cover

ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག

པདྨ་བཀའ་ཐང་།

ཡར་རྗེ་ཨོ་རྒྱན་གླིང་བ།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ནུབ་བདེ་བ་ཆེན་པོའི་ཞིང་ཁམས་བསྟན་པའི་ལེའུ། ༄༅། །ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག་ཅེས་བྱ་བ་བཞུགས་སོ། །


PKT001_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་སྐད་དུཿ གུ་རུ་ཨ་ཀྵ་ཤ་ཀ་ར་ཎཿ བོད་སྐད་དུཿ གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་ཞེས་བྱ་བཿ བདེན་པ་རང་བྱུང་སངས་རྒྱས་སྐུ་ལྔ་འཆང་ཿ སྣ་ཚོགས་ཐབས་ཀྱིས་སེམས་ཅན་བདེ་ལ་བཀོདཿ གདུལ་བྱའི་བསམ་པ་ཡོངས་སུ་རྫོགས་མཛད་པའིཿ སྐྱེ་ཤི་མི་མངའ་རྡོ་རྗེའི་སྐུ་ལ་འདུདཿ ལྷ་ལྕམ་མནྡཱ་ར་བ་དང་ཿ བལ་འབངས་ཀ་ལ་སིདྡྷི་དང་ཿ བལ་མོ་ཤཱ་ཀྱ་དེ་བ་དང་ཿ མོན་མོ་བཀྲ་ཤིས་ཁྱེ་འདྲེན་དང་ཿ བུད་མེད་ཡེ་ཤེས་མཚོ་རྒྱལ་དང་ཿ གུ་རུའི་ཐུགས་སུ་བྱོན་པའི་བུད་མེད་ལྔསཿ མི་འདུལ་ལས་ཅན་ཁ་ལོ་རྣམ་བསྒྱུར་དང་ཿ དཀོན་ཅོག་གསུམ་ནི་གནས་པར་བྱ་བ་དང་ཿ བསྟན་གཉིས་ཡ་མ་ཟུང་གིས་སེལ་


PKT001_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

༼༢ན༽མེད་ཕྱིརཿ མདོ་སྔགས་ཐབས་དང་ཤེས་རབ་སྙིང་པོའི་བཀའཿ ཉེ་བར་གྱུར་པ་གསང་སྔགས་བསྒྲུབ་པའི་ལུང་ཿ བདེན་པའི་བཀའ་འཆང་ངེས་པའི་དོན་གོ་ཕྱིརཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱིཿ སྐུ་གསུང་ཐུགས་ཡོན་འཕྲིན་ལས་མཐར་རྒྱས་པཿ རྣམ་ཐར་སྟོང་ཕྲག་བཅུ་དང་བརྒྱ་ཕྲག་དགུཿ མ་འོངས་དམ་ལྡན་དོན་དུ་བཀོད་ནས་སྦསཿ དེ་ཐོན་མི་ལ་བསོད་ནམས་སྙན་གྲགས་འོང་ཿ གུ་རུའི་རྣམ་ཐར་རྒྱས་བསྡུས་གང་འཐད་པརཿ མཐོང་ཐོས་མོས་གུས་ཚད་མེད་བྱ་བ་གཅེསཿ འདི་ལ་དད་མོས་བསྟན་པའི་མཐའ་རྒྱས་འཛིནཿ བླ་མེད་བྱང་ཆུབ་སངས་རྒྱས་ཐེ་ཚོམ་མེདཿ དུས་གསུམ་མཁྱེན་པའི་སློབ་དཔོན་པདྨ་འབྱུང་ཿ ཕྱི་རྒྱུད་དག་པས་སྤྲུལ་སྐུའི་


PKT001_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

༼༢བ༽བསྟན་པ་འཛིནཿ ནང་རྒྱུད་དག་པས་ལོངས་སྐུའི་བསྟན་པ་སྐྱོང་ཿ གསང་རྒྱུད་དག་པས་བསྐྱེད་རྫོགས་རང་ལ་བཞུགསཿ འགྲན་གྱི་དོ་མེད་སངས་རྒྱས་འདི་ཡིན་པསཿ དུས་གསུམ་འཇིག་རྟེན་ཁམས་འདིར་མཚུངས་མེད་རྗེཿ རྒྱལ་བའི་བཀའ་ལས་རྩོད་མེད་སྤྲུལ་སྐུར་གྲགསཿ སྐྱོན་སྤངས་ཡོན་ཏན་ཡིད་བཞིན་ནོར་བུ་འདྲཿ འགྲོ་ཀུན་མ་ལུས་དགོས་པའི་དོན་ཀུན་འགྲུབཿ མཛད་ཚུལ་རྣམ་གྲངས་བསམ་གྱིས་མི་ཁྱབ་ཀྱང་ཿ འདི་རུ་སྤྲོས་ཏེ་མ་འོངས་སེམས་ལ་གླནཿ དེ་ལ་ནུབ་ཕྱོགས་པདྨོ་བཀོད་པའི་ཞིང་ཁམས་ཞེས་བྱ་བཿ གསེར་གྱི་ས་གཞི་མིག་མངས་རིས་སུ་ཆགས་པ་ལསཿ ས་གཞི་རི་རབ་མིང་ཡང་མི་གྲགས་བཙལ་ཀྱང་མི་རྙེད་པཿ བྱང་ཆུབ་ཤིང་གི་ལོ་འདབ་མེ་ཏོག་རྒྱས་པ་ལསཿ རྩི་ཤིང་ནགས་ཚལ་མིང་ཡང་མི་གྲགས་བཙལ་ཀྱང་མི་རྙེད་པཿ ཏིང་འཛིན་ཡན་ལག་བརྒྱད་ལྡན་ཆུ་བོ་འབབ་པ་ལསཿ སྣ་ཚོགས་ཆུ་ཡི་མིང་ཡང་མི་གྲགས་


PKT001_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

༼༣ན༽བཙལ་ཀྱང་མི་རྙེད་པཿ རིག་པའི་ཡེ་ཤེས་འོད་ལྔ་རང་མེ་འབར་བ་ལསཿ འཇིག་རྟེན་མེ་ཡི་མིང་ཡང་མི་གྲགས་བཙལ་ཀྱང་མི་རྙེད་པཿ རྣམ་པར་དག་པ་སྤོས་ཀྱི་དྲི་ངད་ལྡང་བ་ལསཿ འཇིག་རྟེན་རླུང་གི་མིང་ཡང་མི་གྲགས་བཙལ་ཀྱང་མི་རྙེད་པཿ ཁྱབ་གདལ་ཆོས་ཀྱི་དབྱིངས་ལ་ཕྱོགས་ལྷུང་མེད་པ་ལསཿ འབྱུང་བ་ནམ་མཁའི་མིང་ཡང་མི་གྲགས་བཙལ་ཀྱང་མི་རྙེད་པཿ དབྱིངས་རིག་ཡེ་ཤེས་གསལ་བའི་ཁྲི་གདུགས་བརྡལ་བ་ལསཿ ཉི་མ་ཟླ་བའི་མིང་ཡང་མི་གྲགས་བཙལ་ཀྱང་མི་རྙེད་པཿ རྒྱལ་བ་འཕགས་པའི་རང་འོད་ལྡ་རུ་འབར་བ་ལསཿ ཉིན་དང་མཚན་གྱི་མིང་ཡང་མི་གྲགས་བཙལ་ཀྱང་མི་རྙེད་པཿ མཆོག་ལྡན་ཆོས་ཀྱི་རྒྱལ་སྲིད་རང་ཤར་རང་གྲོལ་སྐྱོང་བ་ལསཿ རྒྱལ་པོ་བློན་པོའི་མིང་ཡང་མི་གྲགས་བཙལ་ཀྱང་མི་རྙེད་པཿ བདག་དང་གཞན་གཉིས་ཐ་མི་དད་པར་གཅིག་པ་ལསཿ འཐབ་ཅིང་རྩོད་པའི་མིང་ཡང་མི་གྲགས་བཙལ་


PKT001_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

༼༣བ༽ཀྱང་མི་རྙེད་པཿ འཚོ་བ་ཏིང་འཛིན་ཟས་ཀྱི་འཚོ་བས་ཚིམ་པ་ལསཿ ཟས་ཞེས་བྱ་བའི་མིང་ཡང་མི་གྲགས་བཙལ་ཀྱང་མི་རྙེད་པཿ སྐོམ་དུ་ཡིད་བཞིན་བདུད་རྩིའི་ཆུ་རྒྱུན་འཐུང་བ་ལསཿ སྐོམ་ཞེས་བྱ་བའི་མིང་ཡང་མི་གྲགས་བཙལ་ཀྱང་མི་རྙེད་པཿ གོས་སུ་ཚུལ་ཁྲིམས་གཙང་མའི་གོས་བཟང་གྱོན་པ་ལསཿ གོས་ཞེས་བྱ་བའི་མིང་ཡང་མི་གྲགས་བཙལ་ཀྱང་མི་རྙེད་པཿ སྐྱེ་བ་པདྨའི་སྟེང་དུ་རྫུས་ཏེ་སྐྱེ་བ་ལསཿ སྐྱེ་བ་གཞན་གྱི་མིང་ཡང་མི་གྲགས་བཙལ་ཀྱང་མི་རྙེད་པཿ ཟག་མེད་རྡོ་རྗེ་ལྟ་བུའི་ཚོ་ལ་མངའ་བརྙེས་པསཿ རྒས་ཤིང་རྒུད་པའི་མིང་ཡང་མི་གྲགས་བཙལ་ཀྱང་མི་རྙེད་པཿ སྐྱེ་ཤི་མེད་པའི་ས་ལ་ཡོངས་རྫོགས་འཇོག་པ་ལསཿ སྐྱེ་ཞིང་འཆི་བའི་མིང་ཡང་མི་གྲགས་བཙལ་ཀྱང་མི་རྙེད་པཿ དུས་གསུམ་སངས་རྒྱས་ཀུན་གྱི་ཞིང་མཆོག་དེ་ན་ནིཿ མ་ལུས་ཐམས་ཅད་བྱང་ཆུབ་ལ་སྤྱོད་སྐྱིད་པ་ལཿ མི་བདེ་སྡུག་བསྔལ་མིང་ཡང་མི་གྲགས་བཙལ་ཀྱང་མི་རྙེད་པཿ བདེ་ཅན་བྱང་ཆུབ་རྫོགས་སངས་རྒྱས་ཀྱི་ཞིང་དེ་ནཿ ངོ་བོ་རང་བཞིན་སྟོང་པ་ཉིད་ཀྱི་གཞལ་ཡས་ཁང་ཿ ངོས་གཏིང་ཟབ་ལོག་བརྒྱ་དང་དཔངས་ནི་ཚད་མེད་པཿ ཕྱི་ནང་མེད་པ་ཆོས་དབྱིངས་མངོན་ཤེས་སྐར་ཁུང་གསལཿ མི་མཁྱེན་པ་དང་མི་གཟིགས་པ་ནི་གཅིག་ཀྱང་མེདཿ སྟེང་ན་ཐེག་པ་ཆེན་པོའི་ཆོས་ཀྱི་གདུགས་ཕུབ་པཿ འོག་ན་ཆགས་མེད་པདྨ་འོད་ལྡན་ཁྲི་བ་རྩིགས་


PKT001_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

༼༤ན༽པཿ དགའ་བཞི་ཡེ་ཤེས་ཚད་མེད་བཞི་ཡི་གདན་བརྩིགས་པཿ ཕྱོགས་བཞི་མཚམས་བརྒྱད་བྱང་ཆུབ་ཡན་ལག་འཕན་འཕྱར་བཿ ཆོས་རྣམས་ཕྱོགས་མེད་མཉམ་པ་ཉིད་ཀྱི་ངང་ལ་བྱསཿ རེ་དོགས་སྤང་བླང་གཉིས་སྣང་མེད་པའི་པདྨོ་བཀྲམཿ ཡེ་དག་དྲི་མཆོག་ཚུལ་ཁྲིམས་སྤོས་ཀྱི་དྲི་ངད་འཐུལཿ སུས་ཀྱང་མ་བྱས་ཡེ་ནས་རང་བྱུང་ལྷུན་གྱིས་གྲུབཿ ཏིང་འཛིན་མི་གཡོ་ཆོས་དབྱིངས་རྒྱ་མཚོ་དངས་པ་ལཿ རྣམ་ཤེས་མ་ཆགས་ཡེ་གྲུབ་པདྨོ་ཀུན་རྫོགས་འཁྲུངསཿ འགྲོ་བ་མ་ལུས་ཐུགས་རྗེས་སྙོམས་པའི་རྒྱན་གྱིས་བརྒྱནཿ ཕོ་བྲང་དེ་ན་སངས་རྒྱས་འོད་དཔག་མེད་པ་བཞུགསཿ སྟོབས་བཅུ་མི་འཇིགས་རྣམ་བཞི་སྐུ་ཡི་རྒྱན་རབ་མཛེསཿ སྐུ་ལུས་བཀོད་པ་མཚན་བཟང་ཇི་ལྟ་བས་མི་ངོམས་ཤིང་ཿ ཐོ་ཕྱི་ཐམས་ཅད་འོད་ཟེར་སྣ་ཚོགས་འཇའ་འོད་འཁྲིགསཿ ཐུགས་རྗེའི་འོད་ཟེར་དཀར་དམར་སྣ་ཚོགས་ཕྱོགས་བཅུར་འཕྲོཿ རྫོགས་པའི་སངས་རྒྱས་དཔལ་ལྡན་སྐྱེས་བུ་མཐུ་ལྡན་པཿ སྐུ་གསུང་ཐུགས་ཡོན་འཕྲིན་ལས་བལྟ་བས་ཆོག་མི་ཤེསཿ རྒྱལ་བ་རྒྱ་མཚོ་འཁོར་མང་དག་ནི་སྤྲིན་ལྟར་གཏིབསཿ མིག་ནི་མི་གཡོ་བདེ་ཆེན་དད་ལ་མཉམ་པར་བཞགཿ བརྩེ་བའི་ཐུགས་རྗེ་འོད་ཟེར་དུ་མ་ཕྱོགས་བཅུར་འཕྲོཿ འོད་ཟེར་རེ་རེའི་རྩེ་ལས་སངས་རྒྱས་སྤྲུལ་པ་འགྱེདཿ བསམ་གྱིས་མི་ཁྱབ་གྲངས་


PKT001_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

༼༤བ༽མེད་བརྗོད་དུ་མེད་པ་འཕྲོཿ གང་ལ་གང་འདུལ་དཔག་ཏུ་མེད་པས་འགྲོ་དོན་མཛདཿ ཞིང་ཁམས་དེ་ན་འཕགས་པ་མིན་པ་གཞན་མི་གནསཿ སྤྲུལ་པ་ཡང་སྤྲུལ་ཉིད་སྤྲུལ་ཐོར་བུ་བསམ་མི་ཁྱབཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ནུབ་བདེ་བ་ཆེན་པོའི་ཞིང་ཁམས་བསྟན་པའི་ལེའུ་སྟེ་དང་པོའོཿ ཿཐ་ཐ་ཉ་རྒྱ་རྒྱ༔༔

སངས་རྒྱས་འོད་དཔག་མེད་ཀྱིས་སྤྲུལ་པ་བཀྱེ་བའི་ལེའུ།


PKT001_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དེའི་སངས་རྒྱས་འོད་དཔག་མེད་པ་ཡིསཿ འཇིག་རྟེན་རྒྱལ་པོ་ལ་སོགས་དྲེགས་པ་ཅནཿ ཁེངས་སེམས་ཆེ་བས་བཅིངས་རྣམས་འདུལ་བའི་ཕྱིརཿ པདྨོ་བདེ་བ་ཅན་གྱི་ཞིང་ཁམས་སུཿ དབུ་གཙུག་འོད་ཟེར་དམར་པོ་རྒྱལ་པོར་སྤྲུལཿ མཚན་ནི་འཁོར་ལོས་སྒྱུར་རྒྱལ་བཟང་པོ་མཆོགཿ གླིང་བཞིར་དབང་མཛད་ལོངས་སྤྱོད་མངའ་ཐང་རྒྱསཿ བཙུན་མོ་སྟོང་ཡོད་སྲས་ནི་གཅིག་ཀྱང་མེདཿ ཅི་མཛད་ཐམས་ཅད་ཆོས་ཀྱི་བྱ་བ་མཛདཿ ལྷོ་ནུབ་མཚམས་ན་འོ་མ་ཅན་གྱི་མཚོཿ རྒྱ་མཚོ་དེ་ལ་མེ་ཏོག་པདྨ་སྐྱེསཿ རྒྱལ་པོས་དཀོན་མཆོག་མཆོད་པ་བྱེད་པ་ལཿ མེ་ཏོག་ལེན་པའི་ཁོལ་པོ་བཏང་ནས་སུཿ མེ་ཏོག་བླངས་ནས་རྒྱལ་པོའི་ཕྱག་ཏུ་ཕུལཿ རྒྱལ་པོས་དཀོན་མཆོག་དྲུང་དུ་འབུལ་བ་ལཿ སངས་རྒྱས་འོད་དཔག་མེད་པའི་ལྗགས་དཀྱིལ་ནསཿ འོད་ཟེར་ཁ་དོག་ལྔ་ལྡན་རྒྱ་མཚོར་འཕྲོསཿ ནམ་ཞིག་དུས་ན་མེ་ཏོག་ལེན་པ་ཡིཿ ཕོ་ཉས་མེ་ཏོག་ལེན་དུ་ཕྱིན་པའི་ཚེཿ མཚོ་ཡི་


PKT001_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

༼༥ན༽ནང་ན་པད་སྡོང་ཆེན་པོ་སྐྱེསཿ པདྨའི་ཡལ་ག་རྒོད་ཀྱི་གཤོག་པ་ཙམཿ ལོ་མ་ཕུབ་ཙམ་དེ་ཡི་དཀྱིལ་དེ་ནཿ སྙིང་པོ་ཁ་མ་བྱེ་བའི་དཀོན་པ་ཙམཿ ཨུ་དུམ་ཝཱ་རེའི་མེ་ཏོག་དེ་ཉིད་ནིཿ དབྱར་དགོན་གཉིས་ཀ་ཁ་ནི་མ་བྱེ་བསཿ ཕོ་ཉ་བ་ཀུན་ཡ་མཚན་སྐྱེས་ནས་སུཿ ཇི་ལྟ་བ་བཞིན་རྒྱལ་པོའི་སྙན་དུ་གསོལཿ རྒྱལ་པོས་དེ་ལ་གཉེར་ཀ་གྱིས་ཤིག་གསུངསཿ རྣམ་པར་དག་པའི་མེ་ཏོག་དེ་ཉིད་ལཿ ཉིན་མཚན་རྒྱུན་དུ་ཐུན་བཟུང་བསྲུང་བར་གྱུརཿ སྤྲེལ་ལོ་དཔྱིད་ཟླ་ར་བའི་ཚེས་གཅིག་ཉིནཿ མེ་ཏོག་པདྨའི་ཁ་བྱེ་ཕྱོགས་བཞི་དབུསཿ ཁྱེའུ་ཁ་དོག་མི་འདྲ་ལྔ་བཞུགས་ནསཿ དབུ་སྐྲ་ཐོར་ཅོག་དར་སྣ་ལྔ་ཡིས་བཅིངསཿ དབུས་ན་མཐིང་ནག་ཤར་ན་དཀར་ནག་སྟེཿ ལྷོ་ན་སེར་ནག་ནུབ་ན་དམར་ནག་མདོགཿ བྱང་ན་ལྗང་ནག་ལྔ་གི་རྒྱན་དྲུག་གསོལཿ དེ་འདྲའི་རྣམ་ཐར་རྒྱལ་པོའི་སྙན་དུ་གསོལཿ རྒྱལ་པོ་དགྱེས་པའི་རྣམ་འགྱུར་མང་བསྟན་ནསཿ གངས་ཀྱི་སེང་གེ་དཀར་མོ་ལྔ་དང་བཅསཿ རྟ་མཆོག་ལྔ་བརྒྱས་དྲངས་པའི་ཤིང་རྟ་ལཿ འདོད་ཡོན་ལྔ་ཡི་མཆོད་པ་དཔག་མེད་བཀལཿ རྒྱལ་པོ་བཙུན་མོ་བློན་པོ་དཔུང་དང་བཅསཿ སངས་རྒྱས་འོད་དཔག་མེད་པ་འཁོར་བརྒྱད་ཁྲིཿ འོ་མ་ཅན་གྱི་མཚོ་ཁར་ཕྱིན་པར་གྱུརཿ ཁྱེའུ་མི་སྨྲ་མི་འགྱུར་མི་གཡོ་བརཿ


PKT001_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

༼༥བ༽པདྨའི་དཀྱིལ་ན་གཟི་མདངས་འོད་དུ་འབརཿ དེ་ལ་རྒྱལ་པོས་བསྟོད་པ་བྱས་པ་ནིཿ ཨེ་མ་ཧོཿ ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོ་ལསཿ པད་སྡོང་རྩེ་ལ་ཁྱེའུ་མཆེད་ལྔ་འཁྲུངསཿ མི་ཤིགས་སྐུ་ལ་ལོངས་སྤྱོད་རྫོགས་པས་བརྒྱནཿ སངས་རྒྱས་མ་ལུས་འདུས་པའི་ཐོར་ཅོག་བཅིངསཿ པདྨ་འབྱུང་གནས་ཞི་ཞིང་རབ་ཏུ་ཞིཿ སྐུ་ནི་འཇའ་ཚོན་མདོག་ཏུ་རབ་དུ་གདའཿ ཚངས་པའི་གསུང་དབྱངས་སངས་རྒྱས་གསུང་ལྟར་མཆིཿ རབ་ཏུ་དཀར་ཚེམས་འཛུམ་ཞིང་རྣམ་པར་མཛེསཿ ཞལ་ནི་ཉ་རྒྱས་ཟླ་བའི་དཀྱིལ་འཁོར་འདྲཿ སྤྱན་ནི་རིང་ཞིང་ཤངས་ནི་ལྷང་ངེ་བཿ འགྲོ་བ་ཡོངས་ཀྱི་དཔལ་གྱུར་ཐུགས་རྗེའི་བདགཿ རྒྱལ་སྲས་པདྨ་འབྱུང་གནས་འདི་འདྲ་བཿ བདག་གིས་ཡོན་ཏན་བརྗོད་པར་མ་ནུས་བསྟོདཿ ཅེས་བསྟོད་ཕྱེའུ་ལྔ་ཡི་ཞལ་ནས་ནིཿ སངས་རྒྱས་འོད་དཔག་མེད་ལ་དྲིས་ཤིག་གསུངསཿ དེ་ནས་རྒྱལ་པོས་ཁྱེའུ་ལྔར་དྲིས་པཿ འོད་དཔག་མེད་པའི་སྐུ་མཆོག་དྲི་མ་མེདཿ སངས་རྒྱས་གསུང་སྙན་རྒྱལ་པོ་ཚིམ་པར་མཛོདཿ ཕྱོགས་བཅུའི་འཇིག་རྟེན་དག་ན་གང་འཚོ་བཿ སངས་རྒྱས་སྐུ་གཟུགས་ཁྱེའུ་འདི་ལྔ་གསུངསཿ ཞེས་གསོལ་སངས་རྒྱས་འོད་དཔག་མེད་པ་ཡིསཿ


PKT001_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་ཧོཿ སྐྱབས་དང་བྲལ་བས་འཁོར་བར་འཁོར་བ་ལསཿ


PKT001_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

༼༦ན༽དོན་གྱི་ལམ་སྟོར་ལུས་དང་ངག་ཡིད་དུབཿ སེམས་ཅན་གང་དག་གནས་མེད་རྟེན་མེད་ཅིང་ཿ ཡེ་ཤེས་ལྔ་ཡི་རོལ་པ་ཁྱེའུ་ལྔཿ འཆི་འཕོ་འཇིག་རྟེན་གཞན་ལ་ཕན་ཕྱིར་བཤདཿ ཆོས་ཀྱི་རྣམ་གྲངས་ཤིན་ཏུ་ཟབ་མོ་སྔགསཿ གསང་སྔགས་བླ་མེད་རྡོ་རྗེ་ཐེག་པ་ཡིཿ བསྐྱེད་རྫོགས་གསུམ་སྨྲའི་སྟོན་པ་འདི་ལྔ་སྟེཿ མཚན་འདིར་བརྗོད་ཀྱིས་རྒྱལ་པོའི་སྙན་དུ་ཟུངསཿ དབུས་ན་ཁྱེའུ་རྡོ་རྗེ་ཐོད་འཕྲེང་རྩལཿ དེ་བཞིན་བུདྡྷ་རཏྣ་པདྨཱོཿ ཀརྨ་ཐོད་འཕྲེང་རྩལ་དང་རེ་རེ་ལསཿ སྐུ་གསུང་ཐུགས་ཡོན་འཕྲིན་ལས་ལྔ་ལྔར་སྤྲུལཿ དེ་དག་རྫུས་སྐྱེས་མངལ་སྐྱེས་ལ་སོགས་པཿ འཇིག་རྟེན་གཞལ་དུ་མེད་པའི་དོན་བྱེད་འགྱུརཿ འདི་ལྔ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིནཿ འཁོར་ལོས་སྒྱུར་བའི་རྒྱལ་པོ་བཟང་པོ་མཆོགཿ རྒྱལ་པོ་བསོད་ནམས་སྟོང་ཕྲག་བརྒྱ་དང་ལྡནཿ ཁྱེའུ་ཕོ་བྲང་ནང་དུ་སྤྱན་དྲོངས་གསུངསཿ དེ་སྐད་གསུངས་མ་ཐག་ཏུ་ཁྱེའུ་ལྔཿ སེང་གེའི་སྟེང་དུ་ཁྲི་སྙན་པགས་པ་བཏིང་ཿ ལ་ལ་སྐྱིལ་ཀྲུང་ལ་ལ་ཕྱེད་སྐྱིལ་བཞུགསཿ ལ་ལ་བརྐྱང་བསྐུམ་ལ་ལ་ཙོག་པུར་བཞུགསཿ ལྷ་ཡི་རོལ་མོ་དཔག་ཏུ་མེད་པས་བསུསཿ བཟང་པོ་མཆོག་གི་བླ་མཆོད་ལ་གཤེགས་སོཿ ཿཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་


PKT001_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

༼༦བ༽པ་རྒྱས་པར་བཀོད་པ་ལསཿ སངས་རྒྱས་འོད་དཔག་མེད་ཀྱིས་སྤྲུལ་པ་བཀྱེ་བའི་ལེའུ་སྟེ་གཉིས་པའོཿ ཿཐ་ཐ་ཉ་རྒྱ་རྒྱ ཿ

འཇིག་རྟེན་གྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་འགྲོ་དོན་མཛད་པའི་ལེའུ།


PKT001_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བདེ་བ་ཆེན་པོའི་ཞིང་ཁམས་དེཿ སངས་རྒྱས་ཉག་གཅིག་ཞིང་ཁམས་ཡིན་པའི་ཕྱིརཿ འཇིག་རྟེན་ཞིང་ཁམས་དཔག་མེད་བསམ་མི་ཁྱབཿ འཁོར་བའི་སེམས་ཅན་དཔག་མེད་བསམ་མི་ཁྱབཿ དེ་དག་ཉོན་མོངས་དགྲ་དཔུང་གཞོམ་པའི་ཕྱིརཿ མི་མཇེད་འཇིག་རྟེན་གྲགས་པ་འདི་ལྟ་སྟེཿ ལྷ་ཡི་གནས་སུ་གུ་རུ་གསེར་ཐུབ་འཛིནཿ ལྷ་མིན་གནས་སུ་གུ་རུ་རྣམ་པར་རྒྱལཿ མི་ཡི་གནས་སུ་གུ་རུ་ཤཱཀྱ་སེང་ཿ བྱོལ་སོང་གནས་སུ་གུ་རུ་སེང་རབ་བརྟནཿ ཡི་དྭགས་གནས་སུ་གུ་རུ་རྣམ་སྣང་བྱེདཿ དམྱལ་བའི་གནས་སུ་གུ་རུ་རྣམ་པར་གནོནཿ མི་མཇེད་འཇིག་རྟེན་དྲུག་པོ་དེ་དག་གིཿ འཇིག་རྟེན་རེ་རེའི་ཕྱོགས་བཞི་མཚམས་བརྒྱད་ནཿ གུ་རུ་མཚན་ནི་བརྒྱད་བརྒྱད་སུམ་ཅུ་དྲུགཿ དེ་ཡང་སྟོང་གསུམ་གྱི་ནི་སྟོང་ཆེན་པོའིཿ མི་མཇེད་འཇིག་རྟེན་ཁམས་ཀྱི་ཕྱི་རོལ་ཕརཿ ཤར་གྱི་ཕྱོགས་ཀྱི་འཇིག་རྟེན་ཁམས་ལ་ཡང་ཿ གླིང་བཞི་པ་ལ་ཞིང་ཁམས་བརྒྱ་ཡི་ཚདཿ སྟོང་ཕྲག་བཅུ་གཉིས་འདས་པའི་ཞིང་ཁམས་ཀྱིཿ མིང་ནི་འཇིག་རྟེན་དྲི་མ་མེད་པ་ཞེསཿ ཞིང་ཁམས་རྒྱན་ནི་རིན་ཆེན་སྣ་ཚོགས་བརྒྱནཿ དེ་ན་གནས་པའི་འགྲོ་བ་ཕོ་མོ་རྣམསཿ


PKT001_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

༼༧ན༽ཚེ་དང་ལོངས་སྤྱོད་དཔལ་འབྱོར་ཐམས་ཅད་ནིཿ སུམ་ཅུ་རྩ་གསུམ་ལྷ་དང་མཉམ་པ་ཡོདཿ བར་དོར་འཆི་བ་མེད་ཅིང་བརྫུས་ནས་སྐྱེཿ འདོད་ཡོན་ཐམས་ཅད་བསམ་པ་ཙམ་གྱིས་འགྲུབཿ དེ་ན་སྦྱིན་པ་གཏོང་དང་ལེན་པ་མེདཿ འཇིག་རྟེན་ཞིང་ཁམས་འདི་མིན་གཞན་དག་ནཿ སྟེར་སློང་ཡོད་ཟེར་དེ་ལ་སྨོན་པར་བྱེདཿ ཐུབ་པའི་དབང་པོ་དྲི་མེད་སྒྲ་ཞེས་དང་ཿ གུ་རུ་པདྨ་སྐྱེ་བཟང་ཞེས་བྱ་བསཿ མདོ་སྔགས་གཉིས་ཀྱི་སྒྲོན་མེ་ཡོངས་སུ་སྣང་ཿ དེ་ཉིད་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ནཿ གུ་རུ་མཚན་བརྒྱད་ཡོངས་སུ་གསལ་བར་བྱེདཿ བསྟན་གཉིས་རྒྱ་མཚོ་དེར་གནས་དེར་གྱུར་པའིཿ ལྷོ་ཕྱོགས་འཇིག་རྟེན་སྟོད་ཕྲག་བརྒྱ་འདས་ནཿ འཇིག་རྟེན་ཞིང་ཁམས་ཡོན་ཏན་འབྱུང་བ་ཞེསཿ ཤཱཀྱ་ཐུབ་པ་དཀོན་མཆོག་སྤྲིན་ཞེས་དང་ཿ གུ་རུ་ལྷུན་གྲུབ་འོད་ཀོར་ཞེས་བྱ་བསཿ བསྟན་གཉིས་རྒྱ་མཚོ་ཡོངས་སུ་སྣང་བར་བྱེདཿ དེ་ཉིད་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ནཿ གུ་རུ་མཚན་བརྒྱད་ཡོངས་སུ་གསལ་བར་བྱེདཿ བསྟན་གཉིས་རྒྱ་མཚོ་དེར་གནས་དེར་གྱུར་པའིཿ ནུབ་ཕྱོགས་འཇིག་རྟེན་སྟོང་ཕྲག་ཉི་ཤུ་འདསཿ ཞིང་ཁམས་རྒྱན་ནི་ཤིན་ཏུ་བཀྲམ་པ་ནཿ གང་ཟག་བརྫུས་ཏེ་སྐྱེ་བའི་འཇིག་རྟེན་དེཿ ཚེ་ལོ་བརྒྱད་ཁྲི་བཞི་སྟོང་གནས་པའོཿ ཿཤཱཀྱ་ཐུབ་པ་ཡོན་ཏན་འབྱུང་གནས་དང་ཿ པདྨ་གར་གྱི་དབང་ཕྱུག་


PKT001_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

༼༧བ༽ཅེས་བྱ་བསཿ བསྟན་གཉིས་རྒྱ་མཚོ་ཡོངས་སུ་སྣང་བར་བྱེདཿ དེ་ཉིད་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ནཿ གུ་རུ་མཚན་བརྒྱད་ཡོངས་སུ་གསལ་བར་བྱེདཿ བསྟན་གཉིས་རྒྱ་མཚོ་དེར་གནས་དེར་གྱུར་པའིཿ བྱང་ཕྱོགས་འཇིག་རྟེན་སྟོང་ཕྲག་སུམ་ཅུ་ནཿ ཞིང་ཁམས་བག་ཚ་མེད་པ་ཞེས་པ་ནཿ ཤཱཀྱ་ཐུབ་པ་སེང་གེ་སྒྲ་ཞེས་དང་ཿ པདྨ་ཡེ་གྲུབ་མཐའ་བྲལ་ཞེས་བྱ་བསཿ བསྟན་གཉིས་རྒྱ་མཚོ་ཡོངས་སུ་སྣང་བར་བྱེདཿ དེ་ཉིད་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ནཿ གུ་རུ་མཚན་བརྒྱད་ཡོངས་སུ་གསལ་བར་བྱེདཿ བསྟན་གཉིས་རྒྱ་མཚོ་དེར་གནས་དེར་གྱུར་པའིཿ ཤར་ལྷོ་འཇིག་རྟེན་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འདསཿ འཇིག་རྟེན་ཞིང་ཁམས་རྣམ་པར་མཛེས་པ་ཞེསཿ ཤཱཀྱ་ཐུབ་པ་མཛེས་པའི་ཏོག་ཅེས་དང་ཿ པདྨ་འཁྲུལ་ཞིག་སེང་གེ་ཞེས་བྱ་བསཿ བསྟན་གཉིས་རྒྱ་མཚོ་ཡོངས་སུ་སྣང་བར་བྱེདཿ དེ་ཉིད་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ནཿ གུ་རུ་མཚན་བརྒྱད་ཡོངས་སུ་གསལ་བར་བྱེདཿ བསྟན་གཉིས་རྒྱ་མཚོ་དེར་གནས་དེར་གྱུར་པའིཿ ལྷོ་ནུབ་འཇིག་རྟེན་སྟོང་ཕྲག་བདུན་ཅུ་འདསཿ འཇིག་རྟེན་ཞིང་ཁམས་རབ་ཏུ་སྣང་ཞེས་ནཿ ཤཱཀྱ་ཐུབ་པ་གཟི་བརྗིད་རྒྱན་ཞེས་དང་ཿ པདྨ་ལེ་འཛུམ་བཞེད་པ་རྩལ་ཞེས་པསཿ བསྟན་གཉིས་རྒྱ་མཚོ་ཡོངས་སུ་སྣང་བར་བྱེདཿ དེ་ཉིད་འཇིག་


PKT001_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

༼༨ན༽རྟེན་དྲུག་གི་ཕྱོགས་མཚམས་ནཿ གུ་རུ་མཚན་བརྒྱད་ཡོངས་སུ་གསལ་བར་བྱེདཿ བསྟན་གཉིས་རྒྱ་མཚོ་དེར་གནས་དེར་གྱུར་པའིཿ ནུབ་བྱང་འཇིག་རྟེན་སྟོང་ཕྲག་ལྔ་བཅུ་འདསཿ ཞིང་ཁམས་རབ་ཏུ་སྣང་བ་ཅན་ཞེས་བྱཿ ཙནྡན་དྲི་མཆོག་དཔལ་ཞེས་བྱ་བ་དང་ཿ པདྨ་རྗེ་བཙུན་འགྲོ་བ་འདུལ་ཞེས་པསཿ བསྟན་གཉིས་རྒྱ་མཚོ་ཡོངས་སུ་སྣང་བར་བྱེདཿ དེ་ཉིད་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ནཿ གུ་རུ་མཚན་བརྒྱད་ཡོངས་སུ་གསལ་བར་བྱེདཿ བསྟན་གཉིས་རྒྱ་མཚོ་དེར་གནས་དེར་གྱུར་པའིཿ བྱང་ཤར་མཚམས་ཀྱི་འཇིག་རྟེན་ཁམས་དག་ཏུཿ སྟོང་ཕྲག་བཞི་བཅུ་རྩ་བཞི་འདས་པ་ཡིཿ ཞིང་ཁམས་གདུང་བ་སེལ་བ་ཞེས་བྱ་ནཿ ཐུབ་པ་སྙིང་རྗེའི་རྒྱལ་པོ་ཞེས་བྱ་དང་ཿ པདྨ་འཇིག་རྟེན་དབང་ཕྱུག་ཅེས་བྱ་བསཿ བསྟན་གཉིས་རྒྱ་མཚོ་ཡོངས་སུ་སྣང་བར་བྱེདཿ དེ་ཉིད་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ནཿ གུ་རུ་མཚན་བརྒྱད་ཡོངས་སུ་གསལ་བར་བྱེདཿ བསྟན་གཉིས་རྒྱ་མཚོ་དེར་གནས་དེར་གྱུར་པའིཿ རྣམ་པར་སྤྲོས་པ་ཞེས་བྱའི་འཇིག་རྟེན་ནཿ སངས་རྒྱས་མངོན་སྤྲོ་རྒྱལ་པོ་ཞེས་བྱ་དང་ཿ པདྨ་རྒྱལ་མཚན་མེ་ཏོག་ཅེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ རིན་ཆེན་སྤྲོས་པ་ཞེས་བྱའི་འཇིག་རྟེན་ནཿ སངས་རྒྱས་རིན་ཆེན་རྒྱལ་པོ་ཞེས་བྱ་དང་ཿ


PKT001_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

༼༨བ༽པདྨ་ཀོ་ལི་ཀོ་མི་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ འོད་ཟེར་འབྱུང་བ་ཞེས་བྱའི་འཇིག་རྟེན་ནཿ སངས་རྒྱས་འོད་ཀོར་ཡངས་པ་ཞེས་བྱ་དང་ཿ པདྨ་རབ་ཏུ་ཀུན་སྤྱོད་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ དཀའ་བ་རྣམ་པར་སྤྱོད་པའི་ཞིང་ཁམས་ནཿ སངས་རྒྱས་དཀའ་ཐུབ་རྒྱལ་པོ་ཞེས་བྱ་དང་ཿ པདྨ་གཡུལ་ལས་རྒྱལ་བ་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ གཙུག་ཏོར་བཀོད་པ་ཞེས་བྱའི་འཇིག་རྟེན་ནཿ སངས་རྒྱས་གཙུག་ཏོར་སྙིང་པོ་ཞེས་བྱ་དང་ཿ པདྨ་ས་མཁན་སྐྱབས་མགོན་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ འོད་ཟེར་འབྱུང་བ་ཞེས་བྱ་བའི་འཇིག་རྟེན་ནཿ སངས་རྒྱས་ངེས་པར་སོང་བ་ཞེས་བྱ་དང་ཿ པདྨ་ཀོ་ཤ་ཎི་ཨི་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ ངེས་པར་འཕགས་པ་ཞེས་བྱའི་འཇིག་རྟེན་ནཿ སངས་རྒྱས་ངེས་པར་གསུང་བ་ཞེས་བྱ་དང་ཿ པདྨ་ལམ་སྟོར་བཤེས་གཉེན་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ བདེ་བར་སྤྱོད་པ་ཞེས་བྱའི་འཇིག་རྟེན་ནཿ སངས་རྒྱས་བདེ་བ་ཆེན་པོ་ཞེས་བྱ་དང་ཿ པདྨ་འཁོར་བའི་གཅོད་འབྱིན་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ མེ་ཏོག་བཀྲམ་པ་ཞེས་བྱའི་འཇིག་རྟེན་ནཿ སངས་རྒྱས་མེ་ཏོག་དབང་པོའི་དབྱངས་ཞེས་


PKT001_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

༼༩ན༽དང་ཿ པདྨ་འདོད་རྒུ་རང་འབྱུང་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ ཡོངས་སུ་གྲགས་པ་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་གྲགས་པའི་དཔལ་ཞེས་བྱ་བ་དང་ཿ པདྨ་འདྲེན་པའི་དཔའ་བོ་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟེན་ཏོཿ རྣམ་པར་འཕྲུལ་པ་ཞེས་བྱའི་འཇིག་རྟེན་ནཿ སངས་རྒྱས་སྤྲུལ་པའི་རྒྱལ་པོ་ཞེས་བྱ་དང་ཿ པདྨ་བཀའ་བཏགས་རྒྱལ་པོ་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ རྣམ་པར་སྦྱང་བ་ཞེས་བྱའི་འཇིག་རྟེན་ནཿ སངས་རྒྱས་སྒྲ་དབྱངས་མི་ཟད་པ་ཞེས་དང་ཿ པདྨ་ཀློང་ཡངས་དམ་པ་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ སྨན་གྱིས་བརྒྱན་པ་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་སྨན་གྱི་རྒྱལ་པོ་ཞེས་བྱ་དང་ཿ པདྨ་སྤྱོད་ཡུལ་དག་པ་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ དེ་བཞིན་རྣམ་པར་དག་པའི་འཇིག་རྟེན་དུཿ སངས་རྒྱས་མྱུར་དུ་འཛིན་ཞེས་བྱ་བ་དང་ཿ པདྨ་འཁོར་བ་དོང་སྤྲུག་ཅེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ རིན་ཆེན་བཀོད་པའི་འཇིག་རྟེན་བྱ་བ་ནཿ སངས་རྒྱས་དགའ་བའི་སྤྱན་ཞེས་བྱ་བ་དང་ཿ པདྨ་རང་བྱུང་ཡེ་ཤེས་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ རྣམ་པར་བཀྲམ་པ་ཞེས་བྱའི་འཇིག་


PKT001_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

༼༩བ༽རྟེན་ནཿ ཡོངས་སུ་དགོངས་པའི་རྒྱལ་པོ་ཞེས་བྱ་དང་ཿ པདྨ་དྷེ་བ་ཤུགས་ཅན་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ བཻ་ཌཱུཪྱ་ཡི་སྙིང་པོ་ཞེས་བྱ་ནཿ སངས་རྒྱས་གསེར་གྱི་སྙིང་པོ་ཞེས་བྱ་དང་ཿ པདྨ་ཡང་སྙིང་རང་གྲོལ་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ འོད་ཟེར་དམ་པ་ཞེས་བྱའི་འཇིག་རྟེན་ནཿ སངས་རྒྱས་འོད་ཟེར་དཔལ་ཞེས་བྱ་བ་དང་ཿ པདྨ་ཆོས་དབྱིངས་དཔལ་འབར་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ རྣམ་པར་ཞི་བ་ཞེས་བྱའི་འཇིག་རྟེན་ནཿ སངས་རྒྱས་ཞི་བའི་དབང་པོ་ཞེས་བྱ་དང་ཿ པདྨ་ཀུན་སྐྱོང་ཆེན་པོ་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ སྤྲིན་ཆེན་རྣམ་པར་བཀོད་པའི་འཇིག་རྟེན་ནཿ སངས་རྒྱས་སྤྲིན་གྱི་དཔལ་ཞེས་པ་དང་ཿ པདྨ་གསེར་གྱི་རི་དབང་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ ཡིད་ལ་མངོན་པར་དགའ་བའི་འཇིག་རྟེན་ནཿ སངས་རྒྱས་ཡིད་འོང་དབྱངས་ཞེས་བྱ་བ་དང་ཿ པདྨ་རྒྱལ་བའི་མེ་ལོང་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ འཇིག་རྟེན་མེ་ལོང་དཀྱིལ་འཁོར་དབྱངས་ཞེས་པརཿ སངས་རྒྱས་མེ་ལོང་སྣང་ཞེས་བྱ་བ་དང་ཿ པདྨ་མཐོན་མཐིང་ལྷབ་ལྷུབ་ཅེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ ཟླ་


PKT001_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠ན༽བས་བརྒྱན་པ་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་ཟླ་འོད་དཔལ་ཞེས་བྱ་བ་དང་ཿ པདྨ་ཡིད་སྣང་ཅོད་པན་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ ཉི་མའི་འོད་ཟེར་བརྒྱན་པའི་ཞིང་ཁམས་ནཿ སངས་རྒྱས་ཉི་མའི་སྙིང་པོ་དཔལ་ཞེས་དང་ཿ པདྨ་ཨིནྡྲ་ནཱི་ལ་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ སྤོས་དྲི་ངད་ལྡན་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་སྤོས་ཀྱི་རྒྱལ་པོ་ཞེས་བྱ་དང་ཿ པདྨ་རྣམ་དག་ཡེ་ཤེས་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ གསེར་འོད་སྣང་བ་ཞེས་བྱའི་འཇིག་རྟེན་ནཿ སངས་རྒྱས་གསེར་གྱི་འོད་འཕྲོ་བྱ་བ་དང་ཿ པདྨ་སྣ་ཚོགས་རིན་ཆེན་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ འོད་ཟེར་བཀོད་པ་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་བཀོད་པའི་རྒྱལ་པོ་ཞེས་བྱ་དང་ཿ པདྨ་ཀུ་ལ་ག་ཡ་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ གསེར་གྱིས་འབྱུང་གནས་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་གསེར་གྱི་གཟུ་བ་ཞེས་བྱ་དང་ཿ པདྨ་འབྲུག་ཆེན་ལྷུན་རྫོགས་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ དཔལ་གྱི་འོད་ཟེར་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་དཔལ་གྱི་རྒྱལ་པོ་ཞེས་བྱ་དང་ཿ པདྨ་སྐྱེ་ཤི་གཉིས་སྤངས་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ


PKT001_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠བ༽སྣང་བ་དམ་པ་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་སྣང་བ་བརྩེགས་པའི་དཔལ་ཞེས་དང་ཿ པདྨ་འཇིགས་པ་བདེ་འབྱིན་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ མྱ་ངན་མེད་པ་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་མྱ་ངན་མེད་པའི་དཔལ་ཞེས་དང་ཿ པདྨ་ཆོས་ལེགས་མཐོང་དགའ་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ དགའ་བའི་མདངས་ཞེས་བྱ་བའི་ཞིང་ཁམས་ནཿ སངས་རྒྱས་དགའ་བའི་མཆོག་དཔལ་ཞེས་བྱ་དང་ཿ པདྨ་སྤྱི་བཅིངས་ནམ་མཁའ་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ གཟི་བརྗིད་འབྱུང་བ་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་གཟི་བརྗིད་དཔལ་ཞེས་བྱ་བ་དང་ཿ པདྨ་སཾ་ཨུ་པཀྵུ་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ སངས་རྒྱས་འདུལ་བ་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་དགེ་རྩ་དྲན་བསྐྱེད་ཅེས་བྱ་དང་ཿ པདྨ་རིན་ཆེན་ཕྲ་སྤྲོས་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ ཡོངས་སུ་སྦྱོང་བ་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་ངན་སོང་སྦྱོང་བ་ཞེས་བྱ་དང་ཿ པདྨ་བྱེར་བཀྲམ་རྒྱ་ཡན་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ ཐ་དད་སྤྱོད་པ་ཞེས་བྱའི་ཞིང་ཁམས་ནཿ འཇིག་རྟེན་ཀུན་གྱི་སློབ་དཔོན་ཞེས་བྱ་དང་ཿ པདྨ་མི་ནུབ་རྒྱལ་མཚན་ཞེས་བྱ་བསཿ


PKT001_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༡ན༽མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ རྒྱལ་མཚན་དཔུང་རྒྱན་ཞེས་བྱའི་འཇིག་རྟེན་ནཿ སངས་རྒྱས་རྣམ་པར་རྒྱལ་བ་ཞེས་བྱ་དང་ཿ པདྨ་མུན་པ་སྣང་བྱེད་ཅེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ མེ་ཏོག་མཛེས་བརྒྱན་ཞེས་བྱའི་འཇིག་རྟེན་ནཿ མེ་ཏོག་བཀོད་པའི་རྒྱལ་པོ་ཞེས་བྱ་དང་ཿ པདྨ་མཻ་ཏྲི་ཀ་ཙེ་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ མཛེས་པར་སྣང་བ་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་ཐམས་ཅད་སྣང་བ་ཞེས་བྱ་དང་ཿ པདྨ་འཁོར་བ་རུ་ན་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ ཙནྡན་བཀོད་པ་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་ཙནྡན་ན་དྲི་ཞེས་བྱ་བ་དང་ཿ པདྨ་རོལ་པ་རྣམ་དག་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ སེང་གེ་འབྱུང་གནས་ཞེས་བྱའི་ཞིང་ཁམས་ནཿ སངས་རྒྱས་སེང་གེ་འབུམ་གཟུགས་ཞེས་བྱ་དང་ཿ པདྨ་ཐ་མུ་ཏི་ཏོ་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ སྟོང་གསུམ་མི་མཇེད་འཇིག་རྟེན་ཁམས་འདི་ནཿ སངས་རྒྱས་ཐུབ་པ་ཆེན་པོ་ཞེས་བྱ་དང་ཿ སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བསཿ མདོ་སྔགས་ཇི་ལྟ་བ་བཞིན་ཆོས་སྟོན་ཏོཿ སངས་རྒྱས་སྔ་མ་རྣམས་ཀྱིས་བཤད་པ་ཡིཿ པད་འབྱུང་སྐྱེས་རབས་རྣམ་ཐར་རྒྱས་པ་


PKT001_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༡བ༽འདིཿ བདེ་བར་གཤེགས་པས་སྦྱིན་པའི་གནས་སུ་གསུངསཿ ཕྱི་ནང་ཁྱད་པར་བསྟན་གཉིས་དེ་བཞིན་ནོཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་བསཿ འཇིག་རྟེན་གྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་འགྲོ་དོན་མཛད་པའི་ལེའུ་སྟེ་གསུམ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱ

རིགས་ལྔའི་སྐྱེ་རྒྱུད་དང་རྣམ་པར་སྣང་བྱེད་ཀྱི་བུ་ལྔ་ལ་དབང་བསྐུར་བའི་ལེའུ།


PKT001_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གསང་སྔགས་བསྟན་པ་བསྐྱངས་ཚུལ་ནིཿ དེ་ལྟར་ཀུན་ཏུ་སྦྱོར་བ་རབ་བཏང་བསཿ སྲིད་པའི་མཚོ་ལས་འགྲོ་བ་མ་ལུས་སྒྲོལཿ ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པཿ བླ་མ་རྡོ་རྗེ་འཆང་དུ་སྐུ་བཞེངས་ནསཿ སྔོན་ཚེ་བསྐལ་པ་གྲངས་མེད་འདས་པ་ནཿ གྲངས་མེད་པ་ནས་གྲངས་མེད་བརྗོད་ལས་འདསཿ མང་པོ་བསམ་གྱིས་མི་ཁྱབ་འདས་པ་ནཿ བསྐལ་པ་མངོན་པར་དགའ་བ་ཞེས་བྱ་ལཿ སངས་རྒྱས་སུམ་ཁྲི་སུམ་སྟོང་བྱུང་བའི་དུསཿ སངས་རྒྱས་ཀུན་ཏུ་བཟང་པོའི་བསྟན་པ་ལཿ ཞིང་ཁམས་རྒྱན་ནི་བཀྲམ་པ་ཞེས་བྱ་བརཿ ཡབ་ནི་རྒྱལ་རིགས་སྤྱོད་པ་རུ་ཎ་དང་ཿ ཡུམ་ནི་རིགས་སྤྱོད་མ་ཞེས་སྙིང་རྗེར་ལྡནཿ ཁྱེའུ་མིང་ནི་བདེ་སྐྱོབ་ཅེས་བྱ་བསཿ ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ལཿ སེམས་བསྐྱེད་ཞུས་པའི་མཚན་ནི་མཛེས་པའི་ཏོགཿ སྐྱེ་བ་བརྒྱུད་ནས་འཁོར་ལོ་སྒྱུར་བའི་རྒྱལཿ རྣམ་པར་སྣང་བྱེད་བུ་ལྔར་སྐྱེས་པ་ནིཿ དམངས་


PKT001_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢ན༽ཀྱི་མཆོད་འོས་གདུང་བརྒྱུད་འཛིན་ཞེས་བྱཿ རྡོ་རྗེ་འཆང་ལ་དབང་བསྐུར་ཞུས་པའི་མཚནཿ དམ་པ་མཐོང་བའི་སེམས་དཔའ་རྡོ་རྗེར་གསོལཿ སངས་རྒྱས་མཚན་ནི་མི་འཁྲུགས་ཞེས་བྱའོཿ ཿཡབ་ནི་དམངས་རིགས་དུ་མ་རྒྱས་པ་དང་ཿ ཡུམ་ནི་དམངས་རིགས་དུ་མ་རྒྱས་མའི་བུཿ ཁྱེའུའི་མིང་ནི་ཏྲ་མི་ཏ་ཞེས་བྱཿ སེམས་བསྐྱེད་ཞུས་པའི་མཚན་ནི་མི་ཁྱབ་དཔལཿ སྐྱེ་བ་བརྒྱུད་མཚན་རི་ཧ་ཟུར་ཞེས་པཿ དབང་བསྐུར་མཚན་ནི་རྡོ་རྗེ་ཆོས་ཞེས་གྲགསཿ སངས་རྒྱས་མཚན་ནི་སྣང་བ་མཐའ་ཡས་སོཿ ཡབ་ནི་བྲམ་ཟེའི་རིགས་ཏེ་ཨ་ར་ཛེཿ ཡུམ་ནི་གུ་བྷི་མ་ཞེས་བྱ་བའི་བུཿ ཁྱེའུའི་མིང་ནི་ལས་འབྱིན་ཞེས་བྱ་བཿ སེམས་བསྐྱེད་ཞུས་པའི་མཚན་ནི་ཟླ་མཛེས་དཔལཿ སྐྱེ་བ་བརྒྱུད་པའི་མཚན་ནི་ལུས་འབྲེལ་ཞེསཿ དབང་བསྐུར་གསང་བའི་མཚན་ནི་རྡོ་རྗེ་དབྱིངསཿ སངས་རྒྱས་མཚན་ནི་རྣམ་པར་སྣང་མཛད་དོཿ ཡབ་ནི་གདོལ་པའི་རིགས་ཏེ་གུ་པ་ཏཿ ཡུམ་ནི་གདོལ་མོས་མ་ཏཱི་ཞེས་པཿ ཁྱེའུའི་མིང་ནི་ཏམྦུ་ར་ཞེས་བྱཿ སེམས་བསྐྱེད་ཞུས་པའི་མཚན་ནི་ཀུན་ལས་འགྲིགསཿ སྐྱེ་བ་བརྒྱུད་པའི་མཚན་ནི་བྱེད་སྟོང་འཛོམསཿ དབང་བསྐུར་མཚན་ནི་ལས་ཀྱི་རྡོ་རྗེ་སྟེཿ སངས་རྒྱས་མཚན་ནི་དོན་ཡོད་གྲུབ་པའོཿ ཡབ་ནི་རྗེའུ་རིགས་


PKT001_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢བ༽ཡིན་ཏེ་ཀུན་ནས་དདཿ ཡུམ་ནི་རྗེའུ་རིགས་མཚན་ལྡན་ཨ་ལམ་མཿ ཁྱེའུའི་མིང་ནི་དཔལ་འབྱིན་ཞེས་བྱ་བཿ སེམས་བསྐྱེད་ཞུས་པའི་མཚན་ནི་ནོར་འབྱིན་ཏེཿ སྐྱེ་བ་བརྒྱུད་པའི་མཚན་ནི་ནོར་ལེགས་ཞེསཿ དབང་བསྐུར་མཚན་ནི་རྡོ་རྗེ་རིན་ཆེན་ཏེཿ སངས་རྒྱས་མཚན་ནི་རིན་ཆེན་འབྱུང་གནས་སོཿ ཐབས་གནད་ཆོས་ཟབ་མང་དུ་བསྟན་པ་ཡིསཿ གསང་སྔགས་བླ་མེད་སུ་དག་སྒོམ་བྱེད་པཿ དེས་ན་བླ་མའི་རྣམ་ཐར་མཆོག་ཏུ་གསུངསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བླ་མ་རྡོ་རྗེ་འཆང་དུ་སྐུ་བཞེངས་ནས་རིགས་ལྔའི་སྐྱེ་བརྒྱུད་དང་རྣམ་པར་སྣང་བྱེད་ཀྱི་བུ་ལྔ་ལ་དབང་བསྐུར་བའི་ལེའུ་སྟེ་བཞི་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

གདུལ་ཞིང་རཱུ་ཏྲའི་སྐྱེ་རྒྱུད་བསྟན་པའི་ལེའུ།


PKT001_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཀུན་ཏུ་བཟང་པོའི་བསྟན་པའི་མཇུགཿ ཡུལ་གྱི་མིང་ནི་འདུ་ལྗོངས་མཚམས་ཞེས་བྱཿ ཁྱིམ་བདག་ཀོའུ་ཀཱ་ལ་ཞེས་པ་ལཿ བུ་ནི་ཀོའུ་ཀུན་དཀྲིས་ཞེས་བྱ་དང་ཿ གཡོག་པོ་པྲ་མ་དེ་བ་བྱ་བ་གཉིསཿ བསྟན་པ་གཉིས་ཀྱི་གདུལ་བྱའི་ཞིང་དུ་གཟིགསཿ སྤྲུལ་སྐུའི་བསྟན་པ་མི་ནུབ་བྱ་བའི་ཕྱིརཿ དགེ་སློང་ཐུབ་དཀའ་གཞོན་ནུར་སྐྱེ་བ་བཞེསཿ ལོངས་སྐུའི་བསྟན་པ་གསང་སྔགས་མི་ནུབ་ཕྱིརཿ རིགས་འཆང་ཁྱིམ་བདག་ཆེན་པོར་སྐྱེ་བ་བཞེསཿ སྐུ་གཅིག་


PKT001_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༣ན༽མཚན་གཉིས་གྲགས་པའི་དགེ་སློང་ལཿ མི་རྣམས་ཐམས་ཅད་རབ་ཏུ་ཤིན་ཏུ་འདུནཿ རྣལ་འབྱོར་ལྔ་ཡི་ལམ་ཆེན་བླངས་ནས་སྤྱོདཿ ཕུང་པོའི་གནས་ལ་སྟོང་པར་གྱུར་པར་ལྷཿ དེ་དུས་ཀེའུ་ཀུན་དཀྲིས་དད་པ་སྐྱེསཿ གང་དག་མི་ལ་དྲིས་ནས་ཐེ་ཚོམ་བཅདཿ སྟོན་པ་ཐུབ་དཀའ་གཞོན་ནུ་ཇི་ལྟ་བཿ བྱང་ཆུབ་མི་སྒྲུབ་ཉོན་མོངས་མི་སྤོང་བཿ ཅི་དགར་སྤྱོད་དུ་ཡོད་པའི་ཆོས་གསུང་དམཿ དེ་དག་དགེ་སློང་དེ་བཞིན་གསུང་ངོ་བརྗོདཿ མ་རིག་བསལ་ནས་མྱང་འདས་ཐོབ་པ་ལཿ དེ་བས་ཐུབ་དཀའ་གཞོན་ནུ་མཆོག་ཏུ་གསུངསཿ ཀོའུ་ཀུན་དཀྲིས་པྲ་མ་དེ་བ་ཡིསཿ ཐུབ་དཀའ་གཞོན་ནུ་གནས་པའི་དྲུང་དུ་ཕྱིནཿ ཐེ་ཚོམ་དང་ནི་ཉོན་མོངས་གསུམ་པོ་དགཿ རང་ཉིད་ཅི་དགར་སྤྱོད་པས་རྣལ་འབྱོར་དུཿ འཕགས་པའི་བདེན་མཐོང་སྔགས་ཀྱི་དགོངས་ལོན་པརཿ ཐབས་ལ་མཁས་པས་ཉེ་བར་གཟུང་དུ་གསོལཿ ཅེས་འདུན་ཞབས་མཐིལ་མགོ་བོ་བཏུད་བྱས་པསཿ སྟོན་པས་ཡིན་ནོ་ངེས་སོ་ལེགས་སོ་བྱིནཿ འཁོར་བའི་འཁོར་ལོ་ཇི་ལྟར་གནས་པ་དགཿ དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངསཿ ཞེས་གསུངས་དཔོན་གཡོག་གཉིས་ཀ་རབ་ཏུ་བྱུང་ཿ ཐར་པ་ནག་པོ་དན་ཕག་ཆོས་མིང་བཏགསཿ དན་ཕག་ཐར་པའི་དུས་འཛིན་པ་རུ་བསྐོསཿ དེ་ནས་དགེ་སློང་ཐར་པ་ནག་


PKT001_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༣བ༽པོ་ཡིསཿ ཐུབ་དཀའ་གཞོན་ནུའི་སྙན་དུ་འདི་སྐད་གསོལཿ ཨེ་མ་སྔགས་སྐྱོང་རིག་སྔགས་འཆང་ཆེན་པོཿ ཤིན་ཏུ་སྡུག་བསྔལ་ཀུན་ལས་གྲོལ་བྱད་པཿ ཇི་ལྟ་བ་ཡི་ལམ་དེ་གང་ལགས་གསུངསཿ སྟོན་པས་ཞལ་གྱི་མཛུམ་མདངས་བསྟན་ནས་སུཿ ཇི་བཞིན་ཉིད་དེ་མ་བཅོས་པརཿ དངོས་པོ་བཞི་ལ་གནས་སྤྱད་ཀྱང་ཿ ནམ་མཁའ་ལ་ནི་སྤྲིན་བཞིན་ཏེཿ འདི་ནི་རྣལ་འབྱོར་དམ་པའི་ལམཿ འདི་མ་རྟོགས་པར་ཁམས་གསུམ་ནཿ ལྟ་བའི་རིམ་པ་གཞན་མེད་དོཿ ཞེས་གསུངས་ཚུལ་བཞིན་སེམས་ཀྱི་རྣམ་དཔྱད་བསྟནཿ ཐར་པ་གཡོག་དང་བཅས་པ་ཡི་རངས་ཏེཿ གུས་དད་བཅས་པས་དེ་ལ་འདོད་ཡོན་མཆོདཿ མངོན་པར་བསྟོད་ནས་རང་གི་གནས་སུ་དེདཿ ཆོས་སྒྲ་ཇི་བཞིན་བ་ལ་ཐར་པས་སྤྱདཿ ངེས་པའི་དོན་མ་རྟོགས་པས་ཉོན་མོངས་འབརཿ དངོས་པོ་བཞི་ལ་ཞེན་འཐས་བྱས་པ་ཡིསཿ ལུས་ནི་དམ་པའི་ཆོས་ཞུགས་སེམས་ངན་འགྲོཿ གཡོག་པོ་དན་ཕག་ངེས་པའི་དོན་རྟོགས་ནསཿ བློ་གྲོས་རབ་འཕེལ་ཇི་བཞིན་ཁོ་ནར་སྤྱདཿ མ་ཞེན་སྟོན་པའི་བསྟན་པ་གཉན་པར་ཤེསཿ ལུས་ནི་མ་རབས་ཆས་ཞུགས་གུད་དེ་དེདཿ སེམས་ལ་ངེས་པའི་ལམ་ཕྱིན་ལྟ་མ་ལོགཿ དེ་ནས་རེ་ཞིག་དུས་ན་དཔོན་གཡོག་གཉིསཿ ལྟ་སྤྱོད་མ་མཐུན་གླགས་


PKT001_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༤ན༽ལྟ་གྱ་ཚིག་ཕོསཿ དགེ་སློང་ཐར་པ་ནག་པོས་ལན་བཏབ་པཿ བདག་ཅག་གཉིས་ནི་སློབ་དཔོན་གཅིག་ལ་གཏུགསཿ སྒྲ་གཅིག་དོན་དུ་འགྱུར་བར་འདོད་པ་དང་ཿ ཉམས་ལེན་སོ་སོར་མ་མཐུན་ཇི་ལྟ་བུཿ དན་ཕག་ཐར་པ་ནག་པོར་ལན་བཏབ་པཿ བདག་གིས་ངེས་པར་མཉམ་པར་བཞག་པ་ལསཿ ཀུན་ཏུ་དང་བར་མ་གྱུར་གཞན་མ་གོཿ དེ་ནས་ཐར་པ་ནག་པོས་ལན་བཏབ་པཿ ངས་ཀྱང་དེ་ལྟར་ངེས་པས་དེར་སྤྱད་པསཿ གསང་སྔགས་སྤྱོད་དེ་ཆོས་བཞིན་མཐུན་པར་མཆིསཿ ཐར་པ་ནག་པོ་མངོན་པའི་ང་རྒྱལ་སྐྱེསཿ དན་ཕག་ཁྱོད་ཀྱི་སྟ་སྤྱོད་ལོག་ཅེས་ཟེརཿ ཉོན་མོངས་དང་ནི་ཡེ་ཤེས་རྒྱུ་རྐྱེན་གཅིགཿ ཀུན་རྫོབ་རྩོལ་བྱས་དགེ་བས་སངས་མི་རྒྱཿ དོན་དམ་རྩོལ་མེད་ངང་ལ་འཇོག་པ་ཡིནཿ དེ་ནས་དན་ཕག་ཚིག་གི་ལན་བཏབ་པཿ རྣམ་ཤེས་ཞེན་འཛིན་དག་པ་ཡེ་ཤེས་ཏེཿ ཇི་བཞིན་ཉིད་དེ་མ་བཅོས་སྔགས་ཀྱི་ལམཿ ཉོན་མོངས་པ་ནི་སྤྲིན་བཞིན་དབྱིངས་སུ་དེངསཿ ཡས་འབེབས་སྤྱོད་པ་གསུམ་ལྡན་རྩོལ་བར་བྱཿ འདི་ནི་སྟོན་པ་ཐུབ་དགའི་བཞེད་པ་ཡིནཿ ཅེས་བརྗོད་ཐར་པ་ནག་པོ་ཀུན་འཁྲུགས་ནསཿ སློབ་དཔོན་ཐུབ་དཀའ་གཞོན་ནུ་མ་བཙོས་པཿ ཁ་གསག་མེད་ཅིང་རྒྱུད་དྲང་རང་བཞིན་གསོང་ཿ འཛམ་


PKT001_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༤བ༽གླིང་ཆོས་ཀྱི་རྒྱལ་པོ་ཐུབ་ཆེན་ལཿ གང་ཡིན་དྲིར་འགྲོ་ལུས་ཤུགས་མྱུར་དུ་ཕྱུང་ཿ དཔོན་གཡོག་གཉིས་ཀྱིས་ལྷ་ན་དུ་ཕྱིན་ནས་དྲིསཿ གཤགས་འབྱེད་སྟོན་པས་དན་ཕག་ལྟར་རོ་གསུངསཿ ཐར་པ་ནག་པོ་སེམས་ཚིག་རབ་ཏུ་ཁྲོསཿ སློབ་དཔོན་གཅིག་ལ་ལྟ་བ་མི་འདྲ་གཉིསཿ འདི་ལ་ཐམས་ཅད་ལོག་པར་དེ་དག་སྟོནཿ རྟག་ཏུ་ཕན་ཚུན་མཐུན་པ་མ་ཡིན་ཞིང་ཿ དན་ཕག་གཡོག་ཏུ་མི་བསྟན་སྒྲ་ཡང་འབྱིནཿ སྤྱོད་ཡུལ་ལམ་དན་ཀུན་ཏུ་བསྐོར་བར་བགྱིདཿ ཚིག་རྩུབ་སུན་ཕྱུང་རེངས་པར་སྤྱུགས་ཏེ་སྤངསཿ སློབ་མར་འདྲ་ཞིང་སློབ་དཔོན་སྤྱི་མི་ཡིནཿ གཉིས་ག་ལྟར་རེ་ཙམ་ཞིག་མི་ཟེར་བརཿ ངེས་པར་ང་ཉིད་སུན་ཕྱུང་ཕྱིན་ལོག་སྟོནཿ ཉེ་རིང་ཅན་དེ་ས་འདིར་མ་ཆགས་པརཿ སྤྱུགས་ཏེ་རྒྱལ་ཁམས་ང་ཡིས་དབང་བསྡུ་བསམཿ ཡུལ་ཕྱོགས་མཐའ་ལ་སྤྱུགས་ཏེ་རིང་སྤངས་སོཿ ཿཐུབ་ཆེན་རྔ་དང་འབྲུག་གི་སྒྲ་སྒྲོག་ལྟརཿ འདུ་ལྗོངས་མཚམས་ཀྱི་འཇིག་རྟེན་འདི་ན་ནིཿ ཐུབ་དཀའ་ལ་ནི་སྐྱབས་སུ་མཆི་མི་རྣམསཿ སེམས་ཅན་བློ་ཆུང་རྣམས་ནི་མི་ཤེས་པསཿ ཆོས་རྣམས་ཐམས་ཅད་བཤད་པར་མི་ནུས་ཏེཿ གྲོང་སྟོང་ལས་ཀྱི་འཁྲུལ་འཁོར་འདྲ་བར་གནསཿ ཞེས་གསུངས་ཞིང་ཁམས་གཞན་ལ་གཤེགས་པར་


PKT001_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༥ན༽གྱུརཿ དེ་ནས་དགེ་སློང་ཐར་པ་ནག་པོ་ཁོཿ འཇིག་རྟེན་སྐྱམ་ལིངས་འདུ་བྱེད་ལ་ཡེངས་ཏེཿ ལྷ་སྒོམ་སྔགས་བཟླས་མ་ཁོམ་བློ་དྲེད་ནསཿ བླ་མ་དང་ནི་མཆེད་གྲོགས་དམ་ཚིག་ཉམསཿ ཆོས་སྒོ་གྲངས་མང་རྒྱ་ཆེར་གྱུར་པ་ལཿ གཞལ་བྱ་གཉིས་ཀྱིས་གཞལ་བར་མ་བྱས་པརཿ ཐར་པས་ཚད་མ་རང་གི་ཞེན་ཕྱོགས་འབྲང་ཿ འཇིག་རྟེན་ཐམས་ཅད་ལོག་པའི་ལམ་ལ་སྒྱུརཿ ལོག་པའི་བརྟུལ་ཞུགས་ཕོ་མཐོང་ཐམས་ཅད་བསྒྲལཿ མོ་མཐོང་སྦྱོར་བ་བྱས་ནས་དབང་དུ་བསྡུསཿ དུར་ཁྲོད་མི་རོ་བླངས་ནས་ཟས་སུ་ཟོསཿ མི་ལྤགས་གོས་གྱོན་ཁེ་མ་རྣམས་སུ་རྒྱུཿ སྲོག་ཆགས་གསོད་པའི་བྱ་དང་ཁྱི་དང་ནིཿ གཅན་གཟན་རིགས་བྱེད་མང་པོ་ནོར་དུ་བསྲེལཿ སྨད་འཚོད་མ་བསྡུས་དབང་བསྐུར་ཆགས་པ་སྤྱོདཿ དངོས་པོ་བཞི་ཡི་རང་བཞིན་འདས་པར་གྱུརཿ སྡིག་གི་ཚོགས་དཔོན་མི་དགེ་བཅུ་དབུས་ནཿ དབང་པོ་རྣམས་ནི་དམག་དང་ཚོམ་རྐུན་འདྲཿ བསྟན་ནག་ལོ་སྐོར་བཅུ་གཉིས་བསྐྱངས་ནས་སུཿ དེ་ནས་ཚེ་འཕོས་ཕྱི་མའི་སྐྱེ་བ་ནིཿ ལྕེ་སྤྱང་ནག་པོའི་སྐྱེ་བ་ལྔ་བརྒྱ་དང་ཿ ཁྱི་ལི་ལུ་དྷེའི་སྐྱེ་བ་ལྔ་བརྒྱ་དང་ཿ ནེའུ་ལེ་ཤ་ཟན་སྐྱེ་བ་ལྔ་བརྒྱ་དང་ཿ སྦྲང་བུ་ཏྲེ་མའི་སྐྱེ་བ་ལྔ་བརྒྱ་དང་ཿ སྲིན་འབུ་སུ་ཀའི་སྐྱེ་བ་ལྔ་བརྒྱ་དང་ཿ


PKT001_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༥བ༽རོ་ཟ་རྐང་འཇིབ་ལ་སོགས་བསམ་མི་ཁྱབཿ དེ་ནས་ངན་སྐྱུགས་ཟ་བ་ལྔ་བརྒྱ་དང་ཿ དུད་འགྲོའི་རིས་གྱུར་དཔག་ཏུ་མེད་པ་དང་ཿ ཡི་དྭགས་རིས་གྱུར་དཔག་ཏུ་མེད་པ་དང་ཿ དེ་ནས་མནར་མེད་དམྱལ་བར་སྐྱེ་བ་བླངསཿ དེ་ནས་རྡོ་རྗེ་དམྱལ་བ་ཞེས་བྱ་བརཿ ཚེ་ཡི་ཚད་ནི་བརྒྱད་ཁྲིར་གནས་པར་གྱུརཿ དེ་ནས་ཤ་ཟ་རུས་འཆའི་རིས་གྱུར་བླངསཿ དེ་ནས་ཚེ་འཕོས་སྲུལ་པོ་གཉའ་ཕྲག་བུཿ སྲུལ་པོ་རྟོག་འདོད་ཅན་ཞེས་བྱ་བར་སྐྱེསཿ དེ་ནས་སྐྱེ་བ་སྟོང་ཕྲག་ཉི་ཤུའི་མཐརཿ སངས་རྒྱས་མར་མེ་མཛད་ཀྱི་བསྟན་པའི་རྗེསཿ ཤཱཀྱ་ཐུབ་པའི་བསྟན་པ་མ་བྱུང་བའིཿ བར་དེར་བསྟན་པའི་སྟོང་ལ་ལོ་མང་གྱུརཿ སྲིན་ཡུལ་ལང་ཀ་པཱུརྞ་ཞེས་བྱ་བརཿ སྨད་འཚོད་མ་ནི་ཀུན་ཏུ་རྒྱུ་ཞེས་ལཿ སྲོད་ལ་བདུད་དང་དགུང་ལ་བཙན་དང་འཁྲིགསཿ ཐོ་རངས་ལྷ་དང་འཁྲིགས་པའི་མངལ་དུ་ཆགསཿ ཕ་ནི་ལྷ་འདྲེ་མི་བསྲུན་གསུམ་ཡོད་པསཿ ཟླ་བ་བརྒྱད་ན་བུ་ཆུང་མགོ་གསུམ་པཿ ལག་པ་དྲུག་ཡོད་རྐང་པ་བཞི་ཡོད་པཿ ལུས་ལ་རང་འཁྲུངས་གཤོག་པ་གཉིས་ཡོད་པཿ མགོ་བོ་རེ་ལ་མིག་གསུམ་དགུ་ཡོད་པཿ ཆ་བྱེད་རྣམ་པ་སྣ་ཚོགས་མང་པོ་མངའཿ སྐྱེས་མ་ཐག་ཏུ་བཀྲ་མི་ཤིས་པའི་རྟགསཿ ནད་དོ་ཅོག་གིས་ལངྐའི་ཡུལ་རྣམས་གང་ཿ བསོད་


PKT001_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༦ན༽ནམས་ཕུང་པོ་རྣམ་པར་ཉམས་པར་གྱུརཿ ཕུན་སུམ་ཚོགས་པའི་རྟགས་རྣམས་ཐམས་ཅད་ནུབཿ མུ་གེ་འཁྲུག་ནད་ཡམས་ནད་དུག་གསུམ་འཕེལཿ རྨི་ལམ་ངན་རྨིས་འབྱུང་པོའི་ཚོགས་རྣམས་འདུཿ སྐྱེས་ནས་ཟླ་བ་དགུ་ན་བུ་ནད་ལོགཿ ཀུན་ཏུ་རྒྱུ་མ་དེ་ཉིད་ཤི་བར་གྱུརཿ ཡུལ་མི་རྣམས་ཀྱིས་རྒྱགས་ཕྲུག་ལྟས་ངན་འདིཿ མ་ཡི་ཕག་ཏུ་བཞག་པར་རིགས་སོ་ཟེརཿ ན་འཁྱི་ཞེས་བྱའི་དུར་ཤིང་རྩ་བ་ནཿ དུར་ཕག་ནག་པོ་གཏི་མུག་ཚང་བཅས་པཿ རྐེད་པར་དུག་སྦྲུལ་ཞེ་སྡང་འཁྲིས་བྱེདཿ རྩེ་ལ་འདོད་ཆགས་དུར་བྱའི་ཚང་བཅས་པཿ སྲིན་པོ་ཤི་ཚད་ཐམས་ཅད་དེར་སྐྱེལ་བཿ སྟག་དང་གློང་པོ་ཆེ་ཡི་ཚང་བྱེད་པཿ གདུག་པ་སྦྲུལ་རྣམས་ཐམས་ཅད་དེ་རུ་འཚོགཿ མཁའ་འགྲོ་མ་ཡིས་མི་རོ་དེ་རུ་འཁྱེརཿ དེ་ཡི་རྩ་བར་སྲིན་པོས་རོ་ཁང་བརྩིགསཿ མ་རོ་བུ་བཅས་ཁྱོགས་ལ་བླངས་ནས་བཅུགཿ བུ་དེས་མ་ལ་འཇུས་ཤིང་ནུ་མ་འཇིབསཿ ཆུ་སེར་གྱིས་ནི་བུ་སྲོག་ཞག་བདུན་འཚོཿ དེ་ནས་ཁྲག་ཏུ་གཞིབས་པས་ཞག་བདུན་འཚོཿ དེ་ནས་ནུ་མ་ཟོས་པས་ཞག་བདུན་འཚོཿ དེ་ནས་ནང་ཁྲོལ་ཟོས་པས་ཞག་བདུན་འཚོཿ དེ་ནས་ཕྱི་ཤ་ཟོས་པས་ཞག་བདུན་འཚོཿ དེ་ནས་རྐང་མར་རྒྱུངས་པ་ལྷ་བ་དང་ཿ ཀླད་པ་ཟོས་པས་ཞག་བདུན་བར་


PKT001_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༦བ༽དུ་འཚོཿ ཞག་པོ་བཞི་བཅུ་རྩ་གཉིས་ལུས་པོ་དརཿ བཟའ་རྒྱུ་མེད་པར་འགུལ་བས་རོ་ཁང་འགྱེལཿ བལྟས་པས་མཁའ་འགྲོས་མི་རོ་ཟ་བ་མཐོང་ཿ ཤ་ཟོས་ཁྲག་འཐུངས་པགས་པ་གོས་སུ་གྱོནཿ ཐོད་པར་ཁྲག་བླུག་བནྡྷ་ཁྲག་སྐྱོགས་བྱསཿ སྦྲུལ་མཐོང་རྐང་གདུབ་ལག་གདུབ་དོ་ཤལ་བྱསཿ གླང་པོ་ཤི་མཐོང་ཤ་ཟོས་པགས་པ་བརྒྱངསཿ སྟག་མཐོང་ཤ་ཟོས་པགས་པས་ཤམ་ཐབས་བྱསཿ དེ་ནས་ཁ་ལ་ཞག་གི་ཟོ་རིས་ཆགསཿ ལུས་ལ་ཐལ་ཆེན་ཚོམ་བུ་བཀོད་པར་གྱུརཿ ཟས་སུ་རོ་ཟ་གོས་སུ་པགས་རློན་གྱོནཿ སྐོམ་དུ་ཁྲག་འཐུང་ལས་སུ་མི་དགེ་སྤྱོདཿ འཚོ་བ་རོས་འཚོ་གཟི་མདངས་འོད་དུ་འབརཿ གཡས་དཀར་གཡོན་དམར་དབུས་མཐིང་དྲག་པོའི་ཞལཿ ལུས་པོ་ཤིན་ཏུ་ཆེ་བ་ཐལ་སྐྱའི་མདོགཿ ཤ་རྩུབ་ཉཱ་སུལ་རགས་ལ་བཞིན་མི་སྡུགཿ མི་མགོ་སྐམ་པོ་བྱུང་ཚད་ཕྱོགས་གཅིག་བརྒྱུསཿ རློན་པ་ཕྱོགས་གཅིག་རྙིང་པ་ཕྱོགས་གཅིག་བརྒྱུསཿ ཐོད་པ་ཚར་གསུམ་སེར་ལ་འཕྲེང་བ་བྱསཿ མཁུར་ཚོས་ཀུན་ལ་རཀྟའི་ཐིག་ལེ་བྱུགསཿ ལུས་ལ་ཕག་པའི་སྤུ་སྐྱེས་ཁ་མིག་དམརཿ མགོ་སྐྲ་ཁམས་ནག་རལ་པ་འབབ་རྙིགས་སུཿ ཕྱེད་ལ་ཐོར་ཚུགས་སྦྲུལ་རིགས་ལྔ་ཡིས་བཅིངསཿ ཡན་ལག་ཐམས་ཅད་བྱའི་སྡེར་མོ་ཅནཿ


PKT001_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༧ན༽དེ་དག་སྦྲུལ་རིགས་ལྔ་ཡིས་རིམ་པར་བཅིངསཿ གང་ཟིན་ལུས་ཀྱི་ཤ་རུས་རྔམ་ཟས་བྱེདཿ ཁ་ཊྭཱཾ་ལ་སོགས་མཚོན་ཆའི་རིགས་བྱེད་འཛིནཿ གཡོན་པ་བནྡྷ་ཁྲག་བཀང་རྟག་ཏུ་འཐུང་ཿ ཁབ་བླངས་ཆོ་བའི་འགོ་ནད་ཐམས་ཅད་འབྱུང་ཿ སྣ་ནས་གྲངས་བའི་ནད་རིགས་ཐམས་ཅད་འབྱུང་ཿ མིག་དང་རྣ་བ་འོག་སྒོའི་བུ་ག་ནསཿ འདུས་པའི་ནད་རིགས་བཞི་བརྒྱ་རྩ་བཞི་འབྱུང་ཿ ཁྱད་པར་གནམ་ནད་ས་ཆུ་མེ་ནད་དང་ཿ གག་ལྷོག་གཟེར་དང་ཕོ་གླང་ཏྲེ་ཏྲེ་ཧོཿ མཛེ་ཕོལ་འབྲུམ་བུ་རྒྱ་རིམས་དམུ་ཆུ་དང་ཿ ཤུ་བ་མེ་དཔལ་བལ་ལྡགས་གཡོན་པ་དང་ཿ གནོད་པའི་འཇིགས་སྐྲག་མང་པོ་སྣ་ཚོགས་འཕྲོཿ མཚན་ནི་མ་ཟོས་མ་ཏྲད་ཀ་རུར་གྲགསཿ དེ་དུས་ཡུལ་ནི་ཉི་ཤུ་རྩ་བཞི་ལཿ བདག་པོ་འཇིགས་བྱེད་མི་བཟད་རེ་རེ་ཡོདཿ པུལླིར་མ་ཛཱ་ལནྡྷ་ར་དང་ཿ ཨོ་རྒྱན་ཨ་རྦུ་ཏ་བཞི་ལྷས་བཟུང་གནསཿ གོང་ལ་ཝ་རི་རཱ་མེ་ཤྭ་ར་དང་ཿ དེ་བི་མཱ་ལ་ཉེ་གནས་དྲི་ཟས་བཟུང་ཿ དེ་ལྟར་བརྒྱད་ནི་ལྷ་དང་དྲི་ཟ་ཡིསཿ ནམ་མཁའ་ནས་འོངས་བཟུང་བས་མཁའ་སྤྱོད་ཟེརཿ ཀཱམཱུ་ཨོ་ཊི་གནོད་སྦྱིན་གྱིས་བཟུང་ཞིང་ཿ ཏྲི་ཤ་ཀུ་ནེ་དང་ནི་ཀོ་ས་ལཿ གནོད་སྦྱིན་འཁོར་གྱིས་བཟུང་བས་ཉོ་བའི་ཞིང་ཿ ཀ་ལིངྒ་དང་ལ་མྦཱ་ཀ་གཉིས་ནིཿ སྲིན་པོས་བཟུང་བས་ཚནྡྷོ་ཧ་


PKT001_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༧བ༽ཞེས་བཏགསཿ ཀཱཉྩི་ཧི་མ་ལ་སྲིན་པོའི་འཁོར་གྱིས་བཟུང་ཿ ཉེ་བའི་ཚནྡོ་ཧ་སྡེ་ས་སྤྱོད་དོཿ པྲེ་ཏ་པུ་རི་གྲི་ཧ་དེ་བ་ཏཿ ཀླུ་ཡིས་བཟུང་བས་འདུ་བའི་གནས་སུ་བཏགསཿ སཽར་ཥ་གསེར་གླེང་ཀླུ་འཁོར་ཉེ་བའི་འདུཿ ན་ག་ར་སིནྡྷུ་དུར་ཁྲོད་ལྷ་མིན་བཟུང་ཿ མ་རོ་ཀུ་ལུ་ཏ་ནི་ལྷ་མིན་འཁོརཿ ཉེ་བའི་དུར་ཁྲོད་ས་འོག་ཀླུ་དང་ནིཿ རི་རབ་ཁོང་གསེང་ནས་འོངས་ལྷ་མིན་གྱིསཿ བཟུང་བས་ས་འོག་ལ་སྤྱོད་ཅེས་སུ་གྲགསཿ དེ་དག་དྲེགས་པ་འཇིག་རྟེན་བདག་པོར་གྱུརཿ ཛམྦུ་གླིང་པ་རྣམས་ཀྱི་སྲོག་འཕྲོག་ཅིང་ཿ དགྲ་སྟྭ་ཏྲི་ཤུལ་ཁ་ཊྭཱཾ་མཚོན་ཆ་འཛིནཿ ལུས་ལ་དུར་ཁྲོད་ཆས་བརྒྱད་རུས་པར་བརྒྱནཿ རང་རང་ཆུད་མར་ལྷན་ཅིག་སྦྱོར་བའི་དུསཿ བདག་ཅག་རྣམས་ནི་བདེ་ཞིང་འགྲན་ཟླ་མེདཿ དཔོན་ཅིག་མེད་ན་ནང་འཐབ་ཕུང་སྟེ་འགྲོཿ བཟའ་བ་དང་ནི་བཏུང་བའི་སྒོ་འཕྲོག་པཿ འཐབ་པ་དང་ནི་རྩོད་པ་འགྱེད་པར་འགྱུརཿ སྟོབས་ཆེན་དབང་ཕྱུག་ཆེན་པོ་ལྷ་ཆེན་པོཿ ཐམས་ཅད་ལས་ཀྱིས་བསྐོས་པའི་སྒམ་བུ་ཕྱཿ མ་ཏུང་ཀ་རུང་དཔོན་བཅོལ་འཐད་ཅེས་གླེང་ཿ ངེད་རང་ཚོ་དང་ལྟ་སྤྱོད་མཐུན་པའི་ཕྱིརཿ འབྱུང་པོ་སྲོག་ཟན་ཐམས་ཅད་ཁ་འཆམ་ནསཿ ལུས་སམ་དག་གམ་འོན་ཏེ་ཡིད་ཀྱིས་ཀྱང་ཿ དཔོན་གྱི་བཀའ་ལས་ནམ་ཡང་མི་འདར་ཆདཿ


PKT001_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨ན༽ལྷ་འདྲེ་ཡོངས་ཀྱི་དཔོན་པོ་དེ་བཞིན་ནོཿ ཐམས་ཅད་སྒམ་བུ་ཕྱ་ལ་རབ་ཏུ་འདུནཿ བགེགས་རྣམས་ཉིན་དང་མཚན་དུ་རྟག་པར་ཡང་ཿ མ་རུངས་དེ་ལ་སྲུང་བ་བྱེད་པར་གྱུརཿ འབྱུང་པོའི་ཚོགས་ཏེ་མི་མ་ཡིན་རྣམས་འདུཿ འཇིག་རྟེན་ཁམས་ལ་དབང་སྒྱུར་གསོན་པོར་ཟཿ ཉིད་གཡོག་ཡང་གཡོག་ཐམས་ཅད་བྲན་དུ་བཀོལཿ འཇིགས་བྱེད་སྟོབས་ཆེན་ཕ་རོལ་གནོན་པ་སྟེཿ དེ་དུས་སེམས་ཅན་ཤི་ཚད་དམྱལ་བར་འགྲོཿ འཇིག་རྟེན་དགེ་བར་གྲགས་རྣམས་གང་ཡོད་པཿ ད་ནི་ང་ཡིས་བརྗོད་པར་བྱའོ་ཟེརཿ ང་ལས་ཆེ་ཞིང་ལྷག་པ་སུ་ཞིག་ཡོདཿ ང་རྒྱལ་གཏུམ་པོའི་སྐད་འབྱིན་རབ་ཏུ་འཁྲུགསཿ མེ་དཔུང་འབར་ནས་རིག་པ་ངན་བསྐྱེད་དེཿ འབྱུང་པོ་ཀུན་གྱི་དབང་ཕྱུག་ང་ཡིན་པསཿ ང་ལས་ཆེ་བའི་དབང་ཕྱུག་གཞན་ཡོད་ནཿ དེ་ཡང་ང་ཡིས་དབང་དུ་བསྡུ་བ་ཡིནཿ ཞེས་པའི་ང་རྒྱལ་ཕྱོགས་བཅུར་བསྒྲགས་པ་ཡིསཿ དེ་དུས་འགྲོ་བའི་ཤེས་བློ་རྨོངས་པར་གྱུརཿ དུས་མཚན་མ་ཡིས་བདེན་པའི་ཚིག་འདི་བརྗོདཿ སྲིན་པོ་ལངྐའི་ཡུལ་གྱི་གྲོང་ཁྱེར་མཆོགཿ ཀོ་ཀ་ཐང་དམར་གླིང་གི་བྱན་ལག་ལྗོངསཿ རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེརཿ སྲིན་པོའི་རྒྱལ་པོ་ལངྐའི་མངའ་བདག་ཅེསཿ སངས་རྒྱས་མར་མེ་མཛད་ཀྱི་སློབ་མ་སྟེཿ ཁྱོད་བས་དེ་ཡི་གྲགས་


PKT001_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨བ༽པ་རྣམ་པར་འཕེལཿ གཡུལ་འགྱེད་དགྲ་ཀུན་གྱིས་ཀྱང་མི་བརྫིའོཿ ཿབདེ་བར་གཉིད་ལོག་བདེ་བར་རབ་ཏུ་སདཿ དེ་སྐད་ཅེས་བརྗོད་ཐོས་མ་ཐག་ཏུ་ནིཿ འཇིགས་བྱེད་སྐད་ཅིག་གཅིག་ལ་དམག་སྡེར་བཅསཿ གཡུལ་འགྱེད་བྱ་བཞིན་མཁའ་ལ་འཕུར་ནས་སུཿ སྲིན་ཡུལ་བྱོན་ལག་ལྗོངས་པའི་རི་ལ་བབསཿ ང་རྒྱལ་གཏུམ་པོས་མ་ཏྲཾ་རཱུ་ཏྲ་བསྒྲགསཿ ལངྐའི་ཡུལ་རྣམས་ཤིགས་ཤིགས་ཡོམ་ཡོམ་གྱུརཿ སྲིན་པོ་སྲིན་མོ་ཐམས་ཅད་རབ་ཏུ་སྡངསཿ རྒྱལ་པོས་དེ་ལ་ཉུལ་པོ་བཏང་བ་ཡིསཿ འཇིགས་བྱེད་དམག་སྡེ་ལྟར་མི་བཟོད་པ་མཐོང་ཿ བརྗོད་གཞི་རྒྱལ་པོའི་སྙན་རུ་གསོལ་བ་ཡིསཿ ལངྐའི་བདག་པོས་མཉམ་གཞག་ཐུགས་དགོངས་བཏང་ཿ རྒྱལ་པོ་ཡོན་ཏན་འཛིན་གྱི་མདོ་ལས་ཀྱང་ཿ བླ་མའི་ཐུགས་དཀྲུགས་མཆེད་གྲོགས་ཡིད་བསད་པཿ སྲུལ་པོ་གཉའ་བྲག་ཕྲུག་གུ་རྟོག་འདོད་ཅནཿ ངན་སོང་གསུམ་ལས་ཚོ་ནི་འཕོས་གྱུར་པསཿ ལངྐའི་བདག་པོ་འཛོམས་པར་ཐེ་ཚོམ་མེདཿ མཐར་ནི་བདེ་བར་གཤེགས་པ་མང་པོས་འདུལཿ བླ་མེད་རྡོ་རྗེ་ཐེག་པའི་བསྟན་པར་བྱུང་ཿ ཞེས་གསུང་པ་ཡི་ལུང་བསྟན་ཅིག་འདུག་པསཿ ཡིན་ནམ་མ་ཡིན་ཉམས་སང་བྱ་རུ་ཡོང་ཿ རྒྱལ་པོས་སྲིན་པོའི་དམག་དཔུང་འཛོམ་པར་གཡུལཿ དམག་གིས་སྒམ་བུ་ཕྱ་ལ་


PKT001_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༩ན༽བརྡུགས་པར་གྱུརཿ ད་ནི་འགྲན་གྱི་ཟླ་མེད་གཅིག་པུར་ཆེཿ ང་ནི་དབང་ཕྱུག་མ་ཧཱ་དེ་བ་སྟེཿ རྒྱལ་ཆེན་རིགས་བཞི་ལ་སོགས་ང་ཡི་གཡོགཿ ལྷ་སྲིན་སྡེ་བརྒྱད་མ་ལུས་ང་ཡིས་བྲནཿ འཇིག་རྟེན་ཁམས་ཀྱི་བདག་པོ་ང་ཡིན་པསཿ སུ་ཞིག་ང་དང་འགྲན་གྱི་དོ་ཟླ་ཡོདཿ རཱུ་ཏྲ་མ་ཏྲ་མ་རཱུ་ཏྲཿ ཞེས་བརྗོད་སྲིན་པོའི་ཚོགས་རྣམས་དབང་དུ་བསྡུསཿ རྒྱལ་པོས་སངས་རྒྱས་བསྟན་པ་འཕེལ་བྱའི་ཕྱིརཿ ཁྱོད་ལ་བསྔོས་པར་གྱུར་པ་བདག་གནོད་འགྱོདཿ ཉིད་ཀྱི་འབངས་སུ་མཆིའོ་ངོ་མི་བཟློགཿ རྒྱལ་པོ་བཙུན་མོ་འཁོར་བཅས་མ་ལུས་དང་ཿ སྲིན་པོའི་རྒྱལ་ཁམས་དབང་དུ་བསྡུས་པའི་ཚེཿ སྲིན་པོའི་དེད་དཔོན་མ་ཏྲཾ་རཱུ་ཏྲ་ང་གྲགསཿ གང་གིས་དེ་མཐོང་ཐོས་མ་ཐག་ཏུ་འདུནཿ དེ་ནས་ཡང་ནི་ང་རྒྱལ་ཆེ་བར་རློམཿ བདག་ལས་ཆེ་བ་གང་དག་སུ་ཞིག་ཡོདཿ རཱུ་ཏྲ་མ་ཏྲཾ་མ་རཱུ་ཏྲཿ དུས་མཚན་མ་ཡིས་ཤེད་བསྐྱེད་ཚིག་འདི་བརྗོདཿ ཁྱོད་བས་ཆེ་བ་ལྷ་མ་ཡིན་གྱི་གནསཿ ལྷ་མིན་དེད་དཔོན་མཧཱ་ཀ་རུ་ཞེསཿ མཐུ་དང་རྫུ་འཕྲུལ་ཁྱད་པར་འཕགས་པ་ཡོདཿ འཇིགས་བྱེད་ཁམས་འཁྲུགས་མེ་དཔུང་ཆེན་པོར་གྱུརཿ འཕུར་རྩལ་མ་ཏྲཾ་ཀ་རུའི་གནས་སུ་བབསཿ ལྷུང་ཐབས་གྱུར་པའི་དད་པ་དབུགས་ཧམས་ནསཿ ཚ་གྲང་ནད་ཀྱིས་མཚོན་ཆར་


PKT001_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༩བ༽ཕབ་ནས་བསོདཿ ལུས་ཀུན་མེ་དཔལ་འབྲུམ་བུའི་ཟུག་རྔུས་གདུངསཿ ཤི་མ་གསོན་དེའི་རྐང་པ་གཡས་ནས་འཇུསཿ ཛམྦུའི་གླིང་དུ་ཀླད་ཀོར་བསྐྱུར་བཏང་བསཿ དགེ་གནས་བརྒྱད་ཀྱི་ཡུལ་དུ་ཆགས་པར་གྱུརཿ གསང་བའི་བྱན་མོ་བུ་འཁོར་བཅས་པ་རྣམསཿ གཟའ་བརྒྱུད་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་ཿ ལོག་པར་འདྲེན་པའི་བགེགས་རིགས་ཇི་སྙེད་པཿ གང་གི་སྐྱབས་སུ་བྲོས་ཀྱང་མཐར་ཏེཿ སླར་ཡང་ཐམས་ཅད་འཇིགས་བྱེད་དྲུང་དུ་འདུསཿ ལྷ་མིན་ཀུན་གྱིས་སྲིད་བརླག་བསྐོས་བཏབ་ནསཿ བམ་རི་ཐོད་པ་མཁར་ཞེས་བྱ་བར་འཁྲིསཿ ཕོ་བྲང་བདུད་ཀྱི་རྒྱལ་མཚན་ཕུགས་སུ་བཙུགསཿ སྐྲག་པའི་བདུད་མཚོན་སྒོ་ཡི་མདུན་དུ་ཕྱརཿ འཁོར་སའི་འཕྲུལ་ཆ་མང་པོས་བསྐོར་ནས་སུཿ རྫུ་འཕྲུལ་རི་རབ་མཛུབ་མོའི་རྩེ་ལ་བཞགཿ ཀླད་ལ་སྐོར་ཞིང་ང་རྒྱལ་སྒྲོགས་པ་ནིཿ རཱུ་ཏྲ་མ་ཏྲཾ་མ་རཱུ་ཏྲཿ སྲིད་པ་འདི་ནང་བས་སུ་ཞིག་ཆེཿ དུས་མཚན་ཆེ་བའི་ཟླ་ཡོད་འགྲན་བཙུགས་པཿ སུམ་ཅུ་རྩ་གསུམ་དཔའ་ལྡན་ལྷ་ཡུལ་ནཿ གསེར་འདྲ་ཉན་ཐོས་དགེ་འདུན་རྣམས་ཀྱི་དབུསཿ རྣམ་འདྲེན་དམ་པ་ཏོག་དཀར་ཞེས་བྱ་བཿ དབང་བསྐུར་ཐོབ་པ་ལྷ་རྒྱལ་ཀུན་གྱིས་བསྟོདཿ སིལ་སྙན་མང་པོ་གླུ་དབྱངས་སྒྲས་བསྐུལ་ནསཿ ཐམས་ཅད་མ་ལུས་


PKT001_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠ན༽འདུད་པ་དེ་ཆེའོཿ དེ་སྐད་སྨྲས་པས་གཏུམ་རྔོམས་ཤིན་ཏུ་ཁྲོསཿ མི་སྡུག་བཞིན་བསྡུས་གཟུགས་བསྐྱོད་གཏུམ་རྔམས་འབརཿ མི་སྙན་ཚིག་འབྱིན་སྒྲ་དང་ས་གཡོས་བཅསཿ དམ་པ་ཏོག་དཀར་ཆོས་སྟོན་མཐོ་བ་ནསཿ པང་པས་འུབ་བསྡུས་མི་མཛད་འཇིག་རྟེན་དེརཿ མཆོག་ཆེན་ཉན་ཐོས་རྣམས་ཀྱིས་ཞི་བར་སྨྲསཿ ཀྱེ་མ་ཀྱི་ཧུད་སྡིག་པ་འདི་ལྟ་བུཿ རུང་ངམ་དགེ་བའི་ལས་ལ་འདུན་བརྗོད་པསཿ གོས་ཟུང་བཞི་གྱོན་རང་རང་བདེ་བར་འདུགཿ ཁྱོད་ཀྱི་དབང་དུ་ང་འགྱུར་ག་ལ་སྲིདཿ ང་ནི་སྟོབས་ཆེན་དཔའ་བོ་ཡིན་ནོ་ཟེརཿ དེ་ནས་དམ་པ་ཏོག་དཀར་འདའ་ཚུལ་བསྟནཿ འཁོར་རྣམས་ཀུན་ལ་མི་ཕྱེད་དང་བས་བརྗོདཿ ཀྱེ་མ་ང་ཡི་མཆོག་ཆེན་ཉན་ཐོས་རྣམསཿ སངས་རྒྱས་བསྟན་པ་འདི་ལ་མ་དད་པཿ སློབ་མ་དམ་ཉམས་ཐར་པ་ནག་པོ་འདིཿ འདིས་ནི་ལྷ་དང་མི་དང་ལྷ་མ་ཡིནཿ ཡང་དག་མ་ཡིན་ཡོངས་སུ་བསྡུ་བར་འགྱུརཿ རྫོགས་སངས་རྒྱས་ལ་སྡང་སེམས་འཇིག་རྟེན་ཕུད་ཿ དེ་ཡིས་ཉེས་པ་ཐམས་ཅད་འཕྲོག་བྱེད་པཿ ཐུབ་དཀའ་གཞོན་ནུ་དོན་ཕག་གཉིས་ཀྱིས་ནིཿ ཚེ་འདིར་རྣམ་སྨིན་གློ་བུར་བསྐྱེད་པར་འགྱུརཿ ཞི་བ་དང་ནི་རྒྱས་པས་མི་ཐུལ་བསཿ དབང་དང་དྲག་པོའི་ལས་ཀྱིས་འདུལ་བར་འགྱུརཿ འཕགས་པའི་བདེན་པར་སུ་


PKT001_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠བ༽དག་ཡིད་མི་ཆེསཿ ལུས་ཀྱང་སྦྱིན་པར་ཡིད་ལ་བྱས་ནས་ནིཿ མཁའ་ལྟར་ཡས་འབེབས་ཐབས་མང་རྒྱལ་བས་འདུལཿ དམ་རྫས་དགེ་བར་བསྒྲུབ་པའི་ཨ་མྲྀ་ཏཿ སྨན་རྣམས་བདུད་རྩིར་བསྒྱུར་བ་འདི་ལས་འབྱུང་ཿ འདི་ཉིད་རྡུལ་ཕྲན་གཅིག་ཙམ་མ་ལུས་འདུལཿ མི་མཐུན་གཉེན་པོ་རྡོ་རྗེ་རྟ་མགོ་ཅནཿ དན་ཕག་ལག་ན་རྡོ་རྗེ་དེ་བཞིན་གཤེགསཿ དགོངས་ཏེ་ཐུབ་དཀའ་རྡོ་རྗེ་སེམས་དཔའ་ཆེཿ རྒྱལ་བའི་ལུང་བསྟན་མཆོག་འདི་དེ་ལྟར་བལྟཿ ཕ་རོལ་དགྲ་ནི་ཡང་དག་ཟད་པར་བྱེདཿ ང་ནི་ལྷ་མོ་སྒྱུ་འཕྲུལ་ལྷུམས་སུ་འཇུགཿ བྱང་ཆུབ་ཤིང་དྲུང་ང་ནི་མཉམ་པར་འཇོགཿ དེ་ལྟར་དེ་དག་རྟག་འཛིན་མི་བྱེད་པརཿ དེ་བས་ཐུབ་པའི་བསྟན་པ་མཆོག་ཏུ་གསུངསཿ སེམས་ཅན་ཀུན་ལ་བདེ་བ་སྦྱིན་པར་བྱེདཿ ཛམྦུའི་གླིང་འདིར་ཡུན་རིང་གནས་པར་འགྱུརཿ སྤྱོད་པ་ཟབ་མོ་སྦྱོར་སྒྲོལ་ཕུལ་ཕྱིན་གྱིསཿ ལུས་ཀྱི་བདག་འཛིན་མ་ཏྲཾ་རཱུ་ཏྲ་བསྒྲལཿ འཇིག་རྟེན་བདེ་དང་མི་བདེའི་རྣམ་པ་ཀུནཿ ངག་གི་བདག་འཛིན་ཨ་ཀར་ཤ་རཱུ་ཏྲཿ ངོ་བོ་གང་ལ་གང་གིས་ཅི་ཞིག་བསྟནཿ སེམས་ཀྱི་བདག་འཛིན་ཁ་ཊྭཾ་ག་རཱུ་ཏྲཿ རཱུ་ཏྲའི་ངོ་བོ་ངེས་ཚིག་དབྱེ་བ་གསུངསཿ རཱུ་ཏྲ་གསང་བ་ཕྱི་ནང་ཁོ་ན་ཉིདཿ རཱུ་ཏྲ་ལྔ་བཅུ་རྩ་བརྒྱད་སྡེ་དཔུང་བཅོམཿ ཛམྦུའི་གླིང་དེ་ཉམས་ཀྱང་དགའ་བར་


PKT001_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༡ན༽འགྱུརཿ དཀོན་ཅོག་ཟབ་མོའི་ཆོས་ཀྱིས་ཡུལ་ཁམས་སྐྱོང་ཿ ཆོས་བསྟེན་མི་ནུབ་མྱ་ངན་ཡོངས་མི་འདའཿ ཞེས་པའི་ཞལ་ཐེམས་བཞག་ནས་ལྷུམས་སུ་ཞུགསཿ དེ་ནས་རཱུ་ཏྲའི་མངོན་ཤེས་ཕྲ་འུས་མཐོང་ཿ ལྷ་ཆེན་དགའ་རབ་དབང་ཕྱུག་གཤེད་དུ་བསྐོསཿ དགའ་ལྡན་ལྷ་ཡུལ་ཐམས་ཅད་དབང་དུ་བསྡུསཿ ཚངས་པ་བརྒྱ་བྱིན་ལྷ་ཡི་ཁ་གནོན་བཞགཿ མ་ལ་ཡ་གནས་བམ་རི་ཐོད་མཁར་བཟུང་ཿ མི་ཡི་ལུས་སུ་གནས་ཚད་ཟས་སུ་ཟཿ རྔ་གླིང་རོལ་མོའི་དབྱངས་སྒྲ་སྣ་ཚོགས་དང་ཿ གླུ་དང་གར་རྣམས་བྱེད་ཅིང་ཐམས་ཅད་གནསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ གདུལ་ཞིང་རཱུ་ཏྲའི་སྐྱེ་རྒྱུད་བསྟན་པའི་ལེའུ་སྟེ་ལྔ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ

རྟ་ཕག་གིས་རཱུ་ཏྲ་བཏུལ་བའི་ལེའུ།


PKT001_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རཱུ་ཏྲ་བཏུལ་ཚུལ་བཤད་པ་ནིཿ གཙང་མའི་གནས་མཆོག་འོག་མིན་ཆོས་དབྱིངས་ནསཿ སྟོན་མཆོག་དམ་པ་ལྷ་མིས་མཆོད་འོས་པཿ ཆོས་སྐུ་ཀུན་ཏུ་བཟང་པོ་འཁོར་དང་བཅསཿ ཐུགས་རྗེའི་སྤྲུལ་པ་སྟུག་པོ་བཀོད་པ་ནསཿ ལོངས་སྐུ་རྡོ་རྗེ་འཆང་ཆེན་འཁོར་བཅས་དང་ཿ ལྕང་ལོ་ཅན་གྱི་ཕོ་བྲང་དམ་པ་ནསཿ སྤྲུལ་སྐུ་ཕྱག་ན་རྡོ་རྗེ་འཁོར་བཅས་དང་ཿ བཀོད་པ་ལྷུན་གྱིས་གྲུབ་པའི་གཞལ་ཡས་ནསཿ


PKT001_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༡བ༽སྐུ་གསུམ་དབྱེར་མེད་ཀུན་ཏུ་འཆང་ཆེན་དང་ཿ འཇིག་རྟེན་མངོན་པར་དགའ་བའི་ཞིང་ཁམས་ནསཿ སངས་རྒྱས་རྡོ་རྗེ་སེམས་དཔའ་འཁོར་བཅས་དང་ཿ འཇིག་རྟེན་དཔལ་དང་ལྡན་པའི་ཞིང་ཁམས་ནསཿ སངས་རྒྱས་རིན་ཆེན་འབྱུང་གནས་འཁོར་བཅས་དང་ཿ འཇིག་རྟེན་བདེ་བ་ཅན་གྱི་ཞིང་ཁམས་ནསཿ སངས་རྒྱས་སྣང་བ་མཐའ་ཡས་འཁོར་བཅས་དང་ཿ འཇིག་རྟེན་བྱང་ཆུབ་བརྒྱན་པའི་ཞིང་ཁམས་ནསཿ སངས་རྒྱས་རྣམ་པར་སྣང་མཛད་འཁོར་བཅས་དང་ཿ འཇིག་རྟེན་རྣམ་པར་དག་པའི་ཞིང་ཁམས་ནསཿ སངས་རྒྱས་དོན་ཡོད་གྲུབ་པ་འཁོར་བཅས་དང་ཿ གཞན་ཡང་བདེ་གཤེགས་དཔག་མེད་བརྗོད་མེད་པཿ ལོངས་སྤྱོད་རྫོགས་སྐུ་ཉི་མའི་དཀྱིལ་འཁོར་ལྟརཿ རིག་འཛིན་བཅས་པ་བཀའ་ཡི་འགྲོ་བ་མཛདཿ སངས་རྒྱས་མཐུ་ཡིས་རཱུ་ཏྲ་མ་བཏུལ་ནཿ སངས་རྒྱས་བསྟན་པ་མི་འཕེལ་ངན་འགྲོར་ལྟུང་ཿ ཀུན་ཏུ་ལོག་པར་སྤྱད་པའི་ལུས་ལ་ནིཿ གཤེད་མས་མཚོན་ཆ་རྣམས་ཀྱིས་གདབས་པར་རུང་ཿ སྔོན་ཆད་བྱས་པ་གང་ཡིན་མ་སྨིན་ནཿ བདེན་པ་རབ་སྟོན་རྒྱལ་བ་བརྫུན་མར་གྱུརཿ འཇིགས་པར་འགྱུར་བ་མ་ཡིན་ནོན་པར་གྱིསཿ ཞེས་གསུངས་བཀའ་བགྲོས་ཡོངས་སུ་འཆམས་པར་གྱུརཿ གང་གིས་འདུལ་བའི་ལས་འཕྲོ་སྐབས་སུ་བབཿ བདེ་


PKT001_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢ན༽གཤེགས་རྣམས་ཀྱིས་ཡེ་ཤེས་སྤྱན་གྱིས་གཟིགསཿ ཐུབ་དཀའ་གཞོན་ནུ་དན་ཕག་གདུལ་བྱར་མཁྱེནཿ བདེ་བར་གཤེགས་པས་དབང་བསྐུར་རབ་ཏུ་གནསཿ ཐུབ་དཀའ་རྡོ་རྗེ་སེམས་དཔར་སངས་རྒྱས་ནསཿ ད་ན་ཕག་ལག་ན་རྡོ་རྗེར་གནས་གྱུར་ཏེཿ བདེ་བར་གཤེགས་པ་ཀུན་གྱིས་བཀའ་བསྒོས་པཿ སྤྱན་རས་གཟིགས་དབང་སྒྲོལ་མར་མཚན་རྟགས་གཟུང་ཿ རྟ་གདོང་ཕག་གདོང་ཞལ་གྱིས་ནོན་པར་གྱིསཿ ལེགས་པར་གསུངས་པའི་བཀའ་འགྲོས་དུས་ལ་བབཿ ཟབ་པ་ཆགས་བྲལ་བདུད་རྩི་འདུས་མ་བྱསཿ གསུངས་ནས་རྟ་ཕག་མ་ལ་ཡ་རྩེར་བྱོནཿ ལུས་ཀྱིས་འབར་བ་ཆེན་པོའི་གར་དགུ་བསྒྱུརཿ རྟ་སྐད་ཐེངས་གསུམ་ཕག་སྐད་ལྔ་བཏོན་པསཿ རཱུ་ཏྲ་ཐར་པ་ནག་པོས་ལན་བཏབ་པཿ རྟ་ཕག་མགྲེན་བུ་ཆུང་ཁྱོད་ཇི་སྐད་ཟེརཿ འཇིག་རྟེན་ལྷ་དང་ལྷ་མིན་དྲེགས་པའི་ཚོགསཿ ཀུན་གྱིས་ང་ཡི་ཡོན་ཏན་བརྗོད་ཅིང་བསྔགསཿ གུས་པའི་སེམས་ཀྱིས་ང་ཡི་ཞལ་ལ་བལྟཿ ང་ནོན་མ་ཡིན་ཁྱོད་རང་བདེ་བར་འདུགཿ སྔོན་དུས་ཟུར་གོས་པས་ཀྱང་ང་མ་ནོནཿ ཞེས་བརྗོད་ལག་པ་བསྒྲེངས་ནས་མགོ་ལ་བཏུདཿ དེ་ནས་རྟ་མགྲིན་ཐར་པའི་འོག་སྒོར་ཞུགསཿ རྟ་མགོ་སྤྱི་གཙུག་རྒྱངས་ཀྱིས་བཏོན་ནས་སུཿ ཁོ་ཡི་རྐང་ལག་ཐམས་


PKT001_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢བ༽ཅད་བརྒྱངས་པ་ཡིསཿ ཤིན་ཏུ་བག་དྲོ་རྒྱན་ཆ་ཕྱུག་པ་དང་ཿ རྟ་མགོ་ཚིལ་ཁུས་ཚོས་ནས་ལྗང་གུར་གྱུརཿ ཕག་གདོང་ཆུང་མའི་བྷ་གའི་ནང་ཞུགས་ནསཿ ཕག་མགོ་སྤྱི་བོའི་གཙུག་ཏུ་རྒྱངས་ཀྱིས་ཕྱུང་ཿ ཕག་མགོ་ཚིལ་ཁུས་ཚོས་ནས་ནག་པོར་གྱུརཿ རྟ་ཕག་ཞལ་སྦྱར་སྨེ་བ་བརྩེགས་པ་བསྐྲུནཿ རྟ་སྐད་ཐེངས་དྲུག་ཕག་སྐད་ལྔ་ངུར་བསཿ བདེ་བར་གཤེགས་པ་མི་རོར་བྱ་བཞིན་འཐིབསཿ ཞི་བ་ཁྲོ་བོ་ཞི་མ་ཁྲོ་ལ་སོགསཿ དཔག་ཏུ་མེད་པ་ཐིབས་ཀྱིས་འཐིབས་པར་གྱུརཿ ལུས་ཀུན་བརྒྱངས་པས་ན་ཚ་མ་བཟོད་ནསཿ ཐར་པ་ནག་པོས་འོ་དོད་སྒྲ་འབྱིན་པཿ ཕཱ་མཱཿ ཧུ་ཡུཿ རྟ་ཕག་གཉིས་ཀྱིས་རཱུ་ཏྲ་ཕམཿ སངས་རྒྱས་ཀྱིས་ནི་བདུད་རྣམས་ཕམཿ ཆོས་མ་ཡིན་རྣམས་ཆོས་ཀྱིས་ཕམཿ དགེ་འདུན་གྱིས་ནི་མུ་སྟེགས་ཕམཿ དབང་པོས་ལྷ་མིན་ཕམ་པར་གྱུརཿ ལྷ་མིན་གྱིས་ནི་ཟླ་བ་ཕམཿ ནམ་མཁའ་ལྡིང་གིས་རྒྱ་མཚོ་ཕམཿ མི་ཡིས་ཤིང་རྣམས་ཕམ་པར་གྱུརཿ ཆུས་ནི་མེ་ཡང་ཕམ་པར་གྱུརཿ རླུང་གིས་སྤྲིན་རྣམས་རབ་ཏུ་ཕམཿ རྡོ་རྗེ་ཡིས་ནི་རིན་ཆེན་ཕུགཿ མདོང་གསུམ་རྨི་ལམ་ངན་ནོ་བྱསཿ ཅི་མཛད་མྱུར་དུ་མཛོད་ཅིག་ཅེསཿ འཇིགས་པའི་སྒྲ་ནི་རབ་ཏུ་འབྱིན་པར་བྱེདཿ ཟག་པ་ཚར་ཅིག་རྒྱ་མཚོ་ཀླུ་གནས་ལྷུང་ཿ དཔག་བསམ་ཤིང་རྒྱལ་


PKT001_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣ན༽ཙནྡན་སྦྲུལ་སྙིང་སྐྱེསཿ ཤིང་གི་རྩ་བ་ཀླུ་ཡི་ཡུལ་དུ་ཟུགཿ ལོ་འདབ་ལྷ་མ་ཡིན་གྱི་ཡུལ་དུ་འཁྲིགསཿ འབྲས་བུ་ལྷ་ཡི་ཡུལ་དུ་སྨིན་པར་གྱུརཿ མིང་ནི་བདུད་རྩི་ཨ་མྲྀ་ཏ་ཞེས་བྱཿ རྟ་ཕག་རྒྱུ་བདེ་ལམ་བདེ་འབྲས་བུ་བདེཿ བདེ་བ་ཆེན་པོའི་རོལ་རྩེད་མཛད་ནས་སུཿ རཱུ་ཏྲའི་ཆས་ནི་མང་ལ་ཡང་བ་རྣམསཿ དེ་དག་ཡེ་ཤེས་ཆས་སུ་བྱིན་བརླབས་ནསཿ རྟ་ཕག་ཆོས་ཀྱི་དབྱིངས་སུ་གཤེགས་པར་གྱུརཿ དབུ་གསུམ་ཡོད་པའི་རྒྱུ་མཚན་དེ་ལྟར་ཡིནཿ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བརྒྱད་དང་ཿ ལྷ་ལ་གཤོག་པ་ཡོད་པ་དེ་ལྟར་ཡིནཿ དཔེར་ན་དམག་བརྒྱབ་མི་བསད་ནོར་ཕྲོགས་མཚོནཿ དེ་ནས་ཕྱག་ན་རྡོ་རྗེས་སྤྲུལ་པ་བཀྱེཿ རཱུ་ཏྲས་ཀྱང་ནི་སྤྲུལ་པ་བཀྱེ་བར་གྱུརཿ སྟོབས་ཆེན་མཐུ་བསྐྱེད་རྫུ་འཕྲུལ་བཀྱེ་བའི་ལསཿ མགོ་ནི་གསུམ་གསུམ་དགུ་རུ་སྤྲུལ་པ་ལཿ དེ་ནས་གསང་བདག་ཕྱག་ན་རྡོ་རྗེ་ཡིསཿ སྟོབས་ཆེན་དགུ་ཡི་རྫུ་འཕྲུལ་བཀྱེ་ནས་སུཿ གཟས་པོའི་ནམ་མཁའ་ཐམས་ཅད་ཡོངས་སུ་བཀང་ཿ རཱུ་ཏྲ་ས་བརྒྱད་ནོན་པའི་སེམས་དཔའ་ལཿ རྣམ་པ་མང་པོའི་འདུལ་ཐབས་མཁས་པ་ཡིསཿ ལུས་ལ་བདེ་བར་གཤེགས་པའི་ཕོ་བྲང་བཏབཿ རཱུ་ཏྲས་མ་བཟོད་ཚེ་ངེས་བཏབ་པ་ནིཿ ཕྱོགས་བཅུ་ཀུན་ནས་རྣམ་པ་ང་


PKT001_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣བ༽རྒྱུགཿ ཐོད་མཁར་སྒོ་འགྲོམ་གཡས་གཡོན་གྱིཿ བཟའ་ཤིང་ར་བའི་ནགས་ཚར་ནཿ གནོད་སྦྱིན་སྲིན་པོ་འབྱུང་པོའི་ཚོགསཿ བྱེ་བ་སྟོང་ཕྲག་བརྒྱ་མཆིས་པཿ རེམས་ཤིག་མྱུར་བར་ད་ལྟར་རེམཿ འཁོར་གནས་ཡུལ་ཆེན་ཉི་ཤུ་རྩ་བཞི་ཡིཿ རཱུ་ཏྲའི་ཆ་འཛིན་བྱེ་བ་དུང་ཕྱུར་དམགཿ ཅི་བགྱིའི་བཀའ་ཉན་ཕོ་ཉར་བསྔགས་པའི་འཁོརཿ དཔག་ཏུ་མེད་པ་ཕྱོགས་མཚམས་ཐམས་ཅད་ནསཿ བར་སྣང་ས་གཞི་ཀུན་འཁྲིགས་བསྲོ་སྒྲ་སྒྲོགསཿ ཨ་མ་བཙིགས་རུ་ལུ་རུ་ལུའི་སྒྲ་སྒྲོག་ཅིང་ཿ ལག་གི་མཚོན་ཆ་ཐམས་ཅད་དུས་གཅིག་གདེངསཿ སྲས་མཆོག་སྨེ་བ་བརྩེགས་པས་ནད་དབྱེན་བྱསཿ དེ་ནས་རྡོ་རྗེ་འཛིན་པས་ཁྲོ་བོ་བཅུརཿ ཕུར་པ་རེ་བསྐུར་སྒྲོལ་བར་མངའ་གསོལ་ནསཿ རྟ་མགྲིན་རྟ་སྐད་ཐེངས་གསུམ་འདུར་གླུ་ཡིསཿ རཱུ་ཏྲའི་དམག་དཔུང་དུ་འབོད་རབ་ཏུ་དུཿ གནས་པའི་ཡུལ་དང་ལུས་ཀྱི་རྒྱན་ཆ་དང་ཿ རང་རང་སྲོག་སྙིང་ཕྱག་མཚན་ཕྱུང་ནས་ཕུལཿ དེ་ནས་ཐར་པ་ནག་པོ་ཉམ་ཐག་དུལཿ སངས་རྒྱས་སྤྱོད་ཡུལ་ཁྱོད་ལ་ཕྱག་འཚལ་ལོཿ རྣམ་སྨིན་བསྐྱེད་མཛད་ཁྱོད་ལ་ཕྱག་འཚལ་ལོཿ བདག་གི་ལུས་རྣམས་འབྲས་བུར་སྤྱོད་གྱུར་ཅིགཿ སྔ་མ་གང་བྱས་འདི་ལ་སྨིན་གྱིས་ལྟོསཿ ཕྱི་མ་གང་ཡིན་ད་ལྟའི་ལས་ཀྱིས་བྱེདཿ ལས་


PKT001_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤ན༽འདི་ལུས་དང་གྲིབ་མ་བཞིན་དུ་འགྲོགསཿ རང་གིས་བྱས་པ་རང་གིས་མྱོང་བ་ཡིནཿ ཡི་ཆད་འགྱོད་ཀྱང་ལས་དབང་བཅོས་སུ་མེདཿ ལས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་བཿ ལུས་འདི་གདན་དུ་འབུལ་བས་བཞེས་སུ་གསོལཿ དེ་ནས་དབང་ཕྱུག་མ་སོགས་འཁོར་རྣམས་ཀྱིསཿ དབུས་ལ་མཆིས་པའི་སྐལ་བ་མེདཿ དཀྱིལ་འཁོར་མཐའ་ལ་ངེད་རྣམས་ཞོགཿ ཕུད་ལ་འཚལ་བའི་སྐལ་བ་མེདཿ ལྷག་མ་ཞལ་ཆབ་ངེད་ལ་ཞུཿ ད་ནས་འབངས་ཡིན་དོ་མི་སྡོཿ ཅི་བགྱིའི་བཀའ་ཉན་ངེད་ཀྱིས་བསྒྲུབཿ མ་བྱམས་བུ་ལ་འཁྲིལ་བ་ལྟརཿ དམ་ལ་ངེས་པར་ཉེ་བར་བྱཿ ཞེས་པའི་ཁས་བླངས་མནའ་བེར་རོཿ དེ་ནས་གསང་བའི་བདག་པོ་ཡིསཿ ལུས་ངག་ཡིད་གསུམ་བྱིན་བརླབས་ནསཿ དམ་བསྲེས་དམ་ཆུ་བླུད་ནས་ཀྱང་ཿ གནས་གསུམ་དམ་ཚིག་རྡོ་རྗེ་བཞགཿ བཀའ་ལས་མི་འདར་དམ་ཚིག་བསྒྲགསཿ གསང་མཚན་མ་ཧཱ་ཀཱ་ལ་ར་བཏགསཿ རྡོ་རྗེ་ཐེག་པའི་གྲལ་ལ་བཞགཿ མ་འོངས་ཆོས་སྲུངས་གཉེར་བྱང་གཏདཿ དེ་ནས་བཀོད་པ་ལྷུན་གྲུབ་ཏུཿ སངས་རྒྱས་ཐོབ་པར་ལུང་བསྟན་ཏོཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་


PKT001_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤བ༽པ་ལསཿ རྟ་ཕག་གིས་རཱུ་ཏྲ་བཏུལ་བའི་ལེའུ་སྟེ་དྲུག་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

ནུས་ལྡན་རྡོ་རྗེས་སངས་རྒྱས་སྟོང་རྩ་གཉིས་ལ་དབང་བསྐུར་ལུང་བསྟན་པའི་ལེའུ།


PKT001_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྤྲུལ་སྐུའི་བསྟན་པ་གངས་ཆེན་མཚོཿ སངས་རྒྱས་སྟོང་རྩར་དབང་བཅུ་བསྐུར་ཚུལ་ནིཿ འཇིག་རྟེན་ཞིང་ཁམས་རྣམ་པར་བརྒྱན་པ་ཞེསཿ རབ་ཏུ་དགའ་བ་མཛེས་པའི་གླིང་བཞི་པཿ འབྱོར་པ་ལེགས་པ་ཡངས་ཤིང་ཐ་གྲུ་ཆེཿ གླིང་བཞི་རེ་རེ་ལ་ཡང་དཔག་ཚད་ནིཿ བརྒྱད་ཁྲི་བཞི་སྟོང་ཡོད་པའི་ཞིང་ཁམས་ནཿ དེ་དབུས་བསོད་ནམས་ཕུང་པའི་ཕོ་བྲང་ནིཿ རྣམ་པར་དག་པ་ཅན་ཞེས་བྱ་བ་ཡོདཿ ཡངས་ཤིང་རྒྱ་ཆེ་སྐྱེད་མོས་ཚལ་ཁྲིས་བརྒྱནཿ དེ་ན་འཁོར་ལོ་སྒྱུར་བའི་རྒྱལ་པོ་ནིཿ ཡུལ་འཁོར་སྲུང་ཞེས་བྱ་བ་བདེ་བར་བཞུགསཿ རྒྱལ་སྲིད་རིན་ཆེན་སྣ་བདུན་དག་དང་ལྡནཿ གླིང་བཞིར་དབང་སྒྱུར་བཙུན་མོ་བདུན་འབུམ་ཡོདཿ བཙུན་མོ་རྣམས་ལ་བུ་ནི་སྟོང་ཚོ་གཅིགཿ མཚན་ནི་བཟང་པོ་སུམ་ཅུ་གཉིས་ཀྱིས་བརྒྱནཿ དེ་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ཿ ཟླ་བ་ཉ་ཚེ་མེ་ཏོག་སྣ་ཚོགས་ཀྱིསཿ གང་བའི་སྐྱེད་མོས་ཚལ་གྱི་སར་སོང་ནསཿ རབ་ཏུ་རྩེ་ཞིང་དགའ་མགུར་སྤྱོད་པར་གྱུརཿ བཙུན་མོའི་དམ་པ་མ་སྨད་མ་ཞེས་དང་ཿ བཙུན་མོ་དཔེ་མེད་མ་ཞེས་བྱ་བ་གཉིསཿ རྫིང་བུ་དགའ་བ་ཞེས་བྱར་ཁྲུས་བྱས་ཏེཿ ལུས་ལ་སྤོས་ཆུས་བགོས་ནས་སེང་གེའི་ཁྲིཿ པདྨའི་འབྱུང་གནས་བཟང་པོ་ལ་འདུག་སྟེཿ དེ་དག་གཉིས་ཀྱི་པང་དུ་རྒྱལ་བུ་ནིཿ གཞོན་ནུ་གཟུགས་བཟང་མཛེས་པ་ལྟ་ན་སྡུགཿ ཁ་དོག་བཟང་པོ་རྒྱས་པ་ཆོག་མི་ཤེསཿ


PKT001_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༥ན༽གཉིས་ནི་སྐྱིལ་མོ་ཀྲུང་བཅས་བརྫུས་ཏེ་ཕྱུང་ཿ དེ་ནས་སྐད་ཅིག་སྟེང་གི་བར་སྣང་ལསཿ ཁྱེའུ་འདི་ཉིད་ཆོས་ཀྱི་སེམས་དཔའ་འོཿ དཔེ་མེད་མ་བུ་ཆོས་ཀྱི་བློ་གྲོས་སོཿ ཞེས་པ་ལྷ་རྣམས་དུས་གཅིག་སྒྲ་འབྱིན་ཏོཿ དེ་ནས་ཁྱེའུ་གཉིས་ཀྱིས་ཚིགས་བཅད་པཿ གང་དག་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ཅིང་ཿ འཇིག་རྟེན་མགོན་པོ་ཡུལ་དུ་བྱུང་བ་ལཿ རབ་ཏུ་དད་པའི་སེམས་ཀྱིས་ཕྱག་འཚལ་བཿ དེ་དག་རྙེད་པ་རབ་རྙེད་གྲོས་པོ་དགཿ དགེ་བའི་རྩ་བ་བསྐྱེད་ནས་འཛམ་གླིང་བདེཿ སེམས་ཅན་ཀུན་ལ་ཕན་བྱེད་ཚན་པོ་ཆེཿ མཐོ་རིས་དག་ན་རིན་ཆེན་མཆོག་ཡོད་པཿ མི་ཡི་མཆོག་དང་འདིར་ནི་མཚུངས་པ་མེདཿ ཅེས་པ་ལ་སོགས་ཚིག་བཅད་མང་གསུངས་ནསཿ དེ་ནས་མ་ཡི་པང་ནས་བབས་ནས་སུཿ རྒྱལ་པོ་ཡུལ་འཁོར་སྲུང་གི་དྲུང་སོང་སྟེཿ རྐང་པར་ཕྱག་བྱས་ཐལ་མོ་སྦྱར་ནས་འདུགཿ ཡབ་གཅིག་བདག་གི་མཆིང་འདི་གསན་དུ་གསོལཿ བསྐལ་པ་བྱེ་བར་ཆོས་རྙེད་རབ་ཏུ་དཀའཿ དེ་རྙེད་ནས་ནི་བྱང་ཆུབ་མ་ཐོབ་པརཿ མཁས་པ་དག་ནི་གཞར་ཡང་མི་གཏོང་ངོ་ཿ བདུད་རྩི་ཞི་བ་འདུས་མ་བྱས་པ་ཡིཿ ཆོས་དེ་དང་ནི་གང་ཡང་མཚུངས་པ་མེདཿ སེམས་ཅན་ཐམས་ཅད་རབ་ཏུ་དགའ་བར་འགྱུརཿ དེ་བས་དམ་ཆོས་རིན་ཆེན་མཆོག་ཏུ་གསུངསཿ ཞེས་


PKT001_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༥བ༽པ་ལ་སོགས་ཚིགས་བཅད་མང་དུ་གསུངསཿ དེ་ནས་ཆོས་ཀྱི་རྒྱལ་པོ་ཡུལ་འཁོར་སྲུང་ཿ དབེན་པར་སོང་སྟེ་གསང་སྔགས་རྣལ་འབྱོར་པཿ ནུས་ལྡན་རྡོ་རྗེ་ཞེས་བྱའི་བླ་མའི་དྲུང་ཿ རྒྱལ་པོས་ཐལ་མོ་སྦྱར་བྱས་འདུག་ནས་སུཿ ཆོས་ཀྱི་ཤུགས་ཀྱིས་མིག་ནས་མཆི་མ་ཕྱུང་ཿ སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་པཿ བཙུན་མོའི་ཕག་ན་ལྷ་ཕྲུག་བརྫུས་སྐྱེས་པའིཿ འཇིགས་པ་ཐམས་ཅད་བདག་ལ་མེད་པར་གྱིསཿ ཚིགས་སུ་བཅད་པ་དེ་དག་གསོལ་པ་དང་ཿ ནུས་ལྡན་རྡོ་རྗེས་རྒྱལ་པོའི་སྙན་གསོལ་པཿ ཆོས་བསྟན་རྣམ་པ་སྣ་ཚོགས་རྒྱ་ཆེ་བཿ ཇི་ལྟར་སངས་རྒྱས་སྟོང་སྐུ་མང་པོ་ཡིཿ རྟགས་དང་མཚན་མ་ཤིན་ཏུ་བཀྲ་ཤིས་པཿ རིན་ཆེན་བུམ་པར་ཁྱེའུའི་མིང་བཅུག་སྟེཿ དཀྱིལ་འཁོར་དབུས་བཞུགས་བསྒྲུབས་པས་ཐམས་ཅད་འགྲུབཿ ཅེས་གསུངས་དེ་ནས་རྒྱལ་པོ་ཡུལ་འཁོར་སྲུང་ཿ བཀོད་པ་ཆེན་པོའི་ཁང་པ་བརྩེགས་པའི་དབུསཿ སེང་ཁྲི་པདྨའི་འབྱུང་གནས་བཟང་པོར་འདུགཿ ནང་དུ་ཡང་དག་འཇོག་ཅིང་འདི་ལྟར་བསམཿ བདག་གི་གཞོན་ནུ་འདི་དག་ཐམས་ཅད་ནིཿ བླ་མེད་ཡང་དག་ཞུགས་པ་ཤ་སྟག་སྟེཿ གཞོན་ནུ་འདི་དག་ཐམས་ཅད་ནང་ནས་ནིཿ ཐོག་མར་སངས་རྒྱས་གང་འགྲོ་བ་རྟག་གོ་སྙམཿ རིན་ཆེན་སྣ་བདུན་བུམ་པ་བྱེད་དུ་


PKT001_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦ན༽བཅུགཿ བྱི་དོར་ལེགས་པར་བྱས་ཤིང་འོ་མ་དང་ཿ རཏྣ་འབྲུ་དང་མེ་ཏོག་དྲི་བཟང་བླུགཿ གཞོན་ནུ་དེ་དག་མིང་བྲིས་བུམ་པར་བཅུགཿ ཁ་རྒྱན་མགུལ་ཆིངས་རིན་ཆེན་སྣ་ཚོགས་དང་ཿ པདྨ་སྣ་ཚོགས་ཡིད་བཞིན་ནོར་བུས་བརྒྱནཿ བལྟ་ན་སྡུག་བྱས་པདྨའི་སྟེང་དུ་བཞགཿ བཀའ་རྣམས་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་ནསཿ ནུས་ལྡན་རྡོ་རྗེས་ཞག་བདུན་བར་དུ་བསྒྲུབསཿ ལྷ་ཡི་མེ་ཏོག་སྤོས་དང་ཕྱེ་མ་དང་ཿ བདུག་པ་དང་ནི་བྱུག་པའི་རིགས་རྣམས་དང་ཿ རོལ་མོ་སིལ་སྙན་རྣམས་ཀྱིས་ཞག་བདུན་མཆོདཿ རྒྱལ་པོ་བཙུན་མོ་བུ་སྟོང་འཁོར་དང་བཅསཿ རྫུས་སྐྱེས་གཉིས་ཀྱི་མདུན་དུ་བུམ་པ་བཞགཿ དེ་ནས་ནུས་ལྡན་རྡོ་རྗེས་དབང་བསྐུར་བཿ སྤྱི་དབང་ཉེར་ལྔ་བྱེ་བྲག་དབང་བཅུ་དང་ཿ སྒོས་དབང་དབང་གི་ཆུ་བོ་བཞི་ཕབ་བསྐུརཿ ལུང་བསྟན་བུམ་པའི་ནང་ནས་མིང་ཕྱུང་སྟེཿ ཐོག་མར་གཞོན་ནུ་རྣམ་དག་བློ་གྲོས་བྱུང་ཿ མིང་དེ་བྱུང་མ་ཐག་ཏུ་ས་ཆེན་གཡོསཿ བཙུན་མོའི་འཁོར་གྱི་ལག་གི་སིལ་སྙན་དང་ཿ རོལ་མོ་ཐམས་ཅད་མ་དཀྲོལ་སྒྲ་འབྱིན་གྱུརཿ དེ་ནས་ནུས་ལྡན་ཐོག་མར་མིད་བྱུང་བའིཿ གཞོན་ནུ་རྣམ་དག་བློ་གྲོས་བྱ་བ་དེཿ སངས་རྒྱས་འཁོར་བ་འཇིག་ཏུ་ལུང་བསྟན་གྱུརཿ


PKT001_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦བ༽དེ་འོག་གཞོན་ནུ་རྣམ་དག་རྒྱལ་ཞེས་བྱུང་ཿ དེ་ནི་སངས་རྒྱས་གསེར་ཐུབ་ལུང་ཡང་བསྟནཿ དེ་འོག་དབང་པོ་ཞི་བ་ཞེས་བྱ་བྱུང་ཿ སངས་རྒྱས་འོད་སྲུངས་ཞེས་བྱར་ལུང་ནི་བསྟནཿ དེ་འོག་གཞོན་ནུ་དོན་ནི་གྲུབ་པ་བྱུང་ཿ སངས་རྒྱས་ཤཱཀྱ་ཐུབ་པར་ལུང་ཡང་བསྟནཿ དེ་འོག་གཞོན་ནུ་སྐ་རགས་ཅན་ཞེས་བྱུང་ཿ དེ་ནི་བྱམས་པ་ཞེས་བྱར་ལུང་ཡང་བསྟནཿ དེ་འོག་གཞོན་ནུ་མཆོག་གི་བློ་གྲོས་བྱུང་ཿ དེ་ནི་སངས་རྒྱས་སེང་གེར་ལུང་ཡང་བསྟནཿ དེ་ནས་ཐ་ཆུང་བློ་མཐའ་ཡས་མིང་བྱུང་ཿ དེ་ནི་མོས་པ་ཞེས་བྱར་ལུང་ཡང་བསྟནཿ དེར་ནི་སྣག་གི་གཉན་མཚམས་སྤུན་ན་རེཿ བདག་ཅག་རྣམས་ཀྱིས་སེམས་ཅན་ཡོངས་སྨིན་བྱསཿ དེ་ཡི་འོག་ཏུ་ཁྱོད་ཀྱིས་ཅི་བྱར་ཡོདཿ ཅེས་བརྗོད་བློ་མཐའ་ཡས་ཀྱིས་ལན་སྨྲས་པཿ སངས་རྒྱས་རྣམས་ནི་ནམ་མཁའ་མཚུངས་ཤིང་འདྲཿ བདག་ཡིད་སེམས་ཅན་ཟད་པ་མེད་སྙམ་བགྱིདཿ ཚུལ་ཁྲིམས་དག་པས་སྨོན་ལམ་འདི་དག་འགྱུརཿ བདག་གི་སྨོན་ལམ་ཅི་འདྲ་འདིར་གསོལ་ཅིགཿ ཁྱོད་ཀྱི་ཚེ་ཚད་ཅི་ཙམ་བདག་ལ་བསྡོམསཿ ཆོས་ཀྱི་རྒྱལ་པོ་ཇི་སྙེད་ཀུན་བསྡོམས་པཿ ཐམས་ཅད་བསྡོམས་པ་དེ་དག་བདག་ཆེར་གྱུརཿ ཅེས་པ་སྨྲས་མ་ཐག་ཏུ་ལྷ་རྣམས་ཀྱིསཿ ཁྱོད་ཀྱི་བསམ་པ་རྫོགས་པར་གྱུར་


PKT001_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༧ན༽ཅིག་བརྗོདཿ སངས་རྒྱས་སྟོང་དུ་གཅིག་གིས་མ་ཚད་པཿ དེ་བཞིན་གཤེགས་པ་མོས་པས་བྱེད་པར་འགྱུརཿ དེ་ནས་རྫུས་སྐྱེས་གཉིས་ཀྱི་མིང་མ་བྱུང་ཿ ཁོང་རང་གཉིས་ལ་ཇི་ལྟར་ཡིན་ཞེས་དྲིསཿ གཞོན་ནུ་ཆོས་ཀྱི་སེམས་དཔའི་ཞལ་ན་རེཿ ཕུ་བོ་སྟོང་གི་བར་ཆད་བསྲུང་བ་ཡིཿ སྡུད་པ་པོ་ནི་ལག་ན་རྡོ་རྗེ་ཡིནཿ གཞོན་ནུ་ཆོས་ཀྱི་བློ་གྲོས་ཞལ་ན་རེཿ ཕུ་བོ་སྟོང་གི་ཞུ་བ་པོ་བྱེད་པཿ ཚངས་པའི་དབང་པོ་ཡིད་བཞིན་དེ་ཡིན་ནོཿ དེ་ནས་གཞོན་ནུ་སྟོང་པོ་དེ་དག་གིསཿ ཆོས་ཀྱི་སེམས་དཔའ་ཆོས་ཀྱི་བློ་གྲོས་ལཿ རིགས་ཀྱི་བུ་གཉིས་སྨོན་ལམ་ཇི་ལྟར་བཏབཿ དེ་ལན་ཆོས་ཀྱི་སེམས་དཔས་སྨྲས་པ་ནིཿ བདག་གིས་ཁྱོད་རྣམས་བར་ཆད་བསྲུང་བ་དང་ཿ ཕྱི་ནང་སངས་རྒྱས་ཆོས་རྣམས་ཉན་པ་དང་ཿ ལག་ན་རྡོ་རྗེར་སྟོན་པར་སྨོན་ལམ་བཏབཿ དེ་ནས་ཆོས་ཀྱི་བློ་གྲོས་ཀྱིས་སྨྲས་པཿ བདག་གིས་ཁྱོད་རྣམས་བྱང་ཆུབ་ཐོབ་པའི་ཚེཿ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་སྟེཿ ཆོས་བསྐུལ་ཆོས་ཉན་བྱེད་པར་སྨོན་ལམ་བཏབཿ ཅེས་སྨྲས་སོཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ རྣལ་འབྱོར་པ་ནུས་ལྡན་རྡོ་རྗེས་སངས་རྒྱས་སྟོང་རྩ་གཉིས་ལ་དབང་བསྐུར་ལུང་བསྟན་པའི་ལེའུ་སྟེ་བདུན་པའོཿ ཿཐ་ཐ་ཉ་རྒྱ་རྒྱཿ ཿ

བསྟན་པ་གཉིས་ལྡན་བྱུང་ཚུལ་བསྟན་པའི་ལེའུ།


PKT001_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སངས་རྒྱས་བསྟན་པ་འཕེལ་བྱའི་ཕྱིརཿ པད་འབྱུང་རྫོགས་པའི་སངས་རྒྱས་བཀའ་བཞིན་དུཿ མདོ་ལྟར་འཛམ་གླིང་བྱེ་བ་ཕྲག་བརྒྱ་སྟེཿ སྔགས་ལྟར་འཛམ་གླིང་བྱེ་བ་ཕྲག་ས་ཡཿ དེ་བཞིན་སྒྲ་མི་སྙན་དང་ཤར་ནུབ་བོཿ བསྟན་པ་གཉིས་ལྡན་ཆགས་པ་ཛམ་བུའི་གླིང་ཿ བཀྲ་ཤིས་རབ་རྫོགས་ལས་ཀྱི་ས་པ་འདིརཿ རིགས་ལྔ་བྱོན་རྟིང་མུན་བསྐལ་ལྔ་བརྒྱ་བྱུང་ཿ དེ་ནས་བསྐལ་པ་རྫོགས་ལྡན་བྱ་བ་ལཿ མང་པོས་བཀུར་བའི་ཡར་དེད་ལྷ་དགུ་བྱུང་ཿ སྤྱིར་གྱི་འཁོར་ལོ་སྒྱུར་བའི་རྒྱལ་པོ་དང་ཿ སྤྲུལ་སྐུའི་བསྟན་པའི་བདག་པོ་སངས་རྒྱས་གཅིགཿ ལོངས་སྐུའི་བསྟན་པ་འཛིན་པའི་རྫུས་སྐྱེས་གཅིགཿ གཅན་གཟན་རྒྱལ་པོ་གངས་ཀྱི་སེང་གེ་གཅིགཿ འདབ་ཆགས་རྒྱལ་པོ་མཁའ་ལྡིང་ཁྱུང་ཆེན་གཅིགཿ མེ་ཏོག་རྒྱལ་པོ་ཨུ་དུམྦཱ་ར་གཅིགཿ འདི་དག་དུས་མཚུངས་གཅིག་ཏུ་བྱུང་བ་ལཿ རྒྱལ་པོ་འདི་དུས་གང་ཡང་མ་བྱོན་ཏེཿ ཆོས་ཀྱིས་སྐྱེ་རྒུ་མགུ་བར་བྱེད་ཅིང་སྐྱོང་ཿ ཚུལ་ཁྲིམས་དང་ནི་ཤེས་རབ་ཉམས་བླངས་པསཿ མི་ཡི་རྒྱལ་པོ་ཞེས་སུ་གྲགས་པའོཿ དེ་ནས་མི་རབས་ལྔ་ནས་བསྟན་གཉིས་འབྲེལཿ ཀུན་གྱི་སྤྱོད་ཡུལ་བསྟན་པ་གཉིས་ལྡན་དུསཿ འཁོར་ལོ་སྒྱུར་བའི་རྒྱལ་པོར་གྱུར་པའི་མིང་ཿ ཏ་ལའི་རྐང་ལ་བུ་ནི་སྤྱི་བོ་སྐྱེསཿ གདུང་བརྒྱུད་བརྒྱ་དང་ཉི་ཤུ་རྩ་དགུ་ནིཿ སྤྲུལ་སྐུའི་བསྟན་པ་སྤྱོད་ཞིབ་རེ་དོགས་ཀྱིསཿ བྱང་ཆུབ་དོན་གཉེར་ཕར་ཕྱིན་བདེ་བར་འགྲོཿ


PKT001_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༨ན༽ངོ་བོ་བདག་པོ་སངས་རྒྱས་མར་མེ་མཛདཿ འཁོར་བ་འཇིག་དང་རིབ་མཐོར་གཤེགས་པ་དང་ཿ བདེ་མཛད་དོན་གཟིགས་རྒྱལ་ཞེས་བྱ་བ་དང་ཿ རིམ་པར་སྐར་རྒྱལ་བྱོན་ནས་ཆོས་འཁོར་བསྐོརཿ ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡང་ཿ བསྡུ་ན་གསུང་རབ་ཡན་ལག་བཅུ་གཉིས་ཏེཿ དེ་ཡང་བསྡུ་ན་སྡེ་སྣོད་གསུམ་ལ་སོགསཿ གདུལ་བྱའི་ཞིང་ཁམས་མི་མཇེད་འཇིག་རྟེན་ཁམསཿ ལོངས་སྐུའི་བསྟན་པ་འབྲས་བུ་ཁོ་ན་ཉིདཿ སྤང་བླང་མེད་པས་ངེས་པ་རྙེད་པའི་ཆོསཿ གསང་སྔགས་སྨྲ་བ་པདྨའི་བླ་ཞེས་དང་ཿ གུ་རུ་གྲགས་པའི་བླ་ཞེས་བྱ་བ་ཡིསཿ རྒྱལ་པོ་དགྲ་འདུལ་ཡན་ཆད་གདུལ་བྱར་བསྒྱུརཿ རྒྱུད་སྡེ་ཕྱི་ནང་བསམ་གྱིས་མི་ཁྱབ་དང་ཿ བརྒྱ་ཕྲག་བཅུ་མ་སྟོང་ཕྲག་ཉི་ཤུ་ལྔཿ ཏནྡྲ་སྡེ་ནི་བཅོ་བརྒྱད་ལུང་མདོ་བདུནཿ བསྡུ་ན་ཡོག་རྣམ་པ་གསུམ་དུ་འདུསཿ འདུལ་བྱའི་ཞིང་ཁམས་ནམ་མཁས་གར་ཁྱབ་བོཿ དེ་ནས་བསྐལ་པ་གསུམ་ལྡན་དུས་ཀྱི་ཚེཿ མ་ག་དྷཿཡི་གྲོང་ཁྱེར་སྤོས་ལྡན་ནཿ རྒྱལ་པོ་ལག་བརྐྱང་བུ་ཚ་ཡང་ཚ་ནིཿ རྒྱལ་བརྒྱུད་འབུམ་དང་བདུན་ཁྲི་བཞི་སྟོང་ནིཿ བདེ་སྐྱིད་རྒྱ་མཚོ་བསྟན་པ་གཉིས་ལྡན་གྱིསཿ སེམས་ཅན་ལས་ལས་སྐྱེས་པའི་སྡུག་བསྔལ་ཞིཿ མི་དགེ་བཅུ་ནུབ་སངས་རྒྱས་རྣམ་པར་གཟིགསཿ གཙུག་ཏོར་ཅན་དང་ཐམས་ཅད་སྐྱོབ་པ་དང་ཿ ལོག་པར་དད་སེལ་གསེར་ཐུབ་སངས་རྒྱས་ལྔསཿ ཤེས་རབ་ཕར་ཕྱིན་ཏེ་


PKT001_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༨བ༽སྣོད་གསུམ་གྱིས་བཏུལཿ ལྟ་སྤྱོད་སྦྱོར་སྒྲོལ་གཉིས་སུ་ལ་དོལ་བཿ དབང་པོ་རབ་ནི་ཚེ་གཅིག་བདེ་འགྲོར་འགྲོཿ བདེ་སྐྱིད་རྡོ་རྗེ་ཟག་མེད་འོད་གསལ་དང་ཿ ཀཱ་ལིང་དུལ་སྐྱོངས་མདྷ་འཆང་དང་ཿ གུ་རུ་ཡོན་ཏན་བློ་ལྡན་བླ་མེད་གསུང་ཿ ཞི་བ་རྡོ་རྗེ་དབྱིངས་དང་བཀའ་འདུས་དང་ཿ བདེ་གཤེགས་འདུས་པ་བླ་མེད་དོན་རྫོགས་དང་ཿ མ་གཤིན་ཕུར་པ་སྒྱུ་འཕྲུལ་ཞི་ཁྲོས་བཏུལཿ དེ་ནས་གྲོང་ཁྱེར་ཀུན་ཏུ་སྣང་ཞེས་པརཿ རྒྱལ་པོ་ཆེ་ནས་བྱིར་བུ་ཚ་ཡང་ཚ་ནིཿ བདུན་འབུམ་དགུ་ཁྲི་བརྒྱ་དང་བཞི་བཅུ་བརྒྱདཿ མི་རྣམས་ལ་ནི་ཆོས་སྟོན་འོད་སྲུང་གིསཿ ཚུལ་ཁྲིམས་བསླབ་པ་ཏིང་འཛིན་བསླབ་པ་དང་ཿ ཤེས་རབ་བསླབ་པ་གསུམ་གྱིས་གུས་ཅན་བཏུལཿ གུ་རུ་ཐབས་ཤེས་དབྱིངས་སྦྱོར་བྱ་བ་བྱོནཿ རྒྱལ་པོ་རྣ་བ་ཅན་ནི་ཡན་ཆད་དུཿ གསང་སྔགས་བླ་མེད་རྡོ་རྗེ་ཐེག་པ་གསུངསཿ དེ་ནས་རྩོད་ལྡན་དུས་ཀྱི་ཐ་མ་ལཿ ཐབས་ཤེས་དབྱིངས་སྦྱོར་ཚེ་ཡི་དུས་བྱས་ནསཿ ཉི་འོག་རྒྱལ་པོ་རྣ་བ་ཅན་གྱི་བུཿ གོའུ་ཏ་མ་ཞེས་བྱར་སྐྱེ་བ་བླངསཿ ཡབ་ནི་རྒྱལ་པོར་ཞུ་བ་བྱས་ནས་སུཿ དྲང་སྲོང་མདོག་ནག་ཅེས་བྱར་རབ་ཏུ་བྱུང་ཿ ཡུལ་གྲུ་འཛིན་གྱི་སྨད་འཚོང་བཟང་མོ་དང་ཿ སྐྱེས་བུ་གཡོན་ཅན་པདྨའི་རྩ་ལག་གཉིསཿ གདུལ་བྱའི་ཞིང་དུ་གཟིགས་ནས་སྲོག་བློས་བཏང་ཿ གྲུ་འཛིན་ཉེ་འཁོར་ལོ་མའི་སྐྱིལ་པོ་བྱསཿ ནང་དུ་གོའུ་ཏ་མ་གནས་པ་ལཿ དེ་ཚེ་


PKT001_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༩ན༽གྲུ་འཛིན་སྨད་འཚོང་བཟང་མོ་དང་ཿ སྐྱེས་བུ་གཡོན་ཅན་པདྨའི་རྩ་ལག་གཉིསཿ དགའ་མགུར་སྤྱོད་ཕྱིར་གོས་དང་རྒྱན་ཐོགས་ཚདཿ མི་གཞན་ཞིག་གིས་ཀརྴ་པ་ཎི་ནིཿ ལྔ་བརྒྱ་ཐོགས་ནས་སྨད་འཚོང་བཟང་མོ་ལཿ དགའ་མགུར་སྤྱད་ཀྱི་ཚུར་ཤོག་སྨྲས་པ་དང་ཿ བསམས་ཏེ་པདྨའི་རྩ་ལག་བརྫུན་བཏང་ནསཿ ང་དང་ལྷན་ཅིག་རྩེ་བར་གྱུར་པ་ལཿ དེ་ནས་བཟང་མོའི་བུ་མོ་མངག་གཞུག་མསཿ སྐྱེས་བུ་པདྨའི་རྩ་ལག་ལ་བཟླས་ཏེཿ བཟང་མོས་བཟོད་པར་གསོལ་ཀྱང་གྲི་ཕྱུང་བསདཿ དེ་ནས་བུ་མོས་ཇོ་མོ་བསད་དོ་ཞེསཿ ཀུ་ཅོའི་སྒྲ་བཏོན་ཀུན་གྱིས་ཐོས་ནས་བརྒྱུགསཿ གཡོན་ཅན་པདྨའི་རྩ་ལག་དག་ནས་སུཿ དེ་ཚོར་མ་བཟོད་རལ་གྲི་ཁྲག་ཅན་ནིཿ དྲང་སྲོང་གོའུ་ཏ་མའི་མདུན་དུ་བོརཿ སྨྲ་བ་ཅན་མང་སྐྱེ་བོས་ཚོགས་མདུན་ཞུགསཿ དེ་ནས་སྐྱེ་བོའི་ཚོགས་ཀྱིས་ཡིད་མ་འོསཿ རལ་གྲི་ཁྲག་ཅན་མཐོང་ནས་སྨྲས་པ་ནིཿ སངས་རྒྱས་བསྟན་ལ་རབ་ཏུ་བྱུང་བ་འདིསཿ བཟང་མོ་དང་ནི་ལྷན་ཅིག་དགའ་མགུར་སྤྱདཿ དགེ་འདུན་བསྟན་པ་ཅི་འདྲ་བསད་དོ་བསྒྲགསཿ དྲང་སྲོང་གོའུ་ཏ་མས་མ་ཉེས་པའིཿ བདེན་ཚིག་ཞི་བར་སྨྲས་ཀྱང་མ་ཕན་ཏེཿ དམ་དུ་བཅིངས་ནས་རྒྱལ་པོའི་ཕྱག་ཏུ་ཕུལཿ ཆད་པས་གཅད་ཕྱིར་གསལ་ཤིང་རྩེ་ལ་བསྐྱོནཿ མཁན་པོ་མདོག་ནག་གནས་སུ་འགྲོ་བ་ཡིསཿ ལམ་ནས་མཐོང་སྟེ་མདུན་དུ་ཕྱིན་ནས་སུཿ སྨྲས་པ་ཀྱི་


PKT001_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༩བ༽ཧུད་བུ་འདིས་ཅི་ཞིག་བྱསཿ གོའུས་སྨྲས་པ་མཁན་པོ་ལས་བསགས་མོདཿ མཁན་པོས་སྨྲས་པ་རྨ་ཕྱུང་བའམ་ནིཿ གནོད་པ་ཞིག་མ་བྱས་ན་དང་དྲག་སྟེཿ གོའུས་སྨྲས་པ་མཁན་པོ་བདེན་པར་གསོནཿ གོའུ་ཏ་མས་བཟང་མོ་མ་བསད་ནཿ མཁན་པོའི་སྐུ་མདོག་གསེར་དུ་འགྱུར་བར་ཤོགཿ ཅེས་པའི་མ་ཉེས་བདེན་པ་བརྗོད་པ་ཡིསཿ མཁན་པོའི་པགས་པ་ནག་པོ་གསེར་དུ་གྱུརཿ དྲང་སྲོང་གསེར་མདོག་ཅན་ཞེས་ཡོངས་སུ་གྲགསཿ ལྷ་མའི་ཁྱུ་མཆོག་ངོ་མཚར་མཆོག་ཏུ་གྱུརཿ དེ་ནས་མཁན་པོས་རྫུ་འཕྲུལ་རྫི་ཆར་ཕབཿ ལུས་ལ་ཕོག་ནས་མེ་རླུང་དྲག་པོས་རེགཿ སྡུག་བསྔལ་གནས་ལེན་སྔོན་ཡུལ་སྤྱད་པ་ཡིཿ འཁྲིག་པའི་འདོད་ཆགས་རྫས་སུ་དྲན་པར་བརྩམསཿ ཇི་བཞིན་ཇི་ལྟར་རྗེས་སུ་དྲན་བྱས་པསཿ ཁུ་བའི་ཐིགས་པ་གཉིས་དང་ཁྲག་འདྲེས་པཿ ས་ལ་ལྷུང་བས་སྒོ་ང་གཉིས་སུ་གྱུརཿ ཉི་མའི་ཟེར་གྱིས་སྨིན་ཅིང་བརྡོལ་བ་དང་ཿ ཁྱེའུ་གཉིས་བྱུང་བུ་རམ་ཤིང་ཚལ་ཞུགསཿ དེ་ནས་སྨྲས་པ་ཅན་ནི་མང་པོ་བོསཿ གོའུ་ཏ་མ་གསལ་ཤིང་རྩེ་ནས་ཕབཿ རྒྱལ་པོས་ཇི་ལྟར་བྱས་ཞེས་དྲིས་པ་ལསཿ གོའུ་ཏ་མ་དེ་ཉིད་ཤི་བར་གྱུརཿ དྲང་སྲོང་གསེར་མདོག་བདེན་པ་བརྗོད་པ་ནིཿ གོའུ་ཏ་མས་བཟང་མོ་མ་བསད་ནཿ ལས་སྨིན་གཡོན་ཅན་པདྨའི་རྩ་ལག་གྱུརཿ ཅེས་པའི་བདེན་བརྗོད་ལྷ་རྣམས་མཁའ་ལ་བྱོནཿ རྒྱལ་པོ་དམངས་ཀྱི་ཚོགས་ལ་ལྷས་སྨྲས་པཿ ཉེས་


PKT001_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༠ན༽མེད་དེ་དག་བསམ་པ་ཇི་ལྟ་བུའིཿ རེ་བ་ཡོངས་སུ་རྫོགས་པར་མི་བྱེད་པའིཿ རྒྱལ་པོ་ཆོས་ལ་མི་གནས་ཆོས་མིན་ཕྱོགསཿ སེམས་ཅན་རྣམས་ལ་བདེ་བ་མ་འབྱུང་ཞིང་ཿ གྲོང་ཁྱེར་ཀུ་ཤའི་ཚོང་དུས་འཇིག་པར་འགྱུརཿ ཡུལ་འཁྲུགས་ནད་ཡམས་མུ་གེ་འབྱུང་བར་འགྱུརཿ དེར་ནི་ཇག་ཚོམ་གཡོ་བྱེད་མང་བར་འགྱུརཿ ཚེ་འདི་ལེགས་པར་བྱས་དང་ཉེས་བར་བྱསཿ བྱ་བ་གང་ཡིན་བྱེད་ན་ཆོས་རྒྱལ་ཡིནཿ ཆོས་དང་མི་ལྡན་སྐྱེ་བོ་ངན་པ་བཀུརཿ ཆོས་ལྡན་ཉེས་མེད་ཆད་པས་བཅད་པ་ནཿ ཁྲིམས་འཇིག་ཉོན་མོངས་བརྒྱ་ཡིས་རྣམ་པར་འཁྲུགཿ དེ་བས་ཉེས་བྱས་ནག་ཅན་གང་ཡིན་པཿ རང་གིས་མི་དགེའི་ས་བོན་བཏབ་པ་ཡིསཿ རྣམ་སྨིན་འདི་བྱས་པས་ན་འདི་འབྱུང་ཡིནཿ གོ་དོན་རྣ་བར་ལྷོན་ལས་སེམས་ལ་གཞིགསཿ སྟོབས་མཐུས་ཉེས་པར་བྱས་པ་ཞི་བའི་ཕྱིརཿ དྲག་པོས་ཚར་བཅད་ལུས་ཀྱི་སྟོབས་ཉམས་གཞུགཿ དབང་པོའི་དངས་མ་མིག་གཉིས་འབྱིན་པ་དང་ཿ ཡན་ལག་དམ་པ་མགོ་བོ་འབྲེག་པ་དང་ཿ རྒྱུ་འབྲས་རྣམ་པ་ཐ་དད་བསྟན་པའི་ཕྱིརཿ སྡངས་སྒྲག་དྲག་ལས་མང་པོ་གང་ཡང་རུང་ཿ མི་དགའི་ལུས་སེམས་དགེ་བའི་ཁྲིམས་ཀྱིས་འཛིནཿ དངོས་པོའི་ངོ་བསྲུང་ཕྲ་མའི་ཕྱོགས་མིན་པརཿ འཇིག་རྟེན་སྐྱོང་བ་རྒྱལ་པོའི་ཁྲིམས་བཞིན་བསདཿ མ་དད་པ་རྣམས་དད་པར་བགྱི་བ་དང་ཿ དད་པ་རྣམས་


PKT001_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༠བ༽ནི་སླར་གྱིས་དད་པར་གྱིསཿ མི་བསུན་སྡིག་ཅན་གཡོན་ཅན་འདུལ་བའི་ཕྱིརཿ དཔའ་བརྟན་གོ་ཆ་སྲ་ཞིང་མཚོན་རྣོ་བཿ ས་གཞི་རབ་ཏུ་གཡོ་བའི་ལས་བྱེད་ནཿ ཆ་ལུགས་གཞན་ཡང་ཉེ་འཁོར་འཁོད་པར་འགྱུརཿ ཆར་དུ་དུས་འབབ་རྒྱལ་ཁམས་སྐྱ་ཡང་རྒྱལཿ མི་རྣམས་ཀུན་ལ་བདེ་ལེགས་འབྱུང་བའི་རྟགསཿ མི་ནད་ཕྱུགས་ནད་ལ་སོགས་ཆད་པ་དང་ཿ ཆོས་ཀྱི་བསྟན་པ་འབྱུང་བར་སྨོས་ཅི་དགོསཿ དེ་སྐད་ལྷ་རྣམས་ཀུན་གྱིས་སྨྲས་པ་དང་ཿ རྒྱལ་པོ་ཆེན་པོ་བཞི་ནི་མདུན་ལྷགས་ནསཿ གོའུ་ཏམ་དཔའ་བོ་ཁྱོད་ལ་ནིཿ གསེར་གྱི་མདོག་དང་བསོད་ནམས་བརྒྱ་ཡིས་མཚནཿ བལྟ་ན་སྡུག་ཅིང་མིག་ཏུ་མངོན་མཛེས་ལཿ ལྷ་སྟེ་བྱེ་བ་རབ་ཏུ་དགའ་བར་བྱེདཿ སྐྱེ་བོས་མཐོང་དགའི་ལུས་ནི་རྟག་ཏུ་འཐོབཿ བསྐལ་པ་དག་ནི་བྱེ་བ་བརྒྱ་སྟོང་ཕྲགཿ དགུ་བཅུ་རྩ་དགུར་འཁོར་ལོ་སྒྱུར་རྒྱལ་འགྱུརཿ ས་སྟེང་གནས་རྣམས་རལ་གྲི་གར་སོང་ལྟོསཿ ཞེས་པའི་ཚིག་སྨྲས་རྒྱལ་ཆེན་བཞི་རྣམས་ཀྱིསཿ རལ་གྲི་ཁྲག་ཅན་ནམ་མཁའི་དབྱིངས་ལ་བོརཿ བཟང་མོ་གསོད་མི་སུ་ཡིན་སྟེང་དུ་ཤོགཿ དམོད་པ་བོར་བས་རལ་གྲི་ཐོག་གྱུར་ནསཿ པདྨའི་རྩ་ལག་སྟེང་བབས་ཤི་བར་གྱུརཿ ཐོག་ཟེར་བུ་མོ་གྲོགས་སྤྱོད་གཉིས་ལ་ཕོགཿ གཽ་ཏ་མ་སུམ་ཅུ་རྩ་གསུམ་ལྷ་ཡུལ་དུཿ སྐུ་གསུམ་སྟོན་པ་ཀུན་ཏུ་འཆང་དུ་བཞེངསཿ རྒྱལ་པོ་དེ་ཉིད་ཁྲིམས་ལ་མཁས་པར་གྱུརཿ ཨུ་


PKT001_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༡ན༽རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བསྟན་པ་གཉིས་ལྡན་བྱུང་ཚུལ་བསྟན་པའི་ལེའུ་སྟེ་བརྒྱད་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

གཙུག་ཕུད་རིས་བཟང་གི་སྲས་སུ་འཁྲུངས་པའི་ལེའུ།


PKT001_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཀུན་མཁྱེན་ཀུན་གཟིགས་ཀུན་ཏུ་འཆང་ཿ དད་པ་ཅན་གྱི་ལྷ་གནས་ཕོ་མོ་རྣམསཿ གསང་སྔགས་བླ་མེད་རྡོ་རྗེ་ཐེག་པ་བསྟནཿ བྲམ་ཟེའི་ཁྱིའུ་བླ་མ་ཚེ་འཕོས་པཿ ལྷའི་བུ་དམ་པ་ཏོག་དཀར་ཞེས་བྱ་ལཿ དབང་གི་ཆུ་བོ་ཆེན་པོ་བཞི་ཕབ་སྟེཿ ཡོངས་སུ་འཛིན་པ་དགེ་བའི་བཤེས་གཉེན་དབང་ཿ ཕྱི་ཡི་ཆས་བརྒྱད་སྤྲུལ་པའི་སྐུ་རུ་བསྐུརཿ ཆོས་བཀའ་གཏད་པ་པོ་ཏི་གླེགས་བམ་དབང་ཿ ནང་གི་ཆས་བརྒྱད་ལོངས་སྤྱོད་རྫོགས་སྐུར་བསྐུརཿ རིག་པའི་རྩལ་དབང་ཡི་དམ་ལྷ་ཡི་དབང་ཿ གསང་བའི་ཆས་བརྒྱད་ཆོས་ཀྱི་སྐུ་རུ་བསྐུརཿ ཡོངས་རྫོགས་ཕྱག་རྒྱ་ཆེན་པོ་མཆོག་གི་དབང་ཿ དབང་གི་ཆས་བཅུ་མི་འགྱུར་རྡོ་རྗེར་བསྐུརཿ སྐུ་ལྔའི་བདག་ཉིད་བླ་མེད་རྡོ་རྗེ་འཆང་ཿ ཡུམ་འཁྲིལ་ལྟ་བ་སྤྱི་འབྱམ་མངོན་བྱང་བསྐུརཿ དེ་ལྟར་སྒོས་དབང་རྫོགས་པར་བསྐུར་བྱས་ནསཿ དེ་ནས་སྤྱི་དབང་བཅུ་པོ་བསྐུར་བ་ནིཿ བདུད་རྩི་ཐོབ་ཕྱིར་ཚེ་ལ་དབང་བར་བསྐུརཿ སེམས་ཤེས་ཕྱིར་ན་སེམས་ལ་དབང་བར་བསྐུརཿ ནམ་མཁའ་མཛོད་ཕྱིར་ཡོ་བྱད་བརྙེས་དབང་བསྐུརཿ བག་ཆགས་དང་བཅས་ལས་ཀྱི་ལམ་བཅད་ཕྱིརཿ


PKT001_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༡བ༽ལས་ལམ་བཅད་པ་ཏིང་ངེ་འཛིན་དབང་བསྐུརཿ བསམ་གཏན་བསྐྱེད་ཕྱིར་སྐྱེ་བའི་དབང་ནི་བསྐུརཿ ལྷུན་གྲུབ་འཇུག་པ་ཐོབ་ཕྱིར་རྫུ་འཕྲུལ་བསྐུརཿ ཟད་པར་སྐྱེ་མཆེད་ཐོབ་ཕྱིར་མོས་པ་བསྐུརཿ བསམ་པ་དོན་ཐོབ་བྱ་ཕྱིར་སྨོན་ལམ་བསྐུརཿ ལུས་ངག་ཡིད་ཀྱི་ལས་ཐོབ་ཡེ་ཤེས་བསྐུརཿ ཆོས་དབྱིངས་ཡང་དག་མཐའ་མཉམ་དྲི་མེད་ཕྱིརཿ ཆོས་ལ་དབང་བའི་དབང་དང་བཅུ་བསྐུར་རོཿ ཁྱད་པར་དབང་ནི་ཉི་ཤུ་རྩ་ལྔ་བསྐུརཿ སྐུ་ཡི་དབང་ལྔ་སྤྱི་བོའི་གཙུག་ཏུ་བསྐུརཿ གསུང་གི་དབང་ལྔ་མགྲིན་པའི་གནས་སུ་བསྐུརཿ ཐུགས་ཀྱི་དབང་ལྔ་སྙིང་གའི་གནས་སུ་བསྐུརཿ ཡོན་ཏན་དབང་ལྔ་ལྟེ་བའི་གནས་སུ་བསྐུརཿ འཕྲིན་ལས་དབང་ལྔ་ཡན་ལག་ཀུན་ལ་བསྐུརཿ ལྷ་བརྒྱ་སྟོང་གིས་བསྟོད་ཅིང་བསྐུར་ཏེ་བསྔགསཿ སིལ་སྙན་སྒྲ་དང་གླུ་དབྱངས་སྒྲ་ཡིས་བསྐུལཿ དེ་ནས་ཏོག་དཀར་མི་ཡུལ་བྱོན་པ་ལསཿ ལྷ་འཁོར་རྣམས་ལ་བྱམས་པས་ཆོས་སྟོན་འགྱུརཿ དེ་ཕྱིར་ཏོག་དཀར་རང་གི་མགོ་ནས་ནིཿ ཐོད་དང་ཅོད་པན་བྱམས་པའི་མགོ་ལ་བཞགཿ ཁྱེད་ནི་ང་ཡི་འོག་ཏུ་སངས་རྒྱས་འགྱུརཿ ཞེས་པའི་ལུང་བསྟན་དབང་བསྐུར་གཟེངས་བསྟོད་ནསཿ སེར་སྐྱའི་རྒྱལ་པོ་ཟས་གཙང་སྲས་ལ་གཤེགསཿ དེ་ནས་བླ་མེད་སྟོན་པ་ཀུན་ཏུ་འཆང་ཿ མི་ཡུལ་ཡོ་ག་གསུམ་གྱིས་འདུལ་བར་གཟིགསཿ འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་དེཿ


PKT001_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༢ན༽ལྷའི་བུ་ཡེ་ཤེས་ཏོག་གི་རྒྱལ་མཚན་ཞེསཿ དབང་གི་ཆུ་བོ་ཆེན་པོ་བཞི་ཕབ་ནསཿ ལྷ་མང་དབུས་ཀྱི་ཁྱུ་མཆོག་མངའ་གསོལ་ཏེཿ རྒྱལ་པོ་གཙུག་ཕུད་རིས་བཟང་སྲས་ལ་གཤེགསཿ དེ་ཡི་གཤེགས་ཡུལ་ནུབ་ཕྱོགས་ཨུ་རྒྱན་ཡུལཿ ཡུལ་གླིང་ཉི་ཤུ་རྩ་གཅིག་ཡོད་པའི་དབུསཿ ཨུ་རྒྱན་སྤྲིན་ནག་འདུས་པའི་དུར་ཁྲོད་བྱང་ཿ ཧེ་རུ་ཀ་ཡི་གཙུག་ལག་ཁང་ཞེས་པཿ རྒྱུ་ནི་རིན་ཆེན་སྣ་ཚོགས་ལས་གྲུབ་ཅིང་ཿ དབྱིབས་ནི་ཟླུམ་པོ་མདོག་ནི་མཐིང་ཁ་སྟེཿ ལྷ་ཁང་ཚད་ནི་ཚངས་པའི་འདོམ་གང་པཿ ཕྱོགས་བཞི་དག་ལ་སྒོ་ནི་བཅུ་དྲུག་པཿ འབྱེད་གཅོད་ཐམས་ཅད་དུས་གཅིག་བྱེད་པ་ཡོདཿ མཁའ་འགྲོས་བདག་བྱེད་རང་བྱུང་གཙུག་ལག་ཁང་ཿ ཨུ་ཏ་ལ་ཡེ་གཙུག་ལག་ཁང་ཡང་ཟེརཿ ལུང་བསྟན་གྱི་ནི་ལྷ་ཁང་ཞེས་ཀྱང་ཟེརཿ གྷནྡྷོ་ལ་ཡི་གཙུག་ལག་ཁང་ཡང་ཟེརཿ དེ་ཡི་བདག་པོ་འདོད་པ་བཞིན་བྱེད་པཿ རྒྱལ་པོ་གཙུག་ཕུད་རིས་བཟང་ཞེས་བྱ་སྟེཿ བཙུན་མོ་མཆོད་འོས་མ་ཞེས་བྱ་བ་ལཿ རྒྱལ་བུ་མཚེ་མ་གཉིས་ནི་དུས་གཅིག་སྐྱེསཿ རྒྱལ་བུ་གཉིས་ཀར་དུས་གཅིག་ཁབ་བཞེས་ནསཿ སྲས་གང་སྔ་དེ་རྒྱལ་སར་འདོན་ནོ་གསུང་ཿ བག་མ་གཉིས་ནི་ཉིན་གཅིག་དུས་གཅིག་བླངསཿ རྒྱལ་པོ་གཙུག་ཕུད་རིས་བཟང་ཞལ་ན་རེཿ རྒྱལ་བུ་དུས་གཅིག་སྐྱེ་ཉེན་ཡོད་པས་ནཿ སྐད་ནི་གང་སྔ་ཞིག་གིས་བྱེད་པ་


PKT001_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༢བ༽ཡིནཿ ངའི་ཁྲིའི་གཡས་གཡོན་ཉོལ་ཅིག་གསུངས་ནས་བསྙལཿ ཐོར་ཚུགས་ཅན་གྱི་བཙུན་མོ་གུ་ན་མཿ གཉིད་ལོག་པ་ཡི་རྨི་ལམ་ཟ་ཟིནཿ ལུས་ནས་མི་ཆེན་དཀར་པོ་ཞིག་འཐོན་ནསཿ རྩི་ཤིང་དགས་ཚལ་ཐམས་ཅད་བཅད་པའི་ཤུལཿ ས་དཀར་བྱུགས་ཏེ་རྣམ་པར་དཀར་བར་རྨིསཿ གཅིག་ལ་མོ་ཡི་ལུས་ནས་མི་ནག་འཐོནཿ མགོ་བོ་ཉི་ཟླའི་གསེབ་ཏུ་འཆངས་བ་རྨིསཿ རྒྱལ་པོ་ཉིད་ལ་ཐུགས་ནས་འོད་ཟེར་ནིཿ ཁ་དོག་ལྔ་སོང་ཉི་ཟླའི་གསེབ་སོང་རྨིསཿ ནང་པར་རྨི་ལྟས་ང་བཟང་ང་བཟང་ཟེརཿ རྨིས་ལྟས་མཁན་པོ་བོས་ནས་དྲིས་པ་ཡིསཿ མི་དཀར་དེ་ནི་འགྲོ་བའི་དོན་བྱེད་པའིཿ རྒྱལ་བུ་སྤྲུལ་པའི་སྐུ་ཞིག་སྐྱེ་བའི་རྟགསཿ རྩི་ཤིང་བཅད་པ་གདུག་པ་འདུལ་བ་ཡིནཿ ས་དཀར་བསྟན་པ་རྒྱས་པའི་རྟགས་ཡིན་ནོཿ གཅིག་གི་ལུས་ནས་མི་ནག་ཆེན་པོ་དེཿ རྒྱལ་ས་འཛིན་རྟགས་སྲས་འོང་ལུང་བསྟན་ནོཿ ལོ་དེའི་དཔྱིད་ཟླ་ར་བའི་རྒྱལ་གྱི་ཉིནཿ བུ་རེ་སྐྱེས་ཏེ་སྐད་ཀྱང་མཉམ་པོར་བཏོནཿ ལྟས་བཟང་བྱུང་བས་ཐོར་ཅོག་ཅན་ན་རེཿ དེ་མ་ཐག་ཏུ་ངའི་བུའི་ལྟས་ཡིན་ཟེརཿ རབ་རྩལ་ན་རེ་ངའི་བུའི་ལྟས་ཡིན་ཟེརཿ རྒྱལ་པོའི་རྒྱལ་ས་ང་ཡི་བུས་ཐོབ་ཟེརཿ དེ་ནས་རྒྱལ་པོས་རྒྱལ་སྲིད་མི་དམངས་བསྡུསཿ རྒྱལ་བུ་གཉིས་ལ་བཙལ་སྟོན་ཆེན་པོ་བྱསཿ བྲམ་ཟེ་མཚན་མཁན་བུ་ཡི་མཚན་བརྟགས་ནསཿ རབ་རྩལ་བུ་ལ་


PKT001_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༣ན༽ཐོར་ཅོག་ཅན་དུ་བཏགསཿ ཐོར་ཚུགས་བུ་ལ་ཤཱནྟ་རཀྵིར་བཏགསཿ བློན་རྣམས་རྒྱལ་པོ་གང་བྱེད་གྲོས་དྲིས་པསཿ བཞིན་བཟང་བཀྱེལ་ཆེ་ཞིག་གིས་རྒྱལ་པོ་གྱིསཿ ཟེར་བས་ཐོར་ཅོག་ཅན་ནི་རྒྱལ་སར་བཏོནཿ ཤཱནྟ་རཀྵི་ཐང་མཚམས་འཛིན་དུ་བཅུགཿ དེ་ནས་ཤཱནྟས་རྒྱལ་སྲིད་མ་ཐོབ་པརཿ གང་ལའང་ཁོ་དང་གཉིས་མཉམ་པ་ལཿ ཁོ་ཡིས་རྒྱལ་པོ་ང་ཉིད་དམངས་བྱེད་པཿ འདི་འདྲ་མི་འོང་མི་འོས་སྙམ་ནས་སུཿ རྒྱལ་སྲིད་དག་ལ་ཅི་གནོད་བྱས་པ་ཡིསཿ ཆད་པ་བྱུང་ནས་མཐའ་ལ་སྐྱུགས་པར་གྱུརཿ དེ་ནས་རྒྱ་གར་རྡོ་རྗེ་གདན་གྱི་ནུབཿ དུར་ཁྲོད་ཆེན་པོ་སོ་ས་གླིང་བྱ་བཿ མཐའ་སྐོར་དུ་ནི་དཔག་ཚད་གཅིག་ཡོད་པཿ དེ་ཉིད་དབུས་ན་རང་བྱུང་མཆོད་རྟེན་ནིཿ རྒྱ་ཆེ་གཏིང་རིང་འཁོར་ལོ་གདུགས་དང་བཅསཿ རྒྱུ་ནི་རིན་ཆེན་དངུལ་ལས་བྱས་པ་ཡིཿ དྲིལ་བུ་གཡེར་ཁའི་དྲ་བ་དྲ་ཕྱེད་སྤྲསཿ ཉི་མ་དང་ནི་ཟླ་བས་བརྒྱན་པ་ལཿ དེ་ལོག་ཀེ་རེའི་མ་བརྒྱད་རང་བྱུང་གནསཿ དེ་ཡི་བྱང་ཤར་མུན་ཐང་ཞེས་བྱའི་མཚོཿ ནང་ན་ཆུ་སྲིན་ལ་སོགས་སྲོག་ཆགས་གཟུགསཿ ཐ་མ་སྣ་ཚོགས་འདུས་པའི་བྲག་གིས་བསྐོརཿ དེ་ཡི་ལྷོ་ནུབ་འཇིག་རྟེན་ལྷ་རྟེན་ནིཿ ཤིང་ནགས་ནྱ་གྲོ་དྷ་ཞེས་བྱ་བ་ལཿ སྟེང་ན་དུར་བྱ་ནག་པོའི་ཚང་ཡོད་པཿ སྐེད་པར་དུག་སྦྲུལ་ནག་པོའི་ཚང་བཅས་ཤིང་ཿ རྩ་བར་དུར་ཕག་


PKT001_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༣བ༽ནག་པོའི་ཚང་ཡོད་པརཿ འཇིག་རྟེན་ལྷ་ནི་དགའ་བྱེད་གཞོན་དུ་ཞེསཿ གདོང་པ་སེང་གེ་ལག་བཞིས་རལ་གྲི་དང་ཿ མི་མགོ་གཏུན་ཤིང་རྩེ་གསུམ་རོ་བཀལ་འཛིནཿ ཐོད་པའི་འཕྲེང་བས་ལུས་ཀུན་བརྒྱན་པ་ལཿ ལུས་ལ་དར་ཆེན་སྔོ་ཁྲའི་འཇོལ་བེར་གསོལཿ གསོད་བྱེད་མ་མོ་འབུམ་གྱིས་བསྐོར་ནས་ནིཿ གླང་པོ་ཆེ་ཞོན་ཤ་དང་ཁྲག་ལ་དདཿ དེ་ན་མཁའ་འགྲོ་མ་ཚོགས་དཔག་མེད་དེཿ ལ་ལ་སེང་གེ་ཞོན་ནས་སྐྲ་གྲོལ་བཿ ལག་ཏུ་ཐོད་པ་དགུ་བརྩེགས་རྒྱལ་མཚན་ཕྱརཿ ལ་ལ་བྱ་ཚོགས་ཞོན་ནས་ཀུ་ཅོ་འདོནཿ ལག་ཏུ་སེང་གེ་དག་གི་རྒྱལ་མཚན་ཕྱརཿ ལ་ལ་ལུས་གཅིག་གདོང་བཅུ་རྒྱུ་སྙིང་ཟཿ ལ་ལ་བུད་མེད་ནག་མོ་རལ་བསྙིགས་མཿ ཁ་ཡི་ནང་ནས་ཁྱི་སྤྱང་འབྱུང་བར་བྱེདཿ ལ་ལ་མི་ལུས་གཤོགས་པ་ནམ་མཁའ་མཉམཿ གནམ་ལྕགས་ཐོག་གི་ཆར་པ་འབེབས་པར་བྱེདཿ ལག་པ་དག་ན་སྟག་གི་རྒྱལ་མཚན་ཐོགསཿ ལ་ལ་རང་གི་ལུས་ཀྱི་སྟོད་སྨད་འབྲལཿ ལ་ལ་རང་གི་ཡན་ལག་བཅད་ནས་སུཿ ཕྱོགས་བཞི་མཚམས་བརྒྱད་དག་ལ་གཏོར་བ་ཡོདཿ དེ་ལྟར་རྫུ་འཕྲུལ་སྣ་ཚོགས་སྟོན་བྱེད་པཿ དཔག་ཏུ་མེད་པ་བརྗོད་ཀྱིས་མི་ལོང་ངོ་ཿ དེ་ན་དུར་བྱ་དུར་ཕག་དུག་སྦྲུལ་དང་ཿ ལྕེ་སྤྱང་ཁ་དོག་མི་འདྲ་མང་པོ་དང་ཿ སྤྱང་ཀི་ཀ་ལི་ཀ་ལ་སོགས་པ་དང་ཿ མི་རོ་གསར་རྙིང་དཔག་ཏུ་མེད་པ་དང་ཿ ཤ་དང་རུས་པ་ཁྲག་གི་


PKT001_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༤ན༽རྒྱ་མཚོ་དང་ཿ མི་མགོ་སྐམ་པོ་རྙོན་པ་རྙིང་པ་དང་ཿ གཅན་གཟན་ལ་ལ་རོ་འདྲད་ལ་ལ་ཟཿ ལ་ལ་རྒྱུག་ཅིང་ལ་ལ་ངུ་བ་དང་ཿ ལ་ལ་མིག་འབྱིན་ལ་ལ་རྐང་པ་འཆའཿ རུས་པ་མུར་དང་ཤ་ཟ་རྒྱུ་མ་འཐེནཿ རབ་ཏུ་འཇིགས་ཤིང་སྐྱི་བུད་དུར་ཁྲོད་དེརཿ ཤཱནྟ་རཀྵི་ཏ་ཡིས་ཕྱིན་ནས་སུཿ འོད་མ་ལས་བྱས་ཤིང་གཞུ་ཤིང་མདའ་ཐོགསཿ ཕོ་བྱུང་བསད་ཅིང་མོ་བྱུང་སྤྱད་པ་ལསཿ མཁའ་འགྲོ་མ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོརཿ ཏིང་འཛིན་སྐྱོང་ཞིང་བརྒྱ་དང་དགུ་བཅུ་བཞུགསཿ དེ་ནས་སྤྲིན་ལྡན་རྒྱལ་ཁམས་འདུལ་བར་དགོངསཿ ཚོགས་ནས་ཕུང་པོ་ལྷག་མེད་འཇའ་ལྟར་ཡལཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ གཙུག་ཕུད་རིས་བཟང་གི་སྲས་སུ་འཁྲུངས་པའི་ལེའུ་སྟེ་དགུ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

སྤྲིན་ལྡན་རྒྱལ་ཁམས་བསྟན་པ་གཉིས་ལྡན་གྱིས་བཏུལ་བའི་ལེའུ།


PKT001_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མི་ཡུལ་སྤྲུལ་སྐུའི་བསྟན་པ་ནིཿ སྤྲིན་ལྡན་རྒྱལ་པོ་གདུལ་བྱའི་ཞིང་དུ་གཟིགསཿ དེ་དང་དུས་མཚུངས་རྣམ་ཤེས་རྩད་གཅོད་ཅེསཿ བསྐྱེད་རྫོགས་གསུམ་གྱིས་དབང་པོ་རབ་རྣམས་འདུལཿ སྣང་མཛོད་འོག་ཏུ་འཇིག་རྟེན་མགོན་པོའི་དུསཿ གསང་སྔགས་སྐྱོང་བ་ཏགས་སྦྱོར་ཡེ་ཤེས་ཞེསཿ སྤྲུལ་སྐུའི་བསྟན་པ་རིན་ཆེན་གྲགས་དང་ནིཿ ལོངས་སྐུའི་བསྟན་པ་གཏུམ་པོ་ཕུར་འབྱིན་ཞེསཿ ནམ་མཁའི་དབྱིངས་ཀྱིས་སྤྲུལ་སྐུའི་བསྟན་


PKT001_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༤བ༽པས་འདུལཿ དོན་སྦྱོར་འཇུག་སྲེད་ལོངས་སྐུའི་བསྟན་པས་འདུལཿ སྒྲ་གཅན་ཉི་མས་སྤྲུལ་སྐུའི་བསྟན་པས་འདུལཿ ཚངས་པ་དྲི་མེད་སྤྲུལ་སྐུའི་བསྟན་པས་འདུལཿ བཻ་ཌཱུར་རྒྱལ་པོས་ལོངས་སྐུའི་བསྟན་པས་འདུལཿ བགེགས་བདག་འོད་ཀྱི་མཆོག་ཅེས་བྱ་བ་དང་ཿ བསྟན་གཉིས་དུས་མཚུངས་འགྲོ་བ་འདུལ་བའོཿ སྤྲུལ་སྐུའི་བསྟན་པ་ལུས་ངག་གཙོ་བོར་སྟོནཿ དབང་པོ་ཞི་བ་དུལ་བ་ཐུགས་ཞི་བཿ ཞི་གནས་དམ་པའི་ཕ་རོལ་ཕྱིན་པའོཿ ལོངས་སྐུའི་བསྟན་པ་གསུམ་ག་གཙོ་བོར་སྟོནཿ དུག་ལྔ་མི་སྤང་ཐུག་ཕྲད་ལམ་དུ་འཁྱེརཿ ཕུང་པོ་ལྔ་ནི་རིགས་ལྔ་བརྗོད་པ་སྔགསཿ སེམས་ནི་ཆོས་དབྱིངས་ལྷག་མཐོང་མི་འགྱུར་བཿ རིགས་དྲུག་འདོད་པ་མཚན་ཉིད་ཐེག་པ་ཡིནཿ རིགས་གསུམ་འདོད་པ་གསང་སྔགས་ཕྱི་བའོཿ རིགས་ལྔར་འདོད་པ་སྔགས་ནི་ནང་པ་ཡིནཿ འདི་ཡི་དུས་ན་འགྲོ་བ་འདི་དག་ལཿ བསོད་ནམས་ཉམས་ཏེ་ལོངས་སྤྱོད་མར་མར་བྲིཿ ཕྱི་ལྟར་ས་ཆུ་མེ་རླུང་འབྱུང་བ་བཞིཿ འདོད་པའི་ཁམས་སུ་འདོད་ཆགས་རང་བཞིན་ལྡང་ཿ ཐོག་མར་བལྟས་པས་ཚིམ་པའི་འདོད་ཆགས་བྱུང་ཿ གཅིག་ལ་གཅིག་ལྟ་དེ་ལ་དགའ་བདེ་སྐྱེཿ དེ་ནས་དགོད་པས་ཚིམ་པའི་འདོད་ཆགས་བྱུང་ཿ སྐད་ཆེར་གད་མོ་གཅིག་ལ་གཅིག་དགོད་དོཿ དེ་ནས་ལག་བཅིངས་ཚིམ་པའི་འདོད་ཆགས་བྱུང་ཿ


PKT001_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༥ན༽གཅིག་ལ་གཅིག་གིས་ལག་པ་བཅངས་ཤིང་འཇུཿ དེ་ནས་རྩ་དང་ཆུ་རྒྱུས་ཐམས་ཅད་གཡོསཿ ཕོ་མོ་འཁྱུད་པས་ཚིམ་པའི་འདོད་ཆགས་བྱུང་ཿ འདོད་ཆགས་བཞི་ལས་འབྱུང་བ་བཞི་འདུས་ནསཿ བལྟས་པས་འབྱུང་བ་ཆུ་ནང་གཟུགས་བརྙས་གསལཿ བྱང་སེམས་བརླན་པས་བརྫུས་སྐྱེས་ཆུ་རུ་སྨིནཿ བརྒད་པས་འབྱུང་བ་རླུང་ལངས་སྒྲ་བསྒྲགས་པསཿ རླུང་སྟོབས་བྱང་སེམས་གཉིས་ཀྱིས་མངལ་སྐྱེས་སོཿ ཿལག་བཅིངས་འབྱུང་བས་འཛིན་གཟུགས་འཛིན་པསཿ ས་ཡི་གཟུགས་ནི་སྒོ་ང་ལས་སྐྱེས་སོཿ གཉིས་གཉིས་འཁྱུད་པས་འབྱུང་བ་མེ་དྲོད་སྐྱེསཿ བྱང་སེམས་བསྐྱོད་པས་དྲོད་གཤེར་ལས་སྐྱེས་སོཿ འདོད་ཆགས་བཞི་ལས་གླིང་བཞིར་གྱེས་པ་ནིཿ ཤར་གྱི་ལུས་འཕགས་འགྲོ་ཀུན་བརྫུས་ནས་སྐྱེཿ ལྷོ་ཡི་ཛམྦྷུ་གླིང་པ་མངལ་ལས་སྐྱེཿ ནུབ་ཀྱི་བ་ལང་སྤྱོད་པ་སྒོང་ལས་སྐྱེཿ བྱང་གི་སྒྲ་མི་སྙན་པ་དྲོད་གཤེར་སྐྱེཿ བལྟས་པས་ཚིམ་པ་ལོ་བརྒྱའི་བར་དུ་བྱུང་ཿ བརྒད་པས་ཚིམ་པ་དྲུག་ཅུའི་བར་དུ་བྱུང་ཿ ལག་བཅིངས་ཚིམ་པ་ལྔ་བཅུའི་བར་དུ་བྱུང་ཿ གཉིས་གཉིས་འཁྱུད་པས་འདོད་ཆགས་བཞི་ག་ཚང་ཿ ཐོག་མར་འདོད་ཆགས་གཡོ་བས་བལྟས་པས་ཚང་ཿ དེ་ནས་དགོད་ཅིང་འཛུམ་པས་བརྒད་པ་ཚང་ཿ དེ་ནས་ལག་པ་འཇུས་པས་ལག་བཅངས་ཚང་ཿ དེ་དག་འཛམ་ནས་དབང་པོའི་སྒོ་སྦྱོར་བཿ འཁྱུད་པས་ཚིམ་པའི་འདོད་


PKT001_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༥བ༽ཆགས་ཞེས་བྱའོཿ དེ་ལྟར་ཁྱེའུ་དང་ནི་བུ་མོ་རྣམསཿ ཤེས་རབ་ལྡན་པ་ཆོས་ཀྱིས་འདུལ་བའོཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ སྤྲིན་ལྡན་རྒྱལ་ཁམས་བསྟན་པ་གཉིས་ལྡན་གྱིས་བཏུལ་བའི་ལེའུ་སྟེ་བཅུ་པའོཿ ཿཐ་ཉྲ་རྒྱ་རྒྱཿ ཿ

རྒྱ་གར་ཆོས་ཁུངས་བཙུན་པར་བསྟན་པའི་ལེའུ།


PKT001_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཤཱཀྱ་ཐུབ་པའི་ཞིང་ཁམས་དང་ཿ རིགས་གསུམ་མགོན་པོའི་ཞིང་ཁམས་འདུལ་བའི་ཕྱིརཿ ཁྱད་པར་བོད་ཁམས་འདྲེ་དང་མ་སངས་ཡུལཿ དུད་འགྲོའི་རྒྱལ་ཁམས་སྤྲེའུའི་ཚ་བོ་རྣམསཿ ཆོས་ལ་བཀོད་པར་བྱ་བའི་སྐྱེས་རབས་ནིཿ ཤཱཀྱ་ཐུབ་ཚེ་ལོ་བརྒྱད་ཅུའི་དུས་བྱོན་ནསཿ མཚན་ཉིད་ཐེག་པ་འཁོར་ལོ་རིམ་པ་གསུམཿ གསང་སྔགས་ཕྱི་པ་དང་ནི་བཞི་རུ་བསྐོརཿ བླ་མེད་རྡོ་རྗེ་ཐེག་པ་བསྐྱེད་རྫོགས་གསུམཿ ཆོས་ཀྱི་རྣམ་གྲངས་ཚིག་གཅིག་མ་གསུངས་པརཿ ཕྱིས་ནི་འབྱུང་འགྱུར་ལུང་དུ་བསྟན་པའོཿ ཅི་ཕྱིར་ལྟ་སྤྱོད་སྦྱོར་སྒྲོལ་ཟབ་པའི་ཕྱིརཿ འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་ཕྱིརཿ བསྟན་པའི་གཞི་མ་དགེ་འདུན་ཡིན་པའི་ཕྱིརཿ ཡུལ་གཅིག་རྒྱ་གར་རྡོ་རྗེ་གདན་གཅིག་ནཿ བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འབྱུང་ཿ བྱུང་ན་མི་སྲིད་མདོ་སྔགས་ལུང་དང་འགལཿ དེ་བཞིན་འཁོར་ལོ་སྒྱུར་རྒྱལ་གཉིས་མི་འབྱུང་ཿ བྱུང་ན་བསྟན་པའི་ཆོམ་པོ་དམར་ལས་མཁནཿ བསྟན་པའི་སེལ་ཏེ་ཚ་བས་ཆེར་སྤང་བར་བྱཿ དེ་བཞིན་གཤེགས་པ་ལྷ་ཡི་


PKT001_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༦ན༽ལྟར་གྱུར་པཿ མི་མཆོག་མཚུངས་མེད་པདྨ་འབྱུང་གནས་དེཿ སངས་རྒྱས་སྲས་སུ་མདོ་སྔགས་ལུང་ནས་གསུངསཿ དབུས་འགྱུར་ཚལ་ལུང་བསྟན་པའི་མདོ་ལསཿ འདི་ནས་ལོ་ནི་བཞི་གཉིས་ནཿ དྷ་ན་ཀོ་ཤའི་མཚོ་གླིང་ནཿ རང་འཁྲུངས་པདྨའི་སྟེང་དུ་ནིཿ པདྨ་འབྱུང་གནས་ཞེས་བྱ་བཿ གསང་སྔགས་བསྟན་པའི་བདག་པོ་འབྱུང་ཿ ཞེས་པ་དང་ཿ བླ་མེད་དོན་རྫོགས་འདུས་པའི་རྒྱུད་ལསཿ འདི་ནས་མྱ་ངན་ལས་འདས་འོག་ཏུཿ ལོ་ནི་བཅུ་རུ་གཉིས་ཚང་ནཿ འཇིག་རྟེན་ཀུན་ལས་རྒྱལ་བའི་མཆོགཿ ཨུ་རྒྱན་ཡུལ་དུ་ང་ཉིད་འབྱུང་ཿ ཞེས་པ་དང་ཿ བླ་མེད་དོན་རྫོགས་འདུས་པའི་རྒྱུད་ལསཿ འདི་ནས་མྱ་ངན་ལས་འདས་འོག་ཏུཿ ལོ་ནི་བཅུ་རུ་གཉིས་ཚད་ནཿ འཇིག་རྟེན་ཀུན་ལས་རྒྱལ་བའི་མཆོགཿ ཨུ་རྒྱན་ཡུལ་དུ་ང་ཉིད་འབྱུང་ཿ པདྨ་འབྱུང་གནས་ཞེས་བྱ་བཿ གསང་སྔགས་བསྟན་པ་ལུང་དུ་སྟོནཿ ཞེས་པ་དང་ཿ བཀའ་འདུས་རྩ་བའི་རྒྱུད་ལས་ཀྱང་ཿ སྤྱི་དཔལ་ཆེན་པོ་ང་དང་གཉིས་སུ་མེད་པཿ མཚོ་སྐྱེས་རྡོ་རྗེ་ཞེས་བྱ་བ་ད་ལྟ་ང་དང་ཚུལ་མཐུན་པ་ཞིག་འབྱུང་ཿ དེས་བཀའ་འདུས་སྤྱི་ཏིའི་ཐེག་པ་འདི་ཟ་ཧོར་གྱི་ཡུལ་དུ་རྒྱལ་པོ་གཙུག་ལག་འཛིན་ལ་སོགས་པ་ལ་རྒྱ་ཆེར་སྟོན་པར་འགྱུརཿ ཞེས་གསུངས་སོཿ མྱ་ངན་ལས་འདས་པའི་མདོ་ལསཿ ཤིང་སཱ་ལའི་དྲུང་རྩ་མཆོག་གཉིས་ཀྱི་བར་ནཿ བཅོམ་ལྡན་འདས་ལ་འོད་སྲུངས་དང་གཅུང་དགའ་བོ་མ་གཏོགས་པཿ དགེ་སློང་གི་དགེ་འདུན་བརྒྱ་ཕྲག་བཅུས་བསྐོར་ནསཿ ཉེ་གནས་ཆེན་པོ་ཀཱ་ཏྱ་ཡ་ན་དང་ཿ ཙུནྡ་དང་ཿ ཀུན་དགའ་བོ་རྣམས་ལ་བཀའ་སྩལ་པཿ ང་ནི་


PKT001_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༦བ༽ཡོངས་སུ་མྱ་ངན་ལས་བཟླའོཿ ཁྱེད་རྣམས་མྱ་ངན་མ་བྱེད་ཅིགཿ མདངས་ལྡན་དྲི་མེད་མཚོ་དཀྱིལ་དུཿ ང་ལས་ལྷག་པའི་སྐྱེས་བུ་འབྱུང་ཿ ཁྱེད་རྣམས་ངུ་བར་མ་བྱེད་ཅིགཿ ཚེ་ལོ་གྲངས་མེད་ཐུབ་པ་ཡང་ཿ ཐ་མ་འཆི་བར་ཤེས་པར་བྱཿ ཞེས་གསུངས་སོཿ ཤིན་ཏུ་བདེན་པར་གསུངས་ཞིང་བརྫུན་མེད་པཿ མདོ་ལྟར་རྒྱལ་བ་ཤཱཀྱ་ཐུབ་པར་གྲགསཿ སྔགས་ལྟར་གུ་རུ་པདྨ་འབྱུང་གནས་ཞེསཿ དེ་ཉིད་སྐུ་ཡི་འཁྲུངས་ཚུལ་མང་ན་ཡང་ཿ ཞིང་ཁམས་འདི་ཡི་འཁྲུངས་ཚུལ་འདི་ལྟ་སྟེཿ རྒྱ་གར་ཡུལ་གླིང་ཆེན་པོ་དགུ་ཡོད་པསཿ དབུས་ན་ཐུབ་པའི་བཞུགས་གནས་རྡོ་རྗེ་གདནཿ དེ་ཡི་ཤར་ཕྱོགས་བྷངྒ་ལ་ཡི་གླིང་ཿ ལྷོ་ཕྱོགས་བཻ་དྡྷའི་གླིང་ཞེས་བྱ་བ་ཡོདཿ ནུབ་ཀྱི་ཕྱོགས་ན་ཨུ་རྒྱན་གླིང་ཞེས་ཡོདཿ བྱང་གི་ཕྱོགས་ན་ཁ་ཆེའི་གླིང་ཞེས་ཡོདཿ ཤར་ལྷོ་མཚམས་ན་ཟ་ཧོར་གླིང་ཞེས་ཡོདཿ ལྷོ་ནུབ་མཚམས་ན་ཁང་བུའི་གླིང་ཞེས་ཡོདཿ ནུབ་བྱང་མཚམས་ན་ཟངས་གླིང་ཞེས་བྱ་ཡོདཿ བྱང་ཤར་མཚམས་ན་ཀ་མ་རུ་པའི་གླིང་ཿ ཡུལ་གླིང་དགུ་པོ་མི་རིགས་མི་འདྲ་ཞིང་ཿ ལ་ལ་གཟུགས་ཆེ་ལ་ལ་ཆུང་བ་ཡོདཿ ལ་ལ་དཔེ་མེད་མཚར་ལ་ལ་ལ་གོགཿ གླིང་རེ་ན་ཡང་སྐད་རིགས་མི་གཅིག་ཅིང་ཿ སྐད་རིགས་མི་གཅིག་སུམ་བརྒྱ་དྲུག་ཅུ་ཡོདཿ ཡི་གེ་མི་འདྲ་སུམ་བརྒྱ་དྲུག་ཅུ་ཡོདཿ དཔེར་ན་རྒྱ་གར་ཤར་སྐད་བྱ་བ་དང་ཿ དེ་བཞིན་ལྷོ་སྐད་ནུབ་སྐད་བྱང་སྐད་དོཿ གླིང་


PKT001_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༧ན༽གཞན་ལ་ཡང་དེ་བཞིན་ཤེས་པར་བྱཿ གོས་སུ་རས་གོས་འཚོ་བ་འབྲས་ཟན་མཐུནཿ སྤྱོད་པ་ལུས་རྒྱན་འདོགས་ཚུལ་མི་མཐུན་ནོཿ གླིང་རེ་ན་ཡང་རྒྱལ་པོ་མང་དུ་ཡོདཿ སྲིད་སྐྱོང་རྒྱལ་པོ་རེ་དང་ཆོས་རྒྱལ་རེཿ སྲིད་སྐྱོང་རྒྱལ་པོས་ཆོས་ལ་ཁ་མི་འཇུགཿ ཆོས་སྐྱོང་རྒྱལ་པོས་སྲིད་ལ་ཁ་མི་འཇུགཿ རྒྱ་གར་རྒྱལ་ཁྲིམས་ཤིན་ཏུ་གཉན་པ་ཡིསཿ རིགས་དེའི་ལས་མིན་ཆོལ་བར་སྤྱད་དུ་མེདཿ མཚན་ཉིད་ཆོས་ཀྱིས་བདེན་པ་མཐོང་བ་ལཿ དྲང་སྲོང་ཞེས་སུ་མཚན་ནི་གསོལ་བ་ཡིནཿ གསང་སྔགས་ཆོས་ཀྱིས་བདེན་པ་མཐོང་བ་ལཿ གྲུབ་ཐོབ་ཅེས་ནི་མཚན་དུ་གསོལ་བ་ཡིནཿ དབུ་ཟླུམ་ཞབས་རྗེན་ངུར་སྨྲིག་འཆང་བ་དང་ཿ མི་དགེ་བཅུ་སྤང་སྤྱོད་པ་ཞིབ་པ་ལཿ དགེ་འདུན་ཞེས་ནི་མཚན་དུ་གསོལ་བ་ཡིནཿ ལྕང་ལོ་ཆས་བརྒྱད་རྒྱན་དྲུག་འཆང་བ་དང་ཿ འདོད་ཡོན་ལྔ་ལ་ལོངས་སྤྱོད་ས་སྡེ་འཛུགསཿ གསང་སྔགས་རྣལ་འབྱོར་པ་ཞེས་མཚན་དུ་གསོལཿ དེ་དག་ཀུན་གྱི་མཐུན་རྐྱེན་སྦྲེང་བ་ལཿ ཡོན་བདག་ཅེས་སུམ་ཚན་ནི་གསོལ་བ་ཡིནཿ སོ་སོ་ཐར་པ་རིགས་ནི་བདུན་ནམ་བརྒྱདཿ བྱམས་པ་ལྔ་དང་སྙིང་རྗེ་ལྔ་དང་ནིཿ བཏང་སྙོམས་ལྔ་དང་དགའ་བ་ལྔ་ལ་སྦྱོརཿ བསླབ་པ་གསུམ་མ་མ་ཉི་ཤུ་སྟོན་པ་ནིཿ མཁན་པོ་ཞེས་སུ་མཚན་ནི་གསོལ་བ་ཡིནཿ ལྟ་སྤྱོད་དབང་དམ་དཀྱིལ་འཁོར་རབ་ཏུ་གནསཿ འཕྲིན་སྒྲུབ་ཏིང་འཛིན་མཆོད་སྔགས་སྦྱོར་སྒྲོལ་


PKT001_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༧བ༽གཉིསཿ སྒྲུབ་ཆེན་བརྒྱད་ལ་ཕྱག་ལེན་འདེབས་པ་ནིཿ བླ་མ་ཞེས་སུ་མཚན་ནི་གསོལ་བ་ཡིནཿ དེ་དག་གང་དང་འབྲེལ་མེད་ཡ་མ་ཟུང་ཿ བསྟན་པ་གཉིས་ཀྱི་སེལ་དེ་ཚར་གཅོད་དོཿ ཆོས་ཀྱི་རྔ་ཆེན་བརྡུངས་པས་ཐམས་ཅད་འདུཿ ཉན་དབང་ཆོས་ཀྱི་རྒྱལ་པོའི་ཁྲི་ཞིག་བརྩིགཿ ཚར་གཅོད་སྲིད་སྐྱོང་རྒྱལ་པོའི་ཁྲི་ཞིག་བརྩིགཿ གཡས་སུ་རྣལ་འབྱོར་ཕོ་མོ་ཐམས་ཅད་བསྒྲིགཿ གཡོན་དུ་དགེ་འདུན་ཕོ་མོ་ཐམས་ཅད་བསྒྲིགཿ མདུན་དུ་སྐྱེ་བོ་ཕོ་མོ་ཐམས་ཅད་འཚོགཿ དགུང་ལ་བསྟན་བཅོས་རྩོམ་མི་ཆོས་དེ་དང་ཿ གཡས་གཡོན་རྒྱལ་མཚན་ཁྲི་དང་བཅས་པ་སྡོདཿ ཆོས་སྐྱོང་རྒྱལ་པོས་ཆོས་དེ་གང་ཡིན་འདྲིཿ མི་དེས་འདི་ལྟར་ཡིན་ཞེས་ཁས་བླངས་ནསཿ མདོ་ཆོས་ཡིན་ན་དགེ་འདུན་གྲལ་ལ་འགྲིམཿ སྔགས་ཆོས་ཡིན་ན་རྣལ་འབྱོར་གྲལ་ལ་འགྲིམཿ བརྟག་གཞིགས་བཏང་ནས་རྒྱལ་པོའི་ཕྱག་ཏུ་འབུལཿ རྒྱལ་པོས་ལོ་དང་ཟླ་བར་བརྟག་པ་བྱེདཿ རྒྱལ་བའི་བཀའ་ཡིས་གནང་དམ་མ་གནང་བལྟཿ འཕགས་པའི་ལུང་གིས་གྲུབ་བམ་མ་གྲུབ་བལྟཿ རིག་པས་འཐད་དམ་མི་འཐད་བརྟག་པར་བྱེདཿ གཏན་ཚིགས་རྒྱ་ཡིས་ཐེབས་སམ་མི་ཐེབས་བལྟཿ དེ་ནས་གནམ་ལ་ཉི་མ་དུ་ཤར་འཚོགཿ བསྟན་བཅོས་རྩོམ་མི་པཎྜི་ཏ་དང་རྩོདཿ ཡིད་ཆེས་མྱོང་ཐོག་ཁེལ་ལམ་མ་ཁེལ་བལྟཿ ངེས་ཤེས་གོ་བས་ཆོད་དམ་མ་ཆོད་བལྟཿ མཚོན་བྱ་དཔེ་ཡིས་


