cover

རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

གླེགས་བམ། ཇ༽

རྩེ་ལེ་སྣ་ཚོགས་རང་གྲོལ།

ནི་ཏཱརྠ་ཤེས་རིག་ཉམས་གསོ་ཁང་།
Images scanned by TBRC

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཀར་ཆག


TR007_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་རྗེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ་ཆོས་ཚན་གྱི་རྣམ་གྲངས་ཇི་ལྟར་བཞུགས་པའི་རིམ་པ་བཀོད་པར་གླེགས་བམ། ཇ། པ་ལ། ཐེག་ཆེན་ཤིང་རྟའི་སྲོལ་གཉིས་ལས་ཇི་ལྟར་བྱུང་བའི་བྱང་ཆུབ་སེམས་སྐྱེད་འབོགས་ཆོག་ཐར་པའི་གྲུ་གཟིངས་ལྡེབ། ༩༠ བླ་མ་དགོངས་པ་འདུས་པའི་ལས་གཞུང་མེ་ཏོག་ཕྲེང་མཛེས་ཀྱི་དགོངས་དོན་མདོར་བསྡུས་པ་ངེས་དོན་སྙིང་པོ་ལྡེབ། ༩ རིག་འཛིན་རཏྣ་གླིང་པའི་གཏེར་ཁ་ཕུར་པ་ཡང་གསང་བླ་མེད་ཀྱི་བསྙེན་བསྒྲུབ་དམིགས་རིམ་ཟིན་བྲིས་ལྡེབ། ༤ ཡི་དམ་གཉེན་པོ་ལྷ་གསུམ་གྱི་བསྒོམ་བཟླས་ཟབ་མོ་ལྡེབ། ༤


TR007_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྡོར་སྟོབས་པོ་ཆེའི་ཉམས་ལེན་རྒྱུན་ཁྱེར་ཟིན་བྲིས་ལྡེབ། ༥ ཕྱག་རྡོར་དྲེགས་འདུལ་གྱི་རྩ་དྲེགས་འདུལ་གྱི་རྩ་བསྙེན་དམིགས་རིམ་མདོར་བསྡུས་ལྡེབ། ༣ གུ་རུ་དྲག་སྒྲུབ་ཀྱི་ཉམས་ལེན་རྒྱུན་ཁྱེར་ཟིན་བྲིས་ལྡེབ། ༦ དབང་དྲག་འབར་བའི་དབང་བསྐུར་གྱི་ཟིན་བྲིས་ལྡེབ། ༤ དཀོན་མཆོག་གི་དྲུང་དུ་མཆོད་པ་འབུལ་བ་ལ་ཉེ་བར་མཁོ་བ་ལྡེབ། ༣ ཆུ་གཏོར་གྱི་རིམ་པ་ཇི་ལྟར་བྱ་ཚུལ་མདོར་བསྡུས་ཏེ་བཀོད་པ་བལྟས་ཆོག་བདུད་རྩིའི་འདོད་འཇོ་ལྡེབ། ༩ གཏོར་མའི་ལྷན་ཐབས་ཀྱི་ཉེར་མཁོ་ལྡེབ། ༦ བྲུལ་གཏོར་ཆ་ལྔ་པའི་རིམ་པ་ཇི་ལྟར་བྱ་ཚུལ་ལྡེབ། ༥ བྲུལ་གཏོར་


TR007_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཀྱི་དོགས་གཅོད་དྲི་ལན་གྱི་འཕྲོས་དོན་ལྡེབ། ༣ ཆུ་གཏོར་ཤིན་ཏུ་བསྡུས་པ་ཉམས་སུ་བླང་ཐབས་ཡིད་བཞིན་སྙིང་པོ་ལྡེབ། ༥ གསུར་མཆོད་ཡེ་ཤེས་སྤྲིན་ཕུང་ལྡེབ། ༣ བསང་གསུར་བསྔོ་བའི་ཆོ་ག་རྒྱས་པ་ཕྲིན་ལས་མྱུར་འགྲུབ་འདོད་འབྱུང་ཡིད་བཞིན་སྤྲིན་ཕུང་ལྡེབ། ༥ གསང་སྔགས་ནང་གཏེར་གྱི་ངག་འདོན་བདུད་རྩིའི་རླབས་ཕྲེང་ལྡེབ། ༤ བླ་སྒྲུབ་སྡུག་བསྔལ་མུན་སེལ་གྱི་གཏེར་བསྔོས་ལྡེབ། ༡༤ ཚོགས་ཀྱི་འཁོར་ལོའི་རྣམ་པར་བཤད་པ་མདོར་བསྡུས་ཉེ་བར་མཁོ་བ་དངོས་གྲུབ་སྦྲང་རྩིའི་ཟིལ་མངར་ལྡེབ། ༦


TR007_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་མཆོད་ཤིན་ཏུ་བསྡུས་པ་ལྡེབ། ༣ བླ་མ་དགོངས་འདུས་རྫོགས་རིམ་ཟབ་མོ་བདུད་ཀྱི་གཅོད་ཡུལ་རྒྱུན་ཁྱེར་ངག་འདོན་ཉམས་སུ་བླང་བའི་རིམ་པ་ལྡེབ། ༩ གཅོད་ཡུལ་བདུད་རྩི་ཀུན་ཁྱབ་ཀྱི་ངག་འདོན་ལྡེབ། ༢ དགོངས་འདུས་ཀྱི་སྒྱུ་ལུས་མཆོད་སྦྱིན་ལྡེབ། ༢ གཅོད་ཡུལ་ཤེས་རབ་རལ་གྲིའི་ཉམས་ལེན་སྙིང་པོར་དྲིལ་བ་ལྡེབ། ༣ ས་འདུལ་་གྱི་གར་འཚམས་ལ་ཉེ་བར་མཁོ་བའི་རྣམ་བཤད་ཟིན་དྲིས་ལྡེབ། ༡༣ ཐུགས་ཆེན་ཡང་སྙིང་འདུས་པའི་དབང་བསྐུར་གྱི་ལས་རིམ་ཇི་ལྟར་བྱ་ཚུལ་ལྡེབ། ༣༡ བཅས་བཞུགས།


TR007_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་ཆེན་ཤིང་རྟའི་སྲོལ་གཉིས་ལས་ཇི་ལྟར་བྱུང་བའི་བྱང་ཆུབ་སེམས་སྐྱེད་འབོགས་ཆོག་ཐར་པའི་གྲུ་གཟིངས་བཞུགས་སོ། །


TR007_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ན་མསྶརྦ་བུདྡྷ་བོ་དྷི་སཏྭ་བྷྱཿ གང་གི་ཐུགས་བསྐྱེད་སྨོན་ལམ་མཐུ་ཡིས་ཁམས་གསུམ་འགྲོ་བ་མ་ལུས་རྣམས། སྲིད་དང་ཞི་བའི་མཐའ་ལས་སྐྱོབས་ཅིང་བླ་ན་མེད་པའི་བྱང་ཆུབ་ཆེར། འགོད་མཛད་སྟོན་པ་ཐུགས་རྗེའི་བདག་དང་དེ་སྲས་པར་བཞུགས་འཕགས་མཆོག་ཚོགས། བདག་དང་མཐའ་ཡས་ཕ་མར་གྱུར་ཀུན་ཕྱག་འཚལ་སྐྱབས་སུ་ཉེ་བར་མཆི། །ལམ་དམན་ལམ་ལོག་ལམ་གོལ་གྱི། །ཉེ་ཞོ་


TR007_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཟློག་ཡང་དག་ལམ། །རྒྱལ་རྣམས་བགྲོད་པ་གཅིག་པའི་མཆོག །བྱང་སེམས་རིན་ཆེན་བསྐྱེད་བྱེད་བཤད། །ཕྱོགས་བཅུ་དུས་བཞིར་བྱོན་བཞུགས་རྒྱལ་བ་ཀུན། །རིན་ཆེན་བྱང་ཆུབ་སེམས་ཀྱི་ལམ་བཟང་ལ། །བརྟེན་ནས་གོ་འཕང་མཆོག་རབ་བརྙེས་མཛད་ན། །ཐར་འདོད་སྐལ་བཟང་འདི་ལ་ཉེར་བརྩོན་རིགས། གང་ཞིག་སྐལ་བ་དང་བསོད་ནམས་ཀྱིས་མངོན་པར་མཐོ་བ་ཐེག་ཆེན་གྱི་རིགས་ངེས་པའི་དད་ལྡན་བྱང་ཆུབ་ཀྱི་མཆོག་ཏུ་སེམས་


TR007_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་དོན་དུ་གཉེར་བ་དག་འོངས་པར་གྱུར་བ་ན། དེ་དག་བླ་མེད་བྱང་ཆུབ་ཀྱི་ལམ་ལ་དཀྲི་བའི་ཕྱིར། ཐེག་པ་ཆེན་པོའི་རྣམ་འདྲེན་དུ་འོས་པའི་དགེ་བའི་བཤེས་གཉེན་དེས། གནས་ཁང་གཙང་མར་དཀོན་མཆོག་གི་རྟེན་ཇི་ཙམ་འཛོམ་ཞིང་བཟང་བ་དང་། མཐར་ཡང་བཅོམ་ལྡན་འདས་ལ་ཉེ་བའི་སྲས་ཀྱིས་བསྐོར་བའི་བྲིས་སྐུ་ཙམ་ནི་མེད་མི་རུང་ཞིང་། དེའི་སྤྱན་སྔར་མཆོད་པའི་ཡོ་བྱད་ཀྱང་བཟང་ཞིང་རྒྱས་པར་གཤམས་ཏེ། དེ་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་བའི་རྒྱུ་རྐྱེན་རྟེན་འབྲེལ་ཡིན་ཕྱིར། སྔོན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་བོད་སྟོན་མང་པོས་སེམས་བསྐྱེད་ཞུས་པ་ན། དེ་ལྟར་བྱའི་མཆོད་པ་བཤོམ་ཞིག་གསུང་བ་ལ། ཁོང་རྣམས་ཀྱི་མཆོད་པ་ལ་ཇོ་བོ་ཐུགས་མ་


TR007_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས་པར། མཆོད་པ་ངན་པ་འདི་འདྲས་བྱང་སེམས་རྒྱུད་ལ་མི་སྐྱེ་གསུངས་ཏེ། ལན་གསུམ་གྱི་བར་དུ་མཆོད་པ་དཔངས་བསྟོད་དགོས་པ་བྱུང་བའི་ལོ་རྒྱུས་བཞིན། མཆོད་རྫས་བཟང་ཞིང་བཀོད་པའི་ཁྱད་པར་ཕུན་སུམ་ཚོགས་པར་བྱ། བྱང་སྡོམ་གྱི་ཆོ་གའི་ཕྱག་བཞེས་ལ་ལར་འདི་སྐབས་སུ་བར་ཆད་ཞི་ཞིང་ཚོགས་རྫོགས་ཕྱིར་གཏོར་མ་ཡང་ཅི་འབྱོར་བཤམ་དང་འབུལ་བའི་ཚུལ་གསུང་པ་ཡོད་མོད་ཀྱི། དེ་ལྟར་བྱ་བར་སྤྲོ་ནའང་དེ་ཀའི་ལུགས་བཞིན་བྱར་རུང་མོད་ཀྱང་། འདིར་ནི་ཤིང་རྟའི་སྲོལ་གཉིས་ཀ་མདོ་ལུགས་ཡིན་ཕྱིར་གཏོར་མ་མེད་པའི་ལུགས་ལྟར་བྱས་པ་ཡིན་ཞིང་། གང་ལྟར་ཡང་། སློབ་དཔོན་དུ་འོས་པའི་དགེ་བའི་བཤེས་གཉེན་དེ་ཉིད་ཆོས་ཀྱི་ཁྲི་སྟན་བཟང་པོ་


TR007_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཁོད་པའི་དྲུང་ན། སེམས་བསྐྱེད་པར་འདོད་པའི་སློབ་མ་རྣམས་གུས་ཕྱག་དགུ་ཕྲུགས་སྔོན་དུ་བཏང་ལ་དངོས་པོ་དག་པའི་མེ་ཏོག་དང་བྱང་ཆུབ་ལ་ཉེ་བར་དམིགས་པའི་དད་པ་དང་བཅས་པའི་མདུན་དུ་པུས་བཙུག་ཐལ་སྦྱར་གྱིས་འདུག་པ་ལ། དགེ་བའི་བཤེས་གཉེན་མཆོག་དེས་འཇམ་ཞིང་བརྡ་འཕྲོད་པའི་ངག་གིས་འདི་སྐད་འདོམས་པར་བྱའོ།། ༈ །།ཨེ་མ། སྐལ་བ་བཟང་པོ་དང་ལྡན་པའི་རིགས་ཀྱི་བུ་དང་བུ་མོ་རྣམས། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་འདོད་པ་ནི་ཤིན་ཏུ་ཡང་ངོ་མཚར་གྱི་མཆོག་དང་རབ་དང་ཕུལ་དུ་གྱུར་པ་ཉིད་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། གནས་སྐབས་སུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་ལེགས་ཀྱི་ཡོན་ཏན་མཐའ་དག་བྱང་ཆུབ་ཀྱི་


TR007_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རིན་པོ་ཆེ་ལས་འབྱུང་བ་དང་། མཐར་ཐུག་བླ་ན་མེད་པ་རྫོགས་སངས་རྒྱས་ཀྱི་གོ་འཕངས་ཐོབ་པ་ཡང་འདི་ཁོ་ན་ལ་རག་ལས་པའི་ཕྱིར་ན། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཡོན་ཏན་མཐའ་དག་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་ནུས་པ་དང་ཕན་ཡོན་ལས་བྱུང་བ་སྟེ། ཇི་ལྟར་འཇིག་རྟེན་གྱི་ཁམས་གསུམ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་ལྡན་ཞིང་སྟོངས་ཁམས་ཁ་ལོ་བསྒྱུར་ནུས་པ་དང་། ལྷའི་རྒྱལ་པོ་ཚངས་པ་བརྒྱ་བྱིན། ཀླུའི་དབང་པོ་འཇིག་རྟེན་བདེ་བར་སྐྱོང་བ་ཐམས་ཅད་དང་། མིའི་ནང་ན་རྒྱལ་རིགས་ཆེ་ཞིང་མཐོ་བ་དག་དང་། བྲམ་ཟེའི་རིགས་ཤིང་པཱ་ལ་ཆེན་པོ་ལྟ་བུ་དང་། ཁྱིམ་བདག་བསོད་ནམས་དང་


TR007_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པས་མངོན་པར་མཐོ་བ་ཐམས་ཅད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་ཕན་ཡོན་ལས་བྱུང་བ་འབའ་ཤིག་ཡིན་པ་དང་། གཞན་ཡང་ཡིད་བཞིན་གྱི་ནོར་བུ་དང་། དཔག་བསམ་གྱི་ཤིང་། བདུད་རྩིའི་ཆུ། རིན་པོ་ཆེའི་གཏོར་ཁུངས་མ་རྨོས་པའི་ལོ་ཏོག །ནད་སེལ་བའི་སྨན་མཆོག་ལ་སོགས་འཇིག་རྟེན་གྱི་དཔལ་ཡོན་ཇི་སྙེད་པ་ཡང་རྒྱལ་བ་སྲས་བཅས་རྣམས་ཀྱི་བྱང་ཆུབ་ཀྱིས་སེམས་མཆོག་བསྐྱེད་པའི་མཐུ་བྱིན་ལས་བྱུང་བ་ཡིན་ཏེ། རྒྱལ་ཡུམ་ཤེར་ཕྱིན་གྱི་མདོ་ལས། བྱང་ཆུབ་སེམས་དཔའ་འཇིག་རྟེན་ན་ཡོད་ན་ལྷ་དང་མིའི་འཇིག་རྟེན་ཡོད་དོ། །རྒྱལ་རིགས་ཆེ་ཞིང་མཐོ་བ་དང་། བྲམ་ཟེ་དང་ཁྱིམ་བདག་ཆེ་ཞིང་མཐོ་བ་རྣམས་འཇིག་རྟེན་ན་ཡོད་དོ། །གསེར་དང་དངུལ་དང་།


TR007_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བཻཌཱུརྱ་ལ་སོགས་པ་རིན་པོ་ཆེ་ཐམས་ཅད་འཇིག་རྟེན་ན་ཡོད་དོ། །ཅེས་གསུང་པ་བཞིན་དང་། བྱང་ཆུབ་སེམས་དཔའ་གཅིག་ཁོ་ན་བཞུགས་པའི་ཡུལ་ཁམས་གང་ན་བ་དེར་ནད་དང་མཚོན་དང་མུ་གེ་སོགས་ཀྱི་ཉེས་པ་མི་འབྱུང་ཞིང་། འབྱུང་པོ་ཤ་ཟ་མི་མ་ཡིན་གྱི་འཚོ་བ་ཡང་མི་འབྱུང་བ་ཉིད་དེ། འོ་སྐོལ་གྱི་སྟོན་པ་འདི་རྒྱལ་པོ་བྱམས་པའི་སྟོབས་སུ་སྐྱེ་བ་བཞེས་ནས་བཞུགས་པའི་ཡུལ་ཁམས་སུ་གནོད་སྦྱིན་ཤ་ཟ་སྤུན་ལྔས་འཚེ་བར་མ་ནུས་པའི་སྐྱེས་རབས་རྣམ་ཐར་ལྟ་བུའི་ཡོན་ཏན་འབྱུང་བ་ལགས་པ་དང་། ཐུན་མོང་མ་ཡིན་པ་ངེས་པར་ལེགས་པའི་སངས་རྒྱས་ཀྱི་རྒྱུ་དང་ས་བོན་ནི་འདི་ཁོ་ན་ལས་གཞན་པ་གང་གིས་


TR007_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མི་འགྲུབ་སྟེ། སྤྱོད་འཇུག་ལས། །དགེ་བ་བདག་གཞན་ཀུན་ཆུ་ཤིང་པོ་བཞིན། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་མོད་ཀྱི། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པ་མི་ཟད་འཕེལ་བར་འགྱུར། །ཞེས་སོགས་དང་། སྡོང་པོ་བཀོད་པར་ཡང་། རིགས་ཀྱི་བུ། །བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྐྱེད་པའི་ས་བོན་ལྟ་བུའོ། །ཞེས་སོགས་མཐའ་ཡས་པར་གསུངས་ཕྱིར། ཁྱེད་ཅག་ལ་འདི་ལྟ་བུ་བསྐྱེད་པར་འདོད་པའི་བློ་ཡོད་པ་ཡང་སྔོན་གྱི་ཚེ་རབས་མང་པོ་ནས་ཚོགས་གཉིས་བསགས་པའི་འབྲས་བུ་ཡིན་ལ། དེ་ལྟར་མ་ཡིན་ན་བྱང་ཆུབ་ཀྱི་སྒྲ་དང་མིང་ཙམ་ཐོས་པར་ཡང་ཤིན་ཏུ་དཀའ་བར་གསུངས་ནས། ཁྱེད་རྣམས་


TR007_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཀྱི་མཐུ་དང་སྐལ་བ་བཟང་བར་གདོན་མི་ཟ་བ་ཉིད་དང་། བྱང་ཆུབ་ཀྱི་སེམས་དེ་ཡང་རྒྱུ་མེད་པ་ལས་མི་སྐྱེ་བས་ན་རྒྱུ་ཚོགས་ཚང་དགོས་ཏེ། རྒྱུ་ནི་བཀའ་བསྟན་བཅོས་རྣམས་ལས་གསུངས་ཚུལ་དུ་མ་མཆིས་ཏེ། དེ་ཡང་འཕགས་པ་ཆོས་བཅུ་པའི་མདོ་ནས་རྒྱུ་བཞིར་གསུངས་པ་སྟེ། སེམས་བསྐྱེད་པའི་ཕན་ཡོན་མཐོང་བ་དང་། དཀོན་མཆོག་ལ་དད་པ་དང་། སེམས་ཅན་གྱི་སྡུག་བསྔལ་མཐོང་བས་སྙིང་རྗེ་བསྐྱེད་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་བསྐུལ་བ་དང་བཞིར་གསུངས། མགོན་པོ་བྱམས་པས་ནི། རིགས་ཕུན་སུམ་ཚོགས་པ། དགེ་བའི་བཤེས་ཀྱིས་ཟིན་པ། སེམས་ཅན་ལ་སྙིང་བརྩེ་བ། གཞན་དོན་


TR007_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ན་འཁོར་བའི་སྡུག་བསྔལ་སོགས་ཀྱི་དཀའ་བ་བཟོད་པ་དང་བཞིར་ཡང་གསུངས། སློབ་དཔོན་ཆེན་པོ་ཞི་ལྷས་ནི། རྒྱལ་བའི་བྱིན་རླབས་ཀྱི་མཐུས་བྱང་ཆུབ་ཀྱི་རིགས་སད་པ་དང་། དད་པ་དང་སྙིང་རྗེའི་སྟོབས་ཕུན་སུམ་ཚོགས་པ་དང་ལྡན་པ་ལ་བཞེད། སློབ་དཔོན་ཐོག་མེད་ཀྱིས་ནི་བྱང་ཆུབ་སེམས་དཔའི་སར་བཤད་པ་བཞིན། བྱང་ཆུབ་ཀྱི་རིགས་སུ་ངེས་པ་དགེ་བའི་བཤེས་ཀྱིས་ཟིན་པ། སྙིང་རྗེ་ཆེ་བ། སྡུག་བསྔལ་གྱི་དཀའ་བས་མི་འཇིགས་པ་སྟེ་རྒྱུ་བཞི་དང་། བདེར་གཤེགས་ཀྱི་ཡོན་ཏན་ལ་མོས་པ། ཐེག་ཆེན་གྱི་ཆོས་ཐོས་པ། དམ་པའི་ཆོས་ནུབ་པར་ཉེ་བར་མཐོང་བ། སེམས་ཅན་གྱི་ཉོན་མོངས་པ་མཐོང་བ་སྟེ་རྐྱེན་བཞི་དང་། རང་དང་གཞན་གྱི་བསམ་པ་དང་རྒྱུ་དང་སྦྱོར་བའི་སྟོབས་དང་བཞི་སྟེ་


TR007_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་ལ་བཞེད། ཇོ་བོ་ཆེན་པོ་ནི། རིགས་ཀྱི་ནུས་པ་སད་པ། དགེ་བའི་བཤེས་གཉེན་ལ་བརྟེན་ཅིང་དེ་ལ་སངས་རྒྱས་ཀྱི་འདུ་ཤེས་སྐྱེས་པ། བསོད་ནམས་ཀྱི་ཚོགས་རྒྱ་ཆེར་བསགས་པ། སྙིང་རྗེ་ཚད་མེད་དང་ལྡན་པ། །དད་པ་ཁྱད་པར་ཅན་གྱི་སྟོབས་དང་ལྡན་པ། །ཐེག་ཆེན་གྱི་སྐྱབས་འགྲོའི་སྡོམ་པ་དང་ལྡན་པ་སྟེ། །དེ་ལྟར་རྒྱུ་དྲུག་ཚང་དགོས་པར་བཞེད་ཅིང་། །དེ་ཐམས་ཅད་ཉེ་བར་བསྡུས་ན། །བླ་མ་དང་དཀོན་མཆོག་ལ་དད་པ། ཁམས་གསུམ་སེམས་ཅན་ལ་སྙིང་རྗེ། བྱང་ཆུབ་སྒྲུབ་ནུས་པའི་ཤེས་རབ་དང་གསུམ་པོ་ཚང་དགོས་པར་གསུངས་པའི་ཕྱིར། རྒྱུ་དེ་དག་ཕལ་ཆེར་ཁྱེད་ཅག་ལ་ཚང་བར་གཞི་གྲུབ་ལ། རྐྱེན་དགེ་བའི་བཤེས་གཉེན་གྱིས་བྱས་


TR007_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སེམས་བསྐྱེད་ཐོབ་དགོས་པ་ཡང་བདག་གིས་བགྱིས་པས་ཚང་བར་རུང་ལགས། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ཉིད་བསྐྱེད་པའི་ཐབས་ལ་མདོ་དོན་རྣམ་པ་དྲུག་གི་སྒོ་ནས་སྟོན་པ་ཡིན་ཏེ། གང་ཞེ་ན། །གང་གིས་བླང་བའི་རྟེན་གྱི་གང་ཟག །གང་ལས་བླང་བའི་ཡུལ་གྱི་ཁྱད་པར། །གང་བླང་བའི་བྱང་ཆུབ་སེམས་ཀྱི་ངོ་བོ། །ཇི་ལྟར་ལེན་པའི་ཆོ་གའི་རིམ་པ། །བླངས་པ་དེ་མི་ཉམས་པར་བསྲུང་ཞིང་སྤྱོད་ཐབས། དེ་ལྟར་ཐོབ་ཅིང་བསྒྲུབས་པའི་ཡོན་ཏན་བསྟན་པ་དང་དྲུག་གི་སྒོ་སྟོན་པར་བགྱིད་དེ། དེ་ལས་དང་པོར། སེམས་བསྐྱེད་པའི་རྟེན་གྱི་གང་ཟག་ལ་ཐུན་མོང་དང་ཁྱད་པར་གཉིས་ལས། ཐུན་མོང་ནི་གོང་དུ་བརྗོད་པའི་རྒྱུའི་མཚན་ཉིད་ཅི་རིགས་ཚང་བ་དང་། ཁྱད་པར་གྱི་རྟེན་ལ་དེ་ཡང་བྱང་


TR007_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་ངོ་བོ་ལ་ཁྱད་མེད་རུང་རྣམ་པ་ལྟར་ན། འཕགས་ཡུལ་ཟབ་མོ་ལྟ་བའི་རྒྱུད་པ་དང་། རྒྱ་ཆེན་སྤྱོད་པའི་རྒྱུད་པ་ཅེས། རྒྱལ་བའི་བཀའི་དགོངས་པ་འགྲེལ་ཚུལ་གྱི་ཤིང་རྟའི་སྲོལ་ཆེན་གཉིས་སུ་གྲགས་པའི། འཇམ་དབྱངས་ཀླུ་སྒྲུབ་དང་བྱམས་མགོན་ཐོག་མེད་གཉིས་ཀྱི་བཞེད་གཞུང་ལས་བྱུང་བའི་ཁྱད་པར་ལ། དིང་སང་བོད་འདིར་སེམས་བསྐྱེད་ལ་ཡང་དབུ་མ་ལུགས་དང་སེམས་ཙམ་ལུགས་ཞེས་ཐ་དད་དུ་འབོད་པའི་སྲོལ་དར་མོད་ཀྱང་། ལྟ་བ་དབུ་སེམས་ཐ་དད་དུ་གྲགས་པ་ལས། སེམས་བསྐྱེད་ལ་དབུ་སེམས་སོ་སོར་ཡོད་པར་བཀའ་བསྟན་བཅོས་ཁུངས་མ་དག་ལས་ཀྱང་མི་འབྱུང་ཡང་། རྒྱུད་པའི་བཀའ་སྲོལ་གཉིས་པ་ལ་ཕྱག་བཞེས་རྒྱས་བསྡུས་ཅུང་ཟད་མི་འདྲ་བས་དབུ་སེམས་བསྐྱེད་དུ་མིང་ཐོགས་པ་


TR007_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་ཤིང་། །དེས་ན་འཕགས་པ་འཇམ་དབྱངས་ནས། ཀླུ་སྒྲུབ་དང་ཞི་བ་ལྷ་སོགས་ཟབ་མོ་ལྟ་རྒྱུད་ཀྱི་བཞེད་གཞུང་ལས་ནི། ལྷ་ཀླུ་སོགས་མི་མ་ཡིན་དང་། མིའི་འགྲོ་བ་བརྡ་ཤེས་ཤིང་དོན་གོ་བ་དད་དང་སྙིང་རྗེར་ལྡན་ན་ལུས་རྟེན་གང་ལྟ་བུ་ལ་ཡང་བྱང་ཆུབ་སེམས་ཀྱི་རྟེན་དང་སྣོད་དུ་རུང་བར་བཞེད་དེ། སྔོན་སྟོན་པ་ཉིད་ཞལ་བཞུགས་པའི་སྤྱན་སྔར་སེམས་བསྐྱེད་པའི་ལྷ་ཀླུ་མིའི་བྱང་སེམས་གྲངས་མེད་མཆིས་མོད་ལ། ཡང་། དེ་དག་སངས་རྒྱས་ཀྱི་མཐུ་བྱིན་ཡིན་གྱི། གཞན་གྱིས་དེ་ལྟར་མི་ནུས་སམ་སྙམ་ན། རྒྱ་བོད་ཀྱི་སྐྱེས་ཆེན་མང་པོས་མ་ཡིན་པའི་འགྲོ་བ་དུ་མ་ལ་སེམས་བསྐྱེད་གནང་ཚུལ་གྱི་ལོ་རྒྱུས་མཐའ་ཡས་པ་བཞུགས་པ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་གང་ཡིན་པ་དེ་དག་ལ་བྱང་ཆུབ་སེམས་བསྐྱེད་ཀྱང་ངེས་པར་སྐྱེ་བར་


TR007_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་ཅིང་། སེམས་བསྐྱེད་ཀྱི་ཆོ་ག་ཡང་སྤྲོས་པ་ཉེར་བསྡུས་ཀྱི་སྒོ་ནས་མཛད།། ༈ །།འཕགས་པ་བྱམས་མགོན་ནས་ཐོགས་མེད་སྐུ་མཆེད་སོགས་རྒྱ་ཆེན་སྤྱོད་རྒྱུད་པའི་བཞེད་སྲོལ་ལ་ནི། ལྷ་དང་སྒྲ་མི་སྙན་པ་སོགས་ལ་ངེས་འབྱུང་དང་ཐར་པ་འདོད་པའི་ལྷག་བསམ་མེད་པས་ན། སེམས་བསྐྱེད་ཀྱི་རྟེན་ནི་གླིང་གསུམ་གྱི་དལ་འབྱོར་ཚང་བ་དག་དང་། དེ་ལ་ཡང་སོ་ཐར་རིས་བདུན་གང་རུང་གི་སྡོམ་ལྡན་དགོས་པར་བཞེད་ཅིང་། དེ་དང་མཐུན་པར་ཇོ་བོས་ཀྱང་བྱང་ཆུབ་ལམ་སྒྲོན་དུ་དེ་ལྟར་གསུངས་པ་ནི། དེ་དུས་བོད་ཡུལ་འདིར་མདོ་སྔགས་གང་དང་མི་མཐུན་པའི་སྤྱོད་རྩིངས་པ་མང་པོས་བསྟན་པ་ལ་རྨ་འབྱིན་པ་དེ་དག་ལ་དགོངས་པའི་དགོས་པ་ཁྱད་པར་ཅན་ལ་གཟིགས་ཤིང་བསྟན་པའི་ཞབས་


TR007_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

འདེགས་ལ་དགོངས་པར་གསལ་ཏེ། མདོར་ན་རྒྱ་ཆེན་སྤྱོད་རྒྱུད་པའི་ཕྱག་བཞེད་ལ་སེམས་བསྐྱེད་ཀྱི་ཆོ་གའི་ལས་རིམ་ཡང་རྒྱས་པར་མཛད་པ་དང་། དེ་ལྟར་ཤིང་རྟའི་སྲོལ་ལུགས་གཉིས་པོ་གང་ལས་ཐོབ་ཀྱང་གང་ཟག་དེའི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྲུན་པ་ལ་ཁྱད་པར་མ་མཆིས་མོད་ཀྱི། སྡོམ་རྟེན་གྱི་བཞེད་ཚུལ་སོགས་ཀྱི་ཁྱད་པར་ལ་དཔག་ནས། སེམས་བསྐྱེད་ཞུ་བའི་གང་ཟག་ཁྱིམ་པ་ཕོ་མོ་སོགས་ལྟ་བུ་ལ་ཟབ་མོ་རྒྱུད་ཀྱི་ལུགས་དང་། གང་ཟག་སོ་ཐར་གྱི་སྡོམ་ལྡན་དག་གིས་ནི་རྒྱ་ཆེན་སྤྱོད་རྒྱུད་ལྟར་གྱི་སེམས་བསྐྱེད་ལེན་པ་སྐབས་སུ་བབས་པ་ལགས།། ༈ །།གཉིས་པ་གང་ལས་བླང་བའི་ཡུལ་གྱི་ཁྱད་པར་ནི། སློབ་དཔོན་ཙནྡྲ་གོ་མིས། །བླ་མ་སྡོམ་པ་ལ་གནས་ཤིང་། །ནུས་དང་ལྡན་ལས་བླང་བར་བྱ། ཞེས་གསུངས་པ་


TR007_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལ། བླ་མའི་མཚན་ཉིད་ཀྱང་། །སློབ་དཔོན་ཞི་བ་ལྷས་ནི། ཐེག་ཆེན་དོན་ལ་མཁས་ཤིང་། བྱང་སེམས་ཀྱི་སྡོམ་པ་སྲོག་གི་ཕྱིར་ཡང་མི་གཏོང་བ་ཞིག་ལ་བཞེད། འཕགས་པ་ཐོག་མེད་ནི། ཆོས་དང་མཐུན་པ། བྱང་སྡོམ་དང་ལྡན་པ། ཐེག་ཆེན་ལ་མཁས་པ། ངག་གི་རྣམ་པར་རིག་བྱེད་ཀྱི་དོན་འཛིན་ཅིང་གོ་བར་བྱེད་ནུས་པ། མ་དད་པ་མེད་པ། སྙིང་རྗེ་དང་ལྡན་པ་སྟེ། མཚན་ཉིད་དྲུག་ལྡན་ལ་བཞེད། ཇོ་བོ་ཆེན་པོ་ནི། ཐེག་ཆེན་གྱི་དོན་དང་བསླབ་པའི་གནས་མཐའ་དག་སྟོན་པ་ལ་མཁས་པ། རང་ཉིད་བྱང་སེམས་ཀྱི་སྡོམ་པ་ཐོབ་ལ་མ་ཉམས་པར། སློབ་མ་ལ་སྡོམ་པ་འབོགས་པར་བྱེད་པ་ལ་སྐྱོ་དུབ་མེད་ཀྱང་དཀའ་བ་བཟོད་པ། ཟང་ཟིང་སོགས་ལ་མི་ལྟ་བའི་སྙིང་རྗེས་སློབ་མ་


TR007_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་འཛིན་ནུས་པ་སྟེ། མཚན་ཉིད་བཞི་ལྡན་དགོས་པར་གསུངས་ཏེ། བཞེད་ཚུལ་དེ་ཐམས་ཅད་དོན་གྱི་དགོངས་པ་གཅིག་ཏུ་འབབ་ཕྱིར། ཡོན་ཏན་དེ་དག་དང་ལྡན་པ་ལས་བླངས་བར་བྱ་ལ། གལ་ཏེ་བཤེས་གཉེན་དེ་ལྟ་བུ་མ་བཞུགས་པའམ། བཞུགས་ཀྱང་དེའི་སྤྱན་སྔར་འགྲོ་བ་མ་ལུས་སྲོག་དང་ཚངས་སྤྱོད་སོགས་ལ་བར་ཆད་དུ་འགྱུར་བའི་འཇིགས་པ་དང་བཅས་པ་ཞིག་ཡིན་ན། དཀོན་མཆོག་གི་རྟེན་གྱི་དྲུང་དུ་མཆོད་པའི་ཡོ་བྱད་བཟང་པོ་དང་བཅས་པས་རང་ཉིད་ཀྱིས་བླང་དུ་རུང་ཞིང་། གལ་ཏེ་ཡུལ་མཐའ་འཁོབ་ཀྱི་དབང་དུ་གྱུར་བ་ལྟ་བུས་དཀོན་མཆོག་གི་རྟེན་དག་ཀྱང་མ་འཛོམས་པར་གྱུར་ན་ནི་མདུན་གྱི་ནམ་མཁར་དཀོན་མཆོག་བསྐྱེད་པ་ལས་ཀྱང་བླ་བར་གསུང་མོད་ཀྱི། བརྙེད་ཅིང་འཛོམ་ན་ནི་དགེ་བའི་བཤེས་གཉེན་ཁོ་ན་ལས་ལེན་པར་


TR007_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། དེས་སྤང་བླང་གི་གནས་མཐའ་དག་སྟོན་ཅིང་ལུང་འབོགས་པར་བྱེད་པ་དང་། ཐེ་ཚོམ་གྱི་གནས་སེལ་ཞིང་སྡོམ་པའི་དཔང་པོ་དང་ངོ་ཚ་ཁྲེལ་ཡོད་ཀྱི་རྟེན་དུ་འགྱུར་བ་སོགས་དགོས་པ་དུ་མ་དང་ལྡན་པ་ལགས།། ༈ །།གསུམ་པ་གང་བླང་བའི་བྱང་བའི་བྱང་ཆུབ་སེམས་ཀྱི་ངོ་བོ་དེ་ཇི་ལྟ་བུ་ཞིག་ཡིན་སྙམ་ན། མངོན་རྟོགས་རྒྱན་ལས། །སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པར་འདོད་པའི་བསམ་པ་རྒྱ་ཆེ་བ་ཞིག་ཡིན་ལ། དེ་ལྟར་བྱེད་པ་ལ་རང་ཉིད་སྐྱོན་མ་དག །ཡོན་ཏན་མ་རྫོགས། ཉོན་མོངས་་པའི་འཆིང་བ་བརྒྱ་ཕྲག་གིས་བཅིངས་


TR007_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་པ་འདི་ལྟ་བུས་ན་མཁའ་མཉམ་དུ་མ་ཟད་སེམས་ཅན་གཅིག་ཙམ་ཡང་བྱང་ཆུབ་ལ་འགོད་པའི་ནུས་སྟོབས་མ་མཆིས་མོད་ཀྱི། དེ་ལྟ་བུའི་ནུས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་འབའ་ཞིག་ལས་གཞན་གང་ལ་ཡང་མི་མངའ་བས་ན། སངས་རྒྱས་ཐོབ་དགོས་ལ། གང་ཞིག་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་རང་ཉིད་འབའ་ཞིག་འཁོར་བའི་སྡུག་བསྔལ་ལ་སྐྲག་ཅིང་དེ་ལས་ཐར་བའི་བྱང་ཆུབ་འདོད་ཀྱང་། རང་དོན་ཞི་བདེའི་བསམ་པས་སངས་རྒྱས་ཀྱི་རྒྱུར་མ་གྱུར་པས་ན། འདིར་སེམས་ཅན་ཐམས་ཅད་སངས་རྒྱས་ལ་འགོད་ཕྱིར་ཐོག་མར་རང་ཉིད་བྱང་ཆུབ་ཀྱི་རྒྱུ་ལ་བཞུགས་ནས་འབད་པས་སྒྲུབས་པ་ནི་སེམས་བསྐྱེད་སྤྱིའི་དོན་ཡིན་ལ། དེའི་བྱེ་བྲག་ཏུ་གང་ཟག་བློ་ཆུང་འབྲིང་ཆེ་བའི་ཁྱད་པར་གྱིས། རང་ཉིད་སྔོན་ལ་བྱང་ཆུབ་ཀྱི་གོ་འཕང་གྲུབ་ནས་


TR007_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་གཞན་སྒྲོལ་བ་རྒྱལ་པོའམ་དེད་དཔོན་ལྟ་བུའི་སེམས་བསྐྱེད། རང་དང་སེམས་ཅན་ལྷན་ཅིག་ཏུ་ཐར་བར་འདོད་པ་གཉན་པ་ལྟ་བུའི་སེམས་བསྐྱེད། སེམས་ཅན་ཐམས་ཅད་བྱང་ཆུབ་ལ་མ་འཁོད་ཀྱི་བར་དུ་རང་ཉིད་ཐར་བའི་འདོད་པ་མི་བྱེད་པ་རྫི་བོ་ལྟ་བུའི་སེམས་བསྐྱེད་སོགས་ཀྱི་རྣམས་གྲངས་ཀྱང་ཡོད་ལ། གཞན་ཡང་སེམས་བསྐྱེད་ཀྱི་དབྱེ་བ་ལ། རང་གི་ངོ་བོས་དབྱེ་ན་ཀུན་རྫོབ་བྱང་སེམས་དང་དོན་དམ་བྱང་སེམས། ཉམས་སུ་བླངས་ཚུལ་གྱིས་དབྱེ་བ་སྨོན་པ་བྱང་སེམས་དང་འཇུག་པ་བྱང་སེམས། རྒྱུད་ལ་སྐྱེ་ཚུལ་གྱིས་དབྱེ་ན་བརྡ་ལས་ཐོས་པ་དང་ཆོས་ཉིད་ཀྱིས་ཐོས་པ་གཉིས། གང་ཟག་གི་ས་མཚམས་ཀྱི་དབྱེ་ན། ལས་དང་པོ་པ་ནས་མོས་སྤྱོད་ཀྱི་ས་ལ་གནས་རིང་ནི་མོས་པས་ཐོབ་པ་ལས་བྱུང་བའི་


TR007_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སྐྱེད། ས་དང་པོ་ནས་བདུན་པའི་བར་དུ་ལྷག་བསམ་དག་པའི་སེམས་སྐྱེད། དག་པ་གསུམ་ལ་རྣམ་པར་སྨིན་པའི་སེམས་སྐྱེད། སངས་རྒྱས་ཀྱི་སར་སྒྲིབ་པ་སྤངས་བའི་སེམས་སྐྱེད་སོགས་ཁྱད་པར་གྱི་དབྱེ་བ་དང་། སྡོང་པོ་བཀོད་པའི་མདོ་སོགས་ནས་དཔེ་དང་གྲོགས་ཀྱིས་ཕྱེས་པས་ཉེར་གཉིས་དང་བརྒྱད་ཅུ་སོགས་ཀྱི་དབྱེ་བ་ཕྲ་ཞིབ་མཐའ་ཡས་པ་གསུངས་ནའང་། དོན་གྱི་སྙིང་པོ་ནི་གཞན་དོན་དུ་སངས་རྒྱས་སྒྲུབ་པ་ཉིད་ལ་འདུ་བ་ལགས།། ༈ །།དེ་ལས་ད་ལྟ་ལག་ལེན་དུ་གདབ་པར་བྱ་རྒྱུའི་དངོས་དོན་སྨོན་པ་བྱང་ཆུབ་ཀྱི་སེམས་དང་འཇུག་པ་བྱང་ཆུབ་ཀྱི་སེམས་གཉིས་བརྡ་དང་ཆོ་ག་ལས་ཐོབ་པ་དང་། དོན་དམ་བྱང་ཆུབ་ཀྱི་སེམས་ནི་ཆོས་ཉིད་ཀྱི་ཐོབ་ཅིང་སྒོམ་སྟོབས་ཀྱི་སྐྱེ་བར་བཞེད་པ་ཡིན་ལ།། ༈ །།སྨོན་འཇུག་གཉིས་


TR007_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་མཚན་ཉིད་ལ། སློབ་དཔོན་ཞི་བ་ལྷས་ནི། འགྲོ་བར་འདོད་དང་འགྲོ་བ་གཉིས་ཀྱི་དཔེ་དོན་སྤྱོད་འཇུག་ཏུ་གསུངས་ཤིང་། བསླབ་བཏུས་སུ། སྤྱོད་པ་དང་མི་ལྡན་པ་ནི་སྨོན་པ་དང་སྤྱོད་པ་དང་ལྡན་པ་ནི་འཇུག་པར་བཞེད། སློབ་དཔོན་ཐོགས་མེད་ནི། བྱང་ཆུབ་ལ་སྨོན་ཅིང་དེ་འདོད་པ་སྟེ་འབྲས་བུ་ལ་དམིགས་པ་ནི་སྨོན་པ་དང་། བྱང་ཆུབ་ཀྱི་སྤྱོད་ལ་ཞུགས་ཏེ་ལམ་ལ་དམིགས་པ་ནི་འཇུག་པ་བྱང་སེམས་སུ་གསུངས་པ་དང་། དེ་དང་མཐུན་པར་ཇོ་བོས་ཀྱང་། སྨོན་པ་བྱང་སེམས་ནི་འབྲས་བུ་ལ་དམ་འཆའ་བ་དང་། འཇུག་པ་ནི་རྒྱུ་ལ་དམ་འཆའ་བ་ཡིན་ཞེས་གསུངས། །སློབ་དཔོན་ཀ་མ་ལ་ཤཱི་ལས། སྡོམ་པས་མ་བསྡུས་པ་སྨོན་པ་དང་སྡོམ་པས་བསྡུས་པ་ནི་འཇུག་པར་


TR007_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་སོགས། ཚིག་གི་བརྗོད་ཚུལ་སྣ་ཚོགས་ཀྱང་དོན་གྱི་དགོངས་བཞེད་ལ་ཁྱད་པར་མ་མཆིས་པ་ཉིད་ལགས་ཤིང་། ངེས་ཚིག་དང་འབྲེལ་པ་ཁྱེད་ཅག་གིས་གོ་བདེ་བའི་ཕལ་སྐད་ལྟ་བུའི་དབང་དུ་བགྱིས་ན། ཅིའི་ཕྱིར་སྨོན་པ་དང་འཇུག་པའི་མིང་དུ་བཏགས་ཅེ་ན། སངས་རྒྱས་ཀྱི་ཡོན་ཏན་མཐོང་བ་ལ་དད་པ་དང་དང་བ་སྐྱེས་ནས། བདག་དང་སེམས་ཅན་རྣམས་ཀྱང་དེ་ལྟ་བུ་ཐོབ་ན་ཅི་མ་རུང་། ཐོབ་པར་ཤོག་ཅིག་སྙམ་པའི་སྨོན་འདུན་དྲག་པོ་སྐྱེས་པ་དེ་ལ་སྨོན་པ་བྱང་སེམས་ཞེས་བྱ་སྟེ། དཔེར་ན། འོ་སྐོལ་གྱི་སྟོན་པ་འདི་ཉིད་རྫ་མཁན་ཡངས་པའི་མིག་ཅེས་བྱ་བར་སྐྱེ་བ་བཞེས་པའི་ཚེ། བདེར་གཤེགས་ཤཱཀ་ཐུབ་ཆེན་པོ་གྲོང་ཁྱེར་ལ་བསོད་སྙོམས་སུ་བྱོན་པ་དང་མཇལ་མ་ཐག་དང་བ་ཁྱད་པར་ཅན་སྐྱེས་ཏེ་


TR007_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་དལ་འབྱོར་པ་དམན་པས། །རྩྭ་ལས་བྱས་པའི་གདུགས་ཅིག་དང་། རྫའི་བུམ་པ། མཆིལ་ལྷམ་ཟུང་། ཀརྴ་པཱ་ཎ་ལྔ་དང་བཅས་པ་ཕུལ་ཏེ། །དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། ཞེས་སོགས་ཀྱིས་སྨོན་པ་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ལ་བརྟེན་ནས། སྟོན་པ་འདི་ཉིད་སངས་རྒྱས་པའི་ཚེ་མཚན་དཔེའི་སྐུ་དང་འཁོར༴ འདུས་པ་དང་སྐུ་ཚེ་སོགས་ཤཱཀྱ་ཐུབ་ཆེན་པོ་དེ་ཅི་འདྲ་བར་གྱུར་བ་ལྟ་བུ་ལགས། དེ་བཞིན་དུ། འཇུག་པའི་སེམས་བསྐྱེད༴ ཅེས་བྱ་བ་ཡང་ཇི་ལྟར་སྨོན་པའི་དོན་དེ་ཉིད་ཡིད་སྨོན་ཙམ་ལ་མི་འཇོག་པར་དེ་སྒྲུབ་པར་བྱེད་པ་ལ་གཡེལ་བ་མེད་པའི་བརྩོན་པ་དང་སྐྱོ་ངལ་མེད་པའི་སྤྲོ་བ་དང་དཀའ་བ་བཟོད་པའི་སྙིང་སྟོབས་སོགས་ཀྱིས་འབད་པ་མཐར་སོན་པ་ལ་


TR007_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། འཇུག་པའི་མིང་གིས་བརྗོད་པ་སྟེ། དེ་ལྟ་བུ་ཡང་འོ་སྐོལ་གྱི་སྟོན་པ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཚེ། འཁོར་ལོ་བསྒྱུར་བའི་རྒྱལ་པོ་རྩིབས་ཀྱི་མུ་འཁྱུད་ཅེས་བྱ་བའི་མདུན་ན་འདོན་བྲམ་ཟེ་རྒྱ་མཚོའི་རྡུལ་དུ་སྐྱེ་བ་ཞེས་པའི་ཚེ། དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་དང་བཅས་པ་ལོ་ཁྲི་ཕྲག་མང་པོའི་བར་དུ་མཆོད་པའི་ཡོ་བྱད་མཐའ་ཡས་པས་མཆོད་ཅིང་བསྙེན་བཀུར་བའི་མཐར། དགེ་བའི་རྩ་བ་རྣམས་རྒྱལ་པོ་ཉིད་ནི་འཇིག་རྟེན་གྱི་མངོན་པར་མཐོ་བའི་རྒྱུར་བསྔོ་བར་འདོད་པ་ལ། དེ་བཞིན་གཤེགས་པའི་བཀུས་བསྐུལ་ཞིང་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་ངེས་ལེགས་བྱང་ཆུབ་ཀྱི་རྒྱུ་ཁོ་ནར་ནན་གྱིས་བསྔོར་བཅུག་ཅིང་། དེ་ཚེ་སངས་རྒྱས་ཀྱིས་མཐུས་


TR007_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུའི་ཞིང་ཁམས་མཐའ་དག་རྒྱལ་བློན་བཙུན་མོ་འཁོར་བཅས་ཀྱིས་སྒྲིབ་མེད་དུ་མཐོང་བར་བྱིན་གྱིས་བརླབས་ཏེ་རང་རང་མངོན་པར་འཚང་རྒྱ་བའི་ཞིང་ཁམས་གང་ལ་མོས་པར་བྱང་ཆུབ་པའི་སྨོན་ལམ་འདེབས་སུ་བཅུག་པ་ན། རྒྱལ་པོ་རྩིབས་ཀྱི་མུ་འཁྱུད་ནི་པདྨོ་བདེ་བ་ཅན་གྱི་ཞིང་ཁམས་སུ་འཚང་རྒྱས་ཏེ་མཁའ་ཁྱབ་འགྲོ་བ་འདྲེན་པར་སེམས་བསྐྱེད་ཅིང་། དེ་བཞིན་གཤེགས་པས་ཀྱང་། རྒྱལ་པོ་ཆེན་པོ་ཁྱེད་དེང་འདིར་བདག་ཅག་རྣམས་ལོ་གྲངས་འདི་སྙེད་དུ་མཆོད་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུས། མ་འོངས་པ་ན་བདེ་བ་ཅན་གྱི་ཞིང་དུ་རྒྱལ་པོ་ཁྱོད་ཉིད་སངས་རྒྱས་འོད་དཔག་ཏུ་མེད་པར་འཚང་རྒྱ་བར་འགྱུར་རོ། །ཞེས་ལུང་བསྟན་པ་བཞིན་དུ་གྱུར་བ་དང་། སྲས་དང་བཙུན་མོ་བློན་འབངས་གཞན་ཐམས་ཅད་ཀྱིས་


TR007_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རང་རང་གང་ལ་མོས་པའི་ཞིང་ཁམས་དེ་དང་དེར་འཚང་རྒྱ་བར་སྨོན་ལམ་བཏབ་པ་དང་མཐུན་པར་དེ་བཞིན་གཤེགས་པས་ཀྱང་ལུང་སྟོན་པར་མཛད་པར་གྱུར་ཀྱང་། འོ་སྐོལ་མི་མཇེད་ཀྱི་ཞིང་འདི་ནི་ཞིང་ཁམས་གཞན་གང་ལས་ཀྱང་ངན་ཞིང་ཡིད་དུ་མི་འོང་བ། ངམ་གྲོག་དང་གཅོང་རོང་གཡང་ས་དང་རྡོ་སེག་དང་ཚེར་མ་སོགས་ཀྱིས་བཏམས་པས་མི་བདེ་བ། སྨན་ཤིང་ལོ་འབྲས་མེ་ཏོག་སོགས་ཉུང་ཞིང་མཐུ་ཞན་པ། མི་རྣམས་ཀྱང་ཚེ་དང་གཟུགས་སྟོབས་ལོངས་སྤྱོད་དམན་ལ་ཉོན་མོངས་པའི་རྦ་གློང་རབ་ཏུ་འཁྲུག་པས་འདུལ་བར་དཀའ་བའི་ཞིང་འདི་བདག་གིར་མཛད་པ་དང་འདུལ་སྤྲོ་བ་སུ་ཡང་མ་བྱུང་བ་ན། མདུན་ན་འདོན་རྒྱ་མཚོའི་རྡུལ་དེ་ཉིད་སྙིང་རྗེ་དང་བརྩོན་འགྲུས་དང་བཟོད་སྟོབས་སོགས་གཞན་ལས་རྨད་དུ་བྱུང་བའི་མཐུས། མི་མཇེད་ཀྱི་


TR007_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཁམས་འདི་འདུལ་བའི་སྐྱབས་མགོན་དུ་དམ་བཅས་པ་ལ་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོས་ཀྱང་བྲམ་ཟེ་ཆེན་པོ་ལེགས་སོ་ལེགས་སོ། །ཁྱོད་མ་འོངས་པའི་དུས་ན་མི་མཇེད་ཀྱི་ཞིང་དེར་དེ་བཞིན་གཤེགས་པ་ཤཱཀྱའི་དབང་པར་སངས་རྒྱས་ནས་རྒྱལ་བ་གཞན་གྱིས་དོར་བའི་རྨུ་རྒོད་ཀྱི་གདུལ་བྱ་རྣམས་ཚད་མེད་པའི་ཐུགས་རྗེས་འདུལ་བར་གྱུར་གྱི། དེ་ལྟ་བུའི་སེམས་བསྐྱེད་ཀྱི་དམ་བཅའ་ཟུང་ཞིག །ཅེས་བསྔགས་ཤིང་ལུང་བསྟན་པ་ལྟར། བྲམ་ཟེས་ཀྱང་གཞན་ལས་ཁྱད་པར་དུ་བྱུང་བའི་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབས་ཤིང་འཇུག་པ་བྱང་ཆུབ་ཏུ་ཐུགས་བསྐྱེད་པའི་མཐུས། འོ་སྐོལ་གྱི་སྟོན་པ་འདི་སངས་རྒྱས་གཞན་ལས་ལྷག་པའི་ཐུགས་རྗེ་དང་འཕྲིན་ལས་མཆོག་ཏུ་གྱུར་པ་ལགས་ཏེ་


TR007_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་བྱང་ཆུབ་ཀྱི་སེམས་ཞེས་པའི་ཕན་ཡོན་དང་སྒྲ་དོན་དེ་ལྟ་བུ་མཆིས་པ་ཡང་ཐུགས་ལ་ངེས་འཚལ་ཞིང་། དེ་ལྟར་འདི་ཡན་ཆད་རྣམས་ནི་སྐལ་བ་བཟང་པོ་དང་ལྡན་པ་ཁྱེད་ཅག་རྣམས་བྱང་ཆུབ་ལ་བློ་ངེས་པའི་རྒྱུ་རྐྱེན་དུ་འགྱུར་ཕྱིར་ཟབ་མོའི་གཏམ་ཆེ་ཙམ་ཞིག་སྙན་དུ་གསོལ་བ་ལགས།། ༈ །།བཞི་པ་བྱང་ཆུབ་ཀྱི་སེམས་དེ་ཉིད་ཇི་ལྟར་བླང་བའི་ཆོ་ག་དངོས་ལ། ཤིང་རྟའི་གསོལ་གཉིས་པོ་གང་ལས་བླང་ཡང་ཆོག་པ་དང་། བརྒྱུད་པའི་ཆུ་བོ་གཉིས་གཅིག་ཏུ་བསྡོམས་ནས་འབོགས་པར་མཛད་པའི་ཕྱག་བཞེད་ཀྱང་ཡོད་མོད་ཀྱི། འོན་ཀྱང་དིང་སང་གྲུབ་མཐའ་ཆོས་རྒྱུད་ཕལ་མོ་ཆེ་རྣམས་སྲོལ་གཉིས་པོ་ཐ་དད་དུ་མཛད་པ་མང་ཞིང་། སྡོམ་རྟེན་གྱི་ཁྱད་པར་སོགས་འབྱེད་བདེ་བར་སྣང་བ་དང་བཅས་པས། འདི་ཡང་


TR007_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་རྗེས་མཐུན་པའི་སྐབས་རྣམས་གཅིག་དྲིལ་དང་། དངོས་གཞིའི་ཆོ་ག་ལུགས་སོ་སོ་ལས་ཇི་ལྟར་བྱུང་བ་བཞིན་བསྟོན་པ་ལ།། ༈ །།ཐོག་མར་སྦྱོར་བའི་ཆོ་ག་ལ་གསུམ་སྟེ། སྲིད་དང་ཞི་བའི་མཐའ་སྤོང་ཞིང་ཡང་དག་བྱང་ཆུབ་དོན་དུ་གཉེར་བས་དགེ་བའི་བཤེས་གཉེན་ལ་གསོལ་བ་གདབ་པ་དང་། བྱང་ཆུབ་སྒྲུབ་པའི་བར་ཆད་བསྲུང་ཞིང་དཀོན་མཆོག་གསུམ་ལ་གུས་པས་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་རྒྱུ་ཚོགས་ཉེ་བར་སྒྲུབ་ཕྱིར་ཡན་ལག་བདུན་གྱི་སྒོ་ནས་བསོད་ནམས་མངོན་པར་འདུ་བྱ་བ་དང་གསུམ་ལས། དང་པོ་ནི། འོ་སྐོལ་རྣམས་དལ་འབྱོར་གྱི་མི་ལུས་ཙམ་ཐོབ་ཀྱང་ནམ་འཆི་ཆ་མེད་ཀྱི་ཆོས་ཅན་ཏེ། སྐྱེས་ཟིན་པ་ནས་ནམ་ཀྱང་འཆི་བ་ལ་རྟོག་སྣ་


TR007_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་ཟིན་པ་ཁོ་ན་དང་། འཆི་བ་གཅིག་པུ་ཙམ་དུ་མ་ཟད་དེ་ཁ་ཁམས་གསུམ་འཁོར་བ་ཟོ་ཆུའི་འཁྱུད་མོ་བཞིན་སྐྱེ་འཆིའི་འཁྲུལ་འཁོར་གྱི་རྒྱུན་ལ་ཆོད་པའི་དུས་ནི་མེད། གང་དང་གང་དུ་སྐྱེས་ཀྱང་འཁོར་བའི་རང་བཞིན་ནི་སྡུག་བསྔལ་འབའ་ཞིག་ལས་བདེ་བའི་གོ་སྐབས་སྐྲ་རྩེའི་ཁྱོན་ཙམ་ཡང་མེད་དོ། །ངན་སོང་གསུམ་དུ་སྐྱེས་ན་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཏེ་བཟོད་པའི་གླགས་མེད། མཐོ་རིས་སུ་སྐྱེས་པ་རྣམས་ཀྱང་འགྱུར་བའི་སྡུག་བསྔལ་གྱི་གྲབས་སུ་ཆུད་ཆུད་པ། ཁམས་གོང་མའི་ལྷར་སྐྱེས་ན་ནི་འདུ་བྱེད་ཀྱི་སྡུག་བསྔལ་ས་བོན་དུ་ཐེབས་ཐེབས་པའི་ཆོས་ཉིད་ཡིན་ཕྱིར་ནམ་དུའང་ཁམས་གསུམ་མཐའ་དག་སྡུག་བསྔལ་གྱི་རྒྱུ་དང་གནས་དང་རྟེན་དང་འབྱུང་ཁུངས་ལས་མ་འདས་པ་ན། དེ་ལྟར་མ་རིག་པར་སྡུག་བསྔལ་བ་ལ་བདེ་བར་འཁྲུལ། མི་རྟག་པ་ལ་


TR007_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པར་རེ། མི་བདེན་པ་ལ་བདེན་པར་འཛིན་ཏེ། ད་དུང་འཁོར་བའི་སྡུག་བསྔལ་སྒྲུབ་མ་ཐུབ་ཀྱི་དོགས་པ་ལྟ་བུས་རང་ཕུང་རང་གིས་བསྒྲུབ་པ་འདི་ཁམས་གསུམ་སེམས་ཅན་ཀུན་གྱི་མཚན་ཉིད་དུ་གདའ་བ་འདི་ལ་ཞེན་ཆགས་ཀྱི་བློ་གཏན་ནས་སྤོང་བ་གལ་ཆེ་སྟེ། ཡབ་སྲས་མཇལ་བའི་མདོར། འཁོར་བའི་སྡུག་བསྔལ་མཐོང་བ་ན། །སྐྱོ་བའི་སེམས་ནི་རབ་ཏུ་བསྐྱེད། ཁམས་གསུམ་བརྩོན་རར་འཇིགས་པ་དང་། །བརྩོན་པའི་སེམས་ནི་སྤོང་བར་བྱ། །ཞེས་པ་བཞིན་འབད་དགོས་པ་དང་། ཡང་། སྲིད་པའི་སྡུག་བསྔལ་ལས་ཐར་རུང་ཞི་བ་མྱང་འདས་ཕྱོགས་གཅིག་པར་ཞེན་དུ་མི་རུང་སྟེ། སྲིད་པའི་སྡུག་བསྔལ་མཐོང་བ་ལ་སྐྱོ་སྟེ་རང་ཉིད་འབའ་ཤིག་ཐར་བ་ཙམ་ཞིག་དོན་དུ་


TR007_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་བས་ནི་ཉན་རང་གི་བྱང་ཆུབ་འགྲུབ་ཀྱང་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་མི་ཉེ་སྟེ། སློབ་དཔོན་ཨཱརྱ་དེ་ཝས། །བསམ་གཏན་ནགས་མེས་ཡང་དང་ཡང་དུ་ནི། །ཉོན་མོངས་ཚང་ཚིང་བསྲེགས་པར་གྱུར་ན་ཡང་། །བདག་ལྟའི་རྩ་བ་བརྟན་པོ་མ་སྤོངས་པས། ཆར་གྱིས་བརླན་བཞིན་མདོ་ལ་རབ་ཏུ་སྐྱེ། ཞེས་པ་བཞིན་འགྱུར་བ་དང་། ཁྱད་པར་དུ་ནམ་མཁའ་གར་ཁྱབ་ཀྱི་འགྲོ་བ་མཐའ་དག་པ་རྣམས་བདག་ཉིད་ཀྱི་ཕ་མ་དྲིན་ཅན་མ་བྱས་པ་ནི་སུ་ཡང་མེད། དེ་ཡང་ལན་གྲངས་གཅིག་ཙམ་འགའ་ཙམ་བྱས་པ་ལྟ་བུ་མ་ཡིན་ཏེ། འཁོར་བ་ཐོག་མེད་ནས་ད་ལྟ་ཡན་ཆད་དུ་རྒྱུན་མ་ཆད་པར་བྱས་པའི་གྲངས་ནི་མཐའ་ཡས་པ་འདི་དག་བྱང་ཆུབ་ཀྱི་གོ་འཕང་


TR007_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ལ་འགོད་པ་ལས་གཞན་པ་ཐབས་གང་གིས་ཀྱང་དྲིན་ལན་འཁོར་མི་ནུས་ཤིང་། འདོར་དུ་ཡང་རུང་བ་མ་ཡིན་ཏེ། སློབ་སྤྲིངས་ལས། །ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་པ། །གློང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། ཅེས་གསུངས་པ་བཞིན། གྲངས་ཅིང་མཐའ་ཡས་པའི་ཕ་མ་སེམས་ཅན་འདི་དག་བདག་ཅག་གིས་འདྲེན་པའི་གཉེར་བབས་པ་ལགས་ཤིང་། དེ་ལྟར་བྱ་བ་ལ་རང་ཉིད་སྲིད་དང་ཞི་བའི་མཐའ་ལ་མི་གནས་པའི་མྱང་འདས་དམ་པ་ཐོབ་དགོས་ལ། དེ་ཐོབ་པའི་རྒྱུ་དང་ཐབས་ཀྱི་གཙོ་བོ་ནི་བྱང་ཆུབ་


TR007_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་རིན་པོ་ཆེ་འདི་ཁོ་ན་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ནི་སྙིང་རྗེའི་རྩ་བ་ཅན། བྱང་ཆུབ་སེམས་ཀྱི་རྒྱུ་ལས་བྱུང་བ། ཐབས་ཀྱི་མཐར་ཕྱིན་པར་བྱས་པའོ། །ཞེས་པ་ཉིད་འབད་པས་བསྒྲུབ་དགོས་ཕྱིར་དེ་ལྟ་བུའི་བསམ་པ་ཁྱད་པར་ཅན་དང་ལྡན་པར་མཛད་ནས་བྱང་ཆུབ་ཀྱི་སེམས་དེ་ཉིད་ཁྱོད་ཀྱི་རྒྱུད་ལ་མ་ཐོབ་པ་ཐོབ་པར་བྱ་བ་དང་། མ་རྟོགས་པ་རྟོགས་པར་བྱ་བ་དང་། མ་སྨིན་པ་སྨིན་པར་བྱ་བའི་ཕྱིར་སློབ་དཔོན་ལ་གསོལ་བ་གདབ་དགོས་ཏེ། བདག་པོའི་རྐྱེན་ནི་འདི་ལ་རག་ལས་པའི་ཕྱིར་རོ། ཇི་སྐད་དུ། སྡོང་པའི་བཀོད་པའི་མདོར། ནོར་བཟང་ལ་འཇམ་དཔལ་གྱི་བཀའ་སྩལ་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཐབས་ཡང་དག་པའི་དགེ་བའི་བཤེས་གཉེན་


TR007_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གདོན་མི་ཟ་བར་རྟོགས་པར་གྱིས་ཤིག །ཅེས་སོགས་རྒྱ་ཆེར་གསུངས་ལ། དེ་ལྟར་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་ལ་ཐ་མལ་པའི་འདུ་ཤེས་ཀྱིས་ནི་བྱང་ཆུབ་ཀྱི་སེམས་རྒྱུད་ལ་མི་སྐྱེ་བས་ན། སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་དགོས་པར་ནི། ཇི་སྐད་དུ། །ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། ཅེས་སོགས་དང་། །གང་ལ་མོས་པའི་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། ཅེས་པ་ལྟར་ཡིན་པས་ན། བདག་སློབ་དཔོན་ལ་སྟོན་པ་སངས་རྒྱས་དངོས་ཡིན་སྙམ་དུ་མོས་པ་ཐུན་མོང་མ་ཡིན་པ་མཛད་ནས། ཁྱེད་ཅག་རང་རང་སོ་སོའི་ལུས་ལོངས་སྤྱོད་གཏན་འདུན་ཐམས་ཅད་མཆོད་པའི་མཎྜལ་དུ་འབུལ་བའི་འདུན་པ་དང་བཅས་པས། ཕྱག་ཐལ་མོ་


TR007_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བའི་བར་དུ་མེ་ཏོག་སིལ་མ་ཐོགས་ནས་གསོལ་བ་གདབ་པའི་ཚིག་འདི་རྗེས་བཟློས་སུ་མཛད་པར་ཞུ།། ༈ །།སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས། དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་རང་རང་གི་མིང་བརྗོད་དེ་ཞེས་བགྱི་བ་ཡང་། སློབ་དཔོན་གྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མཛད་དུ་གསོལ། དེ་ལྟར་གསོལ་བ་གདབ་པ་ལན་གསུམ་པའི་མཐར་ཕྱག་ཏུ་བསྣམས་པའི་མེ་ཏོག་སིལ་མ་རྣམས་སློབ་དཔོན་གྱི་ཕྱོགས་སུ་འཐོར་བར་མཛད་དེ། སྔོན་འོ་སྐོལ་གྱི་སྟོན་པ་


TR007_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བྲམ་ཟེའི་ཁྱིའུ་སྤྲིན་དུ་སྐྱེ་བ་བཞེས་ཚེ་རྒྱལ་མཆོག་མར་མེ་མཛད་ཀྱི་སྤྱན་སྔར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ན། མེ་ཏོག་ཨུཏྤ་ལ་ལྔ་ཞིག་དད་པའི་སེམས་ཀྱིས་གཏོར་བ་ལས་ཨུཏྤ་ལ་དཔག་ཏུ་མེད་པར་གྱུར་པ་རྣམས་རྒྱལ་བའི་དབུའི་སྟེང་དུ་ཨུཏྤ་ལའི་ཁང་རྩེགས་ཆེན་པོར་གྱུར་ཏེ། བྲམ་ཟེའི་བསོད་ནམས་ཀྱི་ཚོགས་མངོན་པར་འཕེལ་ཞིང་བྱང་ཆུབ་ཏུ་ལུང་སྟོན་པ་དེ་བཞིན་དུ་གྱུར་པའི་མོས་པ་མཛད་པར་ཞུ།། ༈ །།གཉིས་པ་བྱང་ཆུབ་ལ་བར་དུ་གཅོད་པ་བསྲུང་ཞིང་སྐྱབས་སུ་འགྲོ་བ་ནི། དེ་ཡང་སྤྱིར་བར་དུ་གཅོད་པ་པོ་ནི་མི་དང་མི་མ་ཡིན་པའི་བདུད་ཀྱི་བྱེ་བྲག་ལ་བཏགས་མོད་ཀྱང་། སྐབས་འདིར་ནི་མཁའ་མཉམ་གྱི་འགྲོ་བ་ཐམས་ཅད་ཕ་མའི་རང་བཞིན་དུ་གྱུར་བདུད་དང་བདུད་ཀྱི་བར་ཆད་


TR007_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཛིན་རྒྱུའི་དངོས་པོས་དབེན་ལ། སྲུང་བ་ཐམས་ཅད་ཀྱི་ནང་ནས་བྱང་ཆུབ་སེམས་ཀྱི་གོ་ཆ་ནི་སྲུང་བའི་མཆོག་ཡིན་ཕྱིར་གཞན་ལ་དགོས་ལ། འོན་ཀྱང་བྱང་ཆུབ་ལས་ཕྱིར་ལྡོག་པའི་བློ་མ་རུངས་པ་སྐྱེས་ན་བྱང་ཆུབ་ཀྱི་གེགས་སུ་བྱེད་པས། དེ་བསྲུང་བ་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཉིད་ཆེད་དུ་མངགས་པ་ནི་དེ་ཉིད་ཀྱི་སྨོན་ལམ་གྱི་མཐུ་ཡིན་ཕྱིར། དེས་ན་འོ་སྐོལ་རྣམས་གནས་པའི་སྣང་ཡུལ་འདི་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་ནམ་མཁའི་ཁམས་ཁྱབ་པ་གཅིག་གི་ནང་ཁོངས་སུ་ཆུད་པར་བསམ་པ་མཛད་འཚལ་ཏེ། སྤྱན་རས་གཟིགས་དབང་ཕྱུག་ལ་བརྟེན་པ་ནི་ཐ་ན་བ་བུའི་ཁུངས་བུ་གཅིག་ལ་བརྟེན་པ་ཡང་བདུད་དང་བདུད་ཀྱི་རིགས་སུ་གཏོགས་པ་བྱེ་བ་དུང་ཕྱུར་གྱིས་ཀྱང་གཡོ་བར་


TR007_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནུས་སོ། །ཞེས་ཐུགས་རྗེ་ཆེན་པོ་པད་མ་ཅོད་པཎ་གྱི་རྒྱུད་དང་པུནྡྷ་རཱི་ཀའི་མདོ་སོགས་ལས་གསུངས་པས་ན་སྲུང་འཁོར་གྱི་མཆོག་ཏུ་གྱུར་བ་ལགས།། ༈ །།དེ་ནས་སྐྱབས་སུ་འགྲོ་བ་ལ་སྤྱི་དང་ཁྱད་པར་གཉིས་ལས། སྤྱིར་ནི་ཕྱི་པ་མུ་སྟེགས་པ་དང་ནང་པ་སངས་རྒྱས་པ་གཉིས་པོ་སྐྱབས་འགྲོ་ཁོ་ནས་ཀྱང་བྱང་ཆུབ་ཀྱི་ལམ་དུ་འགྲོ་མི་འགྲོའི་ཁྱད་པར་གྱུར་བ་དང་། ནང་པ་སངས་རྒྱས་པ་ལའང་ཐེག་པ་གསུམ་ག་སྐྱབས་འགྲོ་ལ་བརྟེན་དགོས་པར་ནི། །མགོན་པོ་བྱམས་པས་རྒྱུད་བླ་མར། །སྟོན་པ་བསྟན་པ་སློབ་དཔོན་གྱི། །ཐེག་པ་གསུམ་དང་བྱེད་པ་གསུམ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། ཞེས་གསུངས་པ་བཞིན། སྟོན་པ་སངས་རྒྱས། བསྟན་པ་དམ་ཆོས་


TR007_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་དགེ་འདུན་ཏེ། དཀོན་མཆོག་གསུམ་ལ་མོས་པས་སྐྱབས་གནས་སུ་བྱེད་པ་ནི་ཉན་རང་བྱང་སེམས་ཀྱི་ཐེག་པ་གསུམ་པོ་སྤྱིར་མཐུན་ཡང་། བྱེ་བྲག་ཏུ་ཐེག་པ་ཆེ་ཆུང་ལ་སྐྱབས་འགྲོའི་ཡུལ་དང་དུས་དང་བསམ་པའི་ཁྱད་པར་ཐ་དད་པ་སྟེ་ཐེག་དམན་པ་གཉིས་པོ་ཡུལ་ནི་སངས་རྒྱས་མཆོག་གི་སྤྲུལ་པ་སྐུ། ཆོས་ཐུན་མོང་གི་ལུང་རྟོགས། དགེ་འདུན་ཉན་རང་གི་དགྲ་བཅོམ་པ་རྣམས་ལ་འདོད་ཀྱང་། ཐེག་ཆེན་དུ་དེ་ཐམས་ཅད་འདུས་བྱས་ཀྱི་མཚན་ཉིད་ཅན་ཏེ། གཏན་གྱི་སྐྱབས་གནས་མ་ཡིན་པ་དང་། བསམ་པ་ཡང་ཉན་རང་གཉིས་པོ་རང་ཉིད་ཞི་བདེ་དོན་གཉེར་དང་། དུས་ཀྱང་ཇི་སྲིད་འཚོ་བར་ལས་མེད་ཚེ་བྱང་ཆུབ་ཀྱི་རྒྱུ་དང་། སེམས་ཅན་གྱི་དོན་མ་ཡིན་པས་འདིར་མི་བཞེད་ལ་ཐེག་པ་ཆེན་པོ་འདི་ནི་བླ་མེད་བྱང་ཆུབ་ཏུ་འགྲོ་ཀུན་སྒྲོལ་བའི་ཤིང་རྟ་


TR007_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཡིན་ཕྱིར། ཤེར་ཕྱིན་སྡུད་པ་ལས་ཀྱང་། དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། དགའ་སྐྱིད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག་ཅེས་གསུངས་པ་ཉིད་ཡིན་པས་ན་སྐྱབས་འགྲོ་ཡང་ཐུན་མོང་མ་ཡིན་པ་ཁྱད་པར་ཅན་གྱི་དོན་དང་ལྡན་པ་ལགས་ཏེ། དེ་ཡང་། །ཡུལ་ནི་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད། ཆོས་ཐེག་ཆེན་གྱི་ལུང་རྟོགས། དགེ་འདུན་པ་ཆེན་པོ་ལ་བཞུགས་པའི་བྱང་སེམས་འཕགས་ཚོགས་རྣམས་ལ། དུས་བྱང་ཆུབ་སྙིང་པོའི་བར་དུ། བསམ་པ་མཁའ་ཁྱབ་ཀྱི་སེམས་ཅན་ཡོད་དོ་ཅོག་སངས་རྒྱས་ཀྱི་གོ་འཕང་ལ་འགོད་ཕྱིར་དུ་སྐྱབས་སུ་འགྲོ་བ་ཡིན་པས་ཁྱད་པར་དུ་འཕགས་པ་སྟེ། དེ་ལྟ་བུའི་ཁྱད་དོན་རྣམས་ཁྱེད་ཅག་སོ་སོའི་


TR007_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ལ་ངེས་པར་མཛད་ནས། འོ་སྐོལ་གྱི་མདུན་འདིར་སྐུ་གསུང་ཐུགས་རྟེན་དངོས་སུ་བཤམས་པ་འདི་དག་མཚོན་བྱེད་དུ་བགྱིས་ནས། ནམ་མཁའི་ཁམས་འདིར་པདྨ་ཉི་ཟླའི་གདན་ཡངས་ཤིང་རྒྱ་ཆེ་བའི་སྟེང་ན་ཁྱད་པར་གྱི་སྐྱབས་ཡུལ་ཐེག་ཆེན་གྱི་དཀོན་མཆོག་མ་ལུས་པ་སྤྲིན་ཕུང་འཁྲིག་པ་ལྟར་ཁྲ་ལམ་མེ་མངོན་སུམ་དུ་བཞུགས་པར་མོས་པ་དང་། བདག་སློབ་དཔོན་ལ་ཡང་ཐ་མལ་པའི་སྣང་བ་མ་མཛད་པར། སྐུ་བྱང་སེམས་ཀྱི་དགེ་འདུན། གསུང་ཐེག་ཆེན་གྱི་དམ་ཆོས། ཐུགས་སངས་རྒྱས་ཆོས་ཀྱི་སྐུའི་ངོ་བོར་མོས་པའི་ངང་ནས། རང་གཞན་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་ཕྱིར་ཁ་ཙམ་ཚིག་ཙམ་མ་ཡིན་པར་སྙིང་ཐག་པ་ནས་སྐྱབས་སུ་མཆིའོ། །བྱང་ཆུབ་མ་ཐོབ་ཀྱི་བར་དུ་


TR007_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེས་བཟུང་ཞིག་སྙམ་པའི་དད་གུས་ཀྱི་གདུངས་བགས་བསྐྱེད་དེ་ཐལ་མོ་སྦྱར་ནས་སྐྱབས་འགྲོའི་ཚིག་འདི་དག་གི་རྗེས་ཟློས་མཛད་པར་ཞུ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་རྣམས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཞི་བ་མྱ་ངན་ལས་འདས་པ་དོན་དམ་པའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་


TR007_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

མཆིའོ། ཞེས་ལན་གསུམ་བརྗོད་ཅིང་མེ་ཏོག་འཐོར་དུ་བཞུག་གོ།། ༈ །།དེ་ལྟར་སྐྱབས་སུ་འགྲོ་བའི་སྡོམ་པ་འདི་ལྟ་བུ་བླངས་ཤིང་ཐོབ་པའི་ཕན་ཡོན་དཔག་ཏུ་མེད་དེ། དེ་ཐམས་ཅད་ཇོ་བོས་དོན་བརྒྱད་དུ་བསྡུས་ནས་གསུངས་པ་རྣམས་གོ་བདེ་བའི་ཕྱིར་བརྗོད་ན། དཀོན་མཆོག་གསུམ་སྐྱབས་སུ་སོང་བ་ཙམ་གྱིས་ནང་པ་སངས་རྒྱས་པ་ཁྱུར་ཆུད་པས་དཀོན་མཆོག་གིས་ཐུགས་རྗེས་ཟིན་པ་དང་། བསླབ་སྡོམ་མཐའ་དག་གི་གཞི་རྟེན་དུ་འགྱུར་བ་དང་། མི་དང་མི་མ་ཡིན་གྱི་གནོད་འཚེ་མཐའ་དག་ལས་སྐྱོབས་ཅིང་བསྲུང་བ་དང་། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཟད་པར་བྱེད་པ་དང་། བསོད་ནམས་ཀྱི་ཚོགས་རྒྱ་ཆེར་འཕེལ་བ་དང་། ཚེ་འཕོས་པ་ན་ངན་འགྲོ་ངན་སོང་ལོག་པར་ལྟུང་བར་མི་འགྱུར་བ་དང་། ལམ་གྱི་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་དང་། བླ་ན་མེད་པའི་བྱང་ཆུབ་ཏུ་ཚང་རྒྱ་


TR007_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་བ་སྟེ། སྐྱབས་འགྲོ་ཁྱད་པར་ཅན་གྱི་ཕན་ཡོན་ནི་དེ་ལྟ་བུ་འབྱུང་བ་ལགས།། ༈ །།དེ་ལྟར་སྐྱབས་སུ་འགྲོ་བའི་སྡོམ་པ་ཐོབ་ནས། དེའི་བསླབ་བྱ་དང་བསྲུང་བྱའི་གནས་རྣམས་ལ་སློབ་དགོས་ཏེ། དེ་ལ་མཆོག་གསུམ་སོ་སོའི་བསླབ་བྱ་དྲུག་དང་། ཐུན་མོང་གི་ལྔ་ཡོད་པ་རྣམས་ཐུགས་རྒྱུད་ལ་ངེས་པར་བྱས་ནས་སྤང་བླང་ཚུལ་བཞིན་སྒྲུབ་འཚལ་ཏེ། དེ་དག་གང་ཞེ་ན། དེ་ཡང་སངས་རྒྱས་ལ་སྐྱབས་སུ་སོང་ནས་ནི་འཇིག་རྟེན་གསུམ་ན་དེ་ལས་ལྷག་པའི་སྐྱབས་གནས་གང་ཡང་མ་མཆིས་པའི་ཕྱིར། འཇིག་རྟེན་གྱི་ལྷ་ཚངས་པ་བརྒྱ་བྱིན་ཕྱྭ་དང་དབང་ཕྱུག་སོགས་ནས། རང་རང་གི་ཕོ་ལྷ་དགྲ་ལྷ་ཡུལ་ལྷ་སོགས་གང་ལ་ཡང་སྐྱབས་གནས་མི་རེ། ཆོས་ལ་སྐྱབས་སུ་སོང་ནས་དམ་པའི་ཆོས་ནི་ཐོག་མཐའ་བར་དུ་


TR007_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་རང་བཞིན་ཡིན་པས་དེ་ལས་སྐྱབས་སུ་བྱས་ནས་ནི་སེམས་ཅན་ལ་གནོད་འཚེ་བྱེད་ན་སྡིག་པ་ཆེན་པོ་ཆེར་འགྱུར་བས་གཏན་ནས་སྤང་། དགེ་འདུན་ལ་སྐྱབས་སུ་སོང་ནས་གྲོགས་ཚང་པ་མཚུངས་པར་སྤྱོད་པའམ། ལྟ་བ་མཐུན་པ། སྤྱོད་པ་མཐུན་པ། སྐྱབས་གནས་མཐུན་པ་དང་འགྲོགས་དགོས་ཀྱི། དཀོན་མཆོག་ལ་སྐྱབས་སུ་མི་འཛིན་པ། ལྟ་བ་ལོག་པ། སྒྱུ་འབྲས་ལ་མི་བརྩི་བ་སྡིག་པ་སྤྱོད་པའི་གྲོགས་ལ་བསྟེན་པར་མི་བྱའོ། །དེ་ལྟར་དགག་པའི་བསླབ་བྱ་གསུམ་བསྟན་ནས། །གཉིས་པ་བསྒྲུབ་པའི་བསླབ་བྱ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ཕྱིན་ཆད་ནས་བདེ་བར་གཤེགས་པའི་སྐུ་གཟུགས་མཆོད་རྟེན་གྱི་རིགས་བྲིས་འབུར་ཆེ་ཆུང་ལེགས་མི་ལེགས་ཅི་ལྟ་བུ་ཞིག་སྣང་ཡང་ཕྱག་མཆོད་བཀུར་བསྟི་


TR007_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་གཏོགས་སུ་གང་འགྱུར་ལ་འབད་པ་མ་གཏོགས། བཤིག་བཅོ་བཅག་གྲུག་བརྡེག་བསྐྱུར་འགོགས་གཡུག་སོགས་མི་བྱ། བཙོངས་པའི་རིན་མི་ཟ། བུ་ལོན་གྱི་གཏའ་མར་བྱེད་པ་དང་རྩེ་མོའི་ཡོ་བྱད་དུ་བཀོལ་བ་སོགས་དཀོན་མཆོག་ལ་བརྙས་པར་འགྲོ་བའི་རིགས་སྤུ་ཙམ་མི་བྱ་བར་གུས་པར་བྱ། ཆོས་ལ་སྐྱབས་སུ་སོང་ནས་དམ་པའི་ཆོས་ཀྱི་རྟེན་ཡི་གེ་འབྲུ་གཅིག་ཡན་ཆོད་ལ་སྒྲིབ་པ་མི་གསོག་ཅིང་ཕྱག་མཆོད་བཀུར་སྟི་བྱ་ཚུལ་གོང་བཞིན་དང་། ཐེག་པ་དང་གྲུབ་མཐའ་ཆོས་ལུགས་གང་ལའང་སྐུར་པ་མི་གདབ་ཅིང་དག་སྣང་སྦྱང་། དགེ་འདུན་ལ་སྐྱབས་སུ་སོང་ནས་ངུར་སྨྲིག་གི་རྟགས་ཙམ་འཆང་བ་ཡན་ཆོད་ལ་འཕགས་པའི་དགེ་འདུན་དཀོན་མཆོག་ཏུ་འདུ་ཤེས་བསྐྱེད་ནས་གུས་པས་བཀུར་སྟི་བྱ་


TR007_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། བསྟན་པའི་སྒོར་བཞུགས་སོ་འཚལ་ལ་ལོག་བལྟ་ཆགས་སྡང་ཀུན་སློང་སྤང་ནས་ཅི་ནུས་ཀྱི་ཞབས་ཏོག་སྒྲུབས། ཁྱད་པར་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གང་ཟག་ནི་ཁྱིམ་པའམ་རབ་ཏུ་བྱུང་བ་རྟགས་དང་ཆ་ལུགས་ཇི་ལྟ་བུར་སྣང་ནའང་ཐེག་པ་ཆེན་པོའི་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་བསྐྱེད་ཅིང་གུས་པར་བྱའོ།། ༈ །།དེ་ལྟར་དཀོན་མཆོག་སོ་སོའི་བསླབ་བྱ་བསྟན་ནས། དེ་རྣམས་ཐུན་མོང་གི་བསླབ་བྱ་ལྔ་ནི། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་རྣམས། རྣམ་པ་ཐམས་ཅད་དུ་ནོར་གྱི་བྱ་དགའ་ཆེན་པོའི་ལུས་དང་སྲོག་གི་ཕྱིར་ཡང་དཀོན་མཆོག་གསུམ་གྱི་སྤང་། དགོས་དོན་གལ་པོ་ཆེ་ཅི་ལྟ་བུ་ལ་ཐུགས་ཀྱང་དཀོན་མཆོག་ལ་གདབ་པ་ལས་ཐབས་གཞན་མི་བཙལ། ཕྱོགས་གང་དུ་འགྲོ་ཡང་ཕྱོགས་དེར་བཞུགས་པའི་སངས་རྒྱས་ཀྱི་ཞིང་ཁམས་ལ་


TR007_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བྱ་ཞིང་སྐྱབས་འགྲོ་དང་གསོལ་བ་གདབ་སྟེ། ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཀྱི་ཞིང་གི་མ་ཁྱབ་པའི་ཕྱིར་རོ། །དུས་དང་དུས་ཀྱི་མཆོད་པ་ཅི་ནུས་དང་། ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་དཀོན་མཆོག་མཆོད་ཅིང་། ནང་ནུབ་ཐམས་ཅད་དུ་སྐྱབས་སུ་འགྲོ་བའི་ཉམས་ལེན་སྤེལ་སྦྱང་ལ་འབད་རྩོལ་དུ་བྱ་བ་སྟེ། དེ་ལྟར་སྐྱབས་འགྲོའི་བསླབ་བྱ་དང་དམ་ཚིག་དེ་དག་བློ་ངེས་ཤིང་ལག་ལེན་དུ་ཐེབས་པར་མཛད་དགོས་པ་ལགས།། ༈ །།སྦྱོར་བའི་ཆོས་གསུམ་པ་བསོད་ནམས་ཀྱི་ཚོགས་བསགས་པའི་རིམ་པ་ནི། དེ་ཡང་ཁྱེད་ཅག་སྔོན་གྱི་ཚེ་རབས་མང་པོའི་གོང་ནས་ཀྱང་བསོད་ནམས་བསགས་པའི་འབྲས་བུས་ད་ལྟ་བྱང་ཆུབ་ཀྱི་རྒྱུ་དང་ལམ་ལ་མོས་ཤིང་ཞུགས་པའི་སྐལ་བ་ཅན་དུ་གྱུར་མོད་ལ། དེང་ཡང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་


TR007_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བར་བྱེད་པ་ཡང་བསོད་ནམས་མངོན་པར་འདུ་བྱ་བ་ཉིད་གལ་ཆེ་བས་ན། ཡན་ལག་བདུན་གྱི་སྒོ་ནས་ཚོགས་བསགས་པར་བྱ་སྟེ། དེ་ལ་བསོད་ནམས་མ་ཡིན་པའི་ལས་གང་བགྱིས་པའི་གཉེན་པོར་བསོད་ནམས་ཀྱི་ཡན་ལག་སོ་སོ་ལ་འབད་པ་སྟེ། ཉོན་མོངས་པ་ང་རྒྱལ་གྱི་དབང་གིས་ཡུལ་ཁྱད་པར་ཅན་ལ་མ་གུས་པའི་གཉེན་པོར་ཕྱག་འཚལ་བ་དང་། འདོད་པ་དང་སེར་སྣའི་སྐྱོན་གྱིས་མཆོད་འོས་ལ་བསྙེན་ཅིང་བཀུར་བར་མ་བྱས་པའི་གཉེན་པོར་མཆོད་པ་འབུལ་བ་དང་། ཐོགས་མེད་ནས་བག་ཆགས་ངན་གོམས་གྱི་སྐྱོན་ལས། བྱ་བར་མི་རུང་བའི་ལས་ངན་བགྱིས་པའི་གཉེན་པོར་སྡིག་པ་བཤགས་པ་དང་། །ཕྲ་དོག་གི་མཐུས་གཞན་གྱི་ཡོན་ཏན་ལ་སྨོད་ཅིང་དགེ་བ་ལ་བར་ཆོད་བྱས་པའི་གཉེན་པོར་རྗེས་སུ་ཡི་རངས་


TR007_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པ་གཏི་མུག་གི་དབང་གིས་དམ་པའི་ཆོས་སྤངས་པའི་གཉེན་པོར་ཆོས་འཁོར་བསྐུལ་བ་དང་། ཞེ་སྡང་དང་གནོད་སེམས་ཀྱི་སྐྱོན་གྱིས་སྐྱེས་བུ་དམ་པ་ལ་བསམ་སྦྱོར་ལོག་པ་བྱས་པའི་གཉེན་པོར་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ། དགེ་རྩ་ལ་ཡིད་མི་ཆེས་པ་དང་། ལོག་མིན་དུ་བསྔོས་པའི་གཉེན་པོར་དགེ་བ་བྱང་ཆུབ་ཆེན་པོར་བསྔོ་བ་སྟེ། བདུན་པོ་འདི་བསོད་ནམས་གསོག་པའི་ཐབས་མ་ལུས་པ་འདུ་ཞིང་བྱང་ཆུབ་དུ་སེམས་བསྐྱེད་པའི་མཐུན་རྐྱེན་མཆོག་ཏུ་གྱུར་པ་ལགས་པས། དེས་ན་ཚོགས་ཀྱི་ཞིང་དང་རྟེན་དུ་གྱུར་པ་ནི་དངོས་སུ་བཤམས་པའི་དཀོན་མཆོག་གི་རྟེན་ཁྱད་པར་ཅན་རྣམས་དང་། ཡིད་ཀྱིས་གསལ་བའི་རྟེན་མདུན་གྱི་ནམ་མཁར་དཀོན་མཆོག་


TR007_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་རྣམས་དང་གཞན་ཡང་བླ་མ་སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་ཆོས་སྲུང་གི་ཚོགས་མ་ཚང་བ་མེད་པར་བཞུགས་པའི་མོས་པ་མཛད། དེ་ཙམ་དུ་མ་ཟད་དེ་ཕྱོགས་བཅུ་མཐའ་ཡས་པའི་སངས་རྒྱས་ཀྱི་ཞིང་གངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་རེ་རེའི་ཁྱོན་ལ་ཡང་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་བཞུགས་པའི་ཚུལ་ནི་འོ་སྐོལ་པོ་སྐྱེའི་བློས་དཔག་ཅིང་གཞལ་བའི་ཡུལ་དུ་མ་གྱུར་ལ། ཞིང་ཁམས་དེ་ཐམས་ཅད་ཀྱི་རྒྱལ་བ་སྲས་བཅས་ཀུན་གྱིས་མི་མཁྱེན་མི་གཟིགས་པ་ནི་སྐྲ་རྩེ་བརྒྱར་བཤག་པའི་ཆ་ཙམ་ཡང་མི་སྲིད་པ་ན། དེ་ཐམས་ཅད་ལ་ཕྱག་མཆོད་དང་ཡན་ལག་བདུན་པ་འབུལ་བའི་ཡུལ་དུ་ཉེ་བར་དམིགས་པ་དང་།། ༈ །།ཇི་ལྟར་འབུལ་བའི་ཐབས་ཀྱི་དང་པོར། ཁྱེད་ཅག་རང་རང་གི་ལུས་


TR007_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གཅིག་པུ་མ་ཡིན་པར་རང་ཉིད་ཅི་ལྟ་བུའི་ཕྱག་འཚལ་བ་སོ་བྱེ་བ་གྲངས་མང་པོ་ཡིད་ཀྱིས་སྤྲུལ་པ་དང་། མཁའ་མཉམ་གྱི་སེམས་ཅན་ཀུན་ཀྱང་ལྷན་གཅིག་གུས་པས་ཕྱག་འཚལ་བར་དམིགས་ལ། འདི་སྐབས་ཡན་ལག་བདུན་གྱི་འདོན་ཆ་ནི་དིང་སང་ཕལ་ཆེར་སྤྱོད་འཇུག་གི་གཞུང་བཞིན་མཛད་སྲོལ་མང་ནའང་། འདིར་ནི་རྒྱལ་བ་གྲངས་མེད་པའི་སྐུ་དང་ཞིང་ཁམས་ཀྱི་ཡོན་ཏན་གང་གིས་བ་སྤུའི་ཁུངས་གཅིག་ལ་རྫོགས་པའི་གོ་འཕང་བརྙེས་ཀྱང་སེམས་དོན་དུ་བྱང་སེམས་ཀྱི་ཚུལ་བསྟན་ནས་སྨོན་ལམ་བདེན་པ་ལ་མངའ་མཛད་པ་འཕགས་པ་ཀུན་ཏུ་བཟང་པོས་གསུངས་པ་བཞིན་བྱ་སྟེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་ཕྱོགས་བཅུའི་ཞིང་ཁམས་ནམ་མཁས་གང་ཁྱབ་ན་བཞུགས་པའི་རྒྱལ་བ་སྲས་བཅས་ཐམས་ཅད་ལ་


TR007_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལུས་གྲངས་མེད་དུ་སྤྲུལ་བ་དེ་རྣམས་དང་སྐྱེ་འགྲོ་མཐའ་དག་གུས་ཕྱག་འཚལ་བར་མོས་པ་མཛད་ནས་ཚིག་འདི་རྗེས་བཟློས་མཛད་པར་ཞུ།། ༈ །།ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབ་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་མཛད་པ། །རིན་ཆེན་བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ།། ༈ །།དེ་ལྟར་ཕྱག་འཚལ་བ་སྔོན་དུ་སོང་ནས། གཉིས་པ་


TR007_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་འབུལ་བའི་དང་པོར་བསྟོད་དབྱངས་ཀྱིས་མཆོད་པ་ནི། སྔོན་དེ་བཞིན་གཤེགས་པ་དུས་མཁྱེན་རྒྱལ་པོ་སྙན་དང་ངག་མཁན་དུ་གྱུར་ཚེ་བདེར་གཤེགས་རྩྭ་མཆོག་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་ནས། བྱང་ཆུབ་ཏུ་ཐུགས་བསྐྱེད་པའི་ལོ་རྒྱུས་ལྟ་བུ་ལྷག་བསམ་གྱིས་བསྟོད་དབྱངས་ཕུལ་བ་ནི་མཆོད་པའི་རབ་ཏུ་འགྱུར་ཞིང་། རྒྱལ་བ་རྣམས་ལ་བསྟོད་པས་མཉེས་པ་དང་སྨད་པས་མི་དགྱེས་པ་ལྟ་བུའི་འཛིན་རྟོག་ལས་འདས་ཀྱང་། རང་ཉིད་བསྟོད་པའི་བསོད་ནམས་ཚད་མེད་ཐོབ་པ་ནི་རྒྱུ་འབྲས་ཀྱི་རྟེན་འབྲེལ་ཡིན་ཕྱིར། ཕྱོགས་བཅུའི་འཇིག་རྟེན་རེ་རེའི་རྡུལ་ཕྲ་རབ་ཀྱི་ཁྱོན་རེ་ལ་ཞིང་ཁམས་གྲངས་མེད་པར་བཞུགས་པའི་བདེར་གཤེགས་སྲས་བཅས་ཐམས་ཅད་ལ་དབྱངས་ཀྱི་ཡན་ལག་མཐའ་ཡས་པས་རྒྱལ་བའི་ཡོན་ཏན་ལ་མངོན་


TR007_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྔགས་པ་བདག་ཉིད་ཀྱི་སྤྲུལ་ཚོགས་དང་འགྲོ་ཀུན་ལྷན་ཅིག་པས་བསྟོད་པ་བྱེད་པར་མོས་ལ་འདི་བཞིན་རྗེས་ཟློས་མཛོད།། ༈ །།རྡུལ་གཅིག་སྟེང་ན་རྡུལ་རྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་བདག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱི། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །དེ་ནས་མཆོད་པ་འབུལ་བའི་ཡན་ལག་དངོས་ལ། ད་ལྟ་འདིར་དངོས་སུ་བཤམས་པའི་མཆོད་རྫས་འདི་དག་དམིགས་རྟེན་མཚོན་བྱེད་ཙམ་སྟེ། དོན་ལ་འདི་དག་རེ་རེ་ལས་ཀྱང་མཆོད་པའི་དངོས་པོ་བསམ་གྱིས་མི་ཁྱབ་པ་འདོད་པའི་ཡོན་ཏན་གང་ལ་ཅི་དགོས་ཟད་མེད་དུ་


TR007_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བར་དམིགས་ཤིང་། གཞན་ཡང་གླིང་བཞི་བྱེ་བ་ཕྲག་བརྒྱའི་ཞིང་ན་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པའི་བྱེ་བྲག་ཅི་ཡོད་པ་ཐམས་ཅད་ཀྱང་། འོ་སྐོལ་རྣམས་ལྟ་བུའི་རྨོངས་པ་བློ་ཆུང་གི་སེམས་ཁོག་ཏུ་ཆུད་པ་དཀའ་ནའང་། བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་ཀུན་ཏུ་བཟང་པོའི་སྨོན་ལམ་གྱི་སྟོབས་ཚད་མེད་པའི་བདེན་པས་བྱིན་གྱིས་རླབས་ཀྱིས་སངས་རྒྱས་སྲས་བཅས་མ་ལུས་པའི་སྤྱན་སྔར་མཆོད་སྤྲིན་ནམ་མཁའི་མཛོད་དུ་གྱུར་བར་དམིགས་ཤིང་། རང་ཉིད་ཀྱི་ལུས་ལོངས་སྤྱོད་གཏན་འདུན་ཐམས་ཅད་ཀྱང་ལྟོས་མེད་དུ་འབུལ་བའི་མོས་པ་དང་བཅས་པས་རྗེས་ཟློས་འདི་བཞིན་མཛད་པར་ཞུ། །མེ་ཏོག་དམ་པ་འཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་བདུག་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །


TR007_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པས་ཁྱད་པར་འཕགས་པའི་ཚོགས་ཀུན་གྱིས། །རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །རྒྱལ་དང་དེ་སྲས་རྣམས་ལ་རྟག་ཏུ་ནི། །བདག་གི་ལུས་ཀུན་གཏན་དུ་འབུལ་བར་གྱིས། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱོད་ཀྱིས་འབངས་སུ་མཆི་བར་བགྱི།། ༈ །།གསུམ་པ་བླ་མེད་བྱང་ཆུབ་ལ་བགེགས་སུ་བྱེད་པ་ནི་དུག་གསུམ་གྱིས་ཀུན་ནས་བླངས་པའི་མི་དགེ་བ་རྣམས་ཡིན་ཏེ། །འདོད་ཆགས་ཞེ་སྡང་གཏི་མུག་


