cover

གཟུང་འདུས་གླེགས་བམ་དང་པོ།

གླེགས་བམ། ཨེ༽

སངས་རྒྱས་ཤཱཀྱ་ཐུབ་པ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

འཕགས་པ་འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ།

༄༅། །འཕགས་པ་འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང༌། །གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ། །པདྨ་དཀར་པོ་རྒྱས་འདྲའི་སྤྱན། །པདྨ་རྒྱས་འདྲའི་ཞལ་མངའ་བ། །རང་གི་ལག་གིས་རྡོ་རྗེ་མཆོག །ཡང་དང་ཡང་དུ་གསོར་བྱེད་པ། །ཁྲོ་གཉེར་རིམ་པར་ལྡན་ལ་སོགས། །ལག་ན་རྡོ་རྗེ་མཐའ་ཡས་པ། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །འཇིགས་སུ་རུང་དང་དཔའ་བྱད་ཅན། །རྡོ་རྗེ་རྩེ་མོ་རབ་འཕྲོ་བ། །རང་གི་ལག་གིས་གསོར་བྱེད་པ། །སྙིང་རྗེ་ཆེ་དང་ཤེས་རབ་དང༌། །ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག །དགའ་མགུ་རངས་པའི་བསམ་པ་ཅན། །ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ། །སངས་རྒྱས་འཕྲིན་ལས་བྱེད་པའི་མགོན། །ལུས་བཏུད་རྣམས་དང་ལྷན་ཅིག་ཏུ། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །ཐལ་མོ་སྦྱར་བ་བྱས་ནས་ནི། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཁྱབ་བདག་བདག་ལ་སྨན་པ་དང༌། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི། །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །ཉོན་མོངས་པས་ནི་སེམས་དཀྲུགས་ཤིང༌། །མི་ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་ཀུན་ལ་སྨན་པ་དང༌། །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །འགྲོ་བའི་བླ་མ་སྟོན་པ་པོ། །དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །དབང་པོ་བསམ་པ་མཁྱེན་མཆོག་གི། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །གཙུག་ཏོར་ཆེན་པོ་ཚིག་གི་བདག །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །མཚན་ནི་ཡང་དག་བརྗོད་པའི་མཆོག །དོན་ཟབ་དོན་ནི་རྒྱ་ཆེ་ཞིང༌། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཐོག་མ་བར་དང་མཐར་དགེ་བ། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུང་བ་གང༌། །རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། །རྡོ་རྗེ་འཆང་ཆེན་གསང་སྔགས་འཆང༌། །དཔག་མེད་རྣམས་ཀྱི་དགྱེས་པ་ཡིས། །རབ་གསུང་གང་ལགས་བཤད་དུ་གསོལ། །མགོན་པོ་རྫོགས་སངས་རྒྱས་ཀུན་གྱིས། །གསང་འཛིན་ཅི་ནས་བདག་འགྱུར་ཕྱིར། །ངེས་པར་འབྱུང་གི་བར་དུ་འདི། །བདག་གི་བསམ་པ་བརྟན་པོས་གཟུང༌། །ཉོན་མོངས་མ་ལུས་བསལ་བ་དང༌། །མི་ཤེས་མ་ལུས་སྤང་བའི་ཕྱིར། །སེམས་ཅན་རྣམས་ཀྱི་བསམ་པ་ཡི། །ཁྱད་པར་ཇི་བཞིན་རབ་བཤད་བྱ། །གསང་དབང་ལག་ན་རྡོ་རྗེ་ཡིས། །དེ་བཞིན་གཤེགས་ལ་དེ་སྐད་དུ། །གསོལ་ནས་ཐལ་མོ་སྦྱར་བྱས་ཏེ། །ལུས་བཏུད་ནས་ནི་སྤྱན་སྔར་འདུག །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །ཉིད་ཀྱི་ཞལ་ནས་ལྗགས་བཟང་བ། །རིང་ཞིང་ཡངས་པ་བརྐྱང་མཛད་དེ། །འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང༌། །བདུད་བཞིའི་དགྲ་རྣམས་འདུལ་བྱེད་པ། །སེམས་ཅན་རྣམས་ཀྱི་ངན་སོང་གསུམ། །སྦྱོང་བར་བྱེད་པའི་འཛུམ་བསྟན་ནས། །ཚངས་པའི་གསུང་ནི་སྙན་པ་ཡིས། །འཇིག་རྟེན་གསུམ་པོ་ཀུན་བཀང་ནས། །ལག་ན་རྡོ་རྗེ་སྟོབས་པོ་ཆེ། །གསང་བ་ལ་ནི་སླར་གསུངས་པ། །སྙིང་རྗེ་ཆེ་དང་ལྡན་གྱུར་པས། །འགྲོ་ལ་ཕན་པའི་དོན་དུ་ཁྱོད། །ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །མིང་བརྗོད་པས་ནི་དོན་ཆེ་བ། །དག་པར་བྱེད་ཅིང་སྡིག་སེལ་བ། །ང་ལས་ཉན་པར་བརྩོན་པ་ནི། །ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང༌། །ལག་ན་རྡོ་རྗེ་ཁྱོད་ལེགས་སོ། །གསང་བའི་བདག་པོ་དེ་ཕྱིར་ངས། །ཁྱོད་ལ་ལེགས་པར་བསྟན་པར་བྱ། །ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །གསང་སྔགས་རིགས་ཆེན་ཐམས་ཅད་དང༌། །གསང་སྔགས་རིགས་སྔགས་འཆང་བའི་རིགས། །རིགས་གསུམ་ལ་ནི་རྣམ་པར་གཟིགས། །འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །འཇིག་རྟེན་སྣང་བྱེད་རིགས་ཆེན་དང༌། །ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང༌། །རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཚིག་གི་བདག་པོས་ཚིགས་སུ་བཅད། །གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང༌། །གཉིས་སུ་མེད་པར་འབྱུང་བ་དང༌། །མི་སྐྱེ་ཆོས་ཅན་འདི་གསུངས་པ། །ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཱཻ་ཨོ་ཨཱཽ་ཨཾ་ཨཿ སྠི་ཏོ་ཧྲྀ་དི། ཛྙཱ་ན་མཱུརྟྟི་ར་ཧཾ་བུདྡྷོ་བུདྡྷྭ་ནཱན། ཏྱ་དྷཱ་བརྟྟི་ནཱཾ། ཨོཾ་བཛྲ་ཏཱི་ཀྵན་དུཿཁ་ཙྪེ་ད་པྲཛྙཱ་ཛྙཱ་ན་མཱུརྟྟ་ཡེ། ཛྙཱ་ན་ཀཱ་ཡ་ཝ་གཱི་ཤྭ་ར་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང༌། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཁྲོ་བ་ཆེན་པོ་དགྲ་ཆེ་བ། །མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །འདོད་པ་ཆེན་པོ་བདེ་བ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ། །གཟུགས་ཆེན་ལུས་ཀྱང་ཆེ་བ་སྟེ། །ཁ་དོག་ཆེ་ཞིང་ལུས་བོང་ཆེ། །མིང་ཡང་ཆེ་ཞིང་རྒྱ་ཆེ་བ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཤེས་རབ་མཚོན་ཆེན་འཆང་བ་སྟེ། །ཉོན་མོངས་ལྕགས་ཀྱུ་ཆེ་བའི་མཆོག །གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །སྣང་བ་ཆེན་པོ་གསལ་བ་ཆེ། །མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང༌། །སྒྱུ་འཕྲུལ་ཆེན་པོ་དོན་གྲུབ་པ། །སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ། །སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན། །སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །བཟོད་ཆེན་འཆང་བ་བརྟན་པ་པོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །བསམ་གཏན་ཆེན་པོ་ཏིང་འཛིན་གནས། །ཤེས་རབ་ཆེན་པོའི་ལུས་འཆང་བ། །སྟོབས་པོ་ཆེ་ལ་ཐབས་ཆེ་བ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཤེས་རབ་ཆེན་པོ་བློ་ཆེན་ལྡན། །མཁས་པ་ཆེན་པོ་ཐབས་ཆེ་བ། །རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན། །ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །སྲིད་པའི་རི་བོ་ཆེན་པོ་འཇོམས། །མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང༌། །དྲག་པོ་ཆེན་པོ་དྲག་ཤུལ་ཆེ། །འཇིགས་ཆེན་འཇིགས་པར་བྱེད་པ་པོ། །མགོན་པོ་རིགས་མཆོག་ཆེན་པོ་སྟེ། །བླ་མ་གསང་སྔགས་ཆེ་བའི་མཆོག །ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ས་བཅུ་ལ་ནི་གནས་པ་པོ། །ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་འཆང་བ་པོ། །རྣམ་པ་བཅུ་པོ་དོན་བཅུའི་དོན། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཀུན་གྱི་དོན་ནི་མ་ལུས་བྱེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཐོག་མ་མེད་པ་སྤྲོས་མེད་བདག །དེ་བཞིན་ཉིད་བདག་དག་པའི་བདག །བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །གཉིས་དང་གཉིས་སུ་མེད་པར་སྟོན། །ཡང་དག་མཐའ་ལ་རྣམ་པར་གནས། །བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་ངན་འཇིགས་བྱེད། །ཀུན་ཏུ་འགྲོ་བའི་དོན་ཡོད་སྟོབས། །དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས། །རྒྱལ་བ་དགྲ་རྒྱལ་རྣམ་པར་རྒྱལ། །འཁོར་ལོ་བསྒྱུར་བ་སྟོབས་པོ་ཆེ། །ཚོགས་ཀྱི་སློབ་དཔོན་ཚོགས་གྱི་མཆོག །ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །མཐུ་ཆེན་གཅེས་པར་འཛིན་པ་སྟེ། །ཚུལ་ཆེན་གཞན་གྱི་དྲིང་མི་འཇོག །ཚིག་རྗེ་ཚིག་བདག་སྨྲ་མཁས་པ། །ཚིག་ལ་དབང་བ་ཚིག་མཐའ་ཡས། །ཚིག་བདེན་བདེན་པར་སྨྲ་བ་སྟེ། །བདེན་པ་བཞི་ནི་སྟོན་པ་པོ། །ཕྱིར་མི་ལྡོག་པ་ཕྱིར་མི་འོང༌། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པུ། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །འདོད་ཆགས་བྲལ་བས་དབང་པོ་ཐུལ། །བདེ་བ་རྙེད་པས་འཇིགས་མེད་ཐོབ། །བསིལ་བར་གྱུར་པ་རྙོག་པ་མེད། །རིག་པ་དང་ནི་རྐང་པར་ལྡན། །བདེ་གཤེགས་འཇིག་རྟེན་རིག་པའི་མཆོག །བདག་གིར་མི་འཛིན་ངར་མི་འཛིན། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །འཁོར་བའི་ཕ་རོལ་མཐར་སོན་པ། །བྱ་བ་བྱས་པ་སྐམ་སར་གནས། །ཤེས་པ་འབའ་ཞིག་ངེས་གསལ་བ། །ཤེས་རབ་མཚོན་ཆས་རྣམ་འཇོམས་པ། །དམ་ཆོས་ཆོས་རྒྱལ་གསལ་བར་ལྡན། །འཇིག་རྟེན་སྣང་བར་བྱེད་པའི་མཆོག །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ལེགས་པའི་ལམ་ནི་སྟོན་པ་པོ། །དོན་གྲུབ་བསམ་པ་གྲུབ་པ་སྟེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཚོགས་གཉིས་ཚོགས་ནི་བསགས་པ་པོ། །རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན། །བསམ་གཏན་བསམ་བྱ་བློ་ལྡན་མཆོག །སོ་སོ་རང་རིག་མི་གཡོ་བ། །མཆོག་གི་དང་པོ་སྐུ་གསུམ་འཆང༌། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པན་ཅན། །སྤྱན་ལྔ་ཆགས་པ་མེད་པ་འཆང༌། །སངས་རྒྱས་ཐམས་ཅད་བསྐྱེད་པ་པོ། །སངས་རྒྱས་སྲས་པོ་དམ་པའི་མཆོག །ཤེས་པས་སྲིད་འབྱུང་སྐྱེ་གནས་མེད། །ཆོས་ལས་བྱུང་བ་སྲིད་པ་སེལ། །གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །སངས་རྒྱས་ཀུན་བདག་སྐུ་ཡི་མཆོག །འགྲོ་ཀུན་དགའ་བའི་མིག་དང་ལྡན། །སྣ་ཚོགས་གཟུགས་ཅན་བསྐྱེད་པ་པོ། །མཆོད་འོས་རྗེད་འོས་དྲང་སྲོང་ཆེ། །རིགས་གསུམ་འཆང་བ་གསང་སྔགས་འཆང༌། །དམ་ཚིག་ཆེན་པོ་གསང་སྔགས་འཛིན། །གཙོ་བོ་དཀོན་མཆོག་གསུམ་འཛིན་པ། །ཐེག་པ་མཆོག་གསུམ་སྟོན་པ་པོ། །དོན་ཡོད་ཞགས་པ་རྣམ་པར་རྒྱལ། །འཛིན་པ་ཆེན་པོ་རྡོ་རྗེ་ཞགས། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཀེང་རུས་ཆེ་བ་གཙིགས་པ་པོ། །ཧ་ལ་ཧ་ལ་གདོང་བརྒྱ་པ། །གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །རྡོ་རྗེ་ཤུགས་ཅན་འཇིགས་བྱེད་པ། །རྡོ་རྗེ་དྲག་པོ་རྡོ་རྗེའི་སྙིང༌། །སྒྱུ་འཕྲུལ་རྡོ་རྗེ་སུས་པོ་ཆེ། །རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །རྡོ་རྗེའི་སྙིང་པོ་མཁའ་འདྲ་བ། །མི་གཡོ་རལ་པ་གཅིག་གིས་བསྒྱིངས། །གླང་ཆེན་ཀོ་རློན་གོས་སུ་གྱོན། །གྲགས་ཆེན་ཧཱ་ཧཱ་ཞེས་སྒྲོགས་པ། །ཧཱི་ཧཱི་ཞེས་སྒྲོགས་འཇིགས་པར་བྱེད། །གད་མོ་ཆེན་མོ་གད་རྒྱངས་ཅན། །རྡོ་རྗེ་གད་མོ་ཆེར་སྒྲོགས་པ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །རྡོ་རྗེ་དྲག་པོ་དགའ་བ་ཆེ། །རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཞེས་སྒྲོགས། །མཚོན་དུ་རྡོ་རྗེ་མདའ་ཐོགས་པ། །རྡོ་རྗེ་རལ་གྲིས་མ་ལུས་གཅོད། །རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན། །རྡོ་རྗེ་གཅིག་པུ་གཡུལ་སེལ་བ། །རྡོ་རྗེ་འབར་བ་མིག་མི་བཟང༌། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །རྡོ་རྗེ་འབེབས་པ་འབེབས་པ་ཆེ། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག །ལུས་ནི་རྡོ་རྗེའི་བ་སྤུ་ཅན། །རྡོ་རྗེའི་སྤུ་ནི་གཅིག་སྤུའི་ལུས། །སེན་མོ་སྐྱེས་པ་རྡོ་རྗེའི་རྩེ། །རྡོ་རྗེ་སྙིང་པོ་ལྤགས་པ་མཁྲེགས། །རྡོ་རྗེ་འཕྲེང་ཐོགས་དཔལ་དང་ལྡན། །རྡོ་རྗེ་རྒྱན་གྱིས་བརྒྱན་པ་སྟེ། །གད་རྒྱངས་ཧཱ་ཧཱ་ངེས་པར་སྒྲོགས། །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །འཇམ་དབྱངས་ཆེན་པོའི་སྒྲ་ཆེ་བ། །འཇིག་རྟེན་གསུམ་ན་སྒྲ་གཅིག་པ། །ནམ་མཁའི་མཐའ་ཀླས་སྒྲ་སྒྲོགས་པ། །སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་ཡི་གེ་མེད། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཟབ་ཅིང་རྒྱ་ཆེན་སྒྲ་སྒྲོགས་པ། །ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཆོས་ཀྱི་གནྜི་སྒྲ་བོ་ཆེ། །མི་གནས་མྱ་ངན་འདས་པ་པོ། །ཕྱོགས་བཅུའི་ཆོས་ཀྱི་རྔ་བོ་ཆེ། །གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཚུགས་པ་མེད་ཅིང་ཆེ་བར་གྲགས། །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །དར་བ་ཆེན་པོ་ཆོས་ཀྱི་ཏོག །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །གནས་བརྟན་རྒན་པོ་སྐྱེ་དགུའི་བདག །སུམ་ཅུ་རྩ་གཉིས་མཚན་འཆང་བ། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །འཇིག་རྟེན་སློབ་དཔོན་འཇིགས་པ་མེད། །མགོན་སྐྱོབ་འཇིག་རྟེན་ཡིད་གཅུགས་པ། །སྐྱབས་དང་སྐྱོབ་པ་བླ་ན་མེད། །ནམ་མཁའི་མཐའ་ཀླས་ལོངས་སྤྱོད་པ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །མ་རིག་སྒོ་ངའི་སྦུབས་འབྱེད་པ། །སྲིད་པའི་དྲ་བ་འཇོམས་པ་པོ། །ཉོན་མོངས་མ་ལུས་ཞི་བྱེད་པ། །འཁོར་བའི་རྒྱ་མཚོའི་ཕ་རོལ་སོན། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སྒྲིབ་པ་ཀུན་ལས་ངེས་པར་སྒྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཉོན་མོངས་དྲི་མ་ཀུན་ལས་འདས། །དུས་གསུམ་དུས་མེད་རྟོགས་པ་པོ། །སེམས་ཅན་ཀུན་གྱི་གཙོ་བོ་ཆེ། །ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད། །ཉོན་མོངས་ཀུན་ལས་རྣམ་གྲོལ་བ། །ནམ་མཁའི་ལམ་ལ་རབ་གནས་པ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང༌། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག །བྱེད་པོ་སེམས་ཅན་ཀུན་དོན་བྱེད། །ཕན་འདོད་སེམས་ཅན་མཉེས་གཤིན་པ། །བཟང་ངན་ཤེས་ཤིང་དུས་ཤེས་ལ། །ཁྱབ་བདག་དམ་ཤེས་དམ་ཚིག་ལྡན། །དུས་ཤེས་སེམས་ཅན་དབང་པོ་ཤེས། །རྣམ་གྲོལ་གསུམ་ལ་མཁས་པ་པོ། །ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། །ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང༌། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ །དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། །བཀུར་བསྟི་རིམ་གྲོ་ཕུན་སུམ་ཚོགས། །མཆོག་ཏུ་དགའ་བའི་གྲགས་བདག་དཔལ། །མཆོག་ལྡན་མཆོག་སྦྱིན་གཙོ་བོ་སྟེ། །སྐྱབས་ཀྱི་དམ་པ་སྐྱབས་སུ་འོས། །འཇིགས་ཆེན་དགྲ་སྟེ་རབ་ཀྱི་མཆོག །འཇིགས་པ་མ་ལུས་སེལ་བ་པོ། །གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། །རལ་པ་མུན་ཛ་ཅོད་པན་ཐོགས། །གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་པ། །ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག །དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །གཙང་གནས་དམ་པ་གོའུ་ཏ་མ། །བྲམ་ཟེ་ཚངས་པ་ཚངས་པར་ཤེས། །མྱང་ངན་འདས་པ་ཚངས་པ་ཐོབ། །གྲོལ་བ་ཐར་པ་རྣམ་གྲོལ་ལུས། །རྣམ་གྲོལ་ཞི་བ་ཞི་བ་ཉིད། །མྱ་ངན་འདས་ཞི་མྱ་ངན་འདས། །ལེགས་པར་མྱ་ངན་འདས་དང་ཉེ། །བདེ་སྡུག་སེལ་བ་མཐར་གྱུར་པ། །ཆགས་བྲལ་ལུས་ལས་འདས་པ་པོ། །ཐུབ་པ་མེད་པ་དཔེ་མེད་པ། །མི་མངོན་མི་སྣང་གསལ་བྱེད་མིན། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཕྲ་ཞིང་ཟག་མེད་ས་བོན་བྲལ། །རྡུལ་མེད་རྡུལ་བྲལ་དྲི་མ་མེད། །ཉེས་པ་སྤངས་པ་སྐྱོན་མེད་པ། །ཤིན་ཏུ་སད་པ་སད་པའི་བདག །ཀུན་ཤེས་ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་ཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཚིག་གི་དབང་ཕྱུག་སྨྲ་བ་ཆེ། །སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །སྨྲ་བའི་དམ་པ་མཆོག་གི་གནས། །སྨྲ་བའི་སེང་གེ་ཚུགས་པ་མེད། །ཀུན་ཏུ་བལྟ་བ་མཆོག་ཏུ་དགའ། །གཟི་བརྗིད་འཕྲེང་བ་ལྟ་ན་སྡུག །འོད་བཟང་འབར་བ་དཔལ་གྱི་བེའུ། །ལག་ན་འོད་འབར་སྣང་བ་པོ། །སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཟུག་རྔུ་འབྱིན་པ་བླ་ན་མེད། །སྨན་རྣམས་མ་ལུས་ལྗོན་པའི་ཤིང༌། །ཉོན་མོངས་ནད་ཀྱི་སྒྲ་ཆེ་བ། །སྡུག་གུ་འཇིག་རྟེན་གསུམ་གྱི་མཆོག །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཕྱོགས་བཅུ་ནམ་མཁའི་མཐས་ཐུག་པར། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །འགྲོ་ན་གདུགས་གཅིག་ཡངས་པ་སྟེ། བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །དཔལ་ལྡན་པདྨ་གར་གྱི་བདག །ཁྱབ་བདག་ཆེན་པོ་རིན་ཆེན་གདུགས། །སངས་རྒྱས་ཀུན་གྱི་རྒྱལ་པོ་ཆེ། །སངས་རྒྱས་ཀུན་གྱི་སྐུ་འཆང་བ། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། །སངས་རྒྱས་ཀུན་གྱི་བསྟན་པ་གཅིག །རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག །རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཆགས་བྲལ་དང་པོ་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་འགྲོ་བའི་ཆོས་འཛིན་པ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང༌། །ཆེ་བ་སངས་རྒྱས་རིག་སྔགས་རྒྱལ། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཡི་གེ་མཆོག་སྟེ་རྣམ་པར་དག །ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས། །རྡོ་རྗེ་ཟབ་མོ་ཛི་ན་ཛིག །རྡོ་རྗེ་བློ་གྲོས་དོན་བཞིན་རིག །ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །ས་རྣམས་ཀུན་གྱི་རྒྱན་དང་ལྡན། །རྣམ་པར་དག་པ་བདག་མེད་ཆོས། །ཡང་དག་ཡེ་ཤེས་ཟླ་འོད་བཟང༌། །བརྩོན་ཆེན་སྒྱུ་འཕྲུལ་དྲ་བ་སྟེ། །རྒྱུད་ཀུན་གྱི་ནི་བདག་པོ་མཆོག །རྡོ་རྗེ་གདན་ནི་མ་ལུས་ལྡན། །ཡེ་ཤེས་སྐུ་རྣམས་མ་ལུས་འཆང༌། །ཀུན་ཏུ་བཟང་པོ་བློ་གྲོས་བཟང༌། །ས་ཡི་སྙིང་པོ་འགྲོ་བ་འཛིན། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང༌། །དངོས་པོ་ཀུན་གྱི་རང་བཞིན་མཆོག །དངོས་པོ་ཀུན་གྱི་རང་བཞིན་འཛིན། །སྐྱེ་མེད་ཆོས་ཏེ་སྣ་ཚོགས་དོན། །ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང༌། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། །ཐུབ་པ་བློ་མཆོག་འབྱུང་བའི་མཐའ། །མི་གཡོ་རབ་ཏུ་དད་པའི་བདག །རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང༌། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཡེ་ཤེས་མེ་ལྕེ་འོད་རབ་གསལ། །འདོད་པའི་དོན་གྲུབ་དམ་པ་སྟེ། །ངན་སོང་ཐམས་ཅད་རྣམ་སྦྱོང་བ། །མགོན་པོ་སེམས་ཅན་ཀུན་གྱི་མཆོག །སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །ཉོན་མོངས་གཡུལ་དུ་གཅིག་དཔའ་བ། །མི་ཤེས་དགྲ་ཡི་དྲེགས་པ་འཇོམས། །བློ་ལྡན་སྒེག་འཆང་དཔལ་དང་ལྡན། །དཔའ་བོ་མི་སྡུག་གཟུགས་འཆང་བ། །ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང༌། །གོམས་པའི་སྟབས་ཀྱིས་གར་བྱེད་པ། །དཔལ་ལྡན་ལག་པ་བརྒྱས་གང་ལ། །ནམ་མཁའ་ཁྱབ་པར་གར་བྱེད་པ། །ས་ཡི་དཀྱིལ་འཁོར་གཞི་ཡི་ཁྱོན། །རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །རྐང་མཐིལ་སེན་མོའི་ཁྱོན་གྱིས་ཀྱང༌། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །དམ་པའི་དོན་ཏེ་འཇིགས་པ་མེད། །རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། །སེམས་དང་རྣམ་ཤེས་རྒྱུད་དང་ལྡན། །དངོས་ལྡན་མ་ལུས་རྣམས་ལ་དགའ། །སྟོང་པ་ཉིད་དགའ་མཆོག་གི་བློ། །སྲིད་པའི་འདོད་ཆགས་སོགས་སྤངས་པར། །སྲིད་གསུམ་དགའ་བ་ཆེན་པོ་པ། །སྤྲིན་དཀར་དག་པ་བཞིན་དུ་དཀར། །འོད་བཟང་སྟོན་ཀའི་ཟླ་བའི་འོད། །ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །སེན་མོའི་འོད་ནི་ཤས་ཆེར་དམར། །ཅོད་པན་བཟང་པོ་མཐོན་གའི་རྩེ། །སྐྲ་མཆོག་མཐོན་ག་ཆེན་པོ་འཆང༌། །ནོར་བུ་ཆེན་པོ་འོད་ཆགས་དཔལ། །སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། །འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ། །རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན། །དེ་ཉིད་དྲན་པ་ཆེན་པོ་འཆང༌། །དྲན་པ་བཞི་པོའི་ཏིང་འཛིན་རྒྱལ། །བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། །ལམ་གྱི་ཡན་ལག་བརྒྱད་ཚུལ་རིག །ཡང་དག་སངས་རྒྱས་ལམ་རིག་པ། །སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ནམ་མཁའ་ལྟ་བུར་ཆགས་པ་མེད། །སེམས་ཅན་ཀུན་གྱི་ཡིད་ལ་འཇུག །སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། །སེམས་ཅན་ཀུན་གྱི་དབང་དོན་ཤེས། །སེམས་ཅན་ཀུན་གྱི་ཡིད་འཕྲོག་པ། །ཕུང་པོ་ལྔ་དོན་དེ་ཉིད་ཤེས། །རྣམ་དག་ཕུང་པོ་ལྔ་འཆང་བ། །ངེས་འབྱུང་ཀུན་གྱི་མཐའ་ལ་གནས། །ངེས་པར་འབྱུང་བ་ཀུན་ལ་མཁས། །ངེས་འབྱུང་ཀུན་གྱི་ལམ་ལ་གནས། །ངེས་པར་འབྱུང་བ་ཀུན་སྟོན་པ། །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །དག་པ་རྣམ་པ་བཅུ་གཉིས་འཆང༌། །བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། །ཤེས་པ་བརྒྱད་པོ་རྟོགས་པ་འཆང༌། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་པ་སངས་རྒྱས་ཀུན་རིག་མཆོག །སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བྱེ་བ་དཔག་མེད་འགྱེད་པ་པོ། །སྐད་ཅིག་ཐམས་ཅད་མངོན་པར་རྟོགས། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཉོན་མོངས་ཁམས་རྣམས་དག་པའི་བདག །ལས་ཀྱི་ཁམས་རྣམས་ཟད་བྱེད་པ། །ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ། །སྦྱོར་བའི་དགོན་པ་ལས་བྱུང་བ། །ཉོན་མོངས་ཉེ་བ་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་པ། །སྙིང་རྗེ་ཆེ་དང་ཤེས་རབ་ཐབས། །དོན་ཡོད་འགྲོ་བའི་དོན་བྱེད་པ། །འདུ་ཤེས་ཀུན་གྱི་དོན་སྤངས་ཤིང༌། །རྣམ་ཤེས་དོན་ནི་འགག་པར་བྱེད། །སེམས་ཅན་ཀུན་གྱི་ཡིད་ཀྱི་ཡུལ། །སེམས་ཅན་ཀུན་གྱི་ཡིད་རིག་པ། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །དེ་དག་སེམས་དང་མཐུན་པར་འཇུག །སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །སེམས་ཅན་ཀུན་གྱི་ཡིད་དགའ་བ། །གྲུབ་པ་མཐར་ཕྱིན་འཁྲུལ་པ་མེད། །ནོར་བ་ཐམས་ཅད་རྣམ་པར་སྤངས། །དོན་གསུམ་ཐེ་ཚོམ་མེད་པའི་བློ། །ཀུན་དོན་ཡོན་ཏན་གསུམ་གྱི་བདག །ཕུང་པོ་ལྔ་དོན་དུས་གསུམ་དུ། །སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །སངས་རྒྱས་ཀུན་གྱི་རང་བཞིན་འཆང༌། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་རྟོགས་པ་པོ། །གཟུགས་རྣམས་སྣ་ཚོགས་ཀུན་ཏུ་སྟོན། །ནོར་བུ་ཆེན་པོ་རིན་ཆེན་ཏོག །སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །སངས་རྒྱས་བྱང་ཆུབ་བླ་ན་མེད། །གསང་སྔགས་ལས་བྱུང་ཡི་གེ་མེད། །གསང་སྔགས་ཆེན་པོ་རིགས་གསུམ་པ། །གསང་སྔགས་དོན་ཀུན་སྐྱེད་པ་པོ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་དྲུག །རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང༌། །ཡན་ལག་མེད་པའི་རྩིས་ལས་འདས། །བསམ་གཏན་བཞི་པའི་རྩེ་མོ་འཆང༌། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང༌། །ཏིང་འཛིན་རིག་དང་རྒྱུད་རིགས་པ། །ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །ལྷ་ཡི་དབང་པོ་ལྷ་ཡི་ལྷ། །ལྷ་ཡི་བདག་པོ་ལྷ་མིན་བདག །འཆི་མེད་དབང་པོ་ལྷའི་བླ་མ། །འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་པོ། །སྲིད་པའི་དགོན་པ་ལས་བརྒལ་བ། །སྟོན་པ་གཅིག་པུ་འགྲོ་བའི་བླ། །འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ། །ཆོས་ཀྱི་སྦྱིན་བདག་ཆེ་བ་པོ། །བྱམས་པའི་གོ་ཆ་ཆས་པ་སྟེ། །སྙིང་རྗེ་ཡི་ནི་ཡ་ལད་བགོས། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །དཔའ་བོ་བདུད་དགྲ་བདུད་འདུལ་བ། །བདུད་བཞིའི་འཇིགས་པ་སེལ་བར་བྱེད། །བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། །རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་རྗེད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད། །མཁའ་ལྟར་མཐའ་མེད་རྣམ་པར་གནོན། །གསུམ་རིག་གཙང་མ་དག་པ་སྟེ། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །རྫུ་འཕྲུལ་ཆེན་པོ་འཇིག་རྟེན་འདས། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཤེས་རབ་ཀྱིས་ནི་དེ་ཉིད་ཐོབ། །བདག་རིག་གཞན་རིག་ཐམས་ཅད་པ། །ཀུན་ལ་ཕན་པའི་གང་ཟག་མཆོག །དཔེར་བྱ་ཀུན་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཕྱག་རྒྱ་བཞི་པོའི་དོན་སྟོན་པ། །འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག །ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱི། །དོན་གྱི་དམ་པ་རྣམ་དག་དཔལ། །འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། །དཔལ་ལྡན་འབྱོར་པ་ཀུན་བྱེད་པ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཨོཾ་སརྦ་དྷརྨ་ཨ་བྷཱ་བ་སྭ་བྷཱ་བ་བི་ཤུདྡྷ་བཛྲ་ཨ་ཨཱ་ཨཾ་ཨཿ པྲ་ཀྲི་ཏི་པ་རི་ཤུདྡྷ། སརྦ་དྷརྨ་ཡ་དུ་ཏ། སརྦ་ཏ་ཐ་ག་ཏ་ཛྙཱ་ན་ཀཱ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷེ་ཏཱ་མུ་པཱ་དཱ་ཡ་ཏི། ཨ་ཨཱཿ སརྦ་ཏ་ཐ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུྃ་ཧྲཱིཿ བྷཱ་ག་ཝན་ཛྙཱ་ན་མཱུར་ཏྟི་བཱ་གཱི་ཤྭ་ར་མ་ཧཱ་པཱ་ཙ་སརྦ་དྷརྨ་ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ། དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང༌། །དགའ་ཞིང་མགུ་ནས་ཐལ་མོ་སྦྱར། །མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །དེ་ནས་མགོན་པོ་གསང་བའི་བདག །ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ། །སྣ་ཚོགས་གཞན་དང་ལྷན་ཅིག་ཏུ། །གསང་བསྟོད་ནས་ནི་ཚིག་འདི་གསོལ། །མགོན་པོ་བདག་ཅག་ཡི་རང་ངོ༌། །ལེགས་སོ་ལེགས་སོ་ལེགས་པར་གསུངས། །རྣམ་གྲོལ་འབྲས་བུ་འཚལ་བ་ཡི། །འགྲོ་བ་མགོན་མེད་རྣམས་དང་ནི། །བདག་ཅག་ཡང་དག་རྫོགས་པ་ཡི། །བྱང་ཆུབ་ཐོབ་པའི་དོན་ཆེན་མཛད། །སྒྱུ་འཕྲུལ་དྲ་བའི་ཚུལ་བསྟན་པ། །འདི་ནི་རྣམ་དག་ལེགས་པའི་ལམ། །ཟབ་ཅིང་ཡངས་ལ་རྒྱ་ཆེ་སྟེ། །དོན་ཆེན་འགྲོ་བའི་དོན་བྱེད་པ། །སངས་རྒྱས་རྣམས་ཀྱི་ཡུམ་འདི་ནི། །རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། །བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གསུངས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲརྡྷཱ་ཀ་ར་ཝརྨ་དང༌། ཀ་མ་ལ་གུཔྟ་དང༌། ཞུ་ཆེན་གྱི་ལོ་ཙྪ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