PKT001_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༨ན༽མཚོན་ནམ་མ་མཚོན་བལྟཿ དེ་ལྟར་ཐེག་པ་གང་ཡིན་ངོས་བཟུང་བལྟསཿ ཆོས་འདི་མི་འདིས་བརྩམས་པ་ཡིན་ཞེས་པའིཿ སྒྲ་བསྒྲགས་ཉོན་ཟེར་ཚར་གསུམ་ཀློག་པར་བྱེདཿ ལགས་པར་འདུག་ན་ཡར་ལ་གཟིངས་བསྟོད་དེཿ མདོ་འམ་སྔགས་ཕྱོགས་འདི་ལ་རྟོགས་སོ་ཟེརཿ མདོ་སྔགས་གང་ཡིན་པཎ་ཆེན་ཞལ་འཆམ་ཟེརཿ ཆོས་དེ་རྒྱལ་མཚན་རྩེ་མོར་འདོགས་པར་བྱེདཿ ཆོས་རྒྱལ་པཎྜི་ཏ་ཡིས་མེ་ཏོག་འཐོརཿ བསྟན་བཅོས་རྩོམ་མི་སེང་གེའི་ཁྲི་ཐོག་འདོནཿ དེ་ལ་བསྟོད་ཅིང་བསྔགས་པ་ཆེ་བར་བརྗོདཿ རིགས་མཐུན་རྣམས་ཀྱིས་བཀུར་སྟི་ཕུ་དུད་བྱེདཿ སྲིད་སྐྱོང་རྒྱལ་འབངས་རྣམས་ཀྱིས་ལྷ་ཕྱག་འཚལཿ ཡུལ་ཕྱོགས་ཀུན་ཏུ་ཆོས་དེ་ཅི་དར་བྱེདཿ ལོག་ཆོས་འདུག་ན་མར་ལ་སྨ་འབེབས་ཏེཿ བསྟན་བཅོས་དེ་ཉིད་ཁྱི་ཡི་མཇུག་མར་བཅིངསཿ དེ་ལ་མེ་སྦར་ཚོགས་པའི་གྲལ་ལ་འགྲིམཿ འདི་ཡི་དུད་པས་ཕོག་པའང་དམྱལ་བར་འགྲོཿ ཐམས་ཅད་སྣ་ལ་ལག་ཁོབ་བྲོས་ཤིག་ཟེརཿ ཚར་གཅོད་དབང་པོ་སྲིད་སྐྱོང་རྒྱལ་པོ་ཡིསཿ བསྟན་བཅོས་རྩོམ་མིའི་ལག་མགོ་གཉིས་པོ་འདྲེགཿ ཀརྴ་པ་ནི་བརྫི་བའི་ཁོལ་པོར་སྤྱུགཿ ཐམས་ཅད་གྲོས་འཆམས་ཆོས་ལོག་བསྣུབས་པས་ནཿ རྒྱ་གར་ཆོས་ཁུངས་བཙུན་པ་དེ་བཞིན་ནོཿ ཆོས་ལུགས་མི་འདྲ་མང་པོ་མི་འབྱུང་ཞིང་ཿ བཟང་འདོད་སྙན་མིང་མང་པོ་མི་འདོགས་སོཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་


PKT001_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༨བ༽སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ རྒྱ་གར་ཆོས་ཁུངས་བཙུན་པར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

ཨུ་རྒྱན་ཡུལ་གྱི་ཡུལ་རབས་བཤད་པའི་ལེའུ།


PKT001_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡི་དུས་ན་ནུབ་ཕྱོགས་ཨུ་རྒྱན་ཡུལཿ ཨུ་རྒྱན་ཡུལ་ལ་འཛམ་གླིང་སུམ་གཉིས་ཡོདཿ ཡུལ་གྱི་ཆགས་ལུགས་ཆ་ལང་ཁ་སྤུབ་འདྲཿ ཡུལ་ཆེན་ལྔ་དང་ཡུལ་གླིང་ཉི་ཤུ་གཅིགཿ ཡུལ་གྲུ་ཆེན་པོ་བྱེ་བ་བཅོ་བརྒྱད་དགུཿ གྲོང་ཁྱེར་ཆེན་པོ་དགུ་བཅུ་རྩ་དྲུག་ཡོདཿ ཡུལ་ཆེན་དྷ་ན་ཀོ་ཤ་དབུས་ན་ཡོདཿ གྲོང་ཁྱེར་ཆེན་པོ་ཉི་ཤུ་རྩ་གཉིས་ཡོདཿ གྲོང་ཁྱེར་ཆེན་པོ་མཛེས་ལྡན་ཞེས་བྱ་བཿ དེ་ཡི་དབུས་ན་ཐོར་ཅོག་དགུ་ལྡན་ཡོདཿ བཻ་ཌཱུརྻ་ཡི་ཕོ་བྲང་རིན་པོ་ཆེཿ འོད་འབར་བྱིན་ཆེ་གྲུ་བཞིར་གསེར་གྱི་ལྕོགཿ གཡུ་ཡི་ཁ་བད་དྲ་བ་དྲ་ཕྱེད་ལྡནཿ དེ་ལ་ཁྱམས་དང་སྒོ་ཁྱུད་བཞི་དང་བཅསཿ ལྕགས་རི་དང་ནི་མངའ་ཡབ་མཛེས་པས་བསྐོརཿ ནང་ན་རྒྱལ་པོ་ཨིནྡྲ་བོ་དྷི་བཞུགསཿ ནང་བློན་བརྒྱ་དང་ཕྱི་བློན་སྟོང་གིས་བསྐོརཿ བཙུན་མོ་འོད་འཆང་མ་ནི་ཁབ་ཏུ་བཞེསཿ ཐོར་ཅོག་དགུ་ལྡན་དབུས་ན་རང་བྱུང་གོཿ མཆོད་རྟེན་ཧེ་རུ་ཀ་ཡི་ལྷ་ཁང་ཡོདཿ རྒྱུ་ནི་རིན་ཆེན་སྣ་ཚོགས་ལས་གྲུབ་པཿ འོད་ཟེར་དྲ་བ་མང་པོ་ཕྱོགས་བཅུར་འཕྲོཿ ཁ་དོག་དཀར་པོ་རྣམ་པ་གཟི་ལྟ་བུཿ རྒྱུ་ནི་རིན་ཆེན་ཤེལ་ལས་ལེགས་གྲུབ་པའིཿ རང་བྱུང་གཟི་འདྲའི་མཆོད་རྟེན་ཁྲ་ཁྱུག་ཁྱུགཿ དབྱིབས་ལེགས་བང་རིམ་དང་བཅས་ཟླུམ་པར་གནསཿ རྒྱང་གྲགས་གཅིག་ནི་གྱེན་དུ་འཕགས་པ་ལཿ དུས་ནི་


PKT001_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༩ན༽ནམ་ཡང་འཇིག་པ་མི་མངའ་བཿ ཚད་ནི་ཕྱོགས་རེར་ནངས་པའི་འདོམ་གང་ཚདཿ དཔག་ཚད་གསུམ་གསུམ་ཡོད་པ་མཚན་ལྔར་ལྡནཿ ཆོས་བཟང་སྤྲིན་གྱི་ཡང་རྫོང་ཞེས་ཀྱང་བྱཿ རྡོ་རྗེ་མི་ཤིགས་ཕུག་པ་ཞེས་ཀྱང་བྱང་ཿ སྤྲིན་ནག་འདུས་པའི་དུར་ཁྲོད་ཅེས་ཀྱང་བྱཿ བཀོད་པ་ལྷུན་གྲུབ་ཕོ་བྲང་ཞེས་ཀྱང་བྱཿ ཧེ་རུ་ཀ་ཡི་ལྷ་ཁང་ཞེས་ཀྱང་བྱཿ ཆོས་འབྱུང་རྣམ་པར་དག་པ་གྲུ་བཞི་པཿ སྒོ་ནི་གཅིག་བགྲངས་གཉིས་བགྲངས་བརྒྱ་རྩ་བརྒྱདཿ སྒོ་དང་རྟ་བབས་བཅས་པའི་ཕྱི་རོལ་ནཿ གནོད་སྦྱིན་བསྲུང་བའི་མཁར་ཆེན་སྟོང་ཡོད་པཿ སྒོ་བཞི་འཁོར་ས་བརྒྱ་དང་བརྒྱད་ཅུ་ཡོདཿ མེ་ཡི་འོབས་དང་གཅན་གཟན་འཕྲང་དང་ནིཿ དུག་གི་མཚོ་དང་ཀེང་རུས་རི་རབ་བསྐོརཿ དུར་ཁྲོད་ལྷ་མོའི་འཁོར་དང་ནད་གདོན་གདོལཿ ས་ལ་སུ་ལ་པགས་པའི་བྲང་ཆེན་བསྐོརཿ ཐ་མ་རྡོ་རྗེ་ཕ་ལམ་ལྕགས་རིས་བསྐོརཿ སྤྲིན་གྱི་རྒྱལ་པོ་གང་བ་འཁྲིགས་པ་དང་ཿ འཇིག་རྟེན་མཁའ་འགྲོ་ལས་ཀྱི་མཁའ་འགྲོ་མཿ སྒོ་བའི་ཌཱ་ཀི་ཡེ་ཤེས་ཌཱ་ཀི་མཿ བཀྲ་ཤིས་སྒོ་མང་ལྕགས་རི་བརྒྱད་ཀྱིས་བསྐོརཿ འོག་ན་འཇིག་རྟེན་མཁའ་འགྲོས་སྐོར་བ་བྱེདཿ དེ་ཡི་འོག་ནས་ཀླུ་རྣམས་མཆོད་པ་འབུལཿ བར་ན་ལས་ཀྱི་ཌཱ་ཀིས་སྐོར་བ་བྱེདཿ སྟེང་ན་ཡེ་ཤེས་ཌཱ་ཀིས་སྐོར་བ་བྱེདཿ བྲག་གི་ཐེམ་སྐས་བུམ་སྟེན་ལོགས་བཞི་ལཿ འཕྲིན་ལས་བཞི་ཡི་ཕྱག་རྒྱ་བཞིས་རྒྱས་གདབཿ


PKT001_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

༼༣༩བ༽བུམ་པར་རྟེན་འབྲེལ་སྙིང་པོ་རང་བྱུང་ཤརཿ སྒོ་བཞིའི་སྟོད་ན་ཧཿརིཿནིཿསཿཤརཿ སྒོ་སྨད་མགོན་པོའི་སྲོག་སྙིང་ཡི་གེ་བཅུཿ མཚན་མོ་མེ་འབར་ཉིན་མོ་འཇའ་རུ་འཁྲིགསཿ ཉིན་མཚན་རྒྱུན་དུ་སྤྲིན་དང་ཁུ་རླངས་དགབཿ ཆུ་ཆེན་བསྐོར་ཞིང་ཤིང་སྣའི་ནགས་ཚོགས་འཐུགཿ བྱ་དང་གཅན་གཟན་མང་པོ་ངར་སྐད་འདོནཿ བུམ་པའི་ནང་ནི་གསང་སྔགས་ཆོས་ཟབ་གང་ཿ བྲེ་ནང་དེ་བཞིན་གཤེགས་པའི་རིང་བསྲེལ་བཞུགསཿ དེའི་ནང་ལུང་བསྟན་ལྷ་ཁང་ཞེས་བྱ་བཿ མདོག་ནི་མཐིང་ཁ་སྣང་བའི་གཟུགས་སུ་གྲུབཿ ལག་པས་རེག་པའི་གཟུགས་སུ་མ་གྲུབ་པཿ འཇའ་འོད་ལྟ་བུའི་རང་བཞིན་ལྷ་ཁང་ཡོདཿ དེ་ཡི་མཐའ་མར་མཁའ་འགྲོ་མ་ཡི་ཡུལཿ ཌཱ་ཀི་འབུམ་ཁྲི་བུད་མེད་གྲོང་ཁྱེར་བཞིཿ དེ་དག་གི་ནི་མཆོད་ཁང་རེ་རེ་ནཿ གསང་སྔགས་ཟབ་མོ་དཔག་ཏུ་མེད་པ་བཞུགསཿ ཐོར་ཅོག་དགུ་ལྡན་དབུས་སུ་བདག་པ་ཡིཿ ཤར་ན་ཛམྦཱུ་མཱ་ལེའི་ཡུལ་ཞེས་ཡོདཿ ལྷོ་ན་བརྦ་ཏ་ཡི་གླིང་ཞེས་ཡོདཿ ནུབ་ན་ནཱ་ག་སིདྡྷིའི་ཡུལ་ཞེས་ཡོདཿ བྱང་ན་ཀ་ཀ་ཤམྦྷ་ལ་ཞེས་ཡོདཿ ཤར་ལྷོ་མཚམས་ན་དྲང་སྲོང་མེ་ལྷའི་ཡུལཿ ལྷོ་ནུབ་མཚམས་ན་སྲིན་པོའི་ཡུལ་ཞེས་ཡོདཿ ནུབ་བྱང་མཚམས་ན་རླུང་ལྷའི་ཡུལ་ཞེས་ཡོདཿ བྱང་ཤར་མཚམས་ན་བགེགས་ཀྱི་ཡུལ་ཞེས་ཡོདཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་


PKT001_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

༼༤༠ན༽པ་རྒྱས་པར་བཀོད་པ་ལསཿ ཨུ་རྒྱན་ཡུལ་གྱི་ཡུལ་རབས་བཤད་པའི་ལེའུ་སྟེ་བཅུ་གཉིས་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

རྒྱལ་པོ་སྤྱན་མེད་འབྱོར་ལྡན་གྱིས་དཀོར་མཛོད་སྦྱིན་པར་བཏང་བའི་ལེའུ།


PKT001_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་ཕོ་བྲང་ལྕོག་དགུ་ལྡན་པ་ཡིཿ བཻ་ཌཱུརྻ་ཡི་འོད་ཟེར་འབར་བ་ནཿ ཨུ་རྒྱན་ཡུལ་ཁམས་དག་ལ་དབང་སྒྱུར་བའིཿ རྒྱལ་པོ་སྤྱན་མེད་འབྱོར་ལྡན་ཞེས་ཀྱང་བྱཿ ཆོས་རྒྱལ་པྲ་ཛྙཱ་ཀཱིརྟི་ཞེས་ཀྱང་བྱཿ རྒྱལ་པོ་ཆེན་པོ་གའུ་ཤ་ཞེས་བྱཿ རྒྱལ་པོ་དྷ་ན་པཱ་ལ་ཞེས་ཀྱང་བྱཿ རྒྱལ་པོ་ཨིནྡྲ་བོ་དྷི་ཞེས་ཀྱང་བྱཿ དེ་ནས་རྒྱལ་པོ་སྤྱན་མེད་འབྱོར་ལྡན་དེཿ མངའ་ཐང་འབྱོར་པ་ཆེ་དེ་མིག་གཉིས་ལོང་ཿ སྲས་མེད་རྒྱལ་བློན་ཐམས་ཅད་ཡིད་ལ་བཅགསཿ བཙུན་མོ་ཞིག་ལ་རྒྱལ་བུ་སྐྱེས་པ་ལསཿ རྒྱལ་པོ་བཙུན་མོ་བློན་པོ་ཡིད་འདོར་གྱུརཿ བཅོས་སྟོན་བྱས་ནས་རྒྱལ་བུ་ཤི་བ་དང་ཿ རྒྱལ་པོ་བཙུན་མོ་ཐམས་ཅད་མྱ་ངན་ནོནཿ ཡུལ་དེར་མུ་གེ་ཆེན་པོ་ཞིག་ཀྱང་བྱུང་ཿ མི་ནི་མང་དུ་ཤི་བར་གྱུར་པའི་ཚེཿ རྒྱལ་པོ་སྤྱན་མེད་འབྱོར་ལྡན་ཡིད་སྐྱོ་སྨྲསཿ འཇིག་རྟེན་ཁམས་ན་ང་ལས་སྡུག་པ་མེདཿ དབང་པོའི་དྭངས་མ་མིག་ནི་ང་ལ་མེདཿ ཚེ་འདིར་དགོས་པའི་བུ་ནི་ང་ལ་མེདཿ ཕྱི་མར་དགོས་པའི་ཆོས་ནི་ང་ལ་མེདཿ རྒྱལ་པོ་འདེགས་པའི་དམངས་རྣམས་མུ་གེས་ཤིཿ ཞེས་པའི་སྨྲེ་སྔགས་སེམས་གཙང་གདུང་བ་ལཿ དེ་ནས་དྲང་སྲོང་ཨཱ་སེས་མྱ་ངན་བསངསཿ མི་ཡི་བདག་པོ་རྒྱལ་ཉིད་གསོན་མཛད་དང་ཿ བསགས་པའི་ནོར་འཛད་


PKT001_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

༼༤༠བ༽སྐྱེས་པའི་ཐ་མ་འཆིཿ འཇིག་རྟེན་དག་ན་ཚེ་ཐར་ཡོད་མ་ཡིནཿ འཇིག་པའི་རྐྱེན་མང་འཚོ་བའི་རྐྱེན་ནི་ཉུང་ཿ གསོན་པར་འདོད་ཀྱང་རང་དབང་ཅུང་ཟད་མེདཿ མྱ་ངན་མཛད་དགེ་བའི་ཕན་ཡོན་སེམསཿ ཡིད་བརྟན་ཞུམ་མེད་སྟོབས་ཆེ་ཁ་དོག་བདེཿ དེ་སྐད་བརྗོད་པས་རྒྱལ་པོ་ཐུགས་ཚིམ་གྱུརཿ དབྱར་ཟླ་ར་བའི་ཚེས་ནི་བཅོ་ལྔ་པཿ དཀོན་མཆོག་དྲུང་དུ་མཆོད་པ་རྒྱ་ཆེན་ཕུལཿ དཀོན་མཆོག་སྤྲིན་དང་ཆོས་ཀྱི་སྤྲིན་ཞེས་པཿ ཐེག་པ་ཆེན་པོའི་མདོ་སྡེ་ཚར་གཅིག་བཏོནཿ འགྲོ་བ་རྣམས་ལ་མཆོད་སྦྱིན་རྒྱ་ཆེན་པོཿ ཅི་ཡོད་སྦྱིན་པར་གཏོང་བར་དམ་བཅས་ཏེཿ དེ་དུས་ཙ་ན་མི་ཀུན་མེ་ཏོག་ཟཿ གྲོང་ཁྱེར་ཀ་མ་རུ་ཡི་བྱང་ཤར་ནཿ རྒྱ་མཚོ་དྲི་མེད་མདངས་ལྡན་ཞེས་བྱ་བརཿ མེ་ཏོག་པདྨ་མང་པོ་སྐྱེས་པ་ལཿ མེ་ཏོག་ཨུ་དུམ་ཝ་རའི་ནགས་ཚལ་ནིཿ སྡོང་པོ་པང་གིས་མི་འཁྱུད་པ་ཞིག་འདུགཿ ལོ་སྐོར་རེ་ལ་གསར་རྙིང་བརྗེས་ནས་སྐྱེཿ ནམ་ཞིག་འབྲུག་ལོ་སྟོན་ཟླ་ར་བ་ཡིཿ ཁྲི་གདུགས་སྐར་མ་རྒྱལ་གྱི་ཉིན་པར་ནིཿ བློན་པོས་པདྨ་ལེན་དུ་ཕྱིན་པའི་ཚེཿ པདྨའི་ཟེའུ་འབྲུ་མཐོ་བརྒྱད་འདུག་པའི་སྟེང་ཿ ཁྱེའུ་ལྟ་མཛེས་ཟིལ་པ་ཕྲམ་མེར་འདུགཿ ཁྱེར་ནས་རྒྱལ་པོའི་ཕྱག་ཏུ་ཕུལ་བ་ནཿ བུ་སྐལ་ཡོད་སྲིད་འཁྱེར་སྙམ་བསམས་པ་དང་ཿ ལེགས་སམ་ལེགས་ན་བཟའ་སྨད་དགུ་ཡང་སྐྱིདཿ ཉེས་སམ་ཉེས་ན་གྲི་བོ་རང་ལ་འབབཿ དེ་བས་ཞུས་ནས་བཀའ་བཞིན་བྱ་བར་རིགསཿ རྒྱལ་པོའི་


PKT001_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

༼༤༡ན༽སྒོར་འོངས་འཕྲིན་འདོན་དོན་ཆེན་མཇལཿ རྒྱལ་པོའི་དཀོར་མཛོད་ནོར་རྣམས་སྦྱིན་པར་བཏང་ཿ ལོ་མང་སོང་ནས་དཀོར་མཛོད་ནོར་རྣམས་སྟོངསཿ སྦྱིན་པའི་འཕྲོ་ཆད་སློང་བའི་འཕྲོ་མ་ཆདཿ ད་ནི་བང་མཛོད་ཐམས་ཅད་སྟོངས་སོ་བརྗོདཿ སློང་བས་ངེད་ཀྱི་སྐལ་པ་མེད་པ་ནཿ སྔོན་ཆད་སྦྱིན་པ་བཏང་བ་དོན་མེད་ཟེརཿ དེ་ནས་རྒྱལ་པོས་ཐུགས་དགོངས་བཏང་བ་ལསཿ ཕྱི་བློན་ནང་བློན་བློན་པོའི་ཚོགས་རྣམས་བསྡུསཿ སྦྱིན་པ་ལོ་མངས་ཟས་ནོར་ཐམས་ཅད་ཟདཿ སློང་མོ་བ་ཡིས་འཕྲོ་མ་ཆད་པར་འདོདཿ ད་ནི་ཟས་ནོར་འབྱུང་ཐབས་ཅི་བྱ་གསུངསཿ ལ་ལས་སོ་ནམ་བྱས་ན་འབྱུང་ངོ་ཟེརཿ ལ་ལས་ཚོང་ཁེ་བྱས་ན་འབྱུང་ངོ་ཟེརཿ ལ་ལས་དམག་ཇག་དགྲ་ཟླ་བཅོམ་ན་ཟེརཿ ལ་ལས་ཅི་ཟེར་ལ་ལས་ཅང་ཟེར་གྱུརཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ རྒྱལ་པོ་སྤྱན་མེད་འབྱོར་ལྡན་གྱིས་དཀོར་མཛོད་སྦྱིན་པར་བཏང་བའི་ལེའུ་སྟེ་བཅུ་གསུམ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

གཟིགས་སྟངས་དྲི་མེད་མདངས་ལྡན་ཡོན་ཏན་བརྒྱད་ལྡན་མཚོར་བབས་པའི་ལེའུ།


PKT001_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ཀྱིསཿ ཟག་མེད་རིན་པོ་ཆེ་ཡི་ཕོ་བྲང་ནསཿ སྐུ་གསུང་ཐུགས་ཡོན་འཕྲིན་ལས་སྤྲུལ་པ་བཀྱེཿ སྐུ་ལུས་བཀོད་པ་མཚན་བཟང་སུམ་ཅུ་གཉིསཿ འཁོར་ལོ་སྒྱུར་རྒྱལ་བཟང་པོ་མཆོག་ཏུ་སྤྲུལཿ གླིང་བཞི་དབང་མཛད་ཆོས་ཀྱི་འཁོར་ལོ་བསྐོརཿ


PKT001_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

༼༤༡བ༽འགྲོ་འདུལ་གཟིགས་སྟངས་རྣམ་པ་གསུམ་ལ་གཟིགསཿ གཟིགས་སྟངས་དང་པོ་འགྲོ་བ་རིགས་དྲུག་ཏུཿ འགྲོ་བ་འདུལ་བའི་ཐུབ་དྲུག་གུ་རུ་དྲུགཿ མི་རྣམས་རྒྱུ་འབྲས་ཡིད་ཆེས་བསྐྱེད་པའི་ཕྱིརཿ ཨིནྡྲ་བོ་དྷིར་བུ་མེད་པ་ལ་གཟིགསཿ གཟིགས་སྟངས་གཉིས་པ་རྒྱ་བོད་རྩུབ་འགྱུར་ཅནཿ ལྷ་འདྲེ་ཤིན་ཏུ་ཐུ་བ་འདུལ་བར་དགོངསཿ རྫུས་སྐྱེས་མ་ཡིན་མངལ་སྐྱེས་མི་ཐུལ་བསཿ དྲི་མེད་མདངས་ལྡན་གཡུ་ཡི་མཚོ་ལ་གཟིགསཿ གཟིགས་སྟངས་གསུམ་པ་བོད་ཀྱི་རྒྱལ་ཁམས་སུཿ ལྷ་སྲིན་འཁྲུག་པ་གདུག་པ་ཅན་གྱི་ཡུལཿ མུན་པར་ཆོས་ཀྱི་སྒྲོན་མེ་གསལ་བྱེད་པཿ ཆོས་རྒྱལ་ཆེན་པོ་ཁྲི་སྲོང་སྡེའུ་བཙན་གཟིགསཿ གསལ་དབྱེ་ཞིབ་པར་བཤད་ན་འདི་ལྟར་རོཿ ཨུ་རྒྱན་དྷ་ན་ཀོ་ཤའི་མཚོ་གླིང་ནཿ རྒྱ་མཚོ་དྲི་མེད་མདངས་ལྡན་ཞེས་བྱ་འཁོརཿ ཆུ་ཞིང་དཔག་ཚད་བརྒྱ་ཕྲག་ཉི་ཤུ་ཡོདཿ དྲི་མེད་མདངས་ལྡན་དཔག་ཚད་འབུམ་ཕྲག་གཅིགཿ ཟླུམ་ལ་འཁྱིལ་བ་སྡོ་ལ་དྭངས་པའི་མཚོཿ དྲི་མེད་མདངས་ལྡན་ཡོན་ཏན་བརྒྱད་དང་ལྡནཿ དེ་གང་ཞེ་ན་རྣམ་གྲངས་འདི་ལྟ་སྟེཿ གཙང་དྭང་དངས་བ་བསིལ་དང་འཇམ་པ་དང་ཿ གསུང་དང་ངོམས་པ་བདེ་དང་ཞིམ་པའོཿ ཿགཙང་བ་དྲི་དང་ལྷན་ཅིག་མི་གནས་པཿ དྭངས་པ་འདམ་གྱི་རྙོག་པ་མེད་པའོཿ བསིལ་བ་ཞེས་ནི་ངར་དང་ལྡན་པའོཿ འཇམ་པ་འཐུངས་ན་ཟུག་རྔུ་མེད་པའོཿ གསུང་ནི་བཟང་པོའི་


PKT001_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

༼༤༢ན༽ངད་དང་ལྡན་པའོཿ ཞིམ་པ་རོ་ནི་མཆོག་ཏུ་གྱུར་པའོཿ ངོམས་པ་གདུང་བ་སེལ་བར་བྱེད་པའོཿ བདེ་བ་གང་དེའི་ལུས་ལ་ཕན་པའོཿ ནད་གདོན་བགེགས་ཀྱི་རིགས་གྱུར་གང་ལའང་ཕནཿ ཆུ་དེ་ལོན་དཀའ་རྫུ་འཕྲུལ་སྤྱོད་ཡུལ་ལོཿ ལས་འཕྲོ་བཟང་པོ་ཡོད་པ་ཀུན་གྱིས་ལོནཿ འགྲོ་བ་སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱོང་ཿ འཐུངས་དང་བཀྲུས་པ་མཐོང་བའི་མིཿ རྩོད་པ་ཅན་གྱི་སེམས་ཅན་ཡང་ཿ ཆུ་འཐུངས་མི་རྩོད་པ་རུ་འགྱུརཿ འཐབ་མོ་ཅན་གྱི་སེམས་ཅན་ཡང་ཿ ཆུ་འཐུངས་མི་འཐབ་པ་རུ་འགྱུརཿ ཁྲོ་གཏུམ་ཅན་གྱི་སེམས་ཅན་ཡང་ཿ ཆུ་འཐུངས་མི་ཁྲོ་པ་རུ་འགྱུརཿ ཚིག་པ་ཅན་གྱི་སེམས་ཅན་ཡང་ཿ ཆུ་འཐུངས་མི་ཚིག་པ་རུ་འགྱུརཿ རིགས་དྲུག་སེམས་ཅན་མང་པོ་ལསཿ ལྟ་བའི་མིག་རྣོ་ཀུན་གྱིས་ལྟོསཿ ལོག་ལྟ་ཀུན་གྱིས་ག་ལ་མཐོང་ཿ ས་ལེར་འོད་གསལ་མདངས་ལྡན་མཆོགཿ འདྲེན་པའི་སྐྱེས་བུ་ཀོ་ཤའི་མཚོ་ལས་འཁྲུངསཿ ཨུ་རྒྱན་ཡུལ་གྱི་ལྷོ་ནུབ་ཉེ་བ་ནཿ དགེ་བའི་རྟགས་བྱུང་མཚོ་ཆེན་ཞིག་གི་གླིང་ཿ རབ་ལེགས་མཛེས་ལྡན་ཅན་གྱི་ནུབ་བྱང་ངོསཿ གྲོང་ཁྱེར་ཀ་མ་རུ་པའི་བྱང་ཤར་མཚམསཿ པདྨའི་སྡོང་པོ་ཨུ་དུམ་ཝ་རའི་ཚལཿ ཉིན་མོ་ཉི་མས་མེ་ཏོག་ཆུ་གཏིང་བྱིང་ཿ རྒྱ་མཚོ་ཆེན་པོ་བྱིན་དང་ལྡན་པར་བྱེདཿ མཚན་མོ་ཁ་རུ་འཐོན་པས་འོད་དང་ལྡནཿ འདྲེན་པའི་སྐྱེས་བུ་ཀོ་ཤའི་མཚོ་ལས་


PKT001_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

༼༤༢བ༽འཁྲུངསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ གཟིགས་སྟངས་དྲི་མེད་མདངས་ལྡན་ཡོན་ཏན་བརྒྱད་ལྡན་མཚོ་རབས་ཀྱི་ལེའུ་སྟེ་བཅུ་བཞི་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

རྒྱལ་པོ་ཨིནྡྲ་བོ་དྷིའི་རྣམ་ཐར་གྱི་ལེའུ།


PKT001_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོ་ལ་སྲས་མི་མངའ་བསཿ མོ་མས་མོ་བྱས་རྩིས་པས་རྩིས་བརྩིས་ཤིང་ཿ ཕྱྭ་ཕ་རྣམས་ཀྱིས་ཕྱྭ་གཡང་གླན་བྱས་པསཿ སྦྱིན་གཏོང་ཕངས་མེད་བགྱིས་ན་སྲས་འབྱུང་ཞེསཿ ཆོས་སྐྱོང་རྒྱལ་པོ་ཨིནྡྲ་བོ་དྷི་ཡིསཿ ནང་པའི་པཎ་ཆེན་ལྔ་བརྒྱ་རྩ་གཅིག་དང་ཿ དེ་བཞིན་ཕྱི་པ་ལྔ་བརྒྱ་རྩ་གཅིག་སྟེཿ བླ་མཆོད་བཟང་པོ་སྟོད་དང་རྩ་གཉིས་རྣམསཿ རང་རང་ལྷ་ལ་མཆོད་སྒྲུབ་བྱེད་དུ་བཅུགཿ རྒྱལ་པོས་སྲས་འབྱུང་གསོལ་བ་བཏབ་ནས་སུཿ སྤྲེལ་ལོ་ཆོ་འཕྲུལ་ཆེན་པོའི་ཉ་ལ་ནིཿ རིན་པོ་ཆེ་ཡི་མཛོད་མིག་སུམ་སྟོང་ཕྱེཿ དེ་ནས་རང་བྱུང་གཟི་འདྲའི་མཆོད་རྟེན་ལཿ ཕྱི་མཆོད་ནང་མཆོད་གསང་མཆོད་ཆེན་པོ་མཛོདཿ ཕྱོགས་བཞི་མཚམས་བརྒྱད་མཐའ་དག་སྐད་བསྒྲགས་ནསཿ གང་ལ་གང་མཁོ་བཏང་ཡང་སྲས་མ་བྱུང་ཿ བླ་མཆོད་དྲང་སྲོང་ཨཱ་སེ་ན་ཞེས་བྱཿ བདེན་པ་མཐོང་བ་གྲུབ་པ་ཐོབ་པ་ཞིགཿ དཔོན་གཡོག་བདུན་བྱུང་ངེད་ལ་སྦྱིན་ཐོང་ཟེརཿ སྦྱིན་པ་གཏོང་རྒྱུ་མེད་དོ་སྨྲས་པ་དང་ཿ ངེད་ཀྱི་སྦྱིན་པའི་སྐལ་བ་མེད་པ་ནཿ གཞན་སྦྱིན་བཏང་བ་དོན་མེད་ཆུ་ལ་ཕོཿ ངེད་ཀྱིས་བདེན་པའི་སྟོབས་བརྗོད་འགྲུབ་པོ་གསུང་ཿ རྒྱལ་པོའི་ཞལ་


PKT001_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

༼༤༣ན༽ནས་འོ་ན་ཁྱེད་ཅག་རྣམསཿ ང་ཡི་ཕོ་བྲང་ནང་གཤེགས་བཞུགས་སུ་གསོལཿ དྲང་སྲོང་རྣམས་ཀྱིས་བདེན་པའི་ཚིག་བརྗོད་པཿ སྲས་འབྱུང་བ་རུ་སྨོན་ལམ་དགེ་བར་ཐོབཿ བཙུན་མོ་རྣམས་ཀྱིས་བཀུར་སྟི་གྱིས་ཤིག་གསུངསཿ རྒྱལ་པོ་དཔོན་གཡོག་ཕྱི་ཡི་རྒྱ་མཚོ་ལཿ ནོར་བུ་ལེན་དུ་ཕྱིན་པའི་ཤུལ་དུ་ནིཿ ཕྱི་ནང་བླ་མཆོད་པཎ་ཆེན་སྟོང་རྩ་གཉིསཿ རབ་ཏུ་ཤིན་ཏུ་ཐུགས་མུག་ཡིད་ཆད་ནསཿ ལྷ་འདྲེ་གདུག་པ་ཅན་རྣམས་སྒྲོལ་བ་ཡིཿ སྦྱིན་སྲེག་བྱེད་པའི་བཅའ་གཞི་བྱེད་པར་བཤམསཿ ལྷ་འདྲེ་ཐམས་ཅད་འདུས་ཤིང་འཁྲུགས་ནས་སུཿ ཐོག་སེར་གློག་འཁྱུག་སྒྲ་འོད་རླུང་ནག་འཁྲུགསཿ ས་གཡོས་རྡོ་སེར་དམག་འཁྲུག་མུག་ཡམས་ཀྱིསཿ ཨུ་རྒྱན་ཡུལ་རྣམས་བྲེད་ཅིང་རབ་ཏུ་སྐྲགཿ ས་ནས་འཕར་ཞིང་ཚོ་དེ་ཚོ་དགུ་འདེབསཿ ཉ་མོ་བྱེ་ཚ་ན་བཏོན་པ་བཞིན་གྱུར་ཏོཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ རྒྱལ་པོ་ཨིནྡྲ་བོ་དྷིའི་རྣམ་ཐར་གྱི་ལེའུ་སྟེ་བཅོ་ལྔ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

རྒྱལ་པོ་ཨིནྡྲ་བོ་དྷིས་ཡིད་བཞིན་གྱི་ནོར་བུ་ལོན་པའི་ལེའུ།


PKT001_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོས་དེ་དག་བྱ་ལས་རྣམསཿ ཆོས་དང་མཐུན་པའི་བྱ་ལས་མ་ཡིན་བསམཿ རྒྱ་མཚོར་ཞུགས་ཏེ་ནོར་བུ་རིན་ཆེན་བླངསཿ དབུལ་ཕོངས་རྣམས་ལ་སྦྱིན་པ་ཡིད་བཞིན་བྱཿ རྒྱ་མཚོར་རིན་ཆེན་ལེན་དུ་ཕྱིན་མནོ་ཞིང་ཿ དེ་ཚེ་ཡུལ་ན་ཚོང་དཔོན་རྒས་པོ་ཞིགཿ སྔོན་


PKT001_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

༼༤༣བ༽ཆད་རྒྱ་མཚོར་ལན་མང་ཕྱིན་པ་ཡོདཿ དེ་ཡི་གན་དུ་རྒྱལ་པོས་སོང་ནས་སུཿ ཁོ་བོ་རྒྱ་མཚོར་འཇུག་པའི་ས་མཁན་དུཿ ཁྱོད་ཉིད་འགྲོ་དགོས་ད་ལྟ་ཆོས་ཤིག་སྨྲསཿ དེད་དཔོན་རྒྱ་མཚོར་འགྲོ་ནི་མི་རུང་སྟེཿ དབུལ་ཕོངས་ལུས་སྲོག་བསྔོས་ནས་བགོ་བ་ཡིནཿ རྒྱ་མཚོའི་ནང་ན་ཆུ་རླངས་རྦ་ཀློང་འཁྱིལཿ ཆུ་སྲིན་དང་ནི་ཀླུ་ཡང་གདུག་པ་ཅནཿ སྲིན་མོ་རི་ཆུའི་མདོག་ཅན་ལ་སོགས་པཿ ཤིན་ཏུ་ཡ་ངའི་བགེགས་ཀྱང་མང་དུ་ཡོདཿ རྒྱལ་པོའི་སྤྱན་གྱིས་མི་གཟིགས་འགྲོ་མི་ནུསཿ ཞེས་སྨྲས་དེ་ནས་རྒྱལ་པོས་བསྒོ་བ་ནིཿ བསམ་པ་འདི་ཉིད་མ་འགྲུབ་ཤི་ནས་སྡོདཿ རྒྱ་མཚོར་འགྲོ་བའི་ས་མཁན་གྱིས་ཤིག་དང་ཿ ཅི་དགོས་བཀའ་སྩོལ་བདག་གིས་བསྒྲུབ་བོ་ཟེརཿ དེད་དཔོན་ས་མཁན་འདི་སྐད་ཅེས་པ་སྨྲསཿ ཆུ་སྲིན་བརྟག་པའི་ཕུག་རོན་གསོན་མ་དགོསཿ ཕུག་རོན་གསོ་བའི་བ་གཞོན་དམར་མོ་དགོསཿ བ་ཉིད་གསོ་བའི་རྩ་ཕོན་མང་དུ་དགོསཿ ཆུ་སྲིན་གསོད་པའི་དུང་ནི་གསོན་མ་དགོསཿ གཟིངས་དང་གཟིངས་ཀྱི་སྡོམ་ཐག་སུམ་ཐོག་དགོསཿ ཕྱོགས་བཞིར་ཞ་ཉེའི་གཏིང་རྡོ་ཆེན་པོ་བཞིཿ སྲོ་མ་ར་ཙ་རྔ་མའི་ཐག་པ་དགོསཿ རླུང་ཕྱོགས་འབབ་ལ་གཡེར་ཤིང་རྒྱལ་མཚན་དགོསཿ དེ་ནས་རྒྱལ་པོས་དེ་རྣམས་ལེགས་པར་བསྒྲུབསཿ དེད་དཔོན་གྲུ་བཅོས་གཟིངས་ཆས་ལེགས་པར་བྱསཿ རྒྱལ་པོའི་འཁོར་གྱིས་མི་བཞུད་བཤོལ་བཏབ་ཀྱང་ཿ མ་གནང་


PKT001_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

༼༤༤ན༽གཟིངས་ཀྱི་ནང་དུ་ཞུགས་པར་གྱུརཿ ཚོང་པ་ལྔ་བརྒྱ་ཙམ་ཡང་གཟིངས་ལ་ཞུགསཿ དེ་ནས་དེད་དཔོན་རྒྱ་མཚོའི་ནང་ལ་ཕྱིནཿ གྲུ་ནང་ཞུགས་ནས་ཐག་པ་བདུན་གྱིས་རྟོདཿ རླུང་ཕྱོགས་སྦྱར་ཏེ་འགྲོས་ནི་གྱིས་པ་ལཿ རྒྱ་མཚོའི་ནང་ན་བགེགས་རིགས་སྣ་ཚོགས་ཡོདཿ བདེ་བར་ཕྱིར་འཁོར་བ་ནི་ཤིན་ཏུ་ཉུང་ཿ དེ་ལ་ཐེ་ཚོམ་ཟ་རྣམས་ཕྱིར་དེངས་ཤིགཿ གལ་ཏེ་ལུས་དང་སྲོག་ལ་མི་བལྟ་ཞིང་ཿ ཕ་དང་བུ་དང་ཆུང་མ་གཉེན་བཤེས་ལཿ མ་ཆགས་མ་ཞེན་རིན་ཆེན་སེམས་པ་རྣམསཿ རིན་ཆེན་གླིང་དུ་ཕྱིན་ཀྱང་བདེ་བར་འཁོརཿ བུ་དང་ཚ་རབས་ཡང་ཚ་བདུན་ཚུན་ཆོདཿ རིན་ཆེན་ནོར་དང་མི་འབྲལ་འཆིངས་པར་འགྱུརཿ ཞེས་བསྒྲགས་དེ་ནས་ཐག་པ་གཅིག་བཅད་དོཿ དེ་བཞིན་ཉི་མ་བདུན་བར་དེ་སྐད་བསྒོཿ ཐག་པ་རེ་རེ་བཅད་ནས་རླུང་ཕྱོགས་སུཿ དར་པོ་ཆེ་དང་གཡེར་ཤིང་རྒྱལ་མཚན་བསྒྲེངསཿ མགྱོགས་པའི་ཁྱད་ཀྱང་དཔག་ཆེན་མདའ་བཞིན་སོང་ཿ དེ་ནས་རིན་པོ་ཆེ་ཡི་གླིང་ཕྱིན་ནསཿ འཁོར་རྣམས་རིན་པོ་ཆེ་ཡི་གླིང་དུ་བཞགཿ རྒྱལ་པོ་དེད་དཔོན་གྲུ་ཆུང་ཞིག་ནང་ཞུགསཿ རིམ་གྱིས་བགྲོད་པས་རིན་ཆེན་གླིང་ཉེར་སླེབཿ སྨོན་ལམ་སྟོབས་ཀྱིས་རྒྱལ་པོའི་མཐོང་ཡུལ་དུཿ རིགས་པའི་ཡུལ་སྣང་ཅུང་ཞིག་གསལ་བར་གྱུརཿ བལྟས་པས་རི་ནི་དཀར་པོ་ཞིག་སྣང་སྟེཿ རྒྱལ་པོས་ཕ་ཀི་ཅི་ཡི་རི་ཡིན་དྲིསཿ དེད་དཔོན་ཕ་གི་དངུལ་གྱི་རི་ཡིན་ཟེརཿ དེ་ནས་སོང་


PKT001_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

༼༤༤བ༽བས་རི་ནི་སྔོན་པོ་མཐོང་ཿ ཕ་གི་ཅི་ཡི་རི་ཡིན་དྲིས་པ་དང་ཿ རིན་ཆེན་བཻཌཱུ་རྻ་ཡི་རི་ཡིན་ཟེརཿ དེ་ནས་ཡང་སོང་སེར་པོ་ཞིག་སྣང་སྟེཿ དེ་ནི་རིན་ཆེན་གསེར་གྱི་རི་ཡིན་ཟེརཿ གསེར་གྱི་རི་དེའི་རྩ་རུ་ཕྱིན་པ་དང་ཿ ས་གཞི་ཐམས་ཅད་གསེར་གྱི་བྱེ་མར་སྣང་ཿ གསེར་གྱི་བྱེ་མའི་སྟེང་དུ་ཡུན་ཞིག་འདུགཿ རྒྱལ་པོའི་སྙན་དུ་དེད་དཔོན་འདི་སྐད་སྨྲསཿ བདག་ནི་རྒས་པས་ད་ནི་འགྲོ་མི་ཕོདཿ ཁྱོད་ཀྱིས་འདི་ནས་དཔག་ཚད་གཅིག་སོང་དང་ཿ མདུན་ན་རིན་ཆེན་སྣ་ཚོགས་མཁར་བརྒྱ་ཡོདཿ ཐེ་ཚོམ་མེད་པར་མཁར་ནང་བཙངས་ཀྱིས་སོང་ཿ གལ་ཏེ་མཁར་སྒོ་བཅད་ནས་འདུག་པ་ནཿ མཁར་གྱི་ཡ་ཐེམ་གསེར་གྱི་གཡུང་དྲུང་བྲིསཿ མཐེམ་རྡོ་རྗེ་རྒྱ་གྲམ་བྲིས་པ་ཡོདཿ སྒོ་དྲུང་རྡོ་རྗེའི་གཏུན་བུ་ཞིག་ཡོད་དེཿ རྡོ་རྗེའི་གཏུན་གྱིས་མཁར་གྱི་སྒོ་རྡུངས་ཤིགཿ དེ་ཡིན་ནང་ནས་ཀླུ་ཡི་བུ་མོ་ནིཿ མཛེས་ལྡན་མ་ཞེས་ཁ་དོག་མཐིང་ཁ་ཞིགཿ མགོ་ལུས་མེད་པ་རིན་ཆེན་སྣ་བདུན་བརྒྱནཿ ལག་ན་སྔོ་ཧྲིལ་ཁ་དོག་འོད་ལྔ་འབརཿ ཡིད་བཞིན་ནོར་བུའི་མཆོག་དེ་འབུལ་དུ་འོང་ཿ ཐོབ་མ་ཐག་ཏུ་མ་ཤོར་དམ་དུ་གཟུང་ཿ དེ་ལོན་པས་ན་ནོར་བུས་བསམ་དགུ་འབྱུང་ཿ དབང་པོ་རབ་ཏུ་བསྡོམས་ལ་མ་སྨྲ་ཞིགཿ མཇུག་ལ་ལྷ་མོ་ལྔ་ཞིག་ཡོངས་ནས་ཀྱང་ཿ རིན་ཆེན་མང་པོ་ཐོགས་ནས་འབུལ་དུ་འོང་ཿ མྱུར་དུ་ལོང་ལས་གོས་ཀྱི་འཐུར་ཐུམས་ཤིགཿ ཅེས་པ་དེད་དཔོན་རྒྱལ་པོར་བསླབས་པ་དང་ཿ རྒྱལ་པོས་བསྒོ་བ་བཞིན་དུ་བྱས་ཏེ་ཕྱིནཿ


PKT001_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

༼༤༥ན༽རིན་ཆེན་མཁར་ནི་མང་པོའི་ནང་ནས་སུཿ རིན་ཆེན་སྣ་བདུན་མཁར་གྱི་ནང་དུ་ཕྱིནཿ སྒོ་ཡང་དམ་བཅད་རྡོ་རྗེའི་གཏུན་བུས་བརྡུངསཿ སྒོ་ནི་རང་བྱེ་ལྷ་མོས་རིན་ཆེན་ཐོགསཿ ལྷ་མོ་མཐིང་ཁས་ནོར་བུ་སྔོན་པོ་བྱིནཿ ཀླུ་མོ་རྣམས་ཀྱིས་རིན་ཆེན་མང་པོ་བྱིནཿ དེད་དཔོན་སྨྲས་པ་བཞིན་དུ་ནོར་བུ་བླངསཿ རིང་པོར་མ་ལོན་དེ་མ་ཐག་ཕྱིར་ལོགཿ དེད་དཔོན་གནས་སར་ཕྱིན་ཏེ་དྲིན་ཆེ་སྨྲསཿ ནོར་བུ་གོས་ཀྱིས་གཏུམ་ཏེ་གསོལ་བཏབ་པསཿ རྒྱལ་པོའི་སྤྱན་ལོང་གཡོན་པ་ཕྱེད་པར་གྱུརཿ ཨིནྡྲ་བོ་དྷི་ཞེས་ནི་སྒྲ་བྱུང་ངོ་ཿ དེ་ནས་ཚོང་པ་ཕལ་པ་ཡོད་སར་ཕྱིནཿ དེད་དཔོན་ནོར་བུ་བརྟག་ལ་མཁས་པ་དེསཿ རིན་ཆེན་མང་ཉུང་བཟང་ངན་ཚད་བསྟན་ནསཿ ནོར་བུའི་ནང་ནས་རིན་ཆེན་མང་པོ་ཚོལཿ ནོར་བུ་མཆིང་བུ་ལ་སོགས་བགོས་ནས་བྱིནཿ མངས་ན་གཟིངས་ཆུར་བྱིང་ནས་སྲོག་དང་འབྲལཿ ཆོག་ཤེས་གྱིས་ཤིག་གཟིངས་ལ་འཇུག་གོ་ཟེརཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ རྒྱལ་པོ་ཨིནྡྲ་བོ་དྷིས་ཡིད་བཞིན་གྱི་ནོར་བུ་ལོན་པའི་ལེའུ་སྟེ་བཅུ་དྲུག་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

རྒྱལ་པོ་ཨིནྡྲ་བོ་དྷི་དང་ཞལ་མཇལ་ཞིང་རྟེན་འབྲེལ་བརྟགས་པའི་ལེའུ།


PKT001_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཟིངས་ཀྱི་ཁ་ལོ་སྒྱུར་ནས་སུཿ རྒྱལ་པོ་འཁོར་བཅས་ཡུལ་ཕྱོགས་འོངས་པ་དང་ཿ གོང་གི་པདྨ་ལེན་པའི་བློན་པོ་དེཿ ཆོས་ཀྱི་བློན་པོ་ཏྲིག་ན་འཛིན་ཞེས་ཏེཿ གྲུ་ཆུང་ཞིག་ཏུ་ཞུགས་ནས་སྡུན་བསུར་བྱུང་ཿ


PKT001_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

༼༤༥བ༽རྒྱ་གར་རྡོ་རྗེ་གདན་གྱི་ལྷོ་ནུབ་མཚམསཿ ནུབ་ཕྱོགས་ཨུ་རྒྱན་ཡུལ་གྱི་བྱང་ཤར་ངོསཿ དྷ་ན་ཀོ་ཤའི་ནུབ་བྱང་པདྨོའི་ཚལཿ དྲི་མེད་མདངས་ལྡན་རྒྱ་མཚོའི་གླིང་ཞིག་ནཿ དུར་པ་ཁྲུང་ཁྲུང་ལ་སོགས་ཆུ་བྱའི་རིགསཿ དཔག་ཏུ་མེད་པ་ཁྲ་ཅེམ་སོང་བའི་དབུསཿ འཇའ་ཚོན་སྣ་ལྔའི་འོད་ཀོར་གུར་ཕུབ་འདུགཿ རྒྱལ་པོས་ཏྲིག་ན་འཛིན་ལ་བཀའ་སྩལ་པཿ ཕ་གིར་ཅི་འདུག་ལྟོས་ལ་ཤོག་དང་གསུང་ཿ རྒྱལ་པོར་སྤྱན་མེད་གཟིགས་པ་ཇི་ལྟར་ཡིནཿ ངས་ནི་ཡིད་བཞིན་ནོར་བུ་ལོན་པ་ལསཿ གསོལ་བ་བཏབ་པས་མིག་གཡོན་ཕྱེད་དོ་གསུང་ཿ བློན་པོས་སྨྲས་པ་པདྨའི་ཚལ་དབུས་ནཿ ཁྱེའུ་ཆུང་ཡ་མཚན་ཅན་ཞིག་བཞུགས་ནས་འདུགཿ རྒྱལ་པོའི་བུ་སྐལ་ཁྱེར་སྙམ་སོམ་ཉི་ཞུགསཿ རྒྱལ་པོ་ཉིད་རང་གཟིགས་སུ་ཆས་པར་ཞུཿ རྒྱལ་པོ་ཨིནྡྲ་བོ་དྷིའི་ཞལ་ན་རེཿ ཉེ་བར་འགྲོ་དགོས་མདང་གི་རྨི་ལམ་ནཿ གསེར་གྱི་རྡོ་རྗེ་རྩེ་དགུ་འོད་འཕྲོ་ཞིགཿ ནམ་མཁའ་ནས་བྱུང་ལག་ཏུ་ལོན་པ་རྨིསཿ ཉི་མ་བདག་གི་སྙིང་ནས་ཤར་བ་རྨིསཿ དེ་སྐད་གསུང་ནས་རྒྱལ་པོ་བློན་པོ་གཉིསཿ གྲུ་ཆུང་ཞིག་ཏུ་ཞུགས་ནས་ཕྱིན་པ་དང་ཿ དུར་པའི་ཚོགས་རྣམས་སྒྲ་ངར་འགྲོགས་པར་འགྱུརཿ པདྨའི་སྟེང་ན་ཁྱེའུ་ལོ་བརྒྱད་ཙམཿ བལྟ་ན་སྡུག་བ་བྱད་བཞིན་ལེགས་པ་ཞིགཿ སྐུ་མདོག་དུང་ལ་ཕོ་ཚོས་བསྐུས་པ་འདྲཿ རྒྱལ་པོ་ངོ་མཚར་སྐྱེས་ནས་གསོལ་བ་ནིཿ ཨེ་མ་ཧོཿ ཡ་མཚན་ཅན་གྱི་ཁྱེའུ་


PKT001_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

༼༤༦ན༽ཆུང་ཁྱད་འཕགས་ཁྱོདཿ ཡབ་ནི་གང་ཡིན་ཡུམ་ནི་གང་ཡིན་པཿ ཡུལ་ནི་གང་ཡིན་རིགས་ནི་གང་དུ་གཏོགསཿ ཟས་སུ་ཅི་གསོལ་འདི་རུ་ཅི་མཛད་གསུངསཿ དེ་ནས་ཁྱེའུ་ཆུང་གིས་བཀའ་སྩལ་པཿ བདག་གི་ཕ་ནི་རིག་པའི་ཡེ་ཤེས་ཡིནཿ མ་ནི་བདེ་སྟོང་ཀུན་བཟང་མོ་ཡིནཿ ཡུལ་ནི་ཆོས་དབྱིངས་སྐྱེ་བ་མེད་པ་ཡིནཿ རིགས་ནི་དབྱིངས་རིག་གཉིས་སུ་མེད་པར་གཏོགསཿ ཟས་སུ་གཉིས་སྣང་རྟོག་པ་ཟ་བ་ཡིནཿ འདིར་ནི་ཉོན་མོངས་གསོད་པའི་སྤྱོད་པ་སྐྱོང་ཿ དེ་སྐད་གསུངས་པས་རྒྱལ་པོ་སྤྱན་ཆབ་ཤོརཿ མིག་ལོང་གཡས་པ་དེ་ཡང་ཕྱེད་པར་གྱུརཿ ཆོས་བློན་ཏྲིག་ན་འཛིན་གྱིས་ངུ་འབོད་བཏོནཿ རྒྱལ་པོའི་མཚན་ནི་མཚོ་སྐྱེས་རྡོ་རྗེར་བཏགསཿ འདི་ནི་སྤྲུལ་པའི་སྐུ་ཞིག་ཡིན་སྙམ་ནསཿ ང་ཡི་བུ་སྐལ་མཆོད་གནས་བྱའོ་སྙམཿ པདྨའི་སྡོང་པོ་ཁྱེའུར་བཅས་པར་ཁྱེརཿ རྒྱལ་པོ་ཉིད་ཀྱི་ཡུལ་ཕྱོགས་ཕྱིན་པར་གྱུརཿ དུར་པ་ཁྲུང་ཁྲུང་ལ་སོགས་ཆུ་བྱའི་རིགསཿ ལ་ལ་ཕྱིར་འབྲང་ལ་ལ་སྐད་ངན་སྒྲོགསཿ ལ་ལ་ཁྱེའུའི་སྟེང་དུ་ལྷུང་ཐབས་འབབཿ ལ་ལ་མཚོ་མཐར་ཕྱོགས་བཞི་མཚམས་བརྒྱད་བསྐོརཿ ལ་ལ་མཆུ་ནི་ས་ལ་བཙུགས་ནས་བསྒྲེཿ དེ་ནས་ཕྱིན་ཕྱིན་གྱུར་པའི་མཚོ་འགྲམ་ནཿ མི་རྒན་མགོ་དཀར་ཞིག་གིས་ཉ་རྒྱ་བཙུགསཿ ལྕགས་ཀྱུ་རེ་ཡིས་ཉ་རེ་བཟུང་ནས་སུཿ སྐམ་ལ་ཕྱུང་ནས་ལིང་ལིང་འཕར་གྱེན་འདུགཿ གྷུ་


PKT001_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

༼༤༦བ༽རུ་མཚོ་སྐྱེས་རྡོ་རྗེའི་ཐུགས་དགོངས་ལཿ བདག་གིས་རྒྱལ་པོའི་རྒྱལ་སྲིད་གཟུང་བ་ནཿ ཉ་མོ་ལྕགས་ཀྱུས་ཟོན་འདྲའི་སྡུག་བསྔལ་ཡོདཿ ཅེས་པའི་བརྡ་ཆོས་ལ་ཉེ་རྟེན་འབྲེལ་གོཿ དེ་ནས་ཡང་ཕྱིན་གྱུར་པའི་་་་ཞིག་ནཿ ཁྭ་ཏ་ཞིག་གིས་སྲེག་པ་བདས་སོང་བསཿ ཚེར་ཕུང་ཞིག་ལ་སྲེག་པ་འཁྲིས་ནས་སོང་ཿ ཁྭ་ཏ་དེ་ཡང་ཚེར་ཕུང་རྩར་སོང་ནསཿ ཁྭ་ཏས་གཡས་ཕྱིན་སྲེག་པས་གཡོན་ལ་བྲོསཿ ཁྭ་ཏས་གཡོན་ཕྱིན་སྲེག་པས་གཡས་ལ་བྲོསཿ དེ་ཉིད་འབྲོས་འདེད་ཡུན་རིང་བྱས་ནས་སུཿ བར་སྐབས་ཞིག་ལ་སྲེག་པས་བྲོས་པས་ཐརཿ ཚེར་ཕུང་དེ་ཉིད་རྒྱལ་པོའི་རྒྱལ་སྲིད་དང་ཿ ཁྭ་ཏ་དེ་ཉིད་ཨིནྡྲ་བོ་དྷི་འདྲཿ སྲེག་པ་དེ་ཉིད་མཚོ་སྐྱེས་རྡོ་རྗེ་སྟེཿ རྒྱལ་སྲིད་ཐབས་ཀྱིས་སྤང་བའི་བརྡ་རུ་གོཿ དེ་ནས་ཕྱིན་པས་འཇག་ཁྱིམ་གྲོང་ཞིག་ནཿ དགེ་བསྙེན་ཕོ་མོ་གཉིས་ཀྱི་བུ་ཤར་ཅིགཿ བྱི་བ་བསད་པས་ཁྱིམ་དུ་མི་གཏོང་མཐོང་ཿ རྒྱལ་པོའི་ཁྲིམས་ལ་གནོད་པར་སྐྱལ་བ་ནཿ བདག་ཉིད་སྤྱུག་པའི་བརྡ་ཆོས་རྟེན་འབྲེལ་གོཿ དེ་ནས་རྒྱལ་པོའི་ཕོ་བྲང་མཐོང་བར་གྱུརཿ ཐམས་ཅད་རབ་ཏུ་དགའ་ནས་ལྟད་མོས་བསུསཿ སྟག་ཤོན་སེང་ཤོན་ཁྱུང་ཤོན་བརྒྱ་ཕྲག་གསུམཿ སྔགས་འཆམ་སྔགས་གར་སྔགས་གིར་བརྒྱ་གསུམ་དང་ཿ ནི་གུ་རྒྱན་ལྡན་བརྒྱ་གསུམ་ཞེས་འབུལཿ ཁྱེའུ་སུམ་བརྒྱས་གར་གྱི་ཕྱག་རྒྱ་བསྒྱུརཿ རྔ་བོ་ཆེ་སོགས་རོལ་མོའི་རིགས་བྱེད་སྦིརཿ གདུགས་དང་རྒྱལ་


PKT001_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

༼༤༧ན༽མཚན་དར་གྱི་རིགས་བྱེད་ཕྱརཿ འཇིག་རྟེན་ཁམས་ཀྱི་ལྟད་མོའི་རིགས་བྱེད་རྣམསཿ འདྲ་འབག་མང་པོ་གྱོན་ནས་རྩེ་བར་གྱུརཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ རྒྱལ་པོ་ཨིནྡྲ་བོ་དྷི་དང་ཞལ་མཇལ་ཞིང་རྟེན་འབྲེལ་བརྟགས་པའི་ལེའུ་སྟེ་བཅུ་བདུན་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

རྒྱལ་པོ་ཨིནྡྲ་བོ་དྷིས་ནོར་བུ་ལ་གསོལ་བ་བཏབ་པའི་ལེའུ།


PKT001_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོ་ཨིནྡྲ་བོ་དྷི་ཡིསཿ དགོས་འབྱུང་ཡིད་བཞིན་ནོར་བུ་རིན་པོ་ཆེཿ བ་ཚྭ་ཅན་གྱི་ཆུ་ལ་ལེགས་པར་བཀྲུསཿ ཀ་ཤི་ཀ་ཡིས་རས་ཀྱིས་བྲད་ནས་སུཿ ཤིང་ཁྱོགས་དར་ཟབ་འོད་ལེའི་སྟེང་དུ་བཞགཿ ང་ཡིས་རྙེད་པའི་ནོར་བུ་རིན་ཆེན་འདིཿ ཡིད་བཞིན་ནོར་བུ་ཡང་དག་ཡིན་ངེས་ནཿ ང་ཡི་ཁྱེའུ་འདི་ཉིད་བཞུགས་པའི་ཁྲིཿ རིན་ཆེན་སྣ་བདུན་མཐོ་བའི་ཁྲིར་གྱུར་ལཿ རིན་ཆེན་སྣ་བདུན་གདུགས་ཀྱང་ཡོད་པར་ཤོགཿ དེ་སྐད་བརྗོད་མ་ཐག་ཏུ་གྲུབ་པར་འགྱུརཿ དེ་ལ་ཁྱེའུ་བཞུགས་རྒྱལ་པོར་མངའ་གསོལ་ནསཿ མཚན་ཡང་པདྨ་རྒྱལ་པོ་ཞེས་བྱར་བཏགསཿ དེ་ནས་རྒྱལ་པོས་སྨོན་ལམ་འདི་སྐད་བཏབཿ ང་ཡི་ལོན་པའི་ནོར་བུ་རིན་ཆེན་འདིཿ ཡིད་བཞིན་མ་ནོར་བུ་ཞིག་ཡིན་ངེས་ནཿ བང་མཛོད་སྟོངས་པ་ཐམས་ཅད་གང་བར་ཤོགཿ དེ་སྐད་བརྗོད་མ་ཐག་ཏུ་བང་མཛོད་རྣམསཿ སྔར་དུས་ཅི་ཡོད་ཐམས་ཅད་གང་བར་གྱུརཿ དེ་ནས་རྒྱལ་པོས་རྔ་བོ་ཆེ་བརྡུངས་ནསཿ ཕྱོགས་བཞི་མཚམས་བརྒྱད་ཀུན་ཏུ་སྒྲ་བསྒྲགས་ཏེཿ རྒྱལ་པོ་ཨིནྡྲ་བོ་དྷིས་ཡིད་བཞིན་


PKT001_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

༼༤༧བ༽ལོནཿ ནོར་བུ་རིན་ཆེན་དགོས་འདོད་ཆར་འབབས་པསཿ གོང་སུ་ཅི་འདོད་གང་འདོད་ཐམས་ཅད་ལོང་ཿ དེ་སྐད་ཅེས་པ་ཕོ་ཉས་སྒྲ་བསྒྲགས་སོཿ རྒྱལ་པོས་ཡིད་བཞིན་ནོར་བུར་ཁྲུས་ཆབ་གསོལཿ རྒྱལ་མཚན་རྩེ་ལ་བཏགས་ནས་གདུགས་འཕན་ཕྱརཿ ཙནྡན་ཨ་ཀ་རུ་དང་ཆོས་དབྱངས་དང་ཿ སིཧླ་ལ་སོགས་དྲི་བཟང་དྲི་ཡིས་བདུགསཿ ཕྱི་ནང་མཆོད་པ་འདོད་ཡོན་མང་པོས་མཆོདཿ རོལ་མོའི་རིགས་བྱེད་དཔག་ཏུ་མེད་པས་བསྐོརཿ རྒྱལ་པོས་ཁྲུས་བྱས་གོས་བཟང་གཙང་མ་གྱོནཿ ཕྱོགས་བཞིའི་ལྷ་ལ་ཕྱག་བཙལ་འདི་སྐད་བརྗོདཿ ང་ཡིས་རྙེད་པའི་ནོར་བུ་རཏྣ་འདིཿ ཡིད་བཞིན་མ་ནོར་བུ་ཞིག་ཡིན་ངེས་ནཿ མཆོག་དང་ཐུན་མོང་ཅི་འདོད་ཆར་ཕོབ་ཅིགཿ བརྗོད་པ་ཙམ་གྱིས་ཕྱོགས་བཞིར་རླུངས་ལངས་ནསཿ མི་གཙང་ཐམས་ཅད་ཕྱག་ནས་གཙང་བར་བྱསཿ དེ་ཡི་སྟེང་དུ་སྦྲང་ཆར་ཟིལ་བུར་བབསཿ རྡུལ་མི་ལྡང་བར་བྱི་དོར་བྱས་ནས་སུཿ དང་པོར་ཁ་ཟས་རོ་བརྒྱའི་ཆར་པ་ཕབཿ ལྟོགས་པའི་མི་རྣམས་ཐམས་ཅད་ཚིམ་པར་བྱསཿ དེ་ནས་གོས་ཀྱི་རིགས་བྱེད་ཆར་པ་ཕབཿ འཁྱགས་པའི་མི་རྣམས་ཅད་ཚིམ་པར་བྱསཿ དེ་ནས་ནོར་གྱི་རིགས་བྱེད་ཆར་པ་ཕབཿ རིན་ཆེན་གསེར་གཡུ་བཻཌཱུརྻ་དང་ནིཿ མུ་སརྒ་རྦྷ་དང་ནི་བཞོན་པ་དང་ཿ ཐེག་པ་འཁྱོགས་དང་སྐྱེད་མོས་ཚལ་དང་མཆོརཿ ཞིང་དང་ཁང་པ་རྐང་འགྲོས་ལ་སོགས་པཿ གང་ལ་གང་འདོད་ཐམས་ཅད་ཚིམ་པར་བྱསཿ རྒྱལ་པོའི་མངའ་འོག་ཡོད་པ་


PKT001_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

༼༤༨ན༽ཐམས་ཅད་རྣམསཿ ལྟོགས་ཕོངས་དབུལ་བའི་སྡུག་བསྔལ་བྲལ་བར་གྱུརཿ དེ་ནས་མཁའ་ལ་སྒྲ་དང་འོད་དུ་བཅསཿ འཇའ་འོད་ཟེར་གསུམ་ནང་ནས་སྒྲ་བྱུང་སྟེཿ བདེ་བ་ཆེན་པོ་དྲུག་པ་རྡོ་རྗེ་འཆང་ཿ མེ་རི་འབར་བར་རྒྱལ་པོ་ཛའི་ཁང་ཐོགཿ ཏནྡྲ་སྡེ་ནི་བཅོ་བརྒྱད་ཆར་པ་ཕབཿ རིགས་ལྔ་ཁྲག་འཐུང་མཁའ་འགྲོ་མ་རྣམས་འདུསཿ སེངྒེའི་ནགས་ཚལ་ལུང་གི་མདོ་བདུན་ཕབཿ དྷ་ན་ཀོ་ཤའི་གླིང་གི་རྒྱལ་པོའི་ཁབཿ རྫོགས་ཆེན་རྩ་བ་ཡན་ལག་རྒྱུད་ཆར་ཕབཿ ད་ནི་ཐེག་པ་ཆེན་པོའི་ཆོས་ལ་སྤྱོདཿ རང་རང་མཆོག་གི་དངོས་གྲུབ་ཐོབ་པར་གྱུརཿ ཞེས་གསུངས་སོཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ རྒྱལ་པོ་ཨིནྡྲ་བོ་དྷིས་ནོར་བུ་ལ་གསོལ་བ་བཏབ་པའི་ལེའུ་སྟེ་བཅོ་བརྒྱད་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

མེ་ཏོག་ཨུ་དུམྦཱ་ར་གེ་སར་གྱི་ལེའུ།


PKT001_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་ཡིད་བཞིན་ནོར་བུ་རིན་པོ་ཆེ་ལ་ཕྱིས་བཀྲུས་བཤད་དར་གྱི་ལྡིང་ཁུག་བཅུགཿ རྒྱལ་མཚན་རྩེར་བཏགས་མཆོད་ཕུལ་སྨོན་ལམ་བཏབཿ ཇི་ལྟར་འདོད་པ་བཞིན་དུ་འབྱུང་བ་ལྟརཿ རྒྱལ་རིགས་མེ་ཏོག་དཀར་པོར་སྐྱེ་བ་ནིཿ རྒྱལ་པོའི་རིགས་སུ་གཏོགས་པས་ཆེ་བ་ཡིནཿ རྗེའུ་རིགས་མེ་ཏོག་སེར་པོར་སྐྱེ་བའོཿ རྗེའུའི་རིགས་སུ་གཏོགས་པས་བཙུན་པ་ཡིནཿ བྲམ་ཟེའི་རིགས་ནི་མེ་ཏོག་དམར་པོར་སྐྱེཿ བྲམ་ཟེའི་རིགས་སུ་གཏོགས་པས་གཙང་བའོཿ དམངས་རིག་མེ་ཏོག་ལྗང་གུར་སྐྱེ་བ་ཡིནཿ དམངས་ཀྱི་རིགས་སུ་


PKT001_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

༼༤༨བ༽གཏོགས་པས་གདོལ་པའོཿ འཁོར་བ་སྟོང་ཀྱི་དོགས་ནས་སྤོང་བའི་དོནཿ ཨུ་དུམ་ཝ་རའི་མེ་ཏོག་པདྨ་ནིཿ ས་ཆ་གང་བྱུང་གནས་ལ་མི་སྐྱེ་སྟེཿ མ་དྲོས་བྱང་ཕྱོགས་རྩེ་ལྔའི་ཕ་རོལ་ལམཿ དྷ་ན་ཀོ་ཤ་དྲི་མེད་མདངས་ལྡན་མཚོརཿ མེ་ཏོག་ཨུ་དུམ་ཝ་རའི་ལ་ཡོད་དོཿ མེ་ཏོག་ཚད་ནི་ཏཱ་ལའི་འཕེད་ལོ་ཅནཿ དཔག་ཚད་གཅིག་དང་ཁོར་ཡུག་ཁྱབ་པ་ལཿ བྲམ་ཟེའི་མེ་ཏོག་དམར་པོའི་ནང་དབུས་སུཿ སྣང་བ་མཐའ་ཡས་ཐུགས་ཀའི་ས་བོན་ཧྲཱིཿ འོད་དུ་ཞུ་བས་ཐར་པ་ཐོབ་པའི་སྐུཿ མཚན་བཟང་སུམ་ཅུ་རྩ་གཉིས་རྟགས་རྣམས་ཚང་ཿ སྐྱེས་བུ་ཐབས་ལ་མཁས་མཆོག་པདྨ་འབྱུང་ཿ ཐུན་མོང་མ་ཡིན་རྫུ་འཕྲུལ་ཤིན་ཏུ་ཆེཿ ཕྱིན་ཅི་ལོག་རྣམས་འདི་ལ་མ་སྡངས་ཤིགཿ སྐྱེ་རྒ་ན་འཆི་བདུད་ཀྱི་ཆུ་བོ་ལཿ སེམས་ཅན་ཐམས་ཅད་ཤི་ཞིང་མ་ལུས་ནཿ འདྲེན་པའི་སློབ་དཔོན་ངོ་ཡང་ཅང་ཤེས་སམཿ མ་རྟོགས་པ་ནི་གཏི་མུག་རང་བཞིན་གནསཿ དམུས་ལོང་ལ་ནི་མདོག་བསྟན་ལྟ་བུར་གྱུརཿ དེ་བས་མ་མཐོང་བ་ནི་གསེར་ལ་འགོདཿ མི་རིགས་པ་ནི་དཔོན་ལ་བསྔོ་བ་ཡིནཿ སྟོང་གསུམ་གསེར་དུ་གྱུར་ན་གསེར་ལ་འགོདཿ ཐམས་ཅད་དཔོན་དུ་གྱུར་ན་དཔོན་ལ་བསྡོཿ དེ་བས་མཁའ་འགྲོ་མ་རྣམས་སྐྱོ་བ་སྐྱེསཿ ལྷ་སྲིན་སྡེ་བརྒྱད་རྣམས་ནི་བཀའ་བཙན་ཞིང་ཿ སྐྱེ་འགྲོ་སེམས་ཅན་ཀུན་གྱི་དོན་ནུས་འགྱུརཿ འཁོར་ནི་མཁའ་འགྲོ་མ་ཡི་ཚོགས་ཀྱིས་བསྐོརཿ སྲོག་མ་སྲིང་མ་གང་མེ་འཇིབ་མ་དང་ཿ ཀར་ཤམ་མ་དང་རྐང་ཆེན་བློ་སྤྱེང་མཿ དཔལ་གཟིང་མ་དང་


PKT001_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

༼༤༩ན༽དཔལ་གྲུབ་རྣམས་གཡེང་མཿ ཐམས་ཅད་དམར་མོ་ཕྱག་གཉིས་གྲི་ཐོད་ཐོགསཿ མཁའ་འགྲོ་བཅུ་བཞི་བར་སྣང་དག་ལ་འཕོཿ མཁའ་འགྲོ་སྡེ་ལྔ་ལུས་དཔག་མེད་པར་སྤྲུལཿ ཕྱག་གིས་མཆོད་པ་དཔག་མེད་འབུལཿ མེ་ཏོག་མ་དང་བདུག་སྤོས་མཿ སྣང་གསལ་མ་དང་དྲི་ཆབ་མཿ བྱུག་པ་མ་དང་ཞལ་ཟས་མཿ ཚོགས་མཆོད་མ་དང་རོལ་མོ་མསཿ བསྟོད་པ་ཀླུ་ཡི་མཆོད་པ་འབུལཿ ཧྲཱིཿ ཡུལ་གྱི་མིང་ནི་ཨུ་རྒྱན་ཡུལཿ གནས་ཀྱི་མིང་ནི་ཀོ་ཤའི་མཚོཿ མེ་ཏོག་མིང་ནི་ཨུ་དུམྦ་རཿ རིགས་ནི་དམར་པོ་བྲམ་ཟེའི་རིགསཿ ཁམས་གསུམ་དབང་སྡུད་གེ་སར་ཡུམཿ མངལ་སྐྱོན་མ་གོས་སྤྲུལ་པའི་སྐུཿ སུམ་ཅུ་རྩ་གཉིས་མཚན་མཆོག་ལྡནཿ བཟང་པོ་མཆོག་ལ་ཕྱག་འཚལ་བསྟོདཿ ཅེས་པས་མཁའ་འགྲོ་རྣམས་ཀྱིས་མགྲིན་གཅིག་བསྟོདཿ ནམ་མཁའི་སྤྲིན་གསེབ་སྐུ་ཡི་ཕྱེད་འཐོན་པའིཿ ཐུབ་པ་ལྔ་བཅུ་རྩ་བཞིས་མེ་ཏོག་འཐོརཿ ཕུན་སུམ་ཚོགས་པ་ཕྱི་ཡི་ཡིད་བཞིན་རྒྱ་མཚོ་འདྲཿ ཕྱོགས་གྱུར་ཀུན་ནས་གང་ལ་ཅི་འཆམ་སྟོབས་འབེབས་ཤིང་ཿ ཐམས་ཅད་མཁྱེན་པས་འགྲོ་བའི་རེ་བ་སྐོང་མཛད་པཿ སངས་རྒྱས་པདྨའི་འདབ་འདྲ་རྒྱས་པའི་བཀྲ་ཤིས་ཤོགཿ མི་མཇེད་འཇིག་རྟེན་གསེར་གྱི་ས་གཞི་བརྡལ་བ་ལཿ གླིང་བཞི་རི་རབ་ལྕགས་རི་མུ་ཁྱུད་དཔལ་མངའ་བཿ བསྟན་གཉིས་ཉི་ཟླ་ཟུང་གཅིག་སྐོར་བ་བྱེད་པ་ཡིསཿ འགྲོ་ཀུན་མ་རིག་མུན་པ་སངས་བའི་བཀྲ་ཤིས་ཤོགཿ འཁོར་


PKT001_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

༼༤༩བ༽ལོ་སྒྱུར་རྒྱལ་འཇིག་རྟེན་བདེ་བའི་སྟོབས་མངའ་བཿ སེམས་ཅན་ཐམས་ཅད་དགའ་བར་བགྱིད་པའི་འོད་འཕྲོ་བསཿ བསྐལ་པ་བཟང་པོར་གཟུགས་བཟང་བ་དང་སྤོབས་པར་ལྡནཿ ཆོས་ཀུན་དར་བས་སྐྱེ་དགུ་ཞི་བའི་བཀྲ་ཤིས་ཤོགཿ ཚེ་རིང་དཔལ་འབྱོར་ལོངས་སྤྱོད་བསོད་ནམས་དགེ་ལེགས་དཔལཿ དགེ་འདུན་ཤེས་གསུམ་ལྡན་པའི་བསྟན་པའི་གངས་ཆེ་མཚོཿ ཕྱོགས་བཅུ་ཀུན་ནས་མཆོག་དང་ཐུན་མོང་གཉིས་འདུ་བཿ འཇིག་རྟེན་གསུམ་གྲགས་ལྷ་མིས་མཆོད་པའི་བཀྲ་ཤིས་ཤོགཿ ཕྱོགས་བཞི་མཚམས་བརྒྱད་སྟེང་གི་ཕྱོགས་ནས་ནིཿ ཐུབ་པ་དྲུག་དང་དུས་གསུམ་སངས་རྒྱས་རྣམསཿ དྲུག་དྲུག་སྤྲིན་གྱི་གསེབ་ན་གྲལ་བྱས་ནསཿ རོལ་མོའི་སྒྲ་བསྒྲགས་མེ་ཏོག་ཆར་དུ་ཕབཿ བཀྲ་ཤིས་རྟགས་ཀྱི་གླུ་དབྱངས་མང་བརྗོད་ནསཿ དེ་ལྟར་སྤྲུལ་པའི་སྐུ་རུ་མངའ་གསོལ་ལོཿ རིགས་ཀྱི་མཁའ་འགྲོ་ཆེན་མོ་བཅུ་དྲུག་གིསཿ ལོངས་སྤྱོད་རྫོགས་པའི་སྐུ་རུ་མངའ་གསོལ་བཿ


PKT001_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾཿ ཆོས་དབྱིངས་རྣམ་དག་དྲི་མེད་མདངས་ལྡན་པའིཿ ཡ་མཚན་པདྨ་གེ་སར་སྡོང་པོ་ལཿ མ་བཅོས་སྤྲོས་བྲལ་བདེ་བ་ཆེན་པོར་བྱོནཿ སྐུ་གཅིག་མཚན་བརྒྱད་ཁྱོད་ལ་ཕྱག་འཚལ་བསྟོདཿ རང་བྱུང་ལྷུན་གྲུབ་པདྨའི་ཤར་ཕྱོགས་སུཿ སྤྲུལ་པ་ཡོངས་རྫོགས་ཤཱཀྱ་སེང་གེར་སྤྲུལཿ རྡོ་རྗེ་མཁའ་འགྲོ་མ་ཚོགས་འཁོར་གྱིས་བསྐོརཿ སྐྱེ་མེད་རྣམ་དག་འོད་གསལ་དཀྱིལ་ན་བཞུགསཿ ཤཱཀྱ་སེང་གེའི་སྐུ་ལ་ཕྱག་འཚལ་ལོཿ


PKT001_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༠ན༽ཐབས་མཁས་རྒྱ་ཆེན་པདྨའི་ལྷོ་ཕྱོགས་སུཿ ཡེ་ཤེས་ཀློང་ཆེན་པདྨ་རྒྱལ་པོར་སྤྲུལཿ རིན་ཆེན་མཁའ་འགྲོ་མ་ཚོགས་འཁོར་གྱིས་བསྐོརཿ ཅིར་སྣང་རིག་པ་གང་ལ་གང་འདུལ་བཞུགསཿ པདྨ་རྒྱལ་པོའི་སྐུ་ལ་ཕྱག་འཚལ་ལོཿ རྒྱ་མཚོར་རྨད་ཟུག་པདྨའི་ནུབ་ཕྱོགས་སུཿ ནམ་མཁའི་ལུས་ཅན་པདྨ་སམྦྷར་སྤྲུལཿ འཁོར་དུ་པདྨའི་མ་ཚོགས་འཁོར་གྱིས་བསྐོརཿ རྫུ་འཕྲུལ་འདོད་དགུ་སྟོབས་ལྡན་དཀྱིལ་ན་བཞུགསཿ པདྨ་སམྦྷའི་སྐུ་ལ་ཕྱག་འཚལ་ལོཿ འཕྲིན་ལས་ཁྱབ་གདལ་པདྨའི་བྱང་ཕྱོགས་སུཿ ཉོན་མོངས་བདུད་འཇོམས་རྡོ་རྗེ་གྲོ་ལོད་སྤྲུལཿ འཁོར་དུ་ཀརྨ་མཁའ་འགྲོ་མ་ཚོགས་འཁོར་གྱིས་བསྐོརཿ ཡེ་ཤེས་ལྔ་རྫོགས་སྣ་ལྔའི་དཀྱིལ་ན་བཞུགསཿ རྡོ་རྗེ་གྲོ་ལོད་སྐུ་ལ་ཕྱག་འཚལ་ལོཿ བྱང་ཆུབ་ཡན་ལག་པདྨའི་ཤར་ལྷོ་རུཿ མ་རིག་མུན་སེལ་ཉི་མ་འོད་ཟེར་སྤྲུལཿ འཁོར་དུ་བཛྲ་དཔའ་བོ་གིང་གིས་བསྐོརཿ བྱང་སེམས་འགྲོ་དོན་མཛད་པའི་དཀྱིལ་ན་བཞུགསཿ ཉི་མ་འོད་ཟེར་སྐུ་ལ་ཕྱག་འཚལ་ལོཿ ཐེག་དགུ་སྟོབས་སྤྱོད་ལྷོ་ནུབ་པདྨ་རུཿ སྲིན་པོའི་ཁ་གནོན་པདྨ་འབྱུང་གནས་སྤྲུལཿ འཁོར་དུ་རིན་ཆེན་དཔའ་བོ་གིང་གིས་བསྐོརཿ ལམ་ལྔ་ས་བཅུ་བགྲོད་མེད་དཀྱིལ་ན་བཞུགསཿ པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་ལོཿ སྐྱེ་མེད་སྐུ་འཁྲུངས་པདྨའི་ནུབ་བྱང་དུཿ རིགས་དྲུག་ཆོས་སྟོན་སེང་གེ་སྒྲ་སྒྲོགས་སྤྲུལཿ འཁོར་དུ་པདྨ་དཔའ་བོ་གིང་གིས་བསྐོརཿ


PKT001_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༠བ༽གཟུང་འཛིན་དག་པས་ཕྱོགས་མཚམས་དཀྱིལ་ན་བཞུགསཿ སེང་གེ་སྒྲ་སྒྲོགས་སྐུ་ལ་ཕྱག་འཚལ་ལོཿ ཅིས་ཀྱང་མི་འགྱུར་པདྨའི་བྱང་ཤར་དུཿ ཤེས་རབ་མེ་འབར་བློ་ལྡན་མཆོག་སྲེད་སྤྲུལཿ འཁོར་དུ་ཀརྨ་དཔའ་བོ་གིང་གིས་བསྐོརཿ ཚད་མེད་བཞི་ལྡན་དོང་སྤྲུགས་དཀྱིལ་ན་བཞུགསཿ བློ་ལྡན་མཆོག་སྲེད་སྐུ་ལ་ཕྱག་འཚལ་ལོཿ བླ་མའི་འཁོར་ཚོགས་ཌཱ་ཀི་གང་གི་ཚོགསཿ ཆོས་སྐྱོང་སྒོ་བ་བཞི་དང་སྒོ་མ་བཞིཿ མ་མོ་མཁའ་འགྲོ་ཕྱི་ནང་བར་ཆད་བསྲུང་ཿ བཀའ་སྲུང་དམ་ཅན་རྣམས་ལ་ཕྱག་འཚལ་ལོཿ ཌཱ་ཀི་ཐམས་ཅད་བར་སྣང་གར་སྟབས་མཛདཿ ལྷ་རྣམས་ནམ་མཁའི་དབྱིངས་ནས་རོལ་མོ་སྒྲོགཿ ལྷ་སྲིན་སྡེ་བརྒྱད་ཕྱི་ནས་བསྐོར་བ་དང་ཿ ཀླུ་ཆེན་བརྒྱད་པོས་པད་སྡོང་མཐར་བསྐོར་ཞིང་ཿ ཉིན་མཚན་ཀུན་ཏུ་རིན་ཆེན་འཐོར་བར་བྱེདཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ མེ་ཏོག་ཨུ་དུམྦཱ་ར་གེ་སར་གྱི་ལེའུ་སྟེ་བཅུ་དགུ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

ཨུ་རྒྱན་ཡུལ་དུ་རྒྱལ་སྲིད་བཟུང་བའི་ལེའུ།


PKT001_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་སྲས་པདྨ་རྒྱལ་པོ་ཡིསཿ ཟླ་མེད་གཅིག་པུར་ཕ་ཆོད་འཁྱམ་དུ་ཕྱིནཿ ལྷོ་ཕྱོགས་མྱ་དམ་ཚང་ཞེས་བྱ་བའི་ཚལཿ ལྗོན་པའི་ཤིང་གྲིབ་སྐྱིལ་ཀྲུང་བཅས་ཏེ་བཞུགསཿ དྲང་སྲོང་ཆེན་པོ་འོད་ཟེར་ཅན་ཞེས་དང་ཿ དྲང་སྲོང་ཆེན་པོ་གནས་འཇོག་ཅེས་བྱ་དང་ཿ དྲང་སྲོང་ཆེན་པོ་འགྲོ་སྐྱོད་ལ་སོགས་པཿ དྲང་སྲོང་མང་པོ་མཁའ་ལ་འགྲོ་བ་ལསཿ


PKT001_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༡ན༽སྟེང་དུ་ཕྱིན་པར་མ་ནུས་སོང་ཏུ་བལྟསཿ རྒྱལ་སྲས་སྤྲུལ་སྐུ་དཔལ་དང་གཟི་མདངས་འབརཿ མཚན་བཟང་སྟོབས་ཆེ་ཤུགས་ཅན་བདོག་མཐོང་ནསཿ འདི་དེ་སུ་ཞིག་རྣམ་ཐོས་བུའམ་ནིཿ འཁོར་ལོ་སྒྱུར་བའི་རྒྱལ་པོ་ཞིག་ནི་ཡིནཿ འཇིག་རྟེན་འདི་ན་རྣམ་པ་འདི་ལྟ་བུཿ དྲང་སྲོང་རྣམས་ཀྱིས་དེ་སྐད་སྨྲས་པ་དང་ཿ སྐྱེད་མོས་ཚལ་ནས་ལྗོན་པའི་ལྷ་མོས་སྨྲསཿ རྣམ་ཐོས་བུ་དང་སྟོད་ཕྲག་ཆར་མི་ཉེཿ འདི་དྲུང་ཕྱིན་ན་གང་དང་འགྲན་མི་ནུསཿ དྲང་སྲོང་ཚིག་དེ་ཐོས་པས་ས་ལ་བབསཿ དྲི་མེད་རྒྱལ་སྲས་མཉམ་པར་བཞག་པ་མཐོང་ཿ དྲང་སྲོང་རྣམས་ཀྱིས་བདེན་པའི་ཚིག་བརྗོད་པཿ ཨ་མ་ཧོཿ རིན་ཆེན་སྣ་ཚོགས་ལྗོན་པའི་ཤིང་ཆེན་ལཿ བཀྲ་ཤིས་བྱ་ཚོགས་མང་པོ་སྐད་སྙན་འབྱིནཿ མེ་ཏོག་སྣ་ཚོགས་ལེགས་པར་འཁྲུངས་པའི་ཚལཿ ཆོས་དེ་རྣམ་པའི་མཆོག་ཀུན་ལྡན་བསྒོམ་པཿ པདྨ་རྒྱལ་པོའི་སྐུ་མཆོག་དྲི་མ་མེདཿ སངས་རྒྱས་གཉིས་པ་འཇིག་རྟེན་སྒྲོན་མ་ཁྱོདཿ བདག་ཅག་བསྐལ་པ་སྟོང་དུ་ལྕེ་བརྒྱ་ཡིསཿ ཡོན་ཏན་ཅུང་ཟད་བརྗོད་པར་མ་ནུས་ཚིམཿ ཞེས་བརྗོད་བསྐོར་བ་ལན་བདུན་བྱས་ནས་སུཿ དྲང་སྲོང་རྣམས་ནི་མཁའ་ལ་སོང་བར་གྱུརཿ རྒྱལ་པོ་གཞོན་ནུ་མི་འདུག་གར་སོང་ཞེསཿ གཞོན་ནུ་ཚོལ་ཕྱིན་ལྗོན་པའི་ཤིང་གྲིབ་ལཿ སྐྱིལ་ཀྲུང་བཅས་ནས་ལྟ་སྟངས་མཛད་པ་མཐོང་ཿ རྒྱལ་པོ་ཨིནྡྲ་བོ་དྷིས་དེར་སོང་ནསཿ སྐྱེ་རྒུ་མི་ཟད་གཞན་དག་རྣམསཿ ཟས་དང་སྐོམ་


PKT001_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༡བ༽དང་མི་འབྲལ་ཏེཿ ལོངས་སྤྱོད་ཆེན་པོའི་ཚུལ་བགྱིད་ཅིང་ཿ ཕྱོགས་ཉིད་ཀུན་ཏུ་རྣམ་པར་རྒྱུཿ རྒྱལ་བུ་ཅི་ཕྱིར་ཐུགས་མ་ཕབསཿ སྐྱེས་བུ་གཞོན་ནུ་ལུས་མཛེས་པཿ སྡུག་ཅིང་ཡིད་འོང་གཅིག་པུ་འདིརཿ ཐལ་མོ་སྦྱར་ཏེ་ཕྱག་འཚལ་ལོཿ ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགསཿ སྲོག་དང་ལུས་ལ་མི་ལྟ་བརཿ ཞེ་སར་བཅས་ནས་ཁྱེའུ་མཆོདཿ ཕོ་བྲང་ནང་དུ་བདེ་བར་འདུགཿ ཅེས་བརྗོད་ཁྱེའུས་ཕོ་བྲང་ཕྱིན་པར་གྱུརཿ དེ་ནས་རེ་ཞིག་དུས་ན་བློན་པོ་རྣམསཿ རྒྱལ་པོའི་འདུན་སར་ལྷན་ཅིག་ཚོགས་པ་དང་ཿ བློན་པོ་རྒན་རབས་ཁ་ཅིག་འདི་སྐད་སྨྲཿ རྒྱལ་པོ་ཐུགས་ཀྱིས་མཁྱེན་པས་དགོངས་པར་མཛོདཿ རྒྱལ་བུ་ཕོ་བྲང་ཐུགས་མི་ཕེབས་པ་ནིཿ ཁམས་རྒྱས་ལང་ཚོ་དར་བབ་ཡིད་སྦུབས་འཕེལཿ བཙུན་མོ་བླངས་ན་ཐུགས་ཕབས་གནང་བར་མཛོདཿ ཅེས་གསོལ་རྒྱལ་པོའི་ཐུགས་སུ་ལྷག་པར་གྱུརཿ དེ་ནས་རྒྱལ་པོས་བློན་པོའི་ལན་སྨྲས་པཿ དེ་ལྟར་བྱའོ་སྤྲུལ་སྐུའི་ཚུལ་མཐུན་པའིཿ བུ་མོ་གང་ཞིག་སུ་དག་ཡོད་ལྟོས་ཤིགཿ དེ་ནས་ཆོས་བློན་ཏྲིག་ན་འཛིན་ཞེས་པསཿ ཉིན་མཚན་གཡེལ་བ་མེད་པར་གང་དག་ནསཿ བུ་མོ་བརྒྱ་ཕྲག་སྟོང་ཕྲག་མང་པོ་བསྡུསཿ ཁྱེའུས་ཕོ་བྲང་རྩེ་ནས་གཟིགས་སུ་བཅུགཿ རབ་ཏུ་དགའ་བའི་སེམས་བསྒྱུར་བཙུན་མོར་ཁབཿ ཚུལ་མཐུན་དམ་པ་འདི་ཡིན་གསུང་བར་ཞུཿ བློན་པོས་རིན་ཆེན་མང་པོ་སྦྱིན་དུ་བཅུགཿ རྒྱལ་པོ་ཆེན་པོས་སྲས་ལ་འདི་སྐད་གསོལཿ བདག་


PKT001_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༢ན༽ཅག་རྣམས་ཀྱི་བསམ་པ་ཅི་ཡིན་པཿ ཚིག་འདི་དྲི་མེད་མཆོག་གི་གསན་དུ་གསོལཿ ནི་གུ་གང་དག་འདི་རུ་ལྷགས་གྱུར་པཿ སྤྲུལ་སྐུའི་ཐུགས་སུ་བྱོན་པ་བསྩལ་ལགས་ཀྱིཿ རྒྱལ་སྲས་དྲི་མེད་མཆོག་དེས་ཚིག་སུ་བཅདཿ སུག་བཞི་མི་འཛུགས་བྱོལ་སོང་ཁྱུ་རེ་ཆེཿ བ་ཡུ་ཁོལ་ཐག་ཅན་ཚོས་ཅི་ཞིག་བྱཿ ཆང་མང་འཐུངས་པའི་ར་རོ་ཏོག་ཅོར་ཆེཿ ལྷ་འདྲེས་མ་བརླམས་སྨྱོ་བ་ཡིན་ནམ་ཅིཿ ཉོན་མོངས་ནང་གང་རང་ཉིད་ལྷ་མོར་མཐོང་ཿ སྲོག་མ་བཅད་པའི་རོ་ཚོས་ཅི་ཞིག་བྱཿ དེ་སྐད་གསུངས་ནས་འགོལ་བའི་གནས་ལ་སོང་ཿ རྒྱལ་པོས་བཙུན་མོ་དམ་པ་འདི་ཉན་པཿ དེ་ནས་ཞག་བདུན་བར་དུ་ལན་གྱིས་གསུངསཿ དེ་ནས་པདྨ་རྒྱལ་པོའི་བསམ་པ་ལཿ ཁྱིམ་ཐབ་འདི་ལ་སྦྱར་མ་ཐག་ཏུ་ནིཿ འཐབ་མོ་འཁོན་རྩོད་མྱ་ངན་སྡུག་བསྔལཿ འོན་ཀྱང་ནོར་བུ་འདམ་རྙོག་ཁྲོད་ནས་འོང་ཿ ལམ་གྲོགས་གེགས་མི་བྱེད་པའི་བུད་མེད་དེཿ རྒྱུ་ལམ་བདེ་བའི་རོ་ཡིས་ཚིམ་གྱུར་ནསཿ ཡོ་ག་རྣམ་གསུམ་སྤྱོད་ལ་བསྔགས་པའོཿ དེ་སྙམ་སེམས་ནས་ཡི་གེར་བྲིས་པ་ནིཿ བག་ཡོད་གཟུགས་མཛེས་མི་དགེའི་ཁྱིམ་ནས་འབྱོལཿ ན་ཚོད་རུས་རིགས་དག་པས་སེམས་བསྒྱུར་འོསཿ གཡོ་མེད་མི་ཁྲོ་ཕྲག་དོག་སེར་སྣ་མེདཿ ངོ་ཚ་ཤེས་ཤིང་བག་ཡོད་གཏོང་ལ་མོསཿ འདོད་ཆགས་ཞེ་སྡང་གཏི་མུག་ཤས་ཆུང་བཿ བདག་གི་སེམས་དང་འགལ་བར་མི་བྱེད་དེཿ དེ་འདྲའི་བུ་མོ་མཆིས་ན་


PKT001_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༢བ༽བཀའ་སྩོལ་ཅིགཿ བུ་མོ་ཕལ་པ་མང་ཡང་བདག་འདུན་མིནཿ ཞེས་པ་ལ་སོགས་ཚིག་བཅད་རྒྱལ་པོས་ཐོསཿ རྒྱལ་པོས་ཏྲིག་ན་འཛིན་ལ་བཀའ་སྩལ་པཿ ཏྲིག་ན་འཛིན་ཁྱོད་སིངྒ་ལ་རུ་སོང་ཿ མི་ཁྱིམ་བུ་མོ་ཐམས་ཅད་ལྟོས་ཤོག་གསུང་ཿ ཡོན་ཏན་དེ་ཚད་བུ་མོ་གང་ཡང་རུང་ཿ ཡོངས་སུ་བཟུང་ལ་འདི་རུ་ཁྲིད་ཤོག་གསུངསཿ དེ་ནས་བློན་པོས་ཡུལ་དེའི་ཁྱིམ་ཀུན་བཙལཿ དེ་ལྟ་བུ་ཅིག་ཀྱང་མི་འདུག་ནསཿ སངས་རྒྱས་དུས་སྟོན་བྱེད་པའི་ལྟད་མོ་ལཿ བུ་མོ་ལྔ་བརྒྱ་ལྷན་ཅིག་འདུག་པའི་དབུསཿ བུ་མོ་གཟུགས་མཛེས་ལྟ་ན་སྡུག་པ་མཐོང་ཿ ཁྱོད་ཉིད་སུ་ཡི་བུ་མོ་ཡིན་ཞེས་སྨྲསཿ སུ་ཡི་བུ་མོ་ཡིན་ན་ཅི་བྱེད་ཟེརཿ དབང་པོའི་སྲས་པོ་གཟུགས་ནི་མཛེས་གྱུར་པཿ མངལ་སྐྱོན་མ་གོས་རྫུས་སྐྱེས་པདྨར་འཁྲུངསཿ དེ་ཡི་བཙུན་མོར་ཁྱོད་ཉིད་འོས་སམ་སྙམཿ དགའ་བའི་འཛུམ་སྟོན་བདག་ལ་མིང་སྨོས་ཤིགཿ བུ་མོས་བཞིན་དཀར་སོ་ཡི་མདངས་བསྟེན་ནསཿ བུ་མོའི་ཁྱུ་ནས་ཕ་ཚད་ཅིག་ཏུ་དོནཿ ང་ཡི་མིང་ནི་འོད་འཆང་མ་ཞེས་ཟེརཿ རྒྱལ་པོ་ཙནྡྲ་གོ་མ་ཤིའི་སྲས་མོ་ཡིནཿ མི་མཆོག་ཁྱོད་ཀྱིས་མྱུར་དུ་མཆིས་པར་མཛོདཿ རྒྱལ་པོ་དྷ་ན་ཧ་ཏའི་བུ་ལ་ནིཿ ང་ནི་བག་མར་སང་འགྲོ་གནངས་འགྲོར་ཡོདཿ མི་མཆོག་ཁྱོད་ནི་རྩོལ་བའི་དུས་བབ་སྨྲསཿ དེ་ནས་ཆོས་བློན་ཆེན་པོ་ཏྲིག་ན་འཛིནཿ སིངྒ་ལ་ཡི་རྒྱལ་པོའི་དྲུང་དུ་ཕྱིནཿ རྒྱལ་པོ་ཟླ་བ་གཞོན་ནུར་ཡི་གེ་བསྟནཿ རྒྱལ་པོས་


PKT001_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༣ན༽ཡི་གེ་ཀློག་ནས་ཚིག་སྨྲས་པཿ ཡི་གེའི་ནང་བཞིན་བུ་མོར་ཚང་འདུག་སྟེཿ ཁྱོད་ཕྱིས་རྒྱལ་པོ་དྷ་ཧའི་བུ་ལ་བྱིནཿ དེ་ལ་མྱུར་དུ་གུད་དུ་འགྲོ་དགོས་ཡོདཿ ཅེས་ཐོས་བློན་པོ་ཡིད་འཁྱོག་མྱུར་བར་ཕྱིནཿ རྒྱལ་པོས་སུ་ལ་དེ་ལྟར་ཡོད་ཅེས་དྲིསཿ བློན་པོས་རྒྱལ་པོ་ཟླ་བ་གཞོན་ནུ་ལཿ བུ་མོ་ཡོན་ཏན་དེ་དག་ཚང་བར་མཆིསཿ འོང་བར་མི་སྣང་དྷ་ཧའི་བུ་ལ་ཐལཿ ཞེས་སྨྲས་ཡོན་ཏན་ཨེ་ཚང་རྒྱལ་བུར་འདྲིཿ བུ་མོ་ལྔ་བརྒྱ་ལྷན་ཅིག་ཁྲིད་ལ་ཤོགཿ རིན་ཆེན་མང་པོའི་སྦྱིན་པ་བྱེད་དུ་འཇུགཿ ཡིད་བཞིན་ནོར་བུ་གང་ལ་བྱིན་དེ་ཡིནཿ ཞེས་གསུངས་དེ་ནས་བློན་པོས་སིངྒར་ཕྱིནཿ རྒྱལ་སྲས་མཆོག་དེ་ནོར་བུ་སྦྱིན་པར་གཏང་ཿ བུ་མོ་ལྔ་བརྒྱ་རིན་ཆེན་ལེན་དུ་གཤེགསཿ ཞེས་བརྗོད་ལྔ་བརྒྱ་ལྷན་ཅིག་ཁྲིད་ནས་འོངསཿ ཕོ་བྲང་ཕྱི་རོལ་རིན་ཆེན་མང་པོ་སྤུངསཿ རྒྱལ་སྲས་མཐོ་བའི་པདྨའི་ཁྲི་ལ་འདུགཿ ཁྲི་ཡི་གཡོན་དུ་རིན་ཆེན་སྟོད་མི་བཞགཿ བུ་མོ་བཞི་བརྒྱ་དགུ་བཅུ་གོ་དགུ་ནིཿ རིན་ཆེན་བླངས་ཤིང་ལྟ་མི་བཟོད་པར་སོང་ཿ ཕྱི་ན་བལྟ་ན་སྡུག་ཅིང་ཡིད་འོང་ཞིགཿ མདུན་དུ་ཐལ་སྦྱར་ཞུས་བཙུགས་ཞལ་ལ་ལྟཿ ཚིག་སུ་བཅད་པས་རྒྱལ་སྲས་སྐུ་ལ་བསྟོདཿ


PKT001_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་ཧོཿ རྒྱལ་སྲས་ཁྱོད་ཀྱི་གཟུགས་ནི་བལྟས་མི་ངོམསཿ བཻ་ཌཱུཪྱ་འདྲ་སྐུ་མདོག་དཀར་རྣམས་དང་ཿ བྱུ་རུའི་མདོག་འདྲ་དམར་པོ་ཟངས་འདྲ་བསཿ ཁྱོད་ལ་དཔེ་ནི་བགྱི་བར་མ་ནུས་ཏེཿ བདག་ནི་ཁྱོད་


PKT001_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༣བ༽གཟུགས་བལྟ་བས་རབ་ཏུ་སྒོམཿ ཐུགས་རྗེས་ཆབ་ཀྱིས་བདག་ལ་ཚིམ་པར་མཛོདཿ འདྲེན་པ་ཁྱོད་ནི་བདག་ལ་མི་དགྱེས་སམཿ ཞེས་བསྟོད་མཆི་མ་མང་དུ་ཕྱུང་བ་དང་ཿ པདྨ་རྒྱལ་པོས་ཡིད་བཞིན་ནོར་བུ་བླངསཿ བཞིན་གྱི་དཀྱིལ་འཁོར་འོད་འཆང་མ་ལ་བསྟནཿ མི་དབང་ཟླ་བའི་སྲས་མོ་འོད་འཆང་ཁྱོདཿ ཁྱོད་དང་ཟུར་འདྲ་ཙ་མས་ས་སྟེང་མེདཿ རྟག་པར་ཁོར་ཡུག་ཏུ་ནི་ཁྱོད་ཉིད་དྲནཿ བདག་ནི་བདེ་བར་གཤེགས་པ་མཐོང་བར་སྒོམཿ མཐོང་བའི་ཆུ་བསིལ་བདག་ལ་སྩལ་དུ་གསོལཿ ཞེས་བརྗོད་ཡིད་བཞིན་ནོར་བུ་བྱིན་པ་དང་ཿ བཙུན་མོ་འོད་འཆང་མས་བླངས་ཚིགས་སུ་བཅདཿ རྒྱལ་སྲས་ཡོན་ཏན་ཡེ་ཤེས་རྒྱ་མཚོ་ལསཿ ལས་ངན་ལམ་དང་བྲལ་བ་བདག་ཡིན་ནཿ ཐིགས་པ་གཅིག་ཙམ་ཐུགས་བརྩེར་གྱུར་པ་ལཿ བདག་གིས་དོགས་སར་པུས་མོ་བཙུགས་ནས་སུཿ རྒྱལ་སྲས་གཟུགས་སྒོམ་ཤིན་ཏུ་མྱ་ངན་སེམསཿ འདྲེན་པའི་སླད་དུ་སྙིང་རྗེའི་སྐད་ཀྱིས་ངུ་ཿ ཞེས་གསོལ་ཡིད་བཞིན་ནོར་བུ་ཕྱག་གཏོད་སོང་ཿ དེ་ནས་རྒྱལ་པོ་ཨིནྡྲ་བོ་དྷི་ཡིསཿ རྒྱལ་པོ་ཟླ་བ་གཞོན་ནུར་ཡི་གེ་བསྲིངསཿ རྒྱལ་པོ་ཁྱོད་ནི་བསོད་ནམས་རྒྱ་མཚོའི་དབུསཿ འོད་འཆང་མཛེས་པའི་ཡོན་ཏན་རྣམས་ཀྱིས་བརྒྱནཿ ལྷ་མོའི་གཟུགས་འཛིན་མ་ནི་བདག་བུར་བྱིནཿ ཞེས་པའི་ཡི་གེ་རྒྱལ་པོས་མཐོང་བ་དང་ཿ རྒྱལ་པོ་ཟླ་བ་གཞོན་ནུས་ལན་བསྐུར་བཿ རྒྱལ་པོའི་དབང་པོ་དམ་པ་ཨིནྡྲ་ཡིཿ


PKT001_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༤ན༽བུ་དེ་སྙིང་སྟོབས་དམ་པ་མཆོག་གྱུར་ཅིང་ཿ གང་གིས་བུ་མོ་བདེ་བར་བྱས་པ་ཡིནཿ དྷ་ཧའི་བུ་ལ་བསྟན་པ་འདི་བཤད་ཟིནཿ རྩོད་པར་ཆས་ལ་ལྟ་བས་བདག་ཀྱང་དོགསཿ སྤྲོ་ཞིང་སྐྱེས་ཀྱི་འགྲོགས་པས་ཞེ་མ་ཆོཿ ཡིག་ལན་མཐོང་བས་རྒྱལ་པོ་ཡིད་མ་བདེཿ རྒྱལ་སྲས་དམ་པ་དེ་ལ་རྒྱལ་པོས་སྨྲསཿ འོད་འཆང་མཚན་དེ་ཤིན་ཏུ་ཚང་མཆིས་ནཿ དེ་ནི་ཐབས་ཀྱིས་བཙུན་མོར་བླང་བར་བགྱིཿ ཞེས་གསུངས་དེ་ནས་སྲས་ཀྱིས་ལན་གསོལ་པཿ སེམས་ཅན་དམ་པ་དེ་ནི་ཡོན་ཏན་ལྡནཿ ཉམ་ཆུང་མུན་པ་འཐིབས་པོར་གནས་པར་གྱུརཿ ཡབ་གཅིག་གསོན་ནམ་འོན་ཏེ་ཤིའམ་ཅིཿ གཞོན་པ་མགྱོགས་པས་མྱུར་དུ་ཕོ་བྲང་བཀྲིསཿ ཞེས་གསུངས་རྒྱལ་པོས་བློན་པོར་བཀའ་བསྒོས་པཿ འདི་ལྟར་བློན་པོ་མྱུར་དུ་དེར་སོང་ལཿ བྲམ་ཟེ་རྟེན་འབྲེལ་མཁན་པོ་བོས་ཤོག་གསུང་ཿ རྒྱལ་པོས་བྲམ་ཟེ་རྟེན་འབྲེལ་མཁན་པོ་དེཿ རིན་ཆེན་མང་པོ་བྱིན་ཏེ་ཚིམ་པར་བྱསཿ བདག་བུ་སྡུག་ཅིང་ཡིད་འོང་གཅིག་པུ་འདིཿ ཟླ་བའི་བུ་མོ་འོད་འཆང་མ་ཡིས་ཟིནཿ རྒྱལ་པོ་དྷ་ཧའི་བུ་ལ་ཐལ་ཟིན་སྨྲེདཿ བག་མར་འགྲོ་བའི་ལམ་དུ་ཞུགས་པའི་ཚེཿ བུ་མོ་དེ་ཡི་ལག་པ་གཡས་གཡོན་ལཿ སྔགས་བཏབ་ལྕགས་ཀྱི་ཕྱེ་མ་འདི་ཉིད་ནིཿ སེན་མོའི་བར་དུ་ཟར་མའི་ཆུས་སྦྱོར་རྫོངསཿ ཞེས་གསུངས་རྒྱལ་པོའི་བཀའ་ནི་གཉན་


PKT001_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༤བ༽པའི་ཕྱིརཿ བྲམ་ཟེས་ཁས་བླངས་དམ་བཅས་མནའ་བོར་རོཿ དེ་ནས་དུས་བབ་བག་མར་འགྲོ་བ་ལཿ ཡུལ་ཚོས་བུ་མོ་འབུམ་ཕྲག་མང་པོའི་གསེབཿ ཆ་ལུགས་འདྲ་འདྲ་མི་ཤེས་བྱས་ནས་གཏོང་ཿ ལྟད་མོ་བལྟ་བ་དམར་ནག་ཁྲོམ་དུ་འཁྱིལཿ བློན་པོ་ཏྲིག་ན་དཔོན་གཡོག་ལྔ་བརྒྱར་བཅསཿ ལག་ཏུ་ལྕགས་ལན་རྡོ་བཟུང་མིའི་སྲང་བསྡདཿ དེ་ནས་རྒྱལ་པོ་ཨིནྡྲ་བོ་དྷི་ཡིསཿ ཕོ་བྲང་རྩེ་བརྒྱད་དར་དང་རྒྱལ་མཚན་ཕྱརཿ རྒྱལ་མཚན་རྩེ་ལ་ཡིད་བཞིན་ནོར་བུ་བཏགསཿ ཕྱོགས་བཞིར་ཕྱག་བཙལ་གསོལ་བ་འདི་སྐད་བཏབཿ ང་ཡིས་རྙེད་པའི་ཡིད་བཞིན་ནོར་བུ་འདིཿ བསམ་འཕེལ་དགོས་དགུ་འབྱུང་བ་ཡིན་གྱུར་ནཿ ཡོན་ཏན་ལྡན་པའི་བུ་མོ་འོད་འཆང་མཿ འཁོར་གཡོག་ལྔ་བརྒྱར་བཅས་པ་འདིར་ཤོག་ཅིགཿ དེ་སྐད་བརྗོད་པས་བཙུན་མོ་འོད་འཆང་མཿ འབུམ་ཕྲག་ཕྱེད་སོང་ཕྱེད་ན་ཡོད་པ་ལསཿ བློན་པོ་ཏྲིག་ན་ཡོད་པའི་མདུན་ས་དེརཿ རང་དབང་མེད་པར་ལག་གཉིས་ཐེན་བཞིན་བྱེདཿ བློན་པོ་འཁོར་བཅས་རང་གི་ཡུལ་ཕྱོགས་འོངསཿ ཕྱི་ལ་འོད་འཆང་དཔོན་གཡོག་ལྔ་བརྒྱ་བྱུང་ཿ བག་མ་ཕྲོགས་ཟེར་ཕྱི་ལ་མང་པོ་འཐབཿ གིང་ཆེན་བཞི་ཡིས་འོད་ལེའི་སྟེང་ལ་ཁྱེརཿ ནམ་མཁའི་དབྱིངས་ལ་རེས་མཐོང་རེས་མི་མཐོང་ཿ ཐོར་ཅོག་དགུ་ལྡན་ཕོ་བྲང་ནང་དུ་བབསཿ རྒྱལ་པོ་བློན་པོའི་ཚོགས་ཀྱིས་ཡོངས་བསྐོར་ནསཿ སྤྲུལ་སྐུ་འཇིག་རྟེན་ཆོས་དང་ཿ


PKT001_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༥ན༽མཐུན་བྱའི་ཕྱིརཿ རྒྱལ་པོ་གཞན་ཞིག་བུ་མོ་བླངས་པའི་ཚུལཿ བློན་པོས་མིང་འབོད་ལམ་ནས་འོངས་བ་མཐོང་ཿ བློན་པོ་དེ་ཉིད་ཤིན་ཏུ་སེམས་དགའ་སྟེཿ གླང་ཆེན་ཞོན་ནས་འོད་འཆང་བལྟ་ཕྱིར་འོངསཿ བུ་མོ་ལྔ་བརྒྱས་འོད་འཆང་ཁྲུས་ནས་བྱུང་ཿ ཤིན་ཏུ་ཁྲུས་བགྱིས་ཤིན་ཏུ་རྒྱན་བརྒྱན་ནསཿ མཐོང་བས་དགའ་བས་བཙུན་མོ་ལྟ་བར་བྱེདཿ སྟན་བཟང་སྟེང་དུ་ཕྱིན་ཏེ་དགའ་མགུར་སྤྱོདཿ བུ་མོ་བརྒྱ་སྟོང་འབུམ་ཕྲག་ནང་ནས་ཀྱང་ཿ འོད་འཆང་མིན་བཙུན་མོ་མཆོག་དབང་བསྐུརཿ རྒྱལ་སྲས་མཆོག་ལ་མཆོད་པའི་ལས་བྱེད་དོཿ ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལ་སོགས་པསཿ དགའ་བའི་སྒྲ་འབྱིན་ཕོ་བྲང་ནང་དུ་རྩེཿ ཕོ་བྲང་མཁར་བརྒྱད་ལྷ་ཁང་ཁྱིམ་ལྟ་བུཿ སྒོ་ཁང་རྟ་བབས་སྐར་ཁུང་བསིལ་ཁང་དང་ཿ རིན་ཆེན་སྣ་ཚོགས་བརྒྱན་པའི་ཁྱིམ་ན་འདུགཿ ཡོ་བྱད་ཕུན་སུམ་ཚོགས་པའི་ལོངས་སྤྱོད་ལཿ བཙུན་མོའི་འཁོར་རྣམས་ལྷ་ཡི་བུ་མོ་འདྲཿ ལྟ་སྤྱོད་མཐུན་ཅིང་ཁ་ན་མཐོ་མེདཿ བུད་མེད་ཚོགས་ཀྱི་སྤྱོད་ལམ་ཡིད་དུ་འོང་ཿ མཛའ་བོ་གཉེན་བཤེས་ཡིད་དག་དགའ་མཆིད་སྨྲཿ ཤིང་རྟའི་འཁོར་ལོ་གྱད་ཆེན་བཞིས་སྒྱུར་ནསཿ ཕོ་བྲང་ཕྱོགས་བཞིར་ཉིན་བཞིན་སྐྱོ་བསངས་བྱེདཿ རོལ་མོ་མང་པོའི་བྱེ་བྲག་བསམ་མི་ཁྱབཿ ལོ་ལྔའི་བར་དུ་ཕོ་བྲང་གནས་པར་གྱུརཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ཨུ་རྒྱན་


PKT001_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༥བ༽ཡུལ་དུ་རྒྱལ་སྲིད་བཟུང་བའི་ལེའུ་སྟེ་ཉི་ཤུ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

རྒྱལ་སྲིད་སྤངས་པའི་ལེའུ།


PKT001_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རེ་ཞིག་དུས་ན་སྒྲ་འོད་བྱུང་ཿ རྡོ་རྗེ་སེམས་དཔའ་མདུན་གྱི་ནམ་མཁར་བྱོནཿ ལྷ་འཁོར་སྟོང་ཕྲག་བདུན་ཅུ་རྩ་གཉིས་བསྐོརཿ འཇའ་འོད་དཀྱིལ་ན་ཚིགས་སུ་བཅད་པ་སྨྲསཿ ཨེ་མ་ཧོཿ རྒྱལ་པོའི་ཕོ་བྲང་དབུས་ན་ནིཿ ཆོས་ཀྱི་རྒྱལ་པོ་གནས་གྱུར་པཿ བཙུན་མོ་སྡུག་དགུའི་ཚོགས་ཀྱིས་བསྐོརཿ ཕན་ཚུན་གནས་ཀྱང་འདུ་བ་དགཿ དེ་དག་ཐམས་ཅད་མི་དགའ་ཞིང་ཿ འཇིགས་པའི་ཡིད་ཀྱིས་མྱ་ངན་བྱེདཿ དེ་ཡི་དུས་ལ་དབབ་པོཿ རྒྱལ་སྲིད་རུལ་བ་བཞིན་དུ་དོརཿ ཞེས་གསུངས་མི་སྣང་མཁའ་ལ་ཡལ་བར་གྱུརཿ དེ་ནས་ཨིནྡྲ་བོ་དྷིའི་རྨི་ལྟས་ལོགཿ ཉི་ཟླ་གཉིས་ཀ་དུས་གཅིག་རྒས་པ་རྨིསཿ ཕོ་བྲང་ནང་དུ་བཤུམ་མོ་བྱེད་པ་རྨིསཿ མྱ་ངན་རབ་ཏུ་གདུངས་ཤིང་སྨྲེ་སྔགས་འདོནཿ རྒྱལ་པོ་བློན་པོ་སྙིང་རྗེའི་སྐད་ཀྱིས་དུཿ དེ་སྐད་བརྗོད་ཅིང་ཡིད་ནི་རབ་ཏུ་ཞུམཿ དེ་ནས་རྒྱལ་སྲས་པདྨ་རྒྱལ་པོ་ཡིསཿ སྔར་གྱི་སྐྱེད་མོས་ཚལ་གྱི་ས་རུ་ཕྱིནཿ བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལཿ ཤར་གྱི་ཕྱོགས་ནས་འཁོར་ལོ་རྩིབས་སྟོང་པཿ ལྟེ་བ་མུ་ཁྱུད་དང་བཅས་ཡོངས་སུ་རྫོགསཿ བཟོ་མཁན་མ་བྱས་ལྷ་རྫེས་གསེར་རང་བཞིནཿ འགྲན་གྱི་ཟླ་མེད་ལས་ལས་གྲུབ་པའི་ཕྱིརཿ འཁོར་ལོ་སྒྱུར་བའི་རྒྱལ་པོར་གྱུར་པ་ལཿ རྒྱལ་སྲིད་སྣ་བདུན་རིན་ཆེན་སྣ་བདུན་དང་ཿ ཡོ་བྱད་སྣ་བདུན་ལམ་རྫས་སྣ་བདུན་བྱུང་ཿ


PKT001_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༦ན༽ཁམས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་བསུ་བ་བྱེདཿ དེ་ནས་མི་མཆོག་རྒྱལ་སྲས་དགོངས་པ་ལཿ རྒྱལ་ས་བཟུང་བས་འགྲོ་བའི་དོན་མ་འགྲུབཿ སེམས་ཅན་མང་པོ་ངན་འགྲོའི་གཡང་ལ་འཚོརཿ རྒྱལ་སྲིད་སྤང་བའི་ཐབས་ཤིག་བྱ་དགོས་བསམཿ པདྨའི་རྩ་ལག་སྨད་འཚོང་བཟང་མོ་གཉིསཿ ངན་སོང་གསུམ་འཁོར་གཅིག་ནི་སྦྲང་མར་སྐྱེསཿ གཅིག་ནི་བུ་ཆུང་མཚན་མ་བཟང་པོར་སྐྱེསཿ ད་སྟེ་ཞག་བདུན་ཤི་ནས་དམྱལ་བར་འགྲོཿ འཕགས་ཞལ་ཉི་ཞུར་ཙམ་ཡང་མི་མཐོང་སྟེཿ ཐུགས་རྗེས་གཟིགས་ནས་ལས་ངན་མཛད་པ་དང་ཿ རྒྱལ་པོ་དང་ནི་བློན་པོས་སུན་འདོན་ཕྱིརཿ རྒྱལ་ཕྲན་ཞིག་གི་བུ་ཆུང་བསིལ་གྲིབ་བསྙལཿ དེ་ཡི་མགོ་ལ་སྦྲང་མ་ཞིག་འདུག་ནསཿ རྒྱལ་སྲས་པདྨས་སོར་རྡེའུ་ཞིག་འཕངས་པསཿ སྦྲང་མ་བུ་ཆུང་ཀླད་པའི་དཀྱིལ་དི་མ་ཤིཿ ཐམས་ཅད་མི་རིགས་མི་འཚལ་ཧ་ལས་ནསཿ འཁོར་ལོ་སྒྱུར་བའི་རྒྱལ་པོས་ཡུལ་གནོད་མེདཿ མཚོན་ཆས་གཡུལ་རྒྱལ་གསོད་དུ་མི་འཇུག་ལཿ མི་ཐོད་རྒྱལ་པོ་འདི་ནི་གནོད་འཚེ་བྱེདཿ ཅེས་པ་ལ་སོགས་ཁས་བརྒྱ་བྱེད་པར་གྱུརཿ རྒྱལ་ཕྲན་བུ་རོ་ཡབ་ཀྱི་མདུན་དུ་བོརཿ དེ་ནས་ཡབ་ཀྱིས་སྲས་ལ་འདི་སྐད་སྨྲསཿ སེམས་ཅན་བདེ་བར་བྱེད་པ་རྒྱལ་པོའི་ཁྲིམསཿ གཞོན་ནུས་རྒྱལ་ཁྲིམས་བཤིག་པ་མིན་ནམ་ཅིཿ འཁོར་ལོ་སྒྱུར་རྒྱལ་ལོ་ཀར་བྱོན་པའི་ཚེཿ ཡུལ་དེའི་མི་རྣམས་ཐམས་ཅད་བདེ་བ་ལཿ ཁམས་ཀྱི་


PKT001_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༦བ༽རྒྱལ་ཕྲན་བུ་བསད་ཁྲིམས་ལ་མཆོངསཿ ཞེས་གསུངས་རྒྱལ་སྲས་མཆོག་གིས་ལན་གསོལ་པཿ ཡབ་མཆོག་བདག་ལ་དགྱེས་པར་གསོན་མཛོད་དང་ཿ བདག་ནི་འདི་ཡི་སྐྱེ་བ་ཡང་སྔ་ལཿ ཉི་འོག་རྒྱལ་པོ་རྣ་བ་ཅན་གྱི་བུཿ གའུ་ཏ་མ་ཞེས་བྱར་སྐྱེ་བ་བླངསཿ དྲང་སྲོང་མདོག་ནག་ཅེས་བྱར་རབ་ཏུ་བྱུང་ཿ ཡུལ་གྲུ་འཛིན་དུ་ལོ་མའི་སྤྱིལ་པོར་འདུགཿ དེ་ན་སྨད་འཚོང་བཟང་མོ་བྱ་བ་དང་ཿ གཡོན་ཅན་པདྨའི་རྩ་ལག་བྱ་བ་ཡོདཿ དེ་གཉིས་དགའ་མགུར་སྤྱོད་ཕྱིར་ཆས་པ་ལཿ ལམ་དུ་ཨ་རི་ཞེས་བྱའི་ཚོང་པ་ཡིསཿ བཟང་མོར་ཀརྴ་པ་ནི་ལྔ་བརྒྱ་བྱིནཿ དེ་དང་ལྷན་ཅིག་བརྩེས་པས་བུ་མོས་བསྙདཿ པདྨའི་རྩ་ལག་ཁྲོས་ནས་བཟང་མོ་བསདཿ རལ་གྲི་གོའུ་ཏ་མའི་མདུན་དུ་བོརཿ རྒྱལ་པོར་བཅིངས་པས་གོའུ་ཏ་མ་ཤིཿ པདྨའི་རྩ་ལག་སྦྲང་མའི་སྐྱེ་བ་བླངསཿ སྨད་འཚོང་བཟང་མོ་བློན་པོའི་བུ་རུ་སྐྱེསཿ གོའུ་ཏ་མ་དེ་ནི་ད་ལྟ་ང་ཿ ལས་ཀྱི་སྲོག་ལན་དེ་ལྟར་ཆགས་པ་ཡིནཿ རྒྱབ་ཚོད་མི་འཕོག་ཕོག་ཚད་མི་འཆི་ནཿ རྒྱལ་པོས་མཁྱེན་མཛོད་ཁྲིམས་ནི་མ་བཤིག་གསུངསཿ དེ་ནས་རྒྱལ་པོས་བུ་ཆུང་ཤི་སྟོང་བྱིནཿ རྒྱལ་སྲས་ཕོ་བྲང་ནང་དུ་སྤྱན་དྲངས་ནསཿ ཕྱི་སྒོ་ནང་སྒོ་བར་སྒོ་གནམ་སྒོ་ལཿ གྱད་ཀྱི་བློན་པོ་སྒོ་སྲུང་བརྒྱ་བརྒྱ་བཞགཿ རྒྱལ་སྲས་ཕྱི་རུ་སྐྱོ་བསང་མ་གཏོང་བསྒོསཿ ཕྱི་ལ་འོབས་བརྐོས་སྒོ་གཏན་གཞུག་ཏུ་བཅུགཿ གྲོང་ཁྱེར་སྒོ་བཞིར་དམག་གི་དཔུང་ཆེན་བཞགཿ འོད་འཆང་མ་


PKT001_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༧ན༽དང་རྒྱལ་སྲས་ལྷན་ཅིག་ཏུཿ མནལ་བའི་ཚེ་ན་རི་འགུལ་ས་ནི་གཡོསཿ ལྗོན་ཤིང་རླུང་གིས་བསྐྱོད་པས་རྩ་ནས་དོནཿ གནམ་ས་གཉིས་ནི་འགྲེ་ལོག་བསྒྱུར་བ་དང་ཿ མགོ་ཡི་སྐྲ་བཅད་སོ་གཅིག་ཕྱུང་བ་རྨིསཿ དེ་ནས་གཉིད་སད་སྙིང་མ་དགའ་ཞིང་བཤུམཿ རྨི་ལམ་དེ་འདྲ་རྨི་བ་ཅིར་འགྱུར་སྨྲསཿ རྒྱལ་སྲས་མཆོག་གིས་བཙུན་མོ་ལ་སྨྲས་པཿ འོད་འཆང་ཁྱོད་ནི་སྡིག་མེད་དགེ་སེམས་ལྡནཿ རྨི་ལྟས་བཟང་གིས་ཁ་རོག་ཉོལ་ཅེས་གསུངསཿ དེ་ནས་རྒྱལ་སྲས་རྒྱལ་པོའི་ཁང་བཟང་སོང་ཿ ཁང་བཟང་ཐམས་ཅད་འོད་ཟེར་གང་བར་གྱུརཿ རྒྱལ་པོའི་མནལ་སད་ཉི་མ་ཤར་བྱུང་ཟེརཿ བལྟས་པས་རྒྱལ་སྲས་དམ་པ་དེ་མཐོང་ནསཿ མཚན་མོ་རྒྱུ་བ་ཅིས་ཉེས་མི་གཟིམས་པརཿ པདྨ་འདྲ་བའི་མིག་རིང་ཅི་མཛད་གསུང་ཿ རྒྱལ་སྲས་ཡབ་ལ་ཐལ་སྦྱར་པུས་བཙུགས་ནསཿ ཡབ་གསན་ང་ནི་ཚེ་གཅིག་སངས་རྒྱས་བསྒྲུབཿ གཏི་མུག་རོ་ཉལ་བྱེད་ལ་སྐྱིད་པ་མེདཿ ལེ་ལོ་དང་ནི་གཡེང་བ་རབ་སྤངས་ནསཿ ཆོས་ཀྱི་གཏམ་མང་སྣ་ཚོགས་ཉེ་བར་སྟོནཿ དེ་ལ་སྐྱོ་བའི་སེམས་ནི་མ་མཛད་ཅིགཿ ཅེས་སྨྲས་རྒྱལ་པོ་མཆི་མས་བརྣངས་འདི་བརྗོདཿ ཁྱོད་ནི་སེམས་ཅན་ལེགས་བྱེད་དགོངས་པ་སྟེཿ ཤིན་ཏུ་ཉམ་ཆུང་རང་གི་བུ་ལ་ཡང་ཿ བདག་ནི་ལས་ཀྱི་འཕྲོ་དང་སྐལ་བར་ལྡནཿ ངེས་པར་མི་ལུས་ཐོབ་ནས་རྒྱལ་པོར་གྱུརཿ སྲས་ཀྱིས་ཕོངས་ནས་དཀོར་མཛོད་སྦྱིན་པར་བཏང་ཿ


PKT001_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༧བ༽ལམ་ལ་བགྲོད་དཀའ་རྒྱ་མཚོའི་ནོར་བུ་བླངསཿ ཡབ་དང་ཡུམ་མེད་པདྨའི་སྡོང་པོ་ལསཿ རྒྱུ་དང་རྐྱེན་མེད་སྤྲུལ་པའི་སྐུ་དང་མཇལཿ རྒྱལ་སྲིད་ཕུལ་ནས་གཙུག་གི་ནོར་བུ་ཞུསཿ འཁོར་བའི་ཆོས་ལ་སྐྱོ་བ་མ་མཛད་པརཿ བདག་དང་ཡུལ་འཁོར་བྱམས་པས་སྐྱོང་མཛོད་གསུང་ཿ དེ་ནས་རྒྱལ་སྲས་མཆོག་གིས་འདི་སྐད་གསོལཿ འདོད་ཆགས་ཞེ་སྡང་གཏི་མུག་མ་གྲོལ་བའིཿ འགྲོ་བ་གསུམ་པོ་འདི་མིན་གཞན་ན་མེདཿ ལུས་འདིའི་སྡུག་བསྔལ་ཕྲ་མོ་མི་བཟོད་པརཿ ངན་སོང་གསུམ་གྱི་སྡུག་བསྔལ་བཟོད་དུ་རེཿ སྡུག་བསྔལ་ཆེན་པོ་ནམ་ཡང་ཆ་མེད་པརཿ ཚེ་འདི་རྟག་པར་བཟུང་ནས་གཉེར་ག་བྱེདཿ བློ་ནོར་སྙིང་མེད་དབུས་སུ་ང་མི་སྡདཿ འཁོར་བ་སྒྱུ་མར་མི་ཆགས་རབ་ཏུ་འབྱུང་ཿ གཡེང་བ་འདུ་འཛི་སྤངས་ནས་སྤྱོད་པ་སྐྱོང་ཿ ཞེས་གསུངས་རྒྱལ་པོ་མཆི་མས་མིག་གང་ནསཿ ཀྱེ་མ་ཁྱོད་དང་མ་ཕྲད་སྔོན་རོལ་དུཿ བདག་ཉིད་མི་འཆི་གསོན་པ་ཇི་ལྟ་བུཿ འཆི་བདག་ཅི་ཕྱིར་ང་ལ་སྔར་མ་ཡོངསཿ སྡུག་བསྔལ་འདི་ལས་གཞན་མི་འབྱུང་ཞེས་གསུང་ཿ དེ་ནས་རྒྱལ་སྲས་མཆོག་གིས་ཐུགས་བསྲོས་ཏེཿ སྔོན་གྱི་རྒྱལ་སྲས་རྣམས་ཀྱིས་ཆོས་བཤད་པཿ བདག་གིས་ཀུན་རྫོབ་བདེན་པ་ལ་བརྟེན་ནསཿ ཡབ་མཆོག་རྒྱལ་པོའི་ཐུགས་ཀྱི་གཅོད་འབྱིན་ཕྱིརཿ ཚིག་སུ་བཅད་དེ་སྨྲས་པར་བགྱིའོ་གསོནཿ སྔར་འདུས་བསྡད་པ་མང་བས་འབྲལ་བར་ངེསཿ གནས་སྐབས་ཡུད་ཙམ་ཡིན་པས་འབྲལ་བར་


PKT001_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༨ན༽ངེསཿ རྒྱལ་བློན་ཚོང་དུས་འདྲ་བས་སོ་སོར་འགྱེསཿ འཇིག་རྟེན་དག་ན་རྟག་པའི་ཆོས་མེད་དེཿ སྔར་ལུས་མེད་པས་ཐམས་ཅད་འཆི་བར་ངེསཿ ཕུང་པོ་འདུས་བྱས་ཡིན་པས་འཇིག་པར་ངེསཿ མི་ཆོ་སྐད་ཅིག་མི་སྡོད་འགྲོ་བར་ངེསཿ བྱས་པ་ཐམས་ཅད་མི་རྟག་འཇིག་པར་ངེསཿ བརྩིགས་པའི་གནས་ཀྱིས་འཆི་བ་ལ་མི་བསྟོངསཿ འབྲེལ་བའི་གཉེན་གྱིས་འཆི་བ་ལ་མི་བསྟོངསཿ བསགས་པའི་ནོར་གྱིས་འཆི་བ་ལ་མི་བསྟོངསཿ རང་ལུས་དཔའ་བགོས་འཆི་བ་ལ་མི་བསྟོངསཿ རྒྱུས་མེད་ས་རུ་གཅིག་པུར་འཁྱམ་དགོས་ནཿ དེ་ཀུན་བདེན་ནམ་གུས་པའི་སེམས་ཀྱིས་གཞིགསཿ བདག་གིས་ཐེག་པ་ཆེན་པོའི་ཆོས་བཙལ་ནསཿ ཡབ་ཡུམ་མྱུར་དུ་བླ་མེད་སངས་རྒྱས་སྟོནཿ དེ་ལྟར་ལེགས་སྨྲས་སོམ་ལས་ཐུགས་བདེར་མཛོདཿ དེ་སྐད་གསུངས་པས་རྒྱལ་པོའི་ཐུགས་ཆད་ནསཿ དེ་ཀ་ཡིན་ཟེར་བློ་ནི་ནང་དུ་བྲོསཿ བུ་ལ་ཆགས་པའི་སྲེད་པ་ཡོངས་སུ་བཅདཿ ཁྱོད་ཀྱིས་བསམ་པ་ཡོངས་སུ་རྫོགས་གྱུར་ཅིགཿ དབུ་ཐུམ་གཏུམས་ནས་ཀྱི་ཧུད་ཟེར་ཞིང་དུསཿ དེ་ནས་རྒྱལ་སྲས་དམ་པས་རང་ཁྱིམ་ཕྱིནཿ ནམ་ལངས་བློན་པོའི་ཚོགས་རྣམས་ཐམས་ཅད་བསགསཿ རྒྱལ་སྲིད་སྤང་ཕྱིར་བརྟུལ་ཞུགས་སྤྱོད་པ་མཛདཿ སྐུ་ནི་གཅེར་བུ་རུས་པའི་རྒྱན་དྲུག་གསལཿ ཕྱག་ཏུ་རྡོར་དྲིལ་ཁ་ཊྭཱཾ་རྩེ་གསུམ་ཐོགསཿ ཕོ་བྲང་རྩེ་མོར་གར་སྟབས་མཛད་པ་ལསཿ ལྟད་མོ་བལྟ་བའི་དམངས་ཕལ་མང་


PKT001_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༨བ༽པོ་ཚོགསཿ རྡོ་རྗེ་ཁ་ཊྭཱཾ་ཤོར་བའི་རྫུ་བག་མཛདཿ བདུད་ཀྱི་བློན་པོ་དབང་ཆེ་ཁ་བཙན་པཿ ཀ་ཏ་མ་ཞེས་ཨུ་པ་ཏ་ཡི་བུཿ པྲེ་ཏ་ཀ་ར་མ་བུའི་མགོ་དཀྱིལ་ཕོགཿ རྡོ་རྗེ་ཀླད་པའི་དཀྱིལ་དུ་སོང་ནས་གུམཿ ཁ་ཊྭཱཾ་མ་ཡི་སྙིང་ལ་ཕོག་ནས་ཤིཿ དེ་ནས་བློན་པོ་རྣམས་ཀྱིས་རྒྱལ་པོར་ཞུསཿ རྒྱལ་བུར་མངའ་གསོལ་ཚུལ་མིན་སྤྱོད་པ་བྱསཿ སྔ་དུས་རྒྱལ་ཕྲན་བུ་བསད་ལན་ཆགས་ཟེརཿ ད་ཡང་བློན་པོའི་བུ་སྨད་བསད་གདའ་བསཿ རྒྱལ་ཁྲིམས་གང་ཉེས་ཆད་པས་མ་བཅད་ནཿ ད་དུང་རྒྱལ་པོས་འདི་འདྲ་འགའ་བྱེད་དོཿ གསལ་ཤིང་རྩེ་ལ་བསྐྱོན་པའི་ཆད་པ་འཚལཿ ཞེས་ཞུས་རྒྱལ་པོ་ཐུགས་འཁྲུགས་སེམས་མ་དགའཿ ཁྲིམས་བཙུན་བློན་པོ་ངོ་སོ་འདོད་པའི་ཕྱིརཿ རྒྱལ་པོས་འཇིག་རྟེན་མཐུན་པར་གཏམ་སྨྲས་པཿ འདི་ནི་མི་མ་ཡིན་གྱི་བུའམ་ཅིཿ སྤྲུལ་པའི་སྐུ་ཞིག་ཡིན་ནམ་མི་ཤེས་པསཿ བསད་པས་མི་འོང་མཐའ་ལ་སྤྱུགས་ཀྱི་གསུངསཿ རྒྱལ་བུར་ཐུགས་ཡིད་ཆགས་པས་མ་དགའ་ཡང་ཿ རྒྱལ་ཁྲིམས་བཙན་པས་མི་སྤྱུག་དབང་མེད་ནསཿ རྒྱལ་བློན་ཐམས་ཅད་ཚོགས་པའི་མདུན་སྨྲས་པཿ རིན་ཆེན་མཚོ་དཀྱིལ་པདྨའི་སྡོང་པོ་ལསཿ ཕ་མེད་མ་མེད་ཁྱེའུ་སྤྲུལ་པའི་སྐུཿ སྐུ་མཆོག་དྲི་མེད་ཡོན་ཏན་རབ་བརྒྱན་པཿ སྲས་ཀྱིས་ཕོངས་ནས་རྒྱལ་སར་དབང་བསྐུར་བྱསཿ རྒྱལ་པོའི་སྤྱོད་རྩུབ་བློན་པོའི་ཕྲུག་གུ་བཀུམསཿ བློན་པོ་རྣམས་ཀྱིས་རྒྱལ་ཁྲིམས་ཆད་པ་གཅོདཿ གསལ་ཤིང་རྩེར་བསྐྱོན་


PKT001_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༩ན༽ཟེར་ཡང་སྤྱུག་ཁས་བླངསཿ ད་ནི་རྒྱལ་བུ་གང་དགར་བཞུད་ཅེས་གསུང་ཿ དེ་ནས་རྒྱལ་བུས་ཡབ་ལ་འདི་སྐད་གསོལཿ འཇིག་རྟེན་འདི་ན་ཕ་དང་མ་དཀོན་ཡང་ཿ ཡབ་དང་ཡུམ་དུ་བགྱིས་ནས་རྒྱལ་སྲིད་བྱིནཿ ང་ནི་གོའུ་ཏ་མར་ཡོད་པའི་དུསཿ པྲ་ཏ་ཀ་ར་མངག་གཞུག་བུ་མོ་ཡིནཿ མ་འདི་ཚོང་པ་ཨ་རིའི་སྐྱེ་བ་ཡིནཿ ལས་ཀྱི་ལན་ཆགས་བློན་པོའི་བུ་སྨད་བཀུམསཿ རྒྱལ་ཁྲིམས་བཙན་པས་བདག་ནི་སྤྱུགས་ན་ལེགསཿ རྒྱལ་པོའི་གསུང་བཞིན་རྗེས་སུ་འཇུག་པར་ཞུཿ དེ་སྐད་གསུངས་པས་རྒྱལ་པོ་མ་དགྱེས་སོཿ བློན་རྣམས་རྒྱལ་སྲས་སྤྱུག་པའི་གྲོས་བདུན་བྱེདཿ ལ་ལ་བྲུ་ཤའི་ཡུལ་དུ་སྤྱུག་གོ་ཟེརཿ ལ་ལ་བཻདྡྷའི་ཡུལ་དུ་སྤྱུག་གོ་ཟེརཿ ལ་ལ་བྷངྒ་ལའི་ཡུལ་སྦྱུག་གོ་ཟེརཿ ཁ་ཅིག་མུ་སྟེགས་ཟངས་གླིང་སྤྱུག་གོ་ཟེརཿ ཁ་ཅིག་ཁང་བུའི་གླིང་དུ་སྤྱུག་གོ་ཟེརཿ ཁ་ཅིག་ལི་ཡི་ཡུལ་དུ་སྤྱུག་གོ་ཟེརཿ ཁ་ཅིག་རྒྱ་ནག་ཡུལ་དུ་སྤྱུག་གོ་ཟེརཿ ལ་ལ་ནཱ་ལནྡྲ་རུ་སྤྱུག་གོ་ཟེརཿ ལ་ལ་ཐོ་གར་ཡུལ་དུ་སྤྱུག་གོ་ཟེརཿ ལ་ལ་ཟ་ཧོར་ཡུལ་དུ་སྤྱུག་གོ་ཟེརཿ ལ་ལ་འ་ཤའི་ཡུལ་དུ་སྤྱུག་གོ་ཟེརཿ ཁ་ཅིག་ཏ་ཟིག་ཡུལ་དུ་སྤྱུག་གོ་ཟེརཿ ཁ་ཅིག་མ་རུ་ཙིའི་ཡུལ་སྤྱུག་གོ་ཟེརཿ ཁ་ཅིག་བྱང་ཕྱོགས་ཤམྦྷ་ལར་སྤྱུག་ཟེརཿ བློན་རྣམས་སྤྱུག་པའི་ཡུལ་ལ་ཁ་མ་འཆམསཿ རྒྱལ་པོས་འགྲོ་བའི་ཡུལ་ཕྱོགས་གང་ལ་མཉེསཿ མཉེས་པའི་ཡུལ་ཕྱོགས་དེ་ལ་སྤྱུག་གི་གསུང་ཿ རྒྱལ་བུ་སངས་རྒྱས་གཉིས་པས་


PKT001_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

༼༥༩བ༽འདི་སྐད་གསོལཿ གནས་ལ་ངེས་པ་མེད་པས་གར་སྤྱུགས་གཞལ་ཡས་ཁང་ཿ བྱ་རྒྱུ་ཆོས་ལས་མེད་པས་རྒྱལ་པོའི་གདན་ས་རུཿ ཡོ་ག་རྣམ་གསུམ་སྤྱོད་པའི་མི་དེ་སྐྱིད་དང་འཕྲདཿ སེམས་ལ་སྐྱེ་ཤི་མེད་པས་བསད་པས་ང་མི་འཇིགསཿ ཡུལ་ལ་ཞེན་པ་མེད་པས་སྤྱུགས་ཀྱང་ང་མི་འཇིགསཿ ཡབ་ཡུམ་གཉིས་པོ་ཡུན་ཅིག་བདེ་བར་རབ་བཞུགས་མཛོདཿ དེ་སྐད་གསུངས་ནས་ཡབ་ཡུམ་ཕྱག་བཙལ་ལོཿ བཙུན་མོས་རྒྱལ་བུའི་མགུར་ལ་འཁྱུད་ནས་སུཿ ཀྱི་ཧུད་བུ་སྡུག་ཡིད་འོང་མཐོང་དགའ་བཿ གྲོས་ངན་སྤྱུག་པའི་དབང་དུ་ཅི་ཕྱིར་སོང་ཿ བུ་ཚབ་ང་སྤྱུགས་ཅི་ཕྱིར་གོ་མི་ཆོདཿ ཅེས་བརྗོད་རྒྱལ་བ་ཉིད་ལ་ཁ་ནི་གཏུགསཿ རྒྱལ་པོ་ཨིནྡྲ་བོ་དྷིའི་ཞལ་ནས་ནིཿ བློན་པོས་མ་མཐོང་ནོར་བུ་ཁྱེར་ཅིག་གསུང་ཿ དབུལ་བཀྲེས་སྐམ་འཁྱགས་སྡུག་བསྔལ་འདི་ཡིས་སེལཿ གསོལ་བ་གང་བཏབ་དགོས་འདོད་འདི་ལས་འབྱུང་ཿ འདི་ལ་རྒྱལ་བུའི་མཐུན་རྐྱེན་མཛོད་ཅིག་གསུང་ཿ རྒྱལ་བུའི་ཞལ་ནས་ཡབ་ལ་འདི་སྐད་གསོལཿ བདག་གི་སྣང་བ་ཡིད་བཞིན་ནོར་བུ་སྟེཿ ཡབ་ཀྱི་ནོར་བུས་བདག་ལ་ཅི་ཞིག་བྱཿ འདི་ལ་ནོར་བུའི་ཟླ་བོ་མཛོད་ཅིག་གསུངསཿ ལྗགས་ཀྱི་མཆིལ་མ་རྒྱལ་པོའི་ཕྱག་ཏུ་བསྐྱུརཿ དེ་ཉིད་ཡིད་བཞིན་ནོར་བུ་བསམ་འཕེལ་གྱུརཿ དེ་ནས་བློན་པོའི་ཚོགས་གསེབ་རྒྱལ་པོ་བྱོནཿ དུར་ཁྲོད་བསིལ་བའི་ཚལ་ཞེས་འཇིགས་སུ་རུང་ཿ སྐྱི་ཕུད་བྱེད་པ་དེ་རུ་སྤྱུག་གོ་ཟེརཿ


PKT001_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

༼༦༠ན༽བློན་པོ་ཐམས་ཅད་ཁ་འཆམས་ཐབས་ཅིག་འདུགཿ རྒྱལ་པོས་བློན་པོ་རྣམས་ལ་བཀའ་སྩལ་པཿ འཇིག་རྟེན་ཁམས་ན་འགྲན་གྱི་ཟླ་བྲལ་བཿ འཁོར་ལོ་སྒྱུར་བའི་རྒྱལ་པོ་རིན་པོ་ཆེཿ མཚན་བཟང་སུམ་ཅུ་རྩ་གཉིས་མཚན་འཆང་བའིཿ སྐུ་མཆོག་དམ་པ་དཔེ་མེད་འདི་འདྲ་བཿ སྔར་ཡང་མ་བྱོན་ད་ཡང་མི་འབྱོན་ནཿ ཁྲིམས་ལ་ཆོངས་ཀྱང་འདི་ཉིད་སྤྱུག་པར་ཕངསཿ སྔོན་ཆད་རབ་ཏུ་བྱུང་དོགས་མེལ་ཚེ་བཞགཿ ད་ནི་སྤྱུག་པ་སུ་ཡི་སྙིང་ལ་ཕོདཿ བཀྲ་མི་ཤིས་པ་འཁྲུག་དང་ནད་མུག་ཡོང་ཿ ཞེས་གསུངས་བློན་པོ་ཨུ་པ་ཏ་ཁྲོས་ནསཿ ཁྲིམས་བསྲུང་རྒྱལ་པོ་སྨྲ་བ་ལན་ཅིག་ཡིནཿ དེ་ལས་མངས་ན་རྒྱལ་སྲིད་ཟིན་མི་འགྱུརཿ ཐམས་ཅད་ཁ་འཆམ་བསིལ་བའི་ཚལ་དུ་སྤྱུགཿ ཅེས་སྨྲས་རྒྱལ་སྲས་སྤྱུག་པ་ཀུན་ཐོས་ནསཿ ཡུལ་མི་ཐམས་ཅད་ལྟད་མོ་བལྟ་བར་འདུསཿ དེ་དག་དཔག་ཚད་བརྒྱ་དང་སུམ་བརྒྱ་དང་ཿ དཔག་ཚད་སྟོང་གི་ལམ་ནས་འོངས་བ་དང་ཿ དཔག་ཚད་འབུམ་དང་ཁྲི་ནས་ལྷགས་པ་དང་ཿ བྱེ་བ་ས་ཡ་དག་ནས་སྤྲིན་བཞིན་འདུསཿ མི་རྣམས་གཟུགས་བཟང་ཡན་ལག་རགས་པ་དང་ཿ ཤིན་ཏུ་མཛེས་ཤིང་ཉམས་དགའ་མདངས་དང་ལྡནཿ ཐམས་ཅད་སྤྱི་བོར་རལ་པ་ཐོར་ཅོག་བྱསཿ གསེར་དངུལ་མུ་མེན་བྱུ་རུ་ལ་སོགས་བརྒྱནཿ རས་གོས་


PKT001_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

༼༦༠བ༽དཀར་དམར་སྣ་ཚོགས་གྱོན་པས་གང་ཿ བུད་མེད་སྐྲ་ཡི་མདུད་པ་རྒྱ་མདུད་བཅིངསཿ དུང་དང་རུས་པ་གཡུ་ཡི་རྒྱན་གྱིས་བརྒྱནཿ དགེ་སྦྱོང་བྲམ་ཟེ་དབུལ་ཕོངས་མགོན་མེད་དང་ཿ ནད་པ་ལ་སོགས་ཐམས་ཅད་དུ་དེར་འདུསཿ གྲོང་ཁྱེར་ཕྱི་རོལ་ལམ་ལ་ཐག་ཐོག་གང་ཿ དེ་ནས་རྒྱལ་བུ་ཕོ་བྲང་ནང་སྒོར་འཐོནཿ རྔ་བོ་ཆེ་དང་དུང་དང་རྫ་རྔ་དང་ཿ རྔ་ཕྲན་པི་ཝང་གླིང་བུ་མ་དཀྲོལ་འཁྲོལཿ བཙུན་མོ་འོད་འཆང་མས་ནི་ཕྱི་ལ་འབྲང་ཿ དྲི་མེད་དྲི་བྲལ་ཁྱོད་ནི་གར་བཞུད་པཿ བདག་ཀྱང་ཁྱོད་དང་ལྷན་ཅིག་འགྲོ་བར་བགྱིཿ འོན་ཏེ་ཕོ་བྲང་འདི་ལ་གཟིགས་ནས་སུཿ སྐྱེ་འཆི་མཐར་ཕྱིན་མ་ཐོབ་པར་དུ་བཞུགསཿ ཞེས་དུས་མཆི་མ་འཁོར་ཞིང་སྨྲས་པ་དང་ཿ རྒྱལ་བུ་དམ་པ་ནང་དུ་ཐེན་མཛད་ནསཿ སྤྱོད་པ་བསྐྱངས་པས་ཡབ་ཀྱི་ཁྲིམས་དང་འགལཿ རྒྱལ་ཁྲིམས་གཉན་པས་འདི་ནས་སྤྱུག་པར་མཆིཿ ལྷ་མོའི་གཟུགས་ཁྱད་གང་དུ་ཅི་བྱེད་འགྲོཿ རྒྱལ་པོ་བློན་འབངས་བར་དུ་བདེ་ཞིང་སྐྱིདཿ བརྩེ་བར་མ་བྱེད་ཕྱིས་ཞིག་མཇལ་དུ་འོང་ཿ དེ་སྐད་གསུངས་པས་འོད་འཆང་བསམ་པ་ལཿ འདི་ལྟར་སྤྱུག་པ་ཡབ་ཀྱི་བག་ཡོད་འོང་ཿ དེ་མིན་ཁྲིམས་དང་འགལ་བར་བྱས་གྱུར་ཀྱང་ཿ མི་མཆོག་འདི་འདྲ་སྤྱུག་པ་ཕངས་སྙམ་ནསཿ ཐེན་དང་ཡབ་ལ་ཞུ་བ་ཡོང་ཅི་ཟེརཿ བཙུན་མོ་འོད་འཆང་མ་རྒྱལ་པོའི་དྲུང་དུ་ཕྱིནཿ པུས་བཙུགས་འདུག་སྟེ་བཤུམ་མོའི་ཡུས་འདི་བརྗོདཿ ཅི་ནས་འདྲངས་པའི་


PKT001_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

༼༦༡ན༽ཁྲིམས་ཀྱིས་ཡུལ་སྲིད་བདེཿ འབངས་མང་སྟབས་ལ་མ་གཏོང་གྲོས་གདབ་གསོལཿ རྒྱལ་པོའི་ཐུགས་ནི་སྨྱོ་བ་ཡིན་ནམ་ཅིཿ མི་མཆོག་འདི་དང་ཕྱིན་ཆད་ཕྲད་པར་དགའཿ རྒྱལ་པོའི་སྲས་གཅིག་པུ་འདི་མཐར་སྤྱུག་ནསཿ སྲས་ནི་གཞན་མེད་ཁྲིམས་ཀྱིས་ཅི་ཞིག་བྱཿ ཁོལ་མོ་ཕོ་བྲང་འདིར་ནི་ཅི་ལ་སྡོདཿ ཅེས་པ་ལ་སོགས་མང་དུ་སྨྲས་པ་དང་ཿ རྒྱལ་པོས་ཁྱོད་བདེན་འོད་འཆང་ཁྱོད་རེ་བདེནཿ ཅི་ཕྱིར་ཁྱོད་ཟེར་བཞིན་དུ་མི་ཉན་སྨྲསཿ རྒྱལ་པོས་བློན་པོ་ཚོགས་པའི་དབུས་སུ་ཕྱིནཿ རྒྱལ་བའི་སྲས་དེ་ཕོ་བྲང་ཕྱིར་འཐེན་ནསཿ ལྗོན་ཤིང་མྱ་ངན་ཚང་གི་དྲུང་ན་འདུགཿ འདུས་པ་རྣམས་ལ་སྤྲོ་བའི་ཚིག་སྨྲས་པཿ ལུས་ནི་མི་རྟག་གཡང་ཁའི་སྡོང་པོ་འདྲཿ དབུགས་ནི་མི་རྟག་ལ་གའི་ན་བུན་འདྲཿ ཡིད་ནི་མི་རྟག་ནམ་མཁའི་གློག་དང་འདྲཿ ཚེ་འདི་མི་རྟག་རྩ་ཁའི་ཟིལ་པ་འདྲཿ ཞེས་གསུངས་ཕྱོགས་ནས་འདུས་པའི་འགྲོན་པོ་རྣམསཿ ཆེ་ཆུང་མེད་པ་ཐམས་ཅད་མཆི་མས་བརྣངསཿ དེ་ནས་འཇིག་རྟེན་སྐྱོང་བ་ཆེན་པོ་བཞིཿ རྣམ་ཐོས་སྲས་དང་ཡུལ་འཁོར་སྲུང་དང་ནིཿ སྤྱན་མི་བཟང་དང་དེ་བཞིན་འཕགས་སྐྱེས་པོཿ བུ་དང་བློན་པོ་འཁོར་དང་མངག་པ་དང་ཿ ཕོ་ཉ་གཡོག་འཁོར་ཁ་དོག་འཕགས་པ་དགཿ གནས་དེར་ལྷགས་ནས་རྒྱལ་སྲིད་སྣ་བདུན་བསུཿ རྒྱལ་སྲས་མདུན་དུ་བུས་བཙུགས་ཐར་སྦྱར་ནསཿ སྙན་ངག་ཚིག་སུ་བཅད་པས་བསྐུལ་བ་ནིཿ


PKT001_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

༼༦༡བ༽ཨེ་མ་ཧོཿ རྒྱལ་པོའི་རྒྱལ་ས་ཐུན་མོང་སྐྱབས་གནས་མིནཿ སྐྱེ་གནས་སོ་སོར་སྔ་ཕྱིར་སྤྲུལ་པའི་སྐུཿ པད་འབྱུང་མ་ཡིན་ངེས་དོན་སྟོན་པ་མེདཿ ཐ་དད་དྲང་ཕྱིར་ཐེག་པ་སོ་སོ་ཀུནཿ ལྟ་སྤྱོད་སྦྱོར་སྒྲོལ་པད་འབྱུང་སངས་རྒྱས་ལམཿ འབྲས་བུ་བདག་གཞན་མཆོག་ཐུན་སངས་རྒྱས་འགྲུབཿ ཅེས་བསྐུལ་མཁའ་འགྲོ་སྡེ་བཞི་མདུན་དུ་བྱུང་ཿ གླུ་གར་རྟ་མཆོག་རིན་ཆེན་ཁྲིད་བྱུང་ནསཿ རྒྱལ་བའི་སྲས་ཁྱོད་རྟ་མཆོག་འདི་ལ་ཆིབསཿ མཁའ་འགྲོ་སྡེ་བཞིས་ཆིབས་ཀྱི་རྐང་ལག་བཏེགཿ ཡངས་ཆེན་ནམ་མཁའ་དྭངས་བའི་དབྱིངས་ལ་བཞུདཿ རྒྱལ་སྲིད་སྣ་བདུན་སྔོན་མཇུག་ན་རེ་བྱསཿ ཐོ་ཕྱི་ཐམས་ཅད་འཇའ་འོད་བསྒོར་རེ་བཞུདཿ སྐྱེ་བོ་མང་པོའི་ཚོགས་རྣམས་ཕྱི་ལ་ལྟཿ མྱ་ངན་དུ་ཞིང་གདོང་ལས་མཆི་མ་གཟགསཿ བུད་མེད་ཚོགས་རྣམས་ཉམ་ཐག་ས་ལ་འདྲེཿ རྒྱ་པོ་ཀྱི་ཧུད་བུ་སྡུག་བརྗོད་ཅིང་དུཿ འོད་འཆང་འགྱེལ་ནས་དྲན་པ་ཉམས་པར་གྱུརཿ རྐན་དང་མཆུ་དང་ཁ་དང་སོ་བསྐམས་ནསཿ ཅང་མི་ཟེར་ཞིང་དབུགས་ཀྱི་རྒྱུ་བ་ཆདཿ འཁོར་གཡོག་བུད་མེད་ལྔ་བརྒྱ་མིག་ཆུ་གཟགསཿ ཉམ་ཐག་ལག་པ་གཉིས་ཀྱིས་བྲང་བརྡུང་ཞིང་ཿ ཉ་ཐང་ཕྱུང་བཞིན་ས་སྟེང་འགྲོ་ལྡོག་བྱེདཿ བདུད་བློན་རྣམས་ཀྱི་དབུགས་ནི་ཧད་ཧད་བྱསཿ རྒྱལ་བུ་ང་ཉིད་གར་བཞུད་ལྟ་བར་བྱེདཿ ཡུམ་གྱིས་ཇི་ལྟར་སྡུག་པའི་བུ་འདི་ནིཿ ཕྱིན་ཆད་མི་མཐོང་འདི་འདྲའི་ལྟས་ངན་པཿ བདག་ལུས་མྱ་


PKT001_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

༼༦༢ན༽ངན་མེ་ཡིས་ཚིག་ཅེས་བརྗོདཿ ཆོས་བློན་རྣམས་ཀྱིས་ཕྱི་ལ་ཕྱག་ཙལ་ནསཿ བདག་ཅག་ཐམས་ཅད་ཁྱོད་ཀྱིས་འདུལ་བར་ཤོགཿ ཅེས་པའི་སྨོན་ལམ་མང་པོ་འདེབས་པར་བྱེདཿ ཨུ་རྒྱན་ཡུལ་ནས་ལྷོ་ཕྱོགས་ངོས་ལ་གཤེགསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ རྒྱལ་སྲིད་སྤངས་པའི་ལེའུ་སྟེ་ཉེར་གཅིག་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

དུར་ཁྲོད་བསིལ་བའི་ཚུལ་དུ་བཞུགས་པའི་ལེའུ།


PKT001_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལྔ་ལྡན་ཡུལ་དུས་རུབ་ནསཿ རྒྱལ་བུས་རྟ་མཆོག་སྟེང་ནས་ས་ལ་བབསཿ རྒྱ་གར་བཀའ་སྐྱོང་བྲག་ཕུག་བྱ་བར་བཞུགསཿ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནསཿ སྒྲུབ་པ་ཞག་བདུན་མཛད་པས་གྲུབ་པ་ཐོབཿ ཞི་བའི་ལྷ་ཚོགས་ནམ་མཁའི་འཇའ་ཚོན་ལྟརཿ སྣང་ལ་རང་བཞིན་མེད་པ་མེ་ལོང་གཟུགསཿ ཞལ་མཐོང་མཆོག་དང་ཐུན་མོང་གཉིས་གྲུབ་ནསཿ སྐྱེ་ཤི་མེད་པ་ཚེ་ཡི་རིག་འཛིན་ཐོབཿ དེ་ནས་རྡོ་རྗེ་གདན་གྱི་ལྷོ་ནུབ་མཚམསཿ དཔག་ཚད་ལྔ་འདས་དུར་ཁྲོད་བསིལ་བའི་ཚལཿ རོ་མྱགས་ཚལ་དང་འདམ་བུའི་ཚལ་ཀྱང་ཟེརཿ མཐའ་སྐོར་དཔག་ཚད་ཕྱེད་དང་གཉིས་ཡོད་པའིཿ རིན་ཆེན་ས་ལྟེ་ལྟ་བུ་ཡོད་པ་ལཿ ཁོད་སྙམས་ལག་མཐིལ་ལྟ་བུར་མཐོ་དམའ་མེདཿ དེ་ཉིད་དབུས་ན་ལྷ་ལས་བབས་པ་ཡིཿ མཆོད་རྟེན་བདེ་བྱེད་བརྩེགས་པ་ཞེས་བྱ་བཿ ཕྱི་ནི་མཆོད་རྟེན་ནང་ནི་གཞལ་ཡས་ཁང་ཿ རྒྱུ་ནི་རིན་ཆེན་སྣ་ཚོགས་ལས་གྲུབ་


PKT001_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

༼༦༢བ༽པཿ སྒོ་ནི་ཟངས་ལ་བྱས་ཤིང་གསེར་གྱིས་བྱུགསཿ འཁོར་ལོ་གདུགས་དང་བུམ་པ་བྲེ་དང་བཅསཿ དྲིལ་བུ་ཚར་དངར་སྒྲ་ནི་སྣ་ཚོགས་འབྱུང་ཿ ཕྱོགས་བཞི་དག་ན་སྟོན་པའི་སྐུ་རྟེན་རེཿ དུར་ཁྲོད་བྱང་ཤར་འཇིག་རྟེན་ལྷ་ཆེན་རྟེནཿ དཔག་བསམ་ཤིང་ནི་བྷ་ས་ལ་ཞེས་ཟེརཿ དུར་བྱའི་ཚོགས་ནི་དཔག་ཏུ་མེད་པ་གནསཿ འཇིག་རྟེན་ལྷ་ནི་དགའ་བྱེད་ཤྭ་ར་ཞེསཿ ཞོན་པ་སེང་གེ་ནག་པོ་ལ་ཞོན་ནསཿ ལག་པར་མདུད་ནག་རྩེ་མོ་གསུམ་པ་ཐོགསཿ གོས་སུ་ལེ་བརྒན་དམར་པོའི་འཇོལ་བེར་གསོལཿ འགྲོ་བའི་སྲོག་ལན་ཐོགས་པ་མེད་པའི་འཁོརཿ བྱེ་བ་དང་བཅས་ལྷ་སྲིན་སྡེ་བརྒྱད་འདུཿ དེ་ན་མཁའ་འགྲོ་མ་ནི་དཔག་མེད་གནསཿ ལ་ལའི་མིག་ནས་ཉི་མའི་འོད་ཟེར་འབྱུང་ཿ ལ་ལ་འབྲུག་གི་སྒྲ་སྒྲོགས་མ་ཧེ་ཞོནཿ ལ་ལ་གྲི་ཐོགས་མིག་ནི་འབྲུ་ཚུགས་ལྟཿ ལ་ལ་ཐོད་བརྩེགས་ཐོགས་ན་སྟག་ལ་ཞོནཿ ལ་ལ་མི་རོ་ཐོགས་ནས་སེངྒེ་ཞོནཿ ལ་ལ་རྒྱུ་མ་ཟ་ཞིང་ཁྱུང་ལ་ཞོནཿ ལ་ལ་མདུང་རྩེ་མེ་འབར་ལྕེ་སྤྱང་ཞོནཿ ལ་ལ་ཁྲག་མཚོ་རློབ་ཅིང་གདོང་ལྔ་བཿ ལ་ལ་ལག་པ་དཔག་ཏུ་མེད་པ་ནཿ སེམས་ཅན་རིགས་བྱེད་རྣམ་པ་མང་པོ་ཐོགསཿ ལ་ལ་རང་གི་མགོ་བཅད་ལག་ན་ཐོགསཿ ལ་ལ་རང་གི་སྙིང་ཕྱུང་ལག་ན་ཐོགསཿ ལ་ལ་རང་གི་ཁོག་པ་ཁ་ཕྱེ་ནསཿ ནང་ཁྲོལ་རྒྱུ་མ་གཟིངས་ཤིང་ཟ་བར་བྱེདཿ ལ་ལ་ཕོ་མཚན་མོ་མཚན་ངོམ་ཞིང་སྦེདཿ རྟ་དང་བ་ལང་གླང་པོ་ཞོན་པ་གནསཿ དབུས་ན་དག་བྱེད་


PKT001_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

༼༦༣ན༽སྐྱི་བུང་མཚོ་ཡོད་པརཿ དུར་ཁྲོད་གནས་པའི་སྲོག་ཆགས་དཔག་མེད་གནསཿ འགྲོ་བ་རྣམས་ཀྱིས་སྐད་ཅིག་རྒྱུ་མི་ནུསཿ སྲོག་དངོས་ལེན་ཅིང་ཟ་བར་བྱེད་པའི་གནསཿ གདུལ་བྱ་ཕྱིན་ཅི་མ་ལོག་འདུལ་དགོངས་ནསཿ པདྨ་རྒྱལ་པོ་ཉིད་ཀྱིས་དེར་བྱོན་ཏེཿ བམ་རོ་གསར་རྙིང་མང་པོའི་ཁྲི་ལ་བཞུགསཿ དུར་ཁྲོད་གནས་པའི་རབ་འཇིགས་སྲོག་ཆགས་ཀྱིསཿ ཁྱད་དུ་འཕགས་པའི་ཤིང་ཐོག་མང་པོ་ཕུལཿ མཁའ་འགྲོ་མ་རྣམས་ཕྱག་བྱས་རབ་ཏུ་འདུདཿ དབུས་ཀྱི་མཆོད་རྟེན་སྐུ་ཡི་རྒྱབ་བརྟེན་ནསཿ ལོ་ལྔ་བཞུགས་ནས་ཁྱད་པར་ཐེག་པ་དགུཿ མཁའ་འགྲོ་མ་ཚོགས་རྣམས་ལ་ཆོས་བསྟན་ཏོཿ ཡུལ་དེའི་ཆོས་ལུགས་རྒྱལ་པོའི་བཙུན་མོའམཿ དྲག་དྲག་མགོ་ཅན་ཤི་བར་གྱུར་པ་ནཿ དུར་ཁྲོད་དེ་རུ་ཅི་འཁྱོལ་བྱེད་པ་ལཿ རོ་གོས་རས་ཡུག་རེ་ཡིས་སྒྲིལ་ནས་སུཿ མི་ནི་ཤི་ཚད་དུར་ཁྲོད་དེ་རུ་སྐྱེལཿ རོ་ཟས་འབྲས་ཆན་ཁལ་རེ་སྔས་བཅུག་འཇོགཿ པདྨ་རྒྱལ་པོས་བརྟུལ་ཞུགས་སྤྱོད་པ་བསྐྱོངསཿ རོ་བརྒྱགས་འབྲས་ཟོས་རོ་གོས་རས་ཡུག་གྱོནཿ ན་མ་ཞིག་ཡུལ་དེར་མུ་གེ་ཆེན་པོ་བྱུང་ཿ ཕལ་ཆེར་ཤི་ནས་རོ་བརྒྱགས་འབྲས་སྐྱལ་ཆདཿ རོ་གོས་རས་ཡུག་རེ་ཡིས་གྲིལ་ནས་བསྐྱལཿ པདྨ་རྒྱལ་པོས་བམ་རོའི་སྒྲུབ་པ་མཛདཿ ཟས་སུ་རོ་ཟོས་གོས་སུ་རོ་གོས་གྱོནཿ ཀོ་རཱི་མ་བརྒྱད་མཁའ་འགྲོ་དབང་དུ་བསྡུསཿ གོའུ་ཤོད་ཕྱིན་བརྟུལ་ཤུགས་སྤྱོད་པ་མཛདཿ ཕོ་བྱུང་


PKT001_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

༼༦༣བ༽བསྒྲལ་ནས་མ་མོ་མཁའ་འགྲོ་མཆོདཿ མོ་བྱུང་སྦྱོར་བ་བྱས་ནས་དབང་དུ་བསྡུསཿ ཡུལ་དེའི་རྒྱལ་པོ་ཨ་རྟི་ཞེས་པ་ཡིཿ བཙུན་མོ་སྦྲུམ་མ་གཅིག་གི་རོ་བཤས་པསཿ ཁོད་པའི་ནང་ནས་བུ་མོ་མ་ཤི་བྱུང་ཿ འདི་ལ་ང་ཡི་མུ་དྲ་བྱའོ་སྙམཿ རྒྱལ་པོའི་ཐུགས་ལ་མ་ལྡན་བསྙས་པར་སོང་ཿ ཡུལ་མི་ཐམས་ཅད་ལོག་ནས་ལིངས་ལ་བཏང་ཿ རྒྱལ་བུ་དྷརྨྨ་ཤྲཱི་ཞེས་རྩལ་ལྡན་ཞིགཿ ལུང་པའི་མདོ་རུ་མཚོན་ཐོགས་བསྒུག་ཏུ་བཅུགཿ རྔོན་པས་ལུང་པ་བཤུས་ནས་མདའ་ལ་དེདཿ དྷརྨྨས་ཤཱཀྱ་སེངྒེའི་མིག་སྔ་ནསཿ འོད་མའི་མདའ་གཞུ་འཕངས་པས་མིག་ཕོག་ཤིཿ མ་སོད་ལུང་པའི་མདའ་ལ་ཤོར་བ་ཡིསཿ བདུད་པོ་ཤོར་བ་གཞོན་ནུ་ཞེས་མཚན་བཏགསཿ དེར་ནི་འགྱོད་པ་དྲག་པོ་སྐྱེས་པ་ཡིསཿ མཁའ་འགྲོས་བརྟུལ་ཞུགས་སྤྱོད་པའི་མཆོད་རྟེན་བཞེངསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ དུར་ཁྲོད་བསིལ་བའི་ཚུལ་དུ་བཞུགས་པའི་ལེའུ་སྟེ་ཉེར་གཉིས་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ

རྩིས་ལ་སྦྱངས་པའི་ལེའུ།


PKT001_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གསལ་ལྡན་ཡུལ་དུ་ཕྱིན་པ་དང་ཿ ཤཱཀྱའི་དྲང་སྲོང་སྲེད་སྒྲུབ་བྱ་དང་ཕྲདཿ ཁྱོད་ཀྱིས་ཅི་ཤེས་དྲིས་པས་རྩིས་ཤེས་ཟེརཿ དེ་ལ་མཉེས་པའི་ཡོན་ཕུལ་རྩིས་སློབས་བྱསཿ དང་པོར་ལོ་ཡི་བྱུང་ཚུལ་བསླབས་པ་ནིཿ ཡུམ་ལ་ལྷ་ཡིས་བྱིན་རླབས་མཛད་པ་ཡིསཿ མ་རིག་བྱི་བའི་ལོ་ནི་དེ་ནས་བྱུང་ཿ ལྷུམས་གཞུག་གླང་པོ་ཐལ་ཀར་མཆེ་


PKT001_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

༼༦༤ན༽དྲུག་སྤྲུལཿ འདུ་བྱེད་གླང་གིས་ལོ་ནི་དེ་ནས་བྱུང་ཿ ལྷུམས་ནང་ཁྲ་བོ་ཁྱི་ལོར་འདུག་པ་ཡིསཿ རྣམ་ཤེས་སྟག་གི་ལོ་ནི་དེ་ནས་བྱུང་ཿ བལྟམས་དུས་སྙན་ནི་ཀྲོང་ངེ་བྱིན་པ་ཡིསཿ མིང་གཟུགས་ཡོས་བུའི་ལོ་ནི་དེ་ནས་བྱུང་ཿ འཁྲུངས་ཚེ་ནམ་མཁའ་དག་ནས་སྒྲ་བྱུང་ནསཿ སྐྱེ་མཆེད་དྲུག་ཅེས་འབྲུག་ལོ་དེ་ནས་བྱུང་ཿ བལྟམས་དུས་སྙན་ནི་ཀྲོང་ངེ་བྱིན་པ་ཡིསཿ མིང་གཟུགས་ཡོས་བུའི་ལོ་ནི་དེ་ནས་བྱུང་ཿ འཁྲུངས་ཚེ་ནམ་མཁའ་དག་ནས་སྒྲ་བྱུང་ནསཿ སྐྱེ་མཆེད་དྲུག་ཅེས་འབྲུག་ལོ་དེ་ནས་བྱུང་ཿ སྐུ་ལ་ཀླུ་ཡི་རྒྱལ་པོས་ཁྲུས་བྱས་པསཿ རིག་པ་སྦྲུལ་གྱི་ལོ་ནི་དེ་ནས་བྱུང་ཿ རྟ་ནི་དད་པ་གསེར་ལྡན་ཞོན་པ་ཡིསཿ ཚོར་བ་རྟ་ལོ་པ་ནི་དེ་ནས་བྱུང་ཿ དེ་ནས་ལྷ་ཡིས་ལུག་གི་ཞོ་དྲངས་པསཿ སྲེད་པ་ལུག་གི་ལོ་ནི་དེ་ནས་བྱུང་ཿ སྤྲེའུ་ཧ་ལུ་མ་དྷས་སྦྲང་རྩི་ཕུལཿ ལེན་པ་སྤྲེའུའི་ལོ་ནི་དེ་ནས་བྱུང་ཿ འདབ་ཆགས་རྒྱལ་པོ་ཁྱུང་སྦྲུལ་སོར་ཕྲག་འདྲེལཿ སྲིད་པ་བྱ་ལོ་པ་ནི་དེ་ནས་བྱུང་ཿ ཁྱི་ཚོགས་གོང་ཀར་སངས་རྒྱས་ཆོས་ཉན་པསཿ སྐྱེ་བ་ཁྱི་ལོ་པ་ནི་དེ་ནས་བྱུང་ཿ ལྕགས་ཀྱི་ཕག་མོ་དགུ་བཙུགས་སྟོབས་འགྲན་པསཿ རྒ་ཤི་ཕག་ལོ་པ་ནི་དེ་ནས་བྱུང་ཿ སངས་རྒྱས་ཐུབ་པའི་མཛད་པ་བཅུ་གཉིས་ལསཿ སྲིད་པའི་ལོ་འགྲོས་རྟེན་འབྲེལ་བཅུ་གཉིས་སྲིདཿ ཅེས་སོགས་ཐེག་དམན་བློས་བྱས་རིག་གཞུང་དང་ཿ འདུལ་བ་ལུང་དང་རྒྱ་ཆེར་རོལ་པ་དང་ཿ ཕལ་ཆེན་སོགས་ནས་བཤད་པའི་གྲངས་རྩིས་དང་ཿ མདོ་སྡེ་བརྟག་སྣ་མཚན་རྟགས་ལས་ཀྱི་རྩིསཿ འཕགས་པ་རྟག་ཏུ་དུ་ཡི་རྒྱན་དཔྱད་རྩིསཿ མདོ་སྡེ་གསང་བ་ཆེན་པོ་བསྟན་འབེབས་


PKT001_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

༼༦༤བ༽རྩིསཿ མདོ་སྡེ་ཁམས་གསུམ་སྣང་བྱེད་གཟེར་དམིགས་རྩིསཿ མྱ་ངན་འདས་པ་ཤི་བ་རོ་འགྲོས་རྩིསཿ ཤེས་པར་བརྗོད་པ་ཚོང་དང་བག་མའི་རྩིསཿ དུས་ཀྱི་འཁོར་ལོའི་ཉི་ཟླ་གཟའ་སྐར་སོགསཿ བརྟན་གཡོ་ཕྱི་ནང་གཞན་གསུམ་བརྩི་ཚུལ་དང་ཿ རྡོ་རྗེ་གདན་བཞིའི་སྲིད་པ་འདྲེན་འཛིན་རྩིསཿ མཁའ་འགྲོ་རྒྱ་མཚོ་ཕྱི་ནང་རྣལ་འབྱོར་རྩིསཿ ཆོས་མངོན་རྡུལ་དང་རྡུལ་ཕྲན་རྩིས་རྣམས་བསླབསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ རྩིས་ལ་སྦྱངས་པའི་ལེའུ་སྟེ་ཉེར་གསུམ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

སྨན་ལ་སྦྱངས་པའི་ལེའུ།


PKT001_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་པདྨ་ཅན་གྱི་ཡུལ་དུ་ཕྱིནཿ སྨན་པ་འཚོ་བྱེད་གཞོན་ནུའི་བུ་དང་ཕྲདཿ ཁྱོད་ཀྱིས་ཅི་ཤེས་བྱས་པས་སྨན་ཤེས་ཟེརཿ ང་ལ་སྨན་ཞིག་སློབས་དང་བྱས་པ་ཡིསཿ ང་ནི་རྒས་པས་ལུས་འདར་མཁས་རྒྱུ་མེདཿ སློབ་དཔོན་མི་ཡོང་ཡོང་ན་བསླབས་ཀྱི་ཟེརཿ ཟླ་གསུམ་དབྱར་ཏེ་ཟླ་གསུམ་སྟོན་དུ་ཤེསཿ གསུམ་ནི་དགུན་ཏེ་གསུམ་ནི་དཔྱིད་ཡིན་ནོཿ དེ་ལྟར་ཟླ་བའི་གོ་རིམ་དུས་ནི་དྲུགཿ ལོ་གཅིག་ལ་ནི་ཟླ་བ་བཅུ་གཉིས་འདོདཿ གསུམ་གསུམ་དུ་ནི་ཚིག་རྣམས་འདུས་པར་ཤེསཿ ཟླ་བ་གཉིས་གཉིས་ཤིང་གི་དུས་སུ་བསྟནཿ ཟས་དང་སྐོམ་ནི་དེ་ལྟར་འཇུ་བར་འགྱུརཿ སྨན་པ་དང་ནི་ཁམས་དང་དུས་ཀྱང་བསྟནཿ དབང་པོ་དང་ནི་ཁམས་རྣམས་དེ་དག་ཀྱང་ཿ ལོ་གཅིག་ལ་ནི་ཚིགས་


PKT001_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

༼༦༥ན༽རྣམས་ཡོངས་སུ་འགྱུརཿ དབང་པོ་དག་ནི་ཡོངས་སུ་འགྱུར་བས་ནཿ ལུས་ཅན་རྣམས་ལ་སྣ་ཚོགས་ནད་ཀྱང་འབྱུང་ཿ འདི་ཉིད་ལ་ནི་སྨན་པས་ཟླ་གསུམ་བཞིཿ ཚིགས་ཀྱི་བར་དང་དུས་དྲུག་རྣམས་དང་ནིཿ ཁམས་དྲུག་མཁས་པར་བྱ་བ་ཤེས་པར་བྱཿ ཟས་སྐམ་སྨན་རྣམས་གོ་རིམ་ཇི་བཞིན་ཏེཿ རླུང་ནི་ཤེས་ཆེའི་ནད་ནི་དབྱར་ན་ལྡང་ཿ སྟོན་དུ་གྱུར་པ་ན་ནི་མཁྲིས་པ་གཡོཿ དགུན་གྱི་དུས་ན་དེ་བཞིན་འདུས་པ་སྟེཿ བད་ཀན་ཤས་ཆེའི་ནད་ནི་དཔྱིད་ལྡོང་ངོ་ཿ དབྱར་ནི་སྣམ་དྲོ་ལན་ཚྭ་སྐྱུར་བའི་རོཿ སྟོན་ནི་མངར་དང་སྣམ་དང་བསིལ་བའོཿ ཿདགུན་ནི་མངར་དང་སྐྱུར་དང་སྣུམ་པ་སྟེཿ དཔྱིད་ཀྱི་དུས་ན་རྩུབ་དྲོ་ཚ་བའོཿ བད་ཀན་ཆེ་བ་ཟོས་མ་ཐག་ཏུ་ལྡང་ཿ མཁྲིས་པ་ཆེ་བ་འཇུ་བའི་འདུས་ན་ལྡང་ཿ རླུང་ཤས་ཆེ་བ་ཞུ་མ་ཐག་ཏུ་ལྡང་ཿ ཁམས་གསུམ་གཡོ་བ་དེ་ནི་དེ་ལྟར་རོཿ རླུང་གི་བདག་ཉིད་ལ་ནི་བཅུད་ཀྱི་གསོཿ བཀྲུ་སྨན་གྱིས་ནི་མཁྲིས་པ་གསོ་བར་བྱཿ འདུས་པ་ལ་ནི་གསུམ་དུ་མཐུན་ལྡན་པཿ བད་ཀན་ཚིག་སུ་བབས་ན་སྐྱུགས་སྨན་བཏང་ཿ རླུང་ཤས་ཆེ་དང་མཁྲིས་དང་འདུས་པ་དང་ཿ བད་ཀན་ཤས་ཆེའི་ཚིགས་རྣམས་ཤེས་པར་བྱཿ དུས་གང་ཁམས་གང་ལུས་ནི་གང་ཡིན་པཿ དེ་ཡི་སྨན་དང་བཟའ་བཏུང་བསྟེན་པར་བྱཿ ཁོ་བོ་སྨན་པའི་བདག་ཉིད་མཁས་པ་ཆེཿ རིག་བྱེད་ཡན་ལག་བརྒྱད་དང་ལྡན་པ་དང་ཿ སྨན་གྱི་ཕུང་པོ་བསམ་མི་ཁྱབ་


PKT001_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

༼༦༥བ༽པ་བསླབསཿ ཡང་དག་པར་ནི་མཁས་པར་ཁོང་དུ་ཆུདཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ སྨན་ལ་སྦྱངས་པའི་ལེའུ་སྟེ་ཉེར་བཞི་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ

རིག་པའི་གནས་ལྔ་ལ་མཁས་པར་སྦྱངས་པའི་ལེའུ།


PKT001_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རཱ་ག་ལ་ཡི་ཡུལ་དུ་ཕྱིནཿ ཨཱ་ཙར་ཀུན་གྱི་བཤེས་གཉེན་ཞེས་བྱ་བཿ རྒད་པོ་མགོ་དཀར་སྨ་ར་དཀར་དང་ཕྲདཿ རྒད་པོ་ཁྱོད་ཀྱིས་ཅི་ཤེས་སྨྲས་པ་ཡིསཿ སྒྲ་དང་ཡི་གེའི་བསྟན་པ་ཅི་འདྲ་བཿ ཉི་འོག་ས་སྟེང་འགྲན་ཟླ་མེད་ཅེས་ཟེརཿ བདག་ལ་སྒྲ་དང་ཡི་གེ་བསླབ་ཏུ་གསོལཿ དེ་སྐད་གསོལ་པས་དང་པོར་སྒྲ་ཉིད་བསླབསཿ ལེགས་སྦྱར་སཾ་སྐྲྀ་ཏ་ནི་ལྷ་ཡི་སྐདཿ ཨ་ཝ་བྷྲཾ་ཤ་གསང་བ་བརྡ་ཡི་སྐདཿ པྲ་ཀྲི་ཏ་ནི་བརྡ་སྦྱོར་འཕྲལ་གྱི་སྐདཿ བི་ཤཱ་ཙ་ནི་ཤ་ཟ་འདྲེ་ཡི་སྐདཿ སྒྲ་ནི་ཐད་སོར་བསྒྱུར་དང་ཐད་ལོག་བསྒྱུརཿ བརྒྱུད་དེ་བསྒྱུར་དང་བསྒྲུབས་ཏེ་བསྒྱུར་བ་དང་ཿ སྒྲ་གཅིག་དོན་མང་དོན་གཅིག་སྒྲ་མང་བསླབསཿ དེ་ནས་ཡི་གེའི་རིགས་ལ་སྦྱངས་པ་ནིཿ ལཉྩ་ན་དང་ན་གར་ཝརྟུ་ལཿ ཀསྨིར་སིནྡྷུ་དྷ་རི་ཀ་སོགས་དང་ཿ ཚངས་པ་ཁ་རོ་ཏ་ཡི་ཡི་གེ་སོགསཿ ཡིད་རིགས་མི་འདྲ་དྲུག་ཅུ་རྩ་བཞི་དང་ཿ སྐད་རིགས་མི་གཅིག་སུམ་བརྒྱ་དྲུག་ཅུ་བསླབསཿ དེ་ནས་བཟོ་བོ་བི་ཤྭ་ཀརྨ་ཞེསཿ ལོ་ནི་བརྒྱད་ཅུ་འགྲོ་བ་ཞིག་རྩར་ཕྱིནཿ གསེར་འགྱུར་རྩི་དང་རིན་པོ་ཆེ་ཡི་བཟོཿ ལྷ་བཟོ་གོས་བཟོ་ཤིང་བཟོ་རྩི་བཟོ་དང་ཿ དངུལ་བཟོ་ཟངས་བཟོ་ལྕགས་


PKT001_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

༼༦༦ན༽བཟོ་རྡོ་བཟོ་དང་ཿ ཐགས་དང་ལྷ་མ་དང་ཞྭ་དང་ལུགས་དང་ལསཿ ཤེས་བྱའི་རིགས་སུ་གྱུར་པ་ཐམས་ཅད་བསླབསཿ དེ་ནས་གྲོང་ཁྱེར་ཞིག་ཏུ་ཕྱིན་པ་དང་ཿ སྨྱུག་མ་འཇག་མའི་ལྷགས་སྐྱོབས་ནང་ཞིག་ནཿ དུད་པ་ཕྱུར་ཕྱུར་འདུག་པས་དེ་རུ་ཕྱིནཿ སྤྲང་མོ་ཞིག་གིས་རྫ་རྩི་བྱེད་ཀྱེན་འདུགཿ འདི་ཡི་བྱ་ཐབས་ང་ལ་སློབས་དང་བྱསཿ ཁྱོད་ནི་ཕུན་སུམ་ཚོགས་པར་འདུག་པ་ལཿ རྗེ་རྩི་བསླབས་ནས་ཅི་ཞིག་བྱའམ་ཟེརཿ རབ་ནི་རྡོ་སྦྱོར་འབྲིང་ནི་ས་སྦྱོར་ཡིནཿ ཐ་མ་ལུགས་སྦྱོར་ཡང་ཐ་མར་ཚིལ་སྦྱོརཿ ཤེས་བྱ་དེ་ལྟ་བུ་ཡང་བསླབ་པར་བྱཿ རྗེས་སུ་མྱོང་བ་དེ་ནི་རབ་ཏུ་བརྟནཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ རིག་པའི་གནས་ལྔ་ལ་མཁས་པར་སྦྱངས་པའི་ལེའུ་སྟེ་ཉེར་ལྔ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

སྐུ་རབ་ཏུ་བྱུང་བའི་ལེའུ།


PKT001_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དགེ་སློང་ཤཱཀྱ་མི་ཏྲཱི་དང་ཿ ཤཱཀྱ་བཤེས་གཉེན་བྱ་བ་གཉིས་དང་ཕྲདཿ ཁྱོད་གཉིས་ཐད་ཀ་གར་འགྲོ་དྲིས་པ་ཡིསཿ བྲག་དམར་བྱ་སྐྱིབས་ཅན་ཞེས་བྱ་བ་ནཿ སློབ་དཔོན་པྲ་བྷ་ཧ་སྟི་བྱ་བ་བཞུགསཿ དེ་ལ་ཆོས་ཞུར་འགྲོ་བ་ཡིན་ཞེས་ཟེརཿ འོ་ན་ང་ཡང་འགྲོ་བྱས་བསྡོངས་ནས་ཕྱིནཿ སློབ་དཔོན་པྲ་བྷ་ཧསྟི་དང་མཇལ་ནསཿ ཁྱོད་ལ་བདག་ནི་ཚངས་སྤྱོད་རབ་ཏུ་འབྱུང་ཿ ཆོ་ག་དེ་ནི་རབ་ཏུ་བསྟན་དུ་གསོལཿ དེ་སྐད་གསོལ་བས་སློབ་དཔོན་ཞལ་ན་རེཿ བདག་གིས་རྣལ་འབྱོར་ཡོ་གའི་རྒྱུད་རྣམས་ཤེསཿ དེ་ལྟ་བུ་ནི་


PKT001_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

༼༦༦བ༽སྤྱོད་ན་སྦྱིན་པར་བྱཿ རབ་ཏུ་བྱུང་བའི་མཁན་པོ་ངས་མི་ཡོང་ཿ བཅོམ་ལྡན་འདས་ཀྱི་ཉེ་གནས་ཀུན་དགའ་བོཿ ཨ་སུ་རཱ་ཡི་བྲག་ཕུག་བཞུགས་ནས་ཡོདཿ ཚངས་སྤྱོད་རབ་ཏུ་ཕྱུང་ན་དེར་ཕྱུང་གསུང་ཿ དབང་མ་བསྐུར་བར་གསང་སྔགས་འཆད་སྣོད་མིནཿ བྱིས་པ་འཇུག་པ་ཐུན་མོང་དབང་ལྔ་བསྐུརཿ ཏ་ཐཱ་སཾ་གྲ་ངན་སོང་སྦྱོང་རྒྱུད་དང་ཿ ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་ཏནྡྲ་དང་ཿ མཧཱ་ཛ་ཡ་ཡོ་ག་ཙཱརྻ་དང་ཿ པཱ་ར་མི་ཏ་ལས་ཀྱི་རྟོག་པའི་རྒྱུདཿ དེ་སོགས་ཡོ་གའི་རྒྱུད་སྡེ་མ་ལུས་གསུངསཿ ཇི་ལྟར་གསུངས་པ་དེ་བཞིན་ཁོང་དུ་ཆུདཿ ཡོ་ག་སུམ་ཅུ་རྩ་གཉིས་ལྷ་ཞལ་མཐོང་ཿ དེ་ནས་ཤིང་ཕོ་རྟ་ལོ་སྤྲེལ་ཟླ་ཡིཿ ཚེས་བརྒྱད་ཨ་སུ་ར་ཡི་བྲག་ཕུག་ཕྱིནཿ དགེ་སློང་ཁྲི་ཕྲག་མང་པོ་བཞུགས་པ་ཡིསཿ རྨི་ལམ་ཉི་མ་གཅིག་ཤུལ་གཅིག་ཤར་རྨིསཿ ནམ་མཁའ་ཐམས་ཅད་སྒྲ་དང་འོད་ཀྱིས་གང་ཿ རེས་འགའ་སངས་རྒྱས་གཟུགས་སུ་སྟོན་པར་བྱེདཿ རེས་འགའ་འོད་ནི་འབའ་ཞིག་སྣང་བར་བྱེདཿ དེ་བཞིན་ཆོ་འཕྲུལ་མང་པོ་རྨིས་པར་གྱུརཿ དེ་ནས་ཚེས་བཅུ་སྐར་མ་ལག་སོར་ཉིནཿ དྲང་སྲོང་ཉི་མའི་དགུང་དང་ལྷན་ཅིག་ཏུཿ གཉིས་ཀ་རབ་ཏུ་བྱུང་ནས་བསྟན་པ་གཏདཿ ས་ཡི་ལྷ་མོས་ཆོས་གོས་ངུར་སྨྲིག་ཕུལཿ ཕྱོགས་བཅུའི་སངས་རྒྱས་མདུན་གྱི་མཁའ་ལ་བྱོནཿ བསྟན་པའི་མངའ་བདག་ཤཱཀྱ་སེངྒར་གསོལཿ འོད་སྲུངས་ཆེན་པོས་ལྕང་ལོ་གསིལ་པ་ལཿ སྤུ་གྲིའི་ཁ་ནེལ་ཕོད་པར་མ་


PKT001_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

༼༦༧ན༽གྱུར་ཏེཿ སྤུ་གྲི་བརྡར་བས་མཁའ་འགྲོ་མ་བཞིས་བཟུང་ཿ ཌཱ་ཀི་སྒྲ་ཡི་རྣ་བ་ཅན་བྱུང་ནསཿ སྤུ་གྲི་ཕྲོགས་ཏེ་མདུན་གྱི་ནམ་མཁར་པོརཿ དེར་ནི་སྤུ་གྲིས་གཏམས་པའི་མཆོད་རྟེན་བྱུང་ཿ འདུལ་ཁྲིམས་ལྡན་པའི་དགེ་སློང་ཆ་ལུགས་འཛིནཿ བདུད་བཞི་བཅོམ་པས་སངས་རྒྱས་ཀུན་དང་མཉམཿ བྱང་ཆུབ་སེམས་དཔའ་འབུམ་ཕྲག་མང་པོ་རྣམསཿ དཀའ་ཡི་འགྲོ་བ་བྱེད་པའི་ནང་ན་འདུགཿ བྱང་ཆུབ་སེམས་དཔའ་སུ་མི་ཏྲ་ཞེས་བཏགསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ སྐུ་རབ་ཏུ་བྱུང་བའི་ལེའུ་སྟེ་ཉེར་དྲུག་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ་སྦྱངས་པའི་ལེའུ།


PKT001_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགའ་བོ་ལ་ཕྱི་ཐུབ་པའི་ཐེག་པ་གསུམཿ ནང་སྔགས་ཀྱི་ཐེག་པ་གསུམཿ དེ་ནས་ཀུན་དགའ་འོད་སྲུངས་ཆོས་ཞུ་བའིཿ བར་སྐབས་བར་སྐབས་སུ་མི་ཏྲ་ཡིས་གསོལཿ དགེ་སློང་ཆེན་པོ་འདི་ཙམ་ནང་ནས་ནིཿ བཅོམ་ལྡན་འདས་ཀྱི་ཞམ་རིང་ཁྱོད་བྱེད་པཿ འདི་ནི་དགོས་ཆེད་ཡོད་ཀྱིས་ནན་ཏན་གསུངསཿ ཀུན་དགའ་བོས་ནི་གུས་པས་ཉོན་ཅིག་གསུང་ཿ ང་ནི་འཇིག་རྟེན་ཁམས་ན་རྩོད་པ་མེདཿ རྩོད་མེད་ཆོས་འདི་སངས་རྒྱས་ཞལ་ནས་གསུངསཿ ཐུབ་པ་ཉི་ཤུ་རྩ་དགུ་ཁབ་ཏུ་གནསཿ ཆོས་ལ་དཀའ་བ་སྤྱད་པ་ལོ་དྲུག་སྟེཿ མཉན་ཡོད་ལེགས་པའི་སྐར་མས་ཉི་ཤུ་བཞིཿ དགེ་སློང་ལེགས་པའི་སྐར་མ་ཞེས་བྱ་བཿ མདོ་སྡེ་བཅུ་གཉིས་སྡེ་ནི་བློ་ནས་འཆདཿ དོན་མི་སྒོམ་ཞིང་ཚིག་ལ་འཆེལ་པ་ལཿ ཐུབ་པས་ཞི་བ་


PKT001_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

༼༦༧བ༽ལ་ནི་མི་འཇུག་པའིཿ ཚིག་ལ་མཁས་པ་མཁས་པ་མ་ཡིན་ཏེཿ མི་གཡོ་དོན་ལ་མཁས་ན་མཁས་པ་ཡིནཿ ཞེས་གསུངས་ལེགས་པའི་སྐར་མ་ལོག་ལྟ་སྐྱེསཿ ཐུབ་པའི་མཚན་བཟང་སུམ་ཅུ་རྩ་གཉིས་དང་ཿ བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་དང་ཿ འོད་ནི་འདོམ་གང་ཡོད་པའི་སྐུ་མཆོག་ལཿ ལོ་ནི་ཉི་ཤུ་རྩ་བཞིར་ཁྱོད་གཡོག་བྱསཿ ཡོན་ཏན་ཏིལ་འབྲུ་ཙམ་ཞིག་ངས་མ་མཐོང་ཿ རྒྱལ་པོ་ཟས་གཙང་རྒྱལ་ས་མ་ཟིན་པརཿ གོ་མ་ཆོད་ཀྱི་མི་འཁྱམས་རྐང་འདྲེན་ལསཿ ཆོས་ནི་ང་མཁས་མཉམ་པའི་གཡོག་མི་བྱེདཿ ཅེས་སྨྲས་ཕྱི་རོལ་དམ་གྲོག་དཔག་ཚད་དང་ཿ ཐུབ་པའི་དབང་པོས་རྡོ་རྗེ་གདན་དུ་བྱོནཿ བྱང་ཆུབ་ཤིང་དྲུང་སེངྒེའི་ང་རོ་སྒྲོགསཿ ཀྭའི་ཀྭའི་ཀྭའིཿ ཚེ་དང་ལྡན་པ་ཐམས་ཅད་འདུས་ཤོག་གསུངསཿ དེ་ནས་དགེ་འདུན་ཐམས་ཅད་འདུས་པ་ལསཿ ལེགས་པའི་སྐར་མ་ཁོ་ནི་ཁྲོས་ཏེ་སོང་ཿ ཁྱེད་རྣམས་སུ་ཡི་ང་ཡི་ཉེ་གནས་བྱེདཿ དགྲ་བཅོམ་རྣམས་ཀྱིས་གུས་པའི་ཕྱག་འཚལ་ཏེཿ པུས་མོ་གཡས་པའི་ལྷང་ས་ལ་བཙུགསཿ ཁྱོད་ཀྱི་ཞམ་རིང་ངེད་ཀྱིས་བྱེད་པར་ཞུསཿ ཐུབ་དབང་ཞལ་ནི་ནག་རོག་བསྟན་ནས་སུཿ ཁྱོད་རྣམས་ཅི་ཕྱིར་ང་ཡི་ཉེར་གནས་བྱེདཿ ན་སོ་རྒས་ཤིང་འབྱུང་བ་རྒུན་ནས་མེདཿ ཚེ་དང་ལྡན་པ་རྣམས་ཀྱིས་མཉམ་པར་བཞགཿ ཐུབ་དབང་ཐུགས་ཀྱི་རྩེ་མོ་གང་ལ་གཏདཿ དགྲ་བཅོམ་རྣམས་ཀྱི་ཡེ་ཤེས་སྤྱན་གྱིས་གཟིགསཿ དགེ་སློང་


PKT001_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

༼༦༨ན༽པཱུརྞ་ཤཱི་ལར་གཏད་པ་ནིཿ མཽ་གལ་གྱི་བུ་ཡིས་མཐོང་ནས་སུཿ དགྲ་བཅོམ་པ་ནི་ལྔ་བརྒྱས་པཱུརྞ་ལཿ ཕྱག་འཚལ་ཐུབ་པ་ཞམ་རིང་གྱིས་ཤིག་བརྗོདཿ ཐུབ་པའི་དབང་པོས་ཀུན་དགའ་ལེགས་སོ་གསུང་ཿ ཞལ་གྱི་དཀྱིལ་འཁོར་འཛུམ་པའི་མདངས་ཀྱང་བསྟནཿ ང་ཡིས་ཉེར་གནས་མི་ཡོང་བྱེད་དགོས་ནཿ བཅའ་བ་རྣམ་པ་འདི་གསུམ་གནང་བར་ཞུཿ ལྟོ་དང་གོས་ནི་རང་ལ་ཟ་བ་དང་ཿ ངས་ནི་ཞུ་བ་གང་ཞུས་གནང་བ་དང་ཿ ང་མེད་ཤུལ་དུ་ཆོས་མི་གསུང་དང་གསུམཿ འདི་གསུམ་བཅོམ་ལྡན་འདས་ཀྱིས་གནང་བར་མཛོདཿ ཐུབ་དབང་འཛུམ་པའི་ཉ་རྒྱས་ཟླ་ཞལ་བསྟནཿ ཀུན་དགའ་བོ་ཁྱོད་ལེགས་སོ་ལན་གསུམ་གསུང་ཿ ང་ཡི་དྲི་བ་དང་པོར་སྔ་བར་ནིཿ དགེ་སློང་ལེགས་པའི་སྐར་མ་ཇི་ལྟར་དྲིསཿ ཆོས་ཀྱི་བདག་ཉིད་སངས་རྒྱས་དེ་ཞལ་ནསཿ ཐོས་མང་དགེ་སློང་ལེགས་པའི་སྐར་མ་འདིཿ ད་སྟེ་ཞག་བདུན་ཚོ་ཡི་དུས་བྱས་ནསཿ མེ་ཏོག་ལྡུམ་རར་ཡི་དྭགས་ཞིག་ཏུ་སྐྱེཿ ཀུན་དགའ་བོ་ཡིས་ལེགས་སྐར་མདུན་དུ་ཕྱིནཿ སངས་རྒྱས་གསུང་ངོ་རྣ་བར་བཏབ་པ་དང་ཿ ལེགས་པའི་སྐར་མས་སེམས་ལ་ཟོན་བཅུག་སྟེཿ རེས་འགའ་ཁོ་ཡི་བརྫུན་དེ་བདེན་གྱི་ཡོདཿ ཞག་བདུན་ནངས་པར་ཞེ་ཁྲེལ་འདེད་དགོས་སྙམཿ ཞག་དྲུག་བར་དུ་འདུག་ས་གཅིག་ཏུ་བསྡདཿ སྨྱུང་སྦྱངས་རྒྱུན་བཅད་ཟ་མ་མ་ཟོས་སོཿ ཞག་བདུན་འགྲོ་བའི་ནུབ་མོ་ཁ་བསྐམས་


PKT001_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

༼༦༨བ༽ནསཿ ཆུ་འཐུངས་ཆུ་མ་འཇུ་བར་ཚེ་དུས་བྱསཿ ཀུན་དགའ་བོ་ཡིས་ནང་ཞོགས་ལྟ་རུ་ཕྱིནཿ ཇི་ལྟ་བ་བཞིན་གྱུར་ཏེ་ངེས་ཤེས་སྐྱེསཿ དེ་ནས་མེ་ཏོག་ལྡུམ་རར་ཕྱིན་པ་དང་ཿ ཡི་དྭགས་ཆེན་པོ་ལྟར་མི་བཟོད་པའི་ལུསཿ ཐུབ་པའི་དབང་པོ་གར་བཞུགས་རྒྱབ་བསྟན་འདུགཿ དེ་བཞིན་ཆོས་སྨྲས་རྣ་བ་ལག་པས་འགེབསཿ རྐྱེན་དེས་བྱས་ཏེ་བདག་གིས་ཞམ་རིང་བྱསཿ ལེགས་པའི་སྐར་མ་ལོ་གྲངས་ཉི་ཤུ་བཞིཿ ཀུན་དགའ་བོས་ནི་ལོ་གྲངས་ཉི་ཤུ་གཅིགཿ ཐུབ་དབང་སུམ་ཅུ་སོ་ལྔའི་ལོ་ལོན་ནསཿ སྐྱེ་བ་ལྕགས་ཕོ་ཁྱི་ཡི་ལོ་ལ་ནིཿ སྔོན་ཆད་མ་བསྐོར་ཆོས་ཀྱི་འཁོར་ལོ་བསྐོརཿ རྡོ་རྗེ་གདན་དང་ཝ་ར་ཎཱ་སི་རུཿ འཁོར་ལོ་དང་པོ་ལང་སྡེ་བཟང་ལ་བསྐོརཿ སྡུག་བསྔལ་ཀུན་འབྱུང་འགོག་པ་ལམ་བདེན་པཿ ལོ་བདུན་ཟླ་བ་གཉིས་ཀྱིས་མ་ཚང་བརཿ བདེན་པ་བཞི་བལྡབས་སྤྲོས་ནས་བཅུ་གཉིས་གསུངསཿ མདོ་སྡེ་ལེགས་ཉེས་བསྟན་དང་ལས་བརྒྱ་པཿ མདོ་སྡེ་ལས་རྣམ་འབྱེད་དང་ལས་རྣམ་འཐགཿ མདོ་སྡེ་ལས་ཀྱི་རྣམ་སྨིན་བསྟན་པ་དང་ཿ གང་པོའི་རྟོགས་བརྗོད་མ་ཟེ་ཚོགས་ཀྱི་མདོཿ དྲིན་ལན་བསབས་མདོ་མཛངས་བླུན་དྲན་ཉེར་གཞགཿ དེ་དག་དྲང་དོན་བསྟན་པའི་མདོ་བཅུའོཿ ཉོན་མོངས་འདོད་ཆགས་འདུལ་བའི་གཉན་པོ་རུཿ འདུལ་བ་གཞི་དང་རྣམ་འབྱེད་གཞུང་བླ་མཿ ཕྲན་ཚོགས་བཞི་ནི་རྩ་བའི་མདོ་བཞིའོཿ རྩ་བའི་ལུང་དང་དགེ་སློང་སོ་ཐར་དང་ཿ


PKT001_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

༼༦༩ན༽དགེ་སློང་མ་ཡི་སོ་ཐར་ལ་སོགས་པཿ ཐེག་དམན་དྲང་ཕྱིར་ཆོས་ཚུལ་དཔག་མེད་གསུངསཿ ཉོན་མོངས་སྤོང་དང་འགེགས་ཤིང་ཚོགས་དྲུག་འདོདཿ ས་ནི་བརྒྱད་འདོད་གང་ཟག་བདག་དང་དང་ཿ ཆོས་ཀྱི་བདག་མེད་ཀྱི་ནི་ཕྱེད་རྟོགས་པའིཿ འབྲས་བུ་དགྲ་བཅོམ་འཐོབ་པའི་ཆོས་འཁོར་བསྐོརཿ འཁོར་ལོ་བར་པ་མེ་ཕོ་འབྲུག་ལོ་ནསཿ ཤིང་མོ་གླང་བར་མ་ག་དྷཿཡི་ཡུལཿ རྒྱལ་པོའི་ཁབ་དང་བྱ་རྒོད་ཕུང་པོའི་རིརཿ བྱམས་པ་སྤྱན་རས་གཟིགས་སོགས་བྱང་སེམས་འཁོརཿ རབ་འབྱོར་ལ་སོགས་དགེ་སློང་ལྔ་སྟོང་ལཿ ལོ་བཅུའི་བར་དུ་མཚན་ཉིད་མེད་ཆོས་གསུངསཿ ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོ་རུཿ ངེས་དོན་མདོ་སྡེ་རྒྱས་འབྲིང་གསུམ་དུ་གསུངསཿ སྟོང་ཕྲག་བརྒྱ་པ་ཉི་ཁྲི་ལྔ་སྟོང་པཿ ཁྲི་བརྒྱད་སྟོང་པ་ཤེས་རབ་ཁྲི་པ་དང་ཿ བརྒྱད་སྟོང་པ་དང་སྡུད་པ་ཡུམ་དྲུག་གོཿ རབ་རྩལ་ཞུས་དང་ཤེར་ཕྱིར་ལྔ་བརྒྱ་པཿ རྡོ་རྗེ་གཅོད་པ་ཚུལ་བརྒྱ་ལྔ་བཅུ་པཿ ཀཽ་ཤི་ཀ་སུམ་ཅུ་སྒོ་ཉེར་ལྔཿ ཤེས་རབ་སྙིང་པོ་ཡི་གེ་ཉུང་ངུ་དང་ཿ ཡི་གེ་གཅིག་མ་དཀོན་བརྩེགས་འདུས་པ་བཞིཿ ཤེར་ཕྱིན་བདུན་བརྒྱ་པ་སྟེ་སྲས་བཅུ་གཅིགཿ དེ་ལྟར་ཡུམ་སྲས་བཅུ་བདུན་གཞན་ཡང་ནིཿ ཕར་ཕྱིན་སྟོང་ཉིད་སྟོན་པའི་ཆོས་གསུངས་པཿ མངོན་པར་རྟོགས་པའི་སླབས་བརྒྱད་དོན་བདུན་ཅུཿ ལམ་ལྔ་ས་བཅུ་འགྲེལ་རྐང་བརྒྱ་རྩ་བརྒྱདཿ


PKT001_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

༼༦༩བ༽ཉོན་མོངས་རྣམ་སྦྱོང་ཚོགས་ནི་བརྒྱད་དུ་འདོདཿ ཆོས་དང་གང་ཟག་གཉིས་ཀའི་བདག་མེད་རྟོགསཿ ས་བཅུ་རྫོགས་ནས་ཆོས་སྐུ་འཐོབ་པར་བསྟནཿ འཁོར་ལོ་ཐ་མ་ཡངས་པ་ཅན་གྱི་ཡུལཿ མེ་ཕོ་སྟག་ནས་ས་ཕོ་སྟག་གི་བརཿ ནཱ་ལནྡྲ་ཡི་གཙུགས་ལག་མ་ལ་ཡཿ པདྨ་ཅན་དང་ལྷ་གནས་ལ་སོགས་པརཿ ལྷ་ཀླུ་དྲི་ཟའི་བུ་མོ་ཤེས་རབ་གཟིངསཿ བྱང་ཆུབ་སེམས་དཔའ་རྣམ་གྲོལ་སྡེ་སོགས་ལཿ བཅུ་གསུམ་བར་དུ་ངེས་དོན་ཆོས་འཁོར་བསྐོརཿ ཕལ་ཆེན་དཀོན་བརྩེགས་ལངྐར་གཤེགས་པ་དང་ཿ དགོངས་པ་ངེས་འགྲེལ་དཔལ་འཕྲེང་སེངྒེའི་སྒྲཿ དབུས་འགྱུར་ཚལ་དང་སྔོན་གནས་བརྒྱ་རྩ་བརྒྱདཿ པད་དཀར་གསེར་འོད་དམ་པ་མྱང་འདས་མདོཿ བྱམས་ཞུས་མངོན་པའི་སྡེ་སྣོད་ལ་སོགས་གསུངསཿ སེམས་ཅན་ཁམས་བཞུགས་བདེ་གཤེགས་སྙིང་པོ་བསྟནཿ འཁོར་ལོ་བཞི་པ་གནས་ནི་མ་ལ་ཡཿ ལྕང་ལོ་ཅན་དང་གནམ་ལྕགས་ཡོད་པའི་རྩེརཿ ལྷ་ཡི་དབང་པོ་བརྒྱ་བྱིན་ཞུ་བ་ཕུལཿ ཕྱི་རྒྱུད་ཀྲཱི་ཡི་ཆོས་ཀྱི་འཁོར་ལོ་བསྐོརཿ རིག་སྔགས་ཀུན་གྱི་ཁོག་དབུབ་དཔུང་བཟང་རྒྱུདཿ རིག་སྔགས་ལག་ན་རྡོ་རྗེ་དབང་བསྐུར་རྒྱུདཿ རིག་སྔགས་གསལ་པ་རིག་པ་མཆོག་གི་རྒྱུདཿ རིག་སྔགས་འདུལ་བ་སིདྡྷི་ཀ་རའི་རྒྱུདཿ རིག་སྔགས་འཕྲིན་ལས་ཁམས་གསུམ་རྣམ་རྒྱལ་རྒྱུདཿ རིག་སྔགས་དགོངས་པ་བསམ་གཏན་ཕྱི་མའི་རྒྱུདཿ འཇམ་དཔལ་རྩ་རྒྱུད་རྡོ་རྗེ་མི་འགྱུར་


