cover

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་བརྒྱད་པ།

གླེགས་བམ། ཉི༽

སློབ་དཔོན་ཆེན་པོ་རྡོ་རྗེ་ཧཱུྃ་མཛད། སློབ་དཔོན་མཚོ་སྐྱེས་རྡོ་རྗེ།

སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད།

དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོ་ཞེས་བྱ་བའི་རྒྱུད་བཞུགས་སོ། །རྒྱ་གར་སྐད་དུ། ཤྲཱི་ནཱ་ཐཱ་ཀཱ་ལ་ཨ་བྷི་སྣཱ་ས་མ་ལ་ལཱི་ཏ་ཡུདྷ་ཙཀྲ་ནཱ་ཱམ་ཏནྟྲ། བོད་སྐད་དུ། དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོ་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་དཔལ་སྒྲོལ་བྱེད་ཐུགས་རྗེའི་རྒྱལ་པོ་ཤིན་ཏུ་རྣམ་པར་གྲོལ་བ་ཉིད་ལ་ཕྱག་འཚལ་ལོ། །འདི་སྐད་འགྲོ་བ་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དེ་སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བྱེ་བྲག་དུ་མ་ན་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱོད་ཡུལ་ཐམས་ཅད་ནས་ཐམས་ཅད་དུ་ཡོངས་སུ་དག་པ་དང་། རྒྱལ་པོ་ལྔ་ལྟར་རྫོགས་ལོངས་སྤྱོད་པ་དང་། ཐུབ་པའི་དབང་པོ་ལྟ་བུ་སོགས་པ་བསམ་གྱིས་མི་ཁྱབ་པའི་དྲུང་ན་རང་རང་དང་མཐུན་པའི་སྐུ་དང་། མཚན་གྱི་བྱེ་བྲག་དུ་མ་སྟོན་ཅིང་འཁོད་དེ། སྐུའི་བྱེ་བྲག་དེ་འདྲ་བ་རེ་རེའི་འཁོར་ན་ཡང་འདུན་པ་སེམས་པ་དང་། རིགས་ཆེན་འབྱེད་པ་དང་། དབུགས་ཆེན་འབྱིན་པ་དང་། ལུང་ཆེན་ཐོབ་པ་དང་། རྩལ་ཆེན་རྫོགས་པའི་རྣལ་འབྱོར་གྱི་བྱེ་བྲག་གྲངས་བརྗོད་ཀྱིས་མི་ལང་བས་བསྐོར་ནས་བཞུགས་སོ། །དེ་དང་དེ་ཉིད་འབྱུང་བའི་དུས་ཀུན་ཏུ། རང་གི་སྟོན་པ་ལ་ཉན་ཅིང་རང་གི་ཉེས་འཁོར་ན་ཆོས་སྟོན་ཏོ། །དེ་ཡང་གང་ཞེ་ན། སེམས་ཀྱི་རང་བཞིན་འོད་གསལ་བ། གསང་སྔགས་ཀྱི་ངོ་བོ་དེ་ཉིད་དོ། །སྤྲུལ་པའི་སྐུ་དེ་དག་འདས་ནས་ཀྱང་འབྱུང་བའི་དུས་དེའི་འཁོར་གྱིས་རྟོག་པ་སེལ་ཞིང་གསང་སྔགས་སྟོན་ཏོ། །དེའི་དུས་ན་ཐུབ་པ་ཆེན་པོ་དེ་ཉིད་དགོངས་པ་གསུམ་གྱི་ཕྱིར་མྱ་ངན་ལས་འདའ་བའི་ཚུལ་སྟོན་ཏོ། །དེའི་དུས་ན་རྫུ་འཕྲུལ་ཅན་བཀའ་འགྲོ་བ་མཛད་ནས་འཁོར་བསྡུས་པས། གང་ནང་དུ་ཡང་དག་པར་འཇོག་པ་ལྔ་མ་གཏོགས་པ་འདུས་ནས་རང་རང་གི་ཐེ་ཚོམ་བཅད་དོ། །འཁོར་འདུས་པའི་ནང་ནས་རིག་འཛིན་རྒྱལ་པོ་ཉིད་ཀྱིས་གསང་བ་དམ་པའི་བསྟན་པ་རྒྱས་པར་ནམ་བྱུང་། སངས་རྒྱས་ཉིད་ཀྱིས་གསང་སྔགས་མི་སྟོན་ནམ་ཞུས་པས། གསང་སྔགས་དུས་བཅུ་གཉིས་ཀྱི་དུས་སུ་བྱུང་། འབྱུང་འབྱུང་བར་འགྱུར་རོ། །དེ་ལྟར་ངས་ཚོགས་སུ་རྒྱས་པར་མ་བྱས་ཀྱང་། དམ་པའི་རིགས་རྟོགས་པ་གསུམ་ལྡན་ལ་སོགས་ཀུན་ལ་རྒྱས་པར་བཤད་པས་ང་མྱ་ངན་ལས་འདས་ནས་ལོ་བརྒྱད་དང་བཅུ་གཉིས་ཀྱི་དུས་སུ་འབྱུང་ཞེས་ལུང་བསྟན་ནས་འདས་སོ། །ལོག་པའི་བདུད་རྣམས་ནི་ཀྱལ་ཀའི་ཚིག་སྒྲོགས་པར་འགྱུར་ལ། དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་ཕལ་ཆེ་བ་མྱང་ངན་གྱིས་གདུངས་ཤིང་ཀྱི་ཧུད་ཀྱི་ཧུད་ངུ་ཆོ་ངེས་འདེབས་སོ། །རང་གི་དོན་ལ་སེམས་དཔའ་རྣམས་ནི་འདའ་བ་མེད་པའི་དོན་ཆུད་དེ་གནས་སོ། །དེ་ནས་དེའི་དུས་ལ་བབ་པའི་ཚེ་རིགས་ཅན་ལྔ་ནི་འདི་ལྟ་སྟེ། བློ་གྲོས་ཐབས་དང་ལྡན་པ་དང་། ཟབ་པ་དང་། དྲི་མ་མེད་པ། མཐའ་ཡས་པ། བློ་གྲོས་གསལ་བ། རང་གི་མངོན་པར་ཤེས་པས་མཁྱེན་ཏེ། རྫུ་འཕྲུལ་གྱིས་ལྷོ་ཕྱོགས་ཀྱི་གླིང་ཏན་ཏྲའི་ཚལ་དྲག་ཤུལ་ཅན་གྱི་རི་ལ་ཚོགས་ཏེ་སྟོན་པ་འདས་པ་དང་། གསང་སྔགས་ཀྱི་ཐེག་པ་མ་བྱུང་བ་ལ། གདུག་པ་ཅན་དང་བཅས་ཏེ་སྨྲེ་སྔགས་ཆེར་བསྒྲགས་པས། བདེ་བར་གཤེགས་པ་ཐམས་ཅད་ཀྱིས་གསན་ནས། གསང་བའི་བདག་པོ་ལ། རིན་པོ་ཆེའི་འཁོར་ལོ་རྩིབས་དང་ལྡན་པའི་དབང་བསྐུར་ནས་གསང་སྔགས་རྡོ་རྗེ་ཐེག་པ་ཤོད་ཅིག་པར་བཀའ་བསྒོའོ། །དེ་ནས་གསང་བའི་བདག་པོས་ཞལ་གྱིས་བཞེས་ཏེ། ཐུགས་རྗེའི་རྫུ་འཕྲུལ་གྱིས་རང་བཞིན་གྱི་སྐུར་མཛད་ནས། རི་མ་ལ་ཡའི་རྩེར་བྱོན་ནོ། །དེང་དམ་པའི་རིག་ཅན་ལྔ་པོས་འདི་ཅི་ཡིན་སྙམ་སྟེ་ཐེ་ཚོམ་དུ་གྱུར་ནས་དྲིས་པ། ཨེ་མ་ཧོ། ངོ་མཚར་ཆེའོ། །སྐྱེས་བུ་ཆེན་པོ་ཁྱོད་སུ་ཞིག་ཡིན། གང་ནས་བྱོན། གདུང་རུས་ཕ་མ་ཅི་ཡིན་གང་ལ་བརྟེན། དོན་ཅི་ལ་བྱོན། ཞེས་དྲིས་པས། གསང་བའི་བདག་པོས་བཀའ་སྩལ་བ། །ང་ནི་ཅིས་ཀྱང་མི་བསྐྱོད་དེ། །འགྱུར་མེད་རྡོ་རྗེ་སེམས་དཔའ་ལས། །ཡེ་ཤེས་ཐུགས་རྗེས་འགྲོ་དོན་ལ། །བྱོན་པས་གསང་བདག་ཕྱག་རྡོར་ཡིན། །སྲིད་གསུམ་འགྲོ་བའི་གཉེན་གཅིག་ཡིན། །སྟོང་པ་ཆེན་པོའི་དབྱིངས་ནས་འོང་། །ཕ་ནི་སྣ་ཚོགས་མ་འགགས་ཐབས། །མ་ནི་ཤེས་རབ་བརྗོད་དང་བྲལ། །རྡོ་རྗེ་རིགས་ཆེན་ང་ཡི་རུས། །བཤེས་གཉེན་ཕྱོགས་བཅུའི་སངས་རྒྱས་ཀྱིས། །དབང་བསྐུར་འགྲོ་བའི་ཚིག་ལ་བརྟེན། །ཁྱེད་ཀྱི་ཐེ་ཚོམ་སེལ་དུ་འོངས། །འགྲོ་བ་སྨག་རུམ་འཁྱམས་པ་ལ། །ཡེ་ཤེས་སྒྲོན་མེ་སྦར་དུ་འོངས། །འཁོར་བའི་རྒྱ་མཚོར་བྱིང་བ་ལ། །ཐབས་ཀྱི་གྲུ་གཟིངས་བྱེད་དུ་འོངས། །མ་རིག་ལིང་ཏོག་ལྡོངས་པ་ལ། །ཡེ་ཤེས་ཐུར་མས་འབྱེད་དུ་འོངས། །ལམ་སྟོར་རྫོབ་ཏུ་འཁྱམས་པ་ལ། །མ་ནོར་ལམ་སྣ་འདྲེན་དུ་འོངས། །མ་རྟོགས་དོན་གྱིས་དབུལ་བ་ལ། །རང་གཏེར་ཡིད་བཞིན་འདོན་དུ་འོངས། །རྟོག་པའི་གཟུང་འཛིན་སྒོ་ལྕགས་ལ། །འཁྲུལ་གྱི་ལྡེ་མིག་འགྲོལ་དུ་འོངས། །སྟོན་པ་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །མ་རིག་སྨིན་མཛད་འདུལ་བའི་ཕྱིར། །འབྱུང་འཇིག་དར་ནུབ་ཐུགས་རྗེ་ཡིན། །ཞེས་གསུངས་སོ། །དམ་པའི་རིགས་ཅན་ལྔ་པོས་དང་བའི་སེམས་ཀྱིས་ཕྱག་བཙལ་ནས་བསྟོད་དོ། །ཨེ་མ་བཅོམ་ལྡན་གསང་བའི་བདག །བཀའ་ཡི་འགྲེལ་ཆེན་གསང་བའི་མདོ། །ཆོས་ཀྱི་མེ་ལོང་བདུད་ཀྱི་དག །སྨན་པའི་རྒྱལ་པོ་ཡིད་བཞིན་ནོར། །སངས་རྒྱས་ཀུན་དངོས་ཁྱོད་ཕྱག་འཚལ། །ཞེས་ཕྱག་བཙལ་ལོ། །དེའི་དུས་སུ་མི་མཇེད་འཇིག་རྟེན་འདིར། མངོན་སུམ་མཚན་མའི་ལྟས་སྣ་ཚོགས་དང་། འཕོ་འགྱུར་དང་ཆོ་འཕྲུལ་ལ་སོགས་དུ་མ་ཡང་བྱུང་ངོ་། །དེའི་དུས་སུ་གསང་སྔགས་ཀྱི་རིགས་ཅན་ལྷའི་ཚོགས་དང་། དྲང་སྲོང་དང་། གཤིན་རྗེ་དང་། བདུད་དང་། གནོད་སྦྱིན་དང་། དཔལ་མགོན་པོ་ནག་པོ་ལ་སོགས་པ་མ་མོའི་ཚོགས་དང་། ལྷ་མ་སྲིན་སྡེ་བརྒྱད་ཀུན་འདུས་ཏེ། རང་རང་གི་སྲོག་སྙིང་ཕུལ་ནས་བྲན་དུ་ཁས་བླངས་ཤིང་བསྟན་པ་བསྲུང་བར་དམ་བཅས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། གླེང་གཞི་སྔོན་གྱི་གཏམ་རྒྱུད་ཀྱི་ལེའུ་སྟེ་དང་པོའོ། །དེ་ནས་འཁོར་དེའི་ནང་ནས་སྲིན་པོའི་རྒྱལ་པོ་ལང་ཀ་མགྲིན་བཅུ་ཞེས་བྱ་བ། སྔོན་གྱི་རྒྱལ་བ་རྣམས་ལ་བྱ་བ་བྱས་པ། ཐུབ་པའི་དབང་པོ་ལས་གསང་སྔགས་ཀྱི་ངེས་པ་རྙེད་པ་དེས། ཆེད་དུ་རང་གི་སྟན་ལས་ལངས་ནས། ཨེ་མ་ཐུགས་རྗེའི་མངའ་བདག་མཆོག །སངས་རྒྱས་ཁྲོས་པའི་སྐུ་མཆོག་དཔལ། །ཉིད་ཀྱི་བཀའ་ཡི་ལས་མཁན་མཆོག །སྨྱོན་པ་ནག་པོ་གཏུམ་བག་ཅན། །བདེ་མཐོང་བར་བའི་ལམ་རྙེད་ཀྱང་། །སེམས་བསྐྱེད་དབང་གིས་གཞན་དོན་དུ། །བཟང་པོ་དུས་ཚོགས་སྲུན་པ་དེའི། །ལྟ་སྤྱོད་དཀྱིལ་འཁོར་རྣམ་གྲངས་དང་། །དབང་དང་དམ་ཚིག་སྒྲུབ་ཐབས་དང་། །དེ་ཡི་རྫས་དང་སྙིང་པོ་རྟོགས། །ལས་ལ་བསྐུལ་དང་མཐའ་སྡུད་དང་། །ཕྲིན་ལས་བྱེ་བྲག་འབྲས་བུ་དང་། །རྒྱུ་རྐྱེན་གཏན་ལ་དབབ་པ་རྣམས། འདུས་པའི་འཁོར་དང་ཕྱི་རབས་ཀྱི། །དོན་དུ་བདག་ལ་བསྟན་པར་མཛོད། །ཅེས་ཞུས་པས། དེ་ནས་བཅོམ་ལྡན་འདས་ཀྱིས་ཞལ་གྱིས་བཞེས་པའི་ཏིང་ངེ་འཛིན་ལས་མི་གཡོ་བར་མཛད་དེ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །སྨྱོན་པ་ནག་པོ་གདུབ་རྩུབ་ཅན། །སངས་རྒྱས་སྟོང་གིས་བྱིན་བརླབས་པས། །བཏུལ་ཏེ་སྒྲིབ་སྦྱངས་ཐར་ལམ་བསྟན། །ཕྲིན་ལས་རྫོགས་པར་ལུང་བསྟན་ནས། །རང་ངམ་སེམས་བསྐྱེད་བྱ་བའི་ཕྱིར། །བསྐལ་བཟང་རྫོགས་པར་བསྟན་པ་བསྲུངས། །དེ་ཉིད་ལྟ་བ་སྤྱོད་པ་གཉིས་། །དཀྱིལ་འཁོར་དག་ནི་བདུན་དུ་ངེས། །ཇི་བཞིན་ཉིད་ཀྱི་དཀྱིལ་འཁོར་དང་། །ཕྱག་རྒྱ་དངོས་གྲུབ་དཀྱིལ་འཁོར་དང་། །བྱང་ཆུབ་སེམས་དང་བསོད་ནམས་ཚོགས། །བཀའ་སྡོད་ཕོ་ཉ་དྲག་པོ་ལས། །གཏད་ཁྲམ་མནན་པའི་དཀྱིལ་འཁོར་རོ། །དབང་བསྐུར་བ་དང་དམ་ཚིག་བཅུ་གསུམ་དང་། །མཆོད་རྟེན་རྐང་དང་དྲག་ཐུན་རྫས། །བསྙེན་བསྒྲུབ་ལས་སྦྱོར་སྔགས་རྣམས་དང་། །རྟགས་དང་བསྐུལ་བའི་བྱེ་བྲག་གསུམ། །སྒྲུབ་པའི་ཐབས་ལ་གསུམ་དུ་ངེས། །དཔའ་བོ་གྱིང་དུ་སྒྲུབ་པ་དང་། །རྩ་བ་བདུན་ལྟར་སྒྲུབ་པ་དང་། །དྲག་པོ་གཤིན་རྗེ་ལྟར་སྒྲུབ་པའོ། །ལྷ་ནི་ཤེས་པ་ཧེ་རུ་ཀ །གཉེན་པོ་ང་འམ་བྱེ་བྲག་གསུམ། །སྒྲུབ་པའི་ཐབས་ལ་གསུམ་དུ་ངེས། །དཔའ་བོ་རྟ་མགྲིན་དབང་གིས་འདུལ། །བདུད་འདུལ་རྡོ་རྗེ་སྲིན་པོའོ། །དྲག་པོ་འཇམ་དཔལ་གཤིན་རྗེ་གཤེད། །ལས་རིམ་ཞི་རྒྱས་ཕན་གདགས་དང་། །དབང་དུ་བསྡུ་དང་དབབ་བསད་དང་། །བསྲེག་དང་གནན་པ་ཟོར་གྱི་རྫོགས། །དེ་ཡི་རྒྱུ་དང་རྐྱེན་ལ་དབང་། །བཏུལ་ལུགས་བྱེ་བྲག་རིམ་པ་བཞིན། །སྔོན་གྱི་གོ་ཆ་གྱོན་པའི་མཐུས། །རིམ་པས་བཤད་ཀྱིས་ཆགས་པས་ཟུང་། །ཞེས་གསུངས་སོ། །གླེང་སློང་ཞལ་གྱིས་བཞེས་པའི་ལེའུ་སྟེ་གཉིས་པའོ། །དེ་ནས་གནས་ལུགས་མ་བཅོས་པའི་དོན་འདི་གསུངས་སོ། །ཧཱུཾ། འདས་པའི་དུས་ན་སྔོན་བྱུང་བའི། །མི་བསྐྱོད་ཞིང་ཁམས་དག་པ་རུ། །དགེ་སློང་ཐུབ་དཀའ་གཞོན་ནུ་ཡིས། །ཁྱིམ་བདག་ཀེའུ་ཀ་ཡའི་བུ། །དགེ་སློང་ཐར་པ་ནག་པོ་དང་། །དན་ཕག་གཡོག་དང་བཅས་པ་ལ། །ཇི་བཞིན་ཉིད་ཀྱི་དཀྱིལ་འཁོར་གསུངས། །ཇི་བཞིན་ཉིད་དེ་མ་བཅོས་ན། །དངོས་པོ་བཞི་ལ་གནས་བཅས་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །དེ་ནི་རྣལ་འབྱོར་དམ་པའི་ལམ། །སེམས་ཀྱི་དཀྱིལ་འཁོར་གང་གསལ་བས། །གསང་སྔགས་ངོ་བོ་དེ་ཉིད་ཡིན། །རྡོ་རྗེ་སེམས་དཔའི་རང་བཞིན་ཏེ། །ཡོན་ཏན་མཚན་གྲངས་མང་དུ་གྲགས། །གསུངས་པ་དེ་ཡང་འདི་ལྟ་སྟེ། །གནས་ལུགས་ཇི་བཞིན་ཆོས་ཉིད་དེ། །རྣམ་རྟོག་བློ་ཡིས་མ་བཅོས་པར། །རང་བཞིན་རྣལ་མའི་དོན་རྟོགས་ན། །དངོས་པོ་གང་ལ་འང་མ་ཞེན་པར། །གཞི་ལས་མ་གཡོས་གནས་པ་ཡིས །འདོད་ཡོན་ཞེན་ཆགས་ལ་སྤྱད་ཀྱང་། །འཆིང་བར་མི་འགྱུར་རང་སར་གྲོལ། །མཁའ་དང་སྤྲིན་དང་ཆོ་འཕྲུལ་འབྱུང་། །སྣང་དང་རང་གྲོལ་འགྱུར་སྙམ་མེད། །དེ་བཞིན་རྟོགས་པའི་རྣལ་འབྱོར་པ། །དམ་པའི་ལམ་ལ་གནས་པ་ཡིན། །སེམས་ཉིད་མ་བཅོས་སྣ་ཚོགས་འབྱུང་། །གསལ་ཞིང་རིགས་པའི་ངོ་བོའོ། །དཀྱིལ་ཞེས་རང་བཞིན་སྤྲོས་དང་བྲལ། །རྣམས་པ་མི་འགགས་འཁོར་ལྟར་སྣང་། །ཐིག་ལེ་རང་རིག་ཡེ་ཤེས་དེ། །འོད་ཅེས་བྱ་བ་སྣང་བའི་རྩལ། །རང་རིག་མ་བསྒྲིབས་རང་བཞིན་གསལ། །སྨྲར་མེད་སྤྱོད་ཡུལ་བྲལ་བས་གསང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡོན་ཏན་འབྱུང་གནས་ཉིད་དུ་སྔགས། །མི་དམིགས་ངང་ལས་ཀུན་འབྱུང་བས། །ངོ་བོ་ཉིད་ཅེས་བརྗོད་པའོ། །དེ་ལ་གཉེན་པོ་མེད་པ་དང་། །འཕོ་འགྱུར་སྐྱེ་འགག་མེད་པ་ཡིན། །མཚན་པའི་བདག་རྟོག་འཇོམས་པའི་ཕྱིར། །རྡོ་རྗེ་ཞེས་སུ་བཤད་པ་ཡིན། །དེ་ཉིད་རང་བཞིན་མ་བཅོས་པ། །གསལ་སྟོང་རིག་པའི་ཡེ་ཤེས་སེམས། །དངོས་པོ་ཀུན་བཅོས་དཔལ་ཞེས་བརྗོད། །འགྲན་ཟླ་མེད་པས་བླ་ན་མེད། །གསལ་ལ་མི་གཡོ་བྱང་ཆུབ་སེམས། །ཕྱོགས་རིས་བྲལ་ཞིང་མ་བཅོས་པ། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །མ་སྤངས་རང་གྲོལ་སྙིང་པོ་ཉིད། །དེ་ཕྱིར་མཐའ་ལས་འདས་པ་དང་། །དབུ་མར་མི་དམིགས་པ་ཞེས་བྱ། །གང་ལྟར་མོས་པར་སྣང་བས་ན། །སངས་རྒྱས་ཀུན་གྱི་དངོས་གཞི་ཡིན། །འགྲོ་འོང་མེད་བཞིན་འདུལ་སྣང་བས། །སྤྲུལ་པ་ཀུན་གྱི་འབྱུང་གནས་ཡིན། །དེ་ལ་བརྟེན་ནས་དེ་འབྱུང་བས། །ཀུན་གྱི་དགེ་བའི་བཤེས་གཉེན་ཡིན། །དེ་རྟོགས་མུན་པ་སེལ་བས་ན། །ཞིང་ཁམས་ཀུན་ཏུ་སྒྲོན་མེ་ཡི། །ཅི་ཡང་མི་འགག་ཀུན་འཆར་བས། །ཐུགས་རྗེ་ཐབས་ཀྱི་འབྱུང་གནས་ཡིན། །ཆོས་རྣམས་མ་འདྲེས་རང་སྣང་བས། །ཀུན་གསལ་མེ་ལོང་འོད་པོ་ཆེ། །དེ་ལྟ་བུ་ཡི་དོན་རྟོགས་ན། །རང་བཞིན་ཉིད་ཀྱི་དཀྱིལ་འཁོར་རོ། །བདག་གཞན་ཆ་ཡིས་སྦྱོད་པ་ཡང་། །ལྟ་བའི་པོགས་སུ་དབྱུང་བ་དང་། །དེ་ལས་མི་འདའ་དམ་ཚིག་བཤད། །གཏན་ནས་མ་རྟོགས་སེམས་ཅན་ལ། །ཕན་པའི་སྤྱོདཔ་སྣ་ཚོགས་པས། །སྒྲོལ་བ་ཉིད་དང་སྦྱོར་ལ་སོགས། །མཁའ་ལ་ཁྱུང་དང་ཆུ་ལ་ཉ། །དབྱེར་མེད་ཐོགས་ཆགས་མེད་པར་སྤྱོད། །ལོངས་སྤྱོད་མེད་བཞིན་ཐམས་ཅད་སྤྱོད། །མི་འགོག་མི་འཛིན་ཚོགས་གཉིས་རྫོགས། །ཤེས་འཇུག་ཀུན་དང་གཞན་དོན་དུ། །ལམ་བསྒོམས་སྐད་ཅིག་ཆ་བསྒོམས་ནས། །བསོད་ནམས་དཀྱིལ་འཁོར་མོས་སློབ་ཅིང་། །རང་བཞིན་རྫོགས་པས་མཆོད་བསྙེན་ཀུན། །ཇི་ལྟར་སྤྱད་ཀྱང་ཉིད་དུ་གྲོལ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། །ཇི་བཞིན་ཉིད་ཀྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་གསུམ་པའོ། ། དེ་ནས་ཕྱག་རྒྱ་དངོས་གྲུབ་ཀྱིས་དཀྱིལ་འཁོར་འདི་གསུངས་སོ། །སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །གསང་སྔགས་འཕྲིན་སྒྲུབ་བྱེད་པ་རྣམས། །འབྲས་བུ་མེད་ཅིར་རླག་པར་འགྱུར། །ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གི་རབ་མཚོན་ཏེ། །ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པས་ན། །སྣོད་ལྡན་ངང་ཚུལ་བཟང་ལ་བསྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །གཞན་དུ་ནམ་ཡང་སྦྱིན་མི་བྱ། །རྨོངས་ལ་འཕྱར་རབས་གལ་ཏེ་སྦྱིན། །དུས་མིན་པར་ནི་སྲོག་ཟད་ནས། །བསྲེགས་དང་སྦྲེབས་པར་ཡུན་རིང་གནས། །ཉམས་དགའ་ཕུན་སུམ་ཚོགས་པ་ཡིན། །གནས་མཆོག་དམ་པ་ཡིན་འོང་བར། །ཚུལ་དང་མཐུན་པའི་རྫས་རྣམས་བསོགས། །མཎྜལ་ལ་སོགས་མཛེས་བྱས་ནས། །ཁྲུས་བྱས་ལྷ་བསྒོམས་སྙིང་གར་ཧཱུཾ། །བགེགས་བསྐྲད་ཕྱོགས་བསྲུང་དཀྱིལ་འཁོར་ལ། །འོད་ཟེར་འཕྲོ་འདུས་དབང་པོ་དགུག །ཕྱག་འཚལ་མཆོད་པ་འདི་ཡང་འབུལ། །ༀ་སརྦ་ཏ་ཐ་ག་ཏ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷི་དྷ་ར་མ་ཧཱ་ཛྙཱ་ན་མཎྜལ་ཧཱུཾ། ཡོན་ཆབ་སྤོས་སོགས་མཆོད་པ་དང་། །གཏོར་མ་བདུད་རྩི་རཀྟ་རྣམས། །རིམ་པ་བཞིན་དུ་སྔགས་ཀྱིས་དབུལ། །ཐུགས་ལ་འབྱུང་ལ་གཉིས་མེད་རོལ། །ཧཱུཾ། བདག་འདྲ་ལོག་པའི་སྟོབས་ལྡན་གྱིས། །ཐོག་མཐའ་མེད་པའི་དུས་མཐའ་ནས། །སྲིད་པའི་འཁོར་ལོར་འཁྱམས་པར་ངེས། །སྐྱེ་བ་མང་པོའི་ལུས་བླངས་པས། །སུས་ཀྱང་མ་བྱས་རང་གི་ལས། །དེ་ཙམ་ཆ་གཅིག་དོན་སྤྱད་ན། །དེ་ཙམ་དོན་གྱིས་སངས་རྒྱས་ཟིན། །རང་ལུས་སྟོང་པར་མ་ཕོད་ཅིང་། །ཆགས་པའི་མཐའ་ལ་མངོན་ཞེན་པས། །ཟུག་རྔུའི་ནད་ཀྱིས་ཟིན་པ་ཡིས། །སྲིད་པའི་བཙོན་རར་ཆུད་པ་འདི། །མཁའ་ལ་མདུད་པ་བརྒྱབ་པས་ཉེས། །འཁོར་བའི་རླུང་སྒོར་ཁྱེར་པ་འདི། །ཡས་ཀྱི་རླུང་གིས་དེད་པས་ཉེས། །དུས་གསུམ་རྒྱལ་པ་མ་ལུས་ལ། །འདི་དག་མི་འཆབ་མཐོལ་ལོ་བཤགས། །ༀ། རྡོ་རྗེ་སེམས་དཔའི་ཡིད་སྐྱོབས་ཤིག །རྡོ་རྗེ་སེམས་དཔའ་ཉེ་ཞིང་བསྟན་པར་མཛོད། །བདེ་བར་གྱུར་ཅིག་ཀུན་ཏུ་བདེ་བར་གྱུར། །ཤིན་ཏུ་བདག་ལ་ཐུགས་རྗེས་ཁྱབ་པར་མཛོད། །བདག་ཉིད་ཤིན་ཏུ་བདེ་བར་གྱུར་ཅིག །དངོས་གྲུབ་ཐམས་ཅད་བདག་ལ་མྱུར་དུ་གསོལ། །ཕྲིན་ལས་ཐམས་ཅད་དག་པར་མཛོད། །སེམས་ཉིད་དཔལ་དུ་མཛོད་ཅིང་ཐུགས་དགེས་བདེ། །བཅོམ་ལྡན་དེ་བཞིན་གཤེགས་པ་ཐམས་ཅད་ཀུན། །རྡོ་རྗེ་སེམས་ཀྱི་དཀྱིལ་དུ་བདག་འདྲིལ་ཅིག །རྡོ་རྗེ་འབྱུང་པོ་ཆེན་པོའི་དམ་ཚིག་གིས། །སེམས་དཔའ་སྐྱེ་མེད་ཀློང་དུ་དག་པར་མཛོད། །ༀ་ཏ་ཀེཾ་ཏ་ཀེཾ་ཕཊ། ཀྲོ་ཏ་ཀྲོ་ཏ་རཾ་ཏཾ་སྣ་ཏིག་ཁཾ་ཧ་ལ་ཧ་ལ་ཡཾ། དང་པོ་འཛིན་པ་སྟོང་པ་ཉིད་དག་པར་བསྒོམ་མོ། །དབང་པོ་འོད་དུ་ཞུ། མཆོད་པའི་རྫས་རྣམས་བརླབ། ༀ་བཛྲ་ཨ་མྲྀ་ཏ་ཨ་ཧོ་སརྦ་མ་ན་ཧཱུཾ་ཧྲི་ཋ། ༀ་མ་ཧཱ་བྷ་ལིང་ཏ་ཏེ་ཛྭོ་བྷ་ལིང་ཏེ་ཧཱུཾ། ༀ་མ་ཧཱ་རཀྟ་རཱ་ག་ཤཱུ་ནྱ་ཏྭ་ས་མུ་དྲ་མཎྜ་ལ་ཧཱུཾ། ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། སྔོན་དུ་འགྲོ་བའི་རིམ་པ་བསྟན་པའི་ལེའུ་སྟེ་བཞི་པའོ། །དེ་ནས་སྒྲུབ་པའི་རིམ་པ་འདི་གསུངས་སོ། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ནའང་སྐྱེས་པ་མེད། །སྟོང་པ་ཉིད་དུ་རབ་གསལ་བའི། །སྙིང་རྗེའི་ཡུལ་ནི་བསྒོམ་བྱ་ཞིང་། །ཧཱུཾ་གསལ་འབྱུང་བའི་དཀྱིལ་འཁོར་བསམ། །བྷྲཱུྃ་ལས་དུར་ཁྲོད་འཇིགས་པའི་གནས། །རང་བཞིན་ཕྱི་ནང་མཐའ་དབུས་བྲལ། །སྣང་སྟོང་གར་ཡང་རྒྱ་མ་ཆད། །དུར་ཁྲོད་ཐོད་པའི་རྒྱུ་ལས་གྲུབ། །ཡེ་ཤེས་ལྔ་ཡི་འོད་ཟེར་འབར། །འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་། །གྲུ་ཆད་བར་ཁྱམས་སྒོ་གཉིས་བརྩེགས། །བསྐལ་པ་མེ་རི་རབ་ཏུ་འཁྲུགས། །དྲེགས་པ་ཁྱོ་ཤུག་བསྣོལ་པ་དང་། །དྲི་ཟ་སྲིན་པོ་གཤིན་རྗེ་བདུད། །དོམ་དང་ཁྱུ་མཆོག་མ་ཧེ་སྟག །གཟིག་གིས་བརྗིས་ཏེ་ཉི་དལ་བསམ། །ཕྱི་རོལ་ཞིང་དང་ཉི་མ་བསལ། །ཞིང་སྐམ་གདན་གྱི་བྱེ་བྲག་ལྡན། །དབུས་སུ་རྒྱུ་ལས་རྡོ་རྗེ་འབར། །འཕྲོ་འདུས་འོད་ལས་རྩ་སྔགས་ཀྱིས། །བཛྲ་ཁྲག་འཐུང་ཧེ་རུ་ཀ །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །གཡས་གཡོན་དཀར་དམར་དབུས་མཐིང་ཞལ། །ཁམ་ནག་དབུ་སྐྲ་ཁྲོ་རྟགས་བརྒྱད། །རྡོ་རྗེ་ཁ་ཊཾ་རྔེ་ཆུང་གཡས། །བྷནྡྷ་རྒྱུ་ཞགས་དུང་ཁྲག་གཡོན། །དུར་ཁྲོད་ཆས་རྫོགས་གར་དགུའི་སྟབས། །ཡུམ་མཆོག་མཐིང་ནག་འཁྲིལ་འཁྱུད་སྦྱོར། །ཐུགས་ལས་ཧཱུཾ་བཞི་གདན་ལས་སྤྲོས། །སྒོང་སྐྱེས་ཡུལ་དུ་རིགས་བ ཞི་བསྐྱེད། །ཞལ་གཅིག་ཕྱག་གཉིས་ཁྲོ་ཚུལ་འགྱིང་། །སྨུག་སེར་དམར་ལྗང་རྩ་བ་གནག །འཁོར་ལོ་རཏྣ་དབྱུག་པ་དང་། །པདྨ་དགྲ་སྟྭ་རལ་གྲི་འཕྱར། །ཐོད་ཁྲག་འཐུང་ཞིང་ཡུམ་དང་འཁྲིལ། །ཡེ་ཤེས་མེ་ཡི་ཀློང་དུ་བསྒོམ། །རིགས་བཞི་ཐུགས་ཀྱི་འོད་ཟེར་ལས། །སྔགས་བརྗོད་བརྫུས་སྐྱེས་འཁོར་རྣམས་བསྐྱེད། །ནང་གི་རྩིབས་མཆན་གྲུ་ཆད་ལ། །དཀར་མོ་རྐུན་མོ་རྨོངས་མོ་དང ། །ཐལ་བྱེད་སྦོས་མོ་གྷ་སྨ་རཱི། །སྨ་ཤ་ཚེ་འཕེལ་བརྒྱད་པོ་བསྒོམ། །ཁྱམས་ཀྱི་ཕྱོགས་མཚམས་རིམ་པ་རུ། །སེང་སྟག་ཝ་དང་ཁྱི་གདོང་ཚོགས། །བཞད་དང་ཀང་ཀ་བྱ་རོག་འུག །མཚམས་སུ་དགོད་དེ་འཇིགས་བའི་གཟུགས། །སྲིང་འགྲོ་གདོང་འགྲོ་འཇིག་རྟེན་གསལ། །རོ་ལངས་མ་རྣམས་སྒོ་བཞིར་བསྒོམ། །སྲིན་མོ་སྨུག་ནག་ལ་སྩོགས་ཏེ། །དྲག་མོ་ཉེར་བརྒྱད་ཕྱི་ཁྱམས་ལའོ། །བསྐྱེད་ལ་དབང་བསྐུར་བྱིན་བརླབས་བྱ། །རང་བྱུང་ཡེ་ཤེས་དཀྱིལ་འཁོར་ནི། །རང་གི་སྙིང་གའི་འོད་ཟེར་ལས། །དབྱངས་དང་ལྡན་པའི་ལྷ་མོ་ཡི། །ཕྱོགས་དུས་ཀུན་ནས་སྤྱན་དྲངས་ཏེ། །ཕྱག་བཙལ་དབང་བསྡུ་བཀུག་བསྟིམས་ནས། །དང་པོ་ཐུན་མོང་རྫས་ལྔས་མཆོད། །དེ་ནས་ཁྱད་པར་རྣམ་གསུམ་དབུལ། །སྨན་གྱིས་མཆོད་རྗེས་དངོས་གྲུབ་བླང་། །གཏོར་མ་དབུལ་ཞིང་གསང་ནན་སྦྲེང་། །རཀྟ་ཚར་གསུམ་ཕུལ་ནས་ཀྱང་། །མ་མོ་རྣམས་ཀྱིས་བསྟོད་ཚིག་དབུལ། །རྟོགས་པ་རྒྱུན་གྱི་གདུལ་བྱ་རྣམས། །ཡེ་ཤེས་མ་འདྲེས་ཡོངས་རྫོགས་བསྟོད། །སྨོན་ལམ་བཏབ་ལ་འཛབ་བསྙེན་དབུལ། །ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཕྱི་ནང་གསང་བའི་བཟླས་པ་ཡིས། །འཕྲོ་འདུ་ཚུལ་དང་ཕུང་པོ་བརྟེན། །ཡབ་ཡུམ་ཞལ་སྦྱོར་ཚུལ་གྱིས་ནི། །འབུམ་མམ་བྱེ་བ་རྫོགས་བར་བྱའོ། །ཞེས་གསུངས། དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། །ཡི་དམ་གྱི་ལྷ་ཕྱག་རྒྱ་དངོས་གྲུབ་ཀྱི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བསྙེན་པ་ལྷའི་ཏིང་ངེ་འཛིན་འདི་གསུངས་སོ། །གཉེན་པོ་ལྷ་དང་གཉིས་ཡིན་ཏེ། །སྤྱི་དང་སོ་སོར་གཏང་བའོ། །སྤྱི་ནི་ང་ཉིད་གསང་བའི་བདག །མི་རྟོག་ངང་ལས་དྲན་རྫོགས་སུ། །མཐིང་ནག་ཞལ་གཅིག་ཕྱག་གཉིས་བརྗིད། །རྡོ་རྗེ་ཁྲོ་ཚུལ་སྡིག་མཛུབ་རྔམ། །དུར་ཁྲོད་ཆས་རྫོགས་མེད་དཔུང་ཀློང་། །ཉིད་དང་འདྲ་བའི་གནོད་སྦྱིན་ཚོགས། །དུ་མས་བསྐོར་བར་གསལ་བསྒོམས་ནས། །སྙིང་པོ་འདི་དག་རྟག་ཏུ་བཟླས། །ༀ་ནི་ལམ་བྷ་ར་དྷ་ར་བཛྲ་པཱ་ཎི་ཨཛྙཱ་པ་ཡ་ཏི་ཧཱུཾ། ཡག་ཤ་བཛྲ་པཱ་ཎི་ཧྲ་ྀད་ཡ་ཧཱུཾ་ཕཊ། དྲག་པོ་ལ་ནི་གཤིན་རྗེ་གཤེད། །མཐིང་ནག་ཞལ་གསུམ་ཕྱག་དྲུག་བརྗིད། །གཡས་དཀར་གཡོན་དམར་དུར་ཁྲོད་ཆས། །འཁོར་ལོ་རལ་གྲི་ཐོ་བ་གཡས། །ཐོད་པ་སྡིག་མཛུབ་ཕུར་པ་གཡོན། །ཡུམ་དང་གཉིས་སུ་མེད་པར་བསམ། །ཉི་ཟླ་པདྨ་གཤིན་རྗེ་གདན། །དུར་ཁྲོད་མེ་ཡི་གླིང་ན་རྔམ། །གསང་སྔགས་འདི་དག་རྒྱུན་དུ་བཟླས། །ༀ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་དྷཉྫ་ཧཱུཾ་ཕཊ། དཔའ་བོ་གྱི་ལང་རྟ་མཆོག་དབང་། །དམར་སྨུག་ཞལ་གསུམ་ཕྱག་དྲུག་བརྗིད། །དཀར་ལྗང་ཞལ་ལྡན་རྟ་མགོ་ལྗང་། །པདྨ་རྡོ་རྗེ་མདའ་ཟོར་གཡས། །ཐོད་ཁྲག་དཔལ་བེའུ་གཞུ་འཛིན་གཡོན། །དུར་ཁྲོད་རྒྱན་ལྡན་ཡུམ་དང་འཁྲིལ། །ཉི་དཀྱིལ་ཆུ་བདག་སྟེང་ནས་བགྲད། །གསང་སྔགས་འདི་དག་རྒྱུན་དུ་བཟླས། །ༀ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ། ཧ་ཧ་ཧི་ཧི་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། བདུད་འདུལ་རྡོ་རྗེ་སྲིན་པོར་བསྒོམ། །སྔོ་ནག་དབུ་དགུ་ཕྱག་བཅོ་བརྒྱད། །སྤྱན་ནི་འབར་བ་ཉི་ཤུ་དགུ །ཁམ་ནག་རལ་པ་སྲིད་རྩེར་འབར། །རྡོ་རྗེའི་གཤོག་པས་བར་སྣང་ཁེངས། །བ་སྤུ་ལྕགས་ཀྱུ་བསྲེགས་པ་འདྲ། །སྡོམ་དང་སྡིག་པ་དུག་སྦྲུལ་འཕྲོ། །འཇིགས་པའི་གཟུགས་ཀྱིས་ས་གཞི་ཁེངས། །རྡོ་རྗེ་ཐོད་སྐྱོག་ཏིར་དབྱུག་ཞགས། །ཉི་ཟླ་ཁྱུང་དང་འུག་པ་ཁྲ། །རྡོ་རྗེ་མདུང་རྩེ་གསུམ་པ་དང་། །ཟ་མ་ཏོག་དང་རྡུལ་གཡབ་དང་། །རྔ་ཆུང་རི་རབ་སྤྱི་སྐོར་འཕེན། །ཀླུ་དབང་འབུམ་ཀྱིས་བརྒྱན་ཅིང་བཀླུབས། །དུས་མཐའི་མེ་ལྟར་འབར་བའི་དབུས། །ཁྲོ་གཉེར་སྡང་མིག་རྣམ་པར་རྔམ། །ཞབས་བརྒྱད་འབར་བས་ལྷ་བརྒྱད་གནོན། །རྡོ་རྗེ་སྲིན་པོའི་ཁྲོ་བོའི་སྐུ། །ལྷ་དང་བདུད་ལས་རྣམ་པར་རྒྱལ། །གསང་སྔགས་འདི་ཡང་རྟག་ཏུ་བཟླས། །ༀ་རཀྴ་ཧེ་རུ་ཀ་རཱུ་ཏྲ་མ་ཏ་མ་ཧཱ་ཧ་ཏཾ་ཀྲོ་དྷ་ཙྭ་ལ་ཧཱུཾ་ཕཊ། ༀ་བྷུར་ཀུམ་ཨི་ཙི་ཀི་ལི་ཨུཙྪསྨ་ཀྲོ་དྷ་ཧཱུཾ་ཕཊ། དེ་ལྟར་བསྙེན་པའི་སྙིང་པོ་དེ། །ཆོས་སྐྱོང་མགོན་པོའི་དྲག་སྔགས་ཡིན། །རབ་ཏུ་གསང་བའི་ཕྲིན་ལས་ཡིན། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། གཉེན་པོ་སྟོབས་ཀྱི་ལྷ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་འདི་གསུངས་སོ། །ཨེ་མའོ་འཁོར་དུ་འདུས་པ་རྣམས། །རང་གི་ཡིད་བཞིན་རིན་པོ་ཆེ། །ཡོད་པས་མ་ཤེས་སྟོར་བས་དྲན། །འཚོལ་བར་འདོད་ན་ཇི་ལྟར་འཚོལ། །སྔོན་ཚེ་ང་ཡི་བཤེས་གཉེན་མཆོག །བྱམས་མགོན་དམ་པ་ཞིག་གིས་བསྟན། །ཨེ་མའོ་ཁྱོད་ཀྱིས་མི་ཤེས་སམ། །སྒྲོན་མེས་མུན་ཁུང་གསེར་འཚོལ་ལྟར། །གསང་བའི་སྙིང་པོའི་མཛོད་བརྟོལ་ནས། །ཐིག་ལེ་གཅིག་གིས་ཀུན་ལ་ཁྱབ། །ཐམས་ཅད་ངེས་པར་འདུས་ཆེན་སྟོན། །འཇིག་རྟེན་བརྟན་གཡོ་ལ་སོགས་ཀུན། །ཁྲག་འཐུང་ལྔ་བཅུ་བརྒྱད་དུ་གནས། །མྱ་ངན་འདས་དང་འཁོར་བའི་ཆོས། །བཙལ་མེད་མ་བཅོས་རྣམ་པར་དག །ཐིག་ལེ་ཡུངས་ཀར་ཚད་ཙམ་བསྒོམ། །དེ་ལས་འོད་ཟེར་རྡུལ་སྙེད་འཕྲོ། །མུན་སེལ་དངོས་པོ་ཀུན་སྦྱངས་ནས། །ཐམས་ཅད་མ་བཅོས་སྐུ་རུ་གསལ། །སླར་འདུས་ཐིག་ལེའི་ངང་དུ་ཐིམ། །བརྟན་ནས་འོད་དུ་ཞུ་བར་བསམ། །མ་བཅོས་གཉུག་མའི་ངང་དུ་གསལ། །རྫོགས་པའི་རླུང་ལ་སྦྱང་བ་ནི། །རྡོ་རྗེ་སེམས་དཔའི་ཙིཏྟའི་ནང་། །བདེ་བའི་པདྨ་འདབ་བཞི་བསམ། །དེ་སྟེང་བདེ་ཆེན་ས་རླུང་དང་། །རྣམ་པར་དག་པའི་ཟླ་སྟེང་དང་། །རྡོ་རྗེ་རིན་ཆེན་རང་བཞིན་ཡིན། །དབུས་ན་རྡོ་རྗེ་སེམས་དཔའ་ནི། །ཐིག་ལེ་འོད་ཟེར་ལྔ་དང་ལྡན། །མགྲིན་པ་མགྲོན་པོའི་རླུང་དཀྱིལ་གཉིས། །སྤྲུལ་པ་ཉིད་མའི་མེ་རླུང་གཉིས། །པདྨའི་རིགས་དང་ལས་རིགས་སོ། །ལྔ་ལྡན་དབུས་སུ་ཐིག་ལེ་བསམ། །ཡང་ལ་ཡང་དུ་འདྲེས་བསམ་ནས། །རིག་པ་སེམས་ཀྱི་རླུང་ཟིན་པས། ཡར་འགྲོ་མར་འགེངས་རྩོལ་བ་འགོག །ཡང་ན་འཁོར་ལོ་རྣམས་པ་ལྔ། །བདེ་ཆེན་སུམ་ཅུ་རྩ་གཉིས་ཧཾ། །བརྟན་པའི་ཐིག་ལེ་ཡི་གེ་ལ། །ལོངས་སྤྱོད་བཅུ་དྲུག་ལྔ་ལྡན་ༀ། །ཆུ་ཡི་ས་བོན་ཡི་གེ་བཾ། །སྙིང་གར་བརྒྱད་འདུས་བཞི་འདུས་ཧཱུཾ། །བརྗོད་བྲལ་ཐིག་ལེ་ཡི་གེ་མུཾ། །སྤྲུལ་པ་དྲུག་ཅུ་རྩ་གཉིས་དབུས། །དྲོད་དུ་མི་བཟད་ཨ་དང་མུཾ། །སྟེང་རླུང་མནན་ལ་འོག་རླུང་འཕེན། །ཡི་གེ་ཡོན་ཏན་སྟོབས་ཀྱིས་འགྲུབ། །ས་ཉིད་ཆུ་ལ་ཐིམ་པ་ཡིས། །ཀུན་ཏུ་མཉམ་བློ་ཟག་མེད་པའི། །ལམ་གྱི་ཡེ་ཤེས་དང་པོ་སྐྱེད། །ཆུ་ཉིད་མེ་ལ་ཐིམ་པ་ཡིས། །ཟག་མེད་རོ་མྱོང་བདེ་བ་སྡུད། །མེ་ཉིད་རླུང་ལ་ཐིམ་པ་ཡིས། །འགྱུར་མེད་ངང་བཞིན་གསལ་བ་ཉིད། །གློག་གི་སྣང་བ་ལྟ་བུར་འབྱུང་། །རླུང་ཉིད་རྣམས་ཤེས་ནམ་མཁའ་ཐིམ། ། རང་གསལ་རིག་པ་མར་མེ་འདྲ། །ཕྱི་ནང་མུན་པ་རྣམ་པར་སྦྱངས། །ནམ་མཁའ་ལྟ་བུར་མཐོང་བར་འགྱུར། །ཕྱི་མས་རིམ་པས་རྟོགས་པ་འཆར། །བསྒོམ་པ་སྣང་བཞུགས་སྤྲད་ལ་བསྒོམ། །འཆི་ཀ་མ་ཡི་གདམས་པའོ། །ཨེ་མའོ་དངོས་པོ་མེད་པ་ལས། །སངས་རྒྱས་ཉིད་དང་ཐུགས་རྗེའི་ངང་། །ཇི་ལྟར་སྣང་བ་མ་འགགས་པའོ། །འདུན་པའི་དུས་ན་རིགས་ཀྱི་བུ། །ཡིད་ལ་བྱེད་པ་ཐོབ་ཅེས་ཏེ། །སེམས་གསུམ་སྐྱེ་ཞིང་མཐའ་ཀུན་གྲོལ། །རྟེན་པ་གཞི་ཡི་རྣམ་པར་གནས། །རིགས་ཆེན་འབྱེད་པའི་རྣལ་འབྱོར་པས། །འཕྲོ་འདུ་གསལ་སྟོང་ཏིང་ངེ་འཛིན་ཐོབ་། །སེམས་བཞི་རྟོགས་ཏེ་མཐའ་བཅུ་ཤེས། །དབུགས་ཆེན་འབྱིན་པའི་རྣལ་འབྱོར་པས། །འཇིགས་པ་ལྔ་བྲལ་ཁྱད་པར་གསལ། །ཡོངས་སུ་མི་རྟོག་ཏིང་ངེ་འཛིན། །རྨི་ལམ་ལྟ་བུར་ཆོས་ལུང་བསྟན། །འཇིག་རྟེན་ནོར་བུ་རིན་ཆེན་གྱིས། །གང་བར་སྤྱོད་པའི་ལྟས་མཐོང་འགྱུར། །སྒྱུ་མ་སྤྱོད་པའི་སྐྱེས་བུ་དེ། །འཁོར་ལོས་སྒྱུར་བའི་ཆ་བྱད་དུ། །རིན་ཆེན་བདུན་དང་དཔུང་ཚོགས་ཀྱིས། །དབང་སྒྱུར་ཐབས་ཀྱི་ཐེག་པ་སྟོན། །ལུང་ཆེན་ཐོབ་པའི་རྣལ་འབྱོར་པས། །སེང་གེ་དག་ལ་ཞོན་ནས་ནི། །ཐམས་ཅད་གནོན་པའི་རྟག་མཐོང་འགྱུར། །སྒྲ་བརྙན་འདྲ་བར་ལུང་སྟོན་འགྱུར། འབྲས་བུ་ཉིད་ལ་ལམ་ཤེས་པས། །ལམ་གྱི་ས་ནི་བདེ་རྫོགས་ཏེ། །གཞན་དག་སྨིན་པར་བྱ་བའི་ཕྱིར། །ཇི་ལྟར་འདོད་ལྟར་ཐབས་སྦྱོར་མཆོག །རྩལ་ཆེན་རྫོགས་པའི་རྣལ་འབྱོར་བས། །ཀུན་སྣང་ཏིང་འཛིན་ཉིད་ཐོབ་པས། །སྣང་བྱེད་ཉི་ཟླའི་འཁོར་ལོ་བསྐོར། །ཐམས་ཅད་གསལ་བྱེད་ལྟས་མཐོང་ན། །གདེང་དུ་གྱུར་པའི་ངོ་བོ་ཡིན། །དེ་ནས་རྒྱལ་ཚབ་སྐྱེས་བུ་དེས། །ཆོས་ཀྱི་རྒྱལ་པོ་གང་དེ་ཡི། །གདུང་འཚོབ་དགའ་ལྡན་ཐེག་ཆེན་སྟོན། །མི་གནས་བཅུ་དུས་ཆོ་འཕྲུལ་སྣང་། །ས་བཅུ་དོན་ལ་གནས་ནས་ཀྱང་། །གསང་སྔགས་དོན་མཆོག་མ་རྙེད་ན། །རྣམ་པ་ཐམས་ཅད་མཁྱེན་མི་འགྱུར། །རྙེད་མ་ཐག་ཏུ་དེ་རྙེད་འགྱུར། །གྲོལ་བར་འདོད་ན་བླ་མ་བསྟེན། །རིག་པ་རང་བྱུང་ཡེ་ཤེས་ཉིད། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རྫོགས། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། ཐབས་ལམ་བྱང་ཆུབ་སེམས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་བསོད་ནམས་ཚོགས་ཀྱི་དཀྱིལ་འཁོར་འདི་གསུངས། ཉོན་ཅིག་འདུས་པའི་འཁོར་ཚོགས་ཀུན། །བསོད་ནམས་ཚོགས་ཀྱི་དཀྱིལ་འཁོར་ནི། །ཞིང་ཁམས་རིན་ཆེན་ཡོད་པ་རུ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །སྲས་མཆོག་འཇམ་དཔལ་ཆེན་པོ་ལ། །བཤད་པ་བཞིན་དུ་རྟོགས་གྱུར་ན། །གང་ལ་བྱས་ཀྱང་ལམ་གྱི་གྲོགས། །དཔེར་ན་མེ་ལ་ཤིང་སྣན་བཞིན། །མཛད་སྤྱོད་གསུམ་པོ་གདེང་ལྡན་ནས། །རྣལ་འབྱོར་སྤྱོད་ལམ་ཚུལ་གྱིས་རོལ། །དེ་ནི་ཇི་ལྟ་བུ་ཞེ་ན། །འབྱོར་པ་ས་ཡི་རྣལ་འབྱོར་ལྔ། །བཟའ་བཏུང་གོས་རྒྱན་བྲོ་གར་དང་། །གླུ་ཚིག་ག ཏན་གྷན་རྣམ་ལྔའོ། །སྐྱེ་ཤི་མེད་པར་མཛད་སྤྱོད་དང་། །འཆིང་གྲོལ་མེད་པར་མཛད་སྤྱོད་དང་། །མི་འབྱུང་རོལ་པའི་མཛད་སྤྱོད་དོ། །དེ་ཡི་བྱེ་བྲག་རྣམ་གསུམ་སྟེ། །སྣང་བ་ལྷ་རོལ་ལྷ་རོལ་དང་། །རང་སྣང་ཡེ་ཤེས་རོལ་པ་དང་། །རང་བཞིན་ཉིད་ལ་རོལ་པའོ། །དེ་ལ་ཡོན་ཏན་རྣམ་ལྔ་སྟེ། །བཟའ་དང་བཏུང་བའི་ལོངས་སྤྱོད་ཀྱིས། །བདེ་ཆེན་སྐུ་དང་བདུད་རྩི་འགྲུབ། །རྒྱན་དང་བགོ་བའི་ལོངས་སྤྱོད་ཀྱིས། །འབར་བའི་རྒྱལ་པོ་མཐུ་སྟོབས་འགྲུབ། །བྲོ་གར་བསྐྱོད་བསྒུལ་ལོངས་སྤྱོད་ཀྱིས། །སྲ་ལ་འཛུལ་དང་སྟོང་ལ་རྒྱུག །སྒྲ་ཚིག་སྒྲ་ཡི་ལོངས་སྤྱོད་ཀྱིས། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཏ་ན་གྷ་ན་ལོངས་སྤྱོད་ཀྱིས། །རང་བྱུང་ཡེ་ཤེས་ཐོབ་པར་བྱེད། །དེ་ཕྱིར་འབྱོར་བའི་ལོངས་སྤྱོད་བྱ། །སེམས་ཉིད་རང་སྣང་འདོད་ཡོན་བརླབས། །བདེ་གཤེགས་དཀྱིལ་འཁོར་སྤྱན་དྲངས་ལ། །ཏིང་འཛིན་རྫས་ཀྱིས་རིམ་བཞིན་མཆོད། །བྲོ་གར་གླུ་ཚིག་རྒྱན་རྫོགས་བྱ། །རོལ་མོ་མུ་སྟེགས་རོལ་ལ་དགུག །བསྒྲལ་བའི་ཤེས་པ་གནས་ཆེན་སྤར། །ཡབ་ཡུམ་མཁའ་ལ་སྲས་སུ་བསྐྱེད། །དེས་ནི་བསོད་ནམས་ཚོགས་ཆེན་ལྡན། །ལྷག་མས་འཇིག་རྟེན་མཁའ་འགྲོ་མཆོད། །ཅེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། ཚོགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཀའ་སྡོད་ཕོ་ཉའི་དཀྱིལ་འཁོར་འདི་གསུངས་སོ། །དེ་ལྟར་གདེང་ལྡན་སྔགས་པ་ཡིས། །དུར་ཁྲོད་ལ་སོགས་རྒྱ་མཚོའི་མ དོ། །རི་རབ་རི་ཡི་རྩེ་མོ་འམ། །ནགས་ཚལ་རྩུབ་པའི་ས་ཕྱོགས་སམ། །སྦྲུལ་དང་གཅན་གཟན་གདུག་པ་རྣམས། །གནས་པ་དེ་ལྟ་བུ་ཡི་ས་དག་ལ། མཎྜལ་འདོམ་གང་གྲུ་བཞི་བརྩིག །བདུད་རྩི་ཁྲག་གིས་ཆགས་ཆག་གདབ། །དུར་སྐྲའི་རུས་ཆེན་ཐིག་བཏབ་ལ། །དུར་ཁྲོད་ཚོན་གྱིས་དཀྱིལ་འཁོར་འབྲི། ལྕགས་ཁང་ལྔ་དང་བར་ཁྱམས་སྒོ། །ལྕགས་རི་ནག་པོ་ཁོར་ཡུག་ཕྱི། །ཁྲག་དང་བཤང་གཅི་ཤ་ཆེན་དང་། །རྐང་དང་ཀླད་པ་ཀླད་རྒྱས་དང་། །རྣག་དང་ཆུ་སེར་ལ་སོགས་པ། །འདམ་ཀྱི་ཕྲུ་མ་བརྒྱད་ཀྱིས་བསྐོོར། །དབུས་སུ་ཡབ་ཡུམ་མཆོག་ཕུར་དགོད། །མཁར་བཞི་སྤྲུལ་པ་དྲེགས་བཞི་ལ། །ལྕགས་སམ་གདུག་ཤིང་ཕུར་པ་དགོད། །ལྷོ་སྒོར་ཐོད་པ་མཚན་ལྡན་དུ། །དཔལ་བཤོས་ཁྲག་སྣ་སྙིང་གི་ཆ། །ལ་ཕུག་ལ་དུ་སྦྱར་བ་ཡི། །བྱང་དུ་ཐོད་པར་གཏོར་མ་དང་། །ཐོད་རུས་རྐང་རུས་ཀླད་པ་དང་། །འབྲུ་མར་སྦྱར་བའི་མཆོད་པ་བཤམ། །ཤར་སྒོར་འབྲུ་ཡི་ཕུང་པོ་སྤུང་། །ནུབ་ཏུ་ཤ་སྣ་སྙིང་སྣ་བཞག །དབུས་སུ་ཐོད་པ་མཚན་ལྡན་གཉིས། སྟེང་འོག་བསྙེན་བསྒྲུབ་སྔགས་བཞི་བྲི། །སྙིང་གསུམ་བདུད་རྩི་དར་བྲི་ཕྱི། །བར་གྱི་ཤ་ཁྲག་རུས་པ་དང་། །རྦ་གསང་རྫས་ཀྱི་རོ་རས་ཀྱིས། །ཁྱམས་ལ་སོགས་པ་གྲྭ་བཞིར་དགོད། །ཚིལ་ཆེན་མེ་མར་ཆེན་པོ་དང་། །རཀྟ་གསང་ནན་ཆང་གིས་སྦྱར། །ཐོད་པའི་རྔ་དང་རྐང་གི་དུང་། །ཤུན་གྱི་རྒྱལ་མཚན་ཕྱོགས་བཞིར་དགྲམ། །ཞིང་གི་བླ་རེའི་མཎྜལ་དབུས། བདག་ཉིད་ཁྲོ་བོ་མ་རུང་བསྒོམ། །ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །རྡོ་རྗེ་ར་བ་གུར་དུ་གདམས། །མེ་རིས་བརྒྱན་པའི་དབུས་ཉིད་དུ། །འོད་ལྔར་གྱུར་པའི་གཞལ་ཡས་བསམ། །བླ་མ་དཀོན་མཆོག་ཡི་དམ་ལྷ། །ཟླ་བའི་གདན་ལ་སྔོན་བསམ་ལ། །སྔོན་བཞིན་མཆོད་ལ་གསོལ་བ་གདབ། །འོད་ཞུ་བདག་གི་སྒྲིབ་པ་སྦྱངས། །མཆོད་གཏོར་རྒྱན་རྣམས་བྱིན་གྱིས་བརླབས། །ལྷར་གསལ་ཐུགས་ལས་སྨུག་ནག་བྷཱུཾ། །འཕྲོས་འདུས་སྔགས་བརྗོད་དུར་ཁྲོད་གནས། །གོང་གི་ཚུལ་འདྲ་རབ་ཏུ་འཇིགས། །སྟོང་གསུམ་ཤོང་ཞིང་ཡངས་པར་བསྐྱེད། །མི་རྟ་ལ་སོགས་རོ་རློན་གྱི། །གདན་སྟེང་དུན་ལས་ཁྲོ་བོའི་སྐུ། །ༀ་གྷུར་ཀུང་མ་ཧཱ་ཀཱ་ལ་ཀྲོ་དྷ་ཧཱུཾ་ཕཊ། །རཀྴ་ཀྲོ་དྷཱི་ཤྭ་རཱི་རགྨོ་ཧཱ། །མགོན་པོ་ཚོགས་བདག་ཆེན་པོ་ནི། །ལྗང་ནག་ཞལ་གསུམ་ཕྱག་དྲུག་སྟེ། །གཡས་སེར་གཡོན་དམར་ལྗང་ནག་འཇིགས། །ཁམ་ནག་དབུ་སྐྲ་གྱེན་དུ་འཁྱིལ། སྤྱན་དགུ་སྡང་མིག་སྐར་ལྟར་འཁྲུག །ཤུན་གོས་ཐོད་པའི་ཕྲེང་བ་ཅན། །སྟག་དང་གླང་ཆེན་ཐལ་པ་ཞག །གདུག་པའི་རྒྱན་ཚོགས་ཆས་ཀྱིས་མཛེས། །གཡས་ཀྱི་དང་པོ་གསལ་ཤིང་འཕྱར། །བར་མ་རྡོ་རྗེ་རྩེ་ལྔ་པ། །ཐ་མ་ལྕགས་ཕུར་འདྲིལ་ཞིང་འདེབས། །གཡོན་གྱི་དང་པོ་ཐོད་ཁྲག་འཐུང་། །བར་པ་རྣོ་དབལ་ཤུན་གྱི་མདུང་། །ཐ་མ་སྦྲུལ་ཞགས་སྲོག་ལ་རྔམ། །ཞབས་བཞི་གྱད་ཀྱི་དོར་ཐབས་ཅན། །ཉེ་གནས་ཀྲོ་དྷི་ཤྭ་རཱི་མ། །འཇིགས་ཚུལ་ཞལ་གཅིག་ཕྱག་གཉིས་རྔམ། །ཞིང་དང་རེ་སྡེ་ཐོད་སྦྲུལ་བརྒྱན། །གཡས་པ་རྒྱུ་ཞགས་ཡབ་ལ་འཁྱུད། །གཡོན་པ་ཐོད་སྐྱོགས་ཁྲག་གིས་བཀང་། །རུས་བཅུད་རྐང་དང་ཀླད་པ་དང་། །འབྲུ་མར་ཆང་གིས་སྦྱར་བ་ཡི། །རྟག་པར་རང་གིས་ལོངས་སྤྱོད་འཛིན། །འཁོར་བཞིར་ཁྲོ་བོ་གནོད་སྦྱིན་དང་། །སྲིན་མོ་མ་ཚོགས་འཇིགས་པ་བསྐྱེད། །ཕྱི་རིམ་ཉེ་འཁོར་ཉི་ཤུ་བརྒྱད། །སྲིན་མོ་ཉེ་གནས་ཆེན་པོ་བརྒྱད། །ཀ་རི་ཙ་རི་ཕྲ་མོ་ཧ། །བེ་ཏ་ལཱི་དང་པུཀྐ་སཱི། གྷསྨ་རི་དང་སྨ་ཤ་ནི། །ཙཎྜ་ལི་ལ་སོག་པ་ཀུན། །རྔམ་ཞིང་རྔམ་པའི་མ་ཚོགས་ཀུན། །ཤིན་ཏུ་འཇིགས་པའི་གཟུགས་སུ་བསྒོམ། །སྲིན་པོའི་བུ་མོ་དྲི་ཟ་བརྒྱད། །སེང་སྟག་ཝ་སྤྱང་བཞད་ཀྱི་མགོ །ཀང་ཀ་བྱ་རོག་འུག་པའི་ཚོགས། །ཞིང་ལ་རྔམ་ཞིང་སྟོན་པའི་ཚུལ། །དུར་ཁྲོད་པ་ཡི་སྒོ་སྲུང་བཞི། །བརྩོན་མོ་གདོང་མོ་གར་ལོག་མོ། །འཇུག་པར་བྱེད་པའི་མ་མོ་བཞི། །གསང་སྒོ་འཛིན་ཅིང་བཀའ་སྒོ་སྲུངས། །དུར་ཁྲོད་བདག་མོ་གྲུ་འདེགས་བཞི། །བསྐམ་མ་ཤིན་ཏུ་བསྐམ་མ་དང་། །ར་རོ་མ་དང་ཁྲག་འཐུང་མ། །ཆགས་པས་གདུང་བའི་ཚུལ་དུ་གནས། །ཕྱི་རིམ་སླས་དང་བྱི་མོ་བྲན། །མ་མོ་བྲན་མོ་གནོད་སྦྱིན་མོ། །སྲིན་མོ་ཤ་ཟ་ཁྲག་འཕྲོག་མ། །བདུད་ཀྱི་མིང་འཛིན་བླ་རྐུན་མོ། །བློན་མོ་དམག་དཔོན་སྡེ་དཔོན་མོ། །རུ་དཔོན་ཕོ་ཉར་མངག་པར་བྱ། །ཅི་བགྱིད་བཀའ་ཉན་དྲེགས་པའི་འཁོར། །རྦོད་གཏོང་རྔམ་པའི་ཚུལ་དུ་བསྒོམ། །ནད་ཀྱི་བསྐལ་པ་ཚུབ་མར་གཏོང་། །གདུག་པའི་མཚོན་ཆ་ལུས་ལ་འགྱེད། །མཁར་དང་འོངས་པས་ཕྱི་རོལ་ན། །འབུ་དང་ཤིན་ཏུ་འབུ་ཆེན་པོ། །སྦྲང་མ་སྦྲང་རྒོད་བུང་བ་དང་། །སྦྲུལ་དང་སྡིགས་པ་སྡོམ་ལ་སོགས། །ཀང་ཀ་རུ་རྩེ་འུག་པ་ཁྭ། །བྱ་གཅན་ཤ་ཟན་ཚོགས་འཕུལ་ཞིང་། །ཅེ་སྤྱང་སྟག་སེང་དོམ་དྲེད་འཕར། །དུར་ཁྲོད་རོ་ཡི་ལོངས་སྤྱོད་ལ། །བལྟ་ཞིང་རྒྱུག་ཅིང་རོ་ལ་འཐེན། །རྒྱུ་མ་འདྲེན་ཅིང་རུས་པ་འཆའ། །དེ་ལྟར་གསལ་བར་གྱུར་པ་དང་། །རང་བཞིན་ཡུལ་ནས་བཀུག་ཅིང་བསྟིམ། །ཕུར་པས་བསྒྲལ་ཞིང་ཞལ་དུ་གསོལ། །ཕྱལ་དུ་སྦྱངས་ལ་གནས་སུ་གདོན། །འཁོར་བའི་སྨྲེ་སྔགས་བཀའ་འཁོར་དབུལ། །རང་དམ་བཅའ་ཞིང་དམ་ཚིག་དབོག །མནའ་བོར་ལས་ལ་མངག་པར་བསམ། །བརྟན་པར་བྱས་ལ་མཆོད་པ་བསྟབ། །མངའ་གསོལ་ཕྲིན་ལས་གཞོལ་བ་དང་། །བསྙེན་དང་ཉེ་བའི་བསྙེན་པ་བཟླས། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས་བཀའ་སྡོད་ཕོ་ཉའི་དཀྱིལ་འཁོར་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་དེ་དག་གི་དཀྱིལ་འཁོར་གྱི་ཆོ་ག་འདི་གསུངས་སོ། ། ཧཱུཾ། ལང་ཀ་ཡུལ་གྱི་གྲོང་རྡལ་གྱི། །དབུས་ཀྱི་རི་བོ་མ་ལ་ཡ། །ཀོ་ཀ་ཐང་དམར་རྒྱ་མཚོའི་མདོ། །བྱན་ལག་མཆོང་རི་གནམ་ལྕགས་འབར། །དྲག་ཤུལ་ཅན་གྱི་རྩེ་མོ་ན། །རྡོ་རྗེ་ཐབས་ཀྱིས་བལྟ་བའི་ཡུལ། །ཆོས་འཛིན་རིགས་ཀྱི་བསྒྲུབས་གནས་སུ། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཡིས། །བདུད་ཀྱི་སྡེ་རྣམས་བཏུལ་ནས་ཀྱང་། །གསང་སྔག་འཁོར་ལོ་བསྐོར་བའི་ཚེ། །མིང་གི་དབང་བསྐུར་བྲན་དུ་ཁས་བླངས་པ། །རྡོ་རྗེ་རོ་ལངས་དུར་ཁྲོད་ཚོགས་ཀྱི་བདག །མགོན་པོ་ནག་པོ་ཆེན་པོ་དང་། །ཉེ་གནས་ཀྲཱོ་དྷཱི་ཤྭ་རཱི་མ། །ཡབ་ཡུམ་གཉིས་སུ་མེད་པའི་འཁོར། །ལར་ཀའི་བདག་པོ་ལ་སོགས་པའི། །འདུས་པ་རྣལ་འབྱོར་ཕོ་མོའི་ཚོགས། །སངས་རྒྱལ་བསྟན་པ་བསྲུང་བའི་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ༀ་བྷུར་ཀུར་མ་ཧཱ་ཀ་ལ་ཀྲོ་དྷི་ཤྭ་རི་ནག་མོ་ཏི་ལ་མ་ཨེ་ཨ་ར་ལི་ཧྲིང་ཧྲིང་ཛ་ཛ། ༀ་རགྴ་ཤྲཱི་ཧེ་རུ་ཀ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཧ་ལ་ཧ་ལ་ཧཱུཾ་ཕཊ། ཏ་ཀེཾ་ཏ་ཀེཾ་ཕཊ་ཀྲོ་དྷཱ་ཀྲོ་དྷ་རཾ་ཧ་ར་ཧ་ར་ཡཾ་ཏིག་སྣ་ཏིག་སྣ་བ། བཛྲ་ཡཀྴ་ཀྲོ་དྷ་ཧསྟ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཧཱུཾ་ས་མ་ཡ་མནབྷ་ལ། མ་ཧཱ་྄སུ་ཁ་ཧཱུཾ་། པྲ་བེ་ཤ་ཕཊ། བཛྲ་ཨ་མྲྀ་ཏ་མ་ཧཱ་ཀྲོ་དྷ་ཨཾ་ཨཾ། །ཨཾ་བྷྱོ་ཨེ་ཨ་ར་ལི་ཛ་ཛ། ཨེ་མ འོ་དཔའ་བོ་ཐུགས་རྗེ་ཆུང་། ཤིན་ཏུ་བདེ་བའི་གནས་དག་ནས། །སྣམ་དུ་འཐོན་པ་ཐུགས་རྗེ་ཆུང་། །དེ་ཡང་ཅི་མཛད་མྱུར་དུ་མཛོད། །མྱུར་དུ་བསྒྲལ་ན་ཡུན་དུ་བདེ། །འབངས་སུ་མཆིའོ་བདག་ལུས་འབུལ། །འབངས་ལ་ནན་ཏན་མ་ཆུང་ཞིག །སླན་ཆད་བཀའ་བཞིན་རྗེས་སུ་བགྱིད། །གལ་ཏེ་བཀའ་བཞིན་མ་བགྱིས་ན། །དམ་པའི་ལུང་ལས་འགལ་འགྱུར་ཏེ། །བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་། །རུལ་མྱག་ཚིག་ནས་སྐམ་གྱུར་ཅིག །ཨི་དན་ཏ་ན་ར་ཁ ན་པ་ར་ཧྲི་ཏྲ་ཋ་ཡ་ན་མ་བྷརྟི་ནན་ས་མ་ཡ་རག་ཤ་སི་ཏི་པི་ན་བཛྲ་ཨ་མྲྀ་ཏ་ཀྲོ་ཏ་ན་ར་ཀན། མ་སྲིང་བུ་མོ་ཆུང་མ་རྣམས། །འབངས་སུ་འབུལ་ལོ་རྩིས་མ་ཆུང། །པདྨ་པྲ་བེ་ཤ་ཁ་ཐཾ་ཁ་ཐཾ་པྲ་བེ་ཤ་ཕཊ། ཧཱུཾ། །དབུས་སུ་མཆིས་སྐལ་མ་མཆིས་ཀྱིས། །འབར་བའི་དཀྱིལ་འཁོར་མཐའ་ལ་ཤོག །ཕུད་ལ་འཚལ་སྐལ་མ་མཆིས་ཀྱིས། །ལྷག་མ་ཞལ་ཆབ་བྲོན་ལ་ཤོག །ཡེ་ནས་གདུང་བའི་མ་སྲིང་རྣམས། །དེང་ནས་རྒྱལ་བའི་བཀའ་ཡིན་གྱིས། །ཁྱེད་ཀུན་ང་ཡི་ལས་མཁན་ཏེ། །བཀའ་ཡི་ལས་བྱུང་མྱུར་དུ་བསྒྲུབས། །བདག་ཀྱང་དེང་སྔོན་ལས་ལོག་སྤྱད་པ་ཡིས། །དཔག་ཏུ་མེད་པའི་འཁོར་བའི་སྡུག་བསྔལ་རྒྱུད། །ད་ནི་ལས་འཕྲོ་གཉིད་སད་པས། །བདེ་བ་ཅན་གྱི་ཞིང་དུ་མྱུར་འགྲོ་བའི། །རྗེས་སུ་བསྟན་པའི་བཀའ་ལས་ཉམས་པ་དེ། །ཇི་ལྟར་མ་བྱམས་བུ་ལ་གདུང་བ་བཞིན། །དམ་ཚིག་ཅན་ལ་དུང་དུང་གདུང་བར་གྱིས། །གང་ཞིང་སྲིང་བྱམས་མིང་ལ་གདུང་བ་བཞིན། །ཡལ་དམ་ཅན་ལ་ལྷང་ལྷང་བརྩེ་བར་གྱིས། །མཛའ་མོ་ཇི་སྲིད་གྲོགས་ལ་གདུང་ཚུལ་བཞིན། །རྣལ་འབྱོར་ཅན་གྱིས་ཀྲིལ་ཀྲིལ་བརྩེ་བར་གྱིས། །ཇི་ལྟར་གཡོག་རྣམས་དཔོན་ལ་བརྩེ་བ་ལྟར། །དམ་པ་རྣམས་ལ་ཡིད་བཞིན་ནོར་ལྟར་ཁུར། །བརྩེ་བར་བྱེད་ན་མ་རུ་བྱ། །གདུང་བར་བྱེད་ན་སྲིང་དུ་བྱ། །བརྩོན་པར་བྱེད་ན་བྲན་དུ་བྱ། །རིགས་རྒྱུད་འཛིན་ན་བུ་མོར་བྱ། །འདུ་འབྲལ་མེད་ན་སློབ་མར་བལྟ། །བསྐུལ་བར་མགྱོགས་ན་ཕོ་ཉར་བྱ། །བཀའ་བཞིན་བྱེད་ན་བཀའ་ལ་གདམས། །ཞེས་སྔོན་གྱི་ཐ་ཚིག་བསྟན་པའོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། སྤྱན་དྲངས་ཤིང་སྔོན་གྱི་ཐ་ཚིག་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་དེ་དག་ལ་མཆོད་ཅིང་མངའ་གསོལ་བ་འདི་གསུངས་སོ། །ཧཱུཾ། དང་པོ་བསྟན་པ་བསྲུང་བར་ཞལ་བཞེས་པའི། །བདུད་འདུལ་དབང་ཕྱུག་མ་ཧཱ་ཀཱ་ལའི་ཚོགས། །སྲིན་ཡུལ་ལང་ཀ་པུ་རི་ཡི། །གྲོང་ཁྱེར་གཏན་ནས་བརླག་མཛད་ཅིང་། །ལྷ་མ་སྲིན་གྱི་བུ་མོ་ནི། གློག་མ་སྲིན་འདུལ་ཞལ་བཞེས་པའི། །ལྷ་ཆེན་མགོན་པོ་ནག་པོ་ཁྱེད། །སྤྱན་འདྲེན་འདིར་སྤྱོན་ཕྲིན་ལས་མཛོད། །དུར་ཁྲོད་གསང་བ་མཆོག་གི་གནས་འདིར་བཞུགས་ནས་ཀྱང་། །རྣལ་འབྱོར་བདག་གིས་བཅོལ་པའི་ཕྲིན་ལས་མཛོད། །ས་མ་ཡ་སྟྭཾ། ལྕང་ལོ་ཅན་གྱི་མ་ཧཱ་བྷན་དྷ་རུ། །བྱང་ཆུབ་སེམས་དང་མཱཾ་ས་རཀྟ་དང་། །དྲི་ཆེན་ཀུ་ཀུ་ཆུ་སྟེ་རྣམ་པ་ལྔ། །གཉིས་སྦྱར་བ་ཡི་པཉྩ་ཨ་མྲྀ་ཏ། །ནག་པོ་ཆེན་པོ་འཁོར་དང་བཅས་ལ་འབུལ། །པཉྩ་ཨ་མྲྀ་ཏ་ཁཱ་ཧི། །བ་ལིང་ཏ་ཁཱ་ཧི། ཧཱུཾ། །རྣལ་འབྱོར་ཀུན་གྱི་དཔལ་མགོན་མཆོག །བསྟན་པ་སྲུང་བར་ཞལ་བཞེས་པ། །མ་ཧཱ་ཀཱ་ལ་མཐུ་རྩལ་ཅན། །དཀའ་ཐུབ་ཆེན་པོ་ཚུར་གསོན་ཅིག །ལེགས་ལྡན་ནག་པོ་མ་རུང་པ། །ཤ་ཁྲག་དམར་གྱི་མཆོད་པ་བཞེས། །རང་གི་རྒྱལ་སྲིད་ལ་གནས་ཏེ། །ཁྲམ་ལ་བཏབ་བའི་དགྲ་བགེགས་རྣམས། །རོལ་ཅིག་དགོངས་ཤིག་དམ་ཚིག་གཙོ། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །བསེ་སྤྱང་ཁྲམ་ལ་བཏབ་པ་ཡི། །གཤེད་མ་བཞི་ལ་ལས་གཉེར་གཏོད། །མ་དང་སྲིང་མོ་ཆུང་མ་ལ། །དཔའ་བོ་ཁྱོད་ཀྱིས་རོལ་བར་མཛོད། །དམ་ཚིག་ཆེན་པོས་མ་གཏོང་ཞིག །ཞེ་སྡང་ཅན་གྱི་བདག་པོ་རྣམས། །སེམས་ཅན་ཀུན་གྱི་ཚེ་འཕྲོག་པས། །དགྲ་བོ་ཉམས་པའི་སྲོག་དང་ཕྲོལ། །ཤ་དང་ཁྲག་ལ་ལོངས་སྤྱོད་ཀྱིས། །གནོད་སྦྱིན་ཆེན་པོ་མ་རུངས་པ། །བསེ་སྤྱང་ཁྲམ་ལ་བཏབ་པ་ཡི། །གསེར་དངུལ་དབྱིག་ནོར་ཀུན་ལོངས་ལ། །རང་གི་འདོད་པའི་ལོངས་སྤྱོད་ཀྱིས། །སྒྲུབ་པའི་རྣལ་འབྱོར་བདག་ཉིད་ལ། །ཡིད་བཞིན་ལྟ་བུའི་དངོས་གྲུབ་སྩོལ། །རིགས་ངན་སྨེ་ཤ་ཅན་གྱི་ཚོགས། །བ་གླང་ཁྱི་ཤ་རྟ་ཤ་དང་། །མི་ཤ་གླང་ཆེན་ལ་སོགས་བཞེས། །སྲིན་མོ་ཁྲག་འཐུང་མ་ཀུན་ལ། །བསད་པའི་ཁྲག་ནི་དྲོན་མོར་བཅས། །བཞེས་ཤིག་དགྲ་བོའི་ཁྲག་ལ་འཐུང་། །སྤྲུལ་པའི་ཕྲ་མེན་ཆེན་མོ་རྣམས། །ཐོད་རུས་རྐང་དང་འབྲུ་མར་དང་། །རྐང་དང་ཨ་མྲྀ་ཏ་དང་སྦྱར། རྫུ་འཕྲུལ་གྲུབ་པའི་རྫས་རྣམས་བཞེས། །རིགས་ངན་གདུག་པའི་མ་མོ་རྣམས། །ཤ་ཆེན་བཤང་གཅི་ཁུ་བ་ཁྲག །དམ་རྫས་འབར་བ་འདི་བཞེས་ལ། །བདག་གི་ནད་རྣམས་བཟློག་ཏུ་གསོལ། །དམིགས་པའི་དགྲ་ལ་རིམས་ནད་ཐོང་། །སྲིད་པའི་བུད་མེད་མ་རུང་ཁྱེད། །བྲོ་གར་གླུ་ཚིག་མཆོད་པ་བཞེས། །དམིགས་བྱ་འཇོ་ཚུལ་སྟབས་ཀྱིས་ཕྲོགས། །ཤོར་བ་གཞོན་ནུ་བདུད་མོའི་ཚོགས། །རྣལ་འབྱོར་ཆེན་མོའི་བཀའ་བྱུང་བས། །སྔགས་སྒྲ་དྲག་པོའི་མཆོད་པ་བཞེས། །དགྲ་བོའི་ཕུང་པོ་རྡུལ་དུ་རློག །ལོག་འདྲེན་ཅན་གྱི་ཚོགས་ཀུན་ཉོན། །ཡང་དག་ཉིད་དུ་ཀུན་རིག་ན། །མེ་ཆུ་ལས་གཉིས་གང་བྱས་ན། །གཉིས་ཀྱི་དབང་དུ་མི་འགྱུར་ཞིང་། །རྣལ་འབྱོར་པ་ཡི་ལས་འདི་སྒྲུབས། །གསང་ཚིག་སྟོན་པའི་ཚོགས་རྣམས་ཉོན། །བཤང་གཅི་ཁྲག་དང་སོལ་ཁུ་ཡིས། །བརྒྱ་འམ་སྟོང་དུ་གསོ་ནས་ནི། །ལི དྒ་བཅད་ནས་སངས་རྒྱས་འཇིག །དམ་རྫས་མཆོད་པ་བཞེས་སུ་གསོལ། །བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །མངའ་བདག་ཆེན་པོ་མ་རུངས་པ། །རྡོ་རྗེ་སེམས་དཔའི་སྤྲུལ་པ་སྟེ། །ཁྲོ་བོའི་རྒྱལ་པོ་གྱིང་ཆེན་པོ། །མངའ་བདག་བདུད་ཀྱི་རྒྱལ་པོ་ཞེས། །བསྟོད་ཅིང་མཐུན་པའི་རྫས་འདི་འབུལ། །སྔོན་གྱི་བསྐལ་བ་བཟང་པོ་ལ། །ཁས་བླངས་དམ་བཅས་མནའ་བོར་བའི། །སྔོན་དུ་རིགས་འཛིན་གོང་མས་བསྒྲུབས། །ད་ལྟ་རྣལ་འབྱོར་དམ་ལ་སྤྱོན། །བམ་རི་ཐོད་པ་མཁར་གྱི་རྩེར། །རུ་མཚོན་ནག་པོ་པུ་རུ་རུ། །མཚོན་ཆ་མང་པོ་ཆར་དུ་འབེབས། །བདུད་བྱ་ནག་པོ་ལྡིང་ཞིང འཇུམ། །དུར་ཁྲོད་རྒྱན་ཆ་མང་པོ་རྣམས། །མཆེ་གཙིགས་རྔམ་པའི་ཞལ་གདངས་ནས། །ཁྲོ་བོ་ཁྲོ་མོ་སྤྲུལ་བ་འཁྲིགས། །སྲིན་པོ་སྲིན་མོ་རྐན་སྒྲ་རྡེབས། །གནོད་སྦྱིན་ཕོ་མོ་འབྲུག་སྒྲ་སྒྲོགས། །ཟ་བྱེད་ཕོ་མོ་གློག་ལྟར་འཁྱུག །སོ་སོའི་མོས་པ་ཐ་དད་པའི། །དམ་རྫས་མཆོད་པ་འདི་བཞེས་ལ། །ཇི་ལྟར་བཅོལ་པའི་ཕྲིན་ལས་མཛོད། །མཱཾ་ས་རཀྟ་གོ་རོ་ཙ་ན་བ་སུ་ཏ་གྷ་ན་ཙིཏྟ་ཁཱ་རཾ་ཁཱ་ཧི། །ཕྲིན་ལས་གཞོལ་པ་གང་འདོད་སྦྱར། །བསྙེན་དུས་སྨོན་ལམ་འདི་ལྟར་གདབ། །ཧོ། མགོན་པོ་ཁྱེད་མཆོད་བྱིན་རླབས་ཀྱིས། །ཕྱོགས་དང་དུས་ནི་ཐམས་ཅད་དུ། །སེམས་ཅན་ལེགས་དོན་འབྱོར་པ་ལ། དགྲ་བགེགས་རྣམ་པ་ཀུན་མེད་ཤོག །རྟ་དང་བ་གླང་ནོར་དང་འབྲུ། །བུ་ཚ་ཕ་མ་གཉེན་བཤེས་རྣམས། །དགེ་ཞིང་ཚེ་རིང་ནད་མེད་པར། །ཐམས་ཅད་འབྱོར་བ་ལྡན་པར་ཤོག །འགྲོ་བ་ཉེས་མེད་བདེ་གྱུར་ཅིག །ནད་དང་མུ་གེ་ཀུན་བྲལ་ནས། །རྒྱལ་པོ་དགེ་ཞིང་དེས་པ་དང་། །ཆོས་ཀྱི་རྒྱལ་སྲིད་སྐྱོང་བར་ཤོག །བདེ་བར་གཤེགས་པའི་བསྟན་པ་ནི། །ཕྱོགས་བཅུ་ཀུན་ཏུ་རྒྱས་པ་དང་། །མྱུར་དུ་སེམས་ཅན་ཐམས་ཅད་ཀྱང་། །ཆོས་ཀྱི་སྣོད་དུ་འགྱུར་བར་ཤོག །དགེ་བ་ཆོས་བཅས་སྤྱན་བསྔོ་ཞིང་། །མགོན་པོ་ཁྱོད་མཆོད་བྱིན་རླབས་ཀྱིས། །བདག་བཅག་འཁོར་དང་བཅས་པ་རྣམས། །ལོངས་སྤྱོད་རྣམ་གཉིས་རྫོགས་པར་སྨོན། །བདག་ཅག་བྱང་ཆུབ་མཆོག་ཐོབ་ནས། །ཁྱོད་དང་མི་འབྲལ་འགྲོགས་པར་ཤོག །ཅེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། །བསྙེན་པའི་ལས་གཞུང་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །གསང་སྔགས་བསྟན་པ་འདི་གསུངས་སོ། །ༀ་བྷུར་ཀུར་མ་ཧཱ་པདྨ་རྡེ་བྷུར་ཙི་བྷུར་བྱིག་གི་བྱེ་མ་ནས་སེ། ཨེ་ཧོ་ཤོ་མོས་ཀྲོ་དྷ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ༀ་བྷུ་རུ་ཀུ་རུ་རྨ་ཨ་པྲ་རྣ། བུད་ཙི་གི་ཕྱི་མ་སེ་ཁ་ཤོ་མོ་ཀྲོ་དྷ་ཧཱུཾ་ཧཱུཾ་ཕཊ་ཕཊ། བསྙེན་པ་དང་ནི་ཉེ་བསྙེན་ནོ། །ༀ་བྷུ་རུ་ཀུ་རུ་ཨི་ཕྱི་ཨུཙྪ་ཀྲོ་དྷ་ཧཱུཾ་ཕཊ། ༀ་བྷུར་ཀུར་ཏི་ཕཊ། སརྦ་སིདྡྷི་ཕ་ལ་ཧཱུཾ་ཨ། ཨོ་བཛྲ་ཙིཏྟ་ས་མ་ཡ་ཨ་མྲྀ་ཏ་ཧཱུཾ་ཕཊ། ༀ་ཧྲཱིཿ་བཛྲ་རག་ཏ་གྲྀ་ཧྞ་གྲྀ་ཧྞ་ར་ག་མ་ཧཱ་ཀཱ་རུ་ཎི་ཧཱུཾ་ཕཊ། ༀ་བཛྲ་ཀྲོ་དྷ་རཱ་ཛ་ཡ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་གྲི་སྣ་མི་གེ་ན་ཧཱུཾ་ཕཊ། སྒྲུབ་དང་སྒྲུབ་ཆེན་བླང་བ་དང་། །མཐིང་ནག་དར་ཆེན་ནང་དུ་ནི། །ཡུངས་ཀར་རྒྱལ་པོ་ཁྲག་སྣ་དང་། །ཙནྡན་དམར་པོ་སྦྱར་བ་དང་། །ཙན་ཏན་དཀར་པོ་བཟང་དྲུག་དང་། །བདུད་རྩི་སྐྱང་བའི་ཐུམ་པོ་གསུམ། །དང་པོ་བར་དང་ཐ་མ་གཏུམས། ཧྲཱིཿལས་བདུད་རྩི་སྦྱར་བ་དང་། །རཱ་ལས་ཆགས་པའི་རང་བཞིན་དང་། །ཧཱུཾ་ལས་ཁྲོ་བོར་བརླབ་པའི་སྔགས། །ༀ་བཛྲ་ཀྲོ་དྷ་ཛྭ་ལ་ས་མ་ཡ་ཧཱུཾ། །ཡཀྴ་ཛྭ་ལ་ས་མ་ཡ། །རཀྴ་ཛྭ་ལ་ས་མ་ཡ་། །ཙ་ིཏྲ་ཛྭ་ལ་ས་མ་ཡ། ཧཱུཾ་ཕཊ། །ཕྱོགས་བཞིར་སྤྲུལ་པ་བསྐྱེད་པའོ། །དེ་ཀས་དགུག་དང་བསད་པ་འགྲུབ། །ༀ་བྷུར་ཀུར་མ་ཧཱ་ཀ་ལ་ནྲི་ཐུམ་ལཾ་ཐུམ་རི་ལ་རྦད་བུ་ནི་ཛི་དགྲ་བོའི་སྙིང་ལ་ཡ། ཏྲག་རཀྴ་ཐུམ་རིལ་རྦད། དགྲ་བོའི་སྙིང་ཁ་རག་ནི་ཛ་བྷྱོ། རྦད་པའི་གསང་སྔགས་མཆོག་ཡིན་ནོ། །དམིགས་པའི་རྣམ་ཤེས་དགུག་པ་ཡིན། །ༀ་མ་ཧཱ་ཀཱ་ལ་ནི་ཛ་སྙིང་ལ་ཐུམ་རིལ་རུ་པ་ཡ། རྦད་སུ་རྦད་སུ་ནྲི་ཤག་ཙིཏྟ་ཡ་རྦད། །མུགས་ཤག་ཀླིང་དུ་རྦད། །སྙིང་ལ་ནྲྀ་ཛ་ཛ་། །སྲོག་ལ་སྲོག་རྩ་ལ་བྲེམས་བྲེམས་ཡ་ཡཱ། །ཧབ་ཧབ་ནྲྀ་མ་ར་ཡ་རྦད་ཕཊ། རྣམ་ཤེས་བསད་པའི་དཀྱིལ་འཁོར་ཡིན། །དྲག་པོའི་ཕུར་པ་སྐབས་སུ་གདབ། །ༀ་མ་ཧཱ་ཀཱ་ལི་མ་བྷྱོ། རུ་ལུ་རུ་ལུ་ས་མ་ཡ་བྷྱོ། ཏྲག་རཀྴ་ལ་མུན་ཏྲ་བྷྱོ། རུ་ལུ་མཱ་རཱ་ཡ་ཐུན་བྷྱོ། ཏྲག་མོ་དྲག་སྙིང་ཁྲག་མཱ་ར་ཡ་ཐུན་ཡཱ། ཏྲག་མོ་ཏྲག་མོ་ཐུན་ཡ། ཤྲི་གེ་གྷོ་ཛ་ཤག་རྦད། མུ་རོ་ཙིཏྟ་ནི་ཤག་རྦད། རེ་གེ་ཤོ་ན་ནི་ཤག་རྦད། ཡ་མེ་ཏོ་ཤ་ནི་ཤག་རྦད། ཙིཏྟ་རེ་མ་ནི་ཤག་རྦད། ཤོ་ར་དུ་ན་ཁྲམ་བཛྲ་མ་ཏི་སྲོག་ལ་རྦད་རྦད། མ་ཚོགས་ཐུན་དང་དྲག་པོས་བསད། །བར་དུ་དྲིལ་བྱིན་བྱ་བ་ཡིན། །ༀ་རི་ལི་རི་ལི་སྙིང་ལི་ལི་རི་ཤིག་ཕྲུ་ལུ་ལུ། སྲོག་མཱ་ར་ཡ་རྦད། ཙིཏྟའི་དཀྱིལ་དུ་ནྲི་ཛ་ཐུན། །ཁྲག་གི་སེར་ཆེན་ཕོབ་ཕོབ། །ཅེས་པ་ཟོར་སྔགས་དྲག་པོ་ཡིན། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། གསང་སྔགས་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་བསྙེན་བསྒྲུབ་ཀྱི་རིམ་པ་འདི་གསུངས་སོ། །བདག་ཉིད་ལྷ་ཡི་ང་རྒྱལ་གྱིས། །དཀྱིལ་འཁོར་དབུས་ཀྱི་ཕུར་པ་ལ། །དཀར་ནག་དམར་བའི་གཟུངས་ཐག་སྒྲིལ། །མཐིང་ནག་དར་གྱི་ཕུར་པ་གསུམ། །བསྐུལ་དང་ཆགས་དང་གཞིལ་བའི་རྫས། །ཕ་ཝང་དག་ལ་ཧྲི་ཧྲི་ཛ་དག་ཟི། །ཧཱུཾ་དང་བཅས་པའི་ཡུངས་ཀར་ལ། །ཁྲག་ལ་མཆོད་སྒོང་ཧྲི་དང་མོ། །དེ་བཞིན་ལྕགས་ཐིག་ཡི་གེ་བདུན། ཡུམ་དང་སྦྲེལ་བའི་བླ་རྡོ་ཡིན། །སྨན་ལ་ཡི་དམ་སྙིང་པོ་འམ ། །དཔའ་བོ་འབྲུ་ལྔ་བྲིས་ལ་གཞུག །གཟུངས་ཐག་སྦྲེལ་ལ་འཆང་པར་བྱ། །ཐུགས་ཀར་རྡོ་རྗེ་སྲིན་པོ་འཇིགས། །མཚོན་ཆ་འཁོར་ལོ་བསྐོར་བར་བསམ། །སྔགས་ཀྱི་འོད་ཟེར་རྣོ་ལ་མྱུར། །ལྕགས་ཀྱུའི་ཚུལ་དུ་སྤྲོས་ནས་ཀྱང་། །རང་བཞིན་མགོན་པོའི་སྙིང་ག་ནས། །སྙིང་དཀྱིལ་སྣ་ལྔ་འོད་དང་འབྲེལ། །དུས་ལས་རང་གི་སྙིང་པོས་བསྐོར། །དེ་ནས་བཟུང་ནས་མི་གཏོང་བར། །གནས་ནས་བཀུག་ལ་རྟེན་ལ་བསྟིམས། །བདག་གི་བཀའ་ཉན་གསུང་སྡོད་པ། །ཞི་བའི་ཞལ་དང་ལྡན་པར་བསམ། །འབུམ་ཕྲག་གཅིག་ཏུ་རྫོགས་པར་བྱ། །དེ་ནས་ཉེ་བ་གནས་ཀྱིས་བསྙེན། །ཐུན་གྱི་སྔགས་ཀྱི་འོད་ཟེར་ཉིད་། །རྡོ་རྗེ་སྲིན་པོའི་མཚོན་ཆར་སྤྲོ། །མགོན་པོ་དབང་མེད་བཀུག་ནས་ཀྱང་། །རང་སྙིང་སྲོག་ནས་དྲོད་ལངས་ཤིང་། །ལུས་ངག་ཡིད་གསུམ་ཚ་ཞིང་བསྲེག །དབང་མེད་དྲུང་འདུག་ལས་རྣམས་གྱད། །འབུམ་ཕྲག་གཅིག་ཏུ་རྫོགས་པར་བྱ། །དེ་ནས་ཉེ་བའི་རྟགས་ནི་འབྱུང་། །སྨན་གྱི་ཐུམ་པོ་བདུད་རྩི་ཡིས། །སྐུ་ཡི་ཚ་བ་གཞིལ་ཕྱིར་གཏོར། །སྐུ་གསུམ་རང་བཞིན་རྣལ་མ་ནི། །བདག་ལ་ཉེ་ཞིང་ལས་རྣམས་བྱེད། །ཚོགས་དང་བདུད་རྩི་གཏོར་མས་མཆོད། །དངོས་གྲུབ་བདག་བླང་བྱ་བའི་ཕྱིར། །བསྒྲུབ་པའི་རིམ་པ་བག་ཙམ་སྦྱར། །རཀྟ་དེ་ནི་རྟེན་ལ་གཏོར། ཐུགས་རྗེས་ཆགས་པ་བསྐྱེད་པར་བསམ། །འོད་ཟེར་ལྕགས་ཀྱུ་དབང་གི་མཆོག །འཕྲོས་ཏེ་རང་བཞིན་མགོན་པོ་ལ། །དམ་ཚིག་བསྐུལ་ཞིང་མཆོད་པར་བྱ། །སིདྡྷི་རྟགས་པའི་མདོག་ལྟ་བུ། །བསྡུས་ཤིང་རང་ལ་བསྟིམ་པར་བྱ། །ཕྱེད་ཤས་ཙམ་གྱིས་གནད་ལ་ཕེབས། རྟེན་གྱི་ཐོད་པ་ཁ་ཕྱེ་ལ། །མྱོས་པའི་རྫས་དང་བུ་རམ་དང་། །བདུད་རྩི་འོ་བསྐོལ་ཞལ་ཟས་དང་། །དེ་བཞིན་མཆོད་པ་ཀུན་ཀྱང་བཏང་། །དམར་ལྗང་དར་གྱི་ལིདྒ་བྲི། །རྫས་ཉིད་བདུད་རྩིར་བརླབས་ནས་ཀྱང་། །ནང་དུ་སྲོག་གསུམ་ཡི་གེ་བསྒོམ། །མགོན་པོའི་གཞུང་བསྲང་སྙིང་པོ་བཟླས། །དྲུག་གི་སྔགས་ཀྱི་འོད་ཟེར་འཕྲོ་ཞིང་། །བརྒྱད་ཀྱིས་སིདྡྷིའི་མཐུ་བྱིན་བསྡུ། །འབུམ་ཕྲག་རྫོགས་ནས་སྲོད་གསུམ་བ ཞུ། །སིདྡྷི་རྫས་ལ་བདག་ཉིད་རོལ། །དམ་ཅན་གཏོར་མ་ཚོགས་ཀྱིས་མཆོད། །སྨན་གྱི་མཆོད་པས་སྟོབས་ལྡན་འགྱུར། །བསྙེན་པའི་རྡུལ་ཚོན་ཞལ་ཕྱེ་ལ། །དྲག་པོའི་ལས་ལ་སྦྱར་བར་བྱ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། །བསྙེན་བསྒྲུབ་གནད་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་འབྲུབ་ཁུང་དྲག་པོའི་དཀྱིལ་འཁོར་འདི་གསུང་སོ། །མཎྜལ་འདོམ་གང་གྲུ་བཞི་ལ། །རཀྟ་ཁྲག་གི་དམར་པོ་བྱུག །དབུས་ནས་མཉམ་པའི་ཤིང་གཞག་ལ། །མཎྜལ་ཟླུམ་པོ་བསྐོར་ནས་ཀྱང་། །མཐོ་གང་ཚད་དུ་གྱེན་དུ་བརྩིག །དབུས་ནས་ཁྲུ་གང་གྲུ་གསུམ་ལ། །ནང་རིམ་གསུམ་ལྡན་ཐུར་དུ་བྲུ། །ཐ་མ་ཐོད་པའི་ཕྲེང་བས་བརྒྱན། །དུག་ཤིང་རྩང་དམར་ཉི་ཤུ་བརྒྱད། །རྡོ་རྗེ་འཁོར་ལོ་རལ་གྲི་དབྱུག་ཐོ་རྒྱ་གྲམ་ལྔས། །འོག་མ་དག་ལ་བསྐོར་བར་བྱ། །དམིགས་པ་དགྲ་ཡི་རྫས་རྣམས་དང་། །བག་ཕྱེ་ས་སྤྱིན་བསྲེས་པའི་གཟུགས། །བཅུ་གཉིས་སོར་ཚད་མི་རུས་མངག །ཀནྡྷའི་ཤིང་ལ་དུག་གིས་འབྲི། །དྲེད་མོའི་སྐྲ་ཐག་སྔོ་དམར་གྱིས། །བཅིངས་ལ་གཟུགས་བརྙན་རྩང་ལ་གདགས། །བཅིངས་ལ་མགོ་བརྙན་དག་ཀྱང་གདགས། །དུར་ཁྲོད་གཡམ་པ་ཁྲུ་གང་ལ། །དབུས་ནས་མཐོ་གང་གྲུ་གསུམ་ཁྲུ། །འབྲུབ་སྟེང་བཞག་ལ་ཐོད་མཁར་བརྩེགས། །རྒྱ་ནི་དེ་དང་མཐུན་པ་ལ། །དཔངས་སུ་ཁྲུ་གང་སོར་བཞི་བཏོད། །རང་ངོས་ཐེལ་ལ་སྒོ་བསྟན་ལ། །ལོགས་བཞི་འཕྲིན་ལས་གློ་དཀར་བཞི། །ཕྱོགས་བཞི་མཁར་བཞིར་ཕྱེད་ཕྱེད་བྱ། །དུར་ཁྲོད་ཚོན་གྱི་རི་མོ་ཡིས། །སྟག་དང་མི་རྟ་བྱ་རྒོད་མགོ །སྲིན་པོའི་ཐོད་པ་བ་གམ་བྱ། །ནང་དུ་རྟེན་གྱི་ཕུར་པ་ལྔ། །ཡང་ན་བཀའ་རྟེན་བྲག་ནག་དྲེག །དུར་ཁྲོད་ས་ལ་སྲིན་པོའི་གཟུགས་བྱས་ལ། །ཚོན་གྱིས་བསྒྱུར་ལ་ཕྱག་མཚན་གཏད། །གྲུ་བཞིར་རུ་མཚོན་ནག་པོ་བཞི། །ཕྱོགས་བཞིར་བདུད་བྱ་ནག་པོ་ལྡིང་། །སྨྱུག་མ་ཚིགས་ལྔའི་མདའ་གཅིག་ལ། །དྲི་མེད་དྲག་པོ་བཙུག་ནས་ཀྱང་། །བྱ་རྒོད་སྲིན་བྱ་ཁྲ་འུག་ཁྭ། །ལྔ་སྒྲོན་མདའ་ལ་དར་ནག་གདགས། །གཡུ་མིག་ནམ་མཁའ་ནག་པོ་ལ། །རྒོད་ཀྱི་སྒྲོ་གསུམ་དར་གྱིས་བརྒྱན། །དབུས་ཀྱི་མཁར་སྟེང་གཞག་པར་བྱ། །གཡས་གཡོན་ཡབ་ཡུམ་གཏོར་མ་གཞག །སྙིང་གསུམ་དར་སྒྲིལ་ལུས་ལ་བཅང་། །གྱིང་གི་མཁར་གྱི་སྟེང་ལོགས་གསུམ། །ལྕགས་ཕུར་བཅུ་གཉིས་དར་གྱིས་བརྒྱན། །རལ་གྲི་མཐོ་གང་གྲི་ཁྲག་བྱུག །ཕོ་སྙིང་སྣ་ཚོགས་གཏོར་མ་བཅའ། །ལྷོ་ཕྱོགས་གནོད་སྦྱིན་མཁར་སྟེངས་སུ། །བསེ་མདུང་སྨུག་པོ་དར་གྱིས་བརྒྱན། །ཟོར་མདའ་མོན་ཐོད་གཡས་གཡོན་དགོད། །རུ་སྐྱོགས་ནང་དུ་དམ་རྫས་བསོག །རྟ་དམར་བྱ་དམར་གྲི་བོའི་དོན། །མར་ཁུ་སྦྲང་རྩི་འོ་མ་ཁྲག །སྦྱར་བའི་བདུད་རྩིའི་གཏོར་མ་བཤམ། །ནུབ་ཕྱོགས་སྲིན་པོའི་མཁར་སྟེངས་སུ། །སྦྲུལ་ཤ་དུག་དང་བག་ཕྱེ་སྦྱར། །སྦྲུལ་མགོ་གསུམ་ལྡན་འཁྱིལ་བ་བཅའ། །ཀནྡྷའི་དགྲ་གཟུགས་སྟེང་དུ་བཞག །གཡས་སུ་ཤ་རུལ་ཁྲག་རུལ་དང་། །སྙིང་སྣ་ཚོགས་དང་ཐོད་པ་དང་། །གཡོན་དུ་བ་དམར་འོ་མ་ལ། །ཀླུ་སྨན་བཏབ་ལ་མཁར་གཞོང་བཞག །བྱང་དུ་ཟ་བྱེད་མཁར་སྟེངས་སུ། །ཚོན་དྲུག་ནམ་མཁའ་དར་ནག་བརྒྱན། །གཏོར་མ་ཚིལ་ཆེན་སྤྲིན་ཁེབས་ཅན། །ལིདྒ་རྨ་བྱའི་གདུགས་དང་བཅས། ། མཁར་རྣམས་ཀུན་གྱི་རྒྱུ་དག་ནི། བཀའ་རྟེན་ཆོས་ཁྲི་དུར་ཁྲོད་དང་། །གནོད་སྦྱིན་སྦྲུལ་དང་རྒྱལ་པོའི་མཁར། །ཕྱུག་པོའི་བང་མཛོད་རི་མཐོའི་རྩེ། །ས་སྣ་བདུན་ལ་ཀླུ་ཆུས་སྦྲུ། །བྱན་ཀླག་མཆོངས་ཀྱི་རི་བོ་ལ། །དུག་ཤིང་ཡལ་ག་དུར་ཁྲོད་ཀྱི། །ཤ་རུས་ལ་སོགས་བཅད་ཕོར་དགྲམ། །ཀང་ཀ་ཐང་དང་མཚོ་འགྲམ་ལ། །དཔལ་གཏོར་བདུད་རྩི་རཀྟ་དང་། །སྤོས་ཆེན་སྣུམ་ཆེན་ལ་སོགས་དགྲམ། །གྲུ་བཞི་ཧ་ཧའི་རྒྱལ་མཚན་ཏེ། །ཞིང་གི་བླ་རེ་མཎྜལ་དབུབ། །མོན་ཐོད་ནང་དུ་དུག་སྣ་དང་། །ཁྲག་སྣ་ཕྱེ་གསུམ་མཚོན་དབལ་བརྡར། །ཆང་གིས་སྦྱར་ལ་བྱང་དུ་དགོད། །དེ་བཞིན་རིགས་ངན་ཐོད་པ་རུ། །ཡུངས་དཀར་ཡུངས་ནག་སྐེ་ཚེ་དང་། །ཚ་བ་སྣ་ཚོགས་ལྷོ་རུ་དགོད། །དེ་ལྟར་བཅའ་གཞི་རྫོགས་པ་དང་། །ཕྱོགས་བཅིང་གསོལ་བ་སྔར་བཞིན་གདབ། །དཔལ་གྱི་ལས་གཞུང་རྫོགས་པར་བྱ། །དེ་བརྒྱད་འབྲུ་བརྒྱད་རྦད་བསད་བསྒྱུར། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། དྲག་པོ་འབྲུབ་གཞུང་བཅའ་གཞིའི་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་རིམ་པ་འདི་གསུངས་སོ། །བདག་ཉིད་ལྷ་ཡི་ང་རྒྱལ་ལ། །ཐུགས་ཀར་རིམ་པ་ལྔ་རིམ་དུ། །བཾ་ལས་བྱན་གླག་ཁྲོམ་ལས་རི། །སྟ་ན་བྷ་ཏི་དུར་ཁྲོད་གནས། །ཧཱུཾ་ལས་ཐོད་པའི་མཁར་ལྔ་བསྐྱེད། །དབུས་སུ་དམིགས་པའི་དགྲ་སྟེངས་སུ། །དུན་ལས་རྩ་བའི་སྔགས་བརྗོད་པས། །ལེགས་ལྡན་ཡབ་ཡུམ་སྔོན་བཞིན་བསྐྱེད། །ཡང་ན་ཞལ་གཅིག་ཕྱག་གཉིས་ལྗང་། །གསལ་ཤིང་ཕྱར་ཞིང་ཤུན་གྱི་མདུང་། །དུར་ཁྲོད་ཆས་རྣམས་རྫོགས་པར་བསམ། །མདུན་ན་ལས་ཀྱི་བཀའ་སྡོད་ནི། །དྲག་པོ་གྲི་གུག་ཐོད་པ་འཛིན། །ཕྱོགས་བཞིར་གཙོ་བོའི་འོད་སྤྲོས་ལ། །སྔགས་བསྐྱེད་འཁོར་དང་བཅས་པ་བསྐྱེད། །ཤར་དུ་ཁྲོ་ཆེན་གིང་ཀ་ར། །མཐིང་ནག་མཚོན་ཆའི་འཁོར་ལོ་བསྐོར། །སྙིང་ཁྲག་འཐུང་ཞིང་དམིགས་པ་གནོན། །ཕྱི་ནང་གྲི་ཐོགས་བཅུ་གཉིས་གྱིང་། །རྡོ་རྗེ་མྱུ་གུ་ཆོས་དང་ལས། །རིན་ཆེན་མྱུ་གུ་འཁོར་ལོ་རྩལ། །ཟླ་བའི་རྩལ་དང་ཉི་མའི་མདངས། །ཡི་གེ་ནམ་མཁའ་སྤྱང་ཀི་དང་། །དུས་མཚམས་ཕྱོགས་འདུལ་དུར་ཁྲོད་བདག །ཀུན་ཀྱང་རབ་ཏུ་འཇིགས་པའི་གཟུགས། །དུར་ཁྲོད་རྒྱན་ལྡན་གར་ཐབས་རྒྱུག །ཟངས་གྲི་ཕྱར་ཞིང་གློ་སྙིང་ཟ། །འཛིན་ཅིང་གསོད་པའི་སྤྲུལ་པ་འགྱེད། །ལྷོ་རུ་ཡ་མས་གཤིན་རྗེའི་གཙོ། །དམར་ནག་ཞིང་གྱོན་རལ་པ་ཁྲག །གསེར་གྱི་རལ་གྲི་མདུང་དམར་འཛིན། །ཡུམ་ནི་བྱད་ཐག་ནད་རྐྱལ་རྡེབ། །སྐྱེས་བུ་བཞི་དང་བསེ་མོ་བཞི། །མི་དམར་ཤན་པ་བཞི་བཅུ་གཉིས། །འཇིག་རྟེན་སྐྱོང་བའི་ཆ་ལུགས་རྫོགས། །ནུབ་ཏུ་ཛ་ལས་རཱ་ཧུ་ལ། །དུད་ཀ་མགོ་དགུ་རོ་སྨད་སྦྲུལ། །མགོ་ལུས་ཀུན་གསལ་རལ་པ་ཁྲག །གྲི་གུག་ཐོད་པ་བསྣམས་པ་ཡི། །སྲིན་པོ་བཅུ་དང་སྲིན་མོ་བཅུ། །མཚོན་ཆ་རྣོ་དབལ་ལོངས་སྤྱོད་འཛིན། །བྱང་དུ་མ་ལས་ཟ་བྱེད་མ། །མཐིང་ནག་ཁྲག་རལ་དུག་རླངས་ཅན། །ཤུན་གོས་རེ་ལྡེ་རྒྱུ་ཕྲེང་ཞགས། །བསེ་སྦྲུལ་ཉི་ཟླ་ཆས་ཀུན་རྫོགས། །གཡས་པ་ཁྲམ་ཤིང་ནད་རྐྱལ་གཡོན། །དྲེའུ་ནག་ཞོན་ནས་མེ་རླུང་འཚུབས། །རིགས་བཞི་མཁའ་འགྲོ་འབུམ་གྱིས་བསྐོར། །གཞན་ཡང་མ་ཚོགས་འབུམ་གྱིས་བསྐོར། །སྔོན་བཞིན་འདིར་ཡང་འདུས་པར་བསྒོམ། །རང་བཞིན་གནས་ནས་སྤྱན་དྲངས་ལ། །དུར་ཁྲོད་གནས་སུ་རྟེན་ལ་བསྟིམ། །དམ་ཚིག་སྦྱིན་པ་འདི་ལ་བརྗོད། །སྔོན་ཚེ་དཔལ་ཆེན་ཁྲོ་བོའི་རྒྱལ། །བདུད་འདུལ་རྡོ་རྗེ་སྲིན་པོ་ཡིས། དྲེགས་པ་བཅོམ་ནས་སྒྲིབ་པ་སྦྱངས། །དབང་བསྐུར་མིང་བཏགས་སྲོག་ཡིག་ཕུལ། །ཕོ་བྲང་ཀུན་ལ་དམ་ཚིག་སྦྱིན། །ཕྱི་ཡི་མཚན་ནས་བོས་པའི་ཚེ། །མགོན་པོ་ལེགས་ལྡན་ནག་པོ་བྱ། །ནང་གི་མཚན་ནས་བོས་བའི་ཚེ། །བདུད་འདུལ་དུར་ཁྲོད་སྒྲོལ་བའི་གིང་། །གསང་བའི་མཚན་ནས་བོས་པའི་ཚེ། །རྡོ་རྗེ་སྒྲོལ་བྱེད་དྲག་པོ་རྩལ། །མནའ་བོར་ཁས་བླངས་མ་བསྙེལ་བར། །སྐུ་གསུངས་ཐུགས་སུ་བདག་སྦྱོར་བ། །ཕོ་བྲང་དཀྱིལ་འཁོར་མངའ་བདག་འདིར། །རྟག་ཏུ་དམ་ཚིག་ཚུལ་བཞིན་གྱིས། །ༀ་ཨཱཿ ཧཱུཾ་བཛྲ་ས་མ་ཡ། ས་མ་ཡ། དེ་ནས་མཆོད་པ་ཚུལ་བཞིན་དབུལ། །དེ་ནས་རྟེན་ལ་གཟུངས་ཐག་གདགས། །སྒྲུབ་སྔགས་དྲག་པོ་བཅུ་བཞི་པ། །དབང་མེད་སྲོག་ཡིག་ཚབ་བ་སྐྱེད། །མྱུར་དུ་བཀུག་ལ་རྟེན་ལ་བསྟིམ། །སྐབས་སུ་སྨན་གྱི་ཚ་བ་གཞ་ིལ། །གཏོར་མ་ཤ་ཁྲག་མཆོད་པ་བརྟག །དགོངས་ཀ་རྟེན་ལ་ཡུངས་ཀར་བྲབ། །གདུག་སེམས་ཆེར་བསྐྱེད་དགྲ་ལ་བསྐུལ། །བཅུ་བཞིའི་མཐའ་ལ་རྦད་སྔགས་གདགས། །སྐབས་སུ་སྤྲུལ་བའི་སྔགས་བཞི་པོ། །འབར་བའི་དམ་ཚིག་དམིགས་པ་ཡི། །སྲོག་ལ་བྷྱོ་བྷྱོ་སྦྱར་ལ་བྲབ། །ཡུངས་ཀར་ཁྲོ་བོའི་དབལ་གྱིས་བྲབ། །སྡེ་བཞི་སྤྲུལ་པ་འཁོར་བཅས་ཀྱིས། །དམིགས་པའི་དགྲ་ཡི་ཡུལ་ཁམས་བཀང་། །བླ་དང་ཤེས་པ་བཀུག་ཅིང་བསྟིམ། །ལྷ་ཚོགས་བསྐུལ་དང་ཕོ་ཉ་རྦད། །སྔགས་ཀྱི་ཐུན་འཇུག་རཀྟ་ཡིས། །ཕུར་མ་ཁྲག་སྦྱངས་སྐུ་ལ་གཏོར། །ཐུགས་རྗེ་ཆེན་པོས་ཆགས་པ་སྐྱེས། །དམིགས་པའི་འབྲུབ་ཁུང་ཁྲམ་ལ་གདབ། །ཀུན་ཀྱང་བྱི་རུའི་མདོག་ལྟར་གསལ། །ཧཱུཾ། ཐུགས་རྗེ་སྟོབས་ཀྱིས་དགྲ་འཇོམས་སྐུ་ལྔའོ། །སངས་རྒྱས་ཀུན་གྱི་སྐུ་ཡི་ལམ་མཁན་པོ། །དཔལ་མགོན་ལྗང་སྔོན་དྲག་པོ་གསལ་ཤིང་ཅན། །ཁྱོད་ཀྱིས་བསྟན་པ་བཤིག་པ་བསྒྲལ་བའི་ཕྱིར། །གནས་འདིར་འདུག་ལ་བཀའ་ཡི་དམ་ཚིག་སྲུངས། །སྒྲུབ་པའི་གྲོགས་གྱིས་དགྲ་ལ་རྟགས་རྣམས་ཕྱུང་། །ཧཱུཾ། དྲག་པོ་སྐུ་ལྔ་རྒྱལ་བའི་བཀའ་སྡོད་མཆོག །ཡེ་ཤེས་ལྔ་ལྡན་རྒྱལ་བ་རིགས་ལྔའི་འཁོར། །ཕྲིན་ལས་བདུད་འདུལ་དགྲ་བགེགས་ཀུན་གྱི་གཤེད། །གནས་འདིར་ཚུར་སྤྱོན་བདག་གི་ཕྲིན་ལས་མཛོད། །ཅེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། །དྲག་པོ་ཕྲིན་ལས་སྒྲུབ་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།སྒྲུབ་པ་ཉམས་སུ་ལོན་པ་དང་། །དྲག་པོ་བསད་ལས་བྱ་བ་སྟེ། །དང་པོ་ཡུངས་ཀར་དཔལ་གྱི་བསྐུལ། །ཐ་མ་བདུད་རྩིའི་ཚབ་གཞི་ལ། །རཀྟས་ལས་ཞེན་དྲག་པོ་ཀུན། །སྒྲུབ་པའི་སྐབས་ལས་འདིར་ཤེས་བྱ། །ཉིན་མོ་ཐུན་སྟོན་རྦད་ཅིང་དགུག །ཐུན་སྨད་བསད་པའི་དྲག་སྔགས་སྦྲེལ། །ལྷ་དང་དབྲལ་ཕྱིར་སྨེ་རྫས་གདབ། །དགོངས་ཀ་ཕོ་ཡི་རེག་ཆོད་ཀྱིས། །སྐམ་ཐུན་ཐུན་ཁུང་ནང་དུ་བསྟིམ། །མཆོག་ཕུར་ནང་ནས་གདབ་པར་བྱ། །དྲེགས་པ་ཕོ་རྣམས་སྲོག་ལ་རུབ། །བཀའ་སྡོད་ལས་ཀྱི་ཤན་པ་ཡིས། །གྲི་གུག་ཁོག་གཤགས་སྙིང་ཕྱུང་ནས། །གཙོ་བོའི་ཞལ་དུ་སྟོབ་པར་བསམ། །གནོད་སྦྱིན་ཚོགས་དང་མཆེ་གཤོག་གིས། །ཤ་ཁྲག་ཟ་ཞིང་རྒྱུ་མ་འདྲེན། །ཕོ་གཤེད་གནད་ཀྱི་རེག་ཆོད་ཀྱིས། དགྲ་བོ་བསྒྲལ་བའི་ཕྲིན་ལས་སོ། །མཚན་མོ་སྒྲུབ་སྔགས་གཉིས་པོ་ལ། །བསད་སྔག་སྤེལ་ལ་དྲག་ཏུ་བཟླས། །ཐོ་རེངས་མོ་ཡི་རེག་ཆོད་ཀྱིས། དུག་ཁྲག་གཤེད་ཐུན་དྲག་ཏུ་བརྡེག །མ་མོ་སྲིན་མོ་གནོད་སྦྱིན་མོ། །བདུད་མོའི་ཚོགས་ཀྱི་དམག་ཚོགས་ཀྱིས། །དམིགས་པའི་ལུས་ལ་ནད་མཚོན་ཆར། །འོད་ཟེར་བུ་ག་དགུ་ནས་འདུས། །སྔོ་དམར་དུག་གིས་རྩ་རྣམས་ཁེངས། སྙིང་ལ་འདུས་ནས་དྭངས་སྙིགས་ཕྱེ། །དྭངས་མ་ཆོས་ཉིད་བདེ་བར་ཐིམ། །ཕུང་པོ་ཤ་ཁྲག་མ་ཚོགས་རོལ། །ཞག་གྲངས་དགུ་ཡི་ཏིང་འཛིན་བསྟར། །ཐུན་རྫོགས་དངོས་དང་འབྲེལ་བའི་གཟུངས། །བྱང་ཤར་ལྕགས་མཁར་སྒོ་མེད་དུ། །དུག་ཤིང་མེ་བཏབ་ཐུན་བྲབ་བརྡེག །གསེར་ཕུད་ལྷ་སྲིན་མཆོད་བྱས་ལ། །ཟོར་གྱི་ལམ་ཕྱེ་བསེ་མདའ་ལ། ཐུན་ཁྲག་བྱུག་ལ་མེ་ལ་བསྲེག །མུ་སྟེགས་ལོག་ལྟའི་ཐོད་པ་རུ། །ཐུན་ཁྲག་བླུགས་ལ་ངད་རླངས་བསྟིམ། །དུར་ཁྲའི་འཁུལ་གཏོར་ཁྲག་མདའ་འཕང་། །སྔགས་ཀུན་དྲིལ་མཐར་ཟོར་སྔགས་གདགས། །དེ་ནས་བསྐུལ་བ་འདི་ཡང་བྱ། །ཧཱུཾ་ཕྱོགས་བཞི་དྲེགས་པའི་ཡུལ་མཁར་ནས། ཟོར་གྱི་བདག་པོ་མཆེད་བཞི་བཞེངས། །ཤར་ཕྱོགས་གནོད་སྦྱིན་སྟག་ཐབས་དང་། །ལྷོ་ཕྱོགས་དྲག་པོ་གཤིན་རྗེའི་རྡོ། །ནུབ་ཕྱོགས་བདུད་ནག་མགོ་དགུ་པ། །བྱང་གི་སོག་པོ་སྨིན་རིངས་པོ། །བསེ་ཁྲབ་དམར་པོ་སི་ལི་ལི། །གོ་ཆེན་འབར་བའི་གོ་མིག་ནས། །ཁྲག་མདའ་དུག་མདའ་དགྲ་ལ་རྒྱོབ། །རུ་སྐྱོགས་ནག་པོ་དགྲ་ལ་ཐུན། །ཡུངས་ཀར་ཁྲོ་བོ་ཁྲོ་མོར་འཁྲིགས། །ཟོར་གྱི་བདག་པོ་བསྐྱོད་ཙམ་ན། །རི་རབ་རྡོ་འཕེན་འུ་རུ་རུ། །རྒྱ་མཚོ་ཞོ་འཁྲོག་ཆི་ལི་ལི། །བསེ་ཡི་གིང་ཆེན་བསྐྱོད་ཙམ་ན། །མོན་གྱི་ལུས་ལ་དུང་སེང་རྐང་། །ལྕགས་ཀྱི་གཞུ་ལ་ཟངས་གྱི་རྐང་། །དྲག་པོ་སྔགས་ཀྱི་ཤུགས་གྱིས་གདུང་། །བསེ་ཡི་ལག་ལེན་གཡོན་པ་སྤྲས། །མོན་གྱི་དུག་མདའ་ནག་པོ་ལ། །ཉི་ཟླ་ཁྱུང་དང་འུག་པ་ཁྲ། །གཟེར་ཆེན་འབེབས་པའི་གཤོག་པ་ཅན། །གནོད་སྦྱིན་བྱེ་བ་ས་ཡར་བཅས། །ནམ་གྱི་ཕར་ཕྱེད་ཚུར་ཕྱེད་ན། །མ་མོ་ཚོགས་ཀྱི་དམག་དང་བཅས། །སྙིང་གི་སྒོང་པ་བཅད་རེ་རན། །སྲོག་རྩ་དབུགས་འདི་གཏུབ་རེ་རན། །དུག་མདའ་དགྲ་ཡི་སྙིང་ལ་རྒྱོབ། །བྷྱོ། ལྷ་ཡི་སྡེ་དཔོན་ཚོགས་ཀྱི་བདག །ལེགས་ལྡན་ནག་པོ་མཐུ་བོ་ཆེ། །དུར་ཁྲོད་བདག་པོ་སྒྲོལ་བའི་གིང་། །ཁྱད་པར་འཕགས་པའི་བླ་མ་ལ། །དད་པའི་སེམས་ཀྱིས་རབ་བཏུད་ནས། །མཐུ་མེད་འཇིག་རྟེན་སྐྱབས་གསོལ་ཅིག །ཆོས་ཀྱི་སྲུང་མ་དམ་ལ་འདུ། །སྔགས་ཀྱི་མ་སྲིང་དམ་ལ་འདུ། །འདོད་ཁམས་བློན་མོ་དམ་ལ་འདུ། །མགོན་པོ་ནག་པོ་དམག་སྣ་དྲོངས། །བདུད་འདུལ་སྒྲོལ་གྱིང་ཟོར་འདི་འཕངས། །ལྔ་ཕུང་རྩད་ནས་གཅད་པའི་ཕྱིར། །མུ་སྟེགས་ཀཱ་ཱལའི་ཐོད་པ་ལ། །ཟོར་གྱི་གཞུ་མཆོག་ལིངས་སེ་ལིང་། །སྔགས་ཀྱི་རྒྱུད་སྒྲ་བྲེངས་སེ་བྲེང་། །རཀྟ་ཆགས་པའི་སྨྱུག་མ་ལ། །གསོད་བྱེད་དུག་གི་སྒྲོ་ཡིས་བསྐྱོན། །ཚ་དཔལ་ཐུན་གྱི་རྒྱུས་ཀྱིས་དཀྲིས། །ཡུངས་ཀར་དཔལ་གྱི་མདེའུ་གསལ། །ཏིང་འཛིན་དྲག་པོས་ཤུགས་ཀྱིས་འཕངས། །དགྲ་ཡི་སྙིང་ལ་དུག་མདའ་ཡ། །རྣམ་ཤེས་རྟེན་ལ་དུག་མདའ་ཡ། །ༀ་མ་ཧཱ་ལ་དགྲ་བོ་སྲོག་ཕྲིག་ཕྲིག་ཆུ་མ་ཆུ་མ་ཧུར་ཧུར་རགྨོ་སྙིང་རྩ་བྲེང་བྲེང་། མར་དམ་མ་མ་རགྨོ་ཆོ་ཆོ་ནི་ཤ་ཀུ་རུ་བྷྱོ་བྷྱོ། ཞེས་འཕང་ངོ་། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། དྲག་པོ་གནད་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་གཏད་ཁྲམ་གནན་པའི་ལས་འདི་གསུངས་སོ། །ས་སྣ་བདུན་གྱི་འདག་པ་ལ། །ཚད་དང་ལྡན་པའི་མཁར་བྱས་ལ། །ནང་དུ་ལེགས་ལྡན་སྐུ་གཟུགས་རྟེན། །སྟེང་དུ་ལས་ཀྱི་བྱ་ཁྱུང་བཞག །དུར་ཁྲོད་རོ་རས་ཁྲུ་གང་ལ། །དགྲ་བོའི་དྲི་མས་བྱུག་བྱས་ལ། །སྦྲུལ་ནག་འཁྱིལ་པའི་ལྟེ་བ་རུ། །དུག་དང་ཁྲག་གིས་འཁོར་ལོ་ལ། །མུ་ཁྱུད་བཞི་རུ་བསྐོར་བྱས་ལ། །དབུས་སུ་རྩི་མར་སྦྱར་བའི་ཁྲག །དམིགས་པའི་གཟུགས་བྲི་མིང་རུས་དགོད། །གཡས་སུ་གཉེན་པོ་ལྟོ་བར་ཀླུ། །རྒྱབ་ཏུ་ས་བདག་འདོམས་སུ་བསེ། །འབྱུང་པོ་དུག་བཞི་དམིགས་པས་གཟུང་། །དེ་ཕྱིས་སྔགས་རིམ་འདི་དག་ནི། །ཡིག་མགོ་ནང་དུ་བསྟན་ལ་བྲི། །ནཱ་ག་དུ་ནཱ་ག་དུ་ཧེ་ལ་ཧེ་ལ་འདུས་འདུས། །ༀ་ཨ་ཀྲོ་ཏཱི་ཤྭ་རཱི་ནཱ་ག་རགྨོ་ཧེ་ཞུ་ལ་ཕོས་ཕོས་ཤིག་ཤིག །ཧུ་ཡ་ཧུ་ཡ། ཀླུ་མོའི་ཚོགས་ཧེ་ཞེན་ཧུ་ཞེན་ནཱ་ག་ཞེན་དབུགས་ལ་ཐུམ་ཐུམ་སྭཱ་ཧཱ། ཀླུ་སྲིན་སྡུད་དེ་དམ་མེད་འཁྲིལ། །དེ་མཐར་དུག་དང་ཁྲག་སྦྱར་ལ། །སྔགས་འདི་བྲིས་ལ་མིང་བྱང་སྤེལ། །ནཱ་ག་དུ་ནཱ་ག་དུ་ཧེ་ལ་ཧེ། །འདུས་འདུས་ནག་པོ་བམ་ཙི་ཙེ་རྒྱལ། །དྲག་ཐུར་སྙིང་ལ་འདུས་མྱགས་མྱགས་རྩ་བཞི་སྐུམས། །ཤན་ཤན་སྲོག་ལ་ཤན། ཐུར་ཐུར་སོད་ནཱ་ག་གུར་ལིང་སྙིང་ལ་འདུས་འདུས། ནྲྀ་ལོང་ནྲྀ་སོད་ས་མ་ཡ་དམ་དམ་ཛ་ཛ་ནཱ་ག་རཀྴ་ཆེ་གེ་མོ་ཁ་ཁ་ཁཱ་ཧི། །དེ་མཐར་མ་ཧཱ་ཀཱ་ལ་ཡི། །བསྙེན་བསྒྲུབ་བས ད་ཐུན་ནང་བསྟན་བྲི། །ལྷ་ཆེན་མགོན་པོ་ནག་པོ་ནི། །འཆི་བདག་ཀླུ་ཡི་དེད་དཔོན་ཡིན། །འཁོར་ལོ་དྲིལ་ནས་ཀན་མཱ་ར་ཡ། ཀུ་ཀུ་ཀ་ཡི་སུ་བུ་རུ། །ཙི་ཏ་ཛྭ་ལའི་ཐོད་པ་རུ། །མ་འཚོར་ཁྲོ་ཆུའི་རྒྱས་གདབ་ནས། །མུན་པ་ནག་པོའི་ཀློང་དུ་དྲིལ། །དཀར་ནག་སྦྲུལ་གྱི་ཐག་པས་བསྡམ། །ནག་པོ་གདོལ་བའི་སྲང་ན་ཡང་། །མདའ་གང་བཅལ་བར་དོང་འབྲུས་ལ། །ཕྱོགས་བཞི་མཆོག་གི་ཕུར་པ་བཞི། །གཤིན་རྗེ་གཤེད་དང་རྟ་མགྲིན་དང་། །གསང་བདག་ཉིད་ཀྱི་སྤྲུལ་བར་བསྒོམ། །རང་ཉིད་མགོན་པོ་ནག་པོར་བསྒོམ། །ནག་གསུམ་ཁྲག་དང་གླ་རྩི་དུག །དྲི་སྤོས་སྦྱར་ལ་ལུས་ལ་གནས། །ལྷ་སྲིན་ཀུན་ལ་གསེར་སྐྱེམས་གཏང་། །རྟེན་བདག་དེ་ལ་རྩི་སྨན་སྦྱར། །ཐོད་པ་ནང་དུ་བཅུག་ནས་ཀྱང་། །སྙིང་པོ་དེ་གཉིས་བརྒྱ་བརྒྱ་བཟླས། །མངས་ན་ཀླུ་སྲིན་རང་ལ་འདུ། །དེ་སྟེང་ཁམས་གསུམ་ཀླུ་རྣམས་ཀུན། །མོ་རྣམས་ཆགས་པའི་ཚུལ་གྱིས་འདུ། །ཕོ་རྣམས་རྔམ་པའི་ཟས་སུ་ཟ། །ཁྲོ་བོའི་མཁར་དང་ཁྱུང་གིས་གནན། །དུར་སོལ་རྒྱ་གྲམ་སྟེང་ནས་དགབ། །ཉི་ཤུ་རྩ་གཅིག་ཕྱིར་བསྐྱེད་ལ། །ཐོ་གཟུག་རྒྱལ་བའི་དལ་དུ་བསྒོམ། །བསྐོར་བ་ཕྱིན་ཀ་ལོག་ཏུ་བྱ། །དུག་གི་སྒྲོ་བ་གཏན་པར་དྲུ། །དུག་ཁྲག་སྙིགས་པས་རྗེས་གཅོད་བྱ། །སླར་ལོག་ཚོགས་མཆོད་བཀྲ་ཤིས་བྱ། །དེས་ནི་ལམ་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །དཔལ་མགོན་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། །གཏད་ཁྲམ་གནན་པའི་ལས་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་དྲག་པོ་གཤིན་རྗེ་ལྟར་སྒྲུབ་པ་འདི་གསུངས་སོ། །དང་པོ་གདེང་ལྡན་སྔགས་པ་ཡིས། །དུར་ཁྲོད་ཆེན་པོ་རབ་འཇིགས་པའི། །ནགས་རི་ཚེར་མ་རབ་ཏུ་རྩུབ། །གདུག་པའི་ཚོགས་སུ་ལྷ་སྲིན་ཡོད། །སྔར་ཤི་མི་རོ་སྦུབས་པའི་གནས། ། དུག་དང་མཚོན་ཆའི་ཐུན་སྒྲུབ་ནི། །ཐ་ཆུང་བཞི་ཡི་མར་ངོ་ལ། །སྔོན་འགྲོ་ལས་ཀུན་རྫོགས་བྱས་ནས། །དུར་ཁྲོད་གནས་སུ་མཎྜལ་ནི། འདོམ་གང་གྲུ་བཞི་ཆག་ཆག་གདབ། །རབས་ཆད་ཕུང་ཁྱིམ་གྲིབ་ས་ལ། །འབྲུབ་ཁུང་ལྕགས་ཁང་རྩེ་གསུམ་བྲན། །རྩང་དང་ཐོད་ཕྲེང་མེ་རི་བྲི། །དུག་ཁྲག་དུར་སོལ་སྦྱར་བྱུགས་ལ། །དབུས་སུ་མོན་ཐོད་ཇ་རིལ་དུ། །སྲུབ་མའི་ལོ་མ་ཞིང་ཆེན་རས། །སྐྱིན་ཐང་ཆུ་ཤུལ་རྔུ་ཆོ་ཕུབ། །གངས་དུམ་རྒྱ་མཚོའི་ལྦུ་བ་ལ། །གྲོག་མཁར་ས་དང་རང་གི་མཁར། །དུག་ཁྲག་སྦྲུས་ལ་ལིདྷ་བྲི། །ཀན་དྷའི་ཤིང་ལ་དུག་ཁྲག་གིས། །མིང་རུས་ལོ་ཁམས་ཁྲམ་སྔགས་བྲི། །སྔོ་དམར་ཕུར་པ་སྐེ་ནས་གདགས། །རྒྱ་ཚིལ་གུ་གུལ་དུད་པས་བདུག །ལྕགས་ཕུར་དྲུག་གིས་ངར་བླུད་ལ། །འཆི་བདག་གཤིན་རྗེར་བསྒོམས་ལ་གཏད། །གྲི་ཐོག་དམ་དམར་ཐོད་སྨེ་བར། །ར་དུག་རེའུ་ལྕག་སྤྱང་དུག་དང་། །བཙན་དུག་བ་སྤྲུ་ཐར་ནུ་ཐུག །མི་རྟ་བྱི་བ་གར་ཡི་ཁྲག །གཅན་གཟན་མཆེ་སྡེར་མཚོན་ཆའི་དཔལ། །ལྕགས་རྒོད་ཟངས་རྒོད་རྡོ་ཕྱེ་སྦྱར། །གུ་གུལ་ནག་པོའི་ཚ་བ་སྦྱར། །ཆང་གིས་སྦྱར་ལ་དར་སྣ་གདགས། །ལྕགས་སམ་ཐོད་པའི་སྣོད་ནང་དུ། །དཔལ་བཤོས་ཁྲུ་གང་རཀྟས་བརྒྱན། །ནག་གསུམ་ཁྲག་དང་སྙིང་གིས་བརྒྱན། །ཐོད་པར་བཤོས་བུ་གྲུ་གསུམ་དང་། །གྲུ་བཞི་མཁར་ཐབས་ཟུང་གསུམ་བཅུ། །རྟ་ནག་ར་དཀར་ཁྲམ་གྱི་སྙིང་། །ར་རྒྱའི་བན་ཁྲག་བརྒྱན་པ་བཞག །དམར་གཏོར་ཚིལ་ཆེན་སྤྲིན་ཁེབས་ཅན། །དཀར་གཏོར་རྩི་སྨན་ཀླུ་ལ་བཤམ། །ཕྱོགས་བཞིར་མཆོད་པའི་བྱེ་བྲག་ཚོགས། །གཅན་གཟན་རྒྱན་རྣམས་བདུད་ལྟ་བུ། །སྟོང་ཉིད་ངང་ལས་གཤིན་རྗེ་བསྒོམ། །བྷྲཱུཾ་ལས་ལྕགས་ཁང་སྟེང་ཤོད་དུ། །འོད་ལས་གྱུར་པའི་གཞལ་ཡས་ཁང་། །གཟས་པའི་གདན་ལ་སྟག་ཆེན་ཁྲི། །མེ་དཔུང་འབར་བའི་ཀློང་དཀྱིལ་དུ། །དུན་ལས་ཡི་གེ་བཅུ་བཞི་པ། །འཆི་བདག་ཞལ་གཅིག་ཕྱག་གཉིས་པ། །མཐིང་ནག་དབུ་སྐྲ་ཁམ་ནག་འཕྲོ། །སྐུ་ལ་བེར་ནག་བརྩེགས་པ་གསོལ། །གཡས་ན་ཙན་དན་བིང་ཆེན་ལ། །གཡོན་པ་ཐོད་པ་ཁྲག་གིས་བཀང་། །ཡབ་ཡུམ་གཉིས་མེད་འཁྲིལ་བར་བསྒོམ། །འཁོར་གྱི་དེད་དཔོན་ཤན་པ་དྲུག །ཀུན་ཀྱང་ཁྲོ་བོའི་ཆ་ལུགས་ཅན། །སྨིག་པའི་ཁྲི་ལ་བརྐྱང་བསྐུམ་བགད། །ནག་པོ་ཁྲམ་ཤིང་ཞགས་པ་ཐོགས། །དཀར་པོ་ཤེལ་གྱི་འཁོར་ལོ་འཕྱར། །ནག་པོ་བན་དམར་མདུང་ཅན་འཇིགས། །ལྗང་ནག་སྦྲུལ་ཞགས་སྦལ་འཛིན་ཀླུ། །དམར་སྐྱ་བཙན་ཞགས་མདུང་དམར་འཛིན། །ལྗང་སེར་རྡོ་རྗེ་སྙིང་འཛིན་གྱིང་། །ཕྱི་རོལ་མ་མོ་རྔམ་པ་ལྟར། །རང་བཞིན་གནས་ནས་བཀུག་ལ་བསྟིམ། །ཕྱི་ནང་ཆོད་པ་སྔགས་ཀྱིས་དབུལ། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། །གཤིན་རྗེའི་དཀྱིལ་འཁོར་བསྟན་པའི་ལེའུ་བཅོ་བརྒྱད་པའོ།། །།དེ་ནས་དེ་ཡི་རིམ་པ་ཡང་། ཡབ་ཡུམ་གསང་བའི་སྲོག་སྔགས་བཟླས། །བསྙེན་པ་ཚད་ལ་ཕེབས་པ་དང་། །ཡབ་ཡུམ་བར་དུ་དྲེགས་པ་གཞུག །བསྐུལ་དང་དམིགས་པ་ཏིང་འཛིན་གཞུག ཐུན་ལ་དམར་ནག་ཡི་གེ་མ། །སྔོ་ནག་ཧ་དང་སྔོ་སྐྱ་ཅ། །སྔགས་ཀྱི་འོད་ཟེར་དྲེགས་པའི་ཞལ། །ཐུན་ལ་བསྟིམས་ལ་ཡི་གེ་ཞུ། །ནད་དུག་མཚོན་དུ་གྱུར་པར་བསྒོམ། །དམིགས་པ་ཞུགས་པའི་རྟགས་བྱུང་ན། །དྲག་སྔགས་ཐུན་གྱིས་ཐུན་དུ་དབབ། །ཞག་བདུན་རྫོགས་ནས་ཕུར་པ་གདབ། །ལིངྒ་ཐོད་པ་བཅས་པ་དེ། །རོ་ཁུང་མུན་པའི་གཏིང་རུ་གནན། །ཉ་སྟོང་དྲག་པོའི་ཟོར་ཁ་འཕང། །དེ་ཡི་གསང་སྔགས་འདི་དག་ཡིན། །ༀ་བཛྲ་ཡཀྴ་ཀཱ་ལ་ཀཱ་ལ། །མ་ཧཱ་གྷ་ན་གྷུ་ཏི་ཧྲྀ་ད་ཡ། །བཛྲ་གིང་ཀ་ར་རཀྐ་ཀ་ལི་མུ་མ་མུ་ཤམ་ཁྲག་ལ་མུགས་ཤམ་ཧྲི་ཛཿདུན་རུ་ཏྲ་རུ་ཐུམ་བྷ་ཏི་རཱ་ཛ་ཙ་པ་ལ་ཨ་ཤུག་མེ། མ་ཏཱ་ཀ་རགྴ་ནག་མོ་ཏིང་ལམ་མ་བྷྱོ། ནཱ་ག་ཧུ་ཏི་ས་ནཱ་ག་རུ་རུ་ཧ་ཤུ་ལ་ཙ་ཏྲི་ཤཾ་ཛ་ཡཾ། བཛྲ་ས་ཏུ་ཏྲི་ནཱ་ག་དུན་ཏྲི། སྲོག་ལ་ཐུམ་རིལ། རྩ་ལ་བྲེང་ཤག །ཙཏྟ་ཐུན་རྨུགས་ཁྲག་ཐིབས་རྦད། ལི་ཤག་རྦད་ནི་ཧུར་ཐུམས་ཛཿཁྲམ་རྦད་ཡ་ཐུམ་རི་ལི་ལི་བྷྱོ། སྟམ་པ་ཡ་ནན། ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། དྲག་པོ་ལས་སྦྱོར་གྱི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་དཔའ་བོ་གིང་གི་སྒྲུབ་པ་འདི་གསུངས་སོ། །བསྟན་པ་སྤྱིན་ཡི་བློ་ཅན་གྱིས། །རྟ་མཆོག་དབང་དུ་བསྒོམས་ནས་ཀྱང་། །མཚན་ལྡན་དུར་ཁྲོད་གནས་བཟུང་ནས། །ལས་བཞི་ཚང་བའི་དཀྱིལ་འཁོར་བྲི། །ཐ་མར་དམར་ནག་རོ་ཉེས་སྡམ། །དབུས་སུ་ཐུན་ཁུང་ཐུར་དུ་བྲུ། །ནང་རིས་གསུམ་ལྡན་མཚོན་ཆ་རྩོད། །མི་ཐོད་དུག་དང་ཆང་གིས་སྦྱར། །ཁྲག་སྣ་མཆེ་ལྟར་མཚོན་དབལ་བརྡར། །དར་ནག་གུར་ཕུབ་རོ་ཉེས་བསྡམ། །དགྲ་སོགས་གཡས་ལ་དམིགས་པ་གཟུགས། །ཐུན་གྱིས་དེ་ལ་བརྒྱངས་ལ་བཞག །དུར་གཡམ་རོ་སོལ་རྒྱ་གྲམ་བྲི། །ཐུན་ཁུང་ཁ་བཅད་སྟེང་དུ་དགབ། །གྲི་བོའི་ཐོད་པ་དམར་ཆོད་དུ། །དཔའ་བོའི་སྙིང་དང་ཟངས་ཐིག་དང་། །སྲོག་སྙིང་བཅུག་ལ་དར་གྱིས་གྲིལ། །བསེ་ཕོར་ཤ་སྣ་སྙིང་སྣ་ཁྲག །རིན་ཆེན་འབྲུ་ཡི་གཏོར་མ་བཤམ། །བཀའ་སྡོད་དཔའ་བོ་གིང་ཆེན་བོ། །དམར་ནག་འཇིགས་པའི་བསེ་ཁྲབ་གསོལ། །བསེ་རྨོག་གྱོན་པ་དཔའ་བོའི་ཆས། །ཕྱག་ན་ཟངས་གྲི་ཙིཏྟ་བསྣམས། །འཁོར་ནི་དྲེགས་པའི་སྤུ་གྲི་བཞི། །སྲིན་པོ་ས་མ་རཱ་ཛ་དང་། །གཤིན་རྗེ་ཡ་མ་རཱ་ཛ་དང་། །བདུད་པོ་ཧ་ནུ་ཕག་ཤ་དང་། །གནོད་སྦྱིན་ཛྭ་ལ་གརྦ་དང་། །དཀར་སྔོ་དམར་དང་ལྗང་གུའི་མདོག །གྲི་ཐོགས་ཙིཏྟ་ཟ་བའི་ཚུལ། །དགུག་ཅིང་བསྟིམས་ལ་མཆོད་པ་འབུལ། །སྒོ་ཕུགས་མེད་པའི་སྔགས་འདི་བཟླས། །ༀ་ཏྲོ་ཏ་ནི་ཏྲོ་ཏ་ནི་པ་ཏྲ་པ་ཏྲ་ཤུ་ལ་ཤུ་ལ་དྷ་ཤ་གྲི་བ། ཡཀྴ་གྲི་བ་གིང་ཀར་གིང་ཀ་ར་གིང་ཙ་ཏོ་གིང་ཙ་ཏོ། པར་ཏ་ཏེ་པར་ཏ་ཏེ་ཤ་པ་ཏེ་ཤ་པ་ཏེ། ཤཱར་མ་ཤཱར་མ། རགྴ་ཙ་རཀྴ་ཙ། སྙིང་ཁ་རག་སྙིང་ཁ་རཀ །ཏྲཀ་རཀྴ་ཏྲཀ་རཀྴ། དགྲ་བོའི་སྙིང་ལ་བྷྱོ་བྷྱོ། རྦུད་རྦུད། དགྲ་བོ་གཏོར་ཅིག་རྩ་རྩ་ནན། །ན་ག་རོ་ཡ་མི་པ་རི་ལ་རྦད། །མ་ར་ནི་སྙིང་ལ་མུགས། །སྙིང་ལ་མུགས་སྲོག་ལ་རྩ་བ་མ། །སུ་རུ་སུ་བམ་རིལ་རྦད། །དྲག་པོ་གནད་ཀྱི་གསང་སྔགས་འདི། །དམ་ཅན་ཉེ་སྙིང་ལས་ལ་འཛུད། །ཐུན་གྱི་དྲོད་ལས་འོད་ཟེར་འཕྲོས། །དམིགས་པ་བཀུག་བསྟིམ་ནད་རླངས་ཀྱིས། །བུ་ག་དགུ་ནས་ཐིམ་ཞིང་གསོད། །འབུམ་ཕྲག་བཟླས་པས་ཐེ་ཚོམ་མེད། །ༀ་ཨ་བ་ལོ་ཀི་ཏེ་ཡ་ན་མ་ཤོ་ཧྲི་ཏི་སྙིང་ཁ་ལ་རག་ཤ །ཁས་བླངས་ས་མ་ཡ་ཐུམ་ཐུམ། །རུ་ལུ་རུ་ལུ་མ་ཧེ་བྷྱོ། །ནད་དང་ཐུན་གྱིས་བྱིན་བརླབ་འདི། །བརྒྱ་བའི་བར་དུ་བཅུ་བཅུ་སྦྲེལ། །གསང་སྔགས་མཚོན་ཆ་འདི་ཉིད་གདགས། །དུ་ན་དུ་ན། ག་དུ་ག་དུ། ཨ་ཀ་ནི་རྦད་ཏྲི་ཀ་ལ་ས་མ་ཡ་ཧཱུཾ་བྷྱོ། དྲལ་དྲལ་སྙིང་སྙིང་ལ་དྲལ། །སྲོག་སྲོག་སྙིང་ལ་སྲོག །སྙིང་ཐིམ་སྲོད་ལ་རྦད། ས་མ་ཡ། ཚལ་པ་ཚལ་བ་རྦད་རྦད། ཞག་གྲངས་བཅུ་གསུམ་ཚང་བ་དང་། །ལིདྒ་གསུམ་དུ་གཏུམ་བྱས་ཏེ། །གཅིག་ལ་ཐུན་བྲབ་གཅིག་ནི་བསྲེག །གཅིག་ནི་དུར་མཆེད་གསུམ་ལ་གཏད། །ཀི་ཀང་དྲག་པོ་རྒྱུ་བ་ལ། །ཐུན་ཁྲག་དགྲ་ལ་ཟོར་དུ་འཕང་། །གིང་སྒྲུབ་དྲག་པོས་གསང་སྔགས་འདི། །ནུས་མིན་སྤྱད་ན་རང་ལ་ངན། །དེས་ན་རབ་ཏུ་བསྔགས་ཏེ་སྐ། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། དཔའ་བོ་གིང་སྒྲུབ་ཀྱི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་སྒྲུབ་པའི་རྟགས་ཀྱི་རིམ་པ་འདི་གསུངས་སོ། །རྟེན་འཕར་འགུལ་ལྡེག་མེ་སྟག་འཕྲོ། །སྒྲུབ་པོ་མཁའ་ལ་འཕུར་བ་དང་། །ས་ལ་མི་ཐོགས་ཆུར་མི་འབྱིང་། །ལེགས་ལྡན་མདུན་དུ་ཅི་བྱ་ཟེར། །རབས་ཀྱི་རྟགས་སུ་ཤེས་པར་བྱ། །ཕུང་པོ་མེ་འབར་མདའ་ལ་སྒྲ། །སྨན་ཕུད་ཁོལ་ཞིང་རཀྟ་ལུད། །རྟེན་གྱི་ཞལ་བཞད་ཉམས་འབྱུང་འབྲིང་། །སྒྲུབ་ཁང་གཡོ་ཞིང་འགུལ་ལ་འཚེག །ཡམས་དང་ནད་ཀྱི་ན་བུན་འཐུལ། །བྱ་དང་གཅན་གཟན་འཐབ་ཅིང་འཁོར། །རོ་དམ་འཚོལ་ཞིང་ནང་ན་འབྱུང་། །ཐ་མ་རྨི་ལམ་སྟོན་པར་འགྱུར། །དགྲ་བཅོམ་ཚོགས་སུ་འོང་བ་དང་། །བནྡེ་ནག་པོ་མོན་པ་དང་། །རླུང་ནག་འཚུབ་དང་ཆུ་ནག་འབྲུག །གཡག་ཁྱུ་ཁྱི་ནག་བྱ་ནག་དང་། །མཆོད་རྟེན་ནག་པོ་མེ་སྟག་འཕྲོ། །སྐར་མདའ་མང་པོ་ལྷུང་བར་འགྱུར། །བསྙེན་ནས་ཉེ་བའི་རྟགས་སུ་ཤེས། །གོ་ཚོལ་མཚོན་ཆ་མང་པོ་བརྡུང་བ་དང་། །དམག་འདྲེན་གཡུལ་འགྱེད་ལིངས་ལ་ཆས། །ལས་ལ་ཚུད་པའི་མཚན་མ་ཡིན། །གཞན་ཡང་གཤིན་རྗེ་སྒྲུབ་པ་ལ། །མོན་དང་བནྡེ་ཚུབ་མ་གཡག །བཙན་བཙུན་སྟག་སེང་ལྷ་ཁང་འོད། །བུད་མེད་དྲེའུ་ནག་ཆུ་རླུང་འབྱུང་། །ཉ་སྦྲུལ་ཀླུ་ཡི་ཆོ་འཕྲུལ་སྟོན། །མི་རྟ་དམར་པོ་མེ་དང་འོད། །ཁྲ་སྤྱང་བན་དེ་ཚོང་པ་འབྱུང་། །མངོན་དུ་ཁུག་ནས་ལིངྒ་འགུལ། །བྱ་ཡིས་བྱ་ལ་འདེབས་པ་དང་། །གར་འོང་བླ་ཡི་ཆོ་འཕྲུལ་སྟོན། །སྤུ་འཕྱི་འདོགས་དང་གསོད་པ་དང་། །ཤ་ལ་ལོངས་སྤྱོད་གོད་ལ་རོལ། །བྲག་ཆེན་རྩད་ནས་བཏོན་པ་དང་། །གདུང་བརྒྱུད་རྩད་ནས་གཅོད་པ་ངེས། །སྡོང་པོ་བཅད་ན་དགྲ་ཉིད་འཆི། །ཡལ་ག་བཅད་ན་འགབ་ལ་ངན། །དོན་པོ་བསད་ཅིང་སྙིང་ཕྱུང་ན། །ཐེ་ཚོམ་མེད་པའི་རྟགས་ཡིན་ནོ། །རྒྱན་འཕྲོག་གོས་བཤུས་གྲོགས་ལ་ངན། །ནག་པོ་ལྡོག་པའི་མཚན་མ་ནི། །མུན་པ་སྲོས་དང་མཛེ་ཕོ་རྒོལ། །གཡག་རྒོད་རྡུང་ཞིང་གཅན་གཟན་རྨུག །ཆུ་སྣ་ལྡོག་པ་ཁྲོས་པར་ཤེས། །མུལ་དང་སྤྲང་ལོང་ལོངས་སྤྱོད་འགྱེད། །འབྱོར་པ་འདོད་ཡོན་གཏོར་ཚོགས་གཏོར། །གཞན་ཡང་ཉེས་ལེགས་ལས་རྣམས་སྟོན། །ཅིས་ཀྱང་ལས་འགྱངས་ལྡོག་གྱུར་ན། །ཀནྡྷའི་ཤིང་ལ་མགོན་པོའི་གཟུགས། །མཐོ་གང་ཚད་ལས་སྐྱེ་མཆེད་རྫོགས། །སྤྱི་བོར་རུ་ལུ་བཟློག་པ་བྲི། །ལག་པ་གཡས་གཡོན་བསྙེན་སྔགས་གཉིས། །རྐང་བ་སྒྲུབ་དང་བསད་པའོ། །ཐུན་སྔགས་ཁོ་རང་ལུས་ལ་བྲི། ། དེ་ལ་དགུག་ཅིང་བསྟིམས་བྱས་ལ། །ཞག་གསུམ་དཔལ་གཏོར་འོག་ཏུ་གཟིར། །བསྙེན་སྒྲུབ་སྔགས་ལ་ལས་བཟློག་བརྡེག །དྲག་ཤུལ་འབྱུང་པོའི་ཉི་མ་ལ། །རལ་གྲི་ཕྱར་ལ་གཉེན་པོས་བརྡེག །དུག་ཤིང་གདུག་པའི་མེ་ཡིས་བསྲེག །བཀའ་རྟེན་ས་དང་ཐལ་བ་སྦྱར། །གཟུགས་བྱ་ཁོག་པར་ལིངྒ་གཞུག །བདུད་རྩི་གཏོར་མ་མཆོད་པ་བསྟབ། །དུར་ཁྲོད་དབུས་སུ་དོང་བྲུས་ལ། །མགོན་པོའི་གཟུགས་གཞུག་དུར་གཡམ་དགབ། །མཆོད་རྟེན་ནག་པོ་ཁྲུ་གང་ལ། །གུ་གུལ་དུད་པས་བདུག་ལ་གནན། །ལྷ་ཉིད་གནད་ལ་དབབ་པའི་ལས། །ཡ་བག་ཤར་རབ་ཏུ་གསང་། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། །གྲུབ་རྟགས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་དབང་གི་རིམ་པ་འདི་གསུངས་སོ། །ཉམས་དགའ་བྱེད་པའི་ས་ཕྱོགས་སུ། །མཎྜལ་བྱས་ལ་མེ་ཏོག་དགྲམ། །གཏོར་མ་མཆོད་པའི་རྫས་ཀུན་དགྲམ། །རིན་ཆེན་བུམ་པ་མཛེས་པ་ལ། །ཁ་རྒྱན་མགུལ་ཆིངས་ལྡན་པར་བྱ། །སྣ་ཚོགས་དྲི་དང་རིན་པོ་ཆེ། །སྙིང་བོ་འབྲུ་སྣ་ཆུ་ཡིས་དགང་། །ནང་དུ་མགོན་པོའི་དཀྱིལ་འཁོར་བསྐྱེད། །མཆོད་པའི་རྫས་ཀུན་ཚང་བ་དང་། །སློབ་མས་ནོར་རྫས་ཡོན་ཕུལ་ལ། །ཧོ། དཔལ་མགོན་ནག་པོ་ཡེ་ཤེས་སྐུ། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ། །བདག་ཉིད་འཇུག་པར་འཚལ་ལགས་ཀྱིས། །དཔའ་བོ་ཐུགས་རྗེས་གཟུང་བར་མཛོད། །དེ་སྐད་གསོལ་པ་ལན་བཞི་གདབ། །ཧོ། ལེགས་ལྡན་ནག་པོའི་དཀྱིལ་འཁོར་འདིར། །འཇུག་པར་འདོད་པའི་བུ་ཁྱོད་ཉོན། །ལས་རྣམ་འགྲུབ་ཅིང་བསམ་འགྲུབ་ལ། །བླ་མེད་ཐེག་ཆེན་འབྲས་བུ་འབྱུང་། །གནས་སྐབས་བསྟན་པ་བསྲུང་བའི་ཕྱིར། །ཞུམ་མེད་དཀྱིལ་འཁོར་འཇུག་ནུས་སམ། །སློབ་མས་ནུས་པར་ཁས་བླངས་ཤིང་། །སྡོམ་པ་རིམ་པར་བླང་བར་བྱ། །ཆོས་ཀུན་རང་བཞིན་དག་པས་ན། །བདག་ཀྱང་རང་བཞིན་རྣམས་པར་དག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཐུགས་དམ་ད བྱིངས་མཆོག་རྣམ་དག་ཅིང་། །སེམས་ཅན་འབྱམ་ཀླས་མ་ལུས་ཀུན། །མཆོག་ཉིད་སྒྲུབ་པར་སྦྱོར་བས་ན། །རྒྱལ་བ་རྒྱ་མཚོ་ཀུན་འདུས་པས། །སྐུ་ཡི་དབྱིག་ཏུ་བདག་སྐྱེད་ཅིག །ཡེ་ཤེས་རིན་ཆེན་དབུ་རྒྱན་ཅན། །གཟི་བརྗིད་ཕུང་པོ་བླ་ན་མེད། །སངས་རྒྱས་རིན་ཆེན་འབྱུང་བ་ཡིས །རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ། །དབྱིག་གི་ཡེ་ཤེས་གཙོ་མཆོག་ཉིད། །རྡོ་རྗེ་དམ་པ་མཆོག་འཛིན་པ། །ཁྱོད་ནི་དམ་ཚིག་གཙོ་ལགས་ཀྱིས། །དབང་ཕྱུག་རྒྱལ་པོར་དབང་བསྐུར་རོ། །བཅོམ་ལྡན་ཐམས་ཅད་མཆོག་ནི་བདག་ལགས་ཏེ། །མཆོག་ཉིད་སྒྲུབ་ཕྱིར་རྡོ་རྗེ་བླང་བར་བགྱི། །རྡོ་རྗེ་རྒྱལ་པོ་ཁྱོད་བཞུགས་པས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ། །རྡོ་རྗེ་དམ་ཚིག་མཆོག་ཉིད་ཀྱིས། །ཕུན་སུམ་ཚོགས་པ་སྒྲུབ་བར་བགྱི། ཆོས་ཀུན་རྡོ་རྗེའི་མཚན་ཉིད་དེ། །རྡོ་རྗེ་ལ་ཡང་མཚན་ཉིད་མེད། །རྡོ་རྗེ་ལྟ་བུའི་རྣལ་འབྱོར་པས། །དོན་ཀུན་རྡོ་རྗེ་ལྟ་བུར་གསོལ། །འདི་ནི་སངས་རྒྱས་གསུངས་དབྱིངས་ཉིད། །ཡེ་ཤེས་སེམས་དཔའི་དམ་ཚིག་རྣམས། །རྡོ་རྗེ་སེམས་དཔའི་དཀའ་ཐུབ་དམ། །རྟག་ཏུ་བདག་གིས་བཅངས་པར་བགྱི། །བརྒྱ་བའི་ཚུལ་གྱིས་སྒྲིབ་པ་སྦྱང་། །མགོན་པོའི་གཞུང་བསྲང་བསྙེན་པར་བྱ། །དེ་ནས་འཇུག་པའི་ཆོ་ག་བྱ། །ཀྱེ། རྡོ་རྗེ་ཆོས་དབྱིངས་ཀུན་གྱི་གཙོ། །མི་རྣམས་ཆགས་པ་ཆེན་པོ་སྟེ། །མ་ལུས་ཀུན་གྱི་འབྱུང་གནས་མཆོག །བདེ་བ་མཆོག་གི་དམ་པ་ལགས། །ཁྱོད་ནི་དམ་ཚིག་ཀུན་གྱི་གཙོ། །རྡོ་རྗེ་སེམས་དཔའ་སྐྱེད་མཛད་པ། །སེམས་ཅན་དོན་གྲུབ་ཕྲིན་ལས་མཛོད། །ཐུགས་རྗེས་མཉམ་སྦྱོར་གྲུབ་པར་མཛོད། །སངས་རྒྱས་ཡོན་ཏན་འབྱུང་པའི་ཕྱིར། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ཀྱི་གླུ་བླང་པས། །ལས་ཀྱི་རྡོ་རྗེ་ཁྱེད་པར་འགྱུར། །ཧཱུཾ་ཧཱུཾ་ཧཱུཾ་བི་ཤྭ་བཛྲ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཧ་ལ་ཧ་ལ་རཾ་ཀྲོ་དྷ་ཡཾ་ཏིག་སྣ་ཁཾ་ཏ་ཀེཾ་ཏ་ཀེཾ་ཕཊ། ༀ་ཨཱཿཧཱུཾ་ས་མ་ཡ་ཧོ། །ཨི་དན་ཏེ་ན་ར་ཀན་བ་ར་ཧྲྀ་ད་ཡཾ། ན་མ་བ་ཏི་ནན། ས་མ་ཡ་རཀྴ། སིདྡྷི་བི་ན་བཛྲ་ཨ་མྲྀ་ཏ་ཀྲོ་དྷ་ཀན། སྔོན་ཚེ་གོང་ནས་འཕེལ་པ་ཡི། །བདག་གི་ཉེ་གནས་གང་ལགས་པའི། །ལས་ཀྱི་འཕྲོ་དང་ཐུགས་རྗེའི་ལྷ། །ད་ལྟ་ཉིད་དུ་བབས་གྱུར་ཅིག །ཧཱུཾ་ཧཱུཾ་གུ་ཧྱ་བཛྲ་ཙིཏྟ་ཧཱུཾ། །ༀ་ནི་ཡེ་ཤེས་ལྷུན་གྱིས་གྲུབ། །མུ་ནི་ཡེ་ནས་རང་སངས་རྒྱས། །ཧཱུཾ་ནི་རྩ་བ་བྱང་ཆུབ་སེམས། །དཀྱིལ་འཁོར་རྣམས་གསུམ་དབྱེར་མེད་པས། །ཧ་ཞེས་མཐོང་བས་ཡོངས་སུ་དག །མ་འདྲེས་ཡོངས་སུ་རྫོགས་པར་མཐོང་། །རྡོ་རྗེ་ཞེས་སུ་མིང་བཏགས་ནས། །རྡོ་རྗེ་ཐེག་པའི་གསང་སྒོར་བཞག །ཧཱུཾ་མཁའ་དབྱིངས་རྣམ་དག་བུམ་པ་ཆེན་པོ་ན། །དབལ་ལྡན་མགོན་པོའི་དཀྱིལ་འཁོར་རྫོགས་པར་བཞུགས། །གཉིས་མེད་ཡེ་ཤེས་བྱང་ཆུབ་སེམས་རྟགས་ཆུས། །དྲི་མ་ཀུན་སྦྱངས་ཁམས་གསུམ་ཟིལ་གྱིས་གནན། །བྱིན་བརླབས་མཐུ་ཡིས་དབང་རྫོགས་ཐོབ་པར་ཤོག །ༀ་བྷུར་ཀུར་མ་ཧཱ་ཀཱ་ལ་མ་ཧཱ་ལ། ཨ་བྷི་ཤིཉྩ་བྷྲཱུཾ་བྷྲཱུཾ། དངོས་སམ་བདུད་རྩི་བུམ་པ་ལ། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི། །བྱང་ཆུབ་སེམས་ཀྱི་བདེ་བ་བཞིན། །ཧཱུཾ། དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་དོན། །ཡབ་ཡུམ་གཉིས་མེད་བདེ་བའི་དོན། །བྱང་ཆུབ་སེམས་ཀྱི་ཐིག་ལེ་འདིས། །བདེ་ཆེན་ཐབས་ཀྱི་རྒྱལ་པོར་དབང་བསྐུར་རོ། །ༀ་བཛྲ་ཨ་མྲྀ་ཏ་ཨ་ཏི་སརྦ་མན་ཏྲ་ཋ། དེ་ནས་བསྟན་པ་བསྲུང་བའི་ཕྱིར། །དྲག་པོའི་རྫས་རྣམས་ཐམས་ཅད་ལ། །མགོན་པོ་འཁོར་བཅས་བསྐྱེད་བསྟིམས་ལ། །ཡོན་ཏན་བརྗོད་ལ་སྦྱིན་པར་བྱ། །བསྙེན་སྒྲུབ་རིམ་པའི་སྔགས་བརྗོད་ཅིང་། །མན་ངག་ཐམས་ཅད་སྦྱིན་པར་བྱ། །དེས་ནི་ཅི་བསམ་འགྲུབ་པ་དང་། །རིག་འཛིན་ས་ལ་སྨིན་པ་ཡིན། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། འབང་བསྒྱུར་བའི་ལེའུ་སྟེ་ཉེར་གཉིས་པའོ།། །།དེས་ནས་དམ་ཚིག་གི་རིམ་པ་འདི་གསུངས་སོ། །དམ་ཚིག་ལ་ཡང་རྣམ་གཉིས་ཏེ། ། རྩ་བ་གསུམ་དང་ཡན་ལག་གཉིས། །རྡོ་རྗེ་སློབ་དཔོན་མིག་གི་འབྲས། །འཁོར་བ་འདྲེན་པའི་དེད་དཔོན་མཆོག །མི་ཤེས་རྨོངས་པའི་བློ་གྲོས་མཁན། །ལམ་སྟོར་རྣམས་ཀྱི་ས་མཁན་མིག །གདུང་བ་སེལ་བའི་རིན་པོ་ཆེ། །ཡིད་བཞིན་ནོར་བུ་ལྟ་བུར་གཟུང་། །དེ་ལ་འགལ་བ་རྡུལ་དང་བྲལ། །རང་བྱུང་ཡེ་ཤེས་ཡི་དམ་ལྷ། །མུན་ཁུང་སེལ་བའི་མིག་བཞིན་གཟུང་། །ཆུ་བོ་གལ་དུ་གསད་མི་བྱ། །སྤྱི་གསང་བ་དང་བར་གསང་བ། །གཉེར་གཏད་པ་དང་འོས་པ་དང་། །སྐྱེ་བོའི་ཚོགས་ལ་དབེན་པར་བྱ། །ཡན་ལག་བལྟ་བ་སྡོམ་པ་དང་། །སྤྱོད་པ་རྒྱུན་གྱི་དམ་ཚིག་གོ། །ནམ་མཁའ་ལྟ་བུའི་རང་བཞིན་གྱིས། །མི་སྐྱེ་མི་འགག་ངོ་བོར་བལྟ། །ཕག་རྒོད་ལྟ་བུའི་རང་བཞིན་གྱིས། །གཙང་སྨེ་རེ་དོགས་མི་བལྟ་བར། །མུན་ཁུང་དུག་གིས་གསེར་འགྱུར་བཞིན། །རྣམ་རྟོག་ཡེ་ཤེས་ཆེན་པོར་བལྟ། །སེང་གེ་རྩལ་རྫོགས་ཇི་བཞིན་དུ། །མ་བགྲོད་ས་རྣམས་ནོན་པར་བལྟ། །དེ་ཕྱིར་བལྟ་བའི་དམ་ཚིག་བཞི། །རང་བྱུང་སེམས་ཀྱི་བྱེ་བྲག་ཡིན། །སྤྱོད་པ་རྒྱུན་གྱི་དམ་ཚིག་དྲུག །དུས་ཀྱི་སྤྱོད་ལམ་ཇི་བཞིན་དུ། །གསང་བའི་ལམ་མིན་གཞན་མི་འགྲོ། །རིག་བའི་བདག་མིན་ཕྱག་མི་བཙལ། །མི་སྨྲ་བར་ནི་ཤ་ཆེན་བསྙེན། །བསྟན་པ་སྤྱི་ཡི་སྐུ་དགྲ་ལ། །བྱམས་ཤིང་གདུང་པའི་སྤྱོད་པ་སྤངས། །རང་བཞིན་ཞེ་སྡང་ལྡང་མི་དགོས། །མི་དགེ་མཚམས་མེད་ལ་སོགས་སྤངས། །གཞན་ཡང་སྔགས་རྡོ་རྗེ་དང་། །བཀོད་པའི་རྩ་བ་རང་བཞིན་བསྲུང་། །ཉམས་པར་གྱུར་ན་འབྲས་གཉིས་སྟོར། །ངན་སོང་གནས་སུ་ཡ་རེ་ང་། །བསྲུང་ནས་དངོས་གྲུབ་རྣམ་གཉིས་པོ། །ཡིད་བཞིན་ནོར་ལྟར་རང་ལས་འབྱུང་། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། དམ་ཚིག་གི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་བསྲུང་ཞིང་ཕན་གདགས་པ་འདི་གསུངས་སོ། །མཛོད་བདག་མགོན་པོ་ཡིད་བཞིན་སྐུ། །ཡོ་བྱད་སྤེལ་བར་བྱ་བ་ཡི། །དབེན་པའི་གནས་སུ་མཎྜལ་བྱ། །བྱམས་དང་སྙིང་རྗེ་སྔོན་བཏང་ལ། །འགྲོ་དྲུག་དབུལ་སེལ་སེམས་བསྐྱེད་དོ། །མཆོད་སྦྱིན་བྱ་ཕྱིར་ནོར་བུ་སྒྲུབ། །བཀའ་རྟེན་ཆོས་ཀྱི་རྒྱལ་པོའི་མཁར། །ཕྱུག་པོའི་བང་མཛོད་ས་རྣམས་ལ། །མཎྜལ་བྱས་ལ་ལེགས་པར་བྱུག །རིན་ཆེན་དྲི་ཡི་སྨན་གྱིས་བྱུག །འབྲུ་དང་མེ་ཏོག་ཚོམ་བུ་དགོད། །རིན་ཆེན་ཟུར་བརྒྱད་ལྟེ་བར་ལྡན། །དབུས་སུ་ཉ ྄ཡ་྅྅྅ ཏའི་ཤིང་དག་ལ། །བཞོག་ལ་རིན་ཆེན་སྣ་ལྔ་ཡི། །དཔལ་མགོན་ལེགས་པ་ཀུན་ལྡན་བྲི། །ལྗང་སེར་ཞལ་གཅིག་ཕྱག་གཉིས་པ། །རིན་ཆེན་ཕྲེང་བ་བུམ་པ་དང་། །ཡིད་བཞིན་ནེའུ་ལེའི་རྐྱལ་བ་བསྣམས། །འཁོར་དང་དེ་ཡི་རང་བཞིན་བསྐྱེད། །གཏེར་འཆང་ནེའུ་ལེའི་རྐྱལ་པ་བསྣམས། །ནང་དུ་ཅི་འདོད་རྫས་ཀྱིས་དགང་། །མཛེས་པའི་རྒྱན་བཏགས་གདུགས་ཀྱང་དབུབ། །རབ་གནས་བྱས་ལ་དབུས་སུ་བཞག །བསྐྱེད་དང་སྤྱན་དྲངས་བསྟིམ་མཆོད་དང་། །ཇི་ལྟར་འདོད་པའི་གསོལ་བ་གདབ། །སྔགས་འདི་འབུམ་ཕྲག་གསུམ་དུ་བཟླས། །འགྲུབ་པར་འགྱུར་ཏེ་གདོན་མི་ཟ། །རྨི་ལྟས་བཟང་པོ་བྱུང་བ་དང་། །འཕྲལ་སྣང་བསམ་པ་འགྲུབ་པ་དང་། །འབྲུ་ཕྱུགས་ཐམས་ཅད་འཕེལ་བར་འགྱུར། །མཆོད་པ་བཟང་པོས་མཆོད་བྱས་ལ། །ནོར་བུས་གང་བའི་དངོས་གྲུབ་བླང་། །ༀ་བྷུ་རུ་ཀུ་རུ་ཨི་ཕྱི་ཨུཙྪས་མ་ཀྲོ་དྷ་ཧཱུཾ། བ་སུ་དྷ་ར་རཏྣ་སིདྡྷི་ཕ་ལ་ཧྲིཾ་ཧྲིཾ་ཧཱུཾ། དེ་ནས་ནོར་རྫས་བང་མཛོད་དང་། །རྟ་དང་གླང་པོ་བ་གླང་འབྲུ། །ཡོ་བྱད་བསོད་ནམས་རྒྱས་པར་འགྱུར། །རིགས་དང་རྒྱུད་འཕེལ་གྲགས་སྙན་འཐོབ། །གཞན་ཡང་གནད་ཀྱི་རིམ་པ་བཤད། །མགོན་པོའི་བསྙེན་སྒྲུབ་རྫོགས་པ་དང་། །བསྙེན་དང་ཉེ་བསྙེན་སྒྲུབ་པ་གསུམ། །དྲིལ་ནས་གོང་གི་རྫས་ལ་བསྟིམ། །སྐུར་བ་ཕུར་པ་ལྔ་ལ་གདགས། །ཡུལ་ཁམས་ཕྱོགས་བཞིར་ཐོ་གཟུག་བསྲུང་། །གནོད་བྱེད་བགེགས་ཀྱི་ལིདྒ་ལ། །དུག་སྣ་གུ་གུལ་མུ་ཟི་དང་། །བྲུན་གསུམ་ཚིལ་གསུམ་གཞོབ་གཉིས་བདུག །ཡུངས་ཀར་དུག་ཁྲག་ཕུར་པས་བརྡེག །མགོན་པོའི་འོད་ཟེར་གནོད་བྱེད་བསྲེག །གསང་སྔགས་འབུམ་ཕྲག་རྫོགས་པ་དང་། །བཀའ་རྟེན་མགོན་པོའི་འོག་ཏུ་གནན། །གཞན་ཡང་གོང་གི་རྫས་བཀོད་རྣམས། །ཐོད་པར་བླུགས་ལ་སྙིང་པོ་བསྟིམ། །ཞོ་ཆང་ཁ་ཟས་གནོད་ལ་འདུག །འབྲུ་བཅུད་ཕྱོགས་བཞིར་དུད་པ་བཏང་། །མི་ཕྱུགས་སྲུང་བ་སྐེ་རུ་གདགས། །ཀླུ་གཉན་ས་བདག་གནོད་པ་ལ། །རྫས་དང་ཕག་ཚིལ་གླ་རྩིས་བསྲུང་། །དྲི་སྤོས་སྦྱར་ལ་ལུས་ལ་བྱུག །སྨན་དང་བ་དམར་འོ་མ་ལ། །བསྔགས་ལ་ཁོང་དུ་གཏང་བར་བྱ། །བསྙེན་པ་རྫས་དགོད་དུད་པས་བདུག །དྲག་པོའི་སྔགས་ཀྱི་དབལ་གྱིས་བསྐྲད། །སྲིའུ་རིན་ཆེན་རྣམ་ལྔ་ལ། །སྨན་སྣ་ལྔ་ལ་སྦྱར་ལ་གདབ། །རྩ་བ་ཁྱད་པར་སྔགས་གསུམ་ལ། །གསང་བའི་སྤུ་གྲི་འདི་དག་གདགས། །སརྦ་དུ་སྟན་ཧྲིག་ནན་མྱགས་ཐུམ་རིལ་རྦད། །ཨེ་ཧུར་ཐུམ་ཛ། ཧ་ན་ཧ་ན་ད་ཧ་ད་ཧ། པ་ཙ་པ་ཙ་གྲྀཧྣ་གྲྀ་ཧྞ་ཧ་ར་ཧ་ར། མཱ་ར་ཡ་རྦད། སྟོབས་དང་ནུས་པ་ཐམས་ཅད་སྟམ་བྷ་ཡ་ནན། ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། བསྲུང་ཞིང་ཕན་གདགས་པའི་ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་དབང་དྲག་ལས་ཀྱི་རིམ་པ་འདི་གསུངས་སོ། །དབང་ཆེན་སྟོབས་ཀྱི་སྦྱོར་བ་འདི་ལ། །རི་རྒྱལ་རྩེ་ནས་ས་དང་ནི། །རྒྱལ་ས་ཟིན་པའི་མཁར་ས་དང་། །ཆོས་སྲིད་ཐོབ་པའི་ཁྲི་སྟེགས་དང་། །བཙུན་མོ་མཚན་ལྡན་མ་ལ་གྱིས། །བཀའ་རྟེན་དྲི་ཅན་དུར་ཁྲོད་ཀྱི། །ས་ལ་མངལ་ཁྲག་མཚལ་གྱི་སྦྲུ། །འབྲུབ་ཁུང་ཁྲུ་གང་ཟླ་གམ་བཀོད། །མཚལ་དང་ཙན་དན་རྒྱ་སྐྱེགས་བྱུག །རྒྱལ་བློན་སྟོབས་དང་མུ་སྟེགས་དང་། །བགེགས་ཆེན་གཅན་གཟན་གདུག་པའི་ས། །རྫས་ལ་གཟུགས་བྱ་མིང་བྱང་དགོད། །ཐོད་པ་སྲུབས་མེད་ནང་དུ་གཞུགས། །འབྲུབ་ཁུང་ནང་དུ་དེ་བཅུག་ལ། །བསྙེན་སྒྲུབ་སྔགས་གསུམ་དྲིལ་བ་ལ། །དབང་དུ་བསྡུ་བའི་སྔགས་འདི་བཟླས། །མ་ཧཱ་ཀཱ་ལ་པཱ་ཤཾ་ཀུ་ཧྲིཾ་ཧྲི་ཾཔ་ཤ་མ་ན་ཡ་ཧྲིང་ཧྲིང་ཛཿ་ཛཿ། རཱ་ག་དུན་དུན། བདག་ཉིད་མགོན་པོ་ལེགས་ལྡན་ཆེ། །དམར་ནག་རཱ་གའི་མདོག་ལྡན་པ། །ལྕགས་ཀྱུ་ཞགས་པ་དམར་པོ་ལྡོག །ཐུགས་ཀར་ཧཱུཾ་ལས་སྔགས་ཀྱི་མདོག །གང་ལ་བྱས་པ་རྟེན་ལ་ཕབ། །དབང་ཆེན་དབང་གི་འོད་ཀྱིས་བཀུག །ཁབ་ལེན་རྡོ་ལ་ལྕགས་འདུ་ལྟར། །ཐམས་ཅད་དབང་དུ་འདུས་པར་བསམ། །ཤིང་ཐོག་གོ་ལ་སྟར་བུ་དང་། །རྒུན་འབྲུམ་མེ་ཏོག་དམར་པོ་དང་། །ཤ་ཁྲག་གསར་བའི་གཏོར་མ་འབུལ། །ཚིལ་ཆེན་མངལ་ཁྲག་རྒྱ་སྐྱེགས་དང་། །ཙན་དན་དཀར་དམར་གྷི་ཝང་དང་། །བསེ་ཞོ་བག་ཙམ་ལིངྒར་བྱུག །སེང་ལྡེང་མེ་ལ་བསྲོ་ཞིང་བཟླས། །ཐོན་ནས་ཐོད་པ་དར་ནག་གྲིལ། །རང་གི་མལ་འོག་དག་ཏུ་སྦས། །སྔགས་ཀྱི་ཚད་མ་འབུམ་ཚོ་དྲུག །དབང་དུ་འདུས་པའི་རྟགས་རྣམས་འབྱུང་། །རྒྱལ་བློན་སྟོམས་ཅན་གདུག་པ་ཡང་། །ཇི་ལྟར་བསྒོ་བའི་བཀའ་རྣམས་ཉན། །ཁམས་གསུམ་མཛེས་ལྡན་ཕྱག་རྒྱ་མ། །ཆགས་སྐྱེས་མདངས་ཀྱི་པདྨ་འབུལ། །རྦོད་གཏོང་སྤེ་བགེགས་གནོད་ཆེན་ཀུན། །ཇི་ལྟར་བསྒོ་བ་བྲན་བཞིན་བྱེད། །མཆེ་སྡེར་རཱ་ཅན་ལྕེ་དུག་སྤོས། །ཁྱི་བཞིན་ཕྱི་ནས་འབྲང་བར་འགྱུར། །འབྲུ་དང་རིན་ཆེན་ཟས་བཅུད་ལ། །གོང་བཞིན་སྦྱར་ཀྱིན་བསྒྲུབ་བྱས་ན། །སྣང་སྲིད་ཟས་ནོར་བདག་ལ་འདུ། །ཀུན་སྡུད་དབང་གི་སྦྱོར་བ་བཤད། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། །དབང་སྡུད་ཐབས་ཀྱི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་དབབ་བསད་ཀྱི་ལས་འདི་གསུངས་སོ། །དྲག་པོའི་གསང་སྔགས་བར་བ་ཡང་། །གང་གི་འབྲུབ་ཁུང་ནང་དུ་ཤིས། ། ཀན་དྷའི་ཤིང་ལ་འཁོར་ལོ་བྲི། །དབུས་སུ་ཡུལ་ཞིང་སེར་སྲུང་ལྷ། །མུ་ཁྱུད་འཁོར་ལོ་དང་པོར་བྲི། །རྩིབས་བཞི་དྲེགས་པའི་སྙིང་པོ་བྲི། །ཐ་མ་ཆུ་རིས་ཟླུམ་པོ་ལ། །སྲིན་པོ་མིང་སྲིང་དབབ་སྔགས་དགོད། །ཡུལ་གྱི་རྫས་དང་གཉན་རའི་ཆུ། །བྱུག ས་ལ་ཐོད་པའི་ནང་དུ་གཞུག །དུག་ཁྲག་འབྲུ་ཟླུམ་སྦྱར་བའི་ཁྲག །གོང་གི་རྫས་དང་སྦྱར་ལ་བྱ། །ཞག་གྲངས་ཉི་ཤུ་རྩ་གཅིག་ཏུ། །དྲག་པོའི་སྔགས་དྲིལ་ཏིང་འཛིན་གསལ། །བཅུ་གཅིག་རྫོགས་ནས་ཐུན་བྲབས་ལ། །ཀླུ་ལ་རྟ་གཞུག་ཟོར་འཕང་བསྐུལ། །དེ་ཡི་གསང་སྔགས་འདི་དག་ཡིན། །ༀ་བྷུ་རུ་ཀུ་རུ་ཨི་ཕྱི་ཨུཙྪས་མ་ཀྲོ་དྷ་ཧཱུཾ་ཕཊ། ཀྲོ་དྷ་ཛྭ་ལ་ས་མ་ཡ་ཕྲོམ་ཕོབ། ཡཀྴ་ཛྭ་ལ་ས་མ་ཡ་ཕྲོམ་ཕོབ། རཀ་ཤ་ཛྭ་ལ་ས་མ་ཡ་ཕྲོམ་ཕོབ། །ཙིད་ཏྲ་ཛ་ལ་ས་མ་ཡ་ཕྲོམ་ཕོབ། །ༀ་བཛྲ་རག་ཤ་ས་མ་ཡ་སྙིང་ཡ་མ་ཁྲག་རཱ་ཧུ་ལ་ཕྲོཾ་ཕྲོཾ་ཧྲི ལ་ཧྲི ལ་ཤར་ཤར། མཱ་ར་ཡ་རྩ་ཤ་ཐིབས་རུ་སིང་ཏྲཾ་ཧྲིལ། སོགས་སེ་ཏྲྃ་ཐིབས་བྷྱོ། ཡུལ་ཁམས་བརླག་པར་ཐེ་ཚོམ་མེད། །གཞན་ཡང་ཁྲམ་ཐོད་གསལ་བ་ལ། །མོན་ཚིལ་རྟ་དང་ཟངས་ལྕགས་རྒོད། །གྲི་ལྕགས་ཐོག་ལྕགས་གསེར་དངུལ་དང་། །ཆང་གིས་སྦྱར་ལ་སྔགས་འདི་བཟླས། །ཞུ་འཕེལ་ཆད་འཕྲོ་ཆགས་པ་ན། །མེ་དང་ལྕགས་ཀྱི་གཟའ་སྐར་ལ། །དྲི་དང་ཆུ་བླུགས་དགྲ་ལ་འཕང་། །དེ་ཡི་གསང་སྔགས་འདི་དག་ཡིན། །ཛཱ་ལ་རཾ་རཱ་ཧུ་ལ་སི་སི་བཛྲ་ར་ག་ཤ་ས་མ་ཡ་རཾ་རཾ་མཱ་ར་ཙ་ཤ་ཁྲག་ལ་མུ་ཤཾ་མ་བྷྱོ། མཱ་ར་ཡ་རྦད། བཛྲ་ཤད་ཤད། དགྲ་བོའི་སྲོག་ལ་མཱ་ར་ཡ་རི་རྦད། །དེས་ནི་ལམ་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། །དྲག་པོ་དབབ་བསད་ཀྱི་ལེའུ་སྟེ་ཉེར་དྲུག་པའོ།། །།དེ་ནས་གཉེན་པོ་ལྷའི་ཐུགས་དམ་བསྐུལ་བ་འདི་གསུངས་སོ། ། ཧཱུཾ། ཁྲོ་བོའི་རྒྱལ་པོ་གདོག་དྲུག་ཧཱུཾ་སྒྲ་ཅན། །ཡན་ལག་དྲུག་ལྡན་ཁྲོ་བོ་གཤིན་རྗེ་གཤེད། །ཡེ་ཤེས་རྒྱན་གྱིས་མ་རིག་མུན་པ་སེལ། །གཏུམ་ཆེན་གཤིན་རྗེ་འཇོམས་ལ་ཕྱག་འཚལ་ལོ། །ཡུན་གྱི་ལྷར་ཡང་ཁྱོད་ལ་གསོལ་འདེབས་ན། །དྲེགས་ཅན་སྟོབས་གཞོམ་ཟིལ་གྱིས་མནན་པ་དང་། །མ་མོ་མཁའ་འགྲོ་རྣམས་ལ་དབང་བསྒྱུར་ནས། །ནད་གཏོང་སྲིན་པོའི་ཚོགས་རྣམས་ཐལ་བར་རློགས། །ཁྱོད་ཀྱི་ཐུགས་རྫེས་བདག་ལ་བྱིན་གྱིས་རློབས། །ཧྲཱིཿ རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང་། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེའི་ཐུགས། །སྤྱན་རས་གཟིགས་དབང་ཧྲཱི་ཿ་ལས་རྔམ་ཆེན་སྐུ། །ངག་གི་དབང་ཕྱུག་རྟ་གདོང་ཞབས་ཀྱིས་གནོན། །རྡོ་རྗེ་རྟ་ཡི་རྟ་དབུ་ཡིས། །འཇིག་རྟེན་ཀློང་དགུའི་འདོད་པ་སྟོན། །འཇིག་རྟེན་དྲེགས་པ་གཏུམ་པའི་ཚོགས། །རྡོ་རྗེ་རྟོག་པ་བྱ་སྒྲོན་གྱིས། །སྣང་མཛད་ངག་གི་དབང་ཕྱུག་སྐུ། །བྱང་ཆུབ་ཆེན་པོ་ཅང་ཤེས་གཙོ། །ལྷ་ཆེན་དགུ་ཡི་ཆོ་འཕྲུལ་གྱིས། །རྡོ་རྗེ་རྟ་གདོང་སྤྲུལ་པའི་ཚོགས། །ནམ་མཁའི་ཁམས་རྣམས་གང་བར་མཛོད། །འཁོར་བ་མ་གྲོལ་བར་དུ་ནི། །སྙིང་རྗེའི་གོ་ཆ་མ་བསྙེལ་བར། །འཁོར་བའི་སོ་མཐའ་ཆོད་པར་མཛོད། །ཧཱུཾ། རྒྱལ་བ་ཀུན་གྱི་གསང་འཛིན་པ། །ཐུགས་རྗེ་ཀུན་གྱི་བདག་པོ་རྡོ་རྗེ་འཛིན། །དྲག་པོ་བརྟུལ་ཞུགས་ཆེན་པོ་ཅན། །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །སྔོན་གྱི་གོ་ཆ་ཆེན་པོ་ཡིས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །གདུལ་དཀའ་མ་ལུས་འདུལ་མཛད་པ། །བདུད་ཀྱི་བདུད་སྟེ་བདུད་རྣམས་འཇོམས། །སེམས་དཔའ་ཆེན་པོ་འབར་བའི་སྐུ། །འཇིགས་སུ་རུང་བའི་དཔའ་བྱད་ཅན། །ཧཱུཾ་རྔམ་འཁྲུག་པའི་ང་རོ་ཡིས། །དུར་ཁྲོད་བདག་པོ་རབ་ཏུ་བཅོམ། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། གཉེན་པོ་ལྷའི་ཐུགས་རྗེ་བསྐུལ་པའི་ལེའུ་སྟེ་ཉེར་བདུན་པའོ།། །།དེ་ནས་ཆོས་སྐྱོང་བསྐུལ་བ་འདི་གསུངས་སོ། བྷྱོ། ཉི་མ་ལྷོ་ནུབ་ཕ་གི་ན། །སྲིན་ཡུལ་པུ་རངས་ནག་པོའི་དཀྱིལ། །ལང་ཀ་ཡུལ་གྱི་གྲོང་རྡལ་ན། །ཀོ་ཀ་ཐང་དམར་རྒྱ་མཚོ་ཡི། །དབུས་ན་རི་བོ་མ་ལ་ཡ། །དྲག་ཤུལ་བྱན་ལག་འཕྱོངས་ཀྱི་རི། །གནམ་ལྕགས་ཡོད་པའི་རྩེ་མོ་ན། །ཆོས་འཛིན་རིགས་ཀྱི་སྒྲུབ་གནས་ཏེ། །རྡོ་རྗེ་ཐབས་ཀྱིས་བལྟ་བའི་ཡུལ། །གསུར་ཆེན་དུད་པ་སྤྲིན་དུ་གཏིབས། །གནམ་ལྕགས་ཆུ་སེར་མཚོ་རུ་འཁྱིལ། །ཤ་རུས་ཕུང་བོ་རི་ལྟར་སྤུངས། །ཅེ་སྤྱང་ལིངས་སུ་རྒྱུག་ཅིང་འདྲལ། །བྱ་གཅན་མང་པོ་འཕུར་ཞིང་ལྡིང་། །དུར་ཁྲོད་མཁའ་འགྲོ་འདུ་བའི་གནས། །རབ་ཏུ་འཇིགས་པའི་ཡུལ་མཁར་ན། །འཇིགས་པའི་ཐོད་མཁར་ལྡེམ་སེ་ལྡེམ། །ཤར་ཕྱོགས་བམ་རིལ་སྟག་ཐོད་མཁར། །སྟག་ཐོད་འཛུམ་མདངས་མུ་ལུ་ལུ། །ལྷོ་ཕྱོགས་བམ་རིལ་མི་ཐོད་བརྩིགས། །མི་ཐོད་སྤྱུགས་པ་ཙེ་རེ་རེ། །ནུབ་ཕྱོགས་བམ་རིལ་རྟ་ཐོད་བརྩེགས། །རྟ་ཐོད་མཚེར་དར་ལྷངས་སེ་ལྷང་། །བྱང་ཕྱོགས་བམ་རིམ་ཐོད་མཁར་བརྩིགས། །བྱ་ཐོད་ཚེག་སྒྲ་དི་རི་རི། །སྲིན་པོ་ཐོད་པའི་ཁ་བད་ཅན། །ལས་ཀྱི་འོད་ཟེར་དཔལ་དུ་འཕྲོ། །ངོས་ལ་ང་རྒྱལ་གློག་དམར་འཁྱུག །རྩེ་ལ་བདུད་བྱ་ནག་པོ་ལྡིང་། །རུ་མཚོན་ནག་པོ་པུ་རུ་རུ། །གནམ་ལྕགས་འབར་བའི་སྒོ་མོ་གསལ། །འཇིགས་པའི་སྐུ་མཁར་ནང་ཤེད་ན། །རྟ་རོ་མང་པོ་གཅལ་དུ་བཀྲམ། །མི་རོ་མང་པོ་ཁྲི་རུ་བརྩིགས། །མི་རོ་རྟ་རོའི་གདན་སྟེང་ན། །མངའ་བདག་བདུད་ཀྱི་རྒྱལ་པོ་བཞུགས། །གསང་བདག་ཕྱག་ན་རྡོ་རྗེ་ཡིས། །ཕྲིན་ལས་དྲག་པོས་དབང་བསྐུར་བ། །སྐུ་མདོག་དབུས་ཞལ་ལྗང་ནག་བརྗིད། །ཞལ་གསུམ་འཇིགས་པའི་ཆ་ལུགས་ཅན། །གཡས་སེར་ཐུག་རྗེས་འགྲོ་ལ་སྐྱོབས། །གཡོན་དམར་ཆགས་པས་དབང་སྡུད་འགུགས། །དམར་ནག་རལ་པ་སྲིད་རྩེར་འབར། །རལ་པ་འཁྲུགས་པའི་སྐྲ་གསེབ་ན། །གནམ་ལྕགས་ཐོག་སེར་སྐར་མདའ་འཕྲོ། །སྤྱན་དགུ་མེ་འོད་སྐར་ལྟར་འཁྱུག །ནད་ཀྱི་རྐྱལ་པ་ཚུབ་མར་འཚུབ། །ཞལ་གདངས་དབང་གི་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་ལྟར་སྒྲོགས། །དྲག་པོའི་རྐན་སྒྲ་བདུད་ལྟར་རྡེབ། །གསང་བའི་སྤྱུགས་པ་འཁོར་ལ་འབོད། །གདུག་པའི་མཚོན་ཆ་མ་ལུས་འཕྲོ། །དྲག་པོའི་ཕྱག་དྲུག་གདེངས་པ་ལ། །གཡས་ཀྱི་དང་པོ་གསལ་ཤིང་གིས། །སྲིད་པ་གསུམ་ཡང་དབང་དུ་སྡུད། །བར་པ་རྡོ་རྗེ་གསོར་ཞིང་འཕྱར། །དགྲ་བགེགས་མགོ་ལུས་ཚལ་པར་གཤོགས། །ཐ་མ་གནམ་ལྕགས་དབལ་ཕུར་འདེབས། །དམིགས་པའི་སྙིང་ལ་གཟེར་ཆེན་འབེབས། །གཡོན་གྱི་དང་པོ་དུང་ཆེན་དུ། །སྲིད་གསུམ་སྙིང་ཁྲག་བླུག་ཅིང་འཐུང་། །བར་པ་རྣོ་དབལ་ཤུན་གྱི་མདུང་། །ཞིང་བཅུའི་སྙིང་ལ་གཟེར་ཆེན་འདེབས། །ཐ་མ་སྦྲུལ་ནག་ཞགས་པ་ཡིས། །བླ་སྲོག་འགུགས་ཤིང་ཡན་ལག་འཆིང་། །ཞབས་བཞི་བརྐྱང་བསྐུམ་འབྱུང་པོ་གནོན། །ཞིང་གི་གཡང་གཞིའི་སྟོད་གཡོགས་ལ། །གཏི་མུག་གླང་ཆེན་པགས་པ་གྱོན། །ཞེ་སྡང་སྟག་གི་ཤམ་ཐབས་ལ། །གདུག་པ་སྦྲུལ་གྱི་སྐེ་རགས་བཅིངས། །ཐོད་སྦྲུལ་ཐལ་ཞག་ཐལ་བས་བརྒྱན། །གདུག་རྩུབ་མེ་ཡི་ཀློང་ན་བཞུགས། །དཔལ་གྱི་འོད་ཟེར་ཕྱོགས་བཅུར་འཕྲོ། །སྔོན་གྱི་དམ་བཅའ་མ་བསྙེལ་བར། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །གཡོན་གྱི་ཕྱོགས་ནས་སྐུ་བྱུང་བ། །ཉེ་གནས་ཀྲོ་དྷཱི་ཤྭཱ་རཱི་མ། །གཏུམ་པའི་སྲིན་མོ་འཇིགས་ཚུལ་ཅན། །ཞལ་གཅིག་ཕྱག་གཉིས་ཐལ་བའི་མདོག །ཁྲག་རལ་དམར་པོ་མུན་ལྟར་གཏིབས། །སྐུ་སྟོད་ཞིང་ཆེན་གཡང་གཞི་ལ། །ཉི་ཟླ་གཟའ་སྐར་གཞའ་ཚོན་འཁྲུག །སྐུ་སྨད་སྟག་དང་རེ་ལྡེ་ལ། །སྦྲུལ་ནག་ཆུ་སྲིན་ཐོད་པས་བརྒྱན། །གཡས་པ་སྦྲུལ་ཞགས་ཡབ་ལ་འཁྱུད། །གཡོན་པ་ཐོད་སྐྱོགས་ཁྲག་གིས་བཀང་། །རུས་བཅུད་རྐང་མར་ཀླད་པ་ལ། །འབྲུ་མར་ཆང་གིས་སྦྱར་བ་དག །རྟག་པར་རང་གི་ལོངས་སྤྱོད་བྱེད། །ཡབ་ལ་སྟོབ་ཅིང་དགྲ་ལ་འཕེན། །སྔོན་གྱི་དམ་བཅའ་མ་བསྙེལ་བར། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཆེ་མཆོག་ཐུགས་ཀྱི་སྤྲུལ་པ་ནི། །ལས་ཀྱི་མོན་པ་ནག་པོ་བཞེངས། །ཞལ་གཅིག་ཕྱག་གཉིས་གཅེར་བུའི་ཚུལ། །གཡས་པ་གྲི་གུག་སྔོན་པོ་བརྡར། །གཡོན་པ་བྷན་དྷ་སྙིང་ཁྲག་འཐུང་། །ཞབས་ནི་དམ་ཉམས་སྟེང་ན་བགྲད། །ཤོ་ར་རེ་སྟེ་མ་གཏོང་ཞིག །ཆེད་འགའ་དྲག་ཏུ་བསྐུལ་བའི་ཚེ། །རབ་ཏུ་བྱུང་བའི་ཆ་བྱད་ཅན། །གཡས་པ་གསེག་ཤང་པར་བུ་བསྣམས། །གཡོན་པ་བདུད་ཀྱི་བར་བུ་ནག་པོའོ། །ཆོས་གོས་ནག་པོ་ཕྱིར་ལོག་གྱོན། །ཆོས་ཀྱི་གླེགས་བམ་ཁུར་དུ་ཁུར། །དྲག་པོ་སྔགས་ཟློས་དི་རི་རི། །ལོངས་སྤྱོད་མི་སྙིང་དམར་ལ་བྱེད། །ཤོ་ར་རེ་སྟེ་མ་གཏོང་ཞིག །དེ་ཡི་ཐུགས་ཀྱི་དགྱེས་སྡེ་མོ། །བྱར་ཤར་མཚམས་སུ་གནས་བཅས་ནས། །དཀར་མོ་ཀང་ཀ་མཆུ་རིངས་ཁྲོས་པའི་ཚོམས། །རྣམ་པར་སྣང་མཛད་མི་གཡོ་གཙུག་ཏོར་ཅན། །ཕྱག་ན་རྡོ་རྗེ་བཀའ་སྡོད་ཕོ་ཉ་མོ། །འཁོར་གྱི་མ་ཚོགས་ཐམས་ཅད་ལས་ལ་འགྱེད། །ཤོ་ར་རེ་སྟེ་མ་གཏོང་ཅིག །མཐིང་ནག་དར་གྱི་འཇོལ་བེར་ཅན། །ཆུ་དར་ལྗང་གུ་ཐོད་དུ་བཅིང་། །ཙན་དན་སྨུག་པོའི་གྱིང་བིང་ཅན། །ཁྲོས་པའི་ཆ་བྱད་ཆེན་པོ་ཡིས། །ཤོར་ར་རེ་སྟེ་མ་གཏོང་ཅིག །ཆེད་འགའ་དྲག་ཏུ་བསྐུལ་བའི་ཚེ། །གཅེར་བུ་ཁམས་ནག་གྱེན་དུ་བརྫེས། །ཁ་ནས་ཁྲག་འཛག་ཐོད་ཕྲེང་ཅན། །མིག་ནས་མེ་ཡི་ཕུང་པོ་འབར། །གཡས་པ་གསལ་ཤིང་དགྲ་ལ་བརྡེག །གཡོན་པ་ལྕགས་ཀྱུས་དོན་སྙིང་འབྱིན། །མི་རོ་རློན་པའི་གདན་ལ་བཞུགས། །ཤོ་ར་རེ་སྟེ་མ་གཏོང་ཞིག །ཆེད་འགའ་དྲག་ཏུ་བསྐུལ་བའི་ཚེ། །གདོང་བཞི་ཐོད་ནག་ཕྲེང་བ་ཅན། །ནག་པོ་རོལ་ཅན་འཚིག་ཅིང་ཁྲོ། །ཕྱག་བཞི་གདེངས་པ་ཆོ་འཕྲུལ་ལག །ཞབས་གཉིས་ཞབས་བཞི་ཆོ་འཕྲུལ་རྐང་། །གཡས་ཀྱི་དང་པོ་གྲི་གུག་འདེབས། །འོག་མ་བསེ་མདུང་བ་དན་འཕྱར། །གཡོན་གྱི་དང་པོ་རྒྱུ་ཞགས་ཐོགས། །འོག་མ་ཟངས་གྲི་རྣོ་དབལ་འཕྱར ། །མི་སྙིང་ཟ་ཞིང་ཐོད་རློན་འཕེན། །ཁྱོད་ཀྱི་ཞབས་ཀྱི་ལོང་བུ་ནས། །སྟག་སྨད་རྒྱལ་མོ་སྐྱུགས་སེ་སྐྱུག །གནོད་སྦྱིན་འཁོར་རྣམས་ལས་ལ་འགྱེད། །ཁྱོད་ཀྱི་སྟ་ཟུར་གཡས་གཡོན་ནས། །ཕོ་སེང་གཡས་ལ་མོ་སེང་གཡོན། །རལ་པ་སྔོན་པོ་ཉིགས་སེ་ཉིད། །མཆེ་བ་གངས་རི་གཏམས་པ་འདྲ། །ཁྲོ་བོ་ཚོགས་ཀྱི་སྤྲུལ་པ་འགྱེད། །ཁྱོད་ཀྱི་རྩིབ་ལོགས་གཡོན་པ་ནས། །འཕར་བ་རྐན་ལྡག་ཁྱུགས་སེ་ཁྱུག །དྲེད་མོ་ལག་རྡེབས་ཆེམས་སེ་ཆེམ། །ཟ་བྱེད་ཚོགས་ཀྱི་སྤྲུལ་པ་འགྱེད། །ཁྱོད་ཀྱི་སྨིན་ཁྱུག་གཡས་གཡོན་ནས། །བྱ་ཁྱུང་རྒྱལ་པོ་ག་རུ་ཊ། །ཕྱག་ན་རྡོ་རྗེ་བཀའ་སྡོད་ཅིང་། །སྲིན་མོའི་ཚོགས་ཀྱི་སྤྲུལ་པ་འགྱེད། །ཤོ་ར་རེ་སྟེ་མ་གཏོང་ཞིག །དུར་ཁྲོད་ཆེན་པའི་ཀློང་དཀྱིལ་ནས། །སྲིན་མོ་ཉེ་གནས་ཆེན་མོ་བརྒྱད། །ཀ་རཱི་ཙ་རཱི་པྲ་མོ་ཧ། །བེ་ཏ་ལི་དང་པུཀྐ་སཱི། །གྷསྨ་རཱི་དང་སྨ་ཤ་ནཱི། །ཙཎྜ་ལཱི་སྟེ་སྲིན་མོ་ཀུན། །རྔམ་ཞིང་གཏུམ་པའི་མ་ཚོགས་ལ། །འཇིགས་པའི་གཟུགས་ཅན་མཚོན་ཆ་ཐོགས། །སྲོག་ལ་ཧུར་ཐུམ་དུས་ལ་བབ། །སྲིན་པོའི་བུ་མོ་དྲི་ཟ་བརྒྱད། །སེང་སྟག་ཝ་སྤྱང་བཞད་ཀྱི་མགོ །ཀང་ཀ་བྱ་རོག་འུག་པའི་ཚོགས། །ཞིང་ལ་རྔམ་ཞིང་སྟོད་པའི་ཚོགས། །ཉམས་པ་ལོང་ལ་གློ་སྙིང་ཟོ། །ཆོ་འཕྲུལ་སྣ་ཚོགས་དགྲ་ལ་ཐོང་། །དུར་ཁྲོད་མ་ཡི་སྒོ་སྲུང་བཞི། །གདོང་མོ་བརྩོན་མོ་གར་ལོག་མོ། །འཇུག་པར་བྱེད་པའི་མ་མོ་བཞི། །རྣལ་འབྱོར་འཁོར་བཅས་བར་ཆད་སྲུངས། །ཉམས་པ་དགྲ་ཡི་ཡན་ལག་འཆིངས། །དུར་ཁྲོད་བདག་མོ་གྲུ་འདེབས་བཞི། །བསྐམ་མོ་ཤིན་ཏུ་བསྐམ་པ་དང་། །ར་རོ་མ་དང་ཁྲག་འཐུང་མ། །ཆགས་པའི་ཚུལ་ལ་བླ་སྲོག་ལེན། །དམ་ཉམས་དགྲ་བོའི་དབུགས་ལོང་ལ། །སྨྱོ་འབོག་གཏོང་བའི་དུས་ལ་བབ། །ལྷ་ཡི་དེད་དཔོན་ཀ་རུ་ན། །ཆུང་མ་བུ་མོ་སྲིན་མོ་རྣམས། །ཕྲོག་ནས་དབང་དུ་བྱས་པ་ཡི། །བཅུ་གཉིས་དང་ནི་བཅོ་བརྒྱད་སྩོགས། །མ་མོ་ཕྲ་མེན་གནོད་སྦྱིན་མོ། །སྲིན་མོ་ཤ་ཟ་ཁྲག་འཐུང་མ། །དམ་ཉམས་དགྲ་བོའི་བཀྲག་མདངས་ཕྲོགས། །བདུད་ཀྱི་མིང་འཛིན་བླ་ཀུན་མོ། །དམ་ཉམས་འདི་ཡི་བླ་ལོང་ལ། །བློན་མོ་དམག་དཔོན་སྡེ་དཔོན་མོ། །རུ་དཔོན་ཕོ་ཉ་མངག་པར་བྱས། །ཅི་བགྱིས་བཀའ་ཉན་ཕོ་ཉའི་འཁོར། །སྲིན་པོའི་དམག་ཚོགས་དགྲ་ལ་ཐོང་། །རྦོད་གཏོང་རྔམ་པས་དགྲ་སྙིང་ཁོས། །བམ་རིལ་ཐོད་མཁར་ཕྱི་རོལ་ནས། །ཁྲག་དང་ཤ་ཆེན་བཤང་གཅི་དང་། །རྐང་དང་ཀླད་པ་ཀླད་རྒྱས་དང་། །རྣག་དང་ཆུ་སེར་འོབས་དང་ནི། །འབུ་དང་ཤིན་ཏུ་འབུ་ཆེན་དང་། །སྦྲང་མ་སྦྲང་རྒོད་བུང་བ་དང་། །དུག་སྦྲུལ་སྡིག་པ་སྡོམ་ལ་སྩོགས། །དགྲ་བོའི་ཁང་ཁྱིམ་རྨང་ནས་ཤིག །དགྲ་བོའི་ལུས་ལ་བལ་ལྟར་གཡེངས། །ཀང་ཀ་རུ་རྩེ་རྐང་ལྡག་དང་། །ཁྲག་འཐུང་མཆུ་དམར་ཁྭ་སྐྱེགས་དང་། །བྱ་རོག་འུག་པ་ཁྭ་རྒོད་རྣམས། །བྱ་གཅན་མང་པོ་འཕུར་ཞིང་ལྡིང་། །དགྲ་བོའི་བླ་ཡི་སྟེང་དུ་ལྡིང་། །ཤ་ལ་ཟ་ཞིང་རྒྱུ་མ་དྲོངས། །དབང་པོའི་དྭངས་མ་མིག་འབྲས་ཕྱུང་། །ཅེ་སྤྱང་སྟག་སེང་དོམ་དང་དྲེད། །འཕར་བ་རྐང་ལྡག་ལ་སོགས་པའི། །གཅན་གཟན་གདུག་པའི་ཚོགས་རྣམས་ཀུན། །དམ་ཉམས་ཤ་རུས་བཅུད་ལ་རོལ། །མྱུར་དུ་སོད་ལ་ཁྲག་ལ་འཐུང་། །དུར་ཁྲོད་མཁའ་འགྲོ་མ་མོ་ཀུན། །སྤྱུགས་གླུ་ལེན་ཅིང་དམག་ཚོགས་ཁྱེ། །དམ་ཉམས་སྲོག་དབུགས་མདངས་ལ་ཡ། །བཅོལ་པའི་འཕྲིན་ལས་འགྲུབ་པར་མཛོད། །ཅེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། །དབུས་ཀྱི་གཙོ་བོ་བསྐུལ་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།དེ་ནས་འཁོར་བསྐུལ་པ་འདི་གསུངས་སོ། །བྷྱོ། ཤར་ཕྱོགས་ཐོད་མཁར་འཇིགས་པ་ན། །ཁྲོ་བོའི་ཚོགས་དང་སྤྲུལ་པའི་འཁོར། །ཁྲོ་ཆེན་བཛྲ་གིང་ཀ་ར། །སྐུ་མདོག་མཐིང་ནག་འཇིགས་པའི་སྐུ། །ཕྱག་གཡས་མཚོན་ཆའི་འཁོར་ལོ་སྒྱུར། །དམིགས་པའི་མགོ་ལུས་དུམ་བུར་གཏུབས། །གཡོན་པ་ཐོད་པ་རློན་པ་རུ། །སྙིང་ཁྲག་འཐུངས་ཤིང་དམིགས་པ་གནོན། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཁྱོད་ཀྱི་བཀའ་འཁོར་ལས་བྱེད་ནི། །གྲི་ཐོགས་གིང་ཆེན་བཅོ་བརྒྱད་འགྱེད། །གསང་བའི་བདག་པོས་དབང་བསྐུར་ནས། །རྡོ་རྗེ་ཆོས་ཀྱི་མིང་བཏགས་པས། །ཞེ་སྡང་འབར་བའི་དཀྱིལ་འཁོར་ནས། །མཐིང་ནག་ཁྲོས་པའི་ཆ་བྱད་ཅན། །ལྟས་ངན་སྣ་ཚོགས་སྤྲུལ་པ་འགྱེད། །རྡོ་རྗེ་མྱུ་གུ་ཞེས་བྱ་བ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །རྒྱལ་བའི་དགོངས་པ་ཀུན་འདུས་པས། །འོད་ཕུང་ཁྲོས་པའི་ཁྲོ་བོ་བཞི། །མི་བཟད་འབར་བ་དྲག་པོའི་གཟུགས། །ཁྲག་མིག་དམར་པོ་ལྡོག་ཅིང་ཁྲོ། །རྡོ་རྗེ་དྲག་པོ་འཁོར་ལོ་རྩལ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །དམ་ཅན་ཁྲག་གི་རལ་པ་ཅན། །པདྨའི་མེ་ཏོག་འབུམ་གྱིས་བརྒྱན། །དུར་ཁྲོད་མཁའ་འགྲོ་ཚོགས་ཀྱི་བདག །རྡོ་རྗེ་ཆོས་ཀྱི་ལས་མཁན་པོ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །སེར་ནག་འཇིག་པའི་སྦྲུལ་གྱིས་བརྒྱན། །ཁ་ནས་མེ་འབར་སྟོང་གསུམ་བསྲེག །རིན་ཆེན་བདུད་དཔུང་ཚོགས་ཀྱི་བདག །རིན་ཆེན་མྱུ་གུ་ཞེས་བྱ་བ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །ཆོས་བཟང་ལྷ་ཡི་འདུན་ས་རུ། །ལྷ་ཡི་དམག་དཔོན་ཆེན་པོ་ནི། །ལྗང་ནག་ལུས་ལ་ཆོ་འཕྲུལ་ཅན། །རྡོ་རྗེ་ལས་རབ་དྲག་པོ་རྩལ། །གྲི་ཐོགས་གིང་ཆེན་བཅོ་བརྒྱད་འགྱེད། །ནམ་གྱི་ཕར་ཕྱེད་ཚུར་ཕྱེད་ན། །སྐྱེས་པ་དར་མའི་སྲོག་གཅོད་ཅིང་། །བུད་མེད་མངལ་ཕུག་སྲིད་ཁ་སྡོམས། །སྤྱུགས་གླུ་ལེན་ཅིང་འཁོར་ལོས་གཅོད། །རྡོ་རྗེ་ཟླ་རྩལ་མཐུ་བོ་ཆེ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །སྐུ་མདོག་དམར་གསལ་ཁྲག་གི་མདོག །ཅེ་སྤྱང་མང་པོའི་སྤྲུལ་པ་འགྱེད། །མི་བཟད་ལག་རིངས་ཆེན་པོ་སྟེ། །རྡོ་རྗེ་ཉི་མ་མདངས་ཆེན་པོ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །རྔམ་པའི་ང་རོ་དྲག་པོ་ནི། །ནམ་མཁའི་ཁམས་ནས་འབྲུག་ལྟར་སྒྲོགས། །མཆེ་བ་རྔམ་པས་དགྲ་སྙིང་འབྱིན། །རྡོ་རྗེ་སེང་ཆེན་མཐུ་བོ་ཆེ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །ནག་པོ་མི་བཟད་སྤྱན་གསུམ་པོ། །ཤྭ་ན་ཁྱི་གདོང་འཇིགས་པའི་གཟུགས། །ལྕགས་ཀྱི་སྤྱང་མོ་མགོ་དགུ་ཞོན། །རྡོ་རྗེ་སྤྱང་ཀི་མཐུ་བོ་ཆེ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །མི་རྟོག་པ་ལ་གནས་པའི་སྐུ། ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས། །མཚོན་ཆ་སྣ་ཆོགས་ཆར་དུ་འབེབས། །རྡོ་རྗེ་ནམ་མཁའ་མཐུ་བོ་ཆེ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །ལྗང་སྔོན་དྲག་པོ་གསལ་ཤིང་ཅན། །ཕྱོགས་བཞི་དག་ཏུ་རྒྱུག་བྱེད་ཅིང་། །ཕྱོགས་མཚམས་སྟེང་འོག་རྣམ་པར་འཇོམས། །རྡོ་རྗེ་ཕྱོགས་འདུལ་མཐུ་བོ་ཆེ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །མཐིང་ནག་ཁྲོ་བོའི་ཆ་བྱད་ཅན། །མི་མགོ་སྟོང་གི་ཕྲེང་བས་བརྒྱན། །མི་རོ་བམ་པའི་གདན་ལ་བཞུགས། །དུར་ཁྲོད་བདག་པོ་ཆེན་པོ་བྱ། །གྲི་ཐོགས་ཆེན་པོའི་དུས་ལ་བབ། །གྲི་ཐོགས་གིང་ཆེན་བཅུ་གཉིས་པོ། །ལ་ལ་ཁྲག་གི་ཐིག་ལེ་ཅན། །ལ་ལ་ཞག་གི་ཟོ་རིས་ཅན། །ལ་ལ་ཐལ་ཆེན་ཚོམ་བུ་ཅན། །ཕྱག་ན་ལྕགས་གྲི་རྣོན་པོ་བརྡར། །གློ་སྙིང་འབྱིན་ཅིང་ནང་ཁྲོལ་ཟ། །དམིགས་པའི་དགྲ་ལ་ཁྲོ་ཚོགས་ཆོས། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། །ཁྲོ་བོའི་ཚོགས་བསྐུལ་བའི་ལེའུ་སྟེ་ཉེར་དགུ་པའོ།། །།དེ་ནས་གནོད་སྦྱིན་གྱི་ཚོགས་བསྐུལ་བ་འདི་གསུངས་སོ། །བྷྱོ། ཉི་མ་ནུབ་ཕྱོགས་ཕ་གི་ན། །བསེ་གདོང་ཁྲ་མོའི་ནང་ཤེད་ན། །ལྕགས་མཁར་སྔོན་པོ་གནམ་དུ་ལྡེམས་སེ་ལྡེམ། །གཡས་ན་ཕོ་སེང་བརྒྱ་ནི་ཁ་ཡང་འཐབ། །གཡོན་ན་མོ་སེང་བརྒྱ་ནི་མཆེ་བ་བརྡར། །འོག་ན་ཞེ་སྡང་དུག་མཚོའི་རྦ་རླབས་མེ་རེ་རེ། །སྟེང་ན་བསེ་ཡི་བྱ་གླག་བརྒྱད་ཁྲི་བཞི་སྟོང་ལྡིང་། །སྐེད་ནས་ཉི་མ་ཟླ་བའི་འོད་ཟེར་འཆར། །རྩེ་ལ་ང་རྒྱལ་གློག་དམར་ཁྱུགས་སེ་ཁྱུག །བསེ་འབྲུག་ལྡིང་བ་གནམ་ནས་འཁྱུག་ཅིང་ལྡིར། །བསེ་སེར་ལུག་ཙམ་རྟག་ཏུ་ཆར་དུ་འབེབས། །དེ་འདྲའི་མཁར་གྱི་ནང་ཤེད་ན། །མ་རུངས་གདུག་པ་ཀུན་གྱི་གཙོ་གྱུར་པ། །ཡབ་གཅིག་གནོད་སྦྱིན་རྒྱལ་པོ་ཟངས་ཐོགས་བཞེངས། །སྐུ་མདོག་དམར་ནག་བརྗིད་པ་ལ། །དབུ་ལ་རྒྱན་མདུད་འཁོར་ལོ་བརྩེགས། །རལ་པ་དམར་པོ་སྤྲིན་ལྟར་གཏིབས། །སྤྱན་མིག་དམར་པོ་དམ་ཉམས་དགྲ་ལ་ཟློག །འཇིགས་པའི་ཞལ་ནི་བགྲད་པ་ལ། །མཆེ་བ་གནམ་ལྕགས་དགུ་བརྒྱས་གཏམས། །སྐུ་ལ་ཤུན་གྱི་གཡང་གཞི་གསོལ། །ཕྱག་ན་གསེར་གྱི་རལ་གྲི་བསྣམས། །གཡོན་པ་བསེ་ཡི་མདུང་དམར་བསྣམས། །བ་དན་དམར་པོ་གློག་ལྟར་འཁྱུག །འཇིགས་སུ་རུང་བའི་དཔའ་བྱད་ཅན། །སྔོན་དུ་ཞེ་སྡང་ལས་ལ་གྲུབ། །དོ་ནུབ་དྲག་པོའི་དུས་ལ་བབ། །དེ་ཡི་ཡུམ་ཆེན་དྲག་མོ་ནི། །བསེ་གདོང་ཟངས་མགྲིན་རྫུ་འཕྲུལ་ཅན། །སྔོ་དམར་ལུས་ལ་འཇའ་ཡིས་བརྒྱན། །རལ་པ་སྔོན་པོ་བུ་ཡུག་འཚུབ། །གཡས་པ་བྱད་ཐག་དགྲ་ལ་འཕེན། །གཡོན་པ་སྔོ་དམར་བགེགས་ལ་འདེབས། །ཁ་རླངས་སྔོན་པོ་དུ་བར་འཐུལ། །འཇིགས་པའི་སྤྱུགས་གླུ་ཙེ་རེ་རེ། །སྲིན་པོ་འབུམ་ཚོགས་དམག་ཏུ་བསྐུལ། །སྔོན་ཀྱང་འདོད་ཆགས་ལས་ལས་གྲུབ། །དོ་ནུབ་དྲག་པོའི་ལས་ལ་མཛོད། །ཁྱོད་ཀྱི་བཀའ་ཉན་ལས་བྱེད་པ། །བསེ་ཡི་གྱད་ཆེན་དམག་དཔོན་བཞི། །ལྷ་སྲིན་སྡེ་བརྒྱད་ལས་ལ་བསྐུལ། །ཉམས་པ་དགྲ་ཡིས་གཤེད་མ་གྱིས། །ས་བདག་བསེ་ཡི་ལྷ་མོ་བཞི། །བུད་མེད་སྡེ་བཞིས་དམག་སྣ་དྲོངས། །འདུ་བ་རྣམ་བཞི་ནད་མཚོན་རྒྱོབ། སྙིང་ཟན་སྲོག་འདིས་སྲོག་ལེན་སོགས། །འཁོར་གྱི་གིང་ཆེན་བཞི་བཅུ་གཉིས། །བསེ་ཁྲབ་བསེ་རྨོག་འོད་དུ་འབར། །སྟག་རལ་གཡས་ལ་གཟིག་ཤུབ་གཡོན། །ཕྱག་ན་རལ་གྲི་རྣོ་འཇོམས་ཐོགས། །སྲོག་རྩ་བཅད་ནས་སྙིང་ཁྲག་འཐུང་། །བསེ་ཕུབ་དམར་པོ་མེ་འོད་སྣང་སྲིད་འགེངས། །སྲིད་གསུམ་ལྷ་འདྲེ་འཁྲུག་ཅིང་བསྐུལ། །ཧཱུཾ་ཆེན་དྲག་པོ་གིང་གི་ཚོགས། །ཤ་ཁྲག་སྣ་ཚོགས་གིང་ལ་མཆོད། །བཅོལ་བའི་ལས་རྣམས་གྲུབ་པར་གྱིས། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། གནོད་སྦྱིན་གྱི་ཚོགས་བསྐུལ་བའི་ལེའུ་སྟེ་སུམ་བཅུ་པའོ།། །།དེ་ནས་རག་ཤ་སྲིན་པོའི་ཚོགས་བསྐུལ་བ་འདི་གསུངས་སོ། །བྷྱོ། དྲག་པོ་ལྕགས་མཁར་ནང་ཤེད་ན། །རཀྴ་ཛྭ་ལ་གློག་ཕྲེང་ཅན། །ཏམ་ཤམ་བསེ་གདོང་གདུག་པའི་བུ། །ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུ། །འཇིགས་བྱེད་ཆེན་པོ་ཀུན་ཏུ་རྒྱུ། །ལུས་པོ་གཅིག་ལ་མགོ་བོ་དགུ །མགོ་ལུས་མེད་པར་མིག་གིས་ཁེངས། །རོ་སྟོད་སྲིན་ལ་རོ་སྨད་སྦྲུལ། །སྐུ་མདོག་བརྗིད་པའི་དུད་ཁ་བ། །གཡས་པ་རྡོ་རྗེ་གྲི་གུག་གིས། ། ཉམས་པའི་ཁོག་གཤོག་སྙིང་ནས་ཕྱུང་། །གཡོན་པ་ཆུ་སྲིན་ཞགས་པ་ཡིས། བླ་སྲོག་ཟུང་ཞིང་དམ་དུ་ཆིངས། །ཉི་མ་ཟླ་བ་ལྟོ་རུ་ཟ། །ཉི་མའི་རྗེས་གཅོད་ཤར་དུ་རྒྱུག །ཟླ་བའི་རྗེས་གཅོད་ནུབ་ཏུ་རྒྱུག །ཉིན་མོ་རྒྱུག་ཅིང་བླ་སྲོག་སྡུད། །མཚན་མོ་རྒྱུ་ཞིང་སྲོག་དབུགས་གཅོད། །དམག་དཔོན་ཆེན་པོའི་དུས་ལ་བབ། །གཟའ་མཆོག་ཆེན་པོའི་དུས་ལ་བབ། །དབང་ཕྱུག་ཆེན་པོའི་དུས་ལ་བབ། །ནམ་མཁའི་དཀྱིལ་ནས་འབྲུག་བསྒྲགས་ཤིང་། །བར་སྣང་ཁམས་ནས་གློག་ཆེན་འཁྱུག །ས་ཡི་དཀྱིལ་དུ་ཐོག་ཆེན་འབེབས། །རྒྱ་མཚོའི་གཏིང་དུ་སེར་ཆེན་སྒྲིལ། །དམ་ཉམས་དགྲ་ཡི་ཡུལ་འཁོར་ཆོམས། །ལོ་ལ་ཁྲག་གི་སེར་བ་ཕོབ། །སྲོག་ལ་གློ་བུར་ཡེ་འདྲོག་ཐོང་། །ཕྱོགས་བཞི་ནམ་མཁའི་དཀྱིལ་ཡངས་ནས། །ངན་སྔགས་བདག་མོ་གདོང་མོ་བཞི། །ཆོ་འཕྲུལ་སྤྲུལ་པ་དགྲ་ལ་འགྱེད། །ཕོ་ལྷོག་ནད་སྩོགས་ནད་མཚོན་རྒྱོབ། །ཕྱོགས་བཞི་མཚམས་བཞི་སྟེང་འོག་ནས། །སྲིད་པའི་རྒྱལ་པོ་ཆེན་པོ་བཅུ། །མདོག་ནི་མ་ངེས་ཁྲོས་པ་བཞིན། །མཚོན་ཆ་སྣ་ཚོགས་འཁོར་ལོ་སྒྱུར། །བསྟན་པ་བསྲུང་བར་དམ་བཅས་པའི། །དམ་ཚིག་ཆེན་པོའི་དུས་ལ་བབ། །དམ་ཉམས་སྲོག་རྩ་དམར་པོ་ཆོད། །རི་རབ་གཡོ་བསྙིལ་འུ་རུ་རུ། །རྒྱ་མཚོ་ཞོ་འཆོལ་ཆི་ལི་ལི། །གནམ་ས་དཀྲུག་པའི་དུས་ལ་བབ། །སྲོག་རྩ་ཆོད་ཅིང་སྙིང་མགོ་ཆོད། །མཛེ་འབྲས་སྨྱོ་འབོག་ལ་སོགས་ཀྱིས། །དགྲ་བོའི་རྩ་ལག་རླུང་ལ་སྐུར། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། །སྲིན་པོའི་ཚོགས་ལས་ལ་མངག་པའི་ལེའུ་སྟེ་སོ་གཅིག་པའོ།། །།དེ་ནས་ཟ་བྱེད་མ་མོའི་ཚོགས་བསྐུལ་བ་འདི་གསུངས་སོ། །བྷྱོ། ཉི་མ་བྱང་ཤར་ཕ་གི་ན། །བྲག་དམར་མཚོ་ཁོལ་མེ་རེ་རེ། །དུག་རླངས་ན་བུན་ཕྱུ་རུ་རུ། །མཚོ་ཆེན་སྔོན་དམར་རྦ་རླབས་ཆི་ལི་ལི། །བསེ་མཁར་སྨུག་པོ་གནམ་དུ་ཟངས་སེ་ཟང་། །དུར་བྱ་ཀང་ཀ་སྣ་ཚོགས་ལྡིང་ཞིང་འཇུམ། །ཅེ་སྤྱང་ལི་རུའི་ཚོགས་རྣམས་དི་རི་རི། །ནད་ཀྱི་མཚོན་སྤྲིན་སྔོན་དམར་ཐིམས་སེ་ཐིབ། །མ་གཅིག་དཔལ་ལྡན་རེ་མ་ཏི། །ཡ་མཚན་བུད་མེད་རྔམ་པའི་མདོག །སྐུ་མདོག་མཐིང་ནག་འཇིགས་པ་ལ། །ཁྲག་གི་རལ་པ་ཐུན་ལྟར་གཏིབས། །སྤྱི་བོའི་གཙུག་ན་ཟླ་གམ་གསལ། །ལྟེ་བའི་དབུས་ནས་ཉི་མ་འཆར། །སྲིད་གསུམ་ཀུན་གསལ་བླ་ཚེ་རྐུ། །སྙན་ཆ་སེང་སྦྲུལ་དྲིལ་བུས་བརྒྱན། །ཐམས་ཅད་ཟིལ་གནོན་གདུག་པ་འདུལ། །སྐུ་སྟོད་ཞིང་ཆེན་གཡང་གཞི་ལ། །རུས་ཕྲེང་ཁྲག་དང་ཞགས་གིས་བརྒྱན། །སྐུ་སྨད་རེ་ལྡེའི་ཤམ་ཐམས་ལ། །སྦྲུལ་དང་ཐོད་ཕྲེང་དྲིལ་བུས་བརྒྱན། །ཆིབས་སུ་དྲེའུ་རྟ་རྐང་གསུམ་ཆིབས། །དྲག་མོ་མཚོན་ཆའི་ལྟེ་ལེ་ཅན། །གཡས་ན་གཤིན་རྗེའི་ཁྲམ་བམ་བསྣམས། །གཡོན་ན་ནད་ཀྱི་རྐྱལ་པ་བསྣམས། །བཙན་གྱི་ཤྭ་རྡེལ་ཕྱོགས་བཅུར་འཐོར། །ཚུབ་ནག་སྟོང་དཀྱིལ་ནང་ན་བཞུགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །ཤར་ཕྱོགས་ཁམས་ཀྱི་ཟ་བྱེད་མ། །སངས་རྒྱས་རིགས་ཀྱི་རྣལ་འབྱོར་མ། །དཀར་མོ་རལ་ཅན་འབུམ་སྡེ་རྣམས། །ཁྱོད་ཀྱིས་ཤར་ཕྱོགས་དགྲ་བགེགས་ཐུལ། །ལྷོ་ཕྱོགས་རིགས་ཀྱི་ཟ་བྱེད་མ། །སེར་མོ་རལ་ཅན་ཁྲོས་པའི་གདོང་། །རིན་ཆེན་རིགས་ཀྱི་རྣལ་འབྱོར་མ། །ཁྱོད་ཀྱིས་ལྷོ་ཡི་དགྲ་བགེགས་ཐུལ། །ནུབ་ཕྱོགས་ཁམས་ཀྱི་ཟ་བྱེད་མ། །དམར་མོ་རལ་ཅན་ཕོ་ཉར་བཅས། །པདྨ་རིགས་ཀྱི་རྣལ་འབྱོར་མ། །ཁྱོད་ཀྱིས་ནུབ་ཀྱི་དགྲ་བགེགས་ཐུལ། །བྱང་གི་ཕྱོགས་གྱི་ཟ་བྱེད་མ། །ལྗང་ནག་རལ་ཅན་རྔམ་པའི་ཚོགས། །ལས་ཀྱི་རིགས་ཀྱི་རྣལ་འབྱོར་མ། །ཁྱོད་ཀྱིས་བྱང་གི་དགྲ་བགེགས་ཐུལ། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། །མ་མོའི་ཚོགས་བསྐུལ་བའི་ལེའུ་སྟེ་སོ་གཉིས་པའོ། །དེ་ནས་དྲག་པོ་གཤིན་རྗེ་ལྟར་བསྐུལ་བ་འདི་གསུངས་སོ། །བྷྱོ། དུར་ཁྲོད་ཆེན་པོའི་གནས་མཆོག་ནས། །རཀྟའི་རྒྱ་མཚོའི་རྦ་ཀློང་འཁྲུག །ཐོད་མཁར་སྒོ་མེད་ནང་ཤེད་ན། །མི་རོ་རྟ་རོ་གཅལ་དུ་བཀྲམ། །གཟས་པའི་གདན་ལ་སྟག་ཆེན་ཁྲི། །མེ་དཔུང་ཀློང་ནས་སྐུ་བྱུང་བ། །མ་ཧཱ་ཀཱ་ལ་མགོན་པོ་ཆེ། བདུད་འདུལ་དབང་ཕྱུག་འདུལ་བའི་གིང་། །སྐུ་མདོག་དུག་ཆེན་འཁྱིལ་བ་འདྲ། །སྤྱན་གསུམ་ལྡང་མིག་མེ་ལྟར་འབར། །དགྲ་བོའི་དུས་སྲོག་དབང་པོ་འབྱིན། །ཤར་ནས་རིམས་དལ་རླུང་དམར་གཡོ། །སྟོང་ཁམས་ཐམས་ཅད་ནད་ཀྱིས་ཁེངས། །ཞལ་གདངས་རྣོ་དབལ་མཆེ་བ་གཙིགས། །དམིགས་པའི་དགྲ་བོ་རིལ་མིག་བྱེད། རྔམ་པའི་ར་རོ་འབྲུག་སྟོང་སྒྲོགས། །བདུད་དང་མུ་སྟེགས་བརྒྱལ་བར་བྱེད། །སྐུ་ལ་བེར་ནག་བརྩེགས་པ་གསོལ། །དཔའ་བརྟུལ་སྟག་གི་སློག་པ་ལ། །དར་ལྕེ་མེ་ཏོག་འཇའ་ཚོན་འཁྱུག །དཔའ་བརྟུལ་དུར་ཁྲོད་ཆས་ཀྱིས་བརྒྱན། །གཡས་པ་ཙན་དན་བིང་ཆེན་གྱིས། །དམ་ཉམས་དགྲ་བོ་རྡུལ་དུ་རློགས། །ཕྱག་གཡོན་ཐོད་ཁྲག་དམར་ཆེན་འཐུང་། །དྲག་པོ་རྫུ་འཕྲུལ་བསམ་མི་ཁྱབ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །དེ་ཡི་ཡུམ་ཆེན་སྲིན་མོའི་སྐུ། །མཐིང་ནག་བརྗིད་པའི་ཚུལ་གྱིས་འཁྲིལ། །སྦྲུལ་ནག་རལ་བ་མུན་ལྟར་གཏིབས། །དུར་ཁྲོད་ན་བཟའ་སྐུ་ལ་གསོལ། །གཡས་པ་རྒྱུ་ཞགས་བླ་སྲོག་འགུགས། །གཡོན་པ་ཐོད་ཁྲག་དལ་ཡམས་འབེབས། །མོན་པ་ནག་པོའི་ཚོགས་ཀྱིས་བསྐོར། །འོད་ཟེར་གློག་སྟོང་སྐར་མདའ་འཁྱུག །ཁྱོད་ཀྱི་དགྲ་བགེགས་མྱུར་དུ་སྒྲོལ། །བདུད་ཡུལ་ཁ་རག་མགོ་དགུ་མ། །བདུད་ནག་རི་ནག་སྤུངས་པ་ཡང་། །བདུད་མཁར་ནང་ནས་འདིར་བྱོན་ལ། །དགྲ་ལ་ཐིབས་ནད་ཐོང་ལ་སྒྲོལ། །རྒྱ་ཡུལ་ནམ་མཁའི་ཕྱར་ཕྱོད་ནས། །སྲོག་བདག་འོད་ལྷ་དཀར་པོ་ཡང་། །ཤེལ་མཁར་ནང་ནས་འདིར་བྱོན་ལ། །དགྲ་ལ་སྨྱོ་འབོག་ཐོང་ལ་སྒྲོལ། །མང་ཡུལ་བྱང་ཤར་མཚོ་གླིང་ནས། །མ་མོ་རྡོ་རྗེ་སྡེར་མོ་ཡང་། །མཐིང་ནག་གུར་ནས་ལས་ལ་ཆོས། །དགྲ་ལ་དལ་ཡམས་ཐོང་ལ་སྒྲོལ། །ཀླུ་ཡུལ་ན་ར་སིང་ཆེན་ནས། །ཀླུ་གཉན་ནག་པོ་སྲོག་ལེན་ཡང་། །རིན་ཆེན་མཁར་ནས་སྐུ་བསྐྱོད་ལ། །དགྲ་ལ་མཛེ་ཤུ་ཕོལ་འབྲས་ཐོང་། །བཙན་ཡུལ་ཟངས་ཐང་དམར་པོ་ནས། །བཙན་རྗེ་ཤུ་པོ་ལག་རིང་ཀྱང་། །བསེ་མཁར་ནང་ནས་སྐུ་བསྐྱོད་ལ། །དགྲ་ལ་གྲི་ཐབས་ཐོང་ལ་སྒྲོལ། །ཤར་ཕྱོགས་རིན་ཆེན་གླིང་ཐང་ནས། །གིང་གི་རྡོ་རྗེ་ལེགས་པ་ཡང་། །ལུང་ཐང་མཁར་ནས་འདིར་བྱོན་ལ། །དགྲ་ལ་ཕོ་ལྷོག་ཧུར་ཐུམ་ཐོང་། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། །སྒྲོལ་གིང་ཆེན་པོ་ལས་ལ་བསྐུལ་བའི་ལེའུ་སྟེ་སོ་གསུམ་པའོ།། །།དེ་ནས་དཔའ་བོ་གིང་ཆེན་གྱི་བསྐུལ་པ་འདི་གསུངས་སོ། །བྷྱོ། དུར་ཁྲོད་ཐོད་པའི་སྐུ་མཁར་ནས། །གསང་བདག་ཐུགས་ཀྱི་སྤྲུལ་པ་ནི། །གསོད་བྱེད་གིང་ཆེན་ལས་ལ་བསྐུལ། །སྐུ་མདོག་དམར་པོ་ཁྲོས་པ་ལ། །གདུག་པའི་མེ་འོད་ལམས་སེ་ལམ། དབུ་ལ་བསེ་རྟོག་དམར་པོ་གསོལ། །ཉི་མ་འབུམ་གྱི་འོད་ཟེར་འཕྲོ། །ལེ་བརྒན་དར་གྱི་ཅོད་པན་ལ། སྤྲུལ་བའི་འོད་ཟེར་མང་པོ་འཁྱུག །སྤྱན་མིག་དམར་པོ་བཟློག་པ་ཡིས། །བདུད་དང་མུ་སྟེགས་ཟིལ་གྱིས་གནོན། །ཁྲོས་པའི་གད་མོ་རྐན་བརྡབས་པས། །མ་ཚོགས་སྲིན་པོ་འདར་སྤྱུག་སྤྱུག །གསང་བའི་སྤྱུགས་པ་ཙེ་རེ་རེ། །སྒྲོལ་གིང་དམར་པོ་ལས་ལ་འགྱེད། །ཕྱག་གཡས་ཟངས་གྲི་རྣོ་དབལ་གྱིས། །ཉམས་པ་དགྲ་བོའི་སྲོག་ལུས་འབྲོལ། །གཡོན་པས་ཙིཏྟ་ཕྱུང་ནས་གསོལ། །ཡེ་ཤེས་གིང་གི་འཁོར་གྱིས་བསྐོར། །སྤྲུལ་པའི་གིང་ཚོགས་སྟོང་གསུམ་སྲེག །ལས་ཀྱི་གིང་ཕྲན་ལས་ལ་འགྱེད། །དཔའ་བོ་གིང་ཆེན་ལས་ལ་ཆོས། །ཤར་ཕྱོགས་སྲིན་པོའི་ཡུལ་རྩེ་ནས། །པྲ་མ་རཱ་ཛ་སྲིན་པོའི་གཙོ། །སྐུ་མདོག་དཀར་པོ་ཤེར་འོད་འཕྲོ། །ཤེལ་གྱི་ཟངས་གྲིས་དགྲ་ལ་འདེབས། །ཙིཏྟ་ཕྱུང་ནས་ཞལ་དུ་གསོལ། །སྲིན་པོའི་འཁོར་ཚོགས་ལས་ལ་ཆོས། །ལྷོ་ཕྱོགས་གཤིན་རྗེའི་ཡུལ་རྩེ་ནས། །ཡ་མ་རཱ་ཛ་གཤིན་རྗེའི་གཙོ། །སྐུ་མདོག་ནག་པོ་མུན་རུམ་འདྲ། །ལྕགས་ཀྱི་ཟངས་གྲི་དགྲ་ལ་འདེབས། །ཙིཏྟ་ཕྱུང་ནས་ཞལ་དུ་གསོལ། །གཤིན་རྗེའི་དམག་ཚོགས་དགྲ་ལ་ཆོས། །ནུབ་ཕྱོགས་སྲིན་པོའི་ཡུལ་རྩེ་ནས། །ཧ་ནུ་དཔག་ཤུ་བདུད་གྱི་གཙོ། །སྐུ་མདོག་དམར་པོ་མེ་འོད་འདྲ། །ཟངས་ཀྱི་རལ་གྲི་དགྲ་ལ་འདེབས། །ཙིཏྟ་ཕྱུང་ནས་ཞལ་དུ་གསོལ། །བདུད་ཀྱི་འཁོར་ཚོགས་དགྲ་ལ་ཡ། །བྱང་ཕྱོགས་གནོད་སྦྱིན་ཡུལ་རྩེ་ནས། །ཡག་ཤ་གར་བ་གནོད་སྦྱིན་གཙོ། །སྐུ་མདོག་ལྗང་ནག་མཐིང་འོད་འབར། །གསེར་གྱི་རལ་གྲི་དགྲ་ལ་འདེབས། །ཙིཏྟ་ཕྱུང་ནས་ཞལ་དུ་གསོལ། །གནོད་སྦྱིན་འཁོར་ཚོགས་ལས་ལ་ཆོས། །ཞེས་གསུངས་སོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། །གིང་ཆེན་ལས་ལ་བསྐུལ་བའི་ལེའུ་སྟེ་སོ་བཞི་པའོ།། །།དེ་ནས་རྒྱུད་གཏན་ཚིགས་ཀྱི་ལེའུ་འདི་བཤད་དོ། །འདས་བའི་དུས་ན་སྔོན་བྱུང་བའི། །བསྐལ་པ་རྗོགས་ལྡན་བྱ་བ་ལ། །མི་བསྐྱོད་ཞིང་ཁམས་མངོན་དགའ་བའི། །ལྷོ་ཕྱོགས་འཛམ་བུའི་གླིང་དེ་རུ། །ཁྱིམ་བདག་ཀོའུ་ཀ་ཡ་ཞེས། །བྱ་བ་དེ་ལ་བུ་གཅིག་ཡོད། །དེ་མིང་ཐར་པ་ནག་པོ་བྱ། །ཁོ་བོ་དང་པའི་སེམས་གཡོས་ཏེ། །ཡུལ་ཕྱོགས་དེ་ཡི་དགོན་པ་ན། །དགེ་སློང་ཐུབ་དཀའ་གཞོན་ཞུ་ཞེས། །བྱ་བ་གསང་སྔགས་དོན་རྟོགས་པ། །ཡོན་ཏན་ཁོ་ན་དེ་ཐོས་ཏེ། །དན་ཕག་གཡོག་དང་བཅས་པ་ཡིས། །དེ་དྲུང་ཕྱིན་ཏེ་གདམ་པ་ཞུས། །དེ་ཉིད་ཀྱིས་ཀྱང་གདམས་པ་གནང་། །ཇི་བཞིན་ཉིད་དེ་མ་བཅོས་ན། །དངོས་པོ་བཞི་ལ་སྤྱད་བྱས་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །དེ་ནི་རྣལ་འབྱོར་དམ་པའི་ལམ། །དེ་སྐད་གདམས་པ་ཕོག་པ་ལས། །ཁོ་བདག་དགའ་མགུ་གནས་སུ་དེངས། །དོན་གྱི་བདེན་ཐོབ་མ་རྙེད་པར། །སྒྲ་བཞིན་འདོད་ཡོན་ལྔ་ལ་ཞེན། །ནམ་ཞིག་དཔོན་གཡོག་མ་མཐུན་ཏེ། །རྩོད་གྱུར་དགེ་སློང་དཔོན་ལ་དྲིས། །ཐུབ་དཀས་རང་བཞིན་སོ་སོ་ནས། །དན་ཕག་བདེན་ནོ་ཞེས་གསུངས་པས། །ཐར་པ་ནག་པོ་ཁམས་འཁྲུགས་ཏེ། །གཉིས་ཀའི་དཔོན་དུ་འདྲ་བ་ལ། །མཉམ་མོ་ཞེས་ཀྱང་མི་བརྗོད་པར། །ངེས་པར་རང་ཉིད་སུན་ཕྱུང་བས། །ཁམས་འདིར་མ་ཆགས་བྱ་སྙམ་སྟེ། །དེ་ནས་དཔོན་གཡོག་གཉིས་སྤྱུག་བཏང་། །གསང་སྔགས་རྡོ་རྗེའི་བཀའ་བསྒོ་ལོག །སྒྲ་བཞིན་སྤྱད་ཅིང་འདོད་དགུར་འཇོམས། །ལྟ་བ་ཐམས་ཅད་ལོག་པར་འགྱུར། །ཐམས་ཅད་ལོག་པའི་རྒྱ་མཚོར་ཞུགས། །ལོག་པའི་དཀའ་ཐུབ་དྲག་པོ་དང་། །ལོག་པའི་བརྟུལ་ཞུགས་ཆེན་པོ་ཡིས། །ཤ་རློན་ཟ་ཞིང་ལྤགས་རློན་གྱོན། །ཤ་ཟའི་ཟག་པ་མང་བསོགས་ཏེ། །ཐམས་ཅད་བསད་ཅིང་ཤ་རློན་ཟོས། །རིགས་བྱེད་སྔགས་ཀྱི་བརྡའ་སྤྲོས་ཏེ། །མོ་རིགས་ཕྲད་པ་ཐམས་ཅད་སྦྱོར། །དངོས་པོ་གཤིས་ལས་འདས་ཤིང་འཁྲུལ། །གནས་པའི་དུས་མེད་ཚེ་ཟད་ནས། །སྐྱེ་བ་ལྔ་བརྒྱ་ཅེ་སྤྱང་ལུས་སུ་སྐྱེས། །གཉེན་པོས་བསད་ཅིང་ཚེ་འཕོས་གྱུར། །ངན་སྐྱུགས་ཕྱི་ཡི་སྲིན་བུ་དང་། །མི་གཙང་ནང་གི་སྲིན་བུར་སྐྱེས། །གཉེན་པོས་བསད་ཅིང་ཚེ་འཕོས་གྱུར། །རོ་དང་སྟོང་ཕྲག་རེ་ལྡེ་ཡི། །ནང་རྩ་གནས་པའི་སྲོག་ཆགས་གྱུར། །དེ་མཐར་མངལ་གྱི་སྲིན་བུར་སྐྱེས། །ན་རག་རྡོ་རྗེ་དམྱལ་བར་གྱུར། །ཚེ་ཚད་ཚེ་ལོ་བརྒྱད་ཁྲིར་གནས། །ཐུབ་པ་ཆོས་ཀྱི་རྒྱལ་པོ་ཡིས། །ལས་སུ་བསྟན་པས་དེར་ཤེས་ཏེ། །འགྱོད་པས་རིམ་བཞིན་ཚ་དམྱལ་བརྒྱད། །རིམ་བཞིན་གོང་ནས་གོང་དུ་འཕོས། །བདེ་བ་བྲལ་ཞིང་ཕུན་རིང་འཁོར། །དེ་ནས་བསད་ཅིང་ཐོན་ཐར་ནས། །ནད་མཚོན་མུ་གེའི་བསྐལ་པ་བརྒྱུད། །གཞན་གྱི་ལོངས་སྤྱོད་ཕྱིར་བསད་དེ། །གཤིན་རྗེའི་འཇིག་རྟེན་འཇུངས་པ་དང་། །ཤ་ཟ་མ་དང་སྲུལ་པོར་སྐྱེས། །དེ་ལྟར་སྐྱེ་བ་རྒྱུད་པའི་མཐར། །ལྷོ་ནུབ་ལང་ཀ་པུ་རི་ཡི། །སྨད་འཚོང་མ་ཡི་མངལ་དུ་ཆགས། །བུ་དེ་ཐོན་པས་མ་དེ་འཆི། །ཡུལ་ཕྱོགས་དེ་ཡི་མི་དག་གིས། །ཕ་མེད་དོ་བུ་ཀོ་ནུ་འདི། །བཞག་ན་ཡུལ་ཕྱོགས་སྨེ་བས་ན། །མ་ཡི་རོ་མཆན་གཞུག་པར་བསྒོས། །དུག་ཤིང་ནལ་བྱའི་རྩ་རུ་བསྐྱལ། །བུ་དེས་མི་ཡི་ནུ་མ་དྲངས། །དེ་ནས་ཁྲག་དང་ཆུ་སེར་དྲངས། །དེ་ནས་མ་རོ་ཟད་པར་ཟོས། །རང་བརྒྱུད་ཁྲོ་བོའི་འཇིགས་པར་བསྒོམ། །མ་ཡི་པགས་པ་གོས་སུ་གྱོན །དེ་ནས་པ་ཏྲ་ལུས་ཆེན་བརྟས། །དུར་ཁྲོད་རོ་ཡི་ཤ་ཁྲག་ཟོས། །ཐོད་ཕྲེང་སོར་ཕྲེང་རྒྱན་དུ་བྱས། །རོ་ཡི་པགས་པ་གོས་སུ་གྱོན། །དུར་ཁྲོད་ནས་པའི་མཁའ་འགྲོ་རྣམས། །ཆུང་མ་སླས་དང་བྲན་དུ་བྱས། །མ་ཟན་རཱུ་ཏྲ་དེ་ཡི་ནི། །ཁ་ནས་ཚ་བའི་དབུགས་བྱུང་ནས། །ནད་དང་རིམས་ཀྱིས་ཐམས་ཅད་གསོད། །སྣ་ནས་གྲང་བའི་དབུགས་བྱུང་བས། །ཕྱོགས་བཅུ་ཀུན་ཏུ་མས་འཁྲུག་བྱེད། །མིག་གི་དུག་གིས་ཐམས་ཅད་གསོད། །སྔགས་ཀྱི་ཟེར་མས་ཐམས་ཅད་སྒྲོལ། །རང་ལུས་ཐལ་ཁ་འཇིགས་པ་ལ། །མགོ་གསུམ་ལག་དྲུག་གཤོག་པ་ཅན། །མིག་གསུམ་སྐྲ་ནི་མེ་ལྟར་འབར། །གནམ་ལ་བྱ་བཞིན་ས་ལ་བྱི། །ཆུ་ལ་ཉ་བཞིན་འཕྱོ་བར་བྱེད། །སེན་མོ་ཀང་ཀའི་མཆུ་སྡེར་གྱིས། །གང་ཟིན་ཤ་རུས་མྱགས་པར་བྱེད། །རང་གི་ང་རྒྱལ་གཏུམ་སྐད་སྒྲོགས། །དེ་ཚོ་འགྲོ་བ་ཐམས་ཅད་ཀྱང་། །ལོག་ལྟ་སྣ་དགུའི་ལམ་ལ་བཙུད། །ང་རྒྱལ་ཆེ་བའི་མཐུས་སྙེམས་པས། །ལང་ཀའི་ཡུལ་གྱི་གྲོང་རྡལ་བཅོམ། །ཀོ་ཀ་ཐང་དམར་མཚོ་ཡི་དོ། །བྱན་ལག་མཆོང་རི་མ་ལ་ཡ། །གནམ་ལྕགས་ཡོད་པའི་རྩེ་མོ་རུ། །སྲིན་པོའི་རྒྱལ་པོ་དབང་དུ་བསྡུས། །རུ་ཏྲ་མ་ཏྲ་མཱ་རཱ་ཏྲ། །རང་གི་གཏུམ་སྐད་དྲག་ཏུ་བསྒྲགས། །སྲིན་པོའི་རྒྱལ་པོ་ཆེན་པོ་དེས། །མངོན་ཤེས་གསང་སྔགས་འབྱུང་བར་མཐོང་། །ཀུན་ཀྱང་འཁོར་དང་གཡོག་རྗེ་བྱས། །དེད་དཔོན་མ་ཧཾ་ཀ་རུ་ཏྲ། །རང་གི་ང་རྒྱལ་ཆེ་བ་རྩོལ། །ལྷ་ཡི་དེད་དཔོན་ཀ་རུ་ཎ། ངན་ཐབས་ཚ་བའི་དབུགས་ཀྱིས་བསད། །རོ་དེ་འཛམ་བུའི་གླིང་དུ་བོར། །དགེ་གནས་མཆོད་རྟེན་བརྒྱད་དུ་སྣང་། །འཁོར་རྣམས་གཡོག་བཞི་གཙོ་མོ་དང་། །བྱིན་དང་བྲན་སླས་ཕོ་ཉ་འཁོར། །གཡོ་འགུལ་ཐམས་ཅད་དབང་དུ་བྱས། །བམ་རིལ་ཐོད་པའི་མཁར་བརྩིགས་ནས། །བདུད་ཀྱི་རྒྱལ་མཚན་ཕྱོགས་སུ་བཙུགས། །བདུད་ཀྱི་རུ་མཚོན་རྩེ་ལ་འཕྱར། །འདམ་གྱི་ཕྲུ་བས་ཡོངས་སུ་བསྐོར། །རྫུ་འཕྲུལ་སྟོན་ཅིང་ཧཱུཾ་སྐད་སྒྲོགས། །ཨེ་མ་ཧོ། །སྔོན་གྱི་གཙང་མ་འཕགས་པས་ཀྱང་། །བདག་ལ་བཀའ་ཉོན་ཟེར་བ་ལ། །མི་ཉན་སླར་ལ་གནས་སུ་ལོག །ངག་གི་དབང་ཕྱུག་དེ་བཞིན་བྱས། །འགྲན་ཟླ་མེད་ཅེས་དེ་བཞིན་སྒྲོགས། །རུ་ཏྲ་ནག་པོ་སྨིན་པར་གྱུར། །དེ་ནས་དེ་ཡི་དུས་ཉིད་ན། །ཐུབ་དཀའ་རྡོ་རྗེ་སྙིང་པོར་སྨིན། །དན་ཕག་རྩལ་ཆེན་རྫོགས་པར་གྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀུན། །སྙིང་པོ་བྱང་ཆུབ་ཉིད་དུ་འདུས། །སྟོང་ཉིད་ངང་དུ་སྟོང་པའི་སྒྲ། །སངས་རྒྱས་མཛད་པ་མ་རྫོགས་པར། །མངོན་པར་སངས་རྒྱས་ཅི་ཕྱིར་ཡིན། །དེ་བཞིན་ཉིད་དང་ཀུན་སྣང་དང་། །ཡི་གེའི་རང་བཞིན་སྐུལ་བར་མཛད། །སྟོང་ཉིད་མེ་ལོང་མི་རྟོགས་ལས། །མ་སྐྱེས་མི་སྣང་འགག་གཟུགས་སྣང་། །མཁའ་ལ་སྣང་མཛད་ཇི་བཞིན་དུ། །དབྱིངས་ལས་ཕྱག་རྒྱའི་སྐུ་སྣང་བཞེངས། །གོ་འབྱེད་ཕྱག་རྒྱས་ཀུན་བསྡུས་ནས། །བདེ་གཤེགས་དགོངས་པ་མཐུན་པར་གྲོལ། །རྣམ་བཞིའི་ལས་ཀྱིས་བསྐོས་བཏབ་ནས། །བཅོམ་ལྡན་ཤཱཀ་ཐུབ་ཅན་དུ་གཤེགས། །རྒྱུ་འབྲས་ལས་ཀྱི་དགེ་སྡིག་བརྗོད། །བརྟུལ་བས་མ་ཐུལ་ཁོ་ན་རེ། །མི་ཐུབ་པ་ཡི་ངག་སྨྲས་ཏེ། །བུ་ཆུང་རང་གི་གནས་སུ་དེངས། །སྔོན་ཁྱོད་ལྟ་བུས་ང་མ་ཐུལ། །དེ་བས་རང་གི་བཀའ་ཐུབ་གྱིས། །ཟེར་བས་གཙང་རིགས་སླར་ལོག་གོ། །དེ་ནས་སངས་རྒྱས་ཐམས་ཅད་ཀྱིས། །རྟ་མགྲིན་དབང་བསྐུར་ཐད་དུ་གཤེགས། །རྡོ་རྗེ་རྟ་ཐབས་ཁོ་ན་ཡིས། །ཁོ་རང་ཉིད་ཀྱི་གཏམ་སྒྲ་བསྒྲགས། །མགྲིན་བུ་རང་གི་ཟས་ཟོ་དང་། །དེས་ནི་རྟ་མཆོག་སླར་ལ་གཤེགས། །ཁ་ནས་ཁོང་དུ་རྟ་མཆོག་མིད། །དཔལ་གྱིས་བཞེངས་ཏེ་ཧཱུཾ་སྒྲ་བསྒྲགས། །ཁོ་ཡིས་སྐད་ངན་གདུང་པ་བཏོན། །གཉེན་པོ་རྡོ་རྗེ་ཧཱུཾ་བསྒོམས་པས། །དེ་ལ་སྐྱབས་ཉིད་ཚོལ་ཅིག་གསུངས། །རྟ་མཆོག་སྤྱི་གཙུག་འཐོན་ཏེ་གཤེགས། །དེ་ནས་འདུས་པ་ཆེན་པོ་ཀུན། །དབང་དྲག་གཉིས་ཀྱིས་འདུལ་བར་དགོངས། །དེ་དག་ཐམས་ཅད་ཀུན་འདུས་ནས། །དུར་ཁྲོད་གར་གྱི་ཕྱག་རྒྱར་བཞེངས། །ཁྱོད་ཀྱི་རྒྱུ་རྐྱེན་འབྲས་བུ་དང་། །སྐྱོན་དང་ཡོན་ཏན་ཀུན་དྲིས་པས། །སངས་རྒྱས་ཀུན་གྱིས་འདི་སྐད་གསུངས། །རྒྱུ་ནི་སྨུག་པོའི་རོ་ལས་བྱུང་། །རྐྱེན་ནི་ལོག་པའི་དཀའ་ཐུབ་གྱིས། །འབྲས་བུ་སྡུག་བསྔལ་ངོ་བོར་སྨིན། །རིགས་ནི་དམན་རིགས་འཁོར་བའི་རིགས། །ངོ་བོ་ཡི་དྭགས་སྲིན་པོ་དེ། །མ་བཏུལ་འཁོར་བའི་མཐའ་འཕེལ་བས། བདུད་རྣམས་བཏུལ་ན་བསྟན་པ་དར་། །ལས་ངན་འཕྲོ་བཅད་དམྱལ་ཡུན་ཐུང་། །ཐུགས་རྗེས་བཟུང་ན་བསོད་ནམས་ཚང། །སྟོང་གསུམ་མ་ལུས་བཏོན་པ་བས། །འབུམ་གྱི་ཆར་ཡང་མི་ཕོད་གསུངས། །དེ་ནས་སངས་རྒྱས་ཐམས་ཅད་ཀྱིས། །ང་ལ་ཐུལ་ཅིག་པ་རུ་བསྐུལ། །ཁམས་གསུམ་རྡོ་རྗེ་བྱ་སྒྲོན་མངག །དབང་གི་ཁྲོ་བོས་བར་སྣང་དགང་། །བམ་རིལ་ཐོད་པ་མཁར་གྱི་ཕྱི། །བཤུལ་བཤད་འོབས་ཆེན་བྱེད་པའི་བརྒྱད་ཀྱིས་བསྐོར། །སྔོན་དུ་བཤད་པའི་འཁོར་ཚོགས་དང་། །ཁོ་བདག་ལིངས་ལ་ཡོངས་ནས་ནི། །འཁོར་ནི་ཕལ་ཆེར་ལས་ལ་གྲམ། །སྐབས་སུ་དངོས་མིན་སྤྲུལ་པའི་སྲས། །རྡོ་རྗེ་གཞོན་ནུ་སྨེ་བ་བརྩེགས། །མཐིང་ནག་འཇིགས་པའི་ཁྲོ་བོ་ནི། །བླང་དོར་མེད་པའི་མཛད་སྤྱོད་ཀྱིས། །བཤང་བ་ཐམས་ཅད་བདུད་རྩིར་བསྒྱུར། །ཐམས་ཅད་སྟོང་ཉིད་བདུད་རྩི་སྦྱངས། །ཉེ་གནས་བུ་མོ་ལ་སོགས་པ། །མ་ཆགས་ཐབས་ཀྱི་སྦྱོར་བ་ཡིས། །རིགས་དང་མཐུན་པའི་སྲས་དེ་མཐོང་། །དེ་བཞག་གཞན་རྣམས་རིང་དུ་སྤྲས། །ཡེ་ཤེས་སྤྲུལ་པའི་འཁོར་དུ་ལྡན། །འདོད་པའི་དབང་མོ་བསྐམས་མ་ལ། །འདོད་པས་ཞེ་སྡང་ཐེ་ཚོམ་སྐྱེས། །དཔལ་གྱིས་སྲིན་སྐད་གསུངས་བསྒྲགས་པས། །ཐེ་ཚོམ་ཆོད་དེ་སྐུ་ལ་འཁྲིལ། །འཇིག་རྟེན་དྲེགས་པའི་སྲོག་སྔགས་དེ། །ཡེ་ཤེས་ལྷ་ཡི་སྙིང་པོར་བརླབས། །ལྷུམས་སུ་རྡོ་རྗེ་སྲིན་པོ་བཞག །དཔལ་ཆེན་གཤེགས་ནས་ཁོ་འདོམས་པས། །གནས་དང་འཁོར་ཀུན་མེད་བཞིན་འཇིགས། །བདག་གི་དབང་མོ་འཁོར་རྣམས་ཀུན། །སྔོན་དང་མི་འདྲ་ངེས་སྙམ་པས། །ཆགས་པའི་དབང་མོས་འདི་སྐད་བརྗོད། །ཨེ་མ་དཔའ་བོ་སྒེག་པོ་ཁྱོད། །བདག་གི་མངལ་ནི་མི་བདེ་བས། །ཁྱོད་ཀྱི་དངོས་པོ་ཕྱིན་པ་ལས། །འཁོར་གྱི་ནང་དུ་འདི་གསུང་ངམ། །བརྗོད་པས་མདངས་ལ་ཆགས་གྱུར་ཏེ། །དགའ་བའི་ཐབས་ཀྱིས་གཉིས་མེད་འཁྲིལ། །དེ་ནས་པུ་ཏྲ་འཐོན་བྱུང་ནས། །ཁོ་རང་ལྟ་བུའི་རིགས་སུ་བྱུང་། །ནག་པོ་དཔོན་གཡོག་ཡི་རང་དགའ། །མྱུར་བར་པུ་ཏྲ་ལུས་བལྟམ་སྟེ། །སྲིན་སྐད་ཐང་གསུམ་བསྒྲགས་པ་ལས། །དཔལ་གྱི་རྔམ་སྒྲ་དྲག་པོ་དེས། །དྲག་པོ་དྲག་མོ་འཁོར་ཚོགས་བརྒྱལ། །སངས་ནས་བལྟས་པས་ཆ་ལུགས་འགྱུར། །སྔོ་ནག་དབུ་དགུ་བཅོ་བརྒྱད་ཕྱག །སྔོན་དུ་བརྗོད་པ་ཉིད་དུ་གྱུར། །ནག་པོའི་སྟོབས་དང་དབང་ཐང་ཕྲོགས། །དེ་ནས་རླུ་ཏྲ་ནག་པོ་དེས། །རང་གི་ང་རྒྱལ་ཧཱུཾ་སྐད་ཀྱིས། །རང་གི་བདུད་ཀྱི་དམག་ཚོགས་བསྡུས། །འདུ་འདུ་གྲམ་གྲམ་འདི་ལ་ཐུང་། །མཛའ་བཤེས་རྟག་པར་མ་བྱུང་ན། །སྐྱིད་པའི་གྲོགས་ཀྱི་མི་ཕན་པས། །གང་འདིར་ལས་རྣམས་དུས་ལ་བབ། །བརྗོད་བས་བདུད་དམག་བྱེ་བ་འདུས། །མཚོན་ཆའི་དབལ་ནི་སྤྲིན་ལྟར་གཏིབས། །བསོ་དང་ཆོ་ཡི་སྒྲ་བསྒྲགས་ཏེ། །མ་ལ་ཡ་ཡི་རྩེ་ལ་ཆས། །དེ་ནས་རྡོ་རྗེ་རྟ་གདོང་གིས། །རྡོ་རྗེ་མགྲོས་བུའི་སྟངས་སྟབས་མཛད། །གར་དགུའི་འབར་བའི་གླུ་བླངས་པས། །ཁྱོ་ཕོ་སྒྲོལ་ལ་ཆུང་མ་དྲོངས། །ཕྱོགས་རིས་མེད་པའི་སྙིང་རྗེས་བསྐུལ། །རྡོ་རྗེ་རྟ་གདོང་གཟི་བརྗིད་ཀྱིས། །བདུད་དམག་ཐམས་ཅད་ཟིལ་གྱིས་གནོན། །རུ་མཚོན་སྤྲིན་ཕུང་སྟོང་ཉིད་སངས། །མི་སྙན་སྒྲ་རྣམས་སྔགས་སྒྲར་བསྒྱུར། །བདུད་ཀྱི་འཁོར་ཚོགས་ཐམས་ཅད་ཀུན། །རྟ་མགྲིན་དམ་ལ་སྐྱབས་སུ་དོང་། །དེ་ནས་རཱུ་ཏྲ་ཐབས་ཟད་དེ། །རང་གི་རྫུ་འཕྲུལ་སྔགས་ལྔ་ཡིས། །རཱུ་ཏྲ་ལྔ་ཡི་མཐུ་བསྐྱེད་ཀྱང་། །དཔལ་གྱི་དེ་བས་མཐུ་ཆེ་བས། །མཐུ་སྟོབས་མེད་པར་བརྒྱལ་བར་གྱུར། །དཔལ་གྱི་ཐུགས་རྗེའི་གསུང་དུ་བརྗོད། །སྲོག་གི་དབང་པོ་མི་བཟོད་ཀྱང་། །སྔོན་འབྱུང་དུས་ནས་འབྲེལ་པ་ཡིས། །གང་དེར་མདུན་གྱི་ཕྱོགས་ནས་བསྒྲལ། །རྩེ་གསུམ་འབར་བའི་ཕྱག་རྒྱ་བཅས། །རཱུ་ཏྲའི་རི་བོ་བཅོམ་དབང་གིས། །ཕྱག་རྒྱས་རོལ་ཏེ་ཕྱག་དུ་སྦྱངས། །ཐུགས་དམ་དབང་གིས་མཚམས་སྦྱར་ཏེ། །རང་གི་དམ་པ་རྣམ་གཉིས་དང་། །མཐར་ཐུག་མེད་པའི་སངས་རྒྱས་དང་། །དཔག་དུ་མེད་པའི་བྱང་ཆུབ་སེམས། །སྡུག་པོ་བཀོད་པ་མཐོང་བའི་ས། །ཐོག་མ་མེད་པའི་དུས་མཐའ་ཡི། །ཞེན་པའི་མུན་པ་སངས་གྱུར་ཏེ། སྐྱེ་བ་དུས་མཐའ་མེད་རྙེད་ནས། །ལུས་བླངས་ནས་ནི་ཅི་སྤྱད་དྲན། །སྣམ་དུ་བཏོན་ནས་ཞབས་དྲུང་འཁོད། །རབ་ཏུ་དགའ་ཡང་ནོངས་ཚུལ་དུ། །གང་དེར་ཤིན་ཏུ་གདུང་ཞིང་རྨོངས། །ཐུགས་རྗེས་བསྐུལ་ཞིང་འཁོར་འབངས་ཕུལ། །ཀུན་ལ་རང་ཚིག་གསང་དུ་བྱིན། །མནས་པོར་ནས་ནི་སྐབས་སུ་ཡང། །གསང་བའི་སྲོག་སྙིང་བྱིན་གྱིས་བརླབས། །རང་སྟོབས་འགྱོད་པ་དྲག་པོ་དང་། །གཞན་གྱི་སྟོན་པས་སྤྱོ་བས་སྦྱོང་། །རྡོ་རྗེ་ཐེག་པའི་གསང་སྒོར་བཞག །འཁོར་རྣམས་ཀུན་ལའང་དེ་བཞིན་ཏེ། །དབང་བསྐུར་གསང་བའི་མིང་རྣམས་བརྟགས། །བསྐལ་བཟང་བསྟན་པ་རྫོགས་པ་རུ། །དགོངས་པ་མྱ་ངན་འདས་ཀྱི་བར། །འཇིག་རྟེན་ཚུལ་གྱིས་བསྟན་པ་སྲུང་། །འདི་ཉིད་འདས་པའི་འོག་ཏུ་ནི། །ཞིང་ཁམས་ཐལ་བས་ཁེངས་པ་རུ། །ཐལ་བའི་དབང་པོ་དབྱངས་ཞེས་བྱར། །ལུང་བསྟན་ཐོབ་སྟེ་འཚང་རྒྱའོ། །དེ་ཕྱིར་དཔལ་མགོན་ནག་པོ་ཡི། །རབས་རྒྱུད་གཏན་ཚིགས་རྒྱས་པར་བཤད། །ཅེས་གསུངས་སོ། །དཔལ་མགོན་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། །རབས་རྒྱུད་གཏན་ཚིགས་ཀྱི་ལེའུ་སྟེ་སོ་ལྔ་པའོ།། །།དེ་ནས་འཁོར་ལ་རྒྱུད་གཏད་པ་འདི་གསུངས་སོ། །ཨེ་མ་ཧོ་འཁོར་དུ་འདུས་པའི་ཚོགས། །ཆོས་སྐུ་རྣམ་དག་བརྗོད་མེད་པས། །གདུལ་དཀའ་དྲག་པོ་འདུལ་བའི་ཕྱིར། །བདེར་གཤེག་ལོངས་སྤྱོད་རྫོགས་སྐུར་བཞེངས། །སྤྲུལ་པ་གང་ལ་གང་འདུལ་སྟོན། །གསང་སྔགས་ཐུགས་རྗེ་རོལ་པར་ཤར། །རྟགས་དང་ཐུགས་རྗེ་སྦྱིན་བདག་དཔལ། །དེ་ཡི་ཕྲིན་ལས་འགྲོ་བའི་མགོན། །གནས་ལུགས་རྟོགས་པས་འགྱུར་བ་མེད། །ཆོས་ཉིད་ངང་དུ་མཚན་མ་ཡི། །རྣམ་རྟོག་བསྡུས་བཅོམ་དུར་ཁྲོད་ཡིན། །གནས་ལུགས་མངོན་པར་རྫོགས་སངས་རྒྱས། །ཡེ་ཤེས་རོལ་པ་ཅིར་ཡང་འཆང་། །ཞེན་སྣང་རྟོག་པའི་བག་ཆགས་དང་། །ཞིང་བཅུ་གཅོད་པའི་མཚོན་ཆ་ཡིན། །འཁོར་ལོ་རྣམ་པ་གསུམ་ཡིན་ཏེ། །གནས་པ་རྩ་ཡི་ཙཀྲ་དང་། །རྟེན་འབྲེལ་སྲིད་པའི་འཁོར་ལོ་དང་། །ལས་གྲུབ་སྔགས་ཀྱི་འཁོར་ལོའོ། །དང་པོ་བདེ་ཆེན་ལོངས་སྤྱོད་དང་། །ཆོས་དང་སྤྲུལ་པ་སྐྱེ་གནས་ལྔ། །གནས་ལུགས་ཆོས་སྐུའི་འཁོར་ལོའོ། །སེམས་ཀྱིས་དེ་རྟོག་དེ་ཉིད་གྲོལ། །རྟེན་འབྲེལ་སྲིད་པའི་འཁོར་ལོ་ནི། །ནམ་ཟླ་དུས་བཞི་ལོ་ཟླ་ཞག །འཇིག་དང་སྟོང་དང་ཆགས་པ་རྣམས། །སྐྱེ་རྒ་ན་འཆི་བཞི་ལྡན་པས། །མགལ་མེ་ལྟ་བུར་འཁོར་ཞིང་གནས། །ཤིང་རྟའམ་ཟོ་ཆུ་ལྟ་བུའོ། །ལས་གྲུབ་འཁོར་ལོ་གསུམ་ཡིན་ཏེ། །བསྙེན་པ་གནས་འགྱུར་ལྷ་ཡི་འཁོར་ལོ་དང་། །སྒྲུབ་པ་གནས་འགྱུར་སྔགས་ཀྱི་འཁོར་ལོ་དང་། སྦྱོར་བ་རྟེན་འབྲེལ་རྫས་ཀྱི་འཁོར་ལོའོ། །དང་པོ་ལྷར་གསལ་རྩ་བའི་དྲོད་ཐོབ་ཅིང། །དེ་བཞིན་ཉིད་དང་ཕྱག་རྒྱ་དང་། །བྱང་ཆུབ་སེམས་དང་ཚོགས་རྣམས་སོ། །སྔགས་ཀྱི་རྩ་བ་ཡན་ལག་ནི། །བསྙེན་བསྒྲུབ་རྩ་བའི་ལས་སྔགས་སོ། །བཀའ་སྡོད་ལས་དང་གནན་པ་ཡི། །བསྙེན་མཆོད་བསྐང་དང་དམུ་ཐུན་དང་། །དམིགས་པ་རྟེན་གྱི་རྫས་རྣམས་ཏེ། །རང་རང་རྟེན་འབྲེལ་མཐུ་ཡིས་ཀླུས། །དེ་ལྟར་རྣམས་པ་ཀུན་ཚོགས་པས། །ལས་རྣམས་ཐམས་ཅད་གྲུབ་པ་ནི། །ཤ་མ་ཏ་ཡི་འཇིག་རྟེན་ན། །མཚོན་ཆའི་འཁོར་ལོ་ལྟ་བུ་སྟེ། རྒྱུ་དང་རྐྱེན་གྱིས་འཁོར་བར་འགྱུར། །རྒྱུད་ཅེས་བྱ་བར་གང་གསུངས་པ། །རྒྱུད་དང་ཐབས་དང་འབྲས་བུ་དང་། །ལྟ་སྤྱོད་དཀྱིལ་འཁོར་དབང་དམ་དང་། །སྒྲུབ་དང་ཕྱག་རྒྱ་ཟིན་པས་སྔགས། དེ་མཚན་པས་ན་རྒྱུན་མི་འཆད། །བདེ་བར་གཤེགས་པའི་དགོངས་པ་དང་། །རྣལ་འབྱོར་ཤེས་རྒྱུད་འབྲེལ་བས་རྒྱུད། །ཡིད་བཞིན་ནོར་བུ་ལྟ་བུ་འདི། །སྦྱོར་བ་དུ་མ་རྩ་བའི་གནད། །བྱང་ཆུབ་སེམས་དང་ཁྲོ་ཚོགས་དང་། །རིག་འཛིན་ལྔ་དང་མཁའ་འགྲོའི་འཁོར། །གཤིན་རྗེ་བདུད་དང་དམུ་བཙན་རྒྱལ་པོ་དང་། །སྲིན་པོ་དང་ནི་ལྷ་མོ་དང་། །ལྟོ་འཕྱེ་དང་ནི་མི་འམ་ཅི། །གཉན་དང་ས་བདག་འཁོར་སྲུན་གཟའ། །གིང་དང་བྱད་སྟེམས་དྲེགས་པའི་འཁོར། །གསང་བའི་བཀའ་རྒྱུད་རོལ་པ་ལས། །སྒྲུབ་དང་འཆང་དང་གཉེར་བ་དང་། །ཁྲག་གི་གསུམ་པ་གཟུང་བར་བཤད། །རྣལ་འབྱོར་སྒྲུབ་བའི་གྲོས་གྱིས་ཤིག །ང་ཡང་དམ་ལས་མི་གཡེང་སྲུང་། །དེ་ཕྱིར་གསང་བའི་རྒྱུད་དོན་གཏད། །ཅེས་གསུངས་ཏེ་མི་སྣང་བར་གྱུར་ཏོ། །འཁོར་འདུས་པ་ཐམས་ཅད་རྗེས་སུ་ཡི་རངས་ཤིང་མངོན་པར་བསྟོད་དོ། །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་ལས། ལས་གདམས་ཤིང་གཏད་པའི་ལེའུ་སྟེ་སོ་དྲུག་པའོ།། །།དཔལ་མགོན་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་རྒྱུད་རྫོགས་སོ། །རྒྱ་གར་གྱི་མཁན་པོ་བྲམ་ཟེ་གསལ་བའི་རྒྱན་དང་། །བལ་པོའི་རྒྱལ་པོ་བ་སུ་དྷ་རས་བསྒྱུར་བའོ།། །།

དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་རྡོ་རྗེ་ཧཱུྃ་མཛད།

དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་སྒྲུབས་ཐབས་བཞུགས་སོ། །རྒྱ་གར་སྐད་དུ། ཤྲཱི་ནཱ་ཐ་ཀ་ཏ་ལ་སྟ་ན་བྷ་ལ་ལ་ཏ་པ་དྷ་ཙཀྲ་ས་དྷ་ནཱ་མ། བོད་སྐད་དུ། དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་སྒྲོལ་བྱེད་ཐུགས་རྗེའི་རྒྱལ་པོ་ཤིན་ཏུ་རྣམ་པར་རོལ་པ་ཉིད་ལ་ཕྱག་འཚལ་ལོ། །གསང་བ་གནད་ཀྱི་རྒྱུད་དག་ལས། སངས་རྒྱས་བསྟན་པ་བསྲུངས་བའི་ཕྱིར། །མགོན་པོའི་བསྒྲུབ་པའི་རིམ་པ་ཞིག །ལེགས་པར་དུས་ལ་བསྟན་པར་བྱ། །དམ་ཚིག་ཏིང་འཛིན་ཤེས་རབ་དང་། །བྱང་ཆུབ་སེམས་ལྡན་བསྙེན་པ་ཡིས། །གདེང་དང་ལྡན་པའི་སྔགས་པ་ཡིས། །བསོད་ནམས་ཚོགས་ནི་ཅི་ནུས་བསགས། །མཆོད་གཏོར་བཏང་ཞིང་ཕུད་བཏང་ལ། །བདེན་བརྡར་ལ་སོགས་སྔོན་འགྲོ་བྱ། །དེ་ནས་དྲག་པོའི་ལས་ལ་འཇུག །ར་བ་བཞི་ལ་བསྙེན་པ་ཙམ། །དྲག་པོ་གཟའ་སྐར་དར་པ་འམ། །ཐ་ཆུང་བཞི་ལ་བསད་པ་བརྩམ། །དུར་ཁྲོད་ལ་སོགས་རྒྱ་མཚོའི་དོ། །རི་བྲག་བཟང་པོའི་རྩེ་མོའམ། །ནགས་ཚལ་བརྩུབ་པའི་ས་ཕྱོགས་ཀུན། །སྦྲུལ་དུག་ལ་སོགས་གཅན་འཁྲ་ཡོད། །གནས་དེར་འཇམ་དཔལ་མཚན་ནས་བརྗོད། །རྡོ་རྗེ་ལྕམ་དྲལ་གཟུངས་ཀྱང་འདོན། །གོང་མ་ལྟ་བུའི་ས་དག་ལ། །མཎྜལ་འདོམ་གང་གྲུ་བཞི་བརྩིགས། །བདུད་རྩི་ཁྲག་གི་ཆག་ཆག་གདབ། །དུར་སྐྲའི་རྒྱུད་ཆེན་ཐིག་གདབ་ལ། །དུར་ཁྲོད་མཚོན་གྱི་དཀྱིལ་འཁོར་བྲི། །དབུས་སུ་མུ་ཁྱུད་ཟླུམ་པོས་བསྐོར། །ལྕགས་མཁར་ལྔ་དང་བཙན་མཁར་བཞི། །གྲུ་ཆད་བར་ཁྱམས་སྒོ་བཞི་ལྡན། །འཁོར་ཡུག་ལྕགས་རིའི་ཕྱི་རོལ་དུ། །ཁྲག་དང་ཤ་ཆེན་གཤང་གཅི་དང་། །རྐང་དང་ཀླད་པ་ཀླད་རྒྱས་དང་། །རྣག་དང་ཆུ་སེར་ལ་སོགས་པ། །འདམ་གྱི་ཁྲུ་མ་བརྒྱད་ཀྱི་བསྐོར། །དབུས་སུ་ཡབ་ཡུམ་མཆོག་ཕུར་དགོད། །མཁར་བཞི་དྲེགས་པ་བཞི་པོ་ལ། །ལྕགས་སམ་དུག་ཤིང་ཕུར་པ་དགོད། །ལྷོ་སྒོར་ཐོད་པ་མཚན་ལྡན་དུ། །དཔལ་བཤོས་ཁྲག་དང་སྙིང་སྣ་ཚང་། །ལ་ཕུག་ལ་དུ་སྦྱར་བའི་སྨན། །བྱང་དུ་ཐོད་པ་གཏོར་མ་ལ། །རྐང་དང་ཀླད་པ་འབྲུ་མར་ཆང་། །སྦྱར་བའི་མཆོད་པ་ཡུམ་ལ་བཤམ། །ཤར་སྒོ་འབྲུ་ཡི་ཕུང་པོ་སྤུངས། །ནུབ་ཏུ་ཤ་སྣ་སྙིང་སྣ་དང་། །མེ་ཏོག་མཛེས་པའི་ཚོམ་བུ་བྲི། །དབུས་སུ་ཐོད་པ་མཚན་ལྡན་གཉིས། །སྟེང་ལ་བསྙེན་སྒྲུབ་སྔགས་བཞི་བྲི། །འོག་ཏུ་རྟ་ནག་ཙིཏྟ་དང་། །ལུག་ནག་སྙིང་དང་དྲེ་བོའི་དོན། །བཟང་དྲུག་ཆོས་སྨན་འབྲུ་སྣ་བླུག །ཁ་སྦྱར་དར་དྲིལ་རྒྱུ་མས་བསྡམས། །ཧཱུྃ་གིས་རྒྱས་གདབ་ཁྲི་ལ་བཞག །ཤ་ཁྲག་ནང་ཁྲོལ་ཙིཏྟ་སོགས། །བམ་གསར་རྫས་ཀྱི་རོ་རས་ཀྱིས། །ཁྱམས་ལ་སོགས་པར་མཐའ་མ་བསྐོར། །སྤོས་ཆེན་མར་མེ་ཆེན་པོ་དང་། །རཀྟའི་གསང་ནན་ཆང་གི་སྦྱར། །ཐོད་པའི་རྔ་དང་རྐང་གླིང་དང་། །ཤུན་གྱི་རྒྱལ་མཚན་ཕྱོགས་བཞིར་དགྲམ། །ཞིང་གི་བླ་རེས་མཎྜལ་དབུབ། །བདག་ཉིད་ཡི་དམ་ལྷར་གསལ་ཏེ། །ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། །བགེགས་རྣམས་ཚར་བཅད་ཚུལ་འདུས་པས། །རྡོ་རྗེ་རྭ་བ་གུར་གྱིས་བསྡམས། །མེ་རིས་བརྒྱན་པའི་དབུས་ཉིད་དུ། །འོད་ལས་གྱུར་པའི་གཞལ་ཡས་ཁང་། །དཀོན་མཆོག་བླ་མ་ཡི་དམ་ལྷ། །སྤྱན་དྲངས་ཟླ་བའི་གདན་ལ་བསམ། །སྔོན་བཞིན་མཆོད་ལ་སྡིག་པ་བཤགས། །རྒྱན་དང་མཆོད་གཏོར་བྱིན་རླབས་ལས། །རང་གི་ལས་རྣམས་རྫོགས་པར་བྱ། །མགོན་པོའི་དཀྱིལ་འཁོར་གསུམ་ཡིན་ཏེ། །བཀའ་སྡོད་ཕོ་ཉའི་དཀྱིལ་འཁོར་ཡིན། །ལྷར་གསལ་ཐུགས་ལས་སྨུག་ནག་བྷྲཱུྃ། །འཕྲོས་འདུས་བྷི་ཤའི་སྔགས་བརྗོད་པས། །དུར་ཁྲོད་འབར་བའི་གཞལ་ཡས་ཁང་། །གོང་གི་དབྱིངས་འདྲ་རབ་ཏུ་འཇིགས། །སྟོང་གསུམ་ཤོང་ཞིང་ཡངས་པ་བསྐྱེད། །མི་རྟ་རོ་རློན་ཉི་གདན་ལ། །དུན་དང་མ་ཡིས་འཕྲོ་འདུ་ལས། །སྔགས་འདི་བརྗོད་པས་ཡབ་ཡུམ་བསྐྱེད། །ༀ་བུར་ཀུར་མ་ཧཱ་ཀྲོ་ལ་ཀྲོ་དྷ་ཧཱུྃ། །རཀྴ་ཀྲོ་ཏི་ཤྭ་རི་དྲག་མོ་ཧེ། །མགོན་པོ་ཚོགས་བདག་ཆེན་པོ་ནི། །ལྗང་ནག་ཞལ་གསུམ་ཕྱག་དྲུག་བརྗིད། །གཡས་སེར་གཡོན་དམར་ལྗང་ནག་འཇིགས། །ཁམ་ནག་དབུ་སྐྲ་གྱེན་དུ་བརྫེས། །སྤྱན་གསུམ་སྡང་མིག་སྐར་ལྟར་འཁྲུག །ཤུན་གོས་ཐོད་པའི་ཕྲེང་བ་དང་། །སྟག་ཤམས་གླང་ཆེན་ཐལ་བ་ཞག །གདུག་པའི་བརྒྱན་ལྡན་ཆས་ཀྱི་མཛེས། །གཡས་ཀྱི་དང་པོ་གསལ་ཤིང་འཕྱར། །བར་པ་རྡོ་རྗེ་རྩེ་ལྔ་བསྣམས། །ཐ་མ་ལྕགས་ཕུར་འདྲིལ་ཞིང་འདེབས། །གཡོན་གྱི་དང་པོ་ཐོད་ཁྲག་འཐུང་། །བར་པ་རྣོ་དབལ་ཤུན་གྱི་མདུང་། །ཐ་མ་སྦྲུལ་ནག་ཞགས་པ་བསྡོམས། །ཞབས་བཞི་གྱད་ཀྱི་དོར་སྟབས་ཅན། །དབང་དྲག་མེ་ཡི་ཀློང་དུ་བསྒོམ། །ཉེ་གནས་ཀྲོ་ཏི་ཤྭ་རི་མ། །འཇིགས་ཚུལ་ཞལ་གཅིག་ཕྱག་གཉིས་རྔམས། །ཞིང་དང་རེ་ལྡེ་ཐོད་སྦྲུལ་བརྒྱན། །གཡས་པ་རྒྱུ་ཞགས་ཡབ་ལ་འཁྱུད། །གཡོན་པ་ཐོད་སྐྱོགས་རཀྟ་ཆང་། །རྐང་དང་ཀླད་རྒྱས་འབྲུ་མར་ཆང་། །རྟག་པར་རང་གི་ལོངས་སྤྱོད་འཛིན། །མཁར་བཞིར་ཁྲོ་བོ་རྣོན་པོ་དང་། །སྲིན་པོ་མ་གདོན་འཇིགས་པ་བསྐྱེད། །ཕྱི་རིམ་གདུག་པའི་མ་ཚོགས་བསྐྱེད། སྲིན་མོ་ཉེ་གནས་ཆེན་པོ་བརྒྱད། །ཀེའུ་རི་ཙེའུ་རི་པྲ་མོ་ཧཱ། །པེ་ཏ་ལི་དང་པུ་ཀ་སི། །ཀསྨ་རི་དང་སྨན་ཤ་རི། །ཙནྜ་ལི་ལ་སོགས་པ་ཀུན། །གཏུམ་ཞིང་རྔམ་པའི་མ་ཚོགས་མ། །ཤིན་ཏུ་འཇིགས་པའི་གཟུགས་སུ་བསྒོམས། །སྲིན་པོའི་བུ་མོ་ཤམ་པ་བརྒྱད། །སེང་སྟག་ཝ་སྦྱངས་བཞད་ཀྱི་མགོ །ཀཾ་ཀ་བྱ་རོག་འུག་པའི་ཚོགས། །ཞིང་ལ་རྔམས་ཞིང་བསྟོད་པའི་ཚུལ། །དུར་ཁྲོད་པ་ཡི་སྒོ་སྲུང་བཞི། །བརྩོན་མོ་གདོང་མོ་འགར་ལོག་མ། །མཇུག་བྱེད་ལས་ཀྱི་མ་མོ་བཞི། །གསང་སྒོ་འཛིན་ཅིང་བཀའ་སྒོ་བསྲུངས། །དུར་ཁྲོད་བདག་མོ་གྲུ་འདེབས་བཞི། །སྐམ་མ་ཤིན་ཏུ་྄སྐམ་མ་དང་། །ར་རོ་མ་དང་ཁྲག་འཐུང་མ། །ཆགས་པས་གདུངས་པའི་ཚུལ་དུ་གནས། །ཕྱི་རིམ་སླས་དང་བྱི་མོ་བྲན། །མ་མོ་ཕྲ་མེན་གནོད་སྦྱིན་མོ། །སྲིན་མོ་ཤ་ཟ་ཁྲག་ཕྲོག་མ། །བདུད་ཀྱི་མིང་འཛིན་བླ་རྐུན་མོ། །བློན་མོ་དམག་དཔོན་སྡེ་དཔོན་མོ། །རུ་དཔོན་ཕོ་ཉ་མངག་པར་བཅས། །ཅི་བགྱི་བཀའ་ཉན་དྲེགས་པའི་འཁོར། །རྦོད་གཏོང་རྔམས་པའི་ཚུལ་དུ་བསྒོམ། །ཀུན་ཀྱང་སྲིན་མོའི་ཆ་ལུགས་མ། །ནད་ཀྱི་བསྐལ་པ་འཚུམ་མར་གཏོང་། །གདུག་པའི་མཚོན་ཆ་ལུས་ལ་འགྱེད། །མཁར་དང་འོབས་བར་ཕྱི་རོལ་ན། །འབུ་དང་ཤིན་དུ་འབུ་ཆེན་པོ། །སྦྲང་མ་སྦྲང་རྒོད་བུང་བ་དང་། །སྦྲུལ་དང་སྡིག་པ་དོམ་ལ་སོགས། ཀཾ་ཀ་རུ་རྩེ་འུག་པ་ཁྭ། །བྱ་གཅན་ཤ་ཟ་ཚོགས་རྣམས་ལྡིང་། །ལྕེ་སྤྱང་སྟག་གཟིག་དོམ་དྲེད་འཕར། །དུར་ཁྲོད་ཞིང་གི་ལོངས་སྤྱོད་ལ། ལྟ་ཞིང་རྒྱུག་ཅིང་འདྲད་པ་དང་། །རྒྱུ་མ་འདྲེན་ཅིང་ཤ་རུས་ཟ། །དེ་ལྟར་གསལ་བར་གྱུར་པ་དང་། །རང་བཞིན་གནས་ནས་བཀུག་ལ་བསྟིམ། །སྤྲུལ་པས་བསྒྲལ་ཞིང་ཞལ་དུ་གསོལ། །ཕྱར་དུ་སྦྱངས་ནས་གནམ་དུ་སྟོན། ཁང་པའི་དམེ་སྔགས་བཀའ་འཁོར་ཕུམ། །རང་དམ་བཅས་བཞིན་མནའ་ཡི་བོར། །འཁོར་ལ་བཀའ་སྡོད་དམ་ཚིག་དབོག །བརྟག་པར་བྱ་ཞིང་མཆོད་པ་རྟག །མངའ་གསོལ་ཕྲིན་ལས་བཅོལ་བ་དང་། །ཐུགས་དམ་བསྐུལ་ཞིང་བསྙེན་སྔགས་བཟླས། །ༀ་བུར་ཀུར་མ་ཧཱ་པདྨ་རྡེ་ཆུང་འབུར་ཙི་འབུར་བྱི་གེ་བྱི་མ་ན་ཡེ། ཨེ་ཧོ་ཤ་མོ་ཀྲོ་ཏ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བདག་ཉིད་ལྷར་གསལ་ཐུགས་ཀར་ནི། །ཡེ་ཤེས་སེམས་དཔའ་ཉི་དཀྱིལ་ཧཱུྃ། །མདུན་དུ་མགོན་པོའི་ཐུགས་ཀ་རུ། །སྲོག་བདག་འོད་ཟེར་སྣ་ལྔའི་དཀྱིལ། །དོན་ལ་རང་གི་སྙིང་པོས་བསྐོར། །སྔགས་བཟླས་ཧཱུྃ་གི་འོད་ཟེར་འཕྲོས། །མགོན་པོའི་ཐུགས་ཀར་ཕོག་པ་དང་། །སྔོན་གྱི་དམ་ཚིག་དྲན་གྱུར་ནས། །ཅི་བགྱི་ཟེར་ཞིང་ལས་རྣམས་བྱེད། །འདུས་པས་བདག་ཉིད་བཀའ་སྡོད་མངག །འབུམ་ཕྲག་གཅིག་ཏུ་བཟླས་པ་བྱ། །སྐབས་སུ་མཆོད་བསྟོད་ལོངས་སྤྱོད་དབུལ། །སྔོན་དུ་བསྙེན་པའི་གདམས་པ་ཡིན། །ལས་ལ་དྲག་ཏུ་སྦྱར་བའི་ཚེ། །ཉེ་བསྙེན་གནད་ཀྱི་སྔགས་འདི་བཟླས། །དབུས་ཀྱི་ཕུར་པའམ་རྟེན་དག་ལ། །དཀར་ནག་མཐིང་ཁའི་གཟུངས་ཐག་གདགས། །མཐིང་ནག་དར་ཆེན་ནང་དུ་ནི། །དང་པོ་ཡུངས་དཀར་རྒྱལ་པོ་བླུག །བར་དུ་ཁྲག་སྣ་ཚང་མ་དང་། །ཙན་དན་དམར་པོ་སྦྱར་ལ་བླུག །ཐ་མ་ཙན་དན་དཀར་པོ་དང་། །བཟང་དྲུག་བདུད་རྩི་སྦྱར་ལ་བླུག །དེ་སྟེང་ཉི་དཀྱིལ་པདྨ་ལ། །ཟླ་བའི་ཁ་ལ་ཡིག་འབྲུ་གསུམ། །ཧྲཱིཿདཀར་རྭ་དམར་མཐིང་ནག་ཧཱུྃ། །སྔགས་འདིར་རང་དབང་བརྒྱ་བརྒྱ་བཟླས། །ༀ་བཛྲ་ཀྲོ་ཊ་རཱ་ཛ་ཡ། །ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གྷྲིཧྞ་གྷྲིཧྞ་མ་ཀེ་ན་ཧཱུྃ་ཕཊ། ཡུངས་ཀར་དམ་ཚིག་ཁྲོ་བོ་ནི། །བཛྲ་ཡཀྴའི་ཚོགས་སུ་སམ། ༀ་ཧྲཱིཿབཛྲ་ཡཀྴ་ཏ་གྷྲིཧྞ་ར་ཀ་མ་ཧཱ་ཀཱ་རུ་ཧཱུྃ་ཕཊཿརང་གི་འོད་ཀྱི་བདེ་གཤེགས་ཀྱི། ཐུགས་རྗེ་འཁོར་བའི་ཆགས་པ་བསྡུས། །མི་བརྗེད་གཟུངས་ཀྱི་དམ་རྫས་སྐྱིལ། །ༀ་བཛྲ་ཙིཏྟ་ས་མ་ཡ་ཨམྲྀ་ཏ་ཧཱུྃ་ཧྲཱིཿཋཱ། བདེ་གཤེགས་ཟག་མེད་བདུད་རྩི་དབབ། །ཟུག་རྔུ་འབྱིན་པའ་ིནང་དུ་བསྐྱིལ། །བསྐུལ་དང་འབྲེལ་དང་ཟུག་རྔུ་སེལ། །རིམ་པའི་ཚུལ་དུ་གདགས་པར་བྱ། །བདག་ཉིད་ཡི་དམ་ལྷར་གསལ་བའི། །ཐུགས་ཀར་རྡོ་རྗེ་སྲིན་པོ་བསྒོམ། །ཉེ་བསྙེན་གནད་ཀྱི་སྔགས་འདི་བཟླས། །ༀ་བྷུ་རུ་ཀུ་རུ་མ་ཨ་པྲ་ན་སུ་ཙི་ཀི་ཕྱི་མ་ན་སེ་ཁ། །ཤྭ་མོ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ་ཕཊ། །སྔགས་ཀྱི་འོད་ཟེར་རྣོ་མྱུར་དྲག །དམ་ཚིག་ཁྲོ་བོ་ཉེ་ཚེ་འཕྲོ། །མགོན་པོ་དབང་མེད་གནས་ནས་འགུགས། །རང་ཉིད་སྲོག་ལ་དྲོད་ལངས་ནས། །ལུས་ངག་ཡིད་གསུམ་ཚ་ཞིང་གདུང་། །འབུམ་ཕྲག་གཅིག་ཏུ་རྫོགས་པར་བྱ། །དེ་ལ་རྟགས་ནི་འདི་དག་འབྱུང་། །རྟེན་འཕར་འགུལ་ལྡོག་མེ་ཏོག་འཕྲོ། །རྣལ་འབྱོར་མཁའ་ལ་འཕུར་བ་དང་། །ས་ལ་མི་ཐོགས་ཆུར་མི་འབྱིང་། །ལེགས་ལྡན་མདུན་ན་ཅི་བྱ་ཟེར། །རབ་ཀྱི་རྟགས་སུ་ཤེས་པར་བྱ། །རྟེན་ལ་མེ་འབར་ཚེག་པ་དང་། །སྨན་ཕུད་ཁོལ་ཞིང་རཀྟ་ལུད། །རྟེན་གྱི་ཞལ་བཞད་ཉམས་བྱུང་སྲིད། །སྨན་གྱི་ཐུམ་བུ་ཁ་ཕྱེ་ལ། །བདུད་རྩི་ནང་དུ་བཏབ་ནས་ཀྱང་། །རྟེན་ནམ་ཏིང་འཛིན་གཟུགས་ལ་གཏོར། །སྐུ་ཡི་ཚ་བ་གཞིལ་བར་བསམ། །སྐུ་གསུང་རང་བཞིན་མནལ་མ་ནི། །བདག་ལ་བཀའ་ནོད་ལས་རྣམས་བྱེད། །དངོས་གྲུབ་བདག་དབང་བྱ་བའི་ཕྱིར། །སྒྲུབ་པའི་རིམ་པ་བག་ཙམ་སྦྱར། །རཀྟ་ཆང་སྦྱར་རྟེན་ལ་གཏོར། །ཐུགས་རྗེས་ཆགས་པ་བསྐྱེད་བྱ་ཞིང་། །སྔོན་དུ་བསྙེན་པ་ཤས་ཙམ་བཏང་། །ཡུངས་ཀར་རྒྱལ་པོ་བྲབ་བྱས་ལ། །ཉེ་བསྙེན་གནད་ནས་སྟོང་ཕྲག་དགུག །བསྒྲུབ་པའི་གསང་སྔགས་འདི་དག་བཟླས། ༀ་བྷུ་རུ་གུ་རུ་ཨི་བྱི་ཨུ དྨ་ཀྲོ་ཏ་ཧཱུྃ་ཕཊ། འོད་ཟེར་ལྕགས་ཀྱུ་དབང་གི་མདོག །འཕྲོས་ཏེ་རང་བཞིན་མགོན་པོ་ལ། །དམ་ཚིག་བསྐུལ་ཞིང་མཆོད་པ་བྱས། །དངོས་གྲུབ་ཆགས་པའི་མདོག་ལྟ་བུ། །བསྡུ་ཞིང་རང་ལ་བསྟིམ་པ་བྱ། །ཕྱེད་ཤས་ཙམ་གྱིས་གནད་ལ་ཕེབས། །མཐུན་མཇུག་སྨན་གྱི་ཚ་བ་གཞིལ། །རྟགས་ཀྱི་རིམ་པ་འདི་ཡང་འབྱུང་། །སྒྲུབ་ཁང་གཡོ་ཞིང་་འགྱུར་ལ་ཚེག །ཡམས་དང་ནད་ཀྱི་བུ་ཡུག་ཐུལ། །བྱ་དང་གཅན་གཟན་འཐབ་ཅིང་འཁོར། །རེ་དམ་ཆོལ་དང་ཅིག་རླངས་འབྱུང་། །ཐ་མའི་རྨི་ལམ་སྟོན་པར་འགྱུར། །དགྲ་བཅོམ་ཚོགས་སུ་འོང་བ་དང་། །སློབ་དཔོན་བན་དྷེ་མོན་ནག་དང་། རླུང་ནག་ཚུབ་མ་ཆུ་ནག་འབྲུག །གཡག་ཁྱུའི་ཚོགས་དང་བྱ་ནག་ལྡིང་། །མཆོད་རྟེན་འོད་ནག་མེ་སྟག་འཕྲོ། །སྐར་མདའ་མང་པོ་ལྷུང་པ་འབྱུང་། །བསྙེན་དང་ཉེ་བའི་རྟགས་སུ་ཤེས། །རྟེན་གྱི་ཐོད་པ་ཁ་ཕྱེ་ལ། །མྱོས་པའི་རྫས་དང་བུ་རམ་དང་། །བདུད་རྩི་འོ་སྐམ་ཞལ་ཟས་བཤམ །དེ་བཞིན་མཆོད་པ་ཀུན་ཀྱང་བཏང་། །དམར་ལྗང་དར་གྱི་ལིངྒ་བྲི། །རྫས་རྣམས་བདུད་རྩིར་བྱིན་གྱིས་བརླབས། །ནང་དུ་སྲོག་གསུམ་ཡི་གེ་བསྒོམ། །མགོན་པོའི་གཞུང་བསྲང་སྙིང་པོ་བཟླས། །ༀ་བྷུར་ཀུར་ཏི་ཧཱུྃ་ཕཊ། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཆགས་ཕྱིར་རཀྟའི་ཐུམ་པོས་མཆོད། །དྲུག་གི་འོད་འཕྲོས་ཐུགས་དམ་བསྐུལ། །བརྒྱད་ཀྱི་དངོས་གྲུབ་མཐུ་བྱིན་བ སྡུས། །འབུམ་ཕྲག་རྫོགས་ནས་སྲོག་གསུམ་ཞུ། །དངོས་གྲུབ་རྫས་ལ་བདག་ཉིད་རོལ། །ཚེ་དང་ཆོས་དང་ལོངས་སྤྱོད་སྡུས། །དྲག་པོ་མཐུ་ཡི་དངོས་གྲུབ་བླང་། །དམ་ཅན་གཏོར་མ་ཚོགས་ཀྱིས་མཆོད། །སྨན་གྱི་མཆོད་པས་སྟོབས་ལྡན་འགྱུར། །བསྙེན་པའི་རྡུལ་མཚོན་ཞལ་ཕྱེས་ལ། །དྲག་པོ་ལས་ལ་སྦྱར་བར་བྱ། །བཀའ་སྡོད་ཕོ་ཉའི་དཀྱིལ་འཁོར་ཡིན། །འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་ནི། །མཎྜལ་འདོམ་གང་གྲུ་བཞི་པ། ། རཀྟ་ཁྲག་གི་དམར་པོར་བྱུག །དབུས་ནས་མཉམ་པའི་ཤིང་བཞག་ལ། །མདའ་གང་ཟླུམ་པོས་བསྐོར་ནས་ཀྱང་། །མཐོ་གང་ཚད་དུ་གྱེན་དུ་བརྩིགས། །དབུས་ནས་ཁྲུ་གང་གྲུ་ག སུམ་པ། །ནང་རིམ་གསུམ་ལྡན་ཐུར་དུ་བྲུ། །ཁ་ལ་ཐོད་པའི་ཕྲེང་བ་བཏང་། །དུག་ཤིང་རྩང་དམར་ཉི་ཤུ་བརྒྱད། །མཚོན་ཆ་རྡོ་རྗེ་འཁོར་ལོ་དང་། །རལ་གྲི་དབྱུག་པ་རྒྱ་གྲམ་ལྔས། །འོག་མ་དག་ལ་བསྐོར་བར་བྱ། །དམིགས་པ་དགྲ་ཡི་རྫས་དྲུག་དང་། །བག་ཕྱེ་ས་སྦྱིན་བསྲེས་པའི་གཟུགས། །བཅུ་གཉིས་སོར་ཚད་མིང་རུས་སྣག །ཀན་དྷའི་ཤིང་ལ་མིང་རུས་བྲི། །དྲེད་མོའི་སྐྲ་ཐག་སྔོ་དམར་གྱིས། །བཅིངས་ནས་མགོ་བརྙན་གརྩང་ལ་གདགས། །དུར་ཁྲོད་གཡམ་ས་ཁྲུ་གང་ལ། །དབུས་ནས་མཐོ་གང་གྲུ་གསུམ་བྲུ། །འབྲུབ་སྟེང་བཞག་ལ་ཐོད་མཁར་བཞག །རྒྱ་ནི་དེ་དང་མཐུན་པ་ལ། །དཔངས་སུ་སོར་བཞི་བསྟོད་ལ་བརྩིགས། །རང་ངོས་ཐེལ་ལ་སྒོ་བསྟན་པ། །ལོགས་བཞིར་ཕྲིན་ལས་གློ་སྐར་བཞི། །ཕྱོགས་བཞིར་མཁར་བཞི་ཕྱེད་ཤེས་བྱ། །དུར་ཁྲོད་མཚོན་གྱི་རི་མོ་ཡིས། །སྟག་དང་མི་རྟ་བྱ་ཡ་ིམགོ །སྲིན་པོའི་ཐོད་པས་བ་གམ་བྱ། །ནང་དུ་རྟེན་གྱི་ཕུར་པ་ལྔ། །ཡང་ན་བཀའ་རྟེན་བྲག་ནག་དྲེད། །དུར་ཁྲོད་ས་སྲིན་གཟུགས་བྱས་ལ། །མཚོན་གྱི་བསྒྱུར་ལ་ཕྱག་མཚན་གཏད། །མཁར་རྣམས་ཀུན་གྱི་རྒྱུད་དག་ནི། །བཀའ་རྟེན་ཆོས་ཁྲི་དུར་ཁྲོད་དང་། གནོད་སྦྱིན་ཡུལ་དང་རྒྱལ་པོའི་ཁབ། །ཕྱུག་པོའི་བང་མཛོད་རིན་ཆེན་རྩེ། །ས་སྣ་བདུན་ལ་ཀླུ་ཆུས་བྲུ། །ཕྱོགས་བཞིར་རུ་མཚོན་ནག་པོ་བཞི། །ཕྱོགས་བཞིར་བདུད་བྱ་ནག་པོ་ལྡིང་། །སྙུག་མ་ཚིགས་ལྔའི་མདའ་གཅིག་ལ། །དྲི་མེད་དྲག་པོ་བཅུག་ནས་ཀྱང་། །བྱ་རྒོད་སྲིན་བྱ་འུག་པ་ཁྭ། །ལྔ་སྒྲོན་མདའ་ལ་དར་ནག་གདགས། །གཡུ་མིག་ནམ་མཁའ་ནག་པོ་ལ། །རྒོད་ཀྱི་སྒྲོ་གཟུགས་དར་གྱིས་བརྒྱན། །དབུས་ཀྱི་མཁར་སྟེངས་བཞག་པར་བྱ། །གཡས་གཡོན་ཡབ་ཡུམ་གཏོར་མ་བཞག །སྙིང་གསུམ་དར་དྲིལ་ལུས་ལ་བཅངས། །རྟེན་གྱི་སྐུ་གཟུགས་མདའ་ལ་གདགས། །གྱིང་གི་མཁར་གྱི་སྟེངས་ལོགས་སུ། །ལྕགས་ཕུར་བཅུ་གཉིས་དར་གྱིས་བརྒྱན། །རལ་གྲི་མཐོ་གང་གྲི་ལྕགས་བྱུག །ཕོ་སྙིང་སྣ་ཚོགས་གཏོར་མ་བཅས། །ལྷོ་ཕྱོགས་གནོད་སྦྱིན་མཁར་སྟེངས་སུ། །བསེ་མདུང་ཁྲུ་གང་དར་གྱིས་བརྒྱན། །ཟོར་མདའ་མོར་ཐོད་གཡས་གཡོན་དགོད། །རུ་སྐྱོགས་མཛེས་པའི་ནང་ཉིད་དུ། །ར་དམར་བྱ་དམར་གྲི་བོའི་དོན། །མར་ཁུ་སྦྲང་རྩི་འོ་མ་ཁྲག །སྦྱར་བའི་གཏོར་མ་བདུད་རྩིར་བཅས། །ནུབ་ཕྱོགས་སྲིན་པོའི་མཁར་སྟེངས་སུ། །སྦྲུལ་ཤ་དུག་དང་བག་ཕྱེ་སྦྱར། །སྦྲུལ་མགོ་གསུམ་ལྡན་འཁྱིལ་བ་བཅའ། །ཀན་དྷའི་དགྲ་གཟུགས་སྟེངས་སུ་བཞག །གཡས་སུ་ཤ་རུལ་ཁྲག་རུལ་དང་། ། སྙིང་གི་ཚོགས་ཀྱིས་ཐོད་པ་དགང་། །གཡོན་དུ་བ་དམར་ཐོད་པ་ལ། །ཀླུ་སྨན་བཏབ་ལ་མཁར་གཞོང་བཞག །བྱང་དུ་ཟ་བྱེད་མཁར་སྟེངས་སུ། །ཚོན་དྲུག་ནམ་མཁའ་དར་ནག་བརྒྱན། །གཏོར་མ་ཚིལ་ཆེན་སྤྲིན་ཁེབ་ཅན། །ལིདྒ་རྨ་བྱའི་གདུགས་དང་བཅས། །བྱན་ལག་མཆོངས་ཀྱི་རི་བོ་ལ། །དུག་ཤིང་ཡལ་ག་དུར་ཁྲོད་ཀྱི། །ཤ་རུས་བཅས་པ་ཐོད་ཕོར་གྲམ། །ཀང་ཀ་ཐང་དམར་མཚོ་འགྲམ་ལ། །དཔལ་གཏོར་རཀྟ་བདུད་རྩི་དང་། །སྤོས་ཆེན་སྣུམ་ཆེན་ལ་སོགས་དགྲམ། །གྲུ་བཞི་ཧ་སྟའི་རྒྱལ་མཚན་གཟུགས། །ཞིང་གི་བླ་རེ་མཎྜལ་དབུབ། །མོན་ཐོད་ནང་དུ་དུག་སྣ་དང་། །ཁྲག་སྣ་གསུམ་མཚོན་དབལ་བརྡར་ལ། །ཆང་གི་སྦྱར་ལ་བྱང་དུ་དགོད། །དེ་བཞིན་རིགས་ངན་ཐོད་པ་རུ། །ཡུངས་དཀར་ཡུངས་ནག་སྐྱེེ་ཚེ་དང་། །ཚ་བ་སྣ་ཚོགས་ལྷོ་རུ་དགོད། །དེ་ལྟར་བཅའ་བཞི་རྫོགས་པ་དང་། །ཕྱོགས་བཞི་སྔོན་བཞིན་གསོལ་བ་གདབ། །དཔལ་གྱི་ལས་གསུམ་རྫོགས་པར་བྱ། །དེ་ཡང་འབྲུ་བརྒྱད་རྦད་གསད་བསྒྱུར། །བདག་ཉིད་ལྷ་ཡི་ང་རྒྱལ་ལས། །ཐུགས་ལས་འོད་ཟེར་རིམ་པ་རུ། །བཾ་ལས་རཀྟའི་རྒྱ་མཚོ་བསམ། །དེ་ལྟར་ལམ་ལས་དྲག་ཤུལ་རི། །ཏ་ན་འབའ་ཏི་དུར་ཁྲོད་གནས། །བྷཱུྃ་ལས་ཐོད་པའི་མཁར་ལྔ་བསྐྱེད། །དབུས་སུ་དམིགས་པའི་དགྲ་སྟེངས་སུ། །དོན་ལས་རྩ་བའི་སྔགས་བརྗོད་པས། །ལེགས་ལྡན་ཡབ་ཡུམ་སྔོན་བཞིན་བསྐྱེད། །ཡང་ན་ཞལ་གཅིག་ཕྱག་གཉིས་ལྗང་། །གསལ་ཤིང་ཕྱར་ནས་ཤུན་གྱི་མདུང་། །དུར་ཁྲོད་ཆས་རྣམས་རྫོགས་པར་བསྒོམ། །མདུན་དུ་ལས་གྲུབ་བཀའ་སྡོད་ནི། །ནག་པོ་གྲི་གུག་ཐོད་པ་འཛིན། །ཕྱོགས་བཞིར་གཙོ་བོའི་ཐུགས་ཀ་ནས། །ཧཱུྃ་དང་ཡ་ཛ་མ་བཞི་སྤྲོས། །སྔགས་བརྗོད་འཁོར་དང་བཅས་པ་བསྐྱེད། །ཤར་དུ་ཁྲོ་བོ་གིང་ཀ་ར། །མཐིང་ག་མཚོན་ཆའི་འཁོར་ལོ་བསྒྱུར། །སྙིང་ཁྲག་འཐུང་ཞིང་དམིགས་པ་གནོན། །ཕྱི་ན་གྲི་ཐོགས་བཅུ་གཉིས་གྱིས ། །ཀུན་ཀྱང་ཁྲོ་ཚུལ་འཇིགས་པའི་ཚུལ། །དུར་ཁྲོད་རྒྱན་ལྡན་གར་སྟོབས་བསྒྱུར། །རལ་གྲི་འདར་ཞིང་གློ་སྙིང་ཟ། །འཛིན་ཅིང་གསོད་པའི་ཕྲིན་ལས་འགྱེད། །ལྷོ་རུ་ཡ་ལས་གནོད་སྦྱིན་གཙོ། །དམར་ནག་ཞིང་ཆེན་རལ་པ་ཁྲག །གསེར་གྱི་རལ་གྲི་མདུང་དམར་འཛིན། །ཡུམ་ནི་བྱ་ཐག་ནད་རྐྱལ་འཛིན། །སྐྱེས་བུ་བཞི་དང་སེ་མོ་བཞི། །མི་དམར་བཤན་པ་བཞི་བཅུ་གཉིས། །འཇིག་རྟེན་སྐྱེས་པའི་ཆ་ལུགས་རྫོགས། །ནུབ་ཏུ་ར་ལས་ར་ཧུ་ལ། །དུད་ཁ་མགོ་དགུ་རོ་སྨད་སྦྲུལ། །མགོ་ལུས་ཀུན་གསལ་རལ་པ་ཁྲག །གྲི་གུག་ཐོད་པ་བསྣམས་པའོ། །སྲིན་པོ་བཅུ་དང་སྲིན་མོ་བཅུ། །མཚོན་ཆ་རྣོ་དབལ་ལོངས་སྤྱོད་འཛིན། །བྱང་དུ་མ་ལས་ཟ་བྱེད་མ། །མཐིང་ནག་རལ་པ་དུག་རླངས་ཅན། །ཤུན་གོས་རེ་ལྡེ་རྒྱུ་འཕྲེང་ཞགས། །སེང་སྤྲུལ་ཉི་ཟླ་ཆས་ཀུན་རྫོགས། །གཡས་པ་ཁྲམ་ཤིང་ནད་རྐྱལ་གཡོན། །དྲེད་ནག་ཞོན་ནས་མེ་དཔུང་དབུས། །རླུང་ནག་འཚུབ་མའི་དཀྱིལ་ན་བཞུགས། །རིགས་ལྔའི་མ་མོ་འབུམ་ཕྲག་འཁོར། །གཞན་ཡང་མ་མོའི་འཁོར་གྱི་ཚོགས། །སྔོན་བཞིན་འདིར་ཡང་འདུས་པར་བསྒོམ། །རང་བཞིན་གནས་ནས་སྤྱན་དྲངས་ལ། །དུར་ཁྲོད་གནས་སུ་བསྟན་པར་སྟིམ། །སྔོན་འབྱུང་རྗེས་འཇུག་འདིར་མི་འཇུག །ཕྱི་ནང་གསང་བའི་མཚན་ནས་བརྗོད། །དམ་ཚིག་རྟེན་པ་དག་དང་སྦྱར། །མཆོད་པའི་རིམ་པ་ཚུལ་བཞིན་དབུལ། །དེ་ལྟར་བླ་རྡོ་བཅང་ཞིང་བཟུང་། །ཕ་ཝང་ལོང་བུའི་རྡོ་བ་ལ། །ཙ་ར་རོག་པོའི་སྙིང་ཁྲག་གི །ཧཱུྃ་དང་ཧྲི་ཡ་ཛ་མ་བྲི། །ཡུངས་ཀར་ནང་དུ་བཅུག་ལ་བཞག །ཧཱུྃ་གི་དམ་ཚིག་ཁྲོ་བོ་ལ། །གཞི་ནི་འཁོར་ལོ་བླ་རྡོ་སྲོག །ལྕགས་ཐིག་ངོས་ལ་རྡོ་ནག་དུག །དུན་བྲི་ཡབ་ཀྱི་བླ་རྡོ་སྲོག །འཕྱོ་སྒོ་ངོས་ལ་རཀྟ་ཡིས། །མ་བྲིས་ཡུམ་གྱི་བླ་རྡོ་ཡིན། །གཉིས་ཀ་ཆགས་པའི་སྣོད་དུ་གཞུག །སྨན་ལ་ཡི་དམ་སྙིང་པོའམ། །དཔའ་བོ་འབྲུ་ལྔ་བྲིས་ལ་གཞུག །གཟུངས་ཐག་གདགས་ལ་ཆངས་བར་བཟུང་། །ཐུན་མཚམས་ལྕགས་ཕུར་དབལ་ལ་གདགས། །ཡུངས་དཀར་དྲག་པོ་ཁྲོ་བོ་ཡིས། །དབང་བསྐུར་དྲག་ཏུ་བཀྲད་ལ་བསྐུལ། །བསྙེན་དང་ཉེ་བསྙེན་ཤས་ཙམ་བཏང་། །སྒྲུབ་སྔགས་དྲག་པོ་བཅུ་བཞི་པས། །དབང་མེད་སྲོག་ཡིག་ཚང་བར་བསྐྱེད། །མྱུར་ཏུ་དགུག་ཅིང་རྟེན་ལ་བསྟིམ། །སྐབས་སུ་སྨན་གྱི་ཚ་བ་གཞིལ། །ཤ་ཁྲག་གཏོར་མ་ཕུད་ཀྱིས་མཆོད། །སྐབས་སྐབས་རྟེན་ལ་ཡུངས་ཀར་བྲབ། །བསྒྲུབ་སྔགས་ཉིད་དང་སྤྲུལ་པ་བཞི། །འབར་བའི་ཚིག་གིས་དམིགས་པའི་མིར། །སྲོག་ལ་བྷྱོ་བྷྱོ་སྦྱར་ཅིང་བསྐུལ། །བཅུ་གཉིས་མཐའ་ལ་རྦད་སྔགས་གདགས། །ༀ་བྷུ་རུ་ཀུ་རུ་ཨི་བྱི་ཨུ་ཙཥྨ་ཀྲོ་ཏ་ཧཱུྃ་ཕཊ། ཀྲོ་ཏ་ཡཀྴ་རཀྴ་ཙིཏྟ་ས་མ་ཡ་བྷྱོ། ༀ་བྷུར་མ་ཧ་ཀ་ལ་ཪྣྲི་ཐུམས་ལམ་ཐུམ་རིལ་རྦད་སུ་ཪྣྲི་ཛ། དགྲ་པོའི་སྙིང་ལ་ཡ། ཏྲག་རཀྴ། ཪྣྲི་ཐུམ་རིལ་རྦད་སྙིང་ཁ་རག་ཪྣྲི་ཛ་བྷྱོ་བྷྱོ། ཡུངས་ཀར་ཁྲོ་བོའི་མཐུན་གྱིས་བྲབ། །དམ་ཚིག་ཁྲོ་བོའི་དབང་པོ་བསྐུལ། །སྡེ་བཞི་སྤྲུལ་པ་འཁོར་བཅས་ཀྱིས། །དམིགས་པའི་དགྲ་བོའི་ཡུལ་ཁམས་བཀང་། །བླ་དང་ཤེས་པ་དགུག་ཅིང་སྟིམ། །དཔལ་མགོན་པོ་ནག་པོ་འཁོར་བཅས་རྦད། །མ་ཉེས་དཔང་གཟུགས་འོ་འདོད་འབོད། །ཐུན་མཚམས་གུ་གུལ་མེ་དུད་བཏང་། །གང་ཡིན་ལྷ་ལ་ཐུན་གྱིས་བྲབ། །རཀྟ་ཁྲག་སྦྱར་སྐུ་ལ་གཏོར། །ཐུགས་རྗེ་རྒྱུན་དང་ལྡན་པར་བསྐྱེད། །དམིགས་པ་འགུགས་འཆིངས་ཁྲམ་ལ་འདེབས། །ཀུན་ཀྱང་བྱེ་རུའི་མདོག་ལྟར་བསམ། །ཆགས་པས་གཡེལ་མེད་ཕྲིན་ལས་དྲན། །གོ་མཚོན་ཆ་ལ་རྡུང་བ་དང་། །དམག་འདྲེན་གཡུལ་འགྱེད་ལིངས་པ་ཆས། །ལས་ལ་ཚུད་པའི་མཚན་མ་ཡིན། །སྔོན་དུ་ཁུགས་ན་ལིངྒ་འགུལ། །དྲག་པོ་ལས་ལ་སྦྱོར་བ་ལ། །ཕུར་པའི་དགོངས་པ་གོང་བཞིན་སྦྱར། །ཅི་ནས་ལས་མྱུར་རང་ལ་ཤིས། །ནུས་པ་མི་ཆོར་གཡེལ་བ་མེད། །ཉིན་མོ་རྦད་ཅིང་དམིགས་པས་དགུག །དེ་ནས་བསད་པའི་སྔགས་འདི་སྦྲེལ། །ༀ་མ་ཧཱ་ཀ་ལ་ཪྣྲི་ཛཿ སྙིང་ལ་ཐུམ་རིལ་རུས་པ་ལ་རྦད་སུ་རྦད་སུ་ཪྣྲི་ཤ་ཙིཏྟ་ཡ་རྦད། ཁྲག་ཐིབས་རྦད། རྨུགས་ཤག་གླིང་དུ་རྦད། སྙིང་ལ་ཪྣྲི་ཛ་ཛཿ སྲོག་ལ་ཙ་བམ་སྙིང་ལ་ཡ་ཡ། ཧབ་ཧབ་ཪྣྲི་མ་ར་ཡ་ཕཊཿ ཉི་མ་དམར་ཐག་ཆད་པ་ལ། ཕོ་ཡི་རེག་ཆོད་སྔགས་འདི་གདགས། །ཤྲི་ཧེ་གྷོ་ཛ་ཤག་རྦད། མུ་རོ་ཙིཏྟ་ནི་ཤག་རྦད། རེ་གེ་ཤོ་ནི་ཤག་རྦད། ཡ་མེ་ཏེ་ཤ་ནི་ཤག་རྦད། ར་ཧུ་ར་ན་ནི་ཤག་རྦད། ཙི ཏྟ་རི་མ་ནི་ཤག་རྦད། ཤ་ན་དུར་ཁྲོད་ཁྲོཾ་བཛྲ་ཤ་ཏི་ཚེ་སྲོག་མ་ར་ཡ་རྦད་རྦད། སྐམ་ཐུན་ཐུན་ཁྲག་ནང་ནས་བྲབ། །མཆོག་ཕུར་ལས་ཀྱི་མགོན་པོར་བསྒོམ། །སྙིང་ལ་གདབ་ཅིང་དྭངས་སྙིགས་འབྱེད། །གསང་བའི་རྔ་བརྡུང་དྲག་ཏུ་བསྐུལ། །དྲེགས་པ་ཕོ་རྣམས་སྲོག་ལ་རྔུབ། །བཀའ་སྡོད་ལས་ཀྱི་བཤན་པ་ཡིས། །གྲི་གུག་ཁོག་གཤགས་སྙིང་ཕྱུངས་ནས། །གཙོ་བོའི་ཞལ་དུ་བཏབ་པར་བསམ། །གནོད་སྦྱིན་ཚོགས་དང་མཆེ་གཤོགས་གིས། །ཤ་ཁྲག་ཟ་ཞིང་རྒྱུ་མ་འདྲེན། །ཕོ་གཤེད་གནད་ཀྱི་རེག་ཆོད་ཀྱི། །དམིགས་པ་རླག་པའི་འཕྲིན་ལས་ཡིན། །མཚན་མོ་བསྒྲུབ་སྔགས་གཉིས་པོ་ལ། །བསད་སྔགས་སྦྲེལ་ལ་དྲག་ཏུ་བཟླས། །ཐོ་རངས་ལྷ་འདྲེ་རྒྱུ་དུས་ནས། །མོ་ཡི་རེག་ཆོད་སྔགས་འདི་བཟླས། །ༀ་མ་ཧཱ་ཀཱ་ལི་མ་བྷྱོ་རུ་ལུ་རུ་ལུ་ས་མ་ཡ་བྷྱོ། ཏྲག་རཀྴ་ཁ་མུན་ཏྲ་བྷྱོ། རུ་ལུ་རུ་ལུ་མ་ར་ཡ་ཐུན་བྷྱོ་ཏྲཀ་མོ་རཀ །སྙིང་ཁྲག་མ་ར་ཡ་ཐུན་ཡ། །དྲག་མོ་རག་མོ་ཆེ་གེ་མོ་ལ་ཐུན་ཡ། །དུག་ཁྲག་གཤེར་ཐུན་ན་འུག་དབབ། །མ་མོ་སྲིན་མོ་གནོད་སྦྱིན་མོ། །བདུད་མོའི་ཚོགས་ཀྱི་དམག་ཚོགས་ཀྱིས། །དམིགས་པའི་ལུས་ལ་ནད་མཚོན་གྱིས། །འོད་ཟེར་བུ་ག་དགུ་ནས་འདུས། །སྔོ་དམར་དུག་གི་རྩ་རྣམས་ཁེངས། །སྙིང་ལ་འདུས་ལ་དྭངས་སྙིགས་ཕྱེ། །དང་མ་ཆོས་ཉིད་བདེ་བར་ཐིམ། །ཕུང་པོ་ཤ་ཁྲག་མ་ཚོགས་རོལ། །ཞག་གྲངས་དགུ་ཡི་ཏིང་འཛིན་ལྟར། །ཐུན་རྫོགས་དངོས་དང་འབྲེལ་བའི་གཟུགས། །བྱང་ཤར་ལྕགས་མཁར་སྒོ་མེད་དུ། །དུག་ཤིང་འདུས་པའི་མེ་ལ་བསྲེག །ཕོ་སྔགས་མོ་སྔགས་དྲིལ་ལ་བྲབ། །གསེར་སྐྱེམས་ལྷ་འདྲེ་ཀུན་ལ་བཏང་། །ཟོར་ལམ་ཕྱེ་ལ་བསེ་མདའ་ལ། །ནང་དུ་དྲག་པོའི་སྐམ་ཐུན་བླུག །ཐུན་ཁྲག་བླུག་ལ་དུག་ཤིང་མེར། །རྣོ་དབལ་དམར་ནག་ཚིལ་ཆེན་བདུག །དྲག་པོའི་མེ་སྦར་དགྲ་ལ་བརྡེག ། ཟོར་གྱི་རྒྱལ་པོ་མཆེད་བཞི་ལ། །རྒྱུད་ལས་བྱུང་བ་བཞིན་དུ་བསྐུལ། །བསྙེན་བསྒྲུབ་བསད་ཐུན་ཀུན་དྲིལ་ལ། །དྲག་པོ་ཟོར་སྔགས་འདི་ཡིས་འཕང་། །ༀ་རི་ལི་ལི་སྙི་ལི་ལི། །རམ་ཤིག་ཕྲུ་ལུ་ལུ། །སྲོག་རྩ་མ་ར་ཡ་རྦད། །ཙི་ཏའི་དཀྱིལ་དུ་ནྲྀ་ཛ་ཐུན། །ཁྲག་གི་སེར་ཆེན་ཕོབ་ཕོབ། །མི་སྟེགས་ལོག་ལྟའི་ཐོད་པ་རུ། །ཐུན་ཁྲག་བླུག་ལ་ངར་བླངས་སྟིམ། །དུར་སྐྲའི་མགུལ་རྡོག་ཁྲག་མདའ་འཕང་། །བྷྱོ། ལྷ་ཡི་སྡེ་དཔོན་ཚོགས་ཀྱི་བདག །ལེགས་ལྡན་ནག་པོ་མཐུ་བོ་ཆེ། །དུར་ཁྲོད་བདག་པོ་སྒྲོལ་བའི་གིང་། །ཁྱད་པར་འཕགས་པའི་བླ་མ་ལ། །དང་བའི་སེམས་ཀྱི་མོས་བཏུད་ནས། །མཐུ་ཆེན་འཇིགས་པའི་སྐྱབས་ཚོལ་ན། །དཔལ་གྱི་སྤྱན་སྔར་དམ་བཅས་པའི། །ཆོས་ཀྱི་སྲུང་མ་དམ་ལ་འདུ། །སྔགས་ཀྱི་མ་སྲིང་ལས་ལ་ཆོས། །འདོད་ཁམས་བློན་མོ་དམ་ལ་འདུ། །མགོན་པོ་ནག་པོ་དམག་སྣ་དྲོངས། །བདུད་འདུལ་སྒྲོལ་གྱི་ཟོར་འདི་ཕོངས། །དགྲ་བོའི་ལྔ་ཕུང་གཤོམས་པའི་ཕྱིར། །མུ་སྟེགས་ཀ་ལའི་ཐོད་པ་ལ། །ཟོར་གྱི་གཞུ་མཆོག་ལམ་སེ་ལམ། །སྔགས་ཀྱི་རྒྱུད་སྒྲ་བྲེང་ངེ་བྲེང་། །རཀྟ་ཆགས་པའི་སྙུག་མ་ལ། །གསོད་བྱེད་འུག་པའི་སྒྲོ་ཡིས་སྐྱོན། །ཚ་དབལ་ཐུན་གྱི་རུས་ཀྱིས་དཀྲིས། །ཡུངས་ཀར་མཐུན་གྱི་མདེའུ་གསལ། །ཏིང་འཛིན་དྲག་པོའི་རྩལ་གྱིས་འཕང་། །དགྲ་བོའི་སྙིང་ལ་དུག་མདའ་ཡ། །རྣམ་ཤེས་རྟེན་ལ་དུག་མདའ་ཡ། །ༀ་མ་ཧཱ་ཀ་ལ༴ ཆེ་གེ་མོ་སྲོག་ཕྲིག་ཕྲིག་ཆུམ་ཆུམ་ཧུར་ཧུར་རག་མོ་སྙིང་རྩ་ལ་བྲེང་བྲེང་། དམ་དམ་མ་མ་ཏྲག་མོ་ཏྲཀ་མོ་བྷྱོ་བྷྱོ། རྒྱུད་ལ་མེ་འབར་ཆས་གོས་གདབ། །སྲིད་པའི་ལྷ་སྲིན་དམ་བདར་སྦྲན། །དེ་ལྟར་དྲག་པོའི་ལས་རྫོགས་ནས། །བསད་པའི་རྟགས་རྣམས་རྫོགས་པར་འབྱུང་། །ཁྲ་ཡི་བྱིའུ་དེད་པ་དང་། །གར་འོང་བླའི་ཆོ་འཕྲུལ་ལ། །སྤུ་འབྱིད་འདོགས་དང་གསོད་པ་དང་། །ཤ་ལ་ལོངས་སྤྱོད་གོས་ལ་རོལ། །བྲག་ཆེན་རྩད་ནས་བཏོན་པ་ནི། །གདུང་རྒྱུད་རྩད་ནས་ཆད་པར་ངེས། །སྡོང་པོ་བརྩད་ནས་ངོ་བོ་འཆི། །ཞ་ལག་བརྩད་ནས་འགབ་ལ་ངན། །དངོས་པོ་བསད་ནས་སྙིང་ཕྱུང་ཟོས། །ཐེ་ཚོམ་མེད་པའི་ལས་ཡིན་ནོ། །རྒྱན་ཕྲོགས་གོས་ཤུས་རོགས་ལ་ངན། །གཞན་ཡང་སྒྲུབ་པའི་དུས་དག་ཏུ། །མུན་སྤྲང་སློང་དང་ལོངས་སྤྱོད་འགྱེད། །འབྱོར་པ་འདོད་ཡོན་གཏོར་ཚོགས་བཏང་། །གཞན་ཡང་ཉེས་ལེགས་དཀྱིལ་འཁོར་ནི། །ས་སྣ་བདུན་གྱི་འདག་ས་ལ། །ཚད་དང་ལྡན་པའི་མཁར་བྱས་ལ། །ནང་དུ་ལེགས་ལྡན་གཟུགས་བརྙན་བསྟན། །སྟེང་དུ་ལས་ཀྱི་བྱ་ཁྱུང་བཞག །དུར་ཁྲོད་རོ་རས་ཁྲུ་གང་ལ། །དམིགས་པའི་དྲི་མ་ཧ་ཞིག་དང་། །གོ་རོ་ཙ་ན་སྦྱར་ལ་བྱུག །སྦྲུལ་ནག་འ ཁྲིལ་བའི་དུག་བར་དུ། །ཕྲག་དོག་སྦལ་པའི་ལྟོ་བ་རུ། །རྡོ་སྲོལ་དུག་ཁྲག་སྦྱར་བྱས་ལ། །ཀཾ་ཀའི་སྒྲོ་རྩས་སྙུག་གུ་བྱ། །མུ་ཁྱུད་རིམ་པ་བཞིས་བསྐོར་ཏེ། །བ་དམར་ཁྲག་དང་རྩི་སྨན་གྱིས། །དབུས་སུ་དམིགས་པའི་ལི དྒ་བྲི། །གཡས་སུ་གཉན་མོ་གཡོན་དུ་ཀླུ། །ལུས་ལ་མིང་རུས་རྫོགས་པར་བྲི། །རྒྱབ་ཏུ་ས་བདག་འདོམས་སུ་བཟོད། །འབྱུང་པོའི་དུག་བཞི་དམིགས་པ་བཟུངས། །དེ་ཡི་ཕྱི་རིམ་སྔགས་འདི་དག །ཡིག་མགོ་ནང་དུ་བསྟན་ལ་བྲི། །ན་ག་དུ། ན་ག་དུ། ཧེ་ལི་ཧེ་ལི་འདུས་འདུས། ཨེ་ན་ག་ཀྲོ་ཏི་ཤྭོ་རི། ན་ག་རག་མོ་ཧེ། ཀུ་ལ་ཕེ་ཤན། ཕོས་ཕོས་ཤིག་ཤིག །ཧུ་ཡ་ཧུ་ཡ་ཀླུ་མོའི་ཚོགས། ཧ་ཞེན་ཧ་ཞེན། ན་ག་ཞེན་ན་ག་ཞེན། སུ་མོ་ཞེན་སུ་མོ་ཞེན། པ་ཁྲག་ཞེན་པ་ཁྲག་ཞེ་ན། །དབུགས་ལ་ཐུམ་ཐུམ་སྭཱ་ཧཱ། ཀླུ་སྲིན་བཏུད་དེ་དབང་མེད་འཁྲིལ། །དེ་མཐར་ཐུན་ཁྲག་སྔགས་འདི་དང་། །མིང་བྱང་སྤེལ་ལ་བྲི་བར་བྱ། །ན་ག་དུ་ན་ག་དུ། ཧ་ིལི་ཧི་ལི། ན་ག་འདུས་འདུས། ནག་པོ་འམ་ཙི་ཙི་རྒྱས་ཏྲག་ཐུར་སྙིང་ལ་ཐུར། མྱགས་མྱགས་རྩ་བཞི་བསྐུམ། ཤན་ཤན་ཆེ་གེ་མོའི་སྲོག་ལ་ཤན། ཐུར་ཐུར། སོད་སོད། ན་ག་གུར་ལིང་༴ སྙིང་ལ་འདུས་འདུས། རྣི་ལང་རྣི་ཆོད། ས་མ་ཡ་དམ་ཛ་ཛཿ ན་ག་རཀྴ། ཆེ་གེ་མོ་ཁཱ་ཧི། དེའི་མཐའ་མ་ཀ་ལི། བསྙེན་སྒྲུབ་བསད་མཐུན་ནང་བསྟན་བྲི། །དབང་ཕྱུག་ལེགས་ལྡན་ནག་པོ་ནི། །འཆི་བདག་ཀླུ་ཡི་དེད་དཔོན་ཡིན། །འཁོར་ལོ་དྲིལ་ན་བཙན་མཛེའི་རཱ། །ཀུ་ཀུ་ཀ་ལ་སུ་པུ་ར། །ཙི་ཏི་ཛྭ་ལ་ཐོད་པ་རུ། །རྒྱ་མཚོར་ཁྲོ་བཅུའི་རྒྱས་བཏབ་ནས། །མུན་པ་ནག་པོའི་གླིང་དུ་དྲིལ། །དཀར་ནག་སྦྲུལ་གྱི་ཐག་པས་བསྡམས། །རང་ཉིད་མགོན་པོ་ནག་པོར་བསྒོམ། །ནག་གསུམ་གླ་ཙི་ཁྲག་དང་དུག །དྲི་སྤོས་སྦྱར་ལ་ལུས་ལ་བྱུག །ལྷ་སྲིན་ཀུན་ལ་གསེར་སྐྱེམས་བཏང་། །བརྟེན་བདག་དེ་ལ་རྩི་སྨན་སྦྱིན། །ནག་པོ་རྡོལ་བའི་སྲང་ན་ཡར། །མདའ་གང་བཅལ་བར་དོང་བྲུས་ལ། །ཕྱོགས་བཞིར་མཆོག་གི་ཕུར་པ་བཞི། །གཤིན་རྗེ་གཤེད་དང་རྟ་མགྲིན་དང་། །གསང་བདག་ཉིད་དང་སྤྲུལ་པ་བསྒོམ། །ཐོད་པ་དོང་དུ་བཅུག་ནས་ཀྱང་། །སྙིང་པོ་སྡེ་གཉིས་བརྒྱ་བརྒྱ་བཟླས། །མང་ན་རང་ལ་ཀླུ་སྲིན་འདུ། །དེའི་སྟོང་ཁམས་ཀླུ་རྣམས་ཀུན། །མོ་རྣམས་ཆགས་པའི་ཚུལ་གྱིས་འཁྲིལ། །ཕོ་རྣམས་རྔམ་པའི་ཟས་སུ་ཟ། །ཁྲོ་བོ་འཁོར་དང་ཁྱུང་གི་མནན། །མགོན་པོའི་སྔགས་རྣམས་དྲིལ་ལ་བཟླས། །དཔལ་མགོན་པོ་ནག་པོའི་ཞབས་འོག་ནས། །འཇིག་རྟེན་ཀླུ་རྣམས་ལས་བྱེད་བསམ། །དུར་གཡམ་རྒྱ་གྲམ་སྟེང་ནས་དགབ། །ཉི་ཤུ་རྩ་གཅིག་ཕྱིར་བསྐྱེད་ལ། །ཐོ་གཟུགས་དྲག་པོའི་དལ་ལ་བསྒོམ། །བསྐོར་བ་ཕྱི་ནང་འོག་ཏུ་བྱ། །དུག་གི་སྒྲོ་བར་བསྟན་པ་དྲུད། །དུག་ཁྲག་གཏིབས་ལ་རང་རྗེས་དགབ། །དགྲ་ཡི་མཁར་ལ་ཆུ་ལ་རྡེག །སླར་ལོག་བཀྲ་ཤིས་ཚོགས་མཆོད་བྱ། །དེས་ནི་ལས་ལ་ཐེ་ཚོམ་མེད། །ནག་པོ་ལྡོག་པའི་མཚན་མ་ནི། །མུན་པ་གོས་དང་མཛེ་ཅན་རྒོལ། །གཡག་རྒོད་རྡུང་ཞིང་གཅན་ཟན་རྨུགས། །ཆུ་ནག་གྱེན་ལ་ལྡོག་པར་འགྱུར། །ཅིས་ཀྱང་ལས་འགྱངས་ལོག་གྱུར་ན། །ཀན་དྷའི་ཤིང་ལ་མགོན་པོའི་གཟུགས། །མཐོ་གང་ཚད་ལ་སྐྱེ་མཆེད་རྫོགས། །ཕྱི་རོལ་རུ་ལུ་བཟློག་པ་བྲི། །ལག་པ་གཡས་གཡོན་བསྙེན་སྔགས་གཉིས། །རྐང་པར་སྤྲུལ་པ་བསོད་པའོ། །ཐུན་སྔགས་ཁོ་རང་ལུས་ལ་བྲི། །དེ་ལ་དགུག་ཅིང་སྟིམ་བྱས་ལ། །དགྲ་ཡི་གཟུགས་དང་སླས་བྱས་ལ། །ཞག་གསུམ་དཔལ་གཏོར་འོག་ཏུ་གཟིར། །བསྙེན་བསྒྲུབ་སྔགས་ལ་མས་བཟློག་རྡེག །དྲག་ཤུལ་འབྱུང་བའི་ཉིན་ཞག་ལ། །རལ་གྲི་འཕྱར་ཞིང་གཉེན་པོ་སྡིགས། །དུག་ཤིང་གདུག་པའི་མེ་ལ་བསྲེག །བཀའ་བརྟེན་ས་ལ་ཐལ་བ་སྦྱར། །གཟུགས་བྱང་ཁོང་པར་མིང་རུས་གཟུགས། །མགོན་པོ་བསྐྱེད་ལ་བདུད་རྩི་གསོལ། །མཆོད་པ་ཕུལ་ལ་ལས་གཉེར་གཏད། །དུད་ཁྲོད་དབུས་སུ་དོང་བྲུས་ལ། །མགོན་པོའི་གཟུགས་གཞུག་དུར་གཡམ་དགབ། །མཆོད་རྟེན་ནག་པོ་མཐོ་གང་ལ། །ཟུར་གསུམ་གུ་གུལ་ནག་པོས་བདུག །སྟེང་བཞག་བསྙེན་པོ་ཕོ་བྲང་བསྐྱེད། །ལྷ་ཉིད་གནད་ལ་དབབ་པ་སྟེ། །ཡ་བག་ཤ་ར་རབ་ཏུ་གསང་། །མངོན་རོལ་གསང་བའི་རྒྱུད་དག་ལས། །སངས་རྒྱས་བསྟན་པ་བསྲུངས་བའི་ཕྱིར། །དཔལ་མགོན་སྒྲུབ་ཐབས་འདི་བགྱིས་པས། །སྔགས་པའི་སྐུ་དགྲ་སྒྲོལ་གྱུར་ཏེ། །བསྟན་པ་ཡུན་དུ་གནས་པར་ཤོག །དཔལ་མགོན་པོ་ནག་པོ་དུར་ཁྲོད་མངོན་པར་རོལ་པ་མཚོན་ཆ་འཁོར་ལོའི་སྒྲུབ་ཐབས་རྒྱ་གར་གྱི་མཁས་པ་དཔལ་རྡོ་རྗེ་འཆང་གི་ཞལ་མཐོང་བའི་རྡོ་རྗེ་ཧཱུྃ་མཛད་ཀྱི་མཛད་པ་རྫོགས་སོ། །གྲུབ་ཐོབ་བྲམ་ཟེ་དཔལ་བའི་རྒྱལ་མཚན་གྱིས། །བལ་པོ་བྷ་སུ་དྷ་ར་ལ་གདམས། །དེས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་གདམས། །གཡས་རུའི་ཆ་རྐྱེན་དུ། གཡས་རུ་སྨུག་ཀྱི་རྡོ་རྗེ་སྒྲོམ་བུ་རུ་གཏད་པའི་རྒྱའོ། །ས་མ་ཡ། རྒྱ་རྒྱ་རྒྱ༔ ༈ འབར་བ་ཁྲོ་བོ་ཕྱག་རྒྱ་དངོས་གྲུབ་ཀྱི་བསྒྲུབ་ཐབས་བཞུགས་སོ། །རྒྱ་གར་སྐད་དུ། ཀྲོ་ཏ་ཛྭ་ལ་སིདྷ་མུ་ཏྲ་མཎྜ་ལ་ས་ཧ་ན་མ། བོད་སྐད་དུ། འབར་བ་ཁྲོ་བོ་ཕྱག་རྒྱ་དངོས་གྲུབ་ཀྱི་དཀྱིལ་འཁོར་བསྒྲུབ་པའི་ཐབས་ཞེས་བྱ་བ་བཅོམ་ལྡན་འདས་བཛྲ་ཧེ་རུ་ཀ་ཕྱག་འཚལ་ལོ། །མངོན་རོལ་རྒྱུད་ཀྱི་རྒྱལ་པོ་ལ། །སེམས་ཅན་ཡེ་ཤེས་བསྐྱེད་པའི་ཕྱིར། །ཡི་དམ་ལྷ་བསྒྲུབ་དཀྱིལ་འཁོར་འདི། །ལེགས་པར་བསྡུས་ལ་བསྟན་པར་བྱ ། །འདས་པའི་དུས་ན་མངོན་བྱུང་བའི། །བདག་ཉིད་ཆེན་པོ་རྟག་པ་ཡིས། །དེ་བཞིན་གཤེགས་པའི་གསུང་རབ་ལ། །འགྲོ་བའི་དོན་དུ་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ཀུན། །སྟོང་ཉིད་ཐེར་ཟུག་འགོག་པ་དང་། །ཁྲོ་གཏུམ་ལོག་ལྟ་རྐམ་ཞིང་འཇུངས། །ལེ་ལོ་གཏི་མུག་ཆགས་སོགས་ཏེ། །དེ་དག་གདུལ་བར་བྱ་བའི་ཕྱིར། །འབར་བའི་དཀྱིལ་འཁོར་བསྟན་པའི་དོན། །རྗེས་སུ་འཇུག་པའི་བསྒྲུབ་བྱ་ན། །སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །གསང་སྔགས་འཕྲིན་བསྒྲུབ་བྱེད་པ་དེ། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཁོང་ན་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །འདི་ནི་གསང་ཆེན་ངེས་པ་ཡིས། །འབྲས་བུ་ལམ་དུ་གྱུར་པ་ཡིན། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །སྣོད་ལྡན་ངང་ཚུལ་བཟང་ལ་བསྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །གཞན་དུ་ནམ་ཡང་སྦྱིན་མི་བྱ། །རྨོངས་ལ་འཆལ་བས་གལ་ཏེ་བྱིན། །དུས་མིན་སར་ནི་སྲོག་ཟད་ནས། །སྲོག་དང་སྦྲེབས་ལ་ཡུན་རིང་གནས། །ལྷ་བསྒྲུབ་དཀྱིལ་འཁོར་བཞི་ཡིན་ཏེ། །ཇི་བཞིན་ཉིད་དང་ཕྱག་རྒྱ་དང་། །བྱང་ཆུབ་སེམས་དང་བསོད་ནམས་ཚོགས། །ཇི་བཞིན་ཉིད་དེ་མ་བཅོས་ན། །དངོས་པོ་བཞི་ལ་གནས་བཅས་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །དེ་ནི་རྣལ་འབྱོར་དམ་པའི་ལམ། །སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ། །གསང་སྔགས་ངོ་བོ་དེ་ཉིད་ཡིན། །རྡོ་རྗེ་སེམས་པའི་རང་བཞིན་ཏེ། །ཡོན་ཏན་མཚན་གྲངས་དུ་མའི་དོན། །དོན་དེ་གསང་སྔགས་ཉིད་ཀྱིས་བཀྲོལ། །ལེའུ་གསུམ་པ་ཉིད་དུ་ཤེས། ཉམས་དགའ་ཕུན་སུ་ཚོགས་པ་ཡིས། །གནས་མཆོག་དམ་པ་ཡིད་འོང་བར། །ཚུལ་དང་མཐུན་པའི་རྫས་ཀུན་བསོག །མཎྜལ་ལ་སོགས་མཛེས་བྱས་ལ། །ཁྲུས་བྱ་མཆོད་པའི་རྫས་ཀུན་བསོག །ངང་ལས་ལྷ་བསྒོམས་སྙིང་གར་ཧཱུྃ། །བགེགས་བསྐྲད་ཕྱོགས་བསྲུང་ར་བ་གུར། །ལ་དྲུང་འོད་ཟེར་དབང་པོ་དགུག །ཕྱག་འཚལ་མཆོད་པ་འདི་ཡང་དབུལ། །ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ཧེ་རུ་ཀ་བཛྲ་ཀྲོ་དྷ་ར་ཛ་མ་ཧཱ་ཛྙཱ་ན་མཎྜ་ལ་ཧཱུྃ། ཡོན་ཆབ་བདུག་སྤོས་མར་མེ་དྲི། །མེ་ཏོག་གཏོར་མ་བདུད་རྩི་ཁྲག །དངོས་སམ་ཡིད་སྤྲུལ་སྔགས་ཀྱིས་དབུལ། །སྡིག་པ་བཤགས་པ་འདི་ཡང་བརྗོད། །བདག་འདྲ་ལོག་པའི་སྟོབས་བདག་གིས། །ཐོག་མཐའ་མེད་པའི་དུས་མཐའ་ནས། །སྲིད་པའི་འཁོར་ལོར་གཏན་འཁྱམས་ནས། །སྐྱེ་བ་མང་པོར་ལུས་བླངས་པ། །སུས་ཀྱང་མ་བྱས་རང་གི་ལས། །དེ་ཙམ་ཆ་གཅིག་དོན་སྤྱད་ན། །ད་ཙམ་དོན་གྱི་སངས་རྒྱས་ཟིན། །རང་ལུས་གཏོང་བ་མ་ཕོད་ཅིང་། །ཆགས་པའི་མཐའ་ལ་མངོན་ཞེན་པས། །ཟུག་རྔུ་ནད་ཀྱིས་ཟིན་པ་ཡིན། །སྲིད་པའི་བཙོན་རར་ཆུད་པ་འདི། །མཁའ་ལ་མདུད་པ་རྒྱབ་པས་ཉེས། །འཁོར་བའི་རླུང་སྒོར་ཁྱེར་བ་འདི། །ལས་ཀྱི་རླུང་གི་ཉེས་པར་ངེས། །དུས་གསུམ་རྒྱལ་པ་མ་ལུས་ལ། །འདི་དག་མི་འཆབ་མཐོལ་ལོ་བཤགས། །རྡོ་རྗེ་སེམས་དཔའ་ཡིད་ཚིམ་ཡིད་སྐྱབས་སྟོབས། །རྡོ་རྗེ་སེམས་དཔའ་ཉེ་ཞིང་བརྟན་པར་མཛོད། །བདེ་བར་གྱུར་ཅིག་ཀུན་ཏུ་བདེ་གྱུར་ཅིག །ཤིན་ཏུ་བདག་ལ་ཐུགས་རྗེ་ཆགས་པར་མཛོད། །བདག་ཉིད་ཤིན་ཏུ་བདེ་བར་འགྱུར་མཛད་ཅིང་། །དངོས་གྲུབ་ཐམས་ཅད་བདག་ལ་མྱུར་དུ་སྩོལ། །འཕྲིན་ལས་ཐམས་ཅད་བདག་ལ་དག་པར་མཛོད། །སེམས་དཔའ་དཔལ་དུ་མཛོད་ཅིག་ཐུགས་རྗེས་བདེ། །བཅོམ་ལྡན་དེ་བཞིན་གཤེགས་པ་ཐམས་ཅད་ཀུན། །རྡོ་རྗེ་སེམས་དཔའི་དཀྱིལ་དུ་བདག་དྲིལ་ཅིག །རྡོ་རྗེ་འབྱུང་བ་ཆེན་པོའི་དམ་ཚིག་གི། ། སེམས་དཔའ་སྐྱེ་མེད་ཀློང་དུ་དག་པར་མཛོད། །དེ་འམ་ཡང་ན་སྡིག་བཤགས་བྱ། །ༀ་ཏ་ཀེ་མ་ཏ་ཀེ་མ་ཕཊ། ཀྲོ་ཏ་ཀྲོ་ཏ་རམ། ཧ་ལ་ཧ་ལ་ཡཾ། ཏིག་སྣ་ཏིག་སྣ་ཁཾ། དང་པོ་སྟོང་ཉིད་དག་པར་བསམ། །དང་པོ་འོད་དུ་ཞུ་ནས་བདག་ལ་ཐིམ། །རང་སྣང་གནས་དང་ལྷར་གསལ་མཆོད་པ་དབུལ། །ༀ་བཛྲ་ཨ་མྲྀ་ཏ་སརྦ་མནྡ་ལ་ཧཱུྃ་ཧྲཱིཿཋཱཿ ༀ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བྷ་ལིངྟ་ཧཱུྃ། ༀ་མ་ཧཱ་རཀྟ་ར་ག་ཤུ་ནེ་ཏ་མ་ཧཱ་སུརྻ་མཎྜ་ལ་ཧཱུྃ། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །སྟོང་ཉིད་རབ་ཏུ་གསལ་བ་ལས། །སྙིང་རྗེའི་ཡུལ་དུ་བསྒོམ་བྱ་ཞིང་། །དབྱེར་མེད་ཡེ་ཤེས་རང་གསལ་བའི། །ཡི་གེ་ཧཱུྃ་དུ་བསྒོམ་པར་བྱ། །ཧཱུྃ་ཨེ་ཡྃ་རྃ་ཀིཾ་རྃ། གོ་འབྱེད་ཡེ་ཤེས་བསྡུད་པའི་རླུང་། །དུར་ཁྲོད་ཆེན་པོ་རབ་འཇིགས་པའི། །ཁྲག་གི་རྒྱ་མཚོ་འཁྲུག་པའི་དཀྱིལ། །ཀེཾ་རུས་ཆེན་པོའི་རི་རབ་ཀྱི། །སྟེང་གི་འབར་བའི་ཀློང་དཀྱིལ་ན། །བྷཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ། མ་ཧཱ་རུ་ཏྲ་ནན། །དེ་བ་ཏིཥྛ་ནན། །དུད་ཏི་ཙཀྲ་ༀ། མ་ཧཱ་སུརྻ་མཎྜ་ལ་ཏི་ར་བྃ། འབར་བའི་འཁོར་ལོ་རྩིབས་བཞི་ལ། །གྲུ་ཆད་བཞི་ཡི་རྣམ་པར་བརྒྱན། །གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། །འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས། །ཐོད་སྦྲུལ་སྣ་ཚོགས་ཉི་མས་བརྗིད། །འབར་བའི་ཁྲོ་བོ་མང་པོ་འཁྲུག །ཁྱུ་མཆོག་མ་ཧེ་གཟིག་དང་སྟག །གཏུམ་པོ་དམ་གྱི་སྤར་བས་ནི། །དབང་ཕྱུག་ལྷ་ཆེན་ལ་སོགས་བཟུང་། །ༀ་བཛྲ་གནྡྷ། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། རཏྣ་ཤྭ་ར ི་ཥྚོཾ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ༀ་བུདྡྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། བུདྡྷ་མ་ཧཱ་ཀྲོ་ཏི་ཤྭ་རི་ཥྚོཾ། ༀ་རཏྣ་མ་ཧཱ་ཤྲཱི་རི་ཧེ་རུ་ཀ་ཧཱུྃ་ཕཊཿ རཏྣ་མ་ཧཱ་ཀྲོ་ཏི་ཤྭ་རི་ཥྚོཾ། ༀ་པདྨ་ཤྲི་ཧེ་རུ་ཀ་ཧཱུྃ་ཕཊ། པདྨ་མ་ཧཱ་ཀྲོ་ཏི་ཤྭ་རི་ཥྚོཾ། ༀ་ཀརྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། ཀརྨ་མ་ཧཱ་ཀྲོ་ཏི་ཤྭོ་རི་ཥྚོཾ། ཧ་ཧེ་ཕཊ། ༀ་བཛྲ་ཀེའུ་རི་ཧ། ༀ་བཛྲ་ཙོའུ་རི་ཧ། བཛྲ་པྲ་མོ་ཧ། བཛྲ་པེ་ཏ་ལི། བཛྲ་པུ་ཀ་སི་ཧ། བཛྲ་ཀསྨ་རི་ཧ། བཛྲ་སྨ་ཤ་ནི་ཧ། བཛྲ་ཙན་ཊ་ལི་ཧ། བཛྲ་སིདྷ་མུ་ཀ་ཧེ། བཛྲ་བྱ་ཏྲི་མུ་ཁ་ཧེ། བཛྲ་སྲི་ལ་མུ་ཀ་ཧེ། བཛྲ་ཤྭ་ན་མུ་ཀ་ཧེ། བཛྲ་ཀྲི་ཏ་མུ་ཁ་ཧེ། བཛྲ་ཀཾ་ཀ་མུ་ཁ་ཧེ། བཛྲ་ཁ་ཁ་མུ་ཁ་ཧེ། བཛྲ་ཧུ་ལུ་ཀ་མུ་ཀ་ཧེ། ཕཊ་བཛྲ་ཨ རྻ་ཏེ་ཛ་ཏེ་ང་ཛ། བཛྲ་ཨ་མུ་ཀ་ཧཱུྃ། བཛྲ་ལོ་ཀ་བཾ། བཛྲ་ས་མི་ས་ལ་ཡ་བ་ཏོ་ཧོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ། ༀ་མ་ཧཱ་ཤུ་ཛྙ་ན་བཛྲ་ཨ་ར་རི་ཤ །ས་མནྟ་པྲ་ཏ་བེ་ཤ །ཏྲི་ཏ་ཨ་ནུ་ཏ་ན་ཛྙཱ་ན་བཛྲ་སྭ་བྷ་ཨཏྨ་ཀོ྅ཧཾ། རང་བྱུང་ཡེ་ཤེས་དཀྱིལ་འཁོར་ནི། །རང་གི་སྙིང་གི་འོད་ཟེར་དང་། །དབྱངས་དང་ལྡན་པའི་ལྷ་མོ་ཡིས། །ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ནས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས་སོ། །རང་སྣང་དབྱེ་བ་མེད་པར་བསྒོམ། །འཇུག་པ་འདི་ལ་མཉམ་སྦྱོར་བས། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །བསྙེན་པའི་ད་ལ་རབ་ཏུ་རྫོགས། །ཉེ་བར་གྱུར་པའི་དམ་ཚིག་མཆོག །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨེ་ཧ་ཧེ་ཨ་ན་ཡ་ཧོཿ ཛཿ་ཧཱུྃ་བཾ་ཧོ་རྃ། དམིགས་མེད་མཁའ་ལྟར་ཁྱབ་པའི་སྐུ། །སྤྱན་དྲངས་གཤེགས་སུ་གསོལ་བར་མི་དམིགས་པའི། །ཐུགས་རྗེའི་ངང་ཉིད་ཆོས་སྐུ་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །བཛྲ་ཀྲོ་ཏ་ས་མ་ཡ་ཧཱུྃ། །ༀ། ཁྲོ་ལ་ཁྲོས་པ་ཞི་མཛད་པ། །ཐུགས་རྗེའི་ཁྲོ་དཔལ་རྔམ་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་གསོལ། །ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཕཊ། །ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཥྚོཾ། །ༀ་བཛྲ་ཀྲོ་ཏ་ས་མ་ཡ་ཧོ། བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་། །བྱམས་དང་སྙིང་རྗེ་དགྲར་འཛིན་མི་མངའ་ཡང་། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །དཔལ་ཆེན་ཡབ་ཡུམ་སྐུ་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་མའི་ཚུལ་གྱིས་གྲོགས་མཛད་མ། །གནས་ཡུལ་ཁྲོ་མོའི་སྐུ་ལ་ཕྱག་འཚལ་ལོ། །འཇིག་རྟེན་འཁོར་ལོས་བསྒྱུར་བའི་དབང་ཕྱུག་མ། །ཅི་བགྱི་བཀའ་ཉན་ཡང་སྤྲུལ་བསམ་མི་ཁྱབ། །བདུད་འདུལ་ཡེ་ཤེས་ཕོ་ཉ་མང་པོའི་ཚོགས། །འཁོར་བཅས་རབ་འབར་ཀུན་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏི་པྲ་ཧོ་བན་དྷ་ན་རོ་ཡ་མི། །ཤྲི་བན་ཡོ་ཀི་ནི་ཏི་ཏི་ཀ་ནི་ཧོཿ སྐུ་གསུང་ཐུགས་སུ་བདག་སྦྱོར་བ། །ཕོ་བྲང་དཀྱིལ་འཁོར་རང་ལས་སྤྲུལ། །ང་ནི་བདུད་ཀྱི་བདུད་སྟག་སྟེ། །ཐམས་ཅད་མ་ལུས་དབང་དུ་བསྡུ། །ༀ་ཤྲཱི་ཧེ་རུ་ཀ་སརྦ་དུ ཥྚཾ་མ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ། སྙིང་གར་མི་སྤྱོད་རྡོ་རྗེ་མཚན། །ཧཱུྃ་ལས་ལྷ་མོ་བརྒྱད་སྤྲོས་ཏེ། །དབྱངས་དང་ལྡན་པས་མཆོད་པར་བྱ། །ཧཱུྃ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རྩ་བ་འབུམ་ཕྲག་ཡངས་པའི་བཅུད། །སངས་རྒྱས་སྟོང་ལེན་གདམ་ངག་སྦྱིན་པ་ཆེན་པོ་འདི་སྦྱིན་བསྐུལ་ལོ་བསྟོད་དོ་མཆོད་དོ། །རྩ་སྔག་ཀུན་གྱིས་རིམ་པར་དབུལ། །ཡིག་འབྲུ་གསུམ་གྱིས་དངོས་གྲུབ་བླང་། །བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་གསང་བའི་མཆོད་པ་བཞེས་སུ་གསོལ། །ༀ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་དང་སྟྭཾ། གོའུ་ན་རོའུ་ཏྲི་བཛྲ་ཁ་རཾ་ཡོ་གི་ནི། ཁ་རཾ་ཏ་ཀི་ནི། པྲ་ཏི་ཛ་བ་ལིཾ་ཏ་ཁཱ་ཧི། མཉམ་པའི་གྲུབ་རྫས་ཆེན་པོ་བདག །བདག་དང་མཉམ་པའི་ཚོགས་ལ་དབུལ། །དགེས་མཉམ་མཆོག་གི་སྦྱིན་པ་དབྱིངས་ཀྱི་ངང་དུ་ཐིམ། །ཟག་མེད་བདུད་རྩིའི་མཆོད་པ་བཞེས། །མ་ཧ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། །ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོ་གནས་བརྒྱད་ནས། །ཁྲག་འཐུང་འཁོར་བཅས་སྤྱན་འདྲེན་ཏེ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་སྟི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས། །མ་ལུས་བཞེས་ནས་བསྣམས་སུ་གསོལ། །མ་ཧཱ་རཀྟ་ཁཱ་རཾ་ཁཱ་ཧི། དེ་ནས་འཁྲིལ་ཅིང་སྙོམས་འཇུག་པས། །དགྱེས་སྙམས་མཆོག་གི་མཆོད་པས་སྟིམ། །ས་མ་ཡ་ཧོ། ས་མ་ཡ་སྟྭཾ། བྷོ་དྷི་ཙིཏྟ་སྥ་ར་ཎ་ཕཊ། མི་དམིགས་ཐུགས་ཀྱི་མཆོད་པ་འདི། །ཐམས་ཅད་ཡེ་ཤེས་རང་སྣང་བ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་ངང་། །མ་མོ་རྣམས་ཀྱི་བསྟོད་ཚིག་དབུལ། །དབང་གི་འདུར་གླུ་འདི་ཡང་བརྗོད། །ཧྲཱིཿ མྱོས་བྱེད་སྟོང་བས་ལྷག་པར་བདེ་བར་འདོད་པའི་གཟུགས་སྟོན་པ། །གདུལ་བྱའི་དབང་གིས་གཤིན་རྗེ་སྟོང་བས་ལྷག་པར་རབ་ཏུ་འཇིགས། །ཞི་བའི་སྐུར་ཡང་ཚངས་པ་སྟོང་བས་ལྷག་པར་རབ་ཏུ་སྟོན། །ཐམས་ཅད་དག་པར་མོས་པས་དཀྱིལ་འཁོར་གསུམ་དུ་སྣང་བར་མཛོད། །ཧྲཱིཿ རྣམ་པར་འདུལ་བའི་དོན་མཐོང་ཐབས་ཀྱིས་རྣམ་པར་ནོན། །ཧ་ཧོ། ཧ་ཧ། ཧེ་ཧེ། དགོད་པའི་གད་མོ་ཁེང ། དབང་ཕྱུག་ཐམས་ཅད་ཤིག་རབ་ཏུ་ཤིག །རབ་ཀྱི་རྩལ་གྱིས་སྟོབས་ཀྱིས་ངོ་མཐོན་དབང་ཕྱུག་ནོན། །ཧྲཱིཿ རྩལ་ཆེན་རུ་ལུའི་མིག་གསུམ་ས་ལ་གསུམ་གྲུས་དྲོངས། །ཧྲཱིཿ རབ་ཀྱི་རྩལ་གྱིས་ནོན་པའི་སྟོབས་ཀྱིས་ངོ་མཐོན་མཐུ་ཆེན་ནོན། །རུ་ཏྲ་མ་ཏྲ་སྙིང་ལ་དཔལ་མོས་དྲོངས་ཤིག་རབ་དྲོངས་ཤིག །རབ་ཀྱི་རྩལ་གྱིས་ནོན་པའི་སྟོབས་ཀྱིས་ངོ་མཚར་ཚངས་པ་ནོན། །སྦྱོར་ཆེན་ཚངས་པ་སྒྲོལ་མ་དྲོངས་ཤིག་སྨ་ར་ཏ། །ཧྲཱིཿ རབ་ཀྱི་རྩལ་གྱི་ནོན་པའི་སྟོབས་ཀྱིས་ངོ་མཐོང་དགའ་དབང་ནོན། སྦྱོར་ཆེན་ཀུན་གྱིས་བདག་ལ་དགའ་དྲོངས་ཨ་ལ་ལ། །ཧྲཱིཿ རབ་ཀྱི་རྩལ་གྱིས་ནོན་པའི་སྟོབས་ཀྱི་ངོ་མཐོན་རུ་ཏྲ་ནོན། སྦྱོར་ཆེན་ཀྲོ་ཏི་ཤྭ་རི་དྲོངས་ཤིག་རབ་དྲོངས་ཤིག །སྙིང་རྗེ་གང་ལ་བྱའམ་མི་བྱ་བ། །ཡོངས་སུ་རྟོག་པ་དེ་དག་མེད་ཀྱང་སླ། །དེ་འདྲའི་སྙིང་རྗེ་སྒྱུ་མ་ཡིན་པས་ན། །དེ་ལ་རྗེ་ཞེས་སུ་ཞིག་ཟེར། །གདུལ་བྱ་གང་ལ་བྱའམ་མི་བྱ་བ། །ཡོངས་སུ་རྟོག་པ་དེ་དག་མེད་ཀྱང་སླ། །དེ་འདྲའི་རྟུལ་བ་སྒྱུ་མ་ཡིན་པས་ན། །དེ་ལ་རྟུལ་ཞེས་སུ་ཞིག་ཟེར། །ཀོ་ཏ་བ། ཀོ་ཏ་ན། ཀོ་ཏ་རི། ཀོ་ལ་ཀ་ལ་ཥྚ་ཁྲ། རྟོག་པའི་རྒྱུད་ཀྱི་གདུལ་བྱ་མ་ལུས་རྣམས ། །ཡེ་ཤེས་མ་འདྲེས་ཡོངས་སུ་རྫོགས་པར་བསྟོད། །ༀ་བཛྲ་ཨེ་པ་ཧཱུྃ། ༀ་བཛྲ་སེ་པ་ཧཱུྃ། ས་མ་ཡ་བག་ཤ་ཧཱུྃ། རུ་ལུ་རུ་ལུ་ཕཊ་བྷྱོ། འབར་བའི་ད་ལ་གསན་ཅིང་དགོངས་སུ་གསོལ། །ཕྱི་ནང་གསང་བའི་མཆོད་པས་དགྱེས་པར་མཛོད། །དམ་ཚིག་ཉམས་ཆགས་འགལ་འཁྲུལ་བཤགས་པར་བགྱི། །ཐུན་མོངས་མཆོག་གི་དངོས་གྲུབ་དུས་འདིར་སྩོལ། །འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་མཛོད། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། རང་གི་ཕྱག་རྒྱའི་ང་རྒྱལ་ལ། །སྔོན་བྱུང་བ་ཡི་ཁྲོ་བོའམ། །སྤྱན་རས་གཟིགས་སམ་དྲག་པོའི་གཤེད། །སྲིན་པོ་དབུ་དགུ་བཅོ་བརྒྱད་ཕྱག །ཐུགས་ཀར་དྲག་པོའི་འཁོར་ལོ་བསམ། །རུ་ལུ་རྩ་བའི་སྔགས་ལ་འབུམ་མམ་བྱེ་བ་རྫོགས་པར་བྱ། རུ་ལུ་ཕྱི་ལྟར་བཟླས་པ་ནི། །ཐུགས་ཀའི་ཧཱུྃ་གི་འོད་ཟེར་ལས། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། །བཅུད་ཀྱི་འབར་པ་ལྔ་བཅུ་བརྒྱད། །ཀུན་ཀྱང་སྔགས་ཀྱི་སྒྲ་སྒྲོགས་ཤིང་། །ཕར་འཕྲོས་པས་ནི་ཐུགས་དམ་བསྐུལ། །ཚུར་འདུས་པས་ནི་དངོས་གྲུབ་ཐོབ། །ༀ་ནི་ཡེ་ཤེས་ལྔའི་ངང་། །རུ་ལུ་གོང་མ་ཁྲོ་མོ་བརྒྱད། །འོག་མ་ཟ་བྱེད་ཕྲ་མེན་བརྒྱད། །ཧཱུྃ་ནི་ཁྲག་འཐུང་ཡབ་ཡུམ་བཅུ། །ཕཊ་ནི་ཡེ་ཤེས་སྒོ་མ་བཞི། །བྷྱོ་ནི་དབང་ཕྱུག་ཉི་ཤུ་བརྒྱད། །རུ་ལུ་ཧཱུྃ་གིས་མཆོད་པར་བཞེས། །དམ་ཚིག་ད་ལ་བྱིན་གྱིས་རླབས། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །བར་ཆད་དགྲ་བགེགས་ཐུགས་རྗེས་སྒྲོལ། །རུ་ལུ་བཟླས་ལུགས་རྣམ་དག་ནི། །ཙིཏྟ་ཡེ་ཤེས་གཞལ་ཡས་ཁང་། །རིག་པ་ཡེ་ཤེས་སེམས་དཔའ་ལ། །དོན་གྱི་ལྷ་མོ་ལྔ་ཡིས་བསྐོར། །ཉིད་ཀྱི་ཧཱུྃ་ལས་འབྲུ་བརྒྱད་མཐིང་། །འཕར་འཕྲོས་ཚུར་འདུས་གོང་བཞིན་ནོ། །ཡང་ན་ལྗགས་ཀྱི་པདྨོ་ལ། །གསུང་གི་རྡོ་རྗེ་ཟླ་ཚེས་བསྒོམ། །ༀ་ལས་འབྲུ་བརྒྱད་རུ་ལུའི་འོད། །འཕྲོས་འདུས་ངག་གི་སྒྲིབ་པ་སྦྱངས། །གསུང་ཐོས་དངོས་གྲུབ་ཐོབ་པར་བསམ། །ཡང་ན་བདེ་ཆེན་འཁོར་ལོ་ལས། །སྐུ་ཡི་རྡོ་རྗེ་ཟླ་བ་བསྒོམ། །ༀ་ལས་འབྲུ་བརྒྱད་དཀར་པོའི་འཕྲོ་འདུ་ཡིས། །ལུས་ཀྱི་སྒྲིབ་སྦྱངས་བརྟན་པར་བསྡུ། །སྣང་བ་ཐམས་ཅད་ལྷ་ཡི་སྐུ། །གྲགས་པ་ཐམས་ཅད་སྔགས་ཀྱི་སྒྲ། །དྲན་རྟོགས་ཐམས་ཅད་ཡེ་ཤེས་ལྔ། །དཀར་པོ་འཕྲོས་པས་བདེ་བ་ཆེ། །དམར་པོ་འཕྲོས་པས་ཀུན་ལ་ཁྱབ། །དཀར་དམར་མཚམས་ན་ཧེ་རུ་ཀ །མཐིང་ནག་ཁྲོ་ཚོགས་བསམ་ཡས་ཀྱིས། །ནམ་མཁའ་བར་སྣང་ས་གཞི་གང་། །ཀུན་ཀྱང་རུ་ལུའི་སྒྲ་སྒྲོགས་ཤིང་། །མ་མོ་མཁའ་འགྲོ་ལས་ལ་འགྱེད། །མཐིང་གར་བསྡུས་ལ་དངོས་གྲུབ་མཆོག །རུ་ལུ་ནང་གི་བཟླས་ཐབས་ནི། །རང་ལུས་འོད་ཀྱི་གཞལ་ཡས་ཁང་། །ཕུང་པོ་ལྔ་ནི་ཁྲག་འཐུང་ལྔ། །འབྱུང་བ་ལྔ་ནི་ཡུམ་གྱི་སྐུ། །རྣམ་ཤེས་ཚོགས་བརྒྱད་ཁྲོ་མོ་བརྒྱད། །ཡུལ་དང་དབྱེར་མེད་ཕྲ་མེན་མའོ། །ལྟ་བའི་བྱེ་བྲག་སྒོ་མའོ། །ད་བ་ཉེས་པའི་ཉོན་མོངས་དང་། །རྟོག་དཔྱོད་དབང་མོའི་རང་བཞིན་ཡིན། །རི་རབ་ཏིལ་འབྲུའི་ཚུལ་བཞིན་དུ། །ཁྲག་འཐུང་དཀྱིལ་འཁོར་རང་ལ་རྫོགས། །རུ་ལུ་གསང་བས་བཟླས་པ་ནི། །རྡོ་རྗེ་པདྨའི་འཕྲོ་འདུ་ཡིས། །བྱང་ཆུབ་སེམས་ཀྱི་བཟླས་པ་སྟེ། །དཀྱིལ་འཁོར་འོག་མའི་སྐབས་བཞིན་ནོ། །ཡང་ན་དབུགས་དང་འགྲོགས་ལ་བསྒོམ། །ཧཱུྃ་གིས་ཕུལ་ནས་ཕྱིར་ཕྱུང་ནས། །ༀ་གྱི་དྲངས་ནས་ནང་དུ་འཇུག །ཨ་ལ་སེམས་གཏད་གནས་པ་གསུམ། །ཞག་གཅིག་ལ་ནི་དབུགས་ཀྱི་རྒྱུན། ཉི་ཁྲི་ཆིག་སྟོང་རྒྱུ་བའི་ཚེ། །སྔགས་ནི་ཉི་ཁྲི་ཆིག་སྟོང་འགྱུར། །ཧཱུྃ། དཔལ་ཆེན་ཁྲག་འཐུང་ཐུགས་ཀྱི་དཔལ་བེའུ་ནས། །ཡེ་ཤེས་སྐུ་མཆོག་མཚོན་གང་རིན་པོ་ཆེ། །ཟུར་བརྒྱད་སྟེང་ན་ཡི་གེ་འབྲུ་བརྒྱད་སྤྲོ། །བདེ་ཆེན་བྱང་ཆུབ་སེམས་ཀྱི་འཕྲོ་འདུ་འདི། །རྡོ་རྗེའི་བཟླས་པ་བསྒྲུབ་ཆེན་ཉིད་དང་འབྲེལ། །རི་རབ་རིའི་རྩེ་མོ་རུ། །དཔལ་ཆེན་ཁྲག་འཐུང་རྒྱལ་བ་ཡིས། །ལྷ་སྲིན་དབང་བསྡུད་དམ་ལ་བཏགས། །གསང་སྔགས་རུ་ལུ་འབྲུ་བརྒྱད་ནི། །ལྷ་སྲིན་སྡེ་བརྒྱད་སྲོག་སྔགས་ཡིན། །རྔམ་ཞིང་དྲག་པོའི་ང་རོས་བཟླས། །སྡེ་བརྒྱད་དབང་བསྡུ་དམ་ལ་འདོགས། །བདག་ཉིད་ཆས་སུ་བཞུགས་ནས་ཀྱང་། །ཁྲོ་ཆེན་རྔམ་པའི་ང་རྒྱལ་གྱིས། །སྡེ་བརྒྱད་དྲག་པོའི་སྔགས་འདི་བཟླས། །ༀ་རུ་ལུ་རུ་ལུ་བྷྱོ་ཧཱུྃ་བྷྱོ་ཕཊ་བྷྱོ། སརྦ་ཤ་ཏྲུཾ་མ་ར་ཡ་རྦད། །ཡེ་ཤེས་ལྷ་བསྒྲུབ་གདམ་པ་འདི། །གལ་པོ་ཆེ་ཡི་དགོངས་པ་ཡིན། །ཐུན་མཚམས་མཉམ་པར་བཞག་པ་དང་། །རང་གི་ཡིད་བཞིན་རིན་པོ་ཆེ། །ཡོད་པར་མ་ཤེས་གཏོར་བར་དྲན། །ཚོར་བར་འདོད་ན་ཇི་ལྟར་བསམ། །སྔོན་ཚེ་ང་ཡི་གཤེན་རྗེ་མཆོག །བྱམས་མགོན་དམ་པ་ཞིག་གིས་བསྟན། །ཨེ་མའོ་ཁྱོད་ཀྱིས་མི་ཤེས་སམ། །སྒྲོན་མེས་མུན་ཁུང་གསེར་འཚོལ་ལྟར། །གསང་བའི་སྙིང་པོ་མཛོད་བཏོལ་ཏེ། །ངེས་དོན་ཁྱོད་ལ་བསྟོན་པར་བྱ། །ཐིག་ལེ་གཅིག་གིས་ཀུན་ལ་ཁྱབ། །ཐམས་ཅད་ལུང་ཆེན་ངེས་པར་བསྟན། །འཇིག་རྟེན་བརྟན་གཡོ་ལ་སོགས་པ། །ཁྲག་འཐུང་ལྔ་བཅུ་བརྒྱད་དུ་གསལ། །མི་ཟད་རྒྱན་གྱི་འཁོར་ལོར་རྫོགས། །རང་བྱུང་རང་སྣང་ཡེ་ཤེས་གསལ། །མྱ་ངན་འདས་དང་འཁོར་བའི་ཆོས། །རྩོལ་མེད་མ་བཅོས་རྣམ་པར་དག །ཐིག་ལེ་དྭངས་མའི་གདམས་པ་ནི། །སྙིང་གི་པདྨ་དམར་པོ་ལ། །ཐིག་ལེ་ཉུངས་དཀར་ཚད་ཙམ་བསྒོམ། །དེ་ལས་འོད་ཟེར་རྡུལ་རྙེད་སྤྲོ། །མུན་སེལ་དངོས་པོ་ཀུན་སྦྱངས་པས། །ཐམས་ཅད་མ་བཅོས་སྐུ་རུ་གསལ། །སླར་འདུས་ཐིག་ལེའི་ངང་དུ་ཐིམ། །བརྟན་ནས་འོད་དུ་ཞུ་བའམ། །མ་བཅོས་གཉུག་མའི་ངང་དུ་གསལ། །རྫོགས་པ་རླུང་ལ་སེམས་སྦྱང་བ། །རྡོ་རྗེ་སེམས་དཔའ་ཙིཏྟའི་ནང་། །བདེ་བའི་པདྨ་འདབ་བཞི་ལ། །དབུས་ན་རྡོ་རྗེ་སེམས་དཔའ་ནི། །ཐིག་ལེ་འོད་ཟེར་ལྔ་དང་ལྡན། །དེ་སྟེང་བདེ་ཆེན་ས་རླུང་ནི། །རྣམ་པར་དག་པ་ཟླ་བའི་སྟེང་། །ལོངས་སྤྱོད་འཁོར་ལོ་པདྨའི་ནང་། །ཉི་མའི་སྟེང་དུ་ཆུ་རླུང་གཉིས། །རྡོ་རྗེ་རིན་ཆེན་རིན་ཆེན་ཡིན། །སྙིང་གའི་འོད་ཀྱི་གཡོ་རླུང་དང་། །སྤྲུལ་པ་ཉི་མའི་མེ་རླུང་གཉིས། །པདྨ་རིགས་དང་ལས་རིགས་སོགས། །ཡཾ་ལྡན་དབུས་ཀྱི་ཐིག་ལེ་ལ། །ཡཾ་ལ་ཡཾ་དུ་འདྲིས་སམ་ན། །རིག་པ་སེམས་ཀྱི་རླུང་ཟིན་པས། །ཡར་འགྲོ་མར་འབེབས་རྩ ལ་བ་འགོག །ཡང་ན་འཁོར་ལོ་རྣམ་པ་ལྔ། །བདེ་ཆེན་སུམ་ཅུ་རྩ་གཉིས་ཧཾ། བརྟན་པའི་ཡི་གེ་ཐིག་ལེ་ལཾ། ལོངས་སྤྱོད་བཅུ་དྲུག་ལྔ་ལྡན་ༀ། །ཆུ་ཡི་ས་བོན་ཡི་གེ་བྃ། །སྙིང་གི་བརྒྱད་དབུས་བཞི་མདུད་ཧཱུྃ། །བརྗོད་བྲལ་ཐིག་ལེ་ཡི་གེ་མུྃ། །སྤྲུལ་པ་དྲུག་ཙུ་རྩ་བཞི་ལ། །དྲོད་ཀྱི་ཆ་འཛིན་ཡི་གེ་མཾ། །སྟེང་རླུང་མནན་ལ་འོག་རླུང་འཐེན། །རྟེན་ལ་ལས་རླུང་ཟིན་གྱུར་ནས། །དེས་ཀྱང་རིག་པ་རང་ས་ཟིན། །ཡི་གེ་ཡོན་ཏན་སྟོབས་ཀྱི་འགྲུབ། །འཆི་ཀའི་གསང་ལམ་སྦྱང་བ་ནི། །ས་ཉིད་ཆུ་ལ་ཐིམ་པ་ཡིན། །ཀུན་མཉམ་ཟག་པ་མེད་པ་ཡིན། །ལམ་གྱི་ཡེ་ཤེས་དང་པོ་སྐྱེ། །ཆུ་ཉིད་མེ་ལ་ཐིམ་པ་ཡིས། །ཟག་མེད་རོ་བརྒྱ་མྱོང་བ་སྡུད། །མེ་ཉིད་རླུང་ལ་ཐིམ་པ་ཡིས། །འགྱུ་བྱེད་རང་བཞིན་གསལ་སྣང་ཉིད། །གློག་གི་རྣམ་པ་ལྟ་བུ་འཐུང་། །རླུང་ཉིད་རྣམ་ཤེས་ནམ་མཁར་ཐིམ། །རང་གསལ་རིག་པ་མར་མེ་འདྲ། །ཕྱི་ནང་མུན་པ་རྣམ་པར་སྦྱངས། །ནམ་མཁའ་ལྟ་བུར་མཐོང་བར་འགྱུར། །ཕྱེ་བས་རིམ་པར་རྟོག་པ་ཆར། །བསྒོམ་པས་སྣང་ཞུགས་ཕྲད་པ་ཡིན། །མི་རྟག་འཕོ་བའི་དུས་བྱུང་ན། རིག་པ་རླུང་ཉིད་དེར་བསྟན་པས། །ཨ་ཡཾ་སྟོབས་ཀྱི་གང་འདོད་འཕོ། །རྣམ་སྨིན་རིགས་ལ་ཐེ་ཚོམ་མེད། །ལམ་གྱི་ཡེ་ཤེས་འཆར་ཚུལ་ནི། །འདུན་པ་སེམས་པའི་རྣལ་འབྱོར་པ། །ཡིད་ལ་བྱེད་པའི་ཏིང་འཛིན་ཐོབ། །སེམས་གསུམ་སྐྱེ་ཞིང་མཐའ་བཅུ་གྲོལ། །རྟེན་པ་བཞི་པ་སར་གནས་པ། །རིགས་ཆེན་འབྱེད་པའི་རྣལ་འབྱོར་པས། །འཕྲོ་འདུ་གསལ་སྟོང་ཏིང་འཛིན་ཐོབ། །སེམས་གསུམ་རྫོགས་ཏེ་མཐའ་བཅུ་ཤེས། །དབུགས་ཆེན་འབྱིན་པའི་རྣལ་འབྱོར་པས། །འཇིགས་པ་ལྔ་བྲལ་ཁྱད་པར་འཕགས། །ཡོངས་སུ་མི་རྟོག་ཏིང་འཛིན་ནི། །སྨོན་ལམ་ལྟ་བུར་ཆོས་ལུང་སྟོན། །འཇིག་རྟེན་ནོར་བུ་རིན་ཆེན་དེ། །གང་བར་སྤྱོད་པའི་ལྟས་མཐོང་འགྱུར། །སྒྱུ་མ་སྤྱོད་བའི་སྐྱེས་བུ་དེ། །འཁོར་དུ་བསྒྱུར་བའི་ཆ་བྱད་དུ། །རིན་ཆེན་བདུན་དང་དཔུང་ཚོགས་ཀྱིས། །དབང་བསྒྱུར་ཐབས་ཀྱི་ཐེག་པ་སྟོན། །ལུང་ཆེན་ཐོབ་པའི་རྣལ་འབྱོར་པས། །སེང་གེ་དག་ལ་ཞོན་ནས་ནི། །ཐམས་ཅད་གནོན་པའི་ལྟས་མཐོང་འགྱུར། །སྒྲ་བརྙན་དྲ་བར་ལུང་སྟོན་འགྱུར། །འབྲས་བུ་ཉིད་ལ་ལམ་ཤེས་པས། །ལམ་གྱི་ཡན་ལག་བདེ་རྫོགས་དང་། །གཞན་དག་སྨིན་པར་བྱ་བའི་ཕྱིར། །ཇི་ལྟར་འདོད་ལྟར་ཐབས་མཆོག་སྦྱོར། །རྩལ་ཆེན་རྫོགས་པའི་རྣལ་འབྱོར་པས། །ཀུན་སྣང་ཏིང་འཛིན་ཉིད་ཐོབ་དེ། །སྣང་བྱེད་ཉི་ཟླ་འཁོར་ལོ་བསྐོར། །ཐམས་ཅད་གསལ་བྱེད་ལྟས་མཐོང་འགྱུར། །གདེང་དུ་གྱུར་པའི་ངོ་བོ་ཡིས། །དེ་ནས་རྒྱལ་ཚབ་སྐྱེས་བུ་དེ། །ཆོས་ཀྱི་རྒྱལ་པོ་གང་དེ་ཡིས། །གདུང་ཐོབ་ཐེག་ཆེན་དགའ་ལྡན་སྟོན། །མི་གནས་བཅུ་དུས་ཆོ་འཕྲུལ་སྣང་། །ས་བཅུ་དག་ལ་གནས་མེད་ཀྱང་། །གསང་སྔགས་དོན་མཆོག་མ་རེད་ན། །རྣམ་པ་ཐམས་ཅད་ཐོབ་མི་འགྱུར། །རྙེད་མ་ཐག་ཏུ་དེ་རྙེད་འགྱུར། །གྲོལ་བར་འདོད་ན་བླ་མ་བསྟེན། །རིག་པ་རང་བྱུང་ཡེ་ཤེས་ཉིད། །བྱང་ཆུབ་སེམས་ཀྱི་དལ་ལ་རྫོགས། །གསང་སྔགས་ལམ་གྱི་རྣལ་འབྱོར་པས། །རྣལ་འབྱོར་ཚོགས་ཀྱི་ལོགས་སྤྱོད་ལ། །བསོད་ནམས་ཚོགས་ཀྱི་ལོངས་སྤྱོད་རྫོགས། །ཞིང་ཁམས་རིན་ཆེན་ཡོད་པ་རུ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །སྲས་མཆོག་འཇམ་དཔལ་ཆེན་པོ་ལ། །བཤད་པ་བཞིན་དུ་རྟོགས་གྱུར་ན། །གང་ལ་སྤྱོད་ཀྱང་ལམ་གྱི་གྲོགས། །དཔེར་ན་མེ་ལ་ཤིང་བསྣན་བཞིན། །མི་འགྱུར་ཆོས་ཉིད་རོལ་པ་ཡིས། །མཛད་སྤྱོད་གདེང་དང་ལྡན་གྱུར་ན། །རྣམ་གསུམ་ཚུལ་ནི་རོལ་བར་བྱེད། །དེ་ཡང་ཇི་ལྟ་བུ་ཞེ་ན། །འབྱོར་པའི་ཡོ་བྱད་རྣམ་ལྔ་སྟེ། །བཟའ་བཏུང་བྲོ་གར་གོས་བརྒྱན་དང་། །གླུ་ཚིག་ཏན་གན་རྣམ་ལྔའོ། །མཛད་སྤྱོད་གསུམ་གྱིས་ཉམས་སུ་བླངས། །སྐྱེ་ཤི་མེད་པའི་མཛད་སྤྱོད་དང་། །མི་འགྱུར་རོལ་པའི་མཛད་སྤྱོད་དང་། །འཆིང་འགྲོལ་མེད་པའི་མཛད་སྤྱོད་དང་། །མི་འགྱུར་རོལ་པའི་མཛད་སྤྱོད་དང་། །དེ་ལ་བྱེ་བྲག་རྣམ་གསུམ་སྟེ། །གདོས་བཅས་དོན་དང་སྟུན་པ་དང་། །དམ་རྫས་བླང་དོར་མེད་པ་ཡི། །མི་གནས་རོལ་པའི་མཛད་སྤྱོད་དོ། །སྤྱོད་པའི་མཐའ་ནི་གསུམ་ཡིན་ཏེ། །རྣམ་པ་བཞི་ལ་རྣམ་རོལ་ལ། །རང་བཞིན་ཆོས་ཉིད་རོལ་པའོ། །སྤྱོད་པའི་ཡོན་ཏན་རྣམས་པ་ལྔ། །བཟའ་དང་བཏུང་བའི་ལོངས་སྤྱོད་ཀྱིས། །བདེ་ཆེན་སྐུ་དང་བདུད་རྩི་འགྲུབ། །རྒྱན་དང་བགོ་བའི་ལོངས་སྤྱོད་ཀྱིས། །འབར་བའི་རྒྱལ་པོ་མཐུ་སྟོབས་འགྲུབ། །བྲོ་གར་བསྐྱོད་བསྐུལ་ལོངས་སྤྱོད་ཀྱིས། །ས་ལ་འཇུག་དང་སྟོང་ལ་རྒྱུག །གླུ་ཚིག་སྒྲ་ཡི་ལོངས་སྤྱོད་ཀྱིས། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཏ་ན་ག་ནའི་ལོངས་སྤྱོད་ཀྱིས། །རང་འབྱུང་ཡེ་ཤེས་ཐོབ་པར་འགྱུར། །དེ་བཞིན་འབྱོར་བའི་ལོངས་སྤྱོད་རྣམས། །བགེགས་བསྐྲད་བདུད་རྩི་གསང་བར་བྱ། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །རང་སྣང་འདོད་ཡོན་དྲུག་ཏུ་སྣང་། །བདེ་གཤེགས་དཀྱིལ་འཁོར་སྤྱན་དྲངས་ལ། །ཏིང་འཛིན་རྫས་ཀྱིས་རིམ་བཞིན་མཆོད། །བརྒྱན་མཛེས་གྲོ་གར་གླུ་དབྱངས་བླང་། །ཚོགས་ལ་རོལ་ལ་ལིང་རོ་བསྟིམ། །བསྒྲལ་ལ་ཤེས་པ་གནས་ཆེན་སྤར། །ཡབ་ཡུམ་མཁའ་ལ་སྲས་སུ་བསྐྱེད། །ཧཱུྃ་དུ་ཤེས་ནས་གཉིས་མེད་རོལ། །དངོས་ཀྱི་བསོད་ནམས་ཚོགས་ཆེན་ལྡན། །ཆོས་ཉིད་ཤེས་ན་ཡེ་ཤེས་ཚོགས། །བར་སྐབ་ལྷག་མས་གནས་བྱ་བས། །དམ་བསྒྲགས་མཆོད་ཅིང་ལས་ལ་འགྱེད། །བསྡུ་བསྲུང་སྤྱོད་ལམ་ཀུན་ཀྱང་རྫོགས་སོ། །དེ་ལྟར་བསྒོམ་ཞིང་བསྒྲུབ་བྱས་ན། །འབྲས་བུ་ལམ་དུ་རིག་འཛིན་ཐོབ། །མཐར་ཐུག་སྐུ་ལྔ་ལྷུན་གྱིས་གྲུབ། །འདི་ལྡེབ་བསོད་ནམས་གང་ཐོབ་པ། །ཕྱི་རིམ་རྣལ་འབྱོར་དོན་དུ་བསྔོ། །དོན་རྟགས་བར་ཆད་མེད་སྒྲུབས་ཏེ། །གོང་མ་ལྟ་བུ་རྫོགས་པར་ཤོག །ཡི་དམ་ལྷ་སྒྲུབ་ཅིང་དཀྱིལ་འཁོར་འདིར་བཞིའི་དོན། སློབ་དཔོན་ཆེན་པོ་རྡོ་རྗེ་ཧཱུྃ་མཛད་ཀྱི་མཛད་པ་རྫོགས་སོ། །སརྦ་མངྒ་ལཾ། དགེའོ། །དགེ འོ། །དགེའོ།། །།