TR007_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །ཞེས་པ་དེ་སྦྱང་ཞིང་དག་པར་བྱེད་པའི་ཐབས་ལ། རང་གཞན་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱིས་འཁོར་བ་ཐོག་མེད་ནས་ད་ལྟ་ཡན་གྱི་མི་དགེ་སྡིག་པའི་ལས་རང་གིས་བགྱིས་པ་དང་གཞན་ལ་དགྱིད་དུ་བཅུག་པ་དང་སྡིག་པ་ལ་རྗེས་སུ་ཡི་རངས་པའི་ལས་ངན་མཐའ་དག་ལ་དུག་འཐུང་བ་ལྟ་བུའི་འགྱོད་པ་དྲག་པོ་བསྐྱེད་པ་ནི་རྣམ་པར་སུན་འབྱིན་པའི་སྟོབས་ཡིན་ལ། །དེའི་གཉེན་པོར་ཚོགས་བསགས་སྒྲིབ་སྦྱོང་གི་ལས་ལ་བརྩོན་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང་། ཕྱིན་ཆད་སྡིག་པ་སྲོག་ལ་བབས་ཀྱང་མི་དགྱིད་པའི་དམ་བཅའ་བཟུང་བ་ནི་ཉེས་པ་ལས་བཟློག་པའི་སྟོབས་དང་། བླ་མ་དང་དཀོན་མཆོག་གི་དྲུང་དུ་སྡིག་བཤགས་སྐྱབས་འགྲོ་སེམས་བསྐྱེད་ལ་འབད་པ་ནི་རྟེན་གྱི་སྟོབས་


TR007_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དེ་ལྟར་སྟོབས་བཞིའི་སྒོ་ནས་བཤགས་ན་སྡིག་པ་ཚན་པོ་ཆེ་ཇི་ལྟ་བུ་ཡང་སྦྱོང་བར་ནུས་ཏེ། སྔོན་རྒྱལ་པོ་མ་སྐྱེས་དགྲ་འཚམ་མེད་པ་ལྔ་ཚང་བར་བྱས་པའི་སྡིག་པོ་ཆེ་ཡང་། རང་དང་མཁའ་ཁྱབ་ཀྱི་སེམས་ཅན་ལྷན་ཅིག་པའི་སྡིག་པ་བཤགས་པས་སྐད་ཅིག་ཙམ་ལ་དག་པར་གྱུར་པའི་མོས་པ་བཞིན། ཁྱེད་ཅག་རང་རང་གི་སྡིག་སྒྲིབ་གང་ཅི་ཡོད་པ་རྣམས་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་ཡང་བྱང་བར་དམིགས་པ་དང་། སླན་ཆད་སྡིག་པར་གྱུར་པ་གཏན་མི་དགྱིད་པའི་དམ་བཅའ་དང་ལྡན་པའི་ངང་ནས་རྗེས་ཟློས་འདི་བཞིན་མཛད་འཚལ། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གི་སོ་སོར་བཤགས། །བདག་ནི་ཁྱོད་ཀྱིས་ཡོངས་སུ་བཟུང་བས་ན། །


TR007_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ན་མི་འཇིགས་སེམས་ཅན་ཕན་པར་དགྱིད། །སྔོན་གྱི་སྡིག་ལས་ཡང་དག་འདའ་དགྱིད་ཅིང་། །སྡིག་པ་གཞན་ཡང་སླན་ཆད་མི་དགྱིད་དོ།། ༈ །།བཞི་པ་གཞན་གྱི་དགེ་བ་ལ་ཡི་རང་ཞིང་དག་སྣང་དང་དགའ་བ་སྒོམ་པ་ནི་རང་ཉིད་ཀྱིས་དགེ་རྩ་བགྱིད་པ་དང་ཁྱད་མེད་པའི་བསོད་ནམས་ཐོབ་སྟེ། སྔོན་རྒྱལ་པོ་གསལ་རྒྱལ་གྱིས་དེ་བཞིན་པ་ཉན་ཐོས་ཀྱི་དགེ་འདུན་རྒྱ་མཚོའི་ཚོགས་དང་བཅས་པ་ལ་ཞག་བདུན་གྱི་བར་དུ་མཆོད་པའི་ཡོ་བྱད་རྒྱ་ཆེན་པོས་བསྙེན་ཅིང་བསྐུར་བ་དེ་དབུལ་པོ་དེས་པ་སོགས་སྤྲང་པོ་ལྔ་བརྒྱའི་ཚོགས་ཀྱིས་མཐོང་བས། བདག་ཅག་བསོད་ནམས་དམན་པས་སངས་རྒྱས་མཆོད་པར་རྔོ་མ་ཐོབ་མོད་ཀྱི། རྒྱལ་པོས་འདི་ལྟ་བུ་མཆོད་པ་ནི་ངོ་མཚར་ཆེའོ་སྙམ་པའི་ཡི་རངས་བྱས་པ་དེ་སངས་རྒྱས་ཀྱི་མཁྱེན་ཕྱིར་


TR007_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་དྲུག་གི་བར་དུ་དགེ་བ་བསྔོ་བ་ནི་སྤྲང་པོ་ཡི་རངས་སྒོམས་མཁན་རྣམས་ལ་དམིགས་ནས་མཛད་པའི་ལོ་རྒྱུས་ལྟར། རྗེས་སུ་ཡི་རངས་གིས་བསོད་ནམས་དཔག་ཏུ་མེད་པས། ཁྱེད་ཅག་གིས་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ན་རྒྱལ་བ་སྲས་བཅས་རྣམས་ཀྱིས་ཟག་མེད་ཡེ་ཤེས་ཀྱི་ཚོགས་ཆེན་རྒྱུན་ཆད་མེད་པ་དང་། གཞན་ཡང་ཉན་རང་སོ་སྐྱེ་མཆོག་དམན་བར་མ་ཀུན་གྱིས། འདུས་བྱས་འདུས་མ་བྱས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཅི་ལྟ་བུ་བསགས་པ་མཐའ་དག་ལ་རྗེས་སུ་ཡི་རངས་ཤིང་། དེ་ཐམས་ཅད་བར་ཆད་མེད་པར་འགྲུབ་པར་གྱུར་ཅིག་སྙམ་པའི་ངང་ནས་རྗེས་ཟློས་མཛད་པར་ཞུ།། ༈ །།ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་


TR007_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་བདག་ཡི་རང་།། ༈ །།ལྔ་པ་གཏི་མུག་གི་གཉེན་པོར་ཆོས་འཁོར་བསྐུལ་བ་ནི། སངས་རྒྱས་རྣམས་འཇིག་རྟེན་དུ་བྱོན་པ་དེ་དམ་པའི་ཆོས་བསྟན་པས་སེམས་ཅན་སྨིན་གྲོལ་དུ་མཛད་པ་ལས་གཞན་པའི་དོན་མ་མཆིས་རུང་། དམ་པའི་ཆོས་ནི་འབྱུང་བ་དཀོན་ལ་དེ་ཡང་སོ་སོའི་སྐལ་བ་དང་གསོལ་བ་འདེབས་སོ་ལ་ལྟོས་པ་ལས་ནམ་ཡིན་གསུང་བ་མི་སྲིད་ཅིང་། བསྐལ་བ་བཟང་པོའི་སངས་རྒྱས་སྟོང་ལ་ཡང་ཚངས་པས་གསོལ་བ་མ་བཏབ་བར་དུ་ཆོས་འཁོར་མི་བསྐོར་བ་ཡིན་ཕྱིར་ཁྱེད་ཅག་རྣམས་ཀྱི་དད་པ་དང་ལྷག་བསམ་གྱི་མཐུ་ལས་སྤྲུལ་པའི་ཚངས་པ་གདོང་བཞི་པ་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་རེ་འཐོགས་པ་གྲངས་མེད་པར་སྤྲུལ་ནས་ཕྱོགས་


TR007_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་མཐའ་ཡས་ན་བཞུགས་པའི་རྒྱལ་བ་རེ་རེའི་དྲུང་དུ་ཚངས་པ་རེ་སོང་སྟེ། འཁོར་ལོ་ཕུལ་ཞིང་ཆོས་གསུང་བར་གསོལ་བ་འདེབས་པར་མོས་པས་རྗེས་ཟློས་མཛད་པར་ཞུ།། ༈ །།གང་ན་ཕྱོགས་བཅུའི་འཇིག་རྟེན་སྒྲོལ་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གི་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ།། ༈ །།དྲུག་པ་གསོལ་བ་འདེབས་པའི་ཡན་ལག་ནི། །འོ་སྐོལ་འཇིག་རྟེན་གྱི་ཁམས་འདིར་སྒྲོན་མའི་བསྐལ་བ་དང་མུན་པའི་སྐལ་པ་གཉིས་ལས། སངས་རྒྱས་བྱོན་ཏེ་ཆོས་གསུངས་ཏེ་བསྟན་པ་གནས་པ་ནི་སྒྲོན་བསྐལ་དང་། སངས་རྒྱས་མྱ་ངན་ལས་འདས་ནས་ཆོས་ནུབ་པ་ནི་མུན་བསྐལ་ཏེ། མུན་བསྐལ་ཁྲི་ཕྲག་མང་པོའི་བར་མཚམས་སུ་སྒྲོན་


TR007_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་རེ་རེ་ཙམ་ལས་མི་འབྱུང་བས་སངས་རྒྱས་འབྱུང་བ་ནི་དཀོན་ཞིང་། །སངས་རྒྱས་ཟག་མེད་ཡེས་ཀྱི་སྐུ་ལ་སྐྱེ་འཆིའི་མཚན་མ་ལས་འདས་ཀྱང་། གདུལ་བྱའི་རྟག་འཛིན་གཞིག་ཕྱིར་ཞི་བའི་དབྱིངས་སུ་མྱ་ངན་ལས་འདས་འདའ་ཚུལ་སྟོན་པར་མཛད་པ་རྣམས་ལ་གསོལ་བཏབ་ན། གང་རྫུ་འཕྲུལ་གྱི་རྐང་པ་ལ་དབང་ཐོབ་པས་བསྐལ་བའམ་བསྐལ་བ་ལས་ལྷག་པར་ཡང་བཞུགས་པར་འགྱུར་རོ། །ཞེས་སངས་རྒྱས་ཉིད་ཀྱི་གསུངས་པས་ན། ཁྱེད་ཅག་རང་རང་བྱང་ཆུབ་སེམས་དཔའམ་མོས་པ་དང་སྨོན་ལམ་ལ་དབང་ཐོབ་པ་ལག་ན་འཆི་མེད་ཀྱི་བདུད་རྩི་འཐོགས་པ་གྲངས་མེད་པར་གྱུར་ཏེ། ཕྱོགས་བཅུའི་རྒྱལ་བ་མྱ་ངན་ལས་འདའ་བཞེད་པ་གང་མཆིས་ཀྱི་སྤྱན་སྔར་རང་ཉིད་རེ་རེ་


TR007_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

འཁོད་ནས་འཆི་བ་མེད་པའི་བདུད་རྩི་ཕུལ་ཞིང་ཐལ་མོ་སྦྱར་བས། ཇི་སྲིད་འགྲོ་བ་ཐམས་ཅད་བྱང་གྲོལ་ལ་མ་འཁོད་ཀྱི་བར་དུ་མྱ་ངན་ལས་འདའ་ཚུལ་མི་སྟོན་པར་གསོལ་བ་འདེབས་པར་དམིགས་ནས་རྗེས་ཟློས་མཛད་པར་ཞུ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་རྙེད་བཞུགས་པར་ཡང་། །བདག་གི་ཐལ་མོ་རབ་སྦྱར་གསོལ་བར་དགྱིད།། ༈ །།བདུན་པ་བསྔོ་བ་ནི། དེ་ཡང་དགེ་བའི་རྩ་བ་ཅི་ལྟར་བསགས་པ་ཐམས་ཅད་ལ་བསྔོ་བའི་རྒྱས་མ་ཐེབས་ན་གོང་དུ་མི་འཕེལ་བར་ཟད་པར་འགྱུར་ལ། གནས་མིན་དུ་བསྔོས་ན་བྱང་ཆུབ་ཀྱི་རྒྱུར་མི་འགྱུར་གྱི་ཁར་བགེགས་སུ་འགྱུར་ཕྱིར། དགེ་བ་ཆེ་ཆུང་གང་ཡང་སེམས་ཅན་ཐམས་ཅད་བྱང་ཆུབ་ཐོབ་པའི་རྒྱུར་བསྔོ་དགོས་པ་ཉིད་དེ། ཡུམ་ཤེར་


TR007_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ལས། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པ་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་བསྔོ་བར་མི་བྱའོ། །ཞེས་གསུངས་པ་བཞིན་དང་། བྱང་ཆུབ་ཏུ་བསྔོ་བའི་ཐབས་དང་ཚུལ་ཇི་ལྟ་བ་རང་ཅག་སོ་སྐྱེས་ཤེས་པར་མ་གྱུར་ནའང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་ཀུན་བཟང་སོགས་ཀྱིས་ཇི་ལྟར་བསྔོས་པ་བཞིན་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །ཞེས་པས་ཀྱང་ཟབ་མོའི་བསྔོ་བར་འགྱུར་ཏེ། ཅིའི་ཕྱིར་ན། བདག་དང་འགྲོ་ཀུན་གྱི་དགེ་རྩ་རྣམས་བྱང་ཆུབ་ཀྱི་རྒྱུ་རུ་དམིགས་པ་དེ་ནི་མཚན་བཅས་སམ་དམིགས་བཅས་ཀྱི་བསྔོ་བ་ཡིན་ལ། དོན་དམ་པའི་བསྔོ་བ་ནི་དམིགས་མཚན་གྱིས་མ་བསླད་པའི་འཁོར་གསུམ་ཡོངས་དག་ཉིད་ཡིན་མོད་ཀྱི། དེའི་ཚུལ་ཇི་ལྟ་བ་ནི་འོ་སྐོལ་


TR007_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དང་པོ་པས་རྟོགས་པར་དཀའ་ཕྱིར་འཕགས་པ་རྣམས་ཀྱི་རྗེས་སུ་འབྲང་ནས་བསྔོ་བར་བྱ་བ་ཡིན་པས་འདི་བཞིན་རྗེས་ཟློས་མཛད་པར་ཞུ།། ༈ །།ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རངས་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གཞན་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།། ༈ །།དེ་ལྟར་འདི་ཡན་ཆད་ཀྱིས་སེམས་བསྐྱེད་པའི་སྔོན་དུ་འགྲོ་བའི་ལས་རིམ་རྣམས་ལེགས་པར་གྲུབ་པ་ལགས།། ༈ །།དངོས་གཞིའི་ཆོ་ག་ལ་ཡང་དང་པོར་སེམས་བསྐྱེད་པའི་དགེ་བའི་བཤེས་གཉེན་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་། སེམས་བསྐྱེད་ཀྱི་ཡོན་ཅི་འབྱོར་


TR007_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བར་གསུངས་ཏེ། སྔོན་གྱི་རྒྱལ་བ་རྣམས་ཀྱང་བྱང་ཆུབ་ཀྱི་སྤྱོད་པའི་སྐབས་སུ་འབྱོར་པའི་ཁྱད་པར་སྣ་ཚོགས་བྱུང་སྟེ། དེ་བཞིན་གཤེགས་པ་གྲགས་སྦྱིན་འཁོར་ལོ་བསྒྱུར་བའི་རྒྱལ་པོར་གྱུར་ཚེ་བདེར་གཤེགས་ཟླ་བའི་ཏོག་ལ་གཙུག་ལག་ཁང་བྱེ་བ་ཕྲག་ཕུལ་ནས་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དང་། བདེར་གཤེགས་བཀོད་པའི་རྒྱལ་པོ་འཁོར་བསྒྱུར་གྱི་ཚེ་དེ་བཞིན་གཤེགས་པ་སྣང་བའི་འོད་ལ་བཻཌཱུརྱའི་ཁང་བཟང་ཕུལ་ནས་ཐུགས་བསྐྱེད་ཚུལ་སོགས་དང་། འབྱོར་པ་ཆུང་བས་ནི་ཆུང་ངུ་ཕུལ་བས་ཀྱང་འགྲུབ་སྟེ། བདེར་གཤེགས་འོད་འཕྲོ་གྲོང་ཁྱེར་གྱིས་འཚོ་བ་སར་གྱུར་ཚེ། དེ་བཞིན་གཤེགས་པ་འོད་མཐའ་ཡས་ལ་རྩྭའི་སྒྲོན་མེ་ཞིག་ཕུལ་ནས་ཐུགས་བསྐྱེད་པ་དང་། བདེར་གཤེགས་སེང་གེ་


TR007_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཚེམ་བུ་སར་གྱུར་བ་ན་དེ་བཞིན་གཤེགས་པ་ང་རོ་སྙན་པ་ལ་ཕྱག་བདར་ཁྲོད་ཀྱི་ལྷན་པ་ཐལ་མོ་ཙམ་ཞིག་ཕུལ་ནས། ཐུགས་བསྐྱེད་པ་དང་། བདེར་གཤེགས་ཡོན་ཏན་འཕྲེང་ལྡན་དབུལ་པར་གྱུར་ཚེ། དེ་བཞིན་གཤེགས་པ་འགྱིངས་ལྡན་བཞུད་ལ་ཐལ་མོ་སྦྱར་བས་ཕྱག་ལེན་གསུམ་བཙལ་ནས་ཐུགས་བསྐྱེད་ཚུལ་སོགས་མཐའ་ཡས་པ་མཆིས་པས་ན། །ཁྱེད་ཅག་གིས་ཀྱང་བདག་སློབ་དཔོན་ལ་སེམས་བསྐྱེད་ཀྱི་ཡོན་དུ་མཎྜལ་ཞིག་འབུལ་བ་ཞུ།། ༈ །།དེ་ནས་སྨོན་འཇུག་གི་ཆོ་ག་དངོས་ནི་གོང་དུ་སྨོས་པ་བཞིན་ཤིང་རྟའི་སྲོལ་གཉིས་པོ་གང་ལས་བླངས་ཡང་ཆོག་པ་ལས། རྟེན་ཁྱིམ་པ་ཕོ་མོ་ལྟ་བུ་མཐུན་མོང་བའི་སློབ་མ་ལ་འབོགས་ན། འཇམ་དབྱངས་དང་ཀླུ་སྒྲུབ་སོགས་ལས་བརྒྱུད་པའི་ཕྱག་བཞེས་ལྟར་འབོགས་པའི་ཐབས་ལ་སྨོན་འཇུག་གཉིས་ཀྱི་དང་པོར་བློ་སྦྱང་བ་ནི།། ༈ །།ད་ནི་ཁྱེད་རང་རྣམས་བླ་ན་མེད་པའི་བྱང་ཆུབ་


TR007_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་བསྐྱེད་རྒྱུའི་ངོ་བོ་དེ་གང་ལྟ་བུ་ཞིག་ཡིན་སྙམ་ན། ནམ་མཁས་གར་ཁྱབ་ཀྱི་འཇིག་རྟེན་ཐམས་ཅད་ནི་སྐྱེ་འགྲོ་སེམས་ཅན་གྱིས་མ་ཁྱབ་པ་མེད། སེམས་ཅན་གྱིས་གར་ཁྱབ་ལས་དང་ཉོན་མོང་པས་ཁྱབ། དེས་གར་ཁྱབ་སྡུག་བསྔལ་གྱིས་ཁྱབ་པ་ཡིན་ཚེ། སྐྱེ་འགྲོ་མཐའ་དག་སྡུག་བསྔལ་བཟོད་པར་དཀའ་བ་སྣ་ཚོགས་ཀྱིས་རྟག་ཏུ་གཟིར་ཞིང་མནར་བ་ཡིན་ནའང་། སྡུག་བསྔལ་ལ་སྡུག་བསྔལ་དུ་མ་ཤེས་པས་ད་དུང་འཁོར་བ་གཏན་འཁྱམས་དུ་བྱེད་པའི་རྒྱུ་ཐབས་འབའ་ཤིག་སྒྲུབ་པ་འདི་ཐམས་ཅད་ནི། རང་གི་ཚེ་རབས་ཐོག་མེད་ཀྱི་དྲིན་ཅན་ཕ་མ་ཤ་སྟག་ཏུ་གྱུར་བ་རྣམས་ལ་ཕྲལ་དང་ཡུན་གྱི་བདེ་བ་སྒྲུབ་ཕྱིར། རང་ཉིད་ཀྱི་སྒོ་གསུམ་གཏན་འདུན་དང་བཅས་པ་འགྲོ་བ་ཀུན་གྱི་ཆེད་དུ་གཏོང་བ་ལ་བསླབ་དགོས་ཏེ། སྔོན་གྱི་རྒྱལ་བ་ཐམས་ཅད་བྱང་ཆུབ་ཀྱི་


TR007_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་པ་སྤྱོད་ཚེ་རྒྱལ་སྲིད་བུ་དང་ཆུང་མ་བང་མཛོད་མ་ལུས་བཏང་བ་ལྟ་ཅི་སྨོས་ཏེ། རང་གི་མིག་དང་མགོ་དང་ཡན་ལག་ཤ་ཁྲག་ཐམས་ཅད་སེམས་ཅན་ལ་ལྟོས་མེད་དུ་བཏང་བས་བྱང་ཆུབ་བརྙེས་པ་ཡིན་ནའང་། འོ་སྐོལ་རྣམས་རང་ཉིད་ཁོ་ན་ལ་གཅེས་པར་བཟུང་སྟེ། ཕྱི་ནས་གོས་དང་རྒྱན་གྱི་ནི་སྤུངས། ནང་ནས་ཟས་དང་སྐོམ་གྱིས་ནི་བརྒྱངས། ཟས་གོས་ཙམ་སྒྲུབ་པའི་དོན་ལའང་སྡིག་པ་མི་དགེ་དང་གཡོ་རྒྱུ་ཟོལ་ཟོག་སྣ་ཚོགས་ཤིག་བྱེད་ཅིང་། ནམ་གཞག་གཏན་དོན་བྱང་ཆུབ་སྒྲུབ་པའི་འདུན་པ་ཏིལ་འབྲུ་ཙམ་ཡང་ཡིད་ལ་མི་འཁོར་བར་འདི་འདྲ་བས་མི་ཚེ་ཡུད་ཀྱི་འདའ་ཏེ། ཡང་ཡང་སྐྱེ་ཤི་འབྱུང་འཇུག་གི་འཁོར་ལོས་འཁོར་བར་གཏན་འཁྱམས་སུ་གྱུར་ཚུལ་འདི་ལ་ལེགས་པར་བསམ་ནས། ད་ཕྱིན་ཆད་ནས་རང་ལུས་ལོངས་སྤྱོད་བདེ་དགེ་བསོད་ནམས་ཅི་དང་ཅི་ཡོད་པ་མཐའ་དག་ཕ་


TR007_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཁའ་མཉམ་གྱི་སེམས་ཅན་ལ་ཕན་པ་དང་བདེ་བའི་དོན་ཁོ་ནའི་ཆེད་དུ་བཏང་བར་བྱའོ་སྙམ་པའི་སེམས་བརྟན་ཞིང་སྙིང་སྟོབས་ཀྱི་གོ་ཆ་སྐྱེད་དེ། ཚིག་འདི་རྗེས་ཟློས་མཛད་པར་ཞུ། །དེ་ལྟར་འདི་དག་ཀུན་བྱས་པའི། །དགེ་བ་བདག་གིས་བསགས་པ་གང་། །དེས་ནི་མཁའ་མཉམ་སེམས་ཅན་གྱི། །སྡུག་བསྔལ་ཐམས་ཅད་སེལ་བར་ཤོག །ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་ཐམས་ཅད་ཀྱང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཕངས་པ་མེད་པར་གཏང་བར་བྱ། །ཐམས་ཅད་བཏང་བས་མྱ་ངན་འདའ། །བདག་བློ་མྱ་ངན་འདས་པ་སྒྲུབས། །ཐམས་ཅད་གཏོང་བ་ཆབ་གཅིག་ལ། །སེམས་ཅན་རྣམས་ལ་གཏོང་བ་མཆོག །བདག་གིས་ལུས་ཅན་ཐམས་ཅད་ལ། །ལུས་འདི་ཅི་བདེར་བྱིན་ཟིན་གྱི། །རྟག་ཏུ་གསོད་


TR007_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྨོད་པའམ། །བརྡོག་སོགས་ཅི་དགར་བྱེད་ལ་རག །བདག་གི་ལུས་ལ་འཚེ་བྱེད་དམ། །ཅོ་འདྲི་ག་ཤའི་རྒྱུ་བྱེད་ཀྱང་། །བདག་གི་ལུས་འདི་བྱིན་ཟིན་གྱི། །འདི་ཡི་ཁ་དས་ཅི་ཞིག་བྱ། །དེ་ལ་གནོད་པ་མི་འགྱུར་བའི། །ལས་གང་ཡིན་པ་བྱེད་དུ་ཆུག །བདག་ལ་དམིགས་ནས་ནམ་དུ་ཡང་། །འགའ་ཡང་དོན་མེད་མ་གྱུར་ཅིག །བདག་ལ་དམིགས་ནས་གང་དག་གིས། །ཁྲོ་འམ་དད་པའི་སེམས་བྱུང་བ། །དེ་ཉིད་རྟག་ཏུ་དེ་དག་གི། །དོན་ཀུན་འགྲུབ་པའི་རྒྱུར་གྱུར་གཅིག །གང་དག་བདག་ལ་ཁ་ཟེར་རམ། །གཞན་དག་གནོད་པ་བྱེད་པའམ། །དེ་བཞིན་འཕྱར་ཁ་གཏོང་ཡང་རུང་། །ཐམས་ཅད་བྱང་ཆུབ་སྐལ་ལྡན་གྱུར། །བདག་ནི་མགོན་མེད་རྣམས་ཀྱི་མགོན། །ལམ་ཞུགས་རྣམས་ཀྱི་དེད་དཔོན་དང་། །བརྒལ་འདོད་རྣམས་ཀྱི་གྲུ་དང་ནི། །གཟིངས་དང་ཟམ་པ་ཉིད་གྱུར་ཅིག །


TR007_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་དོན་གཉེར་ལ་གླིང་དང་ནི། །གནས་མལ་འདོད་ལ་གནས་མལ་དང་། །བདག་ནི་ལུས་ཅན་བྲན་འདོད་པ། །ཀུན་གྱི་བྲན་དུ་འགྱུར་བར་ཤོག །ཡིད་བཞིན་ནོར་བུ་བུམ་པ་བཟང་། །རིག་སྔགས་གྲུབ་དང་སྨན་མཆོག་དང་། །དཔག་བསམ་གྱི་ནི་ཤིང་དག་དང་། །ལུས་ཅན་རྣམས་ལ་འདོད་འཇོར་ཤོག །ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་པར་ཡང་། །སེམས་ཅན་དཔག་ཏུ་མེད་པ་དང་། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །དེ་བཞིན་ནམ་མཁའི་མཐས་གཏུག་པའི། །སེམས་ཅན་ཁམས་ལ་རྣམ་ཀུན་ཏུ། །ཐམས་ཅད་མྱ་ངན་འདས་བར་དུ། །བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག། ༈ །།དེས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྙིང་སྟོབས་ཁྱད་པར་ཅན་ལ་བློ་སྦྱང་བ་ཡིན་ཏེ། ཚུལ་འདི་ལ་བློ་


TR007_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

མ་འབྱོངས་བ་ནི་བྱང་བསྡོམ་ལེན་པའི་ཐབས་ནམ་ཀྱང་མི་འབྱུང་བའི་ཕྱིར། དང་པོར་འདི་ལྟ་བུ་ལ་བློ་ངེས་པར་བྱ་དགོས་ལ། དེ་ནས་བྱང་ཆུབ་ཀྱི་སེམས་དངོས་ནི། དེ་ཡང་འཁོར་འདས་ཀྱི་ཆོས་ཐམས་ཅད་དོན་དམ་པར་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་རང་བཞིན་སྟོང་པ་ཉིད་ལས་མ་འདས་ཀྱང་། ཀུན་རྫོབ་ཀྱི་འཆར་སྒོ་འགགས་མེད་ལས་འཁོར་འདས་བདག་གཞན་བདེ་སྡུག་སོགས་དུ་མར་སྣང་ཞིང་། ཇི་ལྟར་སྣང་ཡང་དོན་ལ་བདེན་པར་གྲུབ་པ་རྡུལ་ཕྲ་རབ་ཙམ་ཡང་མེད་ཅིང་། མེད་བཞིན་སྣང་ལ་སྣང་བཞིན་བདེན་པར་མ་གྲུབ་པ་ནི་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཡིན་ཀྱང་། སེམས་ཅན་རྣམས་ཀྱིས་དེ་ལྟ་བུའི་ཚུལ་མ་རྟོགས་པས་མེད་སྣང་འཁྲུལ་པའི་བག་ཆགས་ལ་བདེན་ཞེན་ཨ་འཐས་ཏེ། འཁོར་བའི་སྡུག་བསྔལ་མཐའ་མེད་པས་རྟག་ཏུ་ཉམས་ཐག་པ་འདི་ཐམས་ཅད་དྲིན་ཅན་ཕ་མ་འབའ་


TR007_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་ཡིན་ཚེ་བདག་གིས་བདེ་ལ་འགོད་དགོས། བཀོད་པར་བྱེད་པ་ལ་རང་ཉིད་ལ་དེའི་ནུས་པ་མ་མཆིས་པས་ན། བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་མྱུར་དུ་འབད་པའི་སེམས་སྔར་མ་སྐྱེས་པ་དེ་ད་ལྟ་རྟེན་འབྲེལ་རྒྱུ་རྐྱེན་ཚང་བ་ལ་བརྟེན་ནས་བསྐྱེད་པ་ལགས་ཤིང་། དེ་ལྟ་བུ་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པ་ཞེ་ཐག་པ་ནས་སྐྱེས་པ་དེ་སྨོན་པ་བྱང་ཆུབ་ཀྱི་སེམས་ཡིན། དེ་ལྟར་སྨོན་པ་ཙམ་ལ་བཞག་པས་མི་ཆོག་སྟེ། དཔེར་ན་ཆུའི་ཕ་རོལ་ཏུ་སྒྲོལ་བར་འདོད་པས་གྲུ་གཟིངས་ཀྱི་ནང་དུ་ཞུགས་ཀྱང་། སྐྱ་བས་གཡབ་པའི་རྩོལ་བ་མ་བྱས་པར་ཕ་རོལ་དུ་སྒྲོལ་བར་མི་འགྱུར་བ་བཞིན། །འཇུག་པ་བྱང་ཆུབ་ཀྱི་སེམས་


TR007_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་ནས་ཕ་རོལ་དུ་ཕྱིན་པ་དྲུག་ལ་སོགས་པས་སངས་རྒྱས་སྒྲུབ་པའི་ཐབས་ལ་ཉེ་བར་བརྩོན་པ་ལ་རག་ལས་པ་དེ་ལྟ་བུའི་གནད་དོན་ཐུགས་ལ་འབྱོར་དགོས་པས་ན་སེམས་བསྐྱེད་བླངས་ནས་སེམས་ཅན་ཐམས་ཅད་བྱང་ཆུབ་ལ་འགོད་པར་བྱ་སྙམ་པ་སྨོན་སེམས་ཀྱི་དངོས་དོན་ཡིན་མོད་ཀྱི། སྐབས་འདིར་ཟབ་མོ་ལྟ་རྒྱུད་ལུགས་ཀྱི་ཕྱག་བཞེས་གང་ཟག་དབང་པོ་རབ་ཀྱི་དབང་དུ་མཛད་ནས་སྨོན་འཇུག་གཉིས་ཀ་སྟབས་གཅིག་ཏུ་ལེན་པ་ལགས་ཕྱིར། བླ་མ་དཀོན་མཆོག་ལ་མི་ཕྱེད་པའི་དད་པ་དང་། སེམས་ཅན་སྡུག་བསྔལ་ལས་བསྒྲལ་བར་འདོད་པའི་སྙིང་རྗེ་དང་། དེའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ཐོབ་འདོད་ཀྱི་འདུན་པ་གསུམ་རྩེ་གཅིག་ཏུ་བསྐྱེད་དེ། ཕྱག་ཐལ་མོ་སྦྱར་ཞིང་ཡིད་གཞན་དུ་མ་ཡེངས་པའི་ངང་ནས་སྡོམ་པ་ལེན་པའི་


TR007_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་འདི་རྗེས་ཟློས་མཛད་པར་ཞུ།། ༈ །།ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བས། །དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། །ཇི་ལྟར་སྔོན་གྱི་བདེར་གཤེགས་ཀྱི། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ན་བསླབ་པ་ལ། །རིམ་པ་བཞིན་དུ་སློབ་པར་བགྱིའོ།། ༈ །།དེས་ཁྱེད་རང་རྣམས་ཀྱི་རྒྱུད་ལ་བྱང་ཆུབ་སེམས་དཔའི་སྨོན་འཇུག་གི་སྡོམ་


TR007_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆ་ཤས་ཚེས་གསུམ་གྱི་ཟླ་བ་ཙམ་ཞིག་རྒྱུད་ལ་སྐྱེས་པ་ཡིན་པས་དེ་ལྟར་ངེས་ཤེས་བསྐྱེད་ཅིང་། ཡང་ཇི་ལྟར་སྔོན་གྱི་སངས་རྒྱས་བྱང་སེམས་དེ་དག་གིས་སེམས་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སྨོན་སེམས་དང་། འཇུག་པ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་གསུམ་ལ་རིམ་པས་སློབ་པར་མཛད་པ་དེ་བཞིན་དུ་བདག་གི་ཀྱང་སྨོན་འཇུག་གཉིས་ལ་བསླབ་པར་བྱའོ་སྙམ་པ་སྙིང་ཐག་པ་ནས་བསམ་པ་དང་བཅས་པས་ལན་གཉིས་པའི་རྗེས་ཟློས་མཛོད། ཞེས་བརྗོད་ནས་གོང་གི་དེ་ཀ་རྗེས་ཟློས་བྱར་བཞུག། ༈ །།དེས་ཁྱེད་ཀྱི་རྒྱུད་ལ་བྱང་ཆུབ་སེམས་དཔའི་སྡོམ་པའི་ཆ་ཤས་ཚེས་བརྒྱད་ཀྱི་ཟླ་བ་ཙམ་ཞིག་སྐྱེས་པའི་ངེས་ཤེས་མཛད་འཚལ། ཡང་། བླ་མ་དཀོན་མཆོག་ལ་


TR007_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

མོས་གུས་དང་། །ཕ་མ་སེམས་ཅན་ལ་སྙིང་རྗེ། །སངས་རྒྱས་ཐོབ་འདོད་ཀྱི་འདུན་པ་རྣམས་ཆེར་བསྐྱེད་དེ། སྔོན་གྱི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྨོན་འཇུག་གི་ཐུགས་བསྐྱེད་ནས་བྱང་ཆུབ་སེམས་དཔའི་བསླབ་པ་གསུམ་ལ་གནས་པར་མཛད་པ་དེ་བཞིན་དུ། བདག་གི་ཀྱང་ཅི་ནས་ཅི་ལ་ཐུགས་ཀྱང་སྨོན་འཇུག་གི་སྡོམ་པ་བླངས་ཤིང་བྱང་ཆུབ་སེམས་དཔའི་བསླབ་པ་གསུམ་དང་ཕར་ཕྱིན་དྲུག་ལ་བརྩོན་ནས་མྱུར་དུ་སངས་རྒྱས་ཐོབ་པ་དང་སེམས་ཅན་ཐམས་ཅད་བྱང་ཆུབ་ལ་འགོད་པར་བྱའོ་སྙམ་པས་རྗེས་ཟློས་གསུམ་པ་མཛད་པར་ཞུ། །ཞེས་པས་སྔ་མ་ལྟར་རྗེས་ཟློས་བྱར་གཞུག་སྟེ། དེས་ཁྱེད་ཅག་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་ཡོངས་སུ་རྫོགས་པ་ཚེས་བཅོ་ལྔའི་ཟླ་


TR007_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྟ་བུར་རྒྱུད་ལ་སྐྱེ་ཞིང་ཐོབ་པ་ཡིན་པས་དེ་ལྟར་ཐོབ་པར་ངེས་ཤེས་སྐྱེད་དགོས་ཏེ། ཅིའི་ཕྱིར་ན། ངེད་ཀྱི་བསྡོམ་པ་ལེགས་པར་ཕོགས་རུང་ཁྱེད་ལ་ཐོབ་སེམས་ཀྱི་ངེས་ཤེས་མ་བརྙེད་ན་ཐོབ་པར་མི་འགྱུར་བ་ལགས། འོ་ན་དེ་ལྟ་བུའི་སྡོམ་པ་ཐོབ་པའི་གཏན་ཚིགས་ཅི་ཡིན་སྙམ་ན། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་གི་རང་བཞིན་ཡིན་པ་དང་། ཁྱེད་ཀྱི་རྒྱུད་ལ་བདེ་བར་གཤེགས་པའི་སྙིང་པོ་བྱང་ཆུབ་ཀྱི་སེམས་འདུས་མ་བྱས་པ་གཟོད་ནས་ལྷུན་གྲུབ་ཏུ་ཡོད་པ་དེ་གནས་སྐབས་རྒྱུ་རྐྱེན་ཕུན་སུམ་ཚོགས་པས་མཚམས་སྦྱར་ནས། རྣམ་པར་ཤེས་པའི་ངོ་བོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེར་བསྒྲུབ་པ་འདིའི་རྟེན་འབྲེལ་གྱིས། །དགེ་བའི་བྱ་བ་ཆེ་ཆུང་


TR007_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་ལ་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་པས་ཚོགས་རླབས་པོ་ཆེ་འཕེལ་ཞིང་སྒྲིབ་པ་བྱང་། བསམ་པ་དག་པས་ལུས་བྱིན་གྱིས་རློབས། ལུས་ཀྱི་སྣང་བ་བྱིན་གྱིས་བརླབས་ཏེ། ཕྱི་ནང་ཐམས་ཅད་བྱང་ཆུབ་སེམས་ཀྱི་འཁོར་ལོར་གྲུབ་པས་གཞན་དོན་འབད་མེད་དུ་འབྱུང་ཞིང་། ཚེ་རབས་ཀུན་ཏུ་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་རྒྱུན་གྱིས་སངས་རྒྱས་ཀྱི་ས་བོན་ཐེབས་པ་ལགས།། ༈ །།དེས་སེམས་བསྐྱེད་དངོས་གཞིའི་ཆོ་ག་ལེགས་པར་གྲུབ་ནས། །གསུམ་པ་མཇུག་གི་ཆོ་ག་ལ། དགའ་བ་སྒོམ་པ། བསླབ་བྱ་བསྟན་པ། བཀའ་དྲིན་བཏང་རག་དང་བྱང་སེམས་མི་བརྗིད་གོང་འཕེལ་གྱི་སྨོན་ལམ་གདབ་པ་དང་གསུམ་ཡོད་པའི་


TR007_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། འདི་བཞིན་ཐུགས་ལ་བསམ་འཚལ་ཏེ། བདག་འཁོར་བ་ཐོག་མ་མེད་ནས་ད་ལྟ་ཡན་དུ་ལུས་དེ་ཙམ་ཞིག་བླངས་ཤིང་ལས་དེ་ཙམ་ཞིག་བྱས་པ་ཐམས་ཅད་དོན་མེད་འཁྲུལ་འཁོར་འབའ་ཤིག་ལས་སངས་རྒྱས་ཀྱི་རྒྱུད་དུ་གང་ཡང་མ་སོང་བ་ལ། ད་རེས་འདི་ལྟ་བུའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཕན་བདེ་ཐམས་ཅད་ཀྱི་འབྱུང་གནས་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་བརྙེད་པ་རེ་དགའ། རེ་འཚེངས། སྙམ་པའི་དགའ་བ་དང་སྤྲོ་བ་བསྐྱེད་ཅིང་། ད་ནི་འདི་འདྲ་བའི་རྙེད་པ་ལེགས་པར་བརྙེད་པ་འདི་དོན་མེད་དུ་མ་སོང་བའི་རིགས་དང་མཐུན་པའི་ལས་ལ་བརྩོན་དགོས་སྙམ་དུ་དམ་འཆའ་སྟེ། །རིགས་གང་ཡིན་ན་སངས་རྒྱས་ཀྱི་རིགས་ཏེ། རིགས་བདེར་གྱུར་ནས་དེའི་ལས་བྱང་ཆུབ་ཀྱི་སྤྱོད་པ་མི་བརྩལ་དུ་


TR007_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

མི་རུང་བའི་ཕྱིར་ན། ངེས་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བརྩོན་པར་བྱ་ཞིང་། དེ་ལྟར་བརྩོན་ནང་འགྲུབ་པར་འགྱུར་བའི་རྒྱུད་དང་གཏན་ཚིགས་ནི། སྤྱོད་འཇུག་ལས། ལོང་བས་ཕྱག་དར་ཕུང་པོ་ལས། །ཇི་ལྟར་རིན་ཆེན་བརྙེད་པ་ལྟར། །དེ་བཞིན་ཇི་ཞིག་ལྟར་སྟེངས་ནས། །བདག་ལ་བྱང་ཆུབ་སེམས་འདི་སྐྱེས། །འགྲོ་བའི་འཆི་བདག་འཇོམས་བྱེད་པའི། །བདུད་རྩིའི་མཆོག་ཀྱང་འདི་ཡིན་ནོ། །སྟབས་ལེགས་པའམ་ཁར་རྗེ་ཆེ་བ་ལྟ་བུའི་བརྡ་ཡིན། །འགྲོ་བའི་དབུལ་བ་སེལ་བྱེད་པའི། །མི་ཟད་གཏེར་ཡང་འདི་ཡིན་ནོ། །འགྲོ་བའི་ནད་རབ་ཞི་བྱེད་པའི། །སྨན་གྱི་མཆོག་ཀྱང་འདི་ཡིན་ནོ། །སྲིད་ལམ་འཁྱམས་ཞིང་དུབ་པ་ཡི། །འགྲོ་བ་ངལ་གསོའི་


TR007_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ལྗོན་ཤིང་ཡིན། །འགྲོ་བ་ཐམས་ཅད་ངན་འགྲོ་ལས། །སྐྱོབས་པར་བྱེད་པའི་སྤྱི་བསྟེགས་ཡིན། །འགྲོ་བའི་ཉོན་མོང་གདུང་སེལ་བའི། །སེམས་ཀྱི་ཟླ་བ་ཤར་བ་ཡིན། །འགྲོ་བའི་མི་ཤེས་རབ་རིབ་དག །དཔྱིད་འབྱིན་ཉི་མ་ཆེན་པོ་ཡིན། །དམ་ཆོས་འོ་མ་བསྲུབ་པ་ལས། །མར་གྱི་ཉིང་ཁུ་ཕྱུངས་པ་ཡིན། ཞེས་པ་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཡོད་པས་ཅིའི་ཕྱིར་འགྲོ་བའི་དོན་མི་འགྲུབ་སྙིང་སྟོབས་དང་དགའ་སྤྲོ་བསྐྱེད་ནས་འདིའི་རྗེས་ཟློས་མཛད་འཚལ།། ༈ །།དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གི་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །


TR007_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ།། ༈ །།ཞེས་པ་དེ་ལྟ་བུའི་དགའ་བ་བསྒོམ་པ་ལ་དགོས་པ་ཅི་ལྟ་བུ་ཡོད་ཅེ་ན། བྱང་ཆུབ་སེམས་ཀྱི་ཡོན་ཏན་ལ་ངེས་པ་བརྙེད་ནས་བྱང་སེམས་མི་ཉམས་པར་བསྲུང་བ་དང་དག་པ་སྤེལ་བ་དང་མཐར་ཕྱིན་པས་དགོས་པ་ཡོད། རང་ཉིད་ལ་དེ་ལྟ་བུའི་སྐལ་བཟང་ཐོབ་པས་འགྲོ་བ་གཞན་རྣམས་ཀྱང་ལམ་མཁན་གྱི་དེད་དཔོན་ནམ། དམུས་ལོང་ལ་དམིགས་ལོང་ཁྲིད་བུ་མུན་འཁྱམས་ལ་སྒྲོན་མེ། ནད་པ་ལ་སྨན་པ་བརྙེད་པ་ལྟ་བུར་བདག་གི་གནས་སྐབས་དང་མཐར་ཐུག་ཐམས་ཅད་ལ་ཕན་བདེ་སྒྲུབ་པས་ཁྱེད་ཅག་དགའ་བ་དང་སྤྲོ་བར་གྱིས་བར་གཟེངས་བསྟོད་པ་འདིའི་རྗེས་ཟློས་མཛོད།།༈ །།བདག་གིས་


TR007_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རིང་སྐྱབས་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་ལ་བདེར་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱི། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །འགྲོ་བའི་འགྲོན་པ་སྲིད་པའི་ལམ་འཁྱམས་ཤིང་། །བདེ་བའི་ལོངས་སྤྱོད་སྤྱད་པར་འདོད་པ་ལ། །འདིས་ནི་བདེ་བའི་མཆོག་ཏུ་ཉེར་གནས་ནས། །སེམས་ཅན་འགྲོན་ཆེན་ཚིམ་པར་བྱེད་པ་ཡིན།། ༈ །།གཞན་ཡང་རིགས་ཀྱི་བུ་རྣམས་ཤེས་པར་གྱིས་ཤིག །འདི་ལྟ་བུའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་མ་ཐག་སངས་རྒྱས་ཀྱི་སྲས་སུ་གྱུར་པ་ཡིན་ཏེ། སྤྱོད་འཇུག་ལས། །བྱང་ཆུབ་སེམས་བསྐྱེད་གྱུར་ནས་སྐད་ཅིག་གིས། །བདེར་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་


TR007_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། ཞེས་གསུངས། སྔོན་གྱི་སྡིག་པ་ཚན་པོ་ཆེ་ཐམས་ཅད་ཀྱང་འདིས་བྱང་བར་འགྱུར་ཏེ། །དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་ཙམ་གྱིས་ངེས་པར་སྲེག་པར་བྱེད། ཅེས་གསུངས། བསོད་ནམས་དཔག་ཏུ་མེད་པ་ཐོབ་སྟེ། དཔལ་བྱིན་གྱི་མདོར། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀངས་ནས། །དེ་ནི་དེ་ལས་ཆོས་ལྷག་འགྱུར། །ཞེས་གསུངས། སངས་རྒྱས་ཐམས་ཅད་ལ་མཆོད་པའི་མཆོག་ཏུ་ཡང་འགྱུར། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱི་མདོ་ལས། །ལུས་ཅན་ཀུན་ལ་ཕན་པའི་ཕྱིར། །བྱང་ཆུབ་ཀུ་ནི་སེམས་བསྐྱེད་ནས། མཚན་མཆོག་སུམ་ཅུ་གཉིས་ལྡན་པའི། །སངས་རྒྱས་ཐམས་ཅད་མཆོད་


TR007_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར། ཞེས་གསུངས། །སེམས་ཅན་ཐམས་ཅད་ལ་ཕན་པའི་མཆོག་ཡིན་ཏེ། ཞི་བ་ལྷས། །འགྲོ་བའི་དེད་དཔོན་ཆེན་པོ་གཅིག་པུ་ཚད་མེད་བློས། །ལེགས་པར་ཡོངས་སུ་བརྟག་ན་རིན་ཆེན་ཆེ་བ། །འགྲོ་བའི་སྡུག་བསྔལ་བྲལ་བར་འདོད་པ་ན། །རིན་ཆེན་བྱང་ཆུབ་སེམས་ལེགས་བརྟན་པར་བཟུང་། ཞེས་གསུངས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྩ་བ་ཚུགས་ཏེ་མྱུར་དུ་རྫོགས་སངས་རྒྱ་བར་འགྱུར་བ་ནི། བྱང་ཆུབ་སེམས་པའི་ས་ལས། སེམས་བསྐྱེད་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྩ་བ་ཡིན་ནོ། སེམས་བསྐྱེད་ན་མཐའ་གཉིས་ལ་མི་གནས་པའི་ཕྱིར་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་པ་ལ་སོགས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་ཅིང་བརྗོད་པས་


TR007_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལང་བ་ལ་གསལ་ཡང་ཐུགས་ལ་ངེས་འཚལ།། ༈ །།དེ་ལྟར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་ལེགས་པར་ཐོབ་ནས། མཇུག་དོན་གཉིས་པ་སྤང་བླང་གནས་ཉེ་བར་སྟོན་པའི་བསླབ་བྱ་བརྗོད་པ་འདི་ལ་ཐུགས་མ་ཡེངས་པས་ལེགས་པར་གསན་འཚལ་ཏེ། དེ་ཡང་ཟབ་མོ་ལྟ་རྒྱུད་ལུགས་ཀྱི་སྨོན་འཇུག་གཉིས་ལས་དང་པོ་སྨོན་པའི་བསླབ་བྱ་ནི། ཇི་སྐད་དུ། །སེམས་ཅན་གཅིག་ཡང་བློས་མི་སྤང་། །རྟག་པར་སེམས་དེའི་ཕན་ཡོན་བསམ། །ཚོགས་གཉིས་གསག་ལ་བརྩོན་པར་བྱ། །ཡང་ཡང་བྱང་ཆུབ་སེམས་གཉིས་སྦྱངས། །ནག་པོའི་ཆོས་བཞི་སྤངས་ནས་ནི། །དཀར་པོའི་ཆོས་བཞི་བསྟེན་པར་བྱ། །ཞེས་གསུངས་པ་རྣམས་ཡིན་ཏེ། །དེ་ཡང་། ནམ་


TR007_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་པར་དམ་བཅས་པ་ཡིན་ཕྱིར། རང་དང་མ་མཐུན་པའམ་མི་དགའ་བ་གཅིག་ཙམ་ཞིག་བློས་སྤངས་ཏེ་ཁོང་ཁྲོ་དང་དགྲར་འཛིན་བྱས་ན་བྱང་ཆུབ་སྨོན་སེམས་ཉམས་པ་ཡིན་ཕྱིར་དེ་ལྟ་བུ་སུ་ལ་ཡང་མི་བྱ་བ་འདི་ནི་བྱང་སྡོམ་གྱི་གཞི་མའོ།། ༈ །།༡ རྟག་ཏུ་བྱང་ཆུབ་སེམས་ཀྱི་ཕན་ཡོན་ལ་བསམ་ཞིང་དྲན་གསོ་བར་བྱ། ༢ དགེ་བའི་བྱ་བ་གང་བྱེད་ཀྱང་སེམས་བསྐྱེད་ཀྱིས་ཟིན་པ་དང་འཁོར་གསུམ་ཡོངས་དག་གི་རྒྱས་ཐེབས་པའི་ཚོགས་གཉིས་ཟུང་འཇུག་ལ་བསླབ། ༣ བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱང་ཞིང་ཉིན་མཚན་གྱི་ཐུན་དུ་སེམས་བསྐྱེད་བླང་བ་དང་གཞན་གྱི་སྡིག་སྡུག་རང་ལ་ལེན་ཅིང་རང་གི་དགེ་བདེ་གཞན་ལ་སྦྱིན་པའི་ཉམས་ལེན་ནི་འདིའི་དོན་


TR007_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དངོས་གཞིའོ། ༤ །ནག་པོའི་ཆོས་བཞི་ནི། བླ་མའམ་དཀོན་མཆོག་ཏུ་གཏོགས་པ་དང་མཆེད་གྲོགས་སོགས་ལ་རྫུན་དང་ངན་གཡོས་བསླུ་བ་དང་། ༡ གཞན་གྱིས་དགེ་བ་བྱས་པ་སོགས་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་དུ་བཅུག་པ་དང་། ༢ སེམས་བསྐྱེད་ལྡན་པའི་གང་ཟག་གཞན་ལ་སྐུར་བ་འདེབས་ཤིང་མ་གུས་པ་དང་། ༣ སྐྱེ་འགྲོ་སེམས་ཅན་མཆོག་དམན་གང་དང་གང་ལ་གཡོ་སྒྱུ་ཟོལ་རྫུན་གྱི་རིགས་དང་ཐབས་འཕྲུལ་ཅི་ལྟ་བུས་བསླུས་པ་དང་བཞི་པོ་ནི་ནག་པོའི་ཆོས་བཞི་ཡིན་ལ། དེ་དག་སྤངས་ཏེ། དུས་ནམ་དུའང་སྲོག་ལ་བབ་ཀྱང་རྫུན་མི་སྨྲ་བ། ༡ གཞན་གྱི་དགེ་བ་ལ་ཡིད་རངས་དང་མཐུན་རྐྱེན་སྒྲུབ་ཅིང་འབྲེལ་ཚད་དགེ་ལ་འགོད་ཅི་ནུས་བྱ་བ་དང་།


TR007_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

༢ སྤྱིར་ཆོས་པ་དང་ཁྱད་པར་ཐེག་ཆེན་སེམས་སྐྱེད་དང་ལྡན་པའི་གང་ཟག་ལ་སངས་རྒྱས་དངོས་སུ་ལྟ་བའི་དད་གུས་ཞབས་ཏོགས་སྒྲུབ་པ་དང་། ༣ སེམས་ཅན་ཐམས་ཅད་ཕ་མར་ཤེས་པས་ཟོལ་མེད་ཀྱི་ལྷག་བསམ་རྣམ་དག་གིས་ཅི་ཕན་ལ་འབད་པ་སྟེ། ༤ དཀར་པོའི་ཆོས་བཞི་པོ་འདི་དལ་རྟག་ཏུ་བརྩོན་པར་བྱ་བ་འདི་དག་ནི་སྨོན་པ་བྱང་སེམས་ཀྱི་ཉམས་ལེན་ལག་པས་ཕྱག་ལེན་དུ་ཐེབས་པར་མཛད་དགོས། མདོར་བསྡུ་ན། ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོར། བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་འཛིན་ཏེ། ཆོས་གཅིག་པུ་གང་ཞེ་ན་སེམས་ཅན་བློས་ཡོངས་སུ་མི་གཏོང་བའོ། །ཞེས་གསུངས་པ་ལྟར། བདག་ལས་གཞན་གཅེས་ཀྱི་བྱང་སེམས་ཟོལ་མེད་ལ་འདུ་


TR007_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །དེ་ནས་ཡང་། འཇུག་པ་བྱང་སེམས་ཀྱི་བསླབ་བྱ་ལ། གཞུང་སོ་སོར་འདྲེན་ལུགས་མི་གཅིག་པ་དག་ལ་མཆིས་རུང་། ཟབ་མོ་ལྟ་རྒྱུད་ཀྱི་སྐབས་འདིར་ནི་ནམ་མཁའ་སྙིང་པོའི་མདོའི་རྗེས་སུ་འབྲང་སྟེ་སློབ་དཔོན་ཞི་བ་ལྷས་བསླབ་ཏུས་སུ་གསུངས་པ་ནི། དཀོན་མཆོག་གི་དཀོར་འཕྲོག་པ། ༡ དམ་པའི་ཆོས་སྤངས་བ། ༢ རབ་ཏུ་བྱུང་བའི་རྟགས་ཅན་ལ་ཆད་པས་གཅོད་པའམ། བཙོན་དུ་འཇུག་གམ་དམག་དང་འུ་ལག་སོགས་ལས་མིན་ལ་བཀོལ་བ་དང་། ༣ འཚམ་མེད་པ་ལྔ་གང་རུང་བྱེད་པ། ༤ དགེ་སྡིག་ཁྱད་དུ་གསོད་པའི་ཆད་པར་ལྟ་བ་འཛིན་པ་སྟེ། བྱང་སེམས་རྒྱལ་པོའི་རྩ་ལྟུང་ལྔ། དེ་རྣམས་ཀྱི་ཁར། གྲོང་དང་གྲོང་ཁྱེར་གྲོང་རྡལ་ཡུལ་འཁོར་སོགས་འཇོམས་པའམ་གནོད་འཚེ་བྱེད་པ། ཆད་ལྟ་འཛིན་པ་དང་གྲོང་ཁྱེར་འཇོམས་པ་འདི་གཉིས་བརྗེས་ཏེ།


TR007_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བྱང་སེམས་བློན་པོའི་རྩ་ལྟུང་ཞེས་བྱ་ལ། སྲོག་གཅོད་མ་བྱིན་ལེན་མི་ཚངས་སྤྱོད་རྫུན་སྨྲ་སྟེ་རྩ་བ་བཞི་པོ་ལས་འགལ་བ་དང་། ༡ སྣོད་མ་ཡིན་པ་ལ་སྟོང་ཉིད་སྟོན་པ་དང་། ༢ ཐེག་ཆེན་ལ་མོས་པའི་དད་ཅན་ཕྱིར་བཟློག་པ་དང་། ༣ སོ་ཐར་སྤངས་ནས་ཐེག་ཆེན་ལ་དཀྲི་བ་དང་། ༤ སློབ་མའི་མོས་པ་དང་མི་མཐུན་པ་སྟོན་པ་དང་། ༥ རྙེད་དང་བཀུར་སྟི་འདོད་ནས་བདག་བསྟོད་གཞན་སྨོད་དང་། ༦ མི་ཤེས་བཞིན་ཤེས་བརྫུ་མ་རྟོགས་པར་རྟོགས་བརྫུ་མ་ཐོབ་པར་བརྫུ་སོགས་མི་ཆོས་བླ་མའི་ཟོལ་དང་། ༧ སྒྲུབ་གྲའི་ཡོ་བྱད་བཤད་སྒྲ་ལ་སྦྱར་བའམ་སྦྱོར་དུ་འཇུག་ཅིང་། དཀོན་མཆོག་གི་དཀོར་རྒྱལ་པོའམ་ཉེ་དུ་སོགས་ལ་སྦྱིན་པར་བྱེད་པ་སྟེ། ༨ དེ་ལྟར་རྒྱལ་བློན་གྱི་རྩ་ལྟུང་བཅུ་དང་ལས་དང་པོ་པའི་ལྟུང་།


TR007_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

བ་བརྒྱད་རྣམས་ཐམས་ཅད་འཛོམ་ཞིང་སྤོང་བར་བྱ་བ་ལ་བསླབ་དགོས་པས་ན། འདི་རྣམས་ཀྱི་སྤང་བླང་གི་གནས་ཇི་ལྟ་བ་ཤེས་པར་བྱ་ཞིང་། འདི་དག་ལས་གཞན་པའི་ཡན་ལག་གི་ལྟུང་བྱེད་བརྒྱད་ཅུ་སོགས་ཕྲ་ཞིབ་དག་ནི་ཁྱེད་ཅག་གི་སྣོད་དང་འཚལ་པའམ་ཤེས་པ་དང་བསྒྲུབ་པར་ཡང་དཀའ་ལ། མདོ་དོན་ཕལ་ཆེར་གོང་དུ་སྨོས་པ་རྣམས་ལ་འདུ་བ་དང་། གལ་ཏེ་ཅིས་ཀྱང་རྟོགས་པར་ནུས་ཤིང་སྤྲོ་ན་བསླབ་བཏུས་སོགས་བྱང་སེམས་ཀྱི་མདོ་བསྟན་བཅོས་རྣམས་ལས་ཤེས་པར་བྱ་ལ། ཁྱད་པར་དུ། སྐྱབས་དང་སྨོན་སེམས་གཏོང་བ། ལོག་པར་ལྟ་དང་ཉན་རང་གི་ཡིད་བྱེད་སྐྱེས་པ། བསླབ་པ་ཕུལ་དང་སེམས་ཅན་བློས་མ་སྤང་བ་རྣམས་ནི་བྱང་སྡོམ་རྩ་བ་ནས་གཏོང་ཞིང་འཇིག་པའི་རྒྱུ་ཡིན་


TR007_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། སྡོམ་བྱའི་གཙོ་བོ་ཡིན་པར་ཤེས་དགོས། ལྟུང་བ་ཆེར་བྱུང་ན་སྡོམ་པ་སླར་བླང་བ་དང་། འབྲིང་དུ་བྱུང་ན་བཤགས་པ་དང་ཕྲ་བ་རྣམས་མཐུན་གྱི་བཤགས་བསྡམ་གྱིས་སོར་ཆུད་པར་འགྱུར་བར་གསུངས། སྤང་བྱའི་དགག་པའི་བསླབ་བྱ་དེ་ལྟར་བསྟན་ནས། བསྒྲུབ་པར་བྱ་བ་ནི། དགེ་བ་བཅུ་དང་ཆོས་སྤྱོད་བཅུ། ཕ་རོལ་ཕྱིན་དྲུག་སོགས་ལ་བརྩོན་པ་དང་། མདོར་བསྡུ་ན། ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་སྟེ། ཚུལ་ཁྲིམས་རྣམ་པ་གསུམ་ལ་ཡང་དག་པར་གནས་པ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་དེ་ལ་ཡོངས་སུ་རྫོགས་པ་ལག་པས་དེ་དག་ལ་ནན་ཏན་ཏུ་མཛད་འཚལ།། ༈ །།མཇུག་གི་ལས་རིམ་གསུམ་པ་བཏང་རག་གི་མཆོད་པ་ནི། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་གཤེགས་


TR007_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་དམ་པ་འདི་ལྟ་བུར་ཆུད་པ་ནི་བླ་མ་དང་དཀོན་མཆོག་གི་སྐུ་དྲིན་ལས་བྱུང་བ་ཡིན་པས་ན། ཁྱེད་ཅག་རང་རང་གི་ལུས་ལོངས་སྤྱོད་ཅི་ཡོད་ཐམས་ཅད་མཆོད་པའི་མཎྜལ་དུ་འབུལ་བའི་འདུན་པས་ཕྱག་དང་མཎྜལ་འབུལ་བར་ཞུ་ཞིང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཚེ་རབས་ཀུན་ཏུ་མི་བརྗེད་ཅིང་མཁའ་ཁྱབ་ཀྱི་དོན་རྒྱ་ཆེན་འགྲུབ་པའི་བསྔོ་སྨོན་བཟང་པོ་འདི་བཞིན་རྗེས་ཟློས་མཛད་འཚལ།། ༈ །།བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིང་། །སྐྱེས་པ་ཉམས་པ་མེད་པར་ཡང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱི་ཡོངས་བཟུང་སྟེ། །བདུད་ཀྱི་


TR007_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱང་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་བདེ་འབྱོར་ཤོག །ཅེས་དང་ཤེས་པ་ཡང་བརྗོད་པར་བྱའོ། །འདི་ནི་ཟབ་མོ་ལྟ་རྒྱུད་ཀྱི་ལུགས་སོར་བཞག་ཡིན་ཕྱིར། ཁྱིམ་པ་ཕོ་མོ་ལ་སོགས་རྟེན་ངེས་མེད་ལ་སྐྱབས་བསྡོམ་གྱི་གཞི་བྱས་ནས་འབོགས་པར་རུང་བར་གསུང་ཤིང་། བླ་མ་མ་འཛོམས་ན་རྟེན་གྱི་དྲུང་དུའང་ལེན་པར་རུང་བར་གསུང་པའོ། །རྒྱལ་བ་བྱམས་པ་ནས་འཕགས་པ་ཐོགས་མེད་ལས་བརྒྱུད་པའི་རྒྱ་ཆེན་སྤྱོད་རྒྱུད་ལུགས་ཀྱི་བྱང་སྡོམ་བླང་བ་ལ། རྟེན་གྱི་གང་ཟག་ནི་སྤྱིར་གོང་དང་མཐུན་ཡང་། ཁྱད་པར་དུ་སོ་ཐར་རིས་བདུན་གང་རུང་དགོས་པར་གསུངས་ཕྱིར་དགེ་སྦྱོང་ལ་བསྔགས་ཤིང་། གལ་ཏེ་ཁྱིམ་པ་ལྟ་བུ་ལ་ཅིས་ཀྱང་འབོགས་དགོས་ནའང་རང་རང་གི་ཇི་ལྟར་ནུས་པ་དང་སྦྱར་


TR007_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དགེ་བསྙེན་དུ་སྒྲུབ་ནས་དེ་རྗེས་བྱང་སྡོམ་འབོགས་པར་གསུངས་ཞིང་། འདི་ལའང་སྦྱོར་བ་དངོས་གཞི་རྗེས་དང་གསུམ་གྱི། སྦྱོར་བའི་ཆོ་ག་གསོལ་བ་གདབ་པ་སྐྱབས་འགྲོ་ཁྱད་པར་ཅན་དང་ཡན་ལག་བདུན་གྱི་ཚོགས་བསགས་པ་གསུམ་པོ་གོང་དུ་བསྟན་པ་ལྟར་བྱས་ལ། འདི་སྐབས་ཕྱག་བཞེས་ལ་ལར་ཕྱག་མཆོད་ཙམ་ལས་གཞན་མི་མཛད་པ་ཡང་ཡོད་མེད་ཀྱི། བསྡུས་པ་ལ་དེ་ལྟར་རུང་ཡང་འདིར་ནི་ཡན་ལག་བདུན་ཚང་བར་བྱ་སྟེ། བྱང་སེམས་རྒྱུད་ལ་སྐྱེ་བ་ནི་ཚོགས་བསགས་པ་ལ་རག་ལས་པར་གསུངས་པའི་ཕྱིར་རོ། །གལ་ཏེ་དུས་གཅིག་ལ་སེམས་སྡོམ་རྒྱུད་ལུགས་གཉིས་ཀ་སྦྲེལ་ནས་འབོགས་དགོས་པ་ལྟ་བུའི་ཚེ་ན་སྦྱོར་ཆོས་གསུམ་པོ་འདི་གཉིས་ཀའི་ཐུན་མོང་དུ་ཚར་གཅིག་གིས་ཆོག་པ་ཉིད་དོ། །དངོས་གཞི་ལ་དེ་ཡང་ཟབ་མོ་ལྟ་རྒྱུད་ལ་ནི་སྨོན་འཇུག་སྟབས་གཅིག་ཏུ་བླངས་རུང་ཡང་། འདིར་ནི་ངེས་པར་


TR007_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་དུ་ལེན་པ་ཕྱག་བཞེས་ཡིན་ཕྱིར། སློབ་མ་རྣམས་ལ་ཡན་ལག་བདུན་གྱི་བསྔོ་བ་ཡན་རྣམས་ལེགས་པར་གྲུབ་ནས། དངོས་གཞི་ལ་བབས་པའི་ཚེ་འདི་ལྟར་བརྗོད་པར་བྱ་སྟེ།། ༈ །།དེ་ནས་དངོས་གཞི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པར་བྱེད་པའི་གཞུང་ལུགས་གཉིས་ཀྱི། འདིར་ནི་བྱམས་མགོན་ཐོགས་མེད་སོགས་ལས་ལེགས་པར་བརྒྱུད་ཅིང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རིང་ལུགས་ལས་བྱུང་བའི་ཕྱག་བཞེས་ལ། སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། འཇུག་པ་བྱང་ཆུབ་སེམས་ཀྱི་སྡོམ་པ་བླངས་བ་དང་གཉིས་ཡོད་དེ། དང་པོ་སྨོན་པ་བྱང་ཆུབ་ཀྱི་སེམས་ནི། སེམས་ཅན་ཐམས་ཅད་ཕ་མར་ཤེས་པའི་བྱམས་པ་དང་། དེ་དག་འཁོར་བའི་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་སྙིང་རྗེ་དང་། དེ་དག་སྡུག་བསྔལ་ལས་སྐྱབས་ཕྱིར་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་


TR007_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་ཀྱི་སེམས་དང་གསུམ་དགོས་པ་སྟེ། དེ་ཡང་སེམས་ཅན་གྱི་རིགས་སུ་གྱུར་པ་སྟོང་འཁོར་བསྒྱུར་གྱི་རྒྱལ་པོ་ནས་འཇག་མིག་གི་སྲིན་བུ་ཡན་ཆད་སྔོན་འཁོར་བ་ཐོག་མ་མེད་པ་ནས། ད་ལྟ་ཡན་ཆད་དུ་རང་ཉིད་ཀྱི་ཕ་མ་བྱས་པའི་གྲངས་དང་ཚད་ནི་སངས་རྒྱས་ཀྱིས་ཀྱང་བརྗོད་དུ་མེད་ལ། ད་དུང་སངས་རྒྱས་མ་ཐོབ་ཀྱི་བར་དུ་དེ་ལས་མ་འདས། འོ་སྐོལ་རྣམས་སྐྱེ་བ་འདིའི་མ་ལ་འདི་ནི་བདག་གི་དྲིན་ཅན་གྱི་མའོ་ཞེས་དྲིན་དུ་བཟོ་བ་ཅུང་ཟད་ཙམ་བྱེད་པ་ལས་མི་བྱེད་པ་ཆེས་མང་ཞིང་། དྲིན་དུ་བཟོ་བར་རློམ་པ་རྣམས་ཀྱང་ཟས་གོས་བྱིན་ཞིང་གཡོག་ཏུ་བགྱི་བ་ཕྲན་ཚེག་བྱས་ན་དྲིན་ཡུལ་ཕར་འདྲེན་པར་བྱེད་པ་ལས་མེད། མ་འདིས་ནི་རང་གི་སྡུག་བསྔལ་མཐའ་དག་


TR007_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་དུ་བསད་དེ་བདག་ལ་ལུས་སྲོག་ལོངས་སྤྱོད་མ་ལུས་བྱིན་པའི་དྲིན་ལན་སུ་ཞིག་གི་འཁོར་ལ། དེ་ཡང་ཚེ་འདི་གཅིག་པུར་བྱས་པ་ཙམ་མ་ཡིན་ཏེ་འཁོར་བ་ཐོག་མེད་ད་ལྟའི་བར་དུ་བྱས་པ་དང་། འོ་ན་དེ་ལྟ་བུའི་དྲིན་ཆེ་བ་ཏེ་ཚེ་འདིའི་མ་འདི་ཉིད་ཁོ་ན་ཡིན་ནམ་ཞེ་ན་མ་ཡིན་ཏེ། ཁམས་གསུམ་རིས་དྲུག་གི་སེམས་ཅན་ཐམས་ཅད་རེ་མོས་ཀྱི་ཕ་མ་བྱས་པའི་དྲིན་ཅན་ཤ་སྟག་ཡིན་པས་ན། དེ་ཐམས་ཅད་ལ་ཁྱད་མེད་དུ་དྲི་ལན་ཞལ་དགོས་པས། བྱམས་པའི་སེམས་ཚད་མེད་པར་བསྐྱེད་པར་བྱ་བ་ནི་བྱང་ཆུབ་སེམས་ཀྱི་ས་བོན་ནམ་རྒྱུའི་དངོས་པོ་ཡིན་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་དཔའ་སེམས་ཅན་ལ། །བུ་གཅིག་མ་ཡི་བྱ་བ་བཞིན། །རྐང་གིས་ཁོངས་ནས་བྱམས་པ་ཆེ། །དེ་ལྟར་རྟག་


TR007_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་བྱ་བར་འདོད། ཞེས་པ་ལྟར་དགོས་ཤིང་། དེ་ལྟ་བུ་བྱམས་པ་ཡོད་པ་གཅིག་པུས་མི་ཆོག་སྟེ། སེམས་ཅན་དེ་དག་གི་གནས་ཚུལ་ཅི་ལྟ་བུ་ཞེ་ན། རྒྱུ་བདེར་གཤེགས་པའི་སྙིང་པོས་ཁྱབ་ཀྱང་རྐྱེན་དགེ་བའི་བཤེས་ཀྱིས་ནི་མ་ཟིན། ཐོབ་དམ་པའི་ཆོས་དང་ནི་མ་ཕྲད། །ལས་དཀར་པོ་དགེ་བ་ནི་མི་སྒྲུབ་པར། མ་རིག་འཁྲུལ་པའི་བག་ཆགས་ངན་གོམས་ནི་ཚན་ཆེ། ཉོན་མོངས་ལས་ངན་གྱི་ཆུ་ཀླུང་ཆེན་པོ་ནི་ཤུགས་དྲག །གཏན་བདེ་ཐར་པ་བྱང་ཆུབ་ཀྱི་འདུན་མ་ནི་བསྟན་ཡང་མི་མཐོང་། བཤད་ཀྱང་མི་གོ། ཁྲིད་ཀྱང་མི་འགྲོ་བར་འཁོར་བ་ངན་སོང་གི་རྒྱུ་ཐབས་སྒྲུབ་པ་ལ་ནི་ཕྱེ་མ་ལེབ་མར་མེ་ལ་འཇུག་པ་ལྟར་བཀག་ཀྱང་མི་ཁེགས་


TR007_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་ཡང་མི་ཐུབ་པར་འཁོར་བ་སྡུག་བསྔལ་གྱི་སྒོ་བཤོམ་དང་འདུན་ཐབས་འབའ་ཞིག་སྒྲུབ་པར་བྱེད་དེ། ཇི་སྐད་དུ། །སྡུག་བསྔལ་འདོར་འདོས་བློ་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུགས། །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། ཞེས་པ་དེ་ལྟ་བུའི་མ་རྒན་རྣམས་ལ་སྙིང་རྗེ་དྲག་པོ་བསྐྱེད་དགོས། དེ་ཡང་ངན་སོང་གི་སྡུག་བསྔལ་མི་བཟད་པ་ཉམས་སུ་མྱོང་བ་རྣམས་ལྟ་བུ་སྙིང་རྗེའི་ཡུལ་དུ་གྱུར་མོད་ཀྱི། དེ་ལས་ཀྱང་ད་ལྟ་སྡིག་པ་ཚད་མེད་པར་སྤྱོད་པ་ལ་ཉམ་ང་སྤུ་ཙམ་མེད་པའི་རྒྱལ་པོའམ། ཤན་པ་ལྟ་བུ་དག་སྙིང་བརྩེ་བའི་ཡུལ་ཡིན་ཏེ། དེ་དག་ད་ལྟ་སྡུག་བསྔལ་མཐའ་མེད་ཀྱི་རྒྱུ་སྒྲུབ་པ་ལ་འབད་པའི་ཕྱིར་རོ། །དེ་བས་ན་མཁའ་ཁྱབ་ཀྱི་


TR007_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྒན་སྨྱོན་པ་དང་འདྲ་བ་སྤང་བླང་གོ་ལོག་མཁན་འདི་དག་སྡུག་བསྔལ་རྒྱུ་འབྲས་ལས་བཟློག་ཅིང་སྐྱོབ་ཐུབ་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་བསྐྱེད་པར་བྱ་སྟེ། ཆོས་ཡང་དག་པར་བསྡུས་པའི་མདོ་ལས། །འདི་ལྟ་སྟེ། འཁོར་ལོ་བསྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་གང་དུ་མཆིས་པ་དེར་དཔུང་གི་ཚོགས་ཐམས་ཅད་མཆིའོ། །དེ་བཞིན་དུ་སྙིང་རྗེ་ཆེན་པོ་གང་དུ་མཆིས་པ་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིའོ། །ཞེས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན་ནོ། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། དེ་ལྟར་དུ་སྙིང་རྗེ་བའི་སེམས་ཅན་དེ་ཐམས་ཅད་བླ་མེད་བྱང་ཆུབ་ཀྱི་གོ་འཕང་ལ་བཀོད་ན་གཞན་གང་གིས་ཀྱང་མི་ལྡན་ལ། དེ་ལ་ནི་ཐོག་མར་རང་


TR007_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་མཁྱེན་བརྩེ་ནུས་གསུམ་དང་སྤང་དང་རྟོགས་པའི་ཡོན་ཏན་དང་མ་ལྡན་པར་གཞན་སྒྲོལ་བར་མི་ནུས་ཏེ། ལྡོངས་པས་གཞན་གྱི་ལམ་མཁན་མི་ནུས་པ་བཞིན་ནོ། །དེའི་ཕྱིར་རང་ཉིད་བླ་ན་མེད་པའི་བྱང་ཆུབ་ཅི་ནས་ཀྱང་མྱུར་དུ་ཐོབ་པར་བྱས་ལ། མཁའ་ཁྱབ་ཀྱི་ཕ་མ་འདི་དག་སངས་རྒྱས་ཀྱི་སར་ངེས་པ་ཁོ་ནར་འགོད་པར་བྱའོ་སྙམ་པའི་འདུན་པ་དྲག་པོས། བླ་མ་དཀོན་མཆོག་རྣམས་ལ་དད་པའི་ཤུགས་བསྐྱེད་ཅིང་། ཐལ་མོ་ཐར་ནས་སྨོན་སེམས་བླང་བའི་ཚིག་འདིའི་རྗེས་ཟློས་མཛད་པར་ཞུ།། ༈ །།ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། །སྐྱེ་བ་འདི་


TR007_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྐྱེ་བ་གཞན་དང་གཞན་དག་ཏུ། སྦྱིན་པའི་རང་བཞིན་དང་ཚུལ་ཁྲིམས་ཀྱི་རང་བཞིན་དང་སྒོམ་པའི་རང་བཞིན་གྱི་དགེ་བའི་རྩ་བ་ཅི་བགྱིས་པ་དང་། དགྱིད་དུ་སྩལ་བ་དང་། དགྱིད་པ་ལ་རྗེས་སུ་ཡི་རངས་བའི་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་


TR007_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་དགྱིའོ། །སེམས་ཅན་མ་རྒལ་བ་རྣམས་བསྒྲལ་བར་དགྱིའོ། །མ་གྲོལ་བ་རྣམས་འགྲོལ་བར་དགྱིའོ། །དབུགས་མ་ཕྱིན་པ་རྣམས། ངན་སོང་གསུམ་གྱི་སེམས་ཅན་སྡུག་བསྔལ་གྱི་རྒྱ་མཚོ་ལས། མཐོ་རིས་ཀྱི་འགྲོ་བ་ཉོན་མོངས་པའི་འཆིང་བ་ལས། ཉན་རང་གི་ཚོགས་ཐེག་པ་ཆེན་པོར། དབྱུགས་དབྱུང་བར་དགྱིའོ། །ཡོངས་སུ་མྱ་ངན་ལས་འདས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བར་དགྱིའོ། ཞེས་ལན་གསུམ་དུ་བསྐྱར་ནས་བླངས་ཏེ།། ༈ །།བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་སར།། ྃ །།དེས་སྨོན་པ་བྱང་ཆུབ་ཀྱི་སེམས་ཁྱེད་ཅག་རྣམས་ཀྱིས་ལེགས་པར་ཐོབ་པ་ཡིན་པས་དེ་ལྟ་བུའི་ངེས་ཤེས་སྐྱེས་པ་གལ་ཆེ། ཇི་ལྟར་འཇིག་རྟེན་ན་རྒྱལ་པོའི་སྲས་རྒྱལ་སྲིད་ལ་དབང་བསྐུར་མ་ཐག་རྒྱལ་པོར་བརྗོད་པ་དང་། རབ་ཏུ་བླང་


TR007_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐག་དགེ་སྦྱོང་དུ་མིང་འཕོ་བ་བཞིན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་མ་ཐག་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་འགྱུར་བ་དང་། ཉན་རང་མན་ཆད་ཀྱི་འགྲོ་བ་ཐམས་ཅད་ཀྱི་ཕྱག་གི་གནས་སུ་གྱུར་པ་ལགས། བྱང་ཆུབ་ཀྱི་སེམས་དེ་རྒྱུད་ལ་སྐྱེ་བའི་ཚུལ་ཡང་། བློ་གྲོས་མི་ཟད་པའི་མདོར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་དང་པོ་སྐྱེས་པ་དེ་ཡང་མི་ཟད་པའོ། །དེ་ཅིའི་ཕྱིར་ཞེ་ན། མ་འདྲོས་པའི་ཕྱིར་བྱང་ཆུབ་ཀྱི་སེམས་དེ་ནི་ཉོན་མོངས་པ་ཐམས་ཅད་དང་མ་འདྲེས་པར་སྐྱེའོ། །ཐེག་པ་གཞན་ལས་འདོད་པ་མེད་པས་སེམས་དེ་ནི་མ་འབྲེལ་བར་སྐྱེའོ། བདུད་ཐམས་ཅད་ཀྱིས་མི་ཕྱེད་པས་སེམས་དེ་ནི་སྲ་བར་སྐྱེའོ། །དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྒྲུབས་པས་སེམས་དེ་ནི་བརྟན་པར་སྐྱེའོ། །


TR007_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་བྱས་མི་རྟགས་ཤིན་ཏུ་རིག་པས་སེམས་དེ་ནི་རྟག་པར་སྐྱེའོ། །སེམས་ཅན་གོ་འབྱེད་པས་སེམས་དེ་ནི་རྒྱ་ཆེ་བར་སྐྱེའོ། །ཞེས་པ་ལ་སོགས་རྒྱ་ཆེར་གསུངས་ཤིང་། འདི་ལྟ་བུའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སངས་རྒྱས་ཐམས་ཅད་ཐུགས། སེམས་ཅན་ཐམས་ཅད་ཀྱི་མགོན། གནས་སྐབས་མཐར་ཐུག་མ་ལུས་པའི་གཏན་འདུན་གྱི་གཞི་མ། ཐར་པ་དང་ཐམས་ཅད་མཁྱེན་པའི་ཡོན་ཏན་མཐའ་དག་གི་འབྱུང་ཁུངས་འདི་ཉིད་རྒྱུད་ལ་དང་པོར་སྐྱེས་མ་ཐག །བསྟན་པ་ལ་དགའ་བའི་ལྷ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་དེ་སྲུང་ཞིང་སྐྱོབས་པར་བྱེད་པ་དང་། འགྲོ་བ་ཐམས་ཅད་ཀྱི་མཐོང་ན་དགའ་བ་དང་། དགེ་བའི་རྩ་བ་ཐམས་ཅད་མི་ཟད་ཅིང་འཕེལ་བ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་ས་བོན་ཐོབ་པ་ལ་སོགས། སེམས་


TR007_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་སྐྱེས་པ་ཙམ་གྱི་ཕན་ཡོན་གཞལ་དུ་མེད་པར་གསུངས་ན། རྒྱུན་ཆགས་སུ་ལག་ལེན་དུ་འདེབས་ན་ལྟ་ཅི་སྨོས་ཏེ། །འགྲོ་བ་ཀུན་གྱི་དགའ་བའི་རྒྱུ། །སེམས་ཅན་སྡུག་བསྔལ་རྩིར་གྱུར་བ། །རིན་ཆེན་སེམས་ཀྱི་བསོད་ནམས་གང་། །དེ་ལ་ཇི་ལྟར་གཞལ་གྱིས་ལང་། ཞེས་གསུངས་པ་ལྟར་གྱི་ཡོན་ཏན་དྲན་ཞིང་ངེས་ཤེས་བསྐྱེད་པར་མཛད་ནས། དེའི་བསླབ་བྱ་རྣམས་ལ་སློབ་དགོས་པ་ཡིན་པས་འདི་བཞིན་ཐུགས་ལ་ངེས་འཚལ་ཏེ། བསླབ་པར་བྱ་བའི་གནས་གང་ཞེ་ན། བྱང་ཆུབ་སེམས་ཀྱི་ཕན་ཡོན་མཐོང་ཞི་རྗེས་སུ་དྲན་པར་བྱ་བ་དང་། དེ་ཉིད་ཉིན་མཚན་དུས་ཀུན་ཏུ་བསྒོམ་ཞིང་སྤེལ་སྦྱང་ལ་སློབ་པ་དང་། ཚོགས་གཉིས་རྒྱ་ཆེར་


TR007_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

གསོག་པ་ལ་ངལ་དུབ་དང་རློམ་སེམས་མེད་པར་བརྩོན་པ་དང་། སེམས་ཅན་གཅིག་ཙམ་ཡང་བློས་མི་སྤང་བར་སྐྱབས་ཁོངས་སུ་བཅུག་པ་དང་། ནག་པོའི་ཆོས་བཞི་སྤངས་ནས་དཀར་པོའི་ཆོས་བཞི་ལ་བརྩོན་པ་རྣམས་ཕྱག་ལེན་དུ་ཐེབས་པར་མཛད་འཚལ། དེ་ལ་ནག་པོའི་ཆོས་བཞི་ནི། བླ་མ་དང་མཁན་སློབ་སོགས་བརྫུན་གྱིས་བསླུ་བ་དང་། བྱང་ཆུབ་སེམས་དཔའ་སོགས་ཆོས་སྤྱོད་པ་གཞན་ལ་བསྐུར་བ་འདེབས་པ་དང་། གཞན་གྱི་དགེ་བ་ལ་འགྱོད་པ་བསྐྱེད་པ་དང་། གཡོ་སྒྱུས་སེམས་ཅན་བསླུ་ཞིང་ལོག་འཚོ་སྒྲུབས་པ་རྣམས་ཡིན་པས། དེ་དག་ལས་བཟློག་པའི་དཀར་པོའི་ཆོས་བཞི་སྒྲུབ་པ་ནི། སྲོག་ལ་བབས་ཀྱང་རྫུན་མི་སྨྲ་བ་དང་། གཞན་ལ་སྐུར་འདེབས་མི་བྱེད་པ་དང་།


TR007_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་གྱི་དགེ་བ་ལ་མཐུན་འགྱུར་བྱེད་པ་དང་། སུ་ལ་ཡང་གཡོ་སྒྱུ་ཟོལ་ཟོག་མི་བྱ་བ་སྟེ། དེ་ལྟར་སྨོན་པ་བྱང་སེམས་ཀྱི་བསླབ་བྱ་འདི་རྣམས་ལས་སྐད་ཅིག་ཀྱང་མི་འདའ་བར་མཛད་པར། ད་ནི་འཇུག་པ་སེམས་བསྐྱེད་ཀྱི་ལས་རིམ་ལ་ཡང་སྦྱོར་དངོས་རྗེས་གསུམ་གྱི་སྒོ་ནས་སྟོན་པ་ལས། །སྦྱོར་བའི་ཆོས་ལ་ལྔ་ཡོད་དེ། གསོལ་བ་གདབ་པ། བསམ་པ་བརྟག་པ། མྱུར་དུ་སྦྱིན་པར་བསྐུལ་བ། བར་ཆད་དྲི་བ། བསླབ་པའི་གནས་གོ་བར་བྱས་ནས་སྤྲོ་བ་དྲི་བ་དང་ལྔ་ཡོད་པའི། དང་པོ་ནི། གོང་དུ་སྨོན་པ་བྱང་ཆུབ་ཀྱི་སེམས་ལེགས་པར་ཐོབ་པས་བྱང་ཆུབ་ཀྱི་རྒྱུ་དང་ས་བོན་ཉེ་བར་ཐོབ་ཀྱང་། དེ་མྱུར་དུ་སྒྲུབ་པར་བྱེད་པ་ལ་འཇུག་པ་


TR007_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་མེད་ན་འགྲུབ་པར་དཀའ་སྟེ། ཇི་ལྟར་འཇིག་རྟེན་ན་ཞིང་པ་དག་ས་བོན་བཟང་པོ་བསྐྲུན་དུ་ཟིན་ཡང་ཆུ་ལུད་སོགས་སྐྱེད་སྲུང་གི་ལས་ལ་འབད་དགོས་པ་ལྟ་བུ་སྟེ། ཇོ་བོ་ཆེན་པོས། འཇུག་སེམས་བདག་ཉིད་སྡོམ་པ་མ་གཏོགས་པ། །ཡང་དག་སྨོན་པས་འཕེལ་བར་འགྱུར་མ་ཡིན། །རྫོགས་པའི་བྱང་ཆུབ་སྡོམ་པ་སྤེལ་འདོད་པས། །དེ་ཕྱིར་དེ་ནི་འབད་པས་ངེས་པར་བླངས། ཞེས་གསུངས་པ་དེ་ཉིད་ལེན་པའི་རྟེན་དུ་སོ་ཐར་རིས་བདུན་གྱི་བསླབ་པ་དང་ལྡན་ཞིང་སྨོན་སེམས་ལེགས་པར་སྐྱེས་པ་གཅིག་དགོས་པར་ལུགས་འདིའི་བཞེད་པ་ཡིན་པས། དེའི་རྒྱུད་ཁྱེད་ཅག་ལ་ཚང་བ་དང་། ལེན་པའི་ཡུལ་དགེ་བའི་བཤེས་གཉེན་


TR007_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སངས་རྒྱས་ཀྱི་འདུ་ཤེས་དང་ལྡན་པ་དགོས་ཀྱི། །ངེད་ལ་དེ་ལྟ་བུའི་ཡོན་ཏན་གྱི་ཆ་ཤས་ཙམ་ཡང་མེད་ནའང་། ཁྱེད་ཅག་གིས་སངས་རྒྱས་དངོས་སུ་མོས་པ་མཛད་ན་དད་པའི་རྒྱུ་དང་བདག་གི་བྱང་ཆུབ་ཀྱི་སེམས་གཉིས་པོ་འཛོམས་པའི་རྟེན་འབྲེལ་གྱི་མཐུས་ཁྱེད་ཀྱི་རྒྱུད་ལ་འཇུག་པ་བྱང་ཆུབ་ཀྱི་སེམས་སྐྱེས། དེའི་མཐུ་འབྲས་ཀྱིས་ནམ་ཞིག་བདག་སློབ་དཔོན་པ་དང་པོའི་བདེན་པ་མཐོང་བའི་ཚེ། ད་ལྟ་ཁྱེད་སེམས་སྐྱེད་ཞུས་པ་རྣམས་ཀྱི་ལས་བཟང་བ་དག་ནི་ལྟ་ཅི་སྨོས་ཀྱི། འགའ་ཞིག་ལས་ངན་གྱི་ལྟུང་བ་ཕོག་ནས་ངན་སོང་གི་གནས་ན་མཆིས་པའི་ཚེ་ནའང་། བདག་བསམ་བཞིན་དེའི་དོན་དུ་སྐྱེ་བ་བླངས་ཏེ་རྗེས་སུ་འཛིན་པ་དང་། བདག་མངོན་པར་རྫོགས་པར་སངས་རྒྱས་


TR007_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་ཁྱེད་འབྲེལ་པ་ཐོགས་པ་ཚུན་ཆད་ལ་ཐུགས་རྗེའི་གཟིགས་པ་འཇུག་ཅིང་། ཁམས་གསུམ་གང་ན་གནས་ཀྱང་བདག་གི་སྐུའི་འོད་ཟེར་བྱེ་བ་ཕྲག་དྲུག་ཅུས་འཁོར་གྱི་དཀྱིལ་འཁོར་དུ་བསྡུས་ནས་སྨིན་ཅིང་གྲོལ་བར་བྱེད་པར་འགྱུར་བ་སྟེ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་བདེན་པའི་བྱིན་རླབས་ལགས། དེའི་ཕྱིར་ན་ད་ལྟ་ཡང་དག་ལ་སངས་རྒྱས་དངོས་ཀྱི་མོས་པ་མཛད་ནས་ལུས་ལོངས་སྤྱོད་གཏན་སྲིད་མཐའ་དག་མཆོད་པར་འབུལ་བའི་ཐུགས་འདུན་གྱིས་མཎྜལ་འབུལ་བར་ཞུ།། ༈ །།དེ་ནས་ཕྱག་ཐལ་མོ་སྦྱར་ཏེ་གུས་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛད་འཚལ།། ༈ །།སློབ་དཔོན་དགོངས་སུ་གསོལ། སློབ་དཔོན་


TR007_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ལས་བདག་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པ་བླངས་བ་ལེན་པར་འཚལ་གྱི་དེ་ལ་གནད་པ་མ་མཆིས་ན་བདག་ལ་ཐུགས་བརྩེ་བའི་སླད་དུ་ཅུང་ཟད་ཅིག་གསན་ཅིང་སྩལ་བའི་རིགས་སོ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ་སོ།། ༈ །།གཉིས་པ་བསམ་པ་བརྟག་པ་ལ་གསུམ་ཡོད་པའི་དང་པོ་སྙིང་སྟོབས་ལ་བརྟག་པ་ནི། རིགས་ཀྱི་བུ་རྣམས་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་པར་འདོད་པ་ནི་ཤིན་ཏུ་ལེགས་ཤིང་ངོ་མཚར་ཆེ་ནའང་། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་སྨིན་པར་བྱེད་དགོས་ཞེས་ན། དེའི་བསླབ་པ་གྲངས་མེད་པ་ལ་སློབ་དགོས་ཀྱི། རིགས་ཀྱི་བུ་རྣམས་སེམས་ཅན་ཐམས་ཅད་སྨིན་པར་བྱེད་པའི།


TR007_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་བླངས་ངོ་། །བསླབ་པ་རྣམས་ལ་སློབ་ནུས་སམ། ཞེས་འདྲི་ཞིང་། སློབ་མ་རྣམས་ཀྱིས་ཀྱང་། ནུས་ལགས། བྱང་ཆུབ་སེམས་དཔའ་ནི་ཞིང་ཁམས་གྲངས་མེད་པ་སྦྱོང་བ་དང་། སངས་རྒྱས་གྲངས་མེད་པ་མཉེས་པར་བྱ་དགོས་ན། རིགས་ཀྱི་བུ་རྣམས་ཞིང་ཁམས་གྲངས་མེད་པ་སྦྱོང་བ་དང་། སངས་རྒྱས་གྲངས་མེད་མཉེས་པ་ལ་སློབ་ནུས་སམ། སློབ་མས་ཀྱང་ནུས་ལགས། །ཞེས་བྱ། བྱང་སེམས་ཀྱི་སྡོམ་པ་དེ་ཉམས་ན་སེམས་ཅན་ཐམས་ཅད་ཕན་བདེ་ལ་འགོད་པར་དམ་བཅས་པའི་ཕྱིར་དེ་དག་ཐམས་ཅད་བསླུས་པར་འགྱུར་ཏེ། ཇི་སྐད་དུ། །དངོས་པོ་ཕལ་པ་ཅུང་ཟད་ཀྱང་། །ཡིད་ཀྱི་སྦྱིན་པར་བསམ་བྱས་ནས། །མི་གང་སྦྱིན་པར་མི་བྱེད་པར། །དེ་དག་ཡི་དྭགས་རྒྱུར་གསུངས་ནས། །བླ་ན་མེད་པའི་བདེ་བ་ལ། །བསམ་པ་ཐག་པས་མགྲོན་


TR007_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་ནས། །འགྲོ་བ་ཐམས་ཅད་བསླུས་བྱས་ན། །བདེ་འགྲོར་ཅི་ལྟར་འགྲོ་འགྱུར་རམ། །ཞེས་པ་ལྟར་སེམས་ཅན་བསླུས་པའི་རྣམ་སྨིན་གྱིས་དམྱལ་བ་སོགས་སུ་སྐྱེ་བར་འགྱུར་བའི་ཉེས་དམིགས་ཤིན་ཏུ་ཆེ་བར་མཆིས་ན། དེ་ལྟ་བུ་ལ་མི་འཇིགས་སམ།། ༈ །།མི་འཇིགས་ལགས། ཞེས་བརྗོད། མི་འཇིགས་པ་དེ་ཡང་རྒྱུ་འབྲས་ཁྱད་དུ་བསོད་པས་ངན་སོང་ལ་མི་འཇིགས་པ་ལྟ་བུ་མ་ཡིན་གྱི། ངན་སོང་དེ་དག་ཏུ་ལྟུང་མི་དགོས་པའི་རྒྱུ་བསླབ་པ་མ་ཉམས་པར་བྱེད་ནུས་པའི་སྙིང་སྟོབས་དགོས་པ་ལགས། ཡང་དེ་ཉིད་མ་ཉམས་པར་བྱང་ཆུབ་སེམས་དཔའི་བསླབ་བྱ་ལ་ཚུལ་བཞིན་སློབ་ན་བསོད་ནམས་ཀྱི་ཚོགས་ཟད་མི་ཤེས་པའི་གཏེར་དང་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་དང་། བླ་ན་མེད་པ་རྫོགས་


TR007_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་ཀྱི་གོ་འཕང་དམ་པ་ཐོབ་པར་འགྱུར་བས་ན། བསོད་ནམས་ཀྱི་ཁྱད་པར་དེ་ལྟ་བུ་ཐོབ་པར་ནུས་པའི་བསླབ་པ་ལ་སློབ་པར་སྤྲོའམ་ཞེས་པའི་ལན་དུ་སྤྲོ་ལགས།། ༈ །།གཉིས་པ་ཤེས་རབ་ལ་བརྟག་པ་ནི། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ཁྱོད་རྣམས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་དག་ལེགས་པར་ཐོས་སམ། ཞེས་དྲིས་ལ་ཅུང་ཟད་ཐོས་ལགས། ཞེས་དང་། སྡེ་སྣོད་དེ་དག་གི་དོན་གྱི་ཚུལ་ཟབ་མོ་རྣམས་ཁྱོད་ཀྱིས་ཤེས་སམ། ཅུང་ཟད་ཤེས་ལགས། དེ་དག་གི་གནས་ལ་དད་དམ། ཤིན་ཏུ་དད་ལགས། དེ་དག་གི་བསྲུང་བྱ་རྣམས་བསྲུང་བར་ནུས་སམ། ནུས་ལགས། ཞེས་དྲི་བ་དང་ལན་བྱའོ།། ༈ །།གསུམ་པ་འདུན་པ་ལ་བརྟག་པ་ནི། འགྲོ་བ་གང་དག་གཅིག་གམ་འགའ་ཙམ་མ་ཡིན་པར་མཆོག་དམན་


TR007_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་དང་ནམ་མཁས་གར་ཁྱབ་ཐམས་ཅད་བྱང་ཆུབ་ལ་འགོད་པའི་འདུན་པ་དང་ལྡན་དགོས་ཕྱིར། རིགས་ཀྱི་བུ་རྣམས་འདི་ལྟ་སྟེ། ཁྱོད་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་སྒྲུབ་ནས། སེམས་ཅན་མ་རྒལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་འགྲོལ་བ་དང་། །དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་ཟློ་བ་དང་། སངས་རྒྱས་ཀྱི་གདུང་རྒྱུན་མི་ཆད་པར་བྱ་བའི་འདུན་པ་དང་ལྡན་པ་ཡིན་ནམ་ཞེས་དྲི་ཞིང་། དེ་ལྟ་བུ་དང་ལྡན་པ་ལགས་སོ། །ཞེས་ལན་གདབ་ཅིང་། དེ་ལ་ཁྱེད་ཀྱིས་སེམས་བསྐྱེད་པ་བརྟན་པ་དང་། ཡི་དམ་བརྟན་པར་བྱ་དགོས་སོ། །གཞན་ཡང་རིགས་ཀྱི་བུ་ཁྱེད་ཅག་གིས་སེམས་བསྐྱེད་པ་འདི་གཞན་ལ་འགྲན་པའི་ཆེད་དུ་མ་ཡིན་ནམ། གཞན་དག་གིས་


TR007_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ནན་གྱི་ལེན་དུ་བཅུག་པ་མ་ཡིན་ནམ། ཞེས་དྲི་ཞིང་། མ་ཡིན་ལགས། ཞེས་ལན་གདབ་ཏུ་གཞུག་གོ།། ༈ །།གསུམ་པ་མྱུར་དུ་སྦྱིན་པར་བསྐུལ་ཞིང་གསོལ་བ་གདབ་པ་ནི། དེ་ནས་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེ་བའི་ཡོན་ཏན་འདྲན་པའི་དད་གུས་དང་། བདག་སློབ་དཔོན་ལ་ཡང་བཀའ་དྲིན་གྱི་སྒོ་ནས་སངས་རྒྱས་དངོས་སུ་ཤེས་པའི་དག་སྣང་དང་བཅས་པས། སྣང་སྲིད་སྣོད་བཅུད་ཀྱི་དངོས་པོ་བདག་ལུས་ལོངས་སྤྱོད་མཐའ་དག་མཆོད་པའི་མཎྜལ་དུ་འབུལ་བའི་འདུན་པ་རྩེ་གཅིག་པས་རྗེས་ཟློས་མཛད་པར་ཞུ།། ༈ །།དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ། །བདག་པོས་ཡོངས་སུ་མ་བཟུང་དང་། །བླ་ན་མེད་པའི་མཆོད་པའི་ཚོགས། །མ་ལུས་བློ་ཡིས་བླངས་ཏེ་འབུལ། །བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་ཀུན།


TR007_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

།མ་ལུས་དཀོན་མཆོག་སྤྱན་སྔར་འབུལ། །འགྲོ་བའི་སྐྱབས་གྱུར་འཚང་རྒྱ་ཤོག། ༈ །།དེ་ནས་སེམས་སྐྱེད་ཀྱི་སྡོམ་པ་ཐོབ་པར་འདོད་པའི་དུང་པ་ཆེས་ཆེར་འཕེལ་ཞིང་དཀོན་མཆོག་ལ་མི་ཕྱེད་པའི་དད་པ་བསྐྱེད་དེ་ཐལ་མོ་སྦྱར་བས་རྗེས་ཟློས་འདི་བཞིན་མཛོད། སློབ་དཔོན་དགོངས་སུ་གསོལ། སློབ་དཔོན་ཁྱེད་ཀྱིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་བདག་ལ་མྱུར་དུ་སྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་གདབ་ཏུ་གཞུག་གོ།། ༈ །།བཞི་པ་བར་ཆད་དྲི་བ་ནི། དེ་ཡང་འདི་ལྟར་བྱང་ཆུབ་འཇུག་པའི་སེམས་བསྐྱེད་ཟབ་མོ་ཡང་དག་པར་ལེན་པ་པོ་ནི་ཐོག་མར་སྨོན་པ་བྱང་ཆུབ་ཏུ་སེམས་ལེགས་པར་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཞིག་དགོས་ན། རིགས་


