསུམ་ལ་མི་ཟད་པ་ལས་རྣམ་དབྱེ་སུ་འཇིག །ནིར྄་གྱི་ར་རྣམ་བཅད། ཙ་ཚ་དག་ལ་ཤ྄འོ། །དྲངས་


GTN005_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

པས། སུ་བི་ནིཤྩི་ཏ། ཤིན་ཏུ་རྣམ་པར་ངེས་པ། ཏི་ཛ་རྣོ་བ་ལའོ། །རྐྱེན་ཨ་སུན྄་བྱིན། ཨུན྄་རྗེས་འབྲེལ། ཨུ་པ་དྷཱ་ནཱ་མིན྄་ཡོན་ཏན། གསལ་བྱེད་ལས་སི་ཕྱིས། རྐྱེན་གྱི་ས་རྣམ་བཅད་རཱ་ཛྲ໏་གསལ་བའི་བྱིངས། ར໏་རྗེས་འབྲེལ། རྐྱེན་གྷ་ཙ་ཛ་དག་གི་མདོས་གྷ໇་ཕྱིས་ཨ་བཞག་དྲངས་པས་རཱ་ཛ། ངེ་བྱིན་ངེ་ཡའོ། །ཨ་ཡིག་སྒྲ་ལྡན་ལ་རིང་པོའོ། །རྣམ་བཅད་སྔ་མ་དེ། ཨ་དང་སྒྲ་ལྡན་དག་གི་ཨུ། མཚམས་སྦྱར་བས། ཏེ་ཛོ་རཱ་ཛཱ་ཡ། གཟི་བརྗིད་ཀྱི་རྒྱལ་པོ། ཏ་ཐཱ་ག་ཏཱ་ཡ། དེ་བཞིན་གཤེགས་པ་ལ། ཨརྷ་མཆོད་པ་ལའོ། །ཤནྟྲ໏ང྄་བྱིན་ར໏་དང་ང໇་རྗེས་འབྲེལ། ཤ་ཕྱིས་སྲོག་གི་ཨ་ལ་དྲངས་པར་ངེ་བྱིན། ཨ་ནུ་ཥངྒ། ང་ཕྱིས་སྲོག་གི་ཨེ་ལ་དྲངས། ཨརྷ་ཏེ་དགྲ་བཅོམ་ པ་ལ། སམ྄་སྔོན་མའི་ཡ་ཛ་ལྷ་མཆོད་པ། ཀྭིཔ྄་འཁོར་བཅས་ཕྱིས། སི་གསལ་བྱེད་མཐར་ཕྱིས། ཙ་སྡེ་དང་དྲ໏་ཤ་སོགས་ཀྱིའང་ངོས་ཛ໇་ག྄ །སྒྲ་མེད་པ་ལ་དང་པོའོས་ག྄་ཀ྄་མ྄་ཡ་ལ་དྲངས་པས། སམྱཀ྄ །ཡང་དག་པ། སཾ་བུ་ཡ། རྫོགས་པའི་སངས་རྒྱས་ལ། དེ་དག་ལྷན་དུ་བརྗོད་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ་ཞེས་ཕྱག་འཚལ་བའི་སྔགས་སོ། །ཏདྱ་ཐཱ། འདི་ལྟ་སྟེ་ཨོཾ། པུ་ཎ་དགེ་བའི་བྱིངས། པུ་ཎི་ལས་ཀྱན྄འོས། ཀྱན྄་སྟེར། ཀ྄་དང་ན་རྗེས་འབྲེལ་དྲངས་པས། པུཎྱ། བསོད་ནམས། བུད་མེད་ཀྱི་ཨཱཔ྄། བོད་སི། རྟགས་མཐའ་ཨེ། པུཎྱེ་པུཎྱེ། བསོད་ནམས་མ་བསོད་ནམས་མ། མ་ཧཱ་


GTN005_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

པུཎྱེ། བསོད་ནམས་ཆེན་མོ། ཨ་པ་རི་མི་ཏཱ་པུཎྱེ། བསོད་ནམས་དཔག་ཏུ་མེད་མ། ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན། བསོད་ནམས་དང་ཡེ་ཤེས་ཀྱི། སམ྄་སྔོན་ཌུ་བྷྲ໏ཉ໇་འཛིན་པ་ལའོ། །ཌུ་དང་ཉ໇་རྗེས་འབྲེལ། གྷཉ໇་རྐྱེན། བྱིངས་འཕེལ་བ་ཨཱར྄། ཉ໇་དང་གྷ་ཕྱིས་དྲངས་པས་སཾ་བྷཱ་ར་ཡང་དག་པར་ཚོགས་པ། ཨུ་པ་སྔོན། ཙིཉ໇་སོགས་པའི་བྱིངས། ཉ໇་རྗེས་འབྲེལ་ཕྱིས། ཀྟ། ཀ྄་ཕྱིས། ཨཱཔ྄། བོད་སི་ཕྱིས། རྟགས་མཐའ་ཨེ། ཨུ་པ་ཙི་ཏེ། ཉེ་བར་བསགས་མ། ཨུ་མཚམས་སྦྱར་བས། སམྦྷཱ་རོ་པ་ཙི་ཏེ། ཚོགས་དཔག་ཏུ་མེད་པ་ཉེ་བར་བསགས་མ། པུཎྱེ་དང་། ཙི་ཏེ་ཞེས་མོ་རྟགས་རྣམས་ནི་གསང་སྔགས་དང་། གཟུངས་སྔགས་གཉིས་ཀྱི་ཟླས་ཕྱེ་བའི་གཟུངས་སྔགས་ཡིན་པའི་དོན་ཏེ། ཤེས་རབ་ཀྱི་ཕྱོགས་ཀྱི་སྔགས་མཚོན་པ་ལས་ལྷ་མོའི་རྣམ་པར་སྟོན་པའི་ངེས་པ་མེད་དོ། །ཨོཾ་སརྦ་འདྲ་སམ྄་སྔོན་མའི། ཌུཀྲ໏ཉ་྄བྱེད་པ་ལའོ། །དངོས་པོ་ལ་གྷཉ໇་རྗེས་འབྲེལ་རྣམས་ཕྱིས། སཾ་པ་རི་ཨུ་པ་ལས་རྒྱན་ལ་སུཊ྄འོས་བྱིངས་དང་ཉེ་བར་བསྒྱུར་བར་ལ་སུཊ྄་ཨཱ་ག་མ་བྱིན་ཊ་དང་ཨུ་རྗེས་འབྲེལ། བྱིངས་ཀྱི་ར໏་འཕེལ་བ་ཨཱར྄། ར་྄གྷའི་ཨ་དང་སྔ་མའི་ས྄་ཀཱ་ལ་དྲངས། སཾསྐཱ་ར། འདུ་བྱེད། ཨོཾ་སརྦ་སཾསྐཱ་ར་པ་རི་ཤུདྡྷ་དྷརྨ་ཏཱ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་བ་བི་ཤུདྡྷེ། ཨོཾ་འདུ་བྱེད་ཐམས་ཅད་ཡོངས་སུ་དག་པའི་ཆོས་ཉིད་མ། ནམ་མཁའ་ལ་འཕགས་མ། རང་བཞིན་རྣམ་དག་མ། མ་ཧཱ་སྔོན་ཎཱིཉ໇་ཐོབ་པའི་བྱིངས། ཉ໇་ཕྱིས། བྱིངས་ཀྱི་དང་པོ་ཎ་ན། རྐྱེན་ཨཙ྄། ཙ྄་ཕྱིས། ནཱ་མིན་མཐའི་ཡོན་ཏན། ཨེ་ཨ་ཡ་དྲངས། མ་ཧཱ་ན་ཡ། ཚུལ་ཆེན་པོ། པ་རི་སྔོན། བྲ໏ཉ໇་སྒྲིབ་པའི་བྱིངས། ཉ໇་ཕྱིས། རྐྱེན་གྷཉ໇། བྱིངས་
འཕེལ་བས། བཱ་ར། ཨཱཔ໇། བོད་སི། རྟགས་མཐའ་ཨེ། པ་རི་ཝཱ་རེ། ཡོངས་སུ་བསྐོར་བ་མ་སྟེ་ཀུན་ཏུ་ཁྱབ་པ་ལ་འཇུག་པས། མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཚུལ་ཆེན་མོ་ཡོངས་སུ་བསྐོར་བ་མ་གཞི་ཚུགས། ཞེས་པའོ། །།

རྡོ་རྗེ་སེམས་དཔའི་ཡིག་བརྒྱའི་སྒྲ་སྒྲུབ་སྔར་མ་སོང་བ་རྣམས།


GTN005_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སེམས་དཔའི་ཡིག་བརྒྱའི་སྒྲ་སྒྲུབ་སྔར་མ་སོང་བ་རྣམས་བརྗོད་ན། བཛྲ་སྒྲུབ་ལུགས་མི་འདྲ་བ། བ་ཛི་འགྲོ་བ་ལའོ། །རཀ྄འོས་རཀ྄་རྐྱེན། ཀ྄་ཕྱིས། བྱིངས་མཐའ་ཕྱིས་དྲངས་ན་བཛྲ། ཨ་ནུ་སྔོན། པཱ་སྐྱོང་བའི་བྱིངས། པཉྩ་མཱིའི་ཧི། པཱ་ཏིའི་ལ་མཐའ་འོས། ལ་ཨཱ་ག་མ། བྱིངས་ལས་ཀྱང་རྒྱུ་ལའོས་ཨིན་ཀཱ་རི་ཏ། ཨན໇་བིའི་ཡོན་ཏན་མཚམས་སྦྱར། ཧི་ཕྱིས། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལཱ་ཡ། ཨོཾ་རྡོ་རྗེ་སེམས་དཔའ་དམ་ཚིག་རྗེས་སུ་སྐྱོངས། བཛྲ་སཏྭ། དངོས་པོ་ལ་ཏ་ཏྭ་དག་གོས་ཏྭ་བྱིན། ཊཱ་ཨི་ན་རུ་བསྒྱུར། ཨུ་པ་སྔོན་ཥྛཱ་འགྲོ་བ་ལས་ལྡོག་པའི་བྱིངས་ཨན྄་བི་ཧི། ཥ་ས་ཋ་ཐ་ཱའི་ཏིཥྛ་རུ་བསྒྱུར་ཨ་ཕྱིས་དྲངས་ཧི་ཕྱིས་པས་ཏིཥྛ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། རྡོ་རྗེ་སེམས་དཔའ་ཉིད་ཀྱིས་ཉེར་གནས་མཛོད། དྲ໏་ཌྷ་བརྟན་པ་ལའོའི་བྱིངས། ཨཙ྄་བྱིན། ཙ྄་ཕྱིས། དྲངས་སི་རྣམ་བཅད། དྲ໏་ཌྷཿ བརྟན་པ། ཨས྄་ཡོད་པའི་བྱིངས། ཡུ་ཥི་ཨ་སི་དག་ལས་མ་དིཀ྄འོས། མ་དིཀ྄་རྐྱེན། ཨིཀ྄་ཕྱིས་སྦྱར་བས་ཨསྨད྄། ངེ་ལ་ཏུ་བྷྱམ྄་མ་ཧྱམ྄་མོ་ཞེས་ཨསྨད྄་རྣམ་དབྱེ་བཅས་མ་ཧྱམ་དུ་བསྒྱུར་བ། སླར་ཡང་གཅིག་ཉིད་ལ་ཏེ་མེ་ཞེས་པས་མེ་རུ་བསྒྱུར། བྷ་བ་


GTN005_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །དྲ໏་ཌྷོ་མེ་བྷ་བ། བརྟན་པོར་བདག་ལ་མཛད་དུ་གསོལ། །སུ་སྔོན། ཏུ་ཥ་དགའ་བའི་བྱིངས། དེ་དག་དབྱངས་ལ་ཡའོས་ཡ་རྐྱེན། ཨུ་པ་དྷཱ་ནཱ་མིན྄་ཡོན་ཏན། སུ་ཏོཥྱོ་མེ་བྷ་བ། བདག་ལ་ཤིན་ཏུ་དགྱེས་པར་མཛོད། །སུ་སྔོན་པུ་ཥ་རྒྱས་པའི་བྱིངས་ལ། ཤ་ཀི་ས་ཧི་པ་སྡེའི་མཐའ་ལས་ཀྱང་ངོས། ཡ་སྦྱར། ཡོན་ཏན་བྱས། སུ་པོཥྱོ་མེ་བྷ་བ། བདག་ལ་ཤིན་ཏུ་རྒྱས་པར་མཛོད། །ཨ་ནུ་སྔོན་རཉྫ་ཚོས་ཀྱི་བྱིངས། ཀྟ་རྐྱེན། ཀ྄་ཕྱིས། ཨིཏ྄་རྗེས་སུ་འབྲེལ་བ་མ་ཡིན་པ་སོགས་ཀྱིས། ཉ໇་ཕྱིས། ཙ་སྡེ་འདྲ་བའི་ཡི་གེ་མ་ཡིན་པ་ལ་ཀིའོས་ཛ྄་ག྄ །སྒྲ་མེད་པ་ལ་དང་པོའོས་ག་྄ཀ྄་ཏ་ལ་དྲངས་པས། ཨ་ནུ་རཀྟོ་མེ་བྷ་བ། བདག་ལ་རྗེས་སུ་ཆགས་པར་མཛོད། །སརྦ་སྔོན། ཥི་དྷཱུ་བཀྲ་ཤིས་པའི་བྱིངས། ཨཱུ་རྗེས་འབྲེལ། བྱིངས་ཀྱི་དང་པོ་ཥའི་ས། རྐྱེན་ཀྟི། ཀ་ལ་ཡཎ྄་སོགས་ཀ྄་ཕྱིས། གྷ་ཌྷ་དྷ་བྷ་སོགས་ཏ་དྷ། དྷུཊ໇་རྣམས་ཀྱི་གསུམ་པའོ། །དྷ་སྔོན་མ་ད་དྲངས། སིདྷི་དངོས་གྲུབ། ཨམ྄་བྱིན། ཨགྣི་ལས་ཨམ྄་གྱི་ཨ་ཡིག་གོས། ཨ་ཕྱིས། མ྄་མེ་ལ་དྲངས། པྲ་སྔོན་མའི་ཡ་མུ་སྡོམ་པའི་བྱིངས། ཨན྄་བི་ཧི། གམ྄་ཨི་ཥུ་ཡམ྄་རྣམས་ཀྱི་ཚའོས་མ྄་ཚ྄་རུ་བསྒྱུར། དབྱངས་ལས་ཕ་རོལ་ཚ་ཡིག་གཉིས་སོ། །སྒྲ་མེད་པ་ལ་དང་པོའོ། །ཡཙྪ་໇ཕར་དྲངས། ཨ་ཡིག་ལས་ཧི་ཕྱིས། སརྦ་སིདྡྷིམྨེ་པྲ་ཡཙྪ། བདག་ལ་དངོས་གྲུབ་ཐམས་ཅད་སྩོལ། །སརྦ་སྔོན། ཌུཀྲ໏ཉ໇་བྱེད་པའི་བྱིངས། ཌུ་དང་ཉ໇་རྗེས་འབྲེལ། རྐྱེན་མ་ནིན྄། ཨིན྄་ཕྱིས། ར໏་ཡོན་ཏན། ཨར྄། བདུན་པའི་སུཔ྄་བྱིན། པ྄་ཕྱིས། རྟགས་མཐའི་ན་ཡིག་གོས་ན྄་ཕྱིས། མི་ཟད་པའི་ཙ་དང་མེ། ཚིག་གྲོགས་བཀོད། ཙི་ཏཱི་དྲན་པའི་བྱིངས་ཨཱི་རྗེས་འབྲེལ་


GTN005_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཀྟ་སྦྱར་ཙིཏྟ་སེམས་ཐུགས། གཉིས་པའི་ཨམ྄་སྦྱར། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ། ལས་ཀུན་ལ་ཡང་བདག་སེམས་ལ། །པྲ་སྔོན་མའི་ཤྲནྶུ་བསྟོད་པའི་བྱིངས་ལ་ཀྱཔ྄་བྱིན། ཨིཏ྄་རྗེས་སུ་འབྲེལ་བ་སོགས་ཀྱིས་(ཨུ་དང་)ན྄་ཕྱིས། ཀ྄་དང་པ໇་ཕྱིས་པས་ས྄་ཡ་ལ་དྲངས། པྲ་ཤསྱ་དེ་ཕན་རྐྱེན་ཨཱི་ཡནྶ་྄བྱིན། བྱིངས་མདོར། པྲ་ཤསྱ་ཤྲའོས། ཉེར་བསྒྱུར་བཅས་ཤྲ་རུ་བསྒྱུར། ཨ་ཡི་ཡི་གེ་ཨིའི་ཡི་གེ་ལ་ཨེའོ་བྱས་ཤྲེ་ཡནྶ་྄དགེ་ལེགས། གསལ་བྱེད་མཐའ་ལས་སི་དབྱི། ས་མཐའ་དང་མ་ཧནྟ་དག་གི་ནའི་ཨུ་པ་དྷཱ་འོས་རིང། མ་ན་དག་གི་དྷུཊ྄་ལ་རྗེས་སུ་ང་རོ། ས་རེ་ཕ་དང་ས་དག་གི་རྣམ་པར་བཅད་བྱའོ། །ཀྲ໏་བྱིངས། པཉྩ་མཱིའི་ཧི། ཏན྄་སོགས་ལས་ཨུ་འོས། ཨུ་བི་ཀ་ར་ཎ་བྱིན། ཀ་རོ་ཏིའོས། བྱིངས་རང་གི་ཡོན་ཏན་ཨར྄། ར྄་ཨུ་ལ་དྲངས། བྱིངས་ཐམས་ཅད་པ་ཡོན་ཏན་མེད་པ་ལ་ཨ་ཡི་ཨུ་ཡིག་གོས། ཀ་ཀུ་བྱེད། ཨུ་ཡིག་ལས་ཀྱང་ངོས་ཧི་ཕྱིས། ཤྲེ་ཡཱཾཿ ཀུ་རུ། དགེ་ལེགས་སུ་མཛོད། ཧ་ན་འཚེ་བའི་བྱིངས་ཌཱུ་རྐྱེན། ཌ໇་རྗེས་སུ་འབྲེལ་བས་མཐའི་དབྱངས་དང་གསལ་བྱེད་ཕྱིས། ཌ໇་དེའི་དོན་ཕྱིས། སྲོག་ཨཱུ་ལ་ཧ໇་དྲངས། མུ་བྱིན་ཨུ་ཕྱིས། མ་གསལ་བྱེད་ལ་རྗེས་སུ་ང་རོ་ཧཱུྃ་ཞེས་གྲུབ་པ། རྡོ་རྗེ་རྩེ་མོ་ལས། ཧཱུྃ་ནི་ཅི་ཞིག་ཡིན་ཞེ་ན། །སྡུག་བསྔལ་འཆོས་ཤིང་འཇོམས་བྱེད་ཅིང་། །སྲིད་པའི་ཞགས་པ་གཅོད་པར་བྱེད། །སྡུག་པ་བསྔངས་ཤིང་གསོད་བྱེད་པར། །ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ། །ཞེས་སོ། །ཧ་ཧ་ཧ་ཧ། རྡོ་རྗེ་སེམས་དཔའ་དགྱེས་པའི་བཞད་སྒྲ་ཡིན། ཧ་ས໇། བཞད་པ་ལ་ཌོ་སྦྱར། ཌ໇་ཡོད་པས་ཨས྄་ཕྱིས་སི་རྣམ་བཅད་ཧོཿ བཞད་སྒྲ། བྷ་ག་བཱན྄། བཅོམ་
ལྡན་འདས། སརྦ་ཏ་ཐཱ་ག་ཏཱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། བཛྲ་སྔོན་ཨསྨད྄། མད྄་དང་། ཨམ྄་ཨཱམ྄་དུ་བསྒྱུར། ད྄་ཕྱིས་མཱམ྄་ཏྭཱ་མཱ་ནི་གཉིས་པ་ལ་ཞེས་པས་མཱམ྄་མཱ། མེ་སྔར་ལྟར། མུཙླ໏་གྲོལ་བའི་བྱིངས། ལ໏་རྗེས་འབྲེལ། ཨན྄་བི་ཧི། མུ་ཙ་སོགས་ཀྱིས་དབྱངས་མཐར་ན་ཨཱ་ག་མ་བྱིན། ཨ་ཕྱིས། ན྄་ཉ།྄ མུ་྄ཨ་ལ་དྲངས། ན྄་དང་ཧི་ཕྱིས། བཛྲ་མཱ་མེ་མུཉྩ། རྡོ་རྗེར་བདག་མ་འདོར། བཛྲཱི་ཨུན໇་སི་བྷ་བ། རྡོ་རྗེ་ཅན་མཛོད། མ་ཧཱ་ས་མ་ཡ་ས་ཏྭ་དམ་ཚིག་སེམས་དཔའ་ཆེན་པོ། ཨཱ་ས་ཉེ་བར་སྡོད་པའི་བྱིངས། བྱིངས་མཐའི་ཨ་རྗེས་འབྲེལ། ཀྭིཔ྄་འཁོར་བཅས་ཕྱིས། སི་ཕྱིས་ས྄་རྣམ་བཅད། ཨཱཿ གྲུབ་བོ། །

རྟེན་འབྲེལ་སྙིང་པོའི་སྒྲ་སྒྲུབ།


GTN005_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་སྙིང་པོའི་སྒྲ་སྒྲུབ་ནི། ཡ་མུ་ཉེ་བར་འགོག་པའི་བྱིངས་ལ་(ཨུ་ཕྱིས)། ཡ་མི་ཏ་ནི་དག་ལས་ཌ་དིཀ໇་གོས་རྐྱེན་ཌ་དིཀ྄ །ཌ་རྗེས་སུ་འབྲེལ་བ་ལ་མཐའི་དབྱངས་ལ་སོགས་པ་དབྱིའོས། ཨུ་ཕྱིས། ཌ་དེ་དོན་ཕྱིས་སྲོག་གི་ཨ་ལ་དྲངས། རྐྱེན་གྱི་ཨིཀ྄་རྗེས་འབྲེལ་བྱས་པས་ཡད྄། གྲུབ་པ། གང་ལ་འཇུག །སྒྲ་སྒྲུབ་དེ་མདོ་དང་འབྱོར་བས་ལེགས། ཛས྄་བྱིན། ཏྱད྄་སོགས། ཛས་ཐམས་ཅད་ཨཱིའོ། །མཚམས་སྦྱར། ཡེ། གང་རྣམས། དྷྲ໏ཉ໇་འཛིན་པ་ཉ໇་ཕྱིས་མན྄་རྐྱེན་བྱིན། བྱིངས་ནཱ་མིན་མཐའི་ཡོན་ཏན་ཨར྄། ར྄་མ་ལ་དྲངས། ན྄་ནི་འགའ་ཞིག་ཏུ་འོས་ཕྱིས་པས་ཨ་ཐུང་མཐར་གྲུབ། ཛས྄་བྱིན།


GTN005_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཛས྄་ལའོས་རྟགས་མཐའ་རིང་། ཛ་ཕྱིས་མཚུངས་འདྲ་ས་རྣམ་བཅད། དྷརྨཱཿ ཆོས་རྣམས། ཧི་འགྲོ་བའི་བྱིངས། རྐྱེན་ཏུན྄་བྱིངས་ཡོན་ཏན་ན྄་རྗེས་འབྲེལ། ཧེ་ཏུ། རྒྱུ། ཉེ་བསྒྱུར་པྲ་སྔོན། བྷཱུ་ཡོད་པའི་བྱིངས། དངོས་པོ་ལ་རྐྱེན་གྷཉ໇་བྱིངས་ནཱ་མིན་མཐའི་ཡོན་ཏན་ཨཱུ་ཨོ། ཉ໇་དེ་དོན་ཕྱིས། གྷ་ཕྱིས་སྲོག་གི་ཨ་དང་མཚམས་སྦྱར་བྷ་བ། འབྱུང་བ། དེ་ལ་ཛས྄་སྔར་ལྟར། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿ གང་ཡང་ཆོས་རྣམས་རྒྱུ་ལས་བྱུང་། །དྷརྨཱཿ དང་བྷ་བཱཿའི་རྣམ་བཅད་སྒྲ་ལྡན་ལ་དབྱིའོ། །ཧེ་ཏུ་སྔར་བཞིན། ཨམ྄། ཨགྣི་ལས་ཨམ྄་གྱི་ཨ་ཡིག་གོས་ཨ་ཕྱིས་ཧེ་ཏུམ྄། ཏ་ནུ་རྒྱས་པའི་བྱིངས། ཨུ་ཕྱིས། སྔར་གྱི་མདོས་རྐྱེན་ཌ་དིཀ྄་བྱིན་པས། ཏཏ྄། དེ་ལ་ཨཱམ྄་བྱིན་ཏྱད྄་སོགས། ཨ་ཡིག་ལ་དབྱི། ཐམས་ཅད་ལས་ཨཱམ྄་ལ་སུ་འོས་སུ། ཨུ་རྗེས་འབྲེལ། ས་དྲངས། ནཱ་མི་དང་སོགས་ས་ཥ། ཏེ་ཥཱམ྄་དེ་རྣམས་ཀྱི། ཏཏ྄་ལ་ཏྱད྄་ཆོ་ག་རྣམ་པར་བརྗོད་པ་ལ་ཐཱའོས་ཐཱ་བྱིན། ཏ་ཐཱ་དེ་བཞིན། གམླ໏་འགྲོ་བའི་བྱིངས། ལ໏་རྗེས་འབྲེལ། ཀྟ། ཀ་ནི་ཡཎ྄་བཞིན་སོགས་ཕྱིས། ཏ་ལས་མ་ཕྱིས། སི་རྣམ་བཅད་ག་ཏཿ གཤེགས་པ། རྐང་པ་ཁ་སྐོང་ཧི་སྔོན། བ་ད་སྨྲ་བའི་བྱིངས། ཧྱསྟ་ནཱིའི་དི་བྱིན། ཧྱསྟ་ནཱི་ཨ་ངྱ་ཏ་ནཱི་བྱ་བ་ཤོར་བ་རྣམས་ལ་ཨཊ྄འོས། བྱིངས་ཀྱི་སྔོན་དུ་ཨཊ྄་བཞག །ཊ྄་ཕྱིས། བྱེད་པ་པོ་ལ་ཨན྄་ཏེ་བི་ཀ་ར་ཎའོ་ཞེས་ཨན྄་བྱིན། བི་ཀ་ར་ཎ་ལ་ཨན྄་ཉིད་ལའོ། །ཞེས་ན྄་ཕྱིས། ད྄་ཨ་ལ་དྲངས། གསལ་བྱེད་ལ་དི་སི་དག་གིའོ། །ཞེས་དིའི་ཨི་ཕྱིས། སྒྲ་མེད་པ་ལ་དང་པོའོས་ད྄་ཏ྄། ཧི་དང་ཨ་མཚམས་སྦྱོར་བས། ཧྱ་བ་དཏ྄། གསུངས་སོ། །མ་གཉིས་སྡེ་པ་ལ་སྡེ་པའི་ལྔ་པའོ་ཞེས་ན་ལ་བསྒྱུར་


GTN005_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས། རྣམ་བཅད་ཨ་སྔ་མ་དང་མཚམས་སྦྱོར་བས། ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ྄། དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །ཏེ་ཥཱམ྄་སྔར་བཞིན་མི་ཟད་པའི་ཙ་བཞག །མ྄་སྡེ་པའི་ལྔ་པ་ཉ་རུ་བསྒྱུར་དྲངས། ཏེ་ཥཱཉྩ། དེ་རྣམས་ཀྱི་ཡང་། ཡད྄་ལ་ཏྱད྄་ཆོ་ག་སི་རྣམ་བཅད། གང་། ཉེ་བསྒྱུར་ནི་སྔོན། རུ་དྷིར྄་སྒྲིབ་པའི་བྱིངས། ཨིར྄་རྗེས་འབྲེལ། གྷཉ໇། ཨུ་པ་དྷཱ་ནཱ་མིན྄་ཡོན་ཏན། རྗེས་འབྲེལ་རྣམས་དབྱི་བས། ནི་རོ་དྷ། ངེས་པར་འགོག་པ། ཏེ་ཥཱཉྩ་ཡོཿ སྒྲ་ལྡན་ལ་ཨུ་ཨོ་རྣམ་བཅད་དོ། །ནི་རོ་དྷ། དེ་ལ་འགོག་པ་གང་ཡིན་པ། །འདི་སྐད་ཅེས་པའི་དོན་ལ་མི་ཟད་པའི་ཨེ་ཝཾ་སྔོན། བ་ད་སྨྲ་བའི་བྱིངས། རྐྱེན་ཨིཉ໇། ཉ໇་ཎ྄་རྗེས་སུ་འབྲེལ་བས་ཨུ་པ་དྷཱ་རིང་། ཉ໇་ཕྱིས་དྲངས། བུད་མེད་ཀྱི་ཨཱི། ན་ད་བ་ཧ་སོགས་ཀྱི་སི་བྱིན། སི་ཨཱི་ཡིག་མཐའ་ལས་ཕྱིས། བཱ་དཱི། གསུངས་སོ། །མ་ཧ་མཆོད་པའི་བྱིངས་ཤནྟྲ໏ང྄་བྱིན་ར໏ང྄་དང་ཤ་໇ཕྱིས་དྲངས་སྲོག་གི་ཨ་ལ་ཧ་དྲངས། མ་ཧནྟ།໇ ཤྲ་མུ་དཀའ་ཐུབ་ལ་སྟེ་སྐྱོ་བ་ལ་ཡང་ངོ་། །ཨུ་རྗེས་འབྲེལ། ཡུ་བྱིན། ཡུ་བུ་ཛྷ་རྣམས་ཀྱི་ཨ་ན་ཨ་ཀ་སོགས། ཨ་ནར་བསྒྱུར། ར་ཥ་ར໏ས་ན་ཎ། སི་རྣམ་བཅད། ཤྲ་མ་ཎཿ དཀའ་ཐུབ་ཆེན་པོ། གཞི་མཐུན་ཚིག་ལ་མ་ཧཏ໇་ཀྱི། ཨཱ་ཡི་ཡི་གེར་བྱ་བའོ། །ཞེས་མ་ཧནྟ་྄མ་ཧཱ་རུ་བསྒྱུར། ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །ཞེས་པའོ། །

བདེ་མཆོག་གི་གཟུངས་རིང་།


GTN005_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་གི་གཟུངས་རིང་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ་བཱི་རེ་ཤཱ་ཡ། ཕྱག་འཚལ་ལོ་བཅོམ་ལྡན་འདས་དཔའ་བོའི་དབང་པོ་ལ། མ་ཧཱ་ཀལྤཱགྣི་སནྣི་བྷཱ་ཡ། བསྐལ་པ་ཆེན་པོའི་མེ་དང་མཚུངས་པ་ལ། ཛ་ཊཱ་མ་ཀུ་ཊོཏྐ་ཊཱ་ཡ། རལ་པའི་ཅོད་པཎ་བཅིངས་པ་ལ། དཾཥྚྭཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། མཆེ་བ་གཙིགས་པ་དྲག་པོ་འཇིགས་སུ་རུང་བའི་ཞལ་ལ། ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ། ཕྱག་འོད་ཟེར་སྟོང་ཕྲག་འབར་བ་ལ། པ་ར་ཤུ་པཱ་ཤོདྱ་ཏ་ཤཱུ་ལ་ཁ་ཊྭཱཾ་ག་དྷཱ་རི་ཎེ། དགྲ་སྟྭ་དང་ཞགས་པ་འཕྱར་ཞིང་མདུང་དང་ཁྲི་རྐང་འཛིན་པ་ལ། བྱཱ་གྷྲཱ་ཛི་ནཱམྦ་ར་དྷ་རཱ་ཡ། སྟག་གི་ལྤགས་པའི་ཤམ་ཐབས་འཛིན་པ་ལ། མ་ཧཱ་དྷཱུམྲཱནྡྷ་ཀཱ་ར་ཝ་པུ་ཥཱ་ཡ། དུ་བ་དང་མུན་པ་ཆེན་པོ་ལྟ་བུའི་སྐུ་ཅན་ལ། ཀ་ར་ཀ་ར་མཛད་མཛད། ཀུ་རུ་ཀུ་རུ། མཛོད་མཛོད། བྷནྡྷ་བྷནྡྷ། ཆིངས་ཆིངས། ཏྲཱ་ས་ཡ་ཏྲཱ་ས་ཡ། སྐྲག་པར་གྱིས་སྐྲག་པར་གྱིས། ᫵ོ་བྷ་ཡ་᫵ོ་བྷ་ཡ། སྐོམས་སྐོམས། ཧྲཽཾ་ཧྲཽཾ། ཧྲཿ ཧྲཿ ཕ໊་ཕ໊། ཕཊ་ཕཊ། ཁོས་ཁོས། ད་ཧ་ད་ཧ། སྲེགས་སྲེགས། པ་ཙ་པ་ཙ། ཚོས་ཚོས། བྷཀྵ་བྷཀྵ། ཟོ་ཟོ། བ་ས་རུ་དྷི་རཱནྟྲ་མཱ་ལཱ་བ་ལམྦི་ནེ། ཞག་ཁྲག་རྒྱུ་མའི་ཕྲེང་བ་འཕྱང་བ་ལ། གྲ໏ཧྞ་གྲ໏ཧྞ། ཟུང་ཟུང་། སཔྟ་པཱ་ཏཱ་ལ་བྷུ་ཛཾ་གཱཾ་སརྤཾ་ཝཱ། བདུན་ས་འོག་ལག་འགྲོའམ་སྦྲུལ་ལམ། ཏརྫ་ཡ་ཏརྫ་ཡ། སྡིགས་ཤིག་སྡིགས་ཤིག །ཨཱ་ཀཌྜྷ་ཨཱ་ཀཌྜྷ་། ཁུག་ཅིག་ཁུག་ཅིག །ཧྲཱི་ཾཧྲཱ། ཛྞ໌་ཛྞ໌། ཀྵྨཱཾ་ཀྵྨཱཾ། ཧཱཾ་ཧཱཾ། ཧཱ་ཧཱ།ཧཱུྃ་ཧཱུྃ། ཀི་
ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི་ཧཱུྃ་ཧཱུྃ་ཕཊ། ཡབ་ཀྱི་རྩ་སྔགས་སོ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཕཊ། ཨོཾ་དཔལ་རྡོ་རྗེ་ཁྲག་འཐུང་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛྭ་ལ་སམྦ་རཾ་སྭཱ་ཧཱ། མཁའ་འགྲོ་མ་དྲ་བ་སྡོམ་པ་གཞི་ཚུགས། སྙིང་པོའོ། །ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཉེ་བའི་སྙིང་པོའོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། རྡོ་རྗེ་རྣམ་པར་སྣང་མཛད་མ། ཡུམ་གྱི་སྙིང་པོའོ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ། སངས་རྒྱས་ཀུན་གྱི་མཁའ་འགྲོ་མ་རྡོ་རྗེ་རིགས་ལྡན་མ། ཉེ་བའི་སྙིང་པོའོ། །

དགྱེས་རྡོར་གཟུངས་སྔགས།


GTN005_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་རྡོར་གཟུངས་སྔགས་ནི། ཨོཾ་ཨཥྚཱ་ན་ནཱ་ཡ། རབ་བསྔགས་ཞལ་བརྒྱད་པ་ལ། པིངྒ་ལོརྡྷྭ་ཀི་ཤ་བརྟྨ་ནེ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ལ། ཙ་ཏུརྦིངྴ་ཏི་ནེ་ཏྲཱ་ཡ། སྤྱན་ཉི་ཤུ་རྩ་བཞི་པ་ལ། ཥོ་ཌ་ཤ་བྷུ་ཛཱ་ཡ། ཕྱག་བཅུ་དྲུག་པ་ལ། ཀྲ໏ཥྞ་ཛཱི་མཱུ་ཏ་ཝ་པུ་ཥེ། ཆར་སྤྲིན་ནག་པོ་ལྟ་བུའི་སྐུ་ཅན་ལ། ཀ་པཱ་ལ་མཱ་ལཱ་ནེ་ཀ་དྷཱ་རི་ཎེ། ཐོད་པའི་ཕྲེང་བ་དུ་མ་འཛིན་པ་ལ། ཨ་དྨྱཀྲཱུ་ར་ཙིཏྟཱ་ཡ། ཁོང་ནས་འཁྲུགས་པའི་ཐུགས་ཅན་ལ། ཨརྡྷེནྡུདཾཥྚཱི་ཎེ། ཟླ་བ་ཕྱེད་པ་ལྟ་བུའི་མཆེ་བ་ཅན་ལ། མཱ་ར་ཡ་མཱ་ར་ཡ། གསོད་པར་གྱིས་གསོད་པར་གྱིས། ཀཱ་ར་ཡ་ཀཱ་ར་ཡ། བྱེད་དུ་ཆུག་བྱེད་དུ་ཆུག །གརྫ་ཡ་གརྫ་ཡ། སྒྲོགས་སྒྲོགས། ཏརྫ་ཡ་ཏརྫ་ཡ། སྡིགས་སྡིགས། ཤོ་ཥ་ཡ་ཤོ་ཥ་ཡ་སཔྟ་སཱ་ག་རཱན། སྐོམས་ཤིག་སྐོམས་ཤིག་རྒྱ་མཚོ་བདུན་པོ་རྣམས། བྷནྡྷ་བྷནྡྷ་ནཱ་
གཱཥྚ་ཀཱན྄། ཆིངས་ཆིངས་ཀླུ་བརྒྱད་པོ་རྣམས། གྲ໏ཧྞ་གྲཧྞ་ཤ་ཏྲུན྄། ཟུང་ཟུང་དགྲ་བོ་རྣམས། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧོ་ཧཽ་ཧཾ་ཧཿཕཊ་སྭཱ་ཧཱ། ཡབ་ཀྱི་རྩ་སྔགས་སོ། །ཨོཾ་དེ་ཝ་པི་ཙུ་བཛྲཱ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། བཀྲ་ཤིས་ལྷ་འཇམ་པོ་རྡོ་རྗེ་ལེགས་པར་སྩོལ། སྙིང་པོ་འོ། །ཨོཾ་བཛྲ་ཀརྟ་རི་ཧེ་བཛྲ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། རྡོ་རྗེ་གྲི་གུག་བརྩེ་བ་རྡོ་རྗེ་ལ། ཉེ་བའི་སྙིང་པོའོ། །ཨོཾ་ཨཱཿ ནཾ་བཛྲ་ནཻ་རཱདྨ་ཧཱུྃ་ཕཊ་སྭཱ་ཧཱ། རྡོ་རྗེ་བདག་མེད་མ། ཡུམ་གྱི་མཚན་སྔགས་སོ། །ཨོཾ་ཨཱ་ཨཾ་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་པོའོ། །

མི་འཁྲུགས་པའི་གཟུངས།


GTN005_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཁྲུགས་པའི་གཟུངས། ན་མོ་རཏྣ་ཏྲ་ཡཱ་ཡ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། སྡིག་པ་རྣམས་སྡིག་པ་རྣམས། རོ་ཙ་ནི་རོ་ཙ་ནི། སྲེགས་སྲེགས། ཏྲོ་ཊ་ནི་ཏྲོ་ཊ་ནི། ཆོད་ཅིག་ཆོད་ཅིག །ཏྲཱ་ས་ནི་ཏྲཱ་ས་ནི། སྐྲག་པར་གྱིས་སྐྲག་པར་གྱིས། པྲ་ཏི་ཧ་ ན་པྲ་ཏི་ཧ་ན། སོ་སོར་ཆོམས་སོ་སོར་ཆོམས། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭཱ་ནཱཉྩ་སྭཱ་ཧཱ། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད།

མཆོད་པའི་སྤྲིན་གཟུངས།


GTN005_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་སྤྲིན་གཟུངས། ཨོཾ་ན་མོ་བྷ་ག་བ་ཏེ་བཛྲ་སཱ་ར་པྲ་མརྡ་ནེ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུ་ཡ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། འདི་ལྟ་སྟེ། ཨོཾ་བཛྲེ་བཛྲེ། རྡོ་རྗེ་མ་རྡོ་རྗེ་མ། མ་ཧཱ་བཛྲེ། རྡོ་རྗེ་ཆེན་མོ། མ་ཧཱ་ཏེ་ཛ་བཛྲེ། གཟི་བརྗིད་ཆེན་པོའི་རྡོ་རྗེ་མ། མ་ཧཱ་བིདྱ་བཛྲེ། རིག་པ་ཆེན་པོའི་རྡོ་རྗེ་མ། མཧཱ་བོ་དྷི་ཙིཏྟ་བཛྲེ། བྱང་ཆུབ་ཀྱི་སེམས་ཆེན་པོའི་རྡོ་རྗེ་མ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། བྱང་ཆུབ་ཆེན་པོའི་སྙིང་པོར་ཉེ་བར་བགྲོད་པའི་རྡོ་རྗེ་མ། ལས་དང་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བའི་རྡོ་རྗེ་མ་གཞི་ཚུགས། ༈ བཛྲ་ས་མཱ་ཛཿ རྡོ་རྗེ་བསྡུ་བ། ཨོཾ་སརྦ་ཏ་ཐཱ་ག་ཏ། ཨོཾ་དེ་བཞིན་གཤེགས་པ་ཐམས་ཅད་ལ། ཨ຋ཾ། མཆོད་ཡོན། པཱདྱཾ། ཞབས་བསིལ། པུཥྤེ། མེ་ཏོག །དྷཱུ་པེ། བདུག་སྤོས་མ། ཨཱ་ལོ་ཀེ །སྣང་གསལ་མ། གནྡྷེ། དྲི་ཆབ་མ། ནཻ་བིདྱེ། ཞལ་ཟས་མ། ཤབྡ། རོལ་མོ་མ། ཨཱཿ ཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་དམ་ཚིག་དཔལ་གྱི་ཕྱིར་དུ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ལེགས་པར་རབ་ཏུ་གནས་པའི་རྡོ་རྗེ་མ་གཞི་ཚུགས།

མགོན་པོའི་སྔགས།


GTN005_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་སྔགས་ནི། ཨོཾ་མ་ཧཱ་ཀཱ་ལཱ་ཡ། རབ་བསྔགས་ནག་པོ་ཆེན་པོ་ལ། ཤཱ་ས་ན་ཨུ་པ་ཧཱ་རི་ཎི། བསྟན་པ་ལ་ཕན་པ་ཉེ་བར་བསྒྲུབ་པ། ཨེ་ཥ་ཨ་བཤྩི་མ་ཀཱ་ལོ་ཨ་ཡཾ། འདི་ཕྱི་མ་མིན་པའི་དུས་འདི་དང་། ཨི་དཾ་རཏྣ་ཏྲ་ཡཱ་ཡ། འདིར་དཀོན་མཆོག་གསུམ་ལ། ཨ་པ་ཀཱ་རི་ཎཾ་ཡ་དི་པྲ་ཏཱིཛྙ་སྨ་ར་སི་ཏ་དཱ། གནོད་པར་བྱེད་པ་གལ་ཏེ་བྱུང་ན་དམ་བཅའ་དྲན་པར་གྱིས་ལ་དེའི་ཚེ། ཨི་དཾ་དུཥྚཱ་ན་ཁ་ཁ་ཁཱ་ཧི་ཁཱ་ཧི། གདུག་པ་ཅན་འདི་ཟོ་ཟོ། ཟ་རུ་ཆུག་ཟ་རུ་ཆུག །མཱ་ར་མཱ་ར། སོད་སོད། གྲ໏ཧྞ་གྲ໏ཧྞ། ཟུངས་ཟུངས། བནྡྷ་བནྡྷ། ཆིངས་ཆིངས། ཧ་ན་ཧ་ན། བསྣུན་བསྣུན། ད་ཧ་ད་ཧ། སྲེགས་སྲེགས། པ་ཙ་པ་ཙ། ཚོས་ཚོས། དི་ན་མེ་ཀེ་ན་ཧཱུྃ་ཕཊ། ཉི་མ་གཅིག་གིས་སོ། །༈ ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཨོཾ་ཐུབ་པ་ཐུབ་པ་ཐུབ་པ་ཆེན་པོ་ལ་སྭཱ་ཧཱ། ༈ ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་ཀྱེ་ནོར་བུ་པདྨ་ཧཱུྃ། ཨོཾ་ཝཱ་གི་ཤྭ་རི་མུཾ། ཨོཾ་གསུང་གི་དབང་ཕྱུག་མུཾ། ཨོཾ་བཛྲ་པཱ་ཎི་ཧཱུྃ། ཨོཾ་ཕྱག་ན་རྡོ་རྗེ་ཧཱུཾ། ཨོཾ་ཨ་ར་པ་ཙ་ན་དྷཱིཿ འགྲོ་བ་སྨིན་པར་བྱེད་པའི་བློ། ཞེས་པའོ། །


GTN005_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྨྲས་པ། སྒྲ་རིག་རྒྱ་མཚོ་འཁྱིལ་ཀློང་བྱིངས་སྒྲུབ་ཀྱི། །འོ་མ་དང་དུ་ལེན་པའི་ཡུལ་འཁོར་འཛིན། །མཐུ་སྟོབས་རྣམ་རྒྱལ་ཏིང྄་སུཔ྄་བསྐྱོད་པའི་གཤོག །བརྡའ་སྤྲོད་ཀུན་གསལ་ངོས་སུ་རྩེ་བས་བྲེལ། །ཀ་ཙན་པཱ་ཎི་དབྱངས་ཅན་ཟབ་བཤད་ཆར། །ཀཿ ཐོག་པཎ་ཆེན་གསུང་གསང་དབྱར་རྔའི་སྒྲར། །འགྲོགས་པས་དབུས་གཙང་ཁམས་ཀྱི་མདོངས་མཐའ་ཅན། །སྤྲོ་དགའི་སྒྲོ་གདུགས་བསྒྲེངས་དེ་བླ་མའི་དྲིན། །འདིས་ཐོབ་དགེ་བ་ཟླ་གཞོན་འབུམ་ཕྲག་གིས། །བསྟན་འགྲོའི་དགེ་ལེགས་རྡོ་ཐལ་གཞལ་མེད་ཁང་། །ཆེས་དཀར་རྨོངས་པའི་སྨག་རུམ་མིང་གི་མཐར། །བྱེད་ལ་བློ་གསལ་ཚོགས་པའི་བསྟི་གནས་མཛོད། །དེ་ལྟར་རྗོད་པོ་ཤཱཀྱའི་དགེ་སློང་ཞེ་ཆེན་པ་སྒྲ་རབ་འཇམ་དཔལ་དགྱེས་པའི་བློ་གྲོས་མཚོ་སྐྱེས་བཞད་པའི་སྒྲ་དབྱངས་སམ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དཔལ་བཟང་པོས་བློ་གྲོས་ཅན་རྣམས་ཀྱི་བློ་ཁ་ཁྲིད་ཕྱིར་ཟིན་བྲིས་སུ་སྤེལ་བ་དགེ་ལེགས་འཕེལ།།

གཞི་གསུམ་ཆོ་གའི་ཟིན་བྲིས།


GTN005_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པ་ཡོངས་སུ་སྦྱོང་བ་གཞི་གསུམ་གྱི་ཆོ་ག་ཐར་གླིང་དུ་བགྲོད་པའི་གྲུ་ཆེན་ཞེས་བྱ་བ་བཞུགས་སོ། །ན་མཿསརྦ་ཛྙཱ་ཡ། དགེ་ལེགས་ཡོན་ཏན་ཀུན་གྱི་གཏེར། །སྲིད་མཚོར་བྱིང་བ་རྣམས་ཀྱི་སྐྱབས། །ཀུན་མཁྱེན་འགྲོ་བའི་བླ་མ་ལ། །རྟག་ཏུ་དང་བས་ཕྱག་བྱས་ཏེ། །ཉེས་བརྒྱའི་ཆུ་གཏེར་རབ་བརྒལ་ནས། །ཐར་པའི་གླིང་དུ་བགྲོད་བྱེད་པའི། །བསླབ་པ་ཡོངས་སྦྱོང་གཞི་གསུམ་གྱི། །ཆོ་ག་ལེགས་བཤད་གྲུ་ཆེན་བྱ། །འདི་ལ་གསུམ་སྟེ། གསོ་སྦྱོང་། དབྱར་གནས། དགག་དབྱེའོ། །དང་པོ་ནི། དུས་ངེས་པ་ཅན་དང་འབྲེལ་བ་མཐུན་པའི་གསོ་སྦྱོང་གི་དབང་དུ་བྱས་ཏེ། ཐོག་མར་ཚེས་གྲངས་ངེས་པའི་ཕྱིར་སྐུད་པ་ལ་སྨྱིག་མའི་ཐུར་མ་བཅོ་ལྔ་བརྒྱུས་པ་ཉི་མ་རེ་རེ་ཞིང་སྤོ་བས་ཟླ་བའི་མིང་གྲངས་ཡ་དྲུག་གི་མར་ངོའི་ཉིན་ཞག་བཅོ་ལྔ་པ་དོར་ཞིང་གཞན་རྣམས་མ་ཆད་པར་བགྲང་། གལ་ཏེ་ཟླ་བཤོལ་ཡོད་ཚེ་གང་ལ་བཤོལ་དོན་པའི་ཟླ་བ་དེ་ཐུབ་མི་ཐུབ་གང་ཡིན་ཀྱང་རུང་སྟེ། ཉིས་བརྩེགས་ཀྱི་ཕྱི་


GTN005_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཉིད་ཐུབ་པར་བརྩིས་ཏེ་བགྲང་ཚུལ་ངེས་པར་བྱས་ལ། དགེ་སྐོས་ཀྱིས་དེ་ལ་བརྟགས་ནས་ཉིན་རེ་ཞིང་དགེ་འདུན་ལ་བརྗོད་ཅིང་མདོ་བསྐུལ་བར་བྱའོ། །དེ་ནས་གསོ་སྦྱོང་གི་དུས་ལ་བབས་པ་ན། སྦྱོར་བ་ནི། གཙུག་ལག་ཁང་སོགས་འདུ་བའི་གནས་བྱི་དོར་གྱིས་ དག་པར་བྱ། དྲི་གཙང་ཁང་གི་དབུས་ལྟ་བུ་མདོ་འདོན་པའི་གོང་དུ་སྟོན་པའི་སྐུ་གཟུགས་ཁྲི་ལ་སྤྱན་དྲངས་པའི་སྤྱན་སྔར་མཆོད་པ་རྒྱས་པར་བཤམ། གཞི་བདག་ལ་དཀར་གཏོར་གཙང་མ་དང་། མདོ་འདོན་པ་པོའི་སེང་ཁྲི་སོགས་སྟན་རུང་བ་གོ་རིམ་བཞིན་དུ་བཤམ། དགེ་འདུན་བསྡུ་བའི་ཕྱིར། དགེ་ཚུལ་སློང་ངམ། གསོ་སྦྱོང་ལ་གནས་པའི་དགེ་བསྙེན་གྱིས་ཀྱང་རུང་སྟེ། གཎྜི་བརྡུང་བའི་གནས་སུ་སོང་ལ། དཀོན་མཆོག་ལ་ཕྱག་བྱས་ནས་ཤད་ཙ་ལན་གསུམ་སྔོན་དུ་འགྲོ་བས་ལས་ཀྱི་གཎྜི་རྒྱུད་གཅིག་དང་ཏོག་གསུམ་པ་བརྡུང་། ཅིའི་ཕྱིར་བརྡུང་ཞེ་ན། གསོ་སྦྱོང་གི་ཕྱིར་རོ། །ཞེས་གོ་བར་བྱ། དེ་ཡང་འདུ་བའི་སྔ་རོལ་དུ། དགེ་འདུན་རྣམས་ཀྱིས། གསོ་སྦྱོང་སྔ་མ་འདས་པའི་མཐའ་ཚུན་ཆད་ཀྱི་རང་རྒྱུད་ཀྱི་ལྟུང་བ་ལ་སོ་སོར་བརྟགས་ཏེ། ལྟུང་བ་བྱུང་བར་ཤེས་ན་བཤགས་བསྡམ་བྱིན་གྱིས་བརླབས་པ་གང་ལ་གང་འོས་ཀྱིས་ཕྱིར་བཅོས་ཏེ་འདུ་དགོས་པས། དེ་དག་གི་སྔགས་ནི། ལྷག་མའི་སྦོམ་པོ་ཡང་བ་དང་། ལྟུང་བྱེད་འབའ་ཞིག་པ། སོར་བཤགས། ཉེས་བྱས་ཀྱི་སྡེ་ཚན་ལས་གང་རུང་ཞིག་ཤེས་ན། དེས་ལྟུང་བ་ནང་མི་མཐུན་པའི་དགེ་སློང་གཅིག་གི་དྲུང་དུ་ཕྱིན་ཏེ། མཆིལ་ལྷྭམ་ཕུད། རྒན་ན་ཕྱག་བྱས། ཙོར་པུར་ཐལ་མོ་སྦྱར་ནས། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་འདི་ལྟ་བུ་འདི་བྱུང་སྟེ། དེ་དག་པའི་མཐའ་ཚུན་ཆད་ནས་བཟུང་སྟེ་ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ་ཞེས་སོགས་འོག་ནས་འབྱུང་བ་ལྟར་ལན་གསུམ་དང་མཐོང་སྡོམ་དྲི་ཞིང་ཐབས་ལེགས་བྱ། དེ་བཞིན་དུ་ཕམ་པའི་སྦོམ་པོ་ལྕི་ཡང་དང་། ལྷག་མའི་སྦོམ་པོ་ལྕི་བ་ནི་རིམ་པ་ལྟར་དགེ་སློང་དྲུག་དང་། ལྔ་དང་། བཞི་ཡན་ཆད་ཀྱི་མདུན་དུ་བཤགས་ཚིག་དེ་ཁོ་ནས་བཤགས། གལ་ཏེ་དོགས་པ་དང་ཡིད་གཉིས་ཟ་ན་དགེ་སློང་སྡེ་སྣོད་འཛིན་པ་ལ་དྲིས་ཏེ་ཕྱིར་བཅོས་བྱ། དགེ་འདུན་ལྷག་མ་དང་སྤང་


GTN005_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་ནི་གང་ཟག་ཁྱད་པར་ཅན་གྱིས་བཤགས་པས་འདག་ནའང་། གཞན་གྱིས་ཆད་ལས་ཀྱི་སྒོ་ནས་བཤགས་དགོས་པ་མ་གྲུབ་པར་ལས་ཀྱི་ཁ་སྐོང་ལ་འདུ་ན་ལྟུང་བ་དེ་ཐུན་མོང་པ་མིན་ཞིང་། བཤགས་པས་ཀྱང་མི་འདག་པས་ཐུན་མོང་མིན་པའི་བྱིན་བརླབ་བྱ་དགོས་ཏེ། ལྟུང་བ་མི་མཐུན་པའི་དགེ་སློང་གི་དྲུང་དུ་གཞན་སྔར་ལྟར་ལས། འདི་ལྟ་བུ་འདི་བྱུང་སྟེ། ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་བྱིན་གྱིས་བརླབ་བོ། །དེང་ལྟུང་བ་སོགས་འོག་ནས་འབྱུང་བ་ལྟར་ལན་གསུམ་བཟླས་ལ་ཐབས་ལེགས་བྱའོ། །ཡང་ལས་གྲལ་དུ་འདུག་མ་ཐག་ཏུ་དྲན་ནམ། ཡིད་གཉིས་ཟ་ན་དྲུང་ན་མོ་ལ་བྱིན་གྱིས་བརླབས་ཚུལ་སྔར་ལྟར་དང་། ལས་བྱེད་པས་ནི་སེམས་ཀྱིས་བརླབ་པར་བཤད་དོ། །བསྡམ་བྱའི་ཉེས་བྱས་རྣམས་ནི་སྔར་བྱས་ལ་གནོང་འགྱོད་དང་ཕྱིས་མི་ཉམས་པར་བསྲུང་ཞིང་བསྡམ་པར་བྱའོ་སྙམ་དུ་བསམ་ཞིང་། དེ་ནས་ལས་དེ་མ་གྲུབ་བར་དུ་ཉེས་ལྟུང་གིས་མ་གོས་པར་བྱའོ། །དེ་ཡང་སྤྱིར་ཆོས་འདི་པའི་ཕྱིར་བཅོས་བྱེད་ཚུལ་ནི། ཕམ་པ་འཆབ་མེད་ལ་བསླབ་བྱིན་གྱིས་བཅོས། ལྷག་མ་འཆབ་བཅས་ལ་སྤོ་མགུ་དབྱུང་བ་སྟེ་སྤང་ལྟུང་དངོས་པོ་སྤངས་ལ་བཤགས། སོར་བཤགས་མཚམས་ཀྱི་ཕྱི་རོལ་དུ་སྨྲེ་སྔགས་དང་བཅས་པས་བཤགས། ལྟུང་བྱེད་འབའ་ཞིག་པ་དང་བཤགས་བྱའི་ཉེས་བྱས་རྣམས་རང་རང་གི་མིང་གིས་བཤགས། བསྡམ་བྱའི་ཉེས་བྱས་བསྡམ། བཤགས་ཡུལ་མ་རྙེད་ན་བྱིན་གྱིས་བརླབ་པ་སྟེ། རང་རང་གི་ཆོ་གས་བཅོས་དགོས་པ་ཉིད་དོ། །དེ་ལྟ་ནའང་ལྟུང་བའི་མིང་རིགས་སོ་སོར་འབྱེད་མི་ནུས་པ་སོགས་ཀྱིས་དེ་རྣམས་ཇི་བཞིན་པ་མ་གྲུབ་པས། དེང་སང་ གི་ཕྱག་ལེན་ལྟར་གནས་ཁང་གཅིག་ཏུ་འདུས་ནས་ཕན་ཚུན་བརྗོད་རེས་ཀྱིས་ཐམས་ཅད་དགེ་འདུན་ལས་བཤགས་ན། འོས་པའི་ཕྱག་དང་འདུག་ཚུལ་སྔར་ལྟ་བུས། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བྱིས་པ་ཉིད་དང་། མི་ཤེས་པ་ཉིད་དང་། མ་


GTN005_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པ་དང་། བག་མ་མཆིས་པ་དང་། ཉོན་མོངས་པ་མང་བའི་དབང་གིས། ཕམ་ལྷག་གི་སྦོམ་པོ་ལྕི་ཡང་གཉིས་དང་། ལྟུང་བྱེད་འབའ་ཞིག་པ་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ཀྱི་སྡེ་ཚན་རྣམས་ལས་ཁ་ན་མ་ཐོ་བ་གང་དང་གང་བྱུང་བ་དེ་དང་དེ་དག་པའི་མཐའ་ཚུན་ཆད་ནས་བཟུང་སྟེ། དགེ་འདུན་བཙུན་པ་རྣམས་ཀྱི་མདུན་དུ་མཐོལ་ལོ། །འཆགས་སོ། །མཐོལ་ཞིང་བཤགས་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ་བཟླ། ཉེས་ལྟུང་དེ་དག་ལ་ཉེས་ལྟུང་དེ་དག་ཏུ་གཟིགས་ལགས་སམ་ཞེས་དྲི། འཆགས་པ་པོས་མཐོང་ལགས། ལེན་པ་པོས་ཕྱིན་ཆད་ལེགས་པར་སྡོམ་ལགས་སམ། འཆགས་པ་པོས་སྡོམ་ལགས། ཞེས་དང་ཐབས་ལེགས་བྱ། དེ་བཞིན་དུ་བྱིན་རླབས་ལའང་། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་དགེ་སློང་སོགས་ནས་ཉོན་མོངས་པ་མང་བའི་དབང་གིས། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་། སྤང་ལྟུང་སུམ་ཅུ་ལས་གང་ཡང་རུང་བ་བྱུང་བ་དེ། དགེ་འདུན་བཙུན་པ་རྣམས་ཀྱི་མདུན་དུ་བྱིན་གྱིས་བརླབ་བོ། །དེང་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ་དགེ་འདུན་གྱི་{བཀྲ་ཤིས་པའི་}གསོ་སྦྱོང་མཛད་ལ། སླད་ཀྱིས་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ། །ཞེས་ལན་གསུམ་བཟླས་ལ་ཐབས་ལེགས་བྱའོ། །དེ་ལྟར་རྒྱུད་དག་པར་བྱས་ནས་གསོ་སྦྱོང་གི་གནས་དེར་དགེ་འདུན་ཐམས་ཅད་ཚོགས་ཏེ་མཆིལ་ལྷྭམ་ཕུད་ཅིང་གྲལ་ལ་འཁོད་པ་ན། {གདིང་བ་ནར་སྟེང་མཁན་པོ་ནང་དང་། གཞན་རྣམས་ཕྱི་ནས་ཞལ་གྱེན་བསྟན་པུས་བཙུགས་འདུད་རྒྱ་བཅས་བཞུགས། དབུ་མཛད་ནས་མཛད་བཅུས་བསྐུལ།} དགེ་སྐོས་ཀྱིས་སྤྱོད་ལམ་འགྲེང་། ཐལ་སྦྱར་འདུད་པ་དང་


GTN005_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཏེ། བསྟན་པ་རིན་པོ་ཆེའི་རྩ་ལག་དམ་པར་གྱུར་པ་{དགེ་སློང་དགེ་བའི་བཤེས་གཉེན་དོན་གྱི་སླད་དུ་མཚན་ནས་སྨོས་ན། ཐུབ་བསྟན་སོགས་ཆོས་མིང་དང།} མཁན་པོ་འམ། སློབ་དཔོན་ནམ། གནས་བརྟན་པའི་ཞལ་སྔ་ནས་གཙོ་མཛད་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དུས་མ་ངེས་པར་བཀྲ་ཤིས་པའི་གསོ་སྦྱོང་གི་སྐབས་ཡིན་ན། དེང་བཀྲ་ཤིས་པའི་གསོ་སྦྱོང་མངོན་དུ་གྱུར་པ་ཞེས་བསྒྱུར། {དུས་བརྗོད་མི་དགོས་པར་འདི་ཕྱིན་འགྲེས་སྦྱར་ཤེས་དགོས་སོ། །} དུས་ངེས་པར། དེང་ཟླ་བ་ཡར་གྱི་ངོའི་གྲལ་ཚེས་བཅོ་ལྔ་པའམ། མར་གྱི་ངོའི་བཅུ་བཞི་པའམ་བཅོ་ལྔ་པ་མངོན་དུ་གྱུར་པ་ལགས་ཏེ། གཙུག་ལག་ཁང་གི་བདག་པོ་དང་། གཙུག་ལག་ཁང་གི་ལྷ་རྣམས་ཀྱི་སླད་དུ་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་རེ་བཀླག་ཏུ་གསོལ། ཞེས་བསྐུལ་བས་དགེ་འདུན་རྣམས་བཞེངས། སྣམ་སྦྱར་གྱོན་ནས་རྒྱུད་ཆགས་གསུམ་པ་འདོན་པར་བྱ་སྟེ། དེ་ལ་ཐོག་མར་ཕྱག་འཚལ་བའི་རྒྱུད་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་གཏུགས་ཏེ་གུས་པས་ཕྱག་འཚལ་ལོ། །གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་


GTN005_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷང་ངེ་བ། །མགོན་པོ་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་གཞི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་དང་། སྤྲོ་ན། ཇི་སྙེད་སུ་དག་ཅེས་སོགས་ཀྱི་ཡན་ལག་བདུན་པའང་བྱའོ། །དེ་ནས་མདོ་གདོན་པའི་རྒྱུད་ནི། ཤེས་རབ་སྙིང་པོ་ལྟ་བུ་ཞིག་གི་མཇུག་ཏུ། དགེ་བར་གསུངས་ཤིག །སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་ལྟ། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །


GTN005_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བསྔོ་བའི་རྒྱུད་ནི། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུག་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཀླུ་རྒྱལ་དགའ་བོ་ཉེར་དགའ་བོ། །གཞན་ཡང་གྲོང་ཁྱེར་གནས་པ་རྣམས། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་བ་ཐོབ་པར་ཤོག །ཅེས་བརྗོད། དེ་ནས་གཏོར་མ་གཏོང་བ་ནི། ཆབ་བྲན་ལ། རང་རང་གི་སྤྱོད་ཡུལ་དུ་གྱུར་པའི་གཏོར་སྣོད་ཀྱི་ནང་དུ་གཟུགས་སྒྲ་དྲི་རོ་རེག་བྱའི་སྐྱེ་མཆེད་ཀྱི་ངོ་བོར་གྱུར་པའི་བཟའ་བཏུང་འདོད་པའི་ཡོན་ཏན་དུ་མས་གང་བར་གྱུར། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾཾ་ཨཱདྱ་ནུཏྤནྣ་ཏོཏྟེ་ༀ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། གཉུག་མར་གནས་པའི་ལྷ་མོ་འཕྲོག་མ་ལ་སོགས་པ་གནས་དང་གཞིའི་བདག་པོ་དང་། གཞན་ཡང་ནགས་ཚལ་དང་། རི་བོ་དང་། ཆུ་ཀླུང་དང་། ངམ་གྲོག་ལ་སོགས་པར་འཁོད་པའི་འབྱུང་པོ་གཏོར་མ་ཟ་བར་འདོད་པ་རྣམས་ཀྱི་ཞལ་དུ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ཕུལ་ནས། འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་ཕྲིན་ལས་བཅོལ། དེ་ནས་དགེ་སྐོས་ཀྱིས་སྤྱོད་ལམ་སྔར་ལྟར་འགྲེང་སྟེ། བསྟན་པ་རིན་པོ་ཆེའི་རྩ་ལག་དམ་པར་


GTN005_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་མཁན་པོའམ་སློབ་དཔོན་ནམ། གནས་བརྟན་མིང་འདི་ཞེས་བགྱི་བ་གསན་དུ་གསོལ། དེང་དུས་བཟང་པོ་ལ་བདག་ཅག་འདིར་འདུས་ཤིང་ཚོགས་པ་རྣམས་ལ་ཐུགས་བརྩེ་བས་ཉེ་བར་དགོངས་ཏེ་སྟོན་པའི་བཀའི་ཆོས་ཉན་པ་སྦྱིན་དུ་གསོལ། ཅེས་བསྐུལ་ནས། ཐམས་ཅད་སྤྱོད་ལམ་བསྟུན། ཐལ་མོ་བསྣོལ། མདོ་འདོན་པ་པོ་ཁྲིར་འཛེགས་ཏེ་འདི་སྐད་ཅེས། དེ་ཡང་སློབ་དཔོན་སངས་རྒྱས་གཉིས་པའི་ཞལ་ནས། དགེ་བ་མཐའ་དག་ཡང་དག་གསོ་བྱེད་ཅིང་། །སྡིག་པ་མཐའ་དག་ཡང་དག་འདིར་སྦྱོང་བ། །དགེ་གསོ་ཕྱིར་དང་སྡིག་པ་རྣམས་སྦྱོང་ཕྱིར། །དེ་བཞིན་གཤེགས་པས་གསོ་སྦྱོང་ཞེས་གསུངས་སོ། །ཞེས་པས་གཉེན་པོས་བསླབ་པ་གསོ་ཞིང་། སྤང་བྱ་སྡིག་པ་སྦྱོང་བས་ན་གསོ་སྦྱོང་ཞེས་བྱ། གསོ་སྦྱོང་ལའང་ཞི་གནས་ཀྱི་གསོ་སྦྱོང་དང་། མཐུན་པའི་གསོ་སྦྱོང་གཉིས་ལས་འདིར་ཕྱི་མ། དེ་ལའང་དུས་ངེས་ཅན་དང་། དུས་མ་ངེས་པར་བྱ་བ་གཉིས་ལས། {བཀྲ་ཤིས་པའི་གསོ་སྦྱོང་གི་སྐབས་སུ། དུས་མ་ངེས་པ་བྱ་བ་གཉིས་ལས་འདིར་ཕྱི་མ་བཀྲ་ཤིས་པའི་གསོ་སྦྱོང་ལྟར་ཕྱག་ལེན་དུ་བགྱིད་པ་ལ། སྦྱོར་དངོས་རྗེས་སོགས་ཞེས་བསྒྱུར} འདིར་བཅོམ་ལྡན་འདས་ཀྱིས་གསོ་སྦྱོང་བྱའོ། །ཟླ་བ་ཕྱེད་ཕྱེད་ཀྱི་ཚེས་བཅོ་ལྔ་ལའོ། །ཞེས་གསུངས་པ་ལྟར་ཕྱག་ལེན་དུ་བགྱིད་པ་ལ། སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ལའང་གཎྜི་བརྡུང་བ། དགེ་འདུན་བསྡུ་བ། དྲིས་པའི་ཚིག་གིས་ལན་གདབ་པ། སྟན་སྟབས་མི་ཉམས་པར་བྱ་བ་རྣམས་སྔོན་དུ་སོང་ནས། ཆོས་འཆད་ཉན་ཉམས་སུ་མྱོང་བ་ཆོས་སྒྲགས་ཀྱི་མདོ་དང་། དུས་བཟང་གི་མདོའི་དོད་ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལ་མཛད་པ་ཕྱག་ལེན་དུ་གདའ་


GTN005_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བས་གསན་པར་ཞུ། གང་ཞིག་གསེར་མཆོག་རང་བཞིན་རི་རབ་ལ་གནས་མནྡྷ་ར་དང་ལྷར་བཅས་གནོད་སྦྱིན་དང་། །གདེངས་ཀ་ནོར་བུའི་འོད་ཀྱིས་མུན་པ་སེལ་མཛད་ས་འོག་གནས་པའི་ཀླུ་རྣམས་གང་ཡིན་དང་། །གངས་ཅན་རིར་ནི་དཔལ་གྱིས་རོལ་ཞིང་རབ་ཏུ་དགའ་བའི་རིག་པ་འཛིན་པ་གང་ཡིན་པ། །དེ་དག་ཐམས་ཅད་ཐར་པ་དམ་པའི་སྒོར་གྱུར་ཐུབ་པའི་གསུང་མཉན་ཕྱིར་ནི་འདིར་གཤེགས་ཤིག །ལྷ་དང་ལྷ་མིན་མི་དང་མིའམ་ཅི་ཡི་དབང་པོ་དང་། །བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱས་པ་རྣམས། །སངས་རྒྱས་གསུང་རབ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ། །འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག །གང་དག་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག །དེང་འདིར་སྟོན་པའི་ཆོས་ཀྱི་ཆར་འབེབས་ཀྱི། །ཉན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག །རྒྱ་གར་སྐད་དུ། ཤཱི་ལ་སཾ་ཡུཀྟ་སཱུ་ཏྲ། བོད་སྐད་དུ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ། {མདོ་ཞེས་པའི་བར་མཁན་པོས་གསུང་བ་དང་། ཐམས་ཅད་ཀྱིས་ཕྱག་ཐལ་མོ་སྦྱར་བ་བཅས་དབུ་མཛད་ནས་བསྐུལ་ཏེ་ཐམས་ཅད་མཁྱེན་པ་སོགས་རྗེས་ཐམས་ཅད་ཕྱག་ཐལ་མོ་བསྣོལ།} ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་གི་དགེ་


GTN005_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཤེས་པ་ནི་འགྲིབ། སྲོག་ནི་ཆད། ཚེའི་འདུ་བྱེད་ནི་འདོར། སྟོན་པའི་བསྟན་པ་ཡང་ངེས་པར་འཇིག་པར་འགྱུར་ན། ཅིའི་ཕྱིར་བརྩོན་འགྲུས་དང་བརྟུལ་བ་བརྟན་པོས་སྒྲུབ་པར་མི་བྱེད། མིའི་ལུས་ནི་ཤིན་ཏུ་རྙེད་པར་དཀའ་བ། དེ་ཐོབ་ནས་དེས་རྙེད་པའི་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བ་ཡང་རྙེད་ནས་ཐར་པའི་དོན་དང་མི་མཐུན་པ་དག་གིས་བསླུས་ཏེ་སྡུག་བསྔལ་བར་གྱུར་ཏ་རེ། དགེ་སློང་དག་སྲོག་དང་བྲལ་ཞིང་ཤི་བ་ནི་སླའི། ཚུལ་ཁྲིམས་ཉམས་ཤིང་ཞིག་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་དང་བྲལ་ཞིང་ཤི་བས་ནི་ཚེ་འདི་ཉིད་ཀྱི་སྐྱེ་བ་ཟད་པར་གྱུར་གྱི། ཚུལ་ཁྲིམས་ཉམས་ཤིང་ཞིག་པས་ནི་སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ་རྣམ་པར་ལྟུང་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ། །དེ་ཕྱིར་སྟོན་པས་ཚུལ་ཁྲིམས་རབ་བསྔགས་ཤིང་། །ཚུལ་ཁྲིམས་ལྡན་པ་སངས་རྒྱས་འབྱུང་དང་འཕྲད། །ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག །ཚུལ་ཁྲིམས་ལྡན་པ་དྲི་དང་བྱུག་པ་ཡིན། །ཚུལ་ཁྲིམས་ལྡན་པ་དགའ་བ་ཀུན་གྱི་གནས། །ཚུལ་ཁྲིམས་ལྡན་པ་གདུང་བ་བསིལ་བའི་ཆུ། །ཚུལ་ཁྲིམས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། །ཚུལ་ཁྲིམས་དག་གིས་འགྲོ་བ་དམ་པ་མནོས། །ཇི་ལྟར་སྦྲུལ་གདུག་ཀླུ་ཆེན་ནག་པོ་ཡང་། །ཚུལ་ཁྲིམས་ལྡན་ལ་གནོད་མེད་གཞན་ཅི་སྨོས། །ཚུལ་ཁྲིམས་ལྡན་པའི་དགེ་སློང་འོད་དང་ལྡན། །ཚུལ་ཁྲིམས་ལྡན་པ་གྲགས་འགྱུར་


GTN005_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཐོབ། །ཇི་ལྟར་མིག་མེད་གཟུགས་མཐོང་མི་རུང་ལྟར། །དེ་བཞིན་ཚུལ་ཁྲིམས་མེད་ན་ཆོས་མི་མཐོང་། །ཇི་ལྟར་རྐང་མེད་ལམ་འཇུག་ག་ལ་ནུས། །དེ་བཞིན་ཚུལ་ཁྲིམས་མེད་ན་ཐར་མི་འགྱུར། །ཇི་ལྟར་བུམ་པ་བཟང་པོ་རིན་ཆེན་སྣོད། དེ་བཞིན་ཚུལ་ཁྲིམས་ཆོས་རྣམས་སྐྱེད་པའི་གཞི། །ཇི་ལྟར་བུམ་ཆག་རིན་ཆེན་སྣོད་མི་རུང་། །དེ་བཞིན་ཚུལ་ཁྲིམས་རལ་བས་ཆོས་ཀུན་གཏུགས། །དང་པོ་ཚུལ་ཁྲིམས་མེད་པར་གྱུར་པ་དེ། །ཕྱི་ནས་མྱ་ངན་འདས་པ་ཐོབ་སྙམ་མམ། །སྣ་མེད་སྣ་རྡུམ་ལ་སོགས་གང་ཡིན་པ། །དེ་ལ་མེ་ལོང་དག་ནི་དགོས་མི་འགྱུར། །རྣ་བས་མ་ཐོས་མིག་སྔར་མ་མཐོང་ཡང་། །བསྟན་སྲུང་མི་དེ་མཐོ་རིས་འགྲོ་བར་འགྱུར། །ཐོས་མང་ཐོས་ལྡན་ཐོས་བསྲུང་མཐོ་རིས་ཉིད། །བུད་མེད་བསྟེན་དུ་ག་ལ་རུང་། །རྒྱལ་པོའི་ཕོ་བྲང་ག་ལ་དགའ། །ལོངས་སྤྱོད་རྟག་པ་ག་ལ་ཡོད། །བུད་མེད་དག་ལ་རུང་བ་མེད། །རྒྱལ་སྲིད་དག་ལ་དགའ་བ་མེད། །ལྦུ་བ་དག་ལ་སྙིང་པོ་མེད། །ལོངས་སྤྱོད་དག་ལ་སྙིང་པོ་མེད། །ལོངས་སྤྱོད་དག་ནི་འབབ་ཆུ་བཞིན། །གྲུ་དེ་ཅི་འདྲ་ཁྱིམ་དེ་འདྲ། །མེ་ཏོག་ཅི་འདྲ་གཟུགས་དེ་བཞིན། །སྲོག་ནི་ཆུ་བུར་འདྲ་བ་ཡིན། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཉེ་བར་འཁོར་ལ་སོགས་པའི་དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཞེས་བཏོན་ནས། {མཁན་པོས་བསྐུལ། སྡེབ་འདོན།} ཆོས་བཤད་པ་ལས་བྱུང་བ་ཡི། །དགེ་བ་གྲུབ་པ་གང་ཡོད་པ། །དེས་ནི་མར་གྱུར་འགྲོ་བ་ཀུན། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་བསྔོའོ། །


GTN005_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྐབས་འདིར་དགེ་ཚུལ་གྱི་གསོ་སྦྱོང་མཛད་པ་ནི། མདོ་དང་ཀརྨ་ཤ་ཏཾ་དུ་མ་བཤད་ཀྱང་། སུམ་བརྒྱ་པ་ལས། གལ་ཏེ་མངོན་སུམ་གསུངས་པ་མེད་གྱུར་ཀྱང་། །དགག་དབྱེ་གསུངས་ཕྱིར་འདིར་ནི་གསོ་སྦྱོང་ཡོད། །ཅེས་གསུངས་པ་ལྟར་ཏེ། དེ་ཡང་རྒྱུད་ཉེས་བྱས་ཀྱིས་མ་གོས་ན་དེས་ཆོག །གལ་ཏེ་གོས་ན་དེ་བཤགས་ཏེ་གསོ་སྦྱོང་བྱ་དགོས་པས། ཐོག་མར་ཉེས་པ་དེ་བྱུང་མ་ཐག་ཏུ་དགེ་སློང་གང་ཡང་རུང་བ་ཞིག་གི་དྲུང་དུ་སོང་སྟེ་བཤགས། དེ་ལྟར་མ་གྲུབ་ན་འདིར་དགེ་འདུན་གྱི་ནང་དུ་དགེ་སློང་ཞིག་གི་མདུན་དུ་བཤགས་ནའང་རུང་བས་ཕྱག་བྱས། ཙོག་པུར་འདུག་སྟེ་{དགེ་ཚུལ་རྣམས་དགེ་སློང་གང་འོས་ཀྱིས་མདུན། གདིང་ཆོས་བཅས། ཕྱག་གསུམ་འགྲེང་འདུད། བསྟན་པ་རིན་པོ་སོགས། དགེ་སློང་ནས་ཆོས་བཞིན་སོགས།} མཁན་པོའམ{རང་གི་མཁན་སློབ་གང་ཡིན་སྐབས་བབ། དེ་མིན་ཚེ་དང་ལྡན་པ}། སློབ་དཔོན་ནམ། གནས་བརྟན་ནམ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་ལ་འདི་ལྟ་བུའི་ཉེས་བྱས་འདི་བྱུང་སྟེ། ཞེས་སམ་དེ་ལྟར་མི་ནུས་ན། {དགེ་ཚུལ་རྣམས་དགེ་སློང་གང་འོས་པའི་མདུན་དུ། གདིང་བ་འདིང་། ཆོས་གོས་བཅས་ཕྱག་གསུམ་སྔོན་འགྲོས་འགྲེང་འདུད་ཀྱིས། བསྟན་པ་རིན་པོ་ཆེ་སོགས། ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། དགེ་སློང་ནས། ཆོས་བཞིན་སོགས། ཙོག་པུར་འདུག་ནས། ལག་འདུད་རྒྱ་བཅས་རང་གི་དགེ་ཚུལ་གྱི་མཁན་པོ་ཡིན་ན་མཁན་པོའམ། གཞན་དགེ་སློང་ལ་ཚེ་དང་ལྡན་པ་དགོངས་སུ་གསོལ།} བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་བྱིས་པ་ཉིད་དང་། མི་ཤེས་པ་ཉིད་དང་། མ་གུས་པ་དང་། བག་མ་མཆིས་པ་དང་། ཉོན་མོངས་པ་མང་བའི་དབང་གིས་ཉེས་བྱས་གང་དང་གང་བྱུང་བ་དེ་དག་པའི་མཐའ་ཚུན་ཆད་ནས་བཟུང་སྟེ། མཁན་པོ་འམ་ནས། ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ་འཆགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ་དང་མཐོང་སྡོམ་


GTN005_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ལེགས་བྱ། {མཐོང་སྡོམ་ཐབས་ལེགས་འཕྲོས། ཕྱག་གསུམ། འགྲེང་འདུད་བཅས། བསྟན་པ་རིན་པོ་ཆེ་སོགས། ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལ་ཐུགས་གཏད་པར་བཀའ་དྲིན་ཆེ་ལགས། དགེ་སློང་ནས། ཆོས་བཞིན་འདུལ་བ་སོགས། ཡི་རངས།} དེ་ནས་དངོས་གཞི་ནི། དགེ་སློང་ཞིག་གི་མདུན་དུ་ཕྱག་བྱས་ཙོག་པུར་འདུག་སྟེ། སྔར་ལྟར་དགོངས་སུ་གསོལ། {ཕྱག་གསུམ་འགྲེང་འདུད་ཀྱིས། བསྟན་པ་རིན་པོ་ཆེ་སོགས། གསོ་སྦྱོང་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། དགེ་སློང་ནས། ཆོས་བཞིན་སོགས། ཡང་ཙོག་པུར་འདུག་ནས་འདུད་རྒྱས། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་སོགས།} དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པ་འམ་བཅོ་ལྔ་པ་ལགས་ཏེ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅུ་བཞི་པ་འམ་བཅོ་ལྔ་པ་ལགས་ལ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་གོ་ཞེས་བདག་མཆི་ན། བདག་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་པར་མཁན་པོ་སོགས་ཀྱིས་བཟུང་དུ་གསོལ། ཅེས་ལན་གསུམ་དང་། ཐབས་ལེགས་བྱས་ནས། {ཡང་ཕྱག་གསུམ་འགྲེང་འདུད་ཀྱིས། བསྟན་པ་རིན་པོ་ཆེ་སོགས། གསོ་སྦྱོང་བྱིན་རླབས་ཀྱ་ིཆོ་ག་ལ་ཐུགས་གཏད་པར་བཀའ་དྲིན་ཆེ་ལགས། དགེ་སློང་ནས་ཆོས་བཞིན་སོགས་ཡི་རངས་བརྗོད། དགེ་ཚུལ་རྣམས་ཕྱི་རོལ་དུ་འགྲོའོ། །} ཐོས་པའི་ཉེ་འཁོར་ལས་ལོགས་སུ་བཀར་རོ། །དེ་ནས་དགེ་སློང་གི་གསོ་སྦྱོང་ནི། ལྟུང་བ་ཐུན་མོང་མ་ཡིན་པ་ཕྱིར་བཅོས་དགོས་པ་རྣམས་གོང་དུ་མ་གྲུབ་ན་འདིར་བྱ། གལ་ཏེ་ལྟུང་བ་ནང་མཐུན་པས་བཤགས་ཡུལ་མ་རྙེད་པ་རྣམས་ནི་ཐུན་མོང་གི་བྱིན་བརླབ་བྱ་སྟེ། དེའི་སྔགས་ནི་མདོ་


GTN005_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་པ་པོས། {མཁན་པོ་ནས།} ཐོག་མར་ཡུལ་དུས་ཀྱི་སྟོབས་ཀྱིས་བཤགས་པར་མ་ནུས་པའི་ལྟུང་བ་ཐུན་མོང་བ་རྣམས་ཀྱིས་ལས་ལ་མི་སྒྲིབ་པར་བྱ་བའི་ཕྱིར་གསོལ་བའི་ལས་ཀྱིས་བྱིན་གྱིས་བརླབ་པར་བགྱི་བས་དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པ་འམ་བཅོ་ལྔ་པ་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་དང་བཅས་པར་གྱུར་ན། གང་གི་མདུན་དུ་བདག་ཅག་གི་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱི་བ། བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆིས་ལ། དགེ་སློང་གི་མདུན་དུ་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དེང་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་མཛད་ལ། སླད་ཀྱིས་དགེ་སློང་གི་མདུན་དུ་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །དེ་ནས་སྔར་གནས་ལ་བློ་མཐུན་བྱས་པ་ཞིག་པའམ་མ་བྱས་པ་ཡིན་ན་འདི་ལྟར་བྱ་སྟེ། གནས་ལ་བློ་མཐུན་བགྱི་བས། ལས་མཛད་པའི་གནས་འདི་ཉེ་འཁོར་དང་བཅས་པ་ཚུན་ཆད་གསོ་སྦྱོང་གི་གནས་སུ་བློ་བསྟུན་པ་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བཞེད་ན། གལ་ཏེ་དགེ་འདུན་གྱིས་


GTN005_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱིའོ། །འདི་ནི་གསོལ་བའོ། །བརྗོད་པ་མཇུག་སྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་ནས། འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བཞེད་དེ། དེའི་སླད་དུ་དགེ་འདུན་གྱིས། གནས་ཐམས་ཅད་ནས། འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱི་ན། ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་ནས། འདོམ་གང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་གནས་ཐམས་ཅད་ནས། འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱིས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །{མཚམས་བུ་ཆུང་གཅོད།} འདིར་གྲུབ་པ་ནི་བྲག་སྐྱིབས་ལྟ་བུ་རང་གྲུབ། བགྱིས་པ་ནི་སྐྱེས་བུའི་བྱེད་འཕྲོ། ལགས་པ་ནི་བྱས་ནས་ཟིན་པ་སྟེ་སྐབས་སུ་གང་བབ་བརྗོད་དོ། །དེ་དག་ནི་སྦྱོར་བའི་ཆོས་ཏེ། དེ་ལས་རྒྱུད་ཆགས་གསུམ་འདོན་པ་དང་གཏོར་མ་བཏང་བ་ནི་ཉིན་རེ་ཞིང་ཡང་བྱར་རུང་ལ། ཆོས་བཤད་ཉིན་ནི་ཉ་སྟོང་ཚེས་བརྒྱད་ཀྱི་དུས་བཟང་པོ་རྣམས་ཀྱི་མཚན་མོ་བྱ་བར་གསུངས་པས་གསོ་སྦྱོང་གི་སྔ་ཕྱི་གང་དུ་བྱས་ཀྱང་རུང་བའི་ཕྱིར་མེད་མི་རུང་གི་སྦྱོར་བ་མ་ཡིན་ནའང་། འདིར་གསོ་སྦྱོང་
གི་སྔོན་དུ་འབྲེལ་ཆགས་སུ་མཛད་པའི་ཕྱག་ལེན་ལྟར་སྦྱར་བས་སྦྱོར་བར་སོང་ཞིང་། ཐུན་མིན་གྱི་ལྟུང་བ་བཤགས་བསྡམས་བརླབ་པ་དང་། ཐུན་མོང་བ་གསོལ་བ་འབའ་ཞིག་གིས་བརླབ་པ་རྣམས་ནི་ལྟུང་བ་ཅན་དགེ་འདུན་གྱི་ལས་ལ་འཇུག་པ་ཐམས་ཅད་ཀྱི་སྔོན་འགྲོར་མེད་མི་རུང་གི་ཡན་ལག་ཏུ་སྣང་བས་གསོ་སྦྱོང་གིའང་སྦྱོར་ཆོག་གལ་ཆེ་ཤོས་ཏེ། འོན་ཀྱང་ལྟུང་བས་མ་གོས་པའི་གང་ཟག་ཁྱད་པར་ཅན་ལ་མི་དགོས་པས་མཐའ་གཅིག་ཏུ་ངེས་པར་དགོས་པའི་སྦྱོར་བར་མི་འགྱུར་ལ། གནས་ཀྱི་བློ་མཐུན་ནི། གཉུག་མར་གནས་པའི་དགེ་འདུན་གྱི་གཙུག་ལག་ཁང་ལྟ་བུ་བློ་མཐུན་མ་ཞིག་པ་ཡིན་ན་མ་བྱས་ཀྱང་ཆོག གཞན་དུ་ན་མེད་མི་རུང་གི་སྦྱོར་བར་འགྱུར་ཞིང་། ལས་ཀྱི་མཚམས་ཆེ་ཆུང་གང་རུང་གཅོད་པ་སོགས་ནི་འདིར་བཏང་སྙོམས་སུ་བྱས་སོ། །

གསོ་སྦྱོང་གི་གཞི།


GTN005_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གསོ་སྦྱོང་གི་གཞི་དངོས་ལ། སྤྱིར་བཏང་དང་། དམིགས་བསལ་གཉིས་ལས། དང་པོ་ནི་མདོ་འདོན་ཅིང་ ཉན་པ་སྟེ། གནས་བརྟན་གྱིས། {མཁན་པོ་ཁོ་ནས།} སོ་སོར་ཐར་པ་ལ་སྟོན་པའི་འདུ་ཤེས། རང་ ཉིད་ཀྱི་བསླབ་པ་ལ་གཅེས་སྤྲས་སུ་བྱེད་པའི་འདུ་ཤེས། ཚུལ་འདི་ལ་བརྟེན་ན་རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་པའི་འདུ་ཤེས་ཏེ། དེ་ལྟར་ཐུགས་ལ་བཞག་ནས་གསན་པར་ཞུ། ཞེས་བརྗོད་ལ། མཆོད་བརྗོད་རྣམས་ཀྱི་དུས་ཐལ་མོ་སྦྱོར་ཞིང་། གཞན་གྱི་ཚེ་ཐལ་མོ་བསྣོལ་ནས་རབ་ཏུ་ཞི་བའི་ཚུལ་གྱིས། རྒྱ་གར་སྐད་དུ། པྲ་ཏི་མོཀྵ་སཱུ་ཏྲ། བོད་སྐད་དུ། སོ་སོར་ཐར་པའི་མདོ། {ཐལ་སྦྱར་མཛད་ནས་བསྐུལ།} ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །{མཁན་པོས།} སྙན་པའི་{ཐམས་ཅད་ཕྱག་བསྣོལ།}བ་དན་འཇིག་རྟེན་གསུམ་དུ་གྲགས། །དམ་ པའི་ཆོས་སྒྲ་སེདྒེའི་སྒྲ་བསྒྲགས་པས། །ཐམས་ཅད་མཁྱེན་པ་དཀོན་ཅོག་མཛོད་ བརྙེས་པ། །ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། །སྡུག་བསྔལ་


GTN005_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་གཏིང་མཐའ་མེད་བརྒལ་བ། །འགྲོ་བའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ཏེ། །ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་ཅོག་སྣོད། །འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ། །སངས་རྒྱས་འདུལ་བ་གངས་ཅན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་ཀྱི། །གནས་པའི་སྙིང་དང་སྙིང་པོ་ནི། །སོ་སོར་ཐར་པ་འདི་ ཡིན་ནོ། །འདི་ནི་དམ་ཆོས་རྒྱལ་པོ་ཡི། །ཆོས་ཀུན་གྱི་ནི་འདྲེན་པ་མཆོག །འདི་ནི་དགེ་སློང་ཚོང་ཚོགས་ཀྱི། །བསླབ་ཟོང་ཚོང་ཁང་ཆེན་པོ་ཡིན། །ཚུལ་ཁྲིམས་འཆལ་བས་ཟིན་རྣམས་ཀྱི། །གདུག་པ་རྣམས་སེལ་སྨན་འདི་ཡིན། །འདི་ནི་ལང་ཚོས་རྣམ་འཁྲུལ་པའི། །རྐང་གཉིས་གཞོན་ནུའི་ལྕགས་ཀྱུ་ཡིན། །མཚོ་བས་ཟབ་པའི་འཁོར་བ་ལས། །སྒྲོལ་བའི་བརྒལ་ཐབས་འདི་ཡིན་ཏེ། །འདི་ནི་བཟང་འགྲོར་འགྲོ་བ་ཡི། །ངེས་པའི་ཆུ་ལོན་ཟམ་པ་ཡི། །འདི་ནི་ཉོན་མོངས་ཕམ་བྱེད་ལས། །རྒྱལ་པོ་ཡི་ནི་འདྲེན་པ་མཆོག །འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་གཞི་དང་འདྲ་བར་གནས། །ང་ནི་མྱ་ངན་འདས་གྱུར་ན། །འདི་ནི་ཁྱོད་ཀྱི་སྟོན་པའོ་ཞེས། །རང་བྱུང་ཉིད་ཀྱིས་གུས་བཅས་པར། །ནན་ཏན་དགེ་སློང་ཚོགས་མདུན་བསྟོད། །སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང་། །འཇིག་རྟེན་དག་ན་རབ་ཏུ་དཀོན། །མི་ཉིད་རྙེད་པ་ཤིན་ཏུ་དཀའ། །རབ་ཏུ་བྱུང་བ་ཤིན་ཏུ་དཀོན། །དེ་བཞིན་རབ་ཏུ་བྱུང་རྣམས་ཀྱི། །ཚུལ་ཁྲིམས་ཕུན་སུམ་ཚོགས་རབ་དཀོན། །ཚུལ་ཁྲིམས་ཡོངས་སུ་དག་གྱུར་ཀྱང་། །གྲོགས་བཟང་ཤིན་ཏུ་རྙེད་པར་དཀའ། །འཇིག་རྟེན་སངས་རྒྱས་འབྱུང་བ་དང་། །མི་དང་རབ་ཏུ་འབྱུང་བ་དང་། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་


GTN005_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །གྲོགས་བཟང་རྙེད་དཀའ་རྙེད་གྱུར་ནས། །མཁས་པ་དག་ལ་ལེགས་འདོད་ཅིང་། །དེ་དག་འབྲས་བཅས་བྱེད་འདོད་པའི། །སྡོམ་བརྩོན་རྣམས་ཀྱིས་སོ་སོར་ཐར། །མཉན་པའི་ཕྱིར་ནི་འབད་པར་བགྱི། །དགེ་སློང་དབང་དུལ་ཀུན་དབང་པོ། །སངས་རྒྱས་མི་འགྱུར་རབ་བྱུང་བ། །ངེས་པར་ཐར་པ་འདོད་རྣམས་ཀྱིས། །སོ་སོར་ཐར་པ་རྟག་ཏུ་སྲུངས། །བསྐལ་པ་བྱེ་བ་རྣམས་སུ་ཡང་། །སོ་སོར་ཐར་པ་ཐོས་པ་དང་། །གཟུང་དང་འཛིན་པ་རྙེད་དཀའ་སྟེ། །སྒྲུབ་པའང་ཤིན་ཏུ་རྙེད་པར་དཀའ། །སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཆོས་བསྟན་པ་ཡང་བདེ་བ་ཡིན། །དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །འཕགས་པ་རྣམས་ནི་མཐོང་བ་བདེ། །དམ་པ་རྣམས་དང་འགྲོགས་པ་བདེ། །བྱིས་པ་རྣམས་ནི་མ་མཐོང་ན། །རྟག་ཏུ་བདེ་བ་ཉིད་དུ་འགྱུར། །ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ། །མང་དུ་ཐོས་པ་མཐོང་བ་བདེ། །ཡང་སྲིད་རྣམ་པར་གྲོལ་བ་ཡི། །དགྲ་བཅོམ་པ་དག་མཐོང་བ་བདེ། །འཇུག་ངོགས་བདེ་བའི་ཆུ་ཀླུང་བདེ། །ཆོས་ལ་གོམས་པའི་སྐྱེ་བོ་བདེ། །ཤེས་རབ་ཐོབ་པར་གྱུར་པ་བདེ། །ང་འོ་ང་རྒྱལ་ཟད་པ་བདེ། །ངེས་པར་བྱས་ཤིང་དབང་པོ་ཐུལ་བ་དག །དགོན་པ་ཞི་བ་རྣམས་སུ་རྒས་གྱུར་ཅིང་། །མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱིས་གནས་པ་བདེ། །ཚེ་དང་ལྡན་པ་དག་སོ་ཀ་རྣམས་ཀྱི་འདས་པ་དང་། ལྷག་མ་ཇི་ཙམ་པ་དེ་ཙམ་མོ། །ཞེས་པའི་སྐབས་ཀྱི་དུས་བརྗོད་ ཚུལ་ནི། ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔས་སྟོན་ཟླ་རྫོགས་པས། དེའི་ཕྱི་ཉིན་ཚེས་བཅུ་དྲུག་ནས་དགུན་ཟླ་དང་པོ་ཤར་བའི་ ཕྱིར། དེ་ནས་ལོ་འགོ་འཛིན་པའི་དབང་དུ་བྱས་ནས་འདི་ལྟར་བརྗོད་པར་བྱ་སྟེ། ཧོར་ཟླ་བཅུ་པའི་མར་ངོ་ལ། {མཁན་


GTN005_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

པོས།} ཚེ་དང་ལྡན་པ་དག་སང་གི་སྐྱ་རེངས་ཤར་བའི་ཚེ་དགུན་སྟོད་རྣམས་ཀྱི་ཟླ་བ་ ཕྱེད་ནི་འདས་སོ། །ཟླ་བ་ཕྱེད་དང་གཉིས་ནི་ལུས་སོ། །བཅུ་གཅིག་པའི་ཡར་ངོ་ལ། གཅིག་ནི་འདས་སོ། །གཅིག་ནི་ལུས་སོ། །དེའི་མར་ངོ་ལ། ཕྱེད་དང་གཉིས་འདས། ཕྱེད་ལུས། བཅུ་གཉིས་པའི་ཡར་ངོ་ལ། དགུན་སྟོད་རྣམས་ཀྱི་ཟླ་བ་གཉིས་འདས་ཏེ། ལྷག་མ་མ་ལུས་སོ། །ཞེས་བརྗོད། དེ་བཞིན་དུ། དགུན་སྨད་ཀྱི་ཟླ་བ་གཉིས་དང་། དཔྱིད་ཟླ་བ་གཉིས། སོ་ཀའི་ཟླ་བ་གཉིས། དབྱར་ཟླ་བ་ གཉིས། སྟོན་ཟླ་བ་གཉིས་རྣམས་རིགས་འགྲེ་ཤེས་པར་བྱ། གལ་ཏེ་ཟླ་ལྷག་ཡོད་ཚེ་གང་ལྷག་པའི་དུས་ཚིགས་དེ་ལ། བཤོལ་དང་བཅས་པའི་ཟླ་བ་ཕྱེད་ནི་འདས་སོ། །ཕྱེད་དང་གསུམ་ནི་ལུས་སོ། །ཞེས་པ་ལྟ་བུ་སྐབས་དང་བསྟུན་ཏེ་བརྗོད་དོ། །{ཚེ་དང་ལྡན་པ་དག་གི་སྐྱ་རེངས་ཤར་བའི་ཚེ། དབྱར་རྣམས་ཀྱི་ཞག་ཉི་ཤུ་རྩ་གསུམ་ནིའདས་སོ། །ཟླ་བ་གཅིག་དང་ཞག་བདུན་ནི་ལུས་སོ། །ཚེ་དང་ལྡན་པ་དག་རྒ་བ་སོགས། སོ་སོར་ཐར་པའི་མདོ་དཀྱུས་བཞིན་བྱའོ། །} ༈ ཚེ་དང་ལྡན་པ་དག་རྒ་བ་དང་། འཆི་བ་མངོན་པར་འོང་ཞིང་སྟོན་པའི་བསྟན་པའང་འཇིག་པར་འགྱུར་བས་ཚེ་དང་ལྡན་པ་དག་གིས་བག་ཡོད་པ་རྣལ་འབྱོར་དུ་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང་། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པའི་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱང་བག་ཡོད་པས་འཐོབ་བོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་དོན་ཉུང་བ་བྱ་བ་ཉུང་བ་ཡིན་པས། དགེ་འདུན་གྱི་ཐོག་མར་བྱ་བ་ཅི་ཡོད། ཚེ་དང་ལྡན་པ་དག་མ་ལྷགས་པ་རྣམས་ལ་འདུན་པ་དང་ཡོངས་སུ་དག་པ་དྲིས་ཤིག །དྲིས་ནས་ཀྱང་བརྗོད་པར་བྱའོ། །{འདུན་པ་འབུལ་དགོས་མེད་ན། འདི་ནས་ཤཱཀྱ་སེངྒེ་དེ་ལ་ནི་སོགས་ཡིན་ལགས།} ཞེས་བརྗོད་མ་ཐག་དགེ་སྐོས་ཀྱི་


GTN005_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་པས། མཚམས་ནང་གི་དགེ་སློང་ན་བ་སོགས་རྐྱེན་དབང་གིས་འདུ་མ་ནུས་པ་ཡོད་ན་འདུན་དག་ལེན་པའི་དགེ་སློང་བསྐོས་ལ། དེས་དེར་ཕྱིན་ནས་འདུན་དག་ལེན་ཏེ། དེ་འབུལ་བའི་སྔགས་ནི། {འབུལ་པ་པོས་གདིང་ཆོས་བཅས་ཕྱག་གསུམ། འགྲེང་འདུད་ཀྱིས། བསྟན་པ་རིན་པོ་ཆེ་སོགས། འདུན་པ་འབུལ་བའི་ཆོ་ག་ལ་ཐུགས་གཏད་པར་ཞུ། ལེན་པོས་ཆོས་བཞིན་སོགས། སར་འདུག་འདུད་རྒྱ་བཅས།} ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པ་འམ་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་བྲོ་འཚལ་བའམ། དབང་མེད་པའམ། ཆོས་ལྡན་གྱི་བྱ་བས་གཡེངས་པ་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅུ་བཞི་པ་འམ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་བྲོ་འཚལ་བ་སོགས་མིང་འདི་ཞེས་བགྱི་བའི་{བཅོ་ལྔ་པ་ལགས་ལ། བདག་དགེ་སློང་ཆོས་ལྡན་གྱི་བྱ་བས་གཡེངས་པ་མིང་འདི་ཞེས་བགྱི་བས་ཡང་གསོ་སྦྱོང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་ཆོས་ལྡན་གྱི་བྱ་བས་གཡེངས་པ་མིང་འདི་ཞེས་བགྱི་བའི་བར་ཆད་ཀྱི་སོགས།}བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་འཆིའོ། །དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །བདག་གི་གསོ་སྦྱོང་ཡང་ཡོངས་སུ་དག་གོ །འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །ཞེས་ལན་གསུམ་བཟླས། {ཐབས་ལེགས་བྱ། ཕྱག་གསུམ། འགྲེང་འདུད། བསྟན་པ་རིན་པོ་ཆེ་སོགས། བཀའ་དྲིན་ཆེ་ལགས། ལེན་པོས་ཆོས་བཞིན་སོགས་ཡི་རངས་བརྗོད།} དེ་ནས་ལེན་པ་པོས་ནང་དུ་འོངས་ཏེ་དགེ་འདུན་ལ་བརྗོད་པ་ནི། {འདུན་པ་ལེན་པོས། ཆོས་གདིང་བཅས་ཕྱག་གསུམ་འགྲེང་འདུད་ཀྱིས་གནས་འདིའི་ཉེ་འཁོར་ན། དགེ་སློང་ཆོས་ལྡན་བྱ་བས་གཡེང་བའམ། བྲོ་འཚལ་བ་བསླབ་རིམ་གྱི་མིང་ནས་སྨོས། ཞེས་བགྱི་བའི་ཡང་། བགྱི་བ་དག །བགྱི་བ་རྣམས་སྐབས་བསྒྱུར་བས་དུས།} དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པ་འམ་བཅོ་ལྔ་པ་ལགས་ལ། གནས་


GTN005_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སོགས་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅུ་བཞི་པ་འམ་བཅོ་ལྔ་པ་ལགས་ཏེ། དགེ་སློང་བྲོ་འཚལ་བ་སོགས་མིང་འདི་ཞེས་བགྱི་བ་དེ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆིའོ། །དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །དེའི་གསོ་སྦྱོང་ཡང་ཡོངས་སུ་དག་གོ །འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིའོ། །ཞེས་ལན་གཅིག་བརྗོད། དེ་ནས་གནས་བརྟན་གྱིས། {མཁན་པོ་ཁོ་ནས།}ཤཱཀྱ་སེང་གེ་དེ་ལ་ནི། །སོར་མོ་བཅུ་ཡིས་ཐལ་སྦྱར་ཏེ། །སོ་སོར་ཐར་པ་གདོན་པར་བྱ། །འདུལ་བའི་དོན་དུ་ང་ལས་ཉོན། །ཐོས་ནས་དྲང་སྲོང་ཆེན་པོ་ཡིས། །ཇི་སྐད་གསུང་བཞིན་བསྒྲུབ་བྱ་ཞིང་། །ཁ་ན་མ་ཐོ་ཕྲ་རྣམས་ལ། །བརྟུན་ཅིང་བྱེད་པ་ཉིད་དུ་གྱིས། །རྟག་ཏུ་འབད་པས་འདའ་བ་ཡི། །སེམས་རྟ་ཁ་བླན་དཀའ་བ་ལ། །མཐུན་པའི་གཟེར་རྣོན་བརྒྱ་པ་ཡི། །སྲབ་ནི་སོ་སོར་ཐར་འདི་ཡིན། །ཆེ་བ་གང་དག་ངག་ཙམ་གྱིས། །ལྡོག་ཅིང་མཚམས་ལས་མི་འདའ་བ། །དེ་དག་མི་རྟ་བཟང་པོ་སྟེ། །ཉོན་མོངས་གཡུལ་ལས་ངེས་རྒྱལ་འགྱུར། །སུ་ལ་སྲབ་འདི་མེད་པ་དང་། །ནམ་དུའང་འདོད་པར་མི་འགྱུར་བ། །དེ་དག་ ཉོན་མོངས་གཡུལ་གྱིས་དཀྲུགས། །འཇོག་བྲལ་རྣམ་པར་འཁྱམ་པར་འགྱུར། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པ་འམ་བཅོ་ལྔ་པ་ལགས་ཏེ། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དེང་དགེ་འདུན་གསོ་སྦྱོང་མཛད་དེ།


GTN005_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་ཐར་པའི་མདོ་འདོན་པ་གདོན་ནོ། །འདི་ནི་གསོལ་བའོ། །ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ། སོ་སོར་ཐར་པའི་མདོ་འདོན་པ་གདོན་གྱི། ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེ་མཐོལ་ཞིང་། ལྟུང་བ་མེད་ན་ཅང་མ་སྨྲ་ཞིག །ཅང་མི་སྨྲ་ན་བདག་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་པར་རིག་པར་བྱའོ། །དེ་ལྟར་སོ་སོར་དྲིས་ནས་དགེ་སློང་གིས་ལན་བཏབ་པ་དེ་བཞིན་དུ་དགེ་སློང་གི་འཁོར་འདི་ལྟ་བུར་ཡང་ལན་གསུམ་གྱི་བར་དུ་བསྒྲག་པར་བྱ་བ་ཡིན་ནོ། །ཡང་དགེ་སློང་གང་དགེ་སློང་གི་འཁོར་འདི་ལྟ་བུར་ལན་གསུམ་གྱི་བར་དུ་བསྒྲགས་པ་ན་ལྟུང་བ་ཡོད་ལ་དྲན་བཞིན་དུ་མི་མཐོལ་ན་དེ་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ཡིན་ནོ། །ཚེ་དང་ལྡན་པ་དག་ཤེས་བཞིན་དུ་རྫུན་དུ་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་སོ། །དེ་བས་ན་དགེ་སློང་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པས་ལྟུང་བ་ཡོད་ལ་དྲན་ཞིང་མཐོང་བ་མཐོལ་བར་བྱའོ། །མཐོལ་ཞིང་བཤགས་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཚེ་དང་ལྡན་པ་དག་བདག་གིས་སོ་སོར་ཐར་པའི་མདོ་འདོན་པའི་གླེང་གཞི་བཏོན་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན། འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ནོ། །ལྷག་མ་ཐོས་པ་བསྒྲགས་པས་ཀྱང་རུང་བས་འདི་སྐད་ཅེས། ཚེ་དང་ལྡན་པ་དག །སླད་མ་ཕམ་པར་འགྱུར་བའི་ཆོས་བཞི་དང་། དགེ་འདུན་


GTN005_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མའི་ཆོས་བཅུ་གསུམ་དང་། མ་ངེས་པའི་ཆོས་གཉིས་དང་། སྤང་བ་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང་། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་དང་། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང་། བསླབ་པར་བྱ་བའི་ཆོས་མང་པོ་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་རྣམས་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་ལས་འབྱུང་བས་སྔར་གསན་པའམ། ཕྱིས་ཀྱང་གསན་པར་འགྱུར་རོ། །ཞེས་མདོའི་ཆེ་བ་དང་མ་ལྷགས་པའི་འདུན་དག་ལེན་བརྗོད། གསོལ་བ་དང་རྣམ་གཞག་འཛིན་དུ་གཞུག་པ་སྔར་བྱ་བས་དངོས་གཞི་མདོ་འདོན་པ་ལ་སྔར་གསུངས་པ་ལས། འདིར་དེང་སང་གི་ཕྱག་ལེན་ལྟར་གླེང་གཞི་ཡན་རྫོགས་པར་བཏོན། དེ་མན་ཕམ་ལྷག་མ་ངེས་པ་དང་རིལ་འདོན་བཞི་པོ་ཐོས་པ་བསྒྲགས་པའི་དབང་དུ་བྱས་པ་སྟེ། སྤྲོ་ཞིང་ནུས་ན་ཇི་ལྟར་རིགས་པ་འདོན་པར་བྱའོ། །དེ་ནས་མཇུག་གི་བྱ་བ་ནི། {མཁན་པོས་བསྐུལ་ཏེ་སྡེབ་འདོན་མཛད།} སོ་སོར་ཐར་པ་བཏོན་པ་ཡིས། །བསོད་ནམས་གྲུབ་པ་གང་ཡོད་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་ཐོབ་པར་ཤོག ༈ །{འདུལ་བ་}བརྩམ་པར་བྱ་ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པས། །ཆོས་འདུལ་འདི་ལ་སྤྱོད་གྱུར་པ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། ༈ །ཕན་ཚུན་ཚུལ་ཁྲིམས་བསྲུང་བ་དང་། །བསྟན་པ་འཕེལ་བར་བྱ་བའི་ཕྱིར། །སོ་སོར་ཐར་པ་འདི་བཏོན་པས། །དགེ་འདུན་གྱིས་ནི་གསོ་སྦྱོང་བྱས། །གང་གི་ཕྱིར་ནི་མདོ་བཏོན་དང་། །གང་ཕྱིར་གསོ་སྦྱོང་བྱས་གྱུར་པའི། །ཚུལ་ཁྲིམས་འདི་ནི་བསྲུང་བྱ་སྟེ། །གཡག་རྔའི་རྩེ་མོ་ཇི་བཞིན་ནོ། །ཞེས་དང་། གཞན་ཡང་བསྔོ་སྨོན་དང་


GTN005_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་ཅི་རིགས་པ་བརྗོད་པར་བྱའོ། །{ཕྱོགས་བཅུ་ན་སོགས་མཁན་པོས་དགོངས་གསོལ་མཐུན་གྱུར་ཞུ། བསོད་ནམས་འདི་ཡིས་སོགས། འགྲོ་ཀུན་དགེ་རྩ་སོགས། འགྲོ་བའི་སྡུག་བསྔལ་སོགས། ཕན་བདེ་འབྱུང་བའི་སོགས། འཇིག་རྟེན་བདེ་ཞིང་སོགས། སངས་རྒྱས་སྐུ་གསུམ་སོགས། ཨོ་རྒྱན་དུས་གསུམ་སོགས། མདོ་སྔགས་ལུང་རྟོགས་སོགས། རྒྱལ་བ་ཀུན་གྱི་སོགས། སྟོན་པ་འཇིག་རྟེན་སོགས། ཉིན་མོ་བདེ་ལེགས། དེ་ལྟར་འགྲུབ་པ་སོགས། དགེ་སློང་རྣམས་སྣམ་སྦྱར་དྲིལ། གདིང་ཆོས་ལྟེབ་ཕྱི་མ་སློག་པ་བཅད་ཁ་ཕྱིར་བསྟན་ཕྲག་གཡོན་འཕེན་གཙུག་ལག་ཁང་ལ་བསྐོར་བ་བཅས་ མཛད་ནས་གཟིམས་ཤག་ཏུ་ཕེབས་སོ། །ཕྱག་བཞེས་མིག་ལྟ་གལ་ཆེའོ། །} གཉིས་པ་དམིགས་བསལ་གྱི་གསོ་སྦྱོང་ནི། རྐྱེན་དབང་གིས་ལམ་དུ་ཡིད་ཀྱིས་བྱིན་གྱིས་བརླབས་པའམ། གནས་གཅིག་ན་རང་གཅིག་པུ་ལས་མེད་ན་འདུག་ལ། ལྷ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཀྱིས་ཡོངས་སུ་དག་གོ་ཞེས་བདག་མཆི་ན་བདག་ཡོངས་སུ་དག་པར་ལྷ་རྣམས་ཀྱིས་བཟུང་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དེང་གསོ་སྦྱོང་བྱིན་གྱིས་བརླབ་བོ། །གང་གི་ཚེ་དགེ་འདུན་ཚོགས་པ་རྙེད་པ་དེའི་ཚེ་དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་རྒྱ་ཆེར་ཉམས་སུ་མྱོང་བར་བྱ་ཞིང་། སོ་སོར་ཐར་པའི་མདོ་འདོན་པ་ཡང་གདོན་པར་བགྱིའོ། །ཞེས་ལན་གསུམ་བརྗོད་ཅིང་ཡིད་ལ་བསམ་མོ། །ཡང་དགེ་སློང་གཉིས་དང་གསུམ་ཡོད་ན་ཕན་ཚུན་གཅིག་གི་མདུན་དུ་གཅིག་འདུག་སྟེ། བཙུན་པ་དགོངས་སུ་གསོལ།
ཞེས་དང་། མཐར་བཙུན་པས་བཟུང་དུ་གསོལ་ཞེས་བརྗེ་ཞིང་ཐབས་ལེགས་བྱ། དེ་ཙམ་ཡང་མ་གྲུབ་ན། གསོ་སྦྱོང་གི་དུས་ལ་བབ་པ་དང་། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །ཞེས་སོགས་སྔོན་དུ་བཏང་སྟེ། ཐུབ་པའི་སྔོན་གྱི་གསོ་སྦྱོང་། སྡིག་པ་ཅི་ཡང་མི་བྱ་སྟེ། །ཞེས་སོགས་དང་། ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཀུན་ཏུ་བསྡམས་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ཞེས་པ་ཙམ་འདོན་ནོ། །དེ་དག་ནི་དུས་ངེས་པ་ཅན་གྱི་གསོ་སྦྱོང་སྟེ། གཞན་དུ་ངེས་མེད་བཀྲ་ཤིས་པའི་དང་། གནོད་པ་བཟློག་པའི་དང་། རྩོད་པ་བཟློག་པའི་གསོ་སྦྱོང་གསུམ་ལ་ནི། སྦྱོར་དངོས་མཇུག་གསུམ་གྱི་ཆོ་ག་ཐམས་ཅད་སྔར་དང་འདྲ་བ་ལས། གསོལ་བའི་ལས་ཀྱི་ཚེ་གསོ་སྦྱོང་བཅོ་ལྔ་པ་སྟེ། ཞེས་པའི་དོད་ལ། བཀྲ་ཤིས་ཀྱི་གསོ་སྦྱོང་སྟེ། ཞེས་པ་ལྟ་བུ་དང་། དུས་བརྗོད་དུས། ཧོར་ཟླ་བཅུ་པའི་ཚེས་བཅོ་བརྒྱད་ལྟ་བུ་ལ། དགུན་སྟོད་རྣམས་ཀྱི་ཟླ་བ་དང་པོའི་བར་ཞག་གསུམ་ནི་འདས་སོ། །ཟླ་བ་གཅིག་དང་ཞག་ཉི་ཤུ་རྩ་བདུན་ནི་ལུས་སོ། །ཞེས་བརྗོད་པ་ཙམ་ཁྱད་པར་རོ། །

དབྱར་གནས་ཀྱི་གཞི།


GTN005_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་དབྱར་གྱི་གཞིའི་ཆོ་ག་ལ། སྦྱོར་བ་ནི། སྔོན་དུ་གཙུག་ལག་ཁང་བྱི་དོར་བྱ་བ་དང་། རྟེན་དགྲམ་པ་སོགས་བྱ་ཞིང་གནས་མལ་གྱི་གདན་སྤྱད་སོགས་སྟོབ་རྒྱུ་ཡོད་ན་སྟ་གོན་བྱས་ལ། དབྱར་སྔ་མ་ཡིན་ན། དབྱར་ཟླ་འབྲིང་པོ་ཆུ་སྟོད་ཀྱི་ཟླ་བ་རྫོགས་པ་ཧོར་ཟླ་དྲུག་པའི་ཉ་དང་། ཕྱི་མ་ཡིན་ན་དབྱར་ཟླ་ཐ་ཆུང་གྲོ་ཞུན་གྱི་ཟླ་བ་རྫོགས་པ་ཧོར་ཟླ་བདུན་པའི་ཉའི་ཉིན་པར་སྔར་བཞིན་གསོ་སྦྱོང་བྱས་ཚར་མ་ཐག། གནས་མལ་སྟོབ་པའི་དགེ་སློང་གཅིག་གམ་དུ་མ་བསྐོ་བར་བྱ་སྟེ། ཇི་ལྟར་ན་ལས་བྱེད་པས། {ཟླ་བ་དྲུག་པའི་ཉའི་སྐྱ་རེངས་འཆར་བ་དང་། དགེ་ཚུལ་སློང་གི་གསོ་སྦྱོང་མཛད་སྦྱིན་ནས། དགེ་ཚུལ་རྣམས་འདུ་ཁང་ཕྱིར་འཁོར་གཡབ་འོག་ཏུ་རང་རང་གི་གདིང་བར་འདུག་དགོས། མཁན་པོ་ཁྲིར་བཞུགས་བཞིན།}


GTN005_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་མིང་འདི་ཞེས་བགྱི་བ་ཁྱོད། དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་པར་སྤྲོའམ། ཞེས་དྲིས་པའི་ལན་དུ། དེས་ཀྱང་སྤྲོ་ལགས་ཞེས་བརྗོད། དེ་ནས་ལས་བྱེད་པས། ཁོང་སྤྲོ་བར་གདའ་བས་གནས་མལ་སྟོབ་པ་བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བགྱི་བས་དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས། ཐོག་མར་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོས་ཏེ། དགེ་སློང་གནས་མལ་སྟོབ་པ་མིང་འདི་ཞེས་བགྱི་བ་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་བོ། །འདི་ནི་གསོལ་བའོ། །བརྗོད་པ་མཇུག་སྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་བརྗོད། དེ་ལྟར་བསྐོས་པའི་དགེ་སློང་དེས་གནས་མལ་


GTN005_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབ་པ་དང་ཚུལ་ཤིང་བྲིམ་པ་ཡང་བྱའོ། །གལ་ཏེ་གནས་མལ་སྟོབ་མི་དགོས་ན་ཚུལ་ཤིང་བྲིམ་པ་བསྐོ་བའི་ཆོ་ག་ནི། རྩོད་པ་ཞི་བྱེད་ནས་འབྱུང་བ་ལྟར་བརྗོད་དེ། ལས་བྱེད་པས། དགེ་སློང་མིང་འདི་ཞེས་བགྱི་བ་ཁྱོད་དགེ་འདུན་ལ་ཚུལ་ཤིང་བྲིམ་པར་སྤྲོའམ། ཞེས་དྲི། སྤྲོ་ཟེར་ན། {མཁན་པོས་གོང་སྤྲོ་བར་གདབ་པས། དགེ་འདུན་ལ་ཚུལ་ཤིང་བྲིམ་པར་བསྐོ་བ་གསོལ་བ་དང་གཉིས་སོགས་ཁ་བསྒྱུར་བཅས་དེ་དེ་བཞིན་དུ་འཛིན་ཏོ་བར་བརྗོད།} སྔར་གྱི་དབྱར་གྱི་གནས་མལ་སྟོབ་པ་ཞེས་པའི་དོད་དུ། དགེ་འདུན་ལ་ཚུལ་ཤིང་བྲིམ་པར་ཞེས་བསྒྱུར་བས་གསོལ་གཉིས་ཀྱི་ལས་མཇུག་སྡུད་དང་བཅས་པ་བརྗོད་དོ། །དེས་ཚུལ་ཤིང་འཇམ་ཞིང་དྲང་བ་སྲིད་དུ་ཁྲུ་གང་བ་དྲི་བཟང་པོས་ཁ་བསྒྱུར་བ་དགེ་འདུན་གྱི་གྲངས་ལས་མི་ཉུང་བ་རྣམས་གཟེབ་ཀྱི་པྲོག་མར་རས་དཀར་བཏིང་བས་དཀྲིས་པ་རྒན་པའི་མཐར་བཞག་ལ། རང་ཉིད་འགྲེང་སྟེ་ཐལ་མོ་སྦྱར་ནས་དབྱར་གྱི་ཁྲིམས་བརྗོད་པར་བྱ་སྟེ། {དབྱར་བདག་རྒན་པས་རང་མལ་ནས་སྣམ་སྦྱར་བཅས་གཟན་ཕབ་ཕྱག་གསུམ་གཟན་ཕྲག་ཁྱེར་འགྲེང་འདུད་ཀྱིས།} དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བཀྲ་ཤིས་ཀྱི་གཙུག་ལག་ཁང་མིང་འདི་ཞེས་བྱ་བ་འདི་ན་ཁྲིམས་སུ་བྱ་བ། དགེ་སྦྱོང་གི་ཆོས་བཞི་ལས་མི་འདའ་བར་བྱ་བ་འདི་དང་། ཆོས་སྤྱོད་བཅུའི་བྱ་བ་ལ་བརྩོན་པས་བསླབ་པར་བྱ་བ་འདི་དང་། དབྱར་དགེ་འདུན་གྱི་ནང་དུ་འཁྲུག་ལོང་མི་བསྐྱེད་པར་བྱ་བ་འདི་དང་། ལྟུང་བ་གླེང་དྲན་མི་བྱ་བ་འདི་དང་། ཆད་པས་གཅོད་པའི་ལས་མི་བྱ་བ་འདི་དང་། གནས་རལ་བ་དང་གྲུམ་པ་བཅོས་པར་བྱ་བ་འདི་དང་། བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་འཆར་བ་མི་བྱ་བ་འདི་དང་། དགེ་འདུན་གྱི་སྤྱི་གདན་ལ་ཞབས་རྗེན་པར་མི་འཇོག་པ་འདི་དང་། ཞལ་བཤལ་བའི་ཆུ་དགེ་འདུན་གྱི་གཙུག་ལག་ཁང་དུ་མི་འདོར་བར་བྱ་བ་ལ་སོགས་


GTN005_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ཡོད་དེ། ཁྱེད་ཅག་ལས་གང་ཁྲིམས་སུ་བྱ་བ་འདི་དང་འདིས། གནས་འདིར་གནས་པར་སྤྲོ་བ་དེས་ནི་ཚུལ་ཤིང་བཞེས་ཤིག །ཁྱེད་ཅག་ལས་སུས་ཀྱང་དབྱར་དགེ་འདུན་གྱི་ནང་དུ་འཁྲུག་ལོང་བསྐྱེད་པར་མི་བྱའོ། །ཁྱེད་ཅག་ལས་གང་གིས་འགའ་ཞིག་ལ་ཅུང་ཟད་ཤེས་པ་དེས་སྨོས་ཤིག །ཁྱེད་ཅག་ལས་གང་དབྱར་གྱི་ནང་དུ་དགེ་འདུན་ལ་འཁྲུག་ལོང་བསྐྱེད་པར་འགྱུར་པ་དེ་ལ། དགེ་འདུན་གྱིས་ཕྱིས་ཉེ་བར་བརྟག་པར་དགོངས་སོ། །{ཡང་གཙུག་ལག་ཁང་གི་ཕྱི་རོལ་དུ་དགེ་ཚུལ་རྣམས་ལ་ཞལ་ཕྱོགས། གདིང་བ་བཅས། དགེ་ཚུལ་མང་པོ་འཚོགས་ན་ཕྱག་འབུལ། རེ་གཉིས་ལས་མེད་ན་ཚུལ་ཕྱག་ནང་ལྟར་དགོངས་གསོལ་ནས། བརྟགས་པར་དགོངས་སོ་བར་བརྗོད་ནས། ནང་དུ་བྱོན་ནས་གྲལ་དུ་བཞུགས།} ཞེས་བརྗོད་ནས་གྲལ་དུ་འདུག་གོ །དེ་ནས་ལས་བྱེད་པས། ཚུལ་ཤིང་བཞེས་པ་དང་དབྱར་གནས་པར་ཞལ་གྱིས་བཞེས་པའི་སླད་དུ་དགེ་འདུན་རྣམས་ཐུགས་བསྟུན་པ་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་དབྱར་ཉེ་བར་སྒྲུབ་པ་དབྱར་ཟླ་འབྲིང་པོའམ་ཐ་ཆུང་གི་ཚེས་བཅོ་ལྔ་ལགས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱི་དེང་ཚུལ་ཤིང་བཞེས་ཏེ། སང་ནངས་པར་དབྱར་གནས་པར་ཁས་བླང་ངོ་། །འདི་ནི་གསོལ་བའོ། །{དབྱར་བདག་གཉིས་ལངས་ནས་སྣམ་སྦྱར་ཕྲག་ཁྱེར་སོ་སོའི་ཚུལ་ཤིང་སར་འོང་ནས་རྒན་པོས་སྟོན་པའི་ཚུལ་ཤིང་དར་དང་མེ་ཏོག་གིས་དཀྲིས་པ་ལག་གཡས་པའི་དཀྱིལ་མཛུབ་ཀྱིས་ཚུལ་ཤིང་གི་རྩེ་དང་གཡོན་པས་སྲིན་ལག་གིས་མཇུག་ནས་འདྲེན་ཏེ་སྤྱི་བོར་བཟུང་། འདི་ནི་བདག་ཅག་སོགས་བརྗོད་དེ་སྟོན་པའི་སྐུ་མདུན་དུ་ཕུལ། རྒན་པོས་མཁན་པོའི་ཚུལ་ཤིང་སྟབས་པ་ཁྲི་ལས་ཕྱེད་འཕགས་ཀྱིས་