དཀྱིལ་འཁོར་བདུན་པའི་རིམ་པ།

དཀྱིལ་འཁོར་བདུན་པའི་རིམ་པ་བཞུགས་པའི་དབུ་ཕྱོགས་ལགས་སོ། །རྒྱ་གར་སྐད་དུ། བཛྲ་གུ་མན་ཏན་ཏྲ་ཀརྨ་མན་དྷ་ལ། སད་ཏྲ་མ་ཨ་རྦི་ས་ད་ན་མ། བོད་སྐད་དུ། རྡོ་རྗེ་བཀོད་པའི་རྒྱུད་ལས། དཀྱིལ་འཁོར་བདུན་པའི་རིམ་པ་རྣམ་པར་དབྱེ་བའི་བསྒྲུབས་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་སྒྲོལ་བྱེད་ཐུགས་རྗེའི་རྒྱལ་པོ་ཤིན་ཏུ་རྣམ་པར་གྲོལ་བ་ཉིད་ལ་ཕྱག་འཚལ་ལོ། །ཧཱུྃ་བདུད་རུ་ཏྲ། ཁྲོ་ལ་ཁྲོས་པའི་རྒྱལ་པོ་ཡིས། ། ཤུགས་བཅས་བཅོས། ཁྲོ་བོས་ཉེ་བར་ཞི་མཛད་པ། །ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛད། །ཁྲོ་ཞིང་ཆེ་ལ་ཕྱག་འཚལ་ཏེ། །དགོངས་དམ་བཅའ་བ་པ་འདུས་པའི་རྒྱུད་དག་ལས། །དཀྱིལ་འཁོར་བདུན་པའི་རིམ་པ་དག །སེམས་ཅན་ཡེ་ནས་ཡིན་པ་ཡེ་ཤེས་བསྐྱེད་པའི་ཕྱིར། །ལེགས་པར་བསྡུས་ཏེ་བསྟན་པར་བྱ། །སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །འགྱུར། མན་ངག་ཞུ་བ། ཡི་གེ་སྒྲ་བཏགས་མིང་ཚོགས་ལ། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་རྣལ་འབྱོར་གྱི་རིམ་པ་ཐུགས་ལ་གནས། །འདི་ནི་མན་ངག་གི་ཆེ་བའི་ཡོན་ཏན་གསང་ཆེན་ངེས་པ་ཡིས། །འབྲས་བུ་ལམ་དུ་གྱུར་པ་ཡིན། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །འདི་ལས་གསང་བའི་ངེས་དོན་མེད། །ཀུན་གྱི་ཕྱག་རྒྱ་རྒྱུ་རྫོགས་ཆེན་མཆོག་ཟེར་བ་འདུག་ཡི་མཆོག །སྣོད་ལྡན་ངང་ཚུལ་བཟང་ལ་སྦྱིན། །གཞན་དུ་ནམ་ཡང་སྦྱིན་མི་བྱ། །རྨོངས་ལ་འཕྱར་བས་གསལ་ཏེ་བྱིན། །དུས་མིན་པར་ནི་སྲོག་ཟད་ནས། །སྲོག་དང་བསྡོས་པར་ཡུན་རིང་གནས། །འདས་པའི་མན་ངག་གི་དགོངས་པ་དུས་ན་སྔོན་བྱུང་བ། །བདག་ཉིད་ཆེན་པོ་རྟགས་པ་ཡིས། །དེ་བཞིན་གཤེགས་པའི་གསུང་རབ་ལས། །འགྲོ་བའི་ཚུལ་དུ་སྔོན་བྱུང་བ། །དེ་ཚེ་སེམས་ཅན་ཐམས་ཅད་ནི། །སྟོང་ཉིད་ཐེར་ཟུག་འགོག་པ་དང་། །ཁྲོ་གཏུམ་ལོག་ལྟ་རྐམ་ཞིང་འཇུངས། །ལེ་ལོ་གཏི་མུག་ཆང་སྩེགས་པས། །ལོག་ལྟ་དགུ་པོ་བདེ་མྱོང་འགྱུར། །དེ་དག་འཁྲུལ་པ་དེ་བསག་སྦྱོང་གི་སྦྱང་རྣམས་པར་གྲོལ་བའི་ཕྱིར། །རྒྱལ་བས་དཀྱིལ་འཁོར་བདུན་དུ་གསུངས། །དེ་རྩོམས་གང་ཟག་ལྔར་འདོད་རྟེན་གྱི་གང་ཟག་གི་དེ། །འདུན་པ་དད་པ་དང་ནི་རིགས་ཆེན་འབྱེད། །གནས་གང་དུ་སྦྱིན་ཐེག་ཆེན་གྱི། །དབང་ཐོབ་པ་དབུགས་ཆེན་འབྱིན་དང་ལུང་ཆེན་ཐོབ། །དངོས་སུ། །ཤེས་རབ་ཀྱི་རྩལ་ཆེན་རྫོགས་པའི་རྣལ་འབྱོར་པས། །དྲག་ཤུལ་ཅན་ཞེས་བྱ་བའི་གནས། །དགོན་པ་ཆེན་པོའི་གནས་ཆེན་ནི། །ཡེ་ཤེས་སྙིང་པོ་ཅན་རྣམས་ཀྱིས། །ཐེག་ཆེན་གསང་བ་འབྱུང་བའི་གནས། །དམ་པ་རྣམས་ཀྱིས་བསྔགས་པ་ཡིན། །དེར་གནས་ལྟ་བ་ལྷུར་ལེན་པ་བསྟན། ངེས་དོན་བཀོད་པ་ཡིན། །གཞི་ཇི་བཞིན་ཉིད་ཀྱི་དཀྱིལ་འཁོར་ལ། བསྐྱེད་རིམ། ཕྱག་རྒྱ་དངོས་གྲུབ་དཀྱིལ་འཁོར་དང་། །བྱང་ཆུབ་སེམས་ཀྱི་ད་ལ་མཆོག །བསོད་ནམ་ལ་སྤྱོད་པས་དོར་བ་ཚོགས་ཀྱི་དཀྱིལ་འཁོར་སྤྲིན། །བཀའ་འཇིག་རྟེན་པའི་བསྙེན་པ་སྡོད་ཕོ་ཉའི་དཀྱིལ་འཁོར་མཆོག །འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་ཆེ། །གཏད་ཁྲམ་མ་གྲུབ་པ་སྤངས་པ་མནན་པའི་དཀྱིལ་འཁོར་རོ། །དེ་ནི་དབྱེ་བའི་ངོས་གནས་སུ། །གསུངས་མི་བསྐྱོད་ཞིང་ཁམས་མངོན་དགའ་ནས། །དགེ་སློང་སྟོན་པ་ཐུབ་དཀའ་གཞོན་ནུ་ཡི། །ཁྱིམ་འཁོར་བདག་ཀེའུ་ཀ་ཡི་བུ། །དགེ་སློང་ཐར་པ་ནག་པོ་དང་། །གཡོག་པོ་དན་འ ཕགས་གཉིས་པོ་ལ། །ཇི་བཞིན་གང་བཞེས་ན་ཉིད་ཀྱི་དཀྱིལ་འཁོར་གསུངས། །ཇི་བཞིན་ཉིད་དེ་མ་བཅོས་ན། །དངོས་པོ་བཞི་ལ་གནས་སྤྱད་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །འདི་ནི་རྣལ་འབྱོར་དམ་པའི་ལམ། །ཇི་བཞིན་ཉིད་ཀྱི་དཀྱིལ་འཁོར་ནི། །ཕྱག་རྒྱ་དངོས་གྲུབ་དཀྱིལ་འཁོར་ནི། །མི་འཁྲུགས་པ་ཡི་ཞིང་ཁམས་ན། །ཁུངས་སྒྱུ་འཁྲུལ་དྲྭ་བའི་རྒྱུད་དག་ལས། །དྲག་པོ་སྟོན་པ་རྡོ་རྗེ་སེམས་དཔའ་ཡིས། །མི་འཁོར་འཁྲུགས་རྒྱས་པོ་ཉིད་ལ་གསུངས། །གནས་ཆེན་དམ་པ་དག་ཏུ་ནི། །ཚུལ་དང་ལྡན་པའི་རྫས་བསོག་ལ། །དུས་མཎྜལ་ལ་སོགས་མཛེས་བྱས་ལ། །ཁྲུས་བྱ་སྙིང་གར་ཡི་དམ་ཉི་དཀྱིལ་ཧཱུྃ། །འོད་ཀྱི་སྣང་བས་དཀོན་མཆོག་རྣམས། །སྤྱན་དྲངས་དཀོན་མཆོག་བསྐོར་ལ་ཕྱག་འཚལ། །དེ་ནས་མཆོད་པ་དབུལ་བ་ནི། །ན་མཿསརྦཏ་ཐཱ་ག་ཏ་བཛྲ་ཧེ་རུ་ཀ་བཛྲ་ད་རི་མ་ཧཱ་ཛྙཱ་ན་མཎྜ ལ་ལ་བཛྲ་ཨ་ཧ་ར་བཛྲ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ། བཛྲ་དྷུ་པེ། པུཥྤེ། ཨཱ་ལོ་ཀེ །གྷན་དྷེ། ནཻ་ཝི་ཏེ་པཱུ་ཙ་བཛྲ་ཧཱུྃ་ༀ་ཨཱཿཧཱུྃ་སྭཱ་ཧཱ། གཏོར་མ་ཞེས་སོགས་བྱིན་གྱིས་བརླབ་པར་བྱས་ལ། རཀྟ་བདུད་རྩིའི་ཚོགས་མཆོད་དེ། །རཀྟ་ཁཱ་ཧི། བྷ་ལིང་ཏ་ཁཱ་ཧི། ཨ་མྲྀ་ཏ་ཁཱ་ཧི། གོ་རོ་ཙ་ན་ཁཱ་ཧི། བ་སུ་ཏ་ཙིཏྟ་ཁཱ་ཧི། ཞེས་བརྗོད་དོ། །ཐུགས་བྱུང་ལྷ་མོས་མཆོད་རྗེས་ལ། ཧཱུྃ། བདག་འདྲ་ལོག་པའི་སྟོབས་ལྡན་པས། །ཐོག་མ་མེད་པའི་དུས་མཐའ་ནས། །སྲིད་པའི་འཁོར་ལོར་འཁྱམས་པར་ངེས། །སྐྱེ་བ་མང་པོ་ལུས་བླངས་པས། །སུས་ཀྱང་མ་བྱས་རང་གི་ལས། །དེ་ཙམ་ཆ་གཅིག་དོན་སྤྱད་ན། །ད་ཙམ་དོན་གྱི་སངས་རྒྱས་ཟིན། །རང་ལུས་གཏོང་བར་མ་ཕོད་ཅིང་། །ཆགས་པའི་མཐའ་ལ་མངོན་ཞེན་པས། །ཟུག་རྔུ་ནད་ཀྱིས་ཟིན་པ་ཡིན། །སྲིད་པའི་བཙོན་རར་ཆུད་པ་འདི། །མཁའ་ལ་མདུད་པས་ཉེས་པར་ངེས། །འཁོར་བའི་རླུང་སྒོར་ལྷུང་བ་འདི། །ལས་ཀྱི་རླུང་གིས་ཉེས་པར་ངེས། །དུས་གསུམ་རྒྱལ་བ་མ་ལུས་ལ། །འདི་དག་མི་འཆབ་མཐོལ་ལོ་བཤགས། །རྡོ་རྗེ་སེམས་ཡི་གེ་བརྒྱ་པ་དཔའི་དམ་ཚིག་རྗེས་སུ་བསྲུངས། །ཡེ་ཤེས་སེམས་དཔའ་ཉེ་བ་ཉིད་དུ་སྤྱོད། །རིགས་པའི་རྒྱལ་པོ་བདག་ལ་རྟག་པར་དགོངས། །གསང་བའི་དབང་ཕྱུག་བདག་ལ་གསོ་བར་གསོལ། །རྟོག་པའི་མཆོག་ཉིད་བདག་ལ་དགོས་པར་དགོངས། །འདོད་པ་ཀུན་བྱེད་བདག་ལ་ཆགས་པར་དགོངས། །དང་པོར་མཉམ་ཉིད་སངས་རྒྱས་ཐུགས་རྗེ་ཅན། །ལས་རྣམས་ཀུན་བྱེད་བདག་མོས་དགེ་བར་འགྱུར། །དུས་གསུམ་དགེ་བཤེས་དག་དང་ཐམས་ཅད་དུ། །རྡོ་རྗེ་ཅན་དང་དམ་ཚིག་སེམས་དཔར་བསྒྲུབ། །བདག་ཀྱང་རྡོ་རྗེ་སེམས་དཔའ་གཏན་ཀྱང་མི་གཏོང་ན། རྡོ་རྗེ་སེམས་དཔའ་རྟག་ཏུ་བདག་མ་བཏང་། །རྗེས་སུ་ཡི་རང་བསྐུལ་དང་སྐྱབས་ལམ་བརྟེན་བསྔོ་བ་ཚད་མེད་བཞི་འགྲོ་དང་། །ལམ་བརྟེན་བསྔོ་དང་སེམས་བསྐྱེད་ཟེར་བ་འདུག་དང་། །ཚངས་པར་གྱུར་པའི་ལས་རྣམས་ཀྱིས། །འགྲོ་བ་ཀུན་ལ་བྲན་བཞིན་སྨོན། །ཏ་ཀེཾ་ཏ་ཀེཾ་ཕཊ། ཧ་ལ་ཧ་ལ་མེ་བསྲེགས་རམ། །ཏིག་སྣ་ཏིག་སྣ་ཁཾ་ཆུས་འཁྲུས། །ཀྲོ་ཏ་ཀྲོ་ཏ་ཡྃ། ཞེས་གྲགས། དངོས་པོ་ཐམས་ཅད་སྟོང་པར་སྦྱངས། །ཨེ་མ་སྟོང་པ་ཉིད་དུ་གསལ་འདེབས་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སྟོང་པར་བསྒོམ་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །སྟོང་པ་ཉིད་དུ་རབ་དེ་བཞིན་གཤེགས་པའི་ཏིང་འཛིན་ནོ་གསལ་བའི། །སྙིང་རྗེའི་ཡུམ་ནི་ཀུན་སྣང་ཏིང་འཛིན་སྒོམ་པར་བྱའནམ་མཁའ་ཁྱབ་པར་ོ། ། ངེས་པ་ལས་ནི་རྡོ་རྗེར་རྒྱུའི་ཏིང་འཛིན་འགྱུར། །བྷྲཱུྃ་བི་ཤྭ་བི་ཤུདྡྷེ་བརྗོད། །དུར་ཁྲོད་ཆེན་པོ་རབ་ལམ་འབྲས་ཆེན་པོ་བཞི་འཇིགས་པའི། ཁྲག་གི་བྃ་ལས་རྒྱ་མཚོ་འཁྲུག་པའི་དཀྱིལ། །ཀེང་རུས་ཆེན་པོའི་རི་རབ་ཀྱིས། །སྟེང་གི་རྃ་ལ་མེ་འབར་བའི་ཀློང་དཀྱིལ་ནས། །ཡེ་ཤེས་འབར་བའི་གཞལ་ཡས་ཁང་། །ཕྱོག་བཅུ་རྒྱ་ཡངས་མ་ཆད་པའི། །ཕྱི་དང་ནང་མེད་ཀུན་ཏུ་ཕྱི་ནང་རང་གསལ་སྣང་། །འབར་བའི་ལྷ་རྣམས་གཉིས་འཁོར་ལོ་རྩིབས་བཞི་པ། །གྲུ་ཆད་བཞི་ཡིས་རྣམ་པར་བརྒྱན། །གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། །འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས། །ཐོད་སྦྲུལ་སྣ་ཚོགས་ཉི་མས་བརྗིད། །འབར་བའི་འཕྲོ་བ་མང་པོ་འཁྲུགས། །ཁྱུ་མཆོག་མ་ཧེ་གཟིགས་དང་སྟག །གཏུམ་པོ་དོམ་གྱི་སྤར་བས་ནི། དབང་རུ་ཏྲ་ཏི་ར་བཾ། ཨིནྡྲ་ཏི་ར་བཾ། ཀུ་བེ་ར་ཏི་ར་བཾ། ཞེས་ཉི་ཤུའོ། །ཕྱུག་ལྷ་ཆེན་ལ་སོགས་བཟུང། །དབུས་ཀྱི་ཉི་མའི་སྙིང་པོ་ལས། །ཧཱུྃ་ལས་རུ་ལུའི་སྒྲ་སྒྲགས་པའི། །སེམས་དཔའི་ཡེ་ཤེས་སྐུ་རུ་གྱུར་པ་ཡིས། །རང་གི་ངང་ཚུལ་དེ་གཟུང་ལས། །ལྷུན་གྱིས་གྲུབ་པར་བྱ་བའི་ཕྱིར། །ཁྲོ་ཞལ་རྣམས་ལ་བསྐུལ་བར་བྱ། །བདག་དང་སེམས་ཅན་མ་ལུས་ཀུན། །མཆོག་ཉིད་གྲུབ་པར་སྦྱོར་བས་ན། །རྒྱལ་བ་རྒྱ་མཚོ་ཀུན་འདུས་པས། །སྐུ་ཡི་དབྱིག་ཏུ་བདག་བསྐྱེད་ཅིག །དེ་ནས་ཕྱོགས་དུས་ཁྲོ་རྒྱལ་གྱིས། །སེམས་དཔའ་བདག་ལ་དེ་དབང་བསྐུར། །གསུང་ཡི་གེ་། ཐུགས་ཕྱག་མཚན། སྐུ་ཁྲོ་བོ། རིམ་གསུམ་གྱི་ནི་སྐུ་རུ་བསྐྱེད། །དེ་ནས་བཅོམ་ལྡན་དགྱེས་ཆེན་པོས། །དབུ་དང་ཕྱག་ཞབས་སྟོང་ཁམས་ཀྱིས། །རྡུལ་སྙེད་མཚོན་ཆ་སྣ་ཚོགས་ཏེ་གཡས་དཀར་གཡོན་དམར་དབུས་ཉོན་མོངས་པའི་མ་གོས་འཁོར་ལ་མི་ཆགས་མཐིང་མི་འགྱུར་ཞལ། རྡོ་རྗེ་ཁ་ཊྭཾ་རྔེའུ་ཆུང་གསལ། །དྲིལ་བུ་དུང་དམར་རྒྱུ་ཞགས་འཛིན། །འབར་ཆེན་མེ་རི་ཀླུང་གི་འཁོར་ལོ་དཀྱིལ་སྤྱི་བོ། དབང་ཕྱུག་མེ་དང་དུར་ཁྲོད་ཀྱིས། །སྟེང་ནས་ཞབས་བཞི་བསྐྱང་བསྐུམ་བཞུགས། །དུར་ཁྲོད་བརྒྱན་ཡུམ་འཁྱུད་ཅན་གར་གྱི་རོལ། །བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི། །རང་བཞིན་ཕུང་ཁམས་སྐྱེ་མཆེད་བྱིན་གྱིས་རླབས་སོ། །སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝ་ཀ་ཙིཏྟ་སྭ་བྷ་ཝ་ཨདྨ་ཀོ྅་ཧཾ། སྐུ་གསུང་ཐུགས་གསུང་མགྲིན་པ། །ཐུགས་སྙིང་ཁ། ཀྱི་རྡོ་རྗེའི་བདག །ཁྲོ་རྒྱལ་ཡེ་ཤེས་པ་གསལ་གདབ་ཡེ་ནས་ཡིན་པའི་ཕྱིར། །དེ་བཞིན་ཉིད་ཀྱི་དབྱིངས་ལས་ནི། །ཁྲོ་མོ་དབང་ཕྱུག་མངོན་ཕྱུང་སྟེ། །འཕགས་པ་རྣམས་བསྐུལ་ཏེ། བུམ་ཆུས་དབང་བསྐུར་ཏེ། ཨ་བྷི་ཥིཉྩ་ༀ། ཧི་ཧི་དགེས་པའི་གཟི་མདངས་ཀྱིས། །རིན་ཆེན་པདྨ་རྒྱས་མཁའ་གསང་རླབས་མཛད་དེ། ། གཉིས་ཡབ་ཡུམ་ཧཱུྃ་ཧཱུྃ་མེད་རོལ་པའི་གཟི་མདངས་ཀྱིས། །བདེ་གཤེགས་ཐུགས་མཚན་བྱིན་རླབས་ནས། །གཉིས་མེད་འཁྲིལ་བའི་དགེས་པས་ཐིམ། །རྡོ་རྗེའི་ལམ་བྱུང་ཡུམ་གྱི་མཁའ། ། ཆོས་སྐུ་བྱང་ཆུབ་སེམས་སུ་གནས། །ལྷ་རྣམས་སོ་སོའི་སྙིང་པོའི་སྒྲ། །ཧཱུྃ་དང་བཅུ་ཧ་བརྒྱད་དང་ཧེ་བཞི་འཕགས་རྣམས་བསྐུལ་ཏེ་ཕཊ་ཅེས་བྱུང་ནས། གསུང་གི་ཕྱག་རྒྱ་གཉིས་རྫོགས་ཏེ། །འོད་ཟེར་སྤྲོ་བསྡུའི་སྦྱོར་བ་ཡིས། །ཐུགས་ཀྱི་མཚན་གསུམ་པ་ཕྱག་རྒྱ། །བུམ་ཆུས་དབང་བསྐུར་ཏེ། ༀ་བྷི་ཥིཉྩ་ཧཱུྃ། ཨ་ནུ་ར་ག་སྭ་བྷ་ཝ་ཨ་ཁ་ཧཾ། པུ་ཛཱ་ཨ་མོ་ག་ཧཾ། རབ་ཏུ་འབར། །དེ་ལས་ཕྲ་མོ་སྐུ་འཕྲོས་འདུས། །ཕྱག་རྒྱ་ཆེན་པོའི་སྐུ་རྫོགས་ནས་གསང་བ་ཕྱོགས་བཅུའི་རྡུལ་སྙེད་འཇིག་རྟེན་ཁམས་སུ་འཐོན་པར་འགྱུར། །སེམས་ཅན་རྒྱལ་བའི་སྲས་བཅས་ནས། །སླར་འདུས་རང་གི་གནས་སུ་འཁོད་ལ། །དཔལ་ནི་ཁྲག་འཐུང་ཆེན་པོ་དང་། །རིན་པོ་ཆེ་དང་པདྨ་དང་། །ལས་ཀརྨ་སུ་གྱུར་ཏེ་སོ་སོར་བཞུགས། །དེ་ཀུན་འཇིགས་བྱེད་ཆེན་པོ་ཡིས། །ཆ་ལུགས་རྔམས་པའི་བཛྲ་ཧེ་རུ་ཀ་དང་འདྲ་བར་ང་རོ་ཡིས། །འབར་བའི་ཀློང་ན་དབུ་གསུམ་པ། །ཕྱག་དྲུག་ཞབས་བཞི་དྲི་ཟ་དང་། །གནོད་སྦྱིན་སྲིན་པདྨ་པོ་གཤིན་རྗེའི་སྩེགས་རཏྣ། །དྲེགས་པ་དབུས་སུ་ཁྱོ་ཤུག་གདན་ལ་བཞུགས། །བཙུན་མོ་ཁྲག་འཐུང་ཆེན་པོ་རྣམས། །སོ་སོའི་སྐུ་ལ་འཁྲིལ་ཏེ་བཞུགས། །དཀར་མོའི་ཀར་རི་ཚོགས་དང་རྐུན་ཙ་རི་མོའི་ཚོགས། །རྨོངས་བྲ་མོ་ཧ་བྱེད་དང་ནི་ཐལ་བེ་ཏ་ལི་བྱེད་མ། །སྦོས་མོ་པུ་ཀ་སི་དང་ནི་གཏུམ་མོ་ཙནྡྷ་ལི་དང་། སྨེ་ཤ་དུག་ཤ་ནི་ཅན་དང་ཙན་དྷ་གཏུན་མོ་ལི། །སྒོ་ཡི་ནང་གི་ཁྱམས་ལ་རོ་ལྡན་མ། འཁོད། །སེང་གེ་གདོང་ཤར་པ། མོ་ཆེན་མོའི་ཚོགས། །སྟག་ལྷོ་དང་ནུབ་ཝ་དང་། ཁྱི་བྱང་ཚོགས་དང་གཞད། ཀང་ལྷོ་ནུབ་ཀ་དུར་ནུབ་བྱང་བྱ་འུག་གདོང་གྱང་ཤར་ཆེ། །འཁོར་ལྷ་ཁྱམས་ཕྱི་མ་ལ་སྤྱང་གདོང་མ་བར་རྔམ་པའི་མདངས་ཀྱིས་འཁོད། །རྡོ་རྗེ་རྟ་གདོང་སྲིད་འགྲོ་མ་ཚོགས་དང་། །རྡོ་རྗེ་གདོང་མོ་སེང་གདོང་མ་འཇིག་རྟེན་སྤྱང་གདོང་མ་རོ་ལངས་མ། །སྒོ་བཞིར་རྔམ་པའི་གཟུགས་ཀྱིས་གནས། །སྲིན་མོ་སྨུག་ནག་ཞིང་མནན་ལ་སོགས་པའི། །འཇིག་རྟེན་མ་མོ་ཤར་དུ་ཉི་ཤུ་བརྒྱད། །གསང་བའི་དཀྱིལ་འཁོར་ཕྱི་ལས་བསྐྱེད་རོལ་ན། །བྲན་གྱི་ཚུལ་དུ་གནས་ཤིང་འཁོད། །དེ་ལྟར་གསལ་བར་བཀོད་པའི་སྔགས། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་མ་ཧཱ་ཙནྡྷ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ༀ་བཛྲ་མ་དབུས་ཧཱ་ཤྲཱི་ཧེ་རུ་ཀ །མ་ཧཱ་ཙན་དྷ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ༀ་རཏྣ་ལྷོམ་ཧ་ཤྲཱི་ཧེ་རུ་ཀ །མ་ཧཱ་ཙན་དྷ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ༀ་པདྨ་ནུབ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧ་ཙན་དྷ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ༀ་ཀརྨ་བྱང་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙན་དྷ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ༀ་སརྦ་ཏ་ཤར་ཐཱ་ག་ཏ་མ་ཧཱ་ཀྲོ་ཏི་ཤྭ་རི་སརྦ་དུཥྚཾ་ཧཱུྃ་ཕཊ། ༀ་བཛྲ་དབུས་ད་ར་ཀྲོ་ཏ་མ་ཧ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊ། ༀ་མ་ཧཱ་སུརྻ་རཏྣ་ལྷོ་མ་ཧཱ་ཀྲོ་ཏི་ཤྭ་རི་དེ་བ་ཧཱུྃ་ཕཊ། ༀ་ཤྲཱི་ཤྭ་པདྨ་ནུབ་བི་མུ་ཀ་མ་ཧཱ་ཀྲོ་ཏི་ཤྭ་རི་ཁ་ཧི་ཧཱུྃ་ཕཊ། ༀ་སརྦ་ཨ་མོ་བྱང་ཀ་མ་ཧཱ་ཀྲོ་ཏི་ཤྭ་རི་བི་ཤ་ཧཱུྃ་ཕཊ། ༀ་བཛྲ་ཀེའུ་ཤར་ཧ་བཛྲ་ཙོའུ་ཧོ་ལྷོ། བཛྲ་པྲ་མོ་ནུབ་ཧཱ། བཛྲ་བེ་ཏ་ལི་བྱང་ཧ། །བཛྲ་པུ་ཀ་སི་ཤར་ལྷོ་ཧ། །བཛྲ་ཀསྨ་རི་ལྷོ་ནུབ་ཧ། བཛྲ་སྨ་ནུབ་བྱང་ཤྭ་ནི་ཧ། བཛྲ་ཙནྡྷ་བྱང་ཤར་ལི་ཧ། བཛྲ་ཤར་སིདྷ་མ་ཧ། བཛྲ་བྱ་ཀྲི་ལྷོ་མུ་ཁ་ཧེ། བཛྲ་སྲི་ལ་མུ་ཁ་ནུབ་ཧེ། བཛྲ་ཤྭ་ན་ནུབ་བྱང་མུ་ཁ་ཧེ། བཛྲ་ཀྲི་ཏ་མུ་ཁ་ཧེ། བཛྲ་ཀཾ་ཀ་མུ་ཁ་ཧེ། བཛྲ་ཁ་ཁ་མུ་ཁ་ཧེ། བཛྲ་ཧུ་ལུ་མུ་ཁ་ཧེ། བཛྲ་ཨཱརྻ་ཏེ་ཙོ་ཏེ་ང་ཙ། བཛྲ་ཨ་ལྷོ་མོ་ཀ་ཧཱུྃ། བཛྲ་ལོ་ནུབ་ཀ་བཾ། བཛྲ་ས་སྨི་ས་ལ་བྱང་ཡ་ས་ཏི་ཧོ། བཛྲ་མ་སྲིན་མོ་གཡག་ནུ་རཀྴ་སི་བྷྱོ། བཛྲ་ཚངས་པ་སྦྲུལ་པྲ་མ་ནི་བྷྱོ། བཛྲ་རེ་ཏུ་ཏྲི་བྷྱོ། བིཥྚི་ནི་བྷྱོ། ཨིནྟྲ་ཡ་ནི་བྷྱོ། བཛྲ་སི་མ་ཀ་ལཾ་བྷྱོ། ཨ་མྲྀ་ཏ་བྷྱོ། སིའུ་ཉ་བྷྱོ། དྷ་ན་དམ་བྷྱོ། རཀྴ་སི་བྷྱོ། བཀྴ་སི་བྷྱོ། ར་ཏི་བཛྲ་བྷྱོ། རེ་ཏི་རེ་མ་ཏི་བྷྱོ། ཨེ་ཀ་ཙ་ར་བྷྱོ། མ་ནུ་ཧ་ར་བྷྱོ། སི་ཏ་ཀཾ་བྷྱོ། བ་ཡ་བེ་བྷྱོ། མ་ཧཱ་མཾ་ར་ན་བྷྱོ་བྷྱོ། ཨགྣེ་ཡེ་བྷྱོ། སི་རི་ཧི་བྷྱོ། ཙ་མུན་ཏི་བྷྱོ། སུ་ཏ་ན་བྷྱོ། བ་རུ་ནི་བྷྱོ། བཛྲ་མ་ཧཱ་ཀ་ལ་བྷྱོ། བཛྲ་ཙ་ཀ་ལ་བྷྱོ། བཛྲ་ཀུམྦྷ་ཀརྞ་བྷྱོ། བཛྲ་ལཾ་བྷོ་དྷ་ར་བྷྱོ། དེ་དག་གིས་ནི་དཀྱིལ་འཁོར་བསྐྱེད། །དམ་ཚིག་དཀྱིལ་འཁོར་ཡོངས་སུ་རྫོགས། །ད་ནི་ཡེ་ཤེས་དཀྱིལ་འཁོར་ནི། །རང་གི་སྙིང་ག་ནས་འོད་འཕྲོས། །དབྱངས་དང་ལྡན་པའི་ལྷ་མོ་ཡིས། །ཕྱོགས་དུས་དཀྱིལ་འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་ད་ལ་ནས། །དཀྱིལ་འཁོར་ཐམས་ཅད་སྤྱན་འདྲེན་ནོ། །མི་དམིགས་མཁའ་ལྟར་དག་པ་ཁྱབ་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེ་ངང་ཉིད་ཆོས་སྐུ་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ༀ་རུ་ལུ་རུ་ལུ་ཧཱུྃ། ཨེ་ཧ་ཡེ་ཧི་ཛ་ཛ་ཛ། བཛྲ་ཀྲོ་ཏ་ས་མ་ཡ་ཧཱུྃ། ཞེས་བརྗོད་པས་ནི་ཕྱག་བྱ་སྟེ། །བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང། །བྱམས་དང་སྙིང་རྗེས་སྒྲ་ཟིན་མི་མངའ་ཡང་། །ཐུགས་རྗེས་གདུག་པ་འདུལ་མཛད་པ། །འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་གྱི་བཀའ་ཉན་ཡང་སྤྲུལ་བསམ་མི་ཁྱབ། །བདུད་འདུལ་ཡེ་ཤེས་ཕོ་ཉ་དྲུག་ཅུའི་ཚོགས། །འཁོར་བཅས་རབ་འབར་གཟུགས་ཅན་འཁྲུལ་མོ་ཆེ། མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །འཇིག་རྟེན་འཁོར་ལོ་བསྒྱུར་བའི་དབང་ཕྱུག་མ། །ཅི་འགྱིས་བཀའ་ཉན་ཡང་མཁའ་འགྲོ་སོ་གཉིས་དབང་མོ་ཉེར་བརྒྱད། སྤྲུལ་བསམ་མི་ཁྱབ། །བདུད་འདུལ་ཡེ་ཤེས་ཕོ་ཉ་དྲུག་ཅུའི་ཚོགས། །འཁོར་བཅས་རབ་འབར་ཀུན་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། པྲ་ཏཱི་ཙ་ཧོ། ཏ་ཐཱ་ག་ཏ་བྷནྡྷ་ན་ཁ་རོ་ཡ་མི་ཨི་དན་དུ་པ། པུཥྤ། དཱི་པ། གནྡྷ། བྷ་ལིདྷ། པྲ་ཏཱི་ཛ་ཧོ། ཤྲཱི་བན་ཡོ་གི་སྟིམ། ནི་ཧེ་ས་དྷོ་ཏ་ཀི་ནི་ཧོ། །ཞེས་སྤྱོད་ནི་ལུས་ངག་གུས་ཐོད་སྐམ་བརྒྱད་པ་བྱས་ལ། །ཧཱུྃ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམ་པའི་སྐུ། །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་གསོལ། །ༀ་བཛྲ་ཀྲོ་ཏི་ས་མ་ཡ་ཧཱུྃ། བཛྲ་ཀྲོ་ཏ་ས་མ་ཡ་ཕཊ། བཛྲ་ཀྲོ་ཏ་ས་མ་ཡ་རྒྱ་ཐོད་སྐམ་ཧོ། །དེ་བསྟིམ་ལུས་ཀྱི་དཀྱིལ་འཁོར་རྫོགས། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་བསྟན། །ཧཱུྃ། སྐུ་གསུང་ཐུགས་སུ་བདག་སྦྱོར་ལ། །ཕོ་བྲང་ད་ལ་རང་ལས་སྤྲུལ། །ང་ནི་བདུད་ཀྱི་བདུད་བདག་སྟེ། །མཁའ་འགྲོའི་ཚོགས་རྣམས་བསྡུད་པའོ། །ཛ་ཧཱུྃ་བཾ་ཧོ། ཤྲཱི་ཧེ་རུ་ཀ་ས་མ་ཡ་མུད་ཏྲ་པྲ་བན་ཛ་ཡ། ཨ་གད་ཛ་ཡ། ཨ་གད་ཛ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བྷན་དྷ་ཡ། ཏོ་དྷ་ཡ། ཏོ་ཤོ་ཡ། ཏོ་ཤ་ཡ། བཛྲ་དྷ་ཀི་ནི་ནན། བུད་དྷ་ཀི་ནི་ནན། བུད་དྷ་ཤྲཱི་ཨ་པ་སྟྭཾ་པ་ཡ་ནན། །སོ་སོའི་རིགས་དབུ་བརྒྱན་གསལ་བར་བསྒོམ་ཀྱིས་འབྲས་བུར་འགྱུར། ། སྙིང་གར་མི་བསྐྱོད་རྡོ་རྗེས་མཚན། །དེ་ལས་མ་མོ་བརྒྱད་སྤྲོས་ཏེ། །ཕྱི་རོལ་མཆོད་ཡོན་ཆབ་ལ་སོགས་པ་བྱིན་གྱིས་རླབས། །དབྱངས་དང་ལྡན་པས་དབུལ་བྱ་སྟེ། །དང་པོ་ཐུན་མོང་གྱིི་རྫས་ལྔས་མཆོད། །དེ་ནས་ཁྱད་པར་རྫས་ཀྱིས་མཆོད། །བདུད་རྩི་སྨན་ནང་མཆོད་གྱི་མཆོད་རྫས་ལ། །དངོས་གྲུབ་བླང་ཞིང་། སྦྲང་རྩི་བཏབ་པར་བྱ་བ་ནི། །བླ་མེད་མཆོད་གཏོར་བ་པ་དམ་པར་སྦྱར་བ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡན་ཏན་ལྔ་ཡི་རབ་བརྒྱན་ཏེ། །དམ་ཚིག་གསང་བའི་མཆོད་པ་བཞེས་སུ་གསོལ། །ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་ཁྲག་འཐུང་སྤྱན་དྲངས་ཏེ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒཾ་རྒྱ་མཚོར་འཁྱིལ། །མཁའ་འགྲོ་གསང་བའི་ཚོགས་བཅས་ཀྱིས། །མ་ལུས་གཤེགས་ནས་མནབས་སུ་གསོལ། ། ཧཱུྃ། མཉམ་ཐུན་མོང་དུ་ཀུན་དབུལ་ལོ་པའི་གྲུབ་རྫས་ཆེན་པོ་དག །བདག་དང་མཉམ་པའི་ཚོགས་ལ་འབུལ། །བཟའ་དང་བཅའ་དང་བཏུང་དང་བགོ །ལོངས་སྤྱོད་ལྔ་ལྡན་མཆོད་པ་འདི། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ། །དང་པོ་བདག་ཉིད་རྟོགས་བསྒོམ་ཏེ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་སེམས་ཅན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །སརྦ་ཤ་ཏྲུཾ་མ་ར་ཡ་ཁ་རཾ་ཁཱ་ཧི། འཁྱིལ་བའི་མཆོད་རྟེན་མཉམ་སྦྱོར་བསམ། །བདག་ཉིད་མཉེས་པའི་མཉེས་བསྒོམ་ཏེ། །ཐམས་ཅད་རང་བཞིན་མེད་པས་ན། །དགྱེས་མཉམ་པ་ཡི་མཆོག་གི་མཆོད་པ་འབུལ། །ར་གོ་ཡ་མི། ར་གོ་ཡ་ཧཾ། ཨ་ནུ་ར་གོ །པུ་ཙ་ཧཱུྃ་སྭཱ་ཧཱ། དེ་ནས་འཁྲིལ་ཏེ་སྙོམས་ཞུགས་པས། །དགེས་མ ཉམ་མཆོག་གི་མཆོད་པར་རོལ། །མི་དམིགས་འཁོར་རྣམས་མི་དམིགས་པ་ཐུགས་ཀྱི་མཆོད་པ་ནི། རྡོ་རྗེ་སེམས་དཔའ་ཉིད་ཀྱི་ངང་། །དེ་ནས་ཕྱི་རོལ་ཐོན་པ་ལ། །མ་མོ་རྣམས་ཀྱི་བསྟོད་པ་ནི། །ཧཱུྃ། གཏུམ་སྐུ་ལ་བསྟོད་པ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། །ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟང་ཡག་ཟ་བྱེད་ཧོ། །ཧཱུྃ། རྔམ་བསྟོད་པའི་ང་རོ་འབྲུག་སྟོང་ལྟིར། །རུག་ཆེན་རི་རབ་འབུམ་བསྙིལ་སྐད། །ཨ་ཨ་ཧ་ལའི་གད་རྒྱངས་གསུངས་ལ་བསྟོད་པ་ཅན། །སྤྱུགས་པའི་འཐོར་རླུང་གཡེང་བ་ཆེ་ཧོ། །ཁྲོ་བོ་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་ཐུགས་ལ་བསྟོད་པ་བཟང་། །འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོ། །ཧཱུྃ་ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ་ཡོན་ཏན་ལ་བསྟོད་པ་པོ། ཁྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ་ཧོ། །ཧཱུྃ། བདུད་འདུལ་གྱིས་ནི་བདུད་ཆེན་པོ། །བདུད་ཀྱི་བདུད་སྟེ་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེའོ། །ཧཱུྃ། རྡོ་རྗེ་བྲག་ཆེན་སྲ་བ་དབྱིངས་མ་ནོར་བ་པོ། །རྡོ་རྗེ་ཆུ་བོ་བདུད་ཆེན་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་བསྲེག །རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེའོ། །ཧཱུྃ། སྒེག་པ་དཔའ་བ་རྟ་མགྲིན་གྱི་བསྐུལ་པ་འཇིགས་སུ་རུང་བ་དང་། །རྒོད་དང་ཞལ་གཡས་དང་གཤེད་གཡོན་དང་འཇིགས་དབུས་པར་བྱེད་པ་དང་། སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་པ། །སྐུ་ཡི་དངོས་པོ་ཤིན་ཏུ་བསྒྱུར་བ་ཡིན། །གར་གྱི་ཕྱག་རྒྱ་འབར་བས་དབང་ཕྱུག་ནོན་ཡུམ་ལ་བྱ། །ཧྲཱིཿ མྱོས་བྱེད་སྟོང་བས་ལྷག་པར་འདོད་པའི་གཟུགས། །འདུལ་བའི་དབང་གིས་གཤམས་ན་སྟོང་བས་འཇིགས་ཚུལ་སྟོན། །ཞི་བའི་སྐུ་ཡང་ཚངས་པ་སྟོང་བས་ལྷག་པར་སྟོན། ཐམས་ཅད་དཀྱིལ་འཁོར་གསུམ་དུ་སྣང་བར་མཛོད་ཅིག་ཧོ། །ཧྲཱིཿ རྣམ་པར་འདུལ་བའི་ངོ་མཐོང་ཐབས་ཀྱིས་རྣམ་པར་གནོན། ཧོ་ཡབ་ལ་ཧེ་ཧ་ཧ་ཡུམ་ལ་ཧེ་ཧེ་ཁྱབ་ཧི་ཧི་དགྱེས་པའི་གད་མོ་གད་དོ། །དབང་ཕྱུག་ཕྱོགས་སྐྱོང་བཅུ་ལ། ཐམས་ཅད་ཤིག་ཤིག་རབ་ཏུ་ཤིག །བདུད་ཀྱི་རྩལ་ཀྱིས་སྟོབས་ཀྱི་ངོ་མཚར་རྨད་བྱུང་བ། །རྟོགས་པ་མང་པོའི་རྒྱུད་ཀྱི་གདུལ་བྱ་མ་ལུས་པ། །ཡེ་ཤེས་སྒྱུ་མ་མ་འདྲེས་ཡོངས་སུ་རྫོགས་པར་མཛོད། །དེ་རྗེས་སྔོན་གྱི་གནས་སུ་བཞུགས་ཐིམ་ནས། །དཀྱིལ་འཁོར་པ་རང་གི་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཕྱག་རྒྱའི་ང་རྒྱལ་ནི། །སྔོན་དུ་གསུངས་པའི་ཁྲོ་བོའམ་ཞལ་གསུམ་ཕྱག་དྲུག །ཡང་ན་སྤྱན་རས་གཟིགས་པ་ཡི། །ཁྲོ་བོ་འབར་བའི་དབུ་དགུ་པ། ཕྱག་ནི་བཅོ་བརྒྱད་ལྟ་བུ་ཡིས། །སྙིང་གར་དྲག་པོའི་འཁོར་ལོ་བསམ། །རུ་ལུ་རྩ་བའི་སྔགས་དག་ནི། །འབུམ་མམ་བྱེ་བའི་བར་དུ་བཟླས། །ཕྱག་རྒྱ་དངོས་གྲུབ་དཀྱིལ་འཁོར་རོ། །ཐུན་མཚམས་མཉམ་པར་བཞག་པ་དང་། །རང་གི་ནོར་བུ་རིན་པོ་ཆེ། །ཡོད་པར་མ་ཤེས་སྟོར་བར་དྲན། །འཚོལ་བར་འདོད་པས་དེ་ལྟར་བསམ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི། །ཆོས་འཛིན་རིགས་ཀྱི་གྲུབ་གནས་སུ། །ཐུགས་རྗེའི་ས་ལ་མངོན་སྤྲུལ་གཤེགས། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཆོག །བྱམས་མགོན་དམ་པ་སྟོན་པ་ཞིག་གིས་བསྟན། །ཨེ་མ་ཁྱོད་ཀྱིས་མི་ཤེས་བསམ། །མཐོང་ཡུལ་ཀུན་ཏུ་བདེ་བ་ཡིས། །སྒྲོན་མེས་མུན་ཁུང་གསེར་འཚོལ་ལྟར། །གསང་བའི་སྙིང་པོའི་མཛོད་བསྣོལ་ཏེ། །ཐིག་ལེ་གཅིག་གིས་ཀུན་ལ་ཁྱབ། །ཐམས་ཅད་ལུང་ཆེན་ངེས་པར་བསྟན། །འཇིག་རྟེན་གཡོ་རྡུལ་མི་གཡོའི་རང་བཞིན་རྣམས། །འབར་བ་ལྔ་བཅུའི་ཁྲོ་བོའི་ངང་དུ་སྣང་། །མྱ་ངན་འདས་ནས་དང་འཁོར་བའི་རང་བཞིན་རྣམས། །རྩོལ་མེད་མ་བཅོས་དེ་ཉིད་རྣམ་དག་ལས། །ཐིག་ལྷང་དུ་ལེ་ཡུངས་ཀར་ཙམ་ཞིག་གསལ་བར་བསྒོམ། །དེ་ལས་འོད་ཟེར་རྡུལ་སྙེད་སྤྲོས། །མ་རིག་པའི་མུན་གསལ་རགས་པའི་དངོས་པོ་ཀུན་སྟོང་པར་སྦྱངས་ཏེ། །ཐམས་ཅད་མ་བཅོས་སྐུ་རུ་གསལ། །སླར་འདུས་ཐིག་ལེ་ལ་ཐིམ་ནས་སམ། །འོད་དུ་ཞུ་ནས་རིམ་གྱིས་བསྡུས། །རྡོ་རྗེ་ཡེ་ཤེས་པ་སེམས་དཔའ་སྙིང་གི་ནང་། །ཨ་གཟུགས་པདྨ་འདབ་བཞིར་བསམ། །དེ་སྟེང་གསང་གནས་ས་རླུང་དང་། །སྙིང་ཁའི་ནང་ནས་ཆུ་རླུང་གཉིས། །རྣམ་པར་དག་པ་ཟླ་བ་སྟེ། །རྡོ་རྗེ་རིན་ཆེན་གཉིས་རང་བཞིན། །དེ་སྟེང་རྡོ་རྗེ་སེམས་དཔའ་ནི། །ཐིག་ལེ་འོད་ཟེར་ལྔ་ལྡན་སེམས། །དེ་སྟེངས་མགྲིན་གནས་མེའི་རྩ་མེ་རླུང་དང་། །མགོ་བོའི་ནང་ནས་རླུང་དཀྱིལ་གཉིས། །དག་པ་ཉི་མའི་དཀྱིལ་འཁོར་སྟེ། པདྨའི་རིགས་དང་ལས་རིགས་དང་། །ཁ་སྦྱར། དབུས་སུ་ཐིག་ལེ་བསམ། །ཡང་ནས་ཡང་དུ་འདྲེས་པར་བསམ། །ཡང་རྒྱུ་མར་འོག་སྒོ་གཉིས་འགོག་གོ་བག་ཆགས་འཛིན། འགོག་པ་བཞིན་དུ་མདོར་བསྟན་ལྟེ་བ་མ་སྐྱེ། །ལམ་ཐིག་ལེ་ལས་གྱུར་སྐྱེ་འགག་མེད་པའི་ཆོས་ཉིད་རྣམ་པར་དག་པས་སྐྱེད་པ་སྒོའོ། །ལམ་མི་ཟད་པའི་མ་མ་ཀིའི་སྙིང་གར་ཆོས་སྟེང་སྒོ་ཉིད་རྣམ་པར་དག་པའི་སྒོའོ། །སམ་སྐྱོན་རྟོག་བརྡུལ་མེད་པའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །སྤྱི་བོ་ཏམ་ཐོགས་པ་ཏ་ར་ན་སྒྲོལ་བའི་མིང་མེད་པའི་ཆོས་ཉིད། །རྣམ་པར་སྣང་བའི་སྒོའོ། །མུཾ་གསུང་བརྗོད་པ་ལས་འདས་ལྷ་ཉིད་ཆོས་སྐུ་པའི་ཆོས་ཉིད་རྣམ་པར་ཐམས་ཅད་ལ་རྣམ་པར་དག་པའི་སྒོའོ། ཟེར་བ་འདུག་སྣང་བའི་སྒོའོ། །ཧཱུྃ། མི་ཐུགས་གཡོ་བའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ༀ་སྐུ་ཅིར་ཡང་སྣང་བའི་ཆོས་ཉིད་རྣམ་པར་སྣང་བའི་སྒོའོ། །ས་རྒྱས་བཤད་ནི་ཆུ་ལ་ཐིམ་པ་ན། །ཀུན་ཏུ་མཉམ་བློས་ཟག་མེད་པའི། །ལམ་གྱི་ཡེ་ཤེས་སྨིག་རྒྱུ་ལྟ་བུ། །ཆུ་ནི་མེ་ལ་སེམས་མི་དམིགས་པ་ཐིམ་པས་ན། །སེམས་ལ་དབང་ཐོབ་དུ་བ་འདྲ། །མེ་ནི་རླུང་ལ་ཐིམ་པས་ན། །ཏིང་འཛིན་བསྒོམ་བཟླས་འབའ་ཞིག་ལྡན་པ་སྟེ། །གློག་གི་རྣམ་པ་ལྟ་བུར་མཐོང་། །རླུང་ནི་རྣམ་པར་རིག་པ་ལ། །ཐིམ་པས་འདོད་པ་རྣམས་བྲལ་ཏེ། །མར་མེ་ལྟ་བུར་མཐོང་བའོ། །རྣམ་པར་རིག་པ་འོད་གསལ་ལ། །ཐིམ་པས་རྣམ་པར་སྣང་བ་ནི། །ཕྱི་ནང་མུན་པ་ཐམས་ཅད་ནི། །ནམ་མཁའ་ལྟར་ནི་མཐོང་བའོ། །ཨེ་མ་ཧོ་དངོས་པོ་མེད་པ་ལས། །སྨོན་དང་སྙིང་རྗེའི་དབང་གིས་ནི། །ཇི་ལྟར་སྣང་བ་མ་འགགས་པའོ། །འདུན་ཚོགས་ལམ་པའི་དུས་ན་རིགས་ཀྱི་མི་རྟོག་པ་མ་གན་ས་བུ། །ཡིད་ལ་བྱེད་ཞེས་ཐོབ་སྟེ། །སེམས་དད་པ་ས་དང་འདྲ་མོས་པ་གསེར་དང་འདྲ། ཡིད་ཆེས་པ་ཟླ་བ་དང་འདྲ་གསུམ་ཐོབ་ཅིང་མཐའ་དབུས་གྲོལ། །རྟེན་པ་བཞིའི་ས་སར་གནས། །རིགས་ཆེན་འབྱེད་པའི་རྣལ་འབྱོར་པས། །འཕྲོ་འདུ་གཅིག་སྒོམ་པའི་ལས་སུ་རུང་བས་པའི་ཏིང་འཛིན་ཐོབ། །སེམས་བཞི་རྫོགས་ཏེ་མཐའ་བཅུ་ཤེས། །བདག་ཉིད་ཡི་གེ་ཕྲེང་བར་ནི། །སྣང་བའི་ལྟས་མཐོང་བསོད་ནམས་གཏེར། །དབུགས་ཆེན་མཐོང་ལམ་འབྱིན་པའི་རྣལ་འབྱོར་པ་དང་པོ་རབ་དགའ་། སེམས་གཅིག་རྫོགས་ནས་མཐའ་ཆུབ་ནས། །འཇིགས་པ་ལྔ་སྤངས་ཁྱད་པར་ས། །ཡོངས་སུ་མི་ལྡོག་ཏིང་འཛིན་ནི། །འཇིག་རྟེན་ནོར་བུ་རིན་ཆེན་གྱིས། །གང་བར་སྤྱོད་པའི་ལྟས་མཐོང་འགྱུར། །སྒྱུ་མ་སྦྱོང་བའི་སྐྱེས་བུ་དེ། །འཁོར་ལོས་བསྒྱུར་བའི་ཆ་བྱད་དུ། །རིན་ཆེན་བདུན་དང་དཔུང་ཚོགས་ཀྱིས། །དབང་བསྒྱུར་ཐབས་ཀྱི་ཐེག་པ་སྟོན། །ལུང་ཆེན་ཐོབ་པའི་སྐབས་སུ་ནི། །སེང་གེ་དག་ལ་ཞོན་པ་ནི། །ཐམས་ཅད་གནོན་པའི་ལྟས་མཐོང་འགྱུར། ། ཨེ་མ་ཧོ་དེ་བཞིན་ཉིད་དེ་ནི། རྒྱུ་དང་རྐྱེན་གྱིས་མི་བསྐྱེད་དེ། རྟོག་ཆེན་གྲོལ་ཕྱིར་དེ་སྐད་ཤར། །དམིགས་པ་མེད་པའི་སྙིང་རྗེ་ནི། །དེ་བཞིན་ཉིད་ཀྱི་ཆོས་བསྲུངས། །སྤྲོས་པ་མེད་པ་དེ་བཞིན་ཉིད་ནི། དེ་ཉིད་ཆོས་བསྲུངས་། དེ་ལྟར་ཚུལ་བཞིན་རྒྱུ་འདུས། སེམས་འདུན་རྫོགས་པའི་ས་སར་གནས། །འབྲས་བུ་ཉིད་ལ་ལམ་ཤེས་པས། །ལམ་གྱི་ཡན་ལག་བདེ་རྫོགས་ཏེ། །གཞན་བདག་སྨིན་པར་བྱ་བའི་ཕྱིར། །ཇི་ལྟར་འདོད་པའི་ཐབས་མཆོག་སྦྱོར། །རྩལ་ཆེན་རྫོགས་པའི་སྐབས་སུ་ནི། །ཀུན་སྣང་ཏིང་འཛིན་ཉིད་ཐོབ་སྟེ། །དེ་ནི་ཉི་ཟླའི་འཁོར་ལོ་བསྐོར། །ཐམས་ཅད་གསལ་བར་བྱེད་ལྟས་མཐོང་། །ལྔ་པའི་བློས། ཆོས་ཀྱི་འཕྲིན་ལས། ཀུན་ཏུ་འོད། དྲང་དོན་ངེས་དོན་མིན་པ། སེམས་སུ་བསྐྱེད་ཅིང་མཐའ་མཐའ་དྲུག་ཆུབ། །སྟེང་དུ་གྱུར་པའི་ངོ་བོ་ལ། །དེ་ནས་རྒྱལ་ཚབ་སྐྱེས་བུ་ལ། །ཆོས་ཀྱི་རྒྱལ་པོ་གང་དེ་ཡི། །གདུང་འཚོབ་དགའ་ལྡན་ཐེག་ཆེན་སྟོན། །མི་གནས་བཅུ་དུས་ཆོ་འཕྲུལ་སྣང། །བཤེས་གཉེན་དམ་པས་བཀའ་སྩལ་པས། །ས་བཅུ་པ་ལ་གནས་པ་དགོངས་པས་བཤད་དངོས་སྒྲ་བཞིན་མིན་པ་ཡང་། །ཆོས་ཉིད་དུ་རྫོགས་སྤྱོད་ལ་ཆོས་ཉིད་མ་རྟོགས་པ་བྱེད། །མི་རྟོག་ངང་དུ་མི་གནས་ཏེ། །རྫོགས་པའི་སངས་རྒྱས་མི་བྱེད་དོ། །ཨེ་མ་སྐྱེས་བུ་དམ་པའི་ཀློང་། །གང་གི་ངོ་བོ་ཅི་ཕྱིར་ལགས། །སྐྱེས་བུ་དམ་པས་བཀའ་རྩལ་པ། །གསང་སྔགས་དངོས་པོ་གང་གི་ལན་ན་བརྒྱད་ཀྱིས་བཅིངས། །མཉམ་པར་མི་བཞག་ཅི་ཕྱིར་ལན་ནི། སྒོམ་མྱོང་མ་ཡིན་པ་སྟེ་ཟེར་བ་འདུག་བར་དུ་ནི། སངས་རྒྱས་དགོངས་པ་མྱོང་བ་ཡིན། །སྐྱེས་བུ་དམ་པ་ཁྱོད་ཅི་མགུ །གང་ཞིག་མོས་པས་སུ་ཞིག་གི །ཇི་ལྟར་གྲོལ་གྱུར་ངོ་བོ་ཅི། །སྐྱེས་བུ་དམ་པས་བཀའ་རྩལ་པ། །གྲོལ་བར་འདོད་པས་བླ་མ་སྟོན། །རིག་པར་རང་བྱུང་ཞི་བ་ནི། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །བསོད་ནམས་ཚོགས་ཀྱི་དཀྱིལ་འཁོར་ནི། །ཞིང་ཁམས་རིན་ཆེན་ཡོད་པར་ནི། །རྒྱལ་བ་ཀུན་ཏུ་བཟང་པོ་ཡིས། །སྲས་འཁོར་མཆོག་འཇམ་དཔལ་ཆེན་པོ་ལ། །ཆོས་ཇི་ལྟར་རིམ་གྱིས་བརྒྱུད་པ་བཞིན། །དེ་བཞིན་འབྱོར་པའི་ཡོ་བྱད་ལ། །རྣམ་གསུམ་ཚུལ་དུ་ནགྟ་བྱ། །རྣམས་གསུམ་ཚུལ་དུ། བསོད་ནམས་ཚོགས་ཀྱི་དཀྱིལ་འཁོར་རོ། །བཀའ་སྡོད་ཕོ་ཉའི་དཀྱིལ་འཁོར་ནི། །སངས་རྒྱས་མི་བསྐྱོད་པ་ཡི་ནི། །ཞིང་ཁམས་མངོན་པར་དགའ་བ་ན། །རྒྱལ་ཚབ་བསྟོན་པ་སྐྱེས་བུ་ཀུན་གྱིས་གསུངས། །དེའི་གདམ་ངག་མདོར་བསྟན་པ་བཀོད་པ་སྔོན་བྱུང་ལ། རྟགས་ཉམས་སུ་བླངས་དང་བརྟེན་པའི་གཞུང་ལྟར་བསམ། དཔེའུ་དང་འབྲུ་ཁུང་འོག་ནས་འབྱུང་བ་ལྟར། དུར་ཁྲོད་ཆེན་པོ་རབ་འཇིགས་པའི། །མཚོན་ནི་ཀང་ཀ་ཐང་དམར་ན། །རི་བོ་བྱན་རླག་འཆོངས་ཀྱི་རི། སྟེང་འཁོར་འདབ་ཆགས་རྒྱལ་པོ་གནས། །ཀེཾ་རུས་ཐོད་པའི་མཁར་དུ་བརྩིགས། །རུ་ལས་དང་པོ། ཚོགས་བདག་བསྐྱེད་ནས། །ཉེ་གནས་ཀྲོ་ཏི་ཤྭ་རི་མ། །རང་གི་བཙར་འཁོར་ཚོགས་ལྡན་པར་བསྐྱེད། །དེ་ནས་དཔའ་བོ་ཆེན་པོ་ཡིས། །རུ་ལུ་ཧཱུྃ་གི་འོད་ཟེར་སྤྲོས། །དྲག་པོ་གནས་ནས་གདུག་པ་གུག །གཉིས་པ་ཞལ་དུ་རྔུབ་ཏེ་གནས་ནས་བཏོན། །གཞོན་ནུ་སྨེ་བརྩེག་ཞེས་གྱུར་ཏེ། །བསྐྱེད་དང་གཉིས་སུ་མེད་པར་བྱ། །ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། །བུར་ཀུར་མ་ཧཱ་ཀ་ལ་ས་མ་ཡ། ཧྲིང་ཧྲིང་། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧ་ལ་ཧ་ལ། ཧུ་ལུ་ཧུ་ལུ་ཧཱུྃ་རཀྴ་ཤྲཱི་ཧེ་རུ་ཀ་ཧ་ཧ་ཧཾ། ཞལ་དུ་རྔུབས་ཏེ་ལུས་མི་གཙང་བའི་གནས་ནས་བོར། །དེ་ལ་མིང་གི་རྣམ་གྲངས་ནི། །གང་གི་རྒྱལ་པོ་ཞེས་དང་བྱ། །ལྷ་ཆེན་ལེགས་ལྡན་ནག་པོ་སྟེ། །ལྷའི་དེད་དཔོན་ཀ་རུ་ན། །ཚོགས་བདག་ཆེན་པོ་བདུད་ཀྱི་རྗེ། །དགེ་སློང་རྡོ་རྗེ་ལེགས་པ་ཐར་པ་ནག་པོ་ཡིན། །ཚོགས་བདག་ཆེན་པོ་དེས་གསོལ་པ། །དཔའ་བོ་ཆེན་པོ་དགོངས་སུ་གསོལ། །བདག་ཅག་སྐལ་ལྡན་བཞི་པ་དཀྱིལ་འཁོར་ཆར་གཅིག་པར་གསོལ་བ་འདེབས་པ་འདུས་པའི་ཚོགས། །སྒོ་འདིར་ད་ཡང་ཞུ་བ་དྲུག་པ་དྲག་པོ་འཁོར་བཅས་བྱང་ཆུབ་ཏུ་སེམས་བསྐྱེད་གཅིག་པར་གསོལ་བ་གདབ་པར། འཇུག་པར་འཚལ་ལགས་ན། །རྒྱལ་པའི་སྲས་སུ་གཟུང་དུ་གསོལ། །དཔའ་ལྔ་པ་དཀྱིལ་འཁོར་དུ་ཞུགས་པ་བོ་ཆེན་པོས་བཀའ་སྩལ་པ། ཧཱུྃ་ཧཱུྃ་ཧཱུྃ་འདུལ་སྦྱོངས་དྲག་པོའི་དཀྱིལ་འཁོར་དུ་སྦྱོང་བ། བི་ཤྭ་བཛྲ་ཀྲོ་ཏ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་བགེགས་སྐྲད་པ། ཧ་ལ་ཧ་ལ་ཧཱུྃ་ཏ་ཀེཾ་ཏ་ཀེཾ་དངོས་པོ་ཐམས་ཅད་སྟོང་པར་སྦྱངས། ཕཊ། ཧ་ལ་ཡེ་ཤེས་མེད། ཧ་ལ་འདུལ་སྦྱོངས་དྲག་པོའི་དཀྱིལ་དུ།རཾ་ཏིག་ན་ཁཾ། ཀྲོ་ཏ་ཀྲོ་ཏ་ཡཾ་ཡེ་ཤེས་རླུང། ༀ་ཀ་ཝ་ཙའི་བྱིན་རླབས་ཧཱུྃ་མུཾ། སྐལ་སྤྲོ་བ་བསྐྱེད་པ་ལྡན་འདུས་པའི་ཚོགས་ཆེན་ཁྱེད། །བདེ་བར་འོངས་གནང་བ་སྦྱིན་པ་སོ་ལེགས་པར་འོངས། །གྲུབ་པའི་ལུང་སྒོ་གསང་བ་འདིར། །སུ་དག་འོངས་པ་སླར་མི་ལྡོག །ཚོགས་བདག་ཆེན་པོས་ཡང་གསོལ་པ། །བདག་ཅག་མཐའ་ཡས་སེམས་ཅན་རྣམས། །དོན་གྱི་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གི་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སེམས་ཉིད་སངས་རྒྱས་ཡིན་པ་ལ། །མུན་པས་སྒྲིབ་པས་དེ་མ་ཤེས། །བྱང་ཆུབ་སེམས་ཀྱི་ལམ་འདི་ནས། །སངས་རྒྱས་ས་ལ་འཇུག་པར་བགྱི། །དཔའ་བོ་ཆེན་པོས་བཀའ་སྩལ་པ། །རྡོ་རྗེ་ཅན་གྱི་རྣལ་འབྱོར་ཁྱེད། །བདུན་པ་སེམས་བསྐྱེད་པ་ལ་རྡོ་རྗེ་ལྟ་བུའི་སྒོ་ནས་དམ་ཚིག་རྩོག་པ། རྡོ་རྗེ་ཅན་དུ་གཅིག་ངེས་ན། །གསང་བ་གསུམ་དང་མཉམ་པ་ཉིད། །མི་ཕྱེད་རྡོ་རྗེའི་དམ་ཚིག་སྦྱིན། །མི་ཕྱེད་རྡོ་རྗེའི་དམ་ཚིག་ནི། གསང་བ་གསུམ་གྱི་དབྱིངས་ནས་བྱུང་། །དཀྱིལ་འཁོར་གསུམ་གྱི་དམ་ཚིག་ནི། །གྲུབ་ན་འཇིགས་པའི་དུས་མེད་དོ། །ནག་པོ་དྲུག་པ་དྲག་པ ོ་འཁོར་བཅས་དབང་བསྐུར་ཅིག་པར་གསོལ་བ་གདབ་པ་པོས་ཡང་གསོལ་པ། །ཡེ་ཤེས་རིན་ཆེན་དབུ་རྒྱན་མཆོག །གཟི་བརྗིད་ཕུང་པོ་བླ་ན་མེད། །སངས་རྒྱས་རིན་ཆེན་ཀུན་འདུས་པའི། །རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ། །དབྱིག་གི་ཡེ་ཤེས་གཙོ་མཆོག་ཉིད། །རྡོ་རྗེ་དམ་པ་མཆོག་འཛིན་པ། །ཁྱེད་ནི་དམ་ཚིག་གཙོ་ལགས་ཀྱིས། །དབང་ཕྱུག་རྒྱལ་པོ་བདག་དབང་བསྐུར། །དཔའ་བོ་ཆེན་པོ་དེས་སྣང་བས། །དགུ་པ་དཔའ་བོ་ཡེ་ཤེས་ལྔའི་དབང་བསྐུར་བ། ༀ་བཛྲ་ཨ་མྲྀ་ཏ་ཨ་ཧི་ཧི་སརྦ་མཎྜ་ལ་ཧཱུྃ། ཨ་པེ་ཤ་ཀ་ཧྲཱིཿཐ། ནག་པོ་ཆེན་པོས་ཡང་གསོལ་པ། །བདག་ནི་སྐྱེས་བུ་ཁྱོད་ཀྱི་བདག་དབང་བསྐུར། །སངས་རྒྱས་ཀུན་གྱི་དེ་རིང་བདག་དབང་བསྐུར། །བཅོམ་ལྡན་མཆོག་ཉིད་བདག་ལགས་ཏེ། །མཆོག་ཉིད་བསྒྲུབ་ཕྱིར་དབང་ཡང་བླང་བར་བགྱི། །དེའི་རྗེས་སུ་འཁོར་རྣམས་ཀྱིས། །མོས་དང་དབང་གི་རྒྱུ་ལ་དབུལ་བ་བསྙེན་པའི་ཚོགས་གསོལ་ཏེ། །སེང་གེར་སྤྲུལ་ཏེ་གདན་དུ་ཕུལ། །ལ་ལས་ལུས་ནི་གདན་དུ་ཕུལ། །ལ་ལས་ཤམ་ཐབས་དག་ཀྱང་ཕུལ། །བཅུ་པ་ཆོས་གསུང་ཐུགས་དམ་མངའ་གསོལ་བ། ༀ་བུར་ཀུར་ཨེ་ཧོ་ཤྭ་མོ་ཀྲོ་དྷ་ཧཱུྃ། དུ་པ། པུ་པ། ཨ་ལོ་ཀེ། གྷནྡྷེ། ཤབྷ། པུ་ཛ་ཧཱུྃ། ལ་ལས་ཐིག་ལེར་ཕུལ་བྱས་ཤིང་། །ལ་ལས་བྱུག་པས་མཉེས་བྱས་ནས། །ལ་ལས་ཕྲེང་བར་མཛེས་པའི་རྒྱན། །ལ་ལས་འདི་ཡན་ཆད་ཤོག་འདི་ལྟར་གྱི་ཕྱག་འཚལ་ཕུལ་ཏེ་གནས། །དེ་ནས་གྱིང་གི་རྒྱལ་པོ་ལ། །མངའ་གསོལ་མཆོད་ཐམས་ཅད་མ་འདྲེས་ཡོངས་རྫོགས་བསྒོམ་པ་ཚུལ་དུ་བཏབ། །ཉེ་བ་སྤྱོར་པ་ལྔ་ཡང་བྱིན། །དམ་ཚིག་སྐམ་ཆེན། ཁྲག་ཆེན། གོ་རོ་ཙ་ན། རྐང་ཆེན། གཞན་ཤ་ཁྲག་སྣ་ཚོགས། དམ་རྫས་བསྔོ་བ་ནི། །དཀའ་ཐུབ་ཆེན་པོ་ཚུར་གསོན་ཅིག །ལེགས་ལྡན་ནག་པོ་མ་རུངས་པ། །རང་གི་རྒྱལ་སྲིད་ལ་གནས་ཏེ། །ཀ་གཞན་གྱི་སྡེ་པ་འཇོམས་བྱེད་པ། །ཁྲམ་ལ་བཏབ་པའི་དགྲ་བགེགས་རྣམས། །རོལ་ཅིག་དགོངས་ཤིག་དམ་ཚིག་གཙོ། །ཁྱོད་ཙོ་ལགས་ཀྱི་སངས་ཟེར། ཀ་ཐོ་སྡེབས་ཤིག་གོང་འོག་ཚིག་འཁྲུགས་སུ་འདུག་གོ། །ཀྱི་དམ་ཚིག་དུས་ལ་བབ། །བསེ་བྱང་ཁྲམ་ལ་བཏབ་པ་ཡིས། །མ་དང་སྲིང་མོ་བུད་མེད་ལ། །དཔའ་བོ་ཁྱོད་ཀྱིས་རོལ་མཛད་ཅིང་། །དམ་ཚིག་ཆེན་པོས་གཙོ་བོ་ཉིད་ལ་བྱ་མ་བཏང་ཅིག །ཞེ་སྡང་ཁྲོ་བོ་རྣམས་ལ་ཅན་གྱི་བདག་གི་བཅོ་བརྒྱད་པོ་རྣམས། །སེམས་ཅན་ཀུན་གྱི་སྲོག་འཕྲོག་མ། །ཁ། འདོད་ཆགས་ཅན་གྱིས་བདག་པོ་རྣམས། །བུད་མེད་ཀུན་ལ་འདོད་སྤྱོད་པ། བསེ་བྱང་ཁྲམ་ལ་བཏབ་པ་ཡིས། །ག། ཤ་དང་ཁྲག་ལ་ལོངས་སྤྱོད་ཀྱི། །གནོད་ཡཀྴ་སྦྱིན་ཆེན་པོ་མ་རུང་པ། །བསེ་བྱང་ཁྲམ་ལ་བཏབ་པ་ཡིས། །གསེར་སོགས་གཡུ་མཁར་བླངས་ནས་ཡིད་གནག་པའི་དགྲ་བགེགས་ནི། །རང་གི་འདོད་པར་ལོངས་སྤྱོད་སྲིན་པོ་རྣམས་ལ་བྱ་ཀྱིས། །རྟོག་པའི་རྒྱལ་པོ་མི་ཐོད་ཅན་རྣམས་གསོན་ཅིག །མགོ་ཐོད་བཅད་ནས་རྟགས་བརྟེན་དང་། །དགེ་ཡུལ་མཚན་རྣལ་འབྱོར་ངེས་འབོད་ན། །ཡིད་བཞིན་ལྟ་བུའི་དངོས་གྲུབ་སྩོལ། །རིགས་ངན་རྨེ་ཤ་ཅན་གྱི་ཚོགས། །བ་གླང་རྟ་ཤ་ཁྱི་ཤ་དང་། །མི་ཤ་གླང་ཆེན་ཤ་སོགས་བཞེས། །སྲིང་མོ་ཁྲག་འཕྲོག་མ་ལུས་པས། །བསད་པའི་ཁྲག་ནི་འདི་ན་མ་ཟ་བྱེད་རྣམས་ལ་བསྔོ་པ་ཡིན། དྲོན་མོ་དག །བཞེས་ཤིག་དགྲ་བོའི་ཁྲག་ལ་འཐུང་། །སྤྲུལ་པའི་ཕྲ་ཉེ་གནས་ཀྲོ་ཏི་ཤྭ་རི་མ་ལ་མེན་ཆེན་པོ་རྣམས། ཐོད་རུས་རྐང་དང་འབྲུ་མར་ཁྲག །ཆང་དང་ཨ་མྲྀ་ཏ་སྦྱར་བའི། །རྫུ་འཕྲུལ་གྲུབ་པའི་དམ་རྫས་བཞེས། །རིགས་ངན་ཆེན་པོ་མ་རུངས་མ། །ཤ་ཆེན་གཤང་ལྕི་ཁུ་བ་ཁྲག །དམ་རྫས་འབར་བ་འདི་བཞེས་ལ། །བདག་གི་ནད་རྣམས་བཟློག་ཏུ་གསོལ། །དམིགས་པའི་ཡུལ་དུ་རིམས་ནད་ཐོང་། །སྲིད་པའི་བུད་མེད་མ་རུང་ཁྱོད། །བྲོ་གར་གླུ་ཚིག་མཆོད་པར་བཞེས། །དམིགས་བྱ་འཇོམས་ཚུལ་སྟབ་ཀྱིས་ཕྲོགས། །ཤོར་བ་བཞོན་ནུ་བདུད་མོའི་ཚོགས། །རྣལ་འབྱོར་ཆེན་པོའི་བཀའ་བྱུང་གིས། །སྔགས་སྒྲ་རང་གི་མཆོད་པ་བཞེས། །དམིགས་པའི་ཕུང་པོ་རྡུལ་དུ་རློག །ངག་གི་སྤྲུལ་པས་དགྲ་བོ་བསླུས། །ལོག་སྲེད་ཅན་གྱི་ཚོགས་རྣམས་ཉོན། །ཡང་དག་ངང་དུ་ཀུན་རིག་ན། །ཆེ་ཆུང་ལས་གཉིས་གང་བྱས་ཀྱང་། །གཉིས་ཀྱི་དབང་དུ་མི་འགྱུར་གྱིས། །རྣལ་འབྱོར་ངའི་ཡི་ལས་འདི་སྒྲུབས། །གསང་ཚིག་རྟེན་པའི་ཚོགས་རྣམས་ཉོན། །གཤང་གཅི་ཁྲག་དང་སོལ་ཁུའི་གོས། །བརྒྱའམ་སྟོང་དུ་གོན་ད་ནི་འདི་ནས་མར་བསྟོད་པར་གྱིས་གསུངས་སོ་ནས་ནི། །ལིངྒ་གཅད་ནས་སངས་རྒྱས་འཇིག །དམ་རྫས་མཆོད་པ་འདི་བཞེས་ལ། །བཅོལ་པའི་ལས་རྣམས་གྲུབ་པར་གྱིས། །མངའ་བདག་ཆེན་པོ་མ་རུང་པ། །རྡོ་རྗེ་སེམས་དཔའི་སྤྲུལ་པ་སྟེ། །ཁྲོ་བོའི་རྒྱལ་པོ་གྱིང་ཆེན་པོ། །མངའ་བདག་བདུད་ཀྱི་རྒྱལ་པོ་བཞེངས། །རྣལ་འབྱོར་མཚན་པོ་ངས་བསྟོད་ཀྱིས། །ཁྱེད་ཀྱི་མཐུན་པའི་རྫས་འབུལ་གྱིས། །སྔོན་གྱི་བསྐལ་པ་དང་པོ་ལ། །ཁས་བླངས་དམ་བཅའ་མནའ་བོར་བའི། །སྔོན་དུ་རིག་འཛིན་གོང་མས་བསྒྲུབས། །ད་ལྟ་རྣལ་འབྱོར་བདག་བསྒྲུབ་ན། །བམ་རི་ཐོད་པ་མཁར་གྱི་རྩེར། །རུ་མཚན་ནག་པོ་པུ་རུ་རུ། །མཚོན་ཆ་ནག་པོ་ཆར་དུ་ཕོབ། །བདུད་བྱ་ནག་པོའི་ལྡིང་ཅིང་འཛུམ། །དུར་ཁྲོད་མང་པོའི་རྒྱན་རྣམས་རྫོགས། །མཆེ་གཙིགས་རྔམ་པའི་ཞལ་གདེངས་ཤིང་། །ཁྲོ་བོ་ཁྲོ་མོའི་སྤྲུལ་པ་འཁྲིགས། །སྲིན་པོ་ཕོ་མོའི་སྐན་སྒྲ་རྡེབ། གནོད་སྦྱིན་ཕོ་མོ་འབྲུག་ལྟར་སྒྲོགས། །ཟ་བྱེད་ཕོ་མོ་གློག་ལྟར་འཁྱུག །ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ལ། །སོ་སོའི་མོས་པ་ཐ་དད་པའི། །ཡིད་བཞིན་ནོར་བུའི་དམ་ཚིག་ནི། །ཡོངས་སུ་རྫོགས་པར་བླང་བར་བྱའོ། །དེ་ལྟར་མཆོད་བསྟོད་བསྐང་རྗེས་ལ། །རང་རྒྱུད་དམ་ཚིག་གིས་གནས་ཏེ། །དེ་དག་རྣམས་ལ་མཐུན་རྫས་འཇིག་རྟེན་གཞན་བརྡེག་ན་འདུད་རྩི་ལྔ་ཤ་ཁྲག་ནི། །ཚོགས་བདག་ཆེན་པོ་འཁོར་དང་བཅས་པ་ལ། །མ་ཧཱ་བ་ལིང་ཏ། པྲ་ཏི་ཛི་ན་ཁཱ་ཧི། མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲི་ཙིཏྟ་ཁཱ་ཧི། ཞེས་ཞལ་དུ་གསོལ་བར་བསམ་མོ། །དེ་ནས་གྱིང་ཆེན་འཁོར་བཅས་ཀྱི་འབངས་སུ་མཆིའོ། །བཅུ་གཉིས་པ་ཁས་ཆེ་ཞིང་མནའ་སྐྱལ། བདག་ལུས་འབུལ། འབངས་སུ་ནན་ཏན་མ་ཆུང་ཞིག །དེ་ནས་སླད་ཆད་ཇི་བཞིན་དུ། །བཀའ་ལུང་བཞིན་དུ་རྗེས་སུ་བསྒྲུབ། གལ་ཏེ་བཀའ་བཞིན་མ་བགྱིས་ན། །དམ་པའི་ལུང་ལས་འགལ་གྱུར་ནས། །བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་། །རུལ་མྱགས་སྐམ་ནས་ཚིག་པར་འགྱུར། །མ་སྲིང་བུ་མོ་ཆུང་མ་རྣམས། །དབུས་སུ་མཆིས་སྐལ་མ་མཆིས་འབངས་སུ་འབུལ་ལོ་ཀྱི། །འབར་བའི་དཀྱིལ་འཁོར་མཐའ་ལ་ཞོག །ཕུད་ལ་འཚལ་སྐལ་མི་ལྡན་གྱི། །ལྷག་མ་ཞལ་ཆབ་བྲོན་ལ་གསོལ། །ཉེ་གནས་གདུང་གི་མ་སྲིང་ལ། །དེ་ནས་རྒྱལ་བའི་འབངས་ཡིན་གྱིས། །ཁྱེད་ཀྱིས་ཅི་གྱིས་ལས་མཁན་ཏེ། །བཀའི་ལས་བྱུང་ལེགས་པར་རབ་ཏུ་སྒྲུབས། །ཇི་ལྟར་མ་བྱམས་བུ་ལ་གདུང་བ་བཞིན། །དམ་ཚིག་ཅན་ལ་དུང་དུང་གདུང་བར་གྱིས། །གང་དུ་མིང་བྱམས་སྲིང་ལ་བརྩེ་བ་བཞིན། །ཡལ་གམ་ཅན་ལ་ལྷང་ལྷང་བརྩེ་བར་བགྱི། །མཛའ་བོ་གྲོགས་ལ་ཇི་ལྟར་གདུང་ཚུལ་དུ། །རྣལ་འབྱོར་བདག་ལ་ཀྲིལ་ཀྲིལ་བརྩེ་བར་གྱིས། །ཇི་ལྟར་གཡོག་བྱམས་དཔོན་ལ་སྙིང་བརྩེ་ལྟར། །དམ་པ་རྣམས་ལ་གུས་པས་ཉེ་བར་གྱིས། །རུ་ལུ་རུ་ལུ་བྷྱོ་ཞེས་པས། །རང་གི་སྲོག་ལ་ཚད་དུ་བཞག །དཔའ་བོ་ཆེན་པོས་བཀའ་རྩལ་པ། །བརྩེ་བར་བྱེད་ན་མར་བྱའོ། །གདུང་བར་བྱེད་ན་སྲིང་མོ་སྟེ། །བརྩོན་པར་བྱེད་ན་བྲན་དུ་བྱའོ། །བྱང་ཆུབ་དག་ན་བུར་བྱའོ། །འདུ་བྲལ་མེད་ན་སློབ་མར་བྱའོ། །བསྐུལ་བས་མགྱོགས་ན་ཕོ་ཉ་བྱའོ། །བཀའ་བཅུ་གཉིས་བཞིན་བྱེད་ན་བཀའ་ལ་བཏགས། །རྡོ་རྗེ་ལྗགས་ཀྱི་འོད་ཟེར་ལས། །རཀྴ་ཤྲི་ཧེ་རུ་ཀ་རུ་ཏྲ་མ་ར་ཏྲཾ་ཧ་ཧ་ཧོ། །ཞེས་པས་དབང་དུ་བསྡུས་དང་བཟླས་བསྙེན་པའི་པ་བྱའོ། །བསྙེན་པའི་བཟླས་པ་འབུམ་བྱས་ལ། །དོན་ཆེན་སྩལ་བ་ཞེས་སུ་བཞད། །ཐུན་མཚམས་ཀུན་ཏུ་མཆོད་པ་ཡང་། །དུང་ཆེན་ལ་སོགས་རྟགས་པར་བྱ། །དོན་ཆེན་བསྙེན་པར་གྱུར་པ་ནི། །སྣ་ཡི་བུ་གའི་ཧཱུྃ་རིང་ལས། །ཁྲོ་བོ་གྱིང་གི་རྒྱལ་པོ་སྟེ། །ལས་ཀྱི་རྒྱལ་པོ་སྲ་བདག་ནི། །ལྗང་སྔོན་དྲག་པོ་གསལ་ཤིང་ཅན། །སྤྲོས་ལ་གཉིས་སུ་མེད་པར་བསྟིམ། །རྒྱུ་ཞགས་མཁར་ནག་སྐུད་མ་ལ། །མཐིང་ནག་དར་ཆེན་འབར་བ་ལ། །ཕྱི་མ་རིལ་བུ་སུམ་སྒྲུབ་བསྟིམ། །རང་གི་ལག་པ་གཡོན་པར་བཟུངས། །གཟུངས་ཐག་བཏགས་ཏེ་སྔགས་བཟླས་པ། །ཉེ་བའི་བསྙེན་པ་འབུམ་དུ་བཟླ། །དོན་ཆེན་བསྙེན་པར་གྱུར་པའོ། །དེ་ནས་དོན་ལ་འཇུག་པར་བྱ། །རང་གི་ལག་པ་གཡོན་པའི་ཐུམ་པོ་བར་མ་ཁ་ཆེར་ཕྱེ་ལ། །མཁར་ནང་ཕོ་ཉས་བསྐུལ་བར་བྱ། །འབུམ་དུ་བསྒྲུབ་པ་དག་ནི་བཟླས། །དེ་ནས་ཚོགས་ཀྱི་མཆོད་པ་ནི། །གསུམ་དུ་བྱས་སྟེ་དབུལ་བར་བྱ། །སྟེང་དུ་གྱུར་པའི་གསང་སྔགས་མཆོག །བསྒྲུབ་པ་ཆེན་པོ་འབུམ་དུ་བཟླས། །ཕོ་ཉ་མངག་གཞུག་དཀྱིལ་འཁོར་རོ། །འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་ནི། །སྟུག་པོ་བཀོད་པའི་ཞིང་ཁམས་ན། །རྣམ་དག་ལམ་ཤེས་རྒྱལ་བ་རྣམས། །ཀོ་ཀ་ཐང་དམར་རྒྱ་མཚོའི་དོ། །བྲུབ་ཁུངས་དྲག་ཤུལ་ཅན་གྱིས་གནས། ༈ །ཨེ་མ་ཧོ། སྐྱེས་བུ་ཁྱེད་ལྟ་ཞིག་སྨོས། ཁྱེད་ཀྱི་དམ་པ་འདི་ལ་གནས་པའི་གང་ཟག་དང་། །བདག་ཅག་རྣམས་ཀྱིས་ཕ་ལགས་སོ། །མ་ལགས་སོ། །སྲིད་པ་འགྲོ་ལྡོག་ཀྱང་བཀའ་ལས་མི་ལྡོག ཀྱེ་མ་ཧོ་ཁྱེད་ལྟ་ཅི་སྨོས། །ཁྱོད་ཀྱི་དམ་ཚིག་འདི་ལ་གནས་པའི་གང་ཟག་དེ་འདི་ལྟར་ལྷའི་དབང་པོའི་གཙུག་ན་ནོར་བུ་བཞིན་སྤྱི་བོར་བཀུལ་བར་འགྱིའོ། །དེའི་ཁྱེད་མོ་དང་། བུ་དང་། བུ་མོ་དང་། གཡོག་དང་། འཁོར་དང་། སྙེམ་དང་། རང་གི་གཉེན་མཚམས་དང་། ཁྲུ་མ་དང་། ཡུལ་འཁོར་དང་། ཡུལ་ཁམས་ཀྱི་སྐྱེ་བོ་རྣམས་ལ་གང་ཆོས་སུ་ཡོངས་སུ་བསྲུངས་བ་རྣམས་བསྲུངས་བར་བྱའོ། །སྐྱབས་པར་བྱ། སྦ་བར་བྱ། ཆོས་སྲུངས་བར་དེ་དག་ལ་འཚེ་བའི་མི་དང་མི་མ་ཡིན་པ་དེ་དག་ཀྱང་ཡོངས་སུ་གཞོམ་ཞིང་བརླག་པར་བགྱི། མཚམས་གཅད་ཅིང་བར་བགྱི་སྟེ། དེ་དག་གི་བསམ་པ་ངན་པ་དང་ཅི་བཅོལ་བ་ཐམས་ཅད་ཀྱི་ལས་བགྱིའོ། །དེ་དག་གིས་ཀྱང་ཆོས་སྲུངས་ཞིང་ཆོས་བཞིན་གནས་ནས་བདག་ཅག་རྣམས་ཀྱིས་ཕྱིར་ཡང་འདི་བཞིན་དུ་འགྲུབ། དམ་རྫས་དང་དགེ་མཚན་རྟགས་རྟེན་རྣམས་ཆེད་དུ་འབྲེལ་བའི་ཕྱིར་བཅང་བར་བགྱི། བདག་ཅག་རྣམས་ཀྱི་དམ་ཚིག་ལགས་པའི་སླད་དུའོ། །རྡོ་རྗེ་ཐབས་ཀྱི་ལྟ་བའི་ཡུལ། །དུར་ཁྲོད་བདག་པོའི་ཚོགས་དང་བཅས། །བདག་ནི་བཀའ་ཡི་ལས་མཁན་ཏེ། །བཀའ་ཡི་ལས་ཀྱི་དུས་བྱུང་བས། །སངས་རྒྱས་ཀུན་གྱི་གདུལ་དཀའ་བ། །དེ་དག་མ་ལུས་བདག་གི་འདུལ། །བཀའ་ལས་དེ་དག་མདོར་བཀོད་པའི། །ལྷོ་ཕྱོགས་མཎྜལ་སུམ་བརྩེགས་ལ། །དང་པོ་ཐོད་པའི་ཕྲེང་བས་རྒྱན། །དེ་འོག་མཚོན་ཆའི་ཆར་གྱིས་བསྐོར། །དེ་འོག་མེ་རི་འབར་འཕྲོ་བྱ། །ནང་དུ་རྒྱ་སོལ་ནག་པོ་བྱུག །དེ་ཡི་ནང་དུ་ལིངྒ་ནི། །ཇི་ལྟ་བུའི་ཚུལ་བཞིན་བཞག །ཡན་ལག་ཕྱག་རྒྱ་བཞི་ཡིས་བརྐྱང་། །ཙི་རན་དང་པོ་ཕྲ་མེན་མ ། ཁྲོ་མོ་བརྒྱད། བར་པ་ལ་ནི་མགོ་ལིདྒ་ལ་བརྙན་ཏེ། ཐ་མ་ལ་ནི་སྲིན་མོའི་དབང་མོ་ཉེར་བརྒྱད་ཚོགས། གདུག་པའི་ཚེར་མའི་ཕུར་པ་ལ། །མཚོན་བྱས་བྱས་ཏེ་རྣམ་པར་བཀོད། །མགུལ་ནས་བཏགས་ཤིང་མགོ་ལ་དར་བཏགས་རྟེན་ལ་གཏོད། །ད་ནི་ལས་ལ་སྦྱོར་བ་ནི། །གཏོར་མ་ལ་སོགས་མཆོད་པ་རྣམས། །མཉེས་ཤིང་བསྐུལ་བ་གཞུང་བཞིན་བྱ། །ཇི་སྲིད་མཚན་མ་རྙེད་ཀྱི་བར། །ལས་ལ་སྦྱོར་བ་དྲག་པོའི་སྔགས། །རྔམ་པའི་ང་རོ་འདོན་པར་བྱེད། །མ་ཉེས་ལ་སོགས་གཟུ་དཔང་གསོལ། །དེ་ནས་ཕོ་ཉ་མངག་པར་བྱ། །ཨེ་ཤ་མགོ་ཀྲོ་རཀ །འབར་བ་དྲག་པོ་མི་བཟད་པ། །རྟོག་པ་མེད་པའི་རྒྱལ་པོ་ལས། །རྡོ་རྗེ་ལྕགས་ཀྱི་འོད་ཟེར་ལས། །བཛྲ་ཀྲོ་ཏ་ཛྭ་ལ་ས་མ་ཡ། །ཁྲོ་བོའི་རྒྱལ་པོ་སྤྲིན་ཕུང་རྣམས། །མངག་གཞུག་ཕོ་ཉར་སྤྲོ་བར་བྱ། །རཀྴ་ཛྭ་ལ་ས་མ་ཡ། སྲིན་མོ་མངག་པའི་དྲག་སྔགས་སོ། །ཡཀྴ་ཛྭ་ལ་ས་མ་ཡ་ལྷོ་ནུབ་དང་པོ །གནོད་སྦྱིན་རྦད་པའི་དྲག་སྔགས་སོ། །ཙི་ཏ་ཛྭ་ལ་ས་མ་ཡ། ནུབ་བྱང་གཉིས་པ་ལ། ཟ་བྱེད་བསྐུལ་པའི་ཕོ་ཉའོ། །སྔགས་དང་མིང་དུ་སྤེལ་ནས་ནི། །ཁྲོས་པས་བསམ་ལ་ཁྲིའམ་འབུམ་དུ་བཟླས། འཁོར་བཞི་ལ། དུང་ཆེན་བཏང་ལ་བསྐུལ་བ་ནི། །སྔོན་ཚེ་དཔལ་ཆེན་ཉིད་ཀྱི་བཀའ། །དེ་ནས་རྣལ་འབྱོར་རྒྱུད་ཀྱི་བཀའ། །ད་ལྟ་རྣལ་འབྱོར་བདག་སྒྲུབ་ཀྱི། །ཁས་བླངས་དམ་བཅའ་བསྙེལ་ལམ་ཅི། །དམ་བཅའ་བཞིན་དུ་ཕྲིན་ལས་མཛོད། །ཇི་ལྟར་མ་བྱམས་བུ་ལ་གདུང་ཚུལ་བཞིན། །རྣལ་འབྱོར་ཅན་ལ་ཀྲིལ་ཀྲིལ་བརྩེར་བ་གྱིས། །ཇི་ལྟར་གཡོག་བྱམས་དཔོན་ལ་གདུང་བ་བཞིན། །དམ་པ་རྣམས་ལ་ངེས་པར་ཉེ་བར་གྱིས། །རྒྱལ་བ་ཀུན་གྱིས་ཆོས་སྐུ་པདྨའི་གདུང་། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེའི་ཆོས། །སྤྱན་རས་གཟིགས་དབང་ཧྲཱི་ལས་རྔམ་ཚུལ་སྟོན། །ངག་གི་དབང་ཕྱུག་རྟ་གདོང་ཞབས་ཀྱིས་གནོན། །འཇིགས་བྱེད་ཆེན་པོ་འབར་བ་ལ། སྔོ་ནག་འབར་བའི་རལ་པ་ཅན། །དབུ་དགུ་ཕྱག་ནི་བཅོ་བརྒྱད་མ། །རྡོ་རྗེ་གཤོག་པས་བར་སྣང་ཁེབས། །བ་སྤུའི་ལྕགས་ཀྱུ་བསྲེག་པ་འདྲ། །སྡོམ་དང་སྡིག་པ་སྨིག་པ་སྦྲུལ། །འཇིགས་པའི་གཟུགས་ཀྱིས་ས་གཞི་ཁྱབ། །ཐོད་སྐྱོགས་ཏི་ར་སྦྲུལ་ཞགས་དང་། །ཉི་ཟླ་ཁྱུང་དང་འུག་པ་ཁྲ། །ཟ་ར་རྡོ་རྗེ་མདུང་རྩེ་གསུམ་པ་དང་། །ཟ་མ་ཏོག་དང་རྡུལ་ཡབ་རྔ། །རི་རབ་ཕྱི་བསྐོར་སྟོང་གསུམ་འཕེན། །ཀླུ་དབང་འབུམ་གྱིས་བརྒྱན་ཅིང་ཀླུབས། །དུས་མཐའི་བསྐལ་པའི་མེ་བཞིན་འབར། །ཁྲོ་གཉེར་སྡང་མིག་འབར་བ་ཡིས། །ཉི་ཤུ་རྩ་བརྒྱད་སྤྱན་རས་གཟིགས། །ཞབས་ཀྱི་འབར་བའི་ལྷ་བརྒྱད་མནན། །རྡོ་རྗེ་སྲིན་པོ་ཁྲོ་བོར་གྱུར། །ལྷ་དང་བདུད་ལས་རྣམ་པར་གྲགས། །ཆེ་མཆོག་ཐུགས་ཀྱི་སྤྲུལ་བ་ལས། །ལྷ་ཆེན་ནག་པོ་མི་བཟད་པ། །མཚོ་ནི་ཀང་ཀ་ཐང་དམར་ན། །རི་བོ་བྱན་རླག་འབྱོངས་ཀྱི་རྩེ། །མ་ལ་ཡ་ཡི་རྩེ་ལ་ལྷགས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས། །སྤྲུལ་པའི་སྲས་མཆོག་རྡོ་རྗེ་འཛིན། །གཞོན་ནུ་བྱེ་བ་ས་ཡར་མཛད། །བམ་རི་ཐོད་པ་མཁར་གྱི་རྩེར། །མགོན་པོའི་ཐུགས་ཀྱི་སྤྲུལ་པ་ལས། །བདུད་ཀྱི་སྤྱོད་ཡུལ་ཀུན་མཛད་དེ། །དྲག་ཏུ་བསྔགས་ཅིང་བསྐུལ་བའི་ཚེ། །འཇིག་རྟེན་ཁམས་ཀུན་ཕུང་བར་བྱེད། །ཐམས་ཅད་དབྱར་གྱི་སྤྲིན་ཕུང་བཞིན། །ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ། །བམ་རི་ཐོད་པའི་རྩེ་ལ་ལྷགས། །མཐུན་འཇུགས་ཐབས་ཀྱི་ཆ་བྱད་དུ། །བམ་རི་ཐོད་པ་མཁར་གྱི་རྩེ། །ཁྲག་དང་གཤང་གཅི་ཤ་ཆེན་དང་། རྐང་དང་ཀླད་པ་ཀླད་རྒྱས་དང་། །རྣག་དང་ཆུ་སེར་ལ་སོགས་པ། །འབུ་དང་ཤིན་ཏུ་འབུ་ཆེན་དང་། །སྦྲང་མ་སྦྲང་རྒོད་བུང་བ་དང་། །སྦྲུལ་དང་སྡིག་པ་སྡོམས་ལ་སོགས། །ཀ་ཀ་ཁ་ཀེག་འུག་པའི་ཚོགས། །ལྕེ་སྤྱང་སྟག་སེང་ལ་སོགས་པའི། །གདུག་པ་སྦྲུལ་གྱི་འཁོར་གྱིས་བསྐོར། །ལྷ་ཡི་དེད་དཔོན་ཀ་རུ་ནའི། །བུ་མོ་ཆུང་མ་སྲིང་མོ་དང་། །འཇིག་རྟེན་དབང་ཕྱུག་ལྷ་ཆེན་གྱིས། ཆུང་མ་བུ་མོ་མ་སྲིང་རྣམས། །ཕྲོགས་ནས་དབང་དུ་བྱས་པ་ཡིས། །སླས་དང་བྱི་མོ་བྲན་མོའི་ཚོགས། །བཅུ་གཉིས་དང་ནི་བརྒྱད་ལ་སོགས། །མ་མོ་ཕྲ་མེན་གནོད་སྦྱིན་མོ། །སྲིན་མོ་ཤ་ཟ་ཁྲག་ཕྲོག་མ། །བདུད་ཀྱི་བླ་འཛིན་བླ་རྐུན་མ། །དམ་ཉམས་འདི་ཡི་བརླ་ལ་ཡ། །བློན་མོ་དམག་དེད་དམག་དཔོན་མོ། །རུ་མཚོན་ནག་པོ་ཕྱར་ནས་ནི། །རུ་དཔོན་ཕོ་ཉ་མངག་པར་བཅས། །རང་རང་བསྟན་དང་ལག་ཆར་ལྡན། །ཅི་བགྱི་བཀའ་ཉན་བཀའ་སྡོད་འཁོར། །རྦོད་གཏོང་རྔམ་པས་དགྲ་སྙིང་ཁོས། །སྲིད་པའི་བུ་མོ་དྲི་ཟ་བརྒྱད། །སྟག་སེང་ཝ་སྤྱང་བཞད་སོགས་དང་། །དུར་བྱ་བྱ་རོག་འུག་པའི་ཚོགས། །བསྟོད་ཅིང་རྔམ་པའི་ཚུལ་དུ་འཁོད། །ཉམས་པ་འདི་ཡི་སྙིང་དཀྱིལ་དུ། །ཆོ་འཕྲུལ་སྣ་ཚོགས་ཁྱེད་ལ་བསྲེགས། །སྲིན་པོ་ཉེ་གནས་ཆེན་པོ་བརྒྱད། །ཀེའུ་རི་ཙེའུ་རི་པྲ་མོ་ཧ། །པེ་ཏ་ལི་དང་པུཀྐ་སི། །ཀསྨ་རི་དང་སྨན་ཤ་ནི། །ཙནྡྷ་ལི་ལ་སོགས་པ་ཡིན། །སྲོག་ལ་ཧུར་ཐུམ་དུས་ལ་བབ། །དུར་ཁྲོད་པ་ཡི་སྒོ་བསྲུང་བཞི། །བརྩོན་མོ་སྡེང་མོ་གར་ལོག་མོ། །དེ་བཞིན་མཇུག་མོ་ཆེན་མོ་བཞི། །གསང་སྒོ་འཛིན་ཅིང་བཀའ་སྲུངས་པ། །རྣལ་འབྱོར་འཁོར་དང་བཅས་པ་ལ། །བར་ཅད་བསྲུང་བའི་དུས་ལ་བབ། །དམ་ཉམས་འདི་ཡི་ཡན་ལག་ཆིངས། །དུར་ཁྲོད་བདག་མོ་གྲུ་དེར་མ། །སྐམ་མ་ཤིན་ཏུ་སྐམ་མ་དང་། །ར་རོ་མ་དང་ཁྲག་འཐུང་མ། །ཆགས་པས་མྱོས་པའི་མདངས་ཀྱིས་འཁོད། །དམ་ཉམས་འདི་ཡི་དབུགས་ལོང་ལ། །སྨྱོ་འབོག་གཏོང་འདི་ཕོ་ཉ་རིང་མོས་གྲུབ་བྱ་བའི་དུས་ལ་བབས། །ཉམས་སུ་མཚན་མ་བྱུང་ན་གདབ་ལས་བྱ་བ་ནི། མྱོང་བར་ཁྲོས་དལ་གོང་མ་བཞི་དུས་ན། སྔོན་དུ་བསྙེན་ཕུལ་མངའ་གསོལ་བའི། །མཚོན་ཆ་ནག་པོ་ཐོགས་ནས་ནི། །སྐབས་དེར་ཐུན་ཟོར་བརྡེག་པར་བྱ། །བདེ་གཤེགས་རྒྱལ་བ་མ་ལུས་ཀྱིས། །མར་ཇི་བཞིན་ཉིད་ལྟ་བུ་ཕྱག་རྒྱ་དངོས་གྲུབ་བྱང་ཆུབ་སེམས་དཔའ་བསོད་ནམས་ཚེ་སྤྱོད་པར་བཞི་ཁུ་ལྟ་བུའི་སྙིང་པོར་གསུངས། དེ་འདྲའི་བསྟན་པ་དམ་པ་ལ། །སྒྲོ་བསྐུར་རྣལ་འབྱོར་ཡོངས་ལ་འཚེ། །དེ་ལྟར་རྣལ་འབྱོར་ང་ཡི་དགྲ། །ཕོ་ཉ་མངག་གཞུག་མ་ལུས་ཀུན། །འདི་ལས་དམ་ཚིག་མ་འདའ་ཀྱིས། །དྲག་པོའི་ལས་ཀྱི་དུས་ལ་བབ། །རྡོ་རྗེ་གཞོན་ནུ་རྨེ་བ་བརྩེགས། །མཐིང་ནག་ཁྲོ་གཉེར་རལ་པ་ཅན། །འབར་བ་ཆེན་པོ་གར་དགུ་མཛོད། །དུར་ཁྲོད་བདག་པོ་ཇི་བཞིན་དུ། །དབུ་དང་ཕྱག་ཞབས་དེར་མཛད་དེ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །རྡོ་རྗེ་ཟླ་རྩལ་ཉི་མའི་མདངས་ཅན་དང་། །རྡོ་རྗེ་སེདྒེ་ནམ་མཁའ་རྡོ་རྗེ་དང་། །རྡོ་རྗེ་སྤྱང་ཁྱི་རྡོ་རྗེ་དུས་མཚམས་དང་། །རྡོ་རྗེ་ཕྱོགས་འདུལ་རྡོ་རྗེ་དུར་ཁྲོད་བདག །རྡོ་རྗེ་རོ་ལངས་རྡོ་རྗེ་མ་རུངས་པ། །ལེགས་ལྡན་ནག་པོ་བདུད་ཀྱི་རྗེ། །གསུང་གི་ང་རོ་དྲག་པོ་མི་བཟད་པ། །འུར་འུར་ཆེམས་ཆེམ་དྲག་པོའི་སྒྲ་དང་ལྡན། །རབ་ཏུ་བརྩེགས་པའི་སྐུ་ནི་མི་ཟད་པ། །འགུལ་ལྡེག་རབ་གཡོ་དགྲ་ལ་ཐུན། །དཔའ་བོ་ཁྱོད་ཀྱི་ཤེས་རབ་ལ། །བམ་རི་ཐོད་པ་བརྩེགས་པའི་དབུས། །གནམ་ལྕགས་འབར་བའི་གཟེར་ཆེན་གྱིས། །བརྟེན་པར་བཏབ་པའི་ནད་བདག་མོ། །ཉེ་གནས་ཀྲོ་ཏི་ཤྭ་རི་མ། །ཐོད་སྐྱོགས་ཁྲག་གིས་བཀང་བ་དང་། །འབྲུ་མར་རྫས་ལྔ་སྦྱར་བ་འདི། །རྟག་པར་རང་གི་ལོངས་སྤྱོད་འཛིན། །ཆགས་པས་མྱོས་ཤིང་སྐམ་པ་ཅན། །ཆེད་འགའ་དྲག་ཏུ་བསྐུལ་བའི་ཚེ། །སྔགས་སྒྲ་དྲག་པོ་མི་ཟད་པས། །རང་ལ་རང་ཡང་ཚིག་བཅད་གཏུམ། །སྲིན་པོ་སྲིན་མོ་ཕོ་མོའི་ཚོགས། །དྲག་པོའི་རང་སྔགས་རང་ཟློས་ཤིང་། །གདུག་པའི་ལུས་ཅན་མཚོན་ཆར་བཅས། །ཀླད་པའི་དཀྱིལ་དུ་རྒྱབ་པ་ཡིས། །རྐང་པའི་མཐིལ་དུ་ས་མ་ཡ། །ཨ་བི་ར་ཙི་རྣག་པའི་ཡིན། །ཨ་བི་ར་རྣག་པ་ཟེར་བའང་འདུག ། ཐུན་འཇུག་སྦྱོར་བའི་སྒོ་ནས་བསྟན་པ་ལ་གནོད་པ་སྒྲལ་བ་འཁྲིད་པའི་ཐབས་སྦྱར་གྱིས། །བདུད་རྩི་འདབ་སྦྱོར་བས་ཟེར་བས་ལྔའི་མདངས་འབྱོར་བ། །སྣང་བ་ལྔ་ནི་བདུད་རྩིར་སྦྱར། །བྱས་ལ་མི་སོག་འཕྲིན་ལས་དང་། །སྤྱོད་པ་མ་ཆགས་ཡེ་ཤེས་ཀྱི། །ཐམས་ཅད་སྟོང་ཉིད་རྡོ་རྗེར་སྦྱར། །སྒྱུ་མའི་ཕུང་པོ་ལྷག་མ་ལ། །ཁྲོ་བོ་ཁྲོ་མོའི་རྟ་བྲོ་བརྡུངས། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །གནོན་འཕྲིན་ལས་བཞིའི་བྲོ་བཏབ་བྱའོ་འོག་ཤ་ཁྲག་རུས་སྤུངས་ལྷག་མ་རྣམས། །དྲག་པོའི་སྦྱིན་བསྲེགས་བརྒྱ་རྩ་བརྒྱད། །རྩལ་འབྱོར་ཁྲོས་པའི་སེམས་ཀྱིས་བྱ། །ལིདྒ་གཅད་ཅིང་བསྲེགས་པ་ན། །སངས་རྒྱས་ཉིད་ཀྱང་འཇིགས་གྱུར་ན། །གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས། །འགྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་རོ། །གཏད་ཁྲམ་གནན་པའི་དཀྱིལ་འཁོར་ན། །བདུད་འདུལ་ཞིང་ཁམས་ཆེན་པོ་ན། །སྟོན་པ་གསང་བདག་ཉིད་ཀྱིས་གསུངས། །དེ་ཡི་གདམ་ངག་རྒྱུད་པ་ནི། །སློབ་དཔོན་ཧཱུྃ་ཀ་ར་ཡི་ནི། །དེ་ཡི་གདམ་ངག་མདོར་བཀོད་པ། །གོང་དུ་ལས་ཉམས་བླངས་པ་ནི་ལ་སྦྱར་བས་ན། །ས་སྣ་མི་ཕུང་ཤུལ་ལ་གྲོག་མཁར་ས་སྣའི་ས་གསུམ་གྱི་འདག་པ་ལ། །ཚད་དང་རབ་ཆད་ནག་མོའི་ཐོད་པ་ལྡན་པའི་མཁར་བྱས་ལ། །སྟེང་དུ་ཁྱི་ནག་པོའི་ཐོད་པ་སྲིན་པོའི་མེས་སེལ་པ་བྱ་ཁྱུང་རྒྱལ་པོ་སྔོན་འབྱུང་དུས་དང་། །ནང་དུ་མོན་པ་ནག་པོ་སྟེ། མཆེ་གཙིགས་ཞབས་ནི་བགྲད་པའི་ཐོག །སྦྱིན་བསྲེག་བྱས་པའི་ཐལ་བ་དང་། །དྲི་མ་དམིགས་པའི་ལ་སོགས་རྗེས་རྣམས་ལ། །ལིདྒ་མིང་བྱང་བྲིས་ཏེ་བཞག །ཨ་མཛེ་ཕྱི་དགུ་ར་མ་ནུ་ཤ་སྤྲེའུ་ཐོད་དང་ནི། ཀྲི་སྣ་རབ་ཆད་ཀྱི་མོན་ཐོད་པར་ཀུ་ཀུ་ར་བཞི་ཡི། །ཐོད་པ་ཁ་སྦྱར་ཞགས་པས་བསྡམས། །ཀ་རུ་ནའི་ཕྱག་མྱུང་དང་རྒྱ་བཅས། །མིང་བྱང་གནམ་ལྕགས་འབར་བའི་གཟེར་ཆེན་གྱིས། བླངས་ཏེ་དུར་ཁྲོད་ནག་པོའི་ཚོགས། །མི་མཐུན་ཙཀྲ་བྲིས་ལ་མཁར་ནག་གི་པ་ཡི་རྩར་སོང་ལ་དྲི་ནག་གྲི། གཏོར་མ་ལ་སོགས་མགོན་ནག་འཁོར་བཅས་ལྷ་ཁང་མགོན་པོའི་འོག་ཏུ་གཞུག་གོ་རྔན་པས་མཆོད། གྲུ་གསུམ་ཁྲུ་དོ་རྐོས་བྱས་ལ། །གོང་གི་མཁར་ཆེན་བཅུག་ནས་ནི། །གཡམ་པ་ནག་པོས་ཁ་བཅད་ནས། །རྡོ་རྗེ་རྒྱ་གྲམ་གྱིས་མནན་བྱ། །མགོ་ཤར་ནུབ་ཏུ་ཆུ་འབབ་པ། །འོག་ནས་ཆུ་འབབ། ཕྱོགས་སུ་རྐང་འདོམ་རྩ་ལ་སར་ཟ་བྱང་། ཆུ་མིག་ནག་པོ་མ་རུངས་དང་། །ལྷ་ཁང་མགོན་པོའི་ཞབས་འོག་ཏུ། །མནན་པ་བྱས་དང་འགྲུབ་པར་གསུང་། །གཏད་ཁྲམ་མནན་པའི་དཀྱིལ་འཁོར་རོ། དེ་རྡིང་ཀུན་གྱི་འཇུག་བསྡུ་བ་སྒྲུབ་པའི་གནས་ཕྱིན་ནས། །འཇིག་རྟེན་ཕྱག་རྒྱ་དངོས་གྲུབ་ཀྱི་འདས་དང་འཇིག་རྟེན་བཀའ་བསྡོད་ཕོ་ཉ་པའི། །སྤྱན་དྲངས་ལྷ་རྣམས་མ་ལུས་པ། །མཆོད་བསྟོད་བཤགས་པ་བྱ་བ་དང་། །གཏང་རག་ལྷག་མའི་གཏོར་མ་གཏང་། །དེ་ནས་དབྱིངས་སུ་ཅི་བདེར་གཤེགས། །བསྐྱེད་པའི་ལྷ་རྣམས་མ་ལུས་བསྡུ། །མཚམས་དང་ཕྱག་རྒྱ་ལ་སོགས་པ། །ངོ་བོ་ཉིད་ཀྱིས་དགྲོལ་བར་བྱས། །སྨོན་ལམ་བཏབ་ཅིང་སྤྱོད་ལམ་ལ། །སྒྱུ་མའི་ཚུལ་དུ་ཅི་བདེར་སྤྱད། །གྲུབ་རྫོགས་རིམ་སོ་དང་ལུང་བསྟན་མ་ཐོབ་ཀྱང་། །བདག་ལ་བློ་དམན་ཆེད་དུ་ནི། །དཀྱིལ་འཁོར་བདུན་པའི་སྒྲུབ་ཐབས་ཕྱེ། །ཚད་མ་དང་ལྡན་མཁས་པ་རྣམས། བདག་གི་བློ་ལ་མི་བྱ་ཞིང་། །དམ་པ་རྣམས་ཀྱིས་བཟོད་པར་བཞེས། །འདི་ཙམ་འདི་ལ་མོས་པ་རྣམས། །རྡོ་རྗེ་སེམས་དཔའ་ཉིད་ཐོབ་ཤོག །སློབ་དཔོན་ཏིར་མ་ཏིའི་དགོངས་པ་ལ། རྡོ་རྗེ་བཀོད་པ་ཆེན་པོའི་རྒྱུད་ཀྱི་མན་ངག་བསྟན་པ་བསྲུང་བའི་རྣལ་འབྱོར། དཀྱིལ་འཁོར་ཐ་མ་གསུམ་གྱིས་བྱ། ཡོངས་ཀྱི་མགོན་པོ་ལེགས་ལྡན་ནག་པོའི་སྒྲུབ་ཐབས་དཀྱིལ་འཁོར་བདུན་པའི་རིམ་པ་རྣམས་པར་ཕྱེ་བ་རྣལ་འབྱོར་གྱི་དབང་ཕྱུག་རྣམ་པར་སྣང་མཛད་མྱུ་གུས་མཛད་པ་རྫོགས་སོ། །གུ་ཡ། བཀའ་སྡོད་ཕོ་ཉའི་དམ་ལ་གསུམ་སྟེ། དང་པོ་སྔོན་དུ་བྱུང་བའི་དལ་ལ་གསུམ་སྟེ། དང་པོ་སྔོན་དུ་བྱུང་བའི་རིམ་པ་དང་། གདམ་ངག་ཡོད་ཙམ་ཞིག་བསྟན་པར་དམ་བཅའ་བར་བསྟན་པ་ནི། བཀའ་སྡོད་ཞེས་པ་ནས་འདིར་བཀོད་པ་ཞེས་པས་བསྟན་ཏེ། བཀའ་སྡོད་ཕོ་ཉའི་དལ་ནི། ཞེས་པས་བར་ཆད་བསྲུང་བའི་དོན་དུ་བསྟན་པའོ། །སངས་རྒྱས་མི་བསྐྱོད་པའི་ཞེས་པ་ནི་མཚན། །ཞིང་ཁམས་ཅེས་པས་དབུལ་ལོ། །མངོན་པར་དགའ་བ་ནི་མིང་ངོ་། །རྒྱལ་ཚབ་སྐྱེས་བུ་ནི་སྟོན་པ་ཀུན་ཏུ་བཟང་པོ་དེའི་ཞལ་ནས་གསུངས་པའི་གདམ་ངག་མདོར་བཀོད་པ་འདིའོ། །ཞེས་བསྟན་པའོ། །གཉིས་པ་དམ་རྫས་དང་ཡོ་བྱད་བཤམ་པའི་རིམ་པ་བསྟན་པ་ནི། རྟགས་ཞེས་པ་ནས་མཁར་དུ་བརྩིགས་ཞེས་པས་བསྟན་ཏེ། རྟགས་དང་བརྟེན་ནི་གཞུང་ལྟར་བཤམས་ཞེས་པ་ནི། རྟེན་ཐོད་པ་སྣ་ཚོགས་པའི་མཁར་དུ་བརྩིག་པའོ། །དུར་ཁྲོད་ཆེན་པོ་རབ་འཇིགས་པའི་ཞེས་པ་ནི། རུ་ཏྲ་ནག་པོ་དེ་དང་པོ་སྐྱེ་བ་སྔ་མ་ལ་སྨད་འཚོང་མའི་མངལ་དུ་ཞུགས་ནས་བཙས་པའི་དུས་སུ་མ་ཤི་ནས་མའི་རོ་དུར་ཁྲོད་དུ་བསྐྱལ་བས། རུ་ཏྲ་ནག་པོ་དེ་ཡང་མའི་རོའི་རྩར་བཞག་པས་ཆེར་སྐྱེས་ནས་དུར་བྱ་ཀང་ཀ་དང་། ཟ་བྱེད་དུར་ཕག་ལ་སོགས་བསྙེན་པའི་དུས་ཀྱི་རི་བསད་དུ་འཇུག་པའོ། །མཚོ་ཀང་ཀ་ཐང་དམར་བྱན་སླག་འཆོངས་ཀྱི་རིའི་རྩར་བཞག་པས། རི་དེའི་སྟེང་ན་འདབ་ཆགས་ཀྱི་རྒྱལ་པོ་ཞེས་པ་བྱ་ཁྱུང་གནས་པའོ། །ཀིཾ་རུས་ཐོད་པ་མཁར་དུ་གཙིགས་ཞེས་པ་ནི་གོང་དུ་བཤད་པར་བྱ་བ་དེ་རྣམས་བསམ་པར་བྱ་བ་ལས་དངོས་སུ་བྱར་མེད་དོ། །དེ་ལ་དང་པོར་སྟེགས་བུ་གྲུ་བཞི་པ་རྒྱར་གྲུ་བཞི་པའམ། ཁྲུ་དོ་ལ་སོགས་པས་བརྒྱན་པ། དེའི་སྟེང་དུ་རཀྟ་མཾ་ས་ཤ་ཆེན་བཙོས་པའི་ཁུ་བ་དང་། བྱང་སེམས་ཀྱི་ཆག་ཆག་གདབ་ལ། དེའི་སྟེང་དུ་ཤོག་འདམ་ལ་མཁར་གྲུ་བཞི་པ། དཔངས་སུ་ཁྲུ་གང་དེའི་སུམ་གཉིས་པ་གཅིག་རྩིགས་ལ། དེའི་ཕྱོགས་བཞིར་སྒོ་བཞི་གདོད་པ་ནི། སྐྱེད་ཕུག་ཏུ་དགོས་པའོ། །དེའི་ཟུར་བཞིར་ཁྱུང་མགོ་རེ་རེ། གཡས་གཡོན་གཉིས་ལ་ཁྱུང་མགོ་རེ་རེ་སྟེ་དྲུག་གོ། །ཁྱུང་མགོའི་སྤྱི་བོ་ན་ཡར་དར་ནག་པོ་ལྕེ་གསུམ་པ་རེ་བཙུགས་པའོ། །མཁར་དེའི་ནང་དུ་གྲུ་གསུམ་འབྲུབ་ཁུང་བཅུག་ལ། དེའི་ནང་དུ་གསང་བའི་མགོན་པོའི་གཟུགས་ཀྱི་འོག་ཏུ་ལིདྒ་གཅིག་གཞུག་གོ། །གསལ་ཤིང་ལ་གཟུངས་ཐག་གཉིས་བཏགས་ལ་མཁར་གྱི་མཐོང་ཁུང་ན་མར་བཅུག་པས། གསལ་ཤིང་གི་དབལ་ལིདྒའི་ཐོག་ཏུ་འོང་བར་བྱའོ། །འབྲུབ་ཁུང་དེའི་ནང་དུ་ཡུམ་གྱིས་རྫས་ཐོད་ཚལ་དང་འབྲུ་མར་ཏེ། མར་ནག་དང་རྫས་ལྔ་སྟེ་བདུད་རྩི་རྣམས་དང་ཕུད་ལ་སོགས་པ་བཞག་གོ། །སྐྱེད་པའི་རྒྱ་མདུད་ནི་མེད་དེ། གསལ་ཤིང་གི་དཔལ་གྲུ་གསུམ་ལ་ལོགས་གཅིག་ལ་མགོན་པོའི་བསྙེན་སྔགས་བྲིས། ལོགས་གཅིག་ལ་མི་ཁྲག་གིས་དམར་པོར་བྱུག་གོ། །དེའི་ཤུལ་ཉག་གིས་བཏང་བའོ། །སྤྱི་བོའི་རྒྱ་མདུད་ཡོད་པའོ། །དེ་ནི་མགོན་པོའི་ཡུམ་གྱི་རྫས་སོ། །དེ་ནས་མཁར་གྱི་ལྷོ་ཕྱོགས་སྒོའི་ཐད་ཀར་འགྲུབ་ཁུང་གཅིག་རྩེ་མོ་ལྷོར་བསྟན་ལོགས་མཁར་ལ་ཡོང་བར་བསྐྱེད་དེ་བར་བཞག་གོ། །དེའི་ནང་དུ་ལིདྒ་གཅིག་གཞུག །དེའི་སྟེང་དུ་ཐོད་ཟོར་དང་མདའ་ཟོར་དང་རྡོ་ཟོར་ལ་སོགས་པ་ཡཀྴ་གནོད་སྦྱིན་གྱི་རྫས་བཤམས་པའོ། །ཤར་དུ་སྒོའི་ཐད་ཀར་འགྲུབ་ཁུང་བཅའ་བ་གོང་དང་མཐུན། དེའི་ནང་དུ་ལིདྒ་གཞུག་པ་དང་། དེའི་སྟེང་དུ་ཕུར་པའི་རྣམ་པ་མཆོག་ཕུར་དང་། སེང་ལྡེང་དང་། ལྕགས་ཕུར་ལ་སོགས་པ་ཁྲོ་བོ་གོང་གི་རྫས་གཞུག་པའོ། །བྱང་དུ་སྒོའི་ཐད་ཀར་འབྲུབ་ཁུང་དང་ལིདྒ་བཅའ་བ་གོང་དང་མཐུན། སྟེང་དུ་མ་མོའི་གླིང་ཆེ་བའམ་ཆུང་བ་གང་རུང་གཅིག་གཞག་པ་ནི་ཟ་བྱེད་མ་མོའི་རྫས་སོ། །ནུབ་ཏུ་སྒོའི་ཐད་ཀར་འབྲུབ་ཁུང་དང་ལིདྒ་བཅའ་བ་མཐུན། དེའི་སྟེང་དུ་ཡུངས་དཀར་དང་། ཡུང་ནག་དང་། སྐེ་ཚེ་དང་། ལྕགས་ཕྱེ་དང་། ཟངས་ཕྱེ་དང་། རྡོ་ཕྱེ་དང་། དུག་ལ་སོགས་པ་ཐུན་རྫས་བཞགས་པ་ནི། རཀྴ་སྲིན་པོའི་དམ་རྫས་སོ། །དེ་ནས་ལྷོ་ཕྱོགས་སུ་ལས་ཀྱི་མཎྜལ་སུམ་བརྩེགས་བྱ་བ་ནི་འོག་ནས་སྟོན་ནོ། །དེའི་ནང་དུ་ལིདྒ་ཆེ་བ་གཅིག་བཅུག་ལ། སྐྱེ་ནས་གཟུངས་ཐག་སྔོན་དམར་བཏགས་ལ་གསལ་ཤིང་གིས་གཟུངས་ཐག་གཉིས་ཡོད་པའི་ཡ་གཅིག་ལ་གདགས་སོ། །ལིདྒ་རངས་ས་བག་ཟན་ལ་བྱའོ། །རྗེས་ས་དང་དྲི་མ་ལ་སོགས་པ་བསྲེག་པ་ནི་གཞན་དང་མཐུན་ནོ། །དེའི་མཎྜལ་གསུམ་བརྩེགས་ཁར་བསྒྲུབ་པ་ཆེན་པོའི་དུས་སུ། མར་དྲུག་ཚོགས་གཏོང་བའི། ཚོགས་བྱེད་པའི་ལིདྒ་ལ་སོགས་པའི་འབྲུབ་ཁུང་གཅིག་རྩིགས་པའོ། །དེའི་ནང་དུ་ལིདྒ་དེ་ནང་དུ་བཅུག་པ་ཉིད་ཕྱེ་ནས་བསྒྲལ། ཉི་ཕྱེད་ན་བཅུག་པ་དགོང་མོ་བསྒྲལ་བའོ། །དེ་གཞན་སླའོ། །དེ་ནས་མནན་པ་བྱེད་ཙམ་ན། ཐོད་པའི་སྟེང་དུ་གནོན་པའི་མཁར་གྲུ་གསུམ་ཁྲུ་གང་པ་ཁྱུང་མགོ་དྲུག་དང་ལྡན་པས་སོ་བཏང་བ་གཅིག་བཅའོ། །ཐོད་པ་ནི། མོན་ཐོད། མཛེ་ཐོད་རབས་ཆད་ནག་པོའི་ཐོད་པ་ལ་སོགས་པ་བཤམ་མོ། །དེ་ལྟར་རྫས་བཤམས་པས་བརྟགས་ནི་སྐྱེ་བ་མང་དུ་བླངས་པས། སྤྱིར་རྟགས་མང་ཡང་། འདིར་གནག་དང་སྒྲ་དང་སློབ་དཔོན་དང་ཆོས་གྲོགས་སུ་ཡོངས་སྟེ་རྟགས་ཐ་མའོ། །རབ་ནི་མངོན་སུམ་དུ་ཡེར་གྱིས་འོང་ངོ་། །འབྲིང་ནི་གཉིད་ཁྲིས་ཀྱི་བྱུང་བའམ། ཡང་ན་དམ་རྫས་བསྔོས་པའམ། བཅོལ་བྱེད་པའི་དུས་སུ་སྐད་འདོན་ཏེ་ཅི་ཡང་ཡོང་ངོ་། ། ཏིང་ངེ་འཛིན་གྱི་རིམ་པ་ལ་བཅུ་བཞི་ལས། དང་པོ་ཁོ་ནར་དྲག་པོ་འཁོར་དང་བཅས་པ་བསྐྱེད་པ་བསྟན་པ་ནི། རུ་ལས་ཞེས་པ་ནས་ལྡན་པར་བསྐྱེད་ཞེས་པས་བསྟན་ཏེ། དེའི་རིམ་པ་ནི། དང་པོ་མཁར་དང་སྟེགས་བུ་མི་དམིགས་པ་ལས་བཾ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ། ཞེས་པས། རཀྟའི་རྒྱ་མཚོ་གཅིག་ཏུ་གྱུར་པ་ན། མཚོ་ཀོ་ཐང་དམར་གྱི་དེད་པའོ། །དེ་ནས་མཁར་ནང་དུ་རུ་ལྷོའི་ལྕགས་ཁང་འབྲུབ་ཁུང་ཡང་། ཤར་དུ་བ། བྱང་དུ་ར། ནུབ་ཏུ་མ། དེ་རྣམས་བསམ་པ་ལ། ངག་ཏུ། རུ་ཡ་བ་མ་ར། ཞེས་བརྗོད་ལ་གདབ་བོ། །དབུས་ཀྱི་རུ་ཞུ་བ་ལས་གྲི་གུག་རུས་མཚན་པ། ལྷོའི་ཡ་ཞུ་བ་ལས་མདུང་ཡས་མཚན་པ། ཤར་དུ་བ་ཞུ་བ་ལས་ཕུར་པ་བས་མཚན་པ། བྱང་དུ་མ་ཞུ་བ་ལས། བྷནྡྷ་མས་མཚན་མ་ནུབ་ཏུ་ར་ཞུ་བ་ལས་མདའ་གཞུ་རས་མཚན་པའོ། །དེ་རྣམས་ར་པ་ས་ཞུ་བ་ལས། དབུས་སུ་མགོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་གཡོན་བྷནྡྷ་འཛིན་པའོ། །དེའི་ལོགས་མོའི་ཕྱི་འཁོར་གཉིས་ཀྱི་སྟེང་དུ། སྟག་གཉིས། རྩིབས་ལོག་གཡས་སུ་དྲེད་མོ་ལག་རྡེབས་གཉིས། རྩིབས་ལོག་གཡོན་པར་འཕར་བ་རྐང་རྡེབས། སྟཱ་ཟུར་ཏེ་དཔུང་པ་གཡས་གཡོན་སེང་གེ་གཉིས། སྤྱི་བོར་བྱ་ཁྱུང་། ཕྱག་ན་ཀླུ་མཐའ་ཡས་མགོ་གསུམ་ལུས་པོ་སྦྲུལ་དུ་འདུག་པ་མཇུག་མ་ཞལ་དུ་གསོལ་བའོ། །ཀླུའི་ལག་པ་གཡོན་ཁར་བཅུག་པ་སྲིན་པོ་ཁ་ཕྱིར་ལྟ་བའོ། །ཡུམ་ཉེ་གནས་ཀྲོ་ཏི་ཤྭ་རི་མ་ནི་མགོན་པོ་དང་འཁྲིལ་ནས་འཁོར་ན་འབྲུབ་ཁུང་གི་ནང་ན་ཡོད་པའོ། །ལྷོར་ཡཀྴ་གནོད་སྦྱིན་ཟངས་ཐོགས་རྒྱལ་པོ་དང་། ཡུམ་བསྭེ་གདོང་མ་ཟངས་གྲི་རྫུ་འཕྲུལ་ཅན། བསྭེའི་སྐྱེས་བུ་དྲུག་ཟོར་གྱི་རྒྱལ་མོ་མཆེད་བཞིའོ། །ཤར་དུ་གཙོ་བོ་ལྗང་སྔོན་ལག་ན་གསལ་ཤིང་ཐོགས་པ་ནི་ལག་པ་གཉིས་ཀ་གསལ་ཤིང་ལ་འཇུས་ནས་འཇལ་ཞིང་མ་མུ་དུ་བཙུགས་པའོ། །དེའི་མཐར་ཕྱིན་གྱི་གིང་བཞི་བཅུ་ཞེ་གཉིས། འཛིན་གིང་ཆེན་པོ་བཅོ་བརྒྱད་གྱིང་གི་གཙོ་མོ་བཅུ་གཉིས་དགོད་པའོ། །བྱང་དུ་དབུས་སུ་དཀར་མོ་ཕྲག་གོང་གཉིས་སུ་ཉི་ཟླས་བརྒྱན་པའི་མཐའ་འཁོར་དུ་དཀར་སྨུག་གསུམ། ཚངས་འགྱུར་བཞི། བདུད་མོ་བཞི། གྲོད་རྐྱེན་བཞི། བསྭེ་མོ་བཞི་དགོད་པའོ། །ནུབ་ཏུ་སྲིན་མོ་མགོ་དགུ་པ་སྲིང་མོ་གདོང་མོ་བཞི། འཁོར་གྱི་ལྷ་སྲིན་སྡེ་བརྒྱད་དགོད་པའོ། །ཡང་དེ་རྣམས་རགས་པ་ཆོ་གས་མི་བསྐྱེད་པ་རུ། ཡ་བ་མ་ར་ཞེས་བརྗོད་པས་དེ་རྣམས་ཀྲོང་ཀྲོང་གྲུབ་པར་བསམ་མོ། །རུ་ལས་ཚོགས་བདག་བསྐྱེད་ནས་ནི། ཉེ་གནས་ཀྲོ་ཏི་ཤྭ་རི་མ། རང་གི་འཁོར་ཚོགས་ལྡན་པར་བསྐྱེད། །ཞེས་པའོ། །གཉིས་པ་དྲག་པོའི་གནས་ནས་དགུག་པ་བསྟན་པ་ནི། དེ་ནས་ཞེས་པ་ན་གདུག་པ་དགུག་ཞེས་པས་བསྟན་ཏེ། དེ་ནས་དཔའ་བོ་ཆེན་པོ་ཞེས་པ་ནི། །བདག་བཛྲ་ཧེ་རུ་ཀའོ། །རུ་ལུ་རུ་ལུའི་འོད་ཟེར་སྤྲོས་པ་ནི། བདག་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུས་ལྷོ་ནུབ་མཚམས་སུ། ལག་པའི་མཁྲིག་མ་བསྣོལ། མཐེའུ་ཆུང་གཉིས་སྦྲེལ་མཛུབ་མོ་ལྕགས་ཀྱུ་ལྟར་བྱས་ཏེ། ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། ༀ་བྷུར་ཀུར་མ་ཧཱ་ཀ་ལ་ས་མ་ཡ་ཧྲིཾ་ཧྲིཾ་ཧྲིཾ་ཨཾ་ཀུ་ཤ་ཛ་ཛཿ ཞེས་པ་ལན་གསུམ་འམ་ལྔའམ་ཅི་གསལ་དུ་བརྗོད་པས་མགོན་པོ་མཚོ་ཀོ་ཀ་ཐང་དམར། རེ་བྱན་ལག་མཆོངས་ཀྱི་རི་རྩེ། མ་ལ་ཡའི་རྩེ་ནས་རང་གི་མདུན་དུ་འདུག་པར་བསམ་མོ། །དྲག་པོ་གནས་ནས་འདུག་པ་དགུག་ཅེས་པའོ། །གསུམ་པ་ཞལ་དུ་རྔུབ་ཅིང་བསྟིམ་པ་མིང་གི་རྣམ་གྲངས་དང་བཅས་པ་བསྟན་པ་ནི་ཞལ་དུ་བཞེས་པ་ནས། ནག་ཡིན་ཞེས་པས་བསྟན་ཏེ་ཞལ་དུ་རྔུབ་སྟེ། སྣ་ནས་བཏོན་ཞེས་པ་ནི། ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། ཧ་ལ་ར་ལ་བྷྱོ། རུ་ལུ་རུ་ལུ་བྷྱོ། རཀྴ་ཤྲཱི་ཧེ་རུ་ཀ་རུ་ཏྲ་མ་ཏྲ་ཧ་ཧ་ཧཾ། ཞེས་པས། བདག་དཔལ་དུ་གསལ་བས་བརྗོད་པས་མདུན་ན་གནས་པའི་མགོན་པོ་དེ་དག་གི་ཞལ་དུ་རྔུབ་གྱུར་གྱི་མིག །དེ་སྣ་ནས་བཏོན་ནས་མཁར་ནང་དུ་བསྐྱེད་པའི་མགོན་པོ་ལ་བསྟིམ་མོ། །མིང་གི་རྣམ་གྲངས་སླའོ། །བཞི་པ་འཇུག་པར་གསོལ་བ་གདབ་པ་ནི་ཚོགས་ཞེས་པ་ནས་བཟུང་དུ་གསོལ་ཞེས་པས་བསྟན་ཏེ། ཚོགས་བདག་ཞེས་པས་མགོན་པོ་དེས་དཔའ་བོ་ཆེན་པོ་ཞེས་བོས་ནས་གསོལ་བ་གདབ་པའོ། །གཞན་སླའོ། །ལྔ་པ་བྱིན་གྱིས་བརླབ་ཅིང་ཞེས་པ་ནི། དཔའ་བོ་ཞེས་པ་ནས་སླར་མི་ལྡོག་ཞེས་པས་བསྟན་ཏེ། ཚོགས་བདག་ཞེས་པས་མགོན་པོ། གོང་དུ་མགོན་པོས་དཔའ་བོ་ནས་གསོལ་བ་བཏབ་པས། དཔའ་བོ་ཆེན་པོས་བཀའ་རྩལ་པ་ཞེས་པས་བདག་བཛྲ་ཧེ་རུ་ཀའོ། །ཧཱུྃ་ཧཱུྃ་ནས་མུྃ་ཧཱུྃ་གིས་བྱིན་གྱིས་རླབས་པའོ། །དེའི་འོག་སྐལ་ལྡན་ཞེས་པ་ལ་སོགས་པ་ནི་ཏིང་ངེ་འཛིན་གྱིས་བརྗོད་པར་བསམ་པའོ། །དྲུག་པ་དྲག་པོས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། ཚོགས་བདག་ཅེས་པ་ནས་མཇུག་པར་བགྱི་ཞེས་པས་བསྟན་ཏེ། ཚོགས་བདག་ཆེན་པོས་ཡང་གསོལ་པ། ཞེས་པ་ནི། དཔའ་བོས་བྱིན་གྱིས་བརླབས་སྤྲོ་བ་བསྐྱེད་པ་ནས། མགོན་པོས་ཡང་དཔའ་བོ་ལ་འདི་སྐད་གསོལ་ཞེས་པའོ། །གཞན་སླའོ། །བདུན་པ་དཔས་བོས་སེམས་བསྐྱེད་པ་ནི། རྡོ་རྗེ་ལྟ་བའི་སྒོ་ནས་དམ་ཚིག་དབོག་པ་ནི། དཔའ་བོ་ཞེས་པ་ནས་དུས་མེད་དོ་ཞེས་པས་བསྟན་ཏེ། དེ་དག་ཐམས་ཅད་ཏིང་ངེ་འཛིན་གྱིས་ཡུད་ཙམ་བསམ་ཏེ་སླའོ། །བརྒྱད་པ་དྲག་པོས་ཕྱག་འཚལ་ཞིང་དབང་བསྐུར་བར་གསོལ་བ་གདབ་པ་ནི། ནག་པོ་ཆེན་པོས་ཞེས་པ་ནས་དབང་བསྐུར་ཞེས་པས་བསྟན་ཏེ། དགུ་པ་དཔའ་བོས་དབང་བསྐུར་བ་ནི། དཔའ་བོ་ཆེན་པོས་སྣང་ཞེས་པ་ནི་བདག་ཧེ་རུ་ཀ ར་གསལ་བས། ༀ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཿཋཱ། ཞེས་བརྗོད་པས་དབང་བསྐུར་བར་བསམ་མོ། །བཅུ་པ་དྲག་པོས་དབང་བླང་ཅིང་དབང་ཡོན་དབུལ་བར་བསྟན་པ་ནི་ནག་པོ་ཆེན་པོ་ཞེས་པ་ནས་དབུལ་ཏེ་གནས་པས་བསྟན་པའོ། །དེ་ཐམས་ཅད་ཏིང་ངེ་འཛིན་གྱིས་བྱ་བ་སླ་བའོ། །བཅུ་གཅིག་པ་དྲག་པོས་ཞལ་གྱིས་བཞེས་ཤིང་མནའ་བསྐྱལ་བར་བསྟན་པ་ནི། དཀྲུགས་ནས་བསྟན་ཏེ་འོག་མ་གི་ནས་དེ་ལྟར་མཆོད་ཞེས་པ་ནས་ཚད་དུ་བཞག་ཅེས་པ་ནས་བསྟན་ཏེ་སླའོ། །བཅུ་གཉིས་པ་དཔའ་བོས་ཞལ་གྱིས་བཞེས་ཤིང་ཟིལ་གྱིས་མནན་ནས་དབང་བསྡུ་བས་བསྟན་པ་ནི། དེའི་འོག་ནས་དཔའ་བོ་ཆེན་པོ་ཞེས་པ་ནས། བཀའ་ལ་བཏགས་ཞེས་པས་བསྟན་གོ་སླའོ། །བཅུ་གསུམ་པ་དྲག་པོ་འཁོར་དང་བཅས་པ་ལ་མཆོད་པ་བཏབ་ཅིང་མངའ་གསོལ་བསྟན་པ་ནི། གོང་ནས་དེ་ནས་གྱིང་གི་ཞེས་པ་ནས། བླང་བྱར་བྱོས་ཞེས་པས་བསྟན་ཏེ། འོག་དེ་ཀ་དཀའ་ཐུབ་ཆེན་པོ་ཞེས་པ་ནས། ལོངས་སྤྱོད་ཞེས་པས་མགོན་པོ་ཡབ་ཡུམ་ལ་བསྔོ་བའོ། །གནོད་སྦྱིན་ཞེས་པ་ནས་རང་གི་འདོད་པའི་ལོངས་སྤྱོད་ཀྱིས། ཞེས་པས་ཡཀྴ་གནོད་སྦྱིན་ལ་བསྔོ་བའོ། །རྟོག་པའི་ཞེས་པ་ནས། དངོས་གྲུབ་གསོལ་ཞེས་པ་ནི་ཤར་གྱིས་བསྔོ་བའོ། །རིག་ངན་ཞེས་པ་ནས། བཞེས་ཞེས་པས་བྱང་གི་མ་མོ་ལ་བསྔོ་བའོ། །སྲིན་མོ་ཞེས་པ་ནས། འཐུང་ཞེས་པས་ནུབ་ཀྱི་སྲིན་པོ་ལ་བསྔོ་བའོ། །སྤྲུལ་པའི་ཞེས་པ་ནས་བཞེངས་ཞེས་པ་ནི་ཡུམ་ལ་བསྔོ་བའོ། །རིགས་ངན་ཞེས་པ་ནས་རིམས་ནད་ཐོང་ཞེས་པས་ཕྱིར་བསྔོ་བའོ། །སྲིད་པའི་ཞེས་པ་ནས་སྒྲུབས་ཞེས་པ་འཁོར་ལོ་བསྔོ་བའོ། །གསང་ཚིག་ཞེས་པ་ནས་གྲུབ་པར་གྱིས་ཞེས་པ་རང་ལ་བསྔོ་བའོ། །མངའ་བདག་ཞེས་པ་ནས་བླང་བར་གྱིས་ཞེས་པས་གཙོ་བོ་བཏབ་ནས་བསྔོ་བའོ། །བཅུ་བཞི་པ་སྲོག་གི་དབང་པོ་མདོངས་གསོལ་དུ་དབུལ་ལ། བསྙེན་བསྒྲུབ་ཡན་ལག་ཇི་ལྟར་བྱ་བ་བསྟན་པ་ནི། རྡོ་རྗེ་ལྕགས་ཀྱི་ཞེས་པ་ནི། ཕོ་ཉ་མངག་གཞུག་དཀྱིལ་འཁོར་རོ། །ཞེས་པས་བསྟན་ཏེ། རྡོ་རྗེ་ལྗགས་ཀྱི་འོད་ཟེར་ལས་རཀྴ་ཤྲཱི་ཧེ་རུ་ཀ་རུ་ཏྲ་མ་ཏྲ་ཧ་ཧ་ཧ། ཞེས་བསྡུས་ཏེ་བཟླས་པ་བྱ་ཞེས་པ་ནི། སྔགས་དེ་ཉིད་རུ་ལུ་དང་སྦྲེལ་ལ་མང་དུ་བཟླས་པའོ། །བསྡུས་ཏེ་ཞེས་པ་ནི། དབང་དུ་འདུས་པར་འགྱུར་ཞེས་བསྙེན་པའི་བཟླས་པ་འབུམ་བྱས་ལ་ཞེས་པ་ནི་བསྙེན་པའི་དུས་སུ་རང་གི་སྙིང་ག་ནས་འོད་འཕྲོས་པས། ཕྱོགས་དུས་དེ་བཞིན་གཤེགས་པ་སྤྱན་དྲངས་ལ་ཞེས་བདག་རང་ལ་བསྟིམ། ཡང་ཕར་འཕྲོས་པའི་འོད་ཟེར་མཁར་ནང་གི་མགོན་པོ་ལ་ཐིམ་པས་མགོན་པོ་གཟི་བརྗིད་བསྐྱེད་ལ་བཞུགས་པའོ། །དོན་ཆེན་རྩལ་བ་ཞེས་སུ་བཤད་ཞེས་པས། དེ་ནས། ༀ་བུར་ཀུར་ཞེས་པས་བསྙེན་པ་འབུམ་དུ་བྱའོ། །ཐུན་མཚམས་སུ་ཀུན་ཏུ་མཆོད་པ་ཡང་ཞེས་པ་ནི། ཐུན་མཚམས་སུ་གཙོ་བོ་ཆ་གཉིས་ལ་མར་མེ་ལ་མར་མེ་ཆད་པ་ལྟར་བྱས་ལ། སྤྱོད་ལམ་བྱ། ནང་དུ་ལོག་ནས་དལ་གྱི་འཁོར་ལ་ཆུ་ལ་ཆུ་ཐིམ་པ་ལྟར་བསྲེས་ལ་མཆོད་པ་བྱ། ཚོགས་རྗེ་ཚོགས་བདག་དཔའ་ཧེ་རུ་ཀ །འབར་བའི་རྒྱལ་པོ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ལ། རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། ཐུགས་རྗེ་ཆེ་དགོང་དབང་དང་དངོས་གྲུབ་སྩོལ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། དེ་ནས་མགོན་པོ་ལ་དབུལ་ཏེ། རྣལ་འབྱོར་ཡོངས་ཀྱི་བསྟན་པ་བསྲུང་བ་ཞལ་བཞེས་པའི། དཔལ་ལྡན་མགོན་པོ་ལེགས་ལྡན་ནག་པོ་ལ། རྣམ་དག༴ ཐུག་རྗེ༴ ༀ་ན་མོ༴ སྨན་མཆོད་ནི། མགོན་པོ་ནི་སྔགས་བཞི་ལ་སྟོང་རྩ་རེ་བསྐྱལ་བ་དང་མཆོད་པ་རེ་བྱ། ཉལ་ཁ་རུ། མ་གཡེལ་གྱི་བསྐང་བ་རེ་བྱས་ལ། །ཡང་གཙོ་བོ་གཉིས་སུ་བྱས་ལ། །བཟླས་པ་བྱེད་པར་བསམ་མོ། །ནང་པར་ཐུན་ལ་འཇུག་ཙ་ན་ཡང་དག་གཙོ་བོ་དང་བསྲེས་ལ་མཆོད་པ་གོང་ལྟར་བྱའོ། །མ་འཕངས་མ་གཡེལ་གྱི་བསྐང་བ་བྱེད་དུས་གསུར་ཆེན་བཏང་ལ་བསྐང་ངོ་། །བཅོལ་རངས་པ་གཏོང་བ་ཡང་སྲིད་དེ་ཁམས་དང་སྦྱར་རོ། །དེ་ནི་བསྙེན་པའོ། །ཉེ་བའི་བསྙེན་པ་ནི། དོན་ཆེན་རྙེད་པར་གྱུར་པ་ནི་མཚན་མ་བཟང་པོ་བྱུང་བའོ། །དེའི་དུས་སུ་ཉེ་བའི་བསྙེན་པ་ནི་སྣའི་བུ་གའི་དབུགས་རིངས་ལ་ཞེས་པས། དབུགས་ཕར་རྒྱུ་ཚུར་རྒྱུའི་དུས་སུ་གྱུར་པ་ཧཱུྃ་ལས་འཕྲོས་པས་ཁྲོ་བོ་མང་པོ་སྤྲོས་ནས་དེས་མགོན་པོ་བསྐུལ། ཡང་འོད་འཕྲོས་ལ་གསང་བའི་མགོན་པོ་ཕྱོགས་བཅུ་ནས་བཀུག་ལ། མཁར་ནག་གི་མགོན་པོ་ལ་བཀུག་ལ་བསྟིམ་ཏེ་ཁ་དོག་ལ་སོགས་པ་ནི་དཀྱུས་ལ་གསོལ་ལོ། །རྒྱུ་ཞགས་མཁར་སྐུ་སའི་ཞེས་པ་ནི། གོང་དུ་བཏགས་པའི། །གསལ་ཤིང་ལ་བཏགས་པའི་གཟུགས་ཏེ་གཉིས་བྱ། ལྷོ་ཕྱོགས་ལས་ཀྱི་མཎྜལ་གསུམ་རྩེག་ནང་གི། ། ལིངྒ་ལ་གདགས། གཅིག་རང་གི་ལག་ཏུ་བཟུངས་ཏེ། མཐིང་ནག་དར་ཆེན་འབར་བ་ལ་ཕྱེ་མར་རིལ་བུ་གསུམ་བསྒྲུབས་ཏེ། རང་གི་ལག་པར་བཟུང་། ཞེས་པ་ནི། དར་མཐིང་གི་ཁུད་དུ་ཐུམ་བུ་དང་། །བདུད་རྩི་སྨན་གྱི་ཐུམ་བུ་གཅིག་བྱ། །བར་པ་ལ་ཡུངས་དཀར་གྱི་ཐུམ་པོ་གཅིག་བྱ། །ཐ་མ་ལ་ཁྲག་གི་ཐུམ་པོ་གཅིག་བྱས་ཏེ། གཟུངས་ཐག་ལ་བཏགས་ལ་ཐུམ་པོ་གསུམ་པོ་མ་ནོར་བས། རང་གི་ལག་པ་གཡོན་པར་བླངས་ལ་གཟུངས་ཐག་བླངས་ཏེ། སྔགས་བཟླས་ཏེ་ཉེ་བའི་སྙིང་པོ། །ༀ་བུར་ཀུ་ཀུསྨ་ཞེས་པའི་སྔགས་འབུམ་དུ་བཟླས་པ་བྱའོ། །དོན་ཆེན་རྙེད་པ་ནི་མཚན་རྟགས་བྱུང་བའོ། །དེ་ནས་དོན་ལ་འཇུག་པར་བྱ་བ་ནི། བསྒྲུབ་པ་ལ་འཇུག་པར་བྱའོ། །ཐུན་མཚམས་སུ་ལག་པའི་ཐུམ་པོ་བར་པ་ཡུངས་དཀར་ཁ་ཕྱེ་ནས་བསྐུལ་བས། ཡུངས་ཀར་ཁྲོ་བོར་གྱུར། ཁྲོ་བོས་མགོན་པོ་ལས་ལ་བསྐུལ། །རང་གི་ལག་པ་གཡོན་པས་ཐུམ་བུ་ཁ་ཕྱེ་བས། །མཁར་གྱི་ནང་དུ་ཕོ་ཉས་བསྐུལ་ཞེས་པས། །ཡུངས་ཀར་མཁར་ནང་དུ་བྲབ་པའོ། །འབུམ་དུ་བསྒྲུབ་པ་དག་ནི་བཟླས་ཞེས་པ་ༀ་ཀུ་རུ་ཀུ་རུ་ཞེས་པའི་སྔགས་འབུམ་དུ་བཟླས་པའོ། །དེ་ནས་བསྒྲུབ་པ་ཆེན་པོ་ལ་འཇུག་པའི་དུས་སུ་ཚོར་བཞིང་ཚོགས་སུ་བཏང་བ་ནི། དེ་ནས་ཚོགས་ཀྱི་མཆོད་པ་ནི་གསུམ་དུ་བྱས་ཏེ་དབུལ་བྱས་ཏེ། ཞེས་པ་ནི་ཉིན་མོ་གསུམ། ནམ་གུང་དང་བཞིར་དབུལ་ཏེ། གདམས་ཀ་བཞི་རུ་འགྲོ། ཚོགས་བྱེད་པའི་དུས་སུ་གོང་གི་བསོད་ནམས་ཀྱིས་དཀྱིལ་འཁོར་བཞིན་དུ་མཆོད་པ་དང་བཤགས་པ་དང་། བསྐང་བ་ནི་གསུམ་ནི་གོང་དུ་བྱའོ། །བར་པ་ལ་རྣམས་འབྱོར་པས་རོལ་ཏེ་དེའི་ལྷག་མ་བསགས་ལ། བསྒྲུབ་པ་ཐོན་ཙམ་ན་ལྷག་མའི་ཚོགས་མཆོད་པ་བྱའོ། །ཐ་མ་ལ་ཡང་ལིངྒ་བྱས་ལ། ལྷོ་ཕྱོགས་སུ་ལིངྒ་སོགས་འབྲུབ་ཁུང་དུ་བསགས་ཏེ། ད་ནང་བསགས་པ་ཉིན་ཕྱེད་ན་བསྒྲལ་ལ་གཟུགས་པོ་མཆོད་པར་གོང་ལྟར་སྟབས། མགོ་བསགས་ལ་མནན་པའམ་སྦྱིན་བསྲེག་བྱ་སྟེ། ལིངྒ་ལ་དགྲ་བོའི་ཤེས་པ་དགུག་པ་ལ་སོགས་པ་འགྲེའོ། །དེ་བཞིན་དུ་ཉིན་ཕྱེད་ཀྱི་ལིངྒ་དགོངས་མོ་བསྒྲལ། དགོངས་ཀའི་ལིངྒ་ནམ་ཕྱེད་ན་བསྒྲལ། ནམ་ཕྱེད་ཀྱི་ལིངྒ་ནངས་པར་བསྒྲལ་ལོ། །སྟེང་དུ་གྱུར་པའི་གསང་མཆོག་གི་བསྒྲུབ་པ་ཆེན་པོའི་སྔགས་སོ། །དེའི་དུས་སུ་ཐུམ་ཐ་མ་ཁྲག་སྣའི་ཐུམ་བུས་མཁར་ནང་དུ་བསྐུལ་བས། དང་པོའི་དམ་ཚིག་དྲན་པར་བསམ་པའོ། །བསྒྲུབ་པ་ཆེན་པོ་འབུམ་དུ་བཟླས་ཞེས་པ་ནི། ༀ་བྷུ་ར་ཀུར་ཏི་ཞེས་པའི་སྔགས་བཟླས་པའོ། །ཕོ་ཉ་མངག་གཞུག་དཀྱིལ་འཁོར་ཞེས་པ་ནི། འབྲུབ་ཁུང་ཞེས་པ་ནས། མདོར་བཀོད་པའོ། །ཞེས་པས་བསྟན་ཏེ། ཤིན་ཏུ་དཀྱུས་ནས་གསལ་ལོ། །གཉིས་པ་ཉམས་སུ་བླང་བའི་རིམ་པ་དངོས་ལ་གཉིས་ལས། དང་པོ་ལས་དང་བྱ་བས་རྫས་བཤམས་པའི་རིམ་པ་བསྟན་པ་ནི། ལྷོ་ཕྱོགས་ཞེས་པ་ནས་རྟེན་ལ་འདུད་ཞེས་པས་བསྟན་ཏེ། ལྷོ་ཕྱོགས་ལས་ཀྱི་མཎྜལ་གསུམ་རྩེག་ལ་ཞེས་པ་ནི། འབྲུབ་ཁུང་གི་རྒྱར་ཁྲུ་གང་པ་པངས་སུ་ཁྲུ་ཕྱེད་པ་ནང་ཐང་བ་ལ་ཕྱི་རིམ་གསུམ་དུ་བརྩེགས་པའོ། །དང་པོ་ཐོད་པའི་ཕྲེང་བས་བརྒྱན། །ཞེས་པ་ནི། བང་རིམ་དང་པོ་ལ་ཐོད་པའིི་ཕྲེང་བ་གདག་པ་ལ་འབུར་དུ་གཏོད་པའམ། ཡང་ན་བང་རིམ་ལ་རི་མོ་ལེགས་པར་བྲིའོ། །དེ་འོག་མཚོན་གྱིས་སྤྲས་ཞེས་པ་ནི་བང་རིམ་བར་པའོ། །དངོས་སུ་མཚོན་ཆ་གྲིའམ་མདའ་འམ་རལ་གྲི་ལ་སོགས་པའམ། གཟུགས་རི་མོ་ཡང་བྲིའོ། །དེ་འོག་མེ་རི་འབར་བ་འཕྲོས་ཞེས་པ་ནི། བང་རིམ་ཐ་མའི་ལོགས་ལ་མེ་རི་བྲི་བའོ། །དེའི་ནང་དུ་ལིངྒ་ནི། ཇི་ལྟ་བའི་ཚུལ་དུ་བཞག །ཅེས་པ་ནི། ལིངྒའི་རྒྱུ་དྲི་ཆེན་དྲི་ཆུ་གོས་དང་རྗེས་ས་དང་བག་ཕྱེ་བསྒོ་བསྡུས་ལ། ལིངྒ་ཐང་བར་བྱས་ལ། ཡན་ལག་སྐུད་པ་སྔོ་དམར་གྱིས་དཀྲིས་ལ་བཞགས་པའོ། །དེ་ལ་ཡན་ལག་རྒྱ་བཞི་ཡིས་རྒྱང་ཞེས་པའོ། །ཁ་རད་ན་དང་པོ་ཕྲ་མེན་མ། ཞེས་པ་ནི། བང་རིམ་དང་པོ་ལ་ཕུར་པ་བརྒྱད་ལ་ཀེའུ་རི་ཁྲོ་བོ་མོ་བརྒྱད་དུ་མོས་པ་བྱ། བར་དུ་རྩང་གཟུགས། བར་པ་ལ་ནི་མགོ་བརྙན་ཏེ། བང་རིམ་བར་པ་ལ་ཕུར་པ་བཅུ་གཉིས་ལ་སིང་ཧ་ཕྲ་མེན་བརྒྱད། རྟ་གདོང་སྒོ་མ་བཞིར་མོས་པ་བྱས་སྟེ་དགོད་པའོ། །ཐ་མ་ལ་ནི་སྲིན་མོའི་ཚོགས་ཞེས་པ་ནི། བང་རིམ་ཐ་མ་ལ་ཕུར་པ་ཉི་ཤུ་རྩ་བརྒྱད་དབང་མོ་ཉེར་བརྒྱད་དུ་མོས་པ་བྱས་ལ་གཟུག་གོ། །གདུག་པའི་ཕུར་པ་ཞེས་པ་ཕུར་པའི་རྒྱུའོ། །མཚོན་པར་བྱས་དེ་རྣམས་པར་དགོད་ཞེས་པ་ནི། ཀ་སིང་དང་དབང་མོར་མོས་པར་བསམ་མོ། །མགུལ་ནས་བཏགས་ཞེས་པ་ནི། འབྲུབ་ཁུང་དེའི་ནང་ལིངྒའི་མགུལ་ནས་གཟུངས་ཐག་གིས་བཏགས་པའོ། །རྟེན་ལ་འདུད་ནི། མཁར་ནང་གི་གསལ་ཤིང་ལ་འདུད་པའོ། །གཉིས་པ་ལས་ལ་སྦྱར་བ་དངོས་བསྟན་པ་ལ་དྲུག་སྟེ། དང་པོ་གཟུ་དཔང་གསོལ་ཞིང་དྲེགས་པའི་སྔགས་བཟླས་པ་སྟིམ་ཞེས་པ་ནས་གཟུ་དཔང་གསོལ་ཞེས་པས་བསྟན་ཏེ། གཞན་རྣམས་ཏེ་གོ་སླའོ། །ཇི་སྲིད་མཚན་མ་མ་བྱུང་གི་བར་ཞེས་པ་ནི། དགྲ་སོད་པའི་རྟགས་བྱུང་བའོ། །ལས་ལ་སྦྱོར་པ་དྲག་པོའི་སྔགས་ནི་བཞི་སྙིང་གཅིག་ཏུ་དྲིལ་བའོ། །རྔམ་པའི་ང་རོས་གནོན་པར་བྱ་ཞེས་པ་ནི། འཛབ་ཏུ་ལྷང་ལྷང་འདོན་པའོ། །མ་ཉེས་ལགས་གཟུ་དཔང་ཞེས་པ་ནི་ཟོར་གཏོང་བའི་སྐབས་ཀྱི་གྱེར་གཙོ་འདིར་བླང་བའོ། །གཉིས་པ་ཕོ་ཉས་མངག་ཅིང་བསྐུལ་བ་ནི། དེ་ནས་ཕོ་ཉས་མངག་ཅེས་པ་ནི། དུས་ལ་བབ་ཞེས་པས་བསྟན་ཏོ། །དེ་ནས་ཕོ་ཉས་བདག་པར་བྱ། །འབར་བའི་དྲག་པོ་མི་ཟད་པ། །ཞེས་པ་ནི་ཁྲོ་བོ་གིང་གི་ཚོགས་སོ། །རྟོག་པ་མེད་པའི་རྒྱལ་པོ་ལས། །ཞེས་པ་ནི། བདག་དཔལ་ཧེ་རུ་ཀར་གསལ་བའི་རྡོ་རྗེའི་ལྗགས་ནི་རྡོ་རྗེ་ཡོད་པའོ། །བཛྲ་ཀྲོ་ཏ་ཛྭ་ལ་ས་མ་ཡ་ཞེས་པ་ནི། ཁྲོ་བོའི་སྔགས་ཏེ་སརྦ་ཤ་ཏྲུཾ་མ་ར་ཕཊ། ཞེས་པ་ནི་སྔགས་བཞི་ག་ས་རུ་བཏགས་པའོ། །ཁྲོ་བོའི་རྒྱལ་པོ་སྤྲིན་ཕུང་རྣམས་ཞེས་པ་ནི། རཀྴ་སྲིན་པོའི་ཚོགས་སོ། །རཀྴ་ཛྭ་ལ་ས་མ་ཡ་ཞེས་པ་ནི་སྲིན་པོའི་སྔགས་སོ། །ཡཀྴ་ཛྭ་ལ་ས་མ་ཡ་ཞེས་པ་ནི་གནོད་སྦྱིན་རྦད་པའི་སྔགས་སོ། །ཙིཏྟ་ཛྭ་ལ་ས་མ་ཡ་ཞེས་པ་ནི་ཟ་བྱེད་མ་མོའི་སྔགས་སོ། །སྔགས་དང་མིང་དུ་སྤེལ་ནས་ནི། ཞེས་རྩ་སྔགས་སྭཱ་ཧཱའི་བར་དུ་མིང་གཞུག་པའོ། །ཁྲོས་པས་ཁྲིའམ་འབུམ་དུ་བཟླས་ཞེས་པ་ནི་གོང་གི་གཞི་སྙིང་ཅིག་ཏུ་དྲིལ་བའི་སྔགས་འབུམ་རྫོགས་པ་དང་། འཁོར་བཞིའི་ལིང་སྔགས་བཟླས་པའོ། །དེ་ཡང་གདམ་ངག་གི་དང་པོར་ལྷོ་གནོད་སྦྱིན་བཟླས། བྱང་མ་མོའི་བཟླས། དེ་ནས་ནུབ་སྲིན་པོའི་བཟླས་པའོ། །དེ་ན་མ་འཕངས་མ་གཡེལ་གྱི་ཤམ་དུ་འདི་སྦྲེལ་ལ་བསྐུལ་བ་ནི། ཐང་ཆེན་གཏག་ལ་བསྐུལ་བ་ནི། ཞེས་པ་ནས་མར་ལ་བསྐུལ་བའོ། །དེའི་བཤམ་དུ་བསྐུལ་བ་རིང་མོ་ཡང་སྦྲེལ་ལོ། །གསུམ་པ་མཚན་མ་མ་བྱུང་ན་གདབ་པའི་ལས་བྱ་བ་ནི། སྔོན་དུ་བསྙེན་ཕུར་མངའ་གསོལ་ལ་ཞེས་པ་ནི་བསྙེན་པའི་དུས་སུ་མི་བསད་པའི་མཚོན་པས་བྱས་པའི་མཚོན་ཆ་ལ་བྱའོ། །སྐབས་དེར་ཐུན་ཟོར་རྡེག་པར་བྱ་ཞེས་བྱ་བ་ནི་ཕོ་ཉ་རྣམས་ཀྱི་གཤམ་ཟོར་གྱི་ཕོ་ཉའི་གོང་དུ་ཡུམ་གྱི་བསྐུལ་པ་འདི་གཞུག་གོ། །དེ་ནས་ལིངྒ་བཞི་སྙིང་དྲིལ་བའི་སྔགས་བཟླས་ཤིང་གདབ་པའོ། ༈ །བཞི་པ་སྦྱོར་བའི་ཚོགས་བསྒྲལ་བ་ནི། མཐུན་འཇུག་ཞེས་པ་ནས་སྦྱངས་ཞེས་པས་བསྟན་ཏེ། དོན་ལ་གནས་པར་གསུངས་ཏེ་ཞིབ་མོ་ནི་མ་བསྟན། བསྒྲལ་ཐབས་ནི་གོང་གི་འཁོར་བཞིའི་སྔགས་དང་བཞི་སྙིང་གཅིག་ཏུ་འགྲིལ་བའི་གདམ་པར་འགྲོ་སྟེ། གོང་དུ་བཞི་སྙིང་དྲིལ་བའི་སྔགས་བཟླས་བས་འབུམ་ཐོན་པའི་དུས་སུ་མ་འཕངས་མ་གཡེལ་ལ་སོགས་ནས་ཡུམ་བསྐུལ་བ་མན་ཆད་བྱས་ལ། མཁར་ནང་གི་འབྲུབ་ཁུང་ནང་དུ་ནང་གི་ལིངྒ་ལ་མཚོན་ཆ་ནག་པོས་བསྒྲལ་ལ་མགོ་བོ་བསག །ལུས་པོ་གཏོར་མའི་ནང་དུ་གོང་དུ་བསྟན་པ་བཞིན་དུ་བཏབ་པའོ། །གནོད་སྦྱིན་གྱི་སྔགས་ཁྲིའམ་འབུམ་ཐོན་པའམ་བསྐུལ་བ་འདྲ། ལིདྒ་བསྒྲལ། མགོ་བོ་བསག །ལུས་པོ་བཏབ། དེ་ནས་བྱང་དུ་དེ་དང་འདྲའོ། །ལྔ་པ་ཕུང་པོ་ལྷག་མ་ལ་བྲོ་བརྡུངས་ཞིང་བསྟབ་པ་བྱ་བ་ནི། སྒྱུ་མའི་ཞེས་པ་ནས་ཞལ་དུ་བསྟབ་ཞེས་པས་བསྟན་ཏེ་སླའོ། །དྲུག་པ་དྲག་པོའི་སྦྱིན་བསྲེག་གིས་ལས་ལ་སྦྱར་བ་ནི། ལས་རྣམས་ཞེས་པ་ནས་ཅི་ཞིག་དགོས་ཞེས་པས་བསྟན་ཏེ་སླའོ། །གསུམ་པ་ངེས་ཚིག་བསྟན་པ་ནི། འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་རོ་ཞེས་པའོ། །གཏད་ཁྲམ་མནན་པའི་དལ་ལ་གསུམ་ལས། དང་པོར་སྔོན་དུ་བྱུང་བའི་རིམ་པ་བསྟན་པ་ནི། གཏད་ཁྲམ་ཞེས་པ་ནས་བཀོད་པའོ། །ཞེས་པས་བསྟན་པ་ཤིན་ཏུ་སླའོ། །གཉིས་པ་སྒྲུབ་པ་པོས་ཉམས་སུ་བླང་བའི་རིམ་པ་དངོས་ལ་དྲུག་ལས། དང་པོ་མཁར་གཟུགས་བརྙན་བཅའ་བ་བསྟན་པ་ནི། གོང་དུ་ཞེས་པ་ནས། བགྲད་པའི་སྲོག་ཞེས་པས་བསྟན་ཏེ་གོང་དུ་ལས་ལ་སྦྱོར་བ་ན། ས་སྣ་བདུན་གྱི་འདག་པ་ལ། །ཞེས་པའི་ས་སྣ་བདུན་ནི་ཆུ་ཕ ར་འགྲམ་ཚུལ་འགྲམ་གྱི་ས་དང་། མི་ཕུང་བའི་ས་དང་། མཁར་ཧྲུལ་པོའི་ས་དང་། གྲོག་མོའི་ཞིང་ས། འཆད་པ་ཧྲུལ་བོའི་ས། ལྷ་ཁང་ཧྲུལ་པོའི་ས། དགྲ་བོའི་ཁང་པ་ལ་ཚད་དང་ལྡན་པའི་ཞེས་པའི་ཁྲུ་གང་དཔངས་སུ་ཡོད་པ། རྒྱར་དེའི་སུམ་གཉིས། སྟེང་དུ་བྱ་ཁྱུང་རྒྱལ་པོ་བྱ་ཞེས་པ་ནི་མཁར་གྱི་གྲུ་བཞི་དང་ལོགས་གཡས་གཡོན་དུ་ཁྱུང་མགོ་རེ་བྱས་པའོ། །ནང་དུ་ཞེས་པ་མཁར་དེའི་ནང་དུ་མགོན་པོའི་གཟུགས་པོ་བཏགས་པའོ། །དེའི་འོག་ཏུ་ལིངྒ་གཞུག་པའོ། །གཉིས་པ་ལིངྒ་ཇི་ལྟར་བྱ་བ་བསྟན་པ་ནི། སྦྱིན་བསྲེག་ཞེས་པ་ནས་བཞག་ཅེས་པས་བསྟན་སྟེ། སྦྱིན་བསྲེག་བྱས་པའི་ཐལ་བ་ནི། །ལིངྒ་ལ་བསྒྲལ་བའི་མགོ་བོའི་དོད། །སྦྱིན་སྲེག་བྱས་ལ་དེའི་ཐལ་བ་དང་། །དྲི་མ་ནི་དངོས་ཡིན་ལགས་སོ། །ཞེས་པ་ཁོངས་ནས་མཆིམས་པ་དང་ལུད་པ་དང་སྣབས་སོ། །ཞེས་པ་རྣམས་ལ་ཞེས་པ་ནི་ཞེས་པའོ། །ལིངྒ་བྱས་ལ་བག་ཕྱེའམ་ཡང་ན་འདགས་པ་སྤྱིན་པོས་མགོ་བསྡུས་ལ། ལིང་བྱང་གྲོ་གའམ་ཤོག་བུའམ་ཤིང་ཤུན་ལ་བྲིས་ལ་ལིངྒའི་སྙིང་གར་གཞུག་གོ། །གསུམ་པ་ཐོད་པ་དང་འཁོར་ཇི་ལྟར་བཅའ་བ་བསྟན་པ་ནི། ཨ་དར་ནས་གདམས་ཞེས་པས་བསྟན་ཏེ། ཨ་དར་ནི་མཛེས་པའོ། །མ་ནུ་ཤ་དང་ཞེས་པ་ནི་སེམས་ཅན་རིགས་ངན་ཏེ། མཛོའམ། དྲེའུ་འམ། ཀྲི་སྣ་ཞེས་པ་ནི་རབས་ཆད་ནག་པོའི་ཐོད་པའམ། ཀུ་ར་ཞེས་པ་ཁྱིའི་ཐོད་པའོ། །མཛེ་པོའམ་རབས་ཆད་ནག་པོའི་ཐོད་པ་ཡིན་ན། ཕོ་ཐོད་མོ་ཐོད་ཕྱེ་ལ་བར་དུ་བླངས་པའོ། །སྦྱིན་སྲེག་གི་ཐལ་པ་ལ་ལིངྒ་བྱས་སྟེ། སྙིང་གར་མིང་རུས་བཅུག་པའི་ལིངྒ་དེ་བཅུག་པའི་ལིངྒ་དེ་བཅུག་ལ། དེ་ནས་རྩར་སོང་ལ་ཞེས་པས་བསྟན་སྟེ། ཀ་རུ་ནའི་ཕྱག་རྒྱ་ནི་བྱ་ཁྱུང་གིའོ། །གནམ་ལྕགས་འབར་བའི་གཟེར་ཆེན་གྱིས་ཞེས་པ། ཐོད་པ་དེ་ལྕགས་ཀྱུས་བླངས་པའོ། །དུར་ཁྲོད་ནག་པོ་ན་མར་སླའོ། །ལྔ་པ་གཟུ་དཔངས་གསོལ་ཞིང་མནན་པ་དངོས་བསྟན་པ་ནི། གཏོར་མ་ཞེས་པ་ནས། གྱིས་ཞེས་པས་བསྟན་སྟེ། གཏོར་མ་ནི་དངོས་ཡིན་ལ། སོགས་ཁོངས་ནས་གསེར་སྐྱེམས་དང་བདེན་པ་བརྡར་བ་ལ་སོགས་པ་བྱའོ། །གྲུ་གསུམ་ཁྲུ་དོ་རྐོས་བྱས་ལ་ཞེས་པ་ནི། མནན་པ་བྱེད་པའི་སར་དོང་བྲུ་བའོ། །གོང་གི་མཁར་ཆེན་བཅུག་ནས་ནི། །ཞེས་པ་ནི། ས་སྣ་བདུན་ལས་བྱས་པའི་མཁར་གཞུག་པ་ནི། མཁར་ནང་དུ་ཐོད་པ་ཁ་སྦྱར་གཞུག་པའོ། །གཡམ་པ་ནག་པོས་ཁ་བཅད་ནས་ཞེས་པ་ནི་དུར་ཁྲོད་ཀྱི་གཡམ་པའོ། །རྡོ་རྗེ་རྒྱ་གྲམ་གྱིས་མནན་ཞེས་པ་ནི། དུར་ཁྲོད་གཡམ་པ་སྔོན་པོ་ཡིས་ཞེས་པ་འབེབས་པའི་དངོས་ལ་རྡོ་རྗེ་རྒྱ་གྲམ་བྲིས་ལ་དེས་མནན་པའོ། །དྲུག་པ་མནན་པའི་ས་དང་། ངེས་ཚིག་བསྟན་པ་ནི། ཆུ་མིག་ཞེས་པ་ནས་དལ་ཞེས་པའི་བར་བསྟན་སྟེ་ཤིན་ཏུ་སླའོ། །གསུམ་པ་གཤེགས་གསོལ་བསྡུ་དང་ལུས་བསྲུང་གི་ཆོ་ག་བསྟན་པ་ནི་དེ་རྟིང་ཞེས་པ་ནས། ཅི་བདེར་སྤྱོད་ཞེས་པས་བསྟན་ཏེ། དེ་རྟིང་བསྒྲུབ་པའི་གནས་ཕྱིན་ནས་ཞེས་པ་མ ནན་པ་བྱས་པས་རྟིང་ལའོ། །འཇིག་རྟེན་འདས་དང་ཞེས་པ་ནི་དལ་གྱི་ལྷའོ། །འཇིག་རྟེན་པ་ནི་མགོན་པོ་དང་། འཁོར་བཞི་དང་། ཡུམ་ཉེ་གནས་ཀྲོ་ཏི་ཤྭ་རི་མའོ། །སྤྱན་དྲངས་ལྷ་རྣ མས་མ་ལུས་ལ། ཞེས་པ་ནི་ཡེ་ཤེས་པ་འོག་མིན་ནས་སྤྱན་དྲངས་པ་དང་། འཇིག་རྟེན་པ་ཕྱོགས་བཅུ་ནས་སྤྱན་དྲངས་པ་གཉིས་སོ། །མཆོད་ཅིང་ཞེས་པ་ནི་ནང་དུ་འོང་ནས་བདག་གཙོ་དང་བསྲེས་ཏེ། ཚོགས་རྗེ་ཞེས་པ་ནི་སྨན་མཆོད་བྱེད་པའོ། །དེ་ནས་མགོན་པོ་ལ་ཡང་རྣལ་འབྱོར་ཡོངས་ཀྱི་ཞེས་པས་མཆོད་པའོ། །བཤགས་པ་ནི་བདག་ཅག་མ་རིག་ལུས་དང་ཞེས་པའོ། །གཏང་རག་ནི་ཕྲིན་ལས་གཞུང་སྲང་བའི་མཆོད་པའོ། །དེ་ནས་བསྒྲུབ་པ་ཆེན་པོའི་དུས་ན་མར་གྱི་མཆོད་པ་བཞི་ཚོགས་བྱས་པའི་ལྷག་མའི་ཆོ་ག་བྱའོ། །དེ་ནས་འབྲུ་གསུམ་ཐ་མར་མུཾ་བཏགས་ལ་གཤེགས་སུ་གསོལ་བ་ནི། དེ་ནས་དབྱིངས་སུ་ཅི་བདེར་གཤེགས་ཞེས་པའོ། །བསྐྱེད་པས་ལྷ་རྣམས་བདག་གི་ཐུགས་ཀར་ཧཱུྃ་ལས་བསྡུ་བའོ། །གཞན་སླའོ། །མཇུག་གི་དོན་ལ་གྲུབ་དང་ཞེས་པ་ལ་སོགས་པ་སླའོ། །བདག་གིས་འདི་བྱས་བསོད་ནམས་ཀྱིས། །ཀུན་གྱི་རྡོ་རྗེ་འཛིན་ཐོབ་ཤོག །གལ་ཏེ་འགལ་བར་གྱུར་ན་ནི། །འཕགས་པ་རྣམས་ཀྱིས་བཟོད་པར་བཞེས། །སློབ་དཔོན་གྱི་སྐུ་དྲིན་ངོར། སྒྲུབ་ཐབས་ཀྱི་ཏིག་འགྲེལ་ལེགས་པར་སྡེབས་པའོ། །རྫོགས་སོ། །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྤྱིར་བཟླས་པ་ལ་གཉིས་ཏེ། །ངག་གི་བཟླས་པ་དང་། །རྡོ་རྗེའི་བཟླས་པའོ། །ངག་གིས་བཟླས་པ་ལ་གཉིས། །འཇིག་རྟེན་ལས་འདས་པའི་བཟླས་པ་དང་། འཇིག་རྟེན་པའི་བཟླས་པའོ། །རྡོ་རྗེའི་བཟླས་པ་ལ་གཉིས་ཏེ། །རྡོ་རྗེའི་བཟླས་པ་དང་དེ་ཁོ་ན་ཉིད་ཀྱི་བཟླས་པའོ། །འཇིག་རྟེན་ལས་འདས་པའི་བཟླས་པ་ལ་གསུམ་སྟེ། བསྙེན་པ་དང་བསྒྲུབ་པ་དང་། ལས་ལ་སྦྱར་བའོ། བསྙེན་པ་ནི་བསྐྱེད་པའི་རིམ་པ་རྫོགས་ནས་མཆོད་བསྟོད་ཚུལ་བཞིན་དུ་བྱས་པའི་རྗེས་ལ། བཟླས་པའི་དུས་སུ་ཞི་རྒྱས་དབང་དྲག་གི་བཟླས་པ་ནི་བསྙེན་པའོ། །བསྒྲུབ་པའི་དཀྱིལ་འཁོར་དུ་མེ་ཏོག་དོར་ཏེ་གང་ལ་བབས་པའི་ལྷས་བདག་ལ་དབང་བསྐུར་ཏེ་གཟི་བྱིན་དང་ལྡན་པར་བྱས་པ་ནི་བསྒྲུབ་པའོ། །ལས་ལ་སྦྱོར་བའི་དུས་སུ་བདག་གི་གསེར་སྐྱེམས་ལ་སོགས་པའི་མཆོད་རྟེན་གཟུ་དཔང་གསོལ། དེ་ནས་བདག་ཉིད་སྟེང་གི་ནམ་མཁའ་ལ་སངས་རྒྱས་མི་བསྐྱོད་པ་དམིགས་ཏེ། སྔགས་ཀྱི་འོད་ཟེར་གྱིས་འོད་དུ་ཞུ་སྟེ་བདག་ལ་ཐིམ། །གཟི་བྱིན་དང་ལྡན་པར་བྱས་ལ། །དེ་ནས་ངག་གི་བཟླས་པ་བྱས་པས། བདག་གི་ཞལ་ན་ཕར་དྲག་པོ་སྔགས་ཀྱི་འོད་ཟེར་ཁ་དོག་ནག་པོ་སྣ་ལ་ལྕགས་ཀྱུས་མཚན་པ་འཕྲོས་ཏེ། དྲག་པོའི་ཚད་ནི་གྱི་མདའ་འཕངས་པ་ལྟ་བུའོ། །ལྷ་གནོད་སྦྱིན་རྒྱུད་ལ་ཕོག་པ་ནི་ལྕགས་ཀྱི་ཐོག་རྒྱབ་པ་ལྟ་བུའོ། །སྙིང་པོ་བྱང་ཆུབ་ཀྱི་རྒྱུད་བསྡུས་ཏེ། ཚུར་འོངས་པ་ནི་ཐག་པ་མཁར་ནག་གི་སྒྲིལ་བ་ལྟ་བུའོ། །དེ་ནས་བདག་ཉིད་ལ་ཐིམ་པ་ནི། བདག་དཔལ་ཆེན་པོའི་གཟི་མདངས་དང་ལྡན་པ་ནི། དགྲ་བོའི་རྣམ་པར་ཤེས་པ་བདག་རྣལ་འབྱོར་གྱི་གོ་བགོས་པའོ། །ཉོན་མོངས་པའི་ཡིད་བཅད་པའོ། །ཕུང་པོའི་ལྷག་མ་ལ་མཁའ་འགྲོའི་ཚོགས་ལ་བསྟབ་པར་བྱ་བ་སྟེ། དེ་ལྟར་དེའི་སྦྱོར་བ་དང་ལྡན་པས། ཉིན་ལན་གསུམ་མཚན་ལན་གསུམ་དུ་ཚོགས་ཀྱི་མཆོད་པ་དང་བསྟབ་པ་བྱ་ཞིང་། བཟླས་པ་བྱ་བ་ནི་ལས་ལ་སྦྱར་བའོ། །འཇིག་རྟེན་པའི་བཟླས་པ་བྱ་བ་ལ་གསུམ་སྟེ། བསྙེན་པ་དང་། བསྒྲུབ་པ་དང་། ལས་ལ་སྦྱོར་བའོ། །དེ་ལ་དང་པོ་རྟགས་དང་རྟེན་བཤམས་ཏེ། ས་སྣ་བདུན་གྱི་འདག་པ་ལ་མཁར་བྱས་ཏེ། ཆུ་རུ་ཁྲུ་གང་ལོགས་བཞི་ལ་ལྡོག་དཀར་དང་། ཐོད་པའི་མཚན་པའོ། །རུ་མཚོན་ཆེན་པོ་བཞི་དང་། དུར་བྱ་ནག་པོ་བརྒྱད་དང་། སྟེང་དུ་ཁྱུང་གི་མུ་ཏྲ་གཉིས། དེའི་ནང་དུ་གྲུ་གསུམ་མཐིང་ནག་གི་ནང་དུ། དམིགས་པའི་ལིངྒ་བཞག །ཁྲོ་བོའི་སྟེང་དུ་མདའ་སྒྲོ་ཡུད་ལྔ་པ་གཅིག་ལ་དུག་མེད་ནག་པོ་བཙུགས་ལ་མགུལ་དུ་དར་མཐིང་ནག་ལེའུ་གཅིག་བཏགས། དེ་ལ་དང་པོ་རིལ་བུའི་ཕུར་མ་བརྟེན་པའི་རྫས། བར་མ་ཁྲོ་ལ་བུ་བྲབ་པའི་རྫས། ཐ་མ་ཕྱེ་མ་མཆོད་པའི་རྫས། ཕུར་པ་ལིདྒའི་སྙིང་གར་བཙུག་ལ་བཞག །ཁྲོ་མོའི་རྟེན་དུ་ནམ་མཁའ་ནག་མོ་གསེར་མིག་མ་གཅིག་ལ་མདའ་བྱ་རྒོད་ཀྱི་ཕོད་བཞི་ལ་དར་ལྕེ་བཞི་དང་བཅས་ཏེ་མདའི་ལྟོགས་དུ་བཙུག་ལ་བཞག་གོ། །ཁྲོ་བོའི་རྫས་ནི་མེ་ཏོག་སྣ་ཚོགས་ཀྱིས་བཀང་བ་དང་། ཤ་ཁྲག་སྣ་ཚོགས་པ་དང་། བསེ་བྱང་དམར་པོ་དང་། རི་རབ་སྤྱི་སྐོར་གྱི་ཐོད་སྦྲམ་ཀྱང་བཞག་གོ། །ཁྲོ་མོའི་རྫས་སུ་ཐོད་པ་ཚལ་བུ་གཅིག་གིས་ནང་དུ་རྐང་སྣ་ཚོོགས་དང་། འབྲུ་སྣ་ཚོགས་དང་། མར་དང་ཁྲག་སྣ་ཚོགས་དང་། དེ་རྣམས་ཀྱིས་བཀང་ལ་བཞག་གོ། །ཤར་ཕྱོགས་སུ་ཁྲོ་བོའི་མཁར་བྱས་ལ་དམིགས་བྱའི་ལིངྒའི་སྟེང་དུ་མཆོག་ཕུར་གཅིག་ལ་མཁར་ནག་གམ་རྒྱ྄ུ་ཞགས་ཀྱིས་བཏགས་ལ་སྙིང་གར་བཙུགས་ལ་བཞག །རྒྱུ་ཞགས་ཀྱི་སྣ་རི་རབ་སྤྱི་སྐོར་གྱི་དམིགས་ལ་བཏགས་ལ། ཀཱི་ལ་ཡ་ཉི་ཤུ་རྩ་གཅིག་སྒྲོལ་གིང་དུ་བྱིན་གྱིས་བརླབས་ལ་སྦས་ལ་བཞག །ལྷོ་ཕྱོགས་སུ་གནོད་སྦྱིན་གྱིས་མཁར་དུ་ལིངྒའི་སྟེང་དུ་བསེ་མདུང་དམར་པོས་བ་དན་བཅས་ཏེ་བཞག །གཡས་སུ་ཟོར། གཡོན་མདའ་ཟོར་བཞག །ནུབ་ཕྱོགས་སུ་སྲིན་པོའི་མཁར་དུ་ལིངྒའི་སྟེང་དུ་སྦྲུལ་མགོ་གདེང་ཀ་གསུམ་བཞག །གཡས་སུ་ཤ་སྣ་དེབ་ཚེ་གང་། གཡོན་དུ་ཀླུ་སྨན་སྣ་ཚོགས་པ་དེབ་ཚེ་གང་། བ་དམར་པོའི་འོ་མ་བཞག །བྱང་ཕྱོགས་སུ་མ་མོའི་མཁར་དུ། །ལིངྒའི་སྟེང་དུ་དར་མཐིང་གི་གུར་ཕུབ། །ཐུན་སྣ་ཚོགས་པ་བྷནྡྷ་གང་བཞག །དགྲ་བོ་ལྷ་དང་བྲལ་བའི་ཕྱིར། །རྒྱ་ཚིལ་ལ་སོགས་པ་ཡང་བཤམ། །དེ་ནས་ཁྲོ་བོ་ཞལ་བཅས་ལ། །མཁར་གྱི་ནང་དུ་མདའ་ལ་སྐྱོན་ཏེ། རྣལ་འབྱོར་བདག་ཉིད་ལ་ཁ་བསྟན་ཏེ་བཞག །དེ་ནས་བསྙེན་བསྒྲུབ་ཚུལ་བཞིན་བྱ། །དེ་ནས་ལས་ལ་སྦྱོར་བའི་དུས་སུ་བསད་པའི་འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་བྱས་ཏེ། དང་པོ་གསེར་སྐྱེམས་བཏང་། བདེན་པ་བརྡར་མ་ཉེས་པའི་དཔང་གཟུག །དེ་ནས་དྲག་པོའི་སྔགས་བཟླས་པའི་དུས་སུ། བདག་དཔལ་ཆེན་པོའི་ཐུགས་ཀ་ནས། ལས་ཀྱི་མགོན་པོ་གསལ་ཤིང་ཅན་ཞལ་གཅིག་ཕྱག་གཉིས་གཅེར་བུ་རལ་པ་གྱེན་དུ་བརྫེས་པ། སྐུ་མདོག་སྔོ་ནག་ཕྱག་ན་གསལ་ཤིང་ནག་པོ། གཡོན་ཟངས་གྲི་ནག་པོ་ཐོགས་པས་ཅིག་ཅར་གྱིས་ཕྱུངས་ནས་བཞི་པོའི་མགོན་པོ་དང་གཉིས་སུ་མེད་པར་བྱས་ནས། བདག་དཔལ་ཆེན་པོའི་ལས་ཅི་བགྱིས་ཞེས་བཀའ་ཉན་པར་བསམ་མོ། །རྣལ་འབྱོར་ཉིད་ཀྱིས་དམག་གི་བརྡའ་བསྟན་པས། འཕར་སྤྱང་ནག་པོ་དང་། ལྕེ་སྤྱང་དམར་པོ་སྤྲུལ་ཏེ། ལྷ་སྦྱིན་གྱི་སྣ་ནས་ཡར་ཞུགས། ནང་ཁྲོལ་ཞལ་དུ་རྔུབས་ཏེ་དོན་སྙིང་སྨད་ལྔ་དམར་གྱིས་བསྟན་ནས་སླར་ལ་བྱུང་སྟེ། བདག་དཔལ་ཆེན་པོ་ལ་བསྟབ་པར་བསམ་མོ། །དེ་ལྟར་དེའི་སྦྱོར་བ་དང་ལྡན་པས་ཉིན་མཚན་དུས་དྲུག་ཏུ་བསྟབ་པའི་ལས་བྱ། དྲག་པོའི་སྔགས་གདོན་པར་བྱའོ། །དེ་ནས་མཚན་མ་རྟགས་ལ་ཕེབས་པ་དང་རྣལ་འབྱོར་བ་གཅིག་གིས་མཐོ་མཚམས་སུ་ཕྱིན་ལ་རྒྱ་ཚིལ་གྱི་དུད་པ་བཏང་ལ། ལྷ་དང་བྲལ་བའི་ཆོ་ག་བྱས་སླར་ལོག་སྟེ་ཕུར་པས་གདབ་པ་དང་ཐུན་བརྡེག་པ་དང་། མཚོན་གྱིས་གཏུབས་དང་། བསྒྲལ་བའི་ལས་བྱའོ། །དེ་ནས་བསྟབ་པའི་ལས་བྱ། དེ་ནས་སྦྱིན་སྲེག་བྱ། དེ་ནས་མནན་པས་མས་བྱ། སྦྱིན་སྲེག་བྱས་པའི་ཐལ་བ་ལིངྒ་བྱས་ཏེ། མིང་བྱང་སྙིང་གར་གཞུག་ཙཀྲ་ཁ་སྦྱོར་གྱི་ནང་དུ་བཅུག་ལ། མཁར་ནག་གམ་རྒྱུ་ཞགས་ཀྱིས་བསྡམས་ལ། མནན་སར་ཁྱེར་ལ་ཕུར་བུ་བཞི་ཡིས་ས་བདག་གི་འབྲོས་རྒྱུན་བཅད་ལ། དེ་ནས་གསེར་སྐྱེམས་བཏང་། ཡུལ་གྱི་ལྷ་འདྲེ་ལ་མ་ཉེས་པའི་དཔང་གཟུག །ས་བདག་ལ་ཡང་ཀླུ་སྨན་སྣ་ཚོགས་ཀྱི་མཆོད་པ་སྦྱིན། དེ་ནས་མནན་པའི་ས་བྲུས་ཏེ། གྲུ་གསུམ་ཁྲུ་གང་པ་བྱའོ། །དེ་ནས་རྒྱ་མཚོའི་གཏིང་ན་གནས་པའི་ཀླུ་བདུད་མ་ཆེན་མོ་ཁ་ཕྱེ་ཞིག །རྒྱས་པའི་དགྲ་བོ་འདི་བསྟབ་ཀྱིས་བྱས་ལ་ཁ་སྦྱར་ལ་གཞུག་གོ། །དེའི་སྟེང་དུ་མགོན་པོ་མིའུ་ཐུང་གི་གཟུགས་སྐྱོན། དེའི་སྟེང་དུ་ཁྲོ་བོའི་མཁར་ཁྱུང་གི་ཕྱག་རྒྱ་དང་བཅས་ལ་བཞག་གོ། །དེའི་སྟེང་དུ་གཡམ་པ་ནག་པོ་ལ་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་གདབ་ལ་ཁ་བཅད་དོ། །དཔའ་བོའི་བྲོ་བརྡུངས་ཏེ། དེ་ནས་གོམ་པ་ཉི་ཤུ་རྩ་གཅིག་ཕྱིར་བསྐྱེད་ལ་ཟོར་བརྡེག །ལོག་ན་སྤོགས་པའི་ལས་བྱའོ། །གཡས་སུ་ལོག་ན་རྐང་པ་ལ་ལན་གསུམ་བསྐོར་ལ་འཕང་། དེ་ནས་དེ་ལ་བརྡེག །གཡོན་དུ་ལོག་ན་ཡང་དེ་ལྟར་བྱའོ། །ཐད་ཀར་ལོག་ན་ཡང་འདུག་སར་ཐོ་གཅིག་བརྩིགས་ལ་ཚུར་བསྐྱེད་ལ་དེ་ནས་བརྡེག་གོ། །དེ་ཡང་ལོག་ན་གནས་སུ་ཕྱིན་ལ་དྲག་པོའི་སྔགས་གཞུག་བཟློག་བྱས་ལ་སྟོང་ཚོ་གཅིག་འདོན། དེ་ནས་ཟོར་གྱི་ལས་བྱའོ། །དེ་ནས་གཏང་རག་གི་གཏོར་མས་མཆོད། ཡེ་ཤེས་ཀྱི་ལྷ་གཤེགས་སུ་གསོལ། དམ་ཚིག་གི་ལྷ་ལུས་ལ་བསྡུའོ། །མཚམས་མའི་དམིགས་པ་རང་བཞིན་གྱིས་གྲོལ། དེ་ལྟར་བྱས་ནས་ལས་ལ་སྦྱོར་བའོ། །དེ་ལྟར་བྱས་ནས་ཀྱང་ལོ་རུ་ཐོགས་ལ། ཕྱི་རྟགས་མེད་ན་མནན་པ་བལྟ། འཕར་ནས་འདུག་ན་སླར་ལ་མནན་ལས་བྱའོ། །འཕར་ན་ལྷ་གནད་ལ་དབབ་པའི་ལས་བྱ་སྟེ། མགོན་པོའི་གཟུགས་མཐོ་གང་པ་བྱས་ལ། །རུ་ལུའི་སྔགས་སྤྱི་བོར་བྲི། བསྙེན་པ་ནས་ཉེ་བའི་བསྙེན་པ་རྐང་པ་གཡས་པ་ནས་ལག་པ་གཡས་པའི་བར་དུ་གཞོགས་གཡས་ལ་བྲི། བསྒྲུབ་པ་དང་བསྒྲུབ་པ་ཆེན་པོ་གཉིས་རྐང་པ་གཡོན་པ་ལ་གཡོན་པའི་བར་གཞོགས་གཡོན་པ་ལ་བྲི། གཞི་སྙིང་གཅིག་ཏུ་དྲིལ་ལ་འདབས་སུ་བྲི། ཡིག་མགོ་ནང་དུ་བསྟན་ནོ། །དེ་ནས་བདག་དཔལ་ཆེན་པོའི་འོག་ཏུ་ཞག་གསུམ་གཟིར་གནོན་བྱའོ། །ཐ་མ་འབྱུང་པོའི་ཉིན་ཞག་གཅིག་ལ་ཟངས་གྲི་ནག་པོས་གཏུབ་ལ། དྲག་པོའི་མེ་སྦར་ལ་སྦྱིན་སྲེག་བྱའོ། །དེ་ནས་ཐལ་བ་མགོན་པོའི་གཟུགས་བྱ། དེ་ལ་བསྐྱེད་དྲངས་བསྟིམ་བསྙེན་སྒྲུབ་ཀྱི་སྔགས་ལ་ཨ་མྲྀ་ཏ་བཏགས་ཏེ་བདུད་རྩི་གཏོར་ལ་གསོ། བཀྲག་དང་གཟི་མདངས་དང་ལྡན་པར་བསམ་མོ། །དེ་ནས་ལས་སྦྱོར་ཡང་ཡང་བྱའོ། །དེ་ལྟར་བྱས་ན་སངས་རྒྱས་ཉིད་ཀྱང་འཇིག་གོ། །སྣོད་ངན་རྣམས་ལ་མ་སྤེལ་ཅིག ། ཨཐྎ༔ རྒྱ་རྒྱ་རྒྱ༔ ཧཱུྃ། དབུས་ཀྱི་རི་བོ་མ་ལ་ཡ། །ཀོར་ཀ་ཐང་དམར་རྒྱ་མཚོའི་དོ། །ཁྱད་པར་གྱད་ཀྱི་ཉེ་འཁོར་གྱི། །དྲག་ཤུལ་ཅན་གྱི་རྩེ་མོ་ལ། །བཅོམ་ལྡན་རྡོ་རྗེ་སྲིན་པོ་ཡིས། །བཀའ་དང་དམ་ལ་བཏགས་པ་ཡི། །མ་ཧཱ་ཀ་ལ་སྟོབས་ཆེན་པོ། །ལེགས་ལྡན་ནག་པོ་མཐུ་བོ་ཆེ། །དུར་ཁྲོད་རོ་ལངས་ཐལ་བའི་མདོག །མགོན་པོ་ནག་པོ་གཤེགས་སུ་གསོལ། །བམ་རི་ཐོད་པ་མཁར་རྩེར་གནས། །ཁྲག་དང་ཞག་དང་ཤ་ཆེན་དང་། །རྐང་དང་ཀླད་པ་ཀླད་རྒྱས་དང་། །རྣག་དང་ཆུ་སེར་ལ་སོགས་པ། །འདམ་གྱི་ཁྲུ་མས་ཡོངས་སུ་བསྐོར། །འབུ་དང་ཤིན་ཏུ་འབུ་ཆེན་པོ། །སྦྲང་མ་སྦྲང་རྒོད་བུང་བ་དང་། །སྦྲུལ་དང་སྡིག་པ་སྡོམ་ལ་སོགས །ཀང་ཀ་ཁ་སྐྱེགས་འུག་པའི་ཚོགས། །ལྕེ་སྤྱང་སྟག་སེང་ལ་སོགས་པ། །གདུག་པ་ཅན་གྱི་འཁོར་གྱིས་བསྐོར། །ལྷ་ཡི་སྡེ་དཔོན་ཀ་རུ་ནི། །ཆུང་མ་བུ་མོ་སྲིང་མོས་བསྐོར། །བམ་རི་ཐོད་པ་མཁར་གྱི་དབུས། །གནམ་ལྕགས་འབར་བའི་གཟེར་ཆེན་གྱི། །རྟག་པར་བཏབ་པའི་ནང་བདག་ནས། །ཉེ་གནས་ཀྲོ་ཏི་ཤྭ་རི་མོ། །ཐོད་སྐྱོགས་ཁྲག་གིས་བཀང་བ་དང་། །འབྲུ་མར་རྫས་ལྔར་ཆང་སྦྱར་བ། །རྟག་པར་རང་གི་ལོངས་སྤྱོད་འཛིན། །རང་ཉིད་དང་ནི་ཚིམ་པར་འབྱུང། །གཙོ་བོ་ཡབ་ཀྱི་ཞལ་དུ་སྟོབ། །ཆགས་པས་མྱོས་ཤིང་སྐམ་པ་སྟེ། །འདོད་པའི་དབང་མོ་སྐམ་མར་གྲགས། །བདེ་གཤེགས་སྲས་ཀྱི་བཀའ་སྡོད་མ། །འདིར་གཤེགས་ཐུགས་དམ་དུས་ལ་བབ། །ཡབ་ཡུམ་གཉིས་སུ་མེད་པ་ལས། །འཁོར་ན་གནས་པ་མ་མོའི་ཚོགས། །སྲིད་པའི་ཉེ་གནས་ཆེན་མོ་བརྒྱད། །ཀེའུ་རི་མ་དང་ཙིའུ་རི་མ། །པྲ་མོ་ཧ་དང་པེ་ཏ་ལི། །པུས་ཀ་སི་དང་ཀསྨ་རི། །སྨ་ཤ་ནི་དང་ཙནྡྷ་ལི། །མ་མོ་ཆེན་མོ་བརྒྱད་ཀྱིས་བསྐོར། །སྲིད་པའི་བུ་མོ་དྲི་ཟ་བརྒྱད། །སེངྷ་མ་དང་བྱེ་ཀྲི་མ། །སྲི་ལ་མ་དང་ཤྭ་ན་མ། །ཀྲི་ཏ་མ་དང་ཀངྐ་མ། །ཁྭ་ཁ་མ་དང་ཧུ་ལུ་མ། །མ་མོ་ཕྲ་མེན་བརྒྱད་ཀྱིས་བསྐོར། །གཏུམ་ཞིང་རྔམ་པའི་མ་ཚོགས་མ། །ཤིན་ཏུ་འཇིགས་པའི་གཟུགས་ཀྱིས་བསྐོར། །དུར་ཁྲོད་པའི་སྒོ་སྲུང་མ། །ཤར་དུ་དྲི་ཟའི་བུ་མོ་སྟེ། །སྟག་གདོང་ཆེན་མོ་གཤེགས་སུ་གསོལ། །ལྷོ་རུ་གཤིན་རྗེའི་བུ་མོ་སྟེ། །ཕག་གདོང་ཆེན་མོ་གཤེགས་སུ་གསོལ། །ནུབ་ཏུ་ཀླུ་ཡི་བུ་མོ་སྟེ། །སྦྲུལ་མགོ་ཆེན་པོ་གཤེགས་སུ་གསོལ། །བྱང་དུ་གནོད་སྦྱིན་བུ་མོ་སྟེ། །སྤྲེལ་གདོང་ཆེན་པོ་གཤེགས་སུ་གསོལ། །གསང་སྒོ་བསྲུངས་ཞིང་བཀའ་བསྒོ་ནོད། །དུད་ཁྲོད་བདག་མོ་གྲུ་འདེགས་མ། །སྐམ་མ་ཤིན་ཏུ་སྐམ་མ་དང་། །ར་རོ་མ་དང་ཁྲག་འཐུང་མ། །ཆགས་པས་མྱོས་པའི་མདངས་ཀྱིས་འཁོད། །འཇིག་རྟེན་དབང་ཕྱུག་ལྷ་ཆེན་གྱི། །མ་སྲིང་བུ་མོ་ཆུང་མ་རྣམས། །ཕྲོགས་ནས་དབང་དུ་བྱས་པ་ཡིན། །སླས་དང་བྱི་མོ་བྲན་མོའི་ཚོགས། །བཅུ་གཉིས་དང་ནི་བརྒྱད་ལ་སོགས། །མ་མོ་ཕྲ་མེན་གནོད་སྦྱིན་མོ། །སྲིང་མོ་ཤ་ཟ་ཁྲག་འཕྲོག་མ། །བདུད་ཀྱི་མིང་འཛིན་བླ་རྐུན་མ། །བློན་མོ་དམག་དཔོན་སྡེ་དཔོན་མོ། །རུ་དཔོན་ཕོ་ཉ་མངག་པར་བཅས། །རང་རང་གདན་དང་ལག་ཆར་བཅས། །ཅི་བགྱིས་བཀའ་ཉན་བཀའ་སྡོད་འཁོར། །རྦོད་གཏོང་རྔམ་པའི་ཚུལ་དུ་འཁོད། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །ཁྱེད་ནི་དབང་ཕྱུག་ཆེན་མོ་སྟེ། །སྣང་སྲིད་ཐམས་ཅད་དབང་དུ་བསྡུད། །རྒྱལ་ཆེན་རིགས་བཞི་གཡོག་ཏུ་འཁོལ། །ལྷ་སྲིན་སྡེ་བརྒྱད་བྲན་དུ་བྱས། །གྱིང་དང་གནོད་སྦྱིན་སྲིན་པོ་དང་། །འབྱུང་པོ་ཐམས་ཅད་ཕོ་ཉར་འགྱེད། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །རྡོ་རྗེ་སྲིན་པོའི་སྤྱན་ལྔ་རུ། །ཇི་ལྟར་ཁས་བླང་དམ་བཅས་བཞིན། །དོན་དང་ལྡན་པའི་རྣལ་འབྱོར་པས། །ནོར་བུ་རིན་ཆེན་བཞིན་དུ་ཁུར། །འཁོར་རྣམས་བུ་གཅིག་བཞིན་དུ་སྲུངས། །དམ་ཚིག་ཅན་ལ་སྲུང་གྱིས་ཤིག །སྒྲུབ་པ་པོ་ལ་བརྩེ་བར་བགྱི། །ད་ལྟ་རྣལ་འབྱོར་བདག་བསྒྲུབ་ཀྱིས། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །མཆོད་པ་དམ་པ་འདི་བཞེས་ལ། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་མཛོད་ཅིག །གལ་ཏེ་བཀའ་བཞིན་མ་བྱས་ན། །རྡོ་རྗེ་ཡཀྴ་སྲིན་པོ་ཡིས། །སྙིང་གི་སྐྱིལ་ནས་ཁྲག་དྲངས་ནས། །འོ་དོད་འབོད་ཅིང་དམྱལ་བར་ལྷུང་། །དེ་བས་རྣལ་འབྱོར་སྔགས་འཆང་གི། །བཀའ་དང་དམ་ལས་མ་འདའ་བར། །དམ་རྫས་གཏོར་མ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ༀ་ཤྲཱི་མ་ཧཱ་ཀ་ལ་ཡཀྴ་དེ་བ་དགྲ་བགེགས་ཀྱི་སྙིང་ཁྲག་ལ་ཐུམ་རིལ་མ་ཧཱ་ཀ་ལ་དགྲ་བོའི་སྲོག་རྩ་ལ་འདུས་འདུས་ཛ་ཛཿ ས་མ་ཡ་ཧཱུྃ། རྫོགས་སོ། ༈ །མཚོ་ནི་ཀོར་ཀ་ཐང་དམར་གྱི། །རི་བོ་བྱན་སླག་མཆོངས་ཀྱི་རྩེར། །བཅོམ་ལྡན་མགོན་པོ་ནག་པོ་ཆེ། །ཞལ་གཅིག་ཕྱག་གཉིས་གཅེར་བུའི་སྐུ། །གཡས་ན་གྲི་གུག་འབར་བ་ཐོགས། །གཡོན་ན་བྷནྡྷ་ལྕང་ལོ་ཐོགས། །ཞབས་ཀྱིས་དམ་ཉམས་བརྒྱངས་ཤིང་བགྲད། །ཤོ་ར་རེ་དེ་མ་བཏང་ཅིག །ཆེད་འགའ་དྲག་ཏུ་བསྐུལ་ཙམ་ན། །རབ་ཏུ་བྱུང་བའི་ཆ་ལུགས་ཅན། །གཡས་ན་གསེག་ཤང་འབར་བ་ཐོགས། །གཡོན་ན་བདུད་ཀྱི་པར་ནག་ཐོགས། །ཆོས་གོས་ནག་པོ་སྐུ་ལ་གསོལ། །རྒྱབ་ན་གླེགས་བམ་པོ་ཏི་ཁུར། །དྲག་སྔགས་བཟླས་ཤིང་མི་སྙིང་ཟ། ཤོ་ར་རེ༴ །ཆེད་འགའ་༴ །བྱང་ཤར་མཚམས་སུ་གནས་བཅས་ནས། །རྣམ་པར་སྣང་མཛད་གཙུག་ཏོར་ཅན། །ཕྱག་ན་རྡོ་རྗེའི་བཀའ་སྡོད་ཕོ་ཉ་མོ། །ཀོར་མོ་ཀམ་ཀ་མཆུ་རིགས་ཁྲོས་པའི་སེམས། །འཁོར་གྱི་མ་མོའི་ཚོགས་རྣམས་ཀྱི། །ཤོ་ར༴ ཆེད༴ ཤར་ལྷོ་མཚམས་སུ་གནས་བཅས་ནས། །དབྱུགས་དཔལ་སྔོན་མོ་བེ་ཅོན་འཆང་། །གཤིན་རྗེ་གཤེད་པོའི་སྤྲུལ་པ་སྟེ། །སྐུ་ལ་བེར་ཆེན་སྔོན་པོ་གསོལ། །དེའི་བཀའ་སྡོད་ཕོ་ཉ་མོ། །གཅེར་བུ་ཁམ་ནག་གྱེན་དུ་བརྫེས། །ཁ་ནས་ཁྲག་འཛག་ཐོད་ཕྲེང་ཅན། །རལ་པ་སྤྱི་བཅིངས་མིག་ནས་མེ་དཔུང་འཕྲོ། །གཡས་ན་གསལ་ཤིང་གཡོན་ན་ལྕགས་ཀྱུ་ཐོགས། །དོན་སྙིང་རྣམ་ལྔ་ཟ་ཞིང་རབ་ཏུ་བགྲད། །ཤོ་ར༴ ཆེད༴ ཤར་གྱི་ཕྱོགས་སུ་གནས་བཅས་ནས། །སྡོང་ན་མཐིང་ནག་ཐོད་ཕྲེང་ཅན། །ནག་པོ་རལ་ཅན་ཚིག་ཅིང་ཁྲོ། །ཕྱག་ན་ཕྱག་དྲུག་ཆོ་འཕྲུལ་ལ། །ཞབས་གཉིས་ཞབས་སྣ་ཆོ་འཕྲུལ་རྐང་། །གཡས་གཡོན་དང་པོ་གསལ་ཤིང་ཐོགས། །གཡས་གཉིས་བསེ་མདུང་བ་དན་ཅན། །གཡོན་གཉིས་རྒྱུ་ཞགས་དམར་པོ་འཕེན། །གཡས་ཐ་ལྟོ་རུ་འཁྲོལ་ཞིང་སྡིགས་མཛུབ་བསྐྱོད། །གཡོན་ཐ་དོན་སྙིང་ཟ་ཞིང་ཐོད་པའི་ཟོར་ཆེན་འཕེན། །ཁྱོད་ཀྱི་ཞབས་ཀྱི་ལོང་བུ་ནས། །སྟག་སྨད་རྒྱལ་མོ་ཁྱུག་གེ་ཁྱུག །གནོད་སྦྱིན་ཚོགས་ཀྱི་སྤྲུལ་པ་སྟེ། །ཉི་མ་ལྷོ་ནུབ་ཡ་ཀི་ན། ། ཞེ་སྡང་དུག་མཚོའི་ནང་ཤེད་ནས། །ལྕགས་མཁར་རྩེ་དགུའི་ནང་ཤེད་ན། །བསེ་སྒོང་ཁྲ་བོའི་ཁང་པ་ན། །གནོད་སྦྱིན་ཟངས་ཐོགས་རྒྱལ་པོ་བཞུགས་། །དབུ་ལ་རྒྱ་མདུད་འཁོར་ལོས་བརྒྱན། །བསེ་ཡི་མདུང་དམར་ཆེམས་སེ་ཆེམ། །བ་དན་དམར་པོ་གློག་ལྟར་འཁྱུག །བསེ་ཁྲབ་ལུས་ལ་ཁྲོས་པའི་གདོང་། །མདུན་ན་ཡུམ་ཆེན་གཏུམ་པ་ནི། །བསེ་གདོང་ཟངས་མགྲིན་རྫུ་འཕྲུལ་ཅན། །ཁྲོས་པའི་ཞལ་ལ་ཧ་རིའི་སྤྱན། །མཆན་ན་ནད་ཀྱི་རྐྱལ་པ་སྦེད། །ལག་ན་རིམས་ཀྱི་ཟོ་བུ་འཕེན། །དེ་གཉིས་འཁྲིལ་བའི་བྱིན་རླབས་ལས། །ཟོར་གྱི་རྒྱལ་པོ་མཆེད་རྣམས་འབྱུང་། །ཤར་ཕྱོགས་གནོད་སྦྱིན་སྟག་གི་ཐབས། །ལྷོ་ཕྱོགས་གནོད་སྦྱིན་གཤིན་རྗེའི་གདོང་། །ནུབ་ཕྱོགས་གནོད་སྦྱིན་མགོ་དགུ་པ། །བྱང་ཕྱོགས་གནོད་སྦྱིན་སོག་པོ་གདོང་། །བསེ་ཁྲབ་ལུས་ལ་སི་ལི་ལི། །གོང་ཆེན་འབར་བའི་གང་སྨིག་ནས། །ཁྲག་མདའ་དུག་མདའ་དགྲ་ལ་ཡ། །རུ་ཟོར་ནག་པོ་དགྲ་ལ་ཐུན། །ཡུངས་ཟོར་ཁྲོ་བོ་ཁྲོ་མོ་འཁྲིལ། །ཟོར་གྱི་རྒྱལ་པོ་རུ་འཕེན་ན། །རི་རབ་རྡོ་འཕེན་ཧུ་རུ་རུ། །རྒྱ་མཚོ་ཞོ་འཁྲོག་ཆི་ལི་ལི། །མིང་པོ་རྡོ་རྗེ་དམག་འདྲེན་ན། །སྲིན་མོ་རྡོ་རྗེ་དམ་ལ་འདུ། །བསེ་ཡི་གྱད་ཆེན་བསྐྱོད་ཙམ་ན། མོན་གྱི་སྤྲུལ་པ་ཕྱོགས་རྣམས་འགྱེད། །ལྕགས་ཀྱི་གཞུ་ལ་ཟངས་ཀྱི་ཤུལ། །དྲག་པོའི་ཕྱོགས་ཀྱི་རྒྱུད་ཀྱིས་འདུལ། །ལྕགས་མདའ་ནག་པོ་ཀུན་ཏུ་འཕྲོ། །ཉི་ཟླ་ཁྱུང་དང་འུག་པ་ཁྲ། །སྤྲུལ་པ་ཆེན་མོ་ཕྱོགས་བཅུར་འཕྲོ། །ནམ་གྱི་ཕར་ཕྱེད་ཚུར་ཕྱེད་ན། །མིང་པོ༴ འདྲེ་དང་སྲིན་པོ་སྙིང་གི་སྒོ་ང་བཅག་དུ་གསོལ། །སྲོག་གི་དབུགས་ལ་འདུས་ལ་བརྡུངས། །ཁྱོད་ཀྱི་སྟ་ཟུར་གཡས་གཡོན་ནས། །ཕོ་སེང་གཡས་ལ་མོ་སེང་གཡོན། །རལ་པ་སྔོན་པོ་སིགས་སེ་སིག །མཆེ་བ་གངས་རི་གཏམ་པ་འདྲ། ཁྲོ་བོའི་ཚོགས་ཀྱི་སྤྲུལ་པ་སྟེ། །སྐྱེས་མཆོག་དྲག་པོ་མི་བཟད་པ། །ལ་ལས་སྟག་གི་ཤམས་ཐབས་ཅན། །ལ་ལ་རཀྟའི་ཐིག་ལེ་ཅན། །ལ་ལ་ཐལ་ཆེན་ཚོམ་བུ་ཅན། །ལ་ལ་ཐོད་པའི་རྒྱན་བཅས་ཀླུབས། །སེར་ནག་སྦྲུལ་གྱི་རྒྱན་གྱིས་སྤྲས། །ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས། །ཤོ་ར༴ ཆེད་འགའ༴ དབུ་གསུམ་ཕྱག་དྲུག་སྤྱན་གསུམ་ཅན། ཕྱག་ན་རླུང་གི་བ་དན་ཐོགས། །དེ་ལ་མིང་དང་མཚན་བཏགས་པ། །ཁྲོ་བོ་ཁམས་གསུམ་དབང་སྡུད་བདག །ཉིན་མཚན་གུང་ལ་སྤྲུལ་པ་འཕྲོ། །དམ་ཉམས་འདི་ཡི་སྲོག་དབུགས་ལ། །རྔུབ་ཅིག་མ་བཏགས་དབུགས་ལོངས་ཤིག །ཤོ་ར༴ ཆེད་འགའ༴ །གཅེར་བུ་རལ་པ་གྱེན་དུ་རྫེས། །གཡས་པ་གྲི་གུག་གཡོན་པ་བྷནྡྷ་འཛིན། །དེ་ལ་མིང་དང་མཚན་བཏགས་པ། །ཁྲོ་བོ་བཛྲ་གྱིང་ཀ་ར། །སྲོག་བདག་ཆེན་པོ་མི་བཟད་པ། །དམ་ཉམས་འདི་ཡི་ཙིཏྟ་ཟོ། །ཤོ་ར༴ ཆེད༴ མཐིང་ནག་ཁྲོས་པའི་ཆ་བྱད་ཅན། །མི་མགོ་དབྱུག་ཐོ་ཕྱག་ན་བསྣམས། །ཆིབས་སུ་མི་རོ་བམ་པ་ཆིབས། །དེ་ལ་མིང་དང་མཚན་བཏགས་པ། །དུར་ཁྲོད་བདག་པོ་མི་བཟད་པ། །དམ་ཉམས་འདི་ཡི་ཁང་ཁྱིམ་དུ། །མི་རུང་སྣ་ཚོགས་ལྟས་ངན་ཐོང་། །ཆེད་འགའ༴ འབྲིང་གི་རི་ཏི་དགའ་བྱེད་མ། །ཀེང་རུས་རྔམས་པས་ཤིན་ཏུ་ཁྲོས། །དུར་ཁྲོད་ཐལ་བའི་རྐྱལ་པ་འདེགས། །ཆེད༴ རྡོ་རྗེ་སྲིན་པོའི་ཁྲོ་བོ་བདག །ཁྱོད་ཀྱི་བཀའ་སྡོད་སྤྲུལ་པ་ནི། །ལམ་སྲང་བཞི་མདོ་དག་ན་སྡོད། དམ་ཉམས་བྱ་རུ་མི་རུངས་སྣ་ཚོགས་ཐོང་། །ཆེད་འགའ༴ །ནག་པོ་མི་བཟད་སྤྱན་གསུམ་པ། །ཕྱག་ན་སྤུ་གྲི་ནག་པོ་ཐོགས། །དེ་ལ༴ ཤོ་ཤ་སྤྱི་གདོང་དགྲ་ལ་ཆོད། །ལྕགས་ཀྱི་སྤྱང་མོ་མགོ་དགུ་མ། །ཡ་འགལ་གནམ་ལ་མ་མཁལ་ས། །སྤུ་གྲི་རལ་གྲི་སོ་བ་བསྣམས། །སྲིག་ཟན་ཆེན་མོ་མི་ཟད་པ། དེ་ལ༴ རྡོ་རྗེ་སྤྱང་ཀྱི་མཐུ་བོ་ཆེ། །འཕར་སྤྱང་དུར་སྤྱང་ཟ་བྱེད་བདག །དམ་ཉམས་དགྲ་བོ་མ་ལུས་བཞེས། །ཆེད་འགའ༴ ནམ་གྱི་ཕར་ཕྱེད་ཚུར་ཕྱེད་ན། །སྐྱེས་པ་དར་མའི་སྲོག་གཅོད་ཅིང་། །སྲིང་མོ་གྲི་གུག་འཁོར་ལོ་ཐོགས། །དབྱུག་རླུང་འཕེན་ཅིང་འཁོར་ལོས་གཅོད། །དེ་ལ༴ རྡོ་རྗེ་ཟླ་མཚན་མཐུ་བོ་ཆེ། །དགྲ་བོ་འདི་ཡི་སྲོག་དཀྱིལ་དུ། །གློ་བུར་གྱི་ནི་སྐྱིན་ཐང་ཕོབ། །ཆེད༴ སྐུ་མདོག་དམར་པོ་ཁྲམ་ཤིང་ཐོགས། །ལྕེ་སྤྱང་དམར་པོ་སྤྲུལ་པར་འགྱེད། །ཉི་མའི་གུང་ལ་རྒྱུག་ཙམ་ན། །ཟ་མ་མོ་ཡི་སྲིད་ཀྱང་འཕྲོག །མི་ཟད་ལག་རིངས་ཆེན་པོ་སྟེ། །དེ་ལ༴ རྡོ་རྗེ་ཉི་མའི་མདངས་ཆེན་པོ། །དམ་ཉམས་འདིི་ཡི་རྣམ་ཤེས་རྣམས། །ཆམ་ལ་ཕབ་པའི་དུས་ལ་བབས། །ཆེད་འགའ༴ །མུན་ནག་འབར་བའི་རལ་པ་ཅན། །གཡོན་ན་བྷནྡྷ་འབར་བ་ཐོགས། །གཡས་ན་གཡག་གི་རུ་མཚོན་འདེགས། །མི་རོ་སྤྲུལ་པ་ཕོ་ཉར་འགྱེད། །དེ་ལ༴ རྡོ་རྗེ་རོ་ལངས་ཆེན་པོ་སྟེ། །འདི་ལ་ལས་ཀྱི་ཐུན་ཆེན་ཕོབ། །ཆེད་འགའ་མི་བཟད་ཁྲོ་བོ་ཆེན་པོ་སྟེ། །དུས་རྣམས་དམ་ཉམས་སྒྲོལ་བྱེད་པ། །རྣལ་འབྱོར་ང་དང་རྒྱས་པའི་ཚེ། །མི་ལུས་སྤྲེལ་གདོང་ཆོ་འཕྲུལ་འབེབས། །དེ་ལ༴ རྡོ་རྗེ་དུ་མཚམས་མཐུ་བོ་ཆེ། །དུས་བཞི་དག་ཏུ་ཉུལ་བྱེད་པ། །ཁས་བླངས་དམ་བཅའ་མ་གཡེལ་བར། །རྣལ་འབྱོར་བཅོལ་པའི་ལས་མཛོད་ཅིག །ཆེད་འགའ༴ ལྗང་སྔོན་དྲག་པོ་མི་ཟད་པ། །ཕྱོགས་བཞི་དག་ཏུ་རྒྱུག་བྱེད་པ། །ཕྱོགས་མཚམས་སྟེང་འོག་རྣམ་པར་འཇོམས། །དེ་ལ༴ རྡོ་རྗེ་ཕྱོགས་འདུལ་མཐུ་བོ་ཆེ། །རྣལ་འབྱོར་པ་ཡི་དགྲ་བགེགས་ཆོམ། །ཆེད་འགའ༴ རྡོ་རྗེ་ནག་པོ་ཁྲོས་པའི་བདག །ཕྱག་ན་སྦྲུལ་གྱི་ཞགས་པ་ཐོགས། །ཟས་སུ་ཀླུ་ཡི་ཤ་ལ་ཟ། །སྐོམ་དུ་ཀླུ་ཡི་ཁྲག་ལ་འཐུང་། །དེ་ལ༴ རྡོ་རྗེ་ཕག་གདོང་མཐུ་བོ་ཆེ། །ཁྱེད་ཀྱི་བཀའ་བསྒོ་དམ་བཅས་པ། །དམ་བཅས་བཞིན་དུ་ཕྲིན་ལས་མཛོད། །ཆེད་འགའ༴ ནམ་མཁའི་ཁམས་སུ་ཧཱུྃ་སྒྲ་སྒྲོགས། རྔམ་པའི་ང་རོས་དྲག་སྔགས་ཟློས། །མཆེ་བ་རྔམ་པས་དགྲ་སྙིང་ཟ། །དེ་ལ༴ རྡོ་རྗེ་སེང་ཆེན་མཐུ་བོ་ཆེ། །རྣལ་འབྱོར་ང་ལ་བརྙས་པའི་དགྲ། །ཟིལ་གྱིས་གནོན་ལ་ཐམས་ཅད་སྒྲོལ། །ཆེད༴ མི་རྟོག་ངང་ལ་བཞུགས་པའི་སྐུ། །ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས། །མཚོན་ཆ་སྣ་ཚོགས་ཆར་པ་འབེབས། །དེ་ལ༴ རྡོ་རྗེ་ནམ་མཁའ་མཐུ་བོ་ཆེ། །རྣལ་འབྱོར་དགྲ་བགེགས་མྱུར་དུ་སྒྲོལ། །ཆེད༴ མི་རྟོག་ངང་ལ་བཞུགས་པའི་སྐུ། །ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས། །མཚོན་ཆ་སྣ་ཚོགས་ཆར་པ་འབེབས། །དེ་ལ༴ རྡོ་རྗེ་ནམ་མཁའ་མཐུ་བོ་ཆེ། །རྣལ་འབྱོར་དགྲ་བགེགས་མྱུར་དུ་སྒྲོལ། །ཆེད༴ ཞེ་སྡང་འབར་བའི་ཀློང་དཀྱིལ་ནས། །ནག་པོ་ཁྲོས་པའི་ཆ་བྱད་ཅན། །ལྟས་ངན་སྣ་ཚོགས་སྤྲུལ་པ་འགྱེད། །དེ་ལ༴ རྡོ་རྗེ་ནག་པོ་མ་རུངས་པ། །དམ་ཉམས་འདི་ཡི་སྙིང་དཀྱིལ་དུ། །ལྟས་ངན་སྣ་ཚོགས་སྤྲུལ་པ་འགྱེད། །ཆོས་བཟང་ལྷ་ཡི་མདུན་ས་ན། ལྷ་ཡི་དམག་དཔོན་ཆེན་པོ་སྟེ། །རུ་མཚོན་ནག་པོ་ཐོགས་ནས་ནི། །འཇིག་རྟེན་ས་གཡོབ་ཕུང་བར་བྱེད། །དེ་ལ༴ ལྷ་ཡི་དེད་དཔོན་ཀ་རུ་ན། །བསྭེ་བྱང་ཁྲམ་ལ་བཏབ་པ་ཡིས། །འཁོར་བ་ལུས་ཀྱི་སྙིང་དཀྱིལ་དུ། །ཆོ་འཕྲུལ་སྣ་ཚོགས་ཁྱེད་ལ་སོགས། ཆེད༴ རྒྱལ་བའི་དགོངས་པ་ཀུན་འདུས་པའི། །འོད་ཕུང་འཁྲིགས་པའི་ཁྲོ་བོ་སྟེ། །ཡག་ཤ་སྲིན་པོ་ཁྲོས་པའི་ལུས། །སྤྱན་མིག་ནག་པོ་ཁྲོས་ཤིང་ལྡོག་དེ་ལ ། །རྡོ་རྗེ་རྨེ་བརྩེགས་མཐུ་བོ་ཆེ། །ཁྱེད་ཀྱི་བཀའི་ཡི་ལས་མཁན་ཏེ། །བཀའི་ཡི་ལས་ཀྱི་དུས་ལ་བབས། །གདུལ་དཀའ་མ་ལུས་ཁྱེད་ཀྱི་ཐུལ། །ཆེད༴ གནོད་སྦྱིན་སྤྲུལ་པའི་ཚོགས་དང་བཅས། །བདུད་ཚོགས་དུ་མ་སྤྲུལ་པར་འགྱེད། །ཀླུ་སྲིན་དུ་མའི་རྗེ་བོ་སྟེ། །དྲག་པོའི་སྔགས་ཀྱི་འཁོར་ལོ་བསྐོར། །དེ་ལ༴ རྡོ་རྗེ་ཚོགས་བདག་བདུད་ཀྱི་རྗེ། །ཁྱོད་ནི་སྤྲུལ་ཚོགས་ཀུན་གྱི་བདག །རྣལ་འབྱོར་པ་དང་རྒྱས་པའི་དགྲ། །སྐད་ཅིག་ཡུད་ལ་བརླགས་པར་མཛོད། །ཁྱོད་ཀྱི་རྩིབས་ལོགས་གཡས་གཡོན་ན། །འཕར་བ་རྐང་རྡེབས་ཁྱུགས་སེ་ཁྱུག །དྲེད་མོ་ལག་རྡེབ་ཆེམས་སེ་ཆེམ། །ཟ་བྱེད་ཚོགས་ཀྱི་སྤྲུལ་པ་སྟེ། །བར་སྣང་ཁམས་སུ་གནས་བཅས་ཏེ། །རྡོ་རྗེ་རིགས་ཀྱི་རྣལ་འབྱོར་མ། །ཁྱོད་ཀྱི་དབུས་ཀྱི་དགྲ་བགེགས་ཐུལ། །ཤར་ཕྱོགས་ཁམས་ཀྱི་ཟ་བྱེད་མ། །དཀར་མོ་རལ་ཅན་འཇིགས་པའི་གཟུགས། །སངས་རྒྱས་རིགས་ཀྱི་རྣལ་འབྱོར་མ། །ཁྱོད་ཀྱི་ཤར་གྱི་དགྲ་བགེགས་ཐུལ། །ལྷོ་ཕྱོགས་ཁམས་ཀྱི་ཟ་བྱེད་མ། །སེར་མོ་རལ་ཅན་སྤྲུལ་པའི་བདག །རིན་ཆེན་རིགས་ཀྱི་རྣལ་འབྱོར་མ། །ཁྱོད་ཀྱི་ལྷོ་ཡི་དགྲ་བགེགས་ཐུལ། །ནུབ་ཀྱི་ཁམས་ཀྱི་ཟ་བྱེད་མ། །དམར་མོ་རལ་ཅན་ས་ཡར་སྤྲུལ། །པདྨ་རིགས་ཀྱི་རྣལ་འབྱོར་མ། །ཁྱོད་ཀྱི་ནུབ་ཀྱི་དགྲ་བགེགས་ཐུལ། །བྱང་ཕྱོགས་ཁམས་ན་ཟ་བྱེད་མ། །ནག་མོ་རལ་ཅིག་རྔམས་པའི་ཞལ། །ལས་ཀྱི་རིགས་ཀྱི་རྣལ་འབྱོར་མ། །ཁྱེད་ཀྱི་བྱང་གི་དགྲ་བགེགས་ཐུལ། །དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས། །ཁྱོད་ཀྱི་སྨིན་མའི་དཀྱིལ་འཁོར་ནས། །བྱ་ཁྱུང་རྒྱལ་པོ་ཀ་རུ་ན། ཡེ་ཤེས་མིག་ལ་གསེར་གྱི་གོག་པ་ཅན། །གནམ་ལྕགས་འབར་བའི་མཆུ་སྡེར་ཅན། །ཕྱག་ན་རྡོ་རྗེའི་བཀའ་སྡོད་ཅིང་། །མགོན་པོ་ཚོགས་ཀྱི་སྤྲུལ་པ་སྟེ། །ཁྱོད་ཀྱི་ལག་པ་གཡས་པ་ན། །མཐའ་ཡས་གདེངས་ཀ་གསུམ་པ་ཅན། །ཁྱོད་ཀྱི་ལག་པ་གཡོན་པ་ན། །སྲིན་པོ་བྱིད་ཏི་རཀྴ་གདོང་། །དེ་གཉིས་ཚོགས་པའི་བྱིན་རླབས་ལས། ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུ། །འཇིགས་བྱེད་ཆེན་པོ་རཱ་ཱཧུ་ལ། །ལུས་པོ་གཅིག་ལ་མགོ་དགུ་ལ། །མགོ་ལུས་མེད་པར་མིག་གིས་གང་། །ལག་ན་སྦྲུལ་ཞགས་གྲི་གུག་ཐོགས། །ཟླ་བ་ཉི་མ་ཁྱུར་མིད་བྱེད། །ཉི་ཟླའི་རྗེས་གཅོད་ཤར་དུ་རྒྱུ། །ཉིན་མོ་རྒྱུ་བའི་ཕྱོགས་རྣམས་འཇོམས། །མཚན་མོ་རྒྱུ་བས་མཚམས་རྣམས་འཇོམས། །དམག་དཔོན་ཆེན་པོའི་དུས་ལ་བབ། །གཟའ་མཆོག་ཆེན་པོའི་དུས་ལ༴ དབང་ཕྱུག་ཆེན་པོའི༴ ཁྱོད་ཀྱི་ཕོ་ཉ་ཆེན་པོ་རྣམས། །གདོང་མོ་ཆེན་མོ་ཕྱོགས་འདུལ་མ། །ཤར་གྱི་སྟག་སྲིང་ཟོར་བའི་གདོང་། །ཁྱོད་ཀྱི་ཤར་ཀྱི་དགྲ་བགེགས་ཐུལ། །ལྷོ་ཡི་བམ་སྲིང་དྲེད་མོའི་གདོང་། །ཁྱོད་ཀྱི་ལྷོ་ཡི༴ ནུབ་ཀྱི་རྐང་སྲིན་ཆུ་སྲིན་གདོང་། །ཁྱེད་ཀྱིས་ནུབ༴ བྱང་གི་འབྲོག་སྲིན་བ་ལང་གདོང་། །ཁྱོད་ཀྱིས་བྱང་༴ །གནམ་ཀྱི་དཀྱིལ་ནས་འབྲུག་ཆེན་ལྡིར། །བར་སྣང་ཁམས་ནས་གློག་ཆེན་འཁྱུག །ས་ཡི་དཀྱིལ་དུ་ཐོག་ཆེན་འབེབས། །རྒྱ་མཚོའི་གཏིང་ནས་སེར་ཆེན་འདྲེལ། །དམ་ཉམས་དགྲ་བོའི་ཡུལ་འཁོར་དུ། །ཀིང་ཀང་དབབ་པའི་དུས་ལ་བབ། །གློ་བུར་གྱིས་ནི་སྐྱིན་ཐང་ཕོབ། །སྲོག་ལ་ཧུར་ཐུམ་དུས་ལ་བབས། །ཕྱོགས་མཚམས་ནས་སྟག་མགོ་ནས། །སྲིད་པའི་རྒྱལ་པོ་ཆེན་པོ་བཅུ། །མདོག་ནི་མ་ངེས་ཁྲོས་པའི་མདོག །ལག་ན་ཚོན་ཆ་སྣ་ཚོགས་ཐོགས། །བསྟན་པ་བསྲུངས་བར་དམ་བཅས་པ། །ཁྱོད་ཀྱིས་དམ་ཚིག་དུས་ལ་བབ། །དམ་ཉམས་དགྲ་བོའི་སྙིང་དཀྱིལ་དུ། །ཁྱེད་ཀྱི་དུས་པ་དེ་རུ་ཐོབ། །རི་རབ་རྡོ་འཕེན་འུ་རུ་རུ། །རྒྱ་མཚོ་ཞེ་འཁྲོག་ཆི་ལི་ལི། །འབྲུག་དང་གློག་འཁྱུག་ཆེམས་སེ་ཆེམ། །གནམ་ས་དཀྲུགས་པའི་དུས་ལ་བབ། །དམ་ཉམས་འདི་ཡི་དབུགས་ལོང་ལ། །སྙིང་གི་སྒོ་ང་ད་ཆོད་ཅིག །མཛེ་ནད་དྲག་པོའི་འཁོར་ལོ་ཡིས། །དམ་ཉམས་དགྲ་བོའི་ལུས་སྤྲུལ་པའི། །དམ་ཉམས་དགྲ་བོ་སྨྱོ་རུ་ཆུག །སྨྱོ་འབོག་གཏང་བའི་དུས་ལ་བབ། །ལྐུགས་པ་ལུག་གི་སྤྲུལ་པ་ཡིས། །དམ་ཉམས་དགྲ་བོ་ལྐུགས་སུ་ཆུག །སྨྲ་བྱེད་སྤྲུལ་བའི་འཁོར་ལོ་ཡིས། །དམ་ཉམས་དགྲ་བོ་འཆམ་དུ་ཆུག །སྐྱེ་མཆེད་སྤྲུལ་པའི་འཁོར་ལོ་ཡིས། །དམ་ཉམས་དགྲ་བོ་རླུང་ལ་བསྐུར། །བརླག་བྱེད་སྤྲུལ་པའི་འཁོར་ལོ་ཡིས། །དམ་ཉམས་དགྲ་བོ་ཕུང་དུ་ཆུག །འཕུང་བྱེད་སྤྲུལ་པའི་འཁོར་ལོ་ཡིས། །དམ་ཉམས་དགྲ་བོ་མེད་པར་གྱིས། །རྫོགས་སོ། །ཕོ་ཉ་རིང་མོ་ཡིན་ནོ། །རུ་དར་མ་མོའི་རྗེད་བྱང་ཡི་གེར་བྲི་བར་བྱ། །ལེའུ་སོ་གཅིག་པ་ནས་སྒྲུབ་ཐབས་སྨྲ་ཏེ། རྟགས་རྟེན་བཤམ་པའི་ཐད་ཀར། །སྤྱིར་མགོན་པོ་ལ་སྒྲུབ་ཐབས་གཉིས་བཞུགས་ཏེ། ཟུར་ཚོ་སྟོད་ན་ཡོད་པ་དེ་དེའི་ཆོག་ཁྲིགས་ལེགས་པོ་ཀ་མེད་དེ་བྱིན་རླབས་ཤིན་ཏུ་ཆེ་གསུང་། ཕྱིས་པཎྜི་ཏ་གཞོན་ནུ་བུམ་པས་འོངས་པའི་དལ་བདུན་པའི་སྒྲུབ་ཐབས་བྱ་བ་གཅིག་བྱུང་སྟེ། དེ་དང་གཉིས་ཡོད་གསུངས། ཅིག་ལ་བདུན་པའི་སྒྲུབ་ཐབས་སུ་ཕུག་ན། །དལ་བདུན་པ་ལ། དང་པོ་ཇི་བཞིན་ཉིད་ཀྱི་དལ་ནི། ཇི་བཞིན་ཉིད་དེ་མ་བཅོས་ན། །ཅེས་པས་དངོས་པོ་རྣམས་ཀྱི་ལུགས། རྩ་བ་བྱང་ཆུབ་ཀྱི་དལ་ལ་བྱའོ། །གཉིས་པ་བྱང་ཆུབ་ཀྱི་སེམས་ཀྱི་དལ་ནི། དར་ནས་ཉིད་རྟོགས་པ་ལ་བྱའོ། །གསུམ་པ་བསོད་ནམས་ཚོགས་ཀྱི་དལ་ནི། ཚོགས་ཀྱི་དངོས་པོ་རྣམས་དང་། བསོད་ནམས་བསོགས་པ་ལ་བྱའོ། །བསོད་ནམས་ཚོགས་ཀྱི་དལ་ནི། ཚོགས་ཀྱི་དངོས་པོ་རྣམས་དང་། ཚ་ཚ་གདབ་པ་ལ་སོགས་པ་ཕྱག་རྒྱ་དངོས་ཀྱི་དལ་ནི། མགོན་པོའི་གཉའ་ནོན་བྱ། ཇི་རུང་མ་རུང་དམ་པ་རྒྱན་ཅིག་དགོས། དལ་བདུན་པའི་ནང་དུ་གཞུག་པའི་དམ་པ་རྒྱན་ད ཀས་བྱའོ་གསུང་། ལྔ་པ་བཀའ་སྡོད་ཕོ་ཉའི་དལ་ནི། དལ་ཅིག་དེའི་དབུས་སུ་ཀེང་རུས་ཀྱི་དལ་ཁྲུ་གང་གྲུ་བཞི་པ་རྩིག །དེའི་གཞུག་ལ་རྟགས་རྟེན་མདའ་བྱ་རྒོད་གཅིག་གཞུག །ནམ་མཁའ་སྙིང་གར་ཉེ་གནས་ཀྲོ་ཏི་ཤྭ་རིའི་རྟེན་དུ་བཞག །དེའི་ཕྱིར་གསང་བའི་ཡུམ་བཞི་དགོད། དེའི་ཕྱིར་ཁྲོ་མོ་བརྒྱད། དེའི་ཕྱིར་ཙོ་རི་བརྒྱད། དེའི་ཕྱིར་སྒོ་མ་ལ་སོགས་དགོད། དེའི་ཕྱིར་ཀླུ་དང་འབུ་ཆེན་པོ་དང་། རྣག་དང་ཁྲག་དང་བྱ་བྱི་སྟག་དྲེད་ལ་སོགས་དགོད་བསྙེན་བསྒྲུབ་བྱའོ། །དྲུག་པ་འབྲུབ་ཁུང་ལས་ཀྱི་དལ་ནི། བྱང་ཤར་དུ་འབྲུབ་ཁུང་བྱས་ལ། དེའི་ནང་དུ་ལིངྒ་བཅུག་ལ་ཐུན་ལ་སོགས་པ་བྲབ་པར་བྱའོ། །བདུན་པ་གཏད་ཁྲམ་གནན་པའི་དལ་གྱི་མཆོད་རྟེན་ལ་འབར་ལིང་གནན་པའོ། །དཔལ་མགོན་པོ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས། རྣལ་འབྱོར་པ་བདག་ཉིད་ཀྱིས་དཔལ་གྱི་བསྙེན་པ་ཚུལ་དུས་དང་གྲངས་དང་མཚན་མ་ལ་སོགས་པའི་བཞིན་དུ་བྱས་ལ། དེ་ནས་ཆོས་སྐྱོང་བའི་དཔལ་མགོན་པོ་ནག་པོ་ལ་འཕྲིན་ལས་གཞོལ་བ་ནི། རང་དཔལ་གྱི་ཏིང་ངེ་འཛིན་དུ་བཞུགས་ལ། ཁྲོས་པའི་ཆ་བྱད་ཀྱི་ང་རྒྱལ་ཆེར་བསྐྱེད་ལ་བདག་གི་ཐུགས་ཀ་ནས་ཡི་གེ་བཾ་གཅིག་འཐོན་ཏེ། ཞུ་བ་ལས་བྃ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ། ཞེས་པས་རཀྟའི་རྒྱ་མཚོར་བསམ། རྃ་ལས་རི་བོ་མ་ལ་ཡ་བསྐྱེད། དེའི་སྟེང་དུ་བྃ་རི་ཐོད་མཁར་དུ་བསྐྱེད། དེའི་ནང་དུ་ལྕགས་ཁང་འབར་བ་ཡི་གེ་རུ་གཅིག་བསམ། ཕྱོགས་བཞིར་ཡང་ལྕགས་ཁང་བཞི་བསྐྱེད། ཤར་དུ་བ། ལྷོར་ཡ། ནུབ་ཏུ་ར། བྱང་དུ་མ། རུ་ཞུ་བ་ལས་ཕྱག་མཚན་དང་། དང་པོར་བསྐྱེད་པ་ནི་ཞལ་གཅིག་ཕྱག་གཉིས་པ། གཡས་ན་གྲི་གུག །གཡོན་ན་ཙན་དན་གྱི་བེ་ཅོན་འཛིན་པ། །ཕྱག་གཡོན་ན་བྷནྡྷ་འཛིན་པའོ། །དར་ནག་གི་བེར་གསུམ་བརྩེགས་སྐུ་ལ་གསོལ་བ། གསེར་ག་རིན་ཆེན་སྐེད་ལ་བཅིངས་པ། །སྟག་དང་བ་ཏིས་གོང་ལག་བྱས་པ། །དབུ་དང་ཕྱག་ཞབས་སྦྲུལ་དང་རིན་པོ་ཆེས་བརྒྱན་པའོ། །དེ་ལྟར་གསལ་བའི་ལོང་བུའི་སྟེང་གཡས་གཡོན་དུ་སྟག་མི་ཟན་གཉིས། རྩིབས་ལོགས་གཡས་སུ་དྲེད་མོ་ལག་པ་རྡེབས་པ། རྩིབས་ལོགས་གཡོན་དུ་འཕར་བ་རྐང་པ་རྡེབས་པ། དཔུང་པ་གཡས་གཡོན་དུ་སེང་གེ་རལ་པ་སྤྲུགས་པ་གཉིས། སྤྱི་བོར་བྱ་ཁྱུང་རྒྱལ་པོ་ཀླུ་ཟ་བའོ། །གདན་རྡོ་རྗེ་བྲག་དང་བམ་གྱི་སྟེང་དུ་བསྐྱེད་དོ། །དེའི་གཡས་སུ་ལས་ཀྱི་བདུད་པོ་ཁྲོས་པ་གཅེར་བུ་ནག་པོ་བྱ་རོག་གི་གདོང་ཅན། གཡས་གྲི་གུག་གཡོན་ཐོད་ཁྲག །སྦྲུལ་གྱིས་བརྒྱན་པ་བམ་རོའི་སྟེང་ན་ཞབས་བརྡེབས་པའོ། །གཡས་སུ་ལས་ཀྱི་སྲིན་པོ་སྨུག་ནག་གཅེར་བུ་ཤ་ཟ་བ། རལ་གྲི་དང་སྙིང་ཐོགས་པ། །མཆེ་བ་གཙིགས་པ་ཁ་ཕྱིར་ལྟ་བ། གཡང་གཞི་གྱོན་པའོ། །རྒྱབ་ན་ལས་ཀྱི་བདུད་མོ་ལྕགས་ཀྱུ་ཐོད་ཁྲག་འདི་ཡང་ལས་ཀྱི་བྱ་རོག་གདོང་ཅན་དུ་འདོད་པ་ཡིན་གསུང་། །ཐོད་པ་དང་གཡག་རོག་པའོ། །མདུན་ཉེ་གནས་ཀྲོ་ཏི་ཤྭ་རི་མ་མཐིང་ནག་གཡས་རལ་གྲི། གཡོན་བྷ ནྡྷ། སྐུ་ལ་ར་ཐུལ་གྱོན་པའོ། །བམ་གྱི་གདན་ལ་བཞུགས་པའོ། །དེའི་འཁོར་བསྐྱེད་པ་ནི། ཤར་དུ་ས་ལ་ལྗང་སྔོན་གསལ་ཤིང་ཅན་བསྐྱེད། །ལྷོར་ཡ་ལས་གནོད་སྦྱིན་ཟངས་ཐོགས་ཡབ་ཡུམ་བསྐྱེད། །ནུབ་ཏུ་ར་ལས་སྲིན་པོ་རཱ་ཧུ་ལ་བསྐྱེད། །བྱང་དུ་མ་ལས་ཟ་བྱེད་མ་དཀར་མོ་ཤེལ་ཕྲེང་མ་བསྐྱེད་དོ། །དཀར་མོ་ཤེལ་ཕྲེང་གསེར་གྱི་རྡོ་རྗེའི་ཐོར་ཚུགས་ཅན་དབུ་ལ་གཡུའི་བྱ་ཁྱུང་ཡོད་པ། ཕྲག་གཡས་ཟླ་བ། གཡོན་ཉི་མ། སྐུ་སྟོད་དར་གསེར་གྱི་ངང་རིས་ཅན་སྐུ་སྨད་སྟག་གི་ཤམ་བུ། ཆིབས་སུ་སེདྒེ་དཀར་མོ་ཆིབས་པ། རོལ་དུ་སྨན་ཤ་ཡུ་ཆུང་རོལ་ཕྱག་ན་གསེར་གྱི་གྲི་ཞགས་བསྣམས་པ་རྣམ་སྣང་དཀར་མོ་འབུམ་གྱིས་བསྐོར་བའོ། །དེ་རྣམས་ལྷར་གསལ་བའི་མདུན་དུ་བསྐྱེད་ལ། །རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། ༀ་བྷུར་ཀུར་མ་ཧཱ་ཀ་ལ་ཡ་ཧྲིཾ་ཧྲིཾ་། ཨཾ་གུ་ཤ་ཛཿ་ཛཿ ཞེས་བརྗོད་པས་མཚོ་ཀོ་ཀ་ཐང་དམར་གྱི་སྟེང་། རི་བོ་ཆེན་པོ་མ་ལ་ཡའི་རྩེ་མོ་ནས་ནག་པོ་བཞུགས་པའི་སྙིང་ག་ནས་ལྕགས་ཀྱུའི་བཟུང་ནས་དྲངས་ལ་བདག་གི་མདུན་དུ་འོངས་པར་བསམ་ཞིང་དེ་ཉིད་དབང་དུ་བསྡུ་བ་ནི། ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོཿ ཧ་ལ་ར་ལ་བྷྱོ། རུ་ལུ་རུ་ལུ་བྷྱོ། རཀྴ་ཤྲཱི་ཧེ་རུ་ཀ་ཧ་ཧ། རུ་ཏྲ་མ་ཏྲ་ཧ་ཧཾ་ཁཱ་ཧི། ཞེས་བརྗོད་ཅིང་བདག་ཉིད་དཔལ་ཆེན་པོར་གསལ་བའི་ཞལ་དུ་ནག་པོ་ཆེན་པོ་དེ་བསྡུས་ལ་ཐུགས་དམ་ལམ་ནས་འདོན། དེ་ལྟ་བུ་ལན་གྲངས་ཉེར་གཅིག་གམ། ལྔ་བཅུ་རྩ་བཞི་འམ། བརྒྱ་རྩ་བརྒྱད་དུ་བྱའོ། །དེའི་མཐར་ལམ་བསྟན་པའི་ཕྱིར་སྡིག་པ་སྦྱང་ཞིང་བྱིན་གྱིས་རླབས་པ་ནི། ཧཱུྃ་ཧཱུྃ་ཧཱུྃ་ཁོ་རང་གི་རྒྱུད་ལ་བསགས་པའི་སྡིག་པ་ཀུན་དྲངས་པར་བསམ་མོ་བི་ཤ་བཛྲ། ཀྲོ་ཏ་ཛྭ་ལ་མཎྜ་ལ་ཧཱུྃ་ཏ་ཀེཾ་ཏ་ཀེཾ་ཕཊ། ཧ་ལ་སྡིག་པ་གཞོལ་བ་། སྡིག་པ་བསྲེག་པ་ཧ་ལ་རཾ། ཏིག་སྣ་ཏིག་སྣ་ཁཾ། ཀྲོ་ཏ་ཀྲོ་ཏ་ཡྃ །ༀ་ཨཱཿ་ཧཱུྃ། ཞེས་བརྗོད་ཅིང་བྱིན་གྱིས་རླབས་པའོ། །ༀ་བཛྲ་ཨ་མྲྀ་ཏ་ཨེ་ན་ཧི་སརྦ་མཎྜ་ལ་ཧཱུྃ། ཨ་བྷི་ཥིཉྩ་མྃ་ཧཱུྃ་ཧྲཱིཿཋ་འདི་གྱེར་གྱི་མགོ་ལ་བཅུག་ཀྱང་ཆོག །དལ་བདུན་པའི་ལུགས་ཡིན་པས་གཞན་དུ་མི་དགོས་དེ་ནས་ཧཱུྃ་ལཾ་ཀ་གསུམ་གྱི་ཞེས་པའི་ཚིག་བརྗོད་ལ། སྔོན་གྱི་དམ་བཅའ་དྲན་པར་བསམ་ཞིང་། །བདག་ལྷར་གསལ་བའི་མདུན་ན་མགོན་པོ། །ནག་པོ་འདར་ཡང་བྲེད་ཅིང་བདག་གི་བཀའ་ཉན་གསུང་སྡོད་བྱེད་པར་བསམ། དེ་ནས་དམ་ཚིག་དབང་གིས་དམ་བསྲེས་པ་དེ་ལ་མཆོད་པ་ནི། ༀ་བྷུར་ཀུར་མ་ཧཱ་ཀཱ་ལ་ནི་མ་ཧཱ་ཨ་ཧ་ར། དྷུ་པ། པུཥྤ། དཱི་པ། གྷནྡྷེ། ནཻ་ཝི་ཏེ། པཱུ་ཙ་ཧཱུྃ། ས་མ་ཡ་ཧོ། ༀ་བྷུར་ཀུར་མ་ཧཱ་ཀཱ་ལ་ནི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་བ་ལིདྟ་ཁཱ་ཧི། མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ༴ མ་ཧཱ་བ་སུ་ཏ་༴ མ་ཧཱ་གོ་རོ་ཙ་ན་༴ དགྲ་བགེགས་ཀྱི་ཤ་ཁྲག་ལ༴ །མཱ་ར་ཡ་ཁཱ་ཧི་ཧི། ཞེས་ཕྱི་ནང་གི་མཆོད་པས་མཆོད་ལ་འདི་སྐད་དོ། །ཧཱུྃ། དཀའ་ཐུབ་ཆེན་པོ་ཚུར་ཉོན་ཅིག །ལེགས་ལྡན་ནག་པོ་མ་རུང་པ། །རྒྱལ་བའི་བསྟན་པ་བསྲུང་བའི་ཕྱིར། །ཁྲམ་ལ་བཏབ་པའི་དགྲ་བགེགས་རྣམས། །མ་ར་ཡ་ཡི་ལས་བཅོལ་གྱི། །ཚེ་སྲོག་ཧུར་ཐུམ་མྱུར་དུ་སྒྲོལ། །རོལ་ཅིག་དགོངས་ཤིག་དམ་ཚིག་ཅན། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །ཞེ་སྡང་དྲེགས་པའི་འཁོར་ཚོགས་རྣམས། །སེམ་ཅན་ཀུན་གྱི་སྲོག་འཕྲོག་ནས། །ཤ་ལ་ཟ་ཞིང་ཁྲག་ལ་འཐུང་། །དམ་ཉམས་དགྲ་བོ་མྱུར་དུ་སྒྲོལ། །མ་ར་ཡ་ཡི་དུས་ལ་བབ། ཅེས་བརྗོད་དོ། །དེ་ནས་དམ་ཚིག་སྦྱིན། དམ་དབོག །དམ་བསྒྲགས། དམ་བསྲེ། དམ་བདར་རོ། །དེ་ནས་བསྙེན་སྒྲུབ་བྱ་བ་ནི། ཡན་ལག་བཞིས་བྱ་སྟེ། དང་པོ་བསྙེན་པའི་ཡན་ལག་ནི་སྔགས་དང་པོ་བཟླས་པས། བདག་ལྷར་གསལ་བའི་ཐུགས་ཀ་ནས་འོད་འཕྲོས་པས། ཕྱོགས་བཅུ་དུས་བཞི་ནས་བདེ་བར་གཤེགས་པ་ཐམས་ཅད་སྤྱན་དྲངས་ལ། བདག་ལ་བསྟིམས་པས། བདག་ལྷར་གསལ་བཏབ་ལ། དབང་བླང་བ་དང་གཟི་བྱིན་བསྐྱེད་པར་བྱས་ལ། བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། འོད་ཟེར་མགོན་པོའི་ཐུགས་ཀར་ཕོག་པས་མགོན་པོ་གསལ་གདབ། །གཟི་བྱིན་བསྐྱེད་ལ། དགྲ་བགེགས་ཀྱི་ཚེ་སྲོག་ལ་དབང་བསྐུར་རོ། །བསྙེན་པ་བྱ་བ་ནི། སྔགས་བརྒྱ་བརྒྱ་སྟོང་སྟོང་ལ་བདུད་རྩིས་མཆོད་ནས་ཁྲི་ཚོ་བདུན་ནམ་འབུམ་ཚུན་ཆད་འདོན་པར་བྱའོ། །དེ་ལྟར་བསྒྲུབས་ནས་སྤྱོད་ལམ་བྱེད་ན། སྟན་ལས་ལངས་པའི་དུས་ན་གཙོ་ཆ་གཉིས་སུ་བསམ་ལ་སྤྱོད་ལམ་བྱའོ། །སྟན་ལ་འདུག་པའི་དུས་སུ་གཙོ་བོ་གཉིས་པོ་མར་མེ་གཅིག་ཏུ་བསྡོམས་པ་ལྟར་བསྲེས་ལ་གཉིས་སུ་མེད་པར་གསལ་གདབ། བླ་མ་དང་ཡི་དམ་ལ་མཆོད་མདུན་གྱི་མགོན་པོ་ལ་སྨན་གྱིས་མཆོད་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བླང་། སྨན་གྱི་བསྐང་བཤགས་བྱ། ཡི་གེ་བརྒྱ་པ་མང་དུ་བརྗོད། །དེ་ནས་ཡང་ཉེ་བསྙེན་བྱ་སྟེ། །བདག་དཔལ་དུ་གསལ་བའི་སྣ་བུག་ནས་རླུང་རྒྱུ་བ་ནི། ཧཱུྃ་ཅེས་བརྗོད་པས་དབུགས་དེ་ཧཱུྃ་དུ་གྱུར་ནས། ཧཱུྃ་ལས་འོད་འཕྲོས་པས་ཁྲོ་བོ་མང་པོར་གྱུར་ནས་འཕྲོས་པས་ཡང་བླ་མ་དང་ཡི་དམ་ཀུན་ལ་མཆོད་པ་ཕུལ། སླར་དབང་དང་དངོས་གྲུབ་ཏུ་ཐིམ་འདུས། བདག་ལ་ཐིམ་པས། བདག་ཉིད་གཙོ་བོ་ལ་ཐུགས་ཀྱི་རྒྱུད་བསྐུལ་ཞིང་གསོལ་བ་གདབ། ཡང་ཕར་ལ་འཕྲོས་པས་གདུག་པ་ཅན་གྱི་ཚོགས་ཐམས་ཅད་བཏུལ་ནས་དབང་དུ་བསྡུས། ཁྱད་པར་རང་རྒྱུད་དང་སྤྲུལ་པའི་མགོན་པོ་དབང་དུ་བསྡུས་ཤིང་བཀུག་ནས། ཏིང་ངེ་འཛིན་གྱི་དམ་ཚིག་མགོན་པོ་ལ་བསྟིམ་ལ་གཉིས་སུ་དབྱེར་མེད་པར་བསམ་པར་བྱའོ། །སྨན་སྣ་ནི། གི་ཧང་དང་། ཙན་དན་གྱི་ཕུར་མས་བསྐུལ་བ་ནི། སྨན་གྱི་ཐུམ་པོ་ལ་བསྔགས་ཤིང་མགོན་པོའི་ཐུགས་ཀར་ཕུར་མས་བསྐུལ་བས་ང་རྒྱལ་དྲེགས་པའི་ཚོགས་ཞི་ནས། སྔོན་གྱི་དམ་བཅའ་གཉན་པོ་དྲན་ཅིང་དམ་ཚིག་གཉན་པོ་ལས་མི་འདའ་བར་བསྲུང་ནས་རྣལ་འབྱོར་པ་འཁོར་དང་བཅས་པ་ལ་བར་ཆད་མི་བྱེད་ཅིང་དམ་ཚིག་ལྡན་པར་བསམ་མོ། །དེ་ནས་བསྒྲུབ་པ་བྱ་བ་ནི། །ཐུན་མཚམས་ཀྱི་གཙོ་བོ་ཆ་གཉིས་དང་མན་ཆད་བྱ་ལུགས་གོང་དང་མཐུན་ནོ། །བསད་པའི་རྫས་ནི་ཡུངས་དཀར་ཐུམ་པོ་ལ་སྔགས་ལ། །ཡུངས་དཀར་ཁྲོ་བོར་གྱུར་ཁྲོ་བོས་མགོན་པོ་བསྐུལ་བས་མགོན་པོས་འཁོར་རྣམས་བཞི་བསྐུལ་ནས། དྲག་པོའི་ལས་བྱེད་པར་བསམ་མོ། །སྔགས་དེ་ལ་བཟླས་པ་བྱ་བ་ནི། བརྒྱའམ། སྟོང་ངམ། ཁྲི་འམ། འབུམ་བཟླས་སོ། །དེ་ནས་བསྒྲུབ་པ་ཆེན་པོ་ནི། །ཁྲག་སྐམ་གྱི་ཐུམ་པོ་ལ། སྔགས་ནས་བསྐུལ་བས་སྔོན་དཔལ་གྱི་སྤྱན་སྔར་ཁས་བླངས་ཤིང་དམ་བཅས་པ་དྲན་ནས་ལས་བྱེད་པར་བསམ་མོ། །སྔགས་ཀྱི་ཤམ་བུ་དགྲ་བགེགས་ཀྱི་སྲོག་ཤིང་དང་། སརྦ་ཤ་ཏྲུཾ་མ་ར་ཡ་རྦད་ཛ་ཞེས་བཏགས་ཤིང་བཟླས། དེ་ནས་བསྐུལ་རྣམས་བྱའོ། །དེ་ནས་མ་གཡེལ་མ་འདའ་བྱ། །དེ་ནས་བསྟོད་པ་བྱ། ཁྱེར་བསྐུལ་རྣམས་བྱའོ། །དེ་ནས་སྨོན་ལམ་བཏབ། ཕྲིན་ལས་གཞོལ་ལས་ལ་སོང་བར་བསམ། །བསྐུལ་བ་ནི། ཧཱུྃ །ལྷ་ཆེན་མགོན་པོ་ནག་པོ་ཁྱོད། །མཚོ་ནི་ཀང་ཀ་ཐང་དམར་ནས། །རི་བོ་བྱན་སླག་འཆོངས་ཀྱི་རྩེར། །དྲག་ཤུལ་ཡོད་པའི་རྩེ་མོ་ནས། །ཆེ་མཆོག་ཐུགས་ཀྱི་སྤྲུལ་པ་ནི། །དཔལ་ལྡན་མདོག་ནག་གཟི་བརྗིད་ཅན། །ཞལ་གཅིག་ཕྱག་གཉིས་གཅེར་བུ་ཡིས། །གཡས་པ་གྲི་གུག་སྔོན་པོ་བསྣམས། །གཡོན་པ་ཐོད་ཁྲག་ཞལ་དུ་གསོལ། །ཞབས་གཉིས་དམ་ཉམས་བརྒྱངས་ཤིང་བགྲད། །དགྲ་བོ་དམ་ཉམས་ཆེ་གེ་མོ། །ཤོ་ར་རེ་སྟེ་མ་བཏང་ཅིག །ཆེད་འགའ་དྲག་ཏུ་བསྐུལ་བའི་ཚེ། །དགེ་སློང་རབ་ཏུ་བྱུང་བའི་ཆ་ལུགས་ཅན། །ཕྱག་གཡས་གསེག་ཤང་གཡོན་པ་ན། །བདུད་ཀྱི་པར་བུ་ནག་པོ་བསྣམས། །གླེགས་བམ་ཁུར་ཅིང་ཆོས་གོས་ནི། །ནག་པོ་ཕྱིན་ཀ་ལོག་ཏུ་གྱོན། །ཁ་ནས་དྲག་པོའི་སྔགས་བཟློས་ཤིང་། །དམ་ཉམས་གསུམ་པོ་སྒྲོལ་བའི་ལས་ལ་བརྩོན། །བཙུན་པ་ཚུལ་ཁྲིམས་ཉམས་པ་དང་། །སྔགས་པ་དམ་ཚིག་ཉམས་པ་དང་། །སྐྱེ་བོ་མི་ཆོས་མནའ་ཟན་དང་། །འདི་གསུམ་བསྒྲལ་བའི་ལས་གྱིས་ལ། །སྙིང་ཁྲག་རློན་པ་ཟས་སུ་ཟོ། །ཤོར་ར་རེ་སྟེ་མ༴ ཆེད་འགའ་བྱང་ཤར་མཚམས་སུ་གནས་བཅས་ཤིང་། །རྣམ་པར་སྣང་མཛད་གཙུག་ཏོར་ཅན། །ཕྱག་ན་རྡོ་རྗེའི་བཀའ་ཉན་ཕོ་ཉ་མོ། །དཀར་མོ་མཆུ་རིངས་ཁྲོས་པའི་སེམས། །ལས་ཀྱི་མ་ཚོགས་འཁོར་བཅས་ཀྱིས། །དམ་ཉམས་དགྲ་བོ་ཆེ་གེ་མོ། །ཤོ་ར་རེ༴ ཆེད་འགའ༴ གཅེར་བུ་ནག་པོ་འཇིགས་ཚུལ་ཅན། །ཁམས་ནག་རལ་པ་གྱེན་དུ་བརྫེས། །ཁ་ནས་ཁྲག་འཛག་ཐོད་ཕྲེང་བརྒྱན། །མིག་ནས་མེ་ཡི་ཕུང་པོ་འབར། །སྣ་ནས་རླུང་ནག་བུ་ཡུག་ཚུབ། །གཡས་ན་གསལ་ཤིང་མེ་འབར་ཐོགས། །གཡོན་ན་ལྕགས་ཀྱུས་དགྲ་སྙིང་འབྱིན། །དོན་སྙིང་ཟ་ཞིང་ཁྲག་ལ་འཐུང་། །དམ་ཉམས་རོ་ཡི་སྟེང་ན་བགྲད། །མ་ར་ཡ་ཡི་དུས་ལ་བབ། །ཤོ་ར༴ ཆེད༴ གདོང་གསུམ་གདོང་ནག་ཐོད་ཕྲེང་ཅན། །ནག་པོ་རལ་ཅན་འཁྲིལ་ཅིང་ཁྲོ། །ཕྱག་བཞི་ཕྱག་དྲུག་ཆོ་འཕྲུལ་ལག །ཞབས་བཞི་ཞབས་གཉིས་རྫུ་འཕྲུལ་རྐང་། །གཡས་ཀྱི་དང་པོ་གསལ་ཤིང་ཅན། །གཉིས་པ་བསེ་མདུང་བ་དན་དམར་པོ་ཅན། །ཐ་མ་འབྲོང་རུ་ཁྲོལ་ཅིང་སྡིག་མཛུམ་སྦྲེང་། །གཡོན་གྱི་དང་པོ་ཁྲག་ཟོར་དགྲ་ལ་འཕེན། །གཉིས་པ་རྒྱུ་ཞགས་དམར་པོ་སྡོག་ཅིང་འདེབས། །ཐ་མ་དགྲ་བགེགས་དོན་སྙིང་འབབ་ཅིང་ཟ། །ཁྱོད་ཀྱི་ཞབས་ཀྱི་ལོང་བུ་ལས། །སྟག་སྨད་རྒྱལ་མོ་ཁྱུགས་སེ་ཁྱུག །གནོད་སྦྱིན་ཚོགས་ནི་སྤྲུལ་པར་འགྱེད། །ཤོ་ར་རེ༴ ཆེད༴ ཉི་མ་ལྷོ་ནུབ་ཕ་གི་ན། །ཞེ་སྡང་དུག་མཚོའི་ནང་ཤེད་ན། །བསེ་སྒོ་ཁྲ་བོའི་ཁ་ཡི་ནང་། །ལྕགས་མཁར་སྔོན་པོའི་ནང་ཤེད་ན། །གནོད་སྦྱིན་ཟངས་ཐོགས་རྒྱལ་པོ་བཞུགས་། །དབུ་ལ་རྒྱ་མདུད་འཁོར་ལོས་བརྒྱན། །བསྭེ་ཡི་མདུང་དམར་ཆེམས་སེ་ཆེམ། །བ་དན་དམར་པོ་གློག་ལྟར་འཁྱུག །བསེ་ཁྲབ་ལུས་ལ་ཁྲོས་པའི་གདོང་། །དེ་ཡི་ཡུམ་ཆེན་གཏུམ་མོ་ནི། །བསྭེ་གདོང་ཟངས་ཀྱི་རྫུ་འཕྲུལ་ཅན། །སྔོ་དམར་ལུས་ལ་ཧ་རིའི་མིག །མཆན་ནས་ནད་ཀྱི་རྐྱལ་པ་འདེབས། །ལག་ན་རིམས་ཀྱི་གྲུ་གུ་འཕེན། །དེ་གཉིས་འཁྲིལ་བའི་བྱིན་རླབས་ལས། །ཟོར་གྱི་རྒྱལ་པོ་མཆེད་བཞི་བྱུང་། །ཤར་ཕྱོགས་གནོད་སྦྱིན་སྟག་ཐབས་དང་། །ལྷོ་ཕྱོགས་གནོད་སྦྱིན་གཤིན་རྗེའི་གདོང་། །ནུབ་ཕྱོགས་གནོད་སྦྱིན་མགོ་དགུ་པ། །བྱང་ཕྱོགས་གནོད་སྦྱིན་སོག་པོ་གདོང་། །བསེ་ཁྲབ་ཁྲ་བོ་སི་ལི་ལི། །གོ་ཆེན་འབར་བ་རྒྱུན་མིག་ནས། །ཁྲག་མདའ་དུག་མདའ་དགྲ་ལ་ཡ། །བུ་སྐྱོགས་ནག་པོ་དགྲ་ལ་ཐུན། །ཡུངས་ཟོར་ཁྲོ་བོ་ཁྲོ་མོར་འཁྲིགས། །ཟོར་གྱི་རྒྱལ་པོ་བསྐྱོད་ཙམ་ན། །རི་རབ་རྡོ་འཕེན་འུ་རུ་རུ། རྒྱ་མཚོ་ཞོ་འཁྲོག་ཆི་ལི་ལི། །མིང་པོ་རྡོ་རྗེ་དམག་འདྲེན་ན། །སྲིན་མོ་རྡོ་རྗེ་དམ་ལ་འདུས། །བསེ་ཡི་གྱད་ཆེན་བསྐྱོད་ཙམ་ན། །མོན་གྱི་ལུས་ལ་མདུང་རྩེ་རྐང་། །ལྕགས་ཀྱི་དེ་ནི་དལ་བུ་ལ། །ཟངས་ཀྱི་དེ་ནི་བཤུལ་གྱིས་སྤྲས། །དྲག་པོ་སྔགས་ཀྱི་རྒྱུད་ཀྱི་བརྡུངས། །བསེ་ཡི་ལན་ཕྲན་གཡོན་ལ་སྤྲས། །སྐྱེས་བུ་ལག་པ་གཡོན་དུ་ཐོགས། །མོན་གྱི་དུག་མདའ་ནག་པོ་ལ། །ཁྱུང་དང་འུག་པ་ཁྲ་ཡི་སྒྲོན། །གཟེར་ཆེན་གནམ་ཐོག་མདེའུ་གསལ། །དུང་གི་ཧོར་ཤུམ་གཡས་སུ་སྤྲས། །སྐྱེས་བུའི་ལག་པ་གཡས་སུ་ཐོགས། །གནོད་སྦྱིན་བྱེ་བ་ས་ཡར་བཅས། །ནམ་གྱི་ཕར་ཕྱེད་ཚུར་ཕྱེད་ན། །མིང་པོ་རྡོ་རྗེ་དམག་འདྲེན་གྱིས། །སྲིང་མོ་རྡོ་རྗེའི་དམ་ལ་འདུས། སྙིང་གི་སྒོ་ང་བཅག་རེ་རན། །དགྲ་བོའི་སྲོག་དབུགས་རྔུབས་རེ་རན། །དུག་མདའ་དགྲ་བོའི་སྙིང་ལ་རྒྱོབ། །ཁྱོད་ཀྱི་རྩིབས་ལོགས་གཡས་གཡོན་ནས། །འཕར་བ་རྐང་རྡེབས་ཁྱུགས་སེ་ཁྱུག །དྲེད་མོ་ལག་རྡེབས་ཆེམས་སེ་ཆེམས། །ཟ་བྱེད་ཚོགས་ཀྱི་སྤྲུལ་པས་འགེངས། །སྣང་སྲིད་ཁམས་ཀྱི་ཟ་བྱེད་མ། །ནག་མོ་རལ་ཅན་བྱེ་བར་བཅས། །རྡོ་རྗེ་རིགས་ཀྱི་ཟ་བྱེད་མ། །ཁྱོད་ནི་ཕྲིན་ལས་མངའ་བདག་མོ། །བསྟན་པ་བཤིག་པའི་དགྲ་བགེགས་ཐུལ། །ཤར་ཕྱོགས་རིགས་ཀྱི་ཟ་བྱེད་མོ། །དཀར་མོ་རལ་ཅན་འབུམ་སྡེར་བཅས། །སངས་རྒྱས་རིགས་ཀྱི་རྣལ་འབྱོར་མ། །ཤར་གྱི་དགྲ་བགེགས་རྡུལ་དུ་རློག ། ལྷོ་ཕྱོགས་རིགས་ཀྱི་ཟ་བྱེད་མ། །སེར་མོ་རལ་ཅན་ཁྲོས་པའི་བདག །རིན་ཆེན་རིགས་ཀྱི་རྣལ་འབྱོར་མ། །ལྷོ་ཡི་དགྲ་བགེགས་རྡུལ་དུ་རློག །ནུབ་ཕྱོགས་རིགས་ཀྱི་ཟ་བྱེད་མ། །དམར་མོ་རལ་ཅན་ས་ཡར་བཅས། །པདྨ་རིགས་ཀྱི་རྣལ་འབྱོར་མ། །ནུབ་ཀྱི་དགྲ་བགེགས་རྡུལ་དུ་རློག །བྱང་ཕྱོགས་རིགས་ཀྱི་ཟ་བྱེད་མ། །ལྗང་མོ་རལ་ཅན་རྔམ་པའི་ཞལ། །ལས་ཀྱི་རིགས་ཀྱི་རྣལ་འབྱོར་མ། །བྱང་གི་དགྲ་བགེགས་རྡུལ་དུ་རློག །ཁྱོད་ཀྱི་སྟ་ཟུར་གཡས་གཡོན་ན། །ཕོ་སེང་གཡས་ལ་མོ་སེང་གཡོན། །གཡུ་རལ་སྔོན་པོ་ཉིགས་སེ་ཉིགས། །མཆེ་བ་གངས་རི་གཏམ་པ་འདྲ། །ཁྲོ་བོའི་ཚོགས་ཀྱི་སྤྲུལ་པ་སྟེ། །སྐྱེས་མཆོག་འབར་བ་མི་བཟད་པ། །ལ་ལ་སྟག་གི་ཤམ་ཐབས་ཅན། །ལ་ལ་རཀྴའི་ཐིག་ལེ་ཅན། །ལ་ལ་ཐལ་ཆེན་ཚོམ་བུ་ཅན། །ལ་ལ་ཐོད་པའི་གྭ་ཤ་ཅན། །ལ་ལ་ཞིང་ལྤགས་རྒྱན་གྱིས་ཀླུབས། །སེར་ནག་སྦྲུལ་གྱི་ཆུན་སྐོར་ཅན། །སྟངས་ཐབས་ལག་གར་སྣ་ཚོགས་བྱེད། །ལག་ན་མཚོན་ཆ་སྣ་ཚོགས་ཐོགས། །དགྲ་བགེགས་དམ་ཉམས་མྱུར་དུ་སྒྲོལ། །ཆེད་འགའ་དབུ་གསུམ་ཕྱག་དྲུག་སྤྱན་དགུར་ལྡན། །ཕྱག་ན་རླུང་གི་བ་དན་སྔོན་པོ་ཅན། །དེ་ལ་མིང་དང་མཚན་གསོལ་པ། །ཁྲོ་བོ་ཁམས་གསུམ་དབུགས་སྡུད་བྱ། །ཉིན་མཚན་གུང་ལ་དགུང་ལ་སྡུད། །དམ་ཉམས་དགྲ་བོའི་སྲོག་དབུགས་ལ། །རྔུབས་ཅིག་མ་བཏང་དབུགས་ལོངས་ཤིག །དམ་ཉམས་སྒྲོལ་ཅིག་ཤོ་ར་རེ། །ཁྱོད་ཀྱི་སྨིན་བུས་དཀྱིལ་འཁོར་ནས། །བྱ་ཁྱུང་རྒྱལ་པོ་ཀ་རུ་ན། །ཡེ་ཤེས་གསེར་མིག་གཡས་སུ་གཤོག་པ་གདེངས། །གནམ་ལྕགས་འབར་བའི་ཆུ་སྡེར་ཅན། །ཟས་སུ་གདུག་པའི་རོ་ཉི་ཟ། །ཕྱག་ན་རྡོ་རྗེའི་བཀའ་སྡོད་ཅིང་། །མགོན་པོའི་ཐུགས་ཀྱི་སྤྲུལ་པ་དེ། ཁྱོད་ཀྱི་ལག་པ་གཡས་པ་ན། །མཐའ་ཡས་གདེངས་ཀ་གསུམ་པ་ཅན། །ཁྱོད་ཀྱི་ལག་པ་གཡོན་པ་ན། །སྲིན་པོ་རཀྴ་བྱི་སྟེ་གདོང་། །སྤྲུལ་པ་བར་སྣང་ཁམས་ཀུན་ཁྱབ། །དགྲ་བགེགས་ཐལ་བ་རྡུལ་དུ་རློག །ཁྱོད་ཀྱི་བཀའ་སྡོད་མ་རུང་པ། །སྲིན་པོ་རཀྴ་མགོ་དགུ་དང་། །ཀླུ་མོ་ཧབ་ཤམ་གཉིས་ཀྱི་བུ། ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུ། །གཟའ་རྒོད་འཇིགས་དེ་རཱ་ཧུ་ལ། །ལུས་པོ་གཅིག་ལ་མགོ་བོ་དགུ །མགོ་ལུས་མེད་པར་མིག་གིས་བཀང་། །ལག་ན་གྲི་གུག་སྦྲུལ་ཞགས་ཐོགས། །ཉི་མ་ཟླ་བ་ཁྱུར་མིད་བྱེད། །ཉི་མའི་རྗེས་གཅོད་ནུབ་ཏུ་རྒྱུག །ཉིན་མོ་རྒྱུགས་པའི་ཕྱོགས་བཞི་འཇོམས། །ཟླ་བའི་རྗེས་གཅོད་ཤར་དུ་རྒྱུག །མཚན་མོ་རྒྱུགས་པའི་ཕྱོགས་བཞི་འཇོམས། །དམག་དཔོན་ཆེན་པོའི་དུས་ལ་བབ། །གཟའ་མཆོག་ཆེན་པོ་རཱ་ཧུ་ལ། །ནམ་མཁའི་དཀྱིལ་ནས་འབྲུག་སྒྲོགས་ཤིང་། །བར་སྣང་ཁམས་ནས་གློག་དམར་འཁྱུག །ས་གཞིའི་སྟེང་དུ་ཐོག་ཆེན་འབེབས། །དགྲ་བོའི་ཀླད་པའི་དཀྱིལ་དུ་རྒྱོབ། །རྒྱ་མཚོའི་གཏིང་ནས་སེར་ཆེན་འདྲིལ། །ཀིང་ཀང་དབབ་པའི་དུས་ལ་བབ། །གློ་བུར་ཀིང་ཀང་དགྲ་ལ་ཕོབ། །ཚེ་སྲོག་ཧུར་ཐུམ་དགྲ་ལ་ཕོབ། །ཕྱོགས་བཞིའི་སྲིན་མོའི་སྡེ་བཞི་ཡང་། །ཕོ་ལྷོག་རིམས་ནད་དགྲ་ལ་ཕོབ། །ཕྱོགས་བཞིའི་མཚམས་བཞི་སྟེང་འོག་ནས། །མ་རུང་ལྷ་སྲིན་དྲེགས་པའི་ཚོགས། །ཁ་དོག་མ་ངེས་ཁྲོས་པའི་གདོང། །ལག་ན་མཚོན་ཆ་སྣ་ཚོགས་ཐོགས། །བསྟན་པ་བསྲུང་བར་ཁས་བླངས་པ། །དམ་ཚིག་ཉན་གྱི་དུས་ལ་བབ། །དྲག་པོའི་ཕྲིན་ལས་ཆེན་མོ་ནི། །བཅོལ་པའི་ཕྲིན་ལས་དུས་ལ་བབ། །སྐབས་འདི་ན་མར་བཀའ་སྡོད་ཀྱི་ལས་མཁན་བདུད་མགོན་ནག་པོའི་བསྐུལ་པ་བྱའོ། །ༀ་བྷུར་ཀུར་མ་ཧཱ་ཀ་ལ་ཧུར་ཐུམ་ཀ་ལ་ཀྲོ་ཏ། ཡཀྴ་ཡཀྴ། ཙིཏྟ་དེ་ཝ་རཀྴ། ཨ་ཏ་ཡ་སརྦ་ཤ་ཏྲུཾ་ཙི་ཏ་མ་ར་ཡ་རྦད། ཆེ་གེ་མོ་དུན་བྷྱོ། ཅེས་དྲག་ཏུ་བསྐུལ་ལོ། ཧཱུྃ། བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས། །འགྲོ་བའི་དོན་དུ་མ་ལ་ཡ། །ཀོང་ཀ་ཐང་དམར་ལངྐའི་ཡུལ། །དྲག་ཤུལ་ཡོད་པའི་རྩེ་མོ་རུ། །བདུད་རྒྱལ་ནག་པོ་བཏུལ་ནས་ནི། །ཐུགས་རྗེ་འབྲེལ་ནས་འདམ་ནས་བཏོན། །དབང་བསྐུར་མིང་བཏགས་དམ་ཚིག་ཕོག །ཆོས་སྐྱོང་སྲུང་མར་དམ་བཅས་ནས། །རིགས་ངེས་རྒྱལ་བའི་སྲས་སུ་བྱས། །དེ་ཚེ་ཁྱོད་ཀྱི་ཁས་བླངས་ནས། །རྣལ་འབྱོར་ཡོངས་ཀྱི་གྲོགས་བྱ་ཞིང་། །གཙུག་གི་ནོར་བུ་འབར་བ་ལྟར། །བཀུར་ཞིང་དགོས་པ་ཐམས་ཅད་བསྒྲུབ། །དམ་ལས་མ་འདའ་ཁས་བླངས་སྒྲུབས། །བསྟན་པ་བསྲུང་བའི་མགོན་གྱུར་པས། །དེ་ཕྱིར་མགོན་པོ་ནག་པོར་གྲགས། །ཁྱོད་ནི་སྡེ་བརྒྱད་ཀུན་གྱི་རྗེ། །དེ་ཕྱིར་ལང་ཀའི་བདག་པོར་གྲགས། །ཁྱོད་ནི་ལྷ་སྲིན་ཚོགས་ཀྱི་བདག །དེ་ཕྱིར་ཚོགས་བདག་ཆེན་པོར་གྲགས། །ཁྱོད་ནི་དམ་ཆོས་བསྒྲུབ་པ་ཡིས། །དེ་ཕྱིར་ལེགས་ལྡན་ནག་པོར་གྲགས། །ཁྱོད་ནི་མ་མོ་ཀུན་གྱི་གཙོ། །དམ་ཉམས་རྣམས་ཀྱི་གཤེད་མ་མཛོད། །དེ་ཕྱིར་སྒྲོལ་གིང་ཆེན་པོར་གྲགས། །མཚན་དྲུག་ནས་ནི་སྤྱན་འདྲེན་པས། །གྲུ་གསུམ་མཐིང་ནག་ལྕགས་ཁང་ནས། །སྤྱན་འདྲེན་ག ནས་འདིར་གཤེགས་སུ་གསོལ། །དམར་གྱི་གཏོར་མ་འདི་བཞེས་ལ། །དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད། །ཧཱུྃ མངའ་བདག་ཆེན་པོ་མ་རུང་པ། །རྡོ་རྗེ་སེམས་དཔའི་སྤྲུལ་པ་སྟེ། །ཁྲོ་བོའི་རྒྱལ་པོ་གིང་ཆེན་པོ། །མངའ་བདག་བདུད་ཀྱི་རྒྱལ་པོ་བཞེངས། །དུས་ངན་གདུལ་ཀའི་དགྲ་བགེགས་རྣམས། །མ་ཐོགས་མྱུར་དུ་བསྒྲལ་བའི་ཕྱིར། །རྣལ་འབྱོར་ཆེན་པོ་ཡོངས་བསྟོད་ཅིང་། །ཁྱེད་ལ་མཐུན་པའི་རྫས་འབུལ་གྱིས། །སྔོན་གྱི་སྐལ་པ་དང་པོ་ལ། །ཁས་བླངས་དམ་བཅས་མནའ་བོར་བའི། །དམ་བཅས་ཐ་ཚིག་མ་འདའ་ཞིག །སྔོན་ཡང་རིག་འཛིན་གོང་མས་བསྒྲུབས། །ད་ལྟ་རྣལ་འབྱོར་བདག་བསྒྲུབས་པས། །བམ་རི་ཐོད་པའི་མཁར་རྩེ་ནས། །སྒྲོལ་གིང་ཆེན་པོ་སྐུ་བསྐྱོད་ལ། །རུ་མཚོན་ནག་པོ་པུ་རུ་རུ། །མཚོན་ཆ་སྣ་ཚོགས་ཆར་དུ་འབེབས། །བདུད་མདའ་ནག་པོ་ཟེངས་སེ་ཟེངས་། །བདུད་བྱ་ནག་པོ་ལྡིང་ཅིང་འཛུམ། །སྣ་ཚོགས་དུར་ཁྲོད་རྒྱན་རྣམས་རྫོགས། །མཆེ་གཙིགས་རྔམ་པའི་ཞལ་གདངས་ནས། །ཉམས་པའི་སྙིང་ཁྲག་ཞལ་དུ་རྔུབ། །ལྷ་ཆེན་ཁྱོད་ཀྱི་བཀའ་འཁོར་ནས། །སྤྲུལ་པའི་ཁྲོ་བོ་ཁྲོ་མོར་འཁྲིགས། །སྲིན་པོ་སྲིན་མོ་རྐན་སྒྲ་རྡེབས། །གནོད་སྦྱིན་ཕོ་མོའི་དམག་དཔུང་བཟློག །ཟ་བྱེད་ཕོ་མོ་ཤ་ཁྲག་རོལ། །བང་ནི་གློག་འགྱུ་ང་རོ་འབྲུག །སོ་སོའི་བཞུགས་ས་ཐ་དད་པའི། །ཡིད་བཞིན་ནོར་བུའི་ཐུགས་དམ་ནི། །ཡོངས་སུ་རྫོགས་པར་བསྒྲུབ་པར་བྱོས། །ཚོགས་བདག་ཆེན་པོ་འཁོར་བཅས་ལ། །མ་ཧཱ་བྷ་ལིང་ཏ་པྲ་ཏི་ཛ་ཁཱ་ཧི། མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། རཀྴ་ཤྲཱི་ཧེ་རུ་ཀ་རུ་ཏྲ་མ་ཏྲ་ཧ་ཧ་ཧོ། ཧཱུྃ དུར་ཁྲོད་བདག་པོ་ཚུར་ཉོན་ཅིག །མངའ་བདག་ཆེན་པོ་མ་རུངས་པ། །རྡོ་རྗེ་སེམས་དཔའི་སྤྲུལ་པ་ཁྱོད། །ཁྲོ་བོའི་ཆེན་པོ་གྱིང་ཆེན་པོ། །མངའ་བདག་བདུད་ཀྱི་རྒྱལ་པོ་བཞེངས། །ཚོགས་བདག་ཆེན་པོ་ཚོགས་ལ་རོལ། །ལྷ་ཆེན་དཔལ་འབར་ཚོགས་ལ་རོལ། །མ་ཧཱ་ཀ་ལ་ཚོགས་ལ་རོལ། །དུར་ཁྲོད་བདག་པོ་འཁོར་བཅས་རྣམས། །དམ་རྫས་བདུད་རྩི་འདི་བཞེས་ལ། །ཁས་བླངས་དམ་བཅས་ཇི་བཞིན་དུ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་སྔགས་བཟླས་སོ། །ཡིད་བཞིན་ནོར་བུའི་སྒྲུབ་ཐབས། །ཨཐྎཿ ངའི་བླ་མའི་ཞལ་ནས་ཆོས་སྐྱོངས་འདི་ཞལ་གཅིག་ཕྱག་བཞི་པར་ཡོད་པར་འདུག་སྟེ། ཕྱག་གཉིས་པར་བྱས་པ་མང་བར་འདུག །ཕྱག་བཞི་ཕྱག་དྲུག་རྫུ་འཕྲུལ་ཅན། །ཅེས་པས་མངོན། དེ་ལྟར་ན་ཕྱག་བཞིའི་གཡས་གོང་མ་ན་གྲི་གུག །འོག་མ་ན་ཙན་དན་གི་དབྱུག་པ་སྔོན་པོ་སྟེ། བེ་ཅོན་ཆེན་པོ། གཡོན་གོང་མ་ན་ཐོད་ཁྲག །འོག་མ་ན་ལྕགས་ཀྱི་པར་རུ་ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་སྟེ། རཏྣའི་སྒྲོམ་བུ། དར་ནག་གི་བེར་ཡོད་པ། རིན་པོ་ཆེས་བརྒྱན་པ། དེ་ལྟར་དུ་བྱས་ན་གཞུང་དང་མཐུན་པར་ཡོད་པར་འདུག་གསུངས་སོ། །རྫོགས་སོ། །རྡོ་རྗེ་སྲིན་པོ་ལ་ཕྱག་འཚལ་ལོ། །སུ་ཞིག་བསྙེན་བསྒྲུབ་བཞི་ལ་རྟག་ཏུ་གནས་འདོད་པ་དེས། བདག་གཞན་གྱི་དོན་བྱ་བའི་ཕྱིར། །གནས་དབེན་པར་ཤ་ཆེན་སྙིང་ཆེན་ལ་སོགས་པ། ཤ་ཁྲག་སྣ་ཚོགས་ལ་གཏོར་མ་སྣོད་བཟང་བ་བན་དྷའམ། སྣོད་བཟང་པོར་བཤམས་ལ། སྤྱན་གཟིགས་དཀར་གསུམ་མངར་གསུམ་ལ་ཕུག་འཁུར་བ་སྒོག་པ་ལྔ་དང་། འབྱོར་ཚད་གཏོར་མར་བླུག་ལ་གཏོར་མའི་དབུས་སུ་ལྷ་བཤོས་ནག་པོ་ཟུར་གསུམ་པ་བཞག །བྱིན་གྱིས་རླབས། མ་ཧཱ་ཀ་ལའི་བྲིས་སྐུ་དགྲམ། །དེ་ནས་བདག་ཁྲོ་བོ་ཆེ་མཆོག་ཏུ་བསྒོམ། །ཏིང་ངེ་འཛིན་གཟེངས་བསྟོད་ལ་བསྙེན་སྒྲུབ་བཞིའི་སྔགས་སྦྲེལ་ལ་བཟླས་སོ། །ༀ་བྷུར་ཀུར་མ་ཧཱ་པདྨ་རྡེ་བྷུར་བྱི་བྱེ་མ་ན་སེ་ཨེ་ཧོ་ཤྲི་ཀྲོ་ཏ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨུ་ཙུསྨ་ཀྲོ་ཏ་ཧཱུྃ་ཕཊ། ༀ་བྷུར་ཀུར་ཏི་ཕཊ། དེ་རེ་རེ་ལ་ཡང་བསྙེན་པ་འབུམ་དུ་བསྙེན་པར་བྱའོ། །ཧཱུྃ། ལང་ཀ་ཡུལ་གྱི་གྲོང་བརྡལ་གྱི། །དབུས་ཀྱི་རི་བོ་མ་ལ་ཡ། །ཀོང་ཀ་ཐང་དམར་རྒྱ་མཚོའི་དོ། །དྲག་ཤུལ་ཡོད་པའི་རྩེ་མོ་ལ། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཡིས། །བདུད་ཀྱི་སྡེ་རྣམས་བཏུལ་ནས་ནི། །གསང་སྔགས་དཀྱིལ་འཁོར་བསྐོར་བའི་ཚེ། །མིང་གི་དབང་བསྐུར་བྲན་དུ་ཁས་བླངས་པའི། །རྡོ་རྗེ་རོ་ལངས་དུར་ཁྲོད་ཚོགས་ཀྱི་བདག །མགོན་པོ་ནག་པོ་ཆེན་པོ་དང་། །ཉེ་གནས་ཀྲོ་ཏི་ཤྭ་རི་མ། །ཡབ་ཡུམ་གཉིས་སུ་མེད་པའི་འཁོར། །ལང་ཀའི་བདག་པོ་ལ་སོགས་པ། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །ཕོ་མོ་འཁོར་དང་བཅས་པ་རྣམས། །འདིར་གཤེགས་མཆོད་པ་དམ་པ་བཞེས། །མཆོད་པ་དམ་པ་འདི་བཞེས་ལ། །བཅོལ་པའི་ལས་རྣམས་གྲུབ་པར་མཛོད། །ཚོགས་ཀྱི་བདག་པོ་མ་ཧཱ་ཀ་ལ། འདུས་པ་ཆེན་པོ་རྣལ་འབྱོར་ཕོ་མོ་འཁོར་དང་བཅས་པ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི་མ་ཧཱ་བྷ་ལིདྟ་ཁཱ་ཧི། རཀྟ་ཁཱ་ཧི། བ་སུ་ཏ་ཁཱ་ཧི། ཙིཏྟ་ཁཱ་ཧི། གོ་རོ་ཙ་ན་ཁཱ་ཧི། ཨེ་ཧ་ཧི་སྟ་ཀ་ལཾ་ཨི་དན་དུ་པ་ཏི་པ་གནྡྷ་བྷ་ལིདྟ་པྲ་ཏི་ཛ་ཧོ་ཁཱ་ཧི། ཅེས་གཏོར་མ་བསྟབས་ཏེ་མཆོད། ཚོགས་བདག་ལ་གཏོར་མ་དམ་རྫས་ལོངས་སྤྱོད་དང་ཆང་ཕུད་བདུད་རྩི་དང་རཀྟའི་རྒྱ་མཚོ་ཞལ་དུ་གསོལ་བས་མཉེས་པར་བསམ་མོ། །དེ་ནས་དམ་དབོག་སྟེ། རྡོ་རྗེ་ཅན་གྱི་རྣལ་འབྱོར་ཁྱེད། །རྡོ་རྗེ་ཅན་དུ་གཅིག་ངེས་པ། །གསང་བ་གསུམ་དང་མཉམ་སྦྱར་ཕྱིར། །མི་ཕྱེད་རྡོ་རྗེའི་དམ་ཚིག་སྦྱིན། །མི་ཕྱེད་རྡོ་རྗེའི་དམ་ཚིག་འདི། །གསང་བ་གསུམ་གྱི་དབྱིངས་ནས་བྱུང་། །དལ་གསུམ་གྱི་དམ་པ་རྣམས། །གྲུབ་ན་འཇིགས་པའི་དུས་མེད་དོ། །ༀ་ཨཱཿཧཱུྃ་བཛྲ་ཨ་མྲྀ་ཏ། ཨེ་ཧ་ཧི་ས་མ་ཡ་ཧཱུྃ་ཧྲཱི་ཋ། ཞེས་བདུད་རྩི་གཏོར་བས་ཚོགས་བདག་གི་གནས་སྙིང་གར་ཧཱུྃ་ལྕེ་ལ་ཨཾ་ཀླད་པའི་དུང་ཁང་དུ་ༀ་ཐིམ་པ་ལས་སྐུ་གསུང་ཐུགས་ཀྱི་དམ་པ་ཕོག་པ་ལས་མི་འདའ་བར་བསམ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཅེས་དམ་ཚིག་བླངས་ནས་དམ་བཅས་པར་བསམ་མོ། །དེ་ནས་དམ་ཆུ་བླུད་པ་ནི། །ཁྲོ་བོའི་ཏིང་འཛིན་གསར་ལ་གསང་བ་གསུམ་གྱི་དམ་པ་རྣམས། ཁྱེད་ཀྱི་རབ་ཏུ་བསླུས་གྱུར་ན། །དེ་ཀུན་ཁྲོས་ནས་ཁྲག་ཆེན་པོས། །ཉམས་པའི་སྙིང་ནས་དྲངས་ཏེ་འཐུང་། །ཨི་དན་ཏེ་ན་ར་ཀན། བ་རི་ཧྲི་ད་ཡེ། ན་མ་བ་ཏི་ནན། ས་མ་ཡ་རཀྴ་རཀྴ་སི་ཏི་སི་ན་བཛྲ་ཨ་མྲྀ་ཏ་ཧོ་ཀན་ཞེས་བདུད་རྩི་གཏོར་བས། ཏིང་ངེ་འཛིན་ཁོས་བདུད་རྩི་འཐུངས་པས་སྙིང་ལ་ཐིམ་པས་ཡི་གེ་ཧཱུྃ་མཐིང་ནག་ཏུ་གསལ་བ་དེ། ཁོས་དམ་མ་ཉམས་ན་བདག་གི་གྲོགས་བྱས་ནས་ཡེ་ཤེས་སེམས་དཔའ། ཉམས་ན་ཡཀྴས་ལྕགས་ཀྱི་སྡིག་པ་མགོ་དགུ་པས་གཉེན་པོ་བྱས་པར་བསམ། ནར་བུ། ཚར་བུ། ཞེས་བདུད་རྩི་གཏོར་ཏེ་མནའ་བསྒག་པར་བསམ། དེ་ནས་དམ་བསྲེ་ཏེ། རྡོ་རྗེ་ཆུ་སྟེ་བདུད་རྩིའི་མཆོག །པཉྩ་ཨ་མྲྀ་ཏ་དང་སྦྱར། །བསྲེ་བའི་མཆོག་སྟེ་སྲོག་གི་སྙིང་། །སྙིང་དང་སྙིང་གི་གྲོགས་པོར་བྱའོ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ས་མ་ཡ་ཨ། ཅེས་བདག་གི་ལན་གསུམ་བླངས་ཁོས་ཀྱང་ཟོས་འཐུང་ནས་དམ་ལས་མི་འདལ་བར་བསམ། བདག་དང་གཅིག་ཏུ་འགྲོགས་བྱེད་བསམ། །དམ་བསྡར་བ་ནི། །མ་ཧཱ་གླིང་གི་གྲུབ་གནས་སུ། །རྡོ་རྗེ་སྲིན་པོའི་སྤྱན་སྔར་རུ། །ཇི་ལྟར་ཁས་བླངས་དམ་བཅས་པ། །དམ་ཚིག་ཉན་ལས་མ་འདའ་ཅིག །མ་ཧཱ་ཀཱ་ལ་ས་མ་ཡ་སྟྭཾ། ཅེས་བརྗོད། ཧཱུྃ། ཚོགས་ཀྱི་བདག་པོ་མཐུ་བོ་ཆེ། །ཅེས་བཅོལ་བྱས་ལས་བཅོལ་བ་འགྲེའོ། །དེ་ནས་སྨོན་ལམ་བཏབ་སྟེ། མགོན་པོ་ཁྱེད་མཆོད་བྱིན་རླབས་ཀྱི། །ཞེས་པ་ནས། ཁྱོད་དང་མི་འབྲལ་འགྲོགས་པར་སྨོན། །ཅེས་པའི་བར་བྱའོ། །དེ་འཛབ྄་བྱ། བཅོལ་རིང་བྱས་ལ། གཏོར་མ་བྱང་ཤར་མཚམས་སུ་བསྐྱལ་ལོ། །རྒྱུན་གྱི་ཡི་དམ། ཨཐྎ༔ ཚོགས་བདག་རྒྱུན་གྱི་ཡི་དམ་འདི་ལ། དང་ལ་མཎྜལ་བཅས་ལ་གཏོར་མ་དང་མཆོད་པ་དང་། སྨན་ཕུད་དང་བཤམས་ལ། ཁྲོ་བོར་བསྒོམ་ལ་བྱིན་གྱིས་རླབས། །དེ་ནས་དམ་མཐུང་གཞུང་སྲང་། འཛབ྄་བཟླས། བསྟོད་པ་བྱ་དེ་ནས་རུ་ལས་ཚོགས་བདག་བསྐྱེད། །སྤྱན་དྲངས་པུ་ཙ་དབུལ། དམ་དབོག །དམ་ཆུ་བླུད། མནའ་སྒག །དམ་བསྲེ། དམ་བརྡར་བཅོལ་བྱ། སྨོན་ལམ་བཏབ། ཛབ྄་བྱ། བཅོལ་རིང་བཏང་ངོ་། །ཨཐྎ༔ ཞལ་གདམས་སྣང་བ། །མགོན་པོ་ཅེན་ལྟར་མཆོད་པ་ལ་གཏོར་མ་རྐྱང་པར་གཏོང་ན། །མཚམས་བཅད། བཤགས་པ་བྱ། སྐད་ཅིག་ལས་དཔལ་དུ་བསྐྱེད་ལ། །སྔགས་ཀྱི་དམ། ཐུགས། གཞུང་སྲང་ལ། རུ་ལུ་བཟླས། གཏུམ་ཆེན་གྱིས་བསྟོད། །དེ་ནས་མགོན་པོ་གཞུང་བསྲང་ལ། །ཀེ་མཎྜ་ལ་བྷཱུྃ། ཅེས་པས་དུར་ཁྲོད་ལྕགས་མཁར་བསྐྱེད། །དེ་ནས་རུ་ལས། རུ་མ་ཧཱ་ཀ་ལ་ཧཱུྃ་ཞེས་བསྐྱེད་དོ། །དེ་ནས་ཡེ་ཤེས་ཀྱི་མགོན་པོ་སྤྱན་དྲངས་ལ་བསྟིམ་པ་ནི། ལང་ཀ་ཅེས་པ་ནས། འདུས་པ་ཆེན་པོ་རྣལ་འབྱོར་འཁོར་བཅས་གཤེགས་སུ་གསོལ། །ས་མ་ཡ་ཧ་ཀ་ལཿཛཿཧཱུྃ་བཾ་ཧོ། ཞེས་བསྟིམ། དེ་ཡང་མ་ཧཱ་པཉྩ་ཞེས་མཆོད་པ་ལ་སོགས་པ་དང་སྨོན་ལམ་བཏབ་བོ། །དེ་ནས་བསྙེན་བསྒྲུབ་བཞིའི་སྙིང་པོ་དྲིལ་ལ་བཟླས་སོ། །བཅོལ་རིང་བཏང་ངོ་། །རྒྱུན་དུ་བྱས་ན་ལས་གང་འདོད་འགྲུབ་པོ། ཨཐྎ༔ མགོན་པོ་ལ་ཚོགས་དབུལ་བ་ནི། ཧཱུྃ །ཚོགས་ཀྱི་བདག་པོ་མཐུ་བོ་ཆེ། །བར་སྣང་ཁམས་ན་བཞུགས་ཙམ་ན། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །ལག་ཏུ་རྡོ་རྗེ་བྱིན་པ་ནི། །དབང་བསྐུར་མིང་བཏགས་མཚན་གསོལ་བ། །མཚན་ནི་མ་ཧཱ་ཀ་ལ་སྟེ། །ཚོགས་བདག་རྡོ་རྗེ་ཕྲེང་བ་ཅན། །བདག་གི་བསྙེན་བསྒྲུབ་མོས་པའི་ཚེ། །མཆོད་པ་དམ་པ་འདི་བཞེས་ལ། །འཕྲིན་ལས་སྙན་སྙུང་གསོལ་བ་ནི། །ལྷ་ཡི་དགྲ་ལྷ་ཆེན་པོར་མངའ་གསོལ་བ། །ལྷ་མིན་དམག་ཚོགས་འདུས་པའི་མཐུ་བོ་ཆེ། །གདུག་པའི་དགྲ་བགེགས་ཐལ་བའི་རྡུལ་དུ་རློག །ཁྱེད་ཀྱི་གོ་མཚོན་ཅིར་ཡང་མ་ངེས་ཀྱང་། །སྐུ་ལ་བསེ་ཁྲབ་ནག་པོ་གསོལ། །གཡས་པ་གསལ་ཤིང་དགྲ་ལ་འཕྱར། །གཡོན་པ་ཤིན་གྱི་མདུང་རིང་བསྣམས། །ཞལ་གདངས་མཆེ་གཙིགས་ཐོག་སེར་འབེབས། །མ་མོ་ཐམས་ཅད་འདར་ཞིང་འདུ། །ཀུན་བཟང་ལྷ་ཡི་སྤྱན་སྔ་རུ། །ཉིད་ཀྱི་ཐུགས་དམ་ཞལ་བཞེས་པའི། །ཁས་བླངས་དམ་བཅས་མཉེལ་ལམ་ཅི། །དམ་བཅས་བཞིན་དུ་བཅོལ་པའི་ཕྲིན་ལས་མཛོད། །ཉེ་གནས་ཀྲོ་ཏི་ཤྭོ་རི་མ། །དམ་རྫས་གཏོར་མ་འདི་བཞེས་ལ། །ད་ཡང་བཅོལ་པའི་ཕྲིན་ལས་མཛོད། །སྲིན་པོའི་ཉེ་གནས་ཆེན་པོ་བརྒྱད་རྣམས་དང་། །དམ་རྫས༴ ད་ཡང༴ འགྲེས་གུས་པའི་མ་མོ་ཆེན་པོ་བརྒྱད་རྣམས་དང་། དམ་རྫས༴ ད་ཡང༴ དུར་ཁྲོད་མ་མོ་སྒོ་བསྲུང་བཞི་རྣམས་དང་། །དམ་རྫས༴ ད་ཡང༴ དུར་ཁྲོད་བདག་མོ་གྲུ་འདེགས་བཞི་རྣམས་དང་། །དམ་རྫས༴ ད་ཡང༴ སྲིན་མོ་ཆེན་མོ་ཉི་ཤུ་བརྒྱད། །དམ་རྫས༴ ད་ཡང༴ མ་ཧཱ་ཀ་ལའི་ལྷ་ཚོགས་རྣམས། ཚོགས་བདག་མགོན་པོ་འཁོར་བཅས་དང་། །ཡང་དག་བསྲུང་མར་དམ་བཅས་ཤིང་། །བསྟན་པ་བསྲུང་བར་ཁས་བླངས་པའི། །ལེགས་ལྡན་ནག་པོ་བདུད་ཀྱི་རྗེ། །གསང་མཚན་རྡོ་རྗེ་རོ་ལངས་ཏེ། །ཉེ་གནས་ཀྲོ་ཏི་ཤྭ་རི་མ། །དམ་རྫས༴ ད་ཡང༴ བཅོལ་པའི་ལས་རྣམས་གྲུབ་པར་མཛོད། །འཁོར་གནོད་སྦྱིན་སྡེ་བཞི་ཐུགས་དམ་ཅན། །ཀྲོ་ཏ་ཁྲོ་བོ་གིང་གི་ཚོགས། །ཡཀྴ་གནོད་སྦྱིན་དྲེགས་པའི་ཚོགས། །རཀྴ་སྲིན་པོ་རྔམ་པའི་ཚོགས། །ཙིཏྟ་ཟ་བྱེད་མ་མོའི་ཚོགས། །དམ་རྫས༴ ད་ཡང༴ སངས་རྒྱས་བསྟན་པ་བསྲུང་དུ་གསོལ། །བཀའ་སྡོད་ལས་མཁན་ཤན་པ་ནི། །ནག་པོ་གྲི་གུག་ཐོད་ཁྲག་འཐུང་། །ཁྱོད་ནི་བཀའ་ཡི་ལས་མཁན་ཏེ། །དམ་ཉམས་དགྲ་བགེགས་སྒྲོལ་བའི་གིང་། །དམ་རྫས༴ ད་ཡང༴ བསྟན་པའི་དགྲ་བགེགས་མྱུར་དུ་སྒྲོལ། །ༀ་བྷུར་ཀུར་མ་ཧཱ་ཱཀ་ལ་རཀྨོ་ཀྲོ་ཏི་ཤྭ་རི། ནག་མོ་ཏི་ལམ། མ་ཧཱ་བ་ལིདྟ་ཁཱ་ཧི། །རཀྟ་ཙིཏྟ། གོ་རོ་ཙ་ན། ཀྲོ་ཏ། །ཀིཾ་ནི་རི་ཏི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཀྲོ་ཏ་ཡ་ཀྴ། རཀྴ་ཙིཏྟ་ཛྭ་ལ་ས་མ་ཡ་མ་ཧཱ་བྷ་ལིདྟ་ཁཱ་ཧི་ལ་སོགས་བརྗོད་ཧོ། དཔལ་མ་ཧཱ་ཀ་ལ། །རིགས་འཛིན་གྱི་སྲོག་ཤིང་། །རྣལ་འབྱོར་གྱི་བདུད་འདུལ། །གསང་སྔགས་ཀྱི་དགྲ་བླ། །དྲེགས་པ་ཅན་གྱི་དབང་ཕྱུག ། ཆོས་སྐྱོང་ཡོངས་ཀྱི་རྗེ་བོ། །སྲིན་པོ་བྱ་ཡི་གཤོགས་པ་ཅན། །ལྗང་ནག་ཆེན་པོ་ཕྱག་ན་ཙན་དན་གྱི་བེང་ཆེན་བསྣམས་ནས། །བྱང་ཕྱོགས་གནོད་སྦྱིན་ཕྱིར་འབྲང་ཞིང་། །ལྷོ་ཕྱོགས་གཤིན་རྗེའི་སྣ་འདྲེན་པ། །ཚོགས་བདག་ཆེན་པོ་བཞིའི་མངའ་བདག །མོན་པ་ནག་པོ་དང་མགོན་པོ་ནག་པོའི་ཚོགས་ལ་དབང་བསྒྱུར་བ་ཁྱོད། དམ་རྫས་ཀྱི་གཏོར་མ་ཆེན་པོ་འདི་བཞེས་ལ། །སངས་རྒྱས་ཀྱི་བསྟན་པ་བསྲུངས་བའི་ཕྲིན་ལས་རྒྱ་ཆེན་པོ་མཛད་དུ་གསོལ། །ཅེས་པ་ལ་སོགས་པ་གང་འདོད་པའི་སྨོན་ལམ་བཏབ། །ཚོགས་དབུལ། །སྨན་རཀ་གཏོར་མ་སྦྲེང་། །ཁྲོ་བོའི་ཚོགས་ཐ་མའི་གོང་དུ་མཛད་ཅིང་གདའོ། །རྫོགས་སོ། །དཔལ་ལྡན་མགོན་པོ་ནག་པོ་ནི། །མཐིང་ནག་འབར་བའི་རལ་པ་ཅན། །ཁྱེད་ཀྱི་གསང་བའི་མཚན་གསོལ་བ། །རོ་ལངས་རྡོ་རྗེ་དུར་ཁྲོད་བདག །གསང་བའི་མཚན་དུ་གྲགས་པ་ཅན། །བསྐལ་པ་བཟང་པོའི་ཡུན་དུ་ནི། །རྣལ་འབྱོར་ཡོངས་ཀྱི་མགོན་པོ་སྟེ། །དགེ་བསྙེན་ལེགས་ལྡན་ནག་པོ་ལགས། །གང་དག་ཆོས་པ་རྣམས་ཀྱིས་ཤིང་། །རྣལ་འབྱོར་སྲུང་མར་ཁས་བླངས་ཏེ། རྣལ་འབྱོར་མཐུ་རྩལ་འབྱིན་པར་མཛོད། །ས་བརྒྱད་ནོན་པའི་སེམས་དཔའ་མཆོག །སངས་རྒྱས་བསྟན་པ་བསྲུངས་ནས་ཀྱང་། །རྣལ་འབྱོར་ཚོགས་རྣམས་རྫོགས་ནས་ཀྱང་། །བསྐལ་པ་ཕྱི་མར་ལུང་ཡང་བསྟན། །འོག་གི་ཕྱོགས་ཀྱི་འཇིག་རྟེན་ཁམས། །ཐལ་བས་ཁྱབ་པའི་ཞིང་ཞེས་པར། །རྫོགས་སངས་རྒྱས་པར་ལུང་ཡང་བསྟན། །ཁྱེད་ཀྱི་མཐུ་དང་རྩལ་གྱིས་སུ། །བདུད་དང་སྲིན་པོ་ལ་སོགས་འདུལ། །དགྲ་བགེགས་མ་ལུས་ཐལ་བར་རློག །བསྟན་བསྲུང་ཁྱེད་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་མགོན་པོ་ནག་པོ་ཆེ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཕྲིན་ལས་ཐམས་ཅད་གྲུབ་པར་མཛོད། །ཁྱོད་ཀྱི་བཀའ་ཡི་འཁོར་གནས་པ། །ཆོས་སྐྱོང་བསྲུང་མ་ཐམས་ཅད་དང་། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདག་དང་རྣལ་འབྱོར་སྒྲུབ་ཀུན་གྱིས། །དཀོན་མཆོག་ཕྱོགས་སུ་གཏོགས་པ་ཡི། །གནོད་བྱེད་ཐམས་ཅད་བཟློག་པ་དང་། །དུས་མ་ཡིན་པར་འཆི་བ་དང་། །བཀྲ་མི་ཤིས་པ་སྣ་ཚོགས་རྣམས། །དེ་དག་ཁྱོད་ཀྱི་བཟློག་ཏུ་གསོལ། །བདག་གི་དོན་རྣམ་འགྲུབ་པ་དང་། །དགྲ་བགེགས་གཏན་དུ་གཞོམ་དུ་གསོལ། །ཡིད་ཡང་རྟག་ཏུ་བདེ་བ་དང་། །ལོངས་སྤྱོད་ཕུན་སུམ་ཚོགས་ལྡན་ཤོག །ཤཱཀྱ་སེདྒེའི་སྤྱན་ལྔ་རུ། །ཇི་ལྟར་སློབ་མར་དམ་བཅས་བཞིན། །བདེ་གཤེགས་བསྟན་པ་ཁྱེད་ཉིད་ལ། །བསྲུང་ཞིང་རྒྱས་པར་བྱ་བ་དང་། །ནད་དང་རིམས་དང་དུག་རྣམས་དང་། །ཆུ་དང་མཁའ་འགྲོ་རྐུན་པོ་དང། །དུས་མ་ཡིན་པར་འཆི་བ་དང་། །བཀྲ་མི་ཤིས་པ་ཐམས་ཅད་རྣམས། །དེ་དག་ཁྱེད་ཀྱི་བཟློག་ཏུ་གསོལ། །རྣལ་འབྱོར་བཅོལ་པའི་ལས་རྣམས་མཛོད། །ཞེས་བསྐུལ་ལོ། །ལས་བཅོལ་ལོ། །ཨཐྎ ༈ མགོན་པོའི་མདོས་བཞུགས། རྡོ་རྗེ་སྲིན་པོ་ལ་ཕྱག་འཚལ་ལོ། །མགོན་པོ་ཚོགས་བདག་གི་མདོས་ལ་དྲུག་སྟེ། དང་པོ་མཐུན་རྫས་ལ་སོགས་ཏེ། །དབུས་སུ་མཎྜལ་གྲུ་བཞི་པ། །དེའི་སྟེང་དུ་རི་རབ་གྲུ་གསུམ་པ་ག་ལ་ཏིང་ལོ་བཞིས་བརྒྱན་གཡག་དང་། སྟག་དང་། དྲེའུ་དང་། རྟ་དང་། དྲེད་དང་། འཕར་བ་དང་། ལུག་ནག །བྱ་ནག །ཁྱི་ནག །རྔ་མོ་ལ་སོགས་གཟུགས་ཀྱིས་བསྐོར། །བཤོས་བུ་གྲུ་གསུམ་ཏིང་ལོ་ཅན། །འབྲང་རྒྱས་ནག་པོ་དང་། བནྡྷེ་ནག་པོ་གཡག་ཞོན་པ། །བན་དྷེ་ནག་པོ་སྟག་ཞོན་པ། །བུད་མེད་ནག་མོ་རལ་པ་ཅན་ལ་སོགས་པ་ནམ་མཁའ་དང་རྒྱང་བུ། མདའ་འཕང་དང་། ཕོ་གདོང་མོ་གདོང་ཁྲམ་ཤིང་ལ་གཟུག །བཤོས་བུ་མན་ཆད་རབ་ཉི་ཤུ་རྩ་གཅིག །འབྲིང་བཅུ་གསུམ། ཐ་མ་བདུན། གཉིས་པ་ཡི་དམ་གང་བྱེད་ཀྱི་འཕྲིན་ལས་གཞུང་བསྲང་ལ་འཛབ་བཟླས་ལ་དཔལ་ལ་བསྟོད། གསུམ་པ་བསྐུལ་པ་བྱ་ཞིང་བསྙེན་བསྒྲུབ་པའི་སྔགས་དྲག་ཏུ་བཟླས། བཞི་པ་མདོས་བྱིན་གྱིས་རླབས་ལ་སྤྱན་དྲངས་ཏེ་འདི་སྐད་དོ། །ཧཱུྃ། ལྕང་ལོ་ཅན་གྱི་ཕོ་བྲང་ནས། །ནག་པོ་ཆེན་པོ་སྤྱན་འདྲེན་ན། །ཐུགས་རྗེས་དགོངས་ལ་གཤེགས་སུ་གསོལ། །བམ་རི་ཐོད་མཁར་ཆེན་པོ་ནས། །དགེ་བསྙེན་ལེགས་ལྡན་ཆེན་པོ་སྟེ། །རྡོ་རྗེ་རོ་ལངས་དུར་ཁྲོད་བདག །ནག་པོ་ཆེན་པོ་སྤྱན་འདྲེན་ན། །སངས་རྒྱས་བསྟན་པ་བསྲུང་བ་དང། །རྣལ་འབྱོར་དགྲ་བགེགས་བསྒྲལ་བ་དང་། །བླ་མེད་འབྲས་བུ་བསྒྲུབ་པའི་ཕྱིར། །རྫས་ལ་བརྟེན་ནས་འབོད་ལགས་ན། །རྣལ་འབྱོར་མགོན་གྱུར་དགོངས་སུ་གསོལ། །ཚོགས་བདག་དེ་ལ་སྦྱོར་བའི་ཡུམ། །ཉེ་གནས་ཀྲོ་ཏི་ཤྭ་རི་མ། །ནག་པོ་ཆེན་པོ་ཁྲག་འཐུང་གཙོ། །འཇིགས་པའི་རྒྱལ་མོ་དབང་མོ་ཆེ། །ཚོགས་བདག་དགྱེས་པ་བསྐྱེད་པའི་ཕྱིར། །དམ་རྫས་འདི་ལ་དགོངས་ནས་ཀྱང་། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །དེ་ཡི་འཁོར་དུ་འདུས་པ་ཡི། །རྣལ་འབྱོར་ཕོ་མོ་འཁོར་དང་བཅས། །དམ་རྫས་འདི་ལ་དགོངས་ནས་ཀྱང་། །ཕྲིན་ལས་མཛད་ཕྱིར་གཤེགས་སུ་གསོལ། །ཚོགས་བདག་ཆེན་མོ་འཁོར་བཅས་རྣམས། །མོས་ཤིང་འདུད་པའི་ཚུལ་གྱིས་གཤེགས་སུ་གསོལ། །དགའ་དང་གུས་པའི་ཚུལ་གྱིས་གཤེགས་སུ་གསོལ། །མགོན་སྐྱབས་ཕྲིན་ལས་མཛད་ཕྱིར༴ མཁར་བས་བརྩོན་པར་མཛད༴ དམག་བས་མང་བར༴ གློག་བས་མྱུར་བར་མཛད་ཕྱིར༴ ལོག་འདྲེན་ཟིལ་གྱིས་གནོན་ཅིང༴ བསྲུང་མ་དམ་པར་དགོངས་ནས༴ ལྔ་པ་མཚན་ཉིད་བརྗོད་ལ་པུ་ཙ་དབུལ་བ་ནི། ཧཱུྃ། སྔོན་གྱི་བསྐལ་པ་དང་པོ་ལ། །སངས་རྒྱས་མི་བསྐྱོད་བསྟན་པ་དེ། །ཞིང་ཁམས་མངོན་པར་དགའ་བ་བྱ། །དེ་ལྟ་བུ་ཡི་བསྐལ་པ་ལ། །སྤྱིར་ནི་འཁོར་བ་ཐོག་མཐའ་མེད། །རུ་ཏྲར་འཁོར་བའི་དུས་ཙམ་ན། །ཡབ་ལ་དེ་ནི་མཚན་གསོལ་བ། །ཁྱིམ་བདག་ཀེའུ་ཀ་མས་བྱ། །ཉིད་ལ་དེ་ནི་མཚན་གསོལ་པ། །ཐར་པ་ནག་པོ་ཞེས་ཀྱང་བྱ། །གཡོག་ལ་དེ་ནི་མཚན་གསོལ་བ། །དན་ཕག་ནག་པོ་ཞེས་ཀྱང་བྱ། །དེ་ཡི་དུས་ཙམ་ན། ཐུབ་དཀའ་གཞོན་ནུ་དེས། །བསྟན་པའི་སྟོན་པ་ལ། །ལམ་གྱི་ཁྱད་པར་ཅན། །ལོག་པའི་ལས་ཀྱང་སྤྱོད། །བྱང་ཆུབ་ཐོབ་པའི་ཐབས། །བདེ་མཆོག་ཐོས་ནས་ཀྱང་། །ཐུབ་དཀའ་གཞོན་ནུ་ལ། །ཤིན་ཏུ་མོས་པ་བྱས། །རབ་ཏུ་དད་པ་སྐྱེད། །དགེ་སློང་ཆེན་པོ་ཁྱོད། །ལོག་པའི་སྤྱོད་པ་བཞི། །མི་འདོར་སྤྱོད་པས་ནི། །བྱང་ཆུབ་ཐོབ་པའི་ཐབས། །བདེ་མཆོག་ཐོས་པ་ལ། །དེ་ལྟར་ངེས་ལགས་སམ། །དེ་སྐད་ཞུ་བ་ལས། །དེ་ལྟར་ངེས་པ་རུ། །ཐུབ་དཀའ་གཞོན་ནུ་དེས། །ཞལ་ནས་བཀའ་སྩལ་པ། ཐར་པ་ནག་པོ་དེ། །གཡོག་དང་བཅས་པ་རྣམས། །དགའ་འགུ་ཡི་རངས་ཏེ། །རུ་ཏྲའི་ཞལ་ན་རེ། །བདག་ཅག་འཁོར་བཅས་རྣམས། །ཁྱེད་ཀྱི་འཁོར་དུ་མཆིས། །དཀའ་བར་བཟུང་དུ་གསོལ། །དེ་སྐད་གླེང་པ་ལས། །ཐུབ་དཀའི་ཞལ་ན་རེ། །ལེགས་པོ་ཡིན་ནོ་སྐད། །ཐར་པ་ནག་པོ་དེ། །རབ་ཏུ་བྱུང་ནས་ནི། །དམ་པར་བཀའ་སྩལ་ཅིག །བསྟན་པ་ཡིན་བཞིན་ཏེ། །ཇི་སྐད་བསྟན་དུ་གསོལ། །དེ་སྐད་ཞུས་པ་ལས། ཐུབ་དཀའ་གཞོན་ནུ་དེས། །ཞལ་ནས་བཀའ་རྩལ་པ། ཇི་བཞིན་ཉིད་དེ་མ་བཅོས་ན། །དངོས་པོ་བཞི་ལ་གནས་བཅས་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །འདི་ནི་རྣལ་འབྱོར་དམ་པའི་ལམ། །དེ་སྐད་བཀའ་རྩལ་ཏེ། །གདམ་ངག་བསྟན་པ་ལས། །རུ་ཏྲ་ནག་པོ་དེས། །དོན་དམ་མ་རྟོགས་ཏེ། །ཚིག་ཏུ་སྤྱད་པས་གོལ། །གཡོག་པོ་དན་ཕག་དེ། །དོན་དམ་རྟོགས་པ་ལས། །དཔོན་གཡོག་མ་མཐུན་ཏེ། །རྩོད་པ་ཆེན་པོ་བྱས། །ཞལ་ལྕེ་སུ་ལ་བཅོལ། །ཐུབ་དཀའ་ཉིད་ལ་བཅོལ། །ཐུབ་དཀའ་གཞོན་ནུ་དེས། །རང་ཉིད་མ་བཅོས་པས། །དྲང་པོར་བཀའ་སྩལ་ཏེ། །རུ་ཏྲ་མ་རྟོགས་སོ། །དན་ཕག་དེ་བཞིན་བྱས། །ཐར་པ་ནག་པོ་དེས། །ཤིན་ཏུ་ཐུགས་ཁྲོས་ནས། །ཐུབ་དཀའ་གཞོན་ནུལ་ཞེ་སྡང་དྲག་པོ་སྐྱེས། དཔོན་དུ་མཉམ་པ་ལས། མཉམ་ཡང་མ་བྱས་པར། །དན་ཕག་དེ་བཞིན་བྱས། །མི་ལས་མི་སྲིད་དོ། །དེ་སྐད་སྨྲས་ནས་ནི། །དཔོན་གྱིས་སྤྱུགས་ཏེ་གའང་། །ལོག་པའི་ལམ་ལ་ཞུགས། །ཟས་སུ་མི་ཤ་ཟ། །སྐོམ་དུ་མི་ཁྲག་འཐུང་། །གོས་སུ་མི་ལྤགས་གྱོན། །ཐམས་ཅད་ལོག་པར་བསྒྱུར། །ལྕེ་སྤྱང་ནག་པོ་དང་། །འཕར་བ་རྐང་རྡེབ་དང་། །དྲེད་མོ་ལག་རྡེབ་དང་། །དུར་བྱ་ཀམ་ཀ་དང་། །བྱ་གཅན་གསོད་བྱེད་དང་། །ཟ་བྱེད་དུར་ཕག་ལ་སོགས་ཏེ། །གསོད་པ་མང་པོ་བསྟེན། །ཐམས་ཅད་སྲོག་གཅོད་པས། །ཤ་ཁྲག་ལོངས་སྤྱོད་ཅིང་། །སྨད་འཚོང་མའི་ཚོགས་རྣམས་དང་། །དབང་དུ་བསྡུས་ཏེ་ཆགས་པ་སྤྱོད། །སྐྱེ་བ་འཕོས་ནས་ནི། །ཅེ་སྤྱང་ནག་པོ་དང་། །ཁྱི་ནི་ལུ་འདེ་སོགས། །བྱ་ནི་ནེ་ལེ་ཤ་ཟན་དང་། །ཁྲག་འཐུང་མཆུ་དམར་དང་། །འདོམ་གྱི་སྐྱེ་བོའི་ལུས་དག་བླངས། །དྲག་པོའི་ལག་བདག་མྱོང་བར་འགྱུར། །གཉེན་པོ་གཞན་གྱི་འཕོ་བར་འགྱུར། །དེ་ལྟར་ཤིན་ཏུ་བརྒྱུད་པས་ནི། །ཤིན་ཏུ་རྩུབ་པའི་ལུས་བླངས་ནས། །དྲག་པོའི་ལས་བདག་མྱོང་བར་འགྱུར། །དེ་འཕྲོས་ནད་དང་མུ་གེ་དང་། །མཚོན་གྱིས་བསྐལ་པ་ལ་སོགས་སྐྱེས། །སྐྱེ་བ་དེ་ཡི་ཕྱི་མ་ལ། །ཡབ་ཀྱི་མཚན་གསོལ་པ། །སྤྲུལ་པ་གཉན་དྲེགས་ཅན། །ཉིད་ཀྱི་མཚན་གསོལ་པ། །འབྱུང་པོ་རྟོགས་འདོད་ཅན། །སྐྱེ་བ་དེའི་ཕྱི་མ་ལ། །ཡུལ་ནི་ལང་ཀ་པུ་རུ་རུ། །སྨད་ཚོང་མའི་མངལ་དུ་ཞུགས། །ཟླ་དགུ་ལོན་ནས་ནི། །མ་ནི་ཤི་བར་གྱུར། །མ་ཤི་བུ་འདུག་སྟེ། །དུག་ཤིང་ནལ་བྱའི་རྩར། །རོ་ཡི་མཆན་དུ་བཅུག །ནུ་ཞོ་འཇིབས་པ་ལས། །ཞག་བདུན་འཚོ་བ་བྱས། །ནུ་ཁྲག་འཇིབས་པ་ཡིས། །ཞག་བདུན་འཚོ་བ་བྱས། །རུ་ཏྲ་དྲེགས་པ་ཞེས་ཀྱང་བྱ། །ནག་པོ་གདུག་པས་སྨྱོན་པ་དེས། །ནག་པོ་ཆེན་པོ་དེས། །ཐལ་བ་ཆེན་པོ་ལ། །ཁྲག་དང་ཞག་གིས་བརྒྱན། །ཉིད་ཀྱི་ཆ་ལུགས་ནི། །ཞལ་གཅིག་ཕྱག་བཞི་པ། །གཡས་ན་ཁྱུང་གི་རྒྱལ་མཚན་དང་། །ཁ་ཊྭཱྃ་རྩེ་གསུམ་འཛིན། །གཡོན་ན་ཞག་པ་ནག་པོ་དང་། །རལ་གྲི་རྣོ་གཅོད་འཛིན། །སྟག་གི་ཤམ་ཐབས་ཅན། །གླང་ཆེན་ཀོ་རློན་གསོལ། །ཞིང་ཆེན་གཡང་གཞི་གྱོན། །བྱའི་གཤོག་པ་ཅན། །ལས་ཀྱི་དེད་དཔོན་དྲག་པོ་དེས། །ཚངས་པ་དང་ནི་བརྒྱ་བྱིན་དང་། །རྒྱལ་ཆེན་བཞི་ཡི་འཁོར་གྱིས་བསྐོར། །གནོད་སྦྱིན་དེད་དཔོན་བཞི་རྣམས་དང་། །ཁྱོད་ཀྱི་བྲན་དང་གཡོག་ཏུ་འཁོལ། །ཀླུ་དང་ས་བདག་ཕོ་ཉར་འགྱེད། །དམིགས་པའི་སེམས་ཅན་རྡུལ་དུ་རློག །ལང་ཀ་མགྲིན་བཅུ་སྲིན་པོ་དེ། །དྲེགས་པ་རུ་ཏྲས་དབང་དུ་བྱས། །ཀུན་ཀྱང་བདག་གི་གཙོ་བོ་ཟེར། །སྲིན་ཕྲུག་ཀུན་ཀྱང་འདར་ཞིང་རིག །དྲེགས་པ་ནག་པོ་ཆེན་པོ་དེས། །བལྟས་ན་ཀུན་ཀྱང་རྒྱལ་བར་བྱེད། །བཟུང་ན་ཀུན་ཀྱང་མྱགས་པར་བྱེད། །གནོད་སྦྱིན་བྱ་ཡི་གཤོག་པ་ཅན། །འཕུར་བས་གཟུགས་ཁམས་དབང་དུ་སྡུད། །འཇིག་རྟེན་སྲིད་པ་གསུམ་ན་ཡང་། །དྲེགས་པ་བཞི་ལས་སུ་ཞིག་ཆེ། །རབ་ཏུ་འཇིགས་པའི་རྫུ་འཕྲུལ་ནི། །རི་རབ་མཛུབ་མོའི་རྩེ་ལ་ཡང་། །འཇིག་རྟེན་སྲིད་པ་གསུམ་ན་ཡང་། །དྲེགས་པས་བགྱིང་ཞིང་ཀླད་ལ་བསྐོར། །དེ་ལྟར་རྟག་ཏུ་གཏུམ་པ་ཡིས། །དངོས་པོ་བཞི་ནི་དབང་དུ་བྱས། །བམ་རི་ཐོད་པ་མཁར་གྱི་རྩེ། །ཁྲག་དང་གཤངས་གཅི་ཤ་ཆེན་དང་། །རྐང་དང་ཀླད་པ་ཀླད་རྒྱས་དང་། །འདམ་གྱི་ཕྲུ་མས་ཡོངས་སུ་བསྐོར། །འབུ་དང་ཤིན་ཏུ་འབུ་ཆེན་པོ། །སྦྲང་མ་སྦྲང་རྒོད་བུང་བ་དང་། །སྦྲུལ་དང་སྡིག་པ་སྡོམ་ལ་སོགས། །ཀམ་ཀ་ཁ་ཀེག་འུག་པའི་ཚོགས། །ལྕེ་སྤྱང་སྟག་སེང་ལ་སོགས་པའི། །གདུག་པ་ཅན་གྱི་འཁོར་གྱིས་བསྐོར། །ལྷ་ཡི་དེད་དཔོན་ཀ་རུ་ནའི། །བུ་མོ་ཆུང་མ་མ་སྲིང་དང་། །འཇིག་རྟེན་དབང་ཕྱུག་ལྷ་ཆེན་གྱིས། །མ་སྲིང་བུ་མོ་ཆུང་མ་རྣམས། །ཕྲོགས་ནས་དབང་དུ་བྱས་པ་ཡིས། །ལྷ་ཆེན་ཕོ་མོ་འཁོར་དང་བཅས། །རུ་ཏྲའི་ཕྲུ་མ་གྲོང་རྡལ་ཏེ། །ཆེ་མཆོག་རྡོ་རྗེ་སྲིན་པོ་དེས། །སྔོན་བྱུང་ཐུགས་རྗེས་འབྲེལ་བ་ཡིས། །ཐུན་འཇུག་འདུལ་བའི་སྤྱན་གྱིས་གཟིགས། །འབར་བ་ཆེན་པོ་གར་དགུ་ཡིས། །བཅོམ་ནས་དབང་དུ་བསྡུས་བྱས་ཏེ། །ཐུགས་རྗེས་འཁོར་བའི་ས་ལས་བསྒྲལ། །དཀྱིལ་འཁོར་གསུམ་གྱིས་དབང་ཡང་བསྐུར། །རྡོ་རྗེ་རོ་ལངས་དུར་ཁྲོད་བདག །མིང་གིས་དབང་བསྐུར་བྲན་དུ་བྱས། །རྣལ་འབྱོར་ཡོངས་ཀྱི་མགོན་པོ་སྟེ། །དགེ་བསྙེན་ཆེན་པོ་ཁྲོས་པའི་གནས། །བམ་རི་ཐོད་པ་བརྩེགས་པའི་དབུས། །གནམ་ལྕགས་འབར་བའི་གཟེར་ཆེན་གྱིས། །བརྟན་པར་བཏབ་པའི་ནད་བདག་སྟེ། །ཁྲོ་བདག་ཆེན་པོ་མ་རུངས་པ། །མི་བཟད་སྟག་གི་ཤམ་ཐབས་ཅན། །དབུ་གསུམ་ཕྱག་དྲུག་གདུག་པ་ཅན། །གདུག་པ་འདུལ་ཕྱིར་མཚོན་ཆ་བསྣམས། །ཞིང་ཆེན་གླང་ཆེན་ཀོ་རློན་གསོལ། །མི་བཟད་སྟག་གི་ཤམ་ཐབས་ཅན། །སྦྲུལ་ནག་འཇིགས་པའི་སྐུ་རགས་བཅིངས། །དབང་དྲག་ལས་རྣམས་རྫོགས་མཛད་པ། །ཁྱེད་ཀྱི་རྣལ་འབྱོར་ལས་མཛོད་ཅིག །ལྷ་དམག་གཉེན་ལ་བདུད་དམག་བཟློག །བདག་ཅག་རྣལ་འབྱོར་འཁོར་བཅས་རྣམས། །ཁྱོད་ཀྱིས་སྐྱབས་ཅིང་བསྲུང་དུ་གསོལ། །ཤེས་རབ་གསུམ་གྱི་མཉེས་པའི་ཡུམ། །ཉེ་གནས་ཀྲོ་ཏི་ཤྭ་རི་མ། །ཐོད་སྐྱོགས་ཁྲག་གིས་བཀང་བ་དང་། །འབྲུ་མར་རྫས་ལྔ་ཆང་སྦྱར་བ། །རྟག་པར་རང་གི་ལོངས་སྤྱོད་འཛིན། །ཆགས་པས་མྱོས་ཤིང་སྐམ་པས་ན། །ཚོགས་བདག་ཉིད་ཀྱང་གཉིས་མེད་འཁྲིལ། །དེ་ཡི་འཁོར་ཚོགས་གསང་བའི་ཡུམ། །དུར་ཁྲོད་མ་མོ་གྲུ་འདེགས་མ། །སྐམ་མ་ཤིན་ཏུ་སྐམ་མ་དང་། །ར་རོ་མ་དང་ཆང་འཐུང་མ། །ཆགས་མྱོས་མདངས་ཀྱིས་འཁོད་པ་དང་། །ལས་བཞི་ཚུལ་གྱིས་གྲུབ་པར་མཛོད། །སྲིན་པོའི་ཉེ་གནས་ཆེན་པོ་བརྒྱད། །ཀེའུ་རི་ལ་སོགས་འཁོར་གྱིས་བསྐོར། །རབ་འཇིགས་དུར་ཁྲོད་མ་མོ་བརྒྱད། །རྣལ་འབྱོར་གྲུབ་པའི་ལས་རྫོགས་མ། །ཡང་དག་དོན་རྣམས་གྲུབ་པར་མཛོད། །སྲིད་པའི་བུ་མོ་དྲི་ཟ་བརྒྱད། །སྟག་སེང་ཝ་སྤྱང་བཞད་སོགས་དང་། །དུར་བྱ་བྱ་རོག་འུག་པའི་ཚོགས། །བསྟོད་ཅིང་རྔམས་པའི་ཚུལ་དུ་འཁོད། །སེང་གདོང་ལ་སོགས་ཕྲ་མེན་མ། །ཐུན་འཇུག་ཐབས་ཀྱི་དོན་བྱེད་མ། །གང་ལ་གང་འདུལ་གྲུབ་པར་མཛོད། །དུར་ཁྲོད་ས་ཡི་སྒོ་བསྲུང་བཞི། །གདོང་མོ་བརྩོན་མོ་གར་ལོག་མོ། །དེ་བཞིན་འཇུག་མོ་ཆེན་མོ་བཞི། །གསང་སྒོ་འཛིན་ཅིང་བཀའ་སྒོ་བསྲུངས། །ཁྱེད་རྣམས་རྣལ་འབྱོར་ལས་མཛོད་ཅིག །སླས་དང་བྱི་མོ་བྲན་མོའི་ཚོགས། །བཅུ་གཉིས་དང་ནི་བརྒྱད་ལ་སོགས། །མ་མོ་ཕྲ་མེན་གནོད་སྦྱིན་མོ། །སྲིན་མོ་ཤ་ཟ་ཁྲག་ཕྲོག་མ། །བདུད་ཀྱི་མིང་འཛིན་བླ་ཀུན་མ། །བློན་མོ་དམག་དཔོན་དེད་དཔོན་མོ། །རུ་དཔོན་ཕོ་ཉ་མངག་པར་བཅས། །འཁོར་བཅས་ཕོ་ཉ་ཁྱེད་རྣམས་ཀྱིས། །བདག་ཅག་རྣམས་ཀྱི་ལས་གྲུབ་མཛོད། །སྔོན་ཚེ་དཔའ་བོའི་སྤྱན་སྔ་རུ། །དེ་ནས་སླན་ཆད་བཀའ་བཞིན་དུ། །བཀའ་ལུང་བཞིན་དུ་རྗེས་སུ་སྒྲུབས། །ཇི་ལྟར་ཁས་བླངས་ཇི་བཞིན་དུ། །ད་ལྟ་རྣལ་འབྱོར་བདག་ལུས་སྒྲུབ། །དམ་པའི་ལུང་ལ་འགལ་གྱུར་ན། །ཁྱེད་ཅག་རྣམས་ཀྱི་མགོ་ལུས་སྙིང་། །རུལ་མྱགས་སྐམ་ནས་ཚིག་པར་འགྱུར། །ཞེས་ནི་མནའ་བོར་དམ་བཅས་སོ། །དམ་བཅས་དེ་ལས་མ་མདའ་ཅིག །མ་སྲིང་བུ་མོ་ཆུང་མ་རྣམས། །འབངས་སུ་བྱས་སོ་མ་གཡེལ་ཅིག །ཉེ་གནས་གདུང་བའི་མ་སྲིང་རྣམས། །དེང་ནས་རྒྱལ་བའི་འབངས་ཡིན་གྱི། །དམ་པ་རྣམས་ཀྱི་བྲན་གྱིས་ཅིག །ཁྱེད་རྣམས་བཀའ་ཡི་ལས་མཁན་ཏེ། །བཀའ་ཡི་ལས་བྱུང་མྱུར་དུ་བསྒྲུབ། །ཇི་ལྟར་མ་བྱམས་བུ་ལ་གདུང་བ་བཞིན། །དམ་ཚིག་ཅན་ལ་དུང་དུང་གདུང་བར་གྱིས། །གང་དུ་སྲིང་བྱམས་མིང་ལ་བརྩེ་བ་བཞིན། །དམ་པ་རྣམས་ལ་ངེས་པར་བརྩེ་བར་གྱིས། །ཇི་ལྟར་ཁས་བླངས་ཚུལ་བཞིན་སྒྲུབས། །ཐུགས་དང་མཐུན་པའི་རྫས་འབུལ་བའི། །ཇི་ལྟར་འདོད་བཞིན་བསྣམས་སུ་གསོལ། །ཇི་ལྟར་འདོད་བཞིན་བསྣམས་ནས་ཀྱང་། །ཡིད་དང་མཐུན་པའི་དངོས་གྲུབ་སྩོལ། །རྫོགས་པའི་ལས་རྣམས་གྲུབ་ནས་ཀྱང་། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །དུས་གསུམ་དབང་དུ་བསྡུས་ནས་ཀྱང་། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཐུགས་དམ་གཉན་པོ་བདག་སྐོངས་པས། །ཐུགས་མཆོག་མགོན་པོ་འདིར་གཤེགས་ལ། །དམ་རྫས་གཏོར་མ་འདི་ལ་རོལ། །ཕུད་དང་རཀྟ་བཞེས་སུ་གསོལ། །ཕྱི་ཡི་མཆོད་པ་བསྔོ་བ་ནི། །བཤོས་བཟང་ཞལ་ཟས་མར་མེ་དང་། །མི་གླུད་རིན་ཆེན་མཛེས་པ་དང་། །མཐུན་པའི་སྲོག་ཆགས་གཟུགས་འབུལ་གྱི། །ཚོགས་བདག་ཡབ་ཡུམ་འཁོར་བཅས་ཀྱིས། །མདོས་མཆོག་དམ་པ་འདི་བཞེས་ལ། །ལོངས་སྤྱོད་གླུད་ཀྱིས་མཉེས་གྱུར་ཅིག །ནམ་མཁའ་འདི་ནི་ཡུལ་དུ་འབུལ། །ཕུལ་བ་འདི་དག་བཞེས་ནས་ཀྱང་། །མཁར་གྱིས་ས་དགྲ་ད་སྲུངས་ཤིག །ཕོ་གདོང་ཁྲམ་ཤིང་འདི་ཕུལ་བས། །ཕུལ་བ་འདི་དག་བཞེས་ནས་ཀྱང་། །ཕོ་བདུད་བསྒྱུར་ལ་ཁྲམས་ཁ་ཕྱིས། །མོ་གདོང་མོ་འཕངས་འདི་ཕུལ་བས། །ཕུལ་བ་འདི་དག་བཞེས་ནས་ཀྱང་། །འཁོར་གྱི་ས་དགྲ་ད་སྲུངས་ཤིག །འཁོར་འདི་བསྲུང་བའི་རྐྱེན་རྣམས་བཟློག །དྲུག་པ་ཐུགས་དམ་བསྐང་ཞིང་ལས་བཅོལ་བ་ནི། རྒྱུ་ཤ་ཁྲག་ཡོད་ན་ལེགས། མེད་ན་དབང་པོ་ལྔ། ལིདྒ་དང་། ཀླད་ཁྲག་དབུལ་ཏེ་འདི་སྐད་དོ། །བྷྱོ། ཚོགས་བདག་འཁོར་དང་བཅས་པ་རྣམས། །ལས་ལ་གཞོལ་ཅིང་ཞལ་དུ་བསྟབ་པ་ནི། །དམ་ཉམས་དམ་ཚིག་ལོག་པ་དང་། །ལོགས་སྤྱོད་སྐྱེ་བོ་སྔགས་བཟློག་མཁན། །མ་ཉེས་ཀླན་ཀ་འཚོལ་བ་རྣམས། །དངོས་སུ་བསྒྲལ་བའི་ཤ་ཁྲག་དང་། །གཟུགས་ལ་བཀུག་ནས་བསྟིམ་ལ་སོགས། །ཚོགས་བདག་ཡབ་ཡུམ་ཐུགས་དམ་བསྐང་། །གཏི་མུག་ཤ་ཡི་མཆོད་པ་ཡིས། །ཚོགས་བདག་ཡབ་ཡུམ་ཐུགས་དམ་བསྐང་། །བསྐང་གྱུར་ཕྲིན་ལས་བཅོལ་བ་ནི། །མ་ཉེས་ཁ་ཡོགས་ད་བསྒྱུར་ཅིག །ཞེ་སྡང་རུས་པའི་མཆོད་པ་འདིས། །ཚོགས་བདག་ཡབ་ཡུམ༴ བསྐང་གྱུར༴ ཐུགས་ཀྱི་སྡུག་པ་ཞི་བ་དང་། །བར་ཆད་འཁུ་ལྡོག་མེད་པར་མཛོད། །བ་སུ་ཏ་ཡི་མཆོད་པ་ཡིས། །ཚོགས་བདག༴ བསྐང་གྱུར༴ ཐུགས་རྗེས་བྲེང་བྲེང་རྒྱུན་མ་གཅོད། །ཙིཏྟ་སྙིང་གི་མཆོད་པ་ཡིས། །ཚོགས་བདག༴ བསྐང་གྱུར༴ ཡིད་ལ་གནག་པ་ཤོ་ར་རེ། །གོ་རོ་ཙ་ནའི་མཆོད་པ་ཡིས། །ཚོགས་བདག༴ བསྐང་གྱུར༴ རྒྱལ་པོ་གདན་ལས་བསྐྱོད་པ་རེ། །ཞིང་ཆེན་གཡང་གཞིའི་མཆོད་པ་ཡིས། །ཚོགས༴ བསྐང་གྱུར༴ འདུལ་ཞིང་མཐའ་ནས་ཟོག་པ་རེ། །ཡན་ལག་བཞིའི་མཆོད་པ་ཡིས། །ཚོགས༴ སྐོངས༴ ཕྱོག་བཞི་དགྲ་རྣམས་རྡུལ་དུ་རློག །གློ་བ་རྨུགས་ཀྱི་རྒྱལ་པོ་ཡིས། །ཚོགས༴ སྐོངས༴ འབངས་ཀྱི་བློ་ལོག་བྱེད་པ་དང་། །གྲོགས་ཀྱི་གདུག་པ་བཤོམས་པ་རྣམས། འདི་རྣམས་ཁྱེད་ཀྱི་ཞི་བར་མཛོད། །མདོས་མཆོག་དམ་པ་འདི་བཞེས་ལ། །ཞེས་བྱང་ཤར་རམ་ཡང་ན་རྟེན་ཡོད་པའི་སར་སྐྱལ་ལོ། །ཡང་ན་དགྲ་ཕྱོགས་སུ་བསྐྱལ་ལོ། །མ་མོ་དཔོན་གཡོག་དང་སྡེབ་ན་བཀྲ་ཤིས་ལ་མཐུ་ཆེའོ། །མགོན་པོའི་མདོས་ཟབ་ལགས་སོ། ༈ །རྡོ་རྗེ་སྲིན་པོ་ལ་ཕྱག་འཚལ་ལོ། །མགོན་པོའི་ཚོགས་ལ་བསྐང་བའི་རྫས་ནི། གཡག །ལུག །ཁྱི །ཕག །དྲེའུ ། རྔ་མོང་། དྲེད་མོ། མོན་པ། སྡོམ། སྡིག་པ། རྨིགས་པ། སྦྲུལ། ཅེ་སྤྱང་དུར་བྱ་ཀང་ཀ །བྱ་གཅན། གསོད་བྱེད། ཟ་བྱེད། མཆུ་དམར། འུག་པ། བནྡྷེ་ནག་པོ་གཡག་ཞོན་པ། སྟག་ལ་ཞོན་པ། མི་མོ། ཏིང་ལོ། ལྷ་བཤོས་ནག་པོ་ཟུར་གསུམ་པ། འབྲང་རྒྱས་རབ་ཉི་ཤུ་རྩ་གཅིག །འབྲིང་བཅུ་གསུམ། ཐ་མ་དགུ་འམ་བདུན་སོགས། ནམ་མཁའ། རྒྱང་བུ། ཕོ་གདོང་། མོ་གདོང་། མདའ། འཕང་། ཁྲམ་ཤིང་གྲངས་དང་འགྲེ། དེ་རྣམས་རི་རབ་ལ་གཟུག །ཕོ་གདོང་གཡས་ལ་ཁྲམ་ཤིང་། མ་མོ་དག་ལ་ཕོ་གདོང་སྟེ། ལྷ་བཤོས་མདའ་ལ་འབྲང་རྒྱས་འཕང་། ཤར་དུ་ཁྲོ་བོ་གྱིང་གི་རྟེན་དུ་སེདྒེ་གཅིག་བྱ། ལྷོ་རུ་གནོད་སྦྱིན་ཟངས་ཐོགས་ཀྱི་རྟེན་དུ་རྟ་གཅིག་མི་བཞི་བྱའོ། །ནུབ་ཏུ་སྲིན་པོའི་རྟེན་དུ་རཱ་ཧུ་ལ་གཅིག་བྱ། བྱང་དུ་མ་མོའི་རྟེན་དུ་མི་མོ་རལ་པ་ཅན་ཅིག་བྱ། བསྐོང་ན་ནང་ལ་བཟློག་ན་ཕྱིའི། རྒྱས་པ་ལ་མགོན་པོ་ཞལ་གྱི་ནམ་མཁའ་གཡས་གཡོན་ལྗང་གུ་དབུས་ནག །ཙཀྲ་རྩིབས་དྲུག་ལྕགས་ཁམ་ནམ་མཁའ་ཤར་རྒྱང་བུ་དཀར་པོ་གཉིས། དེས་འགྲེ། དམར་པོ་ལྷོ། མཐིང་ག་ནུབ། ནག་པོ་གཉིས་བྱང་། མདའ་འཕངས་འགྲེའོ། །ཕྱོགས་གསུམ་ཟན་གྱིས་ཟུར་ལ་ཁྲག་གི་ཐིག་ལེ་བདུན་བདུན་བྱས་པ་གསུམ་བྱའོ། །ཨཐྎ། ༈ དཀྱིལ་འཁོར་བདུན་པ་འདི་ལ་དོན་གསུམ་སྟེ། ཀླད་དང་གཞུང་དང་། འཇུག་གོ། །དང་པོ་ལ་བཞི། མཚན་དང་། ཕྱག་བཅོམ་ལྡན་འདས་དང་དམ་ཧཱུྃ་ཁྲོ་ལ་བཅའ་བ་དང་། གདམས་པ་བསྟན་པའོ། །དེ་ལ་གཞི་བྱིན་གྱིས་མ་བརླབས་སློབ་དཔོན་མཉེས་ན་གསང་སྔགས་ནི་སྣོད་མེད་ཅིང་འབྲས་རྒྱ་གར་བུ་མེད་པར་གདམས་པ་དང་། བྱིན་གྱིས་བརླབས་པ་དང་། དེ་ཡང་བླ་མ་ལ་རག་ལུས་པས་བླ་མ་བསྟེན་པར་གདམས་པ་དང་། བླ་མ་སངས་རྒྱས་དང་མཉམ་པར་གདམས་པ་དང་། སྣོད་ལྡན་ལ་སྦྱིན་ཞིང་སྣོད་མེད་ལ་མི་སྦྱིན་པར་གདམས་པའོ། །གཞུང་ལ་གསུམ། མདོ་དང་། རྒྱས་པར་དང་། ཞོར་ལ་གཤེགས་གསོལ་བསྡུ་ཞིང་སྤྱོད་ལམ་བསྟན་པའོ། །དང་པོ་ལ་གཉིས། སྦྱང་བྱ་གསུམ་དང་། སྦྱོང་བྱེད་གསུམ་མོ། །སྔ་མ་ལ་གསུམ། གཞི་གང་ལས་འཁྲུལ་བ་དང་། གང་ཟག་གང་འཁྲུལ་བ་དང་། རྒྱུ་གང་ལས་འཁྲུལ་བའོ། །སྦྱང་བྱེད་གསུམ་ནི། གྲངས་དབྱེ་བའི་སྒོ་ནས་ཐབས་གང་གིས་སྦྱང་བ་དང་། གང་ཟག་གང་གིས་སྦྱང་བ་དང་། གནས་གང་དུ་སྦྱང་བའོ། །ཐབས་གང་གིས་སྒོ་ནས་སྦྱང་བ། རྒྱས་པ་ལ་བདུན། དེ་ནི་དལ་བདུན་པའོ། །དང་པོ་ལ་གསུམ། སྔོན་འབྱུང་རིམ་པ་དང་། དེ་བཞིན་ཉིད་དངོས་དང་། ངེས་ཚིག་བསྟན་པའོ། །ཕྱག་རྒྱ་དངོས་གྲུབ་གསུམ། སྔོན་འབྱུང་དང་། ཉམས་བླངས་རིམ་པ་དང་། ངེས་ཚིག་གོ། །ཉམས་བླངས་ལ་གསུམ། གནས་རྫས་གཟུགས་བརྙན་དཀྱིལ་འཁོར་དང་། དམ་ཚིག་དཀྱིལ་འཁོར་དང་། ཡེ་ཤེས་དལ་གྱི་ཆོ་གའོ། །དམ་ཚིག་དལ་ལ་བཞི། སྔོན་དུ་བསོད་ནམས་ཚོགས་བསགས་པ་དང་། ཡེ་ཤེས་ཀྱི་ཚོགས་སྟོང་པར་བསྒོམ་པའོ། །དབང་ཆེན་གཞལ་ཡས་གདན་དང་བཅས་པར་བསྒོམ་པ་དང་། བརྟེན་པ་ལྷ་བསྐྱེད་པའོ། །དེ་ལ་གཉིས་གཙོ་དང་འཁོར་རོ། །སྔ་མ་ལ་གསུམ། རྒྱུའི་ཧེ་རུ་ཀ་བསྐྱེད་ཅིང་གསོལ་བ་བཏབ་པ་དང་། འབྲས་བུའི་ཧེ་རུ་ཀ་ཡབ་ཡུམ་བསྐྱེད་པ་དང་། བྱིན་དབང་བསྐུར་བའོ། །འཁོར་བསྐྱེད་པ་ལ་གཉིས། གསང་དལ་བསྐྱེད་པ་དང་། དབང་དལ་སྤྲུལ་པའོ། །ཡེ་ཤེས་ལ་འདུན། སྤྱན་དྲང་པ་དང་། ཕྱག་འཚལ་བ་དང་། གཉིས་སུ་མེད་པར་བསྟིམ་པ་དང་། །བྱིན་དབང་གི་རྒྱས་གདབ་པ་དང་། །པུ་ཙ་རྒྱས་པར་དབུལ་བ་དང་། །བསྟོད་པ་བྱ་བ་དང་། བསྒོམ་བཟླས་ཀྱི་བསྙེན་པའོ། །བྱང་སེམས་དལ་ལ་གསུམ། སྔོན་བྱུང་དང་། ཉམས་བླངས་དང་། གཞུང་གསུང་ཞུས་གདམས་པའི་ངེས་ཚིག་དང་བཅས་པའོ། །དང་པོ་ལ་གསུམ། སེམས་བཙལ་ཚུལ་དང་། སྔོན་གྱི་གདམས་པ་བཙལ་བའོ། །ཉམས་སུ་བླངས་ལ་བཞི། ལྷ་སྒྱུ་མ་ལྟར་དམིགས་པའི་རྟེན་དང་། འོད་ཟེར་འཕྲོས་འདུས་ཁྲུས་བྱས་པའི་ཐིག་ལེའི་རྟེན་དང་། ཉམས་སུ་བླང་བ་དངོས་དང་། དེ་ལ་ལམ་གང་ཟག་རྟེན་དང་སྦྱར་བའོ། །དང་པོ་ལ་གནས་བདུན་པའི་རིམ་པ་དང་། ལྡན་ཆོས་དང་། སྤྲོས་པའི་རིམ་པ་དང་། བསྡུས་པའི་རིམ་པ་དང་། གསལ་བའི་རིམ་པ་དང་། འགོག་པའམ་བརྟན་པའི་རིམ་པ་དང་། འབྱུང་བའམ་བསྐྱེད་པའི་རིམ་པ་བསྟན་པའོ། །བསོད་ནམས་ཀྱི་དལ་ལ། སྔོན་འབྱུང་དང་། གདམ་དང་དངོས་དང་། ངེས་ཚིག་གོ། །བཀའ་སྡོད་ཕོ་ཉ་ལ་གསུམ། སྔོན་འབྱུང་དམ་བཅའ་བ་དང་། དམ་རྫས་ཡོ་བྱད། སྒོམ་རིམ་ངེས་ཚིག་དང་བཅས་པའོ། །དེ་ལ་བཅོ་ལྔ། རུ་ལས་གཙོ་འཁོར་བསྐྱེད་པ་དང་། དྲག་པོ་དགུག་པ་དང་། ཞལ་དུ་རྔུབས་བསྟིམ་མིང་གྲངས་དང་། །དེས་མཇུག་གསོལ་བ་དང་། དཔའ་བོས་བྱིན་གྱིས་བརླབས་ཏེ་སྤྲོ་བ་བསྐྱེད་པ་དང་། དྲག་པོས་སེམས་བསྐྱེད་འཇུག་པ་དང་། དཔའ་བོའི་དམ་དབོག་པ་དང་། དྲག་པོས་ཕྱག་འཚལ་ཞིང་གསོལ་བ་གདབ་པ་དང་། དཔའ་བོ་དང་། དབང་བསྐུར་བ་དང་། དྲག་པོས་དབང་བླང་ཞིང་ཡོན་དབུལ་བ་དང་། དྲག་པོས་ཞལ་བཞེས་མནའ་བསྐྱལ་བ་དང་། དཔའ་བོས་ཞལ་བཞེས་དབང་བསྐུར་བ་དང་། དྲག་པོ་འཁོར་བཅས་ལ་པཱུ་ཛ་དབུལ་ཞིང་མངའ་གསོལ་བ་དང་། སྲོག་སྙིང་ཕུལ་ཏེ་བསྙེན་པ་བསྒྲུབ་བྱ་ཐབས་སོ། །འགྲུབ་ཁུང་ལས་དལ་ལ་གསུམ། སྔོན་འབྱུང་གི་ཡེ་ཤེས་དང་། ཉམས་བླངས་དངོས་དང་། ངེས་ཚིག་གོ། །ཉམས་སུ་བླངས་ལ་བདུན། ལས་དལ་བྱ་ཞིང་རྫས་བཤམས་པ་དང་། གཟུ་དཔང་གསོལ་ཞིང་རྫས་བཤམས་པ་དང་། གཟུ་དཔང་གསོལ་ཞིང་བསྔགས་པ་དང་། ཕོ་ཉ་མངག་ཅིང་བསྐུལ་བ་དང་། མཚན་མ་བྱུང་ན་གདབ་པའི་ལས་དང་། སྦྱོར་བའི་ཆོ་གས་བསྒྲལ་བ་དང་། ཕུད་ལྷག་ལ་བྲོ་བརྡུངས་བ་དང་། དྲག་པོའི་མེས་ལས་ལ་སྦྱར་བའོ། །གཏད་ཁྲམ་མནན་པའི་དལ་ལ་གསུམ་སྔོན་འབྱུང་དང་། ཉམས་བླངས་དང་། ངེས་ཚིག་གོ། །བར་པ་ལ་དྲུག །མཁར་དང་། གཟུགས་བརྙན་བྱ་བ་དང་། ལིདྒ་བྱ་བ་དང་། ཐོད་པ་དང་ཙཀྲ་བྱ་བ་དང་། བསྐྱེལ་བའི་ས་བསྟན་པ་དང་། གཟུ་དཔང་གསོལ་ཞིང་། མནན་པ་དངོས་དང་། མནན་པ་དང་། ཞོར་ལ་གཤེགས་གསོལ་གོ་སླ། སྤྱོད་ལམ་གོ་སླ། དལ་བདུན་པའི་ས་བཅད། བླ་མའི་གདམས་པའི་རྗེད་བྱང་བྱས་པའོ། །ཨཐྎ ༈ མདོ་ཕྲན་ཁོག་དབུབ། དམ་པ་རྣམས་ལ་ཕྱག་འཚལ་ལོ། །མདོ་ཕྲན་རྣམས་ཀྱི་བཤད་ལུགས་ནི། དམ་པའི་ཆོས་ངོས་བཟུང་བ་དང་། དེའི་བཤད་ཐབས། སྔ་མ་སྤྱིར་རྒྱལ་བའི་ཞལ་ནས་གསུང་པའི་བཀའ་ལ་རྒྱུད། དེ་ལ་བརྟེན་ཏེ་མཛད་པའི་བསྟན་བཅོས་མན་ངག་གོ། །དེ་ཡང་རྒྱུད་མ་ཡིན་ཏེ། མན་ངག་ཏུ་ངོས་བཟུང་ངོ་། །དེ་ལ་བཤད་ཐབས་ལྔ་སྟེ། མན་ངག་གི་ངོ་བོ་དང་། ངེས་ཚིག་དང་། རྣམ་གྲངས་དང་། དགོས་ཆེད་དང་། དེའི་བཤད་ཐབས་དངོས་སོ། །ངོ་བོ་གཅིག་ལ་གཉིས་ཏེ། བརྗོད་བྱ་དོན་གྱི་མན་ངག་གི་ངོ་བོ་དང་། བརྗོད་བྱེད་ཚིག་གི་མན་ངག་གི་ངོ་བོའོ། །ངེས་ཚིག་ལ་བཞི་སྟེ། བྱ་སླ་ཚེགས་ཆུང་དོན་ཆེ་དཔག་དཀའ་བའི་ཕྱིར་མན་ངག་གོ། །རྣམ་གྲངས་ལ་གཉིས་ཏེ། དེ་ཁོ་ན་ཉིད་ཅིག་ཆར་གྱི་མན་ངག་དང་། མངོན་པར་རྟོགས་པ་རིམས་ཀྱི་མན་ངག་གོ། །སྔ་མ་ནི་རྫོགས་ཆེན་ལ་སོགས་པའི་མན་ངག་གོང་དང་། མདོ་རང་རང་གི་དེ་ཁོ་ན་ཉིད་ཅིག་ཆར་མན་ངག་ལ་སོགས་པའོ། །རིམ་པ་ལ་གཉིས་ཏེ། ཐེག་པ་སྤྱི་ལ་འཇུག་པ་མངོན་པར་རྟོགས་པ་རིམ་གྱི་མན་ངག་དང་། ཐེག་པ་གནས་སྐབས་ལ་འཇུག་པ་མངོན་པར་རྟོགས་པ་རིམ་གྱིས་པའི་མན་ངག་གོ། །སྔ་མ་ནི་ཐེག་ཆེན་སྒྲོན་མ་དང་། ཐེག་པ་ཆེན་པོ་ཤེས་རབ་ཀྱི་རིམ་པ་དང་། ཐུགས་ཀྱི་སྒོ་ལྕགས་དང་། གེགས་སེལ་བསྡུས་པ་དང་། སྐོལ་མདོ་བཅུ་གཉིས་པ་དང་། ལྟ་རིམ་ལ་སོགས་པའོ། །གནས་སྐབས་ཀྱི་མན་ངག་ལ་གཉིས་ཏེ། རྒྱུད་དབུ་ཞབས་སྤྱི་ལ་འཇུག་པ་མངོན་པར་རྟོགས་པ་ཚིག་རྒྱུད་གཏན་ལ་འབེབས་པའི་མན་ངག་དང་། རྒྱུད་གནས་སྐབས་ལ་འཇུག་པ་མངོན་པར་རྟོགས་པ་རྒྱུད་དོན་བསླབ་ཅིང་ཉམས་སུ་བླངས་བའི་མན་ངག་གོ། །རྒྱུད་ཅི་ལ་འཇུག་པ་མངོན་པར་རྟོགས་པ་རིམ་གྱིས་མན་ངག་ནི་བཞི་སྟེ། འབྲེལ་པ་ནི་ལུང་བསྟན་ཡེ་ཤེས་སྣང་བ་རྒྱན་དང་། དཀའ་སྤྱོད་དང་། གསེང་གཟོང་དང་། ལྕགས་འགྲོལ་དང་། མུན་པའི་གོ་ཆ་དང་། རྒྱ་མདུད་དགྲོལ་བ་དང་། རྣམ་བཤད་ཆེན་པོ་ལ་སོགས་པའོ། །ཁོག་དབུབ་པའི་མན་ངག་ནི། དོན་བསྡུས་རྒྱ་པོ་ཛ་ཆེ་དྷརྨཱ་བོ་དྷི་ཆུང་དང་། བྱུང་རྒྱལ་པོ་ཛ་ཚུལ་བསྡུས་པ་དང་། ཚུལ་གསལ་བྱེད། མེ་ལོང་དྷརྨཱ་བོ་དྷི་གསལ་བྱེད། སྐོལ་མདོ་རྒྱས་བསྡུས་དང་། མན་ངག་སྤྱི་གཅོད་གྲངས་བདུན་བསྟན་པའོ། །ས་གཅོད་ཀྱི་མན་ངག་ནི། རྣམ་ཤནྟ་རཀཱི་ཏ་གྲངས་གསེར་གཟོང་ལ་སོགས་པའོ། །ཏིག་གའམ་གེགས་སེལ་གྱི་མན་ངག་ནི། སེར་ཀ་རྩ་འགྲེལ་ལ་སོགས་པའི་མན་ངག་རྣམས་སོ། །རྒྱུད་གནས་སྐབས་ལ་འཇུག་པའི་མན་ངག་ནི། དོན་བསྡུས་ལ་གཞི་གཟུངས་བ་དང་། །རྒྱུད་འགྲོལ་དང་སྒོ་མོ་སྡུར་དང་། །ཕུལ་དབྱུང་དང་། ཐག་བཅད་པ་དང་ཉམས་བླངས་དང་། །ལ་དོར་སྤྱོད་པ་དབང་རིམ་དང་། །མན་ངག་དོན་དང་མདོར་བསྡུས་རྣམས། །རྣལ་འབྱོར་བསླབ་པའི་མཐའ་བཅུར་བཞེད། ཞེས་པས་བཅུ་རུ་བཤད་པ་དང་། །ལུང་བསྟན་ལས་ལྟ་སྤྱོད་དང་། དཀྱིལ་འཁོར་དབང་དམ་དང་། བསྒྲུབ་པ་འཕྲིན་ལས་རིམས་གྱིས། བརྒྱད་དུ་གཏན་ལ་འབེབས་པ་ཡིན། །ཅེས་པ་རྒྱུད་དོན་བརྒྱད་དུ་བཤད་དེ། དེ་ཁོ་ན་ཉིད་ལྟ་བའི་མན་ངག་ནི། །གདེངས་ཆེན་བཅུ་པ་དང་། དེ་ཁོ་ན་ཉིད། དྲིས་ལན་ལྔ་བཅུ་དང་། གེགས་སེལ་བརྒྱ་པ་དང་། ལམ་རིང་སྟོད་མེ་ལོང་བསྟན་པ་དང་། མེ་ལོང་གསུམ་པ་དང་། བྱང་ཚུལ་སྙིང་པོ་དང་། མཚན་ཉིད་གསལ་སྒྲོན་དང་། མདོ་བཞིའི་བྱེ་བྲག་དང་། གོང་གི་ཐེག་པ་སྤྱི་ལ་འཇུག་པའི་མན་ངག་ཏུ་ངོས་བཟུང་བ་ཀུན་ནོ། །གཉིས་པ་ཟིན་ཆགས་མེད་པ་སྤྱོད་པའི་མན་ངག་ནི། རང་བཞིན་དཀྱིལ་འཁོར་བསྟན་པ་དང་། །དལ་གསུམ་པ་དང་། རིན་ཆེན་འཕྲེང་བའི་སྟོད། དལ་བདུན་པ་དང་། ཚིག་དོན་བསྡུས་པ་དང་། ལུང་གི་རྡོ་རྗེ་ལས་རིམ་དང་། དལ་གྱི་མངོན་ལ་སོགས་པའོ། །བཞི་པ་རིམ་པ་བཀོད་པ་དབང་གི་མན་ངག་ནི་རིན་ཆེན་ཕྲེང་བའི་སྨད་དང་། རྣ་རྒྱུད་རྡོ་རྗེ་ཟམ་པ་དང་། དབང་གི་ལྡེ་མིག་དང་། དབང་དོན་བསྡུས་པ་དང་། དབང་དོན་བྱས་པ་དང་། དབང་དོན་རྒྱ་ཆེན་བཤད་པ་དང་། དབང་གི་མན་ངག་གསང་བ་དང་། ས་ཐ་དང་། དབང་གི་རིམ་པ་ལ་སོགས་པའོ། །ལྔ་པ་མི་འདའ་བ་དམ་ཚིག་གི་མན་ངག་ནི་དམ་ཚིག་ཅན་འཕྲང་ཆེན་པོ་དང་། རྒྱུན་བཤགས་ཆེན་པོ་དང་། དམ་ཚིག་སྤྱི་ཁྲུས་བཤགས་པ་དང་། དམ་ཚིག་གཏེར་དང་། ཁྲུས་ལུང་རྒྱལ་མཚན་ལ་སོགས་པའོ། །དྲུག་པ་དོན་དུ་གཉེར་བ་བསྒྲུབ་པའི་མན་ངག་ནི་གཉིས་ཏེ། ཐུན་མོང་དང་། ཐུན་མོང་མ་ཡིན་པའོ། །ཐུན་མོངས་བསྒྲུབ་པ་ནི། ཚེ་སྒྲུབ་དང་། པྲ་དང་། རོ་ལངས་དང་། རྐང་མགྱོགས་དང་། མངོན་ཤེས་དང་། སྐབས་ར་ཏ་མ་ཏི་འགྲེལ་དང་། རུ་ཏྲ་ལམ་རྒྱལ་པོ་ཛ་རྩ་འགྲེལ་ལ་སོགས་པའོ། །བདུན་ལས་གཡོ་དོར་པ་རིམ་ཡིན་རོལ་པ་ཕྲིན་ལས་ཀྱི་རིམ་པ་ནི། ཡེ་ཤེས་མཚོན་ཆེན་དང་། རོ་བི་མ་ལ་བསྲེག་བཅུ་བཞི་པ་དང་། མདོའི་བི་མ་དངོས་པོ་གཉིས་པ་དང་། དཔེ་ཆུང་རང་གནས་དང་། དྲག་པོ་བདེ་བར་གསལ་མཛད་འདུལ་བྱེད་ལ་སོགས་པའོ། །བརྒྱད་པ་མི་གཡོ་བའི་ཏིང་ངེ་འཛིན་གྱི་མན་ངག་ནི་གཉིས་ཏེ། མཚན་མ་དང་བཅས་པའི་ཏིང་ངེ་འཛིན་གྱི་མན་ངག་ནི། ཞི་ཁྲོ་རྟོག་པ་བི་མ་ལ་ལྷ་བརྒྱུད་ཀྱི་མན་ངག་དང་། ཁྲོ་བོ་ཧཱུྃ་ཀ་ར་ལས་རྩ་འཕྲེང་དང་། བསམ་གཏན་དྷརྨ་བོ་དྷི་ཆོ་གའི་སྒྲོན་མ་ལ་སོགས་པའོ། །མཚན་མེད་པའི་ཏིང་ངེ་འཛིན་གྱིས་མན་ངག་ནི། ཐུགས་ཀྱི་སྒྲོན་མ་དང་། སེམས་དོན་བྱེད་པ་དང་། རིག་པའི་སྒྲོན་མ་དང་། ལྗོན་ཤིང་དང་། ལེ་ལོ་གསུམ་དང་། བསམ་གཏན་རིག་པའི་ཉི་མ་དང་། བསམ་གཏན་ཡིག་སྒྲོན་རྩ་འགྲེལ་དང་། བསམ་གཏན་མེ་ལོང་སྣང་བ་དང་། བསམ་གཏན་སྤུ་གྲི་དང་། བདུད་རྩི་ལུང་གི་བསམ་གཏན་དང་། བསམ་གཏན་སྒྲོན་མ་ལ་སོགས་པའོ། །མན་ངག་གི་དགོས་ཆེད་ལ་བཞི་སྟེ་གཞུང་འཐོར་བ་གཅིག་ཏུ་བསྡུས་པའི་དགོས་ཆེད། རྟོགས་དཀའ་བདེ་བླག་ཏུ་རྟོགས་པའི་དགོས་ཆེད། གང་ཟག་མོས་པ་དང་ཐ་དད་འདིར་མོས་གཞུག་པའི་དགོས་ཆེད། ཆོས་ཀྱི་བྱ་བ་མང་བའི་དགོས་ཆེད་དོ། །བཤད་ཐབས་དངོས་ལ་ལྔ་སྟེ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱ་བའི་ཕྱིར་རྒྱུད་སྐུ་ཆེ་བའི་ལོ་རྒྱུས་དང་རྩོམ་པའི་ཚེ་གང་གིས་མཛད་པ་དང་། བཀའ་དང་མི་འགལ་ཞིང་ཐེག་པའི་གཞུང་ཚུག་པར་བྱ་བའི་ཕྱིར་རྒྱུད་གང་ནས་བཏུས་ཤིང་ཕྱོགས་གང་དུ་རྟོགས་པ་དང་། བསྟན་པ་ལ་མཚན་ངེས་ཤིང་དོན་གྱི་མདོ་ཙམ་ཞིག་རྟོགས་པར་བྱ་བའི་ཕྱིར་མཚན་ཅི་ལས་གདགས་པ་དང་། རྩམས་པ་དོན་ཡོད་པར་བྱ་བའི་ཕྱིར་གང་ཟག་སུའི་དོན་དུ་མཛད་པ་དང་། མན་ངག་གི་དོན་ཤེས་ཤིང་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དབུ་ཞབས་སུ། །དོན་དུ་ཡིས་བསྟན་པའོ། །དེ་རྣམས་མན་ངག་རང་རང་གི་སྐབས་དང་སྦྱར་ལ་རྒྱས་པར་བཤད་དོ། །མཚན་ལས་འདོགས་ལུགས་ལྔ་སྟེ་དོན་དཔེ། རྣམ་གྲངས། གང་ཟག །ཡུལ། དང་པོ་ལ་ལྔ་སྟེ། ངོ་བོ་ལས། གཙོ་ལས། ཆེ་བ་རྣམ་གྲངས། མདོར་བསྡུས་པའོ། །སྔོན་འཇུག །རྗེས་འཇུག །མ་ལོག་པ། གསུམ་མམ་བཞིའམ་ལྔ་ལ་སོགས་པའམ། བནྡྷེ་མགོན་པོ་ཡིས་མདོས་ཕྲན་ཁོག་དབུབས་འདི་རྗེ་ཡི་གསུང་ལ་བརྟེན། བྲིས་པས་ཕན་ཐོགས་ཤོག །ཁོག་དབུབ་མེ་སྟོན་མགོན་པོས་མཛད་རྫོགས་སོ།། ༈ རྡོ་རྗེ་སྲིན་པོ་ལ་ཕྱག་འཚལ་ལོ། །མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས། །སློབ་དཔོན་པདྨ་འབྱུང་གནས་ལ་ཞུས་པ། །སློབ་དཔོན་ཆེན་པོ་ལགས། །སྲིད་པ་ཡོངས་ཀྱི་དགྲར་ལངས་ཀྱང་། །སྐབས་དང་ལས་དབང་དཔུང་ཆུང་པས། །གཏན་དུ་འགྲོགས་ཤིང་བཟའ་ཁ་ཅིག །ཁ་དམ་སྙིང་རིང་ཞེ་མཁོན་གྱིས། །ལྷ་ཁྲོས་བདག་ལ་ཆད་པ་གཅོད། །བདག་ཕུང་བརླག་སྲིད་ཇི་ལྟར་བགྱིས། །དེ་སྐད་ཅེས་ནི་གསུངས་པ་དང་། མ་ཧཱ་གུ་རུས་བཀའ་སྩལ་པ། །མངའ་བདག་རྒྱལ་པོ་ཆེན་པོ་ལགས། །འཁོན་ལ་རྣམ་པ་བཞི་ཡིན་ཏེ། །ཁྲི་ལན་དུམ་ཀྱི་འགྲོགས་ཤིང་ཟ་ཁ་ཅིག་པ་དང་། །ནན་དབང་དྲག་པོས་འགྲོགས་ཤིང་ཟ་ཁ་ཅིག་པ་དང་། །ཁ་དམ་ཞེ་ནག་དབང་མེད་འགྲོག་ཤིང་ཟ་ཁ་ཅིག་པ་དང་། །འགྲས་ཆེ་ཞིང་ནག་སྟབས་ཀྱི་ཟ་ཁ་ཅིག་པ་དང་བཞིའོ། །མངའ་བདག་རྒྱལ་པོ་ཆེན་པོ་ལགས། །ཁྲི་ལན་འཁོན་རྣམས་བག་ཀྱིས་སྦྱངས། །ཁྲི་ལན་རྫས་རྣམས་ཆ་བཞིར་བསྒོ། །ཆ་གཅིག་དཀོན་མཆོག་མཆོད་རྫས་བྱ། །ཆ་གཅིག་མཁའ་འགྲོའི་གཏོར་ཚོགས་བྱ། །ཆ་གཅིག་སྔགས་པ་བདག་ཉིད་ཟ། །ཆ་གཅིག་འགྲོ་དྲུག་ཡོངས་ལ་བསྔོ། །གཏང་རག་ཉིད་དང་ད་ཀ་ཡིན། །ནན་དབང་དྲག་པོས་འགྲོགས་པ་དང་། །དབང་མེད་ངན་རྫས་བཏབ་པ་དང་། །འགྲས་ཆེན་གསུམ་ནི་དོན་གཉིས་སྡེབ། །འཁོན་ནག་རང་སར་བཞག་པ་དང་། །གཟས་པོའི་ཚེ་སྲོག་འཕྲོག་པའོ། །མི་དམིགས་གསུམ་གྱིས་ཟིན་པས་ན། །འཁོན་ནག་རང་སར་བཞིག་པ་ཡིན། །ཁོ་ཡི་ཚེ་སྲོག་འཕྲོག་པ་ནི། །བདག་གི་ཕུང་པོ་སྐྱེ་མཆེད་རྣམས། །ལྷག་པའི་ལྷ་ཡི་དལ་དུ་བསམ། །ཐུགས་ཀར་ཡེ་ཤེས་སེམས་དཔའ་བསམ། །མདུན་དུ་ཆོས་སྐྱོང་བསྲུང་མ་བསྐྱེད། །ཁོ་ཡི་རང་སའི་ཟས་དང་སྐོམ། །ཟས་ནི་ཁོ་ཡི་ཚེ་ཡིན་ཏེ། །སྐོམ་ནི་ཁོ་ཡི་སྙིང་ཁྲག་ཡིན། །ཚེ་དང་སྲོག་དབུག་ཁྲག་ལ་རྟེན། །ཁྲག་ཀྱང་ཪྣྲི་ཡི་རང་བཞིན་ཏེ། །ཪྣྲི་ནི་དགྲ་བོའི་སྲོག་ཏུ་ཤེས། །སྙིང་ཁྲག་ཪྣྲི་རུ་གནས་པ་དེ། །ལག་པ་ཧོམ་སྤར་ལྕགས་སྡེར་གྱིས། །རང་དབང་མེད་པར་བདག་ལ་བསྟབ། །བདག་གི་ཕུང་པོའི་ལྷ་ཚོགས་ཀྱི། །ཤ་དང་ཁྲག་དང་བཅུད་ལ་རོལ། །ཁོ་ཉིད་སྡོང་པོ་དགྱེལ་བ་འདྲ། །ལྷག་མས་ཆོས་སྐྱོང་བསྲུང་མ་མཉེས། །ཪྣྲི་ཡི་བདག་ཉིད་ལུས་སེམས་རྒྱས། །ཚེ་དང་བཀྲག་དང་གཟི་མདངས་ལྡན། །དེ་ལྟར་བསམ་པས་སྟོབས་བསྐྱེད་ལ། །གཏང་རག་ཉིད་ཀྱང་དེ་དག་སྟེ། །བར་ཆད་རྩེག་ལོག་ཅི་ལ་ཡོང་། །འདི་ཡང་ངན་ཐབས་སྦྱོར་བ་སྟེ། །ལོག་ལྟ་འཁྲུལ་པའི་དོན་མི་འབྱུང་། །གུ་རུས་གདམས་པས་རྒྱལ་པོ་མཉེས། །མ་དཔེ་བུམ་ཐང་གཏེར་དུ་སྦས། །རྣོ་མྱུར་ལོག་པ་མེད་པས་ཆོངས། །ཨཐྎ༔ ༈ །དཔལ་གསང་བའི་སྦས་པའི་ཆང་དྲུག་རྡོ་རྗེ་ནག་པོ་ལ་ཕྱག་འཚལ་ལོ། །མ་ཧཱ་ཀ་ལའི་མན་ངག །དཀྱིལ་འཁོར་བདུན་པའི་བསད་ཡིད། །གུད་དུ་སྦས་པའི་ཆོང་ཆུང་། །དྲག་པོ། སྔགས་ཀྱི་སྤུ་གྲི་འདིར་བསྟན་པར་བྱའོ། །དལ་བདུན་པའི་སྒྲུབ་ཐབས། །མཐའི་དལ་རྣམ་གསུམ་ནི། །བཀའ་སྡོད་ཕོ་ཉའི་དལ་ལ་དར། །འབྲུབ་ཁུང་ལས་ཀྱི་དལ་དང་མཐའི་བསྡུད་མནན་པའི་དལ་གསུམ། །མ་ཧཱ་ཀ་ལ་སྒྲུབ་གཞུང་དེ། །རྒྱས་པར་གཞུང་དུ་བཀོད་པ་བཞིན། །འདིར་ནི་བསྡུས་པའི་གནད་འདི་བསྟན། །བཅའ་ལུགས་གཏོར་མ་ལ་སོགས་ཀུན། །གཞུང་བཞིན་བཤམས་ཏེ་མཐུན་པར་བྱ། །ཕྱིར་བསྙེན་འབུར་ཀུར་ཚེ་བཞི་ལ། །གྲངས་ནི་འབུམ་ཕྲག་རེ་རེ་བསྐྱལ། །བྱ་ཐབས་བསྒོམ་ལུགས་གཞན་གསུང་བཞིན། །ཁྱད་པར་འདི་ནི་བསད་པའི་མཆོང་། །བསྙེན་སྒྲུབ་བཞི་ཡི་བསད་པ་བསྟན། །དང་པོས་བསྙེན་པས་བསད་པ་ནི། །བཅུ་གཉིས་རྩིབས་ལྡན་ཙཀྲ་ལ། །བསྙེན་པའི་སྔགས་བཀོད་དཀྱིལ་དུ་བགྲད། །ཕྱི་མའི་མུ་ཁྱུད་ཡེ་ཤེས་ལྷ། །ནག་པོ་ཕྱག་གཉིས་གྲི་ཐོད་ཅན། །དེ་ཡི་ལྟེ་བར་ཆུད་བྲིས་ལ། །ལིདྒ་ཙཀྲའི་དཀྱིལ་དུ་གཞུག །སྔགས་མཐར་སྤུ་གྲི་གཅོད་བྱེད་སྦྱར། །ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། ཞེས་པ་སྟེ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ་རྣམ་པར་དོར། །ཐུན་རྫས་སྔགས་ཤིང་གུང་གཉིས་བྲབ། །འཁོར་བཞིས་བསད་པའི་སྔགས་ཀྱང་བརྗོད། །མཆོད་གཞུང་ཡིད་བཞིན་ནོར་བུ་སྙག །ཕྱི་ནང་གསང་བའི་བསྐུལ་པའམ། །ཕོ་ཉ་རྒྱས་བསྡུས་སྤྲོས་དང་སྦྱར། །གཏོར་ཚོགས་དབུལ་ཞིང་བསྐང་མཆོད་བྱ། །རྨི་ལམ་ཉམས་སྦྱར་ལིདྒ་བསད། །མནན་བསྲེག་འཕང་བས་ལས་མཐའ་བརྟུལ། །དེས་ནི་ཉམས་པ་སྒྲོལ་བར་འགྱུར། །ཉེ་བསྙེན་བདག་གིས་བསད་འདོད་ན། །ཉེ་བསྙེན་ཙཀྲ་རྩིབས་བཅུ་གཉིས། །ཉེ་བསྙེན་སྔགས་བཀོད་དཀྱིལ་དང་མཐའ །གོང་མ་བདག་དང་ངེས་མཐུན་སྦྱར། །ནག་པོ་ཞལ་གསུམ་ཕྱག་དྲུག་པའི། །ལྟོར་ཆུ་བྲིས་ལ་འབྲུབ་ཁུང་སྟེ། །རྩང་གི་ཁ་ལ་བརྒྱངས་ཏེ་བཞག །སྔགས་མཐུ་སྤྲུ་གྲི་གདགས་པར་བྱ། །ཆེ་གེ་མོ་མ་ར་ཡ་ཧཱུྃ་ཕཊ། ཐུན་བྲབ་བཅོལ་བསྐུལ་བསྐང་ཚོགས་རྣམས། །གོང་དུ་བསྟན་པ་བཞིན་ཤེས་པར་བྱ་སྟེ། །དེས་ནི་ཉམས་སྒྲོལ་བར་འགྱུར། །བསྒྲུབ་པ་བདག་གིས་བསད་འདོད་ན། །ཙཀྲ་རྩིབས་བརྒྱད་བསྒྲུབ་སྔགས་དགོད། །ཞལ་གཅིག་ཕྱག་གཉིས་ལྟོར་ཆུ་བྲི། །མཐའ་དབུས་བསྙེན་པའི་བྲི་ཚུལ་བཞིན། །སྔགས་ལ་བསད་པའི་སྤུ་གྲི་གདགས། །ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། གཞན་ནི་གང་ཡང་གོང་མར་མཐུན། །ཉམས་པ་གང་ཡིན་ངེས་སྒྲོལ་འགྱུར། །བསྒྲུབ་ཆེན་བདག་གི་བསད་འདོད་ན། །ཙཀྲ་རྩིབས་ལྔ་འབྲུ་ལྔ་དགོད། །དཀྱིལ་མཐའ་བསྙེན་པའི་སྐབས་བཞིན་བྲི། །ཞལ་གསུམ་ཕྱག་དྲུག་ལྟོ་བར་རོ། །སྔགས་མཐར་སྤུ་གྲི་གདགས་སྟེ་བསད། །ཆེ་གེ་མོ་མ་ར་ཡ་ཧཱུྃ་ཕཊ། སྡེ་བསད་འདོད་ན་ཀུན་ལ་ཡང་། །སྤུ་གྲི་ངེས་པ་འདི་དག་སྦྱར། །སརྦ་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ། ཕ་ཚན་སྡེ་བསད་མན་ངག་གོ། །གང་བྱེད་ཀུན་ལ་བར་སྐབས་སུ། །རྦད་སྔགས་འདིས་ཀྱང་ལས་ལ་བསྐུལ། རུ་ཏྲ་མ་ཏྲ་མ་ར་ཏྲ། འདུ་འདུ་རབ་ཏུ་འདུས་དམ་ལ། །རུ་ལུ་རུ་ལུ། ཧ་ལ་ཧ་ལ་བྷྱོ། སརྦ་ཤ་ཏྲུཾ། སྲོག་ལ་ཐུམ་རིལ་རི་རྦད་བྷྱོ་བྷྱོ། གང་བྱེད་སྔགས་ལ་ང་རོ་དབྱུང་། །ཟུར་གསལ་མི་ཚིག་གཉིད་ལ་འདྲེ། །བར་མ་བཅད་པར་སྨྲ་བཅད་བཟླས། །ཐེ་ཚོམ་སྤངས་ཏེ་བསད་པས་བསྒྲུབ། །གནས་དབེན་མི་འགྲུལ་རྣམ་པར་བཅད། །གང་ལ་བྱ་བ་གདོན་མི་ཟ། །གྲངས་ནི་ཁྲི་ཕྲག་རེ་རེ་སྟེ། །དེ་ཡང་རྨི་རྟགས་མཚན་ཉམས་ཅེས། །སོད་པའི་རྟགས་མང་ངེས་ལྡན་ལ། །ཕུར་པ་བཏབ་ཅིང་གྲིས་གཏུབ་རྩེགས། །མཐའ་བསྡུད་ལས་མཐའ་བརྟུལ་བར་བྱའོ། །དེ་ལྟར་མ་ཡིན་དོན་མེད་འགྱུར། །རྣལ་འབྱོར་ཉམས་དྲོད་ལྡན་པ་གཅེས། །བསྙེན་བསྒྲུབ་བསད་པའི་འཆང་ངོ་། །ཨཐྎ། ༈ །རྡོ་རྗེ་སྲིན་པོ་ལ་ཕྱག་འཚལ་ལོ། །སྔགས་ཀྱིས་མཐུས་ཡིག་བསྟན་པ་ནི། །ཡེ་ཤེས་ལྷ་ཡི་བསྙེན་པ་ལ། །ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། གཙོ་འཁོར་བཅས་པའི་སྔགས་ཀྱང་ཡིན་ལ་གཙོ་འཁོར་བསྐྱངས་པ་ཡང་དེ་ཉིད་དོ། །ཡེ་ཤེས་ལྷའི་བསད་པའི་སྔགས་ནི། ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། སརྦ་ཤ་ཏྲུཾ་མ་ར་ཡ་ཕཊཿ ཆེ་གེ་མོ་མཱ་ར་ཡ་ཕཊཿ ལས་ཀྱི་ལྷ་གཙོ་འཁོར་འདུས་པའི་སྔགས་ནི། ༀ་བྷུ་རུ་ཀུ་མ་ཧཱ་ཀ་ལ་ཡ། ཀྲོ་ཏ་ཡ་ཀྴ་ཙིད་དེ་དྷེ་བ་རཀྴ་ཨ་ཏ། ཞེས་པ་སྟེ། མཆོད་འབུལ་གང་ཡང་ཤམ་བུའི་སྔགས་སོ་སོའི་བཏགས་ལ་འབུལ། པཉྩ་ཨ་མྲྀ་ཏ་རཀྟ་ཁཱ་ཧི། མ་ཧཱ་བྷ་ལིདྷ་ཁཱ་ཧི། ཞེས་པའི་དམ་ཚིག་མགོན་པོའི་སྐུ་བསྐྱེད་པའི། ༀ་བྷུར་ཀུར་མ་ཧཱ་ཀཱ་ལ་ས་མ་ཡ་ཅེས་པའོ། །རང་རྒྱུད་པའི་མགོན་པོ་སྤྱན་དྲངས་པའི་སྔགས་ནི། ༀ་བུར་མ་ཧ་ཀ་ལ་ས་མ་ཡ་ཧྲིཾ་ཧྲིཾ། བཛྲ་ཨཾ་ཀུ་ཤ་ཛ། འཁོར་བཞི་བསྐྱེད་པའི་སྔགས་ནི། བཛྲ་ཀྲོ་ཀ་ཛྭ་ལ་ས་མ་ཡ། རཀྴ་ཛྭ་ལ་ས་མ་ཡ། ཙིཏྟ་ཛྭ་ལ་ས་མ་ཡ། ཅེས་པའོ། །འཁོར་ཚོགས་པ་བསད་པའི་སྔགས་ནི། བཛྲ་ཀྲོ་ཏི་ཛྭ་ལ་ས་མ་ཡ། སརྦ་ཤ་ཏྲུཾ་མ་ར་ཡ་ཕཊ། ཆེ་གེ་མོ་མ་ར་ཡ་ཧཱུྃ་ཕཊ། གསུམ་པོ་ལ་གདགས་པ་དེས་འགྲེའོ། །དགྲ་བོ་དགུག་པའི་སྔགས་ནི་ཡེ་ཤེས་ལྷ་དང་ལས་ཀྱི་ལྷ་ཀུན་གྱི་མཇུག་ལའོ། །ཆེ་གེ་མོ་ཨ་ཀཪྵ་ཡ་ཛ། ཅེས་བཏགས་པ་སྟེ། ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། ཆེ་གེ་མོ་ཨ་ཀཪྵ་ཡ་ཛཿཛཿ བཛྲ་ཨཾ་ཀུ་ཤ་ཛ་ཛཿ ༀ་བྷུ་ཀུར་ཨི་ཙི་ཀྱི་ཕྱི་ཨུ་ཙུཥྨ་ཀྲོ་ཏ། ཆེ་གེ་མོ་བཛྲ་ཨ་ཀཪྵ་ཡ་ཛ་ཛཿ བཛྲ་ཀྲོ་ཏ་ཛྭ་ལ་མ་ཡ་ཆེ་གེ་མོ་བཛྲ་ཨཪྵ་ཡ་ཛ་ཛ། བཛྲ་ཨཾ་ཀུ་ཤ་ཛ་ཛཿ གསུམ་པོ་འགྲེ། ལྷ་དབྱེ་གོང་གི་སྔགས་སོ་སོ་ལ་བཏགས་པ་ནི། ཆེ་གེ་མོའི་དེ་བ་པྲ་བེ་ཤ་ཡ་ཕཊ་ཕཊ། གཟུགས་ལ་བསྟིམ་ན། ཆེ་གེ་མོ་ཨ་བེ་ཤ་ཡ་ཨ་ཨ། མཆོད་པ་འབུལ་ན། ༀ་བྷུར་ཀུར་མ་ཧཱ་ཀཱ་ལ་ཨེ་ཧོ་ཤྭ་མོ་ཀྲོ་ཏ་དུ་པ་པུ་ཙ་པྲ་ཏི་ཛ་ཧཱུྃ་སྭཱ་ཧཱ། ཞེས་པ་ལ་སོགས་སྦྱར། པུཥྤེ། ཨ་ལོ་ཀེ །གནྡྷེ། ནེ་ཝི་ཏྱེ་ཤཔྟ་ལ་སོགས་དང་། པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཞེས་པ་ལ་སོགས་པའོ། །བསྙེན་སྒྲུབ་བཞི་སྔགས་ནི་གོ་སླའོ། །སྔགས་ཐུས་ཀྱི་འཆོང་ཐུགས། ༈ །རྡོ་རྗེ་སྲིན་པོ་ལ་ཕྱག་འཚལ་ལོ། །མགོན་པོ་ཇི་ཙམ་སྒྲུབ་ཀྱང་ལས་མི་བྱེད་ཅིང་གཡེལ་ལ་འཁོར་དུ་ཁྲོ་འཇུག་ཆེ་ན། ནག་པོ་གཟེར་ཅིང་དབང་བུ་བསྡུ་བ་ནི། བདག་ཉིད་ཧེ་རུ་ཀའི་ཏིང་ངེ་འཛིན་གསལ་འདྲིས་སུ་བྱ་ཏེ། བསྙེན་སྒྲུབ་ཀྱི་བུངས་བསྐྱེད་ལ། མགོན་པོའི་ཙཀླི་ཉིད་ཐོད་ངན་དུ་བཅུག་སྟེ། འབྲུབ་ཁུང་དུ་མགོ་ཐུར་ལ་བཅུགས་ཏེ་གཞུག །ཧཱུྃ་བྷུར་ཀུར་མ་ཧཱ་ཀ་ལ་ཨ་ཀཪྵ་ཡ་ཛ་ཛཿ ༀ་བཛྲ་ཨཾ་ཀུ་ཤ་ཛ་ཛ ཿ ཅེས་བཟླས་པས་བསྟིམ་ཞིང་བསྟིམ་པར་བསམ། རང་གི་ལག་པ་གཡས་སུ་གསལ་ཤིང་ཐོགས། གཡོན་དུ་ལྕགས་ཕུར་ཐོགས་ལ། ཧཱུྃ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། ཕཊ་ཧཱུྃ་ཏ་ཀྲོ་རྨ་ཙུ་ཕྱི་ཀྱི་ཙི་ལི་ཀུར་བྷུར་ༀ། ཞེས་དྲག་པོ་ཅུང་ཞིག་བཟླས་ལ། དེ་ནས་མཚང་འབྲུ་ཞིང་ཕུར་པས་སྡིགས་པར་བྱ་སྟེ། སྔགས་དེ་ཉིད་ཀྱི་མགོ་དྲངས་ལ། ཚིག་སོ་སོ་འདི་བརྗོད་ལ་གདབ་ཚུལ་བསྟན། ཁྱེད་རུ་ཏྲ་ནག་པོར་སྐྱེས་པ་དང་། བསྒྲལ་བའི་ཞིང་མ་ཤེས་པ་དེ་ནི་མ་རིག་པས་ལན་པ་ཡིན་པས་མ་རིག་པའི་རྒྱ་མདུད་གཞོམ་པའི་ཕྱིར། ཁྱོད་ཀྱི་ལྟོ་བའི་དཀྱིལ་དུ་ཀི་ལ་ཡ། མ་ཧཱ་ཀ་ལ་བིག་ནན། ཏྲིག་ནན། དགྲ་བོ་ཆེ་གེ་མོའི་སྲོག་ལ་ཐུན་བཟློག་བཟློག །དེས་འོག་མ་ཀུན་ལ་འགྲེ་ཤེས་པར་བྱའོ། །ཁྱོད་ཞེ་སྡང་ཆུང་བས་ལས་མ་གྲུབ་ཡིན་པས། སྙིང་གི་དཀྱིལ་དུ་ཀཱི་ལ་ཡ། མ་ཧཱ་ཀ་ལ་བིག་ནན་ལ་སོགས་འགྲེ། ཁྱོད་ཕྲག་དོག་གིས་མིག་དང་སེམས་གཡེངས་པས་ལྡན་པའི་ཕྱིར། མིག་དང་རྣ་བ་ལ་ཀཱི་ལ་ཡ༴ འགྲེ་ཁྱེད་གཞན་ཀྱི་རུ་བགྲོད་པ་དང་། བཟའ་བཏུང་གི་དབང་དུ་སྟོང་སྟེ་བྱམས་པས་ལས་མ་གྲུབ་པས་ཁ་དང་སྣ་ལ་ཀི་ལ་ཡ། ཁྱོད་ལ་རྔན་པའི་བྱིན་པ་ལ་ལྟས་ཤིང་ལོག་པས་ལས་མ་གྲུབ་པ་ཡིན་པས། དཔྲལ་བའི་དཀྱིལ་དུ་ཀི་ལ་ཡ༴ །དེ་ལྟར་སྡིགས་པའི་ས་རེ་རེར་སྔགས་ལན་རེ་རེར་གཅིག་པས་སྡིགས་སོ། །དེ་ནས་སྔགས་གོང་མ་བཟླས་ཤིང་ཁྲག་དང་ཡུངས་ཀར་གྱི་ཐུན་བྲབ། རལ་གྲིས་སྡིགས། ཤར་རོག་གི་མེ་སྒྲོན་གྱིས་སྡིགས། དབང་དུ་བསྡུ་བའི་སྔགས་དེ་གསུམ་བརྒྱ་ལས་མང་ན་རང་ལ་བཀྲ་མི་ཤིས་པ་འོང་སྟེ། ཆོས་སྐྱོང་དང་རང་ཉིད་ཤིན་ཏུ་ཞེ་འགྲས་པས་རང་ཕུང་བར་འགྱུར་ལ། མན་ངག་འདི་ཡོད་ཅིང་ཤེས་པ་དང་། ཁྱོད་ལ་འདི་བྱེད་དོ་བྱ་བ་བག་རེས་སྡིགས་སོ། །བཀའ་ཉན་ཅིང་འཁུ་ལྡོག་ཆུང་བ་ལས་བྱེད་དོ། །དེ་བས་ན་མན་ངག་འདི་ཤེས་པ་ཡང་གལ་ཆེ་ལ། ཕལ་ཆེར་ནི་མ་བྱས་ན་བཀྲ་ཤིས་པ་དང་། ཆོས་སྐྱོང་སྙིང་ཐག་ཉེ་བ་ཡིན་གསུང་ངོ་། །དེ་ནས་རུའམ་ཀྲུཾ་ལས་ༀ་བྷུར་ཀུར་མ་ཧཱ་ཀཱ་ལ་ས་མ་ཡ་། ཧཱུྃ། ཅེས་ལན་ཉེར་གཅིག་བཟླས་ཤིང་། སྐུ་གསལ་བར་བསྐྱེད་ལ། མ་ཧཱ་ཀ་ལ་པཉྩ་ཨ་མྲྀ་ཁཱ་ཧི། ཅེས་བདུད་རྩི་མང་དུ་གཏོར་བས་ཤི་བ་སོས་པར་བསམ། མ་ཧཱ་ཀཱ་ལ་བྷ་ལིདྟ་ཁཱ་ཧཱི། ཅེས་པས་གཏོར་མ་མང་དུ་བསྔོས་ཤིང་སྤུངས་པ་ཤིན་ཏུ་སྟོབས་བསྐྱེད་པར་བསམ། མ་ཧཱ་ཀཱ་ལ་རཀྴ་ཁཱ་ཧི། ཅེས་པས། རཀྟ་བསྟབ་པས་འཐུངས་ཏེ་བཀྲག་དང་གཟི་མདངས་འབར་བར་བསམ་མོ། །དེ་ནས་བསྙེན་བསྒྲུབ་ཀྱི་སྔགས་ཅུང་ཞིག་བཟླས་པས། འཁོར་གཡོག་མང་པོ་རྣམས་དང་བཅས་པར་བསམ། དེ་ནས་དྲག་སྔགས་བཟླས་ཤིང་ལས་ལ་རྦད་དོ། །དབང་བསྡུད་གཟིར་མནན་གྱི་འཆོང་ངོ་། །ཨཐྎ ༈ རྡོ་རྗེ་སྲིན་པོ་ལ་ཕྱག་འཚལ་ལོ། །སྔགས་པ་གཞན་ལས་མགོན་པོ་འདི་བསྒྲུབས་ནས་བདག་ལ་རྦད་པས་བདག་ཕུང་ལ་ཁད་པར་གྱུར་ན། མགོན་པོ་རང་གཤེད་ལ་དབབ་ཅིང་ཤི་ས་བསྟན་པར་བྱ་དགོས་སོ། །དེ་ཡང་ཐོག་མར་གཏོར་མ་དང་མདོས་ལ་སོགས་པའི་ཡང་ཡང་བསྐང་ལ་དོན་བདེན་པའི་སྟོབས་མང་དུ་བརྗོད། ངན་སོང་གི་གཡང་ས་བཤད་ལ་ཞི་བར་བཟློག་པར་བྱའོ། །དེས་ཀྱང་ཞི་བར་མ་གྱུར་ཏེ་སྲོག་ལ་བསྡོ་ན་ལས་འདི་བྱའོ། །གྲུ་གསུམ་ཐོད་ནང་དུ་ལིངྒ་གཞུག །དེའི་འོག་ཏུ་དགྲ་བོའི་ལིངྒ་བཅུག་ལ། དགྲ་བོ་བཀུག་བསྟིམ་དང་པོར་བྱ། དེ་ནས་མགོན་པོ་དཀུག་བསྟིམ་བྱ་སྟེ་གཟི་འཆོང་ལྟར་བྱ། བདག་ཧེ་རུ་ཀའི་བཟླས་བསྒོམས་རྫོགས་ཤིང་གསལ་བ་དེས། རྒྱལ་བ་རིགས་ལྔའི་དབུ་རྒྱན་གྱོན་ལ། ལྕགས་ཕུར་དང་མཐུན་རྫས་ཐོགས་ཏེ། དང་ལ་ཡེ་ཤེས་ལྷའི་སྔགས་སྡེབས་ཅན་གྱིས་མགོ་དྲངས་བ་ནི། ༀ་ཨཱཿཧཱུྃ། བཛྲ་ཤྲཱི་ཧེ་རུ་ཀ །མ་ཧཱ་ཙནྡྷ། སརྦ་དུ་ཥྚཾན། ཨུ་ནེ་ཨུ་ནེ་ཨུ་ནེ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨུ་ཨུ་ཨུ། ཕཊ་ཧཱུྃ་ཀྲོ་ཏ་རྨ་ཙུ་ཨུ་ཕྱི་ཀྱི་ཙི་ཨི་ཀུར་བྷུར་ༀ། ང་ལ་གནོད་པའི་མགོན་ནག་མ་ཧཱ་ཀ་ལ་བིག་ནན། བིག་ནན། གཟེར་ནན། ཏྲིག་ནན། རྦད་ནན། ཙ་ཏ་ཁས་གཟེར་ཐུམ་རིལ། དུང་ཙི་ཏ་ཧུར་ཐུམ། ཨ་ཀཪྵ་ཡ་ཧྲི་ཛ། བིག་ན ན། མ་ར་ཡ་རྦད་རྦད། དམ་ཉམས་ཆེ་གེ་མོ་ཁོ་རང་གི་སྲོག་ལ་ཐུན་བཟློག་བཟློག་བྷྱོ། ཆེ་གེ་མོ་ཪྣྲྀ་ཙིཏྟ་ཧུར་ཐུམ། ཨ་ཀཪྵ་ཡ་ཧྲི་ཛ། བནྡྷེའི་སྲོག་ལ་མ་ར་ཡ་རྦད་རྦད་རྦད། ཐུན་རེ་ལ་བརྒྱའམ་སྟོང་གིས་གཉིས་ཀ་སྟབས་གཅིག་ཏུ་བསད་དོ། །ཤི་ས་བསྟན་པའི་འཆང་ངོ་། །ཨཐྎ། ༈ །རྡོ་རྗེ་སྲིན་པོ་ལ་ཕྱག་འཚལ་ལོ། །མ་ཧཱ་ཀ་ལའི་ཕུང་བྱེད་དུག་གི་སྤུ་གྲིར་ཅན། རྣོ་ལ་མྱུར་བའི་ལས་ལ། གཞན་ལ་མེད་པའི་གསང་ཡིག་གོ། །མ་ཧཱ་ཀ་ལའི་རྟེན་གསུམ་གཟུག་སྟེ། ཕྱིའི་རྟེན་ནི་གཡག་རོག་པོའམ། ལུག་ནག་པོའི་སྐྱེ་རུ་སྲོག་གི་སྙིང་པོ་གསེར་གྱི་བྲིས་པ་ལ་རབ་གནས་བྱ་སྟེ། བཏགས་ལ་བསྔོ་ཞིང་བསྟབ་བོ། །ནང་གི་རྟེན་ནི་བྱ་རོག་གི་ནང་དུ་རྒྱལ་མཚན་ལ་གསེར་གྱིས་བྲིས་པའི་སྲོག་སྙིང་ནང་དུ་བཅུག་ལ་གཏར་དབུལ་ལོ། །གསང་བའི་རྟེན་ནི་སྐྱེས་པ་དར་མ་ཤི་བའི་སྙིང་གི་ནང་དུ་སྲོག་སྙིང་གསེར་ཡིག་ཏུ་བྲིས་པ་བཅུག་ལ། སྙིང་དེའི་མཐར་རིན་པོ་ཆེ་སྣ་ཚོགས་དང་། སྨན་བཟང་པོ་དུ་མས་བསྐོར་བ་དར་ནག་ཏུ་གཏུམ་ལ་མིས་མི་མཐོང་བར་ལུས་ལ་བཏག །གཞན་ཡང་མཆོད་རྫས་གཏོར་མ་དང་བདུད་རྩི་རཀྟ་ཡང་བཤམ། ཤ་མར་དང་ཆང་ལ་སོགས་པ་སྤྱན་གཟིགས་མང་ན་ཡང་བཀྲ་ཤིས་ལ་མི་ནོར་རབ་ཏུ་འཕེལ་ལོ། །ཡེ་ཤེས་ལྷའི་བསྙེན་པ་སྔོན་དུ་རྫོགས་པར་བྱ་སྟེ། དཔལ་ཆེན་བཛྲ་ཧེ་རུ་ཀའི་བཟླས་བསྒོམ་མོ། །དེ་ནས་ཡང་མ་ཧཱ་ཀཱ་ལའི་མཆོད་གཞུང་སྙག་པ་ནི་ཡིད་བཞིན་ནོར་བུའི་ལས་ལྟར་བྱའོ། །དེ་ཉིད་ཀྱི་བསྙེན་པ་ནི་བཞི་སྙིང་གཅིག་ཏུ་དྲིལ་བ་འདིས་རྟགས་རྫོགས་པར་བཟླས་སོ། །ༀ་བྷུར་ཀུར་ཨི་ཙི་ཀྱི་ཕྱི་ཨུ་ཙུཏྨ་ཀྲོ་ཏ་ཧཱུྃ་ཕཊ། དེ་ནས་ལས་ལ་སྦྱར་བ་ནི། འབྲུབ་ཁུང་ནག་པོར་ཐོད་ངན་གྱི་ནང་དུ། དགྲ་བོའི་ལིང་ག་བཞག་སྟེ། ས་བཞག་དང་བག་ཕྱེས་མགོ་བསྡུས་ལ་ཁོའི་དྲི་མ་གང་རྙེད་ལ་བྱ། མིང་རུས་བྲིས་ལ་རླན་ལ་དགུག་བསྟིམ་བྱས་སྟེ་སྤྱིར་མཐུན། ཡང་ན་ནག་པོ་ཉིད་ཀྱིས་བྱས་ན་ལེགས་སོ། །ཐུན་རྫས་ནི་དུག་དང་ཁྲག་གིས་ངར་བླུད་པའི་ཡུངས་ཀར་དང་ཡུངས་ནག་ལ་བྱ་སྟེ་སྔགས་ཅིང་ཉིན་གུང་དང་མཚན་གུང་ལ་བྲབ་བོ། །ཕུར་པ་ལྕགས་སམ་ཤིང་ནག་པོ་ལ་བྱས་ལ། མགོན་པོར་མངའ་གསོལ་ལ་གྲུ་གསུམ་གཅིག་ལ་གཟུགས་སོ། །དེ་ནས་ལས་ཀྱི་བཟླས་པ་བྱ་བ་ནི། ཐོག་མར་བཞི་སྙིང་དྲིལ་བ་ལ་མིང་རུས་དང་། སྤུ་གྲི་བཏག་ལ་བཟླས། ༀ་བྷུ་ཀུར་ཨི་ཙི་ཀྱི་ཕྱི་ཨུ་ཙུཏྨ་ཀྲོ་ཏ་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། ཞེས་པ་ལ་དགྲ་བོའི་སྲོག་གི་རྟགས་རྙེད་ཙམ་དུ་བཟླས་སོ། །དེ་ནས་ངན་སྔགས་འདི་ནི། ཕུང་བྱེད་ནག་པོ་རྦད་པའི་འཛབ་འདི་ནི། ཕུང་འཛབ་ཅེས་བྱ་སྟེ། བདག་ཉིད་ཀྱི་ལས་ཀྱི་མགོན་པོ་ནག་པོ་སྔོ་སྐྱ་བ་གཡས་གྲི་གུག་གཡོན་ཐོད་ཁྲག་ཅན་ཞབས་བརྐྱངས་བསྐུམ་བགྲད་ཅིང་རྔམ་པ་འཁོར་བདུད་དང་སྲིན་པོ་ཁྲོས་ཤིང་རྔམ་པ་གྲངས་མེད་ལ་ལས་བཀྱེ་བར་བསྒོམ་ཞིང་། ཤིན་ཏུ་མ་རུངས་པ་ཁྲོས་པའི་སེམས་ཀྱི་དྲག་པོའི་ངར་ཕྱུང་ལ་བཟླས་སོ། །ༀ་བྷུར་ཀུར་མ་ཧཱ་ཀ་ལ་རཀྴ་ཀྲོ་ཏ། ཆེ་གེ་མོའི་སྲོག་ལ་ཕྲིག་ཕྲིག །ཆུམ་ཆུམ། ཐུམ་ཐུམ། ཧུ་རུ་ཧུ་རུ་ནག་པོ་སྙིང་རྩ་ལ་བྲེང་བྲེང་། ནག་པོ་ཆོ་ཆོ། ནི་ཤ་ཀུ་རུ་ཪྣྲི་ཛ། ཆེ་གེ་མོ་ཐུམ་རིལ་མ་ར་ཡ་རྦད། འདིས་དགྲ་བོའི་བླ་རྟགས་ཕལ་ཆེར་སོད་སོད་ཙམ་བྱའོ། ། ལིངྒ་ལ་ཐུན་བྲབ། སྐབས་སུ་ཁྲག་དང་ཡུངས་ཀར་ལ་སྔགས་ཏེ་ཟོར་ཏུའམ། ཐོད་པར་བསྟིམ་ལ་འཕང་དུའང་རུང་ངོ་། །དེ་ནས་ལས་སྦྱོར་བསད་པ་དངོས་ལ་འཇུག་པ་ནི། ལྕགས་སམ་མཁར་བ་ནག་པོ་བཙུགས་ཏེ། རང་ཉིད་ལང་ལ་གོས་ནག་པོ་གྱོན། ཐོད་ནག་པོ་བཅིངས་ཏེ། ཁྲོས་ཤིང་རྔམ་པ་གདུག་ཅིང་རྩུབ་པའི་སེམས་ཀྱིས་གང་ལ་བྱ་བ་དུས་གཅིག་ཏུ་བརླག་པར་བྱེད་ཅིང་། ཤ་རུས་དང་སྙིང་ལ་སོགས་པ་ལ་ཕར་སྤྱང་ཤ་ལ་རྔམ་པ་ལྟར་དུ་བདུད་སྲིན་པོའི་ཚོགས་ཀྱིས་བསྟོད་ཅིང་རུབ་ནས་ཟ་བར་བསྒོམ། སྔགས་པ་གཉིས་སམ་གསུམ་གྱི་བར་མ་ཆད་པར་བསད་པར་བྱ་སྟེ། གང་མ་ཐུན་རེས་མ་བབ་པ་དེས་ཚོགས་དང་གཏོར་མ་བཏང་པ་དང་། ཕྱི་ནང་གསང་བའི་བསྐུལ་པའམ། ཕོ་ཉ་རིང་ཐུང་གང་སྤྲོ་བས་བསྐུལ་དུ་རུང་ངོ་། །མི་སྤྲོ་ན་མ་བྱས་ཀྱང་ཆོག །ངན་སྔགས་ཀྱི་མ་དོར་བ་དུག་གི་སྤུ་གྲི་ནག་པོ་འདི་རུ། ཤིན་ཏུ་སྒྲ་དག་པ་ཟུར་ཕྱིན་པ། རྔམ་པའི་ང་རོ་དང་བཅས་པས་བཟླས་པ་འདི་ཁོ་ན་འོ། །བྷུར་ཀུར་མ་ཧཱ་ཀ་ལ་ཨེ་ཧེ་ཤྭ་མོ་ཀྲོ་ཏ་ཆེ་གེ་མོའི་སྲོག་ཐུག་ཐུག་མཱ་ར་ཡ་ཛ། ཆེ་གེ་མོའི་སྲོག་རྦུད་རྦུད་མ་ར་ཡ་ཛ། ཆེ་གེ་མོའི་ཚེ་ལ་དུམ་རྦུད། རཀྨོ་ཀྲོ་ཏི་ཤོ་རི། ཆེ་གེ་མོའི་སྙིང་ཁྲག་ལྗིབ་ལྗིབ། ཆོད་ཆོད། སྲོག་རྩ་ཆོད། ཐུམ་རིལ་རྦུད། མ་མ་ཏྲག་རུ་ཏྲ་དགྲ་བོ་མ་ར་ཡ་ཕཊ། འདི་བསད་པ་དངོས་ཡིན་ནོ། །ཞག་གྲངས་ངེས་པ་མེད་དོ། །རྨི་རྟགས་ལ་གསོད་ངེས་པའི་རྟགས་བྱུང་བ་དང་། ཕུར་པ་གདབ། གྲིས་གཏུབ། རྡུལ་དུ་བརླག་པར་བྱའོ། །དུག་ཤིང་ལ་མེ་སྦར་ལ་བསྲེག་གོ། །ཐལ་བ་རླུང་ལ་འཕྱར། དམོད་མོ་གདབ། གཏང་རག་བཏང་ངོ་། །ལས་ལ་སྦྱར་བའོ། །མནན་པ་བྱ་མི་དགོས་སོ། །བསད་པ་དུག་གི་སྤུ་གྲི་ནག་པོའི་འཆང་ངོ་། ཨཐྎ། ༈ །ཤྲཱི་མ་ཧཱ་ཀཱ་ལ་ན་མོ། མགོན་པོ་ཚོགས་བདག་གི་མདོས་ལ། རི་རབ་ལ་སོགས་པ་གཞུང་དང་མཐུན་པར་བཤམས་ཏེ། རི་རབ་ཀྱི་དབུས་སུ་མ་ཧཱ་ཀ་ལ་མཐིང་ནག་བེར་དང་ཐོད་ཁྲག་བསྣམས་པ། རྒྱན་དང་ན་བཟའ་གཞུང་དང་མཐུན་པ་ཞིག་དགོད་དོ། །དེ་བཞིན་དུ་མདུན་དུ་ཀྲོ་ཏི་ཤྭ་རི་ཆ་ལུགས་ཡབ་དང་མཐུན་པའོ། །གཡས་སུ་ལས་ཀྱི་བདུད་ཕོ་བྱ་རོག་གདོང་ཅན་ནག་པོ་གྲི་གུག་བསྣམས་པ་ཞབས་རྡེབས་པའོ། །རྒྱབ་ཏུ་ལས་ཀྱི་བདུད་མོ་ནག་མོ་ལྕགས་ཀྱུ་དང་ཐོད་ཁྲག་ཅན་ནོ། །གཡོན་དུ་ལས་ཀྱི་སྲིན་པོ་སྨུག་ནག་རལ་གྲི་དང་སྙིང་ཐོགས་པ་ཁ་ཕྱིར་བལྟས་པའི་ཤར་དུ་ས་ལ་ལྗང་སྔོན་ལག་པ་གཉིས་ཀ་ཕུར་པ་ལ་འཇུས་ཏེ་མདུན་དུ་བཙུགས་པའོ། །ལྷོ་རུ་གནོད་སྦྱིན་ཟངས་ཐོགས་དམར་པོ་བསེ་ཁྲབ་ཅན་བསེ་མདུང་བསྣམས། ཡུམ་བསེ་གདོང་ཟངས་གྲི་དང་བཅས་པའོ། །ནུབ་ཏུ་སྲིན་པོ་རཱ་ཧུ་ལ་སྨུག་པོ་དབུ་གསུམ་དགུ་པ་ཕྱག་ན་ལྕགས་ཀྱུ་དང་སྦྲུལ་ཞགས་བསྣམས། སྐུ་སྨད་སྦྲུལ་དཀར་ལྗང་དུ་ཡོད་པའོ། །བྱང་དུ་ཟ་བྱེད་མ་དཀར་མོ་ཤེལ་ཕྲེང་མ། ཕྱག་ན་གསེར་གྱི་གྲི་ཞགས་བསྣམས། སྐུ་སྟོད་དར་དཀར་སྐུ་སྨད་སྟག་ཤམ་སེང་གེ་ཞོན་པ་སྨན་གཡུ་ཆུང་རོལ་བའོ། །དེ་ལས་གཞན་ཡང་རབ་ཏུ་བྱུང་པའི་ཆ་ལུགས། སོག་པར་ཅན། ཆོས་གོས་ནག་པོ་ཕྱིན་ཅི་ལོག་ཏུ་གྱོན་པ། གླེགས་བམ་ཁུར་བས། བཙུན་པ་ཁྲིམས་ཉམས། སྔགས་པ་དམ་ཉམས། སྐྱེ་བོ་གསུམ་དཀྲིས་པ། ཁྱུང་དཀར་པོ་མཆུ་གཤོག་སྔོན་པོ། སྦྲུལ་སྔོ་དམར་ཟ་བ་དང་། བྱ་སྨུག་པོ་ལག་པ་ཟ་བ་དང་། མཐིང་ནག་གྲི་གུག་ཐོད་ཁྲག་ཅན་དང་། མཐིང་ག་གྲི་གུག་ཐོད་ཁྲག་ཅན་སྟག་ལ་ཞོན་པ་དང་། དམར་པོ་རྡོ་རྗེ་དང་སྙིང་བསྣམས་པ། གོས་སེར་གྱོན་ཅིང་རྟ་སྨུག་པོ་ལ་ཞོན་པ་དང་། སེར་པོ་བེར་ཀའི་མགོ་བོ་ལ་མི་མགོས་མཚན་པ་དང་། ནེ་ལེའི་རྐྱལ་བ་ཅན་རྟ་སྔོན་པོ་ཞོན་པ་དང་། སྨུག་པོ་ཁྲམ་ཤིང་དང་ཐོད་ཁྲག་བསྣམས་པས་དྲེལ་སྔོན་པོ་ཞོན་པ་དང་། མཐིང་ག་བེར་ཀའི་མགོ་གཞུག་ཕྱེད་རྡོར་ཅན་དར་སྣ་བཏགས་པ་བསྣམས་པ་དང་། ནག་པོ་འཇིགས་སུ་རུང་བ་བསྒྲལ་བྱ་མནན་ཏེ། གཡོན་པས་སྐྲ་ནས་བཟུང་ཏེ། གཡས་གྲི་གུག་གིས་སྙིང་འདོན་པ་དང་། དམར་པོ་ཁ་གདེངས་ཁ་དང་། ཞིང་གི་རྒྱལ་མཚན་བསྣམས་པ་དང་། མཐིང་ག་གྲི་གུག་དང་སྙིང་ཐོགས་པ་དང་། སྨུག་པོ་ར་དུང་འབུད་པ་དང་། སེང་གེ་དཀར་པོ་དང་། དྲེད་མོ་སྨུག་ནག་དང་། འཕར་བ་སྔོ་སྐྱའམ་དམར་སྐྱ་དང་། སྟག་དང་། སྤྱང་ཁུ་སྔོན་པོ་དང་། གཡག་ནག་དང་། བྱ་ནག །ཁྱི་ནག །མཆོད་རྟེན་ནག་པོ་བང་རིམ་གསུམ་པ་བུམ་པ་དང་བྲེ་དང་བཅས་པ་དགོད་དོ། །དེ་དག་ནི་རུས་པའི་རྒྱན་དང་བཅས་པ། མི་རེངས་རྣམས་ཞིང་གདན་དང་བཅས་པའོ། །དེ་ཡང་ཕོ་སེང་གཡས་ལ་མོ་སེང་གཡོན། ཅེས་པ་ལ་སོགས་པ་ལྟར་མཛེས་ཤིང་ཕྱོགས་དང་མཐུན་པར་དགོད་དོ། །དམ་པ་རྣམས་ཀྱིས་མཛད་སྤྱོད་ལ་བརྟེན་ནས་ཙ་ཀ་ལའི་ཁ་བྱང་བྲིས་པའོ། །ཨཐྎ།།