TR007_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བུ་ཁྱེད་ཅག་སྨོན་སེམས་ཡང་དག་པར་བསྐྱེད་ལ་མ་ཉམས་པའི་བྱང་ཆུབ་སེམས་དཔའ་ཡིན་ནམ། ཞེས་དྲི་ཞིང་སློབ་མས་ཡིན་ལགས། ཞེས་བྱ། མཁའ་མཉམ་སེམས་ཅན་ལ་འགོད་ཕྱིར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་སྨོན་ལམ་རླབས་པོ་ཆེ་བཏབས་པ་གཅིག་དགོས་ན། རིགས་ཀྱི་བུ་རྣམས་བྱང་ཆུབ་ཏུ་སྨོན་ལམ་ལེགས་པར་བཏབ་བམ། ཞེས་དྲིས་པའི་ལན་དུ། དེ་ལྟར་བཏབས་ལགས་སོ། །ཅེས་བྱའོ། །ལྔ་པ་བསླབ་པའི་གནས་གོ་བར་བྱས་ནས་སྤྲོ་བ་དྲི་ཞིང་སྡོམ་པ་སྦྱིན་པ་ནི། རིགས་ཀྱི་བུ་རྣམས། ད་ནི་ཡོན་ཏན་མི་ཟད་པ་དཔག་ཏུ་མེད་པ་བླ་ན་མ་མཆིས་པའི་བསོད་ནམས་ཀྱི་གཏེར། སངས་རྒྱས་ཡོན་ཏན་མཐའ་དག་རང་གི་རྒྱུད་ལ་བགེགས་མེད་དུ་སྐྱེ་བར་བྱེད་པའི་བྱང་ཆུབ་སེམས་དཔའི་སྡོམ་པ་མྱུར་དུ་ཐོབ་པར་འགྱུར་གྱི། དེའི་སྙིང་པོ་ནི། སྒོ་གསུམ་


TR007_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མི་དགེ་བ་མཐའ་དག་སྤོངས་བའི་སེམས་ནི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཕ་རོལ་དུ་ཕྱིན་པ་དྲུག་ལ་སོགས་པ་རྒྱལ་བ་སྲས་བཅས་ཀྱི་རྣམ་ཐར་ལ་སློབ་ཅིང་སྒྲུབ་པ་ནི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། རང་ཉིད་ཞི་བདེ་སྒྲུབ་པ་མ་ཡིན་པར་སེམས་ཅན་ཐམས་ཅད་ཀྱི་དོན་ངལ་བ་མེད་པར་ཅི་ནུས་ཀྱི་སྤྱོད་པ་ནི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཏེ། ཚུལ་ཁྲིམས་རྣམ་པ་གསུམ་པོ་འདི་ལ་བྱང་ཆུབ་སེམས་དཔའ་བསླབ་པའི་གནས་མཐའ་དག་འདུ་ཞིང་རྫོགས་པ་ཡིན་ཕྱིར། རིགས་ཀྱི་བུ་རྣམས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པའི་ཚུལ་ཁྲིམས་དེ་དག་བདག་ལས་ལེན་པར་འདོད་དམ། ཞེས་དྲི་ཞིང་། ཤིན་ཏུ་ལེན་པར་འཚལ་ལགས། ཞེས་སློབ་མས་བརྗོད་དོ།།


TR007_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།དེ་ནས་འཇུག་སྡོམ་དངོས་འབོགས་ཕྱིར་གོ་དོན་སྤྲད་དེ། དེ་ནས་རིགས་ཀྱི་བུ་ཚེ་དང་ལྡན་པ་རྣམས་མ་ཡེེངས་པར་དགོངས་འཚལ། འདི་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་དོན་དམ་པར་ཡོད་མེད་རྟག་ཆད་ལ་སོགས་ཀྱི་དམིགས་མཚན་གང་ཡང་མ་གྲུབ་པར་སྤྲོས་པའི་མཐའ་ལས་འདས་པ་ཅིག་ཡིན་ཀྱང་། ཀུན་རྫོབ་ཏུ་འགག་མེད་ཀྱི་སྣང་བ་སྣ་ཚོགས་པར་ཤར་ཞིང་ཇི་ལྟར་སྣང་ཡང་དོན་ལ་མི་གནས་པ་རྨི་ལམ་སྒྱུ་མ་ལྟ་བུ་སྟེ། ཏིང་འཛིན་རྒྱལ་པོའི་མདོར། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་བདེན་པ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། ཞེས་སོགས་གསུངས་པ་ལྟར་ཡིན་ནའང་། སེམས་ཅན་ཀུན་གྱིས་དེ་ལྟར་མ་ཤེས་པས་མི་བདེན་པ་ལ་


TR007_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པར་བཟུང་བ་ཀུན་རྫོབ་རྫུན་སྣང་ལ་ཨ་འཐས་ཀྱི་ཞེན་འཁྲུལ་འབའ་ཤིག་གོམས་པ་ཆེས་པས་འཁོར་བ་མཐའ་མེད་དུ་གཏན་འཁྱམས་སུ་གནས་པའི་དྲིན་ཅན་ཕ་མའི་ཚོགས་འདི་རྣམས་གཏན་བདེ་བྱང་ཆུབ་ཀྱི་གོ་འཕང་ལ་འགོད་ཕྱིར་དང་། དེ་ལྟར་འགོད་པའི་ནུས་པ་ནི་རྫོགས་པའི་སངས་རྒྱས་ཉིད་ལས་གཞན་ལ་མ་མཆིས་མོད་ཀྱི། སངས་རྒྱས་དེ་ཐོབ་པར་བྱེད་པའི་རྒྱུ་དང་ཐབས་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་ཅིང་དེའི་བསླབ་པའི་གནས་ཐམས་ཅད་ལ་སྤྱོད་དགོས་པས་ན། ཁྱེད་ཅག་རྣམས་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་མ་ཐོབ་ཀྱི་བར་དུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་པ་གསུམ་བླང་ཞིང་བསྲུང་བ་དང་། རྒྱལ་སྲས་བྱང་སེམས་ཀྱི་སྤྱོད་པ་


TR007_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དུས་འདི་ནས་འཇུག་པར་བྱའོ་སྙམ་པའི་བསམ་པ་གསལ་ཐོབ་ཅིག །ཅེས་བརྗོད་ལ། སྐབས་འདིར་སློབ་དཔོན་ཉིད་ཀྱི་རྒྱུད་ལ་སྨོན་འཇུག་གི་ཉམས་རྟོགས་ཇི་ཙམ་ཡོད་པ་གསལ་བཏབ་ཅིང་། དེ་དང་སློབ་མར་སྣང་བའི་རྟོགས་པ་སྒྱུ་མ་ལྟ་བུ་གཉིས་དབྱེར་མེད་དུ་མཉམ་པར་གཞག་པའི་ངང་ནས་འདི་སྐད་བརྗོད་པས་སྡོམ་པ་བྱིན་པར་བྱ་སྟེ།། ༈ །།བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྐལ་བ་བཟང་པོ་ཅན་རིགས་ཀྱི་བུ་ཚེ་དང་ལྡན་པ་ཁྱེད་རྣམས། བདག་བྱང་ཆུབ་སེམས་མིང་འདི་ཞེས་བགྱི་བ་ལས། འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་བ་གང་ཡིན་པ་དང་། མ་བྱོན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞིར་འགྱུར་བ་གང་ཡིན་པ་དང་། ཕྱོགས་བཅུ་དག་ན་ད་ལྟར་བྱུང་དང་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་སློབ་པར་མཛད་པའི་བསླབ་པའི་


TR007_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་གང་ཡིན་པ་རྣམས་དང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པ་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་དག་ཐམས་ཅད་བདག་ལས་ཐོབ་པར་འདོད་དམ། ཞེས་པ་དང་། སློབ་མས་ཀྱང་། ཤིན་ཏུ་འདོད་ལགས། ཞེས་དང་། ཚུལ་བཞིན་དུ་ནོད་དམ། ཞེས་པའི་ལན་དུ། ཚུལ་བཞིན་དུ་ནོད་པར་བགྱི་ལགས་སོ། །ཞེས་སློབ་མས་ཁས་བླངས་བར་བྱའོ། །ཡང་། གོང་བཞིན་དུ་བྱང་ཆུབ་ཀྱི་སེམས་གསལ་ཐོབ་ལ་ཡིད་གཞན་དུ་མ་ཡེངས་ཤིག །ཅེས་བརྗོད་ནས།། ༈ །།རིགས་ཀྱི་བུ་རྣམས། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས། འདས་པའི་བྱང་ཆུབ་སེམས་དཔའ་ཞེས་སོགས་ནས། ཐོབ་པར་འདོད་དམ། ཞེས་སོགས་དང་།


TR007_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བཞིན་དུ་ནོད་པར་བགྱི་ལགས་སོ། །ཞེས་པའི་བར་དུ་ལན་གཉིས་པ་དང་། ལན་གསུམ་པའི་བརྗོད་པ་རྫོགས་པའི་ཚེ་བྱང་སྡོམ་ཡོངས་རྫོགས་ཐོབ་པར་དཔོན་སློབ་གཉིས་ཀས་ངེས་ཤེས་བྱའོ། །དེ་ཚེ་བླ་མས་མེ་ཏོག་འཐོར་ཞིང་། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པར་ཡང་། །གོང་ནས་གོང་དུ་འཕེལ་བར་ཤོག །ཅེས་སྨོན་ལམ་ཡང་བྱའོ།། ༈ །།མཇུག་གི་ཆོ་ག་ལ་ཡང་ལྔ་ཡོད་དེ། མཁྱེན་པར་གསོལ་བ། ཕན་ཡོན་བརྗོད་པ། གསང་བར་གདམས་པར། བསླབ་བྱ་བསྟན་པ། གཏང་རག་འབུལ་བ་དང་ལྔའི། དང་པོ་མཁྱེན་པར་གསོལ་བ་ནི། སློབ་མ་རྣམས་ཐལ་སྦྱར་ཙོག་པུར་འདུག་ཅིང་། སློབ་དཔོན་གྱིས་ཤར་ནས་བཟུང་སྟེ་ཕྱོགས་བཅུར་རིམ་པ་བཞིན་ཕྱག་གསུམ་བྱ་བ་དང་། ཤར་ཕྱོགས་ཀྱི་ཞིང་ཁམས་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐམས་ཅད་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཞེས་སོགས་


TR007_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་མཚམས་ཀུན་ལ་འགྲེ་ཞིང་། སྟེང་འོག་གཉིས་ཀྱི་ཕྱག་ཤར་ནུབ་གཉིས་ལ་བྱ་བ་ཡིན་ལ། གལ་ཏེ་གནས་ཁང་ཁྱོན་དོན་ཅིང་སློབ་མའི་ཚོགས་མང་བ་ལྟ་བུས་དེ་ལྟར་མ་བདེ་ན་ནི་རྟེན་མཆོད་ཀྱི་ཕྱོགས་སུ་འཚམ་བ་ཡང་རུང་སྟེ། ཕྱོགས་དེ་དང་དེར་མོས་པ་བྱ་ཞིང་ཚིག་ཐ་དད་བརྗོད་པས་འཚལ་བར་བྱའོ། །དེ་ནས་སླར་བདུག་སྤོས་མཆོག་ཏུ་བཟང་བ་དང་བཅས་ཏེ། སློབ་དཔོན་གྱི་སྙིམ་པར་མེ་ཏོག་འཐོག་ལ་ཐལ་སྦྱར་པུས་བཙུགས་ཀྱི་ཤར་ཕྱོགས་སམ་རྟེན་མཆོད་ཀྱི་ཕྱོགས་སུ་བལྟས་ནས་འདི་སྐད་བརྗོད་པར་བྱའོ།། ༈ །།དེང་འདིར། བྱང་ཆུབ་སེམས་དཔའམ་མིང་འདི་ཞེས་བྱ་བ་ལ་སོགས་པས། བདག་བྱང་ཆུབ་སེམས་དཔས་མིང་འདི་ཞེས་བྱ་བ་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས། སློབ་མའི་མིང་བརྗོད་ཅིང་། སློབ་མ་མང་ན་དེ་དག་གི་གཙོ་བའི་མིང་བརྗོད་ཀྱི་སྡོམ་པ་ཡང་དག་སློབ་དཔོན་རང་ཉིད་ཀྱི་སར་བླང་བ་ལ་ལན་


TR007_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་བར་དུ་ལེགས་པར་ནོས་པ་ལགས། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་འདིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་བ་ལ་བདག་བྱང་ཆུབ་སེམས་དཔའམ་མིང་འདི་ཞེས་བགྱི་བ་དཔང་དུ་གྱུར་པར། འཕགས་པའི་མཆོག་ལྐོག་ཏུ་གྱུར་ཀྱང་། ཕྱོགས་བཅུའི་འཇིགས་རྟེན་གྱི་ཁམས་མཐས་གཏུགས་པའི་ཆོས་ཐམས་ཅད་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་ཐམས་ཅད་ལ་མཁྱེན་པར་གསོལ་ལོ། །ཞེས་ལན་གསུམ་གྱི་བར་དུ་བརྗོད་པའི་མཐར་སློབ་དཔོན་གཉིས་ཀས་ཕྱག་བྱ་ཞིང་། པུས་མོ་ས་ལ་བཙུགས་པའི་དུས་སུ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཞབས་ལ་སྤྱི་བོས་གཏུགས་པར་མོས་ཤིང་། ལངས་པའི་དུས་སུ་བདག་དང་སེམས་ཅན་ཐམས་ཅད་འཁོར་བ་ནས་ལྡང་བར་བསམ་ལ་ཐལ་མོ་སྤྱི་བོར་སྦྱར་བར་བྱའོ།། ༈ །།གཉིས་པ་ཕན་ཡོན་བསྟན་པ་ནི། དཔོན་སློབ་གཉིས་ཀ་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་


TR007_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་ཐལ་སྦྱར་དང་སློབ་དཔོན་ཆོས་འཆད་ཀྱི་ཕྱག་རྒྱས་འདི་ལྟར་བརྗོད་དོ།། ༈ །།བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ཁྱོད་རྣམས་ཉོན་ཅིག །འདི་ནི་ཆོས་ཉིད་ཡིན་ཏེ། གང་གི་ཚེ་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་ལེན་པའི་ལས་བརྗོད་པ་རྫོགས་པའི་དེའི་ཚེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་ལྟ་བུའི་ལྟས་འབྱུང་བར་འགྱུར་ཏེ། ས་གཡོ་བར་འགྱུར། ལྷའི་རྔའོ་ཆེ་གྲགས་པར་འགྱུར། མེ་ཏོག་གི་འཆར་འབབ་པར་འགྱུར་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས། འདི་ལྟར་སངས་རྒྱས་ཀྱི་ཞིང་ག་གེ་མོ་ཞིག་ན་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས། བྱང་ཆུབ་སེམས་དཔའམ་འདི་དང་འདི་ཞེས་བགྱི་བ་དག་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ནོས། སློབ་དཔོན་ སློབ་མ་ མི་འཇེད་ཀྱི་ཞིང་ལ་སོགས་ཀྱི་མིང་


TR007_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཞེས་ཡང་དག་པར་མཁྱེན་པར་འགྱུར་རོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་གི་ཆོས་ཀྱི་བརྩེ་བས་བུ་དང་སྤུན་ཟླར་དགོངས་པར་མཛད་ལ། དེ་ལྟར་དགོངས་པར་མཛད་པས་བྱང་ཆུབ་སེམས་དཔའ་འོ་སྐོལ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རབ་ཏུ་འཕེལ་བར་འགྱུར་རོ། ཞེས་བརྗོད་ནས་དཔོན་སློབ་གཉིས་ཀ་འདུག་གོ།། ༈ །།གསུམ་པ་གསང་བར་གདམས་པ་ནི། འདིའི་དགོས་པ་ནི་འཕགས་ཡུལ་སོགས་སུ་ཐེག་དམན་གྱི་གྲུབ་མཐའ་འཛིན་པ་ཆེས་མང་བའི་ཐེག་ཆེན་བློར་མི་ཤོང་ཞིང་སྨོད་པ་རྣམས་ལ་དགོངས་ཀྱི། བོད་ཡུལ་མཐའ་འཁོབ་ཀྱི་མི་ཕལ་མོ་ཆེ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་མཐུས་ཐེག་ཆེན་ལ་མོས་པ་ཤས་ཆེ་ཡང་། འགའ་ཞིག་རང་སྐལ་གྱི་སྐྱོན་ཅན་སྲིད་པ་ན། དེའི་ཕྱིར་སློབ་དཔོན་གྱི་འདི་ལྟར་གདམས་སྟེ།། ༈ །།བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་


TR007_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རྣམས་ཉོན་ཅིག །བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླངས་བ་འདི་དད་པ་མེད་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། གང་གི་ཕྱིར་དད་པ་མེད་པ་རྣམས་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་རབ་ཏུ་བསྟན་ན་དད་པ་མེད་པའི་སེམས་ཅན་དེ་དག་གིས་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་མ་དད་པས་སྤོང་བར་བྱེད་དེ། དེ་ཡང་ཇི་སྙེད་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་པ་དེ་སྙེད་ཀྱི་བསོད་ནམས་མ་ཡིན་པའི་ཕུང་པོ་དད་པ་མེད་པ་དེ་ལ་ལྡན་པར་འགྱུར་རོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ཅན་སྡུག་བསྔལ་ལས་ཡོངས་སུ་བསྲུང་བར་བྱ་བ་ཡིན་པས་སྡིག་པ་ལས་ལྡོག་པར་བྱ་སྟེ། དེའི་ཕྱིར་མཆོག་ཏུ་དགེ་བའི་བྱང་ཆུབ་ཀྱི་སེམས་གསང་བར་


TR007_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཡིན་ནོ། །ཞེས་བརྗོད་དོ།། ༈ །།བཞི་པ་བསླབ་བྱ་བསྟན་པའི་རིམ་པ་ནི། རྒྱ་ཆེན་སྤྱོད་རྒྱུད་ཀྱི་ལུགས་འདི་ལ་བྱང་ཆུབ་སེམས་དཔའི་ས་ནས་གསུངས་པ་བཞིན་བཤད་དེ།། ༈ །།རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཁྱེད་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ལེགས་པར་ཐོབ་པ་དེ་མ་ཉམས་པར་བསྲུང་བར་བྱ་བའི་ཕྱིར་དགག་པའི་བསླབ་བྱ་དང་། ཡོན་ཏན་གོང་དུ་སྤེལ་བར་བྱ་བའི་ཕྱིར་སྒྲུབ་པའི་བསླབ་བྱ་དང་གཉིས་ཡོད་པའི་དང་པོ་ལ། ཕམ་པ་དང་འདྲ་བའི་ཆོས་བཞི་དང་། ཉེས་བྱས་བཞི་བཅུ་རྩ་བཞི་རྣམས་སྤོང་དགོས་པའི། སྤང་བྱའི་རྩ་བ་བཞི་ནི། རྙེད་བཀུར་འདོད་ནས་རང་གི་ཡོན་ཏན་བརྗོད་ཅིང་། གཞན་ལ་སྐུར་འདེབས་བྱེད་པ་དང་། ༡ སྡུག་བསྔལ་ཞིང་མགོན་མེད་པའི་སེམས་ཅན་སྐྱོབས་པར་ནུས་བཞིན་མི་སྐྱོབས་པའམ། སེར་སྣས་ནོར་དང་ཆོས་སོགས་


TR007_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་འོས་མི་སྦྱིན་པ་དང་། ༢ གཞན་གྱིས་ཉེས་པ་བྱས་པ་ལ་འགྱོད་པས་བཤགས་ཀྱང་རང་ཉིད་མི་ཉན་པར་ཁྲོ་ཞིང་ཀོ་ལོང་བྱེད་པ་དང་། ༣ ཐེག་པ་ཆེན་པོ་སྤོང་ཞིང་དམ་པའི་ཆོས་འདྲར་སྣང་དང་ཟོག་ཆོས་ཀྱིས་གཞན་བསླུ་བར་བྱེད་པ་དང་བཞི་སྡེ་༤འདི་དག་ཉོན་མོངས་ཀུན་དཀྲིས་ཆེན་པོས་སྤྱད་ན་བྱང་སྡོམ་རྩ་བ་ནས་འཇིག་པར་འགྱུར་ལ། ཀུན་དཀྲིས་འབྲིང་དང་ཆུང་དུས་སྤྱད་ན་བཤགས་བྱའི་ཉེས་པར་འགྱུར་བའོ།། ༈ །།ཡན་ལག་གི་ཉེས་བྱས་བཞི་བཅུ་རྩ་བཞིའམ་རྩ་དྲུག་ཏུ་བཤད་པའི་དོན་དངོས་གཞི་ཕལ་ཆེར་གོང་མ་འདིར་འདུ་ཡང་རྣམ་གྲངས་ཙམ་དུ་བྱང་པ་ལས་གསུངས་པ་ནི། ཇི་སྐད་དུ། དཀོན་མཆོག་གསུམ་ལ་གསུམ་མི་མཆོད། །འདོད་པའི་སེམས་ཀྱི་རྗེས་སུ་


TR007_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག །རྒན་པ་རྣམས་ལ་གུས་མི་བྱེད། །དྲིས་པ་ལ་ནི་ལན་མི་འདེབས། །མགྲོན་བོས་བདག་གིར་མི་བྱེད་ཅིང་། །གསེར་ལ་སོགས་པ་ལན་མི་བྱེད། །ཆོས་འདོད་པ་ལ་དེ་མི་བྱིན། །ཚུལ་ཁྲིམས་འཆལ་རྣམས་ཡལ་བར་འདོར། །ཕ་རོལ་དད་ཕྱིར་སློབ་མི་བྱེད། །སེམས་ཅན་དོན་ལ་བྱ་བ་ཆུང་། །སྙིང་བརྩེར་བཅས་ན་མི་དགེ་མེད། །འཚོ་བ་ལོག་པ་དང་དུ་ལེན། །འཕྱར་ཞིང་རབ་ཏུ་རྒོད་པ་སོགས། །འཁོར་བ་གཅིག་པུར་བགྲོད་པ་སེམས། །གྲགས་པ་མ་ཡིན་མི་སྤོང་བ། །ཉོན་མོངས་བཅས་ཀྱང་འཆོས་མི་བྱེད། །གཤེ་ལ་ལན་དུ་གཤེ་བ་སོགས། །ཁྲོས་པ་རྣམས་ནི་ཡལ་བར་འདོར། །ཕ་རོལ་ཤད་ཀྱི་ཆགས་པ་སྤོང་། །ཁྲོས་པའི་སེམས་ཀྱི་རྗེས་སུ་འཇུག །རྙེད་བཀུར་འདོད་ཕྱིར་འཁོར་རྣམས་སྡུད། །


TR007_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་ལོ་ལ་སོགས་སེལ་མི་བྱེད། །ཆགས་པས་བྲེ་མོའི་གཏམ་ལ་བསྟེན། །ཏིང་ངེ་འཛིན་གྱི་དོན་མི་ཚོལ། །བསམ་གཏན་སྒྲིབ་པ་སྤོང་མི་བྱེད། །བསམ་གཏན་རོ་ལ་ཡོན་ཏན་བལྟ། །ཉན་ཐོས་ཐེག་པ་སྤོང་བར་བྱེད། །རང་ཚུལ་ཡོད་བཞིན་དེ་ལ་བརྩོན། །བརྩོན་མིན་ཕྱི་རོལ་བསྟན་བཅོས་བརྩོན། །བརྩོན་པར་བྱས་ཀྱང་དེ་ལ་དགའ། །ཐེག་པ་ཆེན་པོ་སྤོང་བྱེད་དང་། །བདག་ལ་བསྟོད་ཅིང་གཞན་ལ་སྨོད། །ཆོས་ཀྱི་དོན་དུ་འགྲོ་མི་བྱེད། །དགེ་ལ་སྨོད་དང་མི་དགེར་བསྟེན། །དགོས་པའི་གྲོགས་སུ་འགྲོ་མི་བྱེད། །ནད་པའི་རིམ་འགྲོ་བྱ་བ་སྤོང་། །སྡུག་བསྔལ་སེལ་བར་མི་བྱེད་དང་། །བག་མེད་ལ་ཡང་རིགས་མི་སྟོན། །བྱས་ལ་ལན་དུ་ཕན་མི་འདོགས། །གཞན་གྱི་མྱ་


TR007_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སེལ་མི་བྱེད། །འཁོར་རྣམས་ཀྱི་ནི་དོན་མི་བྱེད། །གཞན་གྱི་བློ་དང་མཐུན་མི་འཇུག །ཡོན་ཏན་བསྔགས་པ་སྨ་མི་བྱེད། །རྐྱེན་དང་འཚལ་པ་ཚར་མི་གཅོད། །རྫུ་འཕྲུལ་བསྡིགས་ལ་སོགས་མི་བྱེད། །སྙིང་བརྩེར་ལྡན་ཞིང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། ཅེས་གསུངས་པ་འདི་དག་ནི་སོ་ཐར་ལ་དགེ་སློང་གི་ཉེས་བྱས་ཀྱི་སྡེ་ཚན་ལྟ་བུ་དང་། འགའ་ཞིག་ནི་བྱང་ཆུབ་སེམས་དཔའ་ནུས་པ་ཅན་ཅུང་ཟད་ལྡན་ཞིང་རྒྱུད་ཚོད་མཐོ་བའི་རིགས་ལ་དགོངས་པ་དག་ཀྱང་ཡོད་ལ། དེ་ལྟར་དགག་པའི་བསླབ་བྱ་རྣམས་ཀྱི་དྲི་མས་མ་གོས་པར་བྱའོ།། ༈ །།གཉིས་པ་སྒྲུབ་པའི་བསླབ་བྱ་ནི། སྤྱིར་ཕ་རོལ་དུ་ཕྱིན་པ་དྲུག་ལ་སློབ་ཅིང་། ཁྱད་པར་དུ་ཚུལ་ཁྲིམས་རྣམ་པ་གསུམ་


TR007_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འབད་པ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ཀྱི་སྙིང་པོ་ཡིན་ཏེ། དེ་ཡང་མི་དགེ་བ་བཅུ་དང་འཚམ་མེད་པ་ལྔ་ལ་སོགས་པ་རང་བཞིན་གྱི་མི་དགེ་བ་རྣམས་དང་། དེའི་སྟེང་དུ་རང་ཉིད་སོ་ཐར་རིས་བདུན་གང་ལ་གནས་པ་དེའི་སྤང་བྱའི་བསླབ་པའི་གཞི་ཐམས་ཅད་དང་། འདི་སྐབས་སྨོན་འཇུག་གཉིས་ཀྱི་སྤང་བྱའི་རྣམ་གྲངས་མཐའ་དག་གི་ཉེས་པས་མ་གོས་པ་ནི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། ཕ་རོལ་དུ་ཕྱིན་པ་དྲུག་གི་མི་མཐུན་ཕྱོགས་དང་མ་འདྲེས་ཤིང་མཐུན་ཕྱོགས་རྣམས་ལ་འབད་པ་དང་། ཆོས་སྤྱོད་རྣམ་པ་བཅུ་དང་། ཡི་གེ་འབྲི། མཆོད། སྦྱིན། ཉན། ཀློག །འཛིན། འཆད། ཁ་བཏོན་བྱེད། དོན་སེམས། སྒོམ། ཚོགས་གཉིས་ལ་ངོམས་པ་མེད་པར་འབད་པ་ནི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། རང་ཉིད་ཀྱི་ནུས་པ་དང་མཐུན་


TR007_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བཅུའོ། པའི་སེམས་ཅན་གྱི་དོན་ལ་ངལ་བ་དང་ཞུམ་པ་མེད་པར་བརྩོན་པ་ནི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཏེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་པ་གསུམ་ལ་དུས་ད་ནས་བཟུང་སྟེ་མཐར་ཐུག་བྱང་ཆུབ་ཀྱི་སྙིང་པོ་མ་ཐོབ་ཀྱི་བར་དུ་ཡང་དག་པར་བཟུང་ཞིང་བསྲུང་བ་དང་བླང་དོར་གྱི་གནས་ལ་རབ་ཏུ་བརྩོན་པར་བྱ་ཞིང་། དེ་ཡང་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་ནི་རང་གཞན་གྱི་ཉེས་པ་ཐམས་ཅད་སྤོང་བ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ལ་གཙོ་བོར་ཉམས་སུ་ལེན་དགོས་ཏེ། རང་རྒྱུད་ཉོན་མོངས་པ་ཤས་ཆེ་བའི་དུས་ཡིན་པའི་ཕྱིར་དང་། མོས་སྤྱོད་ཀྱི་སྐབས་རྣམས་སུ་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་བདག་དང་གཞན་ལ་སྒྲུབ་པའི་དུས་ཡིན་པས་དགེ་བ་ཆོས་སྡུད་ཀྱི་ཚུལ་གཙོ་བོར་ཉམས་སུ་བླངས། ས་ཐོབ་ནས་བཟུང་སྟེ་རང་རྒྱུད་ཀྱི་


TR007_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་དག་ཅིང་ཡོན་ཏན་འཕེལ་བའི་ནུས་པས་དངོས་དང་བརྒྱུད་ནས་སེམས་ཅན་གྱི་དོན་རང་ཤུགས་ཀྱིས་འགྲུབ་པའི་དུས་ཡིན་ཚེ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གཙོ་ཆེ་བར་སྤྱོད་པའི་དུས་ཡིན་པར་གསུངས་ཤིང་། མདོར་བསྡུ་ན། དུས་ད་ནས་བཟུང་སྟེ་ལུས་ངག་ཡིད་གསུམ་གྱི་མི་དགེ་བའི་རིགས་སུ་གྱུར་ཚད་ཅི་ནུས་ཀྱི་སྤོང་བ་དང་། རྣམ་དཀར་དགེ་བའི་རིགས་གྱུར་ཕྲ་ཞིང་ཕྲ་བ་ཚུན་ཆད་ཅི་ནུས་ཅི་ལྕོགས་ཀྱི་སྒྲུབས་པ་དང་། གང་དང་གང་སྒྲུབ་པ་དེ་ཐམས་ཅད་འཇིག་རྟེན་ཆོས་བརྒྱད་དམ་ཉན་རང་ཞི་བདེའི་བསམ་པ་དང་མ་འདྲེས་པར་མཁའ་མཉམ་འགྲོ་བ་རྫོགས་བྱང་ལ་འགོད་ཕྱིར་གྱི་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བ་ཉིད་འདིའི་ཉམས་ལེན་གྱི་རྩ་བ་


TR007_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡང་སྙིང་ཡིན་པས་ལག་ལེན་དུ་ཐེབས་པར་བྱས་ན། དེ་རིང་ཕན་ཆད་ནས་ཁྱེད་ཀྱི་རྒྱུད་ལ་བསོད་ནམས་ཀྱི་ཕུང་པོ་ནམ་མཁའ་དང་མཉམ་པ་རྒྱུན་ཆད་མེད་པར་འཕེལ་བ་ལགས་ཏེ། འདི་ལྟ་སྟེ། དཔེར་ན་ལྕགས་ཀྱི་ཕུང་པོ་ཇི་ཙམ་པ་ཡང་གསེར་འགྱུར་གྱི་རྩི་ཡིས་རེག་མ་ཐག་ཐམས་ཅད་གསེར་གྱི་དངོས་པོ་འབའ་ཞིག་ཏུ་འགྱུར་ཏེ་དེ་ལས་ནམ་ཡང་འགྱུར་བ་ཉམས་པ་དང་ལྡོག་པའི་སྐབས་མི་སྲིད་པ་ལྟ་བུ་སྟེ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་རྩི་ཡིས་ཟིན་པའི་བྱ་བྱེད་མཐའ་དག་སངས་རྒྱས་ཀྱི་རྒྱུ་ཁོ་ན་ལས་གཞན་དུ་སྲིད་པ་མ་ཡིན་ཏེ། དེ་ལྟར་ཡང་སྤྱོད་འཇུག་ལས། །གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་བསྒྲལ་བའི་ཕྱིར། །མི་ལྡོག་པ་ཡི་སེམས་ཀྱིས་ནི། །སེམས་དེ་ཡང་དག་བླངས་


TR007_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ། །དེང་ནས་བཟུང་སྟེ་གཉིད་ལོག་གི། །བག་མེད་གྱུར་ཀྱང་བསོད་ནམས་ཕུང་། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་ལྡན་པ་དེ་ཁམས་གསུམ་ཀུན་གྱིས་བཀུར་བའི་ཞིང་མཆོག་དམ་པར་གྱུར་པ་སྟེ། སྲེད་མེད་ཀྱི་བུས་ཞུས་པའི་མདོ་ལས། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ལྷ་རྣམས་ཀྱིས་རྟག་ཏུ་ཕྱག་བྱས་པ་ཡིན། ཀླུ་རྣམས་ཀྱི་རྟག་ཏུ་བསྔགས་པ་ཡིན། གནོད་སྦྱིན་རྣམས་ཀྱིས་རྟག་ཏུ་བསྟོན་པ་ཡིན། དྲི་ཟ་ཐམས་ཅད་ཀྱིས་རྟག་ཏུ་མཆོད་པ་ཡིན། བྲམ་ཟེ་དང་རྒྱལ་རིགས་དང་ཚོང་དཔོན་དང་ཁྱིམ་བདག་རྣམས་ཀྱིས་རྟག་ཏུ་གསོལ་བ་ཡིན། སངས་རྒྱས་རྣམས་ཀྱི་རྟག་ཏུ་དགོངས་པ་ཡིན།


TR007_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དང་བཅས་པའི་འཇིག་རྟེན་གྱིས་རྟག་ཏུ་བསྐུར་བ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པས་འཚང་རྒྱ་བ་ཡིན་ནོ། །ཞེས་གསུངས་པ་བཞིན། གནས་སྐབས་མངོན་པར་མཐོ་བ་དང་མཐར་ཐུག་ངེས་པར་ལེགས་པའི་ཡོན་ཏན་མ་ལུས་པ་འདི་ལས་འབྱུང་བར་ཤེས་པས་བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབ་པར་བྱོས་ཤིག །ཡང་གལ་ཏེ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རིན་པོ་ཆེ་དེ་ལས་ཉམས་ན་སོ་ཐར་ཙམ་ཉམས་པ་དང་ཡང་མི་མཚུངས་ཏེ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས་ཁྲོལ་ཞིང་། མཁའ་མཉམ་གྱི་སེམས་ཅན་མཐའ་དག་བསླུས་པར་གྱུར་པས། བསྐལ་པ་གྲངས་མེད་པར་ངན་སོང་དུ་མནར་བར་འགྱུར་བ་དང་། བྱང་ཆུབ་ཀྱི་མྱུ་གུ་སྐོམ་པར་འགྱུར་བས་ན། ཅི་ནས་ཀྱང་


TR007_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཉམས་པར་འབད་དགོས་ཏེ། སྤྱོད་འཇུག་ལས། སེམས་མཆོག་དེ་ལས་ཉམས་གྱུར་ན། །རྒྱལ་ཀུན་མི་མཉེས་འགྲོ་ཀུན་བསླུས། །རང་གཞན་དོན་ཉམས་ངན་འགྲོར་འགྲོ། །དེ་བས་འབད་དེ་སེམས་འདི་བསྲུང་། ཞེས་པ་དེ་ལྟ་བུའི་སྤང་བླངས་མ་ནོར་བ་ལ་བརྩོན་དགོས་པ་ལགས།། ༈ །།ལྔ་པ་བཏང་རག་འབུལ་བ་ནི། དེ་ལྟར་ཁྱེད་ཀྱི་རྒྱུད་ལ་བླ་ན་མེད་པའི་བྱང་ཆུབ་ཀྱི་ས་བོན་ལེགས་པར་བསྐྲུན་ཏེ། མི་ལས་ལྷར་བསྒྱུར། རྒྱལ་བུ་རྒྱས་པར་བཀོད། དབུལ་པོ་ལ་རིན་སྦྱིན། ལྕགས་གསེར་དུ་བསྒྱུར་བ་ལྟ་བུས། ཁ་སང་ཕན་ཆད་སོ་སོ་སྐྱེ་བོ་ལ་དེ་རིང་ཚུན་ཆད་ནས་བྱང་ཆུབ་སེམས་དཔར་ཀྲོངས་ཀྱི་གྱུར་ནས། སྒོ་གསུམ་གྱི་མི་དགེ་བ་ཐམས་ཅད་ཟད་པར་བྱས། ལུང་མ་བསྟན་གྱི་བྱ་


TR007_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམས་དགེ་བར་བསྒྱུར། དགེ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་ཉེ་རྒྱུར་བསྒྲུབ་ནས་སངས་རྒྱས་ཀྱི་ལམ་ལ་གོལ་ཆུགས་མེད་པར་བཙུད་པ་འདི་ནི་དཀོན་མཆོག་དང་བླ་མའི་བཀའ་དྲིན་ཁོ་ན་ཡིན་པ་ཤེས་པར་མཛོད་ལ། སྐུ་དྲིན་གསོ་ཕྱིར་རང་གི་ལུས་ལོངས་སྤྱོད་གཏན་མདུན་མཐའ་དག་འབུལ་བའི་མོས་པ་དང་ལྡན་པས་རྗེས་ཟློས་འདི་བཞིན་མཛད་འཚལ།། ༈ །།དེང་ནས་བྱང་ཆུབ་སྙིང་པོའི་བར། །བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་རྣམས། །གུས་པས་ཁྱེད་ལ་འབུལ་བར་བགྱི། །ཀུན་ནས་གཟིགས་པའི་སྤྱན་ལྡན་པ། །ཡོན་གནས་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་བརྩེ་བས་ཉེར་དགོངས་ནས། །བདག་གི་འདི་བདག་བཞེས་སུ་གསོལ། །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་


TR007_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་སྟེ། །བདུད་ཀྱི་ལས་ཀྱང་ཡོང་བར་ཤོག །བདག་གི་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཀུན། །བྱང་ཆུབ་ཉིད་ལ་འགོད་བྱེད་ཤོག །ཅེས་བརྗོད་དེ་ཕྱག་བྱ་ཞིང་། སློབ་དཔོན་གྱིས་ཀྱང་དཀོན་མཆོག་གསུམ་གྱི་བཀྲ་ཤིས་དང་མདོ་ནས་འབྱུང་བའི་གང་ལ་སེར་སྣ་མ་སོགས་ཀྱི་ཤིས་བརྗོད་ཀྱང་རྒྱས་པར་བྱའོ། །སྨོན་འཇུག་གཉིས་ཀྱི་སྡོམ་པའི་ཆོ་ག་གྲུབ་པའོ།། ༈ །།དོན་དམ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚུལ་ལ། སྤྱིར་ཐེག་ཆེན་གྱི་ཆོས་ཐམས་ཅད་བདེན་གཉིས་དང་ཐབས་ཤེས་ཀྱི་སྒྲོམ་ནས་ཐོན་དགོས་ཕྱིར་སེམས་བསྐྱེད་ཀྱི་སྐབས་འདིར་ཡང་ཀུན་རྫོབ་དོན་དམ་གྱི་བྱང་སེམས་ཟུང་དུ་འབྲེལ་བ་དང་། སྔགས་ཀྱི་སྐབས་སུ་དེ་གཉིས་པོ་རྟེན་དང་བརྟེན་པ་ཟླ་བ་རྡོ་རྗེའི་བརྡ་དོན་གྱི་ཚུལ་སོགས་འབྱུང་བ་ལ་ཆོས་ལུགས་ཐམས་ཅད་ཐུན་མོད་ཀྱང་། བྱང་སྡོམ་གྱི་སྐབས་


TR007_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་དོན་དམ་སེམས་བསྐྱེད་ཆོ་གས་ཐོབ་མི་ཐོབ་ཀྱི་དགག་སྒྲུབ་མཛད་སྲོལ་བྱུང་མོད་ཀྱི། འདིར་ནི་དགག་སྒྲུབ་ཀྱི་ཚིག་ཚོགས་སྨྲ་བའི་སྐབས་མ་ཡིན་པ་དང་། དོན་དམ་བྱང་སེམས་དེ་ཉིད་བསྒོམ་སྟོབས་ཀྱི་སྐྱེ་བ་ལས། ཆོ་གས་འབོགས་རུང་མི་རུང་གི་རྩོད་གཞི་དུ་མ་སྣང་བ་རྣམས་བཏང་སྙོམས་སུ་བཞག་ཅིང་། ཆོ་གར་མིང་འདོགས་གང་ལྟར་མཛད་རུང་བསྒོམ་སྟོབས་ཀྱི་སྐྱེ་རྒྱུ་དེ་ཉིད་བླ་མས་ངོ་སྤྲད་པར་བསྒོམ་རྒྱུ་གང་ཡིན་ཤེས་པར་ཡང་དཀའ་ཞིང་། སྔགས་ཀྱི་དབང་བཞི་པའི་ཐབས་གནད་དང་མཚུངས་ཕྱིར། དེས་ན་འདི་སྐབས་ཀྱི་གཞུང་སྤང་སྐོང་ཕྱག་རྒྱའི་མདོའི་དགོངས་པ་ཇི་ལྟ་བར་མགོན་པོ་ཀླུ་སྒྲུབ་ཞབས་ཀྱིས་སྒྲིགས་ཆགས་སུ་མཛད་པ་བཞིན་བརྗོད་པར་བྱ་ཞིང་། འདི་ལ་སེམས་སྐྱེད་ཞུ་བའི་གང་ཟག་བཞེད་ལུགས་འདི་ལ་མོས་པ་དང་བློར་ཤོང་བ་དག་ལ་འབོགས་པར་བྱའི། ལུགས་འདི་ལ་མི་མོས་པའི་རིགས་ལ་ནི་ཕོགས་ཀྱང་མི་སྐྱེ་ལ། སློབ་དཔོན་ལ་ཡང་སྣོད་དང་མི་མཐུན་པའི་གདམས་པ་བསྟན་པའི་ཉེས་ལྟུང་འབྱུང་


TR007_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་སྣོད་དང་གནས་སྐབས་ཤེས་དགོས་པ་ཉིད་དོ། །དེ་བས་ན་འདི་ཉིད་ཀྱི་སྣོད་དང་སྐལ་བར་གྱུར་བ་དག་ལ་དོན་དམ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཐབས་ནི། མཆོད་པ་བཟང་པོ་གསར་དུ་བཤམས་པའི་ཁ་གསོ་བ་གང་རིགས་དང་། བླ་མ་དང་དཀོན་མཆོག་ལ་གུས་ཕྱག་དགུ་ཕྲུགས་མཎྜལ་དང་བཅས་པ་ཕུལ་ལ་ཐལ་མོ་སྦྱར་ཏེ་གུས་པས་འཁོད་པ་ལ་སློབ་དཔོན་གྱིས་འདི་ལྟར་བརྗོད་དོ།། ༈ །།དེ་ལྟར་སྐལ་བཟང་ཁྱེད་ཅག་གི་རྒྱུད་ལ་ཀུན་རྫོབ་བྱང་སེམས་སྨོན་པ་དང་འཇུག་པའི་རིམ་པ་ལེགས་པར་བསྐྲུན་པས་རྫོགས་པའི་བྱང་ཆུབ་ཀྱི་སྐལ་བ་ཅན་དུ་བསྒྲུབ་ནས། ད་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ། ཐམས་ཅད་ཀྱི་མདོ་དོན། སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ། ངེས་དོན་ཐམས་ཅད་ཀྱི་མཐར་ཐུག་འདི་ཉིད་སྟོན་པར་བྱེད་པ་ལ། ངོ་བོ་ངོས་བཟུང་བ་དང་། རྣམ་


TR007_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལག་ཏུ་བླང་བ་གཉིས་ཀྱི་དང་པོ་ངོ་བོ་ནི། རང་གི་སེམས་ཡེ་གདོད་མ་ནས་སྤྲོས་པའི་མཚན་མས་དབེན་ཞིང་སྐྱེ་འགག་གནས་གསུམ་འགྲོ་འོང་གི་དངོས་པོའམ་ཡོད་མེད་རྟག་ཆད་ཀྱི་མཐའ་དང་བྲལ་བའི་སྟོང་པ་ཉིད་ཀྱི་རང་བཞིན་གང་ཡིན་པ་དེ་ལ་དོན་དམ་བྱང་ཆུབ་ཀྱི་སེམས་ཞེས་བྱ་ལ། ཁམས་བདེ་བར་གཤེགས་པའི་སྙིང་པོ་ཅེས་ཀྱང་བྱ་བ་དང་། ཀུན་གཞི་བྱང་ཆུབ་ཀྱི་སེམས་སུ་ཡང་བརྗོད་པ་སྟེ། གནས་ལུགས་དོན་གྱི་ཡེ་ཤེས་འདུས་མ་བྱས་པའི་རང་ཉིད་དེ། །གསང་བ་འདུས་པའི་རྩ་རྒྱུད་ལས། །དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཆོས་བདག་མེད་པས་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་གསུངས་པ་བཞིན་ཡིན་


TR007_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ལ། འོ་ན་དེ་ལྟ་བུའི་སྟོང་ཉིད་ཡིན་ན་སེམས་བསྐྱེད་མ་བསྐྱེད་ཀྱི་ཐ་སྙད་ཇི་ལྟར་ག་ག་སྙམ་ན། སེམས་དེའི་ངོ་བོ་ལ་བསྐྱེད་རྒྱུ་བསྐྱེད་མཁན་བསྐྱེད་བྱ་སོགས་ཀྱི་སྤྲོས་མཚན་མ་དམིགས་ཀྱང་། རང་གི་མཚན་ཉིད་ཇི་ལྟ་བར་རྟོགས་པ་ཅིག་མེད་ན། དབུལ་པོའི་ཁྱིམ་གྱི་གཏེར་དང་གྱད་ཀྱི་དཔྲལ་བའི་ནོར་བུའི་དཔེ་བཞིན་ཏེ། སེམས་ཅན་ཐམས་ཅད་ལ་དེ་ཉིད་ཀྱི་མ་ཁྱབ་པ་གང་ཡང་མེད་པས་ཐོག་མ་མེད་ནས་རང་ལ་ཡོད་ཀྱང་རང་ངོ་མ་ཤེས་པས་ཕན་མ་ཐོགས། དོན་མ་གྲུབ། མངོན་དུ་མ་གྱུར་པས་འཁོར་བ་མུ་མཐའ་མེད་པར་འཁྱམས། འཁྲུལ། མནར། མ་རིག་ལས་ཉོན་གྱི་ཤུགས་དྲག་པོས་བསྐྱེད་པ་འདི་བཞིན་ལགས་མོད་ཀྱི། དུས་ད་རེས་དགེ་བའི་བཤེས་གཉེན་གྱི་


TR007_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དྲིན་གྱིས་མཚམས་སྦྱར་ཏེ། རང་ལ་ཡོད་པ་རང་ངོ་མ་སྤྲད། རྒྱལ་བུ་དམངས་སུ་འཁྱམས་པ་རྒྱས་པར་བཀོད་པ་ལྟར་བྱེད་པ་ལ་དོན་དམ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཅེས་བགྱི་བ་ལགས།། ༈ །།དེ་ལྟར་ངོ་བོ་ངོས་བཟུང་ནས། །རྣམ་པ་ལག་ཏུ་བླང་བ་ལ། སྤང་སྐོང་ཕྱག་རྒྱའི་མདོའི་དགོངས་པ་བཞིན་མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའི་ཀུན་རྫོབ་དོན་དམ་ཟུང་འཇུག་གི་སེམས་སྐྱེད་ལ། སྦྱོར་བ་ཚོགས་བསགས་ཅིང་དོན་དམ་གྱི་སྐྱབས་སུ་འགྲོ་བ། དངོས་གཞི་སེམས་བསྐྱེད་ཚིག་གིས་གསལ་གདབ་ཅིང་དོན་གྱིས་དམ་འཆའ་བ། རྗེས་ཉམས་ལེན་གྱིས་ལམ་དུ་འཁྱེར་ཞིང་སྨོན་ལམ་གྱི་རྒྱས་གདབ་པ་དང་བཅས་པ་འདི་དག་གི་ཚིག་སོ་སོའི་སྐབས་དང་མཐུན་པའི་དོན་ཡིད་ལ་ལེགས་པར་བསམ་ལ་


TR007_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཟློས་འདི་བཞིན་མཛད་པར་ཞུ།། ༈ །།ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། དམ་པའི་ཆོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཐོག་མ་དང་མཐའ་མ་མ་མཆིས་པའི་འཁོར་བ་ན་འཁོར་བའི་ཚེ། ལུས་དང་ངག་དང་ཡིད་ཀྱིས། སངས་རྒྱས་དང་ཆོས་དང་དགེ་འདུན་དང་ཕ་མ་དང་སེམས་ཅན་གང་དག་ལ། སྡིག་པ་མི་དགེ་བའི་ལས་བགྱིས་པ་དང་དགྱིད་དུ་སྩལ་བ་དང་བགྱིས་པ་ལ་རྗེས་སུ་ཡི་


TR007_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

རང་བ་ཅི་མཆིས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་བླ་ན་མེད་པའི་སོ་སོར་བཤགས་པས་སོ་སོར་འཆགས་སོ། མི་འཆབ་བོ། །སླན་ཆད་འདི་ལྟ་བུ་མི་དགྱིད་དོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་བླ་ན་མེད་པ་ཐུགས་སུ་ཆུད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རང་སངས་རྒྱས་དང་འཕགས་པ་ཉན་ཐོས་རྣམས་དང་འགྲོ་བ་མ་ལུས་པའི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་།། ༈ །།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། སངས་རྒྱས་ཀྱི་གདུང་རྒྱུན་མི་ཆད་པར་བྱ་བའི་སླད་དུ་དུས་འདི་ནས་བཟུང་སྟེ་བྱང་ཆུབ་ཀྱི་


TR007_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ལ་མཆིས་ཀྱི་བར་དུ། ཡང་དག་པར་རྫོགས་པའི་སངས་རྒྱས་རྐང་གཉིས་གཙོ་ལ་སྐྱབས་སུ་མཆི་སྟེ། ཐུགས་རྗེ་ཆེན་པོ་དང་ལྡན་པ་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་ཐམས་ཅད་དང་བྲལ་བ་སྐྱེས་བུ་ཆེན་པོ་སྐྱེས་བུ་ཁྱུ་མཆོག་བསམ་གྱིས་མི་ཁྱབ་པའི་སྐུ་བླ་ན་མེད་པའི་སྐུ་ཆོས་ཀྱི་སྐུ་མངའ་བ་ལ་སྐྱབས་སུ་མཆིའོ། །ཆོས་འདོད་ཆགས་དང་བྲལ་བའི་མཆོག་ལ་སྐྱབས་སུ་མཆི་སྟེ། བླ་ན་མེད་པ་དེ་བཞིན་གཤེགས་པ་ལ་མངའ་བ་ཞི་བ་ཆོས་ཀྱི་སྐུ་སོ་སོ་རང་གིས་རིག་པ་ལ་སྐྱབས་སུ་མཆིའོ། །དགེ་འདུན་དུལ་བའི་ཚོགས་ཀྱི་མཆོག་ལ་སྐྱབས་སུ་མཆི་སྟེ། ཕྱོགས་བཅུའི་འཕགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་དགེ་འདུན་ལ་


TR007_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སུ་མཆིའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་གནས་ཀྱི་བར་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དུས་ཇི་ལྟ་བ་དང་སྟོབས་ཅི་མཆིས་པ་བཞིན་དུ་བདག་དབུལ་ཞིང་མཆི་ན་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་དག་གིས་བདག་བཞེས་སུ་གསོལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག །སྔོན་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། སེམས་ཅན་ཐམས་ཅད་སྒྲོལ་བ་དང་སེམས་ཅན་ཐམས་ཅད་འགྲོལ་བ་དང་སེམས་ཅན་ཐམས་ཅད་དབྱུགས་དབྱུང་བ་དང་སེམས་ཅན་མྱ་ངན་ལས་ཟློ་བ་དང་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འགོད་


TR007_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སླད་དུ་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། སེམས་ཅན་ཐམས་ཅད་སྒྲོལ་བ་དང་སེམས་ཅན་ཐམས་ཅད་འགྲོལ་བ་དང་སེམས་ཅན་ཐམས་ཅད་དབྱུག་དབྱུང་བ་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་ཟློ་བ་དང་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་འགོད་པའི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཇི་ལྟར་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་གིས། དངོས་པོ་ཐམས་ཅད་དང་བྲལ་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་བ། ཆོས་བདག་མེད་པ་མཉམ་


TR007_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཀྱི་རང་གི་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། དངོས་པོ་ཐམས་ཅད་དང་བྲལ་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་བ། ཆོས་བདག་མེད་པ་མཉམ་པ་ཉིད་ཀྱི་རང་གི་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། དངོས་པོ་ཐམས་ཅད་དང་བྲལ་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་བ། ཆོས་བདག་མེད་པ་མཉམ་པ་ཉིད་


TR007_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རང་གི་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་དགྱིའོ། །ཞེས་པ་འདི་དོན་དམ་སེམས་བསྐྱེད་དངོས་དེ་འདི་ཉིད་ཡིན་ནོ། །སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས། བདུད་དཔུང་དང་བཅས་པ་མཐའ་དག་ཕམ་པར་མཛད་དེ་ཉིད་མངོན་པར་རྫོགས་པ་སངས་རྒྱས་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་བདུད་དཔུངས་དང་བཅས་པ་ཕམ་པར་བགྱིས་ཏེ་བདག་མངོན་པར་རྫོགས་པར་འཚང་རྒྱ་བར་དགྱིའོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཉིད་མངོན་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པ་དེ་བཞིན་


TR007_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་བདག་ཉིད་མངོན་པར་རྫོགས་པར་འཚང་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བགྱིའོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཉིད་མངོན་པར་སངས་རྒྱས་ནས་ཚོགས་ཡོངས་སུ་བསྡུས་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། བདག་མངོན་པར་རྫོགས་པར་འཚང་རྒྱས་ནས་ཚོགས་ཡོངས་སུ་བསྡུ་བར་བགྱིའོ།། ༈ །།བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་པར་དགྱི། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡི་འོངས་སྤྱད་པར་དགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ༢ །བདག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བ་འདི་དང་། གཞན་ཡང་བདག་གི་


TR007_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཅུང་ཟད་བགྱིས་པ་དང་དགྱི་བར་འགྱུར་བའི་དགེ་རྩ་དེ་དག་ཐམས་ཅད་ཕ་མ་ལ་སོགས་པའི་སེམས་ཅན་ཐམས་ཅད་དང་། བདག་གི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོའོ། །བདག་གི་བསོད་ནམས་འདིས་ཕ་མ་ལ་སོགས་པའི་སེམས་ཅན་མ་རྒལ་བ་རྣམས་བདག་གི་བསྒྲལ་ལོ། །མ་གྲོལ་བ་རྣམས་བདག་གི་འགྲོལ་ལོ། །དབུགས་མ་ཕྱིན་པ་རྣམས་བདག་གི་དབྱུགས་དབྱུང་ངོ་། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ནི་ཡོངས་སུ་མྱ་ངན་ལས་ཟླའོ། །མངོན་པར་རྫོགས་པར་སངས་མ་རྒྱས་པ་རྣམས་མངོན་པར་འཚང་རྒྱ་བར་བགྱིའོ། །སྐྱབས་མ་མཆིས་པ་དང་། གནས་མ་མཆིས་པ་དང་དཔུང་གཉེན་མ་མཆིས་པའི་འཇིག་རྟེན་གྱི་སྐྱབས་དང་གནས་དང་དཔུང་གཉེན་དུ་གྱུར་ཅིག །


TR007_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

དེང་ནས་བདག་སྦྱིན་པ་སྩོལ་བ་དང་ཚུལ་ཁྲིམས་བསྲུང་བ་དང་བཟོད་པ་སྒོམ་པ་དང་བརྩོན་འགྲུས་རྩོམ་པ་དང་བསམ་གཏན་ལ་མཉམ་པར་གཞག་པ་དང་ཤེས་རབ་རྣམ་པར་དཔྱོད་པ་དང་ཐབས་མཁས་པ་ལ་སློབ་པ་གང་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དང་ཕན་པ་དང་བདེ་བའི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བརྩམས་ཏེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་དང་ལྡན་པ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ས་ཆེན་པོ་ལ་ཡང་དག་པར་གནས་པ་རྣམས་ཀྱི་རྗེས་སུ་མཐུན་པར་འཇུག་གོ།། ༈ །།འཕགས་པ། བདག་བྱང་ཆུབ་སེམས་དཔའ་ལགས་ཀྱི། བྱང་ཆུབ་སེམས་དཔའ་ལགས་པར་བཟུང་དུ་གསོལ།། ༈ །།ས་དང་ཆུ་དང་མེ་དང་རླུང་། རྩི་དང་ནགས་ཀྱི་ཤིང་


TR007_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུར། །རྟག་ཏུ་སྲོག་ཆགས་ཐམས་ཅད་ཀྱི། །འདོད་དགུ་དཔག་མེད་སྤྱོད་པར་ཤོག །མཐོང་བ་དང་ནི་རེག་པ་དང་། །ཐོས་པ་དང་ནི་དྲན་པས་ཀྱང་། །བདག་ནི་སེམས་ཅན་ཐམས་ཅད་ཀྱི། །ནད་རྣམས་གསོ་བ་ཉིད་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་པར་ཤོག །བྱང་ཆུབ་སེམས་དཔའི་གང་དག་པར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་བདག་འགྲུབ་ཤོག། ༈ །།དེ་དག་གིས་ཁྱོད་ཀྱི་རྒྱུད་ལ་དོན་དམ་བྱང་ཆུབ་ཀྱི་སེམས་གཟོད་མ་ནས་རང་ལ་ཡོད་ཀྱང་ངོ་མ་ཤེས་པ་དེ་ལ་དགེ་བའི་བཤེས་གཉེན་གྱི་དྲིན་དང་དཀོན་མཆོག་རིན་པོ་ཆེའི་ཐུགས་རྗེའི་བྱིན་རླབས་ལས་ལེགས་པར་སྐྱེས་ཤིང་རང་ངོ་ཕྲོད་པ་དེ་ལ་ཆོས་ཉིད་ཀྱིས་ཐོབ་པ་ཅེས་པའི་ཐ་སྙད་དུ་གྲགས་ཀྱང་། རྟེན་འབྲེལ་ཚོགས་


TR007_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐུ་ལས་བྱུང་བ་ལགས་ཤིང་། ད་ནི་དེ་ཉིད་ཉམས་ལེན་གྱིས་གོང་དུ་འཕེལ་ཞིང་གོམས་པ་དང་བརྟན་པ་ཐོབ་པར་བྱ་བ་ལ། ད་ལྟའི་སེམས་གང་ལྟར་ཤར་བའི་རང་ངོ་ལ་ཅེར་གྱི་བལྟས་ལ། སྔར་འདས་ཀྱི་རྣམ་རྟོག་གི་རྗེས་འབྲེང་མི་བྱ། མ་འོངས་པའི་རྟོག་པའི་སྔུན་མི་བསུ། ད་ལྟའི་སེམས་ལ་མཚན་འཛིན་བཅོས་སླད་དགག་སྒྲུབ་གང་ཡང་མི་བྱ་བར། སེམས་ཀྱི་འདུག་ཚུལ་ཡིན་གྱི་ཐོག་ཏུ་ལྷོད་ཀྱི་འཇོག་པ་དེ་ལ་དོན་དམ་བྱང་ཆུབ་ཀྱི་སེམས་སྒོམ་པ་ཟེར་བ་ལགས། དེ་ལྟར་བཟོ་བཅོས་མེད་པར་རང་ངོ་རང་གིས་རིག་པ་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཆོས་ཀྱི་སྐུ་ཉིད་རང་སེམས་དང་ཐ་དད་མེད་པར་གདོད་མ་ནས་ལྷུན་གྱིས་གྲུབ་པ་དེ་ཉིད་ཇི་ལྟ་བར་རྟོགས་པ་ཡིན་ཏེ། སྔར་ཀུན་རྫོབ་བྱང་སེམས་ཀྱིས་སངས་རྒྱས་


TR007_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རིགས་ངེས་པར་བྱས་ཤིང་། འདིར་དོན་དམ་བྱང་སེམས་ཀྱིས་སངས་རྒྱས་ཀྱི་ངོ་བོ་ཉིད་དུ་བྱས་པ་ཡིན་ཏེ། ཡོན་ཏན་རིན་པོ་ཆེ་བསྡུས་པའི་མདོ་ལས། མཁས་པ་འཇིག་རྟེན་གནས་པའི་མྱ་ངན་འདས་ཀྱང་རུང་། ཆོས་ཉིད་སྐྱོན་མེད་ཆོས་རྣམས་སྟོང་པ་འདིར་གནས་ཏེ། བྱང་ཆུབ་སེམས་དཔའ་གང་གིས་ཆོས་འདི་རྗེས་སུ་རྟོགས། དེ་ཕྱིར་དེ་བཞིན་གཤེགས་ཅེས་སངས་རྒྱས་མཚན་གསོལ་ཏེ། ཅེས་གསུངས་པས་ན། མ་རིགས་འཁྲུལ་པ་ལུ་གུ་རྒྱུད་ཀྱི་རྗེས་འབྲང་མི་བྱ་བར་དོན་དམ་བྱང་ཆུབ་ཀྱི་སེམས་གདོད་མའི་གནས་ལུགས་རང་ངོ་ཤེས་པའི་ཉམས་ལེན་གྱི་ངང་ནས། དེ་ལྟར་མ་རྟོགས་པའི་སེམས་ཅན་མཐའ་ཡས་པ་རྣམས་ལ་སྟོང་ཉིད་ཀྱི་རྩལ་མདངས་སྙིང་རྗེར་ཤར་བའི་ཀུན་རྫོབ་བྱང་སེམས་སྨོན་འཇུག་གི་ཕྲིན་ལས་རྒྱུན་


TR007_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་མེད་པས་བྱང་ཆུབ་ཀྱི་སྤྱོད་པ་ཡང་དག་པར་སྤྱད་པ་ལ་འབད་འཚལ།། ༈ །།རྗེས་སྨོན་ལམ་གྱི་རྒྱས་གདབ་པ་གོང་དུ་སོང་ནས། ཉམས་ལེན་ལམ་དུ་འཁྱེར་ཚུལ་ནི་བཤད་མ་ཐག་པ་འདི་ཉིད་ལགས་ཤིང་།། ༈ །།དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་གསུམ་བསྐྱེད་པའི་ཕན་ཡོན་གྱི་རིམ་པ་ནི་གོང་དུ་ཞར་བྱུང་དུ་ཡང་ཡང་བརྗོད་པ་བཞིན་འདི་སྐབས་ཀྱང་མདོ་ཙམ་སྨོས་ན། སྤྱིར་ཡང་བྱང་ཆུབ་ཀྱི་སེམས་ནི་ཆོས་མཐའ་དག་པའི་གཞིར་གྱུར་ཚེ་དེའི་ཕན་ཡོན་གྱི་མཐའ་དང་ཚད་ནི་དེ་བཞིན་གཤེགས་པས་ཀྱང་བརྗོད་པར་མི་ལང་ན་སོ་སོ་སྐྱེ་བོས་ལྟ་ག་ལ་ཞིག་སྟེ་བསམ་གྱིས་མི་ཁྱབ་པའི་གནས་སུ་གྱུར་ལ། འོན་ཀྱང་བརྡ་ཙམ་མཚོན་བྱེད་ཙམ་དུ་འཕགས་པ་སྡོང་པོ་བཀོད་པའི་མདོར། རྒྱལ་བ་མ་ཕམ་


TR007_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

པས་བྱང་ཆུབ་སེམས་དཔའ་ནོར་བཟང་ལ་གསུང་པ་ཁོ་ན་ལ་མཚོན་ན། རིགས་ཀྱི་བུ། བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་དཀར་པོའི་ལོ་ཏོག་འཕེལ་བས་ཞིང་ལྟ་བུ། །འཇིག་རྟེན་ཐམས་ཅད་བརྟེན་པས་ས་ལྟ་བུ། དབུལ་བ་ཐམས་ཅད་གཅོད་པ་རྣམ་ཐོས་ཀྱི་བུ་ལྟ་བུ། དོན་ཐམས་ཅད་ཡང་དག་པར་སྒྲུབ་པ་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡོངས་སུ་བསྲུང་བས་ཕ་ལྟ་བུ། དོན་མ་གྲུབ་པ་ཕྱིར་མི་ལྡོག་པ་ཁྱབ་འཇུག་གི་མདུང་ལྟ་བུ། ཉོན་མོངས་པའི་མགོ་ལྟུང་བར་བྱེད་པས་རལ་གྲི་ལྟ་བུ། འཁོར་བའི་ཆུ་བོ་ན་གནས་པ་རྣམས་


TR007_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་འབྱིན་པ་མཆིལ་པ་ལྟ་བུ། ཉ་འཛིན་པའི་ལྕགས་ཀྱུ། སྒྲིབ་པ་དང་ཁེབས་པའི་རྩ་བ་ཐམས་ཅད་རྣམ་པར་འབྱིན་པས་རླུང་གི་དཀྱིལ་འཁོར་ལྟ་བུ། ཉོན་མོངས་པའི་གཉིད་ལས་སད་པར་བྱེད་པ་ཐོ་རེངས་ཀྱི་རྔ་ལྟ་བུ། ཆོས་ཐམས་ཅད་ཀྱི་གཟུགས་བརྙན་གསལ་བར་བྱེད་པས་མེ་ལོང་ལྟ་བུ། དགེ་བའི་ཆོས་ཡོངས་སུ་འཛིན་པས་སྣོད་ལྟ་བུ། གང་ས་ཡོད་པ་སྙིང་དགའ་བར་བྱེད་པས་དབྱིག་ ནོར་བུ་ ལྟ་བུ། ཆོས་ཀྱི་དགའ་བ་དང་མོས་པ་ཉམས་སུ་མྱོང་བར་བྱེད་པ་བཟའ་ཤིང་གི་ར་བ་ལྟ་བུ། རང་གི་ངོ་བོ་ལ་ཉེས་པ་ཐམས་ཅད་དང་བྲལ་བས་གསེར་ལྟ་བུ་རྨོངས་པའི་ནད་ཐམས་ཅད་སེལ་བ་སྨན་ལྟ་བུ། འགྲོ་བ་ཐམས་ཅད་ཀྱི་ཡིད་ཚིམ་པར་བྱེད་པ་གླུ་དབྱངས་སྙན་པོ་ལྟ་བུ། དགེ་བའི་རྩ་བ་གཞན་ཟིལ་གྱིས་གནོན་པ་རྡོ་རྗེ་ནོར་བུ་རིན་པོ་ཆེ་ལྟ་བུ། ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་


TR007_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཇིག་རྟེན་ན་མཆོད་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྨོན་ལམ་ཐམས་ཅད་བསྡུས་པས་མདོར་བསྟན་པ་ལྟ་བུའོ། །རིགས་ཀྱི་བུ། བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་དེ་དག་དང་། ཡོན་ཏན་གྱི་བྱེ་བྲག་ཚད་མེད་པ་གཞན་དང་ཡང་ལྡན་ནོ། །ཞེས་སོགས་ཆེ་བའི་ཡོན་ཏན་གྱི་དཔེ་ཉིས་བརྒྱ་ལྷག་པར་གསུངས་པ་རྣམས་སྐབས་འདིར་སྨོས་ན་ཧ་ཅང་ཚིག་ཚོགས་ཆེས་བར་འགྱུར་ཕྱིར་མ་བརྗོད་ཀྱང་དོན་གྱི་འགགས་འདི་དག་ཏུ་འདུ་ཞིང་གོ་བར་འགྱུར་མོད་ཀྱི། མདོར་ན་གནས་སྐབས་མཐར་ཐུག་གི་ལེགས་པའི་ཡོན་ཏན་མ་ལུས་པའི་འབྱུང་གནས་དམ་པ། བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གཞི་དང་ལམ་དང་ཐབས་དང་ཉེ་རྒྱུའི་སྙིང་པོར་གྱུར་པ་སེམས་


TR007_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རིན་པོ་ཆེའི་སྒོ་ནས་རང་གཞན་གྱི་དོན་ནམ་མཁའ་མཉམ་པར་མཛད་པའི་གོ་ཆ་དང་མི་འབྲལ་བའི་ངང་ནས། བླ་མ་དང་དཀོན་མཆོག་ལ་སྐུ་དྲིན་གསོ་བའི་མཎྜལ་དང་། བྱང་ཆུབ་ཀྱི་སེམས་མ་ཉམས་ཤིང་མི་བརྗོད་པའི་སྨོན་ལམ་བཟང་པོ་དང་བཅས་པས་ཕྱག་ཅི་མང་མཛད་པར་ཞུ། །ཞེས་བརྗོད་ཅིང་། སློབ་མ་རྣམས་ཀྱི་ཀྱང་དེ་བཞིན་ཅི་ནུས་དང་། བླ་མས་ཀྱང་ཤེས་བརྗོད་དང་། དཀོན་མཆོག་གི་དྲུང་དུ་གཏང་རག་གི་མཆོད་པ་སོགས་ཀྱང་བྱའོ། །དེ་ལྟར་ཐེག་གྱི་ཤིང་རྟའི་སྲོལ་སྣམ་པ་གཉིས་ལས་བྱུང་བའི་བྱང་སྡོམ་ཆོ་གའི་ལས་རིམ་རྒྱས་བསྡུས་སྣ་ཚོགས་ཤིང་མཐའ་ཡས་པ་ཅིག གྲུབ་མཐའ་ཆོས་རྒྱུད་སོ་སོའི་ཡིག་ཆ་ལས་འབྱུང་མོད་ཀྱི། དེ་དག་རང་རང་གི་དགོངས་བཞེད་མཐུན་པ་དང་མི་མཐུན་པ་ལྟར་སྣང་བའི་ཚུལ་དུ་ལ་ནི། ཇི་ལྟར་ཀ་ར་བུ་རམ་སྦྲང་རྩི་འོ་མ་སོགས་ཀྱི་མངར་བའི་རེ་གཅིག་བུའི་


TR007_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བྲག་ལ་གང་ཟག་སོ་སོའི་འདོད་པ་དང་མཐུན་པར་སྤྱོད་པས་ཚིམ་མོད་ཀྱི། འདི་ནི་མངར་བ་ཡིན་ལ་འདི་ནི་མ་ཡིན་ནོ་ཞེས་བསྐོན་པའི་དགོས་པ་ཅི་ཞིག་མཆིས་པ་དེ་བཞིན་དུ། དམ་པའི་ཆོས་ཐོག་ཐ་བར་དུ་དགེ་བའི་རང་བཞིན་འབའ་ཞིག་ལ། བདག་ཅག་གི་ལུགས་འདི་ཡིན་གྱི་ཁྱེད་ཅག་གི་ལུགས་དེ་མ་ཡིན་ནོ་ཞེས་བརྒལ་ཞིང་བརྩད་པས་ནི་བྱང་ཆུབ་ཀྱི་སེམས་འབྱོང་བར་ནམ་ཡང་མི་འགྱུར་བས་ན། རྩོད་པ་མེད་པའི་བཀའ་བསྟན་བཅོས་ལས་ཇི་ལྟར་བྱུང་བ་བཞིན་བདག་གི་འདིར་བྲིས་ཀྱིས། བདག་འདྲ་བློན་པོས་རང་བཟོར་བགྱིས་པ་འགའ་ཡང་མ་མཆིས་སོ། །འོ་ན་བཀའ་བསྟན་བཅོས་རྣམས་ལ་བཞུགས་བཞིན་དུ་ཁྱོད་ཀྱི་འདིར་ཡང་སྐྱར་དུ་བྲིས་པས་ཅི་ཞིག་བྱ་ཞེ་ན། དེ་ལྟ་མོད་ཀྱི་འདི་ནི་གང་ཅན་སྒྲུབ་རྒྱུད་མཐའ་དག་གི་འབྱུང་ཁུངས་ཤཱིནྟཾ་དཔལ་གྱི་རི་བོར་ཆོས་ཀྱིས་མཐོང་བའི་སེང་གེའི་ཁྲི་ལ་ཞབས་པད་མངོན་པར་བརྗིད་ཆགས་པའི་


TR007_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་མེད་མཆོག་གི་སྤྲུལ་པའི་སྐུ་ཐུབ་བསྟན་རིན་ཆེན་བཟང་པོའི་དཔལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཞལ་སྔ་ནས་བཀའ་མཆེད་མུ་ཏིག་གི་ཆུན་བུ་ཡང་དག་པར་སྩལ་བ་ཉིད་བདེ་ཆེན་འཁོར་ལོའི་རྒྱན་དུ་བགྱིས་ནས། ཐོས་བསམ་གྱི་སྦྱང་སྟོབས་དང་མི་ལྡན་ཡང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་ཉམས་ལེན་གྱི་མཐིལ་ཕུར་དུ་བགྱིས་པའི་ཀུ་སཱ་ལི་རང་གྲོལ་གྱི་མིང་འཛིན་པས། ཆུ་རླུང་རྟ་མཆོག་ཁ་འབབ་གཡས་སུ་དུང་ལྟར་འཁྱིལ་བའི་ངོགས། རི་བྲན་སེང་གེ་རྣམ་པར་འགྱིངས་འདྲའི་སྤོ་ལ་ཀུན་སྣང་དང་བའི་བསམ་གཏན་གྱི་ཁང་བུ་བརྩེགས་པའི་ཡང་དབེན་དུ་བྲིས་པའི་དགེ་བ་ལྷག་བསམ་མཆོག་ཏུ་དཀར་བའི་འོད་མདངས་ཀྱིས། ཁམས་གསུམ་གྱི་འགྲོ་བ་དྲིན་ཅན་ཕ་མའི་རང་བཞིན་འབའ་ཤིག་པ་ལས་ཉོན་འཁྲུམ་པའི་མུན་གླིང་མཐའ་མེད་པར་བཟོད་དཀའི་སྡུག་བསྔལ་སྣ་ཚོགས་རབ་ཏུ་མྱོང་བ་སྙིང་རྗེའི་ཡུལ་གྱུར་རྣམས་ཐར་པ་དང་ཐམས་ཅད་མཁྱེན་


TR007_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གོ་འཕང་ལ་མྱུར་དུ་འཁོད་པའི་རྒྱུ་རྐྱེན་དུ་གྱུར་ནས། མཐའ་ཡས་པའི་འགྲོ་བ་ཐམས་ཅད་ཕྱིར་མི་ལྡོག་པ། རབ་ཏུ་ཕན་པ། མཆོག་ཏུ་བདེ་བ། འགྱུར་བ་མེད་པའི་གཏན་སྲིད་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ལ་འགོད་པར་ཤོག་ཅིག །ཤུ་བྷམ་སྟུ་སརྦ་ཛ་ག་ཏཱཾ། གཅིག་ཞུས་ཁུལ་ལགས།

བླ་མ་དགོངས་པ་འདུས་པའི་ལས་གཞུང་མེ་ཏོག་ཕྲེང་མཛེས་ཀྱི་དགོངས་དོན་མདོར་བསྡུས་པ་ངེས་དོན་སྙིང་པོ།


TR007_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དགོངས་པ་འདུས་པའི་ལས་གཞུང་མེ་ཏོག་ཕྲེང་མཛེས་ཀྱི་དགོངས་དོན་མདོར་བསྡུས་པ་ངེས་དོན་སྙིང་པོ་བཞུགས་སོ། །


TR007_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་འདི་ན་འགྲན་ཟླ་ཀུན་བྲལ་བའི། །གྲགས་པའི་དབྱར་རྔ་དོན་མཐུན་ཞིང་ཀུན་ཏུ། །ཆེར་གསལ་པདྨ་ཐོད་ཕྲེང་ལས་གཞན་སུ། །འཇིག་རྟེན་མགོན་མཆོག་དེ་ཞབས་སྤྱི་བོས་མཆོད། དེ་ལ་འདིར་སེམས་ཅན་གྱི་ཁམས་ལ་བདེ་བར་གཤེགས་པའི་སྙིང་པོས་ཡེ་ཁྱབས་སུ་འཇག་མིག་གི་སྲིན་བུ་ཡན་ཆད་ཀྱི་རྒྱུད་ལ་མཆིས་མོད་ཅིང་། དེ་ཉིད་མངོན་དུ་བྱེད་པ་ལ་སྦྱང་གཞི་སྦྱོང་བྱེད་སྦྱང་འབྲས་གསུམ་གྱི་སྒོ་ནས་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པའི་ཡང་སྙིང་རྨད་བྱུང་རྡོ་རྗེ་ཐེག་པའི་


TR007_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དང་མན་ངག་བསྒྲུབ་ཐབས་སོགས་རྒྱལ་བའི་ཕྲིན་ལས་རབ་འབྱམས་ལས་སྣང་མོད་ཀྱི། ཁྱད་པར་མཆོག་ཏུ་རྒྱལ་བ་པདྨ་འབྱུང་གནས་ཀྱི་ཐུགས་རྗེ་མི་ཟད་གཏེར་ཆེན་ལས་བྱུང་བའི་ཟབ་ཆོས་མཚན་དང་བཀོད་པ་མཐའ་ཡས་པའི་བྱེ་བྲག་རྣམས་ལས། ཡང་ཟབ་བླ་མེད་དགོངས་པ་འདུས་པའི་ཆོས་སྐོར་ཞེས་ཉི་ཟླ་ལྟར་གྲགས་པ་དེ་ཉིད་ཀྱི་མན་ངག་སྙིང་པོར་གྱུར་བ་གང་ཟག་སྤྲོས་པ་ཆུང་བ་ལ་མོས་པ་རྣམས་ཀྱི་དོན་དུ་མཛད་པའི་རྩ་བའི་བསྙེན་པ་ཚ་བ་སྨར་ཐག །དེའི་བསྒྲུབ་པ་གསལ་


TR007_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱི་ནོར་བུ། དེའི་ལས་བྱང་མེ་ཏོག་འཕྲེང་མཛེས་དང་བཅས་པའི་མ་བུ་རྣམས་ལས། འདིར་ཕྲིན་ལས་ལམ་ཁྱེར་བསྡུས་པ་མེ་ཏོག་ཕྲེང་མཛེས་ཀྱི་སྒོམ་རིམ་མདོ་ཙམ་སྟོན་པར་བྱེད་དེ། དེ་ལ་སྤྱིར་རྒྱུད་སྡེའི་རིམ་པ་སོ་སོར་སྐྱེད་རིམ་གྱི་གནད་རྣམས་ཀྱང་སོ་སོར་གསུངས་མོད་ཀྱང་། འདིར་ནི་རྒྱུད་སྡེ་འོག་མ་ལས་ཆེས་རྨད་དུ་བྱུང་བ་ཡོ་ག་གསུམ་གྱི་ཉམས་ལེན་གྱི་སྐབས་དང་། དེ་ལ་ཡང་། བཀོད་པ་ཆེན་པོའི་རྒྱུད་ལས། །སེམས་ཡས་པ་ལ་སྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པ་ཉིད། །མཆོག་གསང་རབ་ལ་རྫོགས་པ་ཆེ། ཞེས་པ་ལྟར། གདུལ་བྱའི་བློ་རིགས་སོ་སོའི་དོན་དུ་འདུལ་ཐབས་ཀྱི་ཆོས་ཀྱང་སོ་སོར་གསུངས་ཤིང་། དེའི་ཕྱིར། ཞི་ཁྲོ་སྒྱུ་འཕྲུལ། བཀའ་བརྒྱད་ཡང་ཕུར་ལ་སོགས་མདོར་ན་ཏནྟྲ་སྡེ་བཅོ་བརྒྱད་ལ་གཏོགས་པའི་སྒོམ་ཁོག་ཕལ་ཆེར་ནི་རྒྱ་ཆེ་བ་སྐྱེད་རིམ་གཙོ་བོར་སྟོན་པའི་སྐབས་ཡིན་ལ། འདི་ནི་ཟབ་པ་རྫོགས་


TR007_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

རིམས་གཙོ་བོར་སྟོན་པ་ལུང་ཨ་ནུ་ཡོ་གའི་དགོངས་དོན་ཡིན་ཕྱིར། དེ་ལྟར་རྒྱུད་སྡེ་སོ་སོའི་སྐབས་ཐོབ་ཤེས་པ་གལ་ཆེ་ཞིང་། དེས་ན་འདི་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི་དང་པོ་ལ། ཐུན་མོང་གི་ཚོགས་བསགས་པའི་ལས་རིམ་སྐྱབས་སེམས་ཡན་ལག་བདུན་པ་སོགས་ཀྱི་སྐབས་སུ་ནི། རང་ལུས་ཐ་མལ་པའི་མདུན་གྱི་ནམ་མཁར་ཚོགས་ཞིང་རྣམས་སྤྱན་དྲངས་ནས་བཞུགས་པར་མོས་ལ་ཚོགས་བསགས། དེ་ནས་སྔོན་འགྲོ་བྱེ་བྲག་པ་གསེར་སྐྱེམས་བགེགས་གཏོར་སོགས་ཀྱི་སྐབས་སུ་ནི་སོ་སོའི་བརྗོད་ཚིག་ལྟར་གྱི་བདག་ཉིད་སྤྱན་རས་གཟིགས་དང་རྟ་མགྲིན་གྱི་བསྐྱེད་རིམ་དང་ལྡན་པས་མི་མ་ཡིན་རྣམས་ལ་ཅི་བསྒོ་བའི་བཀའ་ཉན་པར་བསམ། མཚམས་གཅོད་ཀྱི་སྐབས་སུ་ནི། དོན་དམ་པར་སྟོང་ཉིད་མཚན་མ་ཐམས་ཅད་བྲལ་ཕྱིར་བདག་གཞན་ཕན་གནོད་བསྲུང་བྱ་སྲུང་བྱེད་སོགས་ཀྱི་ཡུལ་ལས་འདས་པ་ཆོས་ཀྱི་དབྱིངས་མཉམ་པ་ཆེན་


TR007_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྩལ་མདངས་ལས། རང་ཉིད་རྒྱུའི་ཧེ་རུ་ཀ་རྡོ་རྗེ་སེམས་དཔའ་དམར་པོ་གཅིག་ཏུ་གསལ་བའི་ཐུགས་སྲོག་ཧཱུྃ་ལས་ཕྱག་མཚན་གྱི་རིགས་དང་མེ་སྤུངས་སོགས་འཕྲོས་པས་སྟེང་འོག་ཕྱོགས་མཚམས་དཀྲིག་པའི་གུར་ཁང་དུ་གྱུར་པར་མོས། །ཕྱི་ནང་གི་མཆོད་གཏོར་བྱིན་རླབས་ཀྱི། རྒྱུའི་ཧེ་རུ་ཀའི་ཐུགས་ཀ་ནས་རཾ་ཡཾ་ཁཾ་དང་ཨོཾ་ཨཱཿཧཱུྃ་འབྲུ་གསུམ་སོགས་ཀྱི་འཕྲོ་འདུས་ཡེ་ཤེས་ཀྱི་མཆོད་རྫས་སུ་བྱིན་གྱིས་བརླབས། དེ་ནས་དངོས་གཞི་ལ། ཏིང་ངེ་འཛིན་རྣམ་པ་གསུམ་གྱི་དང་པོ་དེ་བཞིན་ཉིད་ཀྱིས་ནི་བདག་ལུས་གདོས་བཅས་ཀྱི་མཚན་འཛིན་སོགས་ཕྱི་ནང་སྣོད་བཅུད་ཨ་འཐས་སུ་འཛིན་པའི་ཞེན་པ་སྦྱང་ཕྱིར་སྤྲོས་བྲལ་གྱི་ཀློང་དུ་མཉམ་པར་བཞག །ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་གྱིས་དོན་དམ་སྟོང་ཉིད་ཀྱི་ཚུལ་མ་རྟོགས་པའི་འགྲོ་བ་ལ་སྙིང་རྗེ་བསྒོམ་ཞིང་དེ་དག་ཆོས་ཉིད་ཀྱི་དབྱིངས་སུ་བསྒྲལ་བར་དམ་བཅའ། རྒྱུའི་ཏིང་ངེ་འཛིན་ནི་ངོ་བོ་


TR007_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་ལས་མ་གཡོས་བཞིན་དུ་རང་རྩལ་སྒྱུ་མ་ལྟ་བུའི་ཆོ་འཕྲུལ་གྱི་རོལ་པ་ལས། ངོ་བོ་ལྟར་ན་རང་གི་ཤེས་རིག་དོན་དམ་པའི་ཡེ་ཤེས། རང་བཞིན་ལྟར་ན་དཔལ་ཀུན་བཟང་སྣང་མཐའམ་རྡོ་རྗེ་སེམས་དཔའ་དེ་ཉིད། ཐུགས་རྗེའི་རྣམ་པ་ལྟར་ན། རྒྱུའི་ཧེ་རུ་ཀ་དབུ་དང་ཕྱག་ཞབས་ཆ་ལུགས་རྣམ་འགྱུར་སོགས་མཐའ་ཡས་ཤིང་བསམ་གྱིས་མི་ཁྱབ་པ་སོ་སོ་སྐྱེ་བོའི་ཡུལ་ལས་འདས་ཤིང་། སྐུ་ཆེ་ཆུང་གི་ཚད་ཀྱང་ནམ་མཁས་གར་ཁྱབ་ཏུ་ཁྱབ་ཅིང་འདུལ་བྱེད་མ་ངེས་པའི་བཀོད་པ་གྲངས་མེད་པས་གང་ལ་གང་འདུལ་གྱི་རྫུ་འཕྲུལ་ལ་མངའ་བརྙེས་པ་ཅིག་ཏུ་མོས། །གཞལ་ཡས་ཁང་བསྐྱེད་པའི་སྐབས་སུ། གཞུང་ཉིད་ནས་གསུངས་པའི་ཚིག་རྣམས་ནི་ནང་གི་འབྱུང་བཞིའི་བྱེར་སྡུད་ཀྱིས་ཕ་མའི་མངལ་དུ་རྡོ་རྗེའི་ལུས་གྲུབ་ཚུལ་དང་བསྟུན་ནས་གསུངས་པ་སྟེ། འདིའི་བསྐྱེད་ཚུལ་དང་གནས་ཚུལ་གྱི་རྒྱས་བཤད་རྣམས་


TR007_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དགོངས་འདུས་རང་གི་ཡང་གསང་ཐུགས་རྗེ་བསྒྲུབ་པ་ཉི་ཟླ་ཁ་སྦྱོར་གི་ནང་དུ་གསུངས་པ་དེར་བལྟ་ཞིང་། འགག་དོན་མདོར་བསྡུ་ན། ཕུང་ཁམས་སྐྱེ་མཆེད་རྒྱལ་བའི་དཀྱིལ་འཁོར་ཉིད་དུ་ཡེ་ནས་ལྷུན་གྱིས་གྲུབ་པའི་ཚུལ་གསར་སྙིང་གི་རྒྱུད་སྡེ་མཐའ་དག་ནས་གསུངས་པ་ལྟར་ལས། ཁྱད་པར་འདི་སྐབས་སུ། རང་གི་ལུས་ཉིད་གཞལ་ཡས་ཁང་གི་རང་བཞིན་ཡེ་ནས་ཡིན་ལ་ཡིན་པར་ངོ་ཤེས་ཤེས་ཤིང་གསལ་འདེབས་པ་ཙམ་ནས་གཞལ་ཡས་ཁང་བསྐྱེད་པ་མཆོག་ཏུ་འགྱུར་བར་གསུངས། གདན་སྐྱེས་པ་ནི། རང་གི་རྣམ་པར་ཤེས་པའི་ཚོགས་བརྒྱད་པོ་པདྨ་འདབ་བརྒྱད་ཀྱི་ཚུལ་དང་། རྟོགས་ན་ཐབས་ཤེས་མ་གཏོགས་ན་ཆགས་སྡང་གཉིས་པོ་ཉི་ཟླའི་གདན་དུ་ལྷུན་གྱིས་གྲུབ་ཅིང་། དེ་དག་ཀྱང་ཁ་དོག་དབྱིབས་སུ་བློས་བཅོས་ཤིང་བསྒོམ་པ་ལྟ་བུ་མ་ཡིན་པར་ཡེ་ནས་ཡིན་པའི་དོན་ཤེས་ཤིང་དྲན་པ་ཁོ་


TR007_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཆོག་ལ། དེ་ནས་ལྷ་བསྐྱེད་པའི་རིམ་པ་དངོས་ནི། རྒྱུད་སྡེ་གཞན་རྣམས་ལས་སྐྱེ་གནས་བཞིའི་བག་ཆགས་སྦྱོང་ཕྱིར་མངོན་བྱང་ལྔ་དང་ཆོ་ག་གསུམ་སོགས་སྤྲོས་བཅས་ཀྱི་བསྐྱེད་ཚུལ་གསུང་ཀྱང་། འདིར་ནི་དབྱིངས་སྐྱེ་མེད། མཐའ་བྲལ་གྱི་ཀློང་ནས་རིགས་པ་ཡེ་ཤེས་འགགས་མེད་རང་བྱུང་དོན་གྱི་ལྷ་ཤར་བ་མ་གཏོགས། ཀུན་རྫོབ་སྤྲོ་བསྡུ་མཚན་བཅས་ཀྱི་བསྐྱེད་རིམ་ལ་རག་མ་ལུས་པའི་ཕྱིར་ན། ཤེས་རིག་གི་ངོ་བོ་ཧེ་རུ་ཀ་དེ་ཉིད་རྣམ་རོལ་གྱི་ཆོ་འཕྲུལ་དུ་དཀྱིལ་འཁོར་ཀུན་གཙོ་པདྨ་བཛྲ་རྩལ་དུ་ལྷུན་གྱིས་གྲུབ་ཅིང་། དེ་ཉིད་ཀྱང་ངོ་བོ་རང་བཞིན་ཐུགས་རྗེའི་སྣང་ཚུལ་ལམ། མིང་དུ་བཏགས་ཚུལ་ཙམ་དུ་ཡབ་ཡུམ་འཁོར་སོགས་སུ་ཕྱེ་བ་ཉིད་དོ། །དོན་དུ་ནི་སྣང་སྟོང་དབྱེར་མེད་རིག་པའི་ངོ་བོ་ཉིད་དང་། དེའི་རྩལ་མ་ངས་རྣམ་ཤེས་ཚོགས་བརྒྱད། ཉེ་ཉོན་ཉི་ཤུ། སེམས་བྱུང་ལྔ་བཅུ། རྟོག་ཚོགས་བརྒྱད་ཁྲི་བཞི་


TR007_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་སོགས་སོགས་སུ་ཤར་ཞིང་། དེ་དག་ནི་རྒྱུ་སེམས་ཅན་གྱི་དུས་ན་ལས་དང་ཉོན་མོངས་པའི་རྟོགས་ཚོགས། ལམ་རྣལ་འབྱོར་པའི་དུས་ན་ཉམས་དང་འཆར་སྒོའི་བྱེ་བྲག འབྲས་བུ་སངས་རྒྱས་ཀྱི་དུས་སུ་མཁྱེན་བརྩེ་མཛད་པ་ཕྲིན་ལས་ཀྱི་བྱེ་བྲག་ཉིད་དུ་འགྱུར་ཞིང་། དེས་ན་འདིར་ལྷ་རྣམས་ཀྱང་། གཞུང་ཉིད་ལས། སྐུ་མདོག་ཕྱག་མཚན་རྣམས་འགྱུར་དུ་མ་སྟེ། གཅིག་ཏུ་མ་ངེས་ཆོ་རོལ་སྣ་ཚོགས་སྟོན། སྣང་སྟོང་མ་འགགས་ལྷང་ངེ་ལྷན་ནེར་གསལ་ཞེས་གསུངས་པ་ཉིད་ཁོ་ན་ལྟར་ཤེས་པར་བྱ་ཞིང་། དེ་ནས་སྤྱན་འདྲེན་ཡང་། ཕྱི་རོལ་ནས་མི་གཅིག་པ་ཞིག་སྤྱན་དྲངས་ཤིང་འབྱོན་རྒྱུ་ཡོད་པ་ལྟ་བུ་མ་ཡིན་ཏེ། མ་དག་འཁྲུལ་པའི་སྣང་བ་སྦྱོང་ཕྱིར་ལྷ་སོ་སོའི་མཚན་དང་བཞུགས་གནས་སོགས་ཐ་དད་ནས་སྤྱན་འདྲེན་པའི་ཚིག་ངག་ནས་བརྗོད་ཀྱང་། དོན་དུ་རང་རིགས་བྱང་ཆུབ་སེམས་ཀྱི་རོལ་པའི་ཆོ་འཕྲུལ་སྣང་སྲིད་ཀུན་ལ་མ་ཁྱབ་པ་མེད་ཕྱིར། རང་ཤེས་རིག་


TR007_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམ་ཚིག་ཡེ་ཤེས་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དུ་སྤྱན་དྲངས། ཡེ་ནས་འདུ་འབྲལ་མེད་པ་དེ་ཀའི་དོན་ཤེས་པ་ནི་བཞུགས་གསོལ། དེ་ཉིད་ལ་ངེས་ཤེས་རྙེད་པ་ནི་ཕྱག་འཚལ། དེ་ཉིད་རང་ལ་འཁྲུལ་མེད་རང་དབང་གྱུར་བ་ནི་དབང་བསྐུར་དེའི་དོན་ལས་མི་འདའ་བར་དམ་བཅའ་བ་ནི་རྒྱས་བཏབ། སྣང་སྲིད་ཀྱི་འདོད་ཡོན་དབང་པོ་དྲུག་གི་སྤྱོད་ཡུལ་དུ་གྱུར་པའི་བཟང་ངན་ཐམས་ཅད་རོ་མཉམ་ཆེན་པོར་རོལ་བ་ནི་ཕྱི་མཆོད། དུག་ལྔ་དུག་གསུམ་ཐམས་ཅད་རང་ཤར་རང་གྲོལ་དུ་སྤྱོད་པ་ནི་ནང་མཆོད། ཆགས་སྡང་གི་རྟོག་པ་མཐའ་དག་དབྱིངས་རིག་དབྱེར་མེད་དུ་ལ་ཟླ་བ་ནི་གསང་མཆོད། ཅིར་སྣང་ལམ་དུ་ལྷོངས་པས་སྣང་སྲིད་བདུད་རྩིར་གྱུར་པ་ནི་སྨན་མཆོད། དངོས་འཛིན་གྱི་རྟོགས་པ་འབུར་འཇོམས་དུ་སྒྲོལ་བ་ནི་རཀྟའི་མཆོད་པ། བདེ་གསལ་མི་རྟོག་ལ་སོགས་པའི་ཉམས་མྱོང་ལ་འཛིན་ཆགས་མེད་པ་ནི་


TR007_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མའི་མཆོད་པ་སྟེ། དེ་དག་ཐམས་ཅད་ལ་ཕྱི་རོལ་དུ་དམིགས་རྟེན་དངོས་སུ་བཤམས་པ་ནི་མཚན་མ་རྫས་ཀྱི་མཆོད་པ། ནང་གི་ཤ་ཁྲག་དྲོད་དབུགས་ལ་སོགས་རང་ལུས་ཁ་རྗེ་དབང་ཐང་དང་བཅས་པ་ནི་ནང་རང་བྱུང་ལྷུན་གྲུབ་ཀྱི་མཆོད་པ། གསང་བར་གཤིས་སྐྱེ་མེད། གདངས་འགག་མེད་རྩལ་སྣ་ཚོགས་འཆར་བ་མཐའ་དག་ནི་དོན་དམ་ཡེ་ཤེས་ཀྱི་མཆོད་པ། དེ་དག་ཐམས་ཅད་ཀྱང་འབུལ་བྱའི་ཡུལ། འབུལ་བྱེད་ཀྱི་གང་ཟག་འབུལ་རྒྱུའི་རྫས་དངོས་སོགས་སོ་སོར་མ་གྲུབ་གཅིག་ཏུ་ཡང་མ་བསྡུས་མིང་དང་མཚན་མའི་ཐ་སྙད་ལས་འདས་ཤིང་ཡིད་དཔྱོད་ཀྱི་བློའམ་རྟག་ཆད་ཀྱི་ཡུལ་དང་བྲལ་བ་དེ་ཁོ་ན་ཉིད་ཡང་དག་དོན་གྱི་མཆོད་པའི་མཆོག་ཏུ་གྱུར་པའི་དོན་རིག་པར་བྱ་ཞིང་། བསྟོད་པའི་རིམ་པ་ཡང་དེ་བཞིན་དུ། ཡེ་ཤེས་རིག་པའི་ལྷ་ལ་བསྟོད་པས་མཉེས་རྒྱུ་དང་མ་བསྟོད་པས་མི་མཉེས་རྒྱུ་སོགས་ཡོད་པ་མིན་རུང་། རང་རིག་དོན་དམ་


TR007_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་ཀྱི་རོལ་རྩལ་སྒྱུ་མ་ལྟ་བུ་ལྷའི་རྣམ་པར་ཤར་བའི་སྐུ་མདོག་ཕྱག་མཚན་གྱི་མཚོན་བྱེད་དོན་དང་རྟགས་སུ་མཐུན་པ་དྲན་པའི་ཆེད་དུ་བསྟོད་ཅིང་། དེ་ནས་འཛབ་ཀྱི་རིམ་པ་ཡང་། རང་གི་དབུགས་འབྱུང་འཇུག་གནས་གསུམ་སྙིང་པོ་འབྲུ་གསུམ་དུ་ཡེ་ནས་ལྷུན་གྱིས་གྲུབ་ཅིང་། དེའི་གྲངས་ཚད་ཀྱང་ཉིན་ཞག་དྲུག་རེ་ལ་ཉི་ཁྲི་ཆིས་སྟོང་དྲུག་བརྒྱར་རྟག་ཏུ་འགྱུར་བ་དེ་ཉིད་རིག་ཏུ་ཉམས་ལེན་པ་ནི་འདི་ཀའི་རང་གཞུང་གི་བསྙེན་པའི་མཆོག་ཡིན་ཅིང་། མཚན་མ་སྤྲོས་བཅས་ཀྱི་འཛབ་ལ་སྤྱོ་ན། རང་ཉིད་དགོངས་པ་འདུས་པའི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་གསལ་བའི་ཐུགས་ཀར་ཉི་མའི་སྟེང་དུ་ཧྲཱིཿདམར་གྱི་མཐར་སྔགས་ཕྲེང་འཁོར་བ་ལས་འོད་འཕྲོས་པས་རྒྱལ་བ་རྣམས་མཆོད་ཅིང་། ཐུགས་རྗེ་ནུས་མཐུ་བསྡུས། འགྲོ་བའི་ལས་ཉོན་དང་སྡུག་བསྔལ་གསལ་བར་དམིགས་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དེ་ཝ་ཌཱཀྐི་ནི། སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་བཟླ་བ་ནི་ལས་བྱང་ཆེན་མོ་ཚངས་པའི་སྒྲ་དབྱངས་ཀྱི་དགོངས་པའོ། །བར་འདིར་ཆོས་སྐྱོང་བཀའ་སྲུང་གི་


TR007_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་གཏོར་ཆོག་གང་དང་གང་བྱེད་ཀྱང་། བདག་བསྐྱེད་ལྷའི་རྣལ་འབྱོར་སྐྱེད་རྫོགས་དབྱེར་མེད་གོང་བཞིན་བསྒོམ་པའི་ངང་ནས། ཆོས་སྐྱོང་རྣམས་ཀྱང་ངོ་བོ་རང་རིག་གསལ་སྟོང་དབྱེར་མེད་ཀྱི་ངང་ལས། རྣམ་རོལ་གདུག་པ་འདུལ་ཕྱིར་ཆོས་སྐྱོངས་སོ་སོའི་སྐུར་སྣང་བ་སྐུ་མདོག་ཕྱག་མཚན་རྣམ་འགྱུར་ཆ་ལུགས་ཅིར་ཡང་སྟོན་ཅིང་། །མཐུ་སྟོབས་དྲག་རྩལ་དཔག་ཏུ་མེད་པ་དང་ལྡན་པ། འཁོར་ཚོགས་བསམ་གྱིས་མི་ཁྱབ་ཅིང་གྲངས་མེད་པས་བསྐོར་བ་རྣམས་རང་གི་མདུན་དུ་ཁྲོམ་ཚོགས་པ་ལྟར་བཞུགས་པ་ལ། ཏིང་ངེ་འཛིན་གྱི་འདུ་འཕྲོ་ལས་བྱུང་བའི་གང་ལ་ཅི་འདོད་ཀྱི་མཆོད་གཏོར་རྒྱ་ཆེན་ཕུལ་བས་མཉེས་ཤིང་ཚིམ་ནས། བདག་གི་ཇི་ལྟར་བཅོལ་བའི་ཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་བསྒྲུབ་པར་མོས། དེ་ནས་ཚོགས་འཁོར་ཡང་། ཕྱི་ལྟར་གླིང་བཞི་རི་རབ་ལ་སོགས་སྣོད་བཅུད་ཐམས་ཅད་ཚོགས་ཀྱི་དངོས་པོར་ཡེ་ནས་ལྷུན་གྱིས་གྲུབ་