GTN005_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དལ་བུས་བླངས་ཏེ་པང་དུ་འཇོག་སྟེ། དེ་ནས་དབྱར་བདག་པས་རྒན་རིམ་དང་། གཞོན་རིམ།} དེ་ནས་བྲིམ་པ་པོས་དང་པོར་སྟོན་པའི་ཚུལ་ཤིང་དར་དང་མེ་ཏོག་གིས་དཀྲིས་པ་ལག་པའི་{གཡས་}གུང་{གཡོན་}སྲིན་གཉིས་ཀྱིས་སྣ་གཉིས་ནས་བླངས་ཏེ་སྤྱི་བོར་རེག་ནས། འདི་ནི་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེས་བཞེས་པར་མཛད་དོ། །ཞེས་བརྗོད་དེ་སྟོན་པའི་སྤྱན་སྔར་དབུལ། དེ་ནས་པྲོག་མ་སོ་སོའི་མདུན་དུ་ཁྱེར་ཏེ་གནས་བརྟན་{མཁན་པོ་}ནས་རིམ་པར་བྲིམ་ཞིང་། ལེན་པ་པོ་རྣམས་ཀྱིས་ཀྱང་ཅང་མི་སྨྲ་བར་སྟན་ལས་ཕྱེད་འཕགས་ཏེ་རང་རང་གི་ཚུལ་ཤིང་བླངས་ནས་དལ་བུས་པང་དུ་བཞག །དགེ་སློང་རྫོགས་པ་དང་དགེ་ཚུལ་རྣམས་ཀྱི་ཚུལ་ཤིང་ནི། འདི་ནི་དགེ་ཚུལ་འདི་དང་འདིའི་འོ། །ཞེས་རང་རང་གི་མཁན་སློབ་ཀྱིས་བླང་། མཇུག་ཏུ་{དེ་ལྟར་དགེ་སློང་གི་ཚུལ་ཤིང་རྫོགས་པ་དང་དབྱར་བདག་གཉིས་ཀས་དགེ་སློང་གཞོན་རིམ་ནས་རྒན་པས་མཁན་པོ་བཅས་པར་ཚུལ་ཤིང་བསྡུས་ཏེ་གྲངས་རྩི། ཡང་མཁན་པོ་རིམ་པ་ཚུལ་ཤིང་བྲིམ་པར་དགེ་སློང་རྣམས་ཀྱི་རང་གནས་ལེན་དགོས་ལྟར་དགེ་ཚུལ་གྱི་ཚུལ་ཤིང་དགེ་སློང་གིས་བླང་། འདི་ལ་དགེ་ཚུལ་གྱི་མིང་བརྗོད་དགོས་གསུངས། དེ་རྗེས་ཚུལ་ཤིང་ལྷག་མ་ཟུར་དུ་ཕྱུང་སྟེ། དགེ་ཚུལ་གྱི་ཚུལ་ཤིང་བསྡུ་ལ་གྲངས་རྩི། མཇུག་ཏུ་དབྱར་བདག་རྒན་པས་ཚུལ་ཤིང་ལྷག་མ་མཁན་པོས་མདུན་དུ་བཏེགས་པས་}འདི་ནི་གཙུག་ལག་ཁང་འདི་ན་གཉུག་མར་གནས་པའི་ལྷའི་འོ་ཞེས་གནས་བརྟན་གྱིས་{མཁན་པོས།}བླང་། དེ་ནས་དགེ་སློང་དང་དགེ་ཚུལ་གཉིས་རིམ་པར་མ་འདྲེས་པར་བསྡུས་ནས་གྲངས་བཟུང་སྟེ། བྲིམ་པ་པོས་འགྲེང་སྟེ་ཐལ་མོ་སྦྱར་ནས། {དབྱར་བདག་པས་གདིང་བའི་ཕྱག་བཅས།} དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བཀྲ་ཤིས་ཀྱི་གཙུག་ལག་ཁང་འདི་ཞེས་བྱ་བ་འདིར་དགེ་སློང་འདི་སྙེད་ཀྱིས་ཚུལ་ཤིང་བཞེས་སོ། །ཞེས་གོ་བར་བྱ་ཞིང་། གྲལ་ན་གནས་པ་རྣམས་ཀྱིས་བཞེས་སོ་ཞེས་ལན་ཟེར་


GTN005_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བ་དགག་དབྱེའི་རིགས་འགྲེ་ལས་བཤད་ཁུངས་མེད་པས་མ་དག་གསུངས། དགེ་ཚུལ་འདི་ཉིད་ཀྱིས་བླངས་ཞེས་བརྗོད་པ་ནི་མདོར་མ་བཤད་ཀྱང་མཆིམས་ཆེན་གྱི་ཡི་གེ་ལྟར་ཕྱག་ལེན་དུ་མཛད་དོ། །{ཡང་གཙུག་ལག་ཁང་གི་ཕྱི་རོལ་ནས་དགེ་ཚུལ་ལ་ཕྱག་འགྲེང་འདུད་བཅས་ནང་ལྟར་དགེ་གསོལ་གྲངས་བརྗོད་བཅས་གྲུབ་ནས་ནང་དུ་ལོག །དབྱར་རྒན་པས་སྒོ་ལྡེ་མིག་འབྱར་བ་མཁན་པོར་ཕུལ། གཙུག་ལག་ཁང་སོགས་བརྗོད།} དེའི་འོག་ཏུ་གནས་མལ་སྟོབ་པ་ནི། སྤྱིར་གནས་ཁང་དང་མལ་སྟན་སོགས་གཉུག་མར་གནས་པ་རྣམས་ལ་བསྟབས་ཟིན་པ་དག་ཡིན་མོད་ཀྱི། འོན་ཀྱང་གློ་བུར་བ་ལ་གསར་སྟོབ་དགོས་པ་དང་། དེར་མ་ཟད་སྟོབ་རྒྱུ་ཡོད་ན་སོ་སོར་སྟོབ་པར་བྱ་བ་སྟེ། བསྐོས་པོས་{དབྱར་རྒན་པས།}གནས་ཁང་གི་སྒོ་ལྕགས་དང་ལྡེ་མིག་བཟུང་ནས། {གཉིས་ཀས་ལག་གཡས་སྟེང་གཡོན་འོག} དང་པོར་གནས་བརྟན་གྱི་མདུན་དུ་འདུག་སྟེ། མཁན་པོ་འམ་སློབ་དཔོན་ནམ་གནས་བརྟན་གཙུག་ལག་ཁང་འདི་ནི་གོས་ཀྱི་རྙེད་པ་སོགས་ཡོ་བྱད་དང་ལྡན་པ་ལགས་ཀྱི་བཞེས་ཤིག །ཅེས་རྒན་རིམ་ནས་དགེ་ཚུལ་གྱི་མཐའི་བར་དུའང་རང་རང་གི་གནས་ཁང་གི་སྒོ་ལྕགས་དང་ལྡེ་མིག་གཏད་ཅིང་། ལེན་པ་པོ་རྣམས་ཀྱིས་ཀྱང་ཅང་མི་སྨྲ་བར་ལྷུང་བཟེད་ལྟར་བླང་ངོ་། །དེ་ནས་མལ་སྟན་ཡང་རིམ་པ་བཞིན་དུ། {སླར་དབྱར་བདག་གཉིས་ཀས་རྒན་གཞོན་རིམ་བཞིན་ཕྱོགས་སོ་སོར་ནས་ཁོའུ་ལྡེ་མིག་དབྱར་བདག་གཏད་ནས་གཙུག་ལག་ཁང་སོགས་བརྗོད། དེ་ཐོག་མར་དགེ་སློང་། དེ་ནས་དགེ་ཚུལ་སོ་སོའི་གདིང་ཆོས་ཀྱི་སྣེདང་། དགེ་ཚུལ་སློང་གི་རང་རང་གི་ཆོས་གདིང་གི་སྣེ་གཉིས་གཡས་སྟེང་གཡོན་འོག་བྱས་འཛིན་ལ་གདན་སྣེ་དབྱར་བདག་གིས་བཟུང་ནས། གདན་ཆ་འདི་ལ་སོགས།} གདན་ཆ་འདི་ལ་དབྱར་ཚུལ་དང་མཐུན་པར་ལོངས་སྤྱོད་ཅིག །ཅེས་བྲིམས་ཚར་བའི་རྗེས་སུ་སྟོབ་པ་པོས་དགེ་འདུན་གྱི་མཐར་འགྲེང་སྟེ་ཐལ་མོ་སྦྱར་ནས། {དབྱར་བདག་པས་གདིང་ཕྱག་བཅས།}དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཁྱེད་ཅག་ལས་གང་གིས་ཀྱང་དགེ་འདུན་གྱི་གནས་མལ་ལ་གདིང་བ་མེད་པར་ལོངས་སྤྱད་པར་མི་བྱ།


GTN005_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

གདིང་བ་རུང་བ་མ་ཡིན་པར་ལོངས་སྤྱད་པར་མི་བྱ། གདིང་བ་དྲི་མ་ཅན་གྱིས་ལོངས་སྤྱད་པར་མི་བྱའོ། །ཞེས་གོ་བར་བྱས་ནས། སྤྱོད་ལམ་དེ་ཉིད་ཀྱིས་དབྱར་ཁས་བླང་བ་གོ་བར་བྱ་སྟེ། {ཡང་ཕྱི་ནས་དགེ་ཚུལ་རྣམས་ལའང་ཞུ་དགོས། ནང་དུ་ཕྱིན་རྒན་པའི་མཐའ། ལོགས་ནས་གདིང་ཕྱག་འགྲེང་འདུད་བཅས་དགེ་འདུན་བཙུན་པ་སོགས་བརྗོད།} དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་འདུན་སང་གི་གདུགས་ལ། སྦྱིན་བདག་འདི་ཞེས་བྱ་བའམ་དམིགས་བསལ་མེད་ན་སྐྱེ་བོའི་ཚོགས་ལྷ་དང་མི་དང་ཀླུ་དང་གནོད་སྦྱིན་དུ་བཅས་པ་དུ་མ་དང་། ཞལ་ཏ་པ་འདི་ཞེས་བྱ་བ་དང་། སྤྱོད་ཡུལ་གྱི་གྲོང་འདི་ཞེས་བྱ་བ་དང་། བྲོ་གཡོག་པ་འདི་ཞེས་བྱ་བའམ་སོ་སོར་སྨོས་པ་འདི་རྣམས་ལ་བརྟེན་ཏེ་དབྱར་གནས་པར་ཞལ་གྱིས་བཞེས་པར་འགྱུར་རོ། །ཞེས་བརྗོད། {ཡང་དགེ་ཚུལ་ལ་ཞུས་འཕྲོར། དགེ་ཚུལ་རྣམས་ནང་དུ་ཁྲིད་དེ། དགེ་སློང་རྣམས་ཀྱི་རྒྱབ་ཏུ་བསླབ་གྲལ་བཞུགས། དབྱར་བདག་རང་མལ་འཁོད་པ་དང་། མཁན་པོས། ཕྱོགས་བཅུ་ན་སོགས་དགོངས་གསོལ་ཞེས་བསྔོ་བའི་མཐུན་གྱུར་བསྐུལ། མཁན་པོས་བསྐུལ་བཅས། བསོད་ནམས་འདི་སོགས། འགྲོ་ཀུན་དགེ་རྩ་སོགས། འགྲོ་བའི་བསྡུག་སྔལ་སོགས། འཇིག་རྟེན་བདེ་སོགས། ཕན་བདེ་འབྱུང་བའི་སོགས། ཨོ་རྒྱན་དུས་གསུམ་སོགས། སངས་རྒྱས་སྐུ་གསུམ་སོགས། ཉིན་མོ་བདེ་ལེགས་སོགས་བཀྲ་ཤིས་ཤོག །ལྷུག་འདོན་དེ་ལྟར་འགྲུབ་པར་སོགས། དགེ་ཚུལ་སློང་ཐམས་ཅད་གདིང་ཆོས་ཕྲག་འཕེན་ནས་སྣམ་སྦྱར་ཕྱག་བསྣམ་གཙུག་ལག་ཁང་བསྐོར་ཏེ་རང་གནས་སུ་བྱོན་པ་ལགས།} དེ་ནས་བསྔོ་སྨོན་དང་ཤིས་བརྗོད་བྱས་ནས་གྲོལ་ཏེ་དབྱར་གྱི་སྦྱོར་བ་ཚུལ་འཇུག་གི་ཆོ་གའོ། །དེ་ནས་དབྱར་ཁས་བླང་བ་དངོས་གཞིའི་ཆོ་ག་ནི། དེའི་ཕྱི་ཉིན་ཚེས་བཅུ་དྲུག་གི་ནངས་པར་རང་རང་སོ་སོའི་གནས་སྟེང་གཡོགས་དང་བཅས་པ་དགེ་སློང་གི་མདུན་དུ་ཁས་བླང་བར་བཤད་ཀྱང་། དེང་སང་འདུས་ནས་མཛད་པ་ཕྱག་ལེན་


GTN005_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གདའ་བས་གཎྜི་བརྡུངས་ཏེ་འདུས་པ་དང་། དེང་དབྱར་སྔ་མ་ཞལ་གྱིས་བཞེས་པའི་དུས་ལགས་ཏེ། གཙུག་ལག་ཁང་གི་བདག་པོ་དང་། ཞེས་སོགས་ཀྱི་རྒྱུད་ཆགས་གསུམ་པ་དང་གཞི་བདག་ལ་གཏོར་མ་བཏང་། དེ་ནས་དགེ་འདུན་དུ་མ་ལོངས་པའི་དགེ་སློང་གི་མདུན་དུ་ཙོག་པུར་འདུག་ཅིང་ཐལ་མོ་སྦྱར་ཏེ། {ཚེས་བཅུ་དྲུག་གི་ནངས་མོ་སྐྱ་རེངས་རྗེས་མ་འཆར་དུས་བཞེངས་བརྡས་བསྐུལ་ཏེ། དགེ་ཚུལ་སློང་སྡེབ་འཚོགས་མཛད། ཐུབ་བསྟོད་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་བར་འདོན་ལ། མཁན་པོ་ཁྲི་ལས་བབ་གདིང་བར་བཞུགས་པ་ཞལ་ཐུར་གཟིགས་ལ། དབྱར་བདག་གཉིས་ཀས་ཕྱག་གསུམ་འགྲེང་འདུད་བཅས། བསྟན་པ་རིན་པོ་ཆེ་གསལ་བྱེད་དམ་པར་གྱུར་བ་བཙུན་པ་འདུལ་བ་འཛིན་པ་དབྱར་གནས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། མཁན་པོས་ཆོས་བཞིན་འདུལ་བ་བཞིན་གནང་བར་ཞུ། ཙོག་པུར་འདུག་སྟེ། བཙུན་པ་སོགས།} བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅས་པའི་གནས་འདིར། གནས་རལ་བ་དང་གྲུམ་པ་བཅོས་པའི་སླད་དུ་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླང་ངོ་། །བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེས་ལན་གསུམ་བརྗོད་ནས་ཐབས་ལེགས་བྱ། {ཕྱག་གསུམ་འགྲེང་འདུད་ཀྱིས། བསྟན་པ་རིན་པོ་ཆེ་སོགས། དབྱར་གནས་ཀྱི་ཆོ་ག་ལ་ཐུགས་གཏད་པར་བཀའ་དྲིན་ཆེ་ལགས། ཆོས་བཞིན་འདུལ་བ་སོགས།} དབྱར་ཕྱི་མ་ཡིན་ན་དབྱར་ཕྱི་མ་ཟླ་བ་གསུམ་ཞེས་བསྒྱུར། སྦྱིན་བདག་སོགས་ཡོད་ན། གྲུམ་པ་བཅོས་པའི་སླད་དུ་ཞེས་པའི་མཇུག་ཏུ། སྦྱིན་བདག་མིང་འདི་ཞེས་བགྱི་བ་དང་། ཞལ་ཏ་བ་མིང་འདི་ཞེས་བགྱི་བ་དང་། སྤྱོད་ཡུལ་གྱི་གྲོང་འདི་ཞེས་བགྱི་བ་དང་། བྲོ་གཡོག་པ་འདི་ཞེས་བགྱི་བས། དབྱར་སྔ་མ་ཟླ་བ་གསུམ་ཞེས་སྦྱར་རོ། །{དེ་ནས་དབྱར་རྒན་པས་མཁན་པོའི་གཡས་ཕྱོགས་སུ་གཟན་ཕབ་བཅས་གདིང་བའི་སྟེང་ཞལ་མཁན་པོ་ཕྱོགས་བཞུགས་པ་གྲོགས་དན་དགེ་སློང་བགྲེས་པ་གཉིས་བཅས་བསླབ་ཕྱག་


GTN005_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོའི་སྔ་མ་ལྟར་ཐུགས་བཏད་ཞུ། ལན་གདབ་དབྱར་ཁས་བླངས་ཚར་ནས། མཁན་པོ་ཁྲི་ལ་གཟན་ཕབ་བཅས་ཞལ་ཕྱིར་གཟིགས་ཏེ་བཞུགས། མཁན་གྲོགས་གཉིས་རང་གྲལ་བཞུགས། དེ་འཕྲོས་དགེ་སློང་རྒན་གཞོན་ལྟར་གྲལ་དཀྱིལ་ནས་དབྱར་བདག་གཉིས་ཀྱི་ཕྱོགས་སོ་སོར། དགེ་སློང་གསུམ་རེ་ལ་སྔར་ལྟར་དབྱར་ཁས་བླང་མཇུག །དགེ་སློང་ནས་དགེ་ཚུལ་གསུམ་རེ་བཅས་མ་རྫོགས་པར་ཁས་བླང་ཞུ། དེ་རྫོགས་ནས་མཁན་པོས་སྔར་ཉིན་ལྟར་དགོངས་གསོལ། ཕྱོགས་བཅུ་ན་བཞུགས་པའི་རྒྱལ་བ་སོགས་མཐུན་གྱུར་ཞུ། བསོད་ནམས་འདི་ཡིས་སོགས་སྔར་ལྟར་ཚོགས་རྫོགས་མཐར་འགྲུབ་གྱུར་ཅིག །གདིང་ཆོས་ཕྲག་འཕེན་སྣམ་སྦྱར་ལག་ཐོགས་གཙུག་ལག་ཁང་བསྐོར་ཏེ་རང་གནས་སུ་གྲོལ་ལོ།} དམིགས་བསལ་ཡུལ་མེད་ན་གནས་འདིར་དབྱར་ཟླ་བ་གསུམ་གནས་པར་བྱའོ་སྙམ་དུ་དམ་བཅས་པས་ཀྱང་གནས་པར་འགྱུར་ཏེ། གནས་པར་ཁས་མ་བླངས་པས་གནས་མི་གཏོང་ན་གནས་པ་ཉིད་ཡིན་ནོ། །ཞེས་སོ། །དེ་ལྟར་དབྱར་ཁས་བླངས་པའི་རྗེས་སུ་ཇི་ལྟར་བསྒྲུབ་པའི་བྱ་བ་ནི། ཟླ་བ་ཕྱེད་ཅིང་གནས་མལ་ལ་ལོག་པར་སྤྱད་མ་སྤྱད་བརྟག་པ་སོགས་བསྐོས་པའི་གང་ཟག་གི་བྱ་བ་དང་། དགེ་འདུན་སྤྱིའི་བྱ་བ་ཀློག་པ་ཐོས་བསམ་དང་སྒྲུབ་པ་བསམ་གཏན་ལ་བརྩོན་ཅིང་། ལྷུང་བཟེད་ཁ་སྒྱུར་བ་སོགས་དོན་མང་བ་དང་བྱ་བ་མང་བ་སྤང་། འཁྲུག་སློང་གི་རྒྱུ་ལྟུང་བ་གླེང་བ། རྙེད་པ་བགོ་བ། འཐབ་རྩོད་བྱེད་པ་སྤང་། གཙུག་ལག་ཁང་ཐིགས་ཚགས་སོགས་ཀྱིས་བསྐྱང་། མཚམས་ཀྱི་ཕྱི་རོལ་ཏུ་ཞག་ཏུ་མི་སྡོད། འོན་ཀྱང་ཆོས་ལྡན་གྱི་དགོས་པའི་དབང་གིས་མཚམས་ཀྱི་ཕྱིར་ཞག་སྡོད་བྱེད་དགོས་ན་དབྱར་མི་རལ་བའི་སླད་དུ་བྱིན་གྱིས་བརླབས་ནས་འགྲོ་སྟེ། དེ་ལ་དབྱར་གྱི་མཐའི་ཞག་དྲུག་མ་གཏོགས་པ་གང་ཟག་ལས་ཞག་གཅིག་ནས་བདུན་གྱི་བར་གང་རུང་བྱིན་གྱིས་བརླབ་པའི་ཆོ་ག་ནི། མཚམས་ནང་དུ་དགེ་སློང་ཆོས་དགུ་ལྡན་གྱི་དྲུང་དུ་ {དབྱར་བདག་ལ་མཚམས་ནང་དེ་ནས་ཞུ་བ། གདིང་ཆོས་བཅས་བསླབ་ཕྱག་སྔོན་འགྲོས། བསྟན་པ་རིན་པོ་སོགས་ནས་དབྱར་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཆོས་བཞིན་འདུལ་བ་སོགས།} ཙོག་པུར་འདུག་སྟེ། {མཚམས་ཀྱི་ཕྱི་རོལ་དུ་ཞག་ཐོགས་སར་འགྲོ་དགོས་ན་དབྱར་བྱིན་རླབས་དབྱར་བདག་གང་རུང་ལ་མཚམས་ནང་དེ་ནས་ཞུ་བ། བསླབ་ཕྱག་སྔོན་འགྲོས་གཟན་


GTN005_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་འཕེན་གདིང་ཆོས་བཅས། བསྟན་པ་རིན་པོ་ཆེ་གསལ་བྱེད་དམ་པར་གྱུར་པ་བཙུན་པ་འདུལ་བ་འཛིན་པ་ཆེན་པོ་དབྱར་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཙོག་པུར་འདུག་སྟེ།} བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅས་པའི་གནས་འདིར། དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་པ་ལས། བདག་མིང་འདི་ཞེས་བགྱི་བ་ཆོས་ལྡན་གྱི་བྱ་བ་འགའ་ཞིག་གི་སླད་དུ། དགུང་བདུན་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་བྱིན་གྱིས་བརླབ་བོ། །བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེས་ལན་གསུམ་དང་ཐབས་ལེགས་བྱའོ། །{བསྟན་པ་རིན་པོ་ཆེ་སོགས་ནས་དབྱར་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པར་བཀའ་དྲིན་ཆེ་ལགས། ཆོས་བཞིན་འདུལ་བ་བཞིན་སོགས།} དེ་བཞིན་དུ་ཞག་གཅིག་དང་གཉིས་སོགས་གང་ཡིན་འདོན་པ་བརྗེ་བར་བྱའོ། །གལ་ཏེ་ཞག་བདུན་གྱིས་མི་འགྲུབ་པའི་དགེ་འདུན་ལ་སོགས་པའི་ཆོས་ལྡན་གྱི་ཆེད་དུ་འགྲོ་དགོས་ན། དགེ་འདུན་ལས་ཞག་བཞི་བཅུའི་གནང་བ་ཐོབ་པར་བྱས་རྗེས་ཞག་བརྒྱད་ནས་བཞི་བཅུའི་བར་གང་དགོས་བྱིན་གྱིས་བརླབས་ནས་འགྲོ་སྟེ། དེའི་ཆོ་ག་ནི། དགེ་འདུན་གྱི་ཆེད་ཡིན་ན། ལས་བྱེད་པས། ཚེ་དང་ལྡན་པ་ཁྱོད་དགེ་འདུན་གྱི་ཆེད་དུ་ཞག་བཞི་བཅུ་བྱིན་གྱིས་བརླབས་ཏེ་མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བར་སྤྲོའམ་དྲི། དེས་ཀྱང་སྤྲོ་ལགས་ཞེས་བྱ། རང་དོན་ཡིན་ན་དྲི་མི་དགོས་ཞེས་གཉག་དབོན་གསུང་། དེ་ནས་རང་གིས་དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་གསོལ་བའི་ཕྱིར་དགེ་འདུན་ལ་ཕྱག་བྱས་ཏེ་རྒན་པའི་མཐར་ཙོག་པུར་འདུག་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅས་པའི་གནས་འདིར་དབྱར་སྔ་མའམ་ཕྱི་མ་ཟླ་བ་གསུམ་གནས་


GTN005_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཁས་བླངས་ཏེ། བདག་དབྱར་འདི་ན་མཆིས་ཤིང་། བདག་གི་དབྱར་གྱི་གནས་ནི་འདི་ལགས་པ་ལས། བདག་མིང་འདི་ཞེས་བགྱི་བ་ཞག་བཞི་བཅུ་བྱིན་གྱིས་བརླབས་ཏེ། དགེ་འདུན་ནམ་ཆོས་ལྡན་གྱི་ཆེད་དུ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་སྤྲོ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་མིང་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བ་སྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། གནང་བ་སྦྱིན་པའི་ལས་དངོས་ནི། ལས་བྱེད་པས། དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་ནང་མཚམས་དང་བཅས་པའི་གནས་འདིར་དབྱར་སྔ་མའམ་ཕྱི་མ་ཟླ་བ་གསུམ་གནས་པར་ཁས་བླངས་ཏེ། འདི་དབྱར་འདི་ན་མཆིས་ཤིང་། འདིའི་དབྱར་གྱི་གནས་འདི་ལགས་པ་ལས། མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ནམ་ཆོས་ལྡན་གྱི་ཆེད་དུ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བ་མཛོད་ཅིག་དང་། འདི་དབྱར་འདི་ན་མཆིས་ཤིང་། འདིའི་དབྱར་གྱི་གནས་འདི་ལགས་པ་ལས། དགེ་འདུན་ནམ་ཆོས་ལྡན་གྱི་ཆེད་ལ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་མིང་འདི་ཞེས་བགྱི་བ་ལ་དགེ་འདུན་གྱིས་ཞག་བཞི་བཅུའི་གནང་བ་སྩལ་ཏོ། །འདི་ནི་གསོལ་བའོ། །བརྗོད་པ་མཇུག་སྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་ནང་མཚམས་དང་། ཞེས་པ་ནས། དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་ཞེས་པའི་བར་སྔར་ལྟར་ལས། གསོལ་ཏོ། །དེའི་སླད་དུ། འདི་དབྱར་འདི་ན་མཆིས་ཤིང་། འདིའི་དབྱར་གྱི་གནས་འདི་ལགས་པ་ལས། དགེ་འདུན་ནམ་ཆོས་ལྡན་གྱི་ཆེད་ལ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། དེ་ཚུན་ཆད་ཀྱིས་སླར་མཆི་བར་མིང་འདི་ཞེས་བགྱི་བ་ལ་དགེ་འདུན་གྱིས་ཞག་བཞི་བཅུའི་གནང་བ་སྩོལ་ཏོ། །འདི་ནི་གསོལ་བའོ། །བརྗོད་པ་མཇུག་སྡུད་


GTN005_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་ལ་ཐུགས་གཏད་པར་ཞུ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་ནང་མཚམས་དང་། ཞེས་པ་ནས། དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་ཞེས་པའི་བར་ལྟར་ལས། གསོལ་ཏོ། །དེའི་སླད་དུ། འདི་དབྱར་འདི་ན་མཆིས་ཤིང་། འདིའི་དབྱར་གྱི་གནས་འདི་ལགས་པ་ལས། དགེ་འདུན་ནམ་ཆོས་ལྡན་གྱི་ཆེད་ལ་ཞེས་པ་ནས། གནང་བ་སྩོལ་ན། ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུངས་པས་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་བརྗོད། དེ་ལྟར་དགེ་འདུན་ལས་གནང་བ་ཐོབ་པ་དེས་ཀྱང་ནམ་འགྲོ་བའི་ཚེ་མཚམས་ནང་གི་དགེ་སློང་ཞིག་གི་མདུན་དུ་བྱིན་གྱིས་བརླབས་ནས་འགྲོ་སྟེ། དེའི་སྔགས་ནི། སྔར་གྱི་ཞག་བདུན་པའི་ཆོ་ག་དེ་ཉིད་ལ། ཆོས་ལྡན་གྱི་བྱ་བ་ཞིག་གི་སླད་དུ་
དགུང་བདུན་ཞེས་པའི་ཚབ་ཏུ། དགེ་འདུན་ནམ་ཆོས་ལྡན་གྱི་སླད་དུ་དགུང་བརྒྱད་དམ་བཞི་བཅུ་མཚམས་ཀྱི་སླད་རོལ་དུ་མཆི་བ་དང་། ཞེས་བསྒྱུར་བ་ཙམ་ཁྱད་པར་རོ། །

དགག་དབྱེའི་གཞི།


GTN005_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

༈ གསུམ་པ་དགག་དབྱེའི་གཞིའི་ཆོ་ག་ལ། སྦྱོར་བ་ནི། དགག་དབྱེ་འབྱུང་བའི་ཞག་བདུན་ལ་སོགས་པའི་སྔ་རོལ་ནས་སྤྱོད་ཡུལ་གྱི་གྲོང་དུ་གོ་བར་བྱ་བ་དང་། མཁོན་ཡོད་ན་བཟོད་པར་གསོལ་བ་དང་། གཙུག་ལག་ཁང་བརྒྱན་པ་སོགས་བྱས་ལ། དབྱར་སྔ་མ་ཡིན་ན་སྟོན་ཟླ་ {ཟླ་བདུན་པའི་ཉེ་བརྒྱད་ཀྱི་དགོང་མོ་ཉི་མ་ནུབ་ནས་དགག་དབྱེའི་གསོ་སྦྱོང་ཡིན་ཕྱིར་དགེ་ཚུལ་སློང་དབྱར་མ་གནས་པ་རྣམས་ཀྱང་འདི་ནུབ་འབྱོན་སྲོལ་ཡོད་པས་གཎྜི་བརྡུང་པར། དགེ་ཚུལ་སློང་མ་འདྲེས་པ་གདིང་ཆོས་སྣམ་སྦྱར་སོགས། ཐམས་ཅད་གྲལ་དབྱར་གནས་ལྟར་བྱ། དབུ་མཛད་ནས་མཛད་བཅུ་བསྐུལ་བ་ནས་ཚུལ་ཁྲིམས་རབ་བསྔགས་ཀྱི་མདོ་མཇུག་སྲིད་པའི་མཚོ་ལས་སྒྲོལ་བར་ཤོག་བར། གསོ་སྦྱོང་དུས་ལྟར་བྱས། དགེ་ཚུལ་སློང་རྣམས་གཙུག་ལག་ཁང་བསྐོར་ནས་གྲོལ།} འབྲིང་པོ་དབྱུག་པའི་ཟླ་བའམ། ཕྱི་མ་ཡིན་ན་སྟོན་ཟླ་ཐ་ཆུང་སྨིན་དྲུག་ཟླ་བའི་ཚེས་བཅུ་བཞིའི་མཚན་ཐོག་ཐག་འཆད་ནུས་པའི་དགེ་སློང་སྡེ་སྣོད་འཛིན་པ་ཡོད་ན་ཁྱིམ་པ་རྣམས་ཀྱང་ཉན་པར་བསྐུལ་ཏེ་ཆོས་བསྟན། དེ་ཙམ་མི་ནུས་ན་ཚེས་གྲངས་བརྗོད་དེ་བསྐུལ་ནས་དུས་བཟང་གི་མདོ་འདོན་པ་ཙམ་ངེས་པར་བྱ་ཞེས་མཁན་པོ་མཆིམས་ཆེན་པོས་གསུངས། བཅུ་བཞི་མཚན་མོའི་ཐ་རྫོགས་པ་སྐྱ་རེངས་ཤར་བའི་མདུན་ནས་བརྩམས་ཏེ་ཉིན་ཞག་བཅོ་ལྔ་པར་གྱུར་པའི་སྔ་དྲོའི་དུས་སུ་རྩྭ་ཟོར་བ་སྟ་གོན་བྱ། ལས་ཀྱི་གཎྜི་བརྡུངས་ཏེ་དགེ་འདུན་ཐམས་ཅད་འདུས་པ་ན། {ཚེས་ཉེར་དགུའི་སྐྱ་རེངས་མ་འཆར་བར་བཞེངས་གཎྜི་བརྡུང་ནས་དགེ་སློང་རྣམས་ལྟུང་བ་ཕྱིར་བཅོས་དང་བྱིན་རླབས་སྔར་ལྟ་ལ། བྱིན་རླབས་དེ་ལྟུང་བ་བྱིན་གྱིས་བརླབས་ལ་དགེ་འདུན་གྱི་དགག་དབྱེ་མཛད་ལ་སླད་ཀྱིས་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ་ཞེས་བསྒྱུར་དགོས། ཐད་གྲལ་དགེ་ཚུལ་སློང་མ་འདྲེས་པར་བཞུགས། དབུ་མཛད་ནས་མཛད་བཅུའི་འཕྲོར། ཐམས་ཅད་བཞེངས་གཉིས་རེ་ཕན་ཚུན་དུ་ཕྱག་ཟིང་པོར་མཛད་ནས་བཞེངས་བཞིན་པ།}


GTN005_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱིས་ཕན་ཚུན་དུ་ཕྱག་ཟིང་པོར་བྱས་ལ། འགྲེང་སྟེ་འདུད་པ་དང་བཅས་པས། དབྱར་དགེ་འདུན་ གྱི་ནང་དུ་ཚུལ་བཞིན་མ་གྱུར་པས་ཐུགས་དང་འགལ་བ་ཐམས་ཅད་བཟོད་པར་གསོལ་ལོ། །{སར་བཞུག} ཞེས་བྱས་ལ་འདུག་སྟེ། {ཆོས་ཁྲིམས་པས་མདོ་བསྐུལ།} དེང་དགེ་འདུན་གྱི་དབྱར་སྔ་མ་ཞལ་གྱིས་བཞེས་པའི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། ཞེས་བསྐུལ་ནས། རྒྱུད་ཆགས་གསུམ་པ་ནས་ཚུལ་ཁྲིམས་རྣམ་དག་གི་མདོ་གདོན་པ་ཡན་ཆད་གསོ་སྦྱོང་བཞིན་བྱས་པའི་རྗེས་སུ་དགེ་ཚུལ་རྣམས་ཀྱི་བཤགས་པ་བྱེད་དགོས་ནའང་བྱས་ལ། དགེ་ཚུལ་རྣམས་བཀར་ཏེ། {དགེ་ཚུལ་གསོ་སྦྱོང་མི་དགོས། དེ་ནས་དབྱར་བདག་པས་དགེ་ཚུལ་སློང་བར་ཡོལ་བས་བཅད། འདུན་པ་ཕུལ་དགོས་ན་བྱ།} དེའི་འོག་ཏུ་མཚམས་ནང་དེ་ན་ཡོད་པའི་དགེ་སློང་ན་བ་ལ་སོགས་པའི་རྐྱེན་གྱིས་ལས་ཀྱི་གནས་སུ་འདུ་བར་མ་ནུས་པས་འདུན་པ་དང་དགག་དབྱེ་གཉིས་ཀ་འབུལ་བའི་སྔགས་ནི། དགེ་འདུན་གྱིས་བསྐོས་པའི་ལེན་པ་པོའི་དྲུང་དུ། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་བྲོ་འཚལ་བ་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་བྲོ་འཚལ་བ་མིང་འདི་ཞེས་བགྱི་བ་དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །བདག་ལ་མཐོང་བ་དང་། ཐོས་པ་དང་། དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགག་དབྱེ་བགྱིད་དོ། །འདུན་པ་དང་དགག་དབྱེ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །ཞེས་ལན་གསུམ་བཟླས། ལེན་པ་པོས་དགེ་འདུན་ལ་བརྗོད་པ་ནི། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། གནས་


GTN005_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་འདི་ཞེས་བགྱི་བ་དེ་དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་དོ། །འདུན་པ་དང་དགག་དབྱེ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །ཞེས་ལན་གཅིག་བརྗོད། དེ་ནས་ལྟུང་བ་ཤེས་པ་རྣམས་བཤགས་བསྡམ་བྱིན་གྱིས་བརླབ་པ་གང་ལ་གང་འོས་བྱ་སྟེ། དེ་ཡང་གསོ་སྦྱོང་གི་སྐབས་ལྟར་ལས་གྲལ་ལ་འདུ་བའི་སྔ་རོལ་དུ་བྱ་ཞིང་། དེར་མ་གྲུབ་ན་འདིར་བྱས་ལ། {དེ་ནས་མཁན་པོ་ཁྲིར་བཞུགས་ནས། ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ལྟུང་མཐུན་བྱིན་རླབས་འདི་ལས་གྲལ་དུ་མ་འདུས་པའི་གོང་དུ་བྱ་བ་གསུངས་ཀྱང་མ་འགྲུབ་པས་འདིར་བགྱིས། དེ་ཡང་ཐོག་མ་ཡུལ་དུས་ཀྱི་བཤགས་པར་མ་ནུས། དེང་དགེ་འདུན་གྱི་དགག་དབྱེ་བཅུ་བཞི་པ་ལགས་ཞེས་བསྒྱུར། ལྟུང་བ་དེ་དག་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ་བར་བརྗོད། གནས་ལ་བློ་མཐུན་མི་མཛད།} ལྟུང་བ་ཐུན་མོང་པ་རྣམས་ཀྱི་བྱིན་རླབས་ཀྱང་བྱའོ། །དེ་རྗེས་སྔ་རབས་པ་རྣམས་གནས་ཀྱི་བློ་མཐུན་མཛད་མོད། དེ་ལ་མཁས་པ་ཁ་ཅིག །དགག་དབྱེའི་ལས་དངོས་གཞི་དེ་གང་ཟག་གི་ལས་ཡིན་གྱི། དགེ་འདུན་གྱི་ལས་དངོས་མ་ཡིན་པས། དགེ་འདུན་གྱི་དགག་དབྱེའི་གནས་སུ་བློ་མཐུན་པར་བགྱིའོ། །ཞེས་འདོན་མི་རིགས་པའི་ཕྱིར་མི་འཐད་གསུང་། གང་ལྟར་ཀྱང་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བྱས་པ་དེ་ཉིད་ལས་གཞན་ཐམས་ཅད་ཀྱི་གནས་ཡིན་པས། དེ་མ་ཞིག་ན་ལས་གཞན་བྱེད་པ་ལ་བློ་མཐུན་བསྐྱར་ནས་བྱེད་མི་དགོས་པ་གསལ་བར་གསུངས་པས་གསོ་སྦྱོང་གི་ལག་ལེན་ཡོད་པའི་གཉུག་མར་གནས་པའི་དགེ་འདུན་གྱི་གནས་རྣམས་སུ་བྱེད་མི་དགོས་པར་གྲུབ་བོ། །དེ་ནས་དགག་དབྱེ་བྱེད་པ་པོ་བསྐོ་སྟེ། ལས་བྱེད་པས། དགེ་སློང་མིང་འདི་ཞེས་བགྱི་བ་ཁྱོད་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱེད་པར་སྤྲོའམ་ཞེས་དྲི། དེས་ཀྱང་སྤྲོ་ལགས་ཞེས་བརྗོད། ཡང་ལས་བྱེད་པས། ཁོང་སྤྲོ་བར་གདའ་བས་དགག་དབྱེ་བྱེད་པ་པོ་


GTN005_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོ་བ་ལ་གསོལ་བ་དང་གཉིས་ཀྱི་ལས་བགྱི་བས་དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས། ཐོག་མར་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགག་དབྱེ་བྱེད་པར་བསྐོས་ཏེ། དགེ་སློང་དགག་དབྱེ་བགྱིད་པ་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་འགྱུར་རོ། །འདི་ནི་གསོལ་བའོ། །བརྗོད་པ་མཇུག་བསྡུ་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་ནས་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་བསྐོ་བ་བཟོད་པར་དེ་དག་ནི་ཅང་མ་གསུང་ཞིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་བརྗོད། ཡང་ལས་བྱེད་པས། དགག་དབྱེ་བྱ་བའི་ཕྱིར་དགེ་འདུན་ཐུགས་བསྟུན་པ་གསོལ་བའི་ལས་ལ་


GTN005_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བ་མཛོད་ཅིག་དང་། དེང་དགེ་འདུན་གྱི་དགག་དབྱེ་མཛད་དོ། །འདི་ནི་གསོལ་བའོ། །{མཁན་པོ་ཁྲི་ལས་བབས་ཏེ་གདིང་བར་བཞུགས།}ཞེས་བརྗོད། དེ་ནས་དགག་དབྱེ་དངོས་གཞིའི་ཆོ་ག་ལ། སྤྱིར་བཏང་དང་། དམིགས་བསལ་གཉིས། དང་པོ་ལའང་གཉིས་ལས། ཐོག་མར་ཚུལ་ཁྲིམས་དང་ཆོས་རྣམ་པར་དག་པའི་ཕྱིར་ལྟུང་བའི་དགག་དབྱེ་བྱ་སྟེ། {དབྱར་བདག་རྩྭ་ཆུན་ཐོགས་གདིང་ཆོས་སྣམ་སྦྱར་བཅས། མཁན་པོའི་མདུན་ཕྱག་སྔོན་འགྲོས། བསྟན་པ་རིན་པོ་ཆེ་སོགས་ནས་དགག་དབྱེའི་ཆོ་ག་ལ་ཐུགས་བཏད་པར་ཞུ། ཆོས་བཞིན་སོགས་གསུངས། དགག་དབྱེ་ཞུ་བ། མཁན་པོ་དགོངས་སུ་གསོལ། དབྱར་བདག་དགག་དབྱེ་ཚར་ནས། དབྱར་རྒན་གདིང་བའི་སྟེང་མཁན་པོའི་གཡས་སུ་བཞུགས། མཁན་པོ་དང་གྲོགས་དན་དགེ་སློང་བགྲེས་པ་གཉིས་བཅས་དགག་དབྱེ་ཞུ། གྲོགས་ཕྱིར་རང་གནས་འཁོད། མཁན་པོ་ཁྲིར་བཞུགས། དགེ་སློང་གསུམ་རེས་དགག་དབྱེ་ཞུ།} བསྐོས་པའི་དགེ་སློང་དེས་རྩྭ་ཟོར་བ་དགེ་འདུན་ཐམས་ཅད་ལ་ཁྱབ་པར་བྲིམ། དེ་རྗེས་དགེ་སློང་གསུམ་མན་ཆད་ཀྱིས་བསྐོས་པ་དེ་རྒན་ལ་ཕྱག་བྱས། ཙོག་པུར་འདུག་སྟེ་ཡུལ་རྟེན་གཉིས་ཀས་རྩྭ་ཆུན་རྒྱ་གྲམ་དེའི་རྩ་བ་རང་རང་གི་རྐང་པས་མནན། རྩེ་མོ་ལག་གཉིས་ཀྱིས་བཟུང་སྟེ། {གཡས་སྟེང་གཡོན་འོག} ཚེ་དང་ལྡན་པ་{མཁན་པོ་}དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་{བཅུ་བཞི་པ་}ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་{བཅུ་བཞི་པ་}ལགས་ན། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་


GTN005_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

{ཚོགས་པའི་}དགག་དབྱེ་བགྱིད་ཀྱི། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་གདམ་དུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བཟུང་དུ་གསོལ། ཐུགས་བརྩེ་བ་ཅན་ཚེ་དང་ལྡན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ལྟུང་བ་ཤེས་ཤིང་མཐོང་ན་ཆོས་བཞིན་འདུལ་བ་བཞིན་སླར་བགྱིའོ། །ཞེས་ལན་གསུམ་མམ། རྐྱེན་དབང་གིས་མ་གྲུབ་ན་གཉིས་སམ་གཅིག་བརྗོད་པས་ཀྱང་ཆོག །མཇུག་ཏུ་ཐབས་ལེགས་བྱའོ། {བསྟན་པ་སོགས།} དེ་ནས་བསྐོས་པ་དེས་ཀྱང་གཞན་ཞིག་གི་དྲུང་དུ་དགག་དབྱེ་བྱས་རྗེས་རྩྭ་ཆུན་རྣམས་བསྡུས་པ་བགྲངས་ནས། འགྲེང་སྟེ་འདུད་པས། {དབྱར་བདག་རྒན་པོས་མཁན་པོར་ཕྱོགས། གདིང་ཕྱག་གཟན་ཕྲག་ཁྱེར།} དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བཀྲ་ཤིས་ཀྱི་གཙུག་ལག་ཁང་འདི་ཞེས་བྱ་བ་འདིར་{དགེ་ཚུལ}དགེ་སློང་འདི་སྙེད་ཀྱིས་དགག་དབྱེ་མཛད་དོ། །ཞེས་གོ་བར་བྱས་པའི་རྗེས་སུ་གྲལ་ན་འཁོད་པ་རྣམས་ཀྱིས། {མཁན་པོས་བསྐུལ་ཏེ།} ལེགས་པར་དགག་དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ། །ཞེས་བརྗོད། དེ་ནས་རྙེད་པའི་སྒོ་དབྱེ་བའི་ཕྱིར་རྫས་ཀྱི་དགག་དབྱེ་བྱ་སྟེ། བསྐོས་པའི་དགེ་སློང་དེས་ {དབྱར་བདག་རྒན་པོ་འགྲེང་བཞིན། དར་ཕུལ།} རང་གི་རྫས་ཁབ་ཡན་ཆད་གང་རུང་ཞིག་ཐོགས་ཏེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། རྫས་འདི་ལྟ་བུས་ཀྱང་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིར་རུང་ངམ། ཞེས་བརྗོད་པས། ཐམས་ཅད་ཀྱིས་{མཁན་པོས་བསྐུལ།} ལེགས་པར་རུང་ངོ་། །ཤིན་ཏུ་རུང་ངོ་། །ཞེས་བརྗོད། {དབྱར་བདག་པས་ཡོལ་བའི་ཕྱིར་དགེ་ཚུལ་ལ་རྩྭ་བཀྲམ། དགེ་ཚུལ་གསུམ་རེས་དབྱར་བདག་ལ་དགག་དབྱེ་ཞུ། རྩྭ་བགྲངས། ཡོལ་བའི་ཕྱིར་དགེ་སློང་རྒན་རིམ་གྱི་རྒྱབ་ནས་ཕྱག་གསུམ་གོང་འདྲས། དགེ་ཚུལ་འདི་སྙེད་ཀྱིས་དགག་དབྱེ་


GTN005_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བརྗོད། དགེ་ཚུལ་སློང་ལྷན་དུ་ལེགས་པར་མཛད་སོགས་བརྗོད་འཕྲལ། དབྱར་བདག་པས་ཕྱག་འདུད་སོགས་མི་དགོས་འགྲེང་བཞིན་རྫས་དགག་ཞུ། དགེ་ཚུལ་གྱིས་ལན་བརྗོད། དབྱར་བདག་གིས་ཡོལ་བ་བསལ། མཁན་པོས་དབྱར་གནས་ལྟར་བསྔོ་བའི་མཐུན་གྱུར་གྱིས་བསྐུལ། དེ་ལྟར་སོགས་ཀྱིས།} དེའི་འོག་ཏུ་དགེ་ཚུལ་རྣམས་བོས་ཏེ་དགག་དབྱེ་སྔར་བཞིན་བྱེད་དུ་བཅུག་ནས་དགེ་འདུན་ལ་གོ་བར་བྱའོ། །དེ་ནས་མཇུག་གི་བྱ་བ་ནི། བསྐོས་པ་དེས་དགེ་སློང་དང་དགེ་ཚུལ་གྱི་དབྱར་རྙེད་རྣམས་བསྡུས་ཏེ་ལྷན་ཅིག་ཏུ་བགོ་བར་བྱ་ཞིང་། བསྔོ་བ་དང་ཤིས་བརྗོད་བྱས་ནས་ལྡང་བ་ནི་དགག་དབྱེའོ། །དེ་ཉིན་ཚེས་བཅོ་ལྔ་ཡིན་ཡང་གསོ་སྦྱོང་བྱ་མི་དགོས་ཏེ། དགག་དབྱེ་བྱས་པས་གསོ་སྦྱོང་ཡང་དེས་འགྲུབ་པའི་ཕྱིར། དེ་ལྟར་ཡང་ས་གའི་ལྷས། སྡིག་པ་དམན་གྱི་གསོ་སྦྱོང་ནི། །དགག་དབྱེ་བྱས་ནས་ཡང་མི་བྱ། །གསོ་སྦྱོང་དག་པར་བྱ་ཕྱིར་ཏེ། །དགག་དབྱེ་ཡང་ནི་དེ་ཉིད་ཡིན། །ཞེས་སོ། །རྒྱུ་མཚན་དེས་དབྱར་ཁས་མ་བླངས་པའི་རབ་བྱུང་དེ་ཉིན་གློ་བུར་དུ་ལྷགས་པ་གཞན་ཡོད་ནའང་དགག་དབྱེ་བྱེད་དགོས་པར་གྲུབ་བོ། །དེའི་ཕྱི་ཉིན་ཚེས་བཅུ་དྲུག་ལ་གནས་ལ་ལྷག་པར་ཆགས་པ་དང་དུབ་པ་སོགས་སྤང་བའི་ཕྱིར་རྒྱང་གྲགས་གཅིག་ཕན་ཆད་དུ་ལྗོངས་རྒྱུ་ཞིང་འགྲོ་བར་བྱའོ། །{དེ་ནས་དུང་གིས་བསྐུལ་ཏེ་འཚོགས་འགྲོ་དགེ་སློང་དབྱར་རྙེད་བགོ་བ་སོགས་བྱ། ཚུལ་ཤིང་གི་ལས་ཀ་དགེ་ཚུལ་ཞིག་བསྐོས་ནས། ཅོད་པན་ལ་ལོ་རྟ། ཞལ་གྲངས་སྨོན་བྱང་སོགས་མཁན་པོས་མཛད། ཚུལ་ཤིང་གཙུག་ལག་ཁང་གི་སྒོ་གླེགས་སུ་འདོགས། ཕྱི་ཉིན་ལྗོངས་རྒྱུ་ཆབ་ཞུགས་སོགས་གནང་བ་ལགས།} གཉིས་པ་དམིགས་བསལ་གྱི་དགག་དབྱེ་ནི། རྐྱེན་དབང་གིས་དབྱར་ཟླ་བ་གསུམ་གནས་པར་མི་ནུས་ན་ཟླ་བ་གཅིག་གམ་ཕྱེད་དང་གཉིས་འདས་པའི་ཉ་ཤི་གང་རུང་ལ་དགག་དབྱེ་བྱར་རུང་སྟེ། མདོ་རྩ་བར། གལ་ཏེ་གསོ་སྦྱོང་གཉིས་སམ་གསུམ་ཐལ་བར་གྱུར་ན་དགག་དབྱེ་བྱའོ། །ཞེས་སོ། །ཡང་གསོ་སྦྱོང་གཉིས་སོགས་མ་སོང་བ་དང་ཉ་སྟོང་མ་ཡིན་པའི་དུས་སུའང་དམག་འཁྲུགས་སོགས་ཀྱི་རྐྱེན་གྱིས་གློ་བུར་དུ་དགེ་འདུན་ཐམས་ཅད་གྱེས་དགོས་ན། དགེ་སློང་རྣམས་ཕན་ཚུན་གཅིག་གིས་གཅིག་ལ་ཕྱག་བྱས་ཏེ། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་


GTN005_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དགག་དབྱེ་ལགས་ཏེ། བདག་མིང་འདི་ཞེས་བགྱི་བ་ཡང་དགག་དབྱེ་ལགས་ན། བདག་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་ཚོགས་པའི་དགག་དབྱེ་བགྱི་ཡི། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་གདམ་དུ་གསོལ། ཞེས་པ་ནས། ཆོས་བཞིན་འདུལ་བ་བཞིན་སླར་བགྱིའོ། །ཞེས་པའི་བར་གསུམ་དང་། ཐབས་ལེགས་བྱའོ། །དགེ་འདུན་ཐམས་ཅད་མི་འགྱེས་པར་གང་ཟག་འགའ་ཞིག་རྐྱེན་དབང་གིས་འགྲོ་དགོས་ནའང་རང་གི་མིག་སྔའི་སྤྱོད་ཡུལ་དུ་གྱུར་པའི་དགེ་སློང་ཞིག་གི་དྲུང་དུ་ཆོ་ག་འདི་བྱར་རུང་བ་ཡིན་ནོ། །དེ་ནི་ཚོགས་ཀྱི་དགག་དབྱེའོ། །ཡང་དབྱར་བྱིན་གྱིས་བརླབས་ཏེ་སོང་བ་ལས་མཚམས་གཞན་གྱི་གཙུག་ལག་ཁང་དུ་དགག་དབྱེ་བྱེད་པ་དང་ཐུག་ན་དེ་དག་དང་ལྷན་ཅིག་དགག་དབྱེ་བྱས་ནའང་འཆགས་ཤིང་ཉེས་པ་མེད་དོ། །ཡང་དགག་དབྱེ་གང་དུ་བྱ་བའི་གནས་དེ་ན་དགེ་སློང་བཞི་ལས་མེད་ན། དགག་དབྱེ་བྱེད་པ་པོ་བསྐོས་མི་རུང་བས་མི་བསྐོ་བར། གསོལ་བའི་ལས་དང་དགག་དབྱེ་དངོས་གོང་ལྟར་བྱ་ཞིང་། དགེ་སློང་གསུམ་མམ་གཉིས་ལས་མེད་ན་དགག་དབྱེ་བྱིན་གྱིས་བརླབ་སྟེ། ཕན་ཚུན་བརྗོད་རེས་ཀྱིས། བཙུན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དགག་དབྱེ་བྱིན་གྱིས་བརླབ་བོ། །གང་གི་ཚེ་དགེ་འདུན་ཚོགས་མ་རྙེད་པ་དེའི་ཚེ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱའོ། །ཞེས་ལན་གསུམ་དང་ཐབས་ལེགས་བྱ། རང་གཅིག་པུ་ཡིན་ན་དངོས་གཞི་ཙམ་ལན་གསུམ་བརྗོད་དོ། །དེ་ནི་དགག་དབྱེ་བྱིན་གྱིས་བརླབ་པའི་ཆོ་གའོ། །


GTN005_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡང་འགྲོ་ལ་ཕན་བདེ་ཡི། །འབྱུང་གནས་ཐུབ་བསྟན་རིན་པོ་ཆེ། །གཞིར་གྱུར་ལྷག་པ་ཚུལ་ཁྲིམས་ཀྱི། །སྙིང་པོ་དག་ཅིང་སྤེལ་བའི་ཕྱིར། །གཞི་གསུམ་ཆོ་ག་ཐར་གླིང་དུ། །བགྲོད་པའི་གྲུ་ཆེན་བཟང་པོ་འདི། །གཉོས་བཙུན་དྷརྨ་ཤྲཱིས་བསྡེབས། །བསྟན་དང་འགྲོ་ལ་ཕན་པར་ཤོག །ཅེས་པ་འདི་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སྐྱབས་མགོན་བླ་མ་མཆོག་གི་བཀའ་སྩལ་མ་ཆོག་པར་བརྟེན་དགེ་སློང་རྨོངས་པ་དྷརྨས་རབ་མྱོས་ཀྱི་ལོ་ལ་ཨོ་རྒྱན་སྨིན་གྲོལ་གླིང་གི་ཆོས་གྲྭར་སྦྱར་བའི་ཡི་གེ་པ་ནི་དགེ་སློང་ཨོ་རྒྱན་དཔལ་འབྱོར་རོ། །ཕྱིས་མྱོས་ལྡན་ས་ཡོས་ཀྱི་ལོ་རྩོམ་པ་པོ་རང་ཉིད་ཀྱིས་དབྲི་བསྣན་ཅུང་ཟད་བགྱིས་སོ། །རྒྱལ་བསྟན་གཞི་མ་སོ་ཐར་འདུལ་ཁྲིམས་མཆོག །བསྟན་ལ་འཇུག་འདོད་རྣམས་ཀྱི་ཉམས་བཞེས་ཕྱིར། །བསྟན་པའི་གསལ་བྱེད་གཞི་གསུམ་ཆོ་གའི་སར། །ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་ནས་བསྐྲུན། །སརྦ་མངྒལཾ། །དགེའོ། །དགེའོ། །དགེའོ། །༼འགྱུར་མེད་མཐུ་སྟོབ་རྣམ་རྒྱལ་དཔལ་བཟང་པོས། མཆན།༽ རུང་ཆུ་བྱིན་རླབས་ནི། བསྟན་པ་རིན་པོ་ཆེ་སོགས་ནས། རུང་ཆུ་བྱིན་རླབས་ཀྱི་ཆོ་ག་ལ་


GTN005_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་གཏད་པར་ཞུ། དབྱར་བདག་པས། ཆོས་བཞིན་འདུལ་བ་སོགས། གནས་བརྟན་བཙུན་པ་དགོངས་སུ་གསོལ། བདག་ཤཱཀྱའི་དགེ་ཚུལ་མིང་འདི་ཞེས་བགྱི་བས། སྨན་ཐུན་ཚོད་རུང་བ་འདི་དག་བདག་དང་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་བགྱི་བ་ཐུན་ཚོད་དུ་རུང་བར་བྱིན་གྱིས་བརླབ་ཏུ་གསོལ། །ལན་གསུམ་བརྗོད། ཐབས་ལེགས་བྱ། ཆོས་བཞིན་སོགས། བསྟན་པ་རིན་པོ་ཆེ་ནས་སོགས། བཀའ་དྲིན་ཆེ་ལགས། ༈ མར་ངོའི་གསོ་སྦྱོང་བཅུ་བཞི་པའི་དུས། ༢ མར་ངོ་། ཧོར་ཟླ་བཅུ་པ། དགུན་སྟོད་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཕྱེད་དང་གཉིས་ནི་ལུས་སོ། །༤ མར་ངོ་། ཧོར་ཟླ་བཅུ་གཅིག་པ། དགུན་སྟོད་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཕྱེད་ནི་ལུས་སོ། །༦ མར་ངོ་། ཧོར་ཟླ་བཅུ་གཉིས་པ། དགུན་སྨད་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཕྱེད་དང་གཉིས་ནི་ལུས་སོ། །༨ མར་ངོ་། ཧོར་ཟླ་དང་པོ། དགུན་སྨད་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཕྱེད་ནི་ལུས་སོ། །


GTN005_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

༡༠ མར་ངོ་། ཧོར་ཟླ་གཉིས་པ། དཔྱིད་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཕྱེད་དང་གཉིས་ནི་ལུས་སོ། །༡༢ མར་ངོ་། ཧོར་ཟླ་གསུམ་པ། དཔྱིད་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཕྱེད་ནི་ལུས་སོ། །༡༤ མར་ངོ་། ཧོར་ཟླ་བཞི་པ། སོ་ཀ་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཕྱེད་དང་གཉིས་ནི་ལུས་སོ། །༡༦ མར་ངོ་། ཧོར་ཟླ་ལྔ་པ། སོ་ཀ་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཕྱེད་ནི་ལུས་སོ། །༡༨ མར་ངོ་། ཧོར་ཟླ་དྲུག་པ། དབྱར་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཕྱེད་དང་གཉིས་ནི་ལུས་སོ། །༢༠ མར་ངོ་། ཧོར་ཟླ་བདུན་པ། དབྱར་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཕྱེད་ནི་ལུས་སོ། །


GTN005_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

༢༢ མར་ངོ་། ཧོར་ཟླ་བརྒྱད་པ། སྟོན་རྣམས་ཀྱི་ཟླ་བ་ཕྱེད་ནི་འདས་སོ། །ཕྱེད་དང་གཉིས་ནི་ལུས་སོ། །༢༤ མར་ངོ་། ཧོར་ཟླ་དགུ་པ། སྟོན་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཕྱེད་ནི་ལུས་སོ། །༈ ཡར་ངོའི་གསོ་སྦྱོང་བཅོ་ལྔ་པའི་དུས་ནི། ༣ ཡར་ངོ་། ཧོར་ཟླ་བཅུ་གཅིག་པ། དགུན་སྟོད་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ། །གཅིག་ནི་ལུས་སོ། །༥ ཡར་ངོ་། ཧོར་ཟླ་བཅུ་གཉིས་པ། དགུན་སྟོད་རྣམས་ཀྱི་ཟླ་བ་གཉིས་ནི་འདས་ཏེ། ལྷག་མ་མ་ལུས་སོ། །༧ ཡར་ངོ་། ཧོར་ཟླ་དང་པོ། དགུན་སྨད་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ། །གཅིག་ནི་ལུས་སོ། །༩ ཡར་ངོ་། ཧོར་ཟླ་གཉིས་པ། དགུན་སྨད་རྣམས་ཀྱི་ཟླ་བ་གཉིས་འདས་ཏེ།


GTN005_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་མ་ལུས་སོ། །༡༡ ཡར་ངོ་། ཧོར་ཟླ་གསུམ་པ། དཔྱིད་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ། །གཅིག་ནི་ལུས་སོ། །༡༣ ཡར་ངོ་། ཧོར་ཟླ་བཞི་པ། དཔྱིད་རྣམས་ཀྱི་ཟླ་བ་གཉིས་ནི་འདས་ཏེ། ལྷག་མ་མ་ལུས་སོ། །༡༥ ཡར་ངོ་། ཧོར་ཟླ་ལྔ་པ། སོས་ཀ་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ། །གཅིག་ནི་ལུས་སོ། །༡༧ ཡར་ངོ་། ཧོར་ཟླ་དྲུག་པ། སོ་ཀ་རྣམས་ཀྱི་ཟླ་བ་གཉིས་འདས་ཏེ། ལྷག་མ་མ་ལུས་སོ། །༡༩ ཡར་ངོ་། ཧོར་ཟླ་བདུན་པ། དབྱར་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ། །གཅིག་ནི་ལུས་སོ། །༢༡ ཡར་ངོ་། ཧོར་ཟླ་བརྒྱད་པ། དབྱར་རྣམས་ཀྱི་ཟླ་བ་གཉིས་འདས་ཏེ།


GTN005_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་མ་ལུས་སོ། །༢༣ ཡར་ངོ་། ཧོར་ཟླ་དགུ་པ། སྟོན་རྣམས་ཀྱི་ཟླ་བ་གཅིག་ནི་འདས་སོ། །གཅིག་ནི་ལུས་སོ། །༢༥ ཡར་ངོ་། ཧོར་ཟླ་བཅུ་པ། སྟོན་རྣམས་ཀྱི་ཟླ་བ་གཉིས་འདས་ཏེ། ལྷག་མ་མ་ལུས་སོ། །ཟླ་ཤོལ་ཡོད་པའི་ཚེ་དཔེར་ན་ཟླ་བ་བཅུ་གཅིག་པ་གཉིས་བརྩེགས་ལྟ་བུ་ལ། དེའི་མར་ངོར་དགུན་སྟོད་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་ནི་འདས་སོ། །ཤོལ་དང་བཅས་པའི་ཟླ་བ་ཕྱེད་དང་གཉིས་ནི་ཞེས་པ་ལྟར་ཐམས་ཅད་འགྲེ་ཤེས་པར་བྱའོ། །སརྦ་མངྒལཾ།

བི་མ་སྙིང་ཐིག་གི་དཀར་ཆག་ཉིན་མོར་བྱེད་པ།


GTN005_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བི་མ་སྙིང་ཐིག་གི་དཀར་ཆག་ཉིན་མོར་བྱེད་པ་བཞུགས་སོ། །ཐ་སྙད་ཚིག་གིས་མི་མཚོན་དོན་དམ་ལྟ། །བྱིན་རླབས་བརྒྱུད་པས་སྩོལ་ལམ་ཨ་ཏིའི་ཐེག །སྟོན་མཛད་ཀུན་བཟང་ཡབ་ཡུམ་རྡོ་རྗེ་སེམས། །དགོངས་བརྒྱུད་བླ་མ་ཚེ་རབས་གཏན་གྱི་སྐྱབས། །སྒྲ་ཚིག་བྱ་རྩོལ་ལས་འདས་ཆོས་ཉིད་བདེན། །གནས་ལུགས་བརྡས་འཇལ་རྟོགས་གྲོལ་དུས་མཉམ་པ། །དགའ་རབ་ཤྲཱི་སེང་འཇམ་དཔལ་བཤེས་གཉེན་དང་། །བི་མ་མི་ཏྲས་བྱང་ཆུབ་བར་དུ་སྐྱོངས། །འབུམ་ཕྲག་དྲུག་ཅུ་རྩ་བཞིའི་ཡང་ཞུན་ཏེ། །རྒྱུད་ཆེན་བཅུ་བདུན་སྙན་ནས་སྙན་དུ་སྩལ། །ལྕེ་བཙུན་ལྡང་མ་བོད་བྱོན་གྲུབ་ཐོབ་ཀྱི། །སྙིང་ཐིག་བླ་བརྒྱུད་ཚོགས་ལ་དད་ཕྱག་བརྩེགས། །


GTN005_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་གངས་ལྗོངས་བསྟན་འགྲོའི་བསོད་ནམས་ཀྱི། །མགྲོན་དུ་ལེགས་བོས་མཁན་སློབ་ཆོས་གསུམ་གྱིས། །མདོ་སྔགས་བསྟན་པའི་ཉི་འོད་འབུམ་བརྡལ་བས། །འཁོར་བའི་གཅོང་མུན་བསལ་དེར་སྙིང་ནས་གུས། །ལུང་རྟོགས་སྐལ་ལྡན་ཤིང་རྟའི་སྤུན་ཟླ་གང་། །ཀུན་ཉོན་རུས་བུ་བཀྲུ་ཕྱིར་བརྒྱུད་པའི་ཚུལ། །ལམ་གསུམ་ལས་འོངས་གང་མཁྱེན་ཛ་ཧྦུའི། །ལྟོར་བསྐྱིལ་བཀའ་དྲིན་སུམ་ལྡན་བླ་མར་འདུད། །སྔ་འགྱུར་རྡོ་རྗེ་ཐེག་པའི་གསེར་ལྡན་མ། །སྟོབས་འབྱོར་དཔུང་པས་ཁུར་བའི་ལྷག་མ་ཅན། །སྡེ་བཞི་དགེ་བཅུའི་མངའ་བདག་ཆོས་རྒྱལ་གྱི། །གདུང་བརྒྱུད་རྒྱལ་པོ་ཛཿ དེ་འདི་མིན་སུ། །ཆོས་བརྒྱད་དབུ་རྨོག་བཙན་པོས་ཁེངས་པ་ཅན། །ལྟར་སྣང་འཇིག་རྟེན་འབྱོར་བ་ཕྲུ་མའི་གུར། །བདེན་དུ་འཛིན་པའི་རྒྱལ་ཕྲན་གེལ་པ་ཕལ། །


GTN005_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བཅུའི་མིག་གིས་ཆོས་རྒྱལ་མཆོག་འདིར་ལྟོས། །སྐྱེ་ཀུན་ལེགས་བྱས་ཚོགས་གཉིས་ས་བོན་གྱིས། །དེང་འདིར་བོད་ཆེན་འཛིན་མར་དབང་བསྒྱུར་ཞིང་། །བསྟན་ལ་སྲི་ཞུ་མི་ལྷོད་ངོ་མཚར་གྱི། །རྣམ་ཐར་འདི་ཀོས་འཇིག་རྟེན་སྐལ་བཟང་བྱས། །དེ་ལ་གང་གླེང་བར་བྱ་བ་ནི། མི་མཇེད་འཇིག་རྟེན་གྱི་ཁམས་འདིར། བསྐལ་བཟང་སངས་རྒྱས་སྟོང་འབྱོན་པའི་རྣམ་འདྲེན་བཞི་པ་རྒྱལ་བ་ཤཱཀྱ་ཐུབ་པ་ཞེས་གྲགས་པ་འདི་ཉིད། རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་ནང་ཚན་དུ་བཞུགས་པ་ཡིན་ཡང་། རེ་ཞིག་ཡོངས་གྲགས་ལ་འདུལ་བ་རྣམ་པ་བཞིས་མཛད་པ་བཅུ་གཉིས་མཐའ་དབྱུངས་ནས་མདོ་ལུགས་ཆོས་འཁོར་རྣམ་པ་གསུམ་བསྐོར་ནས་གསང་སྔགས་སླར་འབྱུང་བར་ལུང་གིས་བསྟན་པ་ལྟར། རི་མ་ལ་ཡའི་རྩེར་གསང་བའི་བདག་པོས་རིགས་ཅན་ལྔ་ལ་ཆོས་འཁོར་བསྐོར་བའི་བྱིན་རླབས་ཀྱིས་རྒྱལ་པོ་ཛཿ ལ་རྨི་ལྟས་ངོ་མཚར་བ་དང་བཅས་མ་ཧཱ་ཡོ་གའི་རྒྱུད་རྣམས་གླེགས་བམ་གྱི་ཆར་བབས། ཨ་ནུ་ཡོ་གའི་རྒྱུད་རྣམས་སིངྒ་ལར་བབས། དེ་སྐབས་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་དུ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེས་རྫོགས་པ་ཆེན་པོའི་རྒྱུད་རྣམས་རྡོ་རྗེ་སེམས་དཔའ་ལས་དངོས་སུ་གསན། སྔགས་ཕྱོགས་རང་གི་


GTN005_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་པ་ལྟར་ན་སྔར་བཅོམ་ལྡན་འདས་ཞལ་བཞུགས་དུས་གསང་སྔགས་ཡོད་པར་ཡང་འདོད་ཅིང་། རྒྱ་གར་དུ་གྲུབ་པ་ཐོབ་པ་དུ་མ་གསང་སྔགས་སྤྱོད་ཅིང་སྐལ་ལྡན་སྐྱོང་ཡང་སྔར་གྱི་ལུང་དེ་ཡོངས་སུ་མ་གྲགས་པ་ལ་དགོངས། བོད་འདིར་ཆོས་རྒྱལ་ཁྲི་སྲོང་གིས་མཁན་སློབ་གདན་དྲངས་ནས་གཙུག་ལག་ཁང་བཞེངས་ཤིང་མདོ་སྔགས་ཀྱི་བསྟན་པ་ཁྱབ་བརྡལ་དུ་སྤེལ། ཁྱད་པར་ཉང་ཏིང་འཛིན་བཟང་པོས་ལུང་བསྟན་པ་ལྟར་སློབ་དཔོན་བི་མ་མི་ཏྲ་སྤྱན་དྲངས་པ་དང་། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་རྫོགས་ཆེན་གྱི་ཆོས་དུ་མ་བསྒྱུར། ཆོས་རྒྱལ་ཡབ་སྲས་སོགས་ཀྱིས་གསན། སླར་ཕྱི་རབས་ཀྱི་གདུལ་བྱར་དགོངས་ཏེ་དབུ་རུ་ཞྭའི་ལྷ་ཁང་དུ་གཏེར་དུ་སྦས་པ་ལྡང་མ་ལྷུན་རྒྱལ་གྱིས་བཏོན་པར་བི་མ་སྙིང་ཐིག་ཏུ་གྲགས་པ་དང་། པདྨས་རྫོགས་པ་ཆེན་པོའི་སྐོར་ཏེ་སྒྲོ་བྲག་དཀར་དུ་སྦས་པ་གཏེར་སྟོན་རིན་ཆེན་ཚུལ་རྡོར་པས་བཏོན་པ་མཁའ་འགྲོ་སྙིང་ཐིག་གཉིས་ལ་མ་གཉིས་དང་། སྔ་མའི་དོན་སྙིང་པོ་དྲིལ་བ་བླ་མ་ཡང་ཏིག་དང་། རྗེས་མར་མྱུ་གུ་དང་། སྡོང་པོ་དང་། ལོ་འབྲས་མེ་ཏོག་སོགས་བསྐྱེད་པ་བཞིན་རྒྱས་པར་བཀྲལ་བ་མཁའ་འགྲོ་ཡང་ཏིག་སྟེ་བུ་གཉིས་ལ་སྙིང་ཐིག་ཡ་བཞིར་གྲགས། བི་མ་སྙིང་ཐིག་མ་བུའི་དོན་གསལ་བར་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་བཀྲལ་བ་ཟབ་མོ་ཡང་ཏིག་ཡིན་པས། ཆོས་འདི་རྣམས་ཉམས་སུ་བླངས་ན་གསང་སྔགས་སྤྱི་དང་མི་འདྲ་བའི་ཁྱད་པར་འཇའ་ལུས་འཕོ་བ་ཆེན་པོའི་སྐུས་བསྐལ་པ་མ་སྟོངས་བར་འགྲོ་དོན་མཛད་པར་རྒྱལ་དབང་པདྨ་དང་། བི་མ་ལ་ལྟ་བུ་ཡིན་ཞིང་།


GTN005_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་བོད་དུ་གྲུབ་པ་ཐོབ་པ་ཤིན་ཏུ་མང་བའི་གཏམ་ཡོངས་གྲགས་ལ་བསྐྱར་ཟློས་མ་དགོས། སྐབས་དོན་གླེང་བར་འོས་པ་ནི། རྒྱ་གར་དུ་སྔགས་གསར་རྙིང་གི་དབྱེ་བ་མེད་ཀྱང་། བོད་འདིར་བསྟན་པ་འཕེལ་འགྲིབ་ཀྱིས་ཕྱེ་བ་ཡིན་མོད། དེ་ལ་སྔགས་ཕྱི་ནང་གི་ནང་པར་རྣལ་འབྱོར་བླ་མེད་ཅེས་ཐེག་པའི་ཡ་གྱལ་དུ་འདོད་པ་མཚུངས་ལ། རྙིང་མ་རྣམས་དེ་ལས་ལྷག་པར་ཨ་ནུ་དང་ཨ་ཏིར་དབྱེ་བས་ཐེག་རིམ་དགུ་བྱུང་ཞིང་། འདིར་བཤད་ཀྱི་རྫོགས་པ་ཆེན་པོ་ནི་ཐེག་པའི་རྒྱལ་པོ་སྟེ། འདི་ཉིད་ཀྱིས་གཞལ་ན་རིམ་པ་འོག་མ་བརྒྱད་པོའི་ཐེག་པ་རྣམས་ཀྱི་དོན་ལ་ཡོད་མ་མྱོང་བའི་སེམས་རྟོག་གློ་བུར་བ་འབའ་ཞིག་གིས་འགྱུར་བ་མེད་པ་ལ་བློས་བཟོ་འཆོས་ཤིང་བསྒྱུར། སྤང་དུ་མེད་པ་ལ་གཉེན་པོས་བཅོས་ནས་སྤངས། བསལ་དུ་མེད་པ་ལ་བསལ་འདོད་ཀྱི་བློས་སྐྱོན་དུ་དམིགས། ཐོབ་ཏུ་མེད་པ་ལ་གཞན་ནས་ཐོབ་བྱར་ཡོད་པའི་རེ་དོགས་ཀྱི་དབྱེན་བཅུག །རྩོལ་སྒྲུབ་དང་བྲལ་བར་འབད་རྩོལ་གྱིས་མ་རིག་པ་ཆེན་པོས་རང་གནས་ཀྱི་ཡེ་ཤེས་ལ་བསྒྲིབས་པས་རྣལ་མའི་དེ་ཁོ་ན་ཉིད་ལ་རེག་པའི་སྐབས་མེད་པ་སྟེ། འདི་ལྟར་ཐེག་པ་འོག་མའི་ཉན་རང་གིས་རྟོགས་པའི་བདག་མེད་ནི་ཤེས་པ་དང་རྡུལ་རྫས་ལ་དོན་དམ་དུ་འདོད་ལ། རྣམ་རིག་སྨྲ་བས་རང་ཤེས་རང་གསལ་ཉིད་ཀྱི་རྣམ་ཤེས་ལ་དོན་དམ་ཡོངས་གྲུབ་ཏུ་འདོད་པ་དག་ནི་འཇིག་རྟེན་པའི་སེམས་དང་སེམས་བྱུང་ལས་འདས་པ་མེད་ཅིང་། དབུ་མས་བདེན་པ་གཉིས་ཀྱིས་གཞལ་བའི་སྐྱེ་མེད། འགག་མེད། ཡོད་མེད།


GTN005_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མིན་ལ་སོགས་གཏན་ཚིགས་ཆེན་པོ་བཞི་ལ་སོགས་པས་དཔྱད་པའི་འགོག་བདེན་དང་། མཐའ་བྲལ་དང་། སྤྲོས་བྲལ་སོགས་ཀྱི་མཚུངས་དཔེ་ནམ་མཁའ་ལྟ་བུའི་སྟོང་པར་འཛིན་པ་དང་། སྔགས་འོག་མའི་བྱ་བས་དག་པ་གསུམ་གྱི་ལྷ་གཙང་སྦྲ་སོགས་དཀའ་ཐུབ་ཀྱིས་མཉེས་པའི་དངོས་གྲུབ་འགྲུབ་པར་འདོད་པ་དང་། ཉེ་བའི་རྣལ་འབྱོར་གྱིས་ལྟ་སྤྱོད་གོང་འོག་ཡ་ཆ་བས་མཚན་འཛིན་དང་། རྣལ་འབྱོར་གྱིས་དོན་དམ་པའི་བྱིན་རླབས་ལྷར་བལྟས་ནས་ཕྱག་རྒྱ་བཞིའི་རྣལ་འབྱོར་ལ་དམིགས་པ་དང་། རྣལ་འབྱོར་ཆེན་པོས་བསྐྱེད་རིམ་དང་། རྫོགས་རིམ་རྩ་ཐིག་རླུང་གསུམ་ལ་གནད་དུ་གཅུན་པས་ཡེ་ཤེས་སྐྱེ་བར་འདོད་ཅིང་། རྗེས་སུ་རྣལ་འབྱོར་གྱིས་དབྱིངས་ཡེ་ཤེས་བསྐྱེད་བྱ་སྐྱེད་བྱེད་ལྷའི་དཀྱིལ་འཁོར་དུ་བལྟ་བ་སོགས་མདོར་ན་ཨ་ནུ་མན་ཆད་ཀྱི་རིམ་པ་དེ་དག་ཐམས་ཅད་བློས་རིག་པའི་གྲུབ་མཐའ་ཁོ་ན་སྟེ། དེ་དག་ཐམས་ཅད་ཀྱང་བློ་ངོར་འདི་ནི་མེད་དོ། །སྟོང་ངོ་། །བདེན་ནོ། །སྙམ་པའི་སྙམ་བྱེད་དང་། ཡིད་བྱེད་དང་། རྟོག་དཔྱོད་ཀྱི་ཡུལ་ཡུལ་ཅན་ལ་ཆོས་ཉིད་ཡིན་པར་རློམ་པ་ལས་གཉུག་མའི་གནས་ལུགས་ཇི་བཞིན་མཐོང་བ་ནི་མེད་དོ། །དེ་དག་རྣམས་ནི་སེམས་ཀྱིས་བྱས་ཤིང་བཅོས་པས། སེམས་ནི་ཚོགས་བརྒྱད་ཀུན་ཏུ་རྟོག་པ་དོར་བྱའི་དྲི་མ་ཡིན་ལ། འདི་ལྟར་རང་བཞིན་རྫོགས་པ་ཆེན་པོ་ནི་སེམས་ལས་འདས་པའི་སེམས་ཉིད་རིག་པ་རང་བྱུང་གི་ཡེ་ཤེས་འོད་གསལ་འདུས་མ་བྱས་པར་གཤིས་


GTN005_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཏུ་བཞུགས་པ་ལས་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་དང་གཞན་གྱི་རྐྱེན་ལ་སོགས་པའི་ཁམས་ལ་རང་བཞིན་གྱིས་གྲོལ་བས་ལྟོས་མི་དགོས་པ་ནམ་མཁའ་ལྟ་བུའི་མཚན་ཉིད་གནས་ལུགས་འཕོ་འགྱུར་མེད་པར་གྲུབ་པའི་གནད་ཀྱིས་ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་ཉིད་ཀྱང་བྱས་པ་མེད་པར་རང་བྱུང་གི་ཡེ་ཤེས་རང་རྟོགས་པའི་ཆ་ནས་སངས་རྒྱས་པ་ལས། ཐོས་བསམ་དང་འདུ་བྱས་པའི་ཚོགས་བསགས་སོགས་རྐྱེན་གཞན་གྱིས་མ་བྱུང་བར་བསྟན་པ་སྟེ། རྩ་བ་ཤེས་རབ་ལས། རང་བཞིན་རྒྱུ་དང་རྐྱེན་ལས་ནི། །འབྱུང་བར་རིགས་པ་མ་ཡིན་ནོ། །རྒྱུ་དང་རྐྱེན་ལས་བྱུང་བ་ནི། །རང་བཞིན་བྱས་པ་ཅན་ཞེས་བྱར། །ཇི་ལྟ་བུར་ན་རུང་བར་འགྱུར། །རང་བཞིན་དང་ནི་བཅོས་མིན་དག །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་གསུངས་པ་འདིས་རང་བཞིན་གཤིས་ཀྱི་གནས་ལུགས་རྫོགས་པ་ཆེན་པོའི་གྲུབ་པའི་མཐའ་རྒྱུ་རྐྱེན་ལས་འདས་པའི་འདུས་མ་བྱས་ཀྱི་ཡེ་ཤེས་མངོན་པར་རྟོགས་པའི་སྒྲ་དབྱངས་མངོན་སུམ་དུ་སྒྲོགས་པར་མཛད་དོ། །དེ་ལ་ཨ་ཏི་ནི། ཤིན་ཏུ་བའི་དོན་ཏེ། མཆོག་དང་། རབ་དང་། ཕུལ་དང་། རྩེ་མོ་དང་། ཡང་སྙིང་དུ་གྱུར་པའོ། །ཡོ་ག་རྣལ་འབྱོར་ཏེ། རྣལ་འབྱོར་ཐམས་ཅད་ ཀྱི་མཐར་ཐུག་པས་ན་ཤིན་ཏུ་རྣལ་འབྱོར་རོ། །དེ་ཉིད་རྫོགས་རིམ་ཐམས་ཅད་ཀྱི་སྙིང་པོར་གྱུར་པས་དེའི་བླ་ན་བགྲོད་བྱ་གཞན་མེད་ལ། འདི་ཉིད་ཀྱིས་ཤིན་ཏུ་ཟབ་ཅིང་བརྟག་པར་དཀའ་བའི་ནམ་མཁའ་ལྟ་བུའི་སྐྱེ་བ་མེད་པའི་ཆོས་ཉིད་བཅར་


GTN005_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཕོག་ཏུ་སྟོན་པས་ན་ཆེན་པོའི་སྒྲས་བསྟན་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས། ནམ་མཁའ་ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་སྟོན་པ་ནི་ཤིན་ཏུ་ཆེན་པོའོ། །ཞེས་བཀའ་སྩལ་པའང་འདིའི་ངེས་ཚིག་ལ་དགོངས་པའོ། །དེ་ལྟར་ཡིན་ན། དེའི་ཕྱིར་རྫོགས་པ་ཆེན་པོའི་རང་བཞིན་འདི་ཉིད་བདེ་བར་གཤེགས་པས་བཀའ་འཁོར་ལོ་བར་པར་སྤྲོས་པའི་མཚན་མ་མི་དམིགས་པའི་ཚུལ་གྱིས་བསམ་གྱིས་མི་ཁྱབ་པའི་གནས་ལུགས་རྒྱས་པར་བསྟན་མོད་ཀྱི། གཤིས་ཀྱི་བཞུགས་ཚུལ་མ་བསྟན། འཁོར་ལོ་ཐ་མར་གཤིས་ཀྱི་བཞུགས་ཚུལ་བསྟན་ཀྱང་དེ་མངོན་དུ་བྱེད་པའི་ལམ་མཚན་ཉིད་པ་མ་བསྟན། དེའི་ཕྱིར་འཁོར་ལོ་བར་པའི་དགོངས་པ་འཕགས་མཆོག་ཀླུས་བཀྲལ་པའི་རིགས་ཚོགས་ཀྱི་དགོངས་པ་མ་འགྱུར་བ་དང་། དེའི་ཆོས་དབྱིངས་བསྟོད་པ་སོགས་དང་། ཐ་མའི་དགོངས་པ་རྒྱལ་ཚབ་བྱམས་པ་དང་འཕགས་མཆོག་ཐོགས་མེད་སྐུ་མཆེད་སོགས་ཀྱིས་བཀྲལ་པ་བཅས་ཤིང་རྟ་ཆེན་པོ་རྣམ་གཉིས་ཀྱི་དགོངས་པ་མཐར་ཐུག་འགལ་བར་མི་འདུ་བར་རྫོགས་པ་ཆེན་པོ་ཉིད་དུ་དོན་གྱིས་གནས་ཏེ། གང་གི་ཕྱིར་ཞེ་ན། རང་བཞིན་ཆོས་ཉིད་ཟབ་མོའི་གནས་ལུགས་དེ་ལས་གཞན་སློབ་དཔོན་དེ་དག་མི་བཞེད་ཅིང་དེ་ལས་གཞན་དུ་རྫོགས་པ་ཆེན་པོའང་མ་གྲུབ་པའི་ཕྱིར་རོ། །དབྱེ་ན་གསུམ་སྟེ། སེམས་ཀྱི་སྡེའི་ངོ་བོ་ནི། ཐེག་པའི་རིམ་པ་དང་། བདེན་པ་གཉིས་དང་། ཕར་ཕྱིན་དྲུག་དང་། རིམ་པ་གཉིས་སོགས་ལ་དེར་འཛིན་གྱི་འདུ་ཤེས་དམ་པོས་དཀྲིས་པའི་ཟག་པ་དང་བཅས་པའི་ལམ་བདེན་འདུ་བྱས་


GTN005_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ཞིག་དག་མཉམ་ཆེན་པོའི་ཡེ་ཤེས་གཉུག་མའི་བྱང་ཆུབ་སེམས་ཀྱི་རང་བཞིན། ཆོས་དབྱིངས་སྤྲོས་པ་དང་བྲལ་བ་དོན་དམ་བདེན་པའི་གཤིས་དེ་ཉིད་རྒྱུ་འབྲས་དགེ་སྡིག་བླང་དོར་གྱི་ཆ་ལས་རྣམ་པར་གྲོལ་བའི་དབྱིངས་ཆེན་པོར་ལ་བཟླའོ། །དེ་ལྟར་བསྟན་པ་ཟབ་མོའི་གནས་ལ་བལྟ་བའི་བློ་གྲོས་ཀྱི་སྤྱན་ཕྲ་བ་འགའ་ཞིག་གིས་རྫོགས་ཆེན་གྱིས་ཐབས་ཀྱི་ཆ་ཡལ་བར་དོར་བ། ལས་རྒྱུ་འབྲས་ལ་སྐུར་བ་བཏབ་བོ། །ཞེས་ནན་གྱིས་འགོག་པར་བྱས་སོ། །ཟབ་མོའི་གནས་ལ་བྱིས་པའི་བློ་གྲོས་སྐྲག་པ་སྐྱེ་བ་བདེན་ཀྱང་། ཆོས་འདི་པས་རྣམ་ཤེས་རྟོག་པའི་ཡུལ་ལས་འདས་པའི་ཡེ་ཤེས་ཀྱི་རྒྱལ་ཁམས་དོན་དམ་པའི་བདེན་པ་ཆོས་ཀྱི་དབྱིངས་འདུས་མ་བྱས་སུ་སྨྲ་བ་གང་ཞིག །ཁམས་གསུམ་དང་དཀར་ནག་ལས་ཀྱི་ཆ་འདུ་བྱས་པའི་ཁམས་སུ་མི་གནས་ཤིང་དེ་ལས་ཡོངས་སུ་གྲོལ་བའི་བདག་ཉིད་ཅན་དུ་འདོད་པའི་ཕྱིར། རྒྱུ་རྐྱེན་གྱིས་མ་བསྐྱེད་པ་སྔར་གྱི་ལུང་རྣམས་ཀྱིས་ཀྱང་རྟོགས་པར་ནུས་ལ། གལ་ཏེ་དེར་འདོད་ན། སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་རྩ་ཤེར་ལས། ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་ པ་ནི། །སྟོང་པ་ཉིད་ཀྱིས་འགོག་པར་འགྱུར། །ཞེས་ལས་དཀར་ནག་གི་རྒྱུ་འབྲས་ཐམས་ཅད་རྣམ་རྟོག་གི་མཚན་མ་ཙམ་ལས་བྱུང་བར་གསུངས་ནས། དེ་དག་ཐམས་ཅད་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་ཀྱིས་ཞི་བར་གསུངས་ཤིང་། དེ་ཉེ་བར་ཞི་བའི་ཚུལ་ཡང་། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་


GTN005_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་པ། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་དང་། ཡང་དེ་ཉིད་ལས། ཉོན་མོངས་ལས་དང་ལུས་རྣམས་དང་། །བྱེད་པ་པོ་དང་འབྲས་བུ་དག །དྲི་ཟའི་གྲོང་དང་སྨིག་རྒྱུ་དང་། །མིག་ཡོར་ཆུ་ཟླ་ཇི་བཞིན་ནོ། །ཞེས་དང་། དེ་ཉིད་ཀྱི་དབུ་མ་སྲིད་པ་འཕོ་བ་ལས། ཅིར་ཡང་མི་རྟོག་སྟོང་པ་སྟེ། །ཡིད་ལ་མི་བྱེད་སྐྱེ་འཆི་མེད། །སྣང་བ་སྒྱུ་མ་དགེ་སྡིག་བྲལ། །སྟོང་དང་སྙིང་རྗེ་འཁོར་འདས་སྟོང་། །སྒྱུ་མ་གསལ་སྟོང་བརྗོད་མེད་ཀྱི། །ཆོས་ཉིད་གསལ་དངོས་རྟོག་པ་མེད། །ཅེས་སོགས་དོན་དམ་བདེན་པའི་ཆོས་ཉིད་རྟོགས་པའི་དོན་འདུས་བྱས་པའི་དཀར་ནག་གི་ལས་ཐམས་ཅད་ཀྱིས་འཆིང་གྲོལ་མེད་པར་བཟང་ངན་རོ་མཉམ་ཆེན་པོར་རྟོགས་པར་སྔར་སྨོས་པ་ལྟར། ཆོས་ཐམས་ཅད་ཀྱི་རང་བཞིན་སྨོན་པ་མེད་པའི་མཚན་ཉིད་ཅན་དུ་ལ་བཟླ་བའི་ཆོས་ཉིད་དྲང་ཐད་དུ་སྟོན་པའི་སྐབས་ཏེ། སེམས་སྡེ་ལ་དབྱེ་ན་བདུན་ཏེ། འབྲས་བུ་སེམས་ཀྱི་བྱུང་སར་འདོད་སེམས་ཕྱོགས་པ། གོལ་སྒྲིབ་ལ་བཟླ་བ། གཏན་ཚིགས་ཁུང་རྡིབ་པ། རྒྱ་ཆད་ཕྱོགས་ལྷུང་མེད་པ། ཕྱོགས་འཛིན་གྲུབ་མཐའི་ས། བློ་བྲལ་ཕྱོགས་འཛིན་ལས་འདས་པ། སེམས་ཀྱི་ཕྱོགས་ཡིན་དུ་སྨྲ་བ་རྣམས་སོ། །གཉིས་པ་ཀློང་གི་སྡེའི་ངོ་བོ་ནི། རང་བྱུང་གི་ཡེ་ཤེས་ཆོས་ཉིད་ཀུན་ཏུ་བཟང་པོའི་ཀློང་ཡངས་པར་ཆོས་ཅན་ཇི་ལྟར་སྣང་བ་ཐམས་ཅད་རང་སྣང་བཀོད་པའི་རྒྱན་ཙམ་ལས་འཆིང་གྲོལ་དང་། ཤར་བྱ་ཤར་བྱེད་དུ་མ་གྲུབ་པས། སེམས་སྡེ་ལྟར་རྩལ་དང་རོལ་པར་སྣང་བར་མི་བཞེད་ཅིང་། ལྟོས་གྲུབ་དང་། ཡོད་མེད་


GTN005_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཡིན་མིན་དང་། དག་མ་དག་གང་དུའང་མི་དཔྱོད་པར་ཡེ་གྲོལ་ཕྱོགས་འབྱམས་ཆེན་པོར་གཏན་ལ་ཕབ་པ་འདི་ཉིད་ཀྱི་གྲུབ་པའི་མཐའོ། །དབྱེ་ན་ཀློང་ནག་པོ་རྒྱུ་མེད་དུ་སྨྲ་བ། ཀློང་ཁྲ་བོ་སྣ་ཚོགས་དུ་སྨྲ་བ། ཀློང་དཀར་པོ་སེམས་སུ་སྨྲ་བ། ཀློང་རབ་འབྱམས་རྒྱུ་འབྲས་ལ་བཟླའོ། །དེ་དག་ཀྱང་བསྡུ་ན། རོལ་པ། རྒྱན། ཆོས་ཉིད། བྱ་བྲལ་གྱི་ཀློང་བཞིའོ། །མན་ངག་སྡེ་ནི། འོག་མ་གཉིས་ལས་ཁྱད་པར་དུ་གྱུར་པ་སྟེ། འདི་ལྟར་སེམས་སྡེས་སེམས་ཡིན་པས་གསལ་བ་ལས་ཟབ་མོའི་ཕྱོགས་ཤས་ཆེ་བར་བསྒྲུབས་ཀྱང་། གསལ་བའི་རྩལ་ཆོས་ཉིད་དུ་མ་རྟོགས་པས་ཡིད་དཔྱོད་དུ་འཛིན་པར་ཉེ་ཞིང་། ཀློང་སྡེས་ཟབ་གསལ་མཉམ་པར་བསྒྲུབས་ཀྱང་ཆོས་ཉིད་ལ་འཛིན་པའི་ཡིད་དཔྱོད་ལས་སྟོང་ཕྱོགས་ཀྱི་གོལ་སར་ཤོར་ཉེ་ལ། མན་ངག་སྡེ་ནི། ངོ་བོ་ཀ་ནས་དག་པ་བརྗོད་བྲལ་བློ་འདས་ཆེན་པོའི་གདངས་རང་སྣང་ལྷུན་གྲུབ་ཀྱི་རང་རྩལ་ལས་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་སྤྲོས་པ་དང་བྲལ་བའི་དབྱིངས་སུ་སྡུད་པའི་དོན་གྱིས་ཁྱད་པར་དུ་འཕགས་པའོ། །ངོ་བོ་ནི། གདོད་མ་ཉིད་ནས་གྲོལ་ཞིང་ཀ་ནས་དག་པའི་ཆོས་ཉིད་ལ་ཉི་ཚེ་བའི་བལྟ་བྱའི་ཡུལ་དང་། ལྟ་བྱེད་ཀྱི་ཤེས་པ་གཉིས་སུ་ཆད་པས་འཁྲུལ་མ་འཁྲུལ་དང་། རྟོགས་མ་རྟོགས་སུ་བསྒྲུབ་པའི་ལྟོས་གཞི་དང་། ལྟོས་པའི་ཆོས་ལས་ལོག་པས། རང་གི་ངོ་བོ་སྤྲོས་བྲལ་གྱི་ཆ་ནས་ཤེས་བྱ་ཤེས་བྱེད་ཀྱི་ཡུལ་ཡུལ་ཅན་གཉིས་ཀ་ཡང་དག་པ་མ་ཡིན་པར་མཉམ་ཞིང་ཐ་སྙད་ཙམ་དུ་བཏགས་


GTN005_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་དེར་འཛིན་གྱི་བསམ་བརྗོད་ལས་ཡང་དག་པར་འདས་པས་ན། བློ་དང་། ཡིན་སྙམ་དང་། སྙམ་བྱེད་དང་། ཡིད་དཔྱོད་ལས་འདས་པའི་དོན་གནད་ཐོག་ཏུ་ཕེབས་པའི་མེ་བཙའ་ལྟ་བུ་སྟེ། རྩ་བ་ཤེས་རབ་ལས། ཐམས་ཅད་ཡང་དག་ཡང་དག་མིན། །ཡང་དག་ཡང་དག་མ་ཡིན་ཉིད། །ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་རྗེས་བསྟན་པའོ། །ཞེས་གསུངས་ཤིང་། འཇམ་དཔལ་གྱིས། རང་བཞིན་གྱིས་ནི་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །མེད་ནས་ཆོས་རྣམས་མཚན་ཉིད་སྤངས། །ཆོས་དང་ཆོས་ཉིད་ཡང་མེད་དོ། །དངོས་པོ་མེད་པའི་མཁའ་དང་མཚུངས། །ཚིག་དང་ཡི་གེ་ཀུན་ལས་གྲོལ། །ཞེས་སོ། །འདི་ལ་ནང་གསེས་ཀྱི་དབྱེ་བ་མང་དུ་ཡོད་ཀྱང་། མདོར་བསྡུ་ན། ལུས་དང་འདྲ་བ་ཕྱི་སྐོར། མིག་དང་འདྲ་བ་ནང་སྐོར། སྙིང་དང་འདྲ་བ་གསང་སྐོར། ཐམས་ཅད་རྫོགས་པ་དང་འདྲ་བ་ཡང་གསང་བླ་ན་མེད་པའི་སྐོར་ཏེ་བཞིའོ། །དང་པོ་ཕྱི་སྐོར་གྱི་ངོ་བོ་ལ་ཉོན་མོངས་མ་གྲུབ་པས་དུག་ལྔ་ལམ་དུ་ཁྱེར། རང་བཞིན་ལ་རྩོལ་སྒྲུབ་མེད་པས་ཅིར་སྣང་ཆོས་ཉིད་དུ་ཤར། མཚན་ཉིད་ལ་ཕྱོགས་ཆ་མེད་པས་སྟོང་ཉིད་གང་དུའང་ཕྱེ་བ་མེད་པའོ། །ནང་སྐོར་གྱི་ངོ་བོ་གཟུགས་ཅན་ལས་འདས་པས་མཚན་མ་མེད་པའི་ཆོས་ཉིད། རང་བཞིན་འགྲོ་འོང་མེད་པས་རྟག་པ་རྒྱུན་གནས་ཀྱི་ཡེ་ཤེས་སོ། །མཚན་ཉིད་ནི་འཁོར་འདས་གཉིས་ཀ་ལ་ཟུག་པས་རྩ་བ་ལྟ་བུ། རང་ངོ་ཐ་དད་དུ་


GTN005_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིལ་བས་སྡོང་པོ། རྩལ་སྣང་ཅིར་ཡང་རྒྱས་པས་ཡལ་ག །གསལ་ཆ་མི་འགག་པས་མེ་ཏོག །སྣ་ཚོགས་གཅིག་ཏུ་སྨིན་པས་འབྲས་བུ་ལྟ་བུའོ། །གསང་སྐོར་གྱི་ངོ་བོ་ངོ་སྤྲད་པ་དང་རྟོགས་པ་དུས་མཉམ་པས་ཤེས་རབ་གསུམ་ལ་མ་ལྟོས། རང་བཞིན་དབུགས་ཆད་པ་དང་གྲོལ་བ་དུས་མཉམ་པས་གོམས་སྟོབས་ལ་མ་ལྟོས། མཚན་ཉིད་ནི་སངས་རྒྱས་པ་དང་ཐུགས་རྗེ་འབྱུང་བ་དུས་མཉམ་པས་རྒྱུ་ཚོགས་གཉིས་ལ་མི་ལྟོས་པའོ། །ཡང་གསང་བླ་ན་མེད་པ་ནི། ངོ་བོ་ཤེས་བྱ་མ་ཡིན་པས་ཤེས་བྱེད་ལ་མི་ལྟོས། རང་བཞིན་མངོན་སུམ་མཐོང་བས་ཆོས་ཉིད་ཡིད་དཔྱོད་དུ་མི་གནས། མཚན་ཉིད་ནི་སྣང་བ་བཞིས་འབྲས་བུ་ཕྱིས་དུས་ལ་རེ་བ་མི་འཆའ་བར་ཚེ་འདི་ཉིད་ཀྱིས་གདོད་མའི་གཞི་དབྱིངས་སུ་སྦྱོར་བའོ། །དེ་ལྟར་བསྟན་པ་ཐམས་ཅད་ཀྱི་སྙིང་པོ་རྫོགས་པ་ཆེན་པོའི་མན་ངག་སྡེ་པའི་ལུགས་འདིས་སོ་སོའི་རང་གི་རིག་པ་ནི་ཡེ་ཤེས་ཀྱི་ཉམས་སུ་མྱོང་བྱའི་ཡུལ་ཡིན་ལ། ཟག་པ་དང་བཅས་པའི་ཉེ་བར་ལེན་པའི་རྣམ་ཤེས་ཚོགས་བརྒྱད་པོའི་རང་བཞིན་ཅན་གྱི་སེམས་ལས་འདས་པའི་ཚུལ་ནི། སེངྒེ་རྩལ་རྫོགས་ལས། སེམས་དང་ཡེ་ཤེས་བག་ཆགས་དངོས་མ་ཡིན། །ཡེ་ཤེས་བག་ཆགས་ཀུན་དང་བྲལ་གྱུར་ཀྱང་། །སེམས་ཀྱིས་སྣ་ཚོགས་བག་ཆགས་སྡུད་པར་བྱས། །སེམས་དང་ཡེ་ཤེས་གཉིས་སུ་མ་ཕྱེ་ན། །སྣང་བ་ཡུལ་གྱི་རྩ་བ་མི་ཆོད་པས། །རྐྱེན་བྲལ་ཆོས་ཉིད་དག་ཀྱང་རྟོགས་པར་དཀའ། །ཞེས་དང་། ནཱ་རོ་པའི་དེ་ཁོ་ན་ཉིད་སྒྲུབ་


GTN005_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐབས་ལས་ཀྱང་། བྱང་ཆུབ་སེམས་ཀྱི་རང་རིག་འདི། །བག་ཆགས་འཁྲུལ་པའི་དབང་གིས་ན། །བརྟགས་པས་སྣ་ཚོགས་མེད་བཞིན་འགྲུབ། །སེམས་ཀྱི་བག་ཆགས་ཕྱིར་སྣང་ཡང་། །རིག་པ་འོད་གསལ་འགྱུར་བ་མེད། །ཅེས་དང་། རྣམ་རྟོག་སེམ་ཀྱི་རྒྱུ་བ་བྲལ། །རང་རིག་འོད་གསལ་འཛིན་པ་མེད། །ཅེས་སོ། །མདོར་ན་སྣང་གྲག་བསམ་ཡུལ་དུ་གནས་སོ་ཅོག་ཐམས་ཅད་ནི་སེམས་ཀྱི་ སྣང་བ་སྟེ་འཁོར་བའི་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་འཛིན་པའི་སེམས་ཏེ། འཕགས་པ་སྟོང་ཕྲག་བརྒྱ་པ་ལས་ཀྱང་། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་འཇིག་རྟེན་པའི་སེམས་སེམས་བྱུང་ལས་འདས་པའི་སེམས་ཉིད་ཀྱི་དོན་དུ་གསུངས་པའང་སྔ་མ་དང་དོན་གཅིག་གོ །གཞན་ཡང་འཕགས་པ་དཀོན་མཆོག་བརྩེགས་པ་ལས། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཡང་བྲལ་བ། ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་བ་སྟེ། འདི་ ནི་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །ཞེས་སོ། །འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། སེམས་མེད་པ་ན་ཆོས་ཀྱང་མེད། །དེ་ལྟར་ལུས་དང་ཁམས་ཀྱང་མེད། །དེ་ལྟར་གཉིས་མེད་ལམ་གྱིས་ནི། །དེ་ཉིད་དུ་ནི་རབ་ཏུ་བཤད། །ཅེས་པ་ལ་སོགས་རྒྱ་ཆེར་གསུངས་པ་རྣམས་ཀྱང་སེམས་ལས་འདས་པའི་རིགས་ལ་དགོངས་པ་ཡིན་ཏེ་གྲོལ་ལུགས་ཆེན་པོ་བཞིའི་ངང་དུ་གནས་པ་རང་གི་རིག་པ་རང་བྱུང་གི་ཡེ་ཤེས་དེ་གཉིས་ལམ་འདི་ཉིད་ཀྱི་ཁྱད་ཆོས་སུ་ངེས་པར་བྱས་ནས།


GTN005_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཚུལ་བཞིན་རྟོགས་པར་བྱ་བ་ལ་སྟོང་ངོས་ཀ་དག་གིས་རིག་པ་སྤྲོས་བྲལ་དུ་གྱུར་པས་སྟོང་པའི་ཆོས་ཟད་སར་བྱེད་པ་ཁྲེགས་ཆོད་དང་། སྣང་ངོས་ལྷུན་གྲུབ་ཀྱིས་རྡོས་བཅས་འོད་གསལ་དུ་དྭངས་པས་སྣང་བའི་ཆོས་ཉིད་ཟད་པར་བྱེད་པ་གཉིས་སོ། །དང་པོ་ནི། ཐེག་པ་མཆོག་འདིའི་དགོངས་པ་རིག་པའི་ངོ་བོ་འཆིང་གྲོལ་མེད་པའི་གཤིས་ལུགས་ཀ་ནས་དག་པའི་ངོ་བོ་དེ་ཉིད་མ་བཅོས་པ་རྒྱ་གང་དུའང་མ་ཆད། རང་གི་རང་བཞིན་ལ་ངོ་བོ་འདི་ཞེས་གདགས་སུ་མེད་པས་ཕྱོགས་གང་དུའང་མ་ལྷུངས་ཤིང་། རྟོག་པའི་བློ་དང་བྲལ་བས་བསམ་བརྗོད་ལས་འདས་པའི་ཟང་ཐལ་རྗེན་པའི་རིག་པ་དེ་ཉིད་སྟོང་པ་ཉིད་དང་། ལམ་དུས་ཚིག་དང་ཡི་གེས་མི་མཚོན་པས་མཚན་མ་མེད་པ་དང་། འབྲས་བུའི་ངོས་ནས་ཐོབ་བྱ་རེ་དོགས་མེད་པས་སྨོན་པ་མེད་པ་དང་། རིག་པའི་ཆ་ལས་བྱང་ཆུབ་ཀྱི་ཡོན་ཏན་རྣམས་རྫོགས་ཤིང་འོད་གསལ་བའི་རང་བཞིན་གྱི་རྣམ་པར་ཐར་པ་བཞིའི་བདག་ཉིད་ཅན་གྱི་རིག་པ་གང་ལ་ལྟ་སྒོམ་སྤྱོད་འབྲས་རྟོག་བཅས་རྟོག་མེད་ཀྱི་ཤེས་པས་བསྡུས་པའི་ཆོས་རྣམས་མི་འགྲུབ་ཅིང་བལྟས་པས་མི་མཐོང་། བསྒོམས་པས་མི་རྟོགས། སྤྱོད་པས་ཕན་མི་བཏགས། འབྲས་བུ་སྒྲུབ་ཏུ་མེད་ལ། དེ་མེད་པས་ས་ལ་སྦྱང་བ་དང་། ལམ་ལ་བསྒྲོད་པ་དང་། འབྲས་བུ་ལ་དམིགས་པ་དང་། དེ་དང་དེའི་རིམ་པའང་བྱར་མེད་པ་སྟེ། ལམ་འདིས་སངས་རྒྱས་རྣམས་ཀྱི་མཐར་ཐུག་པ་ཆོས་ཀྱི་སྐུ་ཡིན་ན་དེ་ནི་ཐོབ་ལ་གཞན་དུ། གང་དག་ང་ལ་གཟུགས་སུ་མཐོང་། །གང་


GTN005_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་ཡི། །སྐྱེ་བོ་དེ་དག་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །ཞེས་གསུངས་པས་སོ། །དེའི་ཕྱིར་རྡོ་རྗེ་སྙིང་པོ་ཀ་དག་གི་རིག་པ་ནི་གདོད་མའི་ཆོས་ཀྱི་སྐུའི་ཡིན་ལུགས་ཇི་ལྟ་བ་ལ་གོམས་སུ་འཇུག་པ་སྟེ། སྤྲོས་པའི་སྒྲིབ་བྱེད་ལས་གྲོལ་བ་ཉི་མ་རང་བཞིན་གྱིས་གསལ་བ་ལྟ་བུ་ཡིན་ལ། རིམ་པ་བརྒྱད་པོའི་ཉེར་ལེན་སེམས་ཀྱི་ཀུན་ཏུ་རྟོག་པ་འབའ་ཞིག་གིས་བསྐྱེད་པའི་མཚན་བཅས་ཀྱི་རིམ་པ་ལ་བརྟེན་པ་སྒྲིབ་བྱེད་ཀྱིས་སྒྲིབ་པ་སྦྱངས་ནས་གཟོད་ཉི་མ་མཐོང་བར་འདོད་པ་ལྟ་བུའི་ཁྱད་ཡོད་པས་རང་བྱུང་གི་ཡེ་ཤེས་ལ་རྟོག་པའི་ལྟ་སྒོམ་སྤྱོད་འབྲས་ཀྱིས་མ་བཅོས་པར་རང་བཞག་ཉིད་དུ་ལ་ཟློ་བ་སྟེ་རིག་པ་དེ་ཉིད་རྒྱ་ཡན། མ་བཅོས། མི་འཆོས། མི་བསྒོམ། མི་ཡེངས། མི་འཁྲུལ། རྟོག་དཔྱོད་མ་ཞུགས་པ། ལྷག་གེ། རྗེན་ནེ། ལྷོད་དེ་བར་རང་བབ་ཏུ་བཞག་པ་ཙམ་ལྟ་བ་དང་སྒོམ་པའི་ཇ་དྭངས་བཏགས་པ་ཙམ་སྟེ། རང་ཤར་ལས། རིག་པ་སྤྲོས་དང་བྲལ་བ་ལ། །འཁྲུལ་དང་མ་རིག་ག་ལ་ཡོད། །ཡེ་ཤེས་སེམས་དང་བྲལ་བ་ལ། །མ་རིག་བག་ཆགས་ག་ལ་ཡོད། །ཅེས་སོ། །དེ་ལྟར་མཉམ་པར་བཞག་པ་ཉིད་ཀྱིས་རིག་པ་ཀ་དག་ཆེན་པོའི་གཤིས་མ་བཅོས་པའི་གནས་ལུགས་བཅར་ཕོག་ཏུ་ངོ་འཕྲོད་པ་ལ་གཟུང་འཛིན་གྱིས་འཆིང་མི་ནུས་ཤིང་། དེ་ལ་བསྒོམ་བྱ་སྒོམ་བྱེད་ཀྱི་སླད་མི་གཞུག་པའི་ཚུལ་རྡོ་རྗེའི་གད་མོ་ཆེན་པོ་བཅུ་གཉིས་སོགས་ཀྱིས་ལེགས་པར་སྟོན་ཅིང་། ལམ་འདི་ཉིད་ལ་གོམས་པ་བརྟན་པར་གྱུར་པ་ན་མཐར་གྱིས་གྲོལ་བའི་ཀ་དག་ཆེན་པོར་སྡུད་པ་ནི། འབྱུང་བཞི་


GTN005_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

རགས་པའི་རྡུལ་ཕྲན་ཡེ་ཤེས་ཀྱི་མེ་སྟོབས་སུ་གྱུར་པས་སྦྱངས་ཏེ། ཆོ་འཕྲུལ་ཆེན་པོ་དང་བཅས་ཏེ་ཐིམ་པར་འགྱུར་ལ། གཞན་དོན་དུ་འགྱུར་ན་རྡུལ་ཕྲན་དེངས་པ་དེ་རིང་བསྲེལ་རྣམ་བཞིར་སྤྲུལ་ནས་འཇོག་པའང་ཡོད་ལ། རིག་པ་ནི་ཆོས་སྐུའི་དབྱིངས་སུ་འཁྱིལ་ནས་སྤྲུལ་པའི་སྐུ་རྒྱུན་ཆད་མེད་པས་འགྲོ་དོན་མཛད་པའོ། །གཉིས་པ་ལྷུན་གྲུབ་ཀྱི་སྣང་བ་གཏན་ལ་ཕབ་པ་ཐོད་རྒལ་གྱི་མན་ངག་ནི། དེ་ཡང་ཁྲེགས་ཆོད་ཀྱི་གཟུང་ཡུལ་འཁྲུལ་པའི་སྣང་བ་གཞི་མེད་རྩ་བྲལ་གཤིས་ཐོག་ཏུ་གྲོལ་བ་ཡིན་ལ། འདིར་ནི་ཁམས་གསུམ་གྱི་སྣང་ཆ་དེ་དག་ཐམས་ཅད་རིག་པའི་རང་གདངས་འོད་ལྔའི་ཐིག་ལེ་ཆེན་པོའི་འོད་གསལ་དུ་གྲོལ་བའི་ཕྱིར་འོག་མ་ལས་ཁྱད་པར་དུ་འཕགས་པར་བཤད་པ་འདིས་ཀྱང་དབྱིངས་ཀྱི་སྣང་བ་དང་། སྙིང་པོ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་སྨིན་པའི་མཐར་ཆོས་ཉིད་ཟད་པའི་སྣང་བས་ཁམས་གསུམ་ཕྱི་ནང་གི་འབྱུང་བ་རྣམས་འོད་གསལ་དུ་དེངས་པའི་ལམ་མདོར་བསྟན་ཅིང་། དེ་ཡང་བཅའ་བ་ལུས་ཀྱི་གནད་གསུམ། འཁྲིད་པ་དབྱིངས་ཀྱི་གནད་གསུམ། སྣང་བ་ཡུལ་གྱི་གནད་གསུམ་དུ་བསྡུས་ཏེ། ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལ་བལྟས་པས་གོམས་པའི་རིམ་པས་སྣང་བ་བཞིར་འབྱོངས་ཤིང་། ཆོས་ཉིད་མངོན་སུམ་གྱིས་ཞིང་ཁམས་ཀྱི་སྒོ་ཕྱེ། དེ་ལས་ཐིག་ལེ་སྐུ་རུ་སྨིན་དུ་ཉེ་བ་ཉམས་གོང་འཕེལ་སྤྲུལ་སྐུ། སྐུ་རུ་སྨིན་པ་རིག་པ་ཚད་ཕེབས་ལོངས་སྐུ། དེ་ནས་སྣང་བ་ཐམས་ཅད་ཐིག་ལེ་ཆེན་པོ་གཅིག་གི་དཀྱིལ་འཁོར་དུ་དག་ནས་བློས་བཏགས་པའི་ཆོས་སོ་ཅོག་ཐམས་ཅད་ཟད་ཅིང་ཆོས་ཉིད་དུ་འཛིན་པ་ཙམ་ཡང་ཟད་


GTN005_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཆོས་སྐུའི་སྣང་བ་མཐོང་བ་སྟེ། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་མཐོང་བ་ཡིས། །ཡིད་དཔྱོད་འཛིན་པའི་མཐའ་ལས་འདས། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །འཁྲུལ་བའི་སྣང་བ་ནུབ་པ་དང་། །བར་དོའི་ཡེ་ཤེས་མངོན་དུ་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདིས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་ཆད། །ཅེས་སོ། །འདི་ལྟར་གསང་བ་བླ་ན་མེད་པ་འདིར་ཐོག་མ་ནས་འཁོར་བའི་སེམས་ལས་འདས་པའི་རང་བྱུང་གི་རིག་པ་ཉིད་བཅར་ཕོག་ཏུ་ལམ་དུ་བྱེད་པ་ལ་མཁས་པས་མྱུར་དུ་འབྲས་བུ་རང་ཐོག་ཏུ་ཕེབས་པའི་གནད་ཀྱང་དེ་ཡིན་ལ། དེ་ལྟར་མ་ཡིན་ན་ཉམས་སུ་ལེན་དུས་འཁོར་བའི་སེམས་དང་སེམས་བྱུང་ལས་འབྲས་བུ་འཁོར་བ་ཉིད་དེ་རྒྱུ་འབྲས་མི་བསླུ་བ་གཅིག་པའི་ཕྱིར་འགལ་བར་འདུ་བའི་སྐབས་མེད་ལ། ཁྱད་པར་མངོན་སུམ་འོད་གསལ་ལ་ལྟ་བའི་རིག་པ་སྐད་ཅིག་མ་དེ་ཉིད་ནི་ཁམས་གསུམ་པའི་སེམས་སེམས་བྱུང་ཀུན་གཞི་དང་བཅས་པ་ལྡོག་པ་སྟེ། མངོན་སུམ་ ལ་བལྟས་པས་ནང་ཀུན་རྟོག་གི་འཕྲོ་འདུ་མེད་པས་འདོད་པའི་སེམས་ལོག །གསལ་བའི་ངང་ལས་གསལ་བར་འཇོག་བྱེད་ཀྱི་གཉེན་པོ་མེད་པས་གཟུགས་ཀྱི་ཁམས་ལས་ལོག །རྟོག་མེད་རྩེ་གཅིག་ལ་ཆོས་ཉིད་ཀྱི་ངང་དུ་ཞེན་པའི་བློ་མེད་པས་གཟུགས་མེད་ཀྱི་ཁམས་ལས་ལོག །དྭངས་ལ་རིག་པའི་ཕྱིར་ཀུན་གཞི་ལས་ལོག །རང་བྱུང་གི་ཡེ་ཤེས་སུ་ཐག་ཆོད་པས་ཀུན་གཞིའི་རྣམ་ཤེས་ལས་ལོག །སྣང་བ་འོད་གསལ་གྱི་ཡུལ་ལས་ཐ་མལ་གྱི་རྗེས་སུ་སྣང་བ་མེད་པས་སྒོ་ལྔའི་


GTN005_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་ལས་ལོག །དེའི་ཚེ་དཔྱོད་བྱེད་ཀྱི་རྟོག་པ་དང་ཆགས་སྡང་གི་ཀུན་རྟོག་མེད་པས་ཡིད་ཤེས་དང་ཉོན་ཤེས་ལས་ལོག་སྟེ། མདོར་ན་ཁམས་གསུམ་གྱི་སེམས་དང་སེམས་བྱུང་ཐམས་ཅད་ལས་རྣམ་པར་གྲོལ་བ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཞི་བ་ཉིད་ལས་གཞན་མ་ཡིན་པའི་མཐར་ཐུག་པ་སྟེ། གང་དག་སྔགས་ཀྱི་གྲུབ་མཐའ་རྒྱུད་སྡེ་འོག་མ་རྣམས་སུ་རོ་རྐྱང་གི་རླུང་དབུ་མར་ཚུད་པས་བདེ་གསལ་མི་རྟོག་པའི་ཡེ་ཤེས་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འདོད་པ་གང་ཞིག །ཚོགས་བརྒྱད་ཀྱི་རྣམ་ཤེས་ལས་མ་ལོག་སྟེ། ཚོར་བ་བདེ་བ་ནི་ཡིད་དང་ཉོན་ཡིད་ཀྱི་རྗེས་སུ་བསྐྱེད་ཅིང་། སེམས་རྟོག་མེད་ཀྱི་ཆ་ནི་ཀུན་གཞི་ལས་གཞན་དུ་མ་འདས་ཤིང་། རླུང་དང་ཁམས་རྣམས་རོ་རྐྱང་གི་ལམ་ནས་དབུ་མར་འཇུག་ཅིང་། དེའི་རྩ་མདུད་རེ་རེ་གྲོལ་སྟོབས་ཀྱིས་ས་བཅུའི་སྤངས་རྟོགས་འཆར་བར་འདོད་པས་འགྲོ་དྲུག་གི་རྩ་འདབ་ཏུ་རླུང་སེམས་ཞུགས་པས་མ་དག་པའི་འཁྲུལ་སྣང་འཆར་བའི་ཕྱིར་གོལ་མ་གོལ་གྱི་གནད་ཀྱང་དེ་ཡིན་ལ། འདིར་ནི་རླུང་རྣམས་རང་ཞིར་འཇོག་པ་ལས་དབུ་མར་འཇུག་པ་སོགས་མེད་ཅིང་རྩ་འདབ་སོ་སོའི་རླུང་རང་དག་ལ་སོང་དུས་འོད་ཀྱི་རྩའི་ཡེ་ཤེས་ཀྱི་རང་ས་ན་རང་གསལ་བས་དག་པ་ཡེ་ཤེས་ཀྱི་སྣང་བ་སྐུ་དང་། ཞིང་ཁམས་དང་འོད་ཀྱི་རང་བཞིན་ལས་མ་དག་པའི་འཁྲུལ་སྣང་འཆར་བའི་སྐབས་མེད་ཅིང་དབུ་མའི་འོད་ཀྱི་རྩ་རྣམས་འཕེལ་བས། རྩ་མདུད་ཀྱི་རྣམ་པ་རྣམས་རིམ་གྱིས་འོད་དུ་ཡལ་བའི་ཡོན་ཏན་ལས་སའི་མངོན་རྟོགས་རྣམས་རང་སྣང་དུ་འཆར་རོ། །དེ་ཡང་རྩ་མདུད་དང་པོ་གཉིས་འོད་དུ་ཡལ་


GTN005_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བས། ཕྱིར་སྣང་འོད་ཀྱི་ནང་དུ་སངས་རྒྱས་ཀྱི་ཞིང་ཁམས་བརྒྱ་ཕྲག་འཆར་ལ། དེ་དག་ཏུ་འོད་ཟེར་འགྱེད་པ་དང་། རང་སྣང་དུ་འདུས་པས་བགྲོད་པ་དང་། ལུས་འགུལ་བས་ཞིང་བརྒྱ་གཡོ་བ་དང་། ནང་དུ་ཆོས་ཉིད་མི་རྟོག་པའི་ཏིང་ངེ་འཛིན་བརྒྱ་ལ་འཇུག་ཅིང་ལྡང་བ་ལ་སོགས་འབྱུང་བའི་ཕྱིར་དེ་དག་གིས་མཚོན་པའི་ལམ་འོག་མ་ལས་ཆེས་ཁྱད་པར་དུ་འཕགས་པར་ཤེས་པར་བྱ་དགོས་ལ། དེ་ལྟར་སྣང་བཞིའི་ལམ་མཐར་ཕྱིན་པ་དེའི་ཚེ་ཁྲེགས་ཆོད་ཀྱིས་ལུས་རྡུལ་ཕྲན་དུ་དེངས་པ་ཡོད་ཀྱང་རྡོ་རྗེའི་སྐུ་མི་འགྲུབ། དེ་མ་འགྲུབ་པས་རྟེན་དེས་འཁོར་བ་མ་སྟོངས་ཀྱི་བར་གཞན་དོན་རླབས་པོ་ཆེ་སྒྲུབ་པའི་ཐབས་མེད་པས། གཟུགས་སྐུ་དེ་ཉིད་ཆུའི་ཟླ་བ་ལྟར་སྣང་གཟུགས་ཡོད་ཀྱང་རེག་གཟུགས་མེད་པར་བཞུགས་ནས་སེམས་ཅན་གྱི་དོན་དཔག་ཏུ་མེད་པར་མཛད་པ་ལ་འཕོ་བ་ཆེན་པོའི་སྐུ་ཞེས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་བི་མ་ལ་མི་ཏྲ་ལྟ་བུའོ། །གལ་ཏེ་རྟེན་དེས་རེ་ཞིག་གདུལ་བར་བྱ་བ་མེད་ན། ཕྱིར་གསལ་ཟུང་འཇུག་གཟུགས་ཀྱི་སྐུའི་རང་སྣང་དེ་ཉིད་ནང་དབྱིངས་སྤྲོས་པ་དང་བྲལ་བ་ཆོས་སྐུའི་ངང་དུ་ཐིམ་ནས་སོ་སོ་རང་གི་རིག་པ་ཕྲ་བའི་ཡེ་ཤེས་ནང་གསལ་གཞོན་ནུ་བུམ་སྐུའི་ཚུལ་གྱིས་འཁྱིལ་བ་ལས། དེའི་ངང་དུ་གདུལ་བྱ་འདུལ་བྱེད་ཀྱི་རོལ་པ་བཀྱེ་བ་ན། འགག་པ་མེད་པའི་ཐུགས་རྗེ་ཆེན་པོའི་ཡེ་ཤེས་འཕྲོ་བའི་གཞིར་ཤིན་ཏུ་མཉམ་པར་བཞག་པ་ལས་མ་གཡོས་བཞིན་དུ་བཞུགས་པའི་ཆོས་ཉིད་དེ་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཆོས་ཀྱི་སྐུའི་མཐར་ཐུག་པ་སྟེ། ཀ་དག་དང་ལྷུན་གྲུབ་གཉིས་