ཡེ་ཤེས་ལྷའི་བསྙེན་བསྒྲུབ་དང་འཇིག་རྟེན་དྲེགས་པའི་བཞི་རིམ་ལས་སྦྱོར། སློབ་དཔོན་མཚོ་སྐྱེས་རྡོ་རྗེ།

ཡེ་ཤེས་ལྷའི་བསྙེན་བསྒྲུབ་དང་འཇིག་རྟེན་དྲེགས་པའི་བཞི་རིམ་ལས་སྦྱོར་རྣམས་བཞུགས་སོ། །དཔལ་མི་ཕམ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཡེ་ཤེས་ལྷ་ཡི་བསྙེན་པ་དང་། བསྒྲུབ་སྔགས་དང་ལས་སྦྱོར་བཟློག་སྔགས་དང་། འཇིག་རྟེན་དྲེགས་པའི་བསྙེན་པ་དང་། བསྒྲུབ་པ་ཆེན་པོའི་ལས་སྦྱོར་གྱིས་སྔགས་ཀྱི་རིམ་པ་འདི་ཡིན་ནོ། །ཡེ་ཤེས་ལྷ་ཡི་བསྙེན་པ་ནི། ཕྱི་དང་ནང་དང་གསང་བ་དང་། རྡོ་རྗེ་ཡི་ནི་ལས་བཞི། ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། རུ་ལུ་ཕྱི་ཡི་བཟླས་པ་ནི། ཐུགས་ཀའི་ཧཱུྃ་གི་འོད་ཟེར་ལས། །རུ་ལུ་རུ་ལུ་འབྲུ་བརྒྱད་སྤྲོས། །ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། །ནང་བཅུད་ཀྱི་འཇིག་རྟེན་འབར་བ་ལྔ་བཅུ་བརྒྱད། །ཀུན་ཀྱང་རུ་ལུའི་སྒྲ་སྒྲོགས་ཤིང་། །རུ་ལུའི་གསུང་སྒྲ་དི་རི་རི། །ཕར་འཕྲོས་པ་ནི་ཐུགས་དམ་བསྐོངས། །ཚུར་འདུས་པས་ནི་དངོས་གྲུབ་སྩོལ། །རུ་ལུའི་འདྲེན་སྟངས་རྣམས་གཉིས་ལས། །ༀ་ནི་ཡེ་ཤེས་ལྔ་ཉིད་དེ། །རུ་ལུ་གོང་མ་ཁྲོ་མོ་བརྒྱད། །རུ་ལུ་འོག་མ་ཕྲ་མེན་བརྒྱད། །ཧཱུྃ་ནི་ཁྲག་འཐུང་ཡབ་ཡུམ་བཅུ། །ཕཊ་ནི་ཡེ་ཤེས་སྒོ་མ་བཞི། །བྷྱོ་ནི་དབང་ཕྱུག་ཉི་ཤུ་བརྒྱད། །ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། །རུ་ལུ་གིང་གི་མཆོད་པར་བཞེས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་རླབས། །བསྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །སྡང་བའི་དགྲ་ལ་རྟགས་ཆེན་ཕྱུང་། །གནོད་པའི་བགེགས་ཆེན་རྡུལ་དུ་རློག །རུ་ལུའི་འདྲེན་སྟངས་ཐབས་ཅིག་ལས། །རུ་ལུ་ཐུགས་ཀྱི་དཀྱིལ་ན་འདྲེན། །ཙིཏྟ་རིན་ཆེན་གཞལ་ཡས་ཁང་། །ཡེ་ཤེས་སེམས་དཔའ་ཡབ་ཡུམ་ལ། །དོན་གྱི་ལྷ་མོ་ལྔ་རུ་བསྐོར། །ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས། །ཉི་དཀྱིལ་རྡོ་རྗེ་ཧཱུྃ་ལྡན་ལས། །རུ་ལུ་རུ་ལུ་འབྲུ་བརྒྱད་བསྐོར། །ཕར་འཕྲོས་པས་ནི་ཐུགས་དམ་བསྐོངས། །ཚུར་འདུས་པས་ནི་དངོས་གྲུབ་སྩོལ། །ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། རུ་ལུ་རུ་ལུ་འདྲེན་སྟངས་རྣམ་གཅིག་ལ། །རུ་ལུ་ལྗགས་ཀྱི་དཀྱིལ་ནས་འདྲེན། །ལྗགས་ཀྱི་པདྨ་འདབ་བརྒྱད་ལ། རྡོ་རྗེ་དེ་ནི་ཟླ་ཚེས་བསྒོམ། །རྡོ་རྗེ་ཟླ་ཚེས་ར་བར་དུ། །རུ་ལུ་རུ་ལུ་འབྲུ་བརྒྱད་བསྒོམ། །ཕར་འཕྲོས་པས་ནི་ཐུགས་དམ་བསྐངས། །ཚུར་འདུས་པས་ནི་དངོས་གྲུབ་སྩོལ། །རུ་ལུ་འདྲེན་སྟང་རྣམ་ཅིག་ལ། །རུ་ལུའི་སྒྲ་ཡི་བྱེ་བྲག་སྟོན། །དཀར་པོ་སྤྲོས་པས་བདེ་བ་ཆེ། །དམར་པོ་སྤྲོས་པས་ཡོངས་ལ་ཁྱབ། །དཀར་དམར་མཚམས་ནས་ཧེ་རུ་ཀ །ཁྲོ་ཆེན་འབར་བའི་ཐུགས་ཀ་ནས། །ཁྲོ་ཆུང་ཞལ་གསུམ་ཕྱག་དྲུག་སྤྲོས། །ཁྲོ་བོ་སྤྲུལ་པས་ས་གཞི་ཁེབས། །ཁྲོ་མོའི་སྤྲུལ་པས་ནམ་མཁའ་ཁེངས། །མ་མོ་མཁའ་འགྲོ་དབྱིངས་ན་རོལ། །ཀུན་ཀྱང་རུ་ལུ་སྒྲ་སྒྲོགས་ཤིང་། །རུ་ལུའི་གསུང་སྒྲ་དི་རི་རི། །ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། རུ་ལུ་ཧཱུྃ་གི་མཆོད་པར་བཞེས། །དཀྱིལ་འཁོར་འདི་ལ༴ བསྒྲུབ་པ་པོ་ལ༴ བསྙེན་པ་ཐབས་ཀྱི་མན་ངག་གོ། །རུ་ལུ་ནང་གི་བཟླས་པ་ནི། ཧཱུྃ། གཉིས་མེད་ཡེ་ཤེས་བསྐྱེད་པའི་གཞལ་ཡས་སུ། །ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་སྐུར་གསལ་བས། །ཀུན་ཀྱང་རུ་ལུ་ཧཱུྃ་གི་སྒྲ་སྒྲོགས་ཤིང་། །རུ་ལུའི་གསུང་སྒྲ་དི་རི་རི། །རུ་ལུ་ཧཱུྃ་གི་མཆོད་པ་བཞེས། །དཀྱིལ་འཁོར༴ བསྒྲུབ་པ༴ སྡང་བའི་དགྲ་ལ་རྟགས་ཆེན་ཕྱུང་། །གནོད་པའི་བགེགས་ཆེན་རྡུལ་དུ་རློག །ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། རུ་ལུ་ནང་གི་བཟླས་པ་ནི། །ཉེ་བའི་བསྙེན་པའི་མན་ངག་གོ། །རུ་ལུ་གསང་བའི་བཟླས་པ་ནི། །ཡབ་ཀྱི་ཐུགས་ཀྱི་ཧཱུྃ་ཉིད་ལས། །ཡུམ་གྱི་ཐུགས་ཀྱི་ཧཱུྃ་ལ་ཐིམ། །ཡུམ་གྱི་གསང་བའི་ལམ་ནས་བྱུང་། །ཐུགས་ཀར་ཐིམ་ནས་དངོས་གྲུབ་སྩོལ། ཧཱུྃ། རུ་ལུ་ཡབ་ཡུམ་མཁའ་ནས་འདྲེས། །ཡབ་ཀྱི་གསང་བའི་རྡོ་རྗེ་དང་། །ཡུམ་གྱི་པདྨ་གཞལ་ཡས་སུ། །རུ་ལུ་རུ་ལུ་འབྲུ་བརྒྱད་བསྒོམ། །ཕར་འཕྲོས་པས་ནི་ཐུགས་དམ་བསྐོངས། །ཚུར་འདུས་པས་ནི་དངོས་གྲུབ་སྩོལ། །རུ་ལུ་གསང་བའི་བཟླས་པ་སྟེ། །བསྒྲུབ་པ་ཉིད་དང་འབྲེལ་བ་ཡི། །རུ་ལུ་རྡོ་རྗེ་བཟླས་པ་སྟེ། །དབུགས་དང་འགྲོགས་པའི་སྒོམ་པ་སྟེ། །ཧཱུྃ་གིས་ཕུལ་བས་ཕྱིར་ཕྱུང་དང་། །ༀ་གྱིས་དྲངས་ནས་ནང་དུ་རྔུབས། །ཨ་ལས་སེམས་གཏད་གནས་པ་གསུམ། །ཞག་གཅིག་ལ་ནི་དབུགས་རྒྱུ་བ། །ཉི་ཁྲི་ཆིག་སྟོང་ཟླས་པ་སྟེ། །སྔགས་ནི་ཉི་ཁྲི་ཆིག་སྟོང་འགྱུར། ཧཱུྃ། བཅོམ་ལྡན་ཁྲག་འཐུང་ཐུགས་ཀྱི་དཔལ་བེའུ་ལས། །ཡེ་ཤེས་སྐུ་མཆོག་མཚོན་གང་རིན་པོ་ཆེ། །ཟུར་བརྒྱད་དཀྱིལ་ན་འབྲུ་བརྒྱད་འཕྲོ། །བྱང་ཆུབ་སེམས་ནི་སྤྲོ་ཞིང་བསྡུ། །རུ་ལུ་རྡོ་རྗེ་ཟླས་པ་སྟེ། །བསྒྲུབ་པ་ཉིད་དང་འབྲེལ་བའོ། །གཞན་ཡང་བསྒྲུབ་ཆེན་ལས་རྣམས་ནི། །རི་རབ་རི་ཡི་རྩེ་མོ་རུ། ལྷ་སྲིན་དབང་བསྡུད་དམ་ལ་བཏགས། །རུ་ལུ་རུ་ལུ་འབྲུ་བརྒྱད་སྔགས། །རྔམ་པའི་ང་རོས་ཟླས་པ་ཡིན། །ལྷ་སྲིན་སྡེ་བརྒྱད་དབང་དུ་྄བསྡུད། །བསྒྲུབ་པ་ཆེན་པོ་ཞེས་སུ་གསུངས། །ལས་ལ་སྦྱོར་བའི་རིམ་པ་ནི། །བདག་ཉིད་ཆས་སུ་བཞུགས་པ་དང་། །ཁྲོ་ཆེན་རྔམ་པའི་ང་རྒྱལ་གྱིས། །ལས་ལ་སྦྱོར་བའི་དྲག་སྔགས་བཟླས། །ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། སརྦ་ཤ་ཏྲུཾ་མ་ར་ཡ་ཕཊ། སྔགས་ཀྱི་ལས་ལ་སྦྱོར་བའོ། །གསེར་སྐྱེམས་བཏང་ཞིང་བདེན་པ་བརྡར། །ཕུད་གཏོར་མ་ཉེས་གཟུ་དཔང་གསོལ། །ཨེ་རཾ་ཛྭ་ལ་རཾ། འབྲུབ་ཁུང་གཟི་བྱིན་བསྐྱེད་པའོ། །ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། ཆེ་གེ་མོ་ཨ་ཀཪྵ་ཡ་ཧཱུྃ་ཛ་ཛཿ དམིགས་བྱ་འགུགས་པའི་གསང་སྔགས་ཏེ། །ཎི་དང་ཎི་ཡིས་འབོད་པའོ། །དུད་ཆེན་བཏང་ལ་སྔགས་འདི་བཟླས། ། ཆེ་གེ་མོ་དེ་བ་བི་དེ་ཤ་ཡ། དེ་བ་པྲ་བེ་ཤ་ཡ་ཕཊ། ལྷ་དབྲལ་བའི་སྔགས་སོ། །ཆེ་གེ་མོ་ཨ་བེ་ཤ་ཡ་ཨ། དམིགས་བྱ་སྟིམ་པའི་དྲག་སྔགས་སོ། །ཕུར་བུས་གདབ་ཅིང་ཐུན་གྱིས་བྲབ། །མཚོན་གྱིས་གཏུབ་ཅིང་ཞལ་དུ་རྔུབ། །ཉེ་བའི་བསྙེན་པ་བསྒྲུབ་པ་དང་། །བསྒྲུབ་པ་ཆེན་པོ་ལས་སྦྱོར་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །ཡེ་ཤེས་ལྷ་ཡི་བསྙེན་སྒྲུབ་རྣམ་པར་ཕྱེ་བའི་མན་ངག་རྫོགས་སོ། ༈ །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྤྱིར་བཟླས་པ་ལ་གཉིས་ཏེ། ངག་གི་བཟླས་པ་དང་། རྡོ་རྗེའི་བཟླས་པའོ། །དང་པོ་ལ་གཉིས་ཏེ། འཇིག་རྟེན་ལས་འདས་པའི་བཟླས་པ་དང་། འཇིག་རྟེན་པའི་བཟླས་པའོ། །རྡོ་རྗེ་བཟླས་པ་ལའང་གཉིས་ཏེ། རྡོ་རྗེའི་བཟླས་པ་དང་། དེ་ཁོ་ན་ཉིད་ཀྱི་བཟླས་པའོ། །འཇིག་རྟེན་ལས་འདས་པའི་བཟླས་པ་ལ་གསུམ་སྟེ། བསྙེན་པ་དང་། བསྒྲུབ་པ་དང་། ལས་ལ་སྦྱར་བའོ། །དང་པོ་བསྐྱེད་པའི་རིམ་པ་རྫོགས་ནས། བསྐྱེད་པ་ནི་དགྲ་བོའི་རྣམ་པར་ཤེས་པ། བདག་གཏོར་གོ་བསྒོ་བའོ། །ཉོན་མོངས་པའི་ཡིད་དང་བཅས་པའོ། །ཕུང་པོ་ལྷག་མ་མཁའ་འགྲོའི་ཚོགས་ལ་བཏབ་སྟེ། དེ་ལྟ་དེ་ནི་སྦྱོར་བ་དང་ལྡན་པས་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཚོགས་ཀྱི་མཆོད་པ་དང་། སྟབ་པ་བྱ་ཞིང་བཟླས་པ་བྱ་བ་ནི་ལས་ལ་སྦྱར་བའོ། །འཇིག་རྟེན་པའི་ལས་ལ་གསུམ་སྟེ། བསྙེན་པ་དང་། བསྒྲུབ་པ་དང་། ལས་སྦྱོར་རོ། །དེ་ལ་དང་པོ་རྟགས་དང་། རྟེན་བཤམ་པ་ནི། ས་སྣ་བདུན་གྱི་འདག་པ་ལ་མཁར་བྱས་ཏེ། ཚུར་ཁྲུ་གང་། ལོགས་བཞི་ལ་གློ་དཀར་བཞི་ཐོད་པས་མཚན་པའོ། །རུ་མཚོན་ཆེན་པོ་བཞི་དང་དུར་བྱ་ནག་པོ་བརྒྱད་དང་། སྟེང་བྱ་ཁྱུང་གི་ཕྱག་རྒྱ་གཉིས་དང་། དེའི་ནང་དུ་གྲུ་གསུམ་མཐིང་ནག་གི་ནང་དུ། དམིགས་པའི་ལིངྒ་བཅུག །ཁྲོ་བོའི་སྟེང་དུ་མདའ་སྒྲོ་སྤུད། རྔ་མ་གཅིག་ལ་དུག་མེ་ནག་པོ་བཅུག་པ་གཅིག་ལ་མགུལ་དུ་དར་མཐིང་ལེའུ་གཅིག་གདགས། དེ་ལ་དང་པོ་རིལ་བུ་ཕུར་མ་གཅིག་རྟེན་པའི་རྫས། བར་པ་ཁྲོལ་བུ་བྲབ་པའི་རྫས། ཐ་མ་ཕྱེ་མ་མཆོད་པའི་རྫས། ཕུར་པ་ལིངྒའི་སྙིང་ཁར་གཙུགས་ལ་བཞག་གོ། །བྱ་རྒོད་ཀྱི་ཕོད་བཞི་ལ། དར་ལྕེ་བཞི་དང་བཅས་ཏེ་མདའ་ཡི་སྟེང་དུ་བཙུག་ལ་བཞག་གོ། །ཁྲོ་བོའི་རྫས་ཀྱི་ཟ་མ་ཏོག་སྨན་སྣ་ཚོགས་ཀྱིས་བཀང་བ་དང་། ཤ་སྣ་ཚོགས་དང་། ཁྲག་སྣ་ཚོགས་དང་། བསེ་བྱང་དམར་པོ་དང་། རི་རབ་སྤྱི་བསྐོར་ཐོད་བྲམ་དང་བཞག་གོ། །ཁྲོ་མོའི་རྫས་སུ་ས་ཚལ་གཅིག་གི་ནང་དུ། རྐང་སྣ་ཚོགས་དང་། འབྲུ་སྣ་ཚོགས་དང་། མར་དང་། ཁྲག་སྣ་ཚོགས་དང་། དེ་རྣམས་ཀྱི་བཀང་ལ་བཞག་གོ། །ཤར་ཕྱོགས་སུ་ཁྲོ་བོའི་མཁར་བྱས་ལ། དམིགས་བྱའི་ལིང་གའི་སྟེང་དུ་མཆོག་ཕུར་གཅིག་ལ་མཁར་ནག་གམ་རྒྱུ་ཞགས་ཀྱི་བཏགས་ཏེ་སྙིང་ཁར་བཅུག་ལ་སྦས་ལ་བཞག་གོ། །རྒྱུ་ཞགས་ཀྱི་རི་རབ་སྤྱི་བསྐོར་གྱི་དམིགས་ལ་གདག །ཀི་ལ་ཡ་ཉི་ཤུ་རྩ་གཅིག་སྒྲོལ་གྱིང་དུ་བྱིན་གྱིས་བརླབས་ལ་སྦས་ལ་བཞག །ལྷོ་ཕྱོགས་སུ་གནོད་སྦྱིན་གྱི་མཁར་དུ། ལིངྒི་སྟེང་དུ་མདུང་དམར་པོ་བ་དན་དང་བཅས་ཏེ་བཞག །གཡས་སུ་ར་ཟོར་དང་གཡོན་དུ་མདའ་ཟོར་བཞག །ནུབ་ཕྱོགས་སྲིན་པོའི་མ ཁར་དུ། ལིང་གའི་སྟེང་དུ་སྦྲུལ་མགོ་གདེངས་ཀ་གསུམ་པ་བཞག །གཡས་སུ་ཤ་སྣ་དེབ་རྩེ་གང་བཞག །གཡོན་དུ་ཀླུ་སྨན་སྣ་ཚོགས་དེབ་རྩེ་གང་བཞག །བ་དམར་མོའི་འོ་མའང་བཞག །བྱང་ཕྱོགས་སུ་མ་མོའི་མཁར་དུ་ལིང་གའི་སྟེང་དུ་དར་མཐིང་གི་གུར་དབུབ། མཐུན་རྫས་སྣ་ཚོགས་བྷནྡྷ་གང་བཞག །དགྲ་བོ་ལྷ་དང་དབྲལ་བའི་ཕྱིར། རྒྱ་ཚིལ་ལ་སོགས་པའང་བཤམ། དེ་ནས་ཁྲོ་བོ་ཞལ་བཅས་ལ་མཁར་གྱི་ནང་དུ་མདའ་ལ་སྐྱོན་སྟེ། རྣལ་འབྱོར་པ་བདག་ཉིད་ལ་ཁ་བསྟན་ལ་བཞག །དེ་ནས་བསྙེན་བསྒྲུབ་ཚུལ་བཞིན་བྱ། དེ་ནས་ལས་ལ་སྦྱོར་བའི་དུས་སུ། བསད་པའི་དཀྱིལ་འཁོར་བྱ་སྟེ། དང་པོ་གསེར་སྐྱེམས་བཏང་། བདེན་པ་བརྡར། མ་ཉེས་པའི་དཔང་གཟུག །དེ་ནས་དྲག་པོའི་དྲག་སྔགས་བཟླས་པའི་དུས་སུ་བདག་དཔལ་ཆེན་པོའི་ཐུགས་ཀ་ནས་ལས་ཀྱི་མགོན་པོ་གསལ་ཤིང་ཅན་ཞལ་གཅིག་ཕྱག་གཉིས་པ་གཅེར་བུ་རལ་པ་གྱེན་དུ་བརྫེས་པ། སྐུ་མདོག་སྔོ་ནག་ཕྱག་གཡས་ན་གསལ་ཤིང་ནག་པོ་གཡོན་ན་ཟངས་གྲི་ནག་པོ་བསྣམས་པ། ཅིག་རྩར་གྱི་སྟོན་ལ་བཞི་པོའི་མགོན་པོ་དང་། གཉིས་སུ་མེད་པར་བྱས་ཏེ། བདག་དཔལ་ཆེན་པོ་ལ་ཅི་བགྱི་ཞེས་བཀའ་ཉན་པར་བསམ་མོ། །རྣལ་འབྱོར་ཉིད་ཀྱི་བརྡ་བསྟན་པས། འཕར་སྤྱང་ནག་པོ་དང་། ལྕེ་སྤྱང་དམར་པོར་སྤྲུལ་ཏེ། ལྷ་སྦྱིན་གྱི་སྣ་ན་ཡར་བཞུགས་ནང་ཁྲོལ་ཞལ་དུ་རྔུབས་ཏེ། དོན་སྙིང་སྨད་ལྔ་སྤར་གྱིས་བཏབ་ནས་སླར་ཕྱུང་སྟེ། དཔལ་ཆེན་པོ་ལ་བསྟབ་པར་བསམ། དེ་ལྟར་དེའི་སྦྱོར་བ་དང་ལྡན་པས། ཉིན་མཚན་དུས་དྲུག་ཏུ་བསྟབ་པའི་ལས་བྱ་ཞིང་དྲག་པོའི་སྔགས་གདོན་པར་བྱའོ། །དེ་ནས་མཚན་མ་རྟགས་ལ་ཕེབས་པ་དང་། །རྣལ་འབྱོར་བདག་གི་ཐོ་མཚམས་སུ་ཕྱིན་ལ་རྒྱ་ཚིལ་གྱི་དུད་པ་བཏང་། ལྷ་དང་དབྲལ་བའི་ཆོ་ག་བྱ། སླར་བཟློག་སྟེ་ཕུར་པས་གདབ་པ་དང་། ཐུན་རྡེག་པ་དང་། མཚོན་གྱིས་བཏུབ་པ་དང་། བསྒྲལ་བའི་ལས་བྱ། དེ་ནས་གདབ་པའི་ལས་བྱ། སྦྱིན་སྲེག་བྱ། དེ་ནས་མནན་པའི་ལས་བྱ་སྟེ། སྦྱིན་བསྲེག་བྱས་པའི་ཐལ་བ་ལ་ལིངྒ་བྱ་སྟེ་མིང་བྱང་སྙིང་ཁར་བཅུག་ལ་ཙཀྲ་ཁ་སྦྱོར་གྱི་ནང་དུ་བཅུག་ལ། མཁར་ནག་གི་རྒྱུ་ཞགས་ཀྱིས་བསྡམ་ལ། མནན་པའི་སར་ཁྱེར་ལ་ཕུར་པ་ཞི་ས་བདག་གི་འབྲོས་སུ་བཅད་ལ། དེ་ནས་གསེར་སྐྱེམས་བཏང་ལ། ཡུལ་གྱི་ལྷ་འདྲེ་ལ་མ་ཉེས་པའི་དཔང་གཟུགས། ས་བདག་ལ་ཀླུ་སྨན་སྣ་ཚོགས་ཀྱི་མཆོད་པ་སྦྱིན། དེ་ནས་མནན་པའི་ས་བྲུས་ཏེ་གྲ྄ུ་གསུམ་ཁྲུ་དོ་ས་བྲུའོ། །དེ་ནང་རྒྱ་མཚོའི་གཏིང་ན་གནས་པའི་ཀླུ་བདུད་མ་ཆེན་པོ་ཁ་ཕྱེ་ཞིག །རྒྱས་པའི་དགྲ་བོ་འདི་གཏད་ཀྱིས་བྱས་ལ། ཁ་སྦྱར་ལ་གཞུག་གོ། །དེའི་སྟེང་དུ་མགོན་པོ་མིའུ་ཐུང་གི་གཟུགས་སྐྱོན། དེ་སྟེང་དུ་ཁྲོ་བོའི་ཁར་བྱ་ཁྱུང་དང་ཕྱག་རྒྱ་བཅས་པ་བཞག་དེ་སྟེང་དུ་གཡམ་པ་ནག་པོ་ལ་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་བཏབ་ལ་ཁ་བཅད་དོ། །དཔའ་བོའི་བྲོ་བརྡུང་སྟེ་དེ་ནས་གོམ་པ་ཉེར་གཅིག་ཕྱིར་བསྐྱེད་ལ་ཟོར་བརྡེག །ལོག་ན་སྤོགས་པའི་ལས་བྱའོ། །གཡས་སུ་ལོག་ན་རྐང་པ་གཡས་ལ་ལན་གསུམ་བསྐོར་ལ་འཕང་། དེ་ནས་དེ་ལ་རྡེག །གཡོན་དུ་ལོག་ན་ཡང་རྐང་པ་གཡོན་པ་ལ་ལན་གསུམ་བསྐོར་ལ་འཕང་། དེ་ནས་དེ་ལ་རྡེག །ཐད་དཀར་ལོག་ན་འདུག་སར་ཐོ་གཅིག་བཙུགས་ལ་ཕར་ཚུར་རྡེག །དེ་ནས་ལོག་སྟེ་གནས་སུ་ཕྱིན་ལ། དྲག་པོའི་སྔགས་མགོ་འཇུག་ལྡོག་ལ་སྟོང་ཚོ་གཅིག་འདོན། དེ་ནས་ཟོར་གྱི་ལས་བྱ། དེ་ནས་གཏང་རག་གི་གཏོར་མས་ཡེ་ཤེས་ཀྱི་ལྷ་གཤེགས་སུ་གསོལ། དམ་ཚིག་གི་ལྷ་ལུས་ལ་བསྡུ། མཚམས་མི་དམིགས་པ་རང་བཞིན་གྱིས་གྲོལ། དེ་ལྟར་བྱས་ནས་ལས་ལ་སྦྱར་བའོ། །དེ་ལྟར་བྱས་ནས་ཀྱང་ལོ་རུ་ཐོགས་ནས་ཕྱི་རྟགས་མེད་ན་མནན་པའི་ལྟ། ཕར་ནས་འདུག་ན་སླར་ལ་མནན་པའི་ལས་བྱ། མ་འཕར་ན་ལྷ་གནད་ལ་དབབ་པའི་ལས་བྱས་ཏེ། མགོན་པོའི་གཟུགས་ཐོ་གང་པ་བྱས་ཏེ། རུ་ལུའི་སྔགས་སྤྱི་བོར་བྲིས། བསྙེན་པ་ཉེ་བའི་བསྙེན་པ། རྐང་པ་གཡས་ནས་ལག་པ་གཡས་པའི་བར་དུ་གཞོག་གཡས་པ་ལ་བྲི། བསྒྲུབ་པ་དང་བསྒྲུབ་པ་ཆེན་པོའི་སྔགས་རྐང་པ་གཡོན་པ་ནས་ལག་པ་གཡོན་པའི་བར་གཞོགས་གཡོན་པ་ལ་བྲི། གཞི་སྙིང་ཅིག་ཏུ་དྲིལ་ལ་འདོམས་སུ་བྲི། ཡིག་མགོ་ནང་དུ་བསྟན་ནོ། །དེ་ནས་བདག་དཔལ་ཆེན་པོའི་འོག་ཏུ་གཟིར་མནན་བྱ། ཐ་མ་འབྱུང་པོ་ཉིན་ཞགས་གཅིག་ལ་ཟངས་གྲི་ནག་པོས་བཏུབས་ལ། དྲག་པོས་མེ་སྦར་ལ་སྦྱིན་བསྲེག་བྱ། དེ་ནས་ཐལ་བ་མགོན་པོའི་གཟུགས་བྱ། དེ་ལ་སྐྱེད་དྲངས་སྟིམ། བསྙེན་བསྒྲུབ་ཀྱི་སྔགས་ལ་ཨ་མྲྀ་ཏ་བཏགས་ཏེ་བདུད་རྩི་གཏོར་མ་གསོ་བའོ། །སྐྲག་དང་གཟི་མདངས་དང་ལྡན་པར་བསམ་མོ། །དེ་ནས་ལས་སྦྱོར་ཡང་ཡང་བྱའོ། །དེ་ལྟར་བྱས་ན་སངས་རྒྱས་ཉིད་ཀྱང་འཇིག་གོ། །སྣོད་ངན་རྣམ་ལ་མ་སྤེལ་ཅིག །ཨཐྎ། བསད་པ་དུར་ཁྲོད་ནག་པོ་བདུད་དུ་བསྒྲུབ་སྟེ། དགྲ་བོ་ཉམས་པ་བསད་པའི་མན་ངག་ཁོ་ནའོ། །བསྙེན་པས་དབང་དུ་འདུ། དབང་དུ་འདུས་ན་ལས་ལ་སྦྱར། ལས་ལ་འགྲོ་བའི་རྟགས་བྱུང་བ་དང་། བསད་པའི་ལས་བྱ། ཐ་མ་མནན་བསྲེགས་འཕངས་པའི་ལས་གསུམ་བྱ། འགྱངས་ན་འཁོར་ལོ་སྤོགས་པའི་ལས་བྱ་སྟེ་འགྲུབ་བོ།། ༈ །མགོན་པོ་ལེགས་ལྡན་གྱི་ཕྲིན་ལས་དང་བསྐུལ་པ་བཞུགས་སོ།། ༈ །བཅོམ་ལྡན་འདས་སྒྲོལ་བྱེད་ཐུགས་རྗེའི་རྒྱལ་པོ་ཤིན་ཏུ་རྣམ་པར་གྲོལ་བ་འཇིགས་བྱེད་ཧེ་རུ་ཀ་ཕྱག་འཚལ་ལོ། །རྡོ་རྗེ་འཆང་ལ་ཕྱག་འཚལ་ནས། ཉིད་ཀྱི་བཀའ་བཞིན་ལས་བྱེད་པའི། ལྷ་ཆེན་མགོན་པོ་ནག་པོ་ནི། མཉེས་པར་བྱེད་ཕྱིར་གཏོར་མ་ཡི་ཆོ་གའི་ལག་ལེན་རྒྱུད་ལྟར་བྲི། དེ་ལ་ཐོག་མར་རང་གིས་ཡི་དམ་གྱི་ལྷའི་མངོན་པར་རྟོགས་པ་རྒྱས་བསྡུས་གང་རུང་གི། །སྔོན་འགྲོ་དངོས་གཞི། འཛབ་བསྙེན་ཡན་ཆོད་སྔོན་དུ་བཏང་བའི་རྗེས་སུ་མགོན་པོའི་གཏོར་མ་ནང་ལྟར་དུ་བྱིན་གྱིས་རླབས་ཏེ། དམ་ཚིག་པ་རྣམས་བསྐྱེད་པ་ནི། བྃ་རི་མ་ལ་ཡ་ལྃ་ཁྲག་གི་རྒྱ་མཚོ། བྷྲཱུཾ་སྥ་ཐོད་པ་མཁར་ར་ཎ་ཕཊ། སྃ་ཧ་ར་ཎ་ཧཱུྃ། བྷྲཱུཾ་ཀ་པ་ལ་བྷི་ཤ་མཎྜ་ལ་བྷཱུཾ་ནྲི་དགྲ་བགེགས་བསྣོལ་བའི་གདན་ཏི་སྟི་ར་བྃ། ༀ་པདྨ་མ་དྷ་ལ། མ་ཧཱ་སུརྻ་མཎྜལ། དམ ལས་རབ་མི་སྥ་ར་ན་ཕཊ། སྃ་ཧ་ར་ན་ཧཱུྃ། ༀ་བུར་ཀུ་མ་ཧཱ་ཀཱ་ལ་ཀྲོ་ཏ་ཧཱུྃ། ཡཀྴ་ཀྲོ་ཏི་ཤོ་རི་ཏྲག་པོ་ཧེ། ཧཱུྃ་ཡ་ཛ་ལ་ཧཾ་ཕཊ་བྷྱོ། ཀྲོ་ཏ་ཛྭ་ལ་ས་མ་ཡ། ཡཀྴ་ཛྭ་ལ་ས་མ་ཡ། ཙིཏྟ་ཛྭ་ལ་ས་མ་ཡ། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ། ཉེ་གནས་མ་བརྒྱད། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ། ཕྲ་མེན་བརྒྱད། ཕཊ་ཕཊ་ཕཊ་ཕཊ། སྒོ་མ་བཞི། མ་མ་མ་མ། གྲུ་འདེགས་མ་བཞི། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། དབང་མོ་ཉེར་བརྒྱད། ༀ་ཨཱཿཧཱུྃ། བྱིན་གྱིས་རླབས་པ། ༀ་བཛྲ་ས་མ་ཡ་ཧཱུྃ་ཛ། ཧཱུྃ། ལངྒ་ཡུལ་གྱི་གྲོང་བརྡལ་གྱི། །དབུས་ཀྱི་རི་བོ་མ་ལ་ཡ། །ཀོ་ཀ་ཐང་དམར་རྒྱ་མཚོའི་དོ། །བྱན་སླག་འཆོངས་རི་གནམ་ལྕགས་འབར། །དྲག་ཤུལ་ཅན་གྱི་རྩེ་མོ་ན། རྡོ་རྗེ་ཐབས་ཀྱི་བལྟ་བའི་ཡུལ། །ཆོས་མཛད་རིགས་ཀྱི་བསྒྲུབ་གནས་དེ། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཡིས། །བདུད་ཀྱི་རིགས་རྣམས་བཏུལ་ནས་ཀྱང་། །གསང་སྔགས་འཁོར་ལོ་བསྐོར་བའི་ཚེ། །མིང་གི་དབང་བསྐུར་བྲན་དུ་ཁས་བླངས་པས། །རྡོ་རྗེ་རོ་ལངས་ཚོགས་ཀྱི་བདག །མགོན་པོ་ནག་པོ་ཆེན་པོ་དང་། །ཉེ་གནས་ཀྲོ་ཏི་ཤྭ་རི་མ། །ཡབ་ཡུམ་གཉིས་སུ་མེད་པའི་འཁོར། །ལང་ཀའི་བདག་པོ་ལ་སོགས་པའི། །འདུས་པའི་རྣལ་འབྱོར་ཕོ་མོའི་ཚོགས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ༀ་བྷུར་ཀུཾ་མ་ཧཱ་ཀཱ་ལ་རཀྴ་ཀྲོ་ཏི་ཤྭ་རི་ནག་མོ་ཏིང་ལཾ་ཨེ་ཨ་ར་ལི་ཧྲིཾ་ཧྲིཾ་ཛ་ཛཿ ༀ་རཀྴ་ཤྲི་ཧེ་རུ་ཀ་བྷི་ཤ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ༔ ཧ་ལ་ཧ་ལ་ཧཱུྃ་མགྲིན་པ་དཔྲལ་བ་ཕཊ། ཏ་ཀེཾ་ཏ་ཀེཾ་ཕཊ། ཀྲོ་ཏ་ཀྲོ་ཏ་རྃ། ཧ་ལ་ཧ་ལ་ཡྃ། ཏིཥྞ་ཏིཥྞ་སྣ་ཁྃ། བཛྲ་ཡཀྴ་ཀྲོ་ཏ་བཞི་ཧ་ཧ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཧཱུྃ། ས་མ་ཡཿ མ་ཧཱ་སུ་ཀ་ཧཱུྃ། པྲ་བེ་གནམ་དུ་བསྟན་པ་ཤ་ཡ། བཛྲ་ཨ་བདུད་རྩི་དབང་བསྐུར་བ་མྲྀ་ཏ་མ་ཧཱ་ཀྲོ་ཏ་ཨཾ་ཨཾ། ༀ་བྷྱོ་ཨ་རི་བྷྱོ་ཛ་ཛཿ ཧཱུྃ། ཨེའོ། །ཞལ་དུ་གསོལ་བ། དཔའ་བོ། ལྟོ་བར་བདེ་བར་བསྟན་པ། ཐུགས་རྗེ་ཆུང་། ཤིན་ཏུ་བདེ་བ། ལྟོ་ཁྱིམ་ནས། སྣམས་སུ་སྟོན་པ་ཐུགས་རྗེ་ཆུང་། །ད་ཡང་ཅི་མཛད་མྱུར་དུ་མཛོད། །མྱུར་དུ་བསྒྲལ་ན་ཡུན་དུ་བདེ། །འབངས་སུ་མཆིའོ་བདག་ལུས་འབུལ། །འབངས་ལ་ནན་ཏན་མ་ཆུང་ཅིག །སླན་ཆད་དམ་བཅས་བཞིན་བཀའ་བཞིན་རྗེས་སུ་བགྱིད། །གལ་ཏེ་བཀའ་བཞིན་མ་བགྱིས་ན། །དམ་པའི་ལུང་དང་འགལ་གྱུར་ན། །བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་། །རུལ་མྱགས་ཚིག་ནས་སྐམ་གྱུར་ཅིག །ཨི་མནའ་བོར་བ་དན་དེ་ན་ར་ཀན། །མ་ར་ཏྲི་ཐ་ཡ། ན་མ་བྷ་ཏི་ཏིཥྛ་ནན། །ས་མ་ཡ་རཀ་ཤ་སི། །སི་ཏི་བི་ན་བཛྲ་ཨ་མྲྀ་ཏ་ཀྲོ་ཏ་ན་ར་ཀན། །མ་སྲིང་བུ་མོ་ཆུང་མ་རྣམས། །འབངས་སུ་འབུལ་ལོ་རྩིས་མ་ཆུང། །པདྨ་པྲ་བེ་ཤ །ཁ་ལས་དགྱེས་པ་ཐམ་ཁ་ཐམ་སྦྱར་བར་མཛད་པ། །པྲ་བེ་ཤ་ཕཊཿ ཧཱུྃ། དབུས་སུ་མཆིས་སྐལ་མི་ལྡན་གྱིས། །འབར་བའི་དལ་མཐའ་ལ་ཞོག །ཕུད་ལ་འཚལ་སྐལ་མི་ལྡན་གྱིས། །ལྷག་མ་ཞལ་ཆབ་བྲན་ལ་གསོལ། །ཉེ་གནས་དུང་གི་མ་སྲིང་རྣམས། །དེང་ནས་རྒྱལ་བའི་བཀའ་ཡིན་གྱིས། །ཁྱེད་ཀུན་ང་ཡི་ལས་མཁན་ཏེ། །བཀ་ཡི་ལས་རྣམས་ཕྱུང་མྱུར་དུ་བསྒྲུབས། །བདག་དང་སྔོན་ལོག་པར་སྤྱད་པའི་མཐུས། །དཔག་ཏུ་མེད་པའི་འཁོར་བའི་སྡུག་བསྔལ་བརྒྱུད། །ད་ནི་ལས་འཕྲོས་ཐུགས་རྗེ་ཉིད་དང་འཕྲད་པས། བདེ་བ་ཅན་གྱི་ཞིང་དུ་མྱུར་འགྲོ་ཡིས། །འཁོར་ལ་ནུས་དྲས་གདམས་པའི་ཚུལ་གྱིས་རང་ཉམས་བཤད་པའོ། །རྗེས་སུ་བསྟན་པའི་བཀའ་ལས་ཉམས་པ་སྟེ། །ཇི་ལྟར་མ་བྱམས་བུ་ལ་གདུང་བ་བཞིན། །དམ་ཚིག་ཅན་ལ་དུང་དུང་གདུང་བར་བགྱི། །གང་ཞིག་སྲིང་བྱམས་མིང་ལ་གདུང་བ་བཞིན། །ཡལ་འདབ་ཅན་ལ་ལྷང་ལྷང་བརྩེ་བར་བགྱི། །མཛའ་མོ་གྲོགས་ལ་ཇི་ལྟར་གདུང་ཚུལ་དུ། །རྣལ་འབྱོར་ཅན་ལ་བཀྲིལ་བཀྲིལ་ཉེ་བར་བགྱི། །ཇི་ལྟར་གཡོག་བྱམས་དཔོན་ལ་བརྩེ་བ་ལྟར། །དམ་པ་རྣམས་ནི་ཡིད་བཞིན་ནོར་ལྟར་ཁུར། །བརྩེ་བར་བྱེད་ན་མ་རུ་བྱ། །གདུང་བར་བྱེད་ན་སྲིང་དུ་བྱ། །བརྩོན་པར་བྱེད་ན་བྲན་དུ་བྱ། །རིགས་རྒྱུད་འཛིན་ན་བུ་རུ་བྱ༔ འདུ་འབྲལ་མེད་ན་སློབ་མར་བྱ༔ བསྐུལ་བར་དཔལ་གྱི་ཞལ་བཞེས་པའོ་མགྱོགས་ན་ཕོ་ཉར་བྱ༔ བཀའ་བཞིན་བྱེད་ན་བཀའ་ལ་གདགས༔ ཧཱུྃ༔ སྔོོན་ཚེ་དཔལ་ཆེན་ཕྱི་ནང་གསང་བའི་མཚན་ནས་འབོད་ཁྲོ་བོའི་རྒྱལ༔ བདུད་འདུལ་རྡོ་རྗེ་སྲིན་པོ་ཡིས༔ དྲེགས་པ་བཅོམ་ནས་སྒྲིབ་པ་སྦྱངས༔ དབང་བསྐུར་མིང་རྟགས་སྲོག་སྙིང་ཕུལ༔ ཕོ་བྲང་ཀུན་ལ་དམ་ཚིག་བྱིན༔ ཕྱི་ཡིས་མཚན་ནས་བོས་པའི་ཚེ༔ མགོན་པོ་ལེགས་ལྡན་ནག་པོ་བཞེངས༔ ནང་གི་མཚན་ནས་བོས་པའི་ཚེ༔ བདུད་འདུལ་དུར་ཁྲོད་སྒྲོལ་བའི་གྱིང༔ གསང་བའི་མཚན་ནས་བོས་པའི་ཚེ༔ རྡོ་རྗེ་སྒྲོལ་བྱེད་དྲག་པོ་རྩལ༔ མནའ་བོར་ཁས་བླངས་མ་བསྙེལ་བར༔ སྐུ་གསུང་ཐུགས་སུ་བདག་སྦྱོར་བས༔ ཕོ་བྲང་དཀྱིལ་འཁོར་མངའ་བདག་འདིར༔ རྟག་ཏུ་དམ་ཚིག་ཚུལ་བཞིན་གྱིས༔ ༀ་ཨཱཿཧཱུྃ། བཛྲ་ས་མ་ཡ་ཧཱུྃ། ཧཱུྃ༔ དང་པོ་བསྟན་པ་བསྲུང་བར་དམ་བཅས་པའི༔ བདུད་འདུལ་དབང་ཕྱུག་མ་ཧཱ་ཀ་ལའི་ཚོགས༔ སྲིན་ཡུལ་ལང་ཀ་པུ་རངས་ཀྱིས༔ གྲོང་ཁྱེར་བསྟན་ནས་བརླག་མཛད་ཅིང་༔ ལྷ་མ་ཡིན་གྱི་བུ་མོ་ནི༔ གློག་སྤྲིན་འདུལ་བར་ཞལ་བཞེས་པའི༔ ༀ་རཀྴ་ཤྲཱི་ཧེ་རུ་ཀ་ཅེས་པ་ནས། བཀའ་བཞིན་བྱེད་དམ་དམ་ལ་གདགས་ཅེས་པའི་བར་ནི་འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་སྐབས་སུ་མི་དགོས་ཏེ། སྔོན་བྱུང་རྗེས་འཇུག་འདི་ལ་མི་འཇུག་ཅེས་པའི་དོན་ནོ། །ཧཱུྃ་སྔོན་ཚེ་དཔལ་ཆེན་ཁྲོ་རྒྱལ་ཅེས་པ་ནས། །ༀཨཱཿཧཱུྃ་བཛྲ་ས་མ་ཡ་ཧཱུྃ་གི་བར། །བཀའ་སྡོད་ཕོ་ཉའི་དཀྱིལ་འཁོར་གྱི་སྐབས་འདིར་མི་དགོས། འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་གྱི་སྐབས་སུ་བྱ་སྟེ། །ཕྱི་ནང་གསང་བའི་མཚན་ནས་འབོད་ཅེས་པའི་དོན་ནོ། །ལྷ་ཆེན་མགོན་པོ་ནག་པོ་ཁྱོད༔ དུར་ཁྲོད་གནས་འདིར་བཞུགས་ནས་ཀྱང༔ བདག་གི་བཅོལ་པའི་ཕྲིན་ལས་མཛོད༔ ས་མ་ཡ་སྟྭཾ༔ ལྕང་ལོ་ཅན་གྱི་བྷནྡྷ་རུ༔ བྱང་ཆུབ་སེམས་དང་མཾ་ས་རཀྟ་དང་༔ དྲི་ཆེན་ཀུ་ཀུའི་ཆུ་སྟེ་རྣམ་པ་ལྔ༔ གཉིས་མེད་སྦྱར་བའི་པཉྩ་ཨ་མྲྀ་ཏ༔ ནག་པོ་ཆེན་པོ་འཁོར་དང་བཅས་ལ་འབུལ༔ ༀ་བྷུར་ཀུར་མ་ཧཱ་ཀ་ལ་རཀྴ་ཀྲོ་དྷི་ཤྭ་རི་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧཱི༔ མ་ཧཱ་བ་ལིཾ་ཏ། མ་ཧཱ་མཾ་ས། མ་ཧཱ་རཀྟ། མ་ཧཱ་གོ་རོ་ཙ་ན། མ་ཧཱ་བ་སུ་ཏ། མ་ཧཱ་ཀྲོ་ཏ། མ་ཧཱ་ག་ན། མ་ཧཱ་ཙཀྵུ། མ་ཧཱ་ཙིཏྟ་ཁཱ་ཧི། ཀྲོ་ཏ་ཛྭ་ལ་ས་མ་ཡཱ། ཡཀྴ་ཛྭ་ལ་ས་མ་ཡ། ཙིཏྟ་ཛྭ་ལ་ས་མ་ཡ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཧཱི། ཞེས་མཆོད་ཅིང་། ཁྲོ་མོ། ཕྲ་མེན། སྒོ་མ་ཡུམ་བཞི་དབང་མོ་རྣམས་ཀྱི་རྩ་སྔགས་བརྗོད་ཅིང་། ཨ་མྲྀ་ཏ་སོགས་ཀྱི་མཆོད་པ་འགྲེའོ། །ཧཱུྃ། རྣལ་འབྱོར་ཀུན་གྱི་དཔལ་མགོན་མཆོག །མ་ཧཱ་ཀ་ལ་མཐུ་རྩལ་ཅན། །བཀའ་ཐུབ་ཆེན་པོ་ཚུར་གསོན་ཅིག །ལེགས་ལྡན་ནག་པོ་མ་རུང་པ། །ཤ་ཁྲག་དམར་གྱི་མཆོད་པ་བཞེས། །རང་གི་རྒྱལ་སྲིད་ལ་གནས་ཏེ། །ཁྲམ་ལ་བཏབ་པའི་དགྲ་བགེགས་རྣམས། །རོལ་ཅིག་དགོངས་ཅིག་དམ་ཚིག་གཙོ། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །བསེ་བྱང་ཁྲམ་ལ་བཏབ་པ་ཡིས། །མ་དང་སྲིང་མོ་ཆུང་མ་ལ། །དཔའ་བོ་ཁྱོད་ཀྱི་རོལ་བར་མཛོད། །དམ་ཚིག་ཆེན་པོས་མ་བཏང་ཞིག །ཞེ་སྡང་ཅན་གྱི་བདག་པོ་རྣམས། །སེམས་ཅན་ཀུན་གྱི་ཚེ་འཕྲོག་པ། །དགྲ་བོ་ཉམས་པ་སྲོག་དང་ཕྲོལ༔ ཤ་དང་ཁྲག་ལ་ལོངས་སྤྱོད་ཀྱི༔ གནོད་སྦྱིན་ཆེན་པོ་མ་རུངས་རྣམས། །བསེ་བྱང་ཁྲམ་ལ་བཏབ་པ་ཡི༔ གསེར་དངུལ་དབྱིག་རྣམས་ཀུན་ལོང་ལ༔ རང་གི་འདོད་པའི་ལོངས་སྤྱོད་ཀྱི། །བསྒྲུབ་པའི་རྣལ་འབྱོར་བདག་ཉིད་ལ༔ ཡིད་བཞིན་ལྟ་བུའི་དངོས་གྲུབ་སྩོལ༔ རིགས་ངན་རྨེ་ཤ་ཅན་གྱི་ཚོགས༔ བ་གླང་ཁྱི་ཤ་རྟ་ཤ་དང་༔ མི་ཤ་གླང་ཆེན་ལ་སོགས་བཞེས༔ སྲིང་མོ་ཁྲག་འཐུང་མ་ལུས་ཀུན༔ བསད་པའི་ཁྲག་ནི་དྲོན་མོ་དང ༔ བཞེས་ཤིག་དགྲ་བོའི་ཁྲག་ལ་འཐུང་༔ སྤྲུལ་པའི་ཕྲ་མེན་ཆེན་མོ་རྣམས༔ ཐོད་རུས་རྐང་དང་འབྲུ་མར་རྣམས ༔ རྐང་དང་ཨ་མྲྀ་ཏ་སྦྱར་ནས༔ རྫུ་འཕྲུལ་བསྒྲུབ་པའི་དམ་རྫས་བཞེས༔ རིགས་ངན་གདུག་པའི་བུ་མོ་རྣམས༔ ཤ་ཆེན་བཤང་གཅི་ཁུ་བ་ཁྲག །དམ་རྫས་འབར་བ་འདི་བཞེས་ལ༔ བདག་གི་ནད་རྣམས་བཟློག་ཏུ་གསོལ༔ དམིགས་པའི་དགྲ་ལ་རིམས་ནད་འཐོང་༔ སྲིད་པའི་བུད་མེད་མ་རུངས་ཁྱེད༔ བྲོ་གར་གླུ་ཚིག་མཆོད་པ་བཞེས༔ དམིག་བྱ་འབྱོན་ཚུལ་སྟོབས་ཀྱི་ཕྲོགས༔ ཤོར་བ་གཞོན་ནུ་བདུད་མོའི་ཚོགས༔ རྣལ་འབྱོར་ཆེན་པོའི་བཀའ་བྱུང་གི༔ སྔགས་སྒྲ་དྲག་པོའི་མཆོད་པ་བཞེས༔ དགྲ་བོའི་ཕུང་པོ་རྡུལ་དུ་རློག༔ ལོག་བསྲེག་ཅན་གྱི་ཚོགས་རྣམས་ཉོན༔ ཡང་དག་ས་རུ་ཀུན་རིག་ནས༔ ཆེ་ཆུང་ལས་གཉིས་གང་བྱས་ཀྱང་༔ གཉིས་ཀྱི་དབང་དུ་མི་འགྱུར་གྱིས༔ རྣལ་འབྱོར་ངའི་ལས་འདི་སྒྲུབས༔ གསང་ཚིག་སྟོན་པའི་ཚོགས་རྣམས་ཉོན༔ གཤང་གཅི་ཁྲག་དང་སོལ་ཁུ་ཡིས༔ བརྒྱའམ་སྟོང་དུ་གོ་ནས་ནི༔ ལིངྒ་གཅད་ན་སངས་རྒྱས་འཇིག༔ དམ་རྫས་མཆོད་པ་བཞེས་སུ་གསོལ༔ བཅོལ་པའི་ལས་རྣམས་གྲུབ་པར་མཛོད༔ མངའ་བདག་ཆེན་པོ་མ་རུང་བ༔ རྡོ་རྗེ་སེམས་དཔའི་སྤྲུལ་པ་སྟེ༔ ཁྲོ་བོའི་རྒྱལ་པོ་གྱིང་ཆེན་པོ༔ མངའ་བདག་བདུད་ཀྱི་རྒྱལ་པོ་བཞེངས༔ བསྟོད་ཅིང་མཐུན་པའི་རྫས་འདི་འབུལ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཁས་བླངས་དམ་བཅའ་མནའ་བོར་བ༔ སྔོན་དུ་རིག་འཛིན་གོང་མས་སྒྲུབས༔ ད་ལྟ་རྣལ་འབྱོར་མགོན་དུ་སྤྱོན༔ བམ་རི་ཐོད་པ་མཁར་གྱི་རྩེར༔ རུ་མཚོན་ནག་པོ་པུ་རུ་རུ༔ མཚོན་ཆ་མང་པོ་ཆར་དུ་འབེབས༔ བདུད་བྱ་ནག་པོ་ལྡིང་ཞིང་འཛུམས༔ དུར་ཁྲོད་རྒྱན་ཅན་མང་པོ་རྣམས༔ མཆེ་གཙིག་རྔམ་པའི་ཞལ་གདངས་ནས༔ ཁྲོ་བོ་ཁྲོ་མོའི་སྤྲུལ་པ་འཁྲིགས༔ སྲིན་པོ་སྲིན་མོའི་རྐན་སྒྲ་སྡེབས༔ གནོད་སྦྱིན་ཕོ་མོ་འབྲུག་ལྟར་སྒྲོགས༔ ཟ་བྱེད་མང་པོ་གློག་ལྟར་འགྱུ༔ སོ་སོ་མོས་པ་མཐའ་དད་པའི༔ དམ་རྫས་མཆོད་པ་འདི་བཞེས་ལ༔ ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོད༔ གཙོ་འཁོར་གྱི་སྔགས་བརྗོད་པའི་མཐར ༔ ཨ་མྲྀ་ཏ་སོགས་ཀྱི་མཆོད་པ་རྣམས་གོང་ལྟར་འབུལ་ལོ༔ ཧོཿ མགོན་པོ་ཁྱེད་མཆོད་བྱིན་རླབས་ཀྱིས༔ ཕྱོགས་དང་དུས་ནི་ཐམས་ཅད་དུ༔ སེམས་ཅན་ལེགས་དོན་འབྱོར་པ་ལ༔ བགེགས་ནི་རྣམ་པ་ཀུན་མེད་ཤོག༔ རྟ་དང་བ་གླང་ནོར་དང་འབྲུ༔ བུ་ཚ་ཕ་མ་གཉེན་བཤེས་རྣམས༔ དགེ་ཞིང་ཚེ་རིང་ནད་མེད་པར༔ ཐམས་ཅད་འབྱོར་པ་བསྟན་པར་ཤོག༔ འགྲོ་ལ་ཉེས་མེད་བདེ་གྱུར་ནས༔ ནད་དང་མུ་གེ་ཀུན་བྲལ་ཤོག རྒྱལ་པོ་དགེ་ཞིང་དེས་པ་རྣམས༔ ཆོས་ཀྱི་རྒྱལ་སྲིད་སྐྱོང་བར་ཤོག༔ བདེ་བར་གཤེགས་པའི་བསྟན་པ་འདི༔ ཕྱོགས་བཅུ་ཀུན་ཏུ་རྒྱས་པ་དང༔ མྱུར་དུ་སེམས་ཅན་ཐམས་ཅད་ཀྱང་༔ ཆོས་ཀྱི་སྣོད་དུ་གྱུར་པར་ཤོག༔ དགེ་བ་ཐམས་ཅད་སྤྱོད་བསྔོ་ཞིང་༔ མགོན་པོ་ཁྱེད་མཆོད་བྱིན་རླབས་ཀྱིས༔ བདག་ཅག་འཁོར་དང་བཅས་པ་རྣམས༔ ལོངས་སྤྱོད་ཐམས་ཅད་རྣམས་གཉིས་རྫོགས་པར་སྨོན༔ བདག་ཅག་བྱང་ཆུབ་ཐོབ་གྱུར་ནས༔ ཁྱོད་དང་མི་འབྲལ་འགྲོགས་པར་སྨོན༔ དེ་ནས་འཛབ་བསྐུལ་བྱ་སྟེ༔ ཧཱུྃ༔ ཐུགས་རྗེའི་སྟོབས་ཀྱི་དགྲ་བཅོམ་སྐུ་ལྔ་པོ༔ སངས་རྒྱས་ཀུན་གྱི་བཀའ་ཡི་ལས་མཁན་པོ༔ དཔལ་མགོན་ལྗང་སྔོན་དྲག་པོ་གསལ་ཤིང་ཅན༔ ཁྱོད་ཀྱི་བསྟན་པ་བཤིག་པའི་དགྲ་བགེགས་བསྒྲལ་བའི་ཕྱིར༔ གནས་འདིར་བཀའ་ཡི་དམ་ཚིག་ཐུབ་པར་བསྲུངས༔ སྒྲུབ་པོའི་གྲོགས་ཀྱི་དགྲ་ལ་རྟགས་ཆེན་ཕྱུང༔ ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོཿ ཅེས་པ་དང་༔ ༀ་བུར་ཀུར་མ་ཧཱ་པདྨ་། དྷེ་བུར་ཙི་བུར་བྱི་གེ་བྱེ་མ་ནས་ཨེ་ཧོ་ཤྭ་མོ་ཀྲོ་ཏ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཅེས་བསྙེན་པའི་སྔགས་དང་༔ ༀ་བྷུ་རུ་ཀུ་རུ་ཨི་ཙུསྨ་ཀྲོ་ཏ་ཧཱུྃ་ཕཊ། ཅེས་བསྒྲུབ་སྔགས་དང་༔ ༀ་བྷུར་ཀུ་ཏི་ཧཱུྃ་ཕཊ། ཅེས་སྒྲུབ་པ་ཆེན་པོའི་སྔགས་དང་བཛྲ་ཀྲོ་ཏ་ཛྭ་ལ་སོགས་པ༔ འཁོར་གྱི་བཟླས་པའང་བྱའོ༔ མགོན་པོའི་དཀྱིལ་འཁོར་བདུན་པ་འདི༔ བསྒྲུབ་ཅིང་མཆོད་ན་དངོས་གྲུབ་གཉིས༔ ཐོབ་གྱུར་ཐེ་ཚོམ་མེད་པ་ཡིན༔ དེ་ཕྱིར་རྣལ་འབྱོར་ཀུན་དོན་དུ༔ དཔལ་མགོན་ཆོ་ག་འདི་ཙམ་པས༔ བསྟན་དང་དེ་ནི་རྣལ་འབྱོར་པ༔ དཔལ་མགོན་ཁྱེད་ཀྱི་སྐྱོང་གྱུར་ཅིག༔ ཀུན་གྱི་བྱང་ཆུབ་ཐོབ་པར་ཤོག༔ དཔལ་མགོན་པོ་ལེགས་ལྡན་ནག་པོ་མཆོད་པའི་ལས་རིམ་ཡིད་བཞིན་ནོར་བུ་ཞེས་བྱ་བ༔ ཤཱཀྱའི་དགེ་བསྙེན་ཤཱཀྱའི་བྱང་ཆུབ་ཀྱི་ལེགས་པར་སྦྱར་བའོ། །ཨཐྎ ཧཱུྃ༔ དྲག་པོ་སྐུ་ལྔ་རྒྱལ་བའི་བཀའ་སྡོད་མཆོག༔ ཡེ་ཤེས་ལྔ་ལྡན་རྒྱལ་བ་རིགས་ལྔའི་འཁོར༔ ཕྲིན་ལས་བདུད་འདུལ་དགྲ་བགེགས་ཀུན་གྱི་གཤེད ༔ གནས་འདིར་མྱུར་སྤྱོན་རྣལ་འབྱོར་ཕྲིན་ལས་མཛོད༔ ༈ །མགོན་པོ་ལེགས་ལྡན་ནག་པོའི་ཟོར་བསྐུལ་བཞུགས་སོ། ༈ །མ་གཡེལ་མ་ཕང་དམ་ཅན་ཚོགས། །རྣལ་འབྱོར་ང་ཡི་རྦད་པའི་ཚེ། །ལྷ་དམག་ཆེན་པོ་སྤྲིན་ལྟར་གཏིབས། །ཀྱཻ། ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན། །ཉི་མ་ལྷོ་ནུབ་མཚམས་ཤེད་ན། །ཞེ་སྡང་དུག་མཚོ་མེར་བའི་ནང་ཤེད་ན། །བསེ་སྒོང་ཁྲ་བོའི་ནང་ཤེད་ན། །ལྕགས་མཁར་སྔོན་པོའི་ནང་ཤེད་ན། །གནོད་སྦྱིན་ཟངས་ཐོགས་རྒྱལ་པོ་བཞུགས། །དེ་ཡི་ཡུམ་ཆེན་གཏུམ་མོ་ནི། །བསེ་གདོང་ཟངས་མགྲིན་རྫུ་འཕྲུལ་ཅན། །གཉིས་སུ་མེད་པའི་རྫུ་འཕྲུལ་ཅན། །སྤྱན་ནས་མེ་ཡི་ཕུང་པོ་འབར་། །མཆེ་བ་གནམ་ལྕགས་དགུ་རྒྱས་གཏམས། །འོད་ཟེར་མང་པོ་སྐར་ལྟར་འཁྲུག །འོད་ཟེར་ཚ་ཚ་ཆར་དུ་འབེབས། །ཡབ་ཡུམ་འཇིགས་རུང་དཔའ་བྱད་ཅན། །སྔོན་ཀྱང་ཞེ་སྡང་ལས་ལས་སྤྲུལ། །ད་ལྟ་སྔགས་པའི་ཕྲིན་ལས་མཛད། །ཟོར་ཀྱི་དམག་དཔོན་ལས་ལ་ཆོས ། །དེ་གཉིས་ཚོགས་པའི་བྱིན་རླབས་ལས། །ཟོར་གྱི་རྒྱལ་མོ་མཆེད་བཞི་བྱུང་། །སྲོག་གི་གཤེད་བཞི་བསྐྱོད་རེ་རན། །ཤར་ཕྱོགས་བསེ་ཡི་གྱད་པོ་ཆེ། །ཟོར་གྱི་རྒྱལ་པོ་ད་སྤྱོན་ཅིག །ལྷོ་ཕྱོགས་ཟོར་གྱི་རྒྱལ་པོ་ནི། །གཤིན་རྗེ་དྲེགས་པའི་ཡུལ་གཤེད་ན། །ལྷ་ཡི་རྒྱལ་པོ་སྟག་ཐབས་ནི། །ལྕགས་ཀྱི་བསེ་ཁྲབ་སི་ལི་ལི། །ལྕགས་ཀྱི་མདེ་ཐུང་ཤ་ར་ར། ལྕགས་ཀྱི་མདའ་གཞུ་བརྡུངས་ནས་འཕེན། །ལྕགས་མདའ་རུ་སྐྱོགས་དགྲ་ལ་རྒྱོབ། ཡ་བདུད་དྲེགས་པའི་ཡུལ་ཤེད་ན། །བསེ་ཡི་སོག་མོ་མགོ་དགུ་པ། །བསེ་ཡི་ཚེམས་ཁྲབ་སི་ལི་ལི། །ཁྲག་གི་མདེ་ཐུང་ཤ་ར་ར། །ཁྲག་མདའ་ཐོག་སེར་དགྲ་ལ་ཡ། །ཉམས་པའི་སྙིང་ལ་རུ་ཟོར་ཡ། །གནོད་སྦྱིན་དྲེགས་པའི་ཡུལ་ཤེད་ནས། །བསེ་ཡི་སོག་པོ་གདོང་རིང་པ། །བསེ་ཡི་ཚེམས་ཁྲབ་སི་ལི་ལི། །ཚེམས་ཁྲག་གོང་མིག་དུག་ཟོར་འཕྲོ། །སྦྲུལ་གྱི་གཞུ་བརྡུངས་དུག་མདའ་འཕེན། །དམ་ཉམས་སྲོག་ལ་རུ་ཟོར་ཡ། །ཟོར་བདག་ཆེན་པོ་མཆེད་བཞི་བསྐྱོད་ཙམ་ན། །རི་རབ་རྡོ་ཕེན་འུ་རུ་རུ། རྒྱ་མཚོ་ཞོ་ཕྲོག་ཆི་ལི་ལི། །བསེ་ཡི་སྤྱང་མོ་ངུར་ཞིང་ཟུགས། །བསེ་ཡི་བྱ་གླག་ལྡིང་ཞིང་འཛུམས། །ལག་ན་སྲོག་གི་ཞགས་པ་ཐོགས། །དམ་ཉམས་དགྲ་བོའི་སྲོག་ལ་ཡ། །བྱང་ཕྱོགས་ཟ་བྱེད་མ་མོ་ནི། །ནག་མོ་དཀར་མོ་སྨུག་མོའི་ཚོགས། །མ་མོའི་ཁྲག་ཟོར་དགྲ་ལ་ཡ། །སློབ་དཔོན་རོ་ལངས་དེ་བ་དང་། །སློབ་དཔོན་པདྨ་འབྱུང་གནས་ཀྱི། །བཀའ་ལ་བཏགས་པའི་བཀའ་ཉན་མ། །དམ་ལ་བཏགས་པའི་དམ་ཅན་མ། །ཚ་འགྱུར་བཞི་ཡི་དུས་ལ་བབ། །ཟོར་གྱི་ལས་ལ་སྐྱོན་རེ་རན། །བལ་ཡུལ་ཁུངས་པའི་འདྲེ་སྐྱེ་བཞི། །ཟོར་གྱི་ལས་ལ་ནན་མ་ཆུང་། །བདུད་མོ་བཞི་ཡིས་དུས་ལ་བབ། །ཟོར་གྱི་ལས་ལ་སྤྱོད་རེ་རན། །བསེ་ཡིས་ལྷ་མོ་མཆེད་བཞི་ནི། །ཟོར་གྱི་བསྲུང་མར་གཤེགས་སུ་གསོལ། །ཟོར་ཁ་འདི་ལ་ནན་མ་ཆུང་། །དོ་ནུབ་ཟོར་གྱི་ལས་ལ་ཆོས། །ཤར་ཕྱོགས་ཁྲོ་བོ་གིང་གི་ཚོགས། །ཡུངས་དཀར་འཕང་བའི་དུས་ལ་བབ། །ནུབ་ཕྱོགས་སྲིན་པོ་རྔམ་པའི་ཚོགས། །ཐོད་ཟོར་འཕང་བའི་དུས་ལ་བབ། །ཀྱེ་མ་མིང་པོ་རྡོ་རྗེ་དམག་འདྲེན་ན། །སྲིང་མོ་རྡོ་རྗེ་མཚོན་ཐོགས་ཤིང་། །མིང་པོ་རྡོ་རྗེ་གཡུལ་ཤོམ་ན། །སྲིང་མོ་རྡོ་རྗེ་དམག་སྣ་དྲོངས། དགྲ་བོའི་ཡུལ་དུ་དམག་འདྲེན་ན། དགྲ་ལྷ་རྒྱལ་མོ་དམག་ལ་འདུ། བདུད་ཀྱི་ཡུལ་དུ་དམག་འདྲེན་ན། དམག་གི་རྒྱལ་མོ་དམག་སྣ་དྲོངས། །མདའ་ཟོར་འཕང་བའི་དུས་ལ་བབ། །རུ་ཟོར་ཐོད་ཟོར་དགྲ་ལ་ཡ། །སྟེང་གི་ལྷ་ཡང་གཟུ་དང་དཔང་། །འོག་གི་ཀླུ་ཡང་གཟུ་དང་དཔང་། །བར་གྱི་བཙན་ཡང་གཟུ་དང་དཔང་། །ལྷ་སྲིན་སྡེ་བརྒྱད་གཟུ་དང་དཔང་། །གཟུ་དང་དཔང་དུ་དཀོན་མཆོག་བཞུགས། །ཞལ་ལྕེ་ལྷ་སྲིན་ཡོངས་ཀྱིས་ཆོད། །ང་ཡིས་མ་ཉེས་མ་ཐོས་ཀྱིས། །ཉེས་པའི་སྟབས་ལ་ཤོ་ར་རེ། །མ་ཉེས་སྟབས་ལ་བཅད་དེ་རེ། །ཧཱུྃ། སྟེང་གི་ལྷ་ལ་ཟོར་མི་འཕེན། །འོག་གི་ཀླུ་ལ་ཟོར་མི་འཕེན། །བར་གྱི་བཙན་ལ་ཟོར་མི་འཕེན། །ས་བདག་གཉན་ལ་ཟོར་མི་འཕེན། །སོགས་པ་གཞན་ཡང་སྡམ། ད་ནི་ཟོར་འཕང་གང་ལ་འཕངས། །ཟོར་འཕངས་སྡང་བའི་དགྲ་ལ་འཕང་། །རུ་ཟོར་གནོད་པའི་བགེགས་ལ་འཕང་། །ཉུང་ཟོར་སྙིང་གི་དཀྱིལ་དུ་ཡ། །ཐོད་ཟོར་བསྟན་གྱི་དགྲ་ལ་ཡ། །མདའ་ཟོར་དཀར་ནག་མཚམས་སུ་ཡ། །ཟོར་གྱི་རྒྱལ་པོ་ལས་ལ་ཆོས། །ཞེས་བརྗོད་ཅིང་རྔམ་པའི་ང་རོས་སྔགས་བཟླས་ཤིང་། །སྐྲ་སྤྱི་བོར་བཅིངས་ལ། ལུས་གཅེར་བུར་ཕྱུང་ལ་འཐབ་བགྲོས་བྱ། །ཟོར་འཕང་ངོ་། །ཟོར་གྱི་ལས་བྱ་བའི་ཐབས་རྫོགས་སོ། །དང་པོ་ཟོར་བྱུང་གང་ནས་བྱུང་། །མ་ཏྲཾ་དང་པོ་ཇི་ལྟར་བསྒྲལ། །སྲིད་པའི་བྱོལ་བཞི་ཇི་ལྟར་བསྒྲལ། །དང་པོ་མ་ཏྲཾ་བསྒྲལ་བའི་ཚེ། །མགོ་བོ་སྲིན་པོའི་ཕྱོགས་སུ་བསྟན། །རྐང་པ་འབྱུང་པོའི་ཕྱོགས་སུ་བརྐྱང་། །ལག་པ་མེ་དང་རླུང་གི་ཕྱོགས། །སྒྲོལ་བྱེད་གིང་གིས་བསྒྲལ་རྩམ་ན། །མ་ཏྲཾ་མགོ་ལ་ར་སྐྱོགས་སྲིད། །སྣ་ནི་ཟབ་ཟི་ཟངས་སྐྱོགས་སྲིད། །ཀོས་ལྐོ་བསེ་སྐྱོགས་ཁྲ་བ་སྲིད། །དང་པོ་སྐྱོགས་བྱུང་གང་ནས་བྱུང་། །མ་ཏྲཾ་བྷནྡྷའི་ནང་དག་ཏུ། །ས་སྣ་ཀེ་ཚེ་འཚེ་བསལ་ཏེ། གནམ་ས་ཡོངས་ཀྱི་བྱིན་རླབས་ལས། །ཡན་ལག་བཞི་ལ་འདམ་བཞི་བྱུང་། །མཆིན་པ་ལ་ནི་དུག་ཟོར་བྱུང་། །སྙིང་གི་རྩ་ལས་ཁྲག་ཟོར་བྱུང་། །མ་ཏྲཾ་གི་ནི་མཁྲིས་པ་ལས། །བདུད་ཀྱི་བྱོལ་པོ་དེ་ན་བྱུང་། །མ་ཏྲཾ་གི་ནི་མཚེར་པ་ལ། །དམུ་ཡི་བྱོལ་པོ་དེ་ནས་བྱུང་། །མ་ཏྲཾ་གི་ནི་སྲོག་རྩ་ལས། །སྲིད་པའི་བྱོལ་པོ་དགྲ་ལ་བྷྱོ། །སྲིད་པ་བདུན་བྱོལ་དགྲ་ལ་བྷྱོ། །ཆུང་ལ་སྲིད་པ་མ་མོ་བྱོལ། །ཐོ་རངས་རྒྱུ་བ་བཙན་གྱི་བྱོལ། །ཉི་མའི་གུང་ལ་དམུ་ཡི་བྱོལ། །མོན་ཡུལ་གཏིང་གི་སྙུག་མ་ལ། །འདབ་ཆགས་བཞི་ཡིས་སྒྲོ་ཡིས་སྐྱོན། །གཞུ་མོ་མཆོག་དཀར་མཆོག་ཡིན་ཏེ། །སྐྱེས་བུ་ལག་པ་གཡོན་གྱིས་བླངས། །ད་ནི་གསང་བའི་ཟོར་འཕེན་ན། །ཟོར་གྱི་དེ་ནི་ཤུལ་སོལ་ཅིག །ཟོར་གྱི་དེ་ནི་ལམ་ཕྱེ་ཞིག །ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་བསྲུངས། །རྒྱལ་པོ་དེ་ནི་བརྗིད་རེ་ཆེ། །བློན་པོ་དེ་ནི་བཟང་ལ་རགས། །བཙུན་མོ་དེ་ནི་མཛེས་ལ་སྙེམས། །ཤར་བ་དེ་ནི་དོལ་རེ་སྙེམས། །དེ་ལ་ཀྱང་ནི་ཟོར་མི་འཕེན། །སྟེང་གི་ལྷ་ལ་མི་འཕེན་ནོ། །འོག་གི་ཀླུ་ལ་མི་འཕེན་ནོ། །བར་གྱི་བཙན་ལ་མི་འཕེན་ནོ། །ལུས་སྲོག་བསྐྱེད་པའི་ཕ་མ་ལ་ཡང་མི་འཕེན་ནོ། །སྟེང་གི་ལྷ་ཡང་གཟུ་དང་དཔང་། །འོག་གི་ཀླུ་ཡང་གཟུ་དང་༴ བར་སྣང་བཙན་ཡང་གཟུ་དང་༴ ལྷོ་ཕྱོགས་འཕགས་སྐྱེས་པོ་ཡང་༴ ནུབ་ཕྱོགས་སྤྱན་མི་བཟང་ཡང་༴ བྱང་ཕྱོགས་རྣམ་ཐོས་སྲས་ཀྱང་༴ ཤར་ཕྱོགས་ཡུལ་འཁོར་བསྲུང་ཡང་༴ ཤར་ཕྱོགས་དྲི་ཟའི་གདོན་ཡང་༴ ཟོར་འདི་སྡང་བའི་དགྲ་ལ་འཕེན། །ལྷོ་ཕྱོགས་གྲུལ་བུམ་གདོན་ཡང་༴ །སྡང་བའི་དགྲ་ལ་འཕེན། ནུབ་ཕྱོགས་ཆུ་བདག་གདོན་ཡང་གཟུ་དང་དཔང་༔ སྡང་བའི༴ བྱང་ཕྱོགས་གནོད་སྦྱིན་གདོན་ཡང་། ཟོར་འདི་སྡང་བའི་དགྲ་ལ་འཕེན། །ཟོར་འདི་གནོད་པའི་བགེགས་ལ་འཕེན། །གཞུ་མོ་རྒྱུད་དུ་མ་ཆད་ཅིག །མདའ་མོ་ལྟོང་དུ་མ་ཆག་ཅིག །ཤར་ཕྱོགས་ཁྲོ་བོའི་སྤྲུལ་པ་ཡིས། །ཆེན་པོ་བྱ་རྒོད་མགོ །ཤར་གྱི་ཕྱོགས་ཀྱིས་དགྲ་བགེགས་ལ། །བྱ་རྒོད་མདའ་ཡི་སྙིང་ལ་རྒྱོབ །དུང་སྐྱོང་དཀར་པོས་སྙིང་ལ་རྒྱོབ། །རྣོག་མགོ་ཅན་གྱི་བཤན་པ་གྱིས། །ཏྲི་ཏ་མུ་ཁ་མཐུ་མོ་ཆེ། །སྤྲུལ་པ་ལུག་གི་མགོ་ཅན་གྱིས། །དམ་ཉམས་དགྲ་ཡི་བཤན་པ་གྱིས། །འུག་པའི་མདའ་ཡིས་སྙིང་རྩ་ཏུར། །ཧུ་ལུ་མུ་ཁ་མཐུ་མོ་ཆེ། །བསེ་ཀྱང་ཁྲ་བོས་མགྲིན་པར་འཆིངས། །སྨྱོ་འབོག་ཤ་བའི་མགོ་ཅན་གྱིས། །དམ་ཉམས་དགྲ་ཡི་བཤན་པ་གྱིས། །སྤྲུལ་པ་བྱ་རོག་མགོ་ཅན་གྱི། །བྱ་རོག་མདའ་ཡི་སྙིང་ལ་རྒྱོབ། །གསོད་བྱེད་ཀཾ་ཀ་མུ་ཁ་མཐུ་མོ་ཆེ། །ཟུངས་སྐྱོགས་དམར་པོས་ཡུལ་ཁམས་ཆོམས། །སྤྲུལ་པ་ཁྲག་གི་མགོ་ཅན་གྱིས། །གསོད་བྱེད་ཁྲག་མདའ་དགྲ་ལ་རྒྱོབ། །ཁ་ཁ་མུ་ཁ་མཐུ་མོ་ཆེ། །རུ་སྐྱོགས་ནག་པོས་ཡུལ་ཁམས་ཆོམས། །དང་པོ་ཞེ་སྡང་ཕ་ཡིས་བསྐྱེད། །དེ་ནས་འདོད་ཆགས་མ་ཡི་མངལ། །དེ་ནས་དྲི་ཟའི་ལྟེ་བའི་འཁོར། །ཐ་མ་ཉོན་མོངས་ལྔ་ཡིས་གཟུགས། །ལྔ་ཕུང་རྩད་ནས་བཅད་པའི་ཕྱིར། །སྲིན་པོའི་མདའ་ཟོར་དགྲ་ལ་ཐུན། །ཁྲག་མདའ་དུག་མདའ་དགྲ་ལ་ཐུན། །གསལ་ཤིང་ནག་པོ་དགྲ་ལ་ཐུན། །ལྟ་བའི་མིག་ལ་ཁྲག་ཟོར་ཡ། །ཉན་པའི་རྣ་ལ་ཁྲག་ཟོར་ཡ། །ནམ་ཕྱེད་སྣ་ལ་ཁྲག་ཟོར་ཡ། །ཉུངས་ཟོར་ནག་པོ་དགྲ་ལ་རྒྱོབ། །གུ་གུལ་ནག་པོས་མལ་ཤིག་ཅིག །མཛེ་ཐོད་རྣོན་པོས་དྲག་པོ་རྒྱོབ། །དུག་ཟོར་ནག་པོས་རླག་པར་གྱིས། །ལྕགས་ཟོར་ནག་པོས་རླག་པར་གྱིས། །མ་མོ་རྡོ་འཕེན་མཐུ་མོ་ཆེ། །རྡོ་ཟོར་དག་གིས་ཡུལ་འཁོར་ཆོམས། །སྙིང་ཁྲག་ཆོད་ཅིག་ཙིཏྟ་ཀུ་ལུ་ནན། །ཡན་ལག་འཆིངས་ཅིག་ཤྭོ་ན་ཀུ། །རྣམ་ཤེས་བཅོས་ཤིག་ཙིཏྟ་ཁཱ་ཧི། གཟུགས་ཕུངས་ཤིག་ཅིག་ཏུ་ཏི་བཾ། དག་རྣམས་ཉེས་ཤིག་ཙིཏྟ་རམ། །དབང་པོ་ཤིག་ཅིག་ཨི་ཏྲ་ནི། །བཛྲ་ཀྲོ་ཏ་ཛྭ་ལ་ནི། །ཤ་ཏྲུཾ་མ་ར་ཡ་ཀཾ་རྦད། །མ་མ་མ་ཤ་ཏྲུཾ་མཱ་ར་ཡཾ་ཀཾ་རྦད། །ཧ་ར་བྱ་མུགས་རྦད། །བཛྲ་ཀྲོ་ཏ་ཡ་མ་པྲ་ཏི་དུམ་པ་ལི་ཤ་ཏྲུཾ་མཱ་ར་ཡ་གཟེར། ནི་ལ་ནི་ལ་སྟམྦྷ་ནན་བཅངས་སྦྱིན་རྦད་པུ་ནི་ཤ་ཏྲུཾ་མཱ་ར་ཡ་གཟེར། ནག་གུར་ལ་ཤ་ཏྲུཾ་མཱ་ར་ཡ་ཛ། ཨཐྎ། དེ་ནས་གསེར་སྐྱེམས་བཏང་། ཡུལ་གྱི་ལྷ་འདྲེ་ལ་མ་ཉེས་པས་དཔངས་གཟུགས། ས་བདག་ལ་ཡང་ཀླུ་སྨན་སྣ་ཚོགས་ཀྱི་པུ་ཙ་དབུལ། དེ་ཁྲུ་དོ་གསུམ་བར་བྲུའོ། །དེ་ནས་རྒྱ་མཚོའི་གཏིང་ན་གནས། །ཀླུ་བདུད་ཆེན་པོ་ཁ་ཕྱེ་ཞིག །རྒྱས་པའི་དགྲ་བོ་གཏད་དོ་བྱས་ལ་ཁ་སྦྱོར་དུ་གཞུག་གོ། །དེ་སྟེང་མགོན་པོ་མིའུ་ཐུང་གི་གཟུགས་སྐྱོན། །དེའི་སྟེང་དུ་ཁྲོ་བོའི་མཁར་ལ་བྱ་ཁྱུང་མ་རུ་ཏྲ་དང་བཅས་པས་བཞག །དེའི་སྟེང་དུ་གཡམ་ནག་གི་གཅད། །དེ་ནས་དཔའ་བོ་རྟ་བྲོ་བརྡུངས། །དེ་ནས་གོམ་པ་ཉི་ཤུ་རྩ་གཅིག་ཕྱིར་བསྐྱེད་ལ་ཟོར་བཏེག །ལོག་ན་སྤོགས་པའི་ལས་བྱ། །གཡས་སུ་ལོག་ན་ལག་པ་གཡས་པ་ལ་ལན་གསུམ་བསྐོར་ལ་ལན་གསུམ་འཕང་། དེ་ནས་དེ་ལ་རྡེག །གཡོན་དུ་ལོག་ནའང་དེ་ལྟར་བྱའོ། །ཐད་ཀར་ལོག་ན་འདུག་སར་ཐོ་གཅིག་བཙུགས་ལ་ཕར་རྟེན། དེ་ནས་དེ་ལ་རྡེག །ད་དུང་ལོག་ན་གནས་སུ་ཕྱིན་ལ་དྲག་པོའི་སྔགས་མཇུག་ཀློགས་སུ་བྱས་ལ། སྟོང་ཚོ་གཅིག་འདོན། དེ་ནས་ཟོར་གྱི་ལས་བྱ། གཏང་རག་གི་གཏོར་མ་གཏང་ཡེ་ཤེས་སེམས་དཔའ་གཤེགས། དམ་ཚིག་སེམས་དཔའ་བསྡུ། མཚམས་རང་བཞན་གྱིས་མི་དམིགས་པར་གྲོལ། དེ་ནི་ལས་སྦྱོར་རོ། །དེ་ལྟར་བྱས་ན་ལོ་རུ་སྦྱོར་ནས་ཕྱིས་བཏགས་མེད་ན། མནན་པ་ལྟ། འཕར་ནས་འདུག་ན་སླར་ལ་མནན་བའི་ལས་བྱ། མ་འཕར་ནད་ནང་འཁོར་བའི་ལས་བྱ་སྟེ། མན་ངག་ལས་ཤེས་པར་བྱ། རྫོགས་སོ།། ༈ །།དེ་ནས་ལས་སྦྱོར་དུས་སུ་འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་བྱ་སྟེ། གསེར་སྐྱེམས་བཏང་། བདེན་པ་བདར། མ་ཉེས་པའི་དཔང་གཟུགས། དེ་ནས་དྲག་པོའི་སྔགས་བཟླས་པའི་དུས་སུ། བདག་དཔལ་ཆེན་པོའི་ཐུགས་ཀ་ནས་ལས་ཀྱི་མགོན་པོ་ཞལ་གཅིག་ཕྱག་གཉིས་གཅེར་བུ་རལ་པ་གྱེན་དུ་བརྫེས་པ། སྐུ་མདོག་སྔོ་ནག་གཡས་གསལ་ཤིང་ནག་པོ་གཡོན་ལྕགས་ཀྱུ་ཐོགས་པ་རྩར་གྱི་བཏོན་ནས། བཞི་མགོན་དང་གཉིས་སུ་མེད་པར་བྱ་སྟེ། བདག་དཔལ་ཆེན་པོ་ལ་ཅི་བགྱི་བཀའ་ནོད་པར་བསམ། དགྲ་ལ་བསྟན་པས་འཕར་སྤྱང་མང་པོ་དང་། དུར་སྤྱང་མང་པོ་སྤྲུལ་ནས་སྟེ་ལྷ་སྦྱིན་སྣ་ནས་ཡར་བཞུགས། ནང་ཁྲོལ་ཞལ་དུ་རྔུབས། དོན་སྙིང་སྨད་ལྔ་སྤར་གྱིས་བཏབ་ནས་སླར་བྱུང་སྟེ། བདག་ལ་བསྟབ་པར་བསམ། དེའི་སྦྱོར་བ་དང་ལྡན་པས། ཉིན་ལན་གསུམ་མཚན་ལན་གསུམ་དུས་དྲུག་ཏུ་བསྟབ་པ་བྱ་ཞིང་དྲག་སྔགས་འདོན་ནོ། །དེ་ནས་རྟགས་བྱུང་བ་དང་རྣལ་འབྱོར་གཅིག་གི་མཐོ་མཚམས་སུ། རྒྱ་ཚིལ་གྱི་དུད་པ་བཏང་། ལྷ་དང་དབྲལ་བའི་ཆོ་ག་བྱ། སླར་ལོག་ཏེ་ཕུར་པ་བཏབ་པ་དང་། ཐུན་བརྡེག་པ་དང་། མཚོན་གྱིས་གདབ་པ་དང་། བསྒྲལ་བའི་ལས་བྱ། དེ་ནས་སྦྱིན་བསྲེག་གི་ལས་བྱ། དེ་ནས་མནན་པའི་ལས་བྱ་སྟེ། སྦྱིན་བསྲེག་གི་ཐལ་བ་ལིདྒ་བྱ་སྟེ་མིང་བྱང་བཏུབས་ལ་ཁ་སྦྱོར་ནང་དུ་གཞུག །མཁར་ནག་གམ་རྒྱུ་ཞགས་ཀྱིས་བསྡམས། མནན་པ་ཁྱེར་ལ་ཕུར་བ་བཞིས་བདག་གི་བྲོ་བརྡུངས་བཅད་དེ་རྫོགས་སོ།། ༈ །།གཏད་ཁྲམ་མནན་པའི་དཀྱིལ་འཁོར་བཞུགས་སོ། །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་བདུན་པའི་རིམ་པ་ལས། །གཏད་ཁྲམ་མནན་པའི་ད་ལ་ནི། །བདུད་འདུལ་ཞིང་ཁམས་ཆེན་མོ་ན། །སྟོན་པ་སངས་རྒྱས་ཉིད་ཀྱིས་གསུངས། །དེ་ཡང་གདམས་ངག་མདོར་བཀོད་པ། །སློབ་དཔོན་ཧཱུྃ་ཀཱ་ར་ཡི་ནི། །འཁོར་ལོའི་གདམས་ངག་མདོར་བཀོད་པ། །འཁོར་ལོའི་མིང་བྱང་བྲི་བ་ནི། །དང་པོ་འཁོར་ལོ་བྲི་བྱ་ནི། །ལྟེ་བར་མུ་ཁྱུད་འཁོར་ལོ་དང་། །ཕྱི་ཡིས་འཁོར་ཡུག་མེ་རི་བཅས། །སྦལ་པའི་ལྟོར་ཚུད་ཁ་སྦྱོར་བྲི། །ལྟེ་བར་ཐིག་བཞི་ལེ་ཚེ་དགུ །མུ་ཁྱུད་ཁྱིམ་ནི་བཅུ་གཉིས་བྲི། །གཞི་སྙིང་གཅིག་ཏུ་དྲིལ་བའི་སྔགས། །དབུས་སུ་ༀ། ཤར་དུ་བུར། གཡས་སུ་ཀུར། རྒྱབ་ཏུ་ཨི། གཡོན་དུ་ཙི། མུ་ཁྱུད་ཀྱི་ཤར་མཚམས་ནས་བརྩམས་ཏེ་གཡས་བསྐོར་དུ། ཀྱི་ཕྱི་ཨུ་ཙུ་སྨ་ཀྲོ་ཏ་མ་ར་ཡ་ཧཱུྃ། ཐ་མ་ཕཊ་ཀྱི་མཐར་ཐུག་པར། །གཡས་བསྐོར་རིམ་པ་བཞིན་དུ་བྲི། །རུས་དང་མིང་དང་བཅས་པ་བྲི། །ཤཱཀྱ་སརྦ་ལྷ་སྦྱིན་མ་ར་ཡ་ཕཊ། ཅེས་པ་བྲི། གཞི་སྙིང་དྲིལ་བ་བྲིའོ། །དེའི་ཕྱི་རིམ་ས་བཅུ་དྲུག་ལ། །ཧ་ལ་ཧ་ལ། ར་ལ་ར་ལ། ཧུ་ལུ་ཧུ་ལུ། རུ་ལུ་རུ་ལུ། རུ་ཏྲ། །ཚོགས་ཀྱི་ས་བོན་ནམ་རྣམ་ཤེས་བརྒྱད་དང་ཡུལ་བརྒྱད་འཇོམས་པ་བྲི། །འཁོར་ཡུག་ཕྱོགས་བཞི་འཁོར་བཞི་པོའི། །ཡཀྴ་ཛྭ་ལ་ཆེ་གེ་མོ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ། །ཙིཏྟ་ཛྭ་ལ་ས་མ་ཡ་ཆེ་གེ་མོས་སརྦ་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་ཏ་ཛྭ་ལ་ས་མ་ཡ་ཆེ་གེ་མོ༴ ཡཀྴ་ཛྭ་ལ་ས་མ་ཡ་ཆེ་གེ་མོ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ། ཙིཏྟ་ཛྭ་ལ་ས་མ་ཡ་ཆེ་གེ་མོ་སརྦ་ཤ་ཏྲུཾ་ས་ར་ཡ་ཧཱུྃ་ཕཊ། ༀ་བཛྲ་ཀྲོ་ཏ་ཛྭ་ལ་ས་མ་ཡ་ཆེ་གེ་མོ༴ ཡཀྴ་ཛྭ་ལ་ས་མ་ཡ་ཆེ་གེ་མོ་སརྦ་ཤ་ཏྲུཾ་མ་ར་ཡ་ཧཱུྃ་ཕཊ། ཞེས་བྲིས་ལ་འཁོར་བཞིའི་དམིགས་བྱ་དགུག་པ་དང་། ལིདྒ་གཞུག་ཅིང་བཅིང་བ་དང་། དབང་དུ་བསྡུད་པའི་ལས་བྱེད་པའོ། །ཐ་མ་མེ་རི་འབར་བའོ། །དེའི་ཕྱི་རིམ་ཁ་སྦྱོར་ནི། གཡས་བསྐོར་གཡོན་བསྐོར་མ་འཛོལ་བའི། བྲིས་ལ་ཀླུ་ལ་གཏད་པའོ། །ཡང་ན་གཡས་བསྐོར་རྐྱངས་པ་ལ། མགོན་པོའི་གཟའ་མཆོག་ལྟོར་ཆུད་དུར་ཁྲོད་ནག་པོའི་འཚལ་བཞུགས་པའམ། ལྷ་ཁང་མགོན་པོའི་ཞབས་འོག་ཏུ། མནན་པ་བྱས་ཀྱང་འགྲུབ་པར་གསུང་། དལ་བྲི་བའི་རིམ་པའོ། །དེ་ལྟར་བྲིས་པའི་འཁོར་ལོ་ལ། བྱིན་རླབས་འཁོར་ལོ་བསྐོར་བ་ནི། བདག་ཉིད་དཔའ་ཆེན་ཧེ་རུ་ཀའི། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་ནས་མདུན་གྱི་འཁོར་ལོ་ལ་ཕོག་པས། ཡེ་ཤེས་ཀྱི་འཁོར་ལོ་ལྕགས་ཁང་མེ་འབར་བ་ཁ་སྦྱོར་བསམ། ནང་དུ་ཡི་གེའི་སྤུ་གྲི་མཚོན་ཆ་ཡིས་དམིགས་པའི་ཕུང་པོ་ལྔ་དང་། དུག་སྣ་རྟེན་འབྲེལ་བཅུ་གཉིས་དང་། རྣམ་ཤེས་བརྒྱད་དང་ཡུལ་བརྒྱད་གཅོད་ཅིང་བསྐོར་བར་བསམ། ཉོན་མོངས་པ་ཅན་ནམ་ཡིད་འཁོར་བ་མ་སྟོང་གི་བར་དུ། རྣམ་རྟོགས་ན་སྐུ་དང་ཡེ་ཤེས་ལྔ་ཡིས་ཐམས་ཅད་སྟོང་ཉིད་རྡོ་རྗེའི་ངང་དུ་བསྐོར། དེ་འདྲའི་བསྐོར་བ་ཀུན་གྱི་ཐུན་མོང་མ་ཡིན་ཏེ། ལྟ་བ་དམན་ཅིང་ཞེ་སྡང་ཅན་གྱིས་ནི། གང་གི་མཚོན་ཆ་གཡས་བསྐོར་བ། དམིགས་པའི་གཟུགས་ཕུང་གཡོན་བསྐོར་བས། དམིགས་པའི་གཟུགས་ཕུང་འཁོར་ལོ་སྤུ་གྲིས་བཏུབས་པར་བསམ། འཁོར་ལོ་ལྕགས་ཁང་བར་དུ་མནན་པས་ཐར་བའི་དུས་མེད་པར་བསམ། དེ་དག་འཁོར་ལོ་བསྐོར་བའི་ཏིང་ངེ་འཛིན་ཏེ་སྐབས་སྐབས་དག་ཏུ་འཁོར་ལོའི་རབ་གནས་བྱེད་པ་ཤིན་ཏུ་གཅེས་སོ། །དེ་འདྲའི་འཁོར་ལོ་བྱིན་རླབས་ལྡན་པ་དེ། གའུར་བཅུག་ནས་ནི། ཨ་རང་ཅེས་བྱ་བ་མཛེ་ཕོའི་ཐོད་པའམ། མ་ནུ་ར་ནི་རིགས་ངན་ནམ་མཛོ། དྲེའུ་ཐོད་པའམ། ཀྲི་ན་ཞེས་པ་རབས་ཆད་ནག་པོའི་ཐོད་པའམ། ཀུ་ཀུ་ར་ཙ་ཁྱིའི་ཐོད་པའམ། རབས་ཆད་ཐོད་པ་ཁ་སྦྱོར་དཀར་ནག་སྡམས། །མཛེ་རྡོལ་ཐོད་པ་བམ་རིལ་བག་ཟན་བུག་པ་བཀག་པ་ལ། །མཛེ་ཐོད་ཀྱི་ཐོད་པར་འཁོར་ལོ་གཏོར་མ་ཁྲག་དང་། །ཉུང་དཀར་ནག་དུག་ཐུན་བླུགས། །སེར་བུ་མི་ཆོར་བ་ལ་ཆན་ནན་བྱས་ལ། །ཡུགས་ས་མོའི་དོར་རྟའམ་རེ་བས་དྲིལ་ཏེ་བཞག །ས་སྣ་བདུན་གྱི་འདག་ས་ལ། །མཁར་ཆེན་ཕང་དུ་འཇུག་པ་སྟེ་ལོགས་ལ་ཆག་གང་ཁོང་སྟོང་ཟུར་གསུམ་བྱ། སྟེང་དུ་འདབ་ཆགས་རྒྱལ་པོ་བྱ། མགོན་པོ་ནག་པོ་ཆག་གང་པ། ཞལ་གཅིག་ཕྱག་གཉིས་པ་གསལ་ཤིང་ནག་པོ་བསྣམས་པ། མཆེ་གཙིགས་ཞབས་ནི་འགྲད་པ་ལ། །དུས་སུ་བྱིན་རླབས་དབང་བསྐུར་བྱ། །མཆོད་རྟེན་ནག་པོ་མཛུབ་གང་ལ། །བྱིན་རླབས་དབང་བསྐུར་རབ་གནས་བྱ། །སྦྱིན་བསྲེག་བྱས་པའི་ཐལ་བ་དང་། །དྲི་མ་རྗེས་དང་མགོ་བོའི་ངོས་རྣམས་ལ། །ལིདྒ་མིང་བྱང་བཅས་བྲིས་སྙིང་ཁར་གཞུག །བདག་ཉིད་ཆས་སུ་འཇུག་པ་ནི། །བདག་ཉིད་བྱ་ཁྱུང་རྒྱལ་པོའམ། །ཕྱག་ན་རྡོ་རྗེའི་ང་རྒྱལ་གྱིས། །དྲི་ཆུ་ཙན་དན་གླ་རྩི་འམ་ཆུས། །ཁྲུས་བྱས་གུ་གུལ་ནག་པོ་དང་། །ཚིལ་ཆེན་མུ་ཟི་ཀླད་པ་དང་། །ཕག་པའི་སྣ་དང་དྲི་ཆེན་རྣམས། །བདག་གི་ལུས་བསྲུང་རྨ་བྱའི་མདོངས་ཀྱི་མགོ་ལ་གདགས། །བདུད་ནག་མཆོད་ཕྱིར་ལུག་ནག་རྗེ་ངར་བཤམས། །ཕྱིར་མི་བཟློག་ཕྱིར་སྲིད་པའི་མདའ་གཞུ་ཁྱེར། །དམག་དཔུང་བཟློག་ཕྱིར་དྲག་པོའི་གཏོར་མ་ཁྱེར། །ལས་རྣམས་བཅོལ་ཕྱིར་ཞི་བའི་གཏོར་མ་ཁྱེར། །མི་མཐུན་འདུས་པའི་སར་སོང་ལ། །རྣལ་འབྱོར་ཁྲོས་སེམས་སྟངས་སྟབས་ཀྱིས། །མི་མཐུན་འབྲོས་སུ་མི་གཞུག་ཏིང་འཛིན་པར། །སྣང་སྲིད་ལྷ་འདྲེ་དག་ལ་གསེར་སྐྱེམས་རྒྱས་པར་བཏང་། །ལས་བཅོལ་དེ་ལ་ཞི་བའི་གཏོར་མས་མཆོད། །མ་ཉེས་དཔང་གསོལ་བྱ་ཁྱུང་ཏིང་འཛིན་གྱིས། མཆུ་དང་སྡེར་མོས་རློག་པར་བསམ་ཤིང་ཁྲུ་དོ་རྐོ། བྱ་ཆུང་ང་རྒྱལ་དག་གིས་ས་བདག་མོའི་རིགས་ལ་བཏབ། དང་པོའི་ས་བདག་ལིང་གར་བཅུག་པར་བསམ། དེ་ཕྱིར་འཁོར་ལོ་ཐོད་པས་མནན། ནག་པོ་གསལ་ཤིང་རྗེར་རྡོག་པར་བསམ། ལུག་ནག་རྗེ་ངར་དྲག་གཏོར་རྔན་པར་བྱིན། དེའི་སྟེང་དུ་མཁར་ཆེན་དག་གིས་མནན། དེའི་སྟེང་དུ་མཆོད་རྟེན་ནག་པོས་མནན། བདག་ཉིད་ཆོས་གོས་ནག་པོ་ཕྱིན་ཀ་ལོག་ལ་དྲག་སྔགས་ཁུར་དུ་ཁུར། ན་ཁས་དྲག་སྔགས་བཟློས་ཤིང་པར་བུ་ཁྲམ་ཤིང་ཐོགས། རྡོ་རྗེས་སྤྱང་ཁུས་དབྱུང་ཅིང་བསྐོར་བ་ཕྱིན་ཅི་ལོག་ཏུ་བྱ། རྡོ་རྗེ་དུར་ཁྲོད་བདག་གི་སྟབ་བསྟོད་བྱ། དེ་ནས་དུར་ཁྲོད་གཡམ་པ་ནག་པོ་ནི། དུར་ཁྲོད་སོལ་བས་རྡོ་རྗེ་རྒྱ་གྲམ་བྲི། ལྟེ་བའི་མཚམས་སུ། ༀ་ལཾ་ཧཱུྃ་ལཾ་སྟམས་པ་ནན་བྲི། ལྟེ་བར། ར་དབུས་ལྔ་ལ། ཧྲི་པ་ཏ་ཡན་བྲི། ཕྱི་རོལ་རྡོ་རྗེ་རྒྱ་གྲམ་བ རྩེ་བཞི་མཚམས་བཞི་ལ། ༀ་རུ་ལུ་ཁ་པ་སྟམས་པ་ནན་བྲི། གཡམ་པ་ནག་པོ་དག་གིས་ཁ་བཅད་མནན། འཐས་པར་བཅག་པ་འོ་མ་ཙན་དན་དག་གི་ཆག་ཆག་འདབ། དེ་ནས་གོམ་པ་ཉི་ཤུ་རྩ་གཅིག་ཕྱིར་དཔག་ལ། སྲིད་པའི་མདའ་བཞི་འཕང་ཞིང་། དེ་ནས་ཟོར་འཕང་། རུ་ཟོར་འཕང་། ཟོར་གྱི་ལྟས་རྟག །ངན་ན་སྤོགས་པ་བྱ། འདི་གཏད་ཁྲམ་མནན་པའི་དཀྱིལ་འཁོར་རོ། །བདག་པས་བློ་དམན་དོན་ཆེད་དུ། །འཁོར་ལོ་གཏད་ཁྲམ་རིམ་པ་ཙམ། །འདི་བྱས་བསོད་ནམས་ཕྱི་རབ་སྒྲུབ་པ་པོས། །ཡིད་ལ་ཇི་ལྟར་བསམ་པ་འགྲུབ་པར་ཤོག །གཏད་ཁྲམ་མནན་པའི་དལ་གྱི་མན་ངག །སློབ་དཔོན་ཏི་ར་མ་ཏིའི་དགོངས་པ་རྫོགས་སོ། ༈ །ད་ནི་མནན་ནོ་འོག་ཏུ་མནན། །རི་རབ་ཆེན་པོའི་འོག་ཏུ་མནན། །བསྲེག་གོ་བསྲེག་གོ་དཀྱིལ་དུ་བསྲེག །མེ་དཔུང་འབར་བའི་དཀྱིལ་དུ་བསྲེག །མནན་ནོ་མནན་ནོ་འོག་ཏུ་མནན། །རྒྱ་མཚོ་ཆེན་པོའི་འོག་ཏུ་མནན། །སྐྱོན་ནོ་སྐྱོན་ནོ་རྒྱབ་ཏུ་སྐྱོན། །རྔ་མོང་གྭ་པའི་རྒྱབ་ཏུ་བསྐྱོན། །བསྐུར་རོ་བསྐུར་རོ་ཕྱོགས་སུ་བསྐུར། །རླུང་ནག་འབར་བའི་ཕྱོགས་སུ་བསྐུར། །སྟོབ་པོ་སྟོབ་པོ་ཁ་རུ་སྟོབ། །ཆུ་སྲིན་འབར་བའི་ཁ་རུ་སྟོབ། །ཕྱེ་ཞིག་ཕྱེ་ཞིག་ཞལ་ཕྱེ་ཞིག །ས་བདག་ནག་པོ་ཞལ་ཕྱེ་ཞིག །དམ་ཉམས་དགྲ་བོ་ཞལ་དུ་རོལ། །ས་བདག་ཆེན་པོ་གདུག་པའི་ལུས། །སྤྲུལ་པ་ཆེན་པོའི་འགྱུར་མེད་ལུས། །མཚོན་ཆ་སུམ་བརྒྱ་དྲུག་ཅུ་འཕྲོས། །ནག་པོ་འཛིན་ཤེས་གཏོང་མི་ཤེས། །དམ་ཉམས་དགྲ་བགེགས་མ་བཏང་ཅིག །ༀ། གཟི་ལྡན་འབར་བའི་དཀྱིལ་འཁོར་ནས། །ཁྲོ་བོའི་རྒྱལ་པོ་གྱིང་ཀ་ར། །ཁྲོ་མོ་ཁམས་གསུམ་དབུགས་བསྡུད་བཅས། །སྤྱན་བཟློག་པས་ནི་ཁམས་སུ་གཟིར། །ཞབས་རྣམས་སྡབས་པས་ལྷ་བརྒྱད་འགྱེད། །ཕྱག་རྣམས་བསྐྱོད་པས་སྤྲུལ་པ་འགྱེད། །དབུ་གསུམ་བསྐྱོད་པས་རི་རབ་འགྱེལ། །ཞལ་རྣམས་གདེངས་པས་ཁམས་གསུམ་སྒྲོལ། །མཆེ་བ་གཙིགས་པས་སྐྱེ་ཤི་བཅོམ། །མེ་དཔུང་འབར་བས་ཁམས་གསུམ་བསྲེག །ཁྲོ་བོ་ཁྲོ་མོའི་སྤྲུལ་པ་འཁྲིགས། །བརྗིད་ལྡན་དོན་འགྲུབ་ད་ལ་འདུ། །རྡོ་རྗེ་རྒྱ་གྲམ་བརྗིད་མནན་ཞབས། །རྡོ་རྗེ་རྟ་བྲོ་ཁྱུང་གཤོག་གདེངས། །ཤངས་ནས་རླུང་ནག་ཚུབ་མ་འཕྲོ། །ཞལ་ནས་གདུག་པའི་སྔགས་ཟོར་འཕྲོ། །རྐང་མཐིལ་འབར་བའི་རྟ་བྲོ་རྡུངས། །གསུང་གི་ང་རོ་རྟ་སྐད་འཚེར། །དམ་ཉམས་སྙིང་རྩ་གཅོད་པའི་བྲོ། །ནོན་ཅིག་དགྲ་བོ་འོག་ཏུ་གཟིར། །ༀ་བཛྲ་ཀྲོ་ཏ་ཛྭ་ལ་ས་མ་ཡ། །དམ་ཉམས་སྟྭཾ་པ་ཡ་སྟཾ་པ་ཡ་ཧཱུྃ་ཛཿཛཿ ཧཱུྃ། དྲག་པོ་རླུང་གི་ད་ལ་ནས། །གནོད་སྦྱིན་ཆེན་པོ་བརྒྱ་མདུད་མགོ །བསེ་གདོང་ཟངས་མགྲིན་གནོད་སྦྱིན་མོ། །སྤྱན་བགྲད་དགྲ་བོའི་ཡུལ་དུ་བལྟ། །རྐང་པས་དགྲ་བོ་མ་ལུས་མནན། །ལག་པས་དགྲ་ལ་སྤྲུལ་པ་གཏོང་། །མགོ་བོས་དགྲ་བོའི་ལྡེམ་བུ་སྟིབ། །ཁ་གདོང་དམ་ཉམས་ཁོལ་བུར་གསོལ། །མཆེ་བ་དྲག་པོས་སྙིང་རྩ་གཅོད། །རླུང་ནག་འབར་བས་དགྲ་བགེགས་བསྲེག །གནོད་སྦྱིན་ཕོ་མོའི་སྤྲུལ་པ་འཁྲིགས། །བརྗིད་ལྡན་གཤིན་རྗེའི་ད་ལ་འདུ། །མདུང་བརྩེ་རྐང་བརྗིད་སྲིན་པོ་གནོན། །གནོད་སྦྱིན་སེང་ཆེན་ཁྱུང་གཤོག་སྡེངས། །སྣ་ནས་མེ་ཡི་ཚ་ཚ་འཕྲོ། །ཞལ་ནས་དྲག་པོའི་སྔགས་ཟོར་འཕྲོ། །རྐང་པ་འབར་བའི་སེང་བྲོ་རྡུངས། །གསུང་གི་ང་རོས་སེང་སྐད་འཚེར། །དམ་ཉམས་སྙིང་རྩ་གཅོད་པའི་བྲོ། །གནོད་ཅིག་ཡཀྴ་དམ་ཉམས་གནོན། །ཡཀྴ་ཛྭ་ལ་ས་མ་ཡ། །དམ་ཉམས་སྟམྦྷ་ནི་སྟམྦྷ་ནི། ཧཱུྃ་བཛྲ་བཛྲ། ཧཱུྃ། མེ་དཔུང་འབར་བའི་དཀྱིལ་འཁོར་ནས། །སྲིན་པོ་རཀྴ་འདུལ་བའི་སྐུ། །སྲིན་མོ་གདུག་པ་གཡོན་དུ་འཁྲིལ། །མིག་གཅིག་ཁམས་གསུམ་མ་ལུས་བལྟ། །མ་ལུས་རྐང་པས་ཕྱོགས་བཅུར་སླེབ། །རྫུ་འཕྲུལ་རྐང་པ་ཕྱོགས་བཅུར་ཁྱབ། །མགོ་ལུས་ཁམས་གསུམ་ས་དགུ་སྙིལ། །ཁ་ནས་ཞེ་སྡང་དུག་མཚོ་རྔུབ། །མཆེ་བས་དགྲ་བོའི་ལོངས་སྤྱོད་གཅོད། །མེ་དཔུང་འབར་བས་དགྲ་བགེགས་བསྲེག །སྲིན་པོ་སྲིན་མོ་སྤྲུལ་པར་འཁྲིགས། །དབང་བསྡུད་མེ་ཡི་དཀྱིལ་འཁོར་ནས། །རྐང་མེད་ཁ་གདངས་ཀུན་ཏུ་རྒྱུག །སྲིན་པོ་ཁྱུང་ཆེན་སྤྲུལ་གཤོགས་གདེངས། །སྣ་ནས་ཆུ་ཡི་སེར་ཆེན་འཕྲོ། །ཁ་ནས་དྲག་པོའི་གཟེར་ཆེན་འཕྲོ། །རྐང་པ་འབར་བས་ཁྱུང་བྲོ་བརྡུངས། །ཁྱུང་གི་ང་རོས་ཁྱུང་སྐད་གདེངས། །དམ་ཉམས་ཤན་པ་བྱེད་པའི་བྲོ། །ནོན་ཅིག་སྲིན་པོས་དགྲ་བོ་ནོན། །རཀྴ་ཛྭ་ལ་ས་མ་ཡ་དམ་ཉམས་སྟཾ་པ་ནི་ཡ་སྟམ་བྷ་ནི་ཧཱུྃ་ཛཿཛཿ ཧཱུྃ། ཁྲག་དང་ཞག་གི་དཀྱིལ་འཁོར་ནས །མ་མོ་ཆེན་མོ་རྔམ་པའི་སྐུ། །མང་པོ་དབང་སྡུད་དག་དང་རོལ། །མིག་གཅིག་མས་ནི་ཁམས་གསུམ་ཉུལ། །རྫུ་འཕྲུལ་རྐང་པས་ཕྱོགས་བཅུར་སླེབ། །ལག་པས་འཇིག་རྟེན་ཉུལ་བྱེད་པ། །སྤྱི་གཙུག་སྤྲུལ་པའི་འཕྲོ་འདུ་ཅན། །ཞལ་ནས་དྲག་པོའི་སྔགས་ཟེར་འཕྲོ། །མཆེ་གཙིགས་དྲག་པོའི་རྐན་སྒྲ་སྡེབས། །རླུང་འཚུབ་དགྲ་བོ་རླུང་ལ་བསྐུར། །ཟ་བྱེད་མ་མོའི་སྤྲུལ་པ་འགྱེད། །ཕུང་བྱེད་ཁྲག་གི་རིམས་ནད་གཏོང་། །གར་གྱི་གོམ་པས་ཀུན་ཏུ་རྒྱུག །མ་མོ་དྲེད་མགོ་ཞིང་ཆེན་གཤོག །སྣ་ནས་ནད་ཀྱི་བུ་ཡུག་འཕྲོ། །ཞལ་ནས་དྲག་པོའི་སྔགས་ཟེར་འཕྲོ། །རྐང་མཐིལ་འབར་བས་དྲེད་མོའི་བྲོ། །སྨྲ་བ་ལྡབ་ལྡིབ་བཤུག་གླུ་ལེན། །ནད་ཀྱི་རྐྱལ་པ་སྡེབས་རེ་རན། །རིམས་ཀྱི་གྲུ་གུ་ཕྱག་ན་ཐོགས། །ནོན་ཅིག་མ་མོས་དགྲ་བགེགས་ནོན། །ཙིཏྟ་ཛྭ་ལ་ས་མ་ཡ་ཤ་ཏྲུཾ་སྟཾ་བྷ་ནི་སྟྭཾ་བྷ་ནི་ཧཱུྃ་ཛ་ཛཿ མགོན་པོའི་རྟ་བྲོ་རྫོགས་སོ། །དཔལ་ལྡན་བླ་མ་དམ་པའི་༼བསེ་སྟོན་རིན་ཆེན་རྒྱལ་མཚན་གྱི༽ ཕྱ་དཔེ་། གླན་བན་དཔལ་ལྡན་མགོན་གྱིས། གཞིས་ཀ་རིན་ཆེན་སྤུངས་པའི་མཁར་དུ། སྟེང་གི་སྐྱེད་ཚལ་དུ་བཞུགས་ཚེ་བྲིས་པ་ལགས་སོ། །དཔལ་སྒྲོལ་བྱེད་ཐུགས་རྗེའི་རྒྱལ་པོ་ཤིན་ཏུ་རྣམ་པར་གྲོལ་བ་ཉིད་ལ་ཕྱག་འཚལ་ལོ། །དཔལ་མགོན་པོ་ཆེན་པོའི་ལས་བཞི་སྔོན་ཕྱུང་པའི་མན་ངག་སྲོག་གི་རྒྱས་གདབ་ལ། །གཟེར་བཞི་བཏབ་ལ་ལས་བཞི་སྔོན་དུ་དབྱུང་། །དང་པོའི་ལས་ནི་རྣམ་པ་གསུམ། །ལྟ་བའི་སྟོབས་དང་བཤགས་སྦྱངས་སྟོབས། །ཕྱག་རྒྱའི་སྟོབས་ཀྱི་བཞི་པའོ། །སེམས་ཀྱི་དཀྱིལ་འཁོར་གསལ་བ་ཡིས། །ཇི་བཞིན་དེ་ཉིད་མ་བཅོས་ན། །དང་པོ་གཞི་ལ་གནས་བྱས་ཀྱང་། །དེ་ཉིད་གསང་སྔགས་ངོ་བོའི་ཕྱིར། །རྡོ་རྗེ་སེམས་དཔའི་རང་བཞིན་ལ། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །དེ་ནི་རྣལ་འབྱོར་དམ་པའི་ལམ། །ཡོན་ཏན་མཚན་གྲངས་མང་དུ་ངེས། །དེ་ཡང་འདི་ལྟར་ཤེས་པར་བྱ། །སྣ་ཚོགས་སྣང་བ་སེམས་ཡིན་ནོ། །གསལ་རིག་རང་བྱུང་ངོ་བོར་གནས། །དཀྱིལ་ཞེས་རང་བྱུང་སྤྲོས་དང་བྲལ། །རྣམ་པ་མེ་ལོང་འོད་བཞིན་འཁོར། །ཐིག་ལེ་རང་བཞིན་ཡེ་ཤེས་གསལ། །གནས་ལུགས་ཇི་བཞིན་ཉིད་དེ་ལ། །ཡུལ་རྟོག་བློ་ཡིས་མ་བཅོས་ན། །ཇི་ལྟར་སྣང་བ་གནས་ལུགས་ཉིད། །འདོད་པའི་ཡོན་ཏན་ལྔ་སྤྱོད་ཀྱང་། །འཆིང་བར་མི་འགྱུར་རང་སར་གྲོལ། །དེ་ཉིད་སྤྱོད་ཡུལ་མིན་པས་གསང་། །ཡོན་ཏན་འབྱུང་གནས་ཉིད་དུ་བསྔགས། །མི་དམིགས་ངང་ལས་ཀུན་འབྱུང་བས། །ངོ་བོ་ཉིད་ཅེས་བརྗོད་པར་ཟད། །རྒྱུ་རྐྱེན་གཉེན་པོ་མེད་པ་དང་། །འཕོ་འགྱུར་སྐྱེ་འགག་མེད་པ་ཡིས། །མཚན་མ་བདག་རྟོག་བཅོམ་པའི་ཕྱིར། །རྡོ་རྗེ་ཞེས་སུ་བཤད་པ་ཡིན། །བདག་མེད་ཡུལ་བྲལ་མ་བཅོས་པ། །གསལ་སྟོང་རིག་པའི་ཡེ་ཤེས་ཏེ། །དངོས་པོ་ཀུན་བཅོམ་པ་ཞེས་བརྗོད། །རང་བཞིན་དེ་ལྟར་མཐོང་བ་ལ། །ནམ་མཁའི་སྤྲིིན་དང་ཆོ་འཕྲུལ་ལྟར། །སྣ་ཚོགས་མ་འགགས་རང་ཤར་ནས། །རང་སྣང་རང་གྲོལ་འགྱུར་སྙམ་མེད། །དེ་ནི་རྣལ་འབྱོར་དམ་པའི་ལམ། །བདུད་རྟོག་འཁྲུལ་པ་རང་ཞིག་ནས། །མི་མཐུན་གཉེན་པོ་རང་གྲོལ་ཏེ། །ཐམས་ཅད་སེམས་ཀྱི་ངང་དུ་ཞི། །རང་ལུས་རྒྱལ་བའི་ཕྱག་རྒྱར་གསལ། །རང་སྣང་ལྷར་བསྒོམ་སྙིང་ཁར་ཧཱུྃ། །བགེགས་བསྐྲད་ཕྱོགས་བསྲུང་དུལ་སྤྲུལ་ཏེ། །བཤགས་སྦྱངས་མཆོད་ཅིང་ཐུགས་དམ་བསྐུལ། །བཤགས་བཀྲུས་བུམ་པའི་ལུང་གསུམ་གྱི། །ཞི་བ་ཆེན་པོའི་དངོས་གྲུབ་ཐོབ། །ༀ་བཛྲ་དྷྲིག །མ་སུརྻ་མཎྜ་ལ་ཧཱུྃ། །ཨེ་རཾ། ཛྭ་ལ་རཾ། ཕཊ་རཾ། བཛྲ་བཛྲ་བཛྲ། །རཾ་ཡྃ་ཡྃ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་རཏྣ་སུརྱ། པདྨ་མཎྜ་ལ་ཧཱུྃ། ༀ་བཛྲ་ས་ཏྭ་ཨ ། ས་མན་ཛ་ཡིས་དབང་པོ་དགུག །ཞི་ཁྲོ་འབར་བའི་དཀྱིལ་འཁོར་དང་། །བླ་མ་རིག་འཛིན་བསྲུང་མར་བཅས། །ཡེ་ཤེས་སེམས་དཔའི་གནས་སུ་སྟིམ། །དང་པོའི་རྡོ་རྗེ་སེམས་དཔའ་ནི། །དྲི་མེད་དུང་མདོག་རྣམ་དག་ལ། །འོད་ཟེར་ཉི་མ་འབུམ་བརྡལ་ཞིང་། །ཡེ་ཤེས་སྐུ་གསུང་ཐུགས་དང་ལྡན། །རིན་ཆེན་མཛེས་པའི་རྒྱན་གྱིས་བརྒྱན། །སྐུ་སྟོད་དར་དཀར་སྟོད་གཡོགས་ལ། །སྐུ་སྨད་བ་ཏིའི་ཚེ་དགུ་གསོལ། །གཡས་པ་ཤེལ་གྱི་རལ་གྲི་ལ། །ཡུ་བ་གསེར་གྱི་རྡོ་རྗེས་བརྒྱན། །གཡོན་པ་བདུད་རྩིའི་བུམ་པ་ལ། །ཁ་བརྒྱན་ནོར་བུ་རིན་ཆེན་མཛེས། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་ལ། །གསུང་གི་གཟུགས་བརྙན་ཕྲེང་བར་བབས། །དྲ་བའི་རྒྱ་མིག་བཅད་པ་དང་། །ཉེས་པའི་དྲི་མ་ཀུན་དག་ནས། །ཐུགས་ཀྱི་བདེ་བ་རང་འབར་ཏེ། །དངོས་གྲུབ་སྣོད་དུ་རུང་བར་བསམ། །ༀ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏེ་ནོ་པ་ཏིཥྛ། ཌི་དྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝཿ སརྦ་སིདྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡན་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝན་སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མུཉྩ། བཛྲ་སྭ་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ རབ་ནི་རྟག་ཏུ་དུས་གཅིག་ལ། །བརྒྱ་རྩ་བརྒྱད་ཀྱི་བར་མ་བཅད། །འབྲིང་ནི་ཉིན་གསུམ་མཚན་གསུམ་དུ། །ཉིན་ཞག་གཅིག་ལ་དུས་དྲུག་དྲན། །ཐ་མ་ཉིན་ཞག་རེ་རེ་ལ། །བརྒྱ་རྩ་རེ་རེ་མ་དྲན་ན། །དངོས་གྲུབ་དམ་པའི་ཡུལ་མིན་ནོ། །རྣལ་འབྱོར་དམ་པར་གྱུར་པ་ན། །རང་གི་ལུས་ནི་རྡུལ་སྙེད་སྤྲོ། །དབང་པོ་ནམ་མཁའི་རང་བཞིན་ལ། །བྱང་ཆུབ་སེམས་ཀྱི་གསུང་རྒྱུན་གསལ། །གསལ་གསུམ་དག་པའི་རྣལ་འབྱོར་པས། །བཤགས་པའི་འབྲས་བུས་ཡིད་ཆེས་སྦྱངས། །ཡེ་ཤེས་ཕུན་སུམ་ཚོགས་པའི་རྒྱལ་བ་རྣམས། ། རྡོ་རྗེ་སེམས་དཔའི་དམ་ཚིག་ཡིད་སྐྱོབ་ཅིག །རྡོ་རྗེ་སེམས་དཔའ་ཉེ་ཞིང་བརྟན་པར་མཛོད། །བདེ་བར་གྱུར་ཅིག་ཀུན་ཏུ་བདེ་གྱུར་ཅིག །ཤིན་ཏུ་བདག་ལ་ཐུགས་རྗེས་ཆགས་པར་མཛོད། །བདག་ཉིད་ཤིན་ཏུ་བདེ་བར་མཛད་གྱུར་ཅིག །དངོས་གྲུབ་ཐམས་ཅད་བདག་ལ་སྩོལ་མཛོད་ཅིག །ཕྲིན་ལས་ཐམས་ཅད་དག་པར་མཛོད་ཅིག་བདག །སེམས་ཉིད་དཔལ་དུ་མཛོད་ཅིག་ཐུགས་དགྱེས་བདེ། །བཅོམ་ལྡན་དེ་བཞིན་གཤེགས་པ་ཐམས་ཅད་ཀུན། །རྡོ་རྗེ་ཐུགས་ཀྱི་དཀྱིལ་དུ་བདག་དྲིལ་ཅིག །རྡོ་རྗེ་འབྱུང་བ་ཆེན་པོའི་དམ་ཚིག་གི། །སེམས་དཔའ་སྐྱེ་མེད་ཀློང་དུ་དག་པར་མཛོད། །ༀ་ཏ་ཀེཾ་ཏ་ཀེཾ་ཕཊ། ཧ་ལ་ཧ་ལ་རཾ། ཀྲོ་ཏ་ཀྲོ་ཏ་ཡྃ། ཏིཥྞ་ཏིཥྞ་ཁཾ། བླ་མ་དཀོན་མཆོག་རིག་འཛིན་རྩལ་འཆང་། དམ་ཅན་རྒྱ་མཚོ་ཆོས་སྐྱོང་བསྲུང་མ་ཡེ་ཤེས་ཀྱི་སྤྱན་དང་། ཐུགས་རྗེའི་ཞབས་དང་། རྫུ་འཕྲུལ་གྱི་སྙན་དང་ལྡན་པ་རྣམས་ཀྱི་སྤྱན་ལམ་དུ་མི་མཛེས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །ཚེ་རབས་ཐོག་མ་མེད་པ་ནས་ལས་ཀྱི་སྒྲིབ་པ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཉམས་སྒྲིབ་སྡིག་སྒྲིམ་ཤིཾནྟ་ཀུ་རུ་ཡེ་སྭཱ་ཧཱ། འགྲེ། ནལ་གྲིབ༴ རྣོལ་གྲིབ་ཤིཾནྟ༴ ལོག་སྒྲིབ༴ མནའ་གྲིབ་ཤིཾནྟ༴ ལས་གྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་། ལྟ་བ་དམན་པའི་སྒྲིབ་པ་དང་། །ཆོས་ཀྱི་འཕོངས་པའི་སྒྲིབ་པ་ཐམས་ཅད་ཤིཾནྟ་ཀུ་རུ་ཡེ་སྭཱ་ཧཱ། ནད་བཞི་བརྒྱ་རྩ་བཞི་ཤིཾནྟ་ཀུ་རུ༴ བགེགས་རིགས་སྟོང་ཕྲག་བརྒྱད་བཅུ་ཤིཾནྟ་ཀུ་རུ༴ ཡེ་འགྲོགས་སུམ་བརྒྱ་དྲུག་ཅུ་ཤིཾནྟ༴ རྐྱེན་ངན་ཉི་ཁྲི་ཆིག་སྟོང་། །རྣལ་འབྱོར་པ་བདག་གི་ལུས་ལ་ནད་དང་། མཚོན་དང་། མུ་གེ་དང་། རྨི་ལམ་ངན་པ་དང་། མཚན་ལྟས་ངན་པ་དང་། ལོ་སྐག་དང་། ཟླ་སྐག་དང་། ཀིང་ཀང་དང་། གཤེད་བཞི་དང་། ཕྱོགས་ནག་པ་དང་། རྒྱུ་སྐར་མི་མཐུན་པ་དང་། གནོད་སེམས་དང་། གདུག་སེམས་དང་། སྡང་སེམས་ཀྱིས་ཀུན་ནས་བླང་བའི་མི་ཁ་དང་། དགྲ་བགེགས་ལ་སོགས་པ་ཚེ་རབས་ཀྱི་ལས་ངན་པ་དང་། འཕྲལ་གྱི་རྐྱེན་ངན་གྱིས་ལུས་ལ་གནོད་ཅིང་སེམས་ལ་གཟིར་བར་བྱེད་པའི་བཀྲ་མི་ཤིས་པ་ཐམས་ཅད་ཤིཏྣཾ་ཀུ་རུ་ཡེ་སྭཱ་ཧཱ། ༀ་སྭཱ་བྷ་ཝ་ཤུདྡྷ་སརྦ་དྷརྨཱཿསྭ་བྷ་ཝ་ཤུདྡྷོ྅་ཧཾ། ༀ་ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ། བ་ིཤྭ་མུ་ཁེ་བྷྱ། ས རྦ་ཏད་ཁཾ་ཨུངྒ་ཁཾ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ར་རཏྣ་མཎྜ་ལ་ཏྲཾ་སྥ་ར་ཎ་ཕཊཿ སྃ་ཧ་ར་ན་ཧཱུྃ། ཏྲྃ་རཏྣ་ཏྲཻ་ལོ་ཀྱ་ༀ་ཨཱཿཧཱུྃ། ན་མོ་གུ་རུ་སརྦ་ཏ་ཐཱ་པུཥྤེ་པཱུ་ཙ་མེ་གྷ་ས་མུནྟྲ་སྥ་ར་ན་ཨི་མཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། བདག་ཉིད་དཔལ་ཆེན་པོའི་མཆོད་པ་འདི། །རང་རིག་ཡེ་ཤེས་དབང་པོ་གསལ། །རང་ལུས་རིན་ཆེན་སྤྲུལ་པས་མཆོད། །ནམ་མཁའི་མཐའ་དང་མཉམ་པ་ཡིས། །ཕྱི་ནང་གསང་བའི་རྟེན་མཆོད་རྣམས། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས། །མི་ཟད་རྒྱན་གྱི་འཁོར་ལོ་རུ། །བདག་ཉིད་ཆེན་པོས་མཉེས་མཆོད་བསྔོ། །ༀ་ན་མོ་སརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱེ། སརྦ་ཏད་ཁཾ་ཨུདྒ་ཏེ་སྥ་ར་ན་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཕྱི་ནང་གསང་བའི་གྲངས་བཞིན་དུ། །ཏིང་འཛིན་སྔགས་ཀྱི་སྔོན་གསུམ་མཆོད། །ཧོཿ རྒྱལ་བ་རྒྱ་མཚོ་ཐམས་ཅད་དགོངས་སུ་གསོལ། །མཆོད་པ་རྒྱ་མཚོ་བཞེས་སུ་གསོལ། །ཐུགས་དམ་རྒྱ་མཚོ་ཐམས་ཅད་བསྐང་དུ་གསོལ། །དངོས་གྲུབ་རྒྱ་མཚོ་ཐམས་ཅད་སྩལ་དུ་གསོལ། །ཕྲིན་ལས་རྒྱ་མཚོ་ཐམས་ཅད་མཛད་དུ་གསོལ། །ན་མོ་གུ་རུ། དུས་གསུམ་གྱི་བླ་མ་རིན་པོ་ཆེ་རྣམས་ལ་སྐྱབས་སུ་མཆི། སྐྱབས་ཆེན་ལྷ་ཇོ་བོ་དཀོན་མཆོག་གསུམ་གྱིས་བྱིན་གྱིས་བརླབ་ཏུ་གསོལ། རྩ་བ་དང་བརྒྱུད་པའི་བླ་མ་རིག་འཛིན་རྣམས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་དང་བསྒྲུབ་མཆོག་ཡི་དམ་གྱི་ལྷའི་བྱིན་གྱིས་བརླབ་ཏུ་གསོལ། མཐུ་སྟོབས་ནུས་པ་ཕུན་སུམ་ཚོགས་པ་དམ་པ་ཆོས་བསྲུང་བའི་སྲུང་མ་རྣམས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ད་ལྟ་ཉིད་དུ་ཐོབ་པར་མཛོད་དུ་གསོལ། མཐུ་བསྟན་དུ་གསོལ། དབང་བསྐུར་དུ་གསོལ། རྩ་བའི་བླ་མ་བྱིན་རླབས་ཅན། རྒྱུད་པའི་བླ་མ་བྱིན་རླབས་ཅན། རང་བྱུང་གི་བླ་མ་འོད་གསལ་ཅན། བདེ་ཆེན་སྐུ་དང་དྲི་མེད་གསུངས། །སྐྱེ་མེད་ཐུགས་ཀྱི་བྱིན་གྱིས་བརླབ་དུ་གསོལ། །ལུས་བདེ་ཆེན་རང་འབར་དུ་བྱིན་གྱིས་རླབས༴ །ངག་ནུས་པ་ཐོག་མེད་དུ༴ སེམས་རྟོགས་པ་ཀུན་གྲོལ་དུ་བྱིན་གྱིས་རླབས་དུ་གསོལ། །ༀ་ཨཱཿ་ཧཱུྃ། ལུས་ངག་ཡིད་གསུམ་རྩེ་གཅིག་ཏུ། །བསྐུལ་ཞིང་གསོལ་བ བཏབ་པ་ཞུ། །སྐྱབས་གནས་གསུམ་གྱི་གནས་གསུམ་ནས། །འབྲུ་གསུམ་བྱིན་རླབས་མཚོ་རྒྱུན་བཞིན། །འཇིག་རྟེན་འོད་ཀྱི་ཁེངས་པ་ལ། །བདག་ཉིད་ཀུན་ཏུ་བཟང་པོར་བསྐྱེད། །ཡོངས་སུ་རྫོགས་པའི་སྐུ་ཉིད་གསལ། །ༀཨཱཿཧཱུྃ། ཧཱུྃ་ཧཱུྃ་སརྦ་ཏ་ཐཱ་ག་ཏ་བཛྲ་ཙིཏྟ་ༀ། ཀུན་བཟང་ཞལ་གསུམ་ཕྱག་དྲུག་པ། །མཐིང་ཀ་སྐུ་གསུང་ཐུགས་དང་ལྡན། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །རང་བྱུང་རིགས་ལྔས་དབུ་ལ་བརྒྱན། །གཡས་ཀྱི་དང་པོ་བསྣམས་པ་ནི། །གསེར་གྱི་རྡོ་རྗེ་རྩེ་དགུ་ལ། །བར་པ་ཁ་ཊྭྃ་རྩེ་གསུམ་འཕྱར། །ཐ་མ་བྷནྡྷ་སྟག་སྤྲོད་རྔ། །གཡོན་གྱི་དང་པོ་བྷན་དམར་གསོལ། །བར་པ་སྲིན་པོའི་རྒྱུ་ཞགས་ལ། །ཐ་མ་དྲིལ་བུ་ཁྱུང་ཁྲར་བཅས། །དུར་ཁྲོད་ཆས་དང་ལྡན་པ་ལ། །རིན་ཆེན་སྣ་ཚོགས་བརྒྱན་གྱིས་སྤྲས། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །ཞི་ཁྲོ་འབར་བའི་དཀྱིལ་འཁོར་རྫོགས། །མཉམ་ཉིད་རྫོགས་པའི་ཚུལ་དུ་བཞུགས། །རྒྱ་ཁྱོན་ནམ་མཁའི་མཐའ་དང་མཉམ། །ཤེས་བྱའི་ད་ལ་ཡོངས་རྫོགས་ཡིན། །ཡི་དམ་རྒྱུན་ཁྱེར། ཨཐྎ། ཞི་བ་རྐྱང་པ་ལས། འཇིག་རྟེན་འོད་ཀྱི་ཁྱབ་པ་ལས། །ཅེས་པ་ཡན་ཆད་ཀྱི་དོན་གྲོལ། དེ་ལས་ཁྲོ་བོ་བྱེད་ན་ཀུན་བཟང་ཧེ་རུ་ཀར་བསྐྱེད་ལ། རུ་ལུ་བརྒྱ་རྩ་རེ་བགྲང་། རྒྱུན་བསྙེན་ལ་འཇུག་ན་ཞི་བའི་གཞལ་ཡས་ཁང་བསྐྱེད་པ་ཡན་བྱའོ། ། ༈ མདོ་མགོན་གྱི་སྒྲུབ་ཐབས་བཞུགས་སོ། ༈ །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དང་པོ་མཎྜལ་བཅའ་བ་དང་། པུ་ཙ་ལྔ་དང་གཏོར་མ་སྨན་ཕུད་རཀྟ་བཤམ། མཚམས་བཅད་པ་དང་བྱིན་རླབས་སྤྱི་དང་མཐུན། ཕྲིན་ལས་གཞུང་སྲང་། འཛབ་བཟླས་བསྟོད་པ་བྱ། དེ་ནས་མདུན་དུ་ཀ་མཎྜ ལ་བྷྲུྃ། ཅེས་པ་དུར་ཁྲོད་ཀྱི་དབུས་སུ། ཀེང་རུས་རི་རབ་ཀྱི་སྟེང་དུ། ལྕགས་མཁར་ནག་པོ་ཟུར་གསུམ་བསྐྱེད། རྡོ་རྗེ་བྲག་དང་ཉི་མའི་གདན་ལ། རུ་ལས་རུ་ཏྲ། མ་ཧཱ་ཀ་ལ་གྷ་ན་པྲ་ཏི་ཧཱུྃ། ཅེས་པས་བསྐྱེད་ལ། དེ་ལ་བསྙེན་པའི་དུས་སུ་ནི་ཞལ་གཅིག་ཕྱག་བཞི་པའམ། ཕྱག་གཉིས་པ་གང་རུང་དུ་བསྐྱེད་ལ། ལས་ལ་སྦྱོར་བའི་དུས་ནི་ཕྱག་གཉིས་པ་ཁོ་ནའོ། །སྐུ་མདོག་སྔོ་ནག་ཞབས་གཉིས་དཔའ་བོ་རོལ་པའི་འདུག་སྟངས་སུ་རྐྱང་བསྐུམ་དུ་བཞུགས་པ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ་ཉི་ཟླས་བརྒྱན་པ། གླང་པོ་ཆེའི་ཀོ་རློན་དང་། ཞིང་གི་གཡང་གཞི་སྟག་གི་ཤམ་ཐབས། ཐོད་འཕྲེང་སྦྲུལ་ཆུན་གྱིས་བརྒྱན་པ། ཤངས་ཀྱི་དབྱིབས་མཐོ་བ། སྨིན་མ་གློག་ལྟར་འགྱུར་བ། ལྗགས་འདྲིལ་ཞིང་མཆེ་བ་བརྩིགས་པ། ཕྱག་གཡས་ཀྱི་དང་པོ་ཤེས་རབ་ཀྱི་རལ་གྲི། འོག་མ་ཙན་དན་གྱིི་བེང་ཆེན་ཁྱུ་མཆོག་གི་རྒྱལ་མཚན་སྤྲས་པ་བསྣམས་པ། གཡོན་གྱི་དང་པོ་ན་རྡོ་རྗེ་ཞགས་པ། འོག་མ་ན་རྩེ་གསུམ་པ་གདེངས་པ་བསྣམས་པའོ། །ཕྱག་གཉིས་པ་ནི། དར་བེར་སྔོ་ཁྲ་སྐུ་ལ་མནབས་པ། ཕྱག་གཡས་ན་ཙན་དན་གྱི་བེང་ཆེན་སྔོན་པོ། གཡོན་པ་ན་ཐོད་པ་ཁྲག་དང་བཅས་པའོ། །ལྗགས་འདྲིལ་ཞིང་རྐན་སྒྲ་ཏོག་པ་སེ་རལ་སྐེད་ལ་བཅིངས་པ། ཐོད་ཕྲེང་ལྕགས་སྒྲོག་གི་བརྒྱན་པའོ། །དེ་ནས་སྤྱན་དྲངས་པ་ནི། ལངྒ་ཅེས་པ་ནས། གཤེགས་སུ་གསོལ་ཅེས་པ་དང་སྔགས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་དང་བཅས་བྱོན་པར་བསམ། དེ་ཡང་ས་གཡོ་བ་དང་། ལུས་འདར་བ་དང་། བ་སྤུ་ལྡང་བ་དང་། སྒྲ་འོད་ལ་སོགས་པ་བྱུང་བར་དུ་སྤྱན་དྲངས་བ་བྱའོ། །རྡོ་རྗེ་བྲག་ཆེན་ཅེས་པ་ནས། གཉིས་སུ་མེད་པར་སྟིམ་སྟེ་བཞུགས་སུ་གསོལ། དོན་དང་ལྡན་པའི་བསྟོད་པ་དང་། ཕྱག་གི་མཉེས་པར་བྱའོ། །དེ་ནས་མཆོད་པ་འབུལ་བ་ནི། སྤྲོས་པའམ་བསྡུས་པའི་ཚུལ་གྱིས་ཐུན་མོང་གི་པཱུ་ཙ་ལྔ་དབུལ་བར་བྱའོ། །ལ་དུ་ལ་ཕུག་ཅེས་པས་སྔགས་དང་བཅས་པས་གཏོར་མ་མཆོད་དོ། །དེ་ནས་དམ་ཚིག་དབོག་པ་ནི། རྡོ་རྗེ་ཅན་གྱི་རྣལ་འབྱོར་ཅེས་པས། བདུད་རྩིའི་ནང་དུ་འབྲུ་གསུམ་དཀར་དམར་མཐིང་གར་བསྒོམ། བདུད་རྩི་གཏོར་མས་ཚོགས་བདག་གི་གནས་གསུམ་དུ་འབྲུ་གསུམ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས་མི་འདའ་བར་བསམ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཅེས་པས་ཁོའི་དམ་ཚིག་བླང་ནས་དམ་བཅས་པར་བསམ། ནར་བུ་ཚར་བུ་ཅེས་ཁོའི་མནའ་བླང་བར་བསམ། དེ་ནས་དམ་ཚིག་པ་བསྲེ་སྟེ། རྡོ་རྗེ་དྲི་བཅས་པས་བདག་གི་ལན་གསུམ་བླངས་ཁོ་ན་ལ་ཡང་བྱིན་པས། འབྲལ་བ་མེད་པར་གྲོགས་སུ་སམ། མ་ཧཱ་མཚོ་གླིང་ཅེས་པས་དམ་བརྡར། དེ་ནས་ཚོགས་ཀྱི་བདག་པོ་མཐུ་བོ་ཆེ་ཅེས་པས་ཐུགས་དམ་གྱི་རྒྱུད་བསྐུལ། བཟའ་བ་པོ་བཀུག་ལ་སྟིམ་ལ་བསྟབ་པ་བྱའོ། །ལག་ཏུ་མེ་ཏོག་ཐོགས་ལ་འདོད་ཡོན་གསོལ་ཏེ། ཐལ་མོ་གདབ་ལ་སྨོན་ལམ་བཏབ། བསྙེན་བསྒྲུབ་བཞི་དྲིལ་ལ་འཛབ་བྱའོ། །དེ་ནས་བཅོལ་རིང་བཏང་ངོ་། །གཏོར་མ་བཏང་། ལུས་སྲུང་བ་ལ་སོགས་པ་བྱའོ། །གཞན་ཡང་རྡོ་རྗེ་རོ་ལངས་འཁོར་དང་བཅས། །འབྲེལ་ཕྱིར་དེ་དག་དམ་ཚིག་ནི། །མ་ཧཱ་ཙི་ལ་སོགས། གསལ་ཤིང་བིང་དང་ཐོད་ཏྲི་ཤུལ། །རིམ་ལུགས་འབུར་གཤོས་གཞོང་སྐས་བྱ། །ཡན་ལག་བཞི་ལས་མཐུ་ཅན་ཉིད། །རྟག་ཏུ་བཅང་བར་བྱ་བ་ཡིན། །ཅེས་པས་སོ། །གྲི་རྒོད་སྙིང་ནང་དུ། སྔགས་བཞི་ག་བྲིས་ལ་བཅུག་ལ་རྟག་ཏུ་བཅང་། མཆོད་པའི་རྫས་ཤ་ཆེན་ལ་སོགས་པ་དང་། ལུས་ལ་ཚིལ་ཆེན་གུ་གུལ་བཅང་། སྐུའི་རྟེན་བྲིས་སྐུ་ལ་སོགས་པ་དང་། ཐུགས་ཀྱི་རྟེན་ཕྱག་མཚན། གསུང་གི་སྔགས་དང་གླེགས་བམ་དང་། གཞན་ཡང་། བེར་ནག་པོ་དང་། གཡག་རོག་པོ་ལ་བརྟེན་བཅའོ། །རྒྱུན་དུ་བྱས་ན་ལས་གང་ཡང་འགྲུབ་བོ། །བགེགས་གནོད་ལ་བྱ་ཀྱི་འཇུག་ན་གདོན་མ་ར་ཡ་ཕཊ་སྭཱ་ཧཱ། ཅེས་གདགས་གཞུང་བཞིན་སྤྱད་ན། འདི་དང་ཕྱི་མའི་དངོས་གྲུབ་ཐེ་ཚོམ་མེད་པར་འགྲུབ་བོ། །ཨཐྎ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དྲག་པོའི་ལས་ལ་སྦྱར་བ་ནི། བདག་ཉིད་དཔལ་ཆེན་པོ་ཡེ་ཤེས་ལྔ་དང་ལྡན་པས་བདག་གི་ཞལ་ནས་ཕར་སྔགས་ཀྱི་འོད་ཟེར་ཁ་དོག་ནག་པོ་འཕྲོས་པས། དེའི་སྣ་ལ་ལྕགས་ཀྱུའི་མཚན་པ་འཕྲོས་ཏེ། དྲག་པོའི་ཚད་ནི་གྱད་ཀྱི་མདའ་འཕང་པ་ལྟ་བུ་བསྒོམ། ལྷ་སྦྱིན་གྱི་རྒྱུད་ལ་ཕོག་པ་ནི་ལྕགས་ཀྱི་ཐོག་རྒྱབ་པ་ལྟ་བུའོ། །སྙིང་པོ་བྱང་ཆུབ་ཀྱི་བཅུད་བསྡུས་ཏེ་ཚུར་འདུས་པ་ནི་སྐུད་པ་དཀར་ནག་སྒྲིབ་ལ་ལྟ་བུའོ། །བདག་ཉིད་ལ་ཐིམ་པས་བདག་དཔལ་ཆེན་པོ་བཀྲག་མདངས་དང་ལྡན་པར་གྱུར་ཏེ། དགྲ་བོའི་ཚེ་སྲོག་དང་བཀྲག་མདངས་བདག་གི་ཐོབ་པའོ། །ཉོན་མོངས་པ་དང་བཅས་པའི་ཡིད་ཀྱི་ཕུང་པོ་ལྷག་མ་མཁའ་འགྲོའི་ཚོགས་ལ་བཏབ་པ་བྱས་ཏེ། འདི་ནི་ཡེ་ཤེས་ལྷའི་བཟླས་པ་ལ་སྦྱར་རོ། །ལས་ཀྱི་ལྷའི་བཟླས་པ་ལ་གསུམ་སྟེ། བསྙེན་པ་དང་བསྒྲུབ་པ་ལས་སྦྱོར་རོ། །དང་པོ་ལ་རྟེན་པ་བཤམས་ཏེ། དལ་ལ་བརྟེན་ནས་བསྒྲུབ་ན། སྟེགས་བུའི་ཁར་དལ་བྲི། ཡང་ན་ས་རྣམ་པ་གསུམ་ལ་མཁར་རྩིགས་ཏེ། ཆུ་རུ་ཁྲུ་གང་། ལོགས་བཞི་ལ་ལྟོ་དཀར་བཞི་བྱ། ཐོད་པས་མཚན་པར་བྱའོ། །རུ་མཚོན་བཞི། དུར་བྱ་ནག་པོ་བརྒྱད། སྟེང་དུ་བྱ་ཁྱུང་གི་མུ་ཏྲ་ནག་པོ་གསུམ་བྱ། དེའི་ནང་དུ་གྲུ་གསུམ་མཐིང་ནག་གི་སྟེང་དུ། གཟས་པ་པོའི་ལིངྒ་བཅའ། མདའ་སྒྲོ་ཡུད་ལྔ་པ་དུག་མེད་བཅུག་པའི་མགུལ་དུ་དར་མཐིང་ནག་གི་ལེའུ་གདག །དེ་ལ་ཕུར་པ་རིལ་བུ་རྟེན་པའི་རྫས་དང་། བར་དུ་ཁྲོལ་བུ་བྲབ་པའི་རྫས་དང་། མཐའ་མ་ཕྱེ་མ་མཆོད་པའི་རྫས་སོ། །ཕུར་པ་ལིངྒའི་སྙིང་གར་གཟུགས། ཁྲོ་བོའི་རྫས་ནི་ནམ་མཁའ་སྔོན་པོ། གསེར་ཡིག་ལ་བྱ་རྒོད་ཀྱི་ཕོད་བཞི་ལ་དར་ལྕེ་གདགས། དེ་མདའ་སྟོང་དུ་བཅུག་ལ་བཞག་གོ། །ཁྲོ་བོའི་རྫས་ནི་ཟ་མ་ཏོག་རྫས་ཀྱི་ཚོགས་ཀྱིས་བསྐང་བ་དང་། ཤ་ཁྲག་སྣ་ཚོགས་པ་དང་། བསེ་བྱང་དམར་པོ་དང་། རི་རབ་ཀྱི་ཕྱི་བསྐོར་གྱི་ཐོད་ཁྲག་དང་བཞག །ཁྲོ་མོའི་རྫས་ཐོད་པའི་ཚལ་བུ་གཅིག་གི་ནང་དུ། རྐང་སྣ་ཚོགས་དང་། ཁྲག་སྣ་ཚོགས་ཀྱི་བཀང་ལ་བཞག་གོ། །དེ་ནས་ཁྲོ་བོའི་ཞལ་བཅས་ལ་མཁར་གྱི་ནང་དུ་བདག་ཉིད་ལ་ཁ་བསྟན་ལ་བཞག །དེ་ནས་བསྙེན་བསྒྲུབ་ཚུལ་བཞིན་བྱའོ། །དེ་ནས་ལས་ལ་སྦྱར་བ་ནི། དང་པོ་གསེར་སྐྱེམས་བཏང་། བདེན་པ་བརྡར། མ་ཉེས་པའི་དཔང་གཟུགས་སོ། །དེ་ནས་དྲག་པོའི་སྔགས་བཟླས་སོ། །དེ་ནས་དཔལ་ཆེན་པོའི་ཐུགས་ཀ་ནས་འོད་འཕྲོས་པས་ལས་ཀྱི་མགོན་པོ་རྩལ་གྱི་བཏོན་གཞིའི་མགོན་པོ་ལ་སྟིམ་པས། དེའི་ཐུགས་ཀ་ནས་འོད་འཕྲོས་པ། འཕར་སྤྱང་ནག་པོ་དང་། ཟ་བྱེད་དུར་ཕག་དང་གཅན་ཟན་གཅོད་བྱེད་ལ་སོགས་པའོ། །ཅེ་སྤྱང་མང་པོ་སྤྲུལ་ནས་ཟས་པའོ། །སྣ་བུག་ན་ཡར་ཞུགས་ནས་ནང་ཁྲོལ་ཐམས་ཅད་ཞལ་དུ་རྔུབས་ཏེ་དོན་སྙིང་སྤར་གྱིས་བཏབ་ནས། སླར་ཕྱུང་སྟེ་མགོན་པོ་ཉིད་ལ་སྟོབ་པར་བསམ། དེ་ལྟ་བུའི་སྦྱོར་བ་བསྟབ་པའི་ལས་བྱ་ཞིང་། ཧྱ་དྲག་པོ་བཟླས་པས་སོ། །དེ་ནས་མཚན་མ་ཕེབས་པ་དང་། ལྷ་དང་ཕྲལ་བ་དང་། ཕུར་པ་གདབ་པ་དང་། ཐུན་བྲབ་པ་དང་། མཚོན་གྱི་བཏབ་ལ་བསྒྲལ་བར་བྱའོ། །སྦྱིན་བསྲེག་དང་། ཟོར་དང་མནན་པ་བྱ་བ་ནི། ཡེ་ཤེས་ལྷ་ཡི་གཞུང་ལྟར་བྱའོ། །ཨཐྎ། ༈ །ལེགས་ལྡན་དབང་གི་སྒྲུབ་ཐབས་བཞུགས་སོ། །ཚོགས་བདག་མགོན་པོ་ལེགས་ལྡན་གྱིས། དབང་ཆེན་སྟོབས་ཀྱི་སྦྱོར་བ་ཡང་། རི་རྒྱལ་རྩེ་ནས་ས་དང་ཤིང་། ལྷ་རྒོད་པོ་ཡོད་པའི་ས། ཚོང་འདུས་ཆེན་པོ་ཡི་ས་དང་། རྒྱས་ས་ཟིན་པའི་མཁར་མཁར་གྱི་ས་དང་། ཆོས་ཡེ་ཤེས་ཆེན་པོ་སྲིད་ཐོབ་པའི་ཁྲི་སྟེགས་དང་། །བཙུན་མོ་མཚན་གྱི་ས་དང་། །བཀའ་བྱིན་ཆེན་དུར་ཁྲོད་ཀྱི། །ས་ལ་བསད་ཁྲག་མཚལ་གྱི་བྲུ། །འབྲུབ་ཁུང་ཁྲུ་གང་ཟླ་གམ་གདེངས། །ནང་རིམ་གསུམ་ལ་མཚལ་རྒྱ་སྐྱེགས། །ཙན་དན་དམར་པོས་ལེགས་པར་བྱུགས། །རྒྱལ་བློན་སྟོབས་ཆེན་མུ་སྟེགས་དང་། །བགེགས་ཆེན་གཅན་ཟན་གདུག་པ་དང་། །མི་དང་མི་མིན་སྟོབས་ཆེན་རྣམས། །དབང་དུ་འདུ་བར་གང་དམིགས་པའི། །རྫས་ལ་གཟུགས་བྱས་མིང་བྱང་དགོད། །ཐོད་པ་སྲུབ་མེད་ནང་དུ་གཞུག །འབྲུབ་ཁུང་དུ་དེ་གསལ་བ། །དབང་དུ་འདུ་བའི་སྔགས་འདི་བཟླས། །ༀ་བྷུར་ཀུར། ཨི་ཙི་ཀི་བྱི་ཨུ་ཙུསྨ་ཀྲོ་ཏ་ཧཱུྃ། མ་ཧཱ་ར་ག །རྒྱལ་པོ། བཙུན་མོ། བློན་པོ། དམངས་ཕལ་པ། མགོ་ནག་མི་རྣམས་སརྦ་པ་ཤཾ་ཀུ་རུ་ཧྲིཾ་ཧྲིཾ་པ་ཤཾ་མ་ན་མ་ཧྲིཾ་ཧྲིཾ་ཛཿཛཿ ར་ག་དུ་ནི་ཅེས་བཟླས་སོ། །ཅེས་སོ། །བདག་ཉིད་མགོན་པོ་ལེགས་ལྡན་ཆེ། །དམར་ནག་པདྨ་རཱ་གའི་མདོག །ཕྱག་གཡས་ལྕགས་ཀྱུ་འགུག་མཛད་ཅིང་། །གཡོན་པས་ཞགས་པ་དམར་པོ་བརྡེག །ཐུགས་སྔགས་དང་འོད་ཟེར་ཐམས་ཅད་དམར་པོ། ཀའི་ཧཱུྃ་དང་སྔགས་ཀྱི་འོད། །གང་ལ་བྱ་བའི་རྟེན་ལ་ཕོག །རང་གི་འོད་ཀྱི་དབང་མེད་བཀུག །ཁབ་ལེན་རྡོ་ལ་ལྕགས་འདུ་ལྟར། །ཐམས་ཅད་བདག་དབང་འདུ་བར་བསམ། །ཤིང་ཐོག་ག་ལ་ལྟར་བུར་དང་། །དགུན་འབྲུམ་མེ་ཏོག་དམར་པོ་དང་། །ཤ་ཁྲག་གསར་པའི་མཆོད་པ་འབུལ། །ཚིལ་ཆེན་མངལ་ཁྲག་མཚན་ལྡན་དང་། །རྒྱ་སྐྱེགས་ཙན་དན་དཀར་དམར་དང་། །གི་ཧང་བསེ་ཞོ་ལིང་གར་བྱུག །སེང་ལྡེང་མེ་ལ་བསྲོ་ཞིང་བཟླས། །གྲུབ་ནས་ཐོད་པ་དར་དམར་དྲིལ། རང་གི་མལ་འོག་དག་ཏུ་སྦ། །སྔགས་འདི་གྲངས་ཚད་འབུམ་ཚོ་དྲུག །དབང་དུ་འདུ་བའི་རྟགས་རྣམས་འབྱུང་། །མི་དང་མི་མིན་སྔ་བས་ན། །ལྷག་པར་བཀའ་ལ་ཉན་པར་འགྱུར། །རྒྱལ་བློན་སྟོབས་ཅན་གདུག་པ་ཅན། །ཇི་ལྟར་བསྒོ་བ་དྲན་བཞིན་བྱེད། ཁམས་གསུམ་མཛེས་ལྡན་ཕྱག་རྒྱ་མངའ། །ཆགས་སྐྱེས་མདངས་ཀྱི་པདྨ་འབུལ། །རྦོད་ཆེན་ཡེ་ཤེས་དོན་ཆེན་ཀུན། །ཇི་ལྟར་བགོས་པའི་ལས་བཞིན་བྱེད། །མཆེ་སྡེར་རྭ་ཅན་ལྕེ་དུག་སོགས། །རང་རང་ཁྱི་བཞིན་ཕྱི་ན་འབྲེང་། །འབྲུ་དང་རིན་ཆེན་ཟས་བཅུད་ལ། །གོང་བཞིན་སྦྱོར་བ་བཞིན་སྒྲུབས་ནས། །སྣང་སྲིད་ཟས་ནོར་བདག་དབང་དུ། །དབང་ཆེན་ཀུན་བསྡུད་སྦྱོར་བ་ཡིན། །རིན་ཆེན་འབྲུ་བརྒྱད་འཁོར་ལོ་ནི། རྒྱས་བས་དབང་བསྡུད་རྩ་བར་འགྱུར། །རྡོ་རྗེ་ཆེ་གེ་མོ་ༀ་ཨཱཿ་ཧཱུྃ། ཧཱུྃ་སེང་དེ་བསྐྱེད་ཡིད་བསྡུས་སྤུ་ཧོ། ༀ་ས་ལེ་བསྐྱེད་ལེ་བསྡུས་སྤུ་ཧོ། ༀ་སེང་སྐྱེད་ངག་བསྡུས་ངག་བསྡུས་སྤུངས་ཧོ། ༀ་མ་ཧཱ་ཀཱ་ལ་སརྦ་བ་སུདྷ་ར་ཧཱུྃ་ཛཿ་ཛཿ ར་ཏྲི་སརྦ་བ་སུདྷ་ར་ཧཱུྃ་ཛཿཛཿ རཀྴ་སརྦ་བ་སུ་དྷར་ཧཱུྃ་ཛ་ཛཿཡཀྴ་སརྦ་བ་སུ་དྷ་ར་ཧཱུྃ་ཛ་ཛཿ མ་མ་བ་སུ་དྷ་ར་ཧཱུྃ་ཛ་ཛཿ ན་ག་སརྦ་བ་སུ་དྷ་ར་ཧཱུྃ་ཛ་ཛཿ ས་མ་ཡ་བ་སུ་དྷ་ར་ཧཱུྃ་ཛ་ཛཿ ༀ་རུ་ཏྲི་སརྦ་བ་སུ་དྷ་ར་ཧཱུྃ་ཛ་ཛཿའཁོར་ལོ་འབར་བའི་ལྟེ་བ་ལ། བསྒྲུབ་པ་པོ་ཡི་གསང་མཚན་དགོད། །དེ་ལ་རིན་ཆེན་ཟུར་བཞི་བསྐོར། །སྒོ་གསུམ་རྒྱས་པར་བསྡུ་བ་ཡིན། །འབྲུ་རེར་འབྲུ་རེ་དགོད་པར་བྱ། །དེའི་ཕྱིར་པདྨ་འདབ་བརྒྱད་ལ། །ནོར་གྱི་བདག་པོ་སྡེ་བརྒྱད་བསྔགས། །རྩ་བའི་སྔགས་ལྟར་དགོད་པར་བྱ། །དེ་ལ་རྟེན་འབྲེལ་འགྲིགས་པའི་སྔགས། །ཡི་གེ་མགོ་ནང་དུ་བསྟན་ལ་དགོད། །བརྒྱ་རྩ་བསྙེན་ལ་མེ་ཏོག་གཏོར། །མགུལ་ལམ་གཡས་ལ་ཤ་མཚན་བཞིན། །རྟག་ཏུ་འབྲལ་བར་མི་བྱའོ། །ནང་ནུབ་རྒྱས་པའི་གཏོར་མ་བཏང་། །འབྲུ་སྣ་འགའ་ཞིག་བྷ་ལིང་ལ། །རཏྣ་བརྡར་ཏེ་སེམས་བསྐྱེད་ལྡན། །སྦྱངས་སྤེལ་སྔགས་ཀྱི་བྱིན་གྱིས་རླབས། །ར་རཏྣ་མཎྜ་ལ། ཏྲཾ་སྥ་ར་ཎ་ཕཊ། སྃ་ཧ་ར་ན་ཧཱུྃ། ཏྲཾ་རཏྣ་ཏྲཻ་ལོ་ཀྱ་ༀ་ཨཱཿ་ཧཱུྃ། གུ་ཡ་ས་མ་སྟྭཾ། མ་ཧཱ་ཀ་ལ་ཏྲི་ཡཀྴ་རཀྴ། མ་མ་རུ་ཏྲི། མ་མ་ཏྲག་རཀྴ། ན་ག་ར་ཛ་བ་སུ་དྷ་ར་ས་མ་ཡ་ཧཱུྃ་ཛ་། ཚེ་དང་བསོད་ནམས་བདག་པོ་ཀུན། །སྤྱན་དྲངས་དེ་ལ་མཆོད་པ་འབུལ། །གང་ལྟར་འདོད་པ་ཡིད་ལ་བསམ། །མ་ཧཱ་ཀཱ་ལོ་ཏྲི་ཡཀྴ་རཀྴ། ཡ་མ་རུ་ཏྲི། མ་མ་ཏྲག་རཀྴ་ན་ག་རཀྴ་ཛ་སརྦ་བ་སུ་དྷ་ར་མན་བ་ལིཾ་ཏ་གྲྀ་ཧ་ན། ཁ་ཁ་ཁཱ་ཧི། ཧོ། གསང་བ་སྡེ་བརྒྱད་ཀྱི་ཡང་སྙིང་། །གབ་པ་སྔགས་གཏེར་གྱི་ལྷ་ཚོགས། །སྦས་པ་དབང་མཛོད་ཀྱི་ལྡེ་མིག །བ་སུ་དྷ་རའི་བདག་པོ་ཀུན། །དམ་རྫས་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་འདོད་པའི་ཡོན་ཏན་རྣམས། །བསམ་པ་ཡིན་བཞིན་འགྲུབ་གྱུར་ཅིག །སྲོག་བདུད་སྔགས་འཁོར་ཡིད་ལ་བཅངས། །ལས་བཞི་མངོན་དུ་གབ་གྱུར་ཡང་། །ཐ་མ་རྒྱས་པའི་གཏོར་མ་བསྡུ། །རྣལ་འབྱོར་ལུས་ལ་བརྟེན་གྱིས་བར། །མཐུན་པའི་གྲོགས་སུ་འདི་ཁྱད་འཕགས། །ཀུན་ལ་ཡོད་ན་ཁྱད་པར་ཅི། །གཞན་ལ་ཟག་ན་གནོད་ཀྱི་སྐྱོན། །བདག་གི་དངོས་གྲུབ་འགྱངས་སྲིད་པས། །དེ་ན་ལས་འདི་གསང་བར་རིགས། །མགོན་པོའི་དབང་སྡུད་ཀྱི་སྒྲུབ་ཐབས་རྫོགས་སོ། །ཀླན་སྟོན་ཆེན་པོ་བསོད་ནམས་མགོན་པོའི་ཕྱག་དཔེ་ལས། བདག་རཏྣ་ཤྲཱི་བྷ་དྲས་བྲིས།། ༈ །།བཀའ་སྡོད་ཕོ་ཉའི་དཀྱིལ་འཁོར་གྱི་ཞལ་ཁྲིགས་བཞུགས་སོ། །བཅོམ་ལྡན་པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ལེགས་ལྡན་དུར་ཁྲོད་ནག་པོ་བསྒྲུབ་པའི་ཐབས་ནི། གཞུང་དང་མཐུན་པའི་གནས་སུ་སྟེགས་བུ་གྲུ་བཞི་བརྩིགས། སེམས་ཅན་སྣ་ཚོགས་འཁོར་གྱི་ཚུལ་དུ་བྲི། དབུས་སུ་གྲུ་གསུམ་མིང་རུས་བསྲེགས་པས་ཐལ་བས་བྲི། དེའི་སྟེང་དུ་དུར་ཁྲོད་བདག་པོ་སྐུ་མདོག་ནག་པོ། སྤྱན་དམར་ནག །ཞལ་བགྲད་མཆེ་བ་གཙིགས་པ། སྐུ་ལ་ཞིང་གི་གཡང་གཞི། སྟག་གི་ཕྱར་ཧྲུལ་གྱོན་པ། ཕྱག་ན་རུ་མཚོན་ནག་པོ་ཕྱར་བ། སྡོང་ལ་རྣོ་བའི་མཚོན་བཏགས་ལ་གཅིག་བཞེངས་ལ། དེའི་འཁོར་ན་དུར་ཁྲོད་ཀྱི་ག་རི། ཙོ་རི་མ་དང་། སྲིན་པོ་དང་། སྲིན་མོ་དང་། གནོད་སྦྱིན་ལ་སོགས་པས་བསྐོར་བར་བསྒོམ་མོ། །བརྟེན་རྫས་ནི་སྟག་ཤ་མི་ཤ་ལུག་ཤ །གཅན་ཟན་སྣ་ཚོགས་ཀྱི་ཤ་དང་། ཁྲག་སྣ་ཚོགས་དང་། སྨན་དང་། ལ་རྫས་སྣ་ཚོགས་དང་། ཞུན་ཆེན་དང་། ཚིལ་ཆེན་དང་། མར་ནག་དང་། མར་དང་། རྟ་ཚིལ་དང་། ཏིལ་དཀར་ནག་དང་། ཡུངས་ཀར་དང་། ཡུངས་ནག་དང་། མི་རུས་སྣ་ཚོགས་བསོག་གོ། །ལྷ་བཤོས་ནག་པོ་ལ་མདའ་ནག་པོ་བཙུགས། དར་ནག་པོ་བརྒྱན་ལ། ཞལ་ཟས་ཤ་ལ་སོགས་པས་བརྒྱན་ལ་དབུལ་ལོ། །ཤ་སྣ་ཚོགས་པ་ལ་སོགས་པ་བྷནྡྷ་ལྕང་ལོའི་ནང་དུ་བཙལ་ལ་དབུལ་ལོ། །ཞིང་ཆེན་མིང་རུས་ཡན་ཆད་སྦྱིན་བསྲེག་ཏུ་དབུལ་ལོ། །དུག་ལ་སོགས་པའི་ཁྲག་སྣ་དང་། རྡོ་ཕྱེ། མིང་རུས་རྣམས་ནི་དྲག་པོའི་དུས་སུ་མིང་རུས་དང་བསྲེས་ལ་དབུལ་ལོ། །དང་པོ་བདག་ཉིད་དཔལ་ཆེན་པོའི་ཏིང་ངེ་འཛིན་དང་ལྡན་པར་བྱ། དཔལ་གཏོར་གཞུང་བཞིན་བཤམ། འཕྲིན་ལས་གཞུང་སྲང་མཆོད་པ་དང་བཤགས་པ་བྱ། སྔགས་གསུམ་འབུམ་ལས་ཉུང་བ་མི་བྱའོ། །ག་རི་དང་། ཙ་རི་དང་། དབང་ཕྱུག་མ་བསྐུལ་ལོ། །ཧྲཱིཿ རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གདུང་། ཅེས་པ་བསྙེན་པའི་ལྷ་བསྐུལ། ཧཱུྃ། དུར་ཁྲོད་གནས་ལ་དབང་བསྒྱུར་བའི། །དབང་ཕྱུག་ཆེན་པོ་དུར་ཁྲོད་བདག །ལེགས་ལྡན་ནག་པོ་མཐུ་བོ་ཆེ། །སྐུ་ལ་ཞིང་དང་སྟག་ལྤག་གསོལ། །ཐལ་ཆེན་ཞག་དང་ཚོམ་བུས་བརྒྱན། །དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས། །ལག་ན་དར་ནག་རུ་མཚོན་འཕྱར། །དམག་དཔོན་ཆེན་པོ་ད་ཚུར་སྤྱོན། །ལྷ་ཆེན་བཞུགས་པའི་སྐུ་མཁར་ནི། །རི་ཡི་རྒྱལ་པོ་མ་ལ་ཡ། །གནས་ནི་བམ་རི་ཐོད་པ་མཁར། །དེ་དང་མཐུན་པའི་གནས་འདི་རུ། །ལྷ་ཆེན་ལེགས་ལྡན་གཤེགས་སུ་གསོལ། །དུར་ཁྲོད་གནས་འདིར་གཤེགས་སུ་གསོལ། །བམ་ཆེན་གདན་ལ་བཞུགས་སུ་གསོལ། །དབང་ཕྱུག་ཆེན་པོ་སྲིན་པོའི་གཙོ། །ལེགས་ལྡན་ནག་པོ་དམ་ཚིག་ཅན། །འཁོར་ནི་སྲིན་པོ་སྲིན་མོས་བསྐོར། །འཁོར་བཅས་ཐུགས་དམ་དུས་ལ་བབས། །དབང་ཕྱུག་ཁྱེད་ཀྱི་སྤྲུལ་པ་སྟེ། །སྟག་དང་དོམ་དང་སྡིག་པ་སྦྲུལ། །སེང་གེ་ཁྱི་སྤྱང་མཆེ་བ་ཅན། །བྱ་རྒོད་ཁ་སྐེག་སྡེར་མོ་ཅན། །སྤྲུལ་པ་མང་པོ་འཇིག་རྟེན་ཁེངས། །སྤྲུལ་པ་མང་པོ་བསམ་མི་ཁྱབ། །ནག་པོ་ཆེན་པོ་རྫུ་འཕྲུལ་ཅན། །མི་ཤ་ཁྱི་ཤ་རྟ་ཤ་དང་། །གཅན་ཟན་མང་པོའི་ཤ་དག་ཁྲག །སྨན་དང་བཤོས་དང་མདའ་དར་དང་། །མཐུན་པའི་དམ་རྫས་བཤམས་པ་རྣམས། །ལེགས་ལྡན་འཁོར་དང་བཅས་ལ་དབུལ། །ཁྱོད་ཀྱི་སྐུ་ལ་ཐིམ་མཛོད་ལ། །བདག་དང་འགྲས་པའི་དགྲ་བོ་འདི། །ད་ལྟ་ཉིད་དུ་བསྒྲལ་འཚལ་ལོ། །ད་ལྟ་ཉིད་དུ་དབང་གྱིས་ཤིག །སྲོག་བདག་ནག་པོ་མ་རུངས་པ། །བདུད་འདུལ་ཆེན་པོ་མི་བསྲུན་པ། །ཁྱོད་ཀྱི་འཁོར་གྱི་སྤྲུལ་པ་ནི། །སྲིན་པོའི་ཚོགས་ཏེ་གདུག་པ་ཅན། །ལས་སུ་གསོད་དང་གཅོད་ལ་དགའ། །དགྲ་བོ་བསད་བཅད་དུས་ལ་བབས། །སྲིན་མོའི་ཚོགས་ཏེ་མ་རུངས་པ། །ལས་སུ་བཟའ་དང་བཅད་ལ་དགའ། །དགྲ་བོའི་རུས་པ་ཤ་ལ་མཆོད། །དབང་ཕྱུག་ཆེན་པོ་སྐུ་བསྐྱོད་ན། །འཁོར་གྱི་མ་སྲིང་ཅི་ལ་ཞུགས། །དུས་ལ་བབ་པོ་ས་མ་ཡ། །འདི་ལ་དམ་ཚིག་ཅི་མཆིས་ཀྱིས། །དབང་ཕྱུག་ཆེན་པོ་ཀུན་གྱི་རྗེ། །བདུད་པོ་ཆེན་པོ་རྫུ་འཕྲུལ་ཅན། །ཀམ་ཀ་ཚིག་ཚིག་དགྲ་ལ་ཡ། །གདུག་པའི་མཚོན་ཆ་དགྲ་ལ་ཡ། །འཁོར་གྱི་ཕོ་ཉ་དགྲ་ལ་ཡ། །དམ་ཉམས་བསྟོད་དོ་ཤོ་ར་རེ། །དཔལ་ཆེན་པདྨ་ཧེ་རུ་ཀ །སྲིན་མོ་ཚོགས་རྣམས་ཐམས་ཅད་ཀྱིས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །རང་དམ་སྲོག་སྙིང་དངོས་སུ་ཕུལ། །སངས་རྒྱས་བསྟན་པ་བསྲུང་བར་བྱས། །སྔོན་གྱི་དམ་ཚིག་ཇི་བཞིན་དུ། །མཐུན་པའི་དམ་རྫས་བདག་གི་བཤམ། །རྣལ་འབྱོར་དམ་ཅན་ལས་གཅིག་མཆོལ། །ལས་བཅོལ་འབྲས་བུ་མཆིས་པར་ཤོག །སྔོན་གྱི་ཐ་ཚིག་ཉམས་པ་རེ། །དུས་ལ་བབས་པོ་ས་མ་ཡ། །ཞེས་བསྐུལ་ལ་གཏོར་མ་འབུལ། མར་ལ་སོགས་པ་སྦྱིན་སྲེག་གི་མཆོད་པ་དབུལ་ལོ། །དེ་ནས་ལྷོ་ནུབ་གྲུ་གསུམ་དུ་བརྐོས་ལ་ནང་ནག་པོར་བྱ། །ཛ་ལ་སོགས་པ་བྲི། སྲིན་མོའི་བསྐང་གིས་བསྐོར། དུག་ལ་སོགས་པའི་རྫས་རྣམས་བཞག །ནང་དུ་ལིང་ག་བཞག །ར་སོག་ལ་བྲི། ཁ་མིག་ཚང་བར་བཏོད། །མཚོན་སྐུད་སྔོ་དམར་གྱི་བྱད་དུ་གཞུག །གུལ་གྱིས་བདུག་དེ་ནས་ཡུངས་ཀར་བརྡེག །རྟགས་བྱུང་ས་ཕུར་པ་གདབ། དེ་ནས་ཧོམ་ཁུང་དུ་མཚེར་མ་ཅན་གྱི་ཤིང་ལ་མེ་སྦར་ལ་གང་ལ་བྱ་བའི་མིང་བྱང་རེ་རེ་དང་། མར་ལ་སོགས་པ་རེ་རེ་བསྲེག །བསྙེན་བསྒྲུབ་གསུམ་ཆར་གྱིས་སྔགས་གཅིག་ཏུ་དྲིལ་ལ། མཇུག་ཏུ། ཆེ་གེ་མོ་མ་ར་ཡ་ཕཊ། ཅེས་བརྗོད་ཅིང་བསྲེག་གོ། །དུག་དང་ཏིལ་ལ་སོགས་པ་རིམ་པ་ཀུན་རིམ་པ་བཞིན་དུ་དབུལ་ལོ། །ལིདྒ་གསུམ་ཆ་གཅིག་ཕུར་པས་གདབ། གཅིག་རྟགས་བྱུང་བྱུང་དུ་བཅད་གདབ། གཅིག་སྐྱེ་ནས་སྔོ་དམར་གྱིས་བཏགས་ལ་དཀྱིལ་དུ་སྐུ་ལ་གཏད། སྒྲུབ་པ་ཐོན་པ་དང་། སྐུ་མཆོད་ཁང་དུ་བཞུགས་སུ་གསོལ། །གཟུགས་ལམ་པོ་ཆེའི་རྒྱ་གྲམ་དུ་ཁྱེར་ལ། དོང་གྲུ་གསུམ་བྲུས་ལ་ནང་ནག་པོར་བྱུག་ལ་དེར་གཞུག་གོ། །གཡམ་པ་ལ་སོགས་གཏད་ཁྲམ་དུ་ཤེས་པར་བྱའོ། །དུར་ཁྲོད་བདག་པོ་བསྒྲུབ་ཐབས་རྗོགས་སོ།། ༈ །།ཆོས་སྐྱོང་སྲོག་མཐུད་བསྲེ་བ་ཟབ་པ་བཞུགས་སོ། །ན་མོ་གུ་རུ་བསྒྲུབ་པ་པོས་ཆོས་སྐྱོང་རྣམས་འཁོར་བར་འདོད་ཅིང་ལས་གང་སྒོ་ཉན་པའི་ཐབས་ལ་དོན་ལྔ་སྟེ། རང་ནུས་པ་ཡོད་པར་བྱས་ལ། ཆོས་སྐྱོང་གི་སྲོག་འཕྲོག་པ། འཁུ་ལྡོག་བྱེད་ན་སྲོག་བཅིང་བ། གང་འགྲོ་སར་ཁྱི་ལྟར་འཁྲིད་པ་གཉིས་བསྟན་ན་སྔ་མ་ཕྱི་མ་ལ་མི་འཕྲེང་པ། གཉིས་སྒྲུབ་ན་རྒོད་པོ་རུ་སྦྲེལ་ལྟར་རྩལ་འདྲེན་དུ་བཞུགས་པའོ། །དང་པོ་སྲོག་འཕྲོག་པ་ནི། རང་ཡི་དམ་གང་བྱེད་ཁྲོ་བོར་བསྒོམ། དེའི་སྙིང་ཁར་པདྨ་འདབ་མ་བརྒྱད་ཁ་གྱེན་དུ་བསྟན་པར་བསྒོམ། དེའི་དབུས་སུ་རྡོ་རྗེ་སེམས་དཔའ་ཚོན་གང་པ་ཅིག་བསྒོམ། དེའི་ཐུགས་ཀར་པདྨ་འདབ་བརྒྱད་ཀྱི་སྟེང་དུ་རྡོ་རྗེ་ལྗང་སེར་རྩེ་ལྔ་གྱེན་དུ་ལངས་པ་གཅིག་བསམ། དེའི་ལྟེ་བ་ལ་ཉི་མའི་དཀྱིལ་འཁོར་སྟེང་དུ་ཧཱུྃ་ནས་རྡོག་ཙམ་གཅིག་བསམ། ཧཱུྃ་དེའི་འོག་ཏུ་གདན་ཁྲིའི་ཚུལ་དུ་རང་གང་བསྒྲུབ་པའི་ཆོས་སྐྱོང་བསྐྱེད་པའི་ས་བོན་དེ་བསམ། ཧཱུཾ་དང་ཆོས་སྐྱོོང་གི་ས་བོན་མཐའ་མ་ན། རང་གི་ཆོས་སྐྱོང་གི་སྔགས་ཀྱི་མགོ་ཕྱིར་བསྟན་པས་འཕྲེད་ལ་བསྐོར་བར་བསམ། དེའི་མཐའ་མ་ཨ་དཀར་པོ་མགོ་ཕྱིར་བསྟན་པས་བསྐོར་བར་བསམ། དེ་ལྟར་སེམས་དཔའ་སུམ་རྩེག་ཏུ་བསམ་པའི་མདུན་དུ་ཆོས་སྐྱོང་གང་བསྒྲུབ་པ་དེ་བསྐྱེད་དོ། །དེ་ནས་སེམས་དཔའ་གསུམ་རྩེགས་དང་། ས་བོན་དང་སྔགས་ལས་འོད་ཟེར་འཕྲོས་པས་རང་གི་སྣ་བུག་གཡས་ནས་ཐོན་ཏེ་ཆོས་སྐྱོང་གི་གཡོན་ནས་གཞུགས་ནས་སྙིང་ཁར་ས་བོན་ལ་ཐིམ་པས། ཤིན་ཏུ་མཉེས་པར་བསམ། ཆོས་སྐྱོང་གི་ནུས་པ་བསྡུས་ནས། གཡས་ནས་ཐོན་རང་གི་སྣ་བུག་གཡོན་དུ་ཞུགས་ས་བོན་ལ་ཐིམ་པས་ནུས་པ་དང་ལྡན་བར་བསམ། དེས་ནི་རང་ནུས་པ་དང་ལྡན་ཅིང་། ཆོས་སྐྱོང་ལས་ལ་འཇུག་པའི་ཐབས་ཤིན་ཏུ་ཟབ་བོ། གཉིས་པ་འགྱུར་ལྡོག་བྱེད་པའི་སྲོག་བཅིང་བ་ནི། རང་གི་སྙིང་ཁར་གོང་དུ་བསམ་པའི་སྔགས་ཀྱི་ཕྱི་མ་ཨཱ་ལི་ཀཱ་ལི་གཉིས་བསྒྲག་གི་བསྐོར་བར་དམིགས་ལ་སྔགས། གསུམ་པ་ཁྱི་ལྟར་ཁྲིད་པ་ནི་གོང་ལྟར་བསམ་པའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་གི་གཡས་ནས་ཐོན། ཆོས་སྐྱོང་གི་གཡོན་ནས་ཞུགས་ནས་དེའི་ས་བོན་སྙིང་པོ་སྙིང་ཁྲག་དང་བཅས་པས་བསྡུས་ནས། འོད་དམར་སེར་སོང་ནས། ཆོས་སྐྱོང་གི་སྣ་བུག་གཡས་ནས་རང་གི་གཡོན་དུ་ཞུགས་པས། རང་གི་སྙིང་ཁའི་ས་བོན་ལ། སྙིང་པོ་དང་བཅས་པ་ཐིམ་པར་བསམ། དེ་ལྟར་བྱས་པས་རང་གང་འགྲོ་སར་ཁྱི་ལྟར་ཁྲིད་དོ། །བཞི་པ་ཆོས་སྐྱོང་སྔ་མས་ཕྱི་མ་ལ་ཕན་ན། རང་སྔ་མ་བཞིན་དུ་བསམ་ཏེ། མདུན་དུ་ཆོས་སྐྱོང་སྔ་མ་དེ་བཀའ་སྡོད་ཀྱི་ཚུལ་དུ་བསམ། ཕྱི་མ་འང་བདག་དང་སྔ་མ་དེའི་ས་བོན། སྔགས་ཀྱི་མཐའ་མ་ཕྱི་མའི་ཆོས་སྐྱོང་གིས་སྔགས་ཀྱིས་བསྐོར་བར་བསམ། རང་གི་ས་བོན་ལས་འོད་འཕྲོས་སྣ་བུག་གཡས་ནས་ཐོན། སྔ་མ་ཆོས་སྐྱོང་གི་གཡོན་དུ་ཞུགས། ས་བོན་དང་སྔགས་དང་། སྙིང་ཁྲག་བསྡུས་ནས་གཡས་ནས་ཐོན། བདག་ལ་ཕྱག་རྟེན་གྱི་ཚུལ་དུ་ཕུལ་བས་ཐིམ་པར་བསམ། ཕྱི་མའི་ཆོས་ལ་ཡང་དེ་ལྟར་བྱའོ། །དེ་ནས་ཆོས་སྐྱོང་ཕྱི་མ་དེ་འདོམས་པོར་ཞུ། སྔ་མའི་དེ་ལ་ཐིམ་པས། སྔ་མ་ཡང་འདོམ་ཕོར་ཞུ་ནས་རང་གི་ལྟེ་བའི་ཐད་ཀར་ཐིམ་པར་བསམ་མོ། །དེ་ནས་འ ཁུམ་ལྡོག་བྱེད་མི་ནུས་ཏེ། རང་ཤ་ལ་རང་མི་ཟ། རང་ཁྲག་ལ་རང་མི་འཐུང་པས་གཉིས་སུ་མེད་པར་བསྲེ་བའི་མན་ངག་གོ། །སྔ་མ་ཆོས་སྐྱོང་གཉིས་པོ་རྒོད་པོ་རུ་སྦྲེལ་ལྟར་རྩལ་འགྲན་དུ་བཞུག་པ་ནི། རང་སྔར་དང་འདྲ་བ་ལ། ཆོས་སྐྱོང་སྔ་མ་དེའི་སྙིང་པོ་ལ་ཕྱི་མའི་སྙིང་པོས་བསྐོར་བར་བསམ། སྔ་མའི་རྐང་པའི་ཕྱི་མའི་མགོ་བོ་མནན་པར་བསམ། འོད་ཟེར་གྱི་སྤྲོ་བསྡུ་སྔར་དང་འདྲའོ། །དེས་ཆོས་སྐྱོང་གཉིས་པོ་འགྲན་ནས་ལས་བྱེད་དོ། །ཡང་སྤྲོ་བསྡུའི་དམིགས་པ་ནི། ཆོས་སྐྱོང་དམ་ཅན་མདུན་དུ་བསམ། དེ་ལྟར་ལ་ཐིམ་པས། རང་ཤ་ལ་རང་མི་ཟ། རང་ཁྲག་ལ་རང་གིས་མི་འཐུང་བས་ལྡོག་མི་སྲིན་དོ། །འདིས་འོད་ཟེར་ཐམས་ཅད་དམར་པོ་ཡིན། ཆོས་སྐྱོང་བསྒྲུབ་དུས་ཐུན་ལ་འཇུག་པ་དང་། ཐུན་བར་རྣམས་དང་ཐུན་འཇོག་ཁར་དམིགས་པ་རྣམས་བྱེད་པ་ཡིན་ནོ། །ཆོས་སྐྱོང་གང་སྒྲུབ་ཀྱང་དམིགས་པ་འདི་བཞིན་བྱས་པས། རང་གི་འདོད་པ་ལྟར་འགྲུབ་བོ། དམིགས་པ་འདི་མེད་པས་ཆོས་སྐྱོང་བསྒྲུབ་པ་ནི། རྗེ་དཔོན་ལ་ཞུ་བ་ཕུལ་བ་དང་འདྲ། གནད་འདི་ཡོད་ན་ཆོས་སྐྱོང་བསྒྲུབ་པ་ནི་བཀའ་འོག་གི་འབངས་དང་འདྲའོ། །དམིགས་པ་རྣམས་ལྔས་ཆོས་སྐྱོང་ལས་ལ་བཀོལ་བའི་མན་ངག །སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པ་རྫོགས་སོ། ། ཨཐྎ།། །།