TR007_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ནང་ལྟར་ལུས་སྲོག་ལོངས་སྤྱོད་འདོད་ཡོན་ལྔ་སོགས་ཡོ་བྱད་ཀུན་དང་། གསང་བར་སེམས་ཀྱི་འདུ་འཕྲོ་ཐམས་ཅད་ཚོགས་ཀྱི་དངོས་པོར་མ་གྱུར་པ་མེད་ལ། མཚན་མ་རྫས་ཀྱི་ཚོགས་ནི་འབྱོར་ན་བཟའ་བཏུང་གོས་རྒྱན་སོགས་འདོད་ཡོན་གྱི་དངོས་པོ་ཅི་འབྱོར་ཐམས་ཅད་བཤམས་ཤིང་ཟག་མེད་ཡེ་ཤེས་ཀྱི་མཆོད་པར་བྱིན་གྱིས་བརླབས་ནས་འབུལ། མ་འབྱོར་ན་ས་རྡོ་ཆུ་སོགས་ལའང་རུང་ཞིང་། དེར་མ་ཟད་སྣོད་ཀྱི་འཇིག་རྟེན་ཚོགས་གཞོང་དུ་བཅུད་ཀྱི་སེམས་ཅན་ཚོགས་རྫས་སུ་བྱིན་གྱིས་བརླབས་པ་སོགས་མདོར་ན་ཐམས་ཅད་ཏིང་ངེ་འཛིན་གྱི་བྱེད་ལས་ལ་རག་ལས་པ་མ་གཏོགས་ཤ་ཆང་ཟན་གྱི་ཡོ་བྱད་ཙམ་ལ་ཚོགས་ཀྱི་འཁོར་ལོ་བརྗོད་པ་དང་ལྟོས་པ་ནི་མ་ཡིན་པས་དེ་ལྟ་བུའི་གནད་ཤེས་པར་བྱ། བསྐུལ་དང་ཆད་མོད་གཏོར་སྐྱོང་སོགས་ཀྱང་ནང་དོན་ཁོ་ན་ལས་མ་འདས་པ་ནི་འདི་སྐབས་ཀྱི་ཁྱད་པར་བའི་དགོངས་པ་


TR007_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཚུལ་ནི་གཞུང་ཉིད་ཀྱི་ཚིག་ཁོ་ནས་ཤེས་ཀྱི། ཀུན་རྫོབ་ཨ་འཐས་སུ་བོན་ཆོག་མདོས་གྱེར་ལྟ་བུ་ནི་མ་ཡིན་ནོ། །རྫོགས་རིམ་བསྡུ་བ་ཡང་རྣམ་འགྱུར་སྣ་ཚོགས་སུ་སྣང་བ་ཐམས་ཅད་རང་ལས་བྱུང་ཞིང་རང་ལ་ཐིམ་པ་ཆུ་དང་རླབས་སམ་ནམ་མཁའ་དང་སྤྲིན་གྱི་དཔེས་རྟོགས་པར་བྱ་ཞིང་། མ་བཅོས་སྤྲོས་མེད་དུ་མཉམ་པར་བཞག་ལ། རྗེས་ཐོབ་སྒྱུ་མ་ལྟ་བུའི་ངང་ནས་གཞན་དོན་དུ་སེམས་བསྐྱེད་རྒྱ་ཆེན་པོས་བསྔོ་བ་སྨོན་ལམ་གྱིས་རྒྱས་བཏབ་པར་བྱའོ། མདོར་ན་ལས་གཞུང་འདི་ནི་ཨ་ནུ་དབྱིངས་དང་ཡེ་ཤེས་དབྱེར་མེད་རྫོགས་པའི་རིམ་པ་གཙོ་བོར་སྟོན་པའི་སྐབས་ཡིན་པས་རྒྱུད་སྡེ་འོག་མ་དང་། མ་ཧཱ་ཡོ་ག་སོགས་ཀྱི་རིགས་འདྲེ་དང་རྒྱས་འགེབ་བྱེད་རྒྱུ་ནི་མ་ཡིན་ཞིང་། ཚུལ་འདི་དག་བློར་མི་ཤོང་བའི་སྐྱེ་བོ་དག་གིས། འདི་ནི་འཐད་དོ། །འདི་ནི་མཚུངས་སོ། །འདི་ནི་མི་མཚུངས་སོ། །ཞེས་པ་ལ་སོགས་ཀྱི་རྣམ་པར་རྟོག་པ་མང་པོས་བསླད་


TR007_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་ནི་སྐྱེད་རྫོགས་བཟུང་འཇུག་དོན་དམ་པའི་སྙིང་པོའི་གནང་གསང་ཚུལ་བཞིན་དུ་མ་རྟོགས་པའི་སྐྱོན་ཁོ་ནར་ཟད་ལ། རྣལ་འབྱོར་དམ་པ་རྣམས་ཀྱི་བློ་ངོར་ནི་མེ་ཏོག་ཕྲེང་མཛེས་ཙམ་དུ་མ་ཟད་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བྱུང་རིག་པའི་ཀློང་དུ་མ་འདུས་པ་རྡུལ་ཕྲ་རབ་ཙམ་ཡང་མེད་པ་ནི་རྒྱལ་བ་ཀུན་གྱི་དགོངས་བཞེད་གཅིག་ཏུ་མཐུན་པ་དོན་དམ་པའི་བདེན་པའོ། །འདི་བྲིས་དགེ་བས་མ་ལུས་སྐྱེ་འགྲོ་ཀུན། །ཐ་སྙད་ཚིག་གི་རྫུན་པས་མ་སླད་པར། །ཡང་དག་ངེས་དོན་སྙིང་པོ་མངོན་གྱུར་ཏེ། །གདོད་མའི་ཀློང་དུ་གཏན་སྲིད་ཟིན་པར་ཤོག །ལས་བྱང་མེ་ཏོག་ཕྲེང་མཛེས་ཀྱི་དགོངས་དོན་མདོར་དྲིལ་བ་འདི་ཉིད། འཇང་ཞབས་ནས། གྲུབ་མཆོག་ཚེ་དབང་དོན་འགྲུབ་ཀྱིས་བསྐུལ་བར་མཛད་པའི་ངོར། སྣ་ཚོགས་རང་གྲོལ་གྱིས་གནས་ཆེན་དུར་ཁྲོད་མགོ་དགུའི་རི་བོའི་སྤོར། བླ་བྲང་ནོར་བུ་བརྩེགས་པའི་ཡང་ཐོག་ཏུ་བཀོད་པའོ། །གཅིག་ཞུད།


TR007_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་མངྒ་ལམ། །

རིག་འཛིན་རཏྣ་གླིང་པའི་གཏེར་ཁ་ཕུར་པ་ཡང་གསང་བླ་མེད་ཀྱི་བསྙེན་བསྒྲུབ་དམིགས་རིམ་ཟིན་བྲིས།


TR007_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་རཏྣ་གླིང་པའི་གཏེར་ཁ་ཕུར་པ་ཡང་གསང་བླ་མེད་ཀྱི་བསྙེན་བསྒྲུབ་དམིགས་རིམ་ཟིན་བྲིས་ལགས་སོ། །


TR007_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ་བཏུད་ནས། །དེ་ཡི་བསྒྲུབ་པའི་རིམ་པ་མདོར་བསྡུས་བྲི། །དབེན་ཞིང་ཉམས་དགའི་གནས་སུ་མཚམས་བཅད་ལ། །འབྲུ་ཡི་ཚོམ་བུ་གཅིག་མཐར་བཅུ་ཡི་བསྐོར། །དབུས་སུ་སེང་ཕུར་མཐའ་མར་མཆོད་གཏོར་རིགས། །ཇི་ལྟར་འབྱོར་བཤམས་སྐྱབས་སེམས་སྔོན་བཏང་ལ། །སྟོང་ཉིད་ངང་ལས་རང་རིག་ཡི་གེ་ཧཱུྃ། །མཐིང་ནག་གཅིག་གི་རོལ་རྩལ་ཆོ་འཕྲུལ་ལས། །དུར་ཁྲོད་འཇིགས་པའི་གཞལ་ཡས་བསྲུང་གུར་བཅས། །དེ་དབུས་བདུད་བཞི་པད་ཉིར་ཧཱུྃ་དེ་བབས། །འོད་འཕྲོས་རྒྱལ་བ་


TR007_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཅིང་གདོན་ཚར་བཅད། །ཚུར་འདུས་ཡོངས་གྱུར་བདག་ཉིད་དཔལ་ཆེན་སྐུ། །མཐིང་ནག་གཡས་དཀར་གཡོན་དམར་ཕྱག་དྲུག་གི། །གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་། །གཡོན་གཉིས་མེ་དཔུང་ཆེ་དང་ཁ་ཊཾ་ག །འོག་མ་གཡས་གཡོན་ཐལ་སྦྱར་ཕུར་བུ་དྲིལ། །ཞབས་བཞི་བརྐྱང་བསྐུམ་དུར་ཁྲོད་ཆས་ཀྱིས་བརྗིད། །ཡུམ་ཆེན་སྔོ་སྐྱ་ཨུཏྤལ་ཐོད་ཁྲག་བསྣམས། །གཉིས་མེད་འཁྲིལ་སྦྱོར་གར་དགུའི་ཉམས་ལྡན་པའི། །དཔྲལ་བར་ཧཱུྃ་ཀར་དཔུང་གཡས་རྣམ་པར་རྒྱལ། །དཔུང་གཡོན་དབྱུག་སྔོན་མགྲིན་


TR007_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟ་མཆོག་དཔལ། །ཐུགས་ཀར་གཤིན་རྗེའི་ལྟེ་གོང་བདུད་རྩི་འཁྱིལ། །ལྟེ་བར་མི་གཡོ་བརླ་གཡས་འདོད་པའི་རྒྱལ། །བརླ་གཡོན་ཁམས་གསུམ་གསང་བར་སྟོབས་པོ་ཆེ། །ཀུན་ཀྱང་མཐིང་ནག་གཡས་གཡོན་དཀར་དམར་ཞལ། །ཕྱག་དྲུག་འོག་གཉིས་ཕུར་འདྲིལ་གོང་མ་བཞི། །མཚོན་ཆ་སྣ་ཚོགས་འཛིན་ཅིང་ཡུམ་རྣམས་ཀྱང་། །མཐིང་སྐྲ་དྲིལ་བུ་ཐོད་ཁྲག་འཛིན་པར་བསྐྱེད། །ཀུན་གྱི་གནས་གསུམ་འབྲུ་གསུམ་འོད་འཕྲོས་པས། །སངས་རྒྱས་བྱང་སེམས་ཡེ་ཤེས་སེམས་དཔའི་ཚོགས། །སྤྱན་དྲངས་དབྱེར་མེད་ཐིམ་ཞིང་སླར་འོད་འཕྲོས། །རིགས་ལྔས་དབང་བསྐུར་དངོས་གྲུབ་སྩོལ་མཛད་པའི། །རིགས་ལྔའི་ལྷ་ཚོགས་ཀུན་གྱིས་དབུ་བརྒྱན་བསམ། །བདག་གི་ཐུགས་དཀར་ཉི་སྟོང་རྡོ་རྗེ་ནི། །ཚོན་གང་ལྟེ་བར་ཧཱུྃ་མཐིང་མཐའ་བསྐོར་དུ། །ཨོཾ་བཛྲ་ཀི་ལི་ཀཱི་ལ་ཡ་སརྦ་བིགྷ་ནན་་བྃ་ཧཱུྃ་ཕཊཿ བཻཌཱུར་ཕྲེང་བ་ལྟ་བུ་འཁོར་དམིགས་བཟླ། །མདུན་གྱི་དཀྱིལ་འཁོར་སེང་ཕུར་བཅས་


TR007_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལའང་། །བདག་བསྐྱེད་ཇི་ལྟ་བ་བཞིན་བསྒོམ་བྱ་ཞིང་། །བདག་ཉིད་ཐུགས་ལས་འོད་འཕྲོས་མདུན་བསྐྱོད་ཀྱི། །ཐུགས་ཀའི་སྔགས་ལ་ཕོག་པས་དེ་ལས་འོད། །དཔག་མེད་འཕྲོས་ནས་རྒྱལ་ཀུན་མཐུ་ནུས་རྣམས། །འབྲུ་འབུམ་ཚུལ་དུ་ཚུར་བསྡུས་བདག་ལ་ཐིམ། །མཆོག་མཐུན་དངོས་གྲུབ་ཐོབ་དམིགས་འབྲུ་འབུམ་བཟླས། །ཕྱག་མཚན་རྙེད་དང་འཕུར་དང་གདོན་ཐུལ་རྟགས། །སྣ་ཚོགས་འཆར་འགྱུར་ཞེན་འཛིན་མེད་པ་གནད། །བསྙེན་ཐེམ་བསྒྲུབ་པའི་དམིགས་པ་འདི་ལྟར་བྱ། །བདག་མདུན་དམིགས་རིམ་གཞན་ཀུན་གོང་བཞིན་ལས། །བདག་གི་ཐུགས་ཀའི་སྔགས་ཕྲེང་ཞལ་ནས་འཐོན། །མདུན་བསྐྱེད་ཞལ་ཞུགས་སྐུ་ཡི་དབྱིབས་རྒྱུད་ནས། །ལྟེ་བ་ནས་འཐོན་བདག་སྐྱེད་ལྟེ་བར་ཞུགས། །དབྱིབས་བརྒྱུད་སླར་ཡང་ཞལ་ནས་གོང་བཞིན་བརྒྱུད། །དེ་ལྟར་འགལ་མེད་ལྟར་བསྐོར་དེ་ལས་འོད། །ཕྱིར་


TR007_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་གདུག་པ་ཚར་བཅད་ཕྲིན་ལས་བཞི། །ཐོག་མེད་འགྲུབ་བསམ་དེ་ཡིས་སྔགས་འདི་བཟླ། །ཨོཾ་བཛྲ་ཀི་ལི་ཀི་ལ་ཡ། །ཛཿཧཱུྃ་བྃ་ཧོ། ཀ་ཏེ་ཀ་ཏེ། ཛ་ཡེ་བི་ཛ་ཡེ། ཨ་ལས་ཛ་དག་པར་བཤད། ཨ་ཙི་ཏེ་ཨ་པ་ར་ཙི་ཏེ། མཱ་ར་ཡེ་ན་པྲ་མརྟ་ན་ཡེ། སརྦ་བིགྷ་ན་བྃ་ཧཱུྃ་ཕཊ། །འབུམ་མམ་ལྔ་ཁྲིའམ་གསུམ་ཁྲི་བཟླས་ན་འགྲུབ། །དེ་ནས་ལས་སྦྱོར་དམིགས་པ་འདི་ལྟ་སྟེ། །བདག་ཉིད་ཡབ་ཀྱི་ཞལ་ནས་སྔགས་ཕྲེང་ཐོན། །ཡུམ་གྱི་ཞལ་ཞུགས་གསང་བའི་པདྨོ་ནས། བདག་གི་གསང་རྡོར་སྦུབ་བརྒྱུད་སླར་ཞལ་འཐོན། །དེ་ལྟར་འཁོར་དམིགས་འོད་འཕྲོས་གོང་ལྟར་ལས། །ཕྲིན་ལས་ཇི་ལྟར་འདོད་པ་འགྲུབ་དམིགས་ཤིང་། །ཁྲི་ཚོ་གཅིག་གིས་ངེས་པར་འགྲུབ་པར་གསུངས། །དེ་ལྟར་བསྙེན་བསྒྲུབ་ལས་སྦྱོར་ཐམས་ཅད་ཀྱི། །ཐུན་འཇོག་དུས་སུ་བདག་མདུན་ལྷ་ཚོགས་ཀུན། །བདག་ཐུགས་ཧཱུྃ་ལ་བསྡུ་ཞིང་དེ་ཉིད་ཀྱང་། །དམིགས་མེད་རྒྱས་གདབ་སླར་ཡང་ ཨ་ལས་ཛ་དག་པར་བཤད།


TR007_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལྡན་གྱི། །སྤྱོད་ལམ་ཀུན་དུ་ལྷ་ཡི་ང་རྒྱལ་བྱ། །དགེ་ཀུན་འགྲོ་ལ་བསྔོ་ཞིང་སེམས་སྐྱེད་བསྒོམ། །སྒྲུབ་ཕུར་ལུས་ལ་འབྲལ་མེད་བཅང་བར་བྱ། །དེ་ལྟར་འདི་ནི་གསང་བསྒྲུབ་སོར་གཞག་ཉིད། །གོ་བདེར་བཀོད་པའི་དགེ་བས་འགྲོ་ཀུན་ཤོག །ཅེས་པ་འདི། ཆོས་ཉིད་ལ་མོས་པའི་རྣལ་འབྱོར་ཤཱི་ལ་བྷ་དྲས་ནན་གྱིས་བསྐུལ་ངོར་བཀོད་པའོ། །མངྒ་ལམ། །གཅིག་ཞུད། །

ཡི་དམ་གཉེན་པོ་ལྷ་གསུམ་གྱི་བསྒོམ་བཟླས་ཟབ་མོ།


TR007_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་གཉེན་པོ་ལྷ་གསུམ་གྱི་བསྒོམ་བཟླས་ཟབ་མོ་བཞུགས་སོ། །


TR007_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལྷར་བཅས་ལ་བཏུད་ནས། །ཡི་དམ་ལྷ་གསུམ་བསྙེན་འོད་གང་། །སྐྱབས་སེམས་ཚད་མེད་བཞི་བསྒོམ་ལ། །སྟོང་ཉིད་དེ་བཞིན་ཉིད་དང་ནི། །ཀུན་སྣང་འགྲོ་ལ་སྙིང་རྗེ་བསྒོམ། །རང་རིག་རྒྱུ་ཡི་ཡི་གེ་ཧྲཱིཿས། །མཐིང་ནག་ཅིག་ལས་ཨེ་ཡྃ་རྃ། སུྃ་ཀེ༚་བྷྲུུྃ་འཕྲོས་ཡོངས་གྱུར་པས། །ནམ་མཁའ་རླུང་ཆུ་ས་གཞི་དང་། རི་རབ་དེ་སྟེང་གཞལ་ཡས་ཁང་། །མཚན་ཉིད་ཀུན་ལྡན་ནང་དབུས་སུ། །འཁོར་ལོ་མཐིང་ག་རྩིབས་བཞི་པོ། །ཕྱོགས་མདོག་ལྟེ་བར་པདྨ་སྔོ། །ཉི་ཟླ་ཀླ་གཉན་གདན་སྟེང་ཧྲཱིཿ མཐིང་ནག་དེ་


TR007_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བབས་གནས་གྱུར་བས། །བདག་ཉིད་རྟ་མགྲིན་མཐིང་ལ་རྔམ། །ཞལ་གཅིག་ཕྱག་གཉིས་ཁྲོ་ཆས་རྫོགས། །སེང་ལྡེང་ཕུར་བུ་ཐུགས་ཀར་འདྲིལ། །ཞལ་དུ་སྦྲུལ་གསོལ་མཇུག་མ་ལ། །དོར་སྟབས་ཞབས་ཀྱིས་མནན་ཅིང་བརྫིས། །ཕྱག་ཞབས་སྦྲུལ་བརྒྱན་རྣ་ལྟག་གི། །གཡས་གཡོན་སྦྲུལ་རིགས་ལྔ་ལྔ་འཕྱོང་། །རྟ་མགོ་ལྗང་ཞུར་རྟ་སྐད་ཀྱིས། ཁམས་གསུམ་ཟིལ་གནོན་དབུ་གཙུག་ཚེར། །དེ་སྟེང་སྤྲུལ་པའི་ཁྱུང་དཀར་ནི། །སྒྲོ་གཤོག་སྤུ་གྲི་མེ་འབར་ལྡིང་། །


TR007_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཐུགས་ཀར་པད་ཉིད་དམ། །ཕྱག་རྡོར་མཐིང་ནག་ཁྲོ་གཏུམ་གཡས། །རྡོ་རྗེ་འཕྱར་ཞིང་གཡོན་པ་ཡིས། །དྲིལ་བུ་དཀུར་བསྟེན་དོར་སྟབས་བཞེངས། །རང་གི་ཕྱོགས་བཞི་འཁོར་ལོ་ཡི། །རྩིབས་བཞིར་རིགས་བཞིའི་ཀླུ་རྒྱལ་ནི། །དཀར་སེར་དམར་ལྗང་ཞི་བའི་ཚུལ། །ཐལ་སྦྱར་སྦྲུལ་མཇུག་ལྡན་པའི་ཞལ། །ནང་དུ་གཙོ་ལ་བལྟ་བར་བསྐྱེད། །བདག་ཉིད་ཐུགས་ཀའི་ཉི་སྟེང་ཧྲཱིཿ །བྱ་ཁྱུང་ཁྲོམ་དང་ཕྱག་རྡོར་ཧཱུྃ། །རྣམས་དང་གནས་གསུམ་འབྲུ་འབུམ་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་སྟིམ། །སླར་ཡང་འོད་འཕྲོས་དབང་གི་ལྷ། །སྤྱན་དྲངས་དབང་བསྐུར་རིགས་ལྔ་ཡིས། །རྒྱས་གདབ་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་སྣོད་བཅུད་གཞལ་ཡས་ལྷ། །སྒྲ་རྣམས་དྲག་པོ་སྔགས་ཀྱི་འབྲུག །སྟོང་གསུམ་གང་བར་རབ་དམིགས་ཤིང་། །གསལ་སྟོང་དང་ནས་དྲག་སྔགས་བཟླ། །ན་མོ་བུདྡྷཱ་ཡ་


TR007_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཀི་ལི་ཀཱི་ལ་ཡ། ནཱ་ག་དུ། ཙནྡྷེ་ཙནྡྷེ། མི་ལི་མི་ལི། བྷནྡྷ་བྷནྡྷ། ནཱ་ག་ནི་སྭཱ་ཧཱ། གསང་སྔགས་རྒྱལ་པོ་འབྲུ་སོ་གཉིས། །ཅི་འགྲུབ་བཟླས་ཤིང་མཐུན་མཚམས་སུ། །མཆོད་གཏོར་ཕུལ་ལ་སྣང་སྲིད་ཀུན། །ཐུགས་སྲོག་ཧྲཱིཿལ་རབ་བསྡུས་ནས། །སྟོང་ཉིད་བསྒོམ་ཞིང་ལྷར་ལྡང་ལ། །བསྔོ་བ་སྨོན་ལམ་རྒྱས་གདབ་བྱ། །ལས་སྦྱོར་དམིགས་པའི་ཁ་བསྒྱུར་ནི། །སྐྱེ་རིམ་གཞན་ནི་སྔར་ལྟར་ལས། །བདག་གི་སྐུ་ཡི་བ་སྤུའི་ཁུངས། །ཀུན་ནས་མེ་ཡི་ཚ་ཚ་དང་། །མཚོན་ཆ་སྣ་ཚོགས་སྐར་ལྟར་འཁྲུགས། །སྙན་ནས་སྟོང་གསུམ་གང་བ་ཡི། །འབྲུག་སྒྲས་ས་བདག་ཀླུ་སྙན་སྐྲག །ཤངས་ནས་རླུང་ནག་འཚུབ་མ་ཡིས། །གདུག་པ་ཅན་རྣམས་གཏོར་ཞིང་བརླག །ཞལ་ནས་སྔགས་ཀྱི་དམོད་མཐུ་དང་། མེ་སྤུངས་མཚོན་ཆའི་ཐོག་ཆར་


TR007_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །བྱང་ཆུབ་སྒྲུབ་ལ་གནོད་པའི་གདོན། །གདུག་པ་མཐའ་དག་གཞོབ་ཏུ་བསྲེག །རྣམ་ཤེས་ཆོས་དབྱིངས་བསྟིམ་པར་དམིགས། །སྒྲུབ་པའི་སྔགས་འདི་ཁྲི་ཁྲག་བཟླ། །ཨོཾ་ཧྲཱིཿཔདྨ་ཏ་ཀྲིད་ཧཱུྃ། བཛྲ་མ་ཧཱ་ཀྲོ་དྷ་ཕཊ་བྃ་ཧཱུྃ། ཨེ་ཨ་ར་ལི་ཧྲིང་ཧྲིང་ཛཿ མ་ཧཱ་སྲོག་ཏ་ཐུན་བྷྱོ་ཕཊཿ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧྱ་གྲྀ་ཝ་ཧུ་ལུ་ཧུ་ལུ་ཀྲོ་དྷ་ཨ་ཝེ་ཤ་ཡ་ཕཊཿ ཚལ་པ་པ་ཚལ་པ། དུམ་བུ་དུམ་བུ་ཧཱུྃ་ཕཊཿ ཨོཾ་ནཱི་ལཱྃ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུྃ་ཕཊཿ ཨོཾ་བཛྲ་ཙནྡ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊཿ ཨོཾ་བཛྲ་རཱ་ཛ་ག་རུ་ཌ་ཧཱུྃ་ཕཊཿ ཧ་ས་ཨོཾ། ས་ཁྲི་ཧཱུྃ་ཕཊཿ དེ་ཚེ་ཆོ་འཕྲུལ་ལྷོངས་ཀྱི་ཚུལ། །ཅི་ལྟར་བྱུང་ཀྱང་ཡ་ང་དང་། །འཁུ་འཁྲིག་མི་བྱ་ཐམས་ཅད་ཀུན། །རང་སེམས་འཆར་སྒོར་བློ་ཐག་བཅད། །འདི་ལྟར་ལྔ་གསུམ་གཅིག་དྲིལ་གྱི། །ཉམས་ལེན་ཟབ་པའི་མཐར་ཐུག་


TR007_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

འདིས། །བར་ཆད་ཀུན་བསེལ་མཆོག་མཐུན་གྱི། །དངོས་གྲུབ་མ་ལུས་བདེ་བླག་ཐོབ། །ལས་འབྲེལ་རྩལ་གྱི་གཏེར་གཞུང་ལས། །འཕྲི་བསྣན་མེད་པར་རྒྱུན་ཁྱེར་དུ། །བཀོད་པའི་དགེ་བས་འགྲོ་བ་ཀུན། །དཔལ་ཆེན་སྐུ་དང་དབྱེར་མེད་ཤོག །ཅེས་པ་འདི་ཡང་ནམ་མཁའི་རྣལ་འབྱོར་ཚུལ་ཁྲིམས་བཟང་པོས་བསྐུལ་བ་ལྟར། བླ་བྲང་ཆོས་དབྱིངས་རྩེར་བཀོད་པ་ཨྀིྠ། །གཅིག་ཞུད།

ཕྱག་རྡོར་སྟོབས་པོ་ཆེའི་ཉམས་ལེན་རྒྱུན་ཁྱེར་ཟིན་བྲིས།


TR007_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྡོར་སྟོབས་པོ་ཆེའི་ཉམས་ལེན་རྒྱུན་ཁྱེར་ཟིན་བྲིས་བཞུགས་སོ། །


TR007_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ས་མཱ་དྲ་ན་ཡེ། །ལྷ་དང་བླ་མ་དབྱེར་མེད་ལ་བཏུད་ནས། །དེ་ཉིད་བསྒྲུབ་ཐབས་སྙིང་པོར་བསྡུས་ཏེ་བྲི། །དབེན་པའི་གནས་སུ་སྐྱབས་སེམས་ཆོས་སྤྱོད་རིགས། །སྔོན་དུ་བཏང་ནས་སྣོད་བཅུད་སྟོངས་པར་སྦྱངས། །དེ་ནས་རང་གི་གནས་དེ་གནམ་ལྕགས་ཀྱི། །རྡོ་རྗེ་རྩེ་ལྔ་རི་བོ་མཆོག་རབ་ཙམ། །སྟེང་དང་འོག་ནས་གནམ་ལྕགས་འཁོར་ལོ་ནི། ཁ་སྦྱོར་ཕུབས་པ་གཡས་གཡོན་བསྣོལ་འཁོར་ཞིང་། །ཕྱི་རོལ་པདྨ་རྡོ་རྗེ་མེ་རི་ཡི། །བསྲུང་བའི་གུར་གྱིས་བར་ཆད་ཀུན་སྐྱོབས་


TR007_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། །རྡོ་རྗེའི་ལྟེ་བ་གཞལ་ཡས་ཁང་གི་ནང་། །འཁོར་ལོ་རྩིབས་བཞིའི་གདན་དབུས་པད་ཉིའི་སྟེང་། །རང་རིག་རྡོ་རྗེ་རྩེ་དགུ་ཧཱུྃ་གིས་མཚན། །དེ་ལས་འོད་འཕྲོས་རྒྱལ་བ་ཀུན་མཆོད་ཅིང་། །འགྲོ་བའི་སྒྲིབ་སྦྱངས་གདུགས་པ་ཅན་རྣམས་བཏུལ། །འོད་ཟེར་ཚུར་འདུས་ཡོངས་གྱུར་སྐད་ཅིག་གིས། །བདག་ཉིད་ཕྱག་རྡོར་གཏུམ་རྔམ་མཐིང་ནག་མདོག །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་གདངས་མི་གཟིགས། །ཕྱག་གཡས་རྡོ་རྗེ་འཕྱར་ཞིང་གཡོན་པ་ནི། །ལྕགས་ཀྱུ་ཞགས་པ་དང་བཅས་སྡིག་འཛུབ་


TR007_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། །དར་སྔོན་སྟོད་གཡོགས་སྟག་ལྤགས་ཤམ་ཐབས་དང་། །ཕྱག་ཞབས་སྦྲུལ་དང་རིན་ཆེན་གདུབ་བུས་བརྒྱན། །ཐོད་སྐམ་རིགས་ལྔས་དབུ་བརྒྱན་རལ་པ་འབར། །གཡས་བསྐུམ་གཡོན་བརྐྱང་མེ་དཔུངས་ཀློང་བཞུགས་པའི། །ཕྱོགས་བཞིའི་རྩིབས་ལ་ཕྱག་རྡོར་རིགས་བཞི་ནི། །དཀར་སེར་དམར་ལྗང་ཆ་ལུགས་གཙོ་དང་མཐུན། །སྒོ་བཞི་རྟ་ཕག་སེང་སྦྲུལ་གདོང་ཅན་ཀྱང་། །ཕྱོགས་མདོག་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །དེ་ལྟར་འཁོར་ཚོགས་རྣམས་ཀྱང་རང་རིག་གི། །རྩལ་མདངས་ཉི་དང་ཟེར་བཞིན་ཤུགས་འབྱུང་བསྐྱེད། །གཙོ་བོའི་སྤྱི་བོར་ཟླ་སྟེང་ཨོཾ་དཀར་དང་། །མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ། །ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་མཐིང་ནག །ཧཱུྃ་གི་མཐའ་སྐོར་སྔགས་ཕྲེང་བསྐོར་བ་ལས། །འོད་འཕྲོས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། །སླར་ཡང་འོད་འཕྲོས་བདེ་གཤེགས་དབང་གི་ལྷ། །རིགས་ལྔ་སྤྱན་དྲངས་བུམ་པས་དབང་བསྐུར་ཞིང་། །ཆུ་ལྷག་ཡར་


TR007_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ལུད་མི་སྐྱོད་པས་མཚན་གྱུར། །ཐུགས་ཁར་ས་བོན་སྔགས་ཕྲེང་འཁོར་བ་ལ། །འདུན་པ་གཏད་ཅིང་གསལ་སྟོང་ངང་ཉིད་ལས། །ཨོཾ་བཛྲ་ཙནྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊཿ བསྙེན་པའི་སྔགས་འདི་འབྲུ་འབུམ་བཟླ་བྱ་ཞིང་། །ས་བོན་སྔགས་ཕྲེང་རྣམས་ལས་འོད་ཟེར་ཚོགས། །ཡར་འཕྲོས་རྒྱལ་བ་ཀུན་མཆོད་ནུས་བྱིན་རྣམས། །བདག་ལ་ཐིམ་ཞིང་མར་འཕྲོས་འགྲོ་དྲུག་གི། །སྡིག་སྒྲིབ་སྦྱངས་ནས་བདེ་ལ་བཀོད་པར་དམིགས། །ཐུན་མཚམས་མཆོད་བསྟོད་བྱ་ཞིང་སྣོད་བཅུད་ཀུན། །ཐུགས་ཀའི་ཧཱུྃ་ལ་ཐིམ་ཞིང་ཧཱུྃ་ཉིད་ཀྱང་། །མི་དམིགས་སྟོང་པའི་རྒྱས་གདབ་དགེ་བ་བསྔོ། །སླར་ཡང་རང་ལུས་ལྷ་ཡི་ང་རྒྱལ་གྱིས། །ཅིར་སྣང་སྒྱུ་མར་རོལ་བ་སྤྱོད་ལམ་བྱ། །འདི་ལྟར་འབད་པས་དངོས་ཉམས་རྨི་ལམ་གྱི། །རྟག་ཐང་ཚེ་ན་བསྒྲུབ་དང་ལས་སྦྱོར་སྔགས། །གཅིག་ཏུ་དྲིལ་བ་འདི་ཉིད་གསུམ་འབུམ་བཟླ། །ཨོཾ་བཛྲ་ཙནྜ་མ་ཧཱ་རོ་ཥ་


TR007_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཎ་ཧཱུྃ་ཕཊཿ །ཨོཾ་བཛྲ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ། །འདི་དུས་དམིགས་པ་བདག་ལུས་གནས་རྣམས་དང་། །བ་སྤུའི་བུ་ག་ཀུན་ལས་ཁྲོ་བོའི་ཚོགས། །དཔག་མེད་ཚ་ཚ་ལྟ་བུར་འཕྲོས་པ་ཡིས། །གནོད་བྱེད་ཚོགས་རྣམས་རྡུལ་དུ་བརླག་པར་བསམ། །དམིགས་པ་གཞན་རྣམས་གོང་དང་མཚུངས་པ་ཉིད།། ༈ །།འདི་ལས་རྒྱས་པ་སྒྲུབ་པ་དངོས་བྱེད་ན། །དཀྱིལ་འཁོར་ཡོངས་རྫོགས་བྲིའམ་ཚོམ་བུ་ནི། །དབུས་སུ་གཅིག་དང་མཐའ་བསྐོར་བཞི་བཀོད་ཅིང་། །དེ་རྒྱབ་བཞི་བཀོད་དེ་དབུས་བུམ་པ་བཤམས། །གཡས་སུ་སྐུ་གཟུགས་གཡོན་དུ་གཏོར་མ་དང་། །མདུན་དུ་ཕུར་བུ་མཐའ་སྐོར་སྨན་རག་གཏོར། །མཆོད་པས་བསྐོར་བཤམས་དམིགས་པའི་རིམ་པ་ནི། །བདག་བསྐྱེད་གོང་བཞིན་བུམ་པ་དཀྱིལ་འཁོར་བཅས། །གཞལ་ཡས་ཡོངས་རྫོགས་ཉིད་བསྒོམ་ལྷ་ཚོགས་རྣམས། །བདག་སྐྱེད་ཇི་བཞིན་བྱ་ཞིང་ཡེ་ཤེས་པ། །སྤྱན་


TR007_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་བསྟིམ་དང་དབང་བསྐུར་རྒྱས་གདབ་སོགས། །བདག་བསྐྱེད་དང་མཐུན་ཡེ་ཤེས་སེམས་དཔའ་བསྟིམ། །བདག་ཉིད་ཐུགས་ལས་འོད་ཟེར་ཕར་འཕྲོས་པས། །མདུན་སྐྱེད་བུམ་སྐྱེད་གཙོ་འཁོར་ཐུགས་རྒྱུད་བསྐུལ། །དེ་དག་རྣམས་ལས་འོད་འཕྲོས་རྒྱལ་བ་མཆོད། །བྱིན་རླབས་ནུས་མཐུ་བསྡུས་ནས་བདག་མདུན་གྱི། །གནས་གསུམ་ཐིམ་པས་གཟི་བྱིན་འབར་བསམ་ལ། །རྩ་བའི་སྔགས་དང་ཤམ་བུ་འདོགས་ཚུལ་སོགས། །བསྙེན་དུས་དང་མཚུངས་རྟགས་འཐོན་བར་དུ་བསྒྲུབ། །སྒྲུབ་པ་ཐོན་ཚེ་སྐུ་དང་བུམ་གཏེར་རྣམས། །རང་གི་གནས་གསུམ་བཏུགས་ལ་དངོས་གྲུབ་བླངས། །ཡེ་ཤེས་སེམས་དཔའ་རང་གནས་གཤེགས་པའམ། །ཡང་ན་སྐུ་གཟུགས་དེ་ལ་བསྟིམ་པར་བྱ། །དམ་ཚིག་པ་རྣམས་རང་གི་ཐུགས་ཁར་བསྡུ། །སྐུ་དང་སེང་ཕུར་རང་དང་འབྲལ་མི་བྱ། །འདིས་ནི་དབང་དང་ལས་མཐའ་ལ་སོགས་པ།


TR007_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དོན་ཇི་ལྟར་འདོད་པ་འགྲུབ་པ་འགྱུར། །དེ་ལྟར་བདག་མདུན་བསྙེན་བསྒྲུབ་གང་དང་གང་། །ཀུན་ལ་རང་རིགས་སྟོང་ཉིད་དོན་རྟོགས་པའི། །གསལ་སྣང་གདངས་ཉིད་ལྷ་སྔགས་གསལ་བ་ལས། །ཨ་འཐས་འཛིན་པས་བཅིང་བ་མ་ཡིན་པར། །གསལ་སྟོང་ཟུང་འཇུག་ངང་ནས་ཡེངས་མེད་སྤྱད། །གནས་སྐབས་ཕན་གནོད་ལས་ཚོགས་ཙམ་ཕྱིར་དུ། །བསྒྲུབས་ཀྱང་རེ་དོག་གཟེབ་ལས་ཡ་གྲོལ་བས། །ང་བདག་འགོང་པོ་ཕུགས་ནས་མ་འཐོན་ན། །ཚེ་གཅིག་སངས་རྒྱས་ཐོབ་ནས་ཉེ་བར་དཀའ། །སྐྱེད་རྫོགས་དབྱེར་མེད་ཁྱབ་བདག་ཀློང་ཡངས་ནས། །བསྒོམ་མེད་ཡེངས་མེད་དོན་གྱི་བསྙེན་བསྒྲུབ་མཆོག །མཐའ་མཁྱེན་སྙིང་པོའི་གོ་འཕངས་ལ་རེག་ཚེ། །མཐུན་མོངས་དངོས་གྲུབ་མི་འདོད་འཆར་བཞིན་འབབ། །དེ་ཕྱིར་གདམས་པའི་གནད་འདི་ལྷག་པར་གཅེས། །འདི་བྲིས་དགེ་བ་དཔག་ཡས་གོང་འཕེལ་


TR007_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །མཐུ་ཡིས་འགྲོ་ཀུན་རྡོ་རྗེ་འཛིན་ཐོབ་ཤོག །རིག་འཛིན་ཆེན་པོ་གར་གྱི་དབང་ཕྱུག་གིས། །ཡེར་པ་རྡོ་རྗེའི་བྲག་ནས་གདན་དྲངས་པའི། ཕྱག་ན་རྡོ་རྗེ་སྟོབས་པོ་ཆེའི་བསྙེན་བསྒྲུབ་ཞལ་གདམས་སྙན་རྒྱུད་མ་འདི་ནི་མཚུངས་མེད་སོག་ཟློག་པ་བློ་གྲོས་རྒྱལ་མཚན་གྱིས་མཛད་པ་ལས། སླར་སྟུང་བསྡུས་གོ་བདེར་བྱས་པ་ཞིག་དགོས་ཞེས། འཚོ་མཛད་འགྲོ་ཕན་སོགས་འགའ་ཞིག་གི་བསྐུལ་བའི་ངོར་སྨིན་གྲོལ་སྐྱེད་རྫོགས་གླིང་དུ་བཀོད་པ་དགེའོ། །མངྒ་ལཾ། གཅིག་ཞུད། །

ཕྱག་རྡོར་དྲེགས་འདུལ་གྱི་རྩ་བསྙེན་དམིགས་རིམ་མདོར་བསྡུས།


TR007_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྡོར་དྲེགས་འདུལ་གྱི་རྩ་བསྙེན་དམིགས་རིམ་མདོར་བསྡུས་བཞུགས་སོ། །ནམ་མཁས་གར་ཁྱབ་ཕ་མ་སེམས་ཅན་རྣམས། །བླ་མེད་བྱང་ཆུབ་གོ་འཕང་ལ་འགོད་ཕྱིར། །རྒྱལ་བ་ཀུན་གྱི་གསང་འཛིན་མཐུ་སྟོབས་བདག །དཔལ་ལྡན་རྡོ་རྗེ་འཛིན་དབང་བསྒྲུབ་པར་བྱ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྔགས་ཀྱི་ནུས་པ་མ་དག་སྣོད་བཅུད་སྦྱངས། །འཁོར་འདས་མུས་གདོད་ནས་དག་པ་ཡི། །སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་། །ཉི་མ་བརྩེགས་པའི་གདན་ལ་རང་རིག་འདི། །ཧཱུྃ་ཡིག་མཐིང་ནག་འོད་དུ་འབར་བར་གྱུར། །འོད་ཟེར་ཡར་འཕྲོས་རྒྱལ་བ་ཐམས་ཅད་མཆོད། །མར་འཕྲོས་འགྲོ་བ་ཀུན་གྱི་སྡིག་སྒྲིབ་སྦྱངས། །འོད་ཟེར་ཚུར་འདུས་ཧཱུྃ་ལ་ཐིམ་པ་ཡིས། །ཧཱུྃ་དེ་ཕྱག་ན་རྡོ་རྗེའི་སྐུར་གྱུར་ཏེ། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །ཤིན་ཏུ་ཁྲོ་ཞིང་གཏུམ་ལ་འཇིགས་པའི་སྐུ། །ཞལ་གདངས་ལྗགས་


TR007_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

འདྲིལ་མཆེ་གཙིགས་སྤྱན་གསུམ་བགྲད། །སྨིན་མ་ཨག་ཚོམ་རལ་པ་མེ་ལྟར་འབར། །ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩི་ལྔ་གདེངས། །གཡོན་པ་ཐུགས་ཀར་སྡིག་མཛུབ་ཕྱག་རྒྱ་གཟིར། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་དོར་ཐབས་བཞེངས། །དབུ་ལ་ཐོད་སྐམ་རིགས་ལྔ་དར་དབྱངས་མཛེས། །སྙན་དང་མགུལ་དང་ཕྱག་ཞབས་ཐམས་ཅད་ལ། །རིན་ཆེན་རྒྱན་དང་སྦྲུལ་གྱིས་ཆུན་བུས་བརྒྱན། །སྐུ་སྟོད་གླང་ཆེན་ཀོ་རློན་སྨད་སྟག་ཤམ། །ཁྲོ་བོའི་རྒྱན་དང་ཆ་ལུགས་ཐམས་ཅད་རྫོགས། །ཡེ་ཤེས་མེ་སྤུངས་འབར་བའི་ཀློང་ན་འགྱིངས། །སྤྱི་བོར་ཨོཾ་དཀར་མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཉི་མའི་དཀྱིལ་འཁོར་ཆུང་ངུའི་སྟེང་། །རྡོ་རྗེ་མཐིང་ནག་ནས་ཙམ་གྱེན་དུ་ལངས། །དེ་ཡི་ལྟེ་བར་ཐུགས་སྲོག་ས་བོན་ནི། །ཧཱུྃ་ཡིག་མཐིང་ནག་ཕྲ་ཞིང་གསལ་བས་མཚན། །གནས་གསུམ་ཨོཾ་ཨཱཿཧཱུྃ་གི་འོད་ཟེར་ནི། །ཁ་


TR007_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས་པ་ཡིས། །སངས་རྒྱས་བྱང་སེམས་བླ་མ་ཡི་དམ་ལྷ། །ཐམས་ཅད་ཕྱག་ན་རྡོ་རྗེའི་ཆ་ལུགས་སུ། །བྱོན་ནས་བདག་ལ་གཉིས་སུ་མེད་པར་ཐིམ། །སླར་ཡང་གནས་གསུམ་འབྲུ་འབུམ་འོད་འཕྲོས་པས། །རྒྱལ་བ་རིགས་ལྔ་ལ་སོགས་དབང་གི་ལྷ། །འཁོར་འདས་མདུན་གྱི་ནམ་མཁར་བྱོན་ནས་ཀྱང་། །རིན་ཆེན་བུམ་པས་བདག་ལ་དབུ་མར་ཞིང་། །བདུད་རྩི་བུམ་ཆུ་ཚངས་བུག་ནས་བབས་ཏེ། །ལུས་ནང་གང་ཞིང་དབང་བཞི་ཡོངས་རྫོགས་ཐོབ། །དབང་ལྷ་ཐམས་ཅད་མི་སྐྱོད་པ་ལ་ཐིམ། །རིགས་ཀྱི་བདག་པོ་སངས་རྒྱས་མི་སྐྱོད་པ། །རང་གི་རྩ་བའི་བླ་མ་ཐ་མི་དད། །སྤྱི་བོའི་གཙུག་ཏུ་འབྲལ་མེད་བཞུགས་པར་གྱུར། །དེ་ནས་རང་གི་ཐུགས་ཀའི་རྡོ་རྗེ་དེའི། །ལྟེ་བའི་ན་ན་ཧཱུྃ་གི་མཐའ་སྐོར་དུ། །རྩ་བའི་སྔགས་ཀྱི་ཡིག་འབྲུ་མཐིང་གའི་མདོག །གཡས་སུ་སྐོར་བ་བྱེད་ལྟར་འཁོར་ཞིང་འཁྱིལ། །


TR007_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་འོད་འཕྲོས་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེ་བྱིན་རླབས་བསྡུས་ནས་རང་ལ་ཐིམ། །གནོད་བྱེད་གཟའ་ཀླུ་གདུག་པ་ཅན་རྣམས་ཀྱིང་། །ཚར་བཅད་དབང་དུ་བསྡུས་ཤིང་བཀའ་ཉན་གྱུར། །སྐྱེ་འགྲོ་ཐམས་ཅད་ཕྱག་རྡོར་སྐུར་གྱུར་ནས། །སྔགས་ཀྱིས་རང་སྒྲས་སྟོང་ཁམས་གང་བར་གྱུར། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་་ཧཱུྃ་ཕཊཿཞེས་རྩ་བའི་སྙིང་པོ་འདི་ཉིད་ལ་རྩེ་གཅིག་ཏུ་འབད་དེ་བཟླ་ཞིང་།། ༈ །།ཐུན་མཚམས་འཇོག་པའི་སྐབས་སུ། །བདག་ཉིད་ལྷའི་སྐུ་དང་ཐུགས་ཀའི་རྡོ་རྗེ་སྔགས་དང་བཅས་པ་ཐམས་ཅད་ཐུགས་སྲོག་ཧཱུྃ་ཉིད་ལས་འདུས་ཤིང་ཐིམ། ཧཱུྃ་ཡང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་དངོས་མེད་དུ་གྱུར་པར་བསམ་ལ། རང་སེམས་གསལ་སྟོང་ཟུང་འཇུག་བཅོས་སླད་མེད་པའི་ངང་ལ་མཉམ་པར་བཞག་ལ། སླར་ཡང་རང་ལུས་ཕྱག་རྡོར་ཀྱི་རྣམ་པར་ལམ་མེ་ཡོད་པའི་མོས་པ་དང་ལྡན་པའི་པའི་ངང་ནས། །བསོད་ནམས་འདི་ཡིས་གསང་བའི་བདག་པོ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་


TR007_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཅེས་དགེ་བ་བསྔོ་བར་བྱའོ། །དེ་ལྟར་འདི་ནི་གསང་བདག་ཕྱག་རྡོར་དྲེགས་པ་ཀུན་འདུལ་གྱི་རྩ་བའི་བསྙེན་པ་རྒྱུན་ཁྱེར་དབང་དུ་བྱས་པ་ཡིན་ལ། གཞན་སྒྲུབ་པ་དང་ལས་སྦྱོར་སོགས་བྱེད་ན་དམིགས་པ་ཁ་བསྒྱུར་དང་། ཁྱུང་ཤམ་འདོགས་ལུགས་སོགས་གཞུང་ཉིད་དང་སློབ་དཔོན་གྱི་ཞལ་རྒྱུན་སོགས་ལས་ཞིབ་པར་ཤེས་དགོས་པ་ཉིད་དོ། །འདི་ནི་གང་ཟག་གསར་བུ་བ་གཞན་ལ་ཕན་ཕྱིར་དོན་གཉེར་རེ་ཤིག་གིས་བསྐུལ་ངོར་བྲིས་པ་དགེའོ། །གཅིག་ཞུད། །

གུ་རུ་དྲག་སྒྲུབ་ཀྱི་ཉམས་ལེན་རྒྱུན་ཁྱེར་ཟིན་བྲིས།


TR007_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་སྒྲུབ་ཀྱི་ཉམས་ལེན་རྒྱུན་ཁྱེར་ཟིན་བྲིས་བཞུགས་སོ། །


TR007_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ། །མཁའ་མཉམ་འགྲོ་བ་དྲིན་ཅན་ཕ་མ་རྣམས། །ལམ་ལོག་སྐྱོབས་ཕྱིར་རིགས་འདུས་བླ་མ་བསྒྲུབ། །མྱུར་དུ་དེ་ཡི་གོ་འཕངས་ཐོབ་པར་བྱ། །སྣང་སྲིད་ཐམས་ཅད་མི་དམིགས་སྟོང་པའི་ངང་། །སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་གི་དབུས། །པདྨ་ཉི་ཟླ་བདུད་བཞི་བསྣོལ་བའི་སྟེང་། །རང་རིག་ཧཱུྃ་དམར་མེ་ཡི་མདོག་ཅན་ལས། །འོད་འཕྲོས་རྒྱལ་བ་མཆོད་ཅིང་འགྲོ་སྒྲིབ་སྦྱང་། །གདུག་པ་ཅན་བཏུལ་ཚུར་འདུས་ཡོངས་གྱུར་ལས། །རང་ཉིད་ཆེ་མཆོག་པདྨ་དྲག་པོ་


TR007_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ། །དམར་ནག་རབ་ཁྲོས་ཞལ་གཅིག་ཕྱག་གཉིས་པ། །ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་སྤྱན་གསུམ་བསྒྲད། །ཐོད་སྐམ་རིན་ཆེན་དབུ་བརྒྱན་ཐོད་རློན་ཕྲེང་། །གླང་ཆེན་ཐོད་རློན་སྟག་ཤམ་སྦྲུལ་ཆུན་དང་། །མི་ལྤགས་རིན་ཆེན་དར་སོགས་དུ་མས་བརྒྱན། །ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་གདེངས། །གཡོན་པ་ལྕགས་སྡིག་རྒྱལ་འགོང་སྙིང་རྩ་འཇིབས། །མེ་སྤུངས་ཀློང་ན་གཡས་བསྐུམ་གཡོན་བརྐྱང་བཞུགས། །སྤྱི་གཙུག་པད་སྟེང་རྗེ་བཙུན་ཐོད་ཕྲེང་རྩལ། །ཞེ་འཛུམ་པད་ཞྭ་བེར་ཕོད་ཆོས་


TR007_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གོས་གསོལ། །རྡོ་རྗེ་ཐོད་པ་དང་བཅས་ཡུམ་དང་འཁྲིལ། །ཡུམ་ཆེན་མཚོ་རྒྱལ་དཀར་མོ་གྲི་ཐོད་འཛིན། །གུ་རུའི་དབུ་གཙུག་ཁྱུང་ནག་མེ་གཤོག་ཅན། །ཀྲི༚་ཀྱིང་སྒྲ་སྒྲོག་ཀླུ་གདོན་ཞལ་དུ་གསོལ། །དེའི་སྤྱི་བོར་རིགས་བདག་སྣང་མཐའ་ཡས། །དམར་གསལ་ལྷུང་བཟོད་འཛིན་ཅིང་ཆོས་གོས་གསོལ། །མཚན་དཔེས་བརྒྱན་ཅིང་གཟི་འོད་འབར་བར་བཞུགས། །བདག་ཉིད་དྲག་པོའི་དཔྲལ་བར་འཇམ་དཔལ་སེར། །རལ་གྲི་སྡིགས་འཛུབ་དང་བཅས་འཁོར་ལོ་འཛིན། །མགྲིན་པར་རྟ་མགྲིན་དམར་པོ་ཁྲོ་གཏུམ་ཚུལ། །གྲི་གུག་ཐོད་ཁྲག་དུར་ཁྲོད་ཆས་ཅན་གསོལ། །ཐུགས་ཀར་གསེར་གྱི་མཆོད་རྟེན་བུམ་པའི་ནང་། །གསང་བདག་མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན། །ལྟེ་བར་ཕག་མོ་མཐིང་ནག་ཁྲོ་འཛུམ་ཞལ། །གྲི་གུག་ཐོད་ཁྲག་མཆན་གཡོན་ཁ་ཊྃྭ་འཛིན། །རིན་ཆེན་རུས་བརྒྱན་མགོ་འཕྲེང་ལ་སོགས་བརྒྱན། །གསང་བར་ཡཀྴ་མེ་དབལ་སྨུག་


TR007_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ནག་འབར། །ཕྱག་གཡས་རྡོ་རྗེ་གཡོན་པས་ཐོ་བ་དང་། །ཞགས་པ་འཛིན་ཅིང་རབ་ཏུ་ཁྲོས་པར་བསྐྱེད། །རང་གི་ཕྱི་རིམ་རང་མདངས་འཁོར་གྱི་ཚོགས། །ཧེ་རུ་ཡབ་ཡུམ་བཞི་དང་དྲག་པོ་བཞི། །ཕུར་པ་བཞི་དང་ཁྲོ་བཅུ་ལ་སོགས་པ། །སྤྲུལ་འཁོར་ཚོགས་ཀྱང་སྐད་ཅིག་དྲན་རྫོགས་སུ། །སྐུ་མདོག་ཕྱག་མཚན་རྣམ་འགྱུར་སྣ་ཚོགས་པ། །ཅིར་སྣང་མ་འགགས་རྒྱན་གྱི་རོལ་པར་གསལ། །དེ་ལྟར་ལྷ་ཚོགས་རྣམས་ཀྱི་གནས་གསུམ་དུ། །འབྲུ་འབུམ་དག་ལས་འོད་འཕྲོས་རྔ་ཡབ་ནས། །གུ་རུ་ཡབ་ཡུམ་རིག་འཛིན་མཁའ་འགྲོའི་ཚོགས། །སྤྱན་དྲངས་དམ་ཚིག་པ་དང་གཉིས་མེད་བསྟིམ། །རིགས་འདུས་རྒྱལ་བའི་སྤྱི་དཔལ་ཡིན་པའི་ཕྱིར། །དབང་བསྐུར་རྒྱས་གདབ་སྤྲོས་པ་ཀུན་ལས་འདས། །ཕྱི་ནང་སྣོད་བཅུད་དངོས་པོ་མ་ལུས་ཀུན། །མཆོད་པའི་དངོས་པོར་ཡེ་ནས་ལྷུན་གྱིས་གྲུབ། །རང་རིགས་རང་གསལ་བསྟོད་པའི་རྒྱལ་པོ་ཉིད། །ཀུན་རྫོབ་ཚིག་གིས་བསྟོད་ལས་ཁྱད་པར་འཕགས།།


TR007_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།དེ་ནས་ཞི་བར་བསྙེན་དང་ཁྲོ་བོར་བསྒྲུབ། །གཉིས་ལས་དང་པོ་ཞི་བསྙེན་རིམ་པ་ནི། །སྤྱི་གཙུག་གུ་རུའི་ཐུགས་ཀར་ཧཱུྃ་དམར་ལས། །འོད་འཕྲོས་རྒྱལ་ཀུན་བྱིན་རླབས་ནུས་མཐུ་བསྡུས། །གུ་རུ་ཉིད་ལ་ཐིམ་པས་འོད་དུ་ཞུ། །བདག་གི་ཐུགས་ཀའི་ཧཱུྃ་དང་དབྱེར་མེད་བསམ། །ཧཱུྃ་མཐར་སྔགས་ཕྲེང་མར་མེའི་ཕྲེང་བ་ལྟར། །བསྐོར་ཞིང་ཞི་བའི་འཛབ་འདི་འབྲུ་འབུམ་མམ། །བདུན་འབུམ་གསུམ་འབུམ་གང་འོས་བཟླས་བྱས་ན། །འཁུ་ལྡོག་བར་ཆད་མི་འབྱུང་མན་ངག་ཡིན། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་ཝ་ཌཱཀྐི་ནི་ཧཱུྃ། །ཐུན་མཚམས་ཧཱུྃ་ལ་ཐམས་ཅད་བསྡུས་ནས་ནི། །སྟོང་ཉིད་ངང་ནས་སྨོན་ལམ་རྒྱ་ཆེར་གདབ། །རྗེས་ཐོབ་ལྷ་ཡི་ཏིང་འཛིན་སྤྱི་ལྟར་བྱ། །དངོས་གཞི་ཁྲོ་བོ་བསྒྲུབ་པའི་རིམ་པ་ནི། །གཏོར་མ་རིན་ཆེན་འབར་བ་སྨན་རག་དང་། །མཆོད་སོགས་བཤམས་ཞིང་སྐྱབས་སེམས་སྔོན་བཏང་ནས། །བདག་དང་གོ་


TR007_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཆའི་ལྷ་ཚོགས་གོང་ལྟར་གསལ། །ལྷ་ཚོགས་རྣམས་ཀྱི་གནས་གསུམ་འོད་ཟེར་གྱིས། །ཕྱོགས་བཅུའི་སངས་རྒྱས་རྩ་གསུམ་ལྷ་བླ་མ། །མཁའ་འགྲོ་ཆོས་སྐྱོང་སྤྱན་དྲངས་མདུན་གྱི་མཁར། །བཞུགས་པའི་ཐུགས་དམ་རྒྱུད་བསྐུལ་འོད་ཟེར་འཕྲོས། །བདག་ལ་ཐིམ་ཞིང་བདག་གིས་བ་སྤུའི་ཁུངས། །ཀུན་ནས་འོད་འཕྲོས་དེ་ལས་བསྲུང་བའི་གུར། །གསེར་གྱི་འཁོར་ལོ་རྩིབས་སྟོང་སྟེང་ནས་ཕུབས། །རྩིབས་ཀྱི་རྩེ་ནས་ལྕགས་སྡིག་ཚ་ཚ་འཕྲོ། །འོག་ནས་ལྕགས་ཀྱི་འཁོར་ལོ་སྤུ་གྲིའི་རྩིབས། །སྟོང་ལྡན་གྱེན་དུ་ཁ་བསྟན་རབ་འཁོར་ཞིང་། །དེ་གཉིས་བར་དུ་མེ་ཡི་འཁོར་ལོ་འབར། །སྟེང་འོག་འཁོར་ལོ་གཡས་གཡོན་བསྣོལ་བའི་བར། །རྒྱལ་བསེན་མགོ་ལུས་ཕྱེ་མར་བཏུབ་ནས་ཀྱང་། །མེ་ཡི་འཁོར་ལོས་གཞོབ་ཏུ་བསྲེག་པར་བསམ། །སླར་ཡང་བདག་གི་ཐུགས་ཀའི་ཧཱུྃ་ཡིག་ལས། །ཁྲོ་རྒྱལ་ཡཀྴ་


TR007_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

མེ་དབལ་གྲངས་མེད་འཕྲོས། །འཇིག་རྟེན་ཁམས་གང་གནོད་བྱེད་ཚོགས་ཀུན་བཅོམ། །བདག་ཉིད་དྲག་པོའི་ཞལ་ནས་སྔགས་ཀྱི་འོད། །མེ་ཡི་སྤུ་གྲི་རབ་འབར་ཕར་འཕྲོས་ཤིང་། །མེ་དབལ་རྣམས་ཀྱི་ཞལ་ནས་ཚུར་ཡང་འཕྲོས། །དེ་གཉིས་བར་དུ་རྒྱལ་བསེན་འབྱུང་པོའི་ཚོགས། །གཞོབ་ཏུ་བསྲེག་ཅིང་རྡུལ་དུ་བརླག་པར་བསམ། །སྟོང་གསལ་རིག་པའི་ངར་ལྡན་སྔགས་འདི་བཟླས། །ཨོཾ་ཨཱཿཧཱུྃ། ཨར་ཙིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཨཱཿཧཱུྃ་ཧཱུྃ་ཕཊཿ ཨ་ཡ་མ་དུ་རུ་ཙ་ཤ་ན། ས་མ་ཡ་ཧཱུྃ་ཕཊཿཨོཾ་བཛྲ་ཧཱུྃ། ཡཀྴ་ཧཱུྃ། རཀྴ་ཧཱུྃ། རཱ་ཛཱ་གནོད་བྱེད་སྙིང་ལ་མ་ར་ཡ་ཧཱུྃ་ཕཊཿབདུན་འབུམ་བཟླས་པས་མཆོག་དངོས་འགྲུབ་པར་གསུངས། རཱ་ཛཱ་སྙིང་པོ་རྒྱལ་པོ་ཡིན། རཱ་ཛཱ་ཐུང་ངུ་རྡུལ་ལ་འཇུག །ཐུན་མཚམས་གཏོར་མཆོད་བསྐང་གསོའི་ལས་ལ་འབད། །སྐབས་སུ་གོ་ཆའི་ལྷ་


TR007_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སོ་སོ་ཡི། །ཐུགས་ཀར་རང་རང་སྲོག་སྙིང་སྔགས་ཕྲེང་ཀྱང་། །སོ་སོར་འཁོར་དམིགས་ནུས་པ་ལྷག་པར་ཆེ། །སྣང་མཐའི་ཐུགས་ཀར་ཨཱཿདམར་མཐའ་བསྐོར་དུ། །ཨོཾ་ཨ་མྲྀ་དེ་ཝཱ་ཨཱ་ཡུཿསིདྡྷི་ཧཱུྃ། ཁྱུང་ཆེན་ཐུགས་ཀར་ཁྲོམ་གྱི་མཐའ་སྐོར་དུ། །ཨོཾ་བཛྲ་ཁྲོམ་ག་རུ་ཌ། ཙ་ལེ་ཙ་ལེ་ཧཱུྃ་ཕཊཿའཇམ་དཔལ་གཤིན་རྗེའི་ཐུགས་ཀར་ཨོཾ་སེར་མཐར། ཨོཾ་བཛྲ་ཤྲཱི་ཡ་མནྟ་ཀ་ཧཱུྃ་ཕཊཿརྟ་མགྲིན་ཐུགས་ཀར་ཧྲཱིཿདམར་མཐའ་བསྐོར་དུ། །ཨོཾ་པདྨ་ཏ་ཀྲིད་མ་ཧཱ་ཀྲོ་དྷ་ཧྱ་གྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། །ཕྱག་རྡོར་ཐུགས་ཀར་ཧཱུྃ་མཐིང་མཐའ་མ་རུ། ཨོཾ་བཛྲ་པཱ་ཎི་ནཱི་ལཾ་དྷཱ་ར་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊཿ ལྟེ་བའི་ཕག་མོའི་ཐུགས་ཀར་བྃ་ཡིག་མཐར། ཨོཾ་བུདྡྷ་ཌཱཀྐི་ནི་ཧྲཱིཿམ་ཧཱ་རི་ནི་ས་ཧཱུྃ་ཛཿམེ་དབལ་ཐུགས་ཀའི་ཧཱུྃ་ནག་མཐའ་སྐོར་དུ། ཨོཾ་བཛྲ་


TR007_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། ཡཀྴ་ཧཱུྃ། རཀྴ་ཧཱུྃ་ཕཊཿ སྔགས་རྣམས་སོ་སོའི་སྐུ་མདོག་དང་མཚུངས་བསྒོམ། །བསྙེན་གྲངས་ཐེམ་ནས་དྲག་སྔགས་སྤྱི་དྲིལ་འདི། །ལྔ་སྟོང་བཟླས་ན་གནམ་ལྕགས་ཐོགས་ཀྱང་བཟློག ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་མ་ཧཱ་ཀྲོ་དྷི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལི་ལ་ཡ་མ་ཧཱ་ཡཀྴ་ཀཱ་མ་རཱུ་པ་ཀརྨ་རྃ་རྃ་ཛྭ་ལ་རྃ་ཧཱུྃ། །གནོད་བྱེད་འབྱུང་པོ་ཧུར་ཐུམ་མ་ར་ཡ་ཧཱུྃ་ཕཊཿ འདི་ལྟར་རྒྱལ་བ་ཀུན་འདུས་གུ་རུ་ཡི། །ཐུགས་སྲོག་སྙིང་པོ་གཅིག་ཏུ་དྲིལ་བ་འདི། །ཇི་ཙམ་བཟླས་པ་དེ་མཚུངས་ནུས་པར་ལྡན། །ཐུན་མཚམས་ཐམས་ཅད་ཐུགས་ཀའི་ཧཱུྃ་ལ་བདུད། །ཧཱུྃ་ཉིད་ནམ་མཁའི་དབྱིངས་སུ་འཇའ་ཡལ་བཞིན། །མི་དམིགས་སྟོང་པའི་ཀློང་དུ་བཞག་ནས་ཀྱང་། །དེ་ཡི་དགེ་བས་འགྲོ་བ་ཡོངས་ལ་བསྔོ། །སླར་ཡང་ལྷ་ཡི་ང་རྒྱལ་དང་ལྡན་པས། །སྤྱོད་ལམ་ཆོས་དང་མཐུན་པ་དུས་འདའ་བྱ།།


TR007_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།དེ་ལྟར་སྙིགས་དུས་མ་རུངས་འདྲེ་སྲིན་ཚོགས། །ཆོས་བྱེད་ཀུན་ལ་འཚེ་དེའི་གཉེན་པོ་མཆོག །དཀྱིལ་འཁོར་ཀུན་གཙོ་ཧེ་རུ་ཀ་དཔལ་ཆེ། །འདི་གྲུབ་རྒྱལ་བ་ཀུན་དང་མཐུ་རྩལ་མཉམ། །སྐྱེད་རྫོགས་ཉམས་ལེན་བསྙེན་བསྒྲུབ་མཐའ་དག་ལ། །དོན་དམ་ཡེ་ཤེས་སྤྲོས་བྲལ་གནད་རིག་ཅིང་། །ཀུན་རྫོབ་རྩལ་སྣང་འགྲོ་ལ་སྙིང་རྗེ་བསྒོམ། །སྔགས་དང་ཏིང་འཛིན་དྲག་ལས་སྦྱོར་བ་ཀུན། །ཞི་བས་མི་ཐུལ་རྒྱལ་འགོང་དམ་སྲི་ལ། །གང་འདུལ་རོལ་པའི་སྙིང་རྗེས་ཁྲོ་ཚུལ་ལས། །གདུག་ཅིང་སྡང་བའི་སེམས་ཀྱིས་བྱ་བ་མིན། །དྲག་པོའི་ནད་ལ་སྨན་དཔྱད་དྲག་བསྟེན་བཞིན། །གཞན་ཕན་ལམ་ལ་དགོད་ཕྱིར་ཁོ་ནས་འབད། །འདི་ལྟར་མ་ནོར་བརྩོན་པས་ཉམས་བླངས་ན། །རྫོགས་སངས་རྒྱས་ལ་བཀའ་བའི་ཚོགས་མ་མཆིས། །འདི་བྲིས་དགེ་བས་མཁའ་མཉམ་འགྲོ་


TR007_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཀྱང་། །རིགས་འདུས་བླ་མའི་གོ་འཕང་མྱུར་ཐོབ་ཤོག །གཏེར་སྟོན་པདྨ་རིག་འཛིན་རྩལ་གྱིས་གདན་དྲངས་པའི་ཟབ་ཆོས་བླ་མ་ནོར་བུ་པད་འཕྲེང་གི་དྲག་སྒྲུབ་ཀྱི་ཉམས་ལེན་རྒྱུན་ཁྱེར་སྙིང་པོར་དྲིལ་བ་འདི་ཡང་རྣལ་འབྱོར་ཚུལ་ཁྲིམས་བཟང་པོའི་དོན་དུ་བཀོད་པ་དགེ་ལེགས་འཕེལ། །བཀྲ་ཤིས། གཅིག་ཞུད།

དབང་དྲག་འབར་བའི་དབང་བསྐུར་གྱི་ཟིན་རིས།


TR007_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དྲག་འབར་བའི་དབང་བསྐུར་གྱི་ཟིན་རིས་བཞུགས་སོ། །


TR007_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་པདྨ་སིདྡྷི་ཧཱུྃ། གང་ཞིག་རྡོ་རྗེ་སློབ་དཔོན་སྐྱེད་རྫོགས་ཀྱི་ནུས་པ་མཐར་ཕྱིན་པ་དག་གིས། །དཀོན་མཆོག་སྤྱི་འདུས་དབང་དྲག་འབར་བའི་དབང་བསྐུར་བར་བྱ་བར་འདོད་ན། དེ་ཡང་གཏེར་སྟོན་ཉིད་ཀྱི་བཀའ་ལས་ནི་འདི་ཉིད་ཆོས་བཀའ་བསྡུས་པའི་གཤིས་ཀྱིས་གང་ཟག་སྤྲོས་པ་ལ་དགའ་བའི་རིགས་རྣམས་ཡིད་མ་ཚིམས་ན་གཏེར་ཁ་གཞན་གྱི་དྲག་སྒྲུབ་གང་འོས་ནས་ཁ་བཀང་བར་རུང་གསུངས་མོད་ཀྱང་། རེ་ཤིག་རང་གཞུང་སོར་བཞག་ལྟར་བྱེད་པའི་དབང་དུ་བགྱི་ན། །སྲེགས་བུའི་ཁར་མེ་ཏོག་ཚོམ་བུ་ལྔ་སོགས་ཅི་རིགས་བཀོད་ལ། །དབང་རྫས་ནི་དཀོན་མཆོག་སྤྱི་འདུས་ཞི་བའི་དབང་བཞི་ལྟར་རམ། ཡང་ན་གཏོར་དབང་བྱ་སྟེ།


TR007_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱི་གཏོར་མ་རིན་ཆེན་འབར་བའི་དབྱིབས་ཅན་ཟུར་གསུམ་ལ་མེ་རི་དང་ཞབས་སུ་པད་འདབ་ཅན་གཟི་བརྗིད་བག་དྲོ་བའི་རྒྱན་དང་ལྡན་པ་བཤམས་པའི་མཐའ་སྐོར་དུ་གཏོར་མཆོད་སྨན་རག་ཚོགས་ཀྱི་ཡོ་བྱད་སོགས་རྒྱ་ཆེན་བཀོད་ནས། འགུ་རུ་ཞི་དྲག་གི་ལས་གཞུང་བསྐང་གསོ་ཚོགས་གསོ་ཚོགས་མཆོད་རྣམས་རྒྱས་པར་བྱ་ཞིང་། འཛབ་བསྙེན་ཏིང་འཛིན་ནན་ཏན་དུ་སྒྲུབ་ནས་སློབ་དཔོན་ཉིད་ཏིང་ངེ་འཛིན་གྱི་དབང་བླང་བ་སོགས་སྔོན་དུ་བྱ་བའི་རིམ་པ་རྫོགས་པ་དང་། སློབ་མ་རྣམས་ལ་ཁྲུས་དང་བགེགས་སྐྲད་བསྲུང་འཁོར་མཎྜལ་དང་ཆོས་བཤད་ཀྱང་། གུ་རུ་ཞི་བའི་དབང་སྐབས་ཀྱི་དེ་ཀ་བཤད་པས་ཐུས་ལ། དངོས་གཞི་ཡེ་ཤེས་དབབ་པའི་དམིགས་པ་འདི་ལྟར་སྤྲད་དེ། །


TR007_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་བྷ་ཝ་ཤུདྡྷཿསརྦ་དྷརྨཱསྭཱ་བྷ་ཝ་ཤུདྡྷོ྅ཧཾ། སྐད་ཅིག་གིས་ཁྱེད་རང་རྣམས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐ་མལ་ཨ་འཐས་སུ་འཛིན་པའི་བག་ཆགས་སྦྱང་སྟོང་ཉིད་ཁྱབ་གདལ་ཆེན་པོར་གྱུར་པའི་ངང་ནས། དྲེགས་པ་པདྨ་ཟླ་བ་ཉི་མ་བརྩེགས་པའི་གདན་གྱི་སྟེང་དུ། ཁྱེད་རང་རྣམས་ཀྱི་རིགས་པའི་ངོ་བོ་ཡི་གེ་ཧཱུྃ་དམར་མེའི་མདོག་ཅན་ཞིག་ཏུ་གྱུར། དེ་ལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་ཕུལ། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་གྱི་སྒྲིབ་པ་སྦྱངས། གདོན་བགེགས་རྒྱལ་བསེན་འབྱུང་པོ་ལོག་འདྲེན་གདུག་པ་ཅན་ཐམས་ཅད་ཚར་བཅད། སླར་འོད་ཟེར་ཚུར་འདུས། ཧཱུྃ་ཡིག་ལ་ཐིམ་པ་ཙམ་གྱིས་གནས་འགྱུར་ཏེ། ཁྱེད་རང་རྣམས་དཔལ་ལེན་དབང་དྲག་འབར་བ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་


TR007_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་རྡོ་རྗེ་རྩེ་དགུ་ནམ་མཁར་འཕྱར་བས་མེ་དང་མཚོན་ཆའི་ཚ་ཚ་འཕྲོ་བ། གཡོན་གནམ་ལྕགས་ཀྱི་སྡིག་པ་ཁ་དགུ་མིག་དགུ་བཅོ་བརྒྱད་པ་འཇིགས་སུ་རུང་བའི་ལུས་ལས་རང་འདྲའི་སྤྲུལ་པ་གྲངས་མེད་འགྱེད་པ། །ཞལ་གནམ་ས་ཙམ་དུ་བསྒྲད་ཅིང་མཆེ་བ་གངས་རི་ལྟར་བཙིགས་པ། ལྗགས་གློག་དམར་ལྟར་འདྲིལ་ཞིང་སྤྱན་གསུམ་ཉི་ཟླ་ལྟར་འབར་བ། །དབུ་སྐྲ་རལ་པ་སྨུག་ནག་མུན་ལྟར་སྟིབས་པ་ལ་ཐོད་སྐམ་རིན་ཆེན་རྩེ་བྲན་དར་དཔྱང་གིས་བརྒྱན་པ། སྐུ་ལ་དུར་ཁྲོད་འབར་བའི་ཆས་བརྒྱད་དང་དཔལ་གྱིས་ཆས་བཅུ་ལ་སོགས་ཁྲོ་རྒྱལ་རྔམས་པའི་ཆ་ལུགས་ཡོངས་སུ་རྫོགས་པ། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་ཁྱེད་ཀྱི་འདོར་སྟབས་ཅན། སྐུ་རི་རབ་ལྷུན་པོ་ལྟར་བརྗིད་ཅིང་འགྱིང་བའི་བ་སྤུའི་བུ་ག་ཀུན་ནས་སྤྲུལ་པའི་ཁྲོ་ཆུང་གནམ་ས་ཁེངས་པ་ལྟར་འཕྲོ་བ། །ཡེ་ཤེས་ཀྱི་མེ་དཔུང་འབར་བའི་


TR007_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་ན་གཟི་བརྗིད་ཉི་མ་འབུམ་ལྟར་གསལ་བའི་སྤྱི་བོར་ཨོཾ། །མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་རྣམས་ལས་འོད་ཟེར་དང་། བདག་མདུན་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་སྲོག་ལས་འོད་ཟེར་འཕྲོས་པས། །ལྷོ་ནུབ་རྔ་ཡབ་གླིང་ན་ཁྲག་འཐུང་གི་རྒྱལ་པོ་དབང་དྲག་པདྨ་ཐོད་ཕྲེང་གི་ཐུགས་རྒྱུད་བསྐུལ་བས། སྐད་ཅིག་ལ་སྐུ་གཟི་བརྗིད་ཀྱི་ཕུང་པོ་དཔལ་དུ་འབར་ཞིང་། གཡས་ནས་དཔའ་བོ་འབུམ་གྱི་ཧཱུྃ་གི་གླུ་ལེན། །གཡོན་ནས་མཁའ་འགྲོ་འབུམ་རྡོ་རྗེའི་གར་བསྒྱུར། མདུན་དུ་བླ་མ་རིག་འཛིན་གྱི་ཚོགས་བཅས་སྤྲིན་ལྟར་ཐིབས་པས་བྱིན་རླབས་ཀྱི་ཆར་འབེབས། རྒྱབ་ནས་བཀའ་སྲུང་ཆོས་སྐྱོང་གི་དཔུང་ཚོགས་རི་ཉིལ་བ་ལྟ་བུས་ཅི་འདོད་ཀྱི་ཕྲིན་ལས་བསྒྲུབ་པའི་མཐུ་སྟོབས་དྲག་རྩལ་གློག་ལྟར་མྱུར་བ་དང་བཅས་ཏེ་བྱོན་ནས། ཁྱེད་རང་དམ་ཚིག་སེམས་དཔའ་རྣམས་ལ་མཚོ་ལ་ཁ་བ་འབབ་པ་བཞིན་གཉིས་མེད་དུ་ཐིམ་པའི་མོས་པ་སྐད་ཅིག་


TR007_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མ་ཡེངས་པར་མཛོད་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སརྦ་ཐོད་ཕྲེང་རྩལ། བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ། ཨ་ཝེ་ཤ་ཡ་ཨཿཨཱཿ ཞེས་རོལ་མོ་དྲག་ཏུ་སྒྲོག་པ་སོགས་ཀྱི་ཡེ་ཤེས་བསྟིམ་ཞིང་། སུ་པྲ་ཏིཥྵ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་གཏོར་བར་བསྟན་པར་རྒྱས་གདབ་བོ།། ༈ །།དེ་ནས་དབང་དངོས་ནི། དབང་རྫས་བུམ་པའམ། གཏོར་དབང་ཡིན་ན་ཐོག་མར་སློབ་མའི་སྤྱི་བོར་བཞག་པའི་སྐབས་ཀྱི་དམིགས་པ་དང་དག་སྦྱོར་རྣམས་བུམ་དབང་གི་སྐབས་བཞིན་བརྗོད་ཅིང་། བསྐུར་ཚིགས་ཀྱང་ཞི་བའི་དེ་ཀ་སོར་བཞག་ལས། ཁྱད་པར་ནི། པདྨ་འབྱུང་གནས་ཞེས་པའི་སྐབས་སུ། པདྨ་དྲག་པོ་སྐུ་ཡི་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བསྐུལ་ཞིང་། དེ་བཞིན་དུ་མགྲིན་པར་གསང་དབང་། སྙིང་གར་ཤེར་དབང་། གནས་ལྔའམ་སྤྱི་བོར་ཚིག་དབང་དང་བཅས་པ་རྣམས་བསྐུར་ཚུལ་དབང་ཚིག་དག་སྦྱོར་དམ་ཚིག་བསྲུང་ཚུལ་སོགས་ཞི་བའི་ཇི་ལྟ་བ་ལས། ཚིག་ཕྲད་དང་སྔགས་ཀྱི་ཁ་བསྒྱུར་གོང་ལྟར་བསྒྱུར་བར་བྱའོ། །འདི་སྐབས་དབང་བཞི་


TR007_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་མ་གཏོགས། པུསྟི་ལུང་དབང་དང་བཀའ་སྲུང་གཏོར་དབང་། ཚེ་དབང་སོགས་རྣམས་ནི་མི་དགོས་ཤིང་། གཞན་མཇུག་གི་ལས་རིམ་སོགས་ཐམས་ཅད་སྤྱི་ལྟར་ཤེས་པར་བྱའོ། །མདོར་ན་དྲག་སྒྲུབ་ཀྱི་དབང་གི་རིམ་པ་འདི་བཀའ་གཉན་ཞིང་འཚུབས་ཆ་ཆེ་བས་ན། སློབ་དཔོན་ཉིད་ཀྱང་བསྙེན་བསྒྲུབ་མཐར་ཕྱིན་ལྟ་སྒོམ་གདེང་ལྡན་དང་། སློབ་མ་ཡང་སྣོད་ལྡན་མ་གཏོགས་གང་བྱུང་བྱུང་གིས་ནི་རུང་བ་མ་ཡིན་ཞིང་། ཁྱད་པར་དིང་སང་གསང་སྔགས་འཆལ་ཏེ་ཟང་ཟིང་འབུལ་སྡུད་ཀྱི་ཟོང་རིན་དབང་བསྐུར་ལ་བྱེད་པ་དང་། གསང་སྔགས་ཁྲོམ་བཤད་བྱེད་པ་འདི་འདྲས་ནི་སློབ་དཔོན་གཉིས་ཀར་ཕན་པ་བས་གནོད་པ་བརྒྱ་འགྱུར་གྱིས་ཆེ་ཚུལ་རྣམས་ལེགས་པར་བསམ་དགོས་པར་གདའ་བ་ཕྱི་རབས་དཔྱོད་ལྡན་དག་གིས་དགོངས་འཚལ། ཞེས་སྤོང་བ་པ་སྣ་ཚོགས་རང་གྲོལ་གྱིས་སྙིང་ནས་གསོལ་བ་ལགས། གཅིག་ཞུད།

དཀོན་མཆོག་གི་དྲུང་དུ་མཆོད་པ་འབུལ་བ་ལ་ཉེ་བར་འཁོར་བ།


TR007_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གི་དྲུང་དུ་མཆོད་པ་འབུལ་བ་ལ་ཉེ་བར་འཁོར་བ་བཞུགས་སོ། །


TR007_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་བརླབས་དང་། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བདེན་པའི་སྟོབས་མངའ་བ་རྣམས་ཀྱི་ཐུགས་རྗེ་ནུས་མཐུ་དང་། །བདག་གི་དད་མོས་ལྷག་བསམ་དག་པའི་མཐུ་སྟོབས་དང་། །ཆོས་ཉིད་རྣམ་པར་དག་པའི་བདེན་པའི་བྱིན་རླབས་ཀྱིས། མཆོད་པའི་ཡོ་བྱད་ཇི་ལྟར་བཤམས་ཤིང་ཕུལ་བ་འདི་དག་མཚོན་བྱེད་དུ་བྱས་ཏེ། ཕྱོགས་བཅུ་རབ་འབྱམས་ཀྱིས་སངས་རྒྱས་བྱང་སེམས་ཞིང་ཁམས་ནམ་མཁའི་མཐས་བཏུགས་སུ་ཁྱབ་པའི་སྐྱབས་གནས་དཀོན་མཆོག་གསུམ་གྱི་སྤྱན་སྔར། ་མཆོད་ཡོན་མེ་ཏོག་བདུག་སྤོས་


TR007_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པའི་མཆོད་པའི་སྤྲིན་ཕུང་རྒྱ་ཆེ་ཞིང་རྒྱུན་མི་ཆད་པ། ཀུན་ཏུ་བཟང་པོའི་ཏིང་འཛིན་སྨོན་ལམ་ལས་བྱུང་བའི་མཆོད་སྤྲིན་དང་མཉམ་པ་འབྱུང་བར་གྱུར་ཅིག །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། བཛྲ་པཱ་ར་པྲ་མ་དྷ་ནེ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། དྱཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མནོྟྲ་ས་སམ་པྲ་མ་་བཛྲེ། སརྦ་ཀརྨ་ཨ་ཝ་ར་་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ།


TR007_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ན་མསྶརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར། བཛྲ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་རྒྱ། ཤསྟ་པྲ་ཏཱིཙྪ་ཨཱཿཧཱུྃ། སྐྱབས་གནས་བླ་མ་དཀོན་མཆོག་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་བཀའ་སྲུང་ཐམས་ཅད་ཀྱི། །སྤྱན་སྔར་མཆོད་པའི་སྤྲིན་ཕུང་འདི་ཕུལ་བབ། །དགྱེས་པར་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱ་ཡི། །སྣོད་བཅུད་མཆོད་པའི་ངོ་བོ་ཇི་སྙེད་དང་། །བདག་ལུས་ལོངས་སྤྱོད་གཏན་གྱི་འདུན་མར་བཅས། །མཆོད་པའི་མཎྜལ་ཉིད་དུ་འབུལ་ལགས་ན། །བདག་སོགས་ནམ་མཁའ་མཉམ་པའི་སེམས་ཅན་ཀུན། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པ་དང་། །ལས་ཉོན་སྡིག་སྒྲིབ་མ་ལུས་བྱང་གྱུར་ནས། །ཐར་ལམ་བྱང་ཆུབ་དམ་པ་ཐོབ་པར་ཤོག །འདི་ལྟར་མཆོད་པ་ཕུལ་བའི་དགེ་འབྲས་ཀྱིས། །རྒྱལ་ཁམས་བདེ་ཞིང་ནད་མུག་འཁྲུག་རྩོད་མེད། །སངས་རྒྱས་བསྟན་དར་བསྟན་པ་འཛིན་


TR007_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཐུན། །ཐམས་ཅད་དམ་པའི་ཆོས་ལ་སྤྱོད་གྱུར་ཅིག །དཀོན་མཆོག་བདེན་པའི་མཐུ་སྟོབས་རྨད་བྱུང་དང་། །བདག་གི་དད་པས་མཆོད་ཅིང་གསོལ་བཏབ་པའི། །དགེ་བས་ཅི་བསམ་འགྲུབ་ཅིང་བར་ཆད་ཞི། །མཆོག་མཐུན་དངོས་གྲུབ་ཚེ་འདིར་ཐོབ་པར་ཤོག །དེ་ཡང་དཀོན་མཆོག་གི་དྲུང་དུ་མཆོད་པ་འབུལ་བའི་མཆོད་རྫས་བྱིན་རླབས་ཀྱི་རིམ་པ་ཆོ་གའི་གཞུང་སོགས་ལ་ནི་ཐ་དད་ལ་ཞིབ་རྒྱས་འབྱུང་མོད་ཀྱང་། ཆོ་ག་སོགས་དང་མ་འབྲེལ་བར་གཙུག་ལག་ཁང་དང་མཆོད་བཤོམས་ཀྱི་དྲུང་སོགས་སུ་མཆོད་པ་འབུལ་ཚེ་བྱིན་རླབས་མེད་ནི་མི་རུང་ལ། བདག་སྐྱེད་སོགས་མེད་ཕྱིར་བྱིན་གྱིས་རློབས་པའི་ནུས་པ་ཡང་མི་འབྱུང་བ་དང་། དེ་ལྟ་བུ་ལ་འདི་ནི་དཀོན་མཆོག་གི་བདེན་པའི་སྟོབས་ཀྱི་སྒོ་ནས་བྱིན་རླབས་བྱ་ཐབས་ཡིན་པས་ན། །གཙུག་ལག་གི་དཀོར་གཉེར་ལ་སོགས་ལ་ལྷག་པར་གལ་ཆེ་བར་ཡོད་པ་དང་གོང་གི་མཆོད་པ་སྤྲིན་གྱི་གཟུངས་དེ་ལན་གཅིག་བརྗོད་པས་ཀྱང་མཆོད་པ་ཐམས་ཅད་བརྒྱ་སྟོང་དུ་འགྱུར་བར་གསུངས་ཏེ། དཔེར་ན་མར་མེ་གཅིག་ཕུལ་ནས་ལྷག་བསམ་དག་པས་


TR007_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་འདི་བརྗོད་ན་མར་མེ་བརྒྱ་སྟོང་མང་པོ་ཕུལ་བར་འགྱུར་ཞིང་། མཆོད་པ་གཞན་ཐམས་ཅད་ལ་ཡང་དེས་མཚོན་པས་ཤེས་པར་བྱའོ། །མཆོད་པ་ཕུལ་བ་ལ་མེད་རུང་ཞིང་ཉེ་བར་འཁོ་བ་འདི་ནི། མཐའ་འཁོབ་ཀླ་ཀློའི་དཔོན་པོ་པདྨ་ཚེ་དབང་གི་བསྐུལ་ངོར། སྣ་ཚོགས་རང་གྲོལ་གྱི་རྒོད་ཕུག་བྲག་ཏུ་བཀོད་པ་དགེའོ། །གཅིག་ཞུད།

ཆུ་གཏོར་གྱི་རིམ་པ་ཇི་ལྟར་བྱ་བའི་ཚུལ་མདོར་བསྡུས་ཏེ་བཀོད་པ་ལྟས་ཆོག་བདུད་རྩིའི་འདོད་འཇོ།


TR007_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་གཏོར་གྱི་རིམ་པ་ཇི་ལྟར་བྱ་བའི་ཚུལ་མདོར་བསྡུས་ཏེ་བཀོད་པ་ལྟས་ཆོག་བདུད་རྩིའི་འདོད་འཇོ་བཞུགས་སོ། །


TR007_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་སྲིད་ཞིའི་ཁྱབ་བདག་བླ་མ་ལ། །རྟག་ཏུ་མི་ཕྱེད་གུས་པས་རབ་ཏུ་ནས། །དམ་པའི་གཤེགས་ཤུལ་ཆུ་སྦྱིན་བགྱི་བའི་ཚུལ། །མདོར་བསྡུས་བལྟས་ཆོག་བདག་གིས་འདིར་བཀོད་བྱ། །དེ་ལ། འདིར་སྐྱེས་བུ་གང་ཞིག་ཚེ་འདིའི་ཟས་ནོར་སྙན་གྲགས་ལོ་འདོད་སོགས་ཆོས་བརྒྱད་ཀྱི་བསམ་པ་མ་ཡིན་པར། བླ་མེད་ཀྱི་བྱང་ཆུབ་དང་གཞན་ཕན་ཁོ་ན་དོན་དུ་གཉེར་བ་དག་གིས། གནས་གཙང་ཞིང་ཡིད་དང་མཐུན་པར། །ཆབ་གཙང་འབུ་སྲིན་དང་རྡལ་རྡུལ་མེད་པ་ཅི་འབྱོར་དང་། འབྲུ་ཟན་གྱི་རིལ་བུ་བརྒྱ་རྩ་བརྒྱད། མཆོད་པའི་ཞལ་ཟས། །ཛམླའི་གཏོར་མ་དང་བཅས་པའམ། ནས་དང་འབྲས་ཀྱི་འབྲུ་སོགས་ལའང་རུང་ཞིང་


TR007_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་གཏོར་སྣོད་དང་མཆོད་པའི་ཡོ་བྱད་འཛོམས་པའི་ངང་ནས། སྙིང་རྗེ་བྱང་སེམས་ཀྱི་བསམ་པ་བརྟན་པོས་སྟན་བདེ་ལ་འདུག་སྟེ། ཐོག་མར་སྐྱབས་སེམས་ཡན་ལག་བདུན་པ་རྒྱས་པ་སྤྱི་མཐུན་ལྟར་བྱ་བའམ། །བསྡུས་པ་ལ་སྤྲོ་ན་འདི་ལྟར་ཚིག་དོན་མཐུན་པས། ན་མོ། ཕྱོགས་བཅུའི་ཞིང་གི་རྒྱལ་བ་སྲས་བཅས་ཚོགས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ། །རྟག་པར་སྐྱབས་མཆི་འགྲོ་ཀུན་བདེ་ཐོབ་ཕྱིར། །རྒྱལ་སྲས་སྤྱོད་པ་བདག་གིས་སྤྱད་པར་བགྱི། །སྲས་བཅས་རྒྱལ་རྣམས་འདིར་གཤེགས་དགྱེས་པར་བཞུགས། །གུས་པས་ཕྱག་འཚལ་ཕྱི་ནང་མཆོད་ཚོགས་འབུལ། །སྡིག་


TR007_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཐོལ་བཤགས་དགེ་ལ་ཡི་རང་ངོ། །ཆོས་འཁོར་རྒྱུན་མི་ཆད་མཛད་རྟག་བཞུགས་གསོལ། །དགེ་ཀུན་འཁོར་བ་དོང་སྤྲུག་ཕྱིར་བསྔོའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་ཛྭ་ལ་ཧྲི་ད་ཡ། གརྦེ་ཛྭ་ལ་དུ་རུ་དུ་རུ་ནི་སྭཱ་ཧཱ། དེ་ནས་བདག་བསྐྱེད་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿསྭ་བྷཱ། འདི་ནི་དགེ་སྦྱོར་གང་བྱེད་བརྒྱ་འགྱུར་དུ་འཕེལ་བར་བྱེད་པའི་གཟུངས་སོ། །ཝ་ཤུདྡྷོ྅ཧཾ། ཕྱི་ནང་སྣོད་བཅུད་སྟོང་ཞིང་བདག་མེད་དང་། །རང་ཉིད་སྐད་ཅིག་འཕགས་མཆོག་ཐུགས་རྗེའི་སྐུ། །དཀར་གསལ་ཞི་འཛུམ་དར་དང་རིན་ཆེན་རྒྱན། །ཕྱག་གཡས་མཆོག་སྦྱིན་གཡོན་པ་པད་དཀར་འཛིན། །པད་ཟླའི་སྟེང་བཞུགས་འོད་འབར་ལྷམ་མེ་བའི། །ཐུགས་ཀར་ཧྲཱིཿམཐར་ཡིག་དྲུག་བསྐོར་བ་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ། །རིགས་ལྔས་དབང་བསྐུར་སྣང་མཐས་དབུ་རྒྱན་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ས་གཞི་དང་གནས་ཁང་བྱིན་གྱིས་བརླབས་པ་ནི། ས་གཞི་གནས་ཁང་ཕྱི་


TR007_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ནང་སྟེང་འོག་ཀུན། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས་གྲུབ་པའི། །བཀོད་པའི་བྱེ་བྲག་ཡིད་འོངས་མཐའ་ཡས་པ། །རྒྱལ་བའི་ཞིང་མཆོག་ཡོན་ཏན་ཀུན་ལྡན་གྱུར། །མཆོད་རྫས་བྱིན་བརླབ་ནི། ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་སྭ་བྷཱ་ཝ་ཤུདྡྷ༴ སྟོང་གསུམ་དང་མཉམ་རིན་ཆེན་སྣོད་དག་ཏུ། །སྔགས་དང་ཏིང་འཛིན་འདུ་འཕྲོ་ལས་བྱུང་བའི། །མཆོད་པའི་ཡོ་བྱད་སྣ་ཚོགས་དཔག་མེད་པ། །རབ་འབྱམས་རྒྱལ་བ་མཉེས་བྱེད་མཆོག་ཏུ་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀ་ཧེྞ་དཾ་བཱ་ལྱ་དི་སྭཱ་ཧཱཿ གཏོར་མགྲོན་རྣམས་སྤྱན་དྲངས་པ་ནི། བདག་ཉིད་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས། །དཀོན་མཆོག་སྲི་ཞུ་མགོན་པོ་ཡོན་ཏན་དང་། །རིགས་དྲུག་སྙིང་རྗེ་བགེགས་རིགས་ལན་ཆགས་སོགས། །མགྲོན་རྣམས་སྤྱན་དྲངས་སོ་སོའི་གདན་བཞུགས་གྱུར། བཛྲ་ས་མ་ཛཿ


TR007_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཀ་མ་ལ་ཡེ་སྟྭཾ། རྒྱལ་བའི་སྐུ་ལ་ཉེས་སྒྲིབ་སྐྱོན་བྲལ་ཡང་། །བདག་སོགས་བསོད་ནམས་ཚོགས་རྫོགས་སྒྲིབ་སྦྱང་ཕྱིར། །ཡན་ལག་བརྒྱད་ལྡན་བདུད་རྩིས་ཁྲུས་གསོལ་བས། །འགྲོ་བའི་ལས་ཉོན་སྒྲིབ་ཚོགས་དག་གྱུར་ཅིག །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲཱི་ཧཱུྃ། ཡོན་ཆབ་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག །མཐའ་ཡས་མཆོད་ཚོགས་རྒྱ་མཚོ་བདག་འབུལ་གྱི། །བཞེས་ནས་འགྲོ་ཀུན་ཐུགས་རྗེས་སྐྱབས་ཏུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨ་ལོ་ཀེ། གནྡྷེ། ནཻ་བི་དྱཱ། ཤབྟ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དེ་ལྟར་ཡུལ་གོང་མ་སྤྱི་ལ་མཆོད་པའི་རིམ་པ་སྔོན་དུ་བཏང་ནས། མཆོད་པ་རྣམས་གཤེགས་ཅིང་། བཤལ་ཆུ་ནི་གཏོར་ཆུ་དང་མི་བསྲེ་བར་ཕྱི་རོལ་དུ་དབོ་བར་བྱའོ། །དེ་ནས་བར་འདིར་ཆུ་སྦྱིན་ནི། གཏོར་སྣོད་ལྔ་པོ་བཤམས་ཏེ་ཆུ་གཙང་སྦྲེང་བའི་དང་པོ་དེ་ལ། བདག་ཉིད་བཅོམ་


TR007_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཐུགས་རྗེ་ཆེན་པོ་ཡི། །ཕྱག་གི་སོར་མོ་རྩེ་ནས་བདུད་རྩིའི་རྒྱུན། །རབ་ཏུ་བབས་པས་ཡི་དྭགས་ཚོགས་རྣམས་ཀུན། །ཚིམ་པས་ལོངས་སྤྱད་དགའ་བདེས་རྒྱུད་གང་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ། ཅེས་པས་སྣོད་མ་ཁེངས་ཀྱི་བར་དུ་སྦྲེང་། སྣོད་གཉིས་པ་དེ་ལ་ལག་གཡོན་མཆོག་སྦྱིན་གྱི་ཕྱག་རྒྱ་དང་བཅས་པས། ཨོཾ་ཨཱཿཧྲཱིཿཧཱུྃ། ཞེས་པས་ཁེངས་པར་སྦྲེང་། སྣོད་གསུམ་པར་ཆུ་ཐིག་བཅད་ཅིང་བླུག་ལ་སེ་གོལ་དང་བཅས་པས། ཨོཾ་ཛ་ལ་ཨི་དམ་སརྦ་པྲེ་ཏེ་བྷྱཿསྭཱ་ཧཱ། སྣོད་བཞི་པར་སྦྲེང་ལ། །འཕགས་མཆོག་རྒྱལ་བའི་ཕྱག་ནས་ལེགས་བབས་པའི། །ཡིད་འོངས་བདུད་རྩིའི་རྒྱ་མཚོ་ཆེན་པོ་ལ། །ཡི་དྭགས་གངྒཱའི་ཀླུང་གི་བྱེ་སྙེད་ཀུན། ཁྲུས་བྱས་གདུང་བ་ཀུན་བྲལ་བདེ་ཐོབ་ཤོག །སྣོད་ལྔ་པར་སྦྲེང་ཞིང་། མགོན་པོ་མི་འཁྲུག་པ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ན་ིཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་


TR007_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པཱ་རྃ་པ་རཱ་ཎི་མི་སརྦ་ས་ཏྭ་ནཉྩ་སྭཱ་ཧཱ། སྔགས་དང་ཏིང་འཛིན་བདེན་པའི་བྱིན་རླབས་ཀྱིས། །ཚེ་འདས་བར་དོར་འཁྱམས་པའི་འགྲོ་བ་དག །བདུད་རྩིའི་ཆུ་འདིས་ངོམ་ཞིང་ཚིམ་ནས་ཀྱང་། །སྡུག་བསྔལ་ཀུན་བྲལ་བྱང་ཆུབ་མཆོག་ཐོབ་ཤོག །དེ་ནས་ཛམླཱའི་ཆུ་སྦྱིན་བྱེད་ན། གཏོར་སྣོད་མཐའ་མ་གཉིས་སུ་ཛཾ་སེར་ནག་གཉིས་ཀྱི་ཆུ་སྦྱིན་འབུལ་བའི་སྣོད་བྱ་ཞིང་། །བར་མ་གཉིས་གཏོར་མའམ་རིལ་བུའི་སྣོད་དང་། །དབུས་མ་མཆོད་ཡོན་དུ་བྱ་ཕྱིར་བཤམས་ལ། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཞེས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བགེགས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སོགས། གཏོར་མའི་ཉེས་སྐྱོན་འབག་རྩོགས་ཀུན་སྦྱངས་ཤིང་། །རིན་ཆེན་སྣོད་དུ་འབྲུ་གསུམ་འདུ་འཕྲོ་ཡིས། །དམ་ཚིག་ཡེ་ཤེས་དབྱེར་མེད་བདུད་རྩིའི་མཆོག །དངས་ཤིང་ཐོགས་མེད་མི་ཟད་དབྱིངས་ཁྱབ་གྱུར། ན་མཿ སརྦ་


TR007_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་བདུན། ཨོཾ་ཨཱཿཧཱུྃ། གིས་གཏོར་མ་བདུད་རྩི་བྱིན་གྱིས་བརླབས། ཛམླ་བསྐྱེད་པ་ནི། །པད་ཟླར་ཛཾ་སེར་ཡོངས་གྱུར་ནོར་གྱི་ལྷ། །གསེར་མདོག་ཕྱག་གཉིས་ཤིང་ཏོག་ནེའུ་ལེ་འཛིན། །རིན་ཆེན་རྒྱན་ཅན་གནས་གསུམ་འོད་འཕྲོས་པས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་གཉིས་མེད་གྱུར། །བཛྲ་ས་མ་ཡ་ཛཿ པདྨ་ཀ་མ་ལ་ཡེ་སྟཾྭ། །སླར་ཡང་འོད་འཕྲོས་དབང་ལྷ་སྤྱན་དྲངས་ནས། །དབང་བསྐུར་སྒྲིབ་དག་རིན་འབྱུང་དབུ་བརྒྱན་ཅིང་། །བདག་གི་ལག་མཐིལ་ཟླ་དཀྱིལ་ཡིག་འབྲུ་ལྔ། །ཞུ་བ་ལས་བྱུང་བདུད་རྩིས་མཉེས་པར་གྱུར། །ཆུ་སྦྱིན་གྱི་སྣོད་གཅིག་ཏུ་ཆུ་སྦྲེང་བ་དང་བཅས་པས། བྷྲུྃ་ཨཾ་ཛི༚་ཁཾ་ཧཱུྃ། ཅེས་ལན་གཅིག་དང་། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཞེས་པ་བརྒྱའམ་ཉེར་གཅིག་བདུན་སོགས་དང་། མཆོད་ཡོན་སྦྲེང་ཞིང་། ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ།