PKT001_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

༼༧༠ན༽རྒྱུདཿ དོན་ཡོད་ཞགས་པ་རྡོ་རྗེ་རྣམ་འཇོམས་རྒྱུདཿ གཏུམ་ཆེན་མི་གཡོ་བ་ཡི་རྒྱུད་ལ་སོགསཿ ཀྲཱྀ་ཡ་སྡེ་དྲུག་སྡེ་ལྔ་ལ་སོགས་གསུངསཿ དགའ་ལྡན་གནས་སུ་ཨུ་པ་སྡེ་བཞི་གསུངསཿ འཇམ་དཔལ་ཡེ་ཤེས་སེམས་དཔའ་དྲི་མེད་རྒྱུདཿ འཇམ་དཔལ་རྣོན་པོ་དྲི་མ་མེད་པའི་རྒྱུདཿ འཇམ་དཔལ་དྲ་བ་གཅོད་དང་གསང་བརྟན་རྒྱུདཿ འཁོར་ནི་འདོད་ཁམས་གཟུགས་ཁམས་འཁོར་ལ་གསུངསཿ ནཻ་རཉྫ་ན་འོག་མིན་གནས་སོགས་སུཿ དེ་ཉིད་བསྡུས་པ་དཔལ་མཆོག་དང་པོ་དང་ཿ རྡོ་རྗེ་རྩེ་མོ་ངན་སོང་སྦྱོང་བའི་རྒྱུདཿ ས་མོ་ཡོས་ནས་ཤིང་མོ་བྱ་ཡི་བརཿ ལོ་བདུན་བར་དུ་གསང་སྔགས་ཕྱི་པ་གསུངསཿ ནང་པ་བླ་མེད་རྡོ་རྗེའི་ཐེག་པ་ནིཿ ཕྱག་ན་རྡོ་རྗེས་སྟོན་ཅིག་ལུང་བསྟན་ནསཿ ཚིག་གཅིག་མ་གསུངས་བསྟན་པའི་སལ་བྱེད་གསུང་ཿ ཡུལ་གཅིག་རྒྱ་གར་རྡོ་རྗེ་གདན་གཅིག་ནཿ བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འབྱུང་ཿ བྱུང་ན་མི་སྲིད་ཐུབ་པའི་བསྟན་པ་བརྗེཿ ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུཿ འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངསཿ ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོ་རུཿ མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངསཿ ཉོན་མོངས་གཏི་མུག་འདུལ་བའི་གཉེན་པོ་རུཿ མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངསཿ དུས་གསུམ་ཆ་མཉམ་འདུལ་བའི་གཉེན་པོ་རུཿ གསང་སྔགས་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངསཿ ཆོས་


PKT001_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

༼༧༠བ༽ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་སྟེཿ བསྡུ་ན་གསུང་རབ་ཡན་ལག་བཅུ་གཉིས་འདུཿ དབྱངས་བསྙད་མདོའི་སྡེ་ལུང་དུ་བསྟན་པའི་སྡེཿ ཚིག་བཅད་ཆེད་དུ་བརྗོད་དང་གླེང་གཞིའི་སྡེཿ རྟོགས་བརྗོད་སྐྱེས་རབས་ཤིན་ཏུ་རྒྱས་པའི་སྡེཿ རྨད་བྱུང་གཏན་དབབ་དེ་ལྟར་བྱུང་བའི་སྡེཿ བསྡུས་པས་འདུལ་བ་མདོ་སྡེ་མངོན་པ་གསུམཿ བརྒྱད་ཅུ་རྩ་གཉིས་བར་དུ་ཆོས་འཁོར་བསྐོརཿ ཤིང་མོ་བྱ་ལོ་མེ་ཕོ་བྱི་བའི་ཟླཿ ཚེས་བརྒྱད་ནམ་དགུང་ཐུབ་པ་མྱ་ངན་འདསཿ དེ་ལྟར་ཤིང་ཕོ་རྟ་ཡིས་ལོ་བཅུ་སོང་ཿ དེ་སྐད་གསུངས་པས་སུ་མི་ཏྲ་ནི་ཚིམཿ ལོ་ལྔའི་བར་དུ་ཉིན་མཚན་ཁ་སྦྱར་ནསཿ མདོ་སྔགས་གཉིས་ཀྱི་ལུང་རྣམས་རྫོགས་པར་ཞུསཿ རིམ་གྱིས་ཉམས་སུ་ལེན་པའི་ཐབས་སུ་འདུགཿ མཚན་ཉིད་སྡེ་གསུམ་ཚིག་མང་དོན་ཆུང་དགོངསཿ ཚིག་ཉུང་དོན་ཆེ་གསང་སྔགས་ཕྱི་ནང་གཉིསཿ འདོད་ཐོབ་ཤེས་པ་རྩོལ་སྒྲུབ་སེམས་རྒྱུད་བཅིངསཿ འོག་མས་སེམས་ཉིད་དོན་དེ་མི་རྟོགས་མཁྱེནཿ ཀུན་རྫོབ་དམིགས་བཅས་ཕྱོགས་སྡོང་ཤེས་སྒྲིབ་བསྒྲིབསཿ དོན་དམ་རང་བཞིན་ཡེ་སྟོང་ཡེ་ཤེས་ཡིནཿ ཁྱད་དུ་འཕགས་པའི་ཆོས་ཞིག་བཙལ་དགོས་སྙམཿ ཨུ་རྒྱན་གྷུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ཀུན་དགའ་བོ་ལ་ཕྱི་ཐུབ་པའི་ཐེག་པ་གསུམཿ ནང་སྔགས་ཀྱི་ཐེག་པ་གསུམཿ རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ་སྦྱངས་པའི་


PKT001_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

༼༧༡ན༽ལེའུ་སྟེ་ཉེར་བདུན་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

བསྟན་པ་ལ་ཕན་པའི་ཕྱིར་ཀུན་དགའ་བོ་ལ་མདོ་དྲིས་པའི་ལེའུ།


PKT001_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གུ་རུ་ཤཱཀྱ་སེངྒེ་ཡིསཿ ཐོས་པའི་མཆོག་གྱུར་ཀུན་དགའ་བོ་ལ་ནིཿ མདོ་སྔགས་ཡི་གེར་བཏབ་ནས་ཇི་ཙམ་སོང་ཿ གྲངས་སུ་བྱས་ན་པོ་ཏི་དུ་ཙམ་མཆིསཿ བཞུགས་པའི་གནས་ནི་གང་དང་གང་ན་བཞུགསཿ དགེ་བ་དམ་པ་ངས་ཉན་ཁྱོད་ཀྱིས་སྨྲོསཿ དེ་ནས་ཀུན་དགའ་བོ་ཡིས་ལེགས་གསུངས་པཿ ཐུབ་དབང་ཡོངས་སུ་འདས་ནས་ད་བར་དུཿ སངས་རྒྱས་གསུང་རྣམས་ཡི་གེར་ཐེབས་ཚད་བཏབཿ གླེགས་བམ་བྱས་པ་གླང་ཆེན་རབ་བརྟན་གྱིཿ གསུང་རབ་དམ་ཆོས་རྒྱབ་ཁལ་ལྔ་བརྒྱ་བྱུང་ཿ གནས་ལམ་འཆམས་ལྷ་ཀླུས་ཐོབ་ཉ་བྱསཿ རྒྱས་པ་འབུམ་ནི་ཀླུའི་ཡུལ་གཏེར་དུ་སྦསཿ ཉི་ཁྲི་བརྒྱ་བྱིན་ཡུལ་དུ་གཏེར་དུ་སྦསཿ ཁྲི་པ་ལྷ་མ་ཡིན་གྱི་ཡུལ་དུ་སྦསཿ བརྒྱད་སྟོང་པ་ནི་རྣམ་སྲས་ཡུལ་དུ་སྦསཿ སྡུད་པ་གྲོང་ཁྱེར་མེ་ཏོག་བློ་གྲོས་སྦསཿ ཤེར་སྙིང་ཟབ་མོ་བདེ་བའི་ནད་དུ་སྦསཿ དྲང་དོན་མདོ་བཅུ་ཐོ་གར་ཡུལ་དུ་སྦསཿ མདོ་སྡེ་ཕལ་ཆེར་རྡོ་རྗེ་གདན་དུ་སྦསཿ མངོན་པ་ནཱ་ལནྡྲ་ཡིས་གཙུག་ལག་སྦསཿ ཡུམ་སྲས་བཅུ་བདུན་སཱ་ལའི་ཡུལ་དུ་སྦསཿ རྒྱ་ཆེར་རོལ་པ་བྲུ་ཤའི་ཡུལ་དུ་སྦསཿ བསྐལ་པ་བཟང་པོ་ཟངས་གླིང་ཡུལ་དུ་སྦསཿ མདོ་སྡེ་རྟེན་འབྲེལ་སྙིང་པོ་ཐོ་གར་ཡུལཿ ལངྐར་གཤེགས་པ་སྲིན་པོའི་ཡུལ་དུ་སྦསཿ གསེར་འོད་དམ་པ་རི་རབ་ཟོམ་དུ་སྦསཿ ཕལ་པོ་ཆེ་ནི་རྒྱ་ནག་ཡུལ་


PKT001_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

༼༧༡བ༽དུ་སྦསཿ དཀོན་མཆོག་བརྩེགས་པ་ཡངས་པ་ཅན་དུ་སྦསཿ པདྨ་དཀར་པོ་རི་བོ་ཏ་ལར་སྦསཿ བསོད་སྐྱབས་བདུད་རྩི་ལྔ་པ་བྷངྒ་ལཿ རྣམ་གཟིགས་ཆོས་ཀྱི་མེ་ལོང་བཻ་དྷའི་ཡུལཿ འོད་སྲུངས་སྟོང་པ་རྣམ་འབྱེད་ཁ་ཆེའི་ཡུལཿ འཆི་འཕོ་བསྟན་པ་ཁང་བུའི་གླིང་དུ་སྦསཿ འདས་པ་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ཿ གསང་སྔགས་ཕལ་ཆེར་ཨུ་རྒྱན་ཡུལ་དུ་སྦསཿ བཀའ་གདམས་རྒྱུད་ལྔ་གནམ་ལྕགས་ཕ་ཝོང་སྦསཿ ཟག་པ་མེད་དང་ཟ་མ་ཏོག་ཆེ་ཆུང་ཿ ཆུ་བོ་ནེ་རཱཉྫ་ནིའི་མཚོ་ལ་སྦསཿ འཇམ་དཔལ་རྩ་རྒྱུད་ཀ་མ་རུ་པར་སྦསཿ ཙྪནྡྷ་མ་ཎི་མ་ག་དྷཿརུ་སྦསཿ གྲ་ལྔ་དུར་ཁྲོད་བསིལ་བའི་ཚལ་དུ་སྦསཿ རིན་ཆེན་ཏོག་གཟུངས་ཁང་བུའི་གླིང་དུ་སྦསཿ གདམས་ངག་འབོགས་དང་དབུས་འགྱུར་ཚལ་ལ་སོགསཿ བཀའ་འཁོར་བ་ཞི་ཀ་ཟ་ཧོར་ཡུལ་དུ་སྦསཿ ཐུབ་པའི་བསྟན་པ་སྟོངས་སུ་ཕངས་པ་ཡིསཿ ནམ་མཁའ་ས་འོག་བྲག་དང་ཆུ་དང་ཤིང་ཿ རི་དང་ཕུག་པ་བས་མཐའ་དུར་ཁྲོད་དང་ཿ གཙུག་ལག་ཁང་དང་མཆོད་རྟེན་ནཱ་ལནྡྲཿ དྲི་ཟ་གྲུལ་བུམ་གནོད་སྦྱིན་ཀླུ་དབང་ཡུལཿ མདོ་སྡེ་བཞག་པར་བྱས་ནས་དར་བར་བྱེདཿ འཇིག་རྟེན་གཏེར་ཆེན་རྣམས་ནི་རྒྱལ་པོ་དང་ཿ རྐུན་པོ་མེ་ཆུས་བསླུས་ནས་ཟད་པར་འགྱུརཿ དེ་བཞིན་གཤེགས་པའི་དམ་པའི་ཆོས་གཏེར་འདིཿ བསྐལ་པ་མང་པོར་གང་སྲས་ཆུད་མི་ཟཿ དེ་དག་ཕྱི་མའི་དུས་ན་འབྱིན་ལུང་བསྟནཿ ཐུབ་པ་མྱ་ངན་


PKT001_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

༼༧༢ན༽འདས་འོག་ཏུཿ ལོ་ནི་ཉི་ཤུ་རྩ་བརྒྱད་ནཿ རྒྱལ་པོ་ཛ་ཞེས་བྱ་བ་འབྱུང་ཿ དེ་བཞིན་གཤེགས་པ་ང་འདས་ནསཿ ལོ་ནི་བརྒྱད་ཅུ་ལོན་པ་ནཿ ནུབ་ཕྱོགས་ཨུ་རྒྱན་ཡུལ་ཞེས་པརཿ དེ་བ་བཟང་སྐྱོང་ཞེས་བྱ་འབྱུང་ཿ ཡོ་ག་རྣམས་གསུམ་སྟོན་པར་བྱེདཿ ད་ནི་འདི་ནས་མི་གནས་ནསཿ ལོ་ནི་བཞི་བརྒྱ་ལོན་པ་ནཿ དགེ་སློང་ཀླུ་ཞེས་བྱ་བ་འབྱུང་ཿ བསྟན་པ་འདི་ལ་དད་ཅིང་སྐྱོང་ཿ དེ་བཞིན་གཤེགས་པ་ང་འདས་ནསཿ ལོ་ནི་སུམ་བརྒྱ་སུམ་ཅུ་ནཿ སངས་རྒྱས་གསང་བ་ཞེས་བྱ་འབྱུང་ཿ དེ་ཡིས་མཐུ་འབྱིན་ཕན་ཡོད་ཚོརཿ ང་ནི་མྱ་ངན་འདས་འོག་ཏུཿ ལོ་ནི་ལྔ་བརྒྱ་བདུན་ཅུ་ནཿ ཞིང་པ་ལྔ་ཐུབ་ཅན་གྱི་བུཿ ཤྲཱི་ཧཱུཾ་ཀར་ཞེས་བྱ་འབྱུང་ཿ ད་ནི་མྱ་ངན་འདས་འོག་ཏུཿ ལོ་ནི་བརྒྱད་བརྒྱད་དགུ་ཉེནཿ ཟི་ཡན་ཏ་ཡི་ཡུལ་དུ་ནིཿ ལུས་བསྐྱེད་དག་པའི་མཆོད་གཉིས་འབྱུང་ཿ མངོན་པའི་བཀའ་རྣམས་དར་བར་བྱེདཿ ང་ནི་མི་གནས་འདས་འོག་ཏུཿ ལོ་ནི་བཞི་གཉིས་ལོན་པ་ནཿ སྔོན་གྱི་ལས་ཀྱིས་རབ་བསྐུལ་ནསཿ སིངྒ་ལ་ཡི་ཡུལ་དུ་ནིཿ མངལ་སྐྱེས་སྤངས་པའི་བརྫུས་སྐྱེས་ཉིདཿ པདྨ་འབྱུང་གནས་རྫུ་འཕྲུལ་ཅནཿ འཕགས་པ་ལྷ་ཡིས་རྒོལ་བ་འཇོམསཿ དཀའ་འགྲེལ་དག་ལ་མཁས་པ་འབྱུང་ཿ ང་ནི་མྱ་ངན་འདས་འོག་ཏུཿ ལོ་ནི་ལྔ་བརྒྱ་ལྔ་བཅུ་ནཿ ཟ་ཧོར་གནྡུ་ཞེས་བྱ་བརཿ རྒྱལ་པོ་གོ་མ་དེ་བྱིའི་བུཿ བོ་དྷི་ས་ཏྭ་ཞེས་བྱ་འབྱུང་ཿ འདི་ནས་ཁ་ཆེའི་ཡུལ་དུ་ནིཿ


PKT001_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

༼༧༢བ༽ནུབ་ཕྱོགས་གླང་པོ་སྒང་ཞེས་པརཿ བི་མ་མི་ཏྲ་ཞེས་བྱ་འབྱུང་ཿ དེ་ཡི་མཐུ་བྱིན་ཡོན་ཏན་གྲགསཿ གདོང་དམར་ཅན་གྱི་ཡུལ་དུ་ནིཿ སྟོན་པ་མྱ་ངན་འདས་འོག་ཏུཿ ལོ་ནི་ཕྱེད་དང་ཉིས་སྟོང་ནཿ དམ་པའི་ཆོས་ནི་འབྱུང་བར་འགྱུརཿ དགེ་བ་ཅན་གྱིས་ཕྱོགས་སུཿ བྱང་ཕྱོགས་གངས་རིའི་རྒྱུད་བར་དུཿ ལོ་ནི་ཉིས་སྟོང་ལྔ་བརྒྱ་ནཿ དམ་པའི་ཆོས་ནི་རྒྱས་པར་འགྱུརཿ ང་ནི་མྱ་ངན་འདས་འོག་ཏུཿ ང་དང་འདྲ་བའི་སྐྱེས་བུ་ཡིསཿ རྒྱལ་བའི་དགོངས་པ་འགྲོལ་བར་བྱེདཿ བསྟན་བཅོས་དག་ཏུ་ང་ཡིས་བཤདཿ ཅེས་གསུངས་སོཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བསྟན་པ་ལ་ཕན་པའི་ཕྱིར་ཀུན་དགའ་བོ་ལ་མདོ་དྲིས་པའི་ལེའུ་སྟེ་ཉེར་བརྒྱད་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

དུར་ཁྲོད་སྐུ་ལ་རྫོགས་སུ་བཞུགས་པའི་ལེའུ།


PKT001_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དགེ་སློང་ཤཱཀྱ་སེང་གེ་ཡིསཿ ཡུལ་གྱི་མིང་ནི་བཻ་དྡྷའི་ཡུལ་དུ་ཕྱིནཿ དུར་ཁྲོད་ཆེན་པོ་སྐུ་ལ་རྫོགས་ཞེས་པཿ མཐའ་སྐོར་དཔག་ཚད་ཕྱེད་དང་བཞི་ཡོད་པའིཿ དབུས་ན་མཆོད་རྟེན་རི་བོ་ཏ་ལ་ཞེསཿ རྒྱུ་ནི་རིན་ཆེན་ཤེལ་ལས་གྲུབ་པ་ཡིཿ ལོགས་ལ་མ་མོ་ཆེན་མོ་ཙོ་རཱི་མཿ ཤར་ན་ལྗོན་ཤིང་མཐུ་འབྱིན་ཞེས་བྱ་བཿ དུར་ཤིང་དེ་ལ་དུར་བྱ་མང་པོ་གནསཿ སྨད་ན་མི་མ་ཡིན་གྱི་སྒྱུ་མ་མཁནཿ བུད་མེད་མཛེས་མ་ཁྱི་རུ་བསྒྱུར་བ་དང་ཿ རྡེའུ་ཤིང་བུ་སེམས་ཅན་ཀེང་རུས་བསྒྱུརཿ བཟའ་སྐར་ཉི་ཟླ་རོ་ནི་སྐམ་རློན་བསྒྱུརཿ དེ་བཞིན་སྣ་ཚོགས་


PKT001_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

༼༧༣ན༽སྒྱུ་མ་བྱེད་པའི་གནསཿ དུར་ཁྲོད་ལྷོ་ན་དུར་ཆུ་འགྲོ་མ་མཚོ་ཞེསཿ རྫིང་དབུས་ཀེང་རུས་པདྨ་ལྔ་བརྩེགས་སྐྱེསཿ དེ་ཡི་མཐའ་སྐོར་དུར་མེ་རང་བཞིན་འབརཿ མེ་འབར་གསེབ་ན་མི་ལུས་ཕྱེད་ཚལ་དང་ཿ རྐང་དང་མགོ་དང་ལག་པ་པགས་པ་དང་ཿ གསར་རྙིང་ཚིག་དང་མ་ཚིག་ཚིག་ལ་ཁདཿ དུར་ཁྲོད་ནུབ་ནང་དུར་ཆུ་འགྲོ་མ་མཚོ་ཞེསཿ རྫིང་དབུས་ཀེང་རུས་པདྨ་ལྔ་བརྩེགས་སྐྱེསཿ དེ་ཡི་མཐའ་སྐོར་དུར་མེ་རང་བཞིན་འབརཿ མེ་འབར་གསེབ་ན་མི་ལུས་ཕྱིད་ཚལ་དང་ཿ རྐང་དང་མགོ་དང་ལག་པ་པགས་པ་དང་ཿ གསར་རྙིང་ཚིག་དང་མ་ཚིག་ཚིག་ལ་ཁདཿ དུར་ཁྲོད་ནུབ་ན་དུར་རླུང་ཚུབ་མ་འཚུབཿ རླུང་གི་གསེབ་ན་འབྱུང་པོ་ཡི་དྭགས་ཁྱུཿ བུ་ཆུང་རེའུ་ལུག་བ་ལང་ཀེང་རུས་ཞོནཿ ལ་ལ་ནད་པ་ལ་ལ་མི་རོ་ཐོགསཿ ལ་ལ་སྣབས་ལུད་ལ་ལ་མེ་ཆུ་ཐོགསཿ ལ་ལ་ཞོ་མར་ལ་ལ་ཤ་ཆང་ཐོགསཿ བྱང་ན་དུར་རིས་ཆེན་རབ་གཡོ་ཞེསཿ དུར་རིའི་རྒྱལ་པོ་འདུ་འཛིན་དེ་ལ་ནིཿ དུར་གྱི་སེམས་ཅན་ཐམས་ཅད་གནས་བཅས་སྡོདཿ རྐེད་བར་ཡིད་བཞིན་ནོར་བུ་གཏེར་ཡོད་པཿ དེ་ཡི་ཤར་ན་འཇིག་རྟེན་སྐྱོང་བའི་ལྷཿ དབང་ཕྱུག་མཧཱ་པཱ་ལ་ཡ་ཞེས་པཿ ལུས་པོ་གཡག་ལ་མགོ་བོ་སེང་གེའི་གདོང་ཿ ལུས་སྨད་སྦྲུལ་ལ་སྲིན་པོའི་སྟེང་དུ་ཞོནཿ ལག་པར་ཁ་ཊྭཱཾ་མི་རོའི་རྒྱལ་མཚན་ཕྱརཿ དེ་ཡི་འཁོར་ན་གཟུགས་མང་མཐའ་ཡས་པཿ འདོད་དགུར་བསྒྱུར་བའི་གཟུགས་ཅན་སྣ་ཚོགས་རྩེཿ ལྷོ་ཕྱོགས་བློ་འཕེལ་དམར་པོ་བསམ་གཏན་བསྒོམཿ དུར་ཁྲོད་དེར་ནི་མཆོད་རྟེན་རྒྱབ་བརྟེན་ནསཿ མཁའ་འགྲོ་མ་ཆོས་གསུངས་ལོ་ལྔ་བཞུགསཿ མཚན་ཉིད་ཉི་མ་འོད་ཟེར་ཞེས་སུ་གྲགསཿ གཞན་དོན་འཕྲིན་ལས་འབྲས་བུ་ལོ་འདབ་རྒྱསཿ


PKT001_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

༼༧༣བ༽ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ དུར་ཁྲོད་སྐུ་ལ་རྫོགས་སུ་བཞུགས་པའི་ལེའུ་སྟེ་ཉེར་དགུ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

དུར་ཁྲོད་བདེ་ཆེན་བརྡལ་དུ་བཞུགས་པའི་ལེའུ།


PKT001_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚིག་ཉུང་དོན་ཆེ་ཅིག་ཅར་བཿ རྟོགས་གྲོལ་དུས་མཉམ་ཆོས་ཞིག་བཙལ་དགོས་སྙམཿ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཕྱིནཿ ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་ཞེསཿ སྐུ་མདོག་མཐིང་ཁ་སེང་གེའི་ཁྲི་ལ་བཞུགསཿ སྣ་ཚོགས་རྒྱན་མང་རིགས་ལྔའི་དབུ་རྒྱན་གསོལཿ མཉམ་གཞག་ཐོ་ཕྱི་འཇའ་འོད་ཟེར་དུ་འཕྲོཿ ཉི་མ་འོད་ཟེར་དམའ་བའི་ས་ལ་འདུག ཿམིག་གི་དབང་པོས་ཆོས་སྨྲའི་ཞལ་ལ་ལྟཿ རྣ་བའི་དབང་པོས་མ་ཡེངས་གསུང་ལ་ཉནཿ ཡིད་ཀྱི་དབང་པོས་ཚིག་བཟུང་དོན་ལ་བརྟགསཿ རྫོགས་པ་ཆེན་པོ་སྤྲོས་པ་མེད་པའི་ཀློང་ཿ རྩ་བའི་སྐོར་ནི་སེམས་སྨད་བཅོ་བརྒྱད་དེཿ ནམ་མཁའ་ཆེ་དང་རིག་པའི་ཁུ་བྱུག་དང་ཿ ཁྱུང་ཆེན་ལྡིང་བ་རྩལ་ཆེན་སྤྲུགས་པ་དང་ཿ སྒོམ་དོན་དྲུག་པ་རྩེ་མོ་བྱུང་རྒྱལ་དང་ཿ ནམ་མཁའི་རྒྱལ་པོ་བདེ་བ་ཕྲ་བཀོད་དང་ཿ རྫོགས་པ་སྤྱི་སྤྱོད་རིན་ཆེན་ཀུན་འདུས་དང་ཿ སྲོག་གི་འཁོར་ལོ་བྱང་ཆུབ་སེམས་ཉིས་དང་ཿ རྫོགས་ཆེན་བདེ་འབྱམ་སྲེད་པ་སྤྱི་ཆིངས་དང་ཿ རྗེ་བཙུན་དམ་པ་ཡིད་བཞིན་ནོར་བུ་དང་ཿ ཐིག་ལེ་ཀློང་ཡངས་རྡོ་ལ་གསེར་ཞོན་ནོཿ ཿགསང་མཚན་བླ་མེད་རྡོ་རྗེ་འཆང་དུ་བཏགསཿ དགྱེས་པའི་ཡུམ་དང་བདེ་ཆེན་སྙོམ་པར་འཇུགཿ


PKT001_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

༼༧༤ན༽སྙན་པའི་སྒྲ་ཡིས་ཕྱོགས་མཚམས་ཀུན་ཏུ་ཁྱབཿ དེ་ནས་ཡུལ་གྱི་མིང་ནི་ཁ་ཆེའི་ཡུལཿ གསང་ལམ་མནོལ་མའི་དུར་ཁྲོད་བདེ་ཆེན་བརྡལཿ དཔག་ཚད་ཕྱེད་དང་དྲུག་གིས་བསྐོར་བ་ལཿ དབུས་ན་རང་བྱུང་མཆོད་རྟེན་ཀ་ནི་ཀཿ བསྟན་པ་ཀུན་གྱི་རང་བཞིན་ཕྱོགས་མདོག་ཅནཿ མ་མོ་ཆེན་མོ་ཀོ་རཱི་མ་གནས་པཿ བྱང་ན་དུར་ཤིང་ལྗོན་པ་སྣ་ལེན་ཞེསཿ དུར་ཁྲོད་སེམས་ཅན་སྤྲ་སྤྲེའུ་མང་པོ་དང་ཿ མཁའ་འགྲོ་མ་རྣམས་གར་གྱི་ཕྱག་རྒྱ་བསྒྱུརཿ འོག་ན་འཇིགས་པ་མི་བཟོད་དུར་ཆུ་ཞེསཿ དུར་གྱི་སེམས་ཅན་མང་པོ་ལ་ལ་རྒོདཿ ལ་ལ་དུ་ཞིང་ལ་ལ་འཛིང་འཐབ་གསོདཿ དུར་ཁྲོད་ལྷོ་ན་དུར་མེ་རང་འབར་འཕྱོཿ ཚེག་ཆོམ་འུར་ཆོམ་དཔག་ཚད་རྒྱང་གྲགས་མཆོང་ཿ མེ་གསེབ་མེ་ལྷར་ཞོན་མང་པོ་ནིཿ ལག་ན་རྐེང་རུས་དགང་གཟར་བླུགས་གཟར་བསྣམསཿ དུར་ཁྲོད་ནུབ་ན་དུར་རླུང་འཚུབ་ཟླ་ཞེསཿ གསེབ་ན་མཁའ་འགྲོ་མང་པོ་མི་རོ་ཁུརཿ ལག་ན་མི་རྐང་གླིང་བུ་འབུད་པར་བྱེདཿ ནུབ་བྱང་དུར་རིའི་རྒྱལ་པོ་རྩེ་བརྒྱ་པརཿ དུར་གྱི་སེམས་ཅན་མང་པོ་དེ་ལ་སྡོདཿ རཏྣ་ཡིད་བཞིན་ནོར་བུའི་གཏེར་ཡོད་པཿ བྱད་ཤར་མཚམས་ན་མཁའ་འགྲོ་མིག་རིང་མཿ སྔོན་མོ་རས་ནི་དམར་པོའི་ཨང་རག་གྱོནཿ མཆུ་ནི་རྨ་བྱ་མིག་ནི་འུག་པར་འདུགཿ སྐུ་སྟོད་དག་ལ་རུས་པའི་རྒྱན་དྲུག་གསོལཿ དཔྲལ་བའི་དཀྱིལ་ན་མེ་ལོང་ཞིག་འདུག་པཿ རལ་པ་ཐོར་ཚུགས་རྡོ་རྗེ་དཀྱིལ་དུ་


PKT001_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

༼༧༤བ༽བཅིངསཿ ལག་པ་གཉིས་ཀྱིས་གཡང་གཞི་རླུབས་བུར་བཤུཿ ལྷོ་ནུབ་དུད་སོལ་ལྷ་མོ་དྲེའུ་རྟ་ཞོནཿ དུར་ཁྲོད་དེར་ནི་མཆོད་རྟེན་རྒྱབ་བརྟེན་ནསཿ མཁའ་འགྲོ་མ་ལ་ཆོས་འཁོར་ལོ་ལྔ་བསྐོརཿ དེ་ནས་བྷངྒ་ལ་ཡི་དུ་ཆསཿ གྲོང་ཁྱེར་མིང་ནི་གསལ་ཁང་བྱ་བ་ནཿ བོན་པོ་གཡུང་གཤེན་བྱ་བ་ཡོད་པ་ལསཿ གནམ་ལ་ཉི་མ་དུ་ཤར་བོན་བྱེད་འགྲོཿ རེ་ཞིག་དུས་ན་བོན་པོའི་ཁྲེ་ཆང་མྱོསཿ མཁར་རྔ་སྟོང་གསུམ་སྒྲ་སྒྲོགས་བྱ་བ་བོརཿ དེ་ནས་མི་ལྟོགས་ཤིག་གིས་བ་བོར་བཙལཿ བ་ནི་མ་རྙེད་བོན་པོའི་མཁར་རྔ་རྙེདཿ ནང་དུ་ཁྱེར་ནས་བྱིས་པས་མཁར་རྔ་བརྡུངསཿ བོན་པོས་མཁར་རྔ་བཙལ་བས་བ་ཞིག་རྙེདཿ དེད་འོངས་ཞོན་བཞོས་བྱིས་པ་རྣམས་ལ་བྱིནཿ བོན་པོས་མི་ལྟོགས་མཁར་རྔ་བརྐུས་ཟེར་བརྩོདཿ མ་འཆམ་ཁ་ཆེ་རྒྱལ་པོའི་དྲུང་དུ་གཏུགསཿ བ་དང་མཁར་རྔ་བརྗེས་ལ་མ་འཐབ་ཟེརཿ མི་ལྟོགས་བ་ཁྱེར་བོན་པོས་མཁར་རྔ་ཁྱེརཿ མི་ལྟོགས་ཆུང་མས་འོ་མ་བཞོས་འདུག་ཟེརཿ མ་སྨད་རྣམས་ཀྱིས་མི་ལྟོགས་སུ་ན་ཕྱུང་ནསཿ བོན་པོའི་སྔོན་ཕྱིན་འོ་མ་བཞོས་སྨྲས་པསཿ བོན་པོས་ཁྱོད་ཀྱིས་མཁར་རྔ་བརྡུངས་འདུག་ལོཿ བརྡུངས་པས་ཅི་སྟོ་ཟད་ནི་མི་འགྲོ་ཡིཿ བཞོས་པས་ཅི་སྟོ་བསྐམས་ནི་མི་འགྲོ་ཟེརཿ མ་འཆམས་རྒྱལ་པོའི་དྲུང་དུ་ཞུ་བར་ཕྱིནཿ བོན་པོས་བ་ཚོས་མི་ལྟོགས་ངར་ཐོགས་གསུངསཿ བ་ཡང་མི་འཚོ་


PKT001_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

༼༧༥ན༽དར་ཡང་མི་འདོགས་ཞུསཿ རྒྱལ་པོས་ཡིན་ཆུག་སྨྲས་ནས་རང་ཡུལ་ཕྱིནཿ མི་ལྟོགས་དེ་ཡིས་བོན་པོ་ལམ་དུ་བསོདཿ བོན་པོའི་ཆུང་མ་དེ་དང་ལྷན་ཅིག་བསྡེབསཿ ཆུང་མས་མིང་པོར་ཚིག་བསྲིངས་མི་ལྟོགས་བཅིངསཿ བོན་པོའི་རོ་བསྐུར་རྒྱལ་པོའི་དྲུང་དུ་ཕུལཿ རྒྱལ་པོས་བོན་པོའི་རོ་དང་དོ་ཡ་བྱསཿ བ་ལ་བསྐལ་ནས་བོན་པོའི་མཁར་རྔ་བརྡུངསཿ བཙལ་བས་རྙེད་མ་ལེགས་དང་སྟོར་མ་ལེགསཿ ཐམས་ཅད་མ་བརྟགས་རྫས་ནི་མ་སྒྲུབ་ཅིགཿ ཅེས་པའི་སྒྲ་བསྒྲགས་གྲོང་ཁྱེར་ཐམས་ཅད་བསྐོརཿ དུར་ཁྲོད་བདེ་ཆེན་བརྡལ་དུ་བསྐྱལ་བར་གྱུརཿ ཉི་མ་འོད་ཟེར་འདི་ལྟར་ཅི་ཉེས་དྲིསཿ མི་ལྟོགས་བརྫུན་སྨྲས་བོན་པོས་ཕ་བསད་ནསཿ བུ་དང་ཕ་རོ་དོ་ཡ་བྱས་སོ་ཟེརཿ མཁྱེན་ཏེ་བ་དང་མི་ལྟོགས་སྲོག་སྐྱབས་མཛདཿ དུར་ཁྲོད་བདག་པོ་རྣམས་དང་འདྲེས་སུ་བཅུགཿ བ་འདི་ཚོས་ལ་འོ་མས་འཚོ་བ་གྱིསཿ ཆོས་ཉོན་གསུངས་པས་བུ་སྨད་ཡོད་ཅེས་ཟེརཿ བུ་སྨད་ཡོད་པས་ཅི་ལྟོ་ཆོས་གྱིས་གསུངསཿ གསང་སྔགས་འཁོར་ནི་ཚོམ་བུ་བཅས་པ་ཡིནཿ སངས་རྒྱས་ཡུལ་དུ་ཁྱུ་དེད་བཏང་གིས་གསུངསཿ དེ་སྐད་གསུངས་པས་མི་ལྟོགས་མ་དགའ་སྟེཿ དགེ་སྦྱོང་ཁྲམ་རྐྱལ་རྫུན་མ་འདི་འདྲ་བཿ བཙུན་པའི་ཆས་ཡིན་བྱས་ན་སྔགས་པར་འདུགཿ སྔགས་པའི་ཆས་ཡིན་བྱས་ན་བཙུན་པར་འདུགཿ བུད་མེད་འདི་དག་ཁོ་ཡི་ཆུང་མར་འདུགཿ ཕྲུག་གུ་དེ་ཚོ་གང་ན་ཡོད་ན་སྙམཿ ལོག་ལྟ་སྐྱེས་


PKT001_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

༼༧༥བ༽ཀྱང་འདུན་པ་བཞིན་དུ་བྱསཿ དེ་ནས་ཁོ་ཡི་བ་ཤི་འཚོ་བ་ཆདཿ ཉི་མ་འོད་ཟེར་དུར་ཤིང་སེམས་ཅན་སྨྲསཿ ཁྱེད་ཚོས་མི་འདིར་གནོད་འཚེ་མ་བྱེད་པརཿ དུར་ཤིང་སྣ་ལྡན་ཤིང་ཐོག་བཟའ་རུ་ཆུགཿ སྤྲ་དང་སྤྲེའུ་ཟས་པས་མི་ལྟོགས་བསྲུངསཿ ཤིང་ཐོག་ཨ་འཕྲག་གཡས་གཡོན་བརྒྱངས་ནས་སུཿ བུ་སྨད་བྱིན་ནས་ཁྲིད་འོང་བསམ་པ་ལཿ མར་བབས་རྐང་བའི་འོག་ནས་ཤིང་ཞིག་ཆགཿ ལུས་པོ་དཔྱོངས་ནས་ལག་པས་འཆངས་པས་ཆགཿ འཇིགས་པ་མི་བཟོད་དུར་ཆུའི་ནང་དུ་ལྷུང་ཿ དུར་གྱི་སེམས་ཅན་མང་པོས་བཟའ་བར་ཆསཿ སྤྲེའུས་བསྲུངས་ནས་སྤྲ་ཡིས་ལེན་པ་ལཿ ལྗོན་ཤིང་འོག་ནས་བོ་བའི་ཆལ་ཆོལ་དེརཿ ཇི་ལྟར་བྱས་ཀྱང་ཐར་བར་མ་གྱུར་ཏེཿ སྤྲ་རྣམས་ཐམས་ཅད་ཤིང་སྡོང་རྩེ་ལ་བསྡདཿ སྤྲེའུ་གཅིག་གི་མཇུག་མར་གཅིག་འཆངས་ནསཿ སྤྲ་ཡིས་སྤྲེའུ་ཕྱི་མའི་མཇུག་མ་བཟུང་ཿ སྤྲེའུའི་ཐག་པ་མི་ལྟོགས་སྟེང་དུ་བཏང་ཿ པང་པས་བཏབ་ནས་ཡར་ལ་ཐེན་ནས་སུཿ སྤྲ་ཡིས་སྤྲེའུ་རེ་རེ་བཞིན་དུ་བཏང་ཿ མི་ལྟོགས་དེ་ཉིད་ཤིང་ཁར་ཐོན་པ་དང་ཿ སྤྲ་སྤྲེ་ཐམས་ཅད་དུབ་ནས་གཉིད་དུ་སོང་ཿ ཤིང་ཐོག་བུ་སྨད་ཁྲིད་ནས་བཟའ་དགོས་སྙམཿ མི་ལྟོགས་ལྗོན་ཤིང་སྡོང་པོ་སྤྲུགས་པ་ཡིསཿ སྤྲ་སྤྲེ་དུས་གཅིག་དུར་མཚོའི་ནང་དུ་ལྟུང་ཿ དུར་ཆུའི་སེམས་ཅན་རྣམས་ཀྱིས་ཟོས་པར་གྱུརཿ དེ་ནས་མི་ལྟོགས་གུ་རུའི་དྲུང་དུ་ཕྱིནཿ རླུང་གཡོས་སྤྲ་སྤྲེ་ཐམས་ཅད་དུར་ཆུར་


PKT001_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

༼༧༦ན༽ལྷུང་ཿ ང་ཡིས་ཤིང་འཇར་ཟོས་པས་ཐར་བ་ཡིནཿ དེ་སྐད་ཟེར་བས་གུ་རུའི་ཐུགས་ཀྱིས་ཁྲེལཿ ཕན་ཆེར་མ་བཏགས་གནོད་ཆེར་ག་ལ་སྐྱེསཿ བྱིན་པར་མ་གྱུར་འདོད་དུ་ག་ལ་འོང་ཿ སྐྱོན་ཅན་རྫུན་མའི་རྒྱུ་ནི་གང་ལ་དྲང་ཿ རང་འདོད་ཕུགས་བཅུག་མི་བཟང་ག་ལ་ཡིནཿ དུར་ཁྲོད་འདི་ནས་ཁྱོད་ཀྱིས་གར་མི་ཐརཿ མི་མ་ཡིན་གྱིས་གསོན་པོར་ཟ་བར་འགྱུརཿ དེ་སྐད་གསུངས་པས་ལག་པའི་བློ་བསྲལ་ཏེཿ ང་དང་ཁོ་གཉིས་ཅི་ལ་མི་མཉམ་བསམཿ སུ་ཡི་དྲིན་མེད་ང་རང་རང་རྒོད་ཡིནཿ མི་མ་ཡིན་གྱིས་ཟ་ན་ཁྱོད་ཀྱང་ཟཿ བྲང་འོག་མི་དགེ་བཅུ་ཡིས་གང་བར་གྱུརཿ དེ་ལ་རྒྱལ་བ་སྙིང་རྗེ་དྲག་པོ་སྐྱེསཿ ང་ཡིས་བུ་སྨད་གསེབ་ཏུ་བསྐྱལ་ཅིག་གསུངསཿ དུར་ཁྲོད་འཇིགས་པའི་ཉེན་དང་བྲལ་བ་དང་ཿ མ་སྨད་བདུན་དང་ལྷན་ཅིག་འཛོམ་པའི་ཚེཿ གཅིག་ལ་གཅིག་དགའ་ཆེན་པོ་བྱེད་པར་གྱུརཿ དེ་ནས་མ་སྨད་ཐམས་ཅད་ཁྲིད་ནས་སུཿ དུར་ཤིང་ཤིང་ཐོག་བཟའ་བར་ཡོངས་པ་ལཿ ལམ་དུ་གཅན་གཟན་རྣམས་ཀྱིས་ཟོས་པར་གྱུརཿ ཐོས་བསམ་ལྡན་པས་འགྲོ་བ་མ་ལུས་འདུལཿ བྱམས་པ་ཆེན་པོས་ཕ་མ་ལྟ་བུར་མཛདཿ གུ་རུ་བློ་ལྡན་མཆོག་སྲེད་ཅེས་སུ་གྲགསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ དུར་ཁྲོད་བདེ་ཆེན་བརྡལ་དུ་བཞུགས་པའི་ལེའུ་སྟེ་སུམ་ཅུ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ

དུར་ཁྲོད་ལྷུན་གྲུབ་བརྩེགས་སུ་བཞུགས་པའི་ལེའུ།


PKT001_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

༼༧༦བ༽དེ་ནས་མཁའ་དབྱིངས་རྣམ་པར་དག་པའི་ཀློང་ཿ སྤྲུལ་སྐུའི་སྟོན་པ་རྡོ་རྗེ་སེམས་དཔའ་ཞེསཿ གླང་ཆེན་རབ་ཏུ་བརྟན་པའི་སྟེང་ན་བཞུགསཿ གཡས་པ་གསེར་གྱི་རྡོ་རྗེ་ཐུགས་ཀར་བསྣམསཿ གཡོན་པ་དངུལ་གྱི་དྲིལ་བུ་སྐུ་ལ་བརྟེནཿ དབུ་ལ་རིགས་ལྔའི་སངས་རྒྱས་རྫོགས་པར་བརྒྱནཿ སྐུ་ལ་རྒྱན་ནི་ཐམས་ཅད་རྫོགས་པས་བཀླུབསཿ དཔུང་རྒྱན་ཕྱག་གདུབ་ཞབས་གདུབ་རྒྱས་པས་བཀོདཿ ཤེལ་གྱི་ཁ་དོག་འདྲ་སྟེ་དཀར་ལ་འཚེརཿ བསྐྱེད་པ་མཧཱ་ཡོ་ག་ལ་མཁས་པཿ ཕྱི་སྣོད་ཐམས་ཅད་གཞལ་ཡས་ཁང་དུ་སྟོནཿ ནང་བཅུད་ཐམས་ཅད་ལྷ་དང་ལྷ་མོར་སྟོནཿ སྒྲ་རུ་གྲག་པ་ཐམས་ཅད་སྔགས་སུ་སྟོནཿ ཐམས་ཅད་སྐུ་གསུང་ཐུགས་ཀྱི་རོལ་པར་སྟོནཿ བསྐྱེད་པ་མཧཱ་ཡོ་གའི་རྒྱུད་སྡེ་ནིཿ རྒྱས་པར་དབྱེ་ན་རྒྱུད་སྡེ་འབུམ་ཚོ་ལྔཿ བསྡུ་ན་རྩ་བའི་ཏནྟ་སྡེ་བཅོ་བརྒྱདཿ སྐུ་ཡི་ཏནྟྲ་སངས་རྒྱས་མཉམ་སྦྱོར་ལཿ རྩ་བ་དེ་ལས་འཕྲོས་པའི་ཏནྟྲ་གཉིསཿ གླང་པོ་རབ་འབོག་གླང་པོ་ཆུང་འཇུག་དང་ཿ རྩ་རྒྱུད་སངས་རྒྱས་མཉམ་སྦྱོར་རང་དང་གསུམཿ གསུང་གི་ཏནྟྲ་ཟླ་གསང་ཐིག་ལེ་ལཿ རྩེ་བ་དེ་ལས་འཕྲོས་པའི་ཏནྟྲ་གཉིསཿ གཅིག་ལས་འཕྲོས་དེང་པདྨ་དབང་ཆེན་རྒྱུདཿ རྩ་རྒྱུད་ཟླ་གསང་ཐིག་ལེ་རང་དང་གསུམཿ ཐུགས་ཀྱི་ཏནྟྲ་གསང་བ་འདུས་པ་ལཿ རྩ་བ་དེ་ལས་འཕྲོས་པའི་ཏནྟྲ་གཉིསཿ རྩེ་གསུམ་འདུས་དང་རི་བོ་བརྩེགས་


PKT001_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

༼༧༧ན༽པའི་རྒྱུདཿ རྩ་རྒྱུད་གསང་བ་འདུས་པ་རང་དང་གསུམཿ ཡོན་ཏན་ཏནྟྲ་དཔལ་མཆོག་དང་པོ་ལཿ རྩ་བ་དེ་ལས་འཕྲོས་པའི་ཏནྟྲ་གཉིསཿ ནམ་མཁའ་མཛོད་ཀྱི་བྱིན་རླབས་ཏནྟྲ་དང་ཿ དམ་རྫས་བདུད་རྩིའི་སྒྲུབ་ཐབས་ཏནྟྲ་དང་ཿ རྩ་རྒྱུད་དཔལ་མཆོག་དང་པོ་རང་དང་གསུམཿ འཕྲིན་ལས་ཏནྟྲ་ཀརྨ་མཱ་ལྱེ་ལཿ རྩ་བ་དེ་ལས་འཕྲོས་པའི་ཏནྟྲ་གཉིསཿ ཀཱ་ལ་བཞི་བཅུ་རྩ་གཉིས་ཏནྟྲ་དང་ཿ སྒྲོལ་མ་བརྩེགས་པ་ལས་ཀྱི་ཏནྟྲ་དང་ཿ རྩ་རྒྱུད་ཀརྨ་མཱ་ལྱེ་རང་དང་གསུམཿ མཚན་ཉིད་དང་ནི་རྒྱུད་རྣམས་ཐམས་ཅད་སྤྱིཿ གསང་བའི་སྙིང་པོ་དང་ནི་བཅུ་དྲུག་གོཿ དམ་ཚིག་སྡོམ་པ་ཀུན་གྱི་གཞི་མ་ནིཿ བཀོད་པ་རྒྱལ་པོའི་རྒྱུད་དང་བཅུ་བདུན་ཏེཿ ལས་བཞི་འཕྲིན་ལས་ཀུན་གྱི་ཁ་སྐོངས་སམཿ ཡོན་ཏན་ཐམས་ཅད་ཀྱི་ནི་མཇུག་བསྡུ་བཿ ཐབས་ཀྱིས་ཞགས་པའི་རྒྱུད་དང་བཅོ་བརྒྱད་གསུངསཿ ལྟ་བ་བདེན་པ་དབྱེར་མེད་གཅིག་ཏུ་བསྟནཿ སྒོམ་པ་བསྟན་འཛིན་རྣམ་གསུམ་སྒོམ་པར་བྱེདཿ སྤྱོད་པ་དམ་རྫས་ཐབས་ཀྱིས་ཟིན་པར་སྤྱོདཿ འབྲས་བུ་ཁྱད་པར་དགུ་ཡི་ས་འཐོབ་བོཿ གསང་མཚན་སྔར་བཞིན་རྡོ་རྗེ་འཆང་དུ་བཏགསཿ དེ་ནས་ཡུལ་གྱི་མིང་ནི་བལ་པོའི་ཡུལཿ དུར་ཁྲོད་མིང་ནི་ལྷུན་གྲུབ་བརྩེགས་པ་ཞེསཿ དཔག་ཚད་ཕྱེད་དང་ལྔ་ཡིས་བསྐོར་བ་ལཿ དབུས་ན་མཆོད་རྟེན་བྱ་རུང་ཁ་ཤོར་ནིཿ མ་མོ་ཆེན་མོ་ཀ་སྨ་རཱི་གནས་པཿ


PKT001_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

༼༧༧བ༽ལྷོ་ན་ལྗོན་པ་དུར་ཤིང་སེར་པོ་ཞེསཿ དུར་བྱའི་རིགས་བྱེད་མང་པོ་ཤ་སྐད་སྒྲོགཿ ནུབ་ན་དུར་ཆུ་བུ་ར་མ་ཤིང་ལྡན་མཚོཿ དུར་གྱི་སེམས་ཅན་མང་པོ་གནས་པ་ཡོདཿ བྱང་ན་དུར་མེ་འུར་འུར་ཞེས་བྱ་བའིཿ མེ་དཔུང་ནང་ན་མི་ལུས་ར་མགོ་ཅནཿ ལུག་དང་ཁྱི་དང་བྱི་ལ་ཕག་པ་བྱཿ དཀར་དམར་སྣ་ཚོགས་ཀེང་རུས་ལ་བཟུང་བཿ ཤར་ན་དུར་རླུང་ཕྱོགས་འཚུབ་ཅེས་བྱ་བའིཿ རླུང་གསེབ་མཁའ་འགྲོ་མང་པོ་ཀེང་རུས་འཕྱརཿ བྱང་ཤར་དུར་རིའི་རྒྱལ་པོ་སྤོས་ངད་ལྡནཿ དུར་གྱི་སེམས་ཅན་མང་པོ་ཚང་བཅས་ཤིང་ཿ རཏྣ་ཡིད་བཞིན་ནོར་བུའི་གཏེར་སྦས་པཿ ལྷོ་ནུབ་བར་སྣང་ཁམས་ཀྱི་གློག་མ་སྤྲིནཿ འབྲུག་གི་མགོ་ལ་གློག་གི་ལུས་པོ་ཅནཿ ལག་པ་གཉིས་ཀྱི་མེ་དཔུང་མེ་དར་འཕྱརཿ རྩེ་ལ་ཀེང་རུས་པགས་པ་རྐེད་ཕུང་བཏགསཿ ཤར་ལྷོར་གནོད་སྦྱིན་རྒོད་མ་ཁ་ཞེས་པཿ མི་ལུས་བང་བུའི་མགོ་ལ་བྱ་གཤོག་ཅནཿ ཁ་ནས་སྟག་སྤྱད་ག་ཅན་གཟན་མང་པོ་སྤྱུགཿ ལག་པ་གཉིས་ཀྱིས་འོད་མའི་མདའ་གཞུ་བཀང་ཿ ཁམ་ནག་ལུས་ལ་བྱ་རྒོད་ཐུལ་པ་གྱོནཿ ཤིན་ཏུ་འཇིགས་པའི་དུར་ཁྲོད་ཆེན་པོ་དེརཿ ལོ་ལྔ་བཞུགས་ནས་མཁའ་འགྲོར་ཆོས་འཁོར་བསྐོརཿ གནོད་སྦྱིན་རྫོང་དུ་དམ་སྲི་སྡེ་བརྒྱད་བཏུལཿ ཁམས་གསུམ་དབང་བསྡུས་སྲིད་གསུམ་ཟིལ་གྱིས་མནནཿ མཚན་ནི་སེང་གེ་སྒྲ་སྒྲོག་ཅེས་སུ་གྲགསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་


PKT001_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

༼༧༨ན༽རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ དུར་ཁྲོད་ལྷུན་གྲུབ་བརྩེགས་སུ་བཞུགས་པའི་ལེའུ་སྟེ་སོ་གཅིག་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

དུར་ཁྲོད་ལངྐ་བརྩེགས་སུ་བཞུགས་པའི་ལེའུ།


PKT001_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཀོད་པ་ལྷུན་གྲུབ་ཕོ་བྲང་ཞེསཿ མདོག་ནི་མཐིང་ཁ་དཔག་ཚད་ལས་འདས་པཿ དབྱིབས་ནི་ཟླུམ་པོ་འཇའ་འོད་ཟེར་གསུམ་འཕྲོཿ དེ་ནང་སྐུ་བཞིའི་སྟོན་པ་ཀུན་ཏུ་འཆང་ཿ སྐུ་མདོག་མཐིང་ནག་སེང་གེའི་སྟེང་ན་བཞུགསཿ དུར་ཁྲོད་ཆས་བརྒྱད་རུས་པའི་རྒྱན་དྲུག་དང་ཿ དཔལ་གྱི་ཆས་བརྒྱད་རཏྣའི་རྒྱན་དྲུག་གསོལཿ རྡོ་རྗེ་དྲིལ་འཛིན་ཡུམ་དང་འཁྲིལ་ནས་བཞུགསཿ ཐེག་པ་ཐུན་མོང་དགུ་དང་ཁྱད་པར་དགུཿ ཆོས་རྣམས་ཐམས་ཅད་དབྱེར་མེད་གཅིག་ཏུ་སྟོནཿ སྤྱི་ཏི་ཡོ་གར་མཁས་པའི་དྲུང་དུ་ཕྱིནཿ སྤྱི་ཏིའི་རྒྱུད་སྡེ་བྱེ་བ་ཕྲག་བཅུ་དང་ཿ སྟོང་ཕྲག་བདུན་ཅུ་རྩ་གཉིས་ལེགས་པར་གསུངསཿ བཀའ་འདུས་རྒྱལ་པོ་ཟུག་པ་རྩ་བའི་རྒྱུདཿ འགྲིལ་བ་སྡོང་པོ་གྱེས་པ་ཡལ་གའི་རྒྱུདཿ རྒྱས་པ་ལོ་འདབ་སྨིན་པ་འབྲས་བུའི་རྒྱུདཿ བསྡུས་པའི་རྒྱུད་དང་ལུང་གི་རྒྱུད་དང་ནིཿ མན་ངག་རྒྱུད་དང་རྒྱ་ཆེར་བཤད་པའི་རྒྱུདཿ སྐུ་ཡོངས་རྫོགས་པ་མི་ཕྱེད་པ་ཡི་མདོཿ གསུང་ཡོངས་རྫོགས་པ་མ་འདྲེས་པ་ཡི་མདོཿ ཐུགས་ཡོངས་རྫོགས་པ་ཡེ་ཤེས་སྒོ་ལྔའི་མདོཿ ཡོན་ཏན་ཡོངས་རྫོགས་གོལ་ས་བཅད་པའི་མདོཿ འཕྲིན་ལས་ཡོངས་རྫོགས་རྣམ་གྲངས་ངེས་པའི་མདོཿ ཁྲིམས་གསུམ་ཡོངས་རྫོགས་


PKT001_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

༼༧༨བ༽རྩ་བ་བརྟན་པའི་མདོཿ ལས་ཀྱི་ཁོལ་པོ་རྒྱུད་དུ་བཀོད་པའི་མདོཿ ཁྱད་པར་སྤྱི་མདོ་ཉི་ཤུ་རྩ་གཅིག་གསུངསཿ ལྟ་བ་དངོས་མེད་ཡེ་སྟོང་ཐེར་ཟུག་སྟོནཿ སྒོམ་པ་གང་ཤར་ཏིང་འཛིན་བཞི་ལྔ་སྒོམཿ སྤྱོད་པ་སྣ་ཚོགས་ལམ་ཁྱེར་ལས་སུ་རུང་ཿ འབྲས་བུ་བཅོ་བརྒྱད་དེ་བཞིན་གཤེགས་པའི་སཿ གསང་མཚན་ཀུན་ཏུ་འཆང་ཞེས་ཡོངས་སུ་གྲགསཿ དེ་ནས་ཡུལ་གྱི་མིང་ནི་ཟ་ཧོར་ཡུལཿ དུར་ཁྲོད་ཆེན་པོ་ལངྐ་བརྩེགས་པ་ཞེསཿ དཔག་ཚད་ཕྱེད་དང་བདུན་གྱིས་བསྐོར་བ་ཡིཿ དབུས་ན་མཆོད་རྟེན་བདེ་བྱེད་གཞོན་ནུ་གྲུབཿ མ་མོ་ཆེན་མོ་ཙཎྜི་ལི་གནས་པཿ ནུབ་ན་ལྗོན་པ་དུར་ཤིང་བ་ལེ་ཝཿ དུར་བྱ་མང་པོའི་ཚང་བཅས་ཤིང་ཏོག་ཟཿ སྤྲ་དང་སྤྲེའུ་མང་པོས་ཀེང་རུས་བཀྲམཿ བྱང་ན་དུར་མཚོ་སྐྱོན་བྲལ་མཚོ་ཞེས་པརཿ ཆུ་སྲིད་ཆུ་རྟ་ཆུ་གླང་ཆུ་ལུག་དང་ཿ ཆུ་མི་རུ་སྦལ་ཉ་ཆེན་དུང་སོགས་རྒྱུཿ ཤར་ན་དུར་མེ་གཟི་བརྗིད་འཕྲོག་ཅེས་པཿ མེ་དཔུང་དུམ་བུ་མང་པོར་ཆད་འགྲོ་བའིཿ མེ་གསེབ་དོ་མ་དྲེད་རྒོད་དང་སྤྱང་ཀིའི་ཚོགསཿ ཁ་ནས་སེམས་ཅན་རིགས་བྱེད་ཀེང་རུས་སྐྱུགཿ ལྷོ་ན་དུར་རླུང་ཁོར་ཁོར་ཡུག་ཅེསཿ རླུང་གསེབ་སྦྲ་དང་ཕྱུགས་ལུག་བཅས་པ་ཀུནཿ ཐམས་ཅད་ནམ་མཁའི་དབྱིངས་ལ་ཁྱེར་འགྲོ་བཿ ཤར་ལྷོར་དུར་རིའི་རྒྱལ་པོ་དབང་པོ་བྲགཿ དུར་གྱི་སེམས་ཅན་མང་ཤིའི་ཀེང་རུས་དང་ཿ དགོས་འདོད་འབྱུང་བ་ཡིད་བཞིན་ནོར་བུའི་གཏེརཿ བྱང་


PKT001_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

༼༧༩ན༽ཤར་མཁའ་འགྲོ་རྡོ་རྗེ་བདུད་འདུལ་མཿ སྐུ་མདོག་དམར་མོ་རས་སྔོན་ཨང་རག་གྱོནཿ མཆུ་ནི་རྨ་བྱ་མིག་ནི་འུག་པར་འདུགཿ སྐུ་སྟོད་དག་ལ་རུས་པའི་རྒྱན་དྲུག་གསོལཿ དཔྲལ་བའི་དཀྱིལ་ན་མེ་ལོང་གཅིག་ཡོད་པཿ རལ་པ་ཐོར་ཚུགས་རྡོ་རྗེ་དཀྱིལ་དུ་བཅིངསཿ ལག་པ་གཉིས་ཀྱིས་རྡོ་རྗེ་སེར་པོ་ཐོགསཿ མཚན་མ་དཀྲག་ཅིང་ཁ་ནས་བུ་ཆུང་སྐྱུགཿ ལྷོ་ནུབ་མཚམས་ན་དུས་མཚན་ཀོ་ཤ་ཞེསཿ སེད་མགོ་གཡས་གསུམ་གཡོན་གསུམ་དགུ་ཡོད་པཿ ལུས་ལ་སྟག་གི་པགས་པའི་ཐུལ་པ་གྱོནཿ མི་རོ་སྐམ་རློན་སྙིང་པའི་ས་ལེར་ཁུརཿ ལག་ན་མདུང་རིང་རྔ་ནག་བཏགས་པ་འཕྱརཿ རྟ་ནག་མི་རོའི་སྒ་ཆ་བྱས་པ་ཞོནཿ ཤིན་ཏུ་འཇིགས་པའི་དུར་ཁྲོད་ཆེན་པོ་དེརཿ ལོ་ལྔ་བཞུགས་ནས་མཁའ་འགྲོར་ཆོས་འཁོར་བསྐོརཿ མཚན་ནི་པདྨ་སམྦྷ་ཞེས་བྱར་གྲགསཿ དེ་ནས་དགའ་རབ་རྡོ་རྗེ་ཞེས་བྱ་བཿ ལྷའི་བུ་ཀུན་དགའ་སྙིང་པོ་ཚེ་འཕོས་པཿ རྒྱ་གར་རྩེ་ཕྲུག་རིན་ཆེན་སྒང་བྱ་ནཿ ཡབ་ནི་རྒྱལ་པོ་དྷརྨཱ་ཨ་ཤྭ་ཀཿ ཡུམ་ནི་བདེ་གཤེགས་རིགས་ལྡན་མ་གཉིས་ལཿ སྲས་པོ་མེད་ཅིང་སྲས་མོ་གཉིས་ཡོད་དེཿ གཡུང་དྲུང་སྐྱིད་དང་མཚོ་སྐྱེས་ས་ལེ་མཿ བཀྲ་ཤིས་གཡུང་དྲུང་སྐྱིད་ནི་ཁབ་ཏུ་གཤེགསཿ མཚོ་སྐྱེས་ས་ལེ་མ་ནི་ཆོས་བྱར་དགོངསཿ མཛོ་མོ་དཀར་མོ་ཞིག་ལ་ཆས་རྐྱེན་བཀལཿ གཡོག་མོ་དགེ་ལྡན་མ་ནི་ཁྲིད་ནས་སུཿ འབྲས་གསུམ་ཚལ་གྱི་ཁུ་བྱག་


PKT001_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

༼༧༩བ༽སྡིངས་སུ་བསྒོམསཿ ནམ་དེའི་དགུང་ལ་རྨི་ལམ་རིན་ཆེན་གྱིཿ བུམ་པར་བདུད་རྩི་བླུགས་ནས་འཐུངས་པ་རྨིསཿ དེ་ཡིས་ནངས་པར་གཡུ་ཡི་ནེ་ཙོ་ཞིགཿ སྲས་མོའི་ཕྲག་པ་གཡས་སུ་བབས་ནས་ནིཿ ལྷ་ཅིག་ཁྱོད་ལ་སྲས་ཤིག་བཙས་ནས་སུཿ དེ་ནི་ལྷ་དང་མི་ཡི་སྟོན་པ་སྟེཿ དགའ་རབ་རྡོ་རྗེ་ཞེས་བྱར་འགྱུར་རོ་ཟེརཿ ནེ་ཙོ་ཕུར་སོང་བུ་མོའི་མཆིད་ན་རེཿ ང་ནི་བུ་ཚ་མི་འདོད་ཆོས་བྱས་ཡིནཿ སྡུག་བྱ་ཕུང་བྱ་འདི་ནི་ཅི་སྐད་ཟེརཿ དེ་ནས་སོང་ཕོད་སྲས་ཤིག་འཁྲུངས་པ་ལསཿ ཕ་མེད་བུ་འདིས་དགོས་པ་མེད་ཟེར་ནསཿ གཡོག་མོར་ཐལ་དོད་ནང་དུ་བསྐྱུར་དུ་བཅུགཿ ཞག་བདུན་ལོན་ནས་སྔར་གྱི་རྨི་ལམ་དྲནཿ སྤྲུལ་པའི་སྐུ་ཞིག་ཡིན་སྲིད་ལྟོས་དང་བྱསཿ བལྟས་པས་བུ་དེ་མ་ཤི་ཐལ་གསིབ་ནཿ འཕྲ་ཤད་ལིང་ལིང་རྩེ་ཡིན་འདུག་པ་ལསཿ དེ་ལ་དགྱེས་ནས་རོ་ལངས་བདེ་བར་བཏགསཿ དེ་ནས་བུ་དེ་གཞན་གྱི་ཟླ་སྐྱེད་པསཿ དེ་ཡིས་ཞག་སྐྱེད་ཤིན་ཏུ་ཆེ་བར་གྱུརཿ དེ་བཞིན་ལོ་སྐྱེད་བས་ཀྱང་ཟླ་སྐྱེད་ཆེཿ ལོ་བརྒྱད་ལོན་ནས་ཡུམ་ལ་འདི་སྐད་བརྗོདཿ རྡོ་རྗེ་སེམས་དཔའ་གར་བཞུགས་ཆོས་ཉན་འགྲོཿ ཆོས་ཀྱི་ཆར་པ་སེམས་ཅན་ཀུན་ལ་འབེབསཿ ཡུམ་གྱིས་རྡོར་སེམས་མི་མངོན་དབྱིངས་ན་བཞུགསཿ ཁྱོད་ཀྱིས་མི་མཐོང་འདུག་པར་འཚལ་ཞེས་སྨྲསཿ ལན་ཅིག་དུས་ན་བྱིས་པ་དེ་སྟོར་ནསཿ ཡུན་རིང་མེད་དེ་དེ་ནས་བྱུང་ཙ་ནཿ ངས་དཔལ་རྡོ་རྗེ་སེམས་དཔར་ཆོས་ཉན་ཕྱིནཿ


PKT001_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

༼༨༠ན༽རྡོ་རྗེ་སེམས་དཔས་ཅི་ཤེས་ངས་ཤེས་ཟེརཿ དེ་ནས་ཡུམ་ཡང་ངོ་མཚར་སྐྱེས་པ་ལསཿ པཎ་ཆེན་ལྔ་བརྒྱར་འགྲོ་གླིང་བྱེད་འགྲོ་ཟེརཿ ཡུམ་གྱིས་པཎ་ཆེན་ལྔ་བརྒྱ་ཤིན་ཏུ་མཁསཿ ཚོགས་པ་ཆོས་གྲའི་སྟོན་པ་ཡིན་པས་ནཿ ཁྱོད་ཀྱིས་མི་ཐུབ་བྱས་པས་ཐུབ་ཡོང་ཟེརཿ འོ་ན་ངའི་ཡབ་དྷརྨཱ་ཨ་ཤྭ་ཀའིཿ མཆོད་གནས་ཡིན་པས་ཡབ་ལ་ཞུས་ཤིག་གསུངསཿ ཁྱེའུས་རྩེ་ཕྲུག་རིན་ཆེན་སྒང་དུ་ཕྱིནཿ པཎ་ཆེན་ལྔ་བརྒྱར་བགྲོ་གླིང་བྱེད་པ་ཡིནཿ ཕྱག་ནི་རྩེ་སྤྲོད་བཞེས་པར་ཞུ་བྱས་པསཿ རྒྱལ་པོས་མི་ཐུབ་ཟེར་ཀྱང་ཐུབ་ཁས་བླངསཿ དེ་ནས་རྒྱལ་པོ་ས་པཎྜི་ཏ་རྣམས་ལཿ དེ་སྐད་ཟེར་བའི་དྲི་ལན་ཅིག་གདའ་བསཿ ཕྱག་ནི་རྩེ་སྤྲོད་གནང་བར་ཞུ་ཞེས་གསུངསཿ པཎྜི་ཏ་རྣམས་བགློ་གླིང་བྱེད་པ་ནཿ མ་ཐུབ་རྒྱལ་པོས་ཆད་པས་ཆོད་ཅིག་གསུང་ཿ དེ་ནས་ཁྱེའུས་ཕྱག་རྩེ་སྤྲོད་དུ་བྱསཿ བགྲོ་གླིང་བྱས་པས་པཎྜི་ཏ་རྣམས་ཕམཿ ཐེག་པ་གང་ནས་གླེངས་ཀྱང་མ་ཐུབ་སྟེཿ ངོ་མཚར་སྐྱེས་ཏེ་སངས་རྒྱས་བྱོན་ནོ་ཟེརཿ ཨ་ལ་ལ་སྟེ་ཆོས་བྱོན་དགེ་འདུན་བྱོནཿ བདེ་བ་ཆེན་པོ་ཎྜི་ཡཱ་ཞེས་བྱར་བཏགསཿ རྒྱལ་པོ་དགྱེས་པས་དགྱེས་པ་རྡོ་རྗེ་ར་བཏགསཿ ཡུམ་གྱིས་བཞད་པ་རྡོ་རྗེར་བཏགསཿ ཡུལ་མི་དགའ་བས་དགའ་རབ་རྡོ་རྗེར་བཏགསཿ དེ་ཚེ་སིངྒ་ལ་ཡི་རྒྱལ་པོ་ནིཿ རྒྱལ་པོ་གཞོན་ནུ་དཔལ་ཞེས་བྱ་བའི་བུཿ མཁས་པ་འཇམ་དཔལ་བཤེས་གཉེན་ཞེས་བྱ་བཿ རྒྱ་


PKT001_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

༼༨༠བ༽མཚོའི་གླིང་ལ་སྐུ་སྐྱོ་འཆག་ཏུ་བཞུདཿ མི་བཞུགས་པ་ལས་སླར་ལོག་ཙ་ན་ནིཿ ཐེག་པ་བརྒྱད་ལས་མཐོ་བའི་དགུ་པ་ནིཿ ཨ་ཏི་ཡོ་ག་བྱ་བ་ཁས་ལེན་པའིཿ བྱིས་དཀར་རས་སྔོན་ཨང་རག་གྱོན་པ་ཞིགཿ པཎྜི་ཏ་རྣམས་ཀུན་གྱིས་མ་ཐུབ་གྲགསཿ སོ་མཚམས་འབྱེད་པས་ཚར་གཅོད་འདོད་དོ་གསུང་ཿ འཇམ་དཔལ་བཤེས་གཉེན་དཔོན་གཡོག་རྣམས་ཀྱིས་བྱོནཿ སངས་རྒྱས་སྤྲུལ་པ་དགའ་རབ་རྡོ་རྗེ་དེཿ ཨུ་རྒྱན་ཡུལ་གྱི་དྷ་ན་ཀོ་ཤའི་གླིང་ཿ དྷ་ཧ་ན་ཡི་འདུ་ཁང་ཆེན་པོ་ནཿ ཆོས་གསུང་བཞུགས་པའི་དྲུང་དུ་བཤེས་གཉེན་བྱོནཿ རྩོད་པ་བྱས་པས་འཇམ་དཔལ་བཤེས་གཉེན་གྱིསཿ ལུང་རིག་མན་ངག་གང་ཡང་མ་ཐུབ་ནསཿ སྔར་དུ་གཤེ་སྐུར་བཏབ་པས་འགྱོད་པ་སྐྱེསཿ སྡིག་པ་སྦྱང་དོན་རང་གི་ལྕེ་བཅད་སྙམཿ གཡོག་པོའི་མེད་པས་སྤུ་གྲི་ལོངས་ཤོག་ཟེརཿ དགའ་རབ་རྡོ་རྗེས་སྤུ་གྲིའི་ཅི་བྱེད་གསུངསཿ ཁྱེད་ལ་སྡིག་བསགས་ད་ནི་ལྕེ་གཅོད་ཟེརཿ ལྕེ་བས་སྙིང་བཏོན་པ་དེ་ཡི་སྡིག་མི་འདགཿ མན་ངག་ཆོས་རྣམས་མ་རྨོངས་མཁས་པར་སློབསཿ རང་གི་ཉམས་དང་སྦྱོར་བའི་ཆོས་ཤིག་རྩོམསཿ དེ་སྐད་གསུང་པས་ཆོས་རྣམས་མ་ལུས་ཞུསཿ བྱང་སེམས་སྡེ་ལ་འགྲེལ་པ་གསེར་ཞུན་བརྩམསཿ དེ་སྐད་ཡོངས་སུ་གྲགས་པས་ས་སྟེང་ཁྱབཿ པདྨ་སམྦྷས་དགའ་རབ་དྲུང་དུ་ཕྱིནཿ རྫོགས་ཆེན་སྙིང་ཐིག་རྒྱུད་ནི་བཅུ་བདུན་དང་ཿ སྔགས་སྲུང་ནག་མོའི་རྒྱུད་དང་བཅོ་


PKT001_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

༼༨༡ན༽བརྒྱད་གསནཿ གོལ་ས་གཅོད་པ་གླང་པོ་སུན་འབྱིན་རྒྱུདཿ རྒྱལ་པོ་ལྟ་བ་ལ་ཟོའི་རྒྱུད་དང་ནིཿ བྲམ་ཟེ་ཐེག་པ་ཤན་འབྱེད་རྒྱུད་ཅེས་དང་ཿ ཀློང་དགུ་བམ་པོ་ཉི་ཁྲི་ཆིག་སྟོང་བསྟནཿ སེམས་ཉིད་ཆོས་སྐུར་ངོ་སྤྲོད་བླ་མ་ཡིནཿ རང་རིག་སྐྱེ་མེད་ས་གསུམ་དུས་གཅིག་ནོནཿ སེམས་ཉིད་འགག་མེད་སངས་རྒྱས་འཕོ་འགྱུར་མེདཿ དགའ་རབ་རྡོ་རྗེ་ཆོས་ཀྱི་བྱུང་ཁུངས་བཟང་ཿ ཐམས་ཅད་མཁྱེན་ཅིང་ཁོང་དུ་ཆུད་པར་གྱུརཿ ལྟ་བ་ཀ་དག་ཆོས་དབྱིངས་མ་བུར་ཐིམཿ སྒོམ་པ་མ་བཅོས་རང་བཞིན་ལྷུན་གྱིས་གྲུབཿ སྤྱོད་པ་ཉོན་མོངས་བྱང་ཆུབ་བླང་དོར་མེདཿ འབྲས་བུ་སྤང་ཐོབ་མེད་པར་རང་སར་གྲོལཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ དུར་ཁྲོད་ལངྐ་བརྩེགས་སུ་བཞུགས་པའི་ལེའུ་སྟེ་སོ་གཉིས་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

དུར་ཁྲོད་པདྨ་བརྩེགས་པར་བཞུགས་པའི་ལེའུ།


PKT001_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡུལ་གྱི་མིང་ནི་ཨུ་རྒྱན་ཡུལཿ དུར་ཁྲོད་ཆེན་པོ་པདྨ་བརྩེགས་ཞེས་པཿ མཐའ་སྐོར་དཔག་ཚད་ཕྱེད་དང་གཉིས་ཡོད་པའིཿ དབུས་ན་མཆོད་རྟེན་རང་བྱུང་རང་འོད་ཅནཿ མ་མོ་ཆེན་མོ་པུ་སྐ་སཱི་གནས་པཿ ཤར་ལྷོར་ལྗོན་པའི་དུར་ཤིང་ཙུ་ཏ་ཞེསཿ དུར་བྱ་མང་པོའི་དེ་ལ་གནས་ཡོད་པཿ ལྷོ་ནུབ་དུར་ཆུ་སྔོ་བསངས་རྒྱ་མཚོ་ཞེསཿ དུར་ཉ་དུར་སྲིད་དུས་སྦལ་མང་པོ་ཡོདཿ དྲི་ཟའི་བུ་མོ་དཀར་མོ་མང་པོ་ནིཿ ངུར་ཆུའི་སེམས་ཅན་ཤི་ཚད་ཐམས་ཅད་ཟཿ ནུབ་བྱང་དུར་མེ་མཐོང་འཚིག་


PKT001_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

༼༨༡བ༽འབར་བ་ཞེསཿ མེ་གསེབ་རླུང་ལྷའི་བུ་མོ་མང་པོ་ནིཿ སེར་དཀར་ཤ་བ་ཞོན་ནས་ཀེང་རུས་འཕྱརཿ བྱང་ཤར་དུར་རླུང་ཤིན་ཏུ་རྒྱས་ཞེས་པའིཿ རླུང་གསེབ་དམག་འཁྲུགས་གཡུལ་འགྱེད་གོ་ཆ་ཅནཿ ཤར་ན་དུར་རི་སོ་ལེགས་ཞེས་བྱ་བརཿ དུར་གྱི་སེམས་ཅན་གཅན་གཟན་མང་པོ་ཉལཿ ཟད་མི་ཤེས་པའི་ཆོས་གཏེར་ཡོ་ག་གསུམཿ ལྷོ་ན་ཡེ་ཤེས་མཁའ་འགྲོ་མདོག་སྣ་ཚོགསཿ འབྲི་ཀློག་སྒོམ་དང་འཆད་དང་ལུང་སྟོན་པཿ བྱང་ན་ལྷ་འདྲེ་ཡོངས་ཀྱི་ཚོགས་འདུ་ཅནཿ རབ་ཏུ་འཇིགས་པའི་དུར་ཁྲོད་ཆེན་པོ་དེརཿ མཆོད་རྟེན་རྒྱབ་བརྟེན་ལོ་ལྔར་ཆོས་འཁོར་བསྐོརཿ མཁའ་འགྲོ་ཞི་བ་འཚོ་ཞེས་མདོག་དཀར་བཿ རས་ཀྱི་ཨང་རག་སྔོན་པོ་སྨད་ལ་དཀྲིསཿ ལག་ཏུ་བནྡྷའི་སྐྱོགས་ནི་ཁྲག་གིས་བཀང་ཿ སྐྲ་ནི་ཐོར་ཅོག་ཐོད་སྐམ་འཕྲེང་བས་བཅིངསཿ པདྨ་སམྦྷའི་དྲུང་ན་པུས་བཙུགས་འདུགཿ སྦྱོར་སྒྲོལ་ཕུན་སུམ་ཚོགས་པ་སློབ་པར་བྱེདཿ གསང་བའི་མཚན་ནི་སེང་གེ་སྒྲ་སྒྲོགས་གྲགསཿ དེ་ནས་སྤྲིན་ནག་འདུས་པའི་དུར་ཁྲོད་དུཿ རིགས་ལྡན་བདེ་བ་བཟང་སྐྱོང་ཞེས་བྱ་བཿ ཕྱག་རྡོར་སྤྲུལ་པ་སྣང་བའི་གཟུགས་སུ་གྲུབཿ རེག་པའི་གཟུགས་སུ་མ་གྲུབ་འོད་ཀྱི་ལུསཿ གཅེར་བུ་སྐྲ་གྲོལ་དར་སྔོན་སླད་ལ་དཀྲིསཿ གཡས་པའི་ཕྱག་ན་གསེར་གྱི་རྡོ་རྗེ་བསྣམསཿ གཡོན་པའི་ཕྱག་ན་དངུལ་གྱི་དྲིལ་བུ་འཁྲོལཿ འཇའ་ཡི་རྣམ་པ་ལྟ་བུར་བཞུགས་པ་ལཿ རྫོགས་པ་ཨ་ནུ་ཡོ་གའི་


PKT001_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

༼༨༢ན༽རྒྱུད་སྡེ་ནིཿ གསང་སྔགས་བླ་མེད་དོན་རྫོགས་འདུས་པའི་རྒྱུདཿ སྤྱི་རྒྱུད་དགུ་དང་སྒོས་རྒྱུད་བཅོ་ལྔ་གསནཿ བྱེ་བྲག་རྒྱུད་ནི་བརྒྱ་ཕྲག་བཅུ་རྣམས་དང་ཿ གསང་ཆེན་སྒྱུ་འཕྲུལ་ཆེན་པོ་སྡེ་བརྒྱད་གསནཿ རྡོར་སེམས་སྒྱུ་འཕྲུལ་གསང་བའི་སྙིང་པོ་དང་ཿ རོལ་པ་མངོན་རྫོགས་ལྷ་མོ་སྒྱུ་འཕྲུལ་དང་ཿ དཀྱིལ་འཁོར་རྫོགས་པ་སྒྱུ་འཕྲུལ་བརྒྱད་པ་དང་ཿ འཕྲིན་ལས་རྫོགས་པ་སྒྱུ་འཕྲུལ་བཞི་བཅུ་པཿ ཡེ་ཤེས་རང་སྣང་སྒྱུ་འཕྲུལ་བླ་མ་དང་ཿ ཡོ་ཏན་མཐར་ཕྱིན་སྒྱུ་འཕྲུལ་བརྒྱད་ཅུ་པཿ དམ་ཚིག་མཆོག་ཏུ་སྟོན་པ་ལེ་ལག་དང་ཿ སྡེ་སྣོད་ཡོངས་ཁྱབ་སྒྱུ་འཕྲུལ་དྲ་བ་ཞུསཿ ཡུལ་གྱི་མིང་ནི་ལི་ཡི་ཡུལ་དུ་ཕྱིནཿ དུར་ཁྲོད་ཆེན་པོ་ལོ་ཀ་བརྩེགས་ཞེས་པཿ མཐའ་སྐོར་དཔག་ཚད་ཕྱེད་དང་བཞི་ཡོད་པའིཿ དབུས་ན་རང་བྱུང་མཆོད་རྟེན་ཀེའུ་ཤཿ མ་མོ་ཆེན་མོ་སྨེ་ཤ་ནཱི་གནས་པཿ ནུབ་བྱང་ལྗོན་པའི་དུར་ཤིང་ལྟ་ན་སྡུགཿ དུག་སྦྲུལ་འཁྲིལ་ཞིང་དུར་ཕག་མང་པོས་བསྐོརཿ དུར་བྱའི་ཚང་བཅས་ཕྲུག་གུ་ཤ་ཡིས་གསོཿ བྱང་ཤར་དུར་ཆུ་དྲི་བྲལ་མཚོ་ཞེས་པརཿ དུར་ཆུའི་སེམས་ཅན་མང་པོས་སེམས་ཅན་ཟཿ ལ་ལ་ཀེང་རུས་ལ་ལ་ཤི་ལ་ཁདཿ ལ་ལ་རྙིད་པ་ལ་ལ་ཕྱེད་ཚལ་དང་ཿ ལ་ལ་གསོན་པོ་མགོ་མཇུག་ཟར་ཡོད་པཿ གྲུལ་བུམ་བུ་མོ་སེར་མོ་མང་པོ་ནིཿ དུར་ཆུའི་སེམས་ཅན་ཤི་ཚད་པགས་པ་བཤུཿ ཤར་ལྷོར་དུར་མེ་གྲིབ་ཅན་ཞེས་བྱའི་གསེབཿ པག་པ་


PKT001_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

༼༨༢བ༽དཀར་ནག་མང་པོ་ཀེང་རུས་སྒྱུགཿ ལྷོ་ནུབ་དུར་རླུང་འཚུབ་འཚུབ་ཅེས་བྱའི་ནང་ཿ སྟག་གཟིག་མ་བུ་མང་པོ་འཇིང་ཞིང་འབྲོསཿ ནུབ་བྱང་དུར་རིའི་རྒྱལ་པོ་སྲིད་པ་ཅནཿ སྲིན་བུ་མེ་ཁྱེར་མང་པོ་མེ་སྟག་འཕྲོཿ དུར་གྱི་སེམས་ཅན་མང་པོ་ལ་ལ་ཤིཿ ལ་ལ་ན་ཞིང་ལ་ལ་འཆི་འཕྲས་བྱེདཿ ལ་ལ་ཀེང་རུས་ལ་ལ་མདའ་ཕོག་པཿ ལ་ལ་གསོན་ཅིང་ལ་ལ་ལང་ཚོ་ལྡནཿ འདོད་ཡོན་འབྱུང་བ་ནོར་བུའི་གཏེར་ཡོད་པཿ ལྷོ་ན་བ་ལང་ཞེས་བྱ་གླང་པོའི་གདོང་ཿ ནག་པོ་ལུས་ལ་གཟིག་གི་ཐུལ་པ་གྱོནཿ ལག་པ་གཉིས་ཀྱིས་ཐོད་པའི་མདུང་རིང་འཛིནཿ རྒྱབ་ན་ཆུ་སྲིན་ཉ་ཡི་ས་ལེ་ཁུརཿ ཕག་དཀར་མི་རོའི་སྒ་ཆ་བྱས་པ་ཞོནཿ ནུབ་ན་གླང་ཞོན་ནག་མོ་དམར་ལྕམ་མཿ ཏྲི་ཤུལ་རྩེ་གསུམ་ཐོད་ཁྲག་མི་སྙིང་ཟཿ ཤིན་ཏུ་འཇིགས་པའི་དུར་ཁྲོད་ཆེན་པོ་དེརཿ ལོ་ལྔ་བཞུགས་ནས་མཁའ་འགྲོར་ཆོས་འཁོར་བསྐོརཿ མཚན་ནི་རྡོ་རྗེ་གྲོ་ལོད་ཅེས་བྱར་གྲགསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ དུར་ཁྲོད་པདྨ་བརྩེགས་པར་བཞུགས་པའི་ལེའུ་སྟེ་སོ་གསུམ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ

དུར་ཁྲོད་ཆེན་པོ་གསང་ཆེན་རོལ་པར་བཞུགས་པའི་ལེའུ།


PKT001_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མཁའ་སྤྱོད་རིག་འཛིན་གནས་སུ་ཕྱིནཿ བདེ་ཆེན་གསང་ལམ་མནོལ་མའི་དུར་ཁྲོད་ནཿ མཁའ་འགྲོ་ཉི་ཟླ་དངོས་གྲུབ་ཅེས་ཀྱང་བྱཿ མཁའ་འགྲོའི་གཙོ་མོ་གསང་བ་ཡེ་ཤེས་ཞེསཿ དགེ་སློང་ཀུན་དགའ་སྨོན་ལམ་ཞེས་ཀྱང་བྱཿ མཁའ་


PKT001_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

༼༨༣ན༽འགྲོ་ལས་ཀྱི་དབང་མོ་ཆེའི་དྲུང་ཕྱིནཿ ཐོད་མཁར་སྒོ་བཅད་ནང་དུ་མཐར་ནསཿ གཡོག་མོ་ཀུ་མཱ་ར་ལ་འཕྲིན་བརྒྱུད་པསཿ ལན་ནི་མ་བྱུང་བརྗེད་དམ་སྨྲས་པ་ཡིསཿ ཤེལ་གྱི་བུམ་པ་ཁུར་ནས་ཆུ་ལན་འདུགཿ ངས་བསྐུར་བྱས་པས་བུམ་སྟེགས་ཁ་རུ་བཞགཿ རྒྱལ་བས་བུམ་སྟེགས་བུམ་པ་འབྱར་དུ་བཅུགཿ ལོངས་པར་མ་གྱུར་ཁུག་ཁུག་ལན་འགའ་བྱསཿ བུམ་ཐག་ཕུད་ནས་རྒྱལ་བའི་མདུན་དུ་འོངསཿ ཤེལ་གྱི་གྲི་གུས་བྲང་བཤགས་ཁ་ཕྱེ་ནསཿ ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་རྣམསཿ བཀྲ་ལམ་བསྟན་ནས་ངག་ནས་འདི་སྐད་གསུངསཿ ཁྱོད་ཀྱང་སྔགས་པ་ནུས་མཐུ་ཅན་འདུག་སྟེཿ དེ་བས་ངའི་འདི་ཡ་མཚན་མི་ཆེའམཿ དེ་སྐད་ཟེར་བས་ཕྱག་བཙལ་བསྐོར་བ་བྱསཿ མཆོག་དབང་གོང་མ་བདག་ལ་བསྐུར་དུ་གསོལཿ ང་ནི་གཡོག་ཡིན་ནང་དུ་འདེངས་ཟེར་ཕྱིནཿ ཉི་ཟླའི་ཁྲི་བརྩེགས་ཉི་ཟླའི་གདུགས་ཕུབ་པཿ ཉི་མ་ཟླའི་རྒྱན་དྲུག་སྐུ་ལ་གསོལཿ དགེ་སློང་མ་བཞུགས་ཕྱག་བཙལ་བསྐོར་བ་བྱསཿ གསེར་གྱི་འཁོར་ལོ་རྩིབས་སྟོང་ཕུལ་ནས་ནིཿ ཕྱི་ནང་གསང་བའི་དབང་བསྐུར་ཞུ་གསོལ་བསཿ ལྷ་ཚོགས་མདུན་གྱི་ནམ་མཁར་ཁྲ་ཆེམ་བྱུང་ཿ སྐལ་ལྡན་རིགས་ལྡན་ད་ལྟ་དབང་ཞུས་གསུང་ཿ བླ་མ་མེད་པའི་གོང་རོལ་ནཿ སངས་རྒྱས་བྱ་བའི་མིང་ཡང་མེདཿ བསྐལ་པ་སྟོང་གི་སངས་རྒྱས་ཀྱང་ཿ བླ་མ་དག་ལ་བརྟེན་ནས་བྱུང་ཿ དཔལ་ལྡན་བླ་མ་ཡོན་ཏན་མཚོཿ


PKT001_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

༼༨༣བ༽བཞིན་གྱི་དཀྱིལ་འཁོར་ལེགས་བསྟན་ནསཿ ཐུགས་རྗེས་སློབ་མ་ལ་གཟིགས་ཞུཿ དབང་ནི་ལྷ་ལ་མི་ཞུ་བླ་མར་ཞུཿ དེ་སྐད་སྨྲས་པས་དགེ་སློང་མའི་ཞལ་ནསཿ དབང་ཞུ་ཤེས་གསུང་ལྷ་ཚོགས་ཐུགས་ཀར་བསྡུསཿ རྡོ་རྗེ་གྲོ་ལོད་ཡི་གེ་ཧཱུཾ་དུ་བསྒྱུརཿ ཞལ་དུ་མིང་ནས་བྱིན་གྱིས་བརླབས་པ་ཡིསཿ ཕྱི་ལྟར་སངས་རྒྱས་སྣོང་བ་མཐའ་ཡས་སྐུཿ ཚེ་ཡི་རིག་འཛིན་འགྲུབ་པའི་དབང་རྣམས་ཐོབཿ ཁོང་པའི་ནང་སླེབ་བྱིན་གྱིས་བརླབས་པ་ཡིསཿ ནང་ལྟར་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུཿ ཕྱག་རྒྱ་ཆེན་པོ་བསྒོམ་པའི་དབང་རྣམས་ཐོབཿ གསང་བའི་པདྨོར་བཏོན་ནས་བྱིན་བརླབས་པསཿ ལུས་ངག་ཡིད་གསུམ་ཤེས་སྒྲིབ་དག་པར་སྦྱངསཿ གསང་བ་ལྟར་ན་རྟ་མགྲིན་དབང་གི་སྐུཿ དྲེགས་པའི་ལྷ་འདྲེ་དམ་ལ་འདོགས་དབང་ཐོབཿ དེ་ནས་འོག་མིན་ཆོས་དབྱིངས་ཕོ་བྲང་དུཿ སྟུག་པོ་བཀོད་པ་བཀོད་པ་ལྷུན་གྲུབ་ནཿ རྒྱལ་བ་རྒྱ་མཚོ་རྣམས་ཀྱི་བཀའ་སྡོད་པཿ རིག་འཛིན་རྡོ་རྗེ་ཆོས་ནི་ཞེས་ཀྱང་བྱཿ རྡོ་རྗེ་སྙིང་པོ་འཛིན་པ་ཞེས་ཀྱང་བྱཿ རིག་འཛིན་རྒྱལ་པོ་ཀུན་ཇོ་ར་ཞེས་པཿ དུང་ལ་ཕོ་ཚོས་བསྐུས་པའི་ཞལ་བསྟན་ནསཿ ལྷ་ཡི་བུ་དང་བུ་མོ་མང་པོས་བསྐོརཿ འཇའ་དང་འོད་དང་རོལ་མོའི་སྒྲ་དང་བཅསཿ གནས་དེ་ཉིད་དུ་བཀའ་གཏད་དབང་རྣམས་བསྐུརཿ ཡོངས་པ་འཛིན་པ་དགེ་བའི་བཤེས་གཉེན་དབང་ཿ ཕྱི་ཡིས་ཆད་བརྒྱད་སྤྲུལ་པའི་སྐུ་རུ་བསྐུརཿ ཆོས་བཀའ་གཏད་པ་པོ་ཏི་གླེགས་བམ་དབང་ཿ


PKT001_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

༼༨༤ན༽ནང་གི་ཆོས་བརྒྱད་ལོངས་སྤྱོད་རྫོགས་སྐུར་བསྐུརཿ རིག་པའི་རྩལ་དབང་ཡི་དམ་ལྷ་ཡི་དབང་ཿ གསང་བའི་ཆས་བརྒྱད་ཆོས་ཀྱི་སྐུ་རུ་བསྐུརཿ ཡོངས་རྫོགས་ཕྱག་རྒྱ་ཆེན་པོ་མཆོག་གི་དབང་ཿ དབང་གི་ཆས་བཅུ་མི་འགྱུར་རྡོ་རྗེར་བསྐུརཿ སྐུ་ལྔའི་བདག་ཉིད་བླ་མ་རྡོ་རྗེ་འཆང་ཿ ཡུལ་འཁྲིལ་ལྟ་བ་སྤྱི་འབྱམས་མངོན་བྱང་བསྐུརཿ དེ་ནས་སྦས་པའི་དབང་ལྔ་བསྐུར་བ་ནིཿ རཏྣའི་སྲིད་དབང་ཛམ་ལའི་ནོར་དབང་དང་ཿ བྲམ་ཟེའི་གཏེར་དབང་དྲེགས་པའི་སྲོག་དབང་དང་ཿ སྡུད་པའི་ཁྲོམ་དབང་བཅས་པ་བསྐུར་བར་གྱུརཿ དེ་ནས་རྡོ་རྗེ་གྲོ་ལོད་ལུང་བསྟན་ཏེཿ རྒྱ་གར་གསེར་གླིང་དབེན་སྐྱོང་བྲག་ཕུག་ནཿ རྒྱལ་པོ་སྐར་རྒྱལ་ཞེས་བྱའི་སྲས་པོ་ནིཿ ཤྲཱི་སིངྒ་ཞེས་བྱ་བཞུགས་ནས་ཡོདཿ ཆོས་རྣམས་ཐམས་ཅད་དབྱེར་མེད་གཅིག་སྒོམ་པཿ ངོ་སྤྲོད་གནད་དུ་བསྣུན་གཅིག་ས་མ་ཡཿ དེ་ནས་ཤྲཱི་སིངྷའི་དྲུང་དུ་བྱོནཿ ཆོས་ཀུན་དབྱེར་མེད་དོན་དམ་གནད་ཅིག་ཞུཿ ཤྲཱི་སིངྷས་མཁའ་ལ་སྡིགས་མཛུབ་གཏདཿ གང་ཤར་མ་ཞེན་གང་ཤར་མ་ཞེན་ཅིགཿ མ་ཤར་མ་ཤར་ཤར་ཤར་ཤར་མ་ཞེནཿ ཤར་གྲོལ་དུས་མཉམ་ཤར་གྲོལ་དུས་མཉམ་མོཿ སྟོང་སྟོང་མི་སྟོང་མི་སྟོང་རྣམ་པར་སྟོང་ཿ མ་འགགས་མ་འགགས་འགགས་འགགས་འགག་པ་མེདཿ ཡེ་སྟོང་ཡེ་སྟོང་རྣམ་སྟོང་རྣམ་པར་སྟོང་ཿ


PKT001_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

༼༨༤བ༽སྟེང་འོག་བར་མཚམས་ཕྱོགས་མེད་ཀུན་ཤར་འདིཿ ཤྲཱི་སིངྷའི་དོན་དམ་གནད་དེ་མཛོདཿ ལྟ་སྤྱོད་སྣོད་རུང་དབྱེར་མེད་ངང་གིས་འཆརཿ ཞེས་གསུངས་རྡོ་རྗེ་ལྟ་བུའི་ཀློང་དུ་ཐིམཿ ཡུལ་གྱི་མིང་ནི་སཱ་ལའི་ཡུལ་དུ་བྱོནཿ དུར་ཁྲོད་ཆེན་པོ་གསང་ཆེན་རོལ་པ་ཞེསཿ མཐའ་སྐོར་དཔག་ཚད་ཕྱེད་དང་བཞི་ཡོད་པའིཿ དབུས་ན་རང་བྱུང་མཆོད་རྟེན་ཀ་པ་ཏཿ མ་མོ་ཆེན་མོ་བཻ་ཏྟཱ་ལཱི་གནས་པཿ ལྷོ་ནུབ་ལྗོན་པའི་དུར་ཤིང་གསེར་ལྡན་ལཿ དུར་གྱི་སེམས་ཅན་མང་པོ་ཤིང་ཏོག་ལེནཿ ནུབ་བྱང་དུར་ཆུ་མཆོག་མཚོ་ཞེས་བྱ་བཿ དུར་གྱི་སེམས་ཅན་མང་པོ་གནས་པ་ཡོདཿ ཀླུ་དབང་གི་ནོད་སྦྱིན་བུ་མོ་རོ་ལ་ན་མཿ བྱང་ཤར་དུར་མེ་དུད་སྤྲིན་ཞེས་བྱ་བཿ མེ་རླུང་འཚུབ་གསེབ་འདྲེ་སྲིན་ཕོ་མོ་རྣམསཿ ལ་ལ་མི་རོ་རྟ་རོ་བ་ལང་དང་ཿ སེམས་ཅན་རིགས་བྱེད་ཟ་བ་དཔག་མེད་རྩེཿ ཤར་ལྷོར་དུར་རླུང་ལངས་འབྱིན་ཞེས་བྱ་བཿ ཁམ་ནག་གསེབ་ན་སེམས་ཅན་མི་འདྲ་བཿ དཔག་ཏུ་མེད་པ་ལ་ལ་ཤི་བར་གྱུརཿ ལ་ལ་སྐྱེ་ཞིང་ལ་ལ་རྒས་པ་ཡོདཿ ནུབ་ན་དུར་རི་ལྷ་མིན་འབབ་ཅེས་པརཿ དུར་གྱི་སེམས་ཅན་མང་པོ་མི་འདྲ་གནསཿ དབུས་བྲལ་ཡིད་བཞིན་ནོར་བུའི་གཏེར་ཡོད་པཿ བྱང་ན་འདུ་འཆད་མ་ཞེས་ལྷ་མོའི་གཟུགསཿ སེར་མོ་ལུས་ལ་རྒོད་ཀྱི་ཐུལ་པ་གྱོནཿ ལག་པས་བམ་གྱི་ཁོག་སྟོད་ཁོག་སྨད་འདྲ་ལཿ རྒྱབ་ན་མི་མགོ་རློན་པའི་སེ་


PKT001_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

༼༨༥ན༽ལེ་ཁུརཿ ལུག་ནག་ཀེང་རུས་སྒ་ཆ་བྱས་པ་ཞོནཿ ཤར་ན་ཀ་ཅིའི་བདག་མོ་ཞེས་བྱ་བཿ དམར་མོ་མི་རོ་ཞོན་ནས་ཞིང་དབྱུག་འཕྱརཿ ཤིན་ཏུ་འཇིགས་པའི་དུར་ཁྲོད་ཆེན་པོ་དེརཿ མཆོད་རྟེན་རྒྱབ་བརྟེན་ལོ་ལྔའི་བར་དུ་ནིཿ མཁའ་འགྲོ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོརཿ གསང་བའི་མཚན་ནི་ཐོད་འཕྲེང་རྩལ་དུ་གྲགསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ དུར་ཁྲོད་ཆེན་པོ་གསང་ཆེན་རོལ་པར་བཞུགས་པའི་ལེའུ་སྟེ་སོ་བཞི་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

སྤྱན་རས་གཟིགས་ཀྱིས་ལུང་བསྟན་ནས་རྒྱ་ནག་ཡུལ་དུ་བཞུགས་པའི་ལེའུ།


PKT001_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱ་ནག་རི་བོ་རྩེ་ལྔའི་ཤརཿ ཆུ་བོ་སུ་ཏ་སི་རི་ཞེས་བྱའི་འགྲམཿ རི་བོ་དེ་ཤན་རྩེ་ལ་འཇམ་དཔལ་བཞུགསཿ དེ་ཡང་སངས་རྒྱས་ཤཱཀྱ་ཐུབ་པ་ཡིསཿ རྒྱ་གར་ཆོས་ཀྱི་འཁོར་ལོ་བཞི་བསྐོར་ནསཿ རྒྱ་ནག་རྒྱལ་ཁམས་ཆོས་ལ་འཛུད་པར་དགོངསཿ རྒྱ་ནག་ཡུལ་དུ་ཆོས་ཀྱི་འཁོར་ལོ་བསྐོརཿ དགེ་བའི་ཕན་ཡོན་སྡིག་པའི་ཉེས་དམིགས་གསུངསཿ སུ་ཡང་ཉན་མཁན་མེད་ཅིང་སྐུར་པ་འདེབསཿ དོན་དམ་བདེན་པའི་ཆོས་ཀྱིས་མ་ཐུལ་བསཿ ཐུགས་མུག་བྱ་རྒོད་ཕུང་པོའི་རི་ལ་བཞུགསཿ ཀུན་རྫོབ་བདེན་པ་རྩིས་ཀྱིས་འདུལ་བར་དགོངསཿ རྒྱ་ནག་རི་བོ་རྩེ་ལྔ་ཞེས་བྱ་བཿ འོད་ཟེར་ཁ་དོག་རྣམ་པ་ལྔ་ལྡན་པའིཿ རྩེ་ལ་མཆོད་རྟེན་རིགས་ནི་ལྔ་ཡོད་པཿ རྨད་ན་ཛམྦུ་ཏྲི་ཤའི་ཤིང་སྐྱེས་པཿ དེ་ལ་གཙུག་


PKT001_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

༼༨༥བ༽ནས་འོད་ཟེར་སེར་པོ་བསྟིམཿ མཁྱེན་རབ་བདག་པོ་འཕགས་པ་འཇམ་དཔལ་ཞེསཿ ཤིང་ནི་ཛམྦུ་ཏྲི་ཤའི་སྦབ་ལསཿ མི་འགྱུར་གསེར་ལྟར་བརྫུས་ནས་སྐུ་འཁྲུངས་ཏེཿ བསྐྱེད་པའི་ཡབ་མེད་བལྟམས་པའི་ཡུམ་ཡང་མེདཿ འཁོར་བའི་སྐྱོན་གྱི་དྲི་མེས་མ་གོས་པའིཿ གཡས་པའི་ཕྱག་ན་ཤེས་རབ་རལ་གྲི་གདེངསཿ གཡོན་པའི་ཕྱག་ན་པོ་ཏི་ཨུཏྤལ་བསྣམསཿ སྤྱི་བོའི་གཙུག་ན་མཐིང་གི་ཤོག་བུ་ལཿ གསེར་གྱི་རུ་སྦལ་འཇའ་ཚོན་སྣ་ལྔས་བསྐོརཿ ཆུ་བོ་སུ་ཏ་སི་རིའི་གཏིང་དུ་སོང་ཿ དེ་ཡི་ཝུ་བར་རུ་སྦལ་དཀར་པོ་བྱུང་ཿ ཕོ་སྦལ་མོ་སྦལ་གཉིས་ནི་བཤོས་པ་ཡིསཿ དེ་ལས་རུ་སྦལ་རྣམ་པ་ལྔ་བྱུང་སྟེཿ ཤཱཀྱ་ཐུབ་ལྷ་ཡུལ་འོད་ཟེར་དཀར་པོ་སྤྲོསཿ ལྷ་མོ་རྣམ་རྒྱལ་མ་ཞེས་རྒྱན་ལྡན་ཞིགཿ འཕགས་པ་འཇམ་དཔལ་ཉིད་ཀྱི་མདུན་དུ་བྱུང་ཿ འཇམ་དཔལ་སྤྲུལ་པའི་རུ་སྦལ་ཕྱག་མཐིལ་བླངསཿ འདི་ནི་མཧཱ་གསེར་གྱི་རུ་སྦལ་ཏེཿ རུ་སྦལ་རྩ་བ་འདུས་པའི་རྒྱུད་བདུན་གསུངསཿ དེ་ནས་གསོན་རྩིས་ཉི་ཁྲི་ཆིག་སྟོང་བཤདཿ གཤིན་པོའི་རྩིས་ལ་ཉི་ཁྲི་ཆིག་སྟོང་དང་ཿ བག་མའི་རྩིས་ལ་ཉི་ཁྲི་ཆིག་སྟོང་དང་ཿ ས་དཔྱད་རྩིས་ལ་ཉི་ཁྲི་ཆིག་སྟོང་དང་ཿ རྩིས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངསཿ ཛམྦུའི་གླིང་གི་སེམས་ཅན་ཐམས་ཅད་ཀུནཿ འཇིག་རྟེན་ཀུན་རྫོབ་གཙུག་ལག་བཤད་ལ་འདུསཿ ཆོས་ལ་ཉན་མཁན་མེད་


PKT001_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

༼༨༦ན༽པར་ནུབ་ལ་ཐུགཿ འཕགས་པ་འཇམ་དཔལ་ཐུགས་ཀྱི་དགོངས་པ་ལཿ ཐུབ་པའི་དོན་དམ་ཆོས་པ་མི་ཉན་ཟེརཿ ད་ཡིས་ཀུན་རྫོབ་བཤད་པ་ལ་ཡིད་ཆེས་འདུཿ རྩིས་འདི་མ་བསྣུབས་དམ་ཆོས་མི་དར་བསམཿ གཙུག་ལག་སྒོ་མོ་བརྒྱད་ཁྲི་བཞི་སྟོང་རྣམསཿ ཟངས་ཆེན་གའུ་ཁ་སྦྱར་ནང་དུ་བཅུགཿ རི་བོ་རྩེ་ལྔའི་བྱང་ཤར་གཏེར་དུ་སྦསཿ དེ་དུས་ཁམས་གསུམ་སེམས་ཅན་ཐམས་ཅད་ལཿ ཚེ་ཐུང་ནད་མང་ནོར་དབུལ་མི་མི་འཕེལཿ འབྲོག་པ་ཕྱུགས་ཉེས་ཡུལ་པ་ལོ་ཉེས་ཤིང་ཿ མུ་གེ་དམག་འཁྲུག་མི་ནད་ཕྱུགས་ནད་དང་ཿ ཉི་མ་ཤར་ལྷོའི་རི་བོ་དཀར་གསལ་རྩེའིཿ བྱང་ཆུབ་སེམས་སྤྱན་རས་གཟིགས་ཀྱིས་ནིཿ རྒྱལ་བའི་སྲས་པོ་པད་འབྱུང་དྲུང་དུ་འོངསཿ ང་ཡིས་འཁོར་བ་དོང་ནས་ལན་གསུམ་སྤྲུགསཿ གཅིག་ཀྱང་མེད་སྙམ་རི་བོ་ཏ་ལར་བལྟསཿ སྔར་བཞིན་འདུག་ནས་མིག་ནས་མཆི་མ་ཕྱུང་ཿ སྲིན་ལག་བླངས་གཏོར་འགྲོ་དོན་སྨོན་ལམ་བཏབཿ གངས་ཆུང་ཚེ་འཕོས་བདེ་མཆོག་བྱ་བར་སྐྱེསཿ དེ་ལ་བུ་བཞི་གསུམ་གྱི་གོང་མ་ཁྱོདཿ སེམས་ཅན་མི་བདེའི་ཉེས་པ་འདི་དག་རྣམསཿ གཙུག་ལག་གཏེར་དུ་སྦས་པས་ལན་པ་ཡིནཿ ཁྱོད་ཀྱིས་ཚངས་པར་སྤྲུལ་ལ་གཏེར་འདི་ཐོནཿ འགྲོ་ཀུན་འོ་བརྒྱལ་ཉེན་ཕྱིར་ལུང་འདི་བསྟནཿ ཞེས་གསུངས་སླར་ཡང་རི་བོ་ཏ་ལར་བྱོནཿ དེ་ནས་


PKT001_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

༼༨༦བ༽གུ་རུ་པདྨ་འབྱུང་གནས་ཀྱིསཿ ལྷའི་བུ་ཚངས་པ་དགོང་བཞིར་སྤྲུལ་ནས་སུཿ འཕགས་པ་འཇམ་དཔལ་བཞུགས་པའི་དྲུང་དུ་ཕྱིནཿ འཇམ་དཔལ་དཔྱད་འདི་དོན་དམ་བདེན་མིན་ཀྱང་ཿ ཀུན་རྫོབ་བདེན་པས་སེམས་ཅན་ཕན་ཐོགས་འདུགཿ རྩིས་འདི་གཏེར་ནས་བྱུང་ལས་དེ་ལ་ཤོདཿ དུས་དེར་ལྷ་མོ་རྣམ་རྒྱལ་མ་ཡང་བྱུང་ཿ ཀླུ་རྒྱལ་འཇོག་པོ་སྤྲུལ་མགོ་བདུན་པ་བྱུང་ཿ འཕགས་པས་ཞལ་གྱིས་བཞེས་ཏེ་གཏེར་ནས་ཕྱུང་ཿ མཐིང་ཤུན་གུར་ཕུབ་ཤིང་ཏའི་འཁོར་ལོས་དྲངསཿ ཁ་ཕྱི་རྩིས་སྒོ་བརྒྱད་ཁྲི་བཞི་སྟོང་བཤདཿ དང་པོ་སྤང་རྒྱན་ལོ་མ་བཅུ་སྐོར་བཤདཿ རྒྱ་མ་ལས་ཀྱི་སྐོར་མགོ་དྲུག་ཅུ་དང་ཿ སྡོང་པོ་དགུ་འདུས་དཀའ་བ་དགུ་བསྒྲིལ་དང་ཿ རྒྱ་ཡི་ཞིབ་གཤེར་ས་དཔྱད་ཨ་བྱི་ཏེཿ གནམ་ས་རྗེས་གཅོད་འབྱུང་བ་སེལ་གཞིག་དང་ཿ བག་མ་གི་གོང་རྒྱ་མོ་དར་ཚགས་དང་ཿ གཤིན་རྩིས་ཟངས་སྐྱམ་མ་བུ་བཅོ་ལྔ་བཿ བཅོ་བརྒྱད་པ་དང་ཆུང་ངུར་ལ་སོགས་པཿ བཅུ་གསུམ་པ་དང་བལ་མོ་ལྡེམ་སྐོར་དང་ཿ དམིགས་སེལ་རྣམ་བཞི་འབྱུང་བ་ལྔ་བརྩེགས་དང་ཿ འཇམ་ཡིག་མདོ་འགྲིལ་གཞུང་དཔྱད་ལྔ་པ་དང་ཿ དར་རྒུད་འཕྲུལ་གྱི་མེ་ལོང་ལ་སོགས་པཿ གཙུག་ལག་སྡེ་དགུ་གྱི་མ་ཤད་རྣམ་པ་གསུམཿ གབ་རྩེ་ལྔ་བརྩེགས་ལ་སོགས་ཐོག་མར་གསུངསཿ བར་དུ་རྒྱ་ཡི་བསྟན་པ་བཅོ་བརྒྱད་བཤདཿ ཁྲ་བོ་གཟི་མིག་ཏཱི་ཀ་དུ་མ་དམར་ནགཿ བྱ་ར་


PKT001_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

༼༨༧ན༽དགུ་སྐོར་གཅེར་མཐོང་ཕྱི་ནང་དང་ཿ བསམ་ཡས་བྱུང་ཚོར་རྒྱ་རྒྱུད་རིང་ཐུང་བརྩེགསཿ གསེར་གྱི་མེ་ཏོག་དཔལ་འབར་མིའི་འཁྲུངས་དཔེཿ གསེར་དཔེ་བཅུ་གཉིས་གསང་མཛོད་ཆེ་ཆུང་འགྲེལཿ གནམ་ས་བཀོད་པའི་ཕྱག་ཤིང་གཅེས་བསྡུས་ཡིགཿ མན་ངག་ཐུགས་སྒྲོམ་རྣོ་མཉེན་འཕྲུལ་དར་ཚགསཿ སྨེ་བའི་སྡེ་མིག་ཀ་ཁ་རབ་འབྲིང་དང་ཿ རྩེ་འཛིན་བདུན་བརྒྱ་ཉི་ཤུར་བལ་ཡིག་ནིཿ སུམ་བརྒྱ་དྲུག་ཅུ་དང་ནི་བཅོ་བརྒྱད་གསུངསཿ གསུམ་པ་ཕྱི་རྒྱུད་ནང་རྒྱུད་གསང་རྒྱུད་གསུམཿ ཡང་གསང་ཐུགས་རྒྱུད་སྡེ་རུ་ལོངས་པའི་རྒྱུདཿ སྡེ་རུ་ལོངས་པ་འཇིག་རྟེན་གཙུག་ལག་རྒྱུདཿ མཁའ་འགྲོ་གཙུག་ལག་རྡོ་རྗེ་གཙུག་ལག་རྒྱུདཿ སྡོང་པོ་དགུ་འདུས་སྣང་གསལ་སྒྲོན་མེའི་རྒྱུདཿ ཞིབ་གཤེར་ནག་པོ་ཀ་བ་ནག་རྒྱུད་བདུནཿ ཕྱི་རྒྱུད་ཁྲ་བོ་རྒྱ་ཆེར་འགྲེལ་བའི་རྒྱུདཿ དར་རྒུད་སྙིང་རྒྱུད་འབྲུལ་གྱི་དམིགས་ཚགས་དང་ཿ བར་རྒྱུད་གསེར་མིག་གསལ་བ་རྒྱུད་ཕྱིའོཿ དར་རྒུད་གསལ་བའི་རྒྱུད་དང་འཁྲུགས་ཡིག་རྒྱུདཿ ནང་གི་སྤར་ཁ་སྨེ་བའི་རྒྱུད་ལ་ནིཿ སྤར་ཁ་དག་ལ་རྒྱུད་ནི་སྡེ་བརྒྱད་དོཿ སྤར་ཁ་འཁྲུགས་ཡིག་རྩ་བའི་རྒྱུད་དང་ནིཿ སྤར་ཁ་འཇམ་ཡིག་མདོ་འགྲེལ་གསེར་འགྲེལ་རྒྱུདཿ སྤར་ཁ་གསར་ཐིག་གསེར་གྱི་ཉེ་ཆུང་རྒྱུདཿ གསེར་གྱི་ཕྱེ་ལེབ་སྡོམ་ཚིག་འཁོར་ལོའི་རྒྱུདཿ སྤར་ཁ་ས་རིས་ཆེན་མོའི་རྒྱུད་རྣམས་སོཿ སྨེ་བ་འདི་ལ་རྒྱུད་སྔ་ལྔ་རུ་ཡོདཿ སྨེ་བ་


PKT001_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

༼༨༧བ༽དགུ་གླིང་གསང་བའི་རྒྱུད་དང་ནིཿ ཧ་ལོ་འབར་རྒྱུད་རྒྱ་ཆེར་འགྲེལ་བའི་རྒྱུདཿ ཟ་འོག་གུར་རྒྱུད་དམར་ནག་འཁྲུག་རྒྱུད་དོཿ སྨེ་སྒོ་ནུབ་བསྟན་ཕོ་དྲུག་གནམ་དུ་འགྲོཿ མོ་དྲུག་སར་འགྲོ་དབུས་ནས་ལྷོ་ནུབ་ལུགཿ སྦྲུལ་དང་ཁྱི་སྟག་བྱ་འབྲུག་བྱི་བ་གླང་ཿ རང་ཐོག་ཕོ་དྲུག་གཡས་ལ་མོ་དྲུག་གཡོནཿ ཡང་གསང་ཐུགས་ལ་ཐེབས་ཟློག་ནག་པོའི་རྒྱུདཿ མངའ་མཚོན་རླུང་རྒྱུད་གྱི་མ་ཤོང་ལྟོ་ཡི་རྒྱུདཿ གའུ་དམར་ནག་ས་ལུང་ཁུག་པའི་རྒྱུདཿ སྙིང་གཟེར་སྲོག་ཏི་ནག་པོའི་རྒྱུད་དང་ནིཿ སྲིད་པའི་ལྟོ་རྒྱུད་ཆེ་འབྲིང་ཆུང་གསུམ་མོཿ གབ་རྩེ་རྣམ་བརྒྱད་ཕྱི་ཡི་བསྐོར་མགོ་དྲུགཿ སྤར་ཁ་སྨེ་བ་དར་རྒུད་རྣམ་པ་གསུམཿ ལོ་དང་ཟླ་བ་གཟའ་དང་སྐར་མ་གསུམཿ ནང་གི་བསྐོར་མགོ་རྣམ་པ་དྲུག་དག་ལཿ ལུས་སྲོག་དབང་ཐང་རླུང་རྟ་བླ་ཁམས་དྲུགཿ གསང་བའི་བསྐོར་མགོ་རྣམ་པ་དྲུག་ཡིན་ཏེཿ སྐྱེས་རླུང་སྤར་སྨེ་ཕྱི་ཡི་ལོག་མེན་གསུམཿ དགུ་མིག་དུར་མིག་སྐག་དང་རྣམ་པ་གསུམཿ བཞི་པ་གཙུག་ལག་དཔྱད་དུ་གསུངས་པ་ནིཿ སྣང་གསལ་སྒྲོན་མ་ལྷ་ལ་གདམས་པའི་རྒྱུདཿ གསང་འགྲེལ་མཧཱ་ནག་པོ་རྩ་བའི་རྒྱུདཿ རུས་སྦལ་ཁྭ་བོ་མདོག་གཅོད་ཀླུང་གི་ནིཿ ར་རུ་བསྲེ་རུ་ལྕགས་བཞི་མེ་བརྒྱད་དང་ཿ སྤར་ཁའི་གཞུང་དཔྱད་ཆེ་ཆུང་གཟའ་རྒྱུད་གཉིསཿ གཟའ་བཞི་མས་ཀླུང་གོང་ཕུར་ལྡེ་མིག་དང་ཿ དགུ་མིག་དུར་མིག་སྤར་གྱི་འབུམ་ནག་དང་ཿ ལྟོ་བཞི་


PKT001_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

༼༨༨ན༽གསེར་འགྲེབ་གརྦ་ཉི་དགུ་ཞུར་དང་ཿ སྤར་ཁ་བསྟན་རྒྱུད་སྤྲ་རྟགས་གསེར་ལས་བཅུཿ བསམ་ཀ་བྱི་ལྟ་བསམ་ཀ་དགུ་སུམ་འགྱུརཿ སྐྱེ་གནས་གསུམ་པ་མངལ་ཕུགས་ས་དཔྱད་རྒྱུདཿ དེ་བས་ཆེན་དེ་བས་ཆུང་རྒྱ་ཡི་ནང་དཔྱད་ཆེཿ འབྱུང་ཆེན་འབྱུང་ཆུང་བསྐོར་ཡིག་སྨད་ལྔ་བཅུཿ ཁྲོམ་རྩིས་ཆེན་མོ་ལེའུ་བརྒྱད་ཅུ་པཿ ལྟོ་སྒྲོམ་འབུམ་ཏིག་འབྲུག་རྩིས་གསལ་བཀྲ་གཉིསཿ འབྱུང་བ་སྣང་གི་མེ་ལོང་རྒྱའི་དཔུངས་ལྟོཿ ངས་ཆད་ནག་པོ་ཟླ་གསང་སྟག་ཤམ་ནགཿ ས་དཔྱད་རིན་ཆེན་འཕྲེང་བ་དཔྱད་སྤྱང་ཀིཿ འཇིག་པའི་ལྕེ་མདུང་ཆེན་པོ་བཅུ་གསུམ་དང་ཿ ཟངས་སྐྱམ་རྡེའུ་ནག་སྲིད་པའི་དུར་སྒྲོམ་དང་ཿ ཟངས་སྐྱམ་གྱི་འགྲོས་ཟངས་སྐྱམ་མེ་ལོང་ལྔཿ ཟངས་སྐྱམ་ཞུ་རུ་ཟངས་སྐྱམ་པདྨ་དང་ཿ དཔྱད་ཀྱི་ཁོག་པ་ཆེན་མོ་ལ་སོགས་པཿ གབ་རྩེ་སུམ་བརྒྱ་དང་ནི་དྲུག་ཅུ་བཤདཿ མཚན་ནི་ཚངས་པ་གདོང་བཞི་པ་རུ་གྲགསཿ གཙུག་ལག་ཚངས་པའི་སྤྱི་རྒྱུད་བཞི་ཡང་མཛདཿ ཤར་གདོང་དཀར་པོས་གསོན་རྩིས་ལེགས་བཤད་མཛདཿ བྱང་གདོང་ནག་པོས་གཤིན་རྩིས་ཟངས་སྐྱམ་མཛདཿ ནུབ་གདོང་དམར་པོས་བག་རྩིས་བཀྲ་བཞི་མཛདཿ ལྷོ་གདོང་སེར་པོས་ས་དཔྱད་རིན་སྤུངས་མཛདཿ གདོང་བཞི་གཅིག་དྲིལ་ཚངས་པ་བཞི་འདུས་མཛདཿ སྤྱི་དྲིལ་རྩིས་འདུས་མ་རིག་མུན་སེལ་མཛདཿ སྒོས་བཅེས་པན་ཐབས་ནམ་མཁའ་མཛོད་བརྙེས་མཛདཿ


PKT001_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

༼༨༨བ༽བྱེ་བྲག་དམག་ལྟོ་ཁྲོམ་རྩིས་གྱི་མ་ཤང་མཛདཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ སྤྱན་རས་གཟིགས་ཀྱིས་ལུང་བསྟན་ནས་རྒྱ་ནག་ཡུལ་དུ་བཞུགས་པའི་ལེའུ་སྟེ་སོ་ལྔ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

སངས་རྒྱས་བསྟན་པ་སྲུང་ཐབས་མཛད་པའི་ལེའུ།


PKT001_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱ་གར་ཡུལ་གྱི་ཕར་མཐའ་ནཿ རྒྱ་ནག་ཆེན་པོའི་ཡུལ་གྱི་ཚུར་མཐའ་ནཿ བཤན་པའི་གྲོང་ཁྱེར་སྡིག་ཅན་བྱ་བ་ཡོདཿ དེ་དག་མཐུན་པས་མཐུན་པ་གདུལ་བའི་ཕྱིརཿ རིགས་ངན་ཁྱིམ་པ་གཉིས་ཀྱི་བུ་རུ་སྤྲུལཿ གདལ་པ་ལག་ངན་ཀ་ཏི་ཞེས་བྱ་བསཿ འཇག་མའི་སྤྱིལ་པོ་ཞིག་ནི་ཕུག་ནས་སུཿ མི་རྣམས་ཐམས་ཅད་དད་པ་ལྡོག་པའི་ཕྱིརཿ རི་དགས་སེམས་ཅན་ཐམས་ཅད་བསད་ཅིང་ཟོསཿ དེས་ཀྱང་མ་ཚིམ་རང་ཤ་བཅད་ནས་ཟོསཿ དེར་མི་རྣམས་མང་དུ་དཔྱས་པ་ཡིསཿ བྲག་ཕུག་ས་མེན་ཀུ་ཏ་ལ་རུ་བྲོསཿ བཤན་པའི་གྲོགས་པོ་གཏུམ་པོ་ལོག་སྤྱོད་ལཿ སྤྲུལ་པའི་ལག་ཆ་སྣ་ཚོགས་བྱིན་ནས་སུཿ ཁྱོད་དང་ང་ནི་ལས་ཀ་མཐུན་ནོ་ཟེརཿ རིགས་ངན་རྔོན་པའི་ལས་ཀ་གྱིས་ཤིག་སྨྲསཿ རང་གི་འོད་མའི་མདའ་གཞུ་རྒྱ་ཀུན་བྱིནཿ གསོད་སྤྱོད་ལས་ཀྱིས་ང་ཡིས་གནས་སུ་དྲང་ཿ ང་ཡིས་ངན་སོང་གསུམ་གྱི་སྒོ་བཅད་གསུངསཿ སེམས་ཅན་བསམ་བློ་མི་གཅིག་ཐ་དད་པསཿ རང་ཉིད་མནོ་བཞིན་དུ་གཞན་མི་མནོཿ མི་ལུས་ལས་ངན་ཁ་དྲག་པོ་རྣམས་ཀུནཿ ཉོན་མོངས་ནང་ཁད་ཁོང་ཁྲོའི་རང་བཞིན་ཚེཿ རྣམ་རྟོག་འཕྲོ་


PKT001_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

༼༨༩ན༽འགྱུར་མང་ཞིང་ཁ་ལག་རྩུབཿ དམུ་རྒོད་བསམ་པ་ལས་སུ་མ་རུང་རྣམསཿ ཆོས་སྤོང་ལ་སོགས་བསྟན་པའི་སེལ་བྱེད་པསཿ དེ་དག་བསྒྲལ་ཕྱིར་མཐུ་དང་ང་ན་སྔགས་དགོསཿ དེ་ཕྱིར་ངན་སྔགས་ཆོས་ཤིག་བཙལ་དགོས་བསམཿ འཇིག་རྟེན་ཞིང་ཁམས་དུར་ཁྲོད་ཆེན་པོའི་གླིང་ཿ ཡུལ་ཕྱོགས་ཕུང་ལུང་ནག་པོའི་དུར་ཁྲོད་ཕྱིནཿ མུ་སྟེགས་ཁ་ལ་མེ་འབར་སྒོ་དྲུང་དུཿ འཚུབ་མ་ནག་པོ་ཞིག་གི་དཀྱིལ་ནང་ནཿ མེ་དམར་བྱ་ཕོ་ཙམ་ཞིག་མ་ཤི་བརཿ འཇིག་རྟེན་དྲེགས་པ་ཕོ་མོ་ཐམས་ཅད་བསྐོརཿ སོད་ཅིག་རྡུངས་ཤིག་ཆོད་ཅིག་ཁྲིད་ལ་ཤོགཿ སྔགས་པས་བརྗོད་པ་ཙམ་གྱིས་ལས་བྱེད་དེཿ ཟས་སུ་དམར་གཏོར་ཟ་ཞིང་མཚན་མོ་རྒྱུཿ བསྟན་པའི་རཱུ་ཏྲ་ཕོ་མོ་མང་པོ་ནིཿ ལ་ལས་འཁྲིད་ཅིང་ལ་ལ་ཕྱི་ནས་འཕུལཿ ལ་ལས་སྙིང་འདོན་ལ་ལས་མིག་སྒྱིད་གཅོདཿ ལ་ལས་ཀླུས་ཟོས་ལ་ལ་ནད་ཡམས་བརྒྱབཿ ལ་ལ་དུ་འབྲད་ལ་ལ་དུར་ཤིང་བྱེདཿ ལ་ལ་དམག་འཁྲུག་ལ་ལ་མུ་གེ་བྱུང་ཿ ལ་ལ་སད་བྱུང་ལ་ལ་སེར་བས་བརྡུངསཿ ལ་ལ་ཡུལ་དོན་ལ་ལ་ཞིང་ཁང་སྟོངསཿ ལ་ལ་སྨྱོ་འབོག་ལ་ལ་ཁ་སྐུགས་པཿ ལ་ལ་བརྒྱ་ལ་འཇིགས་ལ་ལ་མེ་ཡིས་འཇིགསཿ ལ་ལ་ཆུས་འཇིགས་ལ་ལ་དུག་སྦྲུལ་འཇིགསཿ ལ་ལ་དུག་འཇིགས་ལ་ལ་ནམ་མཁས་འཇིགསཿ ལ་ལ་དགྲས་འཇིགས་ལ་ལ་ལོ་ལོག་འཇིགསཿ ལ་ལ་གཅན་གཟན་ལ་ལ་རང་


PKT001_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

༼༨༩བ༽ལྟེབ་པཿ ལེགས་བྱས་ཉེས་བྱས་རྣམ་སྨིན་ལ་ཡོགས་བསྐྱེདཿ སྔགས་པ་ཇེ་ལེགས་ཇེ་ལེགས་ཇེ་བཟང་འགྲོཿ བསྟན་པའི་དགྲ་དེ་ཅི་སྙད་ཅི་ལ་བརྟགསཿ ཇེ་དམའ་ཇེ་དམའ་ཇེ་ཞན་ཇེ་ཞན་འགྲོཿ མི་ནོར་ཟས་གསུམ་བྱ་རུ་མི་བཏུབ་པའིཿ རབ་ཏུ་འཇིགས་པའི་སྒྲུབ་ཁང་དེ་ཉིད་དུཿ ལྷ་དང་ཀླུ་དང་གཟའ་དང་རྒྱལ་པོ་དང་ཿ བདུད་དང་བཙན་དང་དམུ་དང་ཐེའུ་རང་དང་ཿ གྲུལ་བུམ་ཀླུ་དབང་གནོད་སྦྱིན་དྲི་ཟ་དང་ཿ བྲམ་ཟེ་མུ་སྟེགས་མོན་པ་སོག་པོ་དང་ཿ མེ་ཉག་ཧོར་དང་མཐའ་མི་ཨཱ་ཙ་རཿ མགོན་པོ་མ་མོ་མེ་ལྷ་ལྷ་མ་ཡིནཿ ཕྱི་དང་ནང་དང་གསང་བའི་ལྷ་མ་སྲིནཿ སྡེ་ཚན་བརྒྱད་བརྒྱད་རང་རང་སྲོག་སྙིང་ཕུལཿ དེ་དུས་བདག་འདྲ་རྡོ་རྗེ་དྲག་པོ་རྩལཿ བསྟན་པའི་ཆོས་སྐྱོང་དགྲ་ལ་རྦད་པའི་ཐབསཿ སྲིད་པའི་མ་མོ་ལས་ལེ་བཏང་བའི་ཐབསཿ ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ་བའི་ཐབསཿ ཤིས་ལ་ཚན་ཆེ་རྣོ་མྱུར་ཐོག་དང་འདྲཿ སྲོག་སྙིང་བསྒྲངས་པས་སྲིད་པ་སླར་ལོག་འགྱུརཿ མི་སྲིད་སྲིད་པ་ཅི་ཡང་སྲིད་པ་ཡིཿ ངན་སྔགས་རྣམ་གྲངས་མང་པོ་ཡི་གེར་བཏབཿ མཐུ་གཏད་སེར་གསུམ་སེལ་འབྱེད་མནན་གསུམ་བསྡུསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ སངས་རྒྱས་བསྟན་པ་སྲུང་ཐབས་མཛད་པའི་ལེའུ་སྟེ་སོ་དྲུག་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

གདུལ་བྱའི་ཞིང་ཁམས་གཟིགས་པའི་ལེའུ།


PKT001_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བྱ་རྒོད་ཕུང་པོའི་རི་ལ་


PKT001_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

༼༩༠ན༽བཞུགསཿ བདག་གིས་གདུལ་ཞིང་གང་ན་འདུག་གཟིགས་པསཿ མེ་ལོང་གཅིག་ནང་ཉི་མ་གཅིག་ཤར་ལྟརཿ ནུབ་པ་མེད་པ་ཡིད་བཞིན་ནོར་བུའི་ཚུལཿ ཐོས་པ་ལས་བྱུང་ཤེས་རབ་རྒྱུད་ལ་འབྱོངསཿ འགྲོ་བ་འདྲེན་པའི་ཆོས་འཆད་ཉམ་མི་ང་ཿ བསམ་པ་ལས་བྱུང་ཤེས་རབ་རྒྱུད་ལ་འབྱོངསཿ ཕྱི་རོལ་རྩོད་པའི་གྲུབ་མཐའ་ཉམ་མི་ང་ཿ སྒོམ་པ་ལས་བྱུང་ཤེས་རབ་བརྒྱུད་ལ་འབྱོངསཿ སེམས་ཀྱི་མཐར་ཐུག་ལྟ་བ་ཉ་མ་མི་ང་ཿ ང་ནི་མིང་གི་སངས་རྒྱས་མ་ཡིན་ཏེཿ དགེ་སྦྱོང་འབྲས་བུ་བཞི་ཐོབ་སངས་རྒྱས་ཡིནཿ ཆོས་སྨྲས་གོ་འདྲེད་ཁྱེར་བའི་འཁོར་མི་བསྟེནཿ གདམས་ངག་སྣོད་བརྙིངས་ཁྱེར་ལ་ཆོས་མི་འཆདཿ དད་པ་སྣུམ་དྲེད་ཁྱེར་བའི་ཁྱུར་མི་བསྡདཿ དམ་ཚིག་ཆོད་ཡོད་བྱེད་པའི་གྲོགས་མི་འགྲོགསཿ དེ་ལྟར་དགོངས་ནས་ཡེ་ཤེས་སྤྱན་གྱིས་གཟིགསཿ སེམས་ཅན་ཐམས་ཅད་མ་རིག་ལས་ཀྱིས་བསྒྲིབསཿ ཉེ་ཡང་མ་མཐོང་རང་སེམས་ངོ་མ་ཤེསཿ བཤད་ཀྱང་མ་ཐོས་མུན་ཕྲག་རྒྱང་ཐག་རིང་ཿ བདེ་བ་བསྒྲུབས་པས་སྡུག་བསྔལ་འཁོར་བ་འགྲུབཿ གཅིག་ཀྱང་གདུལ་བྱའི་ཞིང་དུ་མི་འདུག་ནསཿ ཨུ་རྒྱན་ཡུལ་གྱི་དྲི་མེད་མདངས་ལྡན་དུཿ མཁའ་འགྲོ་མ་ལ་ཆོས་བཤད་དོན་འགྱུར་དགོངསཿ ཆར་ཆད་ཉི་སྤྲིན་འཇའ་ཚོན་ཤར་བ་ལྟརཿ སྐད་ཅིག་ཉིད་ལ་དྷ་ན་ཀོ་ཤར་བྱོནཿ གསང་སྔགས་མཁའ་འགྲོ་མ་ཡི་བརྡ་སྐད་གསུངསཿ རྒྱ་མཚོའི་གླིང་གི་མཁའ་


PKT001_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

༼༩༠བ༽འགྲོ་མ་བཞི་འདུསཿ རྡོ་རྗེ་ཕག་མོ་ལུས་དང་གྲིབ་བཞིན་འཁོརཿ རྒྱ་མཚོའི་ཀླུ་དང་བར་སྣང་གཟའ་སྐར་འདུསཿ ཆོས་བཤད་དམ་བསྲེས་བྲན་དུ་ཁས་བླངས་བྱུང་ཿ བྱ་བྱེད་སྤྱོད་པ་འཇིག་རྟེན་པ་ལས་ལོགཿ ཡེ་ཤེས་སྤྱན་གྱིས་གདུལ་བྱ་གང་འདུག་གཟིགསཿ ཟ་ཧོར་རྒྱལ་ཁམས་ཐམས་ཅད་གདུལ་བྱར་མཁྱེནཿ དེ་ཡང་ཨུ་རྒྱན་ཡུལ་གྱི་བྱང་ཤར་མཚམསཿ ཟ་ཧོར་ཡུལ་གྱི་གྲོང་ཁྱེར་ཆེན་པོའི་དབུསཿ ཕོ་བྲང་རཏྣ་པུ་རི་བྱ་བ་ནཿ ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་ཞེས་པཿ བཙུན་མོ་སུམ་བརྒྱ་དང་ནི་དྲུག་ཅུས་བསྐོརཿ ཕྱི་བློན་ནང་བློན་བདུན་བརྒྱ་ཉི་ཤུར་བཅསཿ ཟ་ཧོར་རྒྱལ་ཁམས་ཡོངས་ལ་དབང་བསྒྱུར་བའིཿ རྒྱལ་པོ་དེ་ཉིད་གདུལ་བྱའི་ཞིང་དུ་གཟིགསཿ རེ་ཞིག་དུས་ན་བཙུན་མོ་ཧའུ་ཀིསཿ ཉི་མ་བརྒྱད་ནི་དུས་གཅིག་ཤར་བ་ཡིསཿ ཟ་ཧོར་ཡུལ་ཁམས་བཞོབ་ཏུ་སོང་བ་དང་ཿ མགོ་ལ་གཡུ་ཡི་མཆོད་རྟེན་སྐྱེས་པ་རྨིསཿ རྨི་ལམ་རྒྱལ་པོའི་སྙན་དུ་གསོལ་བ་ཡིསཿ རྟོག་བཟོས་ནས་རིམ་གྲོ་ཆེན་པོ་བྱསཿ རྨི་ལམ་རྨིས་པའི་བཙུན་མོ་རྒན་པ་ལཿ ལུས་པོ་མ་བདེ་བུ་སྐྱེའི་ལྟས་ལེགས་བྱུང་ཿ ལུས་ནི་ཡང་ཞིང་གོམ་པ་འདེགས་འཇོག་མགྱོགསཿ ལྷ་ཡི་བུ་དང་བུ་མོ་མང་པོ་ཡིསཿ སྐོར་བ་བྱེད་ཅིང་བཀུར་སྟི་མཆོད་པ་བྱེདཿ རང་བཞིན་ཉམས་དགའ་ཤེས་པ་མི་འཚུབ་ཅིང་ཿ མདངས་ནི་ཡལ་ལས་བྱིན་ནི་ཐིབས་ཐིབས་བྱེདཿ བག་དྲོ་འུར་འུར་ལུས་བདེ་ཆམ་ཆམ་བྱེདཿ


PKT001_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

༼༩༡ན༽རྒྱལ་པོའི་སྙན་དུ་དེ་ལྟའི་ལྟས་བྱུང་སྨྲསཿ རྒྱལ་པོ་དགྱེས་ཏེ་རྒྱལ་བུ་ཡོད་པའི་རྟགསཿ བཙུན་མོར་བཀུར་སྟི་རིམ་གྲོ་ཆེ་བར་བྱེདཿ རྒྱལ་བུ་སྐྱེ་རེ་བུ་མོ་སྐྱེས་པར་འགྱུརཿ རྒྱལ་པོ་ཐུགས་གཙིས་ཆུང་སྟེ་ཁྲམ་མ་གསུང་ཿ བཙུན་མོ་ཡི་མུག་རྨི་ལྟས་དེ་འདྲ་བརཿ བུ་ནི་ཅི་ཕྱིར་མི་སྐྱེ་སྙམ་ནས་སུཿ བྲམ་ཟེ་མཚན་མཁན་བོས་ནས་ནི་གུ་བསྟནཿ འདི་དེ་ལུས་ལ་ཡོད་པའི་རྨི་ལྟས་སྨྲསཿ བྲམ་ཟེས་བུ་མོ་དྲི་བཟང་ཆུ་ཡིས་བཀྲུསཿ ཉི་གྲིབ་མཚམས་སུ་ཕྱིང་དཀར་བཏིང་བའི་སྟེང་ཿ བུ་མོ་བཞག་ནས་མཚན་བརྟག་བྱས་པ་ཡིསཿ བྲམ་ཟེ་རང་དབང་མེད་པར་མཆི་མ་ཟགསཿ བཙུན་མོ་ནི་གུ་གཉིས་ལ་ཕྱག་འཚལ་ཏེཿ བཙུན་མོ་ཧད་ནས་བྲམ་ཟེར་འདི་སྐད་གསུངསཿ བུ་མོའི་མཚན་རྟགས་ངན་པ་མ་ཡིན་ནམཿ གང་ལྟར་འདུག་པ་བརྫུན་མེད་དྲང་པོར་སྨྲོསཿ བྲམ་ཟེས་མཚན་རྟགས་མི་ངན་ཤིན་ཏུ་བཟང་ཿ མཚན་བཟང་སུམ་ཅུ་རྩ་གཉིས་དཔེ་བྱད་བརྒྱནཿ མཛེས་ཤིང་ལྟ་བས་ཆོག་མི་ཤེས་པ་འདིཿ མི་ཡི་བུ་མིན་ལྷ་ཡི་སྲས་མོ་སྟེཿ ཡེ་ཤེས་མཁའ་འགྲོ་མ་ནི་མི་ཡུལ་བྱོནཿ འདི་ལ་ཁྱིམ་པའི་བདག་དེ་སུ་ཡིན་པཿ འཁོར་ལོ་བསྒྱུར་བའི་རྒྱལ་པོ་སྨོས་ཅི་དགོསཿ འདི་ནི་ཁྱིམ་མེད་རབ་ཏུ་བྱུང་བ་ནཿ ཚེ་ལུས་གཅིག་གིས་ཟ་ཧོར་ཡུལ་ཁམས་འདྲནཿ འདི་འདྲའི་མཚན་མཆོག་སུ་ལའང་ཡོད་མིན་གསུང་ཿ མིང་ཡང་ལྷ་ལྕམ་མནྡཱ་ར་བར་


PKT001_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

༼༩༡བ༽བཏགསཿ གཞན་མའི་ལོ་སྐྱེད་ལས་ཀྱང་ཟླ་སྐྱེད་ཆེཿ དེ་བཞིན་ཟླ་སྐྱེད་བས་ཀྱང་ཞག་སྐྱེད་ཆེཿ ལྷ་ལྕམ་དགུང་ལོ་བཅུ་གསུམ་ལོན་པའི་དུསཿ ཕྱོགས་བཞི་མཚམས་བརྒྱད་ཡེ་ཤེས་མཁའ་འགྲོར་གྲགསཿ ལྷ་ལྕམ་ཉིད་ལ་ལྟ་མི་མང་དུ་འདུསཿ དགའ་མཐུན་འཁོར་བའི་སྣང་ཅན་སེམས་ཡིད་ཕྲོགསཿ ལེགས་པའི་གཟུགས་ནི་ཤིན་ཏུ་རྙེད་དཀའ་བའིཿ བུ་མོའི་དངོས་པོ་དེ་ལ་ཐོབ་ཤ་བྱེདཿ རྒྱ་གར་རྒྱལ་པོས་བུ་མོའི་རིན་དུ་ནིཿ རྟ་མཆོག་རིན་ཆེན་གསེར་གྱི་དང་རྩེ་བྱིནཿ རྒྱ་ནག་རྒྱལ་པོས་རྫ་རྟ་དར་ཟབ་བཀལཿ གྱད་ཀྱི་མི་བརྒྱ་རྟ་བརྒྱ་རིན་ལ་བྱིནཿ བྷངྒ་ལ་ཡི་རྒྱལ་པོས་གླང་པོ་ཆེཿ ནོར་གྱི་རིགས་བྱེད་བཀལ་བ་སུམ་བརྒྱ་བྱིནཿ བཻདྡྷའི་རྒྱལ་པོས་སེང་གེ་དཀར་མོ་ཞིགཿ ཡིད་བཞིན་ནོར་བུས་བརྒྱན་ནས་རིན་ལ་བྱིནཿ ཨུ་རྒྱན་རྒྱལ་པོས་རཏྣ་མང་དུ་བསྐྱལཿ ཁ་ཆེའི་རྒྱལ་པོས་སྨན་དོས་མང་དུ་བསྐྱལཿ ལི་ཡི་རྒྱལ་པོས་དོང་རྩེ་མང་དུ་བསྐྱལཿ ཏ་ཟིག་རྒྱལ་པོས་ཤམ་ར་མང་དུ་བསྐྱལཿ གེ་སར་རྒྱལ་པོས་གོ་མཚོན་མང་པོ་བསྐྱལཿ ཞང་ཞུང་རྒྱལ་པོས་རྐང་འགྲོས་མང་དུ་བསྐྱལཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ གདུལ་བྱའི་ཞིང་ཁམས་གཟིགས་པའི་ལེའུ་སྟེ་སོ་བདུན་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

ལྷ་ལྕམ་མནྡ་ར་བས་བྲམ་ཟེའི་སྐུ་ཤ་རྙེད་པའི་ལེའུ།


PKT001_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཟ་ཧོར་རྒྱལ་པོ་གཙུག་ལག་འཛིནཿ ཐུགས་ནི་ཤིན་ཏུ་མ་བདེ་གཉིད་ཡར་ཏེཿ


PKT001_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

༼༩༢ན༽བུ་མོ་འདི་ཡི་དགྲ་མང་ཚོལ་བར་འདུགཿ རྒྱལ་པོ་གཅིག་ལ་བྱིན་ན་གཞན་མི་དགའཿ ཡང་ན་བུ་མོ་འདི་འདྲ་བཅུ་ཡོད་ནཿ རེ་རེ་བྱིན་པས་དེ་ཡིས་ཁྱབ་མོད་སྟམཿ ཡང་ན་འདི་ཡང་མེད་ན་དེས་ཆོག་པསཿ ད་ནི་ཇི་ལྟར་བྱ་སྙམ་ནང་བློན་བཅུརཿ བཀའ་བགྲོས་ཞིབ་ཏུ་བྱས་པའི་གྲོས་འཆམ་ལཿ བུ་མོ་རང་ལ་དྲིས་ནས་གང་མོས་གཏོདཿ གྲོས་ཐག་ཆད་ནས་ལྷ་ལྕམ་མདུན་དུ་བོསཿ རྒྱལ་པོས་ཁྱོད་རང་གར་འགྲོ་འདོམས་ཤིག་གསུངསཿ གང་ལ་དགའ་བ་དེ་ལ་སྟེར་བ་ཡིནཿ ལྷ་ལྕམ་དེ་མ་ཐག་ཏུ་མཆི་མས་བརྣངསཿ མང་དུ་ངུ་ཞིང་གང་ལའང་མི་འགྲོ་གསུང་ཿ ཡབ་ཀྱིས་མི་འགྲོ་བྱས་པས་ག་ལ་ཕནཿ འདོད་མིས་སྒོ་ཕྱི་ཐམས་ཅད་འགགས་འདུག་པཿ ཞག་གསུམ་བར་དུ་ཁྱོད་རང་བསམ་མནོ་ཐོངསཿ དེ་ནས་ང་ལ་ལན་དེ་ཁྱེར་ཤོག་གསུངསཿ ལྷ་ལྕམ་འགོལ་བའི་ཕོ་བྲང་རྩེ་མོར་ཕྱིནཿ གཡོག་མོ་གསུམ་དང་ལྷན་ཅིག་འདུག་པར་བྱསཿ ཉིན་དང་མཚན་དུ་གཞིགས་ཤིང་བསམས་པ་ཡིསཿ རྟེན་ཉམས་ངན་སོང་གསུམ་དུ་མ་སྐྱེས་ཤིང་ཿ རྟེན་མ་ཉམས་ཀྱང་སྐྱེ་བ་བུད་མེད་ལུསཿ ཕྱེད་མི་ཡིན་ཀྱང་བྱང་ཆུབ་བསྒྲུབ་དུ་ཡོདཿ གླིང་ཉམས་གླིང་ཆེན་གླིང་ཆུང་མ་སྐྱེས་ཤིང་ཿ གླིང་ནི་མ་ཉམས་འཛམ་བུའི་གླིང་དུ་སྐྱེསཿ གནས་ཉམས་མོན་དང་ཀླ་ཀློར་མ་སྐྱེས་ཤིང་ཿ གནས་ནི་མ་ཉམས་ཟ་ཧོར་ཡུལ་དུ་སྐྱེསཿ དབང་པོ་ཉམས་པ་སྐྱོན་ཅན་མ་


PKT001_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

༼༩༢བ༽སྐྱེས་ཤིང་ཿ དབང་པོ་མ་ཉམས་སྐྱོན་མེད་བཀྲ་བར་སྐྱེསཿ སེམས་ཉམས་གདོན་དབང་སོང་དུ་མ་སྐྱེས་ཤིང་ཿ ཤེས་པ་མ་ཉམས་རང་དབང་ཐོབ་པར་སྐྱེསཿ ལས་ཉམས་སྡིག་སྤྱོད་ལས་སུ་མ་སྐྱེས་ཤིང་ཿ ལས་མ་ཉམས་པ་ཆོས་ལ་མོས་པར་སྐྱེསཿ རིགས་ཉམས་རིགས་ངན་བུ་མོར་མ་སྐྱེས་ཤིང་ཿ རིགས་མ་ཉམས་པར་རྒྱལ་པོའི་བུ་མོར་སྐྱེསཿ ད་ལྟ་ང་ཉིད་བུད་མེད་ལུས་གྱུར་ཀྱང་ཿ རིགས་བཟང་འབྲས་ལེགས་ལོངས་སྤྱོད་ཆེ་བ་དང་ཿ རྒྱལ་པོ་རྣམས་ཀྱིས་ཧབ་ཤ་བྱེད་པ་ཀུནཿ ཚེ་རབས་སྔ་མ་དམ་ཆོས་བྱས་ལས་བྱུང་ཿ ད་རེས་འདི་ལ་ཆོས་ཤིག་མ་བྱས་ནཿ ཕྱི་མ་ཅི་འདྲའི་ལུས་ལེན་མི་ཤེས་ཤིང་ཿ ཚེས་དང་ཕྲད་པའང་ཤིན་ཏུ་དཀར་འོ་སྙམཿ ལས་མཐའ་ལོག་པར་འཇུག་པའི་བྱ་བ་སྤངསཿ ལས་མཐའ་མ་ལོག་དམ་ཆོས་མཐར་ཕྱིན་བྱཿ མ་བྱུང་ལྷ་ལྕམ་འདུན་མཉེས་སོ་སྙམཿ སྡུག་བསྔལ་ཕུན་སུམ་ཚོགས་པའི་དབུས་ཉིད་དུཿ སྡིག་པ་སྒོས་ཁུར་བྱས་ནས་སྡོད་དགོས་ཏེཿ བཞག་པར་འདོད་ཀྱང་དབང་མེད་འདུན་མ་ཐལཿ བདག་པོ་ཇི་ལྟར་ཡོན་ཏན་ལྡན་གྱུར་ཀྱང་ཿ ཚེ་གཅིག་སྡུག་རོགས་བ་ལང་གསེར་རྒྱན་ཅནཿ ང་ནི་ཇི་ལྟར་ཡོན་ཏན་ལྡན་གྱུར་ཀྱང་ཿ འགག་གི་ཁྱི་མོ་ཚང་མ་རྒྱན་བཟང་མཿ ཁ་དང་ལག་པ་སྐད་ཅིག་དལ་དུ་མེདཿ དོན་མེད་འཁྲུལ་པའི་ལས་ལ་ཡེངས་ཤིང་འཁྱོགཿ རང་དབང་ཡོད་དུས་ཆོས་ཤིག་


PKT001_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

༼༩༣ན༽བྱ་དགོས་སྙམཿ ལྷ་ལྕམ་ཡབ་ཀྱི་དྲུང་དུ་ཕྱིན་ནས་སུཿ འདི་ཕྱི་གཉིས་སྡུག་ཁྱིམ་ཐབ་ང་མི་བྱེདཿ བྱེད་དབང་བྱུང་ན་དམ་པའི་ཆོས་ཤིག་བྱེདཿ བྱེད་དབང་མ་བྱུང་ལུས་འདི་སྤངས་ནས་སུཿ ཆོས་བྱར་ཡོང་བའི་ལུས་ཤིག་སྨོན་ལམ་འདེབསཿ དེ་སྐད་གསུངས་པས་རྒྱལ་པོ་མ་དགྱེས་ནསཿ ལྷ་ལྕམ་གཡོག་མོ་ལྔ་བརྒྱའི་དཀྱིལ་དུ་བཅུགཿ ཕོ་བྲང་ནང་ནས་ཕྱི་རུ་མ་བཏང་བྱསཿ གལ་ཏེ་འདི་ཉིད་ལྕེབས་སམ་བྲོས་པ་ནཿ གཡོག་མོ་ལྔ་བརྒྱ་གསོན་པོར་ཁྱིས་ཟར་འཇུགཿ ཅེས་པ་གཡོག་མོ་རྣམས་ལ་ངག་བཅུག་གོཿ རྒྱལ་པོའི་ཡུལ་ལུགས་བཙུན་མོ་རེ་རེ་ཡིཿ ཕོ་བྲང་ཞག་རེ་མལ་རེ་སྡོད་པ་ལཿ བཞེས་པ་འདྲེན་པ་གཟོབ་པའི་རེས་མོས་བྱེདཿ བཙུན་མོ་རྒན་པ་ཧའུ་ཀི་འི་རེས་ལཿ ཕྱོགས་ཀྱི་གཉེ་པོ་མངས་ནས་རྒྱ་རི་ཟདཿ བཞེས་པ་འདྲེན་པའི་ལྤགས་ནི་མེད་པར་གྱུརཿ རྒྱ་རི་ཉོ་བར་གཞན་གཏོར་བློ་མ་ཁེལཿ ལྷ་ལྕམ་ཚོང་དུས་རྒྱ་རི་ཉོ་རུ་བཏང་ཿ ཆར་པ་ཆེས་ནས་ཚོང་དུས་མ་འཛོམ་པརཿ ལོག་ནས་འོངས་པའི་ལམ་ག་ཞིག་ཏུ་ནིཿ ཁྱེའུ་ལོ་བརྒྱད་པ་ཞིག་ཤི་ནས་འདུགཿ ཆར་པས་དག་ནས་སྐྱ་སྒང་འདུག་པ་དེཿ ལྷ་ལྕམ་ཉཱ་བཞི་ཐམས་ཅད་ལེགས་པར་ཐེགསཿ སྣོད་དུ་བཅུག་ནས་ཕོ་བྲང་ནང་དུ་འོངསཿ བཙུན་མོའི་ངག་ནས་རྒྱ་རེ་རྙེད་དམ་ཟེརཿ ལྷ་ལྕམ་རྙེད་སྨྲས་ཁྱོད་ཀྱིས་ཚོས་ཤིག་ཟེརཿ ལྷ་ལྕམ་བཙོས་ཤིང་ཁུ་བ་ཡང་ཡང་ཕོཿ


PKT001_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

༼༩༣བ༽སྤོད་ཀྱི་རིགས་བྱེད་མང་པོ་བཏབ་ནས་སུཿ ཨ་མ་ཤ་ཚོས་བཞེས་པ་དྲངས་ཤིག་གསོལཿ རྒྱལ་པོར་བཙུན་མོས་བཞེས་པ་དྲངས་པ་ཡིསཿ བཞེས་པ་འཇུ་བར་གྱུར་པའི་དུས་སྐབས་ནཿ རྒྱལ་པོའི་ལུས་ལ་བདེ་བ་མེ་རུ་འབརཿ སྟན་གྱི་ཁ་ནས་འདོམ་གང་འཕགས་ནས་སུཿ ནམ་མཁའི་དབྱིངས་ལ་བྱ་བཞིན་འཕུར་ལ་ཁདཿ དེ་ལྟར་བྱུང་བས་སྐྱེ་བདུན་ཤ་རུ་རིགཿ རྒྱལ་པོ་ལྐུགས་པ་ས་མི་ལ་འདོད་པ་བཞིནཿ ང་རོའི་སྒྲ་ཡིས་ཧའུ་ཀི་ཞེས་པོསཿ རྒྱལ་པོའི་མདུན་དུ་བཙུན་མོ་ཤོག་ཟེར་ཕྱིནཿ ལག་པ་གཡོན་པས་བཙུན་མོའི་མཐོང་རྩ་བཟུང་ཿ གཡས་པས་གྲི་བཟུང་རྩེ་ཆུང་བ་ལ་བཙུགསཿ མ་མགལ་ཁར་བརྫངས་སྣ་གོང་བཞིན་བསྙེར་ནསཿ ཁྱོད་ཀྱིས་ད་ནང་ང་ལ་དྲངས་པ་ཡིསཿ ཤ་དེ་གང་བྱུང་འཆད་དམ་མི་འཆད་ཟེརཿ མི་འཆད་གྱུར་ན་ཁྱོད་ཉིད་གསོད་དོ་ཟེརཿ བཙུན་མོ་བྲེད་ཅིང་སྡངས་ནས་མ་བཟོད་དེཿ ང་ལ་རྒྱུས་མེད་མནྡཱར་བར་བྲིསཿ འབྲས་བསྐུར་ཚོང་དུས་ཉོ་རུ་བཏང་བ་ཡིནཿ དེ་སྐད་སྨྲས་པས་རྒྱལ་པོས་ཕྱག་བཏང་ནསཿ འོ་ན་མནྡཱ་ར་བ་ཁྲིད་ཤོག་གསུང་ཿ བཙུན་མོས་ལྷ་ལྕམ་ཁྲིད་ནས་ཡོངས་བ་ཡིསཿ རྒྱལ་པོས་ཕྱག་གཡོན་ལྷ་ལྕམ་མཐོང་རྩ་བཟུང་ཿ གཡས་པས་གྲི་བཟུང་རྩེའུ་ཆུང་ལ་བཙུགསཿ བདག་ལ་དྲངས་པའི་ཤ་དེ་གང་ནས་ཉོསཿ འཆད་དམ་མི་འཆད་མི་འཆད་གསོད་དོ་ཟེརཿ ལྷ་ལྕམ་བྲེད་སྡངས་བརྫུན་སྨྲ་མ་ཤེས་པརཿ ང་ལ་ཨ་


PKT001_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

༼༩༤ན༽མས་མཱ་ས་ཉོར་སོང་ཟེརཿ ཆར་པ་ཆེས་བས་ཚོང་དུས་མི་འདུག་ནསཿ ལོག་ནས་འོངས་པའི་ལམ་གཞིག་ན་ནིཿ ཁྱེའུའི་རོ་ཞིག་ཆར་པས་དག་ནས་འདུགཿ ངས་སྐྱེའི་འབྲས་སོ་ཉྭ་ཤ་བྲེགས་ནས་བཅུགཿ ཚོས་པར་བཙོས་ནས་ཆུ་ཕོ་སྦོད་བཏབ་དྲངསཿ ཤ་དུག་བྱུང་ངམ་ཅི་བྱུང་གསོལ་པ་དང་ཿ འོ་ན་རོ་དེ་དགངས་པོ་ཁྱེར་ཤོག་གསུངསཿ ལྷ་ལྕམ་རོ་དེ་ཡོད་དམ་མེད་ན་སྙམཿ བྱ་དང་གཅན་གཟན་ཟོས་སམ་མ་ཟོས་སམཿ མགྱོགས་པར་མྱུར་དུ་ལུས་བཀོལ་ཕྱིན་པ་དང་ཿ རོ་དེ་འདུག་པས་ལྷ་ལྕམ་ཁུར་ནས་འོངསཿ ཡབ་ཀྱི་དྲུང་དུ་བསྐྱལ་བས་ཡབ་ཉིད་མཉེསཿ རྐང་ལག་མགོ་ལུས་ཤ་ལྤགས་མ་ལུས་ཀུནཿ རྡོ་ཡིས་བཏགས་ནས་རིལ་བུ་དཔག་མེད་བྱསཿ རིན་ཆེན་སྣ་བདུན་སྒོམ་གྱི་ནང་དུ་བཅུགཿ ཁ་ལ་རིན་ཆེན་སྣ་བདུན་རྒྱས་བཏབ་ནསཿ དུར་ཁྲོད་དགའ་བའི་ཚལ་དུ་གཏེར་དུ་སྦསཿ མ་མོ་མཁའ་འགྲོ་རྣམས་ལ་གཉེར་བྱད་གཏདཿ མཁའ་འགྲོ་བདུད་འདུལ་མ་ལ་བྱ་ར་བཅོལཿ དུས་མཚན་ཀོ་ཤ་དེ་ཡི་བཙས་སུ་བཞགཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ལྷ་ལྕམ་མནྡ་ར་བས་བྲམ་ཟེའི་སྐུ་ཤ་རྙེད་པའི་ལེའུ་སྟེ་སོ་བརྒྱད་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

ལྷ་ལྕམ་མནྡཱ་ར་བས་ཁྱིམ་ཐབ་སྤངས་ནས་ཆོས་མཛད་པའི་ལེའུ།


PKT001_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལྷ་ལྕམ་མནྡཱ་ར་བ་ཡིསཿ ཕོ་བྲང་ནང་ནས་གསང་སྒོ་ཞིག་ལ་འཐོནཿ ཤར་ཕྱོགས་རྒྱང་གྲགས་གཅིག་སར་སླེབས་པ་དང་ཿ གོས་


PKT001_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

༼༩༤བ༽ཕུད་ལུས་རྒྱན་ཐམས་ཅད་བཀྲོལ་ནས་ནིཿ སེམས་ཤོང་མ་ཁྱོད་འདི་ཁྱེར་ཕར་ལོག་གསུངསཿ བདག་གིས་ཁྱེད་བཞག་ལོག་པ་ག་ནས་ཕོདཿ ཅི་མཛད་བདག་ལ་སྨོས་ལ་ནང་དུ་གཤེགསཿ ནི་གུ་ས་ལས་བཞེངས་ཏེ་ཐལ་མོ་སྦྱརཿ ཕྱོགས་བཞི་མཚམས་བརྒྱད་ལྷ་ལ་ཕྱག་མང་བཙལཿ སངས་རྒྱས་ཆོས་ལས་ཤེས་མི་ཆགས་སོ་གསུང་ཿ ལུས་ཀྱི་རྒྱན་ཆ་རིན་ཆེན་མང་པོ་ཀུནཿ རྡོ་ཡིས་བརྡུངས་ནས་མདུན་གྱི་ནམ་མཁར་གཏོརཿ བདག་གི་བསམ་པ་ཆོས་བཞིན་སྒྲུབ་ཏུ་གསོལཿ བག་མའི་བར་དུ་གཅོད་པ་མ་གཏོང་ཞིགཿ དེ་སྐད་བརྗོད་ནས་དར་ཟབ་ན་བཟའ་ཀུནཿ དུམ་བུར་གཏུབས་ཏེ་ཕྱོགས་བཞི་མཚམས་བརྒྱད་གཏོརཿ འདི་འདྲ་གྱོན་པའི་ལུས་སུ་མ་གྱུར་ཅིགཿ འཇིག་རྟེན་ཆོས་བརྒྱད་ཀུན་དང་བྲལ་བར་ཤོགཿ རང་གི་སྐྲ་ལོ་གཡས་འབྱིད་གཡོན་འབྱིད་བྱསཿ རྫ་མ་ཟངས་བཞིན་སྐྲ་ནི་ཅི་ཡང་མེདཿ གདོང་ལ་སྦར་ཤད་བྱས་ནས་ཉམས་སུ་བཅུགཿ སེམས་ཤོང་མ་ཡིས་དུ་འབོད་དྲག་ཏུ་བཏོནཿ མི་ཡིས་རྒྱལ་མོ་ཡུལ་སྲིད་འཛིན་པ་ཐོནཿ ཇི་ལྟ་བུ་བྱེད་འདི་འདྲའི་ལས་སྤྱོད་པཿ བརྩེ་བ་ཀུན་གྱིས་གཟུང་བར་མཛོད་ཅིག་ནཿ འཛིན་འཆང་གྲོགས་འབོད་སྨྲེ་སྔགས་སྐད་ཆེན་བཏོནཿ ཡབ་ཡུམ་གཉིས་ལ་རུང་ངམ་ལྷ་ལྕམ་སོམསཿ ཞེས་སྨྲས་ལྷ་ལྕམ་སེམས་ཤོང་མར་སྨྲས་པཿ ཕོ་སེམས་འགུལ་བའི་ལུས་འདི་མེད་ཀྱང་རུང་ཿ ཆོས་ལ་བར་ཆད་མེད་པར་


PKT001_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

༼༩༥ན༽འགྲུབ་པར་ཤོགཿ ཅེས་སྨྲས་སློག་ཧྲུལ་དོར་བ་གོས་སུ་གྱོནཿ ཁྱིམ་གྱི་འཁྲི་བཅད་མི་གཙང་རྫས་བཞིན་དོརཿ ལུས་ངག་ཡིད་བསྡོམས་སྨ་བ་བཅད་ནས་སོཿ ཕོ་ཚོས་ཚལ་དུ་མཉམ་གཞག་སེམས་དབེན་བཅུགཿ སྐོམ་བྱུང་ཆུ་འཐུང་ལྟོགས་ནས་ཟོས་སྡོདཿ དེ་སྐད་གསུངས་ནས་ལོག་ཏུ་མ་འདོད་དེཿ སེམས་ཤོང་རབ་ཏུ་ངུ་ཤིང་ཁྱིམ་དུ་སོང་ཿ ཕ་མ་གཉིས་ལ་སྐྱོ་ཤས་ཚིག་སུ་བཅདཿ ཀྱེ་མཿ ལྷ་ལྕམ་སྐུ་མདོག་མ་ཧེའི་མདོག་འདྲ་སྟེཿ བཟང་པོའི་མཚན་གྱིས་སྐུ་ལུས་རབ་བརྒྱན་པཿ དཔེ་བྱད་སྣ་ཚོགས་ལྡན་པའི་ཁྱུ་མཆོག་མཿ བཻཌཱུ་རྻ་ཡི་མདོག་ལྟར་རྣམ་པར་མཛེསཿ གསུང་དབྱངས་དང་བའི་སྐད་ལྟར་དལ་ཞིང་སྙནཿ ཞེ་སྡང་རྩུབ་པའི་ཚིག་མེད་འཛུམ་དང་ལྡནཿ ཁོང་མི་ཁྲོ་ཞིང་སྲོག་ཆགས་སྙིང་རྗེས་སྐྱོང་ཿ ཁོ་ལ་པ་ཁོལ་མོ་སུ་འཁོར་མ་ལྟར་བྱམསཿ ཨུ་དུམ་ཝཱ་རའི་མེ་ཏོག་དེ་འདྲ་བཿ ཕྱོགས་ཀྱི་རྒྱལ་པོས་ཐོབ་ཤ་བྱས་པ་ཡིསཿ ཕོ་བྲང་ནང་དུ་མི་བཞུགས་ཆོས་ལ་བྲོསཿ ལྷ་ལྕམ་དེ་ཡི་རྣམ་ཐར་དེ་འདྲའོཿ ང་ཡིས་ཇི་ལྟར་བྱས་ཀྱང་གྲོས་མ་ཐེབསཿ ཞེས་སྨྲས་མཆི་མ་མང་དུ་གཟིགས་པར་གྱུརཿ དེ་ནས་རྒྱལ་པོ་ཕོ་བྲང་ནང་ནས་འཐོནཿ རྒྱལ་པོ་བཙུན་མོ་ལྷ་ལྕམ་འཚོལ་ཞིང་འདྲིཿ སེམས་ཤོང་མ་ནི་དབུགས་བརྣངས་མཆི་མ་ཕྱིསཿ རྗེ་གཅིག་མི་དབང་རྒྱལ་པོ་གསན་མཛོད་དང་ཿ བུ་མོ་ཀུན་གྱི་ཁྱུ་མཆོག་ལྷ་མོ་དེཿ ཕོ་བྲང་ནང་དུ་མ་


PKT001_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

༼༩༥བ༽འཁྱིལ་ཕྱི་རོལ་གཤེགསཿ ཕོ་ཚོས་ཚལ་དུ་རང་གི་ལུས་སྨ་ཕབཿ རྒྱན་རྣམས་དར་བྱིན་སེམས་ཤོང་ལོག་ཅིག་གསུང་ཿ ང་ཡིས་བརྒྱུགས་དང་བྱས་ཀྱང་ཡོད་མཁན་མེདཿ ལྷ་གཅིག་དམ་པ་མནྡཱ་ར་བ་དེཿ ལུས་ལ་གོས་མེད་དམན་པའི་ཆས་སུ་ཞུགསཿ སྐོམ་དུ་ཆུ་འཐུང་ཟས་སུ་ས་ཟ་ཞིང་ཿ བསྒུལ་བསྐྱོད་མི་བྱེད་ཕྱེད་སྐྱིལ་ས་ལ་འབྱརཿ ཞུས་ཀྱང་ལན་མེད་བེམ་པོའི་མདུན་ཕྱིན་འདྲཿ དེ་སྐད་གསོལ་པས་རྒྱལ་པོ་གཏུམ་ཞིང་ཁྲོསཿ ཆོས་མགོ་མི་ཐོན་དཔེ་ནི་མང་དུ་བགྲངསཿ བུ་མོ་འདོད་ལ་ཁ་ཟས་ནོར་ཚིམ་བྱིནཿ རྒྱལ་པོ་རྣམས་ལ་གོ་བརྡའི་ཤོག་འཕྲིན་བསྐུརཿ གཉེ་པོ་རྣམས་ཀྱིས་ཆོས་བྱེད་བྱར་ཡོད་པཿ ཁྱིམ་ཐབ་བྱར་དབང་མེད་པའི་གཅིགས་ཀ་བསྡམསཿ རང་རང་ཡུལ་ལ་ནོར་ཁྱེར་ལོག་པར་གྱུརཿ དེ་ནས་རྒྱལ་པོ་གཙུག་ལག་འཛིན་གྱིས་ནིཿ རྒྱལ་པོ་གོ་མ་དེ་བྱེ་བྱ་བའི་སྲསཿ མཁན་པོ་ཞི་བ་འཚོ་ཞེས་བྱ་བ་ལཿ ལྷ་ལྕམ་སྡོམ་པ་ལེན་བཅུག་བཀུར་སྟི་བྱསཿ བུ་མོ་ཆོས་མགོ་ཐོན་པར་བྱ་བའི་ཕྱིརཿ ཁོལ་མོ་ལྔ་བརྒྱ་པོ་ཡང་ཆོས་སྒོར་བཅུགཿ ལྷ་ལྕམ་དཔོན་གཡོག་ཕོ་བྲང་ལོགས་ཞིག་བཞགཿ རྒྱལ་བློན་དམངས་དང་བཅས་པས་བཀུར་སྟེ་བྱེདཿ སྔ་དྲོའི་དུས་སུ་སེམས་ཞི་བསམ་གཏན་བསྒོམཿ ཕྱི་དྲོའི་དུས་སུ་ལྷོ་ཕྱོགས་སྔོ་ཞིང་འཇམཿ མཐིང་ཁར་འདུག་པ་སྤང་གི་ངོས་ལོགས་ལཿ མེ་ཏོག་དྲི་ཞིམ་སྣ་ཚོགས་རབ་བརྒྱན་པའིཿ ཕྱོགས་ལྗངས་རྒྱུ་


PKT001_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

༼༩༦ན༽ཞིང་ཕྱི་ལ་སྐུ་འཆག་འགྲོཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ལྷ་ལྕམ་མནྡཱ་ར་བས་ཁྱིམ་ཐབ་སྤངས་ནས་ཆོས་མཛོད་པའི་ལེའུ་སྟེ་སོ་དགུ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

ལྷ་ལྕམ་མནྡཱ་ར་བ་དང་མཇལ་འཕྲད་མཛད་པའི་ལེའུ།


PKT001_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱིསཿ མནྡཱ་ར་བ་དཔོན་གཡོག་གདུལ་བྱར་གཟིགསཿ ཉི་མ་སྤྲིན་ཚར་འདྲེས་པའི་འཇའ་འགྱུས་བཞིནཿ ཨུ་རྒྱན་དྷ་ན་ཀོ་ཤའི་མཚོ་གླིང་ནསཿ ཟ་ཧོར་ཡུལ་དུ་ནམ་མཁའི་དབྱིངས་ལ་བྱོནཿ སྤྲེའུ་ལོ་ཕག་གི་ཟླ་བའི་ཚེས་བཅུའི་ཉིནཿ ལྷ་ལྕམ་དཔོན་གཡོག་སྐྱོ་བསང་བྱེད་པའི་གནསཿ སྐྱེད་མོས་ཚལ་གྱི་བར་སྣང་སྐྱིལ་ཀྲུང་བཅསཿ འཇའ་འོད་ཟེར་ཁྱིམ་གཟི་མདངས་འོད་རུ་འབརཿ ཞི་བའི་གཟུགས་མཐོང་ལོ་བརྒྱད་རྣམ་པ་ཅནཿ ཤིན་ཏུ་འཛུམ་ཞིང་བརྡ་ཆོས་མང་དུ་མཛདཿ ལྷ་ལྕམ་སྐུ་དེ་མཐོང་བ་ཙམ་གྱིས་ནིཿ དད་པའི་ཡུས་ཀྱིས་དྲན་མེད་ས་ལ་འགྱིལཿ པདྨའི་ཐུགས་རྗེ་ལྷ་ལྕམ་ཉིད་ལ་ཤརཿ དགུག་པའི་ཕོ་ཉས་སྒོ་གསུམ་དབང་དུ་བསྡུསཿ རབ་ཏུ་དགའ་བས་ལྷ་ལྕམ་དྲན་པ་རྙེདཿ ཁོལ་མོ་ལ་ལ་གདན་ཁྲི་བཤོམ་དུ་བཅུགཿ ཁོལ་མོ་ལ་ལ་བྱ་ར་བ་ལ་བསྐོསཿ ཁོལ་མོ་ལ་ལ་སྲང་ཀ་མྱུལ་དུ་བཅུགཿ རྒྱལ་བའི་སྲས་དེ་ས་ལ་ཕེབས་པར་གྱུརཿ བདེ་བར་གྱུར་ཅིང་ཚིམ་པའི་མནྡཱ་རསཿ ཕོ་བྲང་ནང་དུ་གཤེགས་པར་ཚིག་སུ་བཅདཿ ཨེ་མ་ཧོཿ


PKT001_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

༼༩༦བ༽རྒྱལ་བ་སངས་རྒྱས་ཐུགས་སྲས་གཙུག་གི་ནོརཿ རང་དོན་རྫོགས་སངས་རྒྱས་ནས་གཞན་དོན་དུཿ སྙིང་རྗེའི་ལྕགས་ཀྱུས་འགྲོ་བ་ཡོངས་ལ་འཛིནཿ བྱམས་པའི་གསོ་དཔྱད་སེམས་ཅན་ཡོངས་ལ་མཛོདཿ དགའ་བའི་གཟི་མདངས་ཀྱིས་ནི་བདག་ལ་བསྟནཿ བཏང་སྙོམས་གྲུ་ལ་དགྲ་གཉེན་མེད་པར་སྒྲོལཿ དམུས་ལོང་སེམས་ཅན་ཀུན་གྱི་སྐྱབས་གཅིག་པུཿ ཕོ་བྲང་ནང་དུ་ཆོས་གསུང་བཞུགས་པར་ཞུཿ དེ་ནས་ཕོ་བྲང་ནང་དུ་སྤྱན་དྲངས་ཏེཿ མཛེས་མཐོ་རཏྣའི་ཁྲི་བཤམས་བཞུགས་སུ་གསོལཿ སྒོ་བ་བཙུགས་ནས་ནང་དུ་མི་མི་གཏོང་ཿ འདོད་ཡོན་བཟའ་བཏུང་མང་པོའི་ཚོགས་འཁོར་བཤམསཿ གསེར་དངུལ་མུ་ཏིག་རིན་ཆེན་རིགས་བྱེད་དང་ཿ དར་ཟབ་རས་དང་ཐགས་སུ་བཏགས་པའི་རིགསཿ སྐུ་ལ་མཛེས་པ་ཞལ་དུ་བདའ་བ་ཕུལཿ ལྷ་ལྕམ་དམའ་བའི་ས་ལ་འདུག་ནས་སུཿ ཞེ་སར་བཅས་པའི་ཡིད་འཇུག་རྣམ་འགྱུར་བསྟནཿ གུས་པའི་ཕྱག་བཙལ་སྙན་པའི་ངག་གིས་ཞུསཿ དུས་གསུམ་སངས་རྒྱས་ཞལ་སྐྱིད་མཆོག་དངོས་ཀྱིཿ འཁྲུངས་ཡུལ་གང་ལགས་མཚན་ནི་ཇི་ལྟ་བུཿ རིགས་ནི་གང་ལགས་ཡབ་ཡུམ་ཇི་ལྟ་བུཿ བཀའ་མཆིད་དམ་པ་བདུད་རྩི་གསུང་དུ་གསོལཿ རྒྱལ་བས་དགེ་སློང་མ་ལ་བཀའ་སྩལ་པཿ སྐྱེད་པའི་ཡབ་མེད་ཆོས་དབྱིངས་སྟོང་པ་ཉིདཿ བལྟམས་པའི་ཡུམ་མེད་ཤེས་རབ་སྟོང་པའི་ངང་ཿ མི་ལ་མཆོག་སྩོལ་སྲིད་བཅིངས་གྲོལ་བའི་


PKT001_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

༼༩༧ན༽རིགསཿ ང་ནི་བདེ་བའི་དངོས་གྲུབ་ཅེས་བྱའོཿ སངས་རྒྱས་འདུལ་ཞིང་ཁྱད་པར་འཕགས་པ་རུཿ འགྲོ་རེའི་མདུན་དུ་སྤྲུལ་སྐུའི་སྟོན་པ་འབྱོནཿ སྔོན་ཚེ་སྣང་བ་མཐའ་ཡས་འོད་དཔག་མེདཿ རི་བོ་ཏ་ལར་མགོན་པོ་སྤྱན་རས་གཟིགསཿ དྷ་ན་ཀོ་ཤར་པདྨ་འབྱུང་གནས་སྐུཿ མཚོན་ཚུལ་ཙམ་ལ་གསུམ་དུ་སྣང་གྱུར་ཀྱང་ཿ དོན་ལ་དབྱེར་མེད་སོ་སོ་ཐ་མི་དདཿ ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ་དང་ཿ སྟུག་པོ་བཀོད་པར་རྡོ་རྗེ་འཆང་ཆེན་པོཿ རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་ཉིདཿ གཉིས་མེད་པདྨ་ང་རུ་ལྷུན་གྱིས་གྲུབཿ འགྲོ་དོན་ཀུན་ལས་བྱིན་རླབས་རྨད་པོ་ཆེཿ སྐྱེད་པའི་ཡབ་བརྒྱད་བལྟམས་པའི་ཡུམ་བརྒྱད་དང་ཿ བྱོན་པའི་ཡུལ་བརྒྱད་བཞུགས་པའི་གནས་བརྒྱད་དང་ཿ དེ་བཞིན་སྒྲུབ་པ་མཛད་པའི་དུར་ཁྲོད་བརྒྱདཿ གུ་རུ་མཚན་བརྒྱད་རྣམ་ཤེས་ཚོགས་བརྒྱད་དགཿ བླ་མ་རྡོ་རྗེ་སློབ་དཔོན་ཆས་བརྒྱད་དང་ཿ སྒྱུ་འཕྲུལ་སྡེ་བརྒྱད་དཔལ་གྱི་ཆས་བརྒྱད་དང་ཿ སྒྲུབ་པ་བཀའ་བརྒྱད་དུར་ཁྲོད་ཆས་བརྒྱད་དང་ཿ སྦྱོར་བ་སྒྲོལ་བ་མཐར་ཕྱིན་གྲུབ་ཆེན་བརྒྱདཿ བསྟེན་པའི་རུ་བརྒྱད་མཛད་པའི་འཕྲིན་ལས་བརྒྱདཿ འདས་པའི་མཚན་བརྒྱད་མ་འོངས་མཚན་བརྒྱད་དེཿ མ་ངེས་མཚན་བརྒྱད་ད་ལྟའི་མཚན་བརྒྱད་ལསཿ ཚོགས་གཉིས་མཐར་ཕྱིན་ཡོན་ཏན་རབ་རྫོགས་པཿ སྲས་ཀྱི་མཆོག་གྱུར་སྤྲུལ་པ་བསམ་མི་ཁྱབཿ འདས་དང་མ་འོངས་


PKT001_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

༼༩༧བ༽ད་ལྟ་ཐམས་ཅད་དུཿ བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་རབ་ཏུ་བཙུགསཿ ཞེས་གསུངས་ལྷ་ལྕམ་རབ་ཏུ་དགྱེས་པར་གྱུརཿ ཡོ་ག་རྣམ་གསུམ་ཆོས་ཀྱི་འཁོར་ལོ་བསྐོརཿ ཆོས་ཀྱི་ཆར་ཕབ་བདེ་ཞིང་སྐྱིད་པ་ལཿ འཇིག་རྟེན་ཁྱིམ་པོ་ཆེ་ཡི་ནང་ཞིག་ནཿ ལས་མ་དག་པའི་བ་ལང་རྫི་བོ་ཞིགཿ བ་ལང་ཚོལ་ཕྱིན་མ་རྙེད་ལོག་པ་དང་ཿ རྒྱལ་བ་དང་པོ་ས་ལ་ཕེབས་པ་མཐོང་ཿ བར་དུ་ལྷ་ལྕམ་ཕོ་བྲང་སྤྱན་དྲངས་མཐོང་ཿ ཐ་མ་ཉན་བུ་བྱས་པས་ཕོ་སྐད་ཐོསཿ དེ་དུས་ཟ་ཧོར་རྒྱལ་ཁམས་ཐམས་ཅད་ནིཿ ལྷ་ལྕམ་མནྡཱར་བ་ར་མངོན་པར་བསྟོདཿ ཕོ་མོ་ཐམས་ཅད་ཡིད་སྨོན་བྱེད་པ་ལཿ རྫི་བོས་ཁྱིམ་པོ་ཆེ་ཡི་གོ་རུ་གླེངསཿ ཆོས་དང་ཅིའི་ཆོས་དགེ་སྦྱོང་འཁྱམས་པོ་བསྡེབསཿ ཆོས་མ་ཡིན་པའི་སྤྱོད་པ་བྱེད་དོ་ཟེརཿ ནང་པར་བྱིས་པས་ཉི་རའི་ཁྲོད་དུ་གླེངསཿ གཅིག་གླེངས་གཉིས་གླེངས་ཡུལ་གྱི་གཙོ་བོས་གླེངསཿ ཕྱི་བློན་ནང་བློན་བཙུན་མོས་རིམ་པར་གླེངསཿ བཙུན་མོ་གཞོན་པས་རྒྱལ་པོའི་སྙན་དུ་སྨྲསཿ རྒྱལ་པོས་འདི་ནི་ཅི་ཟེར་སྨྱོའམ་གསུང་ཿ བུད་མེད་ཁ་ནི་མི་དགེའི་བང་མཛོད་ཡིནཿ ཤབ་ཤུབ་མང་པོ་བུད་མེད་འདྲེ་དང་མཚུངསཿ དང་པོ་གཏམ་དེ་སུས་ཟེར་ཁྲིད་ཤོག་གསུང་ཿ བཙུན་མོས་ནང་བློན་རྒྱལ་པོའི་དྲུང་དུ་ཁྲིདཿ ནང་བློན་ཕྱི་བློན་རིམ་པར་གཙོ་བོ་དང་ཿ གཙོ་བོ་རྣམས་ཀྱིས་དམངས་རྣམས་བསགས་ནས་སུཿ ལྷ་ལྕམ་


PKT001_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

༼༩༨ན༽མེ་ཏོག་མནྡཱ་ར་བ་ལཿ ཟླ་བོ་དགེ་སྦྱོང་ཞིག་འདུག་ཟེར་བ་དེཿ ཕོ་ཡིས་མཐོང་ན་བློན་པོའི་དྲག་ཤོས་འཚོལཿ མོ་ཡིས་མཐོང་ན་བཙུན་མོའི་དྲག་ཤོས་འཆོལཿ མིག་མཐོང་ལག་ཟིན་སུ་ཡོད་སྨོས་ཤིག་ཟེརཿ སྐད་པོ་ཆེ་ཡི་སྐད་ཀྱི་ང་རོ་བསྒྲགསཿ ཉི་མ་དུ་ཤར་བྱས་ཀྱང་མཐོང་མ་བྱུང་ཿ གྲགས་པ་ངན་པས་ས་སྟེང་ཁྱབ་པར་གྱུརཿ དེ་དུས་བློན་པོ་རྣམས་ཀྱིས་གཙོ་བོ་བཟུང་ཿ རྒྱལ་པོའི་མདུན་དུ་དེ་དག་གཏུགས་པར་གྱུརཿ རྒྱལ་པོའི་ཞལ་ནས་དྲན་ཚད་སྨྲ་རྒྱུ་མིནཿ གཏམ་འདི་ཁམ་ཆེས་བུ་མོ་འདོད་མཁན་མང་ཿ རྒྱལ་པོ་རྣམས་དང་ལབ་དགོས་སོ་མི་གསོདཿ དམ་པར་ཆིངས་ལ་ཁྲི་མུན་ནང་ཆུག་གསུང་ཿ རྒྱལ་པོས་ལྷ་ལྕམ་ཡོད་པའི་ཕོ་བྲང་ཕྱིནཿ ནང་ཀུན་ལེགས་པར་མྱུལ་བས་མ་མཐོང་སྟེཿ དེ་ནས་རྒྱལ་པོས་ཕོ་བྲང་ཕྱི་རུ་བྱོནཿ བློན་རྣམས་དུས་གཅིག་ཁྲིམས་བརྡ་བརྡུངས་ཤིག་གསུངསཿ ཟ་ཧོར་མི་ནི་ཆེ་ཆུང་མེད་པར་བསྡུསཿ ནོར་གྱི་བང་མཛོད་ཅིག་བཏིབ་ཁྲོམ་དཀྱིལ་སྤུངསཿ སྐད་པོ་ཆེ་ཡི་སྐད་ཀྱིས་ང་རོ་བསྒྲགསཿ ལྷ་ལྕམ་ཁྱིམ་སྤངས་ལྷ་ཆོས་བྱས་པ་ལཿ གྲོགས་པོ་དགེ་སྦྱོང་འདུག་ཟེར་སུ་ཡིས་མཐོང་ཿ ངས་མཐོང་སྨྲོས་ཤིག་སྤུངས་པའི་ནོར་འདི་སྟེརཿ ཉི་མ་དུ་ཤར་བྱས་ཀྱང་མ་བྱུང་སྟེཿ མཐའ་ཡི་རྒྱལ་པོ་རྣམས་ཀྱིས་གཏམ་རྩོད་པཿ རྒྱ་གར་རྒྱལ་པོའི་བྲམ་ཟེ་མི་བདུན་བྱུང་ཿ རྒྱ་ནག་རྒྱལ་པོའི་གཙུག་ལག་མི་ལྔ་བྱུང་ཿ བྷངྒའི་རྒྱལ་པོའི་ཨཱ་


PKT001_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

༼༩༨བ༽ཙར་མི་བཅུ་བྱུང་ཿ བཻདྡྷའི་རྒྱལ་པོའི་བློན་པོ་མི་གསུམ་བྱུང་ཿ ཨུ་རྒྱན་རྒྱལ་པོའི་གར་མཁན་མི་བརྒྱད་བྱུང་ཿ ཁ་ཆེ་རྒྱལ་པོའི་ཚང་པ་བརྡལ་ཅིག་བྱུང་ཿ ལི་ཡི་རྒྱལ་པོའི་མུ་རྟོ་ཁྱུ་ཞིག་བྱུང་ཿ ཏ་ཟིག་རྒྱལ་པོའི་རོ་ལ་མཁན་གྲ་ཞིག་བྱུང་ཿ གེ་སར་རྒྱལ་པོའི་རྣལ་འབྱོར་མི་གསུམ་བྱུང་ཿ ཞང་ཞུང་རྒྱལ་པོའི་བོན་པོ་མི་གཉིས་བྱུང་ཿ རྒན་དང་གཞོན་དང་བྱིས་པ་ཡན་ཆོད་ལཿ ཐམས་ཅད་ལྷ་ལྕམ་མནྡཱ་ར་བ་འདིཿ དེ་ནས་གཙོ་བོ་ཞིག་གི་ཆུང་མ་ཡིསཿ བ་ལང་རྫི་བོ་དེ་ཡི་མགོ་བསྐོར་ནསཿ ཁྱོད་ཀྱི་བ་ལང་འཚོ་བའི་ཚབ་མ་གཏོང་ཿ ཚོགས་པའི་གསེབ་ཏུ་ཁྱོད་ཀྱིས་མཐོང་ཟེར་དགོསཿ གཙོ་བོའི་ཆུང་མ་ཐམས་ཅད་ལྷན་ཅིག་འདུསཿ རྫི་བོ་དེ་ལ་ཀ་ཅས་ཚིམ་པར་བྱསཿ བ་ལང་རྫི་བོས་དམར་ནག་ཁྲོམ་དཀྱིལ་ཕྱིནཿ སྐད་པོ་ཆེ་ཡི་སྐད་བཏོན་ཕྱི་མ་ལཿ ཚོགས་པའི་དཀྱིལ་ནས་མི་ཞིག་ལངས་བྱུང་སྟེཿ དེ་ཡང་མཚན་མ་སྡུག་པ་དགུ་ཡིས་བརྒྱནཿ མགོ་ཆེ་རྐུབ་འབུར་ཤ་རྩུབ་ཝ་རི་འདྲཿ ཁ་ཆེ་སྣ་ཉག་མིག་ཕུགས་ཤིན་ཏུ་རིང་ཿ མདོག་ནག་མདུན་གྱི་ཡ་སོ་གཅིག་དོན་པཿ དེས་ནི་ངས་མཐོང་ནང་དུ་ལྟོས་དང་ཟེརཿ མི་དེ་ཟས་ནོར་མདུན་དུ་བཟུང་ནས་སུཿ རྒྱལ་པོས་བློན་པོ་སོང་ལ་ལྟོས་ཤོག་གསུང་ཿ བཙུན་མོས་ངས་ལྟའི་ཟེར་ནས་སྔོན་ལ་སོང་ཿ གཡོག་མོས་སྒོ་བསྒོམས་ནང་དུ་མ་བཏང་ནསཿ བཙུན་མོ་བདེན་ངེས་བསམ་ནས་བརྒྱལ་བར་གྱུརཿ བློན་པོས་རྒྱལ་པོའི་སྙན་དུ་དེ་སྐད་


PKT001_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

༼༩༩ན༽སྨྲསཿ རྒྱལ་པོའི་ཞལ་ནས་བཙུན་མོར་ཆུ་རྒྱོབ་ལསཿ ཕོ་བྲང་ནང་སྐྱོལ་སྒོ་དེ་སྟ་རེས་གསེསཿ དགེ་སྦྱོང་གཟུང་ལ་འདི་རུ་ཁྲིད་ཤོག་གསུང་ཿ དེ་ནས་བློན་པོས་སྒོ་གསེས་ནང་དུ་ཕྱིནཿ ཆོས་སྟོན་མཐོ་བ་རཏྣའི་ཁྲི་ཐོག་ནཿ སྐུ་ཟིལ་མེ་ལོང་ཉི་མ་ཕོག་པ་ལྟརཿ ལྟ་བས་མི་བཟོད་གཟི་མདངས་འོད་དུ་འབརཿ ཚངས་པའི་གསུངས་ནི་ཆོས་སུ་ལྷང་ལྷང་སྒྲོགཿ ལྷ་ལྕམ་དཔོན་གཡོག་ཐལ་སྦྱར་མཆི་མ་ཕྱུང་ཿ བློན་པོ་རྣམས་ཀྱིས་འཇུ་བར་མ་ཕོད་ནསཿ སླར་ཡང་རྒྱལ་པོའི་སྙན་དུ་ཞུས་པ་ཡིསཿ མཐའ་མི་དགེ་སྦྱོང་དེ་ནི་ཡ་མཚན་ཏེཿ རྣམ་ཐོས་བུའམ་ཚངས་པའི་བུ་ཞིག་ཡིནཿ ལྷ་ལྕམ་བླ་མ་ཡིན་འདྲ་འཇུ་མ་སྤོབསཿ དེ་སྐད་གསོལ་པས་རྒྱལ་པོ་སྦར་གྱིས་འཕརཿ མཐའ་མིས་ང་ཡི་བུ་མོའི་སྨྲ་འབེབས་པཿ རིགས་ཉམས་དགེ་སྦྱོང་དེ་ནི་ལེགས་པར་ཆིངསཿ ཧ་ལ་ཧིལ་མར་ཁྲལ་བསྡུས་གསོན་སྲེག་གྱིསཿ ལྷ་ལྕམ་ཁྱིམ་ལ་བཏང་དུས་མི་འགྲོ་བརཿ ད་ནི་མཐའ་མི་འཁྱམ་པོ་ཞིག་དང་བསྡེབསཿ ས་ལ་དོང་བྲུས་ཚེར་མའི་སྟན་གོས་བརཿ མི་ལོ་ཉི་ཤུ་ཤུ་རྩ་ལྔའི་བར་དུ་ཞོགཿ ཐོག་ཕུབ་ནམ་མཁའ་སྔོ་ཙམ་མི་མཐོང་གྱིསཿ གཡོག་གཉིས་ཉི་མའི་མདངས་མི་མཐོང་བར་ཆུགཿ ཁོལ་མོ་ལྔ་བརྒྱ་ཐེམ་པའི་ཕྱིར་མ་བཏང་ཿ སྐྱེས་པའི་སྐད་མི་ཐོས་པའི་ཕུགས་སུ་ཆུགཿ དེ་སྐད་གསུངས་ནས་རྒྱལ་པོ་ཕོ་བྲང་གཤེགསཿ གཙོ་བོ་ཁྲི་མུན་ནང་ནས་ཕྱི་ལ་བཏོནཿ


PKT001_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

༼༩༩བ༽ཤིག་གསོ་གྲ་རྒྱས་ཤ་ལྤགས་རུས་མེག་ཐིམཿ ཆུང་མ་རྣམས་དང་ལྷན་ཅིག་འདུས་པར་གྱུརཿ ཟས་ཆང་སྣ་ལེན་དགའ་བའི་སེམས་གཏིང་སྟོནཿ དེ་ནས་གཙོ་བོས་ཕྱོགས་ཀྱི་དམག་དཔོན་ལཿ ཕོ་ཉ་བཏང་ནས་དགེ་སྦྱོང་སྟེང་དུ་ཕོབཿ ཕྱི་ནང་བློན་པོ་གཙོ་བོར་བཅས་པ་ཡིསཿ ལ་ལས་དོང་བྲུས་ལ་ལས་ཚེར་མ་བཅདཿ ལྷ་ལྕམ་ཡོད་པའི་ཕོ་བྲང་ཕྱིན་པར་གྱུརཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ལྷ་ལྕམ་མནྡཱ་ར་བ་དང་མཇལ་འཕྲད་མཛད་པའི་ལེའུ་སྟེ་བཞི་བཅུ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

ཟ་ཧོར་རྒྱལ་པོས་གསོན་བསྲེགས་མཛད་པའི་ལེའུ།


PKT001_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཙོ་བོ་རྣམས་ཀྱིས་ཁྲིམས་བསྲངས་པཿ དགེ་སྦྱོང་ཁྱོད་ཀྱིས་ལྷ་ལྕམ་ལུས་སླད་པསཿ ཉེས་མེད་གཙོ་བོ་རྒྱལ་པོའི་ཆད་པས་མནརཿ ལྷ་ལྕམ་ཁྱིམ་དུ་མ་ཕྱིན་བྱ་བ་འདིསཿ རྒྱལ་རིགས་ཉམས་བཅུག་ཉེས་མེད་ཁྲིམས་ལ་གཏུགསཿ དེ་སྐད་སྨྲས་པས་ལྷ་ལྕམ་ཞལ་ན་རེཿ རྒྱལ་བའི་སྲས་འདི་ང་ཡི་བླ་མ་ཡིནཿ ལྷ་ལྕམ་འཇིག་རྟེན་སྐྱོན་གྱིས་གོས་པ་མེདཿ སྨྲས་ཀྱང་མ་ཕན་སློབ་དཔོན་སྟེང་དུ་ཤོརཿ ལ་ལས་གོས་ཕུད་ལ་ལས་ཕྱག་ཞབས་བཟུང་ཿ ལྷ་ལྕམ་ཁོ་མོའི་སྙིང་འདི་གས་ལ་ཐུགཿ ལུས་འདི་མི་བཟད་རབ་ཏུ་གཟིར་གྱུར་ཏེཿ མྱ་ངན་ཉམས་ཐག་མཆི་མས་མིག་གཉིས་གཟིརཿ ཕན་གྲོགས་ནས་བཅུང་ཟད་ཙམ་ཡང་མེདཿ སློབ་དཔོན་ཕྱག་གཉིས་རྒྱབ་ཏུ་དམ་པར་བཅིངསཿ མགུར་ལ་གསེ་མ་ར་ཙའི་ཐག་པ་


PKT001_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༠ན༽བཏགསཿ ཀྱེ་མ་ཀྱི་ཧུད་མི་ཡིས་ཕོད་པ་ནཿ སྔོན་ཁྲིད་བརྡེག་འཕུལ་རྟ་པའི་འཕྲད་ལ་བཅུགཿ ལུང་པའི་སུམ་མདོ་ཐང་སྟོང་ཞིག་ཏུ་བཞགཿ ཤིང་གི་ནང་ནས་རབ་ཏུ་ཚ་བའི་ཤིང་ཿ ཏ་ལའི་ལོ་མ་དེའུ་ཙམ་ཞིག་བརྩིགསཿ དེ་ལ་ཏིལ་གྱི་མར་ཁུའི་ངར་བཏགས་ནསཿ ཙནྡན་ཁུར་རེ་ཏིལ་མར་བྲེ་རེ་བསྡུསཿ དེ་ཉིད་རྒྱལ་བའི་སྐུ་ལ་དམ་དུ་བཅིངསཿ དེ་ཡི་དཀྱིལ་བཅུག་ཕྱོགས་བཞིར་མེ་བཏང་ནསཿ གཡབ་མོ་བརྡུལ་བས་ལུང་པར་དུད་སྤྲིན་འཚུབཿ བློན་པོ་རྣམས་ནི་གནས་ལ་ལོག་པ་དང་ཿ དེ་དུས་སྒྲ་དང་ས་གཡོས་ཆེན་པོ་བྱུང་ཿ ནམ་མཁའ་ལྷ་རྣམས་སེམས་ཀྱིས་མ་བཟོད་དེཿ ཆོས་བརྒྱངས་བཏན་པས་འདོད་ལྷ་ཀུན་གྱིས་ཐོསཿ རྒྱལ་ཆེན་རིགས་བཞི་སུམ་ཅུ་རྩ་གསུམ་ནསཿ འཐབ་བྲལ་མན་ཆོད་ཐོས་ནས་ར་མདར་འོངསཿ འོག་མིན་གནས་དང་བཀོད་པ་ལྷུན་གྲུབ་ནསཿ བདེ་བར་གཤེགས་པ་སྐར་ཚོགས་བཞིན་དུ་འཁྲིགསཿ མཁའ་འགྲོ་མ་རྣམས་ཀུ་ཅོ་ཅལ་ཅོལ་སྨྲེདཿ ལ་ལས་ཆུ་སྐྱེལ་ལ་ལས་ཆུ་བརྒྱག་ཅིང་ཿ ལ་ལས་ཤིང་སྡུད་ལ་ལས་བཅིངས་པ་འགྲོལཿ ལ་ལས་ཆར་འབེབས་ལ་ལས་རྫིང་བུ་བསྐྱིལཿ ཞག་བདུན་བར་དུ་དུད་པ་མ་ཆད་པསཿ སྔར་བསྲེགས་ཞག་གསུམ་དུད་པ་འཆད་པ་ལཿ ད་རེས་ཞག་བདུན་དུད་པ་མ་ཆད་སྙམཿ རྟ་དང་གླང་པོ་འགྲོ་བའི་ཆས་གྱིས་གསུང་ཿ རྒྱལ་པོས་ཡིད་མ་ཆེས་པར་ལྟ་རུ་ཕྱིནཿ ས་ཕྱོགས་དེ་ཉིད་


PKT001_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༠བ༽ཆུ་ཡི་རྒྱ་མཚོར་གྱུརཿ རྒྱ་མཚོའི་མཐའ་མ་མེ་འོབས་ཆེན་པོས་བསྐོརཿ མེ་ལྕེ་ཐམས་ཅད་ཕྱི་ལ་འབར་བར་བྱསཿ རྒྱ་མཚོའི་དཀྱིལ་ན་པདྨའི་སྡོང་པོ་སྐྱེསཿ པད་སྡོང་སྟེང་ན་ཁྱེའུ་ལོ་བརྒྱད་པཿ སྐུ་མདོག་དུང་ལ་ཕོ་ཚོས་བསྐུས་པ་རཿ སྐུ་ནི་གྲང་གྲང་བསིལ་བསིལ་ལྟར་དུ་འདུགཿ ཐོ་ཕྱི་ཐམས་ཅད་འཇའ་དང་འོད་ཀྱིས་བསྐོརཿ ལྷ་ལྕམ་འདྲ་བའི་བུ་མོ་བརྒྱ་ཡིས་བསྟོདཿ མདངས་ནི་ཡལ་ཡལ་བྱིན་ནི་ཐིབས་ཐིབས་འདུགཿ ཡིད་མ་ཆེས་པར་ཕྱོགས་བཞིར་ཕྱིན་ནས་བལྟསཿ གང་ནས་བལྟས་ཀྱང་དེ་ལྟར་འདུག་པ་དང་ཿ རྒྱལ་པོ་མིག་ནི་འཁྲུལ་པ་ཡིན་ནམ་སྙམཿ མིག་ནི་ཕྱིས་ཤིང་ཡང་ཡང་བལྟས་པ་ཡིསཿ ཁྱེའུ་ཞལ་ནས་རྒྱལ་པོར་འདི་སྐད་གསུང་ཿ དུས་གསུམ་སངས་རྒྱས་ངོ་བོ་བླ་མ་ལཿ གསོན་སྲེག་བྱད་པའི་སྡིག་རྒྱལ་བྱོན་ལགས་སམཿ འཇིག་རྟེན་སླུ་བྱེད་ཆོས་ལ་རབ་ཆགས་ནསཿ དོན་མེད་ཁྲིམས་འཇུག་སྡིག་རྒྱལ་བྱོན་ལགས་སམཿ མ་རིག་རྩ་བ་ཉོན་མོངས་དུག་ལྔ་ལཿ འཕྲལ་ཕུགས་གནས་པའི་སྡིག་རྒྱལ་བྱོན་ལགས་སམཿ འདུན་མའི་རྩབ་སེམས་ཅན་མགུ་བྱེད་ལཿ མི་དགེ་རྒྱགས་པའི་རྒྱལ་བློན་བྱོན་ལགས་སམཿ དེ་སྐད་གསུངས་པས་རྒྱལ་པོ་ས་ལ་འགྱེལཿ ཕ་ངས་འདི་འདྲ་བྱེད་པ་དྲན་པ་ཟེརཿ ལག་གཉིས་བྲང་ལ་དྲག་ཏུ་སྣུན་བྱེད་ཅིང་ཿ བྱེ་ཚན་ཐང་ལ་བཏོན་པའི་ཉ་བཞིན་དུཿ མགོ་ལུས་ས་ལ་རྡེབ་ཅིང་འགྲེ་ལྡོག་བྱེདཿ


PKT001_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༡ན༽འདྲ་ཡོང་བ་ཟེར་ཞིང་ཆོ་ངེ་འདེབསཿ བློན་པོས་རྒྱལ་འཛིན་ཁྱེའུ་ལྟ་ཞིང་དུཿ མི་རྣམས་གཅིག་སླེབས་གཉིས་སླེབས་ས་དེར་འོངསཿ མཐའ་མི་དགེ་སྦྱོང་མ་ཤི་འདུག་པར་གྲགསཿ བྱ་བའི་འཕྲོ་བསྐྱུར་ཕོ་མོ་ཐམས་ཅད་རྒྱུགཿ ཟ་ཧོར་ཡུལ་ན་འདུག་ཚད་ཐམས་ཅད་ཚོགསཿ རྒས་པ་འཁོགས་པ་ཁུར་དང་འཁར་བ་བཙུགསཿ དེ་ནས་དཔག་ཚད་བརྒྱ་སྟོང་མང་པོའི་ཡུལཿ ས་གཞི་མི་མངོན་དམར་ནག་ཁྲོམ་དུ་འཁྲིགསཿ དེ་ནས་རྒྱལ་པོ་འགྱེལ་ནས་བུ་བཅིང་དུསཿ ལུས་པོ་སར་རྡབ་ཕྱག་ནི་གྲངས་མེད་བཙལཿ མི་འཚམ་ལས་བྱས་འགྱོད་པ་རྟས་མི་སླེབཿ རབ་ཏུ་ཚ་བའི་མེ་ཡིས་མ་ཚུགས་པརཿ མེ་འབོས་དཀྱིལ་ན་ཏིལ་མར་རྒྱ་མཚོར་འཁྱིལཿ རྒྱ་མཚོའི་དཀྱིལ་ན་པདྨའི་སྡོང་པོ་སྐྱེསཿ པད་སྡོང་དཀྱིལ་ན་དུས་གསུམ་སངས་རྒྱས་བཞུགསཿ སྐྱོན་གྱིས་མ་གོས་འགྱུར་བ་མི་མངའ་བཿ བདེ་བ་པདྨའི་འབྱུང་གནས་ཁྱོད་ལ་བསྟོདཿ བདག་གི་བློ་ངན་སྐུ་ལ་བརྙས་བགྱིས་པཿ མི་འཆབ་མི་སྦེད་མཐོལ་ཞིང་བཤགས་པར་བགྱིཿ རྒྱལ་པོའི་རྒྱལ་སྲིད་འབུལ་བས་བཞེས་སུ་གསོལཿ རྒྱལ་པོའི་དབང་པོ་གཙུག་ལག་འཛིན་པ་ནིཿ ཁྱོད་ཀྱི་རྗེས་སུ་འཇུག་པའི་རྒྱལ་པོར་གྱུརཿ སེམས་ཅན་མ་རིག་ཁ་མཆེན་དགོངས་མཛོད་ལཿ རྗེ་ཉིད་ཕོ་བྲང་ནང་དུ་བཞུགས་པར་ཞུཿ དེ་ནས་ཆོས་བཟད་ལྷ་ཡི་འདུན་ས་ནསཿ ལྷ་དབང་བརྒྱ་བྱིན་འཁོར་


PKT001_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༡བ༽དང་བཅས་འོངས་ནསཿ པི་ཝང་སྒྲ་ལ་བཅུག་ནས་བསྟོད་པར་བྱེདཿ པདྨ་སྲིད་ཐུབ་འཛིན་ནི་འཁོར་བཅས་པསཿ རྔ་སྒྲའི་སྐད་ལ་བཅུག་ནས་བསྟོད་པར་བྱེདཿ ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུཿ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེཿ པད་སྡོང་ལས་བྱུང་བླ་མ་སྤྲུལ་པའི་སྐུཿ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོདཿ སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུཿ གསུང་ནི་མི་འགག་མཉམ་ཉིད་རིག་པའི་གསུང་ཿ ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདསཿ སྐུ་གསུང་ཐུགས་ལྡན་པདྨ་རྒྱལ་ལ་བསྟོདཿ འགྲོ་བའི་དོན་དུ་རང་བྱུང་འོད་དཔག་མེདཿ བཀྲ་ཤིས་ཡོན་ཏན་དུ་མས་བརྒྱན་པའི་སྐུཿ འཇིག་རྟེན་མངའ་སྒྱུར་པདྨ་རྒྱལ་བའི་སྲསཿ རྡོ་རྗེ་ཐོད་འཕྲེང་རྩལ་ལ་ཕྱག་འཚལ་བསྟོདཿ ཞི་བའི་ལས་མཛད་རྡོ་རྗེ་ཐོད་འཕྲེང་རྩལཿ རྒྱས་པའི་ལས་མཛད་རཏྣ་ཐོད་འཕྲེང་རྩལཿ དབང་གི་ལས་མཛད་པདྨ་ཐོད་འཕྲེང་རྩལཿ མངོན་སྤྱོད་ལས་མཛད་ཀརྨ་ཐོད་འཕྲེང་རྩལཿ ཐམས་ཅད་ལྷུན་གྲུབ་བུད་དྷ་ཐོད་འཕྲེང་རྩལཿ འཕྲིན་ལས་རྫོགས་པའི་རྗེ་ལ་ཕྱག་འཚལ་བསྟོདཿ ཧྲཱིཿ མ་ཆགས་སྐྱོན་གྱིས་མ་གོས་པའིཿ པདྨ་འབྱུང་གནས་སྐུ་ལ་བསྟོདཿ ཡོན་ཏན་ཐམས་ཅད་རབ་རྫོགས་པའིཿ པདྨ་སམྦའི་སྐུ་ལ་བསྟོདཿ རྨོངས་པའི་མུན་པ་སེལ་མཛད་པའིཿ ཉི་མ་འོད་ཟེར་སྐུ་ལ་བསྟོདཿ ལོག་འདྲེན་བདུད་བཞི་འདུལ་མཛད་


PKT001_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༢ན༽པའིཿ ཤཱཀྱ་སེང་གེའི་སྐུ་ལ་བསྟོདཿ མུ་སྟེགས་དམ་སྲི་འདུལ་མཛད་པའིཿ སེང་གེ་སྒྲ་སྒྲོག་སྐུ་ལ་བསྟོདཿ ཤེས་བྱ་ཀུན་ལ་མ་རྨོངས་པའིཿ བློ་ལྡན་མཆོག་སྲེད་སྐུ་ལ་བསྟོདཿ ཁམས་གསུམ་སྲིད་གསུམ་དབང་དུ་སྡུདཿ པདྨ་རྒྱལ་པོའི་སྐུ་ལ་བསྟོདཿ བདུད་དང་ལོག་འདྲེན་ཚར་གཅོད་པའིཿ རྡོ་རྗེ་གྲོ་ལོད་སྐུ་ལ་བསྟོདཿ བདེ་བ་ཐམས་ཅད་སྐུ་ལ་རྫོགསཿ ཡེ་ཤེས་མཁའ་འགྲོའི་སྐུ་ལ་བསྟོདཿ ཅེས་བསྟོད་དེ་ནས་གུ་རུའི་ཞལ་ནས་སུཿ རྒྱལ་པོ་གཙུག་ལག་འཛིན་པ་ཉོན་ཅིག་གསུང་ཿ ང་ཡི་བཀོད་པ་ནམ་མཁའི་རང་བཞིན་ལཿ དགའ་དང་མི་དགེའི་ཟུག་རྔུ་ག་ལ་མཆིཿ ཟག་མེད་སྐུ་ལ་འབྱུང་བ་མེས་མི་ཚུགསཿ མི་དགེའི་འདུ་ཤེས་ཅུང་ཟད་ཙམ་ཡང་མེདཿ སེམས་ཅན་ཡིན་པས་ནོར་འཁྲུལ་འོང་བར་མཆིཿ རྒྱལ་པོ་ཡོན་ཏན་ཀུན་ལྡན་རི་རབ་འདྲཿ སངས་རྒྱས་ལམ་ལ་སྐྱེ་རྒུ་འཛུད་པའི་ཕྱིརཿ རྒྱལ་པོའི་ཞལ་མཆིད་མི་བསྐྱུད་བདག་མཆིའོཿ ཿདེ་སྐད་གསུངས་པས་རྒྱལ་པོས་ཕྱག་མང་བཙལཿ བློན་པོ་རྣམས་ལ་མགྱོགས་པར་ཕོ་བྲང་སོང་ཿ ཟ་འོག་བེར་མཛོད་གསར་པའི་སྒོ་ཕྱེ་ལཿ ང་ཡི་ཞྭ་གོས་ཐམས་ཅད་ཁྱེར་ལ་ཤོགཿ ཤིང་རྟ་གདུགས་དང་རྒྱལ་མཚན་ལོངས་ཤོག་གསུངསཿ དེ་ནས་བློན་པོས་མྱུར་ཕྱིན་ལོན་པ་དང་ཿ ཤིང་རྟའི་སྟེང་དུ་དར་ཟབ་འབོལ་བརྩེགས་བཏིང་ཿ ཤིང་རྟའི་ཟུར་བཞིར་གེར་ཤིང་དར་བཞི་ཕྱརཿ སྐུ་ལ་རྒྱལ་པོའི་