དཔལ་མགོན་པོ་ལེགས་ལྡན་ལྗང་སྔོན་དྲག་པོའི་དབང་ཆོག་དྲག་པོའི་རྗེས་གནང་དང་བཅས་པ།

དཔལ་མགོན་པོ་ལེགས་ལྡན་ལྗང་སྔོན་དྲག་པོའི་དབང་ཆོག་དྲག་པོའི་རྗེས་གནང་དང་བཅས་པ་བཞུགས་སོ། །དཀོན་མཆོག་གསུམ་གྱི་ངོ་བོ་ཆོས་ཀྱི་རྗེ། །སྐུ་ལྔ་རབ་རྫོགས་དྲུག་པ་རྡོ་རྗེ་འཆང་། །གཉིས་སུ་མེད་པའི་ཞབས་ལ་གུས་བཏུད་ནས། །བཀའ་སྡོད་ལེགས་ལྡན་ནག་པོའི་དབང་ཆོག་བྲི། །གཞུང་དང་མཐུན་པའི་གནས་ཉིད་དུ། །ཚད་དང་ལྡན་པའི་བླ་མ་དང་། །སྣོད་དང་ལྡན་པའི་སློབ་མ་ཡིས། །དགོས་པའི་ཡོ་བྱད་ཚོགས་པ་དང་། །ཁྲག་འཐུང་རྣལ་འབྱོར་ལྡན་བྱས་ནས། །ཐོག་མར་ལྷའི་རྣལ་འབྱོར་བརྩམས། །ལས་ཀྱི་ལྷ་བསྐྱེད་མཆོད་བསྟོད་བརླབ། །ༀ་བིག་ནནྟ་ཀྲིད་ཨ་མྲྀ་ཏ་ཀུ ཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། རྃ་ཡྃ་ཁྃ། ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭཱ་བྷ་ཝ་ཨདྨ་ཀོ྅་ཧཾ། སུརཡཱ་ཙནྜ་པདྨ་དྷུ་དྷུ་ཏྭ་ཨ་ག་ན་ཤ །སྤྲོ་བསྡུ། བཛྲ་ཨརྒྷཾ། པཱ་ཏྱཾ། པུཥྤེ། དྷུ་པཻ། ཨཱ་ལོ་ཀཻ། གནྡྷེ། ནཻ་ཝིཏྱ། ཤཔྟ་ཨཱཿཧཱུྃ། སརྦ་པཉྩ་ཨམྲྀ་ཏ་ཧཱུྃ་ཧྲཱི་ཋཱ། ༀ་ཨ་ཀ་རོ་མུ་ཁཾ། སརྦ་དྷརྨཿནཾ། ཨཏྱ་ནུད་པན་ཏོད་ཏ་ཧཱུྃ་ཕཊ། མཎྜལ་བསངས་སྦྱངས་ལྷ་མོ་གསེར་མདོག་རྒྱན་ལྡན་བུམ་འཛིན་ཕག་ལ་བཞུགས། ལཾ་སརྦ་སཾ། ལཾ་ཀ་ལ་ཀྵ། སྤྲོ་བསྡུ་ལམ་པྲ་ཏྲི་བྷྱེ་སྭཱ་ཧཱཿ དབང་བསྐུར་བྱིན་རླབས་སྤྱན་དྲངས་བསྟིམ། ༀ་ན་མོ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲ་སྭཱ་བྷ་ཝ་ཨདྨ་ཀོ་྅་ཧཾ། ༀ་མ་ཧཱ་ཨ་དཪྵ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱདྨ་ཀོ་ཉ་ཧཾ། ༀ་བཛྲ་ས་མ་ཡ་ཛ༔ དད་པ་དད་ནི་དམ་ཚིག་གི། །ཚུར་གཤེགས་ས་ཡི་ལྷ་མོ་ཆེ། །མཆོད་ཡོན་བཞེས་ནས་འདི་ཉིད་དུ། །མཆོད་པས་ས་བདག་དགྱེས་པར་མཛོད། །ༀ་ཨེ་ཧྱ་ཧི་བྷ་ག་ཝཱན། །མ་ཧཱ་ཀ་རུ་ཎི་ཀ་ཏྲི་ཤ་ཧཱོཿ ས་མ་ཡ་སྟཾ། ཛ་ཧཱུྃ་བྃ་ཧོ། །ཀཱ་ཡ་ཝཱ ཀྐ་ཙིཏྟ་ཏིཥྛ་བཛྲ། །ཀུན་བཟང་ཕྱི་མཆོད་ཕུད་གཏོར་ནི། །རྩ་སྔགས་མཆོད་སྔགས་བཏགས་པས་དབུལ། །བདེ་བར་གཤེགས་པ་ལྷ་མོ་ཆེ། །དེ་སོགས་ཚིག་དང་མཛོད་ཀྱི་སྔགས། །རྩ་སྔགས་མཆོད་སྔགས་བཏགས་པས་དབུལ། །དེ་ནས་བཟླས་དང་བསྟོད་པ་བྱ། །ལཾ་པྲ་ཏི་བྷྱེ་ཡེ་སྭཱ་ཧཱ། སའི་ལྷ་མོ་བསྟན་མ་གཟི་འབར་མ། །སྐུ་གསེར་ཕྱག་ན་གསེར་གྱི་བུམ་པ་བསྣམས། །འཇའ་ཚོན་མདོག་ལྡན་ཕག་གི་ཁྲི་ལ་བཞུགས། །དེ་ལ་ཕྱག་འཚལ་བསྙེན་བསྐུར་མཆོད་ཅིང་བསྟོད། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་མཆོད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ས་འདིར་དཀྱིལ་འཁོར་བྲི་བར་བྱ། །རིག་པ་འཛིན་པས་དེ་ལྟ་མཛོད། །གཏོར་མའི་ཕ་འབང་ཕྱོགས་གཉིས་ལ། །བྱིན་ལ་གྲོགས་བཅོལ་བསྐྲད་པར་བྱ། །ལྷ་མོ་དགྱེས་ནས་ས་ལ་ཐིམ། །ལག་པ་རྡོ་རྗེ་དང་བཅས་པས། །ས་ལ་གཏུག་ཅིང་སྔགས་འདི་བརྗོད། །ༀ་བཛྲ་ཀྲོ་ཏ་ཧ་ན་ཧ་ན་ཧཱུྃ་ཕཊ། །དེ་ནས་ལྷ་ཡི་སྟ་གོན་ནི། །མཎྜལ་བདུད་རྩི་བྱུགས་པ་བྱ། །ༀ་ཨཱཿ ཧཱུྃ། མ་ཧཱ་མཎྜལ་སིདྡྷི་གུ་རུ་ཧཱུྃ། །དུར་ཁྲོད་སྐྲ་ཡི་ཆ་དབྱེ་ཞིང་། །སློབ་དཔོན་བདག་བསྐྱེད་གསལ་བཏབ་ལ། །མཎྜལ་བྷྲུྃ་ལས་དུར་ཁྲོད་གཞལ་ཡས་ཁང་། །བསྐྱེད་ཅིང་ཁྲག་གི་ཐིག་ལེ་ལས། །སོ་སོའི་གནས་སུ་རྩ་སྔགས་ནི། །གདན་ལ་ལྷ་རྣམས་བསྐྱེད་པར་བྱ། །བྷྲུཾ་བི་ཤྭ་བི་ཤུདྷེ་བཛྲ་ཛྙཱ་ན་ཙཀྲ་བྷྲུཾ། སརྦ་དུཥྚ་ནི་ཏྲི་རི་ར་བཾ་ཏི་ར་བཾ། ཀོ་ཀ་ཐང་དམར་རྒྱ་མཚོའི་དབུས། །མ་ལ་ཡ་ཡི་རི་རྩེ་རུ། །ཕོ་བྲང་ལྟེ་བ་གྲུ་གསུམ་ལྔ། །མུ་ཁྱུད་ཁྲག་ཁྱམས་སྒོ་བཞིར་ལྡན། །ཕྱི་རོལ་འབེས་མཁར་བརྒྱ་དང་བཅས། །རབ་ཏུ་འཇིགས་པ་སྐྱེད་དབུ་རུ། །དགྲ་བགེགས་རོ་ཡི་གདན་སྟེང་དུ། །ༀ་མ་ཧཱ་ཀཱ་ལ་ཀྲོ་ཏ་ཧཱུྃ་རཀྵ་ཀྲོ་ཏི་ཤྭ་རི་རཀྨོ་ཧེ། ཤར་ལ་སོགས་པའི་ཁང་བཞི་རུ། །ཀྲོ་ཏ་ཛྭ་ལ། ཡཀྵ་ཛྭ་ལ། རཀྴ་ཛྭ་ལ། ཙིཏྟ་ཛྭ་ལ་ས་མ་ཡ། །ཁྲོ་བོ་གནོད་སྦྱིན་སྲིན་པོ་དང་། །མ་མོར་བཅས་པ་འཁོར་བཅས་བསྐྱེད། །བཙན་ཁང་རྣམས་ལ་མ་མོ་དང་། །བར་ཁྱམས་དབང་མོ་སྒོ་བཞིར་ཏེ། །གྲུ་བཞིར་གྲུ་འདེགས་བཞི་དག་རྣམས། །འབེ་མཁར་རྣམས་སུ་འབུ་ཆེན་དང་། །མཐར་བྱ་གཅན་ཟན་ལ་སོགས་པ། ཆོ་ག་བཞིན་དུ་བསྐྱེད་བྱས་ལ། །བསླབ་སྐུར་དྲངས་ཐིམ་སྟིམ་པ་ལ། །ཕྱི་ནང་མཆོད་བཟླས་བསྟོད་པ་ནི། ཧཱུྃ་ལྷ་ཡི་དེད་དཔོན་ཚོགས་ཀྱི་བདག །ལེགས་ལྡན་ནག་པོ་མཐུ་བོ་ཆེ། །དུར་ཁྲོད་བདག་པོ་སྒྲོལ་བའི་གིང་། །ཁྲོ་བོའི་རྒྱལ་པོ་ཁྱོད་ལ་བསྟོད། །ཧཱུྃ། དྲག་པོའི་སྐུ་ལ་རྒྱལ་བའི་བཀའ་སྡོད་མཆོག །དེ་ནས་ཡེ་ཤེས་ལྔ་ལྡན་རྒྱལ་བ་རིགས་ལྔའི་འཁོར། །ཕྲིན་ལས་བདུད་འདུལ་དགྲ་བགེགས་ཀུན་གྱི་གཤེད། །ལེགས་ལྡན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །དེ་ནས་འདོད་དོན་ལ་གསོལ་བ་གདབ་པ་ནི། ལེགས་ལྡན་འཁོར་བཅས་དགོས་སུ་གསོལ། །ཁྱོད་ལ་བསྟོད་པ་བྱ་བ་དང་། །སློབ་མ་རྗེས་སུ་བཟུང་བྱའི་ཕྱིར། །བདག་ནི་དཀྱིལ་འཁོར་བགྱིད་པར་འཚལ། །སྟ་གོན་ལ། གནས་པར་མཛོད། དེ་བཞིན་བགྱིའོ། །དེ་བཞིན་གནས་པར་མཛོད། དེ་ནས་བུམ་བཏེག་བུམ་པ་གཉིས་རྒྱན་ལྡན་བསངས་སྦྱངས་གོང་དང་མཚུངས། བྷྲཱུྃ་བྷྲུྃ་སྤྲོ་བསྡུ། བྷྲུཾ་བི་ཤྭ། རྣམ་རྒྱལ་མགོན་པོའི་གཞལ་ཡས་སུ། །འཁོར་བཅས་བསྐྱེད་པའི་སྒྲུབ་ཐབས་བཞིན། །ལས་བུམ་གདན་གསུམ་མཆོག་གསུམ་གྱི། །བདུད་རྩི་འཁྱིལ་པར་བསྐྱེད་པ་ནི། །ལྗགས་གུ་རྒྱ་གྲམ་དྲིལ་བུ་ཅན། །བརླབ་ཅིང་དབང་བསྐུར་མཆོད་པའི་བར། །གོང་བཞིན་བྱས་ལ་བཟླས་པ་ནི། །མགོན་པོའི་བསྙེན་བསྒྲུབ་བཞི་སྔགས་ལ། །དབང་སྔགས་བཏགས་ལ་བཟླ་བྱ་ཞིང་། །ལས་བུམ་གོང་ལ་ཁྲུས་སྔགས་སྦྲེལ། །མགོན་པོའི་གོང་བཞིན་བསྟོད་བྱས་ལ། །སེམས་དཔའ་ལྗང་གུ་སྣ་ཚོགས་ཕྲིན་ལས་བདག ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཁྱམ། །ཡེ་ཤེས་བདུད་རྩི་སྲིད་གསུམ་འོད་སྤུང་འཁྱིལ། །ཁྲོ་རྒྱལ་བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། །སྙན་གཞུ་བྱིན་ལྡན་ཆུ་རུ་བསམ། །དེ་ནས་སློབ་མའི་སྟ་གོན་ནི། །སློབ་མ་ཁྲུས་བྱས་མཎྜལ་དབུལ། །གྲལ་ལ་རིམ་པར་བགོད་པ་ཡིས། །གསོལ་བ་འདི་སྐད་གདབ་པར་བྱ། ཧོ། རང་བཞིན་འདུ་འབྲལ་མེད་པའི་ལྷ། །ཕྱག་རྒྱ་ཚོགས་མཆོད་དཀྱིལ་འཁོར་དུ། །བདག་ཀྱང་མཉམ་པར་སྦྱར་བའི་ཕྱིར། །བྱིན་བརླབས་རབ་ཏུ་བཞུགས་སུ་གསོལ། །དེ་འདོད་སློབ་བུའི་སེམས་གཉིས་བསྐྱེད། །སེམས་ཉིད་ལྡན་པ་གསང་དོན་སྦྱིན། །ཨེ་མ་བདེ་གཤེགས་སྙིང་པོ་ལས། །ཅེས་པ་ནས། ཁྱོད་ལ་རབ་ཏུ་བསྟན་པར་བྱ། །ཅེས་པས་བར་གྱི་དོན་བཤད་དོ། །དེ་ནས་སློབ་མས་གསོལ་བ་བཏབ་པ། །ཧེ་རུ་ཀ་སོགས་ཁྱེད་ལ་འདུས། །མཐར་ལམ་ཆེན་པོར་བདག་འདོད་དེ། །ཅེས་པ་ནས། མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ཅེས་པའི་བར་བརྗོད། དེ་ནས་རྡོ་རྗེ་སློབ་མ་ཡིས། །ཚེ་སྦ་བགེགས་བསྐྲད་སྒྲིབ་པ་བྲལ། ། ལྷར་བསྐྱེད་གོ་བགོ་ལུས་བསྲུང་བྱ། །ཨཱ་ཡུ་ཛྙཱ་ན་བྷིན་དུ་ཤ་བཛྲ་སྔགས་ཀྱིས་བསྐྲད། ལག་སོར་བསླབ་བྲལ་བདེ་སྟོབས་སྦྱངས། །རྩ་བའི་སྔགས་ཀྱི་མགོན་པོར་བསྐྱེད། །གོ་བགོ་ལུས་བསྲུངས་བཀའ་ནན་ཅིང་། །དེ་ནས་སྲུང་སྐུད་གསུམ་སྒྲིལ་ལ། །བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བཏབ། །དཔུང་པར་བཅིངས་པས་ལུས་བདག་བྱ། །མཎྜལ་རིགས་ལྔའི་རབ་གནས་ལྡན། །སོ་ཤིང་དོར་སྟེ་ལྟས་རྟོག་གོ། །ཙན་དན་འམ་ནི་དྲི་ཆུ་ལ། །སྔགས་བཏབ་ཁྲུས་བཤལ་ཁོངས་སུ་བཏུང་། །ༀ་བཛྲ་ཛི་ཧ་སཾ་བྷར་དྷ་ནི་ཧཱུྃ། ༀ་ཧྲི་བི་ཤུདྡྷ་སརྦ་དྷརྨ་སརྦ་ས་པ་ནིཥྩ་པ་ཤ་དྷ་ཡ་སརྦ་བི་སྐལྤ་ས་ན་ཡེ་སྭཱ་ཧཱ། དེ་ནས་བགེགས་བསྐྲད་བཤད་ཀྱང་རུང་། །དྷི་དང་ཧ་ཡི་སྔགས་པ་ཡིས། །ཀུ་ཤ་ཆུན་པོ་གཉིས་བྱིན་ལ། །སྔགས་དང་བསྟན་བྱ་རྨི་ལམ་རྟག །དྲི་ཞིང་ངན་ན་བཟློག་པ་བྱ། །དེ་ནས་ཐིག་ཚོན་བྱིན་རླབས་ཏེ། །ལེགས་ལྡན་དཀྱིལ་འཁོར་གཞུང་བཞིན་བྲི། །ལས་གཞུང་བསྲང་ལ་གཞུང་བཞིན་མཆོད། །དེ་ནས་དཀྱིལ་འཁོར་འཇུག་པ་ནི། སློབ་མ་ཁྲུས་བྱ་མཎྜལ་དབུལ། དཔལ་མགོན་ལེགས་ལྡན་ནག་པོ་ཡིས། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ། །བདག་ཅག་འཇུག་པ་འཚལ་ལགས་ཀྱིས། །དཔའ་བོས་ཐུགས་རྗེས་གཟུང་དུ་གསོལ། །ལེགས་ལྡན་ནག་པོའི་དཀྱིལ་འཁོར་དུ། །འཇུག་པར་འདོད་པའི་བུ་ཁྱོད་ཉོན། །ལས་དང་བསམ་པ་ཐམས་ཅད་འགྲུབ། །བླ་མེད་ཐེག་ཆེན་འབྲས་བུ་ཐོབ། །གནས་སྐབས་བསྟན་པ་བསྲུང་བའི་ཕྱིར། ཞུམ་མེད་དཀྱིལ་འཁོར་འཇུག་ནུས་སམ། །སློབ་མས་ནུས་ཞེས་ཁས་བླངས་པའི། །བུ་ཁྱོད་སུ་ཡིན་ཅི་ལ་དགའ། །བདག་ནི་ལས་མཆོག་སྐལ་བར་ལྡན། །བདེ་གཤེགས་དགའ་ཚལ་དཀྱིལ་འཁོར་འདིར། །སངས་རྒྱས་མཛད་དཀའ་སྤྱད་ནས་ནི། །འགྲོ་བ་ཐམས་ཅད་བསྒྲལ་བར་མོས། །ཨ་ཁཾ་བྷི་ར་ཧཱུྃ། བི་ཤྭ་བཛྲ་བརྗོད། ཧ་ལ་ཧ་ལ་རཾ་ཀྲོ་ཏ་ཀྲོ་ཏ་ཡཾ། ཏིཥྞ་ཏིཥྞ་ཁཾ། ཏ་ཀེཾ་ཏ་ཀེཾ་ཕཊ། ༀ་ཨཱཿཧཱུྃ། སྡོམ་པ་རིམ་པར་བླང་བ་ནི། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཅེས་ནས་བྱང་ཆུབ་ཆེན་པོར་བསྔོ། །ཅེས་སོགས་དང་ཨེ་མ་ངོ་མཚར་ལྔ་བརྗོད། དམ་ཚིག་ཁས་བླངས་བ་ནི། ཀྱཻ། རྡོ་རྗེ་ཆོས་དབྱིངས་ཀུན་གྱི་གཙོ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། །བདེ་བ་མཆོག་གི་དམ་པ་དེ། །སེམས་ཅན་དོན་དང་འཕྲིན་ལས་གྲུབ། །སངས་རྒྱས་ཡོན་ཏན་འབྱུང་བའི་ཕྱིར། །དམ་ཚིག་དམ་པ་བསྲུང་བར་བགྱི། །དམ་ཚིག་ཐོབ་པར་གསོལ་གདབ་པ། །ཆོས་སྐུ་རང་བཞིན་དག་པས་ན། །བདག་ཀྱང་རང་བཞིན་རྣམ་པར་དག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཐུགས་དམ་དབྱིངས་མཆོག་དཀྱིལ་འཁོར་འདིར། །སེམས་ཅན་འབྱམས་ཀླས་མ་ལུས་ཀུན། །མཆོག་ཉིད་འགྲུབ་པར་བགྱིས་པས་ན། སྐུའི་དབྱིག་ཏུ་བདག་བསྐྱེད་ཅིག །སླར་ཡང་བཟློག་པར་མི་བགྱིད་དོ། །བཅོམ་ལྡན་མཆོག་གིས་བཟུང་ལགས་ཏེ། །མཆོག་ཉིད་བསྒྲུབ་ཕྱིར་རྡོ་རྗེ་བླང་བར་བགྱི། །རྡོ་རྗེ་རྒྱལ་པོ་ཁྱེད་བཞུགས་པས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ། །རྡོ་རྗེ་བདག་ཉིད་མཆོག་ཉིད་སྟེ། །ཕུན་སུམ་ཚོགས་པ་བསྒྲུབ་ལགས་པས། །བདག་ལ་དུས་འདིར་སྩལ་དུ་གསོལ། །འདི་ནི་རྒྱལ་བ་ཀུན་གྱི་ཐུགས། །སངས་རྒྱས་ཀུན་གྱི་དམ་ཚིག་ཡིན། །ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས། །རྟག་ཏུ་འབྲལ་བར་མ་བྱེད་ཅིག །དེ་ལྟར་ཁྱོད་ཀྱི་རྟག་ཏུ་སྤྱོད། །ཙན་དན་ཆུ་དང་བདུད་རྩི་སྦྱིན། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །སངས་རྒྱས་ཀུན་གྱི་ཁྲག་ཆེན་པོ། །སྙིང་ནས་དྲངས་ཏེ་ཐུང་བར་བྱེད། །ༀ་ཡཀྵ་ཀྲོ་ཏ་ས་མ་ཡ་ཧཱུྃ། དེ་ལྟར་བས་ན་བུ་ཁྱོད་ཀྱི། །དམ་ཚིག་འདི་ནི་བསྲུང་བར་གྱིས། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །པཉྩ་ཨ་མྲྀ་ཏ་ཐ་ཐ་ཐ་ཧཱུྃ། །དེ་རིང་ཕན་ཆད་བུ་ཁྱོད་ཀྱི། །ཕྱག་ན་རྡོ་རྗེ་ང་ཡིན་གྱིས། །ང་ཡི་ཇི་ལྟར་བགོ་བ་བཞིན། །ཁྱོད་ཀྱི་དེ་ལྟ་བྱ་དགོས་སོ། །ས་མ་ཡ་ཧཱུྃ། མེ་ཏོག་དོར་བ་ནི། ཡེ་ཤེས་ཕན་པའི་རྗེས་སུ་སྦྱར་ན་སྤྱི་དང་མཐུན་ཞིང་ཐམསཅད་ཟེར། སྔོན་ཚེ་གོང་ནས་བསྙེན་པའི་ལྷ། །བདག་གི་ཉེ་གནས་གང་ལག་པ། །ལས་འཕྲོ་ཐུགས་རྗེ་ལྡན་པའི་ལྷ། །གང་ཡིན་དེ་ལ་འབབ་གྱུར་ཅིག །པྲ་ཏཱི་ཛཿཧོ། པྲ་ཏི་གྲི་ཧྞ་སྭ་མི་ལཾ། །ས་ཏྭ་མ་ཧཱ་བྷ་ལ། རྡོ་རྗེ་ཆེ་གེ་མོ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཅིག །དཔལ་ཧེ་རུ་ཀ་བདག་ལ་དབབ་ཏུ་གསོལ། །ༀ་བཛྲ་ས་མ་ཡ་ཛཿ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ༀ་ཨེ་དྷྱེ་བྷཱ་ཀ་ཝཱན་མ་ཧཱ་ཀ་རུ་ཎི་ཀ་ཏྲི་ཤྱ་ཧོ། ས་མ་ཡ་སྟཾ། པྲ་བེ་ཤ་ཡ་ཕཊ། ཨ་ཝེ་ཤ་ཡ་ཀཱ་ཡ་ཝཀྐ་ཙིཏྟ་ཏིཥྛ་བཛྲ། སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །ཐུར་མས་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ༀ་བཛྲ་ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ། ༀ་མུཾ་ཧཱུྃ། ༀ་ནི་ཡེ་ཤེས་ལྷུན་གྱིས་གྲུབ། །མུཾ་ནི་ཡེ་ནས་རང་སངས་རྒྱས། །ཧཱུྃ་ནི་རྩ་བརྒྱད་བྱང་ཆུབ་སེམས། །དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་པས། །ན་ཞེས་མཐོང་བ་ཡོངས་སུ་དག །མ་འདྲེས་ཡོངས་སུ་མཐོང་བར་ཤོག །ཕོ་བྲང་དབུས་ན་ཐོད་མཁར་ལྔ། །དཀྱིལ་ན་གྱི་ལིང་ཡབ་ཡུམ་ཏེ། །ཁྲོ་བོ་གནོད་སྦྱིན་སྲིན་པོ་དང་། །མ་མོ་རིམ་པས་ཕྱོགས་བཞིར་གནས། །བཙན་མོ་སྲིན་མོ་བཅུ་དྲུག་དང་། །གྲུ་ཆད་བཞི་ལ་གྲུ་འདེབས་བཞི། །བར་འཁྱམས་ཁྲག་མཚོ་དབང་མོ་དང་། །སྒོ་བཞིར་སྒོ་མ་ཆེན་མོ་བཞི། །དེ་དག་མཐའ་ན་འབེབས་མཁར་བརྒྱད། །ཀུན་གྱི་ཕྱི་ན་ཤ་ཟ་དང་། །གནོད་སྦྱིན་འདྲེ་སྲིན་རོ་ལངས་དང་། །བྱ་གཅན་ལྕེ་སྤྱང་མང་པོས་བསྐོར། །ཤ་ཁྲག་རུས་པ་རི་དང་མཚོ། །དུར་ཁྲོད་གནས་ཆེན་འཇིགས་པ་ལྟོས། །མཎྜལ་ཕུལ་ལ་དབང་ཉིད་ཞུ། །དབྱིག་གི་ཡེ་ཤེས་གཙོ་མཆོག་ཉིད། །རྡོ་རྗེ་སེམས་དཔའ་མཆོག་འཛིན་པ། །ཁྱོད་ནི་དམ་ཚིག་མཆོག་ལགས་ཀྱིས། །དབང་ཕྱུག་རྒྱལ་པོར་དབང་བསྐུར་ཅིག །རིན་པོ་ཆེ་ཡི་དབང་མཆོག་འདི། །སངས་རྒྱས་ཀུན་གྱི་ཕྱག་བྱས་པ། །གསང་གསུམ་གནས་ལས་བྱུང་བ་ཡིས། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །དབང་རྫས་རྣམ་ལྔའི་སློབ་མ་ལ། །རིགས་ལྔའི་རབ་གནས་ཚུལ་བཞིན་བྱ། །དོན་ལྔའི་རྟོག་པ་སོ་སོར་བསྐྱེད། །མཁའ་དབྱིངས་རྣམ་དག་བུམ་པའི་ནང་། །དཔལ་ལྡན་མགོན་པོའི་དཀྱིལ་འཁོར་བཞུགས། །གཉིས་མེད་བྱང་ཆུབ་སེམས་རྟོགས་ཆུས། །བྱིན་རླབས་ཆུ་ཡིས་དབང་ཐོབ་ཤོག །ༀ་བུར་ཀུར་མ་ཧཱ་ཀ་ལ་ཀྲོ་ཏ་ཧཱུྃ། །རཀྴ་ཀྲོ་ཏི་ཤྭ་རི་དྲག་མོ་ཧེ་ཀྲོ་ཏ་ཡཀྴ་རཀྴ་ཙིཏྟ་ཛྭ་ལ་ས་མ་ཡཱ་ཧ་ཧེ་ཕཊ་བྷྱོ། ༀ་རུ་ལུ་རུ་ལུ་ཨ་བྷི་ཥིཉྩ་ཧཱུྃ། བཛྲ་ཀཱ་ལ་ཀྵ། བུདྡྷ། རཏྣ། པདྨ། ཀརྨ། ཨ་བྷི་ཥིཀ་ཏ༴ ཡེ་ཤེས་ལྔའི་རང་བཞིན་དབུ་རྒྱན་མཆོག །གཟི་བརྗིད་ཕུང་པོ་བླ་ན་མེད། །སངས་རྒྱས་རིན་ཆེན་ལས་བྱུང་བའི། །དབུ་རྒྱན་མཆོག་གི་དབང་བསྐུར་རོ། །ༀ་རཏྣ་མུ་ཀུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། ཆོས་སྐུ་རྡོ་རྗེ་མཚན་ཉིད་དེ། །རྡོ་རྗེ་ལ་ཡང་མཚན་ཉིད་མེད། །རྡོ་རྗེ་ལྟ་བུའི་རྣལ་འབྱོར་པས། །ཆོས་སྐུ་རྡོ་རྗེ་ལྟ་བུར་ལྟོས། བཛྲ་ཨ་བྷི་ཥིཉྩ་ཧཱུྃ། འདི་ནི་སང་རྒྱས་གསུངས་དབྱངས་ཉིད། །ཡེ་ཤེས་སེམས་དཔའི་དམ་ཚིག་རྣམས། །རྡོ་རྗེ་སེམས་དཔའི་དཀའ་ཐུབ་དམ། །རྟག་ཏུ་ཁྱོད་ཀྱི་བཅང་བར་གྱིས། །ༀ་བཛྲ་གརྟེ། ཡང་དག་བླ་མེད་དཀྱིལ་འཁོར་དུ། །མཚན་དྲངས་རྡོ་རྗེའི་མིང་རྟགས་པ། །སྔགས་འཆང་མིང་གི་དབང་བསྐུར་བས། །རིག་འཛིན་ཞིང་དུ་གྲགས་གྱུར་ཅིག །བཛྲ་ན་མ་ལ། མཎྜ ལ་གསོལ་བ་བཏབས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །ལེགས་ལྡན་ནག་པོའི་དཀྱིལ་འཁོར་དུ། །གསང་བ་མཆོག་གི་དབང་བསྐུར་བས། །དེ་རིང་བདག་ལ་སྩལ་དུ་གསོལ། །དཀྱིལ་འཁོར་རྣམས་གསུམ་དབྱེར་མེད་པའི། །ཡབ་ཡུམ་གཉིས་མེད་བདེ་བའི་དོན། །བྱང་ཆུབ་སེམས་ཀྱི་ཐིག་ལེ་འདིས། །བདེ་ཆེན་རྒྱལ་པོར་དབང་བསྐུར་རོ། །ཨ་ཧོ་མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་ཨཱཿམཎྜལ་ཕུལ་ལ་འདི་སྐད་ཞུ། །ཁྱོད་ནི་དམ་ཚིག་ཀུན་གྱི་གཙང་། །རྡོ་རྗེ་སེམས་དཔའི་བསྐྱེད་མཛད་མ། །སེམས་ཅན་དོན་སྒྲུབས་ཕྲིན་ལས་ཀྱི། །ཐུགས་རྗེ་མཉམ་སྦྱོར་གྲུབ་པར་མཛོད། །ཉེ་གནས་ཀྲོ་ཏི་ཤྭ་རི་མ། །མཚན་མ་སྒེག་ཅིང་མཛེས་པ་མོ། །ལྷན་ཅིག་སྐྱེས་དགའ་སྐྱེད་པའི་ཕྱིར། །ལྷ་མོ་འདི་དང་རོལ་བར་གྱིས། །མཎྜལ་ཕུལ་ནས་འདི་སྐད་ཞུ། །དེ་བཞིན་གཤེགས་པ་དགྱེས་པ་གྱི། །རྡོ་རྗེ་ཆོས་དབྱིངས་ཀུན་གྱི་གཙོ། །མི་གནས་ཆགས་པ་ཆེན་པོ་ལས། །མ་ལུས་འབྱུང་གནས་བདག་ལ་སྩོལ། །གསང་བའི་གསང་ཆེན་རབ་གསང་བ། །རང་གི་སེམས་ཀྱི་མེ་ལོང་ལྟོས། །མཐོང་བས་དེ་བཞིན་ཉིད་དུ་འགྱུར། །གཞན་མིན་རང་བྱུང་དེ་ཁོ་ནའོ། །དེ་ནས་དྲག་པོའི་རྗེས་གནང་ནི། །ལྕགས་ཁང་དམིགས་རྟེན་བྱས་པའི་མཐར། །དྲག་པོའི་རྫས་རྣམས་བགྲམ་པར་བྱ། །མགོན་པོ་འཁོར་བཅས་བསྐྱེད་བསྟིམ་བསྐུལ། །ཡོན་ཏན་བརྗོད་ལ་སྦྱིན་པར་བྱ། །བསྙེན་བསྒྲུབ་རིམ་པའི་སྔགས་བརྗོད་ཅིང་། །མན་ངག་ཐམས་ཅད་རྫོགས་པར་སྦྱིན། །སངས་རྒྱས་ཀུན་གྱི་རལ་གྲི་ཆེ། །ལས་ཀྱི་གྲི་གུག་འབར་བ་འདི། དགྲ་བགེགས་གདུག་པ་བསྒྲལ་བའི་ཕྱིར། །དེ་རིང་བུ་ཡིས་བླང་བར་བྱ། །བཛྲ་ཁང་བྷི་ཥིཉྩ་ཧཱུྃ། ཏི་ར་བདེ་ཆེན་གསལ་ཤིང་འདི། སྲིད་གསུམ་དབང་དུ་བསྡུ་བ་དང་། །གདུག་པ་བརྡུལ་དུ་རླག་བྱའི་ཕྱིར། །དེ་རིང་ཏི་ར་རཏྣ་དྷ་ཀ་ཛྭ་ལ་ཨ་བྷྱི། ཡེ་ཤེས་འབར་བའི་རྡོ་རྗེ་འདི། །དུག་ལྔ་དབྱིངས་སུ་བསྒྲལ་བ་དང་། །སྡིག་ཅན་ལྔ་ཕུང་བཤིག་པའི་ཕྱིར། །དེ་རིང་བཛྲ་ཨ་བ་དྷ། །དྲག་པོའི་གནམ་ལྕགས་ཕུར་བུ་འདི། །དབྱིངས་ནས་ཡེ་ཤེས་ཤར་བ་དང་། །ཞིག་བཅུ་གནས་སུ་བསྒྲལ་བའི་ཕྱིར། །དེ་རིང་བཛྲ་ཀཱི་ལ་ཡ་ཨ་བྷི། ཐོད་རློན་གདུག་པའི་ཁྲག་གིས་བསྐོང་། །འཁོར་བ་དོང་ནས་སྤྲུག་པ་དང་། །དམ་ཉམས་སྙིང་ཁྲག་འཐུང་བའི་ཕྱིར། །དེ་རིང་༴ ཀ་པ་མ་རཀྟ་ཨ་བྷི། །མདུང་རྣོན་གཡང་གཞི་རུ་མཚོན་འདི། །བདུད་ཀྱི་གཡུལ་ལས་རྒྱལ་བ་དང་། །བན་དགྲའི་སྙིང་གཟེར་གདབ་པའི་ཕྱིར། །དེ་རིང་བཛྲ་ཤུ་ལ་ཨ་བྷི། །དུག་སྦྲུལ་འབར་བའི་ཞགས་པ་འདི། །འཁོར་བཅས་གནས་ནས་དྲངས་པ་དང་། །དགྲ་སྲོག་ཡན་ལག་སྡམ་པའི་ཕྱིར། །དེ་རིང་ནཱ་ག་པ་ཤ་ཨ་བྷི། ཆོས་སྐུ་ཡོན་ཏན་མཆོག་མངའ་བའི། །ཕྱག་མཚན་དྲག་པོ་ཙ་མ་ར། །དམ་ཅན་གནས་མཆོག་མགོ་བའི་ཕྱིར། །དེ་རིང་བཛྲ་ཙ་མ་ར་ཨ་བྷི། ལེགས་ལྡན་ཁྲོ་རྒྱལ་ཐུགས་ཀ་ནས། །ཙར་ཤ་པ་ནི་མཚོན་ཆ་མཆོག །ཡུངས་དཀར་རྒྱལ་པོ་ཤ་རི་རམ། །དེ་རིང་བཛྲ་སི་ཏ་ལི་རཀྴ་ཡཀྴ་ཨ་བྷི། གུ་གུལ་སྦྱར་བའི་རྫས་མཆོག་འདི། །དགྲ་བོ་ལྷ་དང་དབྱེ་བ་དང་། །བགེགས་རྣམས་ཉེས་ནས་བསྐྲད་པའི་ཕྱིར། །དེ་རིང་༴ མ་ཀུ་ཏ་ལ་ཨ་པྲ་ཏི་ལ་ཨབྷི། །རི་རབ་གླིང་བཞི་རྒྱ་གྲམ་འདི། །རྟོག་པའི་ཟུག་རྔུ་གཞིལ་བ་དང་། །གདུག་པ་ཅན་རྣམས་མནན་པའི་ཕྱིར། །དེ་རིང་༴ བྷི་ཤ་བཛྲ་སུཾ་ཨེ་བཾ་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་འབར་བའི་མེ་དཔུང་འདི། །ཉོན་མོངས་འཁོར་བ་བག་ཆག་དང་། །དགྲ་བགེགས་ཐམས་ཅད་བསྲེག་བྱའི་ཕྱིར། །དེ་རིང༴ བཛྲ་ཛྭ་ལ་རཾ་ཁ་ཨ་བྷི། ཐབས་ཤེས་ཆགས་སྡང་མདའ་གཞུ་དང་། །དྲག་པོའི་ཐུན་ཟོར་དམ་རྫས་འདི། །དགྲ་བགེགས་རྡུལ་དུ་བརླག་བྱའི་ཕྱིར། །དེ་རིང་༴ བཛྲ་ཏིཀྵྞ་ཁད་ཁ་ཨ་བྷི་ཥིཉྩ་ཧཱུྃ། དེ་ནས་ཞབས་ལ་སྤྱི་བོས་གཏུག །ཡོན་མཆོག་དབུལ་ཞིང་གཏང་རག་གཏང་། །ཚོགས་ཀྱི་མཆོད་པས་མཉེས་པར་བྱས། །ལྷག་བརྟེན་གཤེགས་བསྡུ་ལུས་སྲུང་བསྔོ། །ཛ་གད་རྫས་ཀྱི་བཀྲ་ཤིས་གསོལ། །དཔལ་ལྡན་མགོན་པོ་ལེགས་ལྡན་ནག་པོའི་དབང་དང་དྲག་པོའི་སྔགས་ཀྱི་རྗེས་གནང་བླ་མ་གོང་མའི་ཡི་གེ་བཙུན་མྱོང་སེ་བར་མངོན་ནས། དུར་ཁྲོད་མངོན་པར་རོལ་པའི་མཚོན་ཆ་འཁོར་ལོ་དང་། དུག་གི་སྤུ་གྲིའི་རྒྱུད་དང་། རྒྱ་གཞུང་མཐུན་ཕྱིར་གསལ་བར། གཙང་ཤོད་ས་མ་ཏི་དྷྭ་ཛས་སྡེབས་པ། བདེ་གསལ་དོན་དང་ལྡན་པ་ཞེས་བྱ་བ་འདིས། འགྲོ་བ་མང་པོའི་དོན་བྱེད་པར་གྱུར་ཅིག །རྒྱུད་པ་ནི། ཆོས་སྐུ་ཀུན་བཟང་། ལོངས་སྐུ་རིགས་ལྔ། གསང་བདག་ཕྱག་ན་རྡོ་རྗེ། རྒྱ་པོ་ཛ། ཀུ་ཀུ་ར་ཛ། རོ་ལངས་བདེ་བ། བཞད་པ་རྡོ་རྗེ། དྷརྨ་བོ་དྷི། བ་སུ་དྷ་ར། གནུབ་སངས་རྒྱས་ཡེ་ཤེས། ཡོན་ཏན་རྒྱ་མཚོ། མྱང་ཤེར་མཆོག །ཡེ་ཤེས་འབྱུང་གནས། ཟུར་ཆེན་ཤག་འབྱུང་། ཟུར་ཆུང་ཤེས་རབ་གྲགས་པ། གླན་སྟོན་ཤཱཀྱ་བཟང་པོ། འདར་ནག་པ་བསོད་ནམས་གྲགས་པ། འདར་ནག་ཀུན་དགའ། རྗེ་བཙུན་ཤེས་རབ་འབར། ཧོར་ནག་དབང་སྟོན། མཁས་བཙུན་ཆོས་སྐྱོངས་པའོ། །འདར་ནག་ཤཱཀྱ་བྱང་ཆུབ། འདར་ནག་ཀུན་དགའོ། །བར་སྟོན་བློ་གྲོས་རྒྱལ་མཚན། སྣར་སྟོན་ཤཱ ཀྱ་ཤྲཱི། རྣ་སྟོན་བུདྡྷ་དྷཱ་ཚ། ཤཱ ཀྱའི་རས་པ་རྡོ་རྗེ་ཆོས་རྒྱལ་བཟང་པོ། སྤང་སྟོན་ཆོས་ཀྱི་རྒྱལ་མཚན། འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན། དེ་གཉིས་ཀ་ལ་སློབ་དཔོན་ཆེན་པོ་བདེ་ལེགས་རྒྱལ་མཚན། དེས་བར་རིན་ཆེན་རྒྱལ་མཚན། །དེས་གནུབས་སྟོན་རཏྣ་ཤྲི་བྷ་དྲ། དེས་དཔལ་ཧེ་རུ་ཀའི་ངོ་བོ་ཟུར་དབང་རྒྱལ་ཧོར་རྡོ་རྗེ། དེས་གཙང་བསང་སྟོན་གྱི་སའི་ཐིག་ལེ་གསལ་བ་གོང་གི་འདུ་ཁང་གི་སྟེང་དུ། ཐེག་པ་མཆོག་གི་རྣལ་འབྱོར་པ། སློབ་དཔོན་པདྨ་དབང་རྒྱལ། རྡོ་རྗེ་གྲགས་པ་རྒྱལ་མཚན། མཁྱེན་རབ་དབང་ཕྱུག་དབོན་པོ་རྣམས་ལ་སྒྲུ་འཕྲུལ་ཞི་ཁྲོ་དོང་སྤྲུགས་ལེགས་ལྡན་དང་བཅས་པའི་དབང་རྫོགས་པར་དགེ་ཞིང་བཀའ་སྩལ་པ། བསྟན་པ་དར་རྒྱས་འགྲོ་བ་སྨིན་གྲོལ་ཤོག །ལྷ་བཙུན་གཏོར་བཏོན་གྱི་དཔའོ། །དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོའི་མཆོད་ཕྲེང་བཞུགས་སོ། ༈ །བཅོམ་ལྡན་འདས་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་གར་དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་གྱི་མཆོད་ཕྲེང་གཏོང་བར་འདོད་པས། ཡི་དམ་གང་བྱེད་ཀྱི་དཀྱིལ་འཁོར་བཅས་ཀྱི་རིམ་པ་རྣམས་གཞུང་དང་མཐུན་ཞིང་། ཡེ་ཤེས་ཀྱི་མགོན་པོའི་བྲིས་སྐུ་དང་། །སྨན་རཀ་གཏོར་གསུམ། སྤྱན་གཟིགས་ལ་སོགས་པ་རྣམས་མཛེས་ཤིང་བག་དྲོ་བར་བཤམས། དེ་ནས་རང་ཉིད་བདེ་བའི་གདན་ལ་འདུག་སྟེ། གུ་གུལ་དང་ཤ་ཆེན་ལ་སོགས་བསྲེག །རྐང་གླིང་དང་རོལ་མོ་སྣ་ཚོགས་སྤིར་ཞིང་། །རང་ཉིད་ཡི་དམ་གསལ་བའི་ང་རྒྱལ་དང་ལྡན་པས་འདི་སྐད་དོ། །ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ། ཨཱཿཨཱཿཅེས་པས། བདག་ཉིད་དཔལ་དུ་གསལ་བའི་ཐུགས་ཀ་ནས། ཡི་གེ་བཾ་ཅིག་ཐོན། འཕྲོས་འདུས་འོད་དུ་ཞུ་བ་ལས། །རཀྟའི་རྒྱ་མཚོ་ཆེན་པོར་གྱུར ། དེའི་དབུས་སུ་རཾ་འཕྲོས་འདུས་འོད་དུ་ཞུ་བ་ལས། །རི་བོ་མ་ལ་ཆོས་འཛིན་རིགས་ཀྱི་སྒྲུབ་གནས། །དུག་ཤིང་ནགས་ཚལ་གཏུམ་པའི་དུར་ཁྲོད། །གནམ་ལྕགས་ཨུར་མོ་ཆར་ལྟར་འབབ་པ། །གསུར་ཆེན་དུད་པ་སྤྲིན་ལྟར་འཐིབས་པ། །བྱ་གཅན་སྣ་ཚོགས་འཕུར་ཞིང་ལྡིང་བ། །ཤ་ཟ་ལྕེ་སྤྱང་རྒྱུག་ཅིང་འགྲལ་བ། །དུར་ཁྲོད་མ་མོ་མཁའ་འགྲོ་འདུ་བའི་གནས། །རབ་ཏུ་འཇིགས་ཤིང་བསྐྲག་པའི་བསྒྲུབ་གནས་སུ། །བདག་ཉིད་དཔལ་དུ་གསལ་བའི་ཐུགས་ཀ་ནས་བཾ་འཕྲོས་འདུས་འོད་དུ་ཞུ་བ་ལས། བམ་རོའི་ཐོད་མཁར་དུ་གྱུར་ཏེ། །ཤར་ཕྱོགས་སྟག་གི་ཐོད་པ། ལྷོ་ཕྱོགས་མིའི་ཐོད་པ། ནུབ་ཕྱོགས་རྟ་ཡི་ཐོད་པ། བྱང་ཕྱོགས་བྱའི་ཐོད་པ་ལས་གྲུབ་པ་དེ་ཡང་། སྟག་ཐོད་ཐམས་ཅད་འཛུམ་མུ་ལུ་ལུ། མི་ཐོད་ཐམས་ཅད་བཤུགས་པ་ཙེ་རེ་རེ། རྟ་ཐོད་ཐམས་ཅད་འཚེར་ལྷ ང་ང་ར་ར། བྱ་ཐོད་ཐམས་ཅད་ཚིག་སྒྲ་དི་རི་རི་ཡོད་པ། དེ་ལ་སྲིན་པོའི་ཐོད་པས་ཁ་བད་བྱས་པ། ངོས་ལ་རྒྱལ་པོ་གློག་ལྟར་འཁྱུགས་པ། ལས་ཀྱི་འོད་ཟེར་ཐོག་མདའ་འཕྲོ་བ། རྩེ་ནས་བདུད་བྱ་ནག་པོ་ལྡིང་བ། རུ་མཚོན་སྣ་ཚོགས་པུ་རུ་རུ་འཕྱར་བ། གནམ་ལྕགས་འབར་བའི་སྒོ་མོ་བཅུག་པ། དེའི་ནང་དུ་ལྕགས་མཁར་ནག་པོ། གྲུ་གསུམ་འབར་བ་རེ་རེ་ནང་གི་ལྕགས་མཁར་གྱི་དབུས་སུ་རྡོ་རྗེ་བྲག་དང་རིན་པོ་ཆེའི་ཁྲི། པདྨ་ཉི་ཟླ་བརྩེགས་པའི་སྟེང་། བམ་ཆེན་གསར་རྙིང་བསྣོལ་བའི་གདན་སྟེངས་སུ། བདག་ཉིད་དཔལ་དུ་གསལ་བའི་ཐུགས་ཀ་ནས། ཧཱུྃ་འཕྲོས་འདུས་འོད་དུ་ཞུ་བ་ལས། རྡོ་རྗེ་དང་གྲི་གུག་ལྟེ་བ་རུས་མཚན་པར་གྱུར། ༀ་སྦུར་ཀུར་མ་ཧཱ་ཀ་ལ་ཡ་ཧཱུྃ་ཕཊ། ཞེས་སྔགས་ཅི་མང་བཟླས་ལ། མ་ཧཱ་ཀ་ལ་ཉིད་ཀྱི་སྐུར་གྱུར་ཏེ། མགོན་པོ་ལེགས་ལྡན་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། དབུ་སྐྲ་ཐོར་གཙུག་གྱེན་དུ་བརྫེས་པ། ཤངས་ཀྱི་དབྱིབས་མཐོ་ཞིང་ཁྲོ་གཉེར་སྨིན་ཕྲག་ཏུ་བརྗིད་པ། སྟག་དང་པ་ཏའི་གོང་ལག་བྱས་པ། དབུ་དང་ཕྱག་ཞབས་ལ་རིན་པོ་ཆེའི་སྦྲུལ་གྱིས་བརྒྱན་པ། དེ་ལྟར་གསལ་བའི་ཞབས་ཀྱི་གླང་མོ་གཉིས་གཉིས། རྩིབ་ལོག་གཡས་གཡོན་གཉིས་ན་ཕར་བ་རྐང་རྡབས་དང་། དྲེད་མོ་ལག་རྡེགས། དཔུང་པ་གཡོན་གཉིས་ན་སེང་གེ་རལ་པ་ཅན་གཉིས། སྤྱི་བོར་བྱ་ཁྱུང་ནག་པོ་ཀླུ་མཐའ་ཡས་མགོ་བོ་གསུམ་པ། ལུས་པོ་སྦྲུལ་དུ་འདུག་པའི་མཇུག་མ་ཞལ་དུ་གསོལ་བ། ཀླུའི་ལག་པ་གཉིས་ཐལ་མོ་སྦྱར་བ། །སྲིན་པོ་ལག་པ་གཡོན་ཁར་བཅུག་པ། །ཁ་ཕྱིར་བལྟས་པ། དེའི་གཡས་སུ་ལས་ཀྱི་བདུད་པོ་ཁྲོས་པ་གཅེར་བུ་ནག་པོ། བྱ་རོག་གི་གདོང་པ་ཅན། །གཡས་གྲི་གུག་དང་། གཡོན་ཐོད་ཁྲག་སྦྲུལ་གྱིས་བརྒྱན་པ་འཛིན་པ། །གཡོན་དུ་ལས་ཀྱི་སྲིན་མོ་སྨུག་ནག་གཅེར་ཤ་ཟ་ཞིང་། །རལ་གྲི་དང་སྙིང་ཐོགས་པ་མཆེ་བ་གཙིགས་པ། །གཡང་གཞི་གྱོན་པ། ཁ་ཕྱིར་ལྟས་པ་རྒྱབ་ཏུ་ལས་ཀྱི་བདུད་པོ་ནག་པོ། །གཡས་ལྕགས་ཀྱུ་དང་གཡོན་ཐོད་ཁྲག་འཛིན་པ། །མདུན་དུ་ཉེ་གནས་ཀྲོ་ཏི་ཤྭ་རི་མ་གཡས་རལ་གྲི་དང་གཡོན་བྷནྡྷ་འཛིན་པ། །བཞི་ཀའང་བམ་གྱི་གདན་ལ་བཞུགས་པར་གྱུར། །ཤར་དུ་གྱིང་གི་རྒྱལ་པོ་ལག་པ་གཉིས་གསལ་ཤིང་མི་རོ་ལ་བཙུགས་ནས། །མཁར་བའི་ཚུལ་དུ་བརྟེན་པ། འཁོར་དུ་གྱིང་གི་ཚོགས་ཀྱིས་བསྐོར་བ། ལྷོར་ཟ་བྱེད་དཀར་མོ་ཤེལ་ཕྲེང་མ། གསེར་གྱི་རྡོ་སྤྱི་བོ་ནས་བརྒྱན་པ། ཕྲག་པ་གཉིས་ན་ཉི་ཟླ་འཆར་བ། ཕྱག་ན་གསེར་གྱི་གྲི་དང་ཞགས་པ་བསྣམས་པ། སེང་གེ་དཀར་མོ་ལ་ཞོན་པ། འཁོར་དུ་མ་མོའི་ཚོགས་ཀྱིས་བསྐོར་བ། ནུབ་ཏུ་གཟའ་བདུད་ནག་པོ་ར་ཧུ་ལ། དབུ་དགུ་བྱ་རོག་གི་དབུ་དང་བཅུ། གཡས་སྐྱིན་ཐང་འཁོར་ལོ་དང་། གཡོན་ཆུ་སྲིན་ཞགས་པ་བསྣམས་པ་དུད་ཀ་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ། ལུས་པོ་ཐམས་ཅད་མིག་གིས་གང་བ། འཁོར་དུ་གདོང་མོ་བཞི་དང་། དྲེགས་པ་སྡེ་བརྒྱད་ཀྱིས་བསྐོར་བ། བྱང་དུ་གནོད་སྦྱིན་ཟངས་མདོག་རྒྱལ་མོ་སྨུག་ནག །གཡས་གྲི་གུག་དང་གཡོན་བྷནྡྷ་འཛིན་པ། ཡུམ་བསེ་གདོངས་ཟངས་ཀྱི་རྫུ་འཕྲུལ་ཅན་གྱི་ཚོགས་དཔག་ཏུ་མེད་པས་བསྐོར་བ། ལྷ་ཚོགས་དེ་རྣམས་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ལས་འོད་འཕྲོས་པས། །གནས་རི་བོ་མ་ལ་ཡའི་རྩེ་མོ་ནས་དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོ་ལ། གཤོག་པ་ཅན་གྱིས་ནམ་མཁའ་གང་ཁེང་བ། ལྡེེར་མོ་ཅན་གྱི་ས་གཞི་གང་བ། མགོན་པོའི་ཕྱི་འཁོར་ནང་འཁོར། གསང་འཁོར་ལ་སོགས་པ་རྣམས། བསྒྲུབ་པ་པོ་བདག་གི་སྟོང་གྲོགས་ལ་གནས་འདིར་སྤྱན་དྲངས། བཛྲ་ས་མ་ཛཿ ཞེས་རོལ་མོ་སྦིར། དེ་ནས་སྤྱན་དྲངས་པ་ནི། ཧཱུྃ། ལང་ཀ་ཡུལ་གྱི་གྲོལ་བརྡལ་གྱི། །དབུས་ཀྱི་རི་བོ་མ་ལ་ཡ། །ཀོ་ཀ་ཐང་དམར་རྒྱ་མཚོའི་དོ། །དྲག་ཤུལ་ཡོད་པའི་རྩེ་མོ་ན། །བཅོམ་ལྡན་རྡོ་རྗེ་སྲིན་པོ་ཡིས། །བདུད་ཀྱི་སྡེ་རྣམས་བཏུལ་ནས་ཀྱང་། །གསང་བ་སྔགས་ཀྱི་འཁོར་ལོ་བསྐོར་བའི་ཚེ། །མིང་གི་དབང་བསྐུར་བྲན་དུ་ཁས་བླངས་ནས། །རྡོ་རྗེ་རོ་ལངས་ཚོགས་ཀྱི་བདག །མགོན་པོ་ནག་པོ་ཆེན་པོ་ལ། །ཉེ་གནས་ཀྲོ་ཏི་ཤྭ་རི་མ། །ཡབ་ཡུམ་གཉིས་སུ་མེད་པའི་སྐུ། །ལང་ཀའི་མངའ་བདག་ལ་སོགས་པ། །སླས་དང་བྱེད་པོ་བྲན་མོའི་ཚོགས། །འདུས་པ་ཆེན་མོ་རྣལ་འབྱོར་ཚོགས་བཅས་རྣམས། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །བརྟེན་བཞུགས་ནི། ཧཱུྃ། རྡོ་རྗེ་བྲག་ཆེན་གཏམ་པ་དང་། །ཉི་ཟླ་པདྨ་རིན་ཆེན་ཁྲི། །བམ་ཆེན་བསྣོལ་བའི་གདན་སྟེངས་སུ། །རབ་འཇིགས་དཔའ་བོ་འཁོར་བཅས་བཞུགས་སུ་གསོལ། །ཕྱག་འཚལ་བ་ནི། ལྷ་མིན་དམག་ཚོགས་གཡུལ་བཟློག་ཅིང་། །ལྷ་དམག་དཀར་པོས་དབུགས་འབྱིན་པ། །ལེགས་ལྡན་ནག་པོ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བསྟོད་པ་ནི། བསོད་ནས་གཟི་བརྗིད་པ་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཚོགས་ཆེན་རྫོགས་ལ་ཕྱག༴ སྤྱོད་པ་རླབས་ཆེན་པ་ལ༴ དྲག་ཤུལ་མཐུ་ཆེན་པ་ལ༴ ཕ་རོལ་ཕྱིན་བཅུ་པ་ལ༴ སྒྲིབ་པ་རྣམས་གཉིས་དག་ལ༴ བདག་མེད་གཉིས་མེད་རྟོགས་ལ༴ སྟོན་པས་ལུང་བསྟན་ཐོབ་ལ༴ སྔོན་གྱི་རྒྱལ་བ་རྣམས་དང་དགོངས་པ་གཅིག །རིག་འཛིན་བསྒྲུབ་ཐབས་རྣམས་དང་བྱིན་རླབས་གཅིག །མ་མོ་མཁའ་འགྲོ་རྣམས་དང་དམ་ཚིག་གཅིག །ལྷ་སྲིན་སྡེ་བརྒྱད་རྣམས་དང་མཐུ་རྩལ་གཅིག །སྔོན་གྱི་དྲང་སྲོང་རྣམས་དང་སྨོན་ལམ་གཅིག །ཚོགས་བདག་ཁྱོད་ལ་ཕྱག་འཚལ་བསྟོད། །མགོན་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །མཆོད་པ་ནི། ཧཱུྃ། སྟོང་གསུམ་འདིའམ་སྟོང་གསུམ་གཞན་དག་ན། །ལ་དུ་ལ་ཕུག་ལ་སོགས་ཡིད་བཞིན་ཟས། །ཐང་སྐྱེས་ཆུ་སྐྱེས་ལ་སོགས་ལོངས་སྤྱོད་རྐྱེན། །འཆི་མེད་བདུད་རྩི་ལ་སོགས་དམ་ཚིག་ཆུ། །རིམ་གསུམ་མཆོད་པ་ཚོགས་བདག་མཉེས་གྱུར་ཅིག །རྡོ་རྗེ་ཅན་གྱི་རྣལ་འབྱོར་ཁྱོད། །རྡོ་རྗེ་ཅན་དུ་ཅི་ངེས་པ། །གསང་བ་གསུམ་དང་མཉམ་པའི་ཕྱིར། །མི་ཕྱེད་རྡོ་རྗེའི་དམ་ཚིག་སྦྱིན། །མི་ཕྱེད་རྡོ་རྗེའི་དམ་ཚིག་འདི། །གསང་བ་གསུམ་གྱི་དབྱིངས་ནས་བྱུང་། །དཀྱིལ་འཁོར་གསུམ་གྱི་དམ་ཚིག་ཉམས། །སྒྲུབས་གནས་འཇིགས་པའི་དུས་མེད་དོ། །གསང་བ་གསུམ་གྱི་གདམས་པ་ཉམས། །ཁྱོད་ཀྱིས་རབ་ཏུ་བསླུས་གྱུར་ན། །དེ་ནས་ཁྲོས་པས་ཤ་ཆེན་པོ། །ཉམས་པའི་སྙིང་ནས་དྲངས་ཏེ་འཐུང་། །ཨ་དྷནྟེ་ན་ར་ཀནྟེ། བྱད་ར་ཧྲི་དྷ་ཡ། ཡཀྴ་ཨ་མྲྀ་ཏ་སྟོད་ན་ར་ཀན། ནར་པཱུ་ཙར་པུ། རྡོ་རྗེ་དྲི་ཡི་བདུད་རྩི་མཆོག །པཉྩ་ཨ་མྲྀ་ཏ་དང་སྦྱར། །གསོ་བའི་མཆོག་གི་སྲོག་གི་སྙིང་། །སྙིང་དང་སྙིང་གི་སྤུན་དུ་བྱའོ། །མ་ཧཱ་པཉྩ་ས་མ་ཡ་ཨཱཿ བདག་གི་ལན་གསུམ་བླངས། ཚོགས་བདག་ལ་ལན་གསུམ་ཕུལ་བས་འབྲལ་བ་མེད་པའི་གྲོགས་ཞུའོ། །ཞེས་བདུད་རྩི་རང་གི་གསུམ་བླངས། གཏོར་མར་གསུམ་ཕུལ་ལ། མ་ཧཱ་མཚོ་གླིང་སྒྲུབ་གནས་སུ། །རྡོ་རྗེ་སྲིན་པོའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་པའི། །དམ་ཚིག་གཉེན་ལ་མ་འདའ་ཅིག །ཞེས་བརྗོད་དོ། །དེ་ནས་རཀྟ་ལས་ཕུད་སྐྱོགས་ཀྱི་ལོགས་སུ་སྤྱད་ལ། བདུད་རྩི་བྲན་ནས། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོས་བྱིན་གྱིས་རླབ་ཅེས་པ་ནས་གནོད་བྱེད་དགྲ་བགེགས་གང་ཡིན་པ་དེ་དག་ཐམས་ཅད་སྐྱོབ་བྱེད་ཀྱི་ལྷ་དང་ཕྲོལ་ལ། མགོན་པོའི་སྨན་རཀ་འདི་ཉིད་ཀྱི་སྟེང་དུ་མཆིས་པར་གྱུར་ཅིག །ཞེས་རྔ་དྲག་ཏུ་བརྡུང་ཞིང་རཀྟ་གཏོར་མར་བྲན། །དེ་ནས། ཚོགས་ཀྱི་བདག་པོ་མཐུ་བོ་ཆེ། །བར་སྣང་ཁམས་སུ་རྒྱུ་བ་ལ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །ལག་ཏུ་རྡོ་རྗེ་སྦྱིན་པ་ནི། །རྡོ་རྗེ་མིང་གི་དབང་བསྐུར་ཚེ། །སྔར་བཅས་གཅེས་ཀྱང་བཏག་པ་སྟེ། །ཚོགས་ཀྱི་བདག་པོ་ཆེན་པོར་བཏགས། །མ་ཧཱ་ཀ་ལ་མཐུ་བོ་ཆེ། །འཆིང་བྱེད་རྡོ་རྗེ་འཕྲེང་བ་ཅན། །བདག་གི་རྟེན་ཅིང་མཆོད་པ་ལ། །གཞུང་བ་དང་འགལ་བཟོད་པར་གསོལ། །ཕྲིན་ལས་ཉམས་མྱོང་གསོལ་བ་ནི། །ལྷའི་དགྲ་ལྷ་ཆེན་པོར་གསོལ་བ་བཏབ་ནས། །རྣལ་འབྱོར་ཡོངས་ཀྱི་ཕོ་ཉ་ཞལ་བཞེས་པ། ལྷ་མིན་དམག་ཚོགས་འདུལ་བའི་མཐུ་རྩལ་ཅན། །བདག་གི་བཅོལ་པའི་ཕྲིན་ལས་བསྒྲུབ་པར་མཛོད། །དམ་ཉམས་དགྲ་བགེགས་མྱུར་དུ་བསྒྲལ་དུ་གསོལ། །རྡོ་རྗེ་བྲག་ཆེན་གྲག་ཐང་ན། །གཉེན་པའི་ཚུལ་གྱི་བཀའ་བསྡོད་པ། །ཙན་དན་དབྱུག་པ་སྔོན་པོ་ཡིས། །ཁམས་གསུམ་རྡུལ་དུ་བརླག་མཛད་པའི། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབས། །བདག་གི་དགྲ་བགེགས་ཚོགས་ལ་གཡུལ་འགྱེད་ན། །གཡུལ་གྱི་མགོན་དང་དཔལ་དུ་ཁྱེད་གསོལ་གྱིས། །ལོག་འདྲེན་དགྲ་བགེགས་མྱུར་དུ་བསྒྲལ་དུ་གསོལ། །དམ་ཉམས་དགྲ་བགེགས་མྱུར་དུ་བསྒྲལ་དུ་གསོལ། །བདག་གི་རྒྱལ་བ་ཕྱི་རབ་མཛད་དུ་གསོལ། །དམ་ཚིག་དབང་གི་ལུས་དང་གྲིབ་མ་བཞིན། །འགྲོགས་ཏེ་བདག་དང་འཁོར་ཚོགས་བསྲུང་དུ་གསོལ། །ཚོགས་བདག་ཁྱེད་ཀྱི་འཁོར་ཚོགས་ཀྱིས། །བཀའ་ཉན་རྣམས་ཀྱི་བདག་ལ་ཁྲམ་བཏབ་ནས། །ཁྲམ་ཁ་ཕྱི་ཞིང་བར་ཆད་བཟློག་ཏུ་གསོལ། །ཚེ་དང་རྫུ་འཕྲུལ་མཐུ་དང་མངོན་ཤེས་དང་། །རིགས་རྒྱུད་ལོངས་སྤྱོད་ཆོས་ཀྱི་དངོས་གྲུབ་སྩོལ། །སྙིང་ནས་བསྟན་པ་བཤིག་པ་དང་། །རྡོ་རྗེ་སློབ་དཔོན་སྨད་པ་དང་། །དམ་ཚིག་གཉེན་པོ་བྲལ་བྱེད་པ། །གསོད་ཅིག་ཆོམས་ཤིག་བསྒྲལ་དུ་གསོལ། །དམ་ཉམས་འདིའི་ཤ་ཟོ། ཁྲག་འཐུང་། རུས་པ་ཀླད་པ་ནང་རོལ་ཟོ། །བདུན་རྒྱུད་རྩད་ནས་གཅོད་པར་བགྱི། །དེ་ནས་ལག་ཏུ་ཐོགས་ལ། ཧོ་དཔལ་མ་ཧཱ་ཀ་ལ་ཚོགས་ཀྱི་བདག་པོ་འདུས་པ་ཆེན་པོ་རྣལ་འབྱོར་ཕོ་མོའི་ཚོགས་དང་བཅས་པ་ཐམས་ཅད་ལ་དགོངས་སུ་གསོལ། སྔོན་བཅོམ་ལྡན་འདས་ཀྱི་འཁོར་ཉམས་བསྲུངས་བ་ཞལ་གྱིས་བཞེས་པ་དེ་བཞིན་དུ། ལྷའི་མི་མང་པོ་ལྷའི་དགྲ་ལྷ་ཆེན་པོར་མངའ་གསོལ་ཏེ། ལྷ་མ་ཡིན་གྱི་གཡུལ་བཟློག །གླང་པོ་ཆེ་སྣ་སྨྱོན་བཏུལ་བ་དང་། ལྷ་མ་ཡིན་གྱི་བུ་མོ་ནམ་མཁའི་གློག་མ་སྤྲིན་གྱི་བཟླར་གྱུར་པ་རྡུལ་དུ་བརླག་སྟེ། བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཇི་ལྟར་བཏུལ་བ་དང་། སེང་གེ་གཟའ་ཆེན་གྱི་བུ་མོ་ལྟ་བ་ལོག་སྟེ་དགེ་སློང་མའི་བདུད་དུ་གྱུར་ཞིང་། ཉ་ཤ་མིག་གོ་ཅན་གྱི་མགོན་པོ་རྩེ་གཅིག་ཏུ་རྟེན། མཆོད་ཅིང་སྒྲུབ་ནས་ཐུགས་དམ་ཀྱི་རྒྱུད་བསྐུལ་ནས། བསྟན་པ་བཤིག་པའི་དམ་ཉམས་ཆེ་གེ་མོ་འདི་ཉིད། ལོ་གྲངས་དང་ཟླ་གྲངས་ཞག་དུ་མ་བཞག་པར། རྟགས་དང་མཚན་མ་ཉིད་དུ་བསྒྲལ་དུ་གསོལ། ཕན་ཞིང་གསོལ་བའི་ཆོ་ག་མཛོད་ལ་བསྔོ་བ་དང་སྨོན་ལམ་བཏབ་པ་ཡིད་བཞིན་དུ་འགྲུབ་སྟེ། བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་སྨོན་ཏོ་ཧོ། ཞེས་འབྲུ་འཐོར། འདི་ནས་མངའ་གསོལ་བྱ་བ་ནི། །ཧཱུྃ། བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །བསྐྱོད་ཅིག་ཡུམ་ཆེན་མཁའ་ལ་བསྐྱོད། །གཤེགས་ཤིག་སེམས་ཅན་དོན་ལ་གཤེགས། །ལྷ་ཆེན་དཔལ་འབར་གཤེགས་སུ་གསོལ། །ཆོས་སྐྱོང་མགོན་པོ་ནག་པོ་ལ། །དཀོན་མཆོག་གསུམ་གྱིས་མངའ་གསོལ་བའི། །སྐུ་ཡི་ཆ་ལུགས་གསུམ་དང་ལྡན། །ཆོས་སྐྱོང་༴ དུས་གསུམ་སངས་རྒྱས༴ ཁྲིམས་ཀྱི་ཆ་ལུགས་གསུམ་དང་ལྡན། །ཆོས་སྐྱོང་༴ རིག་གསུམ་མགོན་པོས། །བརྗིད་པའི་གཟི་མདངས་གསུམ་དང་ལྡན། །ཆོས་སྐྱོངས་ཁྲོ་བོ་རྣམས་ཀྱི༴ ཞལ་གྱི་ཁྲོ་གཉེར་གསུམ་དང་ལྡན། །ཆོས་སྐྱོང་། ལྷ་ཆེན་བརྒྱད་ཀྱི༴ དབུ་སྐྲ་ཁམ་ནག་ཐོར་ཚུགས་ཅན། །ཆོས་སྐྱོང་༴ ཀླུ་ཆེན་བརྒྱད་ཀྱི༴ ཡན་ལག་སྦྲུལ་གྱི་ཚོམ་བུས་བརྒྱན། །ཆོས་སྐྱོང་༴ ས་བདག་རྣམས་ཀྱི༴ ན་བཟའ་མཐིང་བེར་ནག་པོ་གསོལ། །ཆོས་སྐྱོང་༴ །ཞིང་སྐྱོངས་ཕྱག་ན་ཙན་དན་བེང་ཆེན་བསྣམས། །ཆོས་སྐྱོང་༴ །གཟའ་ཆེན་བརྒྱད་ཀྱི༴ བརྗིད་པའི་སྨིན་མ་གློག་ལྟར་འཁྱུག །ཆོས་སྐྱོང་༴ རྒྱུ་སྐར་རྣམས་ཀྱི༴ སྐུ་སྨད་རྨེ་བའི་དུབ་བུས་བརྒྱན། །ཆོས་སྐྱོང་༴ གཤིན་རྗེ་རྣམས་ཀྱི༴ སྤྱན་ནས་བསྐལ་པའི་མེ་ཆེན་འབར། ཤངས་ནས་བསྐལ་པའི་རླུང་ཆེན་ཚུབ། །ཞལ་ནས་བསྐལ་པའི་ཆུ་ཆེན་འབབ་། །ཆོས་སྐྱོང་༴ །མ་མོ་རྣམས་ཀྱི༴ ཆགས་ཆེན་རཀྟའི་ཐིག་ལེས་བརྒྱན། །ཆོས་སྐྱོང་༴ བྱིན་ཆེན་རྣམས་ཀྱིས༴ ཞག་གི་ཟོར་རིས་གསུམ་དང་ལྡན། །ཆོས་སྐྱོངས་༴ ཡི་དྭགས་རྣམས་ཀྱི༴ རིན་ཆེན་འབར་བའི་ཐོད་ཁྱེར་ཅན། །ཆོས་སྐྱོང་༴ ཕོ་ཉ༴ ལྷག་པའི་ཐལ་ཆེན་ཚོམ་བུས་བརྒྱན། །ཆོས་སྐྱོང་༴ སྲིན་པོ་རྣམས་ཀྱི༴ ཐོད་རློན་ཕྲེང་བའི་དོ་ཤལ་ཅན། །ལྷ་ཆེན་མགོན་པོ་མངའ་གསོལ་ལོ། །མགོན་པོའི་ཐུགས་དམ་ཆོས་ལ་མཛོད ། །མགོན་པོའི་ཡིད་ཆགས་བསྐོར་ལ་མཛོད། །མགོན་པོའི་ཕྲིན་ལས་དགྲ་བགེགས་སྒྲོལ། །མགོན་པོའི་ཐུགས་དམ་བརྒྱུད་བསྐུལ་ལོ། །ཞེས་མངའ་གསོལ་ལོ། །དེ་ནས་བར་གདངས་བར་གདངས་དང་ལྡན་པས་ཚིག་གིས། བྷྱོ། མ་སྲིན་གཉེན་གྱི་ཐུགས་དམ་བསྐུལ། །གཙུག་ཏོར་དཀར་མོ་སྐུ་ཡི་ཡུམ། །ཨ་ཏྱ་ལམ་སོ་གསུང་གི་ཡུམ། །རྡོ་རྗེ་རྒྱལ་མོ་ཐུགས་ཀྱི་ཡུམ། །ལམ་བྷམ་དྷ་ར་ཡོན་ཏན་ཡུམ། །བྱི་དྷ་ར་ནི་ལས་ཀྱི་ཡུམ། །ཨུ་གཙུག་མ་ནི་འོད་ཀྱི་ཡུམ། །དཀར་ཤ་པ་ནི་ཕྲིན་ལས་ཡུམ། །ཀང་ཀ་པ་ནི་ཕོ་ཉའི་ཡུམ། །ལྷ་ཆེན་མགོན་པོ་ཐུགས་དམ་ཅན། །དམར་གྱི་མཆོད་གཏོར་འདི་བཞེས་ལ། །སངས་རྒྱས་བསྟན་པའི་བཀའ་བསྲུང་མཛོད། །གཙུག་ལག་ཁང་གི་བདག་པོ་མཛོད། །བདུད་འདུལ་ཡོངས་ཀྱི་དམག་དཔོན་མཛོད། །གཟའ་ཆེན་དགྲ་ཡི་གཤེད་མ་མཛོད། །གཟུགས་མེད་བགེགས་ཀྱི་ཆ་ཤན་མཛོད། །བདག་ཅག་འཁོར་རིག་འཛིན་སྲོག་ཤིང་མཛོད། །དུག་གསུམ་ནད་གྱི་སྨན་པ་མཛོད། །རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ་མཛོད། །བདག་གིས་བསམ་པ་འགྲུབ་པར་མཛོད། །བསམ་པའི་ཕྲིན་ལས་གྲུབ་པར་མཛོད། །ཞེས་རོལ་མོ་ཆེམ་བརྡུང་བྱ། །དེ་ནས་བསྐང་གསོ་འབྲིང་པོ་ནི། །ཧཱུྃ། ཡོན་ཏན་ལྷུན་རྫོགས་དངོས་གྲུབ་མངའ་བའི་ལྷ། །མ་ལུས་རྨད་བྱུང་ཕན་བདེའི་དགོངས་པ་ཅན། །ཕྲིན་ལས་རྣམ་བཞིས་གདུག་པ་ཚར་གཅོད་པའི། །ལེགས་ལྡན་ནག་པོ་འཁོར་བཅས་དགོངས་སུ་གསོལ། །རོལ་ཚིག་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིས། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ཅན། །དམ་རྫས་བཞིན་དུ་ཚུལ་བཞིན་མ་འཚལ་སྟེ། །ཁམས་གསུམ་ཁྱབ་པའི་སྐུ་ལ་བཟོད་པར་གསོལ། །ཞེས་དང་། །ཐུགས་རྗེ་ཚད་མེད་རིན་པོ་ཆེ། །བླ་མ་ཐམས་ཅད་དགོངས་སུ་གསོལ། །བྱིན་རླབས༴ ཡི་དམ་ལྷ་ཚོགས༴ དངོས་གྲུབ༴ དཔའ་བོ་མཁའ་འགྲོ༴ མཐུ་སྟོབས༴ ཆོས་སྐྱོངས་བསྲུང་མ་དགོངས་སུ་གསོལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །འཁོར་བ་ཐོག་མཐའ་མེད་པ་ནས། །བཟུང་སྟེ་ད་ལྟའི་བར་དུ་ནི། །ལས་དང་ཉོན་མོངས་དབང་གྱུར་ཏེ། །མཚམས་མེད་ལྔ་དང་ཉེ་བ་ལྔ། །མི་དགེ་བཅུ་ཡི་ལས་བགྱིས་དང་། །བགྱིད་དུ་སྩལ་དང་ཡི་རང་བ། །ནོངས་ཞིང་འགྱོད་དེ་མཐོལ་ལོ་བཤགས། །དག་ཅིང་གཙང་བར་མཛད་དུ་གསོལ། །སོ་སོར་མཐར་པའི་སྡོམ་པ་ལ། །འགལ་ཞིང་ཉམས་པ་ཅི་མཆིས་པ། །གནོངས་ཞིང་འགྱོད་པས་མཐོལ་ལོ་བཤགས། །དག་ཅིང་གཙང་བར་མཛད་དུ་གསོལ། །བྱང་ཆུབ་སེམས་དཔའི་བསླབ་བྱ་ལ། །འགལ་ཞིང་ཞེས་སོགས་ཚིག་རྐང་གསུམ་འདྲེ། །གསང་སྔགས་དམ་ཚིག་གཉེན་པོ་ལ། །གཞན་ཡང་ཆོས་སྐྱོངས་སྲུང་མ་ནི། །མ་ཧཱ་ཀ་ལ་འཁོར་དང་བཅས། །དཔལ་ལྡན་ལྷ་མོ་འཁོར་བཅས་ཀྱི། །བརྟེན་པའི་དམ་ཚིག་བྲལ་བའམ། །བསྲུང་བའི་དམ་ཚིག་ཉམས་པའམ། །ཟ་བའི་དམ་ཚིག་ཆག་པའམ། །དུས་ཀྱི་མཆོད་གཏོར་འགྱང་བའམ། །མདོར་ན་ཡིད་ལ་ཅི་འདོད་པ། །དེ་ཀུན་དེ་བཞིན་འགྲུབ་པར་མཛོད། །དངོས་གྲུབ་ཆར་རྒྱུན་དབབ་དུ་གསོལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །མདོར་ན་ཡིད་ལ་ཅི་འདོད་པ། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་འཕྲུལ་བྱེ་བ་མཐའ་ཡས་པ། །དགྲ་བགེགས་རྡུལ་དུ་བརླག་མཛད་པའི། །མཐུ་ཆེན་དཔའ་བོ་ཐུགས་དམ་བསྐང་། །གཞན་ཡང་ཐུགས་དམ་བསྐང་བ་ནི། །མཚན་ཉིད་ལྡན་པའི་རྣལ་འབྱོར་པས། །དམ་ཚིག་ལྡན་པའི་རྣལ་འབྱོར་དུ། །ཕྱི་ནང་མཆོད་པ་ཚུལ་བཞིན་བཤམས། །ཤ་ལྔ་དང་ནི་བདུད་རྩི་ལྔ། །འབྲུ་བཅུད་ཆང་གི་རྒྱ་མཚོ་དང་། །འདོད་ཡོན་རྣམ་པ་སྣ་ཚོགས་ཀྱི། །བླ་མ་དཀྱིལ་འཁོར་ལྷ་ཚོགས་རྣམས། །ཐུགས་དམ་གཉེན་པོ་རྟག་ཏུ་བསྐངས། །དམ་ཚིག་གཉེན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་། །ཤངས་ཀྱི་དབང་པོ་ཚིམ་བྱེད་པ། །གསུར་ཆེན་དུད་པས་ཐུགས་དམ་བསྐངས། །ལྗགས་ཀྱི་དབང་པོ་ཚིམ་བྱེད་པའི། །མཾ་ས་རྩི་བཅུད་ཐུགས་དམ་བསྐང་། །ཞེས་འདྲེ། རཀྟ་སྐོམ་དུ་འཐུང་བའི་ཕྱིར། །ཁྲག་གི་ཨརྒྷཾ༴ རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར། །རྟགས་གཏོར་གཉེན་པོའི༴ འཕྲལ་དུ་ཕྲིན་ལས་གྲུབ་པའི་ཕྱིར། །རྒྱུན་གྱི་གཏོར་མའི༴ དགྲ་བགེགས་ཆོམ་ལ་འབེབས་པའི་ཕྱིར། །ཙིཏྟ་སྙིང་གི༴ བྱ་ཁྱི་ལུག་ནག་རྒྱལ་མཚན་དང་། །ལྕམ་དྲལ་རྣམས་ཀྱི༴ རྟག་པར་རྟེན་ཕྱིར༴ ཉམས་ཆག་བསྐང་ཕྱིར༴ རྣལ་འབྱོར་རྒྱས་ཕྱིར་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །ཕྱི་ནང་བར་ཆད་ཞི་བ་དང་། །བསམ་པའི་དོན་ཀུན་འགྲུབ་པར་མཛོད། །འདོད་དོན་གྱི་ཕྲིན་ལས་བཅོལ། །དེ་ནས༴ བདེ་ཆེན་འདུ་འབྲལ་མེད་པའི་དཀྱིལ་འཁོར་ནས། །ཡང་དག་གསང་བའི་སྐུ་གཅིག་འབྱུང་བ་ནི། །མཐིང་ནག་མི་བསྲུན་འཇིགས་བྱེད་འབར་བའི་སྐུ། །ཉིད་ཀྱི་སྐུ་མདོག་མཐིང་ནག་ཆེན་པོ་ལ། །དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་འཁྱིལ། །ཐབས་དང་ཤེས་རབ་ཉི་ཟླ་དབུ་ལ་བརྒྱན། །སྨིན་མ་ནག་པོ་ཁྲོ་གཉེར་བརྗིད་པའི་ཞལ། །སྤྱན་ཟློག་ཞལ་བསྒྲད་མཆེ་བ་རྣོ་ཚིག་འབར། །དམ་ཉམས་ལོག་ལྟ་དགྲ་བོའི་སྲོག་རྩ་གཅོད། །སྤྱན་ནས་མེ་འབར་ཤངས་ནས་ལུངས་ཚུབ་ལྡང་། །ཕྱག་གཉིས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ། །གཡས་པའི་ཕྱག་ན་ཙན་དན་བེང་ཆེན་འབར། །རབ་ཏུ་གསོར་ཞིང་ལེགས་རྟེན་གདུག་པ་འདུལ། །གཡོན་པའི་ཕྱག་ན་པར་བུ་སྐུ་ལ་བརྟེན། །དར་བེར་སྔོ་ཁྲ་བརྗིད་པ་སྐུ་ལ་གསོལ། །གསེར་ཀ་རིན་ཆེན་འབར་བ་སྐེད་ལ་བཅིངས་། །ཞབས་གཉིས་བརྐྱང་བསྐུམ་བསྒྲད་པའི་ཚུལ་དུ་བཞུགས། །མ་ཧཱ་ཀ་ལའི་ཚོགས་ནི་སྤྲིན་ལྟར་ཐིབས། །ཕོ་ཉ་སྤྲུལ་པའི་ཚོགས་ནི་སྐར་ལྟར་འཁྲུགས། །བསྟན་པ་བཤིག་པའི་དམ་ཉམས་རྡུལ་དུ་རློག །སྡིག་ཆེན་དམ་ཉམས་འཁོར་བའི་སེམས་ཅན་གྱི། །བསྟན་པ་བཤིག་ཅིང་དཀོན་མཆོག་དབུ་འཕང་སྨོད། །དབེན་གནས་ཆོམ་ཞིང་གཙུག་ལག་བསྐོར་ཁང་བཤིག །རྡོ་རྗེ་སློབ་དཔོན་སྐུ་ལ་བསྡོ་བྱེད་པ། །བསྒྲལ་བའི་ཞིང་དུ་དམ་ཉམས་འདི་འགྱུར་རོ། །ཕ་རོལ་ཕྱིན་པའི་སྟོབས་ཀྱི་མྱུར་དུ་སྒྲོལ། །རྒྱལ་བའི་སྤྱན་སྔར་ཇི་ལྟར་ཁས་བླངས་པའི། །བདག་གི་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཞེས་བརྗོད། དེ་ནས། མགོན་པོ་ཁྱེད་མཆོད་བྱིན་རླབས་ཀྱི། །ཕྱོགས་བསམ་དུས་ཀུན་ཐམས་ཅད་དུ། །སེམས་ཅན་ལེགས་སྟོན་འབྱོར་པ་རྣམས། །བགེགས་ཀྱི་གནོད་པ་ཀུན་མེད་ཤོག །རོལ་ཚིག །རྟ་དང་བ་གླང་ནོར་དང་འབྲུ། །བུ་ཚ་ཕ་མ་གཉེན་ཤེས་རྣམས། །དགེ་ཞིང་ཚེ་རིང་ནད་མེད་པར། །ཐམས་ཅད་འབྱོར་དང་ལྡན་པར་ཤོག །སུམ་བརྡུངས་བྱ། དགྲ་བོ་ཉེས་བྱས་མེད་འགྱུར་ཞིང་། །ནད་དང་མུ་གེ་ཀུན་བྲལ་ཤོག །རྒྱལ་པོ་ཆོས་བཞིན་སྤྱོད་པ་ཡིས། །ཆོས་ཀྱི་ཡུལ་འཁོར་སྐྱོང་བར་ཤོག །བདེ་བར་གཤེགས་པའི་བསྟན་པ་འདི། །ཕྱོགས་དུས་ཀུན་ཏུ་དར་བ་དང་། །མྱུར་དུ་སེམས་ཅན་ཐམས་ཅད་ཀྱིས། །ཆོས་ཀྱི་སྣོད་དུ་རུང་བར་ཤོག །དགེ་བ་འདི་ཡི་ཐམས་ཅད་རབ་བསྔོ་ཞིང་། །མགོན་པོ་ཁྱེད་མཆོད་བྱིན་རླབས་ཀྱིས། །བདག་ཅག་འཁོར་དང་བཅས་པ་རྣམས། །ལོངས་སྤྱོད་རྣམ་གཉིས་ཚོགས་རྫོགས་ནས། །བདག་ཅག་བྱང་ཆུབ་མཆོག་ཐོབ་ནས། །ཁྱེད་དང་མི་འབྲལ་འགྲོགས་པར་ཤོག །ཞེས་འདོད་དོན་གྱི་ཕྲིན་ལས་བཅོལ། །དཔལ་ཡེ་ཤེས་མགོན་པོ་ལེགས་ལྡན་ནག་པོའི་མཆོད་ཕྲེང་ལེགས་པར་བཀོད་པ་རྫོགས་སོ།། །།