TR007_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

པཱདྱཾ། པུཥྤཱེ། དྷུ་པེ། ཨཱ་ལོ་ཀེ། གནྡ་དྷོ། ནཻ་ཝི་རྒྱ། ཤབྟ་པྲ་ཏཱིཙྪ་ཨཱཿཧཱུྃ། གཏོར་མའི་སྣོད་དུ་ཆུ་སྦྲེང་ཞིང་། ཛམྦྷ་ལ་ཨི་དམ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། །མགོན་པོ་ནོར་གྱི་བདག་པོ་འཁོར་བཅས་ལ། །མཆོད་གཏོར་བདུད་རྩིའི་རྒྱ་མཚོ་འདི་འབུལ་བས། །མཉེས་ཤིང་ཚིམ་ནས་ཆོས་མཐུན་ལོངས་སྤྱོད་ཀྱིས། །བདག་སོགས་འགྲོ་བའི་དབུལ་བ་བསེལ་བར་མཛོད། སིདྡྷི་ཕ་ལ་ཧོ། ཆུ་ཐིག་གཅིག་དངོས་གྲུབ་དུ་མྱང་ལ། བཛྲ་མཱུཾ། ཞེས་པས་གཤེགས་གསོལ་བྱ། ཛཾ་ནག་གི་གཏོར་མཆོད་ལ་ཡང་སྔར་ལྟར། ཨོཾ་བཛྲ་ཨ་མྲྀ་ཏ། སོགས་ནས། སམྦྷ་ར་དང་། ཨོཾ་ཨཱཿཧཱུྃ་གིས་བར་གྱིས་བྱིན་གྱིས་བརླབ་ལ། པད་ཉིའི་གདན་སྟེང་ཧཱུྃ་མཐིང་ཡོངས་གྱུར་ལས། །ཛཾ་ནག་ཁྲོ་ཚུལ་ཐོད་ཁྲག་ནེའུ་ལེ་བསྣམས། །སྦྲུལ་བརྒྱན་དོར་སྟབས་བཞེངས་པའི་གནས་གསུམ་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ། །སླར་ཡང་དབང་ལྷ་སྤྱན་དྲངས་དབང་བསྐུར་བས།


TR007_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིས་སྐུ་གང་མི་བསྐྱོད་དབུ་བརྒྱན་གྱུར། རང་གི་ལག་མཐིལ་གྱི་ཡིག་འབྲུ་ལྔ་ཞུ་བ་ལས་བྱུང་བའི་བདུད་རྩིའི་རྒྱུན་གྱིས་མཉེས་པར་བསམ་པས་ཆུ་སྦྲེང་ཞིང་། ཨོཾ་ཨིནྡྲ་ནི་མུ་ཁམ་བྷྲ་མ་རི་སྭཱ་ཧཱ། ཨོཾ་ཛམླུཾ་སྭཱ་ཧཱ། བརྒྱའམ་ཉེར་གཅིག་བདུན་སོགས་དང་། མཆོད་ཡོན་སྦྲེང་ཞིང་། ན་མོ་རཏྣ་ཏྲ་ཡཱ་ཡ། །ན་མོ་མ་ཎི་བྷ་དྲ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏཱ་ཡེ། ཏདྱཐཱ། ཨོཾ་ཛམྦྷ་ལ་ཛ་ལེན་དྲ་ཡེ་སྭཱ་ཧཱ། ཛམྦྷ་ལ་ཨརྒྷཾ། པཱདྱཾ། པུཥྤེ༴ གཏོར་མའི་སྣོད་དུ་ཆུ་སྦྲེང་ཞིང་། ཛམྦྷ་ལ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཏོར་མ་ཟག་མེད་བདུད་རྩིའི་རང་བཞིན་འདི། །ནོར་བདག་ཁྱེད་ལ་ཕུལ་ཞིང་བསྟོད་བགྱིས་པས། །བསམ་པའི་དོན་ཀུན་ཆོས་ལྡན་འགྲུབ་པ་དང་། །དངོས་གྲུབ་མ་ལུས་མྱུར་དུ་སྩལ་དུ་གསོལ། །བཛྲ་མུཾ། ཞེས་པས་རང་གནས་སུ་གཤེགས་ཤིང་། མཆོད་གཏོར་བཤགས་པར་བྱའོ། །དེ་ནས་བརྒྱ་རྩ་དངོས་ནི། གཏོར་སྣོད་ལྔའམ་གཅིག་གིས་ཀྱང་རུང་བར་སྣོད་རེ་རེ་ལ་རིལ་


TR007_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བཅུ་བཅུ་ཆུ་དང་བཅས་པ་བཤམས་ལ། སོ་སོ་ལ་བསངས་སྦྱང་བྱིན་བརླབས་ནི། གོང་གི་ཛམ་སེར་གྱི་སྐབས་སུ་བྱུང་བ་ལྟར། བཛྲ་ཨ་མྲྀ་ཏ། སོགས་ནས། སམྦྷ་ར། བཅུ་རེ་དང་། ཨོཾ་ཨཱཿཧཱུྃ་གི་བར་གྱིས་བྱིན་གྱིས་བརླབས་ལ་རིམ་པས་འབུལ་ཞིང་བཅུ་ཚན་བཞི་པ་ཡན་ཆད་རྣམས་ལ་ ཨརྒྷཾ་ སོགས་ཀྱིས་ཀྱང་མཆོད་ཅིང་། ལྔ་པ་མན་ཆད་མ་ནི། དེ་བཞིན་གཤེགས་པ་བཞིའི་མཚན་བསྒྲགས་པ་དང་། ཆོས་ཀྱི་སྦྱིན་པ་ཡང་རྒྱས་བསྡུས་སྐབས་དང་སྦྱར་ལ་བྱའོ། །ཐོག་མར་བཅུ་ཚན་དང་པོ་ནི། བྱིན་བརླབས་སྔོན་དུ་འགྲོ་བས། རྩ་རྒྱུད་བླ་མ་རྒྱལ་བ་སྲས་བཅས་ཚོགས། །འཕགས་མཆོག་རྣམས་ལ་གཏོར་མཆོད་རྒྱ་མཚོའི་སྤྲིན། །གུས་པས་ཕུལ་བས་བདག་སོགས་འགྲོ་ཀུན་ལ། །བརྩེ་བས་སྐྱབས་ཅིང་བྱིན་གྱིས་བརླབ་ཏུ་གསོལ། །བཅུ་ཚན་གཉིས་པ་ལ། སྔར་ལྟར་བྱིན་རླབས་གཟུངས་སྔགས་དང་། ཨརྒྷཾ། སོགས་ཀྱི་མཐར། ཡི་དམ་ཞི་ཁྲོ་རྒྱལ་བ་རྒྱ་མཚོ་དང་། །གནས་གསུམ་མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་ལ། །ཟག་མེད་བདུད་རྩིའི་གཏོར་མ་འདི་འབུལ་བས།


TR007_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཀུན་སྩོལ་བར་ཆད་བསལ་དུ་གསོལ། གསུམ་པ་ཡང་སྔར་བཞིན་བྱིན་རླབས་མཆོད་པ་སོགས་ཀྱི་མཐར། །ལྷ་མིའི་དྲང་སྲོང་བདེན་པའི་ཚིག་གྲུབ་ཅིང་། །རིགས་སྔགས་འཆང་བ་མཐུ་བརྙེས་ཀུན་ལ་ཡང་། །ཞལ་ཟས་བདུད་རྩིའི་གཏོར་མ་འདི་འབུལ་གྱི། །སྐྱེ་འགྲོ་བདེ་བའི་སྨོན་ལམ་མཛད་དུ་གསོལ། །བཞི་པ་ཡང་བྱིན་རླབས་མཆོད་སོགས་སྔར་བཞིན་བྱས་ལ། །ལྷན་སྐྱེས་ལྷ་དང་ཡེ་ཤེས་ནོར་ལྷའི་ཚོགས། །སྟོན་པའི་དམ་ཆོས་སྐྱོང་བའི་རིགས་རྣམས་ལ། །འདོད་ཡོན་ཕུན་ཚོགས་མཆོད་གཏོར་འདི་ཕུལ་བས། །རྒྱལ་བསྟན་ཡུན་རིང་གནས་པར་མཛད་དུ་གསོལ། །འདི་མན་ཆད་རྣམས་ལ་གཟུངས་སྔགས་བྱིན་རླབས་རྣམས་གོང་བཞིན་ལས། །ཁྱད་པར་ ཨརྒྷཾ་ སོགས་ཀྱི་དོན་དུ་དེ་བཞིན་གཤེགས་པ་བཞིའི་མཚན་བསྒྲགས་ཏེ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ། །དེ་བཞིན་གཤེགས་པ་


TR007_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པ་ཐམས་ཅད་དང་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་མེ་རླུང་ལྷ། །སྲིད་ན་ཆེ་བར་རབ་གྲགས་མགྲོན་ཀུན་ལ། །མཆོད་སྦྱིན་བདུད་རྩིའི་གཏོར་མ་འདི་འབུལ་གྱི། །བཞེས་ནས་འཇིག་རྟེན་བདེ་བར་མཛད་དུ་གསོལ། །དྲུག་པ་ནི་གོང་ལྟར་གཟུངས་དང་མཚན་རྣམས་ཀྱི་མཐར། །འཛམ་གླིང་སྤྱི་དང་ཁྱད་པར་བོད་ཁམས་ཀྱི། །དགེ་བསྙེན་བསྟན་སྐྱོང་དཀར་ཕྱོགས་གཞི་བདག་ཚོགས། །མཆོད་སྦྱིན་གཏོར་མ་ཕུལ་བས་དགྱེས་མཛོད་ལ། །ཆོས་དང་མཐུན་པའི་གདོང་གྲོགས་མཛད་དུ་གསོལ། །བདུན་པ་ཡང་གོང་བཞིན་ལས། འཇིག་རྟེན་ལྷ་སྲིན་དྲེགས་པའི་ཚོགས་རྣམས་དང་། །ལོག་འདྲེན་གདོན་ཚོགས་མ་ལུས་ཐམས་ཅད་ལ། །ཇི་ལྟར་འདོད་པའི་ལོངས་སྤྱོད་འདི་སྦྱིན་པས། །གནོད་ཅིང་འཚེ་བའི་བསམ་སྦྱོར་བྲལ་བར་མཛོད། བརྒྱད་པ་ནི། ཐོག་མེད་དུས་ནས་ད་ལྟའི་བར་དག་ཏུ། །དྲིན་ཅན་ཕ་མར་གྱུར་པའི་འགྲོ་དྲུག་ཀུན། །ཟག་མེད་སྦྱིན་པ་རྒྱ་ཆེན་འདིས་ཚིམ་


TR007_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་གྱུར་ཅིག །དགུ་པ་ནི། བཟོད་དཀའི་སྡུག་བསྔལ་གྱིས་གདུང་ཡི་དྭགས་རིགས། །ཕྱི་ནང་སྒོ་འཁྱུད་སྒྲིབ་པ་ཅན་ཀུན་ལ། །མི་ཟད་བདུད་རྩིའི་ཆར་ཆེན་འདི་ཕབས་པས། །འདོད་ཡོན་ལོངས་སྤྱོད་དཔལ་ལ་སྤྱོད་པར་ཤོག །བཅུ་པ་ནི། །ཚེ་རབས་འདི་དང་སྐྱེ་གཞན་ཐམས་ཅད་ཀྱི། །སྲོག་ལུས་ལོོངས་སྤྱོད་བུ་ལོན་ཤ་ཁོན་ཅན། །ལན་ཆགས་རེ་ལྟོས་གྱུར་པ་ཐམས་ཅད་ཀྱང་། །མཆོད་སྦྱིན་འདིས་ཁོར་བྱང་ཆུབ་རྒྱུར་གྱུར་ཅིག །དེ་ནས་གཏོར་སྣོད་གཅིག་ཏུ་རེལ་བུ་བརྒྱད་ཆུ་དང་བཅས་པ་བཤམས་ལ། །གཟུངས་དང་བྱིན་རླབས་མཚན་བསྒྲགས་སོགས་ཀྱི་མཐར། །བློ་བུར་ལྷག་པའི་མགྲོན་རིགས་ཉམས་ཆུང་ཞིང་། ཁས་ཉེན་དབང་ཆུང་སྙིང་རྗེའི་ཡུལ་གྱུར་ལ། །སྦྱིན་པ་འདི་བསྔོས་ཅི་འདོད་ཚིམ་ནས་ཀྱང་། །རྫོགས་སངས་རྒྱས་ཀྱི་གོ་འཕང་ཐོབ་གྱུར་ཅིག །དེ་ནས་ཆོས་ཀྱི་སྦྱིན་པ་ནི། དེ་ཡང་གོང་གི་བཅུ་ཚན་ལྔ་པ་མན་ཆད་ལ་རེ་རེ་བཞིན་སོ་སོའི་མཇུག་ཏུ་སྦྱར་བའམ། །ཡང་ན་ཐམས་ཅད་ཀྱི་མཇུག་


TR007_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བྱ་བ་སྟེ། འདི་ཉིད་ཀྱང་རྒྱས་པར་ནི། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། སོགས་དང་། ལུས་ཀྱི་སྡོམ་པ་ལེགས་པ་སྟེ། སོགས་ཀྱི་སྤྱི་ལྟར་རམ། བསྡུས་པ་ལ་སྤྲོ་ན། ཆོས་རྣམས་ངོ་བོར་ཡེ་སྟོང་རྩ་བྲལ་ཡང་། །ཀུན་རྫོབ་རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་ཚུལ། །རྒྱལ་བའི་གསུང་བཞིན་བླང་དོར་ཤེས་ཀྱིས་དང་། །གཏན་བདེའི་བྱང་ཆུབ་དམ་པ་མྱུར་ཐོབ་འགྱུར། །ཀུན་གྱི་མཐུན་མོངས་དུ་བདེན་པ་བརྗོད་པ་ནི། །སངས་རྒྱས་བྱང་སེམས་བདེན་པའི་བྱིན་རླབས་དང་། །དྲང་སྲོང་རིག་འཛིན་རྣམས་ཀྱི་མཐུ་ནུས་དང་། །བདག་གི་བསམ་པ་རྣམ་དག་བདེན་པའི་མཐུས། །ཇི་ལྟར་བསྔོས་བཞིན་ཐོགས་མེད་འབྱུང་གྱུར་ཅིག །བཟོད་གསོལ་ནི། ཡོ་བྱད་མ་འབྱོར་ཏིང་འཛིན་གཡེལ་བ་དང་། །གསང་སྔགས་མ་དག་ནོར་འཁྲུལ་འབག་རྩོགས་སོགས། །ལྷག་ཆད་ཉེས་སྐྱོན་སྒྲིབ་ཚོགས་ཅི་མཆིས་པ། །མགྲོན་རྣམས་ཀུན་གྱིས་བཟོད་པར་བཞེས་སུ་གསོལ། །ཡིག་བརྒྱས་ལྷག་ཆད་ཁ་བསྐངས་བའང་རུང་ངོ་། །གཤེགས་གསོལ་ནི། དེ་ལྟར་མཆོད་སྦྱིན་བགྱིས་པས་ཀུན་ཚིམ་ནས།


TR007_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་པ་རྣམས་རང་བཞིན་གནས་སུ་གཤེགས། །ལྷ་སྲིན་སྡེ་བརྒྱད་འབྱུང་ཚོགས་མ་ལུས་ཀྱང་། །གནོད་བྲལ་རང་རང་གནས་སུ་མྱུར་དུ་དེངས། བཛྲ་མུཾ། སརྦ་བྷཱུ་ཏ་གཙྪ། བསྔོ་བ་ནི། སྦྱིན་པ་འདིས་མཚོན་ཚེ་རབས་ཐམས་ཅད་ཀྱི། །དགེ་ཚོགས་མཐའ་དག་གཅིག་ཏུ་ལེགས་བསྡོམ་སྟེ། །མ་རྒན་འགྲོ་རྣམས་སངས་རྒྱས་མྱུར་ཐོབ་པའི། །རྒྱུ་ཉིད་ཁོ་ནར་ཡོངས་སུ་བསྔོ་བར་བགྱི། །སྨོན་ལམ་ནི། ཚེ་རབས་ཀུན་ཏུ་བདག་ནི་གར་སྐྱེས་ཀྱང་། །རྒྱལ་སྲས་བྱང་སེམས་སྤྱོད་པ་རྨད་བྱུང་གིས། །འགྲོ་ལ་ཕན་བདེ་འབའ་ཞིག་སྒྲུབ་བྱེད་པའི། །དེད་དཔོན་དམ་པ་ཉིད་དུ་འགྱུར་བར་ཤོག །བཀྲ་ཤིས་ནི། ཕྱོགས་དུས་རྒྱལ་བ་སྲས་བཅས་བྱང་སེམས་དང་། །དགོངས་བརྡའ་སྙན་རྒྱུད་བཀའ་གཏེར་བཤད་བསྒྲུབ་སོགས། །སྐྱབས་གནས་རྩ་བླ་མའི་ཚོགས་རྣམས་ཀྱི། །བྱིན་རླབས་སྤྲིན་ཕུངས་འཁྲིག་པའི་བཀྲ་ཤིས་ཤོག །གསལ་སྟོང་དབྱིངས་ལས་འགགས་མེད་རང་སྣང་འོད། །


TR007_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འགྱུར་དུ་མས་འགྲོ་བའི་རེ་འདོད་སྐོང་། །ཡི་དམ་ཞི་ཁྲོ་དཀྱིལ་འཁོར་ཡོངས་རྫོགས་ལྷ། །དངོས་གྲུབ་ཆར་རྒྱུན་འབེབས་པའི་བཀྲ་ཤིས་ཤོག །ཐུགས་རྗེའི་ཀློང་ལས་རང་རྩལ་གར་གྱི་བདག །ལོག་འདྲེན་ཚར་གཅོད་བསྟན་དང་བསྟན་འཛིན་སྐྱོང་། །ཕྲིན་ལས་ཐོགས་མེད་མཁའ་འགྲོ་ཆོས་སྐྱོང་ཚོགས། །མཐུ་སྟོབས་གློག་སྟོང་འགྱུ་བའི་བཀྲ་ཤིས་ཤོག །སངས་རྒྱས་བསྟན་དར་སེམས་ཅན་བདེ་ཞིང་སྐྱིད། །རྣལ་འབྱོར་ཆོས་འཕེལ་འགལ་རྐྱེན་བར་ཆད་ཞི། །རང་དོན་མཐར་ཕྱིན་གཞན་དོན་ལྷུན་གྲུབ་པས། །ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་ཤོག །དེ་ལྟར་ཆུ་གཏོར་གྱི་རིམ་པ་འདི་ནི་གཞུང་གཞན་ནས་ཁ་བསྐང་མི་དགོས་པར་སྦྱོར་དངོས་རྗེས་གསུམ་ཚང་ཞིང་བལྟས་ཆོག་ཏུ་བྱས་པ་ཞིག་དགོས་བཞེས། །རིག་པ་འཛིན་པ་ཚུལ་ཁྲིམས་བཟང་པོ་སོགས་དོན་གཉེར་མང་པོས་ཡང་ཡང་བསྐུལ་བའི་ངོར། གནས་ཆེན་ཆུ་བོ་གཡས་འཁྱིལ་དུ་བཀོད་པ་འདིས་ཀྱང་འགྲོ་བ་རྣམས་ཕན་བདེའི་གོ་འཕངས་འགོ་འཕངས་འགོད་པའི་རྐྱེན་དུ་གྱུར་ཅིག །མངྒ་ལཾ། །གཅིག་ཞུད། །

གཏོར་མའི་ལྷན་ཐབས་ཀྱི་རིགས་ཉེ་བར་མཁོ་བ་འགའ་ཞིག


TR007_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མའི་ལྷན་ཐབས་ཀྱི་རིགས་ཉེ་བར་མཁོ་བ་འགའ་ཞིག་བཞུགས་སོ། །


TR007_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མ་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ། །ཆུ་གཏོར་གྱི་ལས་རིམ་གཞན་རྣམས་གོང་དུ་བསྟན་ནས། འདིར་ཉེ་བར་མཁོ་བའི་ཆ་ལག་འགའ་ཞིག་སྟོན་ཏེ། དེ་ཡང་སྔོན་དུས། བཀའ་གདམས་རིན་པོ་ཆེའི་སྐྱེས་ཆེན་རྣམས་ཀྱིས་ཕྱག་བཞེས་སུ་མཛད་པའི་དཀར་ཆ་བཞིའམ་ཆ་ལྔར་གྲགས་པའི་རིམ་པ་རྣམས་གཏོང་བར་སྤྲོ་ན། །གཏོར་སྣོད་རྣམས་སུ་རིམ་བུ་བདུན་བདུན་རེའམ་འབྲུ་འབྲས་སོགས་ཅི་རིགས་ཆུ་དང་བཅས་པ་བཤམས་པའི་དང་པོ་དེ་ལ། བསངས་སྦྱངས་བྱིན་བརླབས་རྣམས་འཛམ་སེར་གྱི་སྐབས་ནས་བྱུང་བ་ལྟར། འབྲུ་གསུམ་གྱིས་བྱིན་རླབས་ཡན་ཆད་གྲུབ་རྗེས། བདག་ཉིད་འཕགས་པའི་ཐུགས་ཀའི་ཧྲཱིཿཡིག་ལས། །འོད་འཕྲོས་རྗེ་བཙུན་མི་གཡོ་སྐུ་མདོག་ལྗང་། །


TR007_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་ཞགས་པ་འཛིན་པ་སྤྱན་དྲངས་ནས། །མདུན་དུ་པད་ཉིའི་གདན་ལ་བཞུགས་པར་གྱུར། །ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཧཱུྃ་ཕཊཿ ཅེས་སྔགས་ལན་བདུན་དང་། ཨཱརྱ་ཨ་ཙ་ལ་ས་པཱ་རི་ཝ་ར་ཨི་དམ་བ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཛྲ་ཨརྒྷཾ། པུཥེྤ། སོགས་ཀྱིས་མཆོད་ཅིང་ཆུ་སྦྲེང་ལ། མཆོད་གཏོར་བདུད་རྩིའི་རྒྱ་མཚོ་འདི་འབུལ་ཞིང་། །མགོན་པོ་ཁྱོད་ལ་གུས་པས་བསྟོད་ལགས་ན། །ཉོན་མོངས་བདུད་བཞིའི་དཔུང་ལས་རྣམ་རྒྱལ་ཞིང་། །མཆོག་མཐུན་དངོས་གྲུབ་དེང་འདིར་སྩལ་དུ་གསོལ། །ཞེས་འདོད་དོན་གསོལ་ཞིང་རང་


TR007_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་གཤེགས་པར་བསམ། གཉིས་པ་ནི། སླར་ཡང་བདག་ཉིད་ཐུགས་ཀའི་འོད་ཟེར་གྱིས། །རྗེ་བཙུན་འཕགས་མ་སྔོ་ལྗང་རབ་ཏུ་མཛེས། །མཆོག་སྦྱིན་ཨུཏྤལ་བསྣམས་པ་སྤྱན་དྲངས་ནས། །མདུན་དུ་པད་ཟླར་དགྱེས་པས་བཞུགས་པར་གྱུར། མཆོད་གཏོར་བྱིན་གྱིས་བརླབས་པ་འབུལ་བར་བསམ་ལ་ཆུ་སྦྲེང་ཞིང་། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནམ། ཨ་པྲ་ཏི་ཧ་ཏ་ཤ་ས་ནཱ་ནམ། ཧེ་ཧེ་བྷ་ག་ཝ་ཏི་མ་ཧཱ་སཏྭ་སརྦ་བུདྡྷ་ཨ་ཝ་ཀི་ཏེ། མཱ་བི་ལཾ་བ། མཱ་བི་ལཾ་བ། ཨི་དམ་བ་ལིངྟ་གྲྀ་ཧྞ་པ་ཡ། གྲྀ་ཧྞ་པ་ཡ། སརྦ་བི་པཉྩ་རེ་སྭཱ་ཧཱ། ཨརྒྷཾ། པུཥྤེ༴ བདག་གིས་གུས་པས་ཕུལ་བའི་མཆོད་གཏོར་འདི། །བཞེས་ནས་བདག་སོགས་མཁའ་མཉམ་སེམས་ཅན་ཀུན། །ངན་སོང་འཁོར་བའི་འཇིགས་པ་ཆེན་པོ་ལས། །སྒྲོལ་མཛད་འཕགས་མ་ཁྱེད་ཀྱིས་སྐྱབས་དུ་གསོལ། །ཞེས་གསོལ་བ་གདབ་ཅིང་ལྷ་གཤེགས་པར་མོས། ཀླུ་གཏོར་ལ་ཡང་། བྱིན་རླབས་སོགས་གོང་མ་རྣམས་བལྟར་ལས། །ཁྱད་པར་འབྲུ་གསུམ་གྱིས་མཇུག་ཏུ། ཨོཾ་ཨཱ་ཀ་རོ་


TR007_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཁཾ་སརྦ་དྷརྨ་ཎཾ། ཨཱ་དྱ་ནུཏྤནྣ་ཏྭཏཱ། ཨོཾ་ཨཱཿཧཱུྃ་ཕཊཿསྭཱ་ཧཱཿཞེས་པས་ཀྱང་བྱིན་གྱིས་བརླབས་ལ། ཀླུ་རིགས་རྣམས་སྤྱན་དྲངས་པ་ནི། །ཨོཾ་བ་ཏ་ལི། །བ་ཏ་ལི། མ་ཧཱ་བ་ཏ་ལི་ཧཱུྃ་ཧཱུྃ་ཛ་ཛ་སྭཱ་ཧཱ། སྔོན་ཚེ་རྒྱལ་བའི་སྤྱན་སྔར་ཆོས་ཐོས་པའི། །རྒྱལ་རིགས་བྲམ་ཟེ་རྗེ་དང་དམངས་རིགས་གདོལ། །སོ་སོའི་གཡོག་འཁོར་དཔག་མེད་ཚོགས་དང་བཅས། །མཆོད་པའི་གནས་འདིར་མྱུར་དུ་གཤེགས་སུ་གསོལ། །ཨོཾ་ཨཱ་གཙྪ་ཨ་གཙྪ་མ་ཧཱ་ན་ག་ཨ་དྷི་པ་ཏ་ཡེ། བྷུརྦྷུ་ཝ་ཕྲུཾ་ཁྲུཾ་སྭཱ་ཧཱ། པདྨ་ཀ་མ་ལ་ཡེ་སྟཾ། ཞེས་པས་སྤྱན་དྲངས་ཤིང་བཞུགས་གསོལ་ལ། ཆུ་སྦྲེང་ཞིང་། ཨོཾ་ན་ག་ཨ་དྷི་པ་ཏ་ཡེ། གྲྀཧྞེ་དམ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨརྒྷཾ། པུཥྤེ༴ ཨོཾ་ཧི་ལི་ཧི་ལི། མ་ཧཱ་ཧི་ལི་ཕྲུཾ་ཕུཿསྭཱ་ཧཱ། ཨོཾ་བྷཀྵ་ཡ། བྷཀྵ་ཡ། ས་མ་ཡ་ཏིཥྛ་ཛུཾ་ཕྲུཾ་སྭཱ་ཧཱ། ཅེས་པ་རྣམས་ཀྱིས། སེ་གོལ་བཅས་པས་ཆུ་སྦྱིན། མཐར་ཆོས་


TR007_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྦྱིན་པ་ཡང་བྱ་ཞིང་། འདོད་དོན་གསོལ་བ་ནི། །ཀླུ་རྒྱལ་འཁོར་དང་བཅས་པ་ཐམས་ཅད་ཀུན། །གཙང་སྦྱར་མཆོད་སྦྱིན་མཆོག་འདིས་ཚིམ་བྱོས་ལ། །རུ་ང་ཕྲག་དོག་གནོད་འཚེ་གཏན་སྤངས་ཤིང་། །ཆར་ཆུ་དུས་འབེབས་རྒྱལ་ཁམས་བདེ་བར་མཛོད། །ཞེས་བརྗོད་ལ། ཨོཾ་ནཱ་ག་ཨ་དྷི་པ་ཏི་ས་པཱ་རི་ཝ་ར་གཙྪ། ཨོཾ་ག་རུ་ཌ། ཧཾ་ས་ཧི། ཙ་ལེ་ཙ་ལེ་སྭཱ་ཧཱ། ཞེས་པས་རང་གནས་སུ་བསྒྲད་དོ། །སུ་རཱུ་པ་ནི། བྱིན་རླབས་གཞན་རྣམས་ལྟར་དང་ཨཱ་ཀཱ་རོ་སོགས་ཀྱིས་ཀྱང་བྱིན་བརླབས་ལ། རང་ཉིད་བཅོམ་ལྡན་རིན་ཆེན་གཟུགས་མཛེས་ཀྱི། །བྱམས་པའི་ཐུགས་རྗེས་ཡི་དྭགས་ཀུན་སྐྱབས་ཤིང་། །འདོད་ཡོན་བཟའ་བཏུང་ལོངས་སྤྱོད་ཕུན་ཚོགས་པས། །ཅི་འདོད་རེ་བ་བསྐངས་ཤིང་ཚིམ་པར་གྱུར། །ན་མཿསུ་རཱུ་པ་ཡ་ཏ་ཐཱ་ག་ཏཱ་ཡ། །ཨརྷ་ཏེ། སཾ་མྱཀྶཾ་བུདྡྷཱ་ཡ། ཏདྱཐཱ། ཨོཾ་སུ་རུ་སུ་རུ། པྲ་སུ་རུ། པྲ་སུ་རུ། ཏ་ར་ཏ་ར། བྷ་ར་བྷ་ར། སཾ་བྷ་ར་སཾ་བྷ་ར། སྨ་ར་སྨ་ར། སནྟར་


TR007_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཡ། སནྟར་པ་ཡ། སརྦ་པྲེ་ཏ་ནཱཾ་སྭཱ་ཧཱ། ཞེས་ལན་བདུན་གསུམ་སོགས་བརྗོད་པས་སེ་གོལ་དང་བཅས་ཏེ་ཆུ་སྦྱིན་ཅིང་། ཨ་པ་ས་རནྟུ། ཨ་ཝ་ཏཱ་ར་པྲེ་ཀྵི་ཎེ། ད་ད་མྱ་ནཾ། སརྦ་ལོ་ཀཱ་དྷཱ་ཏུ་བྷཱ་སི་ནཱཾ། པྲེ་ཏ་ནཱ་མ་ཧཱ་ཌཾ། འཕགས་མཆོག་རིན་ཆེན་གཟུགས་མཛེས་ཐུགས་རྗེ་དང་། །སྔགས་དང་ཏིང་འཛིན་བདེན་པའི་གཟི་བྱིན་གྱིས། །གནས་ངན་ཡི་དྭགས་འགྲོ་བའི་རིགས་གྱུར་ཀུན། །བདེ་ལྡན་བླ་མེད་བྱང་ཆུབ་ཐོབ་གྱུར་ཅིག །དེ་དག་གིས་དཀར་ཆ་བཞིའི་རིམ་པ་རྣམས་གྲུབ་ནས། ཆ་ལྔ་པ་ལྟར་ན་གཞི་བདག་དཀར་ཕྱོགས་སྐྱོང་བ་རྣམས་ལ་བསྔོ་བ་ཡིན་ཀྱང་། དེ་ནི་གོང་གི་བརྒྱ་རྩའི། འཛམ་གླིང་སྤྱི་དང་ཁྱད་པར་བོད་ཁམས་ཀྱི་ཞེས་སོགས་འབྱུང་བ་དེ་ཀས་ཐུས་ཕྱིར། འདིར་ཆ་བཞི་པ་ཁོ་ནར་བྱས་པའོ། །དཀར་ཆ་བཞི་འདི་དག་ནི་བརྒྱ་རྩའི་སྔ་ཕྱི་གང་དུ་སྦྱར་ཡང་རུང་མོད་ཀྱང་། དེང་སང་ཕལ་ཆེ་བའི་ལག་ལེན་དུ་འདི་དག་སྔོན་ལ་གྲུབ་རྗེས། དེ་ནས་བརྒྱ་རྩ་དང་། དེ་ནས་ཚེ་འདས་སོགས་ལ་དམིགས་ན་བར་དོ་ཆ་བཞི་དང་། དེ་ནས་འབྱུང་བཞིའམ། ཆ་གསུམ་སོགས་གང་འོས་སྐབས་དང་སྦྱོར། །མཛད་པ་ཉིད་


TR007_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་མང་ངོ་། །དེ་ལ་བར་དོ་ཆ་བཞི་ནི། བརྒྱ་རྩའི་ནང་དུ་མ་ཐུས་པ་ཞིག་ཡིད་མོད་ཀྱང་། གཤིན་པོའི་ཆེད་དུ་རྒྱས་པར་སྤྲོ་ན། གཏོར་སྣོད་བཞིར་རིལ་བུ་བདུན་བདུན་ནམ་ཉེར་གཅིག་སོགས་གང་འབྱོར་ཆུ་དང་བཅས་པ་བཤམས་ལ། །བསངས་སྦྱངས་བྱིན་རླབས་སྤྱི་ལྟར་དང་། །སམྦྷ་རའི་གཟུངས་ཅི་མང་བརྗོད་ཅིང་། ཆ་དང་པོ་ནི། ཨརྒྷཾ་སོགས་ཀྱི་མཆོད་ལ། བརྩེ་ལྡན་ཕྱོགས་བཅུའི་རྒྱལ་བ་མ་ལུས་དང་། །སྐྱབས་གནས་བླ་མ་ཡི་དམ་ལྷ་ཚོགས་རྣམས། །མཆོད་གཏོར་འདི་བཞེས་བར་དོའི་སེམས་ཅན་ལ། །ཐུགས་རྗེ་ཆེན་པོས་རྗེས་སུ་གཟུང་དུ་གསོལ། །གཉིས་པ་ཡང་བྱིན་རླབས་མཆོད་སོགས་གོང་ལྟར་ལས། །ཡེ་ཤེས་ལས་གྲུབ་གནས་གསུམ་མཁའ་འགྲོ་དང་། །དམ་ཅན་རྒྱ་མཚོ་བཀའ་སྲུང་ཚོགས་བཅས་ཀྱང་། །ཐུགས་དམ་སྐོངས་ནས་ཉམ་ཐག་སེམས་ཅན་གྱི། །སྐྱབས་མགོན་དཔུང་གཉེན་དམ་པ་མཛད་དུ་གསོལ། གསུམ་པ་ལ་བྱིན་རླབས་སྔར་བཞིན་ལས། དེ་བཞིན་གཤེགས་པ་བཞིའི་མཚན་བསྒྲག་ཅིང་། །ཚེ་འདས་རྣམས་ལ་གནོད་ཅིང་འཚེ་བྱེད་ཅིང་། །ལན་ཆགས་ཤི་གཤེད་བགེགས་རིགས་ཐམས་ཅད་ཀྱང་། །མཆོད་སྦྱིན་འདི་ཡིས་མགུ་


TR007_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཚིམ་གྱིས་ལ། །ཐར་པའི་ལམ་གྱི་གེགས་དང་འཚེ་བ་སྤོང་། བཞི་པ་ཡང་མཚན་སོགས་གོང་ལྟར ་དང་། སྔ་ལུས་བོར་ནས་ཕྱི་ལུས་མ་བླངས་པའི། །བར་དོའི་འགྲོ་ཀུན་སྦྱིན་པ་འདིས་ཚིམ་ཞིང་། །འཁྲུལ་སྣང་འཇིགས་སྐྲག་སྡུག་བསྔལ་ཀུན་བྲལ་ནས། །དག་པའི་ཞིང་དུ་བརྫུས་ཏེ་སྐྱེ་བར་ཤོག །རྒྱས་པར་སྤྲོ་ན་མི་འཁྲུག་པའི་ཆུ་སྦྱིན་ཡང་འདིར་བྱ་ཞིང་། །སངས་རྒྱས་བྱང་སེམས་བདེན་པའི་བྱིན་རླབས་དང་། །ཅེས་སོགས་ཀྱི་བསྔོ་ཞིང་སྨོན་ལམ་ཅི་རིགས་ཀྱང་གདབ་པར་བྱའོ།། ༈ །།རྗེ་བཙུན་དམ་པ་རྒྱ་གར་བའི་ལུགས་ཀྱི་འབྱུང་བཞིའི་གཏོར་མ་བྱེད་པར་འདོད་ན་འབྱུང་བ་བཞི་མཚོན་བྱེད་ཀྱི་གཏོར་མ་ཟླ་གམ། གྲུམ། ཟླུམ་པོ། གྲུ་བཞི་རྣམས་དང་། ངར་གླུད་འཆང་བུ་དང་བཅས་པ་བཤམས་ལ། བཛྲ་ཨ་མྲྀ་ཏ་སོགས་ནས། སྭཱ་བྷ་ཝའི་མཐར། རིན་ཆེན་སྣོད་དུ་ཡེ་ཤེས་བདུད་རྩི་ཡི། །ངོ་བོ་ཉིད་ལ་རྣམ་པ་འབྱུང་བཞིའི་ཚུལ། །དབང་པོ་དྲུག་གི་སྤྱོད་ཡུལ་ཕུན་ཚོགས་པའི། །འདོད་ཡོན་ཕུང་པོ་ནམ་མཁའ་མཉམ་པར་གྱུར། ཡྃ་རྃ་ཝྃ་ལྃ་ཨོཾ་


TR007_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧཱུྃ། །བདག་ཉིད་རྗེ་བཙུན་དམ་པ་སངས་རྒྱས་སྐུ། །སྨུག་ནག་ཌ་མ་རུ་དང་དྲིལ་བུ་འཁྲོལ། །སྣང་སྲིད་ཐམས་ཅད་རྟེན་འབྲེལ་སྒྱུ་མར་ཤར། །བྱིན་རླབས་གཟི་འོད་འབར་བ་གཅིག་ཏུ་གྱུར། ཡྃ། ཨི་ཨཱི། ཙ་ཚ་ཛ་ཛྷ་ཉ། ལན་བདུན་ནམ་ཉེར་གཅིག་བཟླ་ཞིང་། ཨརྒྷཾ། པུཥྤེ། སོགས་བརྗོད་པས་ཆུ་སྦྲེང་། འདོད་དོན་གསོལ་བ་གདབ་པ་ནི། །དཔལ་ལྡན་བླ་མ་མི་འགྱུར་རྡོ་རྗེའི་རིགས། །སྤྲུལ་འཁོར་བཅས་ལ་རླུང་རྫས་མཆོད་པའི་སྤྲིན། །ཕུལ་བས་ཞེ་སྡང་རླུང་ནད་དྲི་ཟའི་གདོན། །བར་ཆད་མ་ལུས་ཞི་བར་མཛད་དུ་གསོལ། རྃ། རྀ་རྀ། ཊ་ཋ་ཌ་ཌྷ་ཎ། བདུན་སོགས་བཟླ་ཞིང་། ཨརྒྷཾ་སོགས་ཀྱི་མཆོད་ལ་དཔལ་ལྡན་བླ་མ་འོད་འབྱུང་རིན་ཆེན་རིགས། །སྤྲུལ་འཁོར་བཅས་ལ་མེ་རྫས་མཆོད་པའི་སྤྲིན། །ཕུལ་བས་ང་རྒྱལ་ཚད་ནད་གཤིན་རྗེའི་གདོན། །ཞིང་ཞིང་ཚེ་དཔལ་ལོངས་སྤྱོད་རྒྱས་པར་མཛོད། ཝྃ། ཨུ་ཨཱུ། པ་ཕ་བ་བྷ་མ། བདུན་བཟླས། མཆོད་པས་མཆོད་ཅིང་། །དཔལ་ལྡན་བླ་མ་ཆགས་མེད་པདྨའི་


TR007_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

རིགས། །སྤྲུལ་འཁོར་བཅས་ལ་ཆུ་རྫས་མཆོད་པའི་སྤྲིན། །ཕུལ་བས་འདོད་ཆགས་གྲགས་ནད་ཀླུ་གདོན་ཚོགས། །ཞི་ཞིང་སྣང་སྲིད་དབང་དུ་འདུ་བར་མཛོད། ལྃ། ལྀ་ལཱྀ། ཏ་ཐ་ད་དྷ་ན། བདུན་དང་། མཆོད་ཅིང་། །དཔལ་ལྡན་བླ་མ་ཐོགས་མེད་ལས་ཀྱི་རིགས། །སྤྲུལ་འཁོར་བཅས་ལ་ས་རྫས་མཆོད་པའི་སྤྲིན། །ཕུལ་བས་ཕྲག་དོག་བད་ཀན་འགོང་པོའི་གདོན། །ཞི་ཞིང་གནོད་བྱེད་རྡུལ་དུ་རླག་པར་མཛོད། །དེ་ནས་ངར་གླུད་ལ་འབྲུ་གསུམ་དང་། སམྦྷཱ་རའི་སྔགས་དང་། ཨ་ཀཱ་རོས་བྱིན་གྱིས་བརླབ་ཅིང་། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་ལ། འདོད་ཡོན་ལྔ་ལྡན་གླུད་གཏོར་བཟང་པོ་འདི། །འབྱུང་བ་ས་ཆུ་མེ་རླུང་བྲག་དང་ཤིང་། །ནམ་མཁའ་ལ་བརྟེན་ལྷ་སྲིན་འབྱུང་པོའི་རིགས། །སྣང་ཞིང་སྲིད་པའི་ལྷ་འདྲེའི་ཚོགས་ལ་བསྔོ། །ཤ་ཁྲག་དྲོད་དབུགས་རྩ་རྒྱུས་ལྤགས་པ་དང་། །ལུས་ངག་ཡིད་ཀུན་གླུད་དུ་འདི་ཁྱེར་ལ། །བུ་ལོན་ལན་ཆགས་གནོད་འཚེ་ཀུན་


TR007_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ནས། །རང་གཞན་བདེ་ལེགས་ལམ་ལ་འཁོད་གྱུར་ཅིག །དཀོན་མཆོག་བླ་མའི་བྱིན་རླབས་ནུས་སྟོབས་དང་། །བདག་གི་ལྷག་བསམ་མཆོད་སྦྱིན་དགེ་འབྲས་མཐུས། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་ཕུན་ཚོགས་འགྲུབ། །བདེ་ལེགས་ཡིད་བཞིན་འབྱུང་བའི་བཀྲ་ཤིས་ཤོག །གཞན་ཡང་བསྔོ་བ་སྨོན་ལམ་བཀྲ་ཤིས་སོགས་ཀྱང་རྒྱས་བསྡུས་སྐབས་དང་སྦྱར་ལ་བྱའོ། །དེ་ལྟར་ཆུ་གཏོར་གྱི་ཉེ་བར་མཁོ་བ་འགའ་ཙམ་མདོར་བསྡུས་ནས་བཀོད་པ་ཡིན་ཞིང་། འདིར་མ་འཐུས་པ། །བྲུལ་གཏོར་ཆ་ལྔ་དང་དབྱུག་གུ་དྲུག་ཅུ་པ། །ཀླུ་གཏོར་བ་སུ་ཉེ། མི་གཡོ་དྲུག་ཅུ་པ་སོགས་ནི་སོ་སོའི་གཞུང་རྣམས་ལས་ཤེས་པར་བྱ་ཞིང་། ཆ་གསུམ་སོགས་ཀྱང་བཀའ་གསར་རྙིང་མཐའ་དག་མཐུན་པར་འདུག་ཚེ་འདིར་དགོས་སུ་མ་བྲིས་སོ། །འདི་བཀོད་དགེ་བས་འགྲོ་བ་རྣམས་དགེ་ལེགས་ཀྱི་ལམ་ལ་འཁོད་པར་གྱུར་ཅིག །ཤུ་བྷཾ། གཅིག་ཞུད། །

བྲུལ་གཏོར་ཆ་ལྔ་པའི་རིམ་པ་ཇི་ལྟར་བྱ་བའི་ཚུལ།


TR007_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བྲུལ་གཏོར་ཆ་ལྔ་པའི་རིམ་པ་ཇི་ལྟར་བྱ་བའི་ཚུལ་བཞུགས་སོ། །


TR007_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་ཡ། དེ་ཡང་གྲུབ་ཐོབ་ཤངས་པ་བཀའ་བརྒྱུད་ལས་ཐོན་པའི་སྐྱེས་ཆེན་དམ་པ་དབོན་སྟོན་རིན་པོ་ཆེ་སྐྱེར་སྒང་པ་ཆེན་པོ་འདི་ཉིད་སྒྲུབ་པ་ལ་རྩེ་གཅིག་ཏུ་བཞུགས་པའི་སྐབས་ཤིག་ཏུ་སྦྱིན་བདག་གིས་ནན་གྱིས་གདན་དྲངས་ཤིང་བླ་མས་ཀྱང་བཀའ་ནན་བསྩལ་བའི་ངོར་ཡོན་བདག་གིས་སར་ཞག་ཤས་བྱོན་པས། དེར་ཞབས་ཏོག་ཀྱི་རྒྱུ་རྣམས་གསུངས་རབས་གཙོངས་པའི་སྐུ་གླུད་ཡིན་པར་སྣང་བ་དེ་དག་བཞེས་པའི་དཀོར་གྱི་ཉེས་པའི་མཐུས། སྔར་ནས་ཐུགས་དམ་གྱི་ཡོན་ཏན་དཔག་མེད་ཡོད་པ་ཐམས་ཅད་འགྲིག་ཅིང་། སྐུ་ལུས་ལ་ཡང་མི་བདེ་བའི་རྣམ་པ་དུ་མ་དང་། མནལ་ལམ་སོགས་ཀྱང་མི་ཟད་འཇིག་རུང་གི་སྣང་བ་འབའ་ཞིག་བྱུང་བ་ལ་ཕན་ཐབས་ཀྱི་རིགས་


TR007_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་བྱས་ཀྱང་གསོར་མ་ཆུད་པས། འཕགས་པ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ཚེ། འཕགས་པས་དཀོར་གྱི་ཉེས་པ་སྦྱོངས་བའི་ཐབས་བྲུལ་གཏོར་གྱི་གདམས་པ་འདི་དངོས་སུ་གནང་བ་བཞིན་མཛད་པས། བར་ཆད་དེ་ཐམས་ཅད་ཞི་ཞིང་ཐུགས་དམ་གྱི་ཡོན་ཏན་རྣམས་གོང་འཕེལ་དུ་གྱུར་པ་བྱུང་བ་སྟེ། དེས་ན་འདི་ནི་ལྷག་པར་དིང་སང་གི་ཆོས་པ་རྣམས་ལ་མེད་ཁ་མེད་ལྟ་བུར་སྣང་བས་བརྩོན་འཚལ་ཏེ། དེ་ལ། གཏོར་སྣོད་ལྔའི་དང་པོ་གཉིས་སུ་རིལ་བུ་ཉེར་གཅིག་རེ་དང་། འོག་མ་གསུམ་དུ་རིལ་བུ་བདུན་རེ་ཆུ་དང་བཅས་པ་ཚུལ་བཞིན་བཤམས་ནས། གཏོར་མ་གཞན་དང་མི་འབྲེལ་ན་སྐྱབས་སེམས་ཡན་ལག་བདུན་སོགས་སྔོན་འགྲོ་རྣམས་ཀྱང་སྤྱི་ལྟར་བྱས་ལ། དངོས་གཞི་ནི་གཏོར་སྣོད་དང་པོ་


TR007_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ། བཛྲ་ཨ་མྲྀ་ཏའི་སྔགས་ཀྱིས་བསངས། སྭཱ་བྷཱ་ཝས་སྟོང་པ་ཉིད་དུ་སྦྱངས་ཏེ། བྱིན་བརླབས་ནི། རིན་ཆེན་གཏོར་སྣོད་མཆོག་ཏུ་ཡངས་པ་རུ། །གཏོར་མ་ཟག་མེད་བདུད་རྩིའི་རྒྱ་མཚོར་བསྐྱིལ། །བདག་གི་ལུས་ལས་ལུས་ཚོགས་དཔག་མེད་འཕྲོས། །བདུད་རྩིའི་ནང་སོང་དཀར་གསུམ་མངར་གསུམ་སོགས། །མཆོད་རྫས་ཀུན་བཟང་རྣམ་འཕྲུལ་རྒྱ་ཆེར་གྱུར། ཨོཾ་ཨཱཿཧཱུྃ། །དཀོན་མཆོག་རྣམ་གསུམ་ཉན་རང་བྱང་སེམས་དང་། །གཙང་རིས་ཆོས་སྐྱོང་དཀར་ཕྱོགས་དགེ་གཉེན་སོགས། །དཀར་མཆོད་ལ་དགྱེས་གཏོར་མགྲོན་མ་ལུས་ཀུན། །མདུན་གྱི་ནམ་མཁར་སྤྲིན་ཕུང་ལྟར་བཞུགས་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཅེས་པའི་སྔགས་ལན་ཉེར་གཅིག་བརྗོད་ནས། ཡིག་དྲུག་ཚར་ཉེར་གཅིག་བརྗོད་པ་དང་ལྷན་གཅིག་ཏུ་ཆུ་ཐིག་རེ་དང་སེ་གོལ་རེ་སྦྲག་ནས་འབུལ་ཞིང་། མཐར་ཨརྒྷཾསོགས་ཀྱིས་ཀྱང་མཆོད་ལ། བདག་ལུས་ཞུ་བའི་མཆོད་སྤྲིན་འདི་ཕུལ་བས། །སྐུ་གསུང་ཐུགས་རྟེན་དཀོར་བླུད་ཟོས་པ་


TR007_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བཤད་སྒྲུབ་དགེ་འདུན་རྫས་ལ་འབགས་པའི་སྒྲིབ། །མཁན་སློབ་དགེ་འདུན་བཀའ་བཅགས་ཐུགས་ཀྲུག་སོགས། །ཉེས་སྒྲིབ་མཐའ་དག་འདི་ཡིས་བྱང་གྱུར་ཅིག །སངས་རྒྱས་སྐུ་གསུམ་མཉེས་པའི་བྱིན་རླབས་དང་། །ཅེས་སོགས་ཀྱི་བདེན་ཚིག་ཀྱང་བརྗོད་པར་བྱའོ། །གཏོར་སྣོད་གཉིས་པ་ལ་བསངས་སྦྱངས་གང་བཞིན་བྱས་ལ། །རིན་ཆེན་བདུད་རྩིའི་སྣོད་བཟང་འབར་བ་རུ། །གཏོར་མ་ཤ་ལྔ་བདུད་རྩི་རྣམ་ལྔས་གང་། །བདག་གི་ལུས་ལས་ལུས་ཚོགས་དཔག་མེད་འཕྲོས། །བདུད་རྩིའི་ནང་སོང་སྨན་རག་གཏོར་ཚོགས་ཀྱི། །མཆོད་རྫས་བླ་མེད་ཡོན་ཏན་ཀུན་ལྡན་གྱུར། །ཨོཾ་ཨཱཿཧཱུྃ། རྩ་རྒྱུད་བླ་མ་ཡི་དམ་ལྷ་ཡི་ཚོགས། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་དང་། །ཕོ་ཉ་ལས་མཁན་སྔགས་བསྲུངས་སྤྲུལ་འཁོར་བཅས། །མདུན་གྱི་ནམ་མཁར་སྤྲིན་ཕུང་ལྟར་བཞུགས་གྱུར། །གོང་གི་སམྦྷ་རའི་སྔགས་ཚན་ཉེར་གཅིག་དང་ཡིག་དྲུག་ཆུ་ཐིག་སེ་གོལ་ཉེར་གཅིག །ཨརྒྷཾ་སོགས་ཀྱི་མཆོད་ནས། བདག་ལུས་ཞུ་བའི་དམ་རྫས་འདི་ཕུལ་


TR007_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བས། །བླ་མའི་དཀོར་དང་དཀྱིལ་འཁོར་གཏོར་ཚོགས་རྒྱུའི། །དཀོར་ལ་འབགས་དང་ཟབ་མོའི་དབང་ཆོས་སོགས། །ནོར་ཕྱིར་བཙོངས་དང་བླ་མ་མཆེད་ལྕམ་ལ། །དམ་ཚིག་ཉེས་ལྟུང་ཅི་བསགས་བྱང་གྱུར་ཅིག །བྱམས་པའི་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །གཉིས་མེད་དབྱིངས་དུ་མི་འགྱུར་བདག་བཀོད་དེ། །མི་དམིགས་བཏང་སྙོམས་དང་དུ་བཞུགས་ནས་ཀྱང་། །གཉིས་མེད་དོན་གྱི་ཚངས་པ་སྩལ་དུ་གསོལ། །སོགས་ཀྱིས་བཤགས་པ་བྱའོ།། ༈ །།སྣོད་གསུམ་པར་བསངས་སྦྱངས་གོང་ལྟར་བྱས་ལ། །སྟོང་གསུམ་མཉམ་པའི་རིན་ཆེན་སྣོད་ནང་དུ། །གཏོར་རྫས་གཟུགས་སྒྲ་དྲི་རོ་རེག་བྱ་ལྡན། །བདག་གི་ལུས་ལས་ལུས་ཚོགས་དཔག་མེད་འཕྲོས། །དགོས་འདོད་འབྱུང་བའི་ཡིད་བཞིན་ནོར་བུ་ལྟར། །འདོད་ཡོན་ཟད་མེད་ལྷུན་གྲུབ་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ། ཁམས་གསུམ་སྲིད་པ་བསྡུས་པའི་སྐྱེ་འགྲོའི་རིགས། །ཐོག་མར་ད་བར་ཕ་མར་གྱུར་པ་ཡི། །དྲིན་ཅན་སྙིང་རྗེའི་མགྲོན་ཚོགས་མ་ལུས་ཀུན། །མདུན་དུ་ས་གཞི་ཁྱབ་པ་འདུས་པར་


TR007_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །ན་མསྶརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཚར་བདུན་དང་། ཡིག་དྲུག་ཆུ་ཐིག་སེ་གོལ་བདུན་གྱི་མཐར་དེ་བཞིན་གཤེགས་པ་བཞིའི་མཚན་ཀྱང་བསྒྲག་ཅིང་། །བདག་ལུས་ཞུ་བའི་འདོད་ཡོན་འདི་བྱིན་པས། །སོ་སོར་ཅི་འདོད་ཕུན་སུམ་ཚོགས་ཐོབ་ཅིང་། །དད་རྫས་གཤིན་དཀོར་སྒྲིབ་པ་ཀུན་བྱང་ནས། །ཕ་མའི་དྲིན་ལན་ཆོས་ཀྱི་འཁོར་གྱུར་ཅིག །སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡིས་ནི། །སོགས་ཀྱང་བརྗོད་དོ།། ༈ །།སྣོད་བཞི་པར་གོང་བཞིན་བསངས་སྦྱངས་ལ། གཏོར་སྣོད་རྒྱ་ཆེན་ནམ་མཁའ་མཉམ་པ་རུ། །གཏོར་མ་བདུད་རྩི་འདོད་ཡོན་སྣ་ཚོགས་བཀང་། །བདག་གི་ལུས་ལས་ལུས་ཚོགས་དཔག་མེད་འཕྲོས། །བདུད་རྩིའི་ནང་སོང་ཅི་འདོད་ལོངས་སྤྱོད་ཀྱིས། །གནོད་བྱེད་བགེགས་ཚོགས་རེ་བསྐོང་རྫས་སུ་གྱུར། །ཨོཾ་ཨཱཿཧཱུྃ། དུག་གསུམ་ལས་དང་མ་རིག་འཁྲུལ་རྟོགས་ཀྱི། །རྒྱུ་འབྲས་ལས་སྒྲུབ་གནོད་བྱེད་གདོན་བགེགས་རིགས། །སྣང་སྲིད་ཀུན་ནས་གར་གནས་


TR007_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་འདོད་ཀུན། །སྐད་ཅིག་ཙམ་ལ་བདག་དྲུང་ཚོགས་པར་གྱུར། །སམྦྷ་ར་དང་ཡིག་དྲུག་ཆུ་ཐིག་སེ་གོལ་བདུན་དང་། མཚན་བཞི་ཡང་བརྗོད་ནས། །བདག་ལུས་ཞུ་བའི་སྦྱིན་པའི་མཆོག་རབ་འདི། །ལན་ཆགས་བགེགས་རིགས་ཀུན་ལ་བསྔོས་པའི་མཐུས། །དགའ་མགུ་ཚིམ་ནས་གཞན་ལ་གནོད་འཚེའི་སེམས། །ཞི་ཞིང་ལན་ཆགས་ཀུན་འཁོར་བྱང་ཆུབ་ཤོག །འབྱུང་པོ་གང་དག་འདིར་ནི་ལྷག་གྱུར་ཏེ། །སོགས་བརྗོད་དོ།། ༈ །།གཏོར་སྣོད་ལྔ་པ་ནི་ཀླུ་རྒྱལ་ཝ་རུ་ཎའི་གཏོར་མ་སྟེ། །ཀླུ་གཏོར་རྒྱས་པ་གཞན་བྱེད་ན་འདི་ཉིད་མ་བྱས་ཀྱང་རུང་མོད་ཀྱི། འདི་ནི་སྤྱན་རས་གཟིགས་དང་། དབོན་སྟོན་རིན་པོ་ཆེའི་གཉིས་ཀའི་སྤྱན་སྔར་དམ་བཅས་པའི་ཆོས་སྲུང་ཡིན་ཕྱིར་བྲུལ་གཏོར་གྱི་སྐབས་འདིར་གཏོང་བའི་ཕྱག་སྲོལ་དུ་སྣང་ཚེ། འདིར་ཡང་བཀོད་པ་ཡིན་ཏེ། བསངས་སྦྱངས་སོགས་སྔ་མ་ལྟར་ལས་ལུས་ཞུ་བ་དེ་འདི་མི་དགོས་ཤིང་བྱིན་བརླབ་ནི། །རིན་ཆེན་གཏོར་གཞེང་གཙང་མཛེས་རྒྱ་ཆེན་དུ། །གཏོར་རྫས་ལྷ་ཡི་བདུད་རྩི་རྒྱ་མཚོས་གཏམས། །དཀར་ཕྱོགས་ཀླུ་རིགས་མཉེས་


TR007_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡོ་བྱད་དང་། མཆོད་པའི་རིགས་ཚོགས་དཔག་མེད་རབ་ལྡན་གྱུར། །ཨོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷཱརྨཱ་ཎཾ། ཨཱ་དྱ་ནུཏྤནྣ་ཏྭཱཏྲ། ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། རང་ཉིད་འཕགས་མཆོག་ཐུགས་རྗེའི་སྐུར་གསལ་བའི། །མདུན་དུ་པད་ཟླར་ཝཾ་ཡིག་ཡོངས་གྱུར་ལས། །ཆུ་བདག་ཀུན་གྱི་གཙོ་བོ་ཝ་རུ་ཎ། །དཀར་མཛེས་རིན་ཆེན་བརྒྱན་ལྡན་སྦྲུལ་མཇུག་ཅན། །ཕྱག་བཞིའི་དང་པོར་ཐལ་སྦྱར་གཡས་འོག་གིས། །རིན་ཆེན་སྙེད་མ་གཡོན་འོག་དབྱུག་ཏོ་དང་། །ཞགས་པ་བསྣམས་ཞིང་ཀླུ་འཁོར་གྲངས་མེད་བཅས། །བདག་གི་མདུན་དུ་གུས་པས་འཁོར་པར་གྱུར། ཨོཾ་ཝ་རུ་ཎ། ས་པཱ་རི་ཝ་ར་བཛྲ་ས་མཱ་ཡ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། སམྦྷ་ར་དང་ཡིག་དྲུག་སེ་གོལ་ཆུ་ཐིག་བདུན། ཨརྒྷཾ་སོགས་ཀྱིས་མཆོད་ཅིང་། །མཚན་བཞི་པོ་ཡང་བསྒྲག་པར་རུང་ངོ། །སྔགས་དང་ཕྱག་རྒྱ་ཏིང་འཛིན་ལེགས་ལྡན་པའི། །མཆོད་


TR007_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་འདོད་ཡོན་ཕུན་ཚོགས་འདི་བཞེས་ལ། །སངས་རྒྱས་བསྟན་དར་ཆོས་སྤྱོད་བསམ་དགུ་འགྲུབ། །ཆར་ཆུ་དུས་འབབ་སྐྱེ་འགྲོ་བདེ་བར་མཛོད། །ཅེས་བསྔོ་ཞིང་། །བདག་གིས་བསམ་པའི་སྟོབས་སོགས་དང་། །ཆོས་ཀྱི་སྦྱིན་པ་ཡང་བྱ་ཞིང་། །གཏོར་མགྲོན་རྣམས་རང་གནས་སུ་གཤེགས་སུ་གསོལ་བ་དང་། །བསྔོ་བ་སྨོན་ལམ་སོགས་རྗེས་ཆོག་རྣམས་ནི་གཞན་དང་མཐུན་ནོ། བྲུལ་གཏོར་གྱི་རིམ་པ་འདི་ཡང་སྨན་སྒོམ་ཚུལ་ཁྲིམས་བཟང་པོས་བཞེང་པ་ལྟར། །སྣ་ཚོགས་རང་གྲོལ་གྱིས་དཔལ་རི་གངས་ཀྱི་འདབ་ཞོལ་དུ་བྲིས་པ་དགེ་ལེགས་འཕེལ་བར་གྱུར་ཅིག །བཀྲ་ཤིས། གཅིག་ཞུད།

བྲུལ་གཏོར་སྐབས་ཀྱི་དོགས་གཅོད་དྲི་ལན་གྱི་འཕྲོས་དོན་འགའ།


TR007_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

བྲུལ་གཏོར་སྐབས་ཀྱི་དོགས་གཅོད་དྲི་ལན་གྱི་འཕྲོས་དོན་འགའ་བཞུགས་སོ།། ༈ །།བྲུལ་གཏོར་གྱི་སྐབས་སུ། །གཏོར་སྣོད་ཀྱི་ནང་དུ་ཇི་ལྟར་བཤམས་པའི་དངོས་པོ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་པ་ནི། །གཏོར་མ་གཞན་རྣམས་དང་འདྲ་བ་ལས། འདི་སྐབས་ཀྱི་ཁྱད་པར་ནི། རང་ཉིད་སྤྱན་རས་གཟིགས་སུ་མི་སྒོམ་པར་རང་ལུས་ཐ་མལ་པ་འདི་ཉིད་ལས་སླར་རང་ལུས་འདི་ཁོ་ན་འདྲ་བ་གཅིག་འཕྲོས་གཉིས་འཕྲོས། གྲངས་མེད་བསམ་གྱིས་མི་ཁྱབ་པ་ཟད་མེད་དུ་འཕྲོས་ནས་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོ་དེའི་ནང་དུ་སོང་བར་བསམ་རྒྱུ་ཡིན་ཞིང་། །དེ་ཡང་བྲུལ་གཏོར་རིམ་པ་བཞིའི། །དང་པོ་དེ་ལ། གཏོར་རྫས་དང་རང་ལུས་དེར་སོང་ནས་ཞུ་ཞིང་འདྲེས་པ་དེ་ཐམས་ཅད་དཀར་གསུམ་མངར་གསུམ་ལ་སོགས་མཆོད་པའི་རིགས་སྣ་ཚོགས་སུ་གྱུར་པར་དམིགས་ཏེ་སངས་རྒྱས་བྱང་སེམས་ཉན་ཐོས་རང་རྒྱལ། །གཙང་རིགས་དཀར་མཆོག་


TR007_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཉེས་པའི་ལྷ་ཚོགས་ཐམས་ཅད་ལ་འབུལ་བར་དམིགས།། ༈ །།གཉིས་པ་དེ་ལ། གཏོར་མ་དེ་ཡང་ཐོད་པ་སྟོང་གསུམ་གྱི་རྒྱ་ཁྱོན་ཙམ་དུ་གྱུར་པའི་ནང་དུ་གཏོར་རྫས་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པས་གང་བ་ལ། །རང་གི་ལུས་འདི་ལས་འདི་དང་འདྲ་བའི་ལུས་དཔག་ཏུ་མེད་པ་འཕྲོས་ནས་དེར་སོང་བས་བདུད་རྩི་དེ་ཉིད་སྨན་རག་གཏོར་ཚོགས་ལ་སོགས་གསང་སྔགས་ནང་གི་མཆོད་པ་དཔག་མེད་གྱུར་པར་བསམ་ནས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་སོགས་སྔགས་ནང་པའི་ལྷ་ཚོགས་ཐམས་ཅད་ལ་འབུལ།། ༈ །།གསུམ་པ་དེ་ལ། གཏོར་སྣོད་རིན་ཆེན་རྒྱ་ཁྱོན་ཤིན་ཏུ་ཆེ་བ་སྟོང་གསུམ་དང་མཉམ་པ། །གཏོར་རྫས་ཀྱང་ངོ་བོ་བདུད་རྩིའི་རྒྱ་མཚོ་ཡིན་པ་ལ། །རྣམ་པ་གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་ལ་སོགས་འདོད་ཡོན་མ་ཚང་བ་མེད་པའི་ནང་དུ། བདག་ལུས་འདི་ལས་ལུས་མང་པོ་འཕྲོས་ནས་ཐིམ་པ་


TR007_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་སླར་ཡང་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པར་བསམ་ཏེ་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་སྦྱིན།། ༈ །།བཞི་པ་དེ་ལ། གཏོར་སྣོད་རྒྱ་ཁྱོན་རབ་ཏུ་ཆེ་བའི་ནང་དུ། །གཏོར་རྫས་རྣམས་ངོ་བོ་ཡེ་ཤེས་བདུད་རྩི་ལ་རྣམ་པ་བཟའ་བཏུང་དང་ཤ་ཁྲག་གློ་སྙིང་ནང་ཁྲོལ་དབང་པོ་ལྔ་སོགས་གདོན་བགེགས་རྣམས་སོ་སོའི་ཡིད་དང་མཐུན་པའི་དངོས་པོར་གྱུར་པའི་ནང་དུ། རང་ལུས་ལས་འདི་འདྲ་བ་གྲངས་མེད་འཕྲོས་ཤིང་དེར་ཐིམ་པ་དང་། གདོན་བགེགས་ལན་ཆགས་འབྱུང་པོ་གནོད་བྱེད་རྣམས་སོ་སོ་ཇི་ལྟར་འདོད་པའི་ལོངས་སྤྱོད་དུ་གྱུར་ནས་བསྔོས་པས། ལན་ཆགས་བགེགས་རིགས་མཐའ་དགེ་མགུ་ཞིང་ཚིམ་སྟེ་གཞན་ལ་གནོད་འཚེའི་བསམ་སྦྱོར་ཞི་ཞིང་བྱང་ཆུབ་ཀྱི་གོ་འཕང་ལ་འཁོད་པར་བསམ།། ༈ །།ལྔ་པ་ལ་ནི། རང་ལུས་ཞུ་བ་དེ་བྱེད་མི་དགོས་པར། །ཀླུ་རྒྱལ་འཁོར་བཅས་ཀྱི་ཐུགས་དང་མཐུན་པའི་མཆོད་རྫས་ཀླུ་སྨན་སོགས་ཅི་འདོད་ཀྱི་ལོངས་སྤྱོད་དུ་


TR007_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ནས་ཕུལ་བ་ཡིན་ནོ། །མདོར་ན་བྲུལ་གཏོར་ཞེས་མིང་དུ་བཏགས་པའི་རྒྱུ་མཚན་ནི། རང་ལུས་མང་པོ་སྤྲོས་ནས་གཏོར་མའི་ནང་དུ་བྲུལ་བར་བསྒོམས་ལ་བྲུལ་གཏོར་དུ་མིང་བཏགས་པ་ཡིན་པར་སྣང་ལ། འདི་ཁོ་རང་གཅིག་པུ་གཏོང་ན་ཐོག་མར་སྐྱབས་སེམས་ཡན་ལག་བདུན་པ་དང་། མཇུག་ཏུ་བསྔོ་སྨོན་བཀྲ་ཤིས་གཤེགས་གསོལ་སོགས་དགོས་མོད་ཀྱང་། དིང་སང་གཏོར་མ་གཞུང་དངོས་དང་སྦྲེལ་ནས་གཏོང་བ་ཡིན་ཚེ། བརྒྱ་རྩ་ཚར་ནས། ལྷག་གཏོར་དང་ཆོས་སྦྱིན་གྱི་རྗེས་སུ་ཇི་ལྟར་བསྔོས་བཞིན་ཐོག་པ་མེད་པར་འབྱུང་གྱུར་ཅིག །ཅེས་པའི་སྐབས་དེར་བྲུལ་གཏོར་བཤམས་ནས་བཏང་། དེ་ཚར་བ་དང་ཡང་། བར་དོ་ཆ་བཞིའམ། འབྱུང་བཞི་སོགས་གང་གཏོང་བར་མོས་པ་རྣམས་དལ་ཁོམ་དང་བསྟུན་ནས་བཏང་བའི་རྗེས་ལ། གཏོར་ཆས་བསྡུ་བའི་སྐབས་སུ། ཡོ་བྱད་མ་འབྱོར་ཏིང་འཛིན་གཡེལ་


TR007_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། ཞེས་སོགས་ཀྱི་གཤེགས་པ་དང་། གཤེགས་གསོལ། བསྔོ་བ། སྨོན་ལམ། བཀྲ་ཤིས་རྣམས་བྱ་བ་ཡིན་ནོ། ཡང་། གཏོར་མ་ཞིག་གཏོང་ཕྱིན་ཆད་བརྒྱ་རྩ་མ་བཏང་བའི་ཐབས་མེད་ཅིང་། བརྒྱ་རྩའི་ཁོགས་སུ་གཞན་ཐམས་ཅད་ཚང་ཞིང་འདུས་པའི་གནད་ཀྱིས་འདི་གཅིག་པུས་མི་ཆོག་རྒྱུ་མེད་པ་དང་། ཡང་། རྒྱས་པར་བྱེད་སྤྲོ་ན་དཀར་ཆ་བཞི། འཇམ་དཔལ། བྲུལ་གཏོར་བར་རོ། །འབྱུང་བཞི་ལ་སོགས་རྣམས་རེ་མོས་བྱས་ནས་བཏང་བས་ཡོང་བ་དང་། གཞན་གང་ཡང་མི་གཏོང་ན། །མཆོད་པའི་མཇུག་གི་ཆུ་སྦྱིན་དེ་ནི་ངེས་པར་དགོས་ཚེ། དེ་དང་བརྒྱ་རྩ་བཏང་ནས་མཇུག་གི་ལས་རིམ་རྣམས་བྱས་པས་འཐུས་པ་ཡིན་པས་དེ་ལྟར་ཐུགས་ལ་བཞུགས་མཛོད། །ཅེས་འཕྲལ་མར་མཚམས་མལ་ནས་དགེའོ། །གཅིག་ཞུས།

ཆུ་གཏོར་ཤིན་ཏུ་བསྡུས་པ་ཉམས་སུ་བླང་བའི་ཐབས་ཡིད་བཞིན་སྙིང་པོ།


TR007_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་གཏོར་ཤིན་ཏུ་བསྡུས་པ་ཉམས་སུ་བླང་བའི་ཐབས་ཡིད་བཞིན་སྙིང་པོ་ཅེས་བྱ་བ་བཞུགས་སོ། །


TR007_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། ཆུ་གཏོར་གྱི་རིམ་པ་ཤིན་ཏུ་བསྡུས་པ་ལ་སྤྲོ་ན། གཏོར་རྫས་རྣམས་ལེགས་པར་བཤམས་ལ་དང་པོ་སྐྱབས་སེམས་ཡན་ལག་བདུན་པ་ནི། ན་མོ། སངས་རྒྱས་ཀུན་གཙོ་བླ་མ་ལ། །བདག་སོགས་རྟག་པར་སྐྱབས་སུ་མཆི། །མཁའ་ཁྱབ་འགྲོ་ལ་ཕན་ཕྱིར་དུ། །བྱང་ཆུབ་སེམས་མཆོག་བསྐྱེད་པར་བགྱི། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །སྡིག་བཤགས་དགེ་ལ་ཡི་རང་ངོ་། །མྱ་ངན་མི་འདའ་ཆོས་འཁོར་བསྐུལ། །དགེ་ཀུན་བྱང་ཆུབ་ཕྱིར་བསྔོའོ། །གནས་དང་བདག་དང་མཆོད་རྫས་བྱིན་གྱིས་བརླབས་པ་ནི།


TR007_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿ སྭ་བྷཱ་ཝཱ་ཤུདྡྷ྅ཧཾ། ས་གཞི་གནས་ཁང་རིན་ཆེན་གྱི། །བསྐྱེད་ཚལ་གཞལ་ཡས་ཉམས་དགའ་བར། །བདག་ཉིད་འཕགས་མཆོག་མཛེས་འཛུམ་དཀར། །མཆོད་སྦྱིན་མེ་ཏོག་ལོངས་སྐུའི་ཚུལ། །རིགས་བདག་སྣང་མཐའི་དབུ་རྒྱན་ཅིང་། །སྟོང་གསལ་འཇའ་འོད་སྐུར་བཞུགས་གྱུར། །ཨོཾ་མ་ི་པདྨེ་ཧཱུྃ། རྃ་ཡྃ་ཁྃ་ཨོཾ་ཨཱཿཧཱུྃ། ཏིང་འཛིན་སྨོན་ལམ་ལས་གྲུབ་པའི། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །ནམ་མཁའ་རབ་འབྱམས་ཡོངས་ཁྱབ་ཅིང་། །


TR007_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་མེད་རྒྱལ་བ་མཉེས་པར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ། བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐ་ཁཾ་ཨུདྒ་ཏེ། སྥ་ར་་ཨི་མཾ་ག་ག་ན་ཁཾ་གྲྀ་ཧྞེེྞ་དཾ་བ་ལྱཱ་དི་སྭཱ་ཧཱ། མགྲོན་སྤྱན་དྲངས་ཤིང་ཁྲུས་གསོལ་མཆོད་འབུལ་ནི། བདག་གི་ཐུགས་ཀའི་འོད་ཟེར་གྱིས། །དཀོན་མཆོག་སྲི་ཞུ་ཡོན་ཏན་དང་། །རིས་དྲུག་བགེགས་རིགས་ལན་ཆགས་སོགས། །མགྲོན་ཀུན་སྤྱན་དྲངས་བཞུགས་པར་གྱུར། །བཛྲ་ས་མཱ་ཛཿཔདྨ་ཀ་མ་ལ་ཡེ་སྟྭཾ། །ཡེ་ཤེས་བདུད་རྩི་དག་པའི་ཆུས། །རྒྱལ་བའི་སྐུ་ལ་ཁྲུས་གསོལ་ཞིང་། །དྲི་མེད་མཆོད་ཚོགས་རྒྱ་མཚོ་ཡིས། །རབ་འབྱམས་རྒྱལ་བ་མཉེས་པར་གྱུར། །ས་པ་རི་ཝ་ར་བཛྲ་ཨརྒྷཾ། པཱ་ཏྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀི། གནྡྷེ། ནཻ་ཝི་དྱ། ཤསྟ་པྲ་ཏཱིཙྪ་ཨཱཿཧཱུྃ། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། ཅེས་སོགས་ན། སེམས་ཅན་རྣམས་ལ་བདེ་འབྱོར་ཤོག །ཅེས་པའི་བར་བྱའོ།། ༈ །།དེ་ནས་གཏོར་མ་བརྒྱ་རྩ་བཤམས་ལ། རིམ་པ་ལྟར་རེ་རེ་བཞིན་དུ་བྱིན་བརླབས་དང་གཟུངས་སྔགས་བཟླ་ཞིང་།


TR007_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་ཚན་བཞི་པ་ལ་ཨརྒྷཾ། སོགས་ཀྱི་ཀྱང་མཆོད། །ལྔ་པ་མན་ལ་དེ་བཞིན་གཤེགས་པ་བཞིའི་མཚན་བསྒྲགས་པར་བྱའོ། །དང་པོ་བྱིན་རླབས་ནི། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭཱ་བྷ་ཝ༴ རིན་ཆེན་གཏོར་སྣོད་རྒྱ་ཆེན་དུ། །གཏོར་རྫས་ཡེ་ཤེས་བདུད་རྩིའི་མཆོག །ཅི་འདོད་དགྱེས་པ་སྐོངས་བྱེད་པའི། །འདོད་འབྱུང་ལོངས་སྤྱོད་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ། ཅེས་ལན་གཅིག་དང་། ན་མསྶརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སཾ་བྷཱ་ར་སཾ་བྷཱ་ར་ཧཱུྃ། ལན་བཅུ་རེ་བཟླས། བཅུ་ཚན་དང་པོ་ལ། རྩ་རྒྱུད་བླ་མ་རྒྱལ་བའི་ཚོགས། །སྤྲུལ་འཁོར་བཅས་ལ་མཆོད་བགྱིས་པས། །བདག་སོགས་འགྲོ་བ་མ་ལུས་ལ། །ཐུགས་རྗེས་བྱིན་གྱིས་བརླབ་དུ་གསོལ། གཉིས་པ་ལ། ཡི་དམ་ཞི་ཁྲོ་ཌཀྐིའི་ཚོགས། །ཆོས་སྐྱོངས་བསྲུང་མར་བཅས་ལ་འབུལ། །མཆོག་མཐུན་དངོས་གྲུབ་ཀུན་སྩོལ་ཞིང་། །རྣམ་བཞིའི་ཕྲིན་ལས་གྲུབ་པར་མཛོད། །གསུམ་པ་ནི། །ལྷ་མིའི་དྲང་སྲོང་རིགས་སྔགས་འཆང་། །བདེན་


TR007_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གྲུབ་པ་རྣམས་ལ་འབུལ། །འཇིག་རྟེན་ཁམས་ཀུན་བདེ་ལེགས་ཀྱི། །ཡོན་ཏན་འབྱུང་བར་མཛད་དུ་གསོལ། །བཞི་པ་ནི། །ནོར་སྐྱོང་དངོས་གྲུབ་སྟེར་བའི་ལྷ། །།།རིགས་སོགས་ཀུན་ལ་འབུལ། །ཆོས་དང་མཐུན་པའི་འདོད་དགུ་ཡིས། །བདག་སོགས་རེ་བ་སྐོང་བར་མཛོད། ལྔ་པ་ནི། །དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་དམ་པ་ལ། །དེ་བཞིན་གཤེགས་པ་སྐུ་འཇམ་ཀླས་ལ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་འཇིག་རྟེན་ལེགས་སྐྱོང་ཞིང་། །སྟོན་པའི་དམ་ཆོས་བསྲུང་བ་ཡི། །ལྷ་ཀླུ་མཐུ་ལྡན་རྣམས་ལ་འབུལ། །བསྟན་པ་སྐྱོང་བར་མཛད་དུ་གསོལ། །དྲུག་པ་ནི། །སྟོང་གསུམ་འཇིག་རྟེན་བོད་ཁམས་ལ། །དབང་བསྒྱུར་དཀར་ཕྱོགས་སྐྱོང་བའི་རིགས། །གཞི་བདག་གནས་བདག་ཀུན་ལ་འབུལ། །ཆོས་ལྡན་གདོང་གྲོགས་མཛད་དུ་གསོལ། །བདུན་པ་ནི། །སྡེ་བརྒྱད་འབྱུང་པོ་དྲེག་པའི་རིགས། །ནད་བདག་གདོན་བགེགས་མ་ལུས་ཀུན། །གཏོར་མ་བདུད་རྩིས་


TR007_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཚིམ་བྱོས་ལ། །གཞན་ལ་གནོད་དང་འཚེ་བ་སྤོང་། བརྒྱད་པ་ནི། འཁོར་བ་ཐོག་མཐའ་མེད་པ་ཡི། །དྲིན་ཅན་རིས་དྲུག་ཕ་མ་ཀུན། །མཆོད་སྦྱིན་ཅི་འདོད་ལོངས་སྤྱོད་ཀྱིས། །ཚིམ་ཞིང་བྱང་ཆུབ་མྱུར་ཐོབ་ཤོག །དགུ་པ་ནི། མ་དག་སེར་སྣའི་ལམ་སྒྲིབ་ཅན།། །བཀྲེས་སྐོམ་ཡི་དྭགས་འགྲོ་བ་ཀུན། །ཅི་འདོད་བཟའ་བཏུང་ལོངས་སྤྱད་ཅིང་། །སྒྲིབ་བྲལ་བདེ་ཆེན་ཐོབ་པར་ཤོག །བཅུ་པ་ནི། ཚེ་རབས་ཀུན་གྱི་ལན་ཆགས་དང་། བུ་ལོན་དཀོར་གྱི་སྒྲིབ་པ་སོགས། །ཅི་མཆིས་སྦྱིན་པ་འདིས་ཁོར་ཏེ། །མ་ལུས་རྫོགས་པའི་བྱང་ཆུབ་ཤོག །དེ་ནས་ལྷག་གཏོར་བཤམས་ལ། བྱིན་གྱིས་བརླབས་ཅིང་། གཟུངས་ཚར་བརྒྱད་དང་མཚན་བསྒྲག་ལ། །བློ་བུར་ལྷགས་དང་ཉམས་ཆུང་གི། །མགྲོན་རིགས་ལྷག་ལ་དབང་བ་རྣམས། །བཤལ་ཆུའི་གཏོར་མ་འདིས་ཚིམ་ནས། །བླ་མེད་གོ་འཕངས་ཐོབ་གྱུར་ཅིག །དེ་ནས་ཆུ་སྦྱིན་ནི། གཏོར་སྣོད་ལྔའམ་གཅིག་རུ་ཆུ་གཙང་སྦྲེངས་ལ་དང་པོར། །འཕགས་པ་


TR007_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་དབང་གི། །ཕྱག་ནས་འབེབས་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམས་བྱས་ཤིང་། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །གཉིས་པ་ནི། ཨོཾ་མ་ི་པདྨེ་ཧཱུྃ། གསུམ་པར། ཨོཾ་ཨཱཿཧྲཱི་ཧཱུྃ། བཞི་པར། ཨོཾ་ཛ་ལ་མི་དཾ་སརྦ་པྲེ་ཏ་བྷྱ་སྭཱ་ཧཱ། ལྔ་པར། རང་ཉིད་མི་འཁྲུག་པ་རུ་གྱུར། ན་མོ་རཏྣ་ཏྲཱ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲ་ས་ནི་ཏྲ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པཱ་རོ་ས་རཱ་ི་མེ། སརྦ་སཏྭ་ནཉྩ་སྭཱ་ཧཱ། བདག་གི་བསམ་པའི་སྟོབས་དག་དང་། ཅེས་སོགས་བདེན་ཚིག་བརྗོད། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། སོགས་ཀྱི་ཆོས་སྦྱིན་བྱའོ།། ༈ །།དེ་ནས་བཟོད་གསོལ་དང་གཤེགས་གསོལ་བསྔོ་སྨོན་ཤིས་བརྗོད་ནི། །སྔགས་དང་ཏིང་འཛིན་ཡོ་བྱད་ཀྱི། །ལྷག་ཆད་ནོར་འཁྲུལ་ཅི་མཆིས་རྣམས། །མཐོལ་བཤགས་བཟོད་པར་བཞེས་ནས་ཀྱང་། །མགྲོན་རྣམས་རང་རང་གནས་སུ་གཤེགས། །བཛྲ་མུཿསརྦ་བྷཱུ་ཏ་གྷཙྪ། དགེ་བ་འདིས་མཚོན་ཚེ་རབས་ཀྱི། །དགེ་ཀུན་གཅིག་


TR007_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བསྡོམས་ནས་ནི། །འགྲོ་ཀུན་རྣམ་མཁྱེན་རྒྱུར་བསྔོ་བའི། །སྨོན་ལམ་ཅི་བཏབ་འགྲུབ་གྱུར་ཅིག །བླ་མ་རྒྱལ་བ་སྲས་བཅས་ལ། །མཁའ་འགྲོ་ཆོས་སྲུང་བྱིན་རླབས་ཀྱིས། །བཀྲ་ཤིས་དགེ་ལེགས་ཆར་ཆེན་རྒྱུས། །ཕྱོགས་དུས་ཀུན་དུ་འབབ་པར་ཤོག །ཅེས་པ་འདི་ནི། །གང་ཟག་ཤིན་ཏུ་སྤྲོས་པ་ཆུང་བ་རྣམས་ལ་ཕན་ཕྱིར། །སྣ་ཚོགས་རང་གྲོལ་གྱིས་མཁའ་འགྲོའི་གནས་ཆེན་དཔལ་གྱི་རྒོད་ཚངས་ཕུག་ཏུ་བཀོད་པ་དགེའོ། །བཀྲ་ཤེས་སྩོལ། གཅིག་ཞུད།

བསུར་མཆོད་ཡེ་ཤེས་སྤྲིན་ཕུང་།


TR007_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བསུར་མཆོད་ཡེ་ཤེས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །


TR007_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུྃ། ཡུམ་ཆེན་ན་བཟའ་དཀར་མོའི་མཁའ་དབྱིངས་ཀྱི་རྣམ་པར་འཕྲུལ་པའི་མེ་ཐབ་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ། །ཡེ་ཤེས་ཀྱི་མེ་སྤུངས་དུད་སྤྲིན་འཇའ་ཚོན་སྣ་ལྔ་རབ་ཏུ་འཁྲིག་པའི་བསེབ་ནས། མཆོད་པའི་ལྷ་མོ་གཟུགས་རྡོ་རྗེ་མ་དང་། །སྒྲ་རྡོ་རྗེ་མ་དང་། དྲི་རྡོ་རྗེ་མ་དང་། རོ་རྡོ་རྗེ་མ་དང་། རེག་བྱ་རྡོ་རྗེ་མ་ལ་སོགས་པ་རེ་རེ་ལས་ཀྱང་སྤྲུལ་པའི་ལྷ་མོ་འདོད་ཡོན་གྱི་མཆོད་པ་དཔག་ཏུ་མེད་པ་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ཕྱི་ནང་གསང་བའི་མཆོད་པ་རྨད་དུ་བྱུང་བ་ནམ་མཁའ་རབ་འབྱམས་


TR007_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཐར་ཁྱབ་པ་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་རྒྱུན་མི་འཆད་པར་འབུལ་བར་གྱུར། ན་མསྶརྦ་ཏ་ཐཱ་ག་ཏེ་བྷེ་ཡ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥ་ར་་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བཛྲ་ཨརྒྷཾ། པཱ་ཏྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀི། གནྡྷེ། ནཻ་ཝི་དྱ། ཤསྟ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ས་མ་ཡེ་ཨཱཿཧཱུྃ། འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པའི་མཆོད་པ་དམ་པ་འདི་ཉིད། །ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། །དཔལ་ལྡན་རྩ་བ་དང་རྒྱུད་པར་བཅས་པའི་བླ་མ། །ཡི་དམ་ཞི་ཁྲོ་རབ་འབྱམས་


TR007_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་དཔའ་བོ་དཔའ་མོ། །ཆོས་སྐྱོང་བསྲུང་མ་དམ་ཅན་རྒྱ་མཚོ། །ཡུལ་ལྷ་གཞི་བདག་དང་བཅས་པ་ཐམས་ཅད་ལ་འབུལ་ལོ། །བདག་ཅག་འཁོར་དང་བཅས་པ་རྣམས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་མ་ལུས་པ་སྩོལ་ཞིང་བྱིན་གྱིས་རློབ་པ་དང་། ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་འགྲུབ་པར་མཛད་དུ་གསོལ་ལོ། །དེ་ལྟར་ཕུལ་བས་མཆོད་ཡུལ་ཐམས་ཅད་དགྱེས་ཤིང་ཚིམ་ནས་ཐུགས་རྗེ་ཡེ་ཤེས་ཀྱི་འོད་ཟེར་མེ་དུད་འཇའ་འོད་ཀྱི་བསེབ་ཏུ་འཕྲོས་པ་ལས། སླར་ཡང་འདོད་ཡོན་གྱི་ལོངས་སྤྱོད་ཕུན་སུམ་ཚོགས་ཤིང་ཟད་པ་མེད་པ་བྱུང་སྟེ། ཁམས་སུམ་རིས་དྲུག་སྐྱེ་བ་རྣམ་པ་བཞིས་བསྡུས་པའི་སྣང་ཞིང་སྲིད་པའི་སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཀྱི་མཁོ་དགུའི་ཡོ་བྱད་བཟའ་བཏུང་གོས་རྒྱན་གནས་རྟེན་ཡུལ་མཁར་ན་བའི་གསོ་སྨན་སྐྱབས་མགོན་དཔུང་གཉེན་ལ་སོགས་པ་གང་ལ་གང་འདོད་དུ་གྱུར་སྟེ། སེམས་ཅན་ཐམས་ཅད་མངོན་མཐོ་ངེས་ལེགས་ཀྱི་ལམ་བཟང་བསྒྲུབ་པའི་མཐུན་རྐྱེན་དམ་པར་གྱུར་ཅིག །


TR007_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྦྱིན་པའི་དགེ་བ་ལ་བརྟེན་ནས་བདག་སོགས་སེམས་ཅན་ཐམས་ཅད་གནས་སྐབས་སུ་ལུས་ངག་ཡིད་གསུམ་གྱི་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང་མཐུན་རྐྱེན་ཐམས་ཅད་གོང་དུ་འཕེལ་ཞིང་། མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕངས་དམ་པ་ཐོབ་པར་གྱུར་ཅིག །བྱང་ཆུབ་ལམ་གྱི་ཆ་རྐྱེན་དུ། །འདི་ལྟ་བུ་ཞིག་དགོས་ཞེས་པ། །ཀུན་བཟང་རིག་འཛིན་བསྐུལ་ངོར་རུ། །བྲིས་པའི་གཞན་ཕན་མཐའ་ཡས་ཤོག །བཀྲ་ཤིས། །གཅིག་ཞུད།

བསངས་བསུར་བསྔོ་བའི་ཆོ་ག་རྒྱས་པ་ཕྲིན་ལས་མྱུར་འགྲུབ་འདོད་འབྱུང་ཡིད་བཞིན་སྤྲིན་ཕུང་།


TR007_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བསངས་བསུར་བསྔོ་བའི་ཆོ་ག་རྒྱས་པ་ཕྲིན་ལས་མྱུར་འགྲུབ་འདོད་འབྱུང་ཡིད་བཞིན་སྤྲིན་ཕུང་བཞུགས་སོ། །


TR007_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ། །སྐྱབས་གནས་བསླུ་མེད་དཀོན་མཆོག་རྣམས། །བདག་སོགས་གུས་པས་སྐྱབས་སུ་མཆི། །བདག་གིས་མཆོད་སྦྱིན་བགྱིས་པའི་དགེ། །འགྲོ་ལ་ཕན་པ་མཆོག་འགྲུབ་ཤོག། ༈ །།ཨེ་རྃ། བདག་གི་ཕུང་ཁམས་སྐྱེ་མཆེད་འདིས། །འཕགས་མཆོག་སྤྱན་རས་གཟིགས་སུ་གསལ། །ཐུགས་ཀའི་ཧྲཱིཿལས་རྃ་འཕྲོས་པས། །ཆོས་ཀྱི་དབྱིངས་དང་མཉམ་པ་ཡི། །མེ་ཐབ་ཡེ་ཤེས་མེ་དཔུང་འབར། །དུད་སྤྲིན་འཇའ་འོད་འཁྲུག་པ་ཡིས། །ནམ་མཁའ་བར་སྣང་ས་གཞི་ཁེངས། །དུད་པའི་སེབ་ནས་སྤྲུལ་པ་


TR007_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །མཆོད་པའི་ལྷ་མོ་དཔག་མེད་འཕྲོས། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཕྱི་ནང་གསང་བའི་མཆོད་པའི་ཚོགས། །སྤྲིན་ལྟར་གཏིབས་པས་མཆོག་དམན་མགྲོན། །ཐམས་ཅད་དགྱེས་པ་སྐོངས་བྱེད་གྱུར། ཨོཾ་ཨཱཿཧཱུྃ། །བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་བྱང་སེམས་ཉན་རང་ཚོགས། །དཔའ་བོ་དཔའ་མོ་ཆོས་སྐྱོང་དང་། །ཡུལ་ལྷ་གཞི་བདག་ལྷ་སྲིན་ཀུན། །མཁའ་མཉམ་འགྲོ་བ་མ་ལུས་བཅས། །ཐམས་ཅད་མཆོད་སྦྱིན་མགྲོན་དུ་གཤེགས། །རང་རང་དགྱེས་པའི་གདན་ལ་བཞུགས། །ཕྱག་འཚལ་མཆོད་འབུལ་མཉེས་བྱས་བཤགས། །


TR007_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལ་ཡི་རང་ཆོས་འཁོར་བསྐུལ། །མྱ་ངན་མི་གདའ་གསོལ་འདེབས་ཤིང་། །དགེ་འབྲས་བྱང་ཆུབ་རྒྱུར་བསྔོའོ། །ན་མཿ སརྦ་ཏ་ཐཱ་ག་ཏེ། བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏད་ཁཾ་ཨུདྒ་ཏེ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ནམ་མཁའ་མཛོད་ཀྱི་ཏིང་འཛིན་འཕྲུལ། །འདོད་ཡོན་ལོངས་སྤྱོད་མཆོད་པའི་སྤྲིན། །གང་ལ་གང་འདོད་ཚིམ་བྱེད་པའི། །བསངས་དང་བསུར་གྱི་མཆོད་པ་འདི། །དགོངས་བརྡའ་སྙན་བརྒྱུད་བཀའ་གཏེར་དང་། །བཤད་སྒྲུབ་གསང་སྔགས་གསར་རྙིང་གི། །རྩ་བ་བརྒྱུད་པའི་བླ་མ་དང་། །ཕྱོགས་བཅུ་རབ་འབྱམས་ཞིང་ཁམས་ཀྱི། །སངས་རྒྱས་སྲས་དང་སྤྲུལ་པའི་འཁོར། །བྱང་སེམས་ཉན་ཐོས་རང་རྒྱལ་སོགས། །སྐྱབས་གནས་དཀོན་མཆོག་རྣམས་ལ་འབུལ། །དགྱེས་པ་ཆེན་པོས་བཞེས་ནས་ཀྱང་། །བདག་སོགས་མཁའ་མཉམ་འགྲོ་བ་ཀུན། །བརྩེ་ཆེན་ཐུགས་རྗེས་སྐྱོབས་པ་དང་། །བྱིན་གྱིས་བརླབས་པར་མཛད་དུ་གསོལ།།


TR007_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།ཐག་པ་ཕྱི་ནང་མདོ་རྒྱུད་ལུང་། །གསང་སྔགས་སྨིན་གྲོལ་ཆོས་ཀུན་གྱི། །དཀྱིལ་འཁོར་བསམ་ཡས་གྲངས་མེད་པའི། །ལྷ་ཚོགས་ཡི་དམ་ཞི་དང་ཁྲོ། །ཡབ་ཡུམ་འཁོར་དང་ཡང་འཁོར་བཅས། །རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་ལ། །བསངས་དང་བསུར་མཆོད་འདི་འབུལ་གྱི། །ཟག་མེད་མཆོད་པས་མཉེས་གྱུར་ནས། །བདག་སོགས་མོས་པའི་བུ་རྣམས་ཀྱི། །ལས་ཉོན་སྒྲིབ་ཚོགས་ཀུན་བྱང་ཞིང་། །ཉམས་ཆགས་འགལ་འཁྲུལ་གསོར་ཆུད་དོ། །མཆོག་དང་མཐུན་མོངས་དངོས་གྲུབ་རྣམས། །མྱུར་དུ་སྩོལ་བར་མཛད་དུ་གསོལ། །དག་པ་མཁའ་སྤྱོད་སྤྲུལ་པའི་ཞིང་། །གནས་ཡུལ་དུར་ཁྲོད་ཀུན་མྱུལ་ཞིང་། །ཕྲིན་ལས་བསྒྲུབ་པའི་མཁའ་འགྲོ་མ། །ཡེ་ཤེས་ལས་ལས་གྲུབ་པའི་ཚོགས། །དཔའ་བོ་དཔའ་མོའི་རིགས་རྣམས་དང་། །བསྟན་པ་བསྲུང་བའི་མཐུ་སྟོབས་ཅན། །ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་རིགས། །


TR007_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དང་དམ་ལས་གནས་པ་ཡི། །སྲུང་མ་དམ་ཅན་རྒྱ་མཚོར་བཅས། །བསངས་དང་བསུར་མཆོད་འདི་བཞེས་ལ། །ཆོས་བྱེད་སྐྱོང་ཞིང་དམ་ཉམས་སྒྲོལ། །ཕྲིན་ལས་ཐོགས་མེད་སྒྲུབ་མཛད་གསོལ།། ༈ །།སྟོང་གསུམ་འཇིག་རྟེན་མངའ་དབང་བསྒྱུར། །ཚངས་པ་བརྒྱ་བྱིན་ཕྱོགས་སྐྱོང་བཅུ། །རྒྱལ་ཆེན་བཞི་སོགས་གཙང་རིས་ཀྱི། །དཔལ་མགོན་བདུན་ཅུ་རྩ་ལྔ་དང་། །དེ་དག་འཁོར་དུ་གཏོགས་པ་ཡི། །ཕྱི་ནང་གསང་བའི་ལྷ་མ་སྲིན། །སྟེང་གི་ཉི་ཟླ་གཟའ་སྐར་ནས། །འོག་གི་ས་བདག་ལྟོ་ཕྱེའི་བར། །སྣང་ཞིང་སྲིད་པའི་ལྷ་ཀླུ་ཀུན། །བསངས་དང་བསུར་མཆོད་འདི་ཞེས་ལ། །འཇིག་རྟེན་ཁམས་ཀུན་བདེ་བ་དང་། །ཆར་ཆུ་དུས་འབབས་ལོ་ཕྱུག་ལེགས། །ནད་མུག་འཁྲུག་རྩོད་ཞི་བར་མཛོད།། ༈ །།དཀར་ཕྱོགས་སྐྱོང་བའི་གཞི་བདག་རིགས། །ཡུལ་བདག་གནས་བདག་གཏོར་བདག་དང་། །གཙུག་ལག་དབེན་གནས་ཡུལ་དགོན་གྱི། །དཀོར་བསྲུང་


TR007_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བདག་གཉན་དགུའི་ཚོགས། །གཡའ་གངས་ནགས་རི་སྐྱེད་མོའི་ཚལ། །མཚོ་རྫིང་ཆུ་མིག་ཤིང་དང་བྲག །སོ་སོའི་རྟེན་གནས་ཇི་སྙེད་ན། །ཆགས་ཅིང་གནས་པའི་གཞི་བདག་དང་། །འགོ་བའི་ལྷ་དང་སྐྱོབ་པའི་མགོན། །ཀུན་ལ་བསངས་དང་བསུར་མཆོད་འབུལ། །བདག་སོགས་གཞི་བྱེད་གར་གནས་ཀྱང་། །ཉེས་ལས་སྐྱོབ་དང་ལེགས་ཚོགས་སྤེལ། །ཅི་བསམ་འགྲུབ་པའི་གདོང་གྲོགས་མཛོད། །གང་དག་ནག་པོའི་ཕྱོགས་ཀྱི་རིགས། །ས་སྟེང་ས་འོག་ས་བླ་རུ། །རྒྱུ་ཞིང་གཞན་ལ་གནོད་བྱེད་པའི། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །གདོན་རིགས་གསུམ་བརྒྱ་དྲུག་ཅུ་སོགས། །ནད་ཡཾ་རིམས་ཀྱི་བདག་པོ་དང་། །སྲོག་གཅོད་དབུགས་ལེན་མདངས་འཕྲོག་པའི། །གནོད་བྱེད་མ་རུངས་གདུག་རྩུབ་ཅན། །ཀུན་ཀྱང་བསངས་དང་བསུར་མཆོད་འདིས། །དགའ་ཞིང་མགུ་དང་ཚིམ་གྱིས་ལ། །སྐྱེ་འགྲོ་ཀུན་དང་


TR007_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ། །བདག་ཅག་མི་ནོར་འཁོར་བཅས་ལ། །གནོད་འཚེའི་བསམ་སྦྱོར་ཞི་བར་མཛོད།། ༈ །།གཞན་ཡང་ཁམས་གསུམ་འཇིག་རྟེན་ཀྱི། །འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ། །སྐྱེ་གནས་རྣམ་པ་བཞིས་བསྡུས་པའི། །སེམས་ཅན་མ་ལུས་མཐའ་དག་དང་། །ཁྱད་པར་བར་དོའི་སེམས་ཅན་རིགས། །དྲི་བསུར་འཚོལ་ཞིང་ཀུན་ཏུ་འཁྱམས། །འཇིགས་སྐྲག་འཁྲུལ་སྣང་སྡུག་བསྔལ་གྱིས། །རྟག་ཏུ་གདུང་ཞིང་ཉམ་ཐག་པའི། །སྐྱབས་མེད་སྙིང་རྗེའི་ཡུལ་གྱུར་པ། །ཀུན་ལ་བསུར་མཆོད་འདི་བསྔོས་པས། །ཅི་འདོད་ལོངས་སྤྱོད་ཐོབ་ནས་ཀྱང་། །རིས་དྲུག་སོ་སོའི་སྡུག་བསྔལ་དང་། །བར་དོའི་འཇིགས་སྐྲག་ཀུན་ཞི་ནས། །འགྲོ་ཀུན་ཐར་ལམ་འཁོད་གྱུར་ཅིག། ༈ །།དེ་ལྟར་བདག་གི་ལྷག་བསམ་གྱིས། །བསངས་བསུར་འདོད་ཡོན་ཕུན་ཚོགས་པའི། །མཆོད་པ་དམ་པ་འདི་ཕུལ་བས། །མཆོག་དམན་མགྲོན་རིགས་ཀུན་མཉེས་ཤིང་། །ཡེ་ཤེས་པ་རྣམས་ཐུགས་དམ་བསྐོངས། །མཆོག་མཐུན་དངོས་གྲུབ་སྩལ་