GTN005_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་གྲོལ་ས་ཀ་དག་ཆེན་པོ་གདོད་མའི་གཞིའི་གནས་ལུགས་སུ་བྱང་ཆུབ་པ་ཡིན་ལ། ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མ་པ༷་རྣམས་ཀྱིས་འདི་སྐབས་སུ་འཇུག་ པ་ཐམས་ཅད་ཞི་བའི་འགོག་པ་དམ་པ་ལ་གནས་པས་རང་རང་གི་སྐུ་དང་ཡེ་ཤེས་ཀྱང་མི་འདོད་དེ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཉིད་ཀྱང་སྟོང་པ་མཐའ་གཅིག་ཏུ་བཞེད་པའི་ཕྱིར་རོ། །མདོར་ན་རྫོགས་པ་ཆེན་པོའི་གནས་ལུགས་ནི། ལྟ་བ་ཡོངས་གྲུབ། རྒྱུ་འབྲས་དག་མཉམ། བདེན་པ་དབྱེར་མེད། གཟུང་འཛིན་རང་ཞིག །སྐྱེ་འགག་ཟང་ཐལ། སྤྲོས་མ་སྤྲོས་ཀྱི་མཐར་མ་ལྷུངས། བློས་མ་བཅོས། ཕྱིར་མི་འཕྲོ། ནང་དུ་མི་གཟུང་། བར་དུ་མི་བཞག །བརྗོད་ཚད་ཐམས་ཅད་ཚིག་དང་ཐ་སྙད་ཀྱི་སྤུན་པ། བསམ་ཚད་དཔྱོད་ཚད་ཐམས་ཅད་རྟོག་པས་བཏགས་པ་ཁོ་ནར་སོང་བས་རང་ངོ་ཁས་ལེན་གྱི་མཐར་མི་གནས་པའི་ངང་དུ་ལ་བཟླ་བ་ཞིག་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། རིག་པའི་ཆོས་ཐམས་ཅད་བདག་རྟོག་གི་བློ་དང་བྲལ་བར་ཤེས་པར་གྱིས་ཤིག །ཅེས་སོ། །འོན་ཀྱང་སྔ་ཕྱི་ཅི་རིགས་པ་རྣམས་སུ་ཆོས་ཉིད་ཟབ་མོ་བློས་བྱས་ཀྱི་སྒྲུབ་ པ་རློམ་པ་རྣམས་ནི་ཆོས་ཉིད་བློ་བྲལ་གྱི་གཏམ་ཟབ་མོས་སྐྲག་པར་འགྱུར་ཞིང་། འདིས་ལམ་གྱི་རིམ་པ་འོག་མ་རྣམས་སུན་ཕྱུང་བ་ལྟར་སྣང་བ་ལ་ཟབ་མོའི་ཕྱོགས་དང་རྒྱ་ཆེ་བའི་གནས་ལ་ཤིན་ཏུ་མཛའ་བ་མ་ཡིན་པའི་རྟོག་གེའི་བློ་གྲོས་ལྟར་སྣང་དང་ལྷན་ཅིག་ཏུ་དུས་སྔ་ཕྱི་ཙམ་ལའང་ཕྲག་དོག་པའི་དཀའ་ཐུབ་རེས་


GTN005_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་མ་ཡིན་པར་ལྷུར་ལེན་པ་དག་བྱུང་མོད་ཀྱི། འཕགས་པ་འཇམ་དཔལ་གྱིས། བྱ་བ་རྣམས་ལ་རྣལ་འབྱོར་པ། །ལམ་ཆེན་དག་ཏུ་ཡོངས་འཛིན་པར། །རི་དྭགས་སྨིག་རྒྱུ་སྙེགས་པ་ལྟར། །རྟག་ཏུ་སྣང་ཡང་མི་ཟིན་ནོ། །དེ་བས་དེ་དག་ཐམས་ཅད་ཀྱང་། །ཡང་དག་མིན་པའི་བློ་དང་བཅས། །འོག་མ་འོག་མའི་རྣལ་འབྱོར་བློ། །གོང་མ་གོང་མའི་ཁྱད་པར་འཕགས། །འོག་མའི་བློ་ནི་གོང་མ་ཡི། །ཤེས་རབ་ཀྱིས་ནི་སུན་འབྱིན་ནོ། །ཞེས་གསུངས་པ་བཞིན་ཤེས་པར་བྱ་ཞིང་རྩོད་པའི་ཀུན་སློང་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ངང་དུ་ཞི་བ་ལ་མཁས་པར་བྱའོ། །སྐབས་འདིའི་སྙིང་ཐིག་ཡ་བཞི་ནི་མན་ངག་སྡེའི་ཡང་གསང་བླ་ན་མེད་པའི་སྐོར་ཡིན་པར་ཤེས་པར་བྱ་ཞིང་། སྤྱིར་རྫོགས་པ་ཆེན་པོའི་ཆོས་ཉིད་འདི་སྔ་འགྱུར་ རྙིང་མར་ཕུག་ཐུག་ཀྱང་། གསར་མའི་མཁས་གྲུབ་ཁྱད་པར་དུ་འཕགས་པ་དུ་མས་ཀྱང་ཉམས་བཞེས་མཛད་པ་ཕྱོགས་ཙམ་བརྗོད་ན། རྗེ་བཙུན་ས་སྐྱ་པཎྜི་ཏ་དང། མི་ལ་བཞད་པ་རྡོ་རྗེ་སོགས་ཀྱིས་ཀྱང་ཐུགས་ཉམས་སུ་བཞེས་ཚུལ་སོ་སོའི་གསུང་དུ་གསལ་ལ། དེ་བཞིན་དུ་རྒྱལ་བའི་དབང་པོ་ཀརྨ་པ་རིམ་བྱོན་དང་། རྗེ་བཙུན་ཙོང་ཁ་པ། ཀུན་མཁྱེན་ལྔ་པ་རིན་པོ་ཆེ་སོགས་ཀྱིས་ཀྱང་ཐུགས་དམ་གྱི་གཙོ་བོར་མཛད་ཚུལ་སོ་སོའི་རྣམ་ཐར་དང་གསུང་སོགས་གུང་བསྟུན་པས་ཤེས་ཤིང་། ས་ལུགས་ལ་བསམ་གཏན་གླིང་པའི་ཨ་ཏི་ཞེས་པའི་རྫོགས་ཆེན་གྱི་ཆོས་སྐོར་ཟབ་ཅིང་རྒྱ་ཆེ་བར་ཡོད་ལ། དཀའ་བརྒྱུད་ཕྱོགས་ལ་ཆོས་རྗེ་རང་བྱུང་རྡོ་རྗེ་ལ་བི་མ་ལ་མི་ཏྲས་དངོས་སུ་གནང་བའི་རྫོགས་ཆེན་ཀརྨ་སྙིང་ཏིག་ཅེས་པའི་


GTN005_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་དང་། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྒྱུ་འཕྲུལ་ཞང་གཡུ་བྲག་པ་འགྲོ་བའི་མགོན་པོས་ཀྱང་རྫོགས་ཆེན་གྱི་ཆོས་ཚུལ་རང་གཏེར་དུ་བཞེས་པའི་ལོ་རྒྱུས་སྣང་ལ། རིགས་འདུས་སྨན་པའི་རྒྱལ་པོས་བྱིན་གྱིས་བརླབས་པའི་སྤྲུལ་པའི་སྐུ་གཡུ་ཐོག་ཡོན་ཏན་མགོན་པོ་ལ་མཁའ་འགྲོ་མ་དཔལ་ལྡན་ཕྲེང་བས་སྩལ་པ་གཡུ་ཐོག་སྙིང་ཏིག་དང་། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་མཉམ་མེད་ཙོང་ཁ་བ་ཆེན་པོའི་ཐུགས་དམ་དུ། གྲུབ་ཆེན་ལས་ཀྱི་རྡོ་རྗེས་དཔལ་གསང་བའི་བདག་པོ་ལ་ཞུས་ལན་བདུད་རྩི་སྨན་མཆོག་ཅེས་རྫོགས་པ་ཆེན་པོའི་ལྟ་གྲུབ་ཀྱི་ཟབ་གནད་ཇི་བཞིན་དུ་སྟོན་པའི་ཆོས་སྐོར་རྒྱས་པར་ཡོད་ལ། དེ་དག་གིས་མཚོན་པའི་སྙན་བརྒྱུད་དང་དག་སྣང་དུ་བྱོན་པའི་ཆོས་ཚན་སོགས་གྲུབ་མཐའ་སོ་སོར་ནང་གསེས་ཕྲན་ཚེགས་མང་ཡང་ཐམས་ཅད་སྨོས་ཀྱིས་མི་ལང་ངོ་། །དེ་བས་རྫོགས་པ་ཆེན་པོའི་ཆོས་སྡེ་ཐམས་ཅད་ཀྱི་ཡང་ཞུན་སྙིང་ཐིག་ཡ་བཞི་ཟབ་མོ་ཡང་ཏིག་བཅས་བསོད་ནམས་དཔལ་གྱི་འདུ་བྱེད་པོ་ཆོས་རྒྱལ་མཆོག་འདིའི་རིགས་བརྒྱུད་ནི། འོད་གསལ་ལྷ་ཡི་གདུང་བརྒྱུད་རྔུ་ཆེན་རྒྱལ་མོ་ཚ་བཅོ་བརྒྱད་ཀྱི་ཡ་གྱལ་མགར་ཆེན་ཡེ་ཤེས་བཟང་པོའི་སྲས་གཉིས་ལས་བསོད་ནམས་རིན་ཆེན་གྱིས་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པའི་ཞབས་ལ་གཏུགས་ཏེ་གསོལ་དཔོན་གྱི་ལས་ཀ་བཟུང་། སེ་ཆེན་རྒྱལ་པོའི་འཇའ་ས་སོགས་ཆེན་པོའི་ལས་ཀ་བྱིན། སྐུ་ཚེའི་མཐར་ས་དམར་ཡང་དགོན་དུ་ཚོགས་པ་སྟོང་ཕྲག་ཙམ་ཆོས་ཀྱིས་བསྐྱངས། དེའི་དབོན་པོ་རྔུ་རྒུ་རུ་ལ་སྲས་དགུ་འཁྲུངས་


GTN005_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནང་ནས་སྟོང་དཔོན་ཟླ་བ་བཟང་པོ་ལ་གོང་མ་མཆོད་ཡོན་གྱིས་ས་དམར་སྟོང་དཔོན་གྱི་གོ་ས་གནང་། དེའི་སྲས་རྔུ་རྒྱལ་བ་བཟང་པོའི་སྲས་པདྨ་བསྟན་སྲུང་། དེའི་སྲས་དཀར་ཆེན་བྱང་ཆུབ་འབུམ། དེའི་སྲས་རྔུ་ཆོས་ཀྱི་རྡོ་རྗེ་ནི་ཀཿ ཐོག་རྡོ་རྗེ་གདན་དུ་བྱོན་ཏེ་མཁས་གྲུབ་ཡེ་ཤེས་རྒྱལ་མཚན་བསྟེན་ནས་གསང་སྔགས་སྔ་འགྱུར་གྱི་རིང་ལུགས་ལ་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་པར་མཛད་ནས་མཁས་ཤིང་གྲུབ་པའི་དབང་ཕྱུག་ཏུ་གྱུར། མཆེད་ཡ་བདེ་ཆེན་བསོད་ནམས་བཟང་པོ་ཡུམ་འདས་པའི་དགོངས་རྫོགས་སྒྲུབ་པར་ཀཿ ཐོག་ཏུ་བྱོན་ནས་ཕྱིར་མ་ ཕེབས་པར། དགེ་འདུན་རྒྱལ་མཚན་སོགས་མཆེད་གཞན་རྣམས་ཀྱིས་ཕྱིར་འབོད་པར་མཛད་པ་ན། ཀརྨ་པ་ཆོས་གྲགས་རྒྱ་མཚོ་དང་། རྔོག་ཆོས་ཀྱི་རྡོ་རྗེ་གཉིས་ནས་ལུང་བསྟན་པ་ལྟར་ཕྱིར་མ་ཕེབས་པར་རིམ་གྱིས་ལྕགས་རར་གླིང་ས་སྐྱོང་བདག་དྲུང་གི་གམ་དུ་ཕེབས་ནས་ལས་ཤུགས་ཀྱི་མངའ་ཐང་ཆེན་པོ་བདོ་བའི་འགོ་ཚུགས་ཤིག་སྡེ་དགེ་ཞེས་པའི་མཚན་ཡང་འདི་སྐབས་ཤེད་དུ་བྱུང་བར་མངོན། དེ་ལ་སྲས་བཞི་བྱུང་བའི་བོ་ཐར་དུ་གྲགས་པ་དེས་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་བླ་མ་བསྟེན་ནས་ཆོས་ཀྱི་སྡེ་འདི་ཉིད་ཐོག་མར་ཚུགས། དེ་ནས་རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་བ་རིམ་པར་བྱོན་པའི་སྲས་ས་སྐྱོང་ས་དབང་བཟང་པོས་རྒར་རྗེ་དཔོན་མོ་དབང་མོ་ཚེ་དབང་ལྷ་མོ་བསུས་པར་སྲས་མི་ཡི་དབང་པོ་ཆོས་རྒྱལ་བླ་མ་ཚེ་དབང་རྡོ་རྗེ་རིག་འཛིན་དང་སྲས་མོ་རྟ་མགྲིན་འཕྲིན་ལས་དབང་མོ་ལྕམ་དྲལ་ད་ལྟ་ཕན་བདེའི་རྩ་ལག་དམ་པར་བཞུགས་བཞིན་པ་འདི་


GTN005_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་སྲས་ཀྱིས་རྒྱལ་བསྟན་རིན་པོ་ཆེ་ཐུགས་དབུས་སུ་བཅངས་ཤིང་ཁྱད་པར་ཟབ་ཆོས་འདི་བཞེངས་པའི་ཕན་ཡོན་ཆེ་བར་དགོངས་ནས་སྙིང་ཐིག་ཡ་བཞི་རིན་པོ་ཆེ་དད་པས་གསེར་ཞུན་མས་ཚར་གཅིག་སྤུས་ལེགས་ན་བཟའ་གླེགས་ཤིང་དྲིལ་ཆས་དང་བཅས་ཏེ་བཞེངས་འཕྲོར། བླ་མ་ཡང་ཏིག །མཁའ་འགྲོ་ཡང་ཏིག་སྟེ་བུ་པོད་གཉིས་པར་དུ་བཞེངས་པར་མཛད་པའི་བཟང་པོ་ལེགས་བྱས་ཀྱི་འཕྲོ་མཐུད་དུ་ཆོས་རྒྱལ་བླ་མ་མཆོག་གི་རྒྱལ་སྲིད་སྐྱོང་བའི་སྲས་ཆེ་བ་དམ་ཚིག་རྡོ་རྗེ་མཁྱེན་རབ་ཀྱི་པདྨོ་རྣམ་པར་རྒྱས་པའི་ཞལ་སྔ་ནས་གང་གི་ཐུགས་རབ་ཟླ་མེད་པས་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་ལ་གུས་ཤིང་ཡབ་རྗེ་ཆོས་རྒྱལ་ཡུམ་སྲས་རྣམས་ཀྱི་མཛད་པ་འཕྲོ་མཐུད་དུ། མཁའ་འགྲོ་སྙིང་ཐིག་སྟེ་སྙིང་ཐིག་མ་གཉིས་དང་། ཟབ་མོ་ཡང་ཏིག་བཅས་ལེགས་བྱས་ཀྱི་གཏོང་བ་ཆེན་པོའི་ཕྱག་རིང་པོར་བརྐྱངས་པས་འབྱོར་པ་མི་ཟད་པ་ནམ་མཁའ་མཛོད་ཀྱི་སྒོ་འཕར་ཡངས་པོར་ཕྱེ་ནས་བྲི་བརྐོས་ཞུས་སྦྱོར་སོ་སོར་ཇི་ལྟར་འོས་པའི་ཡོན། སྔོན་གྱི་སྲོལ་རྒྱུན་ལྟར་གྱིས་ཚིམ་པར་མཛད་ནས། དྲུག་ཅུ་སྐོར་བཅུ་བཞི་པའི་ནང་ཚན་རྣམ་འགྱུར་ལྕགས་སྟག་ལོ་ནས་རིམ་པར་བསྒྲུབས་ཏེ། རྣམ་རྒྱལ་ཞེས་པ་ཆུ་སྦྲུལ་ལོའི་སྟོན་གསུམ་ལོ་ཏོག་དང་འབྲས་བུ་ཡོངས་སུ་སྨིན་པའི་དུས་བཟང་པོར་ལེགས་པར་གྲུབ་པ་ཡིན་ལ། དེ་ཡང་འཆད་ཉན་སྒོམ་གསུམ་གང་ལའང་ཡི་གེ་ལ་མི་བརྟེན་པའི་ཐབས་མེད་ཅིང་། དེ་ཉིད་ཀྱང་དག་མ་དག་ལ་ཤིན་ཏུ་ལྟོས་དགོས་པར་མཁྱེན་དཔྱོད་རྣམ་པར་ཡངས་པས་ལེགས་པར་གཟིགས་ནས་ཆོས་སྦྱིན་རླབས་པོ་ཆེའི་


GTN005_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་སྤེལ་བའི་ཚེ་ཁོ་བོ་ལ་ཞུས་དག་བྱེད་དགོས་ཚུལ་གྱི་བཀའ་སྩལ་གཙུག་གི་ཅོད་པན་དུ་གུས་པས་མཆོད་ནས་ཡི་གེ་ཕྱི་མོ་དག་པ་འགའ་ཞིག་སྒོ་བསྟུན་ནས་དག་པར་བྱས་པ་ལས། སླར་ཡང་སྡེབས་ནོར་བཅོས་བསླད་ལྟ་བུའི་རིགས། རང་བློས་གང་དཔོག་དཔྱད་པས་དག་པར་བགྱིས་ཤིང་། བརྡ་རྙིང་རེ་ཟུང་སྣང་བ་དང་སྔགས་ལེགས་སྦྱར་ཁོ་ནར་མ་ངེས་པས་འགའ་ཞིག་བརྡ་སྤྲོད་པའི་ལུགས་དང་བསྟུན་པར་དཀའ་བར་སྣང་ཡང་ལེགས་སྦྱར་དང་བསྟུན་ཞིང་མི་མཐུན་པ་རྣམས་ཡིག་རྙིང་སོར་བཞག་ལས་འོལ་ཚོད་མ་སྤོབས་པས་དཔྱད་འོས་མ་མཆིས་ཤིང་གཞན་བབ་ཅོལ་མེད་པར་དཔྱད་གཞིར་འོས་པ་རྣམས་བཏང་སྙོམས་སུ་མ་སོང་བར་ཡང་ཡང་ཞུ་དག་གྲུབ་པ་ཡིན། དེ་ཡང་ཐེག་པ་ཆེན་པོའི་ཆོས་ལ་སྤྱོད་ཅིང་མོས་པ་ནི་སྐལ་བ་དང་ལྡན་པའི་གང་ཟག་སྟེ། དཔལ་མགོན་འཕགས་པ་ཀླུས། བསོད་ནམས་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཙམ་ཞིག་ཟ་མི་སྲིད། །ཐེ་ཚོམ་ཙམ་ཞིག་ཟོས་པས་ཀྱང་། །སྲིད་པ་ཧྲུལ་པོར་བྱེད་པར་འགྱུར། །ཞེས་གསུངས་ཤིང་མཛད་པ་བཟང་པོ་འདིས་ཀྱང་ལྷ་སྲས་ཉིད་བྱང་ཆུབ་སེམས་དཔའི་མཚན་ཉིད་གསལ་བར་བསྟན་པ་ནི། ཇི་སྐད་དུ། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུར་ཤེས་བཞིན། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་པས་བྱང་ཆུབ་སེམས་དཔའི་མཚན་ཉིད་གསལ་བར་བྱས་པ་ཡིན་ཞིང་། དེ་ཡང་ལས་བཟོ་བ་རྣམས་ཀྱང་ཟ་ཡོན་སོགས་མི་ཕོངས་པར་མཛད་དེ་ལས་བྱས་དོན་ཡོད་མཛད་པ་བི་མ་སྙིང་ཐིག་གྲགས་པའི་ཆོས་ཚན་


GTN005_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་དཔེ་ཆ་བཞུགས་བྱང་ལ། ཐོག་མར་དཀར་ཆག་ཉིན་མོར་བྱེད་པ་སྡེབ། ༡༤ ༼ཀ༽ ཁ་བྱང་སྡེབ། ༡༢ ༼ཁ༽ བཏགས་གྲོལ་རྒྱུད། ༡༢ ༼ག༽ བཏགས་གྲོལ་རྒྱུད་འགྲེལ། ༦༣ ༼ང༽ མཆོད་འོས་དུས་གནད་ངེས་པ། ༥ ༼ཅ༽ སངས་རྒྱས་འདས་རྗེས་གསུམ་པ། ༣ ༼ཆ༽ འདས་རྗེས་རྒྱུད་འགྲེལ་དང་རིག་འཛིན་འདས་རྗེས་ཞར་བྱུང་བཅས། ༡༤ ༼ཇ༽ བྱེ་མ་ལའི་ཞལ་ཆེམས། ༥ ༼ཉ༽ སྤྲོས་གཅོད་དུམ་བུ་བཅུ་དྲུག ༢༩ ༼ཏ༽ རླུང་གི་པྲ་ཁྲིད། ༦ ༼ཐ༽ མན་ངག་སྦས་དུམ། ༨ ༼ད༽ མདོ་བྱང་བསྡུས་སྒྲོན། ༢ ༼ན༽ དམིགས་གཏད་གསལ་སྒྲོན།༣ ༼པ༽ གསང་ཆེན་རྟགས་ཡིག ༨ ༼ཕ༽ ཚད་ཀྱི་ཡི་གེ ༦ ༼བ༽ དམར་རུའི་རྒྱབ་ཡིག ༥ ༼མ༽ རྒྱབ་ཡིག་སྨད་ཆ། ༡༤ ༼ཙ༽ སྒྲོན་མ་དགུ་སྐོར། ༢༥ ༼ཚ༽ དཔེ་ཐོ་ལ་རང་བཞིན་གནད་དབབ། ༼ཛ༽ རླུང་གི་པྲ་ཁྲིད་ཟེར་བ་དཔེ་ཐོ་ལ་སྣང་སྟེ་དཔེ་མི་སྣང་། ༼ཝ༽ ཡང་སྙིང་བཅུད་དུམ། ༥ ༼ཞ༽ འཕྲུལ་དུམ། ༤ ༼ཟ༽ སྒྲོན་མ་སྣང་བྱེད། ༣༤ ༼འ༽ གནད་ཡིག་གསང་བ། ༡༢ ༼ཡ༽ རྒྱུད་ཁོང་སྙིང་ཐིག་སྡེབ། ༥ ༼ར༽ གཡུ་ཡིག་པོ་ཏི་སྨུག་ཆུང་། ༥༤ ༼ལ༽ ཁ་བྱང་མིང་རྣམ་བཀོད། ༣༼ཤ༽ དུམ་བུ་བདུན་ཅུ་རྩ་བཞི་པ། ༡༤ ༼ས༽ ཁྲེགས་ཆོད་ཡི་གེ ༥ ༼ཧ༽ སེམས་ཀྱི་དམིགས་དྲུག་རྣམ་བཤད། ༦༣ ༼ཨ༽ སྤྲོས་མེད་དབང་གི་ཏི་ཀ ༧ ༼ཀི༽ དབང་བསྐུར་འཇུག་པའི་དུས་བཤད། ༤ ༼ཀུ༽ སྤྲོས་མེད་དབང་རུ་ཤན་དབྱེ་བའི་པྲ་ཁྲིད། ༣ ༼ཀེ༽ སྤྲོས་མེད་དབང་གི་ཕྲ་ཏིག ༼ཀོ༽ རབ་ཏུ་སྤྲོས་མེད་དབང་། ༤ ༼ཁི༽ དབང་གི་ཕྲ་ཏིག་རྣམ་དབྱེ་དཔེ་མ་ཚང་བ་བརྐོ་རྒྱུ་མ་བྱས་སླར་དཔེ་རྙེད་ན་རྐོ་འདོད། ༼ཁུ༽


GTN005_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བཞི་སྟོན་པའི་དུས་གནད། ༧ ༼ཁེ༽ སྤྲོས་མེད་དབང་ཆོག ༩ ༼ཁོ༽ དམ་ཚིག་རབ་དབྱེ། ༡༡ ༼གི༽ སྙིང་ཐིག་ལོ་རྒྱུས། ༢༤ ༼གུ༽ གནས་འབྱེད་བདུན་པ༑ ༣༢ ༼གེ༽ སངས་རྒྱས་འདས་རྗེས་གསུམ་གྱི་རྒྱུད། ༦ ༼གོ༽ རྒྱ་མཚོ་ཨར་གཏད། ༣ ༼ངི༽ ཨར་གཏད་སྣང་བ་འདུས་པའི་གལ་མདོ། ༣ ༼ངུ༽ བདུད་རྩི་སྙིང་ཐིག ༤ ༼ངེ༽ རིག་པའི་གནད་དོན་ལྟ་བ། ༢ ༼ངོ༽ ཐོད་རྒལ་བོགས་འདོན་སྙིང་གི་ཡང་ཞུན། ༦ ༼ཅི༽ སྨུག་ནག་ཁྲོས་མ། ༣ ༼ཅུ༽ ཟབ་པ་པོད་བཞི། ༢ ༼ཅེ༽ མན་ངག་བརྒྱ་བཅུ་དགུའི་ཐེམ་བྱང་། ༣ ༼ཅོ༽ སྤྲོས་བཅས་དབང་གི་ཕྱག་བཞེས། ༦ ༼ཆི༽ སྤྲོས་མེད་དབང་བསྐུར། ༣ ༼ཆུ༽ སྤྲོས་མེད་དབང་བསྐུར་གནད་ཀྱི་ཡི་གེ ༢ ༼ཆེ༽ བུམ་ཡིག་དང་དག་པ་སྦྱར་བ། ༢ ༼ཆོ༽ ཤིན་ཏུ་སྤྲོས་མེད་དབང་། ༤ ༼ཇི༽ སྤྲོས་མེད་དབང་གི་ཏི་ཀ ༩ ༼ཇུ༽ སྤྲོས་བཅས་དབང་ལྕེ་བཙུན་གྱིས་མཛད་པ་དང་། རྫོགས་ཆེན་དབང་གསུམ་པ། ཤིན་ཏུ་སྤྲོས་མེད། རབ་ཏུ་སྤྲོས་མེད། དབང་བཞིའི་དུས་མཚན་བསྟན་པའི་ཕྲ་ཊིག་བཅས། ༢༤ ༼ཇེ༽ ཉམས་ལེན་ལག་ཁྲིད་ངོ་མཚར་ཅན། ༢༠ ༼ཇོ༽ བཅུད་ཕུར་རྒྱབ་ཡིག་གསང་བའི་མན་ངག ༣ ༼ཉི༽ རྒྱབ་ཡིག་གནད་བསྡུས་སྒྲོན་མེ། ༣ ༼ཉུ༽ བསམ་གཏན་མིག་གི་སྒྲོན་མེ། ༣ ༼ཉེ༽ རྟེན་འབྲེལ་བསྡུས་པའི་སྒྲོན་མ་དང་། ༼ཉོ༽ རྡོར་སེམས་དམིགས་དྲུག་རྩ་བ་གཉིས་དཔེ་མེད། ༼ཏི༽ ལྕེ་བཙུན་ཉམས་མགུར། ༡ ༼ཨ༽ སྤྲོས་མེད་དབང་དཀྱིལ་བྲི་ཐབས། ༡ བཅས་ཆོས་ཚན་དྲུག་ཅུ་རེ་བཞི་བཞུགས་པ་ཡིན་ནོ། །ཆོས་ཀྱི་གླེགས་བམ་འདི་ལྟ་བུ་བཞེངས་ཤིང་


GTN005_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་ལ་ཆོས་སྦྱིན་གྱི་ཚུལ་དུ་སྤེལ་བ་བསོད་ནམས་རྒྱ་ཆེན་པོའི་རྒྱུ་ཡིན་ཏེ། ཆོས་སྤྱོད་བཅུའི་མདོ་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པ་དང་། །ཆོས་སྤྱོད་བཅུ་ཡི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་མེད་ཐོབ། །ཅེས་དང་། དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀུན་གྱིས་ནན་ཏན་དུ། །བསྐལ་པ་བྱེ་བར་བརྗོད་མོད་ཀྱང་། །མཐར་ཕྱིན་པར་ནི་འགྱུར་མ་ལགས། །ཞེས་སོ། །འདིར་སྨྲས་པ། རྒྱལ་བས་གདུལ་བྱར་འཚམས་པའི་ཆོས་འཁོར་གསུམ། །དྲང་དང་འདྲེས་མ་ངེས་པའི་ཆོས་འཁོར་ཞེས། །ཕྱེ་བར་ལུང་བསྟན་ཤིང་རྟ་ཆེན་པོ་དེའི། །བཞེད་སྲོལ་ལྡེམ་དགོངས་བྲལ་བ་ངེས་དོན་གྱི། །མཐར་ཐུག་ལམ་བདེན་ཀུན་གྱི་བསྒྲུབས་འབྲས་སུ། །ས་སྐྱ་པཎ་ཆེན་བཞེད་པའི་རྫོགས་ཆེན་ལ། །སྡེ་གསུམ་སྐོར་བཞིར་ཕྱེ་བའི་ཡང་གསང་འདི། །སྤྱོད་རྣམས་གདོས་བཅས་ཕུང་པོ་ཟད་སར་འཁྱོལ། །ཕྱི་བལྟས་ཡིད་དཔྱོད་གྲུབ་མཐར་མི་རེ་བའི། །ནང་དུ་མཉམ་པར་འཇོག་པས་གནས་ལུགས་དོན། །


GTN005_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་དབང་པོའི་ཡུལ་དུ་བལྟ་བ་ཡི། །ལྟད་མོར་ལོངས་སྐུའི་ཞིང་ཁམས་ཉུལ་འདི་མཚར། །དེས་ན་དེང་དུས་སྙིགས་མ་ལྔ་བདོ་བས། །མདོ་སྔགས་ཆོས་ཚུལ་ཕལ་ཆེར་མིང་ཙམ་དུ། །ལུས་པའི་དུས་འདིར་ཡང་གསང་རྫོགས་པ་ཆེ། །ཉམས་སུ་བླང་ན་བྱིན་རླབས་ཆེ་ཐོབ་འགྱུར། །འདིར་འབད་བསོད་ནམས་རྒྱ་མཚོ་བསྲུབས་སྐྱེས་ཀྱི། །དགེ་ཚོགས་ནམ་མཁའི་ནོར་བུ་གཟི་འབར་བས། །ལྔ་བདོའི་མུན་རུམ་སྟུག་པོ་བསལ་བྱས་ནས། །རྫོགས་ལྡན་བསྐལ་པས་འགྲོ་ཀུན་འཚོ་བར་ཤོག །རྒྱལ་དང་དེ་སྲས་འགྲོ་ཕྱིར་སྤྲུལ་པའི་གར། །རིས་བྲལ་བསྟན་འཛིན་མཆོག་རྣམས་ཞབས་པད་བརྟན། །ཆོས་ཀྱི་ཆར་འབེབས་ལུང་རྟོགས་ཞིང་ས་རྒྱས། །སྐུ་དང་ཡེ་ཤེས་གསེར་སྙེ་གཡུར་ཟ་ཤོག །བོད་ཆེན་ཕན་བདེའི་འབྱུང་གནས་ཆོས་ཀྱི་རྒྱལ། །ས་སྐྱོང་ཡབ་སྲས་ཞབས་པད་རྡོ་རྗེ་ལྟར། །བསྐལ་བརྒྱར་བརྟན་ཅིང་ཆོས་སྲིད་དབྱར་གྱི་ཆུ། །འཕེལ་རྒྱས་མངའ་འབངས་སྐྱེ་དགུ་སྐྱོང་གྱུར་ཅིག །


GTN005_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་ཀུན་གྱི་འབྱུང་གནས་མཆོག་གསུམ་གྱི། །བདེན་པ་བསླུ་བ་མེད་པས་འདིར་སྨོན་པའི། །དོན་ཀུན་བུམ་པ་བཟང་དང་དཔག་བསམ་ཤིང་། །གཏེར་གྱི་བུམ་པ་བཟང་པོའི་རྗེས་འགྲོར་ཤོག །བི་མ་སྙིང་ཐིག་གི་དཀར་ཆག་ཉིན་མོར་བྱེད་པ་ཞེས་བྱ་བ་ཤཱཀྱའི་དགེ་སློང་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དཔལ་བཟང་པོས་ལྷ་སྲས་རིན་པོ་ཆེའི་བཞེད་པ་བཞིན་རང་གནས་ཞེ་ཆེན་རི་ཁྲོད་བདེ་ཆེན་པདྨ་འོད་གླིང་དུ་བཅད་རྒྱའི་སྐབས་བྲིས་པའི་ཡི་གེ་པ་ནི་མཆོག་སྤྲུལ་ཚངས་དབྱངས་སྙན་གྲགས་ཀྱིས་བགྱིས་པ་དགེའོ། །དགེའོ། །དགེའོ།། །།

ཟབ་མོ་ཡང་ཏིག་གི་དཀར་ཆག་དཔག་བསམ་ལྗོན་པ།


GTN005_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་ཡང་ཏིག་གི་དཀར་ཆག་དཔག་བསམ་ལྗོན་པ་བཞུགས་སོ།། གཟོད་ནས་འཁྲུལ་པའི་དངོས་ཀུན་མི་འཛིན་པས། །སྒྲིབ་གཉིས་ཆ་དང་བཅས་པའི་དག་བྱ་ཀུན། །རང་བཞིན་མ་གྲུབ་འདུས་མ་བྱས་པའི་གཞིར། །ཆོས་སྐུའི་རོལ་པར་བལྟས་ཏེ་ངང་གིས་འདུད། །རྣམ་གྲོལ་མཁའ་ལ་སྣ་ཚོགས་གསལ་བའི་ཆ། །འགོག་མེད་ཆུ་འཛིན་སྒྲོད་བྱེད་བསིར་བའི་ཟླར། །ལམ་བདེན་སྒྲ་ཚིག་བྱ་རྩོལ་ཡོངས་བྲལ་ཡང་། །ལོངས་སྐུའི་དགྱེས་ཚུལ་སྟོན་ལ་གོམས་བཞིན་གུས། །སྔར་མེད་གསར་ཐོབ་མ་ཡིན་གསང་བ་བཞིས། །ཆོད་པ་དེ་བསལ་བུམ་ནང་མར་མེ་བཞིན། །སྐུ་ཡི་འདུ་འབྲལ་མེད་པ་བྲལ་སྨིན་གྱིས། །ཡོན་ཏན་ཀུན་རྫོགས་སྤྲུལ་སྐུར་མོས་གུས་བསྟེན། །


GTN005_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཀུན་རྨོངས་པའི་ཐིབ་བུར་བག་མེད་པས། །འཕྱན་ལས་གདོན་ནུས་བློ་གྲོས་མི་ཟད་མིག །སྦྱིན་བྱེད་དུས་གསུམ་མཁས་དང་གྲུབ་པའི་ཚོགས། །རིས་སུ་མ་ཆད་ཡོངས་ལ་དད་ཕྱག་འབུལ། །མ་ཧཱ་སེནྡྷེའི་ལུང་རྟོགས་དམ་པའི་མཛོད། །བལྟ་འདོད་ཚིག་བརྒྱུད་མི་ཆད་ཡི་གེའི་ཕྱིར། །སྤེལ་བའི་ངོ་མཚར་རྡོ་རྗེ་ཆོས་གཉིས་པ། །ཁྱོད་ལས་གཞན་དུ་མི་དམིགས་ཡི་རངས་འབུལ། །གང་གིས་བཀའ་དྲིན་གྲིབ་མ་སྣུམ་པོ་ལ། །ལས་ཉོན་ཚ་གདུང་དྲག་པོ་ནམ་དུའང་མིན། །ཞི་བསིལ་མྱང་འདས་གོ་སར་འཇུག་འདོད་ཆེད། །སྔར་མེད་ཟབ་པ་པོད་བཞིའི་ཐེམ་སྐས་གསར། །འགྲོ་ཁམས་རྒྱ་མཚོར་འབབས་པ་ཇི་སྙེད་ཀྱི། །ཆོས་ཆར་རྒྱ་མཚོར་འབེབས་པའི་ཀླུ་དབང་ནི། །རྫོགས་སངས་རྒྱས་ཏེ་ཡེ་ཤེས་རྒྱ་མཚོ་དང་། །ཡོན་ཏན་རྒྱ་མཚོའི་འབྱུང་གནས་དུ་ཤེས་བྱ། །དེས་གསུངས་ནང་གི་མངོན་པའི་ཡོངས་རྩེ་ནི། །ཉེ་ལམ་ཁྱད་པར་ཅན་གྱུར་བརྩོན་འགྲུས་རབ། །


GTN005_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་གཅིག་གིས་རིག་འཛིན་གྲལ་སྙེགས་པ། །རྫོགས་པ་ཆེན་པོ་སྙིང་ཐིག་ལས་གཞན་མིན། །དེ་དོན་ཉམས་སུ་ལེན་དང་འཛིན་པ་ནི། །སྐྱེས་སྦྱངས་ཡོན་ཏན་ཕུན་ཚོགས་སྐལ་ལྡན་ཡིན། །ཕྱོགས་རེའི་བློ་ཅན་ཁྲོན་པའི་འཕར་འགྲོ་ཡིས། །གཏིང་མཐའ་མི་མངོན་རྒྱ་མཚོའི་ཚུལ་མི་ཕིག །དགའ་རབ་རྡོ་རྗེ་ནས་བརྩམས་དེང་གི་བར། །གསང་མཛོད་འཆང་རྣམས་རྒྱལ་བ་ཉི་མའི་གཉེན། །གང་འདུལ་དེར་སྟོན་སྣ་ཚོགས་སྤྲུལ་སྐུ་ལས། །ཐ་དད་མ་ཡིན་ངོ་བོ་ཉིད་དུ་གཅིག །ལུང་གི་རྗོད་བྱེད་ཐེག་པའི་རིམ་ཀུན་ཡང་། །འགལ་བར་མི་འགྲོ་བརྗོད་བྱའི་གནད་ཀྱིས་མཐུན། །ལམ་གྱི་ཁྱད་པར་མྱུར་བུལ་ཡོད་མེད་དེ། །འབྲས་བུ་མྱང་འདས་གོ་སར་ཆབས་ཅིག་འབབས། །རྒྱ་བོད་གཉིས་ཀར་མཆོག་གསང་ལམ་འདི་ཡིས། །གྲུབ་པའི་གོ་སར་གཤེགས་པ་དུ་མའི་ཕྱིར། །མི་བསླུའི་ཚད་མ་ཡོད་པས་འཁྲུལ་པ་བྲལ། །དེ་ཕྱིར་ལམ་འདིར་མི་བརྩོན་ཤེས་ལྡན་སུ། །


GTN005_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཐིག་རྣམ་བཞི་འོ་མའི་རྒྱ་མཚོ་ལས། །གདམས་ངག་ཡོངས་བཅུད་མར་གྱི་གོང་བུ་འཁྲུངས། །ཟབ་མོ་ཡང་ཐིག་ཀུན་མཁྱེན་ཀློང་ཆེན་པའི། །མཁྱེན་དཔྱོད་དངས་ཤེལ་སྣོད་ལས་བཏོན་པ་བཞིན། །དྲི་མེད་ལྷ་ལམ་ཡངས་པར་བརྒྱ་ཕྲག་གི ། འོད་ཟེར་འགྱེད་པའི་ཉི་མ་གསར་འཁྲུངས་དེས། །ལྷུན་གྲུབ་སྣང་བཞིའི་པད་ཚལ་བཞད་པ་ན། །ཚེ་གཅིག་གྲོལ་འདོད་རྐང་དྲུག་ཅི་དགའ་རྩེ། །དེ་ཚུལ་ཡི་གེའི་ཕྱི་མོ་པར་གྱི་འཕྲུལ། །གླེག་བམ་གཉིས་སུ་བྱས་པའི་དཔེ་ཐོ་ནི། །དཔག་བསམ་ལྗོན་པ་བློ་ལྡན་རྣམ་པད་ཀྱི། །ཚོགས་ལ་སྨན་ཕྱིར་བཀོད་པ་དོན་ལྡན་ཡིན། །དེ་ལ་ཐོག་མར་དཀར་ཆག་དཔག་བསམ་ལྗོན་པ་སྡེབ། བཤད་རྒྱུད་སྐོར་ལ། ༼ཀ༽ ལོ་རྒྱུས་རིན་པོ་ཆེ་འོད་ཀྱི་ཕྲེང་བ་སྡེབ།༡༠ ༼ཁ༽ ཕྱག་འཚལ་ཡིད་བཞིན་ནོར་བུ་སྡེབ།༥ ༼ག༽ གསོལ་འདེབས་བདུད་རྩིའི་ཆར་རྒྱུན་སྡེབ།༣ ༼ ང༽ མཎྜལ་ཆོ་ག་གླིང་བཞི་རྒྱན་གྱུར་སྡེབ།༨ ༼ཅ༽ བི་མ་ལའི་བསྒྲུབ་ཐབས་སྡེབ།༣ ༼ཆ༽ སྙིང་པོ་ཡེ་ཤེས་བླ་སྒྲུབ་སྡེབ།༤ ༼ཇ༽ སྤྲོས་བཅས་


GTN005_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཆོག་དངོས་གྲུབ་ཆུ་བོ་སྡེབ།༡༠ ༼ཉ༽ སྤྲོས་བཅས་མིང་གི་རིམ་པ་སྡེབ།༤ ༼ཏ༽ སྤྲོས་མེད་དབང་ཆོག་ཀློང་གསལ་ཆུ་བོ་སྡེབ།༡༢ ༼ཐ༽ བུམ་པའི་བརྡ་དོན་སྡེབ།༣ ༼ད༽ ཤིན་ཏུ་སྤྲོས་མེད་དབང་ཆོག་ཡེ་ཤེས་ཆུ་བོ་སྡེབ།༣ ༼ན༽ རབ་ཏུ་སྤྲོས་མེད་དབང་ཆོག་བྱིན་རླབས་ཆུ་བོ་སྡེབ།༥ ༼པ༽ དམ་ཚིག་གསུམ་བཀོད་སྡེབ།༡༢ ༼ཕ༽ ཐུན་མོང་རིན་ཆེན་པྲ་ཁྲིད་སྡེབ།༣ ༼བ༽ ཁྲིད་ཡིག་སངས་རྒྱས་མཉམ་སྦྱོར་སྡེབ།༢༣ ༼མ༽ གཞི་མ་བཅོས་ཇི་བཞིན་དུ་ངོ་སྤྲོད་པའི་རིམ་པ་སྡེབ།༣༢ ༼ཙ༽ རྒྱ་མཚོ་ཨར་གཏད་སྡེབ།༤ ༼ཚ༽ ཁྱུང་ཆེན་གཤོག་རྫོགས་སྡེབ།༣ ༼ཚ༽ ཁྱུང་ཆེན་བསྡུས་དོན་སྡེབ།༤ ༼ཛ༽ གསང་བ་བླ་མེད་སྤྱི་བབས་སྡེབ།༣ ༼ཝ༽ ཟབ་མོ་བཅུད་བསྡུས་སྡེབ།༢ ༼ཞ༽ སྙིང་པོ་དོན་བསྡུས་སྡེབ།༢ ༼ཟ༽ འོད་གསལ་སྙིང་པོ་སྡེབ།༢ ༼འ༽ ངེས་དོན་སྙིང་པོ་སྡེབ།༢ ༼ཡ༽ མཐར་ཐུག་དོན་གྱི་སྙིང་པོ་སྡེབ།༧ ༼ར༽ གཞི་ལམ་འབྲས་བུ་གནས་གསལ་བ་སྡེབ།༧ ༼ལ༽ རྣལ་འབྱོར་བཞིའི་རིམ་པ་སྡེབ།༡༩ ༼ཤ༽ ཟབ་མོ་པྲ་ཁྲིད་སྡེབ།༩ ༼ས༽ སྙིང་པོ་ཡང་བཅུད་སྡེབ།༤ ༼ཧ༽ རིག་པ་བརྟུལ་ཞུགས་སྡེབ།༣ ༼ཨ༽ དུས་ཀྱི་གསལ་བྱེད་སྡེབ།༦ ༼ཀི༽ འདའ་ཁ་དོན་གྱི་མན་ངག་སྡེབ།༧ ༼ཁི༽ བཏགས་གྲོལ་སྙིང་པོ་སྡེབ།༤ ༼གི༽ ཟབ་དོན་སྙིང་པོ་སྡེབ།༩ ༼ངི༽ ཚིག་དོན་སྙིང་པོ་སྡེབ།༡ ༼ཅི༽ གདམས་ཁྲིད་དོན་གྱི་མདོ་ཆིངས་སྡེབ་༤རྣམས་སོ། །


GTN005_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

༈ པོད་གཉིས་པར། སྙན་བརྒྱུད་སྐོར་ལ། ༼ཆི༽ སྙན་བརྒྱུད་གནད་ཀྱི་མདོ་ཆིངས་སྡེབ།༤ ༼ཇི༽ བརྒྱུད་པའི་ཕྱག་འཚལ་བྱིན་རླབས་སྤྲིན་ཕུང་སྡེབ།༣ ༼ཉི༽ དགོངས་བརྒྱུད་གསོལ་འདེབས།༦ ༼ཏི༽ གསང་སྐོར་དབང་གི་ལག་ལེན་གསལ་བའི་སྒྲོན་མེ་སྡེབ།༧ ༼ཐི༽ མཆོག་གསང་ལམ་ཁྲིད་ཆེན་མོསྡེབ།༣ ༼དི༽ ཡེ་གྲོལ་སོར་བཞག་སྡེབ།༥ ༼ནི༽ སྙན་བརྒྱུད་ཐུགས་ཀྱི་མེ་ལོང་སྡེབ།༧ ༼པི༽ སྙན་བརྒྱུད་དོན་གྱི་མེ་ལོང་སྡེབ།༢༤ ༼ཕི༽ ལག་ཁྲིད་སྙིང་པོ་སྡེབ།༣ ༼བི༽ སྙན་བརྒྱུད་ཀྱི་རྒྱབ་ཆོས་ཆེན་མོ་ཟབ་དོན་གནད་ཀྱི་མེ་ལོང་སྡེབ།༡༢༣ ༼མི༽བཀའ་སྲུང་དྲག་པོ་སུམ་སྒྲིལ་སྡེབ།༥ ༼ཙི༽ བསྐང་གསོ་དངོས་གྲུབ་ཆར་འབེབས་སྡེབ།༢༡ ༼ཚི༽ དཀར་ཆག་ཉི་ཟླ་གཟའ་སྐར་སྡེབ་༥སྟེ་ཆོས་སྡེ་བཞི་བཅུ་རྩ་དགུ་སྡེབ་གྲངས་རྣམས་བཞུགས་སོ།། འདིར་སྨྲས་པ། རྨི་ལམ་ཙམ་གྱི་ཉི་ཚེའི་བདེ་བ་ལ། །མི་ཞེན་གཏན་གྱི་སྡུག་བསྔལ་སྤོང་འདོད་རྣམས། །ཐོས་བསམ་སྒོམ་པས་རང་རྒྱུད་ཆོས་མཐུན་དུ། །མཛད་ན་དམ་པ་རྣམས་ཀྱི་རྗེས་སུ་བསྙེག །དེ་ཡང་རྟོག་དཔྱོད་ནང་བལྟས་ཆོས་མིན་དབང་། །སྐད་ཅིག་མི་གཏོང་ཉོན་མོངས་རག་པའི་མགོ ། རིམ་ནོན་བློ་སྣ་ཐུང་ངུས་ཆོས་བརྒྱད་ལ། །


GTN005_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ཆུང་ན་ཉམས་ལེན་གནད་སོང་རྟགས། །དེ་ལྟར་རང་རྒྱུད་ཆོས་དང་མི་མཐུན་ན། །ཡང་ཟབ་གདམས་པར་འཕྲད་ཀྱང་མི་གྲོལབས། །སྒོ་གསུམ་བག་ཡོད་དྲན་དང་ཤེས་བཞིན་གྱིས། །དལ་འབྱོར་དོན་ཡོད་མཛོད་ཅེས་ཐལ་མོ་སྦྱར། །ཚུལ་འདི་ངལ་བརྒྱས་པར་དུ་སྐྲུན་པ་པོ། །ལྷ་སྲས་མཆོག་གང་སྔོན་དགེའི་བག་ཆགས་ཁམས། །སད་ལྟར་ཆོས་མཐུན་ཐུགས་འདོད་ཡོངས་རྫོགས་ནས། །ཞབས་པད་བརྟན་ཅིང་ཆོས་སྲིད་རྒྱས་གྱུར་ཅིག །ཡུལ་འདིར་ཕྱྭ་བཅུད་དཔལ་འབྱོར་ཆེར་རྒྱས་ནས། །ལོ་ལེགས་ལྗོངས་འཁྲུངས་མི་ཕྱུགས་ནད་ཀུན་མེད། །ཆར་ཆུ་དུས་བབ་བཙའ་སད་སེར་གསུམ་ཞི། །རྫོགས་ལྡན་བསྐལ་པའི་བདེ་སྐྱིད་འཕེལ་གྱུར་ཅིག །རྒྱལ་བསྟན་རི་མོ་གཡས་སུ་འཁྱིལ་བའི་དུང་། །དཀར་ཕྱོགས་རྒྱལ་བའི་མཚན་མར་སྒྲོགས་པའི་དབྱངས། །སྲིད་གསུམ་ཀུན་ཏུ་ཁྱབ་པའི་ལྷའི་རོལ་མོ། །མཆོག་གསུམ་བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །ཅེས་ཟབ་མོ་ཡང་ཐིག་པོད་གཉིས་པར་དུ་བསྒྲུབས་པའི་དཀར་ཆག་དཔག་


GTN005_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ལྗོན་པ་འདི་རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུར་འཁྲུངས་པ་ལེགས་བྱས་ཡོན་ཏན་གྱིས་སྤ་བ་ལྷ་སྲས་དམ་ཚིག་རྡོ་རྗེའི་བཀའ་གནང་བཞིན་ཞེ་ཆེན་པ་ཤཱཀྱའི་དགེ་སློང་མཐུ་སྟོབས་རྣམ་པར་རྒྱལ་བས་ཉུང་ངུའི་ཚིག་གིས་འདོམས་པ་དོན་དང་ལྡན་པར་གྱུར་ཅིག །སརྦ་མངྒ་ལཾ།། །།

ཉེར་མཁོ་སྣ་ཚོགས་བཏུས་པ་ལས།


GTN005_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཉེར་མཁོ་སྣ་ཚོགས་བཏུས་པ་ལས། ནང་ཉམས་ལེན་གྱི་སྐོར་ལ། ཡང་སྒོམ་ཕྱོགས་ཀྱི་སྐབས་གསལ་བ་ཞེས་པའི་དོན་ནི། ཐོག་མར་འགྲོ་བ་སེམས་ཅན་ཐམས་ཅད་འཁྲུལ་པར་ཤར་ནས་འཁོར་བར་འཁྱམས་པའི་རྒྱུ་རྐྱེན་ཡང་། ཡེ་དོན་གྱི་ཀུན་གཞི་ལས་གསལ་ཆའི་སྣང་བ་ཤར་བ་ལ་རང་མདངས་ཡིན་པར་མ་ཤེས་པས་ཡུལ་དུ་བཟུང་ཞིང་རང་གཞན་ཐ་དད་དུ་འཛིན་པའི་དབང་གིས་འཁྲུལ་པ་ཡིན་ཚུལ་སོགས་ཀྱི་ཞིབ་ཆ་རྣམས་ཕྱག་རྫོགས་ཀྱི་གཞིའི་གྲོལ་འཁྲུལ་བཤད་པའི་སྐབས་དག་ལས་འབྱུང་བ་ལྟར་ཡིན་ལ། ད་ལྟ་ལམ་ཉམས་སུ་ལེན་དུས་སེམས་ཉིད་ངོ་བོ་སྟོང་པ་ངོས་བཟུང་བྲལ་བའི་རང་མདངས་གསལ་བ་འགག་མེད་ཀྱི་ཆ་ལས་ཕྱི་ནང་གི་འཆར་སྒོ་མཐའ་དག་སྣང་བ་འདི་ཡིན་ཏེ། ཕྱི་རོལ་གྱི་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་ཡུལ་དུ་གྱུར་པ་ཐམས་ཅད་གསལ་བའི་ཆར་མ་གྱུར་པ་གཅིག་ཀྱང་མེད་མོད། ནང་གི་མིག་རྣ་བ་སྣ་ལྕེ་ལུས་ཡིད་ཀྱི་འགྱུ་ཚོར་ཆགས་སྡང་ཐམས་ཅད་ཀྱང་གསལ་བར་མ་གྱུར་པ་ཅི་ཡང་མེད་ལ། ལར་ཕྱི་ནང་གི་དངོས་པོ་མཐའ་དག་མ་ལུས་པ་རྣམས་རང་སེམས་ཀྱི་གསལ་ཆའི་


GTN005_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་སྒོ་ཁོ་ན་ཡིན་པ་འདི་ལ་གསལ་བ་ཟེར། འདི་མེད་ན་ང་འཁོར་བར་འཁྱམས་འཁྲུལ་དང་ཐུགས་དམ་ཉམས་ལེན་བྱ་རྒྱུ་བྱེད་མཁན་བྱས་འབྲས་ཐམས་ཅད་མི་འབྱུང་བར་སྟོང་པ་ཕྱང་ཆད་དང་། ཆད་པ་མཐར་ལྷུང་བ་ཞིག་ལས་མི་ཡོང་། དེའི་ཕྱིར་ན་ཐེག་པ་གོང་འོག་གི་ཉམས་ལེན་ཀུན་དང་། ཁྱད་པར་སྒོམ་ཕྱོགས་ཀྱི་སྐབས་འདིར་གསལ་ཆ་ལམ་དུས་ཁྱེར་བཤད་པ་ཡིན་ལ། ལྷག་པར་དེང་སང་གི་སྒོམ་ཆེན་ལ་ལ་ཞིག་གིས་བླ་མ་མཚན་ལྡན་དང་། གདམས་ངག་ཟོལ་མེད་ཀྱིས་མ་ཟིན་པའི་སྐྱོན་དབང་གིས། སེམས་གསལ་ཆའི་འཆར་སྒོ་ཐམས་ཅད་སྒོམ་དུ་མི་འདོད་པར་ནན་གྱིས་བཀག་ནས་མི་རྟོག་པ་ཞིག་ཁོ་ན་དགོས་པར་འདོད་མཁན་མང་དུ་གདའ་བས། དེ་ལྟར་བྱས་ན་ཞི་གནས་འགོག་པར་འགྱུར་ཚེ་ཕྱག་རྫོགས་སུ་གཏན་ནས་མི་འགྲོ་ལ། བྱང་ཆུབ་ཀྱི་ལམ་དུ་མི་འགྱུར་བའི་ཕྱིར་རོ། །དེས་ན་མཐར་ཐུག་འབྲས་བུ་མངོན་འགྱུར་གྱི་ཚེ་ཡང་། མཁྱེན་བརྩེ་མཛད་ཕྲིན་ཐུགས་རྗེ་ཐམས་ཅད་ཀྱང་གསལ་བ་འདིའི་མཐུ་འབྲས་ཡིན་པས། ད་ལྟ་ལམ་གྱི་དུས་སུ་འདི་བཀག་ན་མཐར་འབྲས་བུའི་དུས་སུ་མཁྱེན་བརྩེ་སོགས་ག་ནས་འོང་། དེ་ཕྱིར་ཉམས་ལེན་གྱི་རྩ་བ་གསལ་བ་ལམ་ཁྱེར་བྱེད་པའི་རྒྱུ་མཚན་དེ་ལྟར་ཡིན་པ་དང་། ལམ་དུ་ཁྱེར་ཚུལ་གང་ཞེ་ན། རྣམ་རྟོག་དང་ཚོགས་དྲུག་སོགས་གང་སྣང་ཅིར་ཤར་ཐམས་ཅད་ལ་ཨ་འཐས་རྗེས་འབྲངས་ཀྱང་མི་བྱེད། དགག་བྱ་མི་དགག །གཉེན་པོ་དང་ཁ་བསྒྱུར་སོགས་གཞན་གང་ཡང་མི་བྱ་བར། རང་རིག་ཁོ་ནས་ཟིན་ཙམ་རང་སར་གློད། གང་དགར་


GTN005_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱུར། གང་འགྲོར་བཏང་། ཇི་ལྟར་ཤར་ཡང་ཐ་མལ་ཤེས་པ་སོ་མ་འདི་ཀ་ལས་མ་འདས་ཚེ། བཟང་ངན་གྱི་ཞེན་འཛིན་དགག་བསྒྲུབ་མི་བྱེད་པར་འདི་གཅིག་པུས་ཆོག་པ་ལ་རང་རིག་རང་གསལ་གྱི་ཉམས་ལེན་ཟེར། འགག་བསྡུ་ན། ད་ལྟའི་རྣམ་རྟོག་གི་འགྱུ་དྲན་འདི་ཀ་ལ་གསལ་བ་ཟེར་བ་ཡིན། འདི་ཀ་རང་ལ་རང་གིས་རིག་ཙམ་དྲན་ཙམ་བྱེད་མཁན་དེ་ལ་དྲན་པ་ཡང་ཟེར། རང་རིག་ཀྱང་ཟེར། མཉམ་བཞག་ཀྱང་ཟེར། ལྷག་མཐོང་ཡང་ཟེར་བ་སྟེ་ཆོས་ལུགས་ཐམས་ཅད་ཀྱི་དགོངས་པ་མཐུན་པར་སྒོམ་ཉམས་སུ་ལེན་རྒྱུ་འདི་རང་གིས་ཆོག་པ་ཡིན་པས་འདི་ལས་ལྷག་པའི་སྒོམ་གནས་ཆའམ་བདེ་གསལ་མི་རྟོག་སོགས་དང་ཅི་ལྟ་བུ་བསྒྲུབས་ཀྱང་བཅོས་མ་ཁོ་ན་ཡིན་ཚེ། མ་བཅོས་ཐ་མལ་ཤེས་པ་བཟོ་མེད་དུ་མི་འགྲོ་ཞིང་སྒོམ་སྐྱོན་མེད་དུ་མི་འགྱུར་བས། དེས་ན་གནད་འདི་གཅིག་པུ་ལ་ངེས་འདྲོངས་ཐག་ཆོད་ཅིག་དགོས་ཤིང་། ཡང་གསལ་སྟོང་དབྱེར་མེད་ཅེས་པའི་གསལ་བ་གོང་བཤད་དེ་ལ། སྟོང་པ་ནི། འཁོར་འདས་ཀྱི་འཆར་སྒོ་ཅིར་སྣང་གི་གསལ་ཆ་དེ་ཐམས་ཅད་ཀྱི་ངོ་བོ་ནི་རང་སེམས་ཁོ་ན་ལས་མ་འདས་ལ། སེམས་ཁོ་རང་ཁ་དོག་དབྱིབས་མཚན་མ་མ་གྲུབ་པའི་སྟོང་པ་ཉིད་དང་། དེ་གཉིས་ཀྱང་དོན་ལ་ཐ་མི་དད་པར་སྟོང་པའི་རང་མདངས་གསལ་བ། གསལ་བའི་ངོ་བོ་སྟོང་པ་ཡིན་པ་ལ་དབྱེར་མེད་ཅེས་བྱའོ། །


GTN005_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྟོང་ནི། ཁ་དོག་དབྱིབས་ཀྱི་སྣང་ཚུལ་གང་དང་གང་ལྟར་འཆར་བ་མཐའ་དག་ལ། སྣང་བ་ཞེས་བྱ་ལ། དེ་དག་ཇི་ལྟར་སྣང་ཡང་སེམས་ཀྱི་མདངས་ལས་གཞན་པའི་དངོས་པོ་བདེན་པར་གྲུབ་པ་གཏན་ནས་མ་ཡིན་ཕྱིར་ངོ་བོ་སྟོང་པ་སྟེ་དེ་གཉིས་དབྱེར་མེད་ལ། ཡང་མཚོན་བྱེད་དཔེའི་བླ་མ་དངོས་སུ་སྣང་བ་འདི་སྣང་ཆའམ་གསལ་ཆའི་བྱེ་བྲག་ཡིན། དེས་ངོ་སྤྲད་ནས་རང་སེམས་རང་ངོ་རིག་པ་ནི་མཚོན་བྱ་དོན་གྱི་བླ་མ་སྟེ། གཉིས་ཀའང་དབྱེར་མེད་དུ་རྟོགས་དགོས་ལ། སྣང་སྲིད་འཁོར་འདས་ཀུན་རང་སེམས་ཀྱི་རོལ་རྩལ། དེ་དག་གི་རང་བཞིན་སྟོང་པ། སྟོང་པའི་ངང་ཚུལ་རིག་ཅིང་རྟོགས་པ་རིག་སྟོང་དབྱེར་མེད། ཚོར་བ་བདེ་བའི་རིག་གང་ཤར་ཐམས་ཅད་ནི། སྡུག་བསྔལ་ཟུག་རྔུ་མེད་པས་བདེ་བ་ཞེས་ཟེར་ལ། བདེ་བ་ཤར་མཁན་ནམ་ཚོར་མཁན་ནི་སེམས་ཁོ་རང་། བདེ་བ་དེ་ཉིད་དངོས་པོ་བདེན་གྲུབ་མེད་པའི་སེམས་ཀྱི་གསལ་ཆའི་བྱེ་བྲག་ཡིན་པ་ལས་གཞན་པའི་དངོས་པོ་གང་ཡང་མིན་ཕྱིར་བདེ་སྟོང་དབྱེར་མེད། ལྷ་དང་དཀྱིལ་འཁོར་སྔགས་དང་འོད་ཟེར་སྤྲོ་བསྡུ་སོགས་མཐའ་དག་ཀྱང་དོན་དམ་པར་སྒོམ་མཁན་བསྒོམ་རྒྱུ་སྒོམ་པ་སོགས་སེམས་ལས་གཞན་མེད་པས། སེམས་ཀྱི་ངོ་བོ་སྟོང་པ་རྫོགས་རིམ། གསལ་ཆ་ལྷར་སྣང་བ་བསྐྱེད་རིམ། དེ་གཉིས་སེམས་གཅིག་པུར་ཚང་ཕྱིར་བསྐྱེད་རྫོགས་དབྱེར་མེད་ཡིན་ནོ། །


GTN005_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་སྙིང་རྗེ་ནི། སེམས་ཀྱི་ངོ་བོ་སྤྲོས་བྲལ་སྟོང་ཉིད་གོང་དུ་བརྗོད་པ་བཞིན་ལས་གདངས་འགགས་མེད་ཀྱི་འཆར་ཚུལ་ཙམ་དུ་མ་རྟོགས་པའི་འགྲོ་ལ་སྙིང་རྗེ་བཅོས་མིན་རང་ཤུགས་སུ་འཆར་བ་དང་། ཤར་ཡང་ཤར་མཁན་དང་འཆར་རྒྱུ་འཆར་བའི་ཡུལ་སོགས་མཐའ་དག་རང་རིག་གཅིག་པུ་ཉིད་ཡིན་པའི་ཚུལ་རྟོགས་པ་ནི། སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཡིན་ཏེ། འདི་ལ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཡང་ཟེར་ལ། ཆོས་སྤྱི་ཁྱབ་ལྟར་ན། འདི་ལ་ཡང་ཆོས་ལ་དམིགས་པའི་སྙིང་རྗེ། སེམས་ཅན་ལ་དམིགས་པའི་སྙིང་རྗེ་སོགས་རྒྱས་པར་མང་མོད་ཀྱང་། འདིར་ནི་བདག་དང་སེམས་ཅན་དང་སྙིང་རྗེ་ཉིད་དང་གསུམ་ཀ་རང་སེམས་གཅིག་པུར་ཐག་ཆོད་པ་ཁོ་ནས་ཆོག་གོ། བདག་གཞན་དབྱེར་མེད་ཀྱང་འདི་ཀ་ཡིན་ཏེ། བདག་དང་གཞན་དུ་སྣང་བ་ཐམས་ཅད་ནི་འཁྲུལ་རྟོག་གི་བག་ཆགས་ཡིན་ཕྱིར། སེམས་ཉིད་འོད་གསལ་སྟོང་པ་སྤྲོས་བྲལ་གྱི་རང་ངོ་ལ་བདག་གཞན་གྱི་དངོས་པོ་མ་གྲུབ་ལ། བདག་གཞན་དུ་སྣང་ཞིང་མཐོང་བ་འདི་ནི་རྨི་ལམ་གྱི་སྣང་བ་ལྟར། མེད་པ་ལ་ཡོད་པར་སྒྲོ་བཏགས་པའི་བག་ཆགས་ཀྱི་རང་གཟུགས་ཡིན་ནོ། །ཡང་འཁྲུལ་ངོར་སྣང་ཞིང་འཆར་བ་ཐམས་ཅད་འཁོར་བའི་ཆོས་ཡིན་ལ། འཁྲུལ་པ་རང་ངོ་རིག་པའི་ཆ་ཐམས་ཅད་མྱང་འདས་ཀྱི་ཆ་ཡིན་པ་དང་། དོན་དམ་པར་ནི་འཁྲུལ་མ་འཁྲུལ་དུ་དབྱེ་བ་ཉིད་ཀྱང་ངོས་བཟུང་གི་མཚན་མ་དང་བྲལ་ཕྱིར། འཁོར་


GTN005_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

འདས་སེམས་སུ་ཐག་ཆོད་དགོས་ལ། དེ་ཆོད་ན་རྒྱུ་འབྲས་དགེ་སྡིག །ངན་སོང་དང་ཐར་ལམ། སེམས་ཅན་དང་སངས་རྒྱས། ཆོས་དང་ཆོས་མིན་སོགས་ཀྱི་སྤང་བླང་གི་མཚན་མ་མཐའ་དག་རང་སར་གྲོལ་བ་ཡིན།

དད་དམ་འགྱུར་མེད་ཀྱི་སློབ་བུ་སྒྲ་རམས་པ་ལ་སྤྲིངས་པ།


GTN005_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

༼མཁས་གྲུབ་ཆེན་པོ་སྒྲ་རམས་པ་འགྱུར་མེད་རྣམ་རྒྱལ་ལ་གདམས་པ།༽ ༈ ཐམས་ཅད་མཁྱེན་དངོས་བླ་མ་རྗེར། །གུས་འདུད་སློབ་བུ་རྣམ་རྒྱལ་ལ། །སྐྱེས་ཐོབ་སྦྱངས་པ་ཆེས་ཕྲ་ཡང་། །ཉམས་འགྱུར་མགྲིན་པའི་གླུ་འདི་སྤྲིང་། །ཐོག་མར་རྟེན་མཆོག་བསྟན་སྒོར་ཞུགས། །ཉིས་བརྒྱ་ལྔ་བཅུའི་འདུལ་ཁྲིམས་བསྲུངས། །ཐོས་བསམ་སྒོམ་པས་རྒྱུད་སྨིན་སྦྱངས། །ང་རྣམ་དག་ཐུབ་པའི་རྗེས་འཇུག་ཡིན། །བར་དུ་གསང་བ་སྔགས་ལམ་སྤྱོད། །རིམ་གཉིས་རྣལ་འབྱོར་ལམ་དུ་བསླངས། །བླ་མའི་གསང་གསུམ་དམ་ཚིག་འབད། །ང་གྲུབ་ཐོབ་རྣལ་འབྱོར་ཆེ་རྒྱུད་ཡིན། །ཐ་མར་གཞི་འབྲས་དབྱེར་མེད་ཀྱི། །ཀ་དག་ཆོས་སྐུའི་རྒྱལ་ས་བཟུང་། །ལྷུན་གྲུབ་སྣང་བཞིའི་ལྟད་མོས་གཡེངས། །ང་པད་འབྱུང་བི་མའི་བརྒྱུད་འཛིན་ཡིན། །


GTN005_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ང་དེ་ལྟར་ལྡན་པའི་རྣལ་འབྱོར་ལ། །ཁོང་འཁྲུལ་སྣང་ཅན་གྱིས་བསྒྱུར་དུ་མེད། །རྣམ་རྟོག་བདག་འཛིན་བྲལ་བ་ལ། །དགྲ་གཉེན་འཁྲི་བ་དབྱིངས་སུ་ཆོད། །ཁྱེད་རིམ་གཉིས་སྔགས་ཀྱི་དྲོད་ཚད་ཉུལ། །མཉམ་རྗེས་དབྱེར་མེད་འཇོག་པ་ལ། །གྲག་སྟོང་ཚིག་གི་རྗེས་དཔྱོད་པའི། །རྣམ་རྟོག་གཉེན་པོས་མ་ཐུལ་ལམ། །གང་ཤར་དྲན་པའི་རང་སོ་ལྟོས། །དེ་ངོར་དགའ་སྡུག་དབྱིངས་སུ་ཡལ། །དབྱིངས་རིག་བསྲེས་ལ་མཉམ་པར་ཞོག །འཁོར་འདས་བྱང་ཆུབ་སེམས་སུ་རྫོགས། །ང་རང་རིག་དོན་གྱི་བླ་མ་ལ། །བཤགས་པ་དེར་འཛིན་བྲལ་བས་མཛོད། །བསྟོད་པ་འདུ་འབྲལ་མེད་པར་བསྟོད། །མཆོད་པ་རྣམ་པར་མི་རྟོག་མཆོད། །བླ་སློབ་དམ་ཚིག་སྲད་བུས་སྦྲེལ། །སྐྱེ་ཀུན་འབྲལ་མེད་རྗེས་སུ་སྐྱོང་། །


GTN005_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་རྐྱེན་ངན་ལམ་དུ་སློང་བར་གྱིས། །འགལ་རྐྱེན་གྲོགས་སུ་འཆར་བར་མཛོད། །ང་རང་རིག་བླ་མ་སྙིང་དབུས་སྒོམས། །སངས་རྒྱས་ཀུན་འདུས་ངོ་བོར་བསྐྱེད། །དབང་བཞི་རང་སེམས་བླ་མ་དང་། །དབྱེར་མེད་ངང་ལ་མཉམ་པར་ཞོག །བུ་མ་ཡེངས་རྩོལ་བས་རང་དོན་སྒྲུབས། །མཉམ་རྗེས་དབྱེར་མེད་ལྟ་བ་དང་། །རིམ་གཉིས་རྣལ་འབྱོར་ཉམས་སུ་ལོངས། །ང་དང་སྐད་ཅིག་འདུ་འབྲལ་མེད། །ང་བཅུ་ཕྲག་ཤེས་བྱའི་གནས་ལ་མཁས། །ཐེག་དང་གྲུབ་མཐའི་གནས་ཀུན་འབྱེད། །རང་རིག་འགྱུར་མེད་བཙན་ས་ཟིན། །འགྲོ་འདྲེན་ལྷག་བསམ་ཀུནྡར་འཁུ། །ཁྱོད་བླ་མར་མོས་གུས་ལྟེམ་རྐྱང་མེད། །དད་འདུན་ཡིད་སྲུབ་ཀྱིས་བསྒྱུར་ན། །ཉམས་འགྱུར་དེ་བཞིན་དག་སྣང་སྦྱོངས། །ང་པདྨོ་འདམ་གྱིས་གོས་སྐྱོན་མེད། །


GTN005_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རིག་པ་ཧུར་བསྐྱེད་ནམ་མཁར་ལྟོས། །མཐོ་མི་མངོན་ཉི་མ་ཉི་ཟེར་གཉིས། །འདི་མ་བྲལ་ཁྱེད་རང་བདག་མི་འབྲལ། །ནམ་མཁར་ཕྱོགས་འཛིན་ཨེ་འདུག་སོམས། །ཉི་མར་མུན་པ་ཨེ་འདུག་སོམས། །ངེད་ཀྱི་མགུལ་ཕུར་དར་མདུད་འདི། །ཁྱེད་ལ་བར་ཆད་སྲུང་མཚོན་སྦྱིན། །རང་དོན་ལྷུན་གྱིས་གྲུབ་པ་དང་། །གཞན་དོན་མཐའ་རུ་ཕྱིན་པ་འོང་། །སྐྱེ་འདི་ཚེ་རབས་ཐམས་ཅད་དུ། །ཁྱེད་དང་བྱང་ཆུབ་མ་ཐོབ་བར། །འགྲོགས་ཤིང་མཐར་ཐུག་དབྱིངས་གཅིག་ཏུ། །དབྱེར་མེད་མངོན་འཚང་རྒྱ་བར་ཤོག །དེ་སྐད་གང་དྲན་གླུ་ངག་འདི། །ཚིག་མི་སྙན་ཡང་དོན་ལ་སྙན། །ཉམས་སུ་ལོངས་ལ་གསོལ་བ་ཐོབ། །འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ནས།

ཡིག་དྲུག་བསྐུལ་བའི་སྒྲ་དབྱངས་ཐར་ལམ་ཐེམ་སྐས།


GTN005_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་དྲུག་བསྐུལ་བའི་སྒྲ་དབྱངས་ཐར་ལམ་ཐེམ་སྐས་བཞུགས་སོ། །༼དབུ་མཛད་ཁོ་ནས།༽ ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མཐའ་ཡས་མུ་མེད་པ་དག་ན་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། ཁྱད་པར་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཚོགས་ཐམས་ཅད། རྒྱུ་སྦྱོར་བ་ཡོན་གྱི་བདག་པོས་ཐོག་དྲངས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཆེན་པོས་གཟིགས་ཤིང་༼ཐམས་ཅད་ཀྱིས་༽དགོངས་སུ་གསོལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ༼དབུ་མཛད་གཅིག་པུས་གསུང་བར།༽ ཉི་མ་ན་ཉིན་ལོ། ད་ཞག་གི་ཟླ་བ། མདང་ད་ནངས་འདི་ལ་ཤི་ཟེར་བ་རྣ་བས་ཐོས་ཚད། མིག་གིས་མཐོང་ཚད། སྔོན་ནས་སོང་བ་མེད་པ། རྒྱབ་ནས་དགེ་བའི་བསྐུལ་བ་མེད་པ། དམ་པའི་ཆོས་ཀྱི་ར་མདའ་ མེད་པ། བར་དོ་ན་ཡ་ང་བ། འཇིག་རྟེན་ན་ཡི་མུག་པ། མི་ཚེ་སྟོང་ཟད། འཁོར་བ་སྟོང་འཁྱམས། ལས་ངན་སྡིག་ཅན་རྣམས་ཀྱིས་གཙོར་བྱས་འབྲེལ་ཐོགས་ཀྱི་སེམས་ཅན་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ།


GTN005_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད། སྒོས་ངན་སོང་གསུམ་གྱིས་བསྡུས་པའི་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་ལ་སྤྱོད་པ་ཐམས་ཅད་དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བླུན་རྨོངས། མི་སྐྱེ་རྒ་ན་འཆི། ལྷ་མིན་འཐབ་རྩོད། ལྷ་འཆི་འཕོ་ལྟུང་བའི་སྡུག་བསྔལ་ཐམས་ཅད་གསུང་མཆོག་ཡི་གེ་དྲུག་མའི་བྱིན་རླབས་ཀྱིས་སྐད་ཅིག་ཉིད་ལ་བྱང་ཞིང་དག་ནས། གནས་མཆོག་རི་བོ་ཏ་ལའི་ཞིང་ཁམས་སུ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞབས་དྲུང་དུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཁྱད་པར་དུ་འདིར་འདུས་ཤིང་ཚོགས་པ་རྣམས་ཀྱི་ལུས་བསྐྱེད་པའི་དྲིན་ཆེན་ཕ་མ། སེམས་བསྐྱེད་པའི་རྡོ་རྗེ་སློབ་དཔོན། རྒྱུ་ཟས་ནོར་ཟོག་གསུམ་སྦྱིན་པའི་ཡོན་བདག །ཕོ་མོ་ཕུ་ནུ་རུས་ཐོབ་ཀྱི་འབྲེལ་བ། གཞན་ཡང་ནུ་ཞོ་འཐུང་ཚད། ཤ་ཁྲག་ཟོས་ཚད། སྤུ་གོས་གྱོན་ཚད། འོག་རྟ། འགེལ་མཛོ། ཁ་ལག་གི་འབྲེལ་བ་ཐོབ་པའི་བསྔོ་དགོས་ཡིད་ལ་དྲན་ཚད། བསྔོ་ཡིག་ལག་ཏུ་བླངས་པའི་སེམས་ཅན་ཐམས་ཅད་ལས་ངན་པའི་སྒྲིབ་པ་སྐད་ཅིག་ཉིད་ལ་བྱང་ཞིང་དག་ནས། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་མགོན་པོ་འོད་དཔག་མེད་ཀྱི་ཞབས་དྲུང་དུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། རྒྱུ་ཁ་ལག་གི་འབྲེལ་བའི་སེམས་ཅན་ཐམས་ཅད་ཀྱི་ཁ་ཐོག་ཏུ་མནའ་གང་བསྐྱལ། ལག་ཐོག་ཏུ་སྡིག་པ་གང་བྱས། སེར་སྣ་འཇུར་གེགས་གཡོ་སྒྱུ་གསོག་འཇོག །ཁས་ལེན་དང་དམ་ཚིག་ཉམས་པ་མདོར་ན་ལུས་ངག་ཡིད་གསུམ་གྱི་སྒོ་


GTN005_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མི་དགེ་བའི་སྡིག་པ་དང་། སྒྲིབ་པའི་ལས་བྱས་པ་ཐམས་ཅད་ཚེ་འདིའི་འགལ་རྐྱེན་དུ་མ་གྱུར། ཕྱི་མའི་ལན་ཆགས་སུ་མ་གྱུར། བར་དོར་འཁྲུལ་སྣང་དུ་མ་གྱུར་པ་སྐད་ཅིག་ཉིད་ལ་གསུང་མཆོག་ཡི་གེ་དྲུག་མའི་བྱིན་རླབས་ཀྱིས་བྱང་ཞིང་དག་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ས་ཕྱོགས་ཡུལ་ཁམས་འདི་དག་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་ཐམས་ཅད་རྒྱུན་ཆད། དུས་ཀྱི་འཁྲུགས་པ་ཐམས་ཅད་ཉེ་བར་ཞི་ནས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གྱི་བསྐལ་པ་ལ་ལོངས་སྤྱོད་ཅིང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ༼དབུ་མཛད་ཁོ་ནས་འབྲེལ།༽ དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་ཐུགས་རྗེས་གཟིགས། །༼ཐམས་ཅད་ཀྱིས།༽ ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ༈ ཕ་སངས་རྒྱས་ཀུན་དངོས་སྤྱན་རས་གཟིགས། །མ་ཁམས་གསུམ་འགྲོ་བ་


GTN005_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་མགོན། །བུ་འདིར་ཚོགས་ཀུན་གྱི་སྐྱབས་དང་གཉེན། །རྗེ་མཐོང་ཐོས་གྲོལ་བྱེད་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ལར་འཁོར་བའི་རྒྱ་མཚོ་གཏིང་རེ་ཟབ། །ལས་རླུང་ནག་འཚུབ་མ་ཤུགས་རེ་ཆེ། །རྐྱེན་ནད་དང་གདོན་གྱི་རྦ་རླབས་འཁྲུགས། །བུ་ཐར་འདོད་ཡོད་ན་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། དུས་ད་ལྟ་དལ་འབྱོར་མི་ལུས་ཐོབ། །ཆོས་དགེ་བ་སྒྲུབ་ན་རང་དབང་ཡོད། །འདི་རྙེད་པ་དཀའ་ལ་འཇིག་པ་སླ། །ད་ནམ་འཆི་མི་ཤེས་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། གནས་གང་དུ་འདུག་ཀྱང་འཆི་བ་འོང་། །གྲོགས་སུ་དང་འགྲོགས་ཀྱང་གཤོལ་ ཐབས་མེད། །ཚེ་དུས་ལ་བབ་ན་ཕན་པ་མེད། །ཤི་རྒས་གཞོན་མ་ངེས་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ལས་དགེ་སྟོབས་ཆེ་བ་མཐོ་རིས་འགྲོ། །ལས་སྡིག་སྟོབས་ཆེ་བ་ངན་སོང་འགྲོ། །ལས་དགེ་སྡིག་འདྲེས་མ་བར་དོ་འཁྱམས། །ལས་དེ་འདྲ་བསམ་ན་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཆོས་གསུང་མཆོག་ཡི་གེ་དྲུག་མ་འདི། །ཡར་མཐོ་རིས་ཐར་པའི་ལམ་སྐས་ཡིན། །མར་ན་རག་དམྱལ་བའི་སྒོ་འདན་ཡིན། །བར་སྲིད་པ་བར་དོའི་སྐྱེལ་མ་ཡིན། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཁྱེད་གསོན་པོ་རྣམས་ཀྱི་རིམ་གྲོ་ཡིན། །ཁོང་གཤིན་པོ་རྣམས་ཀྱི་འགྲོ་


GTN005_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བརྫང་ཡིན། །ཚེ་འདི་ཕྱི་གཉིས་ཀྱི་གྲོགས་པོ་ཡིན། །བློ་གཏད་ན་མི་བསླུ་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ནམ་འཆི་བའི་དུས་སུ་གཅིག་པུ་འགྲོ། །གཉེན་ཉེ་འབྲེལ་བརྩེ་གདུང་ཆེ་བར་ བསྐྱུར། །ཟོག་བསགས་པ་ཕངས་སེམས་ཆེ་ཡང་ལུས། །རང་གར་སྐྱེ་མི་ཤེས་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། མི་ཤི་བའི་ར་མདའ་ལྷ་ཆོས་ཡིན། །ཆོས་ཤི་གསོན་མ་དགོས་ཐུན་མོང་ཡིན། །ལྷ་བླ་མ་སེར་སྐྱ་ཕོ་མོ་ཚོགས། །མི་འདི་ཚོགས་ཀུན་གྱིས་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཐར་པའི་ལམ་སྟོན་བླ་མ་དཀོན་མཆོག་གསུམ། །ཐར་པའི་དེད་དཔོན་འཕགས་པ་སྤྱན་རས་གཟིགས། །ཐར་ལམ་མཆོག་གྱུར་གསུང་མཆོག་ཡིག་དྲུག་ཡིན། །ཐར་འདོད་ཀུན་གྱིས་ཡི་གེ་དྲུག་མ་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཐུགས་རྗེ་ཆེན་པོ་འཕགས་མཆོག་སྤྱན་རས་གཟིགས། །འགག་པ་མེད་པ་ ཡི་གེ་དྲུག་མའི་སྒྲ། །རེ་དོགས་མེད་པ་ཐུགས་རྗེ་ཆེན་པོའི་ཐུགས། །བཀའ་དྲིན་རྒྱུན་ཆད་མེད་པར་གསོལ་བར་ཐོབ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། འདིར་ཚོགས་སྐལ་ལྡན་ཕོ་མོ་ཐམས་ཅད་ཀྱི། །ཤི་བ་མཐོང་ཐོས་དྲན་རེག་ བསྔོ་དགོས་དང་། །བདག་ལ་འབྲེལ་བ་ཐོགས་པའི་སེམས་ཅན་རྣམས། །ཕྱིར་མི་ལྡོག་པའི་ས་ལ་འགོད་པར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ།


GTN005_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་ཆེན་ཕ་མའི་གཙོ་བྱས་སེམས་ཅན་རྣམས། །འབྲུ་དྲུག་སྙིང་པོས་ལམ་ སྣ་འདྲེན་པར་ཤོག །ཁམས་གསུམ་འཁོར་བ་དོང་ནས་སྤྲུག་གྱུར་ཅིག །ན་རཀ་དམྱལ་བ་མི་ཟད་སྟོང་པར་ཤོག །ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང་། །ཆོས་འཁོར་དྲི་མེད་འདི་ ཡིས་བྱིན་རླབས་ཀྱིས། །བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས། །ཡོངས་པའི་རྒྱལ་ཁམས་བདེ་བའི་བཀྲ་ཤིས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ས་ཆུ་མེ་རླུང་འབྱུང་བཞིའི་སྒྲ་རྣམས་ཀུན། །རིགས་ལྔ་ཡེ་ཤེས་ལྔ་ཡི་འོད་ཀློང་དུ། །ཆོས་སྐུ་སྟོང་གསལ་རང་སྒྲ་ངོ་ཤེས་ནས། །ཡི་གེ་དྲུག་མའི་སྒྲ་རུ་འགྱུར་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། སྦྱིན་བདག་ཕོ་མོ་གཙོ་བྱས་མཁའ་ཁྱབ་རྣམས། །དམིགས་མེད་རབ་འབྱམས་རྒྱལ་བའི་ཞིང་ཁམས་ནས། །འགག་མེད་གསུང་དབྱངས་ཡིག་དྲུག་བརྒྱ་ཕྲག་གཅིག །ཐུགས་རྗེ་རྩོལ་མེད་ངང་ནས་འདྲེན་པར་ཞུ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་སོ། །དེ་ལྟར་ཡི་གེ་དྲུག་མའི་སྒྲ་དབྱངས་ཅི་ནུས་གསོལ་བ་བཏབ་ན་གནས་སྐབས་དང་མཐར་ཐུག་གི་གཏན་བདེ་བླ་ན་མེད་པ་འགྲུབ་པར་སྨོས་ཅི་དགོས། ༼ཕ་སངས་རྒྱས་ཀུན་དངོས་མན་ཆད་རྣམས།༽མ་ཧཱ་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་བས་སོ། །

གསོན་འཕོའི་མཚམས་སྦྱོར་ཐར་ལམ་རབ་གསལ།


GTN005_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བ་འཇག་ཟུག་མ་ལས་གསོན་འཕོའི་མཚམས་སྦྱོར་ཐར་ལམ་རབ་གསལ་བཞུགས་སོ། །ཨ་སྭཱ་སྟི། ན་མོ་གུ་ར་ཝེ། གདོད་ནས་སྤྲོས་ཀུན་ཞི་ཡང་སྤྲོས་ཚུལ་གྱིས། །སྐྱེ་སོགས་རོལ་པས་གདུལ་བྱ་རྗེས་འཛིན་པའི། །དྲིན་ཅན་བླ་མ་སྤྱན་རས་གཟིགས་དབང་དངོས། །རྟག་པར་གང་གི་ཐུགས་རྗེའི་རྒྱུན་གྱིས་སྐྱོངས། །འཆི་ཁའི་ཟབ་ལམ་འཕོ་བའི་གདམས་པ་གང་། །གདུལ་བྱར་སྤེལ་ཆེད་མཚམས་སྦྱོར་ཉུང་བསྡུས་འདི། །གང་གསུངས་ཇི་བཞིན་ཟིན་ཐོར་བདག་གིས་སྤེལ། གནང་བར་སྩོལ་ཅིག་དཔལ་ལྡན་བླ་མ་རྗེ། །དེ་ལ་འཕོ་བ་འཇག་ཟུག་མའི་གདམས་པའི་སྒོ་ནས་གསོན་འཕོ་བྱ་བ་ནི། བླ་མས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཟབ་མོ་


GTN005_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བའི་གདམས་པ་ཉམས་སུ་ལེན་སྙམ་དུ་སེམས་བསྐྱེད་རྒྱ་ཆེན་པོར་གསལ་བཏབ་སྟེ་གསན་འཚལ། དེ་ཡང་རང་ཅག་ཐམས་ཅད་ད་ལྟའི་སྐབས་འདིར་དལ་བརྒྱད་འབྱོར་བཅུས་བརྒྱན་པའི་མི་ལུས་རིན་པོ་ཆེ་ཐོབ་ཅིང་། དམ་པའི་ཆོས་དང་མཇལ་བ་འདི་འདྲ་བ་ནི་ཤིན་ཏུ་རྙེད་པར་དཀའ་སྟེ། ལུང་ལས། འཇིག་རྟེན་སངས་རྒྱས་འབྱུང་བ་བརྒྱ་ལམ་རེ། །མི་ཡི་ལུས་ནི་ཚོགས་རྙེད་མ་ཡིན་ནོ། །ཀྱེ་མ་དད་པ་དང་ནི་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །ཞེས་སོགས་དེ་ལྟ་བུའི་ལུས་རྟེན་ཁྱད་པར་ཅན་འདི་ལྟ་བུ་རྙེད་པས་མི་ཆོག་སྟེ། མྱུར་བར་དམ་པའི་ཆོས་ལ་ཉམས་ལེན་དྲག་པོ་མ་བྱས་ཕྱིན། བར་ཆད་ཀྱི་ཆོས་མང་པོ་དང་ལྡན་ཞིང་། ཁྱད་པར་འཆི་བདག་གི་ཞགས་པས་དོ་དགུང་ཙམ་དུའང་མི་གནོད་པའི་ངེས་པ་མེད་དེ། ཇི་སྐད་དུ། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །ཞེས་དང་། མི་རྟག་པའི་ཚོམ་ལས། མཚན་སྟོང་གིས་འབར་བདེ་གཤེགས་སྙིང་པོའི་སྐུ། །


GTN005_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་བརྒྱ་ལས་གྲུབ་པའང་མི་རྟག་ན། །ཆུ་བུར་རྡོལ་འདྲ་ཡིད་བརྟན་མི་རུང་བས། །རང་གི་ལུས་འདི་ངེས་པར་འཆི་བ་སོམས། །ཞེས་པ་ལྟར། སྐྱེས་པའི་མཐའ་མ་འཆི་བར་ཐག་ཆོད་ན། འཆི་བ་མི་རྟག་པ་ནི་ནམ་འོང་ཆ་མེད། དེ་ཉིད་ཐོག་ཏུ་བབ་པའི་ཚེ་ན་སྐྱབས་དཀོན་མཆོག་གསུམ་མ་གཏོགས་མཛའ་བཤེས་གཉེན་འདུན་གང་གིས་ཀྱང་ཕན་མི་བཏུབ་སྟེ། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལས། གང་དག་འཆི་བའི་དུས་ཀྱི་ཚེ། །བུ་དག་སྐྱབས་སུ་མི་འགྱུར་ཞིང་། །ཕ་མ་མ་ཡིན་གཉེན་འདུན་མིན། །དེ་ཚེ་བསོད་ནམས་སྐྱབས་གཅིག་པུ། །ཞེས་དང་། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཞེས་པས་དེ་ལྟ་བུའི་འཆི་བ་དེ་ཉིད་ཐོག་བབ་ཏུ་བྱུང་བའི་དུས་ན་སྐྱབས་དཀོན་མཆོག་གསུམ་ལ་དད་པ་བླ་ལྷག་ཏུ་བསྐྱེད། དམ་པའི་ཆོས་ལ་སྐྱབས་སུ་འགྲོ། འཕགས་པའི་དགེ་འདུན་ལ་ར་མདའ་སྦྲན་པས་བར་དོའི་འཇིགས་སྐྲག་གིས་སྡུག་བསྔལ་སོགས་ལས་གྲོལ་བར་འགྱུར་ཏེ། དེ་ཡི་དུས་སུ་དགོས་པའི་མན་ངག་ཟབ་མོའང་ཟབ་ལམ་འཕོ་བའི་གདམས་པ་འདི་ཉིད་དེ། དེ་ཇི་ལྟར་དགོས་པའང་། མཁའ་འགྲོ་མ་ཀུན་ཏུ་རྟོགས་པའི་རྒྱུད་ལས།


GTN005_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་རླུང་གི་རྟར་བྱས་ནས། །སྟེང་གི་གནས་སུ་ཕྱིན་གྱུར་ན། །སྡིག་ལ་གོམས་པའི་གང་ཟག་ཀྱང་། །མཐོ་རིས་གནས་སུ་སྐྱེ་བ་མང་། །ཞེས་འཆི་ཁའི་མན་ངག་ཟབ་མོ་འདི་དང་ལྡན་ན། རང་སེམས་སྤྱི་གཙུག་ནས་འཕོས་པས་བདེ་འགྲོར་བགྲོད་ལ། གདམས་པ་འདི་དང་མ་ལྡན་ཕྱིན། མི་ཚེ་ཆོས་ལ་གོམས་པའི་གང་ཟག་ཡིན་ཀྱང་། རང་སེམས་རླུང་དང་བསྡོངས་ཏེ་སྒོ་གཞན་ནས་ཐོན་ན་ངན་སོང་གི་ལམ་དུ་འགྲོ་བའང་། གོང་ལས། རྣམ་ཤེས་རླུང་གི་རྟར་བྱས་ནས། །འོག་གི་ལམ་དུ་ཕྱིན་གྱུར་ན། །ཆོས་ལ་གོམས་པའི་གང་ཟག་ཀྱང་། །ངན་སོང་གནས་སུ་ལྟུང་བ་མང་། །ཞེས་སོ། །དེ་ལྟ་བུའི་འཕོ་བ་དེ་ལའང་རྣམ་གྲངས་མང་དུ་ཡོད་པ་ལས་གདམས་པ་འདི་ནི། རྗེ་བཙུན་མར་པས། བསྒོམས་ན་སངས་རྒྱས་ཀུན་ལ་ཡོད། །མ་བསྒོམས་སངས་རྒྱས་ང་ལ་ཡོད། །ཅེས་གསུངས་པས་ལམ་འདིའི་ལོ་རྒྱུས་ཅུང་ཟད་བརྗོད་ན། ཆོས་སྐྱོང་བའི་རྒྱལ་


GTN005_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་བོད་དུ་གདན་དྲངས་ནས་བསམ་ཡས་བཞེངས་པའི་སྐབས་ཤིག་ན། རྒྱལ་པོའི་བློན་པོ་ཉི་མ་ཞེས་བྱ་བ་ཕྱུག་ཅིང་ནོར་མང་བ་ཞིག་ཡོད་པ་ལ། ཕོ་བྲང་གཉིས་འདུག་པ་ལས། རྒྱུ་རྫས་ཉེར་མཁོ་བཙལ་ཆེད། ནུབ་གཅིག་མེ་སྒྲོན་ཐོགས་ཏེ། བློན་པོ་རང་ཕོ་བྲང་གཅིག་ཤོས་སུ་སོང་བ་ན་སྒྲོན་མེ་ལས་མེ་སྟག་ཆད་པས་ཁང་པ་འབར་ཏེ། རང་གི་བླ་མཆོད་ཅིག་དང་། བློན་པོ་ཉིད་ཀྱི་ཕ་མས་གཙོས་ཕོ་མོ་སུམ་ཅུ་ཙམ་མེས་ཚིག་ཅིང་། མཛོ་རྟ་དྲེའུ་ཁྱི་ཕག་སོགས་མང་དུ་ཚེ་ཡི་དུས་བྱས་པས། བློན་པོ་མྱ་ངན་གྱིས་ནོན་པའི་གདུང་བ་སེལ་ཕྱིར། རྒྱལ་པོས་སློབ་དཔོན་ལ་བློན་པོ་གྲོལ་བའི་གདམས་ངག་ཞུས་པས། སློབ་དཔོན་ཆེན་པོ་དར་ཅིག་དགོངས་པར་བཞུགས་ནས་ནུབ་ཕྱོགས་བདེ་བ་ཅན་དུ་སངས་རྒྱས་འོད་དཔག་མེད་ཀྱི་མདུན་དུ་བྱོན་ཏེ། མ་བསྒོམས་པར་འཚང་རྒྱ་བ་ཟབ་ལམ་འཕོ་བའི་གདམས་པ་འདི་ཉིད་ཞུས་ཏེ། བློན་པོ་ཉི་མ་ལ་གདམས་པ་བསྟན་པས། བློན་པོ་ཉི་མས་གདམས་པའི་ཡོན་དུ་གསེར་ཉི་མ་ལྟར་འོད་འབར་བའི་ས་ལེ་སྦྲམ་ཅིག་དང་། དངུལ་ཟླ་བ་ཉ་གང་བ་ལྟར་གསལ་ཞིང་འཚེར་བ་ཞིག་མཎྜལ་གྱི་སྟེང་དུ་བཞག་སྟེ། རིན་པོ་ཆེའི་ཕྱེ་མ་ལེགས་པར་སྤུངས་པ་ཕུལ་ནས། བློན་པོས་གདམས་ངག་ནན་ཏན་དུ་བསྒོམས་པས་ཞག་བདུན་ན་འཕོ་བ་འབྱོངས་ཞིང་དྲོད་ཚད་བརྙེས་ནས་ལུས་མ་སྤངས་པར་རིག་འཛིན་གྱི་གྲལ་དུ་འཁོད་པར་གྱུར་ཅིང་སྔར་མེས་ཚིག་པ་ཐམས་ཅད་ཀྱང་བློན་པོ་ཉིད་ཀྱིས་དྲངས་ཤིང་། དག་པའི་ཞིང་དུ་སྐྱེས་སོ། །


GTN005_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སངས་རྒྱས་འོད་དཔག་མེད་ཀྱི་ལུང་བསྟན་དང་རྗེས་སུ་གདམས་ པ་དོན་ཡོད་པར་བྱ་བའི་ཕྱིར། གུ་རུ་ཉིད་ཀྱི་ཕྱག་གཡོན་པ་སྲིན་མཛུབ་ལས་རྨ་བཏོལ་ཏེ། སྐུ་མཚལ་ཕྱུང་ཞིང་། མཚོ་རྒྱལ་གྱིས་དབུ་སྐྲ་ཉག་གཅིག་གིས་ཤིང་ཏ་ལའི་ལོ་མ་ལ་གདམས་པ་འདི་ཉིད་བྲིས་ཏེ། མ་འོངས་སྙིགས་མའི་དུས་ཀྱི་ཚེ་བློན་པོ་ཉི་མ་ཉིད་ཀྱིས་སྔར་ཆོས་ཡོན་དུ་གསེར་ཉི་མ་ལྟ་བུ་དང་དངུལ་ཟླ་བ་ལྟ་བུ་ཕུལ་བའི་རྟེན་འབྲེལ་ལས་གཏེར་སྟོན་ཉི་ཟླ་སངས་རྒྱས་ཞེས་བྱ་བར་སྐྱེས་ཏེ་གདམས་པ་འདི་དང་འཕྲད་ནས་འགྲོ་བ་སེམས་ཅན་མ་རུངས་པ་རྣམས་འདུལ་བར་གྱུར་ཅིག་ཅེས་སྨོན་ལམ་གྱིས་མཚམས་སྦྱར་ཏེ། གསེར་དངུལ་ཟངས་ལྕགས་ཀྱི་སྒྲོམ་བུ་རྣམས་གཅིག་གི་ནང་དུ་གཅིག་བཅུག་ནས། ཆུ་དར་སྔོན་པོས་སྒྲིལ་བཅུག །ཨོ་རྒྱན་ཡབ་ཡུམ་གྱི་ཕྱག་རྒྱས་སྤྲས་ཏེ་རྫོགས་སངས་རྒྱས་པའི་ལུང་བསྟན་པའི་རི་བོ་ཤཱནྟི་ཞེས་བྱ་བར་འབོད་པ། དྭགས་ལྷ་སྒམ་པོའི་རྒྱབ་ཀྱི་མཚོ་མཎྜལ་ནག་པོའི་དབུས་སུ་ཕ་ཝོང་རུས་སྦལ་དང་འདྲ་བར་གཏེར་དུ་སྦས་ཏེ། ཀླུ་རྒྱལ་གཙུག་ན་རིན་ཆེན་གཏེར་སྲུང་ལ་བསྐོས་པར། ཕྱིས་དུས་འདིར་བློན་པོའི་སྐྱེ་བ་གཏེར་སྟོན་ཉི་ཟླ་སངས་རྒྱས་ཞེས་བྱ་བས་མཚོ་དབུས་ནས་གདམས་པ་འདི་ཉིད་སྤྱན་དྲངས་ཏེ་མཚོར་གནས་པའི་ཀླུ་རྣམས་ལ་བསྟན་པས། ཀླུ་ཐམས་ཅད་བདེན་པ་མཐོང་ཕྱིར་མི་ལྡོག་པ་ལ་བཀོད། མཚོ་དེར་གནས་པའི་ཉ་སྲམ་སོགས་སྲོག་ཆགས་ཕལ་པ་རྣམས་ཀྱང་ཕྱིར་མི་ཟློག་པའི་ས་ལ་བཀོད་དོ། །དེ་ལྟར་གཏེར་སྟོན་ཆེན་པོ་དེ་ཉིད་ཀྱིས། མཚུངས་མེད་ནམ་མཁའ་རྒྱལ་


GTN005_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

མཚན། དེས་རྟོགས་ལྡན་སངྒ་བྷ་དྲ་ལ་གནང་། དེས་ཕ་རྒོད་དྲི་མེད་བློ་གྲོས་ལ། དེས་ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལ། དེས་མཚུངས་མེད་མ་ཏིའི་མཚན་ཅན་ལ། དེས་ཡོངས་འཛིན་ཕུན་ཚོགས་རྣམ་རྒྱལ་ལ། དེས་འདྲེན་མཆོག་ཀརྨ་ཆོས་རྒྱལ་ལ། དེས་སྔགས་འཆང་པདྨ་དབང་དྲག་ལ། དེས་ཐུགས་ཆེན་ཀརྨ་ཆགས་མེད་ལ། དེས་གྲུབ་ཐོབ་པདྨ་རིག་འཛིན་ལ། དེས་རབ་འབྱམས་བསྟན་པའི་རྒྱལ་མཚན་ལ། དེས་གྲུབ་ཆེན་པདྨ་དབང་ཕྱུག་ལ། དེས་རྗེ་བླ་མ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་ལ། དེས་བདག་གི་འདྲེན་མཆོག་དམ་པ་རྗེ་བཙུན་མཆོག་གི་སྤྲུལ་པའི་སྐུ་དོན་གྱི་སླད་དུ་མཚན་ནས་སྨོས་ན༧པདྨ་གསང་སྔགས་བསྟན་འཛིན་ཆོས་རྒྱལ་དཔལ་བཟང་པོ་ལ་སྩལ་པ་སྟེ། དེ་ལྟར་གོང་སྨོས་ཀྱི་དམ་པ་དེ་རྣམས་ཀྱང་གྲུབ་ཐོབ་གོང་མས་འོག་མ་བྱིན་གྱིས་བརླབ་ནུས་པ་ཤ་སྟག །སྟེང་ ན་རིག་འཛིན་བརྒྱུད་པའི་གྲལ་མ་ཞིག །འོག་ན་རྡོ་རྗེའི་ཟམ་མ་ཆད་པའི་སྙན་བརྒྱུད་ཟབ་མོ་ལས་བྱུང་བའི་གདམས་པ་དེ་ལའང་གཉིས་ཏེ། སྦྱང་བ་དང་ལས་ལ་སྦྱར་བའོ། །དང་པོ་ནི། དབེན་པའི་གནས་སུ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་འཁོད་ལ། ཐོག་མར་ཐུན་མོང་གི་སྔོན་འགྲོས་ལམ་གྱི་རྒྱུད་སྦྱང་དགོས་པས། མདུན་གྱི་ནམ་མཁར་རང་གི་དད་མོས་གང་ལ་ཆེ་བའི་རྩ་བའི་བླ་མར། མཆོག་གསུམ་རྒྱལ་བ་སྲས་བཅས་སློབ་མའི་ཚོགས་དང་བཅས་པས་བསྐོར་ནས་བཞུགས་པར་སྒོམ་ལ་དེའི་སྤྱན་སྔར། ཁྱོད་རང་གིས་གཙོར་བྱས་མཁའ་ཁྱབ་


GTN005_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་མོས་པས་སྐྱབས་འགྲོ་དང་། མ་གྱུར་གྱི་འགྲོ་བ་ཐམས་ཅད་བྱང་ཆུབ་ཏུ་འགོད་པའི་སེམས་བསྐྱེད་དང་། ཚེ་རབས་ནས་བསགས་པའི་སྡིག་སྒྲིབ་བཤགས་སྡོམ་དྲག་པོས་རྡོ་རྗེ་སེམས་དཔའི་སྒོམ་བཟླས། ཚོགས་གཉིས་རྫོགས་པའི་ཐབས་སུ་མཎྜལ་གྱི་རིམ་པ། བྱིན་རླབས་ཁྱད་པར་ཅན་རྒྱུད་ལ་ཞུགས་པའི་ཕྱིར་བླ་མའི་རྣལ་འབྱོར་རྣམས་རིམ་བཞིན་ཁྱོད་ལ་སྟོན་པས་ཚིག་རྗེས་སུ་དོན་དྲན་བཞིན་པས་མ་ནོར་བར་བསྒྲུབས་པར་བྱས་པས་ཐུན་མོང་གི་སྔོན་འགྲོ་རྫོགས་ལ། དངོས་གཞི་འཕོ་བའི་རིམ་པ་ནི། ཨ་སྭ་བྷཱ་ཝ་ཤུདྡྷོ་སརྦ་དྷརྨ་སྭ་བྷཱ་ཝ་བི་ཤུདྡྷོ྅་ཧཾ། ཞེས་བརྗོད་པས་ཁྱེད་རང་གི་རྡོས་བཅས་ལུས་ཀྱི་ཕུང་པོ་མི་དམིགས་པ་སྟོང་པར་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་མའི་གདན་གྱི་དབུས་སུ་བམ་རོ་གན་རྐྱལ་དུ་ཕྱོགས་པའི་སྟེང་དུ། ཁྱོད་རང་གི་རིག་པའི་ངོ་བོ་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཕྱག་གཡས་གྲི་གུག་ནམ་མཁའ་ལ་ཕྱར་བ། གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་པ། ཞབས་གཡོན་བསྐུམས་ཤིང་གཡས་བརྐྱངས་པའི་གར་སྟབས་ཀྱིས་མི་རོའི་སྙིང་གར་བརྫིས་པ། ཐོད་སྐམ་ལྔས་དབུར་རྒྱན། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་ཕྱག་རྒྱ་ལྔས་སྤྲས་པ། མཆན་ཁུང་གཡོན་ན་ཁ་ཊཾ་ག་འཛིན་ཅིང་། དབུ་སྐྲ་ནག་པོ་སིལ་བུ་གྲོལ་ཞིང་མཐུར་དུ་དཔྱངས་པ།


GTN005_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་གཙུག་ན་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོགས་པས་གཡས་སུ་ལྟ་ཞིང་གྱེན་དུ་ཕྱོགས་པ། ཁྲོ་འཛུམ་ཆགས་པའི་ཉམས་ཅན་མཆེ་བ་བཞི་གཙིགས་སོ། །གཅེར་བུ་གཞོན་ཚུལ་ཅན་ལང་ཚོ་དར་ལ་བབ་ཅིང་ནུར་འབུར་རྒྱས་པ། སྐུ་སྣང་སྟོང་འོད་ཀྱི་རང་བཞིན་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་ལུས་དབུས་དྲང་པོ་རྩ་ཨ་བ་དྷུ་ཏི་དབུ་མར་གྲགས་པ་ཕྱི་དཀར་ལ་ནང་དམར་བ་ཏིལ་མར་གྱི་མར་མེ་ལྟར་གསལ་བ། རྒྱ་ཚོས་ཀྱི་ཁུ་བ་ལྟར་སྣུམ་པ། པདྨའི་འདབ་མ་ལྟར་སྲབ་པ། ཆུ་ཤིང་གི་སྡོང་པོ་ ལྟར་དྲང་བ་སྟེ་མཚན་ཉིད་བཞི་ལྡན། བདེ་བ་མཚོན་པའི་ཕྱིར་ཕྱི་དཀར་བ། གསལ་བ་མཚོན་ཕྱིར་ནང་དམར་བ། བྱང་ཆུབ་ཀྱི་ལམ་མཚོན་ཕྱིར་ཤིན་ཏུ་དྲང་པོར་གནས་པ། ངན་སོང་གི་སྒོ་གཅོད་པ་མཚོན་ཕྱིར་མར་སྣེ་ཕུག་རུབ་པ། ཐར་ལམ་གྱི་སྒོ་ཕྱེ་བ་མཚོན་ཕྱིར་ཡར་སྣེ་ཚངས་བུག་ཧད་པོར་ཡོད་པ། ནང་གི་སྙིང་ཐད་པདྨ་དམར་པོ་འདབ་མ་བཞི་པའི་ཟེའུ་འབྲུའི་སྟེང་དུ། ཁྱོད་རང་གི་རླུང་སེམས་མི་ཤིགས་པའི་ངོ་བོ་དྭངས་མ་ལྔ་འདུས་ཀྱི་ཐིག་ལེ་དཀར་ལ་དམར་བ། གསལ་ལ་འཚེར་བ། སྣུམ་ལ་འདྲིལ་བ་ཞིག་འདར་ཁྲིལ་ཁྲིལ་དུ་གནས་པར་སྒོམས་ལ། སྤྱི་བོར་ཚངས་བུག་རྒྱ་མཐོངས་ཁ་ཕྱེས་པ་ལྟ་བུའི་དབུས་སུ་སེངྒེའི་ཁྲིའི་སྟེང་དུ་ངོ་བོ་རང་གི་དད་མོས་ཆེ་བའི་རྗེ་བཙུན་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་མངོན་རྫོགས་སྟོན་པ་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་ལྷུང་བཟེད་འཛིན་པ། ཆོས་གོས་ངུར་སྨྲིག་གསོལ་ཞིང་ཞབས་ཀྱི་མཐེ་བོང་གཉིས་ཀྱིས་སྤྱི་བོའི་ཚངས་པའི་བུ་ག་ཅུང་ཟད་བཀག་


GTN005_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་དུ་བསྟན་ཅིང་བཞུགས་པར་མོས་ལ། བརྒྱུད་པའི་བླ་མ་རྣམས་དང་རྒྱལ་བ་སྲས་དང་བཅས་པའི་ཚོགས་སྤྲིན་ཕུང་འཁྲིགས་པ་བཞིན་གང་འདུལ་བྱའི་མོས་ངོར་རྣམ་རོལ་ཅིར་ཡང་འཆར་བའི་དཔག་ཡས་བྱིན་རླབས་ཀྱི་ཕུང་པོ་གཟི་བརྗིད་མཚུངས་པ་མེད་པའི་བདག་ཉིད་དུ་བཞུགས་པས། ཁྱོད་ལ་བརྩེ་བའི་ཐུགས་ཀྱིས་དགོངས། དགྱེས་པའི་ཞལ་གྱིས་ཕྱོགས། འཛུམ་པའི་སྤྱན་གྱིས་གཟིགས་ནས། ཁྱོད་ཀྱི་རྣམ་ཤེས་དག་པའི་ཞིང་དུ་འདྲེན་ཅིང་བཞུགས་པར་སྒོམས་ལ་སེམས་གཞན་དུ་མི་ཡེངས་མ་འཁྲུལ་བར་མོས་གུས་མཆི་མ་འཁྲུགས་པ་ཙམ་གྱིས་གདུང་ཤུགས་དྲག་པོས་བརྒྱུད་པའི་བླ་མ་ལ་གསོལ་བ་ཐོབ་ལ། བདག་གི་ཧིཀའི་སྒྲ་ཡིས་བསྐུལ་བའི་ཚེ་ན་སྙིང་གའི་རྣམ་ཤེས་ཀྱི་ཐིག་ལེ་དེ་ཉིད་དཔག་ཆེན་གྱི་མདའ་ལྟར་སྤྱི་བོར་ནས་རྒྱངས་ཀྱིས་ཐོན་ཏེ་སངས་རྒྱས་ཀྱི་ཞབས་ཀྱི་མཐེ་བོང་ལ་རེག་ཙམ་དང་ཀ་ཞེས་མར་ཕབ་ནས་པད་གདན་ལ་འཁོད་པའི་མོས་པ་མཛོད་ལ་ང་ཡི་རྗེས་ཟློས་དང་རམ་བུ་གྱིས་ཤིག །ཨོཾ་ཨ་ཨཱཿ ཧཱུྃ། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་ གྱིས་རློབས། །ཞེས་དང་། ཨོ་རྒྱན་པདྨའི་རྗེས་སུ་ཚབ་ཏུ། གཏེར་སྟོན་ཉི་ཟླ་སངས་


GTN005_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ལ་གསོལ་བ་འདེབས། །མཚུངས་མེད་ནམ་མཁའ་རྒྱལ་མཚན་ལ་གསོལ་ བ་འདེབས། །རྟོགས་ལྡན་སངྒ་བྷ་དྲ་ལ་གསོལ་བ་འདེབས། །ཕ་རྒོད་དྲི་མེད་བློ་གྲོས་ལ་གསོལ་བ་འདེབས། །ཆོས་རྗེ་སངས་རྒྱས་རྒྱལ་མཚན་ལ་གསོལ་བ་འདེབས། །མཚུངས་མེད་མ་ཏིའི་མཚན་ཅན་ལ་གསོལ་བ་འདེབས། །ཡོངས་འཛིན་ཕུན་ཚོགས་རྣམ་རྒྱལ་ལ་གསོལ་བ་འདེབས། །འདྲེན་མཆོག་ཀརྨ་ཆོས་རྒྱལ་ ལ་གསོལ་བ་འདེབས། །སྔགས་འཆང་པདྨ་དབང་དྲག་ལ་གསོལ་བ་འདེབས། །ཐུགས་ཆེན་ཀརྨ་ཆགས་མེད་ལ་གསོལ་བ་འདེབས། །རྫོགས་ཆེན་པདྨ་རིག་འཛིན་ལ་གསོལ་བ་འདེབས། །རབ་འབྱམས་བསྟན་པའི་རྒྱལ་མཚན་ལ་གསོལ་བ་འདེབས། །འདྲེན་མཆོག་ནམ་མཁའ་འོད་གསལ་ལ་གསོལ་བ་འདེབས། །འགྱུར་ མེད་ཐེག་མཆོག་བསྟན་འཛིན་ལ་གསོལ་བ་འདེབས། །གྲུབ་ཆེན་པདྨ་དབང་ཕྱུག་ལ་གསོལ་བ་འདེབས། །འགྱུར་མེད་ཀུན་བཟང་རྣམ་རྒྱལ་གསོལ་བ་འདེབས། །པདྨ་གསང་སྔགས་བསྟན་འཛིན་ལ་གསོལ་བ་འདེབས། །བཀའ་དྲིན་སུམ་ལྡན་དྲིན་ཆེན་བླ་མ་རྗེ། །འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལ་གསོལ་བ་འདེབས། །དྲིན་ཆེན་རྩ་བའི་བླ་ལ་གསོལ་བ་འདེབས། །ཞེས་རིམ་བཞིན་མཚན་བཅུག་ནས། ཧིཀ་ཅེས་བདུན་གསུམ་ཉེར་གཅིག་སོགས་བརྗོད་ཅིང་འཕོ་བ་མ་འབྱོང་བར་དུ་སྦྱང་། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །དྲིན་ཆེན་རྩ་བའི་བླ་མས་ཐུགས་རྗེས་བཟུང་། །


GTN005_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་བརྒྱུད་པའི་བླ་མས་ལམ་སྣ་དྲོངས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །དེ་ལྟར་སྦྱངས་པས་རབ་དྲན་མེད་དུ་འགྲོ་བ། འབྲིང་སྤྱི་བོ་ཟ་ཞིང་སྐྲང་བ། ཐ་མ་ཆུ་སེར་འཛག་པ་སོགས་རྟགས་མངོན་སུམ་མ་བྱུང་གི་བར་སྐྱར་ཞིང་། མཐར་ཐུན་འཇོག་ཁར་སྤྱི་བོའི་སངས་རྒྱས་འོད་དཔག་མེད། ཕྱག་མཚན་ལྷུང་བཟེད་ནས་འཆི་མེད་བདུད་རྩིའི་རྒྱུན་བབས་པས་དབུ་མའི་ནང་བརྒྱུད་ལྟེམ་གྱིས་གང། སྤྱི་གཙུག་རྡོ་རྗེ་རྒྱ་གྲམ་གྱིས་བཀབ་པར་བསམ་ལ་ཚེ་བསྙེན་བྱ། ནམ་ཞིག་རང་ཉིད་འཆི་བའི་ཚེ་ཡང་རང་གི་རྩ་བའི་བླ་མའམ་དགེ་སློང་དམ་ཚིག་དང་ལྡན་པ་དམ་སེལ་མེད་པ་ཞིག་གིས་ངོ་སྤྲོད་པའི་དུས་སུའང་གོང་གི་གདམས་པའི་གནད་རྣམས་དྲན་པར་བྱ་དགོས་ལ། ཁྱད་པར། མིག །སྣ། རྣ་བ། ཁ། ལྟེ་བ། དཔྲལ་བ། ཆུ་ལམ། བཤང་ལམ་རེའི། རིགས་དྲུག་གི་སྒོ་དགུ་ཧཱུྃ་ཡིག་དམར་པོས་ཁྲིག་གེར་བཀག་པ་དང་ཐིག་ལེ་མཐུར་དུ་བབ་པ་མེད་པར་གྱེན་དུ་རླུང་དམིགས་སེམས་གསུམ་བསྐྱལ་ཅི་ནུས་བྱས་པས་འཐུས་སོ། །དེ་ལྟར་ཟབ་ལམ་འཕོ་བའི་རིམ་པ་ལེགས་པར་ནོད་པའི་དགེ་བ་དེ་ཉིད་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བསྔོ་བར་མཛོད། བསོད་ནམས་འདི་


GTN005_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་ཐམས་ཅད་གཟིགས་པ་ཉིད། །སོགས་བྱའོ། །སྨྲས་པ། སྐྱབས་གཅིག་དྲིན་ཆེན་བསྟན་འཛིན་ཆོས་རྒྱལ་གྱི། །གསུང་གསང་ཡི་གེར་བཀོད་ཅེས་རང་གཞན་འགྲོ། །ངན་འགྲོའི་སྒོ་ཁེགས་ཐར་པའི་བཙན་ས་ཟིན། །དོན་གཉིས་འབད་མེད་འགྲུབ་པའི་རྒྱུར་གྱུར་ཅིག །ཅེས་པ་འདིའང་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱིས་སོ། །མངྒ་ལཾ་བྷ་བ་ཏུ། དགེའོ། །དགེའོ། །དགེའོ།། །།

མར་མེ་སྨོན་ལམ་ལས་འཕྲོས་པའི་ལོ་རྒྱུས་ཕྲན་བུ་བཀོད་པ།


GTN005_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེ་སྨོན་ལམ་ལས་འཕྲོས་པའི་ལོ་རྒྱུས་འཕྲན་བུ་བཀོད་པ་ཞེས་བྱ་བ་བཞུགས། འོ་ན་ད་ལམ་མར་མེ་སྨོན་ལམ་ལས་འཕྲོས་པའི་གཏམ་ཅུང་ཟད་ཙམ་ཞིག་ཞུ་ན། དེ་ཡང་འོ་སྐོལ་འགྲོ་བ་ལྷ་དང་བཅས་པའི་སྟོན་པ་ཀུན་མཁྱེན་རྒྱལ་བ་ཤཱཀྱ་ཐུབ་པས་ཆོས་འཁོར་བསམ་གྱིས་མི་ཁྱབ་པ་ཞིག་བསྐོར་བ་མཛད་པས། ཉེ་བར་བསྡུ་ན། རྒྱུ་ཕ་རོལ་ཕྱིན་པའི་ཐེག་པ་དང་། འབྲས་བུ་རྡོ་རྗེ་ཐེག་པ་གཉིས་སུ་འདུས། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་གསུངས་པ་ལྟར། རྒྱུའི་ཐེག་པ་ལས་འབྲས་བུའི་ཐེག་པ་ཁྱད་པར་དུ་མའི་སྒོ་ནས་འཕགས་པ་སྟེ། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་བདེན་གཉིས་ལ་བཟང་ངན་བླང་དོར་དུ་བལྟ་བ་ལས། འདིར་ཀུན་རྫོབ་ཏུའང་ཆོས་ཐམས་ཅད་ལ་མི་གཉིས་པའི་བསམ་སྤྱོད་དང་ལྡན་པས་འབྲས་བུའི་ངོ་བོ་སྣང་སྟོང་ཟུང་འཇུག་གི་སྒོ་ནས་ཆོས་སྐུ་རྟོགས་པར་བྱས་ནས། ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པའི་ཕྱིར་འབྲས་བུ་ལམ་ཁྱེར་གྱིས་ཁྱད་པར་དུ་འཕགས་པ་གསང་སྔགས་རྡོ་རྗེ་ཐེག་པ་ཡིན། དེ་ལྟར་སློབ་དཔོན་སངས་རྒྱས་གསང་བས། ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུའང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་དང་། སྒྱུ་འཕྲུལ་གསང་ཆེན་སྙིང་པོ་ལས། འདི་ནི་གསང་ཆེན་ངེས་


GTN005_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་གསུངས་སོ། །དེ་ལ་གསང་སྔགས་གསར་རྙིང་གཉིས་ལས་འདིར་གསར་མ་ལས་སྤྱན་འདྲེན་པ་པོ་ཡོན་བདག །ཕྱག་བཞེས་ཀྱི་གཙུག་ལག་ཁང་། འཆད་པ་པོའི་པཎ་ཆེན། སྒྱུར་བྱེད་ཀྱི་ལོ་ ཙཱ་བ། ཞུ་རྟེན་གྱི་མེ་ཏོག །བརྗོད་བྱ་ཆོས་ཀྱི་ཁྱད་པར་ཏེ་ཆེ་བ་དྲུག་ལྡན་གྱིས་འཕགས་པ་གསང་སྔགས་རྙིང་མ་ཡིན། དེ་ལའང་ཕྱི་ཐུབ་པ་རྒྱུད་ཀྱི་ཀྲི་ཡོག་སྡེ་གསུམ་དང་། ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པ་བསྐྱེད་རྫོགས་རྣམ་པ་གསུམ་སྟེ་དྲུག་ཏུ་ཕྱེ་བའི་རང་སྐད་ཐུན་མོང་མ་ཡིན་པ་ལས་ནང་རྒྱུད། དེ་ལའང་རྒྱུད་སྡེ་ དང་སྒྲུབ་སྡེ་གཉིས་ལས། འདིར་ལྷའི་ངོ་བོ་རིགས་ཐམས་ཅད་ཀྱི་ཁྱབ་བྱེད་དང་བརྒྱུད་པའི་བབས་སོའི་དབང་གིས་དེ་གཉིས་ཀའི་ཡང་རྩ་བར་གྱུར་པ་ཡིན། སྤྱིར་སྔ་འགྱུར་རྡོ་རྗེ་ཐེག་པ་ལ་བཀའ་གཏེར་གྱི་བབས་སོ་གཉིས་སུ་བཞུགས་པ་ལས། འདིར་བཀའ་མ་ལས། བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ་ཁྱད་པར་གྱི་བརྒྱུད་པ་གསུམ་དང་། གཙོ་བོ་བརྒྱུད་ཐག་ཉེ་ཞིང་གཏེར་ཡིག་གི་དཔེ་དཔང་མངའ་བས་ཁུངས་བཙུན་པ་དང་། གང་ལ་གང་འདུལ་གྱི་དུས་དང་འཚམས་པར་མངོན་དུ་སྣང་བའི་ཕྱིར་ཟབ་ལམ་ནུབ་པ་མེད་པས་ཁྱད་པར་དུ་འཕགས་པ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན། དེ་ལའང་ཕྱོགས་བཞི་དབུས་ལྔའི་གཏེར་ཁ་ཆེན་པོ་ལྔར་གྲགས་པ་ལས་འདི་ནི་དབུས་གཏེར་ཟུག་པ་རྩ་བ་ལྟ་བུའི་ཆོས་སྡེ་སྟེ། ཇི་སྐད་དུ། ངོམ་ཤོད་བྱིང་གི་ཨོ་དཀར་བྲག༔ རྡོ་རྗེ་རྩེ་ལྔ་འདྲ་བའི་ངོགས༔ བཀྲ་ཤིས་གདུགས་ཀྱི་ཤམ་བུ་འདྲ༔