PKT001_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༢བ༽ཟབ་བེར་སྔོ་བཀྲ་གསོལཿ དེ་ནས་ལེ་བརྒན་དམར་དང་ཟ་འོག་དང་ཿ དེ་ནས་བེར་ཆེན་སྣ་ལྔ་ལྔ་བརྩེགས་གསོལཿ དབུ་ལ་རྒྱལ་པོའི་དབུ་ཞྭ་པད་འདབ་ཅནཿ ནོར་བུ་ཁ་དོག་མི་གཅིག་ལྔ་བརྩེགས་ལཿ གསེར་གྱི་རྡོ་རྗེ་རྩེ་དགུ་བཙུགས་པ་ཡིཿ རྩེ་མོར་རྒོད་ཀྱི་རྩེ་རྒྱས་མཛེས་པ་དང་ཿ དར་སྣ་མང་པོའི་ཅད་པན་བཏགས་པས་བརྒྱནཿ རིན་ཆེན་གསེར་གྱི་ཉི་ཟླ་གསལ་བའི་ཞྭཿ དབུ་ཞྭ་ཁྱད་འཕགས་ཡིད་བཞིན་ནོར་བུ་གྱོནཿ ཛམ་གླིང་བྱེ་ཕྲག་ས་ཡ་གདུལ་ཞིང་ཿ པད་འབྱུང་བྱེ་ཕྲག་ས་ཡ་ཆོ་འཕྲུལ་སྟོནཿ ཤིང་རྟའི་སྟེང་དུ་སྤྱན་དྲངས་བཞུགས་པར་གྱུརཿ ཤིང་རྟའི་ཐག་པ་སུས་ཀྱང་འདྲུད་དབང་མེདཿ རྒྱལ་པོ་ཉིད་ཀྱིས་ལུས་ཀྱི་གོས་ཕུད་ནསཿ ཤིང་རྟའི་ཐག་པ་མགུལ་ལ་དཀྲིས་ནས་འདྲུདཿ གྱད་བརྒྱས་འདུས་པའི་ཁྲོམ་རྣམས་སྔོན་ལ་བཤགསཿ ལ་ལ་ཕྱག་འཚལ་ལ་ལ་གསོལ་བ་འདེབསཿ ལ་ལ་དུབ་ཤུགས་ལ་ལ་སེམས་ཉམས་བརྒྱལཿ ལ་ལ་སྔོན་ཕྱིན་པད་འབྱུང་ཞལ་ལ་ལྟཿ དེ་ནས་ཕོ་བྲང་ནང་དུ་སྤྱན་དྲངས་ནསཿ རིན་ཆེན་སྣ་བདུན་ཕོ་བྲང་ནང་དུ་ནིཿ རིན་ཆེན་བརྒྱན་པའི་ཁྲི་ལ་བཞུགས་སུ་གསོལཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ཟ་ཧོར་རྒྱལ་པོས་གསོན་བསྲེགས་མཛད་པའི་ལེའུ་སྟེ་ཞེ་གཅིག་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

ཟ་ཧོར་ཡུལ་དུ་མཐའ་དམག་སློག་པའི་ལེའུ།


PKT001_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོའི་ཞལ་ནས་བློན་པོ་ལཿ ལྷ་ལྕམ་མནྡཱ་ར་བ་ཁྲིད་ཤོག་


PKT001_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༣ན༽གསུང་ཿ བློན་པོས་མྱུར་ཕྱིན་དོང་གི་ཁ་བཤུས་ནསཿ ཚེར་མ་ཐམས་ཅད་གཡས་གཡོན་དོར་ནས་སུཿ ཡབ་ཀྱི་ཞལ་ནས་ཕོ་བྲང་བྱོན་གྱིས་གསུང་ཿ ལྷ་ལྕམ་ད་གཤེགས་ཕོ་བྲང་ནང་དུ་གཤེགསཿ ལན་མང་སྨྲས་ཀྱང་མ་ཐོས་བཞིན་དུ་མཛདཿ བློན་པོས་ནང་ཕྱིན་རྒྱལ་པོའི་སྙན་དུ་གསོལཿ ལྷ་ལྕམ་ཁྲོས་ནས་ལན་མི་སྟེར་བར་འདུགཿ རྒྱལ་པོ་དེ་མ་ཐག་ཏུ་སྤྱན་ཆབ་ཤོརཿ བུ་མོ་བདེན་གྱིས་ཨ་མ་སོང་ཤོག་གསུང་ཿ བཙུན་མོས་གོས་ཁྱེར་ལྷ་ལྕམ་མདུན་དུ་ཕྱིནཿ ལྷ་ལྕམ་ཚེར་མ་ཐམས་ཅད་ཤ་ལྤགས་དིམཿ ལྟ་མི་བཟོད་པ་སྙིང་རྗེའི་གནས་སུ་འདུགཿ བུ་མོ་གོས་གྱོན་ཕོ་བྲང་ནང་དུ་འདོདཿ དེ་སྐད་སྨྲས་པས་ལྷ་ལྕམ་ཞལ་ན་རེཿ ཨ་མ་བུ་མོ་ཡབ་ཀྱི་བཀའ་མི་གཅོགཿ མི་ལོ་ཉི་ཤུ་རྩ་ལྔ་མ་སོང་བརཿ སྡུག་ཀྱང་འདུག་ས་འདི་གར་སྡོད་དོ་ཟེརཿ བཙུན་མོ་ས་ལག་ནས་ཐེན་ཀྱང་འགྲེལ་མ་བཏུབཿ བུ་མོས་ཕོད་པ་ཟེར་ཞིང་ཁ་སྙིང་གཏུགསཿ བཙུན་མོ་གཡོག་མོར་མང་དུ་བཤུམ་པ་ཡིསཿ བུད་མེད་གཅིག་བྱུང་གཉིས་བྱུང་མང་པོ་འདུསཿ དེ་ནས་ཟ་ཧོར་མོ་ལུས་ཐོབ་ཚད་ཚོགསཿ ཐམས་ཅད་དུ་ཞིང་ལུང་པ་འབའ་དིར་སོང་ཿ རྒྱལ་པོའི་ཐུགས་ལ་བུ་མོ་ཤིའམ་སྙམཿ རྒྱལ་པོ་ཉིད་ཀྱིས་ལྷ་ལྕམ་དུན་དུ་ཕྱིནཿ བུ་མོའི་ཆོས་རེགས་བྱས་པ་ང་ཡིན་མོདཿ འགྱོད་པ་ཅན་གྱི་ཕ་ལ་བུ་མོས་སོམསཿ ང་ཡིས་མཐོ་མཐོ་བྱས་པས་དམའ་དམའ་བྱུང་ཿ དོན་མ་


PKT001_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༣བ༽ཤེས་པས་སྙིང་རླུང་གཅོང་གིས་ཟིནཿ ཅེས་གསུངས་ཁ་དང་སྙིང་གཏུགས་དུད་མོ་འབྱིནཿ དེ་ནས་ལྷ་ལྕམ་ཕོ་བྲང་ནང་དུ་ཕྱིནཿ སློབ་དཔོན་ཞལ་མཐོང་སྐྱབས་སུ་སྙིང་ནས་མཆིཿ ལྷ་ལྕམ་དམའ་བའི་ས་ལ་པུས་བཙུགས་ནསཿ ཞེ་སར་བཅས་པའི་སྙན་ངག་ཚིག་བསྟོད་པཿ ཨེ་མ་ཧོཿ དགེ་མེད་གླིང་དུ་སངས་རྒྱས་སྤྲུལ་པ་བྱོནཿ མི་འཇིགས་སྟོབས་ལྡན་རེ་དོགས་མེད་པར་འཕྱོཿ ཕྱག་ཞབས་རྫུ་འཕྲུལ་ཉམ་ང་མེད་པའི་སྐུཿ རྫུ་འཕྲུལ་ཅིར་ཡང་གསལ་བ་བཀྲ་ཤིས་ཤིང་ཿ པད་སྡོང་ལས་འཁྲུངས་དཀར་ལ་དམར་མདངས་ཅནཿ བཟང་པོའི་མཚན་གྱིས་སྐུ་ལ་བརྒྱན་པ་ནཿ ལེགས་པའི་དཔེ་བྱད་མཚན་བཟང་སུམ་ཅུ་གཉིསཿ དུས་གསུམ་སངས་རྒྱས་པད་འབྱུང་སྐུ་ལ་རྫོགསཿ པད་འབྱུང་སྐུ་ཡིས་ཐ་དད་མོས་པ་འདུལཿ མཚན་དང་དཔེ་བྱད་ལོངས་སྤྱོད་རྫོགས་པའི་སྐུཿ རི་རབ་ལྟ་བུར་སྐུ་ནི་ལྷུན་བརྗིད་མཐོཿ རི་རྒྱལ་བུམ་པ་ལྟ་བུར་དབུ་ནི་ཟླུམཿ བུང་བ་ཨུཏྤལ་ལྟ་བུར་དགུ་སྐྲ་མཛེསཿ ཟླ་བ་རྒྱས་པ་ལྟ་བུ་དཔྱལ་དབྱེས་ཆེཿ སྐར་ཆེ་ན་ཤར་འདྲ་སྤྱན་གཉིས་གནག་ཅིང་རིང་ཿ འདི་ཡི་སྨིན་མ་ཁྱུང་ཆེན་ལྡིང་བ་འདྲཿ ཁྱུང་གཤོག་བརྒྱངས་པ་ལྟ་བུར་རྫི་མ་ལེགསཿ སྙན་ནི་པདྨ་ཁ་ཕྱེ་ལྟ་བུ་སྟེཿ ཤངས་རྒྱུད་ལེགས་ཤིང་ལྟ་ན་སྡུག་པའི་ཤངསཿ རབ་མཛེས་མཆུ་སྒྲོས་པདྨའི་ཟེ་བ་འདྲཿ ལྗགས་རིང་སྲབ་མཉེན་པདྨའི་མདོག་ལྟར་དམརཿ ཚེམས་དཀར་ཐགས་


PKT001_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༤ན༽བཟང་དུང་མདོག་གངས་རི་འདྲཿ ཆོམས་འཕྲེང་ལྔ་བཅུ་རྩ་བརྒྱད་ཞལ་ལ་མཛེསཿ ཞི་བའི་ཞལ་མཐོང་ཨོས་ཀོ་ལྷ་ངེ་བཿ ཀ་ལ་པིངྐ་ལྟ་བུ་ཚངས་པའི་དབྱངསཿ ཞལ་ཚོམས་དོམ་ནག་དཀྱུས་འདྲ་ལྟ་བུར་རིང་ཿ སྐུ་མདོག་དུང་ལ་ཕོ་ཚོས་བསྐུས་པ་འདྲཿ མགུལ་ནི་བུམ་པའི་མགྲིན་པ་ལྟ་བུར་ལེགསཿ འདི་ཡི་སྐུ་སྟོད་སེང་གེ་འགྱིང་བ་འདྲཿ དཔུང་པའི་མགོ་ཟླུམ་ཕྲག་པ་ཡན་ལག་རྒྱསཿ ཕྱག་ཞབས་སོར་མོ་དྲ་བས་འབྲེལ་པ་དང་ཿ སེན་མོའི་མདོག་ནི་ཟངས་དམར་ཤེལ་འོད་འདྲཿ པདྨའི་སྦུ་གུ་ལྟ་བུར་ལྟེ་བ་མཛེསཿ བྱིན་པ་ཨེ་ན་ཡ་འདྲ་ཞབས་པད་འབུརཿ མཁའ་ལ་འཇའ་འཁྱུས་ལྟ་བུར་འཕུར་རྩལ་འགྲོཿ སྦ་བ་སྦུབས་སུ་རྟ་གླང་ལྟ་བུར་ནུབཿ གཞོན་ནུ་བཙས་འདྲ་སྐུ་ལུས་ཡན་ལག་རྒྱསཿ འཛུམ་ཞིང་ཤིན་ཏུ་མཛེས་པའི་དྲི་མེད་ཞལཿ གཟུགས་བལྟས་མི་ངོམས་སྐྱེ་བོས་མཐོང་ན་དགའཿ འོད་ཟེར་དུ་མ་འབར་བས་འོད་ཁྱིམ་འདྲཿ རོ་མཆོག་འཇམ་ཞིང་དམ་པ་མཆོག་རབ་འཕགསཿ མི་ཤིགས་རྡོ་རྗེ་ལྟ་བུར་ཟག་པ་མེདཿ འདྲ་བ་འདི་དག་པད་འབྱུང་མཚན་བཟང་པོཿ སུམ་ཅུ་རྩ་གཉིས་རྒྱལ་སྲས་སྐུ་ལ་བསྟོདཿ ཅེས་པས་གུས་བསྟོད་ཕྱག་ཀྱང་མང་དུ་འཚལཿ དགྱེས་པའི་ཞལ་བསྟན་བདག་ལ་འདི་སྐད་གསུང་ཿ ཆ་མཐུན་རྟགས་ཙམ་ཕྱི་ཡི་སྡུག་བསྔལ་གཞིཿ ཁ་ཅིག་ད་ལྟའི་དགྲ་ལ་ངོས་འཛིན་ཏེཿ དེ་མིན་དགྲ་སྡང་ངན་


PKT001_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༤བ༽སོང་གསུམ་ལ་ཟེརཿ ད་ལྟའི་དགྲ་འདི་གཉེན་འགྲོར་ཚེགས་མེད་གསུང་ཿ གཉེན་བྱས་ད་ལྟའི་གཉེན་ལ་ངོས་འཛིན་ཏེཿ གཉེན་བྱམས་བྱ་བ་མཚན་ལྡན་བླ་མ་ཡིནཿ ཕན་པའི་ལམ་སྟོན་གནོད་པའི་ལམ་ལས་བཟློགཿ ད་ལྟའི་གཉེན་བྱམས་ཤ་ཚ་བཞིན་དུ་བྱསཿ ཆོས་བཤོལ་གང་མིན་འདུག་པ་ཐམས་ཅད་སློབཿ དཔེ་ངན་མང་པོ་བགྲང་ཞིང་འཁོར་བར་བསྐྱུརཿ མེད་པ་བཙལ་གྱིས་མི་རྙེད་སྡུག་བསྔལ་རྒྱུཿ ནོར་དང་ལོངས་སྤྱོད་འདི་ལ་མི་ཟེར་ཏེཿ ད་ལྟའི་ནོར་དང་ལོངས་སྤྱོད་བཙལ་ཀྱང་རྙེདཿ བཙལ་བས་མི་རྙེད་འཕགས་པའི་ནོར་བདུན་ཡིནཿ ཡོད་པ་བསྐྱངས་ཀྱི་མི་ལང་སྡུག་བསྔལ་ཏེཿ ད་ལྟའི་འཁོར་འདབ་ནོར་ལ་ཟེར་བ་མིནཿ སངས་རྒྱས་རང་ལ་ཡོད་པ་ཡན་པར་ཤོརཿ ངོ་མ་འཕྲོད་པས་བསྐྱངས་ཀྱང་མ་འཁྱོངས་ཡིནཿ རྐྱེན་ངན་དངོས་གྲུབ་ཤེས་པས་དང་དུ་ལང་ཿ བར་ཆད་ཡོན་ཏན་ཤེས་པས་ནང་དུ་བསུབསཿ དེ་སྐད་གསུངས་པས་ལྷ་ལྕམ་དགྱེས་པར་གྱུརཿ དེ་ནས་རྒྱལ་སྲིད་ལྷ་ལྕམ་བཅས་པ་དང་ཿ ནོར་གྱི་བང་མཛོད་དཔག་ཏུ་མེད་པ་ཡིཿ ཡིད་བཞིན་ནོར་བུ་སྐྱེ་བདུན་རིལ་བུ་རྣམསཿ ཆགས་ཞེན་མེད་པར་སྤྲུལ་སྐུའི་དྲུང་ཕུལ་ནསཿ ཆོས་ཀྱི་འཁོར་ལོ་བསྐོར་བར་ཞུ་བ་ཕུལཿ རྒྱལ་པོ་མ་འདས་བར་དུ་བཞུགས་པར་ཞུསཿ ཟ་ཧོར་མ་སྨིན་བར་དུ་བསྡད་ཀྱི་གསུང་ཿ བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཆོས་བཀའ་ཕྱེཿ སངས་རྒྱས་


PKT001_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༥ན༽བསྟན་པ་མཐའ་དབུས་མེད་པར་བརྡལཿ ཕྱོགས་བཅུ་ཀུན་ཏུ་པད་འབྱུང་སྙན་པས་ཁྱབཿ མུན་སངས་ཤེས་པ་བུན་ཅིང་རིག་པ་བདེཿ ཁས་བརྒྱ་ཆོས་བྱེད་སྡིག་མེད་དགེ་བ་འཕེལཿ རྒྱལ་སྲས་པདྨ་འབྱུང་གནས་གདུལ་ཞིང་གྱུརཿ སེམས་ཅན་མ་སྨིན་པ་ནི་གཅིག་ཀྱང་མེདཿ དེ་ནས་གཏམ་ཚོལ་རང་རང་ཡུལ་ལ་འགྲོརཿ ཐོས་མཐོང་བཀད་སར་རང་རང་རྒྱལ་པོས་སྨྲསཿ ཐམས་ཅད་མི་བདེན་སྒྱུ་མ་ཡིན་མཆིས་ཟེརཿ མཐའ་ཡི་རྒྱལ་པོས་དམག་བསྡུས་བརྒྱག་པར་བརྩམསཿ རྒྱ་གར་རྒྱལ་པོ་གྲགས་འཛིན་ཞེས་པའི་བུཿ མཧཱ་བཱ་ལས་དམག་ཁྱེར་འོངས་པ་ལསཿ ཟ་ཧོར་མི་རྣམས་ས་བསྲེག་རྡོ་རྡོད་བྱེདཿ ལ་ལ་ཡར་སྐྱེལ་ལ་ལ་མར་སྐྱེལ་ཞིང་ཿ ལ་ལ་འཐབ་ཟེར་གོ་གསར་བྱེད་པ་ལཿ རྒྱལ་སྲས་དམ་པ་པདྨ་འབྱུང་གནས་ཀྱིསཿ སྐད་ཅིག་ལྷ་མ་ཡིན་གྱི་གནས་སུ་བྱོནཿ པདྨ་རྣམ་པར་རྒྱལ་བའི་མདའ་གཞུ་གཡརཿ མདའ་གཞུ་གླང་པོ་ཆེ་ལ་བཀལ་ནས་སུཿ གྱད་གཉིས་སྔོན་མཇུག་བསྐུར་ནས་དམག་གསེབ་བཏང་ཿ གཞུ་འདིར་མདའ་འདི་འཕེན་པའི་དམག་སྟོང་ཡོདཿ འཐབ་ཡ་བྱེད་པའི་ལག་ཆ་ས་རེ་གྱིསཿ ཞེས་པའི་ཤོག་འཕྲིན་མཧཱ་བཱ་ལར་སྤྲདཿ གཞུ་དེ་དམག་གིས་ཐེན་པས་ཁ་མ་ཕྱེདཿ འདི་ནི་ཁེངས་སིམ་སྲིད་བརྫུན་ཡིན་པསཿ ངེས་པར་བདེན་ན་ཕོབ་ལ་ཁྱེར་ཤོག་ཟེརཿ གླང་པོར་གཞུ་བཀལ་ཟ་ཧོར་ཡུལ་དུ་


PKT001_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༥བ༽འོངསཿ གཞུ་འདི་ཕོབ་ལས་བསྐུར་ཟེར་སྨྲས་པ་དང་ཿ རྒྱལ་བས་སྟོབས་ལྡན་གཞུ་དེ་ཐབས་ཀྱིས་ཕབཿ དགྱེ་ལང་དགུ་ལང་བྱས་ནས་བསྐུར་བཏང་བསཿ གྱད་དམག་ཐམས་ཅད་ཧ་ལས་གྱུར་པ་དང་ཿ ཐུབ་པ་སྲིད་ཟེར་ནས་དམག་རྣམས་ཟགསཿ རྒྱལ་པོ་གཞན་གྱི་དམག་རྣམས་ཀུན་ལ་ཡང་ཿ དཔའ་བོ་ཡོད་ན་གཞུ་འདི་བདུངས་ཤིས་སྨྲསཿ གཞུ་བདུངས་སྤོབས་པ་གཅིག་ཀྱང་མ་བྱུང་ནསཿ གཞུ་འདི་འགེངས་པའི་མི་དེ་ཁྲིད་ཤོག་ཟེརཿ རྒྱལ་བས་ཁྱབ་འཇུག་རཱ་ཧུ་ལ་བཏང་སྟེཿ དཔག་ཚད་བཅུ་རུ་རྭ་ཞིག་འབེན་ལ་བཙུགསཿ བྱང་ཆུབ་སེམས་དཔས་མདའ་བརྒྱབ་ཧ་ལས་གྱེསཿ མགོ་དགུ་བྱ་རོག་མགོ་དང་བཅུ་ཡོད་པཿ ལུས་པོ་ཐམས་ཅད་མིག་གིས་གང་བ་ཡིཿ དམག་མི་འདུག་ཅེས་ཡོངས་སུ་གྲགས་པར་གྱུརཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ཟ་ཧོར་ཡུལ་དུ་མཐའ་དམག་སློག་པའི་ལེའུ་སྟེ་ཞེ་གཉིས་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

ཟ་ཧོར་རྒྱལ་ཁམས་ཆོས་ལ་བཀོད་པའི་ལེའུ།


PKT001_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོ་གཙུག་ལག་འཛིན་གྱིས་ནིཿ ཕོ་བྲང་གླིང་བརྒྱད་གླིང་ཕྲན་བརྒྱ་རྩ་བརྒྱདཿ གདུགས་ཐོགས་ཕོ་བྲང་རྩེ་མོར་སྤྱན་དྲངས་ནསཿ འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་གྱུརཿ རྒྱལ་པོ་གཙུག་ལག་འཛིན་གྱིས་ཕྱག་ཕུལ་ནསཿ མ་རིག་མུན་པ་སེལ་བའི་ཉི་མ་རྗེཿ གསང་སྔགས་ཟབ་ཅིང་རྒྱ་ཆེ་དོན་འགྲིལ་བཿ ཐོས་བསམ་དཀའ་ཐུབ་ལ་ནི་མི་བསྟོས་པརཿ


PKT001_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༦ན༽མྱུར་དུ་ཚེ་གཅིག་ལུས་གཅིག་འཚང་རྒྱ་བའིཿ རྒྱུད་ལུང་མ་བུ་བཤད་འགྲེལ་དང་བཅས་པཿ སྒོམ་ཁོག་གནད་ཀྱི་གདམས་པ་དང་བཅས་པཿ འཕྲིན་ལས་ཕྱག་བཞེས་ལག་ལེན་དང་བཅས་པཿ ལས་ཀྱི་ཁ་ཆར་སྒོས་དོན་དང་བཅས་པཿ གསང་སྔགས་སྤྱི་གནད་བསྐོར་མགོ་དང་བཅས་པཿ ཡིད་ཆེས་བརྒྱུད་པའི་ལོ་རྒྱུས་དང་བཅས་པཿ རང་གཞན་ཀུན་གྱི་དོན་རྣམས་མྱུར་འགྲུབ་པཿ ལྷ་ཚོགས་རིགས་སུ་གྱུར་པ་ཀུན་ཚང་བཿ ཐེག་པ་གོང་འོག་གང་དང་མི་འགལ་བཿ ཆ་ཚང་གཅིག་ཏུ་འགྲེལ་བའི་ཆོས་ཤིག་ཞུཿ ཞེས་གསོལ་རིན་ཆེན་རྣམས་ཀྱིས་མཉེས་པར་བྱསཿ ཨུ་རྒྱན་ཆེན་པོ་པདྨའི་ཞལ་ནས་ནིཿ རྒྱལ་པོ་འཇིག་རྟེན་གཡེང་བ་ཆེ་བས་སུཿ ཟབ་ཆོས་ཉམས་སུ་ལེན་པ་ཤིན་ཏུ་དཀའཿ ཐེག་པ་ཆེན་པོ་གསང་སྔགས་ཆོས་འདི་རྣམསཿ དབང་མ་བསྐུར་བར་བཤད་སྒྲུབ་བྱར་མི་རུང་ཿ དཔེར་ན་རྫ་སོམ་བཏང་ཆུ་བླུགས་འཇིགཿ དབང་བསྐུར་ཐོབ་ནས་ཆོས་ཀྱི་སྣོད་རུང་ཡིནཿ དེ་ནས་རྒྱལ་པོ་ཉིད་ཀྱིས་གཙོ་བྱས་པའིཿ རྗེ་འབངས་ཉི་ཤུ་རྩ་གཅིག་དགའ་བའི་ཚལཿ མཁའ་འགྲོ་འཁྲིགས་པའི་ཡང་དབེན་གནས་མཆོག་ཏུཿ དབང་རྣམས་ཐམས་ཅད་ཡོངས་སུ་རྫོགས་པར་བསྐུརཿ རྒྱལ་པོས་འཁོར་བ་མ་སྟོངས་བར་དུ་ནིཿ སེམས་ཅན་གང་ལ་གང་འདུལ་དེ་འདུལ་དུཿ བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིཿ རྗེ་ཡི་


PKT001_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༦བ༽འཕྲིན་ལས་པ་རུ་སྨོན་ལམ་བཏབཿ འབངས་ནི་ཉི་ཤུས་འཁོར་དུ་སྨོན་ལམ་བཏབཿ དེ་ཚེ་མཁའ་ལས་སྒྲ་བྱུང་མེ་ཏོག་བབསཿ དེ་ནས་ཨུ་རྒྱན་པདྨ་འབྱུང་གནས་ཀྱིསཿ བཀའ་སྐྱོང་དམ་པའི་རྒྱུད་ལྔ་ལོ་གཅིག་གསུངསཿ ཆོས་ཚན་བརྒྱ་དང་སུམ་ཅུ་སོ་བརྒྱད་གདམསཿ རྫོགས་ཆེན་བཀའ་འདུས་སྙིང་ཐིག་རྒྱུད་ཀྱི་སྐོརཿ བཞི་ཚན་ལྔ་དང་རྒྱུད་ནི་ཉི་ཤུ་སྟེཿ མན་ངག་བརྒྱ་དང་བཞི་བཅུ་རྩ་གཉིས་གདམསཿ མདོ་སྔགས་གཉིས་ཀྱིས་ཟ་ཧོར་ཆོས་ལ་བཀོདཿ ཟུར་ཙམ་ཡིན་གྱིས་ཡི་གེར་བཀོད་དུ་མངསཿ དེ་ནས་རེ་ཞིག་དུས་ན་ལུང་བསྟན་གླིང་ཿ ལྷ་ལྕམ་མནྡ་ར་བས་ཚོགས་འཁོར་བཤམསཿ གུས་ཕྱག་དགུ་སྤྲུགས་བཙལ་ནས་ཞུས་པ་ནིཿ མདོ་སྔགས་ཁྱོད་པར་གང་གིས་འབྱེད་པ་ལགསཿ རྒྱུ་དང་འབྲས་བུ་གཉིས་ཀྱིས་ཕྱེ་བ་ཡིནཿ དྲང་དོན་ངེས་དོན་གང་གིས་འབྱེད་པ་ལགསཿ ཐེག་པ་ཆེ་ཆུང་གཉིས་ཀྱིས་ཕྱེ་བ་ཡིནཿ ཀུན་རྫོབ་དོན་དམ་ཁྱོད་པར་གང་འབྱེད་ལགསཿ འཇིག་དང་མི་འཇིག་གཉིས་ཀྱིས་ཕྱེ་བ་ཡིནཿ ཐབས་ཤེས་ཁྱད་པར་གང་གིས་འབྱེད་པ་ལགསཿ ཡོད་དང་མེད་པ་གཉིས་ཀྱིས་ཕྱེ་བ་ཡིནཿ འཁོར་འདས་ཁྱད་པར་གང་གིས་འབྱེད་པ་ལགསཿ རིག་དང་མ་རིག་གཉིས་ཀྱིས་ཕྱེའོ་གསུང་ཿ བདག་གི་སྔ་ཕྱིའི་སྐྱེ་བ་དུ་ཙམ་ལགསཿ བདེ་སྐྱེས་མ་ལན་མི་འཚལ་ཕར་ཞོག་གསུང་ཿ ངའི་ཡབ་རྒྱལ་པོ་གཙུག་ལག་འཛིན་པ་འདིཿ སྐྱེ་བ་སྔ་མ་


PKT001_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༧ན༽ཅི་འདྲ་ཡིན་ཞུས་པསཿ བདེ་སྐྱེད་མ་ཡི་ཡབ་ན་འདི་ལྟ་སྟེཿ སུ་ལ་བྷེ་ཡུལ་གྲོང་ཁྱེར་ཀ་ལིངྐའིཿ བྲམ་ཟེའི་རྒྱལ་པོ་ཞིག་གི་བུ་རུ་སྐྱེསཿ ཝ་ར་ཎཱ་སིར་ཐུབ་པར་རབ་ཏུ་བྱུང་ཿ ཀྲ་མ་ཤཱི་ལར་མུ་སྟེགས་འཇིགས་པ་ཡོདཿ སྒོ་བཞི་ཟླ་བ་རེ་མོས་བྱས་ཀྱིན་བསྲུང་ཿ མུ་སྟེགས་རྐོན་པ་བཙུགས་པས་འཚོར་ལ་ཉེཿ རབ་རྩལ་སྒོར་ཆས་གྲི་མདུད་སྦྱོར་བ་ཡིསཿ མཚན་མོ་མུ་སྟེགས་དམག་རྣམས་དག་པར་བྱསཿ ཟངས་གླིང་ཡུལ་ན་དྭ་ཕྲུག་ཡུགས་སའི་ཁྱུཿ གཙུག་ལག་ཁང་ནི་བསྲུངས་བའི་དགེ་བ་དང་ཿ མུ་སྟེགས་དམག་རྣམས་བསད་པའི་སྡིག་པ་ནིཿ གཉིས་ཀ་ལུས་དང་གྲིབ་མ་བཞིན་དུ་འགྲོགསཿ འགྲོ་བ་དྲུག་ཀའི་སྐྱེ་བ་འགའ་རེ་བླངསཿ སྐྱེ་བ་འདི་གོང་རྒྱ་གར་གའུ་ཤོང་ཿ རྒྱལ་པོ་ཨར་ཏའི་བཙན་མོ་ཤི་བའི་ལྟོརཿ བདག་གིས་རོ་བཤས་བུ་མོ་མ་ཤི་བྱུང་ཿ དེ་ཉིད་ཚེ་འཕོས་ཁྱོད་ཀྱིས་ཡབ་ཏུ་སྐྱེསཿ སུ་ལའང་མ་འཆད་དམ་ཚིག་ས་མ་ཡཿ ལྷ་ལྕམ་ཡབ་ལ་སྙིང་རྗེ་སྐྱེས་ཏེ་དུསཿ སྐྱེ་བ་ཕྱི་མ་ག་རུ་སྐྱེ་ན་ཞུསཿ སྐྱེ་བར་གྱུར་ཚོད་ཙམ་པ་འགའ་ཞིག་ལེནཿ མཐར་ནི་སྤྲེའི་རྒྱལ་ཁམས་བོད་ཀྱི་ཡུལཿ ཨ་ཀར་མ་ཏི་ཤཱི་ལ་བྱ་བར་སྐྱེཿ དེ་ནས་སྲིན་ཡུལ་རིག་བྱེད་རྩལ་བུར་སྐྱེཿ དེ་ནས་ཀོ་ཏ་ལ་ཡི་རྒྱལ་པོའི་སྲསཿ ལྷ་ལྕམ་མནྡཱ་བཟང་མོ་བྱ་བར་སྐྱེཿ དེ་ནས་ལྷ་མ་ཡིན་གྱི་ཡུལ་དུ་ནིཿ པདྨ་རྣམ་པར་རྒྱལ་བར་ཆོས་ཉན་ནསཿ བལ་


PKT001_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༧བ༽ཡུལ་ཞེས་བྱ་བ་ན་སྒོམ་གཉིས་ཀྱི་བུཿ དེ་བ་ཨ་ཀར་ཙནྡ་ཞེས་བྱར་སྐྱེཿ དེ་ནས་རི་བོ་ཏ་ལར་འཕགས་པའི་གྲུང་ཿ སྤྱན་རས་གཟིགས་ལ་ཆོས་ཉན་མཁའ་སྤྱོད་མྱུལཿ མཐའ་འཁོབ་ཡུལ་དུ་མུ་ཏིག་ཞེས་བྱའི་སྲསཿ རྒྱལ་སྲས་ལྷ་རྗེ་ཞེས་བྱར་སྐྱེ་བ་ལེནཿ དེ་ནས་སྐྱེ་བ་ཉི་ཤུ་ཟ་ཧོར་སྐྱེཿ རེ་འགའ་དུད་འགྲོ་རེ་འགའ་རྒྱལ་པོ་དང་ཿ རེ་འགའ་པཎ་ཆེན་རེ་དགའ་དམངས་ཕལ་བཿ སུལ་ལང་མ་འཆད་དམ་ཚིག་ས་མ་ཡཿ ལྷ་ལྕམ་འཁོར་བའི་གཏིང་རྡོར་འདུག་ཟེར་དུསཿ སྐྱེ་བ་ཆོད་དུས་ཙ་ན་འོང་ཞེས་ཞུསཿ འགྲོ་དྲུག་འཁོར་བའི་སེམས་ཅན་མ་ལུས་པཿ རྒྱལ་ཉིད་ཀུན་གྱིས་ཐོབ་ཕྱིར་སྐྱེ་བ་ལེནཿ སེམས་ཅན་ཐམས་ཅད་ཟད་པར་གྱུར་པ་དང་ཿ བདེ་སྐྱེད་མ་ཡི་ཡབ་ཀྱི་སྐྱེ་བ་ཆོདཿ བྱེ་མ་བརྩིར་བས་མར་ཁུ་ནམ་བྱུང་ནཿ བདེ་སྐྱེད་མ་ཡི་ཡབ་ཀྱི་སྐྱེ་བ་ཆོདཿ ཆུ་ལ་མེ་ཤིང་ནམ་ནི་བཏུབ་ཙ་ནཿ བདེ་སྐྱེད་མ་ཡི་ཡབ་ཀྱི་སྐྱེ་བ་ཆོདཿ ཅི་ཕྱིར་འཁོར་བའི་སེམས་ཅན་འདྲེན་པའི་ཕྱིརཿ ཡབ་ནི་ལན་མང་སྐྱེ་བ་ལེན་པ་ལཿ ཆོས་ལྟར་བཅོས་པའི་བརྫུན་མ་མ་བཏང་གསུང་ཿ མུན་ཕྲག་སེམས་ཅན་སྒྲོན་མ་བྱེད་པའི་ཕྱིརཿ རྒྱལ་པོ་ཐམས་ཅད་མཁྱེན་པས་འདུལ་བ་ལཿ ཆོས་ལ་ཕྱོགས་རིས་བར་ཆད་མ་བཏང་གསུང་ཿ སྐྱབས་མགོན་མེད་པའི་ས་མཁན་བྱེད་པའི་ཕྱིརཿ རྒྱལ་པོ་འཁོར་བ་དང་དུ་ལེན་པ་ལཿ སངས་རྒྱས་ཆོས་ཀྱི་མགོ་བསྐོར་མ་བཏང་གསུང་ཿ


PKT001_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༨ན༽ཡབ་འདི་འཁོར་བ་གཏིང་རྡོ་བྱེད་དམ་ཞུསཿ འཁོར་བ་སྤངས་པའི་སངས་རྒྱས་ག་ལ་ཡོདཿ བདེ་སྐྱེད་མ་ཁྱོད་འཁོར་བར་སྐྱོན་མ་བལྟཿ མྱ་ངན་འདས་ལ་ཡོན་ཏན་མ་འཛིན་གསུང་ཿ ཟ་ཧོར་ཡུལ་དུ་ལོ་ནི་ཉིས་བརྒྱ་བཞུགསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ཟ་ཧོར་རྒྱལ་ཁམས་ཆོས་ལ་བཀོད་པའི་ལེའུ་སྟེ་ཞེ་གསུམ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

ཚེའི་རིག་འཛིན་གྲུབ་པའི་ལེའུ།


PKT001_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཟ་ཧོར་རྒྱལ་པོ་ཚེའི་དུས་བྱསཿ སྲས་ནི་ཀུན་སྐྱོང་ཞེས་བྱར་རྒྱལ་སྲིད་གཏདཿ ཨུ་རྒྱན་ཡབ་ཡུམ་ཕོ་བྲང་རྩེ་མོ་ནསཿ ད་ནི་ཚེ་ཡི་རིག་འཛིན་ཞིག་བསྒྲུབས་པ་ལཿ རྒྱ་གར་ཡུལ་དང་ཨུ་རྒྱན་མུ་སྟེགས་ཡུལཿ ཡུལ་རིགས་དུ་མའི་མི་རྣམས་ཆོས་ལ་གཟུང་ཿ སྙམ་ཞིང་ཐུགས་དགོངས་གཏད་པའི་དེ་མ་ཐགཿ ནམ་མཁའི་མཐོངས་ནས་ལྷ་མོ་བཞི་བྱུང་ནསཿ གསེར་གྱི་རྡོ་རྗེ་རྒྱ་གྲམ་གདན་དུ་བཏིངསཿ དེ་ཡི་སྟེང་དུ་ཡབ་ཡུམ་བཞུགས་སུ་གསོལཿ ཙཱ་རྩི་མཐིང་ནག་ཆིབས་སུ་དྲི་ཟ་ཞོནཿ ལག་པ་གཉིས་ཀྱིས་ཤར་གྱི་རྡོ་རྗེ་བཏེགཿ འཛིན་བྱེད་སེར་མོ་ཆིབས་སུ་གྲུལ་བུམ་ཞོནཿ ལག་པ་གཉིས་ཀྱིས་ལྷོ་ཡི་རྡོ་རྗེ་བཏེགཿ དུས་ལྕེ་དམར་མོ་ཆིབས་སུ་ཀླུ་དབང་ཞོནཿ ལག་པ་གཉིས་ཀྱིས་ནུབ་ཀྱི་རྡོ་རྗེ་བཏེགཿ ཚངས་མ་ལྗང་ཁུ་ཆིབས་སུ་གནོད་སྦྱིན་ཞོནཿ ལག་པ་གཉིས་ཀྱིས་བྱང་གི་རྡོ་རྗེ་བཏེགཿ མདུན་གྱི་ནམ་མཁའ་ཉིད་ལ་


PKT001_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༨བ༽གཤེགས་པར་གྱུརཿ རི་བོ་དེ་ཤན་ཡ་ག་ཞེས་བྱ་བཿ རི་རྩེར་གཡུ་ཡི་ན་བུན་འཐུལ་བ་ལཿ རྨད་ན་རྒྱ་མཚོ་གཏིང་ཟབ་འཁྱིལ་བ་ཡིཿ མདུན་དུ་མེ་ཏོག་སྣ་ཚོགས་གླིང་ཆགས་པཿ བྱ་སྐད་སྙན་པ་སྣ་ཚོགས་སྒྲོག་པའི་སཿ གནམ་སྒོ་ཟླ་གམ་ཁ་ནི་ཤར་དུ་ལྟཿ དུས་བཟང་ལ་ནི་མཁའ་འགྲོ་དངོས་སུ་འབྱོནཿ ཉམས་དགའ་དང་སྤྲོ་སྐྱོ་བ་མེད་པའི་གནསཿ ཏིང་འཛིན་རྒྱུད་ལ་རང་ཤུགས་སྐྱེ་བའི་སཿ ཕོ་བྲང་རི་བོ་ཏ་ལའི་རྩེ་མོར་བྱོནཿ བྲག་ཕུག་མཱ་ར་ཏི་ཀ་ཞེས་བྱ་བཿ རིགས་གསུམ་མགོན་པོས་བྱིན་གྱིས་བརླབས་པའི་གནསཿ དགུན་ཡང་མེ་ཏོག་ཆར་དུ་འབབ་པ་ལཿ བཀྲ་ཤིས་བྱིན་རླབས་ཆེ་བའི་གནས་མཆོག་དེརཿ ཚེ་དཔག་མེད་པའི་དཀྱིལ་འཁོར་ཞལ་ཕྱེ་ནསཿ ཚེ་ཡི་རིག་འཛིན་ཟླ་བ་གསུམ་དུ་བསྒྲུབསཿ ཚེ་དཔག་མེད་པ་མདུན་གྱི་ནམ་མཁར་བྱོནཿ ཡབ་ཡུམ་གཉིས་ཀྱི་སྤྱི་བོར་བུམ་པ་བཞགཿ བསྐལ་པ་ཆགས་ནས་འཇིག་རྟེན་མ་སྟོངས་པརཿ རྡོ་རྗེའི་སྐུ་ལ་སྐྱེ་འཆི་མེད་དབང་བསྐུརཿ ཏིང་འཛིན་བསྒོམས་པས་འཁོར་འདས་རུ་ཤན་ཕྱེདཿ ཚེ་ཡི་རིག་འཛིན་འཇའ་ལུས་ཐོབ་པར་གྱུརཿ སེམས་རྟགས་ལུས་ཤར་བགྲེས་རྒོད་མི་མངའ་བཿ ཟག་པ་མེད་པ་འཇའ་འོད་ཟེར་རང་བཞིནཿ འཁོར་བ་མ་སྟོངས་བཞུགས་པའི་ཚེ་ཐོབ་གྱུརཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ཚེའི་རིག་འཛིན་གྲུབ་


PKT001_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༩ན༽པའི་ལེའུ་སྟེ་ཞེ་བཞི་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

རྒྱལ་པོ་ཨ་ཤྭ་ཀ་ཆོས་ལ་བཙུད་པའི་ལེའུ།


PKT001_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཟ་ཧོར་རྒྱ་གར་གཉིས་ཀྱི་མཚམསཿ ཀོ་ཏ་ལ་ཞེས་བྱ་བའི་ཡུལ་དུ་བྱོནཿ གཡའ་རི་གོང་གི་བྲག་ཕུག་གང་མར་བཞུགསཿ བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དལ་ཞལ་ཕྱེཿ མི་ལོ་བཅུ་གཉིས་བར་དུ་སྒྲུབ་པ་མཛདཿ རྒྱལ་པོ་ནུ་ཤ་རཱུ་པས་ཞབས་ནས་བཏེགཿ དེ་ནས་རིང་པོར་མ་ལོན་དུས་ཤིག་ནཿ དུར་ཁྲོད་ཆེན་པོ་ཧཱ་ཧཱ་སྒྲོག་པ་ནཿ གཅན་གཟན་མང་པོ་དཔག་ཏུ་མེད་པ་ཚོགསཿ དུར་ཁྲོད་རོ་མེད་ཉིན་མཚན་ཁ་སྦྱར་དུཿ ལྟོགས་ནས་ངུ་བའི་གཅན་གཟན་སྙིང་རྗེ་སྐྱེསཿ དུར་ཁྲོད་ཕྱིན་ནས་སྐྱུ་ལུས་སྦྱིན་པར་བཏང་ཿ གཅན་གཟན་ཟ་རྒྱུ་མ་རྙེད་རྒྱབ་བསྟན་དུཿ ཞག་བདུན་ཁོངས་སུ་གཅན་གཟན་ཚོ་དུས་བྱེདཿ དེ་ནས་མནར་མེད་དམྱལ་ཁམས་འགྲོ་བར་གཟིགསཿ རྒྱལ་པོ་གཙུག་ལག་འཛིན་དེ་གར་སྐྱེས་བལྟསཿ ནུ་ཤའི་བུ་མོ་མནྡྷེ་བཟང་མོར་སྐྱེསཿ དེའི་ཤ་ལྟོར་སོང་མཐོང་རིས་སྤོར་བར་མཁྱེནཿ སྙིང་རྗེའི་སེམས་དང་ལྡན་པའི་མཁའ་འགྲོ་མཿ སྙིང་རྗེ་སྐྱེ་ཕྱིར་ནིའུ་ལེའི་ཚང་དུ་སྤྲུལཿ དེ་ཡང་ཤིན་ཏུ་ཉེན་ཅིང་ཉོན་མོངས་པཿ གནོད་པ་མང་ཞིང་ལྟ་མི་བཟོད་པར་སྤྲུལཿ མནྡྷེ་བཟང་མོས་ཀུ་ཤ་འཐུ་རུ་ཕྱིནཿ ཚང་ལ་ཏ་ལའི་ལོ་མ་བཅད་ནས་བཀབཿ རླུང་གིས་བཏེག་པས་མཐའ་མ་རྡོ་ཡིས་མནནཿ ནེའུ་ལེ་ཕོ་བྱུང་རྡེག་སེམས་མེད་པར་ཕོགཿ རྐྱེན་དེས་བསྐུར་ནས་བུ་མོས་


PKT001_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༠༩བ༽ཆོས་བྱེད་བརྩམསཿ ཟང་ཟིང་བཀལ་ནས་གཡའ་རི་གོང་དུ་ཕྱིནཿ རྒྱལ་བས་དབང་བསྐུར་བྱིན་གྱིས་བརླབས་ནས་ནིཿ ཁྱོད་ཀྱི་ལུས་འདི་དུར་ཁྲོད་ཕ་གིར་ཕྱིནཿ གཅན་གཟན་འདི་དག་མི་ལུས་ཐོབ་ནས་ཀྱང་ཿ ཁྱོད་ཀྱིས་འདུལ་བའི་གདུལ་བྱའི་ཞིང་དུ་འགྱུརཿ ཁྱོད་ནི་སྐྱེ་བ་འགའ་ཞིག་བརྒྱུད་པ་ནཿ ཁ་བ་ཅན་དུ་གནམ་རི་ཞེས་བྱའི་བརྒྱུདཿ སྲོང་བཙན་སྒམ་པོ་ཞེས་བྱའི་རྒྱལ་པོར་སྐྱེཿ ཐུགས་རྗེ་ཆེན་པོ་སྤྱན་འདྲེན་ཕོ་ཉ་བཿ མཐའ་འཁོབ་ཡུལ་ནས་རྒྱ་གར་ཡུལ་དུ་འགྲིམཿ དེ་དུས་གཅན་གཟན་འདི་དག་མི་ལུས་ཐོབཿ གཅན་གཟན་མང་ཞིག་རྒྱ་གར་ཡུལ་དུ་སྐྱེཿ ལ་ལ་སེངྒེ་ལ་ཡི་ཡུལ་དུ་སྐྱེཿ ད་ལྟ་འགྲེལ་ཐོགས་ཁྱོད་ལ་མདུན་དུ་འོང་ཿ འདི་དག་རྣམས་ཀྱིས་ལྷ་ཁང་ཉིས་བརྒྱ་བཞེངསཿ དཀོན་ཅོག་གསུམ་བཞུགས་དེ་ལ་མཆོད་པ་བྱེདཿ སྤྲེའུའི་ཆ་རྣམས་ལྷ་ཕྱག་འཚལ་བའི་རྟེནཿ ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཡང་འབྱོནཿ དམ་རྫས་ངོ་མཚར་ཅན་ནི་རྒྱུ་དང་བཅསཿ ལྷ་ཡི་བུ་མོ་བཅུ་དྲུག་མཆོད་གཡོག་བྱེདཿ ཅེས་གསུངས་དེ་ནས་བུ་མོས་ལུས་རྒྱན་ཕུལཿ དུར་ཁྲོད་ཕྱིན་པས་གཅན་གཟན་ཟོས་པར་གྱུརཿ ཞག་ཏུ་སོང་ནས་རྒྱལ་པོ་འཁོར་བཅས་བྱུང་ཿ སྙིང་ནི་མི་དགའ་བུ་མོར་རྨི་ལམ་ངནཿ མནྡྷེ་བཟང་མོ་གང་དུ་སོང་ཟེར་འདྲིཿ ཕྱོགས་རྣམས་ཀུན་ཏུ་ཡོངས་སུ་ཚོལ་བར་གྱུརཿ དུར་ཁྲོད་སོང་བས་ཁྲག་གིས་འཁྲས་པ་དང་ཿ རས་གོས་ཕ་ཚད་སྐྲ་ལོ་


PKT001_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༡༠ན༽ཕན་ཚུན་འཐོརཿ རྐང་གི་ཁྲལ་ཁྲོལ་ཐོད་པ་བུམ་རིལ་མཐོང་ཿ དུར་ཁྲོད་འདི་རུ་སུ་བསྐྱལ་སུ་ཤི་སྙམཿ མནྡྷེ་བཟང་མོ་མུན་ན་རུང་སྟེ་ཟེརཿ མྱ་ངན་དུ་བཤུམ་རྒྱལ་བ་ཉིད་ལ་འདྲིཿ ཁྱོད་ཀྱི་བུ་མོ་གཅན་གཟན་ཟོས་སོ་གསུངསཿ དེ་མ་ཐག་ཏུ་སེམས་ཉམས་བརྒྱལ་བར་གྱུརཿ སློབ་དཔོན་ཆུ་བརྒྱབ་བརྒྱལ་བ་སངས་པ་དང་ཿ རྒྱལ་བས་མནྡྷེ་བཟང་མོའི་སྐྱེ་རྒྱུད་གསུངསཿ དེ་ནས་རྒྱལ་པོ་འཁོར་བཅས་ཆོས་ལ་ཚུདཿ ཡུལ་དེར་ཐེག་པ་ཆེན་པོ་སྤྱི་ཏི་དརཿ དེ་ནས་རྒྱ་གར་ཡུལ་དུ་བྱོན་དགོངས་ནསཿ གྲོང་ཁྱེར་མེ་ཏོག་རྒྱས་པ་ཞེས་བྱ་ནཿ རྒྱལ་པོ་ཨ་ཤྭ་ཀ་ཞེས་བདུད་དབང་སྒྱུརཿ བསྟན་པའི་དབེན་བྱས་དགེ་འདུན་ཐམས་ཅད་འཁྲུགསཿ ཉན་ཐོས་སྡེ་པ་གཉིས་སུ་ཆད་པར་གྱུརཿ གཞོན་ནུ་མང་ཞིག་ཆད་པས་ཕལ་ཆེན་སྡེཿ རྒན་པ་ཉུང་ཞིག་ཆད་པས་གནས་རྟེན་སྡེཿ མི་ལོ་ཉིས་བརྒྱ་ལྷག་ཙམ་སོང་བར་གྱུརཿ རྒྱལ་པོ་དེ་ཡིས་རྔ་སྒྲ་ཅན་རྣམས་བཅོམཿ གྲོང་ཁྱེར་ཤིང་ཐག་ཅན་རྣམས་འཇོམས་པ་ལཿ ཨ་ཤྭ་ཀ་ནི་ཁང་པ་ཞིག་ཏུ་འདུགཿ རྒྱལ་པོ་དེ་ཉིད་གདུལ་བྱའི་ཞིང་དུ་གཟིགསཿ པད་འབྱུང་དགེ་སློང་ཞིག་ཏུ་སྤྲུལ་ནས་ནིཿ རྒྱལ་པོའི་ནང་དུ་བསོད་སྙོམས་སློང་དུ་ཕྱིནཿ ང་ལ་བརྙས་པ་བྱེད་འདི་ཟུངས་ཤིག་ཟེརཿ ཟངས་མོ་ཆེ་ནང་ཏིལ་གྱི་མར་ཁུ་བླུགཿ འོག་ནས་རབ་ཏུ་ཚ་བའི་ཤིང་མེ་བུསཿ དགེ་སློང་ཆས་


PKT001_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༡༠བ༽ཕྱུང་ཟངས་ཀྱི་ནང་དུ་བཅུགཿ ནང་པར་བལྟས་པས་ཟངས་ནང་པདྨ་སྐྱེསཿ འདོམ་པོ་འཕགས་ནས་པདྨའི་ཟེའུ་འབྲུའི་དབུསཿ དགེ་སློང་ཅི་ཡང་མ་ཉེས་བཞུགས་པར་གྱུརཿ རྒྱལ་པོ་ཨ་ཤྭ་གནོང་འགྱོད་དྲག་པོ་སྐྱེསཿ སྦྱིན་གནས་འདི་ལྟ་བུ་ལ་མི་མཚམ་བྱསཿ ང་ཡིས་སྡིག་པ་མཚམས་མེད་མང་པོ་བསགསཿ སྡིག་པ་ཇི་ལྟར་བྱས་ན་འདག་ཅེས་ཞུསཿ དེ་ནི་དགེ་སློང་དབང་པོའི་སྡེ་ལ་དྲིསཿ སྤྲུལ་པའི་དགེ་སློང་རྒྱལ་པོས་ཁྲིད་ནས་ཕྱིནཿ དགེ་སློང་དབང་པོའི་སྡེ་ཡིས་ཞལ་ནས་ནིཿ ཛམྦུའི་གླིང་གིས་གནས་བྱེ་བ་རུཿ ནུབ་གཅིག་མཆོད་རྟེན་བྱེ་བ་བཞེངས་པ་དང་ཿ སྐྱབས་མགོན་མེད་ལ་ཟས་ནོར་བྱིན་ན་འདགཿ དེ་སྐད་གསུངས་པས་རྒྱལ་པོའི་བསམ་པ་ལཿ མགོན་མེད་ཟས་སྦྱིན་གཏོང་དང་སླ་སྟེ་ནཿ ནུབ་གཅིག་རྟེན་བྱེ་བས་གཅིག་མི་འགྲུབཿ སྡིག་པ་མི་འདག་ཟེར་བ་ཡིན་ཅེས་སྨྲསཿ དེ་ནས་དགེ་སློང་ཆེན་པོ་དབང་པོའི་སྡེསཿ ཁྱོད་ནི་སངས་རྒྱས་ལུང་བསྟན་རྒྱལ་པོ་ཡིནཿ བྱང་ཆུབ་ཤིང་དྲུང་སོང་ལ་སྨོན་ལམ་ཐོབཿ རྒྱལ་པོ་ཨ་ཤྭས་བྱང་ཆུབ་ཤིང་དྲུང་ཕྱིནཿ སངས་རྒྱས་ལུང་བསྟན་རྒྱལ་པོ་ང་ཡིན་ནཿ ནུབ་གཅིག་འཛམ་གླིང་ས་གནས་བྱེ་བ་རུཿ ལྷ་འདྲེས་མཆོད་རྟེན་བྱེ་བ་བཞེངས་པར་ཤོགཿ དེ་མ་ཐག་ཏུ་མཆོད་རྟེན་བྱེ་བ་གྲུབཿ དབུལ་པོ་ཐམས་ཅད་ཟས་ནོར་གོས་ཀྱིས་བསྐྱངསཿ ཡངས་པ་ཅན་དུ་བསྟན་པའི་སོ་ནམ་བྱསཿ མྱ་ངན་མེད་


PKT001_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༡༡ན༽པར་མགོན་མེད་ཟས་སྦྱིན་གྲགསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ རྒྱལ་པོ་ཨ་ཤྭ་ཀ་ཆོས་ལ་བཙུད་པའི་ལེའུ་སྟེ་ཞེ་ལྔ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

བཻདྡྷའི་ཡུལ་དང་སིངྒ་ལའི་ཡུལ་ཆོས་ལ་བཀོད་པའི་ལེའུ།


PKT001_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལྷོ་ཕྱོགས་བཻདྡྷའི་ཡུལ་དུ་བྱོནཿ དྲ་བ་གཙུག་དགུའི་དུར་ཁྲོད་བཞུགས་པ་ལསཿ རྒྱལ་པོ་སྟོབས་ཞེས་བྲམ་ཟེ་སྨན་པས་བཏེགཿ གསོ་བྱེད་སྤོར་ཐང་མཁས་པའི་རྒྱལ་པོ་དེཿ ཁབ་ཏུ་ཆེན་ཆུན་གཉིས་བཞེས་ཡོད་པ་ལཿ ཆེན་མའི་སྲས་ལ་ཡབ་ཀྱིས་ཐུགས་ལ་བཏགསཿ གསོ་བའི་རིག་གནས་ཐམས་ཅད་རྫོགས་པར་བསླབསཿ ཡུན་རིང་སྦྱང་བཅུ་ག་མཁས་པའི་མངའ་བདག་གཏདཿ ཆུན་མའི་སྲས་ལ་དུས་གཅིག་གནང་ནས་སུཿ ཁྱེད་གཉིས་ཤེས་པའི་ཡོན་ཏན་བསྡུར་དགོས་ཟེརཿ ཆུན་མ་ཤིན་ཏུ་སྡུག་བསྔལ་གདུངས་པར་གྱུརཿ ངའི་བུས་རྒྱལ་ས་མི་ཐོབ་སྙམ་ནས་སུཿ སྲས་ཀྱིས་དྲ་བ་གཙུག་དགུའི་དུར་ཁྲོད་ཕྱིནཿ དགེ་སློང་ཆེན་པོ་དབང་པོའི་སྡེ་ཉིད་ལཿ རིག་པའི་གནས་ལྔ་ཉིན་མཚན་ཁ་སྦྱར་བསླབསཿ དབུ་མཚན་མཐོང་བས་དབུ་ཞབས་དོན་ཁོང་ཆུང་ཿ ཡུམ་གྱིས་ཤེས་སམ་དྲིས་པས་ཕུལ་ཕྱིན་གསུང་ཿ མ་དེ་ཤིན་ཏུ་དགའ་ནས་བུར་ཕྱག་འཚལཿ དེ་ནས་ཡོན་ཏན་བསྡུར་བའི་དུས་ལ་བབཿ ཁྲི་གཉིས་བརྩིགས་ནས་སྲས་གཉིས་བཞུགས་སུ་བཅུགཿ གང་མཁས་པ་ལ་རྒྱལ་ས་གཏོད་པ་ལཿ ཆེན་མའི་སྲས་ཀྱིས་


PKT001_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༡༡བ༽གསོ་རེག་སྔོན་ལ་གསུངསཿ བམ་པོ་སུམ་བརྒྱ་མཁྱེན་པས་ཡ་མཚན་སྐྱེསཿ དམངས་རྣམས་ཆུན་མའི་སྲས་ལ་སྨྲ་མི་དགོསཿ མ་བསླབས་ཤེས་པ་དཀའ་ཟེར་ཆས་ཆོད་བྱེདཿ དེར་ཡང་ཡུམ་ནི་ཐུགས་མ་བདེ་བར་དུསཿ ཆེན་མས་སྲས་ལ་བསྐོར་བ་མང་དུ་བྱསཿ ཕྱག་བཙལ་ངའི་བུས་མངའ་ཐང་ཐོབ་བོ་ཟེརཿ དེ་ནས་ཆུན་མའི་སྲས་ཀྱིས་གསོ་རིག་གསུངསཿ ལྷ་དང་ཀླུ་དང་དྲི་ཟར་བཅས་པ་འདུསཿ ཡབ་ཀྱིས་གནང་བའི་བམ་པོ་སུམ་བརྒྱའི་སྟེང་ཿ གསོ་རིག་བསྟན་བཅོས་སྔར་མ་གྲགས་པ་གསུངསཿ ལྷ་ཀླུས་ཕྱག་བཙལ་བསྐོར་བ་བྱས་ནས་དེང་ཿ དམངས་རྣམས་མ་བསླབས་ཤེས་པ་ཨ་ལ་ཟེརཿ ཡབ་ཀྱིས་ཕྱག་བཙལ་ཞབས་ནི་སྤྱི་བོར་བླངསཿ མངའ་ཐང་སྲས་གཉིས་བགོ་བཤའ་བཏང་བ་ལཿ མངའ་ཐང་མི་འདོད་རབ་ཏུ་བྱུང་གསོལ་ཞེསཿ ཐངས་གསུམ་ཞུས་ཀྱང་མ་གནང་དེ་ནས་གནང་ཿ དགེ་སློང་དབང་པོའི་སྡེ་ལ་རབ་ཏུ་བྱུང་ཿ བསྙེན་རྫོགས་མཛད་ནས་དམ་པའི་ཆོས་ལ་སྦྱངསཿ ཆོས་མིང་སིདྡྷི་ཕ་ལ་ཞེས་སུ་གྲགསཿ དེ་ནས་འགྲོ་བ་རྣམས་ལ་ཕན་པའི་ཕྱིརཿ སྒྲ་དང་ཚད་མའི་བསྟན་བཅོས་མང་པོ་མཛདཿ གསང་སྔགས་གྲུབ་བརྙེས་སྒྲུབ་ཐབས་མང་པོ་མཛདཿ དེ་དུས་ཀྲ་མ་ཤཱ་ལའི་གཙུག་ལག་ཁང་ཿ མུ་སྟེགས་ཉི་མ་སིདྡྷི་ས་མིག་བལྟས་བསྲེགསཿ མངོན་པའི་བཀའ་རྣམས་ཕལ་ཆེར་ཚིག་པར་གྱུརཿ དེ་ཡི་མེ་


PKT001_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༡༢ན༽གྲིབ་ཀླུ་ཡི་རྒྱལ་པོར་ཕོགཿ ཀླུ་ཡི་རྒྱལ་པོ་བཏང་གཟུང་ནད་ཀྱིས་བཏབཿ ཤིན་ཏུ་ཉམ་ཐག་ཅི་བྱས་ཕན་མེད་ནསཿ ཀླུ་འཁོར་གདུང་བའི་སྨྲེ་སྔགས་མང་པོ་བཏོནཿ ཀླུ་ཡི་རྒྱལ་པོ་དགའ་བའི་ཞལ་ན་རེཿ ཛམྦུའི་གླིང་གི་འཚོ་བྱེད་སྤྱན་འདྲོངས་ནཿ ན་ཚ་འདི་ལས་ཐར་བ་ཅང་སྲིད་དམཿ དེ་མིན་ཅི་བྱས་ཕན་མེད་ཚོའི་དུས་བྱེདཿ ཅེས་ཐོས་ཀླུ་རིགས་ནང་ནས་ཆོས་དད་པཿ གཉིས་ཀྱིས་སྤྱན་འདྲེན་འགྲོ་བར་ཁས་བླངས་ནསཿ དེ་གཉིས་ལ་ནི་རིན་ཆེན་མང་དུ་བསྐུརཿ དགེ་སློང་ཆེན་པོ་དེ་ལ་མཆོད་ཅིག་བསྒོཿ དེ་ནས་ནོར་རྒྱས་དང་ནི་དུང་སྐྱོང་གིསཿ རྫུ་འཕྲུལ་ཛམྦུའི་གླིང་དུ་སྐད་ཅིག་ཕྱིནཿ དགེ་སློང་ཆེན་པོ་སིདྡྷི་ཕ་ལ་ལཿ མགོ་བོས་ཕྱག་འཚལ་ཐལ་མོ་སྦྱར་ནས་སུཿ གྲོས་མཐུན་ཚིག་མཐུན་སྐད་མཐུན་རཏྣ་ཕུལཿ དགེ་སློང་ཆེན་པོས་གཟིགས་སྟོང་གསུམ་ལ་གཟིགསཿ གཟིགས་སྟོངས་དང་པོ་ཀླུ་བསྙུང་ལས་ཐར་བཿ གཟིགས་སྟོང་གཉིས་པ་གཏི་མུག་ནད་བསལ་བཿ གཟིགས་སྟོངས་གསུམ་པ་རྒྱས་པ་འབུམ་ལ་གཟིགསཿ ཀླུ་ཡི་ཡུལ་དུ་སྐད་ཅིག་ཕྱིན་པར་གྱུརཿ ཀླུ་རྣམས་མཚེའུ་ཚལ་དུ་དགེ་སློང་འདུསཿ ཀླུ་ཡི་རྒྱལ་པོ་ཀླུ་སྨན་སྣ་ཚོགས་གསོསཿ རྒྱལ་པོ་ནད་ལས་གྲོལ་བའི་དྲིན་ལན་དུཿ རིན་པོ་ཆེ་དང་ཕ་རོལ་ཕྱིན་ཡུམ་ཕུལཿ ཨཱ་ཙརྻ་མཆོག་ནཱ་གཱ་རྫུ་ནར་གྲགསཿ དེ་ནས་ཨུ་རྒྱན་པདྨ་འབྱུང་


PKT001_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༡༢བ༽གནས་ཀྱིསཿ སིངྒ་ལ་ཡི་རྒྱལ་ཁམས་གདུལ་བྱར་གཟིགསཿ གི་ཛ་ར་ཡི་དུར་ཁྲོད་བཞུགས་ནས་སུཿ རྒྱལ་པོ་ཤྲཱི་ཀུ་མཱ་ས་ཞབས་ནས་བཏེགཿ འདི་དུས་ཀྲ་མ་ཤྲཱི་ལའི་གཙུག་ལག་ཁང་ཿ མུ་སྟེགས་དམག་དྲངས་གཙུག་ལག་ཁང་འགའ་བསྲེགསཿ རེ་ཞིག་དུས་ན་རྒྱལ་པོའི་ལྡུམ་རའི་ནང་ཿ མཚོ་དཀྱིལ་མེ་ཏོག་པདྨའི་སྡོང་པོ་ལསཿ མེ་ཏོག་མང་པོ་ཉིན་པར་ཁ་འབྱེད་ཅིང་ཿ མཚན་མོ་ཁ་ནི་ཟུམ་ནས་སྡོད་པ་ལཿ པདྨ་གཅིག་ནི་ཉིན་ཡང་ཁམ་བྱེཿ ལྡུམ་ར་བས་ནི་རྒྱལ་པོར་དེ་ལྟར་བསྙེདཿ རྒྱལ་པོའི་ཞལ་ནས་གཉེར་ཀ་གྱིས་ཤིག་གསུང་ཿ དེ་ནས་རྒྱལ་པོ་བཙུན་མོ་འཁོར་བཅས་ཀྱིསཿ གཟིགས་སུ་བྱོན་པས་པདྨ་ཁ་བྱེའི་དབུསཿ ཁྱེའུ་ལོ་བརྒྱད་ཟིལ་པོ་ཁྲོམ་མེར་འདུགཿ རྒྱལ་པོས་མཁན་པོ་སུ་མི་ཏྲ་ལ་དྲིསཿ མཁན་པོའི་ཞལ་ནས་རྒྱལ་པོ་གསོན་ཅིག་གསུང་ཿ དེ་ནི་ཤཱཀྱ་མི་ཏྲའི་སྐྱེ་བ་སྟེཿ རྒྱ་གར་ཤར་ཕྱོགས་བྲམ་ཟེས་བྷ་ལའིཿ བུ་ནི་ཤཱཀྱ་བཤེས་གཉེན་ཚེ་འཕོས་པཿ དབང་ཕྱུག་ཆེན་པོའི་གྲུབ་ཐོབ་ནང་པའི་དགྲཿ མ་ཏི་ཙི་ཏྲ་འདུལ་བའི་གཉེན་པོ་ཡིནཿ ཕོ་བྲང་སྤྱན་དྲངས་བཀུར་སྟི་གྱིས་ཤིག་གསུང་ཿ དབང་བསྐུར་ཆོས་བཤད་ཨཱརྻ་དེ་བར་བཏགསཿ ཚངས་སྤྱོད་རབ་ཏུ་འབྱུང་བར་ཞུ་ཕུལ་བསཿ སློབ་དཔོན་ཀླུ་སྒྲུབ་རབ་ཏུ་བྱུང་ལུང་བསྟནཿ མི་ལོ་ཉིས་བརྒྱ་བཞུགས་ནས་ཆོས་ལ་བཀོདཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་


PKT001_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༡༣ན༽སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བཻ་དྡྷའི་ཡུལ་དང་སིངྒ་ལའི་ཡུལ་ཆོས་ལ་བཀོད་པའི་ལེའུ་སྟེ་ཞེ་དྲུག་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ

བྷངྒ་ལའི་རྒྱལ་ས་ཕྲོགས་པའི་ལེའུ།


PKT001_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཤར་ཕྱོགས་བྷངྒ་ལ་རུ་བྱོནཿ རཱ་ཛ་ཆེན་པོ་ནོར་བུ་འོད་ལྡན་ཞེསཿ མུ་སྟེགས་རྒྱལ་པོ་གསུང་རབ་མི་དད་པཿ དང་པོར་མངོན་པར་མི་དགའ་གནོད་པར་བྱེདཿ ཕོ་བྲང་མཁར་གྱིས་ནི་བརྒྱད་ཡོད་པཿ ཕྱི་སྒོའི་ནང་ན་དབང་པོའི་ཡུལ་སྟོན་གྱིཿ བུ་མོ་ལྔ་ནི་ཤིན་ཏུ་མཛེས་པ་ལཿ ཡིད་དུ་འོང་བའི་ཆ་ལུགས་དུ་མ་སྟོནཿ འདོད་ཡོན་ལྔ་ནི་ལག་ཏུ་བླངས་ནས་སྟེང་ཿ བར་སྒོ་ཞིག་ན་མ་འོངས་ལུང་སྟོན་པའིཿ སྒོ་འགྲམ་འདས་འོངས་གླེང་སློང་བུ་མོ་གཉིསཿ ངག་ནི་ཚངས་པའི་དབྱངས་ལྟར་སྙན་པ་ལཿ གཏམ་ཡང་ཚངས་པ་ཆེན་པོ་ལྟ་བུར་མཁསཿ ནང་སྒོའི་ཕྱི་འགྲམ་རཀྴ་སྟོབས་པོ་ཆེའིཿ བུ་ལྔ་འཇིགས་པའི་མཚོན་ཆ་སྣ་ཚོགས་ཐོགསཿ སྒོ་ཡི་ནང་འགྲམ་སྒོ་སྲུང་སྡིག་ལྟོ་ཅནཿ ཕྱི་ལ་རེ་མིག་སྟོང་ཕྲག་བརྒྱད་ཅུ་བརྒྱདཿ ཕོ་བྲང་དེ་ལ་འོབས་ཀྱི་འཁོར་ས་དྲུགཿ མཁར་དེའི་བར་ཁང་ཉི་ཟླ་ཁ་སྦྱར་གྱིཿ ནང་ནི་རིན་ཆེན་སྣ་ལྔའི་འོད་ཀྱིས་ཁེངསཿ དེ་ལ་རིན་ཆེན་ཤེལ་གྱི་སྐས་བཙུགས་པཿ རཏྣ་འཕྲུལ་གྱི་མེ་ལོང་ལས་བྱས་མཐོང་ཿ དེ་ནང་རཱ་ཛ་ནོར་བུ་འོད་ལྡན་སྡོདཿ གནས་པ་ནང་གནས་གཟིགས་པ་ཕྱི་རུ་གཟིགསཿ དེ་ཡི་སྤྱི་གཙུག་ཡིད་བཞིན་ནོར་བུ་ནིཿ རིན་པོ་ཆེ་ནི་


PKT001_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༡༣བ༽བསམ་འཕེལ་བྱ་བ་ཡོདཿ འཁོར་ནི་མུ་སྟེགས་གྲངས་མེད་བསྐོར་བའི་དབུསཿ རྒྱལ་པོ་དེ་ནི་ཤིན་ཏུ་དབང་ཆེ་བསཿ ནོར་བུ་རིན་ཆེན་ཡོད་བཞིན་གཞན་གྱི་འཕྲོགཿ སེམས་ཅན་དབུལ་ཕོངས་དུབ་ཅིང་སྡུག་བསྔལ་འཇུགཿ དེ་ནི་པད་འབྱུང་གདུལ་བྱའི་ཞིང་དུ་གཟིགསཿ གྲོང་ཁྱེར་སྲང་གར་མནྡ་ར་བ་བཞགཿ བྱི་ལའི་གདོང་པ་ཅན་དུ་སྤྲུལ་ཅིག་གསུངསཿ གདོང་ཅན་སྐྱེས་བུ་གསུམ་གྱིས་དམག་དཔོན་བྱསཿ མཚོན་གྱིས་མི་ཕེད་སྲ་བའི་གོ་ཆ་གྱོནཿ རྩེ་གསུམ་ལྡན་པའི་མཚོན་ཆ་མང་དུ་ཐོགསཿ བརྒྱད་ཁྲི་བཞི་སྟོང་འཁོར་བཅས་དམག་དྲངས་འཐབཿ རྒྱལ་པོའི་འཁོར་ས་དྲུག་བཅོམ་དམག་རྣམས་བསདཿ འདོད་ཡོན་བུ་མོ་ལྔ་ཕྲོགས་སྒོ་སྲུང་བཀུམསཿ གནམ་སྒོ་འབྱུང་འཇུག་མེད་པའི་ནང་དུ་ཕྱིནཿ ཁྲོ་བཅུས་རྒྱལ་པོ་བཀོད་པ་ལྷུན་གྲུབ་ཁྲིདཿ པདྨ་ཀུན་ཏུ་འཆང་གི་སྐུ་རུ་བཞེངསཿ རྒྱལ་པོ་འོག་མིན་གནས་སུ་བསྒྲལ་བར་གྱུརཿ རྒྱལ་པོའི་ཤུལ་བཟུང་ཆོས་ཀྱིས་རྒྱལ་སྲིད་བསྐྱངསཿ འདི་དུས་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ཿ ཏ་ཟིག་རྒྱལ་པོ་ཧུ་ལུ་ཀས་དམག་གཡབསཿ གཙུག་ལག་ཁང་ནི་བཅུ་གཉིས་མེ་ལ་བསྲེགསཿ མངོན་པའི་བཀའ་ནུབ་གཙུག་ལག་ཁང་ནི་མེདཿ དགེ་སློང་གསལ་བའི་ཚུལ་ཁྲིམས་ལུས་བསྐྱེད་ནསཿ བྱམས་པའི་ཆོས་ལྔ་པྲ་ཀ་ར་ཎ་སྡེ་བརྒྱདཿ ཐོགས་མེད་དབྱིག་གཉེན་


PKT001_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༡༤ན༽བསྟན་བཅོས་ཕྱིས་བརྩམས་དང་ཿ པད་འབྱུང་བསྟན་པ་བྷངྒ་ལ་ན་རྒྱསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བྷངྒ་ལའི་རྒྱལ་ས་ཕྲོགས་པའི་ལེའུ་སྟེ་ཞེ་བདུན་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

ཨུ་རྒྱན་ཡུལ་ཁམས་འདུལ་བར་དགོངས་པའི་ལེའུ།


PKT001_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གདུལ་བྱར་གྱུར་པ་གང་འདུག་གཟིགསཿ ཨིནྡྲ་བོ་དྷིས་ཕོ་ཉ་བཏང་དང་ཕྲདཿ གྲོགས་པོ་གསེར་འོད་གཞོན་ནུ་ཞེས་བྱ་བཿ མནྡཱ་ར་བ་མཐོང་བས་ལོག་ལྟ་སྐྱེསཿ ཀྱེ་མ་དུས་ངན་ཆོས་པ་འདི་འདྲ་བཿ སོ་སོའི་སྐྱེ་བོ་ཡིན་ཡང་ངོ་མི་མཚརཿ གཏམ་ནི་མང་དུ་སྨྲས་ཀྱང་ལྷག་མ་ལྔསཿ མགོ་ནག་མི་ལ་འདུན་མ་ཅི་ཡང་ཡོདཿ འོད་འཆང་མ་ནི་བར་མ་དོ་རུ་འཁྱམསཿ གླགས་ལྟ་ཐ་མ་མཆིས་པར་བགྱིད་ལགས་སོཿ དེ་སྐད་སྨྲས་ནས་ཨུ་རྒྱན་ཡུལ་དུ་དང་ཿ དེ་ནས་ཨུ་རྒྱན་ཐབས་ཀྱིས་འདུལ་བར་དགོངསཿ འབྲས་ལྡན་ཀརྐ་ཏ་ཡི་ཚོང་དུས་སུཿ བྲམ་ཟེ་ཕོ་མོའི་ཁྱེའུ་ཞིག་ཏུ་སྤྲུལཿ སྐྱེ་བདུན་ཤ་ཞིག་བཙལ་ནས་དོན་བྱ་བསམཿ ཁར་ས་པཱ་ཎའི་གཙུག་ལག་ཁང་འཁོར་ནཿ བྲམ་ཟེ་སྐྱེ་བདུན་དུང་གི་རྣ་ཆ་ཅནཿ དེ་ལ་ལུས་འདོད་ཕྱག་དང་བསྐོར་བ་བྱསཿ ང་ལ་བསྐོར་བ་བྱས་ནས་ཅི་བྱེད་ཟེརཿ སེམས་ཅན་དོན་བྱེད་སྐྱེ་བདུན་ཤ་དགོས་པསཿ ཁྱོད་ཀྱི་བློས་ཐོངས་ད་ལྟ་ལུས་འདི་ཞུཿ མི་ཐོངས་ནམ་ཤི་ཙ་ན་ཞུ་བྱས་པསཿ བྲམ་ཟེ་དུང་རྣས་ཅུང་ཞིག་བསམས་ནས་


PKT001_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༡༤བ༽སུཿ འཇིག་རྟེན་འདི་ན་གཅེས་པ་རང་སྲོག་ཡིནཿ ང་འཆིའི་དུས་ན་སྐད་ཅིག་བཏང་གི་ཟེརཿ དེ་ནས་ལོ་ལྔ་སོང་ནས་སྐད་བྱུང་སྟེཿ ཌོམྦྷི་པ་དང་སྐད་ནི་ཕྲད་ཙམ་བྱུང་ཿ དེ་ནས་རོ་དྲངས་ཅེ་སྤྱང་མང་པོ་བྱུང་ཿ ཌོམྦྷིས་རེངས་པའི་ལྟ་སྟངས་བྱས་ནས་ནིཿ སྟག་ལ་ཞོན་ནས་རོ་དེ་པང་དུ་ཁྱེརཿ ཞེ་སྡང་གདུག་པའི་སྦྲུལ་གྱིས་གོང་རྨེད་བྱསཿ རུས་པའི་རྒྱན་གྱོན་ཁ་ཊཾ་རྩེ་གསུམ་ཐོགསཿ གྲོང་ཁྱེར་འབྲས་ལྡན་དངོས་གྲུབ་སུ་འདོད་བྱསཿ བཅོས་མིའི་རྣལ་འབྱོར་ཐོ་ཅོ་ལས་མེད་པརཿ སྟག་ལ་སྦྲང་རྒོད་བླུད་ནས་ཞོན་པ་ཡིནཿ དུག་སྦྲུལ་གླ་རྩིས་བྱིན་པའི་རྟགས་ཡིན་ཟེརཿ ང་མིན་ཁྱོད་ཀྱིས་འདི་འདྲ་མི་ཐུབ་གླང་ཿ དེ་ནས་ཆང་ཚོང་བི་ན་ས་ཞེས་ལཿ ཆང་ཉོར་ཕྱིན་ཏེ་ཆད་ནི་ཙམ་ཉོ་ཟེརཿ ཁྱོད་ལ་ཆང་ནི་ཙམ་ཡོད་ཉོ་བྱས་པསཿ ང་ལ་ཆང་ཁལ་ལྔ་བརྒྱ་ཙམ་ཡོད་ལོཿ ཆང་ཚོང་བྱས་པས་ཆང་རིན་ཇི་ཙམ་ཟེརཿ ཆང་རིན་ཉི་མ་འདི་ནུབ་ཙ་ན་སྟེརཿ དེ་སྐད་སྨྲས་པས་ཆང་མས་ཆང་བཙོངས་སོཿ དུས་ལ་མ་འཇལ་རྒྱལ་ཁྲིམས་ཆད་པ་ཡོང་ཿ ཆང་རིན་མེད་ནས་ཉི་མ་སྟོད་ལ་མནནཿ རྩྭ་དང་ཤིང་དང་ཆུ་མིག་ཐམས་ཅད་བསྐམསཿ སེམས་ཅན་ཕྲ་མོ་ཐམས་ཅད་ཚིག་པ་ལཿ རཱ་རྫ་ཟངས་ཀྱི་དྲེག་པ་བྱ་བ་དེསཿ ཡུལ་མི་ཐམས་ཅད་བསགས་ནས་གྲོས་བྱས་པསཿ བེ་ནས་ངའི་ག་ན་རྣལ་འབྱོར་ཡོད་དོ་ཟེརཿ ཡུལ་མི་ཐམས་ཅད་ཁ་འཆམ་ཚིག་གཅིག་


PKT001_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༡༥ན༽ཏུཿ རྣལ་འབྱོར་བྱ་བ་ཐབས་མང་དེས་ལེན་ཟེརཿ དེ་ནས་རཱ་ཛས་སློབ་དཔོན་དྲུང་དུ་ཕྱིནཿ རྣལ་འབྱོར་བྱ་བ་སེམས་ཅན་དོན་བྱེད་ཡིནཿ འདི་འདྲའི་གནོད་འཚེ་མ་བྱེད་བྱས་པ་ཡིསཿ ཆང་རིན་མེད་ཟེར་རཱ་ཛས་ཁས་ལེན་བྱསཿ ཉི་མ་བཏང་བས་ཞག་བདུན་ཐོ་རངས་སོང་ཿ དེ་ནས་ཀུ་རུ་ཀུལླའི་བྲག་ཕུག་བཞུགསཿ ཆང་ཚོར་བི་ན་ས་ནི་དད་པ་སྐྱེསཿ གླང་པོ་ཆེ་ལ་ཆང་བཀལ་བྲག་ཕུག་བྱུང་ཿ ཌོམྦྷ་ཧེ་རུས་གདམས་ངག་རྫོགས་པར་བྱིནཿ རླུང་སེམས་འབྱོངས་པས་ཆུར་མི་འབྱིང་པ་དང་ཿ ནམ་མཁའ་དག་ལ་བྱ་བཞིན་ཐེགས་པ་མེདཿ དེ་ནས་རེ་ཞིག་དུས་ན་རྒྱལ་པོ་ནིཿ ཨིནྡྲ་བོ་དྷིས་དུར་ཁྲོད་ས་འཆག་ཕྱིནཿ དུག་སྦྲུལ་ཟིན་ནས་ཤིན་ཏུ་ན་བར་གྱུརཿ བྲམ་ཟེ་སྔགས་མཁན་སྨན་པ་རྣམས་ལ་བསྟནཿ ཐམས་ཅད་རྒྱ་མཚོའི་གཏིང་གི་ཆུས་ཕན་ཟེརཿ ཆུ་ལེན་པ་ལ་རྐང་མགྱོགས་བཏང་བར་གྱུརཿ ཆུ་ལོན་ཁྱེར་ནས་ཡོངས་པའི་ལམ་ག་རུཿ རྒྱལ་པོ་ལ་གནོད་ཀླུ་ཡིས་ཁྱེའུ་སྤྲུལཿ ངུ་ཡིན་བྱུང་བས་ཅི་ཉེས་བྱས་པ་ལཿ ཨིནྡྲ་བོ་དྷི་གྲངས་ཞེས་ཟེར་བ་དང་ཿ ལམ་དུ་ཆུ་ཕོ་དུ་ཡིན་ཕྱི་ནང་ཡིསཿ མ་གྲངས་འདུག་ནས་ཆུ་ཁྱོངས་ག་རེ་ཟེརཿ ར་ཛཱ་གྲངས་ཟེར་ཕོ་ནས་མེད་བྱས་པསཿ འོ་ན་ང་འཆི་གདམས་པ་ཡོད་པ་ཡིཿ རྣལ་འབྱོར་པ་འདྲ་ཚོལ་ཟེར་རྒྱལ་པོས་དུསཿ བཙུན་མོ་ལྔ་བརྒྱའི་ཆུང་


PKT001_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༡༥བ༽དག་ཆོས་ལ་མོསཿ པདྨ་རྒྱལ་པོ་སྤྱན་དྲངས་འཐད་ཅེས་ཟེརཿ བི་ན་ས་ལ་གདམས་པ་ཡོད་ཟེར་བོསཿ བི་ནས་ཆང་ཁྱེར་ཡོངས་ནས་རྒྱལ་པོ་ལཿ རིགས་ཀྱི་རྟོག་པ་སྤོངས་ལ་ཆང་འདི་གསོལཿ རྒྱལ་པོས་འཐུངས་པས་ན་ཚ་ཞི་བར་གྱུརཿ རྒྱ་མཚོའི་གཏིང་གི་ཆུ་ཡང་ངས་བླང་ཟེརཿ རཱ་ཛ་འདི་ནི་ཙུག་བྱེད་ལྟོས་ཤིག་བསྒོཿ ཕྱི་ན་ཕར་ལ་རྐང་མགྱོགས་བཏང་བར་གྱུརཿ ཆུ་ཐོག་ཕར་ལ་ཡེ་རེ་རེ་སོང་ནསཿ ཆུ་ཡི་དཀྱིལ་དུ་རྡོག་གིས་སོང་ནས་སུཿ རྒྱ་མཚོའི་གཏིང་གི་ཆུ་བླངས་ཁྱེར་བྱུང་བསཿ རྐང་མགྱོགས་དབུགས་ནི་ཧལ་ཧལ་བརྒྱུགས་བྱུང་ནསཿ རྒྱལ་པོས་དེ་ཙམ་རྒྱུག་པ་ཅི་བྱུང་གསུང་ཿ བི་ན་ས་ཡིས་ཆུ་ཁྱེར་བྱུང་ཞེས་ཟེརཿ དེ་ནས་བི་ནས་ཆུ་དྲངས་གསོས་པར་གྱུརཿ ང་འགྲོ་བྱས་པས་མཆོད་གནས་གྱིས་ཟེར་བཟུང་ཿ འབངས་རྣམས་ཨིནྡྲ་བོ་དྷི་ཅོལ་རེ་ཆུང་ཿ རིགས་ངན་བུད་མེད་མཆོད་གནས་འཚོལ་བ་ཟེརཿ བཙུན་མོ་རྣམས་ཀྱང་སྣང་བ་ངན་པ་འཛིནཿ བི་ནས་ང་ལ་ཡིད་མི་ཆེས་པར་འདུགཿ མི་ཡང་གླེང་འདུག་ང་འགྲོ་བྱས་པ་ལཿ རྒྱལ་པོས་ཁྱོད་འགྲོ་ང་ཡང་ཤི་ནས་སྡོདཿ ཁྱོད་ཀྱི་རྐེ་འབྲེག་ཟེར་ནས་མ་བཏང་ངོ་ཿ ང་ཡིས་མི་ཐུལ་བུ་ཞིག་སྤྲུལ་དགོས་སྙམཿ བུ་དེ་རྒྱལ་པོ་ཨིནྡྲ་བོ་དྷིར་བཏདཿ མ་ནི་གར་སོང་ཆ་མེད་སྤྱོད་པར་སོང་ཿ བུ་ནི་དུས་ཕྱིས་ལ་བ་པ་ཞེས་གྲགསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་


PKT001_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༡༦ན༽གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ཨུ་རྒྱན་ཡུལ་ཁམས་འདུལ་བར་དགོངས་པའི་ལེའུ་སྟེ་ཞེ་བརྒྱད་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

ཨུ་རྒྱན་རྒྱལ་ཁམས་ཆོས་ལ་བཙུད་པའི་ལེའུ།


PKT001_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཨུ་རྒྱན་ཡུལ་ཁམས་གདུལ་བྱར་གཟིགསཿ མཁའ་འགྲོ་མ་བཞིས་འོད་ལེའི་སྟེང་ལ་བཏེགཿ ཨུ་རྒྱན་ཡུལ་དུ་ཡབ་ཡུམ་བསོད་སྙོམས་མཛདཿ སྔར་གྱི་བུ་བསད་རྒྱལ་བློན་རྣམས་ཀྱིས་ཤེསཿ ཁམས་ཀྱི་རྒྱལ་པོའི་བུ་བསད་དྲན་པ་བསྐུལཿ བཙུན་མོ་མཆོག་གྱུར་འོད་འཆང་མ་འདྲ་ངོརཿ ཨུ་པ་ཏ་ཡི་བུ་སྨད་གཉིས་ཀ་བཀུམསཿ སྤྲང་མོ་ཞིག་དང་བསྡེབས་ནས་ཡུལ་དུ་བྱུང་ཿ ད་ཡང་ཡུལ་འདིར་གནོད་པ་ཅི་བྱེད་ནཿ བདེ་བར་མི་འཚལ་ཉེས་པའི་སླད་དུ་སྟེཿ བློན་པོ་ཐམས་ཅད་ཡོངས་སུ་འདུས་པར་གྱུརཿ རྒྱལ་པོ་ཉིད་ལ་ཚངས་པར་སྨྲ་རྒྱུ་མེདཿ ཙནྡན་ཁུར་ཏེ་ཏིལ་མར་གྲེ་རེ་བསྡུསཿ ཡབ་ཡུམ་ལྷན་སྦྱར་བཅིངས་ནས་བསྲེགས་པར་གྱུརཿ སྔོན་ཆང་བསྲེགས་པ་ཞག་བདུན་དུ་བ་འཆདཿ ཉེར་གཅིག་བར་དུ་དུ་བ་མཆད་ནསཿ རྒྱལ་པོས་ལྟོས་ཤིག་བསྐུལ་བས་བལྟ་མ་ནུསཿ སྔར་གྱི་ཡབ་ཉིད་ཐུགས་མ་ཆེས་ནས་དྲིསཿ བཙུན་མོ་འོད་འཆང་མ་ནི་མིག་སེར་གྱིསཿ ང་ཡིས་གྲོགས་གོ་མ་ཆད་མི་ཞིག་ཡིནཿ རྒྱལ་པོའི་སྙན་དུ་རྟིང་ལ་བརྗོད་བྱ་ཟེརཿ སྤྲུལ་པའི་སྐུ་ཞིག་ཡིན་ནི་མི་འཚིག་སྙམཿ འཁོར་དང་བཅས་པས་ལྟ་རུ་ཡོངས་ཙ་ནཿ


PKT001_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༡༦བ༽ཏིལ་མར་ཞིང་དོར་གཅིག་ཙམ་མཚོ་འཁྱིལ་དབུསཿ སུལ་བའི་གུར་ཆེན་སྟེང་ན་པད་སྡོད་སྐྱེསཿ པདྨའི་སྟེང་ན་ཡབ་ཡུམ་སྙམ་འཇུག་གརཿ སྐུ་མཆོག་རབ་གསལ་དྲི་བཟང་བསིལ་དང་ལྡནཿ སྔར་གྱི་འགྲོ་རྣམས་ཐུགས་རྗེས་བསྒྲལ་བའི་ཕྱིརཿ ཐོད་པའི་འཕྲེང་བ་སྐུ་ལ་གསོལ་ནས་བཞུགསཿ རྒྱལ་པོ་ལ་སོགས་ཐམས་ཅད་ངོ་མཚར་སྐྱེསཿ ཨུ་རྒྱན་རྒྱལ་ཁམས་ཆེ་ཆུང་མེད་པར་འདུསཿ ས་ཡི་ལྷ་མོ་བརྟན་མ་འཁོར་བཅས་ཀྱིསཿ ཏམྦུ་ར་ཡི་རྒྱུད་བསྒྲེངས་བསྟོད་པས་བསྙནཿ ཧཱུཾཿ རྒྱ་མཚོར་སྐུ་འཁྲུངས་ཨུ་རྒྱན་ཡུལ་དུ་བྱོནཿ རྒྱལ་པོའི་སྲས་མཛད་རྫུ་འཕྲུལ་སྣ་ཚོགས་བསྟནཿ འཁོར་བར་མ་ཆགས་ཐབས་ཀྱི་རོལ་རྩེད་མཛདཿ པདྨ་རྒྱལ་པོའི་སྐུ་ལ་ཕྱག་འཚལ་བསྟོདཿ རྒྱ་གར་ཡུལ་བྱོན་རྡོ་རྗེ་གདན་དུ་བཞུགསཿ བདུད་བཞི་བཅོམ་བས་སངས་རྒྱས་ཀུན་དང་མཉམཿ འདུལ་ཁྲིམས་ལྡན་པས་དགེ་སློང་ཆ་ལུགས་འཛིནཿ ཤཱཀྱ་སེང་གེའི་སྐུ་ལ་ཕྱག་འཚལ་བསྟོདཿ ཟ་ཧོར་ཡུལ་བྱིན་མ་ག་དྷཿརུ་བཞུགསཿ བསིལ་བའི་ཚལ་དུ་བ་མ་རོའི་སྒྲུབ་པ་མཛདཿ སྡེ་སྣོད་བཅུ་གཉིས་ཐུགས་ཀྱི་ཀློང་ན་གསལཿ པདྨ་སམྦྷའི་སྐུ་ལ་ཕྱག་འཚལ་བསྟོདཿ མུ་སྟེགས་ཡུལ་བྱོན་དགའ་བའི་ཚལ་དུ་བཞུགསཿ སྙན་པའི་སྒྲ་ཡིས་ཕྱོགས་མཚམས་ཀུན་ཏུ་ཁྱབཿ གསང་སྔགས་ཕྱི་ནང་ཐུགས་ཀྱི་དཀྱིལ་ན་གསལཿ རྡོ་རྗེ་གྲོ་


PKT001_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༡༧ན༽ལོད་སྐུ་ལ་ཕྱག་འཚལ་བསྟོདཿ ཡངས་པ་ཅན་བྱོན་སོ་ས་གླིང་དུ་བཞུགསཿ ལྟ་བ་མི་ཚོལ་ཞི་གནས་སྒོམ་མི་བྱེདཿ ཐ་དད་ཕྱོགས་འཛིན་མ་གོས་ནམ་མཁར་གདལཿ པདྨ་ཐོད་འཕྲེང་སྐུ་ལ་ཕྱག་འཚལ་བསྟོདཿ ཁ་ཆེའི་ཡུལ་བྱོན་སིངྒ་ལ་རུ་བཞུགསཿ ཐོས་བསམ་ལྡན་པས་འགྲོ་བ་མ་ལུས་འདུལཿ བྱམས་པ་ཆེན་པོས་ཕ་མ་ལྟ་བུར་མཛདཿ བློ་ལྡན་མཆོག་སྲེད་སྐུ་ལ་ཕྱག་འཚལ་བསྟོདཿ ལི་ཡི་ཡུལ་བྱོན་ལྕང་ར་སྨུག་པོར་བཞུགསཿ ཤེལ་གོང་བྲག་ལ་མངོན་ཤེས་མཁའ་ལྟར་ཁྱབཿ གཞན་དོན་འཕྲིན་ལས་འབྲས་བུ་ལོ་འདབ་རྒྱསཿ ཉི་མ་འོད་ཟེར་སྐུ་ལ་ཕྱག་འཚལ་བསྟོདཿ བལ་པོའི་ཡུལ་བྱོན་ཡང་ལེ་ཤོད་དུ་བཞུགསཿ གནོད་སྦྱིན་རྫོང་དུ་དམ་སྲི་སྡེ་བརྒྱད་བཏུལཿ ཁམས་གསུམ་དབང་སྡུས་སྲིད་གསུམ་ཟིལ་གྱིས་གནོནཿ སེང་གེ་སྒྲ་སྒྲོག་སྐུ་ལ་ཕྱག་འཚལ་བསྟོདཿ བོད་ཡུལ་དབུས་འབྱོན་སྟག་ཚང་སེང་ཕུག་བཞུགསཿ སྣང་བ་མཐའ་ཡས་སྤྲུལ་པ་མི་ཡི་མགོནཿ མཁའ་འགྲོ་སྡེ་བཞི་མ་ཚོགས་རོལ་དུ་ཁྲིདཿ བདེ་བའི་དངོས་གྲུབ་སྐུ་ལ་ཕྱག་འཚལ་བསྟོདཿ སྲིན་པོའི་ཡུལ་འབྱོན་རྔ་ཡབ་གླིང་དུ་བཞུགསཿ ཟངས་མདོག་དཔལ་རིར་གདོང་དམར་སྲིན་པོ་འདུལཿ སྐྱེ་འགྲོ་སེམས་ཅན་ཐམས་ཅད་བདེ་ལ་འགོདཿ པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་བསྟོདཿ ཅེས་བསྟོད་


PKT001_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༡༧བ༽གཡས་ཕྱོགས་ལན་གསུམ་བསྐོར་བྱས་ནསཿ མདུན་ནས་ཕྱག་བྱས་ས་ལ་ཐིམ་པར་གྱུརཿ དེ་ནས་རྒྱལ་པོས་ཕོ་བྲང་གདན་འདྲེན་ཞུསཿ བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་བཤད་སྒྲུབ་བཙུགསཿ མི་ལོ་ཉིས་བརྒྱར་བཞུགས་ནས་ཚོས་གསུངས་ཏེཿ ཨུ་རྒྱན་རྒྱལ་ཁམས་ཐམས་ཅད་ཆོས་ལ་བཀོདཿ ཨིནྡྲ་བོ་དྷི་བཙུན་མོ་འཁོར་བཅས་རྣམསཿ ཚོམ་བུ་ལྔ་བརྒྱ་དང་བཅས་ལྷག་མེད་དུཿ ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་ཐོབཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ཨུ་རྒྱན་རྒྱལ་ཁམས་ཆོས་ལ་བཙུད་པའི་ལེའུ་སྟེ་ཞེ་དགུ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

རྒྱ་གར་རྔ་ཐུབ་ཅན་དང་ཁ་ཆེ་རྣམས་ཆོས་ལ་བཅུད་པའི་ལེའུ།


PKT001_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལྷ་ལྕམ་མནྡཱ་ར་བ་ཡིསཿ ཨུ་རྒྱན་ཧེ་རུ་ཀ་ཡི་མཆོད་ཁང་བཞེངསཿ འདོད་དགུར་བསྒྱུར་བའི་གཟུགས་ཅན་མཁའ་འགྲོ་མཿ རེས་འགའ་མཁའ་འགྲོ་རེས་འགའ་ཅེ་སྤྱང་སྟེཿ རེས་འགའ་སྟག་མོ་རེས་འགའ་འཇའ་ཚོན་ལྟརཿ མཁའ་འགྲོ་རྣམས་ཀྱི་ཚོགས་དཔོན་མཛད་པར་གྱུརཿ དུས་ཕྱིས་སངས་རྒྱས་བསྟན་པ་མ་སྟོངས་པརཿ སྐབས་དང་སྐབས་སུ་ལྷ་ལྕམ་སྤྲུལ་པ་འབྱུང་ཿ དེ་ནས་ཨུ་རྒྱན་པདྨ་འབྱུང་གནས་ཀྱིསཿ རྒྱ་གར་རྔ་ཐུབ་ཅན་གྱི་ཡུལ་དུ་བྱོནཿ གྲོང་ཁྱེར་བལ་འབངས་འགྱུར་ཞེས་བྱ་བ་ནཿ ཐགས་མཁན་བཟའ་མི་གཉིས་ལ་བུ་མོ་ཡོདཿ མ་དེ་ཤི་ནས་ཕ་ཡིས་བསམ་


PKT001_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༡༨ན༽པ་ལཿ བུ་མོ་ནམ་ཀྱང་མི་སོས་འཆི་སྙམ་སྟེཿ མ་ཡིས་རོ་དང་ལྷན་ཅིག་དུར་ཁྲོད་བསྐྱལཿ ལྷ་ལྕམ་མནྡཱར་བས་སྟག་མོར་སྤྲུལཿ མ་ཡི་རོ་ལ་རོལ་དུ་ཡོངས་ཙ་ནཿ བུ་མོ་མ་ཡི་ནུ་མ་འཇིབ་ཀྱིན་འདུགཿ སྟག་མོས་སྙིང་རྗེ་སྐྱེས་ནས་པང་དུ་བླངསཿ བུ་མོར་མ་ཡི་འཛིན་རྟོག་མ་བྱུང་བརཿ མ་རོ་གྲང་ཞིང་སྟག་མོ་དྲོ་བ་ཡིསཿ ནུ་མ་འདྲད་པས་ཞག་ལོག་ཟླ་ལོག་སྐྱེསཿ ཉིན་པར་དུས་ན་ཤིང་བ་ལ་འཐུས་ཀྱིན་བཀལཿ མཚན་མོའི་དུས་སུ་ཐགས་སུ་འདྲེན་ཅིང་འཐགཿ བལ་འབངས་ཀ་ལ་སིདྡྷི་ཞེས་བྱར་གྲགསཿ པད་འབྱུང་དེ་ཉིད་གདུལ་བྱའི་ཞིང་དུ་མཁྱེནཿ དགེ་སློང་སོ་སོ་ཁྱ་དེ་བ་ཞེས་བྱར་སྤྲུལཿ བུ་མོ་དེ་ཉིད་ནགས་གསེབ་ཁྲིད་ནས་སུཿ འདོད་ཆགས་བཞི་སྦྱོང་སྒྲུབ་པ་མཛད་ཅིང་བཞུགསཿ དེ་ནས་རེ་ཞིག་དུས་སུ་གྱུར་པ་ནཿ ཞིང་པ་རྔ་ཐུབ་ཅན་གྱི་བུ་ཡིན་ཟེརཿ མིང་ནི་ནོར་བུ་གོ་ལེབ་ཅེས་བྱ་བཿ ཁྱིམ་བདག་བཟང་པོ་ཞིག་གི་ཕྱུགས་རྫི་དེཿ ཉི་མ་དུ་ཤར་ནགས་གསེབ་ཕྱུགས་འཚོར་འོང་ཿ ན་མ་ཇི་བཞིན་དགེ་སློང་ཡབ་ཡུམ་ལཿ ཤིང་ལོའི་ནང་དུ་འོ་མ་བཞོས་ཀྱིན་ཕུལཿ རེ་ཞིག་དགེ་སློང་ཞལ་ནས་ནོར་བུ་ལཿ ན་མ་རེས་ཀྱིས་ང་ལ་ཞོ་འབུལ་བཿ ཁྱོད་ལ་འདོད་པ་ཅི་ཡོད་གསུངས་པ་ཡིསཿ ཅི་ཡང་མི་འདོད་མོས་ནས་ཁྱོད་ལ་ཕུལཿ ཆོས་ཞིག་འདོད་དམ་འདོད་ན་སྦྱིན་གསུངས་པསཿ


PKT001_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༡༨བ༽ཆོས་དང་འདོད་དེ་ང་ལ་ཡོན་མེད་ཟེརཿ དགེ་སློང་ཞལ་ནས་ན་མ་རེ་རེ་བཞིནཿ ཁྱོད་ཀྱིས་ཞོ་ཕུལ་ཁོ་ན་ཡོན་ཡོན་མོདཿ ནང་པར་སྔ་བར་ཤོག་དང་ཆོས་སྦྱིན་གསུངསཿ ཡོངས་ནས་ཤིང་ལོའི་ནང་དུ་ཞོ་བཞོས་ཕུལཿ རྡོ་རྗེ་སེམས་དཔའ་རྒྱན་གཅིག་སྒྲུབ་ཐབས་སྦྱིནཿ བསྒྲུབས་པས་སྟན་ཐོག་དེ་ཉིད་གྲུབ་པ་ཐོབཿ དགེ་སློང་ཡབ་ཡུམ་གཉིས་ཀྱིས་གཟིགས་པ་ཡིསཿ ནོར་བུའི་སྨིན་མཚམས་ཧཱུཾ་ཞིག་འདུག་པར་མཐོང་ཿ མཚན་ནི་སློབ་དཔོན་ཧཱུཾ་ཆེན་ཀ་རར་བཏགསཿ བཀའ་འདུས་དམ་པའི་རྒྱུད་ལྔ་རྫོགས་པར་གསུངསཿ སྐུ་ཚེའི་ཡོན་ཏན་རྐང་མགྱོགས་དངོས་གྲུབ་ཐོབཿ ས་ལ་ཁྲུ་གང་ཙམ་དུ་མ་རིག་འབྱོནཿ གསུང་མཐར་ཕྱིན་པས་སྤྱི་བོར་རྟ་མགྲིན་བྱུང་ཿ ཐུགས་མཐར་ཕྱིན་པས་ཐུགས་ཀར་རྡོ་རྗེ་བྱུང་ཿ འཕྲིན་ལས་མཐར་ཕྱིན་དཔྲལ་བའི་དཀྱིལ་དུ་ནིཿ གཡུ་ཡི་རྡོ་རྗེ་རྒྱ་གྲམ་འཁོར་བ་བྱུང་ཿ ཡོན་ཏན་མཐར་ཕྱིན་གནས་དགུའི་བུ་ག་ནསཿ འོད་ཟེར་དགུ་ཚན་དགུ་འཕྲོ་མཚན་བཟང་བརྒྱནཿ དགོངས་ཤིག་ཕྱུགས་མའི་ཕྱི་ལ་མར་ཕྱིན་པསཿ ཇོ་བོས་རྡོ་རྗེ་སེམས་དཔའ་བྱོན་ནོ་ཟེརཿ གྲོང་ཁྱེར་དབུས་སུ་གདན་བཏིང་བསྐོར་བ་བྱསཿ ཇོ་བོ་བདག་ནི་ཕྱུགས་རྫི་ཅི་ཡིས་ཉེསཿ ཕྱུགས་རྫི་མ་ཡིན་རྡོ་རྗེ་སེམས་དཔའ་ལགསཿ ཐམས་ཅད་འདུས་ཏེ་བླ་མ་ཉིད་དུ་བཀུརཿ རྔ་ཐུབ་ཡུལ་ཁམས་ཆོས་ལ་ཚུད་པར་གྱུརཿ དེ་ནས་རྔ་ཐུབ་ཅན་གྱི་ནུབ་


PKT001_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༡༩ན༽ཀྱི་ཕྱོགསཿ ཁ་ཆེའི་ཡུལ་གྱི་གླང་པོ་སྒང་ཞེས་ནཿ རྒྱལ་པོ་དྷརྨ་ཨ་ཤྭ་བྱ་བའི་སྲསཿ ལྷ་ལྕམ་དྷརྨ་བྷེ་ཏི་ཞེས་བྱ་བཿ ཤིན་ཏུ་མཛེས་པ་ལྷ་ཡིས་སྲས་མོ་ཞིགཿ དེ་ཉིད་གཉིད་ལོག་འདུག་པའི་རྨི་ལམ་དུཿ མི་ནི་དཀར་པོ་ཤིན་ཏུ་མཛེས་པ་ལསཿ འོད་ཟེར་དཀར་པོ་འཕྲོ་བ་ཞིག་བྱུང་ནསཿ བདུད་རྩི་བུམ་པ་གང་ནི་སྤྱི་བོར་བཞགཿ ཚུངས་བུག་སོང་ནས་ལུས་ཀུན་བདེ་བས་ཁེངསཿ དེ་ནས་ལུས་མ་བདེ་ནས་བུ་ཞིག་བཙསཿ ཁྱོ་ཕོ་མེད་པའི་བུ་འདི་ངོ་ཚ་སྙམཿ བྱེ་མའི་གསེབ་ཏུ་བོར་ནས་བཞག་པ་ལཿ ཁྱིམ་བདག་བདེ་ལྡན་འཁོར་ལོ་ཞེས་བྱ་ནིཿ གྲོང་ཁྱེར་འབུམ་ཚོ་ཉེར་དགུའི་ཁ་སྒྱུར་བཿ དེ་ཡི་ཀུཀྐུའི་བུ་ཆུང་ཁྱེར་བྱུང་བསཿ མ་ཉམས་མིག་གཉིས་ཁྲ་ཧྲིག་འདུག་ནས་སུཿ ཁྱིམ་བདག་བི་མ་མི་ཏྲ་ཀྱེ་ཧུད་ཟེརཿ པང་དུ་བླངས་ཏེ་ནང་དུ་ཁྱེར་ནས་ཕྱིནཿ བདག་ཉིད་གསལ་རིག་མ་ཞེས་ཆུང་མར་གཏདཿ ཞག་ལོག་ཟླ་ལོག་ལོ་ལོག་སྐྱེད་ཆེར་གྱུརཿ ལོ་ལྔ་ལོན་ནས་ཕ་མར་རབ་བྱུང་ཞུསཿ སྡོམ་པ་མི་སྐྱེ་ཟེར་ནས་མ་གནང་ནསཿ རིགས་ལྡན་རྒྱལ་པོ་པདྨ་དཀར་པོ་ལཿ རིག་པའི་གནས་ལྔ་དག་ལ་མཁས་པར་སྦྱངསཿ ལྷག་པར་ཆོས་ལ་མཁས་པར་གྱུར་པ་དང་ཿ མཁན་པོ་སུ་མི་ཏྲ་ལ་རབ་ཏུ་བྱུང་ཿ མཚན་ནི་ཤཱཀྱ་ཤྲཱི་བྷ་དྲར་གྲགསཿ ཁ་ཆེའི་རྒྱལ་ཁམས་ཐམས་ཅད་ཆོས་ལ་བཀོདཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་


PKT001_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༡༩བ༽སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ རྒྱ་གར་རྔ་ཐུབ་ཅན་དང་ཁ་ཆེ་རྣམས་ཆོས་ལ་བཅུད་པའི་ལེའུ་སྟེ་ལྔ་བཅུ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

ཟངས་གླིང་དང་གསེར་གླིང་གི་མུ་སྟེགས་པ་བཏུལ་བའི་ལེའུ།


PKT001_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མུ་སྟེགས་བསྟན་པ་བསྣུམ་པའི་ཕྱིརཿ ཟངས་གླིང་ཡུལ་ཕྱིན་མུ་སྟེགས་སྟོན་པའི་ཁྱུཿ ལྔ་བརྒྱ་དག་དང་བགྲོ་གླེང་བྱས་པ་ཡིསཿ མུ་སྟེགས་པ་ཡིས་མ་ཐུབ་མཐུ་བྱེད་ཟེརཿ ནགས་ཁྲོད་ཕྱིན་ནས་མཐུ་ནི་བསྒྲུབ་པའི་ཚེཿ མཁའ་འགྲོ་བདུད་འདུལ་མ་ཡིས་རྒྱལ་བ་ལཿ བསེ་སྒྲོམ་གཏད་ནས་མུ་སྟེགས་ཐུལ་ཅིག་བསྒོསཿ བསེ་སྒྲོམ་ནང་ནས་སྲོག་སེར་གཏད་དང་བཅསཿ མཁའ་འགྲོའི་ངན་སྔགས་ཞག་བདུན་རེག་ཕུ་ང་བྱུང་ཿ མུ་སྟེགས་ནགས་ཁྲོད་མཐུ་བྱང་ཐོག་ཕབ་ནསཿ ཐམས་ཅད་མེས་ཚིག་མུ་སྟེགས་ཁ་དག་གྱུརཿ མ་ཤི་བ་རྣམས་ནང་པའི་བསྟན་ལ་བཅུགཿ དེ་ནས་རྒྱ་གར་གསེར་གླིང་བྱ་བའི་ཡུལཿ མུ་སྟེགས་བྱེད་ཀྱི་གྲོང་ཁྱེར་ཆེན་པོའི་དབུསཿ མུ་སྟེགས་རྒྱལ་པོ་ནམ་མཁའི་ཤུགས་ཅན་དང་ཿ བཙུན་མོ་ཙནྟི་ད་ལ་བྱ་བ་ལཿ བུ་ནི་ཉི་མའི་ཤུགས་ཅན་ཞེས་བྱ་བཿ མདོག་ནི་སྔོ་རིགས་ངན་མིག་ནི་ཡ་གཅིག་ཞརཿ རྐང་པ་གཡོན་ཞ་ལག་པ་གཡོན་མ་ལགཿ ང་སྐལ་ཡོད་ཅིང་ཀོ་རུལ་གསེབ་དྲི་མ་ནམཿ རྒྱལ་བུ་དེ་ཉིད་གཞན་གྱིས་མཐོང་དོགས་ནསཿ ཕྱི་རུ་མི་འགྲིམ་ཕོ་བྲང་ནང་དུ་སྦེདཿ ཆེ་བར་ནང་སོན་ཕ་མ་གཉིས་ལ་ནིཿ


PKT001_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༠ན༽ང་ལ་ཁྱིམ་ཐབ་གྱིས་ཤིག་ཟེར་བ་ལཿ ཀྱེ་མ་ཀྱི་ཧུད་བུ་ཁྱོད་ཁ་རོག་སྡོདཿ ཁྱོད་ནི་གཟུགས་བྱད་མ་ལེགས་གཏི་མུག་པསཿ ཆུང་མ་ཁྱོད་ལ་ཡོང་མཁན་མི་ཡོད་ནཿ བུ་ཁྱོད་ཆོས་གྱིས་ཆོས་བརྒྱགས་སྦྱིན་གྱི་སྨྲསཿ ཆོས་དེ་ནང་གཏད་ཕྱི་བྱུགས་ངས་མི་ཡོང་ཿ ཁྱེད་གཉིས་ང་ལ་ཆུང་མ་མི་ལེན་ནཿ ཁྱིམ་ལ་མེ་བརྒྱབ་ལྕེབས་ནས་བསྡོད་དོ་ཟེརཿ ལག་ཏུ་མེ་ཁྱེར་བཟུང་བས་མ་ཐུབ་སྟེཿ བུ་ཁྱོད་དེ་ཡི་ནག་ལ་ཐུག་གྱུར་ནཿ ཅིས་ཀྱང་མ་ཕན་ཆུང་མ་ལོན་ཅིག་ཟེརཿ བུད་མེད་ཕལ་གྱིས་ཆུང་མའི་གོ་མི་ཆོདཿ ང་ནི་ཇི་ལྟར་ཞན་ཀྱང་རྒྱལ་པོ་ཡིནཿ མཚན་ལྡན་ལྟ་ན་སྡུག་པ་ལོང་ཞིག་ཟེརཿ རྒྱ་གར་ཏྲེ་ཏ་རཱ་ཛའི་སྲས་མོ་ནིཿ ལྷ་ལྕམ་ཨ་ཐམ་རྒྱལ་མོ་ཞེས་བྱ་བཿ ལེགས་པའི་དཔེ་འཇོག་མཚན་དང་ལྡན་པ་དེཿ སྨྱན་ཁ་བཅུག་ནས་རིན་བསྐྱལ་བཀུག་པར་གྱུརཿ རྒྱལ་བུ་ཕོག་ནས་ཕ་མས་ཟུར་དུ་བསྡདཿ བུད་མེད་དེ་ཉིད་ཁྱོ་ལ་མ་དགའ་སྟེཿ འཕྲོས་པར་བརྩམས་པས་ཁྱོ་བོས་སྒོ་བཀག་ཉལཿ ལྕེབས་པར་བརྩམས་པས་ཆས་མ་འཛོམ་པར་ལུསཿ བྱ་བ་མི་བྱེད་ཉིན་མཚན་མེད་བར་དུཿ རུས་མིག་ཤ་དིབ་རྒྱུ་མ་སྒལ་ཚིག་འབྱརཿ ཁྱོ་བོ་དེ་ཡང་ཆུང་མ་བྲོས་དོགས་དུབཿ བཟའ་མི་དེ་གཉིས་གདུལ་བྱའི་ཞིང་དུ་གཟིགསཿ ཕོ་བྲང་ནང་དུ་སྒྱུ་མའི་ལྟད་མོ་མཛདཿ ཁྱོ་བོས་སྒོ་བཅད་ཕྱིར་འོངས་ཕྱི་


PKT001_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༠བ༽ནས་བལྟསཿ ཆུང་མས་གློ་སྐར་སྒོ་ཕྱེ་ནང་ནས་བལྟསཿ སྒྱུ་མ་མཁན་འདི་བདག་གྲོགས་ཡིན་ན་སྙམཿ སེམས་ཀྱིས་ཤེས་ནས་ཆོས་གསུངས་འདི་སྐད་ལོཿ བུད་མེད་སྙིང་དུ་སྐྱེས་པ་ཞུགས་པ་ནིཿ ནང་དུ་སྙིང་རླུང་ཞུགས་པའི་དོ་ཟླ་མིནཿ སྐྱེས་པའི་སྙིང་དུ་བུད་མེད་ཞུགས་པ་ནིཿ སྨྱེ་འདྲེ་རྒྱལ་འགོང་ཕལ་གྱི་དོ་ཟླ་མིནཿ བཟའ་མི་སྙོམས་ཆུང་ཁྱིམ་ཐབ་བྱེད་པ་ནིཿ ཆོམ་རྐུན་ཨ་ར་ཕར་གྱི་དོ་ཟླ་མིནཿ ཞེས་གསུངས་གཉིས་ཀ་དད་ཅིང་འདུན་པར་གྱུརཿ ནང་པ་སངས་རྒྱས་བསྟན་ལ་བཙུད་པ་ཡིསཿ རྒྱལ་པོ་ནམ་མཁའི་ཤུགས་ཅན་མ་དགྱེས་ནསཿ ན་ཆུང་སྡོམ་བུ་དགེ་སྦྱོང་འདྲ་བ་འདིསཿ དང་པོར་ང་ཡི་བླ་མཆོད་ཐོག་ཕབ་བསདཿ བར་དུ་བུ་ཡི་ཁྱིམ་བཤིག་བསོད་དགོས་ཟེརཿ གསེར་གླིང་མི་ལ་སོ་ཕག་ཕ་གུ་བསྡུསཿ རྒྱལ་སྲས་ཕ་གུའི་སྒྲོམ་བཅུག་བསྲེགས་པ་ཡིསཿ གསེར་གྱི་མཆོད་རྟེན་བང་རིམ་བུམ་པ་བྲེཿ གདུགས་དང་ཆོས་འཁོར་ཡོད་པ་ཞིག་ཏུ་གྱུརཿ ཉི་མའི་ཤུགས་ཅན་བཟའ་མིས་སྐོར་བ་བྱེདཿ རྒྱལ་པོ་འགྱོད་ཅིང་དད་ནས་ཆོས་ལ་ཚུདཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ཟངས་གླིང་དང་གསེར་གླིང་གི་མུ་སྟེགས་པ་བཏུལ་བའི་ལེའུ་སྟེ་ང་གཅིག་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

རྒྱལ་པོ་ཀླུའི་ཁྱབ་འཇུག་བཏུལ་བའི་ལེའུ།


PKT001_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཀ་མ་རུ་པ་ལི་ཡུལ་དང་ཿ མ་རུ་ཙེ་དང་འ་ཤ་བྲུ་ཤའི་ཡུལཿ


PKT001_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༡ན༽ཤམྦྷ་ལ་དང་ཞང་ཞུང་ཏ་ཟིག་ཡུལཿ གེ་སར་ཐེ་གར་སྲིན་ཡུལ་རུག་མ་དང་ཿ ཀླུ་ཡི་ཡུལ་སོགས་ཐམས་ཅད་ཆོས་ལ་བཙུདཿ གཙུག་ལག་ཁང་ནི་འབུམ་ཚོ་བརྒྱད་བཞེངས་སོཿ ཕྲ་མོ་བྱེ་བ་དགུ་ཁྲི་སྟོང་བཅུ་གསུམཿ དེ་དག་གླིང་བཞིའི་དབང་ཕྱུག་འཁོར་ལོ་སྒྱུརཿ དེ་ནས་རི་བོ་ཏ་ལའི་རྩེ་མོར་བྱོནཿ ཤེལ་གྱི་མཆོད་རྟེན་བང་རིམ་སོ་གསུམ་པརཿ དགོངས་པ་མཉམ་པར་བཞག་ནས་བཞུགས་པའི་དུསཿ རྡོ་རྗེ་གདན་དུ་མུ་སྟེགས་པ་ཤོར་ནསཿ རྒྱལ་པོ་ཀླུ་ཡི་ཁྱབ་འཇུག་ཅེས་བྱ་བཿ སྡིག་སྤྱོད་རྒྱལ་པོ་འཇིགས་སུ་རུང་བ་ཞིགཿ བཙུན་མོ་སྲས་དང་འཁོར་འབངས་རྒྱས་པར་གྱུརཿ མུ་སྟེགས་སྟོན་པ་སྡེ་དྲུག་ཞབས་ནས་འདེགསཿ རྡོ་རྗེ་གདན་གྱི་ནང་ནི་ཁོས་བཟུང་ནསཿ ནང་པ་སངས་རྒྱས་ཆོས་ལུགས་ཐམས་ཅད་བསྣུབསཿ དཀོན་ཆོག་མཆོད་རྟེན་ཐམས་ཅད་བཤིག་པར་གྱུརཿ རྒྱལ་པོ་དེ་ཡི་མཛད་སྤྱོད་རྣམ་ཐར་ནིཿ ལག་ཆར་མཚོན་འཛིན་ཟས་སུ་སེམས་ཅན་ཟཿ འཁོར་དུ་དམག་དང་ཁོལ་པོ་འབུམ་སྡེས་བསྐོརཿ ངག་ནས་རྒྱོབ་སོད་བརྡུངས་ཀྱི་སྒྲ་སྒྲོགས་ཅིང་ཿ ཉིན་ཞག་རེ་ལ་སེམས་ཅན་བརྒྱད་ཁྲི་འཆིཿ ཡུལ་ཁམས་དེ་ཡི་ཤིང་རྣམས་མ་ལུས་བསྡུསཿ རྡོ་རྗེ་གདན་གྱི་སྟེང་འོག་ཐམས་ཅད་བཀང་ཿ རྒྱལ་པོའི་ཁ་ཟས་གསོན་མའི་ཉ་ལ་དགྱེསཿ རྒྱ་གར་རྒྱལ་ཁམས་མི་སྐྱིད་སྡུག་ལ་བཀོདཿ དེ་ཉིད་ཆོས་ཀྱིས་


PKT001_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༡བ༽འདུལ་བར་དགོངས་པ་ལཿ གདུལ་དཀའ་གདུལ་ཐབས་ཇི་སྙེད་དགོངས་ན་ཡང་ཿ སྐུ་དངོས་ཀྱིས་ནི་ཐུལ་བར་མ་གཟིགས་ནསཿ ཡེ་ཤེས་སྤྱན་གྱིས་རྒྱ་གར་ཡུལ་ལ་གཟིགསཿ ཕ་ནི་བྲམ་ཟེ་དགའ་བ་འཛིན་ཞེས་བྱཿ མ་ནི་བདེ་བ་བསྐྱེད་མ་གཉིས་ལ་ནིཿ བུ་ནི་སྙིང་ཤོང་འཛིན་ཞེས་བྱ་བ་དང་ཿ བུ་མོ་དགེ་བ་ལྕམ་དང་གཉིས་འདུག་པསཿ བུ་མོ་དེ་ལ་སྐྱེས་པའི་བུ་ཞིག་དང་ཿ ཉ་མོ་ཀ་ཤ་གཉིས་ཀྱིས་བཏུལ་ན་ཐུལཿ དེ་མིན་གང་གིས་བཏུལ་ཀྱང་མི་ཐུལ་གཟིགསཿ བུ་མོ་བྲག་དམར་བྱ་སྐྱིབས་སྲིབས་ཚལ་ནཿ མཛོ་མོའི་ཁྱུ་ཞིག་འཚོ་ཡིན་བསྡད་པ་ལཿ ཆར་བྱུང་བྲག་ཕུག་ཕྱིན་པས་གཉིད་དུ་སོང་ཿ དེ་ལ་པདྨས་བྱིན་བརླབས་དབང་བསྐུར་བསཿ བུ་མོ་གཉིད་སད་ཙ་ན་རྨི་ལམ་དྲནཿ དེ་འདྲའི་ཁྱོ་ཞིག་ཡོད་ན་དགའ་བ་སྙམཿ དེ་ནས་ལུས་མ་བདེ་བས་མནའ་མར་བཤདཿ བདག་ནི་སྐྱེས་པ་གང་དང་མ་ཉི་བརཿ ཁྱོ་མེད་བུ་ཆེ་མྱུར་དུ་ལྕེབ་སྙམ་ཡོདཿ མནའ་མས་མིང་པོའི་རྣ་བར་སྨྲས་པ་དང་ཿ མ་ལྕེབ་གྱིས་ལས་བུ་དེ་ངས་གསོ་གྱིསཿ དེ་ནས་ཟླ་ངོ་དགུ་ན་བུ་ཞིག་བཙསཿ བྲམ་ཟེ་མཚན་ལྟས་བསྟན་པས་མཚན་ལེགས་ཟེརཿ མིང་ཡང་བདེ་མཆོག་དུས་ཀྱི་སྙིང་པོར་བཏགསཿ ལོག་པོར་སྐྱེད་ཆེ་ལོ་བརྒྱད་ལོན་པ་དང་ཿ ཨ་མ་ང་ཡི་ཕ་ལས་གང་ཡིན་ཟེརཿ ཨ་མའི་མིག་ནས་མཆི་མ་ཤར་གྱིས་ཕྱུང་ཿ ཁྱོད་ལ་ཕ་མེད་དེ་


PKT001_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༢ན༽སྐད་མ་ཟེར་བརྗོདཿ འོ་ན་ཡུལ་གྱི་རྒྱལ་པོར་ཇི་སྐད་ཟེརཿ རྒྱལ་པོའི་བླ་མཆོད་ཇི་སྐད་བྱ་བ་ཡོདཿ རྒྱལ་པོ་ཀླུ་ཡི་ཁྱབ་འཇུག་བྱ་བ་ཡོདཿ བླ་མཆོད་མུ་སྟེགས་སྟོན་པ་དྲུག་གིས་བྱེདཿ དེ་སྐད་སྨྲས་པས་བུ་དེས་འདི་སྐད་ཟེརཿ ང་འགྲོ་རྒྱ་གར་རྡོ་རྗེ་གདན་དུ་འགྲོཿ ཕ་མེད་བུ་ནི་མ་ཡིས་མི་བསོས་སོཿ དེ་སྐད་ཟེར་ནས་རྡོ་རྗེ་གདན་དུ་སོང་ཿ སྒོ་སྲུང་བ་ཡིས་ནང་དུ་མ་བཏང་བརཿ མུ་སྟེགས་སྟོན་པ་དྲུག་དང་རྒྱལ་པོ་རྣམསཿ སྐྱོ་བསངས་བྱེད་པའི་དྲུང་དུ་ཕྱིན་པར་གྱུརཿ བདག་ལ་ཆོས་ཀྱི་སྦྱིན་པས་བསྐྱང་དུ་གསོལཿ བྱིས་པ་ལོ་བརྒྱད་ལོན་པས་ཆོས་མི་གོཿ ཕྱིར་ཤིགས་ཟེར་ནས་དབང་ཕྱུག་པས་བྲང་ནས་ཕུལཿ དེ་ལ་ཕ་མ་ཉེ་འབྲེལ་གང་ཡང་མེདཿ ཁོལ་པོར་རྗེས་གཟུང་ལྟོ་གོས་བསྐྱང་དུ་གསོལཿ རྒྱལ་པོས་ནང་ཁྲིད་ཐབ་གཡོག་འཆོལ་ལོ་ཟེརཿ དེ་ནས་བདེ་མཆོག་དུས་སྙིང་ནང་དུ་ཚུདཿ སྤྱོད་པ་འདྲེས་ནས་མུ་སྟེགས་པར་གྱུར་ཏོཿ ཉ་དམངས་ཀ་ཤའི་སྤྲུལ་པ་ཉ་ཚར་གྱུརཿ རྒྱལ་པོའི་གསོལ་ཉ་པ་ཡིས་བཟུང་ནས་དྲངསཿ ཉ་དེ་སོ་འོག་མ་ཆུར་གྱུར་མིད་སོང་ཿ ཡར་ལ་མ་སྐྱུགས་མར་ལ་མ་དོན་པརཿ ཁོད་པའི་ནང་དུ་ཉ་ཡིས་མགྱོགས་པ་དང་ཿ རྒྱལ་པོ་ཡར་ལངས་མར་ཉལ་བསྒྲེ་ཞིང་ལྡོགཿ ས་གཅིག་མི་ཚུགས་ཧྲིལ་ཧྲིལ་ཀར་ཀར་བྱསཿ འཇིགས་པའི་སྐད་འདོན་བཤུ་དང་ཧུ་ཡིས་


PKT001_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༢བ༽འདེབསཿ བཙུན་མོ་བློན་པོས་སེམས་ཀྱིས་མ་བཟོད་ནསཿ མུ་སྟེགས་བླ་མཆོད་གྱུར་ཚད་སྤྱན་དྲངས་ཏེཿ འཁོར་བཅས་མ་ལུས་རྒྱལ་པོའི་དྲུང་དུ་འདུསཿ ལ་ལས་མགོ་བཟུང་ལ་ལས་ལག་པ་བཟུང་ཿ བསྙུགས་རིང་ངོས་དྲག་ནད་ཀྱིས་ཟིན་པར་གྱུརཿ དེ་ནས་བདེ་མཆོག་དུས་སྙིང་བསམ་ངན་འགྱུསཿ ཆུ་ལ་དུག་བཏབ་ཤིང་གསེབ་སྦྲ་མེ་བཅུགཿ སྟེང་འོག་ཕྱོགས་ཀྱི་གློ་སྐར་སྒོ་ཕྱེ་ནསཿ སྒོ་རྣམས་རིམ་པར་ཕྱི་འབྱར་བརྒྱད་གི་ན་འོངསཿ ཟ་ཧོར་ཡུལ་བྲོས་ཞི་འཚོར་རབ་ཏུ་བྱུང་ཿ དེ་དུས་རྒྱ་གར་ཚོང་པ་ཟ་ཧོར་བྱུང་ཿ ཚོང་པ་རྣམས་ལ་རྒྱ་གར་གཏམ་སྐད་དྲིསཿ རྡོ་རྗེ་གདན་ལ་མེ་ཤོར་ཐམས་ཅད་ཚིགཿ མུ་སྟེགས་འཁོར་དང་བཅས་པ་རྩ་བ་ཕུདཿ གཙོ་བོ་གྲོས་བྱས་རྒྱལ་པོ་ཞིག་མེད་ནཿ ནང་འཐབ་བྱས་ནས་བདེ་བ་མི་ཡོང་ཟེརཿ རྒྱལ་པོ་ཚོལ་ལ་ཉི་མ་དུ་ཤར་འཚོགཿ ལོ་གཅིག་སོང་སྟེ་རྒྱལ་པོ་མ་རྙེད་ཟེརཿ དེ་ནས་བདེ་མཆོག་དུས་ཀྱི་སྙིང་པོ་ཡིསཿ མུ་ཏོའི་ཆས་ཞུགས་རྒྱ་གར་ཡུལ་དུ་ཕྱིནཿ མི་ཁྲོམ་དམར་ནག་འཁྱིལ་བའི་མཐའ་རུ་བསྡདཿ གླང་ཆེན་བུམ་བསྐུར་རྒྱལ་པོ་ཚོལ་དུ་བཅུགཿ མཇུག་མ་ཀྱོག་ལང་ལྕི་བ་རྩལ་སྤྲུགས་ནསཿ བདེ་མཆོག་དུས་སྙིང་མགོ་ཐོག་བུམ་པ་བཞགཿ དེ་ནས་གཙོ་བོ་དེར་འདུས་ཁྲུས་གོས་གསོལཿ རྒྱལ་པོ་ཁྲིར་བཏོན་གདུགས་དང་རྒྱལ་མཚན་


PKT001_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༣ན༽བསྒྲེངསཿ རྒྱལ་པོའི་བཙུན་མོ་གང་ལ་འཆོལ་གསུངས་པསཿ དད་པ་ཆེ་ཞིང་ནང་པ་སངས་རྒྱས་མོསཿ སྙིང་རྗེ་ཆེ་ཞིང་དབུལ་འཕོངས་ཟས་ནོར་སྐྱོང་ཿ ཡ་རབས་རྟགས་དགུ་ཚང་ལ་བཙུན་མོ་འཆོལཿ དེ་འདྲ་མ་རྙེད་གླང་ཆེན་འཚོལ་དུ་བཅུགཿ ན་ཚོད་རྒན་སོང་ཞིག་གི་མགོ་ཐོག་བཞགཿ དེ་ནས་རྒྱལ་པོ་དེ་ལ་ཁྱིམས་སྡོམ་ཞུསཿ རྡོ་རྗེ་གདན་ལ་སོ་ནམ་གྱིས་ཤིག་གསུངསཿ ཐམས་ཅད་ས་སེལ་རྡོ་སེལ་བྱེད་པར་གྱུརཿ རེ་ཞིག་རྒྱལ་པོ་བཙུན་མོ་འཛོམ་འཕྲོང་བྱུང་ཿ རྒྱལ་པོས་བཙུན་མོའི་མིང་ཡུལ་གང་ཡིན་དྲིསཿ ཀེའུ་ར་དང་ཨུ་ཤུའི་ཐོ་སྐོར་ཡིནཿ མིང་ནི་དགེ་མ་ལྕམ་ཞེས་ཟེར་བ་ལགསཿ དེ་སྐད་བྱས་པས་རྒྱལ་པོས་ཁ་འོ་གཏུགསཿ ཁྱོད་ཀྱིས་བདེ་མཆོག་དུས་སྙིང་ཤེས་སམ་ཟེརཿ སྐྱེས་པ་སུ་དང་མ་ཉེང་ལ་སྐྱེསཿ ལོ་ལྔ་ལོན་ནས་རྡོ་རྗེ་གདན་དུ་སོང་ཿ མེ་ཤོར་ང་ཡི་བུ་ཡང་ཚིག་ཟེར་དུསཿ རྒྱལ་པོས་ཨ་མ་ཁྱོད་ཀྱི་བུ་ཡིན་ཟེརཿ མ་དེས་མིན་ཟེར་ཡིད་ཆེས་མི་བྱེད་ནསཿ ང་ཁྱོད་བུ་ཡིན་རྡོ་རྗེ་གདན་ནང་དུཿ ཉ་ནི་གསོན་མར་ཡོད་པར་ཤོག་ཅིག་ཟེརཿ རྒྱལ་པོ་བཙུན་མོས་ལྟ་རུ་ཕྱིན་པར་གྱུརཿ ཤིང་ལེབ་ཅིག་གི་འོག་ན་ཉ་བོ་ཆེཿ ཟིལ་པ་ཕྲོམ་ཕྲོམ་དབུགས་ནི་ལྷེབས་འདུགཿ མ་ཡིད་ཆེས་ཏེ་བུ་ལ་ཕྱག་བསྐོར་བྱསཿ བུ་དེ་རི་བོ་ཏ་ལའི་གནས་སུ་སོང་ཿ


PKT001_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༣བ༽ཉ་དེ་ལྕང་ལོ་ཅན་དུ་སོང་བར་གྱུརཿ དགེ་མ་ལྕམ་ནི་ཨུ་རྒྱན་དུར་ཁྲོད་སོང་ཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ རྒྱལ་པོ་ཀླུའི་ཁྱབ་འཇུག་བཏུལ་བའི་ལེའུ་སྟེ་ང་གཉིས་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

གཏེར་གྱི་བགྲོ་བ་གཏེར་ཆོས་གཏེར་སྟོན་གླེང་པའི་ལེའུ།


PKT001_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཨུ་རྒྱན་པདྨ་འབྱུང་གནས་ཀྱིསཿ རྡོ་རྗེ་གདན་བཞུགས་རབ་གནས་མེ་ཏོག་འཐོརཿ ཆོས་ཁྲིས་རྟེན་བཞེངས་བསྟན་པ་སོ་རུ་ཆུདཿ ལི་ཁར་ཤིང་འཕེལ་གཙུག་ལག་ཁང་དུ་བྱོནཿ མདོ་སྔགས་བསྟན་པ་ཟུང་འཇུག་ཉིས་བརྒྱ་བཞུགསཿ དེ་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞིགཿ གྲུབ་པར་མ་གྱུར་དོན་མེད་དགོངས་ནས་སུཿ རྒྱ་གར་བལ་པོ་གཉིས་ཀྱི་མཚམས་སུ་བྱོནཿ སེང་གེ་གནམ་མཆོང་འདྲ་བའི་རི་ལ་བཞུགསཿ སེམས་ལ་རྩལ་སྦྱོང་སྒོམ་གྱེན་ཡོད་ཙ་ནཿ ཡུལ་དེའི་སྡིག་སྤྱོད་རྔོན་པ་མི་བདུན་གྱིསཿ ཁྱི་ཁྲིད་རི་དྭགས་གཤོར་དུ་བྱུང་བ་ལཿ ཁྱི་དང་རྔོན་པ་ཁ་བཅིངས་རེངས་བཅུག་ནསཿ རྒྱལ་པོས་ཕོ་ཉ་བཏང་ནས་མ་འདེད་ཟེརཿ ཤིང་ཀུན་གཙུག་ལག་ཁང་ལ་བསྐོར་བར་ཕྱིནཿ རྒྱལ་པོའི་བཙུན་མོ་བུ་ནད་ལོག་ནས་ཤིཿ བུ་མོ་དང་བཅས་དུར་ཁྲོད་བསྐྱལ་བ་ལསཿ སྤྲེའུ་ཞིག་གིས་བུ་མོ་དེ་ཉིད་གསོསཿ ཉིན་པར་ཤིང་རྩེར་ཤིང་ཐོག་ཟ་ཡིན་སྡོདཿ མཚན་མོ་བྲག་སྟེང་ཤིང་ལོ་གྱོན་ནས་ཉལཿ བལ་མོ་ཤཱཀྱ་དེ་བ་ཞེས་བྱ་སྟེཿ རྐང་ལག་


PKT001_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༤ན༽སེར་མོ་ངང་པ་བཞིན་དུ་འབྲེལཿ མཚན་ལྡན་མྱུར་བདེའི་ཕོ་ཉར་དེ་ཉིད་ཁྲིདཿ བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཕྱིནཿ གཏེར་ཀ་བྱེ་བ་འབུམ་ཁྲི་སྦད་པ་ཡིཿ བགྲོ་བ་བྱས་པས་བར་ཆོད་རྣམ་བཞི་བྱུང་ཿ སྲོག་ལ་བྱི་དུར་གློག་མ་སྤྲིན་བྱུང་ནསཿ དགོངས་པ་བཞིན་ནས་བར་སྣང་ཁམས་ལ་སོང་ཿ གནམ་ལ་ཆར་མེད་ཉི་མ་མེ་བཞིན་འབརཿ དགུང་ལ་བདུད་ནི་ཁ་ཏོན་བྱེད་ཚུལ་བྱུང་ཿ དགོངས་པ་བཤིག་ནས་བར་སྣང་ཁམས་ལ་སོང་ཿ བར་ཡུལ་མུ་གེ་སྤྲིན་དམར་བཞིན་དུ་འཁྲིགསཿ ཐོ་རང་ཇོ་བོར་ཤིང་བྱ་ཅན་བྱུང་ནསཿ དགོངས་པ་བཤིག་ནས་པར་སྣང་ཁམས་ལ་སོང་ཿ བལ་ཡུལ་མི་རོ་ལུད་ཕུང་བཞིན་དུ་སྐྱེལཿ ཉིན་པར་དམ་སྲི་དུང་དུང་བྱུང་ནས་ནིཿ མི་ནད་ཕྱུགས་ནད་བཀྲ་མི་ཤིས་པར་བྱསཿ བར་ཆད་རྣམ་བཞི་བཟློག་པའི་གླུ་འདི་གསུངསཿ མ་རུངས་མི་བཟོད་གནོད་བྱེད་རྣམསཿ སངས་རྒྱས་བཀའ་ལས་འགལ་བྱེད་པཿ འདི་ལྟར་མེ་ཏོག་པདྨ་གིཿ འདམ་གྱི་སྐྱོན་གྱིས་མ་གོས་ཏེཿ འདོད་པ་བཞིན་དུ་བདེ་བར་འཚོཿ ཐབས་མཆོག་ལྡན་པའི་རྣལ་འབྱོར་པཿ བཅིངས་པ་ལས་ནི་གྲོལ་བར་བྱེདཿ སྡིག་གཅན་ཁྱེད་བཞིས་མི་ཤེས་སོཿ ཡི་གེར་བྲིས་ནས་གཏེར་སྦས་ཡིསཿ དུས་མཐའ་སེམས་ཅན་འདུལ་དཀའ་བཿ གཏེར་ཆོས་སྤང་དུ་ག་ལ་རུང་ཿ འདི་ནི་བྲིས་པ་


PKT001_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༤བ༽ཙམ་གྱིས་ཀྱང་ཿ སངས་རྒྱས་བསྟན་པ་འཕེལ་བར་འགྱུརཿ སྙིང་རྗེའི་ལྕགས་ཀྱུ་དང་བྲལ་ནཿ སྙིགས་མའི་སེམས་ཅན་སུ་ལ་རེཿ བར་ཆད་མ་བྱེད་གཏེར་སྲུང་གྱིསཿ ཞེས་གསུངས་བར་ཆད་བདུད་ཀྱི་གཡུལ་ལས་རྒྱལཿ མཚོ་ལས་རླངས་བྱུང་གནམ་ལས་ཆར་པ་བབསཿ རྩི་ཤིང་འབྲས་བུ་རྒྱས་པས་ནད་མུག་སངསཿ བསྟན་གཉིས་དབང་པོ་ཐམས་ཅད་མཁྱེན་པ་ཡིསཿ མ་འོངས་དོན་དུ་ཟབ་གཏེར་སྦས་ཚུལ་ནིཿ བག་ཆགས་ཅན་གྱི་གདུལ་བྱ་ཡིད་དྲང་ཕྱིརཿ ལོ་བརྒྱད་ཁྱེའུ་ཆུང་མཛེས་པའི་ཞལ་མངའ་བཿ པདྨ་ལྟ་བུར་བཀྲག་མདངས་དམར་ཆགས་པཿ ཉི་འོད་བཞིན་དུ་ལྟར་མི་བཟོད་པའི་ཞལཿ མཚན་དང་དཔེ་བྱད་རྫོགས་པའི་སྐུ་དངོས་བསྟནཿ དར་དམར་ཆོས་གོས་གསེར་གྱི་པ་ཏྲས་བཀླུབསཿ ཐེག་པ་སྣ་ཚོགས་ཟབ་ཆེན་བེར་ཕྱམ་གསོལཿ དུག་གསུམ་རྩད་གཅོད་ཁ་ཊྭཱཾ་རྩེ་གསུམ་ལཿ སྐུ་གསུམ་ལྷུན་གྲུབ་ཐོད་པ་གསུམ་བརྩེགས་བརྒྱནཿ ཟུང་འཇུག་བརྡ་སྦྱོར་རྡོ་རྗེ་དྲིལ་བུ་བསྣམསཿ ཤ་བའི་གཉེན་ཞུ་གསེར་གྱི་པ་ཏྲས་མཛེསཿ ལྟ་བ་ཡས་འབིབས་རྒོད་ཀྱི་རྩེ་རྒྱལ་བཙུགསཿ སྐུ་ལྔ་རབ་རྫོགས་དར་སྣ་ལྔ་ཡིས་བརྒྱནཿ གདུལ་བྱའི་རེ་སྐོང་སེང་གེ་རཏྣའི་ཁྲིཿ པདྨའི་གདན་ལ་ཞབས་གཉིས་སྐྱིལ་ཀྲུང་བཞུགསཿ འདོད་དགུར་བསྒྱུར་བའི་ཆོས་སྨྲ་རིན་ཆེན་བརྩེགསཿ རེས་འགའ་


PKT001_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༥ན༽པདྨ་འགྲོ་མགོན་རྩལ་དུ་གྲགསཿ རེས་འགའ་པདྨ་དབང་ཕྱུག་མགོན་དུ་གྲགསཿ རེས་འགའ་པདྨ་གྲུབ་པའི་བློ་གྲོས་གྲགསཿ རེས་འགའ་པདྨ་ཆེ་མཆོག་རྩལ་དུ་གྲགསཿ རེས་འགའ་པདྨ་མཁའ་འགྲོའི་དབང་ཕྱུག་གྲགསཿ རེས་འགའ་མགོན་པོ་བིརྺ་པ་ཞེས་གྲགསཿ རེས་འགའ་པདྨ་ནག་པོ་སྤྱོད་པར་གྲགསཿ རེས་འགའ་ཁྱེའུ་ཆུང་མཁའ་ལྡིང་རྩལ་དུ་གྲགསཿ རེས་འགའ་པདྨ་ས་ར་ཧ་ཞེས་གྲགསཿ རེས་འགའ་པདྨ་མངའ་བདག་རྩལ་དུ་གྲགསཿ རེས་འགའ་པདྨ་ཀུན་ཏུ་རྒྱུ་ཞེས་གྲགསཿ རེས་འགའ་པདྨ་ཆགས་མཆོག་རྩལ་དུ་གྲགསཿ རེས་འགའ་པདྨ་འགྲོ་བའི་སྐྱབས་སུ་གྲགསཿ རེས་འགའ་པདྨ་འཕྲིན་ལས་མགོན་དུ་གྲགསཿ རེས་འགའ་པདྨ་དོན་ཡོད་ཞགས་པར་གྲགསཿ རེས་འགའ་པདྨ་གཟི་བརྗིད་འོད་འཕྲོར་གྲགསཿ རེས་འགའ་པདྨ་དོམྦྷི་པ་ཞེས་གྲགསཿ རེས་འགའ་རིགས་ལྡན་པདྨ་དཀར་པོར་གྲགསཿ རེས་འགའ་པདྨ་བཛྲ་ཞེས་སུ་གྲགསཿ རེས་འགའ་པདྨ་ཐོད་འཕྲེང་རྩལ་དུ་གྲགསཿ འདོད་དགུར་བསྒྱུར་བའི་འཕྲུལ་མཚན་ཉི་ཤུ་སྟེཿ བསྟན་པའི་སྒྲོན་མ་གཏེར་ཆོས་ནམ་མཁའ་མཛོདཿ ཞ་ཉེ་རིན་ཆེན་བསེ་ཤིང་རྡོ་རྗེ་ཐོདཿ རཏྣའི་སྒྲོམ་བུ་སྣ་ཚོགས་གཏེར་གྱི་སྣོདཿ ཏ་ལ་མཐིང་ཤོག་གྲོ་ག་སྐྱང་ནུལ་བཿ གསེར་དངུལ་ཟངས་ལྕགས་བཻ་ཌཱུརྻ་གཡུ་མཚལཿ སྣག་ཚ་ལ་སོགས་བྲིས་ཤིང་ཞུས་


PKT001_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༥བ༽དག་མཛདཿ འཁྲུགས་བསྡེབས་གབ་བསེལ་སྦས་བསྟན་རྡོར་ཚིག་བཀྲོལཿ ལྷ་ཀླུ་མི་ཡི་ཡུལ་དུ་སྦས་པའི་གཏེརཿ གཏེར་གྱི་ངོ་བོ་ཟད་མི་ཤེས་པ་སྟེཿ ངེས་ཚིག་མཚོན་དཔེ་ཡིད་བཞིན་ནོར་བུའི་གཏེརཿ དབྱེ་ན་གཏེར་གྱི་རིགས་བྱེད་བཅོ་བརྒྱད་དེཿ གསང་གཏེར་ཟབ་གཏེར་ཐུགས་གཏེར་དགོངས་གཏེར་བཞིཿ རྫས་གཏེར་བླ་གཏེར་གཏེར་ཕྲན་གཏེར་སྨྱོན་དང་ཿ རྒྱ་གཏེར་བོད་གཏེར་རྗེ་གཏེར་ཡང་གཏེར་བཞིཿ ཡུམ་གཏེར་མ་ནིང་གཏེར་དང་ཕྱི་གཏེར་གསུམཿ ནང་གཏེར་བར་གཏེར་ནོར་གཏེར་བཅོ་བརྒྱད་དོཿ དེ་དག་རེ་རེའང་སྤྱི་དོན་བཅུ་བཅུར་ལྡནཿ གཏེར་སྣོད་གཏེར་ཤོག་བྲི་བའི་རྒྱུ་དང་གསུམཿ གཏེར་ཡིག་གཏེར་གནས་གཏེར་སྲུང་གཏེར་སྟོན་བཞིཿ འདོན་དུས་འདུལ་བྱེད་གདུལ་བྱའི་ཞིང་བཅུའོཿ དང་པོ་གསང་གཏེར་སྣོད་གསང་བའི་སྣོདཿ གཏེར་ཤོག་གསང་ཤོག་གཏེར་སྣག་གསང་སྣག་རྒྱུཿ གཏེར་ཡིག་གསང་ཡིག་གཏེར་གནས་གསང་གནས་ཏེཿ གཏེར་སྲུང་གསང་སྲུང་གཏེར་སྟོན་གསང་སྟོན་དང་ཿ འདོན་དུས་འདུལ་བྱེད་གདུལ་བྱའང་ཟབ་པའོཿ གསུམ་པ་ཐུགས་


PKT001_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༦ན༽གཏེར་གཏེར་སྣོད་ཐུགས་སྣོད་དུཿ ཐུགས་ཤོག་ཐུགས་ཡིག་ཐུགས་སྣག་ཐུགས་གནས་སུཿ ཐུགས་སྲུང་ཐུགས་སྟོན་ཐུགས་དུས་ཐུགས་འདུལ་ལོཿ བཞི་པ་དགོངས་གཏེར་གཏེར་སྣོད་དགོངས་པའི་སྣོདཿ དགོངས་ཤོག་དགོངས་རྒྱུ་དགོངས་ཡིག་དགོངས་གནས་སུཿ དགོངས་སྲུང་དགོངས་སྟོན་དགོངས་དུས་དགོངས་འདུལ་ལོཿ ལྔ་པ་རྫས་གཏེར་གཏེར་སྣོད་རྫས་ཀྱི་སྣོདཿ རྫས་ཤོག་རྫས་སྣག་རྫས་ཡིག་རྫས་གནས་སུཿ རྫས་སྲུང་རྫས་སྟོན་རྫས་དུས་རྫས་འདུལ་ལོཿ དྲུག་པ་བླ་གཏེར་གཏེར་སྣོད་བླ་སྣོད་དུཿ བླ་ཤོག་བླ་སྣག་བླ་ཡིག་བླ་གནས་སུཿ བླ་སྟོན་བླ་སྲུང་བླ་དུས་བླ་འདུལ་ལོཿ འདི་ནི་བསྐལ་ཞབས་སྲིད་མགོར་མི་སྲིད་གང་ཿ བླ་གཏེར་བཏོན་པས་རྒྱལ་ཁམས་ཕུང་བར་འགྱུརཿ རྒྱ་བོད་གཉིས་ན་བླ་གཏེར་ལྔ་ཡོདཿ སེམས་ཅན་ཡུན་དུ་བདེ་ཕྱིར་ཡུལ་དུ་སྦསཿ བདུན་པ་གཏེར་ཕྲན་གཏེར་སྣོད་ཕྲན་སྣོད་དུཿ ཕྲན་ཤོག་ཕྲན་སྣག་ཕྲན་ཡིག་ཕྲན་གནས་སུཿ ཕྲན་སྲུང་ཕྲན་སྟོན་ཕྲན་དུས་ཕྲན་འདུལ་ལོཿ བརྒྱད་པ་གཏེར་སྨྱོན་གཏེར་སྣོད་སྨྱོན་སྣོད་དུཿ སྨྱོན་ཤོག་སྨྱོན་སྣག་སྨྱོན་ཡིག་སྨྱོན་གནས་སུཿ སྨྱོན་སྲུང་སྨྱོན་སྟོན་སྨྱོན་དུས་སྨྱོན་འདུལ་ལོཿ དགུ་པ་རྒྱ་གཏེར་སྣོད་རྒྱ་སྣོད་དུཿ རྒྱ་ཤོག་རྒྱ་སྣག་རྒྱ་ཡིག་རྒྱ་གནས་སུཿ རྒྱ་སྲུང་རྒྱ་སྟོན་རྒྱ་དུས་རྒྱ་འདུལ་ལོཿ བཅུ་པ་བོད་གཏེར་གཏེར་སྣོད་བོད་སྣོད་དུཿ


PKT001_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༦བ༽བོད་ཤོག་བོད་སྣག་བོད་ཡིག་བོད་གནས་སུཿ བོད་སྲུང་བོད་སྟོན་བོད་དུས་བོད་འདུལ་ལོཿ བཅུ་གཅིག་རྗེ་གཏེར་གཏེར་སྣོད་རྗེ་སྣོད་དུཿ རྗེ་ཤོག་རྗེ་སྣག་རྗེ་ཡིག་རྗེ་གནས་སུཿ རྗེ་སྲུང་རྗེ་སྟོན་རྗེ་དུས་རྗེ་འབུལ་ལོཿ འདི་ནི་རྒྱལ་པོའི་རྫས་ཡིན་གཞན་གྱིས་མིནཿ བཅུ་གཉིས་ཡབ་གཏེར་གཏེར་སྣོད་ཡབ་སྣོད་དུཿ ཡབ་ཤོག་ཡབ་སྣག་ཡབ་ཡིག་ཡབ་གནས་སུཿ ཡབ་སྲུང་ཡབ་སྟོན་ཡབ་དུས་ཡབ་འབུལ་ལོཿ བཅུ་གསུམ་ཡུམ་གཏེར་གཏེར་སྣོད་ཡུམ་སྣོད་དུཿ ཡུམ་ཤོག་མཚལ་ཟངས་ཁྲག་ཚོས་སྣག་ཚའི་རྒྱུཿ ཡུམ་ཡིག་ཡུམ་གནས་ཡུམ་སྲུང་ཡུམ་སྟོན་གྱིཿ ཡུམ་དུས་ཡུམ་འདུལ་གདུལ་བྱའི་ཞིང་གྱུར་ཡུམཿ བཅུ་བཞི་མ་ནིང་གཏེར་སྣོད་མ་ནིང་སྣོདཿ མ་ནིང་ཤོག་བུར་མ་ནིང་སྣག་ཚས་བྲིསཿ མ་ནིང་ཡི་གེ་གནས་སྲུང་མ་ནིང་སྟེཿ མ་ནིང་གཏེར་སྟོན་མ་ནིང་དུས་ཚད་དུཿ མ་ནིང་འདུལ་བྱེད་མ་ནིང་གདུལ་ཞིང་ངོ་ཿ བཅོ་ལྔ་ཕྱི་གཏེར་གཏེར་སྣོད་ཕྱི་སྣོད་དུཿ ཕྱི་ཤོག་ཕྱི་སྣག་ཕྱི་ཡིག་ཕྱི་གནས་སུཿ ཕྱི་སྲུང་ཕྱི་སྟོན་ཕྱི་དུས་ཕྱི་འདུལ་ལོཿ འདི་ནི་སློབ་དཔོན་ཀླུ་སྒྲུབ་ཨཱརྻ་དེསཿ ཕྱི་པ་ནང་པའི་བསྟན་ལ་བཙུད་པའོཿ བཅུ་དྲུག་ནང་གཏེར་གཏེར་སྣོད་ནང་སྣོད་དུཿ ནང་ཤོག་ནང་སྣག་ནང་ཡིག་ནང་གནས་སུཿ ནང་སྲུང་ནང་སྟོན་ནང་དུས་ནང་འདུལ་ལོཿ བཅུ་བདུན་བར་གཏེར་གཏེར་སྣོད་བར་སྣོད་དུཿ བར་ཤོག་བར་སྣག་བར་


PKT001_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༧ན༽ཡིག་བར་གནས་སུཿ བར་སྲུང་བར་སྟོན་པར་དུས་བར་འབུལ་ལོཿ བཅོ་བརྒྱད་རིན་ཆེན་ནོར་གཏེར་གཏེར་སྣོད་ནིཿ ས་ཆུ་མེ་རླུང་ནམ་མཁའ་རི་དང་བྲགཿ ནོར་ཤོག་ནོར་སྣག་ནོར་ཡིག་ནོར་གནས་སུཿ ནོར་སྲུང་ནོར་སྟོན་ནོར་དུས་ནོར་འདུལ་ལོཿ འདི་ནི་རྒྱལ་པོ་ཨིནྡྲ་བོ་དྷི་ཡིསཿ སྤྱིར་བསྡུས་བརྒྱ་དང་བརྒྱད་ཅུར་བསྡུས་ཏེ་སྦསཿ ཕྱོགས་བཅུའི་ས་གཡོས་འཇིག་རྟེན་འོད་ཀྱིས་བཀང་ཿ ལྷས་ཀྱང་མེ་ཏོག་སྣ་ཚོགས་ཆར་དུ་ཕབཿ བར་སྣང་སྤྲིན་གསེབ་མཆོད་པ་རྒྱ་ཆེན་ཕུལཿ མཁའ་འགྲོ་ཆོས་སྐྱོང་གཏེར་སྲུང་སྐོར་བ་བྱེདཿ འཇིག་རྟེན་མ་རིག་མུན་པ་བསལ་བའི་ཕྱིརཿ སྐྱེ་སྔོན་དབང་ཐོབ་ལུང་བསྟན་ལས་འཕྲོ་ཅནཿ གཏེར་གྱི་དབང་སྐལ་བཏད་པའི་མི་དྲུག་སྟེཿ མི་གཅིག་བགྲས་ཉན་སྦས་པའི་གཏེར་ལ་དབང་ཿ གཅེས་དགུ་ཅོག་བཞག་སྦས་པའི་གཏེར་ལ་དབང་ཿ ནད་དུ་མཛེ་འགོས་སྦས་པའི་གཏེར་ལ་དབང་ཿ དབུལ་ཕོངས་སྒྲུབ་ནུས་སྦས་པའི་གཏེར་ལ་དབང་ཿ བུ་ལོན་ཤ་འདད་སྦས་པའི་གཏེར་ལ་དབང་ཿ ཁ་ཉེན་དབང་ཆུང་སྦས་པའི་གཏེར་ལ་དབང་ཿ གཏེར་གྱི་ལས་འཕྲོ་མེད་པའི་མི་ལྔ་སྟེཿ མི་དབང་སྟོབས་བོ་ཆེ་ལ་ལས་འཕྲོ་མེདཿ བསོད་ནམས་མངའ་ཐང་རྒྱས་ལ་ལས་འཕྲོ་མེདཿ མི་ནོར་ཟས་གསུམ་འཛོམ་ལ་ལས་འཕྲོ་མེདཿ འཇིག་རྟེན་གཡེང་བ་ཆེ་ལ་


PKT001_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༧བ༽ལས་འཕྲོ་མེདཿ མིག་རྣོ་ལག་བདེ་ཤེས་ཞིབ་ལས་འཕྲོ་མེདཿ ལས་འཕྲོ་མེད་པས་ཐོན་རེ་ན་རཀ་སྐནཿ གལ་ཏེ་བྱུང་ན་ཚབས་ཆེར་སྤང་བར་བྱཿ བརྫུན་གཏེར་གཅོས་མ་གཏེར་འདྲ་གཏེར་ཆོས་སེལཿ བསྟན་པའི་ཆོམ་ཆེན་བྱེད་པའི་དམར་ལས་མཁནཿ གང་གི་བློ་ལས་མ་རུངས་སུ་ངོ་ཤེསཿ དམྱལ་བས་མི་བསྡིགས་འཇིགས་བསྲན་ཅན་རྣམས་དང་ཿ ཨུ་རྒྱན་ང་དང་སྨོན་ལམ་གང་དུ་བཏབཿ གཏེར་ཁུང་ས་ཕྱུང་ཡང་རྡོ་ནུས་ཅུང་ཟད་མེདཿ དེ་འདྲའི་ཐོ་ཕྱིར་མི་ཉེ་སྤང་བའི་རྒྱུཿ ཤེས་རབ་ཡོད་ན་ས་སྟེང་ཆོས་ཀྱིས་གང་ཿ མོས་གུས་ཡོད་ན་བླ་མར་མ་གྱུར་མེདཿ བཅོ་བརྒྱད་སེང་གེ་གངས་ལ་འགྲོ་བ་ལཿ བརྫུན་གཏེར་སེང་གེའི་གྲོགས་པོ་གང་དུ་འགྲོཿ གཏེར་ཞེས་བྱུང་ཁུངས་ཡིད་ཆེས་ལོ་རྒྱུས་ཀྱང་ཿ རཱུ་དྲ་ཐར་པ་ནག་པོ་བཏུལ་ལས་བྱུང་ཿ རྣམ་ཤེས་ཚོགས་བརྒྱད་ལ་ནི་དུར་ཁྲོད་བརྒྱདཿ པགས་པ་ཤོག་བུ་རྐང་པ་སྨྱུ་གུ་བྱུང་ཿ ཆུ་བཞི་སྣག་ཚ་དུག་ལྔ་ཆོས་ཚིག་བྱུང་ཿ ཐོད་པ་སྒྲོ་བ་ཁ་སྣ་གཏེར་སྣོད་བྱུང་ཿ སྣོད་དྲུག་གཏེར་གྱི་དབང་སྐལ་ལུང་བསྟན་བྱུང་ཿ དོན་སྙིང་ལྔ་ལས་སྐལ་མེད་ལུང་བསྟན་བྱུང་ཿ ཕུང་པོ་ལྔ་དང་དབང་པོ་ལྔ་དང་ནིཿ འབྱུང་པ་ལྔ་དང་ལུས་ངག་ཡིད་གསུམ་ལསཿ གཏེར་གྱི་རིགས་བྱེད་བྱེ་བ་བཅོ་བརྒྱད་བྱུང་ཿ བསྡུ་ན་བཅུར་བསྡུ་གཏེར་དབུགས་གཏེར་ཤ་གཉིསཿ གཏེར་ལྤགས་གཏེར་


PKT001_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༨ན༽སྤུ་གཏེར་གྱི་སྙིང་ཁྲག་དང་ཿ གཏེར་གྱི་ལྟོ་ཆིལ་གཏེར་གྱི་ཡན་ལག་བདུནཿ གཏེར་གྱི་ཆུ་བ་རྐང་མར་གཏེར་ཀླད་བཅུཿ གཏེར་སྨྱོན་ཞེས་པ་མིག་གི་འབྲས་བུ་ཡིནཿ གཏེར་ཕྲན་ཞེས་པ་མིག་རྣག་རྣས་སྤབས་ཡིནཿ མ་ནིང་བྱ་བ་སྣབས་ལུད་ཁུ་བ་ཡིནཿ བླ་གཏེར་ཞེས་ནི་སྲོག་བརྩལ་ཟེརཿ བར་གཏེར་བྱ་བ་གཏེར་ཀྱི་མཆེན་ཁྲི་ཡིནཿ ཀུན་ལ་དེ་བཞིན་འགྲེས་འདེད་ཤེས་པར་བྱཿ སྐབས་སུ་སྦས་པའི་གཏེར་རེ་རྡོལ་བ་ཡང་ཿ གོ་སྙོད་སྡེའུ་ཟྭ་ཚོད་ལྕམ་ལོ་བཞིནཿ ངེས་མེད་གང་བྱུང་གནས་ལ་མི་སྐྱེ་སྟེཿ ཨུ་དུམྦར་མཆོག་གི་མེ་ཏོག་ནིཿ མ་དྲོས་བྱང་ཕྱོགས་རྩེ་ལྔའི་ཕ་རོལ་ལམཿ ཨུ་རྒྱན་དྷ་ན་ཀོ་ཤའི་ནུབ་བྱང་དུཿ འཇིག་རྟེན་མགོན་པོ་སངས་རྒྱས་འབྱོན་ཆེ་སྐྱེཿ ཡིད་ཆེས་ངེས་ཤེས་བསྐྱེད་པའི་གཏེར་སྟོན་དང་ཿ དེ་བཞིན་དུས་གཅིག་གཏེར་མང་རྡོལ་མི་སྲིདཿ སྲིད་པ་སླ་ལོག་བསྒྱུར་བའི་རྒྱལ་པོ་གཅིགཿ དེ་ལ་ཡིད་ཆེས་བསྐྱེད་པའི་གཏེར་སྟོན་གཅིགཿ དཔེར་ན་འཇིག་རྟེན་སྒྲོན་མའི་རྒྱལ་བ་ནིཿ རྒྱལ་རིགས་འཁྲུངས་ན་མེ་ཏོག་དཀར་པོ་སྐྱེཿ བྲམ་ཟེའི་རིགས་འཁྲུངས་མེ་ཏོག་དམར་པོ་སྐྱེཿ རྗེའུ་རིགས་འཁྲུངས་ན་མེ་ཏོག་སེར་པོ་སྐྱེཿ དམངས་རིགས་འཁྲུངས་ན་མེ་ཏོག་མཐིང་ཁ་སྐྱེཿ ལྷུམས་སུ་ཞུགས་ཚེ་མེ་ཏོག་ཁ་ནི་འབུསཿ སྐུ་བལྟམས་ཚེ་ན་མེ་ཏོག་ཁ་ནི་བྱེཿ ཆོས་འཁོར་བསྐོར་ཚེ་མེ་ཏོག་རབ་ཏུ་རྒྱསཿ མྱ་ངན་འདས་ཚེ་མེ་ཏོག་


PKT001_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༨བ༽དབྱིངས་སུ་ཡལཿ དེ་བཞིན་སྐལ་ལྡན་ཟབ་གཏེར་སྤྱོད་པའི་དུསཿ མཁའ་འགྲོ་ཆོས་སྐྱོང་ལྷ་སྲིན་སྡེ་བརྒྱད་འཐིབསཿ ཁ་རྒྱས་གཡུལ་འཁྲུགས་དབུས་སུ་འཇུག་པ་བཞིནཿ ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་བར་དུ་གཅོདཿ འདོད་ཆགས་ལས་གྱུར་བུད་མེད་བདུད་མོ་དང་ཿ ཞེ་སྡང་ལས་གྱུར་བཙུན་གཟུགས་སྡོམ་ཉམས་དང་ཿ གཏི་མུག་ལས་གྱུར་སྔགས་པ་དམ་ཉམས་དང་ཿ གཞན་ཡང་དེ་འདྲའི་རིགས་བྱེད་ཤེས་པ་བསྒྱུརཿ ལྷ་འདྲེ་མི་གསུམ་བར་གཅོད་བྱེད་པར་འགྱུརཿ ཆེས་ཏེ་གཏེར་འཆོར་རང་གི་སྲོག་ལ་ཡོདཿ ཆུང་སྟེ་མི་ནོར་ཟས་གསུམ་བྱར་མི་བཏུབཿ ནག་པོ་བདུད་དང་སྟོབས་འགྲན་དུས་ཡིན་པསཿ གཏད་པའི་གཏེར་བདག་ཐམས་ཅད་འཁྲེན་ཅིང་འཚུབཿ ལས་ཀྱིས་བསྐུལ་བས་ཟོན་བྱེད་གཞག་ཏུ་མེདཿ དེ་ཕྱིར་ལས་འཕྲོ་སྔོན་དུ་སོང་བ་ལསཿ གཏེར་སྟོན་དཔེར་ན་ཉིན་སྐར་བཞིན་དུ་ཉུང་ཿ དུས་གཅིག་གཏེར་སྟོན་གཉིས་གསུམ་འབྱུང་མི་སྲིདཿ བྱུང་ན་གཏེར་སེལ་ལྡེམ་དགོངས་ཅན་དུ་ངེསཿ བར་ཆོད་མེད་པའི་དངོས་གྲུབ་མི་འབྱུང་བསཿ ཟུང་འཇུག་འདུག་གམ་ཡ་བྲལ་གོང་བཞིན་བརྟགཿ ཟུང་འཇུག་འདུག་ན་གཅིག་ནི་ཚེ་དུས་བྱེདཿ ཡུལ་གཅིག་དུས་གཅིག་གཏེར་སྟོན་གཉིས་མི་སྲིདཿ གཅིག་ལ་གཅིག་དགྲ་བྱེད་ཕྱིར་མ་བསྟན་ནོཿ ལྷན་ཅིག་གཉིས་མིན་པདྨའི་གཏེར་ཆོས་བཞིནཿ གཅིག་པོ་མར་འགྲིབ་


PKT001_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༩ན༽གཅིག་ལས་ཡར་འཕེལ་ཡིནཿ ང་ཡི་གཏེར་ཆོས་གཏད་དོ་གཉེར་ཆེན་པོཿ སྟོང་གསུམ་ཆོས་ཀྱིས་བཀང་ངོ་ཨུ་དུམ་ཝ་རཿ མ་རིག་མུན་པ་སོལ་ཅིག་འོད་པོ་ཆེཿ དུས་གསུམ་འགྲོ་བ་ཐུལ་ཅིག་ཕྱི་ཐག་ཅནཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ གཏེར་གྱི་བགྲོ་བ་གཏེར་ཆོས་གཏེར་སྟོན་གླེང་པའི་ལེའུ་སྟེ་ང་གསུམ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ

ཁྲི་སྲོང་ལྡེའུ་བཙན་སྐུ་འཁྲུངས་ཤིང་རྒྱལ་སྲིད་བཟུང་བའི་ལེའུ།


PKT001_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བལ་ཡུལ་ཚ་བ་ཚ་ཤོད་བྱོནཿ ཆུ་མིག་བྱང་ཆུབ་རིང་མོ་ཞེས་བྱ་བཿ དགུན་ཡང་མེ་ཏོག་སྐྱེ་དེར་སྒྲུབ་པ་མཛདཿ དེ་དུས་སེམས་ཅན་སྲོག་ལ་དབང་བྱེད་པའིཿ ས་བདག་ཆེན་མོ་མཆེད་པ་ཞི་དམ་ལ་བཏགསཿ ཕུར་པའི་བཀའ་སྲུང་བསེ་མོ་མཆེད་བཞིར་གསོལཿ དེ་ནས་ཀེ་ཤ་ཙནྡ་ན་གླིང་དུ་བྱོནཿ ཕུལ་ལ་ཧ་རིའི་བྲག་ཕུག་ཐུགས་དམ་བཞུགསཿ སྲོང་ལ་ཕྱག་ན་རྡོ་རྗེའི་ལུང་བསྟན་བྱུང་ཿ ཚེ་གཅིག་སངས་རྒྱས་བདུད་ཀྱི་བར་ཆོད་འབྱུང་ཿ དེ་བཟློག་རྒྱལ་པོའི་ཁབ་ཀྱི་ནུབ་ཕྱོགས་ཀྱིཿ དུར་ཁྲོད་ཆེན་པོའི་ལྷོ་ནུབ་མཚམས་ཤིག་ནཿ དུར་ཤིང་ནག་པོའི་ཚལ་ནས་དངོས་གྲུབ་ལོང་ཿ ལུང་བསྟན་བྱུང་ནས་གནམ་སྟོང་ནུབ་མོ་བྱོནཿ མེ་འབར་གསེབ་ན་ལྕགས་ཀྱི་སྡིག་པ་ནིཿ མགོ་དགུ་ར་ནི་བཅོ་བརྒྱད་ཡོད་པ་ཞིགཿ དཔྲལ་བ་རེ་ལ་མིག་ནི་གསུམ་གསུམ་ཡོདཿ མི་བཟད་འཇིགས་པ་དེ་ལ་ཕྱག་མཆོད་བྱསཿ སང་


PKT001_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༢༩བ༽དགོངས་ཤོག་ཅིག་དངོས་གྲུབ་སྦྱིན་ནོ་གསུང་ཿ ཕྱིན་དུས་རྡོ་བ་གྲུ་གསུམ་ཞིག་འདུག་ནསཿ དེ་བཀོག་དོང་ནས་བསེ་ཡི་སྒྲོམ་བུ་བྱུང་ཿ བལྟས་པས་ཕུར་པའི་ཆོས་འདུག་གཟིགས་པས་མཁྱེནཿ མིག་རེ་ལས་ནི་ཐེག་པ་རེ་རེ་བྱུང་ཿ རྭ་རེར་ཐེག་པ་རེ་རེ་བཅོ་བརྒྱད་བྱུང་ཿ དེ་ནས་རྒྱ་གར་རྡོ་རྗེ་གདན་དུ་ནིཿ རྒྱལ་པོ་ཉི་མ་སེང་གེས་གདན་དྲངས་བཞུགསཿ དེ་ནས་བོད་དུ་གདན་དྲངས་བྱོན་ཚུལ་ནིཿ བོད་ཀྱི་རྒྱལ་པོ་ཁྲི་སྡེ་གཙུག་བརྟན་གྱིསཿ རྒྱ་ནག་རྩིས་ཀྱི་བཀའ་བབས་གདན་དྲངས་ནསཿ རྩིས་སྨན་གཉིས་ཀྱིས་བོད་ཁམས་སེམས་ཅན་བསྐྱངསཿ རྒྱ་མོ་གྱི་མ་ཤང་ཀོང་ཇོ་ཁབ་ཏུ་བཞེསཿ བོད་ལ་ཕན་པའི་གཙུག་ལག་སྡེ་དགུ་འབྱོངསཿ བོད་ཁམས་འཕགས་པ་འཇམ་དཔལ་གདུལ་བྱར་གཟིགསཿ རྒྱལ་པོ་ཡབ་ཡུམ་ཕོ་བྲང་བྲག་དམར་ནཿ གཟིམས་པའི་ལྷུམས་སུ་རྒྱ་ནག་རྩེ་ལྔ་ནསཿ འཇམ་དཔལ་ཐུགས་ནས་འོད་ཟེར་སྣ་ལྔ་འཕྲོསཿ གྱིམ་ཤང་རྨི་ལམ་ཉི་མ་ཤར་བ་དང་ཿ མཛེས་སྡུག་ཁྱིའུ་ལྷུམས་སུ་ཞུགས་པ་རྨིསཿ ས་གཞི་ཐམས་ཅད་འོད་ཀྱིས་གང་བ་དང་ཿ ཡིད་བཞིན་ནོར་བུའི་ཆར་པ་བབ་པ་རྨིསཿ རྨི་ལམ་རྒྱལ་པོའི་སྙན་དུ་གསོལ་བ་ཡིསཿ རྒྱལ་པོ་ཤིན་ཏུ་དགྱེས་ནས་རིམ་གྲོ་བྱསཿ ལུས་ནི་མི་བདེ་མེད་པར་འགུལ་བར་བྱེདཿ ཤེས་པ་གསལ་ཞིང་ལུས་པོ་ཡང་བ་དང་ཿ ཉོན་མོངས་མེད་ཅིང་སེམས་བདེ་ཉམས་དགར་གྱུརཿ ཟླ་


PKT001_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༣༠ན༽དགུ་ངོ་བཅུ་ཕོ་བྲང་བྲག་དམར་དུཿ རྟ་ལོ་དཔྱིད་ཟླ་ར་བ་སྟག་ཟླའི་ཉིནཿ སྐར་མ་རྒྱལ་གྱི་ནམ་ལངས་ཉི་ཤར་དྲོསཿ བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙུན་འཁྲུངསཿ རྒྱ་ནག་མཁས་པའི་རྗེ་བཙུན་པོ་ཡིསཿ གབ་རྩེ་བཏིངས་ནས་བཟང་ངན་བརྩིས་པའི་ལུང་ཿ རྒྱ་ཡི་གཙུག་ལག་སྤོར་ཐང་ཁྲ་མོ་ལསཿ དཔལ་འབར་མི་ཡི་འཁྲུངས་དཔེ་རྩིས་སུ་ཤརཿ སྨེ་བ་དགུ་འགྱུར་སྤར་ཁ་བརྒྱད་འཆར་གྱིཿ ཁ་དམར་བཞིན་ན་རྒྱལ་པོའི་ཅི་བསམ་འགྲུབཿ སོ་ནི་དུང་སོ་འཁོར་མ་ཡོད་པ་ལཿ སྐྲ་ལོ་མཐོན་མཐིང་སྤྱི་གཙུག་གཡས་སུ་འཁྱིལཿ ཤིན་ཏུ་མཛེས་པ་ལྷ་ཡི་བུ་ཞིག་འདྲཿ ཕུན་སུམ་ཚོགས་པའི་ལོ་པན་ཐམས་ཅད་སྡུདཿ འཆོད་གྲ་སྒོམ་གྲ་ཆོས་ཀྱི་བསྟན་པ་ཆགསཿ རྒྱ་བོད་གཉིས་བར་ཆོས་ཀྱི་ཟམ་པ་འཛུགསཿ ཞེས་གསུངས་མཚོན་ཡང་ཁྲི་སྲོང་ལྡེའུ་བཙན་བཏགསཿ དགུང་ལོ་བཅུ་གསུམ་ལོན་ནས་ཡབ་གཤེགས་ཏེཿ བཅོ་ལྔའི་ལོ་ལ་རྒྱལ་པོར་མངའ་གསོལ་ནསཿ བཙུན་མོ་ཆེ་སྤོང་བཟའ་ནི་དམར་རྒྱན་དང་ཿ འབྲོ་བཟའ་བྱང་ཆུབ་སྒྲོན་གཉིས་ཁབ་ཏུ་བཞེསཿ ལོ་བདུན་བར་དུ་ཇག་དམག་དཔོན་བྱས་ནསཿ ཕྱི་ཡི་སོ་བསྲུངས་ནང་གི་སོ་ཆིས་མཛདཿ བཅུ་བདུན་ལོ་ལ་ཆོས་ཀྱི་བསམ་པ་སྐྱེསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ཁྲི་སྲོང་ལྡེའུ་


PKT001_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༣༠བ༽བཙན་སྐུ་འཁྲུངས་ཤིང་རྒྱལ་སྲིད་བཟུང་བའི་ལེའུ་སྟེང་བཞི་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ

བོད་ཀྱི་རྒྱལ་པོས་ཐུགས་དགོངས་བཏང་ཞིང་བློན་འབངས་ལ་གདམས་ང་བསྐུར་བའི་ལེའུ།


PKT001_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡབ་མེས་ཀུན་གྱི་ཐང་ཡིག་བལྟསཿ ཡབ་མེས་ཐོ་ཐོ་སྙན་བཙན་སྐུ་དྲིང་ལཿ དམ་པ་ཆོས་ཀྱི་དབུ་བརྙེས་རྒྱལ་པོར་བྱོནཿ ཕྱག་ན་རྡོ་རྗེའི་སྤྲུལ་པའི་རྒྱལ་པོར་འདུགཿ དཔང་སྐོང་ཕྱག་རྒྱ་མདོ་སྡེ་ཟ་མ་ཏོགཿ དགེ་བ་བཅུ་དང་ལས་འབྲས་རྣམ་པར་འབྱེདཿ མུ་དྲའི་རྟེན་འབྲེལ་ཕྱག་རྒྱ་མདོ་སྔགས་གཉིསཿ བསྟན་པ་གཉིས་ལྡན་བོད་དུ་བྱུང་ནས་འདུགཿ གཉེན་པོ་གསང་བར་མཚན་གསོལ་བོད་ཁམས་བསྐྱངསཿ དེ་ནས་རྒྱལ་རབས་ལྔ་སོང་ལྷ་ས་རུཿ རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་དྲིང་ལཿ དམ་པ་ཆོས་ཀྱི་སྲོལ་གཏོད་རྒྱལ་པོར་བྱོནཿ སྤྱན་རས་གཟིགས་ཀྱི་སྤྲུལ་པའི་རྒྱལ་པོར་འདུགཿ ཁྲ་འབྲུག་ལྷ་ས་ར་མོ་ཆེ་དང་ནིཿ འཕྲུལ་སྣང་གཙོ་བྱས་མཐའ་འདུལ་ཡང་འདུལ་གྱིཿ གཙུག་ལག་ཁང་ནི་བརྒྱ་དང་རྩ་བརྒྱད་བཞེངསཿ ཇོ་ཤཱ་ཀ་མི་བསྐྱོད་རྡོ་རྗེས་གཙོ་བྱས་པའིཿ ལུགས་མ་རང་བྱོན་རྡོ་སྐུ་མང་གདན་དྲངསཿ གསུང་རབ་དཀོན་ཆོག་སྤྲིན་གྱིས་གཙོ་བྱས་ནསཿ པདྨ་དཀར་པོ་ཙྪནྡྷ་མ་ཎི་དང་ཿ ཏོག་དང་གྲ་ལྔ་ལ་སོགས་བོད་དུ་བྱུང་ཿ བདག་གིས་བསྟན་གཉིས་དར་རྒྱས་གཏོང་དགོས་སྙམཿ གཙུག་ལག་ཁང་ཞིག་བཞེངས་པར་འབངས་དང་བགྲེསཿ ནང་བློན་དེ་སྐད་བགྱི་བ་མི་འཚལ་བརཿ དེ་མིན་གཞན་ཞིག་གདམས་ང་བསྐུར་དང་ཟེརཿ རྗེ་ཡི་


PKT001_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༣༡ན༽ཞལ་ནས་བློན་འབངས་ཐམས་ཅད་ཉོནཿ ད་ནི་དཔེ་སྲོལ་ལས་ཐབས་ཤིག་བྱེད་པསཿ ཁྱེད་རྣམས་གདམ་ང་བསྐུར་གྱི་གང་སླ་གྱིསཿ གཙང་པོ་ཟངས་ཀྱི་སྦུབས་སུ་འཇུག་དང་གཅིགཿ བསམ་ཡས་ཧས་པོ་རི་ཡི་རྩེ་མོ་ནསཿ ཞང་པོའི་ཡུལ་མཐོང་ཤེལ་གྱི་མཆོད་རྟེན་རྩིགཿ ཝ་ལུང་གྲོག་པོ་གསེར་བྱེས་འགེངས་དང་གསུམཿ གཙུག་ལག་བྲེ་ཞབས་ཙམ་ཞིག་བརྩིག་གམ་འདོམསཿ བློན་འབངས་རྣམས་ཀྱིས་མི་འགྲུབ་གདམས་ང་ཟེརཿ གཙང་པོ་ཟངས་ཀྱི་སྦུབས་སུ་འཇུག་པ་བསཿ ཟངས་ཁལ་ཙམ་ཡང་དཀོན་པས་མི་འགྲུབ་བོཿ ཤེལ་གྱི་མཆོད་རྟེན་ཞིང་ཡུལ་རྒྱ་མཐོང་བསཿ ཤེར་འཕྲེང་བཟང་པོ་བརྒྱ་ཚར་འགྲུབ་པར་དཀའཿ ཝ་ལུང་གྲོག་པོ་གསེར་ཕྱེས་འགེངས་པ་བསཿ གསེར་གྱི་ཁོང་ཚངས་ཙམ་ཡང་མི་འགྲུབ་བོཿ དེ་སུམ་གང་ཡང་མི་འགྲུབ་འཇོག་པར་ཞུཿ གཙུག་ལག་ཁང་ཞིག་བཞེང་པར་གསོལ་བ་ལསཿ དེ་ཉིད་མ་ཚར་བར་དུ་བྱེད་པར་གསོལཿ དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིསཿ བླ་མཁྱེན་བི་རྗེ་བཙན་ལར་མངའ་གསོལ་ནསཿ བོད་ཡུལ་ལུང་པའི་ས་དཔྱད་གང་ལེགས་བཙོལཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བོད་ཀྱི་རྒྱལ་པོས་ཐུགས་དགོངས་བཏང་ཞིང་བློན་འབངས་ལ་གདམས་ང་བསྐུར་བའི་ལེའུ་སྟེ་ང་ལྔ་པའོཿ ཿ


PKT001_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༣༡བ༽ཐ་ཐ་ཉྲ་རྒྱ་རྒྱཿ ཿ

བསམ་ཡས་གཙུག་ལག་ཁང་གི་ས་བཙལ་བའི་ལེའུ།


PKT001_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བསམ་ཡས་མཚོ་མོ་མགུལ་དུ་བྱོནཿ ས་དཔྱད་གཟིགས་པས་བི་རྗེའི་ཞལ་ན་རེཿ ཧས་པོ་རི་ནི་དུད་སེང་གནམ་མཆོད་འདྲཿ མེ་ཡར་དྲེའུ་རྟ་ཆུ་འཐུང་འདྲ་སྟེ་བཟང་ཿ མཆིམས་པོའི་རི་འདི་གཡུ་སེང་གནམ་མཆོད་འདྲཿ ཤང་རི་རྒྱལ་པོ་གདན་ལ་བཞུགས་པ་འདྲཿ དགེ་རྒྱས་རི་འདི་རིན་ཆེན་སྤུངས་པ་འདྲཿ མཆིམས་ཕོའི་ལུང་པ་པདྨ་ཁ་བྱེ་འདྲཿ བྲག་དམར་བྱུ་རུའི་སེང་གེ་གནམ་འཕྱོ་འདྲཿ དོལ་ཐང་དར་དཀར་ཡོལ་བ་བྲེས་པ་འདྲཿ དབུ་ཚལ་རྫིང་བུ་མར་ཁུའི་གཞོང་པ་འདྲཿ ལྷོ་ཕྱོགས་གཙང་པོ་གཡུ་འབྲུག་གྱེན་འགྲོ་འདྲཿ སྤྱིར་ན་བྲག་དམར་གཟན་གཡང་ས་དཔྱད་འདྲཿ རུས་སྦལ་ཁོག་པར་སྦྲང་རོ་གཏིབས་པ་འདྲཿ ཕྱོགས་བཞིའི་ས་སྤོས་མཚམས་བཞི་འགྲམས་ནས་འདུགཿ བོད་ཡུལ་རུ་བཞིའི་ནོར་རྣམས་འཕེལ་བའི་རིཿ ཆུ་བོ་རི་ནི་རིན་ཆེན་སྤུངས་འདྲ་འདུགཿ གྲུབ་ཐོབ་རྒྱུན་ཆད་མེད་པར་ཡོང་བའི་རིཿ འུ་ཤང་རྡོ་དང་སྐར་ཆུང་འདྲ་བ་འདུགཿ བོད་རྣམས་ཚེ་རིང་འདེབས་འཚོ་བའི་རིཿ གཙང་གི་རུ་ལག་གཞོན་པ་སྐྱེས་འདྲ་འདུགཿ བློན་པོ་རིག་པ་ཅན་མང་ཡོང་བའི་རིཿ འཕྱིང་བར་སྟག་རྩེ་གླང་ཆེན་འགྱིང་འདྲ་འདུགཿ སྟོན་ཆེན་ཡོང་རི་པི་ཝང་རྒྱུད་འདྲ་འདུགཿ བོད་ལ་སྐབས་སུ་འཁྲུག་པ་ཡོང་བའི་རིཿ རི་ནག་སོག་པོ་ཁྲོས་པ་འདྲ་བའང་འདུགཿ ཅེས་སོགས་བོད་ཀྱི་ས་དཔྱད་


PKT001_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༣༢ན༽རྒྱས་པར་གསུངསཿ དེ་ནས་བསམ་ཡས་འོམ་བུ་ཚལ་དུ་བྱོནཿ བྲག་དམར་འོམ་བུ་ཚལ་དུ་རྨང་བཏིང་བསཿ བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་འདུསཿ ཉིན་པར་བརྩིགས་པ་མཚན་བཤིག་བརྩིག་མ་སྟེརཿ གཙུག་ལག་རྩིས་དང་ཕྲ་མོ་བྱས་པ་ཡིསཿ རྒྱ་གར་རྒྱ་ནག་ཟ་ཧོར་ལ་སོགས་ནསཿ ས་འདུལ་མཁན་གྱི་བླ་མཆོད་གདན་དྲངས་ནསཿ རྒྱལ་པོའི་ཐུགས་དགོངས་རྫོགས་པར་ཡོང་ངོ་གསུང་ཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བསམ་ཡས་གཙུག་ལག་ཁང་གི་ས་བཙལ་བའི་ལེའུ་སྟེ་ང་དྲུག་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

བོད་ཀྱི་རྒྱལ་པོས་མཁན་པོ་བོ་དྷི་ས་ཏྭ་གདན་དྲངས་པའི་ལེའུ།


PKT001_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིསཿ རྒྱལ་བའི་བློ་གྲོས་ལ་སོགས་དཔོན་གཡོག་གསུམཿ ཟ་ཧོར་ཡུལ་དུ་གཏམ་མྱུལ་བ་ལ་བཏང་ཿ སངྷ་རཱ་ཛ་རྒྱ་གར་ཡུལ་དུ་བཏང་ཿ གྲུ་གུ་ཨེ་བག་རྒྱ་ནག་ཡུལ་ལ་བཏང་ཿ དེ་ནས་རྒྱལ་བའི་བློ་གྲོས་དཔོན་གཡོག་གསུམཿ རྡོ་རྗེ་གདན་གྱི་ནུབ་བྱང་མཚམས་ཁ་གཏདཿ ཟ་ཧོར་ཡུལ་དུ་ས་ལམ་བགྲོད་པར་གྱུརཿ མི་རིགས་མི་འདྲ་སྐད་རིགས་མི་འདྲ་བསཿ མང་པོ་འདུས་ནས་སྣ་ལག་བཀབ་ཀྱིན་བལྟཿ རིམ་པར་མཆེད་ནས་བཙུན་མོ་རྣམས་ཀྱིས་བལྟསཿ རྒྱལ་པོས་གསན་ནས་མི་གཞན་ཅི་ཡོད་འདྲིཿ ཕར་ཚུར་གཏམ་ནི་མ་གོ་དུད་འགྲོ་འདྲཿ དེ་ནས་བགས་ཀྱིས་འདྲིས་ཤིང་གཏམ་གོ་ནསཿ ཆོས་རྒྱལ་གཅིག་


PKT001_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༣༢བ༽དང་སྲིད་རྒྱལ་གཉིས་ཀྱི་འོགཿ ཟ་ཧོར་རྒྱལ་ཁམས་ཐམས་ཅད་འདུ་བ་ལཿ ཆོས་རྒྱལ་དེ་ཉིད་ཆོས་ལས་སྲིད་མི་བསྲུང་ཿ སྲིད་རྒྱལ་དེ་ཉིད་སྲིད་ལས་ཆོས་མ་འཆདཿ ཆོས་རྒྱལ་གོ་མ་དེ་བྱིའི་སྲས་པོ་ནིཿ སྐུ་གཅིག་མཚན་གསུམ་གྲགས་པའི་མཁན་པོ་ཞིགཿ ཆོས་ཀྱི་འཁོར་ལོ་བསྐོར་བའི་ཆོས་གྲར་ཕྱིནཿ གསུང་ནི་མ་གོ་སྐུ་ལ་མོས་པ་ཐོབཿ བོ་དྷི་ས་ཏྭ་ཤཱནྟ་དེ་བ་ཉིདཿ ཟ་ཧོར་ཡུལ་ན་རྩོད་མེད་ཆོས་སྨྲར་གྲགསཿ གཏམ་ཁུངས་ཆོད་ནས་བོད་དུ་ཡོངས་པར་གྱུརཿ རྒྱལ་པོའི་སྙན་དུ་གསོལ་བས་རྒྱལ་པོ་དགྱེསཿ དེ་ནས་སྦ་མི་ཛྙཱ་ན་ཤྭ་ར་དང་ཿ གཉགས་པ་ཛྙཱ་ན་ཀུ་མཱ་ར་གཉིས་ལཿ གཡོག་པོ་གསུམ་གསུམ་གསེར་ཕྱེ་བྲེ་རེ་བསྐུརཿ བཀའ་འཕྲིན་ཤུན་པའི་ལོགས་ལ་བཀོད་པ་ནིཿ བསྟན་པ་རིན་ཆེན་མཆོག་ཏུ་གདུགས་ཁེབས་པཿ མཐའ་འཁོབ་མུན་པའི་གླིང་དུ་སྐར་ཙམ་མེདཿ ས་སྟེང་གནས་པའི་རབ་རིབ་ཉིད་ཀྱིས་སོལཿ ལྷ་སྲིན་མ་བྱེ་འདྲ་ཡིས་གཟིངས་པས་འཁུམསཿ ཞེས་པའི་བཀའ་ནན་ཆེ་བར་མཛད་ནས་སུཿ མྱུར་མགྱོགས་པ་རྣམས་དགོངས་མཐུན་གཉིས་གཉིས་བསྡེབསཿ སྔ་ཕྱི་ཉི་མ་སྟེང་འོག་འགྲོ་ན་ཚན་བཞིཿ སྔ་མའི་ཞག་སར་ཕྱི་མས་གནས་མལ་འདུགཿ འགྲོན་ཚ་ན་གཉིས་ནི་གཅན་འཕྲང་པ་ཡིས་བཅོམཿ ཛྙཱ་ན་ཤྭ་ར་ཛྙཱ་ན་ཀུ་མཱ་ཡིསཿ ཟ་ཧོར་ས་ཆོད་མཁན་པོའི་དྲུང་དུ་སླེབསཿ བཀའ་འཕྲིན་གསེར་ཕྱེ་ཕྱག་ཏུ་ཕུལ་བ་ཡིསཿ མཁན་


PKT001_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༣༣ན༽པོས་དགྱེས་པའི་ཞལ་མདངས་དཀར་བསྟན་ནསཿ མྱུར་མགྱོགས་པ་དང་བསྡོངས་ནས་བོད་དུ་བྱོནཿ བོད་དུ་ཕེབས་ནས་གསང་ཕུར་རྫི་དང་མཇལཿ ཟ་ཧོར་མཁན་པོས་རྗེ་ལ་ཕྱག་བཙལ་ནསཿ རང་དོན་འགལ་མེད་ཆེན་པོའི་རྣམ་ཐར་ནིཿ ཁུར་ལ་མི་རྩེག་ས་ཡིས་འཇིག་རྟེན་འདེགསཿ ཉི་མ་རླབས་ཆེན་རྟ་ཞོན་རྒྱུ་བར་བྱེདཿ གླང་ཆེན་རྒྱབ་ཁལ་རབ་ཏུ་བརྟན་པར་འཁུརཿ ཞེས་གསུངས་རྒྱལ་པོའི་ཕྱག་ལ་འཇུས་པ་ཡིསཿ ཡོན་མཆོད་ཐུགས་དགོངས་ཤིན་ཏུ་འདྲེས་པར་གྱུརཿ མཁན་པོས་བསྙེན་གནས་སྡོམ་པའི་ཆོ་ག་མཛདཿ དེ་ནས་བྲག་དམར་མགྲིན་བཟང་ཕྱགས་ཕེབས་ནསཿ ཇོ་མོ་གཉིས་ལ་བསྙེན་གནས་ཆོ་ག་མཛདཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བོད་ཀྱི་རྒྱལ་པོས་མཁན་པོ་བོ་དྷི་ས་ཏྭ་གདན་དྲངས་པའི་ལེའུ་སྟེ་ང་བདུན་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

མཁན་པོ་བོ་དྷི་སཏྭས་ལུང་བསྟན་པའི་ལེའུ།


PKT001_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མེ་མོ་གླང་ལོའི་ཉི་ཤུ་ལཿ བསམ་ཡས་གླིང་བཞི་གླིང་ཕྲན་བཅུ་གཉིས་དང་ཿ ཡཀྵ་ལྟག་འོག་ཉི་ཟླ་གཉིས་ཀྱི་ཚུལཿ ས་རིས་བཅད་ནས་མཁན་པོས་ས་བཏུལ་ནསཿ རྒྱལ་པོའི་སྐུ་ལ་དར་དཀར་ན་བཟའ་གསོལཿ ཕྱག་ཏུ་གསེར་གྱི་འཇོར་ལ་སྨན་སྣ་བྱུགསཿ ས་ལ་ཁྲུ་གང་བརྐོས་པའི་འོག་ནས་ནིཿ ས་ཞག་དཀར་སེར་དམར་གསུམ་བྱུང་བ་ཡིསཿ རྒྱལ་པོས་ཞལ་དུ་གསོལ་


PKT001_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༣༣བ༽ཞིང་དབུ་ལ་ཕྱུགསཿ མཁན་པོའི་ཞལ་ནས་རྗེ་ཡི་བསམ་པ་འགྲུབཿ བསྟན་པ་རབ་ཏུ་དར་བར་གྱུར་ཅིག་གསུང་ཿ དེ་ནས་རྩིག་པའི་རྨིང་བཙུག་བརྩིགས་པ་ལསཿ ཨཱརྻ་པ་ལོའི་སེ་ཕུང་ཞིག་ཡོད་ཀླུསཿ སེ་ཕུང་གཅོད་པར་ཤེས་ནས་མ་བཟོད་པརཿ ལྷ་འདྲེ་ཐམས་ཅད་ར་མདར་ལྷོགས་ནས་ནིཿ དགེ་བསྙེན་གསུམ་དང་གནོད་སྦྱིན་མི་མ་ཡིནཿ བོད་ཀྱི་ལྷ་འདྲེས་གཙོས་བྱས་ཐམས་ཅད་ཀྱིསཿ ཉིན་བརྩིགས་མཚན་བཤིག་ས་རྡོ་རང་གནས་བསྐྱལཿ དེ་ནས་མངའ་བདག་རྒྱལ་པོས་མཁན་པོ་ལཿ ད་ལྟ་མ་འོངས་སེམས་ཅན་སྐྱབས་གནས་སུཿ གཙུག་ལག་ཁང་འདི་ལེགས་པར་བཞེང་འདོད་པསཿ བདག་སྒྲིབ་ཆེའམ་མཁན་པོས་བྱིན་མ་རློབསཿ བསམ་པ་མི་འགྲུབ་འདྲའོ་ཞུས་པ་ཡིསཿ བདག་ནི་བྱང་ཆུབ་སེམས་བློ་འབྱོངས་བར་སྦྱངསཿ ཞི་བས་མི་ཐུལ་དྲག་པོས་འདུལ་དགོས་འདུགཿ ད་ལྟ་རྒྱ་གར་རྡོ་རྗེ་གདན་དྲུང་ནཿ ཨུ་རྒྱན་མཁན་པོ་པདྨ་འབྱུང་གནས་བཞུགསཿ རིག་པའི་གནས་ལྔ་ལ་ནི་མཁས་ཆེན་པོཿ དོན་གྱི་རྩལ་འབྱོངས་མཆོག་ཐུན་དངོས་གྲུབ་བརྙེསཿ བདུད་བཅོམ་སྡེ་བརྒྱད་བྲན་དུ་ཁོལ་བ་ཡིསཿ ལྷ་འདྲེ་འདར་ཞིང་འབྱུང་པོའི་ཚོགས་རྣམས་དུདཿ དུས་གསུམ་སངས་རྒྱས་མཆོག་དེ་སྤྱན་དྲངས་ནཿ ལྷ་འདྲེས་འཁུ་མི་ནུས་ཏེ་ཐུགས་དགོངས་འགྲུབཿ ཅེས་གསུངས་རྒྱལ་པོས་སྤྱན་མི་འདྲོངས་ཞུས་པསཿ མཁན་


PKT001_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༣༤ན༽པོས་སྤྱན་འདྲོངས་སྔོན་གྱི་སྨོན་ལམ་ཡོདཿ སྤྱིར་ན་ཡང་དག་རྫོགས་པའི་སངས་རྒྱས་ཀྱིསཿ འགྲོ་བའི་དོན་མཛོད་སངས་རྒྱས་རིམ་པར་བྱོནཿ ཁྱད་པར་འཕགས་པ་སྤྱན་རས་གཟིགས་དབང་གིསཿ འགྲོ་བ་དཔག་མེད་འཁོར་བའི་མཚོ་ལས་བསྒྲལཿ ཕོ་བྲང་རི་བོ་ཏ་ལའི་རྩེ་མོར་བྱོནཿ སེམས་ཅན་གཅིག་ཀྱང་མེད་སྙམ་གཟིགས་པ་ཡིསཿ འགྲོ་བའི་མཐའ་ལ་ཐུགས་མེད་སྔ་མ་བཞིནཿ སྤྱན་རས་གཟིགས་ཀྱང་དོན་མི་འདུག་སྙམ་ནསཿ སྤྱན་གཉིས་ནས་ཀྱང་སྤྱན་ཆབ་གཉིས་བྱུང་སྟེཿ སྲིན་ལག་གཉིས་ཀྱིས་གཏོར་ནས་མ་འོངས་དུསཿ སྤྱན་ཆབ་གཉིས་ཀྱིས་འགྲོ་བའི་དོན་བྱེད་ཤོགཿ ཅེས་པའི་སྨོན་ལམ་བཏབ་པས་ལྷ་ཡུལ་དུཿ དབང་པོ་བརྒྱ་བྱིན་སྲས་མོ་གཉིས་སུ་སྐྱེསཿ ལྷ་མོ་གང་མ་གང་ཆུང་ཞེས་བྱ་ཡོདཿ གང་ཆུང་གིས་ནི་ལྷ་ཡི་མེ་ཏོག་བརྐུསཿ ལྷ་ཡི་འདུལ་ཁྲིམས་རྣམ་པར་དག་པ་ཉམསཿ མི་ཡི་གནས་སུ་ལྷུང་ནས་བལ་ཡུལ་དུཿ བྱ་རྫི་གསལ་ལེའི་བུ་མོ་བདེ་མཆོག་སྐྱེསཿ རིགས་ངན་བཞི་དང་བཤོས་པས་བུ་བཞི་བྱུང་ཿ རྟ་རྫིས་བཤོས་པའི་བུ་ནི་ཆེ་ཤོས་ཡིནཿ དེ་འོག་ཕག་རྫིས་བཤོས་པའི་བུ་གཅིག་སྐྱེསཿ དེ་འོག་ཁྱི་རྫིས་བཤོས་པའི་བུ་གཅིག་སྐྱེསཿ དེ་ནས་བྱ་རྫིས་བཤོས་པའི་བུ་གཅིག་སྐྱེསཿ བྱ་བཅོས་གླ་བསགས་བུ་ཚོ་མངའ་ཐང་ཕོགཿ གླའི་ལྷག་མཆོད་རྟེན་བྱ་རུང་ཁ་ཤོར་བཞེངསཿ དེ་ཡང་


PKT001_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༣༤བ༽བུམ་པ་ནས་ནི་བུམ་སྟེགས་ཁརཿ གོམ་པ་དགུ་དགུ་ཡོད་པ་ཞིག་ནི་བཞེངསཿ བུམ་པ་མ་ཐོགས་པར་ནི་ཚེ་དུས་བྱསཿ དམ་ཚིག་ལྷ་མོ་པྲ་མོ་ཧར་སངས་རྒྱསཿ དེ་ནས་བུ་བཞིས་འདུས་ནས་གྲོས་བྱས་པཿ བྱ་རྫི་མ་གཅིག་བུ་བཞིར་མངའ་ཐང་ཕོགཿ མཆོད་རྟེན་བཞེང་འཕྲོར་ངེད་བཞིས་མཆོད་རྟེན་ལཿ བུམ་པ་གདགས་དགོས་ཟེར་ནས་བུམ་པ་བཏགསཿ དེ་དུས་བུ་བཞིས་སྨོན་ལམ་རེ་རེ་བཏབཿ དེ་དག་རྟ་རྫི་བུ་ཡི་སྨོན་ལམ་ནིཿ མཆོད་རྟེན་འདི་ལ་བུམ་པ་བཏགས་པའི་མཐུསཿ ས་བདག་མགོ་ནག་རྒྱལ་པོར་སྐྱེ་བར་ཤོགཿ དེ་སྐད་བཏབ་པས་རྗེ་རྒྱལ་ཁྱེད་ཉིད་ཡིནཿ དེ་འོག་ཕག་རྫི་བུ་ཡི་སྨོན་ལམ་ནིཿ མཆོད་རྟེན་འདི་ལ་བུམ་པ་བཏགས་པའི་མཐུསཿ རིག་འཛིན་སྔགས་འཆང་དགོངས་རྒྱུད་དག་པ་ཡིསཿ བརྫུས་སྐྱེས་ལྷ་འདྲེ་མི་གསུམ་འདུལ་བར་ཤོགཿ སྨོན་ལམ་མཐུ་བཙན་པདྨ་འབྱུང་གནས་ཡིནཿ དེ་འོག་བྱི་རྫིའི་བུ་ཡི་སྨོན་ལམ་ནིཿ མཆོད་རྟེན་འདི་ལ་བུམ་པ་བཏགས་པའི་མཐུསཿ བསྟན་པའི་གཞི་མ་དགེ་འདུན་མཆོག་ཏུ་ཤོགཿ དགེ་སློང་བོ་དྷི་ས་ཏྭ་ང་ཉིད་ཡིནཿ བྱ་རྫི་བུ་ཡི་སྨོན་ལམ་བཏབ་པ་ནིཿ ཕུ་བོས་སངས་རྒྱས་བསྟན་པ་འཛིན་པར་འདུགཿ དེ་འོག་སངས་རྒྱས་བསྟན་པ་བསྲུང་བར་འདུགཿ དེ་འོག་སངས་རྒྱས་བསྟན་པ་སྐྱོང་བར་འདུགཿ ང་ཡིས་འཕྲིན་བློན་པ་རུ་སྨོན་ལམ་འདེབསཿ མཆོད་རྟེན་འདི་ལ་བུམ་པ་བཏགས་


PKT001_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༣༥ན༽པའི་མཐུསཿ སྤུན་ཟླ་རྣམས་ཀྱི་འཕྲིན་བློན་བྱེད་པར་ཤོགཿ ད་ལྟ་ཡར་ཀླུངས་སྦ་མི་ཁྲི་གཞེར་ཡིནཿ སྨོན་ལམ་འབྲེལ་པ་ཡོད་པས་སྤྱན་འདྲོངས་གསུང་ཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ མཁན་པོ་བོ་དྷི་སཏྭས་ལུང་བསྟན་པའི་ལེའུ་སྟེ་ང་བརྒྱད་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

རྒྱལ་པོའི་བསྐྱར་ཤོག་པ་དང་མཇལ་བའི་ལེའུ།


PKT001_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སིངྷ་རཱ་ཛས་རྒྱ་གར་འཁོརཿ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྙན་གསོལ་པཿ རྒྱ་གར་ཡུལ་ན་པཎྜི་ཏ་ཡི་ཚོགསཿ ནམ་མཁའི་སྐར་ཚོགས་ཙམ་ལ་ཚོད་མ་ཐེབསཿ དེ་དག་ནང་ནས་མཆོག་ཏུ་གྱུར་པ་ནིཿ གུ་རུ་པདྨ་འབྱུང་གནས་ཞེས་བྱ་བཿ གཡའ་རི་གོང་གི་བུག་ལ་བཞུགས་ནས་མཆིསཿ མངལ་སྐྱེས་མ་ཡིན་བརྫུས་སྐྱེས་སྤྲུལ་སྐུར་གྲགསཿ དེ་སྐད་གསོལ་པས་རྒྱལ་པོ་ཤིན་ཏུ་དགྱེསཿ དེ་ནས་རྒྱལ་པོས་མྱུར་མགྱོགས་ཁ་གསུམ་བཏང་ཿ སྦ་མི་ཁྲི་གཞེར་རྡོ་རྗེ་བདུད་འཇོམས་དང་ཿ མཆིམས་ཀྱི་ཕྲུག་གུ་ཤཱཀྱ་པྲ་བྷ་དང་ཿ ཤུད་བུ་དཔལ་གྱི་སེང་གེ་བཞི་ལ་ནིཿ གསེར་ཕྱེ་བྲེ་རེ་གསེར་གྱི་པ་ཏྲ་རེཿ རྒྱ་གར་རྡོ་རྗེ་གདན་དུ་བརྫངས་པར་གྱུརཿ ལོ་ཙཱ་བཞི་པོས་རྒྱ་གར་ཡུལ་དུ་བགྲོདཿ གསེར་ཕྱེ་བྲེ་གང་རྒྱལ་པོ་ཉི་མར་ཕུལཿ གསེར་གྱི་པ་ཏྲ་བཀའ་འཕྲིན་ཕྱག་ཏུ་སྤྲདཿ བྲེ་གང་བླ་མཆོད་པཎྜི་ཏ་ལ་ཕུལཿ བྲེ་གང་པ་ཏྲ་ཨོ་རྒྱན་པདྨར་ཕུལཿ སློབ་དཔོན་ཆེན་པོས་རྒྱལ་པོ་ཡོན་


PKT001_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༣༥བ༽མཆོད་དགོངསཿ བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཉིདཿ བསྟན་པའི་གཞི་མ་ཐུགས་དམ་གཙུག་ལག་ཁང་ཿ བཞེང་པར་འཚལ་བས་ལྷ་འདྲེ་རྣམས་ཀྱིས་བཀགཿ ས་གཞི་བྱིན་རླབས་རབ་གནས་བྱ་ཕྱིར་དང་ཿ སངས་རྒྱས་བསྟན་པ་འཛིན་སྐྱོང་བསྲུང་བའི་ཕྱིརཿ སྤྱན་འདྲེན་མཆིས་པས་ཐུགས་རྗེས་བཟུང་བར་ཞུཿ ཞེས་གསོལ་ཨུ་རྒྱན་ཆེན་པོས་བཀའ་གནང་ནསཿ ས་ཕོ་རྟ་ལོ་དགུན་ཟླ་འབྲིང་པོ་ཡིཿ བཅོ་ལྔ་སྐར་མ་སྨིན་དྲུག་བཤུལ་ལམ་ཞུགསཿ གནམ་སྟོང་ཉིན་པར་བལ་ཡུལ་གདན་ཕེབས་ཏེཿ ཨུ་རྒྱན་མཁན་པོ་པདྨའི་ཞལ་ནས་ནིཿ བོད་ཀྱི་ལྷ་འདྲེ་གཟིངས་པ་ལངས་འདུག་པསཿ ང་ཡིས་འདུལ་ཞིང་ཕྱི་ན་མར་ལ་འོང་ཿ མངལ་སྐྱེས་ལུས་ཀྱིས་ལྷ་འདྲེའི་ཟེར་མི་ཐུབཿ ལོ་ཙཱ་བ་རྣམས་སྔོན་ལ་སོང་ཞིག་གསུང་ཿ བྱིན་རླབས་བསྲུང་བ་བཏགས་ནས་སྔོན་ལ་བཏང་ཿ ཨུ་རྒྱན་ཆེན་པོས་བལ་ཡུལ་ཟླ་གསུམ་བཞུགསཿ བལ་པོ་བ་སུ་དྷ་ར་ལ་སོགས་པཿ བལ་པོའི་འགྲོ་དོན་རྒྱ་ཆེན་མཛད་ནས་ནིཿ ཨེ་ཡི་གཙུག་ལག་ཁང་དུ་གཏེར་ཀ་སྦསཿ ཨ་སུ་ར་དང་ཡང་ལེ་ཤོད་ལ་སོགསཿ བལ་ཡུལ་ཤིང་ཀུན་ལ་སོགས་གཙུག་ལག་ཁང་ཿ ས་བཙན་བྲག་ལ་གཏེར་ཀ་སྟོང་རྩ་སྦསཿ དེ་ནས་དབྱར་ཟླ་ར་བའི་ཚེས་གཅིག་ལཿ བཤུལ་ལམ་ཞུགས་ནས་འབྱོན་པར་བཞེད་པའི་ཚེཿ རྒྱ་བལ་ཤིང་སྐྱེས་རྩི་མོ་བོད་དུ་བསྟནཿ མེ་ཏོག་ཐམས་ཅད་བོད་བལྟས་ཁ་བྱེར་