TR007_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ། །འཇིག་རྟེན་པ་རྣམས་དགྱེས་ཤིང་ཚིམ། །འགལ་རྐྱེན་བར་ཆད་བསལ་དུ་གསོལ། །འགོ་བའི་ལྷ་རྣམས་མཉེས་ནས་ཀྱང་། །ཕྲིན་ལས་རྣམ་བཞི་གྲུབ་པར་མཛོད། །གནོད་པའི་བགེགས་རྣམས་ཚིམ་ནས་ཀྱང་། །ལན་ཆགས་བུ་ལོན་ཁོར་གྱུར་ཅིག །འགྲོ་ལ་འདོད་དགུའི་ཆར་བབས་ཏེ། །ཐམས་ཅད་བྱང་ཆུབ་ཐོབ་པར་ཤོག །ཆོས་ཉིད་བདེན་པའི་མཐུ་སྟོབས་དང་། །སྔགས་དང་ཏིང་འཛིན་བྱིན་རླབས་དང་། །ལྷག་བསམ་རྣམ་དག་བདེན་པ་ཡིས། །ཇི་ལྟར་བསྔོས་བཞིན་འབྱུང་གྱུར་ཅིག །འདི་ལྟར་བགྱིས་པའི་དགེ་བའི་མཐུས། །བསྟན་པ་དར་ཞིང་སེམས་ཅན་བདེ། །བདག་སོགས་གནས་སྐབས་མཐར་ཐུག་ཀུན། །བདེ་ལེགས་ཕུན་ཚོགས་འབྱུང་བ་དང་། །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཕྱོགས་སུ་གནས་སྐབས་ཐམས་ཅད་དུ། །བཀྲ་ཤིས་ཆར་ཆེན་རྒྱུན་མི་ཆད། །རྒྱ་ཆེར་བབས་པའི་བྱིན་རླབས་ནི། །ནམ་མཁའ་


TR007_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་འབྱུང་བར་ཤོག །མགྲོན་རྣམས་ཐམས་ཅད་སོ་སོ་རང་རང་གི་གནས་སུ་གཤེགས་པར་གྱུར། །བསུར་མཆོད་ཀྱི་རིམ་པ་རྒྱས་པར་བཀོད་པ་འདི་ནི། ཟློ་ཡུལ་བྷཱུང་གྷལ་ཞེས་བྱ་བའི་ས་ཕྱོགས་ཀྱི་དཔོན་པོ་པདྨའི་མིང་ཅན་གང་གིས་བསྐུལ་ངོར་བྲིས་པ་དགེའོ། །བཀྲ་ཤིས། གཅིག་ཞུད།

གསང་སྔགས་གང་གཏོར་གྱི་ངག་འདོན་བདུད་རྩིའི་རླབས་ཕྲེང་།


TR007_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་གང་གཏོར་གྱི་ངག་འདོན་བདུད་རྩིའི་རླབས་ཕྲེང་ཞེས་བྱ་བ་བཞུགས་སོ། །


TR007_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུྃ། །མཁའ་དང་མཉམ་པའི་གཏོར་སྣོད་རྒྱ་ཆེ་བར། །གཏོར་མའི་ངོ་བོ་བདུད་རྩིའི་རྒྱ་མཚོ་ཆེ། །ཕྱི་ནང་ཉེར་མཆོད་ལྔ་དང་སྒེག་སོགས་བརྒྱད། །རྒྱལ་སྲིད་རིན་ཆེན་བདུན་དང་བཀྲ་ཤིས་རྫས། །ཤ་ལྔ་བདུད་རྩི་ལྔ་དང་འདོད་ཡོན་ལྔ། །སྨན་རག་གཏོར་ཚོགས་ཕྱི་ནང་གསང་མཆོད་སོགས། །མདོར་ན་སྣང་ཞིང་སྲིད་པའི་མཆོད་པའི་རིགས། །དངོས་འབྱོར་བཤམས་དང་ཡིད་སྤྲུལ་དཔག་མེད་པ། །སོ་སོར་གང་ལ་ཅི་འདོད་ཚིམ་བྱེད་པའི། །ཟག་མེད་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ། །མཆོད་འོས་སྐྱབས་ཀྱི་དམ་


TR007_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

པ་དཀོན་མཆོག་གསུམ། །རྒྱལ་བ་དགོངས་རྒྱུད་རིག་འཛིན་བརྡའ་ཡི་རྒྱུད། །གང་ཟག་སྙན་རྒྱུད་བཀའ་གཏེར་བཤད་སྒྲུབ་རྒྱུད། །དཔལ་ལྡན་རྩ་རྒྱུད་བླ་མའི་ཚོགས་རྣམས་ལ། །སྨན་རག་གཏོར་ཚོགས་མཆོད་པ་འདི་འབུལ་གྱི། །བཞེས་ནས་བདག་ཅག་སྐལ་ལྡན་སྒྲུབ་མཆོག་ལ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ནས་ཀྱང་། །ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་བར་མཛོད། །དངོས་གྲུབ་སྩོལ་མཛད་ཡི་དམ་ཞི་ཁྲོའི་ཚོགས། །ཕ་རྒྱུད་མ་རྒྱུད་གཉིས་མེད་ཟུང་འཇུག་རྒྱུད། །བྱ་སྤྱོད་རྣལ་འབྱོར་བླ་མེད་རྒྱུད་སྡེའི་ལྷ། །སྤྱི་དང་བྱེ་བྲག་དཀྱིལ་འཁོར་ལྷ་ཚོགས་ལ། །


TR007_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་རག་གཏོར་ཚོགས་མཆོད་པ་འདི་འབུལ་གྱི། །བཞེས་ནས་བདག་སོགས་མོས་པའི་བུ་རྣམས་ལ། །མཆོག་དང་མཐུན་མོངས་དངོས་གྲུབ་སྩོལ་བ་དང་། །རྣམ་བཞིའི་ཕྲིན་ལས་རྩོལ་མེད་འགྲུབ་པར་མཛོད། །བར་ཆད་སེལ་མཛད་མ་སྲིང་མཁའ་འགྲོའི་ཚོགས། །རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས། །ཕྱི་ནང་གནས་ཡུལ་དུར་ཁྲོད་ལ་གནས་པའི། །ལས་དང་ཡེ་ཤེས་ཌཱ་ཀིའི་ཚོགས་རྣམས་ལ། །སྨན་རག་གཏོར་ཚོགས་མཆོད་པ་འདི་འབུལ་གྱི། །བཞེས་ནས་རྣལ་འབྱོར་བསྒྲུབ་མཆོག་བདག་ཅག་གི། །མི་མཐུན་ཉེར་འཚེ་བར་ཆད་ཀུན་ཞི་ཞིང་། །མཐུན་རྐྱེན་འདོད་དགུ་འབྱུང་བར་མཛད་དུ་གསོལ། །བསྟན་པ་བསྲུང་མཛད་ཆོས་སྐྱོང་དམ་ཅན་ཚོགས། །རྒྱལ་བའི་སྤྱན་སྔར་ཁས་བླངས་དམ་བཅས་ཤིང་། །དྲག་ཤུལ་སྟོབས་ཀྱིས་གདུག་པའི་དགྲ་བགེགས་སྒྲོལ། །སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ། །སྨན་རག་གཏོར་ཚོགས་མཆོད་པ་འདི་འབུལ་གྱི། །བཞེས་ནས་རྣལ་འབྱོར་བདག་


TR007_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་འཁོར་བཅས་ཀྱིས། །བཅོལ་བའི་ལས་རྣམས་ཐོགས་མེད་བསྒྲུབ་པ་དང་། །བསྟན་ལ་སྡང་བའི་དགྲ་གེགས་བསྒྲལ་དུ་གསོལ། །གཞན་ཡང་རྒྱལ་དབང་པདྨ་ཐོད་ཕྲེང་གིས། །དམ་ལ་བཏགས་ཅིང་བཀའ་བསྒོ་གཉེར་གཏད་པའི། །བསྟན་མ་བཅུ་གཉིས་དགེ་གཉེན་ཉེར་གཅིག་སོགས། །གནས་བསྲུང་གཏེར་བསྲུང་ཡུལ་ལྷ་གཞི་བདག་ལ། །སྨན་རག་གཏོར་ཚོགས། །བཞེས་ནས་བདག་ཅག་གཞི་བྱོས་གར་གནས་ཀྱང་། །རུ་ང་ཕྲག་དོག་གདུག་རྩུབ་ཀུན་ཞི་ནས། །ཆོས་མཐུན་ལས་ཀྱི་གདོང་གྲོགས་མཛད་དུ་གསོལ། །སྲིད་པའི་རྩེ་ནས་དམྱལ་ཁམས་ཡན་ཆད་ཀྱི། །སྣང་ཞིང་སྲིད་པའི་སྐྱེ་འགྲོ་ཕོ་མོའི་ཚོགས། །རིས་དྲུག་ཕ་མ་བགེགས་རིགས་ལན་ཆགས་སོགས། །སྙིང་རྗེའི་ཡུལ་གྱུར་སེམས་ཅན་ཐམས་ཅད་ལ། །འདོད་ཡོན་ལོངས་སྤྱོད་མཆོད་སྦྱིན་རྒྱ་ཆེན་འདིས། །ཇི་ལྟར་འདོད་པའི་རེ་བ་སྐོངས་ནས་ཀྱང་། །


TR007_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་ལས་ཀྱི་སྡུག་བསྔལ་ཀུན་ཞི་ནས། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་གྱུར་ཅིག །དེ་ལྟར་མཆོད་སྦྱིན་རྒྱ་ཆེན་འདི་བགྱིས་མཐུས། །འཇིག་རྟེན་ཁམས་ཀུན་བདེ་སྐྱིད་ཕུན་ཚོགས་ཤིང་། །མཚོན་འཁྲུག་ནད་ཡམས་མུ་གེ་ཀུན་ཞི་ནས། །འགྲོ་ཀུན་འདོད་དགུ་ཀུན་འབྱུང་ཆོས་ལྡན་ཤོག །བྱེ་བྲག་ཏུ་ཡང་རྒྱལ་བསྟན་རིན་པོ་ཆེ། །མི་ནུབ་ཕྱོགས་མཐར་ཁྱབ་ཅིང་རྒྱས་པ་དང་། །སྡེ་འཛིན་སྐྱེས་བུ་སྐུ་ཚེ་ཕྲིན་ལས་འཕེལ། །བསྟན་འགྲོའི་དོན་བཟང་རླབས་ཆེན་འབྱུང་བར་ཤོག །ཁྱད་པར་བདག་སོགས་དཔོན་སློབ་འཁོར་བཅས་ཀྱི། །མི་མཐུན་བར་ཆད་དགྲ་འདྲེ་ཀུན་ཞི་ཞིང་། །མཐུན་རྐྱེན་ཆོས་ལྡན་ཡིད་བཞིན་འགྲུབ་ནས་ཀྱང་། །མཐར་ཐུག་ཧེ་རུ་ཀ་དཔལ་སར་ཕྱིན་ཤོག །གཞན་ཡང་བསྔོ་སྨོན་འདོད་གསོལ་ཅི་རིགས་བྱས་ཀྱང་རུང་ངོ་།། ༈ །།ཚོགས་རྫོགས་སྒྲིབ་གཉིས་མ་ལུས་བྱང་བ་དང་། །གནས་སྐབས་མཐར་ཐུག་བར་ཆད་ཞི་བའི་ཕྱིར། །གསང་སྔགས་ནང་གཏོར་ཉུང་


TR007_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ངུར་བསྡུས་པ་ཞིག །དགོས་ཞེས་དད་ལྡན་འགའ་ཡིས་བསྐུལ་བའི་ངོར། །མཁས་མཆོག་པདྨ་ལེགས་གྲུབ་རྩལ་གྱིས་སྦྱར། །དགེ་བས་མཁའ་མཉམ་འགྲོ་བའི་ཚོགས་རྣམས་ཀུན། །རིམ་གཉིས་ཟབ་མོའི་དོན་ལ་གནས་བྱང་ཤིང་། །ཚོགས་གཉིས་རབ་རྫོགས་སྒྲིབ་གཉིས་བྱང་ནས་ནི། །དོན་གཉིས་མྱུར་འགྲུབ་སྐུ་གཉིས་མངོན་གྱུར་ཤོག །སརྦ་མངྒ་ལཾ། །གཅིག་ཞུད།

བླ་སྒྲུབ་སྡུག་བསྔལ་མུན་སེལ་གྱི་གཏོར་བསྔོས།


TR007_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བླ་སྒྲུབ་སྡུག་བསྔལ་མུན་སེལ་གྱི་གཏོར་བསྔོས་བཞུགས་སོ། །


TR007_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུྃ། དམ་རྫས་བདུད་རྩིའི་གཏོར་མ་དམ་པ་འདི། །སྔགས་དང་ཕྱག་རྒྱ་ཏིང་འཛིན་ནུས་སྟོབས་ཀྱིས། །ཇི་ལྟར་འདོད་དགུ་འབྱུང་བའི་ལོངས་སྤྱོད་མཆོག །རྒྱ་ཆེ་རྒྱུན་མི་ཆད་དུ་བྱིན་བརླབས་ཏེ། །རྒྱལ་བ་རབ་འབྱམས་རྩ་བརྒྱུད་བླ་མ་དང་། །ཡི་དམ་ཞི་ཁྲོ་མཁའ་འགྲོ་དཔའ་བོ་གིང་། །ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་ལ་འབུལ། །དགྱེས་པར་བཞེས་ཤིང་ཐུགས་དམ་སྐོངས་གྱུར་ཅིག །ཁྱད་པར་རྒྱལ་བ་སྨན་བླ་རིགས་ལྔ་དང་། །རྒྱུད་པའི་བླ་མ་དྲང་སྲོང་རིག་འཛིན་ཚོགས། །ཡི་དམ་རྟ་མགྲིན་ཡུམ་ཆེན་ཕག་


TR007_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

མོར་བཅས། །ཡེ་ཤེས་མཁའ་འགྲོ་སྡེ་བཞི་འཁོར་ཚོགས་འབུམ། །བཀའ་བསྲུང་ཆེན་པོ་རྡོ་རྗེ་བདུད་འདུལ་དང་། །ཨེ་ཀ་ཛཱ་ཊི་གཟའ་མཆོག་རཱ་ཧུ་ལ། །མཁའ་འགྲོ་ལྕེ་སྤྱང་གནོད་སྦྱིན་བཤན་པ་དམར། །དམ་ཅན་ཆེན་པོ་སྲིན་པོ་དགྲ་དུར་དང་། །བདུད་མོ་ཤཱན་ཏིང་སྲོག་བདག་ཧོབ་ལེ་ནག །སྲུང་མ་དམ་ཅན་སྡེ་དགུ་སྤྲུལ་འཁོར་བཅས། །སྨན་སྐྱོང་ལྷ་མོ་དཀར་ཕྱོགས་གཞི་བདག་རིགས། །གཙང་རིས་དཔལ་མགོན་བདུན་ཅུའི་བཀའ་འཁོར་གྱི། །ཆོས་ཀྱི་གཏེར་རྫས་སྨན་གྱི་ཕྲིན་ལས་བདག །


TR007_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཡུལ་གཞི་བདག་མ་ལུས་ཐམས་ཅད་ལ། །ཟག་མེད་བདུད་རྩིའི་གཏོར་མ་རྒྱ་ཆེན་པོ། །ནམ་མཁའ་རབ་འབྱམས་ཁྱབ་པར་འབུལ་ལགས་ཀྱི། །སོ་སོའི་ཐུགས་དམ་གཉན་པོ་བསྐོངས་ནས་ཀྱང་། །སངས་རྒྱས་བསྟན་པ་ཕྱོགས་མཐར་དར་ཞིང་རྒྱས། །བསྟན་འཛིན་ཆོས་མཐུན་སྐུ་ཚེ་ཕྲིན་ལས་འཕེལ། །ཐོས་བསམ་སྒོམ་པའི་འབྲས་བུ་མཐར་ཕྱིན་མཛོད། །རྒྱལ་ཁམས་འཇིག་རྟེན་ཁམས་རྣམས་ཐམས་ཅད་དུ། །ནད་མུག་མཚོན་འཁྲུགས་སད་སེར་ཕྱུགས་ནད་དང་། །འབྱུང་བའི་གཡོ་འཁྲུགས་ལྟས་ངན་ཀུན་ཞི་ཞིང་། །འགྲོ་ཀུན་བདེ་འབྱོར་དམ་ཆོས་སྤྱོད་པར་མཛོད། །ཁྱད་པར་བདག་ཅག་དཔོན་སློབ་སྦྱིན་བདག་བཅས། །འགལ་རྐྱེན་ཉེར་འཚེ་ཀུན་ཞི་མཐུན་རྐྱེན་འཕེལ། །ཇི་ལྟར་བསམ་དགུ་ཆོས་དང་མཐུན་པར་འགྲུབ། །འགྲོ་ལ་ཕན་བདེ་རྒྱ་ཆེན་འབྱུང་བར་མཛོད། །སྐྱབས་གནས་བླ་མ་ལྷ་དང་མཁའ་འགྲོ་མ། །


TR007_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྲུང་གཞི་བདག་མཆོད་པས་མཉེས་གྱུར་ནས། །བདག་སོགས་མཁའ་མཉམ་ཚོགས་རྫོགས་སྒྲིབ་བྱང་སྟེ། །ཚེ་གཅིག་བྱང་ཆུབ་མཆོག་གི་དངོས་གྲུབ་སྩོལ། །གུ་རུ་དེ་ཝ་ཌཱ་ཀི་ནི། སརྦ་དྷརྨ་པཱ་ལ་ཨི་དཾ་བ་ལིངྟ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་སིདྡྷི་ཕ་ལ་པྲ་ཡཙྪ་ཀུ་རུ་ཧཱུྃ་སྭཱ་ཧཱ། རྒྱལ་བ་སྨན་གྱི་བླ་མ་སྤྲུལ་འཁོར་དང་བཅས་ལ་གཏོར་འབུལ་འདོད་གསོལ་རྒྱུན་ཁྱེར་ངག་འདོན་དུ་བགྱི་ཐབས་མདོར་བསྡུས་འདི་ནི། །གསོ་རིག་འཛིན་པ་བླ་མ་ཀརྨ་དར་རྒྱས་ཀྱི་བཞེད་པ་ལྟར་བཀོད་པ་དགེ་ལེགས་འཕེལ། །གཅིག་ཞུད།༈ །།མཆིམས་ཡུལ་གྱི་ལྷ་གཉན་ཆེན་པོ་གངས་ལྷ་རྒྱལ་པོའི་གསོལ་ཁ་མཆོད་གཏོར་གྱི་ལས་རིམ་བཞུགས་སོ། ཁམས་གསུམ་ཟིལ་གནོན་པདྨ་འབྱུང་། །ཞབས་པད་སྤྱི་བོས་བཏུད་བྱས་ནས། །གནས་བདག་དགེ་གཉེན་འཁོར་བཅས་ཀྱི། །མཆོད་གཏོར་ལས་རིམ་མདོར་བསྡུས་བྲི། །འདིར་དགེ་བསྙེན་


TR007_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་གངས་ལྷ་རྒྱལ་པོའི་གསོལ་མཆོད་ཀྱི་ལས་རིམ་ཇི་ལྟར་བྱ་བ་ནི། གཙང་མའི་གནས་སུ་ཡོ་བྱད་འཛོམས་པར་བྱས་ལ། ཕྱེད་ཕུད་གཙང་མ་ལ་དགེ་བསྙེན་ཆེན་པོའི་གཏོར་མ་བཤོས་བུ་ཟླུམ་པོ་ཆེ་བ་ཞིག་གི་མཐའ་སྐོར་དུ་བཤོས་ཕྲན་བརྒྱད་ཀྱིས་བསྐོར་བའི་མཐར། ཏིང་ལོ་མར་མེ་དགུ་དང་མཐེབ་དཀྱུས་མཚན་པ་དཀར་བརྒྱན་གྱིས་མཛེས་པར་བྱ། དེའི་གཡོན་དུ་ཡུམ་མཆོག་ཀོང་བཙུན་དེ་མོའི་གཏོར་མ་སྨན་བཤོས་ཆེ་བ་གཅིག་ལ་དེ་དང་མཚུངས་པའི་བཤོས་ཆུང་བཅུ་གཅིག་གཙོ་བོ་དང་བཅུ་གཉིས་ནི་བསྟན་མ་བཅུ་གཉིས་ཏེ། ཤ་མར་སྙིང་དང་ཟས་སྣ་འོ་མ་ཆང་ཕུད་ཀྱིས་བྲན་ཞིང་མཐེབ་ཀྱུ་ཡང་བཅུ་གཉིས་ཀྱི་བསྐོར། གཡས་ཕྱོགས་སུ་ལས་མཁན་ཞར་བ་སྟག་ལོང་གི་བདུད་བཤོས་ཟུར་གསུམ་པ་ལ་མཐེབ་ཀྱུ་བཞི་དང་འཆངས་བུ་བཞིས་བསྐོར་ཤིང་ཤ་ཁྲག་གིས་བརྒྱན་པ་བཤམས། གཞན་ཡང་། གཙོ་འཁོར་དེ་དག་དང་ཆོས་སྐྱོངས་སྲུང་མ་ཡུལ་ལྷ་གཞི་བདག་སྤྱི་དང་བྱེ་བྲག་ཐམས་ཅད་ཀྱི་ཐུགས་དམ་བསྐངས་བའི་དམ་རྫས་སྨན་རཀ་གཏོར་ཚོགས་ཕྱི་ནང་གི་མཆོད་པ་ལྔ་དང་། ཕྱེ་མར་ཆང་ཕུད་འབྲུ་སྣ་ཟས་སྣ་སོགས་ཇི་ལྟར་འབྱོར་པའི་ལོངས་སྤྱོད་དང་


TR007_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་གཡག་ར་ལུག་བྱ་ཁྱི་དཀར་པོ་འབའ་ཤིག་པའི་རྟེན་འཛུགས། མདུང་དར་དཀར་པོ་མདའ་དར་ལྔ་ལྡན་ལ་སོགས་ཀྱི་སྤྱན་གཟིགས་དང་། བསངས་བསུར་སྤོས་སྣའི་དུད་པ། རྔ་དུང་རོལ་མོ་ལ་སོགས་གཟི་བརྗིད་བག་དྲོ་བྱིན་ཆགས་པའི་བཤམ་བཀོད་ཚུལ་ལྡན་བྱས་ལ། ཐོག་མར་བདག་བསྐྱེད་ནི། བསངས་དང་བསྐང་གསོ་ལ་སོགས་ཆོ་ག་རྒྱས་པ་གཞན་དང་འབྲེལ་ན་བདག་བསྐྱེད་ཀྱང་དེ་ནས་འབྱུང་མོད་ནའང་། དེ་ལྟ་བུ་དང་མི་འབྲེལ་བར་འདིའི་སྒེར་གསོལ་ལྟ་བུ་བྱེད་པའི་ཚེ་ན། བདག་ཉིད་ལྷའི་ང་རྒྱལ་དང་། མི་ལྡན་ན་ལྷ་སྲིན་དེ་ལ་མི་ལུ་བས། རང་ཉིད་སྐད་ཅིག་དྲན་རྫོགས་སུ་དཔལ་ཆེན་རྟ་མགྲིན་དམར་པོ་དབྱུག་ཏོ་སྡིག་མཛུབ་ཅན། །ཁྲོ་གཏུམ་གཟི་བརྗིད་རྔམས་པའི་ཆ་བྱད་ཡོངས་སུ་རྫོགས་པ་རི་རབ་ཙམ་གྱི་སྐུར་ལམ་གྱིས་དམོས་པས་བསྐྱེད་ལ། ཧྲཱིཿཆོས་དབྱིངས་སྐྱེ་མེད་སྤྲོས་དང་བྲལ་བ་ལས། །འགག་མེད་གསལ་མདངས་དབང་ཆེན་སྐུ་རུ་ཤར། །མེ་དཔུངས་ཀློང་ན་གར་དགུའི་ཉམས་ཀྱིས་རོལ། །སྲིད་གསུམ་དྲེགས་པ་འདུལ་བའི་གཉེན་པོའོ། ཨོཾ་བཛྲ་ཀྲོ་


TR007_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

དྷ་ཧ་ཡ་གྲྀ་ཝཱ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ བདག་བསྐྱེད་ཀྱི་ཐུགས་ཀ་ནས་ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས་པ་ལས་བྱུང་བའི་ཡེ་ཤེས་ཀྱི་མེ་ཆུ་རླུང་གསུམ་གྱིས་མཆོད་གཏོར་གྱི་འབག་རྩོགས་ཐམས་ཅད་སྦྱངས། ཨོཾ་ཨཱཿཧཱུྃ། གསུམ་འཕྲོས་པའི་འོད་ཟེར་གྱིས་འདོད་ཡོན་ལྔའི་ལོངས་སྤྱོད་མགྲོན་རིགས་སོ་སོའི་ཐུགས་དང་མཐུན་པའི་དམ་རྫས་ཟག་མེད་བདེ་བ་བསྐྱེད་ཅིང་། རྒྱ་ཆེ་ལ་རྒྱུན་མི་ཆད་པའི་དངོས་པོར་བྱིན་གྱིས་བརླབས་པའི་མོས་པ་བྱའོ། །དེ་ནས་ཡང་བདག་བསྐྱེད་ཀྱི་ཐུགས་ཀའི་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་སྤྲོས་པས་དགེ་བསྙེན་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་མོས་ལ། ཀྱཻ། རང་བཞིན་གྲུབ་པའི་གནས་མཆོག་དམ་པ་ནས། །ལྷ་མཆོག་དགེ་བསྙེན་ཆེན་པོ་གངས་ལྷ་རྒྱལ། །བཙུན་མོ་བོད་ཁམས་སྐྱོང་མཛད་བསྟན་མའི་ཚོགས། །བཀའ་སློབ་ཞར་བ་སྟག་ལོང་བདུད་ཀྱི་རྗེ། །སྤྲུལ་པའི་དགེ་བསྙེན་ཉེར་ལྔ་བཀའ་འཁོར་གྱི། །ལྷ་སྲིན་སྡེ་བརྒྱད་ཡུལ་ལྷ་གཞི་བདག་ཚོགས། །བཀའ་ཡི་བསྟན་སྲུང་དཔལ་མགོན་བདུན་ཅུར་བཅས། །རྣལ་འབྱོར་དད་གདུངས་དབྱངས་ཀྱི་


TR007_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་འདྲེན་ན། །དམ་ཚིག་གཉན་པོར་དགོངས་ཏེ་གཤེགས་སུ་གསོལ། །བཛྲ་ས་མཱ་ཛཿཙིཏྟ་ཧྲིང་ཧྲིང་ཛཿཛཿཞེས་པས། གཞི་བདག་འཁོར་བཅས་སྤྲིན་འཐིབས་པ་བཞིན་བྱོན་པར་བསམས་ལ། བཞུགས་སུ་གསོལ་བ་ནི། ཧཱུྃ། རིན་ཆེན་གཞལ་ཡས་འདོད་ཡོན་ཕུན་ཚོགས་ནས། །པདྨ་ཉི་ཟླ་དར་ཟབ་བམ་ཆེན་སོགས། །སོ་སོའི་ཐུགས་དང་མཐུན་པའི་གདན་ཁྲི་ལ། །དགྱེས་པར་བཞུགས་ནས་དམ་ལ་གནས་པར་མཛོད། །ས་མ་ཡ་ཏིཥྛ་ལྷན། ཕྱག་འཚལ་བ་ནི། ཧཱུྃ། །དོན་དམ་ཡེ་ཤེས་དབྱིངས་སུ་རོ་གཅིག་ཀྱང་། སྣང་ཚུལ་རྒྱལ་བའི་བཀའ་དང་བསྟན་སྐྱོང་ཕྱིར། །ལྷ་སྲིན་དྲེགས་པའི་ཚུལ་དུ་སྤྲུལ་མཛད་པའི། །གནས་བདག་འཁོར་དང་བཅས་ལ་ཕྱག་བགྱིའོ། །ཨ་ཏི་པུ་ཧོཿ པྲ་ཏི་ཛ་ཧོཿ མཆོད་པ་འབུལ་བ་ནི། ཧཱུྃཿ །དགེ་བསྙེན་ཆེན་པོ་ཡབ་ཡུམ་འཁོར་བཅས་ལ། །ཐུགས་དམ་སྐོང་བའི་དམ་རྫས་རྨད་བྱུང་ནི། །རྣམ་ལྔའི་མཆོད་པ་སྨན་རཀ་གཏོར་མ་དང་། །


TR007_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་ལོངས་སྤྱོད་བལྟའ་བཏུང་དཀར་མངར་ཕུད། །ཤ་ཁྲག་རུས་པ་དོན་རྙིང་ནང་ཁྲོལ་རྫས། །སྤྱན་གཟིགས་རྟེན་རྫས་འདོད་ཡོན་མ་ཚང་མེད། །རང་རང་ཐུགས་བཞེད་ཇི་བཞིན་འབུལ་ལགས་ན། །བཞེས་ནས་མཉེས་ཚིམ་ཕྲིན་ལས་སྒྲུབ་མཛད་གསོལ། །མ་ཧཱ་སརྦ་པཱུ་ཛ་ཀཱ་མ་གུ་ཎ་པྲ་ཏིཙྪ་ཧཱུྃ། དེ་ནས་སླར་ཡང་མཆོད་གསོལ་བསྟོད་པས་མངའ་གསོལ་བ་ནི། དེ་ཡང་ཀུན་རྫོབ་འཇིག་རྟེན་བཏགས་ཆགས་ཀྱི་ལྷ་འདྲེའི་རིགས་འདི་རྣམས་བསངས་བསུར་ཀྱི་དུད་པ་དང་དབྱངས་དང་རོལ་མོའི་སྒྲ་ལ་ཡིད་ཆགས་པ་ཡིན་ཕྱིར་དེ་དག་གང་འཛོམ་དང་བཅས་པས་འདི་ལྟར་གསོལ་བར་བྱ་སྟེ། ཀྱཻ། མངའ་གསོལ་ལ་དགེ་བསྙེན་མཐུ་སྟོབས་ཅན། །འདིར་གཤེགས་ཅིག་ལྷ་མཆོག་འཁོར་དང་བཅས། །ཐུགས་མཉེས་པའི་འདོད་ཡོན་ཕུན་སུམ་ཚོགས་ཀྱིས། །ལྷ་ཆེན་པོ་འཁོར་བཅས་མངའ་གསོལ་ལོ། །ལྷོ་འཛམ་གླིང་བྱང་ཕྱོགས་གངས་ཅན་གྱིས། །ཤར་ཀོང་ཡུལ་ལྗོན་པའི་སྐྱེད་ཚལ་དབུས། །མཆིམས་མ་པང་གནས་


TR007_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡུལ་ཁམས་སུ། །རི་མཐོ་གཉན་གངས་ལྷའི་རྩེ་མོ་རུ། །འཇའ་ན་བུན་སྤྲིན་ཕུང་འཁྲིགས་པའི་ཀློང་། །མཁར་རིན་ཆེན་བདག་གམ་ལྕོག་གིས་མཛེས། །གནས་ཕོ་བྲང་ལྷ་ཡི་གཞལ་ཡས་ན། །ཡབ་གངས་ལྷ་བཟང་པོ་ལྷ་ཡི་རྒྱལ། །ཡུམ་ཀོང་བཙུན་རྡོ་རྗེ་བོད་ཁམས་སྐྱོང་། །འབངས་ཞར་བ་སྟག་ལོང་བདུད་ཀྱི་རྗེ། །འཁོར་དགེ་བསྙེན་ཚོགས་དང་སྡེ་བརྒྱད་སོགས། །གནས་ཡུལ་ལྷ་གཞི་བདག་སྤྲུལ་འཁོར་རྣམས། །དེ་རིང་མཆོད་པའི་མགྲོན་དུ་གཉེར་ལགས་ཀྱི། །འཚུབས་ཆོ་འཕྲུལ་རྣམ་འགྱུར་མ་སྟོན་པར། །ཐུགས་སྤྲོ་དགའ་འདིར་གཤེགས་དགྱེས་པར་བཞུགས། །རྫས་བཤམས་པའི་མཆོད་པ་བཞེས་སུ་གསོལ། །གནས་གཙང་ཞིང་དངས་སྤྲོ་ཡིད་མཐུན་འདིར། །མགྲོན་མཉེས་བྱེད་མཆོད་པ་བཀོད་མཛེས་བཤམས། །སྤོས་ཤིང་སྣའི་བསངས་དུད་སྤྲིན་ལྟར་བསྟིབས། །


TR007_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཕུད་འབྲུ་བཅུད་གསེར་སྐྱེམས་མཚོ་ལྟར་བསྐྱིལ། །ཚོགས་གཏོར་མ་ལྷ་བཤོས་རི་ལྟར་སྤུངས། །སྨན་རིན་ཆེན་འབྲུ་སྣ་ཐང་ལྟར་བརྡལ། །ཟས་དཀར་མངར་ཤ་ཁྲག་རྫ་ལྟར་ཉིལ། །ལྷ་དགེ་བསྙེན་འཁོར་བཅས་དགྱེས་པར་རོལ། །རྟ་ངང་དཀར་ཅང་ཤེས་རླུང་གཤོག་ཅན། །རྒྱན་རིན་ཆེན་སྒ་སྲབ་སིལ་ལི་ལི། །གཡག་དཀར་པོ་གངས་རི་འགུལ་ཤེས་འདྲ། །རྭ་འགྱིང་ཆེན་རྔ་རྒྱས་ལང་མ་ལིང་། །ཁྱི་དུང་མདོག་སེང་གེ་མཆོངས་ལྟར་བརྔམས། །མགུལ་གཡེར་ཁའི་རྒྱན་ཆ་ཁྲོ་ལོ་ལོ། །བྱ་དཀར་མཛེས་དར་གྱི་ཕོད་བཟང་ལྷ། །སྐད་སྙན་པོའི་སྒྲ་དབྱངས་ཙེ་རེ་རེ། །ལུག་གཡང་དཀར་བལ་གྱི་འདབ་ཞོལ་ཅན། །བརྗིད་ཆགས་པའི་དུང་རུ་གཡས་འཁྱིལ་མཛེས། །ནོར་རྐང་བཞི་གཅེས་དགུའི་རྟེན་བཙུགས་པ། །ལྷ་དགེ་བསྙེན་འཁོར་དང་བཅས་ལ་འབུལ། །འཕན་དར་དཀར་ལྕེ་དམར་རྔ་ཕོད་ཅན། །མདའ་རྒོད་


TR007_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོ་དར་སྣ་མེ་ལོང་བཏགས། །དབྱངས་སྙན་པའི་རོལ་མོ་འབྲུག་ལྟར་ལྡིར། །ལྷ་གཞི་བདག་ཚོགས་རྣམས་དགྱེས་པར་མཛོད། །ཁྱེད་འདོད་ཡོན་འབྱོར་པས་མ་ཕོངས་ཀྱང་། །བདག་དངོས་གྲུབ་འདོད་དགུ་འབྱུང་བའི་ཕྱིར། །དེང་མཆོད་གསོལ་འདི་ལྟར་བགྱིས་པའི་མཐུས། །དོན་ཕྲིན་ལས་རྣམ་བཞི་གྲུབ་པར་མཛོད། །ཀྱཻ། གནས་བདག་ཆེན་པོ་གངས་ལྷ་བཟང་། །མཐུ་སྟོབས་ནུས་སྩལ་བསམ་མི་ཁྱབ། །སྟོང་ཁམས་ཀུན་ལ་དབང་བསྒྱུར་བ། །རྫུ་འཕྲུལ་ཅན་ལ་བདག་བསྟོད་དོ། །སྐུ་མདོག་དཀར་མཛེས་འཛུམ་མདངས་ཅན། །དར་དཀར་ན་བཟའ་ཞྭ་དཀར་གསོལ། །རུ་དར་དཀར་འཛིན་རྟ་དཀར་ཆིབས། །ལྷ་འཁོར་འབུམ་དང་བཅས་ལྟོད། །རེས་འགའ་གནོད་སྦྱིན་ཆ་ལུགས་སྤྲུལ། །གསེར་མདོག་དར་ཟབ་རིན་ཆེན་བརྒྱན། །གཏེར་བུམ་བསྣམས་ཤིང་དངོས་གྲུབ་སྩོལ། །ནོར་ལྷ་


TR007_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་གྱི་བསྐོར་ལ་བསྟོད། །རེས་འགའ་ཀླུ་བཙན་ཆ་བྱད་མཛད། །མི་དམར་རྟ་དམར་མདུང་དམར་འཐོགས། །བསེ་ཁྲབ་རྨོག་གསོལ་འཁོར་གསུམ་བཅས། །བཙན་འཁོར་འབུམ་ལྡན་ཁྱོད་ལྟོད། །རེས་འགའ་བདུད་ཀྱི་རྒྱལ་པོའི་ཚུལ། །ཁྲོ་གཏུམ་མི་ནག་རྟ་ནག་ཞོན། །རུ་མཚོན་འཕྱར་ཞིང་དགྲ་གེགས་སྒྲོལ། །བདུད་དམག་འབུམ་གྱི་གཙོ་ལ་བསྟོད། །ཞི་རྒྱས་དབང་དྲག་ཕྲིན་ལས་ཀུན། །སྒྲུབ་ཕྱིར་རྣམ་འགྱུར་སོ་སོར་སྟོན། །བསྟན་པ་བསྲུང་ཞིང་བསྟན་འཛིན་སྐྱོང་། །ཆོས་སྲུང་ཆེན་པོ་ཁྱོད་ལ་བསྟོད། །བྷྱོཿ ཡུམ་མཆོག་ཀོང་བཙུན་དེ་མོ་ཡང་། །ཕྱི་ལྟར་རྡོ་རྗེ་བོད་ཁམས་སྐྱོང་། །ཁྲོ་ཚུལ་རལ་གྲི་ནད་རྐྱལ་འཛིན། །དྲེལ་ནག་ཆིབས་མཛད་ཁྱོད་ལ་བསྟོད། །ནང་ལྟར་ཉི་མའི་འོད་འགྱེད་ལ། །གཞོན་མཛེས་དར་དང་རིན་ཆེན་བརྒྱན། །ཡིད་བཞིན་ནོར་བུ་བསམ་འཕེལ་བསྣམས། །ཀོང་རྟ་གྲོ་ཞུར་ཆིབས་ལ་བསྟོད། །


TR007_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བར་མཁའ་འགྲོ་དཔལ་འབར་མ། །དམར་མོ་རིན་ཆེན་རུས་རྒྱན་སྤྲས། །མེ་ལོང་བསྣམས་ཞིང་བྱ་ནག་ཆིབས། །བསྟན་མའི་འཁོར་དང་བཅས་ལ་བསྟོད། ཧཱུྃ། །ལྷ་རྒྱལ་ཡབ་ཡུམ་བཀའ་ཉན་ནི། །ལས་མཁན་ཞར་བ་སྟག་ལོང་ཆེ། །སྨུག་ནག་དཔའ་བོ་སྟག་ཆས་ཅན། །མིག་གཅིག་དམར་འཁྲུག་དགྲ་ལ་གཟིར། །མདའ་གཞུ་རལ་གྲི་མདུང་བསྣམས་ནས། །བདུད་དམག་མང་པོ་ཕོ་ཉར་འགྱེད། །དམ་ཉམས་དགྲ་སྲོག་ཧབ་ཐོབ་བྱེད། །བདུད་འཇོམས་དྲག་རྩལ་ཅན་ལ་བསྟོད། །གཞན་ཡང་དགེ་བསྙེན་ཆེན་པོ་ཡི། །བཀའ་འཁོར་ལྷ་སྲིན་དྲེག་པའི་ཚོགས། །བསམ་མི་ཁྱབ་ལ་མཆོད་ཅིང་བསྟོད། །གང་བཅོལ་ཕྲིན་ལས་ཀུན་འགྲུབ་མཛོད། ཧཱུྃ། །གནས་ཡུལ་བདག་པོ་ལྷ་རྒྱལ་གང་བཟང་རྗེ། །ཡུམ་ཆེན་རྡོ་རྗེ་དེ་མོ་སྨན་བཙུན་གཙོ། །ཕོ་ཉ་ཞར་བ་སྟག་ལོང་ཡང་འཁོར་ཚོགས། །ནོར་བདག་གནོད་སྦྱིན་མཛེས་པར་བཅས་


TR007_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྟོད། །བསྟན་པའི་སྤྱི་སྲུང་གཙང་རིས་བདུན་ཅུ་ལྔ། །བོད་ཡུལ་བསྟན་སྐྱོང་དགེ་བསྙེན་སྲིད་ལྷ་དགུ། །གནས་བདག་ཞིང་སྐྱོང་དཔའ་བོ་མཁའ་འགྲོའི་ཚོགས། །ཡུལ་ལྷ་གཞི་བདག་འཁོར་དང་བཅས་ལ་བསྟོད། །དགེ་བསྙེན་ཆེན་པོ་འཁོར་བཅས་ཁྱེད་རྣམས་ཀྱང་། །སྔོན་ཚེ་སློབ་དཔོན་པདྨ་ཐོད་ཕྲེང་དང་། །གྲུབ་ཐོབ་ཆེན་པོ་འཛམ་གླིང་གྲགས་པ་སོགས། །རྒྱལ་བ་རིག་འཛིན་བརྒྱུད་བཅས་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་དྲན་མཛོད་ལ། །རྒྱལ་བའི་བསྟན་པ་གཉན་པོ་བསྲུང་བ་དང་། །སྐྱེས་ཆེན་རྣམས་ཀྱི་སྐུ་ཚེ་ཕྲིན་ལས་སྤེལ། །དགེ་འདུན་མཐུན་ཞིང་ཆོས་སྤྱོད་སྒོམ་སྒྲུབ་བརྩོན། །ཆོས་མཐུན་དཔལ་དང་བདེ་འབྱོར་རྒྱས་པར་མཛོད། །འཇིག་རྟེན་ཁམས་སུ་ནད་ཡམས་འཁྲུག་རྩོད་དང་། །སད་སེར་མུ་གེ་ཕྱུག་ནད་འབྱུང་པོའི་གདོན། །འབྱུང་བའི་གཡོ་འཁྲུག་གནོད་འཚེའི་རིགས་གྱུར་ཀུན། །རྟག་ཏུ་ཞི་ཞིང་བསྲུང་བར་མཛད་དུ་གསོལ། །


TR007_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཡུལ་ཕྱོགས་དགོན་གནས་འདི་དག་གི། །དཔོན་སློབ་ཡོན་མཆོད་འཁོར་བཅས་ཐམས་ཅད་ལ། །བར་ཆད་མེད་ཅིང་མཐུན་རྐྱེན་ཕུན་ཚོགས་པས། །ཆོས་དང་བཀྲ་ཤིས་དགེ་ལེགས་འཕེལ་བར་མཛོད། །གནས་བདག་ཆེན་པོ་ཡབ་ཡུམ་བློན་འབངས་བཅས། །ཐུགས་དམ་བསྐོངས་ནས་སྔོན་གྱི་དམ་ཚིག་བཞིན། །རྣལ་འབྱོར་བདག་གིས་ཇི་ལྟར་གསོལ་བའི་དོན། །ཚེ་གཅིག་བྱང་ཆུབ་འགྲུབ་པའི་ཕྲིན་ལས་མཛོད། །སྲུང་མ་ཐམས་ཅད་མཉེས་ཤིང་ཚིམ་ནས་སོ་སོ་རང་རང་གི་གནས་སུ་སྐད་ཅིག་ལ་གཤེགས་པར་གྱུར། །ཡ་ཧི་གཙྪ། གཞན་ཡང་འདོད་གསོལ་སྨོན་ལམ་ཤིས་བརྗོད་ལ་སོགས་ཇི་ལྟར་རིགས་པ་སྐབས་དང་སྦྱར་ལ་བྱ་ཞིང་། དེ་ནས་མཆོད་གཏོར་ཡོ་བྱད་ཀྱི་བྱེ་བྲག་ལ་འབུལ་དང་གཤེགས་པར་འོས་པ་རྣམས་གཤེགས། །དངོས་གྲུབ་ཏུ་བླང་བར་འོས་པ་རྣམས་བསྡུའོ། ཆོ་ག་འདི་ལ་གང་ཞིག་གསོལ་ཁ་རྒྱས་པར་བྱེད་པའི་སྐབས་སུ་ནི་འདི་ཉིད་ཡོངས་རྫོགས་མཐར་ཆགས་སུ་བྱ་ཞིང་། རྒྱུན་གྱི་བསྐང་གསོ་གཏོར་བསྔོས་སོགས་ཀྱི་འཇུག་ཏུ་ཁྱེར་


TR007_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་ཚེ་ན། །ཧ་ཅང་ཚིག་ཚོགས་མང་ན་དགེ་སྦྱོར་སྒྲིག་མ་གཞན་ལ་གནོད་པའི་རྒྱུར་འགྱུར་བས། གོང་གི་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མཆོད་པ་རྣམས་ཀྱི་འཕྲོར་འོག་གི། ཧཱུྃ། གནས་ཡུལ་བདག་པོ་ལྷ་རྒྱལ་གང་བཟང་རྗེ། ཞེས་སོགས་འཐུད་ལ་བྱ་ཞིང་། བར་གྱི་མངའ་གསོལ་ཚན་གཉིས་པོ་བཞག་པས་ཆོག་ཚེ། དེ་ལྟར་རྒྱས་བསྡུས་མཚམས་འབྱོར་ཤེས་པར་བྱའོ། །འདི་ལྟར་གཞི་བདག་ཆེན་པོའི་གསོལ་མཆོད་ཀྱི་ལས་རིམ་མདོར་བསྡུས་འདི་ནི། དཔལ་ལྡན་འབྲི་གུང་པ་ཆེན་པོས་རྗེས་སུ་བཟུང་ཞིང་བྱིན་བརླབས་པ། ཤར་དགའ་བླ་མ་རཏྣ་མ་ཎིས་བསྐུལ་བར་མཛད་པ་བཞིན། །སྣ་ཚོགས་རང་གྲོལ་གྱིས་རྒོད་ཕུག་ཡང་དབེན་དུ་ཡི་གེར་བཀོད་པ་དགེའོ། །ཛ་ཡནྟུ།། ༈ །།བདེ་ཡངས་བྱང་ཆུབ་གླིང་གི་གཞི་བདག་གླུ་བཙན་གྲགས་པ་རྡོ་རྗེའི་གསོལ་ཁ་བཞུགས་སོ། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནི་ཧཱུྃ། གཞི་བདག་ཆེན་པོ་གྲགས་པ་རྡོ་རྗེ་འབར་བའི་གསོལ་མཆོད་བྱ་བར་འདོད་ན། །གཏོར་མཆོད་སྤྱན་གཟིགས་སོགས་རྒྱས་པར་བཤམས་ལ། །ཐོག་མར་བདག་ལྷར་བསྐྱེད་པ་དང་མཆོད་གཏོར་བྱིན་གྱིས་བརླབས་པའི་


TR007_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་མདོར་བསྡུས་ནི། ཧྲཱིཿ །བདག་ཉིད་སྐད་ཅིག་དྲན་རྫོགས་རྟ་མགྲིན་རྒྱལ། །དམར་གསལ་གྲི་གུག་ཐོད་ཁྲག་ཁྲོ་ཆས་བརྒྱན། །མེ་སྤུངས་ཀློང་ན་རི་རབ་ཙམ་གྱི་སྐུ། །སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་པར་གྱུར། །ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ༈ །།ཐུགས་ཀའི་ས་བོན་ཧྲཱིཿདམར་པོ་ལས་མངོན་པར་སྤྲུལ་པའི་ཡི་གེ་རྃ་ཡྃ་ཁྃ་གསུམ་འཕྲོས་པ་ལས་བྱུང་བའི་ཡེ་ཤེས་སྒྱུ་འཕྲུལ་གྱི་མེ་རླུང་ཆུ་གསུམ་ཕྲོས་ཏེ་མདུན་དུ་གཏོར་མཆོད་རྣམས་ཀྱི་འབག་རྩོགས་ཉེས་སྐྱོན་དྲི་མ་ཐམས་ཅད་སྦྱངས། སླར་ཡང་ཨོཾ་ཨཱཿཧཱུྃ་གསུམ་སྤྲོས་ནས་ཐིམ་པ་ཙམ་གྱིས། །གཏོར་མཆོད་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་བཀའ་སྲུང་ཆོས་སྐྱོང་གཞི་བདག་རྣམས་སོ་སོར་གང་ལ་ཅི་ལྟར་འདོད་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པས་སྟོང་གསུམ་འཇིག་རྟེན་གྱི་ཁྱོན་ཐམས་ཅད་གང་


TR007_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཟད་མེད་ནམ་མཁའི་མཛོད་ཀྱི་རང་བཞིན་དུ་གྱུར། །ཞེས་པའི་མཐར་ནམ་མཛོད་དང་ཨ་ཀཱ་རོའི་སྔགས་ཀྱི་བྱིན་བརླབ་བྱའོ། །རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། གཞི་བདག་ཆེན་པོ་གྲགས་པ་རྡོ་རྗེ་འབར་བ་འཁོར་དང་བཅས་པའི་ཐུགས་བརྒྱུད་བསྐུལ་ཏེ། བྱ་རྒོད་ཤ་ལ་འཐིབས་པའམ་གླག་མོ་གཟན་ལ་འཇུམ་པ་ལྟར་སྐད་ཅིག་ལ་མཆོད་པའི་གནས་འདིར་བྱོན་པར་གྱུར། ཀྱཻ། དམ་ཚིག་ཆེན་པོའི་གནས་མཆོག་ནས། །བཀའ་སྲུང་གྲགས་པ་རྡོ་རྗེ་འབར། །གདུང་བའི་དབྱངས་ཀྱི་སྤྱན་འདྲེན་ན། །འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །རང་བཞིན་གནས་རྣམས་གར་བཞུགས་ཀྱང་། །དེང་འདིར་མཆོད་ཅིང་གསོལ་བའི་ཕྱིར། །རོལ་མོའི་སྒྲ་དང་མཉེས་པའི་རྫས། །ལེགས་པར་བཤམས་ཏེ་སྤྱན་འདྲེན་གྱི། །རྒྱལ་བ་རིག་འཛིན་བརྒྱུད་བཅས་དྲུང་། ཁས་བླངས་དམ་བཅའ་དྲན་མཛོད་ལ། །ཕྲིན་ལས་ཐོགས་མེད་བསྒྲུབ་


TR007_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །ཨོཾ་ཙ་ཏི་བུ་ལ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཏིཥྛ་ལྷན། ཀྱེ། མཐུ་སྟོབས་རྩལ་ལྡན་སྲུང་མ་འཁོར་བཅས་རྣམས། །དམ་ཚིག་མཐུན་པའི་གནས་འདིར་དགྱེས་པར་བཞུགས། །དང་བའི་ཡིད་ཀྱི་ཕྱག་འཚལ་གུས་པས་འདུད། །བདག་སོགས་འཁོར་བཅས་བསྲུང་སྐྱོབས་ཕྲིན་ལས་མཛོད། །ཁྱེད་ལ་མཉེས་པའི་མཆོད་པ་འབུལ་བ་ནི། །ཕྱི་མཆོད་རྣམ་ལྔ་དཀར་གསུམ་མངར་གསུམ་དང་། །ནང་མཆོད་འདོད་ལྔ་སྨན་རཀ་གཏོར་ཚོགས་དང་། །གསང་བ་སྦྱོར་སྒྲོལ་ཏིང་འཛིན་བླ་མེད་མཆོད། །ཐུན་མོང་བསངས་གསུར་བསྐང་རྫས་རྟེན་རྫས་རིགས། །གཟུགས་སྒྲ་དྲི་རོ་རེག་བྱ་ཅི་འདོད་མཆོད། །ཁྱད་པར་བསྟན་ལ་སྡང་བྱེད་དགྲ་གེགས་ཀྱི། །ཤ་ཁྲག་དབང་པོ་དོན་རྙིང་ནང་ཁྲོལ་དང་། །བླ་ཚེ་སྲོག་དབུགས་བཅས་པ་མཆོད་པར་འབུལ། །


TR007_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པར་བཞེས་ཤིང་ཐུགས་དམ་བསྐོངས་ནས་ཀྱང་། །བདག་གི་འདོད་དགུ་ཆོས་བཞིན་བསྒྲུབས་པ་དང་། །བར་ཆད་དགྲ་གེགས་མ་ལུས་ཞི་བར་མཛོད། །ཁྱེད་ཀྱི་ཡུམ་དང་སྲས་འཁོར་བཀའ་འབངས་ཚོགས། །ལས་བྱེད་ཕོ་ཉ་སྲིད་སྡེར་བཅས་རྣམས་ཀྱང་། །མཐུན་པའི་དམ་རྫས་མཆོད་གཏོར་རྒྱ་ཆེན་འདི། །བཞེས་ནས་བཅོལ་བའི་ལས་ཀུན་སྒྲུབ་པར་མཛོད། །ཨོཾ་ཙ་ཏྲི་ཤུ་ལ་ཀཱིཏྟི་བཛྲ་ཛྭ་ལཱ་ཡ། མ་ཧཱ་སརྦ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཀྱེ། གསོལ་ལོ་མཆོད་དོ་མངའ་གསོལ་ལོ། །གཞི་བདག་གཉན་པོ་མངའ་གསོལ་ལོ། །བཙན་རྒོད་ཆེན་པོ་མངའ༴ འཁོར་བཅས་མཆོད་བསྟོད་མངའ༴ རང་བཞིན་གྲུབ་པའི་གནས་མཆོག་ནས། །རྫུ་འཕྲུལ་སྤྲུལ་པའི་ཕོ་བྲང་ཆེར། །གྲགས་པ་རྡོ་རྗེ་འབར་བ་རྩལ། །སྲུང་མ་ཆེན་པོ་ཁྱོད་ལ་བསྟོད། །བསྟན་དང་བསྟན་འཛིན་སྐྱོང་མཛད་ཁྱོད། །ཆ་ལུགས་རྣམ་འགྱུར་མ་ངེས་ཏེ། །རེས་འགའ་བཙན་རྒོད་འབར་


TR007_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚུལ། །རྔམས་བརྗིད་གཟི་མདངས་ཅན་ལ་བསྟོད། །སྐུ་མདོག་དམར་ཞིང་བསེ་ཁྲབ་གསོལ། །མདུང་དམར་བསྣམས་ནས་རྟ་དམར་ཆིབས། །ཉི་མ་འབུམ་གྱི་འོད་ལྟ་བུ། །བཙན་འཁོར་འབུམ་གྱི་བསྐོར་ལ་བསྟོད། །རེས་འགའ་ཞི་བའི་ལས་མཛད་ཕྱིར། །མི་དཀར་རྟ་དཀར་མདུང་དར་དཀར། །ཟླ་བ་རྒྱུ་སྐར་བསྐོར་འདྲ་བ། །ལྷ་བཙན་འབུམ་གྱི་བསྐོར་ལ་བསྟོད། །རེས་འགའ་དྲག་པོའི་ལས་མཛད་ཕྱིར། །མི་ནག་རྟ་ནག་མདུང་ནག་ཅན། །མུན་པའི་གྲིབ་སོ་བཏིབས་འདྲ་བའི། །བདུད་བཙན་འབུམ་གྱིས་བསྐོར་ལ་བསྟོད། །འདོད་དགུའི་དངོས་གྲུབ་སྟེར་མཛད་པའི། །ཡུམ་མཆོག་མཚོ་སྨན་ཀླུ་འཁོར་བཅས། །བར་སྣང་འཇའ་ཚོན་འཁྲིགས་པ་འདྲ། །ཀླུ་བཙན་འབུམ་གྱིས་བསྐོར་ལ་བསྟོད། །དྲག་རྩལ་མཐུ་སྟོབས་རྫུ་འཕྲུལ་ནི། །མཁའ་ལ་གློག་དམར་འཁྲུགས་པ་འདྲ། །གཙོ་འཁོར་ཕྱག་བརྙན་སྤྲུལ་པར་བཅས།


TR007_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་ལྡན་སྲུང་མའི་ཚོགས་ལ་བསྟོད། ཀྱཻ། མཆོད་པའི་ཡོ་བྱད་ཕུན་ཚོགས་པས། །ཆོས་སྐྱོང་ཆེན་པོ་མངའ་གསོལ་ལོ། །སྤྱན་གཟིགས་དཀོར་ཆ་སྣ་ཚོགས་ཀྱིས། །གཞིས་བདག་ཆེན་པོ་མངའ༴ ཕོ་བྲང་རྟེན་རྫས་ཡིད་འོངས་པའི། །གནས་བདག་ཆེན་པོ༴ སྨན་རཀ་གཏོར་ཚོགས་དམ་རྫས་ཀྱིས། །བཙན་རྒོད་ཆེན་པོ་མངའ༴ གཙང་ཕུད་དཀར་གཏོར་རྒྱན་ལྡན་གྱི། །ལྷ་བཙན་འཁོར་བཅས་མངའ༴ ཤ་ཁྲག་དམར་ཆོད་ལོངས་སྤྱོད་ཀྱིས། །བདུད་བཙན་འཁོར་བཅས་མངའ༴ ཀར་མངར་རིན་ཆེན་དར་སྨན་གྱིས། །ཡུམ་མཆོག་ཀླུ་སྨན་མངའ༴ གང་ལ་ཅི་འདོད་གཏོར་མཆོད་འདིས། །འཁོར་བཅས་དགྱེས་པར་མངའ་གསོལ་ལོ། །གསོལ་ལོ་མཆོད་དོ་སྲུང་མའི་ཚོགས། །མཉེས་པར་བཞེས་ཤིག་མཐུ་ལྡན་རྣམས། །ཚིམ་པར་མཛོད་ཅིག་འཁོར་བཅས་ཀུན། །ཐུགས་དམ་སྐོངས་ལ་ཕྲིན་ལས་མཛོད། །སློབ་དཔོན་པདྨ་ཐོད་འཕྲེང་དང་། །རིག་འཛིན་བཀའ་བརྒྱུད་གོང་མ་ཡི། །སྤྱན་སྔར་ཁས་བླངས་དམ་མནོས་པའི། །


TR007_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་གཉན་ལས་ཁྱེད་མ་འདའ། །བདག་ཅག་རྗེས་འཇུག་འཁོར་བཅས་ཀྱི། །བསམ་པའི་དོན་ཀུན་བསྒྲུབ་ཏུ་གསོལ། །ནད་གདོན་རྐྱེན་ངན་བར་ཆད་རིགས། །ཆགས་ཆེ་མྱ་ངན་འཐབ་འཁྲུགས་བྱ། །བློ་བུར་ཡེད་འགྲོག་གོད་ཁ་སོགས། །འགལ་རྐྱེན་གནོད་འཚེ་བཟློག་པར་མཛོད། །ཚེ་བསོད་དཔལ་འབྱོར་མངའ་ཐང་དང་། །མི་ནོར་ཟས་གོས་ལོངས་སྤྱོད་གཡང་། །སྙན་གྲགས་བདེ་ལེགས་ཡོན་ཏན་ཀུན། །ཆོས་དང་མཐུན་པར་འཕེལ་བར་མཛོད། །སངས་རྒྱས་བསྟན་དང་ཆོས་སྤྱོད་ལ། །གནོད་པ་བྱེད་པའི་དགྲ་གེགས་རྣམས། །སྲོག་ཆོད་དབུགས་ལོངས་ཤ་ཁྲག་ཟོ། །མིང་ཙམ་མེད་པར་རླག་པར་མཛོད། །མདོར་ན་སྲུང་མ་ཆེན་པོ་ཁྱོད། །ཡུམ་སྲས་འཁོར་དང་བཅས་རྣམས་ཀྱིས། །བདག་གི་བཅོལ་བའི་ཕྲིན་ལས་ཀུན། །ཐོག་མེད་མྱུར་དུ་སྒྲུབ་པར་མཛོད། །ཨོཾ་ཙ་ཏྲི་ཤུ་ལ་ས་མ་ཡ་དམ་ལས་མ་འདའ་ཞིག །སརྦ་སིདྡྷི་ཕ་ལ་


TR007_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་ཡཙྪ་ཀུར་ཝནྟུ་སྭཱ་ཧཱ། ཞེས་བརྗོད་ལ་མཆོད་གཏོར་རྣམས་ཕུལ་བས་སྲུང་མ་ཐམས་ཅད་དགའ་འགུ་ཡིད་རངས་ནས་ཅི་བཅོལ་བའི་ཕྲིན་ལས་བསྒྲུབ་པར་ཞལ་གྱིས་བཞེས་ཤིང་རང་རང་གནས་སུ་གཤེགས་པར་དམིགས་ལ། སྨོན་ལམ་བཀྲ་ཤིས་སོགས་རྗེས་ཆོག་ཐམས་ཅད་སྤྱི་དང་མཐུན་པར་བྱ་ཞིང་དམིགས་མེད་ཀྱི་རྒྱས་གདབ་པར་བྱའོ། །དེ་ལྟར་གཞི་བདག་གྲགས་པ་རྡོ་རྗེ་འབར་བའི་གསོལ་མཆོད་མདོར་བསྡུས་འདི་ནི། །དབོན་པོ་ཨོ་རྒྱན་བསྟན་པས་བསྐུལ་བར་མཛད་པ་བཞིན། སྣ་ཚོགས་རང་གྲོལ་གྱི་རྣལ་འབྱོར་པས་ཡི་གེར་བཀོད་པ་དགེ་ལེགས་འཕེལ་བར་གྱུར་ཅིག ཧཱུྃ། རང་བཞིན་གྲུབ་པའི་ཕོ་བྲང་ཆེན་པོ་ནས། །བདུད་བཙན་དྲག་པོ་རྡོ་རྗེ་ཀུན་དགའ་འབྲུག །སྔོན་གྱི་ཁས་བླངས་དམ་ཚིག་དྲན་མཛོད་ལ། །རྫུ་འཕྲུལ་མཐུ་ཡིས་ཡུད་ཙམ་གནས་འདིར་གཤེགས། །ཨོཾ་བཛྲ་ནནྡ་མེ་གྷ་སྭ་ར་ས་མཱ་ཛཿཕྱི་ནང་གསང་མཆོད་སྨན་རཀ་གཏོར་ཚོགས་དང་། །སྤྱན་གཟིགས་ཐུགས་དམ་སྐོང་བའི་ཡོ་བྱད་ཀུན། །སྔགས་དང་ཏིང་འཛིན་བདེན་པས་བྱིན་བརླབས་ཏེ། །འབུལ་གྱི་དགྱེས་པར་བཞེས་ལ་ཕྲིན་ལས་སྒྲུབས། །བཛྲ་


TR007_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ནནྡ་མེ་གྷ་སྭ་ར་སརྦ་པཱུ་ཛ་ཁཱ་ཧི། ཧཱུྃ། །དྲག་རྩལ་མཐུ་སྟོབས་གཟི་ལྡན་ཀུན་དགའ་འབྲུག །སྐུ་མདོག་དམར་སྨུག་སྒེག་ཅིང་དཔའ་གཏུམ་ཚུལ། །འཁོར་གསུམ་རྒྱན་ལྡན་མདུང་དར་ཞགས་པ་བསྣམས། །རྟ་ནག་རྟིང་དཀར་ཆིབས་ལ་ཕྱག་འཚལ་བསྟོད། །བདུད་བཙན་འཁོར་ཚོགས་འབུམ་གྱི་གཙོ་བོ་ཁྱེད། །རིག་འཛིན་བརྒྱུད་པའི་སྤྱན་སྔར་ཞལ་བཞེས་བཞིན། །སྔ་འགྱུར་སྙིང་པོའི་བསྟན་པ་བསྲུང་བ་ལ། །བསྙེལ་དང་གཡེལ་བ་མེད་པར་མཛད་དུ་གསོལ། །གཙུག་ལག་དགེ་འདུན་སྡེ་སྤེལ་མཐུན་རྐྱེན་སྒྲུབས། །བསྟན་དགྲ་ཚར་ཆོད་བླ་མའི་སྐུ་ཚེ་བསྲིང་། །དམ་ཆོས་ཚུལ་བཞིན་སྤྱོད་རྣམས་བུ་བཞིན་སྐྱོང་། །ཕྲིན་ལས་གང་བཅོལ་ཐོགས་མེད་སྒྲུབ་མཛོད་ཅིག །བཛྲ་ནནྡ་མེ་གྷ་སྭ་ར་ས་མ་ཡ་ཙིཏྟ་ཨུ་ས་ཀརྨཾ་ཀུ་རུ་ཧཱུྃ་སྭཱ་ཧཱ། ཞེས། སྨིན་གྲོལ་སྐྱེད་རྫོགས་གླིང་གི་གཞི་བདག་


TR007_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགའ་འབྲུག་གི་གཏོར་མཆོད་ཉུང་ངུ་འདི་ཡང་། ཆོས་དབྱིངས་འོད་གསལ་རྩེ་མོའི་སྒོམ་ཁང་དུ་བྲིས་པ་དགེ་ལེགས་འཕེལ། །སརྦ་ཛ་ཡནྟུ། གཅིག་ཞུད།

ཚོགས་ཀྱི་འཁོར་ལོའི་རྣམ་པར་བཤད་པ་མདོར་བསྡུས་ཉེ་བར་མཁོ་བ་དངོས་གྲུབ་སྦྲང་རྩིའི་ཟིལ་མངར།


TR007_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་འཁོར་ལོའི་རྣམ་པར་བཤད་པ་མདོར་བསྡུས་ཉེ་བར་མཁོ་བ་དངོས་གྲུབ་སྦྲང་རྩིའི་ཟིལ་མངར་བཞུགས་སོ། །


TR007_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ལགས། །འོ་ན་ད་ལམ་གྱི་སྐབས་འདི་ཉིད་དུ་ཟབ་མོ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བགྱིས་པ་ནི་བསོད་ནམས་དང་ངོ་མཚར་གྱི་མཆོག་ཏུ་གྱུར་པ་ལགས་ཤིང་། དེ་ལ་ཚོགས་ཀྱི་ངོ་བོ། ངེས་ཚིག །དབྱེ་བ་ཇི་ལྟར་བགྱི་བའི་ཐབས། །བགྱིས་པའི་ཕན་ཡོན་དང་བཅས་པའི་རིམ་པ་ལས་དང་པོ་ངོ་བོ་ནི། ཚོགས་གཉིས་ཡོངས་སུ་རྫོགས་པར་བྱ་བ་དང་། །ལྷ་དང་བླ་མ་མཆེད་ལྕམ་རྣམས་ཀྱི་དགྱེས་པ་སྐོང་བར་བྱེད་པའི་རྫས་ཀྱི་རྣམ་གྲངས་སོ། །ངེས་ཚིག་ནི། །ལེགས་སྦྱར་གྱི་སྐད་དུ་ག་་ཞེས་བྱ་བ་དེ་ཉིད་


TR007_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཀྱི་སྐད་དུ་ཚོགས་ཅེས་བྱ་སྟེ། །ཐབས་ཤེས་ཀྱི་རྫས་སུ་གྱུར་པའི་འདོད་ཡོན་བཟའ་བཏུང་གི་རྣམ་གྲངས་མང་པོ་ཚོགས་པར་བཤམས་པས་ན་ཚོགས་ཅེས་བྱའོ། །དབྱེ་བ་ནི། །ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ལས། ཕྱི་ལྟར་ན་དབང་ཆེན་གསེར་གྱི་ས་གཞིའི་ཚོགས་སྣོད་དུ་གླིང་བཞི་རི་རབ་རོལ་མཚོ་དང་བཅས་པ་ཚོགས་ཀྱི་ཡོ་བྱད་དུ་རང་བཞིན་གྱིས་བཀོད་ཅིང་། བཅུད་ཀྱི་སེམས་ཅན་སྐྱེ་འགྲོ་མཐའ་དག་ཚོགས་ཀྱི་རྒྱན་དུ་ཡེ་ནས་ལྷུན་གྱིས་གྲུབ་པ་ནི་སྣང་སྲིད་རང་བྱུང་ཕྱིའི་ཚོགས་མཆོད་རྨད་དུ་བྱུང་བ་དེ་ཉིད་བླ་མ་ཡི་


TR007_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

དམ་མཁའ་འགྲོའི་ཚོགས་ལ་རང་བྱུང་རང་བབས་ཆེན་པོར་འབུལ་བ་ནི་ཕྱིའི་ཚོགས། ནང་ལྟར་ན། །ཐབས་ཀྱི་རྫས་བཟའ་བའི་རིགས་གྱུར་ཐམས་ཅད་དང་། །ཤེས་རབ་ཀྱི་རྫས་བཏུང་བའི་རིགས་གྱུར་ཐམས་ཅད་དང་། གཉིས་མེད་ཀྱི་རྫས་བཅའ་བའི་རིགས་གྱུར་ལ་སོགས་པ་མདོར་ན་འདོད་ཡོན་གྱི་ལོངས་སྤྱོད་ཅི་འབྱོར་ཐམས་ཅད་མཆོད་པའི་ཡོ་བྱད་དུ་བྱིན་གྱིས་བརླབས་པ་ནི་ནང་གི་ཚོགས། གསང་བ་ལྟར་ན། རང་ལུས་ལྤགས་པའི་ཚོགས་སྣོད་དུ་ཤ་ཁྲག་དབང་པོ་དོན་སྙིང་དང་བཅས་པའི་ཕུང་པོ་འདི་ཉིད་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ཏེ་འབུལ་བ་ནི་གསང་བའི་ཚོགས། དེ་ཁོ་ན་ཉིད་དུ། རང་རིགས་སྤྲོས་བྲལ་རྒྱ་ཆད་ཕྱོགས་ལྷུང་བྲལ་བ་ཀུན་ཁྱབ་ཡངས་པ་ཆེན་པོའི་ཚོགས་སྣོད་དུ་སེམས་ཡིད་རྣམ་ཤེས་དབང་ཚོགས་ཀྱི་འདུ་ཤེས་འགྱུ་དྲན་ཕྲ་རག་བཟང་ངན་གྱི་རྟོག་ཚོགས་བསམ་གྱིས་མི་ཁྱབ་པའི་རོལ་རྩལ་


TR007_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་རང་རིག་རང་ཤེས་རང་གྲོལ་གྱི་ཚོགས་སུ་བྱིན་གྱིས་བརླབས་ནས། གདོད་མའི་གནས་ལུགས་ཀྱི་ངང་དུ་འབུལ་བྱ་འབུལ་བྱེད་དང་བྲལ་བ་ཉིད་དུ་ཡིན་ལུགས་རང་ངོ་ཤེས་པ་ནི་དེ་ཁོ་ན་ཉིད་ཡང་དག་དོན་གྱི་ཚོགས་མཆོད་དེ་མདོར་ན་སྣང་སྲིད་ཕྱི་ནང་སྣོད་བཅུད་ཐམས་ཅད་ཚོགས་ཀྱི་རང་བཞིན་དུ་མ་གྱུར་པ་མེད་པའི་དོན་ཚུལ་བཞིན་དུ་ཤེས་དགོས་ཤིང་། དེ་ལྟ་བུའི་དབྱེ་བ་རྟོགས་པས། ནང་གི་ཚོགས་མཆོད་དངོས་གཞི་ཇི་ལྟར་བགྱི་བའི་ཐབས་སམ་ཚུལ་ནི། སྤྱིར་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་འདོད་ཡོན་ཐམས་ཅད་ཚོགས་ཀྱི་དངོས་པོར་མ་གྱུར་པ་མེད་ཅིང་། །བྱེ་བྲག་ཏུ་བཟའ་བ་ཐབས་ཀྱི་རང་བཞིན་དང་། །བཏུང་བ་ཤེས་རབ་ཀྱི་རང་བཞིན་ལ་སོགས་ཚོགས་རྫས་ཀྱི་དངོས་པོར་གྱུར་ཚད་ཇི་ལྟར་འབྱོར་བ་ལེགས་པར་བཤམས་ཤིང་། ཡེ་ཤེས་རྣམ་རོལ་གྱི་


TR007_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

མེ་རམ། ཆུ་ཆམ། རླུང་ཨམ། གསུམ་འཕྲོས་པས་ཀུན་རྫོབ་འཁྲུལ་སྣང་ཉེས་ཚོགས་ཀྱི་དྲི་མ་ཐམས་ཅད་སྦྱངས།། ༈ །།སྐུ་གསུམ་ཡེ་ཤེས་ཀྱི་རྩལ་སྣང་འབྲུ་ཨོཾ་ཨཱཿཧཱུྃ་གསུམ་གྱི་འོད་ཟེར་འཕྲོས་པས་བདེ་ཆེན་ཟག་མེད་ཀྱི་བདུད་རྩི་ཡིད་བཞིན་འདོད་འབྱུང་གི་གཏེར་དུ་བྱིན་གྱིས་བརླབས། དེ་ཉིད་ཡུལ་གོང་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་མཆོད་པའི་དངོས་པོར་ཕུལ། ཆོས་སྐྱོངས་བསྲུང་མ་རྣམས་ལ་ཅི་འདོད་ཀྱི་བསྐང་རྫས་སུ་བསྔོ། །མཆེད་དང་ལྕམ་དྲལ་ཐམས་ཅད་དངོས་གྲུབ་དམ་རྫས་ཀྱི་ཚུལ་དུ་རོལ། ཞིང་སྐྱོང་མཁའ་འགྲོའི་ཚོགས་ལ་བཀའི་ཕམ་ཕབ་ཀྱི་ཚུལ་དུ་གཏོང་བ་ལ་སོགས་ཡུལ་གོང་འོག་ཀུན་ལ་སོ་སོར་གང་ལ་གང་འཚམ་པར་མཆོད་སྦྱིན་བྱ་ཞིང་། དེ་དག་གི་ཚེ་ཡང་རློམ་སེམས་ཁེ་གྲགས་ལོ་འདོད་སེར་སྣ་རེ་དོགས་ལ་སོགས་པའི་བསམ་པ་དང་མ་འདྲེས་པར་ཏིང་འཛིན་ཡེ་ཤེས་རྣམ་རོལ་གྱི་ངང་ནས་དག་སྣང་མོས་གུས་སྙིང་རྗེར་


TR007_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཞིང་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་འབུལ། ཚོགས་ཀྱི་ཡོ་བྱད་ཀྱང་། འབྱོར་པའི་ཚེ་ན་འདོད་ཡོན་གྱི་ལོངས་སྤྱོད་དུ་གྱུར་ཏོ་ཅོག་ཐམས་ཅད་འཕང་སེམས་ཞེན་ཆགས་བྲལ་བས་ཅི་ཡོད་ཚོགས་སུ་བཤམས། །མ་འབྱོར་པའི་ཚེ་ན་ཆུ་ལའང་རུང་ཞིང་། ལྷག་བསམ་གྱི་ཀུན་ནས་བླངས་ཤིང་ཏིང་འཛིན་གྱི་ཁ་བསྒྱུར་ཤེས་ན་དངོས་པོ་ཐམས་ཅད་ཚོགས་མཆོད་དུ་མ་གྱུར་པ་རྡུལ་ཙམ་ཡང་མེད་པས་ཅིར་སྣང་ཆོས་ཉིད་རྣམ་རོལ་ཆེན་པོའི་ངང་དུ་སྤྱད། རང་ཉིད་བཟའ་བཏུང་གི་རིགས་གང་ལ་སྤྱོད་ཚེའང་། དངོས་གྲུབ་ཚོགས་ཀྱི་འཁོར་ལོར་དམིགས་ཏེ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ཉིད་དུ་ལྷུན་གྱིས་གྲུབ་ཅིང་། གནས་པ་རྩ་དང་གཡོ་བ་རླུང་། བཀོད་པ་བྱང་ཆུབ་སེམས་ཀྱི་སྣང་ལུགས་གནས་ཚུལ་ཐམས་ཅད་ནི་གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང་ལ་སོགས་པར་ཡེ་ནས་རང་བྱུང་དུ་མཆིས་ཤིང་། ཕྱི་


TR007_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་གྱི་ཡུལ་ཉི་ཤུ་རྩ་བཞི་མཐའ་དག་ནང་དུ་རྡོ་རྗེའི་ལུས་ཀྱི་སྤྱི་བོ་ལ་སོགས་པའི་གནས་དང་། ཡུལ་དེ་དག་གི་དཔའ་བོ་རྡོ་རྗེ་འོད་ལྡན་ཡབ་ཡུམ་ལ་སོགས་རྣམས་ཀྱང་ནང་དུ་རྩ་སྒོམ་པ་ལ་སོགས་པའི་རྩ་རླུང་ཐིག་ལེའི་ཚུལ་དུ་ལྷུན་གྲུབ་ཏུ་བཞུགས་པར་རྒྱུད་སྡེ་མཐའ་དག་ལས་གསུངས་ཕྱིར། ནང་དུ་ཏིང་འཛིན་རྣལ་འབྱོར་དང་ལྡན་པས་ཚོགས་ཀྱི་མཆོད་པ་ལན་གཅིག་བྱས་ན་ཕྱི་རོལ་ཡུལ་ཆེན་ཉི་ཤུ་རྩ་བཞིའི་དཔའ་བོ་མཁའ་འགྲོའི་འདུ་བ་ཀུན་ལ་ཚོགས་ཀྱི་འཁོར་ལོ་དུས་གཅིག་ཏུ་བགྱིས་པའི་བསོད་ནམས་ཐོབ་ཅིང་། །དེར་ཡང་མ་ཟད་ཐེག་མཆོག་རྫོགས་པ་ཆེན་པོ་ལྟར་ན་ཙིཏྟ་འོད་ཁྱིམ་གྱི་ཀློང་ན་སངས་རྒྱས་ཞི་བ་སུམ་ཅུ་རྩ་དྲུག །གླད་པ་དུང་ཁང་གི་ནང་དུ་ཁྲོ་བོ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། །མགྲིན་པ་རྩའི་དྲ་བ་ན་རིགས་འཛིན་མཁའ་འགྲོའི་ལྷ་


TR007_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། གནས་དྲུག་རྩའི་འཁོར་ལོ་རུ་བཅོམ་ལྡན་ཐུབ་པ་རིགས་དྲུག་ལ་སོགས་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ལུས་གནས་རྒྱལ་བའི་དཀྱིལ་འཁོར་ཁོ་ན་ཡིན་པ་དང་། གཞན་ཡང་བ་སྤུའི་བུ་ག་རེ་རེ་ན་ཡང་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཕོ་བྲང་ཡིན་པར་གསུངས་པས་ན། དེ་ཕྱིར་བཟའ་བཏུང་ཚོགས་འཁོར་གྱི་རང་བཞིན་དུ་འགྱུར་བའི་གནད་རྣམས་ཤེས་པར་བྱ། མདོར་བསྡུ་ན། བཤམས་པ་རྫས་ཀྱི་ཚོགས་འཁོར་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོངས་མཆེད་ལྕམ་དང་བཅས་པ་རྣམས་ལ་སྤྱིར་འབུལ། སྒྱུ་ལུས་ཕུང་པོའི་ཚོགས་འཁོར་ཏིང་འཛིན་གནད་དང་ལྡན་པས་སྣང་སྲིད་ལྷ་འདྲེ་ལ་སོགས་མཆོད་སྦྱིན་གྱི་ཡུལ་དུ་གྱུར་པོ་གོང་འོག་བར་མ་རྣམས་ལ་བྱེ་བྲག་ཏུ་འབུལ། །བཟའ་བཏུང་རྒྱུན་གྱི་ཚོགས་འཁོར་ལོགས་འཚོ་དཀོར་སྡིག་དང་མ་འདྲེས་པ་ཕུང་ཁམས་རྒྱལ་བའི་དཀྱིལ་འཁོར་ལ་ཁྱད་པར་དུ་འབུལ། ཅིར་སྣང་ཆོས་ཉིད་ཀྱི་ཚོགས་འཁོར་རང་


TR007_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་རང་གྲོལ་གྱི་ངང་ནས་ཡེངས་འཁྲུལ་གཉིས་འཛིན་དང་བྲལ་ཞིང་དགག་བསྒྲུབ་བླང་དོར་ལས་འདས་པ་རང་རིག་ཀ་དག་གི་ངང་དུ་དོན་དམ་པར་འབུལ་བ་ནི་ཚོགས་ཀྱི་འཁོར་ལོ་ཡང་དག་པའོ། །དེ་ལྟ་བུའི་ཚོགས་ཀྱི་མཆོད་པ་བགྱིས་པའི་དགོས་ཆེད་དང་ཕན་ཡོན་ཇི་ལྟ་བུ་ཡོད་ཞེ་ན། །ཐེག་པའི་མཐར་ཐུག་རྫོགས་པ་རང་བྱུང་གི་རྒྱུད་ལས། །ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཡོན་ཏན་ནི། །ཚེ་རབས་སྔ་ཕྱི་དཔག་མེད་སྒྲིབ་པ་རྣམས། །ཞི་ཁྲོའི་སྤྱན་སྔར་སྐད་ཅིག་ཙམ་གྱིས་བྱང་། །ཚེ་རབས་ཕྱི་མ་གནས་ནི་གར་སྐྱེས་ཀྱང་། །ཡོ་བྱད་ཆུང་བ་དག་ཏུ་མི་འགྱུར་ཞིང་། །རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྒྱུར་བར་འགྱུར། །རིན་ཆེན་ནོར་དང་འབྲུ་ལ་ལོངས་སྤྱོད་ཅིང་། །རྫས་དང་ཡོ་བྱད་ལྡན་པའི་སྐྱེས་བུར་འགྱུར། །ཅེས་གནས་སྐབས་ཀྱི་ཡོན་ཏན་དང་། །དེ་བས་ལྷག་པའི་ཡོན་ཏན་འདི་རྣམས་ཐོབ། །བར་དོ་རང་སྣང་


TR007_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་དག་མཐོང་བས། །དེ་ལ་གྲོལ་ནས་མི་འགྱུར་ས་ལ་གནས། །སྤྲུལ་པ་སྟོང་གསུམ་གང་བས་འགྲོ་དོན་བྱེད། །དེ་ལྟ་བུ་ཡི་ཡོན་ཏན་ཐོབ་པར་འགྱུར། །ཞེས་གསུངས་ཤིང་མདོར་ན་ཚོགས་ཀྱི་འཁོར་ལོའི་ཕན་ཡོན་ནི་དཔག་ཏུ་མེད་དོ།། ༈ །།ཞི་རྒྱས་དབང་དྲག་གི་ཕྲིན་ལས་འགྲུབ། །དམ་ཚིག་ཉམ་ཆགས་ཐམས་ཅད་གསོར་ཆུད། །ལྷ་དང་བླ་མ་དམ་ཅན་མཆེད་ལྕམ་གྱི་དགྱེས་པ་སྐོངས། །མི་མཐུན་རྐྱེན་ངན་བར་ཆད་བསེལ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས། །མཆོག་དང་ཐུན་མོང་གི་དངོས་གྲུབ་ཅིག་ཆར་དུ་ཐོབ་པ་ལ་སོགས་པའི་ཕན་ཡོན་གྱི་རྣམ་གྲངས་བརྗོད་ལས་འདས་པ་ཐོབ་ཅིང་། གསང་སྔགས་བླ་མེད་རྡོ་རྗེ་ཐེག་པའི་ཁྱད་པར་གྱི་ཟབ་གནད་ཆ་རྐྱེན་ཁ་སྐོངས་ལག་ལེན་རྨད་དུ་བྱུང་བ་ཡིན་ཡང་རྒྱུན་ལྡན་དུ་བརྩོན་པར་མཛད་འཚལ། །ཚོགས་ཀྱི་རྣམ་བཤད་མདོར་


TR007_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་འདི། རབ་མཛེས་ཀུ་རའི་གོས་འཆང་བའི། །རིག་སྔགས་འཛིན་པ་དེས་བསྐུལ་ངོར། །བཀོད་འདིས་འགྲོ་ལ་ཕན་འགྲུབ་ཤོག། འདི་ལས་ཆེར་སྤྲོས་པའི་ཚོགས་ཀྱི་འདུ་བ་བསྒྲགས་པ་དང་ཚོགས་འཁོར་གྱི་བྱ་བ་ཇི་ལྟ་བ། དཀར་པོ་བ་ཀུན་དགའ་བསྟན་འཛིན། རྒྱུད་སྡེ་ལས་གསུངས་པའི་ཚུལ་དག་སྤྲོ་བར་ནུས་མེད་ཀྱང་། དིང་སང་བསྐལ་བ་སྙིགས་མའི་མཐའ་ལ་ཆེས་ཆེར་ཐུག་པའི་རང་ཚུལ་འདིས། དེ་ལྟ་བུའི་ནུས་ལྡན་གྱི་གཙོ་བོར་ཆུལ་ལྡན་དཀོན་ཚེ་འདིར་བཤད་ཀྱང་ངལ་བ་དོན་མེད་ལས་མི་འབྱུང་བས་རེ་ཞིག་འདི་ཙམ་གྱིས་ཆོག་པར་སེམས་སོ། །དགེའོ། །དགེའོ། །དགེའོ།

ཚོགས་མཆོད་ཤིན་ཏུ་བསྡུས་པ།


TR007_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་མཆོད་ཤིན་ཏུ་བསྡུས་པ་བཞུགས་སོ། །


TR007_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་གསང་སྔགས་ཀྱི་ཆོ་ག་སོགས་དང་མ་འབྲེལ་བར་ཚོགས་མཆོད་མདོར་བསྡུས་བྱ་བར་འདོད་ན། ཚོགས་ཀྱི་དངོས་པོ་གང་ཡོད་རྣམས་བཤམས་ལ་ཆུ་གཙང་འཐོར་ནས། ཨོཾ་ཨཱཿཧཱུྃ། སྣང་སྲིད་སྣོད་བཅུད་བདག་ལུས་ཕུང་པོ་ཁམས། །སྐྱེ་མཆེད་ཐམས་ཅད་ཡེ་ནས་ཆོས་ཀྱི་དབྱིངས། །གསལ་སྟོང་ཟུང་འཇུག་རྒྱལ་བ་ཞི་ཁྲོ་ཡི། །དཀྱིལ་འཁོར་ཆེན་པོར་གདོད་ནས་ལྷུན་གྲུབ་པའི། །ཐུགས་རྗེའི་འོད་ཟེར་རྃ་ཡྃ་ཁྃ་གསུམ་འཕྲོས། །ཚོགས་ཀྱི་དངོས་པོའི་འབགས་རྩོགས་དྲི་མ་ཀུན། །བསྲེག་གཏོར་སྦྱངས་བཀྲུས་དག་ཅིང་གཙང་བར་གྱུར། །བདག་ཉིད་ལྷ་ཡི་གནས་གསུམ་འབྲུ་གསུམ་ལས།


TR007_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་འཕྲོས་པས་ཚོགས་ཀྱི་ཡོ་བྱད་རྣམས། །ངོ་བོ་ཟག་མེད་ཡེ་ཤེས་བདུད་རྩི་ལ། །རྣམ་པ་གང་ལ་གང་འདོད་ལོངས་སྤྱོད་རྫས། །འཇིག་རྟེན་ཁམས་ཀུན་ཡོངས་སུ་གང་བར་གྱུར། །ཨོཾ་ཨཱཿཧཱུྃ།། ༈ །།ཕྱོགས་བཅུ་ནམ་མཁས་གར་ཁྱབ་ཞིང་ཀུན་ནས། །སངས་རྒྱས་བྱང་སེམས་བླ་མ་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་། །ཡུལ་ལྷ་གཞི་བདག་རིག་དྲུག་སེམས་ཅན་སོགས། །ཐམས་ཅད་ཚོགས་ཀྱི་མགྲོན་དུ་གཤེགས་ནས་ཀྱང་། །འདོད་ཡོན་ཚོགས་རྫས་འདི་ལ་བྱིན་གྱིས་རློབས། །བདག་ཅག་དད་ལྡན་རྣམས་ལ་དབང་ཅིག་


TR007_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་ཆེན་ཕོབ། བཛྲ་ས་མཱ་ཛཿ སིདྡྷི་ཕ་ལ་ཧཱུྃ།། ༈ །།དེ་ནས་ཚོགས་ཀྱི་ཡོ་བྱད་རྣམས་ཐམས་ཅད་ཀྱི་ཕུད་ནམ་མཁར་འཐོར་ཞིང་། ཧཱུྃ། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སོགས། །མཆོད་འོས་ཀུན་ལ་ཚོགས་ཀྱི་མཆོད་པ་འབུལ། །བདག་སོགས་འགྲོ་བའི་ཚོགས་རྫོགས་སྒྲིབ་བྱང་ཞིང་། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། །དཀར་ཕྱོགས་གཞི་བདག་ལྷ་ཀླུ་སྡེ་བརྒྱད་ཚོགས། །སྣང་ཞིང་སྲིད་པའི་སྐྱེ་འགྲོ་མ་ལུས་ཀྱང་། །ཚོགས་མཆོད་བཞེས་ལ་རྒྱལ་ཁམས་བདེ་བ་དང་། །བདག་སོགས་ཅི་བསམ་འགྲུབ་པའི་ཕྲིན་ལས་མཛོད། །ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཚོགས་ལྷག་བཤལ་ཆུ་དང་བཅས་ཏེ་གཙང་སར་ཕུལ་ཞིང་། ཨོཾ་ཨཱཿཧཱུྃ། །ཚོགས་ཀྱི་ལྷག་མའི་མགྲོན་རིགས་ཐམས་ཅད་ལ། །དགྲ་གེགས་བསྒྲལ་བའི་ཤ་ཁྲག་རུས་པ་སོགས། །རང་རང་ཅི་འདོད་ལོངས་སྤྱོད་ཕུལ་བ་ཡིས། །མཉེས་ཤིང་ཕྲིན་ལས་རྣམ་བཞི་སྒྲུབ་པར་མཛོད། །ཨུ་ཙིཊྚ་བ་ལིནྟ་ཁཱ་ཧི།། ༈ །།དེ་ནས་


TR007_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས་དངོས་གྲུབ་ཏུ་བླང་ཞིང་། ཧོཿ ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་ཕུལ་བ་ལ་བརྟེན་ནས་བདག་སོགས་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་། མཐུན་རྐྱེན་ཆོས་དང་མཐུན་པའི་དགེ་ལེགས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། །སེམས་ཅན་ལ་བདེ་སྐྱིད་འབྱུང་བ་དང་། བདག་སོགས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་དམ་པ་ཐོབ་པར་འགྱུར་བའི་བཀྲ་ཤིས་དགེ་ལེགས་ཀྱི་ཆར་ཆེན་པོ་ཡོངས་སུ་འབབ་པར་གྱུར་ཅིག །ཚོགས་མཆོད་མདོར་བསྡུས་འདི་ནི། རང་གི་སྲིང་མོ་ཆོས་ཉིད་བཟང་མོས་བསྐུལ་ངོར་བྲིས་པ་དགེ། གཅིག་ཞུད།

བླ་མ་དགོངས་པ་འདུས་པའི་རྫོགས་རིམ་ཟབ་མོ་བདུད་ཀྱི་གཅོད་ཡུལ་རྒྱུན་ཁྱེར་ངག་འདོན་ཉམས་སུ་བླང་བའི་རིམ་པ།


TR007_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དགོངས་པ་འདུས་པའི་རྫོགས་རིམ་ཟབ་མོ་བདུད་ཀྱི་གཅོད་ཡུལ་རྒྱུན་ཁྱེར་ངག་འདོན་ཉམས་སུ་བླང་བའི་རིམ་པ་བཞུགས་སོ། །


TR007_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་གནས་བླ་ན་མ་མཆིས་པ་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བླ་མ་དགོངས་པ་འདུས་པའི་ལམ་ཟབ་བདུད་ཀྱི་གཅོད་ཡུལ་རྒྱུན་ཁྱེར་ངག་འདོན་དུ་ཉམས་སུ་བླང་བའི་རིམ་པ་མདོར་བསྡུས་ཤིག་བྲི་བར་བྱ་སྟེ། དེ་ཡང་། ཕྱག་རྫོགས་སོགས་ཀྱི་ཉམས་ལེན་གྱི་གནད་རྣམས་གདར་ཤ་ཆོད་པ་ནི་མཆོག་ཏུ་གལ་ཆེ་བའི་ཕྱིར། །བླ་མ་མཚན་ལྡན་གྱི་དྲུང་དུ་ཞུན་ཐར་བཅད་ལ། བོག་འདོན་དུ་འདི་ཉིད་ཉམས་སུ་བླང་བར་བྱ་སྟེ། དུར་ཁྲོད་དང་ལུང་སྟོངས་ལ་སོགས་གཞུང་ཉིད་ནས་གསུངས་པའི་གནས་སམ། །རང་གི་མལ་ས་ཉིད་དུ་ལུས་ངག་ཡིད་གསུམ་ཟོ་གློད་ནས། འཇིག་རྟེན་གྱི་བྱ་བ་ལ་སོགས་དང་མ་འདྲེས་པའི་ངང་ནས་འདི་ལྟར་ཉམས་སུ་བླང་བར་བྱའོ། །དེ་ལ་


TR007_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོ་དངོས་གཞི་རྗེས་གསུམ་ལ་ས་བཅད་ཉེར་བདུན་གྱིས་སྟོན་ཏེ། །དང་པོ་མཐུན་མོང་གི་སྔོན་འགྲོ་ནི། ཕཊཿ མ་མཁའ་མཉམ་འགྲོ་བ་བསྒྲོལ་སླད་དུ། །བདག་ཉམས་ལེན་མཆོག་ལ་འཇུག་པར་བྱ། །ལུས་དལ་འབྱོར་ཕུན་ཚོགས་ལེགས་ཐོབ་ཀྱང་། །ཚེ་མི་རྟག་འཆི་བའི་རང་བཞིན་ཅན། །གནས་གར་སྐྱེས ་དལ་འབྱོར་རྙེད་དཀའ་བསམ་པ་ འཁོར་བའི་འཁྲུལ་འཁོར་ཏེ། །དུས་ད་ལྟ་མི་རྟགས་བསམ་པ་ནས་རྟག་འཛིན ་འཁོར་བའི་སྡུག་བསྔལ་དྲན་པ་ཞེང་པ་སྤོངས། ཕཊཿཟིལ་གནོན་གསུམ་གྱི་དང་པོ་ལྷ་འདྲེ་ཟིལ་གྱིས་གནོན་པ་ནི། དེང་བདག་དང་ཁམས་གསུམ་སེམས་ཅན་ལ་


TR007_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གནོད་ཅིང་སྣང་བྱེད་གདུག་པ་ཅན། །ལྷ་འདྲེ་སྲིན་མི་མ་ཡིན་གྱི་རིགས། །ཀུན་བླ་མེད་བྱང་ཆུབ་མ་ཐོབ་བར། །བདག་ས་ཕྱོགས་འདི་ནས་ཅི་ཕྱིར་འགྲོ། །ལུས་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་གྱི། །སྣ་གཡོན་ནས་བྱང་ཆུབ་སེམས་ཀྱི་རླུང་། །དབྱིབས་ལྕགས་ཀྱུའི་རྣམ་པས་བགེགས་ཀུན་བཀུག །ཁྲོམ་ཚོགས་པ་ལྟ་བུ་བདག་དྲུང་འཁོད། །ཕྱི་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས། །སྐྱབས་མཆོག་གསུམ་རྒྱལ་བ་སྤྲིན་ལྟར་བསྟིབས། །འོད་མེ་སྤུངས་འབར་བའི་གུར་གྱིས་ཕུབ། །གདོན་བགེགས་ཚོགས་སངས་རྒྱས་མ་ཐོབ་བར། །ཕྱིར་འགྲོ་བའི་གོ་སྐབས་མེད་པར་གྱུར། ཕཊཿ གཉིས་པ་གནས་ཟིལ་གྱིས་གནོན་པ་ནི། །ལུས་རྒྱལ་བའི་དཀྱིལ་འཁོར་ལྷུན་གྲུབ་འདི། །དབྱིབས་གསེར་གྱི་མཆོད་རྟེན་རི་རབ་ཙམ། །འོད་སྟོང་གསུམ་གང་བས་ས་ཕྱོགས་ཀུན། །ཡོངས་ཁྱབ་པས་ཆིར་གྱི་ནོན་པར་གྱུར། ཕཊཿ གསུམ་པ་བདག་ཟིལ་གྱིས་


TR007_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

གནོན་པ་ནི། །སེམས་ཡེ་སྟོང་སྤྲོས་བྲལ་ནམ་མཁའ་བཞིན། །དབྱིངས་གདོད་མའི་ངང་ལས་མ་གཡོས་ཀྱང་། །འཕྲལ་རྣམ་རྟོག་འཁྲུལ་པའི་ཟང་ཟིང་ཀུན། །དོན་བློ་འདས་ངང་དུ་ཕྱམས་ཀྱི་གློད། །ཕཊཿ ལུས་བྱ་བྱེད་སྤྱོད་ལམ་རྣམ་པ་གསུམ་གྱི་དང་པོ་སྟངས་སྟབས་བཅུ་ནི། །བདག་རྡོ་རྗེའི་རྣལ་འབྱོར་བརྟུལ་ཞུགས་ཀྱིས། །གནས་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུར། །གར་སྟངས་སྟབས་སྣ་ཚོགས་རོལ་པ་ཡིས། །གདོན་ཕྱོགས་བཅུའི་བགེགས་ཚོགས་འདུལ་བར་བྱ། ཕཊ། ཕཊ། ཕཊ། ཕཊ། ཕཊ། ཕཊ། ཕཊ། ཕཊ། ཕཊ། ཕཊཿ གཉིས་པ་རྣམ་སྣང་ཆོས་བདུན་ལ་གནས་པ་ནི། །ལུས་རྣམ་འགྱུར་སྟངས་སྟབས་དེ་དག་ཀུན། །རྩལ་འགགས་མེད་རོལ་པའི་སྒྱུ་འཕྲུལ་སྟེ། །སླར་རྣམ་སྣང་ཆོས་བདུན་ལྟ་སྟངས་ཀྱི། །གནས་མི་འགྱུར་རི་བོ་ལྟར་བརྟན་བྱ། ཕཊཿ གསུམ་པ་ལུས་ཀྱི་འདུ་ཤེས་བཤིག་པ་ནི། །དོན་བློ་འདས་སྐྱེ་མེད་མ་རྟོགས་


TR007_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ན། །ལུས་རྩོལ་བཅས་སྤྱོད་པ་རྣམ་གཡེང་རྒྱུ། །སེམས་འཛིན་པས་བཅིང་བ་ཡོངས་སྤངས་ནས། །ཅི་བདེ་བར་བསྒྱུར་ཞིང་གང་གར་ཞོག །ཕཊཿ ངག་བརྗོད་བྱའི་འདོན་ཟློས་གསུམ་གྱི་དང་པོ་སྐྱབས་སེམས་ཡན་ལག་བདུན་པ་ནི། །རང་ཐ་མལ་བདུན་གྱི་བར་སྣང་དུ། །གདན་རིན་ཆེན་པདྨ་ཉི་ཟླའི་སྟེང་། །སྐྱབས་བླ་ན་མེད་པའི་དཀོན་མཆོག་རྣམས། །ཞལ་མངོན་སུམ་སྤྲིན་ཕུང་ལྟར་བཞུགས་གྱུར། །བདག་ཁམས་གསུམ་འགྲོ་བ་མ་ལུས་ཀུན། །ཁྱེད་ཐུགས་རྗེས་ནུས་པས་སྐྱབས་ཏུ་གསོལ། །ལུས་དུམ་བུ་སྟོང་དུ་གྱུར་ཀྱང་སླའི། །མ་འགྲོ་ཕན་ཅི་འགྲུབ་བདག་གིས་བགྱི། །ཡིད་གུས་པས་ཕྱག་འཚལ་མཆོད་བགྱི་ཞིང་། །ལས་སྡིག་སྒྲིབ་ཅི་མཆིས་སྙིང་ནས་བཤགས། །སེམས་དང་བས་ཡི་རང་ཆོས་འཁོར་བསྐུལ། །ཡོངས་འཁོར་བ་མ་སྟོང་དེ་སྲིད་དུ། །མགོན་མྱ་ངན་མི་འདའ་འགྲོ་བ་སྐྱོབས། །ཚོགས་རྣམ་གཉིས་འགྲོ་ལ་