GTN005_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་གཏེར་གནས་དང་འདོན་པའི་དུས་རྟགས་རྟེན་འབྲེལ་སོགས་ཇི་ལྟར་ལུང་བསྟན་པ་བཞིན་ངོམ་ཤོད་བྱིང་མདའ་གནམ་ལྕགས་བྲག་གུ་རུའི་གསང་ཕུག་གོང་མ་ནས་ཨོ་རྒྱན་གཏེར་བདག་གླིང་པའམ། པདྨ་གར་དབང་འགྱུར་མེད་རྡོ་རྗེ་རྩལ་ལ་སྔགས་སྲུང་རག་གདོང་མས་མངོན་སུམ་དུ་ཕུལ་བའི་ཆོས་སྐོར་ཏེ། དེ་ལྟར་ཡང་། ཟབ་པ་ལས་ཀྱང་ཆེས་ཟབ་པའི༔ ཡང་ཟབ་ཐེག་པ་ཀུན་གྱི་རྩེ༔ མཐར་ཐུག་བྱང་ཆུབ་སྒྲུབ་པའི་ལམ༔ རྡོར་སེམས་ཐུགས་ཀྱི་སྒྲུབ་པ་དང་༔ དྲག་པོ་གསང་བའི་སྒྲུབ་པ་དང་༔ ཨ་ཏི་རྫོགས་ཆེན་སྙིང་པོ་གསུམ༔ སོ་སོའི་གདམས་པ་ལེ་ལག་དང་བཅས་པ་སྤྱན་དྲངས་སོ༔ ཟབ་ཆོས་འདི་ལ་ཀུན་ལས་ངོ་མཚར་རྨད་དུ་བྱུང་བའི་ཁྱད་འཕགས་ཀྱི་ཡོན་ཏན་བརྒྱད་དང་ལྡན་པ་ཡིན་ཏེ། དཔལ་རྡོ་རྗེ་སེམས་དཔའ་ནི་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་ཡིན་པས་རྒྱུད་དང་རིག་སྔགས་ཀྱི་སྦྱོར་བ་མཐའ་དག་རྩ་བ་འདི་ལས་འཕྲོས་ཤིང་། འདིར་མ་འདུས་པའི་ལྷ་སྔགས་མེད་པར་མ་ཟད་རྣམ་པ་ཙམ་དུའང་རྣམ་འཕྲུལ་བཀོད་པའི་ཡོན་ཏན་ཚད་མེད་པས། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། སངས་རྒྱས་རྡོ་རྗེ་སེམས་དཔའི་མཚན་གང་གིས་ཐོས་པ་དེས་རྒྱལ་བ་མང་པོ་ལ་སྔོན་དུ་བྱ་བ་བྱས་པ་ཡིན་ནོ། །ཨོ་རྒྱན་ཆོས་རྗེ་གླིང་པ་སོགས་ཀྱི་གཏེར་ལུང་དུ་གསལ་ཤིང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འདི་ཉིད། ཀུན་དགའ་བོ། ཐུ་མི་སཾ་བྷོ་ཊ། བཻ་རོ་ཙཱ་ན། ཟུར་ཆེན་དང་རོང་ཟོམ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། ས་སྐྱ་པཎ་ཆེན། འགྲོ་མགོན་ཞང་ཚལ་པ་


GTN005_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བསྟན་པ་ཡོངས་སུ་རྫོགས་པའི་མཁས་གྲུབ་འབའ་ཞིག་པའི་སྐྱེ་ཕྲེང་བཟུང་ཞིང་། སྐུ་ཚེ་དེ་ཉིད་ལ་མཁས་པའི་རྣམ་དཔྱོད། གྲུབ་པའི་ཉམས་རྟོགས། མཛད་པའི་ཕྱག་རྗེས་ཕྱོགས་རེར་མ་ཡིན་པར་ཕྱོགས་སྒོར་མོ་ནས་ལྷུན་གྱིས་གྲུབ་ལ་བསམ་གྱིས་མི་ཁྱབ་ཅིང་། ཁྱད་པར་བརྒྱུད་སྲོལ་ཆུ་བོ་ཀུན་འདུས་ཀྱི་ཤིང་རྟ་ཆེན་པོ་ཡིན་ལ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ནས། བི་མའི་རྣམ་འཕྲུལ་རིན་ཆེན་རྣམ་རྒྱལ། དབང་ཆེན་སྤྲུལ་པ་པདྨ་བསྟན་འཛིན། གནུབས་ཆེན་ཡང་སྲིད་ཕྲིན་ལས་རྣམ་རྒྱལ། དེ་ལས་གཏེར་ཆེན་ཉིད་ཀྱི་ཡང་སྲིད་ཁྲི་ཆེན་པདྨ་དབང་གི་རྒྱལ་པོ་དང་། ལྕམ་གྲུབ་པའི་དབང་མོ་འགྱུར་མེད་ཕྲིན་ལས་ཆོས་སྒྲོན་ཟུང་ལ་བརྒྱུད་པ་སྟེ་མྱོས་རིགས་རྡོ་རྗེ་འཛིན་པའི་ཁྲི་བརྒྱུད་བར་མ་ཆད་པ་དང་། སྔ་མ་ལས་གཏེར་ཆེན་ཉིད་དང་ཐུགས་བརྒྱུད་གཅིག་པའི་ལོ་ཆེན་བཻ་རོའི་རྣམ་འཕྲུལ་དཔའ་བོ་གཙུག་ལག་ཆོས་རྒྱལ་གྱིས་གསན་ཅིང་། ཕྱི་མ་ལས་གངས་ཅན་ཙམ་ན་མཁས་ཤིང་གྲུབ་པ་ཡོངས་ཀྱི་གཙུག་རྒྱན་དུ་གྱུར་པ་འཇམ་དབྱངས་མཁྱེན་བརྩེ་དབང་པོས་གསན་ཅིང་། རྗེ་འདིས་རྡོ་རྗེ་སེམས་དཔའི་ཕྲིན་ལས་ཀྱིས་རྗེས་སུ་བཟུང་བ་ཐམས་ཅད་ཕྱིར་མི་ལྡོག་པ་ལ་དབུགས་ཆེན་འབྱིན་པ་རྡོར་སེམས་ཉིད་ཀྱིས་བརྡའ་སྒོ་ནས་ལུང་བསྟན་པ་བརྙེས་པ་སྟེ། དེ་ལྟ་བུའི་ཟབ་ཆོས་དེ་ཉིད་ཨོ་རྒྱན་འགྲོ་འདུལ་གཏེར་བདག་གླིང་པས་ངོམ་ཤོད་བྱིང་གི་འོད་བཀོལ་བྲག་ནས་ངོ་མཚར་བའི་ལྟས་དུ་མ་དང་བཅས་པ་སྤྱན་དྲངས་ནས་སྐལ་ལྡན་གྱི་འདུལ་བྱ་དཔག་མེད་སྨིན་གྲོལ་འགོད་པར་མཛད་ནས་བདག་ཅག་གི་དཔལ་ལྡན་བླ་མ་དམ་པའི་


GTN005_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་རིམ་པར་བྱོན་པའི་སྟེང་ནས་རིག་འཛིན་བརྒྱུད་པའི་གྲལ་མ་ཞིག །ས་ལ་དཀྱིལ་འཁོར་སྒྲུབ་པའི་བཀྲག་མ་ཡལ། བར་དུ་སྨན་རཀ་བདུད་རྩིའི་མཚོ་མ་བསྐམས། དམ་ཉམས་འདྲེས་ཁྱེར་གྱི་བསླད་མ་ཞུགས་པའི་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་སྒོ་ནས་སྒྲུབ་པ་ཆེན་པོའི་རིམ་པ་ཉམས་སུ་བླངས་པ་ལ། ཕུན་སུམ་ཚོགས་པ་ལྔའི་གཞི་བཟུང་སྟེ། ལཀྵི་ཞེས་པས་སྒྲ་ལས་དྲངས་ན་ཕུན་སུམ་ཚོགས་པ་སྟེ། ཕུན་སུམ་ཚོགས་དོན་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །ཅེས་གསུངས་པའི་ཕུན་སུམ་ཚོགས་པ་ལྔ་ལས། གནས་ཕུན་སུམ་ཚོགས་པ་ཐ་མལ་གྱི་གྲོང་ལས་རིང་ཞིང་ཡུལ་ལ་དགེ་བཅུ་སོགས་དམ་ཆོས་སྒྲུབ་པའི་མཐུན་རྐྱེན་འཛོམས་པ་རྒྱལ་བ་གོང་མས་བྱིན་གྱིས་བརླབས་པ་ཉམས་དགའ་ལ་བག་ཕེབས་ཤིང་ཏིང་འཛིན་རང་ཤུགས་རྒྱུད་ལ་སྐྱེ་བའི་ཆོས་སྡེ་ཆེན་པོ་འདི་ཉིད་དང་། དུས་ཕུན་སུམ་ཚོགས་པ་ནི་རྒྱལ་བ་ཐུབ་པའི་དབང་པོས་བྱིན་གྱིས་བརླབས་ནས་འཇིག་རྟེན་གསུམ་གྱི་སྟོན་པ་ཚད་མར་གྱུར་པའི་དུས་ཆེན་དང་། སྟོན་པ་ཕུན་སུམ་ཚོགས་པ་བདེ་གཤེགས་མྱ་ངན་མེད་དཔལ་བདག་སོགས་གདུལ་བྱའི་མགོན་དུ་རྡོ་རྗེ་སློབ་དཔོན་མཆོག་གི་རྣམ་པར་རོལ་པ་མཁྱེན་བརྩེ་ནུས་གསུམ་གྱི་མངའ་བདག་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེ་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་བདག་པོར་མངོན་པར་བཞེངས་པ་དང་། འཁོར་ཕུན་སུམ་ཚོགས་པ་སྡོམ་པ་གསུམ་གྱིས་ཐུགས་རྒྱུད་ཡོངས་སུ་གཏམས་ཤིང་ལྷ་སྔགས་ཏིང་འཛིན་གྱི་རྣལ་འབྱོར་ལ་གཞོལ་བའི་འདུས་པ་རྒྱ་མཚོ་སྤྱི་དང་རྡོ་རྗེ་རྒྱལ་ཐེབས།


GTN005_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྡོར་དུས་འཛིན་མངག་གཞུག་སོགས་ཕྱི་ནང་གི་ལས་ཀྱི་གཉེར་འཛིན་མ་ཚང་བ་མེད་པ་དང་། སྒྲུབ་རྫས་ཕུན་སུམ་ཚོགས་པ་གསང་ཆེན་བླ་ན་མེད་པ་ནས་ཇི་ལྟར་བསྟན་པའི་ཕྱི་མཚན་མ་རྫས་ཀྱི་དཀྱིལ་འཁོར་གྱི་ཡོ་བྱད་བརྒྱན་བཀོད་སྤྱི་དང་། ཁྱད་པར་དུ་ཡང་ལུས་ཅན་གང་ཞིག་གིས་མྱོང་རེག་མཐོང་བ་ཙམ་གྱིས་ཀྱང་རྒྱུད་ལ་དགེ་བའི་ས་བོན་བླ་ན་མེད་པ་སྨིན་པས་འཁོར་བ་མཐའ་ཅན་དུ་འགྱུར་ནུས་པའི་ཕན་ཡོན་བརྗོད་ཀྱིས་མི་ལང་བའི་སྐྱེ་བདུན་རིལ་བུས་གཙོས་པ་རིག་འཛིན་བརྒྱུད་པའི་མྱོང་གྲོལ་དམ་རྫས་ཀྱི་ཕབས་རྒྱུན་ཁྱད་པར་དུ་འཕགས་པ་དུ་མ་དང་བཅས་པའི་བསྒྲུབ་པ་ཆེན་པོའི་ཡན་ལག་ཕྲ་མོ་དང་བཅས་པ། གསང་བ་ཕྱིའི་ཕྱག་བཞེས་མཐའ་དག་ཚང་ལ་མ་ནོར་བ་ཞག་བདུན་ཕྲག་གི་རིང་ལེགས་པ་བསྙེན་སྒྲུབ་བསྒྲུབ་པ་ཆེན་པོའི་རིམ་པར་རྣམས་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལྟར་ཆད་ལྷག་མེད་པར་འགྲུབ་ནས་མཐའ་རྒྱས་དོན་ཡོད་པར་བྱ་བའི་ཕྱིར། མར་མེའི་སྨོན་ལམ་བྱ་བ་ཡིན་ཏེ། ཡང་དག་གི་རྒྱུད་ལས། འབྲས་བུ་རང་བྱུང་ཡེ་ཤེས་མེ་འབར་བས། །མཐའ་དབུས་མེད་པར་གསལ་བའི་མེ་འབར་འདི། །འཁོར་བའི་མུན་ཁང་འཇོམས་ཕྱིར་བཞེས་སུ་གསོལ། །ཞེས་གསུངས་པ་ལྟར། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཟག་མེད་རང་བྱུང་གི་ཡེ་ཤེས་རང་ཆས་སུ་བཞུགས་པ་ཉིད་མར་མེའི་སྣང་བ་འདི་ལྟ་བུའི་རྟེན་ཅིང་འབྲེལ་འབྱུང་གི་མཐུ་ལ་བརྟེན་ནས་མ་རིག་འཁོར་བའི་མུན་པའི་སྨག་རུམ་ཕར་མཐར་བཅོམ་སྟེ་སྐྱབས་མགོན་རྡོ་རྗེ་འཆང་གི་གསང་ཆེན་དཀྱིལ་འཁོར་ཟབ་མོ་གཅིག་ཏུ་བསྡུས་ཤིང་མར་མེ་


GTN005_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་གཟིགས་པའི་རྡོ་རྗེའི་དཔོན་སློབ་འདུས་པའི་ཚོགས་མཐའ་དག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་བརྙེས་ཀྱི་བར་དུ་མི་འབྲལ་ཞིང་མར་མེ་དང་མེའི་འོད་བཞིན་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་ཕྱག་རྒྱ་ཆེན་པོའི་རིག་འཛིན་གྱི་གྲལ་དུ་མངོན་པར་འཚོགས་པའི་རྟེན་ཅིང་འབྲེལ་འབྱུང་དུ་མ་ཡེངས་པའི་ངང་ནས་ཚིག་རྗེས་སུ་དོན་དགོངས་པའི་སྨོན་ལམ་འདི་ཉིད་ཀྱི་རྗེས་ཟློས་གནང་བར་ཞུ། ཕྱག་གསུམ་འཚལ་ནས། རྩེ་ཞྭ་གསོལ་ནས། དབྱངས་འཐེན་ནོ།། །།དབོན་སྦྲུལ་པས་སོ་མཆན་།

ཀར་གླིང་ཞི་ཁྲོའི་བར་དོ་དྲུག་ཁྲིད་ཀྱི་ཟིན་བྲིས་ཀུན་གསལ་མེ་ལོང་།


GTN005_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་གླིང་ཞི་ཁྲོའི་བར་དོ་དྲུག་ཁྲིད་ཀྱི་ཟིན་བྲིས་ཀུན་གསལ་མེ་ལོང་བཞུགས་སོ། །ན་མཿཤྲཱི་མཱཾ་གུ་ར་ཝེ། འགྲོ་ཁམས་དུག་ལྔའི་བག་ཆགས་སྲ་མཁྲེགས་ལྕགས། །སྨིན་གྲོལ་དངུལ་ཆུའི་སྦྱོར་བས་ཡེ་ཤེས་ཀྱི། །གསེར་ཁམས་བཟང་པོར་མ་བཅོས་ལྷུན་གྲུབ་ཏུ། །སྟོན་མཛད་ཁྱབ་བདག་བླ་མས་ཤིས་པ་སྩོལ། །གསང་སྔགས་མྱུར་ལམ་ཚེ་གཅིག་གདོད་མའི་སར། །དཀའ་བ་མེད་སྒྲོད་དགོངས་པ་རང་གྲོལ་གྱི། །བར་དོ་དྲུག་ཁྲིད་ཉམས་སུ་ལེན་པའི་ཐབས། །བླ་མའི་ཞལ་གྱི་བདུད་རྩི་འདིར་གསལ་བྱ། །ཞེས་ཤིས་པར་བརྗོད་དེ་བསྟན་པར་བྱ་བ་ལ། ཐོག་མར། ས་བཅད་སྡེ་མིག་རང་གྲོལ་རྩ་བར་བྱས་པར་གོང་འོག་འཁྲུགས་སྡེབ་བྱེད་རྒྱུར། སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་མོ། །དང་པོ་སྔོན་འགྲོ་རང་རྒྱུད་འདུལ་བར་ལྷན་ཐབས་སྦྱར་དགོས་པས་ཆོས་ཐུན་གསུམ་སྟེ། དེ་ཡང་འཁོར་བའི་སྡུག་བསྔལ་


GTN005_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསམ་ན་སོགས་ནས་ཆོས་ཐུན་གཉིས་པ་དལ་འབྱོར་རྙེད་དཀའ། ཆོས་ཐུན་གསུམ་པ་འཆི་བ་མི་རྟག་པ་རྣམས་ཞག་གྲངས་མང་ཉུང་གང་ལྟར་ནར་འདེད་ཀྱི། འཆི་བ་མི་རྟག་པ་བསྒོམ་པ་སྟེ། ཆོས་ཐུན་གསུམ་པའོ། །བར་ས་བཅད་ནས་སྔོན་འགྲོ་རང་རྒྱུད་སྦྱོང་བ་ལ་ཆོས་ཐུན་ལྔ་ཡོད་རྒྱུར། སྔོན་འགྲོ་རང་རྒྱུད་སྦྱོང་བའི་ཁྲིད་རིམ་གྱི་འདོན་ཆ་རྒྱད་པས་སཱུརྱ་ཙནྟྲ་རསྨིས་མཛད་པ་ལྟར། གཏི་མུག་གཉིད་དཀྲོགས་ནས་སྐྱབས་འགྲོ་སེམས་བསྐྱེད། རྡོར་སེམས། མཎྜལ། བླ་མའི་རྣལ་འབྱོར་སོགས་ཞག་གྲངས་ཀྱིས་སྦྱང་བྱ་བཅས་ཁྲིད་རིམ་སྤྱི་ལྟར་རྒྱས་སྤྲོས་མཛད་དེ། སྣང་སྲིད་བླ་མའི་རོལ་པར་བལྟ་བར་བྱའོ། །བར་བཏང་། གཉིས་པ་དངོས་གཞིའི་སྤྱི་དོན་ལ། སྐྱེ་གནས་བར་དོ། རྨི་ལམ་བར་དོ། བསམ་གཏན་བར་དོ། འཆི་ཁ་བར་དོ། ཆོས་ཉིད་བར་དོ། སྲིད་པ་བར་དོ་དང་དྲུག་ཡོད་པའི། སྐྱེ་གནས་བར་དོའི་ཁྲིད་ཡིག་ཀུན་གཞི་རང་གྲོལ་གྱིས། ཕྱི་ནང་གི་སྒྲོ་འདོགས་ཆོད་པ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་གདམས་ངག་ནི། དེ་ལས་དང་པོ་སྐྱེ་གནས་བར་དོ་ཉམས་སུ་ལེན་པ་ལ། ཀུན་གཞིའི་གནས་ལུགས་གཏན་ལ་དབབ་པ་ལ་གསུམ། སོགས་ནས། ལྷག་མཐོང་རིག་པའི་ཡེ་ཤེས་ངོ་སྤྲད་པའི་ཆོས་ཐུན་དང་པོའོ། །བར་ནར་འདེད་ཞག་གྲངས་སོ་སོར་སྦྱང་ཞིང་། ནང་གསེས་རྣམས་ས་བཅད་ལྡེ་མིག་རང་གྲོལ་ལ་དཔྱོད་དགོས། སྤྱི་དོན་གཉིས་པ་རྨི་ལམ་བར་དོའི་ཁྲིད་ཡིག་འཁྲུལ་པ་རང་གྲོལ་གྱིས། བག་ཆགས་ཀྱིས་མཚམས་སྦྱར་ཞིང་འོད་གསལ་ལམ་དུ་ཁྱེར་བ་མུན་ཁང་དུ་སྒྲོན་མེ་


GTN005_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བཏེག་པ་ལྟ་བུའི་གདམས་ངག་ནི། རྨི་ལམ་བར་དོའི་ཁྲིད་ཡིག་ལའང་གསུམ་སྟེ། ཉིན་པར་སྒྱུ་ལུས་ཀྱི་ཁྲིད་སོགས་ནས། གྱུར་ཏེ་བར་དོར་གྲོལ་བར་ངེས་སོ། །བར་ནར་འདེད་བྱ། ནང་གསེས་ཞག་གྲངས་སོགས་ལྡེ་མིག་རང་གྲོལ་ལྟར་དཔྱད། སྤྱི་དོན་གསུམ་པ་བསམ་གཏན་བར་དོའི་ཁྲིད་ཡིག་རིག་པ་རང་གྲོལ་གྱི་ཁྲིད། དྭ་ཕྲུག་མ་དང་འཕྲད་པ་ལྟ་བུའམ། སྒེག་མོས་མེ་ལོང་ལ་བལྟ་བ་ལྟ་བུའི་གདམས་ངག་ནི། དེ་ཡང་གོང་དུ་རིག་པ་ངོ་སྤྲད་ཅིང་འདི་ཁོ་ནའོ་ཞེས་བསྟན་པས༔ སོགས་ནས། སངས་རྒྱས་པར་བྱེད་པ་བསམ་གཏན་བར་དོའི་ཁྲིད་ཀྱི་རིམ་པའོ༔ ཞེས་ཚིག་མཐའ་བསྒྱུར། ནང་གསེས་ཞག་གྲངས་སོགས་ལྡེ་མིག་རང་གྲོལ་ལྟར་དཔྱོད། སྤྱི་དོན་བཞི་པ་འཆི་ཁ་བར་དོའི་ཁྲིད་ཡིག་འཕོ་བ་རང་གྲོལ་གྱི་གདམས་ངག་མི་གསལ་བ་ལ་གསལ་གདབ་པ་རྒྱལ་པོས་བཀའ་ཐམ་བསྐུར་བ་ལྟ་བུའི་གདམས་ངག་ནི། དེ་ཡང་གོང་གི་ཁྲེགས་ཆོད་ཀྱི་སྐོར་དང་། སོགས་ནས། ཤི་བ་མཁས་པ་གཅིག་གལ་ཆེའོ། །བར་ནར་འདེད་ལས་ས་བཅད་དམིགས་རྐང་སོགས་ལྡེ་མིག་རང་གྲོལ་ལྟར་བྱའོ། །སྤྱི་དོན་ལྔ་པ་ཆོས་ཉིད་བར་དོའི་ཁྲིད་ཡིག་མཐོང་བ་རང་གྲོལ་གྱིས། རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག་ནི། སྐྱེ་གནས་བར་དོའི་ཁྲིད་ཡིག་ཀུན་གཞི་སོགས་ནས། རྒྱས་པར་གཞན་ནས་འབྱུང་ངོ་། །བར་ནར་འདེད་བྱ། ས་བཅད་ཞག་གྲངས་སོགས་ལྡེ་མིག་རང་གྲོལ་དང་བསྟུན། སྤྱི་དོན་དྲུག་པ་སྲིད་པ་བར་དོའི་ཁྲིད་ཡིག་སྲིད་པ་རང་གྲོལ་གྱིས་ཡུར་བ་


GTN005_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་ཆད་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ནི། སྣང་བ་བཞི་མ་མཐོང་བ་དང་༔ ཆོས་ཉིད་སོགས་ནས། འཕྲོ་མཐུད་ནས་གྲོལ་བར་ཐེ་ཚོམ་མེད་དོ༔ བར་ནར་འདེད། ས་བཅད་དང་ཞག་གྲངས་སོགས་ལྡེ་མིག་རང་གྲོལ་ལྟར་བྱ། གསུམ་པ་མཇུག་གི་དོན་ལ། ལྡེ་མིག་ནས། སྤྱི་དོན་གསུམ་པ་མཇུག་གི་དོན་ལ། སོགས་ནས། རྒྱས་བཏབ་པ་དང་གསུམ་མོ༔ བར་བརྗོད། སྐབས་འདི་ངག་ཏུ་ཉིན་ལྟར་བར་དོའི་དབྱིངས་གྲོལ་གསོལ་འདེབས་མ་ཆག་པར་བྱའོ། །ཕྱག་ལེན་སྤྲོས་བཅས་གནང་ན་ངོ་སྤྲོད་མཐོང་བ་རང་གྲོལ་གྱི་ལག་ལེན་ཟིན་བྲིས་རྒྱད་པས་མཛད་པ་ལྟར་སྦྲེལ་བར་སྔར་དབང་མ་ཐོབ་པ་ཡིན་ན་དབང་བསྐུར་དགོས་ཤིང་ཐོབ་ན་མ་བྱས་ཀྱང་རུང་། སྔོན་འགྲོ་རང་རྒྱུད་འདུལ་བ་ལྟར་སྡུག་བསྔལ་ལ་བསམ་པ་དང་། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ་རྣམས་རྫོགས་ནས་ཟིན་བྲིས་ལྟར་ནས། ལས་དང་པོ་ལ་སྐྱོ་ཤས་བསྐྱེད་པ་ལ། དུར་ཁྲོད་ཀྱི་མི་རོ་བསྐྱལ་བ་ལ་བརྟེན་ནས་མི་རྟག་པར་བསྐུལ་མ་ངོ་སྤྲད་པ་བརྟགས། དེ་རྗེས་སྔོན་འགྲོ་རང་རྒྱུད་སྦྱོང་བ། གཏི་མུག་གཉིད་དཀྲོགས་ནས། སྐྱབས་འགྲོ། སེམས་བསྐྱེད། ཡིག་བརྒྱ། མཎྜལ། བླ་མའི་རྣལ་འབྱོར། སྐྱེ་གནས། རྨི་ལམ། བསམ་གཏན་བར་དོ་རྣམས་བཏང་རྗེས། འཆི་ཁ་བར་དོའི་ཁྲིད་ཡིག་འཕོ་བ་རང་གྲོལ་ལྟར་སྒོས་ཆོས་མ་ཉམས་པ་ཚར་ནས། སྐབས་འདིར་རང་གཞུང་གི་འཕོ་ཚུལ་གྱི་གདམས་ཁྲིད་དང་། ཆོས་རྒྱུན་གཏེར་གནས་སོགས་བྱིན་རླབས་དོན་བརྒྱུད་མཚུངས་ཕྱིར། ཉི་ཟླ་སངས་རྒྱས་ཀྱི་འཕོ་བ་འཇག་ཟུག་མ་ཁྲིད་རྒྱུན་ལྟར་རྒྱུད་


GTN005_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་རྟགས་ཐོན་པར་གནང་ན་ལེགས། སྐབས་འདིར་ཟིན་བྲིས་ལྟར་ཁམས་པའི་མི་མོར་བརྟེན་ནས་རྣམ་ཤེས་འབྱུང་འཇུག་གནས་གདམས་དང་མཉམ་གཞག་བསྒོམ་པའི་དཔེ་ལ་ངོ་སྤྲོད་བྱ། དཔོན་མོ་འདོ་ལི་མའི་གཏམ་རྒྱུད་གསུངས། སྐབས་འདིར་ཟབ་དབང་གསུམ་བསྐུར་ཞིང་ཤིན་ཏུ་སྤྲོས་མེད་ཤེལ་རྡོ་ངོ་སྤྲོད་ཉི་ཟེར་མ། སྐུ་གསུམ་ངོ་སྤྲོད་དུག་གསུམ་རང་གྲོལ། སྒྲོན་མ་དྲུག་གི་ངོ་སྤྲོད་སོགས་ཀྱང་གནང་ཆོག །ཡང་ཟིན་བྲིས་ལྟར་སྐྱེ་གནས་བར་དོའི་ཁྲིད་ཉམས་སུ་མྱོང་བར་བརྟེན་ནས། གཞིའི་འོད་གསལ་ངོ་སྤྲོད་པ་གཉིས་ཏེ་སྔོན་ནས་དེ་དག་ནི་བར་དོའི་གཞི་སྣང་གི་ངོ་སྤྲོད་དོ། །བར་ཕྱག་ལེན་གནང་། དེ་ནས་ཆོས་ཉིད་བར་དོའི་གཞུང་མཐོང་བ་རང་གྲོལ་སོར་བཞག་མཛད་གསུངས། དེ་རྗེས་ཟིན་བྲིས་ནས་ཆོས་ཉིད་ཡིད་ལ་མི་དྲན་ཞིང་དགེ་སྡིག་འཆོལ་ཉོག་ཏུ་སྤྱོད་པ་རྣམས་སྲིད་པ་བར་དོའི་ངོ་སྤྲོད་པ་ནི། སྲིད་པ་བར་དོའི་ངོ་སྤྲོད་དགེ་སྡིག་རང་གཟུགས་བསྟན་པའི་གདམས་པ་ལྟར་བྱ། ལྷན་ཐབས་དབྱངས་སྙན་ལྷའི་གནྡྷེ་ཡང་སྦྱར་ནས། ཡིག་དྲུག་བསྐུལ་བ་དང་། རྩི་དཀར་དྲུང་པའི་རྨི་ལམ་བཤད་པ་སོགས་བྱ། དེ་རྗེས་སྲིད་པ་བར་དོའི་ཁྲིད་གཞུང་རྫོགས་པར་བྱས་ལ། བར་དོའི་སྨོན་ལམ་ཐམས་ཅད་འདོན་པ་ཡང་གནད། དེ་ལྟར་གནང་ན་དམིགས་ཆ་གཞན་རྣམས་ཀྱང་འདིའི་ཁོངས་སུ་ཚང་བར་འཇུག་གོ །སྤྱིར་གོང་སྨོས་བཞིན། བར་དོ་དྲུག་གི་ཁྲིད་དེར་སྦྱོང་བ་ཚད་ལྡན་སོང་ན་ཐམས་ཅད་ཚང་བ་ཡིན་ལ། ཕྱག་ལེན་རྒྱས་པ་འདི་སེམས་རྒྱུད་དང་འདྲེས་ངེས་བྱུང་ན་


GTN005_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་ཆེས་ཆེ་བ་སྨོས་མ་དགོས་རུང་། བྱིས་པའི་རྩེད་མོ་ལྟར་ལས་དུས་ཀྱི་དབང་གིས་དོན་དཀའ་བར་སྣང་ཞེས་ཀཿཐོག་པཎ་ཆེན་གྱིས་གསུངས་སོ། །སྐྱེ་འདིར་སྨིན་གྲོལ་ལམ་སྦྱང་བར་དོ་དྲུག །གོམས་འདྲིས་གདེངས་ལྡན་ཆོས་ཉིད་མ་བུ་འདྲེས། །དོན་གཉིས་ལྷུན་གྲུབ་འགྲོ་ཀུན་ཐབས་བདེའི་སར། །བདེ་བླག་བྱེད་དེ་ལམ་འདིའི་ཁྱད་ཆོས་ཡིན། །ཞེས་པའང་རྒྱལ་དབང་པདྨའི་གདུང་ཚབ་ཁྱབ་བདག་རྡོ་རྗེ་འཆང་གཏེར་ཆེན་༧གར་དབང་ཆོས་ཀྱི་རྒྱལ་མཚན་གྱི་བཀའ་ཡི་གནང་བ་ཐོབ་ཅིང་། ཀུན་མཁྱེན་མ་ཧཱ་པཎྜི་ཏ་ཚེ་དབང་མཆོག་གྲུབ་ཀྱི་ཞལ་རྒྱུན་སྔོན་རབས་ཀཿ ཐོག་པའི་ཁྲིད་རྒྱུན་ཕྱག་ལེན་ཇི་བཞིན་ལེགས་པར་སྩལ་བའི་སྲོལ་མི་ནུབ་པའི་ཆེད་དུ་དང་། མཁྱེན་བརྩེ་ནུས་པའི་མངའ་བདག་གྲུབ་དབང་བླ་མ་ཛཿ ཀ་བསོད་ནམས་དཔལ་ལྡན་ནས་ཀྱང་བསྐུལ་མ་མཛད་དོན་བཞིན་རྫོགས་ཆེན་རབ་འབྱམས་པའི་བཀའ་འབངས་ཐ་ཤལ་པ་ཤཱཀྱའི་དགེ་སློང་མཐུ་སྟོབས་རྣམ་རྒྱལ་པས་གོང་སྨོས་དམ་པ་མཆོག་གཉིས་ལ་ཡང་། བཀའ་དྲིན་ཞུ་བསྟུན་ཟིན་ཐོར་བགྱིས་པ་ཡོངས་ལ་ཕན་གྱུར་ཅིག །ཅེས་དབེན་རི་བདེ་ཆེན་པདྨ་འོད་གླིང་དུ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དལ་ཞལ་ཕྱེ་སྐབས་སུའོ། །ཤྲཱི་མཱ་གུ་རུ་ཝེ་མ་ཧཱ་ནི་དྷི་པཱཽ་ད་ཏིཥྛནྟུ། དགེའོ། །དགེའོ། །དགེའོ། །

ཞི་ཁྲོའི་དཀྱིལ་བཤད་བཻ་ཌཱུརྱའི་མེ་ལོང་།


GTN005_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་གླིང་པའི་ཞི་ཁྲོའི་དཀྱིལ་འཁོར་བཤད་པ་བཻ་ཌཱུརྱའི་མེ་ལོང་བཞུགས་སོ། །ཨ་སྭ་སྟི། གདོད་ནས་འགྲོ་ལ་རྗེས་བརྩེའི་ཐུགས། །སྙིང་རྗེས་གཞན་དབང་ལ་འཆོར་བས། །གཟོད་སྐྱེ་མཆོག་གི་སྤྲུལ་པའི་གར། །དྲིན་ཆེན་བླ་མར་ཤར་ལ་འདུད། །རང་གི་སེམས་ཉིད་འཕྲོ་འདུ་ལ། །རིགས་བརྒྱ་རིགས་ལྔ་རིགས་གཅིག་གི ། སྤྲོ་བསྡུས་ལྷ་ཡི་གསང་གསུམ་དང་། །སྒོ་གསུམ་མཉམ་པར་སྦྱོར་བའི་ཐབས། །བསྐྱེད་རིམ་ལྷ་ཡི་གཞལ་ཡས་ཁང་། །མཚོན་ཚུལ་གླེང་བ་མདོ་ཙམ་འཆད། །དེ་ལ་ཇི་སྐད་དུ། ཀརྨ་གླིང་པའི་འགྲོ་དོན་བྱང་ཕྱོགས་རྒྱས། །ཞེས་པའི་


GTN005_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་བསྟན་དོན་སྨིན་ཁམས་ཕྱོགས་འདིར་སྔར་ནས་ད་བར་ཞི་ཁྲོ་དགོངས་པ་རང་གྲོལ་གཤིན་གསོན་གང་གི་དོན་ལ་ཡང་། འགྲོ་དོན་དབྱར་ཆུ་ལྟར་རྒྱས་པ་ལ་བླ་མ་གོང་མའི་བཞེད་ཚུལ་དུ་མ་ཞིག་ཡོད་ཚོད་ཀྱང་། ཞེ་རྫོགས་རྣམས་ཀཿ ཐོག་ཕྱག་བཞེས་སྟག་བླ་ན་རིམ་འདི་ལ་ཁུངས་བཅོལ་བ། གྲུབ་དབང་རྫོགས་ཆེན་པ་སྐུ་འཕྲེང་གཉིས་པའི་གསུང་གསང་བླ་མ་ངག་དབང་པདྨའི་དྲིས་ལན་དུ་གསལ་བ་དེ་བཞིན་ཡིན་པས། ལས་བྱང་ཆེ་བར་ཞི་ཁྲོ་གཉིས་ཀ་གཞལ་ཡས་ཁང་བསྐྱེད་ཆོག་ལྷན་སྟོན་མཛད་ཅིང་། བསྒོམ་སྐབས་ཀྱང་རྡོར་སེམས་ལུས་དཀྱིལ། བག་ཆགས་རང་གྲོལ་འདི་སྙིང་པོ་ཡང་ཞུན་ལྟ་བུ་ཡིན་པས། དེའི་དངོས་བསྟན་གྱིས་མཚོན་ནས། བདག་མདུན་གཉིས་ཆར་ཞི་དཀྱིལ་འོག་དང་ཁྲོ་དཀྱིལ་སྟེང་དུ་རེག་ལ་མ་འབྱར་བ། དཔེར་ན་སྐར་མ་དང་འོད་བཞིན་སྣང་ལ་རང་བཞིན་མ་གྲུབ་པར་བསྒོམ་དགོས་ཏེ། རྩ་ཤེར་ལས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་པས་མི་འགལ་བའི་གནད་ཀྱང་ཤེས་པར་བྱ་ཞིང་། དཀྱིལ་ཐང་བཀྲམ་སྐབས་འོག་གི་ཞི་བ་སྤྱི་འགྲེ་ལ་ལྷ་གནས་བཀོད། དེ་སྟེང་སྟེགས་ཀྱི་ཁར་ཁྲོ་བོ་ལྷ་གནས་ཁོ་ན་བཀོད་པའི་འཐུས་རྒྱུ་བདག་གི་བླ་མ་ཐམས་ཅད་མཁྱེན་པ་ཀཿཐོག་པཎྜི་ཏ་དང་། གྲུབ་དབང་རྒྱལ་ཚབ་རིན་པོ་ཆེས་གསུངས། སྐབས་འདིར་བསྐྱེད་རིམ་རྣམ་བཤད་དང་། བློས་བསླང་གི་ཐིག་རྩ་སོགས་ལ་གོ་བ་ཆགས་པའི་དབང་དུ་བྱས་ནས། སྲུང་བའི་གུར་རྡོ་རྗེ། རིན་ཆེན། པདྨ་རྒྱ་གྲམ། འཁོར་ལོ། མེ་རིའི་གུར་དབུས་སུ་འབྱུང་བ་རིམ་བརྩེགས་རི་རབ་དང་


GTN005_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་སྟེང་དུ་མེ་རི་རྡོ་རྭ་དུར་ཁྲོད་པད་དྲྭ་སོགས་གསལ་བཏབ་པ་དེ་ནང་དུ། གཞལ་ཡས་ཁང་གི་དགོས་ཆོས་ཙམ་སྨོས་ན་ཐོག་མར་ཞི་དཀྱིལ་འཆད་པ་ལ་དོན་ཚན་བཅུ་གཅིག་སྟེ། གཞལ་ཡས་ཁང་གཞི་རྒྱུ་དང་རྒྱ། །དབྱིབས་དང་གློ་འབུར་རྩེ་མོ་དང་། །རྒྱན་དང་སྒོ་ཁྱུད་རྟ་བབས་དང་། །མཚན་ཉིད་ལྡན་གྱི་རྣམ་ པ་སྟེ། །ཞེས་སློབ་དཔོན་བི་མ་མི་ཏྲས་བཞེད་པས། དང་པོ་འོག་གཞིའི་རྒྱ་ཁྱོན་བློས་ཚད་དམིགས་སུ་མེད་པར་བདལ་བའི་རང་ བཞིན་ཆོས་དབྱིངས། མེ་ལོང་། མཉམ་ཉིད། སོར་རྟོགས། བྱ་གྲུབ་སྟེ་ཡེ་ཤེས་ལྔ་མཚོན་པའི་བརྡའ་རྟགས་རྣམ་པ་འཁོར་ལོ་རྩིབས་བཞི་ལྟེ་བ་དང་བཅས་པ་མ་འདྲེས་པར་གསལ་བའི་ཞི་རྒྱས་དབང་དྲག་ལས་བཞིའི་རྡོ་རྗེ་རྒྱ་གྲམ་ཕྱོགས་མདོག་ཅན་གང་རུང་གི་ཆོས་ཉིད་འགྱུར་མེད་མཚོན་པའི་བརྡ་དོན་ཡིན་ལ། དྲྭ་བཅུ་གཉིས་ཀྱིས། མ་རིག་པ། འདུ་བྱེད། རྣམ་ཤེས། མིང་གཟུགས། སྐྱེ་མཆེད། རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤི་སྟེ་རྟེན་འབྲེལ་བཅུ་གཉིས་དག་པའི་བརྡའ་རྟགས་སོ། །གཉིས་པ་རྒྱུ་ནི། ཡེ་ཤེས་ཉིད་དབྱིབས་དང་ཁ་དོག་ཏུ་རང་སྣང་བས་གདུལ་ བྱའི་རེ་བ་སྐོང་བའི་རྟགས་སུ་རིན་ཆེན་འོད་འབར་བ་ལས་གྲུབ་པའི་གཞལ་ཡས་ཁང་རིན་ཆེན་ལྔའི་རྩིགས་པ་ནང་ནས་རིམ་པར་མཐིང་དཀར་སེར་དམར་ལྗང་བའི་ཕྱི་ནང་ལྔ་སྦྲགས་ཅན་བསྒོམས་པས། དད་པ། བརྩོན་འགྲུས། དྲན་པ། ཏིང་འཛིན། ཤེས་རབ་ཀྱི་དབང་པོ་ལྔ་མཚོན་ཞིང་། ཆོས་ཀྱི་དབྱིངས་ཀུན་ཏུ་མི་


GTN005_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་མེད་པའི་བརྡ། གསུམ་པ་རྒྱ་ཚད་ནི། ཆོས་ཀྱི་དབྱིངས་ལ་རྒྱ་ཚད་མེད་པའི་བརྡ་རྟགས་སུ་གཞལ་ཡས་ཁང་། དེའི་ཚད་ཕྱོགས་བཅུ་ཐམས་ཅད་རྒྱ་ཡོངས་སུ་མ་ཆད་པའོ། །བཞི་པ་དབྱིབས་ནི། རང་བྱུང་གི་ཡེ་ཤེས་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། ཟད་པར་ཟིལ་གནོན་སོགས་འབྲས་བུ་ཆེ་བའི་ཡོན་ཏན་དཔག་ཏུ་མེད་པ་རྒྱས་པའི་ཕྱིར་དེའི་བརྡ་རྟགས་ཀྱི་ཕྱག་རྒྱ་དབྱིབས་གྲུ་བཞི་པར་གྱུར་པ་སྟེ། དེ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི། སྐུ་ལ་འཁྲུལ་བ་མི་མངའ་བ། གསུང་ལ་ཅ་ཅོ་མི་མངའ་བ། ཐུགས་ལ་དྲན་པ་ཉམས་པ་མི་མངའ་བ། ཐུགས་མཉམ་པར་མ་གཞག་པ་མི་མངའ་བ། འཁོར་འདས་ལ་བླང་དོར་མི་མངའ་བ་གདུལ་བྱ་ཡལ་བར་འདོར་བའི་བཏང་སྙོམས་མི་མངའ་བས་སྤྱོད་པ་མ་འདྲེས་པ་སྟེ་མི་མངའ་བ་དྲུག །ཆོས་སྟོན་པའི་འདུན་པ་གདུལ་བྱའི་བསམ་པ་གྲུབ་པའི་བརྩོན་འགྲུས། མི་བརྗེད་པའི་དྲན་པ། ཏིང་ངེ་འཛིན། ཤེས་རབ། སྤང་བྱ་ཐམས་ཅད་ལས་རྣམ་པར་གྲོལ་བ་ལ་ཉམ་མི་ང་བ་སྟེ་རྟོགས་པ་མ་འདྲེས་པ་དྲུག །སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཏེ་ཕྲིན་ལས་མ་འདྲེས་པ་གསུམ། འདས་དང་། མ་འོངས། ད་ལྟ་གསུམ་ལ་མ་ཆགས་མ་ཐོགས་པ་གཉིས་རེ་ཕྱེ་བས་ཡེ་ཤེས་གཟིགས་པ་སྟེ་བཅོ་བརྒྱད་དོ། །ཟད་པར་བཅུ་ནི། ས་ཆུ་མེ་རླུང་སྔོན་པོ་སེར་པོ་དམར་པོ་དཀར་པོ་ནམ་མཁའ་རྣམ་པར་ཤེས་པ་སྟེ་ནང་གི་ཁམས་དང་སྐྱེ་མཆེད་ལ་རང་དབང་ཐོབ་པས་ནུས་པ་


GTN005_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་ཏེ་ཆུ་ལ་མི་ནུབ་པ་སོགས་ཡོན་ཏན་བཅུའོ། །ཟིལ་གནོན་བརྒྱད་ནི། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་སེམས་ཅན་དང་། སེམས་ཅན་མ་ཡིན་པའི་གཟུགས་ཐམས་ཅད་ཟིལ་གྱིས་གནོན་པ་གཉིས་ནང་ཐུག་པར་མོས་པས་ཕྱི་རོལ་གྱི་ཁ་དོག་སྔོན་པོ་སེར་པོ་དམར་པོ་དཀར་པོ་ཐམས་ཅད་ཟིལ་གྱིས་གནོན་པའི་འོད་ཟེར་བཞི་འགྱེད་པས་བརྒྱད་དོ། །ལྔ་བ་གློ་འབུར་ནི། གྲུ་ཆད་ལས་ཕྱི་འཕྱར་བའི་རིན་པོ་ཆེའི་གློ་འབུར། རྡོ་རྗེ་ རིན་ཆེན་པདྨ་ལས་ཏེ་རིགས་བཞིའི་ཁ་དོག་ཅན་གྱིས་མཛེས་པ་སྟེ། ཡེ་ཤེས་རེ་རེ་ལའང་ལྷག་པའི་ཡེ་ཤེས་བཞི་བཞི་དང་ལྡན་པའི་བརྡ་རྟགས་ཏེ། མེ་ལོང་གི་མེ་ལོང་། མེ་ལོང་གི་མཉམ་ཉིད། མེ་ལོང་གི་སོར་རྟོག །མེ་ལོང་གི་བྱ་གྲུབ། མཉམ་ཉིད་ཀྱི་མེ་ལོང་། མཉམ་ཉིད་ཀྱི་མཉམ་ཉིད། མཉམ་ཉིད་ཀྱི་སོར་རྟོག །མཉམ་ཉིད་ཀྱི་བྱ་གྲུབ། སོར་རྟོག་གི་མེ་ལོང་། སོར་རྟོག་གི་མཉམ་ཉིད། སོར་རྟོག་གི་སོར་རྟོག །སོར་རྟོག་གི་བྱ་གྲུབ། བྱ་གྲུབ་ཀྱི་མེ་ལོང་། བྱ་གྲུབ་ཀྱི་མཉམ་ཉིད། བྱ་གྲུབ་ཀྱི་སོར་རྟོག །བྱ་གྲུབ་ཀྱི་བྱ་གྲུབ་དང་བཅུ་དྲུག་གོ །དྲུག་པ་རྩེ་མོ་ནི། སྒྱུ་འཕྲུལ་ཞི་ཁྲོ་ལྟར། གཞལ་ཡས་ཁང་དེའི་རྩེ་མོ་བུམ་པ་ ཟླུམ་པོའི་རྣམ་པར་འཁྱིལ་བ་ནི། ཐུགས་རང་རིག་པའི་ཡེ་ཤེས་ཉིད་ཕྱོགས་བཅུར་དུས་བཞིའི་སངས་རྒྱས་ཀུན་གྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་རང་སྣང་བའི་ཕྱིར་རང་བཞིན་སོ་སོ་མ་ཡིན་ཞིང་། ངོ་བོ་ཉིད་གཅིག་པའི་ཡེ་ཤེས་སྤྲོས་པའི་མཐའ་ཀུན་དང་བྲལ་བའི་ཀློང་དུ་འཁྱིལ་བ་མཚོན་པའི་བརྡའ་རྟགས་སམ། ཡང་ན་


GTN005_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་བུམ་པ་བསྒོམ་མིན་གང་ལྟར་ཡང་། ཕྱུར་བུ་ཞེས་པའི་དོན་མཐོངས་དཀའི་ཟུར་བཞིར་ཀ་བའམ་ཤིང་བརྩེགས་ཀྱི་བཀོད་པས་བཏེགས་པའི་རྒྱ་ཕིབས་བཀལ་བའི་རྩེ་མོར་ས་ལམ་རིམ་པ་བཅུ་གསུམ་རྫོགས་པའི་ཆོས་འཁོར་བཅུ་གསུམ་ཕོ་འཁོར་མོ་འཁོར་མཆོད་རྟེན་ཏོག་ལྟ་བུ་སྟེ། འདིའི་ཀ་བ་བཞིས་ཆོས་སོ་སོར་ཡང་དག་པར་རིག་པ། དོན་སོ་སོར་ཡང་དག་པར་རིག་པ། ངེས་པའི་ཚིག་སོ་སོར་ཡང་དག་པར་རིག་པ། སྤོབས་པ་སོ་སོར་ཡང་དག་པར་རིག་པ་བཞི་མཚོན་པའི་བརྡ་རྟགས་ཡིན་ཞིང་། ཉོན་མོངས་པའི་གདུང་བ་ལས་སྐྱོབ་པའི་ཆར་ཁེབས་བསྐྱོན་ཞིང་། ཐེག་པ་ཀུན་གྱི་རྩེ་རྒྱལ་དུ་གྱུར་པའི་བརྡའ་རྟགས་དབུས་ཕྱུར་བུ་རིན་པོ་ཆེའི་ཏོག་གིས་མཚོན་པའོ། །བདུན་པ་རྒྱན་གྱི་རྣམ་གྲངས་ལ་བདུན་ལས། དང་པོ་འོག་གཞིའི་རྒྱན་སྔར་ བཤད་འཁོར་ལོའམ་རྡོ་རྗེ་རྒྱ་གྲམ་དེ་ཡིན། གཉིས་པ་ལོགས་རྒྱན་ལ་གཉིས་ཡོད་པའི་རིན་པོ་ཆེའི་རྒྱན་ནི། རྩིགས་པ། ཕ་གུ། དྲ་བ། དྲྭ་ཕྱེད། ཤར་བུ། པུ་ཤུ། མདའ་ཡབ་རྣམས་ཏེ། དེ་ཡང་ཕ་གུ། བྲེ་ཕུལ། སྣམ་བུ། ཤར་བུ། མདའ་ཡབ་ཕྱུར་བུ་ལྔ་ནི། དད་པ། བརྩོན་འགྲུས། དྲན་པ། ཏིང་འཛིན། ཤེས་རབ་ཀྱི་སྟོབས་ལྔ་མཚོན་པའི་བརྡའ་རྟགས། རིན་པོ་ཆེའི་དྲ་བ་དྲྭ་ཕྱེད་མེ་ཏོག་གི་ཕྲེང་བ། དར་དཔྱངས། མེ་ལོང་། ཟླ་གཟུགས། རྔ་ཡབ་སྟེ་བདུན་ནི། དྲན་པ། ཏིང་འཛིན། དད་པ། བརྩོན་འགྲུས། བཏང་སྙོམས། དགའ་བ། ཤིན་སྦྱངས་ཏེ།


GTN005_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཡན་ལག་བདུན་མཚོན་པའི་བརྡའ་དོན། ཀ་བ་བརྒྱད་ནི། ཡང་དག་པའི་ལྟ་བ། རྟོག་པ། ངག །ལས་ཀྱི་མཐའ། འཚོ་བ། རྩོལ་བ། དྲན་པ། ཏིང་འཛིན་ཏེ་འཕགས་ལམ་ཡན་ལག་བརྒྱད་མཚོན་པའི་བརྡའ་རྟགས། རྣམ་ཐར་བརྒྱད་མཚོན་པའི་ཀ་ཞུ་སྟེ། གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར། གཟུགས་ཅན་མ་ཡིན་པ་གཟུགས་ལ་ལྟ་བའི་རྣམ་ཐར། སྡུག་པའི་རྣམ་ཐར། ནམ་མཁའ་མཐའ་ཡས་ཀྱི་རྣམ་ཐར། རྣམ་ཤེས་མཐའ་ཡས་ཀྱི་རྣམ་ཐར། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་རྣམ་ཐར། འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་རྣམ་ཐར། འགོག་པའི་རྣམ་པར་ཐར་བ་དང་བརྒྱད་དོ། །གདུང་མ་བཞི་ནི་མི་འཇིགས་པ་བཞི་སྟེ། ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པ་ལ་མི་འཇིགས། ཟག་པ་ཟད་པ་མཁྱེན་པ་ལ་མི་འཇིགས། བར་གཅོད་བདུད་ལ་མི་འཇིགས། ངེས་འབྱུང་བར་གཅོད་པ་ལ་མི་འཇིགས་པའོ། །ནང་གི་ཕྱམ་ཉེར་བརྒྱད་ནི། སྟོང་ཉིད་བཅོ་བརྒྱད་དང་ཕར་ཕྱིན་བཅུ་སྟེ། དང་པོ་སྟོང་ཉིད་ནི། ནང་སྟོང་པ་ཉིད། ཕྱི་སྟོང་པ་ཉིད། ཕྱི་ནང་སྟོང་པ་ཉིད། སྟོང་པ་ཉིད་སྟོང་པ་ཉིད། ཆེན་པོ་སྟོང་པ་ཉིད། དོན་དམ་པ་སྟོང་པ་ཉིད། འདུས་བྱས་སྟོང་པ་ཉིད། འདུས་མ་བྱས་སྟོང་པ་ཉིད། མཐའ་ལས་འདས་པ་སྟོང་པ་ཉིད། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད། དོར་བ་མེད་པ་སྟོང་པ་ཉིད། རང་བཞིན་སྟོང་པ་ཉིད། ཆོས་ཐམས་ཅད་སྟོང་པ་ཉིད། རང་གི་མཚན་ཉིད་སྟོང་པ་ཉིད། མི་དམིགས་པ་སྟོང་པ་ཉིད། དངོས་པོ་མེད་པའི་སྟོང་པ་ཉིད། ངོ་བོ་སྟོང་པ་ཉིད། དངོས་པོ་མེད་


GTN005_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །ཕར་ཕྱིན་བཅུ་ནི། སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། ཐབས། སྟོབས། སྨོན་ལམ། ཡེ་ཤེས་སོ། །ཐོག་ས་རིན་པོ་ཆེ་གཅལ་དུ་བཀྲམ་པ་ནི་བསམ་གྱིས་མི་ཁྱབ་པའི་ཡོན་ཏན། གདུགས་ནི་ཐུགས་རྗེ་ཆེན་པོས་འགྲོ་བ་སྐྱོབས་པ། བ་དན་ནི་སྙིང་རྗེ་ཆེན་པོ། །འོད་ཟེར་ཀུན་ཏུ་འཕྲོ་བ་ནི་སྐུ་གསུང་ཐུགས་མི་འཛད་པ་རྒྱན་གྱི་འཁོར་ལོ། །ཕྱི་ནང་མེད་པ་ཀུན་ཏུ་དྭངས་གསལ་མི་སྒྲིབ་པར་སྣང་བ་ཡེ་ཤེས་ཀྱི་རྩལ་སྣང་འབའ་ཞིག་ཏུ་གྱུར་པ་ཤེལ་གྱི་སྦུ་གུར་རིན་པོ་ཆེ་བཅུག་པ་ལྟ་བུའོ། །རྒྱལ་མཚན་ལ་མི་ནུབ་རྒྱལ་མཚན་བཅུ་འབྱུང་བ། རྒྱ་བྱེའུ་ལྕགས་ཀྱི་རྒྱལ་མཚན། གདུལ་བྱ་ཤྭ་བའི་རྒྱལ་མཚན། རྩལ་ཆེན་སེངྒེའི་རྒྱལ་མཚན། དཔལ་གཏུམ་སྟག་གི་རྒྱལ་མཚན། གཅན་གཟན་གཟིག་གི་རྒྱལ་མཚན། གཏུམ་པོ་དོམ་གྱི་རྒྱལ་མཚན། གཟི་མདངས་མིའི་རྒྱལ་མཚན། དམར་གསལ་རིན་ཆེན་སྦྲུལ་གྱི་རྒྱལ་མཚན། དམར་གསལ་ཁྲག་གི་རྒྱལ་མཚན། སྤྲུལ་སྐུ་རྡོ་རྗེའི་རྒྱལ་མཚན་རྣམས་སོ། །གཞན་ཡང་ཐུགས་རྗེ་དང་སྤྲུལ་པའི་ཕྲིན་ལས་རྒྱུན་མི་འཆད་པའི་རྟགས་སུ་འཕྲེང་བ། ཀུན་རྫོབ་དང་། དོན་དམ་བདེན་པ་དབྱེར་མི་ཕྱེད་པའི་བརྡའ་རྟགས་ཆུན་འཕྱང་། ཐབས་སྣ་ཚོགས་མ་འདྲེས་ཡོངས་རྫོགས་རྟགས་དོན་ཤར་བུའི་རྒྱན་ཞེས་བཤད་པ་ཡང་ཡོད་དོ། །


GTN005_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཡོན་གྱི་རྒྱན་ནི། རྩིགས་པའི་ཕྱི་འགྲམ་རྨང་ན། ལུས། ཚོར་བ། སེམས། ཆོས་ཀྱི་དྲན་པ་ཉེ་བར་བཞག་པ་བཞི་མཚོན་པའི་བརྡའ་རྟགས་འདོད་སྣམ་དམར་པོའི་སྟེགས་བུས་བསྐོར་བ་དེའི་སྟེང་དུ་གཟུགས་ཀྱི་ལྷ་མོ་དཀར་མོ་མེ་ལོང་། སྒྲ་ཡི་ལྷ་མོ་དམར་མོ་པི་ཝཾ། དྲི་ཡི་ལྷ་མོ་སྔོན་མོ་དུང་ཆོས། རོ་ཡི་ལྷ་མོ་སེར་མོ་མཁར་གཞོང་ཟས་ཀྱིས་བཀང་བ། རེག་བྱའི་ལྷ་མོ་དཀར་མོ་ལྷ་ཡི་ན་བཟའ་པཉྩ་ལི་ཀ་ཐོགས་པ་སྟེ། གཞན་ཡང་མཆོད་པའི་ལྷ་མོ་བཅུ་དྲུག་སོགས་རྡོ་རྗེའི་ལྷ་མོ་རྣམས་ཀྱིས་ཕྱོགས་བཅུར་སྤྲིན་ཕུང་ལྟར་འཁྲིགས་པས། བསྒོམ་པའི་དབང་དུ་ན། རྩིགས་པ་ལྔ་ཡི་ཕྱི། དམར་པོའི་སྟེང་ཕ་གུ་སེར་པོའི་ནང་། སྟེང་གི་བྱ་འདབ་འོག །ཀ་ཐུང་བཅུ་དྲུག་གི་ཕྲག །དྲ་བ་དྲྭ་ཕྱེད་ཀྱི་གསེབ་ནས་མཆོད་པའི་དཀྱིལ་འཁོར་ལྷ་ཚོགས་དགྱེས་པར་བྱེད་ཅེས་རྒྱལ་བ་གཡུང་སྟོན་པས་བཞེད་དོ། །གསུམ་པ་སྟེང་རྒྱན་སྔར་བཤད་ཕྱུར་བུ་དེའོ། །བཞི་པ་སྒོ་དང་རྟ་བབས་ཀྱི་རྒྱན་ནི་འོག་ཏུ་འཆད། ལྔ་པ་ཕྱི་རོལ་གྱི་རྒྱན་ནི། སྒོའི་གཡས་གཡོན་གཉིས་ན་ཤིང་ཏ་ལའི་ལྗོན་པ་དང་། དཔག་བསམ་གྱི་ཤིང་དག་གསེར་གྱི་ཐི་གུས་སྦྲེལ་བ་ལ་དྲིལ་ཆུང་གི་སྒྲ་སྒྲོགས་པ་སོགས་ཡིན་ཏེ། རྔམས་གློག་ལས། སྒོ་དྲུང་དེ་དག་རེ་རེ་ན། །ཏ་ལའི་ལྗོན་ཤིང་ཅོང་ཅོང་སྦྲེལ། །དྲི་དང་གཟུགས་དང་འོད་དང་ལྡན། །ཏ་ལའི་སྐྱེ་ཤིང་དེ་དག་ལ། །ཁུ་བྱུག་ལ་སོགས་བཀྲ་ཤིས་པའི། །བྱ་རྣམས་སྙན་པའི་སྐད་ཀྱང་སྒྲོགས། །སྒོ་དྲུང་དེ་དག་རེ་རེ་ན། །ཁྲུས་ཀྱི་རྫིང་བུ་དབྱིབས་ལེགས་པ། །བྲོ་


GTN005_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཡན་ལག་བརྒྱད་ལྡན་ཆུ། །གྲངས་མེད་དེ་དག་རེ་རེ་ལ། །ལྷ་དང་ལྷ་མོ་བསམ་མི་ཁྱབ། །ཅེས་གསུངས་སོ། །དྲུག་པ་ངོ་བོ་ཉིད་ཀྱི་རྒྱན་ནི། བདེན་པ་བཞི་སྟེ། སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་བདེན་མཚོན་པའི་གྲུ་ཆད་དང་བར་ཁྱམས་སོ། །བདུན་པ་བདག་པོའི་རྒྱན་ནི། ལྷ་བཞི་བཅུ་རྩ་གཉིས་སོ། །བརྒྱད་པ་སྒོ་ཁྱུད་ནི། དངོས་པོ་དང་མཚན་འཛིན་གྱི་སྒྲིབ་པ་ལས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་མཚན་མ་མེད་པ། སྨོན་པ་མེད་པ་སྟེ་ཐུན་མོང་བ་གསུམ་དང་། ཐུན་མིན་རང་བཞིན་གྱིས་འོད་གསལ་བ་སྟེ་བཞིའི་བྱང་ཆུབ་ཆེན་པོར་ལྷུན་གྱིས་འཇུག་པའི་རྟགས་སུ་སྒོ་བཞི་སྒོ་ཁྱུད་ཀྱི་ཟླས་དྲངས་པའི་འགྲམ་ལ་སོགས་དང་ཕུབས་ཅན་གྱིས་ཕྱོགས་བཞིར་བརྒྱན་པ་སྟེ། རྔམས་གློག་ལས། གཞལ་ཡས་དེ་ཡི་སྒོ་བཞི་ན། །གླང་སེང་གཉིས་ཀྱིས་མཛེས་པར་བརྒྱན། །ཞེས་དང་། ཆོས་དོན་ལས། སྒོ་ཁང་སྒོ་སྲུང་ཁང་པ་སྟེ། །སྟེང་གི་མ་རིག་མུན་པ་ལ། །ཡེ་ཤེས་མཐོངས་ཁུང་དབྱེ་བའི་ཕྱིར། །བཅུ་གཅིག་རྡོ་རྗེའི་དྲྭ་མིག་བྱའོ། །ཞེས་སྒྱུ་འཕྲུལ་ཞི་ཁྲོར་འབྱུང་བའང་འདིར་མི་འཐད་པ་མེད་དོ། །དགུ་པ་རྟ་བབས་ནི་གཉིས་ཏེ། རྒྱུའི་རྟ་བབས་མཚོན་སྒོ་རྣམ་ཐར་སྒོ་ བཞིའི་སྒོ་ནས་མཚོན་བྱ་བྱང་ཆུབ་ཆེན་པོར་འཇུག་པ་ཡང་འཁོར་བ་ལས་རྣམ་པར་ཐར་པའི་ཐེག་པ་བརྒྱད་ཅེས། ཉན་ཐོས། རང་རྒྱལ་བྱང་སེམས་ཏེ་མདོ་དང་། སྔགས་ཕྱི་པ། ཀྲི་ཡཱ། ཨུ་པ། ཡོ་ག །ནང་པ་མ་ཧཱ་ཡོ་ག །ཨ་ནུ་ཡོ་ག་རྣམས་ནས་འཇུག་


GTN005_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟགས་སུ་སྒོ་ཕུག་ཕྱི་ནང་གཉིས་ན་ཐེམ་སྐས་བཞི་བཞི་སྟེ་བབས་ཞོན་གྱི་རྟ་བབས་བརྒྱད་དང་ལྡན་པའི་བརྡའ་རྟགས་སོ། །འབྲས་བུ་རྟ་བབས་བརྒྱད་ནི། གོང་སྨོས་ཐེག་པ་བརྒྱད་ཀྱི་གྲུབ་མཐའི་ཡོན་ཏན་བརྒྱད་པོ་མཐར་ཕྱིན་པའི་བརྡའ་རྟགས། སྒོ་ལོགས་ཀྱི་ཟུར་བཞི་ནས་འདུན་པ། འབད་པ། རྩོལ་བ། བརྩོན་འགྲུས་ཀྱི་ཡང་དག་པར་སྤོང་བ་བཞི་མཚོན་པའི་བརྡའ་རྟགས་ཀ་བ་བཞིས་བཏེགས་པའི་སྟེང་དུ་རྒྱན་གྱི་རྟ་བབས་བརྒྱད་དང་ལྡན་པ་སྟེ། རྟ་རྐང་གཞི་སྔོན་པོ་ལ་གསེར་གྱི་རྡོ་རྗེ་འགྲེང་བུར་བསྒྲིགས་པ། ཆུ་སྐྱེས་པདྨ་དམར་པོ། སྒྲོམ་གྱི་མཐའ་དང་དབུས་སུ་ཀ་ཆུང་བཞི་བཙུགས་པ་ལ་སྒྲོམ་ལེབ་ཁ་ཏོག་ཅི་མཛེས་བཙུགས་པ། ཟར་ཚགས་རིན་པོ་ཆེ་དཀར་པོའི་དྲྭ་མིག །སྣ་འཕྱང་ཕ་གུ་དང་འདྲ། ཆུན་འཕྱང་རིན་པོ་ཆེའི་དྲ་བ་དྲྭ་ཕྱེད། ཤར་བུ་སྤྱི་བླུགས་མགོ་མཐུར་བསྟན་ལྟ་བུ་གཞི་སྔོན་པོའི་སྟེང་བསྒྲིགས་པ། རྒྱ་ཕིབས་ཀྱི་བྱ་འདབ་ཕྱིར་འཕྱང་བའི་ཟུར་བཞིར་ཁྱུང་མགོའི་ལྐོག་མ་ནས་དྲིལ་ཆུང་བཅས། སྟེང་དུ་གསེར་ཀྱི་འཁོར་ལོ། གཡས་གཡོན་དུ་རི་དྭགས་བསེ་རུ་ཕོ་རྭ་གཅིག་དང་མོ་རྭ་མེད་ཀྱིས་བརྟེན་པའི་སྟེང་དུ་རིན་པོ་ཆེའི་གདུགས་དཀར་པོས་མཛེས་པའོ། །བཅུ་པ་གནས་ཀྱི་མཚན་ཉིད་ནི། རང་བྱུང་གི་ཡེ་ཤེས་ཀྱི་ཡེ་ཤེས་ལ་ཕྱི་གཟུང་བའི་ཡུལ་དང་། ནང་འཛིན་པའི་སེམས་གཉིས་སུ་མེད་པས་ཤེས་བྱའི་དཀྱིལ་འཁོར་ཀུན་ཀྱང་རང་བྱུང་གི་ཡེ་ཤེས་སུ་གསལ་བ་ལས་གཞན་དུ་མ་དམིགས་པའི་ཕྱིར། ཡེ་ཤེས་ཀྱི་འཕྲུལ་པར་སྣང་བའི་གཞལ་ཡས་ཁང་རྒྱན་དང་


GTN005_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ཐམས་ཅད་ཀྱང་ཤེལ་གྱི་སྦུ་གུར་རིན་པོ་ཆེའི་སྣ་ཚོགས་བཅུག་པ་ལྟར་མི་བསྒྲིབ་པར་གསལ་བའི་རང་བཞིན་ཅན་ནོ། །བཅུ་གཅིག་པ་གདན་ཁྲི་ནི་སྤྱི་ཙམ་དུ། དབང་བསྐུར་རྒྱལ་པོའི་རྒྱུད་ལས། ཐུགས་ནི་མི་འཇིགས་བཞི་ཡིས་བདུད་བཞི་འཇོམས། །དེ་གྲུབ་རྟགས་སུ་སེངྒེའི་ཁྲི་ལ་བཞུགས། །སྐུ་ནི་སྟོབས་བཅུ་མི་དགེ་བཅུ་རྣམས་འདུལ། །དེ་གྲུབ་རྟགས་སུ་གླང་ཆེན་ཁྲི་ལ་བཞུགས། །ཡོན་ཏན་རྫུ་འཕྲུལ་རྐང་བཞིས་ཆགས་མེད་སྒྲོལ། །དེ་གྲུབ་རྟགས་སུ་རྟ་མཆོག་ཁྲི་ལ་བཞུགས། །གསུང་ནི་དབང་བཅུ་མཐར་ཕྱིན་རྒྱལ་པོའི་གསུང་། །དེ་གྲུབ་རྟགས་སུ་རྨ་བྱའི་ཁྲི་ལ་བཞུགས། །ལས་ནི་ཕྲིན་ལས་བཞི་ཡིས་འགྲོ་བ་སྒྲོལ། །དེ་གྲུབ་རྟགས་སུ་ཤང་ཤང་ཁྲི་ལ་བཞུགས། །ཞེས་གསུངས་པའི་མི་འཇིགས་པ་བཞི་སྔར་སྨོས། ཉོན་མོངས་པའི་བདུད། ཕུང་པོའི་བདུད། ལྷའི་བུའི་བདུད། འཆི་བདག་གི་བདུད་དོ། །སྟོབས་བཅུ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས། ཁམས་སྣ་ཚོགས་མཁྱེན་པའི་སྟོབས། དབང་པོ་མཆོག་དང་མཆོག་མིན་མཁྱེན་པའི་སྟོབས། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས། སྔོན་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས། འཆི་འཕོ་མཁྱེན་པའི་སྟོབས། སྐྱེ་བ་མེད་པ་མཁྱེན་པའི་སྟོབས། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། །མི་དགེ་བ་བཅུ། ལུས་ཀྱི་སྲོག་གཅོད་པ། མ་བྱིན་པ་ལེན་པ། མི་ཚངས་སྤྱོད་


GTN005_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། ངག་གི་རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་བཞི། ཡིད་ཀྱི་བརྣབ་སེམས། གནོད་སེམས། ལོག་ལྟ་གསུམ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི། འདུན་པ་སེམས་དཔའ་དཔྱོད་པ་དྲན་པའོ། །དབང་བཅུ་ནི། སྐྱེ་བ། ཡོ་བྱད། ཚེ་ལ། ལས་ལ། ཡེ་ཤེས་ལ། མོས་པ་ལ། སེམས་ལ། རྫུ་འཕྲུལ་ལ། (ཆོས་ལ་དབང་བ།) སྨོན་ལམ་ལ་དབང་བའོ། །འཕྲིན་ལས་བཞི་སྔར་སྨོས། ཐུགས་རང་བཞིན་གྱིས་རྣམ་པར་དག་པས་འོད་གསལ་ཞིང་ཐབས་ཤེས་ཟུང་དུ་འབྲེལ་བའི་བརྡའ་རྟགས་སུ་ཉི་ཟླའི་གདན། ཉེས་པའི་སྐྱོན་གྱིས་མ་གོས་པའི་རྟགས་སུ་པདྨའི་གདན། གདུལ་བྱའི་རེ་བ་ཡིད་བཞིན་དུ་སྐོང་བའི་རྟགས་སུ་རིན་པོ་ཆེའི་གདན་ཏེ། དེ་དག་ཀྱང་གཙོ་བོ་དང་རིགས་ལྔ་ལ་གདན་ལྔ་བརྩེགས། སེམས་དཔའ་སུམ་བརྩེགས། ཞི་ཁྲོ་ཉི་རྐྱང་། ཐུབ་པ་པད་རྐྱང་ཡིན་པ་སྤྱི་ཙམ་མོ། །སྟེང་ཁང་ཁྲོ་བོའི་དཀྱིལ་འཁོར་ནི། གདུལ་བྱ་མ་རུངས་པ་འདུལ་བའི་ཕྱིར་དུར་ཁྲོད་འབར་བའི་གཞལ་ཡས་ཁང་གི་བཀོད་པ་སྟེ། ཆོས་ལོངས་སྤྲུལ་པའི་སྐུ་གསུམ་ལྷུན་གྱིས་གྲུབ་པའི་བརྡའ་རྟགས་ཐོད་པ་སྐམ་རློན་རྙིང་གསུམ་སྤེལ་བའི་རྩིགས་པ་ཕྱི་མ་རིམ་པ་ལྔ་དང་། ནང་གསུམ་པ་ཐམས་ཅད་ཀྱང་རཀྟའི་སྤྱིན་ཐབས་སུ་སྦྱར་ཞིང་ཆོས་ཉིད་མི་འགྱུར་བའི་བརྡར་གནམ་ལྕགས་ཀྱི་གཟེར་བུས་བཏབ་པ། ལྷ་ཆེན་བརྒྱད་དེ། དབང་ཕྱུག །བརྒྱ་བྱིན། ཚངས་པ། ཁྱབ་འཇུག །ཉེ་དབང་། ཚོགས་བདག་གླང་སྣ། བྷྲ໏ངྒི་རི་ཏི། གཞོན་ནུ་གདོང་དྲུག་རྣམས། ཀུན་གཞི།


GTN005_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད། ཉོན་ཡིད། མིག །རྣ་བ། སྣ། ལྕེ། ལུས་ཀྱི་དབང་པོ་ལྔ་སྟེ་རྣམ་ཤེས་ཚོགས་བརྒྱད་དག་པའི་བརྡའ་རྟགས། ཀ་བའི་ཚུལ་ཀླུ་ཆེན་པོ་བརྒྱད་དེ། མཐའ་ཡས། ནོར་རྒྱས། འཇོག་པོ། སྟོབས་རྒྱུ། པདྨ། པདྨ་ཆེན་པོ། དུང་སྐྱོང་། རིགས་ལྡན་རྣམས་ཡུལ་བརྒྱད་དུ་མ་རིག་པའི་འཛིན་པ་བཅོམ་པའི་བརྡའ་དོན་གདུང་མའི་ཚུལ་ལོ། །སེམས་བྱུང་ལྔ་བཅུ་རྩ་གཅིག་སྟེ། རེག་པ། ཡིད་ལ་བྱེད་པ། ཚོར་བ། འདུ་ཤེས། སེམས་དཔའ་སྟེ་ཀུན་འགྲོ་ལྔ། མོས་པ། འདུན་པ། དྲན་པ། ཏིང་འཛིན། ཤེས་རབ་སྟེ་ཡུལ་སོ་སོར་ངེས་པ། དད་པ། ངོ་ཚ་བ། ཁྲེལ་ཡོད་པ། བག་ཡོད་པ། བརྩོན་འགྲུས། བཏང་སྙོམས། མི་འཚེ་བ། ཤིན་ཏུ་སྦྱངས་པ། འདོད་ཆགས་མེད་པ། ཞེ་སྡང་མེད་པ། གཏི་མུག་མེད་པའི་དགེ་བའི་རྩ་བ་སྟེ་དགེ་བ་བཅུ་གཅིག་གོ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། འཇིག་ཚོགས་ལ་ལྟ་བ། ཐེ་ཚོམ་སྟེ་རྩ་བའི་ཉོན་མོངས་པ་དྲུག །ཕྲག་དོག །སེར་སྣ། གཡོ། སྒྱུ། རྒྱག་པ། རྨུགས་པ། རྒོད་པ། མ་དད་པ། ལེ་ལོ། གཡེང་བ། བག་མེད་པ། བརྗེད་ངེས་པ། ཤེས་བཞིན་མ་ཡིན་པ། འཚེ་བ། ངོ་ཚ་མེད་པ། ཁྲེལ་མེད་པ། ཁྲོ་བ། འཁོན་འཛིན། འཆབ་པ། འཚིག་པ་སྟེ་ཉེ་བའི་ཉོན་མོངས་པ་ཉི་ཤུ། འགྱོད་པ། གཉིད། རྟོག་པ། དཔྱོད་པ་སྟེ་གཞན་འགྱུར་བཞི་རྣམས་མཚོན་ཕྱིར་ལྷ་ཕྲན་གྱི་དྲལ་ཕྱམས་བྱས་པ། རྒྱུ་སྐར་ཉེར་བརྒྱད་དེ། བྲ་ཉེ། སྨིན་དྲུག །སྣར་མ། མགོ །ལག །ནབས་སོ། རྒྱལ། སྐག །


GTN005_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

མཆུ། གྲེ། དབོ། མེ་བཞི། ནག་པ། ས་རི། ས་ག །ལྷ་མཚམས། སྣྲོན། སྣྲུབས། ཆུ་སྟོད། ཆུ་སྨད། གྲོ་བཞིན། བྱི་བཞིན། མོན་གྲེ། མོན་གྲུ། ཁྲུམས་སྟོད། ཁྲུམས་སྨད། ནམ་གྲུ། ཐ་སྐར་རྣམས་འགྱུ་བྱེད་རྟོག་ཚོགས་དག་པའི་བརྡ་དོན། ཐོག་ཕུབ་ཀྱི་ཚུལ། གཟའ་བརྒྱད་དེ། (ཉི་ཟླ།) མིག་དམར། ལྷག །ཕུར། སངས། སྤེན། སྒྲ་གཅན་དུ་མཇུག་རྣམ་ཤེས་བརྒྱད་དང་ལྡན་པའི་བརྡའ། ཀ་བ་ལྟ་བུའི་ཚུལ། ཉི་མ་དང་ཟླ་བའི་མཐོངས་ཁུང་དུག་ལྔའི་མུན་པ་འཇོམས་པའི་བརྡའ་དོན། བརྩེགས་སྟེང་ཐོད་པ་སྣ་ཚོགས་ཀྱི་ཕ་གུ་འཕྱང་བ་ལས་རྒྱུ་མ་དང་སྙིང་གི་མགུལ་འཁོར་དབྱིངས་ཡེ་གཉིས་སུ་མེད་པའི་བརྡའ་རྟགས། བྲེ་ཕུལ་གྱི་སྣམ་བུར། སྦྲུལ་སྦྲམ་དང་། ཐོད་ཕྲེང་གི་དྲ་བ་དྲྭ་ཕྱེད། རྐང་ལག་གི་ཤར་བུ་རྟ་བབས་རྣམས་ཀྱང་། སོར་མོ་དང་། ཐོད་པ། མིག །རྣ་བ། སྣ། ལྕེ། སེམས་བུ་སྟེ། དབང་པོ་ལྔ་དང་ཉི་ཟླའི་ཕྲེང་བས་སྤྲས་པ། སྒལ་ཚིགས་ཀྱི་མདའ་ཡབ། སྟེང་འོག་ཏུ་མཆོད་རྟེན་དང་དྲིལ་བུ་སོ་སོར་བརྒྱ་རྩ་བརྒྱད་རེ་བཅས། རིམ་པ་གཉིས་ཀའི་བརྩིགས་འགྲམ་འདོད་སྣམ་དང་ལྷ་ཆེན་པོའི་ཐོད་པ་སྦུབས་པའི་རྒྱ་ཕུབས་ཀྱི་སྟེང་དུ་སྣང་བ་སྣ་ཚོགས་སུ་སྣང་ཡང་རང་བྱུང་གི་ཡེ་ཤེས་ལས་གཡོ་བར་མི་ནུས་པའི་བརྡར། ཙིཏྟའི་ཏོག་གིས་མཛེས་པ། ཆོས་ཉིད་ཀྱི་དོན་ལ་བཟང་ངན་མེད་པའི་བརྡར། ཞིང་ལྤགས་ཀྱི་ཐོག་ཕུབ་པར་ཞིང་གི་འཕན་དང་། བླ་རེ། ཀ་གདན་རུས་སྦལ། ཆུ་འབབས་ཆུ་སྲིན་ཁ། ཕྱི་ནང་གི་ས་གཞི་ཐམས་ཅད་དུར་ཁྲོད་དང་ཁྲག་མཚོ་འཁྱིལ་བ་ཕྱི་རོལ་དུ་རུ་ཏྲ་ལོངས་སྤྱོད་དང་བཅས་པ་དབྱིངས་སུ་བསྒྲལ་པའི་དུར་ཁྲོད་


GTN005_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད། ཕྱི་ནང་ཀུན་ཏུ་འཇིགས་པའི་མེ་འོད་དང་རླུང་ནག་འཚུབས་མ་འཁྱིལ་བར་བསྒོམས་ཤིང་། མཚོན་བྱ་མཚོན་བྱེད་ཀྱི་དག་པ་རྣམས་སོ་སོར་དྲན་པ་གལ་ཆེ་ཡང་། ལས་དང་པོ་བས་སྒོམ་ཐེངས་གཅིག་ལ་མཐའ་དག་དྲན་པར་མ་ནུས་ན། གཞལ་ཡས་ཁང་གི་ཆོས་དེ་ཐམས་ཅད་སངས་རྒྱས་རྣམས་ཀྱི་སྤངས་རྟོགས་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྣམས་དེ་དང་དེའི་མཚོན་བྱེད་དུ་ཤར་བ་ཡིན་ནོ་སྙམ་པས་ཀྱང་དག་དྲན་རྗེས་མཐུན་པར་འགྱུར་ཞེས་བདག་གི་བླ་མ་ཀཿ ཐོག་པཎྜི་ཏས་བཞེད། གདན་གྱི་སྐབས་སུ་སྒྱུ་འཕྲུལ་ཁྲོ་བོ་ལྟར་ན་ཞེ་སྡང་གནས་སུ་དག་པའི་བརྡའ་རྟགས་དབུས་སུ་གཏུམ་པོ་དོམ། གཏི་མུག་གནས་སུ་དག་པའི་ཤར་རྩིབས་ལ་ཁྱུ་མཆོག །ང་རྒྱལ་དག་པ་ལྷོར་མ་ཧེ། འདོད་ཆགས་དག་པ་ནུབ་ཏུ་གཟིག །ཕྲག་དོག་དག་པ་བྱང་དུ་སྟག་རྣམས་ཟུང་རེ་སྦར་བས་དྲེགས་པ་ཟིལ་གནོན་གྱི་གདན་དབུས་སུ་དབང་ཕྱུག་དང་ལྷ་ཆེན་དྲག་པོ། ཤར་དུ་དྲི་ཟ། ལྷོར་གཤིན་རྗེ། ནུབ་སྲིན་པོ། བྱང་དུ་གནོད་སྦྱིན་རྣམས་ཕོ་ཁ་སྦུབས། མོ་གན་རྐྱལ་དུ་བསྣོལ་བའི་སོག་ཕྲག་དང་། ནུ་ཕྲག་ནས་ལས་ལ་ནན་ཏུར་དུ་བསྟན་པའི་ཕྱིར་བཟུང་བ་ཡིན། ཁྱུ་མཆོག་ངོས་འཛིན། ཉི་འོད་སེངྒེ་འགྲེལ་བར་གླང་ཁྱུ་བ་ཞེས་སྨོས། འདུལ་བ་ལུང་ལས། བ་གླང་གི་ཕྲུ་གུ་སེངྒེ་མོའི་འོ་མས་གསོས་པའི་རིགས་སུ་བཤད་ཅེས་སྨིན་གླིང་ལོ་ཆེན་རིན་པོ་ཆེས་གསུངས་སོ། །འཁོར་གྱི་གནས་ཡུལ་སྒོ་སྐྱོང་རྣམས་ལ་ཉི་མ་དང་ཞིང་གི་གདན། དབང་མོ་


GTN005_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཞིང་སྐམ་པོའི་གདན་རེ་རེའོ། །ཞེས་གསུངས་ཀྱང་། འདིར་དབུས་སུ་ཆེ་མཆོག་ལ་སྟོང་པ་ཉིད་དེ་རྡོ་རྗེའི་ཆོས་བདུན་དང་ལྡན་པ་མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཐོགས་པ་མེད་པ། མ་ཕམ་པ་ཡིན་པའི་མཚོན་བྱེད་སྲ་བརྟན་འགྱུར་མེད་བྲག་རིའི་སྟེང་ཐེག་དམན་གྱི་གཡང་ས་ལ་ཉམ་ང་མེད་པའི་དོན་རྟགས་ནམ་མཁའ་ལྡིང་བརྒྱད་ཀྱིས་ཕྱོགས་བཞི་ནས་བཏེགས་པར་རིན་པོ་ཆེའི་ཁྲི་རྐང་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་དབྱིངས་དོན་དམ། འབྲས་བུའི་དོན་དམ་སྟེ་དཀོར་བདུན་ངོ་བོ་ཉིད་དུ་ལྷུན་གྲུབ་ཁྲི་རྐང་མཛོད་མིག་བདུན་ལྡན་བསྒོམས་པའི་སྟེང་ཉེས་སྐྱོན་གྱིས་མ་གོས་པའི་པདྨ། འོད་གསལ་བ་ཉིད་གདན་བྱས་རུང་འཐུས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། སྟོང་ཉིད་ཡིན་པའི་གནད་ཀ་དེས། །ཅིར་ཡང་བསྒྱུར་དུ་བཏུབ་པ་ཡིན། །ཞེས་སོ། །གཞུང་ཚིག་ལྟར་མཁའ་ལྡིང་གིས་བཏེགས་པའི་རིན་པོ་ཆེའི་བྲག་གི་རྣམ་པར་གདན་དེ་སྟེང་པད་ཉི་ཡིན་པ་ཞུ་ཅི་དགོས་པའི་དམིགས་པ་གང་འཚམས་བསྒྱུར་ཆོག །བུདྡྷ་ཧེ་རུ་ཀ་སོགས་ལ་བྱོལ་སོང་གཙོ་བོ་བརྒྱད་ཀྱི་ཁྲི་བཤམས་པ་ནི། དཔའ་གཏུམ་ཆེན་པོ་སྟག་གི་ཁྲི། འཇིགས་བྱེད་ཆེན་པོ་སེངྒེའི་ཁྲི། གདུག་པ་ཆེན་པོ་གཟིག་གི་ཁྲི། གཏུམ་པ་ཆེན་པོ་དོམ་གྱི་ཁྲི། སྟོབས་ཀྱི་རྒྱལ་པོ་གླང་པོའི་ཁྲི། བརྗིད་པའི་རྒྱལ་པོ་མ་ཧེའི་ཁྲི། འཇིགས་པའི་རྒྱལ་པོ་ཆུ་སྲིན་གྱི་ཁྲི། ཞེ་སྡང་རྒྱལ་པོ་སྦྲུལ་གྱི་ཁྲི་ཞེས་བཤད་པ་རྣམས་ཡིན་ལ། ཞི་ཁྲོ་གཉིས་ཆར་དགོས་ཆོས་སྒོམ་དོན་མཚུངས་པར་འཁོར་བའི་རྒྱུ་མ་རིག་གཟུང་འཛིན་གྱི་བུད་ཤིང་བསྲེགས་པའི་


GTN005_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བརྡར་མེ་རི་ཁ་དོག་ལྔ་ལྡན་ཞེས་ཀྱང་མི་འཇིགས་པའི་རྡོ་རྗེའི་རྭ་གུར། འཁོར་བ་མ་སྤངས་དབྱིངས་སུ་ལྷུན་གྲུབ་བརྡའ་རྟགས་དུར་ཁྲོད་ཆེན་པོ་བརྒྱད། ཤར་དུ་བསིལ་བའི་ཚལ། ལྷོར་སྐུ་ལ་རྫོགས། ནུབ་ཏུ་ལངྒ་བརྩེགས། བྱང་དུ་པདྨ་བརྩེགས་པ། ཤར་ལྷོ་ལྷུན་གྲུབ་གཏེར། ལྷོ་ནུབ་གསང་ཆེན་རོལ། ནུབ་བྱང་ཧེ་ཆེན་བདལ། བྱང་ཤར་འཇིགས་བྱེད་བརྩེགས་པ། དེ་དག་སོ་སོར་ཤིང་བརྒྱད་ཀྱི་རྩ་བར་ཕྱོགས་སྐྱོང་བརྒྱད། ཡལ་གའི་གསེབ་ཏུ་ཞིང་སྐྱོང་བརྒྱད། ཆུ་བརྒྱད། ཀླུ་བརྒྱད། ནམ་མཁའ་ལ་ཆུ་རླུང་གི་སྤྲིན་བརྒྱད། གནས་ཀྱི་མ་མོ་བརྒྱད། རང་བྱུང་གི་མཆོད་རྟེན་བརྒྱད། དེ་ལ་སྐུ་རྒྱབ་གཏད་པའི་གྲུབ་ཆེན་བརྒྱད། རི་བོ་ཆེན་པོ་བརྒྱད། མེ་བརྒྱད། ལྷ་ཆེན་བརྒྱད་ཀྱི་རོ་བརྒྱད། རུ་ཏྲའི་སྙིང་དབུས་འགྱུར་མ་གྷ་དྷ། མགོ་བོ་ལྷོ་ཕྱོགས་སེངྒེའི་ཡུལ། ལག་གཡས་ཤར་ལྷོ་བལ་ཡུལ། ལག་གཡོན་ལྷོ་ནུབ་ས་ལིའི་ཡུལ། རྐང་གཡས་བྱང་ཤར་ལི་ཡུལ། རྐང་གཡོན་ནུབ་བྱང་ཁ་ཆེའི་ཡུལ། ཕོ་མཚན་བྱང་ཤར་ཨོ་རྒྱན་ཡུལ། ནང་རོལ་ཀུན་ནུབ་ཕྱོགས་ཟ་ཧོར་ཡུལ། གོང་གི་དུར་ཁྲོད་མིང་སྨོས་པ་དང་སྦྱར་བའི་འགྲིགས་སྐབས་འདིར་བརྒྱད་ཚན་བཅུ་གཉིས་པོ་སོ་སོར་མིང་སྨོས་པ་ཡོད་མོད། བཤད་ཚུལ་སྣ་ཚོགས་པས་མཐའ་གཅིག་ཏུ་ངོས་བཟུང་དཀའ་བས་སྤྲོས་པ་བསྐྱུངས། གཞན་ཡང་རོ་དང་། རོ་ལངས། ཅེ་སྤྱང་། མ་མོ་མཁའ་འགྲོ། འདྲེ་སྲིན་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ནི། ཧེ་རུ་ཀའི་གནས་བཅུའི་རང་བཞིན། དེའི་ནང་དུ་ལྕགས་རི་འཁོར་ཡུག་གི་ཁྱམས་ཆེན་པོ་དང་། ཕྲིན་ལས་སྟོང་ཁམས་ཁྱབ་པའི་བརྡར་སྣ་ཚོགས་


GTN005_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འདབ་སྟོང་བདལ་བ་རྣམས་སོ། །ཉུང་ངུའི་ཚིག་གིས་ཟབ་གསང་རྟོགས་དཀའི་གནད། །འགྲེལ་བྱེད་ལེགས་བཤད་སྐྱེས་ཀྱི་མཆོད་སྤྲིན་འདིས། །ཁྱེད་ཐུགས་དགྱེས་པ་མཆོག་གི་རྒྱུར་གྱུར་ནས། །དོན་གཉིས་དཔལ་གྱིས་འགྲོ་ཀུན་སྐྱོངས་གྱུར་ཅིག །ཅེས་ཀརྨ་གླིང་པའི་གཏེར་བྱོན་ཞི་ཁྲོའི་དཀྱིལ་འཁོར་བཤད་པ་བཻཌཱུརྱའི་མེ་ ལོང་འདི། མཁྱེན་བརྩེ་ནུས་པའི་སྣང་མཛོད་རྗེ་དབོན་བླ་མ་གྲུབ་རིག་འཛིན་པ་སྒྲུབ་མཆོག་དར་རྒྱས་ཞེས་པས་ཞི་དཀྱིལ་དང་ཁྲོ་བོའི་ལྷ་གནས་གསར་བྲི་མཛད་སྐབས་དཀྱིལ་འཁོར་གྱི་བཀོད་པ་འདི། བརྡ་དོན་རྟགས་རྣམས་དཔེ་དང་སྦྱར་ནས་གོ་སླ་བར་བྲིས་ཤིག་ཅེས་ལྷ་རྫས་བཅས་བསྐུལ་མ་གནང་བའི་དགོས་དོན་ཆེ་བར་གོ་སྟེ། ཤཱཀྱའི་དགེ་སློང་ཟེ་ཆེན་པ་ལྔ་རིག་སྨྲ་བ་སྔགས་རམས་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱིས་རང་གནས་དགོན་སྟོད་ནོར་བུ་རྩེའི་དབེན་རྫོང་བདེ་ཆེན་མངོན་དགའ་རུ་རང་ལོ་ང་བཞི་ཀུན་ལྡན་ལྕགས་བྱིའི་ས་ག་ཟླ་བ་སྔ་མའི་དམར་ཕྱོགས་རྫོགས་པ་གསུམ་པར་གང་དྲན་ར་ཐོན་ལུག་ཐོན་བཅད་རྒྱའི་ཐུན་མཚམས་སུ་བྲིས་པ་དགེ་ལེགས་དཔལ་གྱི་སྨན་ཡོན་དུ་གྱུར་ཅིག །སརྦ་མངྒ་ལཾ། དགེའོ། །དགེའོ། །དགེའོ།། །།

གནས་འདྲེན་དང་འགྲོ་དྲུག་རང་གྲོལ་འཕྲད་ཚད་སོགས་ལ་སྦྱོར་བའི་ཕྱག་ལེན།


GTN005_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ནིཀེཏཱོནྣཡཤྩཥཥྒཏིཿ སྦརཱུབམུཀྟྱསཱཔཀྲྀཎྟཱསྶཧརསྱཧསྟོཔཱདཱཡོབིཛཧརཾ། གནས་འདྲེན་དང་འགྲོ་དྲུག་རང་གྲོལ་འཕྲད་ཚད་སོགས་ལ་སྦྱོར་བའི་ཕྱག་ལེན་བཞུགས་སོ། །ན་མོ་གུ་ར་ཝེ། གནས་འདྲེན་ཟིན་བྲིས་ལ། ཐོག་མར་ལས་བུམ་ཆུས་ཆབ་བྲན་ཞིང་། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས། རང་སེམས་མ་བཅོས་སྟོང་ཉིད་སོགས་ནས་མདུན་གྱི་རྟེན་སྣང་རང་བཞིན་སོགས། དཀོན་མཆོག་གསུམ་གྱི་བདེན་པས་འདིར་ཁུག་ཅིག །ཇི་ལྟར་བལྟམས་པ་ཙམ་གྱིས་ནི་སོགས་ཡིག་བརྒྱ་བཟླ། ཨོཾ་བཛྲ་ཨ་མྲ໏་ཏ་སོགས། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿ ཧཱུྃ། ཨོཾ་བཛྲ་ཨ་ཀརྴ་ཡ་ཛཿ ཨོཾ་སརྦ་བིགྷྣཾ་ན་མཿ སརྦ་ཏ་ཐཱ་བྷྱོ་བི་ཤྭ་སོགས། ག་ག་ན་ཁཾ་གྷྲ໏་ཧྣ་ཨི་དམ་བ་ལིངྟ་སྭཱ་ཧཱ། ལན་གསུམ་གྱི་མཐར། ས་དང་ལམ་ལ་སོགས། གཞན་དུ་དེངས༔ ན་མོ། རྩ་རྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། ངན་འགྲོ་ཐམས་ཅད་རྣམ་པར་སྦྱོང་བ་རྒྱལ་བ་ཞི་ཁྲོ་རབ་འབྱམས་


GTN005_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། གསང་སྔགས་རིགས་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། སློབ་མ་འདི་རྣམས་ལ་དབང་བསྐུར་གྱི་ཆོ་ག་ཟབ་མོ་སྒྲུབ་པར་བྱེད་པ་ལ་བར་དུ་གཅོད་པ་སྤྱི་དང་། ཁྱད་པར་ཚེ་ལས་འདས་པ་རྣམས་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་། གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ། དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་སོང་ཞིག །གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་མགོ་བོ་ཚལ་བ་བརྒྱར་འགས་པར་གྱུར་ཏ་རེ། ཨོཾ་ཨཱཿ ཧཱུྃ་བྷོ་དྷི་ཙིཏྟ་སོགས། ཨོཾ་རུ་ལུ་སོགས། ཨོཾ་སུམྦྷ་ནི་སོགས། དྲག་སྔགས་དང་ཡུངས་ཐུན་གྱིས་བྲབ། ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ སོགས། ཙཀྲ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཞེས་བརྗོད་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་རྭ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འཕྲོ་བས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པའི་མོས་པ་མཛོད། ཧཱུྃ༔ ཚེ་འདས་ལུས་བརྗེས་སོགས་ནས། ས་མ་ཡ་ཏིཥྛ་ལྷན༔ གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སོགས་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྦྱིན་པའི་བདག་པོའི་སྡིག་པ་དང་། སྒྲིབ་པ་སྦྱོང་བའི་ཕྱིར་བདག་ཅག་གི་ཡོ་བྱད་ཐམས་ཅད་དང་ལྡན་པས་སྐུ་ཁྲུས་དམ་པ་གསོལ་བར་བགྱིའོ། །ཁྲུས་ཀྱི་ཁང་པ་སོགས་རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། ཇི་ལྟར་བལྟམས་པ་སོགས། འདི་ནི་ཁྲུས་མཆོག་སོགས། ཀུན་བཟང་རིགས་ལྔ་སོགས། རྒྱལ་བའི་སྐུ་གསུང་


GTN005_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་མཆོག་སོགས། དེ་དག་སྐུ་ལ་སོགས། དེ་ནས་དེ་ལ་ཁ་དོག་སོགས། སྣ་ཚོགས་དབང་པོའི་སོགས། དྲི་མེད་མཚན་ལ་སོགས། ཝ་ས་སེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དེ་ལྟར་རྒྱལ་བའི་སྐུ་གསུང་ཐུགས་ལ་ཁྲུས་གསོལ་བས་ཚེ་ལས་འདས་པ་དང་། སྦྱིན་པའི་བདག་པོའི་སྒྲིབ་པ་སྦྱོང་བའི་ཁྲུས་ཆུ་ནུས་པ་དང་ལྡན་པར་གྱུར། ཧཱུྃ༔ འདི་ནི་སྦྱིན་པའི་རང་བཞིན་ཆུ༔ སོགས་ནས། དུག་རྣམས་གཏན་ནས་དག་གྱུར་ཅིག༔ ཡིག་བརྒྱ་དང་། ཀཾ་ཀ་ནི་སོགས་བརྗོད། འདི་ནས་ཀྱང་འཕྲད་ཚད་སྟ་གོན་དང་བསྒྱུར་མཚམས་ཡིན། གནས་འདྲེན་སྐབས། དེ་ནས་གསོལ་བ་གདབ་པ་འདི་ཡི་རྗེས་ཟློས་མཛོད། ཀྱེ་མ་མགོན་པོ་ཐུགས་རྗེ་ཅན༔ སོགས། བཟུང་དུ་གསོལ༔ འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཟུང་འཇུག་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཁྱབ་བདག་གདོད་མའི་མགོན་པོ་ཀུན་བཟང་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོ་ནས་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ཏེ། དོན་ཚུལ་བཞིན་དུ་བསྒྲུབ་པར་བགྱིའོ་སྙམ་པའི་སེམས་བསྐྱེད་ཡང་དག་པ་དང་བཅས་ཏེ་ལེགས་པར་གསན་འཚལ། དེ་ཡང་འོ་སྐོལ་གྱི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས། སེམས་ཅན་གྱི་བསམ་པ་དང་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་བསྟན་པ་ཐམས་ཅད་ཀྱང་བསྡུ་ན། ཐེག་པ་ཆེ་ཆུང་གཉིས་སུ་འདུ་བ་ལས། འདིར་ཐེག་པ་ཆེན་པོ་དང་། ཐེག་པ་ཆེན་པོ་ལ་ཡང་གསར་རྙིང་གཉིས་སུ་ཡོད་


GTN005_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། འདི་གསང་སྔགས་རྙིང་མ། དེ་ལའང་ཕྱི་རྒྱུད་སྡེ་གསུམ། ནང་རྒྱུད་སྡེ་གསུམ་དུ་ཕྱེ་བའི་ནང་ཚན། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག །དེ་ལ་འདིར་བསྐྱེད་རྫོགས་རྣམ་པ་གསུམ་གྱི་སྒོར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆག་སྐོང་ཞིང་རྟོག་སྒྲིབ་སྦྱོང་ལ། སེམས་ཅན་ཐམས་ཅད་ངན་སོང་གི་སྡུག་བསྔལ་ལས་དྲངས་ནས། བླ་ན་མེད་པའི་དངོས་གྲུབ་ཀྱི་སྐལ་བ་ཅན་དུ་བྱེད་པའི་ཐབས་མཁས་ཀྱི་སྒོ་རྨད་དུ་བྱུང་བའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྒོ་ནས་དབང་བསྐུར་བ་ཡིན་ལ། ཐོག་མར་ལོ་རྒྱུས་མདོ་ཙམ་ནི། སྔོན་འདོད་ཁམས་ཀྱི་གནས་འདི་ན་བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ་རིག་པའི་གནས་ལྔ་ལ་མཁས་པ་ཞིག་ལ། སློབ་མ་རྒྱལ་པོའི་བུ་ཞིག་ཡོད་པ་དེས་སློབ་སྦྱོང་མཐར་ཕྱིན་པ་ན། ད་ནི་ང་ཡི་གོང་ན་རིག་པར་སྨྲ་བ་སློབ་དཔོན་འདི་ཙམ་དུ་ཟད་པས། འདི་གོང་དུ་མི་གཏོང་སྙམ་དུ་བསམ་ནས། སློབ་དཔོན་ལ་ཐོ་འཚམས་ཤིང་། སློབ་དཔོན་གྱིས་ཀྱང་ཞེ་སྡང་གིས་དམོད་བོར་བའི་ལས་ཀྱིས། གཉིས་ཀ་ངན་འགྲོར་ལྟུང་ནས་སྡུག་བསྔལ་གྱིས་ཉམ་ཐག་པར་གྱུར་པ་ལ། ཡུལ་དང་འཕྲད་པའི་ཐུགས་རྗེ་སྐྱེས་ནས། དཔལ་རྡོ་རྗེ་སེམས་དཔའ་མངོན་སུམ་དུ་བྱོན་ནས་འགྱོད་ཚངས་ཀྱི་བཤགས་པ་དང་། ཡི་གེ་བརྒྱ་པའི་སྔགས་བསྟན་པས། སྔོན་གྱི་གནས་དྲན་ཏེ་འགྱོད་པ་དྲག་པོ་སྐྱེས་པ་ལ། གསང་བའི་བདག་པོས་ཕྱི་ནང་གསང་བའི་དབང་བསྐུར་པས་དགེ་བས་གསོས་ཐེབས་ཏེ་བྱང་ཆུབ་ཀྱི་མྱུ་གུ་སྐྱེས་པས། རིམ་གྱིས་རིག་འཛིན་གྱི་ས་ལ་


GTN005_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་གྱུར་ཏོ། །དེ་ལྟར་ཀུན་བཟང་རྡོ་རྗེ་འཆང་ཆེན་པོས། རྡོ་རྗེ་སེམས་དཔའ་ལ་དགོངས་པས་བྱིན་གྱིས་བརླབས་པས་རྒྱལ་བ་དགོངས་བརྒྱུད། རྡོ་རྗེ་སེམས་དཔའ་མན་ངག་གི་གནད་རྫོགས་ཆེན་འཁོར་འདས་རང་གྲོལ་བཏགས་གྲོལ་རྒྱུད་དྲུག་གི་ཆོས་སྐོར་སོགས་བརྡའི་སྒོ་ནས་རིག་འཛིན་དགའ་རབ་རྡོ་རྗེ་དང་། དེས་ཤྲཱི་སེང་ཧ། དེས་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་སོགས་ལ་བརྡ་ཙམ་བསྟན་པས་དོན་ཁོང་དུ་ཆུད་ལ། དེ་ཡན་རིག་འཛིན་བརྡ་བརྒྱུད། འགྱོད་ཚངས་བཤགས་པའི་རྒྱུད་ནི། གླང་པོ་ཆེ་རབ་འབོག་གི་རྟོགས་པ་གཅིག་ཁོལ་དུ་ཕྱུང་བ་ཡིན་ཞིང་། དེ་ནི་གསང་བདག་གི་མཐུས་རྒྱལ་པོ་ཛཿ ལ་གླེགས་བམ་གྱི་ཆར་བབས་པའི་ནང་ཚན་ཡིན་ཞིང་། འཕགས་ཡུལ་གྱི་རིག་འཛིན་རྣམས་ལས་བརྒྱུད་དེ། ཤིང་རྟ་ཆེན་པོ་སངས་རྒྱས་གསང་བ་ལ་བཀའ་བབ། དེ་ཉིད་ཀྱིས་བི་མ་ལ་དང་། པདྨ་འབྱུང་གནས་ལ་གནང་ཞིང་། པདྨ་འབྱུང་གནས་ཀྱིས་གངས་ཅན་གྱི་ལྗོངས་སུ་ཡོ་གའི་རྒྱུད་དང་། ཨ་ཏིའི་མན་ངག་ཟུང་དུ་བསྡེབས་པའི་བསྐྱེད་རྫོགས་རྣམ་པ་གསུམ་གྱི་སྒོར་ཞུགས་པའི། རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆག་སྐོང་ཞིང་རྟོག་སྒྲིབ་སྦྱོང་བ། སེམས་ཅན་ཐམས་ཅད་ངན་སོང་གི་སྡུག་བསྔལ་ལས་དྲངས་ནས། བླ་ན་མེད་པའི་དངོས་གྲུབ་ཀྱི་སྐལ་བ་ཅན་དུ་བྱེད་པ་ལ། ཐབས་མཁས་ཀྱི་སྒོ་རྨད་དུ་བྱུང་བ་རྣལ་འབྱོར་སྤྱི་ཁྲུས་ན་རཀ་དོང་སྤྲུགས་ཀྱི་ཆོ་ག་མང་དུ་མཛད་པ་གཉགས་ལོ་ཡེ་ཤེས་གཞོན་ནུ་ལ་བཀའ་བབ་སྟེ། བཀའ་མ་ལྟར་དུ་དར་བར་མཛད། དེ་ལྟར་དོང་སྤྲུགས་ལས་ཁོལ་དུ་བྱུང་བ་དགོངས་པ་རང་གྲོལ་


GTN005_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་རྒྱུད་བསྐྱེད་པ་མ་ཧཱ་ཡོ་ག་ལྟར་ཁོག་ཕུབ། ལྟ་སྒོམ་རྫོགས་པ་ཆེན་པོ་གཙོ་བོར་བཏོན་ཏེ་བསྒྲུབ་ཕྲིན་གྱི་རིམ་པ་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་བར་དོ་རྣམ་པ་དྲུག་གིས་གཏན་ལ་ཕབ་སྟེ། ལམ་རྫོགས་ཆེན་ལྟར་ཉམས་སུ་ལེན་བྱའི་གདམས་པ་ཟབ་མོ་འདི་ཉིད། མཁའ་འགྲོའི་གཙོ་མོ་མཁར་ཆེན་མཚོ་རྒྱལ་དང་། ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་སོགས་ལ་སྙན་བརྒྱུད་དུ་གནང་ཞིང་། མ་འོངས་སྙིགས་དུས་ཀྱི་འགྲོ་བ་བསོད་ནམས་དམན་པ་རྣམས་ཀྱི་དོན་དུ་བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་གསུམ་ལྡན་དུ་གཏེར་དུ་སྦ་བར་མཛད་པ། ཕྱིས་སྤྲུལ་པའི་གཏེར་སྟོན་ཀརྨ་གླིང་པས་གཏེར་ནས་སྤྱན་དྲངས་ཏེ། བརྒྱུད་པ་གསུམ་གྱི་བར་དུ་ཆིག་བརྒྱུད་མཛད་ལ། དེ་ནས་རིམ་པར་བརྒྱུད་དེ། བདག་ཅག་གི་རྣམ་འདྲེན་དཔལ་ལྡན་བླ་མ་དོན་གྱི་སླད་དུ་མཚན་ནས་སྨོས་ན། རང་གི་རྩ་བའི་བླ་མའི་མཚན་དེ་ལས་དགྱེས་པ་ཆེན་པོའི་ངང་ནས་ལེགས་པར་སྩལ་པ་ནི། གང་ནས་བྱུང་བའི་བརྒྱུད་པའི་ལོ་རྒྱུས་ཡིན་ལ། ལོ་རྒྱུས་དེ་ལྡན་གྱི་གདམས་པ་འདི་ནི། མ་བསྒོམས་པར་འཚང་རྒྱ་བའི་གདམས་པ་དྲུག་གི་ནང་ཚན། ཚིག་རྣ་བར་ཐོས་པ་ཙམ་གྱིས་གྲོལ་ནུས་པའི་རྒྱུད་ཐོས་གྲོལ་ཆེན་མོ་ཞེས་བྱ་བ། ཐོས་པ་ཙམ་གྱིས་གྲོལ་བ་ཐོབ་པའི་ཆོས། སྡིག་པོ་ཆེ་གསང་ལམ་དུ་ཁྲིད་པའི་ཆོས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་པའི་ཆོས། མཚམས་མེད་པ་ལྔ་བསགས་པའི་མིའི་རྣ་ལམ་དུ་ཐོས་ནའང་། ངེས་པར་


GTN005_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བར་འགྱུར་ཏེ། དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱི་ཞལ་ནས། གལ་ཏེ་རྣལ་འབྱོར་ཕོ་མོ་གང་ཞིག་གིས། དཀྱིལ་འཁོར་གྱི་ལྷ་འདི་རྣམས་ཀྱི་མཚན་རྣ་བར་ལན་གཅིག་ཐོས་པ་ཙམ་གྱིས་ན་རཀ་ཆེན་པོར་མི་ལྟུང་ངོ་། །ཞེས་གསུངས་པ་དང་། གཞན་ ཡང་། རང་བཞིན་སྒྱུ་འཕྲུལ་ཞི་ཁྲོ་ལ༔ གང་ཞིག་གུས་པས་ཕྱག་འཚལ་ན༔ ཉམས་ཆག་སྐོང་ཞིང་དངོས་གྲུབ་ཐོབ༔ ཅེས་གསུངས་པས། དེ་ལྟ་བུའི་གདམས་པ་ཁྱད་པར་ཅན་འདིའི་སྒོ་ནས་ཚེ་ལས་འདས་པ་རྣམས་ལ་གནས་ལུང་དབང་བསྐུར་༼གྱི་ཆོ་ག་བྱེད་པ་ཡིན་པས་྿༽བ་དང་། གསོན་པོ་རྣམས་རིགས་དྲུག་གི་གནས་ནས་དྲང་ཞིང་། དབང་བསྐུར་བ་ལྷན་ཅིག་ཏུ་མཛད་པའི་ཕྱག་སྲོལ། ད་ལྟར་བླ་མ་རྣམས་ཀྱི་མཛད་པ་ལྟར། སྒྲུབ་པ་དེ་སྐབས་སུ་བབས་པ་ཡིན་པས། ྿ བླ་མ་དང་དཀྱིལ་འཁོར་གཙོ་བོ་ཐ་མི་དད་པའི་དད་མོས་གདུང་ཤུགས་དྲག་པོའི་གསོལ་བ་དྲག་ཏུ་ཐོབ་ཅིག །༈ འཕྲད་ཚད་དུས་སྐབས་འདིར་དབང་གི་སྟ་གོན་བྱ་བར་སྤྲོ་ན། གོང་གི་ད་ལྟར་བླ་མ་རྣམས་ཀྱི་མཛད་པ་ལྟར། སྒྲུབ་པ་སྐབས་སུ་བབས་པ་ཡིན། དེ་ཡང་ཇི་སྐད་དུ། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་གསུངས་པ་སྟེ། །ཞེས་གསུངས་པ་ལྟར། དབང་བསྐུར་བ་དེ་ཡང་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་ལ། དཀྱིལ་འཁོར་ལ་དབྱེ་ན། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། སྤྲུལ་བའི་དཀྱིལ་འཁོར་དང་། རིག་པ་ཉམས་ཀྱི་དཀྱིལ་འཁོར་གསུམ་གསུངས་ པ་ནི། འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ཞིང་། ཏིང་འཛིན་ལ་བརྟན་པ་རྗེས་མཐུན་ཙམ་ཐོབ་པ་ལ་སོགས་པའི་སློབ་དཔོན་གྱིས་ནི། གདུལ་བྱའི་དབྱེ་བས།


GTN005_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་དམན་འཇུག་པ་ལ་རྡུལ་ཚོན། འབྲིང་རས་བྲིས། རབ་ཚོམ་བུ། ཡང་རབ་བླ་མའི་ལུས་དཀྱིལ་ལ་བརྟེན་པའི་ཚུལ་བཞིན་ལས། འདིར་ད་ལྟར་གྱི་བླ་མ་དམ་པ་རྣམས་ཀྱི་ཕྱག་བཞེས་སུ། རྡུལ་ཚོན་དང་། རས་བྲིས་གང་རུང་ལ་བརྟེན་ ནས་དབང་བསྐུར་བར་མཛད་པའི་ཚུལ་གཉིས་ལས། རས་བྲིས་ལྟར་སྟ་གོན་གྱི་ཆོ་ག་སྟེ། ལྷ་དང་བུམ་པའི་སྟ་གོན་གཉིས་སྔར་སོང་ནས། ད་ལྟ་སློབ་མ་སྟ་གོན་གྱི་བྱ་བ་དེ་སྒྲུབ་པ་སྐབས་སུ་བབས་པ་ཡིན་པས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་ལྷ་གནས་ཀྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་བློ་བཅོས་པ་ནི། ཁྱེད་ཅག་མཆོག་གི་དངོས་གྲུབ་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་མི་སློབ་པའི་ཟུང་འཇུག་ཐོབ་པར་བྱ་བའི་ཆེད་དུ། དཀྱིལ་འཁོར་ཆེན་པོ་འདིར་འཇུག་པར་བྱ་ཡི། དེ་ལས་གཞན་དུ་འདི་ཕྱིའི་འཁོར་བའི་བདེ་འབྱོར་མངོན་པར་མཐོ་བའི་གོ་འཕང་དང་། ཞི་བདེ་དོན་གཉེར་ཉན་རང་གི་བྱང་ཆུབ་ཀྱང་དོན་དུ་གཉེར་བྱའི་འབྲས་བུ་མ་ཡིན། དེ་བས་ན། སེམས་ཅན་ཐམས་ཅད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་པས། འཁོར་བ་མེད་སྣང་སྒྱུ་མ་ལྟ་བུའི་ཆོས་ཡིན་ཀྱང་། དེ་ལྟར་མ་རྟོགས་པས་འཁོར་བར་འཁྱམས་པའི་སེམས་ཅན་འདི་དག །ཕན་ཚུན་མ་བུ་ཁྱོ་ཤུག་སོགས། ལན་གྲངས་དཔག་ཏུ་མེད་པ་བྱས་ནས་ཕན་བཏགས་པ་ལ་ཚད་མེད་པའི་དྲིན་ཆེན་ཤ་སྟག་ཡིན་པ་ལ། འདི་ཐམས་ཅད་སྡུག་བསྔལ་གྱི་ཁུར་ཆེན་པོས་ནི་ནོན། བདེ་བའི་ཐབས་ནི་མི་ཤེས། བདེ་བར་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་ཁོ་ན་སྒྲུབ་པ་ལ་བརྩོན་པས། ཞེ་འདོད་


GTN005_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པ། སྨྱོན་པ་ལྟ་བུ་འདི་རྣམས་ལ་བཅོས་མིན་སྙིང་རྗེ་ཚད་མེད་པས་ཀུན་ནས་བླངས་ཏེ། ཤེས་རབ་དང་སྙིང་རྗེ་ཆེན་པོས་སྲིད་པ་ཞི་བའི་མཐའ་གཉིས་ལ་མི་གནས་པའི་མྱང་འདས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་དབང་བསྐུར་བ་ལེགས་པར་མནོས་ཏེ། ལམ་ལ་ཚུལ་བཞིན་དུ་བསླབ་པར་བྱ་སྙམ་དུ་རྙོགས་པ་དང་བྲལ་བའི་བྱང་ཆུབ་ཀྱི་སེམས་དུང་ངེ་བ་ཞིག་བསྐྱེད་འཚལ། སླར་ཡང་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་སྙིམ་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱར་ནས་འདི་ཡི་རྗེས་ཟློས་མཛོད། ཀྱེ་མ་མགོན་པོ་ཐུགས་རྗེ་ཅན༔ སོགས་བཟུང་དུ་གསོལ༔ སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་གི་ལུས་ལ་ཕོག་པས་འོད་ཀྱི་གོང་བུར་ཞུ་བ་ལས། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་སྐུར་གྱུར། སློབ་དཔོན་རྡོ་རྗེ་དང་བཅས་པས། དྲི་ཆུས་ཁྱོད་རང་གི་སྤྱི་བོ་མགྲིན་པ་སྙིང་ག་རྣམས་སུ་རེག་པས་ཐིག་ལེ་བྱས་ཏེ། ཨོཾ་ཨཱཿ ཧཱུྃ་ཞེས་བརྗོད་པས། གནས་གསུམ་ཡི་གེ་འབྲུ་གསུམ་བྱུང་། ཡང་མས་ནས་ཡར་སྙིང་མགྲིན་དཔྲལ་བ་རྣམས་སུ་རེག་སྟེ། ཧཱུྃ་ཨཱཿ ཨོཾ་ཞེས་བརྗོད་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གསལ་བར་གྱུར། ཡང་དཔྲལ་བ་ནས་མར་རེག་སྟེ། ཨོཾ་ཨཱཿ ཧཱུྃ་ཞེས་བརྗོད་པས་སྒོ་གསུམ་རྡོ་རྗེ་གསུམ་དུ་བརྟན་པར་བྱས་པའི་མོས་པ་མཛོད། དེ་ལྟར་ལྷར་བསྐྱེད་ཅིང་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པ་དེ་ལ་མཆོད་པའི་ཡུལ་དུ་བཟང་བ་ཡིན་པས། མེ་ཏོག་དབུ་ལ་


GTN005_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་བའི་མོས་པ་མཛོད། ཨོཾ་བཛྲ་པུཥྤེཔྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་བདུག་སྤོས་ཤངས་ལ་ཕུལ་བའི་མོས་པ་མཛོད། ཨོཾ་བཛྲ་དྷཱུ་པེ་པྲ་ཏཱིཙྪ་སྭཱ་ཧཱ། མར་མེ་སྤྱན་ལ་ཕུལ་བའི་མོས་པ་མཛོད། ཨོཾ་བཛྲ་ཨཱ་ལོ་ཀེ་པྲ་ཏཱིཙྪ་སྭཱ་ཧཱ། དྲི་ཆབ་ཐུགས་ཀར་ཕུལ་བའི་མོས་པ་མཛོད། ཨོཾ་བཛྲ་གྷནྡྷེ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ་ལས་བྱུང་བའི་སོ་ཤིང་བྱང་ཆུབ་ཀྱི་ཤིང་གི་རང་བཞིན། སོར་བཅུ་གཉིས་པའི་ཚད་ཅན་དྲིས་བྱུག་པ་ལ། རྩེར་མེ་ཏོག་གི་ཅོད་པན་བཅིངས་པ། དངོས་གྲུབ་ཀྱིས་ལྟས་བརྟགས་པའི་ནུས་པ་དང་ལྡན་པར་གྱུར། དེ་ཉིད་ཁྱེད་རྣམས་ཀྱི་ཐལ་མོའི་བར་དུ་བྱིན་པས་རྩེ་མོས་སོ་དྲུད་ནས། ཁ་ཤར་དུ་ཕྱོགས་པས་རྨོད་བོར་ལ། བཛྲ་ཧ་ས་ཧ། ཞེས་བརྗོད་ཅིང་སོ་ཤིང་གི་ར་བར་ལྟོས་པ་མེད་པར་དོར་ཅིག །བུ་ཁྱོད་དཀྱིལ་འཁོར་ཆེན་པོ་རུ༔ སོགས་ནས་སོ་ཤིང་དོར༔ ཞེས་པའི་ལན་དུ་འདི་ཡི་རྗེས་ཟློས་མཛོད། ཀྱེ་ཧོ། བླ་མ་ཇི་ལྟར་སོགས། བཛྲ་ཧ་ས་ཧ། རྩེ་མོ་སྟེང་དུ་བསྟན་ན་མཆོག་འགྲུབ། ཕྱོགས་བཞིར་ཞི་སོགས་ལས་བཞི་འགྲུབ་པས་འབྲིང་། མཚམས་བཞིར་བུམ་པ་བཟང་པོ་སོགས་ཕྲ་མོའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །རྨི་ལམ་གསལ་བའི་ཆེད་དུ་འཁྱོར་ཆུ་བླུད་པ་ནི། དྲིའི་ཆུ་ཁྱོར་བར་ལན་གསུམ་བྱིན་པ་འཐུང་ལ་ལྷག་མ་རྒྱབ་ཏུ་དོར་ཅིག །བཾ་བཾ་བཾ་ཨོཾ་ཧྲཱིཿ བི་ཤུདྡྷཿ སརྦ་དྷརྨཿ སོགས་ན་ཡ་ཧཱུྃ༔ རྨི་ལམ་ལ་བར་ཆད་ཀྱིས་མི་སྒྲིབ་པའི་ཕྱིར་སྲུང་སྐུད་གདགས་པ་ནི། སློབ་བུའི་ལུས་ཚད་མཉམ་པའི་སྐུད་པ་དམར་པོ་སུམ་ལྡབས་སུ་དྲིལ་བར་མདུད་པ་གསུམ་བཏབ་སྟེ། སྲད་བུ་མི་དམིགས་པ་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྲད་བུ་དམར་པོ་རྡོ་རྗེའི་མདུད་


GTN005_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་དང་བཅས་པ་ལ། ཡེ་ཤེས་སྲད་བུ་སྤྱན་དྲངས་ཏེ་ཐིམ་པས། རྡོ་རྗེའི་སློབ་བུ་རྣམས་ཀྱི་སྒོ་གསུམ་གྱི་བར་ཆད་བསྲུང་བའི་ནུས་པ་ཅན་དུ་གྱུར། རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ༔ སོགས་ནས། རཀྵཿ སརྦ་ན་སྭཱ་ཧཱ། ཧཱུྃ་དང་ལས་སྔགས་ཀྱིས། སྐྱེས་པའི་དཔུང་པ་གཡོན་པ་དང་། བུད་མེད་ཀྱི་གཡས་སུ་གཉིས་བསྐོར་གྱིས་བཅིངས། ལས་བུམ་གྱི་ཆུས་གཏོར་ནས། རྡོ་རྗེ་རྒྱ་གྲམ་དུ་རྒྱས་གདབ་བོ། །རྨི་ལམ་མི་འཁྲུགས་པར་བྱེད་པའི་ཕྱིར་ཀུ་ཤའི་སྔས་སྟན་སྦྱིན་པ་ནི། ཀུ་ཤ་མི་དམིགས་པས་དྷཱིཿ དང་ཧཱུྃ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་པ་རྨི་ལམ་མི་འཁྲུག་པར་བྱེད་པའི་ནུས་པ་ཅན་དུ་གྱུར། ཧཱུྃ༔ སྐལ་ལྡན་ཁྱོད་ཀྱི་དུས་གསུམ་དུ༔ སོགས་ཏིཀྵྞ་དྷི་སིདྡྷི་ཧཱུྃ༔ དྷཱིཿ བཟླས་པའི་ཀུ་ཤ་ཆུང་བ་སྔས་ཀྱི་དོན་དུ་གཡས་དང་། ཧཱུྃ་བཟླས་པའི་ཆེ་བ་སྟན་གྱི་དོན་དུ་གཡོན་དུ་གཏད། དེ་ནས་མི་ལྡོག་པའི་ཆེད་དུ་ཆོས་བཤད་པས་སྤྲོ་བ་བསྐྱེད་པ་ནི། རྣམ་སྣང་མངོན་བྱང་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྦ་རའི་མེ་ཏོག་བཞིན། །བརྒྱ་ལམ་ལ་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གི་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །ཞེས་བྱ་བ་ལ་སོགས་