PKT001_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༣༦ན༽གྱུརཿ རྒྱ་དང་བལ་པོའི་པཎ་ཆེན་རྨི་ལྟས་ལོགཿ ཉི་ཟླ་དུས་གཅིག་བོད་དུ་ཤར་བ་དང་ཿ རྒྱ་ཆོས་མ་ལུས་བོད་དུ་སོང་བ་ལསཿ མཐའ་འཁོབ་གཙུག་ལག་ཁང་གིས་ཁེངས་པ་རྨིསཿ དེ་ཚེ་མཁའ་འགྲོ་སྡེ་བཞི་སེར་སྣ་ཤོརཿ གུ་རུ་བོད་དུ་བཞུད་པ་འདི་སྐད་བཤོལཿ རྡོ་རྗེ་སློབ་དཔོན་དགོངས་མཛོད་དང་ཿ རྩི་ཤིང་རྩེ་མོའི་སྟོན་ལུགས་སམཿ མེ་ཏོག་ཁ་ཡི་ལྷ་ཕྱོགས་སམཿ པཎ་ཆེན་རྨི་ལམ་ངན་ལུགས་སམཿ དཀྱིལ་འཁོར་མདངས་ཡལ་སྐྱེན་ལུགས་ཀྱིསཿ སློབ་དཔོན་བོད་དུ་བཞུད་བཞུད་འདྲཿ ནམ་མཁའ་གཡོ་འགུལ་མེད་ལགས་ཏེཿ འབྱུང་བཞི་མཐའ་རྒྱས་ལྷུན་གྱིས་གྲུབཿ སློབ་དཔོན་གཤེགས་བཞུགས་མ་མཛད་ཀྱང་ཿ འགྲོ་དོན་མཐའ་རྒྱས་ལྷུན་གྱིས་འགྲུབཿ སློབ་དཔོན་མི་གཤེགས་བཞུགས་པར་ཞུཿ ཞེས་གསོལ་སློབ་དཔོན་ལན་བཏབ་པཿ མཁའ་འགྲོ་དམ་ཅན་ཚུར་གསོན་དང་ཿ ནམ་ཟླས་བསྐུལ་བས་རྩི་ཏོག་འབོཿ གདུལ་བྱས་བསྐུལ་བས་ཐུགས་རྗེ་སྐྱེཿ ལས་ཆོས་མཐོང་ནས་སྡོད་མི་ཁོམཿ ཁྱུང་གཤོག་རྒྱས་པ་མཁའ་ལ་འཕྱོཿ རང་དོན་ཕུན་ཚོགས་སྔོན་ལ་སོང་ཿ ཕྱོགས་མེད་གཞན་དོན་དུས་ལ་བབཿ མ་སྲིད་མཁའ་འགྲོ་གྲོགས་ལ་ཆོསཿ དེ་སྐད་གསུངས་ནས་མང་ཡུལ་བྱོན་པ་ལསཿ བལ་མོ་ཤཱཀྱ་དེ་བར་ལུང་བསྟན་ཏེཿ དེ་ནས་མི་རབས་ཉིས་བརྒྱ་ལྷག་


PKT001_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༣༦བ༽སོང་ནཿ མངའ་རིས་སྐོར་གསུམ་པུ་རངས་མང་ཡུལ་དུཿ གདུང་བརྒྱུད་རྒྱལ་པོ་མགོན་གསུམ་ཞེས་བྱ་འབྱུང་ཿ ཁ་ཆེར་འཕགས་པ་མཆེད་གསུམ་སྟོད་ཧོར་གྲགསཿ བལ་ཡུལ་ཨེ་ཡི་གཙུག་ལག་ཁང་ནང་ནསཿ ཨུ་རྒྱན་སྦས་པའི་དམ་པའི་ཆོས་གཏེར་རྡོལཿ གྲོང་ཁྱེར་སླད་ལར་གཙུག་ལག་དཔལ་དགེ་འབྱུང་ཿ ཆོས་ཕྱོགས་དབུལ་ཕོངས་ལུས་སྲོག་མི་ལྟ་ནཿ སངས་རྒྱས་བསྟན་པའི་སྲོག་ཤིང་ཀ་བ་ཚུགསཿ ཞེས་གསུངས་བལ་མོ་ཤཱཀྱ་དེ་བ་ཡིསཿ ཆོས་ཕྱོགས་གཙོར་སྟོན་འཇིག་རྟེན་བྱ་བ་བཏང་ཿ ཨུ་རྒྱན་ཆེན་པོའི་ཐུགས་ཀྱི་མངོན་མཁྱེན་ལཿ ལས་འཕྲོའི་དབང་གིས་གདུལ་བྱ་ངུས་བབ་སྙམཿ བལ་ཡུལ་ཉི་མ་ཁུད་ཀྱི་མཚོ་ཁར་བྱོནཿ རྒྱལ་པོས་བསྐྱར་ཤོག་མི་བདུན་བཏང་དང་ཕྲདཿ ནམ་མཁའི་སྙིང་པོས་གཙོ་བྱས་གཡོག་པོ་བདུནཿ དེ་བས་མང་རྗེ་གསལ་སྣང་སེང་གོང་ལྷ་ལུང་ཿ དེབས་མི་ཀྲ་གཟིངས་ཅོག་རོ་དཔལ་གཟུངས་མགོནཿ སྣ་ནམ་བདུད་འདུལ་ཤ་མི་པུ་ཏྲ་ཤྲིཿ བློན་པོ་སྟག་སྣ་གདོ་ཟིགས་དང་བཅས་རྣམསཿ མང་ཡུལ་ཁ་གནོན་གཏོང་བ་ཙུག་བྱས་ནསཿ ཡོངས་སུ་ཚོལ་བ་ཁོ་ན་ཉིད་ལ་དགོངསཿ ཆོས་ཀྱིས་ཀུན་དགའ་འཕེལ་བའི་དགའ་སྟོན་ཆརཿ བཀྲ་ཤིས་བཟང་ལྡན་ཡིད་ལེ་རེ་བ་སྦྱོརཿ དེ་ཡིས་སྐྱེ་བ་དམ་ཆོས་སྤྱོད་ལ་དདཿ ཅེས་པའི་དྲིལ་ཡིག་གསེར་ཕྱེ་བསྐུར་ནས་ཕྱིནཿ རྒྱ་གར་ཕ་རོལ་བལ་


PKT001_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༣༧ན༽པོའི་ཚུར་རོལ་ཏུཿ ཨུ་རྒྱན་ཆེན་པོ་པད་འབྱུང་ཉིད་དང་མཇལཿ རྒྱལ་པོའི་དྲིལ་ཡིག་སྐྱེས་ནི་ཕྱག་ཏུ་ཕུལཿ བར་མི་བདུན་པོ་བསམ་ཡས་སྔ་འགྲོས་བཏང་ཿ ཨུ་རྒྱན་ཆེན་པོས་ནམ་མཁའ་ལ་བྱོན་ནསཿ མང་ཡུལ་གུང་ཐང་ཟླ་བ་གསུམ་དུ་བཞུགསཿ ཕུག་མདའི་ནང་དུ་ཡིད་བཞིན་གཏེར་ཅིག་སྦསཿ བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིསཿ སྐ་བ་དཔལ་རྩེགས་རྡོ་རྗེ་བདུད་འཇོམས་དང་ཿ ཅོག་རོ་ཀླུ་ཡི་རྒྱལ་མཚན་གསེར་བསྐུར་ནསཿ ལམ་ལ་ཉིན་བཤད་མཚན་དུབ་པར་བརྫངསཿ སློབ་དཔོན་སྲུང་མ་རྣམས་ཀྱིས་ཐུགས་དམ་བསྐུལཿ བང་ཆེན་མི་གསུམ་ཐང་ཆད་ཉོན་མོངས་པསཿ མང་ཡུལ་གུང་ཐང་ཙམ་དུ་གཤེགས་པར་ཞུསཿ མཇལ་ནས་མཁྱེན་བཞིན་ཁྱེད་རྣམས་སུ་ཡིན་དྲིསཿ ངེད་རྣམས་བོད་ཀྱི་སློབ་དཔོན་གདན་འདྲེན་ཡིནཿ ཅེས་སྨྲས་ཕྱག་བྱས་གསེར་ཕྱེ་བྲེ་གང་ཕུལཿ པྲེ་ཏ་པུ་རིའི་རྒྱལ་པོའི་སྐུ་ཡོན་ནམཿ ཞེས་གསུངས་མང་ཡུལ་བལ་ཡུལ་ཕྱོགས་ལ་གཏོརཿ ཕངས་སེམས་སྐྱེས་པས་སློབ་དཔོན་ཞལ་ནས་ནིཿ ཐུ་བ་བཟེད་གསུང་ས་དང་གསེག་མ་བླུགསཿ སོ་སོར་ཕྱིན་ནས་ཁ་ཕྱེ་བལྟས་པ་ཡིསཿ གསེར་དངུལ་གཡུ་དང་རིན་པོ་ཆེ་རྣམས་འདུགཿ ཡིད་ཆེས་སྐྱེས་ནས་སྐུ་ལ་མོས་པ་ཐོབཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་


PKT001_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༣༧བ༽པ་ལསཿ རྒྱལ་པོའི་བསྐྱར་ཤོག་པ་དང་མཇལ་བའི་ལེའུ་སྟེ་ང་དགུ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་བཏུལ་ཞིང་དམ་ལ་བཏགས་པའི་ལེའུ།


PKT001_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མང་ཡུལ་སྟོན་ལ་མཁར་དུ་བྱོནཿ ཞང་ཞུང་དགྲ་བླ་ཛ་མུན་ཞེས་བྱ་བསཿ སློབ་དཔོན་རི་བྲག་གཉིས་ཀྱི་བར་དུ་བཅརཿ བར་སྣང་བྱོན་པས་མོ་སྐྱེངས་སྲོག་སྙིང་ཕུལཿ གསང་མཚན་རྡོ་རྗེ་གཡུ་བུན་མ་རུ་བཏགསཿ གཏེར་ཀ་ཆེན་པོ་ཞིག་གི་གཉེར་ཀ་གཏདཿ དེ་ནས་གནམ་ཐང་མཁར་ནག་ལ་ཀར་བྱོནཿ གངས་དཀར་གནམ་སྨན་དཀར་མོས་ཐོག་ཕབ་སྟེཿ སློབ་དཔོན་ཕྱག་མཛུབ་ལ་དཀྲིས་མཚོར་དོར་བསཿ མོ་བྲེད་དཔལ་མོ་དཔལ་ཐང་མཚོ་ནང་བྲོསཿ མཚོ་བསྐོལ་ཤ་རུས་བྱེ་སྟེ་བྲལ་བ་ལསཿ སློབ་དཔོན་རྡོ་རྗེ་བརྒྱབ་པས་མིག་གཡས་བཅརཿ མཚོ་ཁར་ཡེར་བྱུང་ཞུ་བ་གསོལ་བ་ནིཿ སྟོན་པའི་ཞལ་སྐྱིན་རྡོ་རྗེ་ཐོད་འཕྲེང་རྩལཿ བར་ཆད་མི་བགྱིད་ཐུགས་དམ་དགོངས་པ་གློདཿ ཅི་བགྱིའི་བཀའ་ཉན་སློབ་དཔོན་འབངས་སུ་མཆིཿ ཞེས་ཟེར་སྲོག་སྙིང་ཕུལ་ནས་དམ་ལ་བཏགསཿ གསང་མཚན་ཤ་མེད་རྡོ་རྗེ་གཡུའི་སྒྲོན་མཿ གཏེར་ཀ་ཆེན་པོ་ཞིག་གི་གཉེར་བྱེད་གཏདཿ དེ་ནས་འོ་ཡུག་ཟེ་མོ་ལ་ཀར་བྱོནཿ བརྟན་མ་བཅུ་གཉིས་ཐོག་སྨད་བཅུ་གཉིས་ཕབཿ རི་ཡི་བར་དུ་བཙིར་བར་བྱས་པ་ལཿ སོལ་དུམ་རེར་གྱུར་སྟོབས་ཟད་བྱིན་གྱིས་བརླབསཿ བརྟན་མ་བཅུ་གཉིས་སྐྱོང་མ་བཅུ་གཉིས་དང་ཿ ཡ་མ་བཅུ་


PKT001_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༣༨ན༽གཉིས་སྲོག་གི་སྙིང་པོ་ཕུལཿ དམ་ལ་བཏགས་ནས་གཏེར་རེའི་གཉེར་ཀ་གཏདཿ དེ་ནས་འོ་ཡུག་བྱེའུ་ཚང་རྫོང་དཀར་སླེབཿ དགེ་བསྙེན་ཆེན་པོ་རྡོ་རྗེ་ལགས་པ་སྐྱོང་ཿ མཆེད་ནི་སུམ་བརྒྱ་དྲུག་ཅུས་བསུ་བ་བྱུང་ཿ དམ་ལ་བཏགས་ནས་གཏེར་གྱི་གཉེར་ཀ་གཏདཿ དེ་ནས་ཤོམ་པོ་ལུང་དུ་བྱོན་ཙ་ནཿ ཤམ་པོས་གཡག་དཀར་རི་ལོགས་ཙམ་ཞིག་སྤྲུལཿ ཁ་རླངས་སྣ་རླངས་ཁ་བ་བུ་ཡུག་འཚུབསཿ སློབ་དཔོན་ལྕགས་ཀྱུའི་ཕྱག་རྒྱས་སྣ་ནས་བཟུང་ཿ ཞགས་པས་བཅིང་ས་ནས་ལྕགས་སྒྲོག་དམ་པར་བཅུགཿ དྲིལ་བུའི་ཕྱག་རྒྱས་ལུས་སེམས་བཙོགས་པ་ཡིསཿ སྲོག་སྙིང་ཕུལ་ནས་དམ་བཏགས་གཉེར་ཀ་གཏདཿ དེ་ནས་སྐུ་གཉན་ཐང་ལྷས་ཉམས་སད་ཕྱིརཿ མགོ་བོ་གྲུ་གུའི་ཡུལ་དུ་སླེབ་པ་ལཿ གཞུག་མ་ཁམས་ཀྱི་སོག་ཆུ་གཡེར་ཐང་བརྐྱངསཿ སྦྲུལ་དཀར་ཞིག་གིས་ལམ་འཕྲང་བཅད་པ་ལཿ སློབ་དཔོན་སྦྲུལ་གྱི་རྐེད་པར་ཕྱག་མཁར་བཙུགསཿ ཀླུ་ཡི་རྒྱལ་པོ་ནི་ཐོད་དཀར་ཁྱོདཿ དྲི་ཟེའི་རྒྱལ་པོ་ཟུར་ཕུད་ལྔ་པ་ཞེསཿ ཁྱོད་རང་ཕར་སོང་ཚོགས་འཁོར་ཤོམས་དང་གསུངསཿ ཐང་ལྷས་གངས་ལ་བྲོས་པས་གངས་ཞུ་ནསཿ རྩེ་མོ་ནག་ཟང་གཡའ་སྔོན་ཉིལ་གྱིས་བྱུང་ཿ མ་བཟོད་ཞལ་ཟས་སྣ་ཚོགས་ཚོགས་འཁོར་དྲངསཿ བྱིས་པ་གཡུ་ཡི་ཟུར་ཕུད་ཅན་དུ་གྱུརཿ


PKT001_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༣༨བ༽དར་དཀར་རལ་གུ་ཞིག་གྱོན་ཕྱག་བསྐོར་བྱསཿ སྲོག་སྙིང་ཕུལ་ནས་དམ་བཏགས་གཏེར་བརྒྱ་གཏདཿ གསང་མཚན་རྡོ་རྗེ་མཆོག་རབ་རྩལ་དུ་གསོལཿ དེ་ནས་བྱང་ཐང་འཕན་ཡུལ་ལུང་པར་བྱོནཿ བྱང་གི་ཏིང་ཏིང་ཏིང་ལོ་སྨན་གདོང་གིསཿ བྱང་ཕུགས་རྣམས་ཀྱི་ལྷགས་པ་དུས་གཅིག་བསྡུསཿ སློབ་དཔོན་འཁོར་དང་བཅས་ལ་བརྒྱབ་པ་ཡིསཿ འཁོར་རྣམས་སྒྲིབས་ཤིང་སློབ་དཔོན་བསིར་ལ་ཁདཿ མ་རླུང་མནན་པས་མར་ལ་ཉི་སོད་བཞིནཿ ཏིང་ལོ་སྨན་གཅིག་གཞུ་ནས་དམ་ལ་བཏགསཿ སྲོག་སྙིང་ཕུལ་ནས་གཏེར་གྱི་གཉེར་བྱང་གཏདཿ དེ་ནས་གནམ་གྱི་ཤུག་སྡོང་གླང་སྒྲེམ་དུཿ བླ་མེད་དོན་རྫོགས་ཕོ་བྲང་ཞལ་ཕྱེ་ནསཿ སྒྲུབ་པ་ཞག་བདུན་ཕྱི་མའི་ནམ་དགུང་ལཿ ཐུགས་སྡངས་ཡིད་ཀྱིས་བྱུང་ནས་གཟིགས་ཙ་ནཿ བདུད་ཀྱི་དམག་དཔོན་རུ་དར་རེ་རེ་ཕྱརཿ སློབ་དཔོན་ཐུགས་སྡངས་གྱུར་པ་བཟོད་པར་གསོལཿ སྲོང་སྙིང་ཕུལ་ནས་དམ་བཏགས་གཏེར་ཀ་གཏདཿ དེ་ནས་ཁམས་ཀྱི་གླ་བ་རྐང་གཅིག་བྱོནཿ ཐེའུ་རང་མ་ལུས་ཐམས་ཅད་དམ་ལ་བཏགསཿ དེ་ནས་ཁམས་ཀྱི་སེང་གེ་བྲག་ཏུ་བཞུགསཿ མ་སངས་གཡའ་སྤང་སྐྱེས་གཅིག་བྱ་བ་ནིཿ རྒོད་པོ་མགོ་ལ་སྤྲེའུའི་ཞྭ་གྱོན་པཿ མགོ་བོ་སློབ་དཔོན་པང་དུ་བཞག་བྱས་ནསཿ རྐང་པ་ཁམས་ཀྱི་གཡར་མོ་ཐང་ལ་བརྐྱངསཿ ལག་གཉིས་ཏི་སེ་མ་ཕམ་མཚོ་ལ་


PKT001_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༣༩ན༽བསྐྱལཿ མི་མ་ཡིན་ནི་བྱེ་བ་ཁྲག་ཁྲིག་སྟོང་ཿ བསམ་གྱིས་མི་ཁྱབ་གང་དག་ལྷགས་པར་གྱུརཿ མཚོན་གྱི་རིགས་བྱེད་ཆར་པ་ཕབ་པ་ཡིསཿ གུ་རུས་དྲག་པོ་རིགས་ལྔར་ཁྲོས་ནས་སུཿ གཡའ་སྤང་གཙོ་བྱས་ལྷ་འདྲེ་ཐམས་ཅད་བཏུལཿ དེ་ནས་ཆུ་བོ་རི་དང་ཁ་རག་བྱོནཿ མ་མོ་བསེན་མོ་ཐམས་ཅད་དམ་ལ་བཏགསཿ དེ་ནས་གཙང་གི་གསིལ་མ་ལ་ཁར་བྱོནཿ སྨན་མོ་ལྷ་སྨན་ཐམས་ཅད་དམ་ལ་བཏགསཿ གེམ་པ་ཆུ་མིག་དགེ་བསྙེན་ཐམས་ཅད་བཏུལཿ བྱེ་མ་རབ་གར་ལྷ་སྲིན་སྡེ་བརྒྱད་བཏུལཿ རོ་ཧ་ལུང་པ་ཁྲ་མོར་མ་ཡམས་བཏུལཿ རོང་དོང་ལུང་པ་ནག་པོར་སྲིན་པོ་བཏུལཿ མལ་གྲོའི་ནང་དུ་ཀླུ་རིགས་དམ་ལ་བཏགསཿ གཡུ་འཛིན་ཕུག་མོང་ཕོ་རྒྱུད་དམ་ལ་བཏགསཿ དུང་མདོག་བྲག་དམར་དྲི་ཟ་དམ་ལ་བཏགསཿ གངས་དཀར་ཏི་སེར་རྒྱུ་སྐར་ཉེར་བརྒྱད་བཏུལཿ གླང་ཆེན་སྦས་ཕུག་གཏེར་ཀ་ཞིག་ཀྱང་སྦསཿ སྟར་སྒོའི་གངས་སུ་གཟའ་ཆེན་བརྒྱད་སོགས་བཏུལཿ གཏེར་ཀ་ཆེན་པོ་ཉི་ཤུ་རྩ་གཅིག་སྦསཿ བུ་ལེ་གངས་སུ་ལྷ་འདྲེས་ཚོགས་འཁོར་བཤམསཿ འཇིག་རྟེན་ཁམས་ཀྱི་ཟས་ནོར་ཐམས་ཅད་ཕུལཿ བུ་ལེ་གངས་དང་སྟར་སྒོའི་གངས་མཚོར་སྦསཿ གློ་བོར་ལྔ་ནམ་སྤུན་དགུ་དམ་ལ་བཏགསཿ ཕོ་མ་གངས་ཇོས་གདན་དྲངས་དམ་ལ་བཏགསཿ གང་བ་བཟང་པོས་གདན་


PKT001_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༣༩བ༽དྲངས་དམ་ལ་བཏགསཿ རྩེ་ལྷ་གངས་སུ་གདན་དྲངས་དམ་ལ་བཏགསཿ མཁའ་རི་ཅན་གྱིས་གདན་དྲངས་དམ་ལ་བཏགསཿ དེ་དག་ཀུན་ལ་གཏེར་ཀ་རེ་རེ་གཏདཿ དེ་ནས་མངའ་བདག་རྒྱལ་པོའི་བསྐྱལ་ཤོག་བྱུང་ཿ སྟོད་ཀླུང་གྲམ་བུ་ཚེལ་དུ་འཛོམ་དུས་བཏབཿ རྒྱལ་པོ་ང་ཆེ་ང་བཙན་ང་རྒྱལ་ཞིང་ཿ ཕོ་ཉ་མང་བཏང་རྒྱལ་པོ་ཉིད་མ་བྱོནཿ ཁ་ལ་བྲག་རིར་དགུན་ཞིག་དང་ཡོལ་བཞུགསཿ བཙན་རྣམས་དམ་ལ་བཏགས་ཤིང་གཏེར་ཀ་གཏདཿ དེ་ནས་ཟུལ་ཕུག་རྐྱང་བུ་ཚལ་དུ་བཞུགསཿ བདུད་གཟའ་དམ་སྲི་བཏུལ་ནས་གཏེར་ཀ་གཏདཿ དེ་ནས་གཡའ་རི་གོང་དུ་དཔྱིད་ཅིག་བཞུགསཿ ཇ་རོང་འགོད་པོ་སོ་ཤ་དམ་སྲི་བཏུལཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་བཏུལ་ཞིང་དམ་ལ་བཏགས་པའི་ལེའུ་སྟེ་དྲུག་ཅུ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

བོད་ཀྱི་རྒྱལ་པོ་དང་མཇལ་ཕྲད་མཛད་ཅིང་ཕྱག་ལ་མ་འཆམ་པའི་ལེའུ།


PKT001_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལྷ་སར་མཉེས་མཛད་སྟོད་ཀླུང་བྱོནཿ རྒྱལ་པོས་ལོ་ཧི་ཏ་འགྲམ་ཐབ་བཏེག་ནསཿ ལྷ་བཟང་ཀླུ་དཔལ་རྒྱལ་པོའི་ཚབ་མར་བཏང་ཿ ལྕགས་ཅན་རྟ་ཞོན་ལྔ་བརྒྱ་དག་གིས་བསྐོརཿ སྟོད་ཀླུང་གཞོང་པ་མདའ་རུ་མཇལ་ཙ་ནཿ དྲོ་བར་འདེབས་པའི་ཇ་ཆུ་མ་རྙེད་ནསཿ ཨུ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱིསཿ སྟོད་ཀླུང་དོང་པའི་གདོང་ལ་ཕྱག་མཁར་བཙུགསཿ ལྷ་བཟང་ཆུ་བྱུང་གཞོང་པ་བཟེད་ཅིག་གསུངསཿ


PKT001_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༤༠ན༽མིང་ཡང་གཞོང་པའི་ལྷ་ཆུ་ཞེས་སུ་ཐོགསཿ དེ་ནས་ཟུང་མཁར་ལོ་ཧི་ཏ་འགྲམ་ཚལཿ མངའ་བདག་རྒྱལ་པོ་ཉིད་དང་མཇལ་ཕྲད་མཛདཿ བོད་ཀྱི་རྒྱལ་པོ་ཕོ་སྐྱེས་ཡོངས་ཀྱིས་བསྐོརཿ ཕུག་རན་ཁྱུ་བཞིན་དཀར་ཁྲིགས་ཅེམ་ཅེམ་བྱུང་ཿ བཙུན་མོ་གཉིས་ལ་མོ་སྐྱེས་ཡོངས་ཀྱིས་བསྐོརཿ ཟ་འོག་གུར་བཞིན་ཁྲ་ཤིགས་ཅེམ་ཅེམ་བྱུང་ཿ རྔ་ཤོན་གླུ་ཤོན་འབག་ཤོན་སེང་ཤོན་བསུཿ ཨུ་རྒྱན་ཆེན་པོ་པདྨའི་ཐུགས་དགོངས་ལཿ ང་ནི་མངལ་སྐྱེས་མ་ཡིན་བརྫུན་སྐྱེས་ཡིནཿ རྒྱལ་པོ་མངལ་སྐྱེས་སྐྱེ་བས་ང་ཉིད་ཆེཿ ཨུ་རྒྱན་ཆོས་ཀྱི་རྒྱལ་པོའི་རྒྱལ་སྲིད་བཟུང་ཿ བོད་ཡུལ་སྡིག་པའི་རྒྱལ་པོ་ཚེ་རིགས་ཆེཿ ངེད་གཉིས་ངོ་གང་ཁོང་ནི་རྨོངས་པ་ཡིནཿ ང་ནི་རིགས་པའི་གནས་ལྔ་ཀུན་ལ་མཁསཿ ཚེ་གཅིག་སངས་རྒྱས་སྐྱེ་ཤི་གཉིས་མི་མངའཿ ཁོང་ལ་དགོངས་པ་བྱུང་ནས་སྤྱན་དྲངས་ཡིནཿ སྔོན་ལ་རྒྱལ་པོས་ང་ལ་ཕྱག་འཚལ་ཡོང་ཿ ཕྱག་ལེན་འདེབས་སམ་མི་འདེབས་སྙམ་དུ་དགོངསཿ བཏབ་ན་སངས་རྒྱས་བསྟན་པའི་ཆེ་བ་འཚོརཿ མ་བཏབ་རྒྱལ་པོ་ཡིན་པས་མི་དགའ་ཡོང་ཿ རྒྱལ་པོ་ཆེ་ཡང་ངའི་ཕྱག་མི་ཐུབ་སྙམཿ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཐུགས་དགོངས་ལཿ ང་ནི་བོད་ཀྱི་མགོ་ནག་ཡོངས་ཀྱི་རྗེཿ མཁན་པོ་བོ་དྷི་ས་ཏྭས་སྔོན་ཕྱག་འཚལཿ དེ་བཞིན་སློབ་དཔོན་ང་ལ་ཕྱག་འཚལ་སྙམཿ ཕྱག་ལམ་འཆམ་


PKT001_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༤༠བ༽ཚོམ་མེ་ཚོམ་མེར་ལུསཿ སློབ་དཔོན་ང་ཆེ་ང་བཙན་མགུར་འདི་གསུངསཿ དུས་གསུམ་སངས་རྒྱས་མངལ་སྒོ་འགྲིམཿ གྲངས་མེད་གསུམ་དུ་ཚོགས་གཉིས་བསགསཿ ང་སངས་རྒྱས་པདྨ་འབྱུང་གནས་ཡིནཿ ཆོས་ལྟ་བ་ཡས་འབིབས་ཀྱི་གདམས་ངག་བདོགཿ སྡེ་སྣོད་རྒྱུད་སྡེའི་ལུང་ལ་སྦྱངསཿ ཐེག་ཀུན་མ་འདྲེས་ཡོངས་རྫོགས་འཆདཿ ང་དམ་ཆོས་པདྨ་འབྱུང་གནས་ཡིནཿ ཆོས་སྤྱོད་པ་མས་འཇོག་གི་གདམས་ངག་བདོགཿ ཕྱི་ངུར་སྨྲིག་དགེ་སློང་གི་ཆ་ལུགས་འཛིནཿ ནད་བླ་མེད་གསང་སྔགས་རྣལ་འབྱོར་པཿ ང་དགེ་འདུན་པདྨ་འབྱུང་གནས་ཡིནཿ ཆོས་ལྟ་སྤྱོད་ཟུང་འཇུག་གི་གདམས་ངག་བདོགཿ ལར་རྟོགས་པ་ནམ་མཁའ་བས་ཀྱང་མཐོཿ ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞི་བཿ ད་བླ་མ་པདྨ་འབྱུང་གནས་ཡིནཿ ཆོས་འབྲེལ་ཚད་དོན་ལྡན་གྱི་གདམས་ངག་བདོགཿ སྣང་སྲིད་འཁོར་འདས་ཀྱི་དཔེ་ཆ་ལཿ དྲང་དོན་ངེས་དོན་གྱི་བཤད་པ་བྱེདཿ ང་དགེ་བཤེས་པདྨ་འབྱུང་གནས་ཡིནཿ ཆོས་དགེ་སྡིག་ཤན་འབྱེད་ཀྱི་གདམས་ངག་བདོགཿ ཡེ་ཤེས་ལྔ་ལྡན་གྱི་སྣམ་སྦྱར་གྱོནཿ སྐུ་ལྔ་ཡོངས་རྫོགས་ཀྱི་ལྷུང་བཟེད་ཐོགསཿ ང་མཁན་པོ་པདྨ་འབྱུང་གནས་ཡིནཿ མི་སངས་རྒྱས་སུ་གཏོང་བའི་གདམས་ངག་བདོགཿ ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུགཿ སྒོམ་མེད་རྫོགས་ཆེན་གྱི་ལྟ་བ་སྐྱོང་ཿ ང་སྒོམ་ཆེན་པདྨ་འབྱུང་གནས་ཡིནཿ ཆོས་


PKT001_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༤༡ན༽མཉམ་གཞག་རྗེས་ཐོབ་ཀྱི་གདམས་ངག་བདོགཿ འཁོར་འདས་རྒྱལ་བའི་དཀྱིལ་འཁོར་ལཿ བསྐྱེད་རྫོགས་སྤང་བླང་ཆ་མ་མཆིསཿ ང་སྔགས་པ་པདྨ་འབྱུང་གནས་ཡིནཿ ཆོས་བསྐྱེད་རྫོགས་ཟུང་འཇུག་གི་གདམས་ངག་བདོགཿ སྣང་བ་དཀར་དམར་གྱི་གབ་རྩེ་ལཿ རྒྱུ་འབྲས་ཀྱི་སྤང་བླང་ཞིབ་ཏུ་བརྩིཿ ད་བརྩེས་མཁན་པདྨ་འབྱུང་གནས་ཡིནཿ ཆོས་སྡོམ་གསུམ་དབྱེར་མེད་ཀྱི་གདམས་ངག་བདོགཿ མི་དུག་ལྔའི་ནད་ཀྱིས་ཟིན་པ་ལཿ ཆོས་ཟག་མེད་སྨན་གྱིས་གསོ་བར་བྱེདཿ ང་སྨན་པ་པདྨ་འབྱུང་གནས་ཡིནཿ ཆོས་བདུད་རྩི་འཆི་གསོས་ཀྱི་གདམས་ངག་བདོགཿ ལར་འདི་ལྟར་སྣད་བའི་གྱང་ལོག་ལཿ གཉིས་སུ་མེད་པའི་ལྷ་སྐུ་བཞེང་ཿ ད་ལྷ་བཟོ་པདྨ་འབྱུང་གནས་ཡིནཿ ཆོས་དབྱིངས་འོད་གསལ་གྱི་གདམས་ངག་བདོགཿ སེམས་ཉིད་ཀྱི་ཤོག་བུ་རྣལ་མ་ལཿ དོན་ཚིག་དང་བྲལ་བའི་ཡི་གེ་འདྲིཿ ང་ཡིག་མཁན་པདྨ་འབྱུང་གནས་ཡིནཿ ཆོས་ཡི་གེ་མེད་པའི་གདམས་ངག་བདོགཿ གླིང་བཞིར་སྐྱེས་པའི་མི་རྣམས་ལཿ དུས་གསུམ་མཁྱེན་པས་མངོན་ཤེས་འཆང་ཿ ང་མོ་མ་པདྨ་འབྱུང་གནས་ཡིནཿ ཆོས་གང་ལ་གང་འདུལ་གྱི་གདམས་ངག་བདོགཿ དུག་ལྔ་གདོན་ལྔ་དགྲར་ལངས་ཀྱང་ཿ ཡེ་ཤེས་ལྔ་ཡི་ཁོང་དུ་འགྲུབཿ ང་མཐུ་མཁན་པདྨ་འབྱུང་གནས་ཡིནཿ ཆོས་དྲུག་ལྔ་རྩད་གཅོད་ཀྱི་


PKT001_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༤༡བ༽གདམས་ངག་བདོགཿ འདོད་ཡོན་མི་སྤོང་ལམ་དུ་འཁྱེརཿ ཡེ་ཤེས་ལྔ་ལ་ལོངས་སྤྱོད་པཿ ང་བོན་པོ་པདྨ་འབྱུང་གནས་ཡིནཿ ཆོས་ལྟས་ངན་གཡང་བློན་གྱི་གདམས་ངག་བདོགཿ ལར་རིགས་དྲུག་སེམས་ཅན་བདེ་ལ་བཀོདཿ ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལཿ ང་རྒྱལ་པོ་པདྨ་འབྱུང་གནས་ཡིནཿ ཆོས་ཁམས་གསུམ་དབང་སྡུད་གདམས་ངག་བདོགཿ ལས་སྣ་འཁོར་བ་དོང་སྤྲུག་འཛིནཿ བྱ་བ་རང་སེམས་ཅི་དུལ་བྱེདཿ ང་བློན་པོ་པདྨ་འབྱུང་གནས་ཡིནཿ ཅི་བྱས་ཆོས་འགྲོ་ཡི་གདམས་ངག་བདོགཿ འདུན་ཕུགས་ཕྱི་མ་དོན་དུ་གཉེརཿ ཁ་ངོ་དཀོན་ཆོག་གསུམ་ལ་ལྟཿ ང་བཙུན་མོ་པདྨ་འབྱུང་གནས་ཡིནཿ འཆི་གར་སངས་རྒྱས་གདམས་ངག་བདོགཿ མི་དད་པ་ཆེ་བའི་འདུན་མ་བསྐྱངསཿ མི་ཚེ་ཕྱི་མའི་བདེ་སྐྱིད་བྱསཿ ང་གཙོ་བོ་པདྨ་འབྱུང་གནས་ཡིནཿ ཆོས་འཕྲུལ་བ་རྩད་གཅོད་ཀྱི་གདམས་ངག་བདོགཿ བྱང་སེམས་སྙིང་རྗེའི་མཚོན་ཐོགས་ནསཿ རྣམ་རྟོག་ལོག་ལྟའི་དགྲ་བོ་བསདཿ ང་དཔའ་བོ་པདྨ་འབྱུང་གནས་ཡིནཿ ཆོས་འཁོར་བ་གཡུལ་ཟློག་གི་གདམས་ངག་བདོགཿ སྦྱིན་པ་གསུམ་གྱི་ནོར་ཕོག་ནསཿ སྐལ་ལྡན་བུ་རྣམས་ཆོས་ལ་བཀོདཿ ང་རྒད་པོ་པདྨ་འབྱུང་གནས་ཡིནཿ ཆོས་རྒད་པོ་མཛུབ་བཙུགས་ཀྱི་གདམས་ངག་བདོགཿ ཚུལ་ཁྲིམས་གསུམ་གྱི་སྐྱེལ་མ་ཁྲིདཿ མཐོ་རིས་ཐར་པའི་ལམ་ལ་འགྲོཿ ང་རྒན་མོ་པདྨ་


PKT001_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༤༢ན༽འབྱུང་གནས་ཡིནཿ ཆོས་རྒན་མོ་མཛུབ་ཁྲིད་ཀྱི་གདམས་ངག་བདོགཿ བཟོད་པ་གསུམ་གྱི་གོ་ཆ་གྱོནཿ ཉོན་མོངས་འཁྲུལ་པའི་དགྲ་བོ་འཇོམསཿ ང་སྟག་ཤར་པདྨ་འབྱུང་གནས་ཡིནཿ ཆོས་བདུད་བཞི་ལམ་ལོངས་ཀྱི་གདམས་ངག་བདོགཿ བརྩོན་འགྲུས་གསུམ་གྱི་རྒྱན་ཆ་བཏགསཿ སེམས་ཅན་ཡོངས་ལ་བག་མར་འགྲོཿ ང་སྨན་ཤར་པདྨ་འབྱུང་གནས་ཡིནཿ ཆོས་དྲང་དོན་ངེས་དོན་གྱི་གདམས་ངག་བདོགཿ བསམ་གཏན་གྱི་མཁར་རྫོང་བཟུང་ཿ སྣ་ཚོགས་ཡུལ་ལ་རྩེད་མོ་རྩེཿ དབྱིབས་པ་པདྨ་འབྱུང་གནས་ཡིནཿ ཆོས་སྐྱོན་མཚང་སུན་འབྱིན་གྱི་གདམས་ངག་བདོགཿ ཤེས་རབ་གསུམ་གྱི་མིག་གིས་བལྟཿ དབྱིངས་རིག་དབྱེར་མེད་ཀྱི་ནུ་ཞོ་འཐུང་ཿ ང་བུ་ཆུང་པདྨ་འབྱུང་གནས་ཡིནཿ ཆོས་བསམ་གཏན་ཉལ་ཆོག་གི་གདམས་ངག་བདོགཿ ལར་ཁམས་གསུམ་སེམས་ཅན་མི་རྟག་འཆིཿ དཔལ་ཡོ་ག་ཚེ་ཡི་རིག་འཛིན་གྲུབཿ ང་འཆི་མེད་པདྨ་འབྱུང་གནས་ཡིནཿ ཆོས་རྡོ་རྗེ་ཚེ་སྒྲུབ་ཀྱི་གདམས་ངག་བདོགཿ ཕྱི་འབྱུང་བ་བཞི་ལ་རག་མ་ལུསཿ ནང་ཤ་ཁྲག་ལུས་ལ་རྟེན་མི་འཆའཿ ང་སྐྱེ་མེད་པདྨ་འབྱུང་གནས་ཡིནཿ ཆོས་ཕྱག་རྒྱ་ཆེན་པོའི་གདམས་ངག་བདོགཿ རྡོ་རྗེ་ཡི་སྐུ་ལ་བགྲེས་རྒུད་མེདཿ བྱང་ཆུབ་ཀྱི་སེམས་ལ་གསལ་འགྲིབ་མེདཿ ང་རྒས་མེད་པདྨ་འབྱུང་གནས་ཡིནཿ ཆོས་


PKT001_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༤༢བ༽ཉོན་མོངས་ཞི་བྱེད་ཀྱི་གདམས་ངག་བདོགཿ ལུས་ལང་ཚོར་ལྡན་པ་ནད་ཀྱིས་འཇོམསཿ བཀྲག་མདངས་དང་ལྡན་པ་རྐྱེན་གྱིས་འཕྲོགཿ ང་ནད་མེད་པདྨ་འབྱུང་གནས་ཡིནཿ ཆོས་རྫོགས་པ་ཆེན་པོའི་གདམས་ངག་བདོགཿ མཐའ་འཁོབ་བོད་ཀྱི་རྒྱལ་པོ་ཁྱོདཿ མི་དགེའི་གླིང་གི་རྒྱལ་པོ་ལཿ གདོལ་པ་ཤ་ཟན་སྲིན་པོས་བསྐོརཿ མུ་གེ་ཡི་འབངས་ལ་བརྟེན་པ་ནིཿ ཉམས་མི་དགའ་ཞིང་བག་མི་དྲོཿ སྲིན་མོ་མི་གཟུགས་བཙུན་མོ་ལཿ འདྲེ་མོ་དམར་ནག་མཚར་མོས་བསྐོརཿ དར་ཟབ་གསེར་གཡུས་བརྒྱན་པ་ནིཿ སྙིང་མི་སྡུག་ཅིང་ཡིད་མི་འོང་ཿ རྒྱལ་པོ་ཡིན་པ་གློ་བ་དགའཿ མངའ་ཐང་ཆེ་བ་མཆིན་པ་སྐྱིདཿ ཕྱག་ལ་འགྱིང་བ་ཕོ་བ་ཟོ་མཐོཿ ང་རྒྱལ་པོ་ཁྱེད་ལ་ཕྱག་མི་འཚལཿ འོན་ཀྱང་སྨོན་ལམ་འབྲེལ་པ་ཡིསཿ བོད་ཡུལ་དབུས་སུ་འོངས་ནས་མཆིསཿ རྒྱལ་པོ་ཆེན་པོ་དེར་བྱོན་ནམཿ ཞེས་གསུངས་ཕྱག་དེང་མཛད་པས་ཕྱག་སོར་ལསཿ རྫུ་འཕྲུལ་མེ་འབར་རྒྱལ་པོའི་ན་བཟའ་ཚིགཿ རྒྱལ་བློན་འཁོར་བཅས་ཀུན་གྱིས་མ་བཟོད་ནསཿ ཕྱག་ནི་གུག་རིལ་གྱང་འགྱེལ་བཞིན་དུ་བཙལཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བོད་ཀྱི་རྒྱལ་པོ་དང་མཇལ་ཕྲད་མཛད་ཅིང་ཕྱག་ལ་མ་འཆམ་པའི་ལེའུ་སྟེ་རེ་གཅིག་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

དཔལ་གྱི་བསམ་ཡས་འབྱོངས་པའི་ལེའུ།


PKT001_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༤༣ན༽དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིསཿ མནོང་ཞིང་འགྱོད་པས་གུས་པའི་ལྷ་ཕྱག་བཙལཿ བཀུར་གནས་ཁྱོད་ལྟ་བུ་ལ་ཕྱག་མ་བྱསཿ བདག་གི་སྒྲིབ་པ་ཇི་ལྟར་བྱས་ན་འདགཿ སློབ་དཔོན་ཞལ་ནས་གསོན་ཅིག་མངའ་བདག་གསུང་ཿ སྐུ་ཡི་དམ་ཚིག་ཉམས་ཆག་སྐོང་བ་ལཿ ངོ་མཚར་རྡོ་ཡི་མཆོད་རྟེན་ལྔ་བཞེངས་འདགཿ ཅེས་གསུངས་དབུས་སུ་པདྨས་བརྒྱན་པ་བཞེངསཿ ཨུ་རྒྱན་ཆེན་པོས་གཏེར་ཀ་རེ་རེ་སྦསཿ དེ་ནས་སྟོན་ཟླ་ར་བའི་ཚེས་གཅིག་ལཿ བསམ་ཡས་ཕྱགས་ཕེབ་ཕོ་བྲང་གདན་དྲངས་ནསཿ རིན་ཆེན་གསེར་གྱི་ཁྲི་ལ་བཞུགས་སུ་གསོལཿ མཁན་སློབ་གྲལ་ནི་ཞལ་སྤྲོད་བྱས་ནས་སུཿ འཇིག་རྟེན་འདོད་ཡོན་སྣ་ཚོགས་མཉེས་པར་བྱསཿ ཕྱག་རྟེན་མང་པོ་ཕུལ་ནས་ཞུས་པ་ནིཿ བདག་ནི་མི་དགེའི་དཔོན་པོ་གདོང་དམར་རྗེཿ བོད་ཀྱི་མི་ནི་ཉོན་མོངས་རགས་ཤིང་གྱོང་ཿ གདུལ་དཀའ་འདུལ་ཞིང་ཆོས་ཀྱི་རྟེན་འཛུགས་པསཿ སྤྲུལ་སྐུས་ས་གཞི་བྱིན་གྱིས་བརླབ་ཏུ་གསོལཿ ཅེས་གསོལ་སློབ་དཔོན་དགྱེས་པས་འདི་སྐད་གསུངསཿ བོད་ཁམས་སྐྱོང་བའི་མངའ་བདག་ཆེན་པོ་ལགསཿ མཐའ་འཁོབ་བོད་འདི་འདྲེ་ཡི་ཡུལ་དུ་འདུགཿ ལམ་ལ་ལྷ་འདྲེ་གདུག་པ་མང་ཞིག་བཏུལཿ བོད་སྤྲུག་སྤྲེའུའི་ཚ་རྣམས་འདུལ་བའི་ཕྱིརཿ ལྷ་ཁང་བཞེངས་པ་རྒྱལ་པོ་ངོ་མཚར་ཆེཿ གློ་བོ་སྲིན་མོ་གན་རྐྱལ་བཞག་འདྲ་བའིཿ སྙིང་གར་གཙུག་


PKT001_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༤༣བ༽ལག་ཁང་ནི་དགུ་ཐོག་དགོསཿ ལྟེ་བའི་སྟེང་དུ་མཆོད་རྟེན་བཞེང་དགོས་སོཿ སྲིན་པོའི་མགོ་ལ་དེའུ་ནག་པོ་དགོསཿ རྐང་ལག་བཞི་ལ་མཆོད་རྟེན་བརྒྱ་རྩ་བརྒྱདཿ མལ་གྲོའི་ནང་ན་བོད་ཁམས་དབང་བྱེད་པའིཿ ཀླུ་ཡི་རྒྱལ་པོ་མལ་གྲོ་གཟི་ཅན་ཞེསཿ དེ་ལ་ཀླུ་གཏེར་འཇུག་ཅིང་སྲོག་ཆུ་དགོསཿ དེ་ནས་སློབ་དཔོན་མལ་གྲོའི་ནང་དུ་བྱོནཿ དམ་སྐོང་དོང་སྤྲུགས་འདུས་པའི་བཤགས་པ་མཛདཿ ཀླུ་གཏེར་ཀླུ་རྟེན་བཅུག་ནས་སྲོག་ཆུ་བླངསཿ ཀླུ་ཡིད་དམ་ལ་མ་ཐོགས་ཁ་གནོན་ལཿ གླ་བོ་དགེ་ཀར་གཙུག་ལག་ཁང་བཞེངས་ནསཿ དེ་ནས་ཧས་པོ་རི་ཡི་རྩེ་མོར་བྱོནཿ སྐམ་ཆས་རློན་ཆས་རྫས་ལ་འདུ་རུ་བཅུགཿ སྦོས་པ་བཞི་ལ་གཏེར་ཀ་བཞི་བྱས་ཏེཿ འགྲམ་པ་བཞི་ལ་མེ་བཙའ་བཞི་བརྒྱབ་ནསཿ རུས་སྦལ་མགོ་ལ་རྟ་མགྲིན་བཞེངས་སུ་བཅུགཿ


PKT001_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾཿ ཉོན་ཅིག་པད་འབྱུང་བཀའ་ལ་ལྷ་འདྲེ་ཉོནཿ འཇིག་རྟེན་ཁམས་ན་མཚུངས་མེད་སྤྲུལ་པའི་སྐུཿ མངལ་གྱིས་མ་གོས་མཚོ་སྐྱེས་རྡོ་རྗེ་ཡིནཿ ལུས་ལ་གང་གིས་མི་ཚུགས་འཆི་མེད་ཐོབཿ འགྲོ་དྲུག་འཁོར་བའི་སྡུག་བསྔལ་འཇིགས་སུ་རུང་ཿ དམུ་རྒོད་སེམས་ཅན་ཚེ་ཐུང་གཡེང་བ་ཆེཿ ཁྲི་སྲོང་ལྡེའུ་བཙན་ལྷ་ཁང་བཞེངས་པ་འདིཿ རྒྱལ་མཚན་རྩེ་ལ་ནོར་བུ་ཕྱར་བ་འདྲཿ བོད་དུ་དམ་ཆོས་བསྟན་པ་ཚུགས་པ་ནཿ ལྷ་འདྲེ་སུ་མ་མགུ་ཡང་རག་མ་ལུསཿ མགྲོན་པོར་རྒྱ་གར་པཎ་ཆེན་


PKT001_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༤༤ན༽འབོད་པ་འདིཿ མུན་པའི་དཀྱིལ་དུ་སྒྲོན་མེ་ཁྱེར་བ་འདྲཿ བོད་དུ་བདེ་སྐྱིད་དམ་ཆོས་དར་བ་ནཿ ལྷ་འདྲེ་ཡུལ་བུད་སོང་ཡང་རག་མ་ལུསཿ དེ་བས་ཡོན་བཞེས་ས་གཞི་གནང་བ་བྱིནཿ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བསམ་པ་སྒྲུབསཿ ལྷ་ཁང་བརྩིགས་ཤིང་ལྷ་འདྲེ་ལས་ལ་འདུཿ སྔགས་འཆང་པདྨ་འབྱུང་གནས་བཀའ་མ་བཅོགཿ ཅེས་གསུངས་ནམ་མཁའ་དག་ལ་འཕུར་ནས་སུཿ རྡོ་རྗེའི་འགྲོས་མཛད་གྲིབ་མ་གར་བྱུང་དུཿ མི་མིན་དགེ་བསྙེན་ཉི་ཤུ་རྩ་གཅིག་དང་ཿ བརྟན་མ་བཅུ་གཉིས་གངས་རི་མོ་དང་ནིཿ གཡའ་རི་མོ་ལ་སོགས་པའི་ལྷ་འདྲེ་དང་ཿ དྲི་ཟ་གྲུལ་བུམ་ཀླུ་དབང་གནོད་སྦྱིན་རྣམསཿ གཟའ་ཆེན་བརྒྱད་དང་རྒྱུ་སྐར་ཉི་ཤུ་བརྒྱདཿ རི་ཀླུང་ཀུན་ནས་ས་རྡོ་མང་པོ་བསྡུསཿ ས་ཕོ་སྟག་ལོ་སྟོན་ཟླ་འབྲིང་པོ་ཡིཿ ཆོས་བརྒྱད་ཕུར་བུ་དར་བ་འབྲུག་གི་ཉིནཿ སྐར་མ་ལག་སོར་ཉིན་པར་རྩིག་རྨང་བཅུགཿ རྒྱལ་པོ་ཉིད་ཀྱིས་བཞེངས་པའི་གཙུག་ལག་ཁང་ཿ དབུ་རྩེ་རིགས་གསུམ་རི་རབ་ཚུལ་དུ་བྱསཿ འཁོར་ས་གསེར་གྱི་རི་བདུན་ཚུལ་དུ་བཀོདཿ ཡཀྵ་ལྟག་འོག་ཉི་མ་ཟླ་བའི་ཚུལཿ གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་ལེགས་བསྐོར་བའིཿ མཐའ་མར་ལྕགས་རི་ཆེན་པོ་གཅིག་གིས་བསྐོརཿ ལས་མི་ཁྲི་ཕྲག་དྲུག་གིས་གྱང་བཏང་བསཿ གྱང་འཁོར་གཅིག་ལས་མ་ཐོངས་ངལ་དུབ་ནསཿ སློབ་དཔོན་ལྔ་


PKT001_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༤༤བ༽འདྲེ་དབང་བསྡུས་ལས་ཀ་བཅོལཿ ཚངས་པ་དང་ནི་བརྒྱ་བྱིན་གྱང་མཁན་བྱསཿ རྒྱལ་ཆེན་བཞི་ཡིས་ལས་དཔོན་བྱས་ནས་སུཿ ཕོ་རྒྱུད་མོ་རྒྱུད་ལྷ་འདྲེ་ཐམས་ཅད་ཀྱིསཿ ཀུ་ཅོའི་སྒྲ་དང་བཅས་ནས་གྱད་བཏང་བསཿ ཉིན་པར་གཟུགས་ཅན་མི་ཡིས་བརྩིགས་པ་བསཿ མཚན་མོ་ལྷ་སྲིན་སྡེ་བརྒྱད་བརྩིགས་པ་མཐོཿ སློབ་དཔོན་མཆིམས་ཕུར་ཀླུ་འདུལ་དགོངས་པར་བཞུགསཿ ཀླུ་ཡིས་མ་བཟོད་ཐབས་ཀྱིས་རྒྱུད་བསྐུར་ནསཿ ཤིང་བཟོ་བ་རྣམས་ཤིང་གིས་ལག་བརྡུགས་ཟེརཿ རྒྱལ་པོ་འདི་ཙམ་ཤིང་ནི་གར་འཆོལ་སྙམཿ དེ་ནས་ཟུལ་ཕུག་རྒྱང་ཆུང་ཚལ་གྱི་ཀླུསཿ བར་ཚོད་བྱེད་དུ་རྒྱལ་པོའི་དྲུང་དུ་བྱོནཿ བདག་གིས་ཤིང་སྦྱིན་སློབ་དཔོན་དགོངས་པ་གློདཿ མནའ་བཀག་མཆིམས་ཕུ་གྲི་གུ་དགེའུ་ར་བཏང་ཿ སློབ་དཔོན་མ་མཐོང་ཁྱུང་ཆེན་སྦྲུལ་ཟ་མཐོང་ཿ དགོངས་པ་གློད་དང་དངོས་གྲུབ་བདོག་ཅེས་སྨྲསཿ ཁྱུང་གི་ཁ་ནས་སྦྲུལ་ཤོར་སློབ་དཔོན་གྱུརཿ དེ་ཙམ་སྐད་སྒྲོག་དངོས་གྲུབ་ཅི་བདོག་གསུངསཿ རྒྱལ་པོས་ཤིང་གི་དངོས་གྲུབ་བདོག་ཅེས་ཞུསཿ སློབ་དཔོན་ཞལ་ནས་ཤིང་གིས་ག་ལ་འཐོགཿ ཀླུ་ཡིད་དམ་ལ་མ་ཐོགས་གནོད་པ་བྱེདཿ ནད་དུ་མཛེ་འོང་དགྲ་རུ་ཀླུ་ལྡང་གསུང་ཿ ཀླུ་འདུལ་བསྐྱར་ནས་མ་ཞུས་རྒྱལ་པོ་འགྱོདཿ གཙུག་ལག་ཁང་ནི་ཕྱེད་ཙམ་འབྱོངས་པ་དང་ཿ རྒྱལ་པོའི་ནོར་ཟད་ཇི་ལྟར་བྱ་ན་ཞུསཿ སློབ་དཔོན་


PKT001_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༤༥ན༽ཞལ་ནས་ཐབས་ཤིག་ཡོད་ཀྱི་གསུང་ཿ མི་ཡི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙུན་དང་ཿ ཀླུ་ཡི་རྒྱལ་པོ་གྲོགས་པོ་བྱེད་དགོས་གསུང་ཿ ང་ཡིས་ཁྱོད་གཉིས་སྦྲེལ་བའི་འཕྲིན་པ་བྱེདཿ མཚོ་ཆེན་མལ་གྲོའི་འགྲམ་དུ་ཁྲིད་ནས་བྱོནཿ རྒྱལ་པོ་བློན་འབངས་ལུང་པ་ཡ་ཅིག་སྦསཿ སློབ་དཔོན་མཚོ་ཁར་དར་གྱི་སྦྲ་ཕུབ་ནསཿ ཞག་གསུམ་དགོངས་པ་མཛད་ཅིང་བཞུགས་པ་ལསཿ ནང་པར་བུད་མེད་ཤིན་ཏུ་མཛེས་པ་ཞིགཿ མཚོ་ཁར་བྱུང་ནས་སློབ་དཔོན་ཅི་མཛད་ཟེརཿ མི་ཡི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་ཿ ཀླུ་ཡི་རྒྱལ་པོ་དགའ་བའི་གྲོགས་པོ་བྱེདཿ རྒྱལ་པོའི་གཙུག་ལག་ཁང་ན་མ་འབྱོངས་བསཿ ཀླུ་ལ་ནོར་སློང་གསུངས་ནས་འཕྲིན་བསྐུར་བསཿ གནངས་ཀྱི་ནངས་པར་སྦྲུལ་ཆེན་ཞིག་བྱུང་ནསཿ ཆུ་ཡི་འགྲམ་དུ་གསེར་ཕྱི་ཉིལ་གྱིས་བྱུང་ཿ རྗེ་འབངས་སྒྲན་ནས་གསེར་ཕྱེ་སྡུད་དུ་བཅུགཿ དེ་དུས་བྱང་ཁམས་སྣ་བརྒྱད་མི་དམངས་ཚོགསཿ ཡུལ་དེར་མི་རྣམས་ཐམས་ཅད་ལྟད་མོར་འདུསཿ ཚོགས་པའི་གསེབ་དུ་བུ་མོ་བཅུ་དྲུག་མཿ ཡིད་འོང་ཤིན་ཏུ་མཛེས་པ་ཞིག་འདུག་ནསཿ རྒྱལ་པོ་འདི་ཉིད་བཙུན་མོར་ཁབ་ན་ཟེརཿ སྐྱེ་བ་སྔ་མའི་མ་ཡིན་རིགས་ངན་གསུངསཿ རིགས་ངན་བུ་མོ་ཕོ་གྱོང་བཟའ་ཞེས་ཟེརཿ འདི་ནི་ཕོ་གྱོང་བཟའ་བས་ཅི་ཡིན་ཀྱང་ཿ ཁབ་ཏུ་བཞེས་དགོས་ཟེར་ནས་བཙུན་མོར་བསྐུརཿ མོ་ལ་གསེར་གྱི་བདག་


PKT001_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༤༥བ༽མོར་བསྐོས་པ་ལསཿ དེ་ནས་མོ་ཡིས་གསེར་གྱི་བྱིན་བྱས་ནསཿ དབུ་ཚོལ་གསེར་ཁང་བཞེངས་ཏེ་གསེར་ཕྱེ་བཟང་ཿ བཟོ་སྣ་བདུན་གྱིས་ཁྱད་འཕགས་དོ་ཙུག་ལགསཿ ཁམས་གསུམ་ཟངས་ཁང་དམར་རྒྱན་བཟའ་ཡིས་བཞེངསཿ དགེ་རྒྱས་འབྲོ་བཟའ་བྱང་ཆུབ་མ་ཡིས་བཞེངསཿ གླིང་བཞི་ཤར་སྒོ་འཕགས་པ་འཇམ་དཔལ་གླིང་ཿ ལྷོ་ཕྱོགས་ཨཱཪྱ་པ་ལོ་ནུབ་བྱམས་གླིང་ཿ བྱང་གི་ཕྱོགས་ན་བྱང་ཆུབ་སེམས་བསྐྱེད་གླིང་ཿ དེ་དག་འཁོར་དུ་གླིང་ཕྲན་བརྒྱད་ཀྱིས་བསྐོརཿ དག་བྱེད་ཁྲུས་ཁང་བརྡ་སྦྱོར་ཚང་མང་གླིང་ཿ བདུད་འདུལ་སྔགས་པ་སྒྲ་བསྒྱུར་རྒྱ་གར་གླིང་ཿ དཔའ་བོ་བི་ཙ་མི་གཡོ་བསམ་གཏན་གླིང་ཿ རིན་ཆེན་སྣ་ཚོགས་པེ་ཀར་དཀོར་མཛོད་གླིང་ཿ ཟུར་བཞིར་རྡོ་རྗེ་ཕུར་པའི་མཆོད་རྟེན་བཞིཿ དབུ་རྩེ་སུམ་ཐོག་ལུགས་ནི་གསུམ་དང་ལྡནཿ ཀ་བ་སྟོང་དང་རྩ་གཉིས་སྒོ་སོ་དྲུགཿ སྤྱི་རྩེ་ཞེ་གཉིས་སེང་གེ་བརྒྱ་རྩ་བརྒྱདཿ ལྕོག་ཆེན་བརྒྱད་དང་གྲུ་སྐས་ཆེན་པོ་དྲུགཿ མཆོད་རྟེན་དཀར་པོ་ཤུད་བུ་དཔལ་སེང་བཞེངསཿ དེ་ཡང་སེང་གེ་བཞི་ཡིས་ལེགས་པར་བརྒྱནཿ མཆོད་རྟེན་དམར་པོ་རྒྱལ་ཚེ་ལྷས་གནང་བཞེངསཿ དེ་ཡང་པདྨ་སྟོང་གིས་ལེགས་པར་བརྒྱནཿ མཆོད་རྟེན་ནག་པོ་ཏ་ར་ཀླུ་གོང་བཞེངསཿ དེ་ཡང་སྐུ་གདུང་དག་གིས་ལེགས་པར་བརྒྱནཿ མཆོད་རྟེན་སྔོན་པོ་རྡོ་རྗེ་སྤྲེའུ་ཆུང་བཞེངསཿ


PKT001_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༤༦ན༽དེ་ཡང་ལྷ་ཁང་བཅུ་དྲུག་དག་གིས་བརྒྱནཿ ཀླུ་བཏུལ་སྲོག་ཆུ་བུམ་གཏེར་རེ་རེ་སྦསཿ ལྕགས་རི་ནག་པོ་སྒོ་བཞི་མགོན་ཁང་བཞིཿ སྒོ་བཞིའི་མདུན་ན་རྡོ་རིང་ཆེན་པོ་བཞིཿ ལྕགས་རིའི་རྩེ་ལ་མཆོད་རྟེན་སྟོང་རྩ་བརྒྱདཿ རྡོ་རིང་སྟེང་ན་ཟངས་ཀྱི་ཁྱི་མོ་བཞིཿ སྟག་ནས་ལོ་ལྔ་ཤིང་ཕོ་རྟ་ལ་འབྱོངསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ དཔལ་གྱི་བསམ་ཡས་འབྱོངས་པའི་ལེའུ་སྟེ་རེ་གཉིས་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ

བསམ་ཡས་ཀྱི་དཀོར་སྲུང་སྤྱན་དྲངས་པའི་ལེའུ།


PKT001_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལྷ་ཁང་ནང་དུ་ཅོང་འདོགས་པཿ མི་མ་ཡིན་གྱིས་འདོགས་སུ་མ་སྟེར་བསཿ སློབ་དཔོན་མཆི་མས་ཕུར་ཡང་དག་སྒྲུབ་པ་མཛདཿ རུ་ལུ་ཚངས་པའི་དབྱངས་གྱི་འདྲེན་སྟངས་བླངསཿ མི་མ་ཡིན་རྣམས་ཡེངས་ལ་བོར་ནས་སུཿ གཞན་རྣམས་གཙུག་ལག་ཁང་དུ་ཅོང་འདོགས་བཅུགཿ སློབ་དཔོན་དགོངས་ལྷ་འདྲེས་བཤིག་མ་ནུསཿ དེ་ནས་གཙུག་ལག་ཁང་གི་དཀོར་སྤུང་ལཿ མཁན་སློབ་རྒྱལ་པོ་ཡོན་མཆོད་བཀའ་བགྲོས་མཛདཿ མཁན་ཆེན་བོ་དྷི་སཏྭའི་ཞལ་ནས་ནིཿ བདུད་ལ་གཏད་ན་གསོད་པའི་རང་བཞིན་ཡིནཿ གཟའ་གཏུམ་ཀླུ་གདུག་བཙན་འཇམ་མ་མོ་འཇིགསཿ སློབ་དཔོན་ཆེན་པོ་པདྨའི་ཞལ་སྔ་ནསཿ རྗེ་ལ་ཞལ་ངོ་བདུད་ཀྱི་སྤྲུལ་པ་འབྱུང་ཿ ཐུགས་ལ་གདོན་གསོལ་མི་འཆམ་སྣ་ཚོགས་


PKT001_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༤༦བ༽བྱེདཿ ཡུམ་བརྟེན་འོད་སྲུང་ཞེས་བྱ་འཁྲུག་པ་འབྱུང་ཿ དེ་ཚེ་འདྲེ་ཡི་སྤྲུལ་པས་གླགས་རྙེད་ནསཿ གདུང་རབས་བརྒྱ་དང་བཅུ་ལྷག་སོང་ཙ་ནཿ ཧོར་ཡུལ་གནམ་ཐེའུ་དཀར་པོའི་རྒྱལ་པོ་འོང་ཿ བོད་ཁམས་ཐམས་ཅད་ཧོར་གྱི་མངའ་འོག་འཇུགཿ ཧོར་གྱི་ཕོ་ལྷ་གནམ་ལྷ་བྱང་ཆུབ་ཡིནཿ རྒྱལ་པོ་ཤིང་བྱ་ཅན་ནི་སྤྱན་དྲངས་ནསཿ དེ་ལ་གཏད་ན་གཙུག་ལག་ཁང་མི་འཇིགཿ བྷ་ཏ་ཧོར་གྱི་སྒོམ་གྲ་བཅོམ་པ་ནཿ པེ་ཧར་ཀ་ཅིའི་ཕྱི་ལ་འབྲང་ནས་འོང་ཿ ང་ཡིས་པེ་ཀར་གླིང་དུ་རྟེན་འཛུགས་གསུང་ཿ དེ་ནས་བྷ་ཏར་དམག་བརྒྱབ་སྒོམ་གྲ་བཅོམཿ ཟས་ནོར་མང་པོ་དྲངས་ནས་ཡོངས་པ་ལཿ ལ་ལ་སྨྱོར་བཅུག་ལ་ལ་འབོག་ཏུ་བཅུགཿ དེ་ནས་ཨུ་རྒྱན་པདྨ་འབྱུང་གནས་ཀྱིསཿ པེ་ཀར་གླིང་དུ་རྒྱལ་པོའི་རྟེན་བཙུགས་ཏེཿ ཕྱི་རྟེན་སྲོག་ཆགས་དཀར་པོ་རྟེན་དུ་བཙུགསཿ ནང་རྟེན་སྨྱུག་རྒོད་དར་སྣ་རྔ་མས་བརྒྱནཿ གསང་རྟེན་སྐུ་འབག་མདོས་ལ་སོག་པ་བཙུགསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བསམ་ཡས་ཀྱི་དཀོར་སྲུང་སྤྱན་དྲངས་པའི་ལེའུ་སྟེ་རེ་གསུམ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

བསམ་ཡས་རབ་གནས་མཛད་པའི་ལེའུ།


PKT001_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྟ་ཡི་ལོག་གཞུག་དགུན་ཟླ་འབྲིང་ཿ སྐར་མ་རྒྱལ་ལ་མཁན་སློབ་མེ་ཏོག་འཐོརཿ བོ་དྷི་སཏྭས་རབ་གནས་ལན་གསུམ་མཛདཿ དེ་ནས་ལུག་ལོ་དགུན་ཟླ་ར་བ་ཡིཿ བཅོ་ལྔ་ནམ་གྲུ་


PKT001_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༤༧ན༽ཟླ་བ་གཟས་བསྒྲིབས་ཉིནཿ རྡོ་རྗེ་དབྱིབས་ཀྱི་སྒྲུབ་པ་ཞག་བདུན་ཐོནཿ མངའ་བདག་རྒྱལ་པོར་དབང་བསྐུར་མཛད་ནས་སུཿ སློབ་དཔོན་པདྨས་རབ་གནས་མེ་ཏོག་འཐོརཿ དབུ་རྩེ་རིགས་གསུམ་མེ་ཏོག་འཐོར་བའི་ཚེཿ ནང་གི་ལྷ་རྣམས་ཕྱི་རུ་ཤར་གྱིས་འཐོནཿ ཕྱག་མཚན་ཐམས་ཅད་གདེངས་ཤིང་བསྒྱུར་བ་བྱུང་ཿ རྒྱལ་པོའི་ཐུགས་ལ་ནང་དུ་མི་ཚུད་སྙམཿ དབུ་རྩེ་མཆོད་རྟེན་བཅས་པར་ཐེངས་གསུམ་བསྐོརཿ སླར་ཡང་ལྷ་རྣམས་ལྷ་ཁང་ནང་དུ་བཞུདཿ སྒོ་སྲུང་ཁྲོ་བོར་མེ་ཏོག་འཐོར་བའི་ཚེཿ ཁྲོ་བོའི་མེ་རི་དུ་བ་སྔོ་ཕྱུར་བྱུང་ཿ མེ་རི་དམར་ཡམ་འབར་བ་ཀུན་གྱིས་མཐོང་ཿ རྒྱལ་པོ་མེ་ཤོར་སྙམ་ནས་ཐུགས་གཟེག་བྱེདཿ ཇོ་མོ་གླིང་གསུམ་མེ་ཏོག་འཐོར་བའི་ཚེཿ ཡ་མཚན་རྨད་དུ་བྱུང་བའི་ལྟས་བཟང་དང་ཿ ལྷ་ཁང་ཐམས་ཅད་འོད་ཀྱིས་གང་བ་བྱུང་ཿ པདྨའི་སྡོང་པོ་སྐྱེས་པ་ཀུན་གྱིས་མཐོང་ཿ བྱམས་པ་གླིང་དུ་མེ་ཏོག་འཐོར་བའི་ཚེཿ ལྷ་བྲན་སྤྲིན་གསེབ་ཡོངས་ནས་མཆོད་པ་ཕུལཿ བཻ་ཙ་གླིང་དུ་མེ་ཏོག་འཐོར་བའི་ཚེཿ ཚོན་སྣ་ལྔ་ཡི་འོད་ཟེར་དྲ་བར་འབྲེལཿ འཇམ་དཔལ་གླིང་དུ་མེ་ཏོག་འཐོར་བའི་ཚེཿ མེ་ཏོག་ཆར་པ་ལན་གསུམ་འབབ་པ་བྱུང་ཿ ཚང་མང་གླིང་དུ་མེ་ཏོག་འཐོར་བའི་ཚེཿ ལྷ་རྣམས་ཟབ་རྒྱས་ཆོས་ཀྱི་བགྲོ་བ་མཛདཿ སྔགས་པ་གླིང་དུ་མེ་ཏོག་


PKT001_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༤༧བ༽འཐོར་བའི་ཚེཿ ལྷ་རྣམས་ནམ་མཁའི་དབྱིངས་ལ་གཤེགས་བཞུད་བྱེདཿ ཁྲུས་ཁང་གླིང་དུ་མེ་ཏོག་འཐོར་བའི་ཚེཿ ལྷ་རྣམས་གསུང་བྱོན་གདམས་པ་ཆོས་སུ་སྨྲསཿ བསམ་གཏན་གླིང་དུ་མེ་ཏོག་འཐོར་བའི་ཚེཿ ཉི་ཟླ་དུས་གཅིག་ཤར་བ་ཀུན་གྱིས་མཐོང་ཿ ཨཱརྻ་པ་གླིང་རྟ་མགྲིན་མེ་ཏོག་འཐོརཿ རྟ་སྐད་ཐེངས་གསུམ་བཏོན་པ་ཀུན་གྱིས་ཐོསཿ འོན་པ་བྱིད་པོས་མ་ཐོས་དེར་མིང་བཏགསཿ འཁོར་སའི་སྨྱུག་རིང་སྐྱེས་པ་ཤར་གྱིས་བྱུང་ཿ སྒྲ་བསྒྱུར་གླིང་དུ་མེ་ཏོག་འཐོར་བའི་ཚེཿ རོལ་མོ་ཐམས་ཅད་རང་སྒྲ་དུས་གཅིག་འཁྲོལཿ སེམས་བསྐྱེད་གླིང་དུ་མེ་ཏོག་འཐོར་བའི་ཚེཿ མ་ཆགས་པདྨ་ཅན་ནི་བར་སྣང་བཞུགསཿ ལྕགས་དྲ་གླིང་དུ་མེ་ཏོག་འཐོར་བའི་ཚེཿ ཡོ་བྱད་བལྡབ་ཏུ་འཕེལ་ཞིང་དྲི་ཞིམ་ལྡང་ཿ པེ་ཀར་གླིང་དུ་མེ་ཏོག་འཐོར་བའི་ཚེཿ པེ་ཀར་དབུ་རྩེའི་ཐང་འཆམས་ཟོར་གཉན་བླངསཿ མཆོད་རྟེན་བཞི་ལ་མེ་ཏོག་འཐོར་བའི་ཚེཿ གདུགས་དང་རྒྱལ་མཚན་འཕན་དར་རང་ཕྱར་བྱུང་ཿ མགོན་ཁང་བཞི་ལ་མེ་ཏོག་འཐོར་བའི་ཚེཿ ལྡེར་ཚོས་ཁྲོམ་འུར་སྒོ་བཞིའི་ནང་དུ་སོང་ཿ རྡོ་རིང་བཞི་ལ་མེ་ཏོག་འཐོར་བའི་ཚེཿ ཟངས་ཀྱི་ཁྱི་མོ་བཞི་ཡིས་ཕྱོགས་བཞིར་མཆོངསཿ ཁྱི་སྐད་དགུ་སྟོན་རྡོ་རིང་རྩེ་ནས་ཉེརཿ ལྕགས་རི་སྐོར་གསུམ་མེ་ཏོག་འཐོར་བའི་ཚེཿ ཨ་རུ་རློན་པའི་ཆར་པ་


PKT001_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༤༨ན༽ལན་གསུམ་བབསཿ རྡོ་ཡི་མཆོད་རྟེན་མེ་ཏོག་འཐོར་བའི་ཚེཿ མཆོད་རྟེན་ལྔ་ལ་འཇའ་སྣ་རེ་རེ་ཟུགཿ ལྷ་མི་ཐམས་ཅད་ངོ་མཚར་མཆོག་ཏུ་གླིང་ཿ སྐྱིད་པའི་གླུ་ལེན་ཉམས་དགའི་རྐང་བྲོ་བརྡུང་ཿ མཛེས་པའི་ལྷར་བལྟ་སྙན་པའི་གཏམ་དགུ་གླེང་ཿ མི་རེས་གླུ་རེ་རྟ་རེས་བང་རེ་བརྒྱུགསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བསམ་ཡས་རབ་གནས་མཛད་པའི་ལེའུ་སྟེ་རེ་བཞི་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

བསམ་ཡས་ལ་བཀུར་སྟི་བྱས་པའི་ལེའུ།


PKT001_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལྷ་ས་ཁྲ་འབྲུག་ལ་སོགས་པཿ གཙུག་ལག་ཁང་ནི་བརྒྱ་དང་རྩ་བརྒྱད་ལཿ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིསཿ མེ་ཏོག་འཐོར་ཞིང་རབ་ཏུ་གནས་པ་མཛདཿ ཁྲི་གདུགས་འོག་ན་འགྲན་ཟླ་མ་མཆིས་པའིཿ རྒྱ་གར་རྡོ་རྗེ་གདན་མཚུངས་བསམ་ཡས་འདིཿ མིག་གིས་མཐོང་ཚད་ངན་སོང་སྐྱེ་སྒོ་བཅདཿ གང་དག་འདི་ལ་སྐོར་བ་སུས་བསྐོར་བཿ བཤན་པ་ཡིན་ཀྱང་མཐོ་རིས་གནས་སུ་སྐྱེཿ གང་ཞིག་བསམ་ཡས་འདི་ལ་ཕྱག་འཚལ་བཿ ཐུན་མོང་ཁྱད་པར་ཆེས་ཆེར་རྒྱལ་པོར་འགྱུརཿ གང་ཞིག་བསམ་ཡས་རྣམ་ཐར་གཞན་བརྗོད་པཿ གང་གིས་ཐོས་པས་ལས་རྣམས་ཀུན་ལས་གྲོལཿ གང་ཞིག་བསམ་ཡས་དད་པས་པུས་འཛུགས་པཿ ཚེ་རིགས་བཙན་པ་རྒྱལ་རིགས་


PKT001_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༤༨བ༽འཁོར་ལོ་སྒྱུརཿ གང་ཞིག་བསམ་ཡས་འདི་ལ་ཐལ་སྦྱོར་བཿ མི་དེ་ཡང་དག་ལམ་ལ་གནས་པར་འགྱུརཿ གང་ཞིག་བསམ་ཡས་འདི་ལ་མཎྜལ་འབུལཿ གནས་སྐབས་མཐར་ཐུག་འབྲས་བུ་མཆོག་ཀུན་ཐོབཿ གང་ཞིག་བསམ་ཡས་འདི་ལ་མེ་ཏོག་འབུལཿ མི་རྣམས་དགའ་ཞིང་རབ་ཏུ་སྐྱིད་པར་འགྱུརཿ བསམ་ཡས་མེ་ཏོག་ཉལ་ཉིལ་སུས་འཆག་པཿ སྤྱིན་གནས་མཚུངས་མེད་སངས་རྒྱས་ཐོབ་པར་འགྱུརཿ གང་ཞིག་བསམ་ཡས་འདི་ལ་སྤོས་འབུལ་བཿ བལྟ་བར་འོས་ཤིང་ནོར་ཆེན་ལྡན་པར་འགྱུརཿ གང་ཞིག་བསམ་འདི་ལ་མར་མེ་འབུལཿ བྱེ་བ་ཁྲག་ཁྲིག་ལྷ་ཞལ་ངེས་མཐོང་འགྱུརཿ གང་ཞིག་བསམ་ཡས་མར་མེའི་རྒྱུན་འཛུགས་པཿ ཆོས་ཀྱི་འོད་ཟེར་བདག་ཉིད་གསལ་བར་འགྱུརཿ གང་ཞིག་བསམ་ཡས་འདི་ལ་དྲི་ཡབ་འབུལཿ ཡི་དྭགས་མི་སྐྱེ་ལོངས་སྤྱོད་ཆེ་བར་འགྱུརཿ གང་ཞིག་བསམ་ཡས་འདི་ལ་ཞལ་ཟས་འབུལཿ ནད་མུག་མེད་ཅིང་ཚེ་རིང་ལོངས་སྤྱོད་འཕེལཿ གང་ཞིག་བསམ་ཡས་འདི་ལ་སིལ་སྙན་འབུལཿ ཟབ་ཅིང་སྤོབས་པ་ཕུན་སུམ་ཚོགས་པར་འགྱུརཿ གང་ཞིག་བསམ་ཡས་འདི་ལ་གདུགས་འབུལ་བཿ ཀུན་མཆོད་བཀུར་སྟི་བྱ་བའི་འོས་སུ་འགྱུརཿ གང་ཞིག་བསམ་ཡས་འདི་ལ་ན་བཟའ་འབུལཿ མྱུར་དུ་བླ་མེད་བྱང་ཆུབ་ཐོབ་པར་འགྱུརཿ


PKT001_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༤༩ན༽འཕྲེད་བ་གདན་ཁྲི་སྟན་འབུལ་བྱེད་པཿ བདེ་བའི་ཡོ་བྱད་ཐམས་ཅད་དེ་ལས་འབྱུང་ཿ གང་ཞིག་བསམ་ཡས་ཡི་དམ་ལྷར་བསྒོམ་པཿ ཕྱག་རྒྱ་ཆེན་པོའི་རིག་འཛིན་ས་ལ་འགྲོཿ བསམ་ཡས་སེར་ཁ་ཙམ་ཞིག་སུས་བསུབས་པཿ མཚུངས་པར་བྱང་ཆུབ་མངོན་འཚང་རྒྱ་བར་འགྱུརཿ བསམ་ཡས་འདི་ལ་ཅོད་པན་སུས་འདོགས་པཿ མི་དེ་ལྷ་མའི་གོ་འཕང་ཐོབ་པར་འགྱུརཿ གང་ཞིག་བསམ་ཡས་འདི་ལ་ཞིག་གསོས་བྱེདཿ མྱ་ངན་མེད་པའི་བླ་མེད་བྱང་ཆུབ་འཐོབཿ གང་ཞིག་བསམ་ཡས་རྗེས་སུ་ཡི་རང་བའིཿ དགེ་དེས་སྡིག་བྱང་འབྲས་བུ་བླ་མེད་འགྱུརཿ གང་ཞིག་བསམ་ཡས་འདི་ལ་ཉོན་བཤད་བྱེདཿ སངས་རྒྱས་འཕྲིན་ལས་ཐམས་ཅད་རྒྱས་པ་ཡིནཿ གང་ཞིག་བསམ་ཡས་འདི་ལ་བཞུགས་སུ་གསོལཿ ཟད་མི་ཤེས་པའི་དགེ་བ་ཐོབ་བར་འགྱུརཿ གང་ཞིག་བསམ་ཡས་འདི་ལ་མཆོད་བྱེད་པཿ མི་ནོར་ཟས་གསུམ་གང་བསམ་འབྱུང་བར་འགྱུརཿ གང་ཞིག་བསམ་ཡས་འདི་ལ་ཐིགས་ཚགས་བྱེདཿ མི་དེ་དུས་མིན་འཇིགས་པ་བརྒྱད་དང་བྲལཿ གང་ཞིག་བསམ་ཡས་མེ་ཡི་འཇིགས་པར་སྲུང་ཿ འདི་དག་ཐམས་ཅད་མྱུར་དུ་སངས་རྒྱས་འགྲུབཿ གང་ཞིག་བསམ་ཡས་འདི་ལ་གནོད་བྱེད་བསྲུང་ཿ ཁ་ལག་སྤྱོད་གསུམ་སུན་འབྱིན་སུས་སྤོབས་པཿ ཕྱིར་མི་ལྡོག་ཅིང་བྱང་ཆུབ་


PKT001_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༤༩བ༽སེམས་དཔར་འགྱུརཿ གང་ཞིག་བསམ་ཡས་འདི་ལ་རབ་གནས་སྐྱོརཿ དུག་གསུམ་ནད་ཞི་རྒྱལ་ཁམས་བདེ་བར་འགྱུརཿ དེ་བཞིན་ལྷ་ས་ཁྲ་འབྲུག་གཙུག་ལག་ཁང་ཿ བསོད་ནམས་གསོག་པའི་ཞིང་མཆོག་དམ་པ་སྟེཿ དད་པ་ཅན་རྣམས་བསོད་ནམས་ཨ་རེ་བསགསཿ བཀུར་སྟི་མཛོད་ཅིག་རྗེ་འབངས་འཁོར་བཅས་རྣམསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བསམ་ཡས་ལ་བཀུར་སྟི་བྱས་པའི་ལེའུ་སྟེ་རེ་ལྔ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

སློབ་དཔོན་རྣམ་གཉིས་བཞུགས་པར་ཞུས་པའི་ལེའུ།


PKT001_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མཁན་པོ་བོ་དྷི་ས་ཏྭ་དང་ཿ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིསཿ སླར་ཡང་རྒྱ་གར་ཡུལ་དུ་འབྱོན་དགོངས་ནསཿ མངའ་བདག་རྗེ་ལ་འདི་སྐད་བཀའ་སྩལ་ཏོཿ བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིཿ ཐུགས་བསྐྱེད་དག་པའི་མངའ་ཐང་བཀའ་དྲིན་ལཿ བྲག་དམར་དཔལ་གྱི་བསམ་ཡས་གཙུག་ལག་ཁང་ཿ སྟག་ལ་རྨང་བཏིང་རྟ་ཡིས་ལོ་ལྔར་འབྱོངསཿ རབ་གནས་ཚར་ཞིང་རྒྱལ་པོའི་ཐུགས་དགོངས་རྫོགསཿ ད་ནི་རང་ཡུལ་འགྲོ་བས་གནང་བར་ཞུཿ རྒྱལ་པོས་སྤྱན་ཆབ་བཏོན་ནས་ཞུ་རྟེན་དུཿ ཟ་འོག་དགུ་བརྩེགས་གདན་ལ་སློབ་དཔོན་བཞུགསཿ ལྔ་བརྩེགས་གདན་ལ་མཁན་པོ་བཞུགས་སུ་གསོལཿ སྐུ་ལ་མཛེས་པ་ཞལ་དུ་བདའ་བ་དྲངསཿ ཐུགས་སུ་བྱོན་པ་ཡིད་འཇུག་མཐའ་བརྟེན་


PKT001_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༥༠ན༽ནསཿ གསེར་ཕྱེ་ཤ་བའི་རླིང་བུ་བཀང་ནས་ཕུལཿ བླ་གཡུ་སྙིང་འཁོར་ཞགས་པས་སྣ་དྲངས་ནསཿ ནོར་སྣ་ཁྱད་དུ་འཕགས་པའི་བརྒྱ་འབུལ་བྱསཿ ཕྱག་མང་བཙལ་ཞིང་ཐལ་མོ་སྦྱར་ནས་ཞུསཿ མཁན་སློབ་ཉི་ཟླ་ཟུང་ཅིག་དགོངས་མཛོད་དང་ཿ བཅུ་གསུམ་ལོན་ནས་ཡབ་ཀྱིས་བོར་བའི་བུཿ གདོང་དམར་བོད་ཀྱི་རྒྱལ་པོ་ཡུས་མི་ཆེཿ བཅོ་ལྔ་ལོན་ནས་རྒྱལ་སྲིད་དམག་ཇག་བཟུང་ཿ ལས་ཐབས་བྱ་ཕྱིར་བློན་པོར་གདམ་ང་བསྐུརཿ བཅུ་བདུན་ལོན་ནས་ཆོས་ཀྱི་བསམ་པ་སྐྱེསཿ ལྟོ་དཔྱད་བྱས་པས་མཁན་ཆེན་གདན་དྲངས་ཟེརཿ བསོད་ནམས་མི་ཆུང་མཁན་ཆེན་བོད་དུ་ཁུགསཿ ས་འདུལ་མཛད་པས་གེགས་ཀྱིས་བསྒྲུབ་མ་སྟེརཿ སློབ་དཔོན་སྤྱན་དྲོངས་འགྲུབ་ཅེས་ལུང་བསྟན་བྱུང་ཿ ལས་འཕྲོ་མི་ཞན་སློབ་དཔོན་བོད་དུ་བྱོནཿ བསམ་ཡས་བརྩིགས་པ་མི་འདྲ་སྐྱེས་པ་འདྲཿ སྐུ་དྲིན་ཡོད་དོ་རྩང་པོས་བརྗོད་མ་ཟདཿ ཁྲི་སྲོང་ལྡེའུ་བཙན་ཚེ་དུས་མ་བྱས་པརཿ སློབ་དཔོན་རྣམ་གཉིས་མི་བཞུད་བཞུགས་པར་ཞུཿ སྐུ་རྟེན་གྲུབ་ཀྱང་གསུང་རྟེན་མ་འགྱུར་བསཿ སྔགས་དང་མཚན་ཉིད་བོད་དུ་གསུང་བར་ཞུཿ བོད་ཡུལ་མུན་འོག་འཐིབས་པོ་ལམ་སྟོར་ལཿ བསྟན་པ་གཉིས་ཀྱི་སྒྲོན་མེ་སྤར་བར་ཞུཿ ཞེས་ཞུས་ཕྱག་བཙལ་མང་དུ་བཤུམ་པས་ཡིསཿ སློབ་དཔོན་གཉིས་ཀྱིས་བཀའ་བགྲོས་མཛད་


PKT001_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༥༠བ༽པ་ལཿ བོད་ཀྱི་མི་ལ་དད་མེད་ཆོས་སྣོད་མིནཿ བློན་པོ་ཆོས་ལ་གནག་ཅིང་གདུག་པ་ཆེཿ རྒྱལ་པོའི་རིགས་ཆགས་ཙམ་ནི་འབྲིང་ཁར་ཡང་ཿ སྔ་མ་ཡང་ནི་རྒྱལ་པོ་དགྱེས་པར་བྱསཿ ང་ཡང་ཕྱིན་ན་རྒྱལ་པོ་མི་དགྱེས་འདུགཿ འདྲི་ཀློག་སྒྲ་དང་རིག་པ་གཙོ་བོར་འདོནཿ བོད་དུ་ཆོས་བསྟན་ཚུགས་པར་ལྟ་ཅི་སྨྲོསཿ སློབ་དཔོན་གཉིས་ཀྱིས་མི་བཞུད་བཞུགས་པར་གནང་ཿ རྒྱལ་པོས་ཆོས་ཁྲིམས་དམ་པར་སྡོམས་ཤིག་གསུངསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ སློབ་དཔོན་རྣམ་གཉིས་བཞུགས་པར་ཞུས་པའི་ལེའུ་སྟེ་རེ་དྲུག་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙུན་གྱིས་ཆོས་ཁྲིམས་བསྡམས་པའི་ལེའུ།


PKT001_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོ་དགྱེས་ནས་ཕྱག་མང་བཙལཿ ཆོས་ཁྲིམས་དར་གྱི་མདུད་པ་ལྟ་བུར་བསྡམསཿ རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་སྦྲམ་ལྕི་དང་ཿ ཆོས་ཁྲིམས་དར་མདུད་འཇམ་དམ་གཉིས་སུ་སྤེལཿ བོད་ཡུལ་རུ་བཞི་མངའ་འོག་འདུས་ཚད་བསྡུསཿ ཁྲིམས་ཤོག་མ་བུ་དཀར་ནག་ཚིག་སྒྲགས་པཿ ཁྲིམས་ལ་ཆོས་ཁྲིམས་རྒྱལ་ཁྲིམས་ཐང་ཁྲིམས་གསུམཿ བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙནཿ དེ་ནས་ཆོས་ཀྱི་རྒྱལ་པོ་ང་ཡིན་པསཿ ང་ཡི་མངའ་འོག་ཡོད་པ་ཐམས་ཅད་རྣམསཿ ལེགས་བྱས་ཉེས་བྱས་རྣམ་སྨིན་འབྲས་བུ་བསྐྱེདཿ ལེགས་པར་བྱེད་པ་དམ་པའི་ཆོས་ཡིན་པསཿ རབ་བྱུང་སྡེ་འཛུགས་སྔགས་པའི་སྡེ


PKT001_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༥༡ན༽འཛུགས་ཤིང་ཿ ཆོས་ལུགས་གཉིས་པོ་གང་མོས་ཅི་དགའ་གྱིསཿ མི་སྐྱ་ཕོ་མོ་ཐམས་ཅད་ཡིག་རྩིས་སློབསཿ ཆོས་བྲིས་ཆོས་ཐོན་ཆོས་སློབས་ཆོས་བཤད་གྱིསཿ བྱིས་པ་བརྡ་འཕྲོད་འདི་ཀློག་ཡོན་ཏན་སློབསཿ བཙས་པར་བཙས་སྟོན་སྔགས་པའི་མཆོད་གནས་བསྟེནཿ ན་བར་སྨན་བཅོས་རིམ་གྲོ་ནད་གཡོག་གྱིསཿ རྒས་པ་ཡི་མུག་མ་འཇུག་བཀུར་སྟིས་སྐྱོངསཿ ཤི་བར་བུམ་ཆོག་ཆོས་སྟོན་སྔགས་སྟོན་གྱིསཿ ཡོད་པས་མེད་ལ་བུ་ལོན་སྐྱང་འཕེལ་ཐོངསཿ མེད་པས་འཇོལ་ལ་སྨར་སྐྱིན་དྲིན་དུ་ཁུརཿ མ་འཁོར་བ་ལ་ཞུ་འཇལ་ཕྱེད་འཆག་གྱིསཿ དགྲ་ལ་ཟོན་ཆུག་གཉེན་ལ་ནང་གཤིན་གྱིསཿ གཞོན་པས་འཕམ་ལོང་རྒན་པའི་ངག་ལ་ཉོནཿ བུ་མང་རྒན་རིམ་གཞི་ཟུང་ནུ་ཆོས་གྱིསཿ བུ་མེད་པ་རྣམས་བུ་མོར་གོ་དམག་སུསཿ གཟའ་མི་ཁ་དུམ་མ་ཕྱེད་ཕ་མར་དྲིསཿ ཕོ་མོ་གང་མ་དགའ་ལ་ཕོག་རྫས་པོརཿ སྔར་ལོངས་ཕྱི་ཉོལ་བྱ་བ་མཐའ་རུ་ཐོནཿ བཟའ་མི་གྲོས་མེད་ཁྱོ་ཆུན་འཐེན་མ་བསྟེནཿ གྲོས་བྱས་རབས་ཆད་རླུང་ཁྱེར་ནོར་མ་བསྲེལཿ མི་ལ་མཐར་འདེད་མ་བཏང་བཟང་འགྲོགས་གྱིསཿ ཁྲེལ་གདོང་དོ་ཚ་མེད་པའི་ཡ་མ་སྲོང་ཿ ཁ་ཉེན་མི་རྣམས་སྡོད་ལུགས་མཁས་སུ་གྱིསཿ དྲག་པོ་དྲག་མོ་མ་ཐལ་རན་ཚོད་གཟུང་ཿ མ་བརྐུ་མ་འཕྲོག་མ་བརྡུང་མ་གསོད་


PKT001_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༥༡བ༽ཅིགཿ རབ་བྱུང་མཁན་པོས་སྡོམ་ཕོག་ཁྲིམས་བཅས་བཞིནཿ སྡེ་སྣོད་གསུམ་ནས་ཇི་ལྟར་བཤད་བཞིན་གྱིསཿ དགེ་འདུན་སྐོམ་དུ་དཀར་དང་ཇ་གསོལ་ཅིགཿ ཟས་སུ་འབྲུ་དང་བུར་སྒྲང་མར་ཐུད་གསོལཿ གོས་སུ་མ་ཐང་ཤམ་ངུར་སྨྲིག་ཆས་མཛོད་ཅིགཿ གནས་སུ་གཙུག་ལག་ཁང་སྡེའི་ནང་དུ་བཞུགསཿ ཆང་ནག་ཤ་དང་ལྷད་ཟས་མ་སྟེན་ཅིགཿ སྔགས་པ་བླ་མས་དམ་ཚིག་བསྒྲགས་པ་དང་ཿ རྒྱུད་ནས་ཇི་ལྟར་བཤད་པ་བཞིན་དུ་གྱིསཿ སྐོམ་དུ་ཆང་གསོལ་དགེ་འདུན་དཀོར་མ་འབགསཿ ཟས་སུ་ཅི་དགར་ལོངས་སྤྱོད་དུག་མ་ཟཿ གོས་སུ་དཀར་དམར་ནག་པོ་སྔགས་ཆས་གྱིསཿ གནས་སུ་སྒྲུབ་ཁང་གཟུང་ལ་ཡོན་ཏན་སྤེལཿ བསྟན་པ་བསྲུང་ཕྱིར་སྒྲུབ་པ་དང་དུ་ལོངསཿ རབ་བྱུང་དགེ་བར་མདོ་སྡེ་སེར་སྟོན་གྱིསཿ སྔགས་པའི་དགེ་བར་དཀྱིལ་འཁོར་སྔགས་སྟོན་གྱིསཿ མི་ནག་དགེ་བ་བསྟན་གཉིས་སྡེ་ལ་ཐོངསཿ མ་ནུས་པ་ལ་ཐམས་ཅད་སྙིང་རྗེ་བསྐྱེདཿ དབུལ་བའི་མི་ལ་སྦྱིན་པ་ཙམ་ཐོངས་བྱིནཿ ཁ་ཉེན་མི་ལ་སྐྱབས་ཁ་ཚིག་གྲོན་ཐོགསཿ ཟེར་ལོ་འདུག་ལོ་མང་པོ་བཏང་སྙོམས་ཞོགཿ ཆོས་འཆད་གང་འདུག་མོས་ཕྱག་རྒྱར་ནས་འཚོལཿ བསྟན་པ་མ་བསྲེ་རང་རང་ཆོས་ལུགས་གྱིསཿ བོན་འདི་མུ་སྟེགས་ཡིན་འདུག་སུས་མ་བྱེདཿ བོན་པོ་བསམ་ཡས་མི་མཐོང་ཡུལ་ཕུད་སོང་ཿ བོན་པོས་སྐྱིད་ཤོང་


PKT001_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༥༢ན༽ཕྱིན་པས་ཡོག་ཐང་བྱུང་ཿ གཙང་དུ་ཕྱིན་པས་དབེན་ཙ་ཁ་ཞེས་གྲགསཿ ང་ཡིས་ཆོས་ཁྲིམས་བསྡམས་ལྟར་མ་བྱས་ནཿ ངེས་པར་གཅོད་པ་རྒྱལ་པོའི་ཁྲིམས་ཡིན་པསཿ སྡོམ་བུས་མཁན་པོ་སློབ་བུས་སློབ་དཔོན་དང་ཿ གཡོག་པོས་དཔོན་པོ་བུ་ཚས་ཕ་དང་མཿ ནུ་བོས་ཕུ་བོ་ཆུང་མས་ཁྱོ་ཕོ་ལཿ མི་འཆམ་ལས་བྱས་བསད་དམ་དོ་བསྔོས་པཿ འདི་རྣམས་མེ་ལ་བསྲེག་གམ་ཆུ་ལ་བསྐྱུརཿ ངན་བྱས་ཨན་ལྕགས་བཙོན་དོང་ཁྲིམས་འཇིགས་འབེབསཿ ཡུལ་ཁྲིམས་མེད་ན་ངན་བྱེད་རྒྱགས་པས་འཇོམསཿ བེར་ག་ཤག་ཤག་གཅེར་ཕྱུང་རྐྱེ་ཐག་ཁྱིགསཿ གསུམ་ལྔ་བདུན་དགུ་བཅུ་གཅིག་བཅུ་གསུམ་ཁྲིམསཿ བཅོ་ལྔ་བཅུ་བདུན་བཅུ་དགུ་ཉེར་གཅིག་ཁྲིམསཿ རྩ་གསུམ་རྩ་ལྔ་རྩ་བདུན་རྩ་དགུ་ཁྲིམསཿ སོ་གཅིག་སོ་གསུམ་སོ་ལྔ་སོ་བདུན་དགུཿ ཞེ་གཅིག་ཞེ་གསུམ་ཞེ་ལྔ་ཞེ་བདུན་དགུཿ ང་གཅིག་ང་གསུམ་ང་ལྔ་ང་བདུན་དགུཿ རེ་གཅིག་རེ་གསུམ་རེ་ལྔ་རེ་བདུན་དགུའོཿ མེ་ཁྲིམས་རླུང་ཁྲིམས་ཆུ་ཁྲིམས་ལྕགས་ཁྲིམས་བཞིཿ ཤིང་ཁྲིམས་ས་ཁྲིམས་ནམ་མཁའི་ཁྲིམས་དང་བདུནཿ ཐོབ་བྱ་གང་ཡིན་གཟུགས་ཕུང་སྟེང་དུ་སྨིནཿ བསད་ན་སྟོང་འདོན་ཕྲོགས་ན་མིག་སྒྱིད་འདྲེགཿ བརྐུས་ན་འཇལ་འདོན་བྱི་བྱས་བྱི་རིན་ལེནཿ ཕྲ་མ་ར་འབོད་འགེལ་འཐབ་པ་བཙོན་


PKT001_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༥༢བ༽དོང་འཇུགཿ བརྡུངས་ན་གསོས་འདེད་མི་ཉན་རྣ་བ་འདྲེགཿ ཆོས་ལུགས་མཐུན་པར་མི་བྱེད་ཁྱུ་ནས་འཕུདཿ བརྫུན་གཏོར་མཐར་སྤྱུག་མི་འཇལ་གཏའ་མ་ལེནཿ མི་བདེན་པ་ལ་ཐམས་ཅད་ཡོ་ལོག་ཐོང་ཿ མི་ཚོད་ཕྲེང་བས་འཛིན་ཆུག་ཅེས་བསྒྲགས་སོཿ ནས་ལ་བྲེ་ཚད་ལྗིད་ལ་སྲང་ཚད་ཚུགསཿ ཟོང་ལ་གོང་རྒྱོབ་གསེར་ལ་ན་རར་ཐེགཿ རྐུན་སྲུང་ཁྱི་གསོས་ནམ་ཚོད་བྱས་འཛིན་ཆུགཿ ཁ་འོག་ལུས་ཆུག་མི་ལ་མགོ་སྡུད་དགོསཿ ཆོས་སྲིད་སྔགས་སྲིད་བློན་སྲིད་སྲིད་དུ་བཅདཿ གཅིག་མགོ་གཅིག་ཐོན་མི་དགེ་བསྐྱར་ལ་ཐོནཿ ལ་དང་འཕྲང་འཇམ་ཡུལ་ན་མི་ངན་མེདཿ མི་དགེ་བཅུ་སྤོངས་དགེ་བ་བཅུ་པོ་སྤེལཿ ཁ་ཉན་ཆགས་བདེ་དུད་འགྲོ་གཉའ་ཡངས་མཛོདཿ ཡོད་པ་བཞག་ཆོག་མེད་པ་ཚོལ་སླར་བཅུགཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙུན་གྱིས་ཆོས་ཁྲིམས་བསྡམས་པའི་ལེའུ་སྟེ་རེ་བདུན་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

ལོ་ཙཱ་བ་གསུམ་ལུང་བསྟན་ནས་རྒྱལ་པོའི་ཐུགས་གསོས་པའི་ལེའུ།


PKT001_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དམངས་ཀྱི་ཕྲུག་གུ་རིག་པ་ཅནཿ ཁ་སྤྲོ་གསང་ཞིང་སྐྱེ་མཆེད་དྭངས་པ་དང་ཿ ཤེས་རབ་ཆེ་ཞིང་ཁ་ལྕེ་བདེ་བ་རྣམསཿ རྒྱ་གར་ཡུལ་དུ་སྒྲ་བསྒྱུར་སློབ་ཏུ་གཏོང་ཿ འཕྲལ་སྐད་ཆོས་སྐད་ཐམས་ཅད་སློབ་པ་ལཿ མཁན་པོས་སྒྲ་བསླབས་བསྒྱུར་དུ་བཅུག་པ་ནིཿ


PKT001_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༥༣ན༽ན་མོ་བུདྡྷ་ཡཿ ན་མོ་དྷརྨྨཱ་ཡཿ ན་མཿསངྒྷ་ཡཿ བོད་སྤྲུག་ཁ་ལྕེམ་བདེ་ཡེ་མ་ཤེསཿ མ་མོ་སྤུད་པ་ཡཿ མ་མོ་སྤང་མ་ཡཿ མ་མོ་ཕ་བ་ཡཿ སྒྲ་དེ་བོད་ཀྱི་སྐད་དུ་བསྒྱུར་བསླབས་པཿ སངས་རྒྱས་ལ་ཕྱག་འཚལ་ལོ་སྐྱབས་སུ་མཆིའོཿ ཆོས་ལ་ཕྱག་འཚལ་ལོ་སྐྱབས་སུ་མཆིའོཿ དགེ་འདུན་ལ་ཕྱག་འཚལ་ལོ་སྐྱབས་སུ་མཆིའོཿ བོད་སྤྲུག་ལྕེ་ཡིས་མ་འགྱུར་འདི་སྐད་ཟེརཿ ཕར་འགེལ་ཐག་ཐམ་མོ་སྦབས་ཧུ་ཧིཿ ཆོས་ཡ་ཐག་ཐམ་མོ་སྦབས་ཧུ་ཧིཿ འེ་འུན་ལ་ཐག་ཐམ་མོ་སྦབས་ཧུ་ཧིཿ སློབ་དཔོན་ཆེན་པོ་པདྨས་སྒྲ་བསྒྱུར་བསླབསཿ ན་མོ་གུ་རུ་བེཿ ན་མོ་དེ་ཝཱ་ཡཿ ན་མོ་ཌཱ་ཀཱི་ནྱཻཿ བོད་སྤྲུག་ཇི་ཙམ་བསླབས་ཀྱང་མ་ཤེས་ཏེཿ མ་མོ་སྦུ་འུ་ཡཿ མ་མོ་འདྲེ་བྷ་ཡཿ མ་མོ་བྷ་ཁྱི་ཡཿ རྒྱ་སྐད་དེ་དག་བོད་སྐད་བསྒྱུར་ནས་བསླབསཿ བླ་མ་ལ་ཕྱག་འཚལ་ལོ་སྐྱབས་སུ་མཆིའོཿ ཡི་དམ་ལ་ཕྱག་འཚལ་ལོ་སྐྱབས་སུ་མཆིའོཿ མཁའ་འགྲོ་ལ་ཕྱག་འཚལ་ལོ་སྐྱབས་སུ་མཆིའོཿ བོད་སྤྲུག་བྱིས་པས་དེ་ཡང་མ་ཤེས་ཏེཿ མནའ་མ་ཡ་ཐག་ཐམ་མོ་སྦབས་ཧུ་ཧིཿ བྱི་བ་མ་ཡ་ཐག་ཐམ་མོ་སྦབས་ཧུ་ཧིཿ ཤ་འབོ་ཐང་ཐག་ཐམ་མོ་སྦབས་ཧུ་ཧིཿ སློབ་དཔོན་རྣམ་གཉིས་བཞད་ཅིང་ཕྱག་རྡབ་མཛདཿ རྒྱལ་པོ་ཐུགས་མུག་མང་དུ་བཤུམས་པ་ཡིསཿ ཤ་ལྤགས་རུས་དིམ་བཞེས་པ་དུས་མི་འགྲོཿ


PKT001_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༥༣བ༽མཁན་སློབ་གཉིས་ལ་རྒྱལ་པོས་ཕྱག་ཕུལ་ནསཿ ཆོས་མེད་མཐའ་འཁོབ་བོད་ཡུལ་མུན་གླིང་འདིརཿ མི་ལ་སངས་རྒྱས་ཐོབ་པར་བྱ་དོན་དུཿ སློབ་དཔོན་རྣམ་གཉིས་སྤྱན་དྲངས་ལྷ་ཁང་བཞེངསཿ བཞུད་པར་བཤོལ་བཏབ་ཆོས་གསུང་ཞུ་བ་ཕུལཿ ཐུགས་རྗེས་དགོངས་ནས་བཞུགས་པར་བཀའ་ཡིས་གནང་ཿ ཆོས་ཁྲིམས་བསྡམས་ནས་གང་འཚམ་བྱིས་པ་བསྡུསཿ སྒྲ་ཙམ་མི་ཤེས་ལོ་ཙཱ་མི་འཁྱུར་བསཿ ཆོས་བསྟན་མི་ཚུགས་ཇི་ལྟར་བྱ་ན་གསུང་ཿ དུས་གསུམ་མཁྱེན་པ་སློབ་དཔོན་པདྨ་ཡིསཿ ཐབས་ཤིག་ཡོད་ཀྱི་རྒྱལ་པོ་ཐུགས་གློད་གསུང་ཿ རྒྱ་གར་རྡོ་རྗེ་གདན་གྱི་ཆོས་གྲ་ནསཿ ཤཱཀྱ་ཐུབ་པའི་ཉེར་གནས་ཀུན་དགའ་བོཿ ཚི་འཕོས་ལོངས་སྐུའི་ཞིང་ཁམས་མང་མྱུལ་ནསཿ མི་ལུས་ཆོས་ལྡན་སྐྱེ་བདུན་ཐ་མ་ནིཿ གཙང་གི་སྙེ་མོ་བྱེ་མཁར་བྱ་བ་ཡིཿ གནས་གཞི་ཞིག་གི་བྲང་ཁང་དམིག་གུ་ནཿ ཕ་མིང་པ་གོར་ཧེ་འདོད་བྱ་བ་ལཿ མ་མིང་བྲན་ཀ་བཟའ་སྒྲོན་སྐྱིད་ཀྱི་བུཿ གན་ཇག་ཐང་ཏ་ཞེས་པ་ལོ་བརྒྱད་པཿ ཕ་མ་གཉིས་ལ་བསླངས་ན་སྟེར་བར་མཆིཿ སྤྲུལ་པའི་ལོ་ཙཱ་རྩོད་མེད་གྲགས་པ་འབྱུང་ཿ དབུ་རུ་འཕན་ཡུལ་སྐབས་ཞེས་བྱརཿ ཡབ་མིང་སྐ་བ་བློ་ལྡན་ཞེས་བྱ་དང་ཿ ཡུམ་མིང་འབྲོ་བཟའ་རྡོ་རྗེ་ལྕམ་གྱི་བུཿ ཤཱཀྱ་ཐུབ་ཉེར་གནས་ཙུནྡ་ཚེ་འཕོས་པཿ སྐྱེས་མཆོག་སྐ་བ་དཔལ་བརྩེགས་ཞེས་བྱ་


PKT001_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༥༤ན༽བཿ ཕ་མ་གཉིས་ལ་བསླངས་ན་སྟེར་བར་མཆིཿ རུ་ལག་ཤངས་ཀྱི་དར་མ་སྒང་བྱ་བརཿ ཡབ་མིང་ཅོག་རོ་ཀླུ་ཡི་རྒྱལ་འབྱུང་དང་ཿ ཡུམ་ནི་འབྲང་བཟའ་མཛེས་མ་གཉིས་ཀྱི་བུཿ དགེ་བསྙེན་ལིཙྪ་བྱི་ནི་ཚེ་འཕོས་པཿ ཅོག་རོ་ཀླུ་ཡི་རྒྱལ་མཚན་ཞེས་བྱ་བཿ ཕ་མ་གཉིས་ལ་བསླངས་ན་སྟེར་བར་མཆིཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ལོ་ཙཱ་བ་གསུམ་ལུང་བསྟན་ནས་རྒྱལ་པོའི་ཐུགས་གསོས་པའི་ལེའུ་སྟེ་རེ་བརྒྱད་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

བཻ་རོ་ཙ་ན་གདན་དྲངས་པའི་ལེའུ།


PKT001_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་བློན་དཔོན་གཡོག་བདུན་བྱས་ནསཿ རྐང་ཐང་ཉི་ཤུ་རྩ་ལྔ་རྟ་ཕྱིར་ཁྲིདཿ སྙེ་མོ་བྱེ་མཁར་གནས་གཞིའི་བདུན་དུ་བཞུགསཿ དེ་མིས་ཕྱག་དང་ཞེས་མི་ཤེས་པསཿ མཇལ་བར་མ་ནུས་སྒོ་ཕྱིའི་རྒྱུ་འགྲུལ་ཆདཿ ཕྱེད་སྐད་དུས་ན་བྱིས་པ་ཐལ་སྐྱ་བྱུང་ཿ ལུས་བསྐྱོད་ངག་གླུ་འབྲེང་པ་འཁོར་གཅིག་བཅིངསཿ རྒྱལ་པོའི་ཞལ་ནས་འདི་ལ་གཏམ་དྲིས་གསུངསཿ བློན་པོས་བྱིས་པའི་མདྲན་ཕྱིན་ཁྲིད་ནས་འོངསཿ པ་གོར་ཧེ་འདོད་ཞི་རུ་ཡོད་དམ་དྲིསཿ ཡོད་པ་ཡོད་དེ་ད་ལྟ་གཏམ་ཚོལ་སོང་ཿ བྲན་ཀ་བཟའ་སྒྲོན་སྐྱིད་དེ་ཤེས་སམ་དྲིསཿ ཤེས་པ་ཤེས་ཏེ་ད་ལྟ་མིག་ཚོལ་སོང་ཿ སུའི་བུ་ཡིན་དྲིས་པ་ཕ་ཡི་བུ་ཡིན་ཟེརཿ ཁྱོད་ཀྱི་ཕ་མའི་མིང་ལ་ཇི་སྐད་ཟེརཿ ཁོང་རང་མིང་ངོ་


PKT001_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༥༤བ༽ཤེས་པ་དེ་ཀ་ཡིཿ ཁྱོད་ཀྱི་ཁང་པ་གང་ཡིན་ཁྱིམ་ཡིན་ཟེརཿ དེ་ལ་རྒྱལ་པོ་དགྱེས་ཏེ་འདིར་ཤོག་གསུངསཿ ཕྱག་འཚོལ་བྱས་པས་ཁྱོད་ཀྱིས་སློབས་དང་ཟེརཿ བསླབས་པས་ཤེས་ནས་རྒྱལ་པོར་ཕྱག་བཙལ་ལོཿ ཿམགོ་ལ་ཕྱག་གིས་བྱིལ་བྱིལ་མཛད་ནས་སུཿ སློབ་དཔོན་གསུང་བའི་བུ་དེ་འདི་རང་ཡིནཿ ཁ་རྟགས་ལ་ཉེ་བཟང་ལ་སྤྱང་པོར་འདུགཿ ང་ཡི་ཕྱི་ལ་ཨེ་འགྲོ་གསུངས་པ་ཡིསཿ ཕྱིན་ཆོག་ཁྱོད་ཀྱི་རྟ་མཇུག་སྐྱོན་ཅིག་ཟེརཿ ཕ་དེས་ཆང་ཁུར་མ་དེས་མར་ནག་ཁུརཿ ཁྱིམ་དུ་སོང་བས་ཨ་ཏ་ཨ་མ་ཟེརཿ གཏམ་ཁུངས་ཆང་ཡིན་མུན་པ་མར་མེས་སེལཿ གོ་བརྡ་འཕྲོད་ནས་བུ་དེ་རྟ་ལ་བསྐྱོནཿ རྐང་ཐང་ཉི་ཤུའི་དཀྱིལ་བཅུག་སྔོན་ལ་བཏང་ཿ རྒྱལ་བློན་བཅུ་གཉིས་ཕྱི་ལ་ཐེན་བྱས་བསྡདཿ དེ་ནས་པ་གོར་ཧེ་འདོད་སྔོན་དུ་བྱུང་ཿ རྒྱལ་བློན་འཁོར་བཅས་ནང་དུ་སྤྱན་དྲངས་ནསཿ ཞུགས་ཆེན་སྒྲོན་ནས་དྭངས་མ་གསེངས་པོ་དྲངསཿ མངའ་བདག་འདིར་བྱོན་ཞབས་དོན་ཅི་བདོག་ཅེསཿ མངའ་བདག་རྒྱལ་པོས་འདིར་མཆིས་དོན་གཞན་མེདཿ ཁྱོད་ཀྱི་བུ་འདི་སློང་དུ་འོང་བ་ཡིནཿ ཅེས་ཀྱང་བུ་འདིང་ལ་བྱིན་ཅིག་གསུངསཿ ཕ་མ་གཉིས་ནི་ངུ་ཞིང་མ་དགའ་སྟེཿ གཅིག་པུ་འདི་ལས་བུ་གཞན་ངེད་ལ་མེདཿ ལོ་ཡང་བརྒྱད་ལས་མ་ལོན་ཅི་མཛད་དགོངསཿ དེ་ནས་མངའ་བདག་རྒྱལ་པོས་བཀའ་སྩལ་པཿ


PKT001_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༥༥ན༽བོད་སྤྲུག་གཞན་གྱིས་ལོ་ཙཱ་མ་ཤེས་པསཿ ལོ་ཙཱ་བསླབས་ནས་བོད་དུ་ཆོས་བསྒྱུར་འཇུགཿ སློབ་དཔོན་ཆེན་པོ་པདྨས་ལུང་བསྟན་ཡིནཿ ཁྱོད་ཀྱི་བུ་འདི་མིན་པས་མི་ཡོང་གསུང་ཿཔ་གོར་ཧེ་འདོད་ཤིན་ཏུ་སྡངས་ནས་སུཿ རྒན་རྒོན་གཉིས་ལ་སྙིང་བརྩེ་གཅིག་པུ་འདིཿ རྒྱ་གར་ཡུལ་རྟོལ་ཀྱང་ག་ལ་རྟོལཿ ལོ་བརྒྱད་ལོན་པས་ཆོས་བསྒྱུར་མི་ཡོང་ལགསཿ དེ་སྐད་མི་གསུང་ཞུ་ཞེས་ཕྱག་བཙལ་བསཿ རྒྱལ་པོའི་ཞལ་ནས་བུ་འདི་ལོ་གཞོན་ཡང་ཿ ད་ལྟ་འདི་ག་བཞིན་དུ་གཏོང་བ་མིནཿ ལོངས་ནས་འགྲོ་བ་ཡོང་དུས་གཏོང་བ་ཡིནཿ རྒན་རྒོན་གཉིས་ཀྱི་སྐྱིད་སྡུག་ངས་ཤེས་གསུངསཿ བུ་འདི་ང་ལ་མི་སྦྱིན་མེད་ཐབས་མེདཿ དེ་ནས་བུ་བྱིན་ཡབ་ཡུམ་ཁྲིད་ནས་འོངསཿ ཡུལ་དབུས་གང་བཟང་འདོམས་ལ་སྡོད་ཅིག་གསུངསཿ ཡུལ་དབུས་གནམ་ལ་ཁ་བལྟས་ཡར་ཀླུངས་བཟང་ཿ ཡབ་ཡུམ་ཡར་ཀླུངས་རོག་བ་རྩ་རུ་བཞགཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བཻ་རོ་ཙ་ན་གདན་དྲངས་པའི་ལེའུ་སྟེ་རེ་དགུ་པའོཿ ཿཐ་ཐ་ཉྲེ་རྒྱ་རྒྱཿ ཿ

སློབ་དཔོན་རྣམ་གཉིས་དང་ལོ་ཙཱ་བ་གསུམ་གྱིས་ཆོས་བསྒྱུར་བའི་ལེའུ།


PKT001_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གན་ཇག་ཐང་ཏ་བསམ་ཡས་ཁྲིདཿ མཁན་སློབ་གཉིས་ཀྱི་དྲུང་དུ་བཞུགས་སུ་བཅུགཿ ལོ་བདུན་བར་དུ་དཀར་གསུམ་མངར་གསུམ་བྱིནཿ ཤེས་རབ་བསྐྱེད་ཐབས་བློ་འཕེལ་གཟུངས་སྒྲུབ་བཅུགཿ


PKT001_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༥༥བ༽དེ་ནས་ལོ་ཙཱ་སྒྲ་རྣམས་མཁས་པར་བསླབསཿ སྐ་བ་དཔལ་བརྩེགས་ཅོག་རོ་ཀླུའི་རྒྱལ་མཚནཿ རྒྱལ་པོས་འགུགས་པའི་ཕོ་ཉ་བཏང་ནས་བཀུགཿ ལོ་ཙཱ་སྒྲ་རྣམས་བསླབས་པས་མཁས་པར་ཤེསཿ དེ་ནས་རྒྱལ་པོས་སློབ་དཔོན་རྣམ་པ་གཉིསཿ བསམ་ཡས་སྒྲ་བསྒྱུར་གླིང་དུ་སྤྱན་དྲངས་ནསཿ གསེར་གྱི་ཁྲི་ལ་སློབ་དཔོན་པདྨ་བཞུགསཿ དངུལ་གྱི་ཁྲི་ལ་མཁན་ཆེན་བོ་དྷི་བཞུགསཿ གཡས་གྲལ་གཡོན་གྲལ་གབ་རྩེའི་གདན་གསུམ་ལཿ བཻ་རོས་གཙོས་བྱས་ལོ་ཙ་རྣམ་གསུམ་བཞུགསཿ དགུང་གྲལ་གཞི་ལ་རྒྱལ་པོ་ཉིད་བཞུགས་ནསཿ སློབ་དཔོན་གཉིས་ལ་གསེར་གྱི་མཎྜལ་རེཿ ཁྲུ་གང་པ་ལ་གསེར་གཡུའི་མེ་ཏོག་བཀོདཿ ལོ་ཙཱ་རྣམ་ལ་རཏྣའི་མཎྜལ་ཕུལཿ རྒྱལ་པོས་ཕྱག་བཙལ་ཆོས་གསུང་ཞུ་བ་ཕུལཿ ཨེ་མ་ཧོཿ རྒྱ་གར་ཆོས་ཀྱི་ཡུལ་ནས་བྱོན་པ་ཡིཿ བོད་དུ་ཉི་ཟླ་ཟུང་ཞིག་ཤར་བ་གཉིསཿ མདོ་སྔགས་སྣལ་མཚམས་མ་ལོག་གསུང་བར་ཞུཿ ལོ་ཙཱ་གསུམ་གྱིས་བོད་སྐད་བསྒྱུར་བར་ཞུཿ གསེར་ཕྱེ་ཀ་ཏོར་གང་གི་མེ་ཏོག་གཏོརཿ དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིསཿ གླང་གི་ལོ་མཇུག་སྟག་གི་ལོ་འགོའི་བརཿ གསང་སྔགས་ཕྱི་པ་ཀྲཱྀ་ཡོག་སྡེ་གསུམ་རྒྱུདཿ ཅོག་རོ་ཀླུ་ཡི་རྒྱལ་མཚན་བསྒྱུར་ནས་གསུངསཿ གསང་སྔགས་ནང་པ་ཡོག་རྣམ་གསུམ་རྒྱུདཿ བཻ་རོ་ཙ་ནས་


PKT001_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༥༦ན༽ལོས་བསྒྱུར་ནས་གསུངསཿ སྐུ་རིམ་ཕྱི་སྐོང་རྒྱལ་པོའི་མདོ་བཅུ་བསྒྱུརཿ ཤེས་རབ་སྙིང་པོ་ཟབ་མོ་ལྟ་བའི་མདོཿ འདའ་ཀ་ཡེ་ཤེས་ངེས་དོན་སྒོམ་པའི་མདོཿ བཟང་པོ་སྤྱོད་པ་རྒྱ་ཆེན་སྨོན་ལམ་མདོཿ རྡོ་རྗེ་རྣམ་པར་འཇོམས་པ་ཁྲུས་ཀྱི་མདོཿ བྱང་ཆུབ་ལྟུང་བཤགས་ལས་སྒྲིབ་བཤགས་པའི་མདོཿ གཙུག་ཏོར་ནས་བྱུང་གདུགས་དཀར་བཟློག་པའི་མདོཿ གསང་བདག་གོས་སྔོན་ཅན་ནི་བསྲུང་བའི་མདོཿ མགོན་པོ་ཚེ་དཔག་མེད་པ་ཚེ་བསྲིང་མདོཿ ནོར་གྱི་རྒྱུན་མ་ལོངས་སྤྱོད་སྤེལ་བའི་མདོཿ ཡི་གེ་གཅིག་མ་སྙིང་པོའི་མདོ་རྣམས་བསྒྱུརཿ ནང་གི་སྐོང་དུ་ན་རག་ཆ་ལགས་དང་ཿ གསང་བའི་སྐོང་དུ་བསྙེན་སྒྲུབ་ཆ་ལག་བསྒྱུརཿ དེ་ནས་རྒྱལ་པོའི་ཐུགས་དམ་མ་ཆག་པཿ ཁ་ཏོན་དྲི་མེད་བཤགས་རྒྱུད་ཉིད་ལ་མཛདཿ ཟླ་རེ་བཞིན་དུ་དམ་སྐོང་དོང་སྤྲུགས་མཛོདཿ དགུང་ལོ་བཞི་བཅུ་ཞེ་དྲུག་ཚེ་དུས་ལཿ མི་ལོ་བཅུ་གསུམ་སླར་ལ་བསྲིངས་པར་གྱུརཿ དེ་བར་ཆོས་ཀྱི་བསྒྱུར་ཚུལ་མང་ཡོད་ཀྱང་ཿ འདི་རུ་ཡི་གེ་མང་དོགས་མདོ་ཙམ་བསྡུསཿ བཀའ་འདུས་ཆོས་ཀྱི་རྒྱ་མཚོ་འཐུད་དུ་བཅུགཿ ཆོས་ཚན་བརྒྱ་དང་སུམ་ཅུ་སོ་བརྒྱད་བསྒྱུརཿ ཞི་བ་རྡོ་རྗེ་དབྱིངས་ཀྱིས་གཙོ་བྱས་ནསཿ བདེར་གཤེགས་འདུས་པ་བརྒྱ་དང་སུམ་ཅུ་ལྔཿ གསང་སྔགས་ཕྱི་མདོ་བརྒྱ་དང་རྩ་གཅིག་


PKT001_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༥༦བ༽བསྒྱུརཿ སྒྱུ་འཕྲུལ་སྡེ་བརྒྱད་བླ་མེད་དོན་རྫོགས་འདུསཿ གསང་སྔགས་བསྒྱུར་ཚུལ་མཁའ་ལ་ཉི་ཤར་འདྲཿ དེ་ནས་མཁན་པོ་བོ་དྷི་ས་ཏྭ་དང་ཿ སྐུ་གཅིག་མཚན་མང་བནྡེ་ཡེ་ཤེས་སྡེསཿ འདུལ་བ་ལུང་དང་ལུང་རྩ་སྡེ་བཞི་དང་ཿ སྟོང་ཕྲག་བརྒྱ་པ་བྱམས་ཞུས་རྟག་ཏུ་ངུ་ཿ མདོ་ཆོས་རྒྱས་འབྲིང་རྣམ་གསུམ་མ་ལུས་བསྒྱུརཿ ལངྐར་གཤེགས་པ་བམ་པོ་བཅོ་ལྔ་དང་ཿ དཀོན་ཅོག་བརྩེགས་པ་སུམ་ཅུ་རྩ་ལྔ་དང་ཿ ཕལ་པོ་ཆེ་ལ་བམ་པོ་ཉིས་བརྒྱ་བརྒྱདཿ མྱ་ངན་འདས་པ་བམ་པོ་བརྒྱ་བཅུ་གཉིསཿ ལས་འབྲས་དྲང་དོན་བསྟན་པའི་མདོ་རྣམས་བསྒྱུརཿ སྐ་བ་དཔལ་བརྩེགས་གསང་སྔགས་ཕྱི་བ་བསྒྱུརཿ བྱ་རྒྱུད་ཀྲཱྀ་ཡ་སྡེ་སྡུག་སྡེ་ལྔ་དང་ཿ གཉིས་སྤྱོད་ཨུ་པ་ཡ་ཡི་རྒྱུད་བཞི་དང་ཿ རྣལ་འབྱོར་ཡོ་གའི་རྒྱུད་སྐོར་མ་ལུས་བསྒྱུརཿ གཞུང་ཆེན་བམ་པོ་སུམ་བརྒྱ་མ་འགྱུར་རོཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ སློབ་དཔོན་རྣམ་གཉིས་དང་ལོ་ཙཱ་བ་གསུམ་གྱིས་ཆོས་བསྒྱུར་བའི་ལེའུ་སྟེ་བདུན་ཅུ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

ལོ་ཙཱ་བ་བརྒྱ་རྩ་བརྒྱད་བསྡུས་ཏེ་སད་མི་མི་བདུན་ལ་སོགས་རྒྱ་གར་དུ་བརྫངས་པའི་ལེའུ།


PKT001_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མངའ་བདག་རྒྱལ་པོའི་ཐུགས་དགོངས་ལཿ སློབ་དཔོན་གཉིས་ཀྱི་ལུང་གྲངས་མང་གསུང་བསཿ དེ་དག་ཐམས་ཅད་བོད་དུ་ལེན་དགོས་བསམཿ བློ་རྣོ་སྙིང་རུས་ཆེ་བའི་མཆོག་གྱུར་པཿ ལོ་ཙཱ་བརྒྱ་དང་རྩ་བརྒྱད་ཚོལ་


PKT001_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༥༧ན༽དགོས་སྙམཿ མངའ་འོག་བོད་ཡུལ་རུ་བཞི་ཐམས་ཅད་ཀྱིཿ ལོ་བརྒྱད་ཡན་ཆད་བཅོ་བརྒྱད་མན་ཆད་ཀྱིཿ ལུས་ལ་སྐྱོན་མེད་སེམས་ལ་ཐགས་མ་ཞུགསཿ བློ་གསལ་གཡེར་ཞིང་དྲན་པ་གཞུངས་མང་བསྡུསཿ འདི་དུས་ཙ་ན་བོད་ཁམས་ཐམས་ཅད་ཀྱིཿ སྐྱེ་མཆེད་དངས་པའི་ཕ་མ་སེམས་ཁྲལ་ཆེཿ ལམ་འཇིགས་མང་ཞིང་སྲོག་མི་བརྟན་པས་སུཿ རྒྱ་གར་ཚད་པ་ཆུ་ནད་མིག་སེར་ཚཿ ལྐོག་རྔན་གཏོང་ཞིང་ཡུལ་འཁྱར་མཐའ་ལ་འབྲོསཿ དེ་དག་ཡུལ་གཞིས་རྒྱ་གར་འཁོར་ལ་སྟེརཿ ཡུལ་སྲེད་ཅན་རྣམས་རྒྱ་གར་མི་འཁོར་ཡང་ཿ སྙིང་རུས་ཅན་གྱིས་རྒྱ་གར་འགྲོ་བ་ལཿ ཡར་ཀླུངས་སྦ་མི་ཁྲི་གཞེར་ས་ཤི་ཏཿ འཁོན་རྗེ་ཀླུ་དབང་སྲུང་བ་ཞང་སེ་བཙནཿ ཤུད་བུ་ཁོང་སླེབ་སྦ་ལོ་རཏྣ་དང་ཿ རྨ་བན་རིན་ཆེན་མཆོག་དང་ཡར་ལྷ་བུཿ འཕྱོས་ཀྱི་གཉགས་ཆེན་ཛྙཱ་ན་ཀུ་མཱ་རཿ ཡོན་ཏན་སྙིང་པོ་ལེགས་སྦྱིན་ཉི་མ་དང་ཿ ལྡན་མ་རྩེ་མང་ཨཱ་ཙརྻ་ས་ལཿ བྲན་ཀ་མཱུ་ལ་ཀོ་ཥ་སྦས་ཐིར་ལེནཿ ཉང་བན་ཤ་མི་གོ་ཆ་ཨ་ནནྟཿ གནུབས་སྟོན་ནམ་མཁའི་སྙིང་པོ་འདྲེ་རྒྱལ་བློཿ རླངས་ཆེན་དཔལ་སེང་རུ་གྱོང་བཱི་རྻ་རཱཿ གྲུ་གུ་ཨེ་བག་ལང་གྲོ་དཀོན་ཅོག་འབྱུང་ཿ དྲན་པ་ནམ་མཁའ་མོན་བུ་རྒྱལ་བྱང་ཆུབཿ ཕྱི་ཤྭ་མི་ཏྲ་ཁུ་བཙན་འབྱུང་གནས་འོདཿ ཁྱུང་པོ་དབྱིད་བསོད་ངན་ལམ་རྒྱལ་མཆོག་དབྱངསཿ


PKT001_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༥༧བ༽གནུབས་བན་སངས་རྒྱས་ཡེ་ཤེས་སྦས་གསལ་སྣང་ཿ སྦ་ལོ་ཡེ་ཤེས་དབང་པོ་སྦ་དཔལ་དབྱངསཿ ཡེ་ཤེས་འཇམ་དབྱངས་ལྷ་ལུང་དཔལ་རྡོར་དང་ཿ ཉང་ཁམས་གོ་ཆ་ལ་སུམ་རྒྱལ་བྱང་ཆུབཿ སོག་པོ་དཔལ་ཡེ་ཨཱ་ཙར་ཡེ་ཤེས་དབྱངསཿ ཛྙཱ་ན་དེ་བ་ཀོ་ཥ་འགོས་ཆོས་གྲུབཿ བྲན་ཀ་མུ་ཏི་ཀ་དང་ལོ་ཀི་ཆུང་ཿ འོ་བྲན་དཔལ་གྱི་དབང་ཕྱུག་ཤམ་མེས་བཀོལཿ ལྷ་ལུང་ཡུལ་སྐོད་མེ་ཏོག་བྱང་ཆུབ་འབརཿ ཞང་བན་ཛྙཱ་ན་ཤེས་རབ་ཡར་རྗེ་བརྩིགསཿ སྣ་ནམ་རྡོ་རྗེ་བདུད་འཇོམས་ཡེ་ཤེས་སྡེཿ ཤཱཀྱ་པྲ་བྷ་ཨཱ་ཙར་དྷརྨཱ་ཤྲཱིཿ དེ་བ་སམྦྷ་དེ་བ་བྱང་ཆུབ་དང་ཿ སྐ་བ་དཔལ་བརྩེགས་ཅོག་རོ་ཀླུའི་རྒྱལ་མཚནཿ བཻ་རོ་ཙ་ན་ཆོས་ཀྱི་ལྷུན་པོ་དང་ཿ རྩངས་བན་ལེགས་གྲུབ་དཔལ་འབྱོར་ལྷའི་ཟླ་བཿ དེ་སོགས་བརྒྱ་རྩ་བརྒྱད་ལ་ལོ་ཙཱ་བསླབསཿ དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིསཿ ཐད་ཀ་ཐད་ཀར་མཐུན་རྐྱེན་ལེགས་སྦྱར་ནསཿ བོད་ཀྱིས་སྡོམ་གསུམ་བསྲུང་བར་ཨེ་ཐུབ་སྙམཿ ཁྲུས་ཁང་གླིང་དུ་མཁན་པོ་གདན་དྲངས་ནསཿ སྦ་མི་གསལ་སྣང་དཔལ་དབྱངས་རྒྱལ་མཆོག་དབྱངསཿ ལྷ་ལུང་དཔལ་རྡོར་རྨ་རིན་ལ་སུམ་རྒྱལཿ མཁས་པ་བཻ་རོ་ཙ་ན་རབ་ཏུ་བྱུང་ཿ སད་མི་མི་བདུན་བླ་ཡི་མཆོད་གནས་བཀུརཿ ནམ་མཁའི་སྙིང་པོ་གྲུ་གུ་ཨེ་བག་ཤཿ རུ་གྱོང་བཱི་རྻ་རླངས་ཆེན་དཔལ་སེང་གེཿ


PKT001_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༥༨ན༽རྒྱལ་བའི་བློ་གྲོས་རྣམས་ཀྱང་རབ་ཏུ་བྱུང་ཿ དབུ་ཡི་མཆོད་གནས་བཀུར་བར་བཀའ་ལ་བཏགསཿ སད་མི་མི་བདུན་དགེ་སློང་མི་ལྔ་ལཿ དབུ་ལ་རིན་པོ་ཆེ་ཡི་པྲོག་ཞུ་བསྐོནཿ ཞལ་དུ་ལི་ཁར་ལྷ་ཡི་སྐྱེམས་དྲངས་ནསཿ འོ་སྐོལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་སུཿ མདོ་སྔགས་བསྟན་པ་དར་བར་བྱ་བའི་ཕྱིརཿ རྒྱ་གར་ཡུལ་དུ་ཆོས་འཚོལ་གཏོང་བ་ཡིནཿ གསེར་གྱི་པ་ཏྲ་བདུན་དང་གསེར་བྲེ་དགུཿ ཕྱག་ཏུ་སྣོམས་ལ་བོད་དུ་ཆོས་བསྒྱུར་ཅིགཿ དེ་སྐད་གསུངས་ནས་རྒྱ་གར་ཡུལ་དུ་བརྫངསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ལོ་ཙཱ་བ་བརྒྱ་རྩ་བརྒྱད་བསྡུས་ཏེ་སད་མི་མི་བདུན་ལ་སོགས་རྒྱ་གར་དུ་བརྫངས་པའི་ལེའུ་སྟེ་དོན་གཅིག་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

བོད་ཀྱི་བཻ་རོ་ཙ་ན་མཇལ་ཕྲད་མཛད་པའི་ལེའུ།


PKT001_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལྷོ་བྲག་རྩངས་རྗེ་ཐེ་ལེན་བུཿ བློ་གསལ་རྩངས་སྔོན་ལེགས་ཅེས་བྱ་བཿ ཉི་ཤུ་རྩ་ལྔའི་ལོ་ལོན་སྒོ་མཐོན་དང་ཿ ཡ་རབས་བློ་དང་ལྡན་པའི་བཻ་རོ་གཉིསཿ སྔོན་ཞུགས་བྱས་པའི་སྔོན་ལ་རྒྱ་གར་ཕྱིནཿ ཟླ་བ་གཉིས་ན་རིགས་ངན་གཅན་འཕྲད་སླེབཿ གཅན་འཕྲང་པ་ཡིས་མི་གསོད་གསེར་འཕྲོག་པསཿ བཻ་རོ་ཙ་ནས་རྫུ་འཕྲུལ་བྱས་ནས་ཀྱང་ཿ རིན་ཆེན་ཟ་མ་ཏོག་ཅིག་ནང་དུ་ནིཿ ལྕགས་ཀྱི་སྤུ་གྲི་ཞིག་ཏུ་སྤྲུལ་ནས་བསྡདཿ འཕྲང་སྲུང་ཀུ་མཱ་ར་ནི་ངོ་མཚར་སྐྱེསཿ ལེགས་


PKT001_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༥༨བ༽གྲུབ་གསོད་བདོད་མཐའ་མི་སྤྱི་ཟླུམ་སྤྲུལཿ གཅན་འཕྲང་པ་ཡིས་མ་སོད་ཀེ་རེ་ལུསཿ དེ་ནས་བཻ་རོ་ཙ་ནས་མགུར་གསུངས་པཿ གསལ་ཁྱབ་ནམ་མཁའ་ལྟ་བུའི་ལུས་འདི་ལཿ བསད་དང་མ་བསད་ཤི་དང་མ་ཤི་མེདཿ སྲོག་འདི་བཅད་ན་ཁྱོད་ལ་སྡིག་པ་འོང་ཿ སྒྱུ་མའི་གསེར་ཕྱེ་བརྔན་པ་འདི་བཞེས་ལཿ ལམ་སྣ་ཇི་ལྟར་ཡིན་པ་བསྟན་དུ་གསོལཿ དེ་སྐད་གསུངས་ནས་གསེར་ཕྱེ་ཚོམ་ཅིག་བྱིནཿ འཕྲང་སྲུང་དགའ་ནས་ས་ལ་མ་དྲང་པོར་བསྟནཿ དེ་ནས་རྒྱ་གར་རྡོ་རྗེ་གདན་དུ་རྟོལཿ རྒྱ་གར་ཡུལ་རྣམས་མ་ལུས་ཁྱི་བཞིན་འཁྱམསཿ ཕྲད་ཚད་མི་ལ་དམ་ཆོས་སུ་མཁས་དྲིསཿ རྒྱ་གར་མཁས་པ་ཉི་ཤུ་རྩ་ལྔ་རྙེདཿ པྲ་བརྟྟ་དང་ཤཱི་ལནྡྲ་བོ་དྷིཿ ཛི་ན་མི་ཏྲ་ཛྙཱ་ན་སཱུ་ཏྲ་དང་ཿ ཨཱ་ནནྟ་དང་སུ་རེནྡྲ་བོ་དྷིཿ དྷརྨཱ་ཤྲཱི་དཱ་ན་ཤཱི་ལ་དང་ཿ ཙནྡྲ་གོ་མི་པཉྩ་ཛྙཱ་ན་དང་ཿ ཀ་ན་ཀ་དང་ཤཱཀྱ་ཤྲཱི་པྲ་བྷཿ པྲ་ཛྙཱ་ཝརྟྟ་ཀཱ་ལ་ག་ལ་བྷཿ བི་མ་མི་ཏྲ་གུ་ཧྱ་བུ་དྡྷ་དང་ཿ ཨཱརྻ་དེ་བ་ཀ་མ་ལ་ཤཱི་ལཿ དྷརྨཱ་གཱིརྟི་ཤཱནྟ་དེ་བ་དང་ཿ ཤྲཱི་བ་ལེ་དྷ་ར་ཙི་ཏྲ་མ་ཎི་དང་ཿ ཤཱིནྟི་ངྒརྦྷ་ཤཱི་ལ་མཉྫུ་དང་ཿ བུ་དྡྷ་གུ་བྷ་ཉི་ཤུ་རྩ་ལྔ་འདིཿ སྐུ་ལེ་ཁྲོ་བ་མི་མངའ་བྱང་ཆུབ་སེམསཿ པཎ་ཆེན་ཀུན་དང་མཇལ་ཚུལ་ཟུར་ཙམ་ནིཿ ཆུ་ལེན་པ་ལ་འཕྲིན་བསྐུར་ལན་མ་བྱུང་ཿ ཏ་ལའི་ལོ་མར་སྒྲ་འདི་བྲིས་ནས་བསྐུརཿ མཧཱ་ཀཱ་རུ་ཎ་བུ་དྡྷ་དྷ་རྨཱ་སངྒ་ཛྙཱ་ན་མོ་ཡཿ བོ་དྷི་ས་ཏྭ་ཀཱ་


PKT001_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༥༩ན༽རུ་ཎ་ས་མ་ཡཿ ཛྙཱ་ན་གརྦྷ་ཀུ་རུ་བྷ་སྨི་ནཿ ཞེས་བསྐུར་སྒྲ་ལ་མཁས་པ་རྣམས་ཀྱིས་བསྒྱུརཿ འཕགས་པའི་འཕགས་པ་བྱང་ཆུབ་སེམས་དཔའ་ཁྱོདཿ འགྲོ་བ་རིགས་དྲུག་བསོད་ནམས་མི་ལུས་སྐུཿ རིན་ཆེན་འབར་བ་སྡེ་སྣོད་གསུམ་གྱི་དབྱིགཿ ཡིད་བཞིན་ནོར་ལྟར་ཐུགས་རྗེའི་སྟོབས་མཆོག་ཅནཿ གསལ་ཁྱབ་ཉི་མ་ལྟ་བུའི་སྐུ་ལུས་ལཿ སྐྱེ་བ་བརྒྱུད་ནས་མི་ལུས་ཐོབ་པ་ཡིཿ བོད་ཀྱི་དགེ་སློང་དངོས་ན་བདག་དངོས་ཀྱིསཿ སྒྲིབ་པ་སྦྱང་ཕྱིར་དཀོན་ཆོག་རིན་ཆེན་ལཿ རྟག་པར་མཆོད་ཅིང་ཡུན་དུ་ཞབས་འཁོར་བསཿ མུན་པ་བསལ་ནས་བསོད་ནམས་ཚོགས་བསྐྱེད་ནཿ ཐུགས་རྗེ་མ་བསྐྱེད་སྨེན་ལམ་མ་དག་པསཿ འཕགས་པའི་བཞུགས་གནས་སེམས་ཅན་གནས་སུ་འགྱངསཿ སྟུག་པོའི་ཉི་ཞལ་འཕགས་པའི་འཐིབས་བསལ་འཁུམསཿ སྟོན་པའི་ཐུགས་རྗེའི་ཞབས་པས་གཟུང་གསོལ་ལོཿ དེ་ནས་སྒྲ་ལན་བསྐུར་བ་འདི་ལྟ་སྟེཿ ས་མ་ཡ་ཨ་བཱ་ར་མི་ཏ་ཛྙཱ་ནཿ ཞེས་བྱ་བ་བསྐུར་བཻ་རོ་ཙ་ནས་བསྒྱུརཿ སྔོན་གྱི་དམ་ཚིག་ཆེན་པོས་བདག་བསྐུལ་ནཿ ཁྱོད་དང་མི་འཕྲད་པ་ཡི་རང་དབང་མེདཿ འགྲོ་བའི་སེམས་ཉིད་དེ་བཞིན་གཤེགས་པ་ཡིནཿ སྲིན་བུ་པདྨ་ཡན་ཆད་སངས་རྒྱས་རྒྱུཿ རིགས་དྲུག་འགྲོ་བ་སངས་རྒྱས་མཉམ་གྱུར་ཡང་ཿ འཕགས་


PKT001_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༥༩བ༽པའི་འཕགས་པ་སྟོན་པ་ཁྱོད་ཀྱིས་རྙེདཿ དཀོན་ཅོག་རིན་ཆེན་བླ་མེད་མཆོད་གནས་ལཿ བསྔགས་པ་མཐོང་མ་ཚོགས་རྣམས་སྐྱེ་བའི་རྒྱུཿ སེམས་ཀྱི་རུས་པས་ཡན་ལག་ཐང་བཅད་ནསཿ དཀའ་བས་བྱོན་པ་བདག་ཀྱང་དགའ་བའི་མཆོགཿ ཤེས་པ་བསྡུར་ལ་ཁད་ཀྱིས་འཕྲད་བྱར་གོཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ རྒྱ་གར་གྱི་པཎ་ཆེན་ཉི་ཤུ་རྩ་ལྔ་དང་ཿ བོད་ཀྱི་བཻ་རོ་ཙ་ན་མཇལ་ཕྲད་མཛད་པའི་ལེའུ་སྟེ་དོན་གཉིས་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

བཻ་རོ་ཙ་ནས་ཀུ་ཤ་ལྕགས་སྡོང་དུ་རྐང་མགྱོགས་བསྒྲུབས་པའི་ལེའུ།


PKT001_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གསེར་གྱི་པ་ཏྲ་གསེར་ཕྱེ་ཕུལཿ བོད་ཀྱི་རྒྱལ་པོའི་ལོ་རྒྱུས་ཞིབ་ཏུ་བསྙདཿ དགེ་སློང་ཆེན་པོ་བོ་དྷི་ས་ཏྭ་དང་ཿ སྔགས་པ་པདྨ་འབྱུང་གནས་བོད་ན་བཞུགསཿ རྒྱུ་དང་འབྲས་བུ་གཉིས་ཀྱི་ཆོས་སྒོ་ནསཿ སངས་རྒྱས་བསྟན་པ་གཉིས་ལྡན་གསལ་བར་མཛདཿ རྒྱལ་པོ་རྒྱུ་འབྲས་ཆོས་ཀྱིས་མ་ཚིམ་ཞིང་ཿ ཅིག་ལས་དང་ཉོ་ག་ཐོས་སི་ལསཿ ལུང་དྲངས་པ་ཡི་ཆོས་ཚོ་ཚོལ་དུ་བཏང་ཿ ཐུགས་ལ་གདགས་པར་ཞུས་པས་རབ་ཏུ་མཉེསཿ པཎ་ཆེན་རིམ་པ་བཞིན་དུ་ཆོས་བཀའ་བསྒོཿ ལེགས་གྲུབ་ངོ་སོ་འདོད་ནས་སྔོན་ལ་སོང་ཿ མ་དེ་མ་ཤིའི་གོང་དུ་ཆོས་འཆད་ཟེརཿ བསམ་པ་ལ་མ་ལུས་གཅན་འཕྲང་དམ་པོས་བསདཿ བཻ་རོ་ཙ་ནས་བསྡད་དེ་ཆོས་ལ་སྦྱངསཿ བླ་མས་ཚིམ་མམ་གསུངས་


PKT001_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༦༠ན༽ཀྱང་མ་ཚིམ་ཞུསཿ ལག་པ་སྔས་བཅུག་ཁ་སྦུབ་ཉལ་ནས་བསྡདཿ ནའམ་གསུང་པས་ན་ཞུས་ཅི་ན་གསུང་ཿ བཻ་རོས་ན་བ་བཞི་ཡི་མགུར་འདི་གསུངསཿ བདག་ནི་མཐོང་སྟེ་མ་འཕྲད་རང་སེམས་ནཿ མྱོང་སྟེ་མ་ཚིམ་ད་དུང་རང་སེམས་ནཿ ཆ་ཙམ་ཐོས་ཏེ་མ་གོ་རང་སེམས་ནཿ ནད་ནི་རྫོགས་ཆེན་སེམས་སྡེ་མ་བུས་ནཿ ནད་དེ་མཐའ་རུ་ཕྱིན་པའི་སྨན་ཞིག་ཞུཿ བླ་མ་དགྱེས་ཏེ་བདག་གིས་ཀུན་བསྟན་ནཿ ཁྱོད་ཀྱིས་ཅི་ལ་བརྡུགས་ནས་མ་བྱུང་གསུངསཿ བཻ་རོས་བརྡུགས་པ་བཅུ་ཡི་མགུར་འདི་གསུངསཿ ཕྱོགས་རིས་མེད་པའི་ལྟ་བ་དེཿ ལ་ཤན་གཉིས་ཀྱི་འཕྲང་ལ་བརྡུགསཿ དུས་གསུམ་སངས་རྒྱས་དགོངས་པ་དེཿ བྱིང་རྒོད་གཉིས་ཀྱི་འཕྲང་ལ་བརྡུགསཿ འབྲས་བུ་སྐུ་གསུམ་ལྷུན་གྲུབ་དེཿ བརྡ་དོན་མ་འཕྲད་འཕྲང་ལ་བརྡུགསཿ རྫོགས་ཆེན་བྱ་བྲལ་ལྷུན་གྲུབ་དེཿ དོན་དང་བྲལ་བའི་འཕྲང་ལ་བརྡུགསཿ སངས་རྒྱས་སྤྱོད་ཡུལ་རང་དབང་དེཿ སྤྱི་བླུགས་ཚངས་པའི་དབང་ལ་བརྡུགསཿ སྤྱོད་པ་བླང་དོར་བྲལ་བ་དེཿ འདོད་རྩོལ་གཉིས་ཀྱི་འཕྲང་ལ་བརྡུགསཿ ལམ་ལ་བགྲོད་དུ་མེད་པ་དེཿ ལུང་རིག་གཉིས་ཀྱི་འཕྲང་ལ་བརྡུགསཿ ཡེ་ཤེས་རང་བྱུང་ཟང་ཐལ་དེཿ བག་ཆགས་འཐུག་པོའི་འཕྲང་ལ་བརྡུགསཿ མན་ངག་སེམས་སྡེ་མ་བུ་འདིཿ ཟུང་ངུ་མ་འབྲེལ་འཕྲང་ལ་བརྡུགསཿ བཻ་རོ་


PKT001_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༦༠བ༽ཙ་ན་འགྲོ་བ་ལཿ འགྲོ་དང་འགྲོ་སྟེ་འཕྲང་ལ་བརྡུགསཿ ཞེས་གསུངས་བླ་མ་རབ་ཏུ་དགྱེས་པར་གྱུརཿ སྔར་གྱི་སྟེང་དུ་བྱང་སེམས་རྨད་བྱུང་བཤདཿ མདོ་རྩ་མདོ་ལུང་མདོ་འགྲེལ་ལ་སོགས་པཿ རྫོགས་པ་ཆེན་པོ་སེམས་སྡེ་མ་བུ་བཤདཿ རྫོགས་པ་ཆེན་པོ་འཁོར་བ་རྩད་གཅོད་རྒྱུདཿ རྒྱ་མཚོ་ཀློང་དང་ཀློང་ཁྲ་ཀློང་ནག་བཤདཿ མན་ངག་ཐུགས་ཐག་ཆོད་པ་མང་པོ་གནང་ཿ བློ་ལ་ཟིན་ཚད་བཟུང་ཞིང་མ་ཟིན་རྣམསཿ ཏ་ལའི་ལོ་མར་བྲིས་ནས་ཡང་ཆས་བྱསཿ དེ་ནས་བོད་དུ་འགྲོ་བར་དགོངས་པ་ལཿ གུ་རུས་ཁྱོད་ཀྱི་གྲོགས་པོ་ལེགས་གྲུབ་གུམཿ ཁྱོད་ཀྱང་བསད་འགྲོ་རྐང་མགྱོགས་སྒྲུབ་ཤིག་གསུངསཿ རྐང་མགྱོགས་མཁན་པོ་ཀུ་མཱ་ར་ལ་ཞུསཿ སྐུ་ཤ་ལྕགས་ཀྱི་སྡོང་པོ་ཅན་གནས་སུཿ རེ་ཏཱི་ལྕགས་ཀྱི་དྲེའུ་རྟ་རྐང་གསུམ་བསྒྲུབསཿ ཡུལ་དེའི་མི་རྣམས་ཁྱོད་འདིར་ཅི་བྱེད་ཟེརཿ ལན་དུ་བཻ་རོ་ཙ་ནས་མགུར་འདི་གསུངསཿ བདག་ནི་ལོ་ཙ་བཻ་རོ་ན་སྟེཿ དམིགས་མེད་མཁའ་ལྟར་དག་པ་ཆོས་ཀྱི་དབྱིངསཿ བདེ་ཆེན་འདུ་འབྲལ་མེད་པའི་ཀློང་དཀྱིལ་ནསཿ ཡ་མཚན་རྨད་བྱུང་བདག་གི་ལུས་འདི་རྙེདཿ མཁའ་ཀློང་རྣམ་དག་ཆོས་ཀྱི་དབྱིངས་ནས་འོངསཿ འཇིག་རྟེན་འདི་ཡི་དགོས་པའི་གཏམ་བགྱིས་ཏེཿ ཀུན་གཞི་མ་བཅོས་བདེ་ཆེན་ལྷུན་རྫོགས་པའིཿ མཁའ་ལྟར་དག་པའི་བྱང་ཆུབ་སེམས་ཉིད་འདིཿ རིག་པའི་ཀློང་ནས་ཐུགས་རྗེའི་ཉི་མ་ཤརཿ དུས་གསུམ་རྒྱལ་བའི་དགོངས་པ་བདག་གིས་རྙེདཿ སྐྱེ་མེད་མི་དམིགས་ཡི་གེ་


PKT001_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༦༡ན༽ཨ་གཅིག་ལསཿ དགོངས་པའི་དོན་དུ་བྱ་བ་དེ་ལས་མེདཿ ཨ་ནི་ཡེ་ན་ས་མི་དམིགས་སྐྱེ་མེད་དེཿ སྐྱེ་མེད་ཆོ་འཕྲུལ་དགོས་དགུ་འབྱུང་བའི་ཕྱིརཿ དེ་ལས་བྱུང་བའི་དོན་ནི་འདི་རྣམས་སོཿ ནོར་ནི་མ་མཆིས་མཁས་པའི་མན་ངག་འཆང་ཿ བླ་མ་མ་མཆིས་པཎ་ཆེན་ཉི་ཤུ་ལྔཿ འཁོར་ནི་མ་མཆིས་ལྷ་སྲིན་སྡེ་བརྒྱད་བསྐོརཿ ཆུང་མ་མ་མཆིས་ཀུན་ཏུ་བཟང་མོ་ཡིནཿ གྲོགས་ནི་མ་མཆིས་མ་མོ་མཁའ་འགྲོའི་གྲོགསཿ རྟ་ནི་མ་མཆིས་ཚོགས་བརྒྱད་ཡིད་ཀྱི་རྟཿ བུ་ནི་མ་མཆིས་རིག་པའི་ཡེ་ཤེས་བུཿ ལྷ་ནི་མཆིས་རང་སེམས་དོན་གྱི་ལྷཿ མཐུ་ནི་མ་མཆིས་དུག་གསུམ་རྩད་ནས་གཅོདཿ རྟེན་ས་མ་མཆིས་དོ་ནུབ་རྟེན་ས་མཛོདཿ ཅེས་གསུངས་འདུས་པའི་ཚོགས་རྣམས་ཡི་རང་བྱུང་ཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བཻ་རོ་ཙ་ནས་ཀུ་ཤ་ལྕགས་སྡོང་དུ་རྐང་མགྱོགས་བསྒྲུབས་པའི་ལེའུ་སྟེ་དོན་གསུམ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

བཻ་རོ་ཙ་ནས་རྐང་མགྱོགས་བསྒྲུབས་ནས་བོད་དུ་འབྱོན་པར་ཆས་པའི་ལེའུ།


PKT001_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྐང་མགྱོགས་གྲུབ་སྟེ་ཆོས་རྣམས་ཁུརཿ ཡུལ་དཀོ་ཤ་ཙནྡན་གླིང་དུ་བྱོནཿ དཀོའི་རྒྱལ་པོ་རཱ་ཧུལ་བྱི་བྱི་འོངསཿ རས་ཀྱི་བར་ཀ་ཏ་ཞིག་གུས་ཕུལ་ནསཿ བོད་ཀྱི་བནྡི་སྐྱེ་མེད་ཆོས་བྱ་བཿ ཇི་ལྟ་བུ་ལ་ཟེར་བ་གསུངས་དང་ཟེརཿ བར་ཏ་སྐུ་ལ་གསོལ་ནས་མགུར་གསུངས་པཿ བདག་ནི་རྣམ་པར་སྣང་


PKT001_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༦༡བ༽མཛད་དེཿ འགྲོ་བ་རྣམ་པ་སྣ་ཚོགས་ལཿ གསལ་བྱའི་ཉི་མ་བྱ་དགོངས་ནསཿ དཀའ་བ་བཅུ་དྲུག་དཀའ་ལས་བགྱིསཿ སྒྱུ་མའི་ཕུང་པོ་ལུས་བཤིག་ནསཿ སྔོན་པའི་ཐུགས་རྗེ་བདག་ལ་ཤརཿ ཀུན་ལ་སྣང་བར་མཛད་པས་ནཿ མིང་ཡང་རྣམ་པར་སྣང་མཛད་ཡིནཿ མིང་དང་དོན་དུ་བདག་མཐུན་ཏེཿ ཆོས་དབྱིངས་མཁའ་ལྟར་དག་པའི་གཏིང་རྫོགས་པསཿ སངས་རྒྱས་ངོ་བོར་མ་གྱུར་གཅིག་ཀྱང་མེདཿ སྟོན་པའི་ཞལ་སྐྱིན་བདག་གིས་བཤད་པ་འདིཿ རྒྱལ་པོའི་ཐུགས་ལ་དགོངས་ལ་བག་ཙམ་ཉོནཿ དམིགས་སུ་མེད་པའི་བྱང་ཆུབ་སེམསཿ གཟུང་དང་འཛིན་པ་གཉིས་དང་བྲལཿ ཐ་སྙད་ཚིག་གི་སྒྲ་སྤངས་ནསཿ དེ་ཉིད་གསལ་ལ་མ་ཡེངས་པཿ སྐྱེ་བ་མེད་པའི་ཆོས་དབྱིངས་ཡིནཿ དགོངས་པའི་དོན་དུ་དེ་བཞག་གོཿ དེ་ཉིད་མ་ནོར་སྒོམ་པསཿ སྐྱེ་བ་ཕྱི་མ་མི་ལེན་ངེསཿ ཞེས་གསུངས་རྒྱལ་པོ་རབ་ཏུ་མཉེས་གྱུར་ནསཿ འཕགས་པ་བྱམས་སྐུ་གསེར་ལས་བྱས་ཤིག་ཕུལཿ དེ་ནས་བོད་དུ་འགྲོ་བར་ཆས་པ་ལཿ རྒྱལ་བློན་པཎྜི་ཏ་ཀུན་རྨི་ལྟས་ལོགཿ གྲོང་ཁྱེར་སེར་སྐའི་ཤཱི་ལ་ནཱ་ལནྡྲའིཿ སྒོ་དྲུང་ཚོགས་ནས་བགྲོས་ཤིང་པྭ་མོ་ཕབཿ ཡ་གི་རྫོགས་པ་ཆེན་པོ་མན་ཆད་ནསཿ མ་གི་ཉན་ཐོས་ཐེག་པ་ཡན་ཆད་ཀྱིཿ མདོ་སྔགས་ཆོས་རྣམས་བོད་དུ་ཁྱེར་བས་ལནཿ དེ་ནས་རྐང་


PKT001_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༦༢ན༽མགྱོགས་བཏང་སྟེ་གསོད་པར་བྱསཿ རྐང་མགྱོགས་མཁན་པོས་བཻ་རོའི་གན་དུ་བརྒྱུགསཿ མཁས་པ་བདུན་པོའི་རྨི་ལམ་བཟླས་པ་ནིཿ ཀྱེ་ཧོ་གྲོགས་པོ་བྱང་ཆུབ་སེམས་དཔའ་སྙན་གསོན་དང་ཿ རྒྱལ་པོ་ཀུཀྐུ་རཱ་ཛ་འདི་སྐད་ཟློཿ ཐེག་པའི་རྒྱལ་པོ་མན་ངག་བདེ་ཆེན་འདིཿ རྡོ་རྗེའི་ཡང་ཐེག་མན་ངག་དོན་གྱི་བླཿ ཚེ་གཅིག་འབྲས་བུ་ཐོབ་པའི་མན་ངག་ཆོསཿ གབ་པའི་མན་ངག་སེམས་ལ་སྦས་པ་ལསཿ དགོངས་པའི་ཉམས་སུ་བདག་ལ་འདི་ལྟར་བྱུང་ཿ ཀུན་ལ་སྙོམས་པའི་ཉི་མ་མཆིས་པ་ལསཿ ས་བརྒྱད་བྱང་ཆུབ་སེམས་དཔའི་སྤྲུལ་པ་ནིཿ སྒྲིབ་པ་སྦྱངས་པའི་གནོད་སྦྱིན་མགོ་ཅན་གཉིསཿ འོ་སྐོལ་རྒྱ་གར་ཡུལ་དུ་མཆིས་པ་ལསཿ ཉི་མ་སྨིན་གྲག་བཅུག་ནས་ཁྱེར་བ་རྨིསཿ རྡོ་རྗེ་གདན་གྱི་མན་ངག་མ་ཤོར་རམཿ པཎྜི་ཏ་ཡིས་རྐང་མགྱོགས་ལ་འུར་ཐོདཿ དེ་སྐད་གསུངས་ནས་སྤྱན་སྔར་མཆིས་པ་ལགསཿ དངོས་གྲུབ་ཐོབ་ནས་ད་ནི་གཤེགས་པར་རིགསཿ འཇམ་པའི་དཔལ་བཟང་ནོར་བུ་ཁྱེར་བ་རྨིསཿ བདག་ཉིད་མ་ཡི་མིག་ཕྱུང་ཁྱེར་བ་རྨིསཿ ཤྲཱི་སིངྷའི་སྙིང་ཕྱུང་ཁྱེར་བ་རྨིསཿ ཀུན་དགའ་མོ་ཡིས་བྱང་ཆུབ་ཤིང་བཅད་ནསཿ བོད་དུ་ཁྱེར་བ་རྨིས་པ་ལ་སོགས་བཤདཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་པ་རྒྱས་པར་བཀོད་པ་ལསཿ


PKT001_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༦༢བ༽བཻ་རོ་ཙ་ནས་རྐང་མགྱོགས་བསྒྲུབས་ནས་བོད་དུ་འབྱོན་པར་ཆས་པའི་ལེའུ་སྟེ་དོན་བཞི་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

བཻ་རོ་ཙ་ནས་ཆོས་གསུང་བ་ལ་ཕྲ་མ་བྱུང་བའི་ལེའུ།


PKT001_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཻ་རོ་ཙ་ནས་ལན་བཏབ་པཿ མི་རུ་སྐྱེས་པས་སྐྱེ་བ་གཞན་ལས་འཕགསཿ སྨོན་ལམ་དག་པས་རྒྱ་གར་ཡུལ་དུ་རྟོལཿ དངོས་གྲུབ་ཐོབ་པས་རྫུ་འཕྲུལ་རྐང་མགྱོགས་གྲུབཿ བླ་མ་མཆོད་ལས་ཆོ་རིགས་བཙུན་པར་སྐྱེསཿ དམ་ཚིག་བསྲུངས་པས་འདི་རུ་བསམ་དགུ་འགྲུབཿ སྒྲིག་པ་བྱང་བས་མཁས་པའི་བཀའ་བགྲོས་པཿ གཞུང་ལུགས་བཟང་པོ་ཀུན་གྱིས་བསྟན་པར་འཁུརཿ དགོས་དགུ་ལུས་ལ་ཚང་བས་བདག་གིས་གྲོགས་སུ་བཙལཿ ལུས་སྲོག་ཕ་མས་བསྐྱེད་ཀྱང་སྲིད་སྲོག་གྲོགས་པོས་བཏོནཿ ཁྱོད་དང་འགྲོགས་པས་བདག་གིས་ཡང་དག་བྱང་ཆུབ་བརྙེསཿ བོད་ཀྱི་རྒྱལ་ཁམས་མ་རིག་མུན་པ་ཀུན་སེལ་བསཿ འགྲོ་བ་ཇི་ལྟར་སྨིན་ཅིང་གྲོལ་བར་བྱ་བའི་དོནཿ ཀུ་མཱ་ར་ལ་དགེ་བའི་རྩ་བ་ཡོངས་སུ་བསྔོཿ རྐང་མགྱོགས་ལེགས་པར་གྲུབ་པས་ད་ནི་བདག་ཀྱང་འགྲོཿ བལ་ཡུལ་ཙམ་དུ་སྙིང་གཏམ་བཟླ་ཡི་གྲོགས་པོས་སྐྱོལཿ ཞེས་གསུངས་གསེར་གྱི་པ་ཏྲ་གཅིག་བྱིན་ནོཿ ཿདེ་ནས་ཀུ་མཱ་ར་ཡིས་གཅན་འཕྲང་བསྒྲལཿ འཕྲང་སྲུང་པ་ལ་བརྔན་པ་བྱིན་ནས་བཀྲོལཿ རྐང་མགྱོགས་བྱུང་ནས་བནྡེ་འདྲི་བ་ནཿ མ་མཐོང་གནོད་སྦྱིན་ཤ་བའི་ཡིབ་ཞུ་ཅནཿ གླང་འཁོར་སྐྱ་བོ་ལག་ན་ཐོགས་ཤིག་སོང་ཿ


PKT001_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༦༣ན༽ད་ཙམ་བོད་ཡུལ་མཐིལ་དུ་སླེབ་བགྱིས་ཤིགཿ ཀུ་མཱས་མནའ་དག་བཅུག་ནས་སེར་སྐྱར་བརྒྱུགསཿ བོད་བན་གསད་བྱས་རྐང་མགྱོགས་ཟླ་སྤྲན་ཡོང་ཿ གཅན་འཕྲང་པར་དྲིས་ངག་བཅུག་བཞིན་དུ་ཟེརཿ དེ་ནས་བཻ་རོ་ཙ་ན་བལ་ཡུལ་སླེབཿ གསེར་སྐུ་འཕགས་པ་ཤིང་ཀུན་ལ་ཕུལ་ནསཿ འབུལ་བ་བཞེས་པའི་ཆེད་དུ་མགུར་འདི་གསུངསཿ སྒྲིབ་རྐྱེན་མི་མངའ་དུས་གསུམ་རྒྱལ་བའི་སྐུཿ ཐུགས་རྗེའི་བཀའ་བཙན་འཛམ་གླིང་ནམ་མཁའ་འདྲཿ སྟོན་པའི་ཐུགས་རྗེ་ཕྱོགས་ལྷུང་མི་མངའ་ཡང་ཿ འཁོར་བའི་ལམ་ནི་མཐའ་མེད་རྒྱ་མཚོ་འདྲཿ ཐུགས་རྗེས་འཁོར་བའི་རྒྱ་མཚོ་སྐོམ་པའི་ཕྱིརཿ དུས་གསུམ་རྒྱལ་བའི་སྐུ་ལ་བཟོད་པར་གསོལཿ ཅེས་པའི་མགུར་གསུངས་འཕགས་པའི་སྐུ་ཕུལ་ལོཿ ཿདེ་ནས་བོད་དུ་བྱོན་པའི་ལམ་ཁ་རུཿ རྒྱ་གར་བརྟན་མ་རེ་ལྕམ་ཁ་བ་བཏང་ཿ བཀའ་འདི་བདེན་བརྫུན་བརྟག་པའི་མགུར་གསུངས་པཿ དུས་གསུམ་སངས་རྒྱས་རང་གི་སེམས་ཉིད་དེཿ སྐྱི་ཤི་མེད་པ་དུས་གསུམ་སངས་རྒྱས་སོཿ ཡ་རབས་བློ་དང་ལྡན་པའི་སྐལ་ལྡན་ལཿ སེམས་ཀྱི་ཉི་མ་གསལ་བར་བྱ་བའི་ཕྱིརཿ བསམ་པ་བཟང་པོ་གསེར་དང་འདྲ་བ་ཡིསཿ བོད་ཀྱི་ཡུལ་ནས་རྒྱ་གར་ཡུལ་བར་ལཿ བཀའ་བ་བཅུ་དྲུག་བསྡོས་ནས་མན་ངག་བཙལཿ བཀའ་བ་གཅིག་གིས་བར་དུ་མཆོད་


PKT001_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༦༣བ༽པསཿ བཀའ་འདི་བདེན་ན་ཁ་བ་འདི་ཆོད་ཅིགཿ ཅེས་གསུངས་རེ་ལྕམ་ལྷ་མོ་དམར་མོའི་ཚུལཿ སྤྲིན་གསེབ་སྐུ་བསྟན་བྱས་བྲན་ཁས་བླངསཿ དེ་ནས་བསམ་ཡས་བྱོན་པས་རྒྱལ་པོ་ཉིདཿ ཟ་འོག་གུར་ཁྱིམ་འདབ་ན་བཞུགས་པ་ལཿ བཻ་རོས་རྗེ་དང་མཇལ་བའི་འཕྲིན་བསྐུར་བསཿ རྒྱལ་པོ་དགྱེས་ནས་ལམ་ལ་སྣ་ལེན་མཛདཿ བཻ་རོས་གུར་འདབ་བྱང་ངོས་སློག་ནས་བྱོནཿ རྗེ་ཡིས་བཀའ་སྩལ་དམ་ཆོས་ལོན་ནས་བདོགཿ རྒྱ་གར་ཕྲག་དོག་ཕྲ་མང་མི་གསན་ཞུཿ གསོལ་བས་རྒྱལ་པོ་དམ་ཆོས་ལོན་པས་དགྱེསཿ དབུ་སྐྲ་ཐེམ་པར་བཀྲམ་ནས་ནང་སྤྱན་དྲངསཿ འབངས་ནས་ཡར་བཏོན་དབུ་ཡི་མཆོད་གནས་མཛདཿ རྒྱལ་པོའི་ཆིབས་པ་མཚའ་ལུ་མེ་སྟག་ལཿ སྟག་ལྤགས་སྟན་སྟེང་སེང་ལྡིང་སྒ་གཏད་ནསཿ གསེར་གྱི་སྲབ་བཅུག་གཡུ་ཡི་མཐུར་བཏགས་ཕུལཿ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཕྱག་བཙལ་ནསཿ ཀྱེ་ཧོཿ དགོངས་ཤིག་སློབ་དཔོན་ལགསཿ མཚའ་ལུ་མེ་སྟག་འོད་ཟེར་འཕྲོཿ ཁྲ་བོ་སྟག་གི་སྒ་སྟན་གཏདཿ གསེར་གྱི་སྲབ་ལ་གཡུ་ཡི་མཐུརཿ ཁྲི་སོང་ལྡེའུ་བཙུན་གུས་པས་འབུལཿ བཻ་རོ་ཙ་ནས་རབ་བཞེས་ལཿ ལྟ་བའི་རྒྱལ་པོ་བཤད་དུ་འཚལཿ ཅེས་ཞུས་བཻ་རོ་ཙ་ན་ཡིསཿ ལྟ་བའི་རྒྱལ་པོ་ནམ་མཁའ་ཆེཿ དུད་འགྲོའི་རྒྱལ་པོ་རྟར་མི་འཚོང་ནཿ དུད་འགྲོའི་རྒྱལ་པོ་རྟར་བཙོངས་ནཿ དུས་གསུམ་རྒྱལ་བའི་


PKT001_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༦༤ན༽ཐུགས་ཀྱིས་ཁྲེལཿ ཞེས་གསུངས་བཤད་པར་མ་བཞེས་སོཿ དེ་ནས་གསེར་དངུལ་ཕྱག་མང་ཕུལ་ནས་ཞུསཿ ནམ་གྱི་དགུང་ལ་གསང་སྔགས་ཆོས་རྣམས་གསུངསཿ ཉིན་པར་དུས་སུ་མདོ་ཆོས་མང་དུ་བསྒྱུརཿ བར་སྐབས་མན་ངག་ཟབ་དགུའི་ཆོས་རྣམས་གསུངསཿ ད་ཡང་མན་ངག་ཆོས་རྣམས་གོས་དཔེར་བླངསཿ ནམ་མཁའ་ཆེ་ནི་ལེགས་པའི་སྟོད་གུར་ལཿ ཡུལ་རྣམས་ཀུན་ལ་འཇུག་པའི་ཤམ་བུ་བཏགསཿ ཁུ་བྱུག་དང་ནི་རྩལ་ཆེན་ཕུ་དུང་ལཿ བྱང་སེམས་དོན་གྲུབ་གོང་བས་བརྒྱན་ནས་བཤདཿ རྒྱུད་ལུང་ཆོས་ལ་གཤིན་རྗེའི་གཏམ་རྒྱུད་དང་ཿ རིན་ཆེན་འདི་རྒྱུད་དབང་བསྐུར་རྒྱལ་པོའི་རྒྱུདཿ ནམ་མཁའ་ཆེ་ལ་སོགས་པའི་རྒྱུད་ལྔ་དང་ཿ རྨད་དུ་བྱུང་བ་ཀུན་བྱེད་རྒྱལ་པོ་དང་ཿ མདོ་བཅུ་དང་ནི་རྒྱ་མཚོའི་ཀློང་རྣམས་བསྒྱུརཿ ནང་སྔགས་ཏནྟྲ་སྡེ་ནི་བཅོ་བརྒྱད་སོགསཿ མཧཱ་ཡོ་གའི་རྒྱུད་སྡེ་བཅུ་དྲུག་བསྒྱུརཿ བཻ་རོ་ཙ་ན་ཉིད་ཀྱིས་མཛད་པའི་ཆོསཿ སྙན་རྒྱུད་ཐུགས་ཀྱི་སྙིང་ཁུ་ལ་སོགས་གསུངསཿ དེ་ལྟར་ཆོས་གསུང་འདུག་པ་རྒྱ་གར་ཐོསཿ རྒྱ་གར་པཎྜི་རྟ་ཡིས་ཕྲག་དོག་བྱསཿ བོད་ལ་ཐེ་ཚོམ་བསྐྱེད་པའི་ངན་སྒྲོག་བཏང་ཿ བོད་ཀྱི་བནྡེས་དམ་ཆོས་མ་རྙེད་པརཿ ཁྲོ་ཆུ་ཕྲ་མན་ངན་སྔགས་མང་པོ་ཁྱེརཿ བོད་ཕུང་འགྲོ་བས་བཀའ་ཁྲིམས་སྦྱོར་ཅིག་ཟེརཿ བོད་རྣམས་ཕྲ་མ་སྡེ་བཙན་དགའ་བ་དང་


PKT001_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༦༤བ༽རྒྱལ་པོའི་བློན་ཕྱེད་བོན་བློན་ཡིན་པ་དང་ཿ བོན་ཆོས་གཉིས་པོ་ཆགས་སྡང་ཆེ་བ་ཡིསཿ རྒྱལ་པོས་བོན་སྤྱུགས་ཆོས་ཀྱི་ཁ་བཟུང་བསཿ བོན་གྱི་བློན་པོ་ལི་སྟག་ཆེན་པོ་དང་ཿ བོན་བློན་ཆེ་བ་ལི་ཐི་ཁྲ་མི་ཡིསཿ བློན་པོ་བསྡུས་ནས་རྗེ་ལ་གྲོས་བཏབ་བྱསཿ པ་གོར་ག་ན་ཇག་ཐང་ཏ་བྱ་བ་འདིསཿ ཚོལ་དུ་བཏང་བའི་ཆོས་ནི་མ་རྙེད་པརཿ མི་གཉིས་བཏང་བས་ལེགས་གྲུབ་ལམ་དུ་བསདཿ བོད་ཡུལ་ཕུང་བའི་ངན་སྔགས་ཁྱོངས་འདུག་པསཿ རྒྱལ་པོ་ཕོ་བྲང་བཞུགས་ལ་དགྲ་མི་ཡོང་ཿ བསླུ་བ་མཁན་གྱི་ནག་ཉེས་ཅན་འདི་སོདཿ མེ་ཆུ་རླུང་གི་ཁྲིམས་ཀྱིས་ཚར་གཅོད་ཞུཿ རྒྱལ་པོས་མི་བདེན་ཕྲག་དོག་ཡིན་བརྗོད་པསཿ བོན་བློན་རྣམས་ཀྱིས་ཡང་ནས་ཡང་གཏུགས་ཏེཿ རྒྱལ་པོས་ཆུ་ལ་བསྐུར་བར་ཞལ་གྱིས་བཞེསཿ གཡོར་ཕྱོགས་གྲ་པའི་ལྡོམ་བུ་བ་ཞིག་བཟུང་ཿ བཻ་རོ་ཙ་ནའི་ཞྭ་གོས་ལྷམ་བསྐོན་ནསཿ འཕྲལ་ལ་དགོས་པའི་འཚོ་བ་ཟས་སྐོམ་བསྐུརཿ བསམ་ཡས་རྐ་ཆུའི་འོག་ནས་རྗེ་ཡིས་བོསཿ ཀྭའིཿ ང་ཡི་བོད་འབངས་ཐམས་ཅད་འདིར་འདུས་ཤིགཿ དེ་སྐད་བརྗོད་པས་ཐམས་ཅད་འདུས་པ་དང་ཿ ཕྲ་མེན་ངན་སྔགས་མཁན་པོ་གསོད་བྱས་ཏེཿ ཆུ་ལ་བསྐུར་བ་འདི་ཉིད་ཡིན་ནོ་གསུངསཿ དམངས་རྣམས་དྲུང་དུ་ཉེ་བར་མ་གྱུར་གོང་ཿ ཟངས་གཉིས་ཁ་སྦྱར་ནང་དུ་སྤྲང་པོ་བཅུགཿ ཁ་ལ་ལྕགས་གཟེར་བཏབ་ནས་ཆུ་ལ་བསྐུརཿ དེ་ནས་


PKT001_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༦༥ན༽བློན་འབངས་ཡིད་གཉིས་ཐེ་ཚོམ་ནསཿ བཻ་རོ་མིན་རེའི་དབུ་སྙུད་བཞེས་དགོས་ཟེརཿ དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིསཿ མི་དེ་བཻ་རོ་མིན་རེ་བྲག་བཙན་དཔང་ཿ དེ་ནས་བློན་པོ་ཐམས་ཅད་ཁོ་ཐག་ཆོདཿ མཁས་པ་བཻ་རོ་ཙ་ནའི་ཐུགས་དགོངས་ལཿ ང་ཡི་གླུད་དུ་མུ་ཏོ་སྡུག་སོང་ཿ སྙིང་རྗེས་མ་བཟོད་སྨོན་ལམ་རྒྱ་ཆེར་བཏབཿ བཻ་རོ་ཙ་ནས་སྦྱངས་པའི་ཡོན་ཏན་གང་ཿ དེ་དག་སྤྲང་པོའི་ཡུལ་དུ་རྒྱས་པར་ཤོགཿ སྐབས་སུ་མཁས་པ་སྤྲུལ་སྐུར་འབྱོན་གྱུར་ཅིགཿ སྤྲང་པོ་མིས་བཟུང་བསྟན་པའི་ཡུལ་ཕྱོགས་དེརཿ བཀྲ་ཤིས་བདེ་ལེགས་ལོངས་སྤྱོད་འབྱོར་ལྡན་ཤོགཿ སྤྲང་པོའི་འོལ་ཀ་མཁར་ལྟག་ཁོལ་མར་ཆགསཿ དེ་ཉིད་ཁོལ་གྱི་བདག་པོ་ཞིག་གིས་རྙེདཿ ནང་དུ་ཅི་འདུག་བལྟས་པས་བཙུན་པ་བྱུང་ཿ ཁོལ་བདག་ཁོ་རང་བུ་བྱས་ཁྱིམ་ཕོག་པསཿ འོལ་ཀ་རྒྱུག་ཐང་ལྡོམ་མིའི་གྲོང་ཚོ་ཆགསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བཻ་རོ་ཙ་ནས་ཆོས་གསུངས་པ་ལ་ཕྲ་མ་བྱུང་བའི་ལེའུ་སྟེ་དོན་ལྔ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

བཻ་རོ་ཙ་ནས་མགུར་གསུངས་པའི་ལེའུ།


PKT001_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིསཿ བཻ་རོ་ཙ་ན་གཞན་གྱིས་མཐོང་དོགས་ནསཿ རྒྱལ་པོ་ཉི་མ་བསྲོ་བའི་གདུགས་ཁང་གིཿ བྱ་ཁང་ཀ་བའི་ལོག་ལ་ཆོལ་བྲུས་ཏེཿ དེ་ལ་ཕྱོགས་བཞིར་ཀ་བ་བཞི་གཙུགས་ནསཿ དེ་ཡི་ནང་དུ་བཻ་རོ་ཙ་ན་བཞུགསཿ


PKT001_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༦༥བ༽དེ་ནས་འབངས་ལ་མར་ནག་ཁྲལ་བཀལ་ནསཿ མཚན་མོ་གསང་སྔགས་རྡོ་རྗེའི་ཐེག་པ་བསྒྱུརཿ ཉིན་པར་མཚན་ཉིད་ཐམས་ཅད་བསྒྱུར་དུ་བཅུགཿ དེ་ཡི་དུས་ན་མངའ་བདག་རྒྱལ་པོ་ཉིདཿ ནུབ་ཀྱི་རེས་གར་སོང་ཆ་མེད་ནསཿ ཇོ་མོ་ཚེ་སྤང་བཟའ་བ་དམར་རྒྱན་གྱིསཿ མིག་སེར་ཆེ་བས་བུད་མེད་གཞན་ཡོད་བསམཿ རྒྱལ་པོའི་ཕྱིར་འབྲང་གང་དུ་གཤེགས་བལྟས་པསཿ གློ་འབུར་ནང་དུ་སློབ་དཔོན་ཚ་དྲོ་དྲངསཿ ཞྭ་ཐོད་ཕུད་ནས་བཀུར་སྟི་བྱེད་པ་མཐོང་ཿ བཻ་རོ་ཙ་ནས་མདོ་བསྔོ་གསུང་པ་ཐོསཿ བཙུན་མོས་བལྟས་དང་རྒྱལ་པོའི་སྤྱན་ཟུར་འདྲེསཿ བཙུན་མོས་བློན་འབངས་ཀུན་ལ་བཤད་ཀྱིས་དོགསཿ རྒྱལ་པོས་བལྟས་བྱས་བདས་པས་མོ་མ་ཟིནཿ དེ་དུས་དམག་ལ་འགྲོ་ན་ཟངས་དུང་འབུདཿ ཚ་དྲོའི་དུས་སུ་དུང་དཀར་འབུད་པ་དང་ཿ གྷཎྜཱི་བརྡུངས་ན་ཆོས་ལ་སྤྱོན་ཟེར་ཡིནཿ རྔ་བོ་ཆེ་བརྡུངས་འདུན་མར་འདུས་ཤིག་ཟེརཿ དམར་རྒྱན་རྔ་བོ་ཆེ་ལ་བརྡུངས་བ་ཡིསཿ ཕྱི་བློན་ནང་བློན་གྲོས་དབང་ཐམས་ཅད་འདུསཿ འདུས་པ་རྣམས་ལ་ཇོ་མོས་འདི་སྐད་བརྗོདཿ ཆུ་ལ་བསྐུར་དེ་སྤྲང་པོ་ཡིན་འདུག་པསཿ ངན་ཐབས་མཁན་དེ་ཕུགས་ན་སྦས་ནས་འདུགཿ བོད་ཕུང་མི་དགའ་རྗེ་ལ་གྲོས་ཐོབ་སོང་ཿ དེ་སྐད་ཟེར་བའི་རྒྱུ་མཚན་དམར་རྒྱན་གྱིསཿ བཻ་རོ་ཙ་ན་ནན་ལྟར་མཚར་དྲགས་པསཿ ཇོ་མོས་དུས་བཏིང་སློབ་དཔོན་མ་བྱོན་ནསཿ དེ་ཡི་སྙིང་ནད་བྱས་


PKT001_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༦༦ན༽པ་ཡིན་ནོ་སྐདཿ དེ་ནས་ཕྱི་བློན་ནང་བློན་བཅུ་བཞི་ཡིསཿ གྲོས་ལ་དབང་བའི་འདུན་གྲོས་མཁན་ཚོ་བསགསཿ འབངས་འཁོར་ཡོངས་ནི་ཇོ་མོ་བདེན་ཞེས་ཟེརཿ མངའ་བདག་དྲུང་དུ་ལྷ་བཟང་ཀླུ་དཔལ་བཏང་ཿ འབངས་རྣམས་ཡོ་འབོག་ལྕམ་མེའི་ཐང་ལ་ཚོགསཿ རྗེ་ལ་ཞུ་བ་བདོག་པས་སྐུ་བསྐྱོད་ཞུསཿ དེ་ནས་རྒྱལ་པོ་འབངས་ཀྱི་གསེབ་ཏུ་བྱོནཿ འབངས་རྣམས་རྗེ་ལ་ཞུ་བ་འདི་བཞིན་བྱེདཿ མངའ་བདག་རྒྱལ་པོ་ཉིད་ལས་ཅོལ་ཆུང་བཿ ལྷ་ཁང་བཞེང་ཟེར་མི་ཚོ་སྡུག་ཏུ་བཅུགཿ ལྷ་ཡིན་ཟེར་ནས་གསེར་ཚོ་འབྱིན་པར་བྱུགསཿ ཆོས་བསྒྱུར་ཟེར་ནས་ངན་སྔགས་དུག་སྦྱོར་སློབཿ བླ་མ་ཡིན་ཟེར་འབངས་ལ་ལྷ་ཕྱག་འཚལཿ འཕན་གདུགས་མཛད་ཟེར་དར་ཟབ་དུམ་བུར་གཏུབསཿ ཆོས་མཛད་ཟེར་ནས་སྤྲང་པོ་ཆུ་ལ་བསྐུརཿ གདུགས་ཁང་ཡིན་ཟེར་བོད་ཕུང་སྦེད་ས་བྱེདཿ ཆོས་དང་ཅིའི་ཆོས་ད་དུང་བནྡེ་སོདཿ དེ་སྐད་གསོལ་བས་རྒྱལ་པོ་མ་དགྱེས་ཏེཿ རྒྱ་བོད་ལོ་ཙཱ་མཁས་པ་གཅིག་པུ་འདིཿ བློན་འབངས་ཀུན་གྱིས་གསོད་དགོས་ཁར་ཐོན་པཿ ཞེས་གསུངས་ས་བརྡབས་རྡོ་བརྡབས་ཐལ་མོ་བརྡབསཿ ཐུགས་བརྡུངས་ཞལ་དུས་འགམས་སྨྲེ་སྔགས་བོསཿ ཀླུ་དཔལ་ལ་སོགས་གྲོས་དབང་གྲོས་བྱས་ནསཿ བོད་ཕུང་འཇུག་པའི་བནྡེ་མི་གསོད་ནཿ རྒྱལ་པོར་ཡོ་ལོག་བཏང་ནས་འདོན་པར་བྱསཿ གློ་འབུར་ནང་ནས་བཻ་རོ་སྒོར་ཕྱུང་སྟེཿ རྒྱལ་པོས་


PKT001_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༦༦བ༽སློབ་དཔོན་ཕྱག་ལ་འཇུས་ནས་བཤུམཿ དེ་དུས་མཁས་པ་བཻ་རོ་ཙ་ན་ཡིསཿ བཀའ་བ་བཅུ་དྲུག་བཅད་པའི་མགུར་འདི་གསུངསཿ ཐུགས་རྗེ་ལྡན་པའི་ཁྲི་སྲོང་ལྡེའུ་བཙན་གྱིསཿ དམ་ཆོས་ཚོལ་བའི་བདག་པོར་བདག་བསྐོས་ནསཿ གྱོན་པར་དཀའ་བའི་གསེར་གྱི་པ་ཏྲ་གྱོནཿ བགྲོད་པར་དཀའ་བའི་རྒྱ་གར་ཡུལ་དུ་བགྲོདཿ འཛེག་པར་དཀའ་བའི་མཐའ་ལ་མ་གཟར་མོ་འཛེགསཿ གཤག་པར་དཀའ་བའི་ཁ་བ་བུ་ཡུག་གཤགསཿ གསོས་པར་དཀའ་བའི་མཐའ་ནད་མིག་སེར་བསོསཿ བཟའ་བར་དཀའ་བའི་མཐའ་ཟས་མང་པོ་ཟོསཿ མཐོང་བར་དཀའ་བའི་མཁས་པའི་ཞལ་རྣམས་མཐོང་ཿ ཤེས་པར་དཀའ་བའི་སྡེ་སྣོད་མང་པོ་ཤེསཿ ཐོས་པར་དགའ་བའི་བྱང་སེམས་རྣམ་ལྔ་ཐོསཿ གནང་བར་དཀའ་བའི་ཐུགས་ཀྱི་མན་ངག་གནང་ཿ རྟོགས་པར་དཀའ་བའི་རང་བྱུང་ཡེ་ཤེས་རྟོགསཿ ཕྲད་པར་དཀའ་བའི་དྲག་སྔགས་ཀུན་དང་ཕྲདཿ འགྲུབ་པར་དཀའ་བའི་འཕགས་པ་འཇམ་དཔལ་གྲུབཿ ཐོབ་པར་དཀའ་བའི་རྐང་མགྱོགས་དངོས་གྲུབ་ཐོབཿ གྱོན་པར་དཀའ་བའི་ཟོན་ལྷམ་ཕྱིར་ལོག་གྱོནཿ ཐར་བར་དཀའ་བའི་གཅན་འཕྲང་གསོད་ལས་ཐརཿ དོ་ཤི་དོ་ཆད་ཡང་ནས་ཡང་དུ་བྱསཿ རྟོལ་པར་དཀའ་བའི་བོད་ཡུལ་དབུས་སུ་བརྟོལཿ འདི་ལ་སུ་མོས་ཐུགས་རྗེ་ཤར་བར་སྨོནཿ དེ་སྐད་གསུངས་པས་མངའ་


PKT001_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༦༧ན༽བདག་རྒྱལ་པོ་ཡིསཿ བློན་འབངས་རྣམས་ཀྱི་དེ་ལྟར་མ་ཡིན་ཏེཿ འུ་ཅག་སྔོན་ཡང་དེ་འདྲས་འཁོར་བར་འཁྱམསཿ བསད་པས་མི་ཡོང་མཐའ་ལ་སྤྱུགས་ཀྱི་ཟེརཿ སློབ་དཔོན་ཆིབས་པ་བཟང་པོ་ཞིག་ལ་བསྐྱོནཿ གསེར་དངུལ་ཟས་བཀང་ཆིབས་གོང་གཤེགས་སྐྱེམས་དྲངསཿ སློབ་དཔོན་གང་ལ་འབྱོན་པར་དགྱེས་ཞུས་པསཿ སློབ་དཔོན་ཞལ་ནས་རྒྱལ་མཚོ་བའི་རོང་ཿ ཚེ་རབས་སྔ་མའི་ལས་འཕྲོ་ཞིག་ཡོད་པསཿ རྒྱལ་མོ་ཚ་བའི་རོང་དུ་འགྲོ་བར་ཞུཿ རྗེ་ཡིས་ག་བུར་ལ་སོགས་བསིལ་སྨན་བསྐུརཿ རྒྱལ་བློན་འཁོར་བཅས་ཀུན་གྱིས་སྐྱེལ་དུ་ཕྱིནཿ དབུ་རུ་ཀྱི་ཚང་ལ་ག་བརྒལ་བའི་དུསཿ སློབ་དཔོན་འགྱོད་མཆིས་བདུན་གྱི་མགུར་འདི་གསུངསཿ ཟ་ཧོར་ཡུལ་ནས་བྱོན་པའི་མཁན་པོ་ཞི་བ་མཚོཿ ཨུ་རྒྱན་ཡུལ་ནས་བྱོན་པའི་པདྨ་འབྱུང་གནས་དཔལཿ རྒྱ་གར་མཁས་པ་པཎ་ཆེན་ཉི་ཤུ་རྩ་ལྔ་ལཿ འདི་ན་མཆིས་པའི་བཻ་རོ་ཙ་ནས་ཕྱག་འཚལ་ལོཿ ལོ་བརྒྱད་ལོན་ནས་ལོ་ཙཱ་བསླབས་པའི་མཐའ་འདི་མཆིསཿ བཅོ་ལྔ་མན་ཆད་སྐད་སྣ་སྟོང་དང་དྲུག་བརྒྱ་སྦྱངསཿ རྒྱ་གར་གསང་མཛོད་བརྟོལ་ནས་དམ་ཆོས་བོད་དུ་བསྒྱུརཿ བོད་ཀྱི་མུན་སེལ་ཁྲི་གདུགས་ཉི་མ་འདྲ་བ་སྤྱུགསཿ གོ་རྟོགས་བློའི་པང་འབྱེད་ཚེ་འགྱོད་པའི་དུས་ཤིག་མཆིསཿ བཅོ་ལྔ་ལོན་ནས་ལྔ་བཅུ་རྩ་བདུན་མ་ལོན་བརཿ འགྲོ་བ་མི་འདོར་ཕྱིར་དུ་རྒྱ་


PKT001_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༦༧བ༽གར་ཡུལ་ཀུན་འགྲིམསཿ བོད་ཀྱི་རྒྱལ་ཁམས་ཐམས་ཅད་དཀར་པོར་ཡོངས་བསྒྱུར་ཏེཿ ཕུང་པོ་ཡོན་ཏན་བརྒྱན་པ་བོད་ཀྱི་བནྡེ་སྤྱུགསཿ བོད་སྤྲུག་རྒྱ་གར་འཁོར་ཚེ་འགྱོད་པའི་དུས་ཤིག་མཆིཿ བོད་སྐད་མ་བྱང་ལོ་ཙཱ་ཤེས་པ་ག་ལ་སྲིདཿ རི་མཐོ་ས་གཙང་ཁ་བ་ཅན་གྱི་རྒྱལ་ཁམས་འདིརཿ མི་རྗེ་ལྷས་མཛད་འདོད་ཡོན་ཕུན་སུམ་ཚོགས་གྱུར་ཀྱང་ཿ རིན་ཆེན་གསེར་གླིང་གསེར་གྱི་དད་ཁྱུ་ཚོགས་པ་ནཿ དངོས་མཆིས་སྤྲུལ་སྐུ་ལྟ་བུའི་བྱང་ཆུབ་སེམས་དཔའ་འདིཿ དང་མོ་གཅིག་པུར་རྒྱལ་མོ་ཚ་བའི་རོང་དུ་སྤྱུགསཿ མདོ་སྔགས་འཆད་ཉན་བྱེད་ཚེ་འགྱོད་པའི་དུས་ཤིག་མཆིཿ ཐུན་མོང་དངོས་གྲུབ་གྲུབ་པའི་ཡ་མཚན་མང་པོ་འབྱུང་ཿ རྗེ་འབངས་ཐམས་ཅད་སྙན་གསང་སྤྱན་གསལ་ཐུགས་བདས་ཀྱང་ཿ རྒྱ་གར་ཆོས་སྐད་སཾ་སྐྲྀ་ཏ་ཡི་སྐད་མི་གོཿ ཆོས་གཞི་གཙུག་ལག་ཁང་ནི་རྒྱ་ཆེར་བཞེངས་གྱུར་ཀྱང་ཿ སྦྱངས་པ་ཅན་གྱི་བཻ་རོ་ཙ་ན་མཐའ་ལ་སྤྱུགསཿ ཆེ་བའི་ཡོན་ཏན་དྲན་ཚེ་འགྱོད་པའི་དུས་ཤིག་མཆིཿ ལས་དཀར་སྤྱད་ཀྱང་ནག་པོར་འགྲོ་བའི་རྗེ་འབངས་རྣམསཿ དམ་ཆོས་སྤྱོད་ཀྱང་རློམ་པས་མ་ཁྱེར་བཻ་རོ་ཙ་ན་ཅོམཿ སངས་རྒྱས་འཕགས་པའི་ཐུགས་རྗེ་ཕུན་སུམ་ཚོགས་གྱུར་ཀྱང་ཿ རང་རྒྱུད་མི་དགེས་རྒྱགས་པའི་བདུད་རིགས་རྒྱས་གྱུར་པསཿ ཡིད་ལ་ཅི་བསམ་འགྲུབ་བམ་རྗེ་འབངས་ཐུགས་ལ་ཞོགཿ དག་པའི་མཁན་སློབ་


PKT001_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༦༨ན༽འབྱོན་ཚེ་འགྱོད་པའི་དུས་ཤིག་མཆིཿ བོད་དུ་དམ་ཆོས་ཉི་མ་ལན་ཅིག་ཤར་བ་འདིཿ ཕྱི་བློན་ནང་བློན་བཙུན་མོར་བཅས་པས་སྣུམ་པར་བྱེདཿ མ་མྱོང་དགུ་མྱོང་ཤི་བ་མ་མྱོང་ཙམ་གྱི་མིཿ ཆགས་མེད་གཅིག་པུར་འགྲོ་བའི་བཻ་རོ་ཙ་ནང་ཿ སྣང་ཚད་ཆོས་སྐུར་རྟོགས་པས་རྫོགས་ཆེན་དོན་དང་ལྡནཿ སྡོམ་གསུམ་རྒྱུ་འབྲས་ཤེས་པས་མདོ་སྔགས་དོན་དང་ལྡནཿ དགོས་འདོད་ཀུན་འབྱུང་རིན་ཆེན་ཕུང་པོ་འདྲ་བ་སྤྱུགསཿ སྐུ་ཕྱིར་མ་འཁོར་ཙ་ན་འགྱོད་པའི་དུས་ཤིག་མཆིཿ ཞེས་གསུངས་རྒྱལ་མོ་ཚ་རོང་གདུལ་བྱར་གཟིགསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བཻ་རོ་ཙ་ནས་མགུར་གསུངས་པའི་ལེའུ་སྟེ་དོན་དྲུག་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

བཻ་རོ་ཙ་ན་རྒྱལ་མོ་ཚ་བའི་རོང་དུ་སྤྱུགས་ཤིང་ཡུལ་དེར་མདོ་སྔགས་ཀྱི་བསྟན་པ་དར་བར་མཛད་པའི་ལེའུ།


PKT001_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོས་ཕྱག་འཚལ་སྨྲེ་སྔགས་གདུངསཿ འབངས་ཀྱིས་བྱས་པས་ཡོན་མཆོད་འབྲལ་དགོས་བྱུང་ཿ བདག་ལ་བརྩེ་བའི་ཞལ་ཏ་ཚིག་གསུམ་ཞུཿ སློབ་དཔོན་ཞལ་ནས་རྗེ་ལ་ཕྱག་ཐོད་གསུངསཿ ང་ཡང་མ་ཤི་རྗེ་ཉིད་སྐུ་ཁམས་བཟང་ཿ སྨོན་ལམ་དག་པས་མྱུར་དུ་མཇལ་དུས་འདེབསཿ རྒྱ་གར་ཡུལ་གྱི་གྲོང་ཁྱེར་སེར་སྐྱ་ནཿ རྒྱལ་པོ་ཨིནྡྲ་བོ་དྷིའི་བླ་མཆོད་པཿ པཎ་ཆེན་ལྔ་བརྒྱའི་དབུས་ན་མཁས་པ་ནིཿ བི་མ་མི་ཏྲ་བུདྡྷ་གུ་ཧྱ་གཉིསཿ བོད་ལ་སྤྱན་དྲོངས་དད་མོས་གསོལ་བ་ཐོབཿ དེ་དུས་ང་ཡིས་ཆོས་འདི་གཏུག་ཏུ་བཏང་ཿ


PKT001_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༦༨བ༽གཞན་ཡང་པཎྜི་ཏ་ནི་མང་དུ་བོསཿ ཆོས་ལ་བཟང་ངན་མ་བྱེད་ཐམས་ཅད་བསྒྱུརཿ ཅེས་གསུངས་རྒྱལ་མོ་ཚ་བའི་རོང་དུ་གཤེགསཿ ལུང་པ་ནགས་རོང་རྒྱལ་མོ་ཚ་བའི་ཡུལཿ མི་ཀུན་བོད་ཀྱི་རྟོག་ཅན་བྱུང་ཟེར་ནསཿ རྒྱལ་པོ་མདོ་གཞེར་ནག་པོའི་བུ་དག་བཅུགཿ སྲས་པོ་དཔལ་གཞན་བཙན་པས་སྔོན་བྱས་ཏེཿ ཚ་བའི་ཤོད་དུ་སྦལ་བའི་དོང་དུ་བསྒྱུརཿ ཞག་གསུམ་ལོན་ནས་ཡུལ་མི་བལྟ་རུ་བྱུང་ཿ དེ་དུས་བཻ་རོ་ཙ་ནས་མགུར་གསུངས་པཿ ཡུལ་ཕྱོགས་འདིར་གནས་རྒྱལ་བློན་དྲ་མ་རྣམསཿ བཅོ་ལྔ་ལོན་ནས་ལྔ་བཅུ་རྩ་བདུན་དུཿ ཐེག་པའི་རྒྱལ་པོ་འབྲས་བུ་སངས་རྒྱས་ཆོསཿ རྒྱ་གར་མཁས་པ་ཉི་ཤུ་རྩ་ལྔ་ཡིསཿ བསྟན་པའི་མན་ངག་བོད་དུ་མཆིས་ལགས་ཏེཿ བོད་ཁམས་ཕུང་དུ་ཐོ་བའི་བློན་པོ་དང་ཿ དམ་ཚིག་ཉམས་ཤིང་སྨྱོ་བའི་དམར་རྒྱན་གྱིསཿ བཙད་པོ་སྤྱོ་སླ་ཕྲ་མའི་ཚིག་གིས་སྤྱོསཿ བོད་ཀྱི་མི་ལ་མཁས་པ་བདག་སྤྱུགས་མོདཿ ཚེ་གཅིག་འབྲས་བུ་ཐོབ་པའི་མན་ངག་དང་ཿ འགལ་བྱེད་ཆོམ་ལ་འབེབས་པའི་དྲག་སྔགས་དང་ཿ རིན་ཆེན་ཕུང་པོ་ཀུན་གྱི་བསྟན་བཅོས་རྣམསཿ བོད་ཀྱི་བནྡེའི་ལུས་ལ་མཆིས་ལགས་ཀྱིཿ འཇིགས་སྐྲག་སྦལ་བའི་དོང་ནས་དབྱུང་དུ་གསོལཿ ཅེས་གསུངས་རྒྱལ་པོ་མདོ་གཞེར་ནག་པོ་ཡིསཿ བོད་ཀྱི་རྒྱལ་པོ་སྤུར་རྒྱལ་བཙན་པོ་འདིཿ སྲ་ཆེན་ཆུང་ལ་བྱ་ལས་མང་བ་སྟེཿ ཆུང་མ་ལེན་ན་མཐའ་


PKT001_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༦༩ན༽མའི་ཁོལ་མོ་ལེནཿ བཀའ་བློན་བྱེད་ན་ཉོན་མོངས་ཆེ་དགུས་བྱེདཿ ཟས་སུ་ཟ་ན་ཤ་ཆེན་སྣ་དགུ་ཟཿ གོས་སུ་གྱོན་ན་མཐའ་ཡི་མོན་གོས་གྱོནཿ ནོར་བུ་བསེལ་ན་རྡོ་ལ་གཅེས་སྤྲས་འཛིནཿ ལས་སུ་བྱེད་ན་དམག་དང་ཇག་དཔོན་བྱེདཿ ལྷ་རུ་བསྟེན་ན་གནོད་སྦྱིན་སྲིན་པོ་བསྟེནཿ གྲོགས་པོ་ཚོལ་ན་གདུག་ཅན་ཀླུ་བདུད་ཚོལཿ ཐོ་ཕྱི་མི་མཐོང་རྒྱང་མིག་ལྟ་བས་ནཿ སྲིན་པོ་གདོང་དམར་རྒྱལ་པོ་འདོད་པ་ཅནཿ གློ་བ་ཆེ་རྒྱུ་མ་མཆིས་བྷ་ཤི་ཁྱོདཿ བློན་པོ་ཆེ་བཙུན་རྣམས་ཀྱི་བཀའ་བགྲོས་ལཿ སྦལ་བའི་དོང་ནས་ཤིག་གི་དོང་དུ་བསྐྱུརཿ ཞག་བདུན་ཚུན་ཆད་དམག་དཔུང་མ་བྱུང་ནཿ ཁྱོད་ཀྱིས་བཀའ་སྩལ་གཙོར་བགྱི་སྤྱི་བོར་འཁུརཿ དེ་སྐད་ཟེར་ནས་སྦལ་པའི་དོང་ནས་བཏོནཿ ཚ་བའི་རོང་གི་ཤིག་དོང་ནད་དུ་བསྐྱུརཿ མི་ཤིག་ཁྱི་ཤིག་ར་ལུག་འདྲེ་ཤིག་པཿ འཇུ་བ་བྱ་འཇུ་སྦྲང་ཆུང་དྲོང་དུ་བསྐྱུརཿ དེ་ནས་ཞག་བདུན་ཡུལ་མི་བལྟ་རུ་བྱུང་ཿ ཅི་ཡང་མ་ཉེས་ཟིལ་པ་ཕྲོམ་མེར་འདུགཿ ཉེས་བྱས་བཟོད་པར་གསོལ་ཞིང་བཤགས་པ་བྱསཿ དེ་ནས་བཻ་རོ་ཙ་ནས་མགུར་གསུངས་པཿ སྐྱེ་བ་འདི་ཡི་གོང་རོལ་ཏུཿ ཡུལ་ཁམས་འདི་ཡི་ནེའུ་ལེར་སྐྱེསཿ སྦྲུལ་དང་སྤལ་པ་མང་པོ་འཆོསཿ དེ་ཡི་རྣམ་སྨིན་འདི་རུ་བྱུང་ཿ ལན་ཆགས་དེ་ཡིས་འཁོར་གྱུར་ཅིགཿ སྐྱེ་བ་འདི་ཡི་གོང་རོལ་དུཿ དགེ་སློང་


PKT001_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༦༩བ༽པཱུརྞའི་ལུས་བླངས་ཏེཿ ཆོས་གོས་ཤིག་ཟ་བྱ་འཐུར་བཅུགཿ དེ་ཡི་རྣམ་སྨིན་འདི་ལ་བྱུང་ཿ ལན་ཆགས་དེ་ཡིས་འཁོར་གྱུར་ཅིགཿ ཅེས་གསུངས་ཡུལ་མི་རྣམས་ཀྱིས་སྐྱེ་བ་སྔོནཿ དགེ་སློང་པུརྞ་ཡིན་པར་ངོ་ཤེས་ནསཿ རྒྱལ་པོའི་ཕོ་བྲང་གདན་དྲངས་བཤགས་པ་བྱསཿ རྒྱལ་མོ་གཡུ་སྒྲ་རེ་མ་ཏཱིའི་སྤྲུལ་པཿ རྣལ་འབྱོར་དུར་ཁྲོད་བདག་མོས་མགུར་བཞེངས་པཿ བོད་ལ་མི་མེད་རྒྱལ་པོ་འདོད་པ་ཅནཿ སྐྱེ་མེད་མཁྱེན་པའི་བྱང་ཆུབ་སེམས་དཔའ་ཁྱོདཿ འགྲོ་བའི་དོན་ལ་འཛམ་བུའི་གླིང་དུ་བྱོནཿ ཁྱད་པར་དུ་ཡང་སྲིན་པོ་གདོང་དམར་རྗེཿ བོད་ཀྱི་དོན་མཛད་བློན་པོ་ནག་པོ་རྣམསཿ འདུལ་བའི་དུས་ལ་མ་བབ་འདིར་བྱོན་ཏོཿ བྱང་ཆུབ་སེམས་དཔའ་འགྲོ་དོན་མཛད་པ་ལཿ སྤྱོད་པ་གཉིས་མཛད་བྱང་ཆུབ་མཐར་ཕྱིན་པསཿ འགྲོ་བའི་དོན་ལ་ཅིར་ཡང་སྟོན་མཛད་པའིཿ བྱང་ཆུབ་སེམས་དཔའ་ཁྱོད་ལ་བཟོད་པར་གསོལཿ ཅེས་བརྗོད་ཕྱག་ནི་གྱང་འགྱེལ་བཞིན་དུ་བཅལཿ རྒྱལ་པོ་མདོ་གཞེར་ནག་པོ་ཡབ་སྲས་ཀྱིསཿ ཞབས་པད་སྤྱིར་བླངས་བཻ་རོས་ཆོས་གསངས་པཿ ཨ་ཨ་ཏྲ་ཀ་ལ་ལེ་ན་ཤཿ ཞེས་གསུངས་ཇི་ལྟར་ལགས་ཞུས་པསཿ སྐྱེ་མེད་བྱང་སེམས་མན་ངག་རྣམསཿ བོད་ཀྱི་རྒྱལ་པོའི་སྙན་གསན་དུཿ བསྟན་ཏེ་མི་གཅིག་བདག་སྤྱུགས་པསཿ ཟླ་གསུམ་འགུམས་པས་བདག་མི་དགའཿ ཁྱོད་ཀྱང་དེ་ལྟར་