དཔལ་མགོན་ལེགས་ལྡན་འཁོར་བཅས་ཀྱི་མཆོད་ཕྲིན་བསྟོད་བསྐུལ་དང་བཅས་པ།

དཔལ་མགོན་ལེགས་ལྡན་འཁོར་བཅས་ཀྱི་མཆོད་ཕྲིན་བསྟོད་བསྐུལ་དང་བཅས་པ་བཞུགས། ༈ །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་མགོན་པོའི་བསྙེན་བསྒྲུབ་ཀྱི་འཕྲིན་ལས་ཀྱི་རིམ་པ་ལ ། ཧཱུྃ། ཁྲོ་བོའི་རྒྱལ་པོ་གདོང་དྲུག་ཧཱུྃ་སྒྲ་ཅན། །ཡན་ལག་དྲུག་ལྡན་ཁྲོ་རྒྱལ་གཤིན་རྗེའི་གཤེད། །ཡེ་ཤེས་སྤྱན་གྱིས་མ་རིག་མུན་སེལ་བ། །གཏུམ་ཆེན་གཤིན་རྗེ་འཇོམ་ལ་ཕྱག་འཚལ་ལོ། །ཡུན་གྱི་ལྷར་ཡང་ཁྱོད་ལ་གསོལ་འདེབས་ན། །དྲེགས་ལྡན་སྟོབས་གཞོམ་ཟིལ་གྱིས་མནན་པ་དང་། །མ་མོ་མཁའ་འགྲོ་རྣམས་ལ་དབང་བསྒྱུར་ཞིང་། །ནད་གཏོང་སྲིན་མོའི་ཚོགས་རྣམས་ལས་ལ་བསྐུལ། །བསྟན་པ་བཤིག་པའི་དགྲ་བཤེགས་ཐལ་བར་རློགས། །ཁྱེད་ཀྱི་ཐུགས་རྗེས་བདག་ལ་བྱིན་གྱིས་བརླབས། །ཧྲཱིཿ རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གདུང་། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེའི་ཆོས། །སྤྱན་རས་གཟིགས་དབང་ཧྲཱི་ཿལས་རྔམ་ཆེན་སྐུ། །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་ལོ། །ངག་གི་དབང་ཕྱུག་རྟ་གདོང་ཞལ་གྱིས་གནོན། །རྡོ་རྗེ་རྟ་ཡི་སྟབས་བདུན་གྱིས། །འཇིག་རྟེན་ཀློང་དགུའི་འདོད་པ་སྟོན། །འཇིག་རྟེན་དྲེགས་པ་གཏུམ་པའི་ཚོགས། །རྡོ་རྗེ་རྟོག་པའི་བྱ་སྒྲོན་གྱིས། །སྣང་མཛད་ངག་གི་དབང་ཕྱུག་སྐུ། །བྱང་ཆུབ་ཆེན་པོ་ཅང་ཤེས་གཙོ། །སྟོབས་ཆེན་དགུ་ཡི་རྫུ་འཕྲུལ་གྱིས། །རྡོ་རྗེ་རྟ་གདོང་སྤྲུལ་པའི་ཚོགས། །ནམ་མཁའི་ཁམས་ཀུན་གང་བར་མཛོད། །འཁོར་བ་མ་གྲོལ་བར་དུ་ནི། སྙིང་རྗེའི་གོ་ཆ་མ་བརྗེད་པར། །འཁོར་བའི་སོ་མཐའ་མཆོད་བར་བཞེས། །ཧཱུྃ། རྒྱལ་བ་ཀུན་གྱི་གསང་འཛིན་པ། །ཐུགས་མཆོག་བདག་པོའི་རྡོ་རྗེ་འཛིན། །དྲག་པོ་རྟུལ་ཤུགས་ཆེན་པོ་ཡིས། །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །སྔོན་གྱི་གོ་ཆ་ཆེན་པོ་ཡིས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །འདུལ་དཀའ་མ་ལུས་འདུལ་མཛད་ཅིང་། །བདུད་ཀྱི་བདུད་སྡེ་བདུད་རྣམས་འཇོམས། སེམས་དཔའ་ཆེན་པོ་འབར་བའི་སྐུ། །འཇིགས་སུ་རུང་དང་དཔའ་བྱད་ཅན། །གཏུམ་རྔམས་འཁྲུགས་པའི་ངོ་བོ་ཡིས། །དུར་ཁྲོད་བདག་པོ་རབ་ཏུ་ཆོམས། །བདག་ཉིད་ལྷར་གསལ་བའི་ཐུགས་ཀ་ནས། བྷྲུཾ་གྱི་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད། དེར་མགོན་པོ་ཡབ་ཡུམ་འཁོར་དང་བཅས་པ་རྒྱུད་ཀྱི་ལེའུ་དགུ་པའམ་བཅོ་ལྔ་པ་ནས་བྱུང་བ་བཞིན་བསྐྱེད་དོ། །དེ་ནས་གསང་བའི་རྔ་བརྡུངས་ལ་སྤྱན་དྲངས་ཏེ། བྷྲུཾ་བི་ཤྭ་བིཤུདྡྷེ་བནྡྷ་ཀ་པཱ་ལ་མཎྜ་ལ་བྷྲུཾ། ན་ར་བཾ་བྱི་ཏྲི་ཏ་ཡ་བཾ་དུན་བྷྱོཿ ཧཱུྃ། ལང་ཀ་ཡུལ་གྱི་གྲོང་རྡལ་གྱི། །དབུས་ཀྱི་རི་བོ་མ་ལ་ཡ། །ཀོ་ཀ་ཐང་དམར་རྒྱ་མཚོའི་དོ། །བྱན་སླག་འཇོངས་རི་གནམ་ལྕགས་འབར། །དྲག་ཤུལ་ཡོད་པའི་རྩེ་མོ་ན། །རྡོ་རྗེ་ཐབས་ཀྱི་བལྟ་བའི་ཡུམ། །ཆོས་འཛིན་རིགས་ཀྱི་བསྒྲུབ་གནས་སུ། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཡིས། །བདུད་ཀྱི་རིགས་རྣམས་བཏུལ་ནས་ནི། །གསང་སྔགས་འཁོར་ལོ་བསྐོར་བའི་ཚེ། །མིང་གི་དབང་བསྐུར་བྲན་ཏུ་ཁས་བླངས་པའི། །རྡོ་རྗེ་རོ་ལངས་དུར་ཁྲོད་ཚོགས་ཀྱི་བདག །དཔལ་མགོན་ནག་པོ་ཆེན་པོ་དང་། །ཉེ་གནས་ཀྲོ་ཏི་ཤྭ་རི་མ། །ཡབ་ཡུམ་གཉིས་སུ་མེད་པའི་འཁོར། །ལང་ཀའི་བདག་པོ་ལ་སོགས་པའི། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །ཕོ་མོ་འཁོར་དང་བཅས་པ་རྣམས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ༀ་བུར་ཀུར་མ་ཧཱ་ཀ་ལ་རཀྨོ་ཀྲོ་ཏི་ཤྭ་རི་ནག་མོ་ཏིང་ལཾ་མ་ཨེ་ཨ་རེ་ལི་ཧྲིཾ་ཧྲིཾ་ཛ་ཛཿ རཀྴ་ཤྲི་ཧེ་རུ་ཀ་བི་ཤྭ་ཀྲོ་ཏ་ཛྭ་ལ་མཎྜལ་ཕཊ་ཕཊཿ ཧ་ལ་ཧ་ལ་ཧཱུྃ་ཕཊཿ་ཏ་ཀེཾ་ཏ་ཀེཾ་ཕཊ༔ ཧ་ལ་ཧ་ལ་རཾ། ཀྲོ་ཏི་ཀྲོ་ཏ་ཡཾ། ཏིག་ན་ཏིག་ན་ཁཾ། ༀ་བཛྲ་ཡཀྴ་ཀྲོ་དྷ་ཧ་ཧ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཧཱུྃ་ཧཱུྃ། ས་མ་ཡ་མཎྜལ་མ་སུ་ཁ་ཧཱུྃ། པྲ་བེ་ཤ་ཕ ཊཿ མ་ཧཱ་ཀ་མ་བྷྲུྃ། བཛྲ་ཨ་མྲི་ཏ་མ་ཧཱ་ཀྲོ་དྷ་ཨཾ་ཨཾ་ཨཾ། ཨེ་ཨ་ར་ལི་ཛ་ཛ། ཨེ་མ་དཔའ་བོ་ཐུགས་རྗེ་ཆུང་། །ཤིན་ཏུ་སྡེ་བའི་ལྟོ་ཁྱིམ་ནས། །སྣམ་དུ་བཏོན་པས་བདག་ཁང་གི། །ད་ཡང་ཅི་མཛད་མྱུར་དུ་མཛོད། །མྱུར་དུ་བསྒྲལ་ན་ཡུན་དུ་བདེ། །འབངས་སུ་འཆིའོ་བདག་ལུས་འབུལ། །འབངས་ལ་ནན་ཏན་མ་ཆུང་ཅིག །སླན་ཅད་བཀའ་བཞིན་རྗེས་སུ་བགྱིད། །གལ་ཏེ་བཀའ་བཞིན་མ་བགྱིས་ཤིང་། །དམ་པའི་ལུང་ལས་འགལ་གྱུར་ན། །བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་། །རུལ་མྱགས་ཚིག་ནས་སྐམ་གྱུར་ཅིག །ཨི་དན་ཏེ་ན་ར་ཀན། །བྷ་ར་ཧྲི་ཏ་ཡེ། ན་མ་བྷ་ཏིཥྛ་ནན། །ས་མ་ཡ་རཀྴ་སི་དྷི་བིན་བཛྲ། །ཨ་མྲྀ་བ་ཀྲོ་ཏ་ན་ར་ཀན། །མ་སྲིང་བུ་མོ་ཆུང་མའི་ཚོགས། །འབངས་སུ་འབུལ་ལོ་རྩིས་མ་ཆུང་། །ཨེ་པདྨ་པྲ་བེ་ཤ་ཕཊཿ བཛྲ་ཁ་ཐམ་ཁ་ཐམ། །པྲ་བེ་ཤ་ཕཊ་ཕཊཿ དབུས་སུ་མཆིས་སྐལ་མི་ལྡན་གྱི། །འབར་བའི་དཀྱིལ་འཁོར་མཐའ་ལ་ཞོག །ཕུད་ལ་འཆིས་སྐལ་མི་ལྡན་གྱིས། ལྷག་མ་ཞལ་ཆབ་བྲན་ལ་གསོལ། །ཧཱུྃ། ཉེ་གནས་གདུང་བའི་མ་སྲིང་རྣམས། །དིང་ནས་རྒྱལ་བའི་བཀའ་ཡིན་གྱིས། །ཁྱོད་ཀྱི་བཀའ་ཡི་ལས་མཁན་ཏེ། །བཀའི་ལས་རྣམས་མྱུར་དུ་སྒྲུབས། །བདག་དང་དེ་སྔོན་ལས་ལོག་སྤྱད་པའི་མཐུས། །དཔག་ཏུ་མེད་པར་འཁོར་བའི་སྡུག་སྔལ་རྒྱུད། །ད་ཡང་ཐུགས་རྗེ་ལས་འཕྲོ་གཉིས་འཕྲད་པས། །བདེ་བ་ཅན་གྱི་ཞིང་དུ་མྱུར་འགྲོ་ཡིས། །སྲིང་ལ་སོགས་ཏེ་དྲེགས་པ་ཕོ་མོའི་ཚོགས། །རྗེས་སུ་བསྟན་པའི་བཀའ་ལས་ཉམས་པ་རེ། །ཇི་ལྟར་མ་བྱམས་བུ་ལ་གདུང་བ་བཞིན། །དམ་ཚིག་ཅན་ལ་དུང་དུང་གདུང་བ་བཞིན། །གང་ཞིག་སྲིང་བྱམས་མིང་ལ་བརྩེ་བ་བཞིན། །ཡལ་གམ་ཅན་ལ་ལྷང་ལྷང་བརྩེ་བར་གྱིས། །མཛའ་བོ་གྲོགས་ལ་ཇི་ལྟར་གདུང་ཚུལ་བཞིན། །རྣལ་འབྱོར་ཅན་ལ་སྐྲིག་ཀྲིག་གདུང་བར་མཛོད། །ཇི་ལྟར་གཡོག་བྱམས་དཔོན་ལ་ཁུར་བ་བཞིན། །དམ་པ་རྣམས་ལ་ཡིད་བཞིན་ནོར་བུར་ཁུར། །ཁྱེད་བརྩེ་བར་བྱེད་ན་མར་བྱའོ། །གདུང་བར་བྱེད་ན་སྲིང་མོར་བྱེད་དོ། །འདུ་བྲལ་མེད་ན་སྲིང་མོར་བྱའོ། །དམ་ལ་གནས་ན་སློབ་མར་བྱའོ། །བསྐུལ་བར་མགྱོགས་ན་ཕོ་ཉར་བྱའོ། །བཀའ་བཞིན་བྱེད་ན་བཀའ་ལས་བརྟགས། །རུ་ལུ་རུ་ལུ་བྷྱོ་ས་མ་ཡ་སྟྭཾ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ། སྔོན་ཚེ་དཔལ་ཆེན་ཁྲོ་བོའི་རྒྱལ། །བདུད་འདུལ་རྡོ་རྗེ་སྲིན་པོ་ཡིས། །དྲེགས་པ་བཅོམ་ནས་སྒྲིབ་པ་སྦྱངས། །དབང་བསྐུར་མིང་བཏགས་སྲོག་ཡིག་ཕུལ། །ཕོ་བྲང་ཀུན་ལ་དམ་ཚིག་སྦྱིན། །བསྟན་པ་ཡོངས་སུ་བསྲུང་བར་བྱས། །ཕྱི་ཡི་མཚན་ནས་བོས་པའི་ཚེ། །དཔལ་མགོན་ལེགས་ལྡན་ནག་པོ་བྱ། །ནང་གི་མཚན་ནས་བོས་པའི་ཚེ། །བདུད་འདུལ་དུར་ཁྲོད་སྒྲོལ་བའི་གྱིང་། །གསང་བའི་མཚན་ནས་བོས་པའི་ཚེ། །སྒྲོལ་བྱེད་རྡོ་རྗེ་དྲག་པོ་རྩལ། །མནའ་བོར་ཁས་བླངས་མ་བསྙེལ་བར། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་མཛོད། །སྐུ་གསུང་ཐུགས་སུ་བདག་སྦྱོར་བའི། །ཕོ་བྲང་ད་ལ་ང་བདག་འདིར། །དཔལ་མགོན་དྲེགས་པའི་ཚོགས་རྣམས་ཀུན། །རྟག་ཏུ་དམ་ཚིག་ཚུལ་བཞིན་གྱིས། །ༀ་ཨཱཿ་ཧཱུྃ་བཛྲ་ཨ་མྲྀ་ཏ་ཡ་ཧི་ཧི་སརྦ་མན་ཧཱུྃ་ཧྲཱི་ཋ། ས་མ་ཡ་ཧོཿ ས་མ་ཡ་སྟྭཾཿ ཧཱུྃ། བཀའ་དང་བསྟན་པ་བསྲུང་བར་ཞལ་བཞེས་པའི། །བདུད་འདུལ་དབང་ཕྱུག་མ་ཧཱ་ཀ་ལའི་ཚོགས། །སྲིང་ཡུལ་ནག་པོ་ལངྐ་པུ་རུ་ཡིས། །གྲོང་ཁྱེར་བསྟན་ནས་རླག་མཛད་ཅིང་། །ལྷ་མ་ཡིན་གྱི་བུ་མོ་ནི། །གློག་སྤྲིན་འདུལ་བར་དམ་བཅས་པའི། །ལྷ་ཆེན་མགོན་པོ་ནག་པོ་ཁྱོད། །སྤྱན་འདྲེན་འདིར་སྤྱོན་བརྟན་པར་བཞུགས། །རྡོ་རྗེ་སྲིན་པོའི་སྤྱན་སྔ་རུ། །ཁས་བླངས་དམ་བཅའ་མ་སྙེལ་བར། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ༀ་མུང་ཧཱུྃ། ༀ་བྷུར་ཀུར་མ་ཧཱ་ཀ་ལ། །རཀྨོོ་ཀྲོ་ཏི་ཤྭ་རི་ནག་མོ་ཏིང་ལཾ་ས་མ་ཡ་སྟཾ། ཏིཥྛ་བཛྲ་རྣལ་འབྱོར་བསྟན་པ་བསྲུང་བར་ཞལ་བཞེས་པའི། དཔལ་ལྡན་མགོན་པོ་འཁོར་དང་བཅས་པ་ལ། །རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །མཐུ་དང་རྩལ་གྱི་དངོས་གྲུབ་སྩལ་དུ་གསོལ། །ཤྲཱི་མ་ཧཱ་ཀཱ་ལ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། རཀྨོ་ཀྲོ་དྷི་ཤྭ་རི་ཏིང་ལཾ་མ་མ་ཧཱ་པཉྩ་མྲྀ་ཏ་ཁཱ་ཧི། ཀྲོ་ཏ་ཀྲོ་བོ་གིང་གི་ཚོགས། །མ་ཧཱ་པཉྩ་ཨ་མྲྀ༴ ཡཀྴ་གནོད་སྦྱིན་དྲེགས་པའི་ཚོགས། །མ་ཧཱ་པཉྩ༴ རཀྴ་སྲིན་པོ་རྔམ་པའི་ཚོགས། །མ་ཧཱ༴ ཙིཏྟ་ཟ་བྱེད་མ་མོའི་ཚོགས། །མ་ཧཱ༴ ཉེ་གནས་གདུང་བའི་མ་སྲིང་བརྒྱད། །མ་ཧཱ༴ གུས་པའི་བུ་མོ་ཆེན་མོ་བརྒྱད། །མ་ཧཱ༴ དུར་ཁྲོད་གནས་པའི་སྒོ་བསྲུངས་བཞི། །མ་ཧཱ༴ དུར་ཁྲོད་བདག་པོ་གྲུ་འདེབས་བཞི། །མ་ཧཱ༴ སྲིན་མོ་ཆེན་མོ་ཉི་ཤུ་བརྒྱད། །མ་ཧཱ་པཉྩ༴ ཧཱུྃ། ལྕང་ལོར་བཅས་པའི་མ་ཧཱ་བྷནྡྷ་རུ། །བྱང་ཆུབ་སེམས་དང་མ་ཧཱ་རཏྣ་དང་། །དྲི་ཆེན་ཀུ་ཀུ་ཆུ་དེ་རྣམ་པ་ལྔ། །གཉིས་མེད་སྦྱར་བའི་པཉྩ་ཨ་མྲྀ་ཏ། །ནག་པོ་ཆེན་པོ་འཁོར་དང་བཅས་ལ་འབུལ། །མ་ཧཱ་རཀྟ་ཁཱ་ཧི། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་ཨརྒཾ། པུཥྤེ། དྷཱུཔེ། ཨཱ་ལོ་ཀེ །གྷནྡྷེ། ནཻ་ཝི་ཏེ། གཏྟི། མུ་ཏྲ་པཱུ་ཙ་ཧཱུྃ། ཧཱུྃ། ཚོགས་ཀྱི་བདག་པོ་མཐུ་བོ་ཆེ། །བར་སྣང་ཁམས་ན་བཞུགས་པའི་ཚེ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །ལག་ཏུ་རྡོ་རྗེ་བྱིན་ནས་ནི། །དབང་བསྐུར་མིང་བཏགས་མཚན་གསོལ་བ། །མ་ཧཱ་ཀཱ་ལ་མ་རུང་པ། །ཚོགས་བདག་རྡོ་རྗེ་ཕྲེང་བ་ཅན། །བདག་གི་བསྙེན་ཅིང་བོས་པའི་ཚེ། །དམ་རྫས་མཆོད་པ་འདི་བཞེས་ལ། །ཕྲིན་ལས་སྙན་སྙུང་གསོལ་བ་འདི། །ལྷ་ཡི་དགྲ་ལྷ་ཆེན་པོར་མཚན་གསོལ་ནས། །ལྷ་མིན་དམག་ཚོགས་འདུལ་བའི་མཐུ་བོ་ཆེ། །གནོད་ཅིང་གདུག་པའི་དགྲ་བགེགས་རྡུལ་དུ་རློགས། །སྐུ་ལ་ཚེམ་ཁྲབ་ནག་པོ་གསོལ། །གཡས་པས་གསལ་ཤིང་དགྲ་ལ་ཕྱར། །གཡོན་པ་གཤན་རྟི་མདུང་རིང་བསྣམས། །རྩེ་མོ་མི་རྐང་གཞོག་པ་རྩལ། །ཞལ་གདངས་མཆེ་གཙིག་ཐོག་སེར་འབེབས། །མ་མོ་ཐམས་ཅད་འདར་ཞིང་འདུ། །ཁྱོད་ཀྱི་དགེ་མཚན་ཅི་ཡང་མ་ངེས་ཏེ། །ཀུན་བཟང་ལྷ་ཡི་སྤྱན་སྔ་རུ། །ཉིད་ཀྱི་ཐུགས་དམ་ཞལ་བཞེས་པའི། །ཁས་བླངས་དམ་པ་སྙེལ་ལམ་ཅི། །དམ་བཅའ་བཞིན་ཏུ་འཕྲིན་ལས་མཛོད། །ཉེ་གནས་ཀྲོ་ཏི་ཤྭ་རི་མ། །དམ་རྫས་མཆོད་པ་འདི་བཞེས་ལ། །ད་ཡང་བཅོལ་པའི་ཕྲིན་ལས་མཛོད། །སྲིན་མོ་ཉེ་གནས་བརྒྱད་རྣམས་ཀྱང་། །དམ་རྫས་མཆོད་པ༴ ད་ཡང་བཅོལ་པའི༴ གུས་པའི་བུ་མོ་ཆེན་མོ་བརྒྱད །དམ་རྫས༴ ད་ཡང་༴ དུར་ཁྲོད་གྲུ་འདེབས་བཞི་རྣམས་ཀྱང་། །དམ་རྫས་༴ ད་ཡང་༴ མ་ཧཱ་ཀཱ་ལ་དྲག་རྩལ་ཅན། །ཚོགས་བདག་མགོན་པོ་འཁོར་དང་བཅས། །ཡང་དག་དོན་གྱི་སྲུང་མ་ཐུགས་དམ་ཅན། །སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པའི། །དཔལ་མགོན་ལེགས་ལྡན་ནག་པོ་བདུད་ཀྱི་རྗེ། །གསང་མཚན་རྡོ་རྗེ་རོ་ལངས་ཏེ། །ཉེ་གནས་ཀྲོ་ཏི་ཤྭ་རི་མ། །དམ་རྫས་མཆོད་པ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །འཁོར་གྱི་གནོད་སྦྱིན་སྡེ་བཞི་ཐུགས་དམ་ཅན། །ཀྲོ་ཏི་ཤྭ་རི་ཁྲོ་བོ་གིང་གི་ཚོགས། །ཡཀྴ་གནོད་སྦྱིན་དྲེགས་པའི་ཚོགས། །རཀྴ་སྲིན་པོ་རྔམ་པའི་ཚོགས། ཙིཏྟ་ཟ་བྱེད་མ་མོའི་ཚོགས། །དམ་རྫས༴ སངས་རྒྱས་བསྟན་པ་གཉེན་པོ་བསྲུངས། །བཀའ་བསྡོད་ལས་ཀྱི་བཤན་པ་གྱིང་། །ནག་པོ་གྲི་གུག་ཐོད་པ་འཛིན། །ཁྱོད་ནི་བཀའ་ཡི་ལས་མཁན་ཏེ། །དམ་ཉམས་དགྲ་བགེག་སྒྲོལ་བའི་གྱིང་། །དམ་རྫས༴ བསྟན་པའི་དགྲ་བགེགས་མྱུར་དུ་སྒྲོལ། །དཔལ་མགོན་ལེགས་ལྡན་ནག་པོ་འཁོར་དང་བཅས་པ་ལ། །དམ་རྫས་བདུད་རྩིའི་རྫས་མཆོད་འབུལ། །བླ་མེད་མཆོད་པ་དམ་པ་འདི་བཞེས་ལ། །བསྐང་ངོ་དགྲ་སྲོག་ཆོད་ལ་ཤོག །དམ་ཉམས་ལས་མཁན་དགྲ་བོ་འདི། །མ་ཐོགས་མྱུར་དུ་ཁུག་ལ་ཤོག །མགོ་དང་ཡན་ལག་བྲེག་ལ་ཤོག །སྙིང་དང་དབང་པོ་ཕྱུང་ལ་ཤོག །ལྔ་ཕུང་ཡན་ལག་རྡུལ་དུ་རློག །འདི་ལ་བྱང་ཆུབ་སེམས་མེད་ཀྱིས། །མ་ཐོགས་མྱུར་དུ་སྒྲོལ་ལ་ཤོག །སྔོན་ཚེ་ཁས་བླངས་དམ་ལས་ཁྱེད་མ་འདའ། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ༀ་བུར་ཀུར་མ་ཧཱ་ཀ་ལ་རཀྨོ་ཀྲོདྷི་ཤྭ་རི་ནག་མོ་ཏིང་ལམ་མ་མ་ཧཱ་མཾ་ས་ཁཱ་ཧི། རཀྟ་ཙིཏྟ །བ་སུ་ཏ། གོ་རོ་ཙ་ན་ཀེམ་ནི་རི་ཏི། ཀྲོ་ཏ་ག་ན། ཛྙཱ་ན། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཀྲོ་ཏ་ཛྭ་ལ་ས་མ་ཡ། མ་ཧཱ་མཾ་ས་འདྲེ། ཡཀྵ་ཛྭ་ལ། མ་ཧཱ་མཾ་ས༴ ཙིཏྟ་ཛྭ་ལ། མ་ཧཱ་མཾ་ས་དེ་ཝ་ཨ་ར་ཛྭ་ལ་ས་མ་ཡ། མ་ཧཱ་མཾ་ས༴ ཧཱུྃ། རྣལ་འབྱོར་ཡོངས་ཀྱི་དཔལ་མགོན་མཆོག །མ་ཧཱ་ཀ་ལ་མཐུ་རྩལ་ཅན། །རིག་འཛིན་ཡོངས་ཀྱི་སྲོག་ཤིང་ཡིན། །རྣལ་འབྱོར་ཡོངས་ཀྱི་བདུད་འདུལ་ཡིན། །དྲེགས་ཅན་ཡོངས་ཀྱི་དབང་ཕྱུག་ཡིན། །སྔགས་འཆང་ཡོངས་ཀྱི་དགྲ་བླ་ཡིན། །ཆོས་སྐྱོང་ཡོངས་ཀྱི་རྗེ་བོ་ཡིན། །དགྲ་བགེགས་ཡོངས་ཀྱི་གཤེད་མ་ཡིན། །བདག་གིས་བསྲུང་མར་མངའ་གསོལ་གྱི། །དམ་རྫས་མཆོད་པ་འདི་བཞེས་ལ། །བདག་ཅག་འཁོར་དང་བཅས་རྣམས་ལ། །གནོད་ཅིང་སྡང་སེམས་ལྡན་པ་འདི། །ནད་དང་མཚོན་གྱི་ཆར་ཕོབ་སོད། །བདུད་དང་སྲིན་པོའི་དམག་དྲངས་ལ། །རྩ་རྒྱུད་རྩད་ནས་རླག་པར་གྱིས། །བདག་གི་འཁོར་དང་ཆོས་ལ་སོགས། །ལོངས་སྤྱོད་ཟས་ནོར་ཁྱོད་ཀྱི་སྲུངས། །ཧོ་དཔལ་མགོན་པོ་ནག་པོ། རིག་འཛིན་གྱི་སྲོག་ཤིང་། རྣལ་འབྱོར་གྱི་བདུད་འདུལ། དྲེགས་ཅན་གྱི་དབང་ཕྱུག །སྔགས་འཆང་གི་དགྲ་ལྷ། ཆོས་སྐྱོང་གི་རྗེ་བོ། དགྲ་བགེགས་ཀྱི་གཤེད་མ། སྲིན་པོ་ནག་པོ་བྱའི་གཤོག་པ་ཅན་མཐིང་ནག་ཆེན་པོ་ཕྱག་ན་ཙན་དན་གྱི་བེང་ཆེན་ཐོགས་པ། བྱང་ཕྱོགས་གནོད་སྦྱིན་ཆེན་པོ་བརྒྱད་ཕྱི་ནས་འབྲང་ཞིང་། ལྷོ་ཕྱོགས་གཤིན་རྗེ་བརྒྱད་སྔོན་རོལ་ཞིང་སྣ་འདྲེན་པ། ཚོགས་ཆེན་པོ་བཞིའི་མངའ་བདག །མོན་པ་ཆེན་པོ་དང་མོན་མོའི་ཚོགས་ལ་དབང་བསྒྱུར་བ། ཁྱོད་ཀྱི་བཀའ་དང་བསྟན་པ་བསྲུང་བར་གྱིས་ཤིག །དེ་ནས་འཛབ་བྱས་ཏེ། ཧཱུྃ། ཐུགས་རྗེའི་མཐུ་སྟོབས་དགྲ་འཇོམས་སྐུ་ལྔ་པོ། ། སངས་རྒྱས་ཀུན་གྱི་བཀའ་ཡི་ལས་མཁན་ཏེ། །དཔལ་མགོན་ལྗང་སྔོན་དྲག་པོ་གསལ་ཤིང་ཅན། །ཁྱོད་ཀྱི་བསྟན་པ་བཤིག་པ་བསྒྲལ་སླད་དུ། །གནས་འདིར་འདུག་ལ་བཀའ་ཡི་དམ་ཚིག་སྲུངས། །བསྒྲུབ་པའི་གྲོགས་ཀྱི་དགྲ་ལ་རྟགས་ཆེན་ཕྱུང་། །ༀ་བུར་ཀུར་མ་ཧཱ་པདྨ་ཀྲོ་ཏི་ཤྭ་རི་རྔེ་བུར་ཕྱི་གེ་བི་མ་ན་སེ་ཨེ་ཨོ་ཤྭ་མོ་ཀྲོ་དྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ༀ་བུར་ཀུར་མ་ཨ་པྲ་ན་བུར་ཙི་ཀི་ཙི་མ་ན་སྱ་ཁ་ཤྭ་མོ་ཀྲོདྷ་ཧཱུྃ་ཧཱུྃ་ཕཊ་ཕཊཿ ༀ་བུར་ཀུར་ཨི་ཙི་ཀི་ཙི་ཨུ་ཙུཏྨ་ཀྲོ་དྷ་ཧཱུྃ་ཕཊཿ ༀ་བུར་ཀུར་ཏི་ཕཊ་སརྦ་སིདྷི་ཕཊཿ དྲག་པོ་སྐུ་ལྔ་རྒྱལ་བའི་བཀའ་སྡོད་མཆོག །ཡེ་ཤེས་ལྔ་ལྡན་རྒྱལ་བ་རིགས་ལྔའི་འཁོར། །འཕྲིན་ལས་བདུད་འདུལ་དགྲ་བགེགས་ཀུན་གྱི་གཤེད། །གནས་འདི་ཚུར་སྤྱོན་གནས་འདིར་ཕྲིན་ལས་མཛོད། །ས་མ་ཡ་ཛཿ ཛཿ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ། དཔལ་མགོན་ཡབ་ཡུམ་འཁོར་དང་བཅས་པ་ལ། །བསྙེན་བསྒྲུབ་ཚུལ་བཞིན་དུ་ཕུལ་བས། །བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་རྣམས་ལ། འཆི་མེད་ཚེ། བརྗོད་མེད་ཆོས། ལོངས་སྤྱོད་ནོར། རིགས་རྒྱུད་སྲས། དྲག་པོ་མཐུ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད། དུས་དང་ལས་ལ་མ་སྟོས་པར་དུས་ད་ལྟ་ཉིད་དུ་ཐོབ་པར་སྩལ་དུ་གསོལ། བྷྱོ། ཉི་མ་ལྷོ་ནུབ་ཡ་གི་ན། །སྲིན་ཡུལ་པུ་ར་ནག་པོའི་དཀྱིལ། །ལང་ཀ་ཡུལ་གྱི་གྲོང་བརྡལ་ན། །ཀོ་ཀ་ཐང་དམར་རྒྱ་མཚོའི་དོ། །དྲག་ཤུལ་བྱན་སླག་ཆོངས་ཀྱི་རི། །གནམ་ལྕགས་ཡོད་པའི་རྩེ་མོ་ནས། །ཆོས་འཛིན་རིགས་ཀྱི་བསྒྲུབ་གནས་ཏེ། །རྡོ་རྗེ་ཐབས་ཀྱི་ལྟ་བའི་ཡུམ། །དུག་ཤིང་ནགས་ཚལ་གཏམས་པའི་ཚལ། །གནམ་ལྕགས་ཨུར་མོ་ཆར་བཞིན་འབབ། །གསུར་ཆེན་དུད་པ་སྤྲིན་ལྟར་ཐིབས། རྣག་ཁྲག་ཆུ་སེར་མཚོ་ལྟར་སྐྱིལ། །ཤ་རུས་ཕུང་པོ་རི་ལྟར་སྤུངས། །ལྕེ་སྤྱང་ལྡིང་འདུ་རྒྱུག་ཅིང་འདྲལ། །བྱ་གཅན་མང་པོ་ལྡིང་བཞིན་འཛུམ། །མོན་པ་ཤ་ཟ་གྲི་ཐོགས་འབུམ། །མོན་མོ་ཁྲག་འཐུང་བསམ་མི་ཁྱབ། །ལྷ་སྲིན་སྡེ་བརྒྱད་སྲོག་ལ་རྔམས། །དུར་ཁྲོད་མཁའ་འགྲོ་འདུ་བའི་ཡུལ། །རབ་ཏུ་འཇིགས་པའི་ཡུལ་ཁམས་ན། །འཇིགས་པའི་ཐོད་མཁར་ལྡེམས་སེ་ལྡེམ། །ཤར་ཕྱོགས་བམ་ཆེན་སྟག་ཐོད་མཁར། །སྟག་གི་བྲང་ཡང་ཉེ་རེ་རེ། །ལྷོ་ཕྱོགས་བམ་རིམ་མི་ཐོད་མཁར། །མི་ཐོད་སྤྱི་གླུ་རྩེ་རེ་རེ། །ནུབ་ཕྱོགས་བམ་ཆེན་རྟ་ཐོད་མཁར། །རྟ་ཐོད་མཚེར་གདངས་ལྷངས་སེ་ལྷང་། བྱང་ཕྱོགས་བམ་རིལ་བྱ་ཐོད་མཁར། །བྱ་ཐོད་ཚེར་སྒྲ་དི་རི་རི། །སྲིན་པོའི་ཐོད་པས་ཁ་བད་ཅན། །ལས་ཀྱི་འོད་ཟེར་དབལ་ཐོག་འཕྲོ། །ངོས་ལ་ང་རྒྱལ་གློག་དམར་འཁྱུག །རྩེ་ལ་བདུད་བྱ་ནག་པོ་ལྡིང་། །རུ་མཚོན་ནག་པོ་པུ་རུ་རུ། །གནམ་ལྕགས་འབར་བའི་སྒོ་མོ་གསལ། །འཇིགས་པའི་སྐུ་མཁར་ནང་ཤེད་ན། །རྟ་རོ་མང་པོ་གཅལ་དུ་བཀྲམ། །མི་རོ་མང་པོ་གྲུམས་སུ་བརྩིགས། །མི་རོ་རྟ་རོའི་གདན་སྟེངས་ན། །མངའ་བདག་བདུད་ཀྱི་རྒྱལ་པོ་ཆེ། །གསང་བདག་ཕྱག་ན་རྡོ་རྗེ་ཡིས། །འཕྲིན་ལས་དྲག་པོར་དབང་བསྐུར་བ། །ཞལ་གསུམ་འཇིགས་པའི་ཆ་ལུགས་ཅན། །སྐུ་མདོག་དབུས་ཞལ་ལྗང་ནག་བརྗིད། །གཡས་སེར་ཐུགས་རྗེས་འགྲོ་བ་སྐྱོབ། །གཡོན་དམར་དབང་སྡུད་ཆགས་པས་འགུགས། །དམར་ནག་རལ་པ་སྲིད་རྩེར་འབར། །རལ་པ་སྤྲུགས་པའི་སྐྲ་གསེབ་ནས། །གནམ་ལྕགས་ཐོག་སེར་སྐར་ལྟར་འཁྲུག །ཤངས་རླུང་ནད་ཀྱི་བསྐལ་པ་འཚུབ་མར་སྟོན། །ཞལ་གདངས་དབང་གི་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་ལྟར་སྒྲོག །དྲག་པོའི་རྐན་སྒྲ་བདུད་ལ་འདེབས། །གསང་བའི་གཤུགས་པས་འཁོར་ལ་འབོད། །གདུག་པའི་མཚོན་ཆ་མ་ལུས་འཕྲོ། །དྲག་པོའི་ཕྱག་དྲུག་གདེངས་པ་ལས། །གཡས་ཀྱི་དང་པོ་གསལ་ཤིང་གིས། །སྲིད་པ་གསུམ་ཆར་ཐལ་བར་རློག །བར་པ་རྡོ་རྗེ་གསོར་ཞིང་འཕྱར། །དགྲ་བགེགས་མགོ་ལུས་ཚར་པར་གཤོག །ཐ་མ་གནམ་ལྕགས་ཕུར་པ་འདེབས། །དམིགས་པའི་སྙིང་ལ་གཟེར་ཆེན་ཐོབ། །གཡོན་པའི་དང་པོ་དུང་ཆེན་དུ། །སྲིད་གསུམ་སྙིང་ཁྲག་བྱུང་ཞིང་འཐུང་། །བར་པ་རྣོ་དབལ་ཤན་གྱི་མདུང་། །ཞིང་བཅུའི་སྙིང་ལ་གཟེར་ཆེན་འདེབས། །ཐ་མ་སྦྲུལ་ཞགས་ནག་པོ་ཡིས། །བླ་སྲོག་འགུགས་ཤིང་ཡན་ལག་འཆིང་། །ཞབས་བཞི་བརྐྱང་བསྐུམ་འབྱུང་པོ་འདུལ། །འདོད་ཆགས་ཞིང་ལྤགས་སྟོད་གཡོགས་ཤིང་། །གཏི་མུག་གླང་ཆེན་ལྤགས་པ་གྱོན། །ཞེ་སྡང་སྟག་གི་ཤམ་ཐབས་ལ། །གདུག་པ་སྦྲུལ་གྱི་སྐ་རགས་བཅིངས། །ཐོད་སྦྲུལ་ཐལ་ཞག་རཀྟས་བརྒྱན། །གདུག་རྩུབ་མེ་ཡི་ནང་ན་བཞུགས། །དཔལ་གྱི་འོད་ཟེར་ཕྱོགས་བཅུར་འཕྲོ། །སྔོོན་གྱི་དམ་བཅའ་མ་སྙེལ་བར། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །བྷྱོ གཡོན་གྱི་ཕྱོགས་ན་སྐུ་སྤྲུལ་པ། །ཉེ་གནས་ཀྲོ་ཏི་ཤྭ་རི་མ། གཏུམ་མོ་ཆེན་མོ་འཇིགས་གཟུགས་ཅན། །ཞལ་གཅིག་ཕྱག་གཉིས་འཇིགས་པའི་གཟུགས། །ཁྲག་རལ་ནག་མོ་མུན་ལྟར་འཐིབས། །སྐུ་སྟོད་ཞིང་གི་གཡང་གཞི་ལ། །ཉི་ཟླ་གཟའ་སྐར་འཇའ་ཚོན་འཁྱུག །སྐུ་སྨད་སྟག་ལྤགས་རེ་ལྡེ་ལ། །སྦྲུལ་ནག་ཆུ་སྲིན་ཐོད་པས་བརྒྱན། །གཡས་པ་སྦྲུལ་ཞགས་ཡབ་ལ་འཁྱུད། །གཡོན་པ་ཐོད་སྐྱོགས་ཁྲག་གི་བཀང། །རུས་བཅུད་རྐང་མར་ཀླད་ཁྲག་རྣམས། །འབྲུ་མར་ཆང་གི་སྦྱར་བ་དག །རྟག་པར་རང་གི་ལོངས་སྤྱོད་བྱེད། །ཡབ་ལ་བསྟབ་ཅིང་དགྲ་ལ་འཕེན། །སྔོན་གྱི་དམ་བཅའ་མ་སྙེལ་བར། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །བྷྱོ་ཆེ་མཆོག་ཐུགས་ཀྱི་སྤྲུལ་པ་ནི། །ལས་ཀྱི་མགོན་པོ་ནག་པོ་བཞེངས། །ཞལ་གཅིག་ཕྱག་གཉིས་གཅེར་བུའི་སྐུ། །གཡས་པ་གྲི་གུག་སྔོན་པོ་འདར། །གཡོན་པ་བྷནྡྷ་སྙིང་ཁྲག་འཐུང་། །ཞབས་གཉིས་དམ་ཉམས་སྟེང་ན་བགྲད། །མོན་པ་འབུམ་ཕྲག་ཕོ་ཉར་འགྱེད། །ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ། །དམ་ཉམས་དགྲ་བོ་ལས་ངན་འདི། །ཤོ་ར་རེའོ་མ་བཏང་ཅིག །ཆེད་འགའ་དྲག་ཏུ་བསྐུལ་བའི་ཚེ། །རབ་ཏུ་བྱུང་བའི་ཆ་བྱད་ཅན། །གཡས་པས་སྲེག་ཤིང་གཡོན་པ་ན། །བདུད་ཀྱི་སྤར་བུ་ནག་པོ་ཐོགས། །ཆོས་གོས་ནག་པོ་ཕྱིར་ལོག་གོན། །ཆོས་ཀྱི་གླེགས་བམ་ཁུར་དུ་ཁུར། །དྲག་པོའི་སྔགས་བཟློས་དི་རི་རི། །ལོངས་སྤྱོད་མི་སྙིང་དམར་ལ་བྱེད། །དམ་ཉམས༴ ཤོ་ར་རེའོ༴ མཆེད་འགའ༴ དེ་ཡི་ཐུགས་ཀྱི་དགེས་སྡེ་མོ། །བྱང་ཤར་མཚམས་ན་གནས་བཅས་པའི། །སྣང་མཛད་མི་གཡོ་གཙུག་ཏོར་ཅན། །སྐམ་མ་ཆུ་འཇིག་ཁྲོས་པའི་ཚེ། །ཕྱག་ན་རྡོ་རྗེའི་བཀའ་སྡོད་ཕོ་ཉ་མོ། །འཁོར་གྱི་མ་མོ་འབུམ་ཕྲག་ལས་ལ་བསྐུལ། །དམ་ཉམས༴ ཤྭོ་ར་རེའོ༴ ཆེད་འགའ༴ མཐིང་ནག་དར་གྱི་འཇོལ་བེར་ཅན། །ཆུ་དར་ལྗང་ཁུ་ཐོད་དུ་བཅིངས། །ཙན་དན་སྨུག་པོའི་གྱིང་བེང་ཅན། །ཁྲོས་པའི་ཆ་བྱད་ཆེན་པོ་ཡིས། །དམ་ཉམས༴ ཤོ་ར་རེའོ༴ ཆེད་འགའ༴ གཅེར་བུ་ཁམ་ནག་རལ་པ་ཅན། །ཁ་ནས་ཁྲག་འཛག་ཐོད་ཕྲེང་ཅན། །མིག་ནས་མེ་ཡི་ཕུང་པོ་འབར། །གཡས་པ་མེ་དཔུང་འབར་བས་བསྲེག །གཡོན་པ་ལྕགས་ཀྱུའི་དོན་སྙིང་འབྱིན། །མི་རོ་རློན་པའི་གདན་ལ་བཞུགས། །དམ་ཉམས༴ ཤོ་ར་རེའོ༴ ཆེད་འགའ༴ གདོང་བཞི་གདོང་ནག་ཐོད་ཕྲེང་ཅན། །ནག་པོ་རལ་ཅན་ཚིག་ཅིང་འཕྲོ། །ཕྱག་བཞི་གདེངས་པའི་ཆོ་འཕྲུལ་ལག །ཞབས་བཞི་ཞབས་གཉིས་རྫུ་འཕྲུལ་རྐང་། །གཡས་ཀྱི་དང་པོ་གྲི་གུག་འདེབས། །འོག་མ་བསེ་མདུང་དགྲ་ལ་ཕྱར། །གཡོན་གྱི་དང་པོ་རྒྱུ་ཞགས་ཐོགས། །འོག་མ་ཟངས་གྲི་རྣོ་དབལ་ཕྱར། །མི་རོ་ཟ་ཞིང་ཐོག་སེར་འབེབས། །ཁྱོད་ཀྱི་ཞབས་ཀྱི་ལོང་བུ་ལ། སྟག་སྨད་རྒྱལ་པོ་འཁྱུགས་སེ་འཁྱུག །གནོད་སྦྱིན་འཁོར་ཚོགས་ལས་ལ་འགྱེད། །ཁྱོད་ཀྱི་སྟ་ཟུར་གཡས་གཡོན་ལ། །ཕོ་སེང་གཡས་ལ་མོ་སེང་གཡོན། །རལ་པ་སྔོན་པོ་སྙིགས་སེ་སྙིག །ཁྲོ་བོའི་ཚོགས་ཀྱི་སྤྲུལ་པ་འགྱེད། །ཁྱོད་ཀྱི་རྩིབས་ལོགས་གཡས་གཡོན་ན། །འཕར་བ་རྐང་སྡེབས་ཁྱུགས་སེ་ཁྱུག །དྲེད་མོ་ལག་སྡེར་ཆེམས་སེ་ཆེམ། །ཟ་བྱེད་ཚོགས་ཀྱི་སྤྲུལ་པ་འགྱེད། །ཁྱོད་ཀྱི་སྨིན་ཁྱུག་གཡས་གཡོན་ན། །བྱ་ཁྱུང་རྒྱལ་པོ་ག་རུ་ན། །ཁྱུང་གི་རྔམ་སྒྲས་གདུག་པ་འདུལ། །སྲིན་པོའི་ཚོགས་ཀྱི་སྤྲུལ་པ་འགྱེད། །ཕྱག་ན་རྡོ་རྗེའི་བཀའ་སྡོད་ཅིང་། །བསྟན་པ་གཤིགས་པ་མྱུར་དུ་སྒྲོལ། །བྷྱོ་ཁྱོད་ཀྱི་བཀའ་ཉན་ལས་བྱེད་པ། །ཉེ་གནས་དུང་བའི་མ་སྲིང་བརྒྱད། །ག་རི་ཙ་རི་སྤྲ་མོ་ཧ། །བིདྡྷ་ལི་དང་པུཀྐ་སི། །ཙནྜ་ལི་སྟེ་སྲིན་མོ་ཀུན། །རྔམས་ཤིང་གཏུམ་པའི་མ་ཚོགས་རྣམས། །འཇིགས་པའི་གཟུགས་ཅན་མཚོན་ཆ་ཐོགས། །སྡང་བའི་དགྲ་བོ་ཉམས་པ་འདི། །སྲོག་ལ་ཧུར་ཐུཾ་དུས་ལ་བབས། །སྲིད་པའི་བུ་མོ་དྲི་ཟ་བརྒྱད། །སེང་སྟག་ཝ་སྦྱང་བཞད་ཀྱི་གདོང་། །ཀང་ཀ་བྱ་རོག་འུག་གདོང་ཚོགས། །སྲོག་ལ་རྔམ་ཞིང་བསྟོད་པའི་ཚོགས། །ཉམས་པ་སོད་ལ་གློ་སྙིང་ཟོ། །ཆོ་འཕྲུལ་སྣ་ཚོགས་དགྲ་ལ་ཐོང་། །དུར་ཁྲོད་གནས་པའི་སྒོ་བསྲུང་བཞི། །རྩོན་མོ་གདོང་མོ་འགར་ལོག་མོ། །འཇུག་སྲོག་མོ་སྟེ་མ་མོ་བཞི། །རྣལ་འབྱོར་འཁོར་བཅས་བར་ཆད་བསྲུངས། །དམ་ཉམས་དགྲ་བོའི་ཡན་ལག་ཆིངས། །དུར་ཁྲོད་བདག་མོ་གྲུ་འདེབས་བཞི། །སྐམ་པ་ཤིན་དུ་སྐམ་མ་དང་། །ར་རོ་མ་དང་ཁྲག་འཐུང་མ། །ཆགས་པའི་ཚུལ་གྱི་སྲོག་དབུགས་ལེན། །དམ་ཉམ་དགྲ་བོའི་དབུགས་ལོང་ཞིག །སྨྱོ་འབོག་བཏང་བའི་དུས་ལ་བབས། །ལྷ་ཡི་དེད་དཔོན་ཀ་རུ་ཎའི། །ཆུང་མ་བུ་མོ་སྲིན་མོའི་ཚོགས། །འཕྲོགས་ནས་དབང་དུ་བྱས་པ་ཡིས། །སྲིན་མོ་མི་བསྲུན་དྲག་ཤུལ་ཅན། །བཅུ་གཉིས་དང་ནི་བཅོ་བརྒྱད་སོགས། །གཙོ་བོ་ཕྲ་མེན་གནོད་སྦྱིན་མ། །སྲིན་མོ་ཤ་ཟ་ཁྲག་འཐུང་མའི། །དམ་ཉམས་དགྲ་བོའི་བཀྲག་མདངས་ཕྲོགས། །ཚེ་དང་སྲོག་དབུགས་བླ་ལ་དབྱངས། །སློབ་དཔོན་དམག་དཔོན་སྡེ་དཔོན་མོ། །རུ་དཔོན་ཕོ་ཉ་མངག་པར་བྱ། །ཅི་བགྱིད་བཀའ་ཉན་ཕོ་ཉའི་ཚོགས། །སྲིན་མོའི་དམག་དཔུང་དགྲ་ལ་དྲོངས། །སྲིན་མོའི་གཟའ་ཚོལ་དགྲ་ལ་ཡ། །རྦོད་གཏོང་རྔམ་པའི་དགྲ་སྙིང་ཁོས། །བམ་རི་ཐོད་པའི་ཕྱི་རོལ་ན། །རྣག་དང་ཆུ་སེར་འོབས་ནང་ན། །ཁྲག་དང་ཤ་ཆེན་བཤང་གཅི་དང་། །རྐང་དང་ཀླད་པ་ཀླད་རྒྱས་དང་། འབུ་དང་ཤིན་ཏུ་འབུ་ཆེན་དང་། །སྦྲང་མ་སྦྲང་རྒོད་བུང་བ་དང་། །དུག་སྦྲུལ་སྡིག་པའི་དོམ་ལ་སོགས། །དགྲ་བོའི་བླ་ཁྱིམ་རྨང་ནས་གཤིག །དགྲ་བོའི་ནང་ཁྲོལ་བལ་ལྟར་གཡེངས། །ཀང་ཀ་རུ་རྩེ་རྐང་ལྡག་དང་། །ཁྲག་ཐུང་མཆུ་དམར་ཁྭ་སྐྱེས་དང་། །བྱ་རོག་འུག་པ་ཁྲ་རྒོད་དང་། །བྱ་གཅན་མང་པོ་ལྡིངས་ཞིང་ལྡིང་། །དགྲ་བོའི་བླ་སྲོག་སྟེངས་ན་འཇུམ། ཤ་ལ་ཟ་ཞིང་རྒྱུ་མ་དྲོངས། །དབང་པོའི་དྭངས་མ་མིག་འབྲས་ཕྱུངས། །སྙིང་དང་གློ་མཆེར་མཁལ་མ་སོགས། །དོན་སྙིང་རྨད་ལྔ་རྩད་ནས་ཕྱུངས། །ལྕེ་སྤྱང་སྟག་སེང་དོམ་དང་དྲེད། །འཕར་བ་རྐང་བསྡེབས་ལ་སོགས་པའི། །གཅན་གཟན་གདུག་པའི་ཚོགས་རྣམས་ཀུན། །དམ་ཉམས་ཤ་རུས་བཅུད་ལ་རོལ། །མྱུར་དུ་སོད་ལ་ཁྲག་ལ་ཐུང་། །དུར་ཁྲོད་མཁའ་འགྲོ་མ་མོ་ཀུན། །བཤུགས་གླུ་ལེན་ཅིང་དམག་ཚོགས་ཁྱོད། །དམ་ཉམས་སྲོག་དབུགས་དང་ལ་ཡ། །དགྲ་བོའི་ཤ་རུས་ཁྲག་ལ་རོལ། །མ་ཧཱ་ཀ་ལ་དྲག་པོའི་ཚོགས། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས། །དམ་རྫས་མཆོད་པ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་པ་དབུས་ཀྱི་གཙོ་བོ་བསྐུལ་བའི་ལེའུ་སྟེ་བརྒྱད་པའོ། །བྷྱོ། ཤར་ཕྱོགས་ཐོད་མཁར་འཇིགས་པ་ནས། །ཁྲོ་བོའི་ཚོགས་དང་སྤྲུལ་པའི་འཁོར། །ཁྲོ་བོ་བཛྲ་ཀིང་ཀ་ར། །སྐུ་མདོག་མཐིང་ནག་འཇིགས་ཚུལ་བརྗིད། །ཕྱག་གཡས་མཚོན་ཆའི་འཁོར་ལོ་བསྐོར། །དམིགས་བྱའི་མགོ་ལུས་དུམ་བུར་གཏུབས། །གཡོན་པ་ཐོད་པ་རློན་པ་རུ། །སྙིང་ཁྲག་འཐུང་ཞིང་དམིགས་པ་སྒྲོལ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཁྱོད་ཀྱི་བཀའ་འཁོར་ལས་བྱེད་ནི། །གྲི་ཐོགས་གྱིང་ཆེན་སུམ་ཅུ་འགྱེད། །གསང་བའི་བདག་པོས་དབང་བསྐུར་ནས། །རྡོ་རྗེ་ཆོས་ཀྱི་མིང་བཏགས་ནས། །ཞེ་སྡང་འབར་བའི་ཀློང་དཀྱིལ་ནས། །མཐིང་ནག་འབར་བའི་ཆ་བྱད་ཅན། །ལྟས་ངན་སྣ་ཚོགས་སྤྲུལ་པ་འགྱེད། །རྡོ་རྗེ་ལུ་གུ་ཞེས་བྱ་བའི། །གྲི་ཐོགས་ཆེན་པོའི་དུས་ལ་བབས། །རྒྱལ་བའི་དགོང་པ་ཀུན་འདུས་པའི། །འོད་ཕུང་འཁྲིགས་པའི་ཁྲོ་བོ་བཞི། །མི་ཟད་ལག་རིང་ཁྲོས་པའི་ལུས། །རྡོ་རྗེ་དྲག་པོ་ཁྲོ་བོ་རྩལ། །གྲི་ཐོགས༴ སེར་ནག་འཇིགས་པ་སྦྲུལ་གྱི་བརྒྱན། །ཁ་ནས་མེ་འབར་སྟོང་གསུམ་བསྲེག །རིག་འཛིན་བདུན་དང་དཔུང་ཚོགས་བདག །རིན་ཆེན་མྱུར་གུ་ཞེས་བྱ་བས། །གྲི་ཐོགས༴ དམར་ནག་ཁྲག་གི་རལ་པ་ཅན། །པདྨའི་མེ་ཏོག་འབུམ་གྱིས་བརྒྱན། །དུར་ཁྲོད་མཁའ་འགྲོའི་ཚོགས་ཀྱི་བདག །རྡོ་རྗེ་ཆོས་ཀྱི་ལས་མཁན་པོ། །གྲི་ཐོགས༴ ཆོས་བཟང་ལྷ་ཡི་འདུན་ས་རུ། ལྷ་ཡི་དམག་དཔོན་ཆེན་པོ་སྟེ། །ལྗང་ནག་ལུས་ལ་རྫུ་འཕྲུལ་ཅན། །རྡོ་རྗེ་ལས་རབ་དྲག་པོ་རྩལ། །གྲི་ཐོགས༴ ནམ་གྱི་ཕར་ཕྱེད་ཚུར་ཕྱེད་ན། སྐྱེས་པ་དར་མའི་སྲོག་གཅོད་ཅིང་། །བུད་མེད་མངལ་བུ་སྲིད་ཁ་སྡོམས། །སྤྱུག་གླུ་ལེན་ཅིང་འཁོར་ལོས་གཅོད། །རྡོ་རྗེ་ཟླ་བཟང་མཐུ་བོ་ཆེ། །གྲི་ཐོགས༴ སྐུ་མདོག་དམར་ནག་ཁྲག་གི་མདོག །ལྕེ་སྤྱང་དམར་པོ་སྤྲུལ་པར་འགྱེད། །མི་ཟད་ལག་རིང་ཆེན་མོ་སྡེ། །རྡོ་རྗེ་ཉི་མ་མདངས་ཆེན་པོ། །གྲི་ཐོགས༴ རྔམས་པའི་ང་རོས་གསང་སྔགས་ནི། །ནམ་མཁའི་ཁམས་ནས་འབྲུག་སྒྲ་གྲོགས། །མཆེ་བ་རྔམས་པས་དགྲ་སྙིང་འབྱིན། །རྡོ་རྗེ་སེང་ཆེན་མཐུ་བོ་ཆེ། །གྲི་ཐོགས༴ ནག་པོ་མི་བཟད་སྤྱན་གསུམ་པ། །ཤྭ་ན་ཁྱི་གདོང་འཇིགས་པའི་གཟུགས། །ལྕགས་ཀྱི་སྤྱང་མོ་མགོ་དགུ་པ། །རྡོ་རྗེ་འཆང་གི་མཐུ་བོ་ཆེ། གྲི་ཐོགས༴ མི་རྟོག་རྟོག་ལ་གནས་པའི་སྐུ། །ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས། །མཚོན་ཆ་སྣ་ཚོགས་ཆར་དུ་འབེབས། །རྡོ་རྗེ་ནམ་མཁའ་མཐུ་བོ་ཆེ། །གྲི་ཐོགས༴ མི་ཟད་ཁྲོ་བོ་ཆེན་པོ་ནི། །དུས་བཞི་ཀུན་ཏུ་ཉུལ་བྱེད་ཅིང་། །ཉམས་པའི་དགྲ་ལ་དུས་འབེབས་པའི། །རྡོ་རྗེ་དུས་མཚན་མཐུ་བོ་ཆེ། །གྲི་ཐོགས་༴ མཐིང་ནག་ཁྲོས་པའི་ཆ་བྱད་ཅན། །མི་མགོ་སྟོང་གི་ཕྲེང་བས་བརྒྱན། །ལྗང་ནག་དྲག་པོ་གསལ་ཤིང་ཅན། །ཕྱོགས་བཞི་དག་ཏུ་རྒྱུ་མཛད་ཅིང་། །ཕྱོགས་མཚམས་དག་ཏུ་རྒྱུག་མཛད་པ། །རྡོ་རྗེ་ཕྱོགས་འདུལ་མཐུ་བོ་ཆེ། །གྲི་ཐོགས༴ མཐིང་ནག་ཁྲོས་པའི་ཆ་བྱད་ཅན། །མི་མགོ་སྟོང་གི་ཕྲེང་བས་བརྒྱན། །མི་རོ་བམ་གྱི་གདན་ལ་བཞུགས། །རྡོ་རྗེ་དུར་ཁྲོད་བདག་པོ་བྱ། །གྲི་ཐོགས༴ གྲི་ཐོགས་གྱིང་ཆེན་བཅུ་གསུམ་པོ། །ལ་ལ་རཀྟའི་ཐིག་ལེ་ཅན། །ལ་ལ་ཞག་གི་ཟོ་རིས་ཅན། ལ་ལ་ཐལ་ཆེན་ཚོམ་བུས་བརྒྱན། །ལ་ལ་དྲིག་གི་ཨག་ཤམས་ཅན། །ལ་ལ་ལྕགས་གྲི་རྣོན་པོ་བསྣམས། །གློ་སྙིང་འབྱིན་ཅིང་ནང་ཁྲོལ་ཟ། །ཉམས་པའི་དགྲ་ལ་ཁྲ་ཚོགས་ཆོས། །གང་ལ་བྱ་བའི་ལུས་སྲོག་འཕྲོལ། །འབར་བ་ཁྲོ་བོའི་ཞལ་དུ་བཏབ། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། བྷྱོ། འཛམ་གླིང་ཉི་མ་ལྷོ་ཕྱོགས་ཕ་གི་ན། །སེང་གདོང་ཁྲ་བོ་བརྗིད་པའི་ནང་ཤེད་ན། །ལྕགས་མཁར་སྔོན་པོ་གནམ་དུ་ལྡེམས་སེ་ལྡེམ། །གཡས་ན་ཕོ་སེང་བརྒྱ་ཡིས་ཁ་ཡང་འཐབ། །གཡོན་ན་མོ་སེང་བརྒྱ་ཡིས་མཆེ་བ་བདར། །འོག་ན་ཞེ་སྡང་དུག་མཚོ་མེ་རེ་རེ། །སྟེང་ན་བསེ་ཡི་བྱ་གླག་བརྒྱད་ཁྲི་བཞི་སྟོང་ལྡིང་། །སྐེད་ལ་ཉི་མ་ཟླ་བའི་འོད་ཟེར་འཆར། །ངོས་ལ་ང་རྒྱལ་གློག་དམར་བྲེངས་སེ་བྲེང་། །བསེ་འབྲུག་ལྡིར་བ་གནམ་ལ་རྒྱུག་ཅིང་སྒྲོག །བསེ་ཡི་སེར་བ་ལུག་ཙམ་རྟག་ཏུ་འབབ། །དེ་འདྲའི་སྐུ་མཁར་འཇིགས་པའི་ནང་ཤེད་ནས། །མ་རུངས་གདུག་པ་ཀུན་གྱི་གཙོ་བོ་བཞུགས། །ཡབ་གཅིག་གནོད་སྦྱིན་ཟངས་མདོག་རྒྱལ་པོ་བཞུགས། །སྐུ་མདོག་དམར་ནག་བརྗིད་པ་ལ། །དབུ་ལ་རྒྱ་མདུད་འཁོར་ལོ་རྩེགས། །རལ་པ་དམར་པོ་སྤྲིན་ལྟར་གཏིབས། །སྤྱན་དམར་དམ་ཉམས་དགྲ་ལ་བཟློག །འཇིགས་པའི་ཞལ་ནི་བགྲད་པ་ལས། །མཆེ་བ་གནམ་ལྕགས་དགུ་ཁྲི་སྟོབས། །སྐུ་ལ་ཤུན་གྱི་གཡང་གཞི་གསོལ། །གཡས་ན་གསེར་གྱི་རལ་གྲི་ཕྱར། །གཡོན་ན་བསེ་མདུང་དམར་པོ་བསྣམས། །བ་དན་དམར་པོ་གློག་ལྟར་འཁྱུག །འཇིགས་སུ་རུང་དང་འཔའ་བྱད་ཅན། །སྔོན་དུས་ཞེ་སྡང་ལས་ལ་གྲུབ། །དོ་ནུབ་དྲག་པོའི་ལས་ལ་གཤེགས། །དེ་ཡི་ཡུམ་ཆེན་སྲིན་མོ་ནི། །བསེ་གདོང་ཟངས་མགྲིན་རྫུ་འཕྲུལ་ཅན། །སྔོ་དམར་ལུས་ལ་གཞའ་རིས་བརྒྱན། །རལ་པ་སྔོ་དམར་བུ་ཡུག་འཚུབས། །གཡས་པ་བྱད་ཐག་དགྲ་ལ་འཕེན། །གཡོན་པ་སྔོ་དམར་སྐྱལ་པ་འཕེན། །ཁ་རླངས་སྔོ་དམར་ནད་དུ་འཁྱིལ། །འཇིགས་པའི་སྤྱུགས་གླུ་རྩེ་རེ་རེ། །སྲིན་མོ་འབུམ་ཚོགས་ལས་ལ་བསྐུལ། །སྔོན་དུས༴ དོ་ནུབ་དྲག༴ ཁྱོད་ཀྱི་བཀའ་ཉན་ལས་བྱེད་པ། །བསེ་ཡི་སྡེ་དཔོན་གྱད་ཆེན་བཞི། །ལྷ་སྲིན་སྡེ་བརྒྱད་ལས་ལ་བསྐུལ། །དམ་ཉམས་སྲོག་གི་གཤེད་མ་གྱིས། །ས་བདག་བསེ་ཡི་ལྷ་མོ་བཞི། །བུད་མེད་སྡེ་བཞིའི་དམག་སྣ་དྲོངས། །འདུ་བ་རྣམ་བཞིའི་ནད་ཚོགས་རྒྱོབ། །སྙིང་ཟན་སྲོག་ལེན་སྲོག་ཕྲོག་ཚོགས། །འཁོར་གྱི་གྱིང་ཆེན་བཞི་བཅུ་གཉིས། །བསེ་ཁྲབ་བསེ་རྨོག་འོད་དུ་འབར། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། ཕྱག་ན་ཟངས་གྲི་རྣོ་དབལ་བསྣམས། །སྲོག་རྩ་བཅད་ནས་སྙིང་ཁྲག་འཐུང་། །བསེ་ཕུབ་དམར་པོའི་མེ་འོད་ཀྱིས། །སྣང་སྲིད་ཐམས་ཅད་འོད་དུ་འགོངས། །སྲིད་གསུམ་ལྷ་འདྲེ་འཁྲུགས་ཅིང་བསྐུལ། །གཏུམ་ཆེན་དྲེགས་པ་གིང་གི་ཚོགས། །ཤ་ཁྲག་སྲོག་དབུགས་མཆོད་པར་བཞེས། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །བྷྱོ། ཉི་མ་ནུབ་ཕྱོགས་ཡ་ཀི་ན། །དྲག་པོའི་ལྕགས་མཁར་འབར་བའི་ནང་ཤེད་ན། །སྲིན་པོ་ཡཀྴ་ཛྭ་ལ་གློག་ཕྲེང་དང་། །ཀླུ་མོ་ཧབ་ཤ་གདུག་པ་ཀླུ་ཡི་བུ། །ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུ། །འཇིགས་བྱེད་ཆེན་པོ་ར་ཧུ་ལ། །ལུས་པོ་གཅིག་ལ་མགོ་བོ་དགུ །མགོ་ལུས་མེད་པར་མིག་གིས་ཁེངས། །རོ་སྟོད་སྲིན་པོ་རོ་སྨད་སྦྲུལ། །སྐུ་མདོག་བརྗིད་པའི་དུད་ཁ་ལ། །གཡས་པ་རྡོ་རྗེ་གྲི་གུག་གིས། །ཉམས་པའི་ཁོག་ཤོག་ཙིཏྟ་ཕྱུང་། །གཡོན་པ་ཆུ་སྲིན་ཞགས་པ་ཡིས། །བླ་སྲོག་འཛིན་ཅིང་དམ་དུ་འཆིང་། །ཉི་མ་ཟླ་བ་ལྟོ་བར་ཟ། །ཉི་མའི་རྗེས་གཅོད་ཤར་དུ་རྒྱུག །ཟླ་བའི་རྗེས་གཅོད་ནུབ་ཏུ་རྒྱུག །ཉིན་མོ་རྒྱུ་བཞིན་བླ་སྲོག་སྡུད། །མཚན་མོ་རྒྱུ་ཞིང་སྲོག་དབུགས་གཅོད། །དམག་དཔོན་ཆེན་པོའི་དུས་ལ་བབ། །གཟའ་བདུད་ཆེན་པོའི་དུས་ལ་བབ། །དབང་ཕྱུག་ཆེན་པོའི་དུས་ལ་བབ། །ནམ་མཁའི་ཁམས་ནས་འབྲུག་སྒྲོགས་ཤིང་། །བར་སྣང་ཁམས་ནས་གློག་ཆེན་འཁྱུག །ས་ཡི་དཀྱིལ་དུ་ཐོག་ཆེན་འབེབས། །རྒྱ་མཚོའི་དཀྱིལ་ནས་སེར་ཆེན་འགྲིལ། །དམ་ཉམས་དགྲ་བོའི་གཤེད་མ་གྱིས། །ལོ་ལ་ཁྲག་གི་སེར་བ་ཕོབ། །སྲོག་ལ་གློ་བུར་ཡེ་འགྲོག་ཐོང་། །ཕྱོགས་བཞི་ནམ་མཁའི་དཀྱིལ་ཡངས་ནས། །ངན་སྔགས་བདག་མོ་གདོང་མོ་བཞི། །ཆོ་འཕྲུལ་སྤྲུལ་པ་དགྲ་ལ་ཐོང་། །ཕོ་ལྷོགས་ལ་སོགས་ནད་མཚོན་རྒྱོབ། །ཕྱོགས་བཞི་མཚམས་བཞི་སྟེང་འོག་ནས། །སྲིན་པོའི་རྒྱལ་པོ་ཆེན་པོ་བཅུ། །མདོག་ནི་མ་ངེས་ཁྲོས་པའི་ཞལ། །མཚོན་ཆ་སྣ་ཚོགས་འཁོར་ལོ་སྒྱུར། སྤྲུལ་པ་ལྷ་སྲིན་སྡེ་བརྒྱད་འགྱེད། །བསྟན་པ་བསྲུང་བར་དམ་བཅས་པའི། །དམ་ཚིག་ཆེན་པོའི་དུས་ལ་བབས། །དམ་ཉམས་སྲོག་རྩ་དམར་པོ་ཆོད། །རི་རབ་རྡོ་འཕེན་འུ་རུ་རུ། །རྒྱ་མཚོ་ཞོ་འཕྲོག་ཆི་ལི་ལི། །གནམ་ས་བསྒྱུར་བའི་དུས་ལ་བབ། །སྲོག་རྩ་གཏུབས་ལ་སྙིང་གོང་ཆོད། །མཛེ་འབྲས་སྨྱོ་འབོག་ལ་སོགས་པ། །དགྲ་བོའི་རྩ་བ་རླུང་ལ་བསྐུར། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ཞེས་གསུངས། མ་ཧཱ་ཀཱ་ལ་སྲིན་པོའི་ཚོགས་ལས་ལ་བསྐུལ་བའི་ལེའུ་སྟེ་བཅུ་གཅིག་པའོ། །བྷྱོ། ཉི་མ་བྱང་ཤར་ཕ་གི་ན། །ཁྲག་མཚོ་ཁོལ་མ་མེ་རེ་རེ། །དུག་རླངས་ན་བུན་ཕྱུ་རུ་རུ། །མཚོན་སྤྲིན་སྔོ་དམར་རྦ་རླབས་ཆི་ལི་ལི། །བསེ་མཁར་སྨུག་པོ་གནམ་དུ་ཟེངས་སེ་ཟེང་། །དུར་བྱ་ཀཾ་ཀའི་ཚོགས་ནི་ལྡིང་ཞིང་འཛུམ། །ལྕེ་སྤྱང་ལིང་དུས་ཚོགས་ནི་དི་རི་རི། །ནད་ཀྱི་མཚོན་སྤྲིན་སྔོ་དམར་ཐིབས་སེ་ཐིབ། །མ་གཅིག་དཔལ་ལྡན་གཉེན་གྱི་རེ་མ་ཏི། །ཡ་མཚན་བུད་མེད་ནག་མོ་རྔམས་པའི་གདོང་། །སྐུ་མདོག་མཐིང་ནག་འཇིགས་པ་ལ། །ཁྲག་གི་རལ་པ་མུན་ལྟར་གཏིབས། །སྤྱི་བོའི་གཙུག་ན་ཟླ་བ་འཆར། །ལྟེ་བའི་དབུས་ན་ཉི་མ་འཆར། །སྲིད་པ་གསུམ་ལ་བླ་ཚེ་བརྐུ། །སྙན་ཆ་སེང་སྦྲུལ་དྲིལ་བུས་བརྒྱན། །ཐམས་ཅད་ཟིལ་གནོན་གདུག་པ་འདུལ། །སྐུ་སྟོད་ཞིང་གི་གཡང་གཞི་ལ། །རྒྱུ་ཕྲེང་ཁྲག་དང་ཞག་གིས་བརྒྱན། །སྐུ་སྨད་རེ་ལྡེའི་ཤམ་ཐབས་ལ། །སྦྲུལ་དང་ཐོད་རློན་དྲིལ་བུ་བརྒྱན། །ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས། །དྲག་པོ་མཚོན་ཆའི་ལྟེ་ལན་ཅན། །གཡས་ན་གཤིན་རྗེའི་ཁྲམ་བམ་བསྣམས། །གཡོན་ན་ནད་ཀྱི་རྐྱལ་པ་བསྣམས། །བཙན་གྱི་ཤྭ་རྡེལ་ཕྱོགས་བཅུར་འཐོར། །ནད་ཀྱི་རྐྱལ་པ་ཕྱོགས་བཅུར་སྡེབས། །འཚུབ་ནག་སྟོང་གི་ནང་ན་བཞུགས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཟ་བྱེད་ཚོགས་ཀྱི་སྤྲུལ་པ་ཁྱོད། །བར་སྣང་ཁམས་ཀྱི་ཟ་བྱེད་མ། །ནག་མོ་ར ལ་ཅན་བྱེ་བ་འབུམ། །རྡོ་རྗེ་རིགས་ཀྱི་རྣལ་འབྱོར་མ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཤར་ཕྱོགས་ཁམས་གྱི་ཟ་བྱེད་མ། །དཀར་མོ་རལ་ཅན་བྱེ་བ་འབུམ། །སངས་རྒྱས་རིགས༴ ཁྱོད་ཀྱི་ཤར་གྱི་དགྲ་བགེགས་ཐུལ། །ལྷོ་ཕྱོགས་ཁམས༴ སེར་མོ་རལ་ཅན་ཁྲོས་པའི་ཚེ། །རིན་ཆེན༴ ཁྱོད་ཀྱི༴ ནུབ་ཕྱོགས་ཁམས། དམར་མོ་རལ་ཅན་ཕོ་ཉར་བཅས། །པདྨ་༴ ཁྱོད་ཀྱི༴ བྱང་ཕྱོགས་ཁམས་ཀྱི་ཟ་བྱེད་མ། །ལྗང་ནག་རལ་ཅན་རྔམས་པའི་ཚོགས། །ལས་ཀྱི༴ ཁྱོད་ཀྱི་བྱང་༴ ཅེས་གསུངས་སོ། །དཔལ་མ་ཧཱ་ཀཱ་ལའི་མ་མོའི་ཚོགས་བསྐུལ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།རྒྱུད་མཚོན་ཆ་སྔོན་རོལ་ལས། བལ་པོ་བྷ་སུ་རྡ་རས། གནུབས་སངས་རྒྱས་ཡེ་ཤེས་ལ་གདམས། །བླ་མ་ཟུར་གྱི་བཀའ་བསྲུང་། འགྲོ་དོན་རྒྱུད་པའི་ཕོ་ཉའོ། །དེ་ནས་སྨོན་ལམ་འདི་ལྟར་གདབ་སྟེ། ཧོ་མགོན་པོ་ཁྱེད་མཆོད་བྱིན་བརླབས་ཀྱི། །སེམས་ཅན་ལེགས་དོན་འབྱོར་པ་ལ། །བགེགས་ནི་རྣམ་ཀུན་མེད་པར་ཤོག །རྟ་དང་བ་གླང་ནོར་དང་འབྲུ། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །དགེ་ཞིང་ཚེ་རིང་ནད་མེད་པར། །ཐམས་ཅད་འབྱོར་པ་ལྡན་པར་ཤོག །འགྲོ་ལ་ཕན་བདེས་ཁྱབ་གྱུར་ནས། །ནད་དང་མུ་གེ་ཀུན་བྲལ་ཞིང་། །རྒྱལ་པོ་དགེ་ཞིང་དེས་པ་རྣམས། །ཆོས་ཀྱི་རྒྱལ་སྲིད་སྐྱོང་བར་ཤོག །བདེ་བར་གཤེགས་པའི་བསྟན་པ་འདི། །ཕྱོགས་དུས་ཀུན་ཏུ་དར་རྒྱས་ནས། །མཐའ་ཡས་སེམས་ཅན་ཐམས་ཅད་ཀྱང་། །ཆོས་ཀྱི་སྣོད་དུ་འགྱུར་བར་ཤོག །དགེ་བ་ཐམས་ཅད་ལེགས་བསྔོ་ཞིང་། །མགོན་པོ་མཆོད་རྟེན་མཐུ་དཔལ་གྱིས། །བདག་དང་བདག་འཁོར་སྦྱིན་བདག་རྣམས། །ཁྱད་པར་རྡོ་རྗེ་ཐེག་མཆོག་གི །རིམ་གཉིས་ཟབ་མོ་མཐར་ཕྱིན་ནས། །འབྲས་བུ་སྐུ་གཉིས་མཆོག་ཐོབ་ནས། །དོན་གཉིས་ཕུན་སུམ་ཚོགས་པར་ཤོག །དེ་ལྟར་གནས་སྐབས་མཐར་ཐུག་གི །དུས་དང་རྣམ་པ་ཐམས་ཅད་དུ། །ཆོས་སྐྱོང་རྒྱལ་པོ་དཔལ་མགོན་ཆེ། །ཁྱེད་དང་མི་འབྲལ་འགྲོགས་པར་ཤོག །བླ་མ་མཆོག་དང་ཡི་དམ་ལྷ། །དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། །བདེན་པའི་བྱིན་རླབས་ལ་བརྟེན་ནས། །སྨོན་ལམ་འདི་དག་འགྲུབ་གྱུར་ཅིག །ད་ལྟ་སྙིགས་མ་ལྔ་བདོའི་དུས་འདི་ན། །བཀའ་གསང་རྨད་བྱུང་དོན་ལ་བདག་སྤྱོད་ཀྱི། །དམ་ཚིག་དབང་གི་ལུས་དང་གྲིབ་མ་ལྟར། །འགྲོགས་ཏེ་བདག་འཁོར་ལོངས་སྤྱོད་བསྲུང་ཞིང་སྐྱབས། །ཞེ་སྡང་གདུག་པའི་དགྲ་བགེགས་གང་བྱུང་དུས། །དཔལ་མགོན་ཁྱེད་ཀྱི་མཐུ་རྩལ་དེར་ཕྱུང་ཞིང་། །རྟགས་དང་ཆོ་འཕྲུལ་དངོས་སུ་བསྟན་པ་དང་། །མངོན་སྤྱོད་དྲག་པོའི་ཕྲིན་ལས་གྲུབ་པར་མཛོད། །མ་ཧཱ་ཀཱ་ལའི་མཆོད་སྤྲིན་བལ་པོ་བྷ་སུ་དྷ་རས་མཛད་པ་རྫོགས་སོ།། །།རྒྱུད་མཚོན་ཆ་སྔོན་རོལ་ལ་བརྟེན་ནས། བལ་པོ་བྷ་སུ་དྷ་རས་མཛད་པ། གནུབས་ཆེན་པོ་སངས་རྒྱས་རིན་པོ་ཆེ་ལ་གདམས་ནས་རིམ་པས་བརྒྱུད་དེ། འགྲོའི་སྔགས་འཆང་ནམ་མཁའི་རྣལ་འབྱོར་གྱིས། །བདག་བླན་གྱི་བན་དྷེ་དཔལ་ལྡན་མགོན་པོ་ལ། །ཐུགས་དགོས་བཞིན་པའི་སྒོ་ནས། །རྟ་ནག་གི་དབེན་གནས་བདེ་ཆེན་སྒྲོལ་པ་སྦུབ་ཏུ། །དག་ལུང་རྫོགས་པར་གནང་བ་ལགས་སོ། །བདག་སླན་བན་གྱི་བཀའ་བསྲུང་། །བསྟན་པ་བསྲུང་བའི་བ ཙས་སུ་ཆེའོ། ༈ །འབྲུབ་ཁུང་ལས་ཀྱི་ལེགས་ལྡན་དཀྱིལ་འཁོར་བཞུགས་སོ། ༈ །དཔལ་བཛྲ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་ཉིད་དང་མཚུངས་པ་ལ། །གཟུགས་སྐུ་རྣམ་གཉིས་འགྲོ་བའི་དོན་སྤྲུལ་མཛད། །ལྔ་བཅུ་རྩ་བརྒྱད་སྤྲུལ་པ་ཡང་སྤྲུལ་ལ། །བདག་ཉིད་དང་བས་ཀུན་ནས་ཕྱག་འཚལ་ལོ། །མར་ཁུ་ལྟ་བུའི་བསྟན་པ་དམ་པ་ལ། །གནོད་བྱེད་དགྲ་བགེགས་བསྒྲལ་བའི་ལས་འདི་བརྩམ། །དཀྱིལ་འཁོར་བདུན་པའི་ལས་རིམ་ལ། །ལས་ལ་སྦྱར་བའི་རིམ་པ་ནི། །ཀོ་ཀ་ཐང་དམར་མཚོ་ཡིན་ནོ། །འབྲུབ་ཁུང་དྲག་ཤུལ་ཅན་གྱི་གནས། །རྡོ་རྗེ་ཐབས་ཀྱི་ལྟ་བའི་ཡུལ། །དུར་ཁྲོད་བདག་པོ་འཁོར་དང་བཅས། །བདག་ནི་བཀའ་ཡི་ལས་མཁན་ཏེ། །སངས་རྒྱས་ཀུན་གྱི་གདུལ་དཀའ་བ། །དེ་དག་མ་ལུས་བདག་གི་འདུལ། །གསུངས་པའི་དོན་ནི་འདི་ཡིན་ཏེ། །ལས་ལ་སྦྱར་བ་གཉིས་སུ་བསྟན། །རྫས་བཤམས་པ་དང་ཏིང་འཛིན་ནོ། །རྫས་ནི་འབྲུབ་ཁུང་ལིདྒ་དང་། །འཁོར་ལོ་སྦྱིན་བསྲེག་མནན་པའོ། །འབྲུབ་ཁུང་རིམ་པ་གཞུག་ན་གསལ། །ལིདྒ་གྲོག་ཤིང་ས་དང་ནི། །ཁུང་ཧྲུལ་ས་དང་ཕུང་པ་དང་། །ཆུ་ཆེན་ཕར་འགྲམ་ཚུར་འགྲམ་ས། །རྗེས་ས་ལ་སོགས་ས་སྣ་ལྔ། །བཤང་གཅི་དགྲ་ཡི་ཁ་ཆུ་མིག་ཆུ་དང་། །ལུས་ཀྱི་དྲི་མ་གོས་དུམ་དང་། །ས་སྤྱིན་དག་དང་སྦྱར་བྱས་ལ། །ལིདྒ་ཕྱག་རྒྱ་བཞི་ཡིས་བརྒྱ། །སྙིང་ཁར་མིང་རུས་སྣེ་ནས་དཀར་ནག་གི་བཏགས་ལ། །ལིདྒའོ། །མདའ་དང་གསལ་ཞིང་རྣམས་ལ་འདུད། །ཛ་ཧཱུྃ་བཾ་ཧོ་བཞིའོ། །ཎི་དང་ནི། སརྦ་ཤ་ཏྲུཾ་མ་ར་ཡ་ཕཊ། ཅེས་བྱ་བ་སྙིང་ཁར་གཞུག །འབྲུབ་ཁུང་གཞུག་ཅིང་རྟེན་ལ་འདུད། །མཁར་གྱི་ཕྱོགས་བཞི་དབུས་དང་ལྔ་གྲུ་གསུམ་ལྕགས་ཁང་རྣམས་སུ། །ཤོག་བུའི་ལིདྒ་གོང་བཞིན་གཞུག །རང་རང་རྟེན་རྫས་སྟེང་ནས་མནན། །དུས་བཞིར་ཚོགས་ཀྱི་ལྷག་མ་ལ། །གོང་གི་རྫས་བཅས་ལིདྒ་ནི། །དུས་བཞིར་བསྒྲལ་ཞིང་བསྐྱེད་པ་བསྟན། །མགོ་ངོས་ལིདྒ་མནན་པ་བྱ། །རྐང་ངོས་ལིདྒ་སྦྱིན་བསྲེག་བྱ། །འབྲུབ་ཁུང་ལས་ཀྱི་རིམ་པའོ། །ཏིང་ངེ་འཛིན་གྱི་རིམ་པ་ནི། །ད་ནི་ལས་ལ་སྦྱར་བ་ཡིས། །གཏོར་མ་ལ་སོགས་མཆོད་པ་རྣམས། །བསྒྲུབ་པ་ཆེན་པོའི་དུས་བཞིན་དུ། །དུས་བཞིར་ཚོགས་ཀྱི་མཆོད་པ་བྱ། །མཉེས་ཤིང་མགུ་བ་ཚུལ་བཞིན་བྱ། །གོང་བཞིན་ལྷག་མའི་ལིདྒ་བསྒྲལ། །ཇི་སྲིད་མཚན་མ་རྙེད་ཀྱི་བར། །ཡང་ན་གཙོ་འཁོར་འབུམ་དང་ཁྲི། །བཞི་སྙིང་ཅིག་ཏུ་དྲིལ་བའི་སྔགས། །རྔམས་པའི་ང་རོས་འདོན་པ་ནི། །བདག་ཉིད་དཔལ་ཆེན་ཧེ་རུ་ཀའི། །ཐུགས་ཀྱི་གསང་མཆོད་དག་ལ་ནི། །ཕྱི་ནང་གསང་བའི་རུ་ཏྲ་ཡིས། །འོད་ཟེར་རྣམ་པ་ལྔ་འཕྲོས་ཏེ། །ཕྱི་ཡི་རུ་ཏྲའི་ཐུགས་ཀར་ཐིམ། །དེ་ཡི་རུ་ཏྲ་ལྔ་སྤྲུལ་ཏེ། དེ་ནི་ཞབས་ཀྱི་ལོང་བུ་ལས། །གནོད་སྦྱིན་འཇིགས་ཚོགས་མང་སྤྲུལ་ཏེ། །སྟག་སྨད་ལ་སོགས་གཅན་ཟན་རྣམས། །བསེ་ཁྲབ་གྱོན་པའི་གནོད་སྦྱིན་དཔག་མེད་ཚོགས། །ཕྱག་གཡས་ལྕགས་ཀྱུ་དགྲ་བོའི་སྙིང་ནས་བཟུངས། །གཡོན་རུ་མཚོན་ནག་པོ་སྤྱི་བོ་ནས། །བཟུངས་སྟེ་རང་དབང་མེད་པར་དམིགས་བྱ་ཀུན། །ཚོར་བའི་ཕུང་པོ་བཅོམ་ནས་ང་རྒྱལ་གཙད་ནས་གཅོད། །གང་ལ་དམིགས་པའི་ཤ་ཆེན་གཙོ་ལ་སྟོབ། །ཤ་རུས་ཁྲག་དང་ནང་ཁྲོལ་ལ་སོགས་པ། །གཅན་ཟན་རྣམས་ཀྱིས་རབ་ཏུ་ཟ་བར་བསམ། །ཉིད་ཀྱི་རྩིབས་ལོགས་གཡས་གཡོན་མ་མོའི་ཚོགས། །འཕར་བ་རྐང་ལྡག་དྲེད་མོ་ལག་སྡེབ་དང་། །དཔལ་ལྡན་ལྷ་མོ་ནག་མོས་དམག་སྣ་དྲོངས། །ནག་མོ་སྨུག་མོ་དཀར་སེར་དམར་མོའི་ཚོགས། །ལྗང་མོའི་ཚོགས་ནི་སྤྲིན་ཕུང་ཙམ་སྤྲུལ་ནས། །གཡས་ན་ཁྲག་དང་དུག་དང་ནད་ཀྱི་ཐུན། །ཐོགས་ནས་དམིགས་བྱ་བསྒྲལ་བར་བྱེད་པར་བསམ། །གཡོན་པ་ཉམས་པ་དམིགས་བྱ་རྒྱུ་ཞགས་ཀྱིས། །སྐེ་ནས་ཁྲིད་ནས་རང་དབང་མེད་པར་བཀུག །འདུ་བྱེད་ཕུང་ཆོམ་ཕྲག་དོག་རྩད་ནས་བཅད། །ཐུགས་རྗེས་དམིགས་བྱའི་དྲི་ཆུ་གཙོ་ལ་བཏབ། །ཤ་རུས་ཁྲག་དང་ནང་ཁྲོལ་དབང་པོ་དང། །སྙིང་ལ་དྲེད་འཕར་ཟ་བྱེད་ཚོགས་ཀྱི་རོལ། །ཉིད་ཀྱི་སྟ་ཟུར་གཡས་གཡོན་ཁྲོ་བོའི་ཚོགས། །རྣམས་ཀྱི་སྤྲུལ་པ་སེང་གེ་ཕོ་མོ་རྣམས། །གཡུ་རལ་བསིག་ཅིང་གཅན་ཟན་སྤོས་མོའི་ཚོགས། །སྤྲུལ་པ་སྤྲིན་གྱིས་ཕུང་པོ་བཞིན་བྱུང་ནས། །གཡས་ཀྱི་ལྕགས་ཀྱུས་དམ་ཉམ་དམིགས་བྱའོ། །སྙིང་ནས་བཟུང་ནས་རང་དབང་མེད་པར་དེ། །བཀུག་ནས་གཡོན་པའི་ཡུངས་ཟོར་དམིགས་བྱ་ཡིས། །སྙིང་མཁར་བརྡེག་ཅིང་དེ་ཡི་ཕུང་པོ་བཅོམ། །ཞེ་སྡང་རྩད་ནས་བཅད་ཅིང་བྱང་ཆུབ་སེམས། །བདུད་རྩི་ཁྲོ་རྒྱལ་གཙོ་ལ་འབུལ་བར་བསམ། །ཤ་རུས་ཁྲག་དང་ནང་ཁྲོལ་སེང་གེ་ལ། །སོགས་པ་མཆེ་བ་ཅན་གྱི་རོལ་བར་བསམ། །དེ་ཉིད་སྨིན་བཙུབ་གཡས་གཡོན་སྲིན་པོ་དང་། །སྲིན་མོའི་ཚོགས་ནི་སྤྲིན་ཕུང་བཞིན་སྤྲུལ་ནས། །བྱ་ཁྱུང་ལ་སོགས་འདབ་ཆགས་ཡང་སྤྲུལ་དང་། །གཟའ་མཆོག་ལ་སོགས་སྲིན་པོ་སྲིན་མོའི་ཚོགས། །ཕྱག་གཡོན་སྦྲུལ་ཞགས་དམིགས་བྱའི་སྐེ་ནས་བཟུངས། །གཡས་ཀྱི་མཚོན་ཆས་སྤྱི་བོ་གཟིར་ཅིང་མནན། །རང་དབང་མེད་པར་བཀུག་ནས་འདུ་ཤེས་བཅོམས། །གང་ལ་དམིགས་ནས་འདོད་ཆགས་རྩད་ནས་གཅོད། །རཀྟ་གཙོ་ལ་སྟོབས་ཅིང་ཤ་རུས་རྣམས། །ནང་ཁྲོལ་སྤྱང་ཚོགས་གཏུམ་ཚོགས་ཟ་བར་བསམ་ཟེར་བ་འདུག་ནང་ཁྲོལ་བཅས་སོགས་གཏུམ་སོགས་ཟ་བར་བསམ། །ཐུགས་ཀྱི་གསང་བའི་མགོན་པོ་ལྗང་སྔོན་ནི། །དྲག་པོ་གསལ་ཤིང་ཅན་ནི་མང་སྤྲུལ་ནས། དམིགས་བྱ་བཀུག་ནས་རྣམ་ཤེས་ཕུང་པོ་བཅོམ། །གཏི་མུག་རྩད་གཅོད་དྲི་ཆེན་གཙོ་ལ་སྟོབས། །ཤ་རུས་ཁྲག་དང་ནང་ཁྲོལ་འཁོར་སྤྲུལ་པ། །ཀུན་གྱི་ཟ་ཞིང་དུག་ལྔ་རྩད་ནས་གཅོད། །དུག་ལྔ་ཕུང་པོ་ལྔ་ནི་གནས་འགྱུར་བ། །བདུད་རྩི་ཡེ་ཤེས་ལྔ་ནི་རིགས་ལྔར་བསམ། །སྤྱོད་ལ་མ་ཆགས་སྟོང་ཉིད་རྡོ་རྗེར་སྦྱངས། །བྱས་ན་ཉོན་མོངས་རྡུལ་གྱིས་གོས་མི་འགྱུར། །གཙོ་འཁོར་རྣམས་ཀྱི་སྔགས་བཟློས་ཏིང་ངེ་འཛིན། །འཁོར་ལོ་གསལ་ཅེས་ཕལ་ཆེར་འདི་ཉིད་དོ། །སྐབས་སྐབས་དག་ཏུ་འཁོར་ལོ་བྱིན་རླབས་ཏིང་འཛིན་ནི། །འཁོར་ལོ་ཆེ་གེའི་མ་ནི་བླ་མ་བདག་ལས་བླངས། །དེ་ལྟར་དུས་བཞིར་ཚོགས་མཆོད་དབུལ་ཞིང་བསྒྲལ། །དུས་བཞིར་ལྷག་མའི་སྟབས་པ་བྱ་བའི་རིམ་པ་ནི། དང་པོ་ཕྱོགས་བཞི་དབུས་ལྔའི་ལིང་ཆེན་བསྒྲལ། ཏིང་འཛིན་རིམ་པ་ད་ལ་བདུན་པ་ལས། མཐུ་འཇུག་ཁྲིད་པའི་སྦྱོར་ཐབས་ཀྱིས། །བདུད་རྩི་ལྔ་ཡིས་དངས་སྦྱོར་བས། །གཤུང་པ་ལྔ་ནི་བདུད་རྩིར་བསྒྱུར། །བྱས་ལ་མི་སོགས་ཕྲིན་ལས་ཀྱིས། །སྤྱོད་པ་ཡེ་ཤེས་མ་ཆགས་པས། །ཐམས་ཅད་སྟོང་ཉིད་རྡོ་རྗེར་སྦྱངས། །ཞེས་པའི་དོན་རྣམས་འདི་ཡིན་ཏེ། །དང་པོ་སྣང་སྲིད་ལྷ་འདྲེའི་ཚོགས་རྣམས་ལ། །གསེར་སྐྱེམས་བཏང་ཞིང་མ་ཉེས་གཟུ་དཔང་གསོལ། གཉིས་པ་བཛྲ་བདག་ཉིད་ཧེ་རུ་ཀའི་ང་རྒྱལ་ཀྱིས། །ཐུགས་ལས་ཨེ་འཕྲོས་འབྲུབ་ཁུང་གཟི་བྱིན་སྐྱེད། །ཕྱག་རྒྱ་རྡོ་རྗེ་སྡམས་པས་སོར་མོ་ནང་དུ་རྐྱང་བ་ནི། །མེེ་འབར་ལྟ་བུར་བྱས་ལ་ཨེ་རམ་ཞེས། །བརྗོད་པས་འབྲུབ་ཁུང་ལྕགས་ཁང་ནང་ནས་མེ་འབར་བསམ། གསུམ་པ་གང་ལ་དམིགས་བྱ་སྟེ། དགུག་ཅིང་རྟེན་ལ་སྟིམ་པའི་ཕྱག་རྒྱ་ནི། རྡོ་རྗེ་ཁུ་ཚུར་རྒྱབ་སྤྲད་མཐེའུ་ཆུང་། །ལུ་གུ་རྒྱུད་སྦྲེལ་འཛུབ་གཉིས་ལྕགས་ཀྱུའི་ཚུལ། ༀ་བུར་ཀུར་ཨི་ཙི་ཀེ་ཕྱི་ཨུ་ཙུ་སྨ་ཀྲོ་དྷ་ཆེ་གེ་མོ་བཛྲ་ཨངྐུ་ཨ་ཀཪྵ་ཡ་ཧཱུྃ་ཛ་ཛཿ ཎི་ཡང་ཛ་ཛཿ ཞེས་པའི་སྔགས་ཀྱིས་དམིགས་བྱ་དབང་མེད་བཀུག །ཏིང་འཛིན་བདག་གི་ཐུགས་ལས་གྱིང་ཆེན་འཁོར་དང་བཅས། དཔག་ཏུ་མེད་པ་སྤྲིན་ཕུང་བཞིན་སྤྲོས་ནས། ཕྱག་གཡས་ལྕགས་ཀྱུས་དམིགས་བྱའི་སྙིང་བཟུང་ནས། གཡོན་གྱི་རྒྱུ་ཞགས་སྐེ་ནས་འཁྲིད་པར་བསམ། བཞི་པ་ལིང་གའི་ཎི་ལས་དམིགས་བྱ་ཡིས། ཤེས་པ་གསལ་བསྐྱེད་དགུག་ལ་སྟིམ་པ་ནི། རྩ་བའི་སྔགས་ལ་ཆེ་གེ་མོ་ཨཀྴ་ཡ་ཅེས་པས་བསྟིམ་པར་ཐིམ་པར་བསམ། ལྔ་པ་ལྷ་དང་བྲལ་བ་ལྷ་ནི་ལྔ། ཕོ་ལྷ་དགྲ་ལྷ་ཡུལ་ལྷ་སྲོག་ལྷ་དང་། །མོ་ལྷ་ལྔ་སྟེ་རྫས་ཀྱི་དབྲལ་བ་ནི། །གཡག་དང་བོན་པོར་རྫུ་ན་ཕོ་ལྷ་ཡིན། །ལྷམ་འབོག་ཤ་ཆེན་གུ་གུལ་ནག་པོས་བདུག །སྟག་གམ་རྟ་པ་གེགས་བྱེད་དགྲ་ལྷ་ཡིན། །ཁྱི་ལུད་ཚིལ་ཆེན་གུ་གུལ་ནག་པོས་བདུག །བགེགས་བྱེད་མེད་པར་འགུགས་དཀའ་སྲོག་ལྷ་ཡིན། །ལྷམ་འབོག་ཡུངས་ནག་སྐེ་ཚེ་ཚིལ་ཆེན་དང་། །གུ་གུལ་ནག་པོ་བསྲེག་ཅིང་བདུག་པར་བྱེད། །ཤ་བའམ་བུད་མེད་བཟང་པོས་བསྲུང་ན་མོ་ལྷ་ཡིན། །ཁྱི་ལུད་ཚིལ་ཆེན་ཡུགས་སའི་དོར་རྟས་བདུག །ཞང་བློན་བོན་པོ་རྫུ་ན་ཡུལ་ལྷ་ཡིན། །ཁྱི་ལུད་དོར་རྟ་གུ་གུལ་ནག་པོས་བདུག །གཞན་ཡང་བན་དྷེ་དག་དང་འགྲེས་གྱུར་ན། །ཁོ་ཡི་ཡི་དམ་གང་བྱེད་འཁོར་ལོ་བྲི། །བདག་གི་འོག་བཅུག་གུ་གུལ་དམ་རྫས་བདུག །རྒྱལ་པོ་སྣ་ཚོགས་བསྲེག་ཅིང་དང་འདྲེས་ཁྱི་ལུད་ཚ་བ་ལྔ། །ཟ་འོག་གུ་གུལ་ནག་པོ་བསྲེག་ཅིང་བདུག །བོན་པོ་དང་འགྲས་ལྷམ་འབྲོག་ཁྱི་ལུད་དང་། །ཤ་ཆེན་གུ་གུལ་ནག་པོས་བསྲེག་ཅིང་བདུག །མི་ནག་དང་འགྲས་དོར་རྟ་ཚིལ་ཆེན་དང་། །ཁྱི་ལུད་གུ་གུལ་ནག་གསུམ་པོ་བསྲེག་ཅིང་བསྲེས་ཅིང་བདུག །སྤྱིར་ནི་གོང་གི་རྫས་ཏེ་གླང་རུའི་ཞོགས་མ་དང་། །རྟ་དུག་རྨ་ཁ་རྒྱལ་ཚིལ་རྟ་སྦངས་རྣམས་བསྲེག་ནས། །ཆ་སྙམ་ཞིབ་རྟགས་གུ་གུལ་ནག་པོའི་ཆུས་སྦྲུས་སྟེ་སྲན་མ་འབྲིང་པོའི་ཚད་ཙམ་བསྲེག །ལྷ་དང་བྲལ་ཞིང་དྲག་པོའི་སྟང་སྟབས་བྱ། །རུ་ཟོར་འཕང་ཞིང་དྲག་པོའི་ཕྲིན་ལས་བཅོལ། །སྔགས་དང་དམིགས་བྱའི་མིང་སྤེལ་དྲག་སྔགས་བཟླས། །ཕོ་ཉ་དུས་བཞིར་བསྐུལ་ཞིང་ཟོར་འཕང་སྟེ། །རྩ་བའི་སྔགས་ལ་ཆེ་གེ་དེ་བ་པྲ་བེ་ཤ་ཡ་ཕཊ། རྟགས་པ་ལ་རྫས་དུད་བདུག་ཅིང་དམིགས་བྱ་དེ། །མཐུ་རྩལ་མགོན་མེད་སྐྱབས་དང་བྲལ་བར་བསམ། །སྔགས་དུག་ཐུན་གཞི་སྙིང་དྲིལ་ལ་བཟླས། །ལིདྒ་ལ་བྲབ་ཤེས་པ་མྱོས་ཤིང་བརྒྱལ། །ལུས་རེངས་གཅེར་བུ་སྐྲ་གཟིངས་སྐྱབས་བྲལ་བསམ། །དྲུག་པ་བསྒྲལ་བའི་ཏིང་འཛིན་རིམ་པ་ནི། །བདག་ཉིད་བཛྲ་ཧེ་རུ་ཀའི་ཐུགས་ཁ་ནས། །གསལ་བའི་མགོན་པོ་ལྗང་སྔོན་གསལ་ཤིང་ཅན། །སྔོན་དུ་བསྙེན་ཕུལ་མངའ་གསོལ་ཐུགས་རྗེས་བསྐུལ། །ཡེ་ཤེས་ལྔ་ལྡན་བྱང་སེམས་གསལ་ཤིང་བསམ་སྔོན་དུ་བསྙེན་པ་ཕུལ་བའི་བུ་གའི་མཚོན་ཆ་ནག་པོ་ཐོགས་ཏེ་སྐུ་ལྔ་ཡེ་ཤེས་ལྔའི་རང་བཞིན་བྱང་སེམས་དཀར་ལ་འཚེར་བ་རྣམ་རྟོག་གི་སྐྱོན་གང་གིས་ཀྱང་མ་གོས་པར་བསམ། སྔོན་དུ་བསྙེན་ཕུར་མངའ་གསོལ་བའི་ཕུར་པ་ནག་པོ་བླངས། བསྐུལ་བ་ཡེ་ཤེས་ལྔ་ལྡན་བྱང་ཆུབ་སེམས་ཀྱི་གསལ་ཤིང་བསམ་ཟེར་བ་འདུག །གསལ་ཤིང་ཤ་དང་ལྤགས་པ་བྲལ། །ཁ་སྦྱོར་ཆེ་ལ་བསྒྲལ་བའི་ལས་བྱའོ། །འཚོར་བའི་ཕུང་པོ་སྙིང་གི་སྒོ་ལྔ་བཅད་ཞེ་སྡང་རྩད་ན་བཅད། མེ་ལོང་ཡེ་ཤེས་རྟོགས་ནས་རྡོར་སེམས་སྐུ་རྒྱུ་བསམ། སྙིང་ནས་འོད་ནི་ཚོན་གང་ཐལ་བྱུང་ནས། །འདུ་ཤེས་རྩད་བཅད་འབྱུང་ལྡན་སྐུ་རུ་བསམ། །ང་རྒྱལ་ཉོན་མོངས་རྩད་བཅད་མཉམ་ཉིད་ཡེ་ཤེས་རྟོགས། །ཁྲག་གི་སྦལ་པ་བྱེའུའི་ཀླད་པ་ཙམ། །དེ་ཉིད་ཐལ་བྱུང་འདུ་ཤེས་ཕུང་པོ་བཅོམ། །འདོད་ཆགས་རྩད་བཅད་མཐའ་ཡས་སྐུ་རུ་བསམ། །སོར་རྟོགས་ཡེ་ཤེས་ལྟ་བ་ངང་གི་གསལ། །ང་རྒྱལ་ལྷའི་བུའི་རྣམ་ཤེས་ཕུང་པོ་བཅོམ། །དེ་ཉིད་དོན་ཡོད་གྲུབ་པའི་སྐུ་རུ་གསལ། །ཕྲག་དོག་རྩད་བཅད་ཉོན་མོངས་བྱ་གྲུབ་ངང་དུ་གསལ། །མཚོན་ཆ་ནག་པོ་བྱང་སེམ་དཀར་ལ་འཚེར། །དམིགས་བྱའི་ཚེ་ནི་བ་མོ་བརྒྱ་བཏགས་འདྲ། །རྡོ་ཚན་མཆིལ་མ་བཞིན་དུ་གསལ་ཤིང་ལ། །འདུས་ཤིང་གཏི་མུག་ཕུང་པོ་བཅོམ་པར་བསམ། །ཆོས་དབྱིངས་ཡེ་ཤེས་གསལ་བས་གཟུགས་ཕུང་བཅོམ། །རྣམ་སྣང་སྐུར་གྱུར་སྟོང་ཉིད་རྡོ་རྗེར་སྦྱངས། །བག་ཆགས་རྡུལ་མ་གོས་པས་བྱང་སེམས་དང་། །སྡིག་པས་མ་གོས་མིག་སོགས་ཕྲིན་ལས་ཡིན། །འབྱུང་བ་ལྔ་ནི་དུག་ལྔ་ཕུང་པོ་ལྔ། །བདུད་རྩི་ལྔ་སྦྱོར་ཡེ་ཤེས་རིག་ལྔར་གསལ། །འདི་རྣམས་སྦྱོར་སྒྲོལ་ལམ་ཟབ་ཐབས་མཆོག་འདི། །ཤེས་རབ་མཆོག་གྱུར་ལྟ་བ་རྟོགས་པ་ཡི། །སྤྱོད་ཡུལ་ཙམ་ཡིན་ཀུན་གྱི་སྤྱོད་ཡུལ་མིན། །དེ་ལྟར་མ་ཡིན་ལྟ་བ་དམན་ཞིང་ཤེས་རབ་ཞན། ཞེ་སྡང་རྒྱུན་གྱི་དམིགས་བྱ་རླག་འདོད་དོན་འདི་གསུངས། དང་པོ་ཞེ་སྡང་མེ་ཡིས་དམིགས་བྱ་བཀུག །གཉིས་པ་ང་རྒྱལ་བདག་གི་ཤེས་པ་རྟེན་ལ་སྟིམ། གསུམ་པ་འདོད་ཆགས་ལྷ་ལྔས་གོང་བཞིན་ལྷ་དང་བྲལ། བཞི་པ་ཕྲག་དོག་ཉོན་མོངས་ཡིད་ཅན་བསྒྲལ་བ་ནི། བདག་ཉིད་དཔལ་ཆེན་ཧེ་རུའི་ཐུགས་ལས་འཕྲོས་པས། གསང་བའི་མགོན་པོ་བསྐུལ་ཞིང་སྲོག་བཅད་པར་གཞུག །ཕོ་ཉ་དུས་གཞིར་བསྐུལ་ཞིང་མཚོན་ཆ་ནག་པོ་བརླག །ཁྲོ་ཚོགས་མང་པོ་སྤྲུལ་ཅིང་གནས་འདུན་གདམ། །གནོད་སྦྱིན་འཇིགས་བྱེད་ཚོགས་ནི་སྤྲིན་ཕུང་རྩལ། །སྤྲོ་ཞིང་དམིགས་བྱའི་ལྷ་རྟེན་བཅོམ་པ་རུ། །བསམ་ཞིང་རྒྱུག་ཟེར་སྙིང་གི་དཀྱིལ་དུ་བརྡེག །ཟ་བྱེད་མ་མོའི་ཚོགས་ཀྱི་ཁྲག་དང་དུག་ཐུན་ཐོགས། །དམིགས་བྱ་མྱོས་ཤིང་བརྒྱལ་བར་བྱས་ལ་གནད་གཏོང་བསམ་བྲབས་པར། ཁྲོ་བོ་གྱིང་གི་ཚོགས་ཀྱི་ཁྲོ་ཚོགས་མང་། །སྤྲུལ་ནས་ཡུངས་དཀར་སྐྱེ་ཟོར་སྙིང་གི་དཀྱིལ་དུ་འཕང་ཞིང་རྡེག །གསུམ་པ་ཟོར་དཀར་ནག་མཚམས་སུ་འཕང་ཞིང་བརྡེག་ཟེར་བ་འདུག །སྲིན་པོའི་དམག་ཚོགས་སྟག་དང་དོམ་དང་མཆེ་བ་ཅན་རྣམས་དང་། བདུད་བྱ་ཁྲ་ཐབས་མང་སྤྲུལ་ཤ་ཁྲག་ཟ་བར་བསམ། ཚོགས་བདག་མར་བསྐུལ་གྲུག་གི་དམིགས་བྱ་བཀུག །གོང་དུ་གསུང་བཞིན་བསྲེག་དང་སྟབས་དང་མནན་པ་བྱ། བཞི་སྙིང་དྲིལ་བ་འབུམ་དུ་བཟླས་ལ་དབུལ་ཞིང་ལིདྒ་བསྒྲལ། འཁོར་ལ་ཁྲི་ཚོ་རེ་ཡི་ཕྱོགས་བཞིའི་ལིདྒ་བསྒྲལ། ཉི་ཤུ་རྩ་བརྒྱད་ཀྱི་ཉིན་མོ་ལྷོ་ཡི་ལིང་ཆེན་བསྒྲལ། ཁྲོ་བོ་གནོད་སྦྱིན་ཆེན་པོ་བསྟབ་པའི་བྲོ་བརྡུངས་ལ། ཉི་ཤུ་དགུ་ཡི་ནུབ་མོ་སྦྱིན་བསྲེག་ལས་སྦྱོར་རྩམ། གཏད་ཁྲམ་མནན་པའི་ལས་ཀྱང་དེ་ཡི་ནུབ་མོ་རྩམ། གནམ་སྟོང་བདག་ལ་ཚོགས་མཆོད་བཤམས་ཤིང་མཆོད་པ་དབུལ། བསྐང་གསོ་བྱས་ལ་བཀྲ་ཤིས་གསོལ་ཤིང་ལྷག་གཏོར་བཏང་། ཡེ་ཤེས་གཤེགས་གསོལ་དམ་ཚིག་བདག་ལ་བསྡུ། །འདི་དག་ནི་ལས་སྦྱོར་ཏིང་འཛིན་རིམ་པ་ཡིན། ཨཐྎ། །མི་ཕམ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཚོགས་བདག་མགོན་པོ་འཁོར་བཅས་ཀྱི། །བསྙེན་དང་ཉེ་བའི་བསྙེན་པ་དང་། །བསྒྲུབ་དང་བསྒྲུབ་པ་ཆེན་པོ་ཡིས། །ལས་སྦྱོར་རིམ་པ་མདོ་ཙམ་བྲི། །དང་པོ་བསྙེན་པའི་རིམ་པ་ནི། །དཀྱིལ་འཁོར་བདུན་པའི་རིམ་པ་ལས། །བཀའ་སྡོད་ཕོ་ཉའི་དཀྱིལ་འཁོར་ནི། །དང་པོ་རྟེན་རྫས་ཚོགས་པར་བཤམ། །ལྷ་ཡི་བསྙེན་པ་རྫོགས་པ་དང་། །ཚོགས་བདག་འཁོར་བཅས་བསྐྱེད་པ་ནི། །རི་བོ་བྱན་སླག་འཆོངས་ཀྱི་རྩེར། །མ་ལ་ཡ་ཡི་རྩེ་མོ་རུ། །ཀོ་ཀ་ཐང་དམར་རྒྱ་མཚོའི་ངོ་། །བམ་རི་ཐོད་པའི་མཁར་རྩེ་ལ། །སྟེང་ན་བདུད་བྱ་ནག་པོ་གནས། །བདུད་ཀྱི་རུ་མཚོན་པུ་རུ་རུ། །དེ་ནང་གྲུ་གསུམ་ལྕགས་མཁར་འབར། །ཚོགས་བདག་ཡབ་ཡུམ་བཞུགས་པའི་གནས། །ཕྱོགས་བཞི་གྲུ་གསུམ་ལྕགས་མཁར་བཞི། །གནོད་སྦྱིན་ལ་སོགས་འཁོར་བཞི་གནས། །དེ་དག་གསལ་བར་བསྒོམ་པར་བྱ། །དེ་རུ་འཁོར་བཅས་བདག་ཧེ་རུ་ཀ་གསལ་བའི་ཐུགས་ཀ་ནས་རྒྱུ་ཞེས་བརྗོད་པས་དབུས་སུ་བསམ། གཅེར་བུ་བྱ་ཡི་གཤོག་པ་ཅན། བསྐྱེད་པ་ནི་འདི་རིམ་པ་བསྟན། དབུས་སུ་རྒྱུ་ལས་ཚོགས་བདག་བསྐྱེད། །ༀ་བུར་ཀུར་མ་ཧཱ་ཀ་ལ་ས་མ་ཡ་ཧཱུྃ་ཕཊཿ སྔགས་དེ་བརྗོད་པ་ཙམ་གྱི་ནི། ལེགས་ལྡན་ནག་པོ་བདུད་ཀྱི་རྗེ། །ཝ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བགྲད། །ཕྱག་ན་གྲི་གུག་རྡོ་རྗེས་མཚན། །གཡོན་པ་བྷནྡྷ་ལྕང་ལོ་ཅན་ཁྲག་གིས་བཀང་བ་བསྣམས། །མཆེ་གཙིགས་ཞལ་གདང་ལྗགས་འདྲིལ་ཞིང་། །དུར་ཁྲོད་ཆས་བརྒྱད་རྒྱན་གྱིས་བརྒྱན། །ཧ་ལ་ཧ་ལའི་སྒྲ་སྒྲོགས་ཤིང་། །རོ་ཡི་གདན་ལ་བརྐྱངས་བསྐུམ་དུ་བཞུགས་པ། དམིགས་བྱ་ཁྲོས་པའི་སེམས་ཀྱིས་མནན། གཡོན་དུ་ཉེ་གནས་ཀྲོ་ཏི་ཤྭ་རི་སྐུ་མདོག་སྔོ་སྐྱ་གཡས་ཡབ་ལ་ཁྱུད་པ། གཡོན་བྷནྡྷ་དམར་གྱིས་གང་བ་བསྣམས་པ། མཁར་ནག་ལྕགས་ཁང་ནང་དུ་བསྐྱེད། །ལྷོ་ཡི་ལྕགས་ཁང་ར་བ་རུ། །ཡ་སམ་འོད་དུ་ཞུ་བ་ལས། །ཡཀྴ་ཛྭ་ལ་ས་མ་ཡ། །ཅེས་པས་གནོད་སྦྱིན་ཟངས་ཐོགས་ཡབ། བསེ་གདོང་ཟངས་མགྲིན་རྫུ་འཕྲུལ་ཡུམ། །ཡབ་ཡུམ་གཉིས་ལ་འཁོར་གྱི་སྲས། །ཟོར་གྱི་རྒྱལ་པོ་མཆེད་བཞི་དང་། །བསེ་ཡི་སྐྱེས་བུ་དྲུག་ལ་སོགས། །བསེ་ཡི་མི་རེང་བཞི་བཅུ་གཉིས། །གནོད་སྦྱིན་ཚོགས་ཀྱི་ཕྱག་ན་ནི། །རྒྱུ་ཟོར་མདའ་ཟོར་སྤུངས་ཟོར་དང་། །ཐོད་ཟོར་ཐོག་པ་དཔག་མེད་བསམ། །བྱང་གི་མཁར་དུ་ཡི་གེ་རྩ། །དེ་ཉིད་འོད་དུ་ཞུ་བ་ལས། །ཙིཏྟ་ཛྭ་ལ་ས་མ་ཡ། །ཅེས་པས་ཟ་བྱེད་མ་མོའི་ཚོགས། །དཔལ་ལྡན་ལྷ་མོ་ནག་མོ་ཆེ། །ཚིབས་སུ་དྲིལ་རྟ་རྐང་གསུམ་ཆིབས། །གཡས་ན་གཤིན་རྗེའི་ཁྲམ་ཤིང་བསྣམས། །གཡོན་ན་ནད་ཀྱི་རྐྱལ་པ་ཐོགས། །དེ་ཡི་འཁོར་དུ་མ་མོའི་ཚོགས། །དཀར་སེར་དམར་སྨུག་ཕྱག་ན་ནི། །ཁྲག་དང་ནད་རྐྱལ་ཐོགས་པའི་ཚོགས། །སྤྲིན་གྱི་ཕུང་པོ་ཙམ་དུ་གྱུར། །ཤར་གྱི་མཁར་དུ་ཡི་གེ་བ། །དེ་ཉིད་འོད་དུ་ཞུ་བ་ལས། །བཛྲ་ཀྲོ་ཏ་ཛྭ་ལ་ས་མ་ཡ། ཅེས་པས་ཁྲོ་བོ་གྱིང་གི་ཚོགས། །ཕྱག་ན་ཡུངས་དཀར་མཚོན་བསྣམས་པ། །སྣ་ཚོགས་སྤྲིན་ཕུང་ཙམ་དུ་གྱུར། །ནུབ་ཀྱི་མཁར་དུ་ཡི་གེ་ར། །དེ་ཉིད་འོད་དུ་ཞུ་བ་ལས། །རཀྴ་ཛྭ་ལ་ས་མ་ཡ། །ཅེས་པས་སྲིན་པོ་མགོ་དགུ་པ། །རོ་སྟོད་མི་ལ་རོ་སྨད་སྦྲུལ། །མགོ་ལུས་མེད་པར་མིག་གི་གང་། །ལག་ན་སྦྲུལ་ཞགས་གྲི་གུག་ཐོགས། །དེ་ནི་སྲིང་མོ་གདོང་མོ་བཞི། །སྲིན་པོའི་རྒྱལ་པོ་ཆེན་པོ་བཅུ། །ལ་སོགས་སྲིན་པོ་སྲིན་མོའི་ཚོགས། །སྤྲིན་གྱི་ཕུང་པོ་ཙམ་དུ་གྱུར། །དེ་ལྟར་དྲག་པོ་འཁོར་བཅས་བསྐྱེད། །རི་བོ་བྱན་བརླག་འཆོང་གྱི་རྩེ། །ཀོ་ཀ་ཐང་དམར་རྒྱ་མཚོའི་དཀྱིལ། །འབྲུབ་ཁུང་དྲག་ཤུལ་ཅན་གྱི་གནས། །བམ་རི་ཐོད་པ་མཁར་གནས་ནས། །དྲག་པོ་འཁོར་དང་བཅས་པ་བཀུག །བདག་ཉིད་དཔལ་ཧེ་རུའི་ཐུགས་ཁ་ནས་ཁྲོ་བོ་ལྕགས་ཀྱུ་ཐོགས་པ་དཔག་ཏུ་མེད་པ་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས། ལྕགས་ཀྱུའི་ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་རྒྱབ་སྤྲད་དེ། མཐེའུ་ཆུང་ལུ་གུ་རྒྱུད་དུ་སྦྲེལ་ལ་མཛུབ་མོ་ལྕགས་ཀྱུའི་ཚུལ་དུ་བཀུག་པ་དང་། སྔགས། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ༀ་བུར་ཀུར་མ་ཧཱ་ཀ་ལ་ས་མ་ཡ་ཧྲིཾ་ཧྲིཾ། ཨཾ་གུ་ཤ་ཛ་ཛ། ཞེས་བརྗོད་པས་དྲག་པོ་འཁོར་དང་བཅས་པ་ཁྲོ་བོ་དང་འོད་ཟེར་ལྕགས་ཀྱུ་ལྟ་བུས་སྙིང་ནས་བཟུང་སྟེ་དགུག་པ་ནི་དྲག་པོ་འཁོར་དང་བཅས་པའོ། །དེ་ཉིད་དགུག་ནས་མདུན་ན་གནས་པ་ངག་ཏུ། ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། ཧ་ལ་ཧ་ལ་བྷྱོ། ཧུ་ལུ་ཧུ་ལུ་བྷྱོ། རཀྴ་ཤྲི་ཧེ་རུ་ཀ་རུ་ཏྲ་མ་ཏྲ་ཧ་ཧ་ཧཾ། ཞེས་བརྗོད་དོ། །དྲག་པོ་འཁོར་དང་བཅས་པ། བདག་ཉིད་དཔལ་ཧེ་རུ་ཀའི་ང་རྒྱལ་དུ་གསལ་བས་ཞལ་དུ་རྔུབས་ཏེ་མི་གཙང་བའི་སྣམ་ནས། མདུན་དུ་བསྐྱེད་པ་ལ་བསྟིམ། དེའི་སྡིག་པ་དག་པ་དང་། འཇིགས་སྐྲག་དངས་ནས། བདག་ལ་དེ་རིང་ཕན་ཆད་ལས་ཅི་བགྱི་བཀའ་སྩོལ་ཅིག་ཟེར་བར་བསམ་པ་ནི་ཞལ་དུ་རྔུབ་ཅིང་སྣམ་ནས་བཏོན་པས་མིང་གི་རྣམ་གྲངས་དང་བཅས་པའོ། །དཔའ་བོ་ཆེན་པོ་དགོངས་སུ་གསོལ་ཞེས་པ་ལ་སོགས་པ། བྱིན་གྱིས་བརླབས་ཏུ་གསོལ། ཞེས་གསོལ་བ་འདེབས་པར་བསམ་མོ། །ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་ཏ་ཛྭ་ལ་མཎྜ་ལ་ཕཊ། ཏ་ཀེཾ་ཏ་ཀེཾ་ཕཊ། ཧ་ལ་ཧ་ལ་རཾ། ཀྲོ་ཏ་ཀྲོ་ཏ་ཡཾ། ཏྲིཀྞ་ཏྲིཀྞ་ཁཾ། ༀ་མུཾ་ཧཱུྃ། སྐལ་ལྡན་འདུས་པའི་ཚོགས་ཆེན་ཁྱེད། །ཅེས་པས་སྤྲོ་བ་བསྐྱེད་པར་བསམ། དྲག་པོ་འཁོར་དང་བཅས་པས་བྱང་ཆུབ་ཏུ་སེམས་བསྐྱེད་པར་གསོལ་བ་འདེབས་པར་བསམ་མོ། །དེ་ནས་བདག་དཔལ་ཆེན་པོའི་ང་རྒྱལ་དང་ལྡན་པས་ཆོས་སྲུང་འཁོར་དང་བཅས་པའི་ལྕེ་ལ་བདུད་རྩི་བཞག་ཏེ་ངག་ཏུ། ༀ་བཛྲ་ཨ་མྲྀ་ཏ་ཨ་ཧི་ཧི་སརྦ་མཎྜ་ལ་ཧཱུྃ། ཨ་བི་ཥིཀ་ཧྲཱིཿཋཱ། ཅེས་པས་བདུད་རྩིས་དབང་བསྐུར་དུ་བཅུག་ལ་ཆོས་སྲུང་དམ་ཅན་དུ་མངའ་གསོལ་བསམ་མོ། །ནར་བུ་ཚར་བུ་ཞེས་མནའ་སྒག་པར་བསམ་མོ། །དེ་ལ་ཉེ་བའི་འབྱོར་པའི་མཆོད་པ་ལྔ་དབུལ་བ་ནི། ༀ་བུར་ཀུར་མ་ཧཱ་ཀ་ལ་ཨེ་ཧོ་ཤྭ་མོ་ཀྲོ་དྷ། དྷུ་པྤེ། པུཥྤེ། ཨཱ་ལོ་ཀེ། གནྡྷེ། ནེ་ཝི་དྱ། པཱུ་ཙ་ཧཱུྃ། ཅེས་མཆོད་པ་དབུལ་ཏེ། དེ་ནས་དམ་རྫས་བསྔོ་བ་ནི། བཀའ་ཐུབ་ཆེན་པོ་ཚུར་གསོན་ཅིག །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་བསྔོ་ལ། ༀ་བུར་ཀུར་མ་ཧཱ་ཀཱ་ལ་ཨེ་ཧོ་ཤྭོ་མོ་ཀྲོ་དྷ། མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། གོ་རོ་ཙ་ན་ཁཱ་ཧི། བ་སུ་ཏ་ཁཱ་ཧི། ཙིཏྟ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། སརྦ་ཤ་ཏྲུཾ་མ་ར་ཡ་ཁཱ་ཧི། ཅེས་ཆོས་སྲུང་ཉིད་ལ་ཕུལ་བས་མཉེས་པར་བསམ་མོ། །དེ་ནས་འཁོར་རྣམས་བཞི་ལ་དབུལ་བའི་སྔགས་ནི། ཡཀྴ་ཛྭ་ལ་ས་མ་ཡ་ཁཱ་ཧི། ཅེས་པས་མཆོད་པ་དབུལ་བ་ནི་དྲག་པོ་མཆོད་པ་བསྟབ་ཅིང་མངའ་གསོལ་བའོ། །དྲག་པོས་དབང་ཡོན་དབུལ་ཞིང་མནའ་བསྐྱལ་བར་བསམ་མོ། །དཔའ་བོས་ཞལ་གྱིས་བཞེས་ཤིང་ཟིལ་གྱིས་མནན་པ་ནི། ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། ཧ་ལ་ཧ་ལ་བྷྱོ། རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། །རཀྴ་ཤྲཱི་ཧེ་རུ་ཀ་རུ་ཏྲ་མ་ཏྲ་ཧ་ཧ་ཧཾ། ཞེས་ལན་གསུམ་བརྗོད། དེ་འབངས་སུ་བསྡུས་པས། དྲག་པོ་འཁོར་དང་། བཅས་པ་འཇིགས་དངས་སྐྲག་ནས། དེ་རིང་ཕན་ཆད་ཁྱེད་ཀྱི་བཀའ་ཉན་ཅིང་གསུང་སྡོད་པས་ལས་ཅི་བགྱི་ཟེར་བར་བསམ་མོ། །དེའི་སྔགས་ཀྱི་དོན་བསྟན་པ་ནི། ཀུན་བས་ང་ཆེ་བས། ཧ་ལ་ར་ལ་བྷྱོ། གཞན་རྣམས་ཟིལ་གྱིས་མནན་པས་ནི། རུ་ལུ་རུ་ལུ་བྷྱོ། དཔལ་ཆེན་པོའི་བཀས་དབང་དུ་བསྡུ་པ་ནི། རཀྴ་ཤྲཱི་ཧེ་རུ་ཀ་རུ་མ་ཏྲ་ཧ་ཧ་ཧི་ཕཊ་བྷྱོ། ཧཱུྃ་ཀུན་ལ་ཟ་བས་བདུད་ནག་པོ། དེ་འཇོམས་དེ་འདུལ་གཟའ་མཆོག་གོ། །དེ་ཡི་དེ་འདུལ་མངག་གཞུག་གོ། །ཞལ་ནས་སྲོག་ནི་ཟ་བར་བྱེད། །ང་ནི་སྟོབས་ཆེན་དཔལ་ཆེན་པོ། །གཞན་གྱི་ལོག་རྟོག་འདུལ་བའི་ཕྱིར། །ཟིལ་གྱིས་མནན་ཅིང་དབང་དུ་བསྡུད། །དབང་དུ་བསྡུ་བའི་འཛབ་བསྟོད་དང་། །སྔགས་ཀྱི་དོན་རྣམས་བསྟན་པའོ། །དེ་ལྟར་ཟིལ་གྱིས་མནན་རྗེས་ལ། །བསྙེན་པ་ལས་ལ་འཇུག་པའི་ཕྱིར། །དང་པོ་འཛབ་བསྟོད་བྱ་སྟེ། ཧཱུྃ །ཉོན་མོངས་ལྔ་འཇོམས་དྲག་པོའི་སྐུ་ལྔ་པོ། །ཁྲོ་བོའི་དགོངས་པ་ཀུན་འདུས་དབང་པོ་ཆེ། །དཔའ་བོའི་ལས་ནི་ཆགས་མེད་ཆེན་པོའི་མཆོག །དཔའ་བོས་རོལ་ཅིག་དམིགས་བྱའི་སྙིང་ལ་རོལ། །དམིགས་བྱ་བརླག་བྱེད་ཆུ་བོ་གདྒ་ལྟར། །རྒྱུན་མི་ཆད་ཅིང་དམིགས་བྱ་དགའ་བས་རོལ། །མ་རུང་ཁྲོས་པས་ཉོན་མོངས་དུག་ལྔ་འཇོམས། །དེ་ཉིད་ཀྱིས་ནི་དེ་ཉིད་གསུམ་བསྲེག་ཅིང་། །གནས་འདིར་ཤོག་ལ་དམ་ཚིག་སྲུངས། །བསྒྲུབ་པ་པོ་ལ་དངོས་གྲུབ་རྩོལ། །སྡང་བའི་དགྲ་ལ་རྟགས་ཆེན་ཕྱུང་། །གནོད་པའི་བགེགས་རྣམས་རྡུལ་དུ་རློག །འཛབ་བསྟོད་བྱས་ལ་བཟླས་པ་བྱ་བ་ནི། །ༀ་བུར་ཀུར་མ་ཧཱ་པདྨ་ཏྲེ་བུར་ཙི་བུར་བྱ་གེ་ཕྱི་མ་ན་སེ་ཨེ་ཤོ་མོ་ཀྲོ་ཏ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྔགས་ཀྱི་དོན་ནི་འདིར་འདུས་ཅེས་པའོ། །བསྒོམ་པའི་རིམ་པ་ནི། བདག་དཔལ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ལྟ་བུ་འཕྲོས་ཏེ། དྲག་པོ་འཁོར་དང་བཅས་པ་བམ་རིམ་ཐོད་པ་མཁར་ན་གནས་པའི་སྙིང་ནས་བཟུངས་ཏེ་མདུན་དུ་བཀུག་ལ་བསྐྱེད་པ་དང་གཉིས་སུ་མེད་པར་སྟིམ་ལ་དེ་གནས་པ་དེ་རྣམས་བཀའ་ཉན་གསུངས་སྡོད་དོ། །དེ་རིང་ཕན་ཆད་ལ་ཅི་བགྱི་ཟེར་བར་བསམ་ལ་སྔོན་དུ་བསྙེན་པ་འབུམ་ཕྲག་ཅིག་བྱའོ། །སྟོང་སྟོང་ཐོན་པ་དང་མཆོད་བསྟོད་རེ་བྱ་སྟེ། ཧཱུྃ། ཐུགས་རྗེའི་ཚོགས་བདག་དཔལ་ཆེན་ཧེ་རུ་ཀ །འབར་བ་ཁྲག་ཐུང་ལྔ་བཅུ་རྩ་བརྒྱད་ལ། རྣམ་དག༴ ཐུགས་རྗེས༴ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཅེས་འབར་བ་ལྔ་བཅུ་རྩ་བརྒྱད་ལ། མཆོད་པར་འབུལ་ལོ། །ཧཱུྃ་རྣལ་འབྱོར་ཡོངས་ཀྱི་བསྟན་པ་བསྲུངས་བར་ཞལ་ཆེས་པའི། །དཔལ་ལྡན་མགོན་པོ་ལེགས་ལྡན་ནག་པོ་འཁོར་བཅས་ལ། །རྣམ་དག༴ ཐུགས་རྗེས༴ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི་ཅེས་མཆོད་པ་དབུལ་ཞིང་རཀྟ་སྦྲེང་ངོ་། །དེ་ནས་བདག་ཉིད་ལྡང་བར་འདོད་ན། གསུར་ཆེན་བཏང་། སྨན་གྱི་འཇུག་གཏོར་བྱ། རཀྟ་དང་ཕུད་དང་གཏོར་མས་མཆོད་པ་ཕུལ་ལ། བདག་བཛྲ་ཧེ་རུ་ཀ་ཆ་གཉིས་གསལ་བར་བསྒོམ་ལ། གཅིག་ཕྱུང་ལ་སྤྱོད་ལམ་རྣམ་བཞི་བྱའོ། །དེ་ནས་བཟླས་པ་ལ་འཇུག་པ་ན་ཡང་དཀྱིལ་འཁོར་ལྷ་ཚོགས་དང་ཆོས་སྲུང་འཁོར་དང་བཅས་པ་ལ་གོང་ལྟར་མཆོད་པ་འབུལ། བདག་ཉིད་དཔལ་ཆེན་ལ་ཐིམ་པར་བསམ་ལ་བཟླས་པ་བྱའོ། །དེ་དག་ནི་ཐུན་མཚམས་ཀྱི་ཆོ་གའོ། །དེ་དག་སྔོན་དུ་བསྙེན་པའི་ཆོ་ག །དོན་ཆེན་རྩལ་བ་ཞེས་བཤད་དོ། །གྲུབ་དང་ལུང་བསྟན་མ་ཐོན་ཀྱང་། །བླ་མའི་གདམ་ངག་ལ་བརྟེན་ནས། །རྗེད་བྱང་ཙམ་གཅིག་བྲིས། མཁས་པ་རྣམས་ཀྱིས་མི་སྤྱོད་ཅིང་། །དམ་པ་རྣམས་ཀྱིས་བཟོད་པར་བཞེས། །བསྙེན་པའི་སྒོམ་པའི་རིམ་པ་རྫོགས་སོ།། ༈ །།བཅོམ་ལྡན་འདས་མི་ཕམ་ཧེ་རུ་ཀ་ཕྱག་འཚལ་ལོ། །ཡེ་ཤེས་ལྷ་ཡི་བསྙེན་པ་དང་། །སྒྲུབ་པ་དང་ནི་ལས་སྦྱོར་སྔགས། །འཇིག་རྟེན་དྲེགས་པའི་བསྙེན་པ་དང་། །ཉེ་བའི་བསྙེན་པ་བསྒྲུབ་པ་དང་། །བསྒྲུབ་པ་ཆེན་པོའི་ལས་སྦྱོར་གྱི། །སྔགས་ཀྱི་རིམ་པ་འདི་ཡིན་ནོ། །ཡེ་ཤེས་ལྷ་ཡི་བསྙེན་པ་ནི། །ཕྱི་དང་ནང་དང་གསང་བ་དང་། །རྡོ་རྗེ་ཡིས་ནི་བཟླས་པ་བཞི། །ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། །བཅུད་ཀྱི་སེམས་ཅན་ཁྲག་འཐུང་སྐུ། །ཀུན་ཀྱང་རུ་ལུའི་སྒྲ་སྒྲོགས་ཤིང་། །རུ་ལུའི་གསུང་སྒྲ་དི་རི་རི། །ཕར་འཕྲོས་པས་ནི་ཐུགས་དམ་བསྐང་། །ཚུར་འདུས་པས་ནི་དངོས་གྲུབ་སྩོལ། །རུ་ལུའི་འདྲེན་ཐབས་རྣམས་གཅིག་ལ། །ༀ་ནི་ཡེ་ཤེས་ལྷ་ཉིད་དེ། །རུ་ལུ་གོང་མ་ཁྲོ་མོ་བརྒྱད། །རུ་ལུ་འོག་མ་ཕྲ་མེན་བརྒྱད། །ༀ་ནི་ཁྲག་འཐུང་ཡབ་ཡུམ་བཅུ། །ཕཊ་ནི་ཡེ་ཤེས་སྒོ་མ་བཞི། །བྷྱོ་ནི་དབང་ཕྱུག་ཉི་ཤུ་བརྒྱད། །ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། །རུ་ལུ་ཧཱུྃ་གི་མཆོད་པ་བཞེས། །དཀྱིལ་འཁོར་ལ་ནི་བྱིན་གྱིས་བརླབས། །བསྒྲུབ་པ་པོ་ལ་དངོས་གྲུབ་རྩོལ། །སྡང་བའི་དགྲ་ལ་རྟགས་ཆེན་ཕྱུང་། །གནོད་པའི་བགེགས་ཆེན་རྡུལ་དུ་རློག །རུ་ལུའི་འདྲེན་ཐབས་རྣམས་གཅིག་ལ། །རུ་ལུ་ཐུགས་ཀྱི་དཀྱིལ་ནས་འདྲེན། །ཙིཏྟ་རིན་ཆེན་གཞལ་ཡས་ཁང་། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ། །དོན་གྱི་ལྷ་མོ་ལྔ་བཅུས་བསྐོར། །ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས། །ཉིད་དཀྱིལ་རྡོ་རྗེ་ཧཱུྃ་ལྡན་ལ། །རུ་ལུ་རུ་ལུ་འབྲུ་བརྒྱད་བསྒོམ། །ཕར་འཕྲོས་པས་ནི་ཐུག་དམ་བསྐང་། །ཚུར་འདུས་པས་ནི་དངོས་གྲུབ་སྩོལ། །རུ་ལུ་འདྲེན་ཐབས་རྣམ་གཅིག་ལ། །རུ་ལུ་སྒྲ་ཡི་བྱེ་བྲག་སྟོན། །དཀར་པོ་འཕྲོས་བས་བདེ་བ་ཆེ། །དམར་པོ་འཕྲོས་པས་ཡོངས་ལ་ཁྱབ། །དཀར་དམར་མཚམས་ནས་ཧེ་རུ་ཀ །ཁྲོ་ཆེན་འབར་བའི་ཐུགས་ཀ་ནས། །ཁྲོ་ཆུང་ཞལ་གསུམ་ཕྱག་དྲུག་སྤྲོ། །ཁྲོ་བོའི་སྤྲུལ་པས་ས་གཞི་ཁེངས། །ཁྲོ་བོ་སྤྲུལ་པས་ནམ་མཁའ་གང་། །མ་མོ་མཁའ་འགྲོ་དབྱིངས་ན་རོལ། །མ་མོ་ཀུན་ཀྱང་རུ་ལུས་སྒྲ་སྒྲོགས་ཤིང་། །རུ་ལུའི་གསུང་སྒྲ་དི་རི་རི། །ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། །རུ་ལུ་ཧཱུྃ་གི་མཆོད་པ་བཞེས། ད་ལ་འདི་ལ་བྱིན་གྱིས་བརླབས། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །རུ་ལུ་ཕྱི་ཡི་བཟླས་པ་སྟེ། །བསྙེན་པ་ཐབས་ཀྱི་མན་ངག་གོ། །རུ་ལུ་ནང་གི་བཟླས་ཐབས་ལ། ཧཱུྃ། གཉིས་མེད་ཡེ་ཤེས་བསྐྱེད་པའི་གཞལ་ཡས་སུ། །ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་སྐུ་གསལ་ནས། །ཀུན་ཀྱང་རུ་ལུའི་ཧཱུྃ་གི་སྒྲ་སྒྲོགས་ཤིང་། །རུ་ལུའི་གསུང་སྒྲ་དི་རི་རི། །རུ་ལུ་ཧཱུྃ་གི་མཆོད་པ་བཞེས། ད་ལ་འདི་ལ་བྱིན་གྱིས་བརླབས། །བསྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །སྡང་བའི་དགྲ་ལ་རྟགས་ཆེན་ཕྱུངས། །གནོད་པའི་བགེགས་ཆེན་རྡུལ་དུ་རློག །ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། །རུ་ལུ་ནང་གི་བཟླས་པ་སྟེ། །ཉེ་བར་བསྙེན་པའི་བཟླས་ཐབས་སོ། །རུ་ལུ་གསང་བའི་བཟླས་པ་ནི། །ཡབ་ཀྱི་ཐུགས་ཀའི་ཧཱུྃ་ཉིད་ལ། །ཡུམ་གྱི་ཐུགས་ཀའི་ཧཱུྃ་ལ་ཐིམ། །ཡུམ་གྱི་གསང་བའི་ལམ་ནས་ཕྱུངས། །ཡབ་ཀྱི་གསང་བའི་ལམ་དུ་བརྒྱུད། །ཐུགས་ཀར་ཐིམ་ནས་དངོས་གྲུབ་སྩོལ། །ཧཱུྃ་རུ་ལུ་ཡབ་ཡུམ་མཁའ་ནས་འདྲེན། །ཡབ་ཀྱི་གསང་བའི་རྡོ་རྗེ་དང་། །ཡུམ་གྱི་པདྨའི་གཞལ་ཡས་སུ། །རུ་ལུ་རུ་ལུ་འབྲུ་བརྒྱད་བསྒོམ། །ཕར་འཕྲོས་པས་ནི་ཐུགས་དམ་བསྐང་། །ཚུར་འདུས་པས་ནི་དངོས་གྲུབ་སྩོལ། །རུ་ལུ་གསང་བའི་བཟླས་པ་སྟེ། །བསྒྲུབ་པ་ཉིད་དང་འབྲེལ་བའོ། །རུ་ལུ་རྡོ་རྗེའི་བཟླས་པ་སྟེ། །སྒྲུབ་པ་ཉིད་དང་འབྲེལ་བའོ། །རུ་ལུ་རྡོ་རྗེའི་བཟླས་པ་ནི། །དབུགས་དང་འགྲོགས་པའི་བསྒོམ་པའོ། །ཧཱུྃ་གིས་ཕུལ་ཏེ་ཕྱིར་ཕྱུང་ནས། །ༀ་གྱིས་དྲངས་ནས་དབང་དུ་བསྡུད། །ཨཱཿལ་སེམས་གཏད་གནས་པ་གསུམ། །ཞག་གཅིག་ལ་ནི་དབུགས་རྒྱུ་བ། །ཉི་ཁྲི་ཆིག་སྟོང་བཟླས་པ་སྟེ། སྔགས་ནི་ཉི་ཁྲི་ཆིག་སྟོང་རྒྱུ། །ཧཱུྃ་བཅོམ་ལྡན་ཁྲག་འཐུང་ཐུགས་ཀྱི་དཔལ་བེའུ་ལས། །ཡེ་ཤེས་སྐུ་མཆོག་ཚོན་གང་རིན་པོ་ཆེ། །ཟུར་བརྒྱད་སྟེང་ན་རུ་ལུ་འབྲུ་བརྒྱད་འཕྲོ། །བདེ་ཆེན་བྱང་ཆུབ་སེམས་ནི་སྤྲོ་ཞིང་བསྡུ། །རུ་ལུ་རྡོ་རྗེའི་བཟླས་པ་སྟེ། །བསྒྲུབ་ཆེན་ཉིད་དང་འབྲེལ་བའོ། །གཞན་ཡང་བསྒྲུབ་ཆེན་ལས་རྣམས་ནི། །རི་རབ་རི་ཡི་རྩེ་མོ་རུ། །ལྷ་སྲིན་དབང་བསྡུད་དམ་ལ་བཏགས། །རུ་ལུ་རུ་ལུ་འབྲུ་བརྒྱད་སྔགས །རྔམས་པའི་ང་རོས་བཟླས་པའོ། །ལྷ་སྲིན་སྡེ་བརྒྱད་དབང་དུ་བསྡུད། །བསྒྲུབ་པ་ཆེན་པོ་བཞེས་སུ་གསོལ། །ལས་ལ་སྦྱོར་བའི་རིམ་པ་ནི། །བདག་ཉིད་ཆས་སུ་བཞུགས་པ་དང་། །ཁྲོ་རྒྱལ་རྔམས་པའི་ང་རྒྱལ་གྱིས། །ལས་ལ་སྦྱོར་བའི་དྲག་སྔགས་བཟླས། །ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། །སརྦ་ཤ་ཏྲུཾ་མ་ར་ཡ་ཕཊ། སྔགས་ཀྱི་ལས་ལ་སྦྱར་བའོ། །གསེར་སྐྱེམས་གཏོང་ཞིང་བདེན་པ་བརྡར། །ཕུད་གཏོར་མ་ཉེས་གཟུ་དཔང་གསོལ། །ཨེ་རཾ་ཛྭ་ལས་འབྲུབ་ཁུང་བསྐྱེད། །དམིགས་བྱ་དགུག་པའི་དྲག་སྔགས་བསྐྱེད། །ཎི་དང་ཏྲི་ཡིས་བདེན་པའོ། །དུར་ཆེན་བཏང་ལ་སྔགས་བཟླས་ཆེ་གེ་མོ་དེ་ཤ་ཡ་བི་དེ་ཤ་ཡ་པྲ་བེ་ཤ་ཕཊ། ལྷ་དང་དབྲལ་པའི་སྔགས་སོ། །ཆེ་གེ་མོ་ཨ་བེ་ཤ་ཡ་དམིགས་བྱ་སྟིམ་པའི་དྲག་སྔགས་སོ། །ཕུར་བུ་གདབ་ཅིང་ཐུན་གྱིས་བྲབ། །མཚོན་གྱིས་གདབ་ཅིང་ཞལ་དུ་བསྟབ། །ཆ་གཅིག་མེ་ཡི་ལས་ལ་སྦྱར། །འཁོར་ལོ་བསྐོར་ཞིང་ག་འུར་གཞུག་ཆ་གཅིག་མནན་ཅིང་ལས་སྦྱོར་རྣམས། རིམ་པ་བཞིན་དུ་ཤེས་པར་བྱའོ། །ཡེ་ཤེས་ལྷའི་བསྙེན་བསྒྲུབ་རྣམ་པར་ཕྱེ་བའི་མན་ངག་རྫོགས་སོ། །དཔལ་མི་ཕམ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དལ་བའི་རིམ་པ་ལས། བཀའ་སྡོད་ཕོ་ཉའི་དཀྱིལ་འཁོར་གྱི། །ཉེ་བའི་བསྙེན་པ་འབུམ་དུ་བཟླས། །ཞེས་པའི་དོན་ནི་འདི་ཡིན་ཏེ། གཞུང་ལས་བྱུང་བ་བཞིན་དུ་འཕྲིན་ལས་གཞུང་བསྲང་ཆོས་བསྲུང་གོང་དུ་བསྙེན་པ་བཞིན་དུ། ཆོས་དོན་བཅུ་བཞི་པོས་དབང་དུ་བསྡུས་ནས། །བསྙེན་པའི་སྔགས་ལན་གསུམ་བརྗོད་ལ། །དེ་ནས་ཉེ་བའི་བསྙེན་པའི་བཟླས་པ་ལ་འཇུག་པར་བྱ་སྟེ། བདག་དཔལ་ཆེན་པོའི་ང་རྒྱལ་སེམས་དཔའ་སུམ་བརྩེགས་ཀྱི་ང་རྒྱལ་དང་ལྡན་པས། འཛབ་བསྟོད་བྱ་བ་ནི། བསྙེན་པ་བཞིན་དུ་བདག་ཉིད་དཔལ་ཆེན་པོའི་ང་རྒྱལ་དང་ལྡན་པས་རང་གི་ལག་པ་གཡོན་པའི་ཐུམ་བུ་བར་མ་ཡུངས་དཀར་གྱི་ཐུབ་བུ་ཁ་ཕྱེ་སྟེ་མཁར་གྱི་ནང་ན་མེ་བྲབས་པས་དེ་དགུག་པའི་སེམས་སྐྱེས་ཏེ། །རྒྱས་པའི་དགྲ་བགེགས་རང་དབང་མེད་པར་བཀུག་སྟེ་ལིདྒ་བསྟིམ་པ་ནི་བསྒྲུབ་པའི་དོན་ཏོ། །བདག་ཉིད་དཔལ་ཆེན་པོའི་ཏིང་ངེ་འཛིན་དང་ལྡན་པས་འདི་སྐད་བརྗོད་པར་བྱའོ། ཧཱུྃ། བཞི་པོ་ལྔ་ནི་སྐུ་ལྔ་པོ། །བཞི་པོ་ལྔ་ནི་བཀའ་བསྡོད་ལྔའོ། །བསྐུལ་བ་ལྔ་ནི་རྒྱལ་བ་ལྔ། །འདི་ནི་སངས་རྒྱས་ཕྲིན་ལས་ཡིན། །དེ་ནི་སེང་གེ་ལྟ་བུ་སྟེ། །འབྲུག་ལྟར་སྒྲོག་པའི་ང་རོ་ཅན། །གློག་ལྟར་འཁྱུག་པའི་ཁྲོ་བོ་ཡིན། །དེ་ཡི་དེ་སྙིང་བརླག་པར་བྱེད། །གནས་འདིར་འདུག་ལ་ཕྲིན་ལས་ཀྱིས། །བསྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །སྡང་བའི་དགྲ་ལ་རྟགས་ཆེན་ཕྱུང་། །གནོད་པའི་བགེགས་ཆེན་རྡུལ་དུ་རློག །ཅེས་བསྟོད་ལ་བཟླས་པ་ནི། །ༀ་བུར་ཀུར་ཨི་ཙི་ཀི་ཕྱི་ཨུ་ཙུ་སྨ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་པའི་སྔགས་འབུམ་ཚོ་གཅིག་བཟླས་པར་བྱའོ། །སྟོང་སྟོང་ཐོན་པ་དང་། ཐུན་མཚམས་སུ་འཛབ་བསྟོད་སྟོང་མཆོད་བྱའོ། །མ་གཡེལ་མ་ཕང་གི་སྣང་སྲིད་ལྷ་འདྲེ་དམག་ཏུ་སྦྲན་ཅིང་བསྒྲུབ་པ་བྱའོ། །མཐུན་མཚམས་ལ་བབ་ན། དཔལ་ཆེན་པོ་འཁོར་གཉིས་པ་གཅིག་བྱུང་ནས་སྟོང་ཚིགས་ཀྱི་མཆོད་པ་དང་འཛབ་བསྟོད་བྱས་ནས་ཅི་བདེར་གནས་པར་བྱའོ། །དེ་ནས་བཟླས་པ་ལ་འཇུག་པ་ལ། མཆོད་པ་དང་བསྟོད་པ་བྱས་ནས། །བདག་ཉིད་དཔལ་ཆེན་པོའི་ཐུགས་ཀར་ཐིམ་ནས། །གོང་དུ་བཤད་པ་ལྟར་བཟླས་པ་བྱའོ། །དེ་དག་ནི་བཀའ་སྡོད་བསྒྲུབ་པའི་མན་ངག་གི་རིམ་པའོ། །རྫོགས་སོ། །དཀྱིལ་འཁོར་བདུན་པའི་རིམ་པ་ལས་བཀའ་སྡོད་ཕོ་ཉའི་དཀྱིལ་འཁོར་གྱིས། དེང་དུ་གྱུར་ནས་གསང་སྔགས་བརྗོད། །ཅེས་པའི་དོན་ཡིན་ཏེ། བདག་ཉིད་དཔལ་ཆེན་པོའི་ཆོ་ག་བསྐྱེད་ན་མཆོག །བཀའ་སྡོད་ཀྱི་བསྐྱེད་རིམས་སྔ་མ་བཞིན་དུ་བྱས་པ་ལ་བདག་ཉིད་དཔལ་ཆེན་པོའི་ང་རྒྱལ་དུ་གསལ་བས། རཀྟའི་ཕུར་མ་ཁ་ཕྱེ་སྟེ། ཐུམ་པོ་དང་པོ་རཀྟའི་ནང་དུ་བག་ཙམ་ཅིག་བླུག་ལ། བཟླས་པ་ལ་གཞུག་པའི་དུས་སུ་མཁར་གྱི་ནང་ན་མེ་ལ་བྲབས་ལ། དེ་སྡུག་པའི་སེམས་སྐྱེས་ནས། རྒྱས་པའི་དགྲ་བོ་རྣམས་ཁྲམ་ལ་བཏབ་ནས་དེའི་ཕན་བྱེད་ཀྱི་ལྷ་དང་ཕྲལ་ནས་སྡུགས་བསྔལ་ཞིང་སྐྱབས་མེད་པ་ལ། སྐྲ་བཤིག་ནས་རེངས་པར་འདུག་པར་བསམ་པ་ནི་ཏིང་ངེ་འཛིན་ནོ། །དེ་ནས་འཛབ་བསྟོད་བྱ་སྟེ། ཧཱུྃ དེ་ཉིད་ལྷུན་གྱིས་གྲུབ་པས་ན། དཔའ་བ་དེ་ཉིད་གདེང་དུ་གྱུར། །དེ་ཉིད་བདག་གི་དབང་དུ་འདུས། །ལས་ལ་ཐེ་ཚོམ་མེད་པར་གྱིས། །གྲུབ་པ་པོ་ལ་དངོས་གྲུབ་སྩོལ། །སྡང་བའི་དགྲ་ལ་རྟགས་ཆེན་ཕྱུང་། །གནོད་པའི་བགེགས་ཆེན་རྡུལ་དུ་བརློག །ༀ་བུར་ཀུར་ཏི་ཧཱུྃ་ཕཊ། ཅེས་བསྒྲུབ་པ་ཆེན་པོ་འབུམ་དུ་བཟླས། །དུས་བཞིར་ཚོགས་ཀྱི་མཆོད་པ་དབུལ། །བསྐང་བ་དུས་བཞིར་བྱ། །བསྐུལ་པ་དུས་བཞིར་བྱ། །ཟོར་འཕངས། གཟུ་དཔང་གསོལ་ཞིང་ལྷ་དང་དབྲལ་ཞིང་འདི་དག་ནི་བསྒྲུབ་པ་ཆེན་པོའི་མན་ངག་གོ། །ཤིན་ཏུ་གསང་ལ་གུས་པས་ཉམས་སུ་བླང་ངོ་། །བླ་མའི་མན་ངག་ལ་བརྟེན་ནས། །བདག་པས་བློ་དམན་དོན་ཆེད་དུ། །བརྗོད་བྱང་ཙམ་ཞིང་བྱས་པ་ལ། །བདག་གི་ལྷ་ལ་བློ་ལ་མི་སྤྱོད་ཞིང་། མཁས་པ་རྣམས་ཀྱིས་བཟོད་པར་བཞེས། །འདི་ལས་བྱང་ཆུབ་རེག་གྱུར་ཅིག །དཀྱིལ་འཁོར་བདུན་པའི་རིམ་པ་ལ། །བསྙེན་བསྒྲུབ་བཞི་ཡི་མན་ངག་འཇུག་ཚུགས་སུ་མཛད་པ་རྫོགས་སོ། །དཔལ་ཆེན་པོ་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །དགོངས་པ་འདུས་པའི་རྒྱུད་དག་ལས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །དཀྱིལ་འཁོར་བདུན་པའི་རིམ་པ་ཙམ། །དེ་ལ་རྣམ་པ་གཉིས་ཡིན་ཏེ། །འདས་པ་དང་ནི་འཇིག་རྟེན་པའོ། །འདས་པའི་དཀྱིལ་འཁོར་བཞི་ཡིན་ཏེ། །འཇིག་རྟེན་པ་ལ་ད་ལ་གསུམ། དེ་ཡི་གདམ་དག་དམ་པ་འདི། །བདག་འདྲས་བརྩམ་པར་མི་འོས་ཀྱང་། །བླ་མའི་གསུང་འཕྲོས་མང་ཐོས་པས། །བསྒྲུབ་པའི་ལག་ལེན་མང་ཐོས་ཕྱིར། །ཡིག་སྣ་འདིར་ནི་བྲི་བར་བྱ། །དེ་ལ་སྦྱིར་བཟླས་པ་ལ་གཉིས་ཏེ། ངག་གི་བཟླས་པ་དང་། རྡོ་རྗེའི་བཟླས་པའོ། །ངག་གི་བཟླས་པ་ལ་ཡང་གཉིས་ཏེ། འཇིག་རྟེན་ལས་འདས་པའི་བཟླས་པ་དང་། འཇིག་རྟེན་པའི་བཟླས་པའོ། །རྡོ་རྗེའི་བཟླས་པ་ལ་གཉིས་ཏེ། རྡོ་རྗེའི་བཟླས་པ་དང་། དེ་ཁོ་ན་ཉིད་ཀྱི་བཟླས་པའོ། །འཇིག་རྟེན་ལས་འདས་པའི་བཟླས་པ་ལ་གསུམ་སྟེ། །བསྙེན་པ་དང་བསྒྲུབ་པ་དང་ལས་ལ་སྦྱར་བའོ། །བསྙེན་པ་ལ་ནི་བསྐྱེད་པའི་རིམ་པ་རྫོགས་ནས། མཆོད་བསྟོད་ཚུལ་བཞིན་བྱས་པའི་རྗེས་ལ་བཟླས་པའི་དུས་སུ་ཞི་རྒྱས་དབང་གསུམ་གྱི་བཟླས་པའི་བསྙེན་པའོ། །བསྒྲུབ་པ་ནི་དཀྱིལ་འཁོར་དུ་མེ་ཏོག་དོར་ཏེ། གང་ལ་བབས་པའི་ལྷས་བདག་ལ་དབང་བསྐུར་ཏེ། གཟི་བྱིན་དང་ལྡན་པར་བྱ་བ་ནི་བསྒྲུབ་པའོ། །ལས་ལ་སྦྱར་བའི་དུས་སུ་དང་པོ་བདག་གི་གསེར་སྐྱེམས་ལ་སོགས་པས་མཆོད། གཟུ་དཔང་གསོལ། དེ་ནས་བདག་ཉིད་སྟེང་གི་ནམ་མཁའ་ལ་སངས་རྒྱས་མི་བསྐྱོད་པ་དམིགས་ཏེ། སྔགས་ཀྱི་འོད་ཟེར་གྱི་འོད་དུ་ཞུ་ནས། བདག་ལ་བསྟིམ་སྟེ་གཟི་བྱིན་དང་ལྡན་པར་བྱས་ལ། །དེ་ནས་ངག་གི་བཟླས་པ་བྱས་པས། བདག་གིས་ཞལ་ནས་ཕར་དྲག་པོ་སྔགས་ཀྱི་འོད་ཟེར་ཁ་དོག་པོ་སྣ་ལྔ་ལ་ལྕགས་ཀྱུས་མཚན་པ་སྤྲོས་ཏེ་དྲག་པོའི་ཚད་ནི་གྱད་ཀྱི་མདའ་འཕངས་པ་ལྟ་བུའོ། །ལྷ་སྦྱིན་གྱི་རྒྱུད་ལ་ཕོག་པ་ནི་ལྕགས་ཀྱི་ཐོག་རྒྱབ་པ་ལྟ་བུའོ། །སྙིང་པོ་བྱང་ཆུབ་ཀྱི་བཅུད་བསྡུས་ཏེ་ཚུར་འོངས་པ་ཐག་པ་དཀར་ནག་སྒྲིལ་བ་ལྟ་བུའོ། །དེ་ནས་བདག་ལ་ཐིམ་སྟེ་བདག་དཔལ་ཆེན་པོའི་གཟི་མདངས་དང་ལྡན་པར་བསྐྱེད་པ་ནི། དགྲ་བོའི་རྣམ་པར་ཤེས་པ་བདག་རྣལ་འབྱོར་པའི་གོ་ཆའོ། །ཉོན་མོངས་པ་དང་བཅས་པའི་ཕུང་པོ་ལྷག་མ་ལ་མཁའ་འགྲོ་ལ་ཚོགས་སུ་བསྟབ་པར་བྱ་སྟེ། དེ་ལྟར་དེའི་སྦྱོར་བས་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཚོགས་ཀྱི་མཆོད་པ་དང་། བསྟབ་པ་བྱ་ཞིང་། བཟླས་པ་བྱ་བ་ནི་ལས་ལ་སྦྱར་བའོ། །འཇིག་རྟེན་པའི་བཟླས་པ་ལ་གསུམ་སྟེ། བསྙེན་པ་དང་། བསྒྲུབ་པ་དང་། ལས་ལ་སྦྱར་བའོ། །དེ་ལ་དང་པོ་རྟག་རྟེན་བཤམ་ཏེ། ས་སྣ་བདུན་གྱི་འདག་པ་ལ་མཁར་བྱ་སྟེ། ཚད་ནི་ཞིང་དུ་ཁྲུ་གང་ཆུར་རྐྱང་ཁྲུ་གང་། ལོགས་བཞི་ལ་གློ་སྐར་བཞི་ཐོད་པས་མཚན་པའོ། །རུ་མཚོན་ཆེན་པོ་བཞི་དང་། དུར་བྱ་ནག་པོ་བརྒྱད། སྟེང་དུ་བྱ་ཁྱུང་གི་ཕྱག་རྒྱ་གཉིས་དང་། །དེའི་ནང་དུ་གྲུ་གསུམ་མཐིང་ནག་གི་ནང་དུ། དམིགས་བྱའི་ལིདྒ་གཞག་ཁྲོ་བོའི་སྟེང་དུ་མདའ་སྒྲོ་ཡུད་ལྔ་པ་ཅིག་ལ་དུག་མེད་ནག་པོ་བཙུགས་པ་ལ་མགུལ་དུ་དར་མཐིང་ནག་གི་ལེའུ་གཅིག་གདགས། དེ་ལ་དང་པོ་རིལ་བུའི་ཕུར་མ་རྟེན་པའི་རྫས། བར་མ་ཁྲོལ་བུ་བྲབ་པའི་རྫས། ཐ་མ་མཆོད་པའི་རྫས། ཕུར་པ་ལིང་གའི་སྙིང་ཁར་བཙུགས་ལ། ཁྲོ་མོའི་བརྟེན་དུ་ནམ་མཁའ་སྔོན་མོ་གསེར་མིག་ལ་གཅིག །བྱ་རྒོད་ཀྱི་མཐེའུ་གཅིག་ལ་དར་ལྕེ་བཞི་དང་བཅས་ཏེ་མདའི་སྟེང་བཙུགས་ལ་བཞག་གོ། །ཁྲོ་བོའི་རྫས་ནི་ཟ་མ་ཏོག་སྨན་སྣ་ཚོགས་ཀྱིས་བཀང་བ་དང་། ཤ་སྣ་དང་། ཁྲག་སྣ་དང་། བསེ་བྱང་དམར་པོ་དང་རི་རབ་སྤྱི་སྐོར་ཐོད་བྲམ་ཀྱང་བཞག །ཁྲོ་མོའི་རྫས་སུ་ཐོད་པ་ཚལ་བུའི་ནང་དུ་རྐང་སྣ་ཚོགས། འབྲུ་སྣ་ཚོགས་དང་། མར་དང་། ཁྲག་སྣ་ཚོགས་ཀྱིས་བཀང་ལ་བཞག་ཤར་དུ་ཁྲོ་བོའི་མཁར་བྱས་ལ། དམིགས་བྱའི་ལིང་གའི་སྟེང་དུ་མཆོག་ཕུར་ཞིག་ལ་རྒྱུ་ཞགས་སམ་མཁར་ནག་གི་གདགས་སྟེང་སྙིང་མཁར་བཙུག་སྟེ་བཞག །རྒྱུ་ཞགས་ཀྱི་སྣ་རི་རབ་སྤྱི་བསྐོར་གྱི་དམིགས་སྡང་ལ་བཏགས་ལ་བཞག །ཀཱི་ལ་ཡ་ཉེར་གཅིག་སྒྲོམ་ཤིང་དུ་བྱིན་གྱིས་བརླབས་ལ་བཞག །ལྷོ་ཕྱོགས་གནོད་སྦྱིན་གྱི་མཁར་དུ་ལིངྐའི་སྟེང་དུ་བསེ་མདུང་དམར་པོ་བ་དན་དང་བཅས་ཏེ་བཞག །གཡས་སུ་རུ་ཟོར། གཡོན་དུ་མདའ་ཟོར། ནུབ་ཕྱོགས་སྲིན་པོའི་མཁར་དུ་ལིདྒའི་སྟེང་དུ་སྦྲུལ་མགོ་གདེང་ཀ་གསུམ་དུ་བཞག །གཡས་སུ་ཤ་སྣ་དེབ་རྩེ་གང་། །གཡོན་དུ་ཀླུ་སྨན་དེབ་རྩེ་གང་། །བ་དམར་མོའི་འོ་མ་བཞག །བྱང་ཕྱོག་ཟ་བྱེད་ཀྱི་མཁར་དུ་ལིང་གའི་སྟེང་དུ་དར་མཐིང་ནག་གི་གུར་དབུབ། བྱང་ཕྱོགས་ལིང་གའི་སྟེང་དུ་ཡུངས་དཀར་གྱི་ཐུན་བྲབ། དུག་ཐུན་བྷནྡྷ་བཞག །དགྲ་བོ་ལྷ་དང་བྲལ་བའི་ཕྱིར་རྒྱ་ཚིལ་ལ་སོགས་པའང་བཞག །དེ་ནས་ཁྲོ་བོའི་ཞལ་བྱས་ལ་མཁར་གྱི་ནང་དུ་མདའ་ལ་སྐྱོན་ཏེ། དེ་རྣལ་འབྱོར་པ་བདག་ཉིད་ལ་ཁ་བསྟན་ལ་བཞག །དེ་ནས་བསྙེན་བསྒྲུབ་ཚུལ་བཞིན་དུ་བྱ། དེ་ནས་ལས་ལ་སྦྱོར་བའི་དུས་སུ་འབྲུབ་ཁུང་ལས་ཀྱི་དཀྱིལ་འཁོར་བྱ་སྟེ། དང་པོ་གསེར་སྐྱེམས་བཏང་ལ་བདེན་པ་བརྡར། མ་ཉེས་པའི་དཔང་གཟུགས། དེ་ནས་དྲག་པོའི་སྔགས་བཟླས་པའི་དུས་སུ་བདག་དཔལ་ཆེན་ཐུགས་ཁ་ནས་ལས་ཀྱི་མགོན་པོ་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་སྔོ་ནག་གཅེར་བུ་རལ་པ་གྱེན་དུ་བརྫེས་པ། ཕྱག་གཡས་ན་གསལ་ཤིང་ནག་པོ། གཡོན་ན་ཟངས་གྲི་ནག་པོ་ཙར་གྱིས་བཏོན་ལ། བཞི་བོའི་མགོན་པོ་དང་གཉིས་སུ་མེད་པར་བྱས་སྟེ། བདག་དཔལ་ཆེན་པོ་ལ་ལས་ཅི་བགྱི་ཞེས་བཀའ་ན་པར་བསམ་མོ། །རྣལ་འབྱོར་པ་བདག་ཉིད་ཀྱི་བརྡ་བསྟན་པས། འཕར་སྤྱང་ནག་པོ་དང་། ལྕེ་སྤྱང་དམར་པོར་སྤྲུལ་ཏེ། ལྷ་སྦྱིན་གྱི་གཡས་ན་ཡར་ཞུགས། ནང་ཁྲོལ་ཞལ་དུ་རྔུབས། དོན་སྙིང་ལྔ་རྩར་གྱིས་བཏབ་ནས་སླར་ལ་ཕྱུང་སྟེ། བདག་དཔལ་ཆེན་པོ་ལ་བསྟབ་པར་བསམ། དེ་ལྟར་དེའི་སྦྱོར་བ་དང་ལྡན་པའི་ཉིན་མཚན་དུས་དྲུག་ཏུ་བསྟབ་པའི་ལས་བྱ་ཞིང་དྲག་པོའི་སྔགས་འདོན་པར་བྱའོ། །དེ་ནས་མཚན་མ་གནད་པ་ལ་ཕེབས་པ་དང་། རྣལ་འབྱོར་གཅིག་གིས་མཐོ་མཚམས་སུ་ཕྱིན་ལ། རྒྱ་ཚིལ་གྱི་དུད་པ་བཏང་ལ་ལྷ་དང་དབྲལ་བའི་ཆོ་ག་བྱའོ། །སླར་ལོག་སྟེ་ཕུར་པ་བཏབ་པ་དང་། ཐུན་རྡེག་པ་དང་། མཚོན་གྱིས་གཏུམ་པ་དང་། བསྒྲལ་བའི་ལས་བྱ། དེ་ནས་བསྟབ་པའི་ལས་བྱ། སྦྱིན་བསྲེག་བྱ། དེ་ནས་མནན་པའི་ལས་བྱས་ནས་སྦྱིན་སྲེག་བྱས་པའི་ཐལ་བ་ལ་བྱས་ཏེ་མིང་བྱང་ལིང་གའི་སྙིང་ཁར་བཅུག་ལ། དེ་འཁོར་ལོ་ཁ་སྦྱར་གྱི་བར་དུ་བཅུག་ཏེ་མ ཁར་ནག་གམ་རྒྱུ་ཞགས་ཀྱིས་བསྡམས་ལ་གཏད་པའི་སར་ཁྱེར་ལ་ཕུར་པ་བཞིས་ས་བདག་འབྲོས་རྒྱུན་བཅད། དེ་ནས་གསེར་སྐྱེམས་བཏང་། ཡུལ་གྱི་ལྷ་འདྲེ་ལ་མ་ཉེས་པའི་དཔང་གཟུགས། ས་བདག་དེ་ལ་ཡང་ཀླུ་སྨན་སྣ་ཚོགས་ཀྱི་མཆོད་པ་སྦྱིན། དེ་ནས་མནན་པའི་ས་གྲུ་གསུམ་ཁྲུ་གང་པ་བྲུས་ཏེ། དེ་ནས་རྒྱ་མཚོའི་གཏིང་ན་གནས་པའི་ཀླུ་བདུད་ཆེ་གེ་མོ་ཁ་ཕྱེ་ཞིག །རྒྱས་པའི་དགྲ་བོ་ཤོ་ར་རེ་བྱས་ཏེ་ཁ་སྦྱར་ལ་གཞུག །དེའི་སྟེང་དུ་མགོན་པོ་མིའུ་ཐུང་གི་གཟུགས་བསྐྱོན། དེའི་སྟེང་དུ་ཁྲོ་བོའི་མཁར་བྱ་ཁྱུང་གི་ཕྱག་རྒྱ་དང་བཅས་པ་བཞུག །དེའི་སྟེང་དུ་གཡམ་པ་ནག་པོ་ལ་རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་བཏབ་ལ་ཁ་བཅད་དོ། །དེ་ནས་དཔའ་བོའི་བྲོ་བརྡུངས་སྟེ། །གོམ་པ་ཉི་ཤུ་རྩ་གཅིག་ཕྱིར་བསྐྱོད་ལ་ཟོར་བརྡེག་གོ། །ལོགས་ན་སྤོགས་པའི་ཆོ་ག་བྱའོ། །གཡས་སུ་ལོག་ན་རྐང་པ་གཡས་ལ་ལན་གསུམ་བསྐོར་ལ་འཕངས། དེ་ནས་དེ་ལ་བརྡེག །གཡོན་དུ་ལོག་ནའང་དེ་བཞིན་བྱའོ། །ཐད་དཀར་འདུག་པར་ཐོ་གཅིག་བཙུགས་ལ་ཕར་ཚུར་རྡེག་གོ། །དེ་རུ་ཡང་ལོག་ན་གཡས་སུ་ཕྱིན་ལ་སྔགས་མཇུག་གོ་བཟློག་བྱས་ལ་སྟོང་ཚོ་གཅིག་འདོན། དེ་ནས་ཡང་ཟོར་ལས་བྱ། དེ་ནས་གཏང་རག་གི་གཏོར་མ་བཏང་། ཡེ་ཤེས་ཀྱི་ལྷ་གཤེགས་སུ་གསོལ། དམ་ཚིག་པ་ལུས་ལ་བསྡུ། མཚམས་མི་དམིགས་པར་གྲོལ། དེ་ལྟར་བྱས་པ་ནི་ལས་ལ་སྦྱར་བའོ། །དེ་ལྟར་བྱས་པས་ཀྱང་ལོ་རུ་ཐོགས་ནས་ཕྱི་རྟགས་མེད་ན་མནན་པ་བྱ། འཕར་ནས་འདུག་ན་མནན་པའི་ལས་བྱ། མ་ཕར་ན་ལྷ་གནད་ལ་དབབ་པའི་ལས་བྱ་སྟེ། མགོན་པོའི་གཟུགས་མཐོ་གང་པ་བྱས་ལ། རུ་ལུའི་སྔགས་སྤྱི་བོར་བྲི། བསྙེན་པ་དང་ཉེ་བའི་བསྙེན་པ་རྐང་པ་གཡས་ནས་ལག་པ་གཡས་པའི་བར་དུ་གཞོགས་གཡས་ལ་བྲི། བསྒྲུབ་པ་བསྒྲུབ་པ་ཆེན་པོ་གཉིས་རྐང་པ་གཡོན་པ་ནས་གཞོགས་གཡོན་ལ་བྲི། བཞི་སྙིང་གཅིག་ཏུ་དྲིལ་བ་ནི་འདོམས་སུ་བྲི། ཡི་གེའི་མགོ་ནི་ནང་དུ་བསྟན་ནོ། །དེ་ནས་དག་དཔའ་བོའི་འོག་ཏུ་ཞག་གསུམ་གཟིར་མནན་བྱའོ། །ཐ་མ་འབྱུང་པོའི་ཉིན་ཞག་ལ་ཟངས་གྲི་ནག་པོས་གཏུབ་ལ། དྲག་པོའི་མེ་སྦར་ཏེ་སྦྱིན་བསྲེག་བྱའོ། །དེ་ནས་ཐལ་བ་ལ་མགོན་པོའི་གཟུགས། ཁོང་པར་དམིགས་བྱའི་ལིང་ག་གཞུག །གསོ་བའི་ཆོ་ག་གཞུང་བཞིན་བྱ། །མཉེས་པའི་ཆོད་པ་ལྔ་ཡང་སྦྱིན། །ཁྱད་པར་གྱི་ནི་མཆོད་པའང་། །མཐུ་པའི་རྫས་ཀྱི་བསྔོ་བར་བྱ། །མཆོད་རྟེན་ནག་པོ་མཐོ་གང་ལ། །གུ་གུལ་དུད་པས་བདུགས་བྱས་ལ། །དུར་ཁྲོད་ཆེན་པོའི་སར་ཁྱེར་ཏེ། །དོང་བྲུས་མགོན་པོའི་གཟུགས་བཅུག་ལ། །དེ་ཡིས་སྟེང་དུ་མཆོད་རྟེན་བཞག །གཡང་གཞི་ནག་པོ་བཏབ་ཅིང་བསྐོར་བ་ཕྱིར་ལོག་བྱ། མ་ཉེས་དཔང་གཟུགས་རྒྱངས་བརྡུངས་བར་བྱ། དེ་ལྟར་བྱས་ན་ལས་ལ་གདོན་མི་ཟ། ལྷ་གནད་ལ་བོར་བའི་ཆོ་ག་བྱ། བྷྱོ་ཕཊ་རུ་ལུ་རུ་ལུ་ཕཊ་ཧཱུྃ་དྷ་ཀྲོ་ཥྨ་ཙུ་ཨུ་ཕྱི་ཀི་ཙི་ཀ་ལི་བུར་ཀུར་ༀ། རུ་ལུ་རུ་ལུ་བྷྱོ། ཞེས་པ་ནི། རང་གི་གཏུམ་སྐད་དོ། །ཧཱུྃ་རུ་ལུ་རུ་ལུ་བྷྱོ། ཅེས་པས་ཀུན་བས་ཆེ་བའི་རྒྱལ་པོའོ། །ཧ་ལ་ཧ་ལ་བྷྱོ། འཁོར་རྣམས་བསྡུད་པའི་ང་རྒྱལ་ལོ། །ར་ལ་ར་ལི་བྷྱོ། ཀུན་གྱི་མི་ཐུབ་ཅིང་གཞན་པས་པྲ་བའི་རྒྱལ་པོའོ། །རུ་ཏྲ་མ་ཏྲ་མ་ར་ཏྲ། དགྲ་འདུ་ཀུན་འདུ་རབ་ཏུ་འདུམ་དམ་ལ་འདུ་ཞེས་པའི་སྐད་དོ། །ཨཐྎ། གུ་རུ་རཏྣ་ན་མོ། དཀྱིལ་འཁོར་བདུན་པའི་བཀའ་སྡོད་ཕོ་ཉའི་དཀྱིལ་འཁོར་ལ་བཅུ་བཞི། དྲག་པོ་འཁོར་བཅས་བསྐྱེད་པ་དང་གཅིག །སྤྱན་དྲངས་པ་དང་གཉིས། ཞལ་དུ་རྔུབས་ཏེ་སྣམ་ནས་བཏོན་པ་དང་གསུམ། དྲག་པོ་དཔལ་ཆེན་པོ་ལ་དཀྱིལ་འཁོར་དུ་ཆུག་ཅིག་པར་གསོལ་བ་གདབ་པ་བཞི། དཔལ་ཆེན་པོས་དཀྱིལ་འཁོར་དུ་སྣང་ནས་བཅུག་པ་དང་ལྔ། དྲག་པོ་དཔལ་ཆེན་པོ་ལ་བསྐྱེད་ཆུག་པར་གསོལ་བ་གདབ་པ་དང་དྲུག །དཔལ་ཆེན་པོས་སེམས་བསྐྱེད་པ་ནི་དམ་ཚིག་དབབ་པ་དང་བདུན། དཔལ་ཆེན་པོ་བདག་ལ་དབང་བསྐུར་བར་གསོལ་བ་བཏབ་པ་དང་བརྒྱད། དཔལ་ཆེན་པོས་བདག་ལ་དབང་བསྐུར་བ་དང་དགུ། དྲག་པོས་དབང་ནོད་ཅིང་དབང་ཡོན་དབུལ་བ་དང་བཅུ། དཔལ་ཆེན་པོས་མངའ་གསོལ་ཞིང་མཆོད་པ་དབུལ་བ་དང་བཅུ་གཅིག །དཔལ་ཆེན་པོ་ལ་ལུས་ལ་སོགས་པ་འབངས་སུ་དབུལ་བ་དང་བཅུ་གཉིས། དཔལ་ཆེན་པོས་འབངས་སུ་གནང་བ་བྱིན་པ་དང་བཅུ་གསུམ། རྡོ་རྗེ་ལྗགས་ཀྱི་བཟླས་པས་ཉེ་བར་བསྡུས་ཏེ་བཟླས་པ་བྱའོ། །དོན་མཚན་བཅུ་བཞི་པའོ། །ཨཐྎ །ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཚོགས་བདག་མགོན་པོ་འཁོར་བཅས་ཀྱི། །བསྙེན་པ་དང་ནི་ཉེ་བསྙེན་དང་། །བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ། །ལས་སྦྱོང་རིམ་པ་བྲི་བར་བྱ། །དང་པོ་བསྙེན་པའི་རིམ་པ་ནི། །དཀྱིལ་འཁོར་བདུན་པའི་རིམ་པ་ལས། །བཀའ་སྡོད་ཕོ་ཉའི་དཀྱིལ་འཁོར་ནི། །དང་པོ་རྟེན་རྫས་ཚོགས་པར་བྱ། །ལྷ་ཡི་བསྙེན་པ་རྫོགས་པ་དང་། །ཚོགས་བདག་བསྐྱེད་རིམ་བསྟན་པ་ནི། །རི་བོ་བྱན་རླག་ཕྱོངས་ཀྱི་རྩེ། །མ་ལ་ཡ་ཡི་རྩེ་མོ་རུ། ཀོ་ཀ་ཐང་དམར་རྒྱ་མཚོའི་དཀྱིལ། །བམ་རི་ཐོད་པའི་མཁར་ཆེན་ལ། །སྟེང་དུ་བདུད་བྱ་ནག་པོ་གནས། །བདུད་ཀྱི་རུ་མཚོན་པུ་རུ་རུ། །དེ་ན་གྲུ་གསུམ་ལྕགས་མཁར་འབར། །ཚོགས་བདག་ཡབ་ཡུམ་བཞུགས་པའི་གནས། །ཕྱོགས་བཞིར་གྲུ་གསུམ་ལྕགས་མཁང་བཞི། །གནོད་སྦྱིན་ལ་སོགས་འཁོར་བཞི་གནས། །དེ་རུ་འཁོར་བཅས་བསྐྱེད་པ་ནི། །བདག་དཔལ་ཧེ་རུ་གསལ་བའི་ཐུགས་ཀ་ནས་རུ་ཞེས་བརྗོད་པས་དབུས་སུ་རུ་བསམ། དེ་འོད་དུ་ཞུ་བ་ལས། ༀ་བུ་ཀུར་མ་ཧཱ་ཀ་ལ་ས་མ་ཡ་ཞེས་བརྗོད། ཚོགས་བདག་བདུད་ཀྱི་རྗེ་མགོན་པོ་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་ནག་པོ་གཅེར་བུ་བྱའི་གཤོག་པ་ཅན་དབུ་སྐྲ་ཁམ་ནག་འབར་ཞིང་རྙིགས་པ་སྤྱན་གསུམ་བགྲད་པ། ཕྱག་གཡས་ན་གྲི་གུག་ཡུ་བ་རྡོ་རྗེས་བྱས་པ། གཡོན་བྷནྡྷ་ལྕང་ལོ་ཅན་ཁྲག་གི་བཀང་བ་བསྣམས། ཞལ་གདངས་ཞིང་མཆེ་བ་གཙིགས་པ་ལྗགས་འདྲིལ་བ། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། ཧ་ལ་ཧ་ལའི་སྒྲ་སྒྲོགས་པ། །རོའི་གདན་ལ་རྐྱང་བསྐུམ་དུ་བཞུགས་པ། དམིགས་བྱ་ཁྲོས་པའི་སེམས་ཀྱིས་གནོན་པའོ། །གཡོན་དུ་ཉེ་གནས་ཀྲོ་ཏི་ཤྭ་རི་མ་སྐུ་མདོག་ལྔོ་སྐྱ་གཡས་ཡབ་ལ་འཁྱུད་པ། གཡོན་བྷནྡྷ་དམར་གྱིས་བཀང་བ་བསྣམས་པ་གཙོ་འཁོར་བསྐྱེད་པ་ལ་བཞི་ལས་དང་པོ་ཀྲོ་ཏ་ཁྲོ་བོའི་ཚོགས་བསྐྱེད་པ། ཞེས་བརྗོད་པས་ཤར་ཕྱོགས་ལྕགས་མཁར་འབར་བ་རུ་བསམ། དེ་འོད་དུ་ཞུ་བ་ལས་བཛྲ་ཀྲོ་ཏ་ཛྭ་ལ་ས་མ་ཡ་ཞེས་བརྗོད་པས་གྲོལ་གྱིང་ཆེན་པོ་བཅོ་བརྒྱད་གྱིང་ཙམ་བཅུ་གཉིས་འཛིན་གྱིང་བཞི་ཅུ་རྩ་གཉིས་ལ་སོགས་པ་ཁྲོ་བོ་གྱིང་གི་ཚོགས་ཕྱག་ན་མཚོན་ཆ་བསྣམས་པ་ལྕགས་མཁར་ནང་དུ་བསྐྱེད་དོ། །ཡ་གཉིས་པ་གནོད་སྦྱིན་གྱི་ཚོགས་བསྐྱེད་པ་ནི། ཞེས་བརྗོད་པས་ལྷོ་ཕྱོགས་ལྕགས་མཁར་ནང་དུ་ཡ་བསམ། དེ་འོད་དུ་ཞུ་བ་ལས། ཡཀྵ་ཛྭ་ལ་ས་མ་ཡ་ཞེས་བརྗོད་པས། གནོད་སྦྱིན་ཟངས་ཐོག་གི་རྒྱལ་པོ་དང་། ཡུམ་བསེ་གདོང་ཟངས་མགྲིན་མ་སྲས་ཟོར་གྱི་རྒྱལ་པོ་བཞི་ཕྱག་ན་ཡུངས་ཟོར། མདའ་ཟོར། ཐོད་ཟོར་ཐོགས་པ་སྤྲིན་ཕུང་ཙམ་བསེའི་སྐྱེས་བུ་བཞི་ལག་ན་སྦྲུལ་ཞགས་བསེའི་དགུག །མིང་སྲིང་བཞི་བཅུ་པ་ཐམས་ཅད་བསྐྱེད་དོ། །ར་གསུམ་པ་ཞེས་བརྗོད་པས་ནུབ་ཕྱོགས་ལྕགས་ཁང་དུ་ར་བསམ་དེ་འོད་དུ་ཞུ་བ་ལས། རཀྵ་ཛྭ་ལ་ས་མ་ཡ་ཞེས་བརྗོད་པས་ཁྱབ་འཇུག་ཆེན་པོ་ར་ཧུ་ལ་རོ་སྟོད་མི་ལ་རོ་སྨད་སྦྲུལ་མཇུག་ལུས་ཐམས་ཅད་མིག་གི་ཁེངས་པ། སྲིང་མོ་གདོང་མོ་བཞི། ཕྱོགས་བཅུར་སྲིན་མོ་བཅུ་ལ་སོགས་པ་སྲིན་པོ་དང་སྲིང་མོའི་རྒྱལ་མོ་བཅུ་རྣམས་བསྐྱེད་དོ། །མ་ཞེས་བརྗོད་པས། བྱང་ཕྱོགས་སུ་ལྕགས་མཁར་ནང་དུ་མ་བསམ། དེ་འོད་དུ་ཞུ་བ་ལས། ཙིཏྟ་ཛྭ་ལ་ས་མ་ཡ་ཞེས་བརྗོད་པས། དཔལ་ལྡན་ནག་མོ་རེ་མ་ཏི་དྲེལ་རྟ་རྐང་གསུམ་ལ་ཆིབས་པ། ཤྭ་ན་མ། བསེ་མོ། དབུས་སུ་ནག་མོ་འབུམ་སྡེ། ཤར་དུ་དཀར་མོ་འབུམ་སྡེ། ལྷོར་སེར་མོ་འབུམ་སྡེ། ནུབ་ཏུ་དམར་མོ་འབུམ་སྡེ། བྱང་དུ་ལྗང་མོ་འབུམ་སྡེ་བསྐྱེད་དོ། །ཐམས་ཅད་སྐུ་མདོག་ཕྱག་མཚན་བསྣམས། །ཕོ་ཉ་རིང་མོ་ནས་འབྱུང་བ་བཞིན་བསྒོམ་མོ། །མགོན་པོ་དགུག་པ་ནི། དེ་ནས་བདག་དཔལ་དུ་གསལ་བ་ལས། ངག་ཏུཿ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ༀ་བུར་ཀུར་མ་ཧཱ་ཀ་ལ་ས་མ་ཡ་ཧྲིཾ་ཧྲིཾ། ལྕག་ཀྱུའི་ཕྱག་རྒྱ། ༀ་ཨ་གུ་ཤ་ཛ་ཛཿ ཞེས་བརྗོད་པས་དཔལ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་ལྕག་ཀྱུའི་དབྱིབས་ལྟ་བུ་འཕྲོས་པས་ནག་པོ་འཁོར་དང་བཅས་པའི་སྙིང་ཁ་ནས་བཟུང་ནས་མདུན་དུ་དགུག་ལ། ༀ་མདུན་དུ་གནས་པ་ལ་རུ་ལུ་རུ་ལུ་བྷྱོ། ཧ་ལ་ར་ལ་བྷྱོ། རུ་ལུ་རུ་ལུ་བྷྱོ། རཀྴ་ཤྲཱི་ཧེ་རུ་ཀ་རུ་ཏྲ་མ་ཏྲ། རི་བོ་བྱན་སླག་ཆོངས་ཀྱི་རྩེ་ནས་ཀུབ་ནས། ཧ་ཧ་ཧཾ། ཞེས་བརྗོད་པས། བདག་དཔལ་མགོན་པོ་འཁོར་བཅས་ཆེན་པོར་གསལ་བའི་ཞལ་དུ་གསོལ་ནས་གནམ་ནས་བཏོན་ནས་མདུན་དུ་བསྐྱེད་པ་དང་གཉིས་སུ་མེད་པར་སྟིམ་ལ་བཞག་གོ། །དེ་ནས་ནག་པོ་ཆེན་པོས། དཔའ་བོ་ཁོ་རང་གསལ་གདབ་པོ་ཆེན་པོ་དགོངས་སུ་གསོལ། །བདག་ཅག་སྐལ་ལྡན་འདུས་པའི་ཚོགས། །སྒོ་འདི་འཇུག་པར་འཚལ་ལགས་ན། །རྒྱལ་བའི་སྲས་སུ་བཟུང་དུ་གསོལ། །ཞེས་དཔའ་བོ་ལ་གསོལ་བ་གདབ་བོ། །ཧཱུྃ་ཧཱུྃ་ཧཱུྃ། བི་ཤྭ་གནས་སྦྱོང་ཞིག་བྱིན་གྱིས་བརླབས་པ་བཛྲ་ཀྲོ་ཏ་ཛྭ་ལ་མཎྜ་ལ་ཕཊ་ཕཊ། ཏ་ཀེཾ་ཁོའི་སྒྲིབ་པ་དག་པར་བསམ་ཏ་ཀེཾ་ཕཊ། ཀྲོ་ཏ་ཀྲོ་ཏ་ཡཾ། ཏིཀྵ་ཏི ཀྵ་ཁཾ། ༀ་ༀ་མུཾ་ཧཱུྃ། སྐལ་སྤྲོ་བ་སྐྱེད་པ་དང་དགའ་བར་བསམ། ལྡན་འདུས་པའི་ཚོགས་ཆེན་ཁྱོད། བདེ་བར་འོངས་སོ་ལེགས་པར་འོངས། །གྲུབ་པ་ལུང་གི་གསང་སྒོ་འདིར། །སུ་དག་འོང་པར་སླར་མི་བཟློག །དཔའ་བོ་ཆེན་པོས་སྦྱོད་པ་དང་། །བྱིན་གྱིས་བརླབས་དང་སྤྲོ་བ་བསྐྱེད་པའོ། །བདག་དང་མཐའ་ཡས་སེམས་མགོན་པོས་མཛད་པ་ཅན་རྣམས། མུན་པས་སྒྲིབ་པས་དེ་མ་ཤེས། །བྱང་ཆུབ་མཆོག་གི་ལམ་འདི་ནས། སངས་རྒྱས་ས་ལ་འཇུག་པར་བྱའོ། །མགོན་པོས་སེམས་བསྐྱེད་པ་དང་། དཀྱིལ་འཁོར་དུ་འཇུག་པར་ཁས་བླངས་པའོ། །རྡོ་རྗེ་ཅན་གྱི་རྣལ་འབྱོར་ཁྱོད། །རྡོ་རྗེ་ཅན་དུ་ཅི་ངེས་ན། །གསང་བ་གསུམ་དུ་ངེས་པ་ཉིད། །མི་ཕྱེད་རྡོ་རྗེའི་དམ་ཚིག་ནི། །གསང་བ་གསུམ་གྱི་དབྱིངས་ནས་བྱུང་། །ད་ལ་གསུམ་གྱི་དམ་ཚིག་ཡིན། །གྲུབ་ན་འཇིགས་པའི་དུས་མེད་དོ། །ༀ་ཨཱཿཧཱུྃ། ཞེས་ལན་གསུམ་བརྗོད་པས་མགོན་པོའི་སྤྱི་བོར་ༀ། མགྲིན་པར་ཨཱཿ སྙིང་ཁར་ཧཱུྃ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས་མི་འདའ་བར་བསམ་མོ། །ས་མ་ཡ་ཞེས་ལན་གསུམ་ཏུ་བདུད་རྩི་གཏོར། བརྗོད་པས་དམ་ཚིག་བླངས་ན་དམ་བཅས་པར་བསམ་མོ། །དེ་ནས་དམ་ཆུ་བླུད་པ་ནི་ཏིང་ངེ་འཛིན་གསལ་བར། གསང་བ་གསུམ་གྱི་དམ་པ་རྣམས། །ཁྱོད་ཀྱི་རབ་ཏུ་བསླུས་གྱུར་ན། །དེ་ཀུན་ཁྲོས་ནས་ཁྲག་ཆེན་པོ། །ཉམས་པའི་སྙིང་ནས་དྲངས་ཏེ་ཐུང་། །ཨི་དན་སྟེ་ན་ར་ཀན །བ་ར་ཧྲི་ད་ཡེ། ན་མ་བ་ཏི་ནན། ས་མ་ཡ་རཀྴ་སི་སི་ཏི། བི་ས་ན་བཛྲ་ཨ་མྲྀ་ཏ་ཧེ་ཏ་ལན་གསུམ་ཀན་ཅེས་བདུད་རྩི་གཏོར་བ་མགོན་པོས་འཐུངས་པས་སྙིང་ལ་ཐིམ་པས་ཧཱུྃ་མཐིང་ནག་དུ་གྱུར་ཏེ་ཁོས་དམ་མ་ཉམས་པར་བདག་གི་སྟོང་གྲོགས་བྱས་ནས་རྡོ་རྗེ་སེམས་དཔའ་ཚོན་གང་པར་གྱུར་པར་བསམ། །དེ་ལྟར་མ་བྱས་ན་བཛྲ་ཡཀྴ་ལྕགས་ཀྱི་སྡིག་པ་མགོ་དགུ་པ་ཞིག་དུ་གྱུར་ཏེ་ཁོའི་སྙིང་པོ་བྱེད་པར་བསམ་མོ། །དཔའ་བོ་ཆེན་པོས་དམ་ཚིག་དབོག་ཅིང་དམ་ཚིག་དྲན་པའོ། །ཡེ་ཤེས་རིན་ཁོ་བོས་ཕྱག་འཚལ་བ་ཆེན་དབུ་རྒྱན་མཆོག །གཟི་བརྗིད་ཕུང་པོ་བླ་ན་མེད། །སངས་རྒྱས་རིན་ཆེན་ཀུན་འདུས་པ། །རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ། །དབྱིག་གི་ཡེ་ཤེས་གཙོ་མཆོག་ཉིད། །རྡོ་རྗེ་སེམས་དཔའ་མཆོག་འཛིན་པ། །ཁྱེད་ཀྱི་དམ་ཚིག་གཙོ་ལགས་ཀྱི། །དབང་མཆོག་རྒྱལ་པོས་བདག་དབང་བསྐུར། །ནག་པོ་ཆེན་པོས་ཕྱག་འཚལ་བ་དང་། །ཕྱག་འཙལ་བར་གསོལ་བར་གདབ་པའོ། །ༀ་ཨཱཿཧཱུྃ་ཨ་མྲྀ་ཏ་ཨ་ཧི་ཧི་སརྦ་མཎྜ་ལ་ཧཱུྃ། ཨ་བྷི་ཥིཉྩ་ཧྲི་ཋ། དཔའ་བོས་ཡེ་ཤེས་ཀྱི་བདུད་རྩིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་དབང་བསྐུར་བའོ། །བདག་གི་སྐྱེས་བུ་ཁྱེད་ཀྱིས་སྔོན་དུ་དབང་བསྐུར་བས། སངས་རྒྱས་ཀུན་གྱི་བདག་ཉིད་ཀྱི་བདག་ལ་དབང་བསྐུར་བས། བཅོམ་ལྡན་ཐམས་ཅད་མཆོག་གི་ནི་བདག་ལགས་ཏེ། མཆོག་ཉིད་བསྒྲུབ་ཕྱིར་དབང་རྣམས་བླངས་བར་བྱའོ། །དེའི་རྗེས་སུ་འཁོར་རྣམས་ཀྱི་མོས་པ་དང་དང་བས་གཏང་རག་གི་མཆོད་པ་དབུལ་བའོ། །དེ་ནས་དཔལ་ཆེན་པོས་རང་ལ་ཉེ་བར་མཆོད་པ་ལྔས་མཆོད་པར་བསྟན་པ་ནི་ཁོ་ལ་དབུལ། ༀ་བུར་ཀུར་མ་ཧཱ་ཀཱ་ལ་ཨེ་ཧོ་ཤྭ་མོ་ཀྲོ་ཏ་ཀྲོ་ཏ་རུ་པ་པཱུ་འདི་རྣམས་དངོས་ལས་ལྷ་མོ་བསླབ་པ་མི་བསླབ་གསུང་ཙ་ཧཱུྃ། དེ་བཞིན་དུ་པུཥྤེ། ཨཱ་ལོ་ཀེ། གྷནྡྷེ། ནཻ་ཝི་ཏེ། ཞེས་མཆོད་པ་དབུལ་ལོ། །དེ་ནས་དམ་ཚིག་གི་དམ་རྫས་བསྔོ་བ་ནི། །དཀའ་ཐུབ་ཆེན་པོ་ཚུར་གསོན་ཅིག །ལེགས་ལྡན་ནག་པོ་མ་རུངས་པ། །ཤ་ཁྲག་དམར་གྱི་གཏོར་མ་བཞེས། །རང་གི་རྒྱལ་སྲིད་ལ་གནས་ཏེ། །གཞན་གྱི་སྡེ་རྣམས་འཇོམས་མཛད་པ། །ཁྲམ་ལ་བཏབ་པའི་དགྲ་བགེགས་རྣམས། །རོལ་ཅིག་དགོངས་ཤིག་ཁཱ་རཾ་ཁཱ་ཧི། ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །བསེ་བྱང་ཁྲམ་ལ་བཏབ་པ་ཡིས། །མ་དང་སྲོང་མོ་བུ་རྣམས་ལ། །དཔའ་བོ་ཁྱོད་ཀྱི་རོལ་མཛད་ཅིང་། །དམ་ཚིག་ཆེན་པོ་མ་བཏང་ཅིག །ཞེ་སྡང་གཙོ་བོ་ལ་བསྔོ་བ་ཁྲོ་བོ་རྣམས་ལ་བསྔོ་བ་ཅན་གྱི་བདག་པོའི་ཚོགས། །སེམས་ཅན་ཀུན་གྱི་སྲོག་ཕྲོག་མ། །བསེ་བྱང་ཁྲམ་ལ་བཏབ་པ་ཡིས། །ཤ་དང་ཁྲག་ལ་ལོངས་སྤྱོད་ཀྱིས། །གནོད་སྦྱིན་རྣམས་ལ་བསྔོ་བ་ཆེན་པོ་མ་རུངས་པ། །བསེ་བྱང་ཁྲམ་ལ་བཏབ་པ་ཡིས། །གསེར་སོགས་ཡུལ་མཁར་བླངས་ནས་ནི། །རང་གི་འདོད་པར་ལོངས་སྤྱོད་ཀྱིས། །རྟོག་པའི་རྒྱལ་པོ་རྣམས་གསོན་ཅིག །མགོ་ཐོད་བཅད་ནས་རྟགས་རྟེན་དང་། །དགེ་མཚན་རྣལ་འབྱོར་ངས་འབོད་ན། །ཡིད་བཞིན་ལྟ་བུའི་དངོས་གྲུབ་སྩོལ། །རིགས་ངན་རྨེ་ཤ་ཅན་གྱི་ཚོགས། །མི་ཤ་གླང་ཆེན་ཤ་སོགས་བཞེས། །སྲིན་མོ་ཁྲག་འཐུང་མ་ལུས་ལ། །བསད་པའི་ཁྲག་ནི་དྲོན་མོ་འཐུང་། །བཞེས་ཤིག་དགྲ་བོའི་ཁྲག་ལ་འཐུང་། །སྤྲུལ་པའི་ཕྲ་མེན་ཆེན་པོ་རྣམས། །ཐོད་རུས་རྐང་དང་འབྲུ་མར་ཁྲག །ཆང་དང་ཨ་མྲྀ་ཏ་སྦྱར་བ། །རྫུ་འཕྲུལ་གྲུབ་པའི་རྫས་མཆོག་བཞེས། །རིན་ཆེན་མི་མོ་མ་རུང་པ། །ཤ་ཆེན་བཤང་གཅི་ཁུ་བ་ཁྲག །དམ་རྫས་འབར་བ་འདི་དག་བཞེས། །བདག་གི་རིམས་ནད་བཟློག་ཏུ་གསོལ། །དམིགས་བྱ་འདི་ལ་རིམ་ནད་ཐོང ། །སྲིད་པའི་བུད་མེད་མ་རུང་ཁྱེད། །བྲོ་གར་གླུ་ཚིག་མཆོད་པ་བཞེས། །དམིགས་བྱ་འཇོ་སྒེག་སྟོབས་ཀྱིས་ཕྲོགས། །ཤོར་བ་གཞོན་ནུ་བདུད་མོའི་ཚོགས། །རྣལ་འབྱོར་ཆེན་པོའི་བཀའ་བྱུང་གི །སྔགས་སྒྲ་རང་གི་མཆོད་པ་བཞེས། །དམིགས་བྱའི་ཕུང་པོ་རྡུལ་དུ་རློག །ལོག་བསྲེད་ཅན་གྱི་ཚོགས་རྣམས་ཉོན། །ཡང་དག་ངང་དུ་ཀུན་རིག་ན། །ཆེ་ཆུང་ལས་གཉིས་གང་བྱས་ཀྱང་། །གཉིས་ཀྱི་དབང་དུ་མི་འགྱུར་གྱིས། །རྣལ་འབྱོར་ང་ཡི་ལས་འདི་སྒྲུབས། །གསང་ཚིག་རྟེན་པའི་ཚོགས་རྣམས་ཉོན། །བཤང་གཅི་ཁྲག་དང་གསོལ་ཁུའི་གསོ། །བརྒྱའམ་སྟོང་དུ་གནས་སོ་ནི། །ལིདྒ་བཅད་ན་སངས་རྒྱས་འཇིག །དམ་རྫས་མཆོད་པ་འདི་བཞེས་ལ། །བཅོལ་པའི་ལས་རྣམས་གྲུབ་པར་མཛོད། །མངའ་བདག་ཆེན་པོ་མ་རུངས་པ། །རྡོ་རྗེ་སེམས་དཔའ་སྤྲུལ་པ་སྟེ། །ཁྲོ་བོའི་རྒྱལ་པོ་གྱིང་ཆེན་པོ། །མངའ་བདག་བདུད་ཀྱི་རྒྱལ་པོ་ཞེས། །རྣལ་འབྱོར་ཆེན་པོ་ངས་བསྟོད་ཅིང་། །ཁྱེད་ལ་མཐུན་པའི་རྫས་ཕུལ་བས། །སྔོན་གྱི་བསྐལ་པ་བཟང་པོ་ལ། །མཁས་བླངས་དམ་བཅས་མནའ་བོར་བའི། །སྔོན་དུ་རིག་འཛིན་གོང་མས་སྒྲུབས། །ད་ལྟ་རྣལ་འབྱོར་བདག་སྒྲུབ་པས། །བམ་རི་ཐོད་པའི་མཁར་གྱི་རྩེར། །རུ་མཚོན་ནག་པོ་པུ་རུ་རུ། །མཚོན་ཆ་ནག་པོ་ཆར་དུ་འབབ། །བདུད་བྱ་ནག་པོ་ལྡིང་ཞིང་འཇུམ། །དུར་ཁྲོད་མང་པོའི་རྒྱན་རྣམས་རྫོགས། །མཆེ་བ་ཙེགས་རྔམ་པའི་ཞལ་གདེངས་ནས། ཁྲོ་བོ་ཁྲོ་མོའི་སྤྲུལ་པ་འཁྲིགས། །སྲིན་པོ་ཕོ་མོ་རྐན་སྒྲ་སྡེབས། །གནོད་སྦྱིན་ཕོ་མོ་འབྲུག་སྒྲ་སྒྲོགས། །ཟ་བྱེད་མ་མོ་གློག་ལྟར་འཁྱུག །སོ་སོ་མོས་པ་ཐ་དད་པའི། །ཡིད་བཞིན་ནོར་བུའི་དམ་ཚིག་འདི། །ཡོངས་སུ་རྫོགས་པར་བླང་བར་བྱའོ། །ༀ་བུར་ཀུར་མ་ཧཱ་ཀཱ་ལ། །ཨེ་ཧོ་ཤྭོ་མོ་ཀྲོ་ཏ་མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧཱི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། སརྦ་ཤ་ཏྲཱུཾ་མཱ་ར་ཡ་ཁཱ་ཧི། ཞེས་ཆོས་སྲུང་ཉིད་ལ་ཕུལ་བས་མཉེས་པར་བསམ་མོ། །འཁོར་བཞི་བོ་ལ་ཡང་བསྐྱེད་སྔགས་ལ་མཆོད་སྔགས་དབུལ་ལོ། །ནག་པོས་འབངས་སུ་འཆིའོ་བདག་ལུས་འབུལ། །འབངས་ལ་ནན་ཏན་མ་ཆུང་ཞིག །དེ་ནས་སླན་ཆད་བཀའ་བཞིན་དུ། །བཀའ་ལུང་བཞིན་དུ་རྗེས་སུ་བསྒྲུབ། །གལ་ཏེ་བཀའ་བཞིན་མ་བགྱིས་ན། །དམ་པའི་ལུང་དང་འགལ་འགྱུར་བས། །བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་། །རུལ་མྱགས་སྐམ་ནས་འཚིག་པར་འགྱུར། །མ་དང་སྲིང་མོ་བུད་མེད་རྣམས། །འབངས་སུ་འབུལ་ལོ་རྩིས་མ་ཆུང་། །དབུས་སུ་མཆིས་སྐལ་མི་ལྡན་གྱིས། །འབར་བའི་དཀྱིལ་འཁོར་མཐའ་ལ་ཞོག །ཕུད་ལ་འཚལ་སྐལ་མི་ལྡན་གྱིས། །ལྷག་མའི་ཁ་ཆུས་བྲན་ལ་གསོལ། །ཉེ་གནས་གདུང་བའི་མ་སྲིང་རྣམས། །དེང་ནས་རྒྱལ་བའི་འབངས་ཡིན་གྱིས། །ཁྱེད་ཀྱི་ཅི་བགྱིས་བཀའ་ཡི་ལས་མཁན་ཏེ། །བཀའ་ཡི་ལས་བྱུང་རྟག་པར་མྱུར་དུ་སྒྲུབས། །ཞེས་པས་རང་གི་དམ་བཅས་པ་བཞིན་དུ། དམ་ཚིག་ལ་གནས་པར་ཁས་བླངས་སོ། །རུ་ལུ་རུ་ལུ་བྷྱོ་ཞེས་སྲོག་ལ་ཚད་བཟུང་ནས་མནའ་སྐྱལ་ལོ། །དེ་ནས་དམ་བསྲེ་བ་ནི། རྡོ་རྗེ་དྲི་ཡི་བདུད་རྩི་མཆོག །པཉྩ་ཨ་མྲྀ་ཏ་དང་སྦྱར། བསྲེ་བའི་མཆོག་དེ་སྲོག་གི་སྙིང་། སྙིང་དང་སྙིང་གི་སྤུན་དུ་བྱའོ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ས་མ་ཡ་ཐཱ། ཞེས་བདུད་རྩི་གཏོར་བས་ཀྱང་བདག་གི་ལན་གསུམ་ཟོས། མགོན་པོས་ཀྱང་ལན་གསུམ་ཟོས་ནས་དམ་ལས་མི་འདའ་བར་བདག་གི་དཔེར་ན་གྲོགས་འདྲ་བས་སྡོང་གྲོགས་བྱས་སྟེ་ག ཅིག་གི་གཅིག་ངོ་བོར་གྱུར་བར་བསམ་མོ། །དམ་བརྡར་བ་ནི། མ་ཧཱ་གླིང་གི་བསྒྲུབ་གནས་སུ། །རྡོ་རྗེ་སྲིན་པོའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་པའི། །དམ་ཚིག་གཉེན་པོ་མ་འདའ་ཅིག །མ་ཧཱ་ཀཱ་ལ་མ་ཧཱ་པཉྩ་ས་མ་སྟྭམ། དཔའ་བོས། བརྩེ་བར་བྱེད་ན་མ་རུ་བྱའོ། །གདུང་བར་བྱེད་ན་སྲིང་མོ་སྟེ། བརྩོན་པར་བྱེད་ན་བྲན་དུ་བྱའོ། །བྱང་ཆུབ་དག་ན་བུར་བྱའོ། །འདུ་འབྲལ་མེད་ན་སློབ་མར་བྱའོ། །བསྐུལ་བར་མགྱོག་ན་ཕོ་ཉར་བྱའོ། །བཀའ་བཞིན་བྱེད་ན་བཀའ་ལ་བཏགས། །ཞེས་དཔའ་བོས་ཞལ་གྱིས་བཞེས་པའོ། །ཧཱུྃ་ཀུན་ལས་ཟ་བའི་བདུད་པོ་ཆེ། དེ་འཇོམས་དེ་འདུལ་གཟའ་མཆོག་གོ། །དེ་ཡི་དེ་འདུལ་མངག་གཞུག་གོ། །གཞན་ལ་སྲིད་ནི་ཟ་བར་བྱེད། །ང་ནི་སྟོབས་ཆེན་དཔལ་ཆེན་པོ། །གཞན་གྱི་ལོག་རྟོག་འདུལ་བའི་ཕྱིར། །ཟིལ་གྱིས་མནན་ཅིང་དབང་དུ་བསྡུ། །རུ་ལུ་རུ་ལུ་བྷྱོ། ཧ་ལ་ར་ལ་བྷྱོ། རུ་ལུ་རུ་ལུ་བྷྱོ། རཀྴ་ཤྲི་ཧེ་རུ་ཀ །རུ་ཏྲ་མ་ཏྲ་ཧ་ཧ་ཧཾ། དཔའ་བོ་ཆེན་པོས་ཟིལ་གྱིས་མནན་ནས་དབང་དུ་བསྡུས་པའོ། །དཔའ་བོའི་མདུན་ན་འདར་ཁྲི་ལི་ལི་འདུག་ནས་བཀའ་ཉན་གསུང་སྡོད་བྱེད་པར་བསམ་མོ། །བསྙེན་པ་ལ་འཇུག་པའི་ཕྱིར་འཛབ་བསྟོད་བྱ་བ་ནི། ཧཱུྃ་ཉོན་མོངས་ལྔ་འཇོམས་དྲག་པོ་སྐུ་ལྔ་པོ། རང་ལ་ཁྲོ་བོའི་དགོངས་པ་ཀུན་འདུས་དཔའ་བོ་སྟེ། དཔའ་བོ་ལས་ནི་ཆགས་མེད་ཆེན་པོ་མཆོག ། དཔའ་བོས་རོལ་ཞིག་དམིགས་བྱའི་སྙིང་ལ་རོལ། །དམིགས་བྱ་རླག་བྱེད་ཆུ་བོ་གང་ག་ལྟར། །རྒྱུན་མི་ཆད་པར་དམིགས་བྱ་དགའ་བར་རོལ། །མ་རུངས་ཁྲོས་པས་ཉོན་མོངས་དུག་གསུམ་འཇོམས། །དེ་ཉིད་ཀྱིས་ནི་དེ་ཉིད་གསུམ་བསྲེགས་ཤིང་། །གནས་འདིར་ཤོག་ལ་དམ་ཚིག་སྲུངས། །བསྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །སྡང་བའི་དགྲ་ལ་རྟགས་ཆེན་ཕྱུང་། །གནོད་པའི་བགེགས་ཆེན་རྡུལ་དུ་བཟློག །བསྙེན་སྔགས། ༀ་བུར་ཀུར་མ་ཧཱ་པདྨ་རྡེ་འབུར་ཙི་འབུར་བྱི་གེ་མ་ན་སེ་ཨེ་ཧོ་ཤོ་མོ་ཀྲོ་ཏ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། བསྒོམ་པའི་དམིགས་པ་ནི། བདག་དཔལ་ཆེན་པོར་གསལ་བའི་ཐུགས་ཁ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ལྟ་བུ་འཕྲོས་ཏེ། ནག་པོ་ཆེན་པོ་འཁོར་དང་བཅས་པ་བམ་རི་ཐོད་པ་མཁར་ན་གནས་པའི་སྙིང་ཀ་ནས་བཟུང་ནས་མདུན་དུ་བཀུག་ལ་བསྐྱེད་པ་དང་གཉིས་སུ་མེད་པར་བསྟིམ་ལ། དེ་ན་གནས་པའི་དེ་རྣམས་བཀའ་ཉན་གསུང་སྡོད་དེ་རིང་ཕན་ཆད་ལས་ཅི་བགྱི་ཟེར་བར་བསམ་ཞིང་མགོན་པོ་ཞི་བའི་ཞལ་དང་ལྡན་པར་བསམས་ཤིང་འབུམ་མཚོ་གཅིག་ལ་བསྙེན་པའི་ཚད་དུ་བཟླས་པར་བྱའོ། །སྟོང་སྟོང་ཐོན་པ་དང་ཐོན་མཆོད་བྱ་སྟེ། །ཚོགས་རྗེ་ཚོགས་བདག་དཔལ་ཆེན་ཧེ་རུ་ཀ །འབར་བའི་རྒྱལ་པོ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ལ། རྣམ་དག་བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེ་བརྩེ་དགོངས་དབང་དང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཤྲཱི་བན་ཁ་ཧི། །རྣལ་འབྱོར་ཡོངས་ཀྱི་བསྟན་པ་བསྲུང་བར་ཞལ་འཆེས་པའི། །དཔལ་ལྡན་མགོན་པོ་འཁོར་བཅས་ལ། །རྣམ་དག་བདུད་རྩིའི་མཉེས་མཆོད་འབུལ། །ཐུགས་རྗེ་ཆེ་དགོངས༴ གཙོ་འཁོར་ལྔའི་རང་སྔགས་ལ། མ་ཧཱ་པ་ཉྩ་ཨ་མྲྀ་ཏ་ཁཱ་ཧི་བཏགས་ལ་སྨན་མཆོད་བྱ། གཏོར་མ་དང་རཀྟའི་མཆོད་པ་ཡང་འབུལ་ཞིར་སྨན་རག་སྦྲེང་ངོ་། །སྔོན་ཚེ་དཔལ་གྱི་ཚོགས་གདུང་དབྱངས་ཀྱི་བསྐུལ། དེ་ནས་ལྡང་བར་འདོད་ན་གསུར་ཆེན་བཏང་། སྨན་གྱི་འཇུག་གཏོར་བྱ། རཀྟ་དང་ཕུད་ཀྱི་མཆོད་པ་ཕུལ་བདག་བཛྲ་ཧེ་རུ་ཀ་ཆ་གཉིས་གསལ་བར་བསྒོམ་ལ། གཅིག་ཕྱུང་ལ་སྤྱོད་ལམ་རྣམས་བཞི་ཅི་བདེར་བྱའོ། །དེ་ནས་བཟླས་པ་ལ་འཇུག་ན་ཡང་། དཀྱིལ་འཁོར་ལྷ་ཚོགས་དང་ཆོས་སྲུང་འཁོར་དང་བཅས་པ་ལ་གོང་མ་ལྟར་མཆོད་པ་ཕུལ་ལ། བདག་ཉིད་དཔལ་ཆེན་པོ་ལ་ཕར་ཐིམ་པར་བསམ་ལ་བཟླས་པ་བྱའོ། །དེ་ནི་ཐུན་མཚམས་གྱི་ཆོ་གའོ། །ད་ནི་ཉེ་བའི་སྙེན་པ་བྱ་སྟེ། ཕྲིན་ལས་གཞུང་བསྲང་བ་ལ་སོགས་པའི་བསྙེན་པ་མཐུན། བསྙེན་པའི་སྔགས་ལན་གསུམ་བརྗོད་ལ། དེ་ནས་ཉེ་བསྙེན་གྱི་སྔགས་ལ་འཇུག་པར་བྱ་སྟེ། བདག་ཉིད་དཔལ་ཆེན་པོ་སེམས་དཔའ་སུམ་བརྩེག་དང་ལྡན་པའི་ང་རྒྱལ་གྱིས་འཛབ་བསྟོད་བྱ་བ་ནི། སྙིང་རྗེ་ལྔ་ཡི་དྲག་པོ་ལྔ་འཇོམས་པ། །སངས་རྒྱས་ཀུན་གྱི་བཀའ་ཡི་ཕྲིན་ལས་ཡིན། །དྲག་པོའི་ལས་འདི་བཀའ་ཡི་མན་ངག་གཞུག་གོ། །མྱུར་བར་མྱུར་བར་རྣོ་བས་ཡིད་ཀྱི་དབང་པོ་ཕྱུང་། །ཁྱོད་ཀྱི་དྲག་པོའི་ཕྲིན་ལས་རྒྱུན་མི་ཆད། །ལུས་ཚིག་སེམས་ཁྲོས་དམིགས་བྱ་མ་བཏང་ཞིག །ཁྱོད་ཀྱི་ལྗང་སྔོན་དྲག་པོ་གསལ་ཤིང་ཅན། །ཁྱོད་ཀྱི་དམིགས་བྱ་དམ་ཉམས་འདི། །རྟེན་དང་བརྟེན་པ་གཉིས་ཀ་ཟོ། །ཁ་འཛིན་སྐྱབས་བྱེད་གཉིས་ཀ་ཆོམ། །རྣམ་ཤེས་སྤྲོད་ལ་ཤ་ཁྲག་བསྲེགས། །གནས་འདིར་འདུག་ལ་དམ་ཚིག་བསྲུངས། །བསྒྲུབ་པ༴ སྡང་བའི༴ གནོད་པའི༴ དེ་ནས་གཟུངས་ཐག་རྟེན་ལ་བཏགས་པ་དེ་ལག་ཏུ་ཐོགས་ལ་སྔགས་བཟླས་ཏེ། བདག་དཔལ་ཆེན་པོ་གསལ་བའི་ཐུགས་ཀ་ནས་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀ་ནས་ཏིང་ངེ་འཛིན་སེམས་དཔའི་རང་བཞིན་གྱི་ཡི་གེ་ཧཱུྃ་ལ་སྔགས་ཀྱི་བསྐོར་བ་ལས་འོད་ཟེར་བྱུང་སྟེ་སྲོག་རྩ་ནས་ཡར་བྱུང་། སྣའི་ཡེ་ཤེས་ཀྱི་རླུང་ལས་སྣའི་རྩེ་མོར་བྱུང་ཙ་ན། ཡེ་ཤེས་ཀྱི་རླུང་རིང་པོ་ལས་མགོན་པོ་ལྗང་སྔོན་གསལ་ཤིང་ལག་ན་ཐོགས་པ་རྒྱུད་མར་སྤྲོས་ལ་མཁར་གྱི་ནང་ན་མེའི་མགོན་པོ་ལ་བསྟིམ་ལ། ནང་ན་མོ་ནུས་པ་བསྐྱེད་པ་ནི་བསྒོམ་པའོ། །དྲག་པོའི་སྔགས་ནི། ༀ་བྷུ་རུ་ཀུ རྨ་ཨ་ཀྲ་ན་བུ་ཙི་ཀི་བྱི་མ་ན་སེ། ཁ་ཤོག་མགོ་ཀྲོ་དྷ་ཧཱུྃ་ཕཊ་སྭཱ་ཧཱ། མཁར་ནག་གི་སྐུད་པ་ལ་དར་ནག་གི་ཁུད་དུ་དུམ་བུ་གསུམ་བྱས་ཏེ། དང་པོ་རཀྟ། བར་པ་ཡུངས་དཀར ། ཐ་མ་ཙན་དན་དང་སྨན་སྣ་ཚོགས་དང་བདུད་རྩིའོ། །གཟུངས་ཐག་ལ་བཏགས་པ་འཇོག་པའི་དུས་སུ། ཐུམ་པོ་ཐ་མ་སྨན་གྱི་ཐུམ་པོ་ཁ་ཕྱེ་སྟེ་བག་ཙམ་ཞིག་བླུགས་ཏེ་འཇུག་གཏོར་མཁར་གྱི་ནང་ན་མོ་ལ་བྱས་པས་སྐུའི་ཚ་བ་གཞིལ་བར་བསམ་མོ། །སྟོང་སྟོང་བཟླས་ཤིང་མཆོད་པ་རེ་བྱས་པའི་སྔགས་འབུམ་ཚོ་ག ཅིག་བཟླས་པ་ནི་བསྙེན་པའི་མན་ངག་གོ། །ཐུན་མཚམས་གྱི་ཆོ་ག་དང་མཐུན་ནོ། །བསྒྲུབ་པ་བྱ་བ་ནི། འཕྲིན་ལས་གཞུང་བསྲང་བ་ལ་སོགས་གོང་དང་མཐུན་བདག་དཔལ་ཆེན་པོའི་ང་རྒྱལ་དང་ལྡན་པས་འཛབ་སྟོད་བྱ་སྟེ། བཞི་པ་ལྔ་ནི་བསྐུལ་བ་ལྔ། །བཞི་པོ་ལྔ་ནི་བཀའ་སྡོད་ལྔ། །བསྐུལ་བ་ལྔ་ནི་རྒྱལ་བ་ལྔ། །དེ་ནི་སངས་རྒྱས་ཕྲིན་ལས་ཡིན། །དེ་ཉིད་སེང་གེ་ལྟ་བུ་སྟེ། །འབྲུག་ལྟར་སྒྲོག་པའི་ང་རོ་ཅན། །གློག་ལྟར་འཁྱུག་པའི་ཁྲོ་བོ་ཡིན། །དེ་ཡི་དེ་སྙིང་བརླག་པར་བྱ། །གནས་འདིར་འདུག་ལ་ཕྲིན་ལས་མཛོད། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །སྡང་བའི༴ གནོད་པའི༴ ཞེས་བརྗོད་ལ་བསྒོམ་པའི་རིམ་པ་ནི་ཐུམ་པོ་བར་པ་ཡུངས་དཀར་ཐུམ་པོ་ཁ་ཕྱེ་སྟེ། མཁར་གྱི་ནང་ན་མེ་ལ་བསྐུལ་ཏེ། མཁར་གྱི་མགོན་པོ་ལ་བྲབས་པས་དེ་གདུག་པའི་སེམས་སྐྱེས་དགྲ་བགེགས་བཀུག་ནས་ལིདྒ་བསྟིམ་པ་ནི་བསྒྲུབ་པའི་བསམ་བརྒྱུད་དེ། སྟོང་སྟོང་ཐོན་པ་དང་སྟོང་མཆོད་བྱ། མ་འཕང་མ་གཡེལ་གྱིས་སྣང་སྲིད་ལྷ་འདྲེ་ལ་དཔང་གཟུགས། སྣང་སྲིད་ལྷ་འདྲེ་དམག་དུ་བྲན་ཞིང་བསྐང་བ་བྱའོ། །ཐུན་མཚམས་ཀྱི་ཆོ་ག་གོང་དང་མཐུན་ནོ། །ༀ་བུར་ཀུར་ཨི་ཙི་ཀི་བྱི་ཨུ་ཙུ ཥྨ་ཀྲོ་ཏ་ཧཱུྃ་ཕཊ། ཅེས་འབུམ་ཚོ་བསྐྱལ་ལོ། །དཔལ་དང་བཀའ་སྡོད་ཕོ་ཉ་བཏང་། བསྒྲུབ་པ་ཆེན་པོའི་ཕྲིན་ལས་གཞུང་བསྲང་བ་ལ་སོགས་པ་བསྙེན་པ་དང་མཐུན་དཔལ་གྱི་ང་རྒྱལ་དང་ལྡན་པས་འཛབ་བསྟོད་བྱ་སྟེ། དེ་ཉིད་ལྷུན་གྱིས་གྲུབ་པས་ན་དཔའ་བོས་དེ་ཉིད་གདེང་དུ་འགྱུར། དེ་ཉིད་བདག་གི་དབང་དུ་བསྡུས། །ལས་ལ་ཐེ་ཚོམ་མེད་པར་འགྱུར། །བསྒྲུབ་པ་ལ་བསྟོད་དངོས་གྲུབ་སྩོལ། །སྡང་བའི་དགྲ་ལ༴ གནོད་པའི་བགེགས་ཆེན། བདག་ཉིད་དཔལ་ཆེན་པོའི་ང་རྒྱལ་དང་ལྡན་པས་ཐུམ་པོ་དང་པོ་རཀྟའི་ཐུམ་པོ་ཁ་ཕྱེ་སྟེ། རཀྟའི་ནང་དུ་བག་ཙམ་ཞིག་བླུགས་ལ་བཟླས་པ་ལ་འཇུག་པའི་དུས་སུ། མཁར་གྱི་མགོན་པོ་ལ་བྲབས་པས། དེ་གདུག་པའི་སེམས་སྐྱེས་ཏེ། རྒྱས་པའི་དགྲ་བོ་རྣམས་ཁྲམ་ལ་བཏབ་ནས། དེའི་ཕན་བྱེད་ཀྱི་ལྷ་དང་བྲལ་ནས་སྡུག་བསྔལ་ཞིང་སྐྱབས་མེད་པར་སྐྲ་ཤིག་ནས་རེངས་པར་འདུག་པ་ནི་བསྒྲུབ་པ་ཆེན་པོའི་བསམ་རྒྱུད་དོ། །ༀ་བྷུར་ཀུར་ཏི་ཧཱུྃ་ཕཊ། ཞེས་བསྒྲུབ་པ་ཆེན་པོ་ལ་འབུམ་ཚོ་ཅིག་བསྐྱལ་ལོ། །དུས་བཞིར་ཚོགས་ཀྱི་མཆོད་པ་དང་། བསྐང་བ་དུས་བཞིར་བྱའོ། །དུས་བཞིར་བསྐུལ་བ་བྱ་ཞིང་དུས་བཞིར་ཟོར་འཕང་། གཟུ་དཔང་གསོལ་ཞིང་དགྲ་བོ་ལྷ་དང་བྲལ། བསྒྲུབ་པ་ཆེན་པོའི་མན་ངག་གོ་བསྙེན་བསྒྲུབ་བཞིའི་ལས་བྱང་། ཨཐྎ། བཞི་སྙིང་གཅིག་ཏུ་དྲིལ་བ་འདི་ལ་གཙོར་བྱེད་དེ། ༀ་བྷུ་ཀུར་ཨི་ཙི་ཀི་ཕྱི། ཨུ་ཙུ་ཥྨ་ཀྲོ་ཏ་ཆེ་གེ་མོ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ། ཡཀྴ་ཛྭ་ལ་ས་མ་ཡ་ཆེ་གེ་མོ་སརྦ་ཤ་ཏྲུཾ་མ་ར་ཡ་ཧཱུྃ་ཕཊ། ཙིཏྟ་ཛྭ་ལ༴ ཀྲོ་ཏ་ཛྭ་ལ༴ ཡཀྴ་ཛྭ་ལ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ། འགྲེ་ལས་ལ་སྦྱོར་བའི་དུས་སུ་དཔལ་དང་བཀའ་སྡོད་ཀྱི་བསྐྱེད་རིམ་ལ་སོགས་པ་བསྐྱེད་རིམ་བསྒྲུབ་པ་དང་མཐུན། ཚོགས་དང་བསྐང་བ། བསྐུལ་པ། ཟོར ། གཟུ་དཔང་གསོལ་བ་ལྷ་དང་དབྲལ་བ་ལ་སོགས་པ་བསྒྲུབ་པ་ཆེན་པོ་དང་མཐུན། བདག་དཔལ་ཆེན་པོར་གསལ་བས། ཟིལ་གྱིས་མནོན་པའི་ཚིག་དང་སྔགས་ཀྱིས་གོང་དང་མཐུན་པར་ཟིལ་གྱིས་མནན། བསྙེན་བསྒྲུབ་བཞིའི་སྔགས་ཤས་ཙམ་བཟླས་ལ། དེ་ནས་ལས་སྦྱོར་གྱི་དུས་སུ་བཞི་སྙིང་ཅིག་དྲིལ་བའི་སྔགས། ༀ་བྷུར་ཀུར་ཨི་ཙི་ཀི་ཕྱི་ཨུ་ཙུ་ཥྨ་ཀྲོ་ཏ་ཆེ་གེ་མོ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་སྔགས་རེ་བཟླས་པའི་དུས་སུ་བདག་དཔལ་དུ་གསལ་བའི་ཐུགས་ཀར་འོད་ཟེར་ཁ་དོག་ལྔའི་ཞལ་དུ་འཕྲོས་པས། མདུན་གྱི་མགོན་པོ་ལ་ཐིམ། དེའི་ཐུགས་ཀ་ནས་མགོན་པོ་སྐུ་མདོག་ལྗང་སྔོན་ཕྱག་ན་གསལ་ཤིང་ཐོགས་པ་བསམ་གྱིས་མི་ཁྱབ་པ་འཕྲོས། འཁོར་རྣམས་བཞི་སྟག་དང་། སེང་གེ་དང་། འདབ་ཆགས་གཤོག་པ་ཅན་དང་། གཅན་ཟན་མཆེ་བ་ཅན་དང་འཕར་བ་དང་། དྲེད་མོང་ལ་སོགས་པ་བསམ་གྱིས་མི་ཁྱབ་པར་སྤྲུལ་ནས། གཙོ་དང་འཁོར་བཅས་པའི་སྤྲུལ་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁེངས་པས། དེའི་དམིགས་བྱའི་དགྲ་བགེགས་གང་ན་གནས་ཀྱང་བཀུག་ནས་ལིདྒ་ལ་སྟིམ་སྟེ། དེ་ནས་བསྒྲལ་བར་བསམ་མོ། །ཡང་ན་སོ་སོར་ཡུལ་ལུགས་དང་། བསད་ལུགས་ལས་སྦྱོར་ཆེན་མོ་ན་གསལ་ལོ། །ༀ་བཛྲ་ཀྲོ་ཏ་ཛྭ་ལ་ས་མ་ཡ་ཆེ་གེ་མོ་སརྦ་ཤ་ཏྲུཾ་མ་ར་ཡ་ཧཱུྃ་ཧཱུྃ་ཕཊ། འཁོར་གྱི་སྔགས་གང་བཟློས་ཀྱང་རང་རང་གི་སྤྲུལ་པ་བསམ་གྱིས་མི་ཁྱབ་པས་བསྒྲུབ་བྱའི་དགྲ་བགེགས་ཐམས་ཅད་བསྒྲལ་བར་བསམ་མོ། །བཀའ་སྡོད་ཀྱི་བསྒྱུ་ཐབས་ཞལ་གདམས་སུ་བཀོད་པ། ཨཐྎ། དང་པོ་བསྙེན་པའི་དུས་སུ་ཐུགས་དམ་གྱི་རྟེན་ཕྱོགས་བཞི་དབུས་དང་ལྔར་དར་མཐིང་ནག་གི་གུར་དབུབ་པའམ། ཡང་ན་མཎྜལ་གྲུ་བཞི་པའི་སྟེང་དུ་དུར་ཁྲོད་ཀྱི་ཚོན་རྩི་དམར་པོས་བཀབ་པ་ནི་མཚོ་ཀོ་ཀ་ཐང་དམར་པོ་དེའི་སྟེང་དུ་སྡོམ་སྡིག་རྨིགས་པ་སྦྲུལ་འགྲམ་མོ། །དེ་ནས་དཔངས་སུ་སོར་བཞི་ཟུར་གསུམ་རྩེ་མོ་ནུབ་ཏུ་བསྟན་པའི་ནང་དུ་ལིངྒ་བཞག །ཚད་དང་ལྡན་པའི་མཁར་བརྩིགས་ལ། ཟུར་བཞི་ལ་བདུད་བཞི། ཕྱོགས་བཞིར་རུ་མཚོན་བཞི། བྱ་ཁྱུང་གཉིས་ཀྱིས་བརྒྱན་པའོ། །མདའ་ཡུད་ལྔ་ལ། ནམ་མཁའ་སྔོན་པོ་གཡུ་མིག་ཅན། །མཁར་གྱི་ཐོན་ཁུ་པ་སུ་བཞུག་གོ། །མཐོ་ཁུང་གི་ཐོད་ཚལ་སོར་བཞི་པའི་ནང་དུ་འབྲུ་མར་ཆང་དང་ཨ་མྲྀ་སྦྱར་བ་བཞག་གོ། །དེ་ནས་ཕྱོགས་བཞིར་ཟུར་གསུམ་ལིདྒ་དང་བཅས་པ། ལྷོར་གནོད་སྦྱིན་གྱི་མཁར་དུ་རུ་སྐྱོགས་བཞག །བྱང་དུ་ཟ་བྱེད་པའི་སྟེང་དུ་དར་མཐིང་གི་སྦྲ་དང་། ཁྲག་སྣ་ཚོགས་པའི་གཏོར་མ་བཞག །བྱང་དུ་ཁྲོ་བོ་རྣམས་ཀྱི་རྟེན་དུ་ཕུར་པ་དམར་ནག་དར་གྱི་ཅོད་པན་ཅན་བཅོ་བརྒྱད་བཞག །ནུབ་ཏུ་སྲིན་པོའི་རྟེན་རབས་ཆད་ནག་པོའི་ཐོད་པ་གླིང་བཞི་པ་བཞག །དེ་ནི་རྩ་བའི་མཎྜལ་ལྷོ་ནུབ་ཏུ་བཞག་གོ། །ལྷོ་ཕྱོགས་འབྲུབ་ཁུང་གི་དལ་བྱ། །ལིདྒ་བཞག །གཏད་ཁྲམ་ཀྱི་དཀྱིལ་འཁོར་ཚད་ལྡན་པའི་ཁར་གྲུ་གསུམ་པ་སྟེང་བྱ་ཁྱུང་གི་བརྒྱན་པ། ཁྲོ་བོ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པ་གསལ་ཤིང་ཐོགས་པ། ཁམ་ནག་འབར་བ། གསུས་པ་ཐུར་དུ་འཕྱང་བ། མཚན་མ་སྦྲེང་བ་ནུབ་ཏུ་བཞག་གོ། །བཀའ་སྡོད་ཀྱི་མཎྜལ་ནི་འཇིག་རྟེན་པའི་བསྙེན་པའི་དུས་སུ་རུ་ལས་ཚོགས་བདག་འཁོར་བཅས་བསྐྱེད། དབུས་ཀྱི་གཙོ་བོ་ཞལ་གཅིག་ཕྱག་གཉིས་པ་གཡས་གྲི་གུག །གཡོན་ཐོད་པ། དེ་ནས་དྲག་པོའི་གནས་གདུག་པ་བཀུག་ནས་སྟིམ་ལ། ཕྱག་བཞི་པ་ན། གཡས་དང་པོ་ན་ལྕག་ཀྱུ། གཡོན་དང་པོ་ན་གསལ་ཤིང་། གཡོན་ཐ་མ་ན་ཐོད་པ། གཡས་ཐ་མ་ན་གྲི་གུག །དེ་ནས་ཚོགས་ཞེས་པ་ནས་བཟུང་དུ་གསོལ་ཞེས་པའི་བར་གྱིས་གསོལ་བ་གདབ་པ་དང་གསུམ་པའོ། །དེ་ནས་སྔགས་ཀྱི་སྒྲིབ་པ་སྦྱང་སྟེ་བཞི་པའོ། །མི་ལྡོག་པར་སྤྲོ་བ་བསྐྱེད་པ་དང་ལྔ། །འཇུག་པར་ཁས་བླངས་པ་དང་དྲུག །དུས་མེད་པར་དེའི་ཡོན་ཏན་བསྟན་པ་དང་བདུན། དེ་ནས་ཡི་གེ་གཅིག་ཕྱག་བཙལ་བའོ། །ཡི་གེ་གཅིག་གི་དབང་བསྐུར་ཅིག་པར་གསོལ་བ་གདབ་པའོ། །དེ་ནས་སྔགས་དེས་དབང་བསྐུར་བའོ། །དབང་བླངས་བ་དང་བཅུ་པའོ། །དབང་ཡོན་དབུལ་བ་དང་བཅུ་གཅིག །མངའ་གསོལ་པ་ཙ་བཏབ་པ་དང་བཅུ་གཉིས་རང་གི་མཐུན་པའི་དམ་རྫས་དབུལ་བ་དང་བཅུ་གསུམ། དམ་མནོས་པ་དང་བཅུ་བཞི། མནའ་སྐྱལ་བ་དང་བཅོ་ལྔ། སྲོག་ལ་ཚད་གཟུགས་པ་དང་བཅུ་དྲུག །དམ་ཚིག་བསྲེ་བ་དང་བཅུ་བདུན། །ཟིལ་གྱིས་མནན་པ་དང་བཅོ་བརྒྱད་དོ། །དེ་དག་གི་བསྙེན་པའི་དོན་ཆེན་ཚོལ་བ་ཞེས་བྱའོ། །དེ་ནས་ཚོན་སྐུད་ལག་ཏུ་བླངས་ལ། སྔགས་ཀྱི་ཚད་རྫོགས་པ་དང་། སྣའི་བུ་གའི་ཧཱུྃ་རིང་ལས་ལྗང་སྔོན་དྲག་པོ་གསལ་ཤིང་ཅན་སྤྲོས་ཏེ། ལྷ་ཆེན་པོ་དང་གཉིས་མེད་བསྟིམ་པ་ནི། དོན་བསྐྱེད་པ་ཞེས་བྱའོ། །དེ་ནས་ཐུམ་པོ་བར་མ་ཁ་ཕྱེ་སྟེ་མཁར་གྱི་གློ་དཀར་གྱི་ནང་དུ་ཁྲོ་བོ་ཆེན་པོ་ལ་ལས་བགྱིད་པར་བསྐུལ་བ་ནི་སྒྲུབ་པ་ནི་དོན་ལ་འཇུག་པའོ། །དེ་ནས་སྨད་དུ་བྱུང་བ་སྟེ་བསྒྲུབ་པ་ཆེན་པོ་བྱ་བ་དང་། ཟིལ་གྱིས་མནན་པའི་སྔགས་ཁྲི་འབུམ་མམ་སྟོང་རྩ་བརྒྱད་བཟླས་ཤིང་། སྡོང་རུ་དང་། གླིང་བུ་འབུད་པ་དང་། རབ་ཏུ་ཁྲོས་པའི་སེམས་ཀྱིས་བྱས་ནས། ཐལ་ཆེན་ཚོམ་བུ་ཞག་གི་ཟོ་རིས་བྱས་ནས། འཁོར་གྱི་སྲོག་སྙིང་ཕུལ་ཏེ། ཧ་ཧི་ཧི་ཞེས་རྟ་སྐད་བྱས་པས་དེ་དག་གི་འཇིག་རྟེན་པ་བསྒྲུབ་པ་རྫོགས་སོ།། །།

དཔལ་མགོན་ལེགས་ལྡན་བསྒྲུབ་པ།

དཔལ་མགོན་ལེགས་ལྡན་བསྒྲུབ་པ་བཞུགས་སོ། །བཅོམ་ལྡན་རྡོ་རྗེ་སྲིན་པོ་ལ་ཕྱག་འཚལ་ལོ། །དཔལ་མགོན་པོ་ལེགས་ལྡན་ནག་པོ་བསྒྲུབ་པར་འདོད་པས། རུ་ལུའི་བསྙེན་རྫོགས་པར་བྱས་ཏེ། རྩ་བ་ལས། རུ་ལུ་རྩ་བའི་སྔགས་དག་ལ། འབུམ་མམ་བྱེ་བའི་བར་དུ་བཟླས། ཅེས་པས། དེ་ལྟར་ཡེ་ཤེས་ཀྱི་བསྙེན་པ་བྱེ་བ་རྫོགས་ནས། དཔལ་མགོན་པོ་བསྒྲུབ་པའི་རིམ་པ་ལ་འཇུག་སྟེ། དེ་ལ་གསུམ་ལས། དང་པོ་བསོད་ནམས་ཀྱི་དཔུང་བསྐྱེད་པ་ནི། རྒྱུད་ལས། དེ་བཞིན་ཉིད་ཀྱི་འབྱོར་པའི་ཡོ་བྱད་ལ། རྣམ་གསུམ་ཚལ་དུ་ནན་ཏན་བྱའོ། །ཅེས་པས། ཚ་ཚ། ཆ་གསུམ། ཀློག་འདོན་ལ་སོགས་པ་བྱའོ། །གཉིས་པ་བསྒྲུབ་པའི་ཆ་རྐྱེན་ནི། ཡང་རྒྱུད་ལས། རྟགས་དང་རྟེན་ནི་གཞུང་ལྟར་བཤམས། ཞེས་པས། རྟགས་ནི་མགོན་པོའི་བྲིས་སྐུ་དང་། བསྙེན་ཕུར་པ་འཇིགས་ཤིང་རྔམས་པའི་ཆ་བྱད་དོ། །རྟེན་ནི་ལྕགས་ཁང་དང་། གསལ་ཤིང་དང་། ཤ་ཆེན་དང་། སྙིང་ཆེན་ལ་སོགས་པ་བཤམས། གསུམ་པ་བསྙེན་བསྒྲུབ་ཀྱི་རིམ། ཕྱག་རྒྱ་དངོས་གྲུབ་དཀྱིལ་འཁོར་གོང་དུ་ཁྲིག་གཞན་མ་བྱས་ན་ཐུན་མོང་ཁྱད་པར་ཅན་གྱི་མཆོད་པ་བཤམས། མཚམས་བཅད་པ། བཤགས་པ་བྱ། བྱིན་དབབ། མཆོད་པ་བྱིན་གྱིས་བརླབ་སོ། པ་ནི། དང་པོ་ཏིང་འཛིན་ནི་ཆོས་ཐམས་ཅད་སྐྱེ་མེད་སྟོང་པ་ཉིད་དམིགས་མེད་དུ་བསྒོམ། ཀུན་ཏིང་ནི་ཡེ་ཤེས་སྒྱུ་མ་ལྟ་བུ་མ་འགགས་པར་བསྒོམ། རྒྱུ་ཏིང་ནི་རང་རིག་པ་མདུན་གྱི་ནམ་མཁའ་ལ་ཧཱུྃ་མཐིང་ནག །ཧཱུྃ་དེ་ལས་ཨེ་ཧཾ་རཾ་ཀེཾ་རཾ། ཅེས་པས་དབང་ཆེན་འབྱུང་བ་རིམ་བརྩེག་བསྐྱེད། ཡང་ཧཱུྃ་ཡིག་དེ་ལས་བྷཱུཾ་ཅིག་ཆད། འོད་དུ་ཞུ་བ་ལས། བྷཱུཾ་བི་ཤྭ་བི་ཤུདྡྷེ་བནྡྷ་ཛྙཱ་ན་ཙཀྲ་མཎྜལ། དཾ་བ་ཏི་ར་ནན། དུ་ཏི་ཙ་དུར་ནན། ཏི་ར་བཾ་ཞེས་པས་ཁྲོ་བོའི་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད། ཧཱུྃ་ཞེས་པས་ཧཱུྃ་དེ་དབུས་ཀྱི་གདན་ཐོག་ཏུ་ཧཱུྃ་སྒྲིལ་མ་ལྔར་གྱུར། དེ་འཕྲོས་འདུས་པ་ལས། ཕྱག་མཚན་དུ་གྱུར། དེ་འཕྲོས་འདུས་པ་ལས། ༀ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ༀ་བཛྲ་མ་ཧཱ་ཀྲོ་ཏི་ཤྭ་རི་ས་མ་ཡ་སྟཾ། དེ་རྣམས་སྐུ་མདོག་ཕྱག་མཚན་སྔགས་རྣམས་དམ་པ་བརྒྱན་ལྟར་བསྐྱེད། ཞེས་རིགས་ཀྱི་གཙོ་བོ་ཡབ་ཡུམ་ལྔའི་སྐུ་གསལ་བར་བསྐྱེད་དོ། །ཐུགས་ཀའི་ཡེ་ཤེས་སེམས་དཔའ་གཙོ་བོ་ལྟར་དུ་མཉམ་དུ་བསྐྱེད། འཁོར་རྣམས་ནི་རང་རང་གི་ཡིག་འབྲུ་ལས་བསྐྱེད། ཡེ་ཤེས་ལྔས་དབང་བསྐུར་སྐུ་གསུང་ཐུགས་སུ་བྱིན་གྱིས་རླབས། དེ་ནས་སྙན་གསན་དབབ་སྟེ། ཡེ་ཤེས་སྤྱན་གྱི་སྤྱོད་ཡུལ་ན། །དཔལ་ཆེན་ཁྲག་ཐུང་འཁོར་དང་བཅས། །སེམས་ཅན་དོན་ཕྱིར་དམ་ཚིག་དགོས། །གནས་འདིར་མ་ལུས་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཧཱུྃ་ཛཿ སྤྱན་དྲངས་པ་ནི། སྙིགས་མ་ལྔ་ཡི་དུས་ཀྱི་ཐ་མ་ལ། ལས་ཀྱི་མནར་བའི་སྡང་བའི་དགྲ་དང་བགེགས། །ཐུགས་རྗེས་བསྒྲལ་བའི་སྐལ་དང་མི་ལྡན་ཡང་། །ཤུགས་ཀྱི་བསྒྲལ་བའི་ཕྲིན་ལས་མཛད་འཚལ་གྱིས། །གཏུམ་རྔམས་བསྒྲལ་བའི་ཚོགས་ཆེན་མ་ལུས་རྣམས། །བདག་ཅག་བརྩེ་བས་མཆོད་པ་དབུལ་བའི་ཕྱིར། །དུས་གསུམ་རྒྱལ་བ་མ་ལུས་གཤེགས་སུ་གསོལ། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨེ་ཧྱི་ཨ་ན་ཡ་ཧོཿ ཛཿཧཱུྃ་བཾ་ཧོ་རཾ་ཞེས་མེ་རི་འདབ་འབྱོར་དུ་བྱོན་པར་བསམ་མོ་སྤྱན་དྲངས་སོ། །བཛྲ་ཀྲོ་ཏ་ས་མ་ཡ་ཧཱུྃ། ཞེས་རིག་པའི་མེ་ཏོག་དོར་རོ། །སི་ཏི་བསྐུལ་བ། ཧཱུྃ། རྡོ་རྗེ་སྲིན་པོས་བདུད་རྣམས་འདུལ་མཛད་པ། བདུད་དང་དྲེགས་པའི་ཚོགས་རྣམས་འདུལ་མཛད་ཕྱིར། །ཐུགས་རྗེ་འབར་བའི་བྱིན་རླབས་བསམ་ཡས་པའི། །དབང་དང་དངོས་གྲུབ་རབ་ཏུ་སྩོལ། །ༀ་བཛྲ་དྲི་ལྡན་དུ་མཆོད་པ་རཀྴ་ཤྲཱི་ཧེ་རུ་ཀ །བཛྲ་ཀྲོ་ཏ་ཤྭ་རི་ཨ་ཧ་ར། པུཥྤེ། དྷུ་པྤེ། ཨ་ལོ་ཀེ། གྷནྡྷེ། པཱུ་ཱུཉྩ་ཧཱུྃ་ཧཱུྃ་ཧེ་ཧེ་ཕཊ་བྷྱོ་རཾ་ཞེས་སྟིམ། བཛྲ་རཀྴ་མ་ཧཱ་རཀྴ་ཤྲཱི་ཧེ་རུ་ཀ །མ་ཧཱ་བཛྲ་ས་མ་ཡ་ཁཱ་ཧི། སརྦ་དུཥྚཾ་ས་མ་ཡ་མུ་ཏྲ་པྲ་བན་ཙཀྲ་ཧཱུྃ་ཕཊ། ཀཱ་ཡ་ཝཀྐ་ཙིཏྟ་ཏིཥྛ་བཛྲ། བདག་དེ་ལྟར་ཧེ་རུ་ཀའི་རང་བཞིན་གསལ་བའི་མདུན་དུ་ཁར་དང་ལྕགས་ཁང་ལ་སོགས་པ་སྟོང་པའི་ངང་ལས་བཾ་ཅིག་ཞུ་བ་ལས་བཾ་རཀྟ་ཛྭ་ལ་མཎྜལ་ཧཱུྃ། ཞེས་བརྗོད་པས་རཀྟའི་རྒྱ་མཚོ་ཆེན་པོར་བསམ། དེའི་སྟེང་དུ་རི་བོ་མ་ལ་ཡ་དེའི་ཚུལ་དུ་བསམ་པའི་སྟེང་དུ་ཐོད་ཁར་ཆེན་པོ་བསམ་ལ། གསལ་གདབ་པ་ནི། ཧཱུྃ། དུར་ཁྲོད་ཆེན་པོ་རབ་འཇིགས་པའི། །མཚོ་ནི་ཀོ་ཀ་ཐང་དམར་ན། །རི་བོ་བྱན་རླག་འཆོངས་ཀྱི་རི། །གནམ་ལྕགས་ཡོད་པའི་རྩེ་མོ་ན། །ཀེང་རུས་ཐོད་པ་མཁར་དུ་བརྩིགས། །འཇིགས་པའི་ཐོད་ཁར་ལྡེམས་སེ་ལྡེམ། །ཤར་ཕྱོགས་བཾ་རི་སྟག་ཐོད་མཁར། །སྟག་ཐོད་འཛུམ་མདངས་མུ་ལུ་ལུ། །ལྷོ་ཕྱོགས་བཾ་རི་མི་ཐོད་མཁར། །མི་ཐོད་སྤྱུགས་པ་ཀྱུ་རུ་རུ། །ནུབ་ཕྱོགས་བཾ་རི་རྟ་ཐོད་མཁར། །རྟ་ཐོད་མཚེར་གདངས་ལྷངས་སེ་ལྷང་། །བྱང་ཕྱོགས་བཾ་རིལ་བྱ་ཐོད་མཁར། །བྱ་ཐོད་ཙིག་སྒྲ་དི་རི་རི། །སྲིན་པོའི་ཐོད་པས་ཁ་བད་ཅན། ། ལས་ཀྱི་འོད་ཟེར་དབལ་ཐོག་འཕྲོ། །ངོས་ལ་ང་རྒྱལ་གློག་ཆེན་འཁྱུགས། །རྩེ་ལ་བདུད་བྱ་ནག་པོ་ལྡིང་། །རུ་མཚོན་ནག་པོ་པུ་རུ་རུ། །གནམ་ལྕགས་འབར་བའི་སྒོ་མོ་གསལ། །འཇིགས་པའི་སྐུ་མཁར་ནང་ཤེད་ན། །མི་རོ་མང་པོ་ཁྲི་རུ་བརྩིགས། །རྟ་རོ་མང་པོ་བཅལ་དུ་དགྲམ། །མི་རོ་རྟ་རོའི་ཁྲི་སྟེང་ན། །ཅེས་གསལ་གདབ་བོ། དེ་ནས་མཁར་གྱི་ལྕགས་མ ཁང་འབར་བའི་ནང་དུ་རུ། ཤར་གྱི་ལྕགས་ཁང་དུ་བ། བྱང་གི་ལྕགས་ཁང་དུ་མ། ལྷོའི་ལྕགས་ཁང་དུ་ཡ། ནུབ་ཀྱི་ལྕགས་ཁང་དུ་ར་བསམ། རུ། བ། ཡ། མ། ཞེས་བརྗོད་པས་རུ་ཞུ་བ་ལས་གྲི་གུག་ཏུ་བསམ། དེ་ཞུ་བ་ལས། ༀ་བུར་ཀུར་མ་ཧཱ་ཀཱ་ལ་ས་མ་ཡ་ཧཱུྃ། ཅེས་པས་མགོན་པོ་གྲི་གུག་ཐོད་ཁྲག་ཅན་བྱའི་གཤོག་པ་ཅན་བསྐྱེད། རང་རང་གི་ཡི་གེ་རྣམས་ལས་འཁོར་རྣམས་གུར་ཆེན་མོ་ལྟར་བསྐྱེད། དེ་ནས་མགོན་པོ་དགུག་པ་ནི། རང་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་རྣམས་ལྟ་བུ་འཕྲོས་ཏེ་ལྕགས་ཀྱུའི་ཕྱག་རྒྱ་བཅས་ཏེ། ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། ༀ་བུར་ཀུར་མ་ཧཱ་ཀཱ་ལ་ས་མ་ཡ་ཧྲིཾ་ཧྲིཾ། ཨཾ་གུ་ཤ་ཛ་ཛཿཞེས་བརྗོད་པས། མཚོ་ཀོ་ཀ་ཐང་དམར་རི་མ་ལ་ཡའི་རྩེ་ནས། རང་རྒྱུད་པའི་མགོན་པོའི་སྙིང་ཁ་ནས་ལྕགས་ཀྱུའི་བཟུང་ནས་མདུན་དུ་བཀུག་པར་བསམ་མོ། །ཚིག་གི་སྤྱན་དྲངས་པ་ནི། ལདྒ་ཡུལ་གྱི་གྲོང་བརྡལ་གྱི། ཞེས་པ་ནས། གནས་འདིར་མ་ལུས་གཤེགས་སུ་གསོལ། ཅེས་པ་ཡན་གྱི་དྲང་ངོ་། །ཞལ་དུ་རྔུབས་ཏེ་སྣ་ནས་གདོན་པ་ནི། ༀ་བཛྲ་རཀྴ་མ་ཧ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུ་ཥྚཾ། ས་མ་ཡ་མུ་ཏྲ་ཨ་ས་སྟྭཾ་པ་ཡ་ཀ་ཧཱུྃ་ཕཊ། ཧ་ལ་ར་ལ་བྷྱོ། རུ་ལུ་རུ་ལུ་བྷྱོ། རཀྴ་ཤྲཱི་ཧེ་རུ་ཀ་རུ་ཏྲ་མ་ཏྲ། ཧ་ཧ་ཧཾ། ཅེས་པས་སྣ་ནས་བཏོན་ནས། ༀ་བུར་ཀུར་མ་ཧཱ་ཀ་ལ་ས་མ་ཡ་པྲ་བེ་ཤ་ཕཊ། ཨ་སེ་ཨ་ཞེས་པས་གོང་དུ་བསྐྱེད་པའི་མགོན་པོ་བསྟིམ། ཧཱུྃ་ཧཱུྃ་ཧཱུྃ་ༀ་བི་ཤྭ་བཛྲ་ལ་མཎྜ་ལ་ཕཊ། ཏ་ཀེཾ་ཏ་ཀེཾ་ཕཊ། ཧ་ལ་ཧ་ལ་ཧ་རམ། ཏིཥྞ་ཏིཥྞ་ཁཾ། ཀྲོ་ཏ་ཀྲོ་ཏ་ཡ། ༀ་མུཾ་ཧཱུྃ། ཞེས་པས་སྡིག་པ་དག་པར་གྱུར་ནས། དཀྱིལ་འཁོར་གསུམ་དུ་བཞུགས་པར་བསམ་མོ། །ཧཱུྃ། དྲག་པོ་དུག་ལྔ་གཞོམ་པའི་ཕྱིར། །བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀའི། །ཞལ་དུ་རྔུམས་ཏེ་སྣ་ནས་བཏོན། །དེ་ཚེ་སྨེ་བ་བརྩེགས་པར་བསྟན། །རྣལ་འབྱོར་ཡོངས་ཀྱི་གྲོགས་བྱ་ཞེས། །དམ་བཅའ་དེ་ལས་མི་འགྱུར་བས། །དེ་ཕྱིར་མགོན་པོ་ནག་པོར་བཏགས། །ཁྱོད་ནི་ཡཀྴ་གནོད་སྦྱིན་གཙོ། །དེ་ཕྱིར་ཚོགས་ཀྱི་བདག་པོར་བཏགས། །ཁྱོད་ཀྱི་ཁྲོ་བོ་གྱིང་གི་ཚོགས། །དེ་ཕྱིར་སྒྲོལ་གྱིང་ཆེན་པོར་བཏགས། །ཁྱོད་ནི་མ་མོ་ཡོངས་ཀྱི་གཙོ། །དེ་ཕྱིར་དུར་ཁྲོད་བདག་པོར་བཏགས། །ཁྱོད་ནི་ལྷ་སྲིན་ཡོངས་ཀྱི་བདག །དེ་ཕྱིར་ནམ་མཁའི་བདག་མོར་བཏགས། །རྣལ་འབྱོར་དམ་ཅན་དགོས་པ་སྒྲུབ། །དེ་ཕྱིར་ལེགས་ལྡན་ནག་པོར་བཏགས། །ཕྱི་ཡི་མཚན་ནས་བོས་པའི་ཚེ། །མགོན་པོ་ལེགས་ལྡན་ནག་པོར་བྱས། །ནང་གི་མཚན་ནས་བོས་པའི་ཚེ། །བདུད་འདུལ་དུར་ཁྲོད་སྒྲོལ་བའི་གྱིང་། །གསང་བའི་མཚན་ནས་བོས་པའི་ཚེ། །རྡོ་རྗེ་སྒྲོལ་བྱེད་དྲག་པོ་རྩལ། །གང་ནས་བོས་ཀྱང་ཁྱོད་ཀྱི་མིང་། །ཇི་ལྟར་བཏགས་ཀྱང་ཁྱོད་ཀྱི་མཚན། །མ་གཡེལ་དུར་ཁྲོད་ཆེན་པོ་ཡིས། །ཕོ་བྲང་ལྕགས་མཁར་འབར་བ་འདིར། །ཡུམ་ཆེན་དབང་མོ་སྐམ་མ་དང་། །རོ་ཡི་གདན་ལ་གཉིས་མེད་བཞུགས། །ༀ་བྷུར་ཀུར་མ་ཧཱ་ཀཱ་ལ་ཀྲོ་ཏི་ཤྭ་རི་ས་མ་ཡ་ཏིཥྛ་ལྷན། དབང་དུ་བསྡུ་བ་ནི། ༀ་པདྨ་ཏ་ཀྲི་ཏ་བཛྲ་ཀྲོ་ཏ་ཧྱ་ཡ་གྲི་བ་ཧཱུྃ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་ཞེས་ཁྲོ་བོ་རྟ་གདོང་གི་ཕྱག་གི་སྦྲུལ་ཞགས་ཀྱིས་ནག་པོའི་ཐོད་མཚམས་ནས་བཅིངས། བསྡམས་ནས་དམ་ལས་འདའ་བར་མི་སྟེར་བར་བསམ་མོ། །ཕྱག་འཚལ་བ། ཡེ་ཤེས་རིན་ཆེན་དབུ་རྒྱན་མཆོག །གཟི་བརྗིད་ཕུང་པོ་བླ་ན་མེད། །སངས་རྒྱས་རིན་ཆེན་ཀུན་འདུས་པས། །རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ། །བཛྲ་རཀྴ་པདྨ་ཤྲཱི་ཧེ་རུ་ཀ་ན་མ་ཨ་ཏི་པུའོ། །པྲ་ཏི་པཱུ་ཧོ། བདག་གི་རྩ་བ་ཡན་ལག་གི་དམ་ཚིག་མི་མཉམ་པར་བསམ་ཤིང་བསྲུང་ངོ་། །ཕྱག་རྒྱའི་པཱུ་ཙ་ནི། ཕོ་བྲང་ཐོད་མཁར་རབ་འཇིགས་པའི། །གནམ་ལྕགས་འབར་བའི་གཟེར་ཆེན་གྱིས། །བརྟན་པར་བཏབ་པའི་དུར་ཁྲོད་ན། །ཚོགས་བདག་ཡབ་ཡུམ་ཕྱག་རྒྱ་ནི། །གདོང་བཞི་མཐིང་ནག་ཐོད་ཕྲེང་ཅན། །སྤྱན་ལྡོག་མཆེ་གཙེགས་རྫུ་འཕྲུལ་མགོ །ཕྱག་བཞི་ཕྱག་དྲུག་རྫུ་འཕྲུལ་ལག །ཞབས་བཞི་ཞབས་གཉིས་རྫུ་འཕྲུལ་ཅན། །ཡང་དག་དོན་གྱི་ཕྱག་རྒྱ་ནི། །ཞལ་གཅིག་ཕྱག་གཉིས་གཅེར་བུ་ཡིས། །གཡས་པ་གྲི་གུག་སྔོན་པོ་ཡིས། །གཡོན་པ་བྷནྡྷ་ལྕང་ལོ་བསྣམས། །དྲག་པོ་རལ་ཅན་འཁྲིལ་ཞིང་ཁྲོ། །གཡས་པ་རྒྱུ་ཞགས་ཡབ་ལ་འཁྱུད། །གཡོན་པ་བྷནྡྷ་ཐོད་ནང་དུ། །འབྲུ་མར་རྫས་ལྔ་ཆང་སྦྱར་བ། །རང་གི་ལོངས་སྤྱོད་གཙོ་ལ་བསྟབ། །ཡབ་ཡུམ་གཉིས་སུ་མེད་པ་ཁྱེད། །དུར་ཁྲོད་གདན་ལ་བཞུགས་ནས་ཀྱང་། །ཕྱག་རྒྱ་གར་གྱི་མཆོད་པ་བཞེས། །ༀ་སརྦ་ཏ་ཐཱ་ག་ཏ་དང་པོ་ཕྱི་མཆོད་འབུལ་བ་ནི་བཛྲ་རཀྴ་ཤྲཱི་ཧེ་རུ་ཀ་བཛྲ་ད་རི་མ་ཧཱ་ཛྙཱ་ན་མཎྜལ་བཛྲ་ཨ་ཧ་རུ་པཱུ་ཙ་ཧཱུྃ། པུཥྤེ། དྷུ པྤེ། ཨཱ་ལོ་ཀེ། གྷནྡྷེ། ནཻ་ཝི་ཏེ། ཤཔྟ་པཱུ་ཙ་ཧཱུྃ། བཛྲ་རུ་ནང་གི་མཆོད་པའི་སྔགས་གོང་གི་ཤམ་བུ་རུ་པ་པཱུ་ཙ་ཧཱུྃ། དེ་བཞིན་དུ་ཤཔྟ་གྷནྡྷེ། རཱ་ས་སྤ ཪྴེ་པཱུ་ཙ་ཧཱུྃ། ༀ་མགོན་པོའི་ཡང་ཕྱི་མཆོད་འབུལ་བ་ནི་བུར་ཀུར་མ་ཧཱ་ཀ་ལ་ཡ། ཡཀྴ། ཀྲོ་ཏ། ཙིཏྟ། རཀྴ། དེ་བ་རཀྴ། བཛྲ་ཨ་ཧཱ་ར་པཱུ་ཙ་ཧཱུྃ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གྷ ནྡྷེ། ནཻ་ཝི་ཏྱེ། པུ་ཙ་ཧཱུྃ། ནང་མཆོད་ཀྱང་། བྷུར་ཀུར་ལ་གོང་། རཱུ་པ། ཤཔྟ། གནྡྷེ། རཱ་ཱས། སྤཪྴེ། པཱུ་ཙ་ཧཱུྃ། ཞེས་དབུལ་ལོ། །རང་བྱུང་སྨན་མཆོད་ནི་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རྩ་བ་འབུམ་ཕྲག་ཡོངས་པའི་བཅུད། །སངས་རྒྱས་སྟོང་གི་དངོས་གྲུབ་ལེན། །དམ་ཚིག་སྦྱིན་པ་ཆེན་པོ་འདི། །སྦྱིན་ནོ་བསྟབ་པོ་བསྐུལ་ལོ་མཆོད། །དུས་གསུམ་བདེ་གཤེགས་རྒྱལ་བ་མ་ལུས་དང་། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་མ་ལུས་པ། །རྣམ་དག་བདུད་རྩི་དམ་རྫས་མཆོད་པ་འབུལ། །ཐུགས་རྗེ་ཆེ་དགོངས་དབང་དང་དངོས་གྲུབ་རྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་རཾ་ཁཱ་ཧི། ལུང་དང་མན་ངག་ཤེས་རྒྱུད་གབ་སྦས་པའི། །ངེས་པའི་ལུང་སྟོན་དུས་གསུམ་བླ་མ་ལ། རྣམ་དག་འགྲེ༴ ཚོགས་རྗེ་ཚོགས་བདག་དཔལ་ལྡན་ཧེ་རུ་ཀ །འབར་བའི་རྒྱལ་པོ་ཁྲག་ཐུང་ཡབ་ལྔ་ལ། །རྣམ་དག༴ རྩ་སྔགས་ལ་ཁ་རཾ་གདགས་སོ། །དཔལ་ཆེན་སྐུ་ལ་གཉིས་མེད་དགྱེས་སྦྱོར་བའི། །ཀྲོ་ཏི་ཤྭ་རི་ཡུམ་ཆེན་ལྔ་རྣམས་ལ། རྣམ་དག༴ དཔལ་ཆེན་ཡབ་ཡུམ་སྐུ་ལ་བསྐྱེད་པའི་སྲས། །གནས་ཡུལ་སྒོ་མ་ཁྲོ་མོ་ཉི་ཤུ་ལ། །རྣམ་དག༴ སླས་དང་བྱི་མོ་མིང་སྲིང་མ་མོའི་ཚོགས། །དབང་ཕྱུག་ལ་སོགས་བཀའ་ཉན་ཚོགས་རྣམས་ལ། །རྣམ་དག༴ རྣལ་འབྱོར་ཡོངས་ཀྱི་བསྲུང་མར་ཞལ་བཞེས་པའི། །དཔལ་ལྡན་མགོན་པོ་ལེགས་ལྡན་ནག་པོ་དང་། །ཉེ་གནས་ཡུམ་ཆེན་ཀྲོ་ཏི་ཤྭ་རི་ལ། །རྣམ་དག༴ བསྒྲུབ་སྔགས་ལ་ཁ་རཾ་གདགས་སོ། །ཀྲོ་ཏ་ཁྲོ་བོ་གྱིང་གི་ཚོགས་རྣམས་ལ། །རྣམ་དག༴ རཀྴ་གནོད་སྦྱིན་དྲེགས་པའི་ཚོགས་རྣམས་ལ། རྣམ་དག༴ རཀྴ་སྲིན་པོ་རྔམ་པའི་ཚོགས་རྣམས་ལ། །རྣམ་དག༴ ཙིཏྟ་ཟ་བྱེད་མ་མོའི་ཚོགས། །རྣམ་དག༴ ཉེ་གནས་གདུང་བའི་མིང་སྲིང་བརྒྱན་རྣམས་ལ། །རྣམ་དག༴ གུས་པའི་བུ་མོ་ཆེན་མོ་བརྒྱད་རྣམས་ལ། །རྣམ་དག༴ དུར་ཁྲོད་ས་ཡི་སྒོ་བསྲུང་བཞི་རྣམས་དང་། །དུར་ཁྲོད་བདག་མོ་གྲུ་འདེབས་བཞི་རྣམས་ལ། རྣམ་དག༴ སྲིང་མོ་ཆེན་མོ་ཉི་ཤུ་རྩ་བརྒྱད་དང་། །བཀའ་ཉན་ཕོ་ཉན་དམ་ཅན་རྒྱ་མཚོ་ལ། །རྣམ་དག༴ ༀ་ཨཱཿཧཱུྃ་ཞེས་འབྲུ་གསུམ་གྱི་དངོས་གྲུབ་བླང་ངོ་། །ཧཱུྃ། ལྕང་ལོར་གནས་པའི་མ་ཧཱ་བྷནྡྷ་྄རུ། །བྱང་ཆུབ་སེམས་དང་མ་ཧཱ་རཀྟ་དང་། །དྲི་ཆེན་ཀུ་ཀུའི་ཆུ་དེ་རྣམ་པ་ལྔ། །གཉིས་མེང་སྦྱར་བའི་པཉྩ་ཨ་མྲྀ་ཏ། །ནག་པོ་ཆེན་པོ་འཁོར་དང་བཅས་ལ་འབུལ། །མཆོད་བཞེས་དམ་སྐོངས་དངོས་གྲུབ་སྩོལ། །ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་རཀྴ་ཤྲཱི་ཧེ་རུ་ཀ་བཛྲ་ད་རི་ཛྙཱ་ན་མཎྜ་ལ་ཨི་དན། ངཱུ་པ། པུཥྤ། ཧི་པ། གྷནྡྷེ། བ་ལིང་། ཞེས་ཞལ་གཏོར་མ་འབུལ་ལོ། །པྲ་ཏིཙྪ་ཧོ། ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་རཀྴ་ཤྲཱི་ཧེ་རུ་ཀ་བཛྲ་དྷ་རི་ཛྙ་ན་མཎྜ་ལ་མ་ཧཱ་པཉྩ་ཨ་མྲྀ་ཏ་པི་པ་ཞེས་གསང་མནན་དབུལ་ལོ་ཏ་ཁཱ་ཧི། ༀ་གོང་ལྟར་ལ་འགྲེ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་རཀྟ་ཨ རྒྷཾ་པྲ་ཏིཙྪ་བི་པ་ཏ་ཁཱ་ཧི། ༀ་བུར་ཀུར་མ་ཧཱ་ཀཱ་ལ་ཀྲོ་ཏ་ཡཀྴ་རཀྴ་ཙིཏྟ་མ་ཧཱ་པཉྩ་ཨ་མྲི་ཏ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧཱི་མ་ཧཱ་རཀྟ་པི་པ་ཏ་ཁཱ་ཧི། མ་ཧཱ་བ་སུ་ཁཱ་ཧི། ཙིཏྟ་ཁཱ་ཧི། གོ་རོ་ཙ་ན་ཁཱ་ཧི། ཨེ་ཧྱེ་མ་ཧཱ་ཀཱ་ལ་ཨི་དན་དུ་ས། པུཥྤེ། གྷནྡྷེ། མཾ་ས་མ་ཧཱ་བ་ལིཾདྷ་པྲ་ཏཱིཉྩ་ཧོ། ཞེས་ཕུལ་བས། ཚོགས་བདག་འཁོར་བཅས་ཀྱིས་གཏོར་མ། །བདུད་རྩི། དམ་རྫས་ལོངས་སྤྱོད་ཆང་ཕུད། རཀྟའི་རྒྱལ་མཚོ་ཞལ་དུ་གསོལ་བར་བསམ་མོ། །དེ་ནས་མཉེས་པར་བསམ་ལ། དམ་དབག་རྡོ་རྗེ་ཅན་གོ །དམ་ཆུ་བླུད། མནའ་ཡིད་ལ་དན་ཏེ་བགག །དམ་བསྲེ། དམ་མ་ཧཱ་གླིང་གི་ཅེས་ལྔར་ལྟར་དམ་རྫས་དབུལ་ལོ་རྡར་རྣམས་བྱ། མངའ་གསོལ་བྱ། དམ་རྫས་བསྔོ་བ་ནི། དཀའ་ཐུབ་ཚུར་བསྡོམ་ཙན་ད་ཐུབ་ཆེན་པོ་ཞེས་པ་ནས་འཇུག་ཏུ། བསྐང་ངོ་དགྲ་སྲོག་ཆོད་ལ་ཤོག །ཅེས་བཏགས་ལ། ༀ་བྷུར་ཀུར་མ་ཧཱ་ཀཱ་ལ་ཡོ། ཧཱུྃ་མེས་རྫས་མ་དག་པ་བཤགས་ཀ་རི་བྱི་ར་ཀུ་ལི་ཤ་ས་རོ་ད་ཡ། ནི་ལ་ཛོ་མུ་དང་བ་ནོ་གན་དྷ་ཁ་ཏཾ་ཀ་ག་ཧེ་ཛྭ་ལ་བ་ཕུད་ཏེ། བ་ཏ་གེ་ཤྭ་བི་ཤ་ལ། ཨ་ཤི་ར་པདྨ་ཙནྡྲ་ནི། ཀ་མ་ཀུ་ཏ་ད་རི། རཀྟ་བི་དྲོད་ཛ་ལ་སྟྭཾ་བྷནྡྷ་ཧེ་རུ་ཀ་བཛྲ་མ། པ་ར་སན་པ་མུ་ཁང་ཏིག་ཤན་དང་ཏ་ཀ་ར་ལ། ཅེས་ལན་གསུམ་བང་པས་སྡུ་ཙ་མ་གནས་པ་ཤག་ཐ་མ་སམ་ཏི་མིག་སར་པ་བཤགས་སོ། །ཧོ། བཅོམ་སྨོན་ལམ་གདབ་པ་ནི་ལྡན་རྡོ་རྗེ་སྲིན་པོ་ཚོགས་ཀྱི་བདག་པོ་དཔལ་ཤྲཱི་ཧེ་རུ་ཀ །བཛྲ་ཏ་ཀི་ནི་ལ་སོགས་ཏེ་ཀུ་ཙ་ཅན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་རྣམས་རང་རང་དགའ་མགུ་དང་དད་པའི་སྟོབས་དང་བརྟུལ་ཤུགས་ཀྱིས་བསྐལ་པའི་མེ་དཔུང་ལྟར་འདྲིལ་ཞིང་འགྲོ་བའི་དོན་ལ་ཐུགས་རྗེ་རྩེ་གཅིགཏུ་གསན་དུ་གསོལ། གཞན་ཡང་དཔལ་རྡོ་རྗེ་སྲིན་པོའི་བཀའི་ཕོ་ཉ། དཀྱིལ་འཁོར་ཆོས་ཀྱི་བསྲུང་མ། རིག་འཛིན་ཡོངས་ཀྱི་སྲོག་ཤིང་། རྣལ་འབྱོར་ཀྱི་དགྲ་ལྷ། བདུད་འདུལ་ལྷའི་དབང་ཕྱུག །ཕྱི་ལྟར་རྡོ་རྗེ་ཤངས་གཙོ་རྩལ། ནང་ལྟར་རྡོ་རྗེ་དྲག་པོ་རྩལ། གསང་བ་ལྟར་རོ་ལངས་ཚོགས་ཀྱི་བདག་པོ། འཁོར་གྱིང་དང་། གནོད་སྦྱོན་དང་། ལྷ་སྲིན་དང་། དུར་ཁྲོད་ཀྱི་མ་མོ་བསམ་གྱིས་མི་ཁྱབ་པ་དང་བཅས་པ་རྣམས་གསན་དུ་གསོལ་ལོ། །བདག་ཅག་རྣམས་ཀྱི་དགའ་བ་ཆེན་པོའི་སྒོར་ཞུག་ནས་རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་སྨད་ཅིང་གདུང་སེམས་རྒྱུན་ཆད་པ་དང་། རྡོ་རྗེ་མཆེད་ལ་སྤངས་པའི་ལས་བྱས་པ་དང་། ལྷ་གདོས་པར་སྒོམ་ཞིང་བཟླས་པ་ཡེངས་ཤིང་མི་ཚིག་དང་འདྲེས་པ་དང་། ལྟ་བ་ལོགས་པར་རྟོགས་ཤིང་སྣོད་མེད་པ་ལ་མན་ངག་སྤེལ་བ་དང་། གབ་པའི་གསང་བ་མ་རྟོགས་པར་སྦས་པའི་གསང་བ་ལ་མངོན་པར་འཆོལ་ཏེ། སྦྱོར་སྒྲོལ་དུ་མིང་བཏགས་ནས་བསད་པ་དང་། སྲེད་པའི་འདོད་ཆགས་ལ་མངོན་པར་ཞེན་ཅིང་ང་རྒྱལ་དང་དྲེགས་པའི་དབང་གིས་དཔའ་བོའི་ངང་ཚུལ་འཆོས་སུ་གྱུར་ཏེ་གསང་སྔགས་སྤྱོད་ཉེས་པ་དང་། སྲེད་པའི་འདོད་ཆགས་ལ་མངོན་པར་ཞེན་ཅིང་ང་རྒྱལ་དང་དྲེགས་པའི་དབང་གིས་ཚེ་འདིར་རྣལ་འབྱོར་ཕོ་མོ་རྣམས་ཀྱི་ཐུགས་དང་འགལ་ཏེ། ཡང་ངན་སོང་སྡུག་བསྔལ་གྱི་རྒྱུར་གྱུར་པ་རྣམས་མཐོལ་བཤགས་ཤིང་མཆིས་ན་ཕྲལ་དུ་དག་ཅིང་ཡུན་དུ་བྱང་བར་མཛད་དུ་གསོལ་ལོ། །དེ་ནས་སྨོན་ལམ་བཏབ་སྟེ། ཧོ། མགོན་པོ་ཁྱེད་མཆོད་བྱིན་རླབས་ཀྱིས། །ཕྱོགས་དང་དུས་རྣམས་ཐམས་ཅད་དུ། །སེམས་ཅན་ལེགས་དོན་འབྱོར་པ་ལ། །བགེགས་ཀྱི་གནོད་པ་ཀུན་མེད་ཤོག །རྟ་དང་གླང་པོ་ནོར་དང་འབྲུ། །བུ་ཚ་ཕ་མ་གཉེན་བཤེས་རྣམས། །དགེ་ཞིང་ཚེ་རིང་ནད་མེད་པར། །ཐམས་ཅད་འབྱོར་པ་ལྡན་པར་ཤོག ། འགྲོ་ལ་ཉེས་མེད་བདེ་གྱུར་ནས། །ནད་དང་མུ་གེ་ཀུན་བྲལ་ཤོག །རྒྱལ་པོ་དགེ་ཞིང་དེས་པ་རྣམས། །ཆོས་ཀྱི་རྒྱལ་སྲིད་སྐྱོང་བར་ཤོག །བདེ་བར་གཤེགས་པའི་བསྟན་པ་འདི། །ཕྱོགས་བཅུ་ཀུན་ཏུ་རྒྱས་པ་དང་། །མྱུར་དུ་སེམས་ཅན་ཐམས་ཅད་ཀུན། །ཆོས་ཀྱི་སྣོད་དུ་འགྱུར་བར་ཤོག །དགེ་བ་ཐམས་ཅད་ལེགས་བསྔོ་ཞིང་། །མགོན་པོ་ཁྱེད་རྟེན་མཐུ་དཔལ་གྱིས། །བདག་ཅག་འཁོར་དང་བཅས་པ་རྣམས། །ལོངས་སྤྱོད་རྣམས་གཉིས་ཐོབ་ནས་ཀྱང་། །ཁྱད་པར་རྡོ་རྗེ་ཐེག་མཆོག་གི །རིམ་གཉིས་ཟབ་མོ་མཐར་ཕྱིན་ཏེ། །འབྲས་བུ་སྐུ་གཉིས་མཆོག་ཐོབ་ནས། །དོན་གཉིས་ཕུན་སུམ་ཚོགས་པར་ཤོག །བདག་ནི་དུས་རྣམས་ཐམས་ཅད་དུ། །དཔལ་མགོན་དབང་ཕྱུག་ལེགས་ལྡན་གྱི། །མཐུ་བྱིན་ཐུགས་ལ་དབང་ཐོབ་ནས། །ཁྱོད་དང་མི་འབྲལ་འགྲོགས་པའི་མཐུས། །སངས་རྒྱས་བསྟན་པ་བསྲུང་བར་ཤོག །ཅེས་སྨོན་ལམ་གདབ་པ་ནི། དེ་ལྟར་བྱས་པ་བཀྲ་ཤིས་ཤིང་མི་རྫས་འཕེལ་བར་འགྱུར་རོ། །དེ་ནས་འཕྲིན་ལས་བཅོལ་ལ་འཛབ་བྱ་སྟེ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ༀ་བུར་ཀུར་ཨི་ཙི་ཀི་ཕྱི་ཨུ་ཙཤྨ་ཀྲོ་ཏ་ཧཱུྃ་ཕཊ། བདག་ཧེ་རུ་ཀར་གསལ་བ་ལ་ཕྱོགས་བཅུའི་རྒྱལ་བའི་འོད་ཟེར་མང་པོ་བདག་ལ་ཐིམ་པས་བདག་དཔལ་དུ་གསལ་བཏབ་སྟེ་ནུས་པ་དང་ལྡན་པར་བསམ། བདག་གི་ཐུགས་ཀ་ནས་ཁྲོ་ཆུང་མང་པོ་འཕྲོས་ཏེ་མགོན་པོ་བསྐུལ་ནས་ལས་བྱེད་པར་བསམ། འཁོར་རྣམས་ཞོར་ལངས་ལ་འགྲོ་བར་བསམ་མོ། །དེ་ནས་ཐུན་མཚམས་སུ་ཧེ་རུ་ཀ་དང་མགོན་པོ་ལ་སྨན་མཆོད་དབུལ་ལོ། །དེ་ནས་བསྟོད་པ་ནི། གུར་དགུའ མ། ཡང་ན། ཧཱུྃ། གསུར་ཆེན་དུད་པ་བཏང་ནས་ཀྱང་། རྡོ་རྗེ་རྔེ་ཆུང་དྲག་ཏུ་རྡུངས་པས། ཅེས་པ་ལ་སོགས་པས་བསྟོད་ཅིང ལས་གཞོལ། དེ་ནས་ཚོགས་ཁྲོ་བོ་ལྟར་བྱ། མགོན་པོ་ལ། དཀའ་ཐུབ་ཆེན་པོ་ཚུར་གསོན་དང་། ཅེས་པ་ནས། ཡོངས་སུ་རྫོག་པར་བླང་པར་བྱའོ། །ཞེས་པའི་བར་གྱིས་མགོན་པོ་འཁོར་བཅས་ལ་དབུལ་ལོ། །དེ་ནས་ཚོགས་ལ་རོལ། ལྷག་མ་བྱ། བར་འདིར་མདོས་བྱ། མནན་པ་ཟོར་བྱེད་ན་ཡང་སྐབས་འདིར་བྱ། བསྟན་མ་སྐྱོང་ཞིང་དཀྱིལ་འཁོར་བསྡུ། །དགེ་བ་བསྔོ། མགོན་པོའི་བསྒྲུབ་ཐབས་རྫོགས་སོ། །འཛབ་ཀྱི་མན་ངག་གོ། །རྡོ་རྗེ་སྲིན་པོ་ལ་ཕྱག་འཚལ་ལོ། །གང་ཞིང་བསྙེན་བསྒྲུབ་བཞི་ལ་རྟག་ཏུ་གནས་པར་འདོད་པ་དེས་འདི་ལྟར་བྱའོ། །སྤྲུལ་པ་ལྟར་དྲང་ན། རྩ་བ་ལས། རུ་ལུ་བྷྱོ། ཞེས་རང་གི་སྲོག་ལ་ཚད་བཞག་པའི་དོན་ཡིན་ནོ། །རུ་ལུ་འདྲེན་ལྟངས་ལྔ་ལས། རུ་ལུ་ཕོ་ཉ་ཚོགས་སུ་འདྲེན། །ཕོ་ཉའི་ཕོ་བྲང་ལངྐའི་ཡུལ། །ཨུ་རྒྱན་རི་བོ་མ་ལ་ཡ། །ཀོང་ཀ་ཐང་དམར་དྲག་པོའི་རྩེ། །བམ་རི་ཐོད་མ ཁར་གཞལ་ཡས་ནས། །ཁྲོ་བདག་ལེགས་ལྡན་ནག་པོ་ནི། །འུར་འུར་ཆེམ་ཆེམ་དགྲ་ལ་ཆས། །ར་ལི་ར་ལི་ཞེས་བརྗོད་ལས། །དཀར་ནག་ཕྱེ་བའི་སྤྱན་འབུར་བས། །དམར་ལ་གདངས་པས་དབང་དུ་སྡུ། །ཉམས་པ་གང་ཡིན་དབང་དུ་བསྡུས། །ཧཱ་ལ་ཧ་ལ་ཞེས་བརྗོད་པས། །ཧ་ཧ་རྔམ་པའི་ཞལ་གདངས་ཤིང་། །མཆེ་བ་གནམ་ལྕགས་སྤུ་གྲིར་གཏམས། །སྤུ་གྲི་ཐམ་ཐམ་སྙིང་ལ་ཐམ། །རུ་ལུ་རུ་ལུ་ཞེས་བརྗོད་པས། །གཡས་ན་གྲི་ཐོགས་སྒྲིལ་བའི་གྱིང་། །གྲི་གུག་སྤུ་གྲིས་སྒྲོལ་བར་བྱེད། །ཉམས་པ་གང་ཡིན་སྒྲོལ་ལ་ཤོག །གཡོན་པའི་བྷན་དྷའི་ཁྲག་འཐོར་བས། །ཁྲག་འཐོར་རིམས་ནད་དྲག་པོ་ཡིས། །ཉམས་པ་གང་ཡིན་སྒྲོལ་ལ་ཤོག །ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། ལྷོ་ཕྱོག་ལྕགས་མཁར་འབར་བའི་ནང་ཤེད་ན། །གནོད་སྦྱིན་ཟངས་ཐོག་རྒྱལ་པོ་ནི། །ཧ་ཧ་རྔམས་པའི་ཞལ་གདེངས་ཤིང་། །མཆེ་བ་ཟངས་ཀྱི་སྤུ་གྲི་གཏམ། །སྤུ་གྲི་ཐམ་ཐམ་མགོ་ལ་ཐམ། །ཉམས་པ་གང་ཡིན་མགོ་ལ་ཐམ། །བསེ་མདུང་དར་དཔྱངས་གཡས་པ་ཡིས། །ཉམས་པ་གང་ཡིན་རྔུལ་དུ་རློག །ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། ཤར་ཕྱོགས་ལྕགས་མཁར་འབར་བའི་གཞལ་ཡས་ནས། ཁྲོ་བོ་ཆེན་པོ་བཛྲ་གྱིང་ཀ་ར། ཧ་ཧ་རྔམ་པའི་ཞལ་གདངས་ཤིང་། །མཆེ་བ་ཟ་བྱེད་སྤུ་གྲིས་གཏམས། །སྤུ་གྲི་ཐམ་ཐམ་སྙིང་ལ་ཐམ། །ཉམས་པ་གང་ཡིན་སྙིང་ལ་ཐམ། །ཕྱག་ན་གྲི་གུག་སྒྲོལ་བའི་གྱིང་། །ཉམས་པ་གང་ཡིན་སྒྲོལ་ལ་ཤོག །དེ་སོགས་གྱིང་ཆེན་བཅོ་བརྒྱད་པོ། །དམ་ཉམས་སྒྲོལ་བའི་ལས་མཛོད་ཅིག །ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། བྱང་ཕྱོགས་ལྕགས་མཁར་འབར་བའི་གཞལ་ཡས་ནས། རིགས་ལྔ་ཟ་བྱེད་དཀར་སྨུག་ཚོགས། །སྨུག་ཏིང་རྒྱལ་མོ་རྡོ་རྗེ་སྨེ་བརྩེགས་མ། །གསང་བའི་ཡུམ་ཅིག་ཨེ་ཀ་ཛ་ཏི་མ། །འཁོར་ནི་མོན་པ་བདུད་གཡོག་ནག་པོའི་ཚོགས། །མ་རུང་ཁྱོད་ཀྱི་དམ་ཉམས་སྒྲོལ་ལ་ཤོག །ཙ་འགྱུར་བཞི་དང་བདུད་མོ་བཞི། །འདྲེ་སྐེ་བཞི་དང་བསེ་མཁར་བཞི། །ཕྱག་ན་ལྕགས་ཀྱུའི་མདུང་རྣམས་ཐོགས། །ལྕགས་ཀྱུས་དྲངས་ལ་བསེ་མདུང་རྒྱོབ། །ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། །ནུབ་ཕྱོག་ལྕགས་མཁར་འབར་བའི་གཞལ་ཡས་ནས། །སྲིན་པོའི་རྒྱལ་པོ་ཁྲོས་པ་མ་ངེས་མདོག །སྤྱན་མངས་ཞལ་ནས་མཆེ་བ་གཙིགས་ནས་སུ། །རྔམ་པའི་ང་རོ་འབྲུག་ཏུ་སྒྲོག །ཕྱག་ན་གྲི་གུག་སྦྲུལ་ཞགས་ཀྱིས། །ཉམས་པ་ཆིངས་ལ་མྱུར་དུ་སྒྲོལ། །གདོང་མོ་བཞི་སོགས་ལྷ་མ་སྲིན། །འཁོར་བཅས་ཕོ་ཉ་ཁྱེད་རྣམས་ཀྱིས། །རྒྱས་པའི་དགྲ་ལ་རྟགས་ཕྱུངས་ཤིག །གནོད་པའི་བགེགས་རྣམས་རྡུལ་དུ་རློག །ༀ་རུ་ལུ་རུ་ལུ༴ ༀ་ནི་དཔལ་ཆེན་ཡབ་ཡུམ་བཅུ། །རུ་ལུ་གོང་མ་ཚོགས་བདག་ཡབ་ཡུམ་སྐུ། །རུ་ལུ་འོག་མ་རཀྴ་གནོད་སྦྱིན་སོགས། །ཧཱུྃ་ནི་ཁྲོ་བོ་གྱིང་གི་ཚོགས། །ཕཊ་ནི་ལྷ་སྲིན་སྡེེ་བརྒྱད་ཚོགས། །བྷྱོ་ནི་ཟ་བྱེད་མ་མོའི་ཚོགས། །ཡེ་ཤེས་རུ་ལུ་འབྲུ་བརྒྱད་ལ། །སྤྲུལ་པ་ཕོ་ཉ་ཐམས་ཅད་རྫོགས། །ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ། ཞེས་འབུམ་བྱའོ། །འཛབ་ཀྱི་མན་ངག་གོ། །ཨཐྎ། རང་རྒྱུད་པ་ལྟར་དྲང་ན། བུར་ཀུར་ཚན་བཞི་སྟེ། བསྙེན་པའི་བཟླས་པ་འབུམ་བྱས་ལ་ཞེས་པ་ནི། ༀ་བུར་ཀུར་མ་ཧཱ་པདྨ་རྡེ་འབུར་རྩི་འབུར་བྱི་གེ་བྷྱི་མ་ན་སེ་ཨེ་ཧེ་ཤྭོ་མོ་ཀྲོ་ཏ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་ནི་བསྙེན་པའི་སྔགས་སུ་ཤེས་པར་བྱའོ། །ཉེ་བའི་བསྙེན་པ་འབུམ་དུ་བཟླས། །ཞེས་པ་ནི། ༀ་བྷུ་རུ་ཀུ་སྦ་ཨ་པྲ་བུ་ཙི་ཀི་ཕྱི་མ་ན་སེ། ཁ་ཤྭོ་མོ་ཀྲེ་ཏ་ཧཱུྃ་ཕཊ་ཕཊ་ཅེས་པའོ། །བསྒྲུབ་པའི་སྔགས་འབུམ་དུ་བཟླས། ཞེས་པ་ནི། ༀ་བུར་ཀུར་ཨི་ཙི་ཕྱི་ཨུ་ཙུསྨ་ཀྲོ་ཏ་ཧཱུྃ་ཕཊ་ཞེས་པའོ། །བསྒྲུབ་པ་ཆེན་པོ་འབུམ་དུ་བཟླས་པ་ནི། ༀ་བུར་ཀུར་ཏི་ཧཱུྃ་ཕཊ། ཞེས་པའོ། །ཇི་སྲིད་མཚན་མ་མ་རྙེད་ཀྱི་བར་དུ་བཟླས་སོ། །ལས་ལ་སྦྱོར་བ་དྲག་པོའི་སྔགས་ཞེས་པ་ནི། ཕཊ་ཧཱུྃ་ཏ་ཀྲོ་མ་ཙུས་ཨུ་ཕྱི་ཙི་ཀི །ཨི་ཙི་རུ་ཀུར་དུ་བྷུར་ༀ་དེ་ནས་ཕོ་ཉ་མངག་པར་བྱ། ཞེས་པ་ནི། ཡཀྴ་ཛྭ་ལ་ས་མ་ཡ། ཙིཏྟ་ཛྭ་ལ་ས་མ་ཡ། བཛྲ་ཀྲོ་ཏ་ཛྭ་ལ་ས་མ་ཡ། ཡཀྴ་ཛྭ་ལ་ས་མ་ཡ། ཞེས་པ་རེ་རེ་ལ་ཁྲི་བཟླས་པ་བྱའོ། །རྫོགས་སོ། །དགྲ་བགེགས་རྩད་ནས་གཅོད་པའི་མཐུ་སྟོབས་ཤོག། །།