GTN005_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུངས་ཏེ། དེ་ཡང་འཇིག་རྟེན་ན་ཨུ་དུམྦ་རའི་མེ་ཏོག་དཀོན་པ་ལྟར། སངས་རྒྱས་འཇིག་རྟེན་དུ་འབྱོན་པར་དཀོན། བྱོན་ཀྱང་ཆོས་གསུངས་པ་དང་ཁྱད་པར་ཐེག་ཆེན་དེའི་ནང་ནས་ཀྱང་རྡོ་རྗེ་ཐེག་པ་གསུང་བ་དཀོན། དེ་ལྟར་དཀོན་པ་ཙམ་དུ་མ་ཟད། དཀོན་པ་རྙེད་ན་ཕན་ཡོན་ཆེན་པོ་དང་ལྡན་ཏེ། དེའི་རྒྱུ་མཚན་བསྐལ་པ་བྱེ་བ་དུ་མར་བསགས་པའི་སྡིག་སྒྲིབ་རྣམས་དཀྱིལ་འཁོར་མཐོང་བ་ཙམ་གྱིས་འདག་པར་འགྱུར་ན། དེར་ཞུགས་ནས་དབང་ཐོབ་ཅིང་། རྟོགས་གོམས་ཀྱི་སྦྱོར་བས་ཉམས་སུ་བླང་ན། སྲིད་པ་ལས་ཐར་བ་ལྟ་ཅི་སྨོས། དེའི་ཕྱིར་ན་ཁྱེད་ཅག་རྣམས་བདེ་ཞིང་མྱུར་བའི་ལམ་འདི་ལ་བརྟེན་ནས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གདོན་མི་ཟ་བའི་ཕྱིར་རྙེད་པའི་མཆོག་རབ་ཏུ་རྙེད་པ་ཡིན་པས་དགའ་བ་བསྒོམ་པར་མཛད་འཚལ། དེ་ནས་རྨི་ལམ་བརྟག་ཅིང་ངན་ན་བཟློག་པའི་ཆོ་ག་ནི། དོ་ནུབ་བླ་མ་དང་དཀྱིལ་འཁོར་ལ་མགོ་བོ་ཕྱོགས་པས་ཀུ་ཤའི་སྔས་སྟན་ལ་སེངྒེའི་ཉལ་སྟབས་དང་། དགེ་བའི་སེམས་ཀྱིས་ཉོལ་ལ། ངག་ཏུ་ཨོཾ་མུ་ཙི་ནི་སྭཱ་ཧཱ༔ ཨོཾ་མུ་ཁེ་ལེ་སྭཱ་ཧཱ༔ ཨོཾ་མོ་ཧཱ་ནི་སྭཱ་ཧཱ༔ ཨོཾ་དནྡྷ་ལེ་སྭཱ་ཧཱ༔ ཞེས་ཉེར་གཅིག་བཟླས་པས། ཐོ་རངས་རྨི་ལམ་གྱི་མཚན་མ་བཟང་ངན་དག་མཐོང་བར་འགྱུར་བས། ནང་བར་ཁོ་བོ་ལ་སྨྲོས་ཤིག །དེ་སྟ་གོན་གྱི་ཆོ་ག་འགྲུབ་པས་བར་དེར་ཞག་གཅིག་སོང་བས་རྨི་ལམ་བཟང་པོ་ཤ་སྟག་རྨིས་པའི་འདུ་ཤེས་ཞོག་ཅིག །འཇུག་པ་བདེ་ཕྱིར་སྟ་གོན་འདི་འགྲོ་དྲུག་རང་གྲོལ་ལྟར་བཀོད་པ་ཡིན་ལ། སྔོན་འགྲོ་རྒྱས་པར་འཕྲད་ཚད་རང་གྲོལ་ལྟར་སྤྲོ་ན་ཡང་མཚམས་སྦྱོར་འདི་ལྟར་བྱས་པས་འཐུས་པ་ཤེས་དགོས།


GTN005_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཀྱེ་མ་ཚེ་འཕོས་ལུས་བརྗེས་བར་དོའི་སོགས། ཐུབ་ཆེན་དྲུག་ལ་གསོལ་བ་ཐོབ༔ དང་པོ་དམྱལ་བའི་གནས་ནས་དྲང་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་མ་བདག་འདྲའི་སེམས་ཅན་སོགས། ཆོས་ཀྱི་རྒྱལ་པོ་ཁྱོད་ལ་སྐྱབས་སུ་མཆི༔ འོ་རིགས་ཀྱི་བུ༔ དཀྱིལ་འཁོར་དབུས་ཀྱི་བུམ་པ་འདི་ནི་སྨན་ལྔའི་བུམ་པ་ཡིན་ཏེ༔ སངས་རྒྱས་རྡོ་རྗེ་རིགས་ཀྱི་གཙོ་འཁོར་ལྷ་ཚོགས་བཞུགས་པའི་ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་ཞེ་སྡང་དམྱལ་བའི་གནས་ནས་ཐར་ཏེ༔ ཐུགས་རྡོ་རྗེ་རིགས་ཀྱི་དབང་ཐོབ་པ་ཡིན་སྙམ་པའི་མོས་པ་དུང་དུང་མཛོད་ཅིག༔ ཧཱུྃ༔ ཚ་གྲང་སྐྱོབ་མཛད་མེ་ཆུས་སོགས། ཧཱུྃ༔ ཀུན་བཟང་ཡབ་ཡུམ་བུམ་པ་སོགས། ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་ཁྱོད་ལ་སྨན་ལྔའི་བུམ་པ་དང་༔ མེ་ཆུས་དབང་བསྐུར་བས་ཉོན་མོངས་པ་ཞེ་སྡང་གི་ཀུན་ནས་བསླངས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བའི་སྒོ་བཅད་དེ་ནད་ལྔའི་ཉེས་པ་ལས་གྲོལ་ནས༔ དབུས་ཕྱོགས་འཐུག་པོ་བཀོད་པའི་ཞིང་ཁམས་ཀྱི་སྒོ་ཕྱེས་ནས་ཐུགས་རྡོ་རྗེ་སེམས་དཔའ་རིགས་ལྔའི་དབང་ཐོབ་སྟེ༔ སངས་རྒྱས་རྡོ་རྗེ་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ཏེ༔ སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག༔ དེ་ནས་སྒོ་ཕྱེ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ ལྷུན་གྲུབ་གཞལ་ཡས་ཆེན་པོ་ཡི༔ ཤར་ལྷོ་ནུབ་བྱང་སྒོ་བཞི་ནས༔ ཡེ་ཤེས་ཆེན་པོ་སྒོ་ཕྱེས་


GTN005_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག༔ བྷྲཱུྃ་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ དབུས་ཕྱོགས་ཆོས་དབྱིངས་རང་རྩལ་གྱི༔ ཡེ་ཤེས་ཆེན་པོའི་སྒོ་ཕྱེས་ཤིག༔ བྷྲཱུྃ་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ དབུས་ནས་བཀྲ་ཤིས་གང་ལགས་པ༔ རྡོ་རྗེ་སེམས་དཔའི་བཀྲ་ཤིས་ལྷ༔ ཞི་བ་གྲུབ་པའི་བཀྲ་ཤིས་དེ༔ འདིར་ཚོགས་རྣམས་ལ་བཀྲ་ཤིས་ཤོག༔ ཨོཾ་ཨཱཿཧཱུྃ༔ཧཱུྃ༔ གཏོར་མ་འདོད་ཡོན་ལྔ་དང་སོགས་ནས། ས་ཐོབ་ཤོག༔ གཉིས་པ་ཡི་དྭགས་ཀྱི་གནས་ནས་དྲང་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་མ་བདག་འདྲའི་སོགས། ཁ་འབར་ཞབས་ལ་སྐྱབས་སུ་མཆི༔ འོ་རིགས་ཀྱི་བུ༔ ནུབ་ཀྱི་བུམ་པ་འདི་ནི་དྲི་ལྔའི་བུམ་པ་ཡིན་ཏེ༔ སངས་རྒྱས་སྣང་བ་མཐའ་ཡས་རིགས་ལྔའི་ལྷ་ཚོགས་བཞུགས་པས༔ ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་འདོད་ཆགས་ཡི་དྭགས་ཀྱི་གནས་ནས་ཐར་ཏེ། གསུང་པདྨ་རིགས་ཀྱི་དབང་ཐོབ་པ་ཡིན་སྙམ་དུ་མོས་པ་དུང་དུང་མཛོད་ཅིག༔ ཨཱཿ རིན་ཆེན་སྒྲོམ་གྱི་སོགས། ཧཱུྃ༔ བདུད་རྩི་དྲི་ལྔའི་སོགས། ཨཱཿ པདྨ་ཨ་བྷི་ཥིཉྩ་ཨཱཿ སྐལ་ལྡན་ཁྱོད་ལ་དྲི་ལྔའི་བུམ་པ་དང་རིན་པོ་ཆེའི་སྒྲོམ་བུའི་དབང་བསྐུར་བས༔ ཉོན་མོངས་པ་འདོད་ཆགས་ཀྱིས་ཀུན་ནས་བསླངས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས་ཡི་དྭགས་སུ་སྐྱེ་བའི་སྒོ་བཅད་དེ༔ དུག་ལྔའི་ཉེས་པ་ལས་གྲོལ་ནས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་སྒོ་ཕྱེས་ནས༔ སྣང་བ་མཐའ་ཡས་རིགས་ལྔའི་དབང་ཐོབ་སྟེ༔ སངས་རྒྱས་གསུང་པདྨའི་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས་སེམས་ཅན་གྱི་


GTN005_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག༔ དེ་ནས་སྒོ་ཕྱེ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ ནུབ་ཕྱོགས་མ་འདྲེས་གསལ་བ་ཡི༔ སོར་རྟོག་ཡེ་ཤེས་སྒོ་ཕྱེས་ཤིག༔ བྷྲཱུྃ་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ ནུབ་ནས་བཀྲ་ཤིས་གང་ལགས་པ༔ སྣང་བ་མཐའ་ཡས་བཀྲ་ཤིས་ལྷ༔ དབང་སྡུད་གྲུབ་པའི་བཀྲ་ཤིས་དེ༔ འདིར་ཚོགས་རྣམས་ལ་བཀྲ་ཤིས་ཤོག༔ ཨོཾ་ཨཱཿ ཧཱུྃ༔ ཧཱུྃ༔ གཏོར་མ་འདོད་ཡོན་ལྔ་དང་སོགས་ས་ཐོབ་ཤོག༔ གསུམ་པ་དུད་འགྲོའི་གནས་ནས་དྲང་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། །ཀྱེ་མ་བདག་འདྲའི་སོགས། སེངྒེ་རབ་བརྟན་ཞབས་ལ་སྐྱབས་སུ་མཆི༔ འོ་རིགས་ཀྱི་བུ༔ ཤར་གྱི་བུམ་པ་འདི་ནི་འབྲུ་ལྔའི་བུམ་པ་ཡིན་ཏེ༔ སངས་རྒྱས་རྣམ་པར་སྣང་མཛད་རིགས་ལྔའི་ལྷ་ཚོགས་བཞུགས་པས༔ ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་གཏི་མུག་དུད་འགྲོའི་གནས་ལས་ཐར་ནས༔ སྐུ་བདེ་གཤེགས་རིགས་ཀྱི་དབང་ཐོབ་པ་ཡིན་སྙམ་དུ་མོས་པ་དུང་དུང་མཛོད་ཅིག༔ ཨོཾ༔ ཤེས་རབ་རིག་པའི་སོགས། ཧཱུྃ༔ རིན་ཆེན་འབྲུ་ལྔའི་སོགས། ཨོཾ་བྷུདྷ་ཨ་བྷི་སོགས། སྐལ་ལྡན་ཁྱོད་ལ་འབྲུ་ལྔའི་བུམ་པ་དང་པོ་ཏིའི་དབང་བསྐུར་བས༔ ཉོན་མོངས་པ་གཏི་མུག་གིས་ཀུན་ནས་བསླངས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ དུད་འགྲོའི་གནས་སུ་སྐྱེ་བའི་སྒོ་བཅད་དེ༔ ཉོན་མོངས་པའི་ཉེས་པ་ལས་གྲོལ་ནས༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ཀྱི་སྒོ་ཕྱེས་ནས༔ སྐུ་རྣམ་པར་སྣང་མཛད་རིགས་ལྔའི་དབང་ཐོབ་སྟེ༔


GTN005_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བདེ་གཤེགས་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས༔ སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག༔ དེ་ནས་སྒོ་ཕྱེ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ ཤར་ཕྱོགས་རིག་པ་རང་གསལ་གྱི༔ མེ་ལོང་ལྟ་བུའི་སྒོ་ཕྱེས་ཤིག༔ བྷྲཱུྃ་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ ཤར་ནས་བཀྲ་ཤིས་གང་ལགས་པ༔ རྣམ་པར་སྣང་མཛད་བཀྲ་ཤིས་ལྷ༔ ལྷུན་གྱིས་གྲུབ་པའི་བཀྲ་ཤིས་དེ༔ འདིར་ཚོགས་རྣམས་ལ་བཀྲ་ཤིས་ཤོག༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ གཏོར་མ་འདོད་ཡོན་ལྔ་དང་སོགས། ས་ཐོབ་ཤོག༔ བཞི་པ་ལྷ་མིན་གྱི་གནས་ནས་དྲང་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་མ་བདག་འདྲའི་སེམས་ཅན་སོགས། ཐགས་བཟང་རིས་ལ་སྐྱབས་སུ་མཆི༔ འོ་རིགས་ཀྱི་བུ༔ བྱང་གི་བུམ་པ་འདི་ནི་སྙིང་པོ་ལྔའི་བུམ་པ་ཡིན་ཏེ༔ སངས་རྒྱས་དོན་ཡོད་གྲུབ་པ་རིགས་ལྔའི་ལྷ་ཚོགས་བཞུགས་པས༔ ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་ཕྲག་དོག་ལྷ་མིན་གྱི་གནས་ལས་ཐར་ནས༔ ཕྲིན་ལས་ཀརྨ་རིགས་ཀྱི་དབང་ཐོབ་པ་ཡིན་སྙམ་དུ་མོས་པ་དུང་དུང་མཛོད་ཅིག༔ ཧ༔ ཤེས་རབ་དོན་མཚོན་སོགས། ཧཱུྃ༔ སྙིང་པོ་ལྔ་ཡི་སོགས། ཧ་ཀརྨ་ཨ་བྷི་ཥིཉྩ་སོགས། སྐལ་ལྡན་ཁྱོད་ལ་སྙིང་པོ་ལྔའི་བུམ་པ་དང་གོ་མཚོན་གྱི་དབང་བསྐུར་བས༔ ཉོན་མོངས་པ་ཕྲག་དོག་གི་ཀུན་ནས་བསླངས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ ལྷ་མིན་དུ་སྐྱེ་བའི་སྒོ་བཅད་དེ༔ ཕུང་པོ་ལྔའི་ཉེས་པ་ལས་གྲོལ་ནས༔ བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་


GTN005_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒོ་ཕྱེས་ནས༔ དོན་ཡོད་གྲུབ་པ་རིགས་ལྔའི་དབང་ཐོབ་སྟེ༔ སངས་རྒྱས་ཕྲིན་ལས་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས་སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག༔ དེ་ནས་སྒོ་དབྱེ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ བྱང་ཕྱོགས་ལས་རབ་གྲུབ་པ་ཡི༔ ནན་ཏན་ཡེ་ཤེས་སྒོ་ཕྱེས་ཤིག༔ བྷྲཱུྃ་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ བྱང་ནས་བཀྲ་ཤིས་གང་ལགས་པ༔ དོན་ཡོད་གྲུབ་པ་བཀྲ་ཤིས་ལྷ༔ དགྲ་བགེགས་ཚར་གཅོད་བཀྲ་ཤིས་དེ༔ འདིར་ཚོགས་རྣམས་ལ་བཀྲ་ཤིས་ཤོག༔ ཨོཾ་ཨཱཿ ཧཱུྃ༔ ཧཱུྃ༔ གཏོར་མ་འདོད་ཡོན་སོགས། ས་ཐོབ་ཤོག༔ ལྔ་པ་ལྷ་ཡི་གནས་ནས་དྲང་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་མ་བདག་འདྲའི་སོགས། བརྒྱ་བྱིན་ཁྱོད་ལ་སྐྱབས་སུ་མཆི༔ འོ་རིགས་ཀྱི་བུ༔ ལྷོའི་བུམ་པ་འདི་ནི་རིན་པོ་ཆེ་སྣ་ལྔའི་བུམ་པ་ཡིན་ཏེ༔ སངས་རྒྱས་རིན་ཆེན་འབྱུང་ལྡན་རིགས་ལྔའི་ལྷ་ཚོགས་བཞུགས་པས༔ ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་ང་རྒྱལ་ལྷའི་གནས་ནས་ཐར་ཏེ། ཡོན་ཏན་རིན་ཆེན་རིགས་ཀྱི་དབང་ཐོབ་པ་ཡིན་སྙམ་དུ་མོས་པ་དུང་དུང་མཛོད་ཅིག༔ སྭཱ༔ ལོངས་སྤྱོད་བདུད་ཀྱི་སོགས། ཧཱུྃ༔ རིན་ཆེན་སྣ་ལྔའི་སོགས། སྭཱ་རཏྣ་ཨ་བྷི་སོགས། འོ་སྐལ་ལྡན་ཁྱོད་ལ་རིན་པོ་ཆེ་ལྔའི་བུམ་པ་དང་༔ པི་ཝང་གིས་དབང་བསྐུར་བས༔ ཉོན་མོངས་པ་ང་རྒྱལ་གྱིས་ཀུན་ནས་བསླངས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ ལྷའི་གནས་སུ་སྐྱེ་བའི་སྒོ་བཅད་དེ༔ འདོད་


GTN005_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ལྔའི་ཉེས་པ་ལས་གྲོལ་ནས༔ ལྷོ་ཕྱོགས་དཔལ་ལྡན་རིན་ཆེན་བཀོད་པའི་ཞིང་ཁམས་ཀྱི་སྒོ་ཕྱེས་ནས༔ བྱམས་པ་ལྔ་རྒྱུད་ལ་སྐྱེས༔ ཞིང་ཁམས་ལྔ་ལ་དབང་སྒྱུར་ནས༔ རིན་ཆེན་འབྱུང་ལྡན་རིགས་ལྔའི་དབང་ཐོབ་སྟེ༔ སངས་རྒྱས་རིན་ཆེན་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས་སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག༔ དེ་ནས་སྒོ་དབྱེ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ ལྷོ་ཕྱོགས་དགོངས་པ་མཉམ་ཉིད་ཀྱིས༔ ཡེ་ཤེས་ཆེན་པོའི་སྒོ་ཕྱེས་ཤིག༔ བྷྲཱུྃ་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ ལྷོ་ནས་བཀྲ་ཤིས་གང་ལགས་པ༔ རིན་ཆེན་འབྱུང་ལྡན་བཀྲ་ཤིས་ལྷ༔ ཡོན་ཏན་གྲུབ་པའི་བཀྲ་ཤིས་དེ༔ འདིར་ཚོགས་རྣམས་ལ་བཀྲ་ཤིས་ཤོག༔ ཨོཾ་ཨཱཿ ཧཱུྃ༔ ཧཱུྃ༔ གཏོར་མ་འདོད་ཡོན་སོགས། ས་ཐོབ་ཤོག༔ དྲུག་པ་མིའི་གནས་ནས་དྲང་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་མ་བདག་འདྲའི་སོགས། ཐུབ་དབང་ཁྱོད་ལ་སྐྱབས་སུ་མཆི༔ འོ་རིགས་ཀྱི་བུ་རྣམས༔ བུམ་པ་འདི་སྤྱི་བོར་བཞག་ནས་བྱུང་བའི་དུས་སུ་རྫའམ་ཤིང་གི་རང་བཞིན་དུ་མ་སྒོམས་པར༔ ཕྱི་རིན་པོ་ཆེ་བུམ་པའི་དབྱིབས་ལ་ནང་རིན་པོ་ཆེ་གཞལ་ཡས་ཁང་གི་དབུས་སུ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་དཔུང་ངེ་ཐིབས་སེ་བྱོན་པ་ཙམ་གྱིས་ལུས་ཀྱི་སྒྲིབ་པ་དག༔ སྐུའི་དམ་ཚིག་ཉམས་ཆག་བསྐང་ཞིང་༔ བུམ་པ་ལྷའི་དབང་ཐོབ་པ་ཡིན་ཨང་སྙམ་པའི་མོས་པ་དུང་དུང་མཛོད་ཅིག༔ ཧཱུྃ༔ རིན་ཆེན་པར་བུའི་སོགས། ཧཱུྃ༔ རིན་ཆེན་བུམ་པ་སོགས། ཧཱ་ཀརྨ་ཨ་བྷི་


GTN005_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཥིཉྩ་ཨཱཿ འོ་རིགས་ཀྱི་བུ་རྣམས་ལ་ཐོག་མར་ལུས་སྨིན་པར་བྱེད་པ་བུམ་པ་ལྷའི་དབང་བསྐུར་བས༔ བུམ་པ་འདིའི་ནང་ནས་སྨན་ལྔས་དབང་བསྐུར་བས་ནད་ལྔ་ལས་གྲོལ༔ སྙིང་རྗེ་ལྔ་རྒྱུད་ལ་སྐྱེས༔ ཞིང་ཁམས་ལྔ་ལ་དབང་སྒྱུར༔ སྒྲིབ་པ་ལྔ་དག༔ རྡོ་རྗེ་སེམས་དཔའ་སྐུ་ལྔའི་དབང་ཐོབ༔ འབྲུ་ལྔས་དབང་བསྐུར་བས༔ དུག་ལྔའི་ཉེས་པ་ལས་གྲོལ༔ བཏང་སྙོམས་ལྔ་རྒྱུད་ལ་སྐྱེས༔ ཞིང་ཁམས་ལྔ་མཐོང་༔ སྒྲིབ་པ་ལྔ་དག༔ རྣམ་པར་སྣང་མཛད་རིགས་ལྔའི་དབང་ཐོབ༔ རིན་པོ་ཆེ་ལྔས་དབང་བསྐུར་བས༔ ཞིང་ཁམས་ལྔ་མཐོང་༔ བྱམས་པ་ལྔ་རྒྱུད་ལ་སྐྱེས༔ སྒྲིབ་པ་ལྔ་དག༔ རིན་ཆེན་འབྱུང་ལྡན་སྐུ་ལྔའི་དབང་ཐོབ༔ དྲི་ལྔས་དབང་བསྐུར་བས༔ དུག་ལྔའི་ཉེས་པ་ལས་གྲོལ༔ དགའ་བ་ལྔ་རྒྱུད་ལ་སྐྱེས༔ ཞིང་ཁམས་ལྔ་མཐོང་༔ སྒྲིབ་པ་ལྔ་དག༔ སྣང་བ་མཐའ་ཡས་སྐུ་ལྔའི་དབང་ཐོབ༔ སྙིང་པོ་ལྔས་དབང་བསྐུར་བས༔ ཕུང་པོ་ལྔ་དག༔ གཏེར་ལྔ་ཐོབ༔ ཞིང་ཁམས་ལྔ་མཐོང་༔ དོན་ཡོད་གྲུབ་པ་སྐུ་ལྔའི་དབང་ཐོབ་པའི་དགོས་པ་ཡོད་དོ༔ ཨོཾ་ཨཱཿ ཧཱུྃ༔ ཧཱུྃ༔ གཏོར་མ་འདོད་ཡོན་ལྔ་དང་སོགས། ལྡོག་པའི་ས་ཐོབ་ཤོག༔ དེ་ཡང་གསང་ཆེན་ལམ་གྱི་འཇུག་སྒོ་དབང་བསྐུར་བ་སྐབས་སུ་བབས་པ་ཡིན་པས། དེ་ལ་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། སློབ་མའི་བྱ་བ་གཉིས་ལས། སློབ་དཔོན་གྱི་བགྱི་འོས་དཀྱིལ་འཁོར་བཞེངས་པ། བསྒྲུབ་ཅིང་མཆོད་པ། བདག་ཉིད་དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བ་སོགས། བླ་མ་དམ་པའི་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་ལྟར་ཆད་ལྷག་མེད་པར་སྔོན་དུ་སོང་གྲུབ། ད་ཁྱེད་རང་རྣམས་


GTN005_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། དེ་ལྟར་མཎྜལ་ཕུལ་བ་སོང་ནས་དཀྱིལ་འཁོར་དུ་འཇུག་པའི་ཕྱིར། ཆས་སུ་འཇུག་པ་ནི། སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་མིག་བསྒྲིབས་ཏེ། དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ། མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་མ་མཇལ་བའི་མཚོན་བྱེད་དུ་རས་དམར་པོ་རེས་གདོང་བཅིངས་པའི་མོས་པ་མཛོད། ཨོཾ་ཨཱཿ ཧཱུྃ༔ དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ། ཕྱག་སྟོང་པར་མཇལ་དུ་མི་རུང་བས། ཕྱག་རྟེན་དུ་ཨུ་དུམ་ཝ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་བྱིན་པའི་མོས་པ་མཛོད། ཨོཾ་ཨ་ཁཱཾ་ཝི་ར་ཧཱུྃ། དེ་ནས་ཕྱི་འཇུག་གི་ཐོག་མར་གསོལ་བ་གདབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག །ས་ཕྱོགས་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་ནང་དུ། སློབ་དཔོན་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་རྣམ་པར་བཞུགས་པ་ལ་མི་ཕྱེད་གདུང་ཤུགས་དྲག་པོའི་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ སོགས་འཇུག་ཏུ་གསོལ༔ དེ་ནས་གནང་བ་སྦྱིན་པ་འདི་ལ་གསན་པའི་ཁྱབ་པར་གདལ། ཨེ་མ་སྐལ་ལྡན་བུ་ཁྱོད་ལེགས་པར་ཉོན༔ སོགས། གཉེར་བར་གྱིས༔ ཞེས་པའི་ལན་དུ་འདིའི་རྗེས་ཟློས་མཛོད། ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་དང་༔ སོགས། འཇུག་ཏུ་གསོལ༔ དེ་ནས་ཉན་པར་བསྐུལ་ཞིང་སྤྲོ་བ་བསྐྱེད་པ་ནི། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི༔ སོགས་ལེགས་པར་ཉོན༔ མདུན་གྱི་ནམ་མཁར་རྒྱལ་བ་ཞི་


GTN005_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོའི་ལྷ་ཚོགས་དཔང་དུ་བཙུགས་ཏེ། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་རྡུལ་སྙེད་དུ་སྤྲུལ་ནས། གནོང་འགྱོད་དྲག་པོ་དང་བཅས་སྒོ་གསུམ་གུས་པས་ཕྱག་འཚལ་བར་བསམ། མགོན་པོ་ཐུགས་རྗེ་ཆེ་ལྡན་པ་སོགས། ཕྱག་འཚལ་བ་དང་སོགས། དེ་ནས་མདུན་གྱི་ནམ་མཁར་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་སྤྲིན་ཕུང་འཁྲིགས་པ་བཞིན་བཞུགས་པ་ལ། ཐུན་མོང་དང་ཁྱད་པར་གྱིས་སྐྱབས་སུ་འགྲོ་བ། སོ་སོར་ཐར་པའི་སྡོམ་པ་བཟུང་བ། སྨོན་པ་དང་འཇུག་པའི་སེམས་བསྐྱེད་བླངས་པ་སྤྱི་དང་། ཁྱད་པར་གྱི་དམ་ཚིག་དང་སྡོམ་པ་རྣམས་གཟུང་བར་བྱའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས༔ སོགས། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཨུ་ཙ་ཏ་ཡ་ཕཊ༔ ཁྱེད་རང་རྣམས་ཀྱི་སྤྱི་བོར་བླ་མ་དང་གཉིས་སུ་མེད་པ། དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུར་གསལ་བའི་ཐུགས་ཀར་ཧཱུྃ་ཡིག་དཀར་པོའི་མཐར་ཡི་གེ་བརྒྱ་བའི་གཡས་སུ་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས། ཁྱེད་རང་རྣམས་ཀྱིས་སྤྱི་བོར་ཚངས་བུག་ནས་ཞུགས། ལུས་ཐམས་ཅད་གང་། ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་སྦྱངས་པར་བསམ་ལ། ཡི་གེ་བརྒྱ་བ་ལན་གསུམ་གསུང་བར་ཞུ། ཨོཾ་བཛྲ་ས་ཏྭ་ས་མ་ཡཱ། སོགས། བདག་ནི་མི་ཤེས་གཏི་མུག་སོགས། ཞེས་གསོལ་བ་བཏབ་པས་རྡོར་སེམས་འོད་


GTN005_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཞུ་ནས་རང་ལ་ཐིམ་པར་གྱུར། ཨོཾ་སྭ་བྷ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སློབ་མའི་རིག་པའི་ངོ་བོ་དཔལ་རྡོ་རྗེ་སེམས་དཔར་གསལ་བའི། གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། ཀུན་བཟང་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཁ་བ་དང་བུ་ཡུག་འཚུབ་པ་ལྟར་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པའི་མོས་པ་གྱིས། ཧཱུྃ༔ ཆོས་དབྱིངས་ཀ་དག་སོགས་རྩ་སྔགས་མཐར། ས་མ་ཡ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བཟླ་ཞིང་ཌཱ་དྲིལ་ཡུན་བསྲིངས། དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་པ་རྣམས། ཁྱེད་རང་རྣམས་ལ་རོ་གཅིག་ཏུ་ཐིམ་པའི་མོས་པ་མཛོད། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ དེ་ནས་སྒོ་དབྱེ་བར་གསོལ་བ་གདབ་པའི་མོས་པ་མཛོད། ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་ཤར་སོགས། བྷྲཱུྃ་པྲ་ཝེ་ཤ་ཡ་ཕཊ༔ དེ་ཡང་འདི་ན་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ལྷ་ཚོགས་རྣམས་བཞུགས་པ་ཡིན་ཏེ། དེ་ཉིད་ངོ་བོ་ཡེ་ཤེས་གཅིག་གི་རོལ་པར་ཤར་བ་མ་གཏོགས་བཟང་ངན་མེད་ཀྱང་། རང་གི་ལས་འབྲེལ་ཡོད་པའི་ལྷ་དེ་ལ་དབབ་པར་ཤོག་སྙམ་དུ་འདིའི་རྗེས་ཟློས་དང་བཅས་ཏེ་མེ་ཏོག་ལྟོས་པ་མེད་པར་དོར་མཛོད། ཧཱུྃ༔ བདག་ཅག་རིག་པའི་སོགས། པྲ་ཏི་ཛ་ཧོ༔ དེ་ལྟར་ཕུལ་བའི་མེ་ཏོག་གི་ཕྲེང་བ་དེ་ཉིད་དབང་རྟགས་ཅོད་པཎ་གྱི་ཚུལ་དུ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིངས་པའི་མོས་པ་མཛོད། ཨོཾ་པྲ་ཏཱི་གྲ໏་ཧྞ་ཨི་མཾ་ས་ཏྭ་མ་ཧཱ་བ་ལ་ཏིཥྛ༔ དེ་ནས་མ་རིག་པའི་ལིང་ཐོག་མིག་དར་དང་ལྷན་ཅིག་ཏུ་བསལ་བའི་མོས་པ་མཛོད། ཀུན་བཟང་རིགས་ལྔ་རྡོ་རྗེ་སོགས། པྲ་ཝེ་ཤ་ཡ་


GTN005_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ༔ དེ་ནས་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་དེ་ལ་མཐོང་བ་བསྟན་པར་བྱ་སྟེ། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ༔ སོགས། སྔགས་ལ་བརྩོན་པར་གྱིས༔ དཀྱིལ་འཁོར་རྣམ་དག་བསྟན་པ་ནི། ཀྱེ་སྐལ་བ་དང་ལྡན་པའི་རིགས་ཀྱི་བུ་རྣམས་ཉོན་ཅིག༔ འདི་ལྟ་བུའི་དཀྱིལ་འཁོར་མཐོང་བ་ནི་བསྐལ་པ་དཔག་ཏུ་མེད་པ་ནས༔ ཚོགས་བསགས་པ་ལས་བྱུང་བ་ཡིན་པས༔ དེའི་ཕྱིར་མིག་གི་དབང་པོ་མ་ཡེངས་པར་དཀྱིལ་འཁོར་ལ་ལྟོས་ལ༔ རྣ་བའི་དབང་པོ་མ་ཡེངས་པར་ལེགས་པར་ཉོན་ཅིག༔ དེ་ཡང་དཀྱིལ་འཁོར་གྱི་དབྱིབས་གྲུ་བཞི་པར་བྱུང་བ་ནི་ཚད་མེད་བཞིས་འགྲོ་དོན་མཛད་པའི་བརྡ་རྟགས་སུ་མཚོན་པའོ༔ ཁ་དོག་ལྔ་ལྡན་དུ་བྱུང་བ་ནི་ཡེ་ཤེས་རྣམ་པ་ལྔའི་རང་བཞིན་དུ་མཚོན་པའི་བརྡའོ༔ དེ་བཞིན་དུ༔ འཕྲིན་ལས་རྣམ་པ་བཞི་མཚོན་པའི་སྒོ་བཞི༔ འདོད་དོན་ལྷུན་གྲུབ་འབྱུང་བའི་འདོད་སྣམ༔ སྐུ་ལྔ་ཡོངས་སུ་རྫོགས་པའི་བརྩིགས་པ་ལྔ་རིམ༔ དངོས་གྲུབ་ཟད་མི་ཤེས་པ་རིན་པོ་ཆེའི་ཕ་གུ༔ མཚན་དཔེ་ཡོན་ཏན་གྱིས་མཛེས་པའི་དྲ་བ་དྲྭ་ཕྱེད༔ མ་རིག་པའི་མུན་པ་སེལ་ཞིང་འགྲོ་དོན་ཆགས་ཐོགས་མེད་པའི་ཤར་བུ་དང་མདའ་ཡབ༔ འཕགས་ལམ་ཡན་ལག་བརྒྱད་ལྡན་གྱི་ཀ་བ༔ རྫུ་འཕྲུལ་རྐང་པ་བཞིའི་ཐེམ་སྐས༔ དྲན་པ་ཉེ་བར་བཞག་པ་བཞིའི་རྟ་བབས༔ ས་ལམ་རིམ་པ་བཅུ་གསུམ་རྫོགས་པའི་ཆོས་འཁོར་བཅུ་གསུམ༔ ཉོན་མོངས་པའི་གདུང་བ་ལས་སྐྱོབས་པའི་ཆར་ཁེབས་བསྐྱོན་པ༔ ཐེག་པ་ཀུན་གྱི་རྩེ་རྒྱལ་དུ་གྱུར་བའི་དབུས་ཕྱུར་བུ་རིན་པོ་ཆེའི་ཏོག་གིས་མཚན་པ༔ ཆོས་ཉིད་འགྱུར་བ་མེད་པའི་འོག་གཞི་སྣ་ཚོགས་རྡོ་རྗེ༔ འཁོར་


GTN005_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐྱོན་གྱིས་མ་གོས་པའི་པདྨའི་དྲྭ་བ༔ བདུད་ཀྱི་དཔུང་འཇོམས་པའི་རྡོ་རྗེའི་རྭ་བ༔ ཉོན་མོངས་ཚང་ཚིང་བསྲེགས་ཤིང་མ་རིག་མུན་པ་སེལ་བའི་ཡེ་ཤེས་སམ༔ མེ་དཔུང་འབར་བའི་གུར་ཁང་འཁྲིགས་པ་དང་བཅས་པ་ནི༔ སྣོད་རྣམ་པར་དག་པ་གཞལ་ཡས་ཁང་གི་དག་སྦྱོར་ཡིན་ལ༔ དེ་ཡི་ནང་དུ་བཅུད་རྣམ་པར་དག་པ་ཡེ་ཤེས་ལྷ་ཚོགས་བཞུགས་ཚུལ་ནི༔ བཅོམ་ལྡན་འདས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་སྐུ་སྣང་ལ་རང་བཞིན་མེད་པ་མཚན་དང་དཔེ་བྱད་ཀྱི་དཔལ་དུ་འབར་ཞིང་། རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ༔ གསལ་སྟོང་འཇའ་འོད་འཁྱིལ་བར་བཞུགས་པ་རྣམས༔ མངོན་སུམ་མཇལ་བའི་མོས་པ་དང་སྤྲོ་བ་རྒྱ་ཆེན་པོ་མཛད་པར་ཞུ༔ དེ་དག་ནི་དཀྱིལ་འཁོར་དུ་འཇུག་པའི་རིམ་པའོ། །དེ་ནས་བུམ་དབང་གི་སྔོན་འགྲོ་ཐུན་མོང་རིག་པའི་དབང་ལྔ་ཞུ་བ་ལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད༔ ཀྱེ་མ་བླ་མ་རྡོ་རྗེ་འཛིན༔ སོགས་ནས། རྣམ་ཀུན་དུས་འདིར་སྩོལ༔ ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་དབང་གི་བྱ་བ་ལ་དགྱེས་ཤིང་མཆོད་པའི་རྣམ་རོལ་དུ་མ་དང་བཅས་ཏེ་དབང་བསྐུར་བར་གྱུར། ཧཱུྃ༔ སྐུ་གསུམ་དམ་ཚིག་ལས་སོགས། འོ་དེ་ལྟར་ཐུན་མོང་རིག་པའི་སོགས། ནུས་པར་གྱུར་ཅིག༔ ༈ འདི་ནས་འཕྲད་ཚད་རང་གྲོལ་དང་། འགྲོ་དྲུག་རང་གྲོལ་གང་དགོས་ཀྱི་བསྒྱུར་མཚམས་ཡིན། ཐོག་མར་འགྲོ་དྲུག་རང་གྲོལ་ལྟར་བྱས་ན། དེ་ནས་བུམ་དབང་ཆེན་མོ་ཞུ་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་


GTN005_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཟློས་མཛོད། ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་སོགས། བུམ་པའི་དབང་མཆོག་བསྐུར་དུ་གསོལ༔ ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་རྣམ་པས་འཁོད་པའི་མོས་པ་མཛོད། སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁར་དབང་གི་ལྷ་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སྤྲིན་ཕུང་གཏིབ་པ་བཞིན་དུ་སད་ནས་བཞུགས་པར་གྱུར། དེ་རྣམས་ལ་སློབ་དཔོན་གྱིས་མཆོད་ཅིང་གསོལ་བ་བཏབ་པའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ས་པཱ་རི་ཝ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཤཔྟའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པའི་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་ཡབ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་བུམ་པའི་ཆུ་རྒྱུན་གྱིས་དབང་བསྐུར། འཁོར་གྱི་སེམས་དཔའ་སེམས་མ་རྣམས་ཀྱིས་ཤིས་པར་བརྗོད། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད་པའི་སྦྱོར་བ་དང་བཅས་ཏེ་དབང་བསྐུར་བར་གྱུར། འོ་རིགས་ཀྱི་བུ་བུམ་པ་འདི་སོགས། ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང༔ སོགས། ཀརྨ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ སོགས། ཨ་བྷི་ཥིཉྩ་ཧཱུྃ༔ འོ་རིགས་ཀྱི་བུ་རྣམས་ལ་ཐོག་མར་སོགས། དེ་ནས་བུམ་དབང་གི་རྗེས་འབྲེལ་དུ་ནང་ལུས་དཀྱིལ་གྱི་བསྐྱེད་རིམ་ལ་དབང་བའི་ཕྱིར། སྐུའི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། །ཀྱེ་ཧོ༔བླ་མ་རྡོ་རྗེ་འཛིན་པ་ཆེ༔ སོགས། ལྷ་


GTN005_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཡོངས་རྫོགས་བསྐུར་དུ་གསོལ༔ ལན་གསུམ། ཞེས་གསོལ་བ་བཏབ་པས་ཁྱེད་རང་རྣམས་དཔལ་རྡོ་རྗེ་སེམས་དཔར་གསལ་བ་ལ། སློབ་དཔོན་གྱི་ལུས་དཀྱིལ་དང་། མདུན་བསྐྱེད་དཀྱིལ་འཁོར་གྱི་སྟེང་འོག་ནས་ཞི་ཁྲོ་དམ་པ་རིགས་བརྒྱ་ཚིག་རིས་དང་མཐུན་པར་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་སྙིང་གར་ཞི་བ་དང་། སྤྱི་བོར་ཁྲག་འཐུང་སོགས། སོ་སོར་གདན་དང་བཅས་གསལ་བར་བཞུགས་པའི་མོས་པ་མཛོད། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཀུན་བཟང་ཡབ་ཡུམ་སོགས་ནས། མ་མོ་དང་དམ་ཅན་གྱི་སྲོག་ལ་དབང་དམ་པ་ཐོབ་པར་གྱུར་ཅིག༔ འོ་སྐལ་ལྡན་རིགས་ཀྱི་བུ་རྣམས༔ ཁྲག་འཐུང་དྲུག་ཅུའི་སོགས་གྲོལ་བ་དུས་མཉམ་དུ་འོང་ངོ༔ དེ་ལྟར་བུམ་དབང་གི་རྗེས་འབྲེལ་དུ་ནང་ལུས་དཀྱིལ་གྱི་བསྐྱེད་རིམ་ལ་དབང་བའི་ཕྱིར། སྐུའི་རྗེས་གནང་བཅས་ཐོབ་པའི་ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །བླ་མ་ཡབ་ཡུམ་སྙོམས་པར་འཇུག་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལྕེ་ཐོག་ཏུ་བཞག་པར་གྱུར། ཧཱུྃ༔ གསང་བ་ཡེ་ཤེས་བདུད་རྩིའི་ཆུ༔ སོགས། ཨ་ཧོ་སུ་ཀ་ཨཱཿ དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱང་། ལམ་རྩ་རླུང་སྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །ལྷ་སྔགས་ཀྱི་སྣང་ཆ་ཐམས་ཅད་འཛིན་མེད་ཁྱབ་བརྡལ་སྤྲོས་པ་དང་བྲལ་བའི་དོན་མཚོན་ཕྱིར་གསལ་སྟོང་དབྱེར་མེད་དུ་ངོ་སྤྲོད་པ། དཔེ་དོན་ཟུང་དུ་འབྲེལ་བ་


GTN005_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་གསན་པས་ཁྱབ་པར་གདལ། ཧཱུྃ༔ མེ་ལོང་སྤྲོས་བྲལ་ཆོས་སྐུ་ཟླུམ༔ སོགས། ཙིཏྟ་ཛྙཱ་ན་ཨ་ཧོ་སུ་ཁ་ཨཱཿ དེ་ལྟར་རྟེན་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་ཐིག་ལེ་སྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །དེ་དོན་རྒྱུད་ལ་སྦྱོར་ཕྱིར་ངོ་སྤྲོད་ཀྱི་ཚིག་རྣ་བར་གདབ་པ་འདི་དོན་སྒོམས་ཤིག །ཧྲཱིཿ ངོ་བོ་ཉིད་ནི་ཀ་དག་སོགས། དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿ དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་སྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །ཧཱུྃ༔ འཁོར་ལོ་རིན་ཆེན་རྣམ་བཅུ་སོགས། འོ་རིགས་ཀྱི་བུ་རྣམས་ལ་རྒྱལ་སྲིད་སྣ་བདུན་སོགས། ཧཱུྃ༔ ཇི་ལྟར་སྔོན་གྱི་རྒྱལ་བ་སོགས་ནས། འོ་རིགས་ཀྱི་བུ་ཁྱོད་ལ་བཀྲ་ཤིས་རྟགས་བརྒྱད་སོགས། འོ་སྐལ་ལྡན་རིགས་ཀྱི་བུ༔ དད་པ་དང་དམ་ཚིག་ལྡན་པ་རྣམས་ཉོན་ཅིག༔ སོགས། ཨོཾ་ཨཱཿ ཧཱུྃ༔ སྐྱེ་མེད་དབྱིངས་ཀྱི་སོགས་ནས། ཨོཾ་གུ་རུ་དེ་ཝ་ཌཱཀྐི་ནི་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ༔ ཨོཾ་ཨཱཿ ཧཱུྃ་ཧྲཱིཿ ཨོཾ་ཨཱཿ ཧཱུྃ༔ ཆོས་སྐུ་ཀུན་ཏུ་བཟང་པོ། དྲུག་པ་རྡོ་རྗེ་འཆང་ཆེན། སྟོན་པ་རྡོ་རྗེ་སེམས་དཔའ། རིག་འཛིན་དགའ་རབ་རྡོ་རྗེ། མཁས་པ་ཤྲཱི་སེངྷ། འཆི་མེད་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། རྗེ་འབངས་ཉི་ཤུ་རྩ་ལྔ། གཏེར་སྟོན་གྲུབ་ཐོབ་ཡབ་སྲས། རིག་འཛིན་བརྒྱུད་པའི་བླ་མ། ཞི་བ་བཞི་བཅུ་རྩ་གཉིས། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། དག་པ་རིག་འཛིན་ལྷ་ཚོགས། བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་སློབ་མ་འདི་


GTN005_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ། དབང་བསྐུར་ཞིང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་དག་པར་མཛད་དུ་གསོལ། ནད་གདོན་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། ཚེ་བསོད་དཔལ་འབྱོར་ཐམས་ཅད་རྒྱས་པར་མཛད་དུ་གསོལ། འགྲོ་བ་རིགས་དྲུག་གི་སྐྱེ་སྒོ་ཆོད་ནས། འཁོར་བ་དོང་ནས་སྤྲུགས་པར་མཛད་དུ་གསོལ། ཚེ་འདིར་སྣང་བཞི་མཐར་ཕྱིན་ནས། གདོད་མའི་གྲོལ་སར་ཕྱིན་པར་མཛད་དུ་གསོལ། འཆི་བ་ཆོས་ཀྱི་སྐུར་འཚང་རྒྱ་བར་མཛད་དུ་གསོལ། བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་གྲོལ་བར་མཛད་དུ་གསོལ། སྐྱེ་བ་སྤྲུལ་པའི་སྐུ་ཐོབ་ནས་དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ཅེས་བརྒྱུད་པའི་གཤར་འདེབས་སྨོན་ལམ་བཅས་རྒྱས་པའི་མཐར། ཀཱ་ཡ་སིདྡྷི་ཨོཾ༔ སོགས། སརྦ་སིདྡྷི་ཧྲཱིཿ ཞེས་དང་། ཞི་ཁྲོའི་སྤྱི་སྔགས་འཛབ་དབྱངས་བཅས་དབང་འགྲིམ་མཐར། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་སྤྲིན་ཕུང་འཁྲིགས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་དབང་དོན་གྱི་ཡེ་ཤེས་པ་དེ་ཉིད་མ་བསྐྱེད་པ་བསྐྱེད་ཅིང་། བརྟན་པ་རྣམས་མི་ཉམས་ཤིང་བརྟན་པར་རབ་ཏུ་གནས་ཕྱིར་མེ་ཏོག་གི་ཆར་དབབ་ཅིང་ཤིས་བརྗོད་མཛད་པའི་མོས་པ་མཛོད་ཅིག །ཨོཾ་ཡེ་དྷརྨཱ་སོགས་བཀྲ་ཤིས་བརྗོད་ཅིང་ཁས་བླངས་ལ། ལུས་འབུལ་གཏང་རག་དགེ་བསྔོ་སོགས་བྱའོ། །༈ གོང་གི་བསྒྱུར་མཚམས་ནས་འགྲེ་ཤེས་དགོས། འཕྲད་ཚད་རང་གྲོལ་ལྟར་ན། དེ་ལྟར་རིགས་དྲུག་གི་གནས་ནས་སྤར་བའི་སྔོན་འགྲོའི་དབང་རྣམས་ལེགས་པར་སོང་ནས། དངོས་གཞི་སྤྲོས་བཅས་བུམ་པའི་དབང་ཞུ་བའི་ཆེད་དུ་


GTN005_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ༔མ་བླ་མ་དཔལ་ལྡན་རྡོ་རྗེ་འཛིན༔ བདག་ཅག་སྐལ་ལྡན་བུ་སློབ་ལ༔ དབང་བཞིའི་ཆུ་བོ་བསྐུར་དུ་གསོལ༔ བརྒྱུད་པའི་ཆེ་བ་གང་ལྟར་ལགས༔ དེ་ནས་བླ་མས་དམ་ཚིག་བསྒྲགས་པ་ནི། བུ་རྣམས་མ་ཡེངས་ང་ལ་ཉོན༔ བླ་མེད་གནད་ཀྱི་གདམས་པ་འདི༔ སྣོད་མེད་རྣམས་ལ་བསྐུར་མི་རུང༔ སྣོད་ལྡན་མོས་གུས་དྭངས་པ་བསྐྱེད༔ སླར་ཡང་སྤྲོས་བཅས་བུམ་པའི་དབང་ཆེན་མོ་ཞུ་བའི་དོན་དུ་མཎྜལ་ཕུལ་མཛོད། ཅེས་མཎྜལ་ཕུལ་འཇུག དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ་བླ་མ་འགྲོ་བའི་མགོན༔ སོགས། བུམ་པའི་དབང་མཆོག་བསྐུར་དུ་གསོལ༔ ཅེས་ཞུ། བླ་མས། ༼ཚུར་ཤོག་ཚུར་ཤོག་རིགས་སོགས།༽ བདག་གིས་ཁྱོད་སྨིན་བྱ༔ ཁྱེད་རང་རྣམས་དཀྱིལ་ འཁོར་ཤར་ཕྱོགས་སུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་རྣམ་པར་འཁོད་པའི་མོས་པ་མཛོད། སྙིང་གི་ས་བོན་ལས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁར་དབང་གི་ལྷ་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སྤྲིན་ཕུང་གཏིབ་པ་བཞིན་སད་ནས་བཞུགས་པར་གྱུར། དེ་རྣམས་ལ་སློབ་དཔོན་གྱི་མཆོད་ཅིང་གསོལ་བ་བཏབ་པའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ས་པྰ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་ཤཔྟའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པའི་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་ཡབ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་བུམ་པའི་ཆུ་རྒྱུན་གྱི་དབང་


GTN005_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར། འཁོར་གྱི་སེམས་དཔའ་སེམས་མ་རྣམས་ཀྱིས་ཤིས་པར་བརྗོད། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད་པའི་སྦྱོར་བ་དང་བཅས་ཏེ་དབང་བསྐུར་བར་གྱུར། ཧཱུྃ༔ བུམ་པའི་རང་བཞིན་ཆོས་ཀྱི་སྐུ༔ སོགས། འདི་ཕྱིན་བླ་མའི་སྒེར་འདོན་མཛད་རྒྱུའི་ཚིག་ལྷུག་ཐམས་ཅད་ཀྱི་གྱུར་ཅིག་གར་ཡོད་ལ། གྲྭ་ཚང་ནས་མཐུན་འགྱུར་མཛད་རྒྱུ་འགྲེ་ཤེས་དགོས། བུམ་པའི་མཚམས་རྣམས་སུ་བླ་མའི་མེ་ཏོག་འཐོར་ཞིང་ཌཱ་དྲིལ་བྱེད་བཞིན་པས། བསྐྱེད་རིམ་ལྷ་དབང་ཐོབ་པར་ཤོག༔ ཨོཾ་ཨཱཿ ཧཱུྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥཉྩ་ཨོཾ་ཨཱཿ ཧཱུྃ་ཧྲཱིཿ སྭཱ་ཧཱ༔ ཧཱུྃ༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ སོགས། པདྨ་ཁངྒ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་རིགས་ཀྱི་བུ་ཁྱེད་རྣམས་ལ་བུམ་པ་འདིས་དབང་བསྐུར་བས༔ ཕྱི་སྣོད་ཐམས་ཅད་གཞལ་ཡས་ཁང་དུ་ཤེས་པའི་དབང་ཐོབ་པར་གྱུར་ཅིག༔ བུམ་ཆུས་དབང་བསྐུར་བས༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོར་ཤེས་པའི་དབང་ཐོབ་པར་གྱུར་ཅིག༔ མཚན་མ་ལྔས་དབང་བསྐུར་བས༔ བདུད་བཞི་ཟིལ་གྱིས་གནོན་པའི་དབང་ཐོབ་པར་གྱུར་ཅིག༔ ཁ་རྒྱན་གྱི་དབང་བསྐུར་བས༔ འབྲས་བུ་མྱུར་དུ་སྨིན་པའི་དབང་ཐོབ་པར་གྱུར་ཅིག༔ མགུལ་ཆིངས་ཀྱིས་དབང་བསྐུར་བས༔ གཞན་དོན་དཔག་མེད་འགྲུབ་པའི་དབང་ཐོབ་པར་གྱུར་ཅིག༔ གཟུངས་ཐག་རྡོ་རྗེས་དབང་བསྐུར་བས༔ སྡོམ་པ་གསུམ་དང་དམ་ཚིག་མཐར་ཕྱིན་པའི་དབང་ཐོབ་པར་གྱུར་ཅིག༔ བུམ་ཆུས་དབང་བསྐུར་བས་རྩ་ཐིག་རླུང་གི་ཁམས་དག་ནས་བསྐྱེད་རྫོགས་ཟུང་དུ་འབྲེལ་བའི་དབང་ཐོབ་པར་གྱུར་ཅིག༔ འོ་མ་བུམ་རྫས་དང་བཅས་པས་དབང་བསྐུར་བས༔ རང་དོན་མཐར་ཕྱིན་ནས་གཟུགས་སྐུ་རྣམ་གཉིས་ཀྱིས་བསྐལ་


GTN005_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་སྟོང་གི་བར་དུ་འགྲོ་བ་སེམས་ཅན་ཐམས་ཅད་འདྲེན་པའི་དཔལ་མགོན་དམ་པར་གྱུར་ཅིག༔ གཟུངས་ཐག་རྣམ་ལྔས་དབང་བསྐུར་བས༔ སེམས་ཅན་ཐམས་ཅད་ཉོན་མོངས་པའི་སྡུག་བསྔལ་ལས་སྐྱོབ་པར་གྱུར་ཅིག༔ བུམ་ཆུ་གཙང་མས་དབང་བསྐུར་བས༔ ཐུགས་རྗེས་འཛིན་པའི་ཆུ་རྒྱུན་མི་འཆད་ཅིང་༔ སྟོང་ཉིད་སྙིང་རྗེ་དང་འབྲེལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བུམ་པ་རྒྱན་བཀོད་པ་གཟི་བྱིན་ཅན༔ བླ་མ་ཡབ་ཡུམ་རོལ་མོ་རྒྱན་དང་བཅས་པས་དབང་བསྐུར་བ་ལ་བརྟེན་ནས༔ ཞི་རྒྱས་དབང་དྲག་བཞིའི་ཕྲིན་ལས་རྣམས་མཐར་ཕྱིན་པའི་དབང་དང་དངོས་གྲུབ་དམ་པ་ཐོབ་པར་གྱུར་ཅིག༔ དབང་བར་གྱུར་ཅིག༔ གསལ་བར་གྱུར་ཅིག༔ མཆེད་པར་གྱུར་ཅིག༔ འབར་བར་གྱུར་ཅིག༔ རྒྱས་པར་གྱུར་ཅིག༔ དབང་དུ་གྱུར་ཅིག༔ སྨིན་གྲོལ་རིག་ཅིང་རྟོགས་པར་གྱུར་ཅིག༔ བརྟན་པར་གྱུར་ཅིག༔ གྲོལ་བར་གྱུར་ཅིག༔ མེ་ཏོག་གང་ལ་བབ་པའི་ལྷ་གང་ཡིན་པ་དང་དབྱེར་མེད་དུ་སངས་རྒྱས་པར་གྱུར་ཅིག༔ དེ་ནས་བུམ་དབང་གི་རྗེས་འབྲེལ་དུ་ནང་ལུས་དཀྱིལ་གྱི་བསྐྱེད་རིམ་ལ་དབང་བའི་ཕྱིར། སྐུའི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ སོགས། ལྷ་དབང་ཡོངས་རྫོགས་བསྐུར་དུ་གསོལ༔ ཅེས་གསོལ་བ་བཏབ་པས་ཁྱེད་རང་རྣམས་དཔལ་རྡོ་རྗེ་སེམས་དཔར་གསལ་བ་ལ། སློབ་དཔོན་གྱི་ལུས་དཀྱིལ་དང་། མདུན་བསྐྱེད་དཀྱིལ་འཁོར་གྱི་སྟེང་འོག་ནས་ཞི་ཁྲོ་དམ་པ་རིགས་བརྒྱ་ཚིག་རིས་དང་མཐུན་པར།


GTN005_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས། སྙིང་གར་ཞི་བ་དང་། སྤྱི་བོར་ཁྲག་འཐུང་སོགས་སོ་སོར་གདན་དང་བཅས་པ་གསལ་བར་བཞུགས་པའི་མོས་པ་མཛོད། ཧཱུྃ༔ མཐིང་གསལ་ཐིག་ལེའི་དཀྱིལ་འཁོར་དུ༔ ཀུན་ཏུ་བཟང་པོ་སོགས་ནས། འཆི་བའི་དུས་སུ་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་དུ་འོང་ངོ༔ དེ་ལྟར་བུམ་དབང་གི་རྗེས་འབྲེལ་དུ་ནང་ལུས་དཀྱིལ་གྱི་བསྐྱེད་རིམ་སོགས་ནས་གོང་གི་འགྲོ་དྲུག་དུས་ལྟར། མཆོག་དབང་གོང་མ་གསུམ། རྒྱལ་སྲིད་སྣ་བདུན། རྟགས་བརྒྱད། གཏོར་དབང་བཅས། བརྒྱུད་པའི་གཤར་འདེབས་རྫོགས་འཕྲལ། སརྦ་སིདྡྷི་ཧྲཱིཿ དེ་ལྟར་སྤྲོས་བཅས་བུམ་དབང་མཐའ་རྟེན་དང་བཅས་པ་ལེགས་པར་ཐོབ་པའི་ཡོན་ཏན་གྱི་ཚོགས་བསྟན་དུ་གསོལ་སྙམ་པའི་ཞུ་བ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ བླ་མ་རིན་པོ་ཆེ༔ སོགས། རྣམས་ལ་བསྟན་དུ་གསོལ༔ དེ་ལྟར་དབང་ཐོབ་པའི་ཡོན་ཏན། རྒྱུད་ལས། དེ་ལྟར་དབང་བསྐུར་ཡོན་ཏན་གྱིས༔ ལུས་ཀྱི་སྡིག་པ་འདག་པ་དང་༔ བསྐྱེད་རིམ་ལྷ་སྐུ་བསྒོམ་ལ་དབང༔ འབྲས་བུ་སྤྲུལ་བའི་སྐུ་ཡང་འཐོབ༔ དམ་ཚིག་ལུས་ཀྱིས་བསྲུང་བར་རིགས༔ ཡོན་ཏན་ལུས་ལ་བདེ་བ་སྐྱེ༔ ས་ཡང་བརྒྱད་པ་མན་ཆད་ནོན༔ འཕྲིན་ལས་ཞི་བ་འགྲུབ་པར་འགྱུར༔ བླ་མ་ཡོན་གྱིས་མཉེས་པར་བྱ༔ ཁྱད་པར་སྨན་འབྲུའི་མཎྜལ་དབུལ༔ ཞེས་གསུངས་པས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་དབང་ཐོབ་པའི་བཀའ་དྲིན་གཏང་རག་གི་ཆེད་དུ་མཎྜལ་འབུལ། ཞེས་མཎྜལ་འབུལ་འཇུག །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྩ་རྒྱུད་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་


GTN005_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་སྤྲིན་ཕུང་འཁྲིགས་པ་ལྟར་བྱོན་ནས། ཁྱེད་རང་རྣམས་ལ་དབང་དོན་གྱི་ཡེ་ཤེས་པ་དེ་ཉིད་མ་བསྐྱེད་པ་བསྐྱེད་ཅིང་བརྟན་པ་རྣམས་མི་ཉམས་ཤིང་བརྟན་པ་རབ་ཏུ་གནས་ཕྱིར་མེ་ཏོག་གི་ཆར་དབབ་ཅིང་། ཤིས་བརྗོད་མཛད་པའི་མོས་པ་མཛོད་ཅིག །ཨོཾ་ཡེ་དྷརྨཱ་སོགས། ཤིས་བརྗོད་རྒྱས་པར་བྱས་མཐར། དེ་ལྟར་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་བཞི་འཕྲད་ཚད་རང་གྲོལ་མཐའ་རྟེན་དང་བཅས་པ་ལེགས་པར་གྲུབ་པའི་གསང་སྔགས་ཀྱི་རྩ་བ་དབང་ལ་རག་ལས་ཤིང་། དབང་གི་རྩ་བ་དམ་ཚིག་བསྲུང་བ་གལ་ཆེ་སྟེ། པད་སྡོང་བརྩེགས་པ་ལས། གསང་སྔགས་རྩ་བ་དབང་ཉིད་དེ། །དེ་ཉིད་རྩ་བ་དམ་ཚིག་ལ། །འདའ་བར་མི་བྱ་བསྲུང་མཚམས་རྣམས། །གཉིས་ཀྱི་ཤེར་ཕྱིན་དངོས་གྲུབ་འབྱུང་། །ཞེས་གསུངས་སོ། །མདོར་བསྡུ་ན། ཐུན་མོང་གི་དམ་ཚིག་ཏུ། སྤྱིར་གསང་སྔགས་པ་ལ་དམ་ཚིག་བསྲུང་མཚམས་ས་ཡ་འབུམ་སྡེ་གསུངས་པ་ལ། མདོར་བསྡུ་ན། ཐལ་འགྱུར་ལས། དབང་བརྟེན་པ་ཡི་དམ་ཚིག་ནི། །དབྱེ་བ་བརྗོད་ཀྱིས་མི་ལང་ཡང་། །མདོར་བསྡུས་སྐུ་དང་གསུང་དང་ཐུགས། །རྣལ་འབྱོར་ལུས་ངག་ཡིད་ལ་སྦྱར། །ཞེས་གསུངས་པས། རྩ་བ་སྐུ་གསུང་ཐུགས་ལ་ཕྱི་ནང་གསང་བ་གསུམ་ལ་དགུ་དགུར་དབྱེ་བའི་ཉི་ཤུ་རྩ་བདུན་དུ་གསུངས་པ་ལས། བསྡུས་ན་ཕྱིའི་དམ་ཚིག་ཏུ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བ་ཐམས་ཅད་སྤངས། ནང་གི་དམ་ཚིག་ཏུ་རྡོ་རྗེ་སློབ་དཔོན་གྱི་སྐུ་གསུང་ཐུགས་དང་མི་འགལ་ཞིང་། ལུས་ངག་ཡིད་གསུམ་གུས་པས་མཉེས་པར་བྱ། གསང་བའི་


GTN005_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཏུ། སྒོ་གསུམ་ལྷ་ཡི་སྐུ་གསུང་ཐུགས་སུ་གསལ་བས། བསྐྱེད་རིམ་བཟླས་པ་ཏིང་ངེ་འཛིན་གསུམ་དང་མ་བྲལ་བར་བྱའོ། །སྤྱི་ཡི་དམ་ཚིག་དེ་ལྟར་སོང་ནས། དགོས་སུ་དབང་བཞིའི་དམ་ཚིག་གི་དམིགས་བསལ་ནི། བུམ་དབང་ཐོབ་ནས་སྣོད་བཅུད་ཐ་མལ་དུ་མི་འཛིན་པར་ལྷ་ཡི་དཀྱིལ་འཁོར་དུ་བལྟ། གསང་དབང་ཐོབ་ནས་སྒྲ་སྐད་བརྗོད་ཚིག་ཐ་མལ་དུ་མི་འཛིན་པར་སྔགས་སུ་ཤེས་པར་བྱ། ཤེར་དབང་ཐོབ་ནས་བཟང་ངན་འཆར་རྟོག་ཐམས་ཅད་ཆོས་དབྱིངས་ལྷན་སྐྱེས་ཡེ་ཤེས་སུ་ཁྱེར། མ་རིག་ལོག་ལྟ་ཆགས་སེམས་སྤངས། ཚིག་དབང་ཐོབ་ནས་སྒོ་གསུམ་ཐ་མལ་ཞེན་འཛིན་འཁྲུལ་ཕྱིར་མི་འབྲང་བར་ཅིར་སྣང་ཆོས་ཉིད་དུ་ཁྱེར་བ་ཡིན་ནོ། །དེ་ལྟར་དམ་ཚིག་རྣམས་མ་ཉམས་པར་བསྲུངས་ན་གནས་སྐབས་དང་མཐར་ཐུག་ཐམས་ཅད། བདེ་སྐྱིད་ཀྱི་གཞི་ཐིང་ཞིང་བླ་མེད་བྱང་ཆུབ་མྱུར་དུ་ཐོབ་ལ། དམ་ཚིག་ཉམས་ན་གནས་སྐབས་མཐར་ཐུག་ཐམས་ཅད་སྡུག་བསྔལ་བཟོད་དཀའ་བ་མྱོང་ཞིང་། བྱང་ཆུབ་ཀྱི་འབྲས་བུ་བརླག་པར་འགྱུར་ཏེ། རྒྱུད་པད་སྡོང་བརྩེགས་པ་ལས། མ་ཉམས་བསྲུང་ན་དོན་འབྲས་འགྲུབ། །ཉམས་ན་ཡུན་རིང་དུ་ཁཿ མྱོང་། །དེ་ཕྱིར་དེ་དོན་ལེགས་པར་བྱ། །ཞེས་གསུངས་པས། དམ་ཚིག་དང་སྡོམ་པ་རྣམས་སྤངས་བླང་མ་ཉམས་པར་བསྲུང་སྙམ་པས་འདི་ཡི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །སླར་ཡང་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ་ཀུན་


GTN005_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་མཆོད་པའི་སྤྲིན་ཕུང་དུ་སྤྲོས་ཏེ་ཕུལ་ན། ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམས་པས་འདི་ཡི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང་། །བདག་གི་ལུས་ཀྱང་བཞེས་སུ་གསོལ། །དེ་ལྟར་དབང་ཡོངས་སུ་རྫོགས་པ་ལེགས་པར་ཐོབ་པའི་དགེ་རྩ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་བྱོས་ཤིག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཅེས་སོགས་བརྗོད་ལ་སློབ་མ་རྣམས་རང་གནས་སུ་བཏང་། སླར་ཡང་གཤིན་ཆོག་གི་ཟས་༼རཾ་ཡཾ་ཁཾ། འདོད་ཡོན་ཟག་སོགས།༽གཏད་ནས་བྱང་བུ་བསྲེག་པའི་བར་བྱའོ། །ཞེས་པ་འདི་ཡང་མཁས་བཙུན་བཟང་པོའི་དཔལ་གྱིས་འབྱོར་པའི་བཤེས་གཉེན་བླ་མ་དམ་པ་འཇིགས་མེད་བློ་གསལ་དང་། བླ་མ་ཀུན་བཟང་ཆོས་རྒྱལ་གཉིས་ཀའི་གསུང་བསྐུལ་ནན་ཟབ་ཆེ་བས། མདོར་བསྡུས་ལ། དམ་ཚིག་གི་འཕྲོས་ཅུང་ཟད་རྒྱས་པར་བྱས་ཏེ། རྒྱལ་བ་ཀཿ ཐོག་པ་དང་། ཞེ་རྫོགས་ཀྱི་ཕྱག་བཞེས་ཟུང་འབྲེལ་དུ་མཐུ་སྟོབས་རྣམ་རྒྱལ་པས་སོ། །མངྒ་ལཾ།། །།

གནས་འདྲེན་ཟིན་བྲིས།


GTN005_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འདྲེན་ཟིན་བྲིས་ལ། ན་མོ་གུ་རུ་ཝེ། ཐོག་མར་ལས་བུམ་ཆུས་བྲན་ཞིང་། ཨོཾ་མ་ཧཱ་ཤུ་ནྱ་ཏ་སོགས་ཀོ྅ཧཾ། རང་སེམས་མ་ བཅོས་སྟོང་ཉིད་སོགས་ནས། དཀོན་མཆོག་གསུམ་གྱི་བདེན་པས་འདིར་ཁུག་ཅིག །ཇི་ལྟར་བལྟམས་པ་སོགས་དེ་བཞིན་བདག་གིས་སོགས་ཡི་གེ་བརྒྱ་པ་བཟླ། ཨོཾ་བཛྲ་ཨ་མྲ໏་ཏ་སོགས་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལན་ཆགས་བགེགས་ཀྱི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཨོཾ་བཛྲ་ཨ་ཀརྴ་ཡ་ཛ༔ ལན་གསུམ། ཨོཾ་སརྦ་བྷིགྷྣཾན་ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས། བྷ་ལིངྟ་སྭཱ་ཧཱ། ལན་གསུམ་དང་། ས་དང་ལམ་ལ་སོགས་ནས། མ་འདུག་གཞན་དུ་དེངས༔ ན་མོ་རྩ་རྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང་། ངན་འགྲོ་ཐམས་ཅད་རྣམ་པར་སྦྱོང་བ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། ཁྱད་པར་དུ་དཔལ་ཆེ་མཆོག་ཧེ་རུ་ཀའི་སྤྲུལ་པ་ཕྱག་བརྙན་དང་བཅས་པའི་མཐུ་དང་རྩལ་གྱིས་སློབ་


GTN005_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

མའམ་དམིགས་ཡུལ་འདི་རྣམས་ལ་དབང་བསྐུར་གྱི་ཆོ་ག་ཟབ་མོ་སྒྲུབ་པར་བྱེད་པ་ལ་བར་དུ་གཅོད་པའམ། གཤིན་པོ་ལ། ཚེ་ལས་འདས་པ་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་། གཤིན་གྱི་དུས་སུ་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་སོང་ཤིག །གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་རྡོ་རྗེ་འབར་བའི་མགོ་བོ་ཚལ་བ་བརྒྱར་འགས་༼མཆོད་རོལ།༽པར་གྱུར་ཏ་རེ། ཨོཾ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ༴ ཨོཾ་རུ་ལུ༴ ཨོཾ་སུམ་བྷ་ནི་སོགས་དྲག་སྔགས་བཟླ་ཡུངས་ཐུན་གྱིས་བྲབ། ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ སོགས་ཙཀྲ་ཛྭ་ལ་རཾ་ཧཱུྃ་ཕཊ༔ བླ་མས། ཞེས་བརྗོད་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་རྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འཕྲོ་བས་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པའི་མོས་པ་མཛོད། ཧཱུྃ། ཚེ་འདས་ལུས་བརྗེས་བར་དོའི་རྣམ་ཤེས་ཁྱོད༔ སོགས་ནས། ས་མ་ཡ་ལྷན༔ གང་འདིར་རྫོགས་པའི་སོགས། གསོལ་བར་བགྱིའོ། །ཁྲུས་ཀྱི་ཁང་པ་སོགས་ནས་ལྷ་ཁྲུས་བྱའོ། །དེ་ནས། པྲ་ཏི་ཙྪ་ཡེ་སྭཱ་ཧཱ༔ ཧཱུྃ༔ འདིར་ནི་སྦྱིན་པའི་སོགས་ནས། དུག་རྣམས་གཏན་ནས་དག་གྱུར་ཅིག །ཡིག་བརྒྱ་དང་ཀཾ་ཀ་ནི་སོགས་བརྗོད་ཅིང་ཁྲུས་བྱས། བླ་མས། དེ་ནས་གསོལ་བ་གདབ་པ་འདི་ཡི་རྗེས་ཟློས་མཛོད། ཀྱེ་མ་མགོན་པོ་ཐུགས་རྗེ་ཅན༔ སོགས་ནས། བཟུང་དུ་གསོལ༔ འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཟུང་འཇུག་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན་ཁྱབ་བདག་གདོད་མའི་མགོན་པོ་ཀུན་བཟང་རྡོ་རྗེ་འཆང་


GTN005_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་གོ་འཕང་དམ་པ་ཐོབ་པར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོ་ནས་མངོན་པར་དབང་བསྐུར་བ་ཟབ་མོ་གསན་ཏེ་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་རྒྱ་ཆེན་པོ་བྱ་སྙམ་པའི་སེམས་བསྐྱེད་ཡང་དག་པ་དང་བཅས་ཏེ་ཆོས་ཉན་པའི་ཀུན་སྤྱོད་ཡང་མདོ་རྒྱུད་རྣམས་ལས་ཇི་ལྟར་གསུངས་པ་ལྟར་ལེགས་པར་གསན་འཚལ། དེ་ཡང་འོ་སྐོལ་གྱི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་སེམས་ཅན་གྱི་བསམ་པ་དང་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་མི་ཁྱབ་པ་བསྟན་པས། བསྡུ་ན་ཐེག་པ་ཆེ་ཆུང་གཉིས་ལས། ཐེག་པ་ཆེན་པོ་དེ་ལའང་གསར་རྙིང་གཉིས་ལས་འདིར་ཕྱི་མ། དེ་ལའང་ཕྱི་རྒྱུད་སྡེ་གསུམ། ནང་རྒྱུད་སྡེ་གསུམ་དུ་ཕྱེ་བའི་ནང་ཚན་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག །དེ་ལས་འདིར་བསྐྱེད་རྫོགས་རྣམ་པ་གསུམ་གྱི་སྒོར་ཞུགས་པའི་སྦྱོར་བ་རྣམས་ཀྱི་ཉམས་ཆག་སྐོང་ཞིང་རྟོག་སྒྲིབ་སྦྱོང་བ་ལ་སེམས་ཅན་ཐམས་ཅད་ངན་སོང་གི་སྡུག་བསྔལ་ལས་དྲངས་ནས་བླ་ན་མེད་པའི་དངོས་གྲུབ་ཀྱི་སྐལ་བ་ཅན་དུ་བྱེད་པའི་ཐབས་མཁས་ཀྱི་སྒོ་ནས་རྨད་དུ་བྱུང་བའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྒོ་ནས་དབང་བསྐུར་བ་ཡིན་པས། ཐོག་མར་ལོ་རྒྱུས་མདོ་ཙམ་ནི། སྔོན་འདོད་ཁམས་ཀྱི་གནས་འདི་ན་བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ་རིག་པའི་གནས་ལྔ་ལ་མཁས་པ་ཞིག་ལ་སློབ་མ་རྒྱལ་པོའི་བུ་ཞིག་ཡོད་པ་དེའི་སློབ་སྦྱོང་མཐར་ཕྱིན་པ་ན། ད་ནི་ང་ཡི་གོང་ན་རིག་པ་སྨྲ་བ་སློབ་དཔོན་འདི་ཙམ་དུ་ཟད་པས། འདི་གོང་དུ་མི་གཏོང་


GTN005_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་དུ་བསམ་ནས་སློབ་དཔོན་ལ་མཐོ་འཚམ་ཞིང་སློབ་དཔོན་གྱིས་ཀྱང་ཞེ་སྡང་གི་དམོད་པ་བོར་བའི་ལས་ཀྱིས་གཉིས་ཀ་ངན་འགྲོར་ལྷུང་ནས་སྡུག་བསྔལ་གྱིས་ཉམ་ཐག་པར་གྱུར་པ་ལ། ཡུལ་དང་འཕྲད་པའི་ཐུགས་རྗེ་སྐྱེ་ནས། དཔལ་རྡོ་རྗེ་སེམས་དཔའ་མངོན་སུམ་དུ་བྱོན་ནས་འགྱོད་ཚངས་ཀྱི་བཤགས་པ་དང་། ཡིག་བརྒྱའི་སྔགས་བསྟན་པས་སྔོན་གྱི་གནས་དྲན་ཏེ་འགྱོད་པ་དྲག་པོ་སྐྱེས་པ་ལ་གསང་བའི་བདག་པོའི་ཕྱི་ནང་གསང་བའི་དབང་བསྐུར་བའི་དགེ་བས་གསོས་ཐེབས་ཏེ་བྱང་ཆུབ་ཀྱི་མྱུ་གུ་སྐྱེས་པས་རིམ་གྱིས་རིག་འཛིན་གྱི་ས་ལ་གནས་པར་གྱུར་ཏོ། །དེ་ལྟར་ཀུན་བཟང་རྡོ་རྗེ་འཆང་ཆེན་པོས་རྡོ་རྗེ་སེམས་དཔའ་ལ་དགོངས་པའི་བྱིན་གྱིས་བརླབས་པ་རྒྱལ་བ་དགོངས་རྒྱུད། རྡོ་རྗེ་སེམས་དཔའི་མན་ངག་གི་གནད་རྫོགས་ཆེན་འཁོར་འདས་རང་གྲོལ། བཏགས་གྲོལ་རྒྱུད་དྲུག་གི་ཆོས་སྐོར་སོགས་བརྡའི་སྒོ་ནས་རིག་འཛིན་དགའ་རབ་རྡོ་རྗེ་དང་། དེས་ཤྲི་སིངྷ། དེས་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་སོགས་ལ་བརྡའ་ཙམ་བསྟན་པས་དོན་ཁོང་དུ་ཆུད་ལ། དེ་ཡན་རིག་འཛིན་བརྡའ་བརྒྱུད། འགྱོད་ཚངས་བཤགས་པའི་རྒྱུད་ནི་གླང་པོ་ཆེ་རབ་འབོག་གི་རྟོགས་པ་གཅིག་ཁོལ་དུ་བྱུང་བ་ཡིན་ཞིང་། དེ་ནི་གསང་བདག་གི་མཐུས། རྒྱལ་པོ་ཛཿ ལ་གླེགས་བཾ་གྱི་ཆར་བབས་པའི་ནང་ཚན་ཡིན་ཞིང་། འཕགས་ཡུལ་གྱི་རིག་འཛིན་རྣམས་ལས་བརྒྱུད་དེ་ཤིང་རྟ་ཆེན་པོ་སངས་རྒྱས་གསང་བ་ལ་བཀའ་བབས། དེ་ཉིད་ཀྱིས་བི་མ་ལ་དང་པདྨ་འབྱུང་གནས་ལ་གནང་ཞིང་། པདྨ་འབྱུང་གནས་ལས་


GTN005_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

གངས་ཅན་ལྗོངས་སུ་ཡོ་གའི་རྒྱུད་དང་ཨ་ཏིའི་མན་ངག་ཟུང་དུ་བསྡེབས་པའི་བསྐྱེད་རྫོགས་རྣམ་པ་གསུམ་གྱི་སྒོར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆག་སྐོང་ཞིང་། རྟོག་སྒྲིབ་སྦྱོང་བ་སེམས་ཅན་ཐམས་ཅད་ངན་སོང་གི་སྡུག་བསྔལ་ལས་དྲངས་ནས་བླ་ན་མེད་པའི་དངོས་གྲུབ་ཀྱི་སྐལ་བ་ཅན་དུ་བྱེད་པ་ལ། ཐབས་མཁས་ཀྱི་སྒོ་རྨད་དུ་བྱུང་བ་རྣལ་འབྱོར་སྤྱི་ཁྲུས་ན་རག་དོང་སྤྲུག་གི་ཆོ་ག་མང་དུ་མཛད་པ་གཉགས་ལོ་ཡེ་ཤེས་གཞོན་ནུ་ལ་བཀའ་བབས་ཏེ་བཀའ་མ་ལྟར་དུ་དར་བར་མཛད། དེ་ལྟར་དོང་སྤྲུག་ལས་ཁོལ་དུ་བྱུང་བ་དགོངས་པ་རང་གྲོལ་འདི་ཉིད་རྒྱུད་བསྐྱེད་པ་མ་ཧཱ་ཡོ་ག་ལྟར་ཁོག་ཕུབ་ལ། ལྟ་སྒོམ་རྫོགས་པ་ཆེན་པོ་གཙོ་བོར་སྟོན་ཏེ་སྒྲུབ་ཕྲིན་གྱི་རིམ་པ་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་བར་དོ་རྣམ་པ་དྲུག་གིས་གཏན་ལ་ཕབ་སྟེ་ལམ་རྫོགས་ཆེན་ལྟར་ཉམས་སུ་ལེན་བྱའི་གདམས་པ་འདི་ཉིད་མཁའ་འགྲོའི་གཙོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་དང་། ལོ་ཙཱ་བ་ཅོག་རོ་ཀླུ་ཡི་རྒྱལ་མཚན་སོགས་ལ་སྙན་བརྒྱུད་དུ་གནང་ཞིང་། མ་འོངས་སྙིགས་དུས་ཀྱི་འགྲོ་བ་བསོད་ནམས་དམན་པ་རྣམས་ཀྱི་དོན་དུ་བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་གསུམ་ལྡན་དུ་གཏེར་དུ་སྦ་བར་མཛད། ཕྱིས་སྤྲུལ་པའི་གཏེར་སྟོན་ཀརྨ་གླིང་པའི་ཟབ་ཆོས་འདི་ཉིད་གསང་གཏེར་བྱས་ཏེ་བརྒྱུད་པ་གསུམ་གྱི་བར་དུ་ཆིག་བརྒྱུད་མཛད་ལ། དེ་ནས་རིམ་པར་བརྒྱུད་དེ། བདག་ཅག་གི་རྣམ་འདྲེན་དམ་པ་ལས་ཐོབ་པ་ནི་གང་ལས་བྱུང་བའི་བརྒྱུད་པའི་ལོ་རྒྱུས་ཡིན་ལ།


GTN005_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་རྒྱུས་དེ་ལྡན་གྱི་གདམས་པ་འདི་ནི་མ་བསྒོམས་པར་འཚང་རྒྱ་བའི་གདམས་པ་དྲུག་གི་ནང་ཚན། ཚིག་རྣ་བར་ཐོས་པ་ཙམ་གྱིས་གྲོལ་ནུས་པའི་སྙན་བརྒྱུད་ཐོས་གྲོལ་ཆེན་མོ་ཞེས་བྱ་བ། ཐོས་པ་ཙམ་གྱིས་གྲོལ་བ་ཐོབ་པའི་ཆོས། སྡིག་པོ་ཆེ་གསང་ལམ་ལ་ཁྲིད་པའི་ཆོས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་པའི་ཆོས་ཟབ་མོ་མཚམས་མེད་པ་ལྔ་བསགས་པའི་མིའི་རྣ་ལམ་དུ་ཐོས་ནའང་། ངེས་པར་གྲོལ་བར་འགྱུར་ཏེ། དཔལ་ཀུན་ཏུ་བཟང་པོ་ཉིད་ཀྱི་ཞལ་ནས་ཀྱང་། གལ་ཏེ་རྣལ་འབྱོར་ཕོ་མོ་གང་ཞིག་གིས་དཀྱིལ་འཁོར་གྱི་ལྷ་འདི་རྣམས་ཀྱི་མཚན་རྣ་བར་ལན་གཅིག་ཐོས་པ་ཙམ་གྱིས་ཀྱང་། ན་རཀ་ཆེན་པོར་མི་ལྟུང་ངོ་། །ཞེས་གསུངས་པ་དང་། གཞན་ཡང་། རང་བཞིན་སྒྱུ་འཕྲུལ་དཀྱིལ་འཁོར་ལ། །གང་ཞིག་གུས་པས་ཕྱག་འཚལ་ན། །ཉམས་ཆག་སྐོང་ཞིང་དངོས་གྲུབ་ཐོབ། །ཅེས་གསུངས་པས་དེ་ལྟ་བུའི་གདམས་པ་ཁྱད་པར་ཅན་འདིའི་སྒོ་ནས་གསོན་པོ་རྣམས་ལ་གནས་ལུང་དབང་བསྐུར་བ་དང་། ཚེ་འདས་རྣམས་ཀྱང་རིགས་དྲུག་གི་གནས་ནས་དྲངས་ཤིང་དབང་བསྐུར་བ་ལྷན་ཅིག་ཏུ་མཛད་པའིི་ཕྱག་སྲོལ་ད་ལྟར་གྱི་བླ་མ་རྣམས་ཀྱི་མཛད་པ་ལྟར་སྒྲུབ་པ་དེའི་སྐབས་སུ་བབས་པ་ཡིན་པས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་རྩེ་གཅིག་ཏུ་ཐོབ་ཅིག །༼བཞི་བཅད་ཀྱིས།༽ ཀྱཻ་མ་ཚེ་འཕོས་ལུས་བརྗེས་བར་དོའི་ཡིད་ལུས་ཁྱོད༔ སོགས་ནས། གསོལ་བ་ཐོབཿ ཀྱཻ་མ་བདག་འདྲའི་སོགས་ནས་གཞུང་ལྟར་ནར་འདེད་ཀྱི་མིའི་ཕྱི་ལམ་བཅད་དེ། ས་


GTN005_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ཤོག །དེ་ནས་སློབ་དཔོན་གྱིས། འོ་གསང་ཆེན་ལམ་གྱི་འཇུག་སྒོ་དབང་བསྐུར་བའི་སྐབས་སུ་བབས་པ་ཡིན་པས་བདག་ཅག་གི་བགྱི་འོས་རྣམས་སྔོན་དུ་སོང་གྲུབ་པ་ཡིན། ད་ཁྱོད་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། ས་གཞི་སྤོས་སོགས་མཎྜལ་ཕུལ་ལ། གསོན་པོ་ལ། ྿ སྔོན་ཆད་དཀྱིལ་འཁོར་གྱི་ལྷ་དང་མ་མཇལ་བའི་མཇལ་ན་ཡང་དཀྱིལ་འཁོར་སོ་མ་འདི་ཉིད་མ་མཐོང་བའི་བརྡར་རས་དམར་པོས་གདོང་གཡོགས་ཏེ་འཆང་བའི་མོས་པ་མཛོད། ཨོཾ་ཙཀྵུ་བྷན་དྷ་ཝ་ར་མ་ན་ཡེ་ཧཱུྃ། ཨོཾ་ཨཱཿ ཧཱུྃ་གིས་མིག་དར་བཅིང་། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པས་མཇལ་དུ་མི་རུང་བས་ཕྱག་རྟེན་དུ་ཨུ་དུམ་ཝ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་བྱིན་པའི་མོས་པ་མཛོད། ཨོཾ་ཨཱཿ ཁཾ་ཝ་ར་ཧཱུྃ༔ གིས་མེ་ཏོག་གཏད། ྿ གཤིན་པོ་ལ་སྔགས་ཁོ་ནས་ཆོག །ས་ཕྱོགས་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་ནང་དུ་སློབ་དཔོན་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་རྣམ་པར་བཞུགས་པ་ལ་མི་ཕྱེད་པའི་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། །ཨེ་མ་མགོན་པོ་ཐུགས་རྗེ་ཅན་སོགས། འཇུག་ཏུ་གསོལ༔ དེ་ནས་གནང་བ་སྦྱིན་པ་འདི་ལ་གསན་པའི་ཁྱབ་པར་གདལ། ཨེ་མ་སྐལ་ལྡན་བུ་ཁྱོད་ལེགས་པར་ཉོན༔ སོགས་ནས། ལེགས་པར་ཉོན༔ མགོན་པོ་ཐུགས་རྗེ་ཆེ་ལྡན་སོགས། དག་པའི་སོགས། གྲོལ་ནས་སོགས། ཕྱག་འཚལ་བ་དང་སོགས། བསྔོ། །྿ གསོན་པོ་ལ། དེ་ནས་མདུན་གྱི་ནམ་མཁར་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་


GTN005_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་ཕུང་འཁྲིགས་པ་བཞིན་བཞུགས་པ་ལ་ཐུན་མོང་དང་ཁྱད་པར་གྱི་སྐྱབས་སུ་འགྲོ་བ། སོ་སོར་ཐར་པའི་སྡོམ་པ་བཟུང་བ་སྨོན་པ་འཇུག་པའི་སེམས་བསྐྱེད་བླང་བ་སྤྱི་དང་ཁྱད་པར་གྱི་དམ་ཚིག་དང་སྡོམ་པ་རྣམས་གཟུང་བར་བྱའོ་སྙམ་པའི་འདིའི་རྗེས་ཟློས་མཛོད། ཞེས་པའོ། །འདི་ལྟར་གྱིས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས༴ ཚུར་ཤོག ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཨུ་ཙ་ཏ་ཡ་ཕཊ། ཁྱེད་རང་རྣམས་ཀྱི་སྤྱི་བོར་བླ་མ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ་དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུ་གསལ་བའི་ཐུགས་ཀར་ཧཱུྃ་ཡིག་དཀར་པོའི་མཐར་ཡི་གེ་བརྒྱ་པས་གཡས་སུ་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་པས་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཚངས་བུག་ནས་ཞུགས་ལུས་ཐམས་ཅད་གང་། ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་སྦྱངས་པར་བསམ་ལ་ཡི་གེ་བརྒྱ་པ་ལན་གསུམ་གསུང་བར་ཞུ། ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས་ལན་གསུམ། ༼ལྷུག་འདོན། ༽ བདག་ནི་མི་ཤེས་གཏི་མུག་རྨོངས་པ་ཡིས། །དམ་ཚིག་བསྲུང་མཚམས་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོ་ཁྱེད་ཀྱིས་སྐྱབས་མཛོད་ཅིག །གཙོ་བོ་དཔལ་ལྡན་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོ་བརྩེ་བའི་བདག་ཉིད་ཅན། །འགྲོ་བའི་གཙོ་བོས་བདག་སོགས་སྐྱབས་མཛོད་ཅིག །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་བཅས་ཀུན། །མ་ལུས་བྱང་ཞིང་དག་པར་མཛད་དུ་གསོལ། །ཞེས་གསོལ་བ་


GTN005_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པས་རྡོར་སེམས་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པར་གྱུར། བར་བསམ་ལ། ༼རྫོགས་ཆེན་ལྟར་ལ་ཚུར་ཤོག་ཚུར་ཤོག༽ ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་སློབ་མའི་རིག་པའི་ངོ་བོ་དཔལ་རྡོ་རྗེ་སེམས་དཔའ་གསལ་བའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་ཀུན་བཟང་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཁ་བ་དང་བུ་ཡུག་འཚུབ་པ་ལྟར་བྱོན་ནས་ཁྱེར་རང་རྣམས་ལ་སིབ་སིབ་ཏུ་ཐིམ་པའི་མོས་པ་མཛོད། ལས་བུམ་གྱི་ཆུས་འཐོར་ཞིང་། སློབ་མ་ལྷར་གསལ་གྱིས་མཚམས་སྦྱར་བྱས་ཏེ་ཌཱ་དྲིལ་སྤོས་འདྲེན་བཅས་བྱིན་འབེབས་ཆེ་བ་རྟ་བཅས། ཧཱུྃ་ཆོས་དབྱིངས་ཀ་དག་ཕོ་བྲང་སོགས་རྩ་སྔགས་མཐར། ས་མ་ཡ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱཿ ཞེས་བརྟགས་པ་བཟླས་ཤིང་ཌཱ་དྲིལ་ཡུན་བསྲིང་། དེ་ལྟར་བྱིན་ཕབ་པས་ཡེ་ཤེས་པ་རྣམས་ཁྱེད་རང་རྣམས་ལ་རོ་གཅིག་ཏུ་ཐིམ་པའི་མོས་པ་མཛོད། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཞེས་བརྟན་པར་བྱ། དེ་ནས་སྒོ་དབྱེ། དེ་ནས་སྒོ་དབྱེ་བར་གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད། དེ་ཡང་འདི་ན་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་བཞུགས་པ་ཡིན་པས་དེ་དག་གི་ངོ་བོ་ཡེ་ཤེས་གཅིག་གི་རོལ་པར་ཤར་བ་མ་གཏོགས་བཟང་ངན་མེད་ཀྱང་རང་གི་ལས་འབྲེལ་ཡོད་པའི་ལྷ་དེ་ལ་དབབ་པར་ཤོག་སྙམ་དུ་འདིའི་རྗེས་ཟློས་དང་བཅས་ཏེ་མེ་ཏོག་ལྟོས་པ་མེད་པར་དོར་མཛོད། ཧཱུྃ། བདག་ཅག་རིག་པའི་མེ་ཏོག་འདི། །སོགས། ཧཱུྃ་དཀྱིལ་འཁོར་ཆེན་པོའི་ཤར་གྱི་སྒོ༔ སོགས་ནས། མེ་ཏོག་དོར་བ། སྤྱན་དབྱེ། ལྷ་ངོ་བསྟན་པ། སོགས་སོང་ནས། དེ་ནས་བུམ་དབང་གི་སྔོན་དུ་འགྲོ་བ་ཐུན་མོང་རིག་པའི་དབང་ལྔ་ཞུ་བ་ལ་


GTN005_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་གདབ་པ་འདི་ཡི་རྗེས་ཟློས་མཛོད། ཀྱཻ་མ་བླ་མ་རྡོ་རྗེ་འཛིན༔ བདག་ཅག་རིགས་དྲུག་གནས་སུ་འཁྱམས༔ དམ་ཚིག་ཉམས་ཆག་དབང་མེད་བསགས༔ འགྲོ་མགོན་ཐུགས་རྗེ་ཅན་ཁྱོད་ཀྱིས༔ ཉམས་ཆག་སྐོང་ལ་དངོས་གྲུབ་སྩོལ༔ དབང་མཆོག་རྣམས་ཀུན་དུས་འདིར་སྩོལ༔ ཅེས་གསོལ་བ་བཏབ་པའི་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་དབང་གི་བྱ་བ་ལ་དགྱེས་ཤིང་མཆོད་པའི་རྣམ་རོལ་དུ་མ་དང་བཅས་ཏེ་དབང་བསྐུར་བའི་མོས་པ་གྱིས། ཞེས་ལས་བུམ་མགོར་བཞག །སྤྱི་བོ་ཆུ་ཐིགས་གཅིག་ལ། ཧཱུྃ། སྐུ་གསུམ་དམ་ཚིག་སོགས་ནས། ཥིཉྩ་མཾ༔ འོ་དེ་ལྟར་ཐུན་མོང་རིག་པའི་སོགས་ནས་གྱུར་ཅིག༔ དེ་ནས་བུམ་དབང་ཆེན་མོ་ཞུ་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ་བླ་མ་རྡོ་རྗེ་འཛིན་པ་ཆེ༔ སོགས། བུམ་པའི་དབང་མཆོག་བསྐུར་དུ་གསོལ༔ ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་རྣམ་པར་འཁོད་པའི་མོས་པ་མཛོད། སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁར་དབང་གི་ལྷ་ཕྱོགས་བཅུའི་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་རྣམས་སྤྲིན་ཕུང་གཏིབས་པ་བཞིན་བྱོན་ནས་བཞུགས་པར་གྱུར། དེ་རྣམས་ལ་སློབ་དཔོན་གྱིས་མཆོད་ཅིང་གསོལ་བ་བཏབ་པའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཞེས་དེ་བཞིན། ཤཔྟའི་བར་གྱིས་མཆོད། ༼མཆོད་རོལ་ཌྰ་རྒྱ་དུང་དཀར༽དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ་ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དེ་བཞིན་


GTN005_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཡབ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་བུམ་པའི་ཆུ་རྒྱུན་གྱིས་དབང་བསྐུར། འཁོར་གྱི་སེམས་དཔའ་སེམས་མ་རྣམས་ཀྱིས་ཤིས་པ་བརྗོད། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད་པའི་སྦྱོར་བ་དང་བཅས་ཏེ་དབང་བསྐུར་བར་གྱུར། ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལྷ་དབང་ལུས་ལ་ཐོབ་པར་ཤོག༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨ་ཨ༔ ཨོཾ་བྷུདྡྷ་ཨ་བྷི༴ སྭ་རཏྣ་ཨ་བྷི༴ ཨོཾ་པདྨ་ཨ་བྷི༴ ཧཱ་ཀརྨ་ཨ་བྷི་ཥིཉྩ་ཨ་ཨ༔ ཧཱུྃ་རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རྒྱ་གྲམ་ཐུགས་ཀྱི་རྟགས༔ རིགས་ཀྱི་བུ་ལ་དབང་སྐུར་བས༔ འཁོར་ལོ་ལྔ་ལ་དབང་རྫོགས་ཤོག༔ བཛྲ་ཙཀྲ་རཏྣ་པདྨ་ཀརྨ་ཁ་ཁ་ཨ་བྷི་ཥིཉྩ་ཨ༔ འོ་རིགས་ཀྱི་བུ་ཁྱོད་ལ་བུམ་པའི་དབང་སྐུར་བས་ཕྱི་སྣོད་ཐམས་ཅད་གཞལ་ཡས་ཁང་སོགས་ནས་སངས་རྒྱས་པར་གྱུར་ཅིག །དེ་ནས་བུམ་དབང་གི་རྗེས་འབྲེལ་དུ་ནང་ལུས་དཀྱིལ་གྱི་བསྐྱེད་རིམ་ལ་དབང་བའི་ཕྱིར་སྐུའི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། །ཀྱེ་ཧོ་བླ་མ་རྡོ་རྗེ་འཛིན་པ་སོགས། དབང་བསྐུར་དུ་གསོལ༔ དེ་ལྟར་གསོལ་བ་བཏབ་པས། སློབ་དཔོན་དང་མདུན་བསྐྱེད་དཀྱིལ་འཁོར་དུ་བཞུགས་པའི་ཞི་བ་བཞི་བཅུ་རྩ་གཉིས་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་སྙིང་ག་དྭངས་མ་ལྔ་འདུས་འོད་ཀྱི་ཐིག་ལེའི་ཀློང་དུ་བཞུགས་པར་གྱུར་པའི་མོས་པ་མཛོད་ཅིག །ཧཱུྃ༔ སྐལ་ལྡན་རིགས་ཀྱི་སོགས་ནས་ཞི་ཁྲོ་ཡོངས་རྫོགས་མཐར། གྲོལ་བ་དུས་མཉམ་འོང་ངོ་༔ དེ་ལྟར་བུམ་དབང་


GTN005_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྗེས་འབྲེལ་དུ་ནང་ལུས་དཀྱིལ་གྱི་བསྐྱེད་རིམ་ལ་དབང་བའི་ཕྱིར་སྐུའི་རྗེས་གནང་བཅས་ཐོབ་པའི་ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །བླ་མ་ཡབ་ཡུམ་སྙོམས་པར་འཇུག་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལྕེ་ཐོག་ ཏུ་བཞག་པར་གྱུར། ཧཱུྃ༔ གསང་བ་ཡེ་ཤེས་སོགས་ནས། སུ་ཀ་ཨཱ༔ དེ་ལྟར་ཀུན་ རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ་ངག་དྲི་མ་སྦྱངས། ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །ལྷ་སྔགས་ཀྱི་སྣང་ཆ་ཐམས་ཅད་འཛིན་མེད་ཁྱབ་བརྡལ་སྤྲོས་པ་དང་བྲལ་བའི་དོན་མཚོན་ཕྱིར་གསལ་སྟོང་དབྱེར་མེད་དུ་ངོ་སྤྲོད་པ་དེས་གསན་པའི་ཁྱབ་པར་གདལ། ཧཱུྃ། མེ་ལོང་སྤྲོས་བྲལ་སོགས་ནས་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ན་རྟེན་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །དེ་དོན་རྒྱུད་ལ་སྦྱོར་ཕྱིར་ངོ་སྤྲོད་ཀྱི་ཚིག་རྣ་བར་གདབ་པ་འདིའི་དོན་སྒོམས་ཤིག །ཧྲཱིཿ ངོ་བོ་ཉིད་ནི་ཀ་དག་པས༔ སོགས། ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །ཧཱུྃ༔ འཁོར་ལོ་རིན་ཆེན་སོགས། འོ་རིགས་ཀྱི་བུ་རྣམས་ལ་རྒྱལ་སྲིད་སྣ་བདུན་


GTN005_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། ཧཱུྃ༔ ཇི་ལྟར་སྔོན་གྱི་རྒྱལ་བ་ཡི༔ སོགས། འོ་རིགས་ཀྱི་བུ་ཁྱོད་ལ་བཀྲ་ཤིས་རྟགས་བརྒྱད་སོགས་གྱུར་ཅིག །འོ་སྐལ་ལྡན་རིགས་ཀྱི་བུ༔ དད་པ་དང་དམ་ཚིག་ལྡན་པ་རྣམས་ཉོན་ཅིག །སོགས་ནས། ཨོཾ་ཨཱཿ ཧཱུྃ། སྐྱེ་མེད་དབྱིངས་ཀྱི་སོགས། ཕ་ལ་ཨཱ་བྷི་ཥིཉྩ༔ ཨོཾ་ཨཱཿ ཧཱུྃ་ཧྲཱིཿ ཨོཾ་ཨཱཿ ཧཱུྃ། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་༼དྲུག་པ་རྡོ་རྗེ་འཆང་ཆེན།༽ སོགས་ནས་བརྒྱུད་པའི་གསོལ་འདེབས་མཐར། སརྦ་སིདྡྷི་ཧྲཱིཿ ཞེས་དང་ཞི་ཁྲོ་སྤྱི་སྔགས་ འཛབ་དབྱངས་བཅས་འགྲིམ་མཐར། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་སྤྲིན་ཕུང་འཁྲིགས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་དབང་དོན་གྱི་ཡེ་ཤེས་པ་དེ་ཉིད་མ་བསྐྱེད་པ་བསྐྱེད་ཅིང་བསྐྱེད་པ་མི་ཉམས་ཤིང་བརྟན་པར་རབ་ཏུ་གནས་པའི་ཕྱིར་མེ་ཏོག་གི་ཆར་བབས་ཤིང་ཤིས་བརྗོད་མཛད་པའི་མོས་པ་མཛོད་ཅིག །ཨོཾ་ཡེ་དྷརྨ་སོགས་བཀྲ་ཤིས་ཅི་རིགས་བརྗོད་ཅིང་། མི་འགྱུར་ལྷུན་པོ་སོགས། གཙོ་བོས་ཇི་ལྟར་བཀའ་སྩལ་བ། །དེ་དག་ཐམས་ཅད་བདག་གིས་བགྱི། །དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་གཟུང་བ་དང་། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། །ས་གཞི་སྤོས་ཆུ་སོགས། ཁས་བླང་ལུས་འབུལ། གཏང་རག དགེ་བསྔོ་སོགས་བྱའོ། །དེ་ལྟར་དབང་ཡོངས་སུ་རྫོགས་པར་ངེས་པར་ཐོབ་པའི་དགེ་རྩ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་མཛད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུག་པ་ཡི། །སྲིད་


GTN005_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །སོགས་བརྗོད་ལ། སློབ་མ་རྣམས་རང་གནས་སུ་གཏོང་། སླར་གཤིན་ཆོག་གི་ཟས་གཏད་ནས་བྱང་ཞུ་བཀྲ་ཤིས་པར་བྱའོ། །ཞེས་པ་འདི་ཡང་མཁས་བཙུན་བཟང་པོའི་དཔལ་གྱིས་འབྱོར་པའི་བཤེས་གཉེན་བླ་མ་དམ་པ་འཇིགས་མེད་བློ་གསལ་དང་། བླ་མ་ཀུན་བཟང་ཆོས་རྒྱལ་གཉིས་ཀའི་གསུང་གིས་བསྐུལ་བར། རྒྱལ་བ་ཀཿཐོག་པ་དང་། ཞེ་རྫོགས་ཀྱི་ཕྱག་ལེན་ཟུང་འབྲེལ་དུ་མཐུ་སྟོབས་རྣམ་པར་རྒྱལ་བས་སོ། །དགེའོ། །མངྒ་ལམ།། །།


GTN005_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་སྤྲིན་ཕུང་འཁྲིགས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་དབང་དོན་གྱི་ཡེ་ཤེས་པ་དེ་ཉིད་མ་སྐྱེས་པ་བསྐྱེད་ཅིང་སྐྱེས་པ་རྣམས་མི་ཉམས་ཤིང་བརྟན་པར་རབ་ཏུ་གནས་པའི་ཕྱིར་མེ་ཏོག་གི་ཆར་དབབ་ཅིང་ཤིས་བརྗོད་མཛད་པའི་མོས་པ་མཛོད་ཅིག །ཨོཾ་ཡེ་དྷརྨ་སོགས་བརྗོད་ཅིང་། ཀུན་བཟང་རིགས་ལྔ་སེམས་དཔའ་སོགས། ཉིན་མོ་བདེ་ལེགས་སོགས། དེ་ལྟར་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་བཞི་མཐའ་རྟེན་དང་བཅས་པ་ལེགས་པར་གྲུབ་པས་གསང་སྔགས་ཀྱི་རྩ་བ་དབང་ལ་རག་ལས་ཤིང་དབང་གི་རྩ་བ་དམ་ཚིག་བསྲུང་བར་གལ་ཆེ་སྟེ། དེ་ལྟར་དམ་ཚིག་རྣམས་མ་ཉམས་པར་བསྲུངས་ན་གནས་སྐབས་མཐར་ཐུག་ཐམས་ཅད་བདེ་སྐྱིད་ཀྱི་གཞི་ཐིང་ཞིང་བླ་མེད་བྱང་ཆུབ་མྱུར་དུ་ཐོབ་ལ། དམ་ཚིག་ཉམས་ན་གནས་སྐབས་མཐར་ཐུག་ཐམས་ཅད་སྡུག་བསྔལ་བཟོད་དཀའ་བ་མྱོང་ཞིང་བྱང་ཆུབ་ཀྱི་འབྲས་བུ་བརླག་པར་འགྱུར་ཏེ། རྒྱུད་པད་སྡོང་བརྩེགས་པ་ལས། མ་ཉམས་བསྲུང་ན་དོན་འབྲས་འགྲུབ། །ཉམས་ན་ཡུན་རིང་དུ་ཁཿ མྱོང་། །དེ་ཕྱིར་དེ་དོན་ལེགས་པར་བྱ། །ཞེས་གསུངས་པས་སོ། །དམ་ཚིག་དང་སྡོམ་པ་རྣམས་སྤང་བླང་མ་ཉམས་པར་བསྲུང་སྙམ་པའི་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །


GTN005_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཐམས་ཅད་བདག་གིས་བགྱི། །བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ། ས་གཞི་སྤོས་སོགས། སླར་ཡང་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་ དང་བཅས་པ་ཀུན་བཟང་མཆོད་པའི་སྤྲིན་ཕུང་དུ་སྤྲོས་ཏེ་ཕུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པའི་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཤས་ཀྱིས་ཀྱང་བཞེས་སུ་གསོལ། །དེ་ལྟར་དབང་ཡོངས་སུ་རྫོགས་པ་ཐོབ་པའི་དགེ་རྩ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་བྱོས་ཤིག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད་སོགས། རྃ་ཡྃ་ཁྃ། འདོད་ཡོན་གྱི་ཕུང་པོ་སོགས། ཞེས་སོགས་བརྗོད་ལ་སློབ་མ་རྣམས་རང་གནས་སུ་བཏང་། སླར་ཡང་གཤིན་ཆོག་གི་ཟས་གཏད་ནས་བྱང་བུ་བསྲེག་པའི་བར་བྱའོ། །ཞི་ཁྲོའི་དབང་གི་མཚམས་སྦྱོར་འགྲོ་དྲུག་གི་སྒེར་ཆོས་སོགས་ཟུར་དུ་ཕྱུང་སྟེ་མཁས་གྲུབ་ཆེན་པོ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱི་གསུང་རབ་ལས་སོ། །

བཀའ་བརྒྱད་བདེ་གཤེགས་འདུས་པའི་ཟིན་བྲིས་ཡིད་ཀྱི་མུན་སེལ།


GTN005_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་བདེ་གཤེགས་འདུས་པའི་ཟིན་བྲིས་ཡིད་ཀྱི་མུན་སེལ་བཞུགས་སོ། །ན་མོ་བྷ་ག་ཝཱན་ཤྲཱི་ཧེ་རུ་ཀཱནྩ་བྷེ་ད་གུ་ར་ཝེ། །རྣལ་འབྱོར་ཆེན་པོ་སྒྲུབ་སྡེ་བཀའ་བརྒྱད་ཀྱི། །རིམ་གཉིས་མཐར་ཕྱིན་མཆོག་དངོས་འབྲས་བུ་ཐོབ། །རྒྱ་བོད་རིག་འཛིན་གྲུབ་པའི་སར་གཤེགས་དང་། །ཁྱབ་བདག་དྲིན་ཆེན་བླ་མ་གཙུག་ཏུ་མཆོད། །གསང་ཆེན་ལམ་གྱི་དངུལ་ཆུའི་སྦྱོར་བ་ཡིས། །ཐ་མལ་འགྲོ་རྒྱུད་ལྕགས་ཁམས་ཀ་ན་ཀར། །སྒྱུར་བྱེད་དབང་བཞིའི་ལམ་གྱི་ཕྱག་བཞེས་སྲོལ། །ནུབ་པར་དོགས་ཏེ་མི་བརྗེད་ཟིན་ཐོ་སྤེལ། །


GTN005_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་མཁས་རྣམས་ཕྱག་བཞེས་མཁའ་ལྟར་ཡངས། །བདག་བློ་ས་ཀུ་ཙི་ཡི་མིག་ལྟར་ཕྲ། །འོན་ཀྱང་མཁའ་ལྡིང་རྗེས་ཤུལ་སྦྲང་བུའི་རྩལ། །ངོམ་པའི་བློ་འདི་མ་སྤངས་ཚུལ་འདིར་བརྩོན། །ཞེས་ཤིས་པར་བརྗོད་དེ། འདིར་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་དུ་བསྙེན་བསྒྲུབ་མཐར་ཕྱིན་པའི་རྡོ་རྗེ་འཛིན་པས། སྐལ་ལྡན་གྱི་སློབ་མ་དཀྱིལ་འཁོར་གཞུག་པར་འདོད་ན། སྤྲོས་བཅས་ཚོམ་བུ་ཚོགས་སྒྲུབ་བསྒྲུབ་ཆེན་དང་འབྲེལ་བ་རྡུལ་ཚོན་སྟེང་ནས་སྨིན་སློབ་དང་། འདྲ་འབག་གང་རུང་གི་རྗེས་སུ་བཟུང་བ་དང་། སྤྱི་ཙམ་རས་བྲིས་དང་ཚོམ་བུ་ལ་བརྟེན་པ་ལས། འདིར་ཕྱི་མའི་ལུགས་ལྟར་འཇུག་བདེའི་ཟིན་བྲིས་ལ་ཉིན་སྔ་མའི་སྐབས་སུ་བྱེད་ན། བཤམས་དང་། སྒྲུབ་པ། དབང་དངོས། ཞར་བྱུང་འཕྲོས་དོན་དང་བཞི་ལས། དང་པོའི་རྩ་བའི་ས་བཅད་བཤམས་ལ། གནས་ཁང་ཕྱགས་བདར་སོགས་ལེགས་པར་བྱས་ལ། བླ་རེ། ཡོལ་བ་སོགས་ཀྱིས་མཛེས་པར་བརྒྱན། སློབ་དཔོན་དང་ཞལ་སྤྲོད་ཀྱིས་མཆོད་སྟེགས་བང་རིམ་ཅན་སྟེང་ཁེབས་གཞི་རས་བཅས་པར་མེ་ཏོག་བཀྲམ་པ་དང་། གཏོར་མ་ནི། བདག་བསྐྱེད་ཀྱི་གཏོར་མ་དཔལ་གཏོར་ཕོ་རྒྱུད་དམར་པོ་འཁོར་རང་འདྲ་བརྒྱད་ཀྱིས་བསྐོར་བ་མཐེབ་ཀྱུ་དང་ཉི་ཟླ་སོགས་ཀྱིས་བརྒྱན་པ། དེ་མཚུངས་བདག་འཇུག་དབང་གཏོར་བཅས་གཉིས་ཀར་རྩེ་ཁྲོམ་ལ་རྡོ་རྗེ་དང་ཐོད་ཁྲག་གིས་མཚན་པའམ། ལྔ་རྒྱན་ཉི་ཟླ་སོགས་ནོར་བུ་


GTN005_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གང་རུང་། སྒྲུབ་གཏོར་གཏོར་གདུགས་མཐིང་ཁྲ། བཀའ་སྲུང་དཔལ་མགོན་ཕྱག་བཞིར་དཔལ་གཏོར་ཕོ་རྒྱུད་དམར་པོ་འཁོར་རང་འདྲ་བརྒྱད་དང་། བྱང་དུ་གཟའ་ལ་གཡས་གཅུས་ཐམས་ཅད་ལ་མཐེབ་ཀྱུ་རེ་སྦྱར་བ་དང་། མཚམས་རྣམས་སུ་མཐེབ་ཀྱུ་གྲངས་མང་གིས་བཅེར་བ། གཙོ་བོར་རྩེ་ཁྲོམ་གྲི་ཐོད་ཀྱིས་མཚན་པ། གཞན་རྣམས་སྐོར་རྒྱན་གཉིས་རེ་རྒྱན་པ་གཏོར་གདུགས་མཐིང་ཀ །ཞིང་སྐྱོང་མ་མོར་གྲུ་གསུམ་རྩེ་རྒྱས་དམར་པོ་འཁོར་རང་འདྲ་བཞི། མཚམས་རྣམས་སུ་མཐེབ་ཀྱུས་གཏམས་པ། གཙོ་བོར་དཀར་རྒྱན་བཞི་སྒྲོམ། ཉི་ཟླ་མེ་ཏོག་སོགས་འཁོར་རྒྱན་གཉིས་རེས་བརྒྱན་པ་གཏོར་གདུགས་དམར་སྨུག །སྡེ་དཔོན་སུམ་ཅུར་གྲུ་གསུམ་དམར་པོ། འཁོར་རང་འདྲ་ཆེ་བ་བརྒྱད། ཆུང་བ་ཉེར་གཅིག་བཅས་མཐེབ་ཀྱུ་བཅས། གཙོ་བོར་དཀར་རྒྱན་བཞི་སྒྲོམ། ཉི་ཟླ་མེ་རི་སོགས་དང་། འཁོར་རྒྱན་གཉིས་རེ་རྒྱན་པ་གཏོར་གདུགས་དམར་པོ། ཐབས་ཤེས་ཚེ་ཡི་གའུ་ཉི་ཟླ་ཁ་སྦྱོར་གྱི་དབྱིབས་མཚོན་འོག་མ་དམར་པོ་དང་། སྟེང་མ་དཀར་པོ་བྱས་པའི་སྟེང་དུ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་དབུས་སུ་རྡོ་རྗེ་ཕྱེད་པ་གྱེན་ལངས་ཀྱིས་མཚན། རྩེར་ཉི་ཟླའི་ཏོག་དང་། གདན་པདྨ་འདབ་བརྒྱད་ཅན། ཚེ་ཟན་རིལ་བུ་སུམ་ཕྲེང་སྟེང་དུ་བུམ་གཟུགས་སྒྲོས་ལྡན་རྩེ་ཁྲོམ་ཧྲཱིཿཡིག་དཀར་པོས་མཚན་པ། དངོས་གྲུབ་ཀྱི་རྫས་འབྲང་རྒྱས་ནི། རིན་པོ་ཆེའི་སྣོད་དུ་གསེར་གཡུ་སོགས་རིན་པོ་ཆེ་སྣ་ཚོགས་བསྲེས་པའི་ཕྱེ། མངར་གསུམ་ཞོ་མར་གྱིས་སྦྲུས་པར་དབུས་སུ་ཟླུམ་པོ་བག་ཙམ་གྱིས་མཐོ་བ་དང་། ཕྱོགས་བཞིར་ལས་བཞིའི་དབྱིབས་མདོག་


GTN005_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། རང་རྟགས་ཉི་ཟླ་མེ་རིའི་རྒྱན་ཅན་རིལ་བུས་བསྐོར་བ། མཾ་ས། མར། ཐུད། འབྲས་ཆན། ཁུར་བ། ཞོ་དང་། ལ་དུ། ཤིང་ཐོག་སྣ་ཚོགས། སུ་ར་སོགས་བཟའ་བཅའ་བཏུང་བའི་བྱེ་བྲག་སྣ་ཚོགས་ཀྱིས་བསྐོར་བ། བགེགས་གཏོར་དམར་ཟླུམ་མདུན་དུ་མཐེབ་རིལ། གཡས་སུ་ཏིང་ལོ། རྒྱབ་དུ་ཆང་བུའི་མགོ་གཡས་ཕྱོགས་སུ་གུག་ཙམ་བྱས་པ། དྲག་པོའི་ཞལ་ཟས་གྲུ་གསུམ་རྣོ་དབལ་ལྟོ་ཁྲ་ཅན་མིའི་མགོ་ལག་དོན་སྙིང་སོགས་ཀྱིས་བརྒྱན་པ། དབང་པོའི་མེ་ཏོག་ནི་དབུས་སུ་སྙིང་། གཡས་གཡོན་རྣ་བ། སྟེང་དུ་ལྕེ་དང་སྣ། དེའི་གཡས་གཡོན་དུ་མིག་གཉིས། སྣའི་སྟེང་དུག་གི་མེ་ཏོག་དང་ལོ་མ་ཅན་རྒྱན་གྱིས་བཀྲ་བ་གཅིག །ལིངྒ་དངོས་ཉམས་དོད་ཅིང་རིད་པ། རྒྱུན་གྱི་གཏོར་འབུལ་པད་སྣོད་དུ་གཙོ་བོ་ལེགས་ལྡན་གྱི་གཏོར་མ་གྲུ་གསུམ་དཔུང་རོང་ཅན། དེའི་གཡས་སུ་ཕྱག་བཞི་པར་གྲུ་གསུམ་རྩེ་ཟླུམ། གཡོན་དུ་མ་ནིང་ལ་གྲུ་གསུམ་དཔུང་རོང་། དེ་མདུན་དུ་ཞལ་བཞི་པར་གྲུ་གསུམ་རྩེ་ཟླུམ། དེའི་གཡས་སུ་ལྷ་ཆེན་ལ་གཏོར་མ་ཟླུམ་པོ་རིན་པོ་ཆེའི་སྙེ་མ་ལྟ་བུ་དང་། ཁྱབ་འཇུག་ལ་གྲུ་གསུམ་གཡས་གཅུས་གཉིས་མཐེབ་རིལ་གྱིས་མཚན་པ། ཞལ་བཞིའི་གཡོན་དུ་སྔགས་སྲུང་མར་གྲུ་གསུམ་དམར་པོ་གཅིག་དང་། ཞིང་སྐྱོང་མ་མོར་གྲུ་གསུམ་གཅིག །ཞལ་བཞིའི་མདུན་ནས་རིམ་བཞིན། ལས་གཤིན། སྡེ་དཔོན། ཕུར་སྲུང་། རྡོར་ལེགས། བྲག་བཙན། གནོད་སྦྱིན་ཙིའུ་དམར་པོ་རྣམས་ལ་གྲུ་གསུམ་དམར་པོ་རེ་རེ། གཙོ་བོའི་རྒྱབ་གཡས་སུ་རྣམ་སྲས་ལ་གྲུ་གསུམ་དཔུང་རོང་ལྟོ་ལྡིར་མཐེབ་རིལ་ཅན། ཞིང་སྐྱོང་སེང་གདོང་ལ་གྲུ་


GTN005_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དམར་པོ་སྨན་བཙུན་མར་བླ་གཏོར་མཐེལ་རིལ་ཅན་དཀར་པོ། གཏེར་བདག་ལ་གྲུ་གསུམ་དམར་པོ་གཅིག །པེ་ཧར་ལ་ཟླུམ་པོ་གཤོག་དྲུག་བཅས་པའི་མཚམས་རྣམས་སུ་མཐེབ་ཀྱུ་བཅད་ཁ་ཕྱིར་བསྟན་པས་རྩེར་ཞིང་གཏོར་སྣོད་ཀྱི་ཕྱིར་མ་ཐལ་བ་སོ་སོའི་རྩེར་ཉི་ཟླ་མེ་རི་སོགས་རྒྱན་གྱིས་བཀྲ་བར་བྱ། རྒྱུན་བཞག་དང་། རྒྱུན་འབུལ་གྱི་ཆད་བསྟན་མཚུངས་པར་ཆད་ཐོའི་གཏོར་མ། གྲུ་གསུམ་ རྩེ་རྒྱས་དམར་པོའི་མདུན་དུ་མཐེབ་ཀྱུ་འཕྲེད་སྦྱར་གསུམ་ལ། དེ་རེ་རེའི་སྟེང་མཐེབ་ཀྱུ་ལངས་རེ་བཅས་དྲུག་ལོགས་གཉིས་སུ་མཐེབ་ཀྱུ་གྱེན་ལངས་རེ་རེ་བཅས་བསྡོམས་པས་སྡེ་བརྒྱད་ཀྱི་གྲངས་དང་མཉམ་པ། བསྟན་མའི་གཏོར་མ་སྣོད་གཅིག་ཏུ། དབུས་སུ་བདུད་མོ་བཞི་ལ་གྲུ་གསུམ་ནག་པོ་དེའི་གཡས་སུ་གནོད་སྦྱིན་བཞིར་གྲུ་བཞི་དམར་པོ། །གཡོན་དུ་སྨན་མོ་བཞིར་ཟླུམ་པོ་དཀར་པོ་སྟེ། སོ་སོའི་མདུན་དུ་རང་མདོག་དང་མཚུངས་པའི་མཐེབ་ཀྱུ་གསུམ་སྦྱར་བ་སྟེ་དེ་རྣམས་ནི་གཏོར་མ་བཅའ་དགོས་ཀྱི་རིགས་རྣམས་སོ། །མཆོད་སྟེགས་སྟར་དང་པོའི་དབུས་སུ་བདག་བསྐྱེད་ཀྱི་གཏོར་མ། གཡས་སུ་སྨན། གཡོན་དུ་རཀྟ། སྟར་གཉིས་པར་མདུན་བསྐྱེད་ཀྱི་གཡོན་ནས་བརྩམས་ཏེ་ཆུ་གཉིས་ཉེར་སྤྱོད་ལྔ་བྲེང་ཚར་དུ་བཀོད། དེའི་མདུན་ངོས་ཀྱི་ས་གཞི་ལ་དཀྱིལ་འཁོར་གྱི་སྟེགས་དབུས་གྲུ་བཞི་པའི་དབུས་སུ། འབྲུ་ཚོམ་གཅིག་བཀོད་པའི་སྟེང་དུ་མཉྫི་ལ་ས་ལྷའི་གཏོར་མ་དཀར་ཟླུམ་མཐེབ་རིལ་ཅན། མདུན་དུ་གསེར་སྐྱེམས། མཐའ་བསྐོར་དུ་བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམས་ཆུ་


GTN005_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཉེར་སྤྱོད་དང་བཅས་པ་གཡས་སུ་བསྐོར། གཞན་ཡང་ཉེ་བར་མཁོ་བའི་ཡོ་བྱད་ལ། ཀ་ཏོ་ར་ལྟ་བུའི་སྣོད་སྟེགས་གང་རིགས་སུ་ཁྲོ་བཅུའི་ཕུར་པ་གདན་བཅས་གོ་རིམ་མ་འཆོལ་བ་ཐོ་བ་བཅས། དབང་མཆོག་ཕུར་པ་གདན་བཅས་གཞན་ཡང་སྤོས་ཕོར་གུ་གུལ། ཡུངས་དཀར་རྔ་རོལ་འབུད་དཀྲོལ་གྲྭ་ཚང་བཞུགས་གདན་སོགས་གང་དགོས། སློབ་དཔོན་མདུན་དུ་ཅོག་སྟེགས་ལ་གཡོན་ནས་རིམ་པར་ནང་མཆོད། རྡོ་དྲིལ། ཌ་མ་རུ། གཡབ་དར་ནས་ཟེ་སོགས་ཉིན་དང་པོར་ས་ཆོག་སྟ་གོན་བྱ་བ་དང་། ཕྱི་དྲོ་རྒྱན་འགོད་བྱས་ན་འགྲིགས་སོ། །གཉིས་པའི་རྩ་བའི་ས་བཅད་བསྒྲུབ་པ་ལ། ས་ཆོག །སྟ་གོན། རྒྱན་འགོད། དབང་བསྒྲུབ་དངོས་དང་བཞིའོ། །དང་པོ་ས་ཆོག་ནི། ཚིག་བདུན་གསོལ་འདེབས། བརྒྱུད་འདེབས་ཁྱབ་བདག་སྟོན་པ་དང་། ཡན་ལག་བརྒྱད་ པ་རྡོ་རྗེ་སློབ་དཔོན་ཚར་གསུམ། སེམས་ཅན་བདེ་སོགས་ཚད་མེད་བཞི་ཚར་གཅིག །སྨིན་གཏེར་གསུང་སྒྲུབ་ཁོག་དངོས་གྲུབ་སྙེ་མ་གསལ་བའི་མེ་ལོང་ལྟར་ཕྱག་རྒྱ་རྐྱང་བསྒྲུབ་ཀྱི་རྡོར་བཟླས་གཙོ་སྔགས་སུམ་བརྒྱ། ཡུམ་སྔགས་བརྒྱ་ཉེར་བསྡུ་བྱས། མཆོད་པར་ལས་རྡོར་ནས་ཆབ་བྲན། ཨོཾ་བཛྲ་ཨ་མྲ໏་ཏ་སོགས་ས་ལྷའི་གཏོར་མ་བསྔོ་ཞིང་གཏོར་མ་གསེར་སྐྱེམས་ཕྱིར་འབུལ། མདུན་དཀྱིལ་ཚོམ་བུ་དང་མཆོད་པ་རྣམས་བསྡུ། སློབ་དཔོན་བཞེངས་ཏེ་ཆོས་གོས་སྣམ་སྦྱར་པད་ཞྭ་བཅས་སྟེགས་བུའི་མདུན་དུ་ཁྲིའུར་བཞུགས། རྡོར་དྲིལ་བསྣམས། ལས་


GTN005_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་གྱིས་དབང་མཆོག་ཕུར་བུ་སྟེགས་བུའི་དབུས་སུ་བཀོད། བདག་ཉིད་ཆེ་མཆོག་སོགས་ནས། རྟ་སྔགས་ལན་བདུན་བཟླས་ནས། ཕུར་བུ་ལས་བྱུང་བའི་སོགས་ནས། དབང་ཕུར་བསྡུ། ལག་གཡས་རྡོ་རྗེ་བཅས་སོར་མོ་ལྔ་གདེངས་ཏེ། ལག་གཡས་ཀྱི་ནས་སྭ་བྷཱའི་སྔགས་ལན་གསུམ་བརྗོད་བསྟུན་སློབ་དཔོན་ཕྱག་སོར་སྟེགས་བུ་ལ་རེག །དེ་ནས། སློབ་དཔོན་དྲིལ་འཛིན་བཅས་སྟེགས་བུའི་སྟེང་ནས་ཞལ་དཀྱིལ་འཁོར་གྱི་ཤར་དུ་ཕྱོགས་པར་བཞེངས། བདག་ཉིད་ཆེ་མཆོག་ནས། གདོན་བགེགས་འཇོམས་པར་མཆོད་དཔོན་ནས་ཕྱག་དྲིལ་ཞུ། ཐོ་ཕུར་ཕུལ། སྟངས་སྟབས་དང་བཅས་གཡས་སུ་བསྐོར་བར་བསྟུན་ཁྲོ་བཅུའི་སྔགས་ལ་གྷ་གྷའི་ལས་སྔགས་བཏགས་པ་སོ་སོའི་སྟེགས་བུའི་སྟེང་ཧཱུྃ་མཛད་ཕུར་བུ་ཤར་གྱི་ཤར་དུ་བཏབ། དེ་བཞིན་དུ་རྣམ་རྒྱལ། གཤིན་རྗེ། རྟ་མགྲིན་འཁྱིལ་བ་རྣམས་ཤར་ནས་བརྩམས་ཏེ་གཡས་བསྐོར་དུ་ཕྱོགས་བཞིར་བཏབ། ཁམས་གསུམ་རྣམ་རྒྱལ་གྱི་ཕུར་བུ་ཐོགས་ནས་སྟངས་སྟབས་གཡོན་དུ་བསྐོར་བྱང་ཤར་དུ་བཏབ། དེ་བཞིན་དུ་འདོད་རྒྱལ་མི་གཡོ་བ། དབྱུག་སྔོན་དང་བཅས་པའི་ཕུར་བུ། ནུབ་བྱང་། ལྷོ་ནུབ། ཤར་ལྷོ་རྣམས་སུ་བཏབ་རྗེས་སྟོབས་ཆེན་ཕུར་བུ་ནུབ་ཀྱི་ནུབ་ཏུ་བཏབ་ནས་ཐོ་བ་ཞུ། ཕྱག་དྲིལ་ཕུལ། ཕྱོགས་བཅུར་ཕུར་བུ་གཏབ་པས་སོགས། སློབ་དཔོན་བྱང་ཤར་ངོས་སུ་ཕེབས། ལས་རྡོར་ཞྭ་གྱོན་གཟན་ཕབ། ལག་གཡས་ཡུངས་ཀར། གཡོན་སྤོས་ཕོར་གུ་གུལ་འཛིན། སློབ་དཔོན་དྲིལ་བསིལ་བཅས་དྲག་སྔགས་སོ་ལྔ་དང་ཧཱུྃ་བཞིའི་སྔགས་ཀྱིས་དཀྱིལ་འཁོར་


GTN005_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་ཞིང་ཐུན་བྲབ་ནས། སྐབས་འདིར་རྒྱལ་ཐོ་དང་། དམ་སྲི་མནན་པ་སྒོ་བྱང་ཕྱི་ནང་མ་ཏྲཾ་བསྒྲལ་བ་སོགས་སྒྲུབ་ཆེན་སྐབས་ལྟར་སྤྲོས་མཛད་ཀྱང་ལེགས་ལ། གནས་སྐབས་ཟོར་ཡང་ཕྱིར་བཏང་སྙོམས་མཛད་ཀྱང་འཐུས། སློབ་དཔོན་ལྡིང་ཁྲིའི་དབུས་སུ་བཞེངས་པ་ཞལ་ཤར་དུ་ཕྱོགས། ཧཱུྃ། ཆེ་མཆོག་འཛིན་པའི་སོགས་ལས་རྡོར་གྱིས་བདུད་རྩི་ལྔ་ཆང་རྒོད་དང་སྦྱར་བའི་དྲི་ཆུའི་སྣོད་ཐོགས་ཤིང་། སློབ་དཔོན་རྡོ་དྲིལ་བཅས། མཎྜལ། ཧཱུྃ་ཞེས་རྡོ་རྗེ་ཁུ་ཚུར་གྱིས་དཀྱིལ་འཁོར་གྱི་གཞིར་བྱང་ཤར་ནས་གཡས་བསྐོར་དུ་ཁྱམས་མེད་པར་འཐོར་ཤིང་བཞུགས་ཁྲིར་ཕེབས། སྣ་སེལ་སྐུ་རིམ་གནས་ཁང་གི་ཕྱོགས་བཞིར། ཤར་དུ་ཤེར་ཕྱིན། ལྷོར་སྟོབས་ཆེན། ནུབ་ཏུ་ལང་གཤེགས། བྱང་དུ་ཏོག་གཟུངས་ཆུ་གཏོར་སཱ་ཙྪ། བཟང་སྤྱོད། ཚོགས་སྐོང་སོགས་བསོད་ནམས་བསྐྱེད་པའི་རིམ་པ་རྒྱས་པ། སློབ་མ་རྣམས་ནས་སྒྲུབ། སློབ་དཔོན་དང་ལས་རྡོར་ཡུམ་དུ་བཏགས་པས་ཐིག་སྐུད་བྱིན་རླབས་གནམ་ཐིག་ས་ཐིག་འདེབས་པ་སོགས་སྤྲོ་ན་བྱས་ཀྱང་རུང་ལ། མ་བྱས་ན་ཡང་འཐུས། མདུན་དཀྱིལ་སྟེང་དུ་རས་བྲིས་བཀྲམ། ཆུ་གཉིས་ཉེར་སྤྱོད་ལྔ་བསྐོར་བཤམ་བྱ། མདོ་བྱང་དུ། འབྲིང་ནི་དལ་དེའི་སྟེང་དུ་ཕྱི་ནང་གི་མཆོད་པ་བཤམས་ལ་རས་ལ་བྲིས་པའི་དལ་ལ་བརྟེན་ཏེ་འཕྲིན་ལས་གཞུང་བཞིན་བྱའོ། །ཞེས་གསུངས་པའི་དོན། སློབ་དཔོན་གྱིས་ཞི་ཁྲོ་སྤྱི་སྔགས་བཟླ་ཞིང་། རྟེན་འབྲེལ་སྙིང་པོས་ནས་འཐོར་བ་མདོ་བྱང་དུ། ལྷ་སྟ་གོན་ལ་གནས་པའི་བསྙེན་པ་བྱེད་པ་སྟེ། ཞེས་དང་། དེ་ལྟར་སྔོན་དུ་བསྙེན་པ་ཅི་འགྲུབ་འདོན་ཞེས་སོ། །དཀྱིལ་


GTN005_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཡོལ་བས་བསྒྲིབས། དེའི་ཕྱི་རོལ་དུ་ཁྲུས་བུམ་རྡོར་སེམས་ཡིག་དྲུག་བཟླས་པ། བགེགས་གཏོར། མཎྜལ། སོ་ཤིང་མེ་ཏོག་གི་ཚོམ་བུ། སྐྱོར་ཆུ། ཚོན་སྐུད་སྣ་ལྔ་གསུམ་བསྒྲིལ་རྡོ་རྗེའི་མདུད་པ་ཉེར་གཅིག་གམ་གསུམ། སློབ་མའི་གྲངས་མཉམ། ཀུ་ཤ་རིང་ཐུང་རྒྱ་གྲམ་ཕོན་པོ་སོགས་སྟ་གོན་དབང་ཆས་གང་དགོས་ཚོགས་པར་བཤམས། གཉིས་པ་སྟ་གོན་ལ། སློབ་མ་འདུས། མཆིལ་ལྷམ་ཕུད། ཕྱག་དང་ཞེ་སར་བཅས་མདུན་དུ་འཁོད་པ་ལ། བླ་མས་ཁྲུས་དང་། གཏོར་མ་བསྔོ་ཞིང་བགེགས་བསྐྲད་མཚམས་བཅད་པ་སོགས་གསང་བ་སྤྱི་འགྲོས་ལྟར་མཛོད། དབང་བཤད་སྨིན་གླིང་ལོ་ཆེན་གྱིས་མཛད་པ་སྔགས་ཕྱི་ནང་དང་བཀའ་གཏེར་སོགས་དབྱེ་བ་མི་ནོར་བར། བཀའ་བརྒྱད་བཤད་པ་གསུམ་དངོས་ལ། སྟ་གོན་ཁ་བསྒྱུར་ལྟར་མཎྜལ་ཕུལ་བ་སོང་ནས། ཞི་བ་དབང་ནི་ལས་རིམ་ལའང་སྟ་གོན་བཤད་ཀྱང་དེང་སང་མདོ་བྱང་ལྟར་མཛད་པ་འཇུག་པ་བདེ་བས། དེ་ལྟར་མཎྜལ་ཕུལ་བ་སོང་ནས་བླ་མས་སྤྲོ་བ་བསྐྱེད་པའི་ཆོས་བཤད་པ་ནི་གསང་བ་སྤྱི་རྒྱུད་ལས། སྔགས་ཀྱི་དངོས་གྲུབ་སོགས་ནས་འདི་འབྲས་འགྲུབ། དེ་ནས་སློབ་མས་ལྷག་པར་གནས་ཆོ་ག་ཞུ་བ་འདིའི་རྗེས་ཟློས་མཛོད། ཧོཿ བླ་མ་སངས་རྒྱས་ཞི་ཁྲོའི་སོགས། མཛད་དུ་གསོལ། བར་ལན་གསུམ་རྗེས་ཟློས་བྱ། འདི་སོགས་རྗེས་ཟློས་རྣམས་ལན་གསུམ་རེ་དགོས་རྒྱུ། རྡོ་བྲག་རིག་འཛིན་ཆེན་པོས་སླ་ཆོས་ཚར་རེ་བྱེད་པ་དང་། ཚིག་རྗེས་མ་དེ་ལན་


GTN005_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བྱེད་པ་སོགས་མི་རུང་ཞེས་དགག་པ་ནན་ཆེར་གནང་བ་དགོས་དོན་ཆེ་བར་སེམས། དེ་ནས་བླ་མས་གནང་བ་སྦྱིན་པ་ནི། བུ་ཚུར་ཐེག་ཆེན་སོགས། ལྷ་གནས་སྦྱིན་བར། སློབ་མས་དེ་ལྟར་ནུས་པར་ཁས་བླངས་པ་འདིའི་རྗེས་ཟློས་ཀྱིས། ཧོཿ བླ་མས་ཇི་ལྟར་སོགས། ཡན་ལག་བདུན་པ་ཡིན་པས་དེ་བྱ་བ་ལ། ཐོག་མར་མཎྜལ་ཕུལ། དེ་ནས་བདུན་རྣམ་དག་འདི་ཡི་རྗེས་ཟློས་མཛོད། ཧོཿ ཞི་བའི་ལྷ་ཚོགས་སོགས། བཞུགས་པར་གསོལ་བ་འདེབས་བར་ལན་གསུམ་གསང་སྔགས་ཀྱི་རྟེན་དུ་རུང་སོགས། སྡིག་པ་བཤགས་པ་ནི། བདག་ཉིད་ཆེ་མཆོག་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་ཡ་ལས་ལྕགས་སྡིག་མགོ་དགུ་རྭ་བཅོ་བརྒྱད་པ་འཕྲོས། དེ་ལས་ཡེ་ཤེས་མེ་འབར་བས་སློབ་མ་རྣམས་ལ་ཕོག་པས། ལུས་ངག་ཡིད་གསུམ་ལ་གནས་པའི་སྡིག་སྒྲིབ་ཐམས་ཅད་བྱ་སྒྲོ་མེས་བསྲེགས་པ་ལྟར་ཚིག་པར་གྱུར། ཨོཾ་བཛྲ་ཡཀྴ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཞེས་ཟླ་ཞིང་ཡུངས་ཐུན་གཏོར། ཧཱུྃ། ཡང་དག་གསང་བའི་སོགས་དབྱངས་རོལ་བཅས་བགེགས་བསྐྲད། གཉིས་པ་དངོས་གཞི་ལ་གསུམ་སྟེ་སོགས་ནས། སྡོང་གྲོགས་ཞུ་སྙམས་པས་འདིའི་རྗེས་ཟློས་ཀྱིས། དུས་གསུམ་སངས་རྒྱས་སོགས། གཉིས་པ་ཚིགས་བཅད་ལྟར་བྱ་བ་འདིའི་རྗེས་ཟློས་མཛོད། བླ་མ་དཀོན་མཆོག་སོགས། ཡང་དག་པའི་ལམ་ལ་འགོད་པའི་ཕྱིར་འདིའི་རྗེས་ཟློས་མཛོད། བདག་དང་མཐའ་ཡས་སོགས། གཉིས་པ་བླངས་པ་ནི་འདིའི་རྗེས་ཟློས་མཛོད། སྲས་བཅས་སོགས། བརྗོད་པ་ཁས་བླངས་པ་འདིའི་རྗེས་ཟློས་གྱིས། སྡོམ་པ་ཡི་ནི་སོགས། གོང་ལྟར་ལན་གཅིག་བྱ། གསུམ་


GTN005_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསླབ་བྱ་སོགས། ཐལ་མོ་སྦྱོར་ལ་འདིའི་རྗེས་ཟློས་གྱིས། ཧོཿ བླ་མ་སློབ་དཔོན་སོགས་ནས་ལྷ་ལ་དད་པའི་སེམས་དང་ལྡན་པས་འདིའི་རྗེས་ཟློས་མཛོད། ཧོཿ བླ་མས་བསྒོ་བ་སོགས། འདི་ནས་ཡིག་ཆེ་ཆུང་མི་ཕྱེད་པར་ནར་འདེད་ཀྱིས་བགེགས་སྲུང་ཤོག །སློབ་མས་འདིའི་རྗེས་ཟློས་ཀྱིས། བླ་མས་བསྲུང་སོགས། རྨི་ལམ་ལྟོས་ལ་འདིའི་རྗེས་ཟློས་གྱིས། ཧོཿ བླ་མས་གནང་བའི་སོགས་ཡིད་ལ་བྱེད་བཞིན་པས་ཉོལ་ཅིག །ཅེས་སློབ་མ་རྣམས་གྲོལ། དབང་དངོས་གཞི་རྗེས་སུ་འབྱུང་ཕྱིར་ཁས་བླངས་གཏང་རག་མཎྜལ། དགེ་བསྔོ་སོགས་མཛད་སྲོལ་མེད། སྟ་གོན་འདི་ལ་སྤྱི་ལྟར་མཚམས་སྦྱོར་རྒྱས་སྤྲོས་བྱེད་དུ་ཡོད་ཀྱང་དབང་གཞུང་བྱིན་རླབས་ཅན་ལ་བསྲེ་བསླད་ཀྱི་ཆོ་ག་ཉམས་པའི་རྒྱུར་འགྲོ་དོགས་མཛད་སྲོལ་མི་འདུག་པའང་ཤེས་པར་བྱ། གསུམ་པ་རྒྱན་འགོད་བྱ་བ་ལ། དེ་ནས་སློབ་དཔོན་ཆོས་གོས་གསུམ་པད་ཞྭ་རྡོ་དྲིལ། སྤོས་ཆག །རྒྱལ་ཚབ་སོགས་གྲྭ་མང་ཞྭ་ཆོས་བཅས་སྨན་གྱི་ཕོ་བྲང་། རྡོ་རྗེ་ཡུམ་དུ་བཏགས་པས་གཙོ་བོའི་ཐོད་སྐུ། གཞན་རྣམས་དཔལ་དགུའི་རྟེན་ཐོད། ཁྲོ་བཅུའི་ཕུར་བུ། རལ་གྲི་བཞི། མདའ་དར་མེ་ལོང་ཅན་བཞི། ཚོན་སྐུད། འཕན་བཞི། རྒྱལ་མཚན་བཞི། མར་མེ་དགུ། མ་ཏྲཾ་གཟུགས། བདག་བསྐྱེད་གཏོར་མ། སྨན་རཀ་ཉེར་སྤྱོད་སོགས་ཐོགས་ཏེ་རོལ་མོ་ནང་འབུད་བརྡུང་བཅས་དཀྱིལ་འཁོར་ལན་གསུམ་བསྐོར། སློབ་དཔོན་དཀྱིལ་མདུན་ཁྲིའུར་བཞུགས། སེར་ཕྲེང་མང་མ་བཞེངས་ནས། དཀྱིལ་འཁོར་བསྐོར། འཚོགས་པ་ཐམས་ཅད་


GTN005_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་བཞིན་སྒྲུབ་ཁོག་ནས། ཧཱུྃ། འཕྲུལ་བཞད་ཡིད་བཞིན་སོགས། ཆེ་མཆོག་སྔགས་དབྱངས་ལན་གསུམ་མཐར་སྨན་གྱི་ཕོ་བྲང་ལྡིང་ཁྲི་བར་མའི་དབུས་སུ་བཀོད། དེའི་གཡས་སུ་གཙོ་བོའི་ཐོད་སྐུ། གཡོན་དུ་ཆེ་མཆོག་ཐོད་པ་རྟེན་ཕུར་བཅས་ཞལ་ཤར་དུ་ཕྱོགས་པར་འགོད་པ་སོགས་རྒྱལ་ཚབ་ཏུ་བཏགས་པས་མཛད་པ་འདི་བཞིན་འདྲེས། ཡང་དག་སོགས་དཔལ་བརྒྱད་པོའི་ཐོད་སྐུ་རིམ་བཞིན་སོ་སོའི་སྔགས་དང་བསྟུན། ཕྱོགས་མཚམས་མ་ནོར་བར་ཐོད་པའི་དཔྲལ་བ་དང་། རྟེན་ཕུར་རྣམས་ཞལ་དབུས་སུ་ཕྱོགས་སར་གཡས་བསྐོར་ཁོ་ནས་བཀོད་ཅིང་ནང་ནས་རིམ་པར་མཐིང་དམར་དཀར་བའི་དར་ཡོལ་བྲེས། སློབ་དཔོན་མདུན་དུ་ཅོག་སྟེགས་ལ། ཀ་ཏོ་ར་ལྟ་བུའི་སྣོད་དུ་ཁྲོ་བཅུའི་ཕུར་པ་བཀོད། བདག་གི་ཐུགས་ཀ་ནས་སོགས། དྲག་སྔགས་སོ་ལྔ་ལན་གསུམ་གྱི། དང་པོར་ལས་རྡོར་གྱིས་གུ་གུལ་བདུག །གཉིས་པར་སློབ་དཔོན་གྱིས་ཡུངས་ཀར་བྲབ། གསུམ་པར་སློབ་དཔོན་ཕྱག་གཡོན་སྲིན་ལག་གིས་རཀྟ་བྲན། ཧཱུྃ། ཚངས་ལ་དབང་མཛད་སོགས། ལས་རྡོར་གྱིས་ཕུར་སྣོད་བཟུང་། རྒྱལ་ཚབ་པས་སྔར་ཕུར་གདབ་དུས་བཞིན་སྟེང་དང་ཕྱོགས་བཞི་གཡས་བསྐོར་མཚམས་བཞི་འོག་བཅས་གཡོན་བསྐོར་རྡོ་རའི་སྟེང་དུ་ཕུར་གདན་ལ་བཀོད། ཧཱུྃ། ལོག་རྟོག་སོགས། རལ་གྲི་བཞི་སྟེགས་བུའི་སྟེང་གི་ལྡིང་ཁྲིའི་ཕྱོགས་བཞིར་འཇུག །ཧཱུྃ་མེ་ལོང་སོགས། མདའ་དར་མེ་ལོང་ཅན་བཞི་སྟེགས་བུའམ་ཟུར་བཞིར་མདའ་དར་དཀར་པོ་ཤར་ལྷོ། སེར་པོ་ལྷོ་ནུབ། དམར་པོ་ནུབ་བྱང་། ལྗང་གུ་བྱང་ཤར་དུ་བཙུགས། མཛེས་


GTN005_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སོགས། མདའ་དར་རལ་གྲི་རྣམས་ཚོན་སྐུད་ཀྱིས་དྲྭ་བས་སྦྲེལ། ཧཱུྃ། དཀྱིལ་འཁོར་ཆེན་པོའི་སོགས། ཕྱོགས་བཞིར་འཕན་བཞི། ཟུར་བཞི་རྒྱལ་མཚན་བཞི་འཛུགས། ཧཱུྃ། སྐྱེ་མེད་ཆོས་དབྱིངས་སོགས། མ་ཏྲཾ་གྱི་མགོ་བོ་ལྷོ། སྙིང་ལྷོ་ནུབ། ལག་གཡོན་ནུབ། རྐང་གཡོན་ནུབ་བྱང་། གསང་གནས་བྱང་། རྐང་གཡས་ཤར། ལག་གཡས་ཤར། གློ་བ་ཤར་ལྷོར་བཀོད། ཨོཾ། ཆོས་དབྱིངས་ཡེ་ཤེས་སོགས། མར་མེ་དགུ་སོགས། དབུས་ཀྱི་མར་མེ་ཤར་ངོས་དང་། གཞན་ཚིག་བསྟུན་ཕྱོགས་དང་མཚམས་སུ་རྟེན་ཐོད་རྣམས་དང་གོ་ས་མཐུན་པར་དར་ཡོལ་གྱི་ཕྱི་ལ་བཀོད། དཀྱིལ་འཁོར་གྱི་ཤར་དུ་ལྕོག་ཙེ་ཁེབས་ལྡན་གྱི་སྟེང་དུ་མེ་ཏོག་བཀྲམ་པར་མཉྫི་ལ་བདག་འཇུག་གི་དབང་གཏོར། གཡས་གཡོན་དུ་སྨན་དང་། རཀྟ། དེའི་མདུན་ནས་རིམ་བཞིན་མཆོད་ཡོན་ནས། ཞལ་ཟས་བར་དཀྱིལ་འཁོར་གྱི་ནུབ་ཏུ་ལྕོག་སྟེགས་ཁེབས་ལྡན་གཞི་རས་བཅས་པའི་སྟེང་། མེ་ཏོག་བཀྲམ་པའི་དབུས་སུ་བདག་བསྐྱེད་ཀྱི་གཏོར་མ། དེའི་གཡས་ནས་རིམ་བཞིན་ལེགས་ལྡན་གཙོ་བོར་བྱས་པའི་ཆོས་སྐྱོང་ཕོ་རྒྱུད་གཏོར་མ། ཕྱག་བཞི། སྡེ་དཔོན་སུམ་ཅུ། རྒྱུན་བཞག་ཆད་ཐོ། ཐོད་གདན་ལ་བདུད་རྩིའི་ཐོད་པར་ཆང་བཟང་པོར་ཨ་མྲ໏་ཏ་དང་ཆོས་སྨན་བཏབ་པ་ཁེབས་ལྡན་བཅས་བཤམས། བདག་བསྐྱེད་གཏོར་མའི་གཡོན་ནས་རིམ་པར། སྔགས་སྲུང་མར་གཙོ་བོར་བྱས་པའི་མོ་རྒྱུད་གཏོར་མ། ལྷ་ཆེན། དུར་ཁྲོད་བདག་མོ། རྒྱུན་བཞག་བསྟན་མ། ཐོད་གདན་ལ་རཀྟའི་ཐོད་པར་ཆུ་གཙང་རཀྟ་སོ་ལྔ་བཏབ་པ་ལེགས་པར་བཤམས། བྱང་དུ་ལྕོག་སྟེགས་ལ།


GTN005_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་བྱང་ནས་རིམ་པར་དྲག་མཆོད་དབང་ལྔའི་མེ་ཏོག །གསུར་ཆེན་སྤོས། ཞུན་ཆེན་མར་མེ། ཨ་མྲ໏་ཏ་དང་སྦྱར་པའི་དྲི་ཆབ། ཤ་ཆེན་ཞལ་ཟས་རྣམས་བཤམས། བླ་མེད་མཆོག་གི་ནས། བཞེས་སུ་གསོལ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་སེ་གོལ་བཅས་ལན་གསུམ་གྱིས་མཁའ་ཁྱབ་ཏུ་སྤེལ། སྒྲུབ་ཆེན་སྐབས་ལས་ཚན་མངའ་གསོལ་ལ། ལས་རྡོར་ནས་བདུད་རྩི་དྲངས་པ་སོགས་ཡོད་ཀྱང་འདིར་བཏང་སྙོམས་སུ་མཛད། རྒྱལ་ཚབ་པས་ཆས་བཅུའི་སྟོང་ཐུན་སྔོན་འགྲོའི། ཧཱུྃ། དོན་དམ་སྤྲོས་མེད་སོགས་རྗེས་ཟློས་བཅས་ཚིག་བསྟུན། གསོལ་ཚུལ་མཛད། བརྡའ་སྒོ་དབྱེ། བརྡའ་ཕྱག་འཚལ། བསྒྲུབ་ཆེན་སྐབས་འདུས་པ་དབང་མ་ཐོབ་པ་ཡོད་ན་མཆེད་གསར་རྙིང་སྣོན་པ་ཡོད་ཀྱང་འདིར་དབང་ཆེན་སླར་བསྐུར་རྒྱུ་ཡིན་པས་མི་དགོས། ཨོཾ་མ་ཧཱ་བཛྲ་སོགས། རྡོ་རྗེ་གསོར། དྲིལ་བུ་དཀྲོལ། འཁྱུད་རྒྱ་བྱས། རོལ་མོ་བྱིན་རླབས་བརྒྱ་བརྡུང་སོགས་མཛད་ཀྱང་ལེགས་མ་བྱས་ཀྱང་ཆད་པའི་སྐྱོན་མེད། དཀྱིལ་འཁོར་མདུན་དུ་གཡང་གཞིའི་སྟན་གཙང་མའམ། ཡང་ན་ལྕོག་སྟེགས་ཁེབས་ལྡན་གྱི་ཁར། དཔལ་དགུའི་ལྷ་ཕུར་སོ་སོའི་མགུལ་དུ་དར་སྣ་ལྔའི་ཅོད་པཎ་ལ་སོ་སོའི་སྔགས་ཀྱང་བྲིས་པ། དབང་ཕྱུག་ཉེར་བརྒྱད་ཕུར་བུ། བུམ་པ་དགུ་པོ་བུམ་གོས་བཅས་སོ་སོར་ཁུངས་ལྡན་གྱི་བུམ་རྫས་སོ་ལྔ་དང་། དྲི་བཟང་གིས་ཆུས་སུམ་གཉིས་བཀང་བར་ཁ་རྒྱན་སྒྲོ་མདོངས་ལ་སོ་སོའི་སྐུ་ཙག་རྣམས། བདག་འཇུག་གི་གཙོ་ལས་བུམ་པ་བཅས། ཕྱོགས་དང་གོ་རིམ་མ་ནོར་བར་བཀོད་པའི་མདུན་དུ། སློབ་དཔོན་ཞྭ་ཆོས་རྡོར་དྲིལ་བཅས་རྒྱ་


GTN005_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིར་བཞུགས། རྒྱལ་ཚབ་ཡར་བཞེངས་སྟབས་བཅས། ཆེ་མཆོག་སྔགས་དབྱངས་ལན་གསུམ་གྱི་དང་པོར་ལས་རྡོར་གྱིས་ཚིལ་ཆེན་དང་། གུ་གུལ་བདུག །གཉིས་པར་སློབ་དཔོན་གྱིས་ཡུངས་ཀར་བྲབ། གསུམ་པར་སློབ་དཔོན་གྱིས་གཡོན་པའི་སྲིན་ལག་གིས་རཀྟ་བྲན། དེ་བཞིན། ཡང་དག་ནས་བཀའ་སྡོད་བར་སོ་སོའི་སྔགས་ལན་གསུམ་རེ་བརྗོད་པར་བདུག་བྲབ་བྲན། རྟེན་དེ་དག་སོགས་ཐམས་ཅད་ཞྭ་བཅས་བཞེངས། བདག་ཉིད་དཔལ་ཆེན་པོ་སོགས། སློབ་དཔོན་ཡར་བཞེངས། ཧཱུྃ། སྤྲོས་མེད་རྟོག་བྲལ་སོགས། རྒྱལ་ཚབ་ནས་བུམ་པ་དང་། ལས་རྡོར་ནས་ཕུར་པ་བསྣམས་པ་འདྲེས་ཞལ་དཀྱིལ་འཁོར་ལ་ཕྱོགས། ཧཱུྃ། དབུས་ནས་རང་བྱུང་སོགས་སྔགས་ལ་ལྡིང་ཁྲི་གོང་མའི་དབུས་སུ་བུམ་པའི་མཆུ་དང་། ཙཀ་ལི་ཞལ་ཤར་དུ་ཕྱོགས་པས་བཀོད། ལས་རྡོར་གྱིས་ཕུར་བུ་རྒྱལ་ཚབ་ལ་ཕུར་པ་ལྡིང་། འོག་མའི་ཕུར་ཁུང་དུ་ཞལ་ཤར་དུ་ཕྱོགས་པར་བཙུགས། དེ་བཞིན་འདོན་བྱ་དང་བསྟུན། ཡང་དག་ནས་དྲག་སྔགས་བར་ཕྱོགས་མཚམས་མ་ནོར་བ་གཙོ་བུམ་བསྐོར་ཏེ་མཆུ་དང་ཙཀླི་དབུས་སུ་བསྟན་ནས་བཀོད། ཕུར་པ་ཡང་གཙོ་ཕུར་བསྐོར་ཏེ་ཞལ་ནང་བསྟན་འགོད། བཀའ་སྡོད་སྔགས་ལ། ལས་རྡོར་གྱིས་དབང་མོ་ཉེར་བརྒྱད་ཀྱི་ཕུར་པ་རྣམས་ཞལ་ནང་དུ་ཕྱོགས་པས། དང་པོ་ཞི་ཕུར་དཀྱིལ་འཁོར་གྱི་ཁྱམས་ལ་ཤར་ཕྱོགས་ཁྱམས་སྟོད་ནས་རིམ་པར་དྲུག་རེ་ཕུར་ཁུང་དུ་བཙུགས། དེ་བཞིན་ལྷོ་ནུབ་བྱང་གི་ཁྱམས་རྣམས་སུ་སོ་སོར་ཕུར་པ་དྲུག་རེ་གཡས་བསྐོར་དུ་བཀོད་རྗེས། ཤར་གྱི་སྒོ་མ་ཞལ་ཕྱིར་བསྟན་ནས་ཤར་


GTN005_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སྒོར་འགོད། དེ་བཞིན་དུ་ཕྱོགས་གཞན་གསུམ་གྱི་སྒོ་མ་ཡང་ཞལ་ཕྱིར་བསྟན་དུ་སོ་སོའི་སྒོར་བཀོད་ཅིང་། འཚོགས་གྲོལ་བས་འཐུས་སོ། །སྐུ་མདུན་དུ་མཎྜལ་ཚོམ་བུ་སོ་བདུན། དབུ་རྒྱན། གཙོ་ལས་བུམ་པ་བདག་འཇུག་ཆས། ཙཀླི། མེ་ལོང་། ཤེལ་རྡོ། ཕུར་པ་གདན་བཅས་ཡུངས་ཐུན་སོགས་འགོད། ལྡིང་ཁྲི་གོང་མའི་སྟེང་གི་བུམ་པ་དགུ་པོར་གཟུངས་རྡོར་བཏགས་པའི་གཟུངས་ཐག་ཁ་དོག་ལྔ་ལྡན་ཅན་སྣེ་མོ་སློབ་དཔོན་ཕྱག་ཏུ་སླེབས་ཚོད་དང་། སྔར་དཀྱིལ་འཁོར་གྱི་ཤར་ཕྱོགས་བདག་འཇུག་གཏོར་མའི་གཡས་ཕྱོགས་དེར། ཉིན་རེ་བཞིན་རྒྱུན་འབུལ་དམ་ཅན་གཏོར་མ། ཆད་ཐོ། གཡོན་ཕྱོགས་སུ་རྒྱུན་འབུལ་བསྟན་མའི་གཏོར་མ། གཞི་བདག་དཀར་གཏོར། གསེར་སྐྱེམས། སྨན་རཀ་ཁར་ཁེམ་ཐུར་སོགས་ཛ་གད་ཀྱི་བུམ་པ་ཁ་རྒྱན་མགུལ་ཆིངས་ཅན་དྲི་བཟང་པོའི་ཆུས་སུམ་གཉིས་བཀང་བ། ཐབས་ཤེས་ཚེ་ཡི་གའུ། ལས་བཞིའི་འབྲང་རྒྱས་མདའ་གདུགས་སེར་པོ་བཙུགས་པ། ཚེ་འབྲང་རྒྱན་ལྡན་བཅས་བཤམས། དཀྱིལ་འཁོར་བྱང་དུ། ཐོད་ནང་དུ་སྤྱིའི་ཐུན་རྫས་ཡུངས་ཀར། མཚེ་ཕོན། གུ་གུལ། ལྕགས་ཧོམ་དུ་ལིངྒ་ཁེབས་ལྡན། བྱང་ཤར་སོགས་སྟབས་བདེར་ལྕོག་སྟེགས་ལ། ཚོགས་གདན་ཞིང་ལྤགས་སམ་སྟག་ལྤགས་ཀྱི་ཁར་ཚོགས་འཁོར་རྫས། ཤ་མཐུད། ཤིང་ཐོག་མངར་གསུམ་ཚོགས་ཆང་མཆོད་ཁེམ། གཞན་ཡང་ཅོག་སྟེགས་ལ་སྔོན་གཏོར་དང་། སྤོས་ཕོར། ལས་རྡོར་གྱི་གཡབ་དར། ལས་བུམ་དྲི་བཟང་ཆུས་བཀང་བ། ཁ་རྒྱན་མགུལ་ཆིངས་ཅན། ཆུ་གཙང་ནས་སོགས།


GTN005_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འཇུག་གཙོ་བུམ་ཁ་རྒྱན། མགུལ་ཆིངས། གཟུངས་རྡོར་བཅས། བུམ་རྫས་ཉེར་ལྔ་དང་དྲི་བཟང་ཆུས་སུམ་གཉིས་དགང་བར་བྱ། གཞན་ཡང་། ལྷ་ལ་བརྙས་པ་སྤང་བ་དང་། རང་གི་བསོད་ནམས་གསག་ཕྱིར་གནས་ཁང་ལ་གདུགས་རྒྱལ་མཚན། འཕན་བླ་རེ། དར་དཔྱངས། ཕྱེ་འཕུར་སོགས་རྒྱན་སྤྲོས་དང་། སྒྲུབ་པ་པོ་རྣམས་ཁྲུས་དང་གཙང་སྦྲ་གོས་ཟས་ཡོ་བྱད་རྒྱན་སྤྲོས། རོལ་མོ་འབུད་དཀྲོལ། ཆོ་ག་དབྱངས་རོལ་ཕྱག་ལེན་སོགས་མཐོང་བརྒྱུད་ལྟར་རྒྱས་པར་མཛད་དགོས་སོ། །༈ ཉིན་གཉིས་པ་ནས་རིམ་པར། བཞི་པ་དབང་བསྒྲུབ་དངོས་གཞི་ཉིན་བསྟར་མཛད་རྒྱུར། ལས་བྱང་རྒྱས་འབྲིང་སོགས་ཆོ་ག་གཏེར་གཞུང་རྒྱས་པ་ལ་མངའ་བདག་ཉང་གི་ཞལ་གཟིགས་རྗེས་སུ་གནང་བ་ཐོབ་པས་སྨིན་གླིང་གཏེར་བདག་གླིང་པའི་ལས་བྱང་བདེ་བ་ཆེན་པོའི་རྣམ་རོལ་ཆོག་བསྒྲིགས་མཛད་པ་ལྟར་ཕྱག་ལེན་བདེ་བས་བརྒྱུད་འདེབས་མཐར་རོལ་མོ་བརྒྱ་བརྡུང་རྒྱས་བསྡུས་རེས་མོས་སྔོན་གཏོར་བཏང་། ཡན་ལག་བརྒྱད་པ་རྡོར་སེམས་སྒོམ་བཟླས། བགེགས་གཏོར་བསྔོ་བ། མཚམས་གཅོད། བརྡའ་སྒོ་དབྱེ་བ། བརྡའ་ཕྱག་འཚལ་བ། བཤགས་མཐར་ཐལ་སྦྱར་བཅས་ཡེ་ཤེས་སྐུ་མཆོག་བཏང་། དམ་བཅའ་བ་སློབ་དཔོན་དང་ལས་རྡོར་ཞྭ་ཡོད་གཡབ་དར་བཅས་བྱིན་འབེབས་མཐར་རྒྱུད་གསུམ་རོལ་མོ་བཤུག་པ་ཌཱ་དྲིལ་རྐང་གླིང་བཅས། མཆོད་པ་བྱིན་རླབས། ཏིང་འཛིན་


GTN005_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གསུམ། གཞལ་ཡས་ཁང་དང་གདན་ལྷ་བསྐྱེད། དབང་བསྐུར་རྒྱས་གདབ། སྤྱན་འདྲེན་ལ་སློབ་དཔོན་དང་ལས་རྡོར་ཞྭ་ཡོད། གཡབ་དར། བཞུགས་གསོལ། ཕྱག་འཚལ། སྨན་མཆོད་ལ་སློབ་དཔོན་དང་ལས་རྡོར་སྨན་སྔགས་བསྟུན་འབུལ་ བ་དངོས་གྲུབ་བློངས། མཆོད་པ་བླ་གྲྭ་ཚང་མས་ཕྱག་རྒྱ་དབྱངས་རྟ་སྦྱར། བསྟོད་པའི་བར་བཏང་། བཟླས་པ་ལ་འདིར་སྒྲུབ་ཆེན་མི་འབྲེལ་བས་འཛབ་བསྐུལ་སོགས་མི་མཛད། ལས་བྱང་ལྟར་ལ་ཞི་བ་སྤྱི་སྔགས། ཁྲོ་བོ་སྤྱི་སྔགས་སོ་སོར་ལྔ་བརྒྱ་རེ། ཆེ་མཆོག་སྟོང་། ཡང་དག་ནས་ཕུར་པའི་བར་ལྔ་བརྒྱ་རེ། མ་མོ་ནས་དྲག་སྔགས་བར་སུམ་བརྒྱ་རེ། བཀའ་སྡོད་བརྒྱ། དྲག་སྔགས་སོ་ལྔ་ལྔ་བཅུ་ལས་རྡོར་སྤྱིའི་ཐུན་རྫས་དང་། སློབ་དཔོན་མདུན་ཐུན་རྫས་གྲལ་བསྐོར་སོ་སོར་མཚམས་རྣམས་སུ་སྟོང་ཚིག་གི་མཆོད་པ་སྨན་འཐོར་མཆོད་སིལ་རྔ་བཅས། དཀར་དུང་། རྒྱ་གླིང་། དུང་ཆེན། ཌཱ་དྲིལ་བྱ། ཚེ་འཛབ་བྱ། སྒྲུབ་ཁོག་ནས་བུམ་པ་རང་བྱུང་གི་སོགས། ལས་རྡོར་དཀྱིལ་འཁོར་སྟེང་གཟུངས་ཐག་མེ་ཏོག་འཐོར་ནས་པད་ཀོར་གྱིས་བློངས། སླར་པད་ཀོར་གྱིས་སློབ་དཔོན་ལ་འབུལ། སློབ་དཔོན་གྱིས་ནས་འཐོར་ཞིང་པད་ཀོར་གྱིས་བློངས། སྐུ་མདུན་གྱི་བདག་འཇུག་གཙོ་བུམ་ཁར་བཞག་པའི་གཟུངས་ཐག་སྣེ་མོ་བཅས་ཕྱག་གཡོན་པས་བཟུང་ལ་ཞི་བ་སྤྱི་སྔགས་དང་། ཁྲོ་བོ་སྤྱི་སྔགས་ལ་སྐུ་གསུང་ཐུགས་སྔགས་བཏགས་པ་སུམ་བརྒྱ་རེ་བཟླས། གཟུངས་ཐག་རིང་བ་ལས་རྡོར་ནས་བསྡུ། གཟུངས་ཐག་ཆུང་བའི་གཟུངས་རྡོར་སློབ་དཔོན་གྱིས་ལས་བུམ་ཁར་སྤོས་ཏེ། ཨོཾ་བཛྲ་ས་ཏྭ་ཨཱཿ ཞེས་སྐད་ཅིག་གིས་


GTN005_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བུམ་དུ་རྡོར་སེམས་བསྐྱེད། ཡིག་བརྒྱ་ལྔ་བཅུ། ཡིག་དྲུག་བརྒྱ་རྩ་བཟླས་ཏེ་འཇོག །ལས་རྡོར་ནས་སྣོད་སོ་སོར་ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས། ཟུར་དུ་བསྒྲལ་བའི་ཉ་བོ་ཡོད་ན་དང་། མེད་ན་ཚོགས་ཟན་དུམ་གཅིག་བཅད་པ་བཤམས། སློབ་དཔོན་སོགས་མཆེད་རྣམས་ལ་ཚོགས་རྫས་ལོངས་བར་གཏུབ། བསྒྲལ་བ་མ་གཏོགས་པའི་ཚོགས་རྫས་རྣམས་ལ་ཚོགས་ཆང་བྲན། སྒྲོན་ཐུར་གྱིས་སློབ་དཔོན་མདུན་གྱི་ནང་མཆོད་ནས་ཅུང་ཟད་བཅུས་པ་དང་། ལས་བུམ་གྱི་ཆུ་སྒྲོ་མདོངས་ཀྱིས་བླངས་ནས་སོ་སོར་བྲན། ཚོགས་བྱིན་རླབས་ཞུ། ཚོགས་བྱིན་རླབས་ནས་ཞལ་སྟབས་བར་སོང་། སྐབས་འདིར་སྒྲུབ་ཁོག་ལྟར་བདག་འཇུག་རྒྱས་པར་ལེན། གཏོར་བསྔོ་དམ་ཅན་སྤྱི་གཏོར་བསྡུས་པ། སྡེ་དཔོན་སུམ་ཅུ། གཏེར་གཞི་བཅས་བཏང་། གཏོར་བསྔོ་སྐབས་ལས་རྡོར་ནས་ཚོགས་དྲངས། ལྷག་མ་བསྡུ། ཆུ་གཏོར་བརྒྱ་རྩ་གཏོང་མཁན་ཟུར་དུ་ཡོད་ན་དེས་ཆ་གསུམ་བཏང་ཡང་། མེད་ན་སློབ་དཔོན་ཞྭ་ཆོས་བཅས་འཚོགས་མང་སྒྲུབ་ཁང་ཕྱིར་བྱོན་ནས། ཞྭ་རྡོར་དྲིལ།༼མཆོད་སིལ་རྔ།༽ དཀར་དུང་བཅས་ཆ་གསུམ་བཏང་བའམ། ནང་ནས་བཏང་ཡང་རུང་བར་མཛད། ལྷག་མ་ཕྱག་ལེན་ལྟར་བཏང་། གོང་དུ་བདག་འཇུག་མ་སོང་ན་འདིར་རིག་པའི་མེ་ཏོག་དོར། སློབ་མ་འཇུག་པར་གནང་བ་ཞུ་དགོས། བདག་འཇུག་བླངས་ན་མི་དགོས། དབང་ཡོལ་རྒྱབ་སློབ་མ་འཚོགས་བརྡའ་བཏང་། རྩ་བའི་ས་བཅད་གསུམ་པ་དབང་དངོས་ལ། བླ་མ་གོང་མ་རྣམས་ཀྱི་གསན་


GTN005_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ཏུ། ཕྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་བུམ་དབང་བརྒྱ་རྩ་བརྒྱད་ནང་ལུས་ལ་བརྟེན་ནས་ལྷ་དབང་བཞི་བརྒྱ་དང་སུམ་ཅུ། བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་གསང་དབང་ཙམ། གསང་བ་བྷ་གའི་དཀྱིལ་འཁོར་ལ་བརྟེན་ནས་གསང་དབང་དངོས་དང་། རྡོ་རྗེ་སློབ་དཔོན་གྱི་དབང་ལ། བསྟན་ཅིང་འཛིན་པའི་དབང་། འཆད་ཅིང་སྟོན་པའི་དབང་། སྒོམ་ཞིང་སྒྲུབ་པའི་དབང་། མཆོད་ཅིང་བསྟོད་པའི་དབང་། ཕྲིན་ལས་འགྲོ་བ་འདུལ་བའི་དབང་། རྡོ་རྗེ་རྫོགས་པའི་དབང་། ལྟ་བ་སྤྱི་འབྱམས་ཀྱི་དབང་། དེ་ལ་སོགས་པ་ཕྲ་ཞིབ་ཀྱི་དབང་དང་། རྫས་དབང་སུམ་ཅུ་སོ་ལྔ། གྲུབ་པ་ལུང་གི་དབང་། རྣལ་འབྱོར་རྒྱུན་གྱི་དབང་། བཀྲ་ཤིས་ཚེའི་དབང་རྣམས་ཞེས་གསུངས་པ་ཙམ་འདུག་པ་ཁུངས་དག་ཡིན་ཕྱིར་མཁའ་ཀློང་ཡངས་པའི་ཆོག་བསྒྲིགས་མདོ་བྱང་བདེ་ཆེན་གསལ་བ་ལྟར་བསྐུར་བ་ལ། སློབ་མ་རྣམས་གྲལ་ལ་འཁོད། ཇི་ལྟར་བལྟམས་པ་སོགས་ཁྲུས་དང་། ཡིག་བརྒྱ་བཟླས། ཨོཾ་བཛྲ་ཨ་མྲ໏་ཏས་བགེགས་གཏོར། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿ ཧཱུྃ། རྒྱ་བཅས། ཨོཾ་ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ལན་གསུམ་སེ་གོལ་བཅས། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་བཟླས་བརྗོད་ཏིང་


GTN005_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོང་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་བཅོམ་ལྡན་འདས་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། དེང་འདིར་རྡོ་རྗེའི་སློབ་མ་རྣམས་ལ་དབང་བསྐུར་གྱི་ཆོ་ག་ཟབ་མོ་སྒྲུབ་པར་བྱེད་པ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་མགུ་ཞིང་ཚིམ་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེའི་མེ་རབ་ཏུ་འབར་བ་འདིས་མགོ་བོ་ཚལ་བ་བརྒྱར་འགས་པར་འགྱུར་ཏ་རེ། སུམ་བྷའི་སྔགས་དང་དྲག་སྔགས་སོ་ལྔ་ཡུངས་ཐུན་གུ་གུལ་བདུག །དྲིལ་བསིལ་བཅས་བགེགས་སྤྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་རྭ་བ་དྲྭ་བ་གུར་བླ་བྲེ། ཡེ་ཤེས་ཀྱི་མེ་དཔུང་འབར་བས་མཚམས་བཅད་དེ་ཅིས་ཀྱང་མི་ཤིགས་པར་གྱུར། ཅེས་བརྗོད། སྤྲོས་བཅས་ལྟར་ན་སློབ་དཔོན་སྔགས་ཆས་ཞུགས་རྒྱ་ཁྲིར་བཞུགས། གྲྭ་ཚང་རྔ་རོལ་འབུད་བརྡུང་བཅས། བདེ་གཤེགས་འདུས་པའི་དཀྱིལ་འཁོར་དུ་སོགས་དབྱངས་རོལ། མཚམས་བཅད་མི་བཟད་ཁྲོ་གཏུམས་བཅས་མཛད་པའི་ཕྱག་ལེན་གནང་། ལས་རྡོར་མེ་ཏོག་བཀྱེ་བསྡུ་བྱ། འོ་ན། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་ཟབ་


GTN005_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ལེགས་པར་གསན་འཚལ། དེ་ལ་གང་གསན་པར་བྱ་བའི་ཆོས་ནི་དབང་གི་མདོ་བྱང་ཆེན་པོ་འདི་ལ་སྤྱི་དོན་གསུམ་སྟེ། སོགས་ནས། ས་མ་ཡ་ཨ་བྷི་ཥིཉྩ་རྒྱ་རྒྱ་རྒྱ༔ བར་བརྗོད། དེ་ལྟར་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པ་མངའ་བདག་ཉང་གི་ཟབ་གཏེར་དུ་བྱོན་པ་གནམ་ལ་རིག་འཛིན་བརྒྱུད་པའི་གྲལ་མ་ཞིག་ས་ལ་དཀྱིལ་འཁོར་བསྒྲུབ་པའི་བཀྲག་མ་ཡལ། བར་དུ་སྨན་རཀ་བདུད་རྩིའི་མཚོ་མ་སྐམ། དམ་ཉམས་དང་འདྲེས་ཁྱེར་གྱི་ལྷད་མ་ཞུགས་པ་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་ཕྱག་བཞེས་ལྟར་དབང་བསྐུར་ཟབ་མོ་སྒྲུབ་པར་བྱེད་པ་ལ་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དཀྱིལ་འཁོར་སྒྲུབ་ཅིང་བདག་འཇུག་བླངས་པ། སློབ་མ་འཇུག་པར་གནང་བ་ནོད་པ་སོགས་སྔོན་དུ་སོང་གྲུབ་པ། ད་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཞེས་བརྗོད་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་བ་སོང་ནས་གནང་བ་སྦྱིན་པ་ནི། རིགས་ཀྱི་བུ་ཁྱོད་ཐེག་པའི་དོན། རྡོ་རྗེ་ཐེག་པའི་སོགས། གསང་སྔགས་ཀྱི་ཚུལ་ལ་འདུན་པས་སྒྲུབས་ཤིག །བར་དེ་ནས་ཡུལ་ཐུན་མོང་མ་ཡིན་པ་རྒྱལ་བ་ཞི་ཁྲོའི་སོགས། སྡོང་གྲོགས་ཞུ་སྙམ་པས་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སོགས། དགེ་འདུན་ལ་སྐྱབས་སུ་མཆིའོ་བར་ལན་གཅིག །བླ་མ་དཀོན་མཆོག་ལན་གསུམ། དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་དཔག་ཏུ་མེད་པ་སོགས། ཡང་དག་པའི་ཕྱིར་འདིའི་རྗེས་ཟློས་མཛོད། བདག་དང་མཐའ་ཡས་སེམས་ཅན་རྣམས། །


GTN005_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ནས། དེ་ལྟར་ཏིང་འཛིན་རིམ་བཞིན་བསྒོམ། །ཞེས་ལན་གཅིག །སྲས་བཅས་སངས་རྒྱས་སོགས་སེམས་ཅན་མྱ་ངན་འདས་ལ་འགོད། ལན་གསུམ། དེ་ལྟར་བྱས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། མདོར་བསྡུ་ན་སོགས། བསླབ་སྟེ་གསུམ་དུ་འདུས་སོ། །བར་སྟ་གོན་ལྟར་བརྗོད། དེ་ནས་དབང་དངོས་གཞི་ལ་ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་ཆས་སུ་འཇུག་པ་ནི། སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་མིག་ལྡང་སྟེ། དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ་མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་ལ་ཡང་བསྐྱར་འཇུག་པའི་བརྡར་མིག་དར་འཆིང་མཛོད། ཧཱུྃ་སརྦ་སྭ་ཏ་ཡ་ཧཱུྃ། ཨ་ཁཾ་བྷི་ར་ཧཱུྃ། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་དུ་མི་རུང་བས་ཕྱག་རྟེན་དུ་མེ་ཏོག་གི་ཕྲེང་བ་ཟུངས་མཛོད། ཨོཾ་པུཥྤེ་རཏྣ་མཱ་ལྱེ་ཏྲཾ། ཆས་སུ་ཞུགས་པ་ནི། སྤྱི་བོར་གཙུག་ཏོར་དུར་བའི་ཐོར་ཅོག་སྦྱིན་ཞིང་། ཨིུཥ་ཙ་དྷ་ཎ་སོགས་ནས་ཡིག་ཆུང་མི་ཕྱེ་བར་ནར་འདེད། ཨ་ལ་ལ་ཧོཿ བར་བརྗོད། དེ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་གྱིས། ཧོཿ བླ་མ་དུས་བཟང་སོགས། མགྲིན་གཅིག་ཏུ་འདིའི་རྗེས་ཟློས་མཛོད། ཧོཿ དགོངས་སུ་གསོལ་ལོ། །བདག་ཅག་འདིར་འདུས་ཤིང་སོགས། སློབ་མས་དེའི་ལན་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ། དཔལ་ཆེན་བདག་ཅག་སོགས། འདུན་པ་ཡང་ཡང་བྱས་ལ་འདིའི་རྗེས་ཟློས་མཛོད། ཨོཾ། གདོད་མའི་དབྱིངས་སོགས། གྲོང་དུ་ཕྱིན་པར་ཤོག །དབང་བསྐུར་བ་ནི་དམ་ཚིག་ལ་བརྟེན་ནའང་། དབང་འཛིན་པ་ནི་སྡོམ་པ་ལ་རག་ལས་


GTN005_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། ཧོཿ རྫོགས་སངས་རིན་ཆེན་དག་པའི་སེམས་ཉིད་ངང་། །སོགས། ཐར་པའི་སྒོ་ནི་དབྱེ་བར་བགྱི། དེ་བསྟན་པར་བྱ་བ་ནི། སློབ་མའི་གནས་གསུམ་དུ་དྲིའི་ཐིག་ལེ་བྱས་ལ། ཟླ་བ་དང་སོགས། ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཡེ་ཤེས་དབབ་པ་ནི། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེ་སངས་རྒྱས་ཐམས་ཅད་ལ། །སོགས། བསྟན་དུ་གསོལ། ལན་གསུམ་ཞུ། ཨོཾ་བཛྲ་ས་ཏྭ་ཨཱཿ ས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སློབ་མ་རྣམས་སྐད་ཅིག་གིས་སྣང་བ་མཐའ་ཡས། སོགས། ཛྷཻ་ཾསྭཱ་ཧཱཿ རོལ་མོ་འབུད་དཀྲོལ། གུ་གུལ་བདུག །ཐོད་རྔ་དཀྲོལ། མི་རྐང་གླིང་བུ་འབུད། དེ་ལྟར་བྱིན་དབབ་པའི་ཡེ་ཤེས་པ་རྣམས་ཁྱོད་རང་དང་རོ་གཅིག་ཏུ་གྱུར་པའི་མོས་པ་མཛོད། ཏིཥྛ་བཛྲཿ ཞེས་སྤྱི་བོར་རྡོ་རྗེ་བཞག །ནས་འཐོར། དེ་ནས་ལྷོ་སྒོ་ནས་ཕྱག་འཚལ་བ་འདིའི་རྗེས་ཟློས་མཛོད། ཧོཿ དཀྱིལ་འཁོར་དགུ་ཡི་སོགས། མེ་ཏོག་ཁ་དོག་འཕྲེང་བར་བརྒྱུས་ལ་འདིའི་རྗེས་ཟློས་མཛོད། ཧོཿ དཀྱིལ་འཁོར་ལྷ་ཚོགས་དྲུང་ན་སོགས་མིག་དབྱེ་ཞིང་ལྷ་ངོ་བསྟན་པ་འདིའི་རྗེས་ཟློས་མཛོད། ཧོཿ དུས་བཟང་དེང་སོགས། སློབ་མས་ཞུ་བ་འདིའི་རྗེས་ཟློས་མཛོད། ཧོཿ ཇི་ལྟར་ལྷ་ཡི་སོགས། མ་བསྒོམས་པར་སངས་རྒྱས་པར་འགྱུར་རོ། །བླ་མ་ལ་ལུས་འབུལ་ཞིང་དམ་ཚིག་བསྲུང་བ་སོགས། བླ་མ་དང་ལྷ་ལ་འབུལ་བ་འདིའི་རྗེས་ཟློས་མཛོད། དངོས་གྲུབ་རྩོལ་ཕྱིར་སོགས། རྡོ་རྗེ་དམྱལ་བར་ལྟུང་། དེ་ནས་ཕྱི་དབང་རྫས་ལ་བརྟེན་ནས་དབང་བསྐུར་བ། སོགས་ནས། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །སོགས། ཨ་ཝེ་ཤ་ཡ་


GTN005_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཨཱཿ ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ་སོགས། ལྔ་པ་ཕྱག་རྒྱའི་དབང་གཉིས་ཏེ་སོགས་ནར་འདེད། དབུ་རྒྱན་ནས་བཟུང་རྣམ་པར་སྣང་མཛད་མིང་དབང་གི་དབང་རྫོགས་པར། རིགས་ལྔ་སོ་སོའི་སྔགས་ཀྱི་གཙོ་བོ་བྱས་ཏེ། དེ་རྗེས་བུམ་དབང་། བུམ་པ། གཞལ་ཡས་ཁང་། བུམ་ཆུ། འབྲུ། སྨན། སྤོས། རིན་ཆེན། སྙིང་པོ། ཁ་རྒྱན། མགུལ་ཆིངས། གཟུངས་ཐག་བཅས། རྒྱལ་སྲིད་སྣ་བདུན་བཅས་ཡང་བསྐྱར་སོ་སོར་སྦྱར་དགོས་པས་རིམ་བཞིན། ཞི་དབང་མཇུག་སྨོན་བཞིན་དུ་བླ་མ་དང་སློབ་མ་གཉིས་ཀས་བགྱི་བ་གཅེས་སོ། །དེ་མཐར་བཀྲ་ཤིས་བརྗོད། དམ་ཚིག་ཁས་བླངས། ལུས་དབུལ་བ། གཏང་རག མཎྜལ། དགེ་བསྔོ་བྱས། སློབ་མ་གྲོལ། དེ་རྗེས་ན་རག་སྐོང་བཤགས་གཏོང་། གཏོར་འབུལ། བསྐུལ་ཆད་ཐོ། བརྟན་མ། རྟ་བྲོ། མཆོད་བསྟོད། ཡིག་བརྒྱ། བཟོད་གསོལ། རས་བྲིས་བརྟན་བཞུགས་ཉེར་བསྡུ། ལྷར་ལངས། གོ་བསྒོ། སྨོན་ལམ་བཀྲ་ཤིས་རྒྱས་པར་བྱའོ། །༈ ཉིན་གསུམ་པ་དང་བཞི་པ་ལ། ལས་བྱང་སོགས་ཉིན་གཉིས་པ་སོར་གནས་བྱ། ཉིན་གསུམ་པར་དབང་གི་སྐབས། ཁྲུས་བགེགས་གཏོར་བཏང་ཞིང་བགེགས་སྐྲོད། མཚམས་བཅད། ཆོས་བཤད་བསྡུས་ཙམ་ནས་མཎྜལ་འབུལ་བ་བར་བྱ། དེ་ནས་གསོལ་བ་གདབ་པ་སོགས་སྒྲུབ་ཁོག་གི་བདག་འཇུག་ཁ་བསྒྱུར། ཞི་བ་རིགས་བཞིའི་དབང་གི་མཇུག་བར་ནར་འདེད། དེ་ནས་མདོ་བྱང་བདེ་ཆེན་


GTN005_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའི་དབང་གི་འཕྲོ་ནས། གཉིས་པ་ནང་ཁྲོ་བོའི་དབང་བསྐུར་བ་ལ་དྲུག་སྟེ་སོགས་ནར་དེད་བྱས། ཕུར་པའི་ལྷ་ཚོགས་རྫོགས་པར་བསྐུར། དེ་རྗེས་སྒྲུབ་ཁོག་བདག་འཇུག་ནས་བཟླས་ལུང་ནས་ཕུར་པ་གཏད་པའི་བར་ཁས་བླངས་ལ་ལུས་འབུལ། གཏང་རག་དགེ་བསྔོ་བྱ། ༈ ཉིན་བཞི་པ་ལ་སྔར་ཉིན་ལྟར་ལས། བདག་འཇུག་ལྷ་དབང་གི་ཕུར་པ་བར་བསྐུར། དེ་ནས་མདོ་བྱང་བདེ་ཆེན་གསལ་བའི། བདུན་པ་མ་མོ་རྦོད་གཏོང་གི་ལྷ་ཚོགས་ཀྱི་དབང་བསྐུར་བ་ནི། ཞེས་པ་ནི་ནར་འདེད། མཁའ་གསང་བྱིན་གྱིས་བརླབས་པའོ། །དེ་ལ་ཐོག་མར་མཎྜལ་ཕུལ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་ཞི་བ་སོགས། བླ་མ་ལ་ཕུལ་ལ་འདིའི་ རྗེས་ཟློས་མཛོད། ཨེ་མ་ཧོཿ རྣལ་འབྱོར་ཡོངས་ཀྱི་སོགས་ནས་ནར་འདེད་ལ་ཉན་དབང་སོགས་ལྔ་ལས། གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པའི་ནང་དུ། ཞེས་དང་། བླ་མ་ཀུན་བཟང་ཡབ་ཡུམ་དུ་གསལ་བའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་པས། གོང་དུ་བསྐྱེད་པའི་ལྷ་རྣམས་རྒྱལ་ཕོག །སྦྱོར་བའི་བརྡས་བསྐུལ་ནས་སྙོམས་པར་ཞུགས་པས། ཞེས་པ་འདི་རྣམས་འདྲིས་ཤེས་དགོས། ཤེས་རབ་ཡེ་ཤེས་ཀྱི་དབང་ལ་མཎྜལ་ཕུལ། གསོལ་བ་བཏབ་པ་འདིའི་རྗེས་ཟློས་གྱིས། མགོན་པོའི་སྤྲུལ་སོགས། ཧོཿ གཉིས་མེད་སོགས་ནས་ནར་འདེད། དེ་ཁོ་ན་ཉིད་


GTN005_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལ་བརྟེན་ནས་བསྐུར་བ་ལ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོཿ ཁྱོད་ཞབས་པདྨོའི་སོགས་ནས་བག་ཆགས་རྒྱུད་ལ་གཞག་པར་བྱའོ། །བར། ཡོན་དབུལ་བ་ནི། ལུང་ལས། རྒྱལ་སྲིད་དང་ནི་སོགས། མདོ་བྱང་ཆེན་མོ་རྫོགས་སོ་བར་བརྗོད། དེ་ནས་ནམ་མཁའ་ལ་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤིས་བརྗོད་ཀྱི་མེ་ཏོག་ཆར་བཞིན་དུ་དབབ་པས་དབང་གི་ཡེ་ཤེས་སྔར་མ་བསྐྱེད་པ་བསྐྱེད་ཅིང་། བསྐྱེད་པ་མི་ཉམས་པར་རབ་ཏུ་བརྟན་པའི་མོས་པ་མཛོད། ཨོཾ་ཡེ་དྷརྨཱ་སོགས། ཡང་དག་འཇམ་དཔལ་སོགས། བྱིན་རླབས་མཆོག་སོགས། དམ་ཚིག་ཁས་བླངས། ལུས་འབུལ་བ། གཏང་རག་མཎྜལ། དགེ་བསྔོ་བྱས། སློབ་མ་གྲོལ་བའོ། །ཉིན་གསུམ་བཞིར་དབང་ཁོག་རྣལ་འབྱོར་རྒྱུན་དབང་བྱས་པ་ཡིན་པས་ཟུར་དུ་བསྐུར་མི་དགོས། ༈ ཉིན་ལྔ་པར། བཀའ་བརྒྱད་ལས་བྱང་བསྙེན་པ་བུམ་བཟླས་བཅས་གཏོར་བསྔོ་སྡེ་དཔོན་སོགས་གཏེར་གཞི་བཅས་རྫོགས་པར་བཏང་། སྐབས་འདིར་དངོས་གྲུབ་ཀྱི་རྫས་བཤམས་པ་ལ། དཀྱིལ་འཁོར་ཤར་དུ་ཅོག་སྟེགས་ཁེབས་དཀར་པོ་དང་ལྡན་པའི་སྟེང་དུ་གྲོ་ཡིས་གཡུང་དྲུང་གཡས་འཁྱིལ་དུ་བྲིས་པའི་སྟེང་མཉྫི་མཐོ་བའི་ཁར་སྨན་གྱི་ཕོ་བྲང་ཁར་ཐོད་པ་ཁ་སྦྱར་བཀོད་ལ། ཕྱི་ནས་སྟེགས་ཁེབས་ཀྱིས་གཡོགས། དེའི་མདུན་དུ་ལྷ་བུམ་བཅུ་སོ་སོའི་བུམ་ ཆུ་གཅིག་ཏུ་བསྡུས། དུས་རྒྱུན་སློབ་དཔོན་མདུན་གྱི་རྣམ་བུམ་དུ་བླུགས་པ་དང་། གཡས་སུ་སྔར་གྱི་དཀྱིལ་འཁོར་ལྷོའི་འབྲང་རྒྱས་ལས་བཞི་མཆོག་བཅས་རང་


GTN005_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་མེ་རིའི་རྒྱན་ཅན་བཟའ་བཅའ་སྣ་ཚོགས་ཀྱིས་ཁ་གསོས་པ་བཞག །གཡོན་དུ་ཐོད་པར་ཆང་བཟང་པོར་མངར་གསུམ་དང་། ཨ་མྲ໏་ཏས་སྦགས་པའི་བདུད་རྩི་དང་། དེ་ཉིད་ཁ་གསོ་བའི་སྣོད་གས་ཆག་མེད་པའི་ནང་དུ་བུ་རམ་དང་བྱིན་ཅན་གྱི་ཕབས་ལྡན། རྒྱབ་ཏུ་ཀ་ཏོ་རའི་སྣོད་དུ་མངར་གསུམ་བསྲེས་པའི་གྲོ་མཐུད་ཀྱི་རིལ་བུ། སློབ་དཔོན་མདུན་དུ་ཆང་དང་རཀྟ་བསྲེས་པའི་དུང་ཞལ་སྣོད་དང་། ཁེམ་ཐུར་བཅས་བཟེད་ཞལ་གྱི་སྣོད་ཀ་པཱ་ལ་སྟོང་པ་སྟེགས་བཅས་བཀོད་དོ། །དཀྱིལ་འཁོར་མདུན་དུ་རྒྱལ་ཚབ་པ་ཞྭ་ཆོས་རྡོར་དྲིལ་བཅས་བཞེངས། གཡོན་དུ་གུ་གུལ་དུད་པ་དང་། ཐུན་ཟེ་ཞྭ་བཅས་ལས་རྡོར་འཁོར། རྔ་རོལ་འབུད་བརྡུང་དབྱངས་བཅས། ཧཱུྃ། བདེ་གཤེགས་འདུས་པ་སོགས། ལས་རྡོར་རྒྱལ་ཚབ་བཅས་དཀྱིལ་འཁོར་བསྐོར་ཐུན་བྲབ། ཧཱུྃ། མི་བཟད་ཁྲོ་གཏུམ་སོགས་མཚམས་བཅད། རྒྱལ་ཚབ་ལས་རྡོར་བཅས་གཡབ་དར་སོགས། ཧཱུྃ། དུས་གསུམ་བདེ་གཤེགས་བྱིན་འབེབས་བརྒྱུད་གསུམ་རོལ་མོ་བཅས་རྒྱལ་ཚབ་ཁྲིར་འཁོད། བདུད་རྩི་བྱིན་རླབས། རཾ་ཡཾ་ཁཾ་སོགས། ལས་བྱང་བཞིན་རྩ་བའི་དཀྱིལ་འཁོར་ནས། ཞི་བསྙེན། དཔལ་དགུ་སོགས་ཀྱི་སྔགས་མཐར། སརྦ་ཨ་མྲ໏་ཏ་བཏགས་པ་ལྔ་བཅུ་རེ་བཟླ། བདག་ཉིད་དཔལ་ཆེན་པོ་སོགས། འགལ་བར་གྱུར། ཞི་བསྙེན་ལ། ས་མ་ཡ་བཏགས་པ་སུམ་ཅུ། ཆེ་མཆོག་ལྔ་བཅུ། གཞན་བརྒྱད་སོགས་ཉེར་གཅིག་རེ་བཟླས་མཐར། ཧཱུྃ། རིང་པོ་ལན་གསུམ་བརྗོད་པར་སློབ་དཔོན་གྱིས་བདུད་རྩི་རཀྟ་སྦྱར་བ་སྒྲོན་སྐྱོང་ལན་གཅིག་འཕྱར། གཉིས་བསྡུས་སོགས། ཧཱུྃ་ལ་གོང་བཞིན་


GTN005_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱར། སྣང་སྲིད་སོགས། ཧཱུྃ་ལ་འཕྱར། བདེ་གཤེགས་སོགས། ཧཱུྃ་བཅོམ་ལྡན་ནས། ཞི་བསྙེན་དཔལ་དགུའི་སྙིང་པོ་བཅས་ལན་གསུམ་རེ། མཐར་མ་ཧཱ་རཀྟ་ཁཱ་ཧི། ལན་གསུམ་ལ་སློབ་དཔོན་དུང་ཞལ་དུ་བདུད་རྩི་རཀྟ་སྦྱར་བ་ཕྱག་གཉིས་ཀས་བཟུང་སྟེ་བཟེད་ཞལ་དུ་ལན་གསུམ་ཕུལ། ཞི་བསྙེན་དཔལ་དགུ་བཅས་ལན་ཉེར་གཅིག་རེ་སོ་སོར་སྟོང་ཚིག་མཆོད་པ་བཅས། སྐབས་འདིར་ལས་རྡོར་གྱིས། སློབ་དཔོན་གྱི་བཟེད་ཞལ། ཁེམ་ཐུར་བཅས་བླངས་ནས་བཟེད་ཞལ་གྱི་རཀྟ་གཏོར་མ་ལ་བྲན། དཀྱིལ་མདུན་གྱི་བདུད་རྩི་ལའང་ཅུང་ཟད་བསྲེས་ནས་ཡང་སློབ་དཔོན་མདུན་དུ་ཕུལ། དེ་ལྟར་གསོལ་སོགས། སློབ་དཔོན་དྲིལ་བཅས་སྨན་གྱི་བཟེད་ཞལ་ཐོགས། ཧཱུྃ། རང་བྱུང་གདོད་ནས་སོགས། སྨན་མཆོད་རྒྱས་པ་དངོས་གྲུབ་བླངས་པའི་བར། ཆེ་མཆོག་སྔགས་དབྱངས་ལན་གསུམ་མཐར་འཇམ་རོལ་འབུད་དཀྲོལ་ལ་རྒྱལ་ཚབ་ཞྭ་གོས་རྡོར་དྲིལ་བཅས་སློབ་དཔོན་མདུན་གྱི་བཟེད་ཞལ་ནས་གཡོན་པའི་སྲིན་ལག་གིས་རྡོ་རྗེ་རྒྱལ་པོ་ནས་བཟུང་འདུས་པ་ཚང་མའི་གནས་གསུམ་དུ་ཐིག་ལེ་བྱ། ལས་རྡོར་དང་ཚོགས་གཉེར་བ་རྣམས་ཀྱིས། སྒྲུབ་རྫས་ལས་བཞིའི་འབྲང་རྒྱས། ཤིང་ཐོག །མངར་གསུམ་རིལ་བུ་སོགས་གཙོ་ཕལ་དེར་འཚོགས་ཀུན་ལ་འདང་ངེས་བསྒྲིགས། སྐུ་གསུང་ཐུགས་ཀྱི་སོགས་བརྗོད། རྒྱལ་ཚབ་སོགས་ཞྭ་གོས་བཅས་སྨན་གྱི་ཕོ་བྲང་། ཡུམ་གྱིས་རྣམ་བུམ། ལས་རྡོར། བདུད་རྩི། གཞན་རོགས་ཁ་ཤས་ཀྱིས། དངོས་གྲུབ་རྫས་དང་རིལ་བུ་


GTN005_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཐོག་སོགས་བསྣམས་ཏེ་གཞུང་གྲལ་དཀྱིལ་དུ་ཕྱིན། འདུས་པས་དྲིལ་འཛིན་རྩ་གདངས་ཀྱིས། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་སོགས། ཆེ་མཆོག་སྔགས་དབྱངས་ལན་གསུམ་མཐར་འཇམ་རོལ་བཅས། རྡོ་རྗེ་སློབ་དཔོན་ནས་བཟུང་འདུས་པ་རྣམས་ལ་བྲིམ་ཞིང་དངོས་གྲུབ་ཀྱི་རྫས་ལ་རོལ། ལྷག་མ་དངོས་གྲུབ་ཏུ་རོལ་བས་སོགས་བརྗོད། ཚོགས་བྱིན་རླབས་ནས་བསྒྲལ་མཐར་ཆ་གསུམ་བཅས་ལྷག་མའི་བར་བཏང་ངོ་། །དེ་ནས་དབང་གྲལ་འཚོགས། ༈ རྩ་བའི་ས་བཅད་བཞི་པ་ཞར་བྱུང་འཕྲོས་དོན་ལ། གོང་སྨྲོས་དབུས་གཙང་ གསན་ཡིག་ཏུ། ཞི་བ་དབང་གི་རིམ་པ་དང་། སྔགས་སྒྲུབ་ནང་མའི་དབང་ཆོག་པདྨ་ཤེལ་ཕུག་མ་བྱུང་ཡང་། ཁམས་ཀཿ ཐོག་བརྒྱུད་པར་བཞུགས་པ་ལྟར་བསྐུར་བ་ལ། སྟ་གོན་སྔར་སོང་བས་མཐུས་རྩིས་བྱས་ན། ཁྲུས། སྔོན་གཏོར། བགེགས་སྐྲོད། མཚམས་བཅད། དབང་བཤད་བསྡུས་ཙམ་ནས། མཎྜལ་ཕུལ། མིག་དར་མེ་ཏོག་གཏད། ཞི་བའི་ཆོས་སྐོར་རིམ་པ་དབང་གི་ལས་ལྟར། དེ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མེད་གོ་འཕང་མཆོག་སྙེམ་པའི་སོགས། ཛྙཱ་ན་ན་མ་ཡ་ཧཱུྃ། དེ་ནས་མེ་ཏོག་དོར་བ་འདིའི་རྗེས་ཟློས་མཛོད། སངས་རྒྱས་དངོས་གྲུབ་སོགས། མིག་དར་བསལ་བ་སོགས་ནར་འདེད་ཀྱིས་ཡོན་བདག་དབུས་སུ་སྤྱན་དྲངས་ཏེ། དཀྱིལ་འཁོར་དུ་བཞུགས་སུ་གསོལ། བར། དེ་ནས་བུམ་པས་དབང་བསྐུར་ཏེ། སློབ་མའི་སྤྱི་བོར་ཟླ་བའི་དཀྱིལ་འཁོར་ལྔ་བཀོད་ལ། དེའི་སྟེང་དུ་སོགས་ནས་ནར་འདེད། འགྲོ་རྣམས་ཡེ་ཤེས་ཆེན་པོའི་ངང་དུ་གཉིས་སུ་མེད་པའི་


GTN005_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐོབ་པར་གྱུར་ཅིག །དབང་ཆོག་པདྨ་ཤེལ་ཕུག་ནས། དེ་ལ་དང་པོ་ཞི་བའི་དབང་རྫས་ལ་དྲུག་སྟེ། ཞེས་པ་ནས་ནར་འདེད། ཕྲིན་ལས་བདག་ཉིད་ཆེན་པོར་བསམ། བར་ཡིག་ཆེ་ཆུང་མེད་པ་བཏང་། དེ་ནས་དྲེགས་པའི་མཐུ་དབང་ནི། དྲེགས་པའི་སྡེ་དཔོན་སུམ་ཅུའི་སྒྲུབ་ཐབས་མཇུག་གི་ཐོ་རངས་སྐྱ་རེངས་ཤར་བ་ལ། རིགས་ཀྱི་བུ་ལ་དབང་བསྐུར་རོ། །ཞེས་པས། དེ་ནས་དྲེགས་པའི་མཐུ་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཨེ་མ་སློབ་དཔོན་དགོངས་སུ་གསོལ། སོགས་ནས་ནར་འདེད། དགྲ་སྲོག་རྩད་ནས་གཅོད་པར་ཤོག །དྲག་པོ་མཐུ་ཡི་དབང་བསྐུར་བ་སོགས། ཟས་ནོར་འཕེལ་ལོ་བར་བརྗོད། དེ་ནས་བཀྲ་ཤིས། ཁས་བླང་། ལུས་དབུལ། མཎྜལ། དགེ་བསྔོ་བྱས་སློབ་མ་རྣམས་གྲོལ་ལོ། །དེ་རྗེས་གཏོར་འབུལ། བསྐུལ་བ་ཆད་བསྟན། རྟ་བྲོ་མཆོད་བསྟོད། བཟོད་གསོལ། ཡིག་བརྒྱ་ལན་གསུམ། རས་བྲིས་བརྟན་བཞུགས། བསྡུ་རིམ། གོ་བསྒོ། སྐབས་འདིར་ཁྲོ་བཅུའི་ཕུར་པ་མ་གཏོགས་པའི་མཆོད་སྟེགས་དཀྱིལ་འཁོར་རྒྱན་ཆས་སོགས་ལེགས་པར་བསྡུ་ཚགས་བྱེད་པས་དེ་སྐབས་ཞི་ཁྲོ་སྤྱི་སྔགས་འཚམས་པ་བཟླ། སློབ་དཔོན་དྲིལ་བཅས་དཀྱིལ་མདུན་ཕེབས་ནས། ཨོཾ་བཛྲ་ཀི་ལཱ་ཡ་སོགས་ཚར་བཅུ་དང་བསྟུན་ཧཱུྃ་མཛད་རྒྱས་པ་ཁྲོ་བཅུའི་ཕུར་བུ་རྣམས་འོག་གི་ཕུར་བུ་དང་མཚམས་གཞི་གཡས་བསྐོར་དང་། བྱང་ནས་ཕྱོགས་བཞི་གཡོན་བསྐོར་གྱིས་སྟེང་ཕུར་བཅས་གདབ་རིམ་ལྡོག་ཕྱོགས་སུ་ཕྱུང་ལ་ཀ་ཏོ་


GTN005_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

རའི་སྣོད་དུ་བཀོད། ཨོཾ་རུ་རུ་སྥུ་རུ། སོགས། སྤྱན་མའི་སྔགས་ལན་བདུན་ལ་ཕྱག་སོར་གྱི་འོ་མས་ཕུར་རྩེ་བཀྲུ་ཕུར་ཁུང་དུ་འཐོར། དེ་ནས་དཔོན་སློབ་དར་དཀར་ཡུག་རིང་གིས་སྦྲེལ་ལ། རྒྱལ་ཚབ་བམ། སློབ་དཔོན་ནས་བཤད་པ་བཅས། ཐམས་ཅད་མར་མེ་བསྣམས་ནས་རྗེས་ཟློས་བཅས། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །སོགས། མར་མེ་སྨོན་ལམ་ཚིག་ཐ་མ་བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །ལན་གསུམ་བྱ། དེ་རྗེས། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །སོགས། སྨོན་ལམ་རྒྱས་པ་དབྱངས་རྟ་བཅས། འདུས་པར་འབྲུ་དཀར་བཀྲམ། རྟེན་འབྲེལ་སྙིང་པོ་བཟླ། བཀྲ་ཤིས་ཞལ་སྐོར་རྒྱས་པ་དང་། རོལ་མོ་འབུད་དཀྲོལ་སོགས་མཛད་དོ། །སྐབས་འདིར་ཞི་རྒྱས་ཀྱི་སྦྱིན་སྲེག་མཛད་ན། ཉིན་སྔ་མ་དབང་གྲོལ་རྗེས་ཚོམ་ བུ་འགོད་པ་དང་། འདི་ཉིན་དབང་གྲོལ་རྗེས་སྦྱིན་སྲེག་མཛད་པ་ལེགས་སོ། །སྨྲས་པ། སྔ་འགྱུར་རྒྱུད་སྡེའི་རི་བོ་ལྷུན་སྟུག་སྤོར། །སྨིན་བྱེད་དབང་གི་ཙན་དན་ས་མཆོག་གི །ནགས་ཚལ་ཉམས་དགའ་ལྷོ་ཀླུང་གིས་བསྐྱོད་པས། །ཕྱག་བཞེས་དྲི་བསུང་ངད་པ་ཆེས་ཆེར་འཐུལ། །ཐོས་བསམ་སྒོམ་པའི་ལང་ཚོ་དར་དྲག་ཅིང་། །སྐྱེས་སྦྱངས་མཁྱེན་རབ་རྒྱན་ཆས་ལེགས་ཕྱུག་པའི། །


GTN005_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་འཛིན་མཆོག་རྣམས་ཡིད་དབང་ཚིམ་བྱེད་ཕྱིར། །ལེགས་བཤད་འདི་ཡང་བྱས་པ་དོན་ལྡན་རིགས། །དེ་མཐུས་རྒྱལ་བསྟན་དར་ཞིང་སྐྱེ་དགུ་བདེ། །འདྲེན་པ་ཡོངས་ཀྱི་ཞབས་བརྟན་ཆོས་ཚུལ་འདིར། །འཇུག་པའི་དགེ་བ་བྱང་ཆེན་མཆོག་ཏུ་བསྔོ། །ཐོག་མཐའ་བར་དུ་བཀྲ་ཤིས་དགེ་ལེགས་སྩོལ། །ཅེས་བཀའ་བརྒྱད་བདེ་གཤེགས་འདུས་པར་དབང་ཆོག་རྒྱས་པ་ཉིན་ལྔ་མའི་ ཟིན་བྲིས་འདི། སྒྲུབ་བརྒྱུད་བསྟན་པ་འཛིན་སྐྱོང་སྤེལ་བ་དཔལ་སྤུངས་འཆི་མེད་སྤྲུལ་སྐུས་གསུང་ནན་མ་ཆོག་པར་ཤཱཀྱའི་དགེ་སློང་རྒན་པོ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་མཁན་པོའི་ཚུལ་བཟུང་བ་ལྔ་རིགས་སྨྲ་བའི་ཡང་ཐར་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དཔལ་བཟང་པོས་རང་ཤག་བདེ་བ་ཅན་དུ་སྦྱར་པ་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་ཉིན་མོ་ལྟར་གསལ་བའི་རྒྱུར་གྱུར་ཅིག །མངྒ་ལ་ཤྲཱི་དཱི་པཾ་ཛམྦུ་དཱི་པྰ་ལམ་ཀ་ར་བྷཱུ་ཕཱེཔཱདཱ། དབང་ཆོག་འདི་རྣམས་ལ་མཛེས་ཆོས་ཀྱི་ཚིག་སྦྱོར་ལོགས་སྤྲོས་སེམས་ཀྱང། བྱིན་རླབས་ཉམས་པའི་རྒྱུར་འགྲོ་དོགས། སྔར་ནས་ཕྱག་བཞེས་དཔེ་རྒྱུན་མ་ཉམས་པར་མཛད་སྲོལ་ལྟར་སོར་བཞག་བྱས་པ་དགོངས་དགོས་སོ། །ཞེས་ཀྱང་སྨྲས་སོ།། །།

སངས་རྒྱས་ཀླུ་དབང་རྒྱལ་པོ་ལྷ་ལྔའི་སྒྲུབ་ཐབས་སྨིན་དབང་བཅས་ནད་བརྒྱ་སེལ་བའི་སྨན་གཅིག


GTN005_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཧུ།༔ སངས་རྒྱས་ཀླུ་དབང་རྒྱལ་པོ་ལྷ་ལྔའི་སྒྲུབ་ཐབས་སྨིན་དབང་བཅས་ནད་བརྒྱ་སེལ་བའི་སྨན་གཅིག་བཞུགས། ན་མོ་བུདྡྷ་ནཱ་གེནྟྲ་ར་ཛྙཱེ། རྒྱལ་ཀུན་ཆོས་དབྱིངས་ངོ་བོར་རོ་གཅིག་ཀྱང་། །གདུལ་བྱར་རྣམ་འགྱུར་སྣ་ཚོགས་གང་འདུལ་དུ། །སྟོན་ཕྱིར་སངས་རྒྱས་སོ་ལྔར་ཀླུ་དབང་རྒྱལ། །འོག་གདོན་གནོད་པ་སེལ་མཛད་དེར་བཏུད་ནས། །སྒྲུབ་ཐབས་རིན་ཆེན་ཀ་ན་ཀ་ཡི་བུམ། །སྨིན་དབང་གཡུ་བྱུར་མུ་ཏིག་ཕྲས་སྤྲས་པར། །ནད་བརྒྱའི་ཚ་གདུང་གཞིལ་བའི་བདུད་རྩིའི་རྒྱུན། །འབེབས་འདི་རྡོར་འཛིན་རྣམས་ཀྱི་ཕྱག་ཏུ་མཛེས། །དེ་ལ་བསམ་གཏན་གླིང་པའི་གཏེར་བྱོན་དབང་སྒྲོམ་ནས་གསུངས་པ་ཅུང་ཟད་རྟོགས་དཀའ་བས་བཀླག་ཆོག་མར་འགོད་པ་ལ། སྦྱོར་བ་ཡོ་བྱད་ཀྱི་བཤམས་དང་། དངོས་གཞི་ཆོ་གའི་རིམ་པ། དབང་དང་མཇུག་ཆོག་བཅས་དོན་ཚན་བཞི་ལས། དང་པོ་བཤམས་ནི། གནས་དབེན་པར་བྱི་དོར་བྱས། བླ་བྲེ། ཡོལ་བ། སྤྱན་གཟིགས། སྐུ་གསུང་ཐུགས་རྟེན་


GTN005_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བཀྲམ་པས་མཛེས་པར་བྱ། སྟེགས་བུ་གཙང་མར་སྟོད་ཁེབས་སྟེང་འབྲུ་ཚོམ་ལྔ་དང་དབང་གཏོར་དཀར་ཟླུམ་པད་འདབ་བཞི་བཅས་ལྔ་རྒྱན་ཅན། འབུལ་གཏོར་དཀར་གཏོར་མཐེབ་རིལ་ཅན་གསུམ། བགེགས་གཏོར་གཉིས། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ། ཞལ་ཟས། དཀར་མེ། སྤོས། མེ་ཏོག་སོགས་བསོག་ཕྱིར་ཅི་འབྱོར་བྱ། དཀྱིལ་འཁོར་ནས་ཚོམ་དབུས་སུ་བུམ་པ་གཙང་མར་བུམ་གོས་དར་སྔོན་པོའི་མགུལ་ཆིངས་ཀྱིས་འཐུས་ལ། ཁ་རྒྱན་ཤུག་པ་གཙང་མ་དང་། ནང་དུ་དྲི་བཟང་གི་ཆུས་སུམ་གཉིས་བཀང་། བྱ་རྒྱུད་བུམ་རྫས་ཉེར་ལྔ་ཡོད་ན་བླུགས། དུང་ཞལ་གྱི་ཆུ་དང་གཟུངས་ཐག་བཞག །ཁ་རྒྱན་ཤིང་གི་མལ་དུ་ཀུ་ཤ་དང་རྨ་བྱའི་སྒྲོ་ཐིག་གཅིག་པ་བྱས་ན་འགལ་བ་མེད། སྔགས་ཕྲེང་དང་ཙཀླི་ཡང་བཤམས། རང་མདུན་རྡོར་དྲིལ། ལས་བུམ། ནས་ཟེ། གུལ་ཡུངས་སོགས་བསགས། སྒྲུབ་པ་པོ་ཁྲུས་དང་གཙང་སྦྲ་ལ་གནས་པས་ཤ་ཆང་སྒོག་བཙོང་སོགས་སྤངས། བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་ཀུན་སློང་ཞི་དུལ་དང་ལྡན་པར་བྱ། གཉིས་པ་དངོས་གཞི་ཆོ་ག་ལ། སྔོན་འགྲོ་ནི། ན་མོཿ བླ་མ་སྐྱབས་ཡུལ་ཀུན་ལ་སྐྱབས་ སུ་མཆི༔ འགྲོ་ཀུན་སངས་རྒྱས་ཐོབ་པར་སེམས་བསྐྱེད་དོ༔ ཀུན་ཁྱབ་ཚད་མེད་བཞི་འགོད་རྣམ་དག་གིས༔ ཡན་ལག་བདུན་གྱི་རྩེ་གཅིག་ཆེན་པོར་གནས༔ བགེགས་བསྐྲད་ཅིང་བསྲུང་འཁོར་བསྒོམ་པ་ནི། བགེགས་གཏོར་ལས་བུམ་ཆབ་བྲན་བསངས་སྦྱངས་ནི། རཾ་ཡཾ་ཁཾ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སོགས། གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། སརྦ་བྷུ་ཏ་ཨཱ་ཀར་ཀྵཱ་ཡ་ཛ༔ ཞེས་འགུགས། ཨོཾ་སརྦ་བིགྷྣཱན་སོགས་ལན་གསུམ་གྱིས་བསྔོས། ཧཱུྃ་ཧཱུྃ་ཧཱུྃ། ཡང་གསང་བླ་མེད་དཀྱིལ་འཁོར་སྒྲུབ་པ་འདིར༔ འདུ་བར་མི་དབང་བགེགས་ཚོགས་ཕྱིར་དེངས་ཤིག༔ གནས་འདིར་རིགས་ལྔ་ཡེ་ཤེས་འབར་བ་ཡི༔ གཞོམ་གཞིག་མེད་པ་བསྲུང་བའི་འཁོར་ལོར་གྱུར༔ གནོད་བྱེད་ཨུཙྪ་ཏ་ཡ་ཕཊ྄༔ བགེགས་


GTN005_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཕྱིར་དོར། ཧཱུྃ་བཞིའི་སྔགས་གུལ་ཡུངས་བཅས་ཐུན་བྲབ། བཛྲ་རཾ་རཀྵ༔ མཆོད་རླབས་ནི། རཾ་ཡཾ་ཁཾ༔ ཨོཾ་ཨཱཿ ཧཱུྃ༔ མཆོད་རྫས་ནམ་མཁའི་ཁམས་ཀུན་གང་བར་གྱུར། བྱིན་འབེབས་ནི། ཧཱུྃ༔ བླ་མ་དཀོན་མཆོག་བྱིན་རླབས་ཐིབས་སེ་ཐིབ༔ ཡི་དམ་ལྷ་ཚོགས་དངོས་གྲུབ་ཉི་ ལི་ལི༔ མཁའ་འགྲོ་ཆོས་སྐྱོང་ཕྲིན་ལས་ཚུབས་སེ་ཚུབ༔ ཞིང་ཁམས་ཀུན་ནས་བྱིན་ཆེན་འབེབ་ཏུ་གསོལ༔ ཨོཾ་ཨཱཿ བུདྡྷ་ནཱ་གེནྟྲ་རཱ་ཛྙཱ་ཨ་བེ་ཤ་ཡ་ཨ་ཨཱཿ ལྷ་བསྐྱེད་པ་ནི། ཧཱུྃ༔ རྒྱུ་རྐྱེན་མཚན་མའི་གཟུགས་སྣང་སྟོང་པའི་ངང་༔ མ་འགགས་རང་ བྱུང་ངོ་མཚར་འབྱུང་བཞིའི་ཁྲི༔ བཀོད་པ་ཡིད་འཕྲོག་ཀླུ་ཆེན་རྒྱ་མཚོའི་དབུས༔ པད་སྡོང་འདབ་མ་སྟོང་བརྡལ་ཟླ་དཀྱིལ་སྟེང་༔ ཧཱུྃ་སྔོན་འོད་ཀྱིས་ཀླུ་ཁམས་ ཀུན་ཁྱབ་ནས༔ སྡིག་སྒྲིབ་སྡུག་བསྔལ་སྦྱངས་ནས་ཧཱུྃ་ལ་ཐིམ༔ དེ་ཉིད་རང་ གསལ་རྫོགས་པའི་སངས་རྒྱས་མཆོག༔ ཀླུ་དབང་རྒྱལ་པོ་ཨིནྡྲ་ནཱི་ལའི་མདོག༔ མཚན་དཔེ་དཔལ་འབར་མགྲིན་པ་ཡན་ཆད་དཀར༔ ཞལ་གཅིག་ཕྱག་གཉིས་ ཆོས་འཆད་ཕྱག་རྒྱ་ཅན༔ སྤྲུལ་སྐུའི་ཆ་ལུགས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ སྣ་ཚོགས་མདངས་ལྡན་སྦྲུལ་མགོའི་གདེངས་ཀ་བདུན༔ བསིལ་གཡབ་རྒྱབ་ཡོལ་མཇུག་རྣམས་གདན་དུ་འཁྱིལ། །ཕྱོགས་བཞིའི་པད་ཟླར་མདུན་དུ་སྒྲིབ་སེལ་དཀར། །རིན་ཆེན་དབྱུག་བསྣམས་གཡས་སུ་བྱམས་པ་དམར། །རིན་པོ་ཆེས་མཚན་ཀླུ་ཤིང་མེ་ཏོག་འཛིན། །རྒྱབ་ཏུ་འཇམ་དཔལ་སེར་པོ་ཨུཏྤལ་སྟེང་། །གླེགས་བམ་རལ་གྲི་གཡོན་དུ་སྤྱན་གཟིགས་དཀར། །པདྨ་དཀར་པོའི་བཞི་ཀའི་གཡོན་བུམ་པ། །ལོངས་སྤྱོད་རྫོགས་སྐུ་དར་དང་རིན་ཆེན་བརྒྱན། །གཙོ་བོའི་ཞལ་


GTN005_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྩེ་གཅིག་ཡིད་ཀྱིས་བལྟ། །ཕྱི་རོལ་ཕྱོགས་མཚམས་དགྲ་བཅོམ་དཔག་མེད་བསྐོར། །འོག་ནས་ཀླུ་རྒྱལ་ཚོགས་ཀྱིས་མཆོད་པ་འབུལ༔ གཞན་ཡང་ཀླུ་རིགས་སྣད་ཉམས་འཁོན་པའི་ཚོགས༔ ཀུན་གྱི་ནད་བྱང་སྒྲིབ་བྲལ་སྐྱེ་སྒོ་ཆོད༔ ཐམས་ཅད་ཞི་བདེ་སྨིན་གྲོལ་འདུད་པར་གྱུར༔ གཙོ་འཁོར་གནས་ཡིག་ས་བོན་འོད་ཟེར་གྱིས༔ ཁབ་ལེན་ལྕགས་ཀྱི་སྣང་ཚུལ་ཡེ་ཤེས་པ༔ བརྩེ་བས་ཉེར་གཟིགས་མྱུར་མགྱོགས་ཐུགས་རྗེ་ཡིས༔ ཁ་བ་བུ་ཡུག་འཚུབས་ལྟར་གནས་ནས་བསྐུལ༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་དབྱིངས་མཐའ་བྲལ་ཞིང་ཁམས་རྒྱ་མཚོ་དང༔ རང་བཞིན་རྣམ་དག་འགྲོ་དོན་གར་བཞུགས་ནས༔ ཡེ་ཤེས་ལྷ་ཚོགས་བསྐྱེད་བསྟིམ་དཀྱིལ་འཁོར་ལྷ༔ མ་ལུས་དམ་ཚིག་དབང་གིས་གཤེགས་སུ་གསོལ༔ ཨོཾ་ཨཱཿ བུདྡྷ་ནཱ་གེནྟྲ་རཱ་ཛ་ཧཱུྃ༔ ས་པ་རི་ཝཱ་ར་བཛྲ་ས་མ་ཡཿ ཛཿ ཛཿ བཞུགས་ཕྱག་དམ་ཡེ་དབང་གི་རྒྱས་གདབ་ལ༔ ཧཱུྃ༔ པདྨ་ཟླ་བ་བརྩེགས་པའི་གདན་ལ་བཞུགས༔ གུས་པས་ཕྱག་འཚལ་གསལ་བའི་འོད་ཟེར་གྱིས༔ ཡེ་ཤེས་སྤྱན་དྲངས་དམ་ཡེ་དབྱེར་མེད་ལ༔ དབང་བསྐུར་རྒྱས་གདབ་མི་བསྐྱོད་དབུར་བརྒྱན་གྱུར༔ ཛཿ ཧཱུྃ་བྃ་ཧོཿ ཨ་བྷི་ཥིཉྩ་ཧྲཱིཿ མཆོད་ པ་འབུལ་བ་ནི༔ ཧཱུྃ༔ གཙུག་ན་རིན་ཆེན་ཞབས་བསིལ་ཕུལ་བཞིན་དུ༔ བརྒྱད་ལྡན་མཆོད་ཡོན་ཙནྡན་ཞབས་བསིལ་མཆོད༔ གངྒཱའི་ལྷ་མོས་མེ་ཏོག་ཕུལ་བཞིན་དུ༔ སྣོད་བཅུད་སྣང་སྲིད་མེ་ཏོག་བཀོད་པ་འབུལ༔ སྤོས་ཚོགས་བདུག་སྤོས་གསེར་ ལག་སྣང་གསལ་བཞིན༔ ཚུལ་ཁྲིམས་དྲི་ཞིམ་སྲིད་པའི་ཉི་ཟླའི་འོད༔ རབ་དགའི་དྲི་ཆབ་ཟས་སྦྱིན་ཞལ་ཟས་དང་༔ ལྷ་དགའ་ཀླུ་དགའ་སིལ་སྙན་ཕུལ་བ་ལྟར༔


GTN005_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསུམ་རབ་འབྱམས་ཞིང་ཡུལ་ཐམས་ཅད་ནས༔ མཆོད་པའི་བྱེ་བྲག་བསམ་པའི་ཡུལ་འདས་པ༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་བསྐྱེད་མཆོད་པའི་སྤྲིན༔ དངོས་འབྱོར་ཡིད་སྤྲུལ་མཁའ་མཉམ་རྒྱ་མཚོས་མཆོད༔ ཨོཾ་ཨཱཿ བུདྡྷ་ནཱ་གེནྟྲ་རཱ་ ཛ་ཧཱུྃ༔ ཨ຋ཾ་པདྱཱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱཱ་ཤབྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་སརྦ་པྲ་ཏཱིཙྪ་ཧོཿ བསྟོད་པ་ནི། ཧཱུྃ༔ ཚད་མེད་ཆོས་དབྱིངས་ཀུན་ཁྱབ་ཐུགས་རྗེའི་གཏེར༔ སྐུ་གསུམ་བཀོད་པ་འཁོར་འདས་གཙུག་གི་ནོར༔ ཞིང་ཀུན་སྟོན་པ་འགྲོ་བའི་སྐྱབས་གནས་མཆོག༔ སངས་རྒྱས་ཀླུ་དབང་རྒྱལ་པོར་ཕྱག་འཚལ་ལོ༔ བཤགས་པ་དང་འཛབ་བཟླས་ནི༔ ཨེ་མ་ཧོ༔ བདག་གི་ཚེ་རབས་བསགས་པའི་སྡིག་སྒྲིབ་དང་༔ དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས༔ འཁྱེར་གསུམ་དག་པ་ལྷ་ཡི་ཐུགས་ཀ་རུ༔ དོན་གཉིས་འཕྲོ་འདུའི་སྔགས་ཕྲེང་འཁོར་བར་གྱུར༔ ཏདྱ་ཐཱཿ ཨོཾ་ཏ་ཐཱ་ག་ཏོ་བྷ་ག་ཝཱན྄་ནཱ་ག་རཱ་ཛེ་ཤྭ་ཨ་དྷིཥྛ་ན་ཨངྷིཥྛི་ཏེ་སྭཱ་ཧཱ༔ ཞེས་བསྙེན་ཚད་འབུམ་ཕྲག་གཅིག་གམ་བཞི་ལ་སོགས་པ་བཟླ༔ ཨོཾ་ཨཱཿབུདྡྷ་ནཱ་གེནྟྲ་རཱ་ཛ་ཧཱུྃ༔ བརྒྱ་སྟོང་ཁྲི་སོགས་བཟླ༔ བུམ་བཟླས་ནི། ཨོཾ་སྭ་བྷ་ཝ་སོགས། ཧཱུྃ༔ སྟོང་གསལ་པད་ཟླར་བུམ་ཟུང་མཚན་ཉིད་རྫོགས༔ ཁ་རྒྱན་མགུལ་ཆིངས་ཐབས་ཤེས་རྟགས་ཀྱིས་སྤྲས༔ རྣམ་རྒྱལ་བུམ་པ་ཡེ་ཤེས་བདུད་རྩིའི་དབུས༔ ཀླུ་དབང་རྒྱལ་པོ་གཙོ་འཁོར་ཡོངས་རྫོགས་གསལ༔ ལས་བུམ་དབུས་སུ་པད་ཉིར་ཧཱུྃ་ཡིག་ལས༔ བདུད་རྩི་འཁྱིལ་པ་ལྗང་སྔོན་རྡོར་དྲིལ་འཛིན༔ ཁྲོ་ཉམས་རྒྱན་རྫོགས་སྒྲིབ་སྦྱོང་བགེགས་འདུལ་གྱི༔ ལྷ་ཚོགས་འཕྲོ་ལ་ཐམས་ཅད་འོད་ཟེར་འབར༔ ཡེ་ཤེས་སྤྱན་དྲངས་དམ་ཡེ་དབྱེར་མེད་ཀྱི༔


GTN005_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཕྲེང་འོད་ཀྱིས་སྐུ་གསུམ་བདུད་རྩིར་གྱུར༔ གཟུངས་ཐག་བླངས། གཙོབུམ་ལ་རྩ་སྔགས་ཟུང་དང་། ལས་བུམ་ལ། ཨོཾ་ཨ་མྲ໏་ཏེ་ཧཱུྃ་ཕཊ໇༔ ཅི་འགྲུབ་བཟླས། དུང་ཞལ་ཆུས། ཨོཾ་ཨཱཿ ཧཱུྃ༔ ལྷ་རྣམས་འོད་དུ་ཞུ་ནས་བུམ་པའི་ཆུ་དང་གཉིས་མེད་དུ་གྱུར༔ དབྱངས་གསལ་དང་རྟེན་སྙིང་མཐར། ཨོཾ་ཨཱཿ ནཱ་གེནྟྲ་རཱ་ཛ་ས་པ་རི་ཝཱ་ར་ཨ຋ཾ་ནས་ཤབྡ་ཨཱཿ ཧཱུྃ༔ བསྟོད་པ་ནི༔ ཧཱུྃ༔ ཚད་མེདཀུན་ཁྱབ་སོགས། ཡིག་བརྒྱ་བཟླས། གཏོར་མཆོད་ལ། དང་པོ་ནི། ཨོཾ་ཨཱཿ ཧཱུྃ་ཧ་ཧོཿ ཧྲཱིཿ ལན་གསུམ་བྱིན་རླབས། ཧཱུྃ༔ རིན་ཆེན་སྣོད་དུ་འབྲུ་གསུམ་ལས་བྱུང་བའི༔ འབྲུ་སྨན་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར༔ གཏོར་བཅུད་ཡེ་ཤེས་ལྔ་ཡི་བདུད་རྩི་རྣམས༔ ཞལ་ལྗགས་འོད་ཀྱི་སྦུ་གུའི་ཀློང་ནས་གསོལ༔ ཨོཾ་ཨཱཿ བུདྡྷ་ནཱ་གེནྟྲ་རཱ་ཛ་ ས་པ་རི་ཝཱ་ར་ཨི་དམ་བ་ལིང་ཏ་པཱུ་ཛ་ཁཱ་ཧིཿ ལན་གསུམ། བཅོམ་ལྡན་འདས་ཀླུའི་དབང་ ཕྱུག་རྒྱལ་པོས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཀླུ་གཉན་ས་བདག་གི་ཉེར་འཚེ་ལ་སོགས་པ་ལས་ངན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ༔ གཉིས་པ་ནི། ཨོཾ་ཨཱཿ ཧཱུྃ༔ ཨོཾ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཞེས་འཇིག་རྟེན་སྐྱོང་བ་རྣམས་སྤྱན་དྲངས། ཨ་ཀཱ་རོ་མུ་ཁཾ་སོགས། འཇིག་རྟེན་སྐྱོང་བ་ཆེན་པོ་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས། འདོད་པ་ཀུན་འགྲུབ་མཛོད། །ཨོཾ་ལོ་ཀ་པ་ལ་ས་པ་རི་ཝཱ་ར་གཙྪ་ཞེས་གཤེགས། གསུམ་པ་ནི། རྡོ་རྗེ་གནོད་སྦྱིན་གྱི་རྒྱས། ཨོཾ་བཛྲ་ཡཀྵ་ཧཱུྃ༔ ཞེས་བསངས། རྡོ་རྗེ་མེའི་རྒྱས། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊཿ໇ ཀྱིས་སྦྱངས་ཏེ། རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཀླུ་རྣམས་དགའ་བར་བྱེད་པའི་བདུད་རྩིའི་རང་བཞིན་དུ་གྱུར་


GTN005_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམ། རྡོ་རྗེ་བསྡམས་པ་འདེགས་ཚུལ་གྱིས། ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་སྤེལ་ལ། འདོད་རྒྱལ་གྱི་ཕྱག་རྒྱ་བཅིངས་ཏེ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཀླུའི་ཚོགས་འཁོར་དང་བཅས་སྤྱན་དྲངས་པར་བསམས་ལ། ཨོཾ་བ་ཏ་བ་ཏ་ལི་མ་ཧཱ་བ་ཏ་ལི་ཧཱུྃ་ཧཱུྃ་ཛ་ཛཿ སྭཱ་ཧཱ། ཨོཾ། ཀླུ་རྒྱལ་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་པོ་དང་། །དུང་སྐྱོང་དང་ནི་རིགས་ལྡན་ནོ། །ལྷ་མོ་ལྷ་མོ་ཆེན་མོ་དང་། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང་། །སོག་མ་མེད་དང་ཧུ་ལུཎྜ། །དགའ་བོ་དང་ནི་ཉེ་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང་། །ཚ་བ་ཚ་བ་ཆེན་པོ་དང་། །དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཆེན་འོད་དང་གཟུགས་མཛེས་དང་། །གཟུགས་མཛེས་ཆེན་པོ་སྤྲུལ་བཟང་དང་། །ལྟོ་འཕྱེ་ཆེན་པོ་ཚི་ལི་དང་། །ཚི་ལི་ཆེན་པོ་རྣམ་དག་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨཱཿ་གཙྪ་ཨཱ་གཙྪ་མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་སརྦ་བྷུརྦྷུ་ཝཿ ཕྲུཾ་ཕུ་སྭཱ་ཧཱ། ཞེས་མདུན་དུ་བྱོན་པར་བསམ་མོ། །པདྨ་ཀ་མ་ལ་ཡ་སྟཾ་གྱིས་གདན་ཕུལ། ཨོཾ་མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་གྷྲ໏ཧྞེ་དམ་ཨ຋ཾ་སྭཱ་ཧཱ། དེ་བཞིན། པུཥྤེ་སོགས་ཀྱིས་མཆོད། ཀླུ་དགའ་བར་བྱེད་པའི་རྒྱས། ཨོཾ་ཧི་ལི་ཧི་ལི་མ་ཧ་ཧི་ལི་ཕྲུཾ་ཕུ་སྭཱ་ཧཱ། ཞེས་སེ་གོལ་དང་བཅས་པ་གསུམ་དང་། ཨོཾ་བྷཀྵཱ་ཡ་བྷཀྵ་ཡ་ས་མ་ཡ་ཏིཥྛ་ཕྲུཾ་ཕུ་སྭཱ་ཧཱ། ལན་གསུམ་གྱིས་གཏོར་མ་བསྔོ། །ཡེ་དྷརྨ་སོགས། སྡིག་པ་ཅི་ཡང་སོགས། ཆོས་ཀྱི་སྦྱིན་པ་བྱ། ཀླུ་ཆེན་པོ་བརྒྱད་སོགས་ཀླུའི་རིགས་སུ་གྱུར་པ་ཐམས་ཅད་དང་། བྱེ་བྲག་བདག་ཅག་ལ་གནོད་ཅིང་ལན་ཆགས་པ་ཐམས་ཅད་མཉེས་ཤིང་ཚིམ་ནས་གནོད་འཚེ་དང་གདུག་སེམས་ཞི་སྟེ། ཕན་པ་


GTN005_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཅེས་སྨོན་ལམ་གདབ། ཨོཾ་མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་ས་པ་རི་ཝཱ་ར་གཙྪ། ཞེས་དཀར་ཕྱོགས་ཀྱི་ཀླུ་རང་གནས་སུ་གཤེགས། མཁའ་ལྡིང་གི་རྒྱས། ཨོཾ་ག་རུ་ཊ་ཧཾ་ས་ཧཾ་ཙ་ལེ་ཙ་ལེ་སྭཱ་ཧཱ། ཞེས་ནག་པོའི་ཀླུ་རྣམས་བསྐྲད་པར་བྱའོ། །རང་གི་དངོས་གྲུབ་དབང་ལེན་བྱ་བ་ནི། ཨོཾ་ཨཱཿ ཧཱུྃ༔ སངས་རྒྱས་ཀླུ་དབང་རྒྱལ་པོ་འཁོར་བཅས་ཀྱི༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བདག་ལ་སྩོལ༔ དབང་བཞི་བསྐུར་ལ་སྐུ་བཞིའི་ས་བོན་གནང་༔ ཉིད་དང་མཉམ་པའི་མཁའ་ཁྱབ་སྨིན་གྲོལ་སྩོལ༔ ཨོཾ་ཨཱཿ ཧཱུྃ༔ བུདྡྷ་ནཱ་གེནྟྲ་རཱ་ཛ་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ གསུམ་པ་དབང་བསྐུར་བར་བྱེད་པ་ལ། སློབ་མ་གྲལ་དུ་འཁོད། ནས་བཀྱེ། སློབ་དཔོན་ལས་བུམ་ཐོགས་ལ། ཧཱུྃ༔ ངོ་མཚར་བུམ་པ་ལས་རྣམས་ལྷུན་གྲུབ་ཀྱི༔ ཁྲོ་བོ་ཡེ་ཤེས་དམ་ཚིག་བདུད་རྩིའི་ཆུས༔ སྐལ་ལྡན་ཁྲུས་གསོལ་ནད་གདོན་སྡིག་སྒྲིབ་དག༔ འཐོར་བ་ཙམ་གྱིས་བགེགས་ཚོགས་བརླག་པར་གྱུར༔ ཨོཾ་ཨ་མྲ໏་ཏེ་ཧཱུྃ་ཕཊཿ໇ ཡིག་བརྒྱ། བགེགས་གཏོར་ལ་ལས་བུམ་ཆུ་འཐོར། ཨོཾ་ཨ་མྲ໏་ཏེ་ཧཱུྃ་ཕཊཿ໇ ཨོཾ་སྭ་བྷཱ་ཝས་སྦྱངས་ལ། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལན་ཆགས་བགེགས་ཀྱི་གཏོར་མ་ཕུན་སུམ་ཚོགས་པ། རི་རབ་བས་དཔང་མཐོ་བ། རྒྱ་མཚོ་བས་གཏིང་ཟབ་པ། ཉི་ཟླ་བས་འོད་གསལ་བ། འདོད་ཡོན་ལྔ་དང་ལྡན་པར་གྱུར༔ ཨོཾ་ཨཱཿ ཧཱུྃ༔ ཨོཾ་ཨཱཿ ཀཱ་ རོ་གསུམ་སོགས། མཆོད་སྦྱིན་གྱི་གཏོར་མ་འདི་ཉིད་བསྔོ་བའི་གནས་སུ་གྱུར་པ་ནི། འདིར་གསང་སྔགས་བླ་མེད་ཀྱི་དཀྱིལ་འཁོར་ཟབ་མོ་ཞལ་ཕྱེས་ནས་སྨིན་གྲོལ་གྱི་དབང་བསྐུར་བ་ལ་བར་དུ་གཅོད་པར་བྱེད་པའི་འབྱུང་པོ་མི་མིན་མི་རུ་བརྫུ་བ༔


GTN005_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མིན་ལྷ་རུ་བརྫུ་བ། ཕྱི་གོ་དོན་གྱི་བརྡ་འཕྲོག་པ༔ ནང་དད་འདུན་གྱི་བསྐྱེད་རྫོགས་བསླད་པ༔ གསང་བ་དབང་བཞིའི་ཡེ་ཤེས་མི་སྨིན་པར་བྱེད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་སོ་སོ་རང་རང་གི་གནས་སུ་དེངས་ཤིག༔ ཧཱུྃ༔ སྣང་སྲིད་ཟིལ་གནོན་ཁྲོ་བོའི་བཀའ༔ དཀོན་མཆོག་ རྩ་གསུམ་བདེན་པའི་མཐུས༔ སྨིན་བྱེད་དབང་ལ་མི་མོས་པའི༔ གནོད་བྱེད་ཐམས་ཅད་ཚར་གཅོད་ཅིག༔ ཧཱུྃ་ཧཱུྃ༔ གང་དག་མི་འགྲོ་བ་དང་༔ ཚེ་ལ་རྐུ་བ་སྲོག་ལ་འཇབ་པ་ལ་སོགས་པའི་གནོད་བྱེད་ཐམས་ཅད་ནམ་མཁར་བཀུག༔ བར་སྣང་ནས་བཟུང་༔ ར་ཕག་སེར་བས་བསྡུས་པ་ལྟར་དུ་བཀུག་ནས་ཁྲོ་ཚོགས་རྣམས་ཀྱིས་རྡུལ་དུ་བརླག་པས༔ དེ་བས་ཕྱིར་དེངས་ཤིག༔ ཨོཾ་སུམ་བྷ་ནི་སོགས། ཧཱུྃ་བཞིའི་སྔགས་དང་ཡུངས་བྲབ། གུ་གུལ་བདུག །སྲུང་འཁོར་ནི། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ༔ འོག་ཐམས་ཅད་རྡོ་རྗེའི་ས་གཞི༔ ཁོར་ཡུག་ཐམས་ཅད་རྡོ་རྗེའི་ར་བ་དང་དྲ་བ༔ ཕྱི་རོལ་ཐམས་ཅད་ཡེ་ཤེས་ལྔའི་མེ་དཔུང་འབར་བས་བལྟམས་པར་གྱུར༔ ཨོཾ་བཛྲ་ཛྭ་རཾ་རཀྵ་རཀྵ་ཧཱུྃ༔ འོ་ན་ནམ་མཁས་ཁྱབ་པའི་སེམས་ཅན་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་ལས་གྲོལ་ནས་རྣམ་མཁྱེན་རྫོགས་སངས་རྒྱས་པའི་ཐབས་ལ་རྒྱལ་བ་ཐམས་ཅད་ཐུགས་རྗེ་ཆེན་པོ་དང་ལྡན་པས་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་བསྐོར་བ་ལ་རྒྱུ་འབྲས་ཀྱི་ཐེག་པར་མིང་བཏགས་པ་ལས་འདིར་འབྲས་བུའི་ཐེག་པ་ཡིན། དེ་ལ་གསང་སྔགས་གསར་རྙིང་གཉིས་སུ་གྲགས་པའི་ནང་ཚན་རྙིང་མ་ཡིན། དེ་ལ་བཀའ་གཏེར་དག་སྣང་གསུམ་ལས་འདིར་གཏེར་མ་ཡིན། དེ་ལ་


GTN005_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་སྟོན་གྱི་རྒྱལ་པོ་མཆོག་གཉིས་གླིང་པ་བརྒྱད་སོགས་ལས། འདིར་གླིང་པ་བརྒྱད་ཀྱི་ནང་ཚན་བསམ་གཏན་གླིང་པའི་གཏེར་མ་སྟེ༔ གཏེར་གནས་ཀྱང་རུ་དམ་ལུང་པ་ནག་པོར་ཉེ་བ་དཔྱལ་མོ་བྲག་དཀར་ཞེས་ཨོ་རྒྱན་རིན་པོ་ཆེས་ཞབས་ཀྱིས་བཅགས་ཤིང་སྒྲུབ་གནས་སུ་བྱིན་གྱིས་བརླབས་པ་ཡར་རྗེ་ཨོ་རྒྱན་གླིང་པའི་བཀའ་ཐང་ཤེལ་བྲག་མར། དཔྱལ་གྱི་བྲག་ལ་ལོ་གཅིག་བཞུགས༔ ཞེ་འབྱུང་བ་དང་། གཏེར་སྟོན་ཡང་བོད་ཀྱི་གྲུབ་ཆེན་བརྒྱད་ཀྱི་ནང་ཚན་རྟ་མགྲིན་དབང་གི་གྲུབ་པ་ཐོབ་པས་སྤྱི་བོར་རྟ་ཞལ་གྱིས་རྟ་སྐད་མཚེར་བ་བོད་ཁམས་ཐམས་ཅད་དུ་ཐོས་པར་ནུས་པས་རྗེ་འབངས་ཉེར་ལྔའི་གསོལ་འདེབས་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པར། དབུ་རུ་ངན་ལམ་རིགས་འཁྲུངས་བྷིཀྵུ། །དབེན་རྩར་པདྨ་དབང་ཆེན་གྲུབ་བརྙེས། །རྟ་སྐད་གཙུག་བཏོན་རྒྱལ་མཆོག་དབྱངས་དེར། །ཞེས་གསུངས་པ་དེའི་སྤྲུལ་པ་ཡིན་པ་ལ། ཆོས་བདག་གཏེར་སྟོན་ལུང་བསྟན་ཡང་བཀའ་ཐང་ཤེལ་བྲག་མར། བོད་འདིར་རྒྱལ་པོའི་མིང་བཏགས་བརྒྱ་རྩ་བརྒྱད༔ གངས་དང་སེངྒེ་ལས་ཀྱི་འབྲེལ་བ་ཡིས༔ འཇིག་རྟེན་པ་ལ་བདེ་བ་སྐད་ཅིག་མེད༔ དཔྱལ་གྱི་བྲག་ལ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་༔ ཨོ་རྒྱན་བསམ་གཏན་གླིང་པ་ཞེས་བྱ་འབྱུང་༔ ཞེས་པ་ཐོག་ཏུ་བབ་པ་དེའི་ནང་ཚན་རྩ་གསུམ་ལྷ་ཚོགས་རྣམས་ཀྱི་སྨིན་དབང་དཔག་བསམ་ཆར་འབེབས་ལས་བྱུང་བ་སངས་རྒྱས་ཀླུ་དབང་རྒྱལ་པོའི་དབང་རྒྱལ་པོའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་གདབ་


GTN005_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ༔ མཆོག་གི་སྐྱབས་གནས་ཐམས་ཅད་ལ༔ རྩེ་གཅིག་སྙིང་ནས་སྐྱབས་སུ་མཆི༔ འཁོར་བར་འཁྱམས་པའི་ཕ་མ་རྣམས༔ སངས་རྒྱས་ཐོབ་པར་སེམས་བསྐྱེད་དོ༔ ཨོཾ་ཨཱཿ ཧཱུྃ༔ བླ་མ་དཀོན་མཆོག་རྩ་ གསུམ་ལ༔ ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐོར༔ བླ་མེད་བྱང་ཆུབ་ཆེན་པོར་བསྔོ༔ དེ་ནས་ཁྱད་པར་གྱི་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བླ་མ་གསང་སྔགས་ཆེ་བའི་མཆོག༔ སྐལ་ལྡན་རྗེས་སུ་འཛིན་པའི་ཕྱིར༔ ཡང་གསང་བླ་ན་མེད་པ་ཡི༔ དབང་གི་སྨིན་གྲོལ་སྩལ་དུ་གསོལ༔ ལས་བུམ་གྱི་ཆུ་འཐོར། ཨོཾ་ཨ་མྲ໏་ཏེ་ཧཱུྃ་ཕཊ྄༔ སློབ་མ་རྣམས་མི་དམིགས་པ་སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་སྐུ་མདོག་ཨིནྡྲ་ནཱི་ལ་ལྟར་སྔོ་བ་ཞལ་གཅིག་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་ཅན་གཙུག་ཏོར་དང་བཅས་ཤིང་འཛུམ་བག་དང་ལྡན་པ༔ ཤམ་ཐབས་དང་ཆོས་གོས་ངུར་སྨྲིག་གསོལ་བ༔ ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ༔ ཁ་དོག་སྣ་ཚོགས་པའི་སྦྲུལ་མགོའི་གདེངས་ཀ་བདུན་གྱེན་ལ་ཕྱོགས་པའི་ཆུན་པོའི་རྒྱབ་ཡོལ་མངའ་ཞིང་སྦྲུལ་མཇུག་རྣམས་གདན་དུ་བཏིང་བ༔ དེའི་འཁོར་དུ་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ༔ བྱམས་པ༔ སྤྱན་རས་གཟིགས་གཙོས་སངས་རྒྱས་བྱང་སེམས་དགྲ་བཅོམ་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿ དམར་པོ༔ ཐུགས་ཀར་ཧཱུྃ་སྔོན་པོ༔ དེ་ལས་འོད་ཟེར་སྣ་ལྔའི་ཕྲེང་བ་མཁའ་


GTN005_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་ཏུ་སྤྲོས་པས༔ ཕྱོགས་བཅུ་རབ་འབྱམས་ཞིང་གི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀླུ་དབང་རྒྱལ་པོའི་རྣམ་པར་སྟེང་ནས་ཁ་བ་བུ་ཡུག་འཚུབས་པ་ལྟ་བུ༔ འོག་ནས་དབྱར་གྱི་ས་རླངས་རྡོལ་བ་ལྟ་བུ༔ བར་ནས་སྦྲང་ཚང་ཞིག་པ་ལྟ་བུ་འུར་འུར་ཐིབ་ཐིབ་ཉི་ཞུལ་གྱི་རྡུལ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ་པའི་མོས་པ་མཛོད༔ དྲིལ་བུའི་དབྱངས་ཀྱིས༔ ཧཱུྃ༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ཕུན་ཚོགས་ཞིང་ཁམས་རྒྱ་མཚོ་ནས༔ ཡེ་ཤེས་ལྷ་ཚོགས་མ་ལུས་ཀུན༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ སྐུ་ཡི་གཟི་མདངས་ཡ་ལ་ལ༔ གསུང་གི་ཛབ྄་དབྱངས་འུ་རུ་རུ༔ ཐུགས་ཀྱི་བྱིན་རླབས་ཐིབས་སེ་ཐིབ༔ དངོས་གྲུབ་རྣམ་གཉིས་དབང་བསྐུར་སྩོལ༔ ཨོཾ་ཨཱཿ བུདྡྷ་ ནཱ་གེནྟྲ་རཱ་ཛ་ཧཱུྃ༔ ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ ཛཿ ཧཱུྃ་བྃ་ཧོཿ ཨཱ་ཝེ་ཤ་ཡ་ཨ་ཨཱཿ བྱིན་ཕབ་པའི་ཡེ་ཤེས་པ་རྣམས་སློབ་མ་རྣམས་དང་དབྱེར་མེད་དུ་གྱུར༔ ཏིཥྛ་བཛྲ༔ ཞེས་རྡོ་རྗེ་སྤྱི་བོར་རྒྱ་གྲམ་བཞག་ལ་ནས་འཐོར། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ དབང་གི་ལྷ་ཚོགས་ནམ་མཁའ་གང་བར་སྤྱན་དྲངས་པ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུས་གང་བས་དབང་བསྐུར་བའི་མོས་པ་མཛོད༔ ཧཱུྃ༔ རིན་ཆེན་བུམ་པ་ཐར་ལམ་གཞལ་ཡས་ཁང་༔ རིགས་འདུས་སྐུ་ལས་བྱིན་རླབས་བདུད་རྩི་བབ༔ སྐལ་ལྡན་དབང་བསྐུར་ཕུང་ཁམས་ཡེ་ཤེས་སྨིན༔ སངས་རྒྱས་ཀུན་འདུས་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿ བུདྡྷ་ནཱ་གེནྟྲ་རཱ་ཛ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་པ་སྤྱི་བོར་བཞག་ལ་བུམ་ཆུ་བླུད། དེས་སངས་རྒྱས་ཀླུ་དབང་རྒྱལ་པོའི་