PKT001_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༧༠ན༽མ་མཛད་གསུངསཿ ཁྲི་སྲོང་ལྡེའུ་བཙན་ཐུགས་ལ་འཕྲེང་བ་ཡིསཿ བཻ་རོ་ཙ་ན་ར་སྤྱན་ཆབ་ཤོར་བྱུང་བསཿ རྒྱལ་པོ་འཁོར་བཅས་རྣམས་ཀྱང་མང་དུ་བཤུམསཿ དེ་ནས་སློབ་དཔོན་གབ་རྩེའི་སྟེང་བཞུགས་ནསཿ རྒྱལ་པོའི་སྲས་པོ་གཡུ་སྒྲས་ལོ་ཙཱ་བསྒྱུརཿ རྒྱལ་པོས་གསེར་གྱི་དོང་རྩེ་གྲངས་མེད་ཕུལཿ རིགས་དྲུག་དོན་མཛད་བྱང་ཆུབ་སེམས་དཔའི་སྐུཿ གང་ལ་གང་འདུལ་ཐེག་པ་སྟོན་པའི་གསུང་ཿ ཡིད་བཞིན་ནོར་ལྟར་དགོས་འདོད་འབྱུང་བའི་ཐུགསཿ མི་སྣང་རྒྱལ་བའི་དགོངས་པ་ཕོ་བྲང་ནཿ སྡེ་སྣོད་གསུམ་གྱི་སྤྱི་མོས་ཆེན་པོ་ལཿ དུས་གསུམ་རྒྱལ་བའི་སྐུ་གསུམ་ལྷུན་རྫོགས་པའིཿ གཉིས་མེད་མཉམ་ཉིད་འགྲོ་བའི་མགོན་པོ་ལཿ གསེར་དང་དངུལ་གྱི་དོང་རྩེའི་མེ་ཏོག་འབུལཿ ཐུགས་རྗེས་དགོངས་ནས་སྲིད་པའི་མཚོ་བསྒྲལ་འཚལཿ ཡེ་ཤེས་ཐུགས་རྗེའི་ཞགས་པས་གཟུང་དུ་གསོལཿ ཞེས་གསོལ་སྒྲ་བསྒྱུར་མང་པོ་བྱུང་ན་སྙམཿ རྒྱལ་མཚོ་བའི་ཕོ་ལུས་ཐོབ་ཚད་བསགསཿ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་གྱིས་དང་ཿ གསུངས་པས་སྟོམས་སྟ་སྟམས་སྟ་སྟོམས་སྟ་ཐཿ ཞེས་པ་ལས་ནི་ཤེས་པ་མ་བྱུང་ནསཿ གྲལ་མཐར་མཆིས་པའི་སྤྲར་སྤྲུག་གཅིག་ལ་དྲིསཿ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་ཞེས་ཟེརཿ དེ་ཡིས་ཤེས་པས་ཕ་མ་སུ་ཡིན་དྲིསཿ ཕ་མ་གཉིས་ཀ་ཤི་ནས་མེད་ཅེས་ཟེརཿ


PKT001_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༧༠བ༽འདི་ལ་སྒྲ་བསླབས་མྱུར་དུ་ཤེས་པར་འདུགཿ སྤུན་ཟླ་ལ་སོགས་གཉེན་ཚན་ཅི་ཡོད་གསུང་ཿ ཁོ་རང་གཅིག་པུ་མིན་པ་སུ་ཡང་མེདཿ ལྟོ་གོས་ངེད་ཚོས་སྦྲན་གྱིས་སྒྲ་སློབས་ཞུསཿ བྱིས་པ་དེ་ཉིད་སློབ་དཔོན་དྲུང་དུ་ཕུལཿ སློབ་དཔོན་སྒྲ་བསླབས་སྟེང་ཤོད་བྱས་ནས་བསྡདཿ རེ་ཞིག་དུས་ན་བྱིས་པ་ཚིག་ལབ་གཏོང་ཿ སློབ་དཔོན་ལ་བ་ཟླ་སུ་ཡིན་སྙམ་ནས་གཟིགསཿ རྩངས་སྔོན་ལེགས་གྲུབ་དེ་ཡི་སྐྱེ་བར་ཤེསཿ མིང་ནས་བོས་པས་ཨ་ཟེར་ཞིབ་ཏུ་གླིངསཿ གཡུ་སྒྲ་སྙིང་པོར་མཚན་བཏགས་སྒྲ་ལ་མཁསཿ ཉིན་མོ་དཀོན་བརྩེགས་མཚན་མོ་གསང་སྔགས་ཆོསཿ ནམ་གྱི་དགུང་ལ་བྱང་སེམས་སྨད་ལྔ་བསྒྱུརཿ བཻ་རོས་ཅི་མཁྱེན་གཡུ་སྒྲ་སྙིང་པོས་མཁྱེནཿ རྒྱལ་མོ་གྲུ་ལ་སོགས་པས་མ་བསླབས་ཤེསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བཻ་རོ་ཙ་ན་རྒྱལ་མོ་ཚ་བའི་རོང་དུ་སྤྱུགས་ཤིང་ཡུལ་དེར་མདོ་སྔགས་ཀྱི་བསྟན་པ་དར་བར་མཛད་པའི་ལེའུ་སྟེ་དོན་བདུན་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

དགེ་སློང་མི་ལྔ་རྒྱ་གར་དུ་བརྫངས་ཤིང་དངོས་གྲུབ་བརྙེས་པའི་ལེའུ།


PKT001_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིསཿ ཟ་ཧོར་མཁན་པོ་བོ་དྷི་ས་ཏྭ་ལཿ བོད་ཀྱི་མི་ལྔ་རབ་ཏུ་བྱུང་བ་ཡིཿ ནམ་མཁའི་སྙིང་པོ་གྲུ་གུ་ཨེ་བག་ཤཿ རུ་གྱོང་བཱིརྻ་རླངས་ཆེན་དཔལ་སེང་དང་ཿ འབྲི་བཙུན་རྒྱལ་བའི་བློ་གྲོས་རྣམ་པ་ལྔཿ དབུ་ཡི་མཆོད་གནས་བཀུར་


PKT001_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༧༡ན༽བར་བཀའ་ལ་བཏགསཿ གསེར་ཕྱེ་བྲེ་རེ་བསྐུར་ནས་ཆོས་ཚོལ་བཏང་ཿ དགེ་སློང་མི་ལྔས་དཀའ་བ་སྲོག་བསྔོས་ནསཿ རྒྱ་གར་ཡུལ་ཕྱིན་ཕྲད་ཚད་དྲི་བ་བྱསཿ གྲུབ་ཐོབ་གྲགས་པ་ཇི་སྐད་བྱ་བ་ཡོདཿ རོ་ལངས་བདེ་བ་ཧཱུཾ་ཀར་ཞེས་བྱ་བསྟནཿ རོ་ལངས་བདེ་བའི་སྤྱན་སྔར་ཕྱིན་པ་ཡིསཿ ངས་བོད་འདུལ་བའི་དུས་ལ་མ་བབས་གསུངསཿ རྒྱལ་པོ་ཀུཀྐུ་རཱ་ཛ་ཞེས་བྱ་བཿ ཉིན་བཞིན་ཁྱི་མོ་ལྔ་བརྒྱའི་དབུས་སུ་ནིཿ དམ་ཆོས་ཁྱི་ཡི་སྐད་དུ་བསྒྱུར་ནས་འཆདཿ མཚན་བཞིན་ཁྱི་མོ་ལྷ་མོ་ལྔ་བརྒྱར་སྤྲུལཿ མ་ཆགས་ཐབས་ཀྱིས་སྦྱོར་བ་དེ་ལ་ཞུསཿ ཞེས་གསུངས་ལུང་བསྟན་ཞུས་པས་གོང་བཞིན་གསུངསཿ གསེར་བྲག་བྱ་སྐྱིབས་ཚལ་ཞེས་བྱ་བ་ནཿ སློབ་དཔོན་ཆེན་པོ་ཧཱུཾ་ཀར་བཞུགས་ཟེར་ཕྱིནཿ ཁང་སྲུང་རྒན་མོ་ཆུ་ལེན་ཞིག་དང་ཕྲདཿ ཧཱུཾ་ཀར་གར་བཞུགས་དྲིས་པས་ལན་མ་བྱིནཿ འཇིག་དེ་རྣ་བ་འོན་སྙམ་སྐད་ཆེར་བསྐྱང་ཿ རྩེ་རྒོད་ནག་པོ་བྱ་བ་ཞིག་ན་རེཿ དེ་ལ་དྲིས་ཀྱང་ལན་མེད་སྨ་བཅད་ཡིཿ བྱ་སྐྱིབས་ཚལ་ན་བཞུགས་ཟེར་གསེར་ཕྱེ་བྱིནཿ ནང་དུ་སྦ་འཚངས་ཕྱིན་པས་མ་དགྱེས་ཏེཿ བོད་ཀྱི་གདུག་འདྲེ་བྱུང་ཞེས་ཧཱུཾ་ཧཱུཾ་གསུང་ཿ ཤངས་ནས་འོད་ཟེར་མེ་སྟག་ཚ་ཚ་འཕྲོསཿ དགེ་སློང་མི་ལྔ་ས་ལ་བརྒྱལ་བར་གྱུརཿ སྔོན་ལ་ནམ་མཁའི་སྙིང་པོ་བརྒྱལ་སངས་ནསཿ བདག་ཅག་བོད་ཀྱི་ལྷ་འདྲེ་གདུག་


PKT001_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༧༡བ༽ཅན་མིནཿ བོད་ཀྱི་རྒྱལ་པོས་གསང་སྔགས་ཆོས་ཚོལ་བཏང་ཿ ཚེ་འདི་ཉིད་ལ་རིག་འཛིན་སར་འགྲོ་བཿ སློབ་དཔོན་གནང་དགོས་ཞུ་རྟེན་གསེར་འདི་ལགསཿ ཆོས་མ་རྙེད་ན་ངེད་ཚོ་ཁྲིམས་ལ་གཏུགསཿ ཐུགས་རྗེས་བཟུང་བྱས་གུས་ཕྱག་འཚལ་བ་ཡིསཿ ངས་བོད་འདུལ་བའི་དུས་ལ་བབ་མ་བབསཿ ཡེ་ཤེས་ལྷ་ལ་འདྲི་གསུང་དགོངས་པ་མཛདཿ དར་ཅིག་ཙ་ན་དུས་ལ་བབ་འདུག་གསུངསཿ ང་དང་ཕྲད་པ་ཁྱེད་རྣམས་ཚོགས་རེ་བསགསཿ དཔེར་ན་སྣོད་ཀྱིས་བཅུད་ཐུབ་བྱེད་པ་ལཿ བཟོ་གནས་དོང་པས་མི་ཆོག་སོ་བཏང་དགོསཿ དེ་བཞིན་སྔོན་ལ་དབང་བསྐུར་མ་བྱས་པརཿ གསང་སྔགས་བཤད་སྒྲུབ་གང་ཡང་བྱར་མི་རུང་ཿ ཟླ་གམ་ལྔ་བཅུ་རྩ་བརྒྱད་ཞལ་ཕྱེ་ནསཿ ཁྲག་འཐུང་ལྷ་ཚོགས་ལྡེ་བཅུ་རྩ་བརྒྱད་བསྟནཿ དང་པོ་སྒྲུབ་གཞི་ཡང་དག་རྩ་བ་བཤདཿ དེ་ཡི་ཆ་རྐྱེན་དོན་གྱི་ཆ་ལག་དགུཿ རྟོག་པའི་བློ་བཅད་སེམས་ཀྱི་རྩ་བ་ལྔཿ སྒྲུབ་པར་འཇུག་པ་རྫས་ལ་བརྟེན་དགོས་པསཿ ཕྱི་པྲ་བརྟག་པ་བམ་རི་ཐོད་པ་མཁརཿ ནང་པྲ་བརྟག་པ་ལྷ་མོ་གནས་མཁར་བཤདཿ སྒྲུབ་པ་ལ་འཇུག་ཐབས་ཤེས་འབྲེལ་དགོས་པསཿ མུ་དྲའི་བརྟག་ཐབས་ཀརྨ་ཤ་ཏི་བཤདཿ སྒྲུབ་པས་ལྷ་མཆོད་དངོས་གྲུབ་བླང་བའི་ཕྱིརཿ བདུད་རྩི་མཆོག་ལུང་སྨན་གྱི་སྒྲུབ་པ་བཤདཿ དེ་ལྟར་སྒྲུབ་པའི་བར་ཆོད་བཟློག་པའི་ཕྱིརཿ མ་ཏྲང་


PKT001_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༧༢ན༽བསྒྲལ་མནན་གསལ་ཤིང་ཆེ་ཆུང་བཤདཿ སྒྲུབ་པ་བྱིན་ཆེ་ཉམས་བག་ལྡན་པའི་ཕྱིརཿ འཕྲིན་ལས་གཞུང་སོང་བསྐྱེད་རྫོགས་མ་བུ་བཤདཿ སྒྲུབ་གཞི་བཟླས་བརྗོད་འཛབ་ལ་བསྡུ་བའི་ཕྱིརཿ བཟླས་བརྗོད་བྱེད་ཐབས་རུ་ལུ་གསེར་འཕྲེང་བཤདཿ སྒྲུབ་ལ་བར་ཆད་འོང་བ་བཟློག་པའི་ཕྱིརཿ ཕུར་པ་བི་དྱོཏྟ་མ་འབུམ་སྡེ་བཤདཿ དེ་དུས་དངོས་གྲུབ་རེ་ཡང་རྙེས་པར་གྱུརཿ ནམ་མཁའི་སྙིང་པོ་ཤེས་རབ་ཕུལ་དུ་ཕྱིནཿ བསོད་ནམས་སྙིང་རུས་གཉིས་ཀ་མཆོག་ཏུ་གྱུརཿ ས་ལ་ཆག་གང་མ་རེད་ཙམ་ལ་འགྲོཿ དབང་ཕྱུག་ཉི་ཤུ་རྩ་བརྒྱད་བྲན་བཞིན་འཁོལཿ ཡེ་ཤེས་ལྷ་མོ་བདུན་དང་དངོས་སུ་སྦྱོརཿ རུ་གྱོང་བཱིརྻས་རྫུ་འཕྲུལ་ཡ་མ་ཟུང་ཿ གྲུ་གུ་ཨེ་བག་ཡེ་ཤེས་འོད་དང་འགྲོགསཿ རྒྱལ་བའི་བློ་གྲོས་དུས་མིན་འཆི་བ་ལྷོགསཿ རླངས་དཔལ་འབྲོང་རཱ་གཤིབས་བྱུང་སེ་གོལ་བཟློགཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ དགེ་སློང་མི་ལྔ་རྒྱ་གར་དུ་བརྫངས་ཤིང་དངོས་གྲུབ་བརྙེས་པའི་ལེའུ་སྟེ་དོན་བརྒྱད་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

ནམ་མཁའི་སྙིང་པོ་ལྷོ་བྲག་མཁར་ཆུར་སྤྱུགས་པའི་ལེའུ།


PKT001_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལཿ བོད་ཀྱི་བློན་པོ་ཕྲག་དོག་ཅན་རྣམས་ཀྱིསཿ ལོག་མན་སྙན་ཕྲའི་ཡི་གེ་བཅུ་རེ་བསྲིངསཿ འོ་སྐོལ་བནྡེ་ལྔ་པོ་དེས་ཀྱང་ནིཿ ཚོལ་དུ་བཏང་བའི་དམ་ཆོས་མ་རྙེད་པརཿ ཕྲ་མེན་ངན་སྔགས་


PKT001_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༧༢བ༽མང་པོ་ཁྱེར་ཡོང་ནསཿ བོད་ཕུང་བྱེད་ཟེར་བྲིས་པ་རྗེ་ཡིས་བརྫངསཿ རྒྱ་གར་དགེ་སློང་རྣམས་ཀྱི་ཕྱག་ཏུ་འཕྲོདཿ སློབ་དཔོན་ཧཱུཾ་ཀར་ཉིད་དང་བཀའ་བགྲོས་པསཿ སྒྲུབ་པའི་དལ་ཞལ་རེ་ཙམ་མ་ཕྱེ་བརཿ གསང་སྔགས་ཟབ་མོ་བོད་དུ་ཁྱེར་བ་ནཿ ཁྱེད་རྣམས་ཆོལ་བར་གཅོད་འོང་གསུངས་ནསཿ དགེ་སློང་རྣམས་ཀྱིས་སྒྲུབ་པའི་གྲོས་བྱས་པསཿ དཔལ་གྱི་སེང་གེ་ཉན་དུ་མ་བཏུབ་སྟེཿ འོ་སྐོལ་རུ་འདི་ལྷོ་བལ་ཕྲག་ཏུ་འདུགཿ སྔ་མ་ཟས་ངོ་ནོར་ངོར་ཆོས་བཤད་ཡིནཿ ད་ནི་བོད་དུ་ཆོས་ཟབ་སྒྲོགས་དགོས་པསཿ འོ་སྐོལ་བསད་པའི་ཉན་ཡོད་ཕྱིན་པ་དགེཿ མགྱོགས་པར་མྱུར་དུ་འདོད་ཟེར་མ་ཉན་ནོཿ ནམ་མཁའི་སྙིང་པོས་དེ་སྐད་མ་ཟེར་གསུངསཿ ཕ་ཡིས་བུ་ལ་མ་ལེགས་མི་སློབ་ཅིང་ཿ མ་ཡིས་བུ་ལ་དུག་མི་སྡུད་པས་ནཿ བླ་མས་སློབ་མར་ལོག་པ་མི་སློབ་བོཿ བསླབས་ཀྱང་བཀའ་བཅག་དམྱལ་བའི་གནས་སུ་འགྲོཿ ང་ནི་མི་འགྲོ་ཁྱེད་རྣམས་འགྲོ་ན་སོང་ཿ དཔལ་གྱི་སེང་གེ་བོད་དུ་འགྲོ་བ་ལཿ སློབ་དཔོན་རྫོང་བར་གོང་བྱུང་ཆོས་རྣམས་དང་ཿ བར་ཆད་སེལ་བའི་སེང་ལྡིང་ཕུར་པ་བསྐུརཿ ཕུར་པ་འདི་ཉིད་ཉལ་དུས་སྔས་ཐབ་གསུང་ཿ གཡོག་པོ་མོན་བུ་སྤྱི་ཟླུམ་ཞིག་ཀྱང་བཏང་ཿ བལ་ཡུལ་ཉི་མ་ཁུད་ཀྱི་མཚོ་འགྲམ་དུཿ ས་རུབ་ལམ་མ་མཐོང་བར་ཞག་ས་བྱསཿ གཟིམས་ཏེ་སེང་ལྡེང་ཕུར་བ་སྔས་


PKT001_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༧༣ན༽སུ་བཏབཿ སློབ་དཔོན་མནལ་སོང་གཡོག་པོར་གཉིད་མ་བྱུང་ཿ མཚོ་ནས་སྦྲུལ་ཆེན་ཞིག་བྱུང་སློབ་དཔོན་བསྐོརཿ གཡོག་པོ་དྲེད་ནས་སློབ་དཔོན་བོས་པ་ཡིསཿ སྦྲུལ་དེ་བྲོས་ནས་མཚོ་ནང་མཆོངས་ཏེ་སོང་ཿ སང་ནུབ་མཚོ་འདི་བརྒལ་ན་རུང་སྟེ་སྙམཿ སང་ནུབ་ཀྱང་ནི་མཚོ་འགྲམ་དེ་ཀར་ཉལཿ སློབ་དཔོན་གཉིད་སོང་སྔས་ནས་ཕུར་པ་བཏོནཿ ཁོ་རང་སྔས་སུ་བཏབ་པས་སྦྲུལ་བྱུང་སྟེཿ སློབ་དཔོན་སྐུ་ལ་འཁྲིལ་ནས་སྐད་ངན་ཤོརཿ མཚོ་དེའི་ཀླུ་ནག་འདམ་འཛིན་བྱ་བ་དེསཿ དཔལ་གྱི་སེང་གེའི་རྩེའུ་ཆུང་འཇིབས་ནས་བཀུམཿ དེ་ནི་བླ་མའི་བཀའ་བཞིན་མ་བགྱིས་པརཿ བཀའ་བཅག་དམ་ཚིག་རལ་པའི་སྐྱོན་ཡིན་གསུངསཿ དགེ་སློང་མི་གསུམ་སྒྲུབ་པ་བྱས་པ་ཡིསཿ མེ་མར་རང་འབར་གཏོར་མ་ཞག་ཏུ་འཁྱིལཿ བནྡྷ་བུམ་པ་ཙམ་སོང་དམ་རྫས་ཁོལཿ དཔལ་ཆེན་ཡབ་དང་ཡུམ་གྱི་ཞལ་མཐོང་ངོ་ཿ དེ་དུས་བོད་ཀྱི་རྒྱལ་པོ་བསྙུ་ན་གྱིས་ཟིནཿ ཅི་བྱས་མ་ཕན་ཀག་བསྐོར་མོ་བཏབ་པསཿ ནམ་མཁའི་སྙིང་པོ་བོད་ན་ཕན་ཅེས་ཟེརཿ བང་ཆེན་བརྫངས་ནས་བོད་དུ་མ་བྱོན་ནཿ ཉེ་གཞི་རྩ་ལག་ཐམས་ཅད་ཁ་དག་གཏོང་ཿ ཞེས་པའི་ཡི་གེ་བསྐུར་བས་མ་དགྱེས་ཏེཿ ད་ཉིད་རྒྱ་གར་ཡོད་པས་མི་འཇིགས་རུང་ཿ བོད་ཀྱི་གནུབས་རྣམས་ཁ་དག་སྙིང་རྗེ་བསམཿ དེ་ནས་


PKT001_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༧༣བ༽བོད་དུ་འབྱོན་དགོངས་སློབ་དཔོན་ཞུསཿ ཁྱོད་ཀྱིས་མ་ཕྱིན་འོ་སྐོལ་སྒྲིབ་པ་ཡོང་ཿ བོད་དུ་སོང་གསུང་དགེ་སློང་གསུམ་སྔོན་བཏང་ཿ ལྟ་བ་འཕངས་དམས་ཆོས་དབྱིངས་དོན་མ་རྟོགསཿ ཞེས་པ་ལ་སོགས་བཤགས་པ་བྱས་ནས་འོངསཿ གསུམ་པའི་ཕྱི་ལ་ཕྱིན་པས་སྔོན་ལ་རྟོལཿ དེ་ནས་དགེ་སློང་མི་བཞི་རྗེ་དང་མཇལཿ ནམ་མཁའི་སྙིང་པོས་བྱིན་རླབས་མཛད་པས་སོསཿ རྗེ་ཉིད་བཞེད་པའི་ཡང་དག་དོན་ལོན་ཡོདཿ རྒྱུ་ནི་སེམས་ཅན་འབྲས་བུ་ཕྱག་རྒྱ་ཆེཿ དཔལ་ཆེན་ཡང་དག་གྲུབ་པ་གཅིག་པུ་ཉིདཿ སྣང་སྲིད་སངས་རྒྱས་བདེ་ཆེན་ཀུན་འདུས་པཿ ཆུ་རྒྱུན་རྣལ་འབྱོར་ཟབ་མོ་སྐུ་གསུམ་རྫོགསཿ གསང་ཆེན་མཁའ་འགྲོ་སྒྱུ་མ་བདེ་མཆོག་བདེཿ ཞེས་གསུངས་རང་གི་ཐུགས་ཀ་གྲིས་བཤགས་ཏེཿ ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་བསྟནཿ ཚིག་དོན་གསུམ་མཐུན་རྒྱལ་པོ་ངེས་ཤེས་སྐྱེསཿ ཕྱག་མང་དབུ་ཐོད་བུད་བུད་བཙལ་བར་གྱུརཿ དེ་ནས་རྗེ་ལ་ཡང་དག་དབང་བསྐུར་ནསཿ ཡང་དག་རྩ་རྒྱུད་འབྲེལ་ཆེན་སྒྲོན་མ་དང་ཿ ཡང་དག་ལུས་དཔེ་མི་གཅིག་སྙིང་ལྟ་བུཿ ཡང་དག་ཆོད་པ་ཕུར་པ་སྐྱེལ་མ་ལྟརཿ ཡང་ཕུར་སྦྲགས་མའི་སྒྲུབ་ཐབས་རྗེ་ལ་གསུངསཿ མཁའ་དབྱིངས་དག་པ་སྦྱོར་བ་བཞི་བསྒྲུབས་པཿ སྙིང་རྗེ་དག་པ་སྒྲོལ་བ་བཅུ་བསྒྲུབ་པཿ སྦྱོར་སྒྲོལ་གཉིས་དང་ཞི་ཁྲོ་རྩ་འབུམ་གསུངསཿ རྗེ་འབངས་ཁ་


PKT001_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༧༤ན༽ཅིག་སྒྲུབ་པ་བྱས་པ་ལཿ ཚེ་སྤོང་གཟས་འཁུམས་བོན་བློན་རྣམས་ལ་བཤདཿ ཀ་པཱ་ལ་ཟེད་སྟེགས་ཁར་མི་མགོ་བཞགཿ བ་སུ་ཏ་ཡིན་ཟེར་ནས་རྒྱུ་མ་བྲེསཿ རྐང་གླིང་ཡིན་ཟེར་མི་ཡི་རྐང་དུ་འདུགཿ ཞིང་ཆེན་གཡང་གཞི་ཡིན་ཟེར་མི་ལྤགས་བཀྲམཿ རཀྟ་ཡིན་ཟེར་གཏོར་མར་ཁྲག་བྱུག་འདུགཿ དཀྱིལ་འཁོར་ཡིན་ཟེར་ཁྲ་ཁྲ་ཤིག་ཤིག་འདུགཿ གྲད་པ་ཡིན་ཟེར་རུས་པའི་འཕྲེང་བ་གྱོནཿ གིང་པ་ཡིན་ཟེར་མི་རེང་གཅེར་རྒྱུགས་བྱེདཿ བྱིན་འབེབས་ཡིན་ཟེར་ཅི་འདྲའི་གསོབ་གྱོན་འདུགཿ ཞལ་བརྙན་ཡིན་ཟེར་སྣ་ཚོགས་འབག་གྱོན་འདུགཿ ཆོས་མིན་རྒྱ་གར་བོད་ལ་ངན་བསླབས་ཡིནཿ ཞེས་སྨྲས་པ་དམར་རྒྱན་གྱིས་གསངས་གཏོལ་ནསཿ བོན་བློན་རྣམས་ཀྱིས་རྗེས་ལ་ཡང་ཞུས་པཿ ཕྲ་མེན་ངན་སྔགས་མཁན་དེ་ཕུགས་སུ་བཞགཿ ཅེ་ཟེར་ཁ་ལ་ཉན་ནས་ཅི་བྱེད་པཿ ལོག་ཆོས་བྱེད་པའི་སྒྲུབ་པ་དེ་ལྟ་བུཿ དེ་འདྲ་དར་ན་མི་ལ་གསོན་སྒྲོལ་ཡོང་ཿ ཆོས་མ་ཡིན་གྱིས་ལོག་པ་བསླབས་ཏེ་མཆིཿ ཁོང་བཞིས་དཔལ་གྱི་སེང་གེ་བསད་བྱས་ནསཿ རྗེ་ལ་བརྙས་པ་ཡིན་པས་བསད་པ་བྲགཿ ཅེས་གསོལ་རྒྱལ་བློན་བློ་བསྡུས་བསམས་པ་ཡིསཿ རྒྱལ་པོ་ཉིད་ཀྱང་ཅུང་ཟད་ཐེ་ཚོམ་ནསཿ འོ་ན་བསད་པས་མི་འོང་སྤྱུག་གི་གསུངསཿ ནམ་མཁའི་སྙིང་པོ་ལྷོ་བྲག་མཁར་ཆུར་སྤྱུགསཿ གྲུ་གུ་ཨེ་བག་ཞང་ཞུང་ཡུལ་དུ་


PKT001_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༧༤བ༽སྤྱུགསཿ རུ་གྱོང་བྱང་རྒྱུད་ཐོ་ཡོལ་ནག་པོར་སྤྱུགསཿ རྒྱལ་བའི་བློ་གྲོས་ལི་ཡུལ་ལྕང་རར་སྤྱུགསཿ ནམ་མཁའི་སྙིང་པོས་སྒྲུབ་པ་མཛད་པར་བཞུགསཿ གྲུབ་རྟགས་བྲག་ལ་སྐུ་རྒྱབ་གཏད་པའི་རྗེསཿ མེ་ནི་རང་འབར་བྲག་ལ་ཕུར་པ་བཏབཿ ཉེ་མའི་ཟེར་ལ་ཆིབས་ནས་གཤེགས་བཞུད་མཛདཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ནམ་མཁའི་སྙིང་པོ་ལྷོ་བྲག་མཁར་ཆུར་སྤྱུགས་པའི་ལེའུ་སྟེ་དོན་དགུ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

པཎ་ཆེན་བི་མ་མི་ཏྲ་གདན་དྲངས་པའི་ལེའུ།


PKT001_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བོད་ཀྱི་རྒྱལ་པོའི་ཐུགས་དགོངས་ལཿ བོད་ཁམས་འདི་དག་ཆོས་ལ་བཀོད་འདོད་པསཿ སྐུ་རྟེན་གཙུག་ལག་ཁང་ནི་ཁྱད་འཕགས་གྲུབཿ གསུང་རྟེན་ཆོས་བསྒྱུར་ལོ་ཙཱ་མ་རྙེད་དོཿ རྙེད་ནས་ཤེས་རབ་བློ་སྟོབས་ཅན་རྣམས་ཀུནཿ རྒྱ་གར་བཏང་བས་ཁྱད་འཕགས་ཆོས་རྙེད་ཀྱང་ཿ བོན་བློན་རྣམས་ཀྱིས་ཆོས་ལ་ཕྲག་དོག་བྱསཿ ཆོས་ལ་དག་ཐེར་མ་ཐོན་སྤྱུགས་དགོས་བྱུང་ཿ བོན་ཆོས་ཡིན་མིན་མེད་པར་བསྒྱུར་དགོས་བསམཿ ཞང་ཞུང་ཡུལ་དུ་གཤེན་བོན་འབོད་དུ་བཏང་ཿ གཤེན་བོན་ཤང་རིའི་དབུ་ཅན་ཞེས་བྱ་བའིཿ ལོ་ཙཱ་བ་ལ་ཐང་ནག་བོན་པོ་བཅུགཿ ཨཱརྻ་པ་ལོར་ཀླུ་འབུམ་པོད་བཞི་བསྒྱུརཿ བོན་གྱི་བསྟན་པ་འཛུགས་པ་ཡིན་ནོ་བསྒྲགསཿ བང་སོ་འདི་དག་བོན་ལུགས་ཡིན་འདུག་པསཿ དོན་མཁར་


PKT001_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༧༥ན༽མུ་རིར་ང་ཡི་བང་སོ་བརྩིགསཿ ཞེས་གསུངས་བོན་བློན་བང་སོ་བརྩིག་ཏུ་བཅུགཿ མཆོད་རྟེན་འདི་དག་ཆོས་ལུགས་ཡིན་འདུག་པསཿ གཙུག་སྣའི་རི་ལ་ང་ཡི་མཆོད་རྟེན་བརྩིགསཿ ཞེས་གསུངས་ཆོས་བློན་ཐམས་ཅད་བརྩིག་ཏུ་བཅུགཿ ང་ནི་རྒྱ་གར་མཁས་པ་པཎྜི་ཏཿ བརྒྱ་དང་རྩ་བརྒྱད་བོད་དུ་གདན་དྲངས་ནསཿ ལོ་ཙཱ་སློབ་ཅིང་རབ་ཏུ་བྱུང་བར་བྱསཿ སྔར་གྱི་ཆོས་རྣམས་ཡིན་མིན་དེར་གསལ་སྙམཿ སྐ་བ་དཔལ་བརྩེགས་ཅོག་རོ་ཀླུའི་རྒྱལ་མཚནཿ རྨ་བན་རིན་མཆོག་གསུམ་ལ་གསེར་ཕྱེ་བསྐུརཿ ཨིནྡྲ་བོ་དྷི་དྷརྨ་རཱ་ཛ་ལཿ པཎ་ཆེན་ལྔ་བརྒྱའི་ནང་ནས་མཁས་ཆེན་པོཿ སྐྱེས་ལན་བོད་དུ་རྫོངས་ཞེས་ཤོག་འཕྲིན་བསྐུརཿ ལོ་ཙཱ་གསུམ་གྱིས་རྒྱ་གར་ཡུལ་དུ་ཕྱིནཿ རྒྱ་གར་ཡུལ་གྱི་སེར་སྐྱའི་གྲོང་ཁྱེར་དབུསཿ ཆོས་རྒྱལ་དྷརྨ་རཱ་ཛ་ཞེས་བྱ་བཿ པཎྜི་ཏ་ནི་ལྔ་བརྒྱས་མཆོད་གདུགས་ཚོད་གསོལ་བའི་གྲལ་ལ་རྒྱལ་པོས་གསུངསཿ ཀྱེ་པཎ་ཆེན་མཁས་པ་ཆེན་པོ་རྣམསཿ བདག་ལ་བོད་ཀྱི་རྒྱལ་པོ་ཡིསཿ ཤིན་ཏུ་བཟང་བའི་སྐྱེས་བསྐུར་ནསཿ སྐྱེས་ལན་པཎྜི་ཏ་བཟང་བཿ


PKT001_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༧༥བ༽ཁྱད་པར་གསང་སྔགས་ལ་མཁས་པཿ ཐོད་ཞིག་ཟེར་བས་གཅིག་བཏང་འཚལཿ ཅེས་གསོལ་སློབ་དཔོན་སངས་རྒྱས་གསང་བ་ཡིསཿ སྐྱེ་ས་སྐྱེལ་མི་གསུམ་གང་ན་འདུག་གྱུར་པཿ འདིར་ཁྲིད་ཤོག་གསུང་རྒྱལ་པོས་ཁྲིད་ནས་འོངསཿ བི་མ་མི་ཏྲའི་སྐུ་ཡི་མཚན་བཟང་མཐོང་ཿ མོས་པ་རབ་ཏུ་སྐྱེས་ནས་མཎྜལ་ཕུལཿ ཡར་མར་དུས་གཅིག་བི་མ་ལ་ལ་བལྟཿ དོན་གྱིས་སོང་ཞིག་པར་བསྐུལ་བི་མས་བཞེངསཿ མ་ནུ་དུ་རུ་ཀྲོ་ཧེཿ ཞེས་པ་ལན་གསུམ་སྒྲ་བརྗོད་པསཿ ལོ་ཙཱ་གསུམ་ལ་གོ་ལུགས་རེཿ ཅོག་རོ་ཀླུ་ཡི་རྒྱལ་མཚན་གྱིསཿ གཞུ་མོ་དག་ལ་བརྟེན་པའི་མདའཿ སྐྱེས་བུའི་མཐེབ་མོས་རྩོལ་ཕོད་ནཿ མདའ་ཡིས་འབེམ་དྲུང་ཕྱིན་པར་ནུསཿ ཞེས་དང་སྐ་བ་དཔལ་བརྩེགས་ཀྱིསཿ གྲུ་བོ་དག་ལ་བརྟེན་པའི་མིཿ མཉན་པའི་སྐྱེ་བས་རྩོལ་ཕོད་ནཿ གྲུས་ཀྱང་ཆུ་བོ་སྒྲོལ་བར་ནུསཿ ཞེས་དང་རྨ་བན་རིན་མཆོག་གིསཿ ཡོན་ཏན་དག་ལ་བརྟེན་པའི་མིཿ རང་ཡུལ་མིན་པའི་ས་ཕྱོགས་སུཿ ལུས་ཀྱི་བུམ་པ་གར་འདྲིལ་བརཿ སེམས་ཀྱི་ཆུ་བོ་དེ་རུ་འབོཿ ཞེས་གསུངས་བོད་དུ་བཞུད་པར་གོཿ དེ་ནས་བི་མ་མི་ཏྲ་ཡིསཿ རྒྱལ་པོ་ཁྱོད་ཀྱིས་གཏོང་ཕོད་ནཿ ང་ཡིས་བོད་ལ་ཕན་ཐོགས་ཡོང་ཿ སྤྲེའུ་ཚ་བོད་ཀྱི་ས་ཆ་རུཿ ཕྱི་ནང་ཆོས་མཁས་བི་མ་ལཿ སྙིང་ཐིག་མ་བུ་ཚད་གཅིག་བཅསཿ བོད་ཡུལ་མི་བླུ་གདུལ་བྱར་འགོདཿ


PKT001_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༧༦ན༽ཅེས་གསུང་ཨཱ་ཙ་ར་སའི་སྙིང་གཡོག་པོར་ཁྲིདཿ ལོ་ཙཱ་གསུམ་དང་བསྡེབས་ནས་བོད་དུ་བྱོནཿ དེ་ཡི་མཆན་མོ་རྨི་ལམ་ཐམས་ཅད་འཁྲུགསཿ མཁའ་འགྲོ་མ་རྣམས་ཆོ་ངེས་འདེབས་ཤིང་དུཿ རྒྱལ་པོའི་ཆུ་ཚོད་དབྱུག་གུའི་རྩིས་ཀྱང་འཁྲུགསཿ ནངས་པར་དུས་སུ་རྒྱལ་པོའི་ཕོ་བྲང་དུཿ རྒྱ་གར་མི་རྣམས་ཐམས་ཅད་འདུས་བྱས་ནསཿ རྨི་ལམ་བསྡུར་བས་ཀུན་མཐུན་ཅིས་ལན་ཟེརཿ ལ་ལ་ཅང་ཟེར་ལ་ལ་ཅི་ཟེར་གླེངསཿ ལྷ་འདྲེས་བརླམས་པའི་བུད་མེད་ཅིག་ན་རེཿ རྒྱལ་པོའི་བླ་མཆོད་བོད་དུ་མ་ཤོར་རམཿ རྒྱལ་པོ་ལ་དྲིས་ཟེར་ནས་དྲིས་པ་དང་ཿ མཁས་པ་བི་མ་མི་ཏྲ་བོད་ཤོར་ཟེརཿ རྒྱ་གར་མི་ཡིས་རྐང་མགྱོགས་བརྫངས་པར་གྱུརཿ བོད་ཀྱིས་འགག་སྲང་མདོ་ཐམས་ཅད་དུཿ བོད་ཀྱི་བནྡེ་གསུམ་གྱིས་མུ་སྟེགས་པཿ ཕྲ་མེན་ངན་སྔགས་མཁན་པོ་ཁྲིད་ནས་སོང་ཿ བོད་ཀྱི་རྒྱལ་ཁམས་ཐམས་ཅད་ཕུང་ནས་འགྲོཿ ཞེས་པའི་ཡི་གེ་མདོ་བྱང་མང་པོ་བཏབཿ དེ་ནས་བི་མ་མི་ཏྲས་བསམ་ཡས་རྟོལཿ རྒྱལ་པོ་རྗེ་འབངས་བསུ་བ་བྱས་པའི་ཚེཿ ཕྱག་ནི་འཚལ་རེས་གང་ཡང་མེད་པ་ལཿ ལོ་ཙཱ་གསུམ་གྱིས་ངོ་སོ་དང་བཅས་ནསཿ རྒྱལ་པོའི་སྙན་དུ་བི་མའི་བསྔགས་པ་བརྗོདཿ སྤྱིར་ན་མདོ་སྔགས་སྡེ་སྣོད་མང་པོ་མཁྱེནཿ ཁྱད་པར་མཆོག་ཏུ་རས་བུ་གསང་སྔགས་མཁསཿ འདི་ལྟ་བུ་ལ་བཀུར་སྟི་


PKT001_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༧༦བ༽ལེགས་པར་ཞུཿ དེ་སྐད་གསོལ་བས་རྒྱལ་པོའི་ཞལ་ནས་ནིཿ དོ་ནུབ་དབུ་ཚལ་གསེར་གྱི་ལྷ་ཁང་གཟིམསཿ ནངས་པར་དྲོ་གོང་གང་མོས་སྤྲོ་བར་བྱཿ ཞེས་གསུང་དཔོན་སློབ་དབུ་ཚལ་གསེར་ཁང་བཞུགསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ པཎ་ཆེན་བི་མ་མི་ཏྲ་གདན་དྲངས་པའི་ལེའུ་སྟེ་བརྒྱད་ཅུ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

པཎ་ཆེན་བི་མ་མི་ཏྲས་རྫུ་འཕྲུལ་བསྟན་པའི་ལེའུ།


PKT001_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བོད་ཀྱི་བློན་པོ་གདུགས་པ་ཅནཿ བང་སོ་མཆོད་རྟེན་བརྩིག་པའི་ཁ་བརྒྱགས་ལཿ བསམ་ཡས་པཎྜི་ཏ་ཞིག་བྱོན་ཟེར་ཐོསཿ མདོ་བྱང་བཏགས་པའི་ཡི་གེ་བཀྲོལ་ནས་ཕྱིནཿ བློན་པོ་ཐམས་ཅད་རྒྱལ་པོའི་སྤྱན་སྔར་འདུསཿ འོ་སྐོལ་འདི་ན་མཐའ་མི་ཕྲ་མེན་མཁནཿ བོད་ལ་ངན་བྱེད་མི་ཞིག་ཁྲིད་ཡོད་འདུགཿ འདི་རུ་མ་བཞག་ཞུ་ཕུལ་ཡི་གེ་བསྟནཿ ནངས་པར་ལོ་ཙཱ་གསུམ་གྱིས་སྔ་བར་ལངསཿ རྒྱལ་པོར་ཞལ་མཇལ་ཞུ་ཞེས་འཕྲིན་བསྲིངས་པསཿ བཞེངས་མ་ཟིན་ཟེར་ཉི་མ་ཤར་བར་འགོརཿ དེ་ནས་བློན་པོ་འགའ་ཞིག་དོན་བྱུང་བསཿ ལོ་ཙཱ་གསུམ་པོས་མ་ལེགས་མགྲིན་གཅིག་བརྗོདཿ རང་ལ་རང་གི་རིག་པའི་དོན་ཤར་ཏེཿ རྒྱལ་པོ་མཇལ་བས་ཞལ་ནས་འདི་སྐད་གསུངསཿ པཎྜི་ཏ་དེ་གཤའ་མ་མིན་ཡོང་འདུགཿ མུ་སྟེགས་ཕྲ་མེན་མཁན་ཞིག་ཡིན་ཚོར་གདའཿ ཞག་འགའ་མཚན་ཉིད་


PKT001_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༧༧ན༽བརྟག་ཟེར་མཇལ་མ་གནང་ཿ ལོ་ཙཱ་གསུམ་པོ་རབ་ཏུ་སྡུག་བསྔལ་ཞིང་ཿ ཡི་དྭགས་མདོག་འདྲ་ཁ་སྣ་ཟགས་པར་གྱུརཿ བི་མས་མཁྱེན་ནས་ཞག་གསུམ་ནངས་པར་དེཿ རྣམ་པར་སྣང་མཛད་སྒྱུ་མ་གཟུགས་ཀྱི་ལྷརཿ བི་མ་མི་ཏྲ་ཡེ་ཤེས་ལྷ་ཡི་ལྷསཿ ཀུན་རྫོབ་གཟུགས་ཀྱི་ལྷ་ལ་ཕྱག་འཚལ་ལོཿ ཞེས་གསུངས་ཕྱག་བཙལ་ལྔར་ཆོ་ཐལ་ཕུང་སོང་ཿ ལོ་ཙཱ་གསུམ་པོ་ངོ་མཚར་རབ་སྐྱེས་ནསཿ རྒྱལ་པོའི་སྙན་གསོལ་རྒྱལ་པོའི་ཞལ་ནས་ནིཿ དེ་ཀུན་ཕྲ་མེན་ངན་སྔགས་ཡིན་མོད་དེཿ ང་ཡི་ལྷ་དེ་བཞེངས་པར་དཀའ་ལས་བྱསཿ ལྷ་འཇིག་པ་ལ་གདན་དྲངས་པ་མིན་གསུངསཿ ལོ་ཙཱ་གསུམ་སེམས་རབ་ཏུ་མ་དགའ་ནསཿ གཅིག་ལ་གཅིག་བལྟ་བཞིན་གྱི་དཀྱིལ་འཁོར་ཉམསཿ བདག་ཅག་གསུམ་གྱིས་རྒྱ་གར་ཡུལ་དུ་ཕྱིནཿ དཀའ་བ་སྤྱོད་ནས་བོད་ཡུལ་དབུས་སུ་འོངསཿ ཐམས་ཅད་ཀུན་གྱི་བླ་རུ་ཕྱིན་པ་ཡིཿ མཁས་མཆོག་ངོ་མཚར་འདི་འདྲ་གདན་དྲངས་ནཿ རྒྱལ་པོ་ཅི་ཉེས་སྙམ་ནས་ཐུགས་རབ་མུགཿ དེ་ནས་ཞག་གསུམ་བི་མ་ལ་བཞེངས་ནསཿ རྣམ་པར་སྣང་མཛད་གཟུགས་སྐུ་བཅོས་མའི་ལྷཿ བི་མ་མི་ཏྲ་ཡེ་ཤེས་ལྷ་ཡི་ལྷསཿ ཡེ་ཤེས་ལྔ་ལྡན་རྟགས་ཀྱི་དབང་བསྐུར་རོཿ ཞེས་གསུངས་རྣམ་སྣང་སྤྱི་བོར་ཕྱག་བཞག་པསཿ སྐུ་གཟུགས་སྔ་མ་བས་ལྷག་རྒྱ་གར་ལུགསཿ འོད་ཟེར་


PKT001_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༧༧བ༽འཕྲོས་པས་དབུ་རྩེ་འོད་ཀྱིས་ཁྱབཿ དེ་ནས་བསམ་ཡས་ལྷ་ཁང་ཐམས་ཅད་ཁྱབཿ ལོ་ཙཱ་གསུམ་གྱིས་རྒྱལ་པོའི་སྙན་དུ་གསོལཿ དེ་ནས་རྒྱལ་པོ་ཐུགས་ཆེས་མངའ་འོག་ལཿ ཟླ་གཅིག་རྐང་མགྱོགས་བརྫངས་ནས་ཚེས་བཅུའི་ཉིནཿ བོད་ཀྱི་རྒྱལ་བློན་མ་ལུས་ཐམས་ཅད་འདུསཿ དབུ་རྩེ་རིགས་གསུམ་སྒོ་མདུན་གཡས་ཕྱོགས་སུཿ རྒྱལ་པོའི་གཡུ་ཁྲི་རབ་ཏུ་དཔངས་མཐོ་བརྩིགསཿ རྒྱལ་པོས་བི་མ་མི་ཏྲ་ཕྱག་མཛད་པསཿ རྒྱལ་པོའི་ཐུགས་ཀར་རིགས་གསུམ་མགོན་པོ་འདུགཿ དེ་ལ་བི་མས་རིན་ཆེན་ཕྲོག་ཞུ་ལཿ ཨོཾ་ཨཱཿཧཱུཾ་སྭཱཧཱཿ ཞེས་གསུངས་སེ་གོལ་ལན་ལྡ་བརྡབས་པ་ལསཿ རིགས་ལྔའི་སངས་རྒྱས་བཀྲ་ལམ་ཀུན་གྱིས་མཐོང་ཿ བོད་ཀྱི་རྒྱལ་ཁམས་ཀུན་གྱིས་བསྟོད་ཅིང་བསྔགསཿ དེ་དུས་བི་མ་མི་ཏྲ་གྱིས་དང་གསུངསཿ བི་མ་མི་ཏྲ་ལས་ནི་མ་ཤེས་སོཿ ལོ་ཙཱ་གསུམ་བསྒྱུར་བི་མས་ཆོས་མང་གསུངསཿ དགུང་ལོ་གླང་ཡིན་སུམ་བརྒྱ་ལོན་ནས་བྱོནཿ དེ་དུས་སངས་རྒྱས་མྱ་ངན་ལས་འདས་ནསཿ ལོ་ནི་སྟོང་དང་བརྒྱད་ཅུ་ཐམ་པ་སོང་ཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ པཎ་ཆེན་བི་མ་མི་ཏྲས་རྫུ་འཕྲུལ་བསྟན་པའི་ལེའུ་སྟེ་གྱ་གཅིག་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

བོད་ཀྱི་རྒྱལ་པོས་རྒྱ་གར་པཎྜི་ཏ་བརྒྱ་རྩ་བརྒྱད་གདན་དྲངས་ནས་བོན་བསྣུབས་པའི་ལེའུ།


PKT001_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིསཿ མི་ཕངས་གསེར་ལ་བྱས་ནས་གདན་


PKT001_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༧༨ན༽དྲངས་པཿ རྒྱ་གར་ཡུལ་ནས་བུདྡྷཱ་གུ་ཧྱ་དང་ཿ སིངྒ་ལ་ནས་ཨཱརྻ་དེ་བ་དང་ཿ མ་རུ་རྩེ་ནས་ཀ་མ་ཤཱི་ལ་དང་ཿ རྒྱ་ནག་བྷ་སང་ཁྲིག་ཞོར་སཾ་ཤི་དང་ཿ རྗེའུ་རིགས་ཧཱ་ཤར་མཧཱ་རཱ་ཛ་དང་ཿ རྒྱ་ནག་ཡུལ་གྱི་ཧཱ་ཤང་དེ་བ་དང་ཿ ཧཱ་ཤང་མཧཱ་ཡཱ་ན་ཞེས་བྱ་དང་ཿ རྒྱ་ནག་མཁས་པ་ཧ་ར་ནག་པོ་དང་ཿ རྒྱ་ནག་ཧཱ་ཤང་མཧཱ་སཱུ་ཏྲ་དང་ཿ རྒྱ་གར་ཡུལ་ནས་ཨཱ་ཙར་གསལ་བ་དང་ཿ ཙནྡྲ་ཀིརྟྟི་དྷརྨཱ་གཱི་ཏི་དང་ཿ ཤཱནྟ་རཀྵི་ཏ་དང་གསལ་རྒྱལ་དང་ཿ ཤཱནྟ་དེ་བ་བུདྡྷ་གུ་པྟ་དང་ཿ ཤྲཱི་བ་ལ་དྷ་ར་ཙྪིནྡྷ་མ་ཎི་དང་ཿ ཤཱིནྟི་ངྒ་རྦྷ་བི་ཤུདྡྷ་སིངྷཿ རཾ་བུ་གུ་ཧྱ་དེ་བ་ཙནྡྲ་དང་ཿ དཱ་ན་ཤཱི་ལ་བྲམ་ཟེ་ཨཱ་ནནྡཿ ཀ་ལྱཱ་མི་ཏྲ་སུ་རེནྡྲ་བོ་དྷཱིཿ ཛི་ན་མི་ཏྲ་ཤཱི་ལེནྡྲ་བོ་དྷཱིཿ བལ་པོ་ཤཱི་ལ་མཉྫུ་བ་སུ་དྷ་རཿ ཆོས་ཀྱི་བདག་པོ་ག་ག་ཀཱིརྟི་དང་ཿ ཞང་ཞུང་ཡུལ་ནས་གཤིན་ལི་ཤི་སྟག་རིང་ཿ ཐང་ནག་བོན་པོ་ཚ་མི་གཡུང་དྲུང་འབྱུང་ཿ གཤིན་བོན་དྲན་པ་པད་སླུངས་བྱ་བ་དང་ཿ མི་ལུས་བསམ་ལྷག་སྟག་ལྷ་མེ་འབར་དང་ཿ ཐར་བོན་གྲུབ་བསྐྱིལ་རྟ་བོན་བྱོན་ཁྲི་ནགཿ འཕྲུལ་བོན་གསང་བ་དང་རིངས་ལ་སོགས་བོསཿ ཨཱརྻ་པ་ལོའི་གླིང་བཞག་བོན་བསྒྱུར་བཅུགཿ དེ་དུས་རྒྱལ་པོའི་སྐུ་ཡི་རི་མ་གྲོ་ལཿ བན་དུ་ཤ་བ་རྭ་རྒྱས་བྱེད་དགོས་ཟེརཿ བན་པོས་ཤ་བ་གསོན་མ་བཟུང་


PKT001_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༧༨བ༽ནས་གྱེརཿ ལྷ་ཆ་དགོས་ཟེར་བོན་པོས་གཡག་ལུག་གསོདཿ དེ་ལ་སོགས་པའི་སྡིག་པ་གང་ཞིག་ལཿ ལོ་པཎ་རྣམས་ཀྱི་ས་བོན་པོའི་ལས་ལ་གཟིགསཿ པཎྜི་ཏ་རྣམས་གྲོས་མེད་བློ་གཅིག་ཏུཿ ལོ་ཙཱ་བརྒྱུད་ནས་རྒྱལ་པོའི་སྙན་གསོལ་པཿ ཆོས་ཀྱི་ཁྲིམས་དང་མི་མཐུན་བོན་ལུགས་འདིཿ མི་དགེ་བལ་གྱི་ཐུན་མོང་མ་ཡིན་གྱིཿ འདི་འདྲ་བྱེད་འཇུག་ངེད་རྣམས་རང་ཡུལ་འགྲོཿ བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འོང་ཿ ཆོས་ལུགས་གཅིག་ལ་བྱེད་ལུགས་གཉིས་མི་རུང་ཿ རྒྱལ་ས་གཅིག་ལ་རྒྱལ་པོ་གཉིས་མི་འཐདཿ སྡིག་པའི་གྲོགས་དང་བསྐལ་པར་འགྲོགས་མི་བྱེདཿ དེ་སྐད་བསྲིངས་པས་རྒྱལ་པོས་ལན་བསྐུར་བཿ བོན་ཆོས་གཉིས་ནི་གཤེད་མ་ཕྲད་པ་བཞིནཿ གཅིག་ལ་གཅིག་ནི་དག་པ་མི་སྟེར་བསཿ ཆོས་ནི་དར་ཆ་ཆུང་ཞིང་བོན་ཁ་དྲགཿ ལོ་ཙཱ་མཁས་པ་མང་པོ་སྤྱུགས་དགོས་བྱུང་ཿ བོན་ཆོས་གཉིས་ཀ་དར་འཇུག་བཞུགས་ཞུས་པསཿ ཞེས་བསྲིངས་པཎྜི་ཏ་རྣམས་ལན་མི་སྟེརཿ ཆོས་གསུང་ཞུ་བ་ཕུལ་ཀྱང་ཆོས་མི་གསུངསཿ དེ་དུས་རྒྱལ་བའི་བློ་གྲོས་ཨ་མ་དང་ཿ བློན་པོ་ཏ་ར་ཀླུ་གོང་ཤི་བ་ལཿ བོན་ཆོས་གཉིས་ཀས་བུམ་ཆོག་བྱས་པའི་ཚེཿ རྒྱལ་པོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམཿ དོན་མཁར་ཐང་ལ་ངག་ནུས་འགྲན་བཅུག་པསཿ རྒྱལ་པོ་ཆོས་ལ་ཡིད་


PKT001_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༧༩ན༽ཆེས་བོན་ཐེ་ཚོམཿ སློབ་དཔོན་པདྨ་ཐང་ནག་བོན་པོ་གཉིསཿ གྲུབ་མཐའ་བཟུང་ནས་བགེགས་རེས་བྱེད་བཅུག་པསཿ རྒྱལ་པོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམཿ བོ་དྷི་ས་ཏྭ་ཤཱ་རིའི་དབུ་ཆེན་གཉིསཿ གྲུབ་མཐའ་བཟུང་ནས་འགེགས་རེས་བྱེད་བཅུག་པསཿ རྒྱལ་པོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམཿ བི་མ་མི་ཏྲ་ལི་ཤི་ལྟག་རིངས་གཉིསཿ གྲུབ་མཐའ་བཟུང་ནས་འགེགས་རེས་བྱེད་བཅུག་པསཿ རྒྱལ་པོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམཿ བོན་གྱི་ཐེག་དགུ་ཆོས་ཀྱི་ཐེག་དགུ་གཉིསཿ ལོ་ཙཱ་རྣམས་ཀྱིས་འགེགས་རེས་བྱེད་བཅུག་པསཿ རྒྱལ་པོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམཿ རྒྱལ་པོའི་མངའ་འོག་བོན་པོ་ཐམས་ཅད་བསྡུསཿ ཁམས་གསུམ་དཀར་བོན་ནག་པོའི་གྲལ་བྱས་ནསཿ བོན་པོའི་སྐྲ་བསྒོར་ཕ་ཇོའི་མིང་དུ་བཏགསཿ མགོ་ལ་ཝ་ཞྭ་ལག་པར་ཕྱེད་རྔ་གཏདཿ གོས་སུ་རས་སྔོན་ཟས་སུ་ལྷང་ཟས་བྱིནཿ བོན་ལུགས་སྡིག་དང་འདྲེས་པ་ཐམས་ཅད་བསྣུབསཿ འཇིག་རྟེན་འཕྲལ་རྐྱེན་བཟློག་པ་ཙམ་གྱི་བོནཿ ཤ་བ་ཤིང་མགོ་རྭ་རྒྱས་བྱེད་པ་དང་ཿ གཡག་ལུག་ཟན་ལ་གཟུགས་བརྙན་བྱེད་དུ་བཅུགཿ ལྟ་གཡང་སྐོར་གསུམ་མིན་པ་ཐམས་ཅད་བསྣུབསཿ གཤེན་བོ་ན་རྣམས་ལ་ཁལ་དུ་བོང་བུ་བྱིནཿ བ་ལང་གསོན་མར་གཡུ་དྲུང་བོན་རྣམས་བཀལཿ འབངས་ཀྱིས་གཙང་སྟོད་བྱེ་མ་གཡུང་དྲུང་


PKT001_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༧༩བ༽བསྐྱལཿ རྩ་མི་ཤིང་མི་ལྗང་མོ་མིག་དགུའི་ཡུལཿ གླང་གི་གྱིམ་ཤོད་ཡུ་མོ་མགུལ་གྱི་ཡུལཿ སོག་པོ་སྤྲེའུ་སློག་ཅན་གྱི་ཡུལ་དུ་སྤྱུགསཿ སེམས་ཅན་གསོད་ལ་བཤད་པའི་མིང་དུ་བཏགསཿ སྡིག་གླར་མགོ་བྱིན་མི་ཡི་ཁྱུ་ནས་ཕུདཿ གྲལ་དུ་སྒོ་རྒྱབ་སྐྱས་ཀའི་འོག་ཏུ་བཞགཿ ཟས་སུ་འབགས་ལྷག་སྐོམ་དུ་སྐྱོགས་ཞབས་བྱིནཿ ཁ་བསྲུངས་གོས་བསྲུངས་ཀུན་གྱིས་སྐྱུག་བྲོ་བལྟཿ སྡིག་མཁན་ཡིན་ཟེར་རིས་སུ་བཅད་ནས་བཞགཿ དེ་དུས་བློན་པོས་ལྐོག་ཏུ་གླེང་བ་ལཿ འདི་འདྲའི་རྟེན་འབྲེལ་མི་ཤོང་གཤིས་མི་དགེཿ རྒྱལ་པོའི་མངའ་ཐང་ཆུང་ངུ་འགྲོ་ཟེར་སྐདཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བོད་ཀྱི་རྒྱལ་པོས་རྒྱ་གར་པཎྜི་ཏ་བརྒྱ་རྩ་བརྒྱད་གདན་དྲངས་ནས་བོན་བསྣུབས་པའི་ལེའུ་སྟེ་གྱ་གཉིས་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

གཡུ་སྒྲ་སྙིང་པོ་ཆོས་གཏུག་ཏུ་བཏང་ཞིང་རྒྱལ་མོ་ཚ་བའི་རོང་ནས་བཻ་རོ་ཙ་ན་གདན་དྲངས་པའི་ལེའུ།


PKT001_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོས་ཆོས་གསུངས་ཞུ་བ་ཕུལཿ ཨུ་རྒྱན་ཡུལ་ནས་སྤྱན་དྲངས་པདྨ་འབྱུང་ཿ ཟ་ཧོར་ཡུལ་ནས་སྤྱན་དྲངས་ཞི་བ་མཚོཿ ཁ་ཆེའི་ཡུལ་ནས་སྤྱན་དྲངས་བི་མ་ལཿ སེང་གེའི་ཁྲི་ལ་ཁྲི་སྙན་པགས་པ་བཤམསཿ ཡོལ་བ་བླ་རེའི་འོག་ཏུ་གདུགས་ཕུབ་ནསཿ གཡས་སུ་རྒྱལ་མཚན་གཡོན་དུ་བ་དན་ཕྱརཿ མདུན་དུ་གསེར་གྱི་མཎྜལ་བརྒྱ་རྩ་བརྒྱདཿ གཡུ་དང་མུ་མེན་བྱུ་རུ་མ་རྒད་དང་ཿ རིན་ཆེན་སྣ་ཚོགས་མཎྜལ་


PKT001_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༠ན༽བཀོད་ནས་བཞག ཿསོ་སོར་ལོ་ཙཱ་བཙུགས་ནས་ཆོས་གསུང་བཅུགཿ བི་མ་མི་ཏྲ་བཻ་རོ་ཙ་ན་འདྲིཿ འབངས་ཀྱིས་རྒྱལ་མོ་ཚ་རོང་སྤྱུགས་ཞུས་པསཿ ཐལ་བརྡབས་བཻ་རོ་གསུང་ཞིང་སྤྱན་ཆབ་ཕྱུང་ཿ མངོན་པ་བྲ་ཀ་ར་ན་སྡེ་བརྒྱད་གསུངསཿ དེ་དུས་བོད་དང་རྒྱལ་མོ་ཚ་རོང་གཉིསཿ ཚོང་མགྲོན་མང་པོ་ཡར་མར་འགྲོ་བ་ལསཿ རྒྱ་རོང་ཚོང་པ་བོད་ཕྱིན་ལོག་བྱུང་བསཿ བོད་ཀྱི་གཏམ་དྲིས་ཇི་ལྟ་བ་བཞིན་སྨྲསཿ མཁས་པ་ཆེན་པོ་བཻ་རོ་ཙ་ན་ཡིསཿ རྣམ་ཐར་སྒོ་གསུམ་ཐང་གི་ཆོས་གྲྭ་རུཿ གཡུ་སྒྲ་སྙིང་པོ་ལ་སོགས་འདོར་དུ་བཏང་ཿ བནྡེ་ཕལ་པ་ཞིག་གི་ཆས་སུ་ཞུགསཿ ཞྭ་གོས་ལྷམ་ལ་ལྷུན་པ་སྣ་ཚོགས་བརྒྱབཿ སྦ་མཁར་རིང་མོ་ཕྱག་ཏུ་བསྣམས་ནས་ཕྱིནཿ གཡུ་སྒྲས་མཇལ་བའི་ཞུ་འཕྲིན་བསྲིངས་པ་ལསཿ ཆོས་ཀྱི་ཐུན་བབ་བག་ཙམ་བཞུགས་ཤིག་ཟེརཿ གཡུ་སྒྲ་དང་ཐུངས་མ་བཞུགས་འཆངས་ཏེ་ཕྱིནཿ སྦ་མཁར་ལག་བཀབ་ཨོག་མཁར་བཙུགས་བྱས་ནསཿ བི་མ་ལ་ལ་ཕྱག་མི་འཚལ་བར་གཟིགསཿ ཀ་ཀ་པ་རི་ཀ་ཀ་པ་རི་གསུངསཿ བི་མས་བརྡ་ཐིམ་གསུངས་ནས་དབུ་འཕང་སྨདཿ གཡུ་སྒྲ་སྙིང་པོས་རྗེ་འབངས་ཡོངས་ལ་གཟིགསཿ སླར་ཡང་ཀ་ཀ་པ་རི་ཟེར་ནས་སོང་ཿ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཞལ་ན་རེཿ སློབ་དཔོན་དབུ་འཕངས་སྨ་ལ་གསུང་རེ་ཆུང་ཿ བནྡེ་


PKT001_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༠བ༽སྐྱ་མིན་སེར་མིན་སྐད་རེ་ཆེཿ ཀ་ཀ་པ་རིའི་སྒྲ་དེ་ཅི་ཡིན་ཞུསཿ སློབ་དཔོན་བི་མ་མི་ཏྲའི་ཞལ་སྔ་ནསཿ ཝ་དང་སྤྲེའུ་ཇི་ལྟར་སྒྲ་བཟང་ཡང་ཿ གཅན་གཟན་རྒྱལ་པོ་སེང་གེའི་སྒྲ་མི་འཁྱུདཿ ཕོ་རོག་རྡོ་རྗེ་འགྲོས་ན་འགྲོ་མགྱོགས་ཀྱང་ཿ སྟོང་གསུམ་ས་སྟེང་འཁོར་བ་ཅང་སྲིད་དམཿ ཉན་ཐོས་བྱིས་པའི་ཚེས་ཀྱིས་འཚོང་མི་རྒྱཿ ཐེག་ཆེན་ངེས་དོན་བླ་མེད་མ་འཆད་པརཿ དེ་སྐད་ཟེར་བ་ཡིན་ནོ་རྒྱལ་པོར་གསུངསཿ བདག་གིས་བརྡ་ཐིམ་བྱས་པ་ཁ་རོག་སྡོདཿ ད་དུང་དུས་ལ་མ་བབ་བྱས་པ་ཡིནཿ རྗེ་འབངས་ཡོངས་ལ་བལྟས་ནས་ཟེར་བ་ནིཿ མཁས་བླུན་བྱེ་བྲག་མི་ཤེས་སྐྱོན་ཅན་ཚོཿ རྨོངས་པ་འདུས་ནས་མཁས་པ་སུན་ཕྱུང་སྤྱུགསཿ ངན་པ་གཞུང་ལོག་གླེན་འཐོམས་བྷ་ཀརཿ ཐམས་ཅད་མཁྱེན་པ་རྒྱལ་པོ་ཚ་རོང་སྤྱུགསཿ དེ་སྐད་ཟེར་བ་ཡིན་ནོ་རྗེ་འབངས་རྣམསཿ དེ་ནས་སྐ་ཅོག་ཀུ་མཱ་ར་གསུམ་གྱིསཿ གཡུ་སྒྲ་སྙིང་པོ་ཚོལ་དུ་ཕྱིན་པ་ཡིསཿ གླིང་གསེབ་ཆང་མ་ཞིག་གི་ཁྱིམ་ན་འདུགཿ རེས་འགའ་དབྱངས་ལེན་རེས་འགའ་གསོལ་བ་འདེབསཿ ཆང་འཚོང་མ་དེ་ངུ་ཞིང་ཕྱག་འཚལ་འདུགཿ གཉགས་ཀྱིས་གྲོགས་པོ་གང་ནས་འོང་བྱས་པསཿ རྒྱལ་མོ་ཚ་བའི་རོང་ནས་འོངས་སོ་ཟེརཿ སྐབས་བཻ་རོ་ཙ་ན་ཤེས་སམ་བྱསཿ ཤེས་ཤེས་ང་ཡི་བླ་མ་ཡིན་ནོ་ཟེརཿ ཅོག་རོས་སྐུ་ཁམས་བཟང་ནས་ཡོད་དམ་བྱསཿ སྐུ་ཁམས་བཟང་ཞིང་ང་ནི་ཆོས་གཏུགས་


PKT001_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༡ན༽བཏང་ཿ བཻ་རོ་ཙ་ནས་ཅི་མཁྱེན་ངས་ཤེས་ཟེརཿ གཉགས་ཆེན་ཀུ་མཱས་གདམས་ངག་ཞུ་བྱས་པསཿ ཡང་ན་རིག་དང་རིག་པ་བརྗེ་བར་བྱཿ ཡང་ན་རིག་པ་མི་ཕངས་ནོར་གྱིས་བླུཿ ཡང་ན་རིག་པ་བུ་ལ་སྦྱིན་པར་བྱཿ ས་སེར་རྡོ་སྡོ་མཆུ་སྙུང་ལང་ལིང་དང་ཿ སྐུལ་མཛེས་པ་ཞལ་དུ་བདའ་བའི་བཅུདཿ ཐུགས་སུ་འབྱོན་པ་བཀོལ་ན་དུས་ལ་རུབཿ དེ་བཞིན་མཆིས་ན་གདམས་ངག་སྦྱིན་ཆོག་ཟེརཿ གཉགས་ཀྱིས་བཀའ་བཞིན་བསྒྲུབས་ནས་གདམས་ངག་ཞུསཿ དེ་ནས་གཡུ་སྒྲ་ཁྲིད་ནས་ཕོ་བྲང་ཕྱིནཿ བི་མ་ལ་ཡིས་དྲི་བ་དྲིས་པ་ཡིསཿ བདག་ནི་པ་གོར་བཻ་རོ་ཙ་ནའི་བུཿ སློབ་མ་གཡུ་སྒྲ་སྙིང་པོ་བྱ་བ་ལགསཿ དེ་སྐད་ཟེར་ནས་ཆོས་ལ་གླེང་བསླང་བྱསཿ སེམས་སྨད་ལྔ་ལ་མཁས་པ་ཞིག་འདུག་གསུངསཿ དེ་ནས་གཡུ་སྒྲས་ཀྱང་ནི་ཆོས་གྲ་བཙུགསཿ མཐུན་ཀྱང་དོན་ནི་གཅིག་ཏུ་མཐུནཿ འདབ་ཆགས་མ་བུ་བསྡེབས་བཞིན་གཅིག་ཏུ་འགྲིལཿ འགྱུར་གཉིས་གཅིག་བསྡོམས་སེམས་སྨད་བཅོ་བརྒྱད་བཏགསཿ དེ་དུས་བོད་ཀྱི་རྒྱལ་བློན་འབངས་བཅས་


PKT001_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༡བ༽རྣམསཿ བཻ་རོ་ཙ་ན་སྤྱུགས་པས་འགྱོད་པ་སྐྱེསཿ བཻ་རོ་ཙ་ནའི་ཡོན་ཏན་ཐམས་བགྲང་ཿ འཕྲལ་ཞིབ་འགྲོགས་བདེ་དང་བ་འདྲན་པའི་མིཿ སྐུ་ཡི་དཀྱིལ་འཁོར་ལྟ་བས་ཆོག་མི་ཤེསཿ ཚངས་པའི་གསུངས་ནི་སྙན་པའི་དབྱངས་སུ་ལེནཿ དགུང་ལོ་བཅོ་ལྔ་ལས་ནི་མ་ལོན་པརཿ ལམ་རྒྱུས་མེད་པར་རྒྱ་གར་ཡུལ་དུ་རྟོལཿ འཇིགས་པ་གང་གིས་མ་ཚུགས་བོད་ཡུལ་སླེབསཿ བོད་སྤྲུག་སྒྲ་མ་ཤེས་བར་བཻ་རོས་ཤེསཿ རྒྱ་བོད་ལམ་ཞག་ཟླ་བ་བཅུ་གསུམ་ལཿ ཟླ་བ་ཕྱེད་ཀྱིས་ཆོད་པའི་རྐང་མགྱོགས་གྲུབཿ ཆོས་ནི་གང་ལའང་མ་རྨོངས་ཐམས་ཅད་མཁྱེནཿ ཐེག་པའི་རྣམ་གྲངས་མ་འདྲེས་སོ་སོར་ཕྱེདཿ རྫུ་འཕྲུལ་སྟོབས་ལྡན་སྟོན་པའི་ཞལ་སྐྱིན་མཆོགཿ ས་བརྒྱད་བྱང་ཆུབ་སེམས་དཔའ་འཛར་ཅིང་སྦྲེང་ཿ དེ་ནས་གཡུ་སྒྲས་རྒྱལ་མོ་ཚ་རོང་བྱོནཿ སྔར་གྱི་བཀའ་མཆིད་ཞིབ་ཏུ་གསོལ་བ་ཡིསཿ བཻ་རོ་ཙ་ན་དགྱེས་པའི་མགུར་འདི་གསུངསཿ བཻ་རོ་ཙ་ན་བདག་ཉིད་མཆིས་པ་འདིཿ ཡང་དག་བཅུ་གཅིག་དོན་དང་ཡེ་ནས་ལྡནཿ ཤེས་བྱའི་སྒྲིབ་པ་ཆ་ཙམ་མ་དག་པསཿ བོད་ཀྱི་སྤུ་རྒྱལ་བཙན་པོའི་ཡུལ་དུ་སྐྱེསཿ རྒྱ་གར་ཡུལ་ནས་དམ་པའི་ཆོས་བཙལ་ཡང་ཿ མ་དག་བཙུན་མོ་བློན་པོ་ཀུན་བགྲོས་ནསཿ གདུལ་དཀའ་རྒྱལ་མོ་ཚ་བའི་རོང་དུ་སྤྱུགསཿ ཚ་བའི་རྒྱལ་ཁམས་


PKT001_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༢ན༽ཐམས་ཅད་དཀར་པོར་བསྒྱུརཿ ད་ནི་སླར་ལོག་བོད་ཡུལ་དབུས་སུ་མཆིཿ མ་དག་སྒྱུ་མའི་ཕུང་པོ་དེར་བསྙིལ་ནསཿ ཟུང་འཇུག་འགྱུར་མེད་ནམ་མཁའི་མཐའ་བཞིན་རྒྱསཿ རྒྱལ་བློན་འབངས་བཅས་ཟོ་མདོག་བདེ་བར་བཞུགསཿ མཐར་ནི་ལོངས་སྐུའི་ཞིང་དུ་མཇལ་བར་སྨོནཿ ཞེས་གསུངས་དེ་ནས་བོད་ཡུལ་དབུས་བྱོན་པའིཿ ལམ་གར་སྦམ་རྒན་མི་ཕམ་མགོན་པོ་ཞེསཿ མགོ་དཀར་ལུས་འཁོགས་ལོ་བརྒྱ་ལོན་པའི་སརཿ ཞག་ས་ཕོག་པས་གང་འོང་གར་འགྲོ་ཟེརཿ གཡུ་སྒྲས་རྒྱལ་རོང་ནས་འོང་བོད་འགྲོ་བྱསཿ རྒད་པོ་ཧམས་ནས་འགྲོན་པོ་ཁྱོད་གཉིས་འཁྲུལཿ ཚ་བའི་རོང་དུ་ཆོས་ཉན་མི་སྡོད་པརཿ མཁས་པ་བཻ་རོ་ཙ་ན་ཞེས་བྱ་བཿ ཆོས་ཀྱི་ཉི་མ་ཤར་འདུག་ཟེར་བ་ཐོསཿ དེར་མི་སྡོད་པར་ཁྱེད་གཉིས་འདྲ་བ་ཟེརཿ བཻ་རོ་ཙ་ནས་དེ་ཉིད་ང་ཡིན་གསུངསཿ རྒད་པོས་མིག་ལ་མཁར་བ་བཙུགས་ནས་བལྟསཿ བཻ་རོ་ཙ་ནའི་མགུལ་པ་ལ་འཁྱུད་ནསཿ རྒད་པོས་ཡུན་ཅིག་དུས་ནས་འདི་སྐད་ལོཿ ང་ནི་རྒས་ཤིང་ཆོས་མེད་འཆི་མ་བཏུབཿ ཉོན་མོངས་སྡུག་རྒ་ནང་འདྲ་ཡོང་བ་སྙམཿ ཁྱོད་དང་མཇལ་བ་སྐྱིད་རྒན་ཨ་རེ་དགའཿ འཆི་ཀར་ཕན་པའི་ཆོས་ཤིག་ཞུ་དང་ཟེརཿ དེ་ནས་བཻ་རོས་སྒོམ་རྟེན་ལུས་ལ་བཙུགསཿ སྒོམ་ཐག་རྐེད་ལ་བསྡམས་ནས་གདམས་ངག་བཏབཿ རྒད་པོ་ལུས་མ་


PKT001_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༢བ༽བོར་བར་སངས་རྒྱས་སོཿ དེ་ནས་བསམ་ཡས་ཆོས་གྲའི་གསེབ་ཏུ་བྱོནཿ ཕ་མ་རྒན་འཁོགས་གཉིས་ཀྱང་དེ་ན་འདུགཿ བཻ་རོས་ཞེ་བློ་བདེ་བའི་མགུར་འདི་གསུངསཿ ཞབས་ཏོག་རྣམ་གསུམ་བླ་མ་བསྟེན་པ་འདིཿ བཻ་རོ་ཙ་ན་པཎ་ཆེན་འཛོམ་པ་འདྲཿ ཁོ་བོའི་གཏུག་ས་འདི་རྣམས་དགྱེས་པ་ནཿ གཞན་དག་སུ་མ་མགུ་ཡང་ཞེ་བློ་བདེཿ ཤེས་རབ་རྣམ་གསུམ་མདོ་རྒྱུད་བལྟ་བ་འདིཿ རིན་ཆེན་གླིང་དུ་ཚོང་དཔོན་ཕྱིན་པ་འདྲཿ ལུས་སྲོག་ལོངས་སྤྱོད་ཆོས་ཕྱོགས་སོང་ལ་ང་ཿ ཚེ་འདིར་སྡུག་ཅིང་ཕོངས་ཀྱང་ཞེ་བློ་བདེཿ བསླབ་པ་གསུམ་གྱིས་ལེགས་པར་བརྒྱན་པ་འདིཿ རྒྱལ་པོའི་ལྷ་གཅིག་བག་མར་ཕྱིན་པ་འདྲཿ རང་གིས་ཆོས་ཚུགས་དྲད་པོར་ཟིན་པ་ང་ཿ གཞན་གྱིས་ངན་སྨྲས་བརྗོད་ཀྱང་ཞེ་བློ་བདེཿ སྡེ་སྣོད་གསུམ་ལ་སྟོད་མོ་བལྟ་བ་འདིཿ མུན་པའི་གླིང་དུ་སྒྲོན་མེ་བཏེག་པ་འདྲཿ རྐྱེན་སྐུ་ལ་དགྲ་ལ་བཟོད་པ་བསྒོམ་པ་ང་ཿ གཞན་དོན་མ་ཕེར་ཟེར་ཡང་ཞེ་བློ་བདེཿ ལུས་ངག་ཡིད་གསུམ་ཆོས་ལ་འཁོལ་བ་འདིཿ ཐག་རིང་འགྲོན་པོ་ཕ་ཡུལ་སླེབ་པ་འདྲཿ རྟག་ཏུ་དགེ་སྦྱོར་དག་ལས་མ་ཡེངས་ང་ཿ མི་རྗེས་མ་སླེབ་ཟེར་ཡང་ཞེ་བློ་བདེཿ དུག་གསུམ་གཉེན་པོར་ཡེ་ཤེས་གཏོང་པ་འདིཿ ཚད་པའི་ནད་ལ་ག་བུར་ཐོངས་པ་འདྲཿ བསམ་རྒྱུ་དམ་པའི་ཆོས་ལས་མེད་པ་ང་ཿ བློ་ཤོ་རྒོད་དོ་ཟེར་ཡང་ཞེ་བློ་བདེཿ ཐོས་བསམ་སྒོམ་པ་ཕྱོགས་


PKT001_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༣ན༽མེད་བྱས་པ་འདིཿ ནམ་མཁའི་དཀྱིལ་དུ་མདུད་བསྐོར་བྱས་པ་འདྲཿ ཕྱི་ནང་ཆོས་ཀྱི་སྒྲོ་འདོགས་ཆོད་པ་ང་ཿ ཆོས་ཀུན་མི་ཤེས་ཟེར་ཡང་ཞེ་བློ་བདེཿ ཨ་ཏི་རྟོགས་པའི་རྣལ་འབྱོར་འཕྱོ་བ་འདིཿ གཞན་དྲིང་མེད་པའི་ཁྲི་མུན་ཐར་པ་འདྲཿ འཆད་ཉན་སྒོམ་ལ་མཁས་པར་གྱུར་པ་ང་ཿ མི་ཆོས་མ་མཁས་ཟེར་ཡང་ཞེ་བློ་བདེཿ རང་བས་གཞན་ལ་གཅེས་པར་འཛིན་པ་འདིཿ བྱང་ཆུབ་སེམས་དཔའི་དགེ་སྦྱོང་སྐྱེས་རབས་འདྲཿ ངོ་བསྲུང་ཕྱོགས་སུ་གདམས་ངག་མི་སྟེར་ང་ཿ མི་སེམས་མ་ཟིན་ཟེར་ཡང་ཞེ་བློ་བདེཿ སྦྱིན་པ་གསུམ་གྱི་བརྒྱགས་ཕྱེ་བསྒྲུབས་པ་འདིཿ དབུལ་པོས་ཡིད་བཞིན་ནོར་བུ་རྙེད་པ་འདྲཿ ཅི་ཡོད་བླ་མའི་ཕྱོགས་སུ་འབུལ་བ་ང་ཿ ལྟོགས་གྲི་འཁྱགས་གྲིར་ཤི་ཡང་ཞེ་བློ་བདེཿ ཚུལ་ཁྲིམས་གསུམ་གྱི་སྐྱེལ་མ་ཁྲིད་པ་འདིཿ འཇིགས་པའི་འཕྲང་ལ་ལམ་རྒྱ་བཙུགས་པ་འདྲཿ བཟང་ངན་འབྲིང་གསུམ་གོང་དུ་འཁུར་པ་ང་ཿ འཁོས་མེད་སྙོམས་ཆུང་ཟེར་ཡང་ཞེ་བློ་བདེཿ བཟོད་པ་གསུམ་གྱི་གོ་ཆ་གྱོན་པ་འདིཿ བཙན་པོའི་མཁར་ལ་རུས་སྦལ་འཛེག་པ་འདྲཿ འཇིག་རྟེན་བྱ་བ་ཐམས་ཅད་བློས་བཏང་ང་ཿ ཁ་ཉེན་དབང་ཆུང་ཟེར་ཡང་ཞེ་བློ་བདེཿ བརྩོན་འགྲུས་གསུམ་གྱི་རྟ་བཟང་རྒྱུག་པ་འདིཿ འཚང་ཅན་མི་དང་ཡུས་ཆེན་འཕྲད་པ་འདྲཿ སྤྱུགས་པའི་ཡུལ་དུ་མི་སྐྱོ་ཚུགས་པ་ང་ཿ འགྲོ་ས་མ་


PKT001_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༣བ༽བྱུང་ཟེར་ཡང་ཞེ་བློ་བདེཿ བསམ་གཏན་གསུམ་གྱི་ས་མཁར་འཛིན་པ་འདིཿ སྤྲིན་མེད་མཁའ་ལ་ཉི་མ་ཤར་བ་འདྲཿ སེམས་ཀྱི་གཞི་རྩ་ལེགས་པར་ཆོད་པ་ང་ཿ ལྟ་ལོག་ཆོས་མིན་ཟེར་ཡང་ཞེ་བློ་བདེཿ བསླབ་གསུམ་ལྡན་ཞིང་སྤོབས་པས་ཁྱོགས་པ་འདིཿ རི་རབ་རྩེ་ནས་རི་ཕྲན་མཐོང་བ་འདྲཿ ཐེག་པའི་འཇུག་སྒོ་ཀུན་རྫོགས་རྫོགས་ཆེན་ང་ཿ མུ་སྟེགས་ཕྲ་མེན་ཟེར་ཡང་ཞེ་བློ་བདེཿ ཞེས་གསུངས་པཎ་ཆེན་བི་མ་མི་ཏྲ་ལཿ སྤྱིར་ནི་སྒྲ་རིག་མཁས་པའི་པཎྜི་ཏཿ ཁྱད་པར་གསང་སྔགས་མཁས་དང་ལྷན་ཅིག་འཛོམཿ ངས་ལོ་བཅུ་གཅིག་བར་དུ་མདོ་སྡེ་ཉནཿ བཅུ་གཉིས་མདོ་སྔགས་ཐམས་ཅད་བོད་དུ་བསྒྱུརཿ ལོ་གཅིག་དབང་རྫོགས་ལག་ཏུ་ལེན་ཐབས་སྦྱངསཿ ཆུ་མ་འཕྲད་པར་སྲོག་དང་དོ་བྲལ་བྱསཿ རྒྱུད་སྟོད་རྐེད་པར་དཀྲིས་ནས་བོད་དུ་འོང་ཿ ཆོས་བཞིན་སྤྱད་ཀྱང་ཆོས་མིན་བློན་པོ་འགསཿ རྨོངས་པ་འདུས་ནས་མཁས་པ་སུན་འབྱིན་བྱེདཿ དམུན་པ་འདུས་ཤིང་བློ་བསྡུར་ང་ཉིད་སྤྱུགསཿ རྒྱ་གར་པཎ་ཆེན་བོད་དུ་བྱོན་པས་དགའཿ ཟང་ཟིང་ཅང་མེད་རྒྱ་རོང་ཆོས་ལ་འཁོདཿ དེ་ཉིད་སྒྲུབ་པའི་མཎྜལ་ཕྱག་ཕྱིར་འབུལཿ ཞེས་གསུངས་བི་མ་ལ་ལ་ཕྱག་བཙལ་བསཿ བི་མ་མི་ཏྲས་བཞེངས་ནས་ཕྱག་ལན་མཛདཿ བོད་ཀྱི་པཎྜི་ཏ་གསུང་སྤྱན་ཆབ་ཕྱུང་ཿ རྗེ་འབངས་ཐམས་ཅད་བཻ་རོ་ཙ་ནར་བལྟཿ རབ་ཏུ་ངུ་ཞིང་ཤིན་ཏུ་


PKT001_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༤ན༽ངོ་མཚར་གྱུརཿ རྒྱ་གར་པཎྜི་ཏ་རྣམས་ཐལ་མོ་སྦྱརཿ མཆི་མ་གཟགས་པ་མཚན་བསྐྱོར་ཕྱི་བར་མཛདཿ ཕ་མ་རྒན་འཁོགས་བུ་ལ་བལྟ་ཞིང་ངུ་ཿ བཻ་རོ་ཙ་ནའང་ཕ་མ་སྙིང་རྗེར་དགོངསཿ མ་གཟིགས་པ་བཞིན་མཛད་ནས་སྤྱན་ཆབ་འབྱིནཿ རྒྱལ་བློན་འབངས་བཅས་ཕྱག་འཚལ་བཤགས་པ་བྱསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལས་གཡུ་སྒྲ་སྙིང་པོ་ཆོས་གཏུག་ཏུ་བཏང་ཞིང་རྒྱལ་མོ་ཚ་བའི་རོང་ནས་བཻ་རོ་ཙན་གདན་དྲངས་པའི་ལེའུ་སྟེ་གྱ་གསུམ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

སྒྲ་བསྒྱུར་གླིང་དུ་སྒྲ་བསྒྱུར་བའི་ལེའུ།


PKT001_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བསམ་ཡས་དབུ་རྩེའི་བར་ཁང་དུཿ ལོ་པཎ་སྤྱན་དྲངས་ཆོས་བསྒྱུར་ཞུ་བ་ཕུལཿ སློབ་དཔོན་པདྨའི་སྐུ་ལ་མངལ་དྲིས་དབེནཿ པད་སྡོང་སྐུ་འཁྲུངས་སྐྱེ་ཤི་གཉིས་མི་མངའཿ ཁམས་གསུམ་དབང་བསྡུས་སྲིད་གསུམ་ཟིལ་གྱིས་མནནཿ ཆོས་མིད་སྨོས་པ་ཙམ་གྱིས་དོན་རྣམས་མཁྱེནཿ མདོ་སྔགས་ཆོས་སོ་ཅོག་ལ་མ་རྨོངས་ཤིང་ཿ ཁྱད་པར་གསང་སྔགས་ནང་པའི་བདག་པོ་ཡིནཿ བོད་དུ་གདན་དྲོངས་ས་བཏུལ་སྐུ་དྲིན་ཆེཿ སེད་ཁྲི་སུམ་བརྩེགས་གདན་ལ་བཞུགས་སུ་གསོལཿ པཎ་ཆེན་བི་མ་མི་ཏྲ་བཀའ་རྒྱ་མཚོཿ སྡེ་སྣོད་གསུམ་དང་གསང་སྔགས་ཕྱི་ནང་སོགསཿ ཆོས་རྣམས་ཐུགས་མངའ་མི་བརྗེད་གཟུང་ཐོབ་ཡིནཿ བོ་དྷི་ས་ཏྭ་


PKT001_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༤བ༽བསྟན་པའི་གཞི་མ་སྟེཿ དགེ་འདུན་མེད་ན་སངས་རྒྱས་བསྟན་པ་མེདཿ དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངསཿ སྡེ་སྣོད་གསུམ་དང་གསང་སྔགས་ཕྱི་མ་མཁསཿ གཡས་གཡོན་གཉིས་སུ་སེང་ཁྲི་གཉིས་བརྩེགས་ནསཿ གཡས་སུ་བི་མ་གཡོན་དུ་བོ་དྷི་བཞུགསཿ པཎ་ཆེན་གཞན་རྣམས་སེང་ཁྲི་རེ་རེར་བཞུགསཿ བཻ་རོ་ཙ་ནར་གབ་རྩེ་ཉིས་བརྩེགས་བཏིངསཿ ལོ་ཙཱ་གཞན་རྣམས་གབ་རྩེ་རེ་ལ་བཞུགསཿ རྒྱལ་པོས་གསེར་གྱི་མཎྜལ་རེ་རེ་ཕུལཿ རྒྱ་ནག་ཇ་དང་བལ་པོའི་གོ་ལ་དང་ཿ བོད་ཀྱི་འབྲུ་ཆང་རྒྱ་གར་འབྲས་ཆང་དང་ཿ འཇིག་རྟེན་ཟས་སྣ་མང་པོ་ཀུན་བསགས་ནསཿ གང་ལ་གང་བཞེད་དྲངས་ནས་བསྐོར་ཕྱག་བཙལཿ ཨེ་མ་ཧོཿ ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་དཔལཿ ཟ་ཧོར་མཁན་པོ་བོ་དྷི་ས་ཏྭ་དང་ཿ ཁ་ཆེའི་པཎ་ཆེན་བི་མ་ལ་མི་ཏྲཿ དབུ་ཡི་མཆོད་གནས་ལོ་པཎ་བརྒྱ་རྩ་བརྒྱདཿ བདག་ནི་ཆོས་སྐྱོང་རྒྱལ་པོར་ཁས་འཆེ་བསཿ རྒྱ་གར་ཡུལ་ན་བཞུགས་པ་དམ་པའི་ཆོསཿ བཀའ་དང་བསྟན་བཅོས་རྒྱུད་ལུང་མན་ངག་རྣམསཿ གཅིག་ཀྱང་མ་ལུས་བོད་དུ་བསྒྱུར་དུ་གསོལཿ གུས་ལྡན་ཞེ་སར་བཅས་པས་བཀའ་ནན་ཞུསཿ དེ་ནས་ལོ་པཎ་ཁྲིམས་ཁང་གླིང་དུ་བྱོནཿ རྒྱལ་པོས་མོན་ལ་ཤོག་བུ་སྡུད་དུ་བཏང་ཿ འབངས་རྣམས་རྒྱ་ནག་ཙནྡན་ཤིང་འདྲེན་བཅུགཿ མངའ་འོག་ཀུན་ལ་


PKT001_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༥ན༽ཟངས་ལྕགས་ཀོ་བ་བསྡུསཿ ཡིག་མཁན་ཤིང་བཟོ་མགར་བ་མཉེད་མཁན་བཀོལཿ ཐམས་ཅད་དུས་གང་གཅིག་ལ་ཟིན་པ་བྱསཿ ལོ་པཎ་དབུ་རྩེ་རིགས་གསུམ་ལྷོ་ནུབ་མཚམསཿ སྒྲ་བསྒྱུར་གླིང་དུ་སྒྲ་རྣམས་ཐམས་ཅད་བསྒྱུརཿ རྒྱ་གར་མཁན་པོ་དཱ་ན་ཤཱི་ལ་དང་ཿ ཛི་ན་མི་ཏྲ་ཤཱི་ལེནྡྲ་བོ་དྷིཿ དྲ་ཝརྟ་དང་དྷརྨཱ་ཤཱི་ལ་དང་ཿ སུ་རེནྡྲ་དང་དྷརྨ་ཤྲཱི་དང་ཿ ཤཱཀྱ་ཤྲཱི་དང་ས་མནྟ་ཤྲཱིཿ ཤྲཱི་བ་ལེ་དྷ་ར་བཅུ་ཡིས་མ་མ་བྱསཿ ལོ་ཙཱ་གང་གི་བནྡེ་ཡེ་ཤེས་སྡེཿ སྐ་བ་དཔལ་བརྩེགས་ཅོག་རོ་ཀླུའི་རྒྱལ་མཚནཿ གཡུ་སྒྲ་སྙིང་པོ་དཀོན་ཅོག་འབྱུང་གནས་དང་ཿ རཀྵི་ཏ་དང་ཤཱཀྱ་པྲ་བྷ་བཿ ལྷ་ལུང་དཔལ་རྡོར་མཻ་ཏྲི་ཤྲཱི་བྷ་དྲཿ ལོ་ཀི་ཆུང་དད་བཅུ་ཡིས་སྤྲུ་གུ་བྱསཿ ལོ་པཎ་ཉི་ཤུས་བཀའ་འཁོར་རིམ་གསུམ་བསྒྱུརཿ དང་པོ་དྲང་དོན་བསྟན་པའི་མདོ་བཅུ་བསྒྱུརཿ བར་པ་ངེས་དོན་ཡུམ་སྲས་བཅུ་བདུན་བསྒྱུརཿ ཕ་རོལ་ཕྱིན་པ་མངོན་པར་རྟོགས་པ་བརྒྱདཿ དོན་ཚན་བདུན་ཅུ་ལམ་ལྔ་ས་བཅུ་དང་ཿ འགྲེས་རྐང་བརྒྱ་རྩ་བརྒྱད་ཀྱིས་གཞུང་རྣམས་བསྡུསཿ འཁོར་ལོ་ཐ་མ་ལངྐར་གཤེགས་པ་དང་ཿ ཕལ་ཆེན་དཀོན་བརྩེགས་དགོངས་པ་ངེས་འགྲེལ་དང་ཿ ལྷ་མོ་དཔལ་འཕྲེང་སེང་གེ་སྒྲ་སོགས་བསྒྱུརཿ མངོན་པ་གོང་འོག་གསུམ་གའི་བཀའ་ཆད་དེཿ རྒྱ་གར་ན་མེད་བོད་དུའང་མ་འགྱུར་རོཿ ཿབསོད་སྐྱབས་


PKT001_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༥བ༽བདུད་རྩི་ལྔ་པ་ཡེ་ཤེས་སྡེཿ རྣམ་གཟིགས་ཆོས་ཀྱི་མེ་ལོང་ཀླུའི་རྒྱལ་མཚནཿ འོད་སྲུང་སྟོད་པ་རབ་འབྱེད་ཡེ་ཤེས་སྡེཿ བཻ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུརཿ བཻ་རོ་ཙ་ནས་རྩིས་སྨན་འདྲེས་མར་བསྒྱུརཿ བཻ་རོ་ཙ་ནས་མདོ་སྔགས་འདྲེས་མར་བསྒྱུརཿ མདོ་བསྒྱུར་ནང་དུ་ཡེ་ཤེས་སྡེ་ཞེས་བྲིསཿ སྔགས་བསྒྱུར་ནང་དུ་བཻ་རོ་ཙ་ན་བྲིསཿ བོན་བསྒྱུར་ནང་དུ་གན་ཇག་ཐང་ཏ་བྲིསཿ རྩིས་བསྒྱུར་ནང་དུ་ཨིནྡྲ་བཻ་རོ་བྲིསཿ སྨན་བསྒྱུར་ནང་དུ་ཆོས་འབར་བྱ་བ་བཅུགཿ མདོ་ཆོས་དགོངས་འགྲེལ་དང་བཅས་ཕལ་ཆེར་བསྒྱུརཿ བོ་དྷི་སཏྭ་སྦ་ལོ་ཁྲིག་ཞེར་དང་ཿ སྦ་ལོ་ཡེ་ཤེས་དབང་པོ་སྦ་རཏྣཿ སྦ་མི་ཡེ་ཤེས་འཇམ་དབྱངས་སྦས་ཐིར་ལེནཿ ལོ་པཎ་མཚན་བུ་རྣམས་ཀྱིས་བསྒྱུར་བ་ལཿ འདུལ་བ་ལུང་གཞི་དང་ནི་ལུང་རྣམ་འབྱེདཿ ལུང་གཞུང་བླ་མ་དང་ནི་ལུང་ཕྲན་ཚོགསཿ དེ་ལྟར་འདུལ་བའི་ལུང་ཆེ་ན་སྡེ་བཞི་བསྒྱུརཿ ལུང་གཞིའི་སྟོད་ཆ་རབ་བྱུང་གནས་མལ་གཞིཿ གཞི་སྨད་གསོ་སྦྱོང་གཞི་སོགས་བཅུ་བདུན་སྟོནཿ རྣམ་འབྱེད་དགེ་སློང་ཕ་མའི་ཁྲིམས་རྣམས་སྟོནཿ བླ་མས་གཞི་དང་རྣམ་འབྱེད་ཞིབ་ཏུ་འཆདཿ ཕྲན་ཚེགས་ཀུན་གྱི་མ་ཚང་ཁ་སྐོང་ཡིནཿ རྩ་བའི་ལུང་ལས་དགེ་སློང་སོ་ཐར་དང་ཿ དགེ་སློང་མ་ཡི་སོ་སོར་ཐར་པ་དང་ཿ གཞན་ཡང་ལས་ཆོག་ཀརྨ་


PKT001_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༦ན༽ཤ་ཏ་མ་དང་ཿ ལག་ལེན་མདོ་རྩ་ཚིག་བཅད་ཀ་རི་ཀཿ དགེ་ཚུལ་བྱ་བའི་ལས་དང་ལོ་དྲི་བཿ དེ་རྣམས་འགྲེལ་བཤད་ལག་ལེན་དང་བཅས་པཿ ལོ་པཎ་དགུ་ཡིས་བསྒྱུར་ཅིང་གཏན་ལ་ཕབཿ སྦ་བྱེད་འདི་རྣམས་གསང་སྔགས་ལ་མི་མོསཿ སློབ་དཔོན་པདྨའི་སྐུ་ལ་སྐྱོན་མང་བརྗོདཿ སྦ་བྱེད་དྲིལ་བའི་ཚིག་ཁྱམས་མང་དུ་བརྩམསཿ འདུལ་བ་མིན་པ་གཞན་ལ་དག་མི་སྟེརཿ ཨུ་རྒྱན་ཆེན་པོ་པདྨ་འབྱུང་གནས་དང་ཿ སྒྲ་རིགས་མི་འདྲ་ཉེར་གཅིག་ཤེས་པ་ཡིཿ ལོ་ཙཱ་མཁས་པ་བཻ་རོ་ཙ་ན་ཡིསཿ གསང་སྔགས་ནང་རྒྱུད་འབྲས་བུའི་མདོ་བདུན་བསྒྱུརཿ དེ་ཡང་སྐུ་ལྔ་མི་འབྱེད་པ་ཡི་མདོཿ གསུང་ལྔ་བྱེ་བྲག་མ་འདྲེས་པ་ཡི་མདོཿ ཐུགས་ལྔ་ཡེ་ཤེས་དག་པ་སྒོ་ལྔའི་མདོཿ ཡོན་ཏན་རྣམ་ལྔ་གོལ་ས་བཅད་པའི་མདོཿ འཕྲིན་ལས་ལྔ་ཡི་རྣམ་གྲངས་ངེས་པའི་མདོཿ ཁྲིམས་གསུམ་རྩ་བ་རབ་ཏུ་བརྟན་པའི་མདོཿ ལས་བྱེད་ལས་ལ་བཀོལ་བའི་མདོ་བདུན་བསྒྱུརཿ གསང་སྔགས་རྒྱལ་པོ་བཀའ་འདུས་སྤྱི་རྒྱུད་བཅུཿ སྒོས་རྒྱུད་ཉེར་གཅིག་གདམས་པར་བཅས་པ་བསྒྱུརཿ བདེ་གཤེགས་འདུས་པ་རྩ་བའི་སྤྱི་རྒྱུད་ལྔཿ སྒོས་རྒྱུད་བཅུ་དང་ལུང་ཆེན་ལྔ་སོགས་བསྒྱུརཿ བླ་མེད་དོན་རྫོགས་རྒྱུད་འགྲེལ་མན་ངག་བསྒྱུརཿ སྙིང་ཐིག་གསང་བའི་རྒྱུད་ཆེན་ཉི་ཤུ་


PKT001_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༦བ༽བསྒྱུརཿ ཁ་ཆེའི་པཎ་ཆེན་བི་མ་མི་ཏྲ་དང་ཿ ལོ་ཙཱ་གཉག་ས་ཆེན་ཛྙཱ་ན་ཀུ་མཱ་རསཿ རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་དང་ཿ ཡང་ཕུར་མ་གཤིན་རྒྱུད་འགྲེལ་བཅས་པ་དང་ཿ སེམས་སྡེ་ཀློང་སེ་མན་ངག་སྙིང་ཐིག་བསྒྱུརཿ སངས་རྒྱས་གསང་བ་བཻ་རོ་ཙ་ན་ཡིསཿ སྒྱུ་འཕྲུལ་སྡེ་བརྒྱད་རྡོར་དབྱིངས་དགོངས་འདུས་དང་ཿ ཨ་ནུའི་མདོ་བཞི་དེམས་ལྔ་ལ་སོགས་བསྒྱུརཿ པཎ་ཆེན་ས་མནྟ་ཤྲཱི་ཤཱཀྱ་ཤྲཱིཿ དྷརྨཱ་ཤྲཱི་དང་ལོ་ཙཱ་སྐ་ཅོག་གཉིསཿ ཡོན་ཏན་སྙིང་པོ་ལེགས་སྦྱིན་ཉི་མ་དང་ཿ ཀླུའི་དབང་ཆོས་ཀྱི་ལྷུན་པོ་ལ་སོགས་པསཿ ལུས་སྤྱོད་གཙོ་བོར་སྟོན་པ་བྱ་བའི་རྒྱུདཿ ངག་སྤྱོད་གཙོ་བོར་སྟོན་པ་སྤྱོད་པའི་རྒྱུདཿ སེམས་སྤྱོད་གཙོ་བོར་སྟོན་པ་རྣལ་འབྱོར་རྒྱུདཿ གསུམ་ག་གཙོ་བོར་སྟོན་པ་བླ་མེད་རྒྱུདཿ ཕ་རྒྱུད་སྡེ་གསུམ་མ་རྒྱུད་སྡེ་ལྔ་བསྒྱུརཿ རྒྱ་ནག་ཧཱ་ཤང་མཧཱ་སཱུ་ཏྲ་དང་ཿ རྒྱ་ནག་མཁས་པ་སཾ་ཤི་ལ་སོགས་དང་ཿ རྨ་བན་རིན་ཆེན་མཆོག་སོགས་ལོ་ཙཱ་ལྔསཿ སྦང་སྐོད་ཕྱག་བརྒྱ་མདོ་སྡེ་རྒྱ་ནག་མཿ འདས་པ་པོད་གཅིག་ཕལ་ཆེན་རྒྱ་ནག་མཿ གསེར་འོད་དམ་པ་བདུད་ལས་རྣམ་རྒྱལ་དང་ཿ སྲི་གཟུངས་སྒྲོལ་མ་ལ་སོགས་མང་དུ་བསྒྱུརཿ དཱ་ན་ཤཱི་ལ་དྷརྨཱ་ཀཱིརྟི་དང་ཿ སྐ་བ་དཔལ་བརྩེགས་ཅོག་རོ་ཀླུའི་རྒྱལ་མཚནཿ ཀླུ་དབང་སྲུང་བ་


PKT001_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༧ན༽ཡེ་ཤེས་སྡེ་སོགས་ཀྱིསཿ འཇམ་དཔལ་རྩ་བའི་རྒྱུད་དང་རྣོན་པོ་དང་ཿ མཚན་ཡང་དག་པར་བརྗོད་པ་གླུར་བླངས་རྒྱུདཿ སྤྱན་རས་གཟིགས་ཀྱི་རྩ་རྒྱུད་པདྨའི་དྲཿ བཤད་རྒྱུད་དོན་ཡོད་ཞགས་པ་ལ་སོགས་དང་ཿ ཕྱག་ན་རྡོ་རྗེ་འཁོར་ཆེན་རྒྱུད་སོགས་དང་ཿ སྒྲོལ་མའི་རྒྱུད་ལ་སོགས་པ་མང་དུ་བསྒྱུརཿ ཁ་ཆེའི་སློབ་དཔོན་ཛི་ན་མི་ཏྲ་དང་ཿ དཱ་ན་ཤཱི་ལ་སུ་རེནྡྲ་བོ་དྷིཿ འབྲུ་ཤའི་བྲམ་ཟེ་ཆེན་པོ་ཨཱ་ནནྟཿ ལོ་ཙཱ་སྐ་ཅོག་ཞང་གསུམ་ལ་སོགས་པསཿ ཐེག་པ་ཆེན་པོའི་མདོ་སྡེ་ཕལ་ཆེར་དང་ཿ མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་དང་ཿ གསང་བ་ཆེན་པོ་བརྟག་སྣལ་སོགས་པཿ ཁ་ཆེའི་འགྱུར་དང་འབྲུ་ཤའི་འགྱུར་མང་བསྒྱུརཿ བལ་པོའི་པཎ་ཆེན་ཤཱི་ལ་མཉྫུ་དང་ཿ བལ་པོ་བ་སུ་དྷ་ར་ལོ་སོགས་དང་ཿ ལོ་ཙཱ་བསྒྲགས་པ་སངས་རྒྱས་ཡེ་ཤེས་ཀྱིསཿ འཇམ་དཔལ་གཤིན་རྗེ་ཟླ་གསང་ནག་པོའི་རྒྱུདཿ ངས་ཆད་ནག་པོ་སྲས་དགུ་ཁ་ཐུན་སོགསཿ མ་གཤིན་ཕྲ་མེན་དྲག་སྔགས་མང་དུ་བསྒྱུརཿ དེ་ཡི་དུས་ན་རྒྱལ་པོ་བསྙུང་གིས་ཟིནཿ ཕན་ཐབས་ཇི་ལྟར་བྱས་ཀྱང་མ་དངས་པརཿ ཀག་བསྐོར་མོ་དང་བྱ་བརྩིས་པྲ་ཕབ་པསཿ སློབ་དཔོན་ནམ་མཁའི་སྙིང་པོ་སྤྱན་དྲངས་ནསཿ བྱིན་རླབས་བྱས་ན་ཕན་པར་འགྱུར་ཅེས་ཟེརཿ ཨཱ་ཙར་ཡེ་ཤེས་


PKT001_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༧བ༽དབྱངས་དང་གསལ་མཆོག་དབྱངསཿ དགེ་སློང་ནམ་མཁའི་སྙིང་པོ་སྤྱན་འདྲེན་བཏང་ཿ ཁྱོད་རང་གཉིས་པོ་སྔོན་ལ་སོང་ཞིག་གསུངསཿ བང་ཆེན་མ་སླེབ་སློབ་དཔོན་བསམ་ཡས་བྱོནཿ སློབ་དཔོན་རྗེ་ལ་བསྙུང་དམ་གསུངས་པ་ཡིསཿ ན་དང་ན་སྟེ་ཤི་ལ་ཐུག་ལ་ཁདཿ དགེ་སློང་ཕན་པའི་ཐབས་འདྲ་བདོག་གམ་གསུངསཿ བདོག་གོ་གསུངས་པས་ཡས་སྟགས་ཅི་འཚལ་ལགསཿ ཅི་ཡང་མི་འཚལ་གསོལ་ཐང་གང་དང་གང་ཿ ང་ལ་ཚོགས་སུ་དྲོངས་ཤིག་གསུངས་པས་དྲངསཿ སློབ་དཔོན་བཟའ་ཚོགས་བཏུང་བའི་རྣལ་འབྱོར་མཛདཿ མགོ་གསོལ་ཙམ་ན་བསྙུན་རྨེད་མཛད་པ་ལསཿ ད་ཅི་བས་ནི་ཅུང་ཟད་བདེའོ་གསུངསཿ སུམ་ཆ་གསོལ་ནས་ཡང་ནི་བསྙུན་རྨེད་པསཿ ཨེན་ཙམ་བདེ་བས་ལུས་པོ་ཡང་འདུག་གསུངསཿ རྒྱལ་པོས་སྐུ་ཡི་དམ་ཚིག་ཉམས་པ་སྐོངསཿ སུམ་གཉིས་གསོལ་ནས་བསྙུན་རྨེད་མཛད་པ་ཡིསཿ སྦྲིད་པ་གསུམ་བསྟུད་ད་ནི་བདེར་སོང་གསུངསཿ རྒྱལ་པོས་གསུང་གི་དམ་ཚིག་ཉམས་པ་སྐོངསཿ དེ་ནས་བཞེས་པ་ཀུན་གསོལ་ཟིན་པ་དང་ཿ བཀའ་འབངས་ཕྱི་མ་ཞིག་གིས་བསྙུན་གསོལ་བསཿ མི་བདེ་མེད་དེ་མིག་གཉིས་ཟུར་ཚ་གསུངསཿ རྒྱལ་པོས་ཐུགས་ཀྱི་དམ་ཚིག་ཉམས་པ་སྐོངསཿ གསོལ་ཐང་ལྷག་མ་མཛོ་ཞོར་རྒུན་འབྲུམ་དང་ཿ


PKT001_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༨ན༽སློབ་དཔོན་ཞལ་ཆབ་བཏབ་ནས་གསོལ་བས་དྲངསཿ རྒྱལ་པོའི་ཞལ་ནས་ལོ་མང་ན་བ་ཡིསཿ སྐྲ་འཁྲུ་མ་བྱུང་སྐྲ་འདི་འཁྲུ་དགོས་གསུངསཿ བློན་པོས་སྐྲ་བཁྲུས་མི་ཟིན་ཉི་ཐལ་ཟེརཿ སློབ་དཔོན་སེང་ལྡིང་ཕུར་པ་བྱིན་གྱིས་བརླབསཿ ཉི་གྲིབ་མཚམས་བཏབ་ཉི་མ་སྟོད་ལ་མནནཿ དབུ་བཀྲུས་ཟིན་ནམ་གསུངས་པས་ཟིན་ལགས་ཞུསཿ སློབ་དཔོན་ཞལ་ནས་བེའུ་ལུགས་ནད་ཆུག་གསུངསཿ ཕུར་པ་བཏོན་པས་ཉི་མ་དམར་ཧྲིལ་སོང་ཿ རྗེ་ཡིས་སྤྱང་དཀར་ཟ་འོག་བེར་ཀུན་ཕུལཿ ནམ་སྙིང་བཀའ་འཁོར་དམ་པའི་རྒྱུད་ལྔ་དང་ཿ ཁྲོ་བོ་སྨེ་བརྩེགས་མེ་ལྟར་འབར་བའི་རྒྱུདཿ འཇམ་དཔལ་གསང་རྒྱུད་གའུ་ནག་པོའི་རྒྱུདཿ རོ་ལངས་གསང་རྒྱུད་ཙིཏྟ་གསང་རྒྱུད་བསྒྱུརཿ མཁས་པ་ཆེན་པོ་སརྦ་ཛྙཱ་དེ་བཿ ལོ་ཙཱ་སྐ་བ་དཔལ་བརྩེགས་རཀྵི་ཏསཿ བྱང་ཆུབ་སེམས་པའི་སྤྱོད་འཇུག་ལ་སོགས་བསྒྱུརཿ པཎ་ཆེན་པདྨ་ཀ་ར་བྷ་དྲ་དང་ཿ ཛྙཱ་ན་གརྦྷ་སརྦ་ཛྙཱ་དེ་བཿ ལོ་ཙཱ་སྐ་ཅོག་ཡེ་ཤེས་སྡེ་སོགས་ཀྱིསཿ དབུ་མ་ཚོགས་གསུམ་དགོངས་འགྲེལ་བཅས་སོགས་བསྒྱུརཿ ཤཱཀྱ་སིངྷ་པྲཛྙཱ་ཝརྨ་དང་ཿ ཛི་ན་མི་ཏྲ་ཤཱི་ལེནྡྲ་པོ་དྷིཿ ལོ་ཙཱ་ཆེན་པོ་བནྡེ་ཡེ་ཤེས་སྡེསཿ བྱམས་པའི་ཆོས་ལྔ་འགྲེལ་བར་བཅས་པ་དང་ཿ ས་སྡེ་ལ་སོགས་བསྟན་བཅོས་མང་དུ་བསྒྱུརཿ ཛི་ན་མི་ཏྲ་ཤཱི་


PKT001_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༨བ༽ལེནྡྲ་བོ་དྷིཿ མཁས་པ་ཆེན་པོ་དཱ་ན་ཤཱི་ལ་དང་ཿ ཞུ་ཆེན་ལོ་ཙཱ་བཻ་རོ་ཙ་ན་ཡིསཿ བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་མོ་ནིཿ སུམ་བརྒྱ་བསྒྱུར་བའི་དབུ་བཙུགས་བསྒྱུར་འཕྲོ་བཞགཿ རྒྱ་དཔེ་ཉིད་ནི་བསམ་ཡས་དབུ་རྩེར་བཞུགསཿ ལོ་པཎ་ད་ལྟ་བཞུགས་དང་ཕྱི་རབས་འབྱོནཿ བཟང་ངན་འགྲན་ཕྱིར་བཤད་མཛོད་ཆེན་མོ་བཞགཿ དེ་བཞིན་དགྱེས་རྡོར་འབུམ་ལྔ་བདེ་མཆོག་འབུམཿ དུས་འཁོར་རྩ་བརྒྱུད་སྟོང་ཕྲག་བཅུ་གཉིས་པཿ ཕུར་པ་བྱི་དྱོཏྟ་མ་འབུམ་སྡེའི་རྒྱུདཿ འཇིགས་བྱེད་རྟོག་པ་སུམ་བརྒྱ་སོགས་མ་འགྱུརཿ རྒྱས་པ་འབུམ་འཇུག་མ་ཚར་ཀླུ་ཡུལ་ལུསཿ འདས་པ་མེས་ཚིག་འགོ་མེད་འཇུག་མེད་བསྒྱུརཿ མདོ་སྔགས་འགའ་ཞིག་རྒྱ་གར་བཀའ་ཆད་ནསཿ བོད་འགྱུར་མཇུག་མ་ཚང་བ་རེ་ཙམ་ཡོདཿ དེ་བཞིན་རྩིས་སྨན་གྲངས་ལས་འདས་པར་བསྒྱུརཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ སྒྲ་བསྒྱུར་གླིང་དུ་སྒྲ་བསྒྱུར་བའི་ལེའུ་སྟེ་གྱ་བཞི་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

བོད་དུ་གསུང་རབ་དམ་ཆོས་དག་ཐར་བཏོན་པའི་ལེའུ།


PKT001_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བྱམས་པ་གླིང་དུ་འཆད་ཉན་བྱསཿ ཤར་སྒོ་འཇམ་དཔལ་གླིང་དུ་རྩིས་སྨན་བསྒྱུརཿ རྒྱ་ནག་སློབ་དཔོན་ཧ་ར་ནག་པོ་དང་ཿ ཧྭ་ཤང་མཧཱ་ཡཱ་ན་སཱུ་ཏྲ་དང་ཿ མཧཱ་རཱ་ཛ་མཧཱ་དེ་བ་དང་ཿ ལོ་ཙཱ་བི་རྗེ་བཙན་པོ་ཤི་


PKT001_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༩ན༽ལ་སོགསཿ བོད་ཀྱི་མཁས་པ་མི་བཞིས་ནག་རྩིས་བསྒྱུརཿ སྔ་འགྱུར་རྒྱ་མོ་ཀང་ཇོས་བསྒྱུར་བ་ཡིནཿ སྤང་རྒྱན་བླ་མའི་གཙུག་ལག་ལྷག་མ་བསྒྱུརཿ ཕྱི་འགྱུར་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་གྱིསཿ བི་རྗེ་བཙན་པོ་ཤི་ལ་གདན་དྲངས་ནསཿ རྒྱ་ཡི་བསྟན་པ་བཅོ་བརྒྱད་བསྒྱུར་འཕྲོ་བསྒྱུརཿ བར་འགྱུར་ཕྱི་རྒྱུད་ནང་རྒྱུད་གསང་རྒྱུད་དང་ཿ ཡང་གསང་ཐུགས་རྒྱུད་སྡེ་རུ་ལོངས་པའི་རྒྱུདཿ སྔན་ཆད་མ་འགྱུར་འཕྲོ་རྣམས་ཐམས་ཅད་བསྒྱུརཿ ཡང་འགྱུར་སྣང་གསལ་མ་བུ་ཆ་ལྔ་དང་ཿ སྡོང་པོ་དགུ་འདུས་གབ་པ་མངོན་ཕྱུང་དང་ཿ ཚངས་པ་བཞི་འདུས་ལ་སོགས་མང་བསྒྱུར་བཿ ལེའུ་སོ་ལྔ་པ་རུ་གསལ་ལྟར་བསྒྱུརཿ དེ་ཡིས་དུས་ན་ལོ་པཎ་ཐམས་ཅད་ལཿ བློན་པོ་མགོས་ཀྱིས་ཟ་འགྱོགས་བྱས་པའི་གྲལཿ མདོ་སྔགས་རྩིས་སྨན་ཆོས་ཀྱི་བགྲོ་གླིང་མཛོདཿ ཨུ་རྒྱན་སློབ་དཔོན་པདྨའི་ཞལ་སྔ་ནསཿ རྒྱ་ནག་ཡུལ་བྱོན་པཎྜི་ཏ་རྣམས་ལཿ རྒྱ་ནག་རི་བོ་རྩེ་ལྔ་བྱ་བ་དེའིཿ རེ་རེའི་མིང་རེ་ཡོད་པ་ཤོད་དང་གསུངསཿ སློབ་དཔོན་ཧ་ར་ནག་པོའི་ཞལ་ན་རེཿ རྒྱ་ནག་གྷིའུ་དེ་ཤན་བྱ་བ་ལཿ རི་བོ་རྩེ་མོ་ལྔ་རུ་ཡོད་པ་ལསཿ དབུས་ཀྱི་རི་ལ་པོ་ཧ་རྩེ་ཞེས་ཟེརཿ དེ་ན་འཇམ་དཔལ་གཞོན་ནུར་གྱུར་པ་བཞུགསཿ ཤར་ཕྱོགས་ཨ་ཁྲ་དྷ་རི་རྩེ་ཞེས་ཟེརཿ དེ་ན་འཇམ་དཔལ་ཡེ་ཤེས་སེམས་དཔའ་


PKT001_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༨༩བ༽བཞུགསཿ ལྷོ་ཕྱོགས་གྷ་ན་རི་ཡི་རྩེ་ཞེས་ཟེརཿ དེ་ཡི་རྩེ་ལ་འཇམ་དཔལ་སྔོན་པོ་བཞུགསཿ ནུབ་ཕྱོགས་ཨ་པ་ར་ཡི་རྩེ་ཞེས་ཟེརཿ དེ་ན་འཇམ་དཔལ་སྨྲ་བའི་སེང་གེ་བཞུགསཿ བྱང་ཕྱོགས་སིག་ཏ་ཨ་ཁྲོ་རི་ཡི་རྩེཿ དེ་ན་འཇམ་དཔལ་དྲི་མ་མེད་པ་བཞུགསཿ རྩིས་འདི་འཇམ་དཔལ་གཞོན་ནུར་གྱུར་པས་གསུངསཿ འཇིག་རྟེན་ཆོས་འཛུད་ཀུན་རྫོབ་ཐེག་པ་ཡིནཿ དེ་སྐད་གསུངས་པས་དེ་ཡིན་ལེགས་སོ་གསུངསཿ དེ་ནས་རྒྱ་ནག་ཧ་ར་ནག་པོ་ལཿ པ་གོར་བཻ་རོ་ཙ་ནས་བོད་ཕན་ཕྱིརཿ ཤམ་ཐབས་བར་ནས་གསེར་སྲང་གང་ཕྱུང་ཕུལཿ དམངས་པོ་སྲིད་ཀྱི་ཆབ་ཀ་སླད་དང་གཅིགཿ དབུལ་པོ་མི་ཟད་གཏེར་ལ་སྤྱོད་དང་གཉིསཿ ཚེ་ཟད་སྲོག་གི་ཀ་བ་འཛུགས་དང་གསུམཿ མཛེ་ཤུད་མེ་འཕྲོ་གཅོད་དང་བཞི་ཞུས་སོཿ གཞན་ཡང་སྨེ་བའི་སྒོ་བཞི་སྤར་ཁའི་སྐོརཿ གཙུག་ལག་རྩིས་ཀྱི་གནད་འགག་མང་པོ་ཞུསཿ རྒྱ་ནག་སྨན་པ་ཧ་ཤང་དེ་བ་དང་ཿ བླ་སྨན་ཉང་བཙན་ཤི་ལ་ལ་སོགས་པསཿ ཡན་ལག་བརྒྱད་པ་བདུད་རྩི་སྙིང་པོ་དང་ཿ སྨན་གྱི་བཅུད་ལེན་བྱེད་ཐབས་མང་པོ་བསྒྱུརཿ དེ་ནས་ཨུ་རྒྱན་པདྨ་འབྱུང་གནས་དང་ཿ བོད་ཀྱི་ལོ་ཙཱ་མཁས་པ་བཅོ་ལྔ་ཡིསཿ ཨཱརྻ་པ་ལོའི་གླིང་དུ་ལུང་བསྟན་བསྒྱུརཿ འདས་དང་མ་འོངས་ད་ལྟར་བཞུགས་པ་ཡིཿ གང་ཟག་བཟང་ངན་འབྱུང་ཚུལ་


PKT001_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༩༠ན༽ལུང་དུ་བསྟནཿ རྒྱ་བོད་ལོ་པཎ་མཁས་པ་ཐམས་ཅད་ཀྱིསཿ ཉི་མ་སྟེང་འོག་སྔ་དྲོ་ཕྱི་མ་ཟད་བྱསཿ འཇམ་དཔལ་གླིང་དུ་མདོ་སྔགས་འཆད་ཉན་བཙུགསཿ ཨཱརྻ་པ་གླིང་སྒྲིབ་སྦྱོང་ཚོགས་གཉིས་སྤེལཿ བྱམས་པ་གླིང་དུ་ལུང་བསྟན་དབུགས་དབྱུང་མཛདཿ བྱང་ཆུབ་གླིང་དུ་ཐེག་ཆེན་སེམས་གཉིས་བསྐྱེདཿ རྣམ་དག་ཁྲིམས་ཁང་གླིང་དུ་ཆོས་ཁྲིམས་བཅསཿ བརྡ་སྦྱོར་ཚང་མང་གླིང་དུ་རབ་ཏུ་བྱུང་ཿ སྔགས་པ་གླིང་དུ་འགལ་རྐྱེན་བར་ཆད་བསྲུང་ཿ སྒྲ་བསྒྱུར་གླིང་དུ་མདོ་སྔགས་ཆོས་རྣམས་བསྒྱུརཿ བཻ་རོའི་གླིང་དུ་སྡེ་སྣོད་ཞུ་དག་བྱེདཿ བསམ་གཏན་གླིང་དུ་མི་གཡོ་ཏིང་འཛིན་བསྒོམཿ སྣ་ཚོགས་གླིང་དུ་ཐེག་པའི་གོ་རིམ་འབྱེདཿ དཀོར་མཛོད་ཉི་ཤུ་ཆོས་ནོར་བཙས་ཀྱིས་གཏམསཿ དག་བྱེད་ཁྲུས་ཁང་དྲི་བཟང་ཁྲུས་ནས་འདོནཿ ཚང་མང་ཀེ་རུར་དགེ་འདུན་གདུགས་ཚོད་སྦྱོརཿ མཐུ་རྩལ་ཀླུ་གླིང་མཐུ་གཏད་ངན་སྔགས་བསྒྱུརཿ དེ་དུས་སྔགས་དང་མཚན་ཉིད་ལོ་ཙཱ་བཿ ཆེ་གསུམ་ཆུང་གསུམ་འབྲིང་གསུམ་དགུ་རུ་ཕྱེཿ རྒན་གསུམ་གཞོན་གསུམ་དྲུག་ཏུ་ཕྱེ་བ་ལཿ བཻ་རོ་ཙ་ན་ཀླུའི་དབང་མེས་བཀོལ་གསུམཿ ལོ་ཙཱ་ཆེ་གསུམ་ཡིན་ཏེ་ཆུང་གསུམ་ནིཿ སྐ་བ་རྨ་རིན་སྦ་མི་ཁྲི་གཞེར་གསུམཿ འབྲིང་གསུམ་གཉགས་བན་ཛྙཱ་ན་ཀུ་མཱ་རཿ ཞང་ལོ་སེ་བཙན་ཤུད་བུ་ཁོད་


PKT001_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༩༠བ༽སླེབ་གསུམཿ རྒན་པ་གསུམ་ནི་ལྷ་ལུང་ཡུལ་སྐོང་དང་ཿ ཡེ་ཤེས་སྡེ་དང་ཅོག་རོ་ཀླུའི་རྒྱལ་མཚནཿ གཞོན་པ་གསུམ་ནི་གཡུ་སྒྲ་སྙིང་པོ་དང་ཿ ལེགས་སྦྱིན་ཉི་མ་ནམ་མཁའི་སྙིང་པོའོཿ མཚན་བུ་ཡོན་ཏན་སྙིང་པོ་རྩེ་མང་དང་ཿ དེ་བ་བྱང་སྙིང་དམ་པ་འདུལ་ལ་སོགསཿ འདིར་མ་བཀོད་པ་གཞན་དག་ཐམས་ཅད་དོཿ རྒྱ་ནས་བྱོན་པའི་པཎ་ཆེན་ཐམས་ཅད་གྱིསཿ བཻ་རོ་ཙ་ནའི་གླིང་དུ་བྱོན་པའི་ཚེཿ འདས་དང་མ་འོངས་ད་ལྷ་ཐམས་ཅད་དུཿ བཻ་རོ་ཙ་ན་འདྲ་བའི་ལོ་ཙཱ་བཿ སྔར་ཡང་བྱོན་རེ་ད་ཡང་འབྱོན་དེ་སྐནཿ མ་འོངས་རྒྱ་གར་འཕྲལ་སྐད་ཤེས་ཙམ་ལཿ ལོ་ཙཱར་བཞེད་སྲིད་བཻ་རོའི་ཆར་མི་ཉེཿ ལོ་ཙཱར་བཏགས་ཀྱང་དོན་ལ་པཎྜི་ཏཿ འདི་ཡི་ཆོས་དྲིན་ཡོད་དོ་ཕྱི་རབས་རྣམསཿ དེ་ནས་ཆོས་ཀྱི་རབ་གནས་བྱས་པའི་ཚེཿ གླེགས་བམ་ཐམས་ཅད་ཚེ་དང་ལྡན་པས་ཁུརཿ ལྔ་ལྔའི་བར་དུ་མཆོད་ལྔ་འཁྱེར་མཁན་རེཿ གདུགས་དང་རྒྱལ་མཚན་འོག་ལ་ཆོས་སྦྲེངས་བྱསཿ བསམ་ཡས་དབུ་རྩེ་གླིང་གསུམ་ལན་གསུམ་བསྐོརཿ རྔ་ཤོན་གར་འཆམས་འབག་པ་མི་རེ་རེཿ ཕྱོགས་བཞི་མཚམས་བརྒྱད་ལྟད་མོས་རི་མགོ་ནོནཿ ལོ་པཎ་རེ་རེས་ཆོ་ག་མི་འདྲ་རེསཿ རབ་ཏུ་གནས་ཤིང་མེ་ཏོག་འཐོར་བར་གྱུརཿ རྒྱལ་པོ་ནམ་སྙིང་ལྟད་མོའི་གསེབ་བྱོན་པསཿ ཡོན་མཆོད་གཉིས་ནི་ཕྱག་ལ་མ་འཆམ་སྟེཿ རྗེ་ནི་འགྲེང་


PKT001_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༩༡ན༽བ་མགོ་ནག་ཡོངས་རྗེ་ཡིནཿ བདུད་རྡོག་ཆགས་ཀྱི་རྐྱེན་བྱང་ང་ཡིན་པསཿ ནམ་མཁའི་སྙིང་པོས་ང་ལ་ཕྱག་འཚོལ་གསུངསཿ སློབ་དཔོན་ཆེན་པོ་ནམ་མཁའི་སྙིང་པོ་ཡིསཿ ང་ནི་རྣལ་འབྱོར་ཡོངས་ཀྱི་དབང་ཕྱུག་ཆེཿ སྐུ་དང་ཡེ་ཤེས་བདག་ཉིད་དང་ཡིན་ཞིང་ཿ རྒྱལ་བ་ཉིད་ཀྱིས་ང་ལ་དབང་ཞུས་པསཿ བདག་ལ་ཕྱག་འཚོལ་གསུངས་ནས་མ་འཆམ་སྟེཿ གནུབས་བན་ནམ་མཁའི་སྙིང་པོའི་ཞལ་སྔ་ནསཿ སངས་རྒྱས་བསྟན་པའི་རྩ་བ་མ་འཆུགས་པཿ དམ་ཆོས་འདུལ་བའི་སྡེ་སྣོད་བོད་དུ་བསྒྱུརཿ སངས་རྒྱས་བསྟན་པའི་སྙེ་མ་མ་བསྐམས་པཿ དམ་ཆོས་ཕ་རོལ་ཕྱིན་པ་བོད་དུ་བསྒྱུརཿ སངས་རྒྱས་བསྟན་པའི་ཉིང་ཁུ་མ་བསླད་པཿ གསང་སྔགས་ཕྱི་ནང་རྒྱུད་རྣམས་བོད་དུ་བསྒྱུརཿ བསྟན་གཉིས་ཉི་ཟླ་ཟུང་ཞིག་ཤར་བར་བྱསཿ རྒྱ་བོད་བསགས་པ་ཅན་གྱི་ལོ་པཎ་ལཿ རྒྱལ་པོས་ཕྱག་མི་འཚལ་ན་དབང་ཡོད་མོདཿ ཅེས་གསུངས་ཡིད་ལ་མི་འཆམ་ཐུགས་མུག་སྟེཿ དེང་ནས་གཟུང་སྟེ་སྒྲུབ་པ་འབའ་ཞིག་ལསཿ རྒྱལ་པོའི་སློབ་དཔོན་དག་ནི་མི་ཕྱེད་དོཿ ཞེས་གསུངས་ཐུགས་ཀྱི་དམ་བཅས་ཅི་བདེར་གནསཿ ལྷོ་བྲག་མཁར་ཆུར་འབྱོན་དུ་ཆས་པ་ལཿ པཎ་ཆེན་རྣམས་ཀྱིས་རྒྱལ་པོར་མཚམས་སྦྱར་བཿ རྗེ་ཉིད་དངོས་གྲུབ་ཐོབ་ཀར་དམ་མ་ཉམསཿ ནམ་མཁའི་སྙིང་པོ་བླ་


PKT001_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༩༡བ༽མར་ཁུར་ཅིག་གསུངསཿ དེ་ཚེ་མི་རྣམས་ཐམས་ཅད་ཧ་ལས་ནསཿ ཕྱི་བློན་ནང་བློན་གྲོས་དབང་མ་ལུས་ཚོགསཿ ནམ་མཁའི་སྙིང་པོ་གསོད་པའི་ནང་ཁྲིམས་བཅསཿ བློན་པོ་རྣམས་ཀྱིས་ལྷོ་སྒོར་ཁྲི་གཉིས་བརྩིགསཿ གཅིག་ལ་རྗེ་བཞུགས་གཅིག་ལ་སློབ་དཔོན་བཞུགསཿ བློན་པོ་རྣམས་ཀྱིས་མདའ་རྩེ་མདུང་རྩེ་བདརཿ རྗེ་ཉིད་སྤྱང་ཀི་ལྟར་འདར་ཕཊ་ཕཊ་གསུང་ཿ སློབ་དཔོན་གྷ་ཊ་ཤག་གསུངས་ཐལ་མོ་ཕྲལཿ བློན་པོ་རྣམས་ཀྱིས་མཚོན་བྲུལ་ཧང་ཧང་ལུསཿ སློབ་དཔོན་ལྷ་མགོན་གཉིས་ཀྱི་དྲུང་དུ་བྱོནཿ ཞབས་རྡོ་བརྒྱབ་ནས་ཕར་ལོངས་འདོད་དོ་གསུངསཿ རྟེན་གཉིས་ལངས་ཏེ་སློབ་དཔོན་ཕྱི་ལ་ཁྲིདཿ ཧཱུཾ་ཧཱུཾ་དྲག་པོ་གསུངས་ནས་ཐོག་ཕབ་སྟེཿ མཛུབ་མོ་ལ་དཀྲིས་བར་སྣང་དམར་ཧྲིལ་བྱུང་ཿ འུར་ཤང་རྡོ་ཡི་བྲག་ལ་བརྒྱབ་པ་ཡིསཿ བྲག་ཀྱང་ཆོ་ལོ་ཙམ་དུ་བཏང་ངོ་སྐདཿ སློབ་དཔོན་རྗེ་ལགས་མ་བསྙེམས་སམ་ཞུས་པསཿ འཇིགས་དང་འཇིགས་ཆེ་གནམ་ལྕགས་ཐོག་བས་ཀྱང་ཿ བནྡེའི་ཧཱུཾ་སྒྲ་དེ་རང་འཇིགས་གསུངས་ནསཿ སློབ་དཔོན་ཉིད་ལ་རྒྱལ་པོས་ཕྱག་བཙལ་ལོཿ མི་རྣམས་ཀུན་གྱིས་ཞལ་ཆེ་བཅད་ནས་ནིཿ སློབ་དཔོན་ནམ་མཁའི་སྙིང་པོས་ཕྱག་བོར་ལཿ རྒྱལ་པོས་བླ་མ་རྡོ་རྗེ་སློབ་དཔོན་དུཿ བདག་ལ་ཡོན་ཏན་ཐམས་ཅད་སྐྱེད་བྱེད་པཿ འདི་དག་ཕྱག་འཚལ་ཡུལ་གྱུར་ཡིན་སྙམ་དུཿ


PKT001_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༩༢ན༽རྗེ་ཡིས་ལྟད་མོའི་གསེབ་ཏུ་ཕྱག་ཚོལ་ཟེརཿ རྒྱལ་པོས་དུམ་ཞིག་ཐུགས་དགོངས་གཏད་མཛད་ནསཿ ལོ་ཙཱ་ཐམས་ཅད་ང་ལ་སྐུ་དྲིན་ཆེཿ གཙུག་ལག་ཁང་དང་དཔེས་པའི་ཆོས་འགྱུར་སྙམཿ རྒྱལ་པོ་དགྱེས་མཛད་བཤད་ཉན་གྲ་ཡང་བཙུགསཿ ལྷ་སར་དམ་ཆོས་འདུལ་བའི་སྟོན་མོ་བཙུགསཿ ཁྲ་འབྲུག་མངོན་པ་གསང་སྔགས་སྟོན་མོ་མཛདཿ མཐའ་འདུལ་ཡང་དངུལ་གཙུག་ལག་བརྒྱ་རྩ་བརྒྱདཿ འཆད་ཉན་དུས་སྟོན་ལྟད་མོ་རེ་རེ་མཛདཿ བསམ་ཡས་མཆིམས་ཕུ་ཡར་ཀླུངས་ཤེལ་གྱི་བྲགཿ ཡེར་པ་ཟླ་བ་ཕུག་སོགས་སྒྲུབ་གནས་ཀུནཿ སྒྲུབ་གྲ་སྒྲུབ་མཆོད་རྒྱུད་སྟོན་ཚེས་བཅུ་བཙུགསཿ སྒོམ་གྲ་བརྒྱ་དང་རྩ་བརྒྱད་བསྒོམ་ས་ལཿ ཆོས་འཁོར་སྟོད་སྨད་ཆུ་ལ་དགེ་གྲུ་བཙུགསཿ སློབ་འཆད་གྲ་ལ་རྗེ་ཡིས་མཐུན་རྐྱེན་སྦྱོརཿ བོད་ཀྱི་བན་སྔགས་དབུ་ཟླུམ་ལྕང་ལོ་ཅནཿ དབང་ཆེ་ཁ་དྲག་ཤེ་མོ་ཡོད་དུ་བཅུགཿ གྲུ་ལ་གྲུ་བཅས་མི་དགོས་ལམ་འཕྲང་བདེཿ ཕྱུག་པོ་ཐམས་ཅད་ཆོས་འདྲིའི་ཁྲིམས་ལ་བཙུདཿ ལྟོགས་པ་ཐམས་ཅད་འདྲི་ཀློག་ཁྲིམས་ལ་བཀོདཿ དགེ་བ་མཆོད་རྟེན་བརྒྱ་རྩ་བཞེང་དུ་བཅུགཿ མདོ་རྣམས་གཙུག་ལག་ཁང་དུ་བཞུགས་སུ་གསོལཿ རྒྱུད་རྣམས་སྔགས་པའི་གླིང་དུ་བཞུགས་སུ་བཅུགཿ འཁོར་བའི་སྡུག་བསྔལ་སེལ་བ་དམ་པའི་ཆོསཿ བྱ་བ་ལེགས་འཆོས་


PKT001_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༩༢བ༽ཉེས་སྤང་གཙུག་ལག་རྩིསཿ ནད་པའི་ཟུག་གཟེར་གཅོག་པ་ཐུགས་རྗེའི་སྨནཿ ཐམས་ཅད་མ་ལུས་བོད་དུ་སྣང་བར་བྱསཿ མི་ལོ་བཅུ་གསུམ་བར་དུ་ཆོས་བསྒྱུར་རོཿ འདི་དག་ཁྲི་སྲོང་ལྡེའུ་བཙན་ལག་རིས་ཡིནཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བོད་དུ་གསུང་རབ་དམ་ཆོས་དག་ཐར་བཏོན་པའི་ལེའུ་སྟེ་གྱ་ལྔ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

བསམ་ཡས་སྐུ་རྟེན་ལྷའི་བཞུགས་བྱང་དཀར་ཆག་ཏུ་བཀོད་པའི་ལེའུ།


PKT001_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིསཿ བསམ་ཡས་སྐུ་རྟེན་བཞུགས་བྱང་ཡི་གེར་བཏབཿ དཀར་ཆག་རྒྱས་བསྡུས་གསུམ་ལས་འདི་རུ་བསྡུསཿ མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཿ གཞི་ཆེ་དཔངས་མཐོ་རྒྱུ་བཟང་བཀོད་པ་ལེགསཿ འདུལ་བ་ལྟར་ན་གཙུག་ལག་ཁང་དུ་བཞེངསཿ མདོ་སྡེ་ལྟར་ན་ཞིང་ཁམས་གཅིག་གི་ཚུལཿ མངོན་པ་ལྟར་ན་སྣོད་བཅུད་གཅིག་ཏུ་གྲུབཿ གསང་སྔགས་ལྟར་ན་དཀྱིལ་འཁོར་གཅིག་ཏུ་རྫོགསཿ དབུ་རྩེ་རིགས་གསུམ་བཀོད་པའི་ཁྱད་པར་ནིཿ འོག་ཁང་རྒྱ་ནག་བར་ཁང་རྒྱ་གར་ལུགསཿ སྟེང་ཁང་ལི་ཡི་ལུགས་སུ་བཞེངས་པ་ཡིནཿ ཕྱོགས་བཞིར་སངས་རྒྱས་དགའ་བའི་རྒྱུད་རིས་བྲིསཿ ཆོས་སྐྱོང་ལག་ན་རྡོ་རྗེ་བཞི་ལ་གཏདཿ སྟེང་ཁང་གཙོ་བོ་རྣམ་སྣང་ཀུན་ཏུ་ཞལཿ བྱམས་པ་སྤྱན་རས་གཟིགས་དང་ཀུན་ཏུ་བཟང་ཿ འཇམ་དབྱངས་


PKT001_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༩༣ན༽ནམ་མཁའི་སྙིང་པོ་རྡོ་རྗེ་འཛིནཿ ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལཿ ཉེ་བའི་སྲས་བརྒྱད་འཁོར་གྱིས་རབ་ཏུ་བསྐོརཿ ཕྱོགས་བཅུ་ནས་བྱོན་སེམས་དཔའ་ཉི་ཤུ་བཞིཿ སྒོ་སྲུང་བརྒྱད་དེ་བཞི་བཅུ་རྩ་གཅིག་བཞུགསཿ རི་མོར་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བཀོདཿ ཆོས་སྐྱོང་གནོད་སྦྱིན་ཟངས་ཀྱི་འབེ་ལོག་ཅནཿ བར་ཁང་གཙོ་བོ་དུས་གསུམ་སངས་རྒྱས་ལཿ ས་བཅུའི་བྱང་ཆུབ་སེམས་དཔའ་བཅུ་ཡིས་བསྐོརཿ ཀང་ཀིང་གཉིས་ཏེ་ལྷ་ཚོགས་བཅོ་ལྔ་བཞུགསཿ རི་མོར་རྒྱས་པ་འབུམ་གྱི་གླེང་གཞི་བྲིསཿ སྐོར་ཁང་ཕྱི་ལྟས་མཆོད་རྟེན་བརྒྱད་པ་སྟེཿ ནང་ལྟས་སྤྲིན་ཆེན་སྙིང་པོའི་རི་མོ་བྲིསཿ སྐོར་ཁང་གདོང་ལ་རྒྱལ་ཆེན་རྣམ་གཉིས་བཞུགསཿ སྔ་ཁང་སྡོང་ལ་ཕྱོགས་བཅུའི་སངས་རྒྱས་དང་ཿ རྡོ་རྗེ་སེམས་དཔའ་གཤིན་རྗེའི་གཤེད་ཀྱི་ལྷཿ ཆོས་སྐྱོང་རྣམས་ཀྱི་འབག་དང་བཅས་པ་བྲིསཿ ཆོས་སྐྱོང་རྒྱལ་པོ་ཤིང་བྱ་ཅ་ལ་གཏདཿ འོག་ཁང་གཙོ་བོ་དུས་གསུམ་སངས་རྒྱས་ཀྱིསཿ བྱིན་གྱིས་བརླབས་པའི་རྡོ་སྐུ་རང་བྱོན་ནིཿ བསྟན་པའི་བདག་པོ་བྱང་ཆུབ་ཆེན་པོ་ལཿ བསྐལ་པ་བཟང་པོའི་སངས་རྒྱས་བཅུ་ཡིས་བསྐོརཿ ཁམས་གསུམ་རྣམ་རྒྱལ་ཁྲོ་བོ་མི་གཡོ་མགོནཿ སྒོ་སྲུང་བཅས་ཏེ་ལྷ་ཚོགས་བཅུ་གསུམ་བཞུགསཿ རི་མོར་སྙིང་པོ་ཕྱོགས་


PKT001_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༩༣བ༽བཅུའི་སངས་རྒྱས་དང་ཿ སྐོར་ཁང་ཕྱི་ལྟས་པདྨ་དཀར་པོ་ལཿ ནང་ལྟས་འདུས་པ་རིན་ཆེན་ཏོག་ཏུ་བྲིསཿ ཆོས་སྐྱོང་སེང་གེ་ཁྲི་ཡི་རལ་པ་ཅནཿ སྔ་ཁང་མདོ་སྡེ་དཀོན་ཅོག་སྤྲིན་དུ་བྲིསཿ འཁོར་ས་བར་རྒྱ་ཆེར་རོལ་པ་དང་ཿ ལྷོ་ཕྱོགས་མཛོད་གསུམ་རོལ་ཁང་ནོར་གྱི་མཛོདཿ ཆོས་སྐྱོང་གཤིན་རྗེ་ནག་པོ་མཆེད་གསུམ་གཏང་ཿ ནུབ་ཕྱོགས་མཛོད་གསུམ་གསུང་རབ་རྒྱུད་ཀྱི་མཛོདཿ ཆོས་སྐོང་ཨཱ་ཙར་ནག་པོ་མཆེན་གསུམ་ཡིནཿ བྱང་ཕྱོགས་མཛོད་གསུམ་རིན་ཆེན་གཏེར་གྱི་མཛོདཿ ཆོས་སྐྱོང་གནོད་སྦྱིན་ནག་པོ་མཆེད་གསུམ་བསྐོསཿ འཁོར་ས་ཆེན་མོར་སྡོང་པོ་རྒྱན་པ་བྲིསཿ ཆོས་སྐྱོང་རྒྱལ་པོ་ཨཱ་ནན་ཨུ་ལི་ཀཿ དེ་ལྟར་ལྷ་ཚོགས་དྲུག་ཅུ་རྩ་དགུ་བཞུགསཿ མདོ་སྡེའི་རྒྱུད་རིས་དག་ནི་བཅུ་བཞིས་བསྐོརཿ དེ་དག་དབུ་རྩེ་རིགས་གསུམ་བཞུགས་བྱང་ཡིནཿ ཉི་ཟླ་ལྷ་ཁང་གཉིས་ན་ལྷ་ཚོགས་ནིཿ བྱང་ཆུབ་ཆེན་པོ་གཙོ་འཁོར་ལྔ་ལྔ་བཞུགསཿ རི་མོར་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ཿ ཆོས་སྐྱོང་གནོད་སྦྱིན་གང་བཟང་ནོར་བུ་བཟང་ཿ གླིང་བཞི་གླིང་ཕྲན་སྐུ་རྟེན་བཞུགས་པ་ལཿ ཤར་གྱི་འཇམ་དཔལ་གླིང་ན་ལྷ་ཚོགས་ནིཿ འཇམ་དཔལ་གཙོ་འཁོར་ལྔ་དང་སྒོ་སྲུང་ནིཿ གཤིན་རྗེ་ནག་པོ་གཉིས་ཏེ་རྣམ་པ་བདུནཿ རི་མོར་འཇམ་དཔལ་ཞིང་གི་ཡོན་ཏན་བཀོདཿ འཁོར་བྱམས་ཕལ་པོ་


PKT001_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༩༤ན༽ཆེ་ཡི་རྒྱུད་རིས་བྲིསཿ ཆོས་སྐྱོང་གཤིན་རྗེ་མོ་ཡི་འཁོར་ལོ་ཅནཿ ཆོས་རྣམས་ཉན་དང་བཤད་པར་བྱེད་པའི་གླིང་ཿ ཨཱརྻ་པ་ལོའི་གླིང་ན་ལྷ་ཚོགས་ནིཿ ཐུགས་རྗེ་ཆེན་པོ་གཙོ་འཁོར་རྣམ་པ་བདུནཿ གློ་འབུར་གཡས་ན་སྐུ་གསུང་ཐུགས་ཀྱི་རྟེནཿ རྒྱལ་པོའི་སྐུ་ཚབ་དངུལ་ལས་བཞེངས་པ་དང་ཿ གསུང་གི་རྟེན་ལ་ཀླུ་འབུམ་བོད་བཞི་མཿ ཐུགས་ཀྱི་རྟེན་ལ་ཕྲ་མེན་མཆོད་རྟེན་བཞུགསཿ གཡོན་ན་སེང་གེ་སྒྲ་ཡི་ལྷ་ཚོགས་བཞུགསཿ སྟེང་ན་ཨ་མི་ཏཱ་བྷའི་ལྷ་ཚོགས་ལྔཿ སྔ་ཁང་ཟ་མ་ཏོག་གི་བཀོད་པ་དང་ཿ བསེ་ཡི་ལྷ་མོ་སྟོང་དང་རྩ་གཉིས་བྲིསཿ འཁོར་སར་ས་ཡི་སྙིང་པོ་འཁོར་ལོ་བཅུཿ གློ་འབུར་ནུབ་ན་རིགས་གསུམ་མགོན་པོ་བཞུགསཿ ཆོས་སྐྱོང་དབང་ཆེན་ཕོ་ཉ་རྣམས་ལ་གཏདཿ གང་ཟག་སྡིག་པ་བཤགས་པར་བྱེད་པའི་གླིང་ཿ དགའ་ལྡན་བྱམས་པ་གླིང་ན་ལྷ་ཚོགས་ནིཿ བྱམས་པ་གཙོ་འཁོར་ལྔ་དང་སྒོ་སྲུང་གཉིསཿ སྟེང་ན་སངས་རྒྱས་སྣང་མཐའ་གཙོ་འཁོར་ལྔཿ ལྟེ་བའི་ལོག་ལ་སངས་རྒྱས་སུམ་ཅུ་ལྔཿ སྒྲོལ་མའི་ལྷ་ཚོགས་ཉི་ཤུ་རྩ་གཅིག་བཞུགསཿ སྐོར་ཁང་ཕྱི་ལྟ་ནང་ལྟ་གཉིས་ལ་ནིཿ གནས་བརྟན་བཅུ་དྲུག་བསམ་ཡས་ཉིད་ཀྱི་དཔེཿ སྔ་ཁང་ལ་ནི་ཡ་ཐོག་རིང་མོ་དང་ཿ མ་ཐོག་ཐུང་དུ་ཁུག་པ་བཅོ་བརྒྱད་དང་ཿ རྒྱ་ཆེ་ལྷས་གནང་སྐྱེས་པའི་རབས་ཀྱང་བཀོདཿ འཁོར་


PKT001_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༩༤བ༽ཁྱམས་ཕལ་པོ་ཆེ་ཡི་རྒྱུད་རིས་བྲིསཿ ཆོས་སྐྱོང་མཁའ་འགྲོ་གུ་ལི་བེ་ཅོན་ཅནཿ གང་ཟག་ཁྱད་འཕགས་ལུང་རྣམས་སྟོན་པའི་གླིང་ཿ བྱང་ཆུབ་སེམས་བསྐྱེད་གླིང་གི་ལྷ་ཚོགས་ནིཿ གཙོ་བོ་སངས་རྒྱས་མ་ཆགས་པདྨ་ཅནཿ ཕྱག་ན་རྡོ་རྗེ་སྒྲིབ་པ་རྣམ་པར་སེལཿ ཁྲོ་བོ་བདུད་རྩི་འཁྱིལ་དང་ཀཱི་ལ་ཡཿ ཕྱོགས་བཅུ་ནས་བྱོན་སེམས་དཔའ་བཞི་བཅུ་གཉིསཿ དེ་ལྟར་ལྷ་ཚོགས་བཞི་བཅུ་རྩ་བདུན་བཞུགསཿ རྒྱུད་རིས་མདོ་སྡེ་དཀོན་ཅོག་སྤྲིན་དང་ནིཿ འཁོར་ས་ལ་ནི་འཕགས་པ་རྟག་ཏུ་དུཿ ཤེས་རབ་ཕ་རོལ་ཕྱིན་པ་འཚོལ་བ་བྲིསཿ ཆོས་སྐྱོང་རྒྱལ་པོ་བསེ་ཡི་ཁྲབ་ཅན་དང་ཿ མཁའ་འགྲོ་སེང་གེའི་གདོང་ཅན་མ་ལ་གཏདཿ དེ་དག་གླིང་བཞིའི་ལྷ་ཡི་བཞུགས་བྱང་ཡིནཿ གླིང་ཕྲན་བརྒྱད་ལ་རྣམ་དག་ཁྲིམས་ཁང་གླིང་ཿ ལྷ་ཚོགས་བྱང་ཆུབ་ཆེན་པོ་གཙོ་འཁོར་ལྔཿ རི་མོར་ཏིང་འཛིན་རྒྱལ་པོའི་རྒྱུད་རིས་བྲིསཿ ཆོས་སྐྱོང་ཚངས་པ་དུང་གི་ཐོར་ཚུགས་ཅནཿ དད་ལྡན་འདུལ་ཁྲིམས་ལེན་པར་བྱེད་པའི་གླིང་ཿ བརྡ་སྦྱོར་ཚང་མང་གླིང་ན་ལྷ་ཚོགས་ནིཿ ཤཱཀྱ་ཐུབ་པ་གཙོ་འཁོར་རྣམ་པ་བདུནཿ མདོ་སྡེ་རིན་ཆེན་སྣ་ཚོགས་རྒྱུད་རིས་བྲིསཿ འཁོར་ཁྱམས་བཙུན་པའི་གཡོས་ཁང་དག་ཏུ་བྱསཿ ཆོས་སྐྱོང་རྒྱལ་པོ་འབྲུག་གི་སློག་པ་ཅནཿ དགེ་འདུན་ཟས་ཀྱིས་འཚོ་བར་བྱེད་པའི་གླིང་ཿ བདུད་འདུལ་སྔགས་པ་གླིང་ན་ལྷ་ཚོགས་ནིཿ བྱང་


PKT001_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༩༥ན༽ཆུབ་ཆེན་པོ་ལུགས་མ་གཙོ་འཁོར་ལྔཿ རི་མོར་ནམ་སྙིང་གཙུག་ན་རིན་ཆེན་མདོཿ ཆོས་སྐྱོང་དབང་ཕྱུག་ཉི་ཤུ་བརྒྱད་ལ་གཏདཿ ཐོས་བསམ་སྒོམ་གསུམ་བར་ཆད་བསྲུང་བའི་གླིང་ཿ སྒྲ་བསྒྱུར་རྒྱ་གར་གླིང་ན་ལྷ་ཚོགས་ནིཿ ཇོ་བོ་ཤཱཀྱ་ལུགས་མ་གཙོ་འཁོར་ལྔཿ རྒྱུད་རིས་འདུལ་བ་རྣམ་དག་ཚེ་དཔག་མེདཿ མདུན་ན་ལོ་པཎ་བཞུགས་པའི་གཙང་ཁང་ཡོདཿ ཆོས་སྐྱོང་གནོད་སྦྱིན་ར་ཐོད་ཅན་ལ་གཏདཿ སྡེ་སྣོད་ཆོས་ཀྱི་སྒྲ་བསྒྱུར་བྱེད་པའི་གླིང་ཿ ལུང་བསྟན་བཻ་ཙའི་གླིང་ན་ལྷ་ཚོགས་ནིཿ ཟངས་ཀྱི་རྣམ་པར་སྣང་མཛད་གཙོ་བོ་ལཿ འཁོར་ནི་གསང་བའི་ཡུམ་བཞི་དག་གིས་བསྐོརཿ རི་མོར་རྣམ་སྣང་མངོན་པར་བྱང་ཆུབ་པཿ ཆོས་རྣམས་ཐེག་པ་རིམ་པར་འབྱེད་པའི་གླིང་ཿ མི་གཡོ་བསམ་གཏན་གླིང་ན་ལྷ་ཚོགས་ནིཿ རྣམ་པར་སྣང་མཛད་ཡབ་ཀྱི་ཐུགས་དམ་ནིཿ གཉན་པོ་བྱིན་ཅན་ཞེས་ནི་གྲགས་པ་ཡིསཿ གཙོ་བོ་མཛད་པའི་རྒྱལ་བ་རིགས་ལྔ་ལཿ བསྐལ་པ་བཟང་པོའི་སེམས་དཔའ་བཅུ་དྲུག་བསྐོརཿ རི་མོར་ངན་སོང་སྦྱོང་བའི་རྒྱུད་རིས་བྲིསཿ འཁོར་ཁྱམས་ཕལ་པོ་ཆེ་ཡི་རྒྱུད་རིས་བཀོདཿ ཆོས་སྐྱོང་རྒྱལ་པོ་དངུལ་གྱི་མགོ་ཅན་ཡིནཿ ཏིང་འཛིན་བསམ་གཏན་སྒོམ་པར་བྱེད་པའི་གླིང་ཿ མི་ནུབ་རྒྱལ་མཚན་རིན་ཆེན་འཕྲེང་བ་བཀོདཿ རིན་ཆེན་སྣ་ཚོགས་གླིང་ན་ལྷ་ཚོགས་ནིཿ ཤཱཀྱ་ཐུབ་པ་གཙོ་འཁོར་རྣམ་པ་


PKT001_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༩༥བ༽ལྔཿ རྒྱུད་རིས་གསེར་འོད་དམ་པའི་མདོ་སྡེ་དང་ཿ དགའ་ལྡན་ཡུལ་དུ་ཡུམ་ལ་ཆོས་གསུངས་ཚུལཿ དྲིན་ལན་བསབ་པའི་མདོ་དང་རྣམ་གསུམ་བྲིསཿ ཆོས་སྐྱོང་རྒྱལ་པོ་གཡི་ཡི་སྦད་པ་ཅནཿ བྱང་ཆུབ་སྨན་པ་སེམས་བསྐྱེད་བྱེད་པའི་གླིང་ཿ པེ་ཀར་དཀོར་མཛོད་གླིང་ན་ལྷ་ཚོགས་ནིཿ གཙོ་བོ་རྫོགས་པའི་སངས་རྒྱས་དགའ་བའི་དཔལཿ འཁོར་ནི་ཉེ་བའི་སྲས་བརྒྱད་འཛུམ་བཅས་བཞུགསཿ རི་མོར་ཡབ་སྲས་མཇལ་བའི་རྒྱུད་རིས་བྲིསཿ སྔ་གདོང་གཉིས་ལ་རྒྱལ་ཆེན་རྣམ་གཉིས་བཀོདཿ དཀོར་མཛོད་རེ་ལ་ནོར་སྣ་རེ་རེ་བཞགཿ ཆོས་སྐྱོང་ཡང་ནི་ཟུད་རེ་དག་ལ་གཏདཿ དགྲ་བླ་ཆེན་པོ་འཁོར་དང་བཅས་པ་ཡིནཿ རྒྱལ་བློན་རྗེ་འབངས་འཚོ་བ་ནོར་གྱི་མཛོདཿ དེ་དག་གླིང་ཕྲན་བརྒྱད་ཀྱི་དཀར་ཆག་ཡིནཿ བཅུ་གཉིས་གླིང་ལ་མི་ཐེ་ཁྲུས་ཁང་གླིང་ཿ འོག་ཁང་སོ་ཕག་ཐང་ལ་ཁྲུས་བྱེད་སཿ སྟེང་ཁང་མི་རྟག་སྟོན་པའི་རྒྱུད་རིས་བྲིསཿ ཆོས་སྐྱོང་རྒྱལ་པོ་ལག་ན་བུམ་ཐོགས་ཡིནཿ གང་ཟག་ཁྲུས་ཀྱིས་དག་པར་བྱེད་པའི་གླིང་ཿ ཚད་མར་ཀེ་རུའི་གླིང་གི་འོག་ཁང་ནིཿ སློབ་དཔོན་ཆོས་སྟོན་གསོལ་བའི་ཚང་མང་སྟེཿ སྟེང་ཁང་ནང་ན་བ་སོའི་ལྷ་ཁང་བཞུགསཿ ལོགས་ལ་སློབ་དཔོན་པདྨའི་རྣམ་ཐར་བྲིསཿ ཆོས་སྐྱོང་གནོད་སྦྱིན་ལག་ན་དབྱིག་ཐོགས་ཡིནཿ མཁན་སློབ་ཆོས་སྟོན་གསོལ་བར་བྱེད་པའི་གླིང་ཿ མཐུ་རྩལ་ཀླུ་གླིང་སོ་ཕག་ཁང་པའི་ནང་ཿ མཚོ་ཐབས་ཆུ་ནི་


PKT001_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༩༦ན༽རྟག་ཏུ་མེར་བ་འདྲཿ པདྨའི་སྡོང་པོ་སྐྱེས་པའི་སྙིང་པོའི་དབུསཿ ཕྱག་ན་རྡོ་རྗེ་སྐུ་མདོག་དཀར་པོ་ནིཿ ཞི་བའི་ཚུལ་དུ་བཞུགས་པའི་ཡལ་ག་ལཿ ཀླུ་ཆེན་བརྒྱད་ནི་འདུད་པའི་ཚུལ་དུ་བཞུགསཿ རྩིག་པའི་ལོགས་ལ་ཀླུ་དང་ས་བདག་གཉནཿ རི་མོར་བྲིས་པ་ཆུ་ནང་འགུལ་པ་བཞིནཿ ཆོས་སྐྱོང་རང་ཆགས་ས་བདག་རྒྱུ་འདལ་ཡིནཿ མཆོད་རྟེན་དཀར་པོ་སེང་གེ་གཞི་ཡིས་བརྒྱནཿ ཆོས་སྐྱོང་གནོད་སྦྱིན་སྐར་མདའ་གདོང་ལ་གཏདཿ མཆོད་རྟེན་དམར་པོ་པདྨ་སྟོང་གིས་བརྒྱནཿ ཆོས་སྐྱོང་སྲུང་མ་གཟའ་རྒོད་མིག་དམར་ཡིནཿ མཆོད་རྟེན་ནག་པོ་སྐུ་གདུང་དག་གིས་བརྒྱནཿ ཆོས་སྐྱོང་མཁའ་འགྲོ་ལྕགས་མཆུ་ཅན་ལ་གཏདཿ མཆོད་རྟེན་སྔོན་པོ་ལྷ་ཁང་བཅུ་དྲུག་བརྒྱནཿ ཆོས་སྐྱོང་གནོད་སྦྱིན་ཉི་མའི་གདོང་ལ་གཏདཿ ལྕགས་རི་ནག་པོའི་སྒོ་བཞིའི་མགོན་ཁང་ནཿ ཤཱཀྱ་ཐུབ་པ་གཙོ་འཁོར་ལྔ་ལྔ་བཞུགསཿ སྒོ་འགྲམ་ཕྱི་གཉིས་རྒྱལ་ཆེན་རིགས་བཞི་དང་ཿ ནང་མ་གཉིས་ན་ལྷ་མགོན་ཟུང་རི་བཞུགསཿ རེ་མོར་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ཿ ཆོས་སྐྱོང་རྒྱལ་པོ་ཆེན་པོ་བཞི་ལ་གཏདཿ ཕྱི་ཡི་ལྕགས་རི་ནག་པོའི་རྩེ་ལ་ནིཿ མཆོད་རྟེན་སྟོང་དང་རྩ་བརྒྱད་བསྐོར་བར་བྱསཿ ཆོས་སྐྱོང་རྒྱལ་པོ་ཉི་ཁྲི་ཆིག་སྟོང་དང་ཿ དྲེགས་བྱེད་སྟོང་སྡེ་བཅོ་བརྒྱད་དག་ལ་གཏདཿ ལྕགས་རི་གཅིག་བསྐོར་ནང་གི་བཞུགས་བྱང་ཡིནཿ


PKT001_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༩༦བ༽སྒོ་བཞིའི་མདུན་ན་རྡོ་རིང་ཆེན་པོ་བཞིཿ ལོ་པཎ་རྗེ་བློན་མཛད་པ་ཡི་གེར་བཀོདཿ བཙུན་མོས་བཞེངས་པའི་ལྷ་ཁང་རྣམ་གསུམ་ལཿ ཚེ་སྤོང་བཟའ་ནི་སྟོང་དཀར་མས་བཞེངས་པཿ ཁམས་གསུམ་མེ་ཏོག་སྒྲོལ་གྱི་བཀོད་པ་ནིཿ ཆེ་ཆུང་དབུ་རྩེ་ཉིད་ལས་ཆུང་བ་ལཿ བཀོད་པ་དབུ་རྩེ་ཁོ་ན་འདྲ་བར་བཞེངསཿ དེ་ན་ལྷ་ཚོགས་བཀོད་པའི་བཞུགས་བྱང་ནིཿ འོག་ཁང་གཙོ་བོ་བྱང་ཆུབ་ཆེན་པོ་ལཿ ས་ཡི་སྙིང་པོ་བྱམས་པ་སྤྱན་རས་གཟིགསཿ ནམ་མཁའི་སྙིང་པོ་ཀུན་བཟང་རྡོ་རྗེ་འཛིནཿ འཇམ་དབྱངས་སྒྲིབ་པ་རྣམ་པར་སེལ་བ་དང་ཿ ཉེ་བའི་སྲས་བརྒྱད་འཁོར་ནི་འཛུམ་བཅས་གཟིགསཿ ཁམས་གསུམ་རྣམ་རྒྱལ་ཁྲོ་བོ་མི་གཡོ་མགོནཿ སྒོ་སྲུང་གཉིས་ཏེ་ལྷ་ཚོགས་བཅུ་གཅིག་བཞུགསཿ ལྟེ་བའི་རྒྱུད་རིས་སངས་རྒྱས་ལྔ་སྟོང་དང་ཿ བཞི་བརྒྱ་ལྔ་བཅུ་རྩ་གསུམ་བྲིས་པ་ཡིནཿ སྐོར་ཁང་ཕྱི་ལྟས་མདོ་སྡེ་དཀོན་ཅོག་སྤྲིནཿ ནང་ལྟས་ལངྐར་གཤེགས་པའི་རྒྱུད་རིས་བྲིསཿ སྔ་ཁང་ལ་ནི་ཕྱོགས་བཅུའི་སངས་རྒྱས་དང་ཿ དྲི་མ་མེད་པར་གྲགས་པའི་རྒྱུད་རིས་བྲིསཿ ཆོས་སྐྱོང་དཔལ་ལྡན་ལྷ་མོ་ཉིད་ལ་གཏདཿ འཁོར་ས་བར་མ་དཀོར་མཛོད་དགུ་ཡིས་བརྒྱནཿ རྒྱུད་རིས་བྱང་ཆུབ་སེམས་དཔའི་སྡེ་སྣོད་བྲིསཿ ཆོས་སྐྱོང་ས་བདག་ཀླུ་གཉན་དག་ལ་གཏདཿ འཁོར་ས་ཆེན་མོ་གློ་འབུར་བཞི་ཡིས་བརྒྱནཿ རྒྱུད་རིས་སྡོང་པོ་བརྒྱན་པའི་མདོ་


PKT001_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༩༧ན༽སྡེ་བྲིསཿ སྒོ་འགྲམ་གཉིས་ལ་རབ་གནས་མཛད་པའི་ཚེཿ རྒྱལ་བློན་དགུང་བཞུགས་གླུ་གར་རོལ་མོ་དང་ཿ སྒྱུ་མ་མཁན་དང་གྱད་ཀྱི་འགྲན་སྟོབས་དང་ཿ བྲག་དམར་མཚོ་མོ་མགུལ་གྱི་དཀྱིལ་དུ་ནིཿ རང་བྱུང་པདྨའི་སྡོང་པོ་སྐྱེས་པ་སོགསཿ ཡ་མཚན་ཆེ་བའི་རྟགས་མཚན་མང་པོ་དང་ཿ བོད་དུ་ངོ་མཚར་སྣ་ཚོགས་བྱུང་ཚུལ་བྲིསཿ སྐྱིད་པའི་བྲོ་མོ་ཆེ་དང་ཀླུ་མོ་ཆེཿ ལོ་ནི་བཅུ་གཉིས་བར་དུ་བླངས་པ་བྲིསཿ ཆོས་སྐྱོང་རྒྱལ་པོ་འོད་ཅན་མཆེད་གསུམ་ཡིནཿ ཙོང་ཁང་ཆོས་སྐྱོང་གཟའ་དང་ཀླུ་ལ་གཏདཿ བར་ཁང་གཙོ་བོ་སངས་རྒྱས་མར་མེ་མཛདཿ ཉེ་བའི་སྲས་བརྒྱད་འཁོར་ལ་འཛུམ་བཅས་གཟིགསཿ ཀིང་ཀང་གཉིས་ཏེ་ལྷ་ཚོགས་བཅུ་གཅིག་བཞུགསཿ ལྟེ་བའི་ནང་གཟིགས་བུད་མེད་བུར་འགྱུར་བརཿ ལུང་དུ་བསྟན་པ་མདོ་ཡི་རྒྱུད་རིས་བྲིསཿ སྐོར་ཁང་ཕྱི་ལྟས་གཙུག་ན་རིན་ཆེན་མདོཿ ནང་ལྟས་ཕྱིར་མི་ལྡོག་པའི་འཁོར་ལོ་བྲིསཿ སྐོར་ཁང་གདོང་ལ་རྒྱལ་ཆེན་རྣམ་གཉིས་བཀོདཿ སྟེང་ཁང་གཙོ་བོ་རྣམ་སྣང་ཀུན་ཏུ་ཞལཿ ཉེ་བའི་སྲས་བརྒྱད་འཁོར་གྱིས་རབ་ཏུ་མཛེསཿ ཕྱོགས་བཅུ་ནས་བྱོན་སེམས་དཔའ་བཅུ་དྲུག་དང་ཿ སྒོ་སྲུང་བརྒྱད་དེ་ལྷ་ཚོགས་སུམ་ཅུ་གསུམཿ ལྟེ་བའི་ལོགས་ལ་རི་མོ་བཀོད་པ་ནིཿ རིགས་ལྔའི་སངས་རྒྱས་ཕྱོགས་ཚོན་དག་དང་བསྟུནཿ སྒོ་བ་བཞི་དང་


PKT001_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༩༧བ༽མཆོད་པའི་ལྷ་མོ་བྲིསཿ རིན་ཆེན་སྣ་ཚོགས་སྤྱི་གདུགས་མཛེས་པ་ལཿ གསེར་གྱི་དྲིལ་ཆེན་ཕྱང་འཕྲུལ་རྣམས་ཀྱིས་བརྒྱནཿ བར་ཁང་དང་ནི་སྟེང་ཁང་སྲུང་མ་ནིཿ ཆོས་སྐྱོང་རྒྱལ་པོ་གནོད་སྦྱིན་མཆེད་གསུམ་ཡིནཿ ལྕོག་བཞི་ལག་ན་རྡོ་རྗེ་བཞི་ལ་གཏདཿ ཁམས་གསུམ་མེ་ཏོག་སྒྲོལ་གྱི་དཀར་ཆག་ཡིནཿ ཕན་ཡུལ་གྲུ་གསུམ་ཕོ་གྱོང་རྒྱལ་མོ་བཙུནཿ ཡུམ་ནས་སྐྱེ་བ་བཞེས་པས་ཁྱད་དུ་འཕགསཿ དེ་ཡི་ཐུགས་དམ་དགའ་ལྡན་བྱང་ཆུབ་སྒྲོལཿ དབུ་ཚལ་གསེར་ཁང་བཞེངས་པའི་བཞུགས་བྱང་ནིཿ ལྷ་སྲས་མི་མངའ་ལྷ་ཁང་ཉིས་ཐོག་བཞེངསཿ ཟས་སྣ་བཅུ་གསུམ་བཟོ་བོ་རྣམས་ལ་དྲངསཿ བཟོ་སྣ་བཅུ་གསུམ་ཁྱད་དུ་འཕགས་ཟེར་ཏེཿ བདུན་གྱིས་ཁྱད་དུ་འཕགས་པ་ཡིན་ནོ་སྐདཿ ཕྱི་ན་རྩིག་མེད་ནང་ན་ཀ་བ་མེདཿ མཐིང་གི་རྒྱ་ཕིབས་ཕྱི་ལྟ་ནང་ལྟ་དང་ཿ གསེར་གྱི་རྟ་དང་སེང་གེ་གླང་ཆེན་སོགསཿ རྒྱ་བྱ་སྣ་ཚོགས་དག་གིས་ལེགས་པར་བརྒྱནཿ གླ་གོར་སྒོ་ལ་གསེར་གྱི་བྱེའུ་ཆུང་ནིཿ སྙན་པའི་སྒྲ་སྐད་ཡིད་འོང་སྒྲོག་པར་བྱེདཿ ཐད་དང་བར་ནི་སོ་ཕག་བཻ་ཌཱུརྻཿ ཆུ་སྲིན་ཁ་ནས་དྲི་ཞིམ་སྤོས་ཀྱི་ཆུསཿ སྐུ་ཁྲུས་གསོལ་ཏེ་རུས་སྦལ་སྟེང་དུ་འབབཿ མཛད་པ་བཅུ་གཉིས་གཙོ་བོ་འབུར་དུ་དོདཿ གཙོ་བོ་དང་ནི་སེམས་དཔའ་ཐམས་ཅད་ལཿ སྤྱི་གདུགས་སྒོས་གདུགས་དག་གིས་ལེགས་པར་བརྒྱནཿ གསེར་གྱི་


PKT001_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༩༨ན༽གདུགས་ལ་མཆོད་པའི་ལྷ་མོ་ནིཿ ཉི་ཤུ་རྩ་བརྒྱད་དག་གིས་མཛེས་པར་བྲིསཿ ལྷ་ཡི་བུ་ནི་ཁྱུང་གི་སྒོ་ང་ནསཿ དེ་བཞིན་གཤེགས་པ་རྣམས་ལ་སྐུ་ཁྲུས་གསོལཿ ཟུར་བཞི་དག་ན་གསེར་གྱི་སེང་གེ་ནིཿ ལུག་ཐོད་ཙམ་པ་བརྒྱད་ཀྱིས་ལེགས་པར་བརྒྱནཿ དེ་ལྟར་བཟོ་ཁྱད་བཅུ་གསུམ་ཁྱོད་དུ་འཕགསཿ འོག་ཁོང་གཙོ་བོ་རྒྱལ་བ་རིགས་ལྔ་ལཿ གསུམ་ནི་གསེར་སྐུ་གཉིས་ནི་རི་མོར་བྲིསཿ ཉེ་བའི་སྲས་བརྒྱད་གཙོ་ལ་འཛུམ་བཅས་གཟིགསཿ རྡོ་རྗེ་གཏུམ་པོ་ཁྲོ་རྒྱལ་མི་གཡོ་མགོནཿ དེ་ལྟར་ལྷ་ཚོགས་བཅོ་ལྔ་བཞུགས་པ་ཡིནཿ ལྟེ་བའི་སྔ་གདོང་གཉིས་ལ་རྒྱུད་རིས་ནིཿ རྒྱལ་ཆེན་ཡུལ་འཁོར་སྲུང་དང་སྦྱིན་མི་བཟང་ཿ བཙུན་མོ་སྲས་དང་བློན་པོར་བཅས་པ་བྲིསཿ སྐོར་ཁང་ཞལ་ནི་ཕྱི་རུ་གཟིགས་པ་ལཿ འབུམ་གྱི་གླེང་བཞི་ཕྱོགས་བཅུའི་སངས་རྒྱས་བཀོདཿ སྒོ་འགྲམ་གདུར་མཚམས་གཉིས་ཀྱི་གཡས་གཡོན་དུཿ བཀའ་འདུས་དང་ནི་བླ་མེད་དོན་རྫོགས་ཀྱིཿ དཀྱིལ་འཁོར་སྒོ་རྫོགས་ཕོ་བྲང་རེ་རེ་བྲིསཿ སྐོར་ཁང་ཞལ་ནི་ནང་དུ་གཟིགས་པ་ཡིསཿ བར་གྱི་ཁྱམས་ལ་མཛད་པ་བཅུ་གཉིས་ནིཿ འབུར་དང་རི་མོ་བསྲེས་ནས་རྒྱས་པར་བྲིསཿ བར་ཁྱམས་སྔ་གདོང་དག་ལ་དགེ་བསྙེན་ནིཿ ལིཙྪ་བྱི་དང་འཇམ་དཔལ་བགྲོ་མཛད་བྲིསཿ འཁོར་ཁྱམས་ཆེན་མོར་ཕལ་ཆེན་རྒྱུད་རིས་དང་ཿ རཱུ་ཏྲ་ཐར་


PKT001_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༩༨བ༽པ་ནག་པོའི་སྐྱེ་རྒྱུད་བྲིསཿ སྒོ་ཁང་ལ་ནི་གང་བ་བཟང་པོ་དང་ཿ ནོར་བུ་བཟང་པོ་སྲིད་པའི་འཁོར་ལོ་ཅནཿ འཇིག་རྟེན་གདགས་པའི་དཔེའུ་ཆུང་དག་ཏུ་བྲིསཿ དཀོར་མཛོད་དྲུག་དང་ཇོ་མོའི་ཁང་པ་དང་ཿ གློ་འབུར་དག་གིས་འཁོར་ས་ཆེན་མོ་བརྒྱནཿ སྟེང་ཁང་གཙོ་བོ་རྣམ་སྣང་ཀུན་ཏུ་ཞལཿ སེམས་དཔའ་བཅུ་དྲུག་དག་གིས་བསྐོར་ནས་བཞུགསཿ སྟེང་ཁང་རྒྱ་ཕིབས་འོག་ནི་རི་མོ་ནིཿ བུ་མོ་བདུན་གྱི་རྟོགས་པ་བརྗོད་པ་དང་ཿ འཕགས་པ་དགེ་འདུན་སྐྱོང་གི་རྟོགས་བརྗོད་བྲིསཿ སྟེང་ཁང་བར་འཁྱམས་དག་ལ་རི་མོ་ནིཿ མདོ་སྡེ་པདྨ་དཀར་པོའི་རྒྱུད་རིས་བྲིསཿ སྤྱི་ཡི་ཆོས་སྐྱོང་མ་མགོན་ལྕམ་དྲལ་དང་ཿ ཀླུ་རྒྱལ་ས་བདག་རུས་སྦལ་དག་ལ་གཏདཿ གློ་འབུར་བདུན་གྱི་ཆོས་སྐྱོང་སྲུང་མ་ནིཿ རྒྱལ་པོ་རྟ་མགོ་གནོད་སྦྱིན་ཀུཎྜ་ལིཿ གང་བ་བཟང་དང་ནོར་བུ་བཟང་ལ་གཏདཿ དེ་དག་དབུ་ཚལ་གསེར་ཁང་དཀར་ཆག་ཡིནཿ འབྲོ་བཟའ་བྱང་ཆུབ་རྗེ་ཡི་བཙུན་མོ་ཡིཿ ཐུགས་དམ་དགེ་བ་རྒྱས་པའི་ལྷ་ཁང་ནིཿ སྲས་དང་སྲས་མོ་མི་མངའ་ཐོག་གཅིག་མཿ སོ་ཕག་ཁྲོ་ཆུས་ལེགས་པར་སྦྱར་བྱས་བཞེངསཿ སྣང་བ་མཐའ་ཡས་གཙོ་མཛད་ལུགས་མ་བདུནཿ འཇམ་དབྱངས་སྤྱན་རས་གཟིགས་དང་ཀུན་ཏུ་བཟང་ཿ སྨན་པའི་རྒྱལ་པོ་དང་ནི་སེམས་དཔའ་བཞིཿ ཁྲོ་རྒྱལ་ཕྱག་ན་རྡོ་རྗེ་མི་གཡོ་མགོནཿ ལྡེར་ཚོ་རྡོ་རྗེ་སེམས་དཔའ་བྱམས་པ་སྟེཿ


PKT001_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༩༩ན༽དེ་ལྟར་གཙོ་འཁོར་རྣམ་པ་དགུ་བཞུགས་སོཿ ལྟེ་བའི་སྔ་གདོང་གཉིས་ལ་རྒྱུད་རིས་ནིཿ གཡས་ན་དམ་པ་རིགས་བརྒྱའི་དཀྱིལ་འཁོར་དང་ཿ གཡོན་ན་སྒྲུབ་པ་བཀའ་བརྒྱད་ཕོ་བྲང་བྲིསཿ སྐོ་ཁང་ཞལ་ནི་ཕྱི་རུ་ལྟ་བ་ལཿ རིགས་ལྔའི་སྐྱེ་རྒྱུད་བོད་དུ་ཆོས་བྱུང་ཚུལཿ ལོ་པཎ་གདན་དྲངས་ཆོས་ཀྱི་བསྒྱུར་ཚུལ་དང་ཿ ཆོས་ཁྲིམས་བསྡམས་ཚུལ་ལོ་ཙཱ་བསླབས་པའི་ཚུལཿ པཎྜི་ཏ་དང་རྒྱལ་པོ་མཇལ་ཚུལ་དང་ཿ བོན་ཆོས་གྲུབ་མཐའ་འགེགས་རེས་བྱས་པའི་ཚུལཿ བོན་བསྣུབས་ཆོས་ལ་དག་ཐེར་བྱས་ལུགས་དང་ཿ བཻ་རོ་ཙ་ན་ནམ་སྙིང་རྣམ་ཐར་བྲིསཿ ལྟེ་བའི་ཕྱེད་ནི་མན་ཆད་མ་བྲིས་སོཿ སྐོར་ཁང་ཞལ་ནི་ནང་དུ་གཟིགས་པ་ལཿ ཨུ་རྒྱན་པདྨའི་རྣམ་ཐར་འདི་ཉིད་དང་ཿ གསང་སྔགས་བོད་དུ་འགྱུར་ཆད་ཐམས་ཅད་ཀྱིཿ དཀྱིལ་འཁོར་སྒོ་རྫོགས་ལྷ་དང་བཅས་པ་བྲིསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བསམ་ཡས་སྐུ་རྟེན་ལྷའི་བཞུགས་བྱང་དཀར་ཆག་ཏུ་བཀོད་པའི་ལེའུ་སྟེ་གྱ་དྲུག་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

ཕྱི་མཚན་ཉིད་ཐེག་པའི་བཀའ་དང་བསྟན་བཅོས་འགྱུར་བྱང་གི་ལེའུ།


PKT001_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གསུང་རྟེན་ཆོས་ཀྱི་འགྱུར་བྱང་ནིཿ དང་པོ་ཉན་རང་ཆོས་ཀྱི་འགྱུར་བྱང་ལཿ མདོ་སྡེ་ལེགས་ཉེས་བསྟན་དང་ལས་བརྒྱ་པཿ རྣམ་འབྱེད་རྣམ་པར་འཐག་པ་ལས་རྣམ་བརྗོདཿ གང་པོའི་རྟོགས་བརྗོད་བྲམ་ཟེ་ཚོམས་ཀྱི་མདོཿ དྲིན་ལན་


PKT001_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

༼༡༩༩བ༽བསབ་མདོ་མཛངས་བླུན་དྲན་ཉེར་བཞགཿ ཚུལ་ཁྲིམས་ངན་པ་ཚར་གཅོད་པ་ཡིས་མདོཿ དེ་ལྟར་དྲང་དོན་བསྟན་པའི་མདོ་བཅུ་དང་ཿ གཞན་ཡང་ཐེག་དམན་མདོ་སྡེ་དཔག་མེད་འགྱུརཿ འདུལ་བ་ལུང་གཞི་རྣམ་འབྱེད་གཞུང་བླ་མཿ ཕྲན་ཚོགས་དང་ནི་སོ་ཐར་མདོ་གཉིས་སོཿ བར་པ་བྱང་སེམས་ཆོས་ཀྱི་འགྱུར་བྱང་ལཿ ཕ་རོལ་ཕྱིན་པ་ཡུམ་སྲས་བཅུ་བདུན་དང་ཿ ཤེར་ཕྱིར་སྟོང་ཉིད་གཙོར་སྟོན་མདོ་མང་འགྱུརཿ ཐ་མ་ངེས་དོན་སྙིང་པོ་བསྟན་པའི་མདོཿ སའི་སྙིང་འཁོར་ལོ་བཅུ་པ་ཡོན་ཏན་མདོཿ ཕལ་ཆེན་དཀོན་བརྩེགས་ལང་གཤེགས་པདྨ་དཀརཿ མྱང་འདས་དགོངས་པ་ངེས་འགྲེལ་རྒྱུན་སྟུག་པོཿ གསེར་འོད་དམ་པ་ལ་སོགས་དཔག་མེད་འགྱུརཿ འཁོར་ལོ་གསུམ་གྱི་དགོངས་པ་འགྲིལ་བའི་ཕྱིརཿ མདོ་དང་མཐུན་པའི་བསྟན་བཅོས་འགྱུར་བྱང་ལཿ བདེན་བཞི་ཉན་རང་ཐེག་པའི་བསྟན་བཅོས་ནིཿ འདུལ་བའི་གཞུང་འགྲེལ་རྣམ་པ་མང་པོ་དང་ཿ དེ་དང་མཐུན་པའི་མདོ་འགྲེལ་མང་དུ་འགྱུརཿ བྱེ་བྲག་བཤད་མཛོད་ཆེན་མོའི་རྒྱ་དཔེ་བཞུགསཿ ཆོས་ཀྱི་ཕུང་པོ་གནས་བརྟན་ཤཱ་རིའི་བུསཿ གདགས་པའི་བསྟན་བཅོས་མཽ་གལ་གྱི་བུསཿ ཁམས་ཀྱི་ཚོགས་ནི་དགྲ་བཅོམ་གང་པོས་བྱསཿ རྣམ་པར་ཤེས་པའི་ཚོགས་ནི་ལྷ་སྐྱིད་ཀྱིསཿ སྒྲོལ་བའི་རྣམ་གྲངས་གསུངས་པོ་ཆེ་ཡིས་བྱསཿ ཡེ་ཤེས་


PKT001_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༠ན༽འཇུག་པ་ཀཱ་ཏྱཱ་ཡ་ནའི་བུསཿ དེ་ལྟར་ཆོས་མངོན་བསྟན་བཅོས་སྡེ་བདུན་དང་ཿ དབྱིག་གཉེན་གྱིས་མཛད་ཕུང་པོའི་རབ་བྱེད་དང་ཿ ཉི་ཤུ་པ་ཡི་རབ་ཏུ་བྱེད་པ་དང་ཿ སུམ་ཅུ་པ་ཡི་རབ་ཏུ་བྱེད་པ་དང་ཿ ལས་རྣམས་གྲུབ་པའི་རབ་ཏུ་བྱེད་པ་དང་ཿ རྣམ་པར་བཤད་པ་རིག་པས་རང་རྒྱུད་ལྔཿ ཆོས་མངོན་མཛོད་སོགས་གཞུང་འགྲེལ་མཐའ་ཡས་འགྱུརཿ ཐམས་ཅད་སྤྲོས་ན་ཡི་གེ་མང་པོས་བསྡུསཿ བྱང་ཆུབ་སེམས་དཔའི་ཐེག་པའི་བསྟན་བཅོས་ནིཿ དཔལ་མགོན་ཀླུ་སྒྲུབ་དབུ་མ་རིག་པའི་ཚོགསཿ བསྟོད་པའི་ཚོགས་དང་གཏམ་ཚོགས་ལ་སོགས་དང་ཿ ཨཱརྻ་དེ་བའི་དབུ་མ་བཞི་བརྒྱ་པཿ སློབ་དཔོན་བྷ་བྱའི་རྟོག་གེ་འབར་བ་དང་ཿ སངས་རྒྱས་བསྐྱངས་ཀྱི་བུདྡྷ་པ་ལ་དང་ཿ ཟླ་བ་གྲགས་པའི་དབུ་མ་ལ་འཇུག་པཿ ཡེ་ཤེས་སྙིང་པོའི་བདེན་གཉིས་རྣམ་འབྱེད་དང་ཿ སློབ་དཔོན་ཞི་བ་ལྷ་ཡི་དབུ་མ་རྒྱནཿ ཀ་མ་ཤཱི་ལའི་དབུ་མ་སྣང་བ་སོགསཿ རྟ་དབྱངས་མདོ་སྡེའི་སྐྱེས་རབས་སྙན་ངག་བཅསཿ དགྲ་བཅོམ་ཆོས་སྐྱབས་ཆེད་དུ་བརྗོད་པའི་ཚོམསཿ ཕྱོགས་ཀྱི་གླང་པོའི་རབ་བྱེད་བརྒྱ་རྩ་བརྒྱདཿ ཆོས་ཀྱི་གྲགས་པའི་སྡེ་བདུན་རྣམ་འགྲེལ་སོགསཿ དབང་སྡེ་རབ་ཏུ་འབྱེད་པའི་གཏན་ཚིགས་དང་ཿ ཞི་བ་ལྷ་ཡི་སྤྱོད་འཇུག་བསླབ་བཏུས་སོགསཿ ཐོགས་མེད་ཀྱིས་བླངས་བྱམས་


PKT001_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༠བ༽པའི་ཆོས་ལྔ་དང་ཿ ས་སྡེ་ལྔ་དང་སྡོམ་གསུམ་ལ་སོགས་པཿ ཐེག་པ་ཆེན་པོའི་བསྟན་བཅོས་མང་དུ་འགྱུརཿ ངེས་པ་དོན་གྱི་མདོ་སྡེའི་འགྲེལ་བཤད་ནིཿ ས་བཅུའི་འགྲེལ་པ་དབྱིག་གཉེན་མཛད་པ་དང་ཿ པད་དཀར་འགྲེལ་པས་ཡི་རྩ་ལག་དང་ཿ དགོངས་འགྲེལ་ཊཱི་ཀ་བམ་པོ་དྲུག་ཅུ་སོགསཿ ཚད་ལྡན་མཁས་པའི་གཞུང་ལུགས་མང་དུ་འགྱུརཿ དེ་ལྟར་བསྟན་བཅོས་རབ་ཏུ་མང་པོ་བཞུགསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ཕྱི་མཚན་ཉིད་ཐེག་པའི་བཀའ་དང་བསྟན་བཅོས་འགྱུར་བྱང་གི་ལེའུ་སྟེ་གྱ་བདུན་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

གསང་སྔགས་ཕྱི་ནང་གི་འགྱུར་བྱང་བསྡུས་པའི་ལེའུ།


PKT001_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གསང་སྔགས་ཐེག་པའི་འགྱུར་བྱང་ནིཿ ཟ་མ་ཏོག་བཀོད་ཙྪནྡྷ་མ་ཎི་དང་ཿ འདུས་པ་རིན་ཆེན་ཏོག་དང་གཟུངས་གྲྭ་ལྔཿ གཟུངས་ཕྲན་བརྒྱ་དང་དྲུག་ཅུ་ལ་སོགས་འགྱུརཿ ཀྲྀ་ཡའི་འགྱུར་བྱང་སྐུ་རྒྱུད་གཙུག་ཏོར་དང་ཿ གསུང་རྒྱུད་དོན་ཞགས་ཐུགས་རྒྱུད་རིག་པ་མཆོགཿ དཔུང་པ་ལས་བྱུང་བཤད་རྒྱུད་དཔུང་པ་བཟང་ཿ ལྟེ་བ་དག་ལས་སུ་ཏི་ཀ་རང་རྒྱུདཿ པུས་མོ་གཉིས་ལས་མི་གཡོ་བའི་རྒྱུད་གཉིསཿ དེ་ལྟར་ཀྲཱི་ཡ་རྩ་བའི་སྡེ་དྲུག་འགྱུརཿ བྱ་བ་སྤྱི་རྒྱུད་འཇམ་དཔལ་རྩ་བའི་རྒྱུདཿ བྱེ་བྲག་ཆོ་ག་ཞིབ་མོ་སྟོན་པའི་རྒྱུདཿ ལྷ་རྒྱུད་གཟུངས་རིང་བསམ་གཏན་ཕྱི་མ་དང་ཿ འོད་ཟེར་འཕྲོ་རྒྱུད་གསང་བ་སྤྱི་ཡི་རྒྱུདཿ


PKT001_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༡ན༽དབང་བསྐུར་རྟོག་པ་རྒྱལ་པོའི་རྒྱུད་སོགས་དང་ཿ རིགས་གསུམ་ལ་ནི་འཇམ་དཔལ་རྩ་བའི་རྒྱུདཿ འཇམ་དཔལ་གསང་རྒྱུད་འཇམ་དཔལ་རིགས་དྲུག་རྒྱུདཿ ཕྱི་མ་འཇམ་དཔལ་གསང་བ་བསྟན་པའི་རྒྱུདཿ བཤད་རྒྱུད་ཡི་གེ་བཀོད་པ་ལས་རྒྱ་མཚོཿ དཔའ་བོ་གཅིག་སྒྲུབ་བསྟོད་པ་གླུར་བླངས་སོགསཿ སྤྱན་རས་གཟིགས་ལ་མདོ་རྒྱུད་ཉི་ཤུ་གཅིགཿ པདྨ་དྲ་བ་དོན་ཡོད་ཞགས་པ་དང་ཿ ཡིད་བཞིན་འཁོར་ལོ་ཕྱག་སྟོང་སྤྱན་སྟོང་གཟུགསཿ སེང་གེ་སྒྲ་དང་པདྨ་ཅོད་པན་རྒྱུདཿ འཇིག་རྟེན་དབང་ཕྱུག་རྟོག་པ་ལ་སོགས་འགྱུརཿ ཕྱག་ན་རྡོ་རྗེ་གཏུམ་པོ་རྩ་བའི་རྒྱུདཿ ཕྱི་མ་ཕྱི་མའི་ཕྱི་མ་དང་བཅས་པཿ རྡོ་རྗེ་ས་འོག་རྡོ་རྗེ་ས་གསུམ་འདུལཿ རྡོ་རྗེ་བདེ་ཁྲོས་རྡོ་རྗེ་གདེངས་པའི་རྒྱུདཿ རྡོ་རྗེ་སྙིང་པོ་མེ་ལྕེ་དབབ་པ་སོགསཿ རྡོ་རྗེ་རྣམ་པར་འཇོམས་པ་རྩ་བའི་རྒྱུདཿ རྡོ་རྗེ་རི་རབ་ཁང་བུ་བརྩེགས་སོགས་འགྱུརཿ གཞན་ཡང་གཟི་ལྡན་སྒྲོལ་མ་འབར་བའི་རྒྱུདཿ ཙནྡའི་རྒྱུད་དང་གཤིན་རྗེ་ནག་པོའི་རྒྱུདཿ རིག་པའི་གཟུངས་སྔགས་བསམ་གྱིས་མི་ཁྱབ་འགྱུརཿ གཉིས་སྤྱོད་ཨུ་པའི་རྒྱུད་ཀྱི་འགྱུར་བྱང་ལཿ རྩ་རྒྱུད་རྣམ་སྣང་མངོན་བར་བྱང་ཆུབ་པཿ བཤད་པའི་རྒྱུད་ཆེན་ཉི་མ་གཟི་བརྗིད་དང་ཿ རྩ་བའི་རྒྱུད་དང་ཕྱི་མ་ཕྱི་མའི་རྒྱུདཿ ཁམས་གསུམ་རྣམ་རྒྱལ་སྲས་ཁོང་སྣང་བའི་རྒྱུདཿ འཇམ་དཔལ་མཚན་བརྗོད་ལེའུ་ཁྲི་


PKT001_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༡བ༽དྲུག་སྟོང་ཿ མེ་དཔུང་འབར་བ་དམ་ཚིག་གསུམ་བཀོད་རྒྱལཿ ལག་ན་རྡོ་རྗེ་དབང་བསྐུར་རྒྱུད་སོགས་འགྱུརཿ རྣལ་འབྱོར་ཡོ་གའི་རྒྱུད་ཀྱི་འགྱུར་བྱང་ལཿ རྩ་བའི་རྒྱུད་ཆེན་ཏ་ཐཱ་སཾ་གྲ་ཧཿ ཡོ་གའི་བཤད་རྒྱུད་རྡོ་རྗེ་རྩེ་མོ་དང་ཿ བྱིན་གྱིས་བརླབས་པ་ངན་སོང་སྦྱོང་བའི་རྒྱུདཿ ཁ་སྐོང་དཔལ་མཆོག་དང་པོ་རིག་པ་མཆོགཿ འཇིག་རྟེན་གསུམ་རྒྱལ་འཇམ་དཔལ་སྒྱུ་དྲ་དང་ཿ རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་སོགས་འགྱུརཿ དེ་དག་རྣམས་ཀྱི་འགྲེལ་བཤད་སྒྲུབ་ཐབས་དང་ཿ དབང་བསྐུར་གདམས་ངག་ལག་ལེན་དང་བཅས་པའིཿ མཐུན་པའི་བསྟན་བཅོས་དཔག་ཏུ་མེད་པ་འགྱུརཿ བསྡུ་ན་ཀྲཱྀ་ཡོ་ག་རྣམ་པ་གསུམ་དུ་གྲགསཿ བསྐྱེད་པ་མཧཱ་ཡོ་གའི་འགྱུར་བྱང་ལཿ རྩ་བ་ཏནྟ་ཆེན་པོ་སྡེ་བཅོ་བརྒྱདཿ རྣམ་སྣང་ལ་སོགས་སྒྱུ་འཕྲུལ་སྡེ་བཞི་དང་ཿ གསང་བ་རྡོར་སེམས་སྒྱུ་འཕྲུལ་སྡེ་ཚན་བརྒྱདཿ སྒྲུབ་པ་བཀའ་བརྒྱུད་སྤྱི་རྒྱུད་སྒོས་རྒྱུད་དང་ཿ འཇམ་དཔལ་སྐུ་རྒྱུད་ཟླ་གསང་ནག་པོ་དང་ཿ པདྨ་གསུང་རྒྱུད་རྟ་མཆོག་རོལ་པ་དང་ཿ ཡང་དག་ཐུགས་རྒྱུད་ཧེ་རུ་ཀ་གལ་པོཿ བདུད་རྩི་ཡོན་ཏན་རོལ་པ་ཆེ་ཆུང་དང་ཿ ཕུར་པ་འཕྲིན་ལས་བྱི་བྱོཏྟ་མ་ལཿ མ་མོ་འབུམ་ཏིག་ལ་སོགས་སྒྲུབ་སྡེ་དྲུགཿ སྦྱོར་སྒྲོལ་སྨན་རག་གཏོར་མའི་རྒྱུད་སོགས་འགྱུརཿ ནང་ལུང་ཨ་ནུ་ཡོ་གའི་འགྱུར་བྱང་ནིཿ རྩ་རྒྱུད་ཡེ་ཤེས་ཕྱག་


PKT001_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༢ན༽རྒྱ་རོལ་པའི་མདོཿ དབང་བསྐུར་རྒྱལ་པོ་རིག་འཛིན་དྲུག་གི་མདོཿ ཏིང་འཛིན་མཆོག་མདོ་གསང་སྒོ་འགྲེལ་བའི་མདོཿ རྡོ་རྗེ་མ་གོ་ལ་སྒོལ་མ་བརྩེགས་པའི་མདོཿ དེ་དག་རྩ་བའི་མདོ་བདུན་འགྱུར་བྱང་ངོ་ཿ ལུང་ཆེན་རྩ་བ་ནང་གི་མདོ་བདུན་ནིཿ སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོཿ ཀུན་འདུས་རིག་པ་སེམས་ལུང་ཆེན་མོའི་མདོཿ ཡེ་ཤེས་རྔམ་གློག་ཁུ་བྱུག་རོལ་པའི་མདོཿ གལ་པོ་ཆེ་དང་འཇིག་རྟེན་འདས་པའི་མདོཿ དེ་དག་ལུང་ཆེན་ནང་གི་མདོ་བདུན་ནོཿ སྐུ་མཆོག་བསྐལ་པ་མེ་ལྟར་འབར་བའི་རྒྱུདཿ གསུང་དབྱངས་ཁྲོ་རྒྱལ་དབང་ཆེན་འདུས་པའི་རྒྱུདཿ ཐུགས་མཆོག་རྣམ་དག་པུཎྜ་རཱི་ཀའི་རྒྱུདཿ ཡོན་ཏན་ལྷུན་རྫོགས་ལྷ་མོ་མ་གོལ་རྒྱུདཿ འཕྲིན་ལས་མཐར་ཕྱིན་སྒོམ་དོན་དྲུག་པའི་རྒྱུདཿ བླ་མེད་དོན་རྫོགས་འདུས་པའི་རྒྱུད་རྣམས་དང་ཿ སྤྱི་རྒྱུད་སྟོང་གིས་བརྒྱན་པ་ལ་སོགས་འགྱུརཿ སངས་རྒྱས་ཀུན་གྱི་དགོངས་པ་འདུས་པ་ནིཿ བཀའ་རྣམས་ཀུན་གྱི་དེམས་སུ་བཞག་པ་ཡིནཿ རྫོགས་པ་ཨ་ཏི་ཡོ་གའི་འགྱུར་བྱང་ལཿ རྩ་རྒྱུད་སྡེ་ལྔ་ཡན་ལག་རྒྱུད་སྡེ་བདུནཿ བཤད་པའི་རྒྱུད་བཞི་ཡན་ལག་བཅས་པ་དང་ཿ རྫོགས་པ་ཆེན་པོ་སེམས་སྨད་བཅོ་བརྒྱད་དང་ཿ ཀློང་སྡེ་དཀར་ནག་ཁྲ་གསུམ་མ་བུའི་སྐོརཿ མན་ངག་སྡེ་ལ་བཀའ་གཏེར་སྙན་བརྒྱུད་གསུམཿ དེ་དག་རེ་རེ་ལ་ཡང་


PKT001_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༢བ༽སྐོར་ལྔ་ལྔཿ ཕྱི་སྐོར་ནང་སྐོར་གསང་སྐོར་བླ་མེད་སྐོརཿ ཡང་གསང་ཐིག་ལེའི་སྐོར་ཏེ་སྔ་འགྱུར་ལྔཿ ཕྱི་འགྱུར་བཅུ་གསུམ་བར་འགྱུར་བཅོ་བརྒྱད་དང་ཿ ཡང་འགྱུར་ཉི་ཤུ་ལ་སོགས་མང་དུ་འགྱུརཿ སྤྱི་ཏི་ཡོ་ག་འབྲས་བུའི་མདོ་བདུན་དང་ཿ རྫོགས་ཆེན་བཀའ་འདུས་རྒྱུད་བཅུ་ལ་སོགས་བསྒྱུརཿ དེ་དག་རྣམས་ཀྱི་འགྲེལ་བཤད་སྒྲུབ་ཡིག་དང་ཿ ཕྱོགས་མཐུན་བསྟན་བཅོས་དཔག་ཏུ་མེད་པའང་འགྱུརཿ རྒྱ་དཔེ་ན་ལེནྡྲ་ཡི་གཙུག་ལག་ཁང་དང་ཿ ལྷ་ཀླུ་གནོད་སྦྱིན་མཁའ་འགྲོའི་ག་ནས་བཞུགས་པཿ སློབ་དཔོན་རྣམས་ཀྱི་རྫུ་འཕྲུལ་གྱིས་བླངས་ནསཿ ད་ལྟ་བསམ་ཡས་དཀོར་མཛོད་རྣམས་སུ་བཞུགསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ གསང་སྔགས་ཕྱི་ནང་གི་འགྱུར་བྱང་བསྡུས་པའི་ལེའུ་སྟེ་གྱ་བརྒྱད་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

འདུས་བྱས་མི་རྟག་པར་བསྟན་པའི་ལེའུ།


PKT001_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིསཿ ཡོ་འབོག་ལྕམ་མིའི་ཐད་ལ་ཁྲི་བཤམས་ནསཿ བཀའ་དྲིན་གསོབ་ཕྱིར་ལོ་པཎ་བྲལ་ལ་བཀོདཿ གསོལ་ཟས་ན་བཟའ་ལུས་གང་འཐེབ་རེ་ཕུལཿ ཕོ་མཛེ་མོ་མཛོ་རྟ་རེ་དྲེའུ་རེཿ གསེར་ཕྱེ་བྲེ་རེ་གསེར་གྱི་པ་ཏྲ་རེཿ ཇ་རེ་ཁྲབ་རེ་གོས་ཡུག་དར་ཡུག་རེཿ ཕྲུགས་ཆེན་ངོས་རེ་ཐེར་སྲབ་ངོས་རེ་ཕུལཿ རྒྱལ་པོའི་མངའ་འོག་བློན་འབངས་ཐམས་ཅད་ཀྱིསཿ ཆེ་འབྱོར་ཆུང་འབྱོར་


PKT001_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༣ན༽ནོར་སྤུས་དག་པར་ཕུལཿ ལོ་ཙཱ་རྣམས་ལ་ཆོས་རྩིས་བྱར་དགའ་གནང་ཿ གཙུག་གི་ནོར་བུར་འགྱུར་བའི་བླ་མར་བཏོནཿ རྒྱལ་པོས་སྐུ་དྲིན་ཆེ་བའི་ལོ་རྒྱུས་གསུངསཿ པཎ་ཆེན་བརྒྱ་རྩ་བརྒྱད་ཀྱི་མཆོག་གྱུར་པཿ སློབ་དཔོན་པདྨས་གཏམ་ལན་མདོ་བསྔོ་གསུངསཿ དེ་གོང་གཏམ་མེད་དེ་ནས་གཏམ་གཏད་བྱུང་ཿ ཡས་གཏམ་མས་གཏམ་གཉིས་ཀ་དེ་ནས་དརཿ བི་མ་མི་ཏྲ་རྒྱ་ནག་ཡུལ་དུ་བཞུདཿ རྒྱ་གར་པཎྜི་ཏ་རྣམས་རང་ཡུལ་གཤེགསཿ གཞན་ཡང་པཎྜི་ཏ་རྣམས་རང་ཡུལ་ལཿ ལོ་ཙཱ་བ་དང་འབངས་ཀྱིས་སོ་སོར་བསྐྱལཿ རྒྱ་གར་ཆོས་མི་སྡོམ་པར་བཀའ་བཀྲོལ་ཕུལཿ སངས་རྒྱས་གཉིས་པ་སློབ་དཔོན་པདྨ་དང་ཿ བྱང་ཆུབ་སེམས་དཔའ་བོ་དྷི་ས་ཏྭ་གཉིསཿ སྐྱེ་བ་སྔ་མའི་ལས་འབྲེལ་སྤུན་ཡིན་པསཿ བཞུད་པར་མ་གནང་བཞུགས་པར་ཞལ་གྱིས་བཞེསཿ མཁན་ཆེན་བྱང་ཆུབ་གླིང་དུ་དགོངས་བར་བཞུགསཿ སློབ་དཔོན་བསམ་ཡས་མཆིམས་ཕུར་དགོངས་པར་བཞུགསཿ དེ་ནས་རྒྱལ་པོས་ཆོས་ལ་ཉམས་ལེན་ཞུསཿ བྱིན་རླབས་བརྒྱུད་པ་མ་ཆད་ལོ་རྒྱུས་དང་ཿ དབང་བསྐུར་ཆུ་བོ་མ་ནུབ་བསྐུར་བའི་ཐབསཿ གདམས་ངག་གཟེར་ཁ་མ་ལོག་ཁྲིགས་ཆགས་དང་ཿ སྲིད་སྡེ་དགྲ་ལ་མ་ཤོར་ཉམས་ལེན་གནང་ཿ སྒོ་རླུང་ཕུགས་ནས་མ་ལངས་ཆོས་ཀྱི་བདགཿ


PKT001_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༣བ༽ལྷ་འདྲེ་འདྲེ་རུ་མི་གནོད་བསྟན་པའི་དབྱེཿ སློབ་དཔོན་བདུད་དུ་མ་བབས་ལུང་དུ་བསྟནཿ སྨན་འཐུངས་དུག་ཏུ་མ་སོང་སྒྲུབ་པའི་ཐབསཿ བློ་ཁེལ་ངེས་པ་མང་པོ་རྒྱལ་པོར་གསུངསཿ སྒྲ་བསྒྱུར་ཕུལ་ཕྱིན་བཻ་རོ་ཙ་ན་དང་ཿ ཡིག་རིགས་ཉེར་གཅིག་ཤེས་པའི་ལེགས་སྦྱིན་ཉིཿ ཡིག་སྐྱེན་མཐར་ཕྱིན་ལྡན་མ་རྩེ་མང་དང་ཿ ནམ་མཁའི་སྙིང་པོ་ཨཱ་ཙ་ར་ཡེ་ཤེས་དབྱངསཿ སྙིང་སྟོབས་དང་ལྡན་རྒྱས་བསྡུས་མང་ཞིག་བསྒྱུརཿ སྨན་རྩིས་ཕོ་མདོས་མོ་མདོས་ཀླུ་ཆོག་དང་ཿ སྲུང་བའི་ཡན་ལག་བརྒྱ་དང་རྩ་བརྒྱད་བསྒྱུརཿ དེ་དུས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིསཿ ཚོགས་འཁོར་བརྒྱ་དང་རྩ་བརྒྱད་བྱས་པའི་དུསཿ རྒྱལ་པོའི་སྲས་མོ་པདྨ་གསལ་ན་སྟེཿ ནམ་དགུང་རྒྱལ་པོ་གདན་འདྲེན་ཕོ་ཉ་བྱུང་ཿ རྒྱལ་པོས་བྱོན་པས་སྲིན་ནད་ཕོ་ལང་འདུགཿ བྱིན་རླབས་ཞུ་དགོངས་རྒོད་མ་དཀར་མོར་བཀལཿ གུ་རུའི་དྲུང་དུ་བྱིན་རླབས་ཞུ་རུ་འོང་ཿ དེ་དུས་ཡེ་ཤེས་མཚོ་རྒྱལ་སྒོམ་བྱེད་པའིཿ མཁུར་ཚོས་གཡས་པར་ཁུ་འཕངས་འཇའ་འོད་ཕོགཿ ལུས་པོ་འདར་ཡེང་བྱུང་ནས་སྒོམ་བཤིག་བལྟསཿ རྣ་བར་རྟ་གཉིས་ཁྲོག་ཁྲོག་སོང་བ་ཐོསཿ མཉམ་གཞག་ལྟ་སྟངས་བྱས་ནས་བསྒོམས་པའི་དུསཿ གསེར་སྦྲམ་རྡོག་པོ་མགོ་ལ་ཕོག་ནས་བྱུང་ཿ སློབ་དཔོན་དྲུང་གི་མཎྜལ་རྒྱན་དེར་འདུགཿ ང་ལ་ཤོག་གསུང་ཡིན་འདུག་སྙམ་ནས་ཕྱིནཿ ཕུག་པའི་སྒོ་


PKT001_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༤ན༽འགྲམ་གཡས་གཡོན་རྟ་རེ་བཏགསཿ སློབ་དཔོན་དྲུང་ན་ལྷ་ལྕམ་པདྨ་གསལཿ དགུང་ལོ་བརྒྱད་ལོན་པ་དེ་ཤི་ནས་འདུགཿ དེ་ན་རྒྱལ་པོ་ཉིད་ཀྱང་རྒྱལ་འདུག་པསཿ བློ་དམན་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིསཿ ནད་གདོན་ཉེན་ནམ་ཡབ་སྲས་ཅི་བྱུང་ཞུསཿ སློབ་དཔོན་ཞལ་ནས་དེ་ཙམ་མི་ཡང་བརཿ མངའ་བདག་རྒྱལ་པོ་ཡར་ལ་སློང་དང་གསུང་ཿ མཚོ་རྒྱལ་དར་དཀར་སླེ་འུས་དབུ་ནས་བསླང་ཿ རྗེ་ལགས་བཞེངས་དང་ཞེས་པས་ཐུགས་བསོས་སོཿ རྒྱལ་པོ་བརྒྱལ་སངས་ལྷ་ལྕམ་རོ་ལ་གཟིགསཿ མཆི་མས་གདོང་དག་བཤུམ་ཞིང་སྨྲེ་སྔགས་འདོནཿ སློབ་དཔོན་རྒྱལ་པོ་ཉིད་ལ་བཀའ་སྩལ་པཿ འདུས་བྱས་རྟག་པ་མ་ཡིན་རྐྱེན་གྱིས་འཇིགཿ སྐྱེས་པའི་མཐའ་འཆི་འདུས་པའི་མཐའ་མ་འབྲལཿ ས་སྟེང་འདུས་བྱས་ཐམས་ཅད་འདི་དང་འདྲཿ ཉམས་ལེན་རང་ཐོག་དྲན་པ་གསལ་ཐོབ་མཛོདཿ སང་རེད་རྒྱལ་པོ་ཉིད་ཀྱང་གཤེགས་ན་གསུངསཿ དེ་ནས་རྒྱལ་པོས་ཨམ་གཙིགས་བསྡམས་ནས་བཞེངསཿ གསེར་སྐྱོགས་གཡུས་བཀང་སློབ་དཔོན་ཕྱག་ཏུ་ཕུལཿ ཕྱག་ནི་དབུ་ཐོད་བུད་བུད་བཙལ་ནས་ཞུསཿ ཀྱེ་མ་རིག་འཛིན་སློབ་དཔོན་ཆེན་པོ་ལགསཿ འདུས་བྱས་ཆོས་རྣམས་ཐམས་ཅད་མི་རྟག་ནཿ བསྟན་གཞི་གཙུག་ལག་ཁང་ནི་ཇི་ལྟ་བུཿ སྡུག་བསྔལ་འབྱུང་ཁུངས་རྒྱལ་ས་སུ་ཡིས་འཛིནཿ ང་ཡི་བུ་