TR007_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཕྱིར་བསྔོ། །སྐྱབས་དཀོན་མཆོག་མ་ལུས་གཅིག་འདུས་ནས། །བདག་སྤྱི་བོར་ཐིམ་པས་དབྱེར་མེད་གྱུར། ཕཊཿ གཉིས་པ་བླ་མའི་རྣལ་འབྱོར་དང་མཎྜལ་གྱི་རིམ་པ་ནི། །སྟེང་སྤྱི་གཙུག་སེང་ཁྲི་པད་ཟླའི་ཁར། །ཕ་དྲན་མཆོག་རྩ་བའི་བླ་མ་ཉིད། །སྐུ་ལོངས་སྤྱོད་རྫོགས་ཚུལ་ཌ*ཌཱ་དྲི*་བསྣམས། །འཁོར་རྒྱུད་པའི་བླ་མ་སྤྲིན་ལྟར་བསྟིབས། །འོད་གཟི་མདངས་འབར་བར་བཞུགས་པའི་དྲུང་། །ཕྱི་རིན་ཆེན་སྟོང་གསུམ་མཎྜལ་ལ། །ཡུལ་གླིང་བཞི་རི་རབ་ཚོམ་བུར་བཀོད། དང་གདལ་ཁྱབ་ལྤགས་པའི་མཎྜལ་ལ། །ལུས་ཕྱི་ནང་ཤ་ཁྲག་ཚོམ་བུར་བཀོད། །གཞི་སྟོང་ཉིད་དབྱིངས་ཀྱི་མཎྜལ་ལ། །རྩལ་འགག་མེད་རོལ་པའི་ཚོམ་བུར་བཀོད། ཀུན་མཆོད་པ་འབུལ་གྱི་བཞེས་ནས་ཀྱང་། །མཆོག་ཚེ་འདིར་འགྲུབ་པའི་དངོས་གྲུབ་སྩོལ། ཕཊཿ ན་མོ་གུ་རུ། །ཐུགས་སྐྱེ་མེད་ཆོས་སྐུའི་རོལ་པ་ལས། །གསུང་འགགས་མེད་ལོངས་སྐུའི་རང་མདངས་ཤར། །སྐུ་གང་འདུལ་སྤྲུལ་པའི་འགྲོ་དོན་མཛད། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །དོན་ཟབ་མོ་རྒྱལ་དགོངས་ དགོངས་བརྒྱུད་


TR007_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བསྡུས་པའི། །གནད་ངོ་མཚར་བརྡ་དང་ཐབས་ཀྱི་གྲོལ། །ཚིག་གདམ་ངག་སྙན་རྒྱུད་འགྲོ་ལ་སྟོན། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཀུན་གཅིག་བསྡུས་རྩ་བའི་བླ་མ་རྗེ། །བརྡ་རྒྱུད། ཁྱེད་ཐུགས་རྗེ་ནུས་པའི་དཔུང་བསྐྱེད་ལ། །གང་ཟག་སྙན་རྒྱུད་ །བདག་དུག་ལྔའི་ནད་ཀྱིས་གཟིར་བའི་ཚོགས། །སྐྱབས་རེ་ས་ཁྱེད་ལས་གཞན་མ་མཆིས། །དཔལ་ཐུགས་རྗེས་གཟིགས་ཤིང་རྗེ་བཙུན་མགོན།། ༈ །།ཅེས་གསོལ་བ་བཏབ་པས་བླ་མའི་སྐུ། །གནས་གསུམ་ལས་འོད་འཕྲོས་བདག་ལ་ཐིམ། །སྒོ་གསུམ་གྱི་སྒྲིབ་སྦྱངས་དབང་བཞི་ཐོབ། །མཐར་བླ་མ་འོད་ཞུ་རང་ལ་ཐིམ། །གསུམ་པ་ཡིག་བརྒྱའི་རྣལ་འབྱོར་ནི། །བདག་རྡོ་རྗེ་སེམས་དཔའ་ཞི་འཛུམ་ཅན། །སྐུ་ནམ་མཁའི་ཁམས་གང་ཐུགས་ཀའི་དབུས། །ཧཱུྃ་དཀར་པོ་རི་རབ་ཙམ་གྱི་མཐར། །མ་འགྲོ་དྲུག་སྣང་སྲིད་ལྷ་འདྲེ་རྣམས། །ལུས་སྐོར་བ་བྱེད་ཅིང་ཡིག་བརྒྱའི་རྒྱུན། །སྒྲ་སྟོང་ཁམས་ཁྱབ་པ་བཟླས་པར་གྱུར། །ཨོཾ་བཛྲ་སཏྭ་ས་མ་ཡ། སོགས། ཧཱུྃ། དེ་


TR007_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་འཕྲོས་འགྲོ་སྒྲིབ་སྦྱངས། །ཀུན་རྡོ་རྗེ་སེམས་དཔའི་སྐུར་གྱུར་ཅིང་། །མཐར་ཐམས་ཅད་ཧཱུྃ་ཡིག་ལ་ཐིམ་སྟེ། ཧཱུྃ། བདག་ལུས་དང་བཅས་མཁའ་ལ་ཡལ། །དབྱིངས་སྟོང་ཉིད་ངང་དུ་མཉམ་པར་བཞག །ཕཊཿ འདི་ཡན་ཆད་སྔོན་འགྲོའི་རིམ་པའོ། །དེ་ནས་དངོས་གཞི་ལ་ཡང་དགུ་ལས་དང་པོ་གནད་འཁོར་བ་རྣམ་པ་གསུམ་གྱི་ཐོག་མར་བདག་ཉིད་གནད་ལ་བོར་བ་ནི། །བདག་འཛིན་པས་བཅིངས་པའི་ལུས་ངག་ཡིད། །ཚེ་ཐོག་མེད་དུས་ནས་བག་ཆགས་ཤུགས། །བློ་འཁྲུལ་རྟོག་ཆགས་སྡང་ངར་འཛིན་ཅན། །ཀུན་སྙིང་པོ་མེད་པར་ཁོ་ཐག་ཆོད། ཕཊཿ གཉིས་པ་ལྷ་འདྲེ་གནད་ལ་བོར་བ་ནི། །ཕྱི་ཕན་བྱེད་ལྷ་དང་གནོད་བྱེད་འདྲེ། །འདི་རྨི་ལམ་ནང་གི་དགྲ་གཉེན་ལྟར། །ཡིད་འཁྲུལ་པའི་རང་མདངས་ཤར་བ་ལས། །གཞན་གུད་ན་མེད་པར་ཁོ་ཐག་ཆོད། ཕཊཿ གསུམ་པ་གཉིས་མེད་དུ་གནད་ལ་བོར་བ་ནི། །ཡོངས་བདག་དང་གཞན་དུ་གཉིས་སྣང་བ། །མིག་རབ་


TR007_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རིབ་ཅན་གྱི་འཁྲུལ་སྣང་བཞིན། །དོན་རང་ངོ་ཤེས་ན་གཉིས་སུ་མེད། །དེ་སོ་སོར་འཛིན་པ་རྩད་ནས་ཆོད། ཕཊཿ ཚོགས་བསགས་པ་རྣམ་པ་གསུམ་ལས། །དང་པོ་ཡུལ་གོང་མ་ལ་མཆོད་པར་འབུལ་བ་ནི། །ལུས་སྙིང་པོ་མེད་པའི་གཟུགས་ཕུང་འདི། །མཐར་མི་རྟགས་འདོར་བའི་ཆོས་ཅན་དེ། །དུས་ད་ལྟ་བཏང་ན་དོན་ཆེན་འགྲུབ། །བདག་དེ་ཕྱིར་སྒྱུ་ལུས་མཆོད་སྦྱིན་བྱ། ཕཊཿ སེམས་རིག་པའི་སྙིང་པོ་འོད་གོང་ཚུལ། །སྒོ་ཚང་བུག་ནས་འཐོན་ཆོས་དབྱིངས་ཁྱབ། །ལུས་རྩ་ཁམས་རྒྱལ་བའི་དཀྱིལ་འཁོར་ལྷ། །གནས་ཟག་མེད་རང་བཞིན་དབྱིངས་སུ་གཤེགས། །ཕྲལ་འབྱུང་འདུས་གདོས་བཅས་ཕུང་པོ་འདི། །ཀུན་རེ་སྐོང་ཡིད་བཞིན་གཏེར་མཚུངས་གྱུར། ཕཊཿ དབྱིངས་སྟོང་ཉིད་རོལ་པའི་ཆོ་འཕྲུལ་ལས། །རི་ལྷུན་པོ་ཙམ་གྱི་ཐོད་སྒྱེད་སྟེང་། །བདག་སྒྱུ་མའི་ལུས་ཀྱི་ཐོད་པ་དེ། །ཁྱོན་སྟོང་གསུམ་ཙམ་གྱུར་གཙུག་པའི་ནང་། །ལུས་གཟུགས་ཕུང་བསིལ་མར་བཏུབ་


TR007_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཀང་། །བཅུད་ཤ་ལྔ་བདུད་རྩི་ལྔར་གྱུར་པའི། །སྟེང་ཟླ་གདན་དཔའ་བོ་འབྲུ་ལྔས་མཚན། །ཨོཾ་ཧཱུྃ་ཏྲྃ་ཧྲཱིཿཨཱཿ འོག་ཡེ་ཤེས་རླུང་གཡོས་མེ་སྦར་བས། །རྫས་ཁོལ་བའི་རླངས་པ་འབྲུ་ལྔར་ཕོག །འོག་ཕྱོགས་བཅུར་འཕྲོས་པས་ཞིང་ཀུན་ནས། །དོན་ཡེ་ཤེས་བདུད་རྩིར་ཆར་ཕབ་པས། །རྫས་ཀུན་རྫོབ་བདུད་རྩི་དབྱེར་མེད་འདྲེས། །སྟེང་ཟླ་བ་ཡིག་འབྲུར་བཅས་པ་ཞུ། །བཅུད་ཟག་མེད་བདུད་རྩིར་རོ་གཅིག་གྱུར། ཕཊཿ དཔལ་དུས་གསུམ་རྒྱལ་བ་སྲས་བཅས་དང་། །མགོན་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །མ་མཁའ་འགྲོ་ཆོས་སྐྱོང་བསྲུང་མའི་ཚོགས། །དབྱིངས་ནམ་མཁའ་གང་བར་བྱོན་བཞུགས་ནས། །ལྗགས་འོད་ཟེར་སྦུ་གུའི་ཚུལ་ཅན་གྱིས། །ལུས་བདུད་རྩིར་ཞུ་བ་རབ་གསོལ་ཞིང་། །ཐུགས་དགྱེས་པའི་བྱིན་རླབས་གནས་གསུམ་ནས། །འོད་འབྲུ་གསུམ་དང་བཅས་འཕྲོས་པ་ཡིས། །བདག་ཁམས་གསུམ་སེམས་ཅན་རྣམས་ལ་ཕོག །ལས་ཉོན་མོངས་


TR007_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་བྱང་སྐུ་གསུམ་གྱི། །མཆོག་མཐུན་མོངས་དངོས་གྲུབ་ཀུན་ཐོབ་གྱུར། ཕཊཿ གཉིས་པ་ཡུལ་འགོ་མ་ལ་སྦྱིན་པར་བཏང་བ་ནི། །སླར་མི་ཟད་གཟུགས་ཀྱི་ཕུང་པོ་ནི། །གནས་སྟོང་གསུམ་གང་བ་མཆིས་པ་ལ། །ཨོཾ་ཨཱཿཧཱུྃ་རང་བྱུང་སྒྲ་གྲགས་པས། །འོད་ལྟེམ་གྱི་བདུད་རྩིར་ཞུ་བ་ལས། །ཟས་བཏུང་བ་གོས་རྒྱན་ཁང་ཁྱིམ་ནོར། །སུ་གང་ལ་ཅི་འདོད་ལོངས་སྤྱོད་ཚོགས། །རྒྱ་ནམ་མཁའི་ཁམས་ཀུན་ཡོངས་གང་ཞིང་། །རྒྱུན་འཁོར་བ་མ་སྟོང་དེ་སྲིད་དུ། །གང་ཅི་འདོད་སྤྱོད་ཀྱང་ཟད་མེད་གྱུར། ཕཊཿ ཚེ་འཁོར་བ་ཐོག་མེད་ད་བར་དུ། །དྲིན་ཁོར་མེད་རིས་དྲུག་ཕ་མའི་ཚོགས། །བདག་དྲིན་ལན་གཞལ་ཕྱིར་སྒྱུ་མའི་ལུས། །གང་ཅི་འདོད་དངོས་པོར་བྱིན་བརླབས་ནས། །སེམས་ཉེ་རིང་མེད་པར་ཚོགས་སུ་བསྔོ། །ཀུན་ཇི་ལྟར་འདོད་པ་ལོངས་སྤྱད་ནས། །ལམ་བླ་མེད་བྱང་ཆུབ་མངོན་གྱུར་ཤོག ཕཊཿ གསུམ་པ་ཡུལ་བར་མ་ལ་མགྲོན་དུ་བཀྱེ་པ་ནི། དོན་ཡེ་སྟོང་རྩ་བྲལ་ངང་ཉིད་ལས་


TR007_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཅལ་ཀུན་རྟོག་འཁྲུལ་པའི་རང་གཟུགས་འཕྲུལ། །མིང་ལྷ་འདྲེར་བཏགས་པའི་རྣམ་འགྱུར་ཚོགས། །གཟུགས་མ་ངེས་སྣ་ཚོགས་ཡ་མ་ཟུང་། །དབྱིབས་ཁ་དོག་ཆ་ལུགས་དུ་མར་ལྡན། །ལས་གཞན་ལ་འཚེ་བའི་གདུག་སེམས་ཅན། །མཐོ་སྲིད་རྩེའི་གནས་ནས་དམྱལ་ཁམས་བར། །ཁྱེད་མི་མིན་ཤ་ཟ་འབྱུང་པོའི་རིགས། །ཀུན་ཡུད་ཙམ་ཅིག་གིས་འདིར་འདུས་ཤིག །ཕཊཿ ཁྱོད་སྣ་ཚོགས་ཆོ་འཕྲུལ་དུ་མ་ཡིས། །བདག་གསོད་གཅོད་བརྡེག་བརྡུང་ཅིར་བསྟན་ཀྱང་། །སེམས་སྟོང་པ་ཉིད་ལ་ཇི་ལྟར་བྱེད། །ལུས་མི་གཙང་དུ་མའི་ཕུང་པོ་འདི། །ཁྱེད་འདོད་ན་ཅི་ཕྱིར་བདག་མི་སྦྱིན། །ཕྲལ་འཚོ་སྐྱོང་དཀའ་ལ་གནོད་ཚེ་མང་། །ཕུགས་སྙིང་པོ་མེད་པའི་གཟུགས་ཕུང་འདི། །དུས་ད་ལྟ་སྦྱིན་པའི་ཡོ་བྱད་དུ། །གྱུར་ནུས་པ་ཁྱེད་རྣམས་དྲིན་རེ་ཆེ། །མགོ་ཡན་ལག་ཁོག་སྟོད་ཁོག་སྨད་དང་། །ཁྲག་ཤ་ལྤགས་དོན་སྙིང་ནང་རོལ་རྩ།


TR007_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲ་སེན་མོ་བ་སྤུའི་མཐར་ཐུག་བར། །མགྲོན་ལྷ་འདྲེའི་ཚོགས་ལ་གང་འདོད་སྦྱིན། །སུ་ཇི་ལྟར་དགྱེས་པ་ལོངས་སྤྱད་ནས། །ཡིད་ཚིམ་པས་གཞན་ལ་གནོད་སྤོང་ཞིང་། །ཀུན་སངས་རྒྱས་ས་ལ་མྱུར་འཁོད་ཤོག། ཕཊཿ བདག་སྦྱིན་པར་བྱེད་པའི་མཁན་པོ་དང་། །ཡུལ་གོང་བར་གསུམ་མགྲོན་གྱི་རིགས། །རྫས་སྦྱིན་རྒྱུའི་ཕུང་པོར་བཅས་པ་ཀུན། །དོན་མཐར་ཐུག་ཆོས་སྐུར་རོ་གཅིག་ཉིད། ངོ་ཤེས་ཞིང་ཐག་ཆོད་པས། འཁོར་གསུམ་ཡོངས་དག་ནི། གསུམ་གྱི་དང་པོ་རང་ངོ་རང་གི་ཤེས་པར་བྱ་བ་ནི། ཕཊཿ རང་རིག་པ་བྱང་ཆུབ་སེམས་ཉིད་ལ། །དབྱིབས་ཁ་དོག་དངོས་པོའི་ཡུལ་བྲལ་ཞིང་། །གསལ་རིག་པ་འགགས་མེད་སྟོང་མཐའ་བྲལ། །འདི་སངས་རྒྱས་ཉིད་དུ་བློ་ཐག་ཆོད། ཕཊཿ གཉིས་པ་ཡུལ་སྣང་རང་རྩལ་དུ་ཤེས་པ་ནི། །ཕྱི་གཟུང་བའི་ཡུལ་སྣང་སྣ་ཚོགས་ཀྱང་། །ནང་འཛིན་པས་བཅོས་ཤིང་བཏགས་པ་ལས། །དོན་བདེན་པས་གྲུབ་པ་ལོགས་ན་མེད། །སེམས་གཅིག་


TR007_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

པུའི་རྩལ་དུ་བློ་ཐག་ཆོད། ཕཊཿ གསུམ་པ་འཁོར་འདས་ཀྱི་ཆོས་དེ་དེ་བཀའ་ཤེས་རབ་ཕར་ཕྱིན་འདིར་འདུས་པའི་ཚུལ་ནི། །ཚིག་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཡང་། །དོན་ཤེས་རབ་ཕར་ཕྱིན་རྟོག་པའི་ཐབས། །གནས་རྩ་བ་རང་རིག་སྟོང་པ་ཉིད། །གཞན་གུད་ན་མེད་པར་བློ་ཐག་ཆོད། ཕཊཿ དེ་ཡན་ཆད་རྣམས་དངོས་གཞིའི་རིམ་པའོ། །རྗེས་ཀྱི་རིམ་པ་ལ་ཡང་དགུ་ལས། །དང་པོ་བསྐྱུར་ཚུལ་གསུམ་གྱི་ཐོག་མར་ལུས་ཞེན་མེད་དུ་བསྐྱུར་ཚུལ་ནི། །ལུས་སྒྱུ་མ་ལྟ་བུའི་ཁང་རུལ་འདི། །ཕྲལ་གཅེས་སྤྲས་དུ་མས་བསྐྱངས་ན་ཡང་། །ཕུགས་སྙིང་པོ་མེད་ཕྱིར་ནམ་ཀྱང་འཇིག །དོན་དེ་ཕྱིར་གཅེས་འཛིན་ཞེན་པ་བསྐྱུར། ཕཊཿ གཉིས་པ་ངག་བརྗོད་མེད་དུ་བསྐྱུར་ཚུལ་ནི། །ངག་བྲག་ཆ་ལྟ་བུའི་ལྡང་ལྷང་པོ། །འདི་ཇི་ཙམ་བརྗོད་ཀྱང་ཟད་མཐའ་བྲལ། །སྙན་མི་སྙན་བཟང་ངན་འཛིན་པས་བཅིངས། །འདི་བརྗོད་མེད་བརྗོད་བྲལ་ངང་དུ་བསྐྱུར། ཕཊཿ །གསུམ་པ་སེམས་


TR007_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བློ་བྲལ་དུ་བསྐྱུར་ཚུལ་ནི། །སེམས་ཀུན་རྟོགས་སྣ་ཚོགས་འཕྲོ་འཕྲོ་བ། །འདི་ཇི་ལྟར་བཅོས་ཀྱང་འཁོར་བའི་རྒྱུ། །ད་གང་ལྟར་འཆར་བ་དེ་ཉིད་ངང་། །བབས་གང་ཤར་བཟོ་མེད་ངང་དུ་བསྐྱུར། ཕཊཿ བཞག་ཐབས་གསུམ་གྱི་དང་པོ་ཕྱི་འཇིག་རྟེན་འཁྲུལ་པའི་བྱ་བྱེད་བཞག་པ་ནི། །ཚེ་འདི་སྣང་ཡུད་ཙམ་རྨི་ལམ་འདྲ། །ཡུན་དེ་སྲིད་འཁྲུལ་པའི་བྱ་བ་ལ། །བློ་བསུན་པ་མེད་པར་འབད་བྱས་ཀྱང་། །དོན་སྙིང་པོ་མེད་པས་ཙམ་གྱི་ཞོག །ཕཊཿ གཉིས་པ་བྱང་ཆུབ་བསྒྲུབ་པའི་རློམ་པ་དང་ཞེན་འཁྲིས་ཐམས་ཅད་བཞག་ཚུལ་ནི། །ནང་བླ་མེད་བྱང་ཆུབ་བསྒྲུབ་འདོད་ཀྱང་། །ཡིད་རེ་དོག་གཟེབ་ལས་མ་གྲོལ་ན། །ཆོས་ལམ་དུ་འགྲོ་བའི་ཐབས་བྲལ་ཕྱིར། །སེམས་ཞེན་འཁྲིས་མེད་པར་ལྷོད་ཀྱི་ཞོག །ཕཊཿ གསུམ་པ་འཇིག་རྟེན་ལས་འདས་པའི་སྤྱོད་པ་རྣམས་ཀྱང་མངོན་ཞེན་བྲལ་བར་བཞག་ཚུལ་ནི། །ཡོངས་འཇིག་རྟེན་འདས་པའི་སྤྱོད་པ་ཡང་། །བློ་ང་ཡིར་འཛིན་དང་མ་བྲལ་ན། །དོན་ཆོས་ཉིད་རྗེན་པ་མི་མཐོང་བས། །ཚུལ་ཅིར་


TR007_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་རང་གྲོལ་ངང་དུ་བཞོག ཕཊཿ ཁྱེར་པོ་གསུམ་གྱི་དང་པོ་དད་པས་རྩ་བ་གསུམ་ལམ་དུ་ཁྱེར་བ་ནི། །གཞི་རང་སེམས་སངས་རྒྱས་རྟོགས་གྱུར་ཀྱང་། །ལྷ་བླ་མའི་མོས་གུས་མི་སྤང་ཞིང་། །དེ་རེས་འཇོག་ཅན་དུ་མ་ཡིན་པར། །ཡིད་གུས་པས་འབྲལ་མེད་ལམ་དུ་ཁྱེར། ཕཊཿ གཉིས་པ་བྱམས་དང་སྙིང་རྗེས་རིས་དྲུག་ལམ་དུ་ཁྱེར་བ་ནི། །དོན་སྟོང་པ་ཉིད་ལ་དབང་ཐོབ་ཀྱང་། །ལས་རྒྱུ་འབྲས་བག་ཡོད་དང་ལྡན་ཞིང་། །མ་ཁམས་གསུམ་འགྲོ་ལ་ཅི་ཕན་བློས། །བྱམས་སྙིང་རྗེ་བྱང་སེམས་ལམ་དུ་ཁྱེར། ཕཊཿ གསུམ་པ་ཐེ་ཚོམ་གཉིས་འཛིན་བྲལ་བས་ལྷ་འདྲེ་ལམ་དུ་ཁྱེར་བ་ནི། །སེམས་གཤིས་ཀྱི་འདུག་ཚུལ་འཚང་རིག་ཀྱང་། །ཕྱི་ལྷ་འདྲེའི་སྣང་ཚུལ་ཁྱད་མེད་སད། །དོན་གཉིས་སུ་འཛིན་པ་དང་བྲལ་བས། །ཀུན་ཆོས་དབྱིངས་ངོ་བོར་ལམ་དུ་ཁྱེར། ཕཊཿ མཐར་བསྔོ་བ་ནི། །དོན་འདི་ལྟར་མ་རྟོགས་འགྲོ་ཀུན་ཀྱང་། །གནད་མ་ནོར་མངོན་གྱུར་


TR007_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཤིང་། །དེ་བསྔོ་བྱ་སྔོ་བྱེད་སྔོ་མཁན་སོགས། །དབྱིངས་སྐྱེ་བ་མེད་པའི་ཀློང་དུ་ཕཊཿ དེ་ལྟར་བླ་མ་དགོངས་པ་འདུས་པའི་ཟབ་མོ་བདུད་ཀྱི་གཅོད་ཡུལ་གཉིས་འཛིན་མངོན་ཞེན་འཁྲི་བ་གཅོད་པའི་གདམས་པ་འདི་ཉིད་ཁྲིད་གཞུང་ནས་ཇི་ལྟར་གསུངས་པ་ལྟར་ངག་འདོན་དུ་བགྱིས་ཆོག་པ་ཞིག་དགོས་ཞེས་དད་ལྡན་མང་པོས་ཡང་ཡང་བསྐུལ་ནའང་། གཏེར་གཞུང་གི་རྡོ་རྗེའི་ཚིག་སྦྲམ་ཆེ་བ་རྣམས་བློ་དམན་བདག་འདྲས་དགོངས་པ་ལོན་པའི་ནུས་པ་མ་མཆིས་པ་དང་། རྒྱལ་བའི་བཀའ་ལ་རས་ཆོད་དུ་འགྱུར་དགོས་ནའང་། བསྐུལ་བ་པོ་རྣམས་ཀྱི་གསུང་མི་བཅོག་ཕྱིར། རིག་འཛིན་ཆེན་པོ་པདྨ་ཐོད་ཕྲེང་ཉིད་ལ་གསོལ་བ་བཏབ་ནས་བཀོད་པ་ཡིན་ཞིང་། འདི་ཉིད་ཀྱི་གཅོད་ཁྲིད་ཚུལ་བཞིན་མ་ཐོབ་པ་རྣམས་ཀྱིས་ནི་འདི་ཉིད་གཅིག་པུ་ཚིག་ཁྱེར་དུ་བྱ་བའི་ཡུལ་མ་ཡིན་པས་དེ་ལྟ་བུའི་ཚུལ་རིག་པར་བྱའོ། །འདིས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པའི་ཆ་རྐྱེན་དུ་གྱུར་ཅིག །བཀྲ་ཤིས་སྩོལ། གཅིག་ཞུད།

གཅོད་ཡུལ་བདུད་རྩི་ཀུན་ཁྱབ་ཀྱི་ངག་འདོ།


TR007_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཡུལ་བདུད་རྩི་ཀུན་ཁྱབ་ཀྱི་ངག་འདོན་བཞུགས་སོ། །


TR007_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊཿ རང་ཉིད་ཀྱི་སྤྱི་བོར་དྲིན་ཅན་རྗེ། །སངས་རྒྱས་ཀྱི་ཁྱབ་བདག་བླ་མ་མཆོག །བྱིན་རླབས་ཀྱི་གཟི་བརྗིད་ལམ་སེ་ལམ། །གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས༔ ཕཊཿ རང་རིག་འདི་བླ་མའི་ཐུགས་ཀར་བསྟིམ། །ཆོས་དབྱིངས་སུ་གཟོད་ནས་རོ་གཅིག་པའི། །བླ་མ་ཡང་འོད་དུ་ལྟེམ་གྱི་ཞུ། །བདག་ལུས་དང་གཉིས་མེད་བདུད་རྩི་འཁྱིལ། ཕཊཿ ལུས་ཞུ་བས་བདུད་རྩིའི་རྒྱ་མཚོ་ལས། །འོད་རླངས་པ་ལྟ་བུའི་མཆོད་པའི་སྤྲིན། །ཞིང་ཀུན་ཁྱབ་རབ་འབྱམས་རྒྱལ་བ་མཆོད། །བྱིན་རླབས་དང་དངོས་གྲུབ་ཆར་


TR007_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བབས། ཕཊཿ སྟོང་གསུམ་ཀུན་གང་ཞིང་འཁྱིལ་བ་ཡི། །ཅི་འདོད་བཞིན་ལྷུན་གྲུབ་བདུད་རྩི་འདི། །ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ། །ཕམ་རྒྱལ་དང་ཉེ་རིང་མེད་པར་སྦྱིན། ཕཊཿ། སྦྱིན་ཡུལ་དང་སྦྱིན་མཁན་སྦྱིན་བྱ་ཀུན། །རང་སེམས་ཀྱི་རྣམ་རོལ་སྒྱུ་འཕྲུལ་ལས། །ཨ་འཐས་ཀྱི་ཞེན་འཛིན་སྤྲོས་པས་དབེན། །གང་ཤར་ཀུན་ཆོས་སྐུར་ཁྲོ་ལོ་ལོ། །མཆོག་དམན་གྱི་མགྲོན་དང་དགྲ་གཉེན་དང་། །ཕན་བྱེད་ཀྱི་ལྷ་དང་གནོད་བྱེད་འདྲེ། །ཐ་སྙད་ཀྱི་མིང་འཛིན་རྣམ་རྟོག་གི། །བདེན་ཞེན་ཀུན་


TR007_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་མེད་དུ་ཡ་ལ་ལ། །ཅིར་སྣང་ཀུན་རང་སེམས་ཐག་ཆོད་པས། །འདྲེར་འཛིན་གྱི་རྣམ་རྟོག་གང་དུ་སོང་། །འཇིགས་སྐྲག་གི་ཡུལ་སེམས་ཀྱི་དངོས་པོ་རྣམས། །རང་རིག་གི་ཀློང་གྲོལ་དུ་ཤིགས་སེ་ཤིག །སྣང་གྲགས་ཀུན་རྒྱལ་བའི་ཞིང་ཁམས་ཉིད། །ཚོགས་དྲུག་ཀུན་ཆོས་ཉིད་ཀྱི་རོལ་པ་ལ། །དགག་སྒྲུབ་ཀྱི་མཚན་མ་ཡེ་ནས་བྲལ། །བློ་འདས་ཀྱི་ཆོས་སྐུར་ཨེ་མ་ཧོ། ཕཊཿ བླ་མ་དགོངས་པ་འདུས་པའི་གཅོད་ཡུལ་ཆེན་མོའི་ངང་ནས། སྒྱུ་ལུས་མཆོག་སྦྱིན་བདུད་རྩི་ཀུན་ཁྱབ་ནམ་མཁའི་ཐིག་པ་ཅེས་བྱ་བའི་ཉམས་ལེན་རྒྱུན་ཁྱེར་ངག་འདོན་འདི་ཉིད་ནོར་བཟང་ཆོས་ཀྱི་དབང་པོས་བསྐུལ་ངོར། །རྒོད་ཕུག་བྱ་སྐྱིབས་ཀྱི་གནས་སུ་བྲིས་པ་མངྒ་ལཾ། །བཀྲ་ཤིས། གཅིག་ཞུད།

དགོངས་འདུས་ཀྱི་སྒྱུ་ལུས་མཆོད་སྦྱིན།


TR007_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་འདུས་ཀྱི་སྒྱུ་ལུས་མཆོད་སྦྱིན་བཞུགས་སོ། །


TR007_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊཿ རང་གི་སྤྱི་གཙུག་སྟེང་དུ། །དྲིན་ཅན་རྩ་བའི་བླ་མ། །འབྲལ་མེད་རྟག་ཏུ་བཞུགས་ལ། །སྣང་སྲིད་བདག་ལུས་ལོངས་སྤྱོད། །མ་ལུས་མཆོད་པར་འབུལ་གྱི། །བཞེས་ནས་བྱིན་གྱིས་རློབས་ཤིག །ཕཊཿ ན་མོ། །ཕྱོགས་དུས་རྒྱལ་བ་ཀུན་དང་། །དབྱེར་མེད་རྡོ་རྗེ་སློབ་དཔོན། །དྲིན་ཅན་བླ་མ་མཆོག་ལ། །རྩེ་གཅིག་གསོལ་བ་འདེབས་སོ། །བདག་སོགས་ཁམས་གསུམ་སེམས་ཅན། །ཀུན་ལ་ཐུགས་རྗེས་གཟིགས་ནས། །འཁོར་བའི་རྒྱ་མཚོ་སྐེམ་ཞིང་། །ཁྱེད་དང་དབྱེར་མེད་གྱུར་ཅིག །ཕཊཿ དེ་ནས་རང་སེམས་


TR007_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད། །བླ་མའི་ཐུགས་ཀར་འདྲེས་ཤིང་། །བླ་མ་རང་ལ་ཐིམ་པས། །རང་ལུས་བདུད་རྩིར་ཞུ་ནས། །འབྲེལ་ཚད་དོན་ལྡན་ཉིད་གྱུར། ཕཊཿ དེ་ནས་འོད་ཀྱི་རླངས་པ། །ཡར་འཕྲོས་རྒྱལ་བ་ཀུན་ལ། །མཆོད་པའི་སྤྲིན་གྱིས་མཆོད་ཅིང་། །ཐུགས་རྗེ་བྱིན་རླབས་ཚུར་བསྡུས། །བདུད་རྩིའི་རྒྱ་མཚོར་ཐིམ་པས། །མི་ཟད་གཏེར་དུ་གྱུར་ཅིག །ཕཊཿ སྲིད་པའི་རྩེ་མོ་མན་ཆད། །ན་རག་དམྱལ་ཁམས་ཡན་གྱི། །སྣང་སྲིད་སྐྱེ་འགྲོ་ཀུན་ལ། །ཅི་འདོད་ཆར་ལྟར་ཕབ་པས། །ཕཾ་རྒྱལ་འཐབ་རྩོད་མེད་པར། །གང་


TR007_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཅི་འདོད་གྱུར་ཅིང་། ཁམས་གསུམ་འགྲོ་བ་ཐམས་ཅད། །སྡུག་བསྔལ་ཀུན་དང་བྲལ་ནས། །སངས་རྒྱས་ཐོབ་པར་གྱུར་ཅིག །ཕཊཿ བསྔོ་བ་སྔོ་བྱེད་ཀུན་ཀྱང་། །ཆོས་དབྱིངས་ཀློང་དུ་གཅིག་པས། །ཐམས་ཅད་མཉམ་ཉིད་ངང་དུ། །སྤྲོས་བྲལ་རང་རིག་ཉིད་དོ། ཕཊཿ ༈ །།བླ་མ་དགོངས་པ་འདུས་པའི་ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱི་ནང་ནས། སྒྱུ་ལུས་མཆོད་སྦྱིན་བདུད་རྩི་ཀུན་ཁྱབ་འདི་ཉིད་ལ་ངག་གི་བརྗོད་བྱ་ལ་མ་ལྟོས་པར་དམིགས་པ་ཁོ་ན་ཉམས་སུ་བླང་བར་གསུང་ནའང་། དམིགས་པའི་གསལ་འདེབས་ལ་ཕན་པའི་བརྗོད་བྱ་ཉུང་ངུར་བསྡུས་པ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་པོ་བྱུང་བ་དང་། ཉམས་ལེན་གྱི་གྲོགས་སུ་འགྱུར་ན་འདི་ཙམ་ཅིག་ངག་ཏུ་བརྗོད་པ་ལ་འགལ་བ་རང་མི་ཡོང་ངམ་བསམ་སྟེ། གནས་ཆེན་ཆུ་བོ་གཡས་འཁྱིལ་གྱི་དུར་ཁྲོད་དུ་བཀོད་པའོ། །དགེའོ། །གཅིག་ཞུད།

གཅོད་ཡུལ་ཤེས་རབ་རལ་གྲིའི་ཉམས་ལེན་སྙིང་པོར་དྲིལ་བ།


TR007_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཡུལ་ཤེས་རབ་རལ་གྲིའི་ཉམས་ལེན་སྙིང་པོར་དྲིལ་བ་བཞུགས་སོ། །


TR007_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པ་མེད་པའི་སྐྱབས་མཆོག་དྲིན་ཅན་བླ་མའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །རིག་འཛིན་ཆེན་པོ་བསྟན་གཉིས་གླིང་པའི་གཏེར་མ་གཅོད་ཡུལ་ཤེས་རབ་རལ་གྲི་རྒྱུན་ཁྱེར་དུ་ཉམས་སུ་ལེན་པར་འདོད་པའི་གང་ཟག་གིས། །གཞུང་འདི་ཉིད་ནས་གསུངས་པའི་གཉན་པའམ། རང་གི་མས་ས་ཉིད་དུ་ལུས་ངག་ཡིད་གསུམ་ཟོ་གློད་པའི་ངང་ནས་འདི་ལྟར་ཚིག་དོན་མཐུན་པ་ཉམས་སུ་བླང་བར་བྱའོ། །ཕཊཿ མ་མཁའ་མཉམ་འགྲོ་ཀུན་བསྒྲལ་བྱའི་ཕྱིར། །བདག་ལམ་ཟབ་ཉམས་ལེན་འབད་པར་བྱ། །སྟེང་སྤྱི་གཙུག་པད་ཟླའི་གདན་ཉིད་ལ། །སྐྱབས་མཚུངས་བླ་མ་རྡོ་རྗེ་འཆང་།


TR007_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དོན་རྒྱལ་བ་ཀུན་འདུས་བཞུགས་པ་ལ། །བདག་ལུས་སྲོག་ལོངས་སྤྱོད་སྣང་སྲིད་ཀུན། །དུས་རྟག་ཏུ་མཆོད་འབུལ་ཐུགས་རྗེས་བཞེས། །སྡིག་ཉེས་ཀུན་དག་ཅིང་དབང་བཞི་ཐོབ། །དཔེ་མཚོན་བྱེད་བླ་མ་བསྒོམས་པའི་མཐུས། །དོན་མཚོན་བྱའི་བླ་མ་མཆོག་འགྲུབ་ཤོག །ཕཊཿ བདག་རིག་པའི་ངོ་བོ་ཕག་མོའི་སྐུ། །རྩ་དབུ་མའི་ལམ་བརྒྱུད་ཚངས་བུག་འཐོན། །ལུས་འདོད་ཡོན་ཕུང་པོ་རི་རབ་ཙམ། །ཡུལ་སྟོང་གསུམ་གང་བའི་ངོ་བོར་གྱུར། ཕཊཿ ཡིད་རང་བྱུང་ཕག་མོའི་རྫུ་འཕྲུལ་གྱིས། །ལུས་ལྤགས་པ་བཤུས་ནས་ས་


TR007_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ཁྱབ། །གཟུགས་སིལ་བུར་བཏུབ་པས་འཇིག་རྟེན་ཁེངས། །མགྲོན་མཆོག་དམན་མཐའ་དག་འདུས་པར་གྱུར། ཕཊཿ བདག་གཅེས་སྤྲས་བྱས་པའི་སྒྱུ་ལུས་འདི། །དེང་མཆོད་སྦྱིན་དངོས་པོར་གྱུར་པ་ལེགས། །མགྲོན་སོ་སོར་གང་ལ་ཅི་འདོད་པའི། །རྫས་ཟད་མེད་ལོངས་སྤྱོད་ཚིམ་པར་གྱུར། ཕཊཿ། སེམས་འཁྲུལ་རྟོག་བག་ཆགས་ལུ་གུ་རྒྱུད། །ང་བདག་གིར་འཛིན་པའི་ཞེན་པ་ཅན། །ཁྱོད་རང་ལས་གཞན་པའི་ལྷ་འདྲེ་ཞེས། །ཕན་གནོད་པར་གཟུང་རྒྱུ་གང་དུ་རྙེད། །སྣོད་དག་པ་རབ་འབྱམས་རྒྱལ་བའི་ཞིང་། །བཅུད་འགྲོ་བ་རིགས་དྲུག་བླ་མའི་འཁྲུལ། །དོན་ཐམས་ཅད་ཆོས་སྐུ་རིག་སྟོང་རྩལ། །འཇིགས་པ་དང་སུ་ཡི་གང་ལ་བྱེད། །གཞི་སངས་རྒྱས་རང་ཆས་རང་རིག་ནི། །གདངས་བཟང་ངན་རྟོགས་ཚོགས་ཅི་ཤར་ཀུན། །གནད་དགག་བསྒྲུབ་སྤོང་ལེན་མི་བྱེད་པར། །བབས་རང་ལུགས་རིག་པས་གཞན་ཅི་ཞིག །རྒྱུ་ཚོགས་གསོགས་སྒྲིབ་སྦྱོངས་དགེ་བའི་ལས། །ལམ་


TR007_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་བཅས་སྤྲོས་དང་བྲལ་བའི་རིགས། །ཀུན་བསྔོ་བྱ་སྔོ་བྱེད་སྔོ་མཁན་སོགས། །དོན་སྤྲོས་མེད་ཆོས་དབྱིངས་ཀློང་དུ་ཕཊཿཞེས་པ་འདི་ནི་གཙང་གི་རྣལ་འབྱོར་པ་ལྷུན་གྲུབ་གདན་ཁྱབ་ཀྱིས་བསྐུལ་ངོར་བཀོད་པ་ཡིན་ཅིང་ཚུལ་འདི་ནི་གདམས་པ་འདི་དག་གི་ཟབ་ཁྲིད་ཞིབ་རྒྱས་ཚུལ་ལྡན་དུ་ཐོབ་པ་དག་གིས་རྒྱུན་ཁྱེར་ཉམས་ལེན་དུ་བྱ་བ་མ་གཏོགས། །གཞན་དག་གིས་ཁ་ཁྱེར་དུ་བྱར་བཏུང་བ་ནི་མ་ཡིན་ནོ། །ཨྀིྠཿ གཅིག་ཞུད།

ས་འདུལ་ཀྱི་གར་འཚམ་ལ་ཉེ་བར་མཁོ་བའི་རྣམ་བཤད་ཟིན་རིས།


TR007_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ས་འདུལ་ཀྱི་གར་འཚམ་ལ་ཉེ་བར་མཁོ་བའི་རྣམ་བཤད་ཟིན་རིས་བཞུགས་སོ། །


TR007_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་གསུམ་ན་འགྲན་གྱི་ཟླ་བྲལ་བའི། །རྒྱལ་བའི་སྤྱི་གཟུགས་པདྨ་སམྦྷ་ཝ། །ཡབ་སྲས་བརྒྱུད་པར་བཅས་པའི་ཞབས་པད་གང་། །བདག་སོགས་གཙུག་གི་རྒྱན་དུ་རྟགས་པར་མཆོད།། ༈ །།དེ་ལ་སྤྱིར་རྒྱལ་བ་ཐབས་མཁས་ཤིང་ཐུགས་རྗེ་བསམ་གྱིས་མི་ཁྱབ་པའི་ཟླ་སྣང་གདུལ་བྱའི་ཡིད་མཚོར་འགྲིབ་མེད་དུ་འཆར་བའི་ཕྲིན་ལས་ཀྱི་སྒོ་ཐབས་དཔག་ཏུ་མེད་པའི་ནང་ནས་ཆེས། རྨད་དུ་བྱུང་བའི་ངེས་གསང་རྡོ་རྗེའི་ཐེག་པ་དམ་པའི་གཞུང་ལམ་ལ་བརྟེན་ནས་བདག་དང་གཞན་གྱི་དོན་


TR007_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བདེ་བླག་ཏུ་འགྲུབ་པར་བྱེད་པ་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་གདམས་པ་གཉིས་ཀྱི་མན་ངག་གིས་མཆོག་དང་ཐུན་མོངས་གེགས་མེད་དུ་ཐོབ་པར་བྱེད་པ་ལས། ཐོག་མར་སྨིན་བྱེད་དབང་བསྐུར་གྱི་གནས་སུ་རུང་བར་བྱ་བ་དང་། དེ་ལས་གཞན་པའང་གཙུག་ལག་ཁང་དང་རྒྱལ་པོའི་ཕོ་བྲང་གནས་གཞི་སྒྲུབ་ཁང་ལ་སོགས་བྱ་བར་འདོད་པའི་གནས་དང་ས་གཞི་འདུལ་ཞིང་བྱིན་གྱིས་བརླབ་པར་བྱ་བའི་སླད་དུ་སའི་ཆོ་ག་ཚུལ་བཞིན་བགྱི་བའི་ཐབས་རྒྱུད་སྡེ་ཆེན་པོ་དག་ལས་ཇི་ལྟར་གསུངས་


TR007_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར། ས་བརྟག་པ། བསླང་བ། སྦྱང་བ། བཟུང་བ། བསྲུང་བ་རྣམས་ལས། འདིར་ས་བཟུང་བའི་རིམ་པ་འདི་ཉིད་ལ་ཡང་བློས་བཟུང་བ། སྟངས་སྟབས་ཀྱིས་བཟུང་བ། ཁྲོ་གར་གྱིས་བཟུང་བ་རྣམས་ལས་སྐབས་འདིར་སྟངས་སྟབས་དང་ཁྲོ་གར་གྱིས་བཟུང་བས་ས་གཞི་འདུལ་བར་བྱེད་པ་སྟེ།། ༈ །།དེ་ལ་སྟོན་པ་རྡོ་རྗེའི་་སློབ་དཔོན་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྱི་དཔལ་ཆེན་པོ་ཧེ་རུ་ཀ་པདྨ་བཛྲ་དང་རྟ་མགྲིན་དབང་ཆེན་གཉིས་སུ་མེད་པའི་རང་བཞིན་དང་། དེ་ཉིད་ཀྱང་ངོ་བོ་རང་བཞིན་ཐུགས་རྗེའི་རྣམ་རོལ་སྐུ་མདོག་ཕྱག་མཚན་ཆ་ལུགས་ཀྱི་རྣམ་པ་གང་ལ་གང་འདུལ་གྱི་ཚུལ་དུ་སྣང་བ་དང་། འཁོར་གྱི་རྒྱལ་ཐེབས་རྣམས་ཀྱང་དོན་དམ་སྟོང་ཉིད་ཡེ་ཤེས་རྣམ་པ་དགུའི་རང་བཞིན་ལས་རྣམ་པ་དཔལ་ཆེན་པོ་གཙོ་མཆོག་ལྷ་དགུའི་ངོ་བོ་ཉིད་དེ། དེ་ལྟར་དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས་པའི་ཕྲིན་ལས་ཀྱི་རྣམ་རོལ་གར་དགུའི་ཉམས་ཀྱིས་གདུག་པ་འདུལ་བའི་རྟེན་འབྲེལ་ཡ་


TR007_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གྱི་སྤྲུལ་བསྒྱུར་ངོ་མཚར་བྱིན་རླབས་ཀྱི་བཀོད་པ་མངོན་སུམ་དུ་སྟོན་པར་བྱེད་པ་ཡིན་པས། འདི་ཉིད་ལ་སྤྱིར་བྱིན་རླབས་ཞི་བའི་རོལ་གར། ཁྲག་འཐུང་ཁྲོ་བོའི་འགྱིང་གར། ཕོ་ཉ་རྔམས་པའི་འཕྲུལ་གར་ལ་སོགས་ཀྱི་རྣམ་གྲངས་མང་ཡང་། འདིར་ནི་དཔལ་ཆེན་རོལ་པའི་སྟངས་སྟབས་དུ་མའི་འགྱིང་གར་གྱི་སྒོ་ནས། སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་ཚོགས་བསྐྲད་ནས་ས་གཞི་བྱིན་གྱིས་རློམས་པར་བྱེད་པ་ཉིད་དེ། དེ་ལྟ་བུ་དགོས་པའི་ཚུལ་ཡང་། །རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་བཀོད་པ་ལས། །རྡོ་རྗེ་བྱིན་རླབས་འབྱུང་གནས་དང་། །གནས་རྣམས་ཤིན་ཏུ་བརྟན་བྱའི་ཕྱིར། །མཆོག་གི་སྦྱོར་བ་དག་པ་ཡིས། །ས་གཞི་བཟུང་ཞིང་བྱིན་གྱིས་བརླབས། །རྡོ་རྗེ་དྲག་པོའི་འགྱིང་ཆེན་སྟབས། །རྒྱུན་མི་འཆད་དུ་བྱས་ནས་ནི། །ཁྲོ་བོ་དྲག་པོའི་སྔགས་ཟློས་ཤིང་། །རྡོ་རྗེ་ཁྲོ་བོའི་སྟབས་ཀྱིས་བསྐོར། ཞེས་སོགས་གསུངས་ཤིང་། །དེ་ཡང་སྤྱིར་གར་གྱི་རིགས་


TR007_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྟངས་སྟབས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཞིག་རྡོ་རྗེ་རྩེ་མོ་ལ་སོགས་པའི་རྒྱུད་སྡེ་རྣམས་ནས་གསུངས་མོད་ཀྱི།། ༈ །།དགོངས་དོན་མདོར་བསྡུ་ན། གར་གྱི་ངོ་བོ། ངེས་ཚིག་དབྱེ་བ། །དགོས་ཆེད་ཕན་ཡོན་གྱི་རིམ་པ་དང་བཞི་ལས།། ༈ །།དང་པོ་ངོ་བོ་ནི། དོན་དམ་སྟོང་ཉིད་ཀ་དག་གི་དབྱིངས་ལས་འགག་མེད་རང་གསལ་གཟུགས་སྐུའི་ཆོ་རོལ་གདུལ་བྱ་མོས་བློའི་སྣང་ཡུལ་དུ་སྟོན་པ་ཁོ་ནའོ།། ༈ །།ངེས་ཚིག་ནི། ངོ་མཚར་བའི་རྣམ་འགྱུར་དགུའི་ཉམས་དང་ལྡན་པའི་ཕྱིར་གར་ཞེས་བྱ་བ་སྟེ། ཉམས་དགུ་པོ་གང་ཞེ་ན། རིན་མཛོད་ལས། །སྒེག་པ་དཔའ་བ་མི་སྡུག་པ། །དྲག་ཤུལ་རྒོད་དང་འཇིགས་སུ་རུང་། །སྙིང་རྗེ་རྔམས་དང་ཞི་བ་སྟེ། །འདི་རྣམས་གར་གྱི་ཉམས་དགུའོ། །ཞེས་པ་དེ་དག་ཀྱང་ལེགས་སྦྱར་གྱི་སྐད་དང་སྦྱར་ན། །ཤྲིངྒཱ་ར་ཞེས་བྱ་བ་སྒེག་པའི་ཉམས་དང་། །དེ་བཞིན་དུ་བཱི་ར་སྟེ་དཔའ་བའི་ཉམས་དང་། བྷ་ཡཱ་ན་ཀ་སྟེ། འཇིགས་སུ་


TR007_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བ་དང་། ཧ་སྱ་སྟེ་རྒོད་པ་དང་། ཨདྦྷུ་ཏ་སྟེ་རྔམས་པ་དང་། ཀ་རུ་ཎ་སྟེ་སྙིང་རྗེ་དང་། བྷི་བདྤ་སྟེ་མི་སྡུག་པ་དང་། རཽ་དྲ་སྟེ་དྲག་ཤུལ་དང་། ད་ཡཱ་སྟེ་བརྩེ་བའམ། ཤཱནྟ་སྟེ་ཞི་བའི་ཉམས་ཏེ། དེ་ལྟར་དགུ་པོ་གཅིག་ཅར་རམ་སོ་སོའི་མཚན་ཉིད་ཀྱི་ཉམས་དང་ལྡན་པ་ལ་གར་ཞེས་བརྗོད་པའོ།། ༈ །།དབྱེ་ན་སྤྱིར་གར་གྱི་རིགས་དང་རྣམ་གྲངས་ལ་བརྗོད་ཀྱིས་མི་ལངས་ཤིང་། བྱེ་བྲག་ཏུ་དཀྱིལ་འཁོར་གྱི་ལྷ་སོ་སོ་སྟངས་སྟབས་དང་ཕྱག་རྒྱ་གར་གྱི་རྣམ་འགྱུར་ནི་བསམ་གྱིས་མི་ཁྱབ་མེད་ཀྱི། །འདིར་ནི་རྒྱལ་དབང་པདྨ་སམྦྷ་ཝས་མཛད་པའི་གར་འཆམས་འཕྲུལ་གྱི་པ་ཊ་ནས་ཇི་ལྟར་གསུངས་པའི་ཚུལ་ཉིད་ལས། དཀྱིལ་འཁོར་གྱི་ས་ཆོག་གི་སྟངས་སྟབས་ཀྱི་རིམ་པ་རྣམས་ཁོལ་དུ་ཕྱུངས་ནས་རྒྱུད་སྡེའི་དགོངས་པ་དང་སློབ་དཔོན་གྱི་ཕྱག་བཞེས་དྲི་མ་མེད་པའི་དོན་གཏན་ལ་ཕབས་པའི་གར་གྱི་རྣམ་


TR007_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་ཉེར་གཅིག་སྟེ། །ཐོག་མར་ལམ་འཇུག་རྡོ་རྗེའི་འགྲོས་ཆེན་གྱིས་དལ་གྱི་ས་གཞི་བཅགས། །བསྐྲད་གཟིར་ཟིལ་གནོན་ཕྱག་རྒྱས་ལོག་འདྲེན་ཚར་གཅད། དེ་ནས་རྡོ་རྗེ་ཁྱུང་གཤོག་འགྲོས་ཀྱིས་སྟེང་གི་ལྷ་རྣམས་ཟིལ་གྱིས་གནོན་པའི་རིམ་པ་བཞི་ཡོད་པའི་དང་པོར་ཕྱག་རྒྱ་འབྱུང་པོ་ཀུན་འདུམ་གྱིས་གདུག་པ་ཅན་གྱི་སྲོག་སྙིང་དྲང་། གཉིས་པ་བསྐྲད་གཟིར་རྡོ་རྗེ་བགེགས་འདུལ་གྱིས་གདོན་ཚོགས་ཟིལ་གྱིས་མནན། །གསུམ་པ་ཁྱུང་ཆེན་གཤོག་བརྒྱངས་ཟེམ་འགྲོས་ཀྱིས་སྣང་སྲིད་དབང་དུ་བསྡུད། །བཞི་པ་ཁྱུང་གཤོག་དྲག་པོ་དགུ་བསྐོར་གྱིས་བདུད་སྡེ་ཆམས་ལ་འབེབས་པ་སྟེ། དེ་ལྟར་ཁྱུང་གཤོག་འགྲོས་བཞིས་སྟེང་གདོན་ཟིལ་གྱིས་མནན། སྣ་ཚོགས་རྡོ་རྗེའི་འགྲོས་ཆེན་གྱིས་འོག་གི་ཀླུ་གདོན་ཐམས་ཅད་ཟིལ་གྱིས་གནོན། །རྡོ་རྗེ་ཁྲོ་བོའི་འགྲོས་ཀྱི་བར་གྱི་མི་དང་མི་མིན་མཐའ་དག་ཟིལ་


TR007_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གནོན་པ་སྟེ། དེ་ལྟར་ཟིལ་གནོན་རྣམ་པ་གསུམ་གྱིས་གར་གྱིས་སྔོན་འགྲོ་གཏན་ལ་ཕབ།། ༈ །།དངོས་གཞི་སྟངས་སྟབས་རྣམ་པ་བརྒྱད་ཀྱི་ཕྱོགས་མཚམས་ཀྱི་དྲེགས་པ་ཅན་རྣམས་འདུལ་བར་བྱེད་པ་སྟེ། །ཤར་དུ་དྲི་ཟའི་གདོན་ཚོགས་འདུལ་བ་ས་གའི་སྟངས་སྟབས། །ལྷོར་གྲུལ་བུམ་དང་གཤིན་རྗེའི་གདེན་ཚོགས་འདུལ་བ་ཟླུམ་པོའི་སྟངས་སྟབས། །ནུབ་ཏུ་ཀླུ་གདོན་འདུལ་བ་ལ་རོལ་པའི་སྟངས་སྟབས། །བྱང་དུ་གནོད་སྦྱིན་འདུལ་བའི་སྟངས་སྟབས་ཆེན་པོ། །ཤར་ལྷོར་མེ་ལྷ་འདུལ་བ་འགྱིང་གྱི་སྟངས་སྟབས། ལྷོ་ནུབ་ཏུ་སྲིན་པོ་འདུལ་བ་ས་གནོན་གྱི་སྟངས་སྟབས། །ནུབ་བྱང་དུ་རླུང་ལྷ་འདུལ་བ་འདེགས་བྱེད་ཀྱི་སྟངས་སྟབས། །བྱང་ཤར་དུ་དགྲ་གེགས་འདུལ་བ་ཁྲོས་པའི་སྟངས་སྟབས་ཏེ། །དངོས་གཞིའི་གར་ཆེན་བརྒྱད་ཀྱིས་ས་གཞི་བཏུལ།། ༈ །།རྗེས་ལ་ཕྱག་མཚན་རྣམ་པ་ལྔའི་


TR007_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོས་ཀྱིས་ས་གཞི་བྱིན་གྱིས་བརླབ་ཅིང་རྒྱས་གདབ་པའི་རིམ་པ་ནི། །ཤར་དུ་རྡོ་རྗེའི་འགྲོས་ཀྱིས་ས་གཞི་བྱིན་གྱིས་བརླབ་པ་དང་། དེ་བཞིན་དུ། ལྷོར་རིན་ཆེན་འགྲོས། ནུབ་ཏུ་པདྨའི་འགྲོས། བྱང་དུ་རྒྱ་གྲམ་འགྲོས། དབུས་སུ་འཁོར་ལོའི་འགྲོས་ཀྱིས་ས་གཞི་བྱིན་གྱིས་བརླབ་པ་སྟེ། དེ་ལྟར་ཕྱག་མཚན་ལྔའི་འགྲོས་ཀྱིས་ས་གཞི་བྱིན་གྱིས་རླབས། རབ་ཏུ་གནས་པར་བྱེད་པ་ཉིད་དེ། མདོར་ན་འདི་དག་ཐམས་ཅད་ཀྱིས་སྒྲུབ་གནས་བཀྲ་ཤིས་ཤིང་བྱིན་འཆགས་པར་བྱེད་པའི་ཐབས་ཟབ་དམ་པ་ཉིད་དོ།། ༈ །།ད་ནི་དེ་དག་གི་ཕན་ཡོན་དགོས་ཆེད་ཀྱི་རིམ་པ་ཇི་ལྟར་ཡོད་ཅེ་ན། རྡོ་རྗེ་སློབ་དཔོན་ཕྱོགས་མཚམས་ཀྱི་གཙོ་བརྒྱད་དང་བཅས་པ་དཔལ་ཆེན་རོལ་པའི་ཏིང་ངེ་འཛིན་དང་སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཆེན་པོའི་བརྟུལ་ཞུགས་གསང་བའི་སྤྱོད་པ་རྨད་དུ་བྱུང་བའི་རོལ་རྩལ་


TR007_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་བུས་ནི། གནས་སྐབས་དང་མཐར་ཐུག་གི་འགལ་རྐྱེན་སེལ་ཞིང་དངོས་གྲུབ་ཀྱི་དོན་བླ་ན་མེད་པ་འགྲུབ་པར་ནུས་པ་སྟེ།། ༈ །།ཇི་སྐད་དུ། །རྒྱུད་ཆེན་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པ་ལས། །ཨེ་མའོ་ངོ་མཚར་ཡ་མཚན་ཆེ། །དགྱེས་པར་རོལ་པའི་བྱིན་རླབས་ལས། །ཇི་ལྟར་དམིགས་པ་དེ་ལྟར་འགྲུབ། །རྒྱུད་དྲུག་རྩད་གཅོད་ངོ་མཚར་ཆེ། །རྒྱུད་དྲུག་འདུས་པའི་ཕོང་པོ་ལ། །ངན་སོང་གནས་འཇོམས་རྡོ་རྗེའི་སྟབས། །ཡེ་ཤེས་ཐབས་ལྡན་སྙན་པའི་གླུ། །རྨད་བྱུང་གསང་ཆེན་སྒྲོག་པའི་ཚིག །ཉོན་མོངས་ལྔའི་ས་གཞི་ལ། །རང་བྱུང་ཡེ་ཤེས་ལྔ་གསལ་བར། །འབར་བ་ཁྲག་འཐུང་སྤྲིན་ཕུང་བཞིན། །ཁྱུ་མཆོག་ལྔ་ཡི་སྟབས་ཀྱིས་རོལ། །དཔའ་བོ་ཚམ་རྔམས་བརྒྱད་ཀྱི་སྟབས། །མཁའ་གཞི་དབྱིངས་ཀྱི་བདེ་ཀློང་ནས། །ཚོམ་བུ་འབུམ་གྱི་ཆོ་འཕྲུལ་འཕྲོ། །


TR007_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་མཆོག་རོལ་པའི་ཕྲིན་ལས། །རྒྱལ་བ་ཀུན་དང་མཉམ་པར་སྦྱོར། །གར་མཆོག་གློག་ལྟར་འགྱུ་བ་ཡི། །རྨད་བྱུང་གསང་བའི་དཀྱིལ་འཁོར་ནས། །འཕྲོ་འདུ་སྐར་ལྟར་འཁྲུག་པ་ལས། ཁམས་གསུམ་བུད་ཤིང་ཐལ་བར་རློག །ཅེས་པ་དང་། ཁྲོ་བོ་བརྒྱད་ཀྱི་དོར་སྟབས་ཀྱིས། །ཚམ་ངམ་ཆེན་པོའི་འཛུར་འགྲོས་དང་། །དཔའ་བོ་རྡོ་རྗེའི་རྔམས་འགྲོས་ཀྱིས། །ཐབས་ཆེན་བཅོ་བརྒྱད་སྟབས་ཀྱིས་སྦྱར། །རྣལ་འབྱོར་རྩལ་རྒྱས་སོང་ཕྲུག་རྣམས། །རྡོ་རྗེའི་རྩལ་ཆེན་འདི་སྦྱངས་པས། །ཡེ་ཤེས་ལྷ་ཚོགས་གཤེགས་པའི་རྟེན། །དངོས་གྲུབ་འབྱུང་བའི་རིན་པོ་ཆེ། །མཐུ་སྟོབས་བཀྱེ་བའི་ཐབས་ཆེན་པོ། །བྱིན་རླབས་འབེབས་པའི་དབང་མཆོག་འདིས། །རྒྱལ་བའི་དངོས་གྲུབ་མན་ཆོད་ནས། །མཁའ་འགྲོའི་རྫུ་འཕྲུལ་ཐམས་ཅད་དང་། །དྲེགས་པའི་སྡེ་ཚོགས་མ་རུངས་རྣམས། །ཐམས་ཅད་དབང་དུ་འགྱུར་ངེས་ན། །དངོས་གྲུབ་གཞན་ལྟ་རྨོས་ཅི་དགོས། །


TR007_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་དང་། གཞན་ཡང་། །རྒྱལ་སྲས་རིག་འཛིན་བཀའ་འཁོར་ལོ། །རྡོ་རྗེའི་རྒྱལ་དབང་ཆེན་པོ་དེས། །རིག་འཛིན་ཕོ་མོའི་མཚན་མས་བཏབ། །རྣལ་འབྱོར་ཆེན་པོའི་ལུས་སུ་སྤྱད། །འཇིག་རྟེན་སྤྱོད་ཚུལ་ཐམས་ཅད་ནི། །སྒྱུ་མ་ཡིན་ཕྱིར་ཤིན་ཏུ་སྤང་། །འཇིག་རྟེན་འདས་པའི་སྤྱོད་ཚུལ་དག །ཇི་ལྟར་འབྱུང་བ་དེ་ལྟར་སྤྱད། །ཨེ་མའོ་དུར་ཁྲོད་གསང་བ་ཡི། །རྨད་བྱུང་ཞིང་ཁམས་དགའ་ཚལ་འདིར། །སྐལ་ལྡན་དབང་ཕྱུག་རྒྱལ་བའི་སྲས། །འདུས་པར་ཚོགས་པའི་རིག་འཛིན་རྣམས། །ཨེ་མའོ་དགའ་མཆོག་བདེ་ཆེན་གྲོགས། །ཐབས་དང་ཤེས་རབ་ཟུང་འབྲེལ་གྱི། །སྤྲུལ་པའི་གཤོག་དྲུག་དགྲ་རྒྱས་པས། །ཆོས་ཉིད་རྩལ་གྱི་རླབས་སྤར་ནས། །ཆོས་དབྱིངས་མཁའ་ལ་ལྡིང་བར་རིགས། །ཅེས་གསུངས་པ་དེ་ལྟ་བུའི་འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པའི་ཁྱད་ཆོས་རྨད་དུ་བྱུང་བ་འདི་ལྟ་བུས་


TR007_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་སུ་བར་ཆད་འབྱུང་པོའི་འཚེ་བ་དང་བྲལ་ཞིང་། མ་མོ་མཁའ་འགྲོ་ཀུན་གྱིས་རྗེ་དང་གཙོ་བོར་མཐོང་ནས་ཕྲིན་ལས་བསྒྲུབ་པ་དང་། རྒྱལ་བ་རིག་འཛིན་རྣམས་ཀྱིས་ཀྱང་སྲས་དང་སྤུན་དུ་དགོངས་ནས་བྱིན་གྱིས་རློབས་པར་མཛད་ཅིང་། མྱུར་དུ་བླ་མེད་བྱང་ཆུབ་ཀྱི་གོ་འཕངས་ལ་སྦྱོར་བའི་ཉེ་རྒྱུར་བྱེད་པ་ལ་སོགས་ཀྱི་དགོས་ཆེད་དང་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཁོ་ན་ལགས་སོ། །གར་གྱི་རྣམ་བཤད་འདི་ཉིད་དཀྱིལ་འཁོར་གྱི་ས་འདུལ་ནམ་བྱ་བའི་སྐབས་དེ་ཉིད་དུ། །རྡོ་རྗེ་སློབ་དཔོན་གྱིས་སྒྲུབ་པ་ལ་ཞུགས་པའི་འདུ་ཚོགས་རྣམས་ལ་འཆད་པར་བྱའོ། །བཀྲི་ཤིས། གཅིག་ཞུད།།


TR007_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།སར་ཆོག་གི་གར་གྱི་སྐབས་སུ། ༡ །ཐོག་མར་ལམ་ཞུགས་རྡོ་རྗེའི་འགྲོས་ཆེན་ལ། །རྔ་སྟབས་ནི་ཉིས་བརྡུང་དལ་བར་བྱ་ཞིང་། །ལག་གཉིས་རྡོར་དྲིལ་གཡས་གཡོན་དུ་བརྒྱངས་ལ། །རྐང་པ་གཅིག་གིས་གཞི་བཟུང་ཞིང་། །གཅིག་གིས་གཡས་གཡོན་དུ་ནེམ་པ་རེ་དང་དབུས་སུ་གོམ་པ་འདོར་བ་རིམ་ཅན་དུ་བྱའོ། ༢ གཉིས་པ་བགེགས་བསྐྲད་ལ་རྔ་ཉིས་བརྡུང་ཞི་དྲག་ཅན་རིམ་ཕབ་བྱ་ཞིང་། ཕྱག་རྒྱ་གདེངས་ཐབས་ཀྱི་རྣམ་འགྱུར་དང་ལྡན་པས་ཐུན་གཏོར་རོ། ༣ །གསུམ་པ་ཁྱུང་གཤོག་འགྲོས་བཞིའི་དང་པོ་ཕྱག་རྒྱ་འབྱུང་པོ་ཀུན་འདུལ་ལ། །རྔ་གསུམ་བརྡུང་དལ་བ་དང་། ཕྱག་རྒྱ་རྡོར་དྲིལ་དཔུང་གཡས་སུ་བསྣོལ་བ་སྡིགས་མཛུབ་དང་ལྡན་པ་ལན་གསུམ་གསུམ་གྱི་བར་རྐང་པ་གཡོན་བཏེག་ཅིང་། ཡང་དེ་བཞིན་གཡས་གཡོན་རེ་མོས་སུ་བྱ་བའོ། །བཞི་པ་བསྐྲད་


TR007_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

གཟིར་ལ། །རྔ་གསུམ་བརྡུང་སྔར་བཞིན་ལས། །རྗེས་ལ་གཅིག་བརྡུང་རིང་བ་ཉིས་བརྩེགས་དང་། །ཕྱག་རྒྱ་པད་ཀོར་ནང་ནས་ཕྱིར་དཀྲོལ་བས་སྡིག་མཛུབ་གདེང་བ་གཡས་གཡོན་དབུས་དང་གསུམ་ཀར་གཡས་པ་ཁོ་ནས་བྱ་ཞིང་། རྐང་པ་རེ་མོས་དང་། ཆིག་བརྡུང་གཉིས་ཀྱི་ཆམ་གཡས་གཡོན་བསྣོལ་སྐོར་གྱི་ཕྱག་རྒྱ་རེ་དང་། །རྐང་པ་ཡང་དེ་དང་ཆ་མཐུན་པར་བྱའོ། ༥ །ལྔ་པ་ཁྱུང་གཤོག་ཟོལ་འགྲོས་ལ་རྔ་ཆོམ་བརྡུང་དང་། །ལག་པ་ཁྱུང་གཤོག་མཐོ་བར་བརྒྱངས་ཤིང་། །རྐང་པ་ཟེམ་འགྲོས་ཀྱི་སྟེག་བུ་ལ་བསྐོར་བའོ། ༦ །དྲུག་པ་ཁྱུང་གཤོག་དྲག་པོ་ཁྲོ་བཅུ་དགུ་སྐོར་ལ། །རྔ་སྟབས་ནི་ཐོག་མར་ཉིས་ལེན། བར་དུ་དགུ་བརྡུང་མཐར་ཆིག་བརྡུང་དལ་གཉིས་བརྩེགས་བྱ་ཞིང་། ཡང་སྔར་བཞིན་ཉིས་ལེན་ནས་དབུ་བཙུག་པ་དང་། ཕྱག་རྒྱ་ནི་ཁྱུང་གཤོག་གི་དབྱིབས་ལྡན་གྱིས། རྔ་ཉིས་ལེན་


TR007_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དང་པོ་ལ་རྐང་པ་གཡོན་གྱི་རྟིང་པ་བཀན་ཞིང་གཡས་གཞི་བཟུང་། གཉིས་པའི་ཚེ་རྐང་པ་གཡས་ཀྱི་རྩེ་གཙུག་པ་དང་། དེ་ནས་དགུ་བརྡུང་གི་དང་པོ་ལ་གཡོན་ཕྱོགས་སུ་བསྐོར། གཉིས་པ་ལ་གཡོན་གྱི་རྩེ་གཙུག་གསུམ་པ་ལ་དེའི་རྟིང་པ་བཀན། བཞི་པ་ལ་གཡས་ཀྱི་རྩེ་གཙུག ལྔ་པ་དེའི་རྟིགས་པ་བཀན། དྲུག་པ་ལ་གཡོན་གྱི་རྩེ་གཙུག བདུན་པར་གཡོན་པ་གཡས་ཕྱོགས་སུ་བསྐོར། །བརྒྱད་པ་ལ་གཡས་ཀྱི་རྩེ་གཙུག དགུ་པའི་ཚེ་གཡས་འགྱིང་། སླར་ཆིག་བརྡུང་དང་པོ་ལ་གཡོན་དུ་འགྱིང་། ཕྱི་མ་ལ་གཡས་འགྱིང་བྱའོ། །དེ་ནས་བཞི་བརྡུང་ཚར་གཉིས་པ་ལ་ནུབ་དང་། གསུམ་པ་ལ་བྱང་དང་། བཞི་པར་ལྷོའི་རྡོར་རྭ་དང་། ཡང་སྦར་བཞིན་ཤར་དུ་ལོག་པའོ། །བརྒྱད་པ་རྡོ་རྗེའི་ཁྲོ་བོའི་འགྲོས་ལ། །རྔ་གསུམ་བརྡུང་གསུམ་་བརྩེགས་དང་། བདུན་པ་སྣ་ཚོགས་རྡོ་རྗེ་འགྲོས་ལ། རྔ་བཞི་བརྡུང་ཞི་དྲག་ཅན་དང་། ཕྱག་རྒྱ་པད་སྐོར་དང་བཅས་པས། ཐོག་མར་ཤར་ནས་དབུས་སུ་བལྟ་བས་ཤར་གྱི་རྡོར་རྭའི་ཚུལ་བྱ་རྐང་པ་དོར་སྟབས་རེ་མོས་


TR007_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བཏེག་ཕྱོགས་ཀྱི་ལག་པ་གཡས་བརྐྱང་བས་སྡིག་མཛུབ་ཀྱིས་རྡོ་རྗེ་གདེང་ཤིང་། །གཡོན་སྙིང་ཁར་སྡིག་མཛུབ་དྲིལ་འཁྲོལ་དང་། །གསུམ་བརྡུང་བར་མ་དེ་ཉིད་གཡས་གཡོན་བསྒྱུར་ཞིང་། །གསུམ་བརྡུང་ཕྱི་མའི་ཚེ་པད་དཀྲོར་དཀྲོལ་བས་སྐེད་པ་བསྟོན་པ་དང་། སླར་གོང་བཞིན་ནོ། ༩ དངོས་གཞི་སྟངས་སྟབས་བརྒྱད་ཀྱི་དང་པོ་ས་གའི་སྟངས་སྟབས་ལ། རྔ་གཅིག་བརྡུང་དལ་བ་ལ། ཕྱག་རྒྱ་གཡས་རྡོ་རྗེ་གདེངས་ཤིང་གཡོན་དྲིལ་བུ་དཀུར་བསྟེན་ཏེ། རྔ་ལན་གསུམ་གྱི་བར་དུ་གཡས་ནས་གཡོན་དུ་བསྐོར་ཞིང་། རྐང་པ་རེ་མོས་ཡ་གཅིག་གི་རྩེ་གཙུག་ཅིང་གཅིག་ཤོས་ཀྱིས་གཞི་བཟུང་། ཡང་ལག་གཡས་དཀུར་བསྟེན་ཞིང་གཡོན་དྲིལ་འཁྲོལ་གདེངས་པས་གཡོན་ནས་གཡས་སུ་བསྐོར་ཚུལ་སྔ་མ་བཞིན་ཏེ་རེ་མོས་བྱའོ། ༡༠ །ལྷོར་ཟླུམ་པོའི་སྟངས་སྟབས་ལ་རྔ་གྲངས་ནི་ཆིག་བརྡུང་རིང་མོ་


TR007_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

གོང་ལྟར་ལ། དང་པོ་ལ། རྐང་པ་ཤུགས་འགྲོས་ཀྱིས་གཡས་ནས་གཡོན་དུ་བསྐོར། བར་དུ་འགྱིང་སྟབས་དང་བཅས་པས་གཡས་ཀྱི་རྩེ་གཙུག །ཕྱི་མ་ལ་དེའི་རྟིང་པ་བཀན། །སླར་སྔར་བཞིན་གཡས་གཡོན་བརྗེ་བའོ། ༡༡ །ནུབ་ཏུ་རོལ་པའི་སྟངས་སྟབས་ལ་རྔ་བཞི་བརྡུང་ཞི་དྲག་ཅན་དང་ཕྱག་རྒྱ་པད་ཀོར་གྱིས་མཆེད་ལྕམ་གཉིས་གཉིས་མདུན་རྒྱབ་རེ་མོས་སུ་སྤྲད་ཅིང་། རྐང་པ་ཡང་དེ་དང་མཚུངས་པར་འཇོག་བཏེག་རེ་མོས་སུ་བྱའོ། ༡༢ །བྱང་དུ་སྟངས་སྟབས་ལ་རྔ་ཐོག་མར་གསུམ་བརྡུང་གསུམ་ལ་ཕྱག་རྒྱ་པད་ཀོར་གཡས་གཡོན་དབུས་གསུམ་དང་། དེ་ནས་ཆིག་བརྡུང་དལ་བ་གསུམ་ལ་འགྱིང་སྟབས་དང་ལྡན་པས་གཡོན་ཕྱོགས་སུ་ཟུར་མཆོང་ལན་གསུམ་དང་། མཐར་གསུམ་བརྡུང་ཚར་གཅིག་ལག་གཉིས་སྐེད་བསྟེན་གྱིས་ལྡེམ་ལྡེམ་གསུམ་བྱའོ། །


TR007_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

༡༣ ཤར་ལྷོར་འགྱིང་ཚུལ་གྱི་སྟངས་སྟབས་ལ་གཅིག་བརྡུང་དལ་བ་གསུམ་གྱི་དང་པོ་ལ་རྐང་ལག་གཉིས་ཀས་གཡས་གདེངས་དང་། གཉིས་པ་ལ་གཡོན་གདེངས། གསུམ་པར་ཕྱག་རྒྱ་དེ་ཉིད་ཟུར་སྟབས་སུ་རྔམས་འགྱིང་ཆེ་བར་བྱའོ། ༡༤ །ལྷོ་ནུབ་ཏུ་ས་གནོན་གྱི་སྟངས་སྟབས་ལ་རྔ་གསུམ་བརྡུང་འབྲིང་པོ་དང་། རྐང་པ་གཤིབས་ཅིང་ལག་པ་པད་བསྐོར་ཚར་རེའི་མཐར་སོར་མོ་བསྣོལ་བའི་ཁ་འོག་ཏུ་ཕྱོགས་ཏེ་གནོན་པའི་ཚུལ་དུ་བྱ་བའི་ཕྱག་རྒྱ་དེ་ཉིད་གཡས་གཡོན་དབུས་གསུམ་དུ་རེ་རེ་བྱའོ། ༡༥ །ནུབ་བྱང་དུ་འདེགས་བྱེད་ཀྱི་སྟངས་སྟབས་ལ། གསུམ་བརྡུང་གོང་ལྟར་ལ། རྐང་པའི་རྟིང་པ་གཉིས་སྤྲད་ཅིང་ལོ་མ་བཙུག་པའི་ཚུལ་གྱིས་སྤུས་མོ་ཕྱིར་བཀྱེད་ལ། ལག་གཉིས་པད་ཀོར་འོག་ནས་ཡར་འདེགས་པའི་ཚུལ་དུ་བྱའོ། ༡༦ །བྱང་ཤར་དུ་ཁྲོས་སྟངས་ལ། རྔ་གསུམ་


TR007_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བརྡུང་བཞི་བརྩེགས་ཀྱི་དང་པོར་རྔམ་འགྱིང་སྡིག་འཛུབ་དང་ལྡན་པས་གཡོན་མཆོང་གསུམ་གཉིས་པར་གཡས་མཆོང་གསུམ། གསུམ་པར་ཕྱག་རྒྱ་བརྒྱངས་ཏེ་གཡས་བསྐོར་ གཡས་བསྐུམ་གཡོན་བརྐྱང་ གྱིས་འཕར་ཚུལ་གསུམ་ གཡོན་བསྐུམ་གཡས་བརྐྱང་། བཞི་པ་ལ་རང་སར་ལྡེམ་ གཉིས་ཀ་ ཚུལ་ལན་གསུམ་བྱ་བའོ། །བར་འདིར་ཕྱག་རྒྱ་རྡོར་དྲིལ་བསྣོལ་བ་སྤྱི་བོར་བཟུང་ལ། རྐང་འཁྲིལ་ཚུལ་གྱིས་ སྐེད་བསྟིན་གྱི་ རྔ་གཅིག་བརྡུང་ལན་གསུམ་སོང་བའི་རྗེས་ལ་གཡས་གཡོན་སྤོ་བར་བྱའོ། ༡༧ །དེ་ནས་ཕྱག་མཚན་ལྔ་འགྲོས་ཀྱི་དང་པོར་རྡོ་རྗེ་རྩེ་གཅིག་འགྲོས་ནི། རྔ་གསུམ་བརྡུང་འབྲིང་པོ་ལ། ཕྱག་རྒྱ་གཡས་གཡོན་སྟེང་དང་འོག་ཏུ་སྟངས་སྟབས་དང་ལྡན་པས། རྐང་པ་དབུས། མདུན། རྒྱབ་གསུམ་དུ་རེ་མོས་འཛུག་པའོ། །


TR007_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྩེ་གསུམ་འགྲོས་ནི་རྔ་སྟབས་དེ་ཉིད་ལས། རྐང་པའི་རྩེ་མོ་མདུན་གཡོན་གཡས་དང་གསུམ་རྒྱབ་མདུན་གཉིས་ཀར་གཡས་པས་འཇུག་ཅིང་། སླར་གཡོན་པས་ཡང་དེ་བཞིན་ནོ། ༡༨ །རིན་ཆེན་འགྲོས་ནི། རྔ་གསུམ་བརྡུང་གསུམ་བརྩེགས་ལ། ཕྱག་རྒྱ་པད་སྐོར་ཕྱི་ནས་ནང་དུ་གཡབ་པའི་ཚུལ་ལྟར་དང་། རྐང་པ་མདུན་གཡོན་རྒྱབ་གསུམ་དུ་བཞག་པས་ནོར་བུ་མིག་གསུམ་པའི་ཚུལ་སྟེ། གཡས་སུ་ཡང་དེ་བཞིན་བྱས་པའི་རྗེས་ལ་ཆིག་བརྡུང་རིང་བ་གཉིས་ལ་ཕྱག་རྒྱ་པད་སྐོར་བསྣོལ་མ་མེ་རིའི་ཚུལ་དུ་བྱའོ། ༡༩ །པདྨ་མའི་འགྲོས་ནི་རྔ་གསུམ་བརྡུང་བཞི་བརྩེགས་ཀྱི་དང་པོ་ལ་ཤར་དུ་གོམ་པ་གསུམ་གྱིས་ཤར་གྱི་པད་འདབ་ཀྱི་ཚུལ་དུ་ཕྱག་རྒྱ་པད་སྐོར་དང་བཅས་པ་དང་། དེ་བཞིན་དུ། གཉིས་པ་ལྷོའི་པད་འདབ། གསུམ་པ་བྱ། བཞི་པར་ཕྱི་འགྲོས་ཀྱི་ནུབ་ཀྱི་པད་འདབ་བྱ་ཞིང་། དེ་ནས་གཅིག་བརྡུང་དལ་


TR007_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཉིས་ཀྱིས་དབུས་སུ་ཟེ་འབྲུའི་ཚུལ་དང་། སླར་ཡང་གསུམ་བརྡུང་གཉིས་ཀྱིས་གཡས་གཡོན་དུ་པདྨའི་ལོ་འདབ་ཀྱི་ཕྱག་རྒྱ་བྱ་བའོ། ༢༠ །རྒྱ་གྲམ་གྱི་འགྲོས་ནི་རྔ་གསུམ་བརྡུང་བཞི་བརྩེགས་ཀྱི་དང་པོ་ལ་ཤར་དུ་བལྟས་ཏེ། རྐང་གཡོན་བཞི་བཟུང་ཞིང་གཡས་པས་གཡོན། གཡས། དབུས་དང་གསུམ་དུ་རེག་པ་རྡོ་རྗེའི་ཚུལ་དུ་ཕྱག་རྒྱ་གདེངས་སྟབས་དང་བཅས་པས་བྱ། གཉིས་པ་ལ་ལྷོར་རྐང་པ་གཡོན་པ་དེ་བཞིན་དང་། གསུམ་པར་ནུབ་ཏུ་གཡས་པ་དང་། བཞི་པར་བྱང་དུ་གཡོན་པས་དེ་ལྟར་བྱ་བའོ། ༢༡ །འཁོར་ལོའི་འགྲོས་ལ། རྔ་བཞི་བརྡུང་དལ་བ་དང་། ཕྱག་རྒྱ་བསྣོལ་ཞིང་རྐང་པ་བཏེགས་འགྲོས་ཀྱིས་གཡས་སྐོར་དུ་འགྲོ་བ་དང་། བཞི་བརྡུང་ཚར་གཅིག་སོང་ཚེ་རྐང་པ་བཏེགས་ཕྱོགས་སྤོ་ཞིང་གཡོན་སྐོར་དུ་འགྲོ་བ་དེ་ལྟར་རེ་མོས་སུ་བྱ་བའོ། །མཐར་གར་འདིའི་གར་


TR007_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

འཆམ་སྟབས་ནི་རུས་རྒྱན་གྱི་གར་འཆམ་སྤྱི་དང་མཐུན་པ་ཉིད་དོ། །གྱི་སྡུད་འགྲོས་ཁམས་གསུམ་དབང་སྡུད་ལ་རྔ་ཉིས་བརྡུང་ཞི་དྲག་ཅན་གཉིས་གཉིས་ཀྱི་མཚམས་སུ་གསུམ་བརྡུང་ཞི་དྲག་ཅན་རེ་དང་སྤེལ་བ་ཉིད་དོ། །དེ་ལྟར་འདི་དག་ནི་བླ་མ་དགོངས་པ་འདུས་པའི་གར་འཆམ་འཕྲུལ་གྱི་པྲ་ཊ་ལས་དཀྱིལ་འཁོར་ས་འདུལ་གྱི་གར་རྣམས་ཁོལ་དུ་ཕྱུངས་ནས་གཏན་ལ་ཕབ་པའི་རྗེད་ཐོ་ཟིན་རིས་སུ་བཀོད་པ་སྟེ། གཙོ་བོར་ཕྱག་ལེན་མཐོང་བ་བརྒྱུད་པ་ཇི་བཞིན་སློབ་དཔོན་ལས་དངོས་སུ་བྱིན་རླབས་ཀྱི་བཀའ་བབ་ཐོབ་པར་མ་བྱས་ན། ཡི་གེ་འདི་གཅིག་པུས་དོན་འགྲུབ་པར་མི་འགྱུར་བས་དེ་ལྟར་ཤེས་པར་བྱོས་ཤིག །གར་འཆམ་གྱི་རྣམ་བཤད་མདོར་བསྡུས་ཟིན་རིས་དང་བཅས་པ་འདི་བཞིན་ཕྱི་རབས་ཀྱི་དོན་དུ་ཡི་གེར་འཁོད་པ་གྱིས་ཤིག་ཅེས། །རྡོ་རྗེའི་སློབ་དཔོན་ཆེན་པོ་མཚུངས་མེད་རིག་འཛིན་སྙིང་པོས་བཀའ་སྩལ་བའི་མཐུས། སྣ་ཚོགས་རང་གྲོལ་གྱིས་དུར་ཁྲོད་པདྨ་


TR007_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་པའི་གནས་སུ་བཀོད་པ་མངྒ་ལཾ། །སྤྱིར་ཡང་རྡོ་རྗེ་རྩེ་མོ་སོགས་ཡོ་གའི་རྒྱུད་སྡེ་རྣམས་ལས་གསུངས་པའི་གར་གྱི་རྣམ་གྲངས་ཉིས་བརྒྱ་ལྷག་པ་ཙམ་དང་། །གསང་སྔགས་རྙིང་ལུགས་ལ་ཡང་། འདུས་བ་མདོ་དབང་ཆེན་མོའི་ས་ཆོག་གི་སྐབས་སུ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་སྟངས་སྟབས་སོགས་དང་། གཞན་ཡང་ཆོས་བཀའ་སོ་སོ་ལས་འབྱུང་བའི་སྤྱི་དང་བྱེ་བྲག་གི་གར་འཆམ་མཐའ་ཡས་པར་མཆིས་པ་ཐམས་ཅད་གསང་སྔགས་ཟབ་མོའི་སྤྱོད་པ་རྨད་དུ་བྱུང་བའི་རྩལ་སྦྱོང་ཁོ་ན་ཡིན་ཕྱིར། བྱེད་པ་པོ་ཡང་སྐྱེད་རྫོགས་ཀྱི་གདེངས་ལྡན་དག་ལས་གཞན་གྱིས་ནི་མ་ཡིན་ཞིང་། བྱ་བའི་གནས་ཡུལ་ཀྱང་གསང་སྔགས་སྨིན་གྲོལ་གྱི་ཆོས་འཁོར་བསྐོར་བའི་སྣོད་ལྡན་དམ་ཚིག་ཅན་གྱི་ཚོགས་ཁང་མ་གཏོགས། དིང་སང་གི་རྙེད་འཚོལ་མཁན་པོ་རྣམས་ཀྱིས་གྲོང་ཁྱེར་སྲང་མདོར་སྐྱེ་བོ་མགོ་སྐོར་གྱི་འཆམ་བྲོ་བྱེད་


TR007_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་དང་མཚུངས་པར་བྱས་ཆོག་པ་ནི་མ་ཡིན་པས་དེ་ལྟ་བུའི་ཚུལ་ཡང་གོ་བར་བྱ་དགོས་སོ། །ཞེས་ཕྱི་རབ་ཀྱི་གང་ཟག་བློ་ལྡན་རྣམས་ལ་འདོམས་པ་ལགས། མངྒ་ལཾ་བྷ་ཝནྟུ། གཅིག་ཞུད།

ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་དབང་བསྐུར་གྱིས་ལས་རིམ་ཇི་ལྟར་བྱ་ཚུལ།


TR007_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་དབང་བསྐུར་གྱིས་ལས་རིམ་ཇི་ལྟར་བྱ་ཚུལ་བཞུགས་སོ། །


TR007_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ། ཐུགས་རྗེའི་བདག་ཉིད་འཕགས་མཆོག་གི། །ཞབས་ལ་གུས་པས་ཕྱག་འཚལ་ནས། །དེ་ཡི་དབང་བསྐུར་ལས་རིམ་རྣམས། །རབ་ཏུ་གསལ་བར་འདིར་བསྟན་བྱ། །དེ་ལ་ཕྱིར་བཀའ་གཏེར་ཐ་དད་སོ་སོ་ལས་བྱུང་བའི་ཐུགས་རྗེ་ཆེན་པོའི་ཆོས་སྐོར་མཐའ་ཡས་པ་དག་མཆིས་མོད་ཀྱི། འདི་ནི་ཆོས་དབང་རིན་པོ་ཆེའི་གཏེར་ཁ་ལས་བྱོན་པའི་ཐུགས་རྗེ་ཆེན་པོ་ཡང་། སྙིང་འདུས་པ་ཡེ་ཤེས་རིག་པ་མཆོག་གི་རྒྱུད་ལས་ཇི་ལྟར་གསུངས་པ་བཞིན་གྱི་དབང་བསྐུར་བའི་ལས་རིམ་ཁྲིགས་ཆགས་སུ་སྟོན་པར་བྱེད་པ་ལ་སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་གྱི་སྒོ་ནས་བསྟན་པ་ལ། ཐོག་མར་སྔོན་འགྲོའི་རིམ་པ་ལ། རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པས་


TR007_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་དང་མཐུན་པའི་གནས་སུ། སྒྲུབ་རྫས་ཡོ་བྱད་གྲོགས་འཁོར་སོགས་ཕུན་སུམ་ཚོགས་པ་དང་། དུས་ཚེས་བཟང་པོ་ལ་བབས་པའི་ཚེ། སའི་ཆོ་ག་རྒྱས་པར་སྤྲོ་ན་གཞན་ནས་འབྱུང་བ་ལྟར་བྱ་བའམ། ཡང་ན་མདོར་བསྡུས་ཏེ། སའི་ལྷ་མོ་ལྷག་པར་གནས་པའི་ཆོ་ག་དང་། དཀྱིལ་འཁོར་གྱི་སྟེགས་བུ་བཞེང་བ། ཆག་ཆག་དང་ཐིག་ཚོན་བྱིན་གྱིས་བརླབས་པ། རྒྱན་དགོད་པ། བུམ་པ་སོགས་སྒྲུབ་རྟེན་དབང་རྫས་མངའ་གསོལ་བའི་ལས་རིམ་དང་བཅས་པ་རྣམས་ནི་མཚུངས་མེད་བཛྲ་ཛྙཱ་ནས་མཛད་པའི་གཞུང་ལྟར་བྱ་ཞིང་། སྐྱེ་བདུན་རིལ་བུའི་སྒྲུབ་པ་དང་། འབྲེལ་ནའང་དེ་དག་གི་ཕྱག་ལེན་རྣམས་ཀྱང་འདི་ཉིད་ཀྱི་རིལ་སྒྲུབ་གཞུང་དང་། ཕྱག་ལེན་མཐོང་བ་བརྒྱུད་པ་ལྟར་ཚུལ་ལྡན་སྔ་ཆོགས་སུ་ཆུད་པར་བྱས་


TR007_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དཀྱིལ་འཁོར་གྱི་དབུས་སུ་བཤམ།། ༈ །།ཁྱད་པར་དབང་རྫས་ནི། གཙོ་བུམ་མཚན་ཉིད་དང་ལྡན་པ་བུམ་རྫས་ཁ་རྒྱན་མགུལ་འཆིངས་སོགས་ཚུལ་མཐུན་དང་། ཡང་། ཐུན་མོང་རིག་པའི་དབང་ལ་དགོས་པའི་བུམ་པ་ཡང་བཤམས་ཤིང་། མ་འཛོམ་ན་གཙོ་བུམ་དེ་ཉིད་ལ་ཐུས་པ་བྱས་ཀྱང་རུང་ལ། གཞན་ཡང་། དབུ་རྒྱན་ཅོད་པན། རྡོར་དྲིལ། འཁོར་ལོའམ་རྣམ་སྣང་གི་སྐུ། ཐོད་པ་བདུད་རྩིས་བཀང་བ། མེ་ལོང་། འཕྲེང་བ། ཐུབ་དྲུག་གཙོ་བོ་ཡབ་ཡུམ་དང་བཅས་པའི་སྐུའམ་ཡང་ན་ཡིག་དྲུག་ཧྲིཿདང་བཅས་པ་ཡིག་འབྲུ་ཐ་དད་ཀྱི་ཙ་ཀ་ལེ་བྱས་ཀྱང་རུང་བ་དང་། །ཐུགས་རྗེ་ཆེན་པོའི་གཏོར་མ་ནི། །དབུས་སུ་རི་རབ་བང་རིམ་བཞིའི་ཁར་བུམ་པའི་གཟུགས་ཀྱི་ཁ་རྒྱན་མེ་ཏོག་དང་རིན་ཆེན་འབར་བས་མཚན་ཞིང་། དྲ་བ་དྲ་ཕྱེད་སོགས་ཀྱིས་མཛེས་པར་བརྒྱན་པ། རི་རབ་ཀྱི་མཐར་སྐོར་ཕྱོགས་བཞིར་གླིང་བཞི་མཚོན་བྱེད་ཀྱི་གཟུགས་ཟླ་གམ། སོག་ཁང་། ཟླུམ་པོ། གྲུ་བཞི་རྣམས་ཆེ་ཆུང་གསུམ་གསུམ་དང་། ཕྱི་སྐོར་དུ་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱིས་མཛེས་པར་བརྒྱན་པའོ། །དིང་སང་ཕྱག་སྲོལ་ལ་ནི་གཞལ་ཡས་ཁང་རྩེགས་ཀྱི་རྣམ་པར་བཟོ་བ་ཡང་སྣང་ངོ་། །གཞན་ཡང་། ལས་བུམ་དང་། དམ་ཚིག་མནའ་ཆུའི་དུང་ཆོས། །མེ་ཏོག་ཅོད་པན་འདོར་བའི་ཡོ་བྱད་


TR007_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྤྱན་དར་དམར་པོ་ལ་སོགས་པ་དང་། ཕྱི་ནང་གི་མཆོད་པ་སྨན་རག་གཏོར་ཚོགས་ཐམས་ཅད་རྒྱས་པར་བཤམས་ལ། ཕྲིན་ལས་ཀྱི་གཞུང་བསྲང་བའི་རིམ་པ་མཐའ་དག་དང་། ཆོས་སྐྱོང་གི་བསྐང་གསོ་རྒྱས་བསྡུས་ཅི་རིགས་ཀྱི་མཐར། བདག་མདུན་ཟུང་འབྲེལ་དུ་འཛབ་ཀྱི་དགོངས་པའི་ཏིང་འཛིན་འཕྲོ་འདུ་རྣམས་ལས་བྱང་ན་འབྱུང་བ་ལྟར་ལ་ནན་ཏན་དུ་བྱ་སྟེ། སྒྲུབ་པའི་ཞག་གྲངས་ཇི་ཙམ་བྱེད་པའི་རིང་ལ་འཛབ་རྒྱུན་བསྐང་རྒྱུན་ལ་སོགས་པ་ཕྱག་བཞེས་ལྟར་བསྒྲུབ་པར་བྱ་བའི་ལས་རིམ་མོ། །དེ་ནས་དངོས་གཞི་ལ། ཐོག་མར་རྡོ་རྗེ་སློབ་དཔོན་རང་ཉིད་དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བའི་རིམ་པ་རྒྱས་པར་སློབ་མ་ལ་ཇི་ལྟར་བྱ་བའི་ཚུལ་བཞིན་དུ་བདག་འཇུག་ལེན་པའམ། །བསྡུས་པར་བྱེད་ན་ཏིང་ངེ་འཛིན་གྱི་དབང་སྐད་ཅིག་ཙམ་ལ་བླ་བས་ཀྱང་རུང་བ་ནི་གསང་སྔགས་ནང་པ་རྒྱུད་སྡེ་གོང་མའི་ཁྱད་ཆོས་ཡིན་པས། དེ་ལྟར་རྒྱས་བསྡུས་གང་འཐད་སློབ་དཔོན་ཉིད་ཀྱི་དགོངས་པ་མཐོ་དམན་དང་བསྟུན་ལ་བྱ་ཞིང་།། ༈ །།དེ་ནས་སློབ་མ་རྗེས་སུ་བཟུང་བའི་ལས་རིམ་དངོས་ནི། །ཆོས་བཀའ་འདི་ཉིད་ཀྱི་རྩ་རྒྱུད་ཡེ་ཤེས་རིག་པ་མཆོག་གི་


TR007_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས། །སློབ་མ་དམ་གཞུག་རྗེས་གནང་སྦྱིན། །སེམས་བསྐྱེད་སྒོ་དབྱེ་མེ་ཏོག་དོར། །སྤྱན་དབྱེ་དལ་བསྟན་དམ་ཚིག་བསྒྲག །ཅེས། སྡོམས་ཚིག་ཏུ་གསུངས་པ་ལྟར་བྱ་བ་སྟེ། །དེ་ཡང་སྤྲོས་པ་ཆེར་བྱེད་ན། །སྒྲུབ་ཁང་གི་ཕྱི་རོལ་དུ་ཁྲུས་ཆོག་དང་གླུད་གཏོར་བཏང་ཞིང་། །སྒོ་སྲུང་ལ་ཞུ་བ་ཞུ་ལན་དང་། །ནང་དུ་རང་ཚེ་བགེགས་བསྐྲད་དང་མི་ཐུན་བརྡེགས་པ་སོགས་སྒྲུབ་ཆེན་སྤྱི་གཞུང་ལྟར་བྱ་ལ། བསྡུས་པ་ལ་དགའ་བ་ན། །དཀྱིལ་འཁོར་ཡོལ་བས་བསྒྲིབ་ལ། །སློབ་མ་རྣམས་གྲལ་དུ་འཁོད་པ་ལ་ལས་བུམ་གྱི་ཆུས་ཁྲུས་བྱ་ཞིང་ཡིག་བརྒྱ་བཟླས། གླུད་གཏོར་གྱི་ཆོ་གས་བགེགས་སྦྱངས། །སྲུང་བའི་འཁོར་ལོ་བསྒོམ། མཎྜལ་ཕུལ་ནས། བླ་མས་མཚམས་སྦྱོར་གྱི་ཆོས་འདི་ལྟར་འཆད་པར་བྱའོ། །ན་མོ། །བདེར་གཤེགས་སློབ་མར་གྱུར་པ་གང་སུ་དག ཁམས་གསུམ་འདི་ན་གནས་པ་ཀུན་གསོན་ཅིག །དེང་འདིར་སྟོན་པས་ཆོས་ཀྱི་ཆར་འབེབས་ཀྱི། །གང་དག་ཉན་པར་འདོད་པ་འདིར་གཤེགས་ཅིག །རྣམ་དག་ལམ་ཆེན་ཀུན་གྲོལ་འདིར། །སྐལ་ལྡན་གང་ཞིག་སུ་ཞུགས་པ། །


TR007_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་རིན་ཆེན་འོད་འཕྲོ་བ། །ངེས་པར་འཆར་གྱིས་བརྩོན་པར་གྱིས། །དེ་ཉིད་སེམས་ཀྱི་མེ་ལོང་སྟེ། །མངོན་སུམ་གསལ་བར་རྟོགས་མ་ཐག །འགྲོ་བའི་ལུས་ལ་སངས་རྒྱས་ཡིན། །དེ་ཕྱིར་རྩེ་གཅིག་ཡིད་ཀྱིས་ཉོན།། ༈ །།ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕངས་དམ་པ་ལ་འགོད་པར་བྱ། །དེའི་ཆེད་དུ་ཆོས་ཉན་སྙམ་པའི་ལྷག་པའི་བསམ་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་གསན་འཚལ། དེ་ལ་འོ་སྐོལ་རྣམས་ཕུན་སུམ་ཚོགས་པའི་དལ་འབྱོར་རིན་པོ་ཆེ་ཨུ་དུམ་ཝ་རའི་མེ་ཏོག་ལྟ་བུ་ཐོབ་ཅིང་། རྒྱལ་བའི་བསྟན་པ་དྲི་མེད་དང་མཇལ་ནས་དམ་ཆོས་སྤྱོད་པའི་སྣོད་རུང་དུ་གྱུར་པ་འདི་དོན་དང་ལྡན་པར་བསྒྲུབ་དགོས་པ་ལགས་ཏེ། ཇི་སྐད་དུ། རྒྱ་ཆེར་རོལ་པའི་མདོ་ལས། སངས་རྒྱས་འབྱུང་དང་དལ་འབྱོར་དང་། །དད་དང་ཆོས་ཉན་དམ་པ་དང་། །དེ་དག་ཐམས་ཅད་དེང་བསྙེད་ཀྱི། །བག་


TR007_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མ་ལུས་རྣམ་པར་སྤང་། ཞེས་པ་དང་། བསླབ་བཏུས་ལས། མི་ཁོམ་བརྒྱད་སྤོངས་ཁོམས་པ་ཡི། །དམ་ཆོས་རྐྱེན་དང་ལྡན་པ་ལ། །སྐྱེས་བུ་ཆེན་པོའི་སྤྱོད་པ་ཡིས། །ཚེ་འདིར་འབྲས་བུ་བསྒྲུབ་པར་རིགས། །ཅེས་གསུངས་པ་ལྟར་མ་འབད་ན། འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན་ཡིན་ཕྱིར། ལོང་མེད་དུ་འཆི་བའི་རྐྱེན་གྱིས་འཁྱེར་བར་ངེས་ཤིང་། ལེ་ལོ་ཅན་རྣམས་འགྱོད་དགོས་པའི་དུས་བྱུང་ཚེ་ཕྱིས་པ་ཡིན་ཏེ། འདུལ་བ་ལུང་ལས། བསགས་པ་ཀུན་གྱི་མཐའ་ཟད་ཅིང་། །མཐོན་པོ་རྣམས་ཀྱི་མཐའ་ལྷུང་འགྱུར། །ཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །ཞེས་དང་། ཇི་ལྟར་བུང་བས་བསགས་པའི་སྦྲང་རྩི་ནི། །དོན་མེད་མི་ཡིས་ལོངས་སྤྱོད་བྱེད་པ་བཞིན། །སྐྱེ་བོ་མ་རབ་སྡིག་པས་བསགས་པའི་ནོར། །ཤི་ཚེ་གཞན་གྱི་ལོངས་སྤྱོད་ཉིད་དུ་གྱུར། །ཞེས་གསུངས་པ་ལྟར། འཆི་བའི་ཚེ་དམ་པའི་ཆོས་འབའ་ཤིག་