GTN005_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

སྐུའི་དབང་ཐོབ༔ ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག༔ འབྲས་བུ་སྤྲུལ་སྐུ་ཐོབ་པའི་ས་བོན་སྨིན་པ་ཡིན་ནོ༔ སློབ་དཔོན་གྱི་མགྲིན་པ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་རྒྱལ་བ་རབ་འབྱམས་ཀྱི་གསུང་གི་བྱིན་རླབས་ཐམས་ཅད་ཀླུ་དབང་རྒྱལ་པོའི་རྩ་སྔགས་ཀྱི་རྣམ་པར་བྱོན་ནས༔ ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས༔ ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པར་བསམ་ལ་སྔགས་འདིའི་རྗེས་ཟློས་གྱིས༔ ཕྲེང་བ་གཏད་ལ། ཏདྱ་ཐཱ༔ ཨོཾ་ཏ་ཐཱ་ག་ཏོ་བྷ་ག་ཝན་ནཱ་ག་ར་ཛེ་ཤྭ་ར་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ལན་གསུམ། སྔགས་ཕྲེང་མགྲིན་པར་བཞག་ལ། ཧཱུྃ༔ དངོས་གྲུབ་སྙིང་པོ་གསུང་གི་བྱིན་རླབས་ཀུན༔ སྔགས་ཀྱི་ཕྲེང་བ་གསང་སྔགས་རང་སྒྲ་སྒྲོགས༔ སྐལ་ལྡན་དབང་བསྐུར་ངག་གི་གྲགས་སྟོང་སྨིན༔ སངས་རྒྱས་ཀུན་གྱི་གསུང་གི་དབང་ཐོབ་ཤོག༔ ཨོཾ་ཨཱཿ་བུདྡྷ་ནཱ་གེནྟྲ་རཱ་ཛ་ཧཱུྃ༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ དེས་སངས་རྒྱས་ཀླུ་དབང་རྒྱལ་པོའི་གསུང་གི་དབང་ཐོབ༔ ངག་གི་སྡིག་སྒྲིབ་དག༔ འབྲས་བུ་ལོངས་སྐུའི་ས་བོན་སྨིན་པ་ཡིན་ནོ༔ སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་བསྐྱེད་རྒྱལ་བ་རབ་འབྱམས་ཀྱི་ཐུགས་ཀྱི་བྱིན་རླབས་ཐམས་ཅད༔ ཀླུ་དབང་རྒྱལ་པོའི་ཐུགས་ཉི་ཟླ་ཕྱག་མཚན་གྱི་རྣམ་པར་བྱོན་ནས་རྡོ་རྗེ་ལ་ཐིམ༔ དེས་ཁྱེད་རང་རྣམས་སྙིང་གར་དབང་བསྐུར་བའི་མོས་པ་མཛོད༔ རྡོ་རྗེ་སྙིང་གར་བཞག་ལ། ཧཱུྃ༔ མི་གཡོ་ཆོས་དབྱིངས་ཡེ་ཤེས་ཀུན་ཀློང་ནས༔ སྐད་ཅིག་མྱུར་ལམ་རྡོ་ རྗེ་སྙིང་པོའི་དོན༔ སྐལ་ལྡན་དབང་བསྐུར་རྒྱལ་བའི་དགོངས་ཀློང་སྨིན༔ སངས་རྒྱས་ཀུན་གྱི་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་ཨཿབུདྡྷ་ནཱ་གེནྟྲ་རཱ་ཛ་ཧཱུྃ༔ ཙིཏྟ་ཨ་བྷི་


GTN005_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཥེཉྩ་ཧཱུྃ༔ དེས་སངས་རྒྱས་ཀླུ་དབང་རྒྱལ་པོའི་ཐུགས་ཀྱི་དབང་ཐོབ་ཤོག༔ ཡིད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་འབྲས་བུའི་ཆོས་སྐུའི་ས་བོན་སྨིན་པ་ཡིན་ནོ། །སློབ་དཔོན་གྱི་གནས་ལྔ་ནས་འོད་ཟེར་འཕྲོས༔ མདུད་བསྐྱེད་དང་རྡུལ་སྙེད་ཞིང་གི་ལྷ་ཚོགས་ཀྱི་མཁྱེན་བརྩེ་ནུས་པའི་བྱིན་རླབས་ཐམས་ཅད་སངས་རྒྱས་ཀླུ་དབང་རྒྱལ་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡེ་ཤེས་ལྔའི་འོད་མདངས་སུ་བྱོན་ནས་ཕྱག་མཚན་རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ་རྒྱ་གྲམ་ལྔ་ལ་ཐིམ༔ དེས་ཁྱེད་རང་རྣམས་ཀྱི་གནས་ལྔར་དབང་བསྐུར་བའི་མོས་པ་མཛོད༔ ཙཀླི་ཐོགས་ལ། ཧཱུྃ༔ ཚད་མེད་བཀོད་པ་མཐའ་ཡས་རྒྱལ་ཀུན་གྱི༔ སྐུ་ལྔའི་ཡོན་ཏན་བདེ་བླག་སྨིན་པའི་རྫས༔ སྐལ་ལྡན་དབང་བསྐུར་སྐུ་བཞིའི་ཡེ་ཤེས་བརྙེས༔ སངས་རྒྱས་ཀུན་གྱི་གོ་འཕང་དབང་ཐོབ་ཤོག༔ ཨོཾ་ཨཱཿ བུདྡྷ་ནཱ་གེནྟྲ་རཱ་ཛ་ཧཱུྃ༔ སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་ལག་ཏུ་གཏད༔ དེས་ཀླུ་དབང་རྒྱལ་པོའི་ལྷན་སྐྱེས་ཡེ་ཤེས་ཀྱི་དབང་ཐོབ༔ སྒོ་གསུམ་ཐ་དད་དུ་འཛིན་པའི་སྒྲིབ་པ་དག༔ འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པ་ཡིན་ནོ༔ གཏོར་མ་འདི་ནི་ཕྱི་འབྲུ་སྨན་ལས་གྲུབ་པ་ཡེ་ཤེས་ཀྱི་བདུད་རྩི། མཆོད་ན་ལྷ་ཚོགས་དགྱེས་པའི་ཞལ་ཟས༔ སྒྲུབ་རྟེན་རྒྱལ་བ་ཡོངས་ཀྱི་ངོ་བོ༔ བྱིན་རླབས་དངོས་གྲུབ་འདུ་བའི་ཕུང་པོ༔ སངས་རྒྱས་བྱང་ཆུབ་སེམས་དཔའ་རྒྱལ་བ་རྩ་གསུམ་ཐམས་ཅད་ཀྱི་ཕྲིན་ལས་འདུས་པ་སངས་རྒྱས་ཀླུའི་དབང་ཕྱུག་རྒྱལ་པོ་གཙོ་འཁོར་གྱི་གཟི་འོད་འབར་བའི་གཏོར་མས་མཐའ་བརྟེན་བཀའ་བསྒོ་བ་དང་༔ བྱིན་གྱིས་བརླབས་པས་དངོས་གྲུབ་ཐོབ་པར་མོས༔ ཧཱུྃ༔ རྒྱལ་བ་རིགས་ལྔ་


GTN005_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་བདུད་རྩིའི་འཕྲུལ༔ སྙིང་པོ་སྨིན་གྲོལ་ཀུན་གྱི་ཕྲིན་ལས་གཞི༔ སྐལ་ལྡན་དབང་བསྐུར་ལྷག་པའི་ལྷ་མཆོག་གི༔ ངོ་བོར་སྨིན་ནས་གཞན་ཕན་ཀུན་འགྲུབ་ཤོག༔ ཨོཾ་ཨཱཿ བུདྡྷ་ནཱ་གེནྟྲ་རཱ་ཛ་ཧཱུྃ༔ ཀཱ་ཡ་ཝཱཀ་ཙིཏྟ་བ་ལིང་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏོར་མ་སྤྱི་བོར་བཞག༔ རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུང་བརྒྱུད་པ། གཏེར་ཆོས་སྨོན་ལམ་བརྒྱུད་པ། བཀའ་བབས་དོན་གྱི་བརྒྱུད་པ་བར་མ་ཆད་པ། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལོ་ཙཱ་རྒྱལ་བ་མཆོག་དབྱངས། གཏེར་སྟོན་བསམ་གཏན་གླིང་པ། ཆོས་བདག་གྲུབ་དབང་དཔལ་ལྡན་ཆོས་རྒྱལ། དྲིན་ཅན་རྩ་བའི་བླ་མའི་བར་དུ་བྱོན་པ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀླུའི་དབང་ཕྱུག་རྒྱལ་པོ་སྤྲུལ་པ་འཁོར་ཚོགས་དང་། ཞིང་ཁམས་རབ་འབྱམས་ཀྱི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །ཡེ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པ་དང་། ཁྱད་པར་ཀླུ་གཉན་ས་བདག་གིས་གནོད་པའི་ནད་གདོན་རྐྱེན་ངན་བར་ཆད་ཐམས་ཅད་ཞི་བ་དང་། གནས་སྐབས་འདིར་ཚེ་ནོར་ཆོས་གསུམ་རྒྱས་ཤིང་མཐར་ཐུག་ས་བཅུ་ལམ་ལྔ་མྱུར་དུ་རྫོགས་ནས་སངས་རྒྱས་ཉིད་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། རྩ་སྔགས་མཐར། ཧྲཱིཿ སྭཱ་ཧཱ་ཧཱུྃ་སྭཱ་ཧཱཿ ཛཿ ཧཱུྃ་བྃ་ཧོཿ ལྷ་ཚོགས་རྣམས་འོད་དུ་ཞུ་ནས་སློབ་མ་ལ་ ཐིམ་པར་གྱུར༔ དེ་ནས་ཚིག་དབང་ངོ་སྤྲོད་དོན་བསྡུས་ནི། ཨཱཿ འོད་གསལ་སེམས་ཀྱི་དཀྱིལ་


GTN005_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདི༔ ཨ་ནི་སྐྱེ་མེད་ཡེ་ཤེས་ལུས༔ བུ་ཁྱོད་སེམས་ཀྱི་ངོ་བོ་བསྟན༔ དྲན་རིག་ལྟོས་ལ་ཅི་གནས་ཞོག༔ མ་བཅོས་ཡེངས་མེད་ངང་ལ་སྐྱོངས༔ དུག་ལྔའི་ངོ་བོ་བལྟས་པས་སྟོང་༔ ཡེ་ལྔ་ཡིན་ནོ་འཇིགས་ཚོགས་གང་༔ སྟོང་ཉིད་གཞོམ་མེད་སངས་རྒྱས་པའོ༔ དེ་ནས་དབང་བསྐུར་ནས་མངའ་གསོལ་བ་ནི། བཀྲ་ཤིས་རྫས་བརྒྱད་རྒྱལ་སྲིད་སྣ་བདུན་གྱིས་དབང་བསྐུར་བས༔ སྔོན་རབས་མདོ་སྔགས་སྟོན་པ་རྣམས་ལ་མི་དབང་བདུན་གྱི་རྟེན་འབྲེལ་གྱིས་ལེགས་འབྱུང་ཡོན་ཏན་འབྱུང་བ་ལྟར་རྒྱལ་བུ་རྒྱལ་སར་བཏོན་བཞིན་ཐེག་ཆེན་ཡང་གསང་བླ་མེད་ཀྱི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ རྟགས་བརྒྱད་ཐོགས་ལ། ཧྲཱིཿ གསེར་གདུགས་དྲི་མེད་ཀུན་སྐྱོབ་པ༔ རྒྱལ་མཚན་ཐེག་ཆེན་ཆོས་འཁོར་བསྐོར༔ དུང་དཀར་སྙན་གྲགས་ཕྱོགས་བཅུར་སྒྲོགས༔ ནོར་བུས་དགོས་འདོད་ཀུན་འབྱུང་མཆོག༔ འཁོར་ལོས་སྲིད་པའི་མཚོ་ལས་བསྒྲལ༔ དཔལ་བེའུས་འདོད་རྒུ་སྟོབས་རྒྱས་པ༔ གསེར་ཉས་ཤེས་རབ་མིག་མཆོག་འབྱེད༔ བུམ་པས་ཆོས་ནོར་གཏེར་ཆེན་དབང་༔ བཀྲ་ཤིས་རྫས་བརྒྱད་དབང་བསྐུར་བས༔ རྒྱལ་སྲིད་བུ་ལ་བསྐོས་པ་བཞིན༔ ཐེག་ཆེན་ཡང་གསང་བླ་མེད་ཀྱི༔ དབང་མཆོག་དམ་པ་ཐོབ་པར་ཤོག༔ དེ་ནས་རྒྱལ་སྲིད་སྣ་བདུན་ཐོགས་ལ༔ ཧྲཱིཿ སྲིད་པའི་མཚོ་སྒྲོལ་འཁོར་ལོ་རིན་པོ་ཆེ༔ དབུལ་བའི་གདུང་སེལ་དགོས་འདོད་ནོར་བུ་མཆོག༔ བདེ་སྟོང་སྦྱོར་ལྡན་བཙུན་མོ་མཛེས་ལྡན་མ༔ བསོད་ནམས་རྒྱས་པར་སྦྱོར་བ་མི་ཡི་དབང་༔ མྱུར་ལམ་ས་ཆེན་བསྒྲོད་པ་ཤུགས་


GTN005_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་རྟ༔ འཁོར་བའི་གནས་ནས་རབ་སྒྲོལ་གླང་པོ་ཆེ༔ ཉོན་མོངས་གཡུལ་ལས་རྒྱལ་བའི་དམག་དཔོན་རྣམས༔ དེང་འདིར་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྒྱལ་སྲིད་སྣ་བདུན་དབང་བསྐུར་མངའ་གསོལ་བས༔ སྔོན་རབས་མཉམ་མེད་མདོ་སྔགས་སྟོན་པ་རྣམས༔ མི་དབང་བདུན་གྱི་རྟེན་འབྲེལ་ཡོན་ཏན་བཞིན༔ ལེགས་འབྱུང་རྒྱལ་བ་རྣམས་དང་དབྱེར་མེད་ཤོག༔ ཨོཾ་རཱ་ཛྱ་སཔྟ་མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ བཀྲ་ཤིས་ནི༔ དེ་ནས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་བཀྲ་ཤིས་ཀྱི་གླུ་དབྱངས་བརྗོད༔ རོལ་མོ་སྒྲོགས༔ མེ་ཏོག་གི་ཆར་འབེབས་པའི་མོས་པ་མཛོད༔ ཨེ་མ་ཧོཿ ཆོས་སྐུའི་བཀྲ་ཤིས་ཉི་འོད་གཟི་འབར་བ༔ ཀུན་ཁྱབ་མུན་པ་སེལ་བའི་བཀྲ་ཤིས་ཤོག༔ ལོངས་སྐུའི་བཀྲ་ཤིས་སྣོད་ཀྱི་དཔལ་འབྱོར་རྒྱས༔ ནང་བཅུད་སེམས་ཅན་བདེ་སྐྱིད་བཀྲ་ཤིས་ཤོག༔ སྤྲུལ་སྐུའི་བཀྲ་ཤིས་དགོས་འདོད་ནོར་བུ་མཆོག༔ འགྲོ་ཀུན་སྟོབས་འབྱོར་རྒྱས་པའི་བཀྲ་ཤིས་ཤོག༔ རྩ་གསུམ་བཀྲ་ཤིས་སྨིན་གྲོལ་ཆོས་ཀྱི་སྒོ༔ མཁའ་ཁྱབ་རྫོགས་སངས་རྒྱས་པའི་བཀྲ་ཤིས་ཤོག༔ དེ་ལྟར་དབང་བཞི་རྫོགས་པར་ཐོབ་ནས༔ གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་རྣམས་ཁས་བླངས་པ་ལྟར་བསྲུང་དགོས་ཤིང་༔ བློ་བླ་མ་དཀོན་མཆོག་ལ་གཏད༔ བྱ་བ་ཕ་མ་སེམས་ཅན་གྱི་དོན་དུ་སྐྱབས་སེམས་ཆོས་སྤྱོད་བཅུ་འཁྱེར་སོ་གསུམ་མི་བྲལ་བས་ཉིན་མཚན་སྐྱོང་སྙམས་པས་འདིའི་རྗེས་ཟློས་མཛོད༔ རྡོ་རྗེ་འཛིན་པའི་བཀའ་བཞིན་བསྒྲུབ༔ དེ་དག་ཐམས་ཅད་བདག་གིས་བགྱི༔ ཁྱེད་ལ་བདག་འབུལ་རྗེས་འཛིན་ཚེ༔ ཁྱེད་མཆོད་སྙིང་གི་ཐིག་ལེར་གཟུང་༔ དབང་


GTN005_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་ཏུ་མཎྜལ་ཕུལ༔ ས་གཞི་སྤོས་སོགས། དེ་ལྟར་དབང་ཐོབ་པའི་དགེ་རྩ་སེམས་ཅན་གྱི་དོན་དུ་བསྔོ་བར་ཞུ༔ བསོད་ནམས་འདི་ཡིས་སོགས། སློབ་མ་རྣམས་རང་གནས་སུ་བཏང་། དབང་རྒྱས་པར་སྤྲོ་ན། ཟུར་རྒྱན་སྤྲད་དེ་ཙཀླི་བསྐུར་བ་དང་། བསྡུ་ན་རྗེས་གནང་ཕྱེད་པ་སོགས་ཀྱང་ཤེས་པར་བྱའོ། །བཞི་པ་རྗེས་ཀྱི་རིམ་པ་མཆོད་བསྟོད་ནི། མཆོད་པ་ཁ་གསོ། ཨོཾ་ཨཱཿ བུདྡྷ་ནཱ་གེནྟྲ་རཱ་ཛ་ཧཱུྃ༔ ས་པ་རི་ ཝཱ་ར་ཨ຋ཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། བསྟོད་པར་འོས་པ་སོགས། བཤགས་པ་ནི། མ་རྙེད་ཡོངས་སུ་སོགས། ཡིག་བརྒྱ་བཟླ། བསྡུ་རིམ་ནི། ཨོཾ་འཁོར་འདས་སྣང་རིག་བསྐྱེད་རྫོགས་ཟུང་འཇུག་ལ༔ ཐམས་ཅད་སྟོང་གསལ་མ་འགགས་ཆོས་དབྱིངས་ཀློང་༔ ཨཱཿ ཡིག་མཐའ་བྲལ་ཡེ་དབྱིངས་གཤེགས་པའི་འཕྲུལ༔ དམ་ཚིག་རང་སྣང་ཧཱུྃ་ལས་འཇིག་རྟེན་མཱུ༔ བསྔོ་བ་ནི། ན་མོ། དཀྱིལ་འཁོར་ལྷ་ཚོགས་བསྒྲུབ་པའི་དགེ་བ་གང་༔ འགྲོ་ཀུན་སྒྲིབ་གཉིས་དག་ནས་སྨིན་གྲོལ་ཤོག༔ བདག་གིས་རྫོགས་པ་སྤྱིར་ཆིབས་སར་འགོད་པའི༔ ཀུན་ཀྱང་བྱང་ཆུབ་སྟོན་པའི་སློབ་དཔོན་ཤོག༔ བཀྲ་ཤིས་ནི། ཧཱུྃ༔ སྐུ་གསུམ་བླ་མའི་སྨིན་གྲོལ་བྱིན་རླབས་དང་༔ རྩ་གསུམ་རྒྱ་མཚོའི་དངོས་གྲུབ་འབྱུང་བའི་དཔལ༔ ཟབ་ལམ་མཁའ་འགྲོ་སྙིང་ཐིག་ནུས་མཐུ་ཡིས༔ ཀུན་ཁྱབ་བདེ་སྐྱིད་རྒྱས་པའི་བཀྲ་ཤིས་ཤོག༔ དུས་ངན་སྙིགས་མའི་ལྔ་བདོར་འོག་གདོན་གྱིས། འཚེ་བ་ཆེ་ཕྱིར་ལྷ་མཆོག་འདི་ཉིད་ཀྱི། །བྱིན་རླབས་ཐོབ་ན་ནད་གདོན་བགེགས་རིགས་ཞི། །དེ་ཕྱིར་ལམ་མཆོག་འདི་ལ་ཉམས་ལེན་མཛོད། །འོན་ཀྱང་རྙིང་ཕྱོགས་བརྒྱུད་པ་ཆེས་ཕྲ་ཞིང་། །གཏེར་བརྒྱུད་དཀོན་པས་འདི་ནི་བྱིན་རླབས་ཀྱི། །ཚན་ཁ་མ་ཉམས་བརྒྱུད་པ་ཟམ་མ་ཆད། །རང་ལུགས་དྲི་མེད་ཡིད་ཆེས་གནས་སུ་འོས། །ཞེས་ཀླུ་དབང་རྒྱལ་པོ་ལྷ་ལྔའི་


GTN005_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་དབང་བཅས་ནད་བརྒྱ་སེལ་བའི་སྨན་གཅིག་འདི། རྡོ་རྗེ་འཛིན་པ་མཆོག་གི་སྤྲུལ་སྐུ་ཀཿ ཐོག་པད་འགུར་ནས་གསུང་བསྐུལ་དོན་ལྡན་དུ་བསམ། ཤཱཀྱའི་དགེ་སློང་ཞེ་ཆེན་པ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དཔལ་བཟང་པོས་རང་གནས་བདེ་བ་ཅན་གྱི་ཕོ་བྲང་དུ་སྦྱར་བའི་ཡི་གེ་པ་ནི་ལྡང་རིགས་ཤཱཀྱའི་དགེ་སློང་ལྔ་རིག་སྨྲ་བ་པདྨ་རྒྱལ་མཚན་ནོ། །སརྦ་མངྒ་ལམ།། །། གཏེར་ཚེག་དང་ཤད་མ་ནོར་བ་གལ་ཆེ། ཞུས་སོ།།

བདེ་ཆེན་ཞིང་སྒྲུབ་ཀྱི་སྒོ་ནས་ཕུང་པོ་བསྲེག་ཆོག་ལྔ་ལྡན་འོད་འབར་ངན་སོང་རྒྱུན་གཅོད།


GTN005_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་ཞིང་སྒྲུབ་ཀྱི་སྒོ་ནས་ཕུང་པོ་བསྲེག་ཆོག་ལྔ་ལྡན་འོད་འབར་ངན་སོང་རྒྱུན་གཅོད་བཞུགས་སོ། །ན་མཿ གུ་རུ་ཤྩཱ་བྷེ་དཱ་མི་དེ་ཝཱ་ཡ། སྤྲོས་བྲལ་ཆོས་སྐུ་འོད་དཔག་མེད་པ་ཉིད། །མ་འགགས་རང་གསལ་ལོངས་སྐུ་སྙིང་རྗེའི་ལྷ། །གང་འདུལ་དེར་འཚམ་སྤྲུལ་སྐུ་ཐོད་ཕྲེང་རྩལ། །དབྱེར་མེད་བསམ་གཏན་གླིང་པར་གུས་ཕྱག་འཚལ། །མགོན་དེའི་སྐུ་གསུང་ཐུགས་ཀྱི་རྒྱལ་ཚབ་ཏུ། །དོན་བརྒྱུད་དགོངས་པས་བྱིན་བརླབས་སྣང་བཞིའི་ལམ། །མཐར་ཕྱིན་དཔལ་ལྡན་ཆོས་རྒྱལ་གྲུབ་རིག་འཛིན། །རང་རིག་ངོ་བོར་དབྱེར་མེད་སྙིང་ནས་འདུད། །


GTN005_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་མཆོག་དེས་རྗེས་བཟུང་ལམ་འདི་ཡི། །སྨིན་གྲོལ་གདམས་པ་ཉམས་སུ་བླངས་པའི་འབྲས། །གཞན་དོན་མིང་བཞིའི་ཕུང་པོ་བསྲེག་བླུགས་ཀྱིས། །ཚོགས་གཉིས་སྤེལ་བའི་ཐབས་འདི་འཆད་པར་སྤྲོ། །འདིར་བདེ་ཆེན་ཞིང་སྒྲུབ་ཀྱི་དཀྱིལ་འཁོར་དུ་ཚོགས་གཉིས་གསོག་པའི་ཕྲིན་ལས་མཆོག་ཏུ་གྱུར་པ་བསྲེག་བླུགས་ཀྱི་ཆོ་ག་བསྒྲུབ་པ་ལ་གང་གིས་སྒྲུབ་པའི་གང་ཟག་དང་། དེས་བསྒྲུབ་པའི་ཆོ་གའོ། །དང་པོ་ནི། འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་། དམ་ཚིག་ལ་གནས་པ་བསྙེན་སྒྲུབ་མཐར་ཕྱིན་ཅིང་དྲོད་ཚད་ཐོབ་པ་སྙིང་རྗེས་བློ་སྦྱངས་པ་བསྒྲུབ་བྱའི་ལས་ལ་མཁས་ཤིང་རང་དབང་དུ་སྤྱོད་པའི་གང་ཟག་གིས་སོ། །སྦྱོང་རྒྱུད་ལས། ངན་སོང་གསུམ་གྱི་སྡུག་བསྔལ་ལས། །སེམས་ཅན་རྣམས་ནི་སྒྲོལ་བྱའི་ཕྱིར། །སྔགས་མཁན་གཞན་ལ་ཕན་བརྩོན་ཞིང་། །སྙིང་རྗེ་ཅན་གྱིས་དབང་བསྐུར་རོ། །ཞེས་སོ། །གཉིས་པ་དེས་བསྒྲུབ་པའི་ཆོ་ག་ལ་གང་ཟག་དམན་པ་དང་མཆོག་གི་དབང་དུ་བྱ་བ་གཉིས་སོ། །དང་པོ་ལ་སྦྱིན་སྲེག་དང་། དེའི་ཡན་ལག་གཞན་བསྟན་པའོ། །དང་པོ་ལ། སྤྱིར་སེམས་ཅན་འཆི་ཁ་མར་དབང་བསྐུར་སྡིག་སྦྱོང་། རྐྱེན་སེལ་གསོན་རིམ་གྱིས་མི་ཕན་པར་མཐོང་ཕྱིན། སྡིག་སྦྱོང་དབང་བསྐུར་འཕོ་ལུང་ངོ་སྤྲོད་མྱོང་གྲོལ་དམ་རྫས་བྱིན་རྟེན་སྦྱིན་པ་སོགས་དབང་པོ་གསལ་སྐབས་གནད་ཆེ་ཞིང་ཉམས་ལེན་ཡོད་རིགས་ལ་ཐིམ་རིམ་སྐོར་ཡང་བསླབ་བྱས་ངོ་སྤྲད་ཅིང་ཤུལ་དུ་ཆགས་ཞེན་མི་བྱ་བར་གདམས། སྤྱི་གཙུག་ནས་སྐྲ་འཐེན་ཞིང་བདེ་བ་ཅན་དང་སངས་རྒྱས་འོད་དཔག་མེད་ལ་རིག་པ་མ་ཡེངས་པར་གཏོད་ཅེས་བརྡ་སྦྱར་ཞིང་། བསམ་སེམས་མཐུན་པའི་མཛའ་གྲོགས་དང་བླ་མས་ཕྱི་དབུགས་ཆད་སྐབས་རྣ་དྲུང་ནས་སྐད་འཇམ་པོའི་འབོད་ནས་ཤི་བར་བརྡ་འཕྲོད་པར་བྱ། དྲོད་མ་ལྡོག་བར་བསྒུལ་བསྐྱོད་


GTN005_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད་ཅིང་། ལུས་སྨད་དུ་ཐུག་རེག་སྤངས། འཕོ་ལུང་ཕྱི་དབུགས་མ་ཆད་ཙམ་དུ་འདེབས་པའི་དུས་ཡིན། ཉམས་ལེན་ཡོད་པར་ཐུགས་དམ་སྡོད་རིགས་ལ་འཕོ་ལུང་མི་བྱེད་ཟེར་ཞག་གསུམ་སོང་བར་ཕྱི་འཐེན་བྱེད་ཀྱང་དེ་འདྲའི་རྣམ་རྟོག་དེ་དགོས་པ་ཆུང་ཞིང་འཕོ་ལུང་བྱས་པས་ཐུགས་དམ་ཡོད་པར་ཕན་པ་ལས་གནོད་པ་ཅི་ལ་ཡོད། འདི་སྐོར་འཕྲོས་དགོས་མང་པོ་ཡོད་ཀྱང་ཡི་གེས་འཇིགས་སོ། །གང་ལྟར་ཉམས་ལེན་ཅན་ལ་ངོ་སྤྲོད་སྐབས་བསྟུན། ཞག་གསུམ་ཉིན་ཆོས་ཉིད་བར་དོ་དང་སྲིད་པ་བར་དོ་སོགས་བཤད་པས་ངོ་སྤྲོད། དེ་རྗེས་གནས་ལུང་དབང་བསྐུར་སྡིག་སྦྱོང་སོགས་དགེ་རྩ་བསྒྲུབ། སྤྱིར་ཚེ་འདས་ལ་མངོན་ཤེས་ཕྲའུས་བླ་མཆོད་ཀྱི་བསམ་པ་ཤེས་པས་ཀུན་སློང་ངན་པ་མི་དགེ་བ་ཤར་ན་དད་པ་ལྡོག་རྐྱེན་ཡོང་བས་རང་གི་སེམས་རྒྱུད་ཚེ་འདས་ལ་ཕན་བསམ་གྱི་དྲན་པ་བསྟེན་པ་ནི་ཤིན་ཏུ་གལ་ཆེ། ཞག་གསུམ་སོང་ནས་སྲེག་ཆོག་བྱ་ཉེར། ཕུང་པོ་གཟུངས་སྔགས་བྱིན་ཅན་བཟླས་པའི་གཟུངས་ཆུ་དྲི་བཟང་ཅན་གྱིས་ཞིབ་པར་བསྐྲུས། ག་བུར་སོགས་བཟང་དྲུག་ཕྱི་མས་བྱུག་ཅིང་ཁར་བླུག །ཕུང་པོ་ལྔ་གདོད་ནས་རང་བཞིན་གྱིས་དག་པར་མོས། སྤྱི་བོར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ལྟེ་བ་ཏྲཾ། གསང་བར་ཧཱ། སྙིང་གར་སོར་འབྲང་དང་བཏགས་གྲོལ་འཁོར་ལོ་ཡིག་ངོས་ཤ་ལ་བསྟན་པར་བཅིངས་པ་དང་། ཞིང་སྒྲུབ་གཙོ་འཁོར་རྩ་སྔགས་ཚང་མ། སངས་རྒྱས་སྟོང་གཟུངས། ༀ་རཏྣ་ཏྲ་ཡཱ་ཡ་ༀ་མཻ་ཏྲི་མཻ་ཏྲི་མ་ཧཱ་མཻ་ཏྲི་སྭཱ་ཧཱ། ཞེས་པ་རྣམས་དྲི་བཟང་གིས་བྲིས་པའི་ཤོག་བུ་སྦྲང་དང་མར་གྱིས་སྦྱར། རབ་བྱུང་ཡིན་ན་ཆོས་གོས་དང་། ཁྱིམ་པ་ལ་དགོས་དཀར་པོས་གྲིལ་ནས་གོས་རས་སེར་པོ་ལ་པད་འདབ་བརྒྱད་བྲིས་པའི་སྟན་ལ་བཞག །སྙིང་གར་གཟུངས་ཐག་བཏགས་པ་ཕྱིར་དྲངས། པུར་ཁེབས་དར་རས་གོས་སོགས་སྔོན་པོ་འཁོར་ལོ་རྩིབས་བརྒྱད་བྲིས་པས་བཀབ། ཧྲིཿ བི་ཏྲཾ་ཨ་ར་མ་དྷ་ཤཔྟ༔ ཞེས་བརྗོད། དེ་ནས་གནས་སྦྱོང་ཁྲུས་ཆོག་གནད་སྨིན་བསྐུར་ཟིན་ནས། ཕུང་པོ་འོད་དཔག་མེད་པར་བསྐྱེད་


GTN005_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མཆོད་བསྟོད་བསྡུས་ཙམ་བྱས་ནས་གཙོ་འཁོར་རྩ་སྔགས་མཐར་སྤེལ་ཚིག་སྦྱར་བ་བརྒྱ་སྟོང་བཟླས་བཞིན་གཟུངས་ཐག་ལ་བརྟེན་པ་ནི་རོ་བསྙེན་གྱི་ཚུལ་ཏེ། སྦྱོང་རྒྱུད་ལས། རོ་ལ་སྔགས་ཀྱིས་བཏབ་ནས་ཀྱང་། །ཆུ་མཆོག་གིས་ནི་བསྐྲུས་ནས་ནི། །བཟླས་པའི་དྲི་ཡིས་བྱུགས་པར་བྱ། །གོས་དང་བརྒྱན་གྱིས་བཀླུབས་ནས་ནི། །སྔགས་ཀྱིས་བཏབ་པའི་བདུག་པས་བདུག །མེ་ཏོག་ཕྲེང་བ་ལ་སོགས་མཆོད། །ཅེས་གསུངས་པ་བཞིན་ནོ། །སྦྱིན་བསྲེག་དངོས་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ། དང་པོ་བདག་གི་རྣལ་འབྱོར་བཟླས་པའི་མཐར་བུམ་པ་ཟུང་སྒྲུབ། གཏེར་སྲུང་མཆོད་པ་དང་ཚོགས་མཆོད་ལྷག་མའི་མཇུག་བར་མཛད་ནས། གང་དུ་བསྲེག་ཆོག་བྱ་བའི་གནས་དེར་ཕྱིན་ནས་ལྔ་སེར་སོགས་མེད་པར་ཕྱོག་གཙང་ལ་ཁ་གྱུ་ནས། གཞི་དེར་མཆོད་པ་རྣམ་ལྔ་དང་། དཀར་ཟླུམ་གཉིས་གསེར་སྐྱེམས་བཤམས། ལས་བུམ་དང་། དྲི་བཟང་ཆུ་རྡོར་དྲིལ་སོགས་དགོས་ཆས་ཚང་བར་བྱ། ཆོས་གོས་གསུམ་ཞྭ་བཅས་རྒྱ་ཁྲི་སྟེང་དུ་གདིང་བ་ལ་འདུག །ཚིག་བདུན་གསོལ་འདེབས་སྔོན་འགྲོས་ལས་བུམ་ཆབ་བཅས། ༀ་བཛྲ་ས་ཏྭ་ཧཱུྃ་ཨཱཿས་བསངས། ༀ་སྭ་བྷ་ཝ་ཤུ་དྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྷོ྅ཧཾཿ གིས་སྦྱངས། ཧྲཱིཿ རང་ཉིད་སྐད་ཅིག་མགོན་པོ་འོད་དཔག་མེད༔ མཚན་དཔེའི་རྒྱན་རྫོགས་དཔལ་འབར་གསལ་བའི་མདུན༔ ཁཾ་ལས་ས་ཡི་ལྷ་མོ་བུམ་འཛིན་སེར༔ རྒྱན་མཛེས་སྐུ་སྟོད་ཐོན་གསལ་རང་བཞིན་གྱི༔ ལྷ་མོ་འཁོར་བཅས་སྤྱན་དྲངས་གཉིས་མེད་གྱུར༔ ཁྱེད་ཀྱིས་དུས་གསུམ་སངས་རྒྱས་ཐམས་ཅད་ལ༔ ས་ཕུལ་དཔང་མཛད་འགྲོ་ཀུན་སྨིན་གྲོལ་བྱུང་༔ དེ་ཕྱིར་བདག་ལ་གཞན་དོན་ས་འདི་གནང་༔ ༀ་པྲི་ཐི་དཱེ་ཝཱི་བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དམ་བ་ལ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་ཕུལ༔ ཨ຋ཾ་


GTN005_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཤཔྟ་ཨཱཿ ཧཱུྃ༔ ཞེས་པས་མཆོད། ཀྱཻ༔ ལྷ་མོ་འཁོར་འདས་མཆོད་པས་རབ་དགྱེས་ནས༔ དམ་ཚིག་དགོངས་ནས་ས་འདིར་འགྲོ་དོན་སྤྱོད༔ ཞེས་གསོལ་ལྷ་མོ་ས་ལ་ཐིམ་པར་གྱུར༔ ས་བདག་ཚོགས་རྣམས་རང་རང་གནས་སུ་མུ༔ དེ་ནས་གཞི་བདག་གཏོར་མ་ལ༔ ༀ་ཨཱཿ ཧཱུྃ༔ འབྲུ་གསུམ་ལས་བྱུང་རོ་བརྒྱའི་ཞལ་ཟས་ལ༔ འདོད་ལྔ་མཁོ་དགུ་ལྡན་འདིར་འཛམ་གླིང་བོད༔ བདེ་ཆེན་ཉེ་འཁོར་གནས་པའི་གཞི་བདག་ཀུན༔ གཏོར་མ་འདིར་བཞེས་དགེ་བའི་སྡོང་གྲོགས་མཛོད༔ སརྦ་བྷཱུ་མི་པ་ཏི་གཙྪ༔ དེ་ནས་སྣང་སྲིད་དྲེགས་བྱེད་གསེར་སྐྱེམས་ལ༔ ༀ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿ འབྲུ་སྨན་བཅུད་ལྡན་ཕུན་ཚོགས་གསེར་སྐྱེམས་འདི༔ ནག་ཕྱོགས་གཞི་བདག་དྲེགས་པ་ལྷ་སྲིན་ཚོགས༔ ཀུན་ལ་འབུལ་བཞེས་རོ་སྲེག་ཆོ་ག་ལ༔ རུ་ང་ཕྲག་དོག་མ་མཛད་ཤེས་པར་མཛོད༔ སརྦ་རཏྣ་ཨ་མྲི་ཏ་ཁཱ་ཧི་ཁཱ་ཧི༔ བཛྲ་མུ༔ གསེར་སྐྱེམས་དང་གཏོར་མ་གཉིས་གཙང་སར་འབུལ། རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་ཕབ་ནས་རྩ་སྔགས་དང་ཧ་ན་ཧ་ན་ཧཱུྃ་ཕཊ༔ བརྒྱ་རྩ་བཟླས་པས་སྦྱངས། དྲི་བཟང་གིས་ཆག་ཆག་གདབ་པས་ལས་རུང་དུ་བྱས་ནས་དེར་ཐབ་སྲེག་རྒྱར་འདོམ་གང་གྲུ་བཞིར་བརྩིགས་པའི་ཁར་བ་བྱུང་རྣམ་ལྔས་བྱུགས་ཚངས་སྐུད་ཀྱིས་ཐིག་བཏབ། དབུས་ནས་མཐོ་གང་ཟླུམ་པོར་བསྐོར་བའི་ཕྱིར་ཁ་ཁྱེར་སོར་བཞི་པ་རེ་བསྐོར། ཟླུམ་སྐོར་ནང་མར་རྡོ་རྗེའི་ཕྲེང་བས་བསྐོར་བའི་པདྨ་འདབ་བརྒྱད་གེ་སར་དང་བཅས་པའི་དབུས་སུ་ལྷ་མཚན་རྡོ་རྗེ་བཀོད། ཕྱིའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བྲིས་དཀྱིལ་མཛད་ན་འཇུག་པ་བདེ་ཞིང་ཕྱག་ལེན་ལའང་དེ་ལྟར་གནང་། བྲིས་དཀྱིལ་སྟེང་རས་དཀར་པོ་པདྨ་འདབ་བརྒྱད་བྲིས་པ་བུམ་ཆུ་ལ་དྲངས་པ་བཀབ་ཐབ་ཀྱི་ཁ་ཁྱེར་ཕྱི་ནས་ཕ་གུ་སོགས་ཀྱིས་རོ་ཁང་གྲུ་བཞི་ཇི་ལྟར་རིགས་པ་བརྩིགས། ཡང་པུར་ཁང་མི་བྱེད་པ་ས་སྲེག་བྱེད་ན་བྲིས་


GTN005_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་སྟེང་ས་བཀྲམ་ནས་རྡོ་བཞག་པ་ཕྱག་ལེན་ལྟར་བྱས་པས་འཐུས། ཕུང་པོ་ཁྲུས་ཆོག་གནས་སྤར་མཇུག་ཏུ་ལས་བུམ་ཆུ་འཐོར་དེ། ༀ་བཛྲ་ས་ཏྭས་བསངས་ༀ་སྭ་བྷཱ་བས་སྦྱངས། ཕུང་པོ་སྟོང་གསལ་མགོན་པོ་འོད་དཔག་མེད༔ གཟི་འོད་རབ་འབར་དམར་གསལ་པད་རག་མདངས༔ མཉམ་བཞག་དར་དང་རིན་ཆེན་རྒྱན་ལྡན་གྱུར༔ དབང་བསྐུར་རྒྱས་གདབ་འོད་དཔག་མེད་པས་བརྒྱན༔ དར་གྱི་སྟོད་གཡོགས་སྨད་གཡོགས་གསོལ་བ་ནི༔ སྨད་གོས་ཐོགས་ལ། ཧྲཱིཿ གཟི་བརྗིད་འོད་འབར་སྐུ་སྨད་ན་བཟའ་གསོལ༔ ཚེ་འདས་ཕྱི་ཡི་སྡིག་སྒྲིབ་དག་གྱུར་ཅིག༔ ༀ་ཀོ་པི་ནཾ་ཝསྟྲཱ་ཡ་ཨཱཿ ཧཱུྃ༔ སྟོད་གཡོགས་ཐོགས་ལ༔ ཧྲཱིཿ ངན་སོང་རྣམ་སྦྱོང་སྟོད་དུ་དར་ཀླུབ་གསོལ༔ ཚེ་འདས་ནང་གི་སྡིག་སྒྲིབ་སྦྱོང་དུ་གསོལ༔ ༀ་ཨུཏྟ་ར་ཝསྟྲཱ་ཡ་ཨཱཿཧཱུྃ༔ ཞེས་དར་རས་ཀྱི་སྟོད་གཡོགས་དང་སྨད་གཡོགས་སྲབ་མོ་མེ་ལེན་སླ་བས་གཡོགས། ཐབ་ནང་དུ་ལྕགས་སྲེགས་སམ་ཤིང་རྡུམ་སྦོམས་སུ་མཐོ་དོས་འཁྱུད་ཅིང་སྲིད་དུ་རྩེ་ཁྲུ་གང་བ་གཉིས་རྒྱབ་དང་། དེ་ལས་སོར་བཞིས་ཐུང་བ་གཉིས་མདུན་དུ་བཀོད་པའི་ཁར་ཙོག་པུའི་སྟབས་ཀྱིས་སྒུ་བར་བཞག་ནས་རྐང་པ་གཉིས་འོག་ཏུ་ཅུང་ཟད་བརྐྱངས་པའི་མཐེ་བོང་གཉིས་རས་ལྡེ་སྣུམ་ཅན་མེ་སྦར་ཆོག་པས་བསྡམས་ཏེ་འོག་ཏུ་མེ་ཚང་བཅས་ཏེ་མེའི་སྙིང་པོ་རྒྱུ་ཞབས་ལ་ཕོག་པར་བྱ་ཞིང་། མདུན་དང་ལོགས་རྣམས་བུད་ཤིང་གིས་གཙེར་སྔར་གྱི་ཁང་བུའི་སྟེང་ནས་བརྟན་པར་བརྩིགས་པའི་རྩ་བ་སྦར་ཁུང་། སྙིང་ཁར་རྫས་ཁུང་དང་། ལོགས་གཉིས་སུའང་རླུང་སེང་གི་བུག་པ་རེ་བྱ། སྟེང་དུ་རྫ་མ་ཁ་སྦུབ་པའི་དབྱིབ་ཅན་དུད་ཁུང་དང་ལྡན་པའི་ཕྱི་ནས་ཞལ་བས་འཇམ་པོར་བྱས་པ་དཀར་རྩིས་བྱུགས། སྟེང་ནས་གདུགས་དང་ཟུར་ནས་ལོགས་བཞིར་རྒྱལ་མཚན་དང་བ་དན་གྱིས་བརྒྱན་པར་བྱའོ། །སྦྱིན་སྲེག་གི་ཆས་ལ་སློབ་དཔོན་གྱི་གཡོན་དུ་སྟེགས་བུར་རས་དཀར་པོའི་སྟེང་ཡར་གཞི་ལ་འདས་


GTN005_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདས་ཀྱི་མཆོད་གཏོར་དཀར་ཟླུམ་རྒྱན་ལྡན་གཉིས་ཀྱི་འདས་པར་མཐེབ་སྐྱུ་ལྷ་གྲངས་བསྐོར། ཆོས་སྐྱོང་དམར་གཏོར་གཉིས་སྨན་རཀ་སྒྲོན་ཐུར་བཅས་ཆུ་གཉིས་སྔོན་འགྲོ་ཉེར་སྤྱོད་རོལ་མོ་ཚོགས་འཁོར་བཅས་བཤམས། གཡས་སུ་སྲན་དཀར་གཙང་མར་བསྲེག་རྫས་བཅོ་བརྒྱད་རིམ་པ་ཇི་ལྟ་བ་ཉིས་རིམ་དུ་བཤམས་ཏེ། ཐོག་མར་ཡམ་ཤིང་འོམ་བུ་མཐོ་གང་བ་རྩེ་མོ་པད་ཁ་ཅན་མར་ཁུར་མངར་གསུམ་འདྲེས་པར་རྩེ་མོ་ཤན་པ་འཇིག་རྟེན་པ་ལ་ཉེར་གཅིག་དང་བདུན། དཀྱིལ་འཁོར་གཙོ་བོ་ལ་བཅུ་ཚན་བཅུ། འཁོར་ཟུང་ལ་ཉེར་གཅིག་རེ། བྱང་ཆུབ་སེམས་དཔའམ་སྒོ་བཞི། ཐུབ་དྲུག་རྣམས་བཅུ་རེ་སྟེ་ཁྱོན་ཡམ་ཤིང་གཉིས་བརྒྱ་དང་གསུམ། དེ་བཞིན་མར་ཁུ་ཏིལ་ནག་བུང་ཡོད། ཡུངས་ཀར། ཟས་མཆོག དུར་ཝ། ནས། གྲོ། སོ་བ། སྲན་མ། འབྲས། ཀུ་ཤ །འབྲས་བུའི་རིགས་སམ་མ་འཛོམས་ན་ཤུག་ཐོག་གོ །དཀར་གསུམ་མངར་གསུམ་མེ་ཏོག་སྣ་ཚོགས། དུག་རིགས་མ་འདྲེས་པའི་སྨན་སྣ་ཚོགས། གོས་དར་རམ་རས་དུམ། དྲི་བཟང་དང་ཆོས་སྨན་བཏབ་པའི་བཏུང་བ་ཇ་སོགས་ཀྱང་གྲངས་ཀ་དེ་མཚུངས་འབུལ་རྒྱུ་བུད་ཤིང་ཁྲ་མ་དང་། ཤུག་པ་སོགས་ཤིང་སྐམ་རློན་མེད་པ་འདང་ཚོད། མར་ཁུ་མི་ཉུང་བ་ཀུ་ཤ་རིང་བ་བཞི་ཐུང་བ་བཞི་དང་བརྒྱད། དཔལ་འབར་རིང་བ་ཁ་ཤས། མེ་ཚང་ཏིང་ལོ་སྡོང་བུ་བཅས་སྦོམ་པ། སློབ་དཔོན་མདུན་ནང་མཆོད། རྡོར་དྲིལ། ནས་ཟེ། ཡུངས་ཐུན། མེ་དར། དགང་བླུགས། མེ་ཡོལ་མཐོ་བར་གང་རི་དང་ཆུ་རིས་ཅན་ལ་ཝཾ་བྲིས་པ། མདའ་དར་དམར་པོ། སྐུ་ཆས་སྟོད་གཡོགས་པང་ཁེབས། དབུ་དཀྲིས་རྣམས་དཀར་པོ། རླུང་གཡབ་ལྗང་གུ་སོགས་དགོས་ཆས་ཚང་ནས། སློབ་དཔོན་ཆས་སུ་ཞུགས་རྡོར་དྲིལ་དང་དཔལ་འབར་རིང་བ་མེ་འབར་བ་ཐོགས་ཏེ། པུར་ཁང་བསྐོར་བ་བྱས་ཏེ་མདུན་དུ་ལས་རྡོར་གྱིས་མཆོད་པ་རྣམ་ལྔ་བཀྱགས། ༀ་ཨཱཿ ཧཱུྃ༔ ཀུན་བཟང་རྣམ་ཐར་མཆོད་སྤྲིན་རྣམ་ལྔ་འདི༔ ཕུང་པོ་རང་གྲོལ་གཟི་འབར་ལྷ་ལ་འབུལ༔ ཐུགས་དང་དབྱེ་མེད་རྣམ་ཤེས་བདེ་


GTN005_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གཤེགས༔ ཕྲིན་ལས་ཡེ་ཤེས་སྒྲིབ་སྦྱོང་མེ་ལྔར་གྱུར༔ ༀ་ཤྲཱི་ཨ་རཾ་ཐ་ཨ་བྷ་ཝ་སྭཱ་ཧཱ༔ ཞེས་མཆོད་པ་པུར་ཁང་དུ་མཆོད༔ ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ༔ བདག་འཛིན་ཕུང་པོའི་བུད་ཤིང་ལ༔ ཤེས་རབ་ཡེ་ཤེས་མེ་སྦར་བས། །ཚེ་འདས་ཉོན་མོངས་བག་ཆགས་བསྲེག །འདི་ནི་སྐྱེ་འགག་སྨོན་པ་དང་། །གནས་མེད་མཚན་པ་མེད་པའི་མེ། །འདི་ནི་རང་བྱུང་ཡེ་ཤེས་མེ། །བདག་འཛིན་མཚན་མའི་རྟོག་པ་བསྲེག །དོན་ལ་བསྲེག་བྱ་སྲེད་བྱེད་ཀུན། །བྱ་རྩོལ་མེད་པ་ཡེ་སངས་རྒྱས། །འབད་མེད་ལྷུན་གྲུབ་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་དེར་སྣང་ངོ་། །ཨགྣི་ཛྭ་ལ་རཾ། ༼རོལ་མོ།༽ ཞེས་མེ་སྦར་ནས་ཚེ་འདས་ཀྱི་རླུང་སེམས་ཙམ་ལས་གྲུབ་པའི་འཇའ་ལུས་ཡེ་ཤེས་ཀྱི་སྐུ་ནི་མཆོད་ཡུལ་དང་དབྱེར་མེད་དུ་བྱ་ཞིང་དྲི་མ་ཕུང་ཁམས་སྐྱེ་མཆེད་ལ་སོགས་རོ་དང་ལྷན་གཅིག་མཆོད་རྫས་སུ་འབུལ་བ་ཡིན་ནོ། །དེ་ལྟར་མེ་སྦར་མ་ཐག་ཏུ་བདེ་བའི་སྟན་ལ་སྐྱིལ་ཀྲུང་གིས་ཞི་ཞིང་ངེས་པར་སྙིང་རྗེའི་སེམས་དང་ལྡན་པས་འཁོད་དེ་སྨྲ་བ་བཅད། ༀ་མ་ཧ་བཛྲ་ཧཱུྃ༔ ཞེས་རྡོ་རྗེ་ཐབས་ཀྱི་རང་བཞིན་ལག་གཡས་ཀྱིས་ཐུགས་ཀར་གསོལ། ༀ་བཛྲ་གེ་ཨཱཿ ལག་གཡོན་དྲིལ་བུ་དཀྲོལ་ཞིང་དཀུར་བརྟེན། གཉིས་ཀའང་དོན་དམ་པ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མོས་ནས། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷ་བ་ཨཏྨ་ཀོ྅ཧཾ། ཞེས་ཐུགས་ཀར་འཁྱུད་རྒྱ་བྱ། རྡོ་རྗེ་ཐུགས་ཀྱི་དམ་ཚིག་དྲིལ་བུ་གསུང་གི་དམ་ཚིག་ཕྱག་རྒྱ་སྐུའི་དམ་ཚིག་སྟེ་ནང་གི་རྡོར་དྲིལ་ཁ་སྦྱོར་ལས་བྱུང་བའི་བདེ་བ་ཆེན་པོའི་བདག་ཉིད་ངའོ་སྙམ་པའི་དམ་ཚིག་གསུམ་དྲན་པར་བྱས་ལ་སྦྱིན་སྲེག་མ་གྲུབ་བར་རྡོར་དྲིལ་དང་མི་འབྲལ་བ་དམ་ཚིག་ཡིན་ནོ། །གཉིས་པ་ཆོ་ག་དངོས་གཞི་ལ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། ལས་བུམ་གྱི་ཆུ་འཐོར་ཏེ། ༀ་


GTN005_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ས་ཏྭས་བསངས། ༀ་སྭ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་གནས་ཁང་ཞིང་ཁམས་དག་པ་རབ་འབྱམས་ཀྱི་ཀློང་དུ་མཆོད་པའི་ཡོ་བྱད་ཀུན་བཟང་གི་རྣམ་པ༔ བསྲེག་རྫས་རྣམས་སོ་སོའི་ལས་སྒྲུབ་པའི་ནུས་པ་ཁྱད་པར་དང་ལྡན་པར་གྱུར་ཅིག༔ ༀ་མ་ཧ་པཱུ་ཛ་སཾ་བྷ་དྲ་ཧོཿ རྡོ་རྗེ་རྩེ་གཅིག་གི་རྒྱ་དཔོན་སློབ་ཀུན་ནས་བཅའ། ༀ་ཨཱཿ ཧཱུྃ༔ ༀ་ཧ་བི་ཥ༔ ཋ་ཋ་ཋ༔ རྫས་ཀྱི་རིགས་རྣམས་བཀྲུས་ནས་དག་པར་བསམ༔ ༀ་ཨཱཿ སྭཱ་ཧཱ༔ ཡམ་ཤིང་ལ་རེག༔ ༀ་ཤྲ་སྭཱ་ཧཱ༔ མར་ཁུ་ལ་རེག༔ ༀ་ཨཱཿ སྭཱ་ཧཱ༔ འབྲུ་རྣམ་ལ༔ ༀ་ཛྲཱ་སྭཱ་ཧཱ༔ ཟས་མཆོག་ལ༔ ༀ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ༼རོལ་མོ།༽ སློབ་དཔོན་ལག་གཡོན་མཐེབ་སྲིན་གྱིས་ནང་མཆོད་སྲེག་རྫས་བུད་ཤིང་བཅས་ལ་བྲན་དགོས། འདི་ཕྱིན་རྫས་རྣམས་སློབ་དཔོན་གྱིས་ལས་རྡོར་ལ་གཏད་པ་རྫས་གཡོག་གིས་ཐབ་ཏུ་སྐྱེལ་དགོས། ལར་ཚིག་ལུགས་དང་དཀྲུག་རྒྱུ་སོགས་པུར་གཡོག་མཁས་པ་ཡོད་དགོས་པ་གལ་ཆེ། དེ་ནས་སྐུ་ཤ་ཐོགས་ལ། ༀ་ས་སྐྱེས་རྩྭ་མཆོག་རྫོགས་སངས་རྒྱས་པའི་གདན༔ མཆོག་གསུམ་བྱིན་རླབས་ཚངས་པའི་དག་བྱེད་འདི༔ ཐབ་ཀྱི་ཡོ་བྱད་མ་དག་སེལ་བ་དང་༔ སྲུང་བའི་ཡོན་ཏན་མཐུ་དང་ལྡན་གྱུར་ཅིག༔ ༀ་བཛྲ་ས་ཏྭ་ཨཱཿ ༼རོལ་མོ།༽ཐབ་ཀྱི་ཁ་ཁྱེར་དག་ལ་དགོས་པ་ཏེ༔ གང་བདེར་གཡས་བསྐོར་མགོ་བསྟན་ཕྱོགས་བཞིར་འགོད༔ ཕྱི་མ་གཡོན་བསྐོར་མཚམས་བཞི་དག་ལ་བཞག༔ དེ་ནས་མེ་སྦར་བ་ལ༔ དཔལ་འབར་བཟུང་ནས་སེམས་བསྐྱེད་དབྱངས་ཆེན་གྱིས༔ ཧྲཱིཿ འདི་ནི་འཇིག་རྟེན་མེ་ལ་རིག་ལྔའི་མདངས༔ ཉོན་མོངས་དུག་ལྔ་སྲེག་པའི་ཡེ་ཤེས་ལྔ༔ རྟེན་འབྲེལ་རྣམ་སྨིན་འཁོར་ལོའི་ཕུང་པོ་ལ༔ འཁོར་བ་རང་རྒྱུད་གཅོད་པའི་མེ་སྦར་རོ༔ སྲེག་གཞི་འཁྲུལ་སྣང་དུག་ལྔའི་ཕུང་པོ་བསྲེགས༔ སྦྱང་བྱ་ཐམས་ཅད་སྐུ་ལྔའི་མཁྱེན་བརྩེས་


GTN005_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས༔ རྣམ་ཤེས་འཕགས་པའི་ཐུགས་རྗེའི་ལྕགས་ཀྱུས་དྲངས༔ སྐྱེ་མེད་ཆོས་དབྱིང་བཀོད་པའི་མེ་སྦར་རོ༔ ༼རོལ་མོ།༽ ༀ་ཨ་མི་དེ་ཝ་ཧྲཱིཿ ༀ་ཛྭ་ལ་རཾ༔ ཞེས་དཔལ་འབར་རྡོ་རྗེའི་ཐལ་མོ་སྦྱར་བའི་བར་དུ་བཟུང་ནས་བསྐོར་བ་ལས་མེ་སྔོན་དུ་སྦར་ཟིན་པས་འདིར་ས་བཅད་ཙམ་ཡིན། དེ་ནས་མེ་དར་བཟུང་ལ། ཧྲཱིཿ ཡེ་ཤེས་ལྔ་ཡི་རང་བཞིན་འབར་བའི་མེ༔ ཁམས་ལྔའི་སེམས་མས་རླུང་གི་འཁྲུལ་འཁོར་སྦྱོར༔ འཁྲུལ་རྟོག་མེད་ཀྱང་ཕྱོགས་མཚམས་འཕྲོས་གྱུར་ན༔ བདེན་ཚིག་གཅིག་ཆོད་སྣང་བའི་དར་གྱིས་མནན༔ ༀ་མེ་དབལ་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ ༼རོལ་མོ།༽ མེ་དར་གཡབ་བོ༔ ༀ་ཨ་མི་དེ་ཝ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ༔ ༀ་བཛྲ་པཱ་ཎི་ཧཱུྃ༔ ན་མཿ སརྦ་ཏ་ཐཱ་ག་ཏ་ཧྲཱིཿ ད་ཡ་ཨ་ནུ་ག་ཏེ༔ ༀ་ཀུ་རུཾ་གི་ནི་སྭཱ་ཧཱ༔ ༀ་བོ་དྷི་ས་ཏྭ་མ་ཏི་སརྦ་ཛྙཱ་ན་སིདྡྷི་ཧཱུྃ༔ ཨ་འ་ཧ་ཤ་ས་མ༔ ཛ་དྷི་ཧྲཱིཿཧཱུྃ༔ བསྲེག་རྫས་མཆོད་པའི་ཕུང་ཁམས་བདུད་རྩི་ལྔའི་རང་བཞིན་ལ་ཡེ་ཤེས་ལྔ་ཡི་སྣང་བ་འབར་བར་གྱུར༔ བླུགས་གཟར་གྱིས་མར་ཁུ་བདུན་འབུལ་བསྟུན། ༀ་ཨགྣ་ཡེ་ཛྭ་ལ་རཾ༔ ལན་བདུན་བརྗོད། མེ་ཐབ། ༀ་བཛྲ་ས་ཏྭ་ཧཱུྃ་ཨཱཿབསངས། སྭ་བྷ་བས་སྦྱངས། སྟོང་པའི་ངང་ལས་ཞི་བའི་ཐབ་ཁུང་ཟླུམ༔ མཚན་ཉིད་རྫོགས་པའི་དབུས་སུ་པད་ཟླའི་སྟེང༔ རཾཿ་ལས་མེ་ལྷ་ཞལ་གཅིག་ཕྱག་བཞི་དཀར༔ དབྱུག་གུ་སྐྱབས་སྦྱིན་བསྒྲང་ཕྲེང་སྤྱི་བླུག་འཛིན༔ དྲང་སྲོང་ཆ་ལུགས་དར་དང་རིན་ཆེན་བརྒྱན༔ ར་སྐྱེས་སྟེང་དུ་ཕྱེད་སྐྱིལ་མེ་དཔུང་འབར༔ གནས་གསུམ་འབྲུ་གསུམ་ས་བོན་འོད་ཟེར་གྱིས༔ ཤར་ལྷོ་མཚམས་ནས་མེ་ལྷ་སྤྱན་དྲངས་གྱུར༔ ལག་གཡས་རྡོ་རྗེ་བཅས་ཐལ་མོ་ཕྱིར་སྟོན་མི་འཇིགས་རྒྱས་མཐེ་བོང་གཡབ། གཡོན་དྲིལ་བུ་བསིལ་ཞིང་༔ ༀ་ཀུན་རྫོབ་


GTN005_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

མེ་བདག་སྣང་བ་ཡེ་ཤེས་ཀློང་༔ ལྷ་ཡི་དྲང་སྲོང་གཉིས་སྐྱེས་མེ་ཡི་ལྷ༔ ཐུགས་རྗེ་ཚད་མེད་ཕྲིན་ལས་ཀུན་གྱི་བདག༔ འགྲོ་བའི་དོན་དུ་གནས་འདིར་གཤེགས་སུ་གསོལ༔ ༼རོལ་མོ།༽ ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཡ་ཛཿ ཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ གཞལ་ཡས་བཀོད་པ་མེ་ཡི་ཡེ་ཤེས་ཀློང་༔ ཕྲིན་ལས་བསྒྲུབ་ཕྱིར་དགྱེས་པར་བཞུགས་སུ་གསོལ༔ སྔོན་གྱི་རྡོ་རྗེའི་དམ་ཚིག་རབ་གནས་ནས༔ མེ་དང་མེ་ལྷ་དམ་ཡེ་དབྱེར་མེད་གྱུར༔ ༀ་ཨགྣ་ཡེ་དེ་བ་ས་མ་ཡ་ཏིཥྛ་ལྷན༔ ༀ་ཧ་ན་པ་ཡཱ་ཧཱུྃ་ཕཊ༔ ཛཿ ཧཱུྃ་བཾ་ཧོ༔ ༀ་ཨགྣ་ཡེ་དཀྵ་བྷ་ཝ་སྭཱ་ཧཱ༔ དེ་ནས་མེ་ལྷའི་རྒྱལ་པོ་འཁོར་བཅས་ལ༔ བྱོན་སྐྱེམས་དགང་བླུགས་མ་ཁུ་ཕུལ་ནས་ནི༔ ལན་བདུན་བླུག་གཟར་ནང་དུ་བསྒྲང་བ་ལ༔ ༀ་ཡེ་ཤེས་གཟི་བརྗིད་ཆེན་མོ་མེ་ཡི་ལྷ༔ འགྲོ་བའི་དོན་བྱོན་མཆོད་སྤྲིན་ངོ་མཚར་ཆེ༔ དགྱེས་པའི་ཞལ་སྐྱེམས་སྙིང་པོ་འདུས་པའི་བཅུད༔ ཞལ་སྒོ་འོད་ཀྱི་སྦུ་གུའི་ཀློང་ནས་གསོལ༔ དགང་བླུགས་ཐོགས་ཏེ། ༀ་ཨགྣ་ཡེ་སྭཱ་ཧཱ༔ ལན་བདུན་མར་ཁུ་བླུགས་གཟར་གྱིས་དགང་གཟར་བཀང་ཁ་སྦྱར་ནས་ལག་གཉིས་པུས་མོ་(ལས་)ཕྱིར་མི་འདའ་བས་གཡས་སུ་ལན་གསུམ་བསྐོར། ༀ་ཨགྣ་ཡེ་ཧ་བྱ་ཀ་བྱ་བ་ཧ་ན་ཡ་ཨཱ་དི་བྱ་སྭཱ་ཧཱ༔ དགང་གཟར་ཟག་མཆུ་ལས་བབས་པའི་མར་ཁུ་བདུད་རྩིའི་དྭངས་མར་དྲངས་ཏེ། གསོལ་བས་དགྱེས་ཤིང་ཚིམ་པར་བསམ། ལས་རྡོར་གྱིས་སྐྱོགས་སྣོད་ཟད་པར་བླུག་རྫས་གཡོག་གིས་པུར་ཁང་ལ་བསྐྱལ། ཡང་། ༀ་ཨགྣ་སོགས་མར་ཁུ་བདུན་ཚན་གཉིས་པོ་ཡང་ཕུལ། དེ་ལྟར་སོ་སོའི་མཐར། ཚེ་ལས་འདས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ༔ ཞེས་སྤེལ་ཚིག་ཡང་སྦྱར། པད་ཀོར་རང་རྒྱ་སེ་གོལ་བཅས། ༀ་ཨགྣ་ཡེ་ས་པ་རི་


GTN005_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཝཱ་ར་ཨ຋ཾ་པྲ་ཏཱིཙྪ་ཨཱཿཧཱུྃ༔ དེ་བཞིན་དུ། ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་པཱདྱཾ་པྲ་ཏཱིཙྪ་ཨཱཿ ཧཱུྃ༔ པུཥྤེ་པྲ་ཏཱིཙྪ་ཨཱཿཧཱུྃ༔ དྷུབྤེ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཨཱ་ལོ་ཀེ་པྲ་ཏཱིཙྪ་ཨཱཿཧཱུྃ༔ གནྡྷེ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ནཻ་ཝི་དྱ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཤབྟ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ༼རོལ་མོ།༽ བསྟོད་པ་ལ། ཕྱེད་ཕྱག་བཅས། ༀ་ཚངས་པ་འཇིག་རྟེན་མགོན་སྲས་གཉིས་སྐྱེས་དབང་༔ ཐབས་མཁས་ཐུགས་རྗེ་ཕྲིན་ལས་ཀུན་གྱི་དཔལ༔ རྫུ་འཕྲུལ་ཐོགས་མེད་ལས་ཀྱི་སྟོབས་པོ་ཆེ༔ ཡེ་ཤེས་མེ་ལྷའི་རྒྱལ་པོ་ཁྱོད་ལ་བསྟོད༔ དེ་ནས་བསྲེག་རྫས་ཐམས་ཅད་རིམ་པར་མཆོད༔ སྡིག་ཅན་ཡིན་ན་དམིགས་སྦྱོང་ཕུལ་བ་ལ༔ ༀ་ནྲི་ཛཿ ཚེ་ལས་འདས་པ་མིང་འདི་ཞེས་བྱ་བའི་ཀང་ཀ་ནི་ཨཱ་བཱ་ར་ཎ་ཨ་པ་དྷ་ར་དྷ་ར། པྲ་ཡཱ་ཏཾ་ཨཱ་སྥ་ལཱ་ནཱཾ་པྲ་ཏིཙྪ་བཛྲ་ཧོ༔ ཞེས་པ་ཉེར་གཅིག་ཤོག་གཙང་ལ་བྲིས་ནས་མེ་ནང་ཕུལ༔ དེ་ནས་ལྷ་དེའི་ཐུགས་དམ་བསྐུལ་བར་བསམ༔ རཾ་ཛཿ མེ་ལྷའི་ཐུགས་ནས་འོད་ཟེར་དཔག་མེད་འཕྲོས༔ ཚེ་འདས་ལས་ཀྱི་རྣམ་སྨིན་སྡིག་སྒྲིབ་ཀུན༔ འུབ་ཀྱིས་འོད་ཟེར་དྲྭ་བས་བསྡུས་ནས་ནི༔ བསྲེག་རྫས་རྣམས་ལ་གཉིས་མེད་ཐིམ་པར་གྱུར༔ ཛཿ ཧཱུྃ་བཾ་ཧོ༔ ༀ་ཨཱཿ ཧཱུྃ༔ སྡིག་སྒྲིབ་མེ་ལྷར་ཕུལ་ནས་གསོལ་བར་བསམ༔ དེ་ནས་ཡཾ་ཤིང་ལ། ༀ་ཨགྣེ་དེ་བ། འདི་ནི་སྔགས་མགོ་ཀུན་ལ་སྦྱོར༔ ༀ་བོ་དྷི་བྲིཀྵ་ཡེ་སྭཱ་ཧཱ༔ སྔགས་ཉེར་གཅིག་དང་བསྟུན། ལག་གཡས་བསྐོར་ཡཾ་ཤིང་ཉེར་གཅིག་ཕུལ། ཚེ་ལས་འདས་པ་བར་དོའི་འཇིགས་སྐྲག་གི་འཁྲུལ་གཞིའི་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ དེ་བཞིན་རྫས་རྣམས་ཉེར་གཅིག་རེས་བྱོན་སྐྱེམས་མ་གཏོགས་བླུགས་གཟར་གྱིས་མར་ཁུ་འབུལ་བ་ལས་དགང་གཟར་མི་འཛིན་པ་ཕྱག་བཞེས། ༀ་ཨགྣ་ཡེ་སྭཱ་ཧཱ༔ ཚེ་ལས་འདས་པ་ངན་སོང་གི་དུཿ ཁ་ལ་ལྟུང་བས་ལས་ཀྱི་སྡིག་སྒྲིབ་ཐམས་ཅད་ཤནྟི་


GTN005_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཀུ་རུ་ཡེ་སྭཱ་ཧཱ༔ ཏིལ་ལ། ༀ་སརྦ་པ་པཾ་ད་ཧཱ་ན་བཛྲ་ཡ་སྭཱ་ཧཱ༔ ཚེ་ལས་འདས་པའི་སྐྱེ་བ་ཡེ་ནས་ཚེ་རབས་སྔོན་དང་ད་ལྟའི་བར་གྱི་སྡིག་སྒྲིབ་ཉེས་ལྟུང་དྲི་མ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ ཡུངས་ཀར་ལ། ༀ་སརྦ་ཨརྠ་སིདྡྷི་ཡ་སྭཱ་ཧཱ༔ ཚེ་ལས་འདས་པ་རིགས་དྲུག་གི་སྐྱེ་གནས་ངན་པར་ལྟུང་བའི་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ ཟས་མཆོག་ལ༔ ༀ་སརྦ་སཾ་པ་དེ་སྭཱ་ཧཱ༔ ཚེ་ལས་འདས་པའི་གནས་ལུགས་ས་ལམ་ཆོད་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ དུར་ཝཱ་ལ༔ ༀ་བཛྲ་ཨཱ་ཡུར་ཥེ་སྭཱ་ཧཱ༔ ཚེ་ལས་འདས་པ་སྐྱེ་བ་གཞན་དུ་ཚེ་རིང་བར་ཡོང་བ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ ནས་ལ༔ ༀ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ༔ ཚེ་ལས་འདས་པ་སྐྱེ་བ་གཞན་དུ་རིགས་བཟང་དུ་འགྱུར་བ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ གྲོ་ལ༔ ༀ་བཛྲ་གྷསྨཱ་རི་སྭཱ་ཧཱ༔ ཚེ་ལས་འདས་པ་སྐྱེ་བ་གཞན་དུ་བདེ་བ་འབྱུང་བ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ སོ་བ་ལ༔ ༀ་བཛྲ་བི་ཛཱ་ཡ་སྭཱ་ཧཱ༔ ཚེ་ལས་འདས་པ་སྐྱེ་བ་གཞན་དུ་བཟའ་བཏུང་ཡོན་ཏན་རྒྱས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ སྲན་མ་ལ། ༀ་བཛྲ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ༔ ཚེ་ལས་འདས་པ་སྐྱེ་བ་གཞན་དུ་དབང་ཤུགས་སྟོབས་དང་ལྡན་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ འབྲས་ལ། ༀ་བཛྲ་པུ་ཡ་སྭཱ་ཧཱ༔ ཚེ་ལས་འདས་པ་སྐྱེ་བ་གཞན་དུ་གཟི་མདངས་ཕུལ་དུ་འབྱུང་བ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ ཀུ་ཤ་


GTN005_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ ༀ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ༔ ཚེ་ལས་འདས་པ་སྐྱེ་བ་གཞན་དུ་བློ་ཡོངས་སུ་གཞོལ་བ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ འབྲས་བུའི་རིགས་སམ་མ་བྱུང་ན་ཤུག་ཐོག་ལ༔ ༀ་ཤྲཱི་ཕ་ལ་ཡ་སྭཱ་ཧཱ༔ ཚེ་ལས་འདས་པ་སྐྱེ་བ་གཞན་དུ་བརྩེ་ལྡན་གྱི་གྲོགས་འཁོར་འདུ་བ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ དཀར་གསུམ་མངར་གསུམ་ལ༔ ༀ་བཛྲ་མཱ་ལེ་པཱུཙྪ་ཡེ་སྭཱ་ཧཱ༔ ཚེ་ལས་འདས་པ་སྐྱེ་བ་གཞན་དུ་འབྱོར་པ་མངའ་ཐང་འབྱུང་བ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ མེ་ཏོག་སྣ་ཚོགས་ལ༔ ༀ་བཛྲ་པུཥྤེ་སྭཱ་ཧཱ༔ ཚེ་ལས་འདས་པ་སྐྱེ་བ་གཞན་དུ་རྒྱན་གོས་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ སྨན་སྣ་ཚོགས་ལ༔ ༀ་བཛྲ་ཨོ་ཥ་དྷི་སྭཱ་ཧཱ༔ ཚེ་ལས་འདས་པ་སྐྱེ་བ་གཞན་དུ་འགྲོ་དོན་གཞན་ཕན་སྨོན་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ གོས་དར་རས་དུམ་ལ༔ ༀ་བཛྲ་ཝསྟྲཱ་ཡ་སྭཱ་ཧཱ༔ ཚེ་ལས་འདས་པ་སྐྱེ་བ་གཞན་དུ་འབྱོར་པ་ཚོགས་ཞིང་ཆེན་པོ་ཡོང་བ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ དྲི་བཟང་ཆོས་སྨན་བཏུང་བ་ཇ་སོགས་མཆོད༔ ༀ་དྷརྨ་ཛཱི་བི་ཨ་ཤ་སྭཱ་ཧཱ༔ ཚེ་ལས་འདས་པ་སྐྱེ་བ་གཞན་དུ་སྨིན་གྲོལ་བྱང་ཆུབ་ཐོབ་པ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ ༼རོལ་མོ།༽ བཅོ་བརྒྱད་པ་ལ་རབ་གནས་དམིགས༔ དེ་ནས་མཆོད་བདུན་རིམ་བཞིན༔ བཀོད་པ་ངོ་མཚར་འཇིག་རྟེན་དཔག་མེད་ན༔ གཙང་སྦྱར་ཚད་མེད་མཆོད་ཡོན་ཇི་སྙེད་ཀུན༔ བདག་


GTN005_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ༔ བཞེས་ནས་སྒྲིབ་སྦྱོང་ཞི་བའི་ཕྲིན་ལས་མཛོད༔ ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨ຋ཾ་པྲ་ཏཱིཙྪ་པཱུཙྪ་ཨཱཿ ཧཱུྃ༔ བཀོད་པ་ངོ་མཚར་འཇིག་རྟེན་དཔག་མེད་ན༔ དྲི་མེད་རྣམ་དག་ཞབས་བསིལ་ཇི་སྙེད་ཀུན༔ བདག་གིས་དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ༔ བཞེས་ནས་སྒྲིབ་སྦྱོང་ཞི་བའི་ཕྲིན་ལས་མཛོད༔ ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་པཱདྱཾ་པྲ་ཏཱིཙྪ་པཱུཙྪ་ཨཱཿ ཧཱུྃ༔ བཀོད་པ་ངོ་མཚར་འཇིག་རྟེན་དཔག་མེད་ན༔ ཐང་སྐྱེས་ཆུ་སྐྱེས་མེ་ཏོག་ཇི་སྙེད་ཀུན༔ བདག་གིས་དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ༔ བཞེས་ནས་སྒྲིབ་སྦྱོང་ཞི་བའི་ཕྲིན་ལས་མཛོད༔ ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་པུཙྪ་ཨཱཿ ཧཱུྃ༔ བཀོད་པ་ངོ་མཚར་འཇིག་རྟེན་དཔག་མེད་ན༔ དྲི་ཞིམ་སྤོས་སྣའི་བྱེ་བྲག་ཇི་སྙེད་ཀུན༔ བདག་གིས་དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ༔ བཞེས་ནས་སྒྲིབ་སྦྱོང་ཞི་བའི་ཕྲིན་ལས་མཛོད༔ ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་དྷུབྤེ་པྲ་ཏཱིཙྪ་པུཙྪ་ཨཱཿ ཧཱུྃ༔ བཀོད་པ་ངོ་མཚར་འཇིག་རྟེན་དཔག་མེད་ན༔ ཉིན་བྱེད་འོད་ཀྱི་སྣང་གསལ་ཇི་སྙེད་ཀུན༔ བདག་གིས་དྲང་སྲོང་མེ་ལྷའི་ཚོགས་ལ་འཕུལ༔ བཞེས་ནས་སྒྲིབ་སྦྱོང་ཞི་བའི་ཕྲིན་ལས་མཛོད༔ ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨཱ་ལོ་ཀེ་པྲ་ཏཱིཙྪ་པུཙྪ་ཨཱཿ ཧཱུྃ༔ བཀོད་པ་ངོ་མཚར་འཇིག་རྟེན་དཔག་མེད་ན༔ ཡིད་འོང་མངར་བཅུད་དྲི་ཆབ་ཇི་སྙེད་ཀུན༔ བདག་གིས་དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ༔ བཞེས་ནས་སྡིག་སྒྲིབ་ཞི་བའི་ཕྲིན་ལས་མཛོད༔ ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་གྷནྡྷེ་པྲ་ཏཱིཙྪ་པུཙྪ་ཨཱཿ ཧཱུྃ༔ བཀོད་པ་ངོ་མཚར་འཇིག་རྟེན་དཔག་མེད་ན༔ ཁ་དོག་རོ་བརྒྱའི་ཞལ་ཟས་ཇི་


GTN005_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སྙེད་ཀུན༔ བདག་གིས་དྲང་སྲོང་མེ་ལྷའི་ཚོགས་ལ་འབུལ༔ བཞེས་ནས་སྡིག་སྒྲིབ་ཞི་བའི་ཕྲིན་ལས་མཛོད༔ ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ནཻ་ཝི་ཏྱེ་པྲ་ཏཱིཙྪ་པཱུཙྪ་ཨཱཿ ཧཱུྃ༔ བཀོད་པ་ངོ་མཚར་འཇིག་རྟེན་དཔག་མེད་ན༔ སྙན་མཇེབས་འབུད་དཀྲོལ་རོལ་མོ་ཇི་སྙེད་ཀུན༔ བདག་གིས་དྲང་སྲོང་མེ་ལྷའི་ཚོགས་ལ་འཕུལ༔ བཞེས་ནས་སྡིག་སྒྲིབ་ཞི་བའི་ཕྲིན་ལས་མཛོད༔ ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་ཤབྟ་པྲ་ཏཱིཙྪ་པུཙྪ་ཨཱཿ ཧཱུྃ༔༼རོལ་མོ།༽ བསྟོད་པ་ནི། རིགས་ལྔ་ཕྱེད་ཕྱག་བཅས། ༀ་འཇིག་རྟེན་དབང་ཕྱུག་སྟོབས་ཆེན་ཡོངས་ཀྱི་མཆོག༔ རྫུ་འཕྲུལ་དབང་ཕྱུག་ཚངས་དབང་མགོན་གྱི་སྲས༔ མེ་ལྷའི་རྒྱལ་པོ་དྲང་སྲོང་གཉིས་སྐྱེས་དཔལ༔ ཕྲིན་ལས་མངའ་བདག་ཁྱེད་ལ་ཕྱག་འཚལ་བསྟོད༔ རིགས་སྔགས་གྲུབ་པའི་མངོན་ཤེས་མཐུ་རྩལ་ཅན༔ ཐུགས་རྗེ་ཚད་མེད་གཟི་བྱིན་བསྐལ་པའི་མེ༔ ཞི་རྒྱས་དབང་གི་ཡོན་ཏན་ཀུན་གྱི་མཛོད༔ ཐོགས་མེད་ཐབས་དགུས་བཀོད་ལ་ཕྱག་འཚལ་བསྟོད༔ མྱང་འདས་ཆེན་པོའི་ཀློང་དུ་རབ་གནས་ཀྱང་༔ འགྲོ་བའི་དོན་མཛད་འཇིག་རྟེན་སྣང་ཚུལ་སྟོན༔ ཐབས་ཀྱི་ཐེག་པའི་ར་སྐྱེས་གདན་ལ་རོལ༔ ཡེ་ཤེས་འབར་བ་ཁྱེད་ལ་ཕྱག་འཚལ་བསྟོད༔ ཐལ་སྦྱོར་བཅས། མེ་ལྷ་མེ་དང་དབྱེར་མེད་འབར་བ་ལ༔ ཁྱེད་ཀྱི་ཀློང་དུ་འཕགས་པའི་ལྷ་ཚོགས་བཞུགས༔ དམ་བཅའ་མ་གཡེལ་བསྲེག་རྫས་སྦྱང་གཞི་རྣམས༔ ལྷ་རྣམས་ཞལ་དུ་སྟོབས་ཤིག་མེ་ཡི་ལྷ༔ དེ་ནས་ཡུངས་དཀར་ཐབ་ཏུ་གཏོར། ཐལ་མོ་སྦྱར་བས། དྲང་སྲོང་ཆེན་པོ་འཁོར་དང་བཅས་པས་བསྲེག་རྫས་ལྷ་ཡི་ཞལ་དུ་སྟོབ་པ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ཏེ། ཚེ་ལས་


GTN005_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའི་སྡིག་སྒྲིབ་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་གསོལ་བ་རྒྱུད་ལས། མི་ཡི་མིང་དང་ཡུངས་དཀར་གྱིས། །བརྒྱ་ཕྲག་སྟོང་དུ་བསྲེགས་བྱས་ན། །ངན་སོང་ཀུན་ལས་རྣམ་པར་ཐར། །ཞེས་གསུངས་པའོ། །དེ་ནས་བླུགས་གཟར་གྱིས་མར་ཁུ་གང་ཕུལ། ༀ་ཨགྣ་ཡེ་ཛྭ་ལ་རཾ༔ མེ་ལྷ་འབར་བའི་དཀྱིལ་འཁོར་པད་ཟླའི་སྟེང་༔ ཧྲཱིཿཡིག་དམར་པོའི་འོད་ཟེར་ཀུན་ཁྱབ་འཕྲོས༔ རབ་འབྱམས་རྒྱལ་བའི་རྒྱུད་བསྐུལ་འགྲོ་ཀུན་གྱི༔ སྡིག་སྒྲིབ་སྦྱངས་ནས་ཚུར་འདུས་ཧྲཱིཿལ་ཐིམ༔ རིག་རྩལ་ཐོག་མའི་སངས་རྒྱས་འོད་དཔག་མེད༔ ར་གའི་མདངས་ལ་མཚན་བཟང་དཔེ་བྱེད་ཀྱི༔ གཟི་བྱིན་རབ་འཕྲོ་ཉིན་བྱེད་སྣང་བའི་ཁྱབ༔ ཞི་འཛུམ་སྙིང་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས༔ ཕྱག་གཉིས་མཉམ་བཞག་བཻ་ཌཱུར་ལྷུང་བཟེད་འཛིན༔ སྤྲུལ་སྐུའི་ཆ་ལུགས་ཆོས་གོས་གསུམ་གྱིས་བཀླུབས༔ མི་གཡོ་མཉམ་ཉིད་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ མཆོག་ཟུང་གཡས་སུ་འཇིག་རྟེན་དབང་ཕྱུག་དཀར༔ ཕྱག་བཞི་ཐལ་སྦྱར་པད་དཀར་ཕྲེང་བ་འཛིན༔ གཡོན་དུ་མཐུ་ཆེན་མཐིང་གསལ་རྡོར་དྲིལ་འཛིན༔ གཉིས་ཀར་ལོངས་སྤྱོད་རྒྱན་རྫོགས་པད་ཟླར་བཞེངས༔ དེ་རྒྱབ་ཁོར་ཡུག་ཁྲི་དང་པད་ཟླའི་སྟེང་༔ རྣམ་གཟིགས་སེར་པོ་མཉམ་བཞག་འཁོར་ལོ་འཛིན༔ རིམ་པ་གཙུག་ཏོར་ཅན་དང་ཐམས་ཅད་སྐྱོབ༔ གཉིས་ཀ་སྔོན་པོ་སྐྱབས་སྦྱིན་མཉམ་བཞག་མཛད༔ འཁོར་འཇིགས་སྔོན་པོ་མཉམ་བཞག་ནོར་བུ་འཛིན༔ གསེར་ཐུབ་སེར་པོ་མཆོག་སྦྱིན་མཉམ་བཞག་མཛད༔ འོད་སྲུངས་དཀར་པོ་མཉམ་བཞག་རྡོར་དྲིལ་བསྣམས༔ ཐམས་ཅད་སྤྲུལ་སྐུའི་ཆ་ལུགས་སྐྱིལ་ཀྲུང་བཞུགས༔ དེ་རྒྱབ་ས་


GTN005_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་དཀར་པོ་རིན་ཆེན་དྲིལ༔ བྱམས་པ་དམར་སེར་ཀླུ་ཤིང་དྲིལ་བུ་འཛིན༔ ཀུན་བཟང་དཀར་པོ་རྡོ་རྗེ་དྲིལ་བུ་བསྣམས༔ ནམ་སྙིང་མཐིང་ཀས་འཁོར་ལོ་དྲིལ་བུ་འཛིན༔ འཇམ་དཔལ་དམར་སེར་རལ་གྲི་པོ་ཏི་བསྣམས༔ སྒྲིབ་སེལ་དཀར་པོ་གླེག་བམ་དྲིལ་བུ་འཛིན༔ དེ་རྣམས་ལོངས་སྤྱོད་རྒྱན་རྫོགས་ཕྱེད་སྐྱིལ་བཞུགས༔ དེ་རྒྱབ་ལཱ་སྱེ་དཀར་མོས་མེ་ལོང་འཛིན༔ པུཥྤེ་མཐིང་མོས་མེ་ཏོག་སྣ་ཚོགས་བཀྲམ༔ མཱ་ལྱེ་སེར་མོས་རིན་ཆེན་ཕྲེང་བ་འདྲེན༔ དྷཱུབྤེ་སྔོན་མོས་དྲི་ཞིམ་སྤོས་ཁང་ཐོགས༔ གཱིརྟི་དམར་མོས་པི་ཝང་སྙན་འགྱུར་འཐེན༔ ཨཱ་ལོ་དམར་སྐྱས་སྣང་གསལ་ཉི་འོད་བལྟམས༔ གནྡྷེ་དམར་སེར་མ་ཡིས་དུང་ཞལ་ཐོགས༔ ནཱིརྟི་ལྗང་མོས་རོ་བརྒྱའི་ཞལ་ཟས་བཏེག༔ ཐམས་ཅད་རྒྱན་གོས་རོལ་སྟབས་རབ་མཛེས་མ༔ སེམས་དཔའ་སེམས་མ་པད་ཟླའི་གདན་ལ་བཞུགས༔ དེ་རྒྱབ་ལྷ་སྟོན་རྒྱ་བྱིན་པི་ཝང་དཀར༔ ལྷ་མིན་ཐུབ་པ་ཐགས་བཟང་གོ་མཚོན་ལྗང་༔ མི་ཡི་ཐུབ་པ་ཤཱཀྱ་གསེག་ཤང་སེར༔ བྱོལ་སོང་ཐུབ་པ་སེང་རབ་པོ་ཏི་མཐིང་༔ ཡི་དྭགས་ཐུབ་པ་ཁ་འབར་སྒྲོམ་བུ་དམར༔ དམྱལ་བའི་ཐུབ་པ་ཆོས་རྒྱལ་མེ་ཆུ་ནག༔ དེ་རྣམས་སྤྲུལ་སྐུའི་ཆ་ལུགས་པད་ཟླར་བཞེངས༔ དེ་རྣམས་ཉན་རང་དགྲ་བཅོམ་ཚོགས་ཀྱིས་བསྐོར༔ སྒོ་བཞིར་པད་ཉི་ཉོན་མོངས་བདུད་བཞིའི་སྟེང་༔ རྣམ་རྒྱལ་དཀར་པོ་རྡོ་རྗེ་ལྕགས་ཀྱུ་འཛིན༔ གཤིན་རྗེ་སེར་པོ་རིན་ཆེན་ཞགས་པ་བསྣམས༔ རྟ་མགྲིན་དམར་པོ་པདྨ་ལྕགས་སྒྲོག་འཛིན༔ བདུད་རྩི་ལྗང་གུ་རྒྱ་གྲཾ་དྲིལ་བུ་འཛིན༔ བཞི་ཀ་ཁྲོ་ཆས་རྫོགས་པའི་འདོར་ཐབས་བཞེངས༔ རྩ་གསུམ་


GTN005_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཚོགས་རྒྱས་པའི་དཀྱིལ་འཁོར་ལྷ༔ དངོས་འཛིན་གཟུགས་སྣང་རང་རྒྱུད་མ་ཡིན་པ༔ མཁའ་ལ་འཇའ་ཚོན་ཤར་བ་ལྟ་བུ་གསལ༔ ༀ་ཨཱཿ ཧཱུྃ་ཧྲཱིཿ ཨ་མི་དྷེ་ཝ་ཧྲཱིཿ ཛཿ ཧཱུྃ་བྃ་ཧོ༔ དེ་ནས་རྔ་རོལ་དབྱངས་ཀྱིས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿ ངོ་མཚར་ཕུན་ཚོགས་ནུབ་ཕྱོགས་བདེ་ཆེན་ཞིང་༔ འཕོ་འགྱུར་མེད་པར་རྒྱལ་བའི་དཀྱིལ་འཁོར་ནས༔ ཡེ་སངས་རྒྱས་པ་ཆོས་སྐུ་སྣང་མཐའ་ཡས༔ རིགས་འདུས་རྒྱལ་བའི་གཙུག་རྒྱན་སྤྱན་འདྲེན་ཞུ༔ ཚད་མེད་བཀོད་པ་ཀུན་ཁྱབ་ཐུགས་རྗེ་ཅན༔ ཇི་སྲིད་རྡུལ་གྱི་སེམས་ཅན་འདྲེན་པའི་དཔལ༔ མགོན་མེད་བདག་གིས་སྐྱབས་གནས་ཁྱེད་བསྐུལ་ཚེ༔ འགྲོ་བའི་དོན་དུ་གནས་འདིར་གཤེགས་སུ་གསོལ༔ མཉམ་ཉིད་ངོ་བོ་རང་སྣང་འཁོར་གྱི་གཞི༔ ཕྲིན་ལས་མཆོག་བཟང་སྤྱན་གཟིགས་མཐུ་ཆེན་ཐོབ༔ སྡིག་སྒྲིབ་ཀུན་སྦྱོང་སངས་རྒྱས་དཔའ་བོ་དང་༔ སེམས་དཔའ་སེམས་མ་ཐུབ་པ་རིགས་དྲུག་སྒྲོལ༔ ཉན་རང་དགྲ་བཅོམ་ཁྲོ་རྒྱལ་སྒོ་བ་བཞི༔ སོར་རྟོགས་ཡེ་ཤེས་རྩ་གསུམ་དཀྱིལ་འཁོར་ལྷ༔ གར་བཞུགས་ཞིང་ནས་གནས་འདིར་བྱིན་ཕོབས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་ཕྱིར་བྱོན༔ ༀ་ཨ་མི་དྷེ་ཝ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཡ་ཛ་ཛ༔༼རོལ་མོ།༽ བཞུགས་སུ་གསོལ་བ་ནི༔ ཧྲཱིཿ སྟོང་ཉིད་ཀློང་ཡོངས་ཡེ་ཤེས་འཕྲུལ་གྱི་ཞིང་༔ མ་བཅོས་ལྷུན་གྲུབ་བཀོད་པ་ཕུན་ཚོགས་དབུས༔ ཆགས་མེད་སྐྱོན་བྲལ་ཐབས་ཤེས་ཉི་ཟླའི་སྟེང་༔ མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ༀ་སརྦ་ཏིཥྛ་ལྷན༔ ཛཿ ཧཱུྃ་བཾ་ཧོ༔ བསྟིམས་ནས་བྱོན་སྐྱེམས་ལ༔ ཧྲཱིཿ འོད་དཔག་མེད་མགོན་ངན་སོང་སྦྱོང་བའི་ལྷ༔ འགྲོ་བའི་


GTN005_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་དགོངས་ནས་བྱོན་པ་ལེགས༔ དགྱེས་པའི་ཞལ་སྐྱེམས་སྙིང་པོ་འདུས་པའི་བཅུད༔ ཞལ་སྒོ་འོད་ཀྱི་སྦུ་གུའི་ཀློང་ནས་གསོལ༔ ༀ་ཨ་མི་དྷེ་ཝ་ཧྲཱིཿ ལན་བདུན་པ་ཚོ་གསུམ་དགང་བླུགས་བྱོན་སྐྱེམས་ཉེར་གཅིག་སྔར་བཞིན་ལ༔ སོ་སོར་མཆོག་ཟུང་གཙོ་འཁོར་སྔགས་མཐར༔ ཚེ་ལས་འདས་པའི་སྡིག་སྒྲིབ་བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ༔༼རོལ་མོ།༽ ཞེས་སྦྲེལ། ཕྱག་འཚལ་བ་ནི༔ ཧྲཱིཿ ཡེ་ནས་རྫོགས་པ་སངས་རྒྱས་ཀུན་གྱི་མཆོག༔ བཀོད་པ་མཐའ་ཡས་ངོ་མཚར་འོད་དཔག་མེད༔ གང་ཤར་ཁྱེར་གསུམ་དབྱེར་མེད་སངས་རྒྱས་ལ༔ སྣང་རིག་འགྱུར་མེད་ངང་ནས་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ པྲ་ཏི་ཛ་ཧོ༔ སྒེག་སོགས་ལྷ་མོ་བཅུ་དྲུག་མཆོད་པ་ལ༔ དོན་གྱི་འཕྲོ་འདུ་སྤྲོས་བཅས་སྤྲོས་མེད་གང་༔ ༀ་ཨཱཿ ཧཱུྃ༔ འཛིན་ཆགས་བྲལ་བ་བློ་ཡི་མདུད་གྲོལ་ཀྱང་༔ དམན་པའི་ཡུལ་དུ་ཚོགས་རྫོགས་སྙིང་སྟོབས་ཕྲ༔ འོན་ཀྱང་དངོས་ཡིད་སྣང་ཤར་རིག་པའི་རྩལ༔ སྟོང་གསུམ་རབ་འབྱམས་ཀུན་བཟང་མཆོད་སྤྲིན་འབུལ༔ ཕྱི་ནང་མཆོད་པ་ཕྱག་རྒྱ་བཅས། ཧཱུྃ༔ རྡོ་རྗེ་སྒེག་མོས་བཞད་པའི་གཟུགས་མཛེས་སྤྲོ༔ རྡོ་རྗེ་ཕྲེང་བས་རིན་ཆེན་རྒྱན་ཚོགས་འབུལ༔ རྡོ་རྗེ་གར་མས་གར་གྱི་རྣམ་འགྱུར་གཡོ༔ གཟུགས་མཛེས་ལྷ་ཡུལ་བཀོད་པ་མཆོད་སྤྲིན་འབུལ༔ ཕམ་ལྟུང་སྐྱེ་སྒོ་བཅད་ནས་སངས་རྒྱས་ཤོག༔ རྡོ་རྗེ་སྤོས་མས་དྲི་ཞིམ་སྤོས་རྣམས་བདུག༔ རྡོ་རྗེ་མེ་ཏོག་སྣ་ཚོགས་ཡིད་འོང་མཆོད༔ རྡོ་རྗེ་མར་མེས་ཀུན་གསལ་སྟོང་མཆོད་འབུལ༔ རྡོ་རྗེ་དྲི་ཆབ་དྲི་བཟང་བཅུད་འཛིན་སྤྲོ༔ མཆོད་སྤྲིན་ཕུན་ཚོགས་ལྷ་མིན་ཡུལ་བཀོད་འབུལ༔ འཐབ་རྩོད་སྐྱེ་སྒོ་བཅད་ནས་སངས་


GTN005_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཤོག༔ རྡོ་རྗེ་པི་ཝང་ཐེག་ཆེན་གཞུ་འགྱུར་འཐེན༔ རྡོ་རྗེ་གླིང་བུས་སྟོང་ཉིད་གླུ་དབྱངས་འབུལ༔ རྡོ་རྗེ་རྔ་ཟླུམ་ཀུན་ཁྱབ་གཟིགས་པའི་སྒྲ༔ རྡོ་རྗེ་རྫ་རྔ་སྨིན་གྲོལ་ལེན་ཐབས་བརྡུང་༔ སྐད་རིགས་སྣ་ཚོགས་མི་ཡུལ་མཆོད་སྤྲིན་འབུལ༔ མི་ཁོམ་གནས་བརྒྱད་སྐྱེ་གཅོད་སངས་རྒྱས་ཤོག༔ རྡོ་རྗེ་གཟུགས་མས་གཟུགས་མཆོད་སྣ་ཚོགས་བཀྲ༔ རྡོ་རྗེ་རེག་མས་ལྷ་གོས་ན་བཟའ་གསོལ༔ རྡོ་རྗེ་རོ་མས་རོ་བརྒྱའི་ཞལ་ཟས་འབུལ༔ རྡོ་རྗེ་ཆོས་ཀྱིས་ལྷ་མོའི་ཆོས་འབྱུང་ཐོགས༔ མཁོ་དགུ་ཡི་དྭགས་ཡུལ་དམིགས་མཆོད་སྤྲིན་འབུལ༔ དབུལ་ཕོངས་སྐྱེ་སྒོ་བཅད་ནས་སངས་རྒྱས་ཤོག༔ པད་ཀོར་རང་རྒྱ་སེ་གོལ་བཅས། ༀ་གུ་རུ་ཨ་མི་དྷེ་ཝཱ་ས་པ་རི་ཝཱ་ར་ཨ຋ཾ་པྲ་ཏཱིཙྪ་ཨཱཿ ཧཱུྃ༔ པདྱཾ་པྲ་ཏཱིཙྪ་ཨཱཿ ཧཱུྃ༔ པུཥྤེ་པྲ་ཏཱིཙྪ་ཨཱཿ ཧཱུྃ༔ དྷུབྤེ་པྲ་ཏཱིཙྪ་ཨཱཿ ཧཱུྃ༔ ཨ་ལོ་ཀེ་པྲ་ཏཱིཙྪ་ཨཱཿ ཧཱུྃ༔ གནྡྷེ་པྲ་ཏཱིཙྪ་ཨཱཿ ཧཱུྃ༔ ནཻ་ཝི་ཏྱེ་པྲ་ཏཱིཙྪ་ཨཱཿ ཧཱུྃ༔ ཤབྟ་པྲ་ཏཱིཙྪ་ཨཱཿ ཧཱུྃ༔ རུ་པ་ཤབྟ་གནྡྷེ་ར་ས་སྤརྴེ་པཱུཙྪ་ཨཱཿ ཧཱུྃ༔ ཡང་གསང་མཆོད་པ་འབུལ་བ་ལ༔ ཧྲཱིཿ འཁྲུལ་སྤྱོད་འཚིང་གསུམ་ཐེབ་པའི་ཕུང་ཁམས་ལ༔ དུག་གསུམ་སྐུ་གསུམ་དབྱིངས་བསྒྲལ་དུག་ལྔའི་རྒྱུ༔ ཡེ་ཤེས་ལྔས་སྦྱངས་དམྱལ་ཁམས་ཡུལ་སྤྲོས་མཆོད༔ ཚ་གྲང་སྡུག་བསྔལ་སྐྱེ་གཅོད་སངས་རྒྱས་ཤོག༔ ༀ་མ་ཧཱ་ཝཱ་ཊ་དྷ་ཏུ་ཛྙཱ་ན་ཁ་ཁ་ཁཱ་ཧི༔ སྨན་གཏོར་རཀྟ་འབུལ་བ་ནི༔ ཧྲཱིཿ རྩ་བརྒྱད་སྟོང་སྦྱར་བདུད་རྩི་བཅུད་ཀྱིས་མཆོད༔ རོ་བརྒྱའི་སྨན་གཏོར་ལྷུན་པོ་ཉི་ཟླས་བརྒྱན༔ རཀྟའི་ཡན་ལག་དུད་འགྲོའི་བཀོད་མཆོད་འབུལ༔ བླུན་རྨོངས་སྐྱེ་སྒོ་བཅད་ནས་སངས་རྒྱས་ཤོག༔ མ་ཧཱ་པཉྩ་ཨ་མྲཏ་བ་ལིང་ཏ་རཀྟ་པཱུཙྪ་ཁཱ་ཧི་ཁཱ་ཧི༔ དེ་ནས་བསྟོད་པ་དྲིལ་སྟབ་


GTN005_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རིག་ལྔའི་རྒྱ་མཚོ་རང་རྒྱ་བཅས། ཧཱུྃ་ཧྲཱིཿ ཚད་མེད་བཀོད་པ་རྣམ་དག་མཆོག་གི་ཞིང་༔ རྡུལ་སྙེད་སངས་རྒྱས་ཀུན་གྱི་གཙུག་མཆོད་པ༔ ཆོས་སྐུའི་སྟོན་པ་བཅོམ་ལྡན་འོད་མི་འགྱུར༔ མཆོག་གི་མགོན་པོ་ཁྱེད་ལ་ཕྱག་འཚལ་བསྟོད༔ ཡོན་ཏན་མཐའ་ཡས་ཀུན་ཁྱབ་ཐུགས་རྗེའི་གཏེར༔ རིགས་དྲུག་སྲིད་པ་ཡོངས་ལ་སྤྲུལ་པས་ཁྱབ༔ ཞིང་ཁམས་ཀུན་ཏུ་ཆོས་ཀྱི་འཁོར་ལོ་བསྐོར༔ ངོ་མཚར་རྫུ་འཕྲུལ་མཛད་པ་མཆོག་ལ་བསྟོད༔ ཐར་མེད་ལས་ཅན་ངན་སོང་སྡུག་བསྔལ་གཟིགས༔ སྙིང་རྗེས་མ་བཟོད་འདྲེན་པའི་ཐུགས་རྗེའི་མདངས༔ སངས་རྒྱས་དཔའ་བོ་སེམས་དཔའ་སེམས་མ་དང་༔ དབྱེར་མེད་རྒྱལ་བ་བྱང་སེམས་ཚོགས་ལ་བསྟོད༔ འཁོར་བ་རིགས་དྲུག་རྣམ་སྨིན་སྲིད་མཚོ་ལས༔ མྱུར་དུ་སྒྲོལ་བའི་ཐུབ་ཆེན་ཉན་རང་འཁོར༔ བར་དོའི་འཇིགས་སྐྱོབ་ཁྲོ་ཆེན་རྩ་གསུམ་སོགས༔ དཀྱིལ་འཁོར་ལྷ་ཚོགས་ཡིད་སྣང་དག་པས་བསྟོད༔ དེ་ནས་རྫས་ཆེན་བཅོ་བརྒྱད་མེ་ལྷའི་སྐབས་ལྟར་ཐོག་མར་གཙོ་བོའི་སྔགས་ལན་རེས་མགོ་དྲངས་བཅུ་ཚན་རེ་རྫོགས་པ་དང་། མཆོག་ཟུང་སོགས་འཁོར་སྔགས་ཚང་མ། ༀ་ཨ་མི་དྷེ་ཝ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ༔ ༀ་བཛྲ་པཱ་ཎི་ཧཱུྃ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཧྲཱིཿ ད་ཡ་ཨ་ནུ་ག་ཏེ༔ ༀ་གུ་རུཾ་གི་ནི་སྭཱ་ཧཱ༔ ༀ་བོ་དྷི་ས་ཏྭ་མ་ཏི་སརྦ་ཛྙཱ་ན་སིདྡྷི་ཧཱུྃ༔ ཨ་འ་ཧ་ཤ་ས་མ༔ ཛ་དྷི་ཧྲཱིཿ ཧཱུྃ༔ མཐར་སྤེལ་ཚིག་བསྡུས་པ། ཚེ་ལས་འདས་པའི་སྐྱེ་བ་ཡེ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ས་ལམ་གྱི་བར་ཆད་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་སྦྲེལ་ནས་རྫས་བཅོ་བརྒྱད་སོ་སོར་བཅུ་ཚན་བཅུ་རེ་རྫོགས་དུས་བརྒྱ་རྩ་གྲུབ་པ་ཡིན། དེ་མཚམས་མཆོག་ཟུང་སོ་སོའི་སྔགས་མཐར། རྫས་ཚན་བཅོ་བརྒྱད་པོ་སྔགས་


GTN005_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་ཉེར་གཅིག་རེའི་མཐར་ཚེ་ལས་འདས་པས་སོགས་སྤེལ་ཚིག་སྦྱོར། དེ་ནས་བྱང་ཆུབ་སེམས་པའམ་ཐུབ་དྲུག་ཁྲོ་རྒྱལ་བཞི་རྣམས་སོ་སོར་སྔགས་ཀྱི་མགོ་དྲངས་རྫས་ཚན་བཅོ་བརྒྱད་པོ་སྔགས་བཅས་བཅུ་ཚན་རྫོགས་པ་དང་སྤེལ་ཚིག་གང་ལྟར། སྒོ་བཞིའི་རྫས་ཀྱི་སྐབས་སོ་སོའི་མཐར་རྫས་ལྷག་ཉུང་རེ་སྣོད་གཅིག་ཏུ་ཟུར་དུ་བསོགས་པ་ལ། ཏིལ་མ་གཏོགས་འདས་པའི་རྫས་སྡེར་ཁ་སྦུབས་པ་ལག་ལེན་ཡིན། དེ་ནས་སློབ་དཔོན་གྱིས་ཏིལ་ནག་ལ་གཙོ་འཁོར་སྔགས་བཅུ་རེའི་མཐར། ༀ་སརྦ་པ་པཾ་ད་ཧ་ན། བཏགས་པ་བརྒྱ་རེའི་མཚམས་སྤེལ་ཚིག་སྦྱར་བས་ཕུང་པོ་མ་ཚིག་བར་དུ་རྒྱུན་བསྲིང་བ་ཡིན། མར་ཁུ་བླུག་པ་ཡང་རོ་གཡོག་གིས་བསྟུན་གལ་ཆེ་སར་སྐྱེལ་མིས་བླུགས། བུད་ཤིང་མང་པོ་ལྷན་དུ་མེ་སྦར་ཤིང་འཇོག་ལུགས་གཟབ་དགོས། དེ་ལྟར་རྫས་ཚང་བར་སོང་ནས་ལྷ་ཡི་མཆོད་གཏོར་བླུགས་གཟར་དུ་སྨན་རག་བྲན། ༀ་ཨ་ཀ་རོ་ཞེས་གསུམ། ༀ་ཨ་མི་དྷེ་ཝ་ཧྲཱིཿ ས་པ་རི་ཝཱ་ར་ཨི་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི༔ ཞེས་ལན་གསུམ་གྱིས་ཕུལ་ནས། ཧྲཱིཿ ལྷ་ཚོགས་འཁོར་བཅས་བདུད་རྩིའི་གཏོར་མར་བཞེས༔ ཐུགས་རྗེའི་ཕྲིན་ལས་ལྟོས་བཅས་ཡུལ་ཁམས་ཀུན༔ དགེ་ཞིང་བདེ་སྐྱིད་ཕུན་ཚོགས་མཛད་དུ་གསོལ༔ དམིགས་ཡུལ་མཁའ་ཁྱབ་བདེ་ཆེན་སྒྲོལ་བ་མཛོད༔ ༼རོལ་མོ།༽ དེ་ནས་ཆོས་སྐྱོང་གཉིས་ཀྱི་གཏོར་མ་བླུགས་གཟར་དུ་སྨན་རག་བྲན༔ ༼ན་མོ། དཀོན་མཆོག་གསུམ་གྱི་སོགས། མཆོད་སྤྲིན་འབུལ༔ ཧཱུྃ༔ རང་མདུན་ཐོགས་སོགས། རཀྟ་བྷ་ལིངྟ་ཁཱ་ཧི༔༽ ༀ་ཨཱཿ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀའི་འོད་ཟེར་གྱིས༔ ཞིང་སྐྱོང་སེང་གདོང་སྤྱན་དྲངས་མེ་ལྷ་ཡི༔ དཀྱིལ་འཁོར་མུ་ཁྱུད་བཞུགས་ནས་མཆོད་འབུལ་བཞེས༔ ༀ་སིདྷ་མུ་ཁ་ས་པ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི༔ གསུམ་ཕུལ། བྷྱོཿ གཏུམ་དྲག་མྱུར་མགྱོགས་མཐུ་རྩལ་སེང་གེའི་གདོང་༔ འོད་དཔག་མེད་ཀྱི་སྲུང་མ་དམ་


GTN005_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཅན༔ གཏོར་མ་བཞེས་ལ་ཚེ་འདས་བདེ་ཆེན་ཞིང་༔ སྒྲོལ་བའི་ལམ་སོལ་གསོན་ལ་བདེ་ལེགས་མཛོད༔ གཏོར་མ་ཐབ་འབུལ། ཡང་བཀྱགས་ཏེ༔ སླར་ཡང་འོད་ཀྱིས་པདྨ་རིགས་རྣམས་ཀྱི༔ སྲུང་མ་འཁོར་བཅས་སྤྱན་དྲངས་ལྷ་འཁོར་བཞུགས༔ བསྲེག་རྫས་མཆོད་གཏོར་བཞེས་ལ་ཚེ་འདས་འདི༔ སྔོན་བསུ་རྒྱབ་སྐྱོར་བདེ་ཆེན་ཞིང་དུ་སྤོར༔ ༀ་དྷརྨ་པཱ་ལ་སརྦ་ས་པ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི༔ ༼འཁོར་འདས་མཐུ་རྩལ་སོགས། རོལ་མོ། ཚོགས་དྲངས་སྐབས་སྦྱིན་བསྲེགས་ཀྱི་དངོས་གྲུབ་ཀྱང་ལེན། ཧྲཱིཿ ཧཱུྃ། ཆོས་དབྱིངས་ཀློང་དུ་སོགས།༽ གཏོར་མ་མེ་ལ་ཕུལ་བར་བྱ༔ ལས་བྱང་གི་ཚོགས་མཆོད་སྔར་མ་སོང་ན་ཆུ་ཆང་ནང་གསུམ་བྲན་ལ་ཕུད་བཤགས་སྟོབ་པ་སྦྱིན་སྲེག་ནང་འབུལ་བ་དང་ཚོགས་དྲངས་མཐར་ལྷག་མ་བསྡུ་བ་བསྔོས་སྐབས་སྲེག་དཀྱིལ་གྱི་བྱང་ཤར་དུ་མཆོད་པར་གསུངས། ལྷོ་སྒོར་བསྐུར་བ་སྔ་བྱས་པས་འཐུས་ཕྱིར་འདིར་ལག་ལེན་མི་གནང་། དེ་ནས་རྫས་ལྷག་ལན་ཆགས་རིགས་ལ་བསྔོ་དགོས་ལ༔ ཐོག་མར་ཡཾ་ཤིང་གསུམ། མར་ཁུ་གསུམ། རྫས་ལྷག་མ་སྤུངས་པ་གསུམ་རྣམས། ༀ་ཨ་མི་དེ་ཝ་ཧྲཱི༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷཱ་ར་སམྦྷཱ་ར་ཧཱུྃ༔ གིས་སོ་སོར་ཕུལ་བ་ལ་སྤེལ་ཚིག༔ ༀ་ཨཱཿ ཧཱུྃ༔ བསྲེག་རྫས་འདོད་ཡོན་མཁོ་དགུའི་ལོངས་སྤྱོད་འདི༔ ཡེ་ནས་ལན་ཆགས་ཤ་འཁོན་གཉེར་ཚོགས་ཀུན༔ ཁས་དམན་དབང་ཆུང་ཡི་དྭགས་རྣམས་ལ་སྦྱིན༔ ཐམས་ཅད་འཕགས་པའི་སྐྱབས་ཚུད་སངས་རྒྱས་ཤོག༔ ༼རོལ་མོ།༽ ཅེས་སོ་སོར་སྦྱོར། དེ་རྗེས་དཀྱིལ་འཁོར་པའི་ལྷ་ལ་གཏང་རག་གི་དོན་དུ་མཆོད་པ་ཁ་གསོ། ཕྱག་རྒྱ་བཅས། ཧྲཱིཿ འཇིག་རྟེན་རབ་འབྱམས་ཞིང་ཁམས་དཔག་མེད་ན༔ རང་བྱུང་གཙང་སྦྱར་ཚད་མེད་མཆོད་ཡོན་ཀུན༔ འོད་དཔག་མེད་མགོན་དཀྱིལ་འཁོར་ལྷ་ལ་འབུལ༔


GTN005_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ནས་སྒྲིབ་སྦྱོང་བྱང་ཆུབ་ཐོབ་པར་མཛོད༔ ༀ་གུ་རུ་ཨ་མི་དྷེ་ཝ་ས་པ་རི་ཝཱ་ར༔ ཨ຋ཾ་པྲ་ཏཱིཙྪ་པཱུཙྪ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཧྲཱིཿ འཇིག་རྟེན་རབ་འབྱམས་ཞིང་ཁམས་དཔག་མེད་ན༔ དྲི་མེད་བདུན་ལྡན་རྣམ་དག་ཞབས་བསིལ་ཀུན༔ འོད་དཔག་མེད་མགོན་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་སྒྲིབ་སྦྱོང་བྱང་ཆུབ་ཐོབ་པར་མཛོད༔ ༀ་གུ་རུ་ཨ་མི་དྷེ་ཝ་ས་པ་རི་ཝཱ་ར༔ པདྱཾ་པྲ་ཏཱིཙྪ་པུཙྪ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཧྲཱིཿ འཇིག་རྟེན་རབ་འབྱམས་ཞིང་ཁམས་དཔག་མེད་ན༔ མཆོག་གི་མེ་ཏོག་ཆུ་སྐྱེས་ཐང་སྐྱེས་ཀུན༔ འོད་དཔག་མེད་མགོན་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་སྒྲིབ་སྦྱོང་བྱང་ཆུབ་ཐོབ་པར་མཛོད༔ ༀ་གུ་རུ་ཨ་མི་དྷེ་ཝ་ས་པ་རི་ཝཱ་ར༔ པུཥྤེ་པྲ་ཏཱིཙྪ་པུཙྪ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཧྲཱིཿ འཇིག་རྟེན་རབ་འབྱམས་ཞིང་ཁམས་དཔག་མེད་ན༔ མ་ལ་ཡ་ཡི་དྲི་བསུང་སྤོས་སྣ་ཀུན༔ འོད་དཔག་མེད་མགོན་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་སྒྲིབ་སྦྱོང་བྱང་ཆུབ་ཐོབ་པར་མཛོད༔ ༀ་གུ་རུ་ཨ་མི་དྷེ་ཝ་ས་པ་རི་ཝཱ་ར༔ དྷུབྤེ་པྲ་ཏཱིཙྪ་པཱུཙྪ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཧྲཱིཿ འཇིག་རྟེན་རབ་འབྱམས་ཞིང་ཁམས་དཔག་མེད་ན༔ ཉིན་བྱེད་སྣང་བ་བཅུད་བསྡུས་སྣང་གསལ་ཀུན༔ འོད་དཔག་མེད་མགོན་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་སྒྲིབ་སྦྱོང་བྱང་ཆུབ་ཐོབ་པར་མཛོད༔ ༀ་གུ་རུ་ཨ་མི་དྷེ་ཝ་ས་པ་རི་ཝཱ་ར༔ ཨཱ་ལོ་ཀེ་པྲ་ཏཱིཙྪ་པུཙྪ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཧྲཱིཿ འཇིག་རྟེན་རབ་འབྱམས་ཞིང་ཁམས་དཔག་མེད་ན༔ ལྷ་ཡི་བདུད་རྩི་སྲིད་པའི་སྨན་ཆབ་ཀུན༔ འོད་དཔག་མེད་མགོན་དཀྱིལ་


GTN005_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལྷ་ལ་འབུལ༔ བཞེས་ནས་སྒྲིབ་སྦྱོང་བྱང་ཆུབ་ཐོབ་པར་མཛོད༔ ༀ་གུ་རུ་ཨ་མི་དྷེ་ཝ་ས་པ་རི་ཝཱ་ར༔ གནྡྷེ་པྲ་ཏཱིཙྪ་པཱུཙྪ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཧྲཱིཿ འཇིག་རྟེན་རབ་འབྱམས་ཞིང་ཁམས་དཔག་མེད་ན༔ ཡོན་ཏན་ལྔ་ལྡན་རོ་བརྒྱའི་ཞལ་ཟས་ཀུན༔ འོད་དཔག་མེད་མགོན་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་སྒྲིབ་སྦྱོང་བྱང་ཆུབ་ཐོབ་པར་མཛོད༔ ༀ་གུ་རུ་ཨ་མི་དྷེ་ཝ་ས་པ་རི་ཝཱ་ར༔ ནཻ་ཝིཏྱེ་པྲ་ཏཱིཙྪ་པུཙྪ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཧྲཱིཿ འཇིག་རྟེན་རབ་འབྱམས་ཞིང་ཁམས་དཔག་མེད་ན༔ དྲུག་ཅུའི་སྙན་འཇེབས་འབུད་དཀྲོལ་རོལ་མོ་ཀུན༔ འོད་དཔག་མེད་མགོན་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་སྒྲིབ་སྦྱོང་བྱང་ཆུབ་ཐོབ་པར་མཛོད༔ ༀ་གུ་རུ་ཨ་མི་དྷེ་ཝ་ས་པ་རི་ཝཱ་ར༔ ཤབྟ་པྲ་ཏཱིཙྪ་པུཙྪ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཞེས་མཆོད་ལ༔ བསྟོད་པ་ནི༔ ཧྲཱིཿ དུས་གསུམ་འཁོར་བ་མ་སྟོངས་སྒྲོལ་བའི་མགོན༔ རིགས་དྲུག་སྡུག་བསྔལ་ཀུན་སྐྱོབ་ཐུགས་རྗེ་ཅན༔ སྤྲུལ་པ་ཉི་རྡུལ་འཁོར་འདས་ཀུན་ལ་ཁྱབ༔ བཅོམ་ལྡན་འོད་མཐའ་ཡས་པའི་སྐུ་ལ་བསྟོད༔ སྐུ་གསུམ་རིགས་འདུས་རྒྱལ་བ་ཀུན་གྱི་ཡབ༔ འགྲོ་དོན་ཐུབ་དྲུག་སངས་རྒྱས་སྟོང་རྩ་དྲུག༔ གང་འདུལ་ཞི་ཁྲོའི་འདས་དང་མ་འདས་སྐྱོང་༔ འོད་དཔག་མེད་མགོན་དཀྱིལ་འཁོར་ལྷ་ལ་བསྟོད༔ དེ་ནས་ཕྱག་ལེན་སྤྱི་འགྲོ་གཤེགས་སྐྱེམས་ལ། དཀྱིལ་འཁོར་པའི་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧྲཱིཿ ཡིག་འོད་ཟེར་གྱི་ཕུང་པོ་འབར་བས་མཚན་པས་བསྲེག་བླུག་གི་བདུད་རྩི་རྒྱུན་དྲངས་ཏེ་གསོལ་བར་གྱུར༔ དགང་གཟར་བླུགས་བཅས། ༀ་ཨ་མི་དྷེ་བ་བདུན་གྱིས་བསྐངས་


GTN005_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཁོར་སྔགས་མཐར། ཚེ་ལས་འདས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ༔ དེ་ལྟར་སླར་ཡང་བདུན་ཚན་གཉིས་ཀྱིས་གཤེགས་སྐྱེམས་རྫོགས་པ་ཡིན། མེའི་པྲ་བརྟག་པ་བྱོན་སྐྱེམས་ཀྱི་རྗེས་སུ་བྱེད་པ་དངོས་བསྟན་དུ་མ་ཟད་སྤྱིར་མེའི་ནུས་པ་མ་རྫོགས་ཀྱི་བར་དེ་སྲིད་དུ་ཡང་བརྟག་ཅིང་། ཁྱད་པར་སྒྲིབ་སྦྱོང་ཁོ་ནའི་ཆེད་དུ་བྱས་ན། ལས་དེའི་འབྲས་བུ་མཚོན་ཕྱིར་གཤེགས་སྐྱེམས་ཀྱི་མཐར་ཡང་བརྟག་དགོས་ཏེ། རྒྱུད་ལས། ཆོ་ག་བཞིན་དི་སྦྱིན་བསྲེག་བྱ། །དེ་ནས་དེ་ནི་ངེས་པར་ཡང་། །ལྷ་ཡི་གནས་སུ་སྐྱེས་གྱུར་ནས། །དེ་ཡི་མཚན་མ་སྟོན་པར་བྱེད། །ཅེས་གསུངས་ཤིང་། དེ་ཇི་ལྟར་ཞེ་ན། སྡིག་པ་བཅོམ་པའི་མཚན་མ་ནི། །དཀར་པོ་ཉིད་དང་གཡས་སུ་འབར། །གྱེན་དུ་འབར་ཞིང་དྲི་མ་མེད། །ཟླུམ་ཞིང་རྣམ་པར་མི་འཕྲོ་བ། །བསྟན་པ་གློག་བཞིན་དྲི་མ་མེད། །ཡང་ན་མེ་ལྷ་ཉིད་ཀྱི་ནི། །བདག་ཉིད་དེ་བཞིན་སྟོན་བྱེད་དེ། །ཟླ་བ་དྲི་མེད་དཀར་འདྲ་བ། །བཞིན་མདོག་བཟང་ཞིང་ལྷམ་མེར་འབར། །དེ་ཡི་མཚན་མ་འདི་དག་གིས། །དམྱལ་བ་ལ་སོགས་རྣམ་གྲོལ་ཞིང་། །སྡིག་པ་བཅོམ་ནས་བདེ་འགྲོར་ནི། །སྐྱེས་པ་ཡིན་པར་ཤེས་པར་བྱ། །ཞེས་གསུངས་ཤིང་། མི་དགེ་བའི་མཚན་མ་ནི། དུ་བ་ཆེ་ཞིང་མེ་སྟག་འཕྲོ་བ་དང་། དལ་བུའི་མདོག་མི་གསལ་བ་དང་། ཞན་པ་དང་མེ་ལྕེ་ཆད་པ་དང་། འོད་མེད་ཅིང་སྔོ་བ་དང་། མདུང་རྩེ་གསུམ་པ་ལྟ་བུ་དང་། མིག་ཚག་ཅན། བ་ལང་གདོང་པའི་དབྱིབས་ལྟ་བུ་དང་། མི་རོ་ལ་སོགས་པའི་དྲི་ང་བ་དང་། དྲི་མེད་པའམ། འཚུབ་ཅིང་འབར་བ་རྣམས་སོ། །༈ དེ་ནས་བཤགས་པ་ནི། ༼ལྷུག་འདོན།༽ ཨེ་མ་ཧོ༔ ཕུང་པོ་མེ་མཆོད་སྡིག་སྦྱོང་ཆོ་ག་ཡི༔ མ་འབྱོར་མ་གསལ་འཁྲུལ་དང་ནོངས་པའི་ཚོགས༔ ཡེ་ཤེས་སྤྱན་ལྡན་རྣམས་ལ་མཐོལ་ལོ་བཤགས༔ བཟོད་བཞེས་ཚངས་པའི་དངོས་གྲུབ་རྣམ་གཉིས་


GTN005_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ༔ ཡིག་བརྒྱ་ལན་གསུམ་རྡོ་རྗེ་ཐུགས་ཀར་གཏོད་དྲིལ་བུ་བསིལ་ཞིང་དམ་ཚིག་དྲན་པས་བཟླ། སྦྱིན་བསྲེག་དངོས་གྲུབ་ལེན་པ་ནི། སྔར་ཚོགས་དྲངས་པས་འཐུས་པར་མཛད། གཤེགས་གསོལ་ནི༔ ༀ། ཡེ་ཤེས་མེ་ཡི་ཀློང་ཡོངས་དཀྱིལ་འཁོར་དུ༔ ངན་སོང་ཞིང་སྒྲོལ་ལྷ་ཚོགས་གཙོ་འཁོར་རྣམས༔ ཐུགས་རྗེ་ལས་གྲུབ་སངས་རྒྱས་ཡུལ་དུ་གཤེགས༔ ཡེ་ཤེས་དབྱིངས་ལས་དམ་ཚིག་བདག་ལ་ཐིམ༔ བཛྲ་མུ༔ ས་མ་ཡ་ཛཿ ཧཱུྃ་བཾ་ཧོ༔ དེས་འདས་པའི་མེ་ལྷའི་བྱ་བ་རྫོགས་ནས། འཇིག་རྟེན་པའི་གཏང་རག་འབུལ་བར་བླུག་གཟར་མར་ཁུ་གང་ཕུལ་བས། ༀ་ཛྭ་ལ་རཾ་ཛྙཱ་ན་ཛ༔ ༀ་སྒྲིབ་སྦྱོང་ཕྲིན་ལས་ཡེ་ཤེ་དཀྱིལ་འཁོར་ཀློང་༔ ཐུགས་རྗེའི་ལས་གྲུབ་མེ་ལྷ་གསལ་རྫོགས་གྱུར༔ བཀའ་དྲིན་གཏང་རག་ད་བཅོལ་འགྲོ་ཀུན་དོན༔ ཡེ་ཤེས་ཞི་བའི་མཆོད་པ་བཞེས་སུ་གསོལ༔ མེ་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་གྱུར༔ ༀ་ཨགྣ་ཡེ་སྭཱ་ཧཱ༔ བདུན་ཚན་རེའི་མཐར། ༀ་ཨགྣ་ཡེ་དི་པྱཱ་དི་སྱ་བི་ཤུདྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བ་ཧཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ༔ དགང་བླུག་ཁ་སྦྱར་ལེན་གསུམ་གཡས་བསྐོར། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་དང་༔ ཚེ་ལས་འདས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་མཐའ་དག་དང་།  མཆོད་སྦྱིན་རྫས་དང་ཡོ་བྱད་མ་ཚང་ཞིང་། ཏིང་ངེ་འཛིན་མ་གསལ་བ་སྔགས་ཆད་ལྷག་གི་ཉེས་པ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ དེ་བཞིན་སླར་ཡང་བདུན་ཚོ་གཉིས་ཀྱིས་གཤེགས་སྐྱེམས་ཉེར་གཅིག་རྫོགས། དེ་ནས་སྔར་མེ་ལྷ་འཇིག་རྟེན་པའི་སྐབས་སོར་བཞག །ཡཾ་ཤིང་ནས་བཟུང་རྫས་བཅོ་བརྒྱད་པོ་སོ་སོར་ལན་བདུན་རེ་སྤེལ་ཚིག་སོ་སོ་མིན་པས་བརྗོད་མ་ཐག་པ་འདི་བཞིན་ཕུལ་ཞིང་འཇིག་རྟེན་པའི་རྫས་སྣོད་ཁ་སྦུབ་པ་