PKT001_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༤བ༽མོ་ལྷ་ལྷ་ལྕམ་པདྨ་གསལཿ ཚེ་སྔོན་བསོད་ནམས་བསགས་ཏེ་ང་དང་འཕྲདཿ ཉིད་སོགས་ལོ་པཎ་མཁས་གྲུབ་རྣམས་དང་མཇལཿ མ་བསགས་ཚེ་མཐར་མ་ཕྱིན་འགྲོགས་ཡུན་ཐུང་ཿ ཚེ་དུས་བྱེད་པའི་རྒྱུ་རྐྱེན་ཅི་ལས་བྱུང་ཿ ང་དང་ཕ་སྤང་ལས་འབྲེལ་ཇི་ལྟར་ལགསཿ ཕྱི་མའི་དུས་ན་སྐྱེ་བ་གང་དུ་ལེནཿ མཐོ་རིས་བྱང་ཆུབ་སྐབས་ནི་མཆིས་མ་མཆིསཿ མ་ཧཱ་གུ་རུ་རཏྣ་ས་གསུང་བར་ཞུཿ སློབ་དཔོན་དར་ཅིག་ཅི་ཡང་མ་གསུང་བཞུགསཿ དེ་ནས་མངའ་བདག་རྒྱལ་པོ་གསོན་ཅིག་གསུངསཿ རྒྱལ་པོས་བཞེངས་པའི་གཙུག་ལག་ཁང་འདི་ལཿ ཞིག་རལ་བདག་ཏུ་འཛིན་པ་མང་དུ་འབྱུང་ཿ དགག་སྒྲུབ་སྡུག་བསྔལ་མ་མཛད་ཡལ་དུ་ཆུགཿ མངའ་བདག་རྒྱལ་པོ་ཉིད་ཀྱི་རྒྱལ་ས་ཡང་ཿ ད་ནས་གདུང་རྒྱུད་མི་རབས་གཉིས་སོང་ནསཿ བོད་ཁམས་ཡོངས་ཀྱི་བསོད་ནམས་ཟད་པ་དང་ཿ སྔོན་གྱི་གནོད་སྦྱིན་སྤུན་གསུམ་ཚེ་འཕོས་ནསཿ རྒྱལ་པོ་སེང་གེའི་མགོ་ཅན་དུད་འགྲོའི་མིང་ཿ བློན་པོ་ཐེའུ་རང་སྤྲུལ་པ་སྤྲེ་མགོ་ཅནཿ ཞང་བློན་ཁྲ་ཡི་མགོ་ཅན་ཕུང་གསུམ་འབྱུང་ཿ གཅེན་བཀྲོངས་གཅུང་སྤྱུགས་དམ་པའི་ལྷ་ཆོས་བསྣུབསཿ ཆོས་པ་རབ་གསོད་འབྲིང་སྤྱུགས་ཐ་མ་འཁོལཿ གཙུག་ལག་ཁང་ཀུན་ཤ་ཁྲག་དམར་ལོང་འགེངསཿ ལྷ་ཡི་ཕྱག་ལ་པགས་པ་ནང་ཆ་དགེལཿ བཟང་པོའི་སྤྱོད་ལམ་ན་བུན་བཞིན་དུ་ཡལཿ ངན་པའི་སྤྱོད་ལམ་


PKT001_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༥ན༽འཚུབ་མ་བཞིན་དུ་ལངསཿ རྒྱལ་ཁྲིམས་མདང་གི་རྨི་ལམ་བཞིན་དུ་སང་ཿ སྤྱི་གཅེས་དཀོན་ཅོག་མི་རོ་བཞིན་དུ་བོརཿ སྒོས་གཅེས་ཕ་མ་གྲི་མདུང་རྩེ་ལ་བསྐྱོནཿ སྤྱོད་ངན་རང་གིས་བྱས་ནས་དུས་ངན་ཟེརཿ རྗེ་ཡིས་བཞེངས་པའི་ཆོས་འཁོར་ཐམས་ཅད་འཇིགཿ མ་ཉེས་པ་ལ་སྐྱོན་འབེབས་མི་དགེ་སྤྱོདཿ མི་མགོ་བྲན་བྱེད་ཇག་ཆོམ་རྐུན་མ་དརཿ རི་ཀླུང་མེད་པའི་སེམས་ཅན་མི་སྐྱིད་སྡུགཿ སྐྱིད་མེད་གཤེད་མ་སྲོག་གི་སག་བདར་འབྱུང་ཿ བདུད་ཀྱི་རྒྱལ་པོས་རྒྱལ་སྲིད་ལོ་ཟླ་གཅིགཿ བྱང་ཆུབ་སེམས་དཔས་ཐུགས་བསྐྱེད་གྲི་རུ་བཀུམསཿ གདུང་བརྒྱུད་འོད་སྲུང་ཡུམ་བརྟན་གྲགས་པ་འབྱུང་ཿ གཙོན་ལ་མི་འཆམ་དབུ་རུ་གཡོ་རུ་འཁྲུགཿ ཉིན་འཁྲུག་མཚན་འཁྲུག་ལོ་ནི་བཅུ་གཉིས་འཁྲུགཿ མི་ལ་བསད་ཤི་གཉིས་ལས་མེད་པ་འབྱུང་ཿ ཅན་དགུ་ཡུམ་བརྟན་ཁྱེར་ཏེ་འབངས་རྣམས་འཁོལཿ རྒྱལ་པོའི་གདུང་རབས་དགུ་བཅུ་གོ་བརྒྱད་ནཿ བསོད་ནམས་ཟད་པའི་རྒྱལ་པོ་ཞིག་ཀྱང་འབྱུང་ཿ འབངས་རྣམས་ཁེངས་ལོག་རྗེ་ཡི་ལ་ཡོགས་འབྱུང་ཿ སྟེང་ན་རྗེ་མེད་འོག་ན་འབངས་མེད་པཿ མཐའ་ཤོར་དཀྱིལ་རྡོར་འགྲིམ་འགྲུལ་སྐྱེལ་མ་དགོསཿ ལོ་ནི་བརྒྱའམ་བདུན་ཅུ་རྩ་ལྷག་འབྱུང་ཿ ཁ་བ་ཅན་གྱི་བོད་ཡུལ་རྒྱལ་ཁམས་འདིརཿ གདུང་རབས་དྲུག་ཅུ་དམ་ཆོས་སྒྲ་མི་གྲགསཿ ད་ལྟ་བསྒྱུར་བའི་མདོ་སྔགས་


PKT001_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༥བ༽ཆོས་སོ་ཅོགཿ བརྒྱ་ཚར་སྟོང་ཚར་མང་པོ་བཞེངས་བྱས་ནསཿ ལ་ལ་གཏེར་སྦོས་ལ་ལ་མཐའ་ལ་སྤྱུགསཿ དེ་ལྟར་མཛད་ན་ཕྱི་རབས་ཕན་ཆེར་ཐོགསཿ ལན་ཅིག་དམ་ཆོས་འདུལ་བའི་བསྟན་པ་ནིཿ མི་རོ་ཙམ་ཞིག་མདོ་ཁམས་སྨད་ནས་འབྱུང་ཿ འབྲས་བུ་གསང་སྔགས་ཆོས་ཀྱི་བསྟན་པ་ནིཿ གཞུ་རྒྱུད་ཙམ་ཞིག་སྟོད་ཀྱི་ཕྱོགས་ནས་འབྱུང་ཿ དེ་ནས་མདོ་སྔགས་གཉིས་ཀྱི་བསྟན་པ་ནིཿ མ་ནུབ་ཙམ་ཞིག་མཐའ་ནས་དབུས་སུ་འབྱུང་ཿ རྗེ་ཡི་གདུང་བརྒྱུད་མི་རབས་བརྒྱ་སོང་ནསཿ མངའ་རིས་སྐོར་གསུམ་མང་ཡུལ་པུ་རངས་སུཿ གདུང་བརྒྱུད་རྒྱལ་པོ་མགོན་གསུམ་ཞེས་བྱ་འབྱུང་ཿ དེ་འདས་ཕན་ཆད་རྒྱལ་ཁམས་མི་བདེ་སྟེཿ རྩི་ཤིང་ནགས་བསྐམས་མི་ཡི་ཟ་ཐང་བྲིཿ བཅུད་རྣམས་སས་འཐུངས་སྨན་རྣམས་ནུས་པ་ཡལཿ འབྲས་བུ་མི་སྨིན་ཆར་ཆུ་དུས་མི་འབབཿ སྐྱེ་ཁུངས་ཞན་ཅིང་ཕྱུགས་རྣམས་ཞོ་ཤེ་ཆུང་ཿ ནད་མང་ཚེ་ཐུང་མུ་གེ་སྐབས་སུ་འབྱུང་ཿ དེ་ནས་མི་རབས་བདུན་བརྒྱད་ཚུན་ཆད་དུཿ མིས་དབོན་རྣམ་གསུམ་བཞེངས་པའི་གཙུག་ལག་ཁང་ཿ མཐའ་ཉམས་དབུས་ཀྱི་ལྟེ་བ་ལུས་པ་ལཿ མངའ་ཐང་ཉམས་པས་ལྷ་ཁང་ཕུག་རོན་འཛིནཿ ལྷ་ཁང་ནང་དུ་བྱ་བྲུན་མང་པོ་འབྱུང་ཿ ལྷ་ལ་ཕུག་རན་ཚང་འཆའ་བྱ་སྐྱགས་འབྱུགཿ སྐབས་ཤིག་གཙུག་ལག་ཁང་སྒོ་བརྩིག་པ་འབྱུང་ཿ སྐབས་འགར་སྤྲང་པོའི་


PKT001_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༦ན༽ཚང་བཅས་འཛིན་པ་དང་ཿ ལྷ་ཡི་ཕྱག་ལ་སྤྲང་པོའི་ཟོ་བ་འདོགསཿ ཆོས་ལ་སྤྲང་སྤྲུག་ཤོག་འབག་བྱེད་པ་འབྱུང་ཿ གཙུག་ལག་ཁང་ལ་ཞབས་ཏོག་མེད་པ་ཡིསཿ དཀར་པོའི་ཕྱོགས་ཕམ་ནག་པོ་རྒྱལ་གྱུར་པསཿ ཧོར་ཡུལ་ཤིང་ཁུན་ཏའི་ཏུར་གྲགས་པ་འབྱུང་ཿ གནམ་ཐེའུ་དཀར་པོའི་སྤྲུལ་པའི་རྒྱལ་པོ་ཞིགཿ ལྕགས་ཕོ་ཁྱི་ལ་འགོད་པོའི་སྤྲུལ་པ་འགྱེདཿ བོད་ཡུལ་མི་བདེ་མཚོན་གྱི་ཆར་པ་འབེབསཿ བོད་རྣམས་ཀྱེ་མ་ཀྱེ་ཧུད་སྙིང་རེ་རྗེཿ བཅུ་ལོན་ཡན་ཆད་མགོ་མེད་ཇ་སིག་འདྲཿ རྨོས་བསྐོ་ཐོང་མཁན་མི་རྙེད་མོ་གླིང་འདྲཿ ཤ་མཁར་བརྩིག་ཅིང་ཁྲག་གི་རྫིང་བུ་བསྐྱིལཿ ན་ཆུང་སྤྱོད་ཅིང་བུད་མེད་བྲན་དུ་བཀོལཿ མཐའ་མི་དབུས་རྡིབ་བོད་ཁམས་སིལ་བུར་འགྲོཿ དབུས་གཙང་ཁམས་གསུམ་ཐམས་ཅད་ཧོར་ཚང་འཆའཿ གསེར་ཡིག་དངུལ་ཡིག་ཁ་བྱང་བཏབ་ནས་འགྲོཿ དེར་ནི་རྒྱལ་པོ་ཐུགས་མུག་མང་དུ་བཤུམཿ སློབ་དཔོན་སེམས་ཅན་ལས་ཡིན་མ་བཤུམས་གསུངསཿ མངའ་བདག་རྒྱལ་པོས་ཕྱག་བཙལ་ཞུས་པ་ནིཿ ཧོར་ཁྲིམས་ཙམ་གནས་ཇི་ཙམ་ན་འཇིག་ཞུསཿ སློབ་དཔོན་པདྨའི་ཞལ་ནས་རྒྱལ་པོ་ལགསཿ ཧོར་ཁྲིམས་བརྒྱ་དང་ཉི་ཤུ་རྩ་ལྷག་གནསཿ ཇིང་གིར་རྒྱལ་པོའི་ཁྲིམས་ཞེས་ཡུན་རིང་འབྱུང་ཿ ཇིང་ནང་གྲུམ་ནས་རྒྱ་ནག་ཡུལ་ནས་འཇིགཿ སྨད་གྱི་ཡུལ་ནས་འཇམ་དཔལ་སྤྲུལ་པ་འབྱུང་ཿ


PKT001_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༦བ༽ས་ནང་གྲུམ་ནས་ཕག་གིས་ས་སློག་འཇིགཿ ཡར་ཀླུང་ནང་ནས་ཕྱག་རྡོར་སྤྲུལ་པ་འབྱུང་ཿ ལྕགས་ཕོ་ཁྱི་ལ་ཧོར་དམག་བོད་དུ་ཡོདཿ མདོ་སྟོད་མདོ་སྨད་སོག་ཆུར་བྲག་སོགསཿ ཞིབ་པར་མི་བཀོང་སྐྱོ་བ་སྐྱེ་བའི་རྒྱུཿ ཡུལ་གྲུ་བཅུ་དྲུག་བཅོམ་ནས་ཅུང་ཟད་བདེཿ ཏའི་ཤའི་ཕོ་བྲང་འབྱུང་བཞིའི་འཇིགས་པས་འཇོམསཿ མི་ལ་ཚེ་མེད་སོས་ཀའི་སྦྲང་མ་འདྲཿ ནོར་ལ་བདག་མེད་ཚོང་དུས་འགྲོན་ཁང་འདྲཿ དེ་ལྟ་བཞིན་དུ་ཧོར་རྣམས་བོད་འོག་འཁོལཿ མི་རབས་བཅོ་བརྒྱད་བར་དུ་བརྟེན་པར་འགྱུརཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ འདུས་བྱས་མི་རྟག་པར་བསྟན་པའི་ལེའུ་སྟེ་གྱ་དགུ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

ལྷ་ལྕམ་པདྨ་གསལ་ལུང་བསྟན་པའི་ལེའུ།


PKT001_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིསཿ རྒྱལ་པོ་ཁྲི་སྲོང་ཉིད་ལ་བཀའ་སྩལ་པཿ ཁྱེད་ཀྱི་ལྷ་ལྕམ་ཚེ་དུས་བྱེད་པ་ནིཿ སྐྱེ་བ་འདི་གོང་རྒྱ་གར་ཡུལ་གྱི་ཤརཿ ཀ་མ་ཤི་ཏ་ཞེས་བྱའི་གྲོང་ཁྱེར་དུཿ རྒྱལ་པོ་བྷི་ལ་ཀུ་ཏའི་བཙུན་མོར་སྐྱེསཿ ཆུན་མོར་བུ་ཡོད་ཆེན་མར་བུ་མེད་ནསཿ ཆུན་མའི་བུ་ལ་ཕྲག་དོག་བྱས་ཏེ་བསདཿ དེ་ཡི་རྣམ་སྨིན་ཚེ་མཐར་མ་ཕྱིན་ཡིནཿ སྐྱེ་བ་འདི་ལ་ཡབ་སྲས་འབྲེལ་བ་ནིཿ སྐྱེ་བ་འདི་ཡི་ཡང་སྔ་བལ་པོའི་ཡུལཿ པདྨ་བདག་དང་མངའ་བདག་རྒྱལ་པོ་དང་ཿ བོ་དྷི་སཏྭ་འོ་སྐོལ་མཆེད་གསུམ་གྱིསཿ མ་གུ་ཏ་ཡི་མཆོད་རྟེན་


PKT001_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༧ན༽བྱ་རུང་ཁརཿ བུམ་པ་བཏགས་ནས་སྨོན་ལམ་སོ་སོར་བཏབཿ དེ་དུས་ལྷ་ལྕམ་སྦྲང་བུ་ཏྲེ་མའི་ལུསཿ རྒྱལ་པོ་ཉིད་ཀྱི་རྩེའུ་ཆུང་ལ་ཟོསཿ དྲན་མེད་ཕྱག་གིས་ཤད་པས་སྦྲང་བུ་ཤིཿ རྒྱལ་པོ་ཉིད་འགྱོད་སྙིང་རྗེ་རབ་ཏུ་སྐྱེསཿ དེ་ལ་དམིགས་པའི་སྨོན་ལམ་དྲག་པོ་བཏབཿ དེ་ཡི་ཕྱི་མར་ལོ་སྟོང་དུཿཁ་སྤྱདཿ དེ་ཚོ་བཤད་ན་རྒྱལ་པོ་ཐུགས་ཁྲལ་འགྱུརཿ རྒྱལ་པོས་ཅིས་ཀྱང་གསུང་བར་ཞུ་གསོལ་པསཿ རྒྱལ་པོ་དགྱེས་ན་ལྷ་ལྕམ་པདྨ་འདིཿ སྐྱེ་བ་བདུན་གྱི་གོང་དུ་རྒྱ་གར་ཡུལཿ ཀོ་ཏ་ལ་ཡི་གཙུག་ལག་ཁང་ཞེས་པརཿ བྲམ་ཟེའི་ཕྲུག་གུ་བྱ་ཏ་ལ་ཞེས་སྐྱེསཿ དགེ་སློང་བྱས་ནས་འཚོ་བ་ཀློག་འདོན་འཚོཿ ཀོ་ཏ་ལ་ཡི་རྒྱལ་པོའི་བརྒྱ་ཚར་བཏོནཿ ཉི་མ་དུ་ཤར་ཕྱི་དྲོ་རྒྱལ་པོ་དང་ཿ གཙུག་ལག་ཁང་གི་ཕྱི་རོལ་སྐུ་བསངས་འགྲོཿ མེ་ཏོག་སྡུམ་རར་ཀུཀྐུ་འཁྲིད་པ་མཐོང་ཿ དགེ་སློང་ཆགས་པ་སྐྱེས་ནས་ཕོ་བྲང་ལོགཿ རྒྱལ་པོའི་བཙུན་མོར་སྤྱད་པས་ཚུལ་ཁྲིམས་ཉམསཿ ཆོས་ཀྱི་ཞལ་ཕྱེ་འདོན་གྱི་ཡོད་པའི་དུསཿ རྒྱལ་པོའི་སྤྱན་གཉིས་བླ་མཆོད་དག་ལ་གཟིགསཿ དུས་ངན་དགེ་སློང་སྤྱོད་པ་འདི་འདྲ་གསུངསཿ དགེ་སློང་ཀུཀྐུར་ལ་ཞེ་སྡང་སྐྱེསཿ འབྲས་བགྲུའི་ཐོ་བས་ཀུཀྐུའི་རྡོ་རྗེ་བརྡུངསཿ ཀུཀྐུ་ཤི་བས་དགེ་སློང་མི་ཡིས་འཕྱསཿ ཁམས་འདུས་ཕོ་བྲང་རྩེ་ནས་ཕྱི་ལ་ལྕེབསཿ བྱོལ་སོང་མོ་ལུས་སྐྱེ་བ་ལྔ་བརྒྱ་བླངསཿ


PKT001_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༧བ༽དུཿཁ་དཔག་ཏུ་མེད་པ་མྱོང་བར་གྱུརཿ གཙུག་ལག་ཁང་དེའི་མར་ཁུ་བརྐུས་བཙོངས་བསཿ ཡི་དྭགས་སྐྱེ་བ་ལྔ་བརྒྱ་དུཿཁ་མྱོང་ཿ སྲོག་བཅད་དམྱལ་བའི་སྐྱེ་བ་ལྔ་བརྒྱ་བླངསཿ ཆོས་འཆད་པ་ལ་ཚིག་རྩུབ་སྨྲས་པ་ཡིསཿ ལྷ་མ་ཡིན་གྱི་སྐྱེ་བ་བརྒྱ་བླངས་གྱུརཿ གཙུག་ལག་ཁང་ལ་མེ་ཏོག་བསྐོར་བ་བྱསཿ ལྷ་ཡི་སྐྱེ་བ་བརྒྱ་བླངས་དུཿཁ་སྤྱོདཿ གྲུབ་ཐོབ་གཏེར་སྟོན་རྣལ་འབྱོར་པ་ཞིག་ལཿ བཀའ་རྒྱ་དབང་མེད་ནན་ཞུས་ཆོས་ཕྲོགས་པསཿ སྤྲིན་ཀྲ་མེ་འཁོར་སྐྱེ་བ་བརྒྱ་བླངས་ནསཿ དེ་ནས་པདྨ་གསལ་དུ་སྐྱེས་པ་ཡིནཿ སྐྱེ་བ་འདི་ཡི་ཕྱི་མར་ཡར་ཀླུངས་སུཿ བུ་མོ་གཟུགས་མི་སྡུག་ཅིང་བསོད་ནམས་ཆུང་ཿ སྦྲང་མོའི་རིགས་ཀྱི་སྐྱེ་བ་བཅུ་ལེན་གསུངསཿ དེ་ནས་འཕོས་ཏེ་བསམ་ཡས་མཐིལ་འདི་རུཿ ཁྱི་མོ་དཀར་མོ་ལོང་མ་སྨད་འབུ་ཞུགསཿ ནུབ་ཀྱི་རེས་ལ་ཀེང་ཀེང་འདྲེ་ཟ་བྱེདཿ སྨད་ཁོག་འདྲད་པ་ཞིག་གི་སྐྱེ་བ་ལེནཿ དེ་ནས་འཕོས་ནས་ལྷ་སའི་ཚོང་འདུས་སུཿ ལུག་མ་སྨད་ཁོག་འདྲེད་ཅིང་སྤྲང་བར་སྐྱེཿ དེ་ནས་འཕོས་ནས་བསྒྲགས་ཀྱི་གྲོང་གསར་དུཿ བུད་མེད་དབང་པོ་མ་ཚང་ལི་མགོ་མཿ སྣ་ཉག་ཁ་ཆེ་ཤ་རྩུབ་མཆུ་ཤོར་བཿ ཤིག་སྲོ་མང་ཞིང་བསྲེ་དྲི་མནོམ་པར་སྐྱེཿ ལྷ་ས་བསམ་ཡས་གཉིས་བསྐོར་འབྲེལ་ཙམ་ཐོགསཿ དེ་ནས་འཕོས་ཏེ་ལྷོ་ནུབ་ལ་ཡག་ཏུཿ བུ་མོ་སྤྲེའུའི་ལོ་པ་ཤེས་རབ་ཅནཿ སྐྱེས་མ་ཐག་ཏུ་ཕ་


PKT001_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༨ན༽མ་གཉིས་ཀ་འཆིཿ ང་ཡི་སྤྲུལ་པ་ཉང་རལ་ཞེས་དང་འཕྲདཿ དེ་ལ་མོས་གུས་བྱས་ཏེ་ལམ་སྣ་ཟིནཿ དེ་ནས་གཙང་གི་གཡས་རུ་གྲོང་དམར་དུཿ བན་སྒོམ་ཕོ་མོ་གཉིས་ཀྱི་བུ་རུ་སྐྱེཿ དེ་ཡང་བཞིན་མི་སྡུག་ཅིང་གཤེས་ངན་ཁྲོཿ རབ་ཏུ་བྱུང་བའི་ཆ་ལུགས་ལོག་ལྟ་ཅནཿ ང་ཡི་སྤྲུལ་པ་ཆོས་དབང་ཞེས་དང་འཕྲདཿ གདམས་པ་སྦྱིན་པས་རིག་པའི་ངོ་བོ་མཐོང་ཿ ཌཱ་ཀི་མ་ཡིས་རྗེས་སུ་འཛིན་པར་འགྱུརཿ སྐྱེ་བ་དེ་འཕོས་འདི་ནས་ཤར་ལྷོ་མཚམསཿ རྡོ་བོད་མཚམས་ཀྱི་འབྲན་ཐང་ཞེས་བྱ་བརཿ སྔགས་བཙུན་ཕོ་མོ་གཉིས་ཀྱི་བུ་རུ་སྐྱེཿ ལྕགས་མོ་ཡོས་ཀྱི་ལོ་པ་མི་གཅིག་པུཿ སྒོ་བཟང་སྐྱེ་མཆེད་དངས་པ་ཤེས་རབ་ཅནཿ ཕ་མེད་མ་མེད་ཤིན་ཏུ་དབུལ་ཉོན་མོངསཿ གང་ན་ཉེ་བ་ཐམས་ཅད་དགྲ་བྱེད་པཿ སྐྱེ་བ་སྔ་མའི་བག་ཆགས་རབ་ཏུ་འབྱུང་ཿ ཆུ་མོ་གླང་ལོར་ང་ཡི་ཟབ་གཏེར་འཕྲདཿ གཏེར་སྒོ་གསུམ་བཞི་འབྱེད་དེ་དོན་མི་འབྱུང་ཿ སྦས་པའི་ཚུལ་དུ་ཉམས་ལེན་དུས་ཡིན་པསཿ ཨུ་རྒྱན་ང་ཡི་ཟབ་གཏེར་བདག་པོར་འགྱུརཿ དེ་ནས་ཚེ་འཕོས་མོན་ཡུལ་བུམ་ཐང་དུཿ དགེ་གནས་རྩི་ལུང་ཐོ་སྐོར་སྐྱེ་བར་འགྱུརཿ སྤྲེའུའི་ལོ་པ་ཤེས་རབ་བློ་བསྲེལ་ཅནཿ ང་སྤྲུལ་རིན་ཆེན་གླིང་འཕྲད་རྗེས་སུ་འཛིནཿ ཚེ་སྒྲུབ་རྡོ་རྗེ་རྒྱ་མདུད་ཉམས་བླངས་པསཿ ཚེ་ཡང་མཐར་ཕྱིན་སྐུ་ཚེའི་སྨད་ཉིད་ལཿ བ་མ་ཐད་སྨད་


PKT001_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༨བ༽ནས་གཏེར་གྱི་སྒོ་ཡང་འབྱེདཿ དེ་དུས་དྲི་མེད་འོད་ཟེར་ཞེས་བྱར་གྲགསཿ གཏེར་སྒོ་ལྔ་འབྱེད་འགྲོ་དོན་དཔག་མེད་མཛདཿ དེ་ཕྱིར་མཚོ་རྒྱལ་དཀར་ཆག་ཡི་གེར་ཐོབཿ ཞིབ་པར་ལོགས་སུ་ཐོབ་ལ་སྦོས་ཤིག་གསུངསཿ མངའ་བདག་དགྱེས་ནས་ཕྱག་བསྐོར་གྲངས་མེད་མཛདཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ལྷ་ལྕམ་པདྨ་གསལ་ལུང་བསྟན་པའི་ལེའུ་སྟེ་དགུ་བཅུ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

བོད་དུ་གཏེར་སྦས་པའི་ལེའུ།


PKT001_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སློབ་དཔོན་མངའ་བདག་བཀའ་བགྲོས་ནསཿ ཡ་ཐོག་རིང་མོ་མ་ཐོག་ཐུང་ངུ་གཉིསཿ ཁུག་པ་བཅོ་བརྒྱད་སྐྱོ་ཤས་ཅན་ལ་གཟིགསཿ ཕུན་སུམ་ཚོགས་པ་ལྔ་ལྔ་འཇོམ་པའི་གཏེརཿ གཏེར་གྱི་རྩ་བ་མ་འཕྱུག་ས་གཞི་མཆེ་སྟེཿ མིས་གཏེར་སྲས་གཏེར་དབོན་གཏེར་ཡང་གཏེར་བཞིཿ བཞི་པོ་རེ་རེར་བཅོ་བརྒྱད་བཅོ་བརྒྱད་བསྡུསཿ བཅོ་བརྒྱད་རེ་རེར་ཕུན་ཚོགས་ས་ལྔ་ལྔ་བསྟནཿ དེ་ཡང་གཏེར་རྒྱཿསྦས་རྒྱཿགསང་རྒྱཿདང་ཿགཏེར་གནས་ཟབ་རྒྱཿགཏད་རྒྱཿརྣམ་པ་ལྔཿགཏེར་རྒྱཿགཏེར་སྟོན་ཕུན་སུམ་ཚོགས་པ་ནིཿ ཆེ་བའི་ཡོན་ཏན་དགུ་དང་ལྡན་པ་སྟེཿ རིགས་ཀྱིས་ཆེ་བ་རྒྱལ་རིགས་རྗེའུར་འཁྲུངསཿ སྐུ་ཡི་ཆེ་བ་མཚན་བཟང་དཔེ་བྱད་ལྡནཿ ཡོན་ཏན་ཆེ་བ་ཤེས་བྱ་ཀུན་ལ་སྦྱངསཿ ཐོས་པ་ཆེ་བ་མདོ་སྔགས་ཐམས་ཅད་མཁྱེནཿ བསམ་གཞིག་ཆེ་བ་ཚིག་རྗེས་


PKT001_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༩ན༽དོན་གྱིས་གསོབཿ བསྒོམས་པས་ཆེ་བ་རྟོགས་པའི་ལྟ་བ་མཐོཿ སྤོབས་པ་ཆེ་བ་གཞན་དག་ཟིལ་གྱིས་གནོནཿ རྩོད་བློ་ཆེ་བ་རྒོལ་བའི་ཚིག་རྣམས་འཇོམསཿ འཛིན་བློ་ཆེ་བ་ཆོས་དང་ཆོས་མིན་ཕྱེདཿ བསྲན་ཐུབ་རྒྱུད་དུལ་ཆེ་བ་ཕུན་སུམ་ཚོགསཿ སྦས་རྒྱཿ དམ་ཆོས་ཕུན་སུམ་ཚོགས་པ་ནིཿ རྒྱལ་བའི་བཀའ་གནང་འཕགས་པའི་ལུང་གིས་གྲུབཿ རིག་པ་འཐད་ཅིང་གཏན་ཚིགས་རྒྱ་ཡིས་ཐེབསཿ མདོ་ཡིན་དགོངས་པ་ཉི་ཤུ་རྗེས་དོན་བཅུཿ སྤྱི་མདོ་ཡིན་ནམ་སྒོས་མདོ་ཁྱད་པར་མདོཿ རྒྱུད་ཡིན་དངོས་པོ་བཅུའམ་ལྔ་བཅུ་སྟེཿ ལུང་ཡིན་མཐའ་བཞི་མན་ངག་དཔེ་དོན་རྟོགསཿ གསང་རྒྱཿགཏེར་སློབ་དག་པའི་ཡོན་ཏན་བཅུཿ རིགས་དག་འབྱོར་པ་ལང་ཚོ་འདྲི་ཀློག་མཁསཿ རྒྱུད་དག་དད་པ་ཤེས་རབ་སྙིང་རྗེ་ཆེཿ ལས་དག་ཆོས་ཕྱིར་བརྩོན་འགྲུས་དཀའ་བ་སྤྱོདཿ འདྲིས་དག་སྒོ་གསུམ་རྐྱེན་ཁྱག་དམ་ཚིག་གནསཿ རྟེན་དག་གཞན་དང་མ་འཁོན་སེལ་མ་ཞུགསཿ གཏོང་དག་སྣ་ཚོགས་ཐབས་ཀྱིས་བདག་གཞན་བསྐུལཿ སེམས་བསྐྱེད་དག་པས་ལུས་སྲོག་དོན་མི་གཉེརཿ དངོས་པོ་དག་པས་སྨར་བཞུན་སེར་སྣ་མེདཿ དབང་པོ་དག་པས་གཞན་གྱི་སེམས་མི་དཀྲུགཿ འཕུན་པ་དག་པས་ཟོལ་འགྲོགས་ངོ་ཞལ་མེདཿ བཅུ་པ་མ་ཚང་ཁ་ནི་ཐུར་ལ་སྦུབཿ སྟོབས་དང་ལྡན་ཡང་དུག་གི་མེ་ཏོག་ཡིནཿ ཟབ་རྒྱཿགཏེར་


PKT001_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༠༩བ༽གནས་ཕུན་སུམ་ཚོགས་པ་ནིཿ གནས་ཀྱི་ཟབ་ཁྱད་ཐུན་མོང་ཁྱད་བར་ལྔཿ ཐུན་མོང་ལྔ་ལ་ས་ལ་ཟབ་པ་དང་ཿ དེ་བཞིན་ཆུ་ལ་ཟབ་པ་བྲག་ལ་ཟབཿ གཙུག་ལག་ཁང་ཟབ་ཤིང་ལ་ཟབ་པའོཿ ཁྱད་པར་ལྔ་ལ་དབུས་གནས་ཟབ་པ་དང་ཿ དེ་བཞིན་ཤར་གནས་ཟབ་དང་ལྷོ་གནས་ཟབཿ ནུབ་གནས་ཟབ་དང་བྱང་གནས་ཟབ་པའོཿ གཏད་རྒྱཿའདོན་དུས་ཕུན་སུམ་ཚོགས་པ་ནིཿ ས་རྟགས་གཡོ་འགུལ་སྐྱོ་ཤས་མར་འགྲིབ་གསུམཿ ཞེ་སྡང་ལས་གྱུར་དམག་འཁྲུག་འབྱུང་བ་དང་ཿ འདོད་ཆགས་ལས་གྱུར་མུ་གེ་འབྱུང་བ་དང་ཿ གཏི་མུག་ལས་གྱུར་ནད་ཡམས་འབྱུང་བ་དང་ཿ མི་རྣམས་སྐྱོ་ཤས་ཆེ་བས་གདུལ་བའི་ཞིང་ཿ མི་འདོད་བཞིན་དུ་ཁབ་ལེན་རྡོ་ཉུལ་བཞིནཿ གཏད་རྒྱཿ འབྱིན་པའི་གཏེར་སྟོན་གཅིག་བྱུང་ཞིང་ཿ ཆོས་དང་ངན་སྔགས་རྩིས་སྨན་ལ་སོགས་རྣམསཿ དབུ་གཏེར་ལྷོ་གཏེར་བྱང་གཏེར་ཤར་ནུབ་གཏེརཿ གཏེར་ཀ་བརྒྱ་དང་རྩ་བརྒྱད་བོད་དུ་སྦསཿ རྒྱལ་པོའི་བླ་གཏེར་དབུ་རྩེ་རིགས་གསུམ་དུཿ རྗེ་ཡི་བླ་གཏེར་གཏེར་མཛོད་རེ་རེ་སྦསཿ ཁམས་གསུམ་ཟངས་ཁང་དབུ་ཚལ་གསེར་ཁང་གླིང་ཿ དགེ་རྒྱས་བྱེ་མ་ཇོ་མོ་གླིང་གསུམ་དུཿ རྒྱལ་པོའི་བླ་གཏེར་གཏེར་ཀ་རེ་རེ་སྦསཿ ཡཀྵ་ལྟག་འོག་གླིང་བཞི་གླིང་ཕྲན་བརྒྱདཿ ཁྲུས་ཁང་གླིང་དང་ཆོད་མེད་ཀེང་རུའི་གླིང་ཿ མཐུ་རྩལ་གླིང་དང་སྒོ་བཞིའི་མགོན་ཁང་བཞིརཿ སློབ་དཔོན་པདྨའི་ཐུགས་


PKT001_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༡༠ན༽གཏེར་རེ་རེ་སྦསཿ མཆོད་རྟེན་དཀར་པོར་དམ་པའི་ཆོས་གཏེར་སྦསཿ མཆོད་རྟེན་དམར་པོར་རྩིས་སྨན་མདོས་ཆོག་སྦསཿ མཆོད་རྟེན་ནག་པོར་མཐུ་དང་ངན་སྔགས་སྦསཿ མཆོད་རྟེན་སྔོན་པོར་བཟོ་གཏེར་རིག་གནས་སྦསཿ ལར་གྱི་གཙུག་ལག་ཁང་གི་སྐོར་འདི་ལཿ ཛམ་གླིང་སྤྱི་ལ་དགོས་པའི་གཏེར་ཁ་ལྔཿ བོད་ཁམས་སྤྱི་ལ་དགོས་པའི་གཏེར་ཀ་ལྔཿ འདོན་དུ་མི་བཏུབ་བཅུད་ལ་དགོངས་པ་ལྔཿ གཏོན་ནས་གཏེར་ཚབ་འཇུག་དགོས་གཏེར་ཀ་ལྔཿ མ་བཏོན་དངོས་གྲུབ་ཡལ་བའི་གཏེར་ཀ་ལྔཿ མིང་ཅན་ཉེར་ལྔ་མིང་མེད་མང་དུ་སྦསཿ མཆིམས་ཕུའི་ཡང་དཔོན་སློབ་དཔོན་ཐུགས་གཏེར་སྦསཿ གཡའ་མ་ལུང་དུ་ཚེ་སྒྲུབ་ཚེ་ཆུ་སྦསཿ རྡོ་ཡི་མཆོད་རྟེན་གསང་གཏེར་རེ་རེ་སྦསཿ པདྨ་ཅན་ལ་སྐོར་བཅུ་ཚེ་ཆུ་སྦསཿ རྣམ་སྣང་རྒྱབ་ཏུ་བཀའ་གཏད་རབ་འབྱམས་སྦསཿ ལྷོ་ཡི་སྐྱེར་ཆུ་ལྷ་ཁང་ཟབ་གཏེར་སྦསཿ བུམ་ཐང་རྩི་ལུང་རྗེ་གཏེར་སེམས་ཕྱོགས་སྦསཿ བུམ་ཐང་དགེ་གནས་ཡུམ་གཏེར་མ་མོ་སྦསཿ གློ་བོ་དགེ་ཀེར་དགོངས་གཏེར་བསྟན་བཅོས་དང་ཿ བཀའ་འགྱུར་བསྟན་འགྱུར་རྒྱུད་འབུམ་མགུར་འབུམ་དང་ཿ ལུང་འབུམ་སྒྲུབ་འབུམ་གཟུངས་འབུམ་སྔགས་འབུམ་སྦསཿ གཙང་འཕྲང་ལྷ་ཁང་ཡབ་གཏེར་གཤིན་རྗེ་སྦསཿ གཡས་རུ་གཙང་འགྲམ་རྫས་གཏེར་སྣ་ཚོགས་སྦསཿ རྩིས་ཀྱི་ལྷ་ཁང་ཕྱི་


PKT001_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༡༠བ༽གཏེར་མདོ་སྔགས་སྦསཿ བྱང་གི་བྲ་བུན་རྩེ་ཡི་ལྷ་ཁང་དུཿ ནང་གཏེར་ངན་སྔགས་བརྒྱ་དང་རྩ་བརྒྱད་སྦསཿ ཁམས་ཀྱི་ཀློང་ཐང་སྒྲོལ་མའི་གཙུག་ལག་ཏུཿ བར་གཏེར་མི་འདྲ་རྒྱུད་ལུང་བཅུ་གསུམ་སྦསཿ ཤར་ཀོང་བུ་ཆུ་མཐར་ལེགས་ལྷ་ཁང་དུཿ རྒྱ་གཏེར་རྫུ་འཕྲུལ་སྒྱུ་མ་སྣ་ཚོགས་སྦསཿ རྒྱལ་རྩེ་རྡུམ་གཤིན་རྗེ་དོང་ཁ་དང་ཿ སེ་མོ་ཕུད་ལུང་བྲག་གསུམ་ཉོས་བྷ་གཿ མདོར་ན་ལྷོ་ཀོང་བྱང་ཀོང་ཤར་ནུབ་ཀོང་ཿ ཀོང་པོའི་ཡུལ་འདི་པད་འབྱུང་འདུལ་ཞིང་སྟེཿ གཏེར་ཀ་ཆེན་པོ་བརྒྱ་དང་རྩ་བརྒྱད་སྦསཿ གཏེར་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་སྦསཿ སྦས་པའི་རྩྭ་ཆུ་ཡུལ་དགུ་དབེན་གནས་བརྒྱདཿ དེ་དག་རེ་རེར་བོད་གཏེར་བརྒྱ་རྩ་བརྒྱདཿ གཏེར་ཕྲན་བྱེ་བ་དགུ་ཁྲི་གཏེར་ཏུ་སྦསཿ གཡོ་རུ་ཁྲ་འབྲུག་རྫས་གཏེར་སྦུབས་གཅིག་སྦསཿ ཤེལ་གྱི་བྲག་ཕུག་གསང་གཏེར་བཀའ་འདུས་སྦསཿ ལྷོ་བྲག་ཁོ་མཐིང་བདེ་གཤེགས་འདུས་པ་སྦསཿ མཁར་ཆུ་གནམ་སྐས་ཅན་ལ་ཡོངས་རྫོགས་སྦསཿ གཏམ་ཤུལ་སྲིན་མོ་སྦར་རྗེས་གསང་གཏེར་སྦསཿ སྟག་ཚང་སེང་ཕུག་ཐུགས་གཏེར་སྐོར་དགུ་སྦསཿ མོན་ཁ་སྣ་རིང་སེང་གེ་རྫོང་གསུམ་ལཿ མ་ནིང་གཏེར་ཀ་ཕྲ་གཏེར་བཅོ་ལྔ་སྦསཿ སྤ་གྲོ་གནམ་ཐང་དཀར་པོ་ནས་འབྲི་མཚམསཿ མངའ་བདག་རྒྱལ་པོའི་ནོར་གཏེར་མང་དུ་སྦསཿ ཕོ་མ་རྫོང་ཕུག་གསང་གཏེར་ངན་སྔགས་སྦསཿ


PKT001_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༡༡ན༽གཙང་གི་ཕུག་མོ་ཆེ་རུ་ཚེ་བདག་སྦསཿ ཡང་ཕུག་རིང་མོར་ཀླུ་བདུད་སྤུ་གྲི་སྦསཿ བསྒྲགས་ཀྱི་ཡང་རྫོང་ཕུར་པ་ཐམས་ཅད་སྦསཿ གྲ་ཡི་གཡུ་སྒོང་བྲག་ལ་གཏེར་སྨྱོན་སྦསཿ མུ་ཏིག་སྦ་མ་གང་ལ་གསང་གཏེར་སྦསཿ ཟར་པོ་ཟངས་ཀྱི་མཚོ་བྲག་གཏེར་བྲན་སྦསཿ འཕྱོང་རྒྱས་བང་སོར་ནོར་གཏེར་ཆོས་གཏེར་སྦསཿ འཕྱིང་བར་སྟག་རྩེར་དགོངས་གཏེར་ཟུར་ཞིག་སྦསཿ ཤམ་པོའི་གངས་ལ་གསང་གཏེར་གཏེར་སྨྱོན་སྦསཿ གཉལ་གྱི་དོང་ཁ་བྲག་ནག་མདའ་སྒྲོ་ལཿ སྨན་དཔྱད་གཙུག་ལག་བསྟན་སྲུང་མང་དུ་སྦསཿ གཉལ་སྨད་དགེ་རི་ནག་པོའི་བྲག་ལོགས་ལཿ ནོར་དང་གཏེར་གྱི་ཁ་བྱང་མང་པོ་སྦསཿ གསལ་རྗེ་གངས་མཐར་ཕྲ་མེན་སྤུ་གྲི་སྦསཿ ཆོས་སྒྲོ་ཐོད་དཀར་སྦེ་གསང་ལུང་པ་ལཿ དངུལ་སྤྱད་གསེར་སྤྱད་གསེར་སྦྲམ་སིལ་མ་སྦསཿ ཟ་ཆུ་འདུས་ལ་གཤིན་རྗེའི་ངན་སྔགས་སྦསཿ གཉལ་རང་འདོམ་མཁར་གཡུ་དང་བྱུ་རུ་སོགསཿ ཕོ་གྱོང་བཟའ་ཡི་མགོ་རྒྱན་ཐམས་ཅད་སྦསཿ ལུག་སྟོང་བྲག་དཀར་གདོད་ལ་ནོར་གཡུ་སྦསཿ ཀོ་རོ་ངམ་གྲོག་ཐུགས་གཏེར་བརྒྱ་རྩ་སྦསཿ མཁལ་དཀར་ལྷ་ཡུལ་ཕུག་པར་གཏེར་ཕྲན་སྦསཿ བྱར་གྱི་སྟག་ཆུང་གཏེར་ཕྲན་གཏེར་སྨྱོན་སྦསཿ ཁྲ་མོ་ལྡང་ལྷར་ཟབ་གཏེར་ངེས་དོན་སྦསཿ བྱར་དྭགས་ཀོང་གསུམ་སློབ་དཔོན་དགོངས་གཏེར་སྦསཿ ལྷོ་མོན་ལོར་གཉལ་སློབ་དཔོན་


PKT001_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༡༡བ༽གསང་གཏེར་སྦསཿ ཙཱ་རིའི་གནས་ལ་གསང་གཏེར་མ་བུ་སྦསཿ འོལ་ཀའི་མགར་ཕུག་ཡུམ་གཏེར་སྐོར་བཞི་སྦསཿ འོན་ཕུ་སྟག་ཚང་བསྟན་གཉིས་རྒྱ་མཚོ་སྦསཿ བྱ་ཕོ་ཟི་བ་བྲ་དང་བྲག་རྣམས་ལཿ ལྷ་བཟང་ཀླུ་དཔལ་ཕོ་ཆས་ཆ་ཅིག་དང་ཿ ཟངས་སྤྱད་ལྕགས་ཆ་སྡེར་མ་བརྒྱ་ཙམ་སྦསཿ ཁྲབ་ལར་ནོར་གཏེར་ཆོས་གཏེར་མང་དུ་སྦསཿ ཕུག་པའི་ནང་དུ་ཐུགས་རྗེ་ཆེན་པོ་སྦསཿ ལོང་མོ་ལོ་ཆུང་ནོར་གཏེར་རྐྱང་པ་སྦསཿ ཡར་ཀླུང་ཁྲ་འབྲུག་མཆོད་རྟེན་མགོ་ལྔ་ལཿ ཟབ་གཏེར་རྫས་གཏེར་སྤེལ་མ་མང་དུ་སྦསཿ དགོན་ཐང་གཙུག་ལག་ཁང་གི་བྲག་རི་ལཿ ནོར་གཏེར་ཆོས་གཏེར་དམ་རྫས་མང་དུ་སྦསཿ འཕང་ཐང་གཙུག་ལག་ཁང་གི་རྒྱབ་རི་ལཿ རྣམ་སྲས་ཡོན་ཏན་འབྱུང་བའི་རྒྱུད་སྐོར་སྦསཿ ཡུམ་བུ་བླ་སྒང་སྐོར་ལ་གསང་གཏེར་སྦསཿ བཙན་ཐང་གཡུ་ཡི་ལྷ་ཁང་བྲག་རི་ལཿ གཏེར་ཆེན་ལྔ་དང་གཏེར་ཆུད་དགུ་སྦས་སོཿ ཿམོན་མཁར་མགོན་པོ་གདོང་ལ་ཐུགས་གཏེར་ལྔཿ ནོར་གཏེར་གཡུ་ཁྲབ་དངུལ་དང་བྲལ་བ་སྦསཿ གྲ་ཕྱིའི་བྲག་པོ་ཆེ་ལ་བོད་གཏེར་སྦསཿ གྲ་ཡི་སྣེ་གདོང་ཟུར་ལ་རལ་གྲི་སྦསཿ དོལ་གྱི་ལྕེ་ཏེའི་ཟུར་ལ་ཁྲབ་རྨོག་སྦསཿ གཞུང་གི་ར་སྐོར་རྒྱབ་ལ་གསེར་ཀ་སྦསཿ གཅོང་གི་སིལ་མ་བྲག་ཕུག་སྤྱི་ཏི་སྦསཿ གཙང་གི་མང་མཁར་བྲག་ལ་མཐུ་འབུམ་སྦསཿ མང་ཡུལ་དཔལ་མོ་ཐང་གི་འདྲེ་ཕུག་ཏུཿ བཀའ་


PKT001_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༡༢ན༽སྲུང་འདུས་པ་ངན་སྔགས་སྐོར་ལྔ་སྦསཿ བྱམས་པ་སྤྲིན་དུ་སྒྲུབ་ཐབས་ཉི་ཤུ་སྦསཿ གཞུ་སྙེ་མཁར་དུ་མདོ་གཅོད་རྒྱུན་གཅོད་སྦསཿ ལ་སྟོད་སྲིན་པོ་རྫོང་ལ་ཞི་བྱེད་སྦསཿ ལ་སྟོད་དིང་རི་དིང་ཆུང་ཡོ་ག་སྦསཿ ལྷ་རྩེའི་བྲག་ལ་ཨ་ནུ་ཡོ་ག་སྦསཿ རྒྱང་པོ་ལུང་ལ་ཨུ་རྒྱན་རྣམ་ཐར་སྦསཿ ར་སོགས་ཀླུ་གྲུར་ལུང་བསྟན་མང་དུ་སྦསཿ རྡོ་རྗེ་གངས་ཀྱི་དངུལ་ཕུག་གསང་གཏེར་སྦསཿ གྲོམ་པ་རྒྱང་དུ་ཕྱི་གཏེར་ནང་གཏེར་སྦསཿ ཟུམ་བུ་ལུང་དུ་གསང་གཏེར་དགོངས་གཏེར་དང་ཿ ཐུགས་གཏེར་གཏེར་ཀ་བརྒྱ་དང་རྩ་བརྒྱད་སྦསཿ འོ་ཡུག་གཡག་སྡིར་གཏེར་གྱི་ཡན་ལག་སྦསཿ སྤ་གྲོ་ཆུ་མོ་ཕུག་ཏུ་ཐུགས་གཏེར་སྦསཿ གཡུ་ཕུག་རྫ་ལྷུང་གཏེར་ཕྲན་རྫས་གཏེར་སྦསཿ ཡེར་པ་ཟླ་བ་ཕུག་ཏུ་ཟབ་གཏེར་སྦསཿ ཟང་ཡག་བྲག་ལ་ཐང་ཡིག་གསང་གཏེར་སྦསཿ གཞོ་སྟོད་དེ་སྒྲོལ་མཁའ་འགྲོའི་སྐོར་རྣམས་སྦསཿ སྟོད་ཀླུང་འཕར་བ་ཚད་དུ་ཕྱག་ཆེན་སྦསཿ ཤ་འུག་སྟག་སྒོར་མ་ནིང་གཏེར་བཅུ་སྦསཿ ངོ་མཚར་རོང་དུ་གཏེར་ཕྲན་འདྲེས་མ་སྦསཿ ལྷ་སར་གསང་གཏེར་གཏེར་ཕྲན་ཟུང་ཞིག་སྦསཿ མཆིམས་ཕུ་བློན་པོ་མགུལ་དུ་བཅུད་ལེན་སྦསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བོད་དུ་གཏེར་སྦས་པའི་ལེའུ་སྟེ་གོ་གཅིག་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

ས་རྟགས་གཏེར་གྱི་འབྱུང་དུས་བསྟན་པའི་ལེའུ།


PKT001_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་


PKT001_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༡༢བ༽རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིསཿ སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ལཿ གཏེར་ཀ་འདི་རྣམས་འབྱིན་དུས་ནམ་ཞིག་ཡིནཿ གཏེར་སྟོན་མཚན་ནི་ཇི་སྐད་འབྱུང་ཞེས་ཞུསཿ སློབ་དཔོན་ཆེན་པོ་པདྨས་བཀའ་སྩལ་པཿ རྒྱལ་པོའི་གདུང་རབས་བརྒྱ་དང་བཅུ་ལྷག་ནཿ ལ་སྟོད་མཚོ་བར་གྱམ་ནག་ཞེས་བྱ་བརཿ མུ་གེ་ནད་ཡམས་མི་ཐོག་བུད་པ་འབྱུང་ཿ གློ་བོ་ད་གེ་ཀར་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ གཏེར་སྟོན་སངས་རྒྱས་བླ་མ་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ བར་བོད་མཚམས་ནགས་མེ་ཤོར་མི་མང་འཚིགཿ སྤུ་རྣ་རྫ་རིར་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ གཏེར་སྟོན་རྒྱ་ལོ་ཙཱ་ཞེས་བྱ་བ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ ཁམས་ཀྱི་རྨེ་འདོར་བྱ་ཁྱི་ལྷ་ཁང་འཁྲུགཿ ཀློང་ཐད་སྒྲོལ་མར་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ གཏེར་སྟོན་སྣ་ནམ་པ་ཞེས་བྱ་བ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ ལ་སྟོད་གཅུང་པ་དྲིལ་ཆེན་ཆུ་ལྟར་འཁྲུགཿ གཡུ་ཕུ་རྫ་ལྷུང་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ གཏེར་སྟོན་དུམ་རྒྱ་ཞང་ཁྲོམ་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ མང་ཡུལ་


PKT001_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༡༣ན༽ནམ་མཁའ་ཁྲག་མདོག་སྡོ་དམར་འགྲོཿ ཁྲག་གི་ཆར་པ་ཟླ་བ་བཅོ་བརྒྱད་འབབཿ བྱམས་བ་སྤྲིན་དུ་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ གཏེར་སྟོན་སླུརྻ་སིངྷ་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ ཤོང་གསུམ་ས་ལ་རོ་འདྲེན་འཇག་སྐྱ་འཕྱོཿ མི་རེའི་ལག་ན་ཕུབ་རེ་མདའ་གཞུ་རེཿ བྱང་གཏེར་གཏེར་ཕྲན་འགའ་ཞིག་སྦས་པ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ གཏེར་སྟོན་གཡོ་རུ་སྟོན་ཤཱཀྱ་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ སྤ་གྲོ་གནམ་ཐང་དཀར་པོ་སོག་དམག་འཇོམསཿ ལས་སུ་དམེ་འཁྲུག་བྱེད་ཅིང་ལྕགས་ཆ་གྱོནཿ བུམ་ཐང་རྩི་ལུང་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ གཏེར་སྟོན་བོན་པོ་དྲག་རྩལ་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ གཙང་གི་ཉང་སྟོད་ཉ་རི་འུག་པ་ལུང་ཿ བསྟན་པ་གཉིས་འཁྲུག་ཆོས་ཀྱི་དད་པ་ཡལཿ ཆོས་དང་གང་ཟག་ཡ་བྲལ་ཆོམ་པོས་འཁྱེརཿ སྙིང་དྲུང་ཤངས་བྲག་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ གཏེར་སྟོན་སྙེ་མོ་ཞུ་ཡས་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ འཛམ་གྱི་བྱར་འདབ་ས་འདྲ་དཀོན་མཆོག་མཚནཿ སྡེ་དགོན་ཟ་འོག་ཁ་ཆེ་འདྲ་


PKT001_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༡༣བ༽བ་འབྱུང་ཿ གཙང་གི་རི་བོ་ཆེར་སྦས་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ གཏེར་སྟོན་གྲུབ་ཐོབ་དངོས་གྲུབ་ཅེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ རྒྱ་ནག་རྒྱལ་པོའི་རྒྱལ་སརྟ་རྫིས་འཕྲོགཿ བསྟན་པ་མཐའ་རྒྱས་མངའ་ཐང་ཇེ་ཆེར་འགྲོཿ བལ་ཡུལ་ཨེ་ཡི་གཙུག་ལག་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ གཏེར་སྟོན་གཙུག་ལག་དཔལ་དགེ་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ ལ་སྟོད་བཙན་ཡུལ་མཚོན་ལ་སོན་མ་བྱེདཿ འཛམ་གླིང་རྒྱལ་པོའི་དཔོན་བརྒྱུད་འབངས་ཀྱིས་ནོནཿ ལྷོ་གཏེར་གཏེར་ཕྲན་འགའ་ཞིག་སྦས་པ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ གཏེར་སྟོན་སྐུ་ཚ་སྟོན་པ་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ བྱང་གི་ཕྱི་གོང་རུ་བ་འཚུབ་མས་འཁྱེརཿ བོད་འདིར་དམ་ཆོས་བསྟན་པ་གསུམ་དུ་གྱེསཿ བཀའ་གཏེར་གཉིས་ཀྱིས་སངས་རྒྱས་བསྟན་པ་སྐྱོང་ཿ གཙང་གི་རུ་མཚམས་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ ཨ་ཡ་བོན་པོ་ལྷ་འབུམ་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ དབུས་གཙང་ཁམས་སུ་དུག་ལྔའི་ཆོས་ཤིག་འབྱུང་ཿ ལྟ་ལོག་ཆོས་སྟོན་བསྟན་པ་ཐབས་ཀྱིས་བསྣུབསཿ ཞབས་ཏོག་ཡིན་ཟེར་བསྟན་ཞབས་ཐག་པ་


PKT001_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༡༤ན༽འདོགསཿ མོན་ཁ་བུམ་ཐང་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ གཏེར་སྟོན་ཁྱུང་པོ་དཔལ་དགེ་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ བོད་ཀྱི་གནས་དགོན་ཀུན་ལ་འཐབ་ར་འཆའཿ ལྷ་ས་དམར་པོ་རི་ལ་ལྷ་ཁང་འབྱུང་ཿ ངང་དུར་མཚོ་བསྐམས་ནེ་ཐང་བྱེ་མས་ནོནཿ དགེ་རྒྱས་ཧས་པོ་རིར་སྦས་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ གཏེར་སྟོན་ཤ་མི་རྡོར་རྒྱལ་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ ང་སྤྲུལ་ཡིན་ཟེར་གཏེར་མིན་གཏེར་འདྲ་སྟོནཿ དམ་ཉམས་གང་དུ་མི་བྲིམ་ཐམས་ཅད་འདུསཿ ཉི་མའི་མགོ་བསྐོར་འབྲེལ་མེད་ཆོས་བཤད་བྱེདཿ བསྟན་པའི་རྐུན་པོ་གཏེར་ཆོས་དཀྲུག་ཅིང་སྲེལཿ བཀའ་ལོག་མང་པོར་ཁྱུ་ཙམ་པ་འབྱུང་ཿ པད་འབྱུང་བདག་ཀྱང་ཡི་མུག་ག་ཆད་དེཿ ཞྭ་ཡི་ལྷ་ཁང་བཾ་མའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ ལྡང་མ་ལྷུན་རྒྱལ་བི་མའི་སྤྲུལ་བ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ ཏིའི་ཏུས་བརྩིགས་པའི་རྩིག་པ་སྡུག་པ་འོང་ཿ ཇིང་དང་རྒྱ་རྣམས་གྲོག་མའི་ཚང་བཤིག་འདྲཿ ཇོ་མོ་གླིང་གསུམ་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ གཏེར་སྟོན་གྲྭ་པ་མངོན་ཤེས་བྱ་བ་འབྱུང་ཿ ས་སྟེང་གནས་གཞི་བརྒྱ་དང་རྩ་བརྒྱད་


PKT001_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༡༤བ༽འགེངསཿ གྲྭ་མདའ་འདི་ལ་གཙུག་ལག་ཁང་ཞིག་འབྱུང་ཿ རྒྱལ་པོས་བཞེངས་པའི་ལྷ་ཁང་བདག་པོ་བྱེདཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ ཨུ་རྒྱན་ང་ཉིད་གཉལ་སྨད་ལྷ་རྗེར་སྤྲུལཿ དྭགས་སྒམ་སྙིང་པོའི་དོན་སྒོམ་ཁྱུ་ཅིག་འབྱུང་ཿ མཆིམས་ཕུ་ཁོ་མཐིང་སྦས་པའི་གཏེར་ཁ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ ར་ཤག་གཏེར་སྟོན་མདོས་ལ་མཁས་པ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ ཡུལ་ཆེ་ས་ཡངས་འཁྲུགས་པའི་བསྐལ་པ་འབྱུང་ཿ སྔགས་པ་མཐུ་བསྒྲུབ་སྐྱེ་བོས་ཟློག་པ་སློབཿ མི་བསད་སྟོང་ལ་སྐུ་དང་གསུང་རབ་འཇལཿ གྲོང་སྟོད་གྲོང་སྨད་འགྲོ་ལ་སྐྱེལ་མ་འཁྲིདཿ སྲིན་མོ་སྦར་རྗེས་ཁོ་མཐིང་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ མངའ་བདག་སྤྲུལ་པ་ཉང་རལ་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ སྤུ་རངས་རྒྱལ་པོས་དབུས་ལ་གསེང་འདོད་འབྱུང་ཿ སྡེ་པ་གྱེས་ཤིང་གནས་གཞིར་ཐོབ་བཤའ་བྱེདཿ གྲོམ་པ་རྒྱང་ལ་སྦས་པའི་གཏེར་ཁ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ གཏེར་སྟོན་དབོན་གསེས་ཁྱུང་ཐོག་ཅེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ རྒྱ་གར་མ་ཕྱིན་ཀུན་ཀྱང་ལོ་ཙཱ་ཞེསཿ བོད་ཀྱི་མཁས་བཙུན་ཐམས་ཅད་ས་མཐར་འཁྱེརཿ ཧོར་དང་ཡོན་མཆོད་ཁྲིམས་གསར་སྤྲེལ་བ་འོང་ཿ ནང་གནག་ཕྱི་དཀར་


PKT001_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༡༥ན༽དུང་དཀར་སྙེ་མ་བཞིནཿ བོད་ཀྱི་བསོད་ནམས་མར་མར་བྲི་བའི་དུསཿ པདྨ་ཤེལ་ཕུག་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ གཏེར་སྟོན་ར་མོ་ཤེལ་མན་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ སྣ་ཐག་སས་བྱ་ས་ཧོར་དམག་བོད་དུ་འོང་ཿ ངན་སོང་ཟེར་ཡང་དེ་འདྲའི་སྡུག་བསྔལ་མེདཿ མི་ལ་སྲིད་བཅད་སྲིད་སྲུང་མང་དུ་ཡོདཿ སེམས་ཅན་ས་འོག་ནོན་པའི་དུས་ཙམ་ནཿ གནམ་སྐས་མཁར་ཆུར་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ གཏེར་སྟོན་ཆོས་ཀྱི་དབང་ཕྱུག་ཅེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ བྱ་རོག་རྫོང་དུ་དམག་གིས་ཁྲིམས་རྔ་བརྡུང་ཿ སྙིང་མེད་པོ་རྣམས་གསེར་ཕྱེ་ཆུ་ལ་འབོཿ ཟང་ཡག་བྲག་ལ་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ གཏེར་སྟོན་གུ་རུ་ཇོ་ཚེ་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ ལྷ་ཁང་ནང་དུ་འབྲི་ལ་རྟ་ཆུ་ལྡུང་ཿ གཞོ་ཀླུང་ནང་དུ་མེ་ཡི་འཇིགས་པ་འབྱུང་ཿ དཔལ་མོ་དཔལ་ཐང་མཚོན་གྱི་ཆར་པ་འབབཿ གངས་པར་ཕུག་མོར་སྦས་པའི་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ གཏེར་སྟོན་པདྨའི་དབང་ཕྱུག་ཅེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ སིལ་མ་ལ་ཀར་


PKT001_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༡༥བ༽འཇག་མའི་མི་ཆུང་སྐྱེཿ སྨོན་ལ་ལ་ཀར་ཤེལ་གྱི་ཕ་བོང་རྡོལཿ གཡའ་མ་སྦ་གོང་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ གཏེར་སྟོན་དོ་བན་རྒྱ་མཚོ་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ རྒྱལ་པོའི་མདའ་ཚུད་བོད་ཀྱི་མི་རྣམས་ཀུནཿ རང་གི་ལྟོ་གོས་བསྲན་ནས་ས་ཧོར་གསོཿ གནས་བརྟན་དམག་དཔོན་ཧོར་ལས་བྱེད་པ་འབྱུང་ཿ རྡོ་བོད་མཚམས་སུ་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ གཏེར་སྟོན་རག་ཤི་སྟན་པའི་མིང་ཅན་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ ས་ཡི་ཡ་སོ་ཇིར་གིར་མ་སོ་བཅདཿ བྲོས་འཐོར་མང་ཞིང་ཡུལ་སྟོངས་རྒུད་པ་འབྱུང་ཿ ལྷོ་མོན་ཕྱོགས་སུ་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ ཇ་རོང་ཨེ་ཡི་སྨན་པ་ཉི་འོད་གསལཿ ད་ལྟ་ཤི་ཡང་སྲོག་འཐུད་ཤེས་པ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ དུས་ནི་ལོ་རེ་ལོ་རེས་ངན་དུ་འགྲོཿ མཁན་པོ་བྱས་ནས་གྲལ་དུ་ཚོགས་དབང་བསྐུརཿ ལྐོག་ཏུ་བུ་སྨད་ཁྱི་ཕག་ཙམ་པ་འབྱུང་ཿ སྡེ་འཁྲུག་ནང་དམེ་རྒྱབ་བརྟེན་དུག་ལ་རེཿ དབུ་ཚལ་གསེར་ཁང་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ གྲྭ་སྒོམ་ཆོས་ཀྱི་རྡོ་རྗེ་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ སངས་རྒྱས་བཀའ་ལ་འདྲ་ཆོས་


PKT001_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༡༦ན༽འདྲ་མིན་བྱེདཿ རྫོགས་ཆེན་རྡེའུ་ཟེར་བའི་ལོག་ཆོས་དང་ཿ རི་བོང་འཛིན་ཞེས་བསེ་སྦྱོར་སྨན་ལོག་འབྱུང་ཿ བོད་རྩིས་དྲུག་ཅུ་སྐོར་ཟེར་གསལ་སྒྲོན་ཞེསཿ རྩིས་རྒྱུད་ཀུན་དང་མི་མཐུན་ངར་བ་འབྱུང་ཿ གཏེར་མ་ཡིན་ཟེར་བཅའ་གཞི་མ་ཚང་བརཿ གཏེར་མར་གྲགས་པའི་བསླུ་ཆོས་མང་ཞིག་འབྱུང་ཿ འོ་ཡུག་གཡག་སྡེར་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ གཏེར་སྟོན་གཡག་ཕྱར་སྔོན་མོར་གྲགས་པ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་ལོག་ཏུཿ བོད་ཁམས་ཡོངས་ཀྱི་ཆོས་ལུགས་དགོད་རེ་བྲོཿ འཇིག་རྟེན་ཁྱིམ་པའི་ཁ་ནས་ཆོས་སྐད་རེཿ ར་རོག་ཕད་རོག་ཁྱད་པར་མེད་ཅེས་ཟེརཿ རླུང་ལ་སིལ་སྦྱོར་ཡས་གདོན་ཡིན་ནོ་ཟེརཿ མཚང་མེད་པོ་རྣམས་ནད་པའི་སྔས་སྲུང་བྱེདཿ མི་རེའི་ལག་ན་རྩིས་ཀྱི་ཤོག་ཁྲ་རེཿ རྨོངས་ཁྱུ་ཁ་འགྲིལ་མཁས་པ་བསྐྱུར་ལ་འདོནཿ མོན་ཁ་སྤ་གྲོར་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ གཏེར་སྟོན་གྲུབ་ཐོབ་མཁར་ནག་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ མི་ཐུབ་ལྔ་འབྱུང་རང་ལ་ཡིད་མི་ཆེསཿ དེ་འདྲའི་དུས་ན་འདྲེ་ནད་གདུག་པ་དརཿ ནད་དུ་མི་འོང་བྱ་བ་ཅིག་ཀྱང་མེདཿ ཆོས་སྤྱིའི་བྱིན་རླབས་སུམ་ཆ་ཡལ་ནས་འགྲོཿ འུ་ཤང་རྡོ་ལ་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་


PKT001_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༡༦བ༽བྱུང་ཿ གཏེར་སྟོན་ལྷ་བཙུན་སྔོན་མོ་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ མི་ལ་ལུས་ཆས་ཡ་མ་ཟུང་དུ་འོང་ཿ བསྟན་པའི་ཆོས་ཀྱང་ཡ་མ་ཟུང་དུ་འགྲོཿ དགེ་རྒྱས་བྲིས་པའི་རི་མོ་ཤུལ་རྗེས་འོང་ཿ ཁམས་ཀྱི་སྲིན་མོ་རྫོང་གསུམ་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ ཁམས་པ་ཉི་མ་གྲགས་ཀྱི་མིང་ཅན་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ ས་ནང་འཇིགས་བརྒྱད་ཤ་བའི་རྭ་ཅོ་འབྱུང་ཿ བསོད་ནམས་ཟད་པས་དབུས་སུ་མི་གད་རྡེབཿ དྭགས་པོ་ལྡང་ལྷ་བྲག་གི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ མངའ་བདག་སྲས་མོ་རིན་ཆེན་ཚུལ་རྡོར་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ དམ་སེལ་བརྒྱུད་པས་སློབ་འགའ་གྲི་རུ་འཆིཿ རྡོ་ཡི་མཆོད་རྟེན་གདུགས་དང་ཆོས་འཁོར་ཉམསཿ མོན་ཁ་ཆུ་ཕུག་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ གཏེར་སྟོན་ཚེ་བརྟན་རྒྱལ་མཚན་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ དབུས་པའི་མདུན་མ་གཅིག་དྲིལ་ས་ཧོར་སྐྲགཿ སྡིག་སྤྱོད་བདུད་སྦྲུལ་བསྟན་པ་རྒྱས་ཡུན་རིང་ཿ འབྲིན་ཐང་ཀོ་རོ་བྲག་གི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ གཏེར་སྟོན་རིན་ཆེན་གླིང་པ་ཞེས་བྱ་འབྱུང་ཿ དེ་ཉིད་


PKT001_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༡༧ན༽མི་གནས་མྱ་ངན་འདས་འོག་ཏུཿ ཡར་ཀླུངས་མཐིལ་ནས་རྣམ་སྨིན་བསྐྱེད་རྒྱལ་འབྱུང་ཿ ཕག་གིས་ས་སློག་དབུས་ཁམས་ས་ཧོར་ཟཿ བཙན་རྫོང་བརྒྱ་དང་རྩ་བརྒྱད་ཕྱོགས་སུ་འབྱུང་ཿ ཤེལ་གྱི་བྲག་ཕུག་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ གཏེར་སྟོན་ཨུ་རྒྱན་གླིང་པ་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ མཐའ་དམག་དབུས་རྡིབ་འབྲི་དང་ཕག་པ་འཐབཿ དབུས་གཙང་སིལ་བུ་ཕག་ཁྱུ་ཚལ་པར་འགྲོཿ སྟག་ཚང་ཟབ་ལུང་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ གཏེར་སྟོན་རྡོ་རྗེ་གྲོ་ལོད་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ མཛའ་བོ་ནང་འཇུག་ཚེར་མས་མཐའ་མི་འབོདཿ ས་སྟེང་གཡོ་བའི་བདུད་ཀྱི་སྤྲུལ་པ་འབྱུང་ཿ ཡུམ་བུ་བླ་སྒང་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ ཨུ་རྒྱན་རོག་རྗེ་གླིང་པ་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་


PKT001_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༡༧བ༽འོག་ཏུཿ ཆོས་ལོག་ཁྲིམས་རལ་དམ་ཉམས་ལུང་པ་གང་ཿ ལྷ་མའི་གནས་སུ་གཏམ་ངན་གྲགས་པས་ཁྱབཿ ཤ་འུག་སྟག་སྒོར་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ ཨུ་རྒྱན་གཏེར་བདག་གླིང་པ་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ འཕགས་པ་ལྷའི་བུ་རམ་རྩལ་ལུང་བསྟན་མདོརཿ དེ་དག་སེམས་ཅན་དོན་ཡང་རྟག་ཏུ་བྱེདཿ ཕྱིར་མི་ལྡོག་སྟེ་འགྲོ་བ་ཐལ་སྦྱར་འདུདཿ ཁ་རག་ལ་ཀར་སོ་པ་རེས་མོས་བྱེདཿ མཆོད་རྟེན་དཀར་པོར་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ ཨུ་རྒྱན་ཀུན་སྐྱོང་གླིང་པ་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ ཉང་སྨད་ཉི་མ་མདོ་རུ་རྫོང་ཞིག་འབྱུང་ཿ དམག་དཔོན་བརྒྱ་དང་བཅུ་དྲུག་ཕྱ་ལུང་འཚོགཿ གཡས་རུ་གཙང་འགྲམ་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ ཨོ་རྒྱན་མདོ་སྔགས་གླིང་པ་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ ཡར་འབྲོག་མཚོ་གླིང་དགུ་ལ་དམག་སྒར་འབྱུང་ཿ སྟག་ཐབ་ནད་དུ་གཙང་པ་སུམ་གཉིས་འཆིཿ རྩིས་ཀྱི་ལྷ་ཁང་སྦས་པའི་གཏེར་ཁ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ ཨུ་རྒྱན་བསྟན་གཉིས་གླིང་པ་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ སྟོད་ཁུ་ཡུལ་དུ་ཕག་ཚང་ཁྱུ་ཅིག་


PKT001_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༡༨ན༽འབྱུང་ཿ ས་བཙན་རི་འགོས་རེ་ལ་རྫོང་ཆུང་རེཿ ལ་རྩུབ་འཕྲང་རྩུབ་བསྔགས་མེད་ཁྱུ་ཡིས་འཚོཿ ཀོང་པོ་བུ་ཆུང་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ སོ་རྒྱན་རྡོ་རྗེ་གླིང་པ་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ གཙང་གི་དགྱེར་བུ་ངོ་མེ་གཉིས་སུ་འཐབཿ ར་ལག་ཚུར་ཕུར་ཕག་པའི་ཁྱུ་ཅིག་འབྱུང་ཿ ཀོང་པོ་འཕྱིང་ཡུལ་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ ཨུ་རྒྱན་རིན་ཆེན་གླིང་པ་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ འགོས་ཀྱི་ཕག་རིར་གནས་གཞི་རྫོང་ལ་འགེབསཿ ལ་སྟོད་སྟག་གྲུར་དུག་གི་ཚོང་དུས་འོང་ཿ མེ་འབར་མཚོ་ལ་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ ཨུ་རྒྱན་པདྨ་གླིང་པ་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ རྒྱ་གར་གྷ་ལ་རུ་དང་བི་ནསཿ པཎྜི་ཏ་ནི་གཉིས་གསུམ་བོད་དུ་འབྱུང་ཿ ལྷ་སའི་ཇོ་ཤཱཀྱ་འདི་ལ་མཆོད་པར་བྱེདཿ ལྷོ་ཀོང་བྱང་ཀོང་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ ཨུ་རྒྱན་ལས་འགྲོ་གླིང་པ་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ བོད་འདིར་རྒྱལ་པོའི་མིང་བཏགས་བརྒྱ་རྩ་བརྒྱདཿ གངས་དང་སེང་གེ་ལས་ཀྱིས་འབྲེལ་བ་ཡིསཿ


PKT001_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༡༨བ༽འཇིག་རྟེན་པ་ལ་བདེ་བ་སྐད་ཅིག་མེདཿ དཔྱལ་གྱི་བྲག་ལ་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ ཨོ་རྒྱན་བསམ་གཏན་གླིང་པ་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ སླེ་མ་མཚན་གྱི་རི་ལ་བྲོས་པོས་ཡིབཿ གནུབས་ཀྱི་སྲེག་པ་ལུང་དུ་མུ་གེ་འབྱུང་ཿ ཁྱུང་ཚང་བྲག་ལ་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ ཨུ་རྒྱན་ཞིག་པོ་གླིང་པ་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ སྟར་སྒོའི་ཐང་ལ་དབུས་པའི་ཚོགས་འདུ་བྱེདཿ ཧས་པོ་རི་རྒྱུད་མེ་ཡར་རྫོང་ཞེས་འབྱུང་ཿ ཁ་རག་ཕུག་ཏུ་སྦས་པའི་གཏེར་ཀ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུང་ཿ ཨུ་རྒྱན་བདེ་ཆེན་གླིང་པ་ཞེས་བྱ་འབྱུང་ཿ དེ་ཉིད་མི་གནས་མྱ་ངན་འདས་འོག་ཏུཿ སྐབས་སུ་སྐབས་སུ་མཐོངས་སྐར་ཉི་ཤུར་བཞིནཿ སྔོན་གྱི་འཕྲིན་ལས་སད་པས་དམ་ཆོས་སྟོནཿ མི་ཐོག་རེ་སོང་གཏེར་སྟོན་རེ་རེ་འབྱུང་ཿ རེས་འགའ་གཏེར་ཆེན་རེས་འགའ་གཏེར་ཆུང་འབྱིནཿ རེས་འགའ་གཏེར་སྨྱོན་རེས་འགའ་གསང་གཏེར་འབྱིནཿ རེས་འགའ་ཐུགས་གཏེར་རེས་འགའ་གཏེར་ཕྲིན་འབྱིནཿ རེས་འགའ་མི་འབྱིན་གཏེར་རྙིང་བསྟན་པ་སྐྱོང་ཿ ཞེས་གསུངས་འཛམ་གླིང་རྒྱལ་པོ་དགྱེས་པར་གྱུརཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་


PKT001_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༡༩ན༽བཀོད་པ་ལསཿ ས་རྟགས་གཏེར་གྱི་འབྱུང་དུས་བསྟན་པའི་ལེའུ་སྟེ་གོ་གཉིས་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ

གཏེར་དང་འཕྲད་པའི་གང་ཟག་རྣམས་ལ་ཞལ་གདམས་སྙིང་གཏམ་བཞག་པའི་ལེའུ།


PKT001_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཨུ་རྒྱན་པདྨ་འབྱུང་གནས་ཀྱིསཿ གཏེར་དང་འཕྲད་པའི་སྐལ་ལྡན་ལས་ཅན་ལཿ ཤ་ཚ་སྙིང་གཏམ་ཞལ་ཆེམས་ཞིབ་གསུངས་པཿ ལས་འཕྲོས་ང་ཡི་གཏེར་དང་འཕྲད་པའི་ཚེཿ ལྷ་འདྲེ་མི་གསུམ་འཇམ་རྩུབ་གཉིས་སུ་འོང་ཿ རྒྱ་བོད་ལྷ་འདྲེ་མ་རུངས་ཐམས་ཅད་ཚོགསཿ ལེགས་པ་ལྟར་བྱས་ཉེས་པ་སྣ་ཚོགས་གཏོང་ཿ མི་མཐུན་པ་ཡི་རྟེན་འབྲེལ་མང་འཇོམ་པསཿ རིག་པར་བཅག་ཆུག་ཁ་སྡོ་མ་ཆད་མ་འཐུང་ཿ བདག་གིས་བདག་ཉིད་འཁོར་བར་མ་བསྐྱུར་བཿ བརྩེ་བརྩེ་དུང་དུང་ཆོས་བཤོལ་སྒྲུབ་གཅོག་པའིཿ ཉེ་འདུ་འབྲེལ་པ་ཐམས་ཅད་འགལ་རྐྱེན་ཡིནཿ ཕ་ཡུལ་མ་སྡོད་གར་སོང་ཆ་མེད་སོང་ཿ འགལ་རྐྱེན་མེད་པའི་གནས་སུ་སྒྲུབ་པ་གྱིསཿ འགལ་རྐྱེན་ཀུན་དང་འབྲེལ་བ་བཙན་ཐབས་མཆོདཿ རང་གིས་རང་ཕུང་མ་འཇུག་སྙིང་གཏམ་ཡིནཿ བདེ་ཞིང་སྐྱིད་པ་མི་འདོད་གཅིག་ཀྱང་མེདཿ རང་ཉིད་དམར་འགྱུར་རྔན་ཅན་ནང་ནས་ཡོང་ཿ མི་ཡང་གཞན་དོན་བོར་ལ་རང་དོན་ཚོལཿ བློ་སྣ་ནང་བསྟུངས་ལྟ་བའི་ཤོར་ཡངས་བསྐྱེདཿ སྣ་ཚོགས་འཆར་བའི་སེམས་ཉིད་ཚད་ལ་ཕོབཿ རི་རབ་ལྟ་བུར་བློ་བརྟན་བསྒོམ་པར་གྱིསཿ བརྟན་པ་ཐོབ་ཅིང་འོད་གསལ་


PKT001_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༡༩བ༽གཡོ་འགུལ་མེདཿ སུ་འགྲོགས་ཡོན་ཏན་མི་འབྱུང་གཅིག་པུར་སྡོདཿ ཡུན་རིང་འགྲོ་དོན་དངོས་གྲུབ་ངང་གིས་འབྱུང་ཿ ལྟོ་གོས་གཡོག་བྱེད་ཕོངས་པ་ཞེར་མ་བཞགཿ ཕྱི་ན་སྲོག་འཚོ་ལྷག་སྐྱོབ་ཙམ་ལ་བརྟེནཿ ནོར་གཏེར་ཐོན་ནས་ཆོས་གཏེར་སྐལ་པ་མེདཿ ཆོས་གཏེར་ཐོན་ནས་ནོར་གཏེར་སྐལ་པ་མེདཿ རྟོག་གཉིས་དུས་གཅིག་སྐྱེ་བ་མི་སྲིད་མདོཿ གཏེར་ནས་ཁྱི་རོ་མིན་པ་གང་ཡང་འབྱུང་ཿ མི་ཚེ་རིང་ན་གང་ཡང་ཆ་མི་ཆོདཿ གོ་ཆ་ཆེར་བགོས་ཤེས་པ་ཞིབ་ཏུ་གྱིསཿ མི་སླུ་ངེས་པར་པད་འབྱུང་བཀའ་ཡིན་གྱིཿ བདག་ཅན་བུད་མེད་མ་འཐུལ་ནོར་མ་བསྲེཿ མི་ཡི་མཛོངས་སྣོན་མ་བྱེད་མགོ་མ་སྟོང་ཿ ཆོས་ཚུགས་མ་ཞིག་བྱེད་པ་སྙིང་གཏམ་ཡིནཿ མི་ཞེས་རི་མགོ་གང་མཐོའི་ཉི་མ་ཡིནཿ བློ་གཏད་ཁེལ་བ་སུ་ལའང་མེད་པས་ནཿ གཏེར་འཚོ་མ་ཤེས་འཕྲལ་རྐྱེན་ངན་དགུ་འོང་ཿ མི་སེམས་འདྲེ་བས་སྤྱང་སྟེ་ཚོར་བ་རགསཿ གྱོང་ཞིང་ཡོད་ན་ཐོ་ཕྱིར་བསྟེན་དོགས་མེདཿ སངས་རྒྱས་བཀའ་ཡིས་སླུ་བ་ཅང་སྲིད་དམཿ དྲོད་རྟགས་མ་ཐོན་བར་དུ་སྒྲུབ་ལ་འབུངསཿ ཆོས་ཟབ་ཙ་ན་ནག་པོའི་བདུད་ཟབ་པསཿ རང་གིས་ཉམས་སུ་མ་བླངས་ཆོས་མ་བསྟནཿ དམ་པ་སྔས་ན་གཞན་གྱི་ཕྲག་དོག་འོང་ཿ སུ་ངོ་ཆེ་ཡང་མི་སྟོན་སྙིང་གཏམ་ཡིནཿ བསྒྲུབ་པའི་དུས་སུ་ལོ་གསུམ་མ་འབུངས་པརཿ གཏེར་ཆོས་ཐོན་ནས་བཅལ་དུ་བཀྲམ་པ་


PKT001_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢༠ན༽ནཿ སློབ་མ་མགོ་ལོག་མངོན་བགྲང་སྐུར་འདེབས་འོང་ཿ མི་ཟེར་བྲོང་ཁར་མ་ཉན་བློ་མ་བསྟུནཿ རང་མནོ་བཞིན་དུ་གཞན་མི་མནོ་བ་ཡིནཿ བཟོ་མ་ཚར་ལ་ཆག་ཆོད་གཏན་ལ་ཕོབཿ རྐྱེན་ཐེག་འདུན་མ་གཟབས་པ་སྙིང་གཏམ་ཡིནཿ བར་གཅོད་ཡིན་ཟེར་སྐད་ལོག་འདོན་མི་ཡོང་ཿ བྱར་ཡོད་དུས་སུ་འཕེན་པའི་སྟོབས་མ་བྱསཿ རློམ་པ་མཚོར་ཆེས་གཞན་གྱི་ཚུལ་ངན་ཡོང་ཿ དམ་ཚིག་མ་བསྲུངས་དམ་ཉམས་བློ་སེམས་བསྲེསཿ བྱེད་བློ་བྱས་པས་བསྟན་བླ་རིན་མེད་འཚོང་ཿ མེད་དང་མི་ཤེས་རྒྱུད་མེད་ཚིག་གསུམ་པོཿ བསྐོར་ལྡབ་བྱས་ནས་སྨྲ་བ་སྙིང་གཏམ་ཡིནཿ ཀུ་སྒྲ་དི་རི་ཧབ་ཤ་བྱེད་པ་འོང་ཿ བརྟན་པ་མ་ཐོབ་དཔའ་གདེང་མི་ལྡན་པརཿ མེད་ན་མེད་དེ་ཡོད་ན་ཡོད་ཚད་བསྟནཿ ཞིམ་པོ་མི་ལ་བྱིན་ན་སྐྱུག་ཏུ་འོང་ཿ གདམས་ངག་ཟགས་སུ་མ་འཇུག་སྙིང་གཏམ་ཡིནཿ དད་པ་དུད་དུད་མི་སྐྱེ་ངན་སྨྲས་ལྡིརཿ གསོལ་བ་ལྷང་ལྷང་མི་འདེབས་སྐོག་ཤུབ་ཡོདཿ སུ་དང་ལྟ་སྤྱོད་མ་བསྟུན་སྙིང་གཏམ་ཡིནཿ དམ་ཚིག་ཐུབ་ན་སུ་མ་མགུ་ཡང་ཆོགཿ ཚུལ་འཆོས་ལོ་འདོད་བྱས་པས་སྣང་མི་འགྱུརཿ མོས་གུས་ཁ་ཅམ་ཚིག་ཙམ་མ་ཡིན་པསཿ ཨུ་རྒྱན་བདག་ལ་སྙིང་ནས་གསོལ་བ་ཐོབཿ བར་གཅོད་བདུད་ནི་ཅིར་ཡང་བརྫུས་འོང་བསཿ མི་ངོམ་བསྲུངས་བཤད་པའི་དམ་ཚིག་སྲུངསཿ གཏེར་སྟོན་ལྟ་བ་ཁལ་མ་


PKT001_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢༠བ༽འབྱམས་གྱིསཿ ལྟ་སྤྱོད་རྩིངས་ན་ཆོས་ལ་བར་ཆད་འོང་ཿ སྔོན་ལ་རང་སྨིན་གོ་ཆ་རྩིས་སུ་ཆེཿ བློ་གཏད་བླ་མ་ལ་བྱེད་བརྒྱུད་པ་འཛིནཿ ལོ་གསུམ་དུས་བོར་མཚམས་སྤྱོད་སྦྱིན་པར་བྱཿ ཆོས་ནི་སྤེལ་མ་དྲགས་ལ་བསྡམས་མ་དྲགསཿ སེམས་ལ་ཕྲ་མོ་དབབ་པ་སྙིང་གཏམ་ཡིནཿ ཆོས་ལ་རང་གིས་ཉམས་ལེན་མ་བྱས་ནཿ གཞན་མ་ཡིད་མི་ཆེས་ཤིང་རྩིས་མི་ཡོང་ཿ མི་ཆོ་ཉམས་ལེན་ཆོས་ལ་དྲིལ་ལ་ཞོགཿ གཏེར་ཆོས་འདི་ཉིད་ཤིན་ཏུ་གཉན་པས་ཏེཿ དཔེར་ན་དུག་སྤྲུལ་མགོ་ཡི་ནོར་བུ་འདྲཿ ཐབས་ལ་མཁས་ན་ནོར་བུ་ལོན་པས་འཆོངསཿ ཐབས་མ་མཁས་ན་དུག་གིས་འཆི་བར་བྱེདཿ དེ་བཞིན་ཡང་ན་འཚོངས་ལ་ཡང་ཕུང་ཿ ཕུང་འཆོངས་ནུས་པ་རིན་ཆེན་ས་ཡི་གཏེརཿ ཁ་འོག་ལུས་ཆུག་ལུས་པོ་དབེན་པར་འདུགཿ ལས་སུ་དཔེ་བྲིས་ནོར་བུ་སྣ་གཤོག་བསྟེནཿ སངས་རྒྱས་རང་རྙེད་དགོས་དགུ་མི་ཡིས་སྟེརཿ བཀུར་སྟི་རྗེད་བྱེད་འཚོ་བ་ལྷ་ཡིས་སྦྱོརཿ བསམ་པ་ཡིད་འགྲུབ་སངས་རྒྱས་བརྒྱུད་པ་ཟིནཿ དཀོན་ཅོག་དབུ་བསྟོད་བསྟན་པའི་རྐང་ཡང་ཚུགསཿ གདུལ་བྱ་ཆུད་མི་ཟ་ཞིང་གཏམ་རེ་སྙནཿ ཨུ་རྒྱན་སྙིང་གཏམ་ཤ་ཚ་མི་ཆུད་ཅིང་ཿ ཚེ་འདིའི་དབང་གྱུར་ཁ་གྲགས་ལོ་འདོད་སྒྲུབསཿ མི་ངོ་དཀར་ནག་བལྟ་ཞིང་ངོ་སྲུང་བྱེདཿ ཆོས་ཉམས་མི་ལེན་ནོར་དང་ཟས་ངོར་གཏོང་ཿ ཁ་མཚོན་འདོན་ཅིང་ཚོང་དུས་བཙོང་ས་འགྲིམཿ རྨོངས་པ་འདུ་ཞིང་མཁས་


PKT001_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢༡ན༽པའི་ཟེར་མི་ཐུབཿ བསྟན་པའི་ཚོམ་པོ་གཞན་ན་མི་བདོག་སྟེཿ དམ་ཉམས་བཀའ་ལོག་བྱ་བ་སུ་ལ་ཟེརཿ དམ་ཅན་རྒྱ་མཚོས་ཁྲེལ་བའི་ཞལ་གདམས་ཡིནཿ བསྟན་པའི་བླ་འཚོང་དཀོན་ཅོག་རྐང་འདྲེན་པོཿ སྤྱི་བཙན་ངན་དཔེ་སྡིག་པའི་སློབ་དཔོན་པཿ དམྱལ་བའི་གྲོས་མཁན་ངན་སོང་ལམ་རྒྱུས་མཁནཿ རང་དོན་རྒྱབ་བསྐྱུར་དལ་འབྱོར་ཆུད་གསན་མཁནཿ རབ་ཏུ་འཚོ་མ་ཤེས་པས་ཕུང་བར་འགྱུརཿ དེ་བས་ང་ཡི་གཏེར་ཆོས་ཤིན་ཏུ་གཉནཿ དུག་གི་ལྟོ་ཡོང་རྨ་བྱ་ཙམ་ལས་མེདཿ ཚོད་ཡོད་ཚོད་ཆུང་ཅུང་ཟད་བྱར་མི་གཏུབཿ མི་དགའ་མ་ཆེ་བྲེ་མོའི་གཏམ་མ་མང་ཿ དམའ་ས་གཟུང་ལ་མི་ལ་འཇིགས་པར་གྱིསཿ གཏེར་བདག་ཨེ་ཡོད་གང་ཟག་ཁྱད་ལ་རགཿ ཨུ་རྒྱན་སློབ་དཔོན་པདྨ་འབྱུང་གནས་ངསཿ སྙིང་གི་ཁུ་བ་བཀའ་རྒྱས་བཏབ་ནས་སྦསཿ དགོས་འདོད་འབྱུང་བའི་ཡིད་བཞིན་ནོར་བུ་ལཿ གསོལ་བ་ཐོབ་ཅིག་སྙིང་གཏམ་སྨྲས་པ་རྣམསཿ ང་ཡིས་བོད་ཁམས་གཏེར་གྱིས་བཀང་ནས་ཡོདཿ དངོས་གྲུབ་འདོད་ན་གཏེར་གནས་ཀུན་ནས་ལོངསཿ ང་ནི་མི་སྡོད་སྲིན་པོའི་ཡུལ་དུ་འགྲོཿ གསོལ་བ་སྙིང་ནས་འདེབས་པའི་གང་ཟག་ལཿ ང་ལ་འགྲོ་སྡོད་གཉིས་སུ་ག་ལ་ཡོདཿ ཨོ་རྒྱན་སྤྲུལ་པ་འབུམ་ཕྲག་འབུམ་ཡང་འབྱུང་ཿ སྔར་ཡོད་ཕྱིས་མི་ཡོད་པའི་གུ་རུ་མིནཿ ང་འགྲོ་ལྷོ་ནུབ་སྲིན་པོ་འདུལ་དུ་འགྲོཿ


PKT001_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢༡བ༽ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ གཏེར་དང་འཕྲད་པའི་གང་ཟག་རྣམས་ལ་ཞལ་གདམས་སྙིང་གཏམ་བཞག་པའི་ལེའུ་སྟེ་གོ་གསུམ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿཿ

གཏེར་སྟོན་པ་བརྟག་པའི་ལེའུ།


PKT001_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིསཿ བྲག་དམར་ལྷུན་གྲུབ་དཔལ་གྱི་བསམ་ཡས་སུཿ མི་འཇིགས་སེང་གེ་བསྣོལ་བ་གསེར་ཁྲིའི་སྟེང་ཿ བཀྲག་གསལ་ཟ་འོག་པཉྩའི་གདན་སྟེངས་སུཿ འཇའ་རིས་འཕན་གདུགས་བྲེས་པའི་བསིལ་གྲིབ་ལཿ རིན་ཆེན་སྤྱན་གཟིགས་བཀྲམ་པའི་སྟ་ཟུར་གྱིཿ ཕྱི་ནང་མཆོད་པ་བཤམས་པའི་མདུན་རོལ་དུཿ ལྷ་མིའི་སྤྲིན་ཕུང་འཁྲིགས་པའི་དཀྱིལ་དབུས་ནཿ སངས་རྒྱས་གཉིས་པ་འགྲོ་བའི་དོན་བྱོན་པའིཿ སློབ་དཔོན་ཆེན་པོ་པད་འབྱུང་འཛུམ་བཅས་བཞུགསཿ དེ་དུས་འཛམ་གླིང་རྒྱལ་པོ་མངའ་བདག་གིསཿ གསེར་གྱི་མཎྜལ་གཡུ་ཡི་མེ་ཏོག་བཀོདཿ གཟི་དང་མུ་མེན་སྐྱོགས་སུ་འབྲས་ཆང་དང་ཿ རྒུན་འབྲུམ་ཆང་བླུག་སློབ་དཔོན་ཞལ་དུ་དྲངསཿ བཟའ་བཅའ་ཕྱི་ནང་མཆོད་པ་མང་ཕུལ་ནསཿ ཨེ་མ་ཧོཿ སྤྲུལ་སྐུའི་མཆོག་གྱུར་འགྲོ་མགོན་པདྨ་འབྱུང་ཿ བདག་གི་བོད་ཡུལ་མཐའ་འཁོབ་ཁ་བ་ཅནཿ གཅོང་རོང་གྲོག་པོ་མཚོན་ཆ་གཟིངས་པ་འདྲཿ མ་རུངས་བློན་པོ་གདོང་དམར་སྲིན་པོའི་རིགསཿ དཀར་པོའི་སེམས་མེད་སྡིག་སྤྱོད་སེམས་ཅན་མང་ཿ ཐུགས་རྗེས་གཟིགས་ནས་བཀའ་


PKT001_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢༢ན༽ལུང་མན་ངག་གནང་ཿ ཕྱི་རབས་དོན་དུ་རིན་ཆེན་གཏེར་མང་སྦསཿ མ་འོངས་དོན་དུ་གཏེར་སྟོན་མང་འབྱུང་ནཿ སློབ་མའི་ཡིད་ཆེས་བཀུར་གནས་གང་ལ་བགྱིཿ ལས་ཅན་དོན་དུ་རི་བྲག་ལུང་པ་རྣམསཿ ཨོ་རྒྱན་ཉིད་ཀྱིས་སྒྲུབ་རིར་བྱིན་གྱིས་བརླབསཿ ཐུགས་རྗེས་བཟུང་བས་བར་ཆད་མི་འབྱུང་ཞིང་ཿ གནས་རྣམས་ཀུན་ཏུ་སྒྲུབ་པ་འཕེལ་མོད་ཀྱང་ཿ ཁྱད་པར་འཕགས་པའི་སྒྲུབ་གནས་གང་ལ་བགྱིཿ ཐམས་ཅད་མཁྱེན་པ་པདྨ་འབྱུང་གནས་ཀྱིསཿ ཕྱི་རབས་དོན་དུ་བདག་ལ་གསུང་བར་ཞུཿ ཞེས་གསོལ་དབུ་ཐོད་བུད་བུད་ཕྱག་འཚལ་བསཿ སློབ་དཔོན་ཆེན་པོ་པདྨས་བཀའ་སྩལ་པཿ གསོན་ཅིག་མངའ་བདག་འཛམ་གླིང་ཆོས་ཀྱི་རྒྱལཿ རྒྱ་ཆེ་གྲངས་མང་ཆོས་རྣམས་གསུངས་པ་ཀུནཿ ཀུན་རྫོབ་དོན་དམ་གཉིས་སུ་ཤེས་པ་ཡིསཿ མདོ་སྔགས་སྤྱི་ལུང་ཡིད་ཆེས་དཔང་དུ་ཚུགསཿ གཏེར་སྟོན་རྣམ་ཐར་ཆ་ལུགས་ཅི་འདུག་དྲིསཿ ཆོས་རྣམས་ཐམས་ཅད་སྒྲིབ་པ་མེད་པའི་སྤྱནཿ མདོ་རྒྱུད་ཡིན་པས་ཚད་བཟུང་དབང་པོ་བཏུབཿ བསྟན་བཅོས་རྣམས་དང་གང་ཟག་ཚད་མི་གཟུང་ཿ དབང་པོ་མི་བཏུབ་ཁ་འཛིན་ཕྱོགས་ཆ་ཡིནཿ ཆོས་དང་ཆོས་མིན་གཉིས་ཕྱེ་བརྟག་པར་བྱཿ ས་རྟགས་གང་ཤར་རྒྱལ་ཁམས་ཡོངས་སུ་ཉནཿ མང་པོའི་ནང་ནས་གཅིག་ནི་ཡིན་པར་གཟུང་ཿ འགལ་བ་གཏེར་གཉིས་དུས་གཅིག་མི་འབྱུང་སྟེཿ


PKT001_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢༢བ༽རིམ་པར་བྱུང་ན་མདོ་སྔགས་ལུང་གིས་ཟིནཿ དེ་ཡང་མྱ་ངན་འདས་པའི་མདོ་སྡེ་ལསཿ ཡུལ་གཅིག་འཁོར་ལོ་སྒྱུར་རྒྱལ་གཉིས་མི་འབྱུང་ཿ འཇིག་རྟེན་ཁམས་ན་སངས་རྒྱས་གཉིས་མི་འབྱུང་ཿ ཞེས་གསུངས་ང་ཡི་གཏེར་འབྱིན་དེ་འདྲའོཿ བླ་མེད་དོན་རྫོགས་འདུས་པའི་རྩ་རྒྱུད་ལསཿ གསང་སྔགས་དར་དུས་སྔགས་པ་བདུད་ལས་བྱེདཿ བདེན་པ་མཐོང་བའི་སྤྲུལ་སྐུ་གཉིས་མི་འབྱུང་ཿ འབྱུང་ན་མི་སྲིད་མདོ་རྒྱུད་ཀུན་དང་འགལཿ ཞེས་གསུངས་ཇི་སྲིད་ཉིན་མོར་གྱུར་པའི་དུསཿ ཕྱོགས་བཞི་མཚམས་བརྒྱད་ཉི་མ་ཤར་བྱུང་ནཿ དེ་བཞིན་ང་ཡི་གཏེར་འབྱིན་དེ་འདྲའོཿ གཞན་ཡང་སོ་སོ་འབྲང་པའི་མདོ་ལས་ཀྱང་ཿ མེ་ལས་པདྨོ་སྐྱེ་བ་ངོ་མཚར་ཞིང་ཿ འཇིག་རྟེན་སངས་རྒྱས་གཉིས་སྟོན་མཆོག་དེ་འདྲཿ ཞེས་དང་ཇི་སྲིད་མཚན་མོར་གྱུར་པ་ནཿ ཕྱོགས་བཞི་མཚམས་བརྒྱད་ཟླ་བ་ཤར་བྱུང་ནཿ དེ་བཞིན་ང་ཡི་གཏེར་འབྱིན་དེ་འདྲའོཿ བྱེ་བྲག་མ་འདྲེས་པ་ཡི་མདོ་ལས་ཀྱང་ཿ ཡར་སྐྱེ་གཅིག་དང་མར་འགྲིབ་བཅོ་བརྒྱད་དེཿ འཕེལ་འགྲིབ་གཉིས་ཀ་དུས་གཅིག་བྱེད་མི་སྲིདཿ མི་སྲིད་སྲིད་པའི་ཁྱད་འཕགས་དེ་འདྲ་བཿ ས་སྟེང་བྱུང་ན་འཕགས་པའི་ལུང་གིས་བཀགཿ ཅེས་གསུངས་ཡུལ་གཅིག་འཁོར་ལོ་སྒྱུར་རྒྱལ་གཉིསཿ དེ་བཞིན་ང་ཡི་གཏེར་འབྱིན་དེ་འདྲའོཿ འཕགས་པ་ཡོངས་སུ་མྱ་ངན་འདས་པ་ལསཿ ཁ་ཟས་བཟང་པོ་དུག་དང་


PKT001_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢༣ན༽འདྲེས་པ་ལཿ ཡོན་ཏན་རོ་ཞིམ་འགྲངས་པ་སོགས་ཡོད་ལཿ སྐྱོན་ནི་འཆི་བ་ཡོད་ཅེས་འཚོད་པ་ནཿ གླེན་པ་གཏི་མུག་ཅན་གྱིས་དེ་ཉོ་ཞིང་ཿ མཁས་པ་ཤེས་རབ་ཅན་རྣམས་མི་ཉོ་ཞེསཿ དམ་ཚིག་ཉམས་པའི་བརྫུན་གཏེར་ཟང་མ་ལཿ ཉོ་བཙོང་བྱེད་པ་བསྟན་པའི་ལག་དམར་ཏེཿ སྤེལ་སྒྲོགས་བྱེད་པ་ཤོ་གམ་ཅན་གྱི་གནསཿ དམ་པའི་ཆོས་མཆོག་པདྨ་དཀར་པོ་ལསཿ དེ་བས་འཇིག་རྟེན་སློབ་དཔོན་སངས་རྒྱས་ཀྱིཿ སྐྱོབ་པ་ལྡེམ་པོའི་ངག་ནི་ཤེས་པར་གྱིསཿ ཐེ་ཚོམ་ཆོད་ལས་སོམ་ཉི་རྣམ་སྤངས་ཏེཿ སངས་རྒྱས་འགྱུར་གྱིས་དགའ་བ་རབ་ཏུ་བསྐྱེདཿ ཅེས་གསུངས་ཡིན་མིན་ཐེ་ཚོམ་སྒྲོ་འདོགས་ཆོདཿ འདམ་སེང་མང་སྟེ་གངས་ཀྱི་སེང་གེ་དཀོནཿ མེ་ཏོག་མང་སྟེ་ཨུ་དུམ་ཝཱ་ར་དཀོནཿ ནགས་ཚལ་མང་སྟེ་བྱང་ཆུབ་ལྗོན་ཤིང་དཀོནཿ རྒྱ་མཚོ་མང་སྟེ་འོ་མ་ཅན་ནི་དཀོནཿ འདབ་ཆགས་མང་སྟེ་མཁའ་ལྡིང་ཁྱུང་ནི་དཀོནཿ རྒྱལ་པོ་མང་སྟེ་འཁོར་ལོ་སྒྱུར་རྒྱལ་དཀོནཿ བརྫུས་སྐྱེས་མང་སྟེ་པད་སྡོང་སྐྱེས་པ་དཀོནཿ བདུད་རྩི་འབྱུང་བ་རྩ་བའི་རྒྱུད་ཆེན་ལསཿ ང་ཡི་བསྟན་པ་སྙིགས་མར་གྱུར་པ་ནཿ ཆོས་རྣམས་ཚོང་དུས་འོ་མ་ཇི་བཞིན་དུཿ ངན་པས་བསླད་ནས་ཐུར་དུ་ལྟུང་བར་བྱེདཿ དེ་བཞིན་ལུང་པ་རེ་ན་གཏེར་སྟོན་རེཿ ཡུལ་གྲུ་རེ་ན་གྲུབ་ཐོབ་གྲགས་འདོད་རེཿ བསྟན་པའི་ཆོས་བཤད་ལག་དམར་ཁྲག་ཅན་རེཿ ཀུན་རྫོབ་གཏེར་


PKT001_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢༣བ༽འདྲ་གཏེར་མའི་སེལ་བྱེད་རེཿ ཡོན་ཏན་ཆེ་སྟེ་སྐྱོན་གྱི་གོང་པོ་རེཿ ཡིན་ཡིན་མང་སྟེ་ཡིད་སྐྱོ་ཐེ་ཚོམ་མེདཿ དེ་ལ་མཁའ་འགྲོ་མ་དགྱེས་མི་དགེའི་རྟགསཿ མི་འཚམ་རྣམ་པ་མང་དུ་འབྱུང་བར་འགྱུརཿ དེ་དུས་བཀུར་གནས་ས་རྟགས་ཤར་ལ་བྱེདཿ གཏེར་ཀ་མ་མཐུན་ལུང་བསྟན་ཟིན་ལ་བྱེདཿ ཆང་དང་ཆུ་གཉིས་ངོས་རྟགས་འདྲ་བས་གསལཿ ཆོས་ལ་རྣོ་བའི་ནུས་པ་འདུག་ལ་བྱེདཿ ཆོས་དེས་འདུལ་ཞིང་ཉམས་སུ་ལེན་པ་བྱེདཿ ལྷ་དང་འདྲེ་གཉིས་བསྲེས་ཀྱང་མི་འདྲ་སྟེཿ ང་ཡི་བཤད་དང་མཐུན་པ་ཞིག་ལ་བྱེདཿ ས་འོག་གསེར་སྦ་ས་འོད་ནི་མཁའ་ལ་ལྡིང་ཿ མདོ་སྔགས་ལུང་དང་མཐུན་པ་ཞིག་ལ་བྱེདཿ ང་ཡི་སྤྲུལ་པར་ཟོག་པོ་ཟེར་ཞིང་གཤེཿ ཟོག་པོ་རྣམས་ལ་འདི་ཕྱིའི་བློ་རྟེན་འཆའཿ དྲན་པ་གསལ་ཏེ་དགེ་སྡིག་ངོ་མི་ཤེསཿ ཤེས་པ་ཞིབ་སྟེ་ཆོས་ཀྱི་མ་ཚང་མི་ལོནཿ དེ་ཕྱིར་བདུད་ཀྱི་བསྟན་པ་དར་བ་ཡིནཿ ང་ལ་རྣམ་ཐར་འདྲ་མིན་མང་པོ་ཡོདཿ པདྨ་འབྱུང་གནས་ཆུང་བས་བསམ་ཡས་ཡོངསཿ ཆེན་པོས་མ་བྱོན་ཟེར་ནས་གྲུབ་མཐའ་རྩོདཿ ང་འདི་པདྨ་འབྱུང་ཆེན་པོའི་ཆོས་ཡིན་ཟེརཿ བརྒྱུད་པ་དེ་ནས་བྱས་ཏེ་མི་མགོ་བསྐོརཿ དེ་བཞིན་ཀླུ་སྒྲུབ་ཨཱརྻ་གཉིས་གསུམ་ཟེརཿ མི་འདྲ་མང་པོ་ཡི་གེར་འདུག་པ་ནིཿ ཞི་དུལ་ཤེས་རབ་ཅན་གྱིས་གོ་བར་བྱཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ


PKT001_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢༤ན༽གཏེར་སྟོན་པ་བབརྟག་པའི་ལེའུ་སྟེ་གོ་བཞི་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

མ་འོངས་སྒྲུབ་གནས་བསྟན་པའི་ལེའུ།


PKT001_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྒྲུབ་པ་བྱེད་པའི་གནས་གསུངས་པཿ སྒྲུབ་གནས་ཀུན་གྱི་རྒྱལ་པོ་ཁྱད་འཕགས་ནིཿ མཁའ་འགྲོ་མ་བསྒྲུབས་རང་བཞིན་འདུ་བའི་གནསཿ སྐུ་ཡི་དབེན་གནས་བསྒྲགས་ཀྱི་ཡང་རྫོང་ཡིནཿ གསུང་གི་དབེན་གནས་བསམ་ཡས་མཆི་མས་ཕུ་སྟེཿ ཐུགས་ཀྱི་དབེན་གནས་ལྷོ་བྲག་མཁར་ཆུ་ཡིནཿ ཡོན་ཏན་དབེན་གནས་ཡར་ཀླུངས་ཤེལ་གྱི་བྲགཿ འཕྲིན་ལས་དབེན་གནས་མོན་ཁ་སེང་གེ་རྫོང་ཿ ཁྱད་པར་ཡར་ཀླུངས་ཤེལ་བྲག་མཆི་མས་ཕུ་གཉིསཿ རྒྱ་གར་དུར་ཁྲོད་བསིལ་བའི་ཚལ་དང་མཚུངསཿ ལུང་ལྔ་གླིང་གཅིག་ལྗོངས་གསུམ་གངས་ཉི་ཤུཿ དེ་ཡང་དབུས་ན་ཤངས་ཀྱི་ཟམ་བུ་ལུང་ཿ ཤར་ཕྱོགས་ཀོང་པོའི་ཡུལ་ན་ལྗོན་པ་ལུང་ཿ ལྷོ་ཡི་ཕྱོགས་ན་མིན་གྱི་སྲིབས་བཙན་ལུང་ཿ ནུབ་ཀྱི་ཕྱོགས་ན་འོགས་ཀྱི་ཕག་རི་ལུང་ཿ བྱང་གི་ཕྱོགས་ན་སྐྱིད་ཀྱི་གྲོ་མ་ལང་ཿ ཤར་ལྷོ་མཚམས་ན་སྦས་ཡུལ་པདྨ་གླིང་ཿ ལྷོ་ནུབ་མཚམས་ན་སྦས་ཡུལ་འབྲས་མོ་ལྗོངསཿ ནུབ་བྱང་མཚམས་ན་སྦས་ཡུལ་མཁན་པ་ལྗོངསཿ བྱང་ཤར་མཚམས་ན་སྦས་ཡུལ་ལུང་གསུམ་ལྗོངསཿ ཐང་ལྷ་ཏི་སེ་མང་མཁར་བུ་ལེ་གངསཿ སྟར་སྒོ་ཕོ་མ་མཁའ་རི་རྡོ་རྗེ་གངསཿ ཇོ་མོ་ཁ་རག་གང་བཟང་རྩེ་དུམ་གངསཿ ལ་ཕྱི་ཚེ་རིང་སྣ་ནམ་ཏེ་སྒོ་གངསཿ འོ་དི་གུང་རྒྱལ་


PKT001_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢༤བ༽ཤམ་པོ་གསལ་རྗེ་གངསཿ ཧ་འོ་གངས་བཟང་ཙཱ་རི་ང་ལའི་གངསཿ ང་ཡི་ཞབས་ཀྱིས་བཅགས་པའི་གནས་ཆེན་དུཿ ཁྱད་པར་འཕགས་པའི་སྒྲུབ་གནས་དེ་དག་ཀུནཿ དེ་ཡང་གང་ཟག་རབ་འབྲིང་ཐ་མ་གསུམཿ གང་ཟག་དབང་པོ་རབ་ཀྱིས་བསྟེན་པ་ལཿ བསམ་ཡས་མ་ཆིམས་ཕུ་ཡར་ཀླུངས་ཤེལ་གྱི་བྲགཿ ཡེར་པ་ཟླ་བ་ཕུག་གི་གནས་འདི་གསུམཿ བསམ་ཡས་ཁྲ་འབྲུག་ར་སའི་གཙུག་ལག་དང་ཿ ཟུང་ངུ་འབྲེལ་བའི་གནས་ཆེན་སྒྲུབ་པའི་གནསཿ ཞིང་མཆོག་དམ་པ་ཀུན་ལའང་དེ་ལས་མེདཿ འདི་གསུམ་གནས་ལ་མཆོག་ཐུན་གང་བསྒྲུབ་པཿ སྒྲུབ་པ་བྱས་ན་མི་འགྲུབ་གང་ཡང་མེདཿ གནས་འབྲེལ་ཙམ་ཡང་རིག་འཛིན་གྲལ་ལ་ཆུདཿ ཕུང་པོ་བོར་ནས་མཁའ་སྤྱོད་གནས་སུ་འགྲོཿ ཁྱད་པར་ཡར་ཀླུངས་ཤེལ་གྱི་བྲག་ཕུག་འདིཿ བདུད་རྩི་སྨན་སྒྲུབ་བྱས་པའི་གནས་ཡིན་པསཿ གསང་སྔགས་མཐར་ཕྱིན་ཨུ་རྒྱན་ཡུལ་ལྟ་བུཿ ཡ་མཚན་སྒྲུབ་ཁང་བྲག་ཕུག་ཁྱད་འཕགས་ཡོདཿ ཞི་ཁྲོ་སོགས་ཀྱི་གཞལ་ཡས་ཁང་མང་བཞུགསཿ བོད་འབངས་དགའ་དད་སྤྲོ་བར་ཡར་བའི་བྲགཿ ཡོན་ཏན་བརྒྱ་ལྡན་བསམ་ལས་འདས་པར་བརྗོདཿ དེ་ལ་གནས་ཚད་དུ་རུཥྐས་མི་ཕེབསཿ གངས་དཀར་ཏི་སེ་ཙཱ་རི་ཟམ་བུ་ལུང་ཿ གནས་གཞན་ལ་ཡང་ཡོན་ཏན་ཡོད་མོད་ཀྱང་ཿ བསམ་གྲུབ་ཤེལ་གྱི་བྲག་ཕུག་ཆར་མི་ཉེཿ ཨུ་རྒྱན་ཧེ་རུ་ཀ་དང་


PKT001_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢༥ན༽མཚུངས་དཔར་བཞགཿ འབྲིང་དང་ཐ་མས་སྦས་ཡུལ་གངས་ལ་བསྒྲུབཿ སྒྲུབ་གནས་རི་བྲག་མང་པོ་བསམ་འདས་ཀྱང་ཿ སྒྲུབ་གནས་གཙུག་ལག་ཁང་དང་ཟུང་འབྲེལ་བཿ འདི་གསུམ་དགེ་བ་བརྒྱ་འགྱུར་འཐོབ་པའི་གནསཿ ཚོགས་འཁོར་བྱས་ཚད་ཆུད་ཟོས་སོང་རེ་སྐནཿ ཞེས་གསུངས་འཛམ་གླིང་རྒྱལ་པོ་དགྱེས་པར་གྱུརཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ མ་འོངས་སྒྲུབ་གནས་བསྟན་པའི་ལེའུ་སྟེ་གོ་ལྔ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

སངས་རྒྱས་བསྟན་པའི་འཕེལ་འགྲིབ་བསྟན་པའི་ལེའུ།


PKT001_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིསཿ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལཿ བསྟན་པའི་འགྲིབ་ཚུལ་ཇི་ལྟར་འགྲིབ་ཅེས་ཞུསཿ སློབ་དཔོན་ཆེན་པོ་པདྨས་བཀའ་སྩལ་པཿ བསྐལ་པ་རྫོགས་ལྡན་གཉིས་ལྡན་གསུམ་ལྡན་དང་ཿ རྩོད་ལྡན་ཡན་ཆད་སངས་རྒྱས་རེ་རེ་བྱོནཿ ཐུབ་པའི་བསྟན་པ་ལྔ་སྟོང་ལྔ་བརྒྱ་གནསཿ སྐྱེ་དགུའི་བདག་མོ་རབ་ཏུ་བྱུང་བ་ཡིསཿ བུད་མེད་བསོད་ནམས་ཆུང་བས་ལྔ་བརྒྱ་ནུབཿ ལྷག་མ་བསྐལ་པ་ལྔ་སྟོང་གནས་པ་ལཿ ལོ་ནི་བརྒྱ་བརྒྱ་དག་ལ་ལན་རེ་བྲིཿ ཚེ་ལོ་བཅུ་པ་དག་ལ་མཐིལ་དུ་ཐུགཿ དང་པོ་ཚེ་ལོ་བརྒྱ་ནས་དགུ་བཅུའི་བརཿ ལོ་ནི་སྟོང་དུ་སྟོན་པའི་བསྟན་པ་གནསཿ དེ་ནས་བསྟན་པའི་གཟུགས་བརྙན་འབྱུང་པ་ནིཿ ཚེ་ལོ་བརྒྱད་ཅུ་པ་ལ་མདོ་སྡེ་འབྱུང་ཿ བདུན་


PKT001_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢༥བ༽ཅུ་པ་ལ་འདུལ་བའི་སྡེ་སྣོད་འབྱུང་ཿ དྲུག་ཅུ་པ་ལ་མདུན་པའི་སྡེ་སྣོད་འབྱུང་ཿ སྣང་སྲིད་ལྷ་འདྲེ་འཁྲུགས་ནས་མི་རུང་ལྟསཿ བསྟན་པའི་སྟོད་སྟོངས་སྨད་སྟོངས་བར་སྟོངས་འབྱུང་ཿ བསྐལ་པ་ཕྲན་བུ་འཚེ་བ་མང་དུ་འབྱུང་ཿ ལྔ་བརྒྱ་ཕྲག་བདུན་རྗེས་ནས་ལོ་བདུན་ནཿ རྟགས་ཙམ་འཛིན་གྱི་བསྟན་པའི་མགོ་གཡོ་འཛུགསཿ བེ་གྲུམ་དར་ཞིང་རྨོངས་པའི་ཁྱུ་གླིང་འབྱུང་ཿ ཆོས་ཀྱི་ཐེ་རལ་ཁ་འཛིན་བསྟན་གཉིས་འཁྲུགཿ ལྔ་བརྒྱ་ཕྲག་གསུམ་རྟགས་ཙམ་འཛིན་གྱི་དུསཿ ཚེ་ལོ་ལྔ་བཅུ་པ་ལ་བཀའ་འདུས་འབྱུང་ཿ ལོ་ཡི་སྙིགས་མ་གཉིས་ནག་མེ་ཕོ་སྟགཿ ཟླ་བའི་སྙིགས་མ་བདུན་དམར་ས་མོ་ཡོསཿ ཞག་གི་སྙིགས་མ་དྲུག་དཀར་ལྕགས་ཕོ་འབྲུགཿ དུས་ཚད་སྙིགས་མ་གསུམ་མཐོན་ལྕགས་ཕོ་ཁྱིཿ མི་ཡི་སྙིགས་མ་ལྔ་བཅུ་ཁ་རལ་མིཿ མཐའ་དབུས་འཁྲུག་ཅིག་མ་སྨད་ཡིད་མི་ཆེསཿ ལུགས་བླུག་བྲིས་བྲིས་གླེགས་བམ་མཆོད་རྟེན་འཇིགཿ ཆར་ཆུ་མི་སྙོམས་འབྲས་བུ་དུས་མི་སྨིནཿ གོས་རུ་མི་བཏུབ་ནད་ཡམས་མང་པོ་ཡོང་ཿ མུ་གེ་རབས་ཆད་ཡུགས་ས་མང་དུ་འབྱུང་ཿ གྲོས་ནི་རང་གི་སྙིང་ལའང་ཡིད་མི་ཆེསཿ ཉེ་བ་འཐབ་ཅིང་སོ་ཁ་ཐེམ་པར་གཏོདཿ གདོན་དུ་ཕོ་གདོན་བདུད་དང་ཁྱབ་འཇུག་དརཿ འདྲེ་རུ་གསོན་འདྲེ་མོ་གདོན་ཤི་ཚད་གནོདཿ མི་དགེའི་ལས་ཀྱི་ལམ་རྣམས་འཕེལ་བ་འབྱུང་ཿ


PKT001_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢༦ན༽སྦྱང་གི་རྒྱབ་སེར་དགེ་སློང་ཚུལ་འཆོས་རྣམསཿ བདུད་དབང་གྱུར་པས་ཆས་གསུམ་བསྟན་པ་འབྱུང་ཿ དེ་ནས་བསྟན་པའི་གཟུགས་བརྙན་བརྗེས་པ་དང་ཿ ཚེ་ལོ་བཞི་བཅུ་པ་ལ་དགྲའི་བསྐལ་པཿ མི་རྣམས་བློ་བུར་ཡེ་འབྲོག་གླང་ཐབས་འཆིཿ གདོན་དུ་ས་བདག་ཀླུ་ནད་གཉན་ནད་འབྱུང་ཿ བུད་མེད་མོ་ལུས་ཐོབ་ཚད་གསོན་འདྲེར་གདོནཿ ཐོག་དང་ས་གཡོས་དམག་དང་མུ་གེ་འབྱུང་ཿ པད་འབྱུང་སྤྲུལ་པ་ཤར་གྱི་ཕྱོགས་ནས་འོང་ཿ ཚེ་ལོ་སུམ་ཅུ་བ་ལ་མུ་གེ་འབྱུང་ཿ མཉམ་ལས་ཚེ་སྟོད་བཟང་པོས་ངན་པ་བསྟོདཿ ནང་དུ་འདུ་བ་མཐའ་དག་འཁྲུག་པ་འབྱུང་ཿ གདོན་དུ་ཀླུ་བདུད་དམ་སྲི་འབྱུང་པོ་དང་ཿ འདྲེ་རུ་བྱིས་པ་ཐམས་ཅད་ཐེའུ་རང་གནོདཿ ཁྲིམས་འཇིག་ཡུལ་འཆུགས་གནམ་ས་གོ་ལོག་འོང་ཿ པད་འབྱུང་སྤྲུལ་པ་ལྷོ་ནུབ་མཚམས་ནས་འབྱུང་ཿ ཉི་ཤུ་པ་ལ་ནད་ཀྱི་བསྐལ་པ་འབྱུང་ཿ མི་དང་ལྷ་བྱེ་སྡེ་བར་བུད་མེད་འོང་ཿ ལོ་གཅིག་བར་དུ་ཆར་པ་ཐུལ་ཙམ་མེདཿ སྐབས་སྐབས་མུ་གེ་ཟླ་བ་དགུ་དགུ་འབྱུང་ཿ ནད་དུ་འཆི་ནད་རིམས་ལྷོག་གག་གཟེར་འབྱུང་ཿ གདོན་དུ་དམ་ལོག་རྒྱུ་བ་རྣམ་བཞི་དརཿ ཉི་མ་གཟས་ཟིན་ལ་མ་མི་མཐོང་བ་འབྱུང་ཿ འདྲེ་རུ་གནམ་ནད་སྨྱོ་འབོག་བརྒྱལ་ནད་གདོནཿ པད་འབྱུང་སྤྲུལ་པ་བྱང་གི་ཕྱོགས་ནས་འོང་ཿ ཚེ་ལོ་བཅུ་པར་མཚོན་གྱི་བསྐལ་པ་


PKT001_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢༦བ༽འབྱུང་ཿ སྙིགས་མའི་མཐར་ཐུག་བསྐལ་པ་ངན་པ་སྟེཿ བུ་ཚས་ལོ་བཅུ་ལོན་པ་སྨོན་ལམ་འདེབསཿ བུ་མོ་བཙས་པ་ལོ་ལྔར་ཁྱིམ་ཐབ་གཏོང་ཿ ལུས་ཀྱི་ཚད་ནི་མཐོ་གང་ཆག་གང་པཿ ཁ་ཟས་མཆོག་གྱུར་ཀོ་ཊ་དཔའ་བོ་ཟཿ ར་ལུག་འབྲི་གནག་གཅིག་ཀྱང་མི་འབྱུང་སྟེཿ གོས་ཀྱི་མཆོག་གྱུར་སྐྲ་ཡི་ལྭ་བ་གྱོནཿ རྒྱན་ཆའི་མཆོག་གྱུར་མཚོན་ཆ་དག་ལ་བྱེདཿ དེ་དུས་རོ་མཆོག་རྣམ་པ་ལྔ་ནུབ་འགྱུརཿ སྦྲང་མ་ཡོད་ཀྱང་སྦྲང་རྩི་མི་འབྱུང་ཞིང་ཿ འོ་ཞོ་ཡོད་ཀྱང་དཀྲོགས་ན་མར་མི་འབྱུང་ཿ ཡུངས་ཀར་ཏིར་ཡོད་བཙིར་ཀྱང་སྣུམ་མི་འབྱུང་ཿ བུར་ཤིང་ཀར་ཞིང་ཡོད་ཀྱང་བཅུད་མི་འབྱུང་ཿ ལན་ཚྭ་གཏན་ནས་མ་བསྐམས་མེད་པར་འགྲོཿ དེ་དུས་ངན་བྱེད་བསྟོད་ཅིང་བཟང་བྱེད་སྨོདཿ ཕ་མ་དགེ་སློང་བྲམ་ཟེ་དག་ཏུ་ནིཿ མི་འཛིན་ཀུན་གྱིས་སྐུར་པ་འདེབས་ཤིང་སྨོདཿ ཚེ་ལོ་བཅུ་པ་བྱེད་པའི་རྐྱེན་ངན་གསུམཿ མཚོན་དང་ནད་དང་མུ་གེས་བྱེད་པ་ཡིནཿ དང་པོ་མི་རྣམས་གནོད་སེམས་སྐྱེས་པས་ཏེཿ སེམས་ཅན་གཅིག་གིས་གཅིག་མཐོང་ནས་ཆེར་གསོདཿ གསོད་སེམས་སྐྱེས་པས་རྔོན་པས་དགོན་མཐོང་བཞིནཿ རྡོ་དང་ཤིང་དང་བོང་མ་གང་དག་བླངསཿ མཚོན་རྣམ་གྱུར་ནས་གཅིག་གིས་གཅིག་གསོད་ཅིང་ཿ གང་དག་ཤི་བ་ཐམས་ཅད་དམྱལ་བར་ལྟུང་ཿ དེ་དུས་སེམས་ཅན་དམྱལ་བ་ཤིན་ཏུ་མང་ཿ མཚོན་གྱི་བསྐལ་པས་མཐའ་རུ་སྟོངས་པར་


PKT001_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢༧ན༽བྱེདཿ བསྟན་པའི་དམ་ཆོས་ནུབ་པར་གྱུར་ནས་ནིཿ བོད་ཀྱི་བསྟན་པ་ལི་ཡི་ཡུལ་དུ་སྡུདཿ རྟགས་ཙམ་འཛིན་གྱིས་བསྟན་པ་ཉམས་པའི་དུསཿ ལི་ཡུལ་རྒྱལ་པོ་ཆོས་སྐྱོང་རྨེ་བ་ཅནཿ རྒྱལ་པོ་དེ་ཡི་བླ་མཆོད་ལྔ་བརྒྱ་པོཿ དྲོ་དུས་ཆོས་ཀྱི་རྒོལ་རྩོད་ཐེ་ཚོམ་གཅོདཿ གཅིག་ལ་གཅིག་རྒོལ་བཟོད་པའི་གོ་ཆ་ཤོརཿ དུག་ལྔ་རགས་པས་ཞེ་སྡང་རྦ་ཀློང་འཁྲུགསཿ མཐོ་དམན་ཚིག་གིས་ཀུན་བསླངས་ཁ་ལག་ཤོརཿ ཀུན་གྱིས་སྐ་རགས་གསེབ་ནས་གྲི་གུ་བཏོནཿ གཅིག་ལ་གཅིག་ཐེབས་བླ་མཆོད་ལྔ་བརྒྱ་པོཿ མཚོན་གྱིས་གྲི་རུ་ཁྲག་གིས་འདམ་དུ་ཚུདཿ རྒྱལ་པོ་མྱ་ངན་ཁང་པར་ཞུགས་པའི་དུསཿ ཕྱི་བློན་ནང་བློན་རིག་པ་ཅན་རྣམས་ཀྱིསཿ བ་དམར་གླང་དམར་ཀོ་བ་ལུས་ལ་གྱོནཿ གྲོད་པས་མགོ་གཏུམས་གསེག་ཤང་ལག་ན་ཐོགསཿ རྒྱལ་པོའི་སྤྱན་གྱིས་ནོན་པའི་ས་ལ་རྒྱུཿ ནད་བློན་ཕྱག་ཚང་རྒྱལ་མོ་ལ་སོགས་ཀྱིསཿ རྗེ་གཅིག་བཞེངས་དང་བླ་མཆོད་ས་མ་སྟོངསཿ རི་བྲག་སྐྱིབས་སུལ་སྒོམ་ཆེན་ཐེམ་སྤངས་རྣམསཿ རི་ཁྲོད་དབེན་པ་བསྟེན་པའི་ས་སྡེ་ཡོདཿ དེ་ཉིད་རྒྱལ་པོས་གཟིགས་པས་མྱ་ངན་ཞིཿ བཙུན་པ་གླང་དམར་ཤཱཀྱའི་ཚུལ་འཆོས་རྣམསཿ རྒྱལ་པོས་གཟིགས་ཕྱིར་ཆོས་གཉིས་བསྟན་པ་འབྱུང་ཿ ས་ཡི་བཅུད་ཤོར་བཙོད་དང་ཆུ་སྦུན་རུལཿ གོས་མདོག་བསྒྱུར་བའི་ཆོས་ལ་ནུས་པ་མེདཿ སྐྲ་འབྲག་མི་འདོད་རབ་འབྱུང་མཁན་སློབ་


PKT001_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢༧བ༽སྟོངསཿ གླེགས་བམ་ཐམས་ཅད་ཡི་གེ་རང་བྱིར་འགྲོཿ སྔ་མ་བྱི་ནས་ཕྱི་མ་འབྲི་མ་བཏུབཿ ཆོས་ཀྱི་ཉན་བཤད་ན་བུན་བཞིན་དུ་ཡལཿ སྒོམ་དང་སྒྲུབ་པ་ནམ་ལངས་སྐར་མ་བཞིནཿ གཅིག་ཀྱང་མེད་ཅིང་མི་དགེ་བཅུ་ལ་སྤྱོདཿ གཉིས་པ་ནད་ཀྱི་བསྐལ་པ་འབྱུང་བ་ནིཿ མི་རྣམས་མི་དགེ་ལོག་པར་སྤྱད་པ་ཡིསཿ ལྷ་འདྲེ་འཁྲུགས་ནས་ནད་རིམས་དུ་མ་གཏོང་ཿ བཅོས་ཐབས་མེད་པའི་ནད་ཀྱིས་མང་པོ་འཆིཿ སྔ་དྲོ་ཕྱི་མ་རེད་རོ་ལ་གྲངས་མི་ལང་ཿ མ་ཤི་བ་རྣམས་མིག་དྲེད་མྱ་ངན་ཚུདཿ གསུམ་པ་མུ་གེའི་བསྐྲལ་པ་འབྱུང་བ་ནིཿ སེར་སྣས་ཀུན་བསླངས་མི་དགེ་སྤྱད་པ་ཡིསཿ ལྷ་ཀླུ་འཁྲུགས་ནས་ཆར་ཆུ་དུས་མི་ཕེབསཿ ལོ་ནི་བཅོ་བརྒྱད་ཐན་པ་འབྱུང་བར་འགྱུརཿ འབུ་སྲིན་བཙའ་དང་སད་སེར་གྲ་སྐྱ་དང་ཿ ལྗང་པ་ལེགས་རྣམས་སྣེ་ནག་ངུར་སྐྱར་འགྲོཿ དེ་དག་རྐྱེན་བྱས་མུ་གེ་རྣམས་གསུམ་འབྱུང་ཿ གབ་རྩེ་བ་དང་རུས་གོང་དཀར་པོ་དང་ཿ ཐུར་མས་ཚོལ་བ་ཞེས་བྱ་འབྱུང་བར་འགྱུརཿ དང་པོ་གབ་རྩེ་པ་ནི་འདི་ལྟ་སྟེཿ འབྲས་སམ་ནས་སམ་སྲན་མ་ལ་སོགས་པཿ འབྲུ་རྙེད་གྱུར་ན་ཟ་མ་ཏོག་ཏུ་བཅུགཿ ཉིན་མཚན་མེད་པར་དེ་ལ་མེལ་ཚེ་བྱེདཿ བཀྲས་པས་ཉམས་སྟོབས་ཆུང་བས་ས་ལ་འགྱེལཿ ལྡད་པར་མི་ནུས་གཞན་གྱིས་སློང་ནུས་མེདཿ གང་ཞིག་དེ་ཉིད་དུ་ནི་འཆི་བ་ཡིནཿ གཉིས་པ་རུས་གོང་དཀར་པོ་བསྟན་པ་ནིཿ སྔོན་དུས་ཤི་བའི་རུས་པ་མང་པོ་བསྡུསཿ འདི་ནི་


PKT001_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢༨ན༽ཁ་ཟས་ཟོས་པའི་རུས་པ་ཡིནཿ ཆུ་མང་ནང་དུ་བསྐོལ་ནས་ཁུ་བ་འཐུང་ཿ གསུམ་པ་ཐུར་མས་འཚོལ་བ་བསྟན་པ་ནིཿ བང་བར་འབྲུ་བླུག་ཤུལ་གྱི་ལུས་པ་བྲུསཿ ཆུ་མང་ནང་དུ་གདུ་ནས་ཁུ་བ་འཐུང་ཿ འབྲུ་ནི་ཐུར་མས་སུས་ལོན་ཟ་བར་བྱེདཿ ལྟོགས་དྲེགས་བུ་ཚ་བསད་ནས་ཟ་བ་དང་ཿ མི་བདག་ངན་པ་བརྐུས་ནས་ཟ་བྱེད་ཅིང་ཿ ས་ཟ་རྡོ་ཟ་ཤིང་ཟ་སྔོ་སྡད་ཟཿ དེ་ཡང་མཚོན་གྱིས་གསོད་པ་ལོ་བདུན་འབྱུང་ཿ ནད་ཀྱིས་གསོད་པ་ཟླ་བདུན་ཞག་བདུན་འབྱུང་ཿ མུ་གེས་གསོད་པ་ལོ་བདུན་ཟླ་བདུན་འབྱུང་ཿ འགའ་ཞིག་ལུས་པ་རེ་རེ་ཆུ་གླིང་ངམཿ རི་བོའི་ལྗོངས་སམ་ཤིང་གི་ཁང་གསེང་ཞུགསཿ ཞག་བདུན་བར་དུ་ཆུ་ཡིས་འཚོ་ཞིང་འདུགཿ དེ་ནས་གྲོང་ཡུལ་ཀུན་ཏུ་ཕྱིར་ལོག་ནསཿ གཅིག་གིས་གཅིག་མཐོང་བརྩེ་སེམས་ཉེ་བར་ལྡནཿ མ་ཤི་གསོན་པ་མཐོང་ཟེར་ཡ་མཚན་བྱེདཿ རབ་ཏུ་དགའ་བས་ཁ་གཏུགས་སྐེ་ལ་འཁྱུདཿ དེ་ནས་རྒྱལ་བ་བྱམས་པའི་སྤྲུལ་པ་ནིཿ བོངས་ཚད་ཁྲུ་དོ་ཡོད་པ་ཞིག་བྱུང་ནསཿ དེ་ལ་ངོ་མཚར་སྟས་ནས་གཏམ་དྲིས་པསཿ ངས་ནི་དགེ་བཅུ་བླངས་ཤིང་སྡིག་བཅུ་སྤངསཿ འདོད་ཆགས་སྦྲང་མ་ལྟ་བུར་ཆོག་ཤེས་མེདཿ ཞེ་སྡང་སེང་གེ་ལྟ་བུར་ལྡོག་རྒྱུ་མེདཿ གཏི་མུག་ཁྱི་སྣ་བཞིན་དུ་མྱུར་མྱུལ་པོཿ དེ་གསུམ་སྤངས་པས་བསྟན་པ་ཡར་ལ་འཕེལཿ ཞེས་


PKT001_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢༨བ༽གསུངས་བློ་སེམས་དགེ་ལ་གཞོལ་བར་མཛོདཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ སངས་རྒྱས་བསྟན་པའི་འཕེལ་འགྲིབ་བསྟན་པའི་ལེའུ་སྟེ་གོ་དྲུག་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

ལྷོ་ནུབ་སྲིན་པོའི་ཡུལ་དུ་འབྱོན་པར་དགོངས་པའི་ལེའུ།


PKT001_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གླང་གི་ཟླ་བའི་ཚེས་གཅིག་ལཿ བོད་ཀྱི་ལོ་གསར་བྱེད་པའི་ཆས་བསྡུས་ནསཿ བསམ་ཡས་ཕྱོགས་བཞིར་འབངས་ཀྱི་སྲང་ལམ་བཙུགསཿ ནུབ་མོ་འབངས་རྣམས་སྒྲོན་མེ་འདེགས་སུ་བཅུགཿ རྒྱལ་པོས་ཕྱོགས་བཞིར་རྟ་རྒྱུགས་བྱེད་པ་ལཿ སློབ་དཔོན་ད་ལན་ལོ་གསར་མ་བྱེད་གསུངསཿ རྒྱལ་པོས་བློན་པོ་ཀུན་དང་གྲོས་བྱས་པསཿ ལོ་གསར་བཅོག་པ་གར་འཐད་གཟབས་བྱེད་ཟེརཿ སློབ་དཔོན་རྒྱལ་པོར་རྟ་རྒྱུགས་མ་བཏང་གསུངསཿ རྒྱལ་པོའི་དབང་བྱེད་བློན་པོའི་ལག་ཤོར་བསཿ རྒྱལ་པོས་རྒྱན་བཏགས་རྟ་ཞོན་རྟ་རྒྱུགས་བཏང་ཿ ནུབ་ཕྱོགས་སྲང་དུ་དཔག་མདའ་བྱུང་ནས་བསྙུང་ཿ ལ་ལ་སྲས་ཀྱིས་བརྒྱབ་པ་ཡིན་ནམ་ཟེརཿ ལ་ལ་བོན་བློན་གཅིག་གིས་བརྒྱབ་བམ་ཟེརཿ ལ་ལ་སྣ་ནམ་ཞང་གིས་བརྒྱབ་བམ་ཟེརཿ ལ་ལ་རྟས་བསྐྱུར་ཤིང་རྩ་ཟུག་གམ་ཟེརཿ སུས་བརྒྱབ་རྩད་མེད་ཁུངས་མེད་ངོ་མ་ཤེསཿ ཞལ་མ་བསྲུངས་པས་ཚད་པའི་ནད་དང་བསྡོངསཿ ལྔ་བཅུ་རྩ་དགུ་འབྲུག་ལ་ཟུང་མཁར་གཤེགསཿ གསངས་ནས་སློབ་དཔོན་རྒྱལ་སྲིད་


PKT001_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢༩ན༽བཅུ་བཞི་བཟུང་ཿ དྲུག་ཅུ་རྩ་དགུ་སྟག་ལ་གསངས་གཏོལ་ནསཿ མུ་ནེ་བཙན་པོ་རྒྱལ་སར་བཏོན་པ་ལཿ ཚེ་སྤོང་བཟའ་ལ་བཀྱོན་ཕབ་དུག་གིས་བཀྲོངསཿ དེ་ནས་མུ་ཏིག་བཙན་པོ་རྒྱལ་སར་བཏོནཿ དང་བྱུང་དཔལ་གྱི་རྒྱལ་མོ་བཙུན་ལ་སོགསཿ བཙུན་མོ་གསུམ་བཞེས་རྒྱལ་སྲིད་ཆོས་ཀྱིས་བསྐྱངསཿ ཡབ་མེས་ཀུན་གྱི་སྲོལ་ལུགས་མ་ནུབ་མཛདཿ ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཉིདཿ འཛམ་གླིང་སུམ་ཉིས་རྒྱལ་པོའི་མངའ་འོག་འདུསཿ བསོད་ནམས་ཡང་རབ་གྱུར་ཏེ་སྐུ་ཚེ་ཐུང་ཿ ཨུ་རྒྱན་པདྨ་བཞུད་པར་དགོངས་པ་ལཿ རྒྱལ་སྲས་མུ་ཏིག་བཙན་པོའི་སྡུག་མ་སངསཿ མ་ལ་སྐྱེས་ནས་སློབ་དཔོན་སྤྱན་སྔར་བསྡདཿ འགྲོགས་ཡུན་རིང་པས་སྙིང་རྗེས་འབྲལ་མ་ཕོདཿ སྐབས་སུ་སྐབས་སུ་དབུགས་རིང་འདོན་ཅིང་བཤུམཿ ཡབ་ཀྱི་ཕྱག་བཞེས་གཙུག་ལག་ཁང་གིས་བསྐུལཿ མྱ་ངན་ཆེ་དྲགས་ཧས་པོ་རི་རྩེ་ལཿ ལྷ་སྲས་སྐུ་བསངས་ཁྲིད་ནས་ཆོས་གསུངས་པཿ སྐྱེས་ནས་མ་ཤི་ས་སྟེང་མི་མི་ཤོང་ཿ སུ་ལ་མི་ཡོང་ཡབ་ལ་བྱུང་བ་མིནཿ ཐམས་ཅད་ལ་ལ་སྐྱེ་ཞིང་ལ་ལ་འཆིཿ ཉ་མ་ཆུང་གྱི་ནའི་དལ་འབྱོར་ལུས་འདི་ལཿ འཇིག་པའི་རྐྱེན་མང་འཚོ་བའི་རྐྱེན་ནི་ཉུང་ཿ ཚ་རེག་གྲང་རེག་སྐད་ཅིག་མི་བཟོད་ལཿ ལང་ཚོ་དར་བ་


PKT001_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༢༩བ༽ནད་ཀྱི་ཕོ་ཉས་འཛིནཿ བཀྲག་མདངས་ལྡན་པ་གློ་བུར་རྐྱེན་གྱིས་འཕྲོགཿ དཔེར་ན་རྩ་མཆོག་ཁ་ཡི་ཟིལ་པ་ནིཿ ཉི་མ་རབ་ཏུ་འབར་བ་ཤར་བ་ནཿ སྐད་ཅིག་ཡུད་ཙམ་ཞིག་གིས་མེད་པར་བྱེདཿ དལ་འབྱོར་མི་ཡི་སྲོག་ཀྱང་དེ་བཞིན་ནོཿ ཞག་རེ་སོང་ཞེང་ཤི་བ་འཆི་ལ་ཕར་ཕར་ཉེཿ གསོན་པོར་འདོད་ཀྱང་རང་དབང་ཅུང་ཟད་མེདཿ ཚེ་འདི་ཤིན་ཏུ་རིང་ཡང་འཆི་ངེས་ཏེཿ རྒྱལ་ཁམས་གཞན་དང་རང་གི་ཡུལ་རྣམས་སུཿ ཉེ་རིང་དགྲ་གཉེན་ཤི་བའི་དཔེ་མཐོང་ནཿ བདག་ཉིད་འཆི་བར་མི་ཤེས་འགྲོ་བ་བླུནཿ བསགས་པའི་ནོར་བཞག་འབྲེལ་བའི་གཉེན་པོར་ནསཿ རང་ཉིད་གཅིག་པུར་ཕ་རོལ་འགྲོ་བའི་དུསཿ དུས་མིན་འཆི་བ་བཅོ་བརྒྱད་རླུང་ལས་མགྱོགསཿ གློ་བུར་བརྒྱད་ཅུ་རྩ་གཅིག་མེ་བས་ཚཿ ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་ཆུ་བས་གྲང་ཿ འགའ་ཞིག་མ་ཡི་མངལ་དུ་འཆི་བ་ཡོདཿ འགའ་ཞིག་ལང་ཚོ་རྒྱས་ནས་འཆི་བ་ཡོདཿ འགའ་ཞིག་གཞན་གྱིས་བསད་ནས་འཆི་བ་ཡོདཿ འགའ་ཞིག་རང་གིས་ལྕེབས་ནས་འཆི་བ་ཡོདཿ འགའ་ཞིག་སུབས་སམ་བརྣངས་ནས་འཆི་བ་ཡོདཿ ཐུགས་ཁྲལ་མ་མཛད་ལྷ་སྲས་བཙན་པོ་གསུངསཿ རྒྱལ་སྲས་མུ་ཏིག་བཙན་པོའི་ཐུགས་དགོངས་ལཿ ཆོས་མིན་ཅིས་ཀྱང་དགོས་པ་མི་འདུག་བསམཿ བསམ་ཡས་དབུ་རྩེའི་བར་ཁང་ཆེན་མོ་རུཿ བཀའ་འདུས་སྙིང་ཐིག་ལོ་གསུམ་གསུང་བར་ཞུསཿ ཚེ་གཅིག་


PKT001_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༠ན༽སངས་རྒྱས་ལྷག་མེད་གྲོལ་བའི་ཆོསཿ རྫོགས་ཆེན་པདྨ་སྙིང་ཐིག་ཕྲ་ཡིག་ཅནཿ དབང་པོའི་དང་ས་མ་ཁོང་གི་སྙིང་འདྲ་བཿ ལུས་དང་མིག་ལ་བརྟེན་ནས་མངོན་སུམ་དུཿ ཆོས་དབྱིངས་གཅེར་མཐོང་དབྱིངས་རིག་མ་བུ་ཐིམཿ རྫོགས་ཆེན་སེམས་ཀློང་གང་དང་མི་འདྲ་བའིཿ མན་ངག་ངེས་པ་སྙིང་གི་ནོར་མཆོག་གནང་ཿ འདས་དང་མ་བྱོན་ད་ལྟར་བཞུགས་པ་ཡིསཿ སངས་རྒྱས་རྣམས་ཀྱིས་འདི་དོན་གསུངས་པ་མེདཿ གསུངས་དང་གསུང་བར་འགྱུར་བ་གཏན་ནས་མེདཿ བདག་གིས་མན་ངག་ཀུན་ལ་ལོངས་སྤྱོད་ཀྱང་ཿ འདི་འདྲ་སྟོན་པའི་མན་ངག་མིང་མ་ཐོསཿ སློབ་དཔོན་ཞལ་ནས་བདག་ལ་འདི་སྐད་གསུངསཿ བདག་འདྲ་པདྨ་འབྱུང་གནས་ཀྱིསཿ སུམ་སྟོང་ལོན་ནས་བོད་ཡུལ་འོངསཿ ཐུབ་པ་མྱ་ངན་འདས་འོག་ཏུཿ ལོ་ནི་བཞི་གཉིས་ལོན་པ་ནཿ རྡོ་རྗེ་གདན་གྱི་ནུབ་ཕྱོགས་ངོསཿ ཨུ་རྒྱན་ཡུལ་གྱི་ནུབ་བྱང་མཚམསཿ དྷ་ན་ཀོ་ཤའི་མཚོ་གླིང་དུཿ དྲི་མེད་མདངས་ལྡན་པདྨའི་དབུསཿ བརྫུས་སྐྱེས་འཇའ་འོད་ལས་འཁྲུངས་པཿ ཡ་མཚན་མཆོག་གི་ཁྱེའུ་ཆུང་ཞིགཿ རྒྱལ་པོ་ཨིནྡྲ་བོ་དྷི་ས་རྙེདཿ སྲས་སུ་བཟུང་ནས་རྒྱལ་སྲིད་གཏདཿ སྲིད་སྤངས་སེམས་ཅན་བདེར་བཀོད་ཕྱིརཿ བརྟུལ་ཞུགས་སྤྱོད་པས་སུན་འབྱིན་བསྐྱངསཿ རྒྱལ་པོའི་ཁབ་ཏུ་ལོ་ལྔ་སྟེཿ བསིལ་བའི་ཚལ་དུ་དེ་བཞིན་ནོཿ ཆོས་ལ་སྦྱང་པ་ལོ་བཅུ་སྟེཿ


PKT001_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༠བ༽རྒྱ་གར་ཡུལ་དང་རྒྱ་ནག་ཡུལཿ ཨུ་རྒྱན་ཡུལ་དང་ཟ་ཧོར་ཡུལཿ མ་གྷ་དྷཿདང་མུ་སྟེགས་ཡུལཿ ཁ་ཆེའི་ཡུལ་དང་སིངྒ་ལཿ ལི་ཡི་ཡུལ་དང་མ་རུ་ཅོང་ཿ སྤྲུལ་སྐུས་ཉིས་བརྒྱ་ཉིས་བརྒྱ་བཞུགསཿ འ་ཤའི་ཡུལ་དང་འབྲུ་ཤའི་ཡུལཿ ཤམྦྷ་ལ་དང་ཞང་ཞུང་ཡུལཿ ཏ་ཟིག་ཡུལ་དང་གེ་སར་ཡུལཿ ཐོ་ཀར་ཡུལ་དང་རུག་མ་ལཿ སྲིན་པོའི་ཡུལ་དང་ཀླུ་ཡི་ཡུལཿ སྤྲུལ་སྐུས་དགུ་བཅུ་བརྒྱད་བརྒྱད་བཞུགསཿ བལ་ཡུལ་བཞུགས་པ་བཞི་བཅུ་སྟེཿ བརྒྱ་དང་བཅུ་གཅིག་བོད་ཡུལ་དབུསཿ ལྷ་འདྲེ་བཏུལ་ཞིང་བོད་ཁམས་བསྐྱངསཿ འཛམ་གླིང་རྒྱལ་པོའི་ཐུགས་དགོངས་བསྒྲུབསཿ བསམ་ཡས་དབུ་རྩེར་དྲུག་ཅུ་སྟེཿ བསམ་ཡས་མཆིམས་ཕུར་ལོ་ལྔའོཿ བསྒྲགས་ཀྱི་ཡང་རྫོང་ལོ་གསུམ་བཞུགསཿ གཡའ་མ་ལུང་དུ་ལོ་བཞི་བཞུགསཿ ཤེལ་གྱི་བྲག་ཕུག་ལོ་གསུམ་སྟེཿ སྤ་མ་གོང་དུ་ལོ་གཉིས་བཞུགསཿ ཤམ་པོའི་གངས་སུ་ལོ་གསུམ་མོཿ གཡུ་སྒོང་བྲག་ལ་ཟླ་བ་གཉིསཿ ལྷོ་བྲག་མཁར་ཆུར་ལོ་བདུན་བཞུགསཿ གསལ་རྗེ་འབྲིན་ཐང་ཟླ་བ་བཅུཿ ཟམ་བུ་ལུང་དུ་ལོ་གཉིས་ཏེཿ ཟང་ཡག་བྲག་ཕུག་ཟླ་བ་གསུམཿ གཞོ་སྟོད་ཏེ་སློར་ལོ་བདུན་བཞུགསཿ འཕར་བ་ཚང་དུ་ལོ་གཅིག་སྟེཿ འོལ་ཀ་མགར་ཕུག་ཟླ་བ་གཅིགཿ ཡེར་པའི་བྲག་ལ་ལོ་གཅིག་བཞུགསཿ ཁ་རག་ཆུ་བོ་རིར་ལོ་གཅིགཿ ཨོ་དཀར་བྲག་ཕུག་ཟླ་བ་གཉིསཿ ཙཱ་རིའི་གནས་སུ་ཟླ་བ་


PKT001_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༡ན༽དྲུགཿ ཁྱུང་ཚང་བྲག་ལ་ཟླ་བ་དྲུགཿ སྙེ་མོ་སྙིང་དྲུང་ཟླ་བ་དྲུགཿ བློན་པོ་མགུལ་དུ་ཟླ་བ་དྲུགཿ སྙིང་པོའི་རྫ་ལ་ཟླ་བ་གཉིསཿ མོན་ཁ་སྣ་རིང་ཟླ་བ་གསུམཿ སྤ་གྲོ་སྟག་ཚང་ཟླ་བ་བཞིཿ ཆུ་མོ་ཕུག་ཏུ་ཟླ་བ་གཉིསཿ ཁྲ་མོ་ལྡང་ལྷར་ཟླ་བ་གཉིསཿ ཤ་འུག་སྟག་སྒོར་ལོ་གཅིག་བཞུགསཿ མཁར་ཆེན་བྲག་ལ་ལོ་གཅིག་སྟེཿ དཔྱལ་གྱི་བྲག་ལ་ལོ་གཅིག་བཞུགསཿ ལྷ་རིའི་གངས་ལ་ལོ་གཅིག་བཞུགསཿ གཡུ་ཕུ་རྫ་ལྷུང་ཟླ་བ་གསུམཿ མོན་སྒོམ་བྲག་ཕུག་ཟླ་བ་གསུམཿ འོན་ཕུ་སྟག་ཚང་ཟླ་བ་གསུམཿ གཟར་མོ་རི་ལ་ཟླ་བ་གཉིསཿ དྭགས་རྫོང་ཕུག་པར་ལོ་གཅིག་བཞུགསཿ བྱར་གྱི་སྟག་ཆུང་ཞག་གསུམ་སྟེཿ ངོ་མཚར་རོང་དུ་ཞག་ལྔ་བཞུགསཿ སྟག་ཚང་རོང་དུ་ཞག་བདུན་ནོཿ གཟིག་ཚང་རོང་ངུ་ཞག་དགུ་བཞུགསཿ སྤྱང་ཚང་རོང་དུ་ཞག་དྲུག་བཞུགསཿ མཁའ་འགྲོ་ཕུག་པར་ཟླ་བ་བཞིཿ ལྷ་རྩེའི་བྲག་ལ་ཟླ་བ་བཞིཿ རོང་པོའི་རྫ་ལ་ཟླ་བ་གཅིགཿ མཆིམས་ཀྱི་རྡོག་ལུང་ཟླ་བ་གཅིགཿ གོ་ག་ཆུང་ལུང་ཟླ་བ་ཕྱེདཿ མགྲིན་བཟང་ཟླ་བ་ཕྱེད་དང་གཉིསཿ ལྷ་ས་ཁྲ་འབྲུག་ཟླ་བ་གསུམཿ བོད་ཀྱི་གདུལ་བྱ་རྫོགས་པར་བྱས་ཟིན་ཏོཿ སྔར་འདས་སངས་རྒྱས་བསྟན་པའི་སོ་ནམ་བྱསཿ ད་ལྟ་མདོ་སྔགས་བོད་དུ་དར་བར་མཛདཿ མ་འོངས་གཏེར་སྦས་བསྟན་པ་ལུང་དུ་བསྟནཿ བོད་ལ་དྲིན་ཆེར་བྱས་ཀྱང་དྲིན་མི་འདྲེནཿ ཛམྦུའི་


PKT001_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༡བ༽གླིང་ཉེ་སོག་ཀའི་ཡུ་བ་ལཿ སྲིན་པོའི་ཡུལ་གླིང་ཆེན་པོ་ལྔ་ཡོད་དོཿ དེ་ཉིད་ཨུ་རྒྱན་ཡུལ་དང་ཐག་ཉེ་ལཿ དབུས་ན་ཟངས་མདོག་དཔལ་རི་ཞེས་བྱ་བཿ སྲིན་མོའི་གྲོང་ཁྱེར་ལྔ་བརྒྱས་བསྐོར་བ་ཡིཿ ཤར་ན་ལངྐ་པཱུ་རི་བྱ་བ་ཡོདཿ ལྷོ་ན་སྲིན་པོའི་གྲོང་ཁྱེར་དགའ་བ་ཅནཿ ནུབ་ན་ཀོ་ཀ་ཐང་དམར་གླིང་ཞེས་དང་ཿ བྱང་གི་ཕྱོགས་ན་སྲིན་ཡུལ་བྱན་ལག་ལྗོངསཿ ཤར་ལྷོ་མཚམས་ན་ཟོ་མ་པཱུ་རིའི་མཚོཿ ལྷོ་ནུབ་མཚམས་ན་བམ་རི་ཐོད་པ་མཁརཿ ནུབ་བྱང་མཚམས་ན་མ་ལ་གནམ་ལྕགས་རྩེཿ བྱང་ཤར་མཚམས་ན་ནལ་བྱིའི་དུར་ཁྲོད་རྣམསཿ སྲིན་པོའི་གྲོང་ཁྱེར་ལྔ་བརྒྱ་ལྔ་བརྒྱས་བསྐོརཿ དེ་མ་བཏུལ་ན་འཛམ་གླིང་སྲིན་པོས་ཁྱེརཿ སྲིན་པོས་མི་ཟ་མི་ཡུལ་སྟོངས་པར་འགྱུརཿ པད་འབྱུང་མིན་པ་སུས་ཀྱང་མི་ཐུབ་སྟེཿ སྲིན་པོ་འདུལ་ཞིང་སོ་ཀ་བསྲུང་དུ་འགྲོཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ལྷོ་ནུབ་སྲིན་པོའི་ཡུལ་དུ་འབྱོན་པར་དགོངས་པའི་ལེའུ་སྟེ་གོ་བདུན་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

རྒྱལ་སྲས་མུ་ཏིག་བཙན་པོས་བཤོལ་བཏབ་པས་ཞལ་ཆེམས་གསུང་པའི་ལེའུ།


PKT001_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་སྲས་རྒྱལ་སྲས་མུ་ཏིག་བཙན་པོ་ཡིསཿ སློབ་དཔོན་ཨུ་རྒྱན་སྲིན་ཡུལ་བཞུད་པའི་དུསཿ ནུབ་གཅིག་ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོརཿ གཅེས་པའི་ནོར་བུ་དར་གྱིས་རབ་ཕྱིས་ནསཿ དངུལ་གཞོང་ཆེན་པོ་གསེར་གྱིས་བཀའ་བའི་སྟེང་ཿ ནོར་བུ་བཞག་ནས་སློབ་དཔོན་ཕྱག་ཏུ་ཕུལཿ


PKT001_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༢ན༽ཆིབས་པ་མཚར་ལུ་བྱ་གདོང་སྣ་དྲངས་པའིཿ རྟ་དྲུག་སེང་ལྡིང་སྒ་ལ་ཟ་འོག་སྟནཿ གསེར་སྲབ་གཡུ་མཐུར་གཏད་ནས་ཕྱག་ཏུ་ཕུལཿ གསེར་ཕྱེ་ཁལ་གཅིག་གཡུ་སྙིང་བྲེ་གསུམ་དང་ཿ ལྷ་སྲས་ཉིད་ཀྱི་མགུལ་གཡུ་ལྟག་ཚར་ཕུལཿ རབ་ཏུ་གུས་པའི་ལྷ་ཕྱག་མང་བཙལ་ནསཿ རྗེ་མ་རིག་མུན་པ་སེལ་མཛད་པའིཿ ཡེ་ཤེས་སྣང་བའི་སྒྲོན་མེ་ཅནཿ རྟོག་པའི་དྲ་བ་གཅོད་མཛད་པའིཿ ཤེས་རབ་ཆེན་པོའི་རལ་གྲི་ཅནཿ ཉོན་མོངས་དགྲ་རྣམས་འཇོམས་མཛད་པའིཿ ཡང་དག་ལྟ་བའི་དམག་ཚོགས་ཅནཿ འཁོར་བའི་ཆུ་བོ་སྒྲོལ་མཛད་པའིཿ ཐུགས་རྗེ་ཆེན་པོའི་གྲུག་གཟིངས་ཅནཿ དགེ་བའི་བར་ཆད་ཞི་མཛད་པའིཿ གསང་སྔགས་ཐབས་ཀྱི་ཁྱད་པར་ཅནཿ འགྲོ་བ་ཐམས་ཅད་སྐྱོབ་མཛད་པའིཿ བསྡུ་བ་རྣམ་བཞིའི་འཕྲིན་ལས་ཅནཿ ཇི་སྐད་གསུངས་པ་ཇི་བཞིན་འབྱུང་ཿ མངོན་པར་ཤེས་པའི་ངེས་དོན་ཅནཿ གདམས་ངག་གང་དང་གང་ཞུས་ཀྱང་ཿ དགྱེས་ཤིང་གནང་བའི་བཀའ་དྲིན་ཅནཿ རྒོལ་བ་ཐམས་ཅད་ཚར་གཅོད་པའིཿ ཤཱཀྱ་སེང་གེའི་ཆ་ལུགས་ཅནཿ བསྟན་པའི་གཙོ་དང་ཐ་མི་དདཿ འཇིག་རྟེན་གསུམ་ན་རྙེད་མི་སྲིདཿ ཁྱོད་ཀྱི་བཀའ་ལུང་མ་ལགས་པཿ སུ་ལ་ཡང་ནི་མི་རེ་མི་ལྟོས་པསཿ བདག་ནི་མ་གུམ་བར་དུ་བཞུགས་པར་ཞུཿ སྲིན་པོ་འདུལ་ལ་ཕྱི་བཤོལ་མི་སྤོབས་པསཿ ཅིས་ཀྱང་ལོ་གཅིག་


PKT001_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༢བ༽བཞུགས་པར་ཞུ་ཕུལ་ཚེཿ སློབ་དཔོན་ཞལ་ནས་བདག་ལ་འདི་སྐད་གསུངསཿ ལོ་གཅིག་བསྡད་ཀྱང་འབྲལ་བར་ཡོང་མི་ཕོདཿ བདག་ཉིད་མིག་གཉིས་མཆི་མས་འགགས་པ་དང་ཿ ནང་གི་དབུགས་ནི་སྣ་རུས་ནང་དུ་འཐུམསཿ ཡུས་ཀྱིས་བརྣངས་ནས་གདུང་བའི་ཤུགས་ཀྱིས་བརྒྱལཿ སློབ་དཔོན་བཞུད་ནས་སྐྱབས་དང་བྲལ་ལོ་སྙམཿ རྒྱབ་ནས་དྲོ་བའི་སློག་པ་བཤུས་སོ་སྙམཿ མདུན་ནས་བརྟེན་པའི་མཁར་བ་མེད་དོ་སྙམཿ འོད་ཀྱིས་དྲོས་པའི་ཉི་ཟླ་ནུབ་བོ་སྙམཿ ཚེ་འདིར་གཅེས་པའི་མིག་དང་བྲལ་ལོ་སྙམཿ དེ་ནས་རང་སེམས་བག་ཙམ་ངལ་བསོས་ནསཿ བག་ཙམ་དབུགས་ཕྱུང་བག་ཙམ་བདེ་བ་རྙེདཿ དེ་ཡང་སློབ་དཔོན་བྱིན་རླབས་ཡིན་ནོ་སྙམཿ དེ་ནས་སློབ་དཔོན་ཞལ་ནས་འདི་སྐད་གསུངསཿ ལྷ་སྲས་བདག་ནི་ལུས་སྲོག་འདོར་བ་མིནཿ གཞན་དུ་སོང་ཡང་མྱུར་དུ་མཇལ་ལོ་གསུངསཿ སྐུ་དངོས་འདི་ལ་གདུང་བའི་འཕྲེང་སེམས་ཆོདཿ དུས་མཉན་བྱུང་རེས་དངོས་ཉམས་རྨི་ལམ་མཇལཿ འདི་ནས་སྐྱེ་བ་བཅོ་བརྒྱད་ཁ་འཁོར་ཚེཿ སྨོན་ལམ་དག་པས་ཅིས་ཀྱང་མཇལ་ལོ་གསུངསཿ གསེར་གཞོང་ནོར་བུ་དང་བཅས་ཚུར་གནང་ནསཿ བདག་ལ་གུས་པས་གསོལ་བ་ཐོབ་མཛོད་དང་ཿ དུས་གསུམ་འབྲལ་མེད་བྱིན་གྱིས་བརླབ་བོ་གསུངསཿ ཡ་དམ་ཏིང་འཛིན་མ་གཡེལ་རྒྱུན་དུ་སྒོམསཿ གསང་སྔགས་བསྙེན་སྒྲུབ་ཚད་དུ་ཕྱིན་པར་སྐྱོལཿ སྙིང་


PKT001_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༣ན༽རྗེའི་གནས་ལ་བུ་ལྟར་བརྩེ་བས་སྐྱོངསཿ ཆོས་ཀྱི་ཕུ་ཐག་ཆོས་ཉིད་ཟད་སར་སྐྱོལཿ རང་ལུས་ལང་ཚོ་ཡལ་བའི་དུས་སུ་ནིཿ གེ་སར་རྒྱལ་པོས་བབས་ལ་བཏང་བ་ཡིཿ ཡིད་བཞིན་ནོར་བུ་ཕ་རོལ་དཔུང་འཇོམས་འདིཿ ཡར་ཀླུངས་ཁྲ་འབྲུག་གཏེར་དུ་སྦོས་ཤིག་གསུངསཿ རྒྱ་ནག་རྒྱལ་པོས་བབས་ལ་བྱུང་བ་ཡིཿ ཡིད་བཞིན་ནོར་བུ་ཡིད་ལ་བསམ་འཕེལ་འདིཿ བསམ་ཡས་དབུ་རྩེར་གཏེར་དུ་སྦོས་ཤིག་གསུངསཿ རྒྱ་གར་རྒྱལ་པོ་དབང་ཕྱུག་སྡེས་ཕུལ་བའིཿ ཡིད་བཞིན་ནོར་བུ་དགོས་འདོད་འབྱུང་བ་འདིཿ ལྷ་སའི་ནང་དུ་གཏེར་དུ་སྦོས་མཛོད་དང་ཿ བོད་སྤྱིའི་བསོད་ནམས་འདི་གསུམ་ལས་འབྱུང་ཞིང་ཿ སྒོམ་གྲྭ་བཤད་གྲྭའི་བསྟན་པ་ཚུགས་སོ་གསུངསཿ ཕྱུག་པོ་རབས་ཆད་ཀ་ཅ་གཏེར་དུ་སྦོསཿ དབུལ་པོ་འབུན་གཏེར་ནོར་གྱིས་ཁེངས་སོ་གསུངསཿ བདུན་ཅུ་རྩ་གྲངས་ལོ་ཡི་དུས་སུ་ནིཿ རྒྱལ་པོའི་སྐུ་ལ་རིམ་གྲོ་སྐྱེད་ཅིག་གསུངསཿ མཁའ་འགྲོ་ཆོས་སྐྱོང་འབྲལ་མེད་བསྟེན་མཛོད་ལཿ ཚོགས་ཀྱི་འཁོར་ལོ་རྟག་ཏུ་སྐོར་ཅིག་གསུངསཿ སྤྱོད་པ་ཕྱི་ནང་གཉིས་སུ་རབ་ཕྱེ་ལཿ ཚོགས་སུ་སྙོམས་ཆུང་རྣམས་དང་བསྟན་ཅིག་གསུངསཿ དབེན་པར་སྣོད་སྤྱོད་ཏིང་ངེ་འཛིན་དང་སྤེལཿ རྩ་ཡི་རྒྱ་མདུད་ལས་ཀྱི་ཕྱག་རྒྱས་ཁྲོལཿ ལུས་ཀྱི་བདེ་བ་སེམས་ལ་སྦོར་ཅིག་གསུངསཿ འདུ་འཛིའི་གནས་ལ་སུན་པའི་དུས་སུ་ནིཿ གཏད་


PKT001_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༣བ༽མེད་ཆོས་དབྱིངས་ངང་ལ་ཞོག་ཅིག་གསུངསཿ འཁོར་ངན་བྱུར་གྱིས་ནོན་པའི་དུས་སུ་ནིཿ རྨི་ལམ་གནས་སྐབས་ཙམ་དུ་སོམས་ཤིག་གསུངསཿ ཏིང་འཛིན་ཉམས་མྱོང་འཕེལ་འགྲིབ་ཅི་བྱུང་ཡང་ཿ ཐམས་ཅད་རོ་སྙོམས་ངང་དུ་ཆོད་ཅིག་གསུངསཿ བཟང་རྟོག་ངན་རྟོག་བཟང་ངན་ཅི་བྱུང་ཡང་ཿ གང་སྣང་ཆོས་སྐུའི་ལམ་དུ་ཁྱེར་ཅིག་གསུངསཿ བསྟེན་མ་ཤེས་ན་ལྷ་ཡང་བདུད་དུ་འབབཿ ཡུན་རིང་འགྲོགས་ན་སངས་རྒྱས་སྐྱོན་ཡང་རྙེདཿ ཕུ་བསམ་ལྷག་པའི་ཕོ་ཚོད་གཞན་ལ་མེདཿ རང་གིས་ཐག་ཆོད་གྲོས་མ་འདྲི་ཞིག་གསུངསཿ ཚེ་གཅིག་དོན་གྱི་སངས་རྒྱས་བསྒྲུབ་པ་ལཿ མདོ་རྒྱུད་མང་པོའི་མཁྱེན་རྒྱ་མི་འཚལ་གྱིཿ ཏིང་འཛིན་ཟབ་མོ་རྩེ་གཅིག་སྒོམས་མཛོད་ཅིགཿ སེམས་ཅན་ཕན་བྱེད་མ་གཏོགས་ཆོས་གཞན་མེདཿ ཕྱག་དཔེ་ཐམས་ཅད་གཏེར་དུ་སྦོས་ཤིག་གསུངསཿ དམ་ཚིག་མེད་པ་ངན་སོང་གསུམ་ལས་འཇིགསཿ དུག་ལྔ་རགས་ལ་སྔར་ཟོན་གྱིས་ཤིག་གསུངསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ རྒྱལ་སྲས་མུ་ཏིག་བཙན་པོས་བཤོལ་བཏབ་པས་ཞལ་ཆེམས་གསུངས་པའི་ལེའུ་སྟེ་གོ་བརྒྱད་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

ཁྲ་འབྲུག་ཏུ་བཀའ་འདུས་སྒྲུབ་ཆེན་མཛད་དུས་མཁའ་འགྲོས་བརྡའ་བསྟོད་མཛད་པའི་ལེའུ།


PKT001_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིསཿ ལྷ་སྲས་དབུ་མཛད་རྗེ་འབངས་ཉི་ཤུ་གཅིགཿ ལོ་ཙཱ་དེ་བ་སམྦྷས་དབུ་མཛོད་ནསཿ ལོ་ཙཱ་ཉི་ཤུ་རྩ་གཅིག་བཙུན་མོ་གསུམཿ


PKT001_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༤ན༽ཡོན་བདག་ཕོ་མོ་འབངས་འཁོར་ཐམས་ཅད་ལཿ ཁྲ་འབྲུག་གཙུག་ལག་ཁང་གི་ཁྱམས་སྟོད་དུཿ གསང་སྔགས་བཀའ་འདུས་དཀྱིལ་འཁོར་ཞལ་ཕྱེ་ནསཿ སྒྲུབ་པའི་དབང་ཟབ་ཉི་ཤུ་རྩ་གཅིག་མཛདཿ ནམ་ཕྱེད་སློབ་དཔོན་ལྷོ་ནུབ་མཁའ་ལ་གཟིགསཿ ལྕགས་ཀྱུའི་ཕྱག་རྒྱ་མཛད་ནས་ཛཿཧཱུཾ་གསུངསཿ དཀྱིལ་འཁོར་མདུན་དུ་འཇའ་སྣ་ཟུག་པ་ལཿ ལྷ་ལྕམ་མནྡཱ་ར་བ་ཡིན་ཟེར་བའིཿ བུ་མོ་དཀར་མོ་རས་སྔོན་སྨད་གཡོགས་ཅནཿ ཐོད་པ་སྐམ་པོ་ལྔ་ཡི་དབུ་རྒྱན་གྱོནཿ ལག་གཡོན་བན་དྷ་ལྕང་ལོ་འགྲོན་རྒྱན་ཅནཿ གཡས་ན་ལྕགས་ཕུར་མགོ་ལ་དར་སྣ་བཏགསཿ མི་ལྤགས་གཡང་གཞིས་སྟོད་གཡོགས་བྱས་པ་ཞིགཿ དཀྱིལ་འཁོར་བསྐོར་བ་བྱེད་པ་ཀུན་གྱིས་མཐོང་ཿ དཔལ་ཆེན་ལྷ་ཚོགས་རྣམས་ཀྱི་ཞལ་བསྟན་ནསཿ ཁུ་སྒྲ་ཀུ་ཅོ་ཏུག་ཚོམ་འུར་རྒྱངས་གང་ཿ ལ་ལ་བརྒྱལ་ཞིང་ལ་ལ་མགོ་ལྤགས་འདུསཿ བྱིན་ཆེ་དབྱངས་སྙན་སློབ་དཔོན་འདི་སྐད་བསྟོདཿ ཧཱུཾཿགུ་རུའི་ཐུགས་རྗེས་འགྲོ་དོན་མཛད་ཙ་ནཿ འདབ་ལྡན་རིགས་ལྔ་དབུ་ལ་གསོལ་བ་ནིཿ སྐུ་ལྔའི་དབང་རྫོགས་ཡེ་ཤེས་ལྔ་ལྡན་བརྡཿ དེ་ལ་དབུས་མཐིང་ཕྱོགས་ཚོན་བརྒྱན་པ་ནིཿ འཕྲིན་ལས་རྣམ་གཞིས་འགྲོ་དོན་མཛད་པའི་བརྡཿ ཐོད་སྐོམ་སུམ་བརྩེགས་ཐེག་པ་བརྩེགས་པ་ནིཿ ཆོས་ཀུན་མ་འདྲེས་ཕྱི་ནང་སྟོན་པའི་


PKT001_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༤བ༽བརྡཿ དེ་ལ་རིན་ཆེན་དྲ་བས་བརྒྱན་པ་ནིཿ ཁམས་གསུམ་མ་ལུས་དབང་དུ་སྡུད་པའི་བརྡཿ དེ་ལ་གསེར་གྱི་རྡོ་རྗེ་བཙུགས་པ་ནིཿ རྡོ་རྗེ་ལྟ་བུའི་ཏིང་འཛིན་བརྙེས་པའི་བརྡཿ དར་སྣ་ལྔ་ཡི་ཅོད་པཎ་འཕུར་རེ་ནིཿ རིག་པའི་གནས་ལྔས་འགྲོ་བ་འདུལ་བའི་བརྡཿ གཡས་གཡོན་རྒོད་ཀྱི་ཐེའུ་ཆུང་སྤྲས་པ་ནིཿ ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་བརྡཿ རྩེ་དབུས་རྨ་བྱའི་མདོངས་མདངས་གསལ་བ་ནིཿ སྣང་སེམས་དབྱིངས་རིག་འོད་དུ་འཁྱིལ་བའི་བརྡཿ རིན་ཆེན་གསེར་གྱི་ཉི་ཟླ་གསལ་བ་ནིཿ འགྲོ་བའི་མ་རིག་མུན་པ་སེལ་བའི་བརྡཿ གཡི་དཀར་པགས་པས་ཁ་འགྲིལ་བྱས་པ་ནིཿ བསྟན་གཉིས་ཟུང་འཇུག་གཏེར་གྱིས་སྐྱོང་བའི་བརྡཿ མཛེས་པའི་སྣ་ལེན་ཐུར་དུ་འཕྱང་བ་ནིཿ སྦྱོར་སྒྲོལ་ལྟ་བ་དབྱིངས་སུ་དག་པའི་བརྡཿ རྗེ་ཉིད་སྐུ་ལུས་བཀོད་པ་བསྟན་པ་ནིཿ ཞལ་གྱི་དཀྱིལ་འཁོར་ཆོག་མི་ཤེས་པ་ནིཿ དེ་བཞིན་གཤེགས་པའི་སྐུ་དངོས་བསྟན་པའི་བརྡཿ རྡོ་རྗེའི་སྐུ་ལུས་དྲང་པོར་བཞུགས་པ་ནིཿ ཏིང་འཛིན་རྩེ་གཅིག་གཡོ་བ་མེད་པའི་བརྡཿ སྐུ་མདོག་དཀར་ལ་དམར་མདངས་ལྡན་པ་ནིཿ བདེ་བ་ཐམས་ཅད་སྐུ་ལ་རྫོགས་པའི་བརྡཿ ཡེ་ཤེས་སྤྱན་གཉིས་ཐད་དཀར་གཟིགས་པ་ནིཿ ཆོས་དབྱིངས་འོད་གསལ་མཆོག་ཏུ་སྦོར་བའི་བརྡཿ འཛུམ་པའི་མདངས་ལྡན་ཞལ་ཚོམས་མཛེས་པ་ནིཿ གསང་སྔགས་མཛད་


PKT001_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༥ན༽པ་མཐའ་རུ་ཕྱིན་པའི་བརྡཿ ཚངས་པའི་གསུང་གིས་ཆོས་སྒྲ་སྒྲོགས་པ་ནིཿ འགྲོ་དྲུག་སེམས་ཅན་བདེ་ལ་བཀོད་པའི་བརྡཿ ཤངས་ནས་ཡེ་ཤེས་རླུང་ལྔ་རྒྱུ་བ་ནིཿ སྤྲོས་མེད་ལྟ་བ་ཡོངས་སུ་དག་པའི་བརྡཿ སྙན་ཆ་གསེར་གྱི་དྲིལ་ཆུང་བརྒྱན་པ་ནིཿ སངས་རྒྱས་རྣམས་དང་གསུང་གླེང་མཛད་པའི་བརྡཿ དབུ་སྐྲ་ཁམས་ནག་ལྕང་ལོ་འཁྱིལ་བ་ནིཿ མ་ལུས་དགོངས་པའི་དོན་རྣམས་འགྲུབ་པའི་བརྡཿ ཞབས་གཉིས་མཉམ་པའི་སྐྱིལ་ཀྲུང་བཞུགས་པ་ནིཿ ལམ་ལྔ་ས་བཅུ་སྐད་ཅིག་རྫོགས་པའི་བརྡཿ ཕྱག་གཡོན་མཉམ་བཞག་བནྡྷ་འཛིན་པ་ནིཿ འདོད་ཡོན་ལྔ་ལ་ལོངས་སྤྱོད་རོལ་པའི་བརྡཿ གཡས་པའི་ཕྱག་ན་རྡོ་རྗེ་བསྣམས་པ་ནིཿ བདེ་སྟོང་སྒོམ་ལ་རྒྱུན་ཆད་མེད་པའི་བརྡཿ ཆུ་ཤིང་ནག་པོའི་ཕྱག་མཁར་བསྣམས་པ་ནིཿ ཆོས་རྣམས་ཐེག་པ་གཅིག་ཏུ་རྫོགས་པའི་བརྡཿ དེ་ལ་ཆུ་སྲིན་རྒྱ་མདུད་བཅིངས་བ་ནིཿ བསྡུ་བ་རྣམས་གཞིས་བསྟན་པ་བསྲུང་བའི་བརྡཿ དེ་ལ་རྡོ་རྗེ་རྩེ་ལྔ་བསྐྱོན་པ་ནིཿ སྐྱེ་བ་རྣམ་བཞི་སྦྱོར་བ་ལྔ་ལྡན་བརྡཿ དེ་ལ་ཐོད་མཁར་དགུ་བརྩེགས་བསྐྱོན་པ་ནིཿ འཇིག་རྟེན་དུར་ཁྲོད་གླིང་དགུར་མཁྱེན་པའི་བརྡཿ དར་སྣ་ལྔ་ཡིས་མགུལ་ཆིངས་བྱས་པ་ནིཿ སྟོང་གཟུགས་ཡེ་ཤེས་ལྔ་ལྡན་སྦྱོར་བའི་བརྡཿ གསེར་དངུལ་ཟངས་ལྕགས་ཁྲོ་ཞལ་ལྡན་པ་ནིཿ


PKT001_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༥བ༽གསང་སྔགས་སྒོ་མོ་བཞི་ནི་འབྱེད་པའི་བརྡཿ དེ་ལ་ཁ་ཊྭཱཾ་རྩེ་གསུམ་སྐྱེས་པ་ནིཿ དུག་གསུམ་སྐུ་གསུང་ཐུགས་དང་སྦྱོར་བའི་བརྡཿ རྭ་ལ་ལྕགས་ལུང་དགུ་ཡིས་བརྒྱན་པ་ནིཿ ཐེག་པའི་འཇུག་སྒོ་མ་ནོར་སྟོན་པའི་བརྡཿ རྩེ་ལ་ལྕགས་ལུང་བརྒྱད་ཀྱིས་བརྒྱན་པ་ནིཿ རྣམ་ཤེས་ཚོགས་བརྒྱད་སྦྱོར་མཚམས་དག་པའི་བརྡཿ ཟ་འོག་བེར་བརྩེགས་སྐུ་ལ་གསོལ་བ་ནིཿ སྣང་སྲིད་འཇའ་འོད་ཟེར་གསུམ་འཕྲོ་བའི་བརྡཿ དམར་སེར་མཐིང་ནག་བེར་ཕྱམ་སྤྲུགས་པ་ནིཿ སྣ་ཚོགས་ཆོས་སྒུ་རང་ལ་ཤར་བའི་བརྡཿ རྒྱ་མཚོར་པད་སྡོང་རྩེ་ལ་བཞུགས་པ་ནིཿ འཁོར་བའི་སྐྱོན་གྱིས་མ་གོས་བསྟན་པའི་བརྡཿ ཕྱོགས་བཞི་མཚམས་བརྒྱད་འཇའ་འོད་འཁྲིགས་པ་ནིཿ ཕུང་པོ་ལྷག་མེད་ཡེ་སངས་རྒྱས་པའི་བརྡཿ འཁོར་དུ་བཀའ་བརྒྱུད་བླ་མས་བསྐོར་བ་ནིཿ སྐལ་ལྡན་བུ་ལ་བྱིན་རླབས་འབེབས་པའི་བརྡཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ ཁྲ་འབྲུག་ཏུ་བཀའ་འདུས་སྒྲུབ་ཆེན་མཛད་དུས་མཁའ་འགྲོས་བརྡ་བསྟོད་མཛད་པའི་ལེའུ་སྟེ་གོ་དགུ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ

སྐུ་ཚབ་ལ་གསོལ་བ་བཏབ་པའི་ཕན་ཡོན་བསྟན་པའི་ལེའུ།


PKT001_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལྷ་ལྕམ་མནྡཱ་ར་བ་ཡིསཿ མཚན་བཟང་སུམ་ཅུ་རྩ་གཉིས་བསྟོད་པ་མཛདཿ ཨེ་མ་ཧོཿ ལེགས་པའི་དཔེ་བྱད་མཚན་བཟང་སུམ་ཅུ་གཉིསཿ དུས་གསུམ་སངས་རྒྱས་པད་འབྱུང་སྐུ་ལ་རྫོགསཿ རི་རབ་ལྟ་བུར་སྐུན་


PKT001_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༦ན༽ལྷུན་མདངས་མཐོཿ རི་རྒྱལ་བུམ་པ་ལྟ་བུར་དབུ་ནི་ཟླུམཿ བུང་བ་ཨུཏྤལ་ལྟ་བུར་དབུ་སྐྲ་མཛེསཿ ཟླ་བ་རྒྱས་པ་ལྟ་བུར་དཔྲལ་བའི་དབྱེསཿ སྐར་ཆེན་ཤར་འདྲ་སྤྱན་གཉིས་ནག་ལ་རིང་ཿ འདི་ཡི་སྨིན་མ་ཁྱུང་ཆེན་ལྡིང་བ་འདྲཿ ཁྲ་གཤོག་བརྒྱངས་པ་ལྟ་བུར་རྫི་མ་ལེགསཿ སྙན་ནི་གྲོག་གཅས་པ་ལྟ་བུ་འདྲཿ ཤངས་ནི་ལེགས་ཤིང་བལྟ་ན་སྡུག་པའི་ཤངསཿ ཡ་མཆུ་མ་མཆུ་པདྨའི་ཟེ་བ་འདྲཿ ལྗགས་རིང་སྲབ་མཉེན་པདྨའི་མདོག་ལྟར་དམརཿ དཀར་ཚེམས་ཐགས་བཟང་དུང་མདོག་གངས་རི་འདྲཿ ཚེམས་འཕྲེང་ལྔ་བཅུ་རྩ་བརྒྱད་ཞལ་ལ་མཛེསཿ ཞི་བའི་ཞལ་མཐོང་ཨོས་ཀོ་ལྷམ་མེ་བཿ ཀ་ལ་པིངྐ་ལྟ་བུར་ཚངས་པའི་དབྱངསཿ ཞལ་ཚོམས་དམ་ནག་དཀྱུས་འདྲ་ལྟ་བུར་རིང་ཿ སྐུ་མདོག་དུང་ལ་ཕོ་ཚོས་བསྐུས་པ་འདྲཿ མགུལ་ནི་བུམ་པའི་མགྲིན་པ་ལྟ་བུར་ལེགསཿ འདི་ཡི་སྐུ་སྟོད་སེང་གེ་འགྱིང་བ་འདྲཿ དཔུང་པའི་མགོ་ཟླུམ་ཕྲག་པ་རབ་ཏུ་རྒྱསཿ ཕྱག་ཞབས་སོར་རིང་དྲ་བས་འབྲེལ་བ་དང་ཿ སེན་མོའི་མདོག་ནི་ཟངས་དམར་ཤེལ་འོད་དཀརཿ པདྨའི་སྦུ་གུ་ལྟ་བུར་ལྟེ་བ་མཛེསཿ སྦ་བ་སྦུབ་སུ་རྟ་གླང་ལྟ་བུར་ནུབཿ བྱིན་པ་ཨེ་ན་ཡ་འདྲ་ཞབས་ལོང་འབུརཿ མཁའ་ལ་འཇའ་འགྱུས་ལྟ་བུར་འཕུར་རྩལ་འགྲོསཿ གཞོན་ནུའི་རྩལ་ལྡན་སྐུ་ལུས་ཡན་ལག་རྒྱསཿ འཛུམ་ཞིང་


PKT001_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༦བ༽ཤིན་ཏུ་མཛེས་པའི་དྲི་མེད་ཞལཿ གཟུགས་བལྟས་མི་ངོམས་སྐྱེ་བོས་ལྟ་ན་སྡུགཿ འོད་ཟེར་དུ་མ་འབར་བས་འོད་ཁྱིམ་འདྲཿ རོ་མཆོག་འཇམ་ཞིང་དམ་པ་མཆོག་རབ་འཕགསཿ མི་ཤིགས་རྡོ་རྗེ་ལྟ་བུར་ཟག་པ་མེདཿ འདྲ་བ་འདི་དག་པད་འབྱུང་མཚན་བཟང་པོཿ སུམ་ཅུ་རྩ་གཉིས་རྒྱལ་སྲས་སྐུ་ལ་བསྟོདཿ མོས་པའི་མ་ཕྱིར་བུ་འབྲང་ལྟ་བུ་ཡིཿ སུན་པ་མེད་པའི་ལྷ་ལྕམ་མནྡཱ་རསཿ སྐྱོ་ངལ་མེད་པར་སྤྲུལ་སྐུའི་ཡོན་ཏན་ཞུསཿ ཉིད་དང་མ་མཇལ་མ་འོངས་སེམས་ཅན་རྣམསཿ མ་རིག་མུན་པའི་སྒྲོན་མེ་གང་གིས་བྱེདཿ དེ་བཞིན་སྦྱིན་པའི་བསོད་ནམས་གང་ལ་གསོགཿ ལུས་ཕུང་བདེ་བའི་མེ་ཏོག་གང་ལ་འབུལཿ འཇིག་རྟེན་དག་ན་བདེ་བ་སྦྱིན་པའི་མཆོགཿ འཁོར་བའི་སྡུག་བསྔལ་རྒྱ་མཚོ་གང་གིས་སྐོམཿ བདེ་སྟོང་བླ་མེད་བརྒྱུད་པ་སུ་ཡིས་འཛིནཿ པད་སྡོང་ལས་འཁྲུངས་དཀར་ལ་དམར་མདངས་ཅནཿ བཟང་པོའི་མཚན་གྱིས་སྐུ་ལ་བརྒྱན་པས་གསུངསཿ ཞེས་ཞུས་དེ་ནས་ཨུ་རྒྱན་བཀའ་སྩལ་པཿ ཉོན་ཅིག་ལྷ་མོའི་གཟུགས་ཅན་ཡིད་འོང་མཿ ང་དང་མ་འཕྲད་མ་འོངས་སེམས་ཅན་རྣམསཿ མ་རིག་མུན་པའི་སྒྲོན་མེ་སྐུ་འདྲས་བྱེདཿ པད་འབྱུང་སྐུ་ཚབ་མཆོད་པའི་རྟེན་བཞེངས་པཿ སྐུ་གསུམ་དོན་ལྡན་བསྟན་པའི་རྒྱལ་མཚན་འཛུགསཿ དེ་ལ་འདུན་ཅིང་མོས་གུས་སུ་བྱེད་པཿ འདོད་པ་ཀུན་ཚོགས་རིན་ཆེན་ཕུང་པོ་


PKT001_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༧ན༽འདྲཿ འཕེལ་འགྲིབ་མེད་པར་འགྱུར་མེད་བདེ་བའི་ཞིང་ཿ སྙིང་པོ་རྒྱུན་དུ་བཟླ་བར་གང་བྱེད་པཿ མི་རྣམས་སྨོན་ལམ་ཇི་ལྟར་བཏབ་པ་བཞིནཿ རིགས་པ་ཀུན་འབྱུང་ཨེ་མ་ངོ་མཚར་ཆེཿ འབྱུང་བའི་བཅུད་ལས་བསམ་འཕེལ་ནོར་འབྱུང་བཞིནཿ ཇི་ལྟར་ཚོགས་པར་བཤམས་པའི་འདོད་ཡོན་ལྔཿ བྱི་དོར་ལྡན་པས་བཀྲ་ཤིས་འཕེལ་བར་འགྱུརཿ སྨོན་ལམ་དག་པས་སྨན་ཆབ་ལྔ་གསོལ་བཿ ཐུན་མོང་འདུ་བ་རྣམ་བཞིའི་ནད་ལས་གྲོལཿ ཁྱད་པར་ཉོན་མོངས་འཁོར་བའི་གཙོད་ནད་ཞིཿ སྐྱོན་གྱི་གོང་པོ་རིགས་དྲུག་སེམས་ཅན་ལཿ དར་ཅིག་བདེ་བའི་སྐབས་མེད་མི་ཡི་ལུསཿ པད་འབྱུང་སྐུ་ཚབ་དཀོན་གཉེར་སུས་བྱེད་པཿ ངན་སོང་གསུམ་ལས་གཏན་དུ་ཐར་བ་དང་ཿ ཕུན་སུམ་ཚོགས་པའི་ཡོན་ཏན་ཐོབ་པར་འགྱུརཿ པད་འབྱུང་སྐུ་ཚབ་གཞལ་ཡས་ཁང་བཞེངས་པཿ ལྷ་ཡི་ཕོ་བྲང་ནང་དུ་སྐྱེ་བར་འགྱུརཿ པད་འབྱུང་སྐུ་བཞེང་ལས་དཔོན་སུས་བྱེད་པཿ ཆོས་སྨྲའི་འཁོར་ལོ་སྒྱུར་མཆོག་ཐོབ་པར་འགྱུརཿ པད་འབྱུང་སྐུ་འདྲའི་བཟོ་གནས་སུས་བྱས་པཿ འདི་ཕྱིར་རིག་པའི་གནས་ལྔར་མཁས་པར་འགྱུརཿ པད་འབྱུང་སྐུ་བཞེང་འདམ་རྫབ་སུས་སྦྱོར་བཿ ས་ཡི་འབྲུ་བཞིན་བསོད་ནམས་འཕེལ་བར་འགྱུརཿ པད་འབྱུང་སྐུ་འདྲར་ན་བཟའ་གང་འབུལ་བཿ ཡེ་ཤེས་རྒྱན་


PKT001_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༧བ༽ལྡན་རང་བཅས་ཐོབ་པར་འགྱུརཿ པད་འབྱུང་སྐུ་འདྲར་པད་གདན་སུས་ཕུལ་བཿ རེག་འཇམ་མཛེས་པའི་གདན་དང་ལྡན་པར་འགྱུརཿ པད་འབྱུང་སྐུ་འདྲར་རྡུལ་བྱིས་སུས་བྱས་པཿ གཟུགས་བཟང་ཆས་ལེགས་མདོག་སྡུག་ཐོབ་པར་འགྱུརཿ པད་འབྱུང་སྐུ་འདྲར་མར་མེ་སུས་ཕུལ་བཿ མུན་པ་མེད་ཅིང་བློ་རིག་གསལ་བར་འགྱུརཿ པད་འབྱུང་སྐུ་འདྲར་རིན་ཆེན་སུས་ཕུལ་བཿ དབུལ་ཕོངས་ཀུན་བྲལ་དཀོར་ནོར་ཚོགས་པར་འགྱུརཿ པད་འབྱུང་སྐུ་འདྲར་སྤོས་ལྔ་སུས་ཕུལ་བཿ དྲི་ཞིམ་ངད་ལྡན་ཡིད་དུ་འོང་བར་འགྱུརཿ པད་འབྱུང་སྐུ་འདྲར་སྨན་ལྔ་སུས་ཕུལ་བཿ གདུག་པའི་ནད་ཞི་བདུད་རྩི་ཐོབ་པར་འགྱུརཿ པད་འབྱུང་སྐུ་འདྲར་སྙིང་པོ་ལྔ་ཕུལ་བཿ སྡུག་བསྔལ་མེད་ཅིང་བདེ་བའི་མཆོག་ཐོབ་འགྱུརཿ པད་འབྱུང་སྐུ་འདྲར་དྲི་བཟང་སུས་ཕུལ་བཿ གདུག་པའི་ནད་ཞི་བདུད་རྩི་ཐོབ་པར་འགྱུརཿ པད་འབྱུང་སྐུ་འདྲར་སྙིང་པོ་ལྔ་ཕུལ་བཿ སྡུག་བསྔལ་མེད་ཅིང་བདེ་བའི་མཆོག་ཐོབ་འགྱུརཿ པད་འབྱུང་སྐུ་འདྲར་དྲི་བཟང་སུས་ཕུལ་བཿ གནས་གཙང་ཐོབ་ཅིང་དྲི་མ་མེད་པར་འགྱུརཿ པད་འབྱུང་སྐུ་འདྲར་ཚོགས་འཁོར་སུས་ཕུལ་བཿ བཀྲེས་པ་མེད་ཅིང་བདེ་ལེགས་ཐོབ་པར་འགྱུརཿ པད་འབྱུང་སྐུ་འདྲར་དྲི་བཟང་སུས་ཕུལ་བཿ གནས་གཙང་ཐོབ་ཅིང་དྲི་མ་མེད་པར་འགྱུརཿ པད་འབྱུང་སྐུ་འདྲར་ཚོགས་འཁོར་སུས་ཕུལ་བཿ བཀྲེས་པ་མེད་ཅིང་བདེ་ལེགས་ཐོབ་པར་འགྱུརཿ པད་འབྱུང་སྐུ་འདྲར་འབྲུ་བཅུད་ལུས་ཕུལ་བཿ བདུད་རྩིའི་རྒྱ་མཚོ་མཆོག་ལ་སྤྱོད་པར་འགྱུརཿ པད་


PKT001_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༨ན༽འབྱུང་སྐུ་འདྲར་མེ་ཏོག་སུས་ཕུལ་བཿ སྒྲིབ་པ་བྱང་ཞིང་ཉོན་མོངས་ལྔ་ཞི་འགྱུརཿ པད་འབྱུང་སྐུ་འདྲར་དཀར་གསུམ་སུས་ཕུལ་བཿ འདོད་འཇོའི་བ་དང་རྐང་བགྲོས་སྤྱོད་པར་འགྱུརཿ པད་འབྱུང་སྐུ་འདྲར་མངར་གསུམ་སུས་ཕུལ་བཿ ཞལ་ཟས་བདའ་དགུའི་ལོངས་སྤྱོད་ཐོབ་པར་འགྱུརཿ པད་འབྱུང་སྐུ་འདྲར་སྤྱན་གཟིགས་སུས་ཕུལ་བཿ བསོད་ནམས་ལོངས་སྤྱོད་ཡོ་བྱད་འཕེལ་བར་འགྱུརཿ པད་འབྱུང་སྐུ་འདྲར་འབྲུ་ལྔ་སུས་ཕུལ་བཿ མ་རྨོས་བཏབ་མེད་ལོ་ཐོག་བཙའ་བར་འགྱུརཿ པད་འབྱུང་སྐུ་འདྲར་འཕན་གདུགས་སུས་ཕུལ་བཿ ཆོས་བཤད་བླ་མེད་དོན་ཀུན་ཐོབ་པར་འགྱུརཿ པད་འབྱུང་སྐུ་འདྲར་དར་དབྱངས་སུས་ཕུལ་བཿ ལྷ་ཡི་ན་བཟའ་རྒྱན་བཟང་ཐོབ་པར་འགྱུརཿ པད་འབྱུང་སྐུ་འདྲར་སིལ་སྙན་སུས་ཕུལ་བཿ དབྱངས་སྙན་ངག་བདེ་དབང་པོ་གསལ་བར་འགྱུརཿ པད་འབྱུང་སྐུ་འདྲར་རོལ་མོ་སུས་ཕུལ་བཿ སྟོབས་ཆེ་གཟུགས་བཟང་ཡན་ལག་བདེ་བར་འགྱུརཿ པད་འབྱུང་སྐུ་འདྲར་བསྐོར་ཕྱག་སུས་བྱས་པཿ འཁོར་བ་མེད་ཅིང་མྱ་ངན་འདས་པར་འགྱུརཿ སྐྱེས་བུ་བཟོ་ལ་རིག་པའི་རྩལ་རྫོགས་པསཿ པད་འབྱུང་སྐུ་ལ་གསེར་ཆབ་སུས་གསོལ་བཿ རྒྱལ་པོ་རིན་ཆེན་ལྟ་བུ་ཐོབ་པར་འགྱུརཿ པད་འབྱུང་སྐུ་འདྲར་གཡུ་ཆབ་སུས་གསོལ་བཿ བཙུན་མོ་རིན་ཆེན་ལྟ་བུ་


PKT001_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༨བ༽ཐོབ་པར་འགྱུརཿ པད་འབྱུང་སྐུ་འདྲར་དངུལ་ཆབ་སུས་གསོལ་བཿ བློན་པོ་རིན་ཆེན་ལྟ་བུ་ཐོབ་པར་འགྱུརཿ པད་འབྱུང་སྐུ་འདྲར་ལྕགས་ཆབ་སུས་གསོལ་བཿ དམག་དཔོན་རིན་ཆེན་ལྟ་བུ་ཐོབ་པར་འགྱུརཿ པད་འབྱུང་སྐུ་འདྲར་དུང་ཆབ་སུས་གསོལ་བཿ རྟ་མཆོག་རིན་ཆེན་ལྟ་བུ་ཐོབ་པར་འགྱུརཿ པད་འབྱུང་སྐུ་འདྲར་ཟངས་ཆབ་སུས་གསོལ་བཿ གླང་པོ་རིན་ཆེན་ལྟ་བུ་ཐོབ་པར་འགྱུརཿ པད་འབྱུང་སྐུ་འདྲར་མཚལ་ཆབ་སུས་གསོལ་བཿ ནོར་བུ་རིན་ཆེན་ལྟ་བུ་ཐོབ་པར་འགྱུརཿ སྐུ་འདྲར་ཤིང་ཕུང་སྣག་ཚ་སུས་གསོལ་བཿ འཁོར་ལོ་རིན་ཆེན་ལྟ་བུ་ཐོབ་པར་འགྱུརཿ རིན་ཆེན་སྣ་བདུན་སྐུ་འདྲར་སུས་གསོལ་བཿ ལོངས་སྤྱོད་རྫོགས་པའི་ཞིང་ཁམས་ཐོབ་པར་འགྱུརཿ པད་འབྱུང་རྣམ་ཐར་རི་མོར་སུས་བཀོད་པཿ དབྱིངས་རིག་དོན་ལ་མ་ཡེངས་གནས་པར་འགྱུརཿ པད་འབྱུང་སྐུ་འདྲར་སྤྱན་འབྱེད་སུས་བྱས་པཿ ཡེ་ཤེས་སྤྱན་གྱིས་སྣོད་བཅུད་གསལ་བར་འགྱུརཿ པད་འབྱུང་སྙན་ཤལ་དར་དབྱངས་སུས་ཕུལ་བཿ ལྷ་སྙན་དར་བུ་ཁས་ལ་གསང་བར་འགྱུརཿ པད་འབྱུང་ཤངས་ལ་དྲི་ཞིམ་རྒྱུན་མཆོད་པཿ དྲི་ཞིམ་ངད་ལྡན་རྒྱན་ལ་གནས་པར་འགྱུརཿ པད་འབྱུང་ཚེམས་ལ་དཀར་མདངས་སུས་བཏོན་པཿ འཁོར་བ་དུག་གསུམ་རྩད་ནས་ཆོད་པར་འགྱུརཿ པད་འབྱུང་ལྗགས་ལ་རོ་མཆོག་སུས་ཕུལ་བཿ ཐམས་ཅད་སྒྲོལ་བྱེད་


PKT001_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༩ན༽ལྗགས་དང་ལྡན་པར་འགྱུརཿ པད་འབྱུང་སྐུ་ཚབ་རབ་གནས་སུས་སྐྱོར་བཿ དམག་འཁྲུག་མུ་གེ་ནད་ཡམས་ཞི་བར་འགྱུརཿ པད་འབྱུང་སྐུ་ཚབ་རྟེན་བཤད་སུས་བྱས་པཿ སེམས་བསྐྱེད་ཏིང་ངེ་འཛིན་ལ་གནས་པར་འགྱུརཿ དེ་ལྟར་གཞན་ལ་སྐུལ་བྱེད་སུས་འདེབས་པཿ འགྲོ་བ་མང་པོའི་ལས་སྒྲིབ་དག་པར་འགྱུརཿ སྐྱེ་དགུའི་ཚེ་འཕེལ་པད་འབྱུང་སྐུ་འདྲ་འདིཿ ང་ཡི་ཐུགས་ལས་ཡེ་ཤེས་འོད་འཕྲོས་ནསཿ མ་འོངས་མོས་པའི་རྟེན་དུ་གཏད་པ་ཡིནཿ འདོད་དགུ་འབྱུང་བའི་ཡིད་བཞིན་ནོར་བུ་འདྲཿ དམངས་པོ་བུ་མེད་ང་ལ་གསོལ་བ་ཐོབཿ ལུས་སེམས་དཔང་ཚུགས་རྐང་པས་བསྐོར་བ་གྱིསཿ ལོག་འདྲེན་བར་གཅོད་དཔག་ཚད་རྒྱང་གྲགས་འཕྲོསཿ ཡིད་འོང་ཉམས་དགའི་དངོས་པོ་པོང་དུ་སྐྱེཿ དབུལ་པོ་ནོར་མེད་ང་ལ་གསོལ་བ་ཐོབཿ གསང་སྔགས་གསུང་རབ་པད་འབྱུང་བཀོད་པ་ལསཿ རོ་འབྱུང་བཅུད་བསྡུས་དོན་ལ་ཐིམ་པར་སྒོམསཿ འཇིག་རྟེན་ཟང་ཟིང་ནོར་གྱིས་ལག་མི་འབོརཿ དོན་དང་མི་ལྡན་ང་ལ་གསོལ་བ་ཐོབཿ རིག་པའི་སེམས་ལ་འཁོར་བའི་སྐྱོན་མེད་དེཿ ནོར་བུ་རིན་ཆེན་རང་ལ་ཡོད་མོད་ཀྱང་ཿ བཀུར་སྟི་རིམ་གྲོ་མཆོད་པ་མ་བྱས་པསཿ འདོད་པའི་ཡོན་ཏན་གང་ཡང་འཕེལ་མ་གྱུརཿ སྨོན་ལམ་གང་བཏབ་དེ་ཡིས་དེ་ཐོབ་བྱེདཿ གསོལ་བཏབ་པད་འབྱུང་ང་ལ་དགོས་འདོད་འབྱུང་ཿ ཨུ་རྒྱན་


PKT001_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༣༩བ༽གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ སྐུ་ཚབ་ལ་གསོལ་བ་བཏབ་པའི་ཕན་ཡོན་བསྟན་པའི་ལེའུ་སྟེ་བརྒྱ་ཐམ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

རྗེས་འཇུག་བདེ་སྟོང་ལ་སྤྲོད་པའི་ལེའུ།


PKT001_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཕུང་བདེ་བའི་མེ་ཏོག་གང་འབུལ་བཿ བདེ་སྟོང་གཉིས་མེད་བསྒོམ་པའི་པད་འབྱུང་སྐུཿ གཡོ་འཁྲུག་མེད་པའི་བདེ་སྟོང་ལྷ་མོ་ཁྱོདཿ རང་བཞིན་མེད་པར་རང་ལུས་ཡབ་ཡུམ་གསལཿ འཁོར་བ་མི་བདེའི་སྡུག་བསྔལ་བྱུང་ཚོར་ལཿ སྡུག་བསྔལ་ཤེས་པས་བདེ་བ་བཙལ་དུ་ཡོང་ཿ ལམ་ལ་གསལ་ཡོང་འབྲས་བུ་བསྒྲུབ་ཏུ་ཡོདཿ གསང་སྔགས་ཡོན་ཏན་ཐམས་ཅད་དེ་ལས་འབྱུང་ཿ བཟོད་པའི་བསྲན་ཅན་གཉེན་པོ་གང་བསྟེན་པཿ དོན་གཉིས་མཐར་ཕྱིན་ཚོགས་གཉིས་རྫོགས་རེ་སྐནཿ འཁྲུལ་པའི་བློ་ཡིས་འཁོར་བའི་ས་བོན་འདེབསཿ ཕྱིན་ཅི་ལོག་སྤྱོད་ལས་སྤྱོད་ཀུན་སྤངས་ནསཿ དགའ་བའི་མདངས་ཕྱུང་སྙན་པའི་གསུང་བསྒྲགས་ཀུནཿ སྨིན་ཅིང་དྲོད་འབེབས་འཇུ་དང་བསྲེག་ཅིང་དཀྲུགཿ གསོ་བསྐྱེད་བརྟན་དང་མཐའ་ལ་སྟོབ་པར་བྱེདཿ ཡོན་ཏན་ཟག་མེད་སྟོང་པ་ཉིད་དུ་གསལཿ བརྩོན་འགྲུས་གཡལ་མེད་བཏང་སྙོམས་ལེ་ལོ་མེདཿ འདོད་ཆགས་ལས་ཀྱི་དུག་མཚོ་ཁོལ་མའི་ནང་ཿ སྟོང་ཉིད་ཡེ་ཤེས་བདེ་བ་རྙེད་པར་འགྱུརཿ ཆགས་མེད་སྦྱིན་པ་ཡོངས་སུ་གཏང་དུ་ཡོདཿ འགྲོ་དོན་མ་འགགས་རྣམ་ཀུན་ལམ་བགྲོད་འགྲོཿ ཐབས་ཆེན་སྟོབས་


PKT001_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༠ན༽ཀྱིས་བླ་མེད་དོན་ཐོབ་ནསཿ དབྱིངས་ལ་རོལ་ཞིང་ཐབས་ཀྱིས་གང་འདུལ་བཿ མཚན་མ་ཐམས་ཅད་ཤེས་རབ་ཉིད་ལ་གསལཿ དེ་ཕྱིར་གསང་སྔགས་བླ་མེད་སྤྱོད་པ་ཕུལཿ གང་ལ་དང་བཞིན་མེད་པའི་དོན་ཤེས་པཿ ཉེས་སྤངས་ལས་སྤྱོད་འབྲས་བུ་དེ་ཉིད་དོཿ སྤྱོད་ཡུལ་སྦྱོར་སྒྲོལ་མཚན་མེད་འཁོར་ལོ་སྒྱུརཿ བླ་མེད་རྫོགས་པའི་འབྲས་བུ་དེ་ལ་ཕུལཿ སྤུངས་ཆུད་ཉོན་མོངས་ལྔ་ཡིས་དབང་བྱས་ལཿ བདེ་སྟོང་ཐབས་ཀྱིས་ལོག་པ་ཟིལ་གྱིས་ནོནཿ དབང་རྒྱ་མ་ཆད་ལས་རྒྱ་སྦྱོར་སྒྲོལ་རིགཿ སྒྲོ་སྐུར་ཐམས་ཅད་ཡོན་ཏན་འབྱུང་ལ་ཕུལཿ ཤེས་རབ་དད་སྟོབས་ལྡན་པའི་སྐྱེས་བུ་ལཿ འདི་ལྟར་ཅི་ཡང་མེད་པར་གཏོང་ཤེས་ནཿ སྙིང་པོ་འོད་ཟེར་རང་ལ་ཤར་བ་བཞིནཿ རང་རིག་རྩལ་གྱི་བོགས་ཐོན་དེ་ལ་ཕུལཿ བདེ་ཆེན་རྣམ་དག་འབྲས་བུའི་དྲོད་ཚད་རྙེདཿ དཀའ་བ་སྣ་ཚོགས་སྟོབས་ཀྱིས་དོན་ཆེད་དུཿ གཉིས་མཐར་མ་ལྷུང་ཀློང་དུ་ཡེ་སངས་རྒྱསཿ ཤོང་ཡངས་དགོས་མེད་བརྟུལ་ཞུགས་ཅན་ལ་ཕུལཿ པད་འབྱུང་བརྒྱུད་འཛིན་ཁྱད་པར་མི་ཡི་མཆོགཿ ཅི་མཛད་ཐབས་མཁས་འགྲོ་བ་འདྲེན་པའི་དཔལཿ བཅིངས་དགྲོལ་སྒྲོར་པས་མཚན་མའི་དྲོད་ཚད་རྙེདཿ མྱ་ངན་འདས་པ་ཕྱིར་མི་ལྡོག་ལ་ཕུལཿ དུག་ལྔའི་ནད་སེལ་སྐྱེས་བུ་སྨན་པའི་མཆོགཿ ཐིག་ལེ་བདེ་ཆེན་ཀློང་དུ་ཡེ་སངས་རྒྱསཿ མ་རིག་མུན་སེལ་སྣང་གསལ་སྒྲོན་མའི་འོདཿ


PKT001_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༠བ༽མཛེས་པའི་ཆ་ལུགས་བསྟན་གཉིས་མཐུན་ལ་ཕུལཿ རྒོལ་བ་ཚར་གཅོད་སྨྲ་བའི་སེང་གེའི་སྒྲཿ བྱེད་པའི་སྟོབས་ལྡན་ཁྱུ་མཆོག་རླབས་པོ་ཆེཿ ཉི་ཟླའི་ཞལ་ནི་ཀུན་ལ་མཛེས་པར་སྟེནཿ བདེན་པའི་ཚིག་ནི་རང་བཞིན་མེད་པར་སྒྲོགཿ ཡི་དག་ཐུགས་ཉིད་ཆུ་ཟླ་བཞིན་དུ་གསལཿ དོགས་པའི་སྐྱོན་མེད་ཡོན་ཏན་རྫོགས་ལ་ཕུལཿ མུན་པའི་གླིང་འཇོམས་སྒྲོན་མེ་གསལ་བའི་འོདཿ ཏིང་འཛིན་བརྒྱ་བཅུ་བསམ་གཏན་བྱམས་སྙོམས་ལྡནཿ ནམ་མཁའི་ཀློང་བཞིན་ཁྱབ་གདལ་ཟག་མེད་ཐུགསཿ མཁྱེན་པའི་ཡེ་ཤེས་ཉི་ཟླ་གསལ་བའི་འོདཿ ཞིང་མཆོག་དེ་འདྲ་མི་གཟུགས་བྱོན་ལ་ཕུལཿ བདེ་སྟོང་གསང་སྔགས་བརྒྱུད་པ་དེ་ཡིས་འཛིནཿ ནམ་མཁའི་དབྱིངས་དང་རྒྱ་མཚོའི་ཚུལ་བཞིན་དུཿ གཏིང་དཔག་བརྟག་དཀའ་ཤིན་ཏུ་ཚོད་མི་ཟིནཿ སྐལ་ལྡན་སྣོད་བཟང་སྦྱངས་པའི་ལས་འཕྲོ་ཅནཿ འདི་ཐོས་འདི་ཡི་ཡོན་ཏན་ལ་སྤྱད་ནསཿ བྱི་དོར་དག་ཅིང་གཙང་མའི་དངོས་གྲུབ་གཏེརཿ ཆེ་བའི་ཡོན་ཏན་ཁྱད་པར་འཕགས་ལ་ཕུལཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ རྗེས་འཇུག་བདེ་སྟོང་ལ་སྤྲོད་པའི་ལེའུ་སྟེ་བརྒྱ་དང་གཅིག་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

ལྷ་རྗེ་ལུང་བསྟན་ཅིང་སྐྱེ་བདུན་ཤའི་ཕན་ཡོན་བསྟན་པའི་ལེའུ།


PKT001_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ནངས་པེར་སྒྲུབ་པ་ཐོན་པའི་ཚེཿ སློབ་དཔོན་ཞལ་ནས་ལྷ་སྲས་བཙན་པོ་ལགསཿ རྒྱལ་སྲས་ལྷ་རྗེ་སྔོན་དུ་ཁྲིད་ཤོག་གསུངསཿ སྲས་འདི་སྐྱེ་བ་ཡང་སྔ་ད་བར་དུཿ


PKT001_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༡ན༽བདག་གིས་བྱིན་གྱིས་བརླབས་པའི་སྲས་ཡིན་གསུངསཿ ལྟ་བ་རྫོགས་ཆེན་པདྨ་སྙིང་ཐིག་དང་ཿ ཡི་དམ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་དང་ཿ བླ་མ་བསྟན་གཉིས་སྐོར་གསུམ་ལ་སོགས་པཿ རྩིས་སྨན་ཀུན་གྱི་བདག་པོ་འདི་ཡིན་པསཿ ཡར་ཀླུངས་གཏེར་ཀ་འདི་ལ་གཏད་དོ་གསུངསཿ གསང་མཚན་སྔགས་པ་མཆོག་གྲུབ་རྒྱལ་པོར་གསོལཿ བཟོད་སེམས་ཆེ་ཞིང་ཀུན་ལ་བྱམས་པའི་བུཿ དུག་ལྔ་མི་རགས་འཁོར་བར་མི་རྒྱུ་ཡང་ཿ བསྟན་གཉིས་གུས་ཤིང་འགྲོ་ལ་བརྩེ་བའི་ཕྱིརཿ ང་དང་གདན་འཛོམ་ལུང་ནི་ཡང་ཡང་བསྟནཿ ཆོས་ལས་འདས་པ་ངེས་པའི་དོན་འདི་གསུངསཿ དེ་ནས་སངས་རྒྱས་མཛད་སྲོལ་མཁྱེན་པར་མཛོདཿ སྟོབས་མེད་མུན་པ་ནང་གི་མཛུབ་གཡུགས་བཞིནཿ ཕལ་པ་རྣམས་ཀྱང་འགྲོ་དོན་བྱ་བློ་རྩོམཿ བསྟན་པ་བྱེར་ཟུག་སྐབས་སུ་ངའི་སྤྲུལ་པཿ ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་རྗེས་བཟུང་ཿ སེམས་ཅན་གང་གི་དོན་བྱེད་མ་འོངས་དུསཿ དེ་བ་ཨ་ཀར་ཙནྡྲ་རི་རྒྱལ་གླིང་ཿ དེ་ནས་ཚེ་འཕོས་ཡིད་གཉིས་ཆ་མ་མཆིསཿ ཕྱི་རབས་འབྱུང་འགྱུར་སངས་རྒྱས་བླ་མ་སྟེཿ དེ་ནས་ཚེ་འཕོས་རྒྱ་ཡི་ལོ་ཙཱ་ཞེསཿ དེ་ནས་ཉི་མ་སེང་གེ་སྟོད་གཏེར་དབང་ཿ གཤེད་མ་བརྒྱ་ཡིས་མཐའ་བསྐོར་ཉམ་མི་ང་ཿ གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་འབྱུང་ཿ འཇམ་པའི་གོས་གྱོན་སྔོ་སྨིན་གསེབ་ཕྱིན་བཞིནཿ མ་རིག་འཁྲུལ་པའི་སེམས་ཅན་གདུལ་


PKT001_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༡བ༽དཀའ་བའིཿ འགྲོ་བ་མང་པོ་སངས་རྒྱས་ཞིང་དུ་འཁྲིདཿ སྙན་པས་ས་སྟེང་ཐམས་ཅད་ཁྱབ་པར་འགྱུརཿ སྐྱེ་བ་གཅིག་ནི་བོད་ཡུལ་གྲྭ་ནུབ་མདའཿ རྒྱལ་སྲས་ལུང་པ་འདི་ནས་ནུབ་ཏུ་སྐྱེཿ སྔགས་པ་མཐུ་མཁན་སྔགས་རྩིས་སྨན་སྐྱོང་རིགསཿ ཆོས་དབྱིངས་མདངས་ཅན་ཡེ་ཤེས་ཁ་དོག་ཅནཿ ཡར་རྗེ་ཨུ་རྒྱན་གླིང་པ་ཞེས་བྱ་བཿ མེ་ཁམས་ཆུ་མོ་ཕག་གམ་ཁྱི་ལོ་པཿ སྤྲུལ་པའི་སྲས་འདི་འདམ་སྐྱེས་པདྨ་འདྲཿ ཕ་ཤི་མས་བོར་དམྱལ་བའི་སེམས་ཅན་འདྲཿ ལྟོ་གོས་མ་ཁྱོགས་ཡི་དྭགས་ལམ་ཟན་འདྲཿ བཀོལ་སྤྱོད་མི་ཁེངས་བསམ་མེད་དུད་འགྲོ་འདྲཿ གང་ཉེ་ངོ་ཚ་མཛེ་ཕོ་ཁྱུ་བུད་འདྲཿ མི་ལ་བདག་མེད་རི་ཤོ་རླུང་ཁྱེར་འདྲཿ མཉམ་པོས་ཁྱད་གསོད་ཁ་ཉེན་ལྷ་མིན་འདྲཿ བསོད་ནམས་ཆུང་ཞིང་སྙིང་རུས་སྡུག་སྲན་ཅནཿ བརྩོན་འགྲུས་ཤེས་རབ་ཆེ་ཞིང་ཆགས་སེམས་ཆུང་ཿ ང་ལ་མོས་ཤིང་འགྲོ་ལ་ཕན་སེམས་ཆེཿ དད་པ་ཆེ་ཞིང་པོ་བརྟན་སྤོབས་པ་མཐོཿ དུག་ལྔ་མི་རགས་སྒྲུབ་ལ་རབ་ཏུ་བརྩོནཿ བློ་གསལ་རྟོགས་པ་མཐོ་ཞིང་རྒྱུ་འབྲས་ཞིབཿ ཞི་དུལ་ཆེ་ཞིང་མདོ་སྔགས་ཆོས་རྒྱས་ཆེཿ སྐྱོ་ཤས་ཆེ་ཞིང་སྤྱོད་ལམ་གཞན་མི་བསྲེཿ བློ་སྣ་ཐུང་ཞིང་སེམས་དཔངས་རིག་པ་གཡེལཿ མདོག་དཀར་དྲི་ཞིམ་བལྟ་སྡུག་ཁྲོ་བོའི་དབྱིབསཿ གཟུགས་མཛེས་བོངས་འཚམས་ལྕེ་རིང་གདོང་བར་ཚུགསཿ མང་ཚོགས་གསེབ་ཏུ་གཟི་མདངས་


PKT001_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༢ན༽གཞན་ལས་ཆེཿ སྐྱེ་མཆེད་དངས་ཤིང་ཆོས་ཕྱིར་དཀའ་སྤྱད་ནུསཿ སྤྲུལ་པའི་སྐུ་མཆོག་ཉ་རྒྱས་ཟླ་བ་འདྲཿ གཏེར་ཀ་ཉེར་བརྒྱད་གཞན་ཡང་འབྱེད་པར་འགྱུརཿ དེ་དུས་བསྲུང་བའི་དམ་ཚིག་འདི་ཡང་གནང་ཿ ཕ་ཡུལ་མ་སྡོད་བུ་ལོན་སྐྱེད་མ་སྤེལཿ དགོས་དུས་མི་བསྟོངས་གཉེན་ཚན་དགྲ་ཡིན་པསཿ ལོང་བའི་མིག་བཞིན་མི་མཐོང་ཡུལ་དུ་གྱིསཿ དགྲ་ཡ་མ་སྲོང་གཉེན་ལ་སྐྱོངས་མ་བྱེདཿ རྨོ་རྐོ་མ་བྱེད་ཚོང་ཁེ་འབྲོག་མ་བསྟེནཿ གྲོང་ཆོག་མ་བྱེད་སྔས་སྲུང་སྲི་མ་གསོཿ ཆོས་ལུགས་མི་མཐུན་པ་དང་གྲོགས་མ་འགྲོགསཿ འགལ་རྐྱེན་བྱེད་པའི་བུད་མེད་རྩར་མ་བསྟེནཿ ཉིན་པར་མང་གསེབ་བག་མེད་ཆང་མ་འཐུང་ཿ སྲོད་འགྲོས་ཐོ་རངས་མ་འགྲིམ་རྐང་མ་ཡང་ཿ མངོན་མཚན་མ་ཆེ་གཏེར་འདྲ་སློབ་མ་བསྟེནཿ ཆོས་ཀྱི་ཁ་འཛིན་མ་བྱེད་མཐུ་མ་ངོམཿ སྤྱོད་ལམ་ཤུགས་འགོ་ཐ་མལ་གསེབ་མ་སྡོདཿ རི་དྭགས་བཞིན་དུ་རི་སུལ་བཙན་སར་སྡོདཿ མི་ཚེ་ཆོས་དྲིལ་ཚེ་འདིའི་འཁྲི་བ་ཆོདཿ སུ་ངོ་ཆེ་ཡང་མ་བསྲུངས་སྟབས་མ་བཏང་ཿ ཏུག་ཏུག་མ་བྱེད་སྙུགས་བསྲིངས་ཆམ་མེར་ཞོགཿ རྒྱབ་རྟེན་སྲུང་མ་མཐུ་དང་ཆོས་ལ་གྱིསཿ ཚེས་བཅུ་བྱུང་རེས་ང་ཉིད་བོད་དུ་འོང་ཿ རླུང་ཁྱེར་རྫས་བཞིན་ཅི་ཡོད་ཚོགས་སུ་བསྐོརཿ མི་རྗེས་མི་སློབ་ཆོས་བརྒྱུད་མི་འཛིན་པའིཿ བུ་ཚ་ཡོད་ཀྱང་རང་ཕུང་མིས་འཕྱ་བསཿ ཞ་འཕྱིའི་མི་བཞིན་འགྲོ་འདུག་


PKT001_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༢བ༽ཉུང་དུ་གྱིསཿ མི་མཛའ་མཐོ་འགྲོགས་བར་ཆད་ལོགས་ན་མེདཿ ཕུང་འདྲེའི་ནང་དབྱེན་གར་ཡོང་ཆ་མེད་པསཿ ལྐུགས་པའི་ཁ་བཞིན་སྨྲ་བ་ཉུང་དུ་གྱིསཿ བྱ་བྱེད་སྤྱོད་པ་བདུན་མ་མ་མཁས་ནཿ དགྲ་རུ་སུ་ཡོང་མི་ཤེས་སྲིད་དེ་ཡང་ཿ ཁ་ཉེན་མི་བཞིན་སྡོད་ལུགས་མཁས་སུ་གྱིསཿ མི་ཡི་བརྒྱུད་རིགས་མ་བརྟགས་བློ་མ་གཏོདཿ མ་བཅོལ་རྟོག་ཅན་མ་ཆེ་བཞག་སར་སྡོདཿ ཆེ་གཏོད་བྲོད་ཁར་མ་ཉན་སླུ་བ་ཡོང་ཿ ཕ་བོང་བཞིན་དུ་སྒྱུར་ཁ་ལྗི་རུ་གྱིསཿ ཁྱོད་ཀྱི་གདུང་བརྒྱུད་བརྒྱ་དང་ཉེར་གཅིག་བརཿ ཆོས་མ་བྱས་ཀྱང་སངས་རྒྱས་ཐེ་ཚོམ་མེདཿ ཅེས་གསུངས་བཀའ་གཏད་གཟིངས་བསྟོད་ལུང་བསྟན་པསཿ རྒྱལ་སྲས་ལྷ་རྗེས་མང་དུ་བཤུམ་སྟེ་བརྒྱལཿ ཡུན་ཅིག་དྲན་པ་རྙེད་ནས་ཕྱག་བཙལ་ཏེཿ འཁོར་བའི་སྡུག་བསྔལ་དེ་ཙམ་དང་ལེན་པསཿ སྐྱེ་བ་འདི་ཡིས་ཆོད་པར་ཐུགས་རྗེས་གཟུང་ཿ ཞེས་གསོལ་ཡབ་ཡུམ་སྲས་གསུམ་ཕྱག་བཙལ་བསཿ སློབ་དཔོན་པདྨའི་ཞལ་ནས་འདི་སྐད་གསུངསཿ ཁྱོད་ཀྱིས་ང་ལ་སེམས་བསྐྱེད་ཉམས་འཇུག་གམཿ མི་དགའ་མི་དགོས་དམྱལ་བ་ངོ་མཚར་ཆེཿ སངས་རྒྱས་ཀུན་གྱི་བླ་མ་དམྱལ་བ་ཡིནཿ བསྟན་པའི་བདག་པོ་ཤཱཀྱ་ཐུབ་པས་ཀྱང་ཿ དག་པའི་སྐྱེ་བ་ལྔ་བརྒྱ་བླངས་པ་དང་ཿ མ་དག་སྐྱེ་བ་ལྔ་བརྒྱ་བླངས་ཚུལ་བསྟནཿ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱིས་ཀྱང་ཿ འཁོར་བ་མ་སྟོངས་བར་དུ་སེམས་བསྐྱེད་ནསཿ


PKT001_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༣ན༽སེམས་སྐྱེད་ཉམས་པས་དབུ་ཚལ་སྟོང་དུ་གསཿ འོད་དཔག་མེད་པས་བཅུ་གཅིག་ཞལ་བྱིན་བརླབསཿ སངས་རྒྱས་བྱང་ཆུབ་སེམས་དཔའི་མཛད་པ་ནིཿ རང་གི་གདུག་སར་ཞི་བདེ་མི་སྒྲུབ་ཅིང་ཿ འགྲོ་བ་མང་པོའི་དོན་དུ་དཀའ་བ་སྤྱདཿ ཐུབ་པའི་སྐྱེས་རབས་པད་འབྱུང་རྣམ་ཐར་ལྟོསཿ སེམས་ཅན་ཐུགས་རྗེས་མི་འཛིན་བློས་གཏོང་ངམཿ དད་པ་ཚོལ་ཕྱིར་སྡུག་བསྔལ་བཟོད་པར་གྱིསཿ མི་མཇེད་འཇིག་རྟེན་བྱེ་བ་ཕྲག་ས་ཡའིཿ ཞིང་ཁམས་ཀུན་ཏུ་མཆོག་གྲུབ་དེ་བཞིན་ནོཿ ལེགས་སོ་ལེགས་སོ་ཡེ་ཤེས་མཆོག་གྲུབ་རྒྱལཿ ཀུན་དང་ཡིད་མཐུན་འགྲོ་ཀུན་བསམ་པ་འགྲུབཿ སྐྱེ་བ་མི་བགྲང་མངོན་པར་རྫོགས་འཚང་རྒྱཿ དེ་དུས་སེམས་ཅན་ལས་འཕྲོ་བཟང་པོ་རྣམསཿ སྲིད་པ་མི་ཡི་བུ་རུ་སྐྱེས་པ་ལཿ ཨུ་རྒྱན་ངས་ཀྱང་ཕྱིར་མི་ལྡོག་ལུང་བསྟནཿ ཞིང་ཁམས་འདི་ཡི་སྐྱེས་རབས་མང་ན་ཡང་ཿ བོད་དུ་འབྱུང་ཚུལ་ཟུར་ཙམ་བསྟན་པ་ཡིནཿ རྒྱལ་སྲས་ཕུང་པོ་འདི་ཡང་དོན་ཆེན་ཏེཿ དབང་པོ་ལྔ་དང་ཟག་ཆུ་ཤ་ཁྲག་རུསཿ ཤིག་གི་སྙིང་ཙམ་སུ་ཡི་ལྟོར་སོང་བཿ དམངས་པོའི་ལྟོར་སོང་མི་ཡི་དངོས་གྲུབ་འབྱུང་ཿ དབུལ་པོའི་ལྟོར་སོང་ཟས་ནོར་དངོས་གྲུབ་འབྱུང་ཿ འཆི་འཕྲོའི་ལྟོར་སོང་ཚེ་ཡི་དངོས་གྲུབ་འབྱུང་ཿ དད་ཅན་ལྟོར་སོང་ཆོས་ཀྱི་དངོས་གྲུབ་འབྱུང་ཿ དེ་ལ་སོགས་པའི་ཡོན་ཏན་མང་ཡོད་ཀྱང་ཿ ལོག་ལྟ་ཅན་གྱིས་ཡོན་ཏན་སྐྱོན་དུ་མཐོང་ཿ དེ་ཡང་


PKT001_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༣བ༽འབྲེལ་པ་སྣེ་གཅིག་ཐོགས་པ་ཡིསཿ སྒྲིབ་པ་དག་སྟེ་ཆོས་ཀྱི་ལས་སད་འགྱུརཿ དེ་ཕྱིར་མཆོག་གྲུབ་སྐྱེ་བ་བཅུ་གསུམ་བརཿ མཐོང་ཐོས་དྲན་རེག་དོན་དང་ལྡན་པ་སྟེཿ གྲིབ་མས་རེག་གམ་ཏིལ་འབྲུ་ཙམ་ཞིག་ཉེཿ ངན་སོང་འགྲོ་ངེས་ཤེས་ཀྱང་མཐོ་རིས་སྐྱེཿ དགེ་རྒྱུ་ཉུང་འབྲུ་ཙམ་ཞིག་ས་བོན་ཐེབསཿ དྲང་སྲོང་གཟའ་ནད་གདོན་བགེགས་འབྱུང་པོའི་ནདཿ འདྲེ་ཡི་གཙེར་བ་རྣམས་ཀྱང་སྒྲིབ་པར་འགྱུརཿ མཚམས་མེད་ལྔ་སྤྱད་ལྟོར་སོད་རིག་འཛིན་བྲལཿ ལས་ཀྱིས་དུད་འགྲོའི་ལུས་སུ་སྐྱེས་གྱུར་ཀྱང་ཿ ཡུལ་བདག་བྱམས་ཤིང་བརྡུང་བཙོག་མེད་པར་འགྱུརཿ དེ་སོགས་ཡོན་ཏན་མོང་ཡོད་ཟུར་ཙམ་ཡིནཿ ད་ལྟའི་ཡེ་ཤེས་མཆོག་གྲུབ་རྒྱལ་པོ་ཁྱོདཿ བཅོ་ལྔའི་ལོ་ལ་ཚེ་དུས་བྱས་པའི་ཚེཿ ཕུང་པོ་འདི་ཉིད་གཏེར་དུ་སྦོས་ཤིག་གསུངསཿ འདི་ཉིད་ས་ཡི་སྟེང་དུ་ཐོན་པའི་ཚེཿ བསོད་ནམས་ཆུང་བའི་དུད་འགྲོ་ཡིན་ཀྱང་རུང་ཿ མི་ཚེ་སྡིག་བསྒྲིལ་བཤན་པ་ཡིན་ཀྱང་རུང་ཿ སྐྱེ་བ་དམན་པའི་བུད་མེད་ཡིན་ཀྱང་རུང་ཿ ལས་ཀྱི་འཕྲོ་མེད་མི་ལུས་ཙམ་ཡང་རུང་ཿ ཆུ་ལ་གནས་པའི་སེམས་ཅན་ཡིན་ཀྱང་རུང་ཿ མཁའ་ལ་གནས་པའི་འདབ་ཆགས་ཡིན་ཀྱང་རུང་ཿ སྡིག་པ་དག་ཅིང་མི་ལུས་གཙང་མ་ཐོབཿ དད་དང་ཤེས་རབ་བརྩོན་འགྲུས་སྤོབས་པ་འབྱུང་ཿ སྐྱེ་བདུན་ཤ་ཡིས་འདུལ་བའི་དུས་ཚོད་ཀྱང་ཿ སངས་རྒྱས་བསྟན་པ་ལྔ་བརྒྱ་ཕྲག་གསུམ་ནུབཿ དུས་


PKT001_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༤ན༽མ་འགྱུར་ཏེ་ས་སྟེང་མི་སྤྱོད་འགྱུརཿ རྒྱལ་ཁྲིམས་ཞིག་པས་བོད་ཁྲིམས་རྒྱ་ཆེ་ཆདཿ སི་ལུ་ནི་ལུར་སོང་ནས་འཁྲུག་འཐབ་བྱེདཿ ཁྱད་པར་ཉོན་མོངས་དུག་ལྔ་རང་དགར་སྤྱོདཿ ཐམས་ཅད་འཁྲུགས་ནས་མཚོན་གྱི་བསྐལ་པ་དང་ཿ རྟགས་ཙམ་འཛིན་གྱི་བསྟན་པའི་མགོར་ཉེ་སྟེཿ བཙུན་པ་ཁྲིམས་མེད་སྡོམ་པ་རྒྱབ་ཏུ་བོརཿ བུ་སྤྲུག་མདུན་དུ་བླངས་ནས་སྔགས་པ་ཟེརཿ སྔགས་པས་མགོ་སྤུ་བྲེགས་ནས་བཙུན་ཆས་བྱེདཿ དགེ་བཤེས་ཧོར་ལས་གྲི་མདུང་དམག་དཔོན་བྱེདཿ གཏམ་དུ་དམག་ལ་བགོས་སུ་གོ་མཚོན་གྱོནཿ ལས་སུ་རྫོང་རྩིག་ནོར་དུ་སྡིག་པ་གསོགཿ ལྷ་ཆོས་མི་བྱེད་སྡིག་པ་མཆོར་དུ་བྱེདཿ དམག་དང་མུ་གེ་ནད་ཡམས་དུས་གཅིག་འབྱུང་ཿ བཀའ་ཁྲིམས་ཞིག་པས་བདུན་མ་བུད་མེད་བཟང་ཿ མཚོན་ཁ་ནང་བསྟན་སྤྱི་བདུན་ཆེན་མོ་ཞིགཿ ཤེས་པ་ཕྱིར་ལོག་གསལ་བས་གླིང་ལོག་འབྱུང་ཿ གནག་པའི་ལས་དུབ་ལུས་སེམས་གཉིས་ཀ་བྲེལཿ གནས་གཞི་ལྷ་ཁང་བཤུས་ནས་རྫོང་ལ་འགེབསཿ རིགས་མི་མཐུན་པ་ཀུན་དང་འགྲོགས་དགོས་འབྱུང་ཿ སྐྱེ་འགྲོ་མི་བཟད་ཟུག་རྔུ་སུས་མི་བཟློགཿ ལས་སུ་ཤེས་པའི་སེམས་ཅན་ཨ་རེ་སྡུགཿ གཏེར་ལ་མོས་ཤིང་འདྲི་བ་མང་དུ་འབྱུང་ཿ དེ་དུས་སྐྱེ་བདུན་ཤ་འདི་ལྟོར་སོང་བསཿ དུག་གསུམ་ནད་ཞི་བདུད་རྩིའི་མཆོག་ཏུ་གསུངསཿ ལྷ་སྲས་ཡབ་ཡུམ་སྲས་གསུམ་དགྱེས་པར་གྱུརཿ ཨུ་རྒྱན་


PKT001_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༤བ༽གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པ་བཀོད་པ་ལསཿ ལྷ་རྗེ་ལུང་བསྟན་ཅིང་སྐྱེ་བདུན་ཤའི་ཕན་ཡོན་བསྟན་པའི་ལེའུ་སྟེ་བརྒྱ་དང་གཉིས་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ

སྐལ་ལྡན་བུད་མེད་གསུམ་ལ་ཞལ་གདམས་གསུངས་པའི་ལེའུ།


PKT001_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ངང་བྱུང་དཔལ་གྱི་རྒྱལ་མོ་བཙུནཿ ཐུགས་དམ་བཞེངས་པ་གཡུ་ཡི་ལྷ་ཁང་དུཿ སློབ་དཔོན་སངས་རྒྱས་གཉིས་པ་སྤྱན་དྲངས་ནསཿ རིན་ཆེན་ཁྲི་ལ་དར་ཟབ་གབ་རྩེ་བརྩེགསཿ དགྱེས་པའི་འདོད་ཡོན་མང་པོ་ཞལ་དུ་དྲངསཿ གུས་པའི་ཕྱག་བཙལ་བཙུན་མོས་ཞུས་པ་ནིཿ བདག་ལ་ཚིག་ཉུང་དོན་ཆེ་ཉམས་ལེན་བདེཿ འཇིག་རྟེན་མ་སྤངས་ཕྱི་མ་འཚང་རྒྱ་བའིཿ ཆོས་ཤིག་ཐུགས་ལ་འཇོགས་པ་ཞུ་ཞུས་པསཿ སློབ་དཔོན་ངང་བྱུང་རྒྱལ་མོ་ཉིན་ཅིག་གསུངསཿ དང་པོར་མི་རྟག་པ་ནི་ནན་ཆེར་སྒོམསཿ དེ་ནས་སྐྱབས་འགྲོ་སེམས་བསྐྱེད་རིམ་དུ་གྱིསཿ དེ་ནས་བླ་མ་རྣམས་ལ་གསོལ་བ་ཐོབཿ དེ་དག་སྔོན་འགྲོ་ཡིན་པས་མེད་ཐབས་མེདཿ དེ་ནས་ལུས་ཀྱིས་མཉམ་བཞག་ལྟ་སྟངས་ཀྱིསཿ ཡུན་ཐུང་གྲངས་མང་ཁང་སྟོང་ཐིགས་པ་བཞིནཿ ལུས་སེམས་མ་བསྒྲིམ་ལྷོད་དེ་ཤིག་གེ་ཞོགཿ མ་གཞི་སྟོང་པ་ཉིད་ཀྱི་ཞི་གནས་སུཿ རྣམ་རྟོག་མཐར་འདོད་སྟོད་སྐོར་རེམ་ལ་གྱིསཿ ཉམས་ལ་འདི་འབྱུང་བྱ་བ་མེད་དེ་འབྱུང་ཿ སྒོམ་ལ་མ་ཞེན་ཡང་ནས་ཡང་དུ་ཤིགཿ བཟང་རྟོག་ངན་རྟོག་གང་ཤར་གཅེར་གཅེར་ལྟོསཿ བུ་ལམ་རིག་པ་མ་ཚུགས་སྣ་ཚོགས་པཿ


PKT001_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༥ན༽སྐྱོན་དུ་མི་བལྟ་ཐུག་ཕྲད་ལམ་དུ་ཁྱེརཿ མ་བུ་གཉིས་མེད་ལྷག་མཐོང་འཇམ་སྐོར་དུཿ ཚོགས་དྲུག་སྐྱར་ཐོན་སྣང་སྟོང་གཉིས་མེད་བསྲེསཿ དེ་དག་དངོས་གཞི་ཡིན་པས་མེད་ཐབས་མེདཿ སྒོམ་ཚེ་ཅི་ཡང་མེད་དེ་སྟོང་པ་ཡིནཿ ཡེངས་ན་སྣང་ཕྱིར་ཞེན་པ་འབྲངས་པས་འཁྲུལཿ བརྟགས་ཤིང་དཔྱད་ནས་བླང་དོར་མེད་པར་སྐྱོངསཿ གང་བྱུང་གང་བབས་བདེ་བ་ཁོང་དུ་འབརཿ བསྒོམ་དུ་མེད་དེ་རྩལ་སྦྱོང་བསྟན་དུ་ཡོང་ཿ དེ་ནི་བྱས་ཤིང་གྲུབ་པ་མི་གདའ་སྟེཿ ཡེ་ནས་ཐོག་མར་རང་ལ་གནས་པར་གདའཿ དེའི་ངང་ཅི་བྱེད་སེམས་ཅན་དོན་དུ་གྱིསཿ བྱ་ཅ་ཆོས་སྤྱོད་རྒྱུན་མི་འཆད་པར་སྟེནཿ སྒྲིབ་པ་དག་ནས་རྟོགས་པ་ངང་གིས་འཆརཿ གཞན་དོན་བསྔོ་བ་སྨོན་ལམ་རྒྱས་གདབ་བྱཿ རྗེས་ཀྱི་བྱ་བ་ཡིན་པས་མེད་ཐབས་མེདཿ བྱིང་རྒོད་སྐྱོན་དུ་མ་བཏང་བློ་གཏད་གྱིསཿ ཚིག་ཉུང་དོན་ཆེ་སྦྱོར་དངོས་རྗེས་གསུམ་ཚང་ཿ འདི་ཕྱི་གཉིས་དོན་བསྟན་པའི་ཉིང་ཁུ་ཡིནཿ ཞེས་གསུངས་ངང་བྱུང་རྒྱལ་མོ་གྲོལ་བར་གྱུརཿ དེ་ནས་ཡར་ཀླུངས་ཤེར་གྱི་བྲག་ཕུག་ཏུཿ མིན་གྱི་བུ་མོ་བཀྲ་ཤིས་ཁྱེ་འདྲེན་དང་ཿ བདེ་ཆེན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིསཿ སློབ་དཔོན་སྤྱན་དྲངས་ཚོགས་འཁོར་བརྒྱ་རྩ་བསྐོརཿ རྗེ་ཉིད་སྲིན་པོའི་ཡུལ་དུ་བཞུད་ཙ་ནཿ བདག་ཅག་གཉིས་ནི་ཇི་ལྟར་བྱེད་ན་ཞུསཿ སློབ་དཔོན་ཞལ་ནས་འདི་ལྟར་


PKT001_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༥བ༽གྱིས་ཤིག་གསུངསཿ ལུས་ངག་ཡིད་གསུམ་ཞེན་པ་ནང་དུ་ལོགཿ མི་མི་མགུ་ལ་རང་སྡུག་སློབ་དཔོན་བཏང་ཿ ཉམས་སུ་མི་ལེན་ཡིག་རིས་དཔེ་ཆ་བཏང་ཿ འགྲན་སེམས་ཟག་པ་གསོག་པའི་འཁོར་སློབ་བཏང་ཿ སེམས་དཀྲུག་དགྲ་སེམས་འཛིན་པའི་བུད་མེད་བཏང་ཿ འཕྲལ་ཕུགས་གཉིས་ཀ་མི་ལྟར་ཞེན་པ་ལོགཿ མི་ཡི་གྲལ་ནས་ཅི་བུད་ཅི་དོན་གྱིསཿ ཡོངས་སུ་འཛིན་པ་ཁབ་སྐུད་ཅིག་མི་བྱཿ ཕྱི་རུ་མཆོག་གསུམ་རྩ་བ་གསུམ་ལ་ཕུལཿ ནང་དུ་ཞིང་ས་དག་ལ་བརྒྱ་འབུལ་གྱིསཿ བར་དུ་ཚོགས་ཀྱི་འཁོར་ལོ་ཅི་མང་བསྐོརཿ མ་ནུས་མ་ལྕོགས་སྙིང་རྗེའི་ཡུལ་ལ་བྱིནཿ འཁོར་བའི་སྡུག་བསྔལ་ཁམ་པོ་ཆེ་ལ་སོམསཿ བདུད་དབང་མ་གཏོང་གཞན་བསྐུལ་རང་ལ་ཐོབཿ ཡི་ནི་ནང་གསོད་ཞེན་པ་ཕྱི་ནས་ལྡོགཿ མགོ་ཐོན་བྱ་རྒྱུ་དམ་པའི་ཆོས་ལས་མེདཿ སུས་ཀྱང་མི་བསྟོངས་གཅིག་པུར་འགྲོ་བ་སོམསཿ ཤོམ་ར་བློ་སྣ་མ་མང་རི་ལ་བརྟེནཿ མཛའ་བཤེས་ཉེ་དུ་བྱ་ལས་ལྟོ་གོས་རྣམསཿ ཕྱི་ནང་བར་གསུམ་ཞེན་ལོག་བྱས་ནསཿ ལྷག་ནོར་མེད་ཅིང་རང་འཚོ་གྱི་ནར་བརྟེནཿ མཛེ་ཕོ་བཞིན་དུ་དམའ་ས་བཟུང་ལ་སྒོམསཿ ཆོས་རྣམས་ཀུན་ལ་བློ་གཏད་མི་ཐུབ་པསཿ མཛའ་བོ་གཡོ་རྒྱུ་ཅན་གྱིས་བསླུས་པ་འདྲཿ མ་ཤིའི་བར་དུ་དགོས་པ་མིན་པ་མེདཿ མི་དགོས་པ་ནི་གཅིག་ཀྱང་མི་ཡོང་བསཿ སེམས་ནི་སྤོས་རྒྱའི་རི་མོ་མཐའ་ལ་བརྒྱུགཿ


PKT001_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༦ན༽འཕངས་རུལ་གདན་རྡོལ་ཤི་ཡང་རྫོགས་ཆེན་སྒོམསཿ ང་དང་གཏན་དུ་མཇལ་གྱིས་ཡི་མ་མུགཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ སྐལ་ལྡན་བུད་མེད་གསུམ་ལ་ཞལ་གདམས་གསུངས་པའི་ལེའུ་སྟེ་བརྒྱ་དང་གསུམ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

སྲོག་བདག་གཟའ་ཀླུ་གསུམ་གྱི་མ་ཚང་དྲིས་པའི་ལེའུ།


PKT001_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིསཿ བསམ་འགྲུབ་ཤེལ་གྱི་བྲག་ཕུག་དགོངས་པར་བཞུགསཿ ཞག་གསུམ་སོང་བའི་ཕྱི་མའི་ནུབ་ཐོ་རངསཿ བསམ་ཡས་ལ་སོགས་བོད་ཀྱི་ཀྱི་གཙུག་ལག་ཁང་ཿ དཀོར་སྲུང་རྒྱལ་པོ་བེ་ཀར་ཞེས་ཀྱང་བྱཿ དགེ་བསྙེན་ཆེན་པོ་རྒྱལ་པོ་ཤིང་བྱ་ཅནཿ བདུད་ཕོ་ཡབ་རྗེ་ནག་པོ་ཞེས་བྱ་བཿ སེང་གེ་དཀའ་མོ་ཞིག་ལ་ཞོན་ནས་སུཿ གཡས་ཀྱི་རུ་འདྲེན་དཔའ་བོ་སྟག་ཆས་བརྒྱཿ གཡོན་གྱི་རུ་འདྲེན་ཉན་ཐོས་དགྲ་བཅོམ་བརྒྱཿ སླད་ཀྱི་རྗེས་མྱུལ་བནྡེ་ནག་པོ་བརྒྱཿ སྔོན་གྱི་ཤུལ་སེལ་བུད་མེད་ནག་མོ་བརྒྱཿ ཕྱི་ཡི་བློན་པོ་མོན་བུ་བྷ་ཊ་བརྒྱཿ ནང་གི་བློན་པོ་མོན་བུ་པུ་ཏྲ་བརྒྱཿ སྐུ་ཡི་སྐྱོ་རོགས་འབག་སེང་གར་མཁན་བརྒྱཿ སྤྲུལ་པ་ཡང་སྤྲུལ་སྤྲ་དང་སྤྲེའུ་བརྒྱཿ སློབ་དཔོན་དྲུང་དུ་ཉམས་སད་བྱེད་དུ་བྱུང་ཿ གནམ་རྡོ་ལུག་ཙམ་སྤྱི་བོའི་གཙུག་ཏུ་ཕབཿ སློབ་དཔོན་བརྒྱལ་ཞིང་དར་གྱི་རྫས་རྣམས་བཀྲུགསཿ བརྒྱལ་སངས་ཙ་ན་ཏིང་ངེ་འཛིན་གྱིས་བཀུགཿ


PKT001_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༦བ༽དགེ་བསྙེན་གཞོན་ནུ་མ་ཞིག་བཙངས་ཀྱིས་བྱུང་ཿ ལག་ན་ཤེལ་འཕྲེང་ཐོགས་ནས་མདུན་ན་འདུགཿ སློབ་དཔོན་ཁྱོད་ནི་གནོད་སྦྱིན་རིགས་འདྲ་བཿ དགེ་བསྙེན་ཚུལ་དུ་སྟོན་པ་སུ་ཡི་བུཿ དགེ་བསྙེན་ན་རེ་ང་ནི་བདུད་ཀྱི་བུཿ བདུད་ཀྱི་བུ་དང་དམ་ཚིག་བསྲེ་ནུས་སམཿ སློབ་དཔོན་ཞལ་ནས་དམ་ཚིག་བསྲེ་ནུས་ནཿ ཁྱོད་ཀྱིས་སངས་རྒྱས་བསྟན་པ་བསྲུང་ནུས་སམཿ པེ་ཀར་ན་རེ་མ་འོངས་བོད་ཁམས་ཀུནཿ ལྷ་ཁང་མཆོད་རྟེན་ང་ལ་གཏད་པ་ནཿ བསྟན་པ་བསྲུང་ནུས་མ་གཏད་གནོད་པ་བྱེདཿ ང་ནི་འཁུ་ཞིང་དམ་འདའ་ལྡོག་པར་འགྱུརཿ དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིསཿ ཕྱི་རབས་ལྷ་ཁང་མཆོད་རྟེན་བཞེངས་པ་རྣམསཿ སྐུ་གསུང་ཐུགས་རྟེན་པེ་ཀར་གཏོད་པར་བྱསཿ དགེ་བསྙེན་བསྟན་པ་བསྲུང་བར་ཁས་བླངས་སོཿ སློབ་དཔོན་ངན་སྔགས་བརྒྱ་དང་རྩ་བརྒྱད་མཛདཿ ཁྱེད་ནི་དམ་ལས་འདའ་ན་ཇི་ལྟར་ཡོདཿ འཁུ་དང་བཟློག་ན་ཇི་ལྟར་ཡོང་ཞེས་གསུངསཿ དགེ་བསྙེན་ཆེན་པོ་དེ་ཡི་ཞལ་ན་རེཿ ང་འཁུ་བ་ལ་འཁུ་ལུགས་གསུམ་དུ་ཡོདཿ རྣལ་འབྱོར་པ་ཡི་ཆུང་མ་བུ་ཚར་འཁུཿ ཞིང་ཁང་དུད་འགྲོ་ནོར་རྫས་ཀུན་ལ་འཁུཿ ཉེ་འབྲེལ་འཁོར་གཡོག་ཡོན་བདག་རྣམས་ལ་འཁུཿ རྣལ་འབྱོར་ཆུང་མ་བུ་ཚར་འཁུ་ཙ་ནཿ ཆུང་མ་སྨྱོ་དང་འབོག་དང་བརྒྱལ་དུ་འཇུགཿ དགྲ་དང་བྱི་བྱེད་ཕག་གཡོས་མང་དུ་འབྱུང་ཿ དགྲ་བོར་སྤྲུལ་ཞིང་དགྲ་ཡུལ་


PKT001_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༧ན༽འགྲོ་བ་དང་ཿ རང་ཤི་དགྲ་དང་དགའ་འདུན་བྱས་ནས་འགྲུལཿ ནང་མཚང་ཕྱིར་བླུག་གསང་གྲོས་ཕྱི་ལ་སྤེལཿ སྙིང་གཏམ་དགྲ་འཆད་བར་གཅོད་གཡབ་གཡུགས་བྱེདཿ ལྷ་ཡིན་སྐད་ཟེར་འདྲེ་ཡིན་སྐད་ཟེར་འབབསཿ སྙིང་མི་དགའ་ཞིང་དུ་སྙིང་འདོད་པ་དང་ཿ བྲང་བརྡུང་འཐབ་དང་ལྕེབ་སྙིང་འདོད་པ་འབྱུང་ཿ དེ་ནི་ཆུང་མ་དག་ལ་འཁུ་བའོཿ བུ་ཚར་འཁུ་བ་བུ་ཚ་མི་བསོས་ཤིང་ཿ བསོས་པ་སྨྱོ་དང་བརྒྱལ་དང་འབོག་པ་འབྱུང་ཿ མགོ་ལོག་བྱེད་ཅིང་གཞན་དུ་འབྲོས་པ་དང་ཿ བུ་ཚ་མང་པོ་འཆི་བ་བུ་ཚར་འཁུཿ ཞིང་ཁང་ནོར་རྫས་རྣམས་ལ་འཁུ་བ་ནིཿ ཞིང་ལ་ལོ་མི་སྐྱེ་ཞིང་མི་ལ་འཚོརཿ དཔྱིད་ཀ་འབུ་འབྱུང་སྟོན་ཀ་སེར་བ་འབྱུང་ཿ ཁང་པ་འཇིག་ཅིང་ཐོག་འཚག་ཞིག་རལ་མང་ཿ དུད་འགྲོར་རྐུན་མ་མང་ཞིང་གཅན་གཟན་འཁྱེརཿ རྨིག་ཟླུམ་ཁར་བྲག་དུས་གཅིག་འཆི་བར་བྱེདཿ ཟས་ནོར་བྱར་མི་བཏུབ་ནང་འཁུ་ཡིནཿ ཉེ་འབྲེལ་འཁོར་གཡོག་རྣམས་ལ་ང་འཁུ་ནཿ ཉེ་འབྲེལ་ནང་དུ་མི་འཆམ་ནང་གཞིག་ཡོདཿ དྲག་དྲག་འཆི་ཞིང་ཞན་ཞན་ལུས་པར་བྱེདཿ ཡོན་བདག་ནང་འཁྲུག་འཁོར་གཡོག་སྙིང་རིང་བྱེདཿ དེས་ཉེན་དེས་ལན་མ་ལེགས་བཀྲ་མི་ཤེསཿ ངུ་འབོད་ཆོང་བརྒྱངས་དམག་འཁྲུགས་གསོད་གཅོད་ཡོདཿ ང་འདའ་བ་ལ་འདའ་ལུགས་གསུམ་དུ་ཡོང་ཿ ཡི་དམ་ལྷ་བསྒོམ་ཏིང་ངེ་འཛིན་


PKT001_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༧བ༽ལ་འདའཿ བཟླས་བརྗོད་བསྙེན་པ་བྱེད་ཚེ་སྔགས་ལ་འདའཿ བསྒྲུབ་གཞི་འཛབ་སྟེ་བརྟེན་པའི་རྫས་ལ་འདའཿ བསྒོམ་པ་ཏིང་ངེ་འཛིན་ལ་འདའ་ཙ་ནཿ ཡི་དམ་བསྒོམ་སྙིང་མི་འདོད་སྒོམ་པ་འཆོརཿ སྒོམ་པའི་དུས་ན་རྣམ་རྟོག་ཕྲ་མོ་ལྡང་ཿ བདག་བསྐྱེད་མདུན་བསྐྱེད་གཅིག་བསྒོམས་གཅིག་བརྗོད་འགྲོཿ སྒོམ་སྒྲུབ་ནམ་བྱེད་དུས་སུ་བར་གཅོད་ཡོང་ཿ ཅི་སྙད་ཅི་བཏགས་འཇམ་རྩུབ་གཉིས་སུ་ཡོང་ཿ བསྟན་བཅོས་ཚིག་བཅད་རྩོམ་པ་ཡིད་ལ་བྱེདཿ འདུག་སར་སྡོད་པ་མི་ཚུགས་མྱུག་མྱུག་མང་ཿ རང་འཁོར་ནང་འཐབ་སྙིང་རུལ་སྙིང་འཚངས་ཡོང་ཿ སྙིང་ནི་མི་དགའ་སྟོངས་སྟངས་དུ་སྙིང་འདོདཿ གཡང་ས་རྦབ་སར་ཕྱིན་ནས་མཆོད་སྙིང་འདོདཿ སེམས་ནི་ཡེང་ཡེང་བན་བུན་ཆད་ཆོད་འབྱུང་ཿ གདམས་པར་བློ་མི་ཁེལ་ཞིང་ཡིད་གཉིས་ཟཿ ནང་རྟགས་བཟང་པོ་བྱུང་ན་དགའ་སེམས་བྱེདཿ ནང་རྟགས་ངན་པ་བྱུང་ན་སྙིང་མི་དགའཿ ཉམ་ང་བག་ཚ་རེ་དོགས་དམ་ལས་འདསཿ བཟླས་བརྗོད་བསྙན་པ་སྔགས་ལ་འདའ་ཙ་ནཿ སྔགས་ཟློས་དུས་སུ་སྔགས་ལ་ལྷག་ཆད་ཡོང་ཿ ལྕེ་བསྒྱུར་མི་ཤེས་སྔགས་ཟློས་མི་ཤེས་ཤིང་ཿ སྔགས་བཟླས་ཙ་ན་དམིགས་པ་བསྒོམ་མི་ཤེསཿ རྒྱལ་པོའི་ཆོ་འཕྲུལ་འཇིགས་སྐྲག་སྣ་ཚོགས་འབྱུང་ཿ ཇི་ཙམ་སྔགས་བཟླས་དགྲ་ལ་མཐུ་མི་ཡོདཿ རང་ལ་གློ་བུར་ནད་དང་འཚེ་བ་


PKT001_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༨ན༽འོང་ཿ ངག་ནུས་བྱིན་རླབས་ཉམས་པ་སྔགས་ལ་འདའཿ བསྒྲུབ་གཞི་བརྟེན་པའི་རྫས་ལ་འདའ་ཙ་ནཿ ཕྱི་རྟེན་ལ་འདའ་གཉེན་ཚན་མང་པོ་འཆིཿ ནང་རྟེན་ལ་འདའ་བུ་སྨད་ནང་འགྲམས་འབྱུང་ཿ གསང་རྟེན་ལ་འདའ་མི་འདོད་སྣ་ཚོགས་འོང་ཿ ང་ནི་འཇིག་རྟེན་ཡ་ཀས་སྐབས་སུ་སྤྲུལཿ གང་ནས་འོང་དང་འདི་ནས་འོང་ནི་མེདཿ ང་བཟློག་པ་ལ་བཟློག་ལུགས་གསུམ་བྱས་འོང་ཿ རང་གི་ལུས་སྲོག་བསོད་ནམས་ཁ་རྗེར་བཟློགཿ བུ་སྨད་མི་ནོར་ཟས་གསུམ་ཀུན་ལ་བཟློགཿ ཉེ་འབྲེལ་འཁོར་གཡོག་མཐུན་རྐྱེན་བསྒྲུབ་ལ་བཟློགཿ རང་གི་ལུས་སྲོག་ཁ་རྗེར་བཟློག་ཙ་ནཿ ལུས་ལ་ནད་མང་སེམས་ལ་སྡུག་བསྔལ་མང་ཿ སྲོག་ལ་ཧུར་ཐུམས་འགག་གྲི་སྤོས་གྲིར་འཆིཿ དགྲ་ལ་ཕང་རྦད་རང་ལ་ཚུར་ལོག་ཡོང་ཿ འཁོར་འཐོར་ཐག་ཐུག་མང་ཞིང་སོ་མི་གསོདཿ དགྲ་སྔོན་མ་སོང་ཕྱི་མ་རླུང་འཚུབ་ལྡང་ཿ ཕྱད་འབུག་རྦོད་གཏོང་བྱེད་སྙིང་མི་འདོད་ཅིང་ཿ དམོལ་བཅོལ་མི་བྱེད་ཟུག་འཕྲོ་བཅད་ནས་འཇོགཿ མི་ཁ་མང་པོ་ཟུར་ཟར་རང་ལ་གླེང་ཿ ཡུལ་མི་དགྲར་ལྡང་སྙིང་དུ་རྒྱལ་འགོང་འཇུགཿ དམ་རྫས་འབོད་དོ་སྒྲུབ་རྫས་གཅོག་སྙིང་འདོདཿ ལྟ་སྤྱོད་མི་མཐུན་གྲོགས་བསྲེ་ལ་རང་ལ་བཟློགཿ བུད་སྨད་མི་ནོར་ཀུན་ལ་བཟློག་ཙ་ནཿ སྔོན་ལ་ཆུང་མ་དེ་ནས་བུ་ཚ་འཆིཿ བཟའ་མི་ནངས་འཐབ་ནུབ་


PKT001_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༨བ༽འཐབ་འཁོན་པ་ཡོང་ཿ དམ་ཉམས་དགྲ་ལ་རྟགས་ཡོང་སྐད་ཟེར་ནསཿ རང་གི་འཁོར་དུ་ཉེས་གྱོད་མང་པོ་འབྱུང་ཿ བུ་སྨད་ལྕེབ་པར་མཁར་གཡང་མཐོན་པོར་འཆོརཿ རིག་མཐོན་པོར་ཕྱིན་ནས་ཁུས་འདེབས་ཤིརཿ རང་ལ་ལྟས་ངན་སྣ་ཚོགས་འོང་བ་དང་ཿ དགྲ་དར་གཉེན་རྒུད་འདྲེ་ཡིས་ལོག་མིན་སློབཿ རྨི་ལམ་བཟང་བ་ལྟར་བསྟན་ཉེས་པ་ཡོང་ཿ ནོར་ཕྱུགས་པེ་ཀར་ཆགས་ནས་ལན་མི་ལེནཿ ཅི་ཡོད་ནོར་རྫས་ཐམས་ཅད་མི་ལག་འགྲོཿ རང་ལ་པེ་ཀར་སྙིང་དུ་ཞུགས་ནས་ཀྱང་ཿ ལུས་ངག་ཡིད་གསུམ་འདྲེ་ཡི་སྤྱོད་པ་བྱེདཿ སྣོད་སྤྱད་ཐམས་ཅད་གཅོག་དང་རྡེབ་པ་ཡོང་ཿ རང་དབང་མི་ཐོབ་ཁྱི་སྨྱོན་བཞིན་དུ་འཁྱམཿ ཆང་འཐུངས་སེམས་ལ་ཅི་ཡོད་ཁ་རུ་འདོནཿ རེས་འགའ་ངུ་ཞིང་བྲང་བརྡུང་འོ་དོད་འབོདཿ ཉེ་འབྲེལ་འཁོར་གཡོག་ཀུན་ལ་བཟློག་ཙ་ནཿ རྒྱལ་པོ་པེ་ཀར་ཁྱི་བཞིན་ཕྱི་ལ་འབྲང་ཿ མ་དང་སྲིང་མོ་ཞང་པོ་ཚ་བོའམཿ རང་གི་བླ་མ་སློབ་དཔོན་འཁོར་ཕྱིར་འབྲང་ཿ ཉེ་འབྲེལ་ཕུང་འཇུག་བུ་སྲིང་སྒབ་འདྲེ་བྱེདཿ དམར་ལམ་སྟོན་ཅིང་ལྷ་འདྲེའི་ཚོགས་འདུ་འོང་ཿ བུ་སྲིང་མོ་རྣམས་བདག་བྱེད་ཁྱོ་བོ་བསོདཿ བུ་ཚ་སྐྱེས་ཚད་འཆི་དང་རོ་སྣོད་འཆོསཿ བུ་སྲིང་ཡུགས་ས་འབབ་དང་བྱུ་གཡུགས་འོང་ཿ རང་གིས་ནད་པ་གསོ་མ་སྲིའུ་གསོཿ གང་དུ་ཕྱིན་ཕྱིན་ཕྱི་


PKT001_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༩ན༽ལ་པེ་ཀར་འབྲང་ཿ ས་གཞི་གཤོག་ཅིང་རྒྱ་མཚོ་དཀྲུག་པར་བྱེདཿ བན་སྔགས་འདྲེ་ཅན་འགྲོ་བའི་དགེ་འདུན་འབྱུང་ཿ སྒྲུབ་ཁང་འདྲེ་ཅན་སོང་ནས་བཀྲ་མི་ཤིསཿ ང་ནི་ལྷ་ཁང་མཆོད་རྟེན་གསུང་རབ་བདགཿ ན་ཆུང་ཀུན་གྱི་ལུས་ཕུད་སྡུད་ཅིང་སྤྱོདཿ ང་འཁུ་དུམ་བུར་ཤིག་ལ་ནན་ཏན་བསྐྱེདཿ ར་འདའ་རཀྵའི་ཙིཏྟ་ཕྱུང་ཐངས་ཀྱིསཿ ང་བཟློག་རཀྵའི་ཙིཏྟ་གཏུབ་ཐབས་ཀྱིསཿ འཁུ་དང་འདའ་དང་བཟློག་པ་གང་བྱུང་ཡང་ཿ སློབ་དཔོན་སྐྱེས་རབས་རྣམ་ཐར་ཞིབ་རྒྱས་པཿ ཉིན་ནུབ་ཐུན་གཟུང་གསུང་མི་འཆད་དུ་སྒྲོགསཿ ཞེས་གསོལ་སྲོག་སྙིང་ཕུལ་ནས་དམ་ལ་བཏགསཿ དེ་ནས་བཙུན་པ་གནད་ལ་འབེབས་པ་དང་ཿ ཨར་གཏད་ཤིས་བསྟན་དང་བསྲུང་བ་དང་ཿ འཆིང་བ་བཀར་བ་མནན་གཟིར་མདོས་ལ་སོགསཿ ཕྱི་ནང་གསང་བ་ལ་སོགས་མང་དུ་མཛདཿ བསྟན་པའི་དགྲ་བོ་ཟས་སྐལ་ཞིང་དུ་དངོསཿ དེ་ནས་སློབ་དཔོན་བསམ་ཡས་བྱོན་པའི་ལམཿ ལོ་ཧི་ཏའི་འགྲམ་དགོངས་པར་བཞུགས་པའི་དུསཿ དྲང་སྲོང་ཆེན་པོ་སྨུག་ནག་འོད་འཕྲོ་བཿ སྔགས་པ་དར་བབ་ཅིག་གི་ཆ་ལུགས་བྱསཿ མོག་རོ་རྟ་ཞོན་སླར་བབས་ཁྲིད་ནས་བྱུང་ཿ དེ་ཡི་དང་རླངས་སློབ་དཔོན་སྐུ་ལ་ཕོགཿ ཅུང་ཟད་གྲིབ་བྱུང་མེ་ལོང་ཧས་བཏབ་བཞིནཿ གྲིབ་ཅན་སྲིན་པོ་འདྲ་བ་སྔགས་


PKT001_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༤༩བ༽པའི་ཆསཿ རྟ་ནི་མོག་རོ་ཁྲིད་ཁྱོད་སུ་ཡིན་གསུངསཿ ཞྭ་མོ་སྐྱ་ལྷེབ་ཕུད་ནས་འདི་སྐད་ཟེརཿ དྲག་ཅིང་ཁྲོ་གཏུམ་གཟུགས་ཅན་སྲོག་ལེན་པཿ ཕ་ནི་སྲིན་པོ་མ་ནི་ཀླུ་མོ་ཡིནཿ སློབ་དཔོན་ཞལ་ནས་དྲང་སྲོང་འོད་འཕྲོ་ཁྱོདཿ ང་ཡི་དགེ་བསྙེན་བཀོལ་བདེ་ཡིན་འདུག་པཿ མགོ་དགུ་ཡོད་པའི་རྒྱུ་མཚན་ཇི་ལྟར་ཡིནཿ སྤྱི་གཙུག་བྱ་རོག་མགོ་ཡོད་ཇི་ལྟར་ཡིནཿ རོ་སྟོད་མི་རུ་ཡོད་པ་ཇི་ལྟར་ཡིནཿ རོ་སྨད་སྦྲུལ་དུ་ཡོད་པ་ཇི་ལྟར་ཡིནཿ གཡས་པའི་རྭ་ཡི་མདའ་གཞུ་ཇི་ལྟར་ཡིནཿ གཡོན་པ་སྦྲུལ་ཞགས་ཐོགས་པ་ཇི་ལྟར་ཡིནཿ མགོ་ལུས་མེད་པར་མིག་ཡོད་ཇི་ལྟར་ཡིནཿ སྐུ་མདོག་དུད་ཁར་ཡོད་པ་ཇི་ལྟར་ཡིནཿ ཞལ་ནས་ཐོག་སེར་ཡོད་པ་ཇི་ལྟར་ཡིནཿ སྤྱིར་ན་གཟའ་ལ་ཕོ་མོ་དུ་ཡོད་པཿ མ་ནིང་གཟའ་ཞེས་བྱ་བ་ཅི་ལ་ཟེརཿ དྲང་སྲོང་ཟེར་ནས་སེམས་ཅན་ལ་གནོད་ཅིང་ཿ གཟའ་ལ་འབྱུང་བ་ལྔ་ཀ་ཚང་ལགས་སམཿ ཞེས་གསུངས་སྨུག་ནག་འོད་ཟེར་འཕྲོ་ན་རེཿ ང་ལ་མགོ་དགུ་ཡོད་པའི་རྒྱུ་མཚན་ནིཿ ཀིང་ཀང་ཆེན་པོ་བརྒྱད་ནི་དུས་གཅིག་རྒྱུཿ སྤྲུལ་པ་ལྷ་སྲིན་སྡེ་བརྒྱད་ཡིན་པའི་རྟགསཿ སྤྱི་གཙུག་བྱ་རོག་མགོ་ཡོད་རྒྱུ་མཚན་ནིཿ ད་ནི་འདོད་ཆགས་གྲང་བའི་ནད་དང་བསྡོངསཿ སྟེང་ལྷའི་འཇིག་རྟེན་ཀུན་ལ་དབང་བསྒྱུར་རྟགསཿ རོ་སྟོད་མི་རུ་ཡོད་པའི་རྒྱུ་མཚན་ནིཿ ཡབ་ཀྱི་ཆ་འཛིན་ལྷ་མིན་དབང་སྒྱུར་རྟགསཿ རེ་སྨད་སྦྲུལ་དུ་ཡོད་པའི་རྒྱུ་མཚན་ནིཿ


PKT001_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༥༠ན༽ང་ནི་ཞེ་སྡང་ཚ་བའི་ནད་དང་བསྡོངསཿ ཡུམ་གྱི་ཆ་འཛིན་འོག་ཀླུར་དབང་སྒྱུར་རྟགསཿ གཡས་ན་རྭ་ཡི་མདའ་གཞུ་བསྣམས་པ་ནིཿ ང་ནི་གཏི་མུག་འདུས་པའི་ནད་དང་བསྡོངསཿ ལྷ་དང་ལྷ་མིན་འཐབ་པའི་བར་བྱེད་རྟགསཿ གཡོན་ན་སྦྲུལ་གྱི་ཞགས་པ་བསྣམས་པ་ནིཿ ང་ཡི་ལུས་ལ་རེག་དུག་མཐོང་བའི་དུགཿ གང་མ་ཉན་པ་དུག་སྦྲུལ་འཆིང་བའི་རྟགསཿ མགོ་ལུས་མེད་པར་མིག་གིས་གང་བ་ནིཿ ཚེ་འདིར་ལེགས་པར་བྱས་དང་ཉེས་པར་བྱསཿ འཇིག་རྟེན་གསུམ་ལ་བྱ་ར་བྱེད་པའི་རྟགསཿ སྐུ་མདོག་དུད་ཁར་ཡོད་པའི་རྒྱུ་མཚན་ནིཿ དུག་ལྔ་ལུས་ལ་རང་བཞིན་རྒྱས་པ་དང་ཿ ཉི་མའི་ཟེར་ཕོག་ཚད་པ་སངས་པའི་རྟགསཿ ཞལ་ནས་ཐོག་སེར་ཡོད་པའི་རྒྱུ་མཚན་ནིཿ ཚ་གྲང་མ་སྙོམས་བསྒུལ་བསྐྱོད་བྱས་པ་དང་ཿ ཁས་བླངས་སངས་རྒྱས་བསྟན་པ་བསྲུང་བའི་རྟགསཿ ཕོ་གཟའ་མོ་གཟའ་དུ་ཡོད་ཅེས་པ་ནཿ གདུག་ཅན་ཕོ་གཟའ་བརྒྱད་ཡོད་མོ་གཟའ་བཞིཿ བྱང་སེམས་ཕོ་གཟའ་གསུམ་དང་མོ་གཟའ་གསུམཿ མ་ནིང་གཟའ་གཅིག་ངོ་མི་ཤེས་པ་ཡོདཿ དྲང་སྲོང་ཟེར་ནས་སེམས་ཅན་གནད་པ་ནིཿ ང་ཡིས་གནོད་པ་བསྐྱལ་བ་ཅུང་ཟད་མེདཿ ལོ་གཅིག་ལན་གཉིས་ལྷ་དང་ལྷ་མིན་འཁྲུགཿ བཅོ་ལྔར་ལྟད་མོ་བལྟས་པས་ཟླ་འོད་འགྲིབཿ ང་དང་རྒྱང་ཐག་རིང་ཞིང་མཐོ་དམན་ཆེཿ སྐྱེན་པོས་


PKT001_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༥༠བ༽མདའ་འཕངས་ལྟ་བུར་རྒྱུ་བ་ཡིནཿ སེམས་ཅན་ཀུན་ལ་ང་ཡི་དུག་རླངས་ཕོགཿ གཟའ་ལ་འབྱུང་བ་ལྔ་ཀ་ཚང་ཡོད་དེཿ ཡབ་ནི་སྲིན་པོ་ཞེ་སྡང་མེ་ཡི་དུགཿ ཡུམ་ནི་ཀླུ་མོ་འདོད་ཆགས་ཆུ་ཡི་དུགཿ སྲས་ནི་སྨྲ་གཅན་གཏི་མུག་ས་ཡི་དུགཿ འཁོར་ལོ་བསྡོངས་ཟླ་ཕྲག་དོག་རླུང་གི་དུགཿ ཐམས་ཅད་ཡོ་ལོག་ང་རྒྱལ་ནམ་མཁའ་དུགཿ སེམས་ཅན་བསོད་ནམས་དམན་ལ་འཕོག་པ་ཡིནཿ ཁྱོད་ཀྱི་དུག་ཕོག་ཇི་ལྟར་ཡོད་ཞེས་གསུངསཿ དྲང་སྲོང་སྨུག་ནག་འོད་འཕྲོའི་ཞལ་ནས་ནིཿ དུག་ཕོག་མདོག་སེར་མེ་ལྕེ་རིས་སུ་ཡོདཿ ཁ་ལྐུགས་སྤུ་སྐྱུག་བྱོལ་སོང་སྐད་ཀྱང་འདོནཿ ཡན་ལག་མཉེན་དང་རེངས་དང་སྟོབས་ཆུང་ཡོང་ཿ ངོ་སྦེད་གྲོད་པ་ཆེ་ཞིང་ལུས་བཅུད་ཤོརཿ འོན་ལྐུགས་ཐོལ་སྨྲ་དགོད་དང་མཆོད་པ་ཡོང་ཿ གཞོགས་བཤལ་མིག་རྩ་གྲུང་དང་དབང་པོ་ཉམསཿ ཁ་མིག་ལག་པ་མི་ཟུག་བྱ་བྱེད་མང་ཿ ཨིག་དང་གློ་འབྱུང་ཁ་མིག་ལྟག་པར་ཡོཿ ཁ་ཁྲག་སྣ་ཁྲག་སྦྲིང་དང་དུ་བ་འབྱུང་ཿ ཞ་འཕྱེ་ལྕེ་བསྐམས་དྲི་མི་ཞིམ་པ་མནམཿ ཁ་ནས་ཅལ་ཅོལ་གཏམ་ནི་ངེས་མེད་ཟེརཿ དེ་རྣམས་ང་ཡི་དུག་ཟེར་ཕོག་པའི་རྟགསཿ ངའི་དུག་ཕོག་ན་རྫས་རྟགས་ཏིང་ངེ་འཛིནཿ མདོས་དང་འཁོར་ལོས་དུག་ནི་དབྱུང་བར་བྱཿ ད་ཞོད་འཁོན་དང་མི་གཙང་གྲིབ་ལ་གཟབཿ རྫས་དང་སྨན་དང་འབྱུང་བ་ལྔ་ཡི་ཁྲུསཿ ཕས་


PKT001_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༥༡ན༽ཀྱིས་རྦད་དང་སྒྲུབ་ལས་བྱེད་མི་འདོདཿ ངའི་དུག་ཕོག་ནས་བྱེར་ན་བཙོན་དུ་གཟུང་ཿ ཚ་ཞིང་བསྲེག་པ་མེ་དུག་བཙོན་དུ་གཟུང་ཿ ཡང་ཞིང་གཡོ་བ་རླུང་དུག་བཙོན་དུ་གཟུང་ཿ གྲ་ཞིང་བསིལ་བ་ཆུ་དུག་བཙོན་དུ་གཟུང་ཿ ལྕི་ཞིང་འཐིབས་པ་ས་དུག་བཙོན་དུ་གཟུང་ཿ སློབ་དཔོན་རྣམ་ཐར་སྐྱེས་རབས་གསུང་དུ་སྒྲོགསཿ ཞེས་ཟེར་སློབ་དཔོན་རྡོ་རྗེ་མགོ་ཐོག་བཞགཿ ལྕེ་ལ་བདུད་རྩི་བཞག་ནས་དམ་ཚིག་བྱིནཿ ངན་སྔགས་མི་འདྲ་བརྒྱ་དང་རྩ་བརྒྱད་མཛདཿ ཤིས་ལ་མཚན་ཆེ་རྣོ་མྱུར་ཐོག་འདྲ་བཿ སངས་རྒྱས་བསྟན་པ་བསྲུང་བའི་གཉེན་ཆེན་གཏདཿ ཕན་ཐབས་བཅོས་ཐབས་རྫས་སྲུང་སྔགས་སྲུང་དང་ཿ འབོད་རྦད་བསད་པ་ཕྱི་རབས་ཆ་རྐྱེན་སྦསཿ ཁྱབ་འཇུག་གཟའ་ཡིས་ཁས་བླངས་དམ་བཅས་སོཿ དེ་ནས་འཛིན་ཤིས་གཏོང་མི་ཤེས་ཀྱི་ཀླུཿ རྒྱལ་རིགས་རྗེའུ་རིགས་དམངས་རིགས་བྲམ་ཟེའི་རིགསཿ གདོལ་བ་ནག་སོགས་སློབ་དཔོན་དྲུང་དུ་བྱུང་ཿ སངས་རྒྱས་བསྟན་པ་འཇིག་པའི་དམ་ཉམས་ལཿ ནད་དུ་མཛེ་ཕོལ་གཉན་ལྷོག་ཀླུ་ནད་གཏོརཿ སློབ་དཔོན་དྲུང་དུ་ཁས་བླངས་དམ་བཅའ་མནོསཿ སློབ་དཔོན་གཏད་རིགས་མི་འདྲ་བརྒྱ་རྩ་མཛདཿ མཐུ་མཐའ་གཏད་ལ་ཐུབ་པའི་དུས་འབྱུང་སྦསཿ བོད་ཀྱི་ལྷ་འདྲེ་ཆེ་དགུ་ཐམས་ཅད་ཚོགསཿ མ་འོངས་སློབ་དཔོན་


PKT001_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༥༡བ༽བརྒྱུད་འཛིན་ལ་གནོད་པའིཿ དམ་ཉམས་དགྲ་བོ་སྒྲོལ་བར་ཁས་བླངས་སོཿ སློབ་དཔོན་དགྲ་མནན་མི་འདྲ་བརྒྱ་རྩ་མཛདཿ མཐུ་གཏད་བུ་ལོན་བཞིན་དུ་བསྙེག་དུས་འབྱུང་ཿ བསྟན་པ་སྲུངས་ཤིག་ཕྱི་རབས་སྔགས་པ་རྣམསཿ སྔགས་པའི་ལས་ཀ་འདི་མིན་གཞན་མ་ཡིནཿ དགྲ་མགོ་ཡན་བར་བཏང་ན་དམ་ཚིག་ཉམསཿ ལྷ་འདྲེ་མ་རུངས་ཡིད་ཀྱི་གཟུགས་ཅན་ལཿ ཤ་ཡི་མི་ངན་མཐིལ་བརླུག་གཏོང་བྱེད་ནཿ སངས་རྒྱས་བསྟན་པ་དཀར་འཇམ་རྒྱས་པར་འགྱུརཿ སྔགས་པ་མཐུ་མེད་གྲོང་སྟོད་ཁྱི་དང་འདྲཿ སུས་བརྡུང་འདིས་བརྡུང་མེད་དེ་རྫས་མི་ཐུབཿ ལས་སུ་མཐུ་བསྒྲུབས་བྲན་དུ་ལྷ་འདྲེ་བཀོལཿ ནོར་དུ་རྫས་བསགས་མཚོན་དུ་ཀླུ་གཏད་རྒྱོབཿ སྲིད་དུ་ལིངྒ་ཆོས་ལ་མནན་པ་གྱིསཿ ལྟོ་རུ་དགྲ་ཟོ་གོས་སུ་སྒྲུབ་ཁང་གྱོནཿ གྲོགས་སུ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་གསོསཿ མཐུ་དང་ཆོས་སུ་ལྡན་པས་འགྲོ་དོན་གྱིསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ སྲོག་བདག་གཟའ་ཀླུ་གསུམ་གྱི་མ་ཚང་དྲིས་པའི་ལེའུ་སྟེ་བརྒྱ་དང་བཞི་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

མང་ཡུལ་གུང་ཐང་ལ་ཀར་སྔ་འགྲོས་བཏང་བའི་ལེའུ།


PKT001_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བསམ་ཡས་དབུ་རྩེ་ཆེན་མོར་བྱོནཿ སློབ་དཔོན་ཞལ་ནས་ལྷ་སྲས་བཙན་པོ་གསུངསཿ ཁོ་ཐག་མ་ཆོད་པད་འབྱུང་དྲུང་དུ་བཞུགསཿ ནན་ཏན་དྲི་བ་ད་ལྟའི་དུས་སུ་གྱིསཿ ནན་ཆགས་མཛད་ན་


PKT001_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༥༢ན༽ཁོ་ཐག་ཆོད་དེ་མཆིཿ བློ་སྙིང་བྲང་གསུམ་པད་འབྱུང་ང་ལ་གཏོདཿ བསླུས་ན་པདྨ་ཞན་ནོ་རྗེ་འབངས་རྣམསཿ དྲང་པོར་སྨྲས་ན་ཡིད་མི་ཆེས་པ་སྐྱེཿ ཚིག་གྲོན་བཅུག་ནས་ཆོས་མིན་ལས་མང་གསོགཿ བླ་མ་བསྟེན་ཡུན་སྟིངས་ཤིག་རྗེ་འབངས་རྣམསཿ ན་སོ་གཞོན་དུས་དམ་ཆོས་རེམ་ལ་གྱིསཿ རྒས་ནས་བྱེད་འདོད་འབྱུང་བས་འཆུན་པར་དཀའཿ ད་ལྟ་སྐད་ཅིག་ཡིན་ནོ་རྗེ་འབངས་རྣམསཿ རྟོག་པ་རགས་དུས་ནང་དུ་མཁན་པོ་ཚོལཿ ཆེད་དུ་སྤང་བླང་མི་དགོས་རང་སར་ཞོགཿ ལྟ་བ་ཐག་ཆོད་དགོས་སོ་རྗེ་འབངས་རྣམསཿ ཉོན་མོངས་ཟད་ན་ཆོས་ལ་བྱ་རྒྱུ་མེདཿ སྙིང་རྗེ་མེད་ན་ཆོས་ཀྱི་རྩ་བ་རུལཿ འཁོར་བའི་སྡུག་བསྔལ་ཡང་ནས་ཡང་དུ་སོམསཿ ཆོས་ལ་ཕྱི་བཤོལ་མ་མཛད་རྗེ་འབངས་རྣམསཿ མོས་གུས་ཅན་གྱིས་རང་དོན་འགྲུབ་པ་ཡིནཿ གཞན་ལ་ཆོས་ཡུས་དྲིན་བཞག་བྱ་རུ་མེདཿ སྙིང་རུས་མ་ཆུང་སྒྲུབ་པ་རེ་མ་ལ་གྱིསཿ ཚེ་གང་དུས་བརྒྱའི་ཟ་མ་ལན་ཅིག་ཡིནཿ ལོ་རེ་བཞིན་དུ་དབང་བསྐུར་བྱིན་རླབས་ཞུསཿ ལོ་བརྒྱ་ལོན་ན་དབང་བརྒྱ་ཐོབ་པ་ཡིནཿ ཕྱི་མ་དུད་འགྲོར་སྐྱེས་ཀྱང་དབང་ཆེར་སྐྱེཿ དྲི་གོས་མདུན་དུ་ཆོས་བཤད་ཅི་ལ་ཕནཿ བེམ་རིག་མ་བྲལ་ཆོས་ལ་ཉན་བཤད་གྱིསཿ མཚན་བྱང་མགོ་ལ་དབང་བསྐུར་བྱེད་ཙ་འཕྱིསཿ རྣམ་ཤེས་བར་དོར་ཁྱི་གླེན་བཞིན་དུ་འཁྱམཿ མཐོ་


PKT001_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༥༢བ༽རིས་འདྲེན་ཧེ་དེ་ལ་དཀའ་ལས་ཡོདཿ གཟུགས་མེད་བག་ཆགས་ལུས་དེ་རྐྱེན་ཁར་ཡང་ཿ གར་འཁྱོག་མི་ཤེས་བྲང་འོག་བསམ་གཞིག་ཐོང་ཿ སྒྲུབ་པ་ལོ་རུ་བསགས་ན་དངོས་གྲུབ་འབྱུང་ཿ དམ་བཅའ་གྱིས་ལ་ཆོས་ཕྱོགས་འབད་པ་ཐོནཿ བོད་ཡུལ་ཕྱོགས་ཀྱི་ཉི་མ་ཟེར་ལ་ཁདཿ བརྡ་དེ་གོ་བར་གྱིས་ཤིག་རྗེ་འབངས་རྣམསཿ གདུང་སེམས་ཅན་ལ་པད་འབྱུང་འཕགས་པ་མེདཿ གསོལ་བ་འདེབས་ལ་པད་འབྱུང་སྒོ་ཉལ་ཡོདཿ ཚེ་ཟད་ནད་ལ་སྨན་པས་ཕན་པར་དཀའཿ ཞག་ནི་གཅིག་སོང་གཉིས་སོང་མི་ཚེ་སོང་ཿ ལོང་ཡོད་པོ་ཚོ་འཆི་ཀར་ཕྲས་ཕྲས་བྱེདཿ ཨ་རེ་འགྱོད་དེ་བག་ཙམ་འཕྱིས་པ་འདྲཿ སྡིག་པའི་བསུན་མ་སྔོན་ལ་སོང་ཉེན་ཡོདཿ དུས་པས་མི་ཕན་སྙིང་ལ་རུས་པ་གྱིསཿ འཁོར་བའི་སྐྱོན་མཐོང་དམ་ཆོས་མི་བྱེད་པཿ དོན་སྙིང་ནང་ཁྲོལ་རུལ་ལོ་རྗེ་འབངས་རྣམསཿ ལམ་འགྲུལ་ལུས་པ་ཟླ་བོ་བསྙེག་པ་བཞིནཿ པད་འབྱུང་འགྲོ་ས་ལྷོ་ནུབ་རྔ་ཡབ་གླིང་ཿ གོས་ཟད་དུག་པོ་གསར་བར་མི་འགྲོ་བཞིནཿ པདྨ་འབྱུང་གནས་བཤོལ་ཀྱང་བཤོལ་མི་ཐེབསཿ འཆི་ཀའི་ནད་པ་སྣུམ་ཟད་མར་མེ་འདྲཿ ཚེ་ཡི་འཕེལ་སྐྱེན་ཟད་པས་བསྡད་དབང་མེདཿ དང་མོ་བསྐམས་པའི་ཡུར་བ་བཞིན་དུ་ནིཿ བོད་དུ་མི་སྡོད་པད་འབྱུང་སྲིན་ཡུལ་འགྲོཿ ལྗོན་ཤིང་ཁ་ནས་བྱ་ཚོགས་འཕུར་བ་བཞིནཿ


PKT001_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༥༣ན༽སྐད་ཅིག་མི་སྟོད་པད་འབྱུང་སྐྱེས་ཤིག་འདེགསཿ ཡོན་མཆོད་དགྱེས་སོ་ལྷ་སྲས་བཙན་པོ་གསུངསཿ དེ་ནས་རྒྱལ་སྲས་མུ་ཏིག་བཙན་པོ་ཡིསཿ སློབ་དཔོན་སྲིན་པོའི་ཡུལ་དུ་བཞུད་པ་ལཿ གསེར་སོགས་ནོར་སྣ་མང་པོ་ཕུལ་བ་རྣམསཿ རྟ་ཁལ་དྲེའུ་ཁལ་མཛོ་ཁལ་མང་པོ་བཀལཿ གྱད་ཀྱི་མི་བརྒྱ་རྟ་བརྒྱ་ཁྲལ་བཅུག་ནསཿ མང་ཡུལ་གུང་ཐང་ལ་ཀར་སྡོད་ཅིག་གསུངསཿ སྒྲ་དང་ཆ་ཐེར་ཕུབ་ལ་ཐབ་ཀ་ཚུགསཿ བཟའ་བཏུང་གཡོས་ལ་ཆེ་རུ་ཤོམས་ཤིག་གསུངསཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ མང་ཡུལ་གུང་ཐང་ལ་ཀར་སྔ་འགྲོས་བཏང་བའི་ལེའུ་སྟེ་བརྒྱ་དང་ལྔ་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

རྗེ་འབངས་རྣམས་ལ་འཁོར་བའི་ཉེས་དམིགས་དང་བླ་མའི་རྣལ་འབྱོར་གསུངས་པའི་ལེའུ།


PKT001_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལྷ་སྲས་མུ་ཏིག་བཙན་པོ་ཡིསཿ སྤྲེའུ་ལོ་སྤྲེའུ་ཟླ་བའི་ཚེས་བཅུའི་ཉིནཿ ཆིབས་པ་ཅང་ཤེས་རྟ་ཕོ་ནག་པོ་ལཿ སེང་ལྡེང་སྒ་ཆས་གཏད་གསེར་སྲབ་གཡུ་མཐུར་བཅུགཿ སློབ་དཔོན་པདྨ་འབྱུང་གནས་ཆིབས་ཁར་ཐོནཿ བསམ་ཡས་ཟུར་མཁར་བར་གྱི་ནེའུ་ཚལཿ རྒྱལ་སྲས་མུ་ཏིག་བཙན་པོ་རྗེ་འབངས་དང་ཿ བོད་ཀྱི་ཕོ་ལུས་མོ་ལུས་ཐོབ་ཚད་རྣམསཿ སློབ་དཔོན་བཞུད་པའི་སྐྱེལ་ཐུང་ལ་འོངས་ནསཿ ཆིབས་པ་བབས་ནས་རྡོ་ཡི་མཆོད་རྟེན་བཞུགསཿ ཕྱག་རྟེན་འབུལ་བ་བཞེས་ཤིང་བྱིན་རླབས་མཛདཿ རྒྱལ་སྲས་


PKT001_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༥༣བ༽མུ་ཏིག་བཙན་པོས་ཞུ་ཕུལ་བཿ སློབ་དཔོན་བཞུད་པས་རྗེ་འབངས་སེམས་མ་དགའཿ ཉིད་ལ་གསོལ་འདེབས་ཉིད་ལ་མོས་གུས་བྱེདཿ བོད་ཡུལ་ཤཱཀྱ་ཐུབ་ཞབས་ཀྱིས་མ་བཅགས་ཤིང་ཿ བོད་ཀྱི་བླ་མའི་སྐལ་པ་གུ་རུ་ཉིདཿ ཆོས་སྐལ་ཇོ་བོ་ཐུགས་རྗེ་ཆེན་པོར་འདུགཿ ཚོགས་པ་རྣམས་ལ་ཆོས་ཤིག་གསུངས་བར་ཞུཿ གསེར་གྱི་མཎྜལ་ཕུལ་ནས་ཕྱག་བཙལ་ཞུསཿ སློབ་དཔོན་པདྨའི་ཞལ་ནས་འདི་སྐད་གསུངསཿ ད་ལྟ་བཞུགས་དང་མ་འོངས་འབྱོན་པ་ཡིཿ པད་འབྱུང་ང་ལ་མོས་གུས་བྱེད་པ་རྣམསཿ ཐམས་ཅད་ཐུགས་ལ་འདི་བཞིན་བཞག་པར་ཞུཿ དོན་མེད་ལས་ལ་སྡུག་བསྒུར་མ་འཛུགས་པརཿ འདི་ཕྱི་གཉིས་གར་བདེ་སྐྱིད་ཆོས་མཛོད་ཅིགཿ སྡིག་པ་མི་དགེས་ངན་སོང་གསུམ་དུ་སྐྱེཿ དགེ་བ་བྱས་པས་མཐོ་རིས་གནས་སུ་སྐྱེཿ སངས་རྒྱས་མ་ཐོབ་བདེ་བ་གང་ནའང་མེདཿ དམྱལ་བའི་གནས་ནི་འཛམ་གླིང་ས་ཡི་འོགཿ ཏི་སའི་ཐད་ནས་དཔག་ཚད་ཉི་ཁྲི་ནཿ སེམས་ཅན་དམྱལ་བ་ཆེན་པོའི་གནས་ཡོད་དེཿ ལྕགས་ཀྱི་ཁང་པ་དཔངས་དང་རྒྱ་རུ་ནིཿ དཔག་ཚད་ཉི་ཁྲི་ཡོད་པ་ལཿ དེ་སྟེང་ཚ་དམྱལ་བརྒྱད་ཀྱི་ས་གཞི་ཡོདཿ རབ་ཏུ་ཚབ་དང་ནི་ཚ་བ་དང་ཿ ངུ་འབོད་ཆེན་པོ་ངུ་འབོད་ཆུང་ངུ་དང་ཿ བསྡུས་འཇོམས་ཐིག་ནག་ཡང་སོས་མནར་མེད་རྣམསཿ རིམ་པར་བར་བར་དཔག་ཚད་བཞི་སྟོང་ཡོདཿ རབ་ཏུ་ཚ་ན་གནོད་པའི་


PKT001_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༥༤ན༽སྡུག་བསྔལ་གསོམཿ གསལ་ཤིང་བཤད་པའི་གླང་རྗེས་རྫ་བུམ་ཡོདཿ ཚ་བ་ན་ནི་གནོད་པའི་སྡུག་བསྔལ་བཞིཿ དོང་དང་ལྕགས་དང་དབུག་དང་འཚེད་པ་དང་ཿ དུ་འབོད་ཆེན་པོར་གནོད་པའི་སྡུག་བསྔལ་གསུམཿ ཤལ་མ་ལི་དང་ཐག་རྒྱངས་ཨ་ཧུ་དང་ཿ དུ་འབོད་ཆུང་ངུར་གནོད་པའི་སྡུག་བསྔལ་ལྔཿ ཕུར་རྒྱངས་ཤིང་རྟ་ཁྲབ་དང་ཁྲབ་རི་དང་ཿ བསྡུས་འཇོམས་ན་ནི་གནོད་པའི་སྡུག་བསྔལ་བརྒྱདཿ ས་གཞི་མཐོ་བ་གཞོང་ཁུ་ནགས་ཚལ་དང་ཿ རི་སུལ་དབང་དང་འཛིན་འཆང་བྱེད་དང་རིཿ ཐིག་ནག་ན་ནི་གནོད་པའི་སྡུག་བསྔལ་དགུཿ རལ་གྲི་ཤང་ལང་ཆུ་གྲི་སོན་མོ་དང་ཿ མདུང་ཐུང་སྟེའུ་སྟ་རེ་སོག་ལེས་འཇིགཿ ཡང་སོས་ན་ནི་གནོད་པའི་སྡུག་བསྔལ་ལྔཿ མནན་བཙིར་བཅར་དང་ཡང་ཤི་ཡང་སོས་དང་ཿ མནར་མེད་ན་ནི་གནོད་པའི་སྡུག་བསྔལ་གསུམཿ ལྤགས་བཤུ་ནུ་མ་གཅན་གཟན་འདྲད་པ་དང་ཿ གློང་སྙིང་དག་ལ་མེ་ཆེན་འབར་བ་ཡོདཿ གྲང་དམྱལ་བརྒྱད་ནི་དམྱལ་བ་ཡང་སོས་ནསཿ བྱང་དུ་དཔག་ཚད་ཉི་ཤུ་གཞལ་བ་ནཿ ཆུ་བུར་ཅན་དང་ཆུ་བུར་རྡོལ་པ་དང་ཿ སོ་འཐམས་པ་དང་ཀྱི་ཧུད་ཟེར་བ་དང་ཿ ཨ་ཆུ་ཟེར་དང་ཨུཏྤལ་ལྟར་གས་པཿ ཆེར་གས་པ་དང་པདྨ་ལྟར་ཆེར་གསཿ རིམ་པར་བར་བར་དཔག་ཚད་ཉིས་བརྒྱ་ཡོདཿ ཆུ་བུར་ཅན་ན་གནོད་པའི་སྡུག་བསྔལ་གསུམཿ འཁྱགས་


PKT001_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༥༤བ༽དང་ཆུ་བུར་ཆུ་བུར་ཐུག་ཐུག་གསུམཿ ཆུ་བུར་རྡོལ་ན་གནོད་པའི་སྡུག་བསྔལ་བཞིཿ གས་དང་ཆུ་སེར་རྨ་དར་ཕྱིད་པའོཿ ཿསོ་འཐམས་པ་ན་གནོད་པའི་སྡུག་བསྔལ་ལྔཿ སྐད་མི་ཐོན་དང་སོ་སྒྲ་འདོན་པ་དང་ཿ མཁྲེགས་དང་རེངས་དང་ཡན་ལག་འདར་བའོཿ ཀྱི་ཧུད་ཟེར་ན་གནོད་པའི་སྡུག་བསྔལ་གསུམཿ ལུས་འཁྱགས་སེམས་དུབ་དག་ཏུ་སྨྲེ་སྔགས་འདོནཿ ལུས་འཁྱགས་སེམས་དུབ་དག་ཏུ་སྨྲེ་སྔགས་འདོནཿ ཨ་ཆུ་ཟེར་ན་གནོད་པའི་སྡུག་བསྔལ་གཉིསཿ ལུས་བསྐམས་དབང་པོ་ལྔ་ནས་ཆུ་སེར་འཛགཿ ཨུཏྤལ་ལྟར་གས་གནོད་པའི་སྡུག་བསྔལ་བཞིཿ ལུས་ནི་ཚལ་བ་བཞི་རུ་གས་པའོཿ ཆེར་གས་པ་ན་གནོད་པའི་སྡུག་བསྔལ་བརྒྱདཿ ལུས་ནི་ཚལ་པ་བརྒྱད་དུ་གས་པའོཿ པདྨ་ལྟར་གས་སྡུག་བསྔལ་བཅུ་དྲུག་སྟེཿ ལུས་ནི་ཚལ་པ་བཅུ་དྲུག་གས་པའོཿ ཿཉི་ཚེར་ཉིན་རེ་ལན་རེ་འཆི་བ་དང་ཿ འགའ་ཞིག་ཉིན་བརྒྱ་མཚན་བརྒྱ་སྐྱེ་བ་སྟེཿ སྐྱེ་དང་འཆི་སོགས་སྡུག་བསྔལ་ཡུན་དུ་སོང་ཿ ཉེ་འཁོར་དམྱལ་ཁམས་བཅོ་བརྒྱད་བར་མཚམས་རེརཿ འདོད་ཆགས་ཚ་མྱོང་དམྱལ་བ་ཞེས་བྱ་དང་ཿ སྤྲིན་ཀྲ་མེ་འཁོར་ཅན་གྱི་དམྱལ་བ་ཞེསཿ མེ་འབར་འོབས་ལ་པུས་ནུབ་འགྲོ་བ་དང་ཿ རོ་མྱགས་འདམ་ལ་རྗེས་ནུབ་འགྲོ་བ་དང་ཿ སྤུ་གྲིའི་ལམ་གྱིས་ཤ་རུས་བཅོད་པ་དང་ཿ རལ་གྲིའི་ཆར་འབབ་ལྕགས་ཀྱི་ཤལ་མ་ལིཿ ཐལ་ཆེན་ཆུ་བོ་རབ་མེད་ནང་དུ་ནིཿ ཤ་རུས་ཚིག་ཅིང་ཁར་


PKT001_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༥༥ན༽འགྲོ་གཏིང་འགྲོ་བྱེདཿ ཁྲོ་ཆུ་ཁོལ་མ་བྷ་གའི་ནང་དུ་ལྗུགསཿ ཕོ་མཚན་ལྕགས་སྲེག་དམར་པོའི་བར་དུ་འཚིརཿ དེ་དག་ཐུན་མོང་སྤྱི་ཡི་དམྱལ་ཁམས་བརྒྱདཿ དེ་ལས་སྡུག་བསྔལ་བདུན་འགྱུར་ཆེ་བ་ནིཿ ཁྱད་པར་སྒོས་ཀྱི་རྡོ་རྗེའི་དམྱལ་བ་ཞེསཿ པདྨ་ལྟ་བུར་གས་པའི་ལྷོ་ནུབ་ཏུཿ དཔག་ཚད་བརྒྱ་འཇལ་ལྕགས་སྲེག་ས་གཞི་ཡོདཿ མི་ཤིགས་རྡོ་རྗེ་ཚ་བའི་དམྱལ་ཁམས་བརྒྱདཿ ཚ་དམྱལ་བརྒྱད་པས་བདུན་འགྱུར་ཚ་བ་ལྔཿ རིམ་པར་བར་བར་དཔག་ཚད་ལྔ་སྟོང་ཡོདཿ ཤར་ལྷོ་མཚམས་ན་རྡོ་རྗེའི་གྲང་དམྱལ་བརྒྱདཿ གྲང་དམྱལ་བརྒྱད་ཀྱི་བདུན་འགྱུར་གྲང་བ་ལཿ རིམ་པར་བར་བར་དཔག་ཚད་བཞི་སྟོང་ཡོདཿ ནུབ་བྱང་མཚམས་ན་ཉི་ཚེ་ཉི་འཁོར་བཿ དམྱལ་བ་གོང་མས་བདུན་འགྱུར་མང་བ་ལཿ རིམ་པར་བར་བར་དཔག་ཚད་སུམ་སྟོང་ཡོདཿ བྱང་ཤར་དམྱལ་བ་ཤམ་པ་ལ་ཞེས་པཿ དམྱལ་བ་གཞན་གྱི་བདུན་འགྱུར་གནོད་པ་ལཿ སྤྲུལ་པའི་དམྱལ་བ་ཚ་གྲང་འཐབ་པ་ཡོདཿ ཇི་སྲིད་ནམ་མཁའ་མ་ཞིག་བར་དུ་ནིཿ མི་འཇིག་པ་ནི་རྡོ་རྗེའི་དམྱལ་བ་སྟེཿ དེ་དག་སེམས་ཅན་དམྱལ་བའི་སྡུག་བསྔལ་ཡིནཿ ཡི་དྭགས་ལ་ཡང་བསྡུ་ན་རྣམ་པ་གཉིསཿ འཇིག་རྟེན་དག་ན་རྒྱུ་བའི་ཡི་དྭགས་དང་ཿ ཡི་དྭགས་ཡུལ་ན་གནས་པའི་ཡི་དྭགས་སོཿ འཇིག་རྟེན་དག་ན་རྒྱུ་བའི་ཡི་དྭགས་ནིཿ མཚན་མོ་རྒྱུ་


PKT001_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༥༥བ༽བ་མི་འགའ་ཞིག་གིས་མཐོང་ཿ རང་དབང་མེད་པར་མི་ལ་ཅི་གནོད་བྱེདཿ འདྲེ་འདུལ་མཁན་གྱིས་བསྲུང་མནན་སྡུག་བསྔལ་ཡོདཿ རྒྱབ་རྟེན་སྔོན་ལ་རྫོང་ཞིང་འདྲེ་རུ་བརྡུང་ཿ སྐྱབས་གནས་འཁྲིས་བྱེད་ཟས་གོས་མི་ལ་འཚོལཿ དམ་སྲི་འདྲེ་རྒོད་ལས་ཀྱི་སྡུག་བསྔལ་ཡོདཿ ཡི་དྭགས་ཡུལ་ན་གནས་པའི་ཡི་དྭགས་ནིཿ ས་འོག་དཔག་ཚད་ལྔ་བརྒྱ་འདས་པ་ནཿ ཡི་དྭགས་ཁང་པ་ཡངས་པ་ཅན་ཞེས་པཿ དཔག་ཚད་སུམ་སྟོང་དྲུག་བརྒྱ་ཡོད་པ་ནཿ ཡི་དྭགས་ཕྱི་ཡི་སྒྲིབ་པ་ཅན་ཞེས་པཿ ཟས་ལ་མེ་དཔུང་མེ་མདག་མེ་དམར་མཐོང་ཿ སྐོམ་ནི་རྣག་ཁྲག་མི་གཙང་ཁྲོ་ཆུར་མངོནཿ དེ་དག་དབང་ཕྱུག་ཏོ་ཅན་གྱིས་བསྲུང་བར་མཐོང་ཿ རྒྱ་མཚོ་དག་ལ་བསྲུང་བ་ཡེ་མེད་དེཿ སྐྱེས་བུ་གོ་མཚོན་ཅན་གྱིས་བསྲུང་བར་མཐོང་ཿ རི་བོ་དག་ལ་གཡོ་འགུལ་ཡེ་མེད་དེཿ འགུལ་ཞིང་རྒྱུག་དང་ཕྱི་ནས་འདྲེད་པར་མཐོང་ཿ ཡི་དྭགས་ནང་གི་སྒྲིབ་པ་ཅན་ཞེས་པཿ མགོ་བོ་རྒྱ་རྫ་ཁ་ནི་ཁབ་མིག་ཙམཿ མགྲིན་པ་རྟ་རྔ་གསུས་པ་ཡུལ་ལྗངས་ཙོམཿ རྐང་ལག་རྒྱ་ཁབ་ཙམ་གྱིས་མི་ཐེག་ཡོདཿ དང་པོར་ཟས་སྐོམ་བཙལ་གྱིས་མི་རྙེད་དང་ཿ རྙེད་ཀྱང་ཁ་ཡི་ནང་དུ་མི་ཚུད་དང་ཿ ཚུད་ཀྱང་མགྲིན་པའི་ལམ་ལ་མི་ཤོང་དང་ཿ ཤོང་ཡང་ལྟོ་བ་ཡུལ་ལྗོངས་མི་ཁེངས་ཡོདཿ ཡི་དྭགས་བར་གྱི་སྒྲིབ་པ་ཅན་ཞེས་པཿ ཤིན་ཏུ་བཀྲེས་སྐོམ་སྡུག་བསྔལ་མ་བཟོད་ནསཿ མི་གཙང་བ་དང་


PKT001_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༥༦ན༽སྣབས་ལུད་རྙེད་གྱུར་ཀྱང་ཿ གཞན་གྱིས་ཕྲོགས་ནས་སྤྱོད་དབང་མེད་པ་དང་ཿ ཆུ་ཡི་མིང་ཡང་མི་གྲག་སྨིག་རྒྱུ་ལཿ སྐོམ་ནས་ཆུ་ཡིན་སྙམ་ནས་འཐུང་ངུ་འགྲོཿ ཤ་ལྤགས་མེད་པའི་ཀེང་རུས་སྐོམ་པོ་ནིཿ ཉི་མའི་གྲིབ་སོ་ནག་དམ་བྱུང་བ་དང་ཿ དགོངས་ཀས་གཞི་ཁེངས་སྙམ་བྱེད་པ་ཡོདཿ ཡི་དྭགས་སྒོས་ཁུར་སྒྲིབ་པ་ཅན་ཞེས་པཿ ཟས་སྐོམ་འཚོལ་ཕྱིར་བཀོལ་བའི་ཁར་མེ་འབརཿ ཟས་ཟོས་ཁྲོ་ཆུ་ཁོལ་མར་སོང་ནས་ནིཿ ཁང་པ་བསྲེགས་ནས་ལུས་ལས་མེ་སྟག་འཕྲོཿ ཡི་དྭགས་སྤྱི་མཐུན་སྒྲིབ་པ་ཅན་ཞེས་པཿ ཟས་སྐོམ་ཕུན་སུམ་ཚོགས་པས་མཐའ་བསྐོར་ནསཿ རང་ལ་སྤྱོད་དབང་མེད་པར་བཀྲེས་སྐོམ་ཉེནཿ གཞན་གྱིས་ཁྱེར་དོགས་གྲིམས་པར་བསྲུང་བ་ཡོདཿ ཡི་དྭགས་བྱིན་བུ་སྐྱེས་ཞེས་བྱ་བ་ནིཿ ལོངས་སྤྱོད་དཀྱིལ་དུ་རྐང་པ་ནུབ་བྱས་ནསཿ སྐྱེས་བུ་གོ་མཚོན་ཐོགས་པས་བསྲུང་བར་མཐོང་ཿ ཡི་དྭགས་མེ་ལྕེ་འཁོར་ལོ་ཅན་ཞེས་པཿ ཟོས་ཚད་འཐུངས་ཚད་མེ་ལྕེར་འགྲོ་བ་དང་ཿ རུས་པ་འཁྲོགས་ནས་མེ་རུ་འབར་བ་ཡོདཿ དེ་དག་སེམས་ཅན་ཡི་དྭགས་སྡུག་བསྔལ་ཡིནཿ དུད་འགྲོ་ལ་ཡང་མདོར་བསྡུས་རྣམ་པ་བཞིཿ གཉའ་ཤིང་འཛིན་རེ་ཡན་ཆད་ཉི་ཟླ་མེདཿ གླིང་བར་དག་ན་གནས་པའི་དུད་འགྲོ་ནིཿ སོས་ཀའི་ཉི་རྡུལ་བས་ཀྱང་མང་བ་ཡོདཿ རང་གཟུགས་མི་མཐོང་ཉིད་ཤ་ཉིང་གིས་


PKT001_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༥༦བ༽ཟཿ གཡང་དང་རྦབ་ཏུ་ལྷུང་བའི་སྡུག་བསྔལ་ཡོདཿ གཉིས་པ་བྱིངས་གནས་ཕྱི་ཡི་རྒྱ་མཚོ་ནཿ ཆད་འགགས་སྦྲང་མ་བཞིན་དུ་གནས་པ་སྟེཿ ཆེ་ཆེས་ཆུང་ཆུང་ཐམས་ཅད་ཟ་བ་དང་ཿ གཅིག་ལ་གཅིག་གིས་གཤེད་མའི་སྡུག་བསྔལ་ཡོདཿ གསུམ་པ་སྐྱབས་མེད་དུད་འགྲོ་ཕྲན་བུ་ནིཿ སྐྱེ་བ་རྣམ་པ་བཞི་ལས་སྐྱེས་པ་ཡིཿ རི་དྭགས་གཅན་གཟན་གྲོག་སྤུར་སྲིན་བུ་དང་ཿ རྐང་མང་རྐང་མེད་འདབ་ཆགས་སྡེར་ཆགས་དང་ཿ ཀླུ་ཡི་རིགས་བྱེད་དུད་འགྲོ་ཕྲ་སྦོམ་སོགསཿ ས་ཡི་སྟེང་ན་བསམ་གྱིས་མི་ཁྱབ་སྟེཿ གཅིག་ལ་གཅིག་གིས་ཟ་བའི་སྡུག་བསྔལ་ཡོདཿ རྔོན་པས་རྒྱ་དང་འགག་རྙི་བཙུགས་པ་ཡིསཿ རྒྱུ་ཤེ་སྐྱེ་ཚད་ལོག་པར་འགྲོ་བ་དང་ཿ འགའ་ཞིག་ཞོར་ལ་འགའ་ཞིག་འཆི་བ་ཡོདཿ བཞི་པ་དུད་འགྲོ་ཁ་འཐོར་སྡུག་བསྔལ་ནིཿ མི་ལ་བརྟེན་པའི་དུད་འགྲོ་འདི་དག་ནིཿ ལས་སུ་ཁལ་འགེལ་རྨོས་རྨོ་ཞོ་བཞོས་དང་ཿ སྤུ་འདྲེག་ཤ་འབྱིན་ཁྲག་འདོན་བཙོག་པ་དང་ཿ ཞོ་ཤ་མི་བསྲེ་སྒལ་པ་རྡོལ་རྡོལ་འཁུརཿ ཁོལ་ཙེ་མ་ལུས་རྭ་ཅོ་བྱང་བྱང་འདྲདཿ པགས་པ་བཤུ་བར་འདུག་ཀྱང་ན་ཚ་བསྲནཿ ལུས་པོ་འགས་པར་མཆིས་ཀྱང་སྙིང་རུས་བྱེདཿ སྐྲོད་གཟིར་གསོད་པའི་སྡུག་བསྔལ་དཔག་མེད་ཡོདཿ དེ་དག་སེམས་ཅན་དུད་འགྲོའི་སྡུག་བསྔལ་ཡིནཿ མཐོ་རིས་རྣམ་གསུམ་བདེ་འོ་སྐད་དེ་ཡང་ཿ དངོས་ལ་མཐོ་རིས་ན་ཡང་བདེ་བ་མེདཿ


PKT001_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༥༧ན༽དགེ་བཅུ་སྤྱད་པས་ལྷ་ལུས་ལེན་ན་ཡང་ཿ སྔ་ལྟས་ལོག་པ་བཅུ་གསུམ་སྡུག་བསྔལ་ཡོདཿ གཞལ་ཡས་ཁང་གི་འོད་ཤོར་ཁ་དོག་ཉམསཿ དཔག་བསམ་ཤིང་འགྱེལ་ཁྲུས་ཀྱི་རྫིང་བུ་བསྐམསཿ མེ་ཏོག་སད་ཁྱེར་མ་རྨོས་ལོ་ཐོག་མེདཿ ཅང་ཤེས་རྟ་ཤི་འདོད་འཇོའི་བ་ཡང་སྟོརཿ ལུས་ཀྱི་འོད་ཉམས་དྲི་མི་ཞིམ་པ་ལྡང་ཿ རྒྱན་ཆ་མེ་ཏོག་འཕྲེང་བ་རྣམས་ཀྱང་བརྙིངསཿ མཆན་ཁུང་གཉིས་རུལ་ཆུང་མས་ཀླས་ལ་བོརཿ ལྷ་གྲོགས་མི་ཉེ་རིང་དུ་གནས་པ་དང་ཿ འཆི་བར་ཤེས་ནས་སྡུག་བསྔལ་དཔག་ཏུ་མེདཿ མི་ལོ་ལྔ་བཅུ་ཕྲག་གཅིག་ལྟས་བྱུང་འཆིཿ ཕྱི་མ་གར་སྐྱེ་ལྷ་ཡི་མིག་གིས་མཐོང་ཿ བསགས་པའི་བསོད་ཟད་སྡིག་འཕེལ་ངན་སོང་ལྟུང་ཿ སྡུག་བསྔལ་ལྔ་མ་མ་སངས་ཕྱི་མས་ནོནཿ གར་སྐྱེ་ལུས་ཀྱི་སྡུག་བསྔལ་མངོན་ཤེས་ཡོདཿ ལྷ་མ་ཡིན་གྱི་གནས་སུ་སྐྱེས་ན་ཡང་ཿ འཐབ་རྩོད་སྡུག་བསྔལ་བརྗོད་ཀྱིས་མི་ལང་སྟེཿ ཕྲག་དོག་ཀུན་བསླངས་མི་དགེ་བཅུ་སྤྱད་པསཿ ལྷ་མ་ཡིན་དུ་མཚམས་སྦྱོར་སྐྱེ་བ་ལེནཿ ལྷ་རྣམས་བསོད་ནམས་ལོངས་སྤྱོད་ཆེ་བ་ལཿ ལྷ་མ་ཡིན་རྣམས་ཕྲག་དོག་སྐྱེས་ནས་འཐབཿ ལྷ་དང་ལྷ་མིན་གཡུལ་གཤོམ་འཁྲུག་པའི་དུསཿ ཕན་ཚུན་འཐབ་རྩོད་ལས་སུ་གོ་མཚོན་བསྟེནཿ མཚོན་ཆའི་འཁོར་ལོས་གནོད་པ་འབའ་ཞིག་སྐྱེལཿ ལུས་ནི་སྨས་ནས་


PKT001_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༥༧བ༽འདྲད་དང་ཤི་བ་དང་ཿ ངག་ཏུ་མི་སྙན་རྒྱོབ་སོང་སྒྲ་མང་སྒྲོགཿ མ་ཤི་བ་ལ་མེར་བསྲེག་ཆུ་ལ་བསྒྱུརཿ མགོ་འདྲེག་སྙིང་འདོན་ནང་ལྟོ་བླུག་པ་དང་ཿ ཉིན་འཁྲུག་མཚན་འཁྲུག་ལས་ཀ་དམག་ལ་བྱེདཿ འཐབ་རྩོད་སྡུག་ལ་མི་བཟད་དཔག་མེད་ཡོདཿ མི་ཡི་གནས་འདི་སྐྱིད་ཤོས་ཡིན་གྱུར་ཀྱང་ཿ བརྒྱད་དང་འགྱུར་བའི་སྡུག་བསྔལ་དཔག་མེད་ཡོདཿ དང་པོ་ཕོ་མོ་རྒྱུ་རྐྱེན་ཕྲད་པའི་ཚེཿ ཕ་མའི་ས་བོན་ཁུ་ཁྲག་འདྲེས་པ་དེཿ རུལ་སངས་མི་སྡོད་སྟོབས་ལྡན་འཕེལ་བར་བྱེདཿ རིམ་པར་ཆགས་ནས་ལྟེ་བའི་རྩ་མདུད་ནིཿ གྲུ་གསུམ་མ་རྩ་རྒྱལ་པོ་བ་ལང་མིགཿ སྦལ་པའི་སྒོ་ང་ཙམ་ཞིག་ཆགས་པའི་དུསཿ མ་ལ་ལྟོ་ན་དམིག་ལོའི་ན་ཚ་ནིཿ སྙིང་རུས་ཅན་ལ་སྦྲང་སྨྱོན་བླུད་པ་འདྲཿ མགོ་བོ་ལྗི་ལ་ལུས་པོ་གཙེ་ཤུམ་བྱེདཿ ཡར་ཀླུངས་མར་འབྱངས་སྐད་འགགས་མི་ཡིད་འདོདཿ ཟླ་བ་དགུ་ན་ལུས་ཟུངས་བདུན་རྫོགས་ཏེཿ མ་ཉིད་ལྟོགས་པས་གཡང་ལ་བཏང་བ་ལྟརཿ ལུས་འདར་ལང་ལིང་ཕྱང་ཕྱོང་སྡངས་སྐྲག་ཡོདཿ འགྲངས་བའི་དུས་ན་བྲག་ལ་བཅར་བ་ལྟརཿ བསྐུལ་བསྐྱོད་མི་ཤེས་ལུས་པོ་ཆ་ཆར་བསྡམསཿ ཕོ་མོ་འཁྲིག་དུས་མེ་ཉེར་བཙོས་པ་ལྟརཿ ལུས་པོ་ཆེ་ཡལ་གཙོ་ཞུམ་ཚ་ཙག་བྱེདཿ མ་ཡིས་ཕྱིན་དུས་རླུང་གིས་བསྐྱོད་པ་ལྟརཿ མཐོ་ལིང་དམའ་ལིང་བསྒོར་བསྒོར་ཐོམ་ཐོམ་བྱེདཿ མ་ཡིས་ཉལ་དུས་


PKT001_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༥༨ན༽རི་བོས་མནན་པ་ལྟརཿ ཁོལ་ཙེ་མ་ལུས་གང་ན་འདིར་ན་མེདཿ མ་ཡིས་ལྟོ་ཟོས་ཐིབས་འོག་ཚུད་པ་ལྟརཿ ནག་ཐོམ་བྱེད་ཅིང་དབང་པོ་ལུས་སྐྱོན་ཡོདཿ མ་ཡི་དྲག་ཤུལ་ལྡང་འདུག་བྱས་ཙ་ནཿ ལུས་འགག་སྙིང་བཏོན་རྦབ་ལ་བསྐྱུར་སྙམ་བྱེདཿ མ་ལ་བཟའ་མེད་ལྷད་ཟས་འབག་འབོག་ཟོསཿ གོས་མེད་མལ་གྲང་སྡུག་བསྔལ་དམྱལ་བ་འདྲཿ ཟླ་ངོ་བཅུ་སོང་ལུས་ཟུངས་རྫོགས་གྱུར་ཏེཿ མགོ་ཞབས་ལོག་ནས་སྐྱེ་བར་གྱུར་པའི་ཚེཿ བཙའ་སྒོ་ཡངས་དོག་བྱེ་བྲག་ཐ་དད་ཀྱིསཿ མ་དང་བུ་གཉིས་གཤིན་ཡུལ་གོ་མ་ཕྱེད་བོརཿ མ་བུ་གཉིས་ཀ་ན་ཚེའི་སྡུག་བསྔལ་ཆེཿ མ་ཡི་ཁ་རུས་མ་གཏོགས་རུས་མཚམས་བྱེཿ ལུས་ནི་ཚལ་པ་སྟོང་དུ་གས་སྙམ་བྱེདཿ བུ་ཆུང་སུབས་ཁར་པགས་པ་བཤུས་པ་ཙམཿ ནུས་པ་ཡོད་ཚད་ཕྱི་རུ་བསྐྱེད་པ་ཡིསཿ སེམས་དང་ལུས་དུབ་གཏུན་ཁུང་བརྡུངས་པ་འདྲཿ སྟན་ཁར་བྲུལ་དུས་ཚེར་ཕུང་གསེབ་བསྐྱུར་ལྟརཿ གོས་སུ་དྲོ་འཇམ་པགས་པ་བསྐོན་གྱུར་ཀྱང་ཿ མ་ཡི་མངལ་གནས་དྲོ་འཇམ་མ་ལགས་ཏེཿ ལུས་ལ་འབྲད་དང་ཟུག་དང་ན་ཚ་འོདཿ མ་ཡིས་པད་བླངས་བྱ་ཕྲུག་ཁྲས་ཁྱེར་ལྟརཿ ལྟེ་བ་བྲེགས་པས་སྙིང་ལ་ཚེར་ཟུག་འདྲཿ དེ་ནས་ཞག་སྐྱེད་ཟླ་སྐྱེད་ཆེར་གྱུར་ཀྱང་ཿ འོག་ན་དྲི་ཆུ་འབྱིན་དང་སྟབས་མ་བདེཿ ཁ་སྐོམ་གྲོད་ལྟོགས་


PKT001_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༥༨བ༽ལུས་འཁྱགས་ཡན་ལག་སྤྲིདཿ དབང་པོ་ལྔ་རུ་རྡུལ་དང་སེམས་ཅན་ཞུགསཿ པུ་རྫིས་ཉར་ཆག་མ་བྱས་ཉེན་གྱུར་རྣམསཿ འདི་བྱུང་འཆད་པར་མི་ཤེས་དུ་བ་ལསཿ མ་དེ་བརྩེ་ཞིང་བུ་ལ་བྱམས་ན་ཡང་ཿ ནུ་སྒོགས་དེ་ཉིད་ཁར་བརྫངས་ཨ་བོ་ལསཿ ཁོ་ཡི་རེ་བ་སྐོང་བར་མི་འགྱུར་རོཿ དེ་ནས་ཆེར་སོང་ལང་ཚོ་ངར་ལ་བབཿ ཡོད་པ་སྣ་ལེན་མེལ་ཚེ་བྱེད་བྱེད་ནསཿ བྲེལ་ལ་ཁ་སྐོམ་ལུས་སེམས་གཉིས་ཀ་དུབཿ དོགས་ཆུང་ཚི་སྦྱར་བསྲུངས་ཀྱིས་མི་ལང་སྟེཿ དགྲ་མང་གཉེན་ཉུང་སྙིང་ན་གཉིད་ཡར་ནསཿ བལྟོས་པ་མ་འཁྱོངས་དོགས་ནས་སེམས་ཁྲལ་བྱེདཿ ཉེ་འབྲེལ་རགས་ཤིང་མཐུན་དང་བྲལ་གྱིས་དོགསཿ ཐག་རིང་ཞག་གསུམ་སྡོད་ཀྱང་གློ་མི་བདེཿ ཞག་གཅིག་ན་ཡང་སེམས་འཚུབ་སྙིང་མི་དགའཿ ཤི་ན་གསོན་པོ་མྱ་ངན་ཡུས་ཀྱིས་བརྒྱལཿ དྭ་ཕྲུག་ཡུགས་ས་བཅོས་མེད་སྡུག་བསྔལ་ཆེཿ ཟས་གོས་ནོར་མེད་ཐ་མ་བུ་ལོན་འཁོརཿ སྔ་མའི་སྡུག་བསྔལ་ཕྱི་མ་ཕྱི་མས་ལེནཿ སྡུག་བསྔལ་གྲ་རྒྱས་དང་བླངས་སྦྱིན་སྦྱར་དམཿ མི་འཆམ་ཉེ་འབྲེལ་གཅིག་ཡུས་གཅིག་ལ་ཆེཿ འགྲོགས་ཤེས་མེད་པའི་འགྲས་ཡུས་ཆེན་པོས་འཁོནཿ ནང་འཐབ་ནུབ་འཐབ་ཁང་ན་སུན་ཚིག་འབྱིནཿ རང་ལ་མེད་པས་གཞན་ཡོད་སྡུག་བསྔལ་ཆེཿ ལ་ལའི་ནོར་རྫས་ལ་ལས་ཧབ་ཐོབ་བྱེདཿ མེད་པར་དབུལ་ཕོངས་ཡོ་བྱད་ལག་བོར་ཏེཿ ནོར་གྱིས་ཤེད་བསྐྱངས་


PKT001_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༥༩ན༽ཟས་ཀྱིས་གཉའ་བཅག་ནསཿ བཙལ་གྱིས་མི་རྙེད་ལྟོགས་ལ་ཐང་ཆད་ནསཿ མཉམ་པོས་མཉམ་པོའི་ཁ་རོ་བལྟ་དགོས་ལཿ གོས་ངན་ལྷད་ཟས་བྲེན་གཡོག་རང་ཡི་མུགཿ བཟའ་མེད་གོས་མེད་སྤྲུག་མང་བསྙས་པས་སྡུགཿ རང་མགོ་དྲག་ན་རྒྱལ་པོའི་འཇིགས་པས་སྡུགཿ རང་མགོ་ངན་ན་ཁ་ཉེན་དབང་ཆུང་སྡུགཿ ཞ་འཐེང་འོན་ལོང་ལྐུགས་གླེན་ལུས་ཉམས་སྡུགཿ འགའ་ཞིག་མི་ལ་ཕྱུགས་བཞིན་ཉོ་བཙོང་སྡུགཿ འཇིག་རྟེན་པ་རྣམས་བོད་འབྲོག་སོ་ནམ་སྡུགཿ ཨར་ཇག་རྐུན་མ་སྲོག་དང་ནོར་བསྔོ་སྡུགཿ འགའ་ཞིག་རྗེ་ཡི་དབང་དུ་སོང་ནས་སྡུགཿ ཁ་མང་རང་གི་ཁ་ཡིས་ཕུང་ནས་སྡུགཿ ཁྱོ་ཆུན་བར་སེར་བཟའ་འཐབ་ཀླེས་པོར་སྡུགཿ ལ་ལ་ནད་ལ་ཕན་མེད་བཅོས་ཀྱིས་སྡུགཿ ནད་དུ་མཛེ་བྱུང་མི་ཁྱུ་བུད་པས་སྡུགཿ ཉམ་ཐག་སྤྲང་པོ་རྒྱལ་ཁམས་བསྐོར་བས་སྡུགཿ ལ་ལ་འདྲེ་རྒོད་མི་མ་ཡིན་བཙེར་སྡུགཿ ལ་ལ་མི་དབང་འབངས་ཆོད་ཤོར་དོགས་སྡུགཿ མཁས་བཙུན་ཆོས་ལ་དྲག་ཞན་བྱུང་དོགས་སྡུགཿ དགོན་ཆུང་སློབ་དཔོན་མི་ཆོས་བྱེད་དགོས་སྡུགཿ བན་སྔགས་བོན་པོ་ཕྱ་རིས་ཤོར་དོགས་སྡུགཿ ལ་ལ་མཐུ་བྱེད་དྲག་དང་མི་འབྲལ་སྡུགཿ བན་བཙུན་ཕོ་མོ་བུ་ཆུད་ཆེ་དོགས་སྡུགཿ འཕྱོན་མ་སྒེག་མོ་གུན་སེམས་འཛིན་དོགས་སྡུགཿ ན་ཆུང་བུ་མོ་གོ་རྒས་ལུས་དོགས་སྡུགཿ ཁྱོ་ཆུང་མ་རྙེད་ཕོ་རེང་མོ་རེང་


PKT001_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༥༩བ༽སྡུགཿ ཁ་དྲག་པོ་རྣམས་ཁ་ཉེན་སོང་དོགས་སྡུགཿ ཁ་ཉན་པོ་རྣམས་ཁ་དྲག་རེ་བས་སྡུགཿ བུད་མེད་པོ་རྣམས་བུ་ཡོད་རེ་བས་སྡུགཿ བུ་ཡོད་པོ་རྣམས་ཉན་དུ་མ་བཏུབ་སྡུགཿ ཁྲིམས་མ་ཆགས་ལ་ཐུ་ཐུམ་ཤེས་སྡུགཿ ཁྲིམས་ཆགས་པ་ལ་སྤུ་ལོ་བཟང་ངན་སྡུགཿ ཕོ་མོ་སྒོ་ཐལ་བ་ལ་མིག་སེར་སྡུགཿ ཡང་སྒོས་སྤྱི་ལ་དམག་དང་མུ་གེས་སྡུགཿ ཆར་ཆེས་ཐན་པ་མི་ནད་ཕྱུགས་ནད་སྡུགཿ མེས་འཇིགས་ཆུས་འཇིགས་གཅན་གཟན་དུག་སྦྲུལ་དང་ཿ དུས་འགྱུར་ལིང་ལོག་གང་སྟོངས་ཡུལ་འཁྲུག་སྡུགཿ གཉིས་པ་རྒས་པའི་སྡུག་བསྔལ་བསྟན་པ་ཡང་ཿ ལོ་མང་ལོན་པས་འབྱུང་བ་བརྙིངས་ཏེ་སྡུགཿ མཛེས་པའི་བཀྲག་ཤོར་སྡུག་པའི་མདངས་ཡལ་ཉམསཿ དྲང་པོར་སྐྱེས་པའི་ལུས་ནི་སྒུར་པོར་སོང་ཿ ཡན་ལག་ཚིགས་ཀྱོག་རྩ་དང་ཆུ་རྒྱུས་གསལཿ ལུས་ཀྱི་སྟོབས་ཤོར་སེམས་ཀྱི་དཔའ་ཞི་ཞིང་ཿ བསོད་ནམས་འཕེན་པ་ཟད་པས་མི་མི་བྱམསཿ ལེགས་པའི་ལང་ཚོ་རྒུད་པས་སྐྱུག་བྲོ་ལྟཿ གཟིར་བའི་ནུས་པ་མེད་པས་རྔན་ཅན་བྱེདཿ མཐོང་བྱེད་ཀྱིས་མ་ཁྱོགས་པས་མིག་མི་གསལཿ འབྱུང་བའི་དངས་མ་རུལ་བས་རྣ་བ་འོནཿ ཤ་གྲོས་མཁུར་ཚོས་ཁྲག་གི་མེ་ཏོག་ཡལཿ རྩ་ཞར་འབུར་སར་འབུར་དོད་ཁུང་སར་ཁུང་ཿ འགྲིག་པོར་སྐྱེས་པའི་སོ་དོན་ཁ་ལྕེ་ལྡིབཿ མགོ་བོ་དཀར་མདོག་ཐོན་ཞིང་གདོང་སྤུ་སྐྱེསཿ ཁ་མ་ཚུལ་བཞིན་ནག་སྤོས་རྒྱའི་


PKT001_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༠ན༽རི་མོ་ཤརཿ བྲང་ལ་སྡོང་སྐས་བྱུང་བས་སྐེ་རྩ་ཁྲེདཿ རྐང་ལག་ཐང་ཤིང་བཞིན་དུ་སྦོམ་འཕྲ་བྱེདཿ ལུས་ལ་གར་བལྟས་ཧེལ་གེ་གཅུས་བཞིན་སོང་ཿ ནོམ་ཞིང་ཁ་མི་གཙོ་བས་ངོ་ཚ་བྱེདཿ ལངས་པས་མི་ཐེག་སྡོད་ན་ལུས་ནི་རྡེབཿ བཤུས་འདེབས་ཧུས་འདེབས་ཡ་ཡ་ཕ་མ་འབོདཿ མཚན་མོ་གཉིད་ཡལ་ནམ་ལ་ལངས་དུས་མེདཿ ཉིན་པར་བྱིང་རྨུགས་ཚ་གྲང་རྐྱེན་མི་ཐེགཿ བདེ་བར་བཞག་ཀྱང་ལྷུ་ཚིགས་ཁོལ་བུར་ནཿ དྲི་ཆུ་མདོ་རུ་མི་འཁྱོལ་གདན་ཁར་འཆོརཿ མི་སྙིང་མི་སྡུག་གཞོན་པས་བརྙས་བཅོས་བྱེདཿ གོས་བུད་གྱོན་པར་མི་ནུས་འཁྱགས་པ་བསྲནཿ ངོ་ཚའི་གནས་རྣམས་སྦེད་པར་མི་ཤེས་སྟོནཿ གཞོན་ནུ་ཀུན་གྱིས་ལྟད་མོ་ཆེ་ཞིང་དགོདཿ བསགས་པའི་ཟས་ནོར་མནའ་མའི་དབང་དུ་ཤོརཿ སྐོམ་ལྟོགས་འོ་དོད་བོས་ཀྱང་བཅོས་མ་ཟེརཿ སྤྱིར་གྱིས་སྡུག་རྒན་ཕུང་རྒན་ཅེས་མིང་འདོགསཿ འཆི་དུས་མི་འདུག་ཟེར་གྱིན་བློས་མི་ལོནཿ བརྩེ་བ་རྣམས་ཀྱང་སུན་ནས་འཆིར་ན་ཟེརཿ རྒན་འཁོགས་ཡི་མུག་ག་ཆད་ལྕེབ་སྙིང་འདོདཿ སེམས་ལ་མ་ལྡན་པ་རྣམས་མི་ལ་འཆདཿ ངུ་ཞིང་ཡི་མུག་ལྟོ་དང་གོས་ཀྱིས་བཀྲེནཿ མེ་ཆུ་མི་འདུས་ལྟོ་གོས་གཡོག་མི་སོསཿ རྒས་པའི་སྡུག་བསྔལ་སྨོན་ནེ་འཆི་བར་འདེབསཿ གསུམ་པ་ན་བའི་སྡུག་བསྔལ་བསྟན་པ་ནིཿ ལུས་ཀྱི་འབྱུང་བཞི་ཆ་མ་སྙོམས་པ་ཡིསཿ རླུང་དང་མཁྲིས་པ་བན་ཀན་


PKT001_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༠བ༽འདུས་པའི་ནདཿ མ་རིག་པས་ནི་རྒྱུ་བྱས་ཡི་དྭགས་རྐྱེནཿ འབྲུམ་པ་རིམས་དང་རྒྱུ་གཟེར་གག་ལྷོག་དང་ཿ མཚོན་གྱིས་གཙེས་དང་གཅོད་ནད་སྡེ་བཞི་སོགསཿ བརྗོད་ཀྱིས་མི་ལང་ན་ཚའི་རིགས་བྱེད་རྣམསཿ ཚབས་ཆེན་བཏབ་པས་ཉམ་ཐག་ནད་པ་དེཿ ན་ཚའི་ཟུག་གཟེར་བསྲན་ཐབས་མ་ཚུགས་པསཿ སོ་དྲེག་མཆུ་དྲེག་རྐང་དྲེག་ལག་དྲེག་ཆགསཿ མིག་ཕུགས་རྡིབ་ཅིང་བ་སྤུ་གྱེན་ལ་གཟིངསཿ འཁུན་འརྒྱངས་སྐད་ངན་འདོན་ཅིང་ལམ་ཚིག་ཟཿ མཛེས་པའི་བཞིན་མདངས་ཉམས་པས་ཡི་དྭགས་འདྲཿ རྒྱུ་མ་སྒལ་འབྱར་ཤ་ཁྲག་རུས་མིག་དི་མཿ ཟས་སྐོམ་ཁར་བཅུག་ལྕེ་ལ་བྲོ་བ་མེདཿ ལུས་ཀྱི་ཟུངས་ཟད་ཡིད་ཀྱི་དྲན་པ་སྟོརཿ ལྡང་དང་རྒྱུ་བར་མི་ནུས་གདན་ལ་འབྱརཿ འབོལ་བར་བཏིང་བའི་གདན་ནི་རྡོ་བས་འཁྲེགསཿ བདེ་མོར་བཅུག་པའི་སྔས་ནི་ཤིང་བས་རེངསཿ འཇམ་པོར་གཡོགས་པའི་གོས་ནི་ཆོར་ལས་རྩུབཿ བསླང་ན་ཉལ་ཟེར་བསྙལ་ན་ཡར་སློང་ཟེརཿ ནད་དབང་སོང་བས་ངོ་ཚ་ཁྲེལ་འཛེམ་ཤོརཿ སྐྲ་ཉག་རེ་ལས་རྡུལ་ཐིགས་རེ་རེ་འཛགཿ ཉིན་མོ་ཉིན་རིང་མཚན་མོ་མཚན་ཡང་རིང་ཿ ཉི་མར་རྒས་དུས་ནམ་ལ་ལངས་དུས་མེདཿ ཟས་སྐོམ་མ་བྱིན་མཐོང་བ་ཙམ་གྱིས་སྐྱུགཿ ཟས་དང་བྲལ་བས་མནམ་ཞིང་ཡིད་མི་འོང་ཿ སྨན་དཔྱད་མི་འཇུག་ཅི་བྱས་གནོད་པར་འགྱུརཿ འདྲེ་བཅོས་རིམ་གྲོ་བྱས་ཀྱང་ནད་མི་སོསཿ སྐོམ་ཡང་


PKT001_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༡ན༽ཟས་ཚོད་འཐུངས་ཚོད་སྨན་པས་འཛིནཿ གཉིད་བསྲུངས་ཟས་བསྲུངས་འགྲུལ་བསྲུངས་རེམ་མ་ཤོརཿ རྒན་པས་གཡོག་བྱས་གཞོན་པས་འདྲེ་བརྡུངས་གཟིརཿ ནད་ཉམས་ཅན་གྱིས་ནད་ཀྱི་མཚང་བཤད་ནསཿ བྱ་ཐབས་འདྲེག་ཚད་མ་ལན་མི་འགྱོད་བྱསཿ ཆོས་ཀྱི་ཐུན་བསྲུང་བན་ཆོག་བོན་ཆོག་གྱེརཿ སྔས་སྲུང་སྨན་པ་མོ་མ་མགྲོན་དུ་བསགསཿ གཉེན་བཤེས་གྲོགས་པོ་མང་པོས་མཐའ་མ་བསྐོརཿ ན་ཚ་འགོགས་དང་བགོ་རུ་མ་བཏུབ་སྟེཿ སུས་ཀྱང་མི་སྟོངས་སྡུག་བསྔལ་གཅིག་པུས་མྱོང་ཿ གཏར་སྲེག་དཔྱད་བྱས་འཆི་ཡང་ན་ཚ་བསྲནཿ སེམས་ཅན་ན་བའི་སྡུག་བསྔལ་བསམ་མི་ཁྱབཿ བཞི་པ་འཆི་བའི་སྡུག་བསྔལ་བསྟན་པ་ནིཿ ཞག་རེ་སོང་ཞིང་ན་ལུགས་ཇེ་མི་མགུཿ རྩ་སྡོད་དབུགས་རྒོད་ཅིས་ཀྱང་མ་ཕན་ནསཿ སྨན་པ་ངོ་ནག་འཆི་དུས་འདིངས་སུ་ཡོང་ཿ སྒོས་སུ་མི་གཅེས་མི་ནི་མི་འབྱུང་སྟེཿ རང་བས་ཤུལ་དུ་དྲན་གསལ་སྡུག་བསྔལ་ཆེཿ གཅེས་དགུ་བཞག་ནས་འགྲོལ་ཐུག་ཙ་གཿ འཆི་བ་མ་བཤོལ་ཚེ་ལ་གདན་འདྲེན་བྱུང་ཿ མགོ་མི་ཐེག་ཅིང་རྐང་པས་ལུས་མི་ཐེགཿ ལག་པས་ཟས་སྣོད་མི་ཐོག་འོར་དུ་ལྷུང་ཿ ནམ་རིང་ཉི་མ་ཤར་བར་ངང་ཐུང་སྐྱེཿ ནད་པ་གོས་སེལ་ལག་པ་ཕྱ་རུ་འདོནཿ ང་ཐེག་སློང་ཟེར་མིག་ནི་མཐོང་སྐར་ལྟཿ སུ་ཞིག་ཉོག་གེ་མོ་ལ་ཤོག་གྱིས་དང་ཿ ང་འཆི་


PKT001_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༡བ༽བསླབ་བྱ་ཚིག་གསུམ་བྱའོ་ཟེརཿ རང་རེ་འཆི་ཡང་བློ་སོ་ཕར་ལ་བྱེདཿ བརྒྱ་ལ་ཤི་དོགས་ཡིན་མེད་དགའ་རབ་ཡོདཿ ལག་པ་བཅངས་ནས་མ་ངུ་སྙིང་རུས་གྱིསཿ ཁ་སྐོམ་ང་ལ་སྐོམ་ཞིག་བསླང་དང་ཟེརཿ ཁ་རུ་བཏུངས་པས་སྣ་བུག་ནང་ལ་ལོགཿ ཞག་མིག་སྔོ་ལིང་མཆི་མ་ཕྲོམ་ཕྲོམ་འདོནཿ གཅེས་པར་བྱས་པའི་ལུས་པོ་འབོར་བའི་རྟགསཿ བྱད་ཀྱི་མདངས་ཡལ་ཧམ་པ་རིང་གི་འགྲོཿ སོ་དྲེག་ནག་པོ་ཆགས་ཏེ་ལྕེ་གཞུང་ནགཿ ལུས་ལྕི་ཤེས་པ་གཏིང་བྱིང་གྲང་ཤུམ་བྱེདཿ ཁ་ཆུ་སྣ་ཆུ་འཛག་ཅིང་ཡར་ཐེན་ཟེརཿ མལ་ཆུགས་མ་ཐུང་ཡར་སློང་མར་སྙོལ་ཟེརཿ ས་ཆུ་མེ་རླུང་འགྱུང་བ་ཐིམ་པའི་རྟགསཿ ཤེས་པ་བྱིང་ནས་དམའ་དིམ་ཡར་ཁྱོག་ཟེརཿ རིག་པ་འཁྲུལ་ནས་ཁ་འཆལ་བླ་བརྡོལ་སྨྲཿ དབུགས་ནི་ཁར་འཚངས་ཕྱི་ནང་འཕུལ་མི་ནུསཿ རྩ་ཞིག་འབྱུང་བ་ཐིམ་པས་རྐན་ལྟོ་ལྡིབཿ བཞིན་མདངས་ཉམས་ཤིང་ཁ་སྣ་གྲེ་ཕུགས་བསྐམསཿ སྣ་ཞོམ་ནག་ཧམས་བལ་དུད་ཚངས་ཀྱི་འགྲོཿ རྣམ་ཤེས་སྙིང་འཐུམས་མི་ངོ་མི་ཤེས་ཤིང་ཿ དབུགས་སྡུད་མི་ཤེས་བོས་ཀྱང་ལན་མི་ཡོང་ཿ ཕྱི་རྒྱུ་ནང་བརྒྱུ་ངར་ངར་ཁག་ཁག་ཟེརཿ ལྕེ་བསྐམས་ཕུགས་བྲོས་སེམས་ནི་ཚིག་པ་ཟཿ སྣ་སྒོ་ཕྱི་ནང་དབུགས་ནི་རྒྱུ་འཕྲུལ་ཆདཿ ནད་པ་ཤོར་ཟེར་བྲང་བརྡུང་འོ་དོད་འབོདཿ ལུས་ལ་འཇུས་ནས་བརྩེ་བས་ཁ་གཏུགས་ཀྱང་ཿ ཁོ་ལ་ཉན་དང་ལྟ་བའི་དབང་མེད་པརཿ རྣམ་པར་


PKT001_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༢ན༽ཤེས་པ་སྙིང་གི་དཀྱིལ་དུ་བརྒྱལཿ གློ་བས་སྙིང་གཡོག་དབུགས་ནི་ཕྱི་རུ་ཤོརཿ ཞག་གསུམ་ནག་ཐུམ་དྲན་མེད་བྱ་བཞིན་བརྒྱལཿ མཆན་འོག་གཉིས་ན་དྲོད་ནི་ཨེན་ཙམཿ གཞན་རྣམས་གྲང་ཐག་ཆད་དེ་ས་རྡོ་བཞིནཿ ནད་གཡོག་ཉེ་འཁོར་སྡུག་བསྔལ་རོས་ནོན་ནསཿ ཤི་བར་བྱེད་ཅིང་གྲོས་འདུན་བློ་སྡུར་བྱེདཿ རོ་དེ་མ་མཁོ་ཅི་བྱེད་ལ་དོར་ནསཿ སར་སྦེད་རིར་སྐྱེལ་མེར་བསྲེག་ཆུ་ལ་བསྐྱུརཿ མེད་པར་བྱས་ནས་བློ་ཡི་བདེ་ཤོས་བྱེདཿ བླ་སློབ་ཟབ་མོ་གཏམ་གླེང་མི་ཡི་མཐའཿ རྗེ་འབངས་དགའ་བའི་མཐུན་འཇུག་མི་ཡི་མཐའཿ ཁྱོ་ཆུང་མཐུན་པོར་འགྲོགས་པ་མི་ཡི་མཐའཿ སྨན་པའི་རྒྱལ་པོ་དངོས་སུ་བྱོན་གྱུར་ཀྱང་ཿ ཚེ་ཡི་འཕན་ཟད་སྲོག་ལ་འཐུད་མི་ཤེསཿ དབང་པོ་ཆི་ཡིས་ཁྲིམས་ལ་གཏུག་ཏུ་མེདཿ མི་ལག་རགས་པས་ར་མདའ་བྱ་རྒྱུ་མེདཿ ངག་ནུས་ཅན་གྱིས་མཐུ་གཏད་བརྡེག་ཏུ་མེདཿ མི་ཕངས་ནོར་གྱིས་བླུས་མ་བཏང་དུ་མེདཿ སྔར་མས་ཡུལ་ཕྱོགས་གཞན་ལ་འབྲོས་སུ་མེདཿ སྨྲ་ཚན་ཅན་གྱིས་ཡུས་གཤགས་འདེབས་སུ་མེདཿ མི་འཐེབ་ཡོད་པས་བླུས་མ་གཏང་དུ་མེདཿ ཟས་ནོར་དྲོ་གཟན་གཅིག་དང་འགྲོགས་སུ་མེདཿ མར་གྱི་དཀྱིལ་ནས་སྤུ་བཏོན་བཞིན་དུ་འགྲོཿ གནས་སྐབས་སུ་ཡང་འགྱུར་བའི་སྡུག་བསྔལ་ཏེཿ དགྲ་སྡང་ཕྲད་ཀྱིས་དོགས་པའི་སྡུག་བསྔལ་ཆེཿ གཉེན་བྱམས་བྲལ་གྱིས་དོགས་པའི་སྡུག་


PKT001_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༢བ༽བསྔལ་ཆེཿ ཡོད་པ་མེ་ལ་ཚེ་མེད་པ་ཚོལ་སྐྱོག་སྡུགཿ བུ་འདོགས་བུ་མོ་རྫོང་བས་སེམས་ཁྲལ་ཆེཿ དེ་ལྟར་འགྲོ་བ་རིགས་དྲུག་སེམས་ཅན་རྣམསཿ སྡུག་བསྔལ་རང་བཞིན་ལས་ནི་མ་འདས་པསཿ ཅིས་ཀྱང་དགོས་མེད་བླ་མའི་རྣལ་འབྱོར་སྒོམསཿ སྙིང་པོ་གུ་རུ་པདྨ་སིདྡྷི་གྲོངསཿ གུ་རུ་དམྱལ་བའི་གུ་རུ་རྣམ་པར་གནོནཿ སྐུ་མདོག་དམར་ནག་སྡིག་པ་རྡོ་རྗེ་བསྣམསཿ དམྱལ་བ་ཚ་གྲང་སྡུག་བསྔལ་སྐྱོབ་པར་བྱེདཿ པད་ནི་ཡི་དྭགས་གུ་རུ་རྣམ་སྣང་བྱེདཿ སྐུ་མདོག་སྨུག་ནག་རྡོ་རྗེ་ལྕགས་ཕུར་བསྣམསཿ ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་སྐྱོབ་པར་བྱེདཿ མ་ནི་བྱོལ་སོང་གུ་རུ་སེང་རབ་བརྟནཿ སྐུ་མདོག་མཐིང་ནག་ནག་ཅང་ཏིའུ་དྲིལ་བུ་བསྣམསཿ བྱོལ་སོང་བཀོལ་སྤྱོད་སྡུག་བསྔལ་ཞི་བར་བྱེདཿ སིད་ནི་མི་ཡི་གུ་རུ་པདྨ་འབྱུང་ཿ སྐུ་མདོག་དཀར་དམར་རྡོ་རྗོ་བནྡྷ་བསྣམསཿ མི་རྣམས་སྐྱེ་རྒས་ན་འཆིའི་སྡུག་བསྔལ་སྐྱོབཿ དྷི་ནི་ལྷ་མིན་གུ་རུ་རྣམ་པར་རྒྱལཿ སྐུ་མདོག་དུད་ཁ་ཁ་ཊྭཱཾ་ཀ་ཝི་བསྣམསཿ ལྷ་མིན་འཐབ་རྩོད་སྡུག་བསྔལ་སྐྱོབ་པར་བྱེདཿ ཧཱུཾ་ནི་ལྷ་ཡི་གུ་རུ་སྲིད་ཐུབ་འཛིནཿ སྐུ་མདོག་དཀར་སེར་རྡོར་དྲིལ་ཕྱག་ན་བསྣམསཿ ལྷ་རྣམས་ལྟུང་བའི་སྡུག་བསྔལ་སྐྱོབ་པར་བྱེདཿ རིགས་དྲུག་སྡུག་བསྔལ་གུ་རུ་དྲུག་གིས་སྐྱོབཿ སྒྲུབ་ཐག་ཉེ་ཞིང་བྱིན་རླབས་མྱུར་བ་ཡིནཿ དད་པ་ཅན་གྱི་གང་ཟག་


PKT001_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༣ན༽ཕོ་མོ་ལཿ པད་འབྱུང་གང་དུའང་མ་བཞུད་སྒོ་ཉལ་ཡོདཿ ཆོས་ལུགས་པདྨ་འབྱུང་གནས་ལུགས་སུ་གྱིསཿ ལྟ་བ་ཡས་ཕུབ་སྤྱོད་པ་མས་ནས་འཇོགསཿ ཡིད་ཆེས་དཔང་པོ་མདོ་སྔགས་ལུང་ལ་ཆོསཿ དབེན་གནས་རི་ཐང་མཚམས་སུ་མ་བྱེད་པརཿ ང་ཡིས་བསྒྲུབས་པའི་སྒྲུབ་གནས་ཀུན་ཏུ་གྱིསཿ པདྨ་འབྱུང་གནས་བདག་ནི་ད་འགྲོ་བསཿ ང་དང་མ་མཇལ་མོས་གུས་བྱེད་པ་རྣམསཿ གསེར་དངུལ་སྣག་ཚས་པད་འབྱུང་རྣམ་ཐར་བྲིསཿ སྐྱིད་སྡུག་གང་བྱུང་བདག་གཞན་འགྲོ་དོན་མཛོདཿ ཉམས་དགའ་དལ་བ་མི་ཡི་ལུས་སྐྱེས་ནསཿ གོ་ལྟ་མེད་པའི་བ་ལ་ཁྱུ་མ་ཆེཿ ལྷ་ས་བསམ་ཡས་ཁྲ་འབྲུག་རྩར་སྐྱེས་ཀྱང་ཿ གཙུག་ལག་མི་མཐོང་བསྐོར་བ་མི་བསྐོར་ནཿ དུས་དང་རྣམ་པར་ཤིན་ཏུ་སྡུག་བསྔལ་ཡོང་ཿ ལུས་ངག་ཐ་མལ་མ་བསྡད་ཆོས་གྱིས་དང་ཿ ངན་སོང་སྐྱེས་ཀྱང་ང་རང་བླུ་རུ་ཡོང་ཿ ང་ཡི་ཚེ་ལ་འདས་གྲོངས་ཡོད་མ་ཡིནཿ དད་ལྡན་མི་རེའི་མདུན་དུ་པད་འབྱུང་རེཿ ཞེས་གསུངས་རྗེ་འབངས་རྣམས་ཀྱིས་དུད་མོ་ལྡིརཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམས་པར་ཐར་པ་རྒྱས་པར་བཀོད་པ་ལསཿ རྗེ་འབངས་རྣམས་ལ་འཁོར་བའི་ཉེས་དམིགས་དང་བླ་མའི་རྣལ་འབྱོར་གསུངས་པའི་ལེའུ་སྟེ་བརྒྱ་དང་དྲུག་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

བོད་ཡུལ་ནས་ལྷོ་ནུབ་སྲིན་པོ་འདུལ་དུ་བཞུད་པའི་ལེའུ།


PKT001_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིསཿ


PKT001_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༣བ༽ལྷ་ས་ར་མོ་ཆེ་དང་འཕྲུལ་སྣང་བྱོནཿ སྤྲུལ་པའི་དགེ་སློང་ཨ་ཀར་མ་ཏི་ལཿ རྒྱལ་པོ་ཨད་མ་ཏོག་གིས་ཕུལ་བ་ཡིསཿ ཡིད་བཞིན་ནོར་བུ་དགོས་འདོད་འབྱུང་བ་བ་ནིཿ ཁ་དོག་ལྕུང་ཀའི་སྒོ་ང་འདྲ་བ་ལཿ བཟོ་གནས་སྲིན་བྱའི་མགོ་འམ་མཇིང་པ་འདྲཿ ཆེ་ཆུང་ཚད་ནི་ལ་ཞིའི་ས་བོན་ཙམཿ སྤྱན་རས་གཟིགས་ཀྱི་ཐུགས་ཀའི་རྟ་མགོ་ཡིཿ སྣ་བུག་གཡས་པའི་ནང་ནས་བཏོན་ནས་ནིཿ རྒྱལ་སྲས་ལྷ་རྗེར་ཕྱག་ཏུ་སྣོམས་ཤིག་གསུངསཿ དཀའ་བ་དང་དུ་བླངས་ན་དགོས་དགུ་འབྱུང་ཿ མདོ་མེད་ཆལ་པ་བྱེད་ན་གླེན་པ་ཡིནཿ ཡིད་བཞིན་ནོར་བུ་གཏེར་དུ་སྦོས་ཤིག་གསུངསཿ དེ་ནས་རྒྱལ་སྲས་མུ་ཏིག་བཙན་པོ་ནིཿ རྗེ་འབངས་ཉི་ཤུ་རྩ་ལྔས་བསྐོར་བ་དང་ཿ མཁན་པོ་ཤཱཀྱ་བསོད་ནམས་གཙོ་བྱས་པའིཿ བོད་ཀྱི་རབ་ཏུ་བྱུང་བ་ཐམས་ཅད་དང་ཿ བཻ་རོ་ཙ་ན་སྐ་ཅོག་སྣ་དྲངས་པའིཿ བོད་ཀྱི་ལོ་ཙཱ་མཁས་པ་ཐམས་ཅད་དང་ཿ མཐུ་མཁན་སངས་རྒྱས་ཡེ་ཤེས་སྣ་དྲངས་པའིཿ བོད་ཀྱི་སྔགས་ནག་མཐུ་མཁན་ཐམས་ཅད་དང་ཿ སྔགས་པ་རྡོ་རྗེ་བདུད་འཇོམས་སྣ་དྲངས་པའིཿ བོད་ཀྱི་རྔ་བརྡུངས་འཕྲེང་ཐོགས་ཐམས་ཅད་དང་ཿ བླ་སྨན་ཉང་བཙན་ཤི་ལས་སྣ་དྲངས་པའིཿ བོད་ཀྱི་སྨན་དཔྱད་བྱེད་པ་ཐམས་ཅད་དང་ཿ བླ་མཁྱེན་ལྗང་སྟོན་ཁུ་ལུས་སྣ་དྲངས་པའིཿ བོད་ཀྱི་གབ་རྩེ་འདིངས་པ་ཐམས་ཅད་དང་ཿ ཡོན་བདག་མཁར་ཆེན་རྒྱས་གྱིས་སྣ་དྲངས་


PKT001_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༤ན༽ནསཿ བོད་ཀྱི་ཕོ་སྐྱེས་ཡོན་བདག་ཐམས་ཅད་དང་ཿ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སྣ་དྲངས་པའིཿ བོད་ཀྱི་བུད་མེད་བུ་མོ་ཐམས་ཅད་ཀྱིསཿ དཔལ་མོ་དཔལ་ཐང་སྐྱེལ་ཐུང་ཞམ་རིང་བྱསཿ སྟོད་ཀྱི་མངའ་རིས་ཅོག་གེའི་ཡུལ་ཞེས་པཿ བྲག་ནི་སྲིན་པོ་ཁྲོས་འདྲའི་ཡུལ་ཚུགས་པ་སྐྱལཿ སློབ་དཔོན་ཐུགས་རྗེ་ཆེན་པོའི་སྒོམ་ལུང་དང་ཿ མེ་རི་ལ་ནི་ཞལ་གདམས་ཆོས་རེ་གསུངསཿ དེ་ནས་བོད་ཁམས་ཡོངས་ལ་འདི་སྐད་གདམསཿ ད་ལྟ་བཞུགས་དང་མ་འོངས་འབྱོན་པ་ཡིཿ བོད་ཁམས་ཐུགས་ལ་འདི་ལྟར་བཞག་པར་ཞུཿ ངག་འཁྱལ་ཀུ་རེའི་གསེབ་ནས་དོན་དམ་ཡོང་ཿ གྱ་ཚོམས་ཚིག་གིས་སྙིང་ནའི་མེ་ལོང་བྱེདཿ སོར་གྱིས་སླེབ་པར་འདོམ་གྱིས་མི་འགྱོངས་འགྲོཿ ཆད་ལ་གསེར་སྲབ་ཆུད་ཅིག་རྗེ་འབངས་རྣམསཿ བསྟན་པ་ཡོངས་ལ་གནོད་པའི་དཔེ་མ་འཛུགསཿ འཕྲལ་ཕུགས་གཉིས་ཀ་མེད་པའི་མགོ་མ་སྟོང་ཿ སྲོལ་ངན་རྟེན་འབྲེལ་ལོག་པའི་བློ་མ་བསྲེལཿ བྱ་བ་བརྟགས་ནས་གྱིས་ཤིག་རྗེ་འབངས་རྣམསཿ རང་ལ་མི་ཕན་གཞན་གནོད་ཁ་མ་ཟེརཿ མིས་འཕྱ་རང་ཕུང་ཆང་ནག་གྲོས་མ་འདྲིཿ འགྱོད་པ་ཕྱི་ལ་མ་སྐྱེ་སྔོན་བསམ་ཐོང་ཿ རང་གིས་རང་ཉིད་མ་བསླུ་རྗེ་འབངས་རྣམསཿ དཔལ་འབྱོར་ཡོད་དུས་ཆ་བྱུག་དྲིན་འོག་ཆུགཿ སུ་ལ་སུ་རེ་མི་ཤེས་སྙིང་མ་རིང་ཿ སྔོན་ལས་ཚེ་འདིར་རྡོལ་ཀྱང་རང་མི་འགྱོདཿ


PKT001_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༤བ༽དྭ་སྤྲུག་སུན་འབྱིན་མ་བྱེད་རྗེ་འབངས་རྣམསཿ མིའི་མཐའ་ཅིར་འགྱུར་མི་ཤེས་ལས་ཀྱིས་བྱེདཿ རང་མ་ཕམ་ན་རྒྱལ་ཁ་གཞན་ལ་བྱིནཿ མི་དྲག་སྟོབས་ཆེ་ཁ་དྲག་ཁ་ཉན་དགའཿ མི་ལ་རྔན་ཅན་མ་བྱེད་རྗེ་འབངས་རྣམསཿ མི་ལ་གོ་མེད་མི་ཡོང་ནང་ན་བཀྲཿ སུ་ལ་དབང་ཡོད་ཕྱག་ཚད་མིས་མི་འཇོགཿ བཟང་ལན་དཀའ་སྟེ་ངན་ལན་འཇལ་བ་སླཿ སྡུག་པོ་རིན་གཞལ་མ་ཉོ་རྗེ་འབངས་རྣམསཿ ཕན་སྒོ་མ་བཏགས་མི་ལ་རེ་མ་ཆེཿ མི་ལ་སྐྱིད་སྡུག་ཐམས་ཅད་རེ་མོས་ཡིནཿ རང་གི་མ་བྱུང་སུ་ལ་རེ་ཡང་བརྡུགསཿ ལ་ཡོགས་རྣམ་སྨིན་སོམས་ཤིག་རྗེ་འབངས་རྣམསཿ སྤྱིར་ནི་སེམས་ཅན་ཡོངས་ལ་ཕན་བཏགས་ཤིང་ཿ ཡང་སྒོས་བོད་ཁམས་ཡོངས་ལ་དྲིན་ཆེར་བྱསཿ དྲིན་ནི་མི་འདྲེན་ཁྱོད་རྣམས་ང་རང་ཤེསཿ ལྔ་བརྒྱ་དུས་ངན་ཤར་ཚེ་པད་འབྱུང་ངསཿ དུག་ལྔས་བསླུས་པ་འཁོར་བའི་སེམས་ཅན་ལཿ མཐོངས་སྐར་ཉེ་ཞུར་མུན་མགོ་རང་མཐོང་ཙམཿ ཆོས་ཀྱི་གཏེར་ཀ་ས་སྟེང་ཁྱབ་པར་སྦསཿ ལས་ཅན་གཏེར་སྒོ་འབྱེད་པ་འགའ་ཡང་འབྱུང་ཿ ང་ཡི་སྤྲུལ་པས་འགྲོ་བ་མ་ལུས་འདུལཿ སེམས་ཅན་སྨིན་གྲོལ་བདེ་ལ་འགོད་པར་སྲིདཿ ཉམ་དམས་བསྟན་པ་འགྲིབ་ལ་ཉེ་བ་ནཿ དག་པས་ང་རང་དངོས་སུ་མཐོང་ཡང་སྲིདཿ དགོས་འདོད་རེ་བ་སྐོང་བའི་ནོར་བུའི་འབྱུང་ཿ རྗེ་འབངས་འཁོར་བཅས་འདི་ནས་ལོག་ཅིག་གསུང་ཿ རྗེ་འབངས་ཡོན་


PKT001_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༥ན༽མཆོད་ཐམས་ཅད་མ་དགའ་སྟེཿ མི་རིའི་ཁོང་ནས་སྙིང་རེ་བཏོན་སྙམ་བྱེདཿ གདོང་པ་མཆི་མས་གང་བས་ལམ་མི་མཐོང་ཿ ཀུན་གྲོས་མ་བྱས་བློ་མཐུན་བཤོལ་བཏབ་སྟེཿ འཇིག་རྟེན་ཟས་ནོར་སློབ་དཔོན་དྲུང་དུ་སྤུངསཿ སྐོར་བ་གྲངས་མེད་བསྐོར་ནས་མདུན་དུ་འོང་ཿ ལག་མཐིལ་དཔྲལ་བ་རྡོལ་རྡོལ་ཕྱག་བཙལ་ནསཿ ཨུ་རྒྱན་ཆེན་པོའི་ཆིབས་སྣ་བརྟེན་ཏེ་གསོལཿ ཀྱེ་མ་གུ་རུ་རིན་པོ་ཆེཿ མུན་གླིང་བོད་ཀྱི་ཉི་གཅིག་པུཿ འོད་གསལ་སྒྲོན་མེ་གང་དུ་གཤེགསཿ དོན་ལ་གཤེགས་བཞུད་མི་མངའ་ཡང་ཿ སྲིན་པོ་འདུལ་དུ་གཤེགས་ཙ་ནཿ བོད་ཁམས་ལྷ་མི་ཐམས་ཅད་ཀྱིཿ མི་རེའི་མགོ་ནས་ཉི་རེ་ནུབཿ བསེར་མས་གདུངས་ཚོ་སུ་ཡིས་སྲོཿ མི་རེའི་དཔྲལ་ནས་མིག་རེ་ཕྱུང་ཿ ཅེ་རེ་ལོང་ཚོ་སུ་ཡིས་ཁྲིདཿ མི་རེའི་ཁོང་ནས་སྙིང་རེ་བཏོནཿ སྨྲ་ཤེས་རོ་ཚོ་སུ་ཡིས་བསྲེལཿ འགྲོ་བའི་དོན་ལ་བོད་བྱོན་ནསཿ གཏན་དུ་མི་སྐྱོང་སྙིང་མི་དགའཿ བོད་ཁམས་ལྷ་མི་ཐམས་ཅད་ཀྱིཿ བློ་སེམས་གུ་རུའི་ཕྱོགས་སུ་ཤོརཿ གོམ་པ་བགྲོད་ཀྱང་ཐོམ་ཐོམ་ལུསཿ ངན་སོང་གཡང་ལས་སུ་ཡིས་སྐྱོབཿ རྗེས་འཇུག་ཐང་ལ་མ་བོར་མཛོདཿ རྗེ་ཉིད་སྲིན་ཡུལ་གཤེགས་ཙ་ནཿ རྒྱལ་པོའི་བླ་མཆོད་སུ་ཡིས་བྱེདཿ མཁས་བཙུན་འདུ་ས་གང་དུ་བགྱིདཿ སྒོམ་ཆེན་ཉམས་རྟོགས་སུ་ལ་འབུལཿ སྒོམ་སྐྱོན་


PKT001_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༥བ༽བར་ཆད་སུ་ཡིས་སེལཿ སྣོད་ལྡན་གང་ཟག་སུ་ཡིས་འདྲེནཿ སངས་རྒྱས་བསྟན་པ་སུ་ཡིས་འཛིནཿ དད་ལྡན་འཚོགས་གང་དུ་བགྱིདཿ འདི་ལྟར་ཇོ་མོ་བདུན་པོས་ཀྱང་ཿ རང་སྐྱེས་ཕ་ཡུལ་སྤང་སྤངས་ནསཿ ཡིད་བརྟེན་བློ་གཏད་སུ་ལ་འཆའཿ ཡ་གི་རྗེ་རྒྱལ་མན་ཆོད་ནསཿ མ་གི་སྤྲང་པོ་ཡན་ཆོད་དུཿ བོད་ཁམས་ལྷ་མི་ཐམས་ཅད་ཀྱིཿ མོས་གུས་སེམས་རྟེན་སུ་ལ་འཆོལཿ ཀྱེ་ཧུ་ད་གུ་རུ་རིན་པོ་ཆེཿ ད་དུང་བོད་ཁམས་སྐྱོང་བར་ཞུཿ སློབ་དཔོན་ཞལ་ནས་འདི་སྐད་གསུངསཿ ཀྱེ་རྒྱལ་པོས་དབུ་མཛད་ལྷ་མི་རྣམསཿ དར་ཅིག་ཨུ་རྒྱན་ངག་ལ་ཉོནཿ ལས་དང་སྨོན་ལམ་ཐུགས་རྗེའི་མཐུསཿ སངས་རྒྱས་སྐུ་གསུང་ཐུགས་བསྟན་པཿ ད་ལྟ་བོད་ན་ཉི་འོད་གསལཿ ཨུ་རྒྱན་བརྒྱུད་འཛིན་འགའ་ཡང་བཞུགསཿ ལྷ་མི་ཀུན་གྱིས་ཆོས་བཞིན་སྤྱོདཿ རྒྱལ་སྲིད་དམ་ཆོས་མངའ་ཐང་རྒྱསཿ ཆོས་བྱེད་རྣམས་ཀྱང་རང་ས་ཟིནཿ ལྷ་ས་བསམ་ཡས་ལ་སོགས་པའིཿ དད་བདུན་རྟེན་མཆོད་བོད་ན་བཟང་ཿ ཨུ་རྒྱན་བཞུགས་དང་ཁྱད་པར་མེདཿ གདམས་པས་ས་སྟེང་ས་འོག་གང་ཿ སྐུ་གསུང་ཐུགས་རྟེན་རང་བྱུང་ལྡནཿ ཇོ་མོ་རྣམས་ཀྱང་རང་དབང་ཐོབཿ ད་ལྟ་སྨྲེ་སྔགས་འདོན་མི་འཚལཿ ཁྱོད་རྣམས་ཟ་མདོག་བདེ་དུས་འདིརཿ ང་འགྲོ་སྲིན་པོའི་ཡུལ་དུ་འགྲོཿ ལྔ་བརྒྱའི་དུས་སུ་སྨྲེ་སྔགས་འདོནཿ བོད་ཁམས་སྡུག་པའི་དུས་ཤིག་མཆིཿ


PKT001_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༦ན༽དེ་ཡང་བོད་ཁམས་རང་བཞིན་ངནཿ ཆོས་བྱེད་ཀུན་དམོད་སྡིག་བྱེད་བསྟོདཿ ལས་ངན་དེ་ཡི་འབྲས་སྨིན་ནསཿ བོད་ཁམས་བསོད་ནམས་མར་མར་འགྲིབཿ ཨུ་རྒྱན་ངས་ཀྱང་སྐྱོབ་དཀའ་སྟེཿ འོན་ཀྱང་གནས་སྐབས་བདེ་བ་ཀུནཿ ང་ཡི་སྤྲུལ་པས་འགྲུབ་པར་འགྱུརཿ མ་དག་སེམས་ཅན་གདུལ་དཀའ་བསཿ དངོས་ཀྱིས་བསྡད་ཀྱང་ཐུལ་མི་འགྱུརཿ འགྲོ་དོན་ཐེབས་གཅིག་བྱས་ཟིན་གསུངསཿ བཤོལ་མ་ཐེབས་པར་གུང་ཐང་ལ་ཀར་བྱོནཿ ལྷ་སྲས་རྗེ་འབངས་རྣམས་ཀྱིས་ཕྱི་ཕྱག་མཛདཿ གུང་ཐང་ལ་ཀར་ཞག་ས་མཛད་པའི་དུསཿ ནམ་མཁའ་སྤྲིན་དཀར་དམར་སེར་འཇའ་འོད་འཁྱིལཿ སྤྲིན་གྱི་གསེབ་ནས་རྟ་རྒྱལ་བ་ལ་ཧཿ ཅང་ཤེས་རྟ་སྔོན་རིན་ཅན་སྒ་སྲབ་སྤྲསཿ རྣ་མཆོག་ཀྲོང་ངེ་ཨི་ཧའི་སྒྲ་ཆེན་སྒྲོགཿ སྔ་ཕྱི་ལྷ་དང་ལྷ་མོའི་ཚོགས་ཀྱིས་བསྐོརཿ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་བརྒྱད་དང་ཿ རོལ་མོ་སྣ་ཚོགས་མཁའ་འགྲོའི་ཚོགས་ཀྱིས་བསུསཿ སློབ་དཔོན་རྗེ་འབངས་རྣམས་ལ་མགུར་འདི་གསུངསཿ ང་འགྲོ་མེ་ལོང་ཡེ་ཤེས་ཡུལ་དུ་འགྲོཿ མེ་ལོང་ཡེ་ཤེས་ཡུལ་དུ་འགྲོ་ཙ་ནཿ ཞེ་སྡང་དགྲ་ལ་མི་ཁྲོ་འོད་གསལ་ཐང་ཿ དབྱིངས་རིག་མ་བུ་འབྲལ་མེད་འགྲོགས་ནས་འགྲོཿ ང་འགྲོ་མཉམ་ཉིད་ཡེ་ཤེས་ཡུལ་དུ་འགྲོཿ མཉམ་ཉིད་ཡེ་ཤེས་ཡུལ་དུ་འགྲོ་ཙ་ནཿ འཁོར་འདས་གཉིས་སུ་མི་དབྱེ་ཆོས་དབྱིངས་ཐང་ཿ


PKT001_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༦བ༽ཡེ་གྲུབ་སངས་རྒྱས་ཁྱུ་དང་འགྲོགས་ནས་འགྲོ་ནས་འགྲོཿ ང་འགྲོ་སོར་རྟོག་ཡེ་ཤེས་ཡུལ་དུ་འགྲོཿ སོར་རྟོག་ཡེ་ཤེས་ཡུལ་དུ་འགྲོ་ཙ་ནཿ འདོད་ཆགས་གཉེན་ལ་མི་ཆགས་བདེ་ཆེན་ཐང་ཿ བྱར་མེད་ལྟ་བའི་གྲོགས་དང་འགྲོགས་ནས་འགྲོཿ ང་འགྲོ་བྱ་གྲུབ་ཡེ་ཤེས་ཡུལ་དུ་འགྲོཿ བྱ་གྲུབ་ཡེ་ཤེས་ཡུལ་དུ་འགྲོ་ཙ་ནཿ ཕྲག་དོག་ཡུལ་ལ་མ་ཆགས་འཕྲེང་བྲལ་ཐང་ཿ སྣང་སྲིད་ཟད་སར་སྐྱེལ་དང་འགྲོགས་ནས་འགྲོཿ ང་འགྲོ་ཆོས་དབྱིངས་ཡེ་ཤེས་ཡུལ་དུ་འགྲོཿ ཆོས་དབྱིངས་ཡེ་ཤེས་ཡུལ་དུ་འགྲོ་ཙ་ནཿ གཏི་མུག་གཉིད་དུ་མི་ལོག་སྒོམ་མེད་ཐང་ཿ འཇའ་འོད་ཟེར་གསུམ་གྲོགས་དང་འགྲོགས་ནས་འགྲོཿ ང་འགྲོ་ལྟ་བའི་ལ་ལ་བུད་ནས་འགྲོཿ ལྟ་བའི་ལ་ལ་བུད་ནས་འགྲོ་ཙ་ནཿ ཉིན་མཚན་བསྒོམ་དུ་མེད་པར་ཡེངས་མེད་འགྲོཿ ང་འགྲོ་སྒོམ་པའི་ལ་ལ་བུད་ནས་འགྲོཿ སྒོམ་པའི་ལ་ལ་བུད་ནས་འགྲོ་ཙ་ནཿ སྒོམ་གེགས་བྱིང་རྒོད་གཉིས་ལས་གྲོལ་ནས་འགྲོཿ ང་འགྲོ་སྤྱོད་པའི་ལ་ལ་བུད་ནས་འགྲོཿ སྤྱོད་པའི་ལ་ལ་བུད་ནས་འགྲོ་ཙ་ནཿ ཤེས་བྱར་མ་རྨོངས་ཐམས་ཅད་མཁྱེན་ནས་འགྲོཿ ང་འགྲོ་འབྲས་བུའི་ལས་ལ་ལ་བུད་ནས་འགྲོཿ འབྲས་བུའི་ལ་ལ་བུད་ནས་འགྲོ་ཙ་ནཿ རྟོགས་པ་མངོན་གྱུར་སངས་རྒྱས་ཐོབ་ནས་འགྲོཿ ང་འགྲོ་ལྷོ་ནུབ་སྲིན་པོའི་ཡུལ་དུ་འགྲོཿ གདོང་དམར་སྲིན་པོ་འདུལ་དུ་འགྲོ་ཙ་ནཿ སེམས་ཅན་ཐམས་ཅད་བདེ་ལ་བཀོད་དུ་འགྲོཿ ང་འགྲོ་ཟངས་མདོག་དཔལ་རིའི་ཕོ་བྲང་འགྲོཿ ཟངས་མདོག་དཔལ་རིའི་ཕོ་བྲང་འགྲོ་ཙ་ནཿ སྲིན་པོ་ཐམས་ཅད་ཆོས་ལ་འཛུད་དུ་འགྲོཿ རྗེ་འབངས་ཡུན་དུ་སྐུ་ཁམས་བདེ་


PKT001_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༧ན༽བར་བཞུགསཿ ཐུགས་རྗེ་རྒྱུན་ཆད་མེད་དོ་གསོལ་བ་ཐོབཿ ཅེས་གསུངས་ང་འགྲོ་གསུངས་ནས་སེང་ལྡེང་སྒྲའིཿ སྔ་རུའི་སྟེང་དུ་ཞབས་གཉིས་མཉམ་བཞེངས་ནསཿ འདོམ་གང་ཙམ་གྱི་ནམ་མཁར་འཕགས་ནས་བཞུགསཿ རྗེ་འབངས་ཡོངས་ནི་འབའ་དིར་ཆོང་བརྒྱངས་བཏོནཿ ཞལ་ནི་ཕྱིར་ལོག་གཟིགས་ནས་འདི་སྐད་གསུངསཿ ཉོན་དང་བོད་ཀྱི་རྗེ་འབངས་རྣམསཿ ཁ་ཡེངས་མིག་ཡེངས་གདལ་བ་ཆེཿ སྡུག་བསྔལ་བྱུང་ཡང་ཆོས་མ་དྲནཿ དྲན་རྒྱུའི་བློ་སྣ་དེ་ཡིན་ཏེཿ ཚེ་འདིའི་མདུན་མ་བཤོལ་ལ་ཐོངསཿ འཁོར་བ་སྤོང་ན་ང་ཕྱིར་ཤོགཿ སྐྱིད་པའི་མདུན་མ་དེ་ལས་མེདཿ བོད་ཀྱི་དད་པ་ཁེ་ཁོལ་ཅནཿ ཉིན་པར་འཇིག་རྟེན་བྱ་བས་གཡེངསཿ མཚན་མོ་གཏི་མུག་གཉིད་དུ་སོང་ཿ བར་སྐབས་གཏོ་གོས་གཡོག་གིས་བྲེལཿ མ་ལྡང་མ་ཕྱིད་མི་ཚེ་ཟདཿ ང་དང་ལྟ་སྤྱོད་ཡེ་མ་མཐུནཿ བྱ་བ་ཐོངས་ན་ང་ཕྱིར་ཤོགཿ ཆོས་ཀྱི་བྱེད་ཐབས་དེ་ལས་མེདཿ བོད་ཀྱི་བརྩོན་འགྲུས་ཚེ་འདི་ཚེཿ སང་བྱ་གནངས་བྱར་མི་ཚེ་ཟདཿ ད་ལྟ་འཆི་ཡང་ཆོས་མ་དྲནཿ དགོས་ངོ་ཤེས་པ་དེ་ཡིན་ནོཿ ཿཟས་ནོར་གསོག་འཇོག་བརྗེད་ནས་སོང་ཿ བཞག་འགྲོར་གོ་ན་ད་ཕྱིར་ཤོགཿ སེར་སྣ་འགྲོལ་ཐབས་དེ་ལས་མེདཿ བོད་ཀྱི་བྱ་བློ་མི་བཟང་མང་ཿ དགྲ་འདུལ་གཉེན་སྐྱོང་ཡུལ་སྒྲོག་བཅུགཿ མི་ཚེ་རྒས་ཀྱང་ཆོས་མ་དྲནཿ བསྟོངས་ངོ་ཤེས་པ་དེ་ཡིན་ཏེཿ ངོ་ཚ་ཁེ་གྲགས་ལས་ལ་འབྱམསཿ ཕ་ཡུལ་སྤོངས་ནང་ཕྱིར་


PKT001_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༧བ༽ཤོགཿ ཆོས་ཀྱི་གེགས་སེལ་དེ་ལས་མེདཿ བོད་ཁམས་འདོད་པའི་དོང་རིང་ཚོཿ མི་གཅིག་ཁ་གཅིག་མ་སོས་པསཿ གཅེས་དགུ་ཤི་རུང་ཆོས་མ་དྲནཿ འཁྱེར་རྒྱུའི་ནོམ་པ་དེ་ཡིན་ཏེཿ དོན་མེད་ལས་ལ་སྡུག་བསྒུར་འཛུགསཿ སྐྱོ་བ་སྐྱེས་ན་ང་ཕྱིར་ཤོགཿ ཞན་ཆགས་བསྐྱུང་ཐབས་དེ་ལས་མེདཿ སྣང་བ་ཡུལ་ཕྱིར་མ་འབྲང་བརཿ རིག་པ་ཚད་ཕོང་ང་ཕྱིར་ཤོགཿ བདེ་བ་ཆེན་པོའི་ཕོ་བྲང་དུཿ པདྨ་འབྱུང་གནས་འགྲོ་བ་ལཿ སྐྱེལ་ཐུང་མི་འཚལ་ལོག་ནས་བྱོནཿ འདུ་འབྲལ་མེད་དོ་ཐུགས་མ་ཆདཿ ང་དང་འཕྲད་ཀྱིས་ཕྱི་ལ་ལྟོསཿ མ་མཐོང་ཙ་ན་མཉམ་པར་ཞོགཿ ཡང་ལྟོས་ཡང་ལྟོས་མ་ཡེངས་ལྟོསཿ ཉིན་པར་བྱུང་རེས་ཐུགས་རྗེ་ཆེན་པོ་སྒོམསཿ མཚན་མོ་བྱུང་རེས་པདྨ་ང་ཉིད་སྒོམསཿ མི་ཆོས་བྱས་པས་ལྷ་ཆོས་མི་འབྱུང་བསཿ ཚེ་འདིའི་བྱ་བ་ཐོངས་ཤིས་རྗེ་འབངས་རྣམསཿ ཞེས་གསུངས་རྟ་མཆོག་རིན་ཅན་སྟེང་དུ་ཆིབསཿ དཔའ་བོ་སྡེ་བཞིས་ཆིབས་ཀྱི་སྣ་དྲངས་ནསཿ འཇའ་ཚོན་འོད་དུ་ཁྱིལ་ལེ་ནམ་མཁར་བཞུདཿ རྗེ་འབངས་ཉ་མོ་བྱེ་ཚན་དོར་བ་ལྟརཿ ལྟོགས་སྐོམ་མ་དྲན་གུང་ཐུང་ལ་ཀར་ལུསཿ དེ་ནས་རྒྱལ་བློན་རྗེ་འབངས་འཁོར་བཅས་ཀྱིསཿ མང་ཡུལ་གྱི་གྲོང་རོང་ཐང་ཤོ་རྫིང་མཐརཿ ཉི་ཤུ་ལྔ་བར་མཉམ་པར་བཞག་ནས་སུཿ ཉི་ཟེར་སློབ་དཔོན་བཞུད་པའི་ཕྱི་ལ་བལྟསཿ ཉི་ཟེར་གསེབ་ནས་ཕར་ལ་བྱ་རོག་


PKT001_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༨ན༽ཙམཿ ཕྲིག་ཕྲིག་འོད་དུ་ལམ་ལམ་བྱས་ནས་བཞུདཿ དེ་ནས་ཕུག་རོན་ཙམ་དང་བྱེའུ་ཙམཿ སྦྲང་བུ་ཙམ་དང་སྲོ་མ་ཙམ་སོང་ནསཿ དེ་ནས་བལྟས་ཀྱང་མིག་གིས་མ་མཐོང་སྟེཿ མཉམ་པར་བཞག་ཅིང་བལྟས་ཀྱང་མ་མཐོང་བརཿ དགོངས་ཀ་མཉམ་བཞག་ཉི་མ་ཟེར་ཙམ་ནཿ རྒྱ་གར་ཕར་བརྒལ་ཨུ་རྒྱན་མ་སླེབ་པརཿ ཛམྦུ་ཟ་རིའི་ཁར་གཤེགས་བཞུགས་པ་མཐོང་ཿ དེ་ནས་ནངས་པར་མཉམ་བཞག་བལྟས་པ་ཡིསཿ སིངྒ་ལ་གླིང་ལྕགས་ཀྱི་གྲོང་ཁྱེར་འགྲམཿ ལྗོན་ཤིང་ཙམ་པ་ཀ་ཡི་བསིལ་གྲིབ་བཞུགསཿ ཅང་ཤེས་རྟ་མཆོག་གསེར་གྱི་བྱེ་མ་འདྲེཿ སྨན་གྱི་རྒྱལ་པོ་ས་ཏྀ་ཟ་བ་མཐོང་ཿ སློབ་དཔོན་དྲུང་ན་སྲིན་པོའི་བུ་མོ་ནིཿ རབ་མཛེས་གཞོན་ནུ་སྟོང་ཕྲག་གཅིག་འདུས་ནསཿ ཆོས་ཀྱི་འོད་ཟེར་ཕོག་ནས་མོས་པ་མཐོང་ཿ སྲིན་པོ་སྲིན་མོ་ལྕགས་ཁང་སྒོ་མེད་དུཿ སྲིན་པོའི་རྒྱལ་པོ་ཐོད་འཕྲེང་རྩལ་དུ་བཞུགསཿ སྲིན་པོ་ཐམས་ཅད་འདུད་ཅིང་གུས་པར་མཐོང་ཿ དེ་ནས་རྒྱལ་བློན་རྗེ་འབངས་འཁོར་བཅས་ཀྱིསཿ ཕྱི་ལ་ཕྱག་འཚལ་རང་རང་ཁབ་ཏུ་ཆསཿ དཔལ་མོ་དཔལ་ཐང་ཚུགས་ལ་སླེབ་པའི་ཚེཿ རྒྱལ་སྲས་མུ་ཏིག་བཙན་མོའི་ཞལ་ན་རེཿ མཐོང་ཐོས་དྲན་རེག་དོན་ལྡན་པའིཿ གུ་རུ་ཨུ་རྒྱན་ཡུལ་དུ་བཞུདཿ བོད་ཡུལ་ལུང་པ་སྟོང་པར་བཏང་ཿ ཡབ་རྗེ་རྒྱལ་པོ་དགུང་དུ་གཤེགསཿ བདག་ནི་ལུས་སེམས་སྣང་བ་སྐྱོཿ


PKT001_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༨བ༽ཁྱེད་རྣམས་སྐྱོ་བ་མི་སྐྱེའམཿ རང་རེ་རྗེ་འབངས་ཐམས་ཅད་ཀུནཿ ཤངས་ཀྱི་ཟམ་བུ་སྐོར་དུ་འདོདཿ རྒྱལ་པོས་དེ་སྐད་བཀའ་སྩལ་པསཿ བློན་པོའི་ཚོགས་ཀྱིས་ལན་གསོལ་པཿ གསན་དང་མངའ་བདག་ཆོས་ཀྱི་རྒྱལཿ ཟམ་བུས་ཅི་བྱེད་ཁབ་ཏུ་གཤེགསཿ ཤུལ་ན་ཡོད་པའི་རྗེ་འབངས་རྣམསཿ མངའ་བདག་འཆར་འདོད་ཚད་པས་སྐོམཿ གཙུག་ལག་ཆེན་པོར་མྱུར་བར་གཤེགསཿ ཞེས་ཞུས་རྗེ་འབངས་རང་ཡུལ་ལོགཿ ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ བོད་ཡུལ་ནས་ལྷོ་ནུབ་སྲིན་པོ་འདུལ་དུ་བཞུད་པའི་ལེའུ་སྟེ་བརྒྱ་དང་བདུན་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

མོས་གུས་བརྗེད་བྱང་དཀར་ཤོག་ལ་བཏབ་པའི་ལེའུ།


PKT001_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིསཿ ཨེ་མ་ཧོཿ ཡོན་ཏན་དུ་མས་བརྒྱན་པའི་པདྨ་འབྱུང་ཿ བསྐལ་པ་གྲངས་མེད་སངས་རྒྱས་མཛད་ཚུལ་བསྐྱངསཿ སྐྱེ་བ་དུ་མར་སྤྲུལ་པའི་སྐུ་རུ་བརྒྱུདཿ འདིར་འཁྲུངས་གོང་དུ་མཱ་རི་རཱ་ཛར་འཁྲུངསཿ འཛམ་གླིང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙནཿ འཇམ་དཔལ་སྤྲུལ་པའི་ཞིང་ཁམས་འདི་རུ་དྲངསཿ བོད་བྱོན་མི་ལོ་བཅུ་གསུམ་སོང་ཙ་ནཿ བསྒྲགས་པ་ནམ་མཁའ་ཡེ་ཤེས་ཡབ་ཀྱི་མཚནཿ གནུབས་མོ་དགེ་བ་འབུམ་ཞེས་ཡུམ་གྱི་མཚནཿ ཤིང་མོ་བྱ་ཡི་ལོ་ལ་མཚོ་རྒྱལ་འཁྲུངསཿ མེ་མོ་བྱ་ཡི་ལོ་ལ་རྗེ་དང་མཇལཿ མི་བརྗེད་གཟུངས་ཐོབ་


PKT001_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༩ན༽ཆོས་རྣམས་སློབ་མ་དགོསཿ བརྒྱད་ཅུ་རྩ་ལྔའི་བར་དུ་ཞབས་ཏོག་བསྒྲུབསཿ སྤུ་གུ་ཕོ་མོ་གང་ཡང་བདག་ལ་མེདཿ དགེ་སློང་མ་ཡིན་འཁོར་བའི་སྐྱོན་མ་གོསཿ སྐུ་གསུམ་བླ་མ་པདྨ་འབྱུང་གནས་དེཿ བོད་ཁམས་ཡོངས་ལ་ཐུགས་རྗེས་ཁྱབ་པར་གཟིགསཿ རྗེ་འབངས་ཡོངས་ལ་བཀའ་དྲིན་ཆེ་བར་མཛདཿ རི་བྲག་ཐམས་ཅད་སྒྲུབ་གནས་བྱིན་གྱིས་བརླབསཿ སྐལ་ལྡན་རྣམས་ལ་ཆོས་ཀྱི་ཆར་པ་ཕབཿ ཤེས་རབ་ཅན་ལ་ཐེག་པ་མཐའ་དག་བསྟནཿ སྣོད་ལྡན་རྣམས་ལ་གདམས་ངག་རྫོགས་པར་གནང་ཿ མོས་གུས་ཅན་ལ་བྱིན་རླབས་ཉི་མ་ཤརཿ ལས་འཕྲོ་ཅན་ལ་མ་འོངས་ལུང་དུ་བསྟནཿ ཐུགས་རྗེ་ཕྱོགས་རིས་མེད་པའི་པད་འབྱུང་དེཿ རྔ་ཡབ་གླིང་དུ་སྲིན་པོ་འདུལ་དུ་བཞུདཿ དཔའ་བོ་མཁའ་འགྲོ་འདུ་བའི་ཚེས་བཅུའི་ཉིནཿ སྤྲིན་ནམ་འཇའ་ཚོན་བཞིན་དུ་མཁར་ལ་ཡལཿ མོས་གུས་ཅན་གྱིས་མཚོ་རྒྱལ་གང་དགར་བཞགཿ སྙིགས་མའི་སྐྱབས་མགོན་པདྨ་འབྱུང་གནས་བཞུདཿ འཛམ་གླིང་སྐྱབས་མེད་སེམས་ཅན་ཤུལ་དུ་བཞགཿ སངས་རྒྱས་གཉིས་པ་པདྨ་འབྱུང་གནས་བཞུདཿ དད་གུས་ཅན་གྱི་མཚོ་རྒྱལ་ཤུལ་དུ་བཞགཿ ལྷ་མིའི་མཆོད་འོས་པད་འབྱུང་དགུང་ལ་ཡལཿ རྗེ་འབངས་དད་གུས་ཅན་རྣམས་ཤུལ་དུ་བཞགཿ འདི་ཕྱིའི་ར་སའི་སྡོང་པོ་སྲིན་ཡུལ་


PKT001_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༦༩བ༽བཞུདཿ རེ་ལྟོས་མེད་པའི་མཚོ་རྒྱལ་ཤུལ་དུ་བཞགཿ མེད་ཐབས་མེད་པའི་ཨུ་རྒྱན་པད་འབྱུང་བཞུདཿ ཀྱེ་མ་ཀྱེ་ཧུད་ཨུ་རྒྱན་རིན་པོ་ཆེཿ ཁྱོད་འདྲའི་སྤྲུལ་སྐུ་བཞུད་པ་ཅང་བདེན་ནམཿ བོད་དུ་བྱོན་ནས་གཏན་དུ་མི་བཞུགས་པརཿ ཡེ་ཤེས་རྟ་མཆོག་ཆིབས་པ་ཅང་བདེན་ནམཿ འཛམ་གླིང་རྒྱལ་པོའི་བླ་མཆོད་མི་མཛད་པརཿ བོད་ཡུལ་སྟོང་པར་བཞག་པ་ཅང་བདེན་ནམཿ ལོ་ཙཱ་རྣམས་ལ་མདོ་སྔགས་མི་གསུང་བརཿ རྗེ་འབངས་ཕྱོགས་སུ་གྱེས་པ་ཅང་བདེན་ནམཿ ཆོས་ཀྱི་ཉིང་ཁུ་གསང་སྔགས་མི་གསུང་བརཿ མཚོ་རྒྱལ་སྟོང་ལོག་བྱེད་པ་ཅང་བདེན་ནམཿ ཉམས་ལེན་མཐར་ཐུག་རྫོགས་ཆེན་མི་གསུང་བརཿ གདམས་ངག་ཞུ་ས་མེད་པར་ཅང་བདེན་ནམཿ ཀྱེ་མ་ཀྱེ་ཧུད་ཨུ་རྒྱན་རིན་པོ་ཆེཿ གསལ་བྱེད་ཉི་མའི་བོད་ཀྱི་དཀྱིལ་འཁོར་ནུབཿ ཉོན་མོངས་གདུང་སེལ་ཆུ་ཤེལ་ཟླ་བ་འདསཿ དུག་ལྔའི་ནད་སེལ་སྨན་གྱི་སྡོང་པོ་བསྐམསཿ ཐུགས་རྗེ་ཉེ་རིང་མེད་པའི་ཕ་དེ་བཞུདཿ འཁོར་བའི་རྒྱ་མཚོ་སྒྲོལ་བའི་མཉན་པོ་འདསཿ མ་རིག་མུན་པ་སེལ་བའི་སྒྲོན་མེ་ཤིཿ ཐམས་ཅད་གསོལ་བ་འདེབས་པའི་རྟེན་དེ་མེདཿ སྣོད་ལྡན་སྨན་མཛད་དབང་གི་བུམ་པ་ཆགསཿ ཐེག་པ་ཀུན་ལ་མཁས་པའི་པད་འབྱུང་བཞུདཿ རང་སེམས་ཆོས་སྐུར་སྟོན་པའི་བླ་མ་བཞུདཿ སྡོམ་པ་གསུམ་གྱིས་བརྒྱན་པའི་བླ་མ་བཞུདཿ བླ་མ་ཁྱོད་ཀྱི་མཛད་པ་དྲན་ཙ་ནཿ མིག་


PKT001_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༧༠ན༽ནས་མཆི་མ་རང་དབང་མེད་པར་ཤོརཿ དབུགས་ཁར་མ་ཤོང་བྱང་ཁོག་སྟོད་དུ་བརྒྱངསཿ གྲོ་སྙིང་ཁོང་བར་མ་ཤོང་ཁ་རུ་འཚངསཿ རྐང་པ་ས་ལ་མ་ཚུགས་ཐང་ལ་འགྱེལཿ མཚོ་རྒྱལ་བསམ་པའི་སེམས་ལ་ཚུགས་ཐབས་མེདཿ ཀྱེ་མ་ཀྱི་ཧུད་སྙིང་ནས་བླ་མ་དྲནཿ མ་འོངས་སེམས་ཅན་དོན་དུ་མི་བཞུགས་པརཿ ཆོས་རྣམས་གཏེར་དུ་སྦེད་པའི་དུས་ཀྱང་བྱུང་ཿ སྐུ་གསུང་ཐུགས་ཡོན་འཕྲིན་ལས་དབེན་གནས་སུཿ སྒྲུབ་པའི་རྒྱལ་མཚན་བོད་དུ་མི་ཚུགས་པརཿ དབེན་གནས་སྟོང་པར་འཇོག་པའི་དུས་ཀྱང་བྱུང་ཿ སྐྱེ་དམན་བུད་མེད་ཡེ་ཤེས་མཚོ་རྒྱལ་འདིཿ མ་ཁྲིད་བར་ནས་ཨུ་རྒྱན་པད་འབྱུང་བཞུདཿ མོས་གུས་ཅན་གྱི་བུ་སློབ་སྐྱོང་འཕྲོ་བཅདཿ ཀྱེ་མ་ཀྱི་ཧུད་ད་ནི་སུ་ལ་རེཿ ཨུ་རྒྱན་པདྨ་འབྱུང་བཞུད་པའི་དུས་ཀྱང་བྱུང་ཿ རྒྱལ་ཁམས་ཐམས་ཅད་ཕ་མེད་དྭ་ཕྲུག་གང་ཿ ཉིན་མཚན་མེད་པར་གདུང་བའི་སྐུ་ཡིས་འབོདཿ གུང་ཐང་ལ་ཀར་ཐམས་ཅད་རོ་བཞིན་འགྱེལཿ རྒྱུན་ཆད་མེད་པར་མཆི་མ་ཁྲག་ཏུ་འཛགཿ རྐང་པས་གར་ཕྱིན་དོན་མེད་ས་ལ་འགྱེལཿ བསྡད་པས་མ་ཚུགས་ཕྱིན་པས་དོན་མ་མཆིསཿ བསམས་པས་རྗེས་དྲན་ཉལ་བས་གཉིད་མ་བྱུང་ཿ གང་ལ་བསམས་ཀྱང་པད་འབྱུང་མེད་ཐབས་མེདཿ ཀྱེ་མ་ཀྱི་ཧུད་ཨུ་རྒྱན་རིན་པོ་ཆེཿ སྐྱེ་དམན་མཚོ་རྒྱལ་སྙིང་ནི་མི་རྗེའམཿ སྤྲིན་གྱི་གསེབ་ནས་བྱུང་བའི་རྟ་སྔོན་ཁྱོདཿ


PKT001_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༧༠བ༽བདག་གི་བླ་མ་གང་དུ་གདན་འདྲེན་ནཿ བར་སྣང་དཀར་དམར་ལྷ་དང་ལྷ་མོས་གང་ཿ ཨུ་རྒྱན་པད་འབྱུང་ནམ་མཁའི་དབྱིངས་སུ་གཤེགསཿ མཚོ་རྒྱལ་གདུང་བ་ཞི་བར་མ་གྱུར་ནསཿ སྨྲེ་སྔགས་གདུང་བས་ཕྱོགས་བཅུར་བོས་ལགས་ཀྱང་ཿ སྐད་ཅིག་ཙམ་ཡང་རྗེ་ཉིད་མ་བྱོན་ནཿ ས་སྟེང་འགྲོ་བ་མི་ཡི་གནས་འདི་ནཿ བདག་ལས་སེམས་པ་སྐྱོ་བ་སུ་ཞིག་ཡོདཿ བོད་ཀྱི་ས་གཞི་ཐམས་ཅད་སྟོང་པར་སོང་ཿ རྗེ་འབངས་བུ་སློབ་ཐམས་ཅད་ཆོ་ངེ་འདེབསཿ གང་དུ་ཕྱིན་ཀྱང་ཨུ་རྒྱན་པད་འབྱུང་དྲནཿ ཉིན་དྲན་མཚན་དྲན་ཅི་ལ་བསམས་ཀྱང་དྲནཿ བུད་མེད་ངན་མ་མཁར་ཆེན་མཚོ་རྒྱལ་གྱིསཿ གཞོན་ནུའི་དུས་ནས་སློབ་དཔོན་གཟུངས་མ་བྱསཿ བསམ་པ་རྙེད་ནས་བླ་མ་མིག་བཞིན་བསྟེནཿ དམ་ཚིག་གཙང་བས་ཆོས་རྣམས་མ་ལུས་གནང་ཿ ད་ལྟའི་དུས་ན་ཆོས་རྣམས་ཉམས་ལེན་བདེཿ རྒས་པའི་དུས་བྱུང་ཤི་ཡང་འགྱོད་མེད་བྱསཿ གུ་རུའི་ཡོན་ཏན་བརྗོད་ཀྱིས་མི་ལང་ཡང་ཿ མ་འོངས་སེམས་ཅན་མོས་གུས་རྟེན་ཙམ་ལཿ ལྷུན་པོའི་དྲུང་དུ་རི་ཕྲན་ཙམ་ཞིག་བཀོདཿ འདི་བཀོད་དགེ་བས་འགྲོ་དྲུག་སེམས་ཅན་རྣམསཿ ཨུ་རྒྱན་པད་འབྱུང་ཞབས་དྲུང་སྐྱེ་བར་ཤོགཿ སྐྱེས་ནས་གཞན་དོན་དཔག་མེད་འགྲུབ་པར་ཤོགཿ སྐྱེ་ཤི་གཉིས་སྤངས་ཁྱོད་ཀྱི་བྱིན་རླབས་ཀྱིསཿ བདག་གིས་སྨོན་ལམ་གང་བཏབ་འགྲུབ་པར་ཤོགཿ ཨུ་རྒྱན་གུ་རུ་པདྨ་


PKT001_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༧༡ན༽འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་ལསཿ མོས་གུས་བརྗེད་བྱང་དཀར་ཤོག་ལ་བཏབ་པའི་ལེའུ་སྟེ་བརྒྱ་དང་བརྒྱད་པའོཿ ཿཐ་ཐ་ཉྲ་རྒྱ་རྒྱཿ ཿ

གཏེར་བྱང་།


PKT001_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་གྱིསཿ མི་བརྗེད་གཟུངས་ཐོབ་མ་འོངས་ཕྱི་རབས་དོནཿ པདྨ་བཀའ་ཡི་ཐང་ཡི་ཅེས་ཀྱང་བྱཿ རྣམ་ཐར་སྐྱེས་རབས་རྒྱས་པ་ཞེས་ཀྱང་བྱཿ ཁྲི་སྲོང་ལྡེའུ་བཙན་བཀའ་ཆིམས་ཞེས་ཀྱང་བྱཿ ལོ་པང་དཀར་ཆག་ཆོས་ཀྱི་འགྱུར་བྱང་འདིཿ ཡི་གེར་བཏབ་ནས་རིན་ཆེན་གཏེར་དུ་སྦསཿ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོགཿ ཿཐ་ཐ་ཉྲ་རྒྱ་རྒྱཿ སཱ་མཱ་ཡཱཿ རྒྱ་རྒྱ་རྒྱཿ གཏེར་རྒྱཿ སྦས་རྒྱཿ གསང་རྒྱཿ ཟབ་རྒྱཿ གཏད་རྒྱཿ རྒྱ་རྒྱ་རྒྱཿ ཝ་བཊ་ཐབ་ཀུད་ཐ་ཏྲ་ཐ་ཀཾ་རཾ་ཀཾ་རཾ་ཐ་ཐཿ ཆུ་འབྲུག་ཟླ་བཞི་པའི་ཚེས་བརྒྱད་གཟའ་ཟླ་བ་དང་སྐར་མ་དབོ་འཛོམ་པའི་ཉིན་ཡར་ཀླུངས་ཤེལ་གྱི་བྲག་རྫོང་པདྨ་བརྩེགས་པའི་ངོས་པདྨ་ཤེལ་ཕུག་གི་སྒོ་སྲུང་ཁྱབ་འཇུག་ཆེན་པོའི་ཐུགས་ཀ་ནས་གུ་རུ་ཨུ་རྒྱན་གླིང་པསཿ ལས་ལྡན་གྱི་གྲོགས་གཞུ་ཀུན་རབ་ཧོར་པ་སྒོམ་ཤཱཀ་དང་བཅས་གཏེར་ནས་སྤྱན་དྲངས་པའོཿ ཿཤོག་སེར་ཤོག་དྲིལ་ཞིག་འདུག་ཅིང་ཿ ཡི་གེ་སཾ་སྐྲྀ་ཏའི་ལུགས་སུ་འདུག་པ་ལས་མ་དག་པ་ཚིག་གཅིག་ཀྱང་མེད་པར་ཕབ་ཡོདཿ དཔལ་ཨོ་ཌི་ཡ་ནའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དེ་


PKT001_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༧༡བ༽ཉིད་ཀྱི་ངོ་མཚར་རྨད་དུ་བྱུང་བའི་རྣམ་པར་ཐར་པ་གདུལ་བྱའི་སྣང་ངོ་དང་མཐུན་པར་མཛད་པའི་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་པ་ལས། བྱེ་བྲག་ཏུ་པདྨ་བཀའི་ཐང་ཡིག་ཅེས་ཡོངས་སུ་གྲགས་པ། ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན་གྱི་སྐུའི་སྐྱེ་བ་གཏེར་གཏོན་ཨུ་རྒྱན་གླིང་པས། ལས་ལྡན་གྱི་སྐྱེས་བུ་ས་ཧོ་རའི་རྒྱལ་བརྒྱུད་འདི་ཉིད་གཞུ་ཀུན་དཀའ་ར་བར་བཞུགས་པའི་སྐབས་ཧོར་སྒོམ་པ་ཤཱཀྱ་ཞེས་བྱ་བ་དང་བཅས་ཏེ། ཡར་ཀླུངས་ཤེལ་གྱི་བྲག་རིའི་རྫོང་པདྨ་བརྩེགས་པའི་ངོས་ཕོ་བྲང་པདྨ་ཤེལ་གྱི་ཕུག་པ་ནས་གདན་དྲངས་པ་འདི་ཉིད་དར་རྒྱས་ཆེ་བར་འདུག་པས། རིག་འཛིན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་འཕྲིན་ལས་དང༌། གསང་ཆེན་རྡོ་རྗེ་ཐེག་པ་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པ་དང་སྐྱེ་དགུ་རྣམས་ལ་ཕན་བདེ་འབྱུང་བའི་ཕྱིར། ཟ་ཧོར་མི་དབང་བསོད་ནམས་སྟོབས་ཀྱི་རྒྱལ་པོས་ཆོས་སྦྱིན་མི་ཟད་པའི་བར་དུ་སྤེལ་བ་ལ། ཡིད་ཆེས་པའི་ཕྱི་མོ་ནི་ཚིགས་སུ་བཅད་པ་ཁོ་ན་ཡིན་པ་ལས། ཕལ་ཆེར་གྱིས་ཡིག་ཆ་ཆོད་གང་ཆེ་བྱས་པས་གོང་འོག་གི་གཅོད་མཚམས་ཉམས་པ་དང༌། གོ་བ་ཕྱིན་ཅི་ལོག་ཏུ་སོང་བ་དང༌། བྲིས་ནོར་གྱི་རྒྱུན་འབྱམས་པ་དང༌། ལ་ལ་རོ་བླུན་པོ་གཟུ་ལུམས་ཅན་གྱི་རང་བཟོའི་ལྷད་བཅུག་པ་ཡང་འགའ་རེ་སྣང་བས། ཕྱི་མོའི་རིགས་ཇི་སྙེད་པ་བསགས། ཁྱད་པར་དུ་གཏེར་སྟོན་གྱི་ཕྱག་བྲིས་ལས་


PKT001_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༧༢ན༽བཤུས་ཟེར་བ་ཞིག་དང༌། ཡི་གེ་རྙིང་བལ་རིས་ཀྱི་དབུ་ལྷ་ཡོད་པ་ཞིག་དང༌། ཨུ་རྒྱན་གླིང་པའི་གདུང་བརྒྱུད་ཀྱིས་བཞེངས་པ་ཨེའི་པར་མ་གསུམ་ཅུང་ཟད་དག་པར་འདུག་པས་ག་བསྟུན། བརྡ་རྙིང་དང་ཡུལ་གྲུ་ཐ་དད་པའི་སྐད་བག་ཙམ་སྣང་བ་རང་སོར་བཞག །སྐབས་འགར་གོ་བ་ཕྱིན་ཅི་ལོག་ཅི་རིགས་འདུག་པས། མངའ་བདག་ཉང་གི་གཏེར་མ་རྣམ་ཐར་ཟངས་གླིང་མར་གྲགས་པ་སོགས་དང་ཡང་བསྟུན་ནས་གྱ་ཚོམས་སུ་མ་བརྒལ་བར་ནན་གྱིས་ཞུས་ཏེ་དག་པར་བྱས་ཡོད་པས་རྣམ་དཔྱོད་ཀྱི་བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཡིད་ཆེས་པའི་གནས་སུ་རིག་པར་བྱའོ།། །།སྦྱར་བྱང་། སངས་རྒྱས་ཀུན་འདུས་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །ཡེ་ནས་ཀ་དག་ངོ་བོ་ཀུན་བཟང་འོད་མཐའ་ཡས་པ་ཆོས་ཀྱི་སྐུ། །ལྷུན་གྲུབ་རང་བཞིན་རིགས་བརྒྱའི་རང་སྣང་སྤྱན་རས་གཟིགས་མགོན་ལོངས་སྤྱོད་རྫོགས། །འགག་མེད་ཐུགས་རྗེ་ཅིར་ཡང་ལེགས་བསྒྱུར་པདྨ་འབྱུང་གནས་སྤྲུལ་པའི་སྐུ། །ཨ་ཧོ་ཞབས་སེན་དམར་བའི་རྡུལ་དེ་རྣམ་མཁྱེན་ཐོབ་པར་གཅུག་འབབ་མཛོད། །ཨེ་དབྱིངས་སྟོང་པ་ཤེས་རབ་མཚོ་རྒྱལ་དང༌། །ཝཾ་ཡིག་བདེ་ཆེན་ཐབས་ཀྱིས་མཉམ་སྦྱོར་བ། །ཁྱབ་བདག་རྡོ་རྗེ་འཆང་དབང་ཐོད་འཕྲེང་རྩལ། །དཀྱིལ་འཁོར་རྒྱ་མཚོའི་འཁོར་ལོས་སྒྱུར་བའི་གཙོ། །གཅིག་ལས་དུ་མར་བསྟན་པའི་གར་མཁན་བཞིན། །མཚན་བརྒྱད་སྐུ་ཡི་བཀོད་པ་གདུལ་བྱའི་ངོར། །སྣ་ཚོགས་ཚོན་དང་འཕྲད་པའི་


PKT001_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༧༢བ༽ཤེལ་དཀར་མདངས། །མ་འདྲེས་གསལ་བར་ཤར་བའི་ཚུལ་དེ་རྨད། །འཁོར་བར་འཁྱམས་སོ་ཅོག་གི་འགྲོ་རྒྱུད་ཀྱི། །སྡིག་སྒྲིབ་དྲ་བ་གཅོད་པའི་ཐབས་ཤེས་མཚོན། །སྙིང་རྗེའི་ཕྱག་གིས་བཟུང་ནས་ཡོངས་དབྲལ་བར། །ནམ་ཡང་མི་དལ་མགོན་ཁྱོད་མཛད་པའི་དཔྱིད། །ཁྱད་པར་རྒྱ་བལ་པཎ་གྲུབ་ངང་ཚུལ་གྱིས། །རྣམ་འདྲེན་བཞི་པའི་བསྟན་པ་རིན་པོ་ཆེ། །འཛིན་སྤེལ་བསྲུང་བའི་ཀུན་ཁྱབ་ཐུགས་རྗེ་ཆེ། །སྟོང་ཕྲག་ཉི་མའི་འོད་ཀྱི་གཟི་བྱིན་འཕྲོག །ཡང་སྒོས་གར་དབང་དྲི་མེད་གཟིགས་པ་ཡིས། །ཆུ་སྐྱེས་ལས་འཁྲུངས་འཛམ་གླིང་འདིར་ཆེ་བའི། །རིག་སྔགས་འཆང་བའི་བརྟུལ་ཞུགས་ནུས་རྩལ་གྱིས། །གངས་ཅན་འགྲོ་ལ་བཀའ་དྲིན་ཕ་མཐའ་ཡས། །གངྒཱའི་ཀླུང་རྡུལ་གྲངས་སུ་འདྲེན་སླ་ཡང༌། །མགོན་ཁྱོད་ངོ་མཚར་མཛད་པའི་ཚད་འདི་ཞེས། །མ་འདྲེས་གསལ་བར་འཆར་བའི་ཨཱ་དཱར་ཤ། །ཀུན་མཁྱེན་ཡེ་ཤེས་ལས་གཞན་དམིགས་སུ་མེད། །སྐད་ཅིག་བསྐལ་པ་བསྐལ་པ་སྐད་ཅིག་ཏུ། །བསྒྱུར་ནུས་འགྲོ་རེའི་སྣང་ངོར་མཛད་པ་རེ། །སྟོན་ལ་མཁས་གྲུབ་ཕལ་གྱི་རྣམ་ཐར་བཞིན། །ལོ་ཟླ་དུས་ཀྱི་ངེས་འཚོལ་བཞད་གད་གནས། །ལོ་རྒྱུས་གཞན་ལ་གོམས་པའི་བག་ཆགས་མཐུ་ལྡན་ཀྱང༌། །བརྟས་པས་མང་དུ་ཐོས་པའི་དཔྱོད་ལྷོ་བྲག་སྤྲུལ་སྐུ་གཙུག་ལག་འཕྲེང་བ། ཕྱི་རབས་རྩོམ་རིགས་ཁོ་ནར་སྣང་ཞེས་པ། །སྒྲིབ་རྒྱུན་སྤེལ་ལས་ད་དུང་ཆོས་མི་བསྒྲུབས། །རྟོག་གེའི་ཚིག་ལ་འཆོལ་བའི་ལོག་སྨྲའི་མིས། །བློ་དམན་དགེ་བའི་ལྗོན་ཤིང་


PKT001_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༧༣ན༽བསྲེག་ནུས་མཁན། །⁽1763⁾རྟག་བརྟན་སྤྲུལ་སྐུ་ཀུན་དགའ་སྙིང་པོ། རྒྱ་མ་གཅོད་གཏུན་རབ་འབྱམས་པ། བྲག་སྒོ་རབ་འབྱམས་པ་ལྟ་བུ། འབྲས་བུ་ཡིད་མི་འོང་བའི་གནས་ངན་ཡུལ། །མྱུར་བར་སྤྲོ་བས་སྤྲོན་པའི་བྱེད་པོ་བཞིན། །མགོན་དེར་སྙིང་ནས་མོས་པས་རྟོགས་བརྗོད་ཚོགས། །ཀློག་འཆང་འདྲི་རྣམས་མཐོ་རིས་ཐར་པའི་སར། །བགྲོད་པར་མ་ཟད་འདོད་ལྷ་ལྔ་བརྒྱད་ཀྱི། །གནོད་པ་མངོན་སུམ་སྤེལ་ལ་སུ་ཞིག་བསྙོན། །དེ་ཕྱིར་ཅལ་སྒྲོག་གྲགས་རྗེས་འབྲང་བ་དང༌། །རྨོངས་ཞེན་ཁ་ཕོར་གཙང་བ་མ་ཡིན་པའི། །དབང་རྣོན་ཁྱོད་རྗེས་འབྲང་བའི་དད་པ་ཡིས། །འཛད་མེད་ཆོས་སྦྱིན་པར་དུ་བསྐྲུན་ལ་སྤྲོ། །སྙིང་དབུས་གཞོན་ནུ་བུམ་སྐུར་གདོད་མ་ནས། །ཞུགས་པའི་རང་རིག་དོན་གྱི་པདྨ་འབྱུང༌། །རང་ངོ་འཕྲོད་པས་ལོགས་སུ་བླ་མ་གཞན། །མི་འཚོལ་དབྱེར་མེད་ངོ་བོ་གཅིག་ཕྱག་འཚལ། །མཆོད་བྱ་མཆོད་བྱེད་མཆོད་པའི་ཡུལ་རྣམས་ཀུན། །སེམས་ཉིད་གཅིག་པུའི་རྣམ་པར་གྲུབ་པ་རུ། །ཐག་ཆོད་ངེས་པ་རྙེད་པས་ཕྱི་དང་ནང༌། །གསང་མཆོད་རང་གི་རང་ལ་སྟོབས་ཚུལ་དབུལ། །ཉི་མའི་སྙིང་པོ་ཡེ་ནས་མུན་པ་དང༌། །བྲལ་བ་ལྟ་བུར་རང་རིག་སྒྲིབ་གཉིས་ཀྱིས། །དོན་ལ་གོས་པ་མེད་ཕྱིར་རྨི་ལམ་ལྟར། །རྨིས་བཞིན་ཀུན་རྫོབ་ངང་དུ་མཐོལ་ཞིང་བཤགས། །མཐའ་ཀླས་བགྲང་བར་དཀའ་བའི་ཞིང་ཁམས་སུ། །པདྨ་ཐོད་འཕྲེང་ཉིད་ལས་གཞན་མིན་པ། །ཕྱོགས་བཅུ་དུས་བཞིའི་བདེར་གཤེགས་མ་ལུས་པའི། །འཛད་མེད་གདུལ་བྱར་འཇུག་པའི་མཛད་


PKT001_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

༼༢༧༣བ༽པར་རངས། །སྟོང་གསུམ་འཇིག་རྟེན་འདིའི་ཕྱི་ཕྱོགས་མཚམས་སོགས། །བརྗོད་དཀའ་རྡུལ་སྙེད་ཞིང་གི་སངས་རྒྱས་དང༌། །གུ་རུ་པདྨ་ཟུང་འབྲེལ་མདོ་སྔགས་ཆོས། །འཁོར་ལོ་གདུལ་བྱ་དང་འཚམ་སྐོར་བར་བསྐུལ། །མྱ་ངན་འདར་བཞེད་རྣམ་འདྲེན་མང་པོ་ཡང༌། །འཇའ་ལུས་འཕོ་བ་ཆེན་པོའི་སྐུ་འགྲུབ་པ། །ཁྱེད་ཀྱི་ངང་ཚུལ་དང་མཚུངས་མི་གཡོ་བར། །ངེས་པ་ལྔ་ལྡན་སྐུ་ལྟར་བརྟན་པར་གསོལ། །ལེགས་བྱས་བསགས་པ་འདིས་མཚོན་དུས་གསུམ་གྱི། །བསོད་ནམས་བྱས་སུ་ཅོག་འབྲས་གངས་ལྗོངས་འདིར། །མཚོ་སྐྱེས་རྡོ་རྗེའི་འཕྲིན་ལས་ཡོངས་ཁྱབ་པས། །འགྲོ་རྣམས་བདེ་སྐྱིད་དཔལ་ལ་སྤྱོད་པར་བསྔོ། །པར་འདིའི་ཆེད་དུ་སྒོ་གསུམ་འབད་པ་དང༌། །བཀླགས་ཤིང་འཆང་ཀུན་ཡང་སྲིད་ཐམས་ཅད་དུ། །དགྲ་གདོན་བགེགས་ཀྱི་གཡུལ་ལས་རབ་རྒྱལ་ཞིང༌། །ཚེ་འབྱོར་དབང་ཐང་རྣམ་ཐོས་བུར་འདྲར་ཤོག །ཉོན་མོངས་དེས་བསྐྱེད་སྒྲིབ་འབྲས་རིམ་སྲབ་ནས། །སྐྱེ་བར་པད་འབྱུང་ཞལ་མཐོང་གསུང་ཐོས་ཏེ། །རིང་མིན་རྔ་ཡབ་དཔལ་རིར་རིག་འཛིན་གྱི། །གྲལ་ཞུགས་བསྐྱེད་རྫོགས་རྫོགས་ཆེན་གྱིས་གྲོལ་ཤོག །བསོད་ནམས་ཡོངས་འདུ་སར་པའི་འཁྲི་ཤིང་གི །ཕང་ཕུང་ལོ་འདབ་རྒྱས་པའི་གྲིབ་བསིལ་དུ། །འཇིག་རྟེན་སྤྱི་དང་ཁྱད་པར་བོད་ཡུལ་འགྲོ། །བདེ་ཞིང་བརྟན་པའི་འབྲས་བུ་མྱོང་བར་ཤོག སྭ་སྟི་པྲ་ཛཱ་བྷྱཿཡི་སྒྲར་དྲངས་པའི། ཕུན་ཚོགས་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱིས། དགའ་སྐྱིད་དབྱར་གྱི་ལང་ཚོ་ཉེར་བཀུག་སྟེ། ཐོག་མཐའ་བར་དགེའི་ཤིས་པས་ཁྱབ་གྱུར་ཅིག སརྦ་མངྒ་ལཾ། དགེའོ།