TR007_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཞན་གང་གིས་ཀྱང་མི་ཕན་པ་དང་། ཤི་བ་ཙམ་དུ་མ་ཟད་འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཁོ་ན་མ་གཏོགས་བདེ་བའི་གོ་སྐབས་ཅུང་ཟད་ཀྱང་མེད་དེ། དམྱལ་བ་ལ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་ལ་བཀོལ་སྤྱོད། མི་ལ་སྐྱེ་རྒ་ན་འཆི། ལྷ་མ་ཡིན་ལ་འཐབ་རྩོད། ལྷ་ལ་འཕོ་ལྟུང་གི་སྡུག་བསྔལ་ལ་སོགས་ཏེ་ཁམས་གསུམ་རི་རབ་དྲུག་མཐའ་དག་སྡུག་བསྔལ་ཐམས་ཅད་ཀྱི་གནས་དང་རྟེན་དང་འབྱུང་ཁུངས་ཉིད་དུ་གྱུར་པ་ཡིན་ཕྱིར། འཁོར་བའི་གནས་ལས་ཐར་བའི་ཐབས་ལ་འབད་འཚལ་ཏེ། མདོ་ལས། །འཁོར་བའི་སྡུག་བསྔལ་མཐོང་བ་ལས། །སྐྱེ་བའི་སེམས་ནི་རབ་ཏུ་བསྐྱེད། ཁམས་གསུམ་བཙོན་རའི་འཇིགས་པ་ལ། །བརྩོན་པའི་སེམས་ཀྱིས་སྤོང་བར་བྱ། ཞེས་པ་ལྟར། །འཁོར་བ་སྡུག་བསྔལ་གྱི་རྒྱུ་སྡིག་པ་མི་དགེ་བའི་ལས་ཕྲ་ཞིང་ཕྲ་བ་ཚུན་ཚད་ལ་འཛེམ་བག་


TR007_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་དང་། ཐར་པ་དམ་པའི་རྒྱུ་དགེ་བའི་ལས་ཕྲ་ཞིང་ཕྲ་བ་ནས་ཅི་འགྲུབ་ལ་འབད་དགོས་ཏེ། ཆེད་དུ་བརྗོད་པའི་ཚོམས་ལས། སྡིག་པ་ཆུང་ངུ་ཙམ་གྱིས་ཀྱང་། །འཇིག་རྟེན་ཕ་རོལ་ཉེས་པ་དང་། །ཕུང་ཁྲོམ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་པར་སོང་བའི་དུག་བཞིན་ནོ། །བསོད་ནམས་ཆུང་ངུ་བསགས་པས་ཀྱང་། །འཇིག་རྟེན་ཕ་རོལ་བདེ་བར་འདྲེན། །དོན་ཆེན་པོ་ཡང་བྱེད་འགྱུར་ཏེ། །འབྲུ་རྣམས་ཕུན་སུམ་ཚོགས་པ་བཞིན། །ཞེས་གསུངས་པས། རྒྱུ་འབྲས་ཀྱི་སྤང་བླང་དང་ཐར་པ་དམ་པའི་བྱང་ཆུབ་བསྒྲུབ་པའི་ཐབས་ལ་འབྱུངས་དགོས་པ་ལགས་ཤིང་། དེ་སྒྲུབ་པར་བྱེད་པའི་པའི་ཐབས་དང་ལམ་གྱི་མཆོག་ཏུ་གྱུར་པ་ནི། མདོ་སྡེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། གསང་སྔགས་ལྟར་ན་སྨིན་གྲོལ་གྱི་ལམ་ལ་བརྟེན་དགོས་ཏེ། །དེ་གཉིས་ཀ་འབྲས་བུ་སངས་རྒྱས་ཐོབ་པའི་ཐབས་སུ་གཅིག་ཀྱང་། ལམ་མྱུར་ཁྱད་སོགས་ཁྱད་ཆོས་དུ་མའི་སྒོ་ནས་སྔགས་


TR007_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཐེག་པ་མཆོག་ཏུ་ཟབ་པར་གསུངས་ལ། དེའི་འཇུག་སྒོ་ནི་སྨིན་བྱེད་ཀྱི་དབང་ཉིད་ལ་རག་ལས་པ་སྟེ། དབང་བསྐུར་ཚུལ་བཞིན་མ་ཐོབ་པར་གསང་སྔགས་ཀྱི་ཆོས་ཤོ་ལོ་ཁ་གཅིག་ཙམ་ཡང་ཉན་པ་དང་སྤྱོད་པའི་སྐལ་བ་མེད་ཅིང་། ལྷ་ལ་སོགས་པ་བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་ལ། དབང་བསྐུར་ལེགས་པར་ཐོབ་ཕྱིན་ཆད་སྐྱེད་རྫོགས་ཀྱི་ཉམས་ལེན་གང་དང་གང་དག་ལ་སྤྱོད་ཀྱང་འབྲས་བུ་མྱུར་དུ་འབྱུང་ཞིང་བྱང་ཆུབ་ཀྱི་ས་བོན་ཐེབས་པ་ཡིན་ཏེ། ཇི་སྐད་དུ། དཔུང་བཟང་གི་རྒྱུད་ལས། །གང་ཞིག་རིག་སྔགས་དབང་བསྐུར་ཆོ་ག་མོད། །གང་དག་དཀྱིལ་འཁོར་དུ་ནི་མི་ཞུགས་དང་། གང་དག་བྱང་ཆུབ་སེམས་ནི་མ་སྐྱེད་པ། །དེ་ཡི་གསང་སྔགས་བཟླས་ན་ཕུང་བར་འགྱུར། །ཞེས་དང་། གསང་སྙིང་གི་རྒྱུད་ལས། །སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐིབ་པར་མ་བྱས་པར། །ཉན་པ་ལ་སོགས་


TR007_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོམ་པ་ནི། །འབྲས་བུ་མེད་ཅིང་རླག་པར་འགྱུར། །ཞེས་སོགས་དབང་མ་ཐོབ་པའི་སྐྱོན་དང་། ཐོབ་པའི་ཕན་ཡོན་ཀྱང་། གསང་བ་མཛོད་ལས། །དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་དང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ནས་ནི། །མ་སྒོམ་པར་ཡང་དངོས་གྲུབ་ཐོབ། ཅེས་དང་། །རྡོ་རྗེ་འཕྲེང་བའི་རྒྱུད་ལས། །དབང་བསྐུར་བ་ནི་གཙོ་བོ་སྟེ། །དངོས་གྲུབ་ཐམས་ཅད་ཡང་དག་གནས། །དེ་ཕྱིར་ཐོག་མར་དབང་དག་བྱ། ཞེས་དང་། གཞན་ཡང་། །དབང་ཐོབ་རིགས་ཀྱི་བུ་དེ་ཉིད། །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །ཕྱི་མ་མངོན་པར་རྫོགས་སངས་རྒྱ། །ཞེས་སོགས་རྒྱ་ཆེར་གསུངས་ལ། དེ་ལྟ་བུའི་དབང་དེ་དག་ལྷ་དང་དཀྱིལ་འཁོར་གང་ལྟ་བུ་བ་ལ་བརྟེན་ནས་བསྐུར་བའི་རིམ་པ་ནི། གསང་སྔགས་ཕྱི་ནང་དང་རྒྱུད་སྡེ་གོང་འོག་གི་རིམ་པ་མཐའ་ཡས་པ་སོ་སོའི་ལུགས་ཀྱི་དབང་གི་རྣམ་གྲངས་ཀྱང་དཔག་ཏུ་མེད་པ་མཆིས་མོད་ཀྱི། སྐབས་འདིར་ནི་


TR007_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མཆོག་ཐུགས་རྗེ་ཆེན་པོའི་དབང་བསྐུར་ཟབ་མོ་འབུལ་བའི་སྐབས་ལ་བབས་པ་ལགས་ཤིང་། ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལ་ཡང་ཕྱི་མདོ་ལུགས། ནང་སྔགས་ལུགས། གསང་བ་མན་ངག་གི་ལུགས་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་ནང་ནས། འདི་ནི་གསང་སྔགས་ནང་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ལུགས་ལྟར་ལས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཐུགས་རྗེ་ཆེན་པོ་ཡེ་ཤེས་རིག་པ་མཆོག་གི་རྒྱུད་ཀྱི་དགོངས་པ་མན་ངག་ཏུ་བཀོལ་བའི་ལུགས་ལྟར་སྟོན་པ་ཡིན་ལ། །དེ་ཉིད་གང་ལས་བརྒྱུད་ཚུལ་ལོ་རྒྱུས་ཀྱི་དབང་དུ་བགྱིས་ན། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་སྤྱི་མེས་ཁྱབ་བདག་གདོད་མའི་མགོན་པོ་ངོ་བོ་ཆོས་ཀྱི་སྐུ་ཀུན་ཏུ་བཟང་པོ། རང་བཞིན་ལོངས་སྤྱོད་རྫོགས་སྐུའི་བདག་ཉིད་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ཉིད། རྣམ་པ་ཐུགས་རྗེ་སྤྲུལ་པའི་སྐུ་འོད་དཔག་ཏུ་མེད་པ་མཚན་དཔེ་གཟི་བརྗིད་ཀྱི་ཕུང་པོ་མཐའ་ཡས་པའི་སྐུར་


TR007_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་ནས། བདེ་བ་ཅན་གྱི་ཞིང་ཁམས་རྣམ་པར་དག་པ་རང་སྣང་ཡེ་ཤེས་ཀྱི་ཕོ་བྲང་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་གནས་སུ། ཉིད་ལས་མི་གཞན་པའི་མཁོར་ཚོགས་སྤྲུལ་པའི་དཀྱིལ་འཁོར་ཆེན་པོ་ལ་ཆོས་ཀྱི་རྣམ་གྲངས་རྒྱ་ཆེ་ཞིང་རྒྱུན་མི་འཆད་པ་དུས་གསུམ་དུས་མེད་རྟག་པ་རྒྱུན་གྱི་ཁོར་མོར་སྟོན་པའི་ངང་ནས། གདུལ་བྱ་དང་འདུལ་བྱེད་གཉིས་སྣང་མཚན་འཛིན་གྱི་རྟོག་པ་མི་མངའ་ཡང་། ཐུགས་རྗེ་སྒྱུ་མའི་རྣམ་རོལ་གྱི་ཟློས་གར་ལས་འགྲོ་བ་འདྲེན་པའི་དེད་དཔོན་དུ་འཕགས་པ་སྤྱན་རས་གཟིགས་ཐུགས་རྗེའི་བདག་ཉིད་དུ་སྐུ་སྤྲུལ་བའི་རྫུ་འཕྲུལ་མངོན་པར་འདུ་མཛད་ཅིང་། ཐུགས་རྗེ་ཆེན་པོ་དེ་ཡང་དོན་དམ་པར་རྒྱལ་བ་ཀུན་དང་རྣམ་དབྱེར་མེད་ཀྱང་། རྣམ་པ་ལྟར་ན་ས་བཅུའི་བྱང་སེམས་ཀྱི་ཚུལ་བཟུང་ནས། སངས་རྒྱས་བྱེ་བ་ཕྲག་བརྒྱད་ཁྲི་བཞི་སྟོང་གི་སྤྱན་སྔར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། ཇི་སྲིད་ནམ་མཁའ་མ་ཟད་ཀྱི་བར་དུ་བདག་གི་


TR007_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་ཕྲིན་ལས་མི་ཟད་པས་འགྲོ་བ་མཐའ་དག་གི་སྐྱབས་དང་མགོན་དང་དཔུང་གཉེན་དུ་གྱུར་ཅིག །ཅེས་པ་ལ་སོགས་པ་སྨོན་ལམ་རླབས་པོ་ཆེ་བརྒྱ་ཕྲག་བཏབ་ནས་དམ་བཅས། ཕྱོགས་བཅུའི་སངས་རྒྱས་དེ་དག་ཐམས་ཅད་ཀྱིས་ཀྱང་དབང་བསྐུར་བྱིན་རླབས་ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་ཅིང་རྗེས་སུ་གནང་བ་རྒྱ་ཆེར་མཛད་པའི་མཐུས། འཕགས་པས་ཀྱང་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་རེ་རེའི་མདུན་དུ་ཡང་། གང་འདུལ་ཐུགས་རྗེའི་སྤྲུལ་པས་ཁྱབ་པར་འགྱེད་ཅིང་། ཕན་བདེའི་སྤྲིན་སྤྲོས། ཐུགས་རྗེའི་གློག་འཁྱུག །བྱིན་རླབས་ཀྱི་ཆར་ཕབས་པས་བྱང་ཆུབ་ཀྱི་མྱུ་གུ་སྐྱེད་པར་མཛད་ལ། ཁྱད་པར་འགྲོ་བ་རིས་དྲུག་གི་གནས་སུ་རིགས་མཐུན་སྤྲུལ་པའི་ཐུབ་པའི་དྲུག་ཏུ་བསྟན་ཏེ། ལྷ་རྣམས་ལ་དབང་པོ་བརྒྱ་བྱིན་དང་། །ལྷ་མ་ཡིན་ལ་ཐག་བཟང་རིས་དང་། །མི་རྣམས་ལ་ཤཱཀྱ་ཐུབ་པ་དང་། །བྱོལ་སོང་ལ་སེང་གེ་རབ་བརྟན། །ཡི་དྭགས་


TR007_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁ་འབར་རྒྱལ་མོ། །དམྱལ་བ་པ་རྣམས་ལ་གཤིན་རྗེ་ཆོས་རྒྱལ་གྱི་ཚུལ་དུ་སྤྲུལ་ནས་སོ་སོའི་སྡུག་བསྔལ་ལས་སྐྱབ་ཅིང་། སྡུག་བསྔལ་དེ་དག་གི་རྒྱུ་ལས། བཟློག་པའི་ཐབས་དང་ལམ་ལ་འགོད་པར་མཛད་པ་དང་། གཞན་ཡང་། འཕགས་པའི་སྐུའི་རྣམ་འགྱུར་ནི་མཐའ་ཡས་ཏེ། སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་ཕྱག་སྟོང་དང་ལྡན་པའི་ཕྱག་རེ་རེ་ལས་འཁོར་ལོ་བསྒྱུར་བའི་རྒྱལ་པོ་སྟོང་དུ་སྤྲུལ་ནས་འགྲོ་བ་རྣམས་མངོན་པར་མཐོ་བའི་ལམ་ལ་དྲང་བ་དང་། ཕྱག་གི་མཐིལ་གྱི་སྤྱན་སྟོང་ལས་བསྐལ་བཟང་གི་སངས་རྒྱས་སྟོང་དུ་སྤྲུལ་བས་སེམས་ཅན་ཐམས་ཅད་ངེས་པར་ལེགས་པའི་གོ་འཕངས་དམ་པ་ལ་འགོད་པར་མཛད་པ་དང་། དེ་བཞིན་དུ། །ཐུགས་རྗེ་ཆེན་པོ་དོན་ཡོད་ཞགས་པ། ཡིད་བཞིན་ནོར་བུ། ཁརྶ་པཱ་ཎི། པདྨའི་ཞགས་པ། པདྨ་ཅོད་པན། སེང་གེའི་སྒྲ། འཇིགས་པ་བརྒྱད་སྐྱོབ་ལ་སོགས་པ་ཕྱི་མདོ་དང་བསྟུན་པའི་ཆ་ལུགས་དང་། འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་


TR007_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ། འཁོར་བ་དོང་སྤྲུག །གསང་བ་འདུས་པ། སེམས་ཉིད་ངལ་གསོ། ཡེ་ཤེས་འོད་མཆོག །ཡང་སྙིང་འདུས་པ་ལ་སོགས་ནང་གསང་སྔགས་དང་མཐུན་པའི་སྒྲུབ་སྒོར་སོ་སོ་ལས་འབྱུང་བ་ལྟར་གྱི་སྐུའི་བཀོད་པ་དང་མཚན་གྱི་རྣམ་གྲངས་གཞལ་དུ་མེད་པའི་ཐུགས་རྗེའི་སྒྱུ་འཕྲུལ་བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་ཀྱི་ཚད་ནི་སངས་རྒྱས་ཀྱིས་ཀྱང་བཟུང་དུ་མེད་ན། །སོ་སོ་སྐྱེ་བོའི་བསམ་བརྗོད་ཀྱི་ཡུལ་དུ་ག་ལ་འགྱུར་ཏེ་དཔག་ཏུ་མེད་པའི་ཆོས་ཉིད་དོ། །དེ་ལྟ་བུའི་ཐུགས་རྗེའི་བདག་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གང་དེས། སྤྱིར་བསྐལ་པ་སྙིགས་མའི་འགྲོ་བ་རྨུ་རྒོད་གདུལ་བར་དཀའ་བ་རྣམས་དང་། ཁྱད་པར་བདུད་དང་མུ་སྟེགས་ལོག་གདུག་པ་ཅན་དང་། གནོད་སྦྱིན་སྲིན་པོའི་དམ་སྲི་མ་རུངས་དྲེགས་པ་ཅན་གྱི་རིགས་ཚོགས་ཞི་བས་མི་འཐུལ་བའི་གདུལ་བྱ་རྣམས་ཕྲིན་ལས་དྲག་པོའི་ཚུལ་གྱིས་


TR007_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་གཅོད་རྗེས་འཛིན་གྱི་སྒོ་ནས་འདུལ་བར་བྱ་ཕྱིར། །དཔལ་ཆེན་རྟ་མགྲིན་དབང་གི་རྒྱལ་པོ་དང་ཐ་མི་དད་པའི་རིག་འཛིན་ཆེན་པོ་པདྨ་སམྦྷ་ཝའི་སྐུར་སྤྲུལ་ཏེ། སྐུ་ལ་མངལ་གྱི་དྲི་མས་མ་གོས་པར་མེ་ཏོག་པདྨའི་སྡོང་པོའི་རྩེ་ལས་རང་བྱོན་ཞིང་སྐྱེ་འཆི་བགྲེས་རྒུད་ཀྱི་སྐྱོན་དང་བྲལ་བ། གསུང་མི་འགགས་ཚངས་པའི་དབྱངས་ཀྱིས་ཐེག་ཆེན་གསང་སྔགས་ཟབ་མོའི་ཆོས་ཆར་འབེབས་པ། ཐུགས་ཆོས་དབྱིངས་མཁའ་ལྟར་དག་པའི་ཀློང་ནས་བྱིན་རླབས་ཡེ་ཤེས་ཀྱི་གཟིགས་པ་ཕྱོགས་རིས་མེད་པས་འགྲོ་བའི་ཁ་ལོ་གྱེན་ལ་བསྒྱུར་བར་མཛད་པའི་བདག་ཉིད་ཆེན་པོ་པདྨ་འབྱུང་གནས་དེ་ཉིད། བོད་ཡུལ་མུན་པའི་གླིང་དུ་ཆོས་ཀྱི་སྒྲོན་མེ་སྦར་བས་ཞལ་མཐོང་གསུང་ཐོས་ཀྱི་སྐལ་ལྡན་རྣམས་ཚེ་གཅིག་བྱང་ཆུབ་ཀྱི་ལམ་ལ་བཀོད། ལྷ་སྲིན་གདུག་པ་ཅན་རྣམས་བཏུལ་ནས། །མཐའ་འདུལ་ཡང་འདུལ་


TR007_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཙུག་ལག་ཁང་ཐམས་ཅད་ཀྱི་ས་འདུལ་རབ་གནས་མཛད། རི་བྲག་དབེན་གནས་ཀུན་ཞབས་ཀྱིས་ཉེ་བར་བཅགས་ཏེ་སྒྲུབ་གནས་སུ་བྱིན་གྱིས་རླབས། ཟབ་མོའི་གཏེར་ཆེན་བརྒྱ་དང་རྩ་བརྒྱད་གཏེར་ཕྲན་བྱེ་བ་དགུ་ཁྲི་སྦས་ཤིང་། དེ་དག་གི་བདག་པོར་སྤྲུལ་པའི་སྐུ་མཆོག་རྣམ་ལྔ། སྐལ་ལྡན་སྙིང་གི་བུ་དགུ། རྗེ་འབངས་ཉི་ཤུ་རྩ་ལྔ། ལོ་ཙཱ་བ་བརྒྱ་དང་རྩ་བརྒྱད་ལ་སོགས་ལ་སོ་སོར་མ་འོངས་ལུང་བསྟན་ཞལ་གདམས་བྱིན་རླབས་བཀའ་གཏད་དབང་བསྐུར་སྨོན་ལམ་ལ་སོགས་ནན་ཆགས་སུ་མཛད་དེ། དུས་དང་གནས་ཡུལ་སོ་སོའི་སྐབས་ལ་བབས་ཚེ་ཟབ་གཏེར་གྱི་མཛོད་ཕྱེས་ནས་སྙིགས་དུས་ཀྱི་གདུལ་བྱ་རྣམས་ཡིད་བཞིན་གྱི་ནོར་བུ་བརྙེད་པ་ལས་ཀྱང་ལྷག་པའི་བཀའ་དྲིན་གྱིས་རྗེས་སུ་འཛིན་པར་མཛད་ལ། ཁྱད་པར་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་བརྒྱ་རྩ་བརྒྱད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡང་སྙིང་འདུས་པའི་ཆོས་


TR007_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་འདི་རྣམས་སྤྲུལ་པའི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཉིད་ལ་ཆོས་ཀྱི་གཉེར་གཏད་ཅིང་ཕྱི་རབས་ཀྱི་དོན་དུ་གཏེར་གཤོག་ལ་བཀོད་ནས། བསེ་སྒྲོམ་སྨུག་པའི་ནང་དུ་ཟབ་ཆོས་འདུས་པ་སྐོར་དགུ་དང་བྱིན་རླབས་ཀྱི་རྟེན་རྫས་མང་པོ་དང་བཅས་པ་ལྷན་ཅིག་ཏུ་བཅུག་ནས་བཀའ་རྟགས་ཀྱི་ཕྱག་རྒྱ་རིམ་པ་བདུན་གྱིས་བཏབ་ཅིང་། གཏེར་གནས་ལྷོ་བྲག་མཁར་ཆུ་དཔལ་གྱི་ཕུག་རིང་དུ་གཏེར་དུ་སྦས། སླད་དུ་ཆོས་རྒྱལ་ཆེན་པོ་དེ་ཉིད་དག་པའི་སྐྱེ་བ་བཅོ་ལྔ་བརྒྱུད་པའི་མཐར་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་ཏུ་སྐུ་འཁྲུངས་ཤིང་། སྤྱིར་གཏེར་ཁ་ཆེན་པོ་བཅོ་བརྒྱད་དང་ཁྱད་པར་འདི་ཉིད་ཀྱི་གཏེར་ཁ་བཞེས་ནས་འགྲོ་བའི་དོན་རྒྱ་ཆེར་མཛད་པ་སྟེ། དཔེ་བླ་མ་བརྒྱུད་པའི་རིམ་པ་མཐར་ཆགས་ཀྱི་དབང་དུ་བགྱི་ན། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས།


TR007_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་གུ་རུ་ཆོས་དབང་། རྒྱལ་སྲས་སྨན་ལུང་པ། སངས་རྒྱས་དྭགས་སྟོན་པ། མཚུངས་མེད་མཉན་སྟོན་པ། མཁས་གྲུབ་སེ་ལྡིངས་པ། ཀུན་མཁྱེན་ཆོས་སྐུ་འོད་ཟེར། མཉམ་མེད་དཔལ་འབྱོར་དབང་ཕྱུག །རྗེ་བཙུན་ནམ་མཁའ་གུ་རུ། རིག་འཛིན་ཆེན་པོ་བསོད་ནམས་རྣམ་རྒྱལ། དཔལ་ཨོ་རྒྱན་བསྟན་འཛིན། མཚུངས་མེད་བསྟན་འཛིན་རྡོ་རྗེ། རིག་འཛིན་མཆོག་གྲུབ་རྣམ་རྒྱལ། དྲིན་ཅན་རྩ་བའི་བླ་མའི་བར་དུ་ལེགས་པར་བརྒྱུད་པའི་དམ་ཚིག་གི་སེལ་མ་ཞུགས་ཤིང་བྱིན་རླབས་ཀྱི་ཆུ་རྒྱུན་མ་ཆད་པའི་གདམས་པ་ཡིད་ཆེས་ཤིང་ཁུངས་བཙུན་པའི་ལོ་རྒྱུས་དེ་ལྟ་བུ་ལགས། བརྒྱུད་པ་དེ་ལས་བྱུང་བའི་དབང་བསྐུར་གྱི་རིམ་པ་འདི་ལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་ལས་རིམ་དང་བཅས་པ་ཡོད་པ་ལས། བདག་ཉིད་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་དབང་རྫས་སོགས་ཐམས་ཅད་བྱིན་རླབས་ནུས་ལྡན་དུ་བྱ་ཕྱིར་དཀྱིལ་འཁོར་སྒྲུབ་མཆོད་བཟླས་པའི་རིམ་པ་ལ་སོགས་


TR007_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་དུ་འགྲོ་བའི་ལས་རིམ་མཐའ་དག་ལེགས་པར་གྲུབ་ནས། དངོས་གཞི་སློབ་མ་རྗེས་འཛིན་གྱི་སྐབས་ལ་བབས་པ་ལགས་ཚེ། ཐོག་མར་དཀྱིལ་འཁོར་དུ་འཇུག་པར་གསོལ་བ་གདབ་པའི་རྗེས་ཟློས་འདི་བཞིན་གནང་བར་ཞུ། བླ་མ་རྡོ་རྗེ་སློབ་དཔོན་དགོངས། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ། །བདག་ཅག་འཇུག་ཅིང་བསྙེན་སྒྲུབ་སྤྲོ། །གུས་པར་འཇུག་འདོད་སྟོན་པར་འཚལ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས། །གཙོ་བོ་ཁྱོད་ཀྱི་བསྒྲལ་དུ་གསོལ། ཞེས་ཞུ་ཞིང་། བླ་མས་ལན་བཏབ་སྟེ། ཀྱེ་མ། སྐལ་ལྡན་བུ་རྣམས་ཉོན། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདི། །ཀུན་གྱི་མཐོང་བ་མ་ཡིན་ཏེ། །དད་ལྡན་དབུ་མཆོག་འགས་མཐོང་སྲིད། །སྐལ་ལྡན་བུ་ཁྱོད་འདིར་ཞུགས་མཛོད། །ཉོན་མོངས་ཉེས་པའི་ཚོགས་སྤངས་ནས། །ཚེ་གཅིག་སངས་རྒྱས་ལམ་སྦྱོར་བ། །ཐུགས་རྗེ་ཆེན་པོའི་སྒྲུབ་དབང་གི། །དཀྱིལ་འཁོར་


TR007_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

འདི་མཐོང་ཐོས་པས་ཀྱང་། ཁམས་གསུམ་འཁོར་བའི་གནས་ལས་གྲོལ། །དེ་ཕྱིར་བཀའ་བཞིན་སྒྲུབ་བྱེད་དམ། ཞེས་དྲི་ཞིང་། །སླར་ཡང་དེའི་ལན་དུ་རྗེས་ཟློས་མཛོད་མཛད་པར་ཞུ། །བླ་མ་མཆོག་དང་དཀྱིལ་འཁོར་གྱི། །ལྷ་རྣམས་ལ་ཡང་ཕྱག་འཚལ་ནས། །ཅི་གསུངས་བཀའ་ལས་བདག་གི་མི་འདའ། །ཐར་པའི་ཕོ་བྲང་དམ་པ་རུ། །མགོན་པོས་བདག་ནི་གཞུག་པར་འཚལ། ལན་གསུམ་གྱིས་གསོལ་བ་གདབ་བོ། དེ་ནས་གསང་སྔགས་ཀྱི་སྣོད་དུ་རུང་བར་བྱ་བ་ལ། །ཐུན་མོང་གི་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་སེམས་སྐྱེད་སྡོམ་བཟུང་རྣམས་ཀྱིས་རྒྱུད་སྦྱང་དགོས་པའི་ཕྱིར། མདུན་གྱི་ནམ་མཁར་སྐྱབས་ཡུལ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་ཐམས་ཅད་འཇའ་འོད་ཀྱི་ཀློང་ན་ཞལ་མངོན་སུམ་དུ་ལམ་མེ་བཞུགས་པར་མོས་ཤིང་། ཐལ་སྦྱར་གུས་པ་དང་བཅས་པས་རྗེས་ཟློས་འདི་བཞིན་མཛད་འཚལ། །དུས་གསུམ་


TR007_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བླ་མ་དང་། །ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དགོངས། །རྐང་གཉིས་གཙོ་བོ་སངས་རྒྱས་དང་། །ཞི་བ་ཆགས་བྲལ་དམ་པའི་ཆོས། །ཚོགས་མཆོག་ཕྱིར་མི་ལྡོག་པ་དང་། །བླ་མ་ཡི་དམ་མཁའ་འགྲོ་ལ། །འདི་བཟུང་བླ་མེད་བྱང་ཆུབ་བར། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། ཞེས་ལན་གསུམ་དང་། སེམས་སྐྱེད་ནི། །བླ་མ་འཕགས་པའི་ལྷ་ཚོགས་དགོངས། །འདི་བཟུང་བྱང་ཆུབ་མ་ཐོབ་པར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །ཕ་མའི་འདུ་ཤེས་ཉེར་གཞག་ཏེ། །མ་བརྒལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་འགྲོལ་བ་དང་། །དབྱུགས་མ་ཕྱུངས་པ་དབུགས་དབྱུང་ཕྱིར། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །སྔོན་གྱི་བདེར་གཤེགས་རྒྱལ་བ་རྣམས། །སྒོ་གསུམ་སྡོམ་ལ་གནས་པ་ལྟར། །འདི་བཟུང་འཁོར་བ་མ་སྟོངས་བར། །བླ་མེད་འཇུག་པའི་བྱང་ཆུབ་སེམས། །བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི། །ཕར་ཕྱིན་དྲུག་སློབ་སྡོམ་གསུམ་བཟུང་། །འགྲོ་ལ་ཕན་པ་བསྒྲུབ་པར་


TR007_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི། ཞེས་ལན་གསུམ་དང་། དེ་ནས་དཀྱིལ་འཁོར་ཕོ་བྲང་གི་ཕྱོགས་བཞིར་སྒོ་བཞིའི་དྲུང་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། །འཕགས་པ་ཐུགས་རྗེ་ཆེན་པོ་ཡིད། །དཀྱིལ་འཁོར་ཆེན་པོའི་སྒོ་བསྲུང་བ། །ཧེ་རུ་ཀ་དཔའ་རིགས་བཞི་པོས། །ཤར་ལྷོ་ནུབ་བྱང་སྒོ་བཞི་པོ། །ཚད་མེད་རྣམ་བཞིས་བྱེས་མཛོད་ལ། །བདག་ཅག་ཡི་དམ་ལྷ་དང་སྤྲོད། ཅེས་བརྗོད་པའི་མཐར། དཀྱིལ་འཁོར་གྱི་ཡོལ་བ་ཕྱེས་ལ། དེ་ལྟར་གསོལ་བ་བཏབས་པ་ལ་བརྟེན་ནས། སྒོ་སྲུང་ཆེན་པོ་བཞིས་ཕྱོགས་བཞིའི་སྒོ་ཕྱེས་ཏེ། ཁྱེད་རང་རྣམས་དཀྱིལ་འཁོར་ཆེན་པོའི་བར་འཁྱམས་སུ་བསྒྲོད་པའི་མོས་པས། མེ་ཏོག་གི་ཕྲེང་བ་དེ་ཉིད་ཡི་དམ་ལྷ་ལ་ཕྱག་རྟེན་གྱི་ཚུལ་དུ་འབུལ་བ་སྟེ། དེ་ཡང་ཡེ་ཤེས་ཀྱི་ལྷ་ཐམས་ཅད་དོན་ལ་ཐ་དད་མེད་ཀྱང་གནས་སྐབས་སུ་ཐུགས་རྗེའི་འདུལ་ཐབས་སྣ་ཚོགས་ཕྱིར། གང་ཟག་སོ་སོའི་ཚེ་རབས་ཀྱི་ལྷ་སྐལ་གང་ཡིན་བརྟག་


TR007_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

དགས་པས། ཁྱེད་རང་རྣམས་ཕྱག་ཐལ་མོ་སྦྱར་བའི་བར་དུ་མེ་ཏོག་བཟུང་ནས་བདེན་པའི་ཚིག་འདི་རྗེས་ཟློས་མཛད་པའི་མཐར། མེ་ཏོག་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཁར་འདུན་པ་གཏད་དེ་དོར་བར་མཛོད་ཅིག །ཐུགས་རྗེ་ཆེན་པོའི་ཕོ་བྲང་དུ། །འབྲེལ་པའི་མེ་ཏོག་འདི་དོར་བས། །སྔོན་ནས་ལས་འཕྲོ་གང་ཡོད་པའི། །ཡི་དམ་ལྷ་ལ་བབས་པར་ཤོག །པུཥྤེ་པྲ་ཏཱིཙྪ་ཧོ། འདི་སྐབས་སུ་སློབ་མ་ཉུང་བ་དང་། གཞུང་ཇི་ལྟ་བའི་ཕྱག་ལེན་བཞིན་བྱེད་ན། །སློབ་མ་ལ་སྤྱན་དར་དམར་པོས་དགབ་ཅིང་། །ཚོམ་བུའི་དཀྱིལ་འཁོར་ཆུང་ངུ་ཞིག་གོང་ནས་སྟ་གོན་བྱས་པ་དེར། དར་སྣ་ལྔ་སོགས་ལས་བཟོས་པའི་མེ་ཏོག་ཅོད་པན་དོར་དུ་གཞུག་ཅིང་། ཕྱོགས་གང་ལ་བབས་པ་ངོས་བཟུང་ལ་དེ་དང་བསྟུན་པའི་གསང་མཚན་གདགས་པ་དང་། རིགས་སོ་སོ་གང་ལ་བབས་པ་ལྟར་གྱི་དངོས་གྲུབ་ཐོབ་ཚུལ་རྣམས་ལུང་བསྟན་པར་བྱ་ལ། གལ་ཏེ་སློབ་མ་ཚོགས་ཆེས་པས་དེ་ལྟར་བུ་བྱེད་པར་སྐབས་ལ་མི་འབབ་ན། བརྡ་ཚོན་ཙམ་དུ། ནས་འབྲུ་ལ་སོགས་མེ་ཏོག་


TR007_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

སིབ་མ་དཀྱིལ་འཁོར་གྱི་ཕྱོགས་སུ་གཏོར་དུ་གཞུག་གོ། །དེ་ལྟ་བུའི་མེ་ཏོག་དོར་བ་དེ་ཉིད་དཀྱིལ་འཁོར་གྱི་དབུས་སུ་བབས་ན་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་བ་དང་། ཚེ་རབས་ཀྱི་ལྷའི་སྐལ་བ་ཡང་གཙོ་མཆོག་ཐུགས་རྗེ་ཆེན་པོ་ཉིད་ལགས་ཤིང་། ད་ནས་བཟུང་སྟེ་རྣམ་པ་ཐམས་ཅད་དུ་ཡི་དམ་གྱི་ལྷ་འཕགས་པ་ཐུགས་རྗེ་ཆེན་པོ་ཁོ་ན་ལ་གསོལ་བ་འདེབས་པ་དང་བསྙེན་ཅིང་བསྒྲུབ་པ་སོགས་ལ་འབད་ན་ལྷག་པར་འགྲུབ་མྱུར་ཞིང་བྱིན་གྱིས་རླབས་པར་འགྱུར་བས་ན། རིགས་དང་མཐུན་པའི་གསང་མཚན་ཀྱང་ཐུགས་རྗེ་དབང་ཕྱུག་རྩལ་ཞེས་འཛིན་པར་ཞུ། དེ་བཞིན་དུ་མེ་ཏོག་ཤར་དུ་བབས་པ་རྣམས་ཐུགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་བ་དང་། ལྷ་ཡང་ཐུགས་རྡོ་རྗེའི་རིགས་ཀྱི་ལྷ་བསྒྲུབ་ན་འགྲུབ་སླ་ཞིང་། ཞི་བའི་ཕྲིན་ལས་ལ་དབང་བ་ཡིན་པས། གསང་མཚན་དུ་ཐུགས་རྗེ་མི་འགྱུར་རྩལ་ཞེས་བྱའོ། །ལྷོར་བབས་ན་རིན་ཆེན་རིགས་ཀྱི་ལྷ་འགྲུབ་ཅིང་


TR007_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་རྒྱས་པའི་དངོས་གྲུབ་ཐོབ་པར་འགྱུར་བས་གསང་མཚན་ཡང་ཐུགས་རྗེ་འདོད་འབྱུང་རྩལ་དང་། ནུབ་ཏུ་བབས་ན་གསུང་པདྨའི་རིགས་འགྲུབ་ཅིང་དབང་གི་ཕྲིན་ལས་གྲུབ་ཕྱིར་ཐུགས་རྗེ་པདྨ་རྩལ་དང་། བྱང་དུ་བབས་ན་ཕྲིན་ལས་དྲག་པོའི་རིགས་ཀྱི་ལྷ་དང་དངོས་གྲུབ་འགྲུབ་པར་འགྱུར་ཕྱིར་ཐུགས་རྗེ་བདུད་འདུལ་རྩལ་ཞེས་བྱ་བ་སྟེ། དེ་ལྟ་བུའི་དབང་གི་གསང་མཚན་འདི་དག་འཆང་བའི་ཕན་ཡོན་ནི་དཔག་ཏུ་མེད་དེ། གནས་སྐབས་སུ་འགལ་རྐྱེན་བར་ཆད་ལས་སྐྱོབས་ཅིང་བསྲུང་བར་འགྱུར་བ་དང་། ལྷ་དང་མཁའ་འགྲོ་ཆོས་སྲུངས་ཐམས་ཅད་ཀྱིས་ཀྱང་སྲས་དང་སྤུན་གྲོགས་སུ་དགོངས་པར་མཛད་པ་དང་། །འཆི་བའི་དུས་ནའང་བར་དོའི་འཁྲུལ་སྣང་འཇིགས་སྐྲག་ཀུན་ལ་གསང་མཚན་དྲན་པ་ཙམ་གྱིས་ལྷ་དང་བླ་མ་དྲན། དེ་དྲན་པས་འཁྲུལ་སྣང་རང་གྲོལ་དུ་འགྲོ་བའི་ཕན་ཡོད་ལ། མཐར་ཐུག་མངོན་པར་རྫོགས་པ་སངས་རྒྱ་བའི་དུས་


TR007_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ནའང་། ད་ལྟའི་གསང་མཚན་འདི་ཀ་དང་མཐུན་པའི་སངས་རྒྱས་ཀྱི་མཚན་འཇིག་རྟེན་ཀུན་ཏུ་གྲགས་ཏེ། གང་གིས་ཐོས་པ་ཐམས་ཅད་ཕྱིར་མི་ལྡོག་པ་ཐོབ་པར་འགྱུར་བ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོད་པས་ན། རྟག་ཏུ་མ་བརྗེད་པར་འཛིན་འཚལ། དེ་ནས་ཡེ་ཤེས་ཀྱི་སྤྱན་དབྱེ་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛད་པར་ཞུ། །བླ་མ་རྡོ་རྗེ་འཛིན་པ་དགོངས། །བདག་ཅག་ཐོག་མེད་དུས་དག་ནས། །མ་རིགས་ཉོན་མོངས་མུན་པས་ལྡོངས། །ཐབས་མཁས་ཐུགས་རྗེའི་གསེར་ཐུར་གྱིས། །མ་རིག་སྒྲིབ་པ་བསལ་དུ་གསོལ། །ཞེས་གསོལ་བའི་མཐར་སྤྱན་དར་ཡོད་ན་ཕྱེ་ཞི། མེད་ནའང་བླ་མའི་ཕྱག་མཚན་གྱི་རྡོ་རྗེས་སློབ་མ་རྣམས་ལ་སྤྱན་དབྱེ་བའི་ཚུལ་དུ་བྱས་ལ་དཀྱིལ་འཁོར་བསྟན་པ་ནི། །ཁྱོད་ཀྱི་མ་རིགས་རྨོངས་པའི་མིག །ཡེ་ཤེས་སྤྱན་དུ་དབྱེ་བར་བྱ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །མཐོང་བ་ཙམ་གྱིས་བསམ་པ་འགྲུབ། །


TR007_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཙཀྵུ་ཛྙཱ་ན་པྲ་ཝེ་ཤ་ཡ་ཕཊཿ ཀྱེ། སྐལ་བ་དང་ལྡན་པའི་རིགས་ཀྱི་བུ་རྣམས་ཉོན་ཞིག །འདི་ལྟ་བུའི་དཀྱིལ་འཁོར་གྱི་ཞལ་མཐོང་ནི་བསྐལ་བ་དཔག་ཏུ་མེད་པ་ནས་ཚོགས་བསགས་པ་ལས་བྱུང་བ་ཡིན་པས། དེའི་ཕྱིར་ན་མིག་གི་དབང་པོ་མ་ཡེངས་པར་དཀྱིལ་འཁོར་ལྟོས་ལ། རྣ་བའི་དབང་པོ་མ་ཡེངས་པར་ལེགས་པར་ཉོན་ཞིག དེ་ཡང་དཀྱིལ་འཁོར་གྱི་དབྱིབས་གྲུ་བཞིར་བྱུང་བ་ནི་ཚད་མེད་བཞིས་འགྲོ་བའི་དོན་མཛད་པའི་བརྡའམ་རྟགས་སུ་མཚོན་པའོ། །ཁ་དོག་ལྔ་ལྡན་དུ་འབྱུང་བ་ནི་ཡེ་ཤེས་རྣམ་ལྔའི་རང་བཞིན་དུ་མཚོན་པའི་བརྡའོ། །དེ་བཞིན་དུ་ཕྲིན་ལས་རྣམ་བཞི་མཚོན་པའི་སྒོ་བཞི། །འདོད་ཡོན་ལྷུན་གྲུབ་ཏུ་འབྱུང་བའི་འདོད་སྣམ། །སྐུ་ལྔ་ཡོངས་སུ་རྫོགས་པའི་རྩིགས་པ་ལྔ་རིམ། །དངོས་གྲུབ་ཟད་མི་ཤིས་པའི་རིན་པོ་ཆེའི་ཕ་གུ། །མཚན་དཔེ་ཡོན་ཏན་གྱིས་མཛེས་པའི་དྲ་བ་དྲ་ཕྱེད། །མ་རིག་མུན་པ་སེལ་ཞིང་འགྲོ་དོན་ཆག་ཐོགས་


TR007_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཤར་བུ་དང་མདའ་ཡབ། །འཕགས་ལམ་ཡན་ལག་བརྒྱད་ཀྱི་ཀ་བ། །རྫུ་འཕྲུལ་གྱི་རྐང་པ་བཞིའི་ཐེམ་སྐས། །དྲན་པ་ཉེ་བར་གཞག་པ་བཞིའི་རྟ་བབས། །སྟོང་པ་དང་སྙིང་རྗེ་ཟུང་དུ་འབྲེལ་བའི་རི་དྭགས་ཕོ་མོ། །ས་ལམ་རིམ་པ་བཅུ་གསུམ་རྫོགས་པའི་ཆོས་འཁོར་བཅུ་གསུམ། །ཉོན་མོངས་པའི་གདུང་བ་ལས་སྐྱོབས་པའི་ཆར་ཁེབས་ཕུབས་པ། །ཐེག་པ་ཀུན་གྱི་རྩེ་རྒྱལ་དུ་གྱུར་པས་དབུས། །བྱུར་བུ་རིན་པོ་ཆེའི་ཏོག་གིས་མཚན་པ། ཆོས་ཉིན་འགྱུར་བ་མེད་པའི་འགོ་གཞི་སྣ་ཚོགས་རྡོ་རྗེ། །འཁོར་བའི་སྐྱོན་གྱིས་མ་གོས་པས་པདྨའི་ར་བ། །བདུད་ཀྱི་དཔུངས་འཇོམས་པས་རྡོ་རྗེའི་ར་བ། ཉོན་མོངས་ཚང་ཚིང་བསྲེག་ཅིང་མ་རིག་མུན་པ་གསལ་བའི་ཡེ་ཤེས་ཀྱི་མེ་སྤུངས་བར་གུར་ཁང་འཁྲིག་པ་དང་བཅས་པ་ནི་སྣོད་རྣམ་པར་དག་པ་གཞལ་ཡས་ཁང་གི་དག་སྦྱོར་ཡིན་ལ། དེའི་ནང་དུ་བཅུ་རྣམ་པར་དག་པ་ཡེ་ཤེས་ལྷའི་


TR007_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ཚུལ་ནི། གཞལ་ཡས་ཁང་གི་ལྟེ་བར་གདན་པདྨོ་གེ་སར་གྱི་དབུས་ན་དཀྱིལ་འཁོར་གྱི་བདག་པོ་བཅོམ་ལྡན་འདས་གཙོ་མཆོག་ཐུགས་རྗེ་ཆེན་པོ་ཡུམ་གསང་བ་ཡེ་ཤེས་དང་གཉིས་མེད་དུ་འཁྲིལ་བའི། དབུའི་གཙུག་ན་འོད་དཔག་མེད་དང་། ཐུགས་ཀའི་དབུས་སུ་དཔལ་རྟ་མགྲིན་དང་བཅས་བཞུགས་པའི། གཙོ་བོའི་གཡས་སུ་སྲས་ནོར་བུ་འཛིན་པ་དང་། གཡོན་དུ་སྲས་མོ་གསང་སྔགས་འཛིན་མ། མཐའ་བསྐོར་པདྨའི་འདབ་མ་དྲུག་ལ་བཅོམ་ལྡན་ཐུབ་པ་དྲུག་དང་། དེའི་ཕྱི་སྐོར་གྱི་མུ་འཁྱུད་པད་འཁོར་རིམ་པ་བཞིའི་དང་པོ་ལ་སངས་རྒྱས་བརྒྱ། གཉིས་པ་ལ་ཉིས་བརྒྱ། གསུམ་པ་ལ་གསུམ་བརྒྱ། བཞི་པར་བཞི་བརྒྱ་རྣམས་བསྡོམས་པས་བསྐལ་བཟང་གི་སངས་རྒྱས་སྟོང་ཚང་བར་བཞུགས་པ། དཀྱིལ་འཁོར་གྱི་སྒོ་བཞིར་བཛྲ་རཏྣ་པདྨ་ཀརྨ་ཧེ་རུ་ཀ་རིགས་བཞི་སྒོ་སྲུང་གི་ཚུལ་དུ་ཞུགས་པ་སྟེ། དེ་ལྟ་བུའི་ལྷ་ཚོགས་ཐམས་ཅད་ཀྱང་སྐུ་སྣང་ལ་རང་བཞིན་མེད་པ་མཆན་


TR007_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དང་དཔེ་བྱད་ཀྱི་དཔལ་དུ་འབར་ཞིང་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ། གསལ་སྟོང་འཇའ་འོད་འཁྱིལ་བར་བཞུགས་པ་རྣམས་ཞལ་མངོན་སུམ་དུ་མཇལ་བའི་མོས་པ་དང་སྤྲོ་བ་རྒྱ་ཆེན་པོ་མཛད་པར་ཞུ། དེ་ལྟ་བུ་གསང་སྔགས་ཟབ་མོའི་དཀྱིལ་འཁོར་འདིར་ཞུགས་ཅིང་དབང་བསྐུར་ཐོབ་པའི་ཕན་ཡོན་མཐའ་ཡས་པ་མཆིས་ཀྱང་། དབང་སྲོག་ནི་དམ་ཚིག་ལ་རག་པའི་ཕྱིར། གང་དག་འདི་ལྟ་བུའི་ལམ་ལ་མ་དད་ལོག་པར་ལྟ་བ་དང་། སློབ་དཔོན་གྱིས་གནང་བ་མ་ཐོབ་ཅིང་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། གལ་ཏེ་བག་མེད་དུ་སྨྲ་ཞིང་གསང་བའི་དམ་ཚིག་འཆལ་བར་གྱུར་ན། ཁྱོད་ནི་མནར་མེད་རྡོ་རྗེའི་དམྱལ་བ་ཆེན་པོར་ལྟུང་ནས་ཐར་བའི་དུས་མེད་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བས། དེས་ན་གསང་བའི་དམ་ལ་གནས་ཤིང་། དེ་ལས་ཅུང་ཟད་ཀྱང་འདའ་


TR007_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

བར་མ་བྱེད་ཅིག །དུང་ཆོས་ཀྱི་ཆུའམ། མེད་ན་ལས་བུམ་གྱི་ཆུ་བླུད་ལ། ཧཱུྃ། །འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་ཉམས་ན་བསྲེག་པར་འགྱུར། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་ཨུ་ད་ཀ་ཋཱ། རྡོ་རྗེ་སྤྱི་བོར་བཞག་ཅིང་། །དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི། །རྡོ་རྗེ་འཛིན་པ་ང་ཡིན་གྱི། །ང་ཡི་ཇི་ལྟར་བསྒོ་བའི་བཀའ། །ཁྱོད་ཀྱི་འདའ་བར་མི་རུང་ངོ། །གལ་ཏེ་བཀའ་འདས་ཉམས་པ་ན། །མནར་མེད་རྡོ་རྗེའི་དམྱལ་བ་ནས། །འཐོ་ཅིང་ཐར་བའི་དུས་མེད་དོ། །དེ་ཕྱིར་དམ་ལས་ལ་འདའ་ཞིག །ཨོཾ་བཛྲ་ས་མ་ཡ་རཀྵ་ཧཱུྃ། དེ་ནས་ཡེ་ཤེས་དབབ་པའི་ཆེད་དུ་གསོལ་བ་གདབ་པའི་རྗེས་ཟློས་འདི་བཞིན་མཛད་པར་ཞུ། །རྗེ་བཙུན་ཐུགས་རྗེ་ཆེར་ལྡན་པ། །དུས་གསུམ་བཞུགས་པའི་བླ་མ་དང་། །མཁའ་འགྲོ་རྣམས་དང་ཡི་དམ་ལྷས། །བདག་ལ་ཡེ་ཤེས་དབབ་ཏུ་གསོལ། །


TR007_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་གྱི་གསོལ་བ་གདབ་ཅིང་། སྤོས་དང་རོལ་མོ་ལ་སོགས་ཚགས་སུ་ཆུད་པར་བྱས་པར་བྱས་ནས་དམིགས་པ་འདི་ལྟར་ཕོགས་ཏེ། དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པ་ཙམ་གྱིས། ལུས་གདོས་བཅས་རྣམ་སྨིན་གྱི་ཕུང་པོ་དངོས་མེད་སྟོང་པར་སྦྱང་། རིག་པའི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་ཅིག་ཏུ་གྱུར་པ་ལས་འོད་འཕྲོས། རྒྱལ་བ་ཐམས་ཅད་ལ་མཆོད་པ་ཕུལ། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱང་། འོད་ཟེར་ཚུར་འདུས་ནས་ཧྲཱིཿལ་ཐིམ་པས་དེ་ཉིད་གནས་འགྱུར་ཏེ། སྐད་ཅིག་གིས་ཁྱེད་རང་རྣམས་འཕགས་པ་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་པདྨ་རཱ་གའི་ཕྲེང་བ་འཛིན་ཅིང་། གཡོན་པདྨ་དམར་པོའི་སྟེང་ན་བདུད་རྩི་བུམ་པས་མཚན་པ་བསྣམས་ཤིང་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་དང་ལྡན་པ། ཞབས་རྡོ་རྗེ་


TR007_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ་ཀྲུང་གི་པད་ཟླའི་གདན་ལ་ཞུགས་པའི་པང་དུ་ཡུམ་ཡི་གེ་དྲུག་མ་དམར་མོ་གྲི་གུག་དང་ཐོད་པའི་བདུད་རྩིས་བཀང་བ་འཛིན་པས་ཡབ་དང་འཁྲིལ་བ། ཡབ་ཡུམ་གཉིས་སྐུ་གཟི་བརྗིད་འོད་དུ་འབར་བའི་སྤྱི་བོར་འོད་དཔག་མེད་སྤྲུལ་སྐུའི་ཆ་བྱད་ཅན་མཉམ་གཞག་ཚེ་བུམ་འཛིན་པ་དང་། རང་གི་ཐུགས་ཀར་ཁྲོ་བོ་རྟ་མགྲིན་དམར་པོ་ཕྱག་གཡས་སེང་ལྡེང་གི་བེ་ཅོན་དང་གཡོན་པས་ཞགས་པ་བསྣམས་ཤིང་ཁྲོ་ཆས་ཡོངས་སུ་རྫོགས་པ་རྔམས་པར་གསལ་བའི། །དེ་ལྟར་ལྷ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་དང་། དེའི་འོག་ཏུ་ཧྲཱིཿདམར་པོ་དང་བཅས་པ་རྣམས་ལས་འོད་ཟེར་ཁ་དོག་སྣ་ལྔ་དཔག་ཏུ་མེད་པ་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་འཕྲོས་པས། སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་


TR007_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་རྣམ་པར་བྱོན་ནས། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པའི་མོས་པ་རྩེ་གཅིག་མཛད་པར་ཞུ། སྤྲོ་ན་འདི་སྐབས་སུ་གུ་རུ་ཚིག་བདུན་གྱི་གསོལ་འདེབས་དང་། ཐུགས་རྗེ་ཆེན་པོའི་སྤྱན་འདྲེན་སོགས་བྱ་ཞིང་། སྤོས་དང་རོལ་མོས་བྱིན་དབབ་པའི་མཐར་མེ་ཏོག་གི་ཆར་ཕབས་ཏེ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ལོ་ཀཱི་ཤྭ་ར་ཛྙཱཱ་ན་ཌཱཀྐི་ནི། ས་པ་རི་ཝཱ་ར། ཨེ་ཨ་ར་ལི། སརྦ་ཙིཏྟ་ཧྲིང་ཧྲིང་ཛཿ ས་མ་ཡ་ཨཱ་ཝེ་ཤ་ཡ་ཨཿཨཿ ཏིཥྛ་བཛྲ་ཧཱུྃ། དེ་ནས་དངོས་གཞི་དབང་བསྐུར་བར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛད་པར་ཞུ། །དཀྱིལ་འཁོར་བདག་པོ་ལྷ་ཡི་ལྷ། །བདག་ལ་གསན་ཅིང་དགོངས་སུ་གསོལ། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་མཆོད་ཅིང་གསོལ་བ་ལྟར། །བདག་ཀྱང་སྐྱོབས་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། ཞེས་གསོལ་བ་བཏབ་ལ། །ཐོག་མར་ཐུན་མོང་


TR007_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་དབང་ལྔ་བསྐུར་བར་བྱ་བ་སྟེ། དེ་དག་ནི་ཐུགས་རྗེ་ཆེན་པོ་འདི་ཉིད་ཀྱི་གཞུང་ནས་གསལ་ཁ་མ་གསུངས་ཀྱང་། ཆོས་དབང་རིན་པོ་ཆེ་ནས་བཟུང་སྟེ་རྩེ་ལེ་རིག་འཛིན་ཡབ་སྲས་ཀྱི་བར་དུ་ཕྱག་བཞེས་ལ་ཇི་ལྟར་མཛད་པ་བཞིན་དུ་འདིར་ཡང་བཀོད་པ་ཡིན་ཏེ། དེ་ལས་ཐོག་མར་མི་སྐྱོད་པ་ཆུའི་དབང་ནི། བུམ་པ་འཐོགས་ལ་འདི་སྐད་དུ་དམིགས་པ་སྤྲད་དེ། དེ་ཡང་ཁམས་གསུམ་སེམས་ཅན་ཐམས་ཅད་འཁོར་བར་འཁྱམས་པའི་རྒྱུ་རྐྱེན་ནི་ཕུང་པོ་ལྔ་ལ་བདག་ཏུ་བཟུང་ཞིང་འཁྲུལ་པ་ལུ་གུ་རྒྱུད་དུ་གྱུར་པ་ལ་བརྟེན་ནས་འཁོར་བའི་རྒྱ་མཚོར་འཁྱམས་པ་ཡིན་ལ། ཕུང་པོ་ལྔ་གནས་སུ་དག་པ་ནི་རྒྱལ་བ་རིགས་ལྔ་རིགས་ལྔའི་ངོ་བོ་ནི་ཡེ་ཤེས་རྣམ་པ་ལྔ་ཡིན་པས། དེ་མངོན་གྱུར་དུ་བྱ་བའི་ཐབས་ནི་རིགས་པའི་དབང་ལྔ་ལ་བརྟེན་དགོས་ཕྱིར། དང་པོ་གཟུགས་ཀྱི་ཕུང་པོ་གནས་སུ་དག་ཅིང་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱེད་པའི་ཕྱིར། །དམིགས་པ་འདི་བཞིན་བསྒོམ་པར་ཞུ།


TR007_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པའི་སྔགས་བརྗོད་པ་ཙམ་གྱིས་ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱི་འཛིན་རྟོགས་མ་དག་པའི་དངོས་པོ་ཐམས་ཅད་སྟོང་པར་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས་ཁྱེད་རང་རྣམས་ངོ་བོ་ཐུགས་རྗེ་ཆེན་པོ་ཡིན་པ་ལ། རྣམ་པ་བཅོམ་ལྡན་འདས་མི་སྐྱོད་པ་སྐུ་མདོག་སྔོན་པོ་ས་གནོན་མཉམ་གཞག་མཛད་ཅིང་ལོངས་སྐུའི་ཆ་བྱད་ཅན་དུ་གསལ་བར་མཛད་པའི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་འོད་འཕྲོས་པས། རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་གཉིས་མེད་དུ་ཐིམ་ཞིང་། སླར་འོད་འཕྲོས་པས་དབང་གི་ལྷ་མི་སྐྱོད་པས་གཙོ་མཛད་པའི་རྒྱལ་བ་རིགས་ལྔ་འཁོར་བཅས་མདུན་གྱི་ནམ་མཁར་སྤྲིན་ཕུང་གཏིབས་པ་ལྟར་བྱོན་ཏེ། དབང་རྫས་ཀྱི་ངོ་བོ་མི་སྐྱོད་པ་ལ་རྣམ་པ་བུམ་ཆུའི་ཚུལ་གྱིས་ཁྱེད་རང་རྣམས་ལ་


TR007_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་ཞིང་བྱིན་གྱིས་བརླབས་པས། ཉོན་མོངས་པ་ཞེ་སྡང་གིས་ཀུན་ནས་བླངས་པའི་སྡིག་སྒྲིབ་དག །མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། གཟུགས་ཀྱི་ཕུང་པོའི་རང་བཞིན་མི་སྐྱོད་པའི་ངོ་བོར་སངས་རྒྱས་པའི་ནུས་པ་རྒྱུད་ལ་སྨིན་པའི་ངེས་ཤེས་མཛད་པ་དང་། དེ་ལྟ་བུའི་དབང་རྣམས་བསྐུར་བའི་དུས་སུ། སངས་རྒྱས་སྤྱན་མ་ལ་སོགས་རིགས་ཀྱི་ཡུམ་རྣམས་ཀྱིས་རྡོ་རྗེའི་གླུ་བླངས་ཏེ་དབང་གི་ཡེ་ཤེས་བསྐྱེད། ས་སྙིང་སོགས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་མེ་ཏོག་གི་ཆར་ཕབས་ཏེ་རབ་ཏུ་གནས་པར་མཛད། པུཥྤེ་མ་ལ་སོགས་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པའི་སྤྲིན་གྱིས་མཆོད། རྣམ་པར་རྒྱལ་བ་ལ་སོགས་ཁྲོ་བོ་བ་རྣམས་ཀྱིས་བར་དུ་གཅོད་པའི་བགེགས་སྐྲོད་པའི་མོས་པ་བརྟན་པོ་གནང་བར་ཞུ། ཧཱུྃ། །ལྷ་ཡི་བདུད་རྩི་དག་པའི་ཆུས། །ཇི་ལྟར་བལྟམས་ཤིང་ཁྲུས་གསོལ་ལྟར། །ཉོན་མོངས་རྣམ་དག་ཡེ་ཤེས་


TR007_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཆུའི། །དབང་མཆོག་དེང་འདིར་ཐོབ་པར་ཤོག །བཛྲ་ཀ་ལ་ཤ་ཨ་བྷི་ཥཱིཉྩ་ཧཱུྃ། །ཞེས་དབང་བསྐུར་བའི་མཐར་མེ་ཏོག་འཐོར་ལ། ཤར་གྱི་ཕྱོགས་ནས་བཀྲ་ཤིས་དོན་གྱི་ལྷ། །རྡོ་རྗེ་སེམས་དཔའ་བཀྲ་ཤིས་དོན་གྱི་ལྷ། །རྡོ་རྗེ་སེམས་དཔའ་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེ་ནས་དབུ་རྒྱན་རིགས་ལྔ་དར་དཔྱངས་ཅན་འཐོགས་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ༴ སྟོང་པའི་ངང་ལས་སྐད་ཅིག་གིས་ཁྱེད་རང་རྣམས་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན་དང་མཉམ་གཞག་མཛད་པར་གསལ་བའི་གནས་གསུམ་ལས་འོད་འཕྲོས་པས་རང་འདྲའི་ཡེ་ཤེས་སེམས་དཔའ་བསྟིམ་ཞིང་། སླར་ཡང་དབང་གི་ལྷ་རིན་འབྱུང་གིས་གཙོ་མཛད་པའི་རྒྱལ་བ་རིག་ལྔ་རྣམས་ཀྱིས། དབང་རྫས་ཀྱི་ངོ་བོ་རིན་འབྱུང་ལ་རྣམ་པ་དབུ་རྒྱན་ཅོད་པན་གྱི་དབང་བསྐུར་བས། །ཉོན་མོངས་པ་ང་རྒྱལ་གནས་སུ་དག་ཅིང་། །མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་གྱུར་ནས། །ཚོར་བའི་ཕུང་


TR007_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རིན་ཆེན་འབྱུང་ལྡན་གྱི་ངོ་བོར་སངས་རྒྱས་པའི་ནུས་པ་རྒྱུད་ལ་འཇོག་པའི་ངེས་ཤེས་མཛད་པར་ཞུ། ཏྲྃ། དངོས་ཉིད་ཆོས་ལ་དབང་བསྒྱུར་ཕྱིར། །རིན་ཆེན་དབུ་རྒྱན་བླ་ན་མེད། །བདག་པོའི་དབང་ཕྱུག་རྒྱལ་བའི་སྐུ། །ཅོད་པན་དམ་པས་དབང་བསྐུར་རོ། །རཏྣ་མུ་ཀ་ཊ་ཨ་བྷི་ཥཱིཉྩ་ཏྲཾ། ཞེས་དབང་བསྐུར་ཞིང་། ལྷོ་ཡི་ཕྱོགས་ནས་བཀྲ་ཤིས༴ རིན་ཆེན་འབྱུང་གནས་བཀྲ་ཤིས༴ རིན་ཆེན་འབྱུང་ལྡན༴ བཀྲ་ཤིས་དེས་ཀྱང་༴ ཞེས་སོགས་ཀྱི་ཤིས་པ་བརྗོད་དོ། །དེ་ནས་རྡོ་རྗེ་ལག་ཏུ་འཐོགས་ལ། ཨོཾ་སྭ་བྷཱ་ཝ༴ སྐད་ཅིག་གིས་ཁྱེད་རང་རྣམས་བཅོམ་ལྡན་འདས་སྣང་བ་མཐའ་ཡས་དམར་པོ་མཉམ་གཞག་གི་ཕྱག་རྒྱ་ཅན་དུ་གསལ་བའི་གནས་གསུམ་འོད་ཟེར་གི་ཡེ་ཤེས་པ་བསྟིམ་ཞིང་། དབང་གི་ལྷ་སྣང་མཐས་གཙོ་མཛད་པའི་རིགས་ལྔ་འཁོར་བཅས་བྱོན་ཏེ། དབང་རྫས་ཀྱང་ངོ་བོ་སྣང་མཐའ་ལ་རྣམ་པ་ཡེ་ཤེས་ཀྱི་རྡོ་རྗེས་དབང་བསྐུར་བས། ཉོན་མོངས་པ་འདོད་ཆགས་གནས་སུ་དག་ཅིང་སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་གྱུར་ཏེ།


TR007_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་ཀྱི་ངོ་བོར་སྨིན་པའི་ངེས་ཤེས་མཛད་པར་ཞུ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །ཡང་དག་དོན་གྱི་རྡོ་རྗེས་སྟེ། །སངས་རྒྱས་ཀུན་ནས་རབ་གྲུབ་ཕྱིར། །རྡོ་རྗེའི་དབང་འདི་ཁྱོད་ཀྱིས་ལོང། །བཛྲ་ཛྙཱ་ན་ཨ་བྷི་ཥཱིཉྩ་ཧྲཱིཿཞེས་དབང་བསྐུར་ལ། ནུབ་ཀྱི་ཕྱོགས་ནས་བཀྲ་ཤིས༴ །སྣང་བ་མཐའ་ཡས་བཀྲ་ཤིས༴ ཞེས་སོགས་ཀྱི་ཤིས་པ་བརྗོད་དོ། །དེ་ནས་དྲིལ་བུ་འབོགས་ལ། ཨོཾ་སྭ་བྷཱ་ཝ༴ སྐད་ཅིག་གིས་ཁྱེད་རང་རྣམས་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་ཁུ་ཆོས་འཆད་མཉམ་གཞག་མཛད་པར་གསལ་བའི་འོད་ཀྱིས་ཡེ་ཤེས་པ་བསྟིམ་ཞིང་། དོན་གྲུབ་ཀྱིས་གཙོ་མཛད་པའི་རིགས་ལྔས། དབང་རྫས་ངོ་བོ་དོན་ཡོད་གྲུབ་པ་ལ་རྣམ་པ་དྲིལ་བུས་དབང་བསྐུར་བས། ཉོན་མོངས་ཕྲག་དོག་གནས་སུ་དག་ཅིང་བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་གྱུར་ཏེ། འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པའི་ངོ་བོར་སྨིན་པའི་ངེས་ཤེས་མཛད་པར་ཞུ།


TR007_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿ འགྲོ་བའི་དོན་དུ་ཆོས་ཀྱི་གསུང་། །ཐབས་ཤེས་མཉམ་སྦྱོར་བདག་ཉིད་དོན། །གསུང་རབ་དཔག་མི་སྒྲོག་པ་ཡི། །དམ་པའི་དོན་དུ་དབང་བསྐུར་རོ། དྷརྨ་གྷཎྜེ་ཨ་བྷི་ཥཱིཉྩ་ཨཿ ཞེས་བསྐུར་ལ། །བྱང་གི་ཕྱོགས་ནས་བཀྲ་ཤིས༴ དོན་ཡོད་གྲུབ་པའི་བཀྲ་ཤིས༴ སོགས་ཀྱི་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་རོ། །དེ་ནས་འཁོར་ལོ། རྣམ་སྣང་གི་སྐུའམ། ཡང་ན་རྡོར་དྲིལ་གཉིས་ལྷན་གཅིག་འཐོགས་ལ། ཨོཾ་སྭ་བྷཱ་ཝ༴ སྐད་ཅིག་གིས་ཁྱེད་རང་རྣམས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པར་གསལ་བའི་འོད་ཀྱིས་ཡེ་ཤེས་པ་བསྟིམ་ཞིང་། དབང་གི་རྣམ་སྣང་གིས་གཙོ་མཛད་པའི་རིགས་ལྔས། དབང་རྫས་ཀྱི་ངོ་བོ་རྣམ་སྣང་ལ་རྣམ་པ་འཁོར་ལོས་དབང་བསྐུར་བས། ཉོན་མོངས་པ་གཏི་མུག་གནས་སུ་དག་ཅིང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་གྱུར། རྡོ་རྗེ་མིང་གི་དབང་ཐོབ་པས་རྣམ་པར་ཤེས་པའི་ཕུང་པོ་བདེར་གཤེགས་རྣམ་སྣང་


TR007_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

གི་ངོ་བོར་ལྷུན་གྱིས་གྲུབ་པའི་ངེས་ཤེས་བརྟན་པོ་མཛད་པར་ཞུ། ཨོཾ། །རྡོ་རྗེའི་བདག་ཉིད་རྡོ་རྗེ་ཆེ། །རྡོ་རྗེ་མིང་ནི་བླ་ན་མེད། །ཞིང་ཁམས་ཀུན་དུ་རབ་གྲགས་པའི། །རྡོ་རྗེ་མིང་གི་དབང་བསྐུར་རོ། །བུདྷ་ནཱ་མ་ཨ་བྷི་ཥཱིཉྩ་ཨོཾ། ཞེས་བསྐུར་ལ། དབུས་ཀྱི་ཕྱོགས་ནས་བཀྲ་ཤིས༴ རྣམ་པར་སྣང་མཛད་བཀྲ་ཤིས༴ སོགས་ཀྱི་ཤིས་པ་བརྗོད་དོ། །དེ་ལྟར་ཕྱི་ཐུན་མོང་རིག་པའི་དབང་ལྔ་བསྐུར་བ་ལ་བརྟེན་ནས། སྦྱང་བྱ་ཕུང་པོ་ལྔ་དང་ཉོན་མོངས་དུག་ལྔ་གནས་སུ་དག །སྦྱོང་བྱེད་རྒྱལ་བ་རིགས་ལྔ་དབང་རྫས་རྣམ་པ་ལྔའི་ཚུལ་གྱིས་དབང་བསྐུར་བས་བྱིན་རླབས་དང་ནུས་པ་རྒྱུད་ལ་སྨིན་ཞིང་དབང་དོན་ངོ་ཕྲོད། སྦྱང་འབྲས་སྐུ་ལྔ་ཡེ་ཤེས་ལྔའི་དོན་མངོན་དུ་འགྱུར་བར་བྱེད་པ་ལྕགས་ལ་གསེར་འགྱུར་གྱི་རྩི་ཐེབས་ལྟ་བུའི་ཟབ་གནད་ཡིན་པས། དེ་ལྟར་ཐོབ་པའི་ངེས་ཤེས་མཛད་པར་ཞུ་ལགས། ཅེས། ཐུན་མོང་རིག་པའི་དབང་འདི་དག་ནི་ཆོས་བཀའ་འདི་གཅིག་པུར་མ་ཟད་བླ་རྫོགས་


TR007_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་གསུམ་ག་དང་བཀའ་བརྒྱད་ཕུར་པ་ཚེ་དབང་སོགས་ལའང་སྦྱོར་བའི་ཕྱག་སྲོལ་སྣང་ངོ་། །དེ་ནས་ཁྱད་པར་གྱི་དབང་ཞུ་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། །བླ་མ་ལྷ་ཚོགས་དགོངས་སུ་གསོལ། །བདག་ཉིད་སྨིན་ཅིང་གྲོལ་བ་དང་། །སེམས་ཅན་ཀུན་གྱི་གདོན་གྱི་ཕྱིར། །ཁྱད་པར་དབང་རྣམས་བསྐུར་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ་པའི་མཐར། གཙོ་བུམ་བླང་ལ། དེ་ནས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་ཡེ་གདོད་མ་ནས་ཀྱང་ལྷུན་གྱིས་གྲུབ་པ་ལ། གོང་དུ་སློབ་དཔོན་གྱིས་གསལ་བཏབ་ཅིང་ཡེ་ཤེས་པ་བཅུག་སྟེ་བརྟན་པར་བགྱིས་པས་ན། དེ་ལྟ་བུ་སྒོ་གསུམ་ལྷའི་རང་བཞིན་ཉིད་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་མཛད་པ་དང་། བདག་སློབ་དཔོན་ཡང་འཕགས་པ་ཐུགས་རྗེ་ཆེན་པོ་དངོས་སུ་མོས་པར་མཛད་ཅིང་། བུམ་པ་འདི་ཉིད་ཀྱང་ཕྱི་བུམ་པའི་རྣམ་པ་ནི་སྐུ་གསུམ་མཚོན་པ་ཡིན་ཏེ། དབྱིབས་ཟླུམ་པོར་སྣང་


TR007_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཆོས་སྐུ་སྤྲོས་པ་མེད་པའི་བརྡ་དང་། ཁ་རྒྱན་མགུལ་འཆིངས་སོགས་ཀྱིས་བརྒྱན་པ་ནི་ལོངས་སྐུ་མཚན་དཔེ་རྫོགས་པ་དང་། བུམ་རྫས་བདུད་རྩིའི་ཆུ་ནི་སྤྲུལ་སྐུ་འགྲོ་དོན་མཛད་པ་མཚན་སྟེ། ཕྱི་དབྱིབས་དེ་ལྟ་བུ་ལས་ནང་ནི་ཡེ་ཤེས་འོད་ལྔ་འཁྲིག་པའི་གཞལ་ཡས་ཁང་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པའི་ནང་དུ་འཕགས་པ་ཐུགས་རྗེ་ཆེན་པོ་གཙོ་འཁོར་སྤྲུལ་པ་དང་བཅས་པའི་ལྷ་ཚོགས་བཞུགས་པ་འདི་ཉིད་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པ་ཙམ་གྱིས། ལྷ་རྣམས་བདུད་རྩིའི་རང་བཞིན་དུ་མེར་གྱི་ཞུ་ནས་ཁྱོད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་བརྒྱུད་དེ་ལུས་ཀྱི་ནང་ཐམས་ཅད་བདུད་རྩིས་ལྟེམ་གྱི་གང་། ཚེ་རབས་འཁོར་བ་ཐོག་མེད་ནས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་རྩ་བ་ནས་བྱང་ཞིང་དག །ལུས་ལྷའི་སྐྱེད་རིམ་བསྒོམ་པ་ལ་དབང་


TR007_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་རྟེན་འབྲེལ་མཐའ་དག་དུས་འདི་ཉིད་ནས་འགྲིག་པའི་མོས་པ་བརྟན་པོ་གནང་བར་ཞུ། ཧྲཱིཿ བུམ་པ་སྤྲོས་བྲལ་ཆོས་སྐུ་ཟླུམ། བཅུད་ནི་ལོངས་སྤྱོད་ཡི་དམ་ལྷ། །སྤྲུལ་སྐུའི་ཁྲུས་ཀྱིས་མ་རིག་འཁྲུས། །ལྷ་དབང་ལུས་ལ་རྫོགས་གྱུར་ཅིག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲིཿཀ་ཡ་ཨ་བྷི་ཥཱིཉྩ་ཧཱུྃ། ཞེས་བུམ་དབང་བསྐུར་ཞིང་། རོལ་མོ་འཛབ་དབྱངས་ལ་སོགས་པས་བྱིན་ཕབ་སོ། དེ་ནས་གསང་དབང་ནི། ཐོད་པ་བདུད་རྩིས་བཀང་བ་འཐོགས་ལ། དེ་ནས་ཡང་ཁྱེད་རང་རྣམས་འཕགས་པ་ཐུགས་རྗེ་ཆེན་པོའི་སྐྱེ་རིམ་གསལ་བཞིན་པའི་ངང་ནས། མདུན་སྐྱེད་ཀྱི་ལྷ་ཚོགས་ཡབ་ཡུམ་ཐབས་ཤེས་མཉམ་རོལ་གྱི་སྦྱོར་མཚམས་ནས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པ་མཚན་ཀ་པ་ལའི་ནང་དུ་འཁྱིལ་བ་ཁྱེད་རང་རྣམས་ཀྱི་མགྲིན་པར་བཞག་ཅིང་བླུད་དེ་དབང་བསྐུར་བས། ངག་གི་སྒོ་ནས་བསགས་


TR007_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག །རྩ་ཁམས་བདེ་བའི་ཡེ་ཤེས་བཅུད་ཀྱིས་གང་སྟེ་གསང་བའི་དབང་ཐོབ་ངག་བཟླས་པ་གསུང་གི་འཁོར་ལོ་ཉམས་སུ་ལེན་པ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ནུས་པ་རྒྱུད་ལ་བཞག་པ་ཡིན་པས། །དེ་དང་མཐུན་པའི་ངེས་ཤེས་མཛད་པར་ཞུ། ཧྲཱིཿ གསང་བ་ཡེ་ཤེས་བདུད་རྩི་ཆེ། །བྱང་ཆུབ་སེམས་ཀྱི་འཕྲོ་འདུར་གསལ། །རྩ་ཁམས་བདེ་བའི་རང་བཞིན་ལ། །ཐབས་ཤེས་ཟུང་འཇུག་དབང་ཐོབ་ཤོག །ཨོཾ་མ༴ བ་ོདྷི་ཙིཏྟ་ཨ་ཧོ་སུ་ཁ། ཝ་ཀ་ཨ་བྷི་ཥཱིཉྩ་ཧཱུྃ། ཞེས་དབང་བསྐུར་ཞིང་བདུད་རྩི་བླུད་དོ། །དབང་འདི་ཉིད་ཐོབ་པས་ནི་ཕྱི་ནང་གསང་གསུམ་གྱི་བསྙེན་སྒྲུབ་བཟླས་བརྗོད་བགྱིད་པར་དབང་བ་ཡིན་པས་ན། ཕྱི་ལྟར་བསྙེན་པ་ནི། རང་ཉིད་ཐུགས་རྗེ་ཆེན་པོ་ཡབ་ཡུམ་དུ་གསལ་བའི་སྤྱི་བོར་འོད་དཔག་མེད། ཐུགས་ཁར་རྟ་མགྲིན་དང་བཅས་པའི་ལྷ་གསུམ་སོ་སོའི་ཐུགས་ཀར་ཟླ་བའི་


TR007_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་གེ་མཐར་ཡིག་དྲུག་གིས་བསྐོར་བར་དམིགས་ཏེ་བཟླས་པ་བྱ་ཞིང་། དེ་ཡང་ཐུགས་རྗེ་ཆེན་པོའི་ཐུགས་ཀའི་ཧྲིཿདང་སྔགས་ཕྲེང་དཀར་པོ་ལས་འོད་ཟེར་དཀར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་སྐུ་མཉེས་པའི་མཆོད་པ་ཕུལ་ཞིང་། སྐུའི་དངོས་གྲུབ་ཐམས་ཅད་རང་ཉིད་ལ་ཐིམ་པར་དམིགས། འོད་ཟེར་ཁམས་གསུམ་གྱི་སེམས་ཅན་རྣམས་ལ་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྒྲིབ་པ་སྦྱང་ཞིང་འཕགས་པའི་སྐུའི་གོ་འཕངས་ལ་བཀོད་པར་དམིགས་ལ་ཡིག་དྲུག་བཟླ། དེ་བཞིན་དུ། སྤྱི་གཙུག་མཐའ་ཡས་ཀྱི་ཐུགས་ཀའི་ས་བོན་སྔགས་དང་བཅས་པའི་འོད་ཟེར་དམར་པོས་རྒྱལ་བ་རྣམས་ཀྱི་གསུང་ལ་མཆོད་ཅིང་གསུང་གི་དངོས་གྲུབ་བསྡུས། སེམས་ཅན་རྣམས་ཀྱི་ངག་སྒྲིབ་སྦྱང་ནས་གསུང་གི་གོ་འཕངས་ལ་བཀོད། རྟ་མགྲིན་ཐུགས་ཁའི་འོད་ཟེར་མཐིང་གས་རྒྱལ་བ་རྣམས་ཀྱི་ཐུགས་ལ་མཆོད་ཅིང་ཐུགས་ཀྱི་དངོས་གྲུབ་བསྡུས། སེམས་ཅན་རྣམས་ཀྱི་


TR007_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་སྒྲིབ་སྦྱང་སྟེ་འཕགས་པའི་ཐུགས་ཀྱི་གོ་འཕངས་ལ་བཀོད་པར་བསམ་ཞིང་ཡིག་དྲུག་བཟླ་བ་ནི་ཕྱིའི་བཟླས་པའོ། །ལྷ་གསུམ་གྱི་ཐུགས་ཀའི་འོད་ཟེར་རྣམས་སྤྲུལ་པའི་ཁོ་བོ་མོ་དང་མཚོན་ཆ་སྣ་ཚོགས་ཀྱི་ཚ་ཚ་འཕྲོ་བ་ཡེ་ཤེས་ཀྱི་མེ་སྤུངས་དང་བཅས་པ་འཇིག་རྟེན་གྱི་ཁམས་གང་བར་འཕྲོས་པས། གང་དག་ཞི་བས་མི་འཐུལ་བའི་བདུད་བགེགས་ལོག་འདྲེན་བར་ཆད་ཐམས་ཅད་རྡུལ་དུ་རློག་པར་དམིགས་ནས། ཨོཾ་ཨཱཿཧཱུྃ་ཧྲིཿ ཨོཾ་མ་ཎི་པདྨེ་ཧཱུྃ་ཕཊཿ ཞེས་ཡི་གེ་བཅུ་གཅིག་པ་དྲག་པོར་བཟླ་བ་ནི་ནང་གི་བཟླས་པ་དང་གསང་བ་རྫོགས་རིམ་ལྟར་ན། རླུང་འབྱུང་འཇུག་གནས་གསུམ་ཡིག་དྲུག་རྡོ་རྗེའི་བཟླས་པར་ཡེ་ནས་ལྷུན་གྱིས་གྲུབ་པ་སྟེ། དེ་ཡང་རླུང་ནང་དུ་རྔབ་པ་ནི་ཨོཾ་དང་མ། ཁོང་དུ་གནས་པ་ནི་ཎི་དང་པད། ཕྱིར་འབྱིན་པ་ནི་མེ་དང་ཧཱུྃ་ཧྲཱིཿདང་བཅས་པ་རྒྱུན་ཆགས་སུ་རང་ཤུགས་ཀྱིས་


TR007_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པས་ན་རྩོལ་བཅས་ཀྱིས་བཟླས་པ་ལ་རག་མ་ལུས་པ་སྟེ། དེ་ལྟར་ཕྱི་ནང་གསང་བའི་བཟླས་པ་རྣམས་ལ་རྒྱུན་དུ་བརྩོན་པར་མཛད་འཚལ། འདི་སྐབས་སུ་སྤྲོ་ན་ཡེ་ཤེས་རིག་པའི་འཛབ་བསྐུལ་ཡང་བྱ་ཞིང་། བླ་མས་འཕྲེང་བ་ཐོགས་པའི་སྣ་གཅིག་སློབ་མས་བཟུང་ནས་འདྲེན་ཅིང་ཡིག་དྲུག་གི་བཟླས་ལུང་འབོགས་པ་ཡང་ཕྱག་བཞེས་སོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་མཚོན་བྱེད་མེ་ལོང་འཐོགས་ལ། དེ་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོའི་སྟེང་གི་ནམ་མཁའ་རྩ་བའི་བླ་མ་རྡོ་རྗེ་འཆང་གི་ཆ་བྱད་རུས་བརྒྱན་གར་སྟབས་ཅན་ལ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བར་གསལ་བ་ལས་མོས་གུས་གདུང་ཤུགས་བསྐྱེད་ཅིང་ཏིང་འཛིན་རྒྱུད་ལ་སྐྱེ་བར་ཡིད་ཀྱིས་གསོལ་བ་བཏབ། སླར་རང་གི་སྙིང་གར་རིག་པའི་ངོ་བོ་ཧྲཱིཿདང་མར་མེ་ལྟ་བུ་འོད་ཀྱི་རང་བཞིན་ཅན་ཅིག་ལ་སེམས་རྩེ་གཅིག་གཏད་ཏེ་གཞན་དུ་སྐད་ཅིག་ཀྱང་མ་ཡེངས་པར་མཛོད་ཅིག །


TR007_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿ འཁོར་བ་མྱང་འདས་ཀུན་གྱི་གཞི། །རང་སེམས་རིག་ན་འཆིང་གྲོལ་མེད། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །སྣ་ཚོགས་རང་གྲོལ་རིག་པའི་དངས། །སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག །ཙིཏྟ་བཛྲ་ས་མ་དྷི་ཛྙཱ་ན་ཨ་བྷི་ཥཱིཉྩ་ཧཱུྃ། ཞེས་སྙིང་གར་བསྐུར་ལ། དེ་ཡང་མེ་ལོང་ཟླུམ་པོ་ནི་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་དཔེ་མཚོན་ལ། །དངས་ཤིང་གསལ་བ་ནི་གདངས་འགག་མེད་ལོངས་སྐུ་དང་། གཟུགས་བརྙན་སྣ་ཚོགས་འཆར་བ་ནི་རྩལ་སྤྲུལ་སྐུ་ཅིར་ཡང་འཆར་བའི་བརྡ་མཚོན་པའི་དབང་བསྐུར་བས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག་ཅིང་། །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། །རྫོགས་རིམ་གསལ་སྟོང་ཟུང་འཇུག་བསྒོམས་པ་དབང་། འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །འདི་སྐབས་སུ་ཆོས་གཞན་དུ་མས་ཀྱི་ཕྱག་རྒྱ་སོགས་ལ་བརྟེན་པའི་བདེ་སྟོང་ཟུང་འཇུག་


TR007_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

གི་དབང་དོན་ངོ་སྤྲོད་པ་ཡིན་ལ། འདིར་གསལ་སྟོང་ཟུང་འཇུག་ལ་ངོ་སྤྲོད་པ་སྟེ། དོན་ལ་ཁྱད་མེད་དེ་རང་རིག་ལྷན་སྐྱེས་ཀྱི་ཡེ་ཤེས་རང་ངོ་ཤེས་པའི་ཐབས་ཤེས་རབ་ཡེ་ཤེས་ཀྱི་དབང་དུ་རྣམ་ཀྱང་དགོངས་པ་མཐུན་ནོ། །དེ་ནས་དབང་ཐམས་ཅད་ཀྱི་མཐར་ཐུག་ཚིག་དབང་རིན་པོ་ཆེ་རིག་པ་རྩལ་གྱི་དབང་ནི་ཀུན་རྫོབ་རྫས་ཀྱི་དབང་ལ་མི་ལྟོས་པའི་ཕྱིར། ཡེ་ཤེས་རིག་པ་མཆོག་གི་རྒྱུད་ཀྱི་རྡོ་རྗེའི་ཚིག་གིས་ངོ་སྤྲོད་པ་ཡིན་པས། སེམས་མ་བཅོས་རང་བབས་སུ་གློད་ནས་གསན་འཚལ། ཧྲཱིཿ སེམས་ཉིད་གསལ་ལ་འཛིན་རྟོག་མེད། །མེ་ལོང་ལྟ་བུར་རྟོགས་པ་ན། །དྲན་རྟོག་ཆོས་ཀྱི་དབྱིངས་སུ་ནུབ། །ཟུག་རྔུ་བྲལ་བས་བདེ་བ་ཆེ། །དེ་ནི་གནས་མཆོག་རིག་པའི་དབང་། །སེམས་ཉིད་གསལ་ལ་འཛིན་རྟོག་མེད། །མེ་ལོང་ལྟ་བུར་རྟོག་པ་ན། །ཐ་མལ་སྒོ་གསུམ་སྐུ་གསུང་ཐུགས། །ཅིར་མི་དགོངས་ལ་ཐུགས་རྗེ་ཆེ། །དེ་ནི་ལྷ་མཆོག་རིག་པའི་དབང་། །


TR007_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཉིད་གསལ་ལ་འཛིན་རྟོག་མེད། །མེ་ལོང་ལྟ་བུར་རྟོགས་པ་ན། །སྒོ་ལྔ་ཡུལ་དང་གཉིས་མེད་མཆོད། །དེ་ནི་མཆོད་ཚོགས་རིག་པའི་དབང་། །སེམས་ཉིད་གསལ་ལ༴ མེ་ལོང་ལྟ་བུར༴ འགྲོ་དོན་བྱ་བྱེད་ལྷུན་གྱིས་གྲུབ། །དེ་ནི་གཞན་དོན་རིག་པའི་དབང་། །སེམས་ཉིད་གསལ་ལ༴ མེ་ལོང་ལྟ་བུར་རྟོགས༴ འདུ་ཤེས་བྲལ་བས་འཁོར་བ་དག །དེ་ནི་དོང་སྤྲུག་རིག་པའི་དབང་། །ཐུགས་རྗེ་ཆེན་པོའི་དབང་དོན་ནི། །ཐམས་ཅད་ཡེ་སངས་རྒྱས་པའི་དབང་། །རྟོགས་ཤིང་རང་དབང་རང་གིས་བསྒྱུར། །བསྐུར་ཐོབ་རྩོད་བྲལ་བདེ་ཆེན་ཡིན། ཞེས་གསུངས་པས། འཁོར་འདས་སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་རིག་བྱང་ཆུབ་སེམས་ཀྱི་རོལ་པར་རྟོགས་ཕྱིན་ཆད་ཅིར་སྣང་ཅིར་ཤར་ཐམས་ཅད་ཐུགས་རྗེ་ཆེན་པོར་མ་གྱུར་པ་རྡུལ་ཙམ་ཡང་མེད་ཚེ། ཆོས་ཉིད་རྣམ་རོལ་ཁྱབ་གདལ་ཆེན་པོའི་སྤྱོད་པ་ལས་


TR007_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདའ་བ་ནི་དབང་ཐམས་ཅད་ཀྱི་རྒྱལ་པོ་ཡང་ཡིན་ལ། མན་ངག་ཉམས་ལེན་ཐམས་ཅད་ཀྱི་སྙིང་པོ་ཡིན་པས། དེ་ལྟར་བུའི་དོན་ལ་གོམས་པར་བྱོས་ཤིག། ༈ །།དེ་ནས་འགྲོ་འདུལ་གྱི་དབང་ནི་ཐུབ་དྲུག་དང་གཙོ་བོ་ཡབ་ཡུམ་གྱི་སྐུའམ་ཡིག་འབྲུའི་ཙ་ཀ་ལི་འཐོགས་ལ་རིམ་པ་བཞིན་ཚིག་དང་མཐུན་པར་བསྐུར་ཏེ། དེ་ལྟར་དབང་བཞི་ཡོངས་སུ་རྫོགས་པའི་མཐའ་རྟེན་འགྲོ་བ་འདུལ་བའི་དབང་བསྐུར་བའི་སྤྲུལ་པ་འགྲོ་འདུལ་གྱི་ལྷ་ཚོགས། རྣམ་པ་ནི་ཡིག་དྲུག་ཧྲཱིཿདང་བཅས་པ་འདི་དག་གིས་དབང་བསྐུར་བས། འཕགས་པའི་ལྷ་ཚོགས་དེ་དག་རྣམས་དང་དབྱེར་མེད་པའི་ཐུགས་རྗེ་དང་ཕྲིན་ལས་ལ་མངའ་བརྙེས་པར་གྱུར་པའི་མོས་པ་མཛོད། ཨོཾ། །ལྷ་དབང་བརྒྱ་བྱིན་སྐུ་གསུང་ཐུགས། །ལྷ་རྣམས་འདུལ་བའི་སྲོག་སྙིང་ཨོཾ། ཨོཾ་ཟུང་ལྷ་ཡི་འགྲོ་བ་ཐུལ། །ལྷ་ཡིག་འཁོར་བ་སྟོང་པར་ཤོག །ཡང་། ཐུགས་བཟང་རིས་ཀྱི་སྐུ་གསུང་ཐུགས། །ལྷ་མིན་འདུས་པའི་སྲོག་སྙིགས་མ། །མ་ཟུང་ལྷ་


TR007_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

མིན་འགྲོ་བ་ཐུལ། །ལྷ་མིན་འཁོར་བ་སྟོང་པར་ཤོག །ཎི། ཤཱཀྱ་ཐུབ་པའི་སྐུ་གསུང་ཐུགས། །མི་རྣམས་འདུལ་བའི་སྲོག་སྙིང་ཎི། ཎི་ཟུང་མི་ཡི༴ མི་ཡི་འཁོར་བ༴ པད། །སེང་གེ་རབ་བརྟན་སྐུ་གསུང་ཐུགས། །བྱོལ་སོང་འདུལ་བའི་སྲོག་སྙིང་པད། པད་ཟུང་བྱོལ་སོང་༴ བྱོལ་སོང་འཁོར་བ༴ མེ། ནམ་མཁའ་མཛོད་ཀྱི་སྐུ་གསུང་ཐུགས། །ཡི་དྭགས་འདུལ་བའི་སྲོག་སྙིང་མེ། །མེ་ཟུང་ཡི་དྭགས་འགྲོ༴ ཡི་དྭགས་འཁོར་བ༴ ཧཱུྃ། ཆོས་ཀྱི་རྒྱལ་པོ་སྐུ་གསུང་ཐུགས། །དམྱལ་བ་འདུལ་བའི་སྲོག་སྙིང་ཧཱུྃ། །ཧཱུྃ་ཟུང་དམྱལ་བའི་འགྲོ༴ དམྱལ་བའི་འཁོར་བ་སྟོང་༴ ཧྲཱིཿ ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས། །བདེར་གཤེགས་འདུལ་བའི་སྲོག་སྙིང་ཧྲཱིཿ ཧྲཱིཿ ཟུང་འཁོར་བ་དོང་ནས་སྤྲུག །རྒྱུད་དྲུག་འཁོར་བ་སྟོངས་པར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨ་བྷི་ཥཱིཉྩ་ཧཱུྃ། ཞེས་བསྐུར་རོ། །སྐབས་འདིར་སྐྱེ་བདུན་རིལ་སྒྲུབ་དང་འབྲེལ་ན་དེ་ཉིད་ཀྱི་བུམ་པས་དབང་བསྐུར་བ་


TR007_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འདི་ཡི་དབང་རྐྱང་པ་ལ་ནི་མི་དགོས་མོད་ཀྱང་། དིང་སང་ཕྱག་སྲོལ་ལྟར་ན་བར་འདིར། བུམ་པ་གཞལ་ཡས་ཁང་གི་ནང་དུ་རིལ་བུ་ཐུགས་རྗེ་ཆེན་པོའི་ངོ་བོར་བཞུགས་པ་རྣམས་སློབ་མའི་ལུས་ལ་ཐིམ་པའི་དམིགས་པ་སྤྲད་ཅིང་། ཧྲཱིཿ བུམ་པ་ཟླུམ་པོ་སྤྲོས་བྲལ་ཆོས་ཀྱི་སྐུ། །ཕྱི་ནི་གཞལ་ཡས་ནང་ནི་ཡི་དམ་ལྷ། །ཐུགས་རྗེ་ཆེན་པོའི་བུམ་པའི་དབང་བསྐུར་བས། །སྐུ་གསུང་ཐུགས་རྗེ་དབང་མཆོག་ཐོབ་པར་ཤོག །ཅེས་ཡིག་དྲུག་གི་འཛབ་དང་བཅས་ཏེ་བསྐུར་བའི་ཕྱག་སྲོལ་སྣང་ངོ་། དེ་ནས་གཏོར་མ་འཐོགས་ལ། གཏོར་མ་འདི་ཉིད་ཡེ་ཤེས་འོད་ལྔ་འཁྲིག་པའི་གཞལ་ཡས་ཁང་གི་ནང་དུ། འཕགས་པའི་ལྷ་ཚོགས་བཞུགས་པ་རྣམས་ཀྱི་སྐུའི་གནས་ལྔ་ནས་ཡེ་ཤེས་ཀྱི་འོད་ཟེར་སྣ་ལྔ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་པས། དུག་ལྔ་དུག་གསུམ་ལས་དང་ཉོན་མོངས་ཤེས་བྱའི་སྒྲིབ་པ་དང་བཅས་པ་བྱ་ཞིང་དག་ནས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་དང་བྱིན་རླབས་ཡོངས་རྫོགས་སུ་ཐོབ་པའི་མོས་པ་མཛད་པར་ཞུ།


TR007_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿ། ཆོས་སྐུ་སྐྱེ་བ་མེད་པ་འདས། །ལོངས་སྐུ་རྒྱལ་བའི་ལྷ་ཚོགས་ཤར། །ཐུགས་རྗེ་སྤྲུལ་སྐུ་བླ་ན་མེད། །གཏོར་མ་སྐུ་གསུམ་ཡོངས་རྫོགས་ཀྱིས། །སྐལ་ལྡན་དབང་བཞི་ཡོངས་རྫོགས་ཏེ། །འབྲས་བུ་སྐུ་བཞི་མཆོག་ཐོབ་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥཱིཉྩ་ཧཱུྃ། ཞེས་བསྐུར་ཞིང་། །གཏོར་མ་དངོས་གྲུབ་ཏུ་བཀྱེ་བར་བྱའོ། །དེ་ལྟར་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར་ཟབ་མོ་ཐོབ་པའི་དམ་ཚིག་ཏུ། སྤྱིར་འགྲོ་བ་སེམས་ཅན་ཀུན་ལ་གནོད་འཚེ་སྤོང་ཞིང་ཕན་པ་ཅི་ནུས་བསྒྲུབ། སྒོས་སུ་རྡོ་རྗེའི་སློབ་དཔོན་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་། མཆེད་ལྕམ་རྣམས་ལ་དཀྱིལ་འཁོར་ལྷའི་འདུ་ཤེས་རྟག་ཏུ་བྱ། ཁྱད་པར་དུ། སྐུའི་དམ་ཚིག་ཏུ་ལུས་ཀྱི་སྒོ་ནས་མི་དགེ་བ་མཐའ་དག་སྤང་ཞིང་ཕྱག་མཆོད་སྐོར་བ་ལ་སོགས་ལ་འབད་པ་དང་ཐུགས་རྗེ་ཆེན་པོའི་སྐྱེད་རིམ་སྒོམ། གསུང་གི་དམ་ཚིག་ཏུ་


TR007_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གི་ཉེས་པ་སྤང་ནས་ཁ་དོན་ཆོས་སྤྱོད་དང་ཡིག་དྲུག་ལ་འབུངས། ཐུགས་ཀྱི་དམ་ཚིག་ཏུ་ཡིད་ཀྱི་མི་དགེ་བ་མཐའ་དག་སྤང་སྟེ་དག་སྣང་སྦྱང་ཞིང་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ཉམས་ལེན་ལ་བརྩོན་པར་བྱས་སྟེ། གསང་སྔགས་ཀྱི་དམ་ཚིག་ས་མ་ཡ་འབུམ་སྡེ་གསུངས་ཀྱང་རྩ་བ་འདི་དག་ཏུ་འདུ་བས་ན། བླང་དོར་ཚུལ་བཞིན་འབད་པས་རང་གཞན་གྱི་དོན་གཉིས་འགྲུབ་པར་མཛད་འཚལ། དེ་ནས་ཤིས་བརྗོད་དང་ཚོགས་ཀྱི་དགའ་སྟོན་བྱ་ཞིང་། རྗེས་ཀྱི་ལས་རིམ་མཐའ་དག་ནི་སྤྱི་དང་མཐུན་པར་བྱའོ། །དེ་ལྟར་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་དབང་བསྐུར་འདི་ནི་རྒྱས་པར་དབང་བཞི་ཡོངས་རྫོགས་སུ་བཀོད་པ་ཡིན་ལ། བསྡུས་པར་བྱེད་ན། ཐུན་མོང་རིག་པའི་དབང་རྣམས་བཞག་པའམ། ཡང་། དེང་སང་གསང་སྔགས་འཆལ་བའི་དུས་དབང་གིས། སྐྱེ་བོ་ཕལ་པ་ལ་ཁྲོམ་དབང་ལྟ་བུར་བྱེད་དགོས་པའི་ཚེ་ན། སྔོན་འགྲོ་གཞན་རྣམས་བཞག །ཆོས་བཤད། །སྐྱབས་སེམས། །ཡེ་ཤེས་དབབ་པ་རྣམས་བྱས་ལ། རིག་པའི་དབང་ལྔ། འགྲོ་འདུལ་གྱི་དབང་དང་། གཏོར་དབང་རྣམས་བྱས་ཀྱང་རུང་


TR007_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བས། མདོར་ན་སློབ་དཔོན་ཉིད་ཀྱིས་གང་འགབས་སྐབས་དང་བསྟུན་ཤེས་པར་བྱའོ། །འདི་ལྟ་བུ་ཞིག་དགོས་ཞེས། བླ་མ་རིན་པོ་ཆེ་རྒྱལ་སྲས་དབང་ཕྱུག་པས་བསྐུལ་བར་མཛད་པ་ལྟར། ཐུགས་རྗེ་ཆེན་པོ་ལ་མོས་པའི་བཙུན་པ་སྣ་ཚོགས་རང་གྲོལ་གྱིས་རྒོད་ཚང་དཔལ་གྱི་རི་བོར་བཀོད་པའི་དགེ་བས། འགྲོ་ཀུན་ཐུགས་རྗེ་ཆེན་པོའི་གོ་འཕངས་ལ་འཁོད་པར་གྱུར་ཅིག །མངྒ་ལམ། གཅིག་ཞུད།