GTN005_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྫས་ལྷག་མི་འཇོག་པ་ཕྱག་བཞེས་ཡིན། སྤྱིར་སྔགས་མང་བ་ནི་ལེགས་ཤིང་རྫས་ལྷག་པོ་མི་ཉན་གསུངས་པའང་ཤེས་པར་བྱ། འཇིག་རྟེན་པའི་གཏོར་མ་བླུག་གཟར་དུ་ལས་བུམ་ནས་དྲི་བཟང་གི་ཆབ་བྲན། ཨ་ཀ་རོས་བྱིན་རླབས་བྱས་ལ། ༀ་ཨགྣ་དེ་བ་ས་པ་རི་ཝཱ་ར་ཨེ་དཾ་བ་ལ་ཏ་ཁ་ཁ་ཁཱ་ཧི༔ ལན་གསུམ་གྱིས་ཐབ་ཏུ་འབུལ། ༀ་ཐུགས་རྗེ་ཚད་མེད་ཕྲིན་ལས་མེ་ཡི་ལྷ༔ མཆོད་གཏོར་བཞེས་ལ་ལྟོས་བཅས་ཡུལ་ཕྱོགས་འདིར༔ ནད་མཚོན་མི་གེ་མི་འབྱུང་བདེ་སྐྱིད་རྒྱས༔ འབྲུ་ནོར་ཆོས་འཕེལ་དགེ་ལེགས་མཛད་དུ་གསོལ༔ ༀ་ཨགྣ་ཡེ་དེ་བ་ས་པ་རི་ཝཱ་ར་ཨ຋ཾ་ནས་ཤབྟ་པྲ་ཏིཙྪ་སྭཱ་ཧཱ༔ ༼རོལ་མོ།༽ཕྱེད་ཕྱག་བཅས། ༀ་ཚངས་པ་འཇིག་རྟེན་མགོན་སྲས་གཉིས་སྐྱེས་དབང་༔ ཐབས་མཁས་ཐུགས་རྗེའི་ཕྲིན་ལས་ཀུན་གྱི་དཔལ༔ རྫུ་འཕྲུལ་ཐོགས་མེད་ལས་ཀྱི་སྟོབས་པོ་ཆེ༔ ཡེ་ཤེས་མེ་ལྷའི་རྒྱལ་པོ་ཁྱོད་ལ་བསྟོད༔ འདི་སྒྲུབ་མ་འབྱོར་ཉམས་ཆག་མཐོ་ལོ་བཤགས༔ བདག་གཞན་དོན་འདི་ཁྱོད་ཀྱིས་སྒྲུབ་ལ་གཤེགས༔ ཅི་བཞིན་དུས་སུ་སླར་འབྱོན་དངོས་གྲུབ་སྒྲུབས༔ ཡེ་ཤེས་གནས་གཤེགས་དམ་ཚིག་འབར་བར་གྱུར༔ ༀ་ཨགྣ་ཡེ་ས་པ་རི་ཝཱ་ར་བཛྲ་མཱུ༔ དེ་ནས་རྡོར་དྲིལ་སར་འཇོག་སྐུ་ཆས་བསལ༔ ངག་གྲོལ། བདེ་སྨོན་འདོན། བཀྲ་ཤིས་བྱ། ༼ཧྲཱིཿ ཧཱུྃ༔ སྣང་བའི་ཡུལ་དུ་སོགས།༽ ཆོ་གའི་མཇུག་ཆད་ཐོ་བསྟན་སྐྱོང་ནས་རྗེས་ཆོག་ཚང་མ་བྱའོ། །དེ་ལྟ་བུའི་བསྲེག་ཆོག་དེའི་ཕན་ཡོན་ཤིན་ཏུ་ཆེན་པོའི་དོན་དང་ལྡན་པ། རྒྱུད་ལས། དེ་ཡི་ཤ་དང་རུས་པ་དང་། །སྐྲ་དང་ཐལ་བ་ལ་སོགས་པས། །ཆོ་ག་དེ་དང་འདྲ་བར་ནི། །སྦྱིན་བསྲེགས་བྱས་ན་ངན་སོང་ཡང་། །ཀུན་ལས་རྣམ་པར་ཐར་བར་འགྱུར། །ཞེས་དང་། རྩ་བ་རང་གཞུང་། མ་དག་རྣམ་ཤེས་ལྔ་བྲལ་ཕུང་པོ་ལ། །སྒྲུབ་དཀྱིལ་མེས་སྦྱོང་དག་པའི་སྣང་ལམ་ཟིན། །སྦྱང་གཞི་རོ་ལ་


GTN005_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་བྱེད་འབྱུང་ཡེ་མེས། །འབྱུང་བའི་བག་ཆགས་ཡེ་ཤེས་ཉོན་མོངས་བསྲེགས། །རྣམ་ཤེས་སངས་རྒྱས་ཡུལ་རྫོགས་སྡིག་སྦྱོང་འགྱུར། །ཞེས་པ་རྡོར་སེམས་དགའ་རབ་ཞུས་ལན་གསུངས། །འདི་ནི་མཆོག་འབྲིང་ཐ་མ་ཀུན་ལ་གལ། །ཞེས་སོགས་ལུང་མཐའ་ཡས་སོ། །སྦྱིན་སྲེག་གྲུབ་ནས་རྗེས་ཀྱི་རིམ་པ་སཱཙྪ་གདབ་པ་ལ། ལོང་ཡོད་ན་ཞག་བདུན་དང་གསུམ་ལ་སོགས་པ་ཐབ་ཁུང་མི་བསྒུལ་བར་བཞག་ནས་བཏགས་གྲོལ་དང་ཤེར་ཕྱིན་གྱི་མདོ་འདོན། མེ་རང་ཞིར་འཇུག །ལོང་མེད་ན་འོ་མ་དང་དྲི་བཟང་གི་ཆུས་མེ་གཞིལ། གང་ལྟར་ཡང་སློབ་དཔོན་ཤར་ནས་ནུབ་ཏུ་ཁ་བསྟན་ཏེ། རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་རྡོར་དྲིལ་པད་ཀོར་བཅས། སཾ་ཧ་ར་ན་ཧཱུྃ། ཞེས་རྡོ་རྗེ་བསྡུ་བའི་རྒྱས་རུས་བུ་རྣམས་བསྡུས་ནས་ལས་ཀྱི་རྗེས་མི་མངོན་པར་བྱ་སྟེ། རྒྱུད་ལས། དེ་ནས་ཐལ་བར་གྱུར་པ་དང་། །རྡོ་རྗེ་བསྡུས་པའི་སྔགས་ཀྱིས་ནི། །ཆོ་ག་བཞིན་དུ་བསྡུ་བར་བྱ། །ཞེས་སོ། །ཡང་སྦྱིན་སྲེག་མ་བྱས་པའི་རུས་པ་ཡང་། རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་བྱུང་བས་དམིགས་ཡུལ་གྱི་སྡིག་སྒྲིབ་ཐམས་ཅད་བསྲེག་པར་བསམ་ནས་གཟུངས་སྔགས་སྤེལ་ཚིག་བཟླ་བཞིན་མེ་ལ་བསྲེག་དགོས། གོང་ལྟར་རུས་པ་རིན་པོ་ཆེའི་སྣོད་དུ་དྲི་བཟང་གིས་པདྨ་འདབ་བརྒྱད་བྲིས་པའི་ཁར་བཞག་དེའི་སྟེང་དུ་མཉྫིའི་ཁར་བུམ་པ་དྲི་བཟང་གིས་ཆུས་གང་བ་དང་། དེ་དང་ཉེར་བར་བ་བྱུང་ལྔའི་སྣོད་དང་གུར་གུམ་སོགས་དྲི་བཟང་ཆུའི་སྣོད་ཀྱང་བཤམས། ཞིང་སྒྲུབ་དཀྱིལ་འཁོར་དང་འབྲེལ་དགོས་པས་ལས་བྱང་བུམ་སྒྲུབ་ཚོགས་མཆོད་བཀའ་སྲུང་མཆོད་པ་སོགས་རྒྱས་པར་བྱེད། རུས་ཆོག་ཉིན་གྲངས་སམ། གང་ལྟར་གཟུངས་བུམ་སྒྲུབ་པ་ཉིད་གཙོ་བོ་ཡིན་པས། ༀ་བཛྲ་ས་ཏྭས་བསངས། སྭཱ་བྷ་བས་སྦྱངས། རུས་བུའི་སྟེང་དུ་ཟླ་བ་ལ་གནས་པའི་ཨ་ཡིག་དཀར་པོ་འོད་ཟེར་འཕྲོ་བ་དེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་


GTN005_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ལ། ཞིང་སྒྲུབ་རྩ་སྔགས་ཚང་མར། ༀ་ད་ཧ་ད་ཧ་སརྦ་ནཱ་ར་ཀ་ག་ཏེ་ཧེ་དུན་ཧཱུྃ་ཕཊ༔ ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་དུན་ཧཱུྃ་ཕཊ༔ ༀ་མ་ཐ་མ་ཐ་སརྦ་ཏིརྱ་ཀ་ག་ཏེ་ཧེ་དུན་ཧཱུྃ་ཕཊ༔ ཚེ་ལས་འདས་པའི་སྡིག་སྒྲིབ་དག་པར་གྱུར་ཅིག༔ ཞེས་སྤེལ་ཚིག་སྦྱར་བ་བཟླ། ཁྱད་པར་ཡིག་བརྒྱ་ལ་ཚེ་འདས་ཀྱི་མིང་སྔགས་སུ་བསྒྱུར་ཤེས་ན་བཟང་མ་ཤེས་ན་མིང་བརྗོད་བཅས། སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་བར་གྱུར་ཅིག༔ མ་མ་ཀོ་ལིང་ས་མནྟ༔ བཏགས་པ་འབུམ་ཕྲག་ཕྱིན་ངག་བཅད་ནས་བཟླ་དགོས། སྐབས་སུ་རུས་བུ་ལ་གནས་ལུང་དབང་བསྐུར་བསྔོ་སྨོན་སོགས་ཀྱང་བྱེད། དེ་ནས་ལས་ལ་སྦྱོར་ཉེར་གཟུངས་སྔགས་སྤེལ་ཚིག་ཅན་བཟླས་པའི་ཆུ་དྲི་བཟང་བཅས་ཀྱིས་རུས་བུ་བཀྲུ་ཟིན་ནས་ཀོ་ལྟེབ་གཙང་མར་རྡོ་གཞོང་བཞག་པར་ཉེ་རིང་མ་ཡིན་པར་གྲོགས་ལག་གཟོབ་ཀྱིས་རུས་བུ་ཞིབ་པར་བརྡུངས་ནས། སྔར་གྱི་བུམ་ཆུ་དང་དྲི་བཟང་བ་བྱུང་རྣམས་ཀྱིས་ས་སྤྱིན་སྦངས་པའི་འཇིམ་པ་དང་སྦྱར་བ་རིན་པོ་ཆེའི་ཕུང་པོ་བསམ་སྟེ། རང་གི་ཐུགས་ཀའི་འོད་ཟེར་གྱིས་འོག་མིན་དུ་རྣམ་པར་སྣང་མཛད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་བྱུང་བའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། འཇིམ་པ་ལ་ཐིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་དུ་གྱུར་པར་བསམ་ཞིང་སློབ་དཔོན་གྱིས་ལག་གཡོན་པའི་མཐེབ་སོས་མཐེའུ་ཆུང་མནན་པ་གྱེན་བསྟན་དང་། གཡས་དེ་བཞིན་དུ་སྦུབས་པའི་བར་དུ་འཇིམ་པ་བཞག་ནས། ༀ་ན་མོ་བྷ་ག་ཝ་ཏེ་བཻ་རོ་ཙ་ནཱ་ཡ། པྲ་བྷ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྷཱ་ཡ། ཏདྱ་ཐཱ། ༀ་པུཀཥྨ་པུཀཥྨེ། ས་མེ་ས་མ་ཡེ། ཤནྟེ། དཱནྟེ། ཨ་པ་མ་རོ་སེ། ཨ་ན་ལམྦྷེ། ཏ་རམྦྷེ། ཡ་ཤོ་ཝ་ཏི། མ་ཧཱ་ཏེ་ཛ། ནིར་ཀུ་ལེ། ནིརྒ་ཎེ། སརྦ་བུདྡྷ་ཨ་དྷིཥྛ་ན། ཨ་དྷིཥྛ་ཏེ་སྭཱ་ཧཱ། ཞེས་པ་རྣམ་སྣང་


GTN005_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གི་གཟུངས་སམ། ཡང་ན། ༀ་ཛི་ན་ཛིཀ྄་སྭཱ་ཧཱ། ཞེས་ཉེར་གཅིག་དང་། ཡིག་དྲུག་མང་དུ་བཟླས་པས་བྱིན་གྱིས་བརླབས། ༼བྱང་ཆོག་རྣམས་ལམ་ལས་འཇིགས་པར་སོགས། ཧྲཱིཿབྷྲཱུཾ་བར།༽ ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། རྡོ་རྗེའི་སྲོག་ཐོབ་པར་བསམ་ལ་འཇིམ་པ་བཅད། ༀ་བཛྲོད་བྷ་བཱ་སྭཱ་ཧཱ། ཡེ་ཤེས་རྡོ་རྗེ་འབྱུང་བར་བསམ་ལ་འབི་འབི་བྱ། ༀ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཡེ་ཤེས་རྡོ་རྗེ་རྡུལ་བྲལ་དུ་བསམ་ལ་སྣུམ་བྱུག །ༀ་དྷཱརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་རྙེད་པར་བསམ་ཞིང་། ༼ཧཱུྃ། བདེ་གཤེགས་ཡེ་ཀློང་སོགས། སྭཱ་ཧཱཿ༽ བཀོ༷ལ་(བརྐོས་)ཕོར་དུ་བཅུག །ༀ་བཛྲ་མུརྒཱ་ར་ཨ་ཀོ་ཊ་ཡ་{ཧཱུྃ}ཕཊ། སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྒྱས་གདབ་པར་བསམ་ལ་གདབ། ༀ་སརྦ་བིདྱཱ་སྭཱ་ཧཱ། ཡེ་ཤེས་ཀྱི་སྙིང་པོ་ཁོང་དུ་ཆུད་པར་བསམ་ལ་གུར་གུམ་གྱིས་བྲིས་པའི་ཡིག་བརྒྱ་དང་། རྟེན་འབྲེལ་སྙིང་པོ་གཟུངས་སུ་གཞུག །ༀ་དྷརྨ་ར་ཏེ་སྭཱ་ཧཱ། ཆོས་སྐུ་ལས་གཟུགས་སྐུར་གྲུབ་པར་བསམ་ཞིང་ཕྱིར་འདོན། ༀ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། སངས་རྒྱས་ཐམས་ཅད་དེ་ལ་བརྟན་པར་བཞུགས་པ་བསམ་ལ་མེ་ཏོག་འཐོར་ཞིང་རབ་ཏུ་གནས་པ་བྱའོ། །དེ་ལྟར་སཱཙྪ་ལྔ་བདུན་གང་དགོས་གྲུབ་ནས། རབ་གནས་ལ་བདག་བསྐྱེད་སྔོན་དུ་འགྲོ་བས་རྟེན་གྱི་བགེགས་སྦྱང་བ་དང་། མེ་ཏོག་འཐོར་ཞིང་ཁྲུས་གསོལ་ནས་རྣམ་སྣང་དམ་ཚིག་པར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། དབང་བསྐུར་མཆོད་བསྟོད་བྱས་ནས་རང་གཟུགས་སུ་སྒྱུར་ནས་བརྟན་བཞུགས་དང་ཤིས་བརྗོད་བྱའོ། །དེ་ལྟའི་སྒོ་ནས་མཆོད་རྟེན་གཅིག་བཏབ་པས་བྱེ་བ་སྙེད་བཏབ་བར་འགྱུར་ཞིང་ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར་ཏེ། དེ་ལྟར་ཡང་སྔར་རུས་བུ་བསྡུ་བར་གསུངས་པ་དེ་དང་འབྲེལ་བ་ལུང་ལས། ཐལ་བ་དང་ནི་རུས་པའི་རྡུལ། །སྔགས་ཀྱིས་བཏབ་པའི་དྲི་ཆུ་དང་། །བ་སྐྱེས་འོ་མ་ལ་སོགས་ལྔས། །སྦྱོང་བའི་སྔགས་ཀྱིས་བློ་ལྡན་གྱིས། །འབུམ་དུ་བཟླས་པས་བརྫིས་ནས་ནི། །ག་བུར་དྲི་ཡི་བགོས་པ་ཡིས། །འཇིམ་པ་དང་ཡང་བསྲེས་ནས་


GTN005_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །གཟུགས་སུ་བྱ་བའི་ཡང་ན་ནི། །མཆོད་རྟེན་གྱི་ནི་ལྷར་བྱས་ལ། །གཅིག་གམ་གཉིས་སམ་གསུམ་མམ་ལྔ། །ཡང་ན་བརྒྱ་རྩ་བརྒྱད་དུ་བྱས། །སྔགས་དང་ཕྱག་རྒྱ་བཏབ་ནས་སུ། །འབུམ་ཕྲག་གཉིས་བརྒྱའི་བར་དུ་བཟླས། །དེ་ནས་མཆོད་རྟེན་འབར་གྱུར་རམ། །ཡང་ན་གཟུགས་ཀྱི་ཞལ་འཛུམ་མམ། །དྲི་དང་བདུག་པའི་འོད་ཀྱང་རུང་། །སྣང་ངམ་ཡང་ན་ངད་ལྡང་ངམ། །ཞེས་སོགས་གསུངས་སོ། །དེ་ལྟར་སྒོ་དུ་མ་ནས་སྡིག་པ་སྦྱངས་པས་མཐོ་རིས་སུ་སྐྱེ་བའི་མཚན་མ་མཐོང་ན་དེའི་འགལ་རྐྱེན་བསལ་བ་དང་ལེགས་ཚོགས་སྤེལ་བའི་ཐབས་ཀྱི་རིམ་པ་གཙུག་ལག་གི་གཞུང་རྣམས་སུ་འབྱུང་བཞིན་ཤེས་པར་བྱ་བ་ཡིན་ནོ། །གཉིས་པ་ཡན་ལག་གཞན་བསྟན་པ་ལ། མཆོད་རྟེན་དུ་བཞག་པ་དང་། ཁྱིམ་དང་མཆད་པར་བཞག་པ། རིའམ་ཆུར་དོར་བ་གསུམ་ལས། དང་པོ་ནི།  དབང་བསྐུར་བ་ལམ་སྦྱངས་བསྟན་སོགས་སྔར་བཞིན་སོང་ནས། རོ་བཀྲུས་པའི་ཆུས་འཇིམ་པ་བྱ།  རྨང་ཞབས་ཚེ་འདས་སོགས་ལ་གནོད་བྱེད་ཀྱི་མིང་མནན།  དེའི་སྟེང་དུ་གནོད་སྦྱིན་བང་མཛོད་བཅའ་བ་སོགས་མཆོད་རྟེན་ཚུལ་བཞིན་བརྩེགས་པའི་བུམ་པར་རོ་བཞག  །སྦྱོང་ཁྲུས་སྔོན་དུ་འགྲོ་བས་ལྷར་བསྐྱེད་འགུགས་བསྟིམ་དབང་བསྐུར་མཆོད་བཟླས་པ་སོགས་བྱ།  མཆོད་རྟེན་ཚར་ནས་རབ་གནས་དགའ་སྟོན་རྣམས་བྱ་སྟེ།  རྒྱུད་ལས།  དེ་ནས་རྣལ་འབྱོར་ཅན་གྱིས་ནི། །སྔགས་དང་ཕྱག་རྒྱས་དེ་དབང་བསྐུར། །ལྷ་ཡི་གཟུགས་སུ་བསྟན་ནས་ཀྱང་། །མཆོད་རྟེན་དབུས་སུ་གཞག་པར་བྱ། །ཞེས་གསུངས་པ་ལྟར། མཆོད་རྟེན་གྱི་དབྱིབས་ཀྱི་ཁྱད་པར་ནི།  བིལ་བ་ཁང་བུ་རྒྱལ་མཚན་མཆོད་རྟེན་བརྒྱད། ཅེས་མཆོད་རྟེན་བརྒྱད་སྟོད་དུ་བཤད་པ་ལྟར།  དང་པོ་ཟླ་གདན་ལ་ལྷུང་བཟེད་སྦུབས་པ་ལྟ་བུའོ། །གཉིས་པ་ནི་གྲུ་བཞི་རིམ་པ་བརྐྱངས་པ་དང་།  གཉིས་བརྩེགས་སུ་བྱས་པ་ནི།  ཁང་བུ་དང་ཁང་པ་བརྩེགས་པའོ། །གསུམ་པ་ནི།  པདྨ་སྤུངས་པ་དང་།  བྱང་ཆུབ་མཆོད་


GTN005_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་སོགས་བདེར་གཤེགས་མཆོད་རྟེན་བརྒྱད་དོ། །གཉིས་པ་ཁྱིམ་མམ་མཆད་པར་བཞག་པ་ནི། སྦྱོང་ཁྲུས་སོགས་སྔར་བཞིན་བྱས་ནས།  རང་ངམ་ཚེ་འདས་ཀྱི་ལྷའི་སྙིང་པོ་གུར་གུམ་གྱིས་བྲིས་པ་སྙིང་ཁར་བཏགས།  གནས་ཡིག་གཞན་ཡང་བཀོད།  གསོན་པོའི་རྟེན་མཐུན་པའི་གོས་ཀྱིས་བསྒྲིལ་ནས་རང་ཁྱིམ་དབེན་པའམ།  དུར་མཆད་ཀྱི་གནས་སུ་རིན་པོ་ཆེའམ།  ཤིང་ངམ།  ས་ལས་བྱས་པའི་སྣོད་རབ་བྱུང་ལ་དཀར་པོ་མཆོད་རྟེན་གྱི་དབྱིབས།  དགེ་བསྙེན་ལ་དམར་པོ་པདྨ་ཁ་སྦྱར་ལྟ་བུ།  རྒྱལ་པོ་སྔོན་པོ་གཙུག་ཏོར་ལྟ་བུ། སློབ་དཔོན་ལ་དམར་སྐྱ་ཟ་མ་ཏོག་ལྟ་བུ།  གཞན་ཕོ་ལ་སེར་སྐྱ་གདན་ཁྲི་ལྟ་བུ།  མོ་ལ་སྔོ་སྐྱ་བིལྦ་ལྟ་བུ།  བྱིས་པ་དམར་སེར་ལྷུང་བཟེད་ལྟ་བུ་རྣམས་བྱས་པའི་ནང་དུ་མགོ་ནུབ་དང་།  ཁ་ལྷོར་བསྟན་ཐལ་མོ་སྤྱི་བོར་སྦྱར་བ་བཞག  །རབ་རྣམས་ཚྭའམ་བྱེ་མ་རྔོ་བགྲང་གིས་འཐེམ་པར་བལྟེམས། ཆུ་ཅན་ཡིན་ན་འོག་ཏུ་འཛག་སྣོད་སོལ་བས་བཀང་བའང་བྱ།  སྐྲའམ་ཐལ་མོ་ལ་སྲད་བུ་དམར་པོ་བཏགས་པ་ཕྱིར་བཏོན་པ་ནུབ་ངོས་ཀྱི་ཐོག་ལ་བཏགས།  སྟེང་དུ་གདུགས་ཕུབ།  སྣོད་ཀྱི་ཕྱིར་རིན་ཆེན་བདུན་བྲི།  མཆོད་རྫས་ཅི་འབྱོར་གྱིས་བསྐོར།  ལྷར་བསྐྱེད་བསྟིམ་དབང་བསྐུར་མཆོད་བསྟོད་སོགས་སྔར་བཞིན་བྱས་ནས་རྒྱུན་དུའང་མཆོད་པ་བྱས་ཏེ། ལུང་ལས།  རང་གི་ལྷ་དང་ལྷ་གཞན་གྱིས། །སྙིང་པོ་སྙིང་གར་བྲིས་ནས་ནི། །ཁྱིམ་གྱི་ནང་དུ་གཞག་པར་བྱ། །ཞེས་སོ། །གསུམ་པ་རིའམ་ཆུར་དོར་བ་ནི།  ལུང་ལས།  ཐལ་བའམ་ཡུངས་དཀར་ཕྱེ་མ་སོགས།  །རང་གི་མིང་སྨོས་སྔགས་བཏབ་ནས། །བཟླས་པ་བྱས་ཏེ་སོང་ནས་ཀྱང་། །རྒྱ་མཚོར་འབབ་པའི་ཀླུང་དུ་དོར། །དེ་ལྟར་བྱས་ན་སྡིག་ཅན་ཡང་།  །ངན་སོང་ལས་ནི་ཐར་བར་འགྱུར།  །ཞེས་སོགས་དང་། བདེ་གཤེགས་གནས་འགོད་ལས།  དེ་རྗེས་རུས་པ་རྣམས་སྦྱོངས་ནས། །ཞིབ་མོ་རྡོ་ལ་བཏགས་ནས་ནི། །ཤིན་ཏུ་རྒྱ་


GTN005_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་ཆུ་བོ་ལ། །མཆོད་པ་བྱས་ཏེ་བསྐུར་བར་བྱ། །ཞེས་སོ། །ཡང་ན་ས་འཛིན་ཆེན་པོ་ནི། །མཐོན་ པོའི་རྩེ་ལ་འཛེགས་ནས་ནི། །ཤིན་ཏུ་ཤུགས་དྲག་མཐུན་པ་ཡི། །རླུང་དེ་ལ་ནི་བསྐུར་བར་བྱ། །ཞེས་སོ། །ཡང་རོ་དམུ་ཆུ་ཅན་ཡིན་ན་སྔོན་དུ་འཚག་པའམ།  འོག་ཏུ་རྫས་སྣོད་དུ་མར་ནག་ལ་མུ་ཟི་དང་སྤོས་དཀར་བཏབ་པ་བཞག་ན་ཕུང་པོ་བསྲེག་སྐབས་བབས་པའི་ཆུ་ཡང་འབར་བྱེད་དུ་འགྱུར་རོ། །གལ་ཏེ་ཟ་འདྲེ་སྦུབས་ཞུགས་ཀྱི་དོགས་པ་ཡོད་ན།  རྐང་མཐིལ་གཉིས་སུ་པོ་བི་བཙུགས་པའི་རྩེ་མོ་བོལ་གོང་འཐོན་པར་བྱེད།  འདི་མེར་བསྲེག་པ།  སར་གཏོར་སྦ།  ཆུར་འཕེན་པ་སོགས་ལའང་མཚུངས།  དུར་ཁྲོད་སོགས་སུ་རོ་ཁྱེར་ནས་བསྲེག་ན། རོ་འཁྱེར་མཁན་རྣམས་ལ་ཡི་གེ་གསུམ་བཟླས་པའི་སྲུང་སྐུད་གདགས།  དེ་ནས་གདུགས། རྔ་ཡབ།  རལ་གྲི།  བུམ་པ།  དགང་བླུག  །བཟའ་བཅའ།  བ་དན་རྣམས་ཐོགས་པ་རིམ་བཞིན། དབང་པོ།  ཚངས་པ། ཁྱབ་འཇུག  །ཆུ་ལྷ། མེ་ལྷ། བདེན་བྲལ།  རླུང་ལྷ།  བསྟོད་པ་འདོན་པ།  བདེ་བྱེད།  རོ་ལས་པ་གཤིན་རྗེ་རྣམས་སུ་མོས་ནས་ཡིག་བརྒྱ་ཚར་བདུན་བཟླས་ཏེ་དགེ་བ་བསྔོས།  སློབ་དཔོན་གྱིས་སྒྲིབ་སྦྱོང་གི་སྔགས་བཟླ་བཞིན་དུ་སྣ་དྲངས་ནས་རོལ་མོ་དང་བཅས་པས་གང་དུ་བྱ་བའི་ས་དེར་འགྲོ་བར་བཤད་དོ། ། ༈ སྤྱི་དོན་གཉིས་པ་གང་ཟག་མཆོག་ལ་ཇི་ལྟར་བྱ་བ་ནི།  རྡོ་རྗེ་གུར་གྱི་ལེའུ་བཅོ་ལྔ་པ་ལས། སློབ་དཔོན་མཐར་བྱེད་དུས་ནས་ནི། །འཇིག་རྟེན་པ་ནི་ཤི་ཞེས་བརྗོད། །རྨོངས་ལྡན་མི་རྣམས་གང་ཟེར་བ།  །ཤི་ཞེས་པ་དེ་རྨོངས་པ་འོ།  །ཤི་བ་ཞེ་བྱ་རྣམ་རྟོག་སྟེ།  །དག་པའི་གནས་སུ་འཁྲིད་པ་འོ།  །ཞེས་སོགས་བྱ་བའི་ཡུལ་གཏན་ལ་ཕབ་ནས་ཇི་ལྟར་བྱ་བ་ལ་ཆས་འཛུགས་པ།  དབང་བསྐུར། གདུང་བསྲེག་པ།  མཆོད་རྟེན་བཞེངས་པའོ། །དང་པོ་ནི། སྔ་མ་ལས།  རྡོ་རྗེ་དྲིལ་བུ་ལག་པར་བྱིན། །མགོ་བོར་


GTN005_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་བརྒྱན་བཀོད་ནས་ནི། །ཞེས་གསུངས་པ་ལྟར་ཐོག་མར་གདུང་ལ་རེག་པའི་དགག་བྱ་མེད་པར་མཐོང་ནས། དྲི་བཟང་གི་ཆུས་ཁྲུས་གསོལ་ཞིང་། ག་བུར་གུར་གུམ་སོགས་དྲིས་བྱུག་པ་བྱ། ཇི་ལྟར་འོས་པའི་གནས་ཡིག་གདགས། དར་རས་དྲི་བཟང་གིས་སྦགས་པས་དྲིལ་བའི་ཕྱི་ནས་རྟེན་དང་མཚུངས་པའི་ན་བཟའ་དང་། དར་གྱི་སྟོག་གཡོག་དང་སྨད་དཀྲིས་གསོལ་ཕྱག་ཏུ་རྡོར་དྲིལ་གཏད།  དབུ་རྒྱན་སོགས་ལྷའི་རྒྱན་གྱིས་བརྒྱན་ནས་ཇི་ལྟར་འོས་པའི་གདན་ཁྲི་ལ་བརྟན་པར་བཀོད།  མདུན་དུ་དམ་ཚིག་གི་ཡོ་བྱད་དང་མཆོད་རྫས་རྣམས་མཛེས་པར་བཤམ་མོ། །གཉིས་པ་དབང་བསྐུར་བ་ནི།  རྡོ་རྗེ་སྡོམ་པ་བྱིན་པ་ནི།  བུམ་པའི་དབང་བསྐུར་སོགས་བྱིན་ལ། ཞེས་གསུངས་པས།  བདག་མདུན་གྱི་སྒྲུབ་མཆོད་དབང་ལེན་རྣམས་སྔོན་དུ་འགྲོ་བས།  རྟེན་བསངས་སྦྱངས།  བླ་མ་དང་དཀྱིལ་འཁོར་གཙོ་བོ་དབྱེར་མེད་དམ་ཚིག་པར་བསྐྱེད།  གནས་གསུམ་བྱིན་གྱིས་བརླབས། ཐུགས་ཀའི་འོད་ཟེར་གྱིས་དུས་གསུམ་བླ་མ་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཡེ་ཤེས་ཀྱི་ངོ་བོར་ཚིག་བཅད་གང་འོས་སྔགས་དང་ཕྱག་རྒྱར་བཅས་པས་སྤྱན་དྲངས། དགུགས་བཞུགས་བཅིངས་མཉེས་བྱས་ཏེ་དབྱེར་མེད་དུ་བསམ།  ཐུགས་དམ་དང་མཛད་པ་ཕྲིན་ལས་ལ་བར་དུ་གཅོད་པའི་བགེགས་སྦྱངས།  ཇི་ལྟར་བལྟམས་པ་སོགས་དང་ཕར་ཕྱིན་དྲུག་གི་ཁྲུས་གསོལ། སྐུ་ཕྱི་བ་རྣམས་བྱས་ནས་དབང་འབུལ།  བླ་མའི་བྱ་བ་རྣམས་དཀྱིལ་འཁོར་གྱི་གཙོ་བོ་དང་།  སློབ་མའི་བྱ་བ་རྣམས་བླ་མ་ཉིད་ཀྱིས་མཛོད།  རང་ཉིད་ལས་ཀྱི་རྡོ་རྗེའི་ཚུལ་དུ་བྱས་ཏེ་དབང་རྣམས་ཕུལ།  བླ་མ་ཉིད་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ལ་ཕྱག་མཆོད་བསྟོད་པ་གསོལ་འདེབས་ནོངས་བཤགས་སོགས་བསགས་སྦྱང་གི་ཆོ་ག་རྒྱས་པ་བྱས་ནས་དབང་བཞི་བླང་མཐར་བླ་མ་འོད་ཀྱི་གང་བུར་ཞུ་བར་སྤྱི་བོ་ནས་གཉིས་མེད་དུ་བསྟིམ།  རྣམ་ཐར་བཞི་ལྡན་གྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་དགེ་བ་


GTN005_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ།  འདི་ནི་རྙིང་ལུགས་བླ་མ་མཆོད་ཆོག་རྒྱས་པར་འབྱུང་བའི་སྡོམ་བྲིས་པ་ཡིན།  རང་དང་ཆོས་འབྲེལ་མེད་ནའང་དེ་དང་གོ་འཕང་མཉམ་པར་བཞུགས་པ་དག་ལ་ཡང་དབང་ལེན་པ་སོགས་བོར་ནས་གཞན་གོང་ལྟར་དང་།  བླ་མའི་མིང་ཙམ་གྱིས་མཚོན་པ་ལ་དམན་མཆོག་ཇི་ལྟར་རིགས་པའི་འདོར་ལེན་བུ་སློབ་སོགས་ཀྱི་བསམ་པ་དང་མཐུན་པར་སྐབས་ཕྱེད་པར་བྱའོ། །གསུམ་པ་སྐུ་གདུང་བསྲེག་སྦྱང་ལ། ལུང་ལས།  རྡོ་རྗེ་ཐབ་ཁུང་སྦྱོར་བ་ཡི། །འདུ་བྱེད་རབ་ཏུ་བྱ་བ་བརྟན། །ཞེས་དང་།  ཉི་མ་གསུམ་ནི་ལོན་པ་ན། །རུས་པའི་ཕྲེང་བ་བསྡུས་བྱས་ལ། །དྲི་དང་འོ་མས་བྲན་ནས་ནི། །དེ་ཡི་མཆོད་རྟེན་དུ་བྱའོ། །ཞེས་གསུངས་པས། ཞི་བའི་ཐབ་དང་པུར་ཁང་གིས་གཞི་སྔ་ལྟར་ལས་ཁྱད་པར་མྱང་འདས་མཆོད་རྟེན་མཚན་ཉིད་ཚང་བའི་རྣམ་པ་ཅན་དུ་བྱས་ལ།  དེར་རོལ་མོ་མཆོད་པ་དང་བཅས་པས་སྤྱན་དྲངས། ཁྲུས་གསོལ། གདགས་ཡིག་སོགས་སྔར་བཞིན་དང་།  ལྷར་བསྐྱེད་པ་མཆོད་ཅིང་བསྟོད་ནས་མེར་འཇུག་ཁར་ཡེ་ཤེས་པ་ནམ་མཁར་བཏེགས། ཆོས་འབྲེལ་མེད་པ་ཞིག་གིས་ཐོག་མའི་མེ་སྦར་དུ་འཇུག །འཇིག་རྟེན་པའི་མེ་ལྷའི་སྦྱིན་སྲེག་ཚར་ནས།  ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བཏབ། བླ་མ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དབྱེར་མེད་དུ་སྤྱན་དྲངས་ནས་དམ་ཚིག་པ་ལ་བཞུས་སུ་གསོལ་བ་མཆོད་ཡུལ་དུ་བྱས་ནས་བསྲེག་རྫས་རྣམས་མཆོད་པའི་རྣམ་པར་འབུལ་ཞིང་།  དཔལ་ལྡན་བླ་མ་དམ་པའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟ་ཀུ་རུ་སྭཱ་ཧཱ། ཞེས་སོགས་སྤེལ་ཚིག་ཇི་ལྟར་འོས་པ་སྦྱར་ཏེ་འདས་པའི་སྦྱིན་སྲེག་གི་ཆོ་ག་རྣམས་བྱས་ནས་མཐར་འཇིག་རྟེན་པའི་མེ་ལྷ་མཆོད་པ་ཡང་དཀྱུས་བཞིན་ནོ། །དེ་ནས་ཞག་གསུམ་མམ་བདུན་ལ་སོགས་པར་མཆོད་དེ་མེ་མ་ཤི་ན་འོ་མས་གཞིལ་གདུང་ཐལ་རྣམས་སྣོད་གཙང་མར་བསྡུས་ཏེ་ཐལ་རྗེས་མི་མངོན་པར་བྱའོ། །


GTN005_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་མཆོད་རྟེན་བཞེངས་པ་ལ།  ལུང་ལས།  དེ་ནས་རུས་པ་བསྡུས་པ་རྣམས། །མཁས་པས་ཡིད་འོང་འོ་མས་བཀྲུས། །འཇིམ་པ་བསྲེས་ནས་སཱཙྪ་གདབ། །སྙིང་པོ་མཆོད་རྟེན་བརྩེག་པར་བྱ། །ཞེས་གསུངས་པ་ལྟར་གདུང་འོ་མ་དང་དྲི་བཟང་གིས་ཆུས་བཀྲུས་ནས་ཞིབ་མོར་བཏགས་པ་འཇིམ་པ་དང་སྦྱར་བ་ལས་ཆོ་ག་སྔར་བཞིན་དུ་སཱཙྪར་བྱས་པ་རྟེན་ཀྱི་སྙིང་པོར་བཞུགས་པའམ། ཡང་ན་གདུང་ལྷར་བསྐྱེད་མཆོད་བསྟོད་བྱས་པ་རིན་པོ་ཆེའི་ངོ་བོ་རུས་པའི་རང་མཚན་ཅན་དྲི་བཟང་པོ་དང་ན་བཟའི་བཀུར་སྟི་དང་བཅས་རྟེན་གྱི་སྙིང་པོར་བཞུགས་སུ་གསོལ་བ་ཡང་ལེགས་སོ། །འདིར་གདུང་སཱཙྪར་བསྒྲུབས་ནས་བཞུགས་པར་བྱ་ཡི་རང་མཚན་པ་ནི་གཞུག་ཏུ་མི་རུང་ངོ་། །ཞེས་པའི་དགག་བྱ་དེ་ཡང་མཐའ་གཅིག་ཏུ་ངེས་པའི་གཏན་ཚིགས་ཡོད་པ་མི་སེམས་ཞེས་ཆོས་རྒྱལ་གཏེར་བདག་གླིང་པས་གསུངས། དེས་ན་བླ་མའི་མིང་ཙམ་བཟུང་བའི་གོ་འཕང་ཐོབ་པ་ཙམ་ལ་ནི་སཱཙྪ་སྒྲུབ་པ་ནི་ལེགས་སོ། །འདིར་བཤད་པ་རྣམས་རྡོ་རྗེ་སློབ་དཔོན་གྱི་གོ་སར་བཞུགས་པ་རྣམས་ཀྱི་བསྒྲུབ་བྱར་རྒྱུད་གཞུང་རྣམས་ལས་རྒྱ་ཆེར་གསུངས་པ་ལྟར་གཞན་དོན་གྱི་ཁུར་ཁྱེར་བའི་ལྷག་བསམ་ཅན་རྣམས་ཀྱིས་ཚུལ་བཞིན་དུ་བསྒྲུབ་པ་ལ་ནན་ཏན་དུ་བྱའོ། །འདིར་སྨྲས་པ།  ཐབས་མཁས་གསང་ཆེན་ལམ་གྱི་ཉམས་ལེན་ལ། །བླང་དོར་མ་ནོར་སྒེག་མོའི་འགྲམ་ཆང་གིས། །དོན་གཉིས་བ་ཀུ་ལ་ཡི་འདབ་བརྒྱ་འཛུམ། །བློ་ལྡན་སྦྲ་མ་ར་རྣམས་རྩེ་གར་རོལ། །དོན་ལྡན་སྔོན་བྱོན་མཁས་པའི་ཕྱག་བཞེས་སྲོལ། །


GTN005_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་དྲིན་གྱིས་རང་བློར་ངེས་པ་རྣམས། །དམ་པའི་གསུང་གིས་བསྐུལ་ཕྱིར་འདི་བརྩམས་དགེས། །དམ་པ་མཆོག་རྣམས་དགྱེས་པའི་མཆོད་སྤྲིན་ཤོག ། མཆོག་དམན་བར་དོའི་འགྲོ་ཀུན་ལམ་མཆོག་འདིས། །ངན་འགྲོ་ལས་ཐར་གཏན་བདེའི་ས་ལ་འགོད། །བདག་ཀྱང་སྲིད་པ་ཐ་མལ་བར་དོ་ལ། །སྔངས་སྐྲག་འཇིགས་སྣང་རང་སར་གྲོལ་གྱུར་ཅིག །དེ་ལྟར་བསམ་གླིང་གཏེར་བྱོན་འཇའ་ལུས་བདེ་ཆེན་ཞིང་སྒྲུབ་ཀྱི་སྒོ་ནས་གདོས་བཅས་ཕུང་པོ་བསྲེག་ཐབས་ཀྱི་ལག་ལེན་གསལ་བྱེད་ཁྲིགས་སུ་བཀོད་པ་ལྔ་ལྡན་ཡེ་ཤེས་འོད་འབར་ཞེས་བྱ་འདི་ཡང་།  ཁྱབ་བདག་རྡོ་རྗེ་འཆང་ལྷ་འབྲང་གྲུབ་པའི་འཁོར་ལོས་སྒྱུར་བའི་རྗེ་དབོན་མཐུ་སྟོབས་ནུས་པའི་མངའ་བདག་བུདྷ་མངྒ་ལས་སྤྲིངས་ཡིག་གི་ལམ་ནས་རྣམ་སྣང་གསང་མཛོད་འགྲོ་འདུལ་ནམ་མཁའ་རྒྱལ་པོའི་ཕུང་པོ་བསྲེག་ཆོག་དེས་ཞིང་སྒྲུབ་འདི་སྐོར་གང་ཟག་མཆོག་འབྲིང་ཕལ་བ་བཅས་ཕྲིན་ལས་སྨིན་པའི་རོ་བསྲེག་གི་ཆོ་ག་རྒྱས་བསྡུས་འཚམ་པ་ཞིག་དགོས་པའི་བཀའ་ཕེབས་དོན་ལྡན་བྱ་ཕྱིར། ཆོས་འདི་ཉམས་སུ་ལེན་པ་ཤཱཀྱའི་དགེ་སློང་ཞེ་ཆེན་པ་མཁན་པོའི་ཁུར་འཛིན་སྤྲུལ་མིང་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དཔལ་བཟང་པོས་ཁ་བསྒྱུར་དགོས་རིགས་བཅས་འཕྲལ་དུ་སྤེལ་བ་ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཞུས་སོ།། །།

༼སྤོས་སྦྱོར།༽


GTN005_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྲིད་པའི་གདུང་སེལ་ཕན་བདེའི་མཆོག་སྦྱིན་མཁར། །དཀོན་མཆོག་རྒྱལ་བའི་དཀྱིལ་འཁོར་མཆོད་བྱེད་རྗེས། །དྲི་ཞིམ་ཡོངས་སུ་སྦྱོར་བ་བདུག་པའི་སྤྲིན། །འཆི་མེད་ཡོངས་འདུའི་དྲུང་ནས་འཐུལ་བ་བཞིན། །དྲི་ཞིམ་སྤོས་ཀྱི་སྦྱོར་སྡེའི་ཐོ་དེས་སྤེལ། །འདིར་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་དུས་མཆོད་ཆེན་མོ་རྣམས་ཀྱི་སྐབས་སུ་རྩ་གསུམ་དཔའ་བོ་མཁའ་འགྲོ་དགྱེས་པའི་དྲི་ཞིམ་སྤོས་ཀྱི་རེང་བུ་རྒྱན་ཁང་ཁུར་འཛིན་རིམ་ཅན་གྱིས་ལོ་གསུམ་རེས་མཚམས་སུ་བཟོ་དགོས་པའི་སྦྱོར་ཚད་མ་ཟུང་གིས་ཐོ་རེན་རིམ་ཅན་ལ། དོན་འགྲུབ་ཅེས་པ་ས་ལུགས་ལོར་སྤོས་སྦྱོར། དུས་ཀྱི་ཕོ་ཉ་ཞེས་པ་ས་རྟ་ལོའི་ཟླ་༢ཚེས་༢༦ལ་སྤོས་སྦྱོར་ཆས་འདུལ་རྒྱུ་གཏད་ཐོ། དབང་ལག་སྣོད་བཅས་ཉག་ཞེ་དགུ། ཨར་སྐྱ་བཟང་ངན་རིགས་ལྔ་འདུས་པའི་ཉག་བརྒྱད། ཨར་ནག་ཉག ༥ ཙནྡན་དཀར་པོ་ཉག ༥ དང་། ལི་ག་དུར་རིགས་བཞི་ཉག ༦ རྩ་བལ་ལ་ཉག་གསུམ་བཅས་ཁྱོན། ༡༠ གུ་གུལ་ན་སོ་ཉག་སུམ་བཅུ། རུ་རྟ་ཉག ༣ ཀ་ཀོ་ལ་ཉག ༣བཅས་པ། ན་གི་ཉག༣ ལི་ཤིང་སྲང་། ཛཱ་ཏི་རྡོག་གཅིག །གི་ཝཾ། སུག་སྨེལ་རིགས་གཉིས། ཁ་ཆེ། ག་


GTN005_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བུར། ཨ་རུ་གསེར་མདོག་རྡོག་པོ་བཅོ་ལྔ། གང་ཞིག་གི་ན་གི་བཙོ་བསྟར་ཤ་ཁྲལ་ཚར་དུས་སྲང་།༡༠ གླ་རྩི་ཞོ། སི་ལ་དྲི་ཙམ། རྡོ་དྲེག་སྐར་ལྔ། བུ་རམ་ཉག༡ ཙནྡན་དམར་པོ་ཉག་ཉེར་ལྔ། རུ་རྟ་ཞོ་ལྔ་སོགས་སྤོས་སྦྱོར་ཀྱི་ཚད་ཡིན་པའི་སྤོས་གསར་རྙིང་གཉིས་འདྲེན་པ་ལོ་གསུམ་གྱི་འདང་ཚོད་ཀྱིས་སྤོས་ཉག་ལྔ་བཅུ་ང་ལྔ་རྒྱན་ཁང་དུ་སྤྲད། ༈ ལྕགས་བྱ་ཟླ་༤ཚེས་ལ་སྤོས་སྨན་བསྡུས་པ་བཟང་ངན་གཉིས་ལས། དང་པོ་མདུན་སྤོས་ལ། གུ་གུལ་ནག་པོ་བྲེ༼་ཕུལ་༽ཉག་བཅུ། ཨ་གར་བཟང་ངན་རིགས་ལྔ་འདུལ་བ་ཉག་༼བྲེ་༡ཕུལ་༤༽གསུམ། ཨར་ནག་༼ཁྱོན་བྲེ་༢༽ཉག་གཉིས། ཙནྡན་དཀར་པོ་ཉག་གཉིས། ག་དུར་རིགས་བཞི་ཉག་༼བྲེ་༡ ཕུལ་༤༽གཉིས། རྩ་འབའ་ལ་ཉག་གཅིག་༼ཕུལ་༢༽ ན་གི་ཉག་གཅིག །རུ་རྟ་ཉག་༼ཕུལ༣བཅས་འདི་ཡན་ལ་བྲེ་བདུན་ཕུལ་༥་ཡོད་ལགས་༽གཅིག །ཀ་ཀོ་ལ་ཉག་གཅིག །གླ་རྩི་ཞོ་ལི་ཤི་ཞོ། ཛཱ་ཏི་རྡོག་གཅིག །གི་ཝང་སྐར།༥ སུག་སྨེལ་ཞོ། ཁ་ཆེ་ཞོ། ག་བུར་ཞོ། ༡ ཨ་རུ་གསེར་མདོག་རྡོག ༥ སི་ལ་དྲི་ཙམ། རྡོ་དྲེག་སྐར།༣ བུ་རམ་ཉག་གཅིག །ཙནྡན་དམར་པོ་བྲེ་༥ཉག་བརྒྱད། ཤུག་དམར་བྲེ་༡༢ཉག་བཅུ་གཅིག །ཤུག་སྐྱ་ཉག་བཅུ་༼བྲེ་༡༠བཅས་ཁྱོན་བྲེ་༣༤ཡོད།༽དབང་ལག །ཕབ་རྩི་སྲང་། བཅས་དང་མདུན་སྤོས་སྨན་ཕྱེ་ཁྱོན་སྲང་། བཅས། ༈ མང་སྤོས་ཅུང་ཟད་ཞེལ་བ་ལ། གུ་གུལ་ནག་པོ་ཉག་༼བྲེ་བཞི་ལ་ཕུལ་གང་ཆག་༽ཉི་ཤུ། ཨ་གར་བཟང་ངན་རིགས་ལྔ་འདུལ་བ་༼བྲེ་༣ལ་ཕུལ་དོ་ཆག་༽ཉག་ཕྱེད་ལྔ། ཨར་ནག་ཉག་གསུམ། ཙནྡན་༼ཉག་དྲུག་ལ་བྲེ་གསུམ་༽དཀར་པོ་ཉག་གསུམ། ག་དུར་རིགས་བཞི་ཉག་བཞི།


GTN005_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་༼བྲེ་གསུམ་དང་ཕུལ་གང་༽འབའ་ལ་ཉག་གསུམ། ན་གི་༼ཕུལ་༤༽ཉག་གཉིས། རུ་རྟ་༼བྲེ་གང་ཕུལ་དོ་བཅས་ཁྱོན་འདི་ཡན་ལ་བྲེ་བཅུ་བཞི་ཕུལ་བཞི་སོང་ལགས།༽ཉག་གསུམ། ཀ་ཀོ་ལ་ཉག་གཅིག །གླ་རྩི་སྲང་།ལི་ཤི་ཞོ། ཛཱ་ཏི་རྡོག་གཉིས། གི་ཝང་ཞོ། སུག་སྨེལ་སྲང་། ཁ་ཆེ་ཞོ། ག་བུར་ཞོ། ཨ་རུ་གསེར་མདོག་རྡོག༡༠ སི་ལ་དྲི་ཙམ། རྡོ་དྲེག་ཞོ། བུ་རམ་ཉག་དོ། །ཙནྡན་དམར་པོ་ཉག་བྲེ་ ཉེར་བཞི། ཤུག་དམར་ཉག་སོ་བྲེ་ ལྔ། ཤུག་སྐྱ་ཉག་༼བྲེ་༤༠བཅས་ཁྱོན་བྲེ་༡༠༤སོང་ལགས་༽བཞི་བཅུ། དབང་ལག་ཉག་ཕབ་རྒྱ་ཕབ་རྡོག་ རྩི་སྲང་། མང་སྤོས་འདི་ལ་སྨན་ཕྱེ་སྲང་། བཅས་ལ་སྤོས་སྦྱོར་དུས། ཉིན་གཅིག་ལ་སྤོས་ཟན་རྒྱ་མ་ཕྱེད་བཅུ་བདུན་༼བྲེ་སུམ་ཅུ།༽ཉིན་གཅིག་ལ་རྒྱ་མ་སུམ་ཅུ་སོ་གསུམ་༼བྲེ་དྲུག་ཅུ།༽ཉིན་གཅིག་རྒྱ་མ་ཕྱེ་སོ་གཅིག་༼བྲེ་ལྔ་བཅུ།༽ཉིན་གཅིག་རྒྱ་མ་ཕྱེ་༼བྲེ་བཅོ་བརྒྱད་༽བཅུ་ཅིག་བཅས་ཁྱོན་རྒྱ་མ་ཕྱེད་དགུ་བཅུ་གོ་གཅིག་ལ། བྲེ་བརྒྱ་དང་ལྔ་བཅུ་ང་བརྒྱད།༢ སྤོས་ཟན་བྲེ་བཅུ་རེ་ལ་དབང་ལག་ཕུལ་བཞི་རེ་བཏང་། ༈ འདིར་ལོར་རྒྱན་ཁང་ལ་རྩིས་སྤྲད། མདུན་སྤོས་ཡག་གྲས་ཉག་ཉེར་གསུམ་ལ་ ༼ཕྲ་བ་ཉག་༧ལ་ཆགས་༧སྦོམ་གྲས་ཉག་༡༦ལ་ཆག་༡༢ཁྱོན་སྤོས་ཆག༢༡༽སྤོས་ཆག ༢ མང་སྤོས་སྦོམ་གྲས་ཉག་ཉི་ཤུ་ལ་ཆག་བཅོ་བརྒྱད། ཕྲ་གྲས་ཉག་ལྔ་བཅུ་ཆག་བདུན་༼ཕྲ་སྦོམ་གཉིས་བསྡོམས་པའི་སྤོས་ཆག༨༨བཟང་ངན་གཉིས་བསྡོམས་པ་ཁྱོན་སྤོས་ཆག་༡༠༩བྱས་ཅུ།༢༽མགོན་ཁང་ལ་ལོ་གསུམ་གྱི་བཅས་ཉག་དགུ། གཙུག་ལག་ཁང་ལ་ལོ་གཅིག་གི་བཅས། ཉག་གཉིས་བཅས་སྤྲད་ཡོད། མདུན་སྤོས་བྲེ་༼༥༩་ཡིན་ནམ་སྙམས་༽ལྔ་བཅུ་ལ་དབང་ལག་བྲེ་ལྔ་གོང་ལྟར་རོ། །


GTN005_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཤིང་བྱ་ཟླ་༤ཚེས་༨ལ་སྤོས་སྦྱོར། གུལ་ནག་ཉག ཨ་གར་བཟང་ངན་རིགས་འདུལ་བ་ཉག་ཕྱེད་བརྒྱད། ཨར་ནག་ཉག དང་རྒྱུན་གང། ཙནྡན་དཀར་པོ་ཉག་ཕྱེད་དྲུག །ཙནྡན་ག་དུར་རིགས་གཉིས་ཉག་ཕྱེད་དྲུག །རྩ་འབལ་ལ་ཉག ༤ ན་གི་ཉག་ཕྱེད་ལྔ། རུ་རྟ་ཉག ཀོ་ལ་ཉག བཟང་སྨན་ཕྱེ་མ་སྲང་། སི་ལ་དྲི་ཙམ། ཙནྡན་དམར་པོ་ ཉག ཤུག་དཀར་ཉག ༣༠ ཤུག་སྐྱ་ཉག ༥༧ བུ་རམ་ཉགཕབ་རྩི་སྲང་། གླ་རྩི་ཞོ། སྤོས་ཟན་བྲེ་༡༠ལ་དབང་ལག་ཕུལ་རེ་བརྟགས།

༼བདུད་རྩི་སྨན་སྒྲུབ་ཕྱག་ལེན་གནང་ཚེ་སྨན་ཁྲོལ་བུ་བསྡུ་ཐོ།༽


GTN005_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

༈ བླ་མ་དང་དཔལ་ཆེན་ཧེ་རུ་ཀ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །ཆུ་བྱི་ལོར་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒོ་ནས་བདུད་རྩི་སྨན་སྒྲུབ་ཀྱི་ཕྱག་ལེན་གནང་ཚེ་སྨན་ཁྲོལ་བུ་བསྡུ་བའི་ཐོ་ལ། སྨན་གྱི་གཞི་ཨ་རུ་ར་གསེར་མདོག་སོགས་གང་རུང་རུལ་སུམ་དང་བྲལ་བ་དཔེར་ན་ཉག་བཞི་བཅུ་ལྟ་བུ་ལ། བ་རུ་ར་ཉག་བཞི། སྐྱུ་རུ་ཉག་བཅུ། ཙནྡན་དཀར་དམར། ཨ་ག་རུ་རིགས་གསུམ་ཁྱོན་བསྡོམས་པ་ཉག་བརྒྱད། ལི་ག་དུར་ཉག་བདུན་ནམ་བཅུ་བཞི། མངར་གསུམ་ཉག་བཅུ་གསུམ། ཁ་ཆེ་སྲང་ཕྱེད་གསུམ། བལ་གུར་སྲང་ལྔ། ཛཱ་ཏི་ཞོ་གང་སྐར་ལྔ། ལི་ཤི་སྲང་དོ་ ཞོ་ལྔ། གི་ཝང་ཞོ་དྲུག །ཅུ་གང་སྲང་དོ་ཞོ་དྲུག །ན་གི་སྲང་དོ། ཀ་ཀོ་ལ་སྲང་གང་ ཞོ་ལྔ། སུག་སྨེལ་སྲང་། ༢ ལི་ཁྲི་ཞོ་དྲུག །གསེར་དངུལ་ཟངས་ལྕགས་སོགས་ཞོ་གསུམ། གླ་རྩི་ཞོ་གང་། གཞན་དུག་རིགས་མིན་པའི་སྨན་སྣ་ཚོགས་བསྡོམས་པའི་ཉག་ཉི་ཤུ་ཐམ་པ་ཡིན་པ་ཕྱིན་ཆད་སྨན་བཅག་སྐོར་གྱི་ཚད་ཡིན་ནོ། །༈ ཆུ་བྱ་ལོར་སྨན་སྒྲུབ་བཙུགས་སྐབས། སྔོན་ནས་སྨན་ཕྱེ་བྲེ་བཅུ་བཞི་དང་། ཕུལ་གང་ཙམ་ལ་དབང་ལག་ར་ཕུས་བཅུ། ཡང་སུག་པའི་ཁུ་བ། སྒ་སེར་ཕྱེ་མ་ཇ་ཁུ་སོགས་བཏགས། རྒྱ་ཕབ་རྡོག་པོ་བཅོ་ལྔ། བསྙལ་སྣོད་རྫ་ཁོག་གཉིས་དྲོས་པར་བྱས། སྨན་ལ་དྲོད་ཆེར་མེད། ཁེབ་རྣམས་ཉི་མར་བསྲོས་ནས་བསྙལ་
བས་ཞག་གཅིག་ནས་ལངས་བྱུང་། དངོས་གཞིའི་སྐབས་སྨན་ཕྱེ་བྲེ་ལྔ་བཅས་དགེ། འདི་ཡང་ཞེ་ཆེན་ལྟར་མཐུ་སྟོབས་པས་བྲིས་སོ། །༈ བླ་མ་དང་དཔལ་ཆེན་ཧེ་རུ་ཀ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ་སྐྱབས་ སུ་མཆིའོ། །ཁྲོ་བོ་ཞེས་པ་ཤིང་གླང་ལོར་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དུ་སྒྲུབ་ཆེན་བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒོ་ནས་བདུད་རྩིའི་སྒྲུབ་པ་གནང་ཚེ་སྨན་ཁྲོལ་བུ་བསྡུས་པའི་ཐོ་ལ། སྨན་གྱི་གཞི་ཨ་རུ་གསེར་མདོག་རུལ་སུམ་དང་བྲལ་བ་ཉག་བཞི་བཅུ། བ་རུ་ར་ཉག་བཞི། སྐྱུ་རུ་ར་ཉག་བཅུ། ཙནྡན་དཀར་དམར། ཨ་ག་རུ་རིགས་གསུམ་བསྡོམས་པ་ཉག་བརྒྱད། ལི་ག་དུར་ཉག་བདུན་ནམ་བཅུ་བཞི། མངར་གསུམ་ཉག་བཅུ་གསུམ། ཁ་ཆེ་སྲང་ཕྱེད་གསུམ། བལ་གུར་སྲང་ལྔ། ཛཱ་ཏི་ཞོ་གང་སྐར་ལྔ། ལི་ཤི་སྲང་དོ་ཞོ་ལྔ། གི་ཝང་ཞོ་དྲུག །ཅུ་གང་སྲང་དོ་ཞོ་དྲུག །ན་གི་སྲང་དོ། ཀ་ཀོ་ལ་སྲང་གང་ཞོ་ལྔ། སུག་སྨེལ་སྲང་དོ། ལི་ཁྲི་ཞོ་དྲུག །གསེར་དངུལ་ཟངས་ལྕགས་བཅས་ཞོ་གསུམ་གསུམ། གླ་རྩི་ཞོ་གང་། གཞན་དུག་རིགས་མིན་པའི་སྨན་སྣ་ཚོགས་བསྡོམས་པའི་ཉག་ཉི་ཤུ་ཐམས་ཅད་པ་བྱས་པ་ཕྱིན་ཆད་ཆག་བྲི་མེད་པ་དགོས།

སྨན་བསྡུ་ཚུལ་དང་སྨན་སྒྱེ་ཁ་དོག་ལྔར་བླུག་ཚུལ།


GTN005_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡང་སྨན་བསྡུ་ཚུལ་དང་སྨན་སྒྱེ་ཁ་དོག་ལྔར་བླུགས་ཚུལ་འདི་ལྟར། སྒྱེ་དཀར་པོ། བྱང་སེམས་དཀར་པོ། མི་ཤ་གླད་པ་སྐུང་པ། སྲོག་ཆག་དཀར་པོ་རྣམས་ཀྱི་ཤ་ཁྲག་སྙིང་སྣ་སྡེར་ཆགས་ཀྱི་ཤ་སྟེ། བྱང་སེམས་དཀར་པོ་ནས་སྡེར་


GTN005_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཤའི་བར་དངོས་རྙེད་ན་རབ། ཡང་ན་སྔོན་སེལ་མེད་པའི་ཕབས་རྒྱུན་བཟང་པོ་བཏང་། ཆོས་སྨན། ག་བུར། རིང་བསྲེལ། ཅུ་གང་། ཐལ་དཀར་རྡོ་རྗེ། ཙནྡན་དཀར་པོ་སོགས་སྨན་ཁ་དོག་དཀར་པོའི་རིགས། དུང་། མུ་ཏིག་སོགས་རིན་ཆེན་དཀར་པོའི་རིགས། འབྲས་ནས་དཀར་གྲོ་རྔོ་འབྲུ་དང་། མེ་ཏོག་དཀར་པོའི་རིགས། སྤོས་དཀར། ཤེལ་དཀར། དཀར་གསུམ་སོགས་དཀར་པོའི་རིགས་ཐམས་ཅད། ཨ་རུ་ར་སོགས་རོ་སྙ་གའི་རིགས། བུ་རམ། སྦྲང་རྩི། རྒུན་འབྲུམ་སོགས་མངར་རིགས་ཐམས་ཅད། སྨན་ཁ་དོག་དཀར་ཤས་ཅན་དང་། རྩ་བའི་རིགས་རྣམས་འགྲང་ཕུ་སོགས་སྨན་རྣམས་བསགས། ༈ སྒྱེ་སེར་པོར། རིན་ཆེན། བ་གླང་གི་ཤ །སྲོག་ཆགས་དམར་སེར་གྱི་ཤ་ ཁྲག་སྙིང་སྣ། རྨིག་པ་ཁ་བྲག་ཅན་གྱི་ཤ་སྟེ་དྲི་ཆེན་ནས་འདི་བར་དངོས་སམ་ཡང་ན་སེལ་མེད་ཀྱི་ཕབས་རྒྱུན། ཛཱ་ཏི། ཨ་རུ་ར། ཨ་ག་རུ། ཨར་ནག་གཉིས། དུ་རུ་ཤ༷་(ཀ)ཤིང་མངར་སོགས། ཁ་དོག་དམར་སེར་གྱི་སྨན་རྣམས། གསེར་དང་སྦུར་ལེན་སོགས་རིན་ཆེན་སེར་པོའི་རིགས། གྲོ་དང་འབྲུ་སོགས་མེ་ཏོག་དམར་སེར་རིགས། ཤིང་ཏོག་སེར་པོའི་རིགས། སྤང་སྤོས་སོགས་དམར་སེར་རིགས་སུ་གྱུར་པ་ཐམས་ཅད་ནིམ་པ། ཏིག་ཏ་སོགས་རོ་ཁ་བའི་རིགས་སྨན་ཐམས་ཅད་བསགས།


GTN005_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

༈ སྒྱེ་སྔོན་པོར། ཤ་སྣ་ཚོགས། ཁྱིའི་ཤ་རྐང་མར་ཚིལ་དང་། ཀླད་པ་སྣ་ཚོགས། སྲོག་ཆགས་སྔོན་པོའི་རིགས་ཀྱི་ཤ་སྣ་སྙིང་སྣ་སོགས། ཤ་སྣ་འདི་བར་དངོས་སམ། ཡང་ན་སེལ་མེད་ཀྱི་ཕབས་རྒྱུན། སྙིང་ཞོ་ཤ །མཁལ་མ་ཞོ་ཤ །གླ་གོར་ཞོ་ཤ །ཙི་ཏྲ་ཀ །ཀ་ཀོ་ལ་སོགས་ཁ་དོག་སྔོ་བའི་རིགས། ཨིནྡྲ་ནཱི་ལ། མུ་མེན་སོགས་རིན་ཆེན་སྔོན་པོའི་རིགས། འབྲུ་དང་མེ་ཏོག་ཤིང་ཏོག་སོགས་སྔོན་པོའི་རིགས། སེ་འབྲུ། སྟར་བུ། སེ་ཡབ། སྐྱུ་རུ་ར་སོགས་སྨན་སྐྱུར་བའི་རིགས་ཐམས་ཅད་བསགས་སོ། །༈ སྒྱེ་དམར་པོར། པདྨའི་རཀྟ། ཁྲག་སྣའི་རིགས། རྟ་དང་། རྨ་བྱའི་ཤ ། སྲོག་ཆགས་དམར་པོའི་རིགས་ཀྱི་ཤ་ཁྲག་སྙིང་སྣ་སྟེ་པད་རག་ནས་འདི་བར་སོགས། ཙནྡན་སྨུག་པོ། ལི་ཤི། སྐྱུ་རུ་ར། རྒུན་འབྲུ། སྟར་བུ། སིནྡྷུ་ར། གནྡྷེར་ བྷཱ་དྲ། རྩྭ་འབྲས་སོགས་ཁ་དོག་དམར་པོའི་སྨན་རིགས། སྒ་སྐྱ། ན་ལེ་ཤམ། པི་པི་ལིང་སོགས་རོ་ཚ་བའི་སྨན་རིགས། བྱུ་རུ་པདྨ་ར་ག་སོགས་རིན་ཆེན་དམར་པོའི་རིགས། འབྲུ་དང་མེ་ཏོག་དམར་པོའི་རིགས་ཐམས་ཅད་བསགས། ༈ སྒྱེ་ལྗང་གུར། དྲི་ཆུ་སྣ་ཚོགས། གླང་པོའི་ཤ །གདོང་ཅན་གྱི་ཤ་རིགས། ཤང་ཤང་ངམ་ཕ་ཝཾ་ཤ་སྟེ། དྲི་ཆུ་ནས་འདི་བར་དངོས་སམ་སོགས། འོ་མ་ཅུང་ཞི། བྲག་ཞུན། གུར་གུམ། ཀྱི་ལྕེ་སོགས་དཀར་པོའི་གུ་གུལ་དཀར་པོ་གྲགས་པ། ཁ་དོག་ལྗང་བའི་རིགས། གཡུ་དང་། མར་གད་སོགས་རིན་པོ་ཆེ་ལྗང་བའི་རིགས།


GTN005_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་དང་མེ་ཏོག་ཤིང་ཐོག་སོགས་ལྗང་བུའི་རིགས་ཐམས་ཅད་བསགས། ༈ གཞན་ཡང་ཀཎྜཱ་ཀ་རི། སླེ་ཏྲེས། དབང་ལག །རྒྱ་མཚོའི་སྦུ་བ། ལི་ག་དུར་ སོགས་སྨན་དྲི་བཟང་པོ་ཇི་སྙེད་དང་། དོང་ག །ར་མཉེ། ཉེ་ཤིང་། ལྕ་བ། དཀར་གསུམ། སེ་འབྲུ། རྒྱ་ཤུགས། ད་ཏྲིག་སོགས། ཞོ་དར། རྒྱ་ཚྭ། ལྕེ་མྱང་ཚ། རྦ༷་ཚ༷།(ལྦ་ཚྭ།) ཁ་རུ་ཚྭ། ཙབ་རུ་ཚ། ཟེ་ཚ། ལན་ཚྭ། མཛེ་ཚྭ། ཐལ་ཚྭ། ཤིང་ཚ། ཡ་བ་ཀྵ་ར། བུལ་ཏོག །བོང་ང་དཀར་པོ། ཧོང་ལེན། གསེར་མེ། དུག་མོ་ཉུང་། མཁྲིས་མ༷།(པ་) སྐྱེར་བ། བ་ཤ་ཀ །བྲག་ཞུན། ཀྱི་ལྕེ། རེ་སྐོན། བཅའ་སྒ། སྒེ་གཤེར། ཤིང་ཀུན། སྲུབ་ཀ །ལྕེ་ཚ། རྟ་༷བ༷་ཙོ༷ང་།(དྭ་ལྤ།) སྒོག་སྐྱ། ཨུཏྤལ། ག་དུར། སྨག །མོན་ཀྵ༷་(ཆ་)ར། འོམ་བུ། ཆུ་མ་རྩི། ༈ གཞན་ཡང་སྣང་ཞིང་སྲིད་པའི་སྨན་དང་བཅུད་སོགས་བཟང་ཞན་མེད་ པར་ཐམས་ཅད་བདུད་རྩི་སྨན་གྱི་རྫས་སུ་སྦྱར་དུ་རུང་ངོ་། །ཞེས་གསུངས་པ་ལྟར་དགོངས་འཚལ་ལོ། །དེ་ལས་ཀྱང་སྤྱང་ཀིའི་རིགས་རྣམས་ཆེས་ས་མི་ལེགས་པར་གསུངས་པའི། སྤྱང་ཀིའི་རིགས་ནི། སྒོག་པ་ས། ཤིང་ཀུན། ཤུ་དག་ནག་པོ། བྱའི་རུག་པ། རྩ་གླ་བ། རྩྭ་ཁྱུ་བྱུག །ཟེར་མོང་གི་ཤ །སོག་ཏོ་རོག་པོའི་ཤ །མཛོ་ཏྲེམ་གྱི་ཤ །མེ་ཏོག་སྤུ་མ། མེ་ཏོག་རི་ཤྭ། སྲན་མའི་མེ་ཏོག །


GTN005_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་དུག་རིགས་སྣ་ཚོགས་གཞོབ་ཀྱི་རིགས། ཐལ་ཚྭ། བ་ཚྭ། བོང་ང་ནག་པོ། དཀར་པོ། ཧོང་ལེན། སྤང་རྒྱན་སྔོན་པོའི་མེ་ཏོག་རྣམས་ཆེན་པོ་མི་གཏང་། སྤང་སྤོས། གླ་རྩི། ཡང་ན་མང་ན་དགའ་ཞིང་། བཟང་སྨན་ཁ་ཆེན་སོགས་ཅི་མང་གི་ན་བཟང་ངོ་། །ཁ་དོག་སེར་པོ་བསྒྱུར་ཚེ། ཡ༷ང་(ཡུང་)བ་ཞིབ་བཏགས་དང་། དམ་རྩི་ཆེ་ཆུང་ཚོད་དང་བསྟུན་པས་དབང་ལག་གི་ཕྱེ་མ་ཡང་འདེབས་ཚོད་དགོས་ཤིང་། ཕབས་རྩི་ཞིམ་པོ་ཆང་ལྟར་འདེབས་རྒྱུ་དགོས་པ་སོགས་གལ་ཆེའོ། །

བདུད་རྩི་སྨན་གྱི་སྦྱོར་ཚད་དང་ཉེ་བར་མཁོ་བའི་ལག་ལེན།


GTN005_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་སྨན་གྱི་སྦྱོར་ཚད་དང་ཉེ་བར་མཁོ་བའི་ལག་ལེན་རྣམས་བཞུགས་སོ། །སྤྱིར་སྨན་གྱི་དབྱེ་བསྡུའི་རིམ་པ་མདོར་བསྡུ་ན་རྩ་བ་དང་ཡན་ལག་གཉིས་སམ། ཤ་ལྔ་དང་བདུད་རྩི་ལྔར་བྱེད་དམ། རྩ་བ་བརྒྱད་དང་། ལོ་མ་སྟོང་དུ་རྣམ་ པར་དབྱེ་བ་ལ་སོགས་པའི་སྨན་གྱི་ངོས་བཟུང་ཚུལ་དང་། བརྟན་གཡོ་སྣོད་བཅུད་ཐམས་ཅད་བདུད་རྩི་ལྔའི་རང་བཞིན་དུ་སྒྲུབ་ཚུལ་གྱི་རྣམ་བཤད་སོགས་ནི། སྨན་སྒྲུབ་ཀྱི་གཞུང་ལས་ཞིབ་འགྲེལ་དུ་གསུངས་པས་འདིར་མ་སྨོས་ཤིང་། བྱེ་བྲག་ལག་ལེན་དངོས་གཞི་ལ་ཉེ་བར་མཁོ་བའི་སྦྱོར་ཚོད་ནི། སྨན་གྱི་རྒྱུའི་གཙོ་བོ། ཨ་གར་སྐྱུར་གསུམ་ཡིན་ལ་དེའི་ནང་ནས་ཀྱང་། ཨ་རུ་ར་བོང་ཅི་ཙམ་ཆེ་ཡང་བཟང་ཞིང་འགལ་བ་མེད་པས་རབ་གསེར་མདོག །མ་འབྱོར་ཀྱང་ཨ་རུ་ར་ཕལ་པ་ཅི་ཙམ་ཡང་མང་གིས་སྨན་གྱི་རྒྱུའི་ཁོག་ཕུབ། བ་རུ་ར། སྐྱུ་རུ་ར་གཉིས་ཧ་ཅང་མང་ན་ཁ་བ་དང་སྐྱུར་བ་སོགས་བྲོ་ལ་གནོད་པའི་ཕྱིར་ཨ་རུ་རའི་ལྔ་ཆ་ཙམ་གྱིས་འགྲུབ་ལ་དེར་རྗེས་སུ། མ་ནུ། རུ་རྟ། དཔའ་བོ་སེར་པོ། ལྕུམ་རྩ། ཀནྡྷ་ཀ་རི། ཤིང་མངར་ རྣམས་ཀྱང་བ་རུ་སྐྱུ་རུའི་ཚོད་བཞིན་རེ་རེ་ཡང་ཨ་རུའི་ལྔ་ཆ་ཙམ་རེ་བཏང་། དབང་ ལག །གཏེར་སྟོན་གྱི་གསུང་རྒྱུན་ལས་དཔུང་བསྐྱེད་པར་གསུངས་ཀྱང་དམ་ཆེས་ན་སྣོལ་དུས་སུ་ཐམས་ཅད་གོང་བུ་གཅིག་ཏུ་དྲིལ་བ་དང་། ཁ་དོག་ནག་པ་སོགས་


GTN005_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཉེས་དམིགས་འདུག་པས། བ་རུ་སྐྱུ་རུའི་ཕྱེད་ཆ་ཙམ་རེ་བཏང་། དམ་ཧ་ཅང་ཉུང་ན་ཡང་སྨན་སྣོད་ལ་མཁལ་བ་དང་། ཁ་དོག་སྐྱ་བ་དང་ཕྱེ་མ་ཐལ་ཐལ་དུ་འགྱུར་བ་སོགས་འབྱུང་བས་རན་ཚོད་སྐབས་དང་སྦྱར། གཞན་མ་སྔོ་སྨན་རྡོ་སྨན་ཤིང་སྨན་ཤ་སྣ་སོགས་མདོར་ན་འདིར་གཏོང་དུ་མི་རུང་བའི་རྫས་གང་ཡང་མི་འདུག་མོད་ཀྱང་། ཕལ་ཆེར་ཕབས་རྒྱུན་ལ་བཞུགས་པས་གོ་ཚོད་རྒྱུད་དུ་བྱས། དངོས་སུ་འབྱོར་བ་ནི་ཁ་དོག་དྲི་རོ་སོགས་ཕུན་སུམ་ཚོགས་པའི་སྨན་རྣམས་ཀྱིས་ཐོག་དྲངས་སྨན་ལ་རྒྱུག་ཆེ་བའི་རིགས་གང་འཛོམས་སྣ་ཚོགས་ཙམ་རེ་བཏང་། ཙནྡན་དཀར་དམར། བཟང་དྲུག་སོགས་ནི་འབྱོར་ན་གང་མང་དང་། མ་འབྱོར་ཀྱང་ཧ་ཅང་མང་གནད་མི་དགོས་ཤིང་། གླ་རྩི་དྲི་ཐོན་ཙམ་ལས་མི་མང་ཞིང་། གཞན་ཡང་ཤིང་ཚ་སོགས་དྲི་ངད་ཆེ་ཞིང་ཧ་ཅང་མི་ཞིམ་པ་རྣམས་རན་ཚོད་དུ་བཏང་བ་དང་། སྨན་གྱི་དཔུང་བསྐྱེད་པ་ལ་སེ་འབྲུམ་གྱི་རྩམ་པ་དང་། ལི་ག་དུར་གཉིས་ཕན་ཡོན་ཆེ་བ་ཨ་རུ་ར་དང་ཆ་མཉམ་ལ་ཁད་བཏང་ཡང་འགལ་བ་ཆུང་། སྨན་གྱི་དཔུང་བསྐྱེད་རྒྱུ་ཚོགས་མ་འབྱོར་ན་འབྲས་ཆུ་ལ་བཀྱུས་པའི་རྩམ་པའམ་ཞིབ་ཆེན་དར་ཚགས་རྒྱབ་པ་གང་རུང་ཡང་ཨ་རུ་ར་དང་མཉམ་པ་བཏང་སྲོལ་འདུག་པ་བཞིན་བཏང་ཡང་སྨན་མང་བའི་ཤམ་པ་ཡིན་ལ། སྨན་འབྱོར་ན་དེ་གཉིས་མང་དུ་དགོས་པ་མེད་དོ། །སྤྱིར་གྱི་སྨན་རྣམས་ཁ་དོག་སེར་བ། དམར་སེར། དཀར་བ་རྣམས་དང་། དྲི་ངད་མི་སྡུག་ཤིང་བཟང་བ་རྣམས་དང་། རོ་མངར་བ་སྐ་བ་ཅུང་ཟད་སྐྱུར་བ་རྣམས་དཔུང་


GTN005_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་དུ་རུང་བས་སྨན་གྱི་ཁ་དོག་དྲི་རོའི་རྣམ་གྲངས་ཡིན་ལ། དེ་ལས་བཟློག་པའི་ཁ་དོག་སྔོ་ལྗང་ནག་པ་དམར་སྨུག་སོགས་དང་། ཁམས་ལ་ཕོག་པའི་དྲི་མ་དུག་ཅན་རྣམས་དང་། རོ་ཧ་ཅང་སྐྱུར་བ་ཚ་བ་ཁ་བ་ལན་ཚ་བ་སོགས་རྣམས་ཕོག་ཆེས་ན་སྨན་གྱི་ཁ་དོག་དྲི་རོ་ལ་གནོད་པར་འགྱུར་བའི་ཕྱིར་ཇི་ལྟར་འཚམས་པ་རིགས་པས་དཔྱད་དགོས། མདོར་ན་སྦྱར་ཟིན་པའི་ཁ་དོག་ནི་སོ་སོར་ཅུང་ཟད་དམར་མདངས་སྣུམ་བག་དང་ལྡན་པ་བཟང་དྲུག་གི་ན་གི་བཏུལ་བ་རུ་རྟ་སོགས་ཀྱིས་དྲི་གཙོ་བོར་བསྣམས་པར་རོ་ནི་ཨ་རུ་ར་གསེར་མདོག་ཆང་དང་འདྲེས་པ་ལྟ་བུའི་རོ་བྲོ་བ་དགོས་ཤིང་། སྨན་གཏོང་བའི་སྐབས་སུ་ཁ་དོག་དཀར་པོའི་རིགས་ཇི་ཙམ་མང་ཡང་གུར་གུམ་དང་ཡུང་བ་སོགས་ཀྱིས་ཚོས་བསྒྱུར་དུ་རུང་ལ། ནག་མདོག་གི་རིགས་ནི་སེར་པོ་བསྒྱུར་དཀའ་བས་མང་བར་མ་རྟགས་རྩམ་བག་ཟོན་བྱའོ། །རྡོ་སྨན་གྱི་རིགས་མང་ན་སོ་སག་ཅིང་ཐལ་ཕྱེའི་རྣམ་པར་འགྱུར་བས། ཧ་ཅང་མང་བར་མི་བཏང་། ཁྲོལ་བསྒྲུབས་ཟིན་ནས་སྨན་སྡོང་པོ་རྩ་བ་ལོ་མ་ཡལ་ག་འབྲས་བུ་ཆེ་བ་རྣམས་སོ་སོར་འཐག་ཅིང་ཐམས་ཅད་ཀྱང་དར་ལེགས་པར་མ་བཙགས་ན་ཐོག་མ་ཞིབ་མདོག་ཁ་ཡང་བརླན་བཏབ་དུས་རྩ་དང་སོགས་པ་སོགས་ཟིང་ཟིང་པོར་འགྱུར་བས་སྨན་ལ་སྦྱར་དགོས་ཐམས་ཅད་འཚོགས་པ་ཁོ་ན་གནད་ཆེ་ཞིང་། བསྲེ་བ་ནི་ཕྱེ་མ་སྐམ་པོའི་སྐབས་ནས་འདྲེས་པར་བསྲེ་ཞིང་མ་དཀྲུགས་ན་བརླན་གྱིས་ཐེབས་ནས་འདྲེས་པར་དཀའ་འོ། །ཆུ་གཙང་དང་འོ་མ་བདུད་རྩིའི་


GTN005_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་བྲུས་སྦོལ་བའི་ཚད་ནི་བྱེ་མ་ལ་ཆར་ཟིན་བབ་པའམ་སྤོབས་ཏ་གར་མའི་ཚོད་ཙམ་སྦོལ་ཞིང་། སྣོལ་ཟིན་པ་ལ་ཆང་གི་ཕབས་རྩི་ལེགས་པར་བཙགས་པར་ཆར་བུ་ལ་འདེབས་པའི་ཚོད་ཙམ་སྙོམས་འདེབས་བྱའོ། །བྱིན་རླབས་ཀྱི་ཕབས་ནི་གང་ཞིབ་འཐག་པ་ལས་བཙགས་ན་སྣོད་ལ་འཁོས་ནས་གོས་ཟེགས་སུ་འགྱུར་ཞིང་། འདེབས་ལུགས་ནི་བདུད་རྩི་ལ་སྦྱར་ནས་ཁ་ཕྲུའི་སྐབས་སུ་འདེབས་པའི་སྲོལ་འདུག་ལ། སྐམ་པའི་སྐབས་ནས་བསྲེས་ཀྱང་འགལ་བ་ཆུང་ངོ་། །ཆོ་ག་ལས་འབྱུང་བའི་བརྡུང་ཚགས་སྦོལ་བ་འཇལ་བ་སོགས། འཛུགས་རན་ཁར་ཆོ་ག་དང་བསྟུན་ནས་མཚོན་བྱེད་ཙམ་རེ་རྟིང་ལ་བྱེད་པ་མ་གཏོགས་ཕལ་ཆེན་སྔོན་ནས་བཏགས་ཟིན་པ་དགོས་ལ། འཇལ་བ་ཡང་སྐམ་པོའི་སྐབས་སུ་འཇལ་ཞིང་བདུད་རྩིའི་ཁ་བྲུ་བཏབ་ནས་སྦོལ་ཞིང་དར་ཁུག་ཏུ་བླུགས་ལ་རྒྱས་གདབ་པ་ཁོ་ན་ཡིན། དེ་དག་གི་ཕྱག་ལེན་དང་བསྟུན་པའི་ཆོ་ག་དང་བྱིན་རླབས་བྱ་ཚུལ་ནི། སྨན་གྱི་ཁོག་ཕུབ་དང་ཁྲོལ་བུ་ཕྱེ་མ་རིལ་བུའི་སྒྲུབ་ཐབས་པྲ་ཁྲིད་དང་བཅས་པ་རྣམས་ལས་འབྱུང་བ་བཞིན་བྱས་ལ། བགེགས་བསྐྲད་དང་བསྐྱེད་ཆོག་དཀྱིལ་འཁོར་གྱི་སྟེང་དུ་འགོད་ལུགས་རྣམས་ཀྱང་སྒྲུབ་ཁོག་ལས་འཁྱུད་པའི་ཕྱིར་རེ་རེ་ཞིབ་པར་མ་བཀོད། སྨན་སྐོལ་བའི་ཚུལ་ནི་ལྡིང་ཁྲིའི་སྟེང་དུ་ཀ་ཏོ་ར་ནས་དང་རིན་པོ་ཆེས་བཀང་བ་


GTN005_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

༼ནས་༽ཆུས་སྦོལ་ནས་གཤོར་དང་ལྡན་པར་བྱས་དཀྱིལ་ཀྱོང་མོར་མོ་ཐོད་བཞག །དེའི་ནང་དུ་སྨན་གྱི་དར་ཁུག་བཙུགས། སྟེང་ནས་ཕོ་ཐོད་ཀྱིས་བཀབ་པའི་ཕྱི་ནས་དར་རས་ཀྱི་ན་བཟའ་གཙང་མས་རླུང་གསེབ་མི་འཆོར་བར་བསྒྲིབས་ནས་བཞག་ཅིང་ཀ་ཏོ་རའི་ཐིམ་ལག་པས་སྲན་ཚུགས་ཚད་ཙམ་རྒྱུན་དང་ཡོང་བར་བྱ་ཞིང་། མར་མེའི་མཐའ་ཡང་ཡོལ་བས་བསྒྲིབས་ཏེ་མེ་ངད་རླུང་གིས་མི་འཕྲོག་པར་བྱས་ལ་གཅིག་གི་ཐང་ཧ་ཅང་ཚ་བ་མ་ཡིན་པར་སྨན་གྱི་ཁང་བུ་དེ་སྤྱི་སྙོམས་སུ་ཚ་ཆིའི་ལེ་མས་སོང་བར་བྱ་བ་ནི་སྨན་མྱུར་དུ་ལང་བའི་གནད་ཡིན་ཞིང་། དབྱར་རུལ་བ། དགུན་འཁྱག་པ། དཔྱིད་དུས་སྙོམས་པ་སོགས་འབྱུང་བས་ན་ནམ་ཟླ་དེ་དག་དང་བསྟུན་པའི་ཚ་ཚོད་གྲང་ཚོད་དང་སྐམ་རློན་གྱི་གནད་ཤེས་པར་བྱའོ། །སྒྲུབ་པའི་སྒང་ལའང་ཞག་རེ་བཞིན་དར་ཁུག་གི་ཕྱི་ནས་རུལ་མ་རུལ་ལངས་མ་ལངས་དྲི་ངད་ཞིམ་སྐམ་གཤེར་ཚ་གྲང་སོགས་ཅི་འདྲ་འདུག་འཕྲལ་དུ་ལྟ་དགོས་ལ། སྐྱོན་དེ་དག་འདུག་ན་དེ་བཅོས་ཐབས་ཀྱི་ལག་ལེན་ལ་འབད་དགོས། མདོར་ན་སྨན་གྱི་ཁུག་མའི་ཕྱི་ནས་ལག་པས་རེག་ཚེ་ཆང་ལངས་འཕྲལ་ཀྱི་ཁ་ལ་རེག་པ་གྱིས་དྲོད་ཉིན་མཚན་ཁོར་ཡུག་ཏུ་ལྡན་དགོས། ནམ་ཟླ་སྟོད་སྨད་ལྟ་བུ་འབྱུང་བ་སྙོམས་པའི་དུས་མིན་ན་མ་གཏོགས་ཞག་བདུན་ལས་སྤྲོས་པའི་སྒྲུབ་ཡུན་ཧ་ཅང་རིང་བ་དང་ལྔ་ལས་ཐུང་བ་མི་བྱ་ཞིང་། གྲོལ་བའི་ཚེ་དར་ཁུག་ནས་བྱོ་ནས་བཟོ་དབྱིབས་སོགས་ལ་པྲ་བཏགས། དེ་རྗེས་སྐམ་རློན་སྔ་མ་བཞིན་འདུག་ན་དེ་དག་སྦོལ་བས་འཐུས་ལ། གལ་ཏེ་སྐམ་པའི་རྣམ་པ་འདུག་ན་ཐོག་མར་སྐོར་ཅིག་
འཕུར་ཟིན་པ་དང་། གོང་བཞིན་བདུད་རྩིའི་ཁ་བྲུ་བཏབ་ནས་སྦོལ་ཞིང་། སྦོལ་རྗེས་སུ་ཁུག་མར་བླུགས་ནས་རླུང་གསེང་མི་འཆོལ་བར་འཇོག་པ་ནི་སླར་ཡང་དྲི་ངད་ཡལ་མི་འགྲོ་བའི་གནད་དོ། །གལ་ཏེ་ཁ་དོག་སྐྱ་བོ་དང་ཐལ་ཤུ་སོགས་བྱུང་ན་གུར་གུམ་གྱི་ཆུ་བཏབ་པ་དང་། སྣུམ་ནག་གཙང་མ་ལག་པར་བྱུགས་ནས་སྣོལ་བ་སོགས་ཕྱག་ལེན་ལ་འདུག་ཅིང། སྦོལ་བའི་སྣོད་ཤིང་གཞོང་དང་། རྫ་གཞོང་གས་གྲུམ་མེད་པ་ཁོ་ནས་ཆོག་ཅིང་ཀ་ཏོ་ར་སོགས་གཡའ་ཅན་གྱི་རིགས་དང་ཁྱད་པར་ལྕགས་སྣོད་ལྕགས་ཐུར་སོགས་ཀྱི་འདྲ་འདྲེབ་མ་སོང་བ་གལ་ཆེ་ཞིང་། སྦོལ་བའི་ཆུ་ཡང་ནག་ཚུར་ཡོང་བའི་ཆུ་ཤོར་ན་ཁ་དོག་ནག་པོར་འགྱུར་བའི་ཕྱིར་བག་ཟོན་དང་གནད་འགག་རིགས་པར་བྱའོ། །

ཉམས་མྱོང་གི་བསླབ་བྱ།


GTN005_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཉམས་མྱོང་གི་བསླབ་བྱ་ནི། ནམ་དུས་སོས་ཀ་དང་། སྟོན་དུས་ལྟ་བུར་བྱ་བདེ་ལ། དབྱར་རུལ་ཉེན་ཡོད་པས་དྲོད་གཤེར་མ་ཆེས་ཙམ་དང་། དགུན་འཁྱག་པ་དང་སྐམ་པ་སོགས་མི་ལང་བའི་དོགས་པ་དགོས་པས། རློན་དྲོད་ཆེ་བར་བྱ། སྦོལ་བའི་ཚེ་སྐམ་གཤེར་རན་པ་ལ། ཧ་ཅང་ཤེད་ཆེས་ན་གོང་བུར་འདྲིལ་བ་དང་། ཤུགས་ཆུང་སེ་བ་ཡུན་རིང་ཕུར་བས། ཁ་དོག་ཁུག་ཤིང་སྣུམ་ཞད་ཆེ་བར་འབྱུང་ངོ་། །དབྱར་དུས་ལྟ་བུར་རུལ་གྱི་དོགས་པའི་ཟོན་སྐྱོར་དགོས་ཚེ། ཐོག་མར་སྣོལ་དུས་རླན་གཤེར་ཆེ་བར་


GTN005_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་མ་ནུས་ན། སླར་གྲོལ་ནས། བདུད་རྩིའི་ཁ་བྲུ་བཏབ་ཅིང་སྣོལ་བས་ཁ་དོག་ཁུགས་ཤིང་དྲི་ངད་ལྡང་བར་འགྱུར་རོ། །ལ་ལ་ཞིག་གིས་དར་ཁུག་གི་ཕྱི་ནས་ཞག་རེ་བཞིན་བདུད་རྩིའི་ཁ་བྲུ་འདེབས་པ་ནི། ཁ་དོག་མི་ལེགས་ཤིང་། དྲི་ངད་ཀྱང་འཕྲལ་དུ་ཆེ་ཡང་། སྐམ་ནས་ཡལ་འགྲོ་བའི་ཕྱིར་མི་བྱའོ། །བཀའ་བརྒྱད་སྒྲུབ་ཆེན་སྐབས་དཔལ་དགུའི་ཐོད་པ་དགུ་ཁོ་ན་ཡིན་ཞིང་། འོག་གཞི་རྡུལ་ཚོན་རས་བྲིས་གང་རུང་གི་སྐབས་སུ་དེ་སྟེང་རྒྱུན་དུ་ལྡིང་ཁྲི་གོང་འོག་གསུམ་ཡིན། སྨན་སྒྲུབ་དང་འབྲེལ་ན་བཞི་བྱེད་པའི། ལྡིང་ཁྲི་འོག་མའི་དཀྱིལ་དུ་དཔལ་དགུའི་སྲུང་ཕུར་གུ་རུ་གནམ་ལྕགས་སོགས་ཁྱད་པར་ཅན། མགུལ་དུ་སོ་སོའི་སྔགས་བྱང་ཅོད་པཎ་ནང་བྲིས་པ་གཙུག་ནས་བཀོད། དེ་སྟེང་སྨན་གྱི་ཕོ་བྲང་དབུས་སུ་སྨན་ལག་ལེན་ལྟར་འགོད། དར་ཡོལ་རིམ་པ་གསུམ་མཐིང་དཀར་དམར་བྱེད། དེ་སྟེང་དཔལ་དགུའི་རྟེན་ཐོད་མཚན་ལྡན་དགུ་ཁེབས་ལྡན་སྒྲུབ་ཕུར་སོ་སོར་བཙུགས་པ་བཀོད་དགོས་པས། དང་པོ་ཆེ་མཆོག་ཐོད་པའི་ནང་དུ་ལྟེ་བར་ཧཱུྃ་བདུན་རང་སར་གཏད་པ་མུ་ཁྱུད་ཟླུམ་སྐོར་ནང་ཧཱུྃ་གི་ཀླད་ནས་བརྩམས་ཆེ་མཆོག་རྩ་སྔགས་ལ་སྤེལ་ལ་ཚིག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་རློབ་ཏུ་གསོལ་ཡིག་མགོ་ཕྱིར་བསྟན། དེ་རྒྱབ་འཁོར་ལོ་རྩིབས་བཞི་སོ་སོར་ལྟེ་བའི་ཧཱུྃ་མགོ་ཕྱིར་བསྟན། དེ་རྒྱབ་ཟླུམ་སྐོར་ཉིས་རིམ། ཁ་ཁེབས་ཤིང་གི་ཟུར་ཐུམ་དངུལ་དང་ཟངས་གསེར་གང་རུང་སྟེང་། རྩ་བའི་ལྷ་


GTN005_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གྲུམ་མཐར་ཟླུམ་སྐོར་དང་། དེ་རྒྱབ་འཁོར་ལོ་རྩིབས་བཞི་མུ་ཁྱུད་ཟླུམ་སྐོར་གཉིས། དེ་སྟེང་ཆེ་མཆོག་ཐོད་སྐུ་དགྲ་ས་ཞབས་འོག་ཏུ་བསྟན་པ་བཀོད། ཕྱོགས་བཞི། ཡང་དག །གཤིན་རྗེ། རྟ་མགྲིན། ཕུར་པ། མཚམས་བཞིར་མ་མོ། རིག་འཛིན་དྲེགས་འདུལ། དྲག་སྔགས་བཞི་ལ་ཐོད་པ་སོ་སོའི་ནང་དུ་འཁོར་ལོ་རྩིབས་བཞི་སོགས་གཙོ་བོ་དང་མཚུངས་ཤིང་། རང་རང་གི་རྩ་སྔགས་སོ་སོར་ལ་སྤེལ་ཚིག་གོང་ལྟར། ཐོད་ཁེབས་སྟེང་ལྷ་གནས་གཙོ་བོ་ལྟར་གྱི་གྲུ་གསུམ། དེ་ནང་བླས་པར་སྒྲུབ་རྟེན་ཙནྡན་ཕུར་པ་སོ་སོར་འཛུགས་པའི་རྩེ་མོ་མི་འདྲ་བ། ཤར་དུ་ཡང་དག་ལ་ཕུར་རྩེ་རྒྱ་མདུད་སྟེང་དངུལ་གྱི་མར་མེ། གཤིན་རྗེ་རྒྱ་མདུད་སྟེང་ཁྲམ་བྱང་། རྟ་མགྲིན་ལ་ཁྲོ་བོ་དབུ་གསུམ་གྱི་སྟེང་རྟ་དབུ་གསུམ། ཕུར་པ་ལ་ཁྲོ་བོ་དབུ་གསུམ་སྟེང་རྡོ་རྗེ་རྩེ་ལྔའི་ཏོག །མ་མོ་རྒྱ་མདུད་སྟེང་སྙིང་། རིག་འཛིན་རྒྱ་མདུད་སྟེང་སྐུ་འོད་ཁང་ཅན། དྲེགས་འདུལ་རྒྱ་མདུད་སྟེང་སྐུ་འོད་ཁང་ཅན། དྲག་སྔགས་རྒྱ་མདུད་སྟེང་འོད་ཁང་ནང་རྩ་སྔགས་བྲིས་པ། ཕུར་པ་སོ་སོའི་མགུལ་དུ་གསེར་གཞུང་ལྟར་ཐུན་རྫས་ཐུམ་བུ་འདོགས། ཕྱི་རིམ་དར་ཡོལ་སུམ་རིམ་སྲུང་ཕུར་རྣམས། ལྷ་བུམ་དགུ་བཅས་བྱུག་བདུག་བྲབ་གསུམ་བྱེད་དགོས། སྒྲུབ་ཕུར་ལ་མི་དགོས། དེ་སྟེང་དཔལ་དགུའི་བུམ་པ་ཆས་ལྡན་བཅུད་ཀྱིས་གཏམས་པར་སོ་སོའི་ལྷ་ཙཀ་བཅས་དང་། མར་མེ་དགུ་ཡང་འགོད་པ་ལགས། རྡུལ་ཚོན་གྱི་ཁྱམས་ལ་ཤར་ནས་བརྩམས་དབང་མོ་རྣམས་ཕུར་པ་མགོ་བརྙན་སོ་སོ་ལྟར་ཞལ་ནང་བསྟན། དེ་རྒྱབ་སྒོ་བཞི་ཕྱིར་གཟིགས་འགོད་བྱའི་ཕུར་པ་སོ་སོའི་མགུལ་དུ་


GTN005_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

དར་སྣ་ལྔའི་ཅོད་པཎ་རེ་ཡོད། དེ་རྒྱབ་དུར་ཁྲོད་ལ་མ་ཊཾ་ལྟ་བུ་སོ་སོར་མཐོང་བརྒྱུད་ལྟར་བཀོད། དེ་རྒྱབ་པད་རྭ་རྡོ་རྭ། དེའི་སྟེང་ཁྲོ་བཅུའི་ཕུར་པ་ཅོད་པཎ་ཕྱག་བཞེས་ལྟར། སྟེང་ཕུར་ཤར་གྱི་ཤར་དང་། འོག་ཕུར་ནུབ་ཀྱི་ནུབ་ཏུ་ཡིན་པ་སོགས་འདྲེས། མཐར་ཞི་མཆོད་སྐོར་བཤམས། དཀྱིལ་འཁོར་རྒྱབ་ཏུ་བདག་བསྐྱེད་གཏོར་མ། བཀའ་སྲུང་ཆད་བསྟན་སོགས་རྒྱུན་བཞག་སྨན་རཀྟ་ཞི་མཆོད་དྲག་མཆོད་སྣ་སྦྲེལ། དཀྱིལ་འཁོར་མདུན་དུ་སྨན་རཀྟ་གཏོར་མ། བཀའ་སྲུང་ཆད་བསྟན་སོགས་རྒྱུན་འབུལ་རྣམས་དང་། མཆོད་བསྟོད་ལ། སྟར་དང་པོ་ཁྲོ་བོའི་མཆོད་གཏོར་བརྒྱ། སྟར་གཉིས་པ་སྨན་བརྒྱ། སྟར་གསུམ་པ་རཀྟ་བརྒྱ། སྟར་བཞི་པར་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། ཉེ་བའི་རིན་ཆེན་བདུན། རྫས་བརྒྱད། མཆོད་ལྷ་སོ་གཉིས། སྟར་ལྔ་པར་མཆོད་ཡོན་རྫས་ལྡན་བརྒྱ། སྟར་དྲུག་པར་ཞབས་བསིལ་རྫས་ལྡན་བརྒྱ། སྟར་བདུན་པར་མེ་ཏོག་གྲོ་ནས་འབྲས་སོགས་སྤེལ་མ་བརྒྱ། སྟར་བརྒྱད་པར་བདུག་སྤོས། སྤོས་རྟ་རེང་བུ་ལྔ་རེ་འཛུགས་པ་བརྒྱ། སྟར་དགུ་པར་མཚན་ཐུབ་བརྒྱ། བཅུ་པར་དྲི་ཆབ་རྫས་ལྡན་བརྒྱ། སྟར་བཅུ་གཅིག་པར་ཞལ་ཟས་སྡེར་ལྡན་བརྒྱ། བཅུ་གཉིས་པར་ཚོགས་སྡེར་ལྡན་རྫས་བཅས་བརྒྱ། དེ་དཀྱིལ་ཞལ་ཟས་ཆེ་བ་རྒྱན་ཁྲ་གཟབ་འཕྱོར་ཅན་གཡས་གཡོན་དུ་དེ་ལས་ཆུང་ཙམ་རེ་རྒྱན་འཕྱོར། དཀྱིལ་འཁོར་ལྷོར་སྟེགས་བུ་སྟེང་། ཛ་གད་བུམ་པ་ཁ་རྒྱན་མགུལ་ཆིངས་ཅན། ཚེ་གའུ། ཉི་ཟླ་ཁ་སྤྲོད། ཚེ་འབྲང་བུམ་གཟུགས། ལས་བཞིའི་གཏོར་མ་རིགས་ལྔའི་ཕྱག་མཚན་ཅན། དཀྱིལ་འཁོར་བྱང་དུ་ལྕོག་སྟེགས་ལ་དྲག་


GTN005_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྫས་ལྡན། ཉུལ་ལེའི་ཆས་ཐུན། ཕུར་པ་ནམ། ཁེབས་ལྡན་སོགས། སློབ་དཔོན་མདུན་དུ་བདག་འཇུག་ལ་གང་དགོས་གཙོས་མདུན་ཆས་འགོད། གཟུངས་ཐག་སྣ་ལྔའི་རྡོ་རྗེ་སྨན་གྱི་སྟེང་ནས་ཐོད་སྐུ་བུམ་པ་སོགས་ལྡིང་ཁྲིའི་བུག་པ་གྱེན་དུ་རིབ་དྲངས་དེ་ནས། གཟུངས་ཐག་དྲུག་ཏུ་གྱེས་པ་སློབ་དཔོན། སྔགས་རྒྱུན་པ། ཕྱོགས་བཞིའི་སློབ་དཔོན་སོ་སོའི་ཕྱག་ཏུ་འབུལ་བདེ་བར་བྱེད་པའོ། །འདི་རྣམས་ཤིང་འབྲུག་ཟླ༩ཚེས༡༠ལ་དཔལ་སྤུངས་སུ་རང་སློབ་མཁས་བཙུན་བཟང་པོའི་མངའ་བདག་དགེ་སློང་དམ་པ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་དྲིས་ལན་དུ་ཞེ་ཆེན་གདན་སར་མཁན་པོ་མངའ་རིག་སྨྲ་བའི་ཁུར་འཆང་སྤྲུལ་སྐུ་མཐུ་སྟོབས་པས་བརྗོད་པས་དགེའོ། །དགེའོ། །དགེའོ། །དགེའོ། །། །།

དམ་ཅན་གསོལ་མཆོད་ཕྲིན་ལས་མྱུར་མགྱོགས།


GTN005_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཅན་གསོལ་མཆོད་ཕྲིན་ལས་མྱུར་མགྱོགས་ཞེས་བྱ་བ་བཞུགས་སོ། །ༀ་སྭ་སྟི། མཆོག་གསུམ་དབྱེར་མེད་བླ་མ་ལ། །བཏུད་ནས་དམ་ཅན་ནོར་སྒྲུབ་ཀྱི། །རྒྱུན་གསོལ་ཉུང་ངུ་ཁྱེར་བདེའི་རིགས། །འདོད་དོན་མཆོག་སྩོལ་བརྗོད་པར་བྱ། །གཞུང་ནས་བཤད་ལྟར་བཅས་གཤམ་གྱི་རིམ་པ་དང་། ཡོ་བྱད་ཚོགས་ནས་ཡི་དམ་གསལ་ལ་གནས་པས། ཧྲཱིཿ རང་ཉིད་དབང་ཆེན་རྟ་མགྲིན་གསལ་ བའི་གཙུག །པདྨ་ཐོད་ཕྲེང་གཟི་བརྗིད་འོད་འབར་མདུན། །རིན་ཆེན་གཞལ་ཡང་ཁང་བཀོད་ཕུན་ཚོགས་དབུས། །སེངྒེ་དཀར་མོའི་སྟེང་དུ་ཏྲི་ཡིག་ལས། །ནོར་ བདག་དགེ་བསྙེན་དཀར་ལ་དམར་བའི་མདངས། །ཞལ་གཅིག་ཕྱག་གཉིས་ཟ་འོག་འཇོལ་བེར་དཀར། །གསེར་སྐེད་སྐུ་རེག་སྟག་ཞུ་ཁྲ་བོ་གྱོན། །སག་ཏིའི་ལྷྭ་མནབ་ཕྱག་གཡས་ལྕག་ཀྱུ་དང་། །རིན་པོ་ཆེ་འཛིན་གཡོན་པ་ལྡེའུ་མིག །དུང་ལས་གྲུབ་དང་ནེའུ་ལེ་བསྣམས་པ། །རིན་ཆེན་རྒྱན་སྤྲས་ཀོང་བཙུན་དེ་མོ་ནི། །གཡས་པས་མེ་ལོང་དར་དཀར་ཡབ་ལ་འཁྱུད། །གཡོན་པས་མདའ་དར་གཡབ་པས་ཟས་ནོར་སྡུད། །སྐུ་ལ་དར་དཀར་གསེར་གྱི་ཐིག་ལེ་སྤྲས། །དབུ་ཞྭ་གཡུ་ཐོད་མུ་ཏིག་ཁྲ་ཚོམ་མཛེས། །སྒ་གོང་རིན་ཆེན་སྟག་སྒྲོར་ནོར་སྤྱང་འབོད། །ཕྱི་རིམ་པད་འདབ་བརྒྱད་ལ་འཛམ་ལྷ་བརྒྱད། །གཡས་རྣམས་གསེར་གྱི་ལྡེའུ་མིག་ལྕག་ཀྱུ་དང་། །གཡོན་རྣམས་ནེའུ་ལེ་དང་སྟག་སྒྲོ་འཛིན། །གཏེར་བརྒྱད་


GTN005_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་འགྱིངས་རིན་ཆེན་རྒྱན་གྱིས་བཀླུབས། །དེ་རྒྱབ་དགེ་བསྙེན་ཉེར་གཅིག་སྐུ་མདོག་དམར། །མེན་ཏྲི་དམར་སེར་བེར་མནབ་ས་ཞུ་གསོལ། །གཡས་ན་ལྕག་ཀྱུ་སྟག་གི་རྒྱལ་མཚན་དང་། །གཡོན་པ་བ་དན་དམར་པོ་མཁའ་ལ་ཕྱར། །མཆན་དུ་སྟག་སྒྲོ་དེ་རྒྱབ་བརྟན་མ་རྣམས། །གཡས་པས་མེ་ལོང་ནོར་བུ་གཡོན་པ་ནས། །ནོར་སྡུད་མདའ་དར་ཐོགས་ཤིང་དར་དཀར་གྱི། །ན་བཟའ་གསེར་གཡུའི་ཐིག་ཕྲན་སྤུད་པ་དང་། །གཡུ་ཐོད་མུ་ཏིག་ཅན་མནབ་རྣལ་འབྱོར་པའི། །གྲགས་སྙན་སྒྲོགས་ཤིང་སྲིད་གསུམ་འགྲོ་བ་ཡི། །དཀར་ནག་སྙིང་གི་མཚམས་ནས་དྲངས་ཤིང་བསྐུལ། །དེ་རྒྱབ་མཆེད་འཁོར་སུམ་བརྒྱ་དྲུག་ཅུ་རྣམས། །སྟག་ཆས་ཞུབ་ཆེན་བཙུན་ཆས་ཐམས་ཅད་ཀྱི། །ཕྱག་ན་ནོར་བུ་རིན་པོ་ཆེའི་སྣོད་བསྣམས། །རྒྱབ་ཏུ་སྟག་སྒྲོ་ནོར་སྦས་བཀང་བ་ཁུར། །ཡི་དམ་ཐུགས་ཀའི་ཧྲཱིཿ དང་མདུན་བསྐྱེད་ཀྱི། །ཐུགས་ཀའི་ཏྲི་ལས་འོད་ཟེར་ལྕག་ཀྱུ་ལྟར། །འཕྲོས་པས་འཁོར་ཡུག་ལ་སོགས་གནས་རྣམས་ནས། །དམ་ཅན་ནོར་ལྷ་འདས་དང་མ་འདས་ཀྱི། །ནོར་ལྷ་བརྟན་མ་ཐམས་ཅད་སྤྱན་འདྲེན་གྱུར། །ལྷའི་ང་རྒྱལ་བརྟན་པོས་དར་དམར་གཡབ། རྐང་གླིང་རྔ་རོལ་སོགས་སྙན་པའི་དབྱངས་ཀྱིས། ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་གི་ན༔ ནུབ་ཕྱོགས་གཙང་གི་འོ་ཡུག་ནས༔ ཤེལ་གུར་དཀར་པོའི་ནང་ཤེད་ན༔ རྡོ་རྗེ་ལེགས་པ་ཡབ་ཡུམ་དང་༔ གནོད་སྦྱིན་ནོར་ལྷ་བརྟན་མར་བཅས༔ དགྲ་ལྷ་ཉེར་གཅིག་ཡང་འཁོར་ཚོགས༔ མཆོད་པའི་གནས་མཆོག་དམ་པ་འདིར༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་དྷུ་ས་མ་ཡ༔ བཛྲ་ལི་ལ་མ་


GTN005_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཀྐིང་ར་ས་མ་ཛཿ ཛ་ཧཱུྃ་བཾ་ཧོཿ ཐམས་ཅད་ཆར་སྤྲིན་འཁྲིགས་པ་ལྟར་བྱོན་པར་བསམ། ཧྲཱིཿ དེང་གི་བསྒྲུབ་པའི་གནས་འདི་རུ༔ རིན་ཆེན་ཤེལ་གྱི་གཞལ་ཡས་ཁང་༔ བཀོད་མཛེས་ཡིད་འོང་ཕོ་བྲང་དབུས༔ ནོར་ལྷ་དམ་ཅན་འཁོར་བཅས་བཞུགས༔ བཛྲ་ས་དྷུ་ས་མ་ཡ་ཏིཥྛ་ལྷན༔ མཆོད་འབུལ་ནི། ཧཱུྃ། དམ་ཅན་ནོར་ལྷ་འཁོར་བཅས་ལ༔ ཕྱི་ནང་མཆོད་པའི་བྱེ་བྲག་ནི༔ དངོས་འབྱོར་ཡིད་སྤྲུལ་ལས་བྱུང་བའི༔ ནམ་མཁའ་མཛོད་སྤྲོས་རྒྱས་པར་རོལ༔ ༀ་བཛྲ་ས་དྷུ་ཨ຋ཾ་ནས་ཤབྟ་རུ་པ་ཤབྟ་གནྡྷེ་ར་ས་སྤརྴེ་ཀརྨ་གུ་ཎ་པཉྩ་ཨ་མྲི་ཏ་རཀྟ་ཁ་ཁ་ཁ་ཧི། ཞེས་དང་། བཛྲ་ས་དྷུ་ས་པ་རི་ཝ་རེ་བྷྱཿ ཨེ་དཾ་བ་ལ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། བསྟོད་པ་ནི། ཧཱུྃ། པདྨ་ཧེ་རུ་ཀ་ཡི་ཐུགས་སྤྲུལ་ནིཿ ༔རྡོ་རྗེ་ལེགས་པ་བསྟན་སྲུང་དགྲ་ལྷ་མཆོག༔ རྣལ་འབྱོར་སྒྲུབ་པོ་མཆོག་ཐུན་དངོས་གྲུབ་སྟེར༔ གང་བཅོལ་ལས་རྣམས་ཐོགས་མེད་མྱུར་དུ་སྒྲུབས༔ སངས་རྒྱས་བསྟན་བསྲུང་དཀོན་མཆོག་དབུ་འཕང་བསྟོད༔ དགེ་འདུན་སྡེ་སྐྱོང་སྲིད་ཞིའི་དཔལ་གཡང་སྡུད༔ དྲག་རྩལ་མྱུར་མགྱོགས་མཐུ་སྟོབས་རྫུ་འཕྲུལ་བདག༔ བསྟན་བསྲུང་ཆེན་པོ་འཁོར་དང་བཅས་ལ་བསྟོད༔ བསྙེན་པ་ནི། རང་ཉིད་ལྷ་ཡི་ཐུགས་ཀ་དང་། མདུན་བསྐྱེད་ལྷ་ཚོགས་ཀྱི་ཐུགས་ཀའི་ཧྲཱི་ལས་ཛཿ སྦྲེལ་མ་ལྕག་ཀྱུ་ལྟ་བུ་འཕྲོས། སྟོང་གསུམ་འཇིག་རྟེན་ལྷ་ཀླུ་མི་དང་མི་མ་ཡིན་གྱི་ཟས་ནོར་ལོངས་སྤྱོད་ཐམས་ཅད་ཀྱི་ཕོ་མོའི་གསང་གནས་སུ་ལྕག་ཀྱུའི་རྩེ་མོ་ཞུགས་ནས་རང་དབང་མེད་པར་བཀུག་སྟེ་བདག་ལ་སྩོལ་བར་བསམ། ༀ་བཛྲ་སཱ་དྷུ་ས་མ་ཡ་ཀིང་ཀ་ར་ཧཱུྃཿ བཛྲ་ལི་ལ་མ་ཧཱུཾ་ཛཿ ༀ་ཛམ་བྷ་ལ་ཛ་


GTN005_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་ཊ་ཡ་སྭ་ཧཱ། ཏྲི་ཀར་ཤ་ལིངཿ ཏྲི་པྲ་མ་ཎི་ཀྐི་ར་བྷྱོཿ རཏྣ་སིདྡྷི་ཀུ་རུ་ཧཱུཾ་ཛཿ ཛཿ ཏྲིའུ་ཏྲིའུ་སྲ་མ་དུན་ཀ་ར་སྐྱེས་པ་བུད་མེད་སརྦ་པཱ་ཤཾ་ཏྲི་ཡ་སིདྡྷི་ཕ་ལ་ཁུག་སྐྱོལཿ ཞེས་ཅི་ནུས་བཟླསཿ བསྐོང་བ་ནི། ཧཱྃ། དམ་ཅན་ཆེན་པོ་རྡོ་རྗེ་ལེགས་པ་མཆོག །འཇིག་རྟེན་འདི་ན་མཐུ་དང་རྫུ་འཕྲུལ་ཆེ། །མངོན་ཤེས་ཐོགས་མེད་སྒྲུབ་པོར་སྙིང་ཉེའི་བདག །ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་འབུལ། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་རོལ་མོའི་ཚོགས། །གཟུགས་སྒྲ་དྲི་རོ་རེག་བྱ་སྨན་རག་གཏོར། །ཕྱི་ནང་མཆོད་སྤྲིན་རྒྱ་མཚོས་ཐུགས་དམ་བསྐང་། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་དང་། །ཤིས་པའི་རྫས་བརྒྱད་གླིང་བཞི་རི་རབ་བཅས། །གསེར་རི་རོལ་མཚོ་སྟོང་གསུམ་སྣོད་བཅུད་ཀྱིས། །ལོངས་སྤྱོད་ཕུན་སུམ་ཚོགས་པས་ཐུགས་དམ་བསྐང་། །ར་ཤ་ར་ཚིལ་ཕ་ཝོང་ལོང་བུ་དང་། །སྟག་སྒྲོ་སྲོག་འཁོར་མེ་ལོང་མདའ་དར་བཅས། །གསེར་གཡུ་མུ་ཏིག་ཚོགས་དང་བྱི་རུའི་ཚོགས། །ལྷ་མི་ནོར་སྣ་ཁྱད་འཕགས་ཐུགས་དམ་བསྐང་། །སེངྒེ་དཀར་མོ་རྟ་མཆོག་ར་སྐྱེས་དང་། །སྟག་གཟིག་དམ་དྲེད་འཕར་སྤྱང་གཅན་ཟན་ཚོགས། །གནམ་ལ་འཕུར་དགུ་ས་ལ་འཛུལ་དགུ་ཚོགས། །སྲོག་ཆགས་མ་ཚང་མེད་པས་ཐུགས་དམ་བསྐང་། །རྔ་ཁྲབ་སྟག་རས་འབྲུ་སྣ་སྤྱན་གཟིགས་དཀོར། །ར་ཡི་དབང་པོ་གྲི་སྙིང་མཐུན་པའི་རྫས། །ཡོད་དོ་ཅོག་གི་དགྱེས་དགུར་སྤྱོད་པའི་རྟེན། །སྲིད་ན་གང་མཆིས་ཚོགས་ཀྱིས་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ཀྱིས། །ནོར་ལྷ་


GTN005_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཅན་ཡབ་ཡུམ་འཛམ་ལྷ་བརྒྱད། །བརྟན་མ་ཡང་འཁོར་སུམ་བརྒྱ་དྲུག་བཅུ་རྣམས། །དགེ་བསྙེན་ཉེར་གཅིག་བཅས་པའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བས་འདི་ནས་བྱང་ཆུབ་བར། །མི་འབྲལ་ཡུན་གྱི་ལྷ་རུ་ཁྱེད་བསྟེན་ན། །བསམ་པའི་དོན་སྒྲུབ་འདོད་པའི་རེ་བ་སྐོང་། །ཚེ་ནོར་ཆོས་གསུམ་འཕེལ་བའི་སྡོང་གྲོགས་མཛོད། །སྒྲུབ་པོར་ཡོ་བྱད་དངོས་པོ་ཆེ་ཕྲ་ཆུང་། །དམ་ཅན་སྐྱེས་བུ་འཁོར་བའི་རྟེན་དུ་བཞག །དགྲ་རྐུན་ཉེར་འཚེ་མི་འདོད་བར་ཆད་སོལ། །མཐུན་རྐྱེན་འདོད་དགུའི་བཀྲ་ཤིས་དགེ་ལེགས་སྩོལ། །བཤགས་པ་ནི། ཧཱུྃ། ཆོས་སྐྱོང་ཆེན་པོ་དགོངས་ཤིག་བདག་ཅག་གིས། །མ་རིག་གཏི་མུག་དབང་སོང་ནོངས་པའི་ཆ། །སྙིང་ནས་འཐོལ་བཤགས་འབུལ་ལོ་ཚངས་པར་མཛོད། །མཆོག་དང་ཐུན་མོངས་དངོས་གྲུབ་མ་ལུས་སྩོལ། །ཡིག་བརྒྱ་བཟླ། གཏོར་མ་འབུལ་བ་ནི། དགྲ་བགེགས་འགུགས་བསྟིམ་ཤ་ཁྲག་བདུད་རྩིར་སྤེལ་བར་བསམ་ལ། ༀ་བཛྲ་སཱ་དྷུ་ས་མ་ཡ་ས་པ་རི་ཝ་རེ་བྷྱེཿ ཨེ་དམ་བ་ལིངྟ་ཁ་ཁ་ཁཱ་ཧིཁ་ཧི། ལན་གསུམ། ཧཱུྃ། བསྟན་དགྲ་བསྒྲལ་པའི་ཤ་རུས་དོན་སྙིང་སོགས། །འདོད་ཡོན་མ་ཚང་མེད་པའི་སྤྲིན་འཕྲོ་བ། །སྔར་མཛད་གཏང་རག་སླད་ཀྱིས་འཕྲིན་བསྐུལ་རྟེན། །འབུལ་བའི་དགྱེས་བཞེས་འཕྲིན་ལས་གཡེར་མེད་སྒྲུབ། །གཏོར་མ་གཙང་སར་འབུལ། སླར་གཏང་རག་གི་མཆོད་པ་ནི། བཛྲ་སཱ་དྷུ་ཨ຋ཾ་ནས་ཤབྟ་ཨ་མྲི་ཏ་རཀ་ཏ་བ་ལིངྟ་ཏ་ཁཱ་ཧི། ཧཱུྃ། སྔོན་གྱི་ཨོ་རྒྱན་ཆེན་པོའི་སྤྱན་སྔ་རུ། །ཚུལ་བཞིན་སྒྲུབ་པར་བྱེད་པའི་གང་ཟག་ལ། །མ་ཡིས་བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་རྡོ་རྗེ་ལེགས་པ་ཁྱོད་ལ་བསྟོད། །རྟེན་ཡོད་ན་དེ་ལ་བསྟིམ། མེད་ན་བཛྲ་མུས་


GTN005_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས། གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་སོགས། བདག་གི་བསམ་དོན་མ་ལུས་འགྲུབ་པར་མཛོད། །ཅེས་བརྗོད་དོ། །རྣོ་མྱུར་ཐོགས་མེད་སྙིང་ཉེའི་གྲོགས། །ས་ལམ་འགལ་རྐྱེན་ཀུན་སེལ་བ། །གསང་བདག་དངོས་སྤྲུལ་རྡོར་ལེགས་ཀྱི། །ངོ་མཚར་མཆོད་ཐབས་རྨད་དུ་བྱུང་། །དམ་ཅན་རྒྱུན་གསོལ་ཕྲིན་ལས་མྱུར་མགྱོགས་འདོད་དོན་མཆོག་སྩོལ་ཞེས་པ་འདི། རྒྱལ་བསྟན་མཛེས་པའི་རྒྱན་གཅིག་ཆོས་རྗེ་རིན་པོ་ཆེ་སྐུ་ཕྲེང་གསུམ་པའི་བཀའ་ཡིས་བསྐུལ་བ། ལྷ་རྫས་ཀྱི་རྟེན་བཅས་གནང་བའི། ཤཱཀྱའི་དགེ་སློང་ཞེ་ཆེན་པ་འགྱུར་མེད་མཐུ་སྟོབས་རྣམ་པར་རྒྱལ་བའི་སྡེས་མཉམ་མེད་ཙོང་ཁ་བའི་རང་ལུགས་འཛིན་པའི་ཆོས་སྡེ་ཆེན་པོ་བཀྲ་ཤིས་དགའ་ལྡན་ཆོས་འཕེལ་གླིང་གི་གཟིམ་ཆུང་རྡོ་རྗེ་གྲུབ་པའི་ཕོ་བྲང་དུ་ཤར་མར་སྤེལ་བའི་ཡི་གེ་པ་ནི་དགེ་སློང་སངས་རྒྱས་ཆོས་འཕེལ་ལོ། །མངྒ་ལཾ།། །།

པར་བྱང་སྨོན་ཚིག


GTN005_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱང་སྨོན་ཚིག འདི་ལྟར་བགྱིས་པའི་བསོད་ནམས་དགེ་ཚོགས་ཀྱིས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པར་ཤོག །འཇིག་རྟེན་བདེ་ཞིང་ནད་མུག་འཁྲུགས་རྩོད་ཞི། །འབྲེལ་ཐོགས་གཙོར་བྱས་མ་གྱུར་འགྲོ་བ་ཀུན། །ཚོགས་གཉིས་རྫོགས་ཏེ་སྒྲིབ་གཉིས་བྱང་ནས་སུ།། མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཅེས་པ་འདི་ནི་ཞེ་ཆེན་དབོན་སྤྲུལ་ལྔ་པའི་མཚན་འཛིན་འགྱུར་མེད་གཞན་ཕན་འོད་ཟེར་ནས་སྨོན་པའོ།། །།