༄༅། །འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ནཱ་མ་མ་ཧཱ་ཡ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དག་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་མེད་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །ཚེ་འཛིན་ཅིང་ཚེ་མཐར་ཕྱིན་པར་བཞེད་དེ། སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ། །འཇམ་དཔལ་གཞོན་ནུར་གྱུར་པ་ཉོན་ཅིག །འཛམ་བུའི་གླིང་གི་སེམས་ཅན་རྣམས་ནི་ཚེ་ཐུང་བ་ལོ་བརྒྱ་ཐུབ་པ་ཤ་སྟག་སྟེ། དེ་དག་ལས་ཀྱང་ཕལ་ཆེར་ནི་དུས་མ་ཡིན་པར་འཆི་བར་བསྟན་ཏོ། །འཇམ་དཔལ་སེམས་ཅན་གང་དག་དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་དེའི་ཡོན་ཏན་དང་བསྔགས་པར་གྱུར་པ་ཡོངས་སུ་བརྗོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་གམ། མིང་ཙམ་ཉན་ཏམ། ཀློག་པ་ནས་གླེགས་བམ་ལ་བྲིས་ཏེ། ཁྱིམ་ན་འཆང་གི་བར་དུ་བྱེད་དམ། མེ་ཏོག་དང༌། སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་རྣམས་ཀྱིས་མཆོད་པར་འགྱུར་བ་དེ་དག་གི་ཚེ་ཡོངས་སུ་ཟད་པ་ལས་སླར་ཡང་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། །འཇམ་དཔལ་སེམས་ཅན་གང་དག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོའི་མཚན་བརྒྱ་རྩ་བརྒྱད་པ་ཐོས་པར་གྱུར་པ་དེ་དག་གི་ཚེ་ཡང་རྣམ་པར་འཕེལ་བར་འགྱུར་རོ། །སེམས་ཅན་གང་དག་ཚེ་ཡོངས་སུ་ཟད་ཀར་མཚན་འཆང་བར་གྱུར་པ་དེ་དག་གི་ཚེ་ཡང་རྣམ་པར་འཕེལ་བར་གྱུར་རོ། །འཇམ་དཔལ་དེ་ལྟ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་ཚེ་རིང་པོར་འདོད་པས་དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་དེའི་མཚན་བརྒྱ་རྩ་བརྒྱད་ཉན་ཏམ། ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་གམ། ཀློག་པར་གྱུར་པ་དེ་དག་གི་ཡོན་ཏན་དང་ལེགས་པར་གྱུར་པ་ནི་འདི་དག་གོ །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱཱ་ན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨ་པ་རི་མི་ཏ་པུ་ཎྱེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། །འཇམ་དཔལ་དེ་བཞིན་གཤེགས་པའི་མཚན་བརྒྱ་རྩ་བརྒྱད་པོ་འདི་དག་གང་ལ་ལ་ཞིག་གིས་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་གམ། གླེགས་བམ་ལ་བྲིས་ཏེ་ཁྱིམ་ན་འཆང་ངམ། །ཀློག་པར་གྱུར་ན་ཚེ་ཟད་པ་ལས་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། །འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་མེད་པ་ལ་སོགས་པར་སྐྱེ་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨ་པ་རི་མི་ཏ་པུ་ཎྱེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། །ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་དགུ་རྩ་དགུས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུཎྱེ་མ་ཧཱ་པུ་ཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། །ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་བདུན་ཅུ་རྩ་བདུན་གྱིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱཱ་ན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུ་ཎྱེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། །ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་དྲུག་ཅུ་རྩ་ལྔས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨ་པ་རི་མི་ཏ་པུ་ཎྱེ་ཨ་པ་རི་མི་ཏ་པུ་ཎྱ། ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། །ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་ལྔ་ཅུ་རྩ་ལྔས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨ་པ་རི་མི་ཏ་པུ་ཎྱེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། །ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་བཞི་ཅུ་རྩ་ལྔས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱཱ་ན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨ་པ་རི་མི་ཏ་པུ་ཎྱེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་གི་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨ་པ་རི་མི་ཏ་པུ་ཎྱེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། །ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་ཉི་ཤུ་རྩ་ལྔས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱཱ་ན་སུ་བི་ནིཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུ་ཎྱེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། །ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་གང་གའི་ཀླུང་བཅུའི་བྱེ་མ་སྙེད་ཀྱིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨ་པ་རི་མི་ཏ་པུ་ཎེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། །གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲི་འཇུག་གམ། འཆང་ན་ཚེ་ཟད་པ་ལས་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། །ཚེ་ཡང་རྣམ་པར་འཕེལ་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱཱ་ན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨ་པ་རི་མི་ཏ་པུ་ཎྱེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། །གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲི་འཇུག་ན། དེ་སེམས་ཅན་དམྱལ་བ་དང༌། བྱོལ་སོང་གི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དུ་ནམ་དུ་ཡང་སྐྱེ་བར་མི་འགྱུར་རོ། །ནམ་དུ་ཡང་མི་ཁོམ་པར་སྐྱེ་བར་མི་འགྱུར་ཏེ། གང་དང་གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱཱ་ན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨ་པ་རི་མི་ཏ་པུ་ཎྱེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། །གང་ལ་ལ་ཞིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འབྲིར་བཅུག་པར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨ་པ་རི་མི་ཏ་པུ་ཎྱེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་གཾ་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བྱེད་དུ་བཅུག་པ་དང༌། རབ་ཏུ་གནས་པ་བྱས་པ་ཡིན་ནོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨ་པ་རི་མི་ཏ་པུ་ཎྱེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་གཾ་ན་ས་མུདྒ་ཏེ་སྭ་བྷ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། །གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེའི་མཚམས་མེད་པ་ལྔ་ཡང་ཡོངས་སུ་བྱང་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་སཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨ་པ་རི་མི་ཏ་པུ་ཎྱེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། །གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེའི་སྡིག་པའི་ཕུང་པོ་རི་རབ་ཙམ་ཡང་ཡོངས་སུ་བྱང་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨ་པ་རི་མི་ཏ་པུ་ཎྱེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། །གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེ་ལ་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་དང༌། གནོད་སྦྱིན་དང༌། སྲིན་པོས་གླགས་བཙལ་ཀྱང་གླགས་རྙེད་པར་མི་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་མ་ཧཱ་པུ་ཅེ། ཨ་པ་རི་མི་ཏ་པུ་ཎྱེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། །གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེ་འཆི་བའི་དུས་ཀྱི་ཚེ་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་མངོན་སུམ་དུ་ལུང་སྟོན་པར་མཛད་དེ། སངས་རྒྱས་སྟོང་གིས་དེ་ལ་ཕྱག་རྐྱོང་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་མཛད་པར་གྱུར་ཏེ། འདི་ལ་ཐེ་ཚོམ་དང༌། སོམ་ཉི་དང༌། ཡིད་གཉིས་མ་བྱེད་ཅིག །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱཱ་ན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨ་པ་རི་མི་ཏ་པུ་ཎྱེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། །གང་དག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། རྒྱལ་པོ་ཆེན་པོ་བཞི་དེའི་ཕྱི་བཞིན་དུ་འབྲང་ཞིང་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བ་བྱེད་པར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཅེ། ཨ་པ་རི་མི་ཏ་པུ་ཎེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། །གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེ་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨ་པ་རི་མི་ཏ་པུ་ཎེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། །ས་ཕྱོགས་གང་དུ་མདོ་སྡེ་དཀོན་མཆོག་འདི་འབྲི་བའི་ས་ཕྱོགས་དེ་ཡང་མཆོད་རྟེན་དུ་འགྱུར་རོ། །བྱོལ་སོང་གི་སྐྱེ་གནས་སུ་སོང་བའི་བྱ་དང༌། རི་དྭགས་གང་དག་གི་རྣ་ལམ་དུ་གྲགས་པར་གྱུར་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨ་པ་རི་མི་ཏ་པུ་ཎྱེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། །གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེ་བུད་མེད་ཀྱི་ལུས་སུ་ནམ་དུ་ཡང་སྐྱེ་བར་མི་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨ་པ་རི་མི་ཏ་པུ་ཎྱེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། །གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ཆོས་ཀྱི་རྣམ་གྲངས་འདིའི་ཕྱིར་ཀར་ཤ་པ་ན་གཅིག་སྦྱིན་པ་བྱིན་ན། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ་སྦྱིན་པ་བྱིན་པར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨ་པ་རི་མི་ཏ་པུ་ཎྱེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། །གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པ་བྱེད་པར་འགྱུར་བ་དེས། དམ་པའི་ཆོས་མཐའ་དག་ལ་མཆོད་པ་བྱས་པར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨ་པ་རི་མི་ཏ་པུ་ཎྱེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་གཾ་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། འདི་ལྟ་སྟེ། དཔེར་ན། དེ་བཞིན་གཤེགས་པ་རྣམ་པར་གཟིགས་དང༌། གཙུག་ཏོར་ཅན་དང༌། ཐམས་ཅད་སྐྱོབ་དང༌། ལོག་པར་དད་སེལ་དང༌། གསེར་ཐུབ་དང༌། འོད་སྲུང་དང༌། ཤཱཀྱ་ཐུབ་པ་ལ་སོགས་པ་ལ་རིན་པོ་ཆེ་སྣ་བདུན་གྱིས་མཆོད་པ་བྱས་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་ནུས་ཀྱི་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་མི་ནུས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨ་པ་རི་མི་ཏ་པུ་ཎྱེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། འདི་ལྟ་སྟེ། དཔེར་ན། རིན་པོ་ཆེའི་ཕུང་པོ་རིའི་རྒྱལ་པོ་རི་རབ་ཙམ་སྤུངས་ཏེ། སྦྱིན་པ་བྱིན་པ་དེའི་བསོད་ནམས་ཀྱི་ཕུང་པོ་ནི་བགྲང་བར་ནུས་ཀྱི། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདིའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་མི་ནུས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱཱ་ན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨ་པ་རི་མི་ཏ་པུ་ཎྱེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷ་ཝ་བི་ཤུདྡྷེ་མ་ཧ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། །འདི་ལྟ་སྟེ། དཔེར་ན། རྒྱ་མཚོ་ཆེན་པོ་བཞི་ཆུས་ཡོངས་སུ་གང་བའི་ཐིགས་པ་རེ་རེ་ནས་བགྲང་བར་ནུས་ཀྱི། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་མི་ནུས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨ་པ་རི་མི་ཏ་པུ་ཎྱེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། །གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་གམ། བསྟི་སྟང་དུ་བྱས་ཏེ། མཆོད་པ་བྱེད་པར་འགྱུར་བ་དེས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་པ་དང༌། མཆོད་པ་བྱས་པ་ཡིན་ནོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨ་པ་རི་མི་ཏ་པུ་ཎྱེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། སྦྱིན་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེས་སྦྱིན་པའི་སྟོབས་རྟོགས་ནས། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །སྦྱིན་པའི་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །ཚུལ་ཁྲིམས་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེས་ཚུལ་ཁྲིམས་སྟོབས་རྟོགས་ནས། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །ཚུལ་ཁྲིམས་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །བཟོད་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེས་བཟོད་པའི་སྟོབས་རྟོགས་ནས། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །བཟོད་པའི་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །བརྩོན་འགྲུས་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེས་བརྩོན་འགྲུས་སྟོབས་རྟོགས་ནས། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །བརྩོན་འགྲུས་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །བསམ་གཏན་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེས་བསམ་གཏན་སྟོབས་རྟོགས་ནས། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །བསམ་གཏན་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །ཤེས་རབ་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེས་ཤེས་རབ་སྟོབས་རྟོགས་ནས། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །ཤེས་རབ་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏཱ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨ་པ་རི་མི་ཏ་པུ་ཎྱེ་ཨ་པ་རི་མི་ཏ་པུ་ཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང༌། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། །འདི་ལ་འགྱུར་ཁྱད་ཕྲན་བུ་ཡོང་གི་འདུག་ནའང༌། འདིར་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཞལ་སྔ་ནས། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་ལ་ཊཱི་ཀ་མཛད་པའི་དགོངས་པ་དང་མཐུན་པའོ། །འདི་ལ་བརྟེན་ནས་བདག་གཞན་སྐྱེ་རྒུ་མཐའ་དག་འཆི་བ་མེད་པ་ཚེའི་དཔལ་ལ་དབང་ཐོབ་པར་གྱུར་ཅིག། །།སརྦ་མངྒ་ལཾ། །

འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྙིང་པོ་ཞེས་བྱ་བའི་གཟུངས།

༄༅། །འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྙིང་པོ་ཞེས་བྱ་བའི་གཟུངས་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་ཨ་པ་རི་མི་ཏཱ་ཨཱ་ཡུར་ཛྙཱ་ན་ཧྲི་ད་ཡ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྙིང་པོ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་གངྒ་གས་བསྐོར་བའི་རྫིང་བུའི་འགྲམ་ན། དགེ་སློང་ལྔ་བརྒྱའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་བསྩལ་ནས། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང༌། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །བདེ་བ་ཅན་གྱི་འཇིག་རྟེན་ཁམས། །དེ་ན་རྫོགས་པའི་སངས་རྒྱས་བཞུགས། །དེ་བཞིན་གཤེགས་པ་ཚེ་དཔག་མེད། །སུ་ཞིག་དེ་ཡི་མཚན་བརྗོད་ན། །དེ་ནི་དེ་རུ་སྐྱེ་བར་འགྱུར། །འཆི་བའི་དུས་སུ་སྟོན་པ་ནི། །དགེ་སློང་དགེ་འདུན་བཅས་ཏེ་མཐོང༌། །དེ་ན་བུད་མེད་ཡོད་པ་མིན། །མངལ་ན་གནས་པ་ཡོད་མ་ཡིན། །རིན་ཆེན་རྣམས་ཀྱི་པདྨོ་ལས། །རྫུ་འཕྲུལ་ཆེན་པོ་འབྱུང་བར་འགྱུར། །ཟས་དང་གོས་དང་སྨན་རྣམས་དང༌། །ཆོས་གོས་མལ་ཆ་ལྷུང་བཟེད་རྣམས། །སེམས་ཀྱིས་བསམས་མ་ཐག་ཏུ་ནི། །དེ་དག་མོད་ལ་འབྱུང་བར་འགྱུར། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །བདེ་བ་ཅན་གྱི་བསྔགས་པ་བརྗོད། །དེ་ལྟར་སངས་རྒྱས་བསམ་མི་ཁྱབ། །སངས་རྒྱས་ཆོས་ཀྱང་བསམ་མི་ཁྱབ། །འཕགས་པའི་དགེ་འདུན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་ན། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །རྣམ་དག་ཞིང་དུ་སྐྱེ་བར་འགྱུར། །དགེ་སློང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཀྱི་ཕོ་བྲང་འཁོར་དང་བཅས་པ་ཞེས་བྱ་བའི་རྒྱར་དཔག་ཚད་ཁྲི་ཡོད་པ་ཞིག་ཡོད་དེ། །རྒྱལ་རིགས་སུ་སྐྱེས་སོ། །དགེ་སློང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཀྱི་ཡབ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བཟང་པོའི་མཆོག་ཅེས་བྱ་བར་གྱུར་ཏོ། །དེའི་ཡུམ་ནི་གཟི་བརྗིད་ཅན་ཞེས་བྱ་བར་གྱུར་ཏོ། །དེའི་བཙུན་མོ་ནི་རྒྱལ་རིགས་བཟང་སྐྱོང་མ་ཞེས་བྱ་བར་གྱུར་ཏོ། །དགེ་སློང་དག་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་སྲས་ནི་ཟླ་བའི་འོད་ཅེས་བྱ་བར་གྱུར་ཏོ། །རིམ་གྲོ་པ་སྙན་པ་དྲི་མ་མེད་ཅེས་བྱ་བར་གྱུར་ཏོ། །དགེ་སློང་དག་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་ཤེས་རབ་ཅན་གྱི་མཆོག་ཏུ་གྱུར་པ་ནི། བཟང་པོའི་ཏོག་ཅེས་བྱ་བར་གྱུར་ཏོ། །རྫུ་འཕྲུལ་དང་ལྡན་པའི་མཆོག་དང་བརྩོན་འགྲུས་ཆེན་པོ་དང་ལྡན་པའི་མཆོག་ནི་བཀོད་པ་ཆེན་པོ་ཞེས་བྱའོ། །དགེ་སློང་དག་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་བདུད་ནི་མཆོད་པའི་རྒྱལ་པོ་ཞེས་བྱ་བར་གྱུར་ཏོ། །ལྷ་སྦྱིན་གྱི་མིང་ནི་དང་བ་ཞེས་བྱ་བར་གྱུར་ཏོ། །དགེ་སློང་དག་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་ཉན་ཐོས་འདུས་པ་ཆེན་པོ་ནི་ཉན་ཐོས་ཆེན་པོ་དྲུག་ཁྲི་ཡོད་དོ། །དགེ་སློང་དག་སེམས་ཅན་ཐམས་ཅད་ཀྱིས་ལེགས་པར་བསམས་ཏེ། །དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་མཚན་ལེགས་པར་བཟུང་ལ། ཞག་བཅུར་སངས་རྒྱས་རྗེས་སུ་དྲན་པ་ཡིད་ལ་མ་ཡེངས་པར་བསྒོམ་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ན་བཞུགས་པའི་དེ་བཞིན་གཤེགས་པ་ཚེ་དཔག་མེད་རྒྱུན་དུ་ཡིད་ལ་བྱའོ། །དཔལ་འཆི་མེད་རྔ་སྒྲའི་རྒྱལ་པོ་ཞེས་བྱ་བའི་གཟུངས་འདི་ཡང་རྟག་ཏུ་བཟླས་བརྗོད་བྱའོ། །ཉིན་ལན་གསུམ་མཚན་ལན་གསུམ་ཡན་ལག་ལྔས་ཕྱག་བྱས་ལ། སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཚེ་དཔག་མེད་བསམས་ན། ཞག་བཅུ་འདས་པའི་དུས་སུ་དེ་བཞིན་གཤེགས་པ་ཚེ་དཔག་མེད་མཐོང་བར་འགྱུར་རོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱང་མཐོང་བར་འགྱུར་རོ། །དགེ་བའི་རྩ་བ་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་ཡོངས་སུ་བསྔོས་ན། དེ་འཆི་བའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པ་ཚེ་དཔག་མེད་མདུན་ན་བཞུགས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ། །དགེ་སློང་དག་འཆི་མེད་རྔ་སྒྲའི་རྒྱལ་པོ་ཞེས་བྱ་བའི་གཟུངས་དེ་གང་ཞེ་ན། ཏདྱ་ཐཱ། ཤ་བ་ལེ། ཨ་བ་ལེ། ས་མ་ཛ་ལེ། ནིརྡེ་ཤེ། ནི་ར་ཛཱ་ཏེ། ནི་ར་རུཀྟེ། ནི་ར་མུ་ཁེ། ཛྭ་ལ་པ་ར་ཙྪེ་ད་ནི། སུ་ཁ་པ་ཏི་ནིར་དེ་ཤེ། ཨ་མྲྀ་ཏེ། ཨཱ་ཡུར་གརྦྷ་ནིར་ཧཱ་ནི། ཨ་མྲྀ་ཏེ། ཨཱ་ཡུར་པྲ་སཱ་དྷ་ནི། ནིར་བུདྡྷ་ཨཱ་ཀཱ་ཤ་ནིར་ཛ་ཏེ། ཨཱ་ཀཱ་ཤ་ནིར་དེ་ཤེ། ཨཱ་ཀཱ་ཤ་ནི་ར་ཀུ་ཤ་ལེ། ཨཱ་ཀཱ་ཤ་ནིར་དར་ཤ་ནེ། ཨཱ་ཀཱ་ཤ་ཨ་དྷིཥྛཱ་ནེ། སུ་ཁ་བ་ཏི་ཨ་དྷིཥྛཱ་ནེ། རཱུ་པ་ནིར་དེ་ཤེ། ཙ་ཏྭ་རི་དྷརྨྨ་པྲ་སཱ་དྷ་ནེ། ཙ་ཏྭ་རི་ཨཱརྻ་སཏྱ་པྲ་སཱ་དྷ་ནེ། ཙ་ཏྭ་རི་མཱརྒ་བྷ་བ་ན་པྲ་སཱ་དྷ་ནེ། བ་ལ་བཱིརྻ་པྲ་སཱ་དྷ་ནེ། དྷརྨྨ་ཙྪེ་ད་ནེ། ཀུ་ཤ་ལེ། ཀུ་ཤ་ལི་ནིར་དེ་ཤེ། ཀུ་ཤ་ལ་པྲ་ཏིཥྛཱ་ནེ། བུདྡྷ་ཀུ་ཤ་ལེ། བི་བུདྡྷཱ་པྲ་བྷཱ་ས། དྷརྨྨ་ཀ་ར་ཎེ། ནི་ར་ཛ་ཏེ། ནི་ར་བུདྡྷ། བི་མ་ལེ། བི་རཱ་ཛེ། ར་ཛཱ་སེ་ན། ར་སཱ་གྲ། ར་སཱ་གྲ་བ་ལ། ར་སཱ་གྲེ། ཨ་དྷིཥྛཱ་ན། ཀུ་ལེ་པྲ་ཏེ་ཀུ་ལེ། བི་ཀུ་ལེ། དཾ་ཏེ་སུ་དཾ་ཏེ་ཙིཏ་ཏེ། སུ་པྲ་ཤཱནྟ་ཙིཏྟི། སུ་པྲ་ཏིཥྛཱི་ཏེ། སུ་ལེ་སུ་མུ་ཁཱི། དྷརྨྨེ་ཙ་དྷ་མེ་བ་ལེ་བ་ལེ། ཨ་ནུ་ཤ་ཨ་བ་ལེ། བུདྡྷ་ཨཱ་ཀཱ་ཤ་གུ་ནེ་བུདྡྷ། ཨཱ་ཀཱ་ཤ་ནིར་གུ་ནེ། ཨ་མྲྀ་ཏ་དུན་དུ་བྷིཿསྭ་རེ་སྭཱ་ཧཱ། དགེ་སློང་དག་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་འཆི་མེད་རྔ་སྒྲའི་རྒྱལ་པོ་ཞེས་བྱ་བའི་གཟུངས་འདི་སྐད་བསྟན་པ་དེ་བཞིན་དུ་ཁ་བཏོན་བྱེད་པ་དེས། གོས་གཙང་མ་བགོས་ཏེ་ས་ཕྱོགས་གཙང་ཞིང་དྲི་མ་མེད་པར་དེ་བཞིན་གཤེགས་པ་ཚེ་དཔག་མེད་ལ་མེ་ཏོག་དང་སྤོས་ཀྱིས་མཆོད་པར་བྱའོ། །བྱང་ཆུབ་ཀྱི་སྙིང་པོ་པདྨའི་གནས་དང༌། བྱང་ཆུབ་ཀྱི་ཤིང་ཕུན་སུམ་ཚོགས་པ་ཡང་ཡིད་ལ་བྱའོ། །དེ་ལ་ཡང་འདོད་པ་བསྐྱེད་པར་བྱས་ཏེ། འདོད་པ་དང་དད་པ་བྱས་ན་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ། །དགེ་སློང་དག་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱི་ཤིང་གི་རྒྱལ་པོ་ནི་རིན་པོ་ཆེའི་པདྨ་རྣམ་པར་སྣང་བ་ཞེས་བྱ་བའི་ཤིང་དེ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པའོ། །པདྨའི་གདན་ནི་དག་ཅིང་གསལ་བ་བཟང་ཞིང་བཀྲ་བའི་འོད་ཟེར་ཅན་ཞེས་བྱ་བ་སྟེ། རིན་པོ་ཆེ་དུ་མས་བསྐོར་བ་ལ་དེ་བཞིན་གཤེགས་པ་ཚེ་དཔག་མེད་བཞུགས་སོ། །གཡས་ན་ནི་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གོ །གཡོན་ན་ནི་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་པ་སྟེ། བྱང་ཆུབ་སེམས་དཔའི་ཚོགས་གྲངས་མེད་པས་བསྐོར་ཏོ། །དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་མོས་པ་དང་དད་པ་གུས་པ་མང་བ་དེར་སྐྱེ་བར་འགྱུར་ཏེ། གསེར་གྱི་ས་གཞི་ཆེན་པོ་ལ་རིན་པོ་ཆེ་སྣ་བདུན་གྱི་པདྨ་ཆེན་པོ་དག་ལ་བརྫུས་ཏེ་སྐྱེ་བར་འགྱུར་རོ། །དགེ་སློང་དག་དགེ་སློང་ཕའམ། དགེ་སློང་མ་འམ། དགེ་བསྙེན་ཕའམ། དགེ་བསྙེན་མ་གང་ལ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་མཚན་ཡང་དག་པར་འཛིན་པ་དེ་ལ། མེའི་འཇིགས་པ་མི་འབྱུང༌། ཆུའི་འཇིགས་པ་མི་འབྱུང༌། དུག་གི་འཇིགས་པ་མི་འབྱུང༌། མཚོན་ཆའི་འཇིགས་པ་མི་འབྱུང༌། གནོད་སྦྱིན་གྱི་འཇིགས་པ་མི་འབྱུང་ངོ༌། །སྲིན་པོའི་འཇིགས་པ་མི་འབྱུང་ངོ༌། །སྔོན་གྱི་རྣམ་པར་སྨིན་པ་ནི་གང་ལ་ཡང་མ་གཏོགས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། དགེ་སློང་དེ་དག་དང༌། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང༌། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྙིང་པོ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པུ་ཎྱ་སམྦྷ་བ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའོ།། །།

གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་མདོ།

༄༅། །གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་མདོ་བཞུགས་སོ། །

རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ནཱ་མ་དྷ་ར་ཎི་ཀལྤ་ས་ཧི་ཏ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་རྟོགས་པ་དང་བཅས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་ཏུ་མེད་པ་བདེ་བ་ཅན་གྱི་ཆོས་ཡང་དག་པར་སྡུད་པའི་ཁང་བཟང་མཆོག་ན་ཉེ་བར་བཞུགས་སོ། །དེ་ནས་འཁོར་གྱི་དཀྱིལ་འཁོར་ལ་ཉེ་བར་གཟིགས་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། ཀྱེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོ་སྡུག་བསྔལ་བ་ནད་ཀྱིས་ཡོངས་སུ་གཟིར་བའི་སེམས་ཅན་ཚེ་ཟད་པ་རྣམས་ཡོད་དེ། དེ་རྣམས་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ལ་ཀུན་ཏུ་གཟིགས་པའི་མཚན་གྱིས་དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་འདི་ཉིད་འཆང་བ་དང༌། ཀློག་པ་དང༌། གཞན་དག་ལ་རྒྱ་ཆེར་ཡང་དག་པར་བསྟན་པའི་ཕྱིར། ཡུན་རིང་པོར་གནས་པ་སྒྲུབ་པའི་ཆེད་དུ་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ཏེ། ཀུན་ཏུ་གཟིགས་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་འདི་བཀའ་སྩལ་པ། ཨོཾ་ན་མོ་བྷ་ག་ཝ་ཏེ། སརྦ་ཏྲཻ་ལོ་ཀྱ་པྲ་ཏི་བི་ཤིཥྚཱ་ཡ། བུདྡྷ་ཡ་ཏེ་ན་མཿ ཏདྱ་ཐཱ། ཨོཾ་བྷྲཱུཾ་བྷྲཱུཾ་བྷྲཱུཾ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་ས་མ་ས་མནྟ། ཨ་བ་བྷཱ་ས་སྥ་ར་ཎ་ག་ཏི། ག་ག་ན་སྭ་བྷཱ་བ་བི་ཤུདྡྷེ། ཨ་བྷི་ཥིཉྩ་ཏུ་མཾ། སརྦ་ཏ་ཐཱ་ག་ཏཱཿསུ་ག་ཏ་བ་ར་བ་ཙ་ན། ཨ་མྲི་ཏ་ཨ་བྷི་ཥེ་ཀཻ་ར་མ་ཧཱ་མུ་དྲཱ། མནྟྲ་པ་དཻ། ཨཱ་ཧ་ར་ཨཱ་ཧ་ར། མ་མ་ཨཱ་ཡུཿསནྡྷ་ར་ཎི། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ག་ག་ན་སྭ་བྷ་བ་བི་ཤུདྡྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུདྡྷེ་ས་ཧ་སྲ་རསྨི་སཉྩོ་དི་ཏེ། སརྦ་ཏ་ཐཱ་ག་ཏཱ་ཨཱ་བ་ལོ་ཀི་ནི་ཥཊ་པཱ་ར་མི་ཏཱ་པ་རི་པུ་ར་ཎི། སརྦ་ཏ་ཐཱ་ག་ཏ་མ་ཏི། ད་ཤ་བྷུ་མི་པྲ་ཏིཥྛི་ཏེ། སརྦ་ཏ་ཐཱ་ག་ཏ་ཧྲཱི་ད་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛཱི་ཏེ། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། བཛྲ་ཀ་ཡ་སདྷ་ཏ་ན་པ་རི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ། པྲ་ཏི་ནི་ཝརྟ་ཡ་མ་མ་ཨཱ་ཡུར། བི་ཤུདྡྷེ་སརྦ་ཏ་ཐཱ་ག་ཏ། ས་མ་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛེ་ཏེ། ཨོཾ་མུ་ནི་མུ་ནི། མ་ཧཱ་མུ་ནི། བི་མུ་ནི་བི་མུ་ནི། མ་ཧཱ་བི་མུ་ནི། མ་ཏི་མ་ཏི། མ་ཧཱ་མ་ཏི། མ་མ་ཏི། སུ་མ་ཏི། ཏ་ཐ་ཏཱ་བྷུ་ཏ་ཀོ་ཊི་པ་རི་ཤུདྡྷ། བི་སྥུ་ཊ་བུདྡྷེ་ཤུདྡྷེ། ཧེ་ཧེ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར། སྥ་ར་སྥ་ར། སྥ་ར་ཡ་སྥ་ར་ཡ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཤུདྡྷེ་ཤུདྡྷེ། བུདྡྷེ་བུདྡྷེ། བཛྲེ་བཛྲེ་མ་ཧཱ་བཛྲེ། སུ་བཛྲེ་བཛྲ་གརྦྷེ། ཛ་ཡ་གརྦྷེ། བི་ཛ་ཡ་གརྦྷེ། བཛྲ་ཛྭ་ལཱ་གརྦྷེ། བཛྲོད་བྷ་ཝེ། བཛྲ་སམ་བྷ་ཝེ། བཛྲེ་བཛྲི། བཛྲི་མ་བྷ་བནྟུ། མ་མ་ཤ་རཱི་རཾ། སརྦ་ས་ཏྭ་ནཱཉྩ་ཀཱ་ཡ་པ་རི་ཤུདྡྷ་བྷ་བནྟུ། མེ་ས་དཱ་སརྦ་ག་ཏི་པ་རི་ཤུདྡྷ་ཤྩ། སརྦ་ཏ་ཐཱ་ག་ཏཱ་ཤྩ་མཾ། སརྦ་ས་ཏྭཱཾ་ཤྩ། ས་མཱ་ཤྭཱ་ས་ཡནྟུ། བུདྡྷེ་བུདྡྷེ། སིདྡྷེ་སིདྡྷེ། བོ་དྷ་ཡ་བོ་དྷ་ཡ། བི་བོ་དྷ་ཡ་བི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ས་མནྟ་མོ་ཙ་ཡ་མོ་ཙ་ཡ། ས་མནྟ་རསྨི་པ་རི་ཤུདྡྷ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཨ་དྷིཥྛཱ་ན་ཨ་དྷིཥྛཱི་ཏེ། མུ་དྲེ་མུ་དྲེ། མ་ཧཱ་མུ་དྲེ། མ་ཧཱ་མུ་དྲ་མནྟྲ་པ་དཻཿསྭཱ་ཧཱ། །ཨོཾ་བྷྲུཾ་སྭཱ་ཧཱ། ཨོཾ་ཨ་མྲི་ཏ་ཨཱ་ཡུར་ད་དེ་སྭཱ་ཧཱ། །གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བ་སྡིག་པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ། ངན་སོང་ཐམས་ཅད་རྒྱུན་གཅོད་པ་འདི་ཡི་གེར་བྲིས་ཏེ། མཆོད་རྟེན་གྱི་སྲོག་ཤིང་གི་སྟེང་དུ་བཞུགས་ལ། ཟླ་བ་ཉ་བའི་ཚེ་ཁྲུས་བྱས་ཏེ་ལན་སྟོང་རྩ་བརྒྱད་བརྗོད་ན། ཚེ་ཟད་པ་ལས་ཚེ་ཕྱིར་ནུར་བར་འགྱུར་རོ། །ངན་སོང་ཐམས་ཅད་ལས་མྱུར་དུ་ཐར་ཏེ། སྒྲིབ་པ་རྣམས་དག་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །དུད་འགྲོ་རྣམས་ཀྱིས་ཐོས་ན་ཡང་དེ་རྣམས་ངན་སོང་གི་ཐ་མ་ཡིན་ཏེ། བྱང་ཆུབ་མ་ཐོབ་ཀྱི་བར་དུ་མཐོ་རིས་རྒྱལ་པོའི་རིགས་སམ། བྲམ་ཟེའི་རིགས་སམ། ཚོང་དཔོན་གྱི་རིགས་སམ། ཁྱིམ་བདག་གི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུའི་ནང་དུ་སྐྱེ་བར་འགྱུར་རོ། །མཆོད་རྟེན་དེའི་གྲིབ་མས་ཕོག་གམ། རྡུལ་གྱིས་བཏབ་ཀྱང་རུང་སྟེ་ངན་སོང་དུ་འགྲོ་བར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡི་རངས་ཏེ། མངོན་པར་བསྟོད་དོ། །འཕགས་པ་གཙུག་ཏོར་རྣམ་པར་རྒྱལ་བའི་གཟུངས་རྟོག་པ་དང་བཅས་པ་རྫོགས་སོ།། །།

ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ་གཙུག་ཏོར་རྣམ་པར་རྒྱལ་མ།

༄༅། །ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ་གཙུག་ཏོར་རྣམ་པར་རྒྱལ་མ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་སརྦ་དུརྒ་ཏ་པ་རི་ཤོ་དྷ་ནི་མ་ཧཱ་པ་ཙ་ཡ་ནཱ་མ་དྷ་ར་ཎི། བོད་སྐད་དུ། འཕགས་པ་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་ལྷའི་བུ་ཤིན་ཏུ་བརྟན་པ་ཞེས་བྱ་བ་ཞིག་གསུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་ན། ཆོས་བཟང་ལྷའི་འདུན་ས་ན་གནས་ཏེ། ལྷའི་གཞལ་མེད་ཁང་ཆེན་པོ་དང༌། ལྷའི་ལོངས་སྤྱོད་ཆེན་པོ་དང༌། ལྷའི་བུ་མོའི་ཚོགས་ཆེན་པོས་བསྐོར་ནས་རྩེ་ཞིང་དགའ་མགུར་སྤྱོད་དེ། དེ་ལྷའི་ལོངས་སྤྱོད་ཆེན་པོ་མྱོང་བ་ལས། མཚན་མོ་སྒྲ་ཞིག་ཐོས་པར་གྱུར་པ་ལས། ལྷའི་བུ་ཤིན་ཏུ་བརྟན་པ་ཞག་བདུན་གྱི་ཉིན་པར་འཆི་བའི་དུས་བྱེད་དེ། དེ་འཆི་བའི་དུས་བྱས་ནས་ཀྱང་འཛམ་བུའི་གླིང་དུ་སྐྱེ་སྟེ། དེར་ཡང་འགྲོ་བ་བདུན་པོ་མྱོང་བར་གྱུར་ཏེ། འགྲོ་བ་བདུན་པོ་མྱོང་ནས་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །རྒྱ་ལ་ནམ་མིར་སྐྱེ་བར་གྱུར་ན་ཡང་དེའི་ཚེ་དབུལ་པོར་འགྱུར་ཞིང༌། དམུས་ལོང་དུ་ཡང་འགྱུར་རོ་ཞེས་ཐོས་སོ། །དེ་ནས་ལྷའི་བུ་དེས་སྒྲ་དེ་ཐོས་ནས་ཀྱང་འཇིགས་སྐྲག་དངངས་ཏེ་སྤུ་ཟིང་ཞེས་བྱེད་པར་གྱུར་ནས་དེ་རིངས་པ་རིངས་པར་ལྷའི་དབང་པོ་བརྒྱ་བྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ལྷའི་དབང་པོ་བརྒྱ་བྱིན་གྱི་རྐང་པ་ལ་ཕྱག་བྱས་ཏེ། རྟབ་པར་སྨྲ་ཞིང་ཀྱི་ཧུད་ཀྱི་ཧུད་ཅེས་སྨྲེ་སྔགས་འདོན་བཞིན་དུ་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་དབང་པོ་གསན་དུ་གསོལ། ལྷའི་དབང་པོ་བདག་ཀྱང་ལྷའི་བུ་མོའི་ཚོགས་ཀྱིས་བསྐོར་ཏེ། ལྷའི་ལོངས་སྤྱོད་ཀྱི་དགའ་བས་རྩེ་ཞིང་བདེ་བ་མྱོང་བ་ལས་སྒྲ་ཞིག་ཐོས་པ་ལས། ལྷའི་བུ་ཤིན་ཏུ་བརྟན་པ་ཞག་བདུན་ན་འཆི་བའི་དུས་བྱེད་པར་འགྱུར་ཏེ། འཛམ་བུའི་གླིང་དུ་སྐྱེ་བར་འགྱུར་རོ། །དེར་ཡང་འགྲོ་བ་བདུན་མྱོང་ནས་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །རྒྱ་ལ་ནམ་ཞིག་མིར་སྐྱེ་བར་གྱུར་ན་ཡང༌། དེར་དེ་དབུལ་པོར་འགྱུར་ཞིང་དམུས་ལོང་དུ་ཡང་འགྱུར་རོ། །ཞེས་ཐོས་ན་ལྷའི་དབང་པོ་དེ་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་ཤིན་ཏུ་བརྟན་པའི་ཚིག་དེ་ཐོས་ནས་ཤིན་ཏུ་ངོ་མཚར་དུ་འཛིན་པར་གྱུར་ཏེ། ལྷའི་བུ་འདིས་འགྲོ་བ་བདུན་པོ་གང་དག་མྱོང་བར་འགྱུར་སྙམ་དུ་སེམས་ཤིང༌། དེ་སྐད་ཅིག་ཅང་མི་སྨྲ་བར་འདུག་པ་དང༌། འགྲོ་བ་བདུན་ནི་ཕག་གི་སྐྱེ་གནས་དང༌། ཁྱི་དང༌། ཝ་དང༌། སྤྲེའུ་དང༌། སྦྲུལ་གདུག་པ་དང༌། བྱ་རྒོད་དང༌། བྱ་ཁྭ་ཏ་སྟེ། འགྲོ་བ་བདུན་པོ་དེ་དག་ཏུ་མི་གཙང་བ་ཟ་བ་མྱོང་བར་འགྱུར་བ་མཐོང་ངོ༌། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་འགྲོ་བ་བདུན་པོ་དེ་དག་མཐོང་ནས་འདི་སྙམ་དུ། ཨེ་མ་ལྷའི་བུ་འདི་སྡུག་བསྔལ་མི་བཟད་པ་ཆེན་པོ་མྱོང་བར་འགྱུར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་མ་གཏོགས་པར་དེའི་སྐྱབས་དང་རྟེན་དང༌། དཔུང་གཉེན་དུ་འགྱུར་བ་སུ་ཡོད་སྙམ་དུ་བསམ་མོ། དེ་ནས་ལྷའི་དབང་པོབརྒྱ་བྱིན་ནུབ་མོ་དེའི་སྲོད་ལ་སྤོས་དང༌། མེ་ཏོག་དང༌། བདུག་པ་སྣ་ཚོགས་དང༌། གོས་དང་རྒྱན་སྣ་ཚོགས་ལ་སོགས་པ་ཁྱེར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང༌། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས་མཆོད་པ་ཆེན་པོ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས། ལྷའི་བུ་ཤིན་ཏུ་བརྟན་པའི་འགྲོ་བ་བདུན་པོ་དག་བཅོམ་ལྡན་འདས་ལ་ཞིབ་ཏུ་གསོལ་ཏོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་འགྲོ་བ་བདུན་པོ་དག་གསོལ་མ་ཐག་ཏུ། དེ་ནས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་ནས་འོད་ཟེར་སྣ་ཚོགས་སུ་བྱུང་སྟེ། དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་གནས་ཐམས་ཅད་ཀུན་ནས་གང་བར་བྱས་ཏེ། སླར་ལོག་སྟེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོར་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་ནས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །ལྷའི་དབང་པོ་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བའི་གཟུངས། དེ་བཞིན་གཤེགས་པས་སྤྱི་བོ་ནས་དབང་བསྐུར་བ། ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ། སྒྲིབ་པ་དང་སྡུག་བསྔལ་བར་སྐྱེ་བ་ཐམས་ཅད་འཇིག་པར་བྱེད་པ། སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་ཐམས་ཅད་ཡོངས་སུ་སྦྱོང་བ། བདེ་འགྲོའི་ལམ་དུ་འཇོག་པ་ཡོད་དོ། །ལྷའི་དབང་པོ་དེ་བས་ན་གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས། ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ། ཐོས་མ་ཐག་ཏུ་སྒྲིབ་པ་འབྱོང་བར་འགྱུར་བ། སྡུག་བསྔལ་གྱི་རང་བཞིན་སྣ་ཚོགས་ཇེ་ཆེ་བ་ཤིན་ཏུ་མང་པོ་དག་འཇིག་པར་བྱེད་དེ། སྐྱེ་བ་ཡོངས་སུ་དག་པའི་རྒྱུད་ཐོབ་པར་འགྱུར་རོ། །ཚེ་རབས་ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་རོ། །ལྷའི་འཇིག་རྟེན་ནས་ལྷའི་འཇིག་རྟེན་དུ་འགྲོ་བར་འགྱུར་ཏེ། ལྷའི་གནས་སུམ་ཅུ་རྩ་གསུམ་གྱི་བར་དུ་འགྲོ་བར་འགྱུར་རོ། །དེ་བརྗོད་མ་ཐག་ཏུ་ཚེ་ཟད་པའི་མི་ཡང་ཚེ་ཕྱིར་ནུར་བར་འགྱུར་རོ། །ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པ་ལ་སོགས་པ། བདེ་བར་རེག་པ་ལ་གནས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དེ་ལ་གཟིགས་སོ། །དེ་དག་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་དེ་ཡང་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བ་མཛད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དེ་ལ་སེམས་པར་འགྱུར་རོ། །བརྗོད་པ་ཙམ་གྱིས་སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དང༌། ཡི་དྭགས་ཀྱི་ཡུལ་ཐམས་ཅད་སྐེམས་པར་འགྱུར། རྣམ་པར་འཇིག་པར་འགྱུར། རྣམ་པར་འཐོར་བར་འགྱུར། རྣམ་པར་སེལ་བར་འགྱུར། སྟོངས་པར་འགྱུར་རོ། །དེ་ཡང་དེ་ལྟར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང༌། ལྷའི་གནས་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའི་གནས་ཐམས་ཅད་ཀྱི་སྒོ་རྣམས་ཕྱེ་བར་འགྱུར་ཏེ། དེ་གང་འདོད་པ་དེ་ལ་འཇུག་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུངས་དེ་བཀའ་སྩལ་དུ་གསོལ། སེམས་ཅན་ཐམས་ཅད་ལ་ཕན་གདགས་པར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་བ་བཏབ་པ་མཁྱེན་ནས། གཟུངས་འདི་དག་བཀའ་སྩལ་ཏོ། །ན་མོ་བྷ་ཝ་ཏེ་ན་མཿ ཏྲཻ་ལོ་ཀྱ་པྲ་ཏི་བི་ཤིཥྚཱ་ཡ་བུདྡྷ་ཡ། བྷ་ག་ཝ་ཏེ། ཏདྱ་ཐཱ། ཨོཾ་བི་ཤྭ་དྷཱ་ཡ། ཨ་ས་མི། ས་མནྟ། ཨ་བ་བྷ་ས་སྥ་ར་ན་ག་ཏི་ག་ག་ན་སྭ་བྷ་ཝ་བི་ཤུདྡྷེ་ཨ་བྷི་ཥིཉྩ་ཏུ་མཱཾ། སུ་ག་ཏ་བ་ར་བ་ཙ་ན། ཨ་མྲི་ཏ་ཨ་བྷི་ཥེ་ཀ་ར་མ་ཧཱ་མནྟྲ་པ་ཏི། ཨ་ཧ་ར་ཨ་ཧ་ར། ཨ་ཡུ་སན་དྷཱ་ར་ནི། ཤོ་དྷ་ཡ་ཤོ་དྷ་ཡ། ག་ག་ན་བི་ཤུདྡྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུདྡྷེ་ས་ཧ་སྲ། རསྨི་སཉྩོ་དི་ཏི། སརྦ་ཏ་ཐཱ་ག་ཏ། ཨ་བ་ལོ་ཀི་ནི་ཥ་ཊ་པ་ར་མི་ཏ། པ་རི་པུ་ར་ནི། སརྦ་ཏ་ཐཱ་ག་ཏ་མ་ཏེ་ད་ཤེ། བྷུ་མི་པྲ་ཏིཥྛཱི་ཏེ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཨ་དྷིཥྛཱ་ན་ཨ་དྷིཥྛཱི་ཏེ། མུ་དྲེ་མུ་དྲེ། མ་ཧཱ་མུ་དྲེ་བཛྲ་ཀ་ཡ། ས་ཧ་ཏ་ན། པ་རི་ཤུདྡྷེ། སརྦ་ཀརྨཱ་ཨ་བ་ར་ན། བི་ཤུདྡྷེ་པྲ་ཏི་ནི་བརྟ་ཡ། མ་མ་ཨ་ཡུར་བི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛཱི་ཏེ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི། བི་མུ་ནི་བི་མུ་ནི། མ་ཧཱ་བི་མུ་ནི། མ་ཏི་མ་ཏི་མ་ཧཱ་མ་ཏི། མ་མ་ཏི། སུ་མ་ཏི། ཏ་ཐཱ་ཏཱ། བྷུ་ཏ་ཀོ་ཊི་པ་རི་ཤུདྡྷེ། བི་སྥུ་ཏ་བུདྡྷེ། ཤུདྡྷེ་ཧེ་ཧེ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར། སྥ་ར་སྥ་ར། སྥཱ་ར་ཡ་སྥཱ་ར་ཡ། སརྦ་བུདྡྷ་ཡ། ཨ་དྷིཥྛཱ་ན་ཨ་དྷིཥྛཱི་ཏེ། ཤུདྡྷེ་ཤུདྡྷེ། བུདྡྷེ་བུདྡྷེ། བཛྲེ་བཛྲེ། མ་ཧཱ་བཛྲེ། སུ་བཛྲ། བཛྲེ་གརྦྷེ་བི་ཛ་ཡ་གརྦྷེ། བཛྲ་ཛྭཱ་ལཱ་གརྦྷེ། བཛྲོད་བྷ་ཝེ། བཛྲ་སཾ་བྷ་ཝེ། བཛྲ་བཛྲི་ནི། བཛྲ་མ་བྷ་ཝནྟུ་མ་མ་ཤ་རི་རཾ། སརྦ་ས་ཏྭ་ནཉྩ། ཀཱ་ཡ་པ་རི་ཤུདྡྷེ་ཤྩ་བྷ་བ་ཏུ་མེ་ས་དཱ། སརྦ་ག་ག་ན་པ་རི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ས་མ་ཤྭ་ས། ཨ་ཧི་ྴྟི་ཏེ། སརྦ་ཏ་ཐཱ་ག་ཏ་ཤྩེ་མ་མ། ས་མ་ཤྭ་ས་ཡནྟུ། བུདྡྷ་ཡ་བུདྡྷ་ཡ། བོ་དྷ་ཡ་བོ་དྷ་ཡ། བི་བོ་དྷ་ཡ་བི་བོ་དྷ་ཡ། ས་མནྟ་པ་རི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཨ་དྷིཥྛཱ་ན་ཨ་དྷིཥྛཱི་ཏེ། མ་ཧཱ་མུ་དྲེ་སྭཱ་ཧཱ། ལྷའི་དབང་པོ་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བའི་གཟུངས། ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ། སྡིག་པ་དང་ལས་དང༌། སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ། བདེ་འགྲོའི་ལམ་ཐམས་ཅད་དུ་འགྲོ་བ། ངན་འགྲོ་ཐམས་ཅད་རྣམ་པར་འཇིག་པར་བྱེད་པ། སངས་རྒྱས་བཅོམ་ལྡན་འདས་གངྒའི་ཀླུང་གི་བྱེ་བ་ཕྲག་བརྒྱད་ཅུ་རྩ་བརྒྱད་ཀྱི་བྱེ་མ་སྙེད་དག་གིས་གསུངས་པ། བྱིན་གྱིས་བརླབས་པ། རྗེས་སུ་ཡི་རང་བར་མཛད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱས་བཏབ་པ་སྟེ། སེམས་ཅན་ཐམས་ཅད་བདེ་འགྲོར་འགྲོ་བར་བྱ་བ་དང༌། ངན་འགྲོར་ལྷུང་བ་རྣམས་བཟློག་པ་དང༌། སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་ལ་སོགས་པའི་སྡུག་བསྔལ་གྱི་གནས་ཐམས་ཅད་དུ་སྡུག་བསྔལ་ཞིང་ཉམ་ཐག་པར་གྱུར་པ་དང༌། སྡུག་བསྔལ་གྱི་རྒྱ་མཚོར་ལྟུང་བའི་སེམས་ཅན་རྣམས་སྒྲོལ་བའི་ཕྱིར་གསུངས་པའོ། །དེ་བཞིན་དུ་སེམས་ཅན་ཚེ་ཐུང་ཞིང་ནད་མང་ལ་སྐལ་བ་ཆུང་ལ་དམན་པ་དང༌། བསམ་པ་ཉམས་པ་དང༌། ལམ་ལས་ཉམས་པ་རྣམས་ཀྱི་དོན་དུ་གཟུངས་འདི་འཛམ་བུའི་གླིང་དུ་བཞག་གོ །ལྷའི་དབང་པོ་ཁྱོད་ཀྱིས་གཟུངས་འདི་བཟུང་ལ་ལྷའི་བུ་ཤིན་ཏུ་བརྟན་པ་ལ་སྒྲོགས་ཤིག །བསྒྲགས་ནས་ཀྱང་འདོན་པར་བྱ་བ་དང༌། ཁ་ཏོན་དུ་བྱ་བ་དང༌། བསམ་པ་དང༌། སྒོམ་པ་དང༌། དྲན་པར་བྱ་བ་དང༌། མཆོད་པར་བྱ་བ་དང༌། བཟུང་བ་དང༌། ཀུན་ཆུབ་པར་བྱ་བ་དང༌། དེ་ལ་བརྩོན་པར་སྦྱོར་བར་གྱིས་ཤིག །དེ་ལྟར་ལྷའི་གནས་ཐམས་ཅད་ན་འཁོད་པའི་ལྷའི་བུ་རྣམས་དང༌། འཛམ་བུའི་གླིང་གི་སེམས་ཅན་རྣམས་ཀྱི་དོན་དང༌། ཕན་པ་དང་བདེ་བའི་ཕྱིར་གཟུངས་དང༌། ཕྱག་རྒྱ་དང༌། གསང་སྔགས་ཀྱི་གཞི་འདི་དག་ཁྱོད་ལ་གཏད་དོ། །ལྷའི་དབང་པོ་ཁྱོད་ཀྱིས་འདི་གཟུང་བར་བྱའོ། །གཟུངས་འདི་ཐོས་མ་ཐག་ཏུ་བསྐལ་པ་བརྒྱ་སྟོང་དུ་བསགས་པའི་ལས་ཀྱི་སྒྲིབ་པ་བྱང་བར་འགྱུར་རོ། །སྐྱེ་བ་རྣམ་པ་སྣ་ཚོགས་སུ་སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དང༌། ཡི་དྭགས་ཀྱི་ཡུལ་དང༌། ལྷ་མ་ཡིན་གྱི་རིས་དང༌། འདི་ལྟ་སྟེ། གནོད་སྦྱིན་དང༌། སྲིན་པོ་དང༌། འབྱུང་པོ་དང༌། ཤ་ཟ་དང༌། སྲུལ་པོ་དང༌། ལུས་སྲུལ་པོ་དང༌། བརྗེད་བྱེད་དང༌། ཁྱི་དང༌། རུས་སྦལ་དང༌། སྦྲུལ་དང༌། གཅན་ཟན་ཁྲོ་བོ་དང༌། བྱ་དང༌། སྦྲང་བུ་དང༌། སྡིག་སྦྲུལ་དང༌། གྲོག་སྦུར་ལ་སོགས་པའི་སྲོག་ཆགས་ཀྱི་རིགས་རྣམས་སུ་ཕྱིས་མི་སྐྱེ་བར་ཤེས་པར་བྱའོ། །གཞན་དུ་ན་དེ་བཞིན་གཤེགས་པ་དང་ཕྲད་པ་དང༌། བྱང་ཆུབ་སེམས་དཔའི་རིགས་སུ་སྐྱེ་བ་མ་གཏོགས་སོ། །དེ་རིགས་ཆེན་པོ་འདི་ལྟ་སྟེ། བྲམ་ཟེའི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུའམ། རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུའམ། ཁྱིམ་བདག་གི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུའམ། ཚོང་དཔོན་གྱི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུར་སྐྱེའོ་ཞེས་ང་སྨྲའོ། །ལྷའི་དབང་པོ་དེ་ལྟར་ན་གཟུངས་འདིའི་མཐུས་བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་གི་བར་དུ་སྐྱེ་བ་ཡོངས་སུ་དག་པ་ཐོབ་པར་འགྱུར་རོ། །ལྷའི་དབང་པོ་དེ་ལྟར་ན་གཟུངས་འདི་ནི་མཐུ་ཆེ་བ། ཕན་ཡོན་ཆེ་བ། མཐུ་སྟོབས་ཆེ་བ་དགའ་བ་ཤིས་པ་ཡིན་ཏེ། ལྷའི་དབང་པོ་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བའི་གཟུངས་འདི་བཞག་གོ །འདི་ལྟ་སྟེ། ནོར་བུ་རིན་པོ་ཆེ་ཉི་མའི་སྙིང་པོ་ནི་ཤིན་ཏུ་དྲི་མ་མེད་པར་ནམ་མཁའ་ལྟར་ཡོངས་སུ་དག་པ་འོད་གསལ་བ་ནི་འོད་ཟེར་གྱི་སྣང་བས་འབར་ཞིང་འདུག་གོ །ལྷ་ཡི་དབང་པོ་དེ་བཞིན་དུ་སེམས་ཅན་དེའང་གོས་པ་མེད་པར་རིག་པར་བྱའོ། །འདི་ལྟ་སྟེ། དཔེར་ན། འཛམ་བུའི་ཆུ་བོའི་གསེར་ཡོངས་སུ་དག་པ་ནི་ཤིན་ཏུ་མཉེན་ཅིང་སྡུག་པའོ། །ལྷའི་དབང་པོ་དེ་བཞིན་དུ་སེམས་ཅན་དེ་ཡང་ཡོངས་སུ་དག་པར་རིག་པར་བྱ་སྟེ། ཚེ་རབས་གཞན་དུ་ཡང་དེ་བཞིན་དུ་སྐྱེ་བར་འགྱུར་རོ། །ལྷའི་དབང་པོ་གང་ན་གཟུངས་འདི་དག་རབ་ཏུ་སྟོན་པ་དང༌། གླེགས་བམ་དུ་ཡི་གེར་འབྲིར་འཇུག་པ་དང༌། འཛིན་པ་དང༌། ཀློག་པ་དང༌། འདོན་པ་དང༌། ཁ་ཏོན་བྱེད་པ་དང༌། མཆོད་པ་དང༌། ཀུན་ཆུབ་པར་བྱེད་པ་དང༌། ཉན་པ་དང༌། འཛིན་པ་དང༌། འཆང་བར་འགྱུར་བ་དེ་སེམས་ཅན་ཐམས་ཅད་ཡོངས་སུ་དག་པར་འགྱུར། སེམས་ཅན་དམྱལ་བ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །ལྷའི་དབང་པོ་གཟུངས་འདི་ཡི་གེར་བྲིས་ཏེ། རྒྱལ་མཚན་གྱི་རྩེ་མོར་བཞག་པར་བྱ། རི་མཐོན་པོ་དང༌། ཁང་པ་མཐོན་པོའམ། མཆོད་རྟེན་གྱི་སྲོག་ཤིང་གི་སྟེང་དུ་བཞག་པར་བྱའོ། །ལྷའི་དབང་པོ་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། དེ་ལས་གཞན་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་རྒྱལ་མཚན་གྱི་རྩེ་མོར་བཞག་པ་མཐོང་འམ། དེ་དང་ཉེ་བར་གནས་པར་གྱུར་ན། ཐ་ན་དེའི་གྲིབ་མས་ཕོག་གམ། དེའི་རྡུལ་རླུང་གིས་བཏབ་པས་ཕོག་ནའང༌། ལྷའི་དབང་པོ་སེམས་ཅན་དེ་ལ་སྡིག་པ་ཐམས་ཅད་དང༌། ངན་འགྲོར་འགྲོ་བའི་འཇིགས་པ་ཐམས་ཅད་མི་འགྱུར་རོ། །སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དང༌། ཡི་དྭགས་དང༌། ལྷ་མ་ཡིན་དེ་དག་ཐམས་ཅད་སྐྱེ་བར་རིག་པར་བྱའོ། །ལྷའི་དབང་པོ་སེམས་ཅན་དེ་ནི་དེ་བཞིན་གཤེགས་པས་ལུང་བསྟན་ཞིང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་རིག་པར་བྱ་ན། ལྷའི་དབང་པོ་མཆོད་པ་དང༌། རིམ་གྲོ་བྱེད་ཅིང༌། མེ་ཏོག་དང༌། བདུག་པ་དང༌། སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། རྒྱན་རྣམས་ཀྱིས་བརྒྱན་པར་བྱེད་པ་དང༌། ལམ་གྱི་བཞི་མདོར་མཆོད་རྟེན་བྱས་ཏེ། གཟུངས་འདི་བཞག་ལ་ཐལ་མོ་སྦྱར་ཏེ། ཕྱག་འཚལ་ཞིང་ཕྱག་འཚལ་བ་དང་བསྐོར་བ་བྱེད་པ་ལྟ་ཅི་སྨོས། ལྷའི་དབང་པོ་སེམས་ཅན་དེ་ནི་སེམས་ཅན་ཆེན་པོ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པའི་སྲས་སུ་རིག་པར་བྱའོ། །ཆོས་ཀྱི་གནས་སུ་རིག་པར་བྱའོ། །དེ་བཞིན་གཤེགས་པའི་མཆོད་རྟེན་དུ་རིག་པར་བྱའོ། །དེ་ན་ཆོས་ཀྱི་རྒྱལ་པོ་གཤིན་རྗེས་ནུབ་མོ་དེའི་ནམ་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་དང༌། གོས་དང༌། རྒྱན་ལ་སོགས་པས་མཆོད་པ་དང༌། བསྟི་སྟང་བྱས་ནས་བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་གཏུགས་ཏེ། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུངས་འདི་ནི་མཐུ་ཆེ་ཞིང་སྨན་ཡོན་ཆེ་བ་ལགས་ཏེ། བཅོམ་ལྡན་འདས་བདག་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་སེམས་ཅན་དེའི་ཕྱི་བཞིན་བསྲུང་བ་དང༌། ཡོངས་སུ་གཟུང་བའི་སླད་དུ་གནས་པར་བགྱིའོ། །སེམས་ཅན་དམྱལ་བ་ཐམས་ཅད་ལས་དེ་བཟློག་པར་བགྱིའོ། །བཅོམ་ལྡན་འདས་བདག་ནི་བྱས་པ་གཟོ་བར་བགྱིད་དེ་བྱས་པ་མི་གཟོ་བར་མི་བགྱིའོ། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུངས་འདིའི་ཆོ་ག་ཇི་ལྟར་བགྱི་བའི་ཚུལ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཉོན་ཅིག་དང་ཆོ་ག་ཇི་ལྟར་བྱ་བའི་ཚུལ་བཤད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་གྱི་ཕྱིར། རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོས་ཚེས་བཅོ་ལྔའི་ཉིན་པར་ཁྲུས་བྱས་ལ་གོས་གཙང་མ་གྱོན་ཏེ། བསྙེན་གནས་ལ་གནས་ཏེ་ལན་སྟོང་དུ་བཟླས་བརྗོད་བྱས་ན། སེམས་ཅན་ཚེ་ཟད་པའི་ཚེ་ཕྱིར་ནུར་བར་འགྱུར་རོ། །ནད་དང་བྲལ་བར་འགྱུར་རོ། །སྒྲིབ་པ་ཐམས་ཅད་དག་པ་ཐོབ་པར་འགྱུར་རོ། །སེམས་ཅན་དམྱལ་བ་ལ་སོགས་པའི་ངན་འགྲོ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བའི་རྣ་ལམ་དུ་ཡང་གཟུངས་འདིའི་སྒྲ་བསྒྲག་པར་བྱ་སྟེ། དེས་ན་དེའི་ངན་འགྲོ་དེ་ཉིད་ཐ་མ་ཡིན་པར་རིག་པར་བྱའོ། །གང་ཞིག་ནད་ཆེན་པོས་བཏབ་སྟེ། སྨན་པ་རྣམས་ཀྱིས་བྱེ་བྲག་མ་ཕྱེ་བ་དེ་ཡང༌། ནད་དེ་ལས་ཐར་བར་འགྱུར་རོ། །དེའི་ངན་འགྲོའི་སྐྱེ་བ་ཐམས་ཅད་ཀྱང་རྒྱུན་ཆད་པར་འགྱུར་རོ། །ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། དེ་ཉིད་དེའི་མངལ་གྱི་གནས་ཐ་མ་ཡིན་པར་རིག་པར་བྱའོ། །དེའི་གང་དང་གང་དུ་སྐྱེ་བ་དེ་དང་དེར་པདྨའི་སྙིང་པོ་ཁོ་ན་ལ་བརྫུས་ཏེ་སྐྱེ་བ་འགྱུར་རོ། །ཚེ་རབས་ཐམས་ཅད་དུ་ཡང་ཚེ་རབས་དྲན་པར་འགྱུར་རོ། །སེམས་ཅན་སྡིག་པ་བྱེད་པ་དེ་དག་གི་ཤི་བའི་དུས་བྱས་པ་དེ་དག་གི་དོན་དུ་གཟུངས་འདི་ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། དེ་དག་གི་རུས་གོང་རྣམས་ཀྱི་སྟེང་དུ་གཏོར་ན། དེ་དག་སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་ནམ། ཡི་དྭགས་ཀྱི་ཡུལ་ལས་གཞན་པའི་ངན་འགྲོ་རྣམས་སུ་སྐྱེ་བར་མི་འགྱུར་ཏེ། དེ་དག་གཟུངས་འདིའི་མཐུས་ངན་འགྲོ་དེ་དག་ལས་ཐར་བར་འགྱུར་རོ། །དེ་དག་ལས་ཐར་ནས་ཀྱང་ལྷར་སྐྱེ་བར་འགྱུར་རོ། །སུ་ཞིག་ཉིན་གཅིག་བཞིན་དུ་འདི་ལན་ཉི་ཤུ་རྩ་གཅིག་ཁ་ཏོན་དུ་བྱས་ན། འཇིག་རྟེན་མང་པོའི་མཆོད་པའི་འོས་སུ་འགྱུར་རོ། །ཚེ་རིང་པོར་འགྱུར་རོ། །བདེ་བ་མྱོང་བར་འགྱུར་རོ། །རྟག་ཏུ་སྤྲོ་བ་དང་ལྡན་པ་དང༌། མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པར་འགྱུར་རོ། །ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེ་ནས་ཀྱང་སངས་རྒྱས་ཀྱི་ཞིང་ཐ་དད་པ་སྣ་ཚོགས་སུ་འགྲོ་བར་འགྱུར་རོ། །དེར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་དང་ཕྲད་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབུགས་འབྱིན་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་སྟོན་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཡང་འཇིག་རྟེན་ལ་སྣང་བར་བྱེད་པ་འགྱུར་རོ། །ལྷའི་དབང་པོ་ཐབས་འདིས་ནི་སེམས་ཅན་དམྱལ་བ་ལ་སོགས་པའི་ངན་འགྲོ་ཐམས་ཅད་ཀྱང་ཡོངས་སུ་དག་པར་འགྱུར་རོ། །ཚེ་རིང་བར་འགྱུར་རོ། །ལྷའི་དབང་པོ་ཁྱོད་སོང་ལ་ལྷའི་བུ་ཤིན་ཏུ་བརྟན་པ་ལ་གཟུངས་འདི་ཡོངས་སུ་སྟོན་ལ་སྒྲོགས་ཤིག །ལྷའི་དབང་པོ་ཞག་བདུན་ན་ལྷའི་བུ་ཤིན་ཏུ་བརྟན་པའི་འགྲོ་བ་ཐམས་ཅད་ཤིན་ཏུ་དགའ་ཞིང་དད་པར་འགྱུར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དེ་བཞིན་གཤེགས་པ་ལས་རྗེས་སུ་བསྟན་པ་འདི་བླངས་ཏེ། དེ་ལ་གནས་སུ་བྱེད་ནས་ལྷའི་བུ་ཤིན་ཏུ་བརྟན་པ་ལ་གཟུངས་འདི་བྱིན་ནོ། །དེ་ནས་ལྷའི་བུ་དེས། ཉི་མ་བདུན་གྱི་བར་དུ་ཉིན་དྲུག་མཚན་དྲུག་ཏུ་གཟུངས་འདི་ལ་བརྩོན་པར་བྱས་ནས། དེའི་ཐམས་ཅད་དུའང་ཕུན་སུམ་ཚོགས་ཏེ། འདི་ལྟ་སྟེ། ངན་འགྲོ་ལས་ནི་ཡོངས་སུ་ཐར། །བདེ་བའི་ལམ་ལ་ཡང་དག་གནས། །ཚེ་རིང་བར་གྱུར་ནས། ཨེ་མ་ཧོ། །ཨ་ལ་ལ་སངས་རྒྱས། ཨ་ལ་ལ་ཆོས། ཨ་ལ་ལ་གཟུངས་ཆེན་པོ་འདི་ལྟ་བུ་འཇིག་རྟེན་དུ་བྱུང་སྟེ། དེས་བདག་འཇིགས་པ་ཆེན་པོ་ལས་ཡོངས་སུ་ཐར་ཏོ། །ཞེས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །འཕགས་པ་ངན་འགྲོ་ཐམས་ཅད་རྣམ་པར་སྦྱོང་བ་གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་རྫོགས་སོ།། །། ༈ ཨོཾ་ན་མོ་བྷ་ཝ་ཏེ། སརྦ་ཏྲཻ་ལོ་ཀྱ། པྲ་ཏི་བི་ཤིཥྚ་ཡ། བུདྡྷ་ཡ་ཏེ་ན་མ། ཏདྱ་ཐཱ། ཨོཾ་བྷྲུཾ་བྷྲུཾ་བྷྲུཾ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་སཱ་མ་ས་མནྟ། ཨ་བ་བྷ་ས་སྥ་ར་ཎ་ག་ཏི། ག་ག་ན་སྭ་བྷ་ཝ་བི་ཤུདྡྷེ། ཨ་བྷི་ཥེཉྩ་ཏུ་མཱཾ། སརྦ་ཏ་ཐཱ་ག་ཏ་སུ་ག་ཏ། །ཝ་ར་བ་ཙ་ན། ཨ་མྲི་ཏ་ཨ་བྷི་ཥེ་ཀཱ་ར། མ་ཧཱ་མུ་དྲེ། མནྟྲ་པ་དེ། ཨཱ་ཧ་ར་ཨཱ་ཧ་ར། མ་མཱ་ཨཱ་ཡུར་སནྡྷ་ར་ཎི། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ག་ག་ན་སྭ་བྷ་ཝ། བི་ཤུདྡྷེ་ཨུཥྞཱི་ཥ་བི་ཛ་ཡ། པ་རི་ཤུདྡྷེ་ས་ཧ་སྲ་ར་སྨི་སཉྩོ་དི་ཏེ། སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ནི། ཥ་ཊ་པ་ར་མི་ཏ་པ་རི་པུ་ར་ནི། སརྦ་ཏ་ཐཱ་ག་ཏ་མ་ཏེ་ད་ཤ་བྷུ་མི། པྲ་ཏིཥྛཱི་ཏེ། སརྦ་ཏཱ་ཐཱ་ག་ཏ་ཧྲི་ད་ཡ། ཨ་དྷིཥྛཱ་ན་ཨ་དྷིཥྛཱི་ཏེ། མུ་དྲེ་མུ་དྲེ། མ་ཧཱ་མུ་དྲེ། བཛྲ་ཀ་ཡ། ས་ཧ་ཏ་ན་པ་རི་ཤུདྡྷེ། སརྦ་ཀརྨཱ་ཨ་བ་ར་ཎ་བི་ཤུདྡྷེ། པྲ་ཏི་ནི་བརྟ་ཡ། མ་མ་ཨཱ་ཡུར་བི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ས་མ་ཡ། ཨ་དྷིཥྛཱ་ན་ཨ་དྷིཥྛཱི་ཏེ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི། བི་མུ་ནི་བི་མུ་ནི། མ་ཧཱ་བི་མུ་ནི། མ་ཏི་མ་ཏི་མ་ཧཱ་མ་ཏི། མ་མ་ཏི། སུ་མ་ཏི། ཏ་ཐཱ་ཏ་བྷུ་དྷ་ཀོ་ཊི་པ་རི་ཤུདྡྷེ། བི་སྥུ་ཊ་བུདྡྷེ་ཤུདྡྷེ། ཧེ་ཧེ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར། སྥ་ར་སྥ་ར། སྥཱ་ར་ཡ་སྥཱ་ར་ཡ། སརྦ་བུདྡྷ། ཨ་དྷིཥྛཱ་ན་ཨ་དྷིཥྛཱི་ཏེ། ཤུདྡྷེ་ཤུདྡྷེ། བུདྡྷེ་བུདྡྷེ། བཛྲེ་བཛྲེ། མ་ཧཱ་བཛྲེ། སུ་བཛྲ། བཛྲེ་གརྦྷེ། ཛ་ཡ་གརྦྷེ། བི་ཛ་ཡ་གརྦྷེ། བཛྲ་ཛྭཱ་ལཱ་གརྦྷེ། བཛྲོད་བྷ་ཝེ། བཛྲ་སཾ་བྷ་ཝེ། བཛྲ་བཛྲིར་ནི། བཛྲ་མ་བྷ་ཝནྟུ་མ་མ་ཤ་རི་རཾ། སརྦ་ས་ཏྭ་ནཉྩ་ཀཱ་ཡ་པ་རི་ཤུདྡྷི་ར་བྷ་ཝ་ཏུ་མེ་ས་དཱ་སརྦ་ག་ཏི། པ་རི་ཤུདྡྷེ་ཤྩ། སརྦ་ཏ་ཐཱ་ག་ཏཱ་ཤྩ་མཾ་ས་མ་ཤྭ་ས་ཡནྟུ། བུདྡྷེ་བུདྡྷེ། སིདྡྷེ་སིདྡྷེ། བོ་དྷ་ཡ་བོ་དྷ་ཡ། བི་བོ་དྷ་ཡ་བི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བིམོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ས་མནྟ་རསྨི། པ་རི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཨ་དྷིཥྛཱ་ན་ཨ་དྷིཥྛཱི་ཏེ། མུ་དྲེ་མུ་དྲེ། མ་ཧཱ་མུ་དྲེ། མནྟྲ་པ་དཻ་སྭཱ་ཧཱ། ཨོཾ་བྷྲུཾ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། དགེའོ།། །།

འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་མོ་མཆོག་ཏུ་གྲུབ་པ།

༄༅། །འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་མོ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་གཟུངས་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་ཏ་ཐཱ་ག་ཏོ་ཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཨ་པ་རཱ་ཛི་ཏ་མ་ཧཱ་པྲ་ཏྱཾ་གི་ར་པ་ར་མ་སིདྡྷ་ནཱ་མ་དྷ་ར་ནི། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་པོ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་གཞན་གྱིས་མི་ཐུབ་པ་གཙུག་ཏོར་རྒྱལ་མོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་གནས་ཆོས་བཟང་ལྷའི་མདུན་ས་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང༌། ལྷའི་དབང་པོ་བརྒྱ་བྱིན་དང་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་གདན་བཤམས་པ་ཉིད་ལ་བཞུགས་ནས་གཙུག་ཏོར་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །སྙོམས་པར་བཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱིས་གཙུག་ཏོར་གྱི་དབུས་ནས་གསང་སྔགས་ཀྱི་ཚིག་འདི་དག་ཕྱུང་ངོ༌། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་ལ་ཕྱག་འཚལ་ལོ། བྱང་ཆུབ་སེམས་དཔའི་དགེ་འདུན་དང༌། ཉན་ཐོས་ཀྱི་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་དུ་བཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །ལན་ཅིག་ཕྱིར་འོང་བ་རྣམས་ལ་ཕྱག་འཚལ་ལོ། །ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་ཡང་དག་པར་སོང་བ་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་བཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །ལྷའི་དྲང་སྲོང་རྣམས་ལ་ཕྱག་འཚལ་ལོ། །རིག་སྔགས་འཆང་གྲུབ་པའི་དྲང་སྲོང་ཕན་འདོགས་ནུས་པ་རྣམས་ལ་ཕྱག་འཚལ་ལོ། །རིག་སྔགས་འཆང་གྲུབ་པ་རྣམས་ལ་ཕྱག་འཚལ་ལ་ལོ། །ཚངས་པ་ལ་ཕྱག་འཚལ་ལོ། །དབང་པོ་ལ་ཕྱག་འཚལ་ལོ། །ལེགས་ལྡན་དྲག་པོ་དཀའ་ཐུབ་ཟློག་པའི་བདག་པོ་དང་བཅས་པ་ལ་ཕྱག་འཚལ་ལོ། །ལེགས་ལྡན་སྲེད་མེད་ཀྱི་བུ་ཕྱག་རྒྱ་ཆེན་པོ་ལྔས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །ལེགས་ལྡན་ནག་པོ་ཆེན་པོ་གྲོང་ཁྱེར་སུམ་བརྩེགས་འཇིག་པར་བྱེད་པ་དུར་ཁྲོད་ན་གནས་པར་མོས་པ་མ་མོའི་ཚོགས་ཀྱིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་པདྨའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྡོ་རྗེའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ནོར་བུའི་གདུང་ལ་ཕྱག་འཚལ་ལོ། བཅོམ་ལྡན་འདས་གླང་པོའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་གཞོན་ནུའི་གདུང་ལ་ཕྱག་འཚལ་ལོ། བཅོམ་ལྡན་འདས་ཀླུའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བརྟན་པའི་སྡེ་མཚོན་ཆའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་བསྐྱོད་པ་ལ་ཕྱག་འཚལ་ལོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སཱ་ལའི་དབང་པོ་མེ་ཏོག་ཀུན་ཏུ་རྒྱས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་རྒྱས་པ་ཨུཏྤ་ལའི་དྲིའི་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་མ། ཕྱིར་ཟློག་པ་ཆེན་མོ་འདི་འབྱུང་པོའི་གདོན་ཐམས་ཅད་ཚར་གཅོད་པར་བྱེད་པ། གཞན་གྱི་རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། དུས་མ་ཡིན་པར་འཆི་བ་ཐམས་ཅད་ལས་ཟློག་པ། སེམས་ཅན་གསོད་པ་དང་བཅིངས་པ་ཐམས་ཅད་ལས་འགྲོལ་བ། སྡང་བ་དང་རྨི་ལམ་ངན་པ་དང་ལྟས་ངན་པ་ཐམས་ཅད་ཟློག་པ། གནོད་སྦྱིན་དང་སྲིན་པོའི་གདོན་ཐམས་ཅད་འཇིག་པར་བྱེད་པ། གདོན་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འཇིག་པར་བྱེད་པ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དགའ་བར་བྱེད་པ། གཟའ་ཆེན་པོ་བརྒྱད་འཇིགས་པར་བྱེད་པ། དགྲ་ཐམས་ཅད་ཟློག་པར་བྱེད་པ། མ་རུངས་པ་དང༌། སྡང་བ་དང༌། རྨི་ལམ་ངན་པ་ཐམས་ཅད་འཇིགས་པར་བྱེད་པ། དུག་དང་མཚོན་ཐམས་ཅད་དང༌། མེ་དང་ཆུ་ལས་ཟློག་པར་བྱེད་པ། ངན་འགྲོའི་འཇིགས་པ་ཐམས་ཅད་ལས་སྒྲོལ་བ་སྟེ། གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །གཏུམ་པ་ཆེན་མོ་སྟོབས་ཆེན་མོ། །འབར་བ་ཆེན་མོ་གཟི་བརྗིད་ཆེ། །དཀར་ཆེན་འབར་འཕྲེང་གོས་དཀར་མོ། །འཕགས་པ་སྒྲོལ་མ་ཁྲོ་གཉེར་ཅན། །རྒྱལ་བའི་རྡོ་རྗེ་འཕྲེང་ཞེས་གྲགས། །པདྨའི་མངོན་མཚན་རྡོ་རྗེའི་མཚན། །གཞན་གྱིས་མི་ཐུབ་ཕྲེང་བ་ཅན། །རྡོ་རྗེ་མཆུ་ཅན་རྣམ་སྒེག་མོ། །ཞི་བ་ལྷ་རྣམས་ཀྱིས་མཆོད་མ། །ཞི་བ་གསེར་གྱི་ཕྲེང་བ་ཅན། །དཀར་ཆེན་འབར་བ་གོས་དཀར་མོ། །འཕགས་མ་སྒྲོལ་མ་སྟོབས་མོ་ཆེ། །རྡོ་རྗེ་ལུ་གུ་རྒྱུད་གཞན་དང༌། །རྡོ་རྗེ་གཞོན་ནུ་རིག་འཛིན་མ། །ལག་ན་རྡོ་རྗེ་རིག་གསེར་ཕྲེང༌། །ལེ་རྒན་རྩི་དང་རིན་ཆེན་མ། །སྣང་མཛད་རྡོ་རྗེ་གཙུག་ཏོར་གྲགས། ཕྱག་རྒྱ་དང་སྔགས་ཀྱི་ཚོགས་དེ་དག་ཐམས་ཅད་ཀྱིས་དག་ཅག་འཁོར་དང་བཅས་པ་དང༌། སེམས་ཅན་ཐམས་ཅད་ལ་བསྲུང་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏོ་ཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་དྲུཾ་ཧྲཱིཥྚོཾ། །ཛམྦྷ་ན་ཀ་རི་ཧཱུཾ་དྲུཾ་ཧྲཱིཥྚོཾ། །སྟམྦྷ་ན་ཀ་རི་ཧཱུཾ་དྲུཾ་ཧྲཱིཥྚོཾ། །མོ་ཧ་ན་ཀ་རི་ཧཱུཾ་དྲུཾ་ཧྲཱིཥྚོཾ། །ལམྦྷ་ན་ཀ་རི་ཧཱུཾ་དྲུཾ་ཧྲཱིཥྚོཾ། །བ་ཧ་ན་ཀ་རི་ཧཱུཾ་དྲུཾ་ཧྲཱིཥྚོཾ། པ་ར་བི་ཥ་བྷ་ཀྵ་ན་ཀ་རི་ཧཱུཾ་དྲུཾ་ཧྲཱིཥྚོཾ། །སརྦ་དུཥྚན་པྲ་དུཥྚན་སྟཾ་བྷ་ན་ཀརི་ཧཱུཾ་དྲུཾ་ཧྲཱིཥྚོཾ། །སརྦ་ཡཀྵ་རཱཀྵ་ས་གྲ་ཧཱ་ཎཱཾ་བི་དྷྭཾ་ས་ན་ཀ་རི་ཧཱུཾ་དྲུཾ་ཧྲཱིཥྚོཾ། །སརྦ་པ་རི་བིདྱ་ཙྪི་ད་ན་ཀ་རི་ཧཱུཾ་དྲུཾ་ཧྲཱིཥྚོཾ། །ཙ་ཏུ་རཱ་ཤི་ཏི་ནཱཾ་གྲ་ཧ་ས་ཧ་སྲ་ཎཱཾ་བི་དྷཱཾ་ས་ན་ཀ་རི་ཧཱུཾ་དྲུཾ་ཧྲཱིཥྚོཾ། །ཨཥྚ་བིཾ་ཤ་ཏྲཱི་ཎཱཾ་ན་ཀྵ་ཏཱ་ཎཱཾ་པྲ་སཱ་དྷ་ན་ཀ་རི་ཧཱུཾ་དྲུཾ་ཧྲཱིཥྚོཾ། །ཨཥྚ་ཎཱཾ་མ་ཧཱ་གྲ་ཧཱ་ཎཱ་བི་དྷ་ས་ན་ཀ་རི་ཧཱུཾ་དྲུཾ་ཧྲཱིཥྚོཾ། །རཀྵ་རཀྵ་མཾ་སརྦ་ས་ཏྭཱཾ་ཤྩ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན། རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ་ཕྱག་སྟོང་མངའ་བ་ཆེན་པོ། དབུ་སྟོང་མངའ་བ་ཆེན་མོ། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ་ཆེན་མོ། མི་ཕྱེད་འབར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་པོས་ས་གསུམ་གྱི་དཀྱིལ་འཁོར་དུ་བདག་དང་སེམས་ཅན་ཐམས་ཅད་བདེ་ལེགས་སུ་གྱུར་ཅིག །རྣམ་པར་བསྒྱིངས་མ་རྡོ་རྗེ་དང༌། །གསེར་འོད་ལྟ་བུའི་སྤྱན་མངའ་མ། །རྡོ་རྗེའི་འགྲོས་དང་དཀར་མོ་དང༌། །པདྨའི་སྤྱན་དང་ཟླ་འོད་དང༌། །སངས་རྒྱས་དཔལ་དང་དེ་བཞིན་སྤྱན། །རྡོ་རྗེ་ཉི་མའི་འོད་དང་ནི། །དེ་བཞིན་ཟླ་བ་རྡོ་རྗེ་འཛིན། །རིག་པ་དང༌། ཕྱག་རྒྱ་དང༌། སྔགས་ཀྱི་ཚོགས་དེ་དག་གིས་བདག་དང་སེམས་ཅན་ཐམས་ཅད་ཀུན་ནས་སྲུང་དུ་གསོལ། །ཨོཾ་རྀ་ཥི་ག་ཎཱ་པྲ་ཤཱསྟ་སརྦ་ཏ་ཐཱ་ག་ཏོ་ཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་དྲུཾ། །ཛམྦྷ་ན་ཀ་རི་ཧཱུཾ་དྲུཾ། སྟཾ་བྷ་ན་ཀ་རི་ཧཱུཾ་དྲུཾ། །མ་ཧཱ་བིདྱཱ་སཾ་བྷ་ཀྵ་ན་ཀ་རི་ཧཱུཾ་དྲུཾ། །པ་ར་བིདྱཱ་སཾ་བྷ་ཀྵ་ན་ཀ་རི་ཧཱུཾ་དྲུཾ། །སརྦ་དུཥྚཱ་ནཱཾ་སྟམྦྷ་ན་ཀ་རི་ཧཱུཾ་དྲུཾ། །སརྦ་ཡཀྵ་རཱཀྵ་ས་གྲ་ཧཱ་ཎཱཾ་བི་དྷྭཾ་ས་ན་ཀ་རི་ཧཱུཾ་དྲུཾ། །ཙ་ཏུ་རཱ་ཤཱ་ཏཱི་ནཱི་མ་ཧཱ་གྲ་ཧཱ་སྲ་ཎཱཾ་བི་དྷྭཾ་ས་ན་ཀ་རི་ཧཱུཾ་དྲུཾ། །ཨཥྚ་བིཾ་ཤ་ཏཱི་ནཱཾ་ནཀྵ་ཏྲཱ་ཎཱཾ་པྲ་སཱ་ད་ན་ཀ་རི་ཧཱུྃ་དྲུཾ། །ཨཥྚ་ནཱཾ་མ་ཧཱ་གྲ་ཧཱ་ཎཱཾ་བི་དྷྭཾ་ས་ན་ཀ་རི་ཧཱུཾ་དྲུཾ། །ཧཱུཾ་ཧཱུཾ་ཕཊ་ཕཊ་རཀྵ་རཀྵ་མཱཾ་སྭཱ་ཧཱ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ། ཕྱག་སྟོང་མངའ་བ་ཆེན་མོ། དབུ་སྟོང་མངའ་བ་ཆེན་མོ། སྤྱན་བྱེ་བ་བརྒྱ་སྟོང་མངའ་བ་ཆེན་མོ། མི་ཕྱེད་འབར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་པོས་ས་གསུམ་གྱི་དཀྱིལ་འཁོར་དུ་བདག་དང་སེམས་ཅན་ཐམས་ཅད་རྒྱལ་པོའི་འཇིགས་པ་དང༌། ཀུན་པོའི་འཇིགས་པ་དང༌། མེའི་འཇིགས་པ་དང༌། ཆུའི་འཇིགས་པ་དང༌། དུག་གི་འཇིགས་པ་དང༌། མཚོན་གྱི་འཇིགས་པ་དང༌། ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་དང༌། མུ་གེའི་འཇིགས་པ་དང༌། དགྲའི་འཇིགས་པ་དང༌། ལྕེ་འབབ་པའི་འཇིགས་པ་དང༌། དུས་མ་ཡིན་པར་འཆི་བའི་འཇིགས་པ་དང༌། ས་གཡོ་བའི་འཇིགས་པ་དང༌། སྐར་མདའ་ལྟུང་བའི་འཇིགས་པ་དང༌། རྒྱལ་པོའི་ཆད་པའི་ལས་ཀྱི་འཇིགས་པ་དང༌། ལྷའི་འཇིགས་པ་དང༌། ཀླུའི་འཇིགས་པ་དང༌། གློག་གི་འཇིགས་པ་དང༌། ནམ་མཁའ་ལྡིང་གི་འཇིགས་པ་དང༌། གཅན་གཟན་ཁྲོ་བོའི་འཇིགས་པ་དང༌། ལྷའི་གདོན་དང༌། ཀླུའི་གདོན་དང༌། ལྷ་མ་ཡིན་གྱི་གདོན་དང༌། རླུང་ལྷའི་གདོན་དང༌། ནམ་མཁའ་ལྡིང་གི་གདོན་དང༌། དྲི་ཟའི་གདོན་དང༌། མིའམ་ཅིའི་གདོན་དང༌། ལྟོ་འཕྱེ་ཆེན་པོའི་གདོན་དང༌། གནོད་སྦྱིན་གྱི་གདོན་དང༌། སྲིན་པོའི་གདོན་དང༌། ཡི་དྭགས་ཀྱི་གདོན་དང༌། ཤ་ཟའི་གདོན་དང༌། འབྱུང་པོའི་གདོན་དང༌། གྲུལ་བུམ་གྱི་གདོན་དང༌། སྲུལ་པའི་གདོན་དང༌། ལུས་སྲུལ་པོའི་གདོན་དང༌། སྐེམ་བྱེད་ཀྱི་གདོན་དང༌། བརྗེད་བྱེད་ཀྱི་གདོན་དང༌། སྨྱོ་བྱེད་ཀྱི་གདོན་དང༌། གྲིབ་གནོན་གྱི་གདོན་དང༌། གནོན་པོའི་གདོན་དང༌། མཁའ་འགྲོ་མའི་གདོན་དང༌། ནམ་གྲུའི་གདོན་དང༌། གཤིན་རྗེའི་གདོན་དང༌། བྱའི་གདོན་དང༌། མ་མོ་དགའ་བར་བྱེད་པའི་གདོན་དང༌། ཀུན་ཏུ་འགྲོ་བའི་གདོན་དང༌། ཚེར་མ་འདོན་པའི་གདོན་རྣམས་ལས་བདག་བདེ་ལེགས་སུ་གྱུར་ཅིག །ཟས་སུ་མདངས་ཟ་བ་དང༌། ཟས་སུ་མངལ་ཟ་བ་དང༌། ཟས་སུ་ཁྲག་འཐུང་བ་དང༌། ཟས་སུ་ཞག་ཟ་བ་དང༌། ཟས་སུ་ཤ་ཟ་བ་དང༌། ཟས་སུ་ཚིལ་ཟ་བ་དང༌། ཟས་སུ་རྐང་ཟ་བ་དང༌། ཟས་སུ་བཙས་པ་ཟ་བ་དང༌། སྲོག་འཕྲོག་པ་དང༌། ཟས་སུ་སྐྱུག་པ་ཟ་བ་དང༌། ཟས་སུ་ཕྱི་ས་ཟ་བ་དང༌། ཟས་སུ་གཅིན་འཐུང་བ་དང༌། ཟས་སུ་སྟོར་ཁུང་ནས་འབབ་པ་འཐུང་བ་དང༌། ཟས་སུ་ལྷག་མ་ཟ་བ་དང༌། ཟས་སུ་མཆིལ་མ་འཐུང་བ་དང༌། ཟས་སུ་སྣབས་ཟ་བ་དང༌། ཟས་སུ་མི་གཙང་བ་ཟ་བ་དང༌། ཟས་སུ་གཏོར་མ་ཟ་བ་དང༌། ཟས་སུ་ཕྲེང་བ་ཟ་བ་དང༌། ཟས་སུ་དྲི་ཟ་བ་དང༌། ཟས་སུ་བདུག་པ་ཟ་བ་དང༌། སེམས་འཕྲོག་པ་དང༌། ཟས་སུ་མེ་ཏོག་ཟ་བ་དང༌། ཟས་སུ་འབྲས་བུ་ཟ་བ་དང༌། ཟས་སུ་ལོ་ཏོག་ཟ་བ་དང༌། ཟས་སུ་སྦྱིན་སྲེག་ཟ་བའི་གདོན་ལས་བདག་ལ་བསྲུང་བ་གྱིས་ཤིག །དེ་དག་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །ཀུན་ཏུ་རྒྱུས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །མཁའ་འགྲོ་དང་མཁའ་འགྲོ་མས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། ཚངས་པས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །དབང་ཕྱུག་ཆེན་པོས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །སྲེད་མེད་ཀྱི་བུས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །ནམ་མཁའ་ལྡིང་དང་ལྷན་ཅིག་པས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །ནག་པོ་ཆེན་པོས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །མ་མོའི་ཚོགས་ཀྱིས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །མིའི་ཐོད་པ་ཅན་གྱིས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །རྒྱལ་བར་བྱེད་པ་དང༌། སྦྲང་རྩིར་བྱེད་པ་དང༌། དོན་ཀུན་གྲུབ་པས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །སྲིང་མོ་བཞིས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །བྷྲྀང་གི་རི་ཏི་དང༌། དགའ་བྱེད་དབང་ཕྱུག་དང༌། ཚོགས་ཀྱི་བདག་པོ་དང༌། ལྷན་ཅིག་པས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །དགེ་སྦྱོང་གཅེར་བུས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །དགེ་སྦྱོང་མགོ་རེག་གིས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །དགྲ་བཅོམ་པས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །འདོད་ཆགས་དང་བྲལ་བས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །འཇིག་རྟེན་དབང་ཕྱུག་འཁོར་དང་བཅས་པས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །ལག་ན་རྡོ་རྗེ་འཁོར་དང་བཅས་པས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །ཕོ་ཉ་དང༌། ཕོ་ཉ་མོ་དང༌། བྲན་ཕོ་དང༌། བྲན་མོས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། དྲང་སྲོང་གི་ཚོགས་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །ལྷའི་ཚོགས་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །མི་འཕྲོད་པ་ཟ་བའི་བདག་པོས་བྱས་པའི་རིག་སྔགས་བཅད་དོ། །ཕུར་བུས་གདབ་བོ། །བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །བདག་དང་སེམས་ཅན་ཐམས་ཅད་སྲུང་དུ་གསོལ་སྲུང་དུ་གསོལ། །ཨོཾ་ཨ་སི་ཏཱ་ན་ལཱརྐ་པྲ་བྷ་སྥུ་ཊ་བི་ཀ་སི་ཏཱ་ཏ་པ་ཏྲེ། ཨོཾ་ཛྭ་ལ་ཛྭ་ལ། ཁཱ་ད་ཁཱ་ད། ཧ་ན་ཧ་ན། ད་ཧ་ད་ཧ། དྷ་ར་དྷ་ར། བི་དྷ་ར་བི་དྷ་ར། ཚིནྡྷ་ཚིནྡྷ། བྷིནྡྷ་བྷིནྡྷ། ཧཱུཾ་ཧཱུྃ་ཕཊ་སྭཱ་ཧཱ། ཧེ་ཧེ་ཕཊ། ཧོ་ཧོ་ཕཊ། ཨ་མོ་གྷ་ཡ་ཕཊ། ཨ་པྲ་ཏི་ཧ་ཏཱ་ཡ་ཕཊ། བ་ར་དཱ་ཡ་ཕཊ། བ་ར་པྲ་དཱ་ཡ་ཕཊ། པྲ་ཏྱཾ་གི་རཱ་ཏ་ཡ་ཕཊ། ཨ་སུར་བི་དྲཱ་བ་ཎ་ཀ་རཱ་ཡ་ཕཊ། བ་ར་བི་དྲཱ་བ་ཎ་ཀ་ར་ཡ་ཕཊ། སརྦ་དེ་བེ་བྷྱཿཕཊ། སརྦ་ཎཱ་གེ་བྷྱཿཕཊ། སརྦ་རཀྵ་སེ་བྷྱཿཕཊ། སརྦ་བྷ་ཏེ་བྷྱཿཕཊ། སརྦ་པྲེ་ཏེ་བྷྱཿཕཊ། སརྦ་བི་ཤཱ་ཙེ་བྷྱཿཕཊ། སརྦ་ཀུམྦྷ་ནེ་བྷྱཿཕཊ། སརྦ་པུ་ཏ་ནེ་བྷྱཿཕཊ། སརྦ་ཀ་ཊ་པུ་ཏ་ནེ་བྷྱཿཕཊ། སརྦ་སྐནྡེ་བྷྱཿཕཊ། སརྦ་ཨུནྨཱ་དེ་བྷྱཿཕཊ། སརྦ་ཙྪ་ཡེ་བྷྱཿཕཊ། སརྦ་ཨ་པ་སྨཱ་ར་བྷྱཿཕཊ། སརྦ་ཨོ་སྟ་རཱ་གེ་བྷྱཿཕཊ། སརྦ་ཌཱ་ཀི་ནཱི་བྷྱཿཕཊ། སརྦ་རེ་བ་ཏཱི་བྷྱཿཕཊ། སརྦ་ཡ་མ་ཡཱ་བྷྱཿཕཊ། སརྦ་ཤ་ཀུ་ནི་བྷྱཿཕཊ། སརྦ་མཱ་ཏྲི་ག་ཎི་བྷྱཿཕཊ། སརྦ་སྐམྦུ་ཀཱ་མ་ནི་བྷྱཿཕཊ། སརྦ་ཨ་བ་ལཾ་བ་ཀི་བྷྱཿཕཊ། སརྦ་ཀནྟྲེ་ནེ་བྷྱཿཕཊ། སརྦ་གནྡྷརྦེ་བྷྱཿཕཊ། སརྦ་ཨ་སུ་རེ་བྷྱཿཕཊ། སརྦ་ཀིནྣ་རེ་བྷྱཿཕཊ། སརྦ་ག་རུ་ཌེ་བྷྱཿཕཊ། སརྦ་མ་ཧོ་ར་གེ་བྷྱཿཕཊ། སརྦ་ཡཀྵེ་བྷྱཿཕཊ། སརྦ་དུརླཾ་གྷི་ཏེ་བྷྱཿཕཊ། སརྦ་དུ་པྲ་ཀྵི་ཏེ་བྷྱཿཕཊ། སརྦ་ཛ་རེ་བྷྱཿཕཊ། སརྦ་བྷ་ཡེ་བྷྱཿཕཊ། སརྦ་ཨུ་པ་དྲ་བེ་བྷྱཿཕཊ། སརྦ་ཨུ་པ་སརྒེ་བྷྱཿཕཊ། སརྦ་ཀྲི་ཏྱ་ཀརྨ་ཎི་ཀཱ་ཁོརྡེ་བྷྱཿཕཊ། སརྦ་ཀི་ར་ན་བེ་ཏཱ་ཌེ་བྷྱཿཕཊ། ཙིཙྪ་པྲེ་ཤ་ཀ་སརྦ་དུྴཙྪ་རྡི་ཏེ་བྷྱཿཕཊ། སརྦ་དུར་བྷ་ག་ཏེ་བྷྱཿཕཊ། སརྦ་ཏི་ནྲི་ཀེ་བྷྱཿཕཊ། སརྦ་ཤྲ་མ་ཎེ་བྷྱཿཕཊ། སརྦ་པཱ་ཏ་ཀེ་བྷྱཿཕཊ། སརྦ་བིདྱ་དྷ་རེ་བྷྱཿཕཊ། ཛ་ཡ་ཀ་ར་མ་དྷ་ཀ་ར་སརྦ་ཨརྠ་སཱ་དྷ་ཀེ་བྷྱོ་བིདྱཱ་ཙརྻེ་བྷྱཿཕཊ། ཙ་ཏུ་བྷྱོ་བྷ་གི་ནཱི་ཡེ་བྷྱཿཕཊ། སརྦ་ཀཽ་མཱ་རཱི་བཛྲ་ཀུ་ལནྡྷ་རི་བིདྱ་ཙརྻེ་བྷྱཿཕཊ། སརྦ་མ་ཧཱ་པྲ་ཏྱཾ་ག་རི་བྷྱཿཕཊ། བཛྲ་ཤཾ་ཀ་ལ་པྲ་ཏྱཾ་གི་རཱ་རཱ་ཛ་ཡ་ཕཊ། མ་ཧཱ་ཀཱ་ལཱ་ཡ་མཱ་ཏྲི་ག་ཎ་ན་མསྐྲི་ཏཱ་ཡ་ཕཊ། པྲ་ཧྨ་ཎ་ཡེ་ཕཊ། བཱིཥྞ་བཱི་ཡེ་ཕཊ། མ་ཧེ་ཤྭ་རི་ཡེ་ཕཊ། རཽ་དྲ་ཡེ་ཕཊ། མ་ཧཱ་ཀཱཾ་ལྱཻ་ཕཊ། ཙཱ་མུཎྜཱི་ཕཊ། ཀཽ་མཱ་རི་ཕཊ། བཱ་རཱ་ཧྱཻ་ཕཊ། ཨིནྡྲ་ཡ་ཕཊ། ཨགྣཱེ་ཡེ་ཕཊ། ཡ་མཱ་ཡ་ཕཊ། ནཻ་རྀ་ར་ཏྱཻ་ཕཊ། བ་རུ་ཎ་ཡེ་ཕཊ། མ་རུ་ཏྱཻ་ཕཊ། སཽ་མཱ་ཡ་ཕཊ། ཨཱི་ཤཱ་ནཱི་ཡེ་ཕཊ། ཀཱ་ལ་དཎྚ་ཡཻ་ཕཊ། ཀཱ་ལ་རཱ་ཏྲི་ཕཊ། ཡ་མ་དཎྚི་ཡ་ཕཊ། རཱ་ཏྲཻ་ཕཊ། ཀཱ་པཱ་ལྱཻ་ཕཊ། ཨ་དྷི་མུཀྟི་ཤྨ་ཤཱ་ན་བ་སཻ་ནྱཻ་ཕཊ། ཨོཾ་ཥྚོཾ་བནྡྷ་བནྡྷ། རཀྵ་རཀྵ་མཾ་སྭཱ་ཧཱ། སེམས་ཅན་གང་སུ་དག་བདག་ལ་གདུག་པ་དང་གདུག་པའི་སེམས་དང་ལྡན་པ་རྣམས་དང༌། དྲག་ཤུལ་དང་དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང༌། སྡིག་པ་དང་སྡིག་པའི་སེམས་དང་ལྡན་པ་རྣམས་དང༌། འཁྲུགས་པ་དང་འཁྲུགས་པའི་སེམས་དང་ལྡན་པ་རྣམས་དང༌། སྡང་བ་དང་སྡང་བའི་སེམས་དང་ལྡན་པ་རྣམས་བྱམས་པའི་སེམས་དང་ལྡན་པར་གྱུར་ནས། བདག་དང་སེམས་ཅན་ཐམས་ཅད་བསྲུང་དུ་གསོལ། ལོ་བརྒྱ་འཚོ་བར་གྱུར་ཅིག །སྟོན་བརྒྱ་མཐོང་བར་གྱུར་ཅིག །གནོད་སྦྱིན་དང༌། གདོན་གང་སུ་དག་ཟས་སུ་མདངས་ཟ་བ་རྣམས་དང༌། གཟི་བྱིན་འཕྲོག་པ་རྣམས་དང༌། ཟས་སུ་མངལ་ཟ་བ་རྣམས་དང༌། ཟས་སུ་ཁྲག་འཐུང་བ་དང༌། ཟས་སུ་ཞག་ཟ་བ་རྣམས་དང༌། ཟས་སུ་ཤ་ཟ་བ་རྣམས་དང༌། ཟས་སུ་ཚིལ་ཟ་བ་རྣམས་དང༌། ཟས་སུ་རྐང་ཟ་བ་རྣམས་དང༌། ཟས་སུ་བཙས་པ་ཟ་བ་རྣམས་དང༌། སྲོག་འཕྲོག་པ་རྣམས་དང༌། ཟས་སུ་ལྷག་མ་ཟ་བ་རྣམས་དང༌། ཟས་སུ་གཏོར་མ་ཟ་བ་རྣམས་དང༌། ཟས་སུ་ཕྲེང་བ་ཟ་བ་རྣམས་དང༌། ཟས་སུ་དྲི་ཟ་བ་རྣམས་དང༌། ཟས་སུ་བདུག་པ་ཟ་བ་རྣམས་དང༌། ཟས་སུ་མེ་ཏོག་ཟ་བ་རྣམས་དང༌། ཟས་སུ་འབྲས་བུ་ཟ་བ་རྣམས་དང༌། ཟས་སུ་ལོ་ཏོག་ཟ་བ་རྣམས་དང༌། ཟས་སུ་སྦྱིན་སྲེག་ཟ་བ་རྣམས་དང༌། ཟས་སུ་རྣག་ཟ་བ་རྣམས་དང༌། ཟས་སུ་ཕྱི་ས་ཟ་བ་རྣམས་དང༌། ཟས་སུ་གཅིན་འཐུང་བ་རྣམས་དང༌། ཟས་སུ་མཆིལ་མ་འཐུང་བ་རྣམས་དང༌། ཟས་སུ་སྐྱུགས་པ་ཟ་བ་རྣམས་དང༌། ཟས་སུ་སྣབས་ཟ་བ་རྣམས་དང༌། ཟས་སུ་ངར་སྣབས་ཟ་བ་རྣམས་དང༌། ཟས་སུ་མི་གཙང་བ་ཟ་བ་རྣམས་དང༌། ཟས་སུ་སྟོར་ཁུང་ནས་འབབ་པ་འཐུང་བ་རྣམས་དང༌། སྡིག་པའི་སེམས་དང་ལྡན་པ་རྣམས་དང༌། གདུག་པའི་སེམས་དང་ལྡན་པ་རྣམས་དང༌། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང༌། འཁྲུག་པའི་སེམས་དང་ལྡན་པ་རྣམས་དང༌། སྡང་བའི་སེམས་དང་ལྡན་པ་རྣམས་དང༌། ལྷའི་གདོན་རྣམས་དང༌། ཀླུའི་གདོན་རྣམས་དང༌། ལྷ་མ་ཡིན་གྱི་གདོན་རྣམས་དང༌། གནོད་སྦྱིན་གྱི་གདོན་རྣམས་དང༌། སྲིན་པོའི་གདོན་རྣམས་དང༌། འབྱུང་པོའི་གདོན་རྣམས་དང༌། ཡི་དྭགས་ཀྱི་གདོན་རྣམས་དང༌། ཤ་ཟའི་གདོན་རྣམས་དང༌། ཀུ་སྨན་དའི་གདོན་རྣམས་དང༌། སྲུལ་པོའི་གདོན་རྣམས་དང༌། ལུས་སྲུལ་པོའི་གདོན་རྣམས་དང༌། སྐེམ་བྱེད་ཀྱི་གདོན་རྣམས་དང༌། སྨྱོ་བྱེད་ཀྱི་གདོན་རྣམས་དང༌། གྲིབ་གནོན་གྱི་གདོན་རྣམས་དང༌། བརྗེད་བྱེད་ཀྱི་གདོན་རྣམས་དང༌། གནོན་པོའི་གདོན་རྣམས་དང༌། མཁའ་འགྲོ་མའི་གདོན་རྣམས་དང༌། ནམ་གྲུའི་གདོན་རྣམས་དང༌། གཤིན་རྗེའི་གདོན་རྣམས་དང༌། བྱའི་གདོན་རྣམས་དང༌། མ་མོ་དགའ་བར་བྱེད་པའི་གདོན་རྣམས་དང༌། ཀུན་ཏུ་འགྲོ་བའི་གདོན་རྣམས་དང༌། རེ་ལྡེ་འདོན་པའི་གདོན་རྣམས་དང༌། ཚེར་མ་འདོན་པའི་གདོན་རྣམས་ལས་བདག་ལ་བསྲུང་བར་མཛད་དུ་གསོལ། ལོ་བརྒྱ་འཚོ་བར་གྱུར་ཅིག །སྟོན་བརྒྱ་མཐོང་བར་གྱུར་ཅིག །རིམས་ཉིན་གཅིག་པ་རྣམས་དང༌། ཉིན་གཉིས་པ་རྣམས་དང༌། ཉིན་གསུམ་པ་རྣམས་དང༌། ཉིན་བཞི་པ་རྣམས་དང༌། ཉིན་བདུན་པ་རྣམས་དང༌། རྟག་པའི་རིམས་རྣམས་དང༌། རིམས་མི་ཟད་པ་རྣམས་དང༌། འབྱུང་པོའི་རིམས་རྣམས་དང༌། རླུང་ལས་གྱུར་པ་རྣམས་དང༌། མཁྲིས་པ་ལས་གྱུར་པ་རྣམས་དང༌། བད་ཀན་ལས་གྱུར་པ་རྣམས་དང༌། འདུས་པ་ལས་གྱུར་པ་རྣམས་དང༌། རིམས་ནད་ཐམས་ཅད་དང༌། ཀླད་པ་ན་བ་བསལ་དུ་གསོལ། གཞོགས་ཕྱེད་ན་བ་དང༌། ཡི་ག་འཆུས་པ་དང༌། མིག་ནད་དང༌། སྣ་ནད་དང༌། ཁ་ནད་དང༌། མགུལ་ནད་དང༌། སྙིང་ནད་དང༌། ལྐོག་མའི་ལྷ་གོར་ན་བ་དང༌། རྣ་བ་ན་བ་དང༌། སོ་ན་བ་དང༌། སྙིང་ན་བ་དང༌། ཀླད་པ་ན་བ་དང༌། རྩིབས་ལོགས་ན་བ་དང༌། རྒྱབ་ན་བ་དང༌། ལྟོ་བ་ན་བ་དང༌། རྐེད་པ་ན་བ་དང༌། ཆུ་སོ་ན་བ་དང༌། བརླ་ན་བ་དང༌། རྗེ་ངར་ན་བ་དང༌། ལག་པ་ན་བ་དང༌། རྐང་པ་ན་བ་དང༌། ཡན་ལག་ན་བ་དང༌། ཉིང་ལག་ན་བ་རབ་ཏུ་སེལ་དུ་གསོལ། གདུགས་དཀར་མོ་ཅན། རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་པོ་འདིས། དཔག་ཚད་བཅུ་གཉིས་ཀྱི་ནང་ཚུན་ཆད་དུ། འབྱུང་པོ་དང༌། རོ་ལངས་དང༌། མཁའ་འགྲོ་མ་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། རིམས་དང༌། ཤུ་བ་དང༌། གཡའ་བ་དང༌། འབྲུམ་བུ་ཕྲ་མོ་དང༌། མཚན་པར་རྡོལ་བ་དང༌། མཛེ་དང༌། ཕོལ་མིག་དང༌། བས་ལྡགས་དང༌། མེ་དབལ་དང༌། གཡན་པ་དང༌། ལྷོག་པ་དང༌། སྐེམས་པ་དང༌། སྐྲང་པ་དང༌། ལུད་པ་ལུ་བ་དང༌། དབུགས་མི་བདེ་བ་དང༌། མི་དྲན་པ་དང༌། དབྱིག་དུག་དང༌། དུག་སྦྱར་མ་དང༌། བྱད་དང༌། མེ་དང༌། ཆུ་དང༌། མི་ངན་དང༌། བདུད་དང༌། འཆི་བ་དང༌། དགྲ་དང༌། གནོད་པ་དང༌། དུས་མ་ཡིན་པར་འཆི་བ་དང༌། སྦྲང་བུ་ཏྲྱ་མ་བུ་ག་དང༌། ཏྲེ་ལ་ཏ་དང༌། སྡིག་པ་དང༌། སྦྲུལ་དང༌། སྲེ་མོང་དང༌། སེང་གེ་དང༌། སྟག་དང༌། དོམ་དང༌། དྲེད་དང༌། གཡག་རྒོད་དང༌། ཆུ་སྲིན་ལ་སོགས་པའི་སྲོག་ཆགས་རྣམས་ལས་སྲུང་དུ་གསོལ། དེ་དག་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་བཅིང་བར་བགྱིའོ། །གཟི་བརྗིད་བཅིང་བར་བགྱིའོ། །གཞན་ཐམས་ཅད་ཀྱི་རིག་སྔགས་བཅིང་བར་བགྱིའོ། །མཚམས་བཅིང་བར་བགྱིའོ། །ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། བཻ་རེ་བཻ་རེ། སོ་མེ་སོ་མེ། ཤཱནྟི་ཤཱནྟི། དཱནྟེ་དཱནྟེ། བི་ཥ་དེ་བི་ཥ་དེ། བཱི་རེ་བཱི་རེ། དེ་བི་བཛྲ་དྷ་རི། བནྡྷ་བནྡྷ་ནི། བཛྲ་པཱ་ཎི་ཕཊ། ཨོཾ་ཧཱུྃ་ཧཱུཾ་དྲུཾ་ཥྚོཾ་ཕཊ་སྭཱ་ཧཱ། ཧཱུཾ་དྲུཾ་བནྡྷ་ཕཊ། བདག་ལ་སྲུངས་ཤིག་སྭཱ་ཧཱ། ཨོཾ་བཛྲ་པཱ་ཎི་བནྡྷ་བནྡྷ་བཛྲ་པཱ་ཤེ་ན་མ་མ་སརྦ་དུཥྚཾ་བི་ནཱ་ཡ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པའོ། །སུས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པའི་རིག་སྔགས་ཀྱི་རྒྱལ་མོ་འདི་གྲོ་ག་འམ། རས་སམ་ཤིང་ཤུན་ལ་བྲིས་ཏེ། ལུས་སམ་མགུལ་དུ་བཏགས་སམ་ཀློག་པར་བྱེད་ན་དེ་ཇི་སྲིད་འཚོའི་བར་དུ་མཚོན་གྱིས་མི་ཚུགས། དུག་གིས་མི་ཚུགས། མེས་མི་ཚུགས། ཆུས་མི་ཚུགས། དབྱིག་དུག་གིས་མི་ཚུགས། དུག་སྦྱར་མས་མི་ཚུགས། བྱད་ཀྱིས་མི་ཚུགས། དུས་མ་ཡིན་པར་འཆི་བས་དུས་བྱེད་པར་མི་འགྱུར་རོ། །གདོན་ཐམས་ཅད་དང༌། གེགས་དང་ལོག་འདྲེན་ཐམས་ཅད་ཀྱང་དགའ་བར་འགྱུར་རོ། །རྡོ་རྗེའི་རིགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས་དང་གྲུབ་པའི་ལྷ་མོ་རྣམས་ཀྱིས་ཀྱང་དེ་ལ་རྟག་ཏུ་མཐུན་པར་བསྲུང་བ་དང༌། བསྐྱབ་པ་དང༌། སྦེད་པར་བྱེད་ཅིང༌། དེ་རྣམས་ཀྱི་ཡིད་དུ་འོང་བ་དང༌། དགའ་བར་ཡང་འགྱུར་རོ། །བསྐལ་པ་ཆེན་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་སྐྱེ་བ་དྲན་པར་འགྱུར་རོ། །རྡོ་རྗེའི་ཕོ་ཉ་མོ་དྲུག་ཅུ་རྩ་བཞིས་ཀྱང་རྟག་པར་ཡོངས་སུ་སྐྱོང་བར་འགྱུར་རོ། །ནམ་དུ་ཡང་གནོད་སྦྱིན་དང༌། ཡི་དྭགས་དང༌། ཤ་ཟ་དང༌། སྲུལ་པོ་དང༌། ལུས་སྲུལ་པོ་ཉིད་དུ་མི་འགྱུར་རོ། །མི་དབུལ་པོར་མི་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱིས་བསྲུང་བ་དང༌། བསྐྱབ་པ་དང༌། སྦེད་པར་མཛད་ཅིང་དེ་དག་གི་ཐུགས་སུ་བྱོན་པ་དང༌། དགྱེས་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་ཞེས་བྱ་བ་གཞན་གྱིས་མི་ཐུབ་པ། ཕྱིར་ཟློག་པའི་རིག་སྔགས་ཀྱི་རྒྱལ་མོ་འདི་འཆང་ན་ཚངས་པར་མི་སྤྱོད་པ་ཡང་ཚངས་པ་སྤྱོད་པར་འགྱུར། ཐུབ་པར་མ་བྱས་པ་ཡང་ཐུབ་པ་བྱས་པར་འགྱུར། མི་གཙང་བ་ཡང་གཙང་བར་འགྱུར་རོ། །སྨྱུང་བ་མ་བྱས་པ་ཡང་སྨྱུང་བ་བྱས་པར་འགྱུར་རོ། །མཚམས་མེད་པ་ལྔ་བྱས་པ་ཡང་ཡོངས་སུ་བྱང་བར་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་ཡང་མ་ལུས་པར་ཟད་པར་འགྱུར་རོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བུ་འདོད་པ་གང་ལ་ལས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་ཕྱིར་ཟློག་པ་རིག་སྔགས་ཀྱི་རྒྱལ་མོ་འདི་འཆང་ངམ་ཀློག་ན་བུ་འདོད་པ་དེས་བུ་རྙེད་དེ། ཚེ་དང་བསོད་ནམས་དང་སྟོབས་ཀྱང་རབ་ཏུ་རྙེད་དོ། །འདི་ནས་ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །མི་ནད་དང༌། ཕྱུགས་ནད་དང༌། ཡམས་ཀྱི་ནད་དང༌། འཚེ་བ་དང༌། གནོད་པ་དང༌། ནད་འགོ་བ་དང༌། འཁྲུགས་པ་ཐམས་ཅད་དང༌། ཕ་རོལ་གྱི་དམག་ཚོགས་འོང་བ་ཐམས་ཅད་ལ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་ཞེས་བྱ་བ་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ། རིག་སྔགས་ཀྱི་རྒྱལ་མོ་འདི། རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། རིམ་གྲོ་ཆེར་མཆོད་པ་ཆེན་པོ་བྱས་ལ། གྲོང་ཁྱེར་ཐམས་ཅད་ཀྱི་སྒོ་འམ། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། དགོན་པའི་གནས་སུ་གཟུགས་སོ། །འཕགས་མ་གཞན་གྱིས་མི་ཐུབ་པ། ཕྱིར་ཟློག་པ་ཆེན་མོ་རིག་སྔགས་ཀྱི་རྒྱལ་མོ་འདི། རིམ་གྲོ་ཆེར་བྱས་ཏེ་བཙུགས་ན་བཙུགས་མ་ཐག་ཏུ་ཡུལ་དུ་ཞི་བ་བྱས་པར་འགྱུར་རོ། །ཡམས་ཀྱི་ནད་དང༌། འཚེ་བ་དང༌། གནོད་པ་དང༌། ནད་འགོ་བ་དང༌། འཁྲུག་པ་དང༌། ཕ་རོལ་གྱི་དམག་ཚོགས་འོང་བ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །ཏདྱ་ཐཱ། ཨོཾ་ཥྚོཾ་བནྡྷ་བནྡྷ། མ་མ་རཀྵ་རཀྵ་སྭཱ་ཧཱ། ཨོཾ་ཥྚོཾ་བནྡྷ་བནྡྷ། བཛྲ་མ་མ་རཀྵ་རཀྵ། བཛྲ་པཱ་ཎི་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏོ་ཥྞཱི་ཥ་ཨ་ན་ལེ། ཨ་བ་ལོ་ཀི་ཏེ་ཙུརྣཱ་ཏེ་ཛོ་རཱ་སི། ཨོཾ་ཛྭ་ལ་ཛྭ་ལ། དྷ་ཀ་དྷ་ཀ །དྷ་ར་དྷ་ར། བི་དྷ་ར་བི་དྷ་ར། ཚིནྡྷ་ཚིནྡྷ། བྷིནྡྷ་བྷིནྡྷ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏོ་ཥྞཱི་ཥ་ཧཱུཾ་ཕཊ་སྭཱ་ཧཱ། ཏདྱ་ཐཱ། ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། བཻ་ར་བཻ་ར། སོ་མེ་སོ་མེ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷིཥྛཱི་ཏེ། སརྦ་ཏ་ཐཱ་ཏོ་ཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་ཕཊ། ཧཱུཾ་མ་མ་ཧཱུཾ་ནི་སྭཱ་ཧཱ། ཀླུའི་རྒྱལ་པོ་མཐའ་ཡས་དང༌། ཀླུའི་རྒྱལ་པོ་དུང་སྐྱོང་དང༌། ཀླུའི་རྒྱལ་པོ་ནག་པོ་ཆེན་པོ་རྣམས། དུས་དུས་སུ་ཆར་འབེབས་སོ། །དུས་དུས་སུ་སྤྲིན་སྡུད་པ་དང༌། དུས་དུས་སུ་འབྲུག་སྒྲ་སྒྲོགས་པར་འགྱུར་རོ། །ཉེ་བར་འཚེ་བ་ཐམས་ཅད་ལ་སངས་རྒྱས་རྣལ་འབྱོར་དུ་བྱས་ལ་ལན་གསུམ་བཟླ་བར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང༌། ལྷ་དང་མི་དང་ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན། གཞན་གྱིས་མི་ཐུབ་པའི་ཕྱིར་ཟློག་པ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།

འཕགས་པ་གཙུག་ཏོར་འབར་བ་ཞེས་བྱ་བའི་གཟུངས།

༈ རྒྱ་གར་སྐད་དུ། ཨཱརྻ་ཥྞཱི་ཥ་ཛྭ་ལ་ནཱ་མ་དྷ་ར་ནི། བོད་སྐད་དུ། འཕགས་པ་གཙུག་ཏོར་འབར་བ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མ་ས་མནྟ་བུདྡྷ་ནཾ། ཨ་པྲ་ཏི་ཧ་ཏ་ཤ་ས་ནཱ་ནཱཾ། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཧཱུྃ་ཧཱུཾ་ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། ཏིཥྛཱ་ཏིཥྛཱ་ཤ་ཊི་སརྦ་དུ་ར་ནི་མི་ཏཱ་དུ་ས་སྭ་བ་ན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སངས་རྒྱས་སྟོང་གི་སྔགས་འདི་ནི། །གཙུག་ཏོར་འབར་བ་ཞེས་གྲགས་ཏེ། །ལས་རྣམས་གང་དག་སྟོང་ཕྲག་དང༌། བརྒྱ་བཅུ་དང་ནི་དགུ་ཕྲག་ལྔ། །རྣམ་པ་སྣ་ཚོགས་ལས་རྣམས་དང༌། བཀྲ་ཤིས་དཔལ་གྲགས་ཐམས་ཅད་བྱེད། །རྨི་ལམ་ངན་དང་མཚན་མ་ངན། །ལན་གཅིག་བཟླས་པས་སེལ་བར་བྱེད། གེགས་རྣམས་མ་ལུས་རབ་ཏུ་འཇིག །ཚེ་དང་བསོད་ནམས་འཕེལ་བར་འགྱུར། མངྒ་ལཾ།། །།

སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་བརྒྱ་རྩ་བརྒྱད་གཟུངས་སྔགས་དང་བཅས་པ།

༄༅། །སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་བརྒྱ་རྩ་བརྒྱད་གཟུངས་སྔགས་དང་བཅས་པ་བཞུགས་སོ། །

ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་སྙིང་རྗེའི་ཙནྡན་དྲི་ཞིམ་པོའི་སྤོས་ཀྱིས་བྱུགས་པའི་སྐུ། ཞབས་པད་ལྷ་དང་ལྷ་མ་ཡིན་གྱི་ནོར་བུའི་ཅོད་པན་གྱིས་གཏུགས་པ། རང་བྱུང་སེལ་མཛད། བླ་མ་འཇིག་རྟེན་ཐམས་ཅད་ལ་ཕན་མཛད་པ། སྟོན་པ། དེ་བཞིན་གཤེགས་པ། ཐུབ་པ། ཉེས་པ་དང་བྲལ་བ། ཞི་བའི་བདག་ཉིད་ཅན། གཟུགས་མཛེས་པ། མཚན་གསལ་བའི་གཟི་བརྗིད་ཅན། སྐུ་དཔེ་བྱད་ཀྱིས་བརྒྱན་པ། ཡོན་ཏན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །པདྨ་རྒྱས་པ་ལྟར་ཞལ་བཞད་དེ། ཚེམས་དཀར་ཞིང་སྙོམས་ལ་ཐགས་བཟང་བས་རབ་ཏུ་རྒྱས་ཤིང་སྣང་ལ་ནོར་བུ་དྲི་མ་མེད་པ་ལྟར་འོད་གསལ་ཞིང་མཛེས་ཏེ། སྤ་ཞིང་གསལ་བ། ཉི་མའི་འོད་ཟེར་སྟོང་འབར་བ་མང་པོའི་འོད་སྣང་བའི་དཀྱིལ་འཁོར་ཟིལ་གྱིས་གནོན་པ། ཐུབ་པའི་མཆོག་སྟོབས་བཅུ་དང་ལྡན་པ་ལ་ཕྱག་འཚལ་ལོ། །འདུད་དོ། །རབ་ཏུ་འདུད་དོ། །བསྟོད་དོ། །ཨོཾ་བྷོ་ཧཱུཾ་ཧཱུཾ། ཨཱ་ཨཱ། ཧཱི་ཧཱི། ཤི་བ་ཤི་བ། ཤཱཾ་ཏི་ཤཱཾ་ཏི། ཤ་མ་ཤ་མ་ཤ་མ་པ་ཡ། ཏ་ཐཱ་ག་ཏ་ཨ་ནུ་ག་ཏེ། སྭ་བྷཱ་ཝ། ཨ་བྷཱ་ཝ། ས་མུད་ཏཱ་ཡ། ཨ་ས་མ་བ་ལ། ཨ་བ་རི་ལ་བ་ལ། ཨ་མྲྀ་ཏ་བ་ལ། ཨ་ཏི་བ་ལ། གྷུཾ་གྷུཾ། དྷཽ་དྷཽ། བྷྲཽ་བྷྲཽ། བྷྲེ་དུ་བྷྲེ་དུ། ཧཱི་ཧཱི། བྷ་ག་ཝཱན། བྷ་ཝཱན་ཏ་ཀ །སུ་ར་ཏ་བྷོ་ག་མ་ཧཱ་ཤཾ་ཏི་ཀ་ར། པཱ་པ་ཀེལྦི་ཥ་ན་ཤ་ཀ་སྭཱ་ཧཱ། དེ་ནས་དཔེ་བྱད་མཚན་གསལ་བས། །ཡན་ལག་ཐམས་ཅད་རབ་བརྒྱན་ཅིང༌། །ཉི་མ་བཞིན་དུ་གསལ་བ་པོ། །འབར་བའི་དཀྱིལ་འཁོར་རྒྱན་མངའ་བ། །གྲགས་ཤིང་དྲི་མ་རབ་སྤངས་ལ། །དྲི་མེད་སྐྱོན་བྲལ་ཆོས་ཀྱི་བློ། །ཁྱབ་བདག་ཆེན་པོ་སྟོབས་བཅུ་ལྡན། །རྡུལ་བྲལ་དཔལ་དང་ལྡན་པ་པོ། །རིན་ཆེན་ས་གཞི་ཆེན་པོ་ལ། །ཕོ་བྲང་རྩེ་མོ་རྡོ་རྗེའི་རྩེ། །རྒྱལ་བའི་སྲས་རྣམས་གནས་གྱུར་པ། །ནོར་བུ་དུ་མ་རབ་འཕྲོ་ཞིང༌། །འོད་ཟེར་དྲི་མེད་གསལ་བཀོད་པའི། །རྡོ་རྗེའི་དཀྱིལ་འཁོར་ཕོ་བྲང་ན། །ཐུབ་པའི་ལོངས་སྤྱོད་ས་གཞི་ལ། །སེང་གེའི་ཁྲི་ཆེན་ཡངས་ལ་བཞུགས། །ནོར་བུ་དབྱིག་གི་ས་གཞི་དང༌། །ཁྲི་ཆེན་རབ་སྤ་དེ་ཉིད་ལ། །དེ་བཞིན་གཤེགས་པ་དགྱེས་ཆེན་གྱིས། །ཕུན་སུམ་ཚོགས་པ་རྒྱན་ཀོ་ལྟ། །ཐུབ་པ་མེ་ཟླ་ནོར་བུའི་འོད། །ཉི་ཟེར་གནོན་པའི་འོད་ལྡན་པ། །བདེ་བླག་ཤིན་ཏུ་བཀྲ་ཤིས་ཚུལ། །འོད་གསལ་སྐྱིལ་མོ་ཀྲུང་བཅས་ནས། །སྐུ་འོད་འབར་བའི་དཀྱིལ་འཁོར་ཅན། །འོད་གསལ་རྒྱས་པས་ཐུབ་དབང་གི །དྲི་མེད་འོད་ཟེར་བཀྱེ་བ་ནི། །མི་གཡོ་རྡོ་རྗེ་ཅན་ཞེས་བྱ། །དཀྱིལ་འཁོར་ཆེན་པོར་བཞུགས་པ་ཡི། །རྡོ་རྗེ་ཅན་དག་རབ་བཏུལ་བ། །གང་ཡིན་དེ་ཀུན་དག་བྱས་ནས། །དཀྱིལ་འཁོར་དྲི་མེད་སྐོར་བར་བྱེད། །ངན་སོང་དམ་ཚིག་དྲི་མ་ཀུན། །ལེགས་པར་ཤིན་ཏུ་དག་བྱས་ནས། །སྲིད་གསུམ་དཀྱིལ་འཁོར་རྒྱ་ཆེ་བ། །རྣམ་པ་དུ་མར་འོད་གསལ་བ། །འགྲོ་དང་མི་འགྲོ་མ་ལུས་པ། །བསྐོར་ནས་བདེ་ཆེན་རྡོ་རྗེ་ཅན། །རྡོ་རྗེ་རལ་གྲི་ཐོགས་པ་དེ། །ཅོད་པན་མ་གཡོས་ནང་དུ་བཞུགས། །དེ་ནས་འཇིགས་པའི་སྒྲ་སྐད་ཀྱིས། །འགེངས་ཤིང་མིག་ནི་གློག་ལྟར་འགྱུ། །རིག་སྔགས་ཧཱུཾ་ཞེས་སྒྲོགས་པ་པོ། །རྡོ་རྗེ་འཇིགས་བྱེད་འཇིགས་བྱེད་པ། །བཞིན་མཛེས་འཛུམ་གྱིས་རྣམ་པར་བརྒྱན། །བསྡིགས་བྱེད་མིག་རྩ་རྒོད་གྱུར་ཅིང༌། །སྟན་ལས་ལངས་ཏེ་ཕྱག་འཚལ་ནས། །ལེགས་པར་མཆོད་བྱས་སྨྲས་པ་ནི། །ཀྱེ་མ་སྐྱེ་བའི་ཕྱོགས་འཇོམས་ཤིང༌། །བསྐལ་པ་དུ་མའི་དྲི་མ་སེལ། །རིག་སྔགས་ཡོན་ཏན་སྒྲུབ་བྱེད་པ། །ཐུབ་མཆོག་རྣམས་ཀྱིས་རབ་ཏུ་གསུངས། །དེ་གཟིགས་དགེ་བ་དུ་མ་བརྙེས། །སངས་རྒྱས་བློ་གྲོས་རྒྱས་པར་འགྱུར། བྱང་ཆུབ་སེམས་དཔའ་བློ་གྲོས་ཆེ། །བསྐལ་པ་གཅིག་ཏུ་སྤྱོད་པས་ཀྱང༌། །བརྒྱུད་མར་སངས་རྒྱས་ཀུན་འབྱུང་ཞིང༌། །སྤྱོད་མ་དུ་མ་འབྱུང་བ་ཡི། །ཡོན་ཏན་བརྒྱ་ཡི་སྤོས་ལྡན་ཡང༌། །ཐོས་པ་སྤྲོ་བར་མི་ནུས་སོ། །ལོངས་སྤྱོད་རྒྱ་མཚོ་ཆེན་པོ་ཅན། །བྱང་ཆུབ་སེམས་མཆོག་དཀྱིལ་འཁོར་དུ། །རྒྱལ་མཆོག་རྣམས་ཀྱིས་དབང་བསྐུར་བའི། །ཕྱིར་མི་ལྡོག་པའི་ཆོས་ཅན་ལྡན། །འདི་ཐོས་སངས་རྒྱས་སྤྱོད་པ་ཡིས། །སེམས་ཅན་ཀུན་གྱི་སྡིག་པ་རྣམས། །མ་ལུས་རབ་ཏུ་བསལ་ནས་ནི། བློ་ཆེན་དྲི་མ་མེད་པར་འགྱུར། །ཞི་ཞིང་དག་བྱེད་བཀྲ་ཤིས་ལ། །རྡུལ་མེད་བརྒྱན་ཏེ་ཞི་བར་བྱེད། །དགེ་ཞིང་མྱ་ངན་ཐམས་ཅད་སེལ། །སྡུག་བསྔལ་ཐམས་ཅད་ངེས་པར་འཇོམས། །དབང་བྱེད་གསང་སྔགས་དམ་པ་སྟེ། །ས་སྟེང་སྡིག་པ་ཐམས་ཅད་སོལ། །མ་རྨོས་འབྲས་བུ་ངེས་པར་སྦྱིན། །བསྟན་པ་ཡིན་ཏེ་སྡང་བ་འདུལ། །ཉེས་པ་བྱས་པ་སེལ་བ་ཡིན། །གཟུངས་འདི་གང་གིས་ཐོབ་གྱུར་ཏེ། །སངས་རྒྱས་རྙེད་པར་དཀའ་བ་ཡང༌། །རིང་པོར་མི་ཐོགས་ཐོབ་པར་འགྱུར། །སྒྲིབ་པ་ཐམས་ཅད་རབ་ཞི་ཞིང༌། །ཁྱབ་བདག་ཉོན་མོངས་ཀུན་སེལ་བ། །གང་ཞིག་ཉོན་མོངས་ཞི་བྱེད་པའི། །གཟུངས་འདི་འཆང་བར་བྱེད་པ་ཡིས། །ཀུན་ཏུ་བཟང་པོ་ཉིད་དང་ནི། །ལག་ན་རྡོ་རྗེ་ཉིད་ཀྱང་འཐོབ། །རིག་སྔགས་འཆང་གི་བདག་པོ་ཡང༌། །འདི་ཐོས་པས་ནི་ཐོབ་པར་འགྱུར། །འཇིག་རྟེན་ཀུན་ན་ལམ་མེ་བ། །བཅོམ་ལྡན་རྣམ་པར་སྣང་མཛད་ཀྱང༌། །དཀྱིལ་འཁོར་དམ་པ་གཏིང་མེད་པ། །འདི་ནི་ཇི་སྲིད་མ་གསན་པར། །རབ་ཞི་ཉོན་མོངས་འདུལ་བ་ཡི། །རང་བྱུང་གོ་འཕང་མ་བརྙེས་ཏེ། །རྣམ་པར་དག་ཕྱིར་གསན་གྱུར་ནས། །གསན་མ་ཐག་ཏུ་རྣམ་པར་དག །དེ་ཕྱིར་ཕུན་སུམ་ཚོགས་པ་དང༌། །ལེགས་པར་འདོད་པས་བརྗོད་པར་བྱ། །གཞན་གྱིས་མི་ཐུབ་གཟུངས་གསན་ནས། །ཐུབ་པ་ཀུན་གྱིས་གང་བརྙེས་པ། །འཁོར་བ་འདིར་ནི་ནམ་དུ་ཡང༌། བདུད་ཀྱི་ལས་དང་འཁྲུག་མེད་དང༌། །མྱ་ངན་མེད་ཅིང་འཐབ་མེད་པ། །གཟུངས་ལ་གནས་པས་ཐོབ་པར་འགྱུར། །གནས་ཀྱི་དམ་པ་ཐོབ་ནས་ཀྱང༌། །ཐུབ་པ་དྲི་མ་མེད་པའི་བློ། །གཟིགས་པ་བཟང་རྣམས་གར་གཤེགས་པའི། །བཟང་འགྲོ་དེར་ནི་འགྲོ་བར་འགྱུར། །ལེགས་པ་འདོད་པ་རྣམས་ཀྱིས་ནི། ཚིག་གི་མདོ་འདི་མཉན་པར་གྱིས། །ཉོན་མོངས་ཟད་པར་བྱ་བ་ལ། །རྒྱལ་བས་གསུངས་པའི་གཟུངས་འདི་མཆོག །སྡིག་པ་བྱེད་ཅིང་དགེ་ལས་སྤངས། །སྡིག་པའི་རང་བཞིན་རབ་འཇུངས་པ། །གང་གིས་ཐོས་ནས་དེ་སྤོང་བ། །དེ་ཡི་མངོན་སུམ་འབྱོང་བར་འགྱུར། །སྡིག་པ་གཞན་ཡང་མི་བྱ་ཞིང༌། །སྔ་མ་རྣམས་ཀྱང་བཤགས་པར་བྱ། །གཟུངས་མཆོག་འདི་ཡི་མཐུ་སྟོབས་ཀྱིས། །སྡིག་པ་ཐམས་ཅད་འབྱང་བར་འགྱུར། །ཚེ་རབས་གཞན་ནི་སྟོང་དག་དང༌། །ཚེ་རབས་བྱེ་བ་ཕྲག་བརྒྱར་ཡང༌། །སྡིག་པ་མི་དགེ་གང་བྱས་པ། །དག་འགྱུར་འདི་ལ་ཐེ་ཚོམ་མེད། །ཡར་གྱི་ངོ་ན་ཚེས་བརྒྱད་དང༌། །དེ་བཞིན་ཚེས་ནི་བཅོ་ལྔ་ལ། །བསྙེན་གནས་ལེགས་པར་ལྷུར་བླངས་ལ། །ཆོ་ག་བཞིན་དུ་སངས་རྒྱས་མཆོད། །དེ་ནས་རྨོངས་པ་མེད་པར་ཡང༌། །ཉོན་མོངས་དགྲ་ནི་རབ་འཇོམས་ཤིང༌། །ཤིན་ཏུ་ཐུབ་དཀའ་དཔེ་མེད་པ། །ཉེས་པ་བཟློག་པའི་གཟུངས་བརྗོད་ན། །ཐུབ་པའི་ཞལ་གྱི་ཟླ་བའི་འོད། །ཐར་པ་ངེས་པར་མཐོང་བར་འགྱུར། །དེས་ན་ཚོགས་རྣམས་རྫོགས་པ་ཡི། །རྒྱལ་བའི་སྲས་པོ་ཉིད་དུ་འགྱུར། །འོད་དཔག་མེད་ལ་མངའ་བ་ཡི། །ཡོན་ཏན་མཐའ་ཡས་རབ་རྒྱས་པ། །བསྐལ་བ་བྱེ་བ་སྟོང་དུ་ཡང༌། །མཐའ་མི་རྟོགས་པ་ཐོབ་པར་འགྱུར། །དེ་ནས་རྡོ་རྗེ་འཛིན་གྱི་ཚིག །དཀྱིལ་འཁོར་དག་ན་གནས་རྣམས་ཀྱིས། །ཐོས་ནས་རྒྱལ་རྣམས་སྣ་ཚོགས་པ། བཅོམ་ལྡན་འདས་ལ་འབུལ་བར་བྱེད། །རྡོ་རྗེ་རལ་གྲི་ལ་སོགས་པ། །ལྷ་དག་གསལ་བ་ཐམས་ཅད་དང༌། །རི་བོ་ཏེ་སི་རི་རབ་ལ། །གནས་པའི་རིག་སྔགས་འཆང་རྣམས་དང༌། །དེ་བཞིན་དཀྱིལ་འཁོར་ཆེན་པོ་ན། །འཁོད་པའི་རིག་སྔགས་འཆང་རྣམས་དང༌། །མ་ལ་ཡ་ཡི་རི་བོ་ལ། །གནས་ཤིང་རྒྱན་འབར་ཐོགས་རྣམས་དང༌། །ཁྱབ་འཇུག་ལྷ་ཆེན་ལ་སོགས་པ། །ལྷ་ཡི་བདག་པོ་རྣམས་དང་ནི། །ལག་ན་རྡོ་རྗེ་ལ་སོགས་པ། བྱང་ཆུབ་སེམས་དཔའ་སྟོབས་ཅན་རྣམས། ནོར་བུའི་དཔུང་རྒྱན་རྣ་ཆ་དང༌། །རྒྱན་རྣམས་རབ་ཏུ་གཡོ་བའི་ལུས། །རབ་ཏུ་བསྐྱོད་དེ་ལངས་ནས་ནི། །སྡིག་བྲལ་མངའ་བདག་རྒྱལ་བ་ལ། ཕྱག་འཚལ་ཐལ་མོ་སྦྱར་བྱས་ནས། །ཀུན་གྱིས་ས་ཡི་དབང་ཕྱུག་གོ །ཐུབ་མཆོག་དམ་པ་དེ་ལ་ནི། །མཚན་བརྒྱ་རྩ་བརྒྱད་དག་གིས་བསྟོད། །མཉམ་ཉིད་ཆོས་ཏེ་དེ་བཞིན་ཉིད། །ཤིན་ཏུ་རྟོགས་པ་ལམ་མེ་བ། །དུལ་བ་བརྟན་པ་དྲི་མ་སེལ། །ཐུབ་པ་སངས་རྒྱས་ཤིན་ཏུ་ཞི། །འཇིག་རྟེན་མགོན་པོ་སྐྱེ་དགུའི་བདག །དེ་བཞིན་གཤེགས་པ་ཉོན་མོངས་ཐུལ། །དེ་བཞིན་རྒྱལ་བ་རྡུལ་བསལ་བ། །སྟོན་པ་སྟོན་མཛད་བརྟེན་པ་སྡེ། །སྡིག་པ་མེད་པ་རྡུལ་དང་བྲལ། །འཇིག་རྟེན་མགོན་མཛད་སྣང་མཛད་པ། །དག་པ་ཞི་བ་ཟས་གཙང་སྲས། །ཉོན་མོངས་རབ་བཅོམ་ཕན་འདོགས་པ། །སྟོན་པ་པོ་སྟེ་དྲི་མ་སེལ། །སྤྱོད་ཚུལ་དྲི་མེད་ཚུལ་བཟང་བ། །ཟབ་པ་རྣམ་པར་གནོན་པ་བརྟན། བཙན་པོ་ཐུགས་བརྩེ་རྣམ་པར་རྒྱལ། །མགོན་པོ་དེ་བཞིན་མགོན་མཛད་པ། །ཞི་བའི་བདག་ཉིད་ཞེ་སྡང་བྲལ། བཅིངས་པ་ལས་གྲོལ་ངེས་པར་གྲོལ། །འཇིག་རྟེན་ཀུན་མཆོག་འཁྲ་བའི་ས། །བདག་གིར་མི་འཛིན་དྲི་མ་མེད། །ངན་སོང་སེལ་བ་དཔལ་དང་ལྡན། །དཔལ་མཛད་དེ་བཞིན་ཕན་པ་མཛད། །མཉམ་པ་མེད་པ་དཔེ་མེད་པ། །ཁྱབ་བདག་ཉོན་མོངས་ལས་རྣམས་སྤོངས། །ཁེངས་པ་མེད་པ་དམན་པ་མེད། །མཉམ་པ་དེ་བཞིན་མི་མཉམ་མཉམ། །སྣང་བ་བརྙེས་པ་སྣང་བྱེད་མེད། །འཇིག་རྟེན་སྣང་མཛད་སྡིག་མེད་པ། །སྒྲིབ་པ་ཐམས་ཅད་སྤངས་པ་སྟེ། །འཇིག་རྟེན་ཀུན་ལ་ཕན་པར་བརྩོན། །དཔའ་བོ་ཞི་བ་ཞི་མཛད་པ། །ཉོན་མོངས་དགྲ་རྣམས་ཟད་པར་མཛད། །མངའ་བདག་ཐབས་མཁྱེན་ཐབས་ཆེ་བ། །སེམས་ཅན་ཀུན་གྱི་འཁྲ་ས་ལགས། །དོན་ཡོད་རྙེད་དཀའ་བློ་དང་ལྡན། །རྡོ་རྗེའི་དཀྱིལ་འཁོར་ཐུབ་པ་དཀའ། །སྐྱོབ་པ་འཇིགས་སེལ་ཚངས་པ་སྟེ། །དེ་བཞིན་སངས་རྒྱས་ཆོས་འཛིན་པ། །དཔའ་བོ་ཆེན་པོ་འཇིགས་པ་མེད། །གཟུགས་བཟང་མཚན་རྣམས་གསལ་བ་སྟེ། །སུམ་ཅུ་རྩ་གཉིས་མཚན་མངའ་བ། །ཆོས་ཀྱི་ལོངས་སྤྱོད་རྒྱ་མཚོ་ལགས། །དཔེ་བྱད་བཟང་པོ་བཀོད་པ་ཡིས། །སྤྲས་པའི་བདག་ཉིད་ཡ་མཚན་སྟོན། །དཀའ་མེད་པ་ཡི་སྟོན་པ་པོ། །དེ་བཞིན་ངེས་པ་བདེ་སྦྱིན་པ། །མཐུ་ཅན་ཡངས་པ་རྒྱ་ཆེ་བ། བདུད་བཞིའི་སྟོབས་རྣམས་སེལ་མཛད་པ། །བརྩོན་ཆེན་སྤྲོ་བ་ཆེ་བ་སྟེ། །དགྱེས་པ་ཆེན་པོ་སྟོབས་པོ་ཆེ། །མཐུ་བརྙེས་བརྟན་པོ་ཆེན་པོ་སྟེ། །གནས་ལྡན་དབང་གིས་དར་བ་ལགས། །གསལ་བ་གསུང་ན་དཔེ་མེད་པ། །དགེ་བ་སྟོང་པ་ཉིད་ཀྱིས་རྒྱལ། །རབ་ཏུ་ཞི་བ་མུན་པ་མེད། བློ་གྲོས་ཆེན་པོ་ཆོས་འཛིན་པ། །ཕུན་སུམ་ཚོགས་ལྔ་གནས་ཆེན་བརྙེས། །འདོད་པ་རྣམས་ནི་འདུལ་མཛད་པ། །དཔལ་མཛད་དཔལ་མངའ་དཔལ་དང་ལྡན། །དཔལ་གྱི་ལོངས་སྤྱོད་ཤིན་ཏུ་རྒྱས། །བཅོམ་ལྡན་ལེགས་བསྒོས་བསྒོ་བར་མཛད། །གསུང་ལྡན་བཀྲ་ཤིས་རྒྱལ་པོའི་གནས། །མཉམ་ཉིད་མཉམ་པ་ཉིད་མཁྱེན་པ། །མཉམ་པ་ཉིད་ཀྱིས་མཚན་དཔག་མེད། །རབ་ཏུ་དགྱེས་པ་ལོངས་སྤྱོད་གསལ། །གཞི་བཅས་སེམས་པ་མཉམ་པ་ལགས། བློ་དག་བློ་ལྡན་དྲི་མ་སྤངས། །གནས་ཆེན་བརྟན་པར་ལྡན་པ་སྟེ། རྒྱས་པ་ལོངས་སྤྱོད་དྲི་མ་མེད། །ཐུབ་པ་ཐུགས་རྗེའི་རྒྱན་མངའ་བ། །སྐལ་པ་བཟང་པོ་འཇིགས་པའི་སྐྱབས། །དེ་བཞིན་འཇིགས་མེད་ཉོན་མོངས་ས་སེལ། །དྲི་མེད་སྐྱོན་བྲལ་ལོངས་སྤྱོད་ཅན། །སྣ་ཚོགས་འོད་ལྡན་དཀྱིལ་འཁོར་མཛད། །སྐུ་བཟང་དགེ་བའི་རིམ་པ་མཆོག །ཐུགས་རྗེའི་འོད་ལྡན་འོད་བཟང་བ། །མི་གནས་ལོངས་སྤྱོད་དམ་པ་ལགས། །ཆོས་ཀྱི་རྒྱུ་དེ་ཡོན་ཏན་གནས། །རྗེད་འོས་མཆོག་ནི་ལོངས་སྤྱོད་ཆེ། ནམ་མཁའི་མཚན་དེ་རྣམ་དག་བློ། །རིན་ཆེན་གཟུགས་འདྲ་བཀྲ་ཤིས་པ། །ཁྱུ་མཆོག་ཆེ་སྤྱན་བ་རྫི་མ། རྒྱལ་བ་སྐྱོན་བསལ་ཤེས་རབ་ཅན། །ཤེས་རབ་ཐབས་དང་ལྡན་པ་སྟེ། །འཇིག་རྟེན་མི་དགེ་ཀུན་ལས་འདས། །དག་པར་ལོངས་སྤྱོད་བརྟན་པ་ཅན། །ས་དང་སྟོབས་དང་ཡེ་ཤེས་བཟོད། །ཕ་རོལ་ཕྱིན་པ་ཀུན་ལ་མངའ། །ཏིང་འཛིན་མཉམ་པར་ལོངས་སྤྱོད་པ། །རྣམ་ཐར་སྒོ་ལ་མངོན་སུམ་པ། །གཏོང་བ་སངས་རྒྱས་ཀུན་དང་མཉམ། །ཆོས་ཆེན་བདེ་བར་འཆར་བ་ལགས། །ཐམས་ཅད་མཁྱེན་པའི་ཡུལ་ལས་འདས། །སྤྱོད་ཡུལ་སྒྲིབ་པ་མི་མངའ་བ། །བྱང་ཆུབ་སེམས་དཔའི་དབང་པོ་རྒྱལ། །དམ་པའི་དོན་ཏེ་ཚུལ་ཆེ་བ། །ཤེས་བྱའི་ཡུལ་རྣམས་མཐའ་དག་ལ། །སྒྲིབ་པ་མེད་པར་འཆར་བ་བརྙེས། །རིགས་ཆེན་མཐུན་པར་སྐྱེས་པ་སྟེ། །དེ་བཞིན་གཤེགས་པའི་དགེ་བའི་གནས། །ཁྱད་པར་བརྙེས་པ་མཉམ་ཉིད་བརྙེས། །མི་མཉམ་སངས་རྒྱས་ཀུན་དང་མཉམ། །དོན་ཆེན་ཤིན་ཏུ་མཐར་ཕྱིན་པ། །ཉོན་མོངས་བྲལ་བ་ཐུབ་པར་དཀའ། །དགེ་སྤྱོད་སྡིག་པ་སྦྱོང་མཛད་པ། །གནོད་པ་མེད་པར་བདེ་བར་འབྱིན། །བློ་རྒྱ་ཆེ་བ་ཐམས་ཅད་མཁྱེན། །ཐོས་པའི་མཚོན་ཆ་མ་ལུས་གསན། །དཀོན་པ་བདེ་བ་ཐོབ་གྱུར་བ། །མཉམ་པ་ཁྱད་པར་ཡུལ་དང་ལྡན། །འཇིག་རྟེན་ཐམས་ཅད་དར་མཛད་མགོན། ཞི་གནས་མཚོན་ཆ་ཐུབ་པ་དཀའ། །བསམ་གྱིས་མི་ཁྱབ་བསམ་ཡས་ཡུལ། །དཔེ་མེད་པ་སྟེ་དཔེར་བྱ་བ། །འོད་བཟང་རབ་དགྱེས་དཔལ་དང་ལྡན། །ལེགས་གསུང་བློ་ཡི་སྟོབས་ཀྱིས་འབྱུང༌། །མཁས་པ་ཞལ་བཟང་བདེ་སྦྱིན་པ། །རབ་དགྱེས་འདས་པའི་སྤྱོད་ཡུལ་ཅན། །གསང་བ་ཆེན་པོ་ཡེ་ཤེས་ཆེ། །གནས་ཆེན་བཀྲ་ཤིས་ཆེན་པོ་སྟེ། མཆོད་པར་གྱུར་པ་ཡུལ་ལས་འདས། །བྱ་བའི་མཚན་ཉིད་མེད་པ་པོ། །སངས་རྒྱས་ཡུལ་དུ་སྐྱེས་པ་སྟེ། །ཤེས་བྱའི་སྤྱོད་ཡུལ་རྒྱ་ཆེ་བ། །ཀུན་མཁྱེན་ལོངས་སྤྱོད་འབྲས་བུ་ཅན། །འཇིག་རྟེན་དབང་འདས་སྤྱོད་ཡུལ་བ། །ཀུན་མཁྱེན་ཡུལ་གྱི་སྣང་བ་སྟེ། །ཐབས་མངའ་ཕུན་སུམ་ཚོགས་ལྡན་པ། །རྫུ་འཕྲུལ་རོལ་པའི་ཐབས་དང་ལྡན། །ཆོས་ཀྱི་གར་སྟབས་སྟོན་པ་པོ། །རབ་སྟོན་ཡོན་ཏན་སྒྱུར་མཛད་པ། །སྤྱོད་པ་མ་ལུས་འདུལ་བར་མཛད། །ཡོངས་སུ་རྫོགས་པ་རྣམ་པར་དག །སངས་རྒྱས་སྤྱོད་ཡུལ་རྣམ་སངས་རྒྱས། །བགེགས་བྱེད་མ་ལེགས་བྱེད་པ་བཅོམ། །བདུད་ཀྱི་དྲེགས་པ་སེལ་བར་མཛད། །གཡུལ་ངོར་རྣམ་པར་རྒྱལ་བ་བརྙེས། །དཔའ་བོ་ཆེན་པོ་ཕམ་མེད་སྟོབས། །ཐེག་པ་ཆེན་པོ་ཤིང་རྟར་བཅིབས། བློ་ཆེན་བརྒལ་བར་དཀའ་བ་ཡི། ཉོན་མོངས་རྒྱ་མཚོའི་ཕ་རོལ་གཤེགས། །ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཐེག་པ་མཆོག་ལ་ལོངས་སྤྱོད་པ། །ཉན་ཐོས་འདས་པའི་སྤྱོད་ཡུལ་ཅན། །རང་རྒྱལ་ལས་ཀྱང་འདས་པ་སྟེ། །སངས་རྒྱས་ས་ཡི་འབྲས་བུར་གནས། །གོང་ནས་གོང་དུ་ཁྱད་པར་མཁྱེན། །ཁྱོད་ནི་ནམ་མཁའི་གནས་ན་བཞུགས། །བདེ་འབྱུང་ས་དང་ཞིང་རྣམས་ཀྱི། །མཚོ་ཆེན་དག་ལ་ལོངས་པར་སྤྱོད། །སངས་རྒྱས་དབང་པོ་རྒྱས་པ་ལ། །མཚན་རྒྱ་རྩ་བརྒྱད་ཀྱིས་བསྟོད་ནས། །དེ་ལ་ལྷ་སོགས་ཚོགས་རྣམས་ཀྱིས། ཕྱག་བྱས་མགོ་སྨད་ཕྱོགས་གཅིག་འཁོད། །དེ་ནས་དཀྱིལ་འཁོར་ཆེན་པོ་ནི། །གནས་པ་མ་ལུས་ཆེམ་མེར་འཁོད། །ཐོད་དུ་རྡོ་རྗེའི་ཐོད་འཆིང་བ། །ལངས་ནས་ཅོད་པན་རབ་ཏུ་གཡོས། །དཀྱིལ་འཁོར་མཐོན་པོ་ཐམས་ཅད་དུ། །སྐད་བེར་ཆེན་པོས་ཡོངས་བཀང་ནས། །ནོར་བུའི་རྒྱན་ནི་རྣམ་གཡོ་ཞིང༌། །ཧ་ཧ་གྲགས་པའི་སྒྲ་སྒྲོགས་ཏེ། །ཀྱེ་མ་སངས་རྒྱས་ཡོན་ཏན་ཆེ། །བསྐལ་པ་གྲངས་མེད་གསུམ་བསགས་པ། བྱང་ཆུབ་སེམས་སོགས་མཆོག་རྣམས་ཀྱིས། མཚན་བརྒྱ་རྩ་བརྒྱད་ལེགས་པར་བརྗོད། །ཀྱེ་མ་རྙེད་དང་བདེ་འབྱུང་བ། །མཚན་བརྒྱ་རྩ་བརྒྱད་ཐོས་ནས་ཀྱང༌། །གང་ཞིག་ཀློག་ཅིང་རྒྱལ་ལ་བསྟོད། །འབྲས་བུ་ཆེན་པོ་འགྲུབ་པར་འགྱུར། །མཚན་བརྒྱ་རྩ་བརྒྱད་སྔགས་བཅས་པ། །བཅོམ་ལྡན་འདས་དྲུང་བརྗོད་ན་ནི། །སྒྲིབ་དང་ཀུན་ནས་ཉོན་མོངས་དང༌། །སྡིག་པ་ཐམས་ཅད་དག་པ་མཐོང༌། །མཚན་བརྒྱ་རྩ་བརྒྱད་མཆོག་བཏོན་ན། །སྒྲིབ་པ་ཀུན་ལས་ངེས་གྲོལ་ཞིང༌། །ཉོན་མོངས་མཐའ་དག་རྣམ་པར་སྤོང༌། །ཤེས་རབ་ཆེན་པོ་ཉིད་དུ་འགྱུར། དེ་ནི་ལོངས་སྤྱོད་ཆེན་པོ་དང༌། བདེ་བ་ལས་ཀྱང་ཉམས་མི་འགྱུར། །དེ་ཡི་ཚེ་རབས་ཐམས་ཅད་དུ། །བློ་ལྡན་ཚེ་རབས་དྲན་པར་འགྱུར། །དེ་ནས་རྡོ་རྗེའི་ཐོད་འཆིང་པ། །ཡོན་ཏན་མཐའ་ཡས་སྲས་དེ་ལ། བཅོམ་ལྡན་བདུད་ལས་རྒྱལ་བ་ཡིས། །མངོན་སུམ་གཟིགས་ནས་བཀའ་སྩལ་པ། །རྒྱལ་བའི་ས་འདི་ཞི་བ་སྟེ། །ང་རྒྱལ་ལ་སོགས་ཉོན་མོངས་འཇོམས། །འཇིག་རྟེན་བདེ་བ་ཀུན་ལས་འདས། །དེ་བཞིན་གཤེགས་དེ་མངོན་དུ་ཕྱོགས། །གཞན་གྱིས་མི་ཚུགས་གཟུངས་དང་ནི། །མཚན་བརྒྱ་རྩ་བརྒྱད་ཉན་བྱེད་པ། །དེ་དག་རྣམ་དག་བདག་ཉིད་དེ། །སེམས་ཅན་ཀུན་ལ་བདེ་འདོད་པ། །ལན་གཅིག་ཐོས་པ་ཙམ་གྱིས་ཀྱང༌། །དེ་དག་ས་ཆེན་འབྲས་བུར་གནས། །རིང་པོར་མི་ཐོགས་དགར་འགྱུར་ན། །འཆང་སོགས་ལྟ་ལ་ཅི་ཞིག་སྨོས། །དེ་ཕྱིར་རྟག་ཏུ་རབ་བསྒྲིམས་ལ། །གཏན་དུ་བདེ་བ་འདོད་པ་ཡིས། །ཡོན་ཏན་རྒྱ་མཚོ་ལྡན་པའི་གཟུངས། །མཉན་པར་བྱ་ཞིང་བཅང་བར་བྱ། །གང་ཞིག་ནད་པས་ལངས་ནས་བརྗོད། །བདག་ཉིད་ཀྱིས་ཀྱང་བཏོན་ནས་ནི། །དེ་ཡི་དོན་ཀུན་འགྲུབ་འགྱུར་ལ། །གནོད་པ་དང་ཡང་ཕྲད་མི་འགྱུར། །འདི་ནི་ཡོན་ཏན་ཀུན་གྱི་སྤོས། །དགེ་བ་ཕུན་སུམ་ཚོགས་སྦྱིན་པ། །ཀུན་མཁྱེན་བླ་མེད་འབྲས་བུའི་མཆོག །བདེ་འབྱུང་ཐོབ་པར་བྱེད་པ་ཡིན། །འབྲས་བུ་འབྱོར་བ་ཅི་ཡང་རུང༌། །ཐོབ་པར་མི་འགྱུར་དོགས་པ་མེད། །ཀུན་མཁྱེན་གོ་འཕང་ཐོབ་གྱུར་ནས། །དཔེ་མེད་གནས་སུ་འགྲོ་བར་འགྱུར། །དེ་ནི་དགེ་ཞིང་འབྲས་བུ་ལྡན། །སངས་རྒྱས་ས་ཡི་འབྲས་བུ་བྱིན། །ཡིད་དུ་འོང་ཞིང་ཡོན་ཏན་ལྡན། །སྙིང་རྗེ་དྲི་མ་མེད་བྱིན་པ། །འདི་ནི་མཉམ་པ་ཉིད་ཀྱི་མདོ། །འཇིག་རྟེན་ཀུན་ནས་དགའ་བ་སྟེ། །འཇིག་རྟེན་ཀུན་གྱི་བདེ་འབྱུང་བ། །འདི་དང་འདྲ་བ་གང་ཡང་མེད། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་རྫོགས་སོ།། །།

༈ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། ལན་གཅིག་བཟླས་བརྗོད་བྱས་ན་བསྐལ་པ་བྱེ་བ་བརྒྱ་ཕྲག་བརྒྱད་ཁྲིའི་བར་དུ་སྡིག་པ་བྱས་པ་གང་ཡིན་པ་དེ་དག་ཐམས་ཅད་བྱང་བར་འགྱུར་རོ། །འཕགས་པ་ཤཱཀྱ་ཐུབ་པའི་སྙིང་པོའི་གཟུངས་རྫོགས་སོ།། །།

༈ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཕགས་པ་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། །བི་རི་བི་རི། ཧུ་རུ་ཧུ་རུ། །བེ་རོ་ཙ་ན་རཥྨི་སཉྩོ་དི་ཏ་ཨཱ་གཙྪ། ཨཱརྻ་ཨཱ་གཱ་ཤ་གརྦྷ་མ་ཧཱ་ཀཱ་རུ་ཎི་ཀཱ་པུ་ར་ཡ་ཧ་ཤཱ་ན་དྷ་ར་ཡ་བུདྡྷ་པ་ཥི་ཙ་ཡ་ན། ཙ་ར་ཙ་ར་ཙི་རི་ཙི་རི་སྭཱ་ཧཱ། བཏོན་པས་འགྲུབ་སྟེ། མཚོན་ཆ་དང༌། མེ་དང༌། ཆུ་དང༌། དུག་དང༌། དུག་སྦྱར་མ་དང༌། བྱད་སྟེམས་རྣམས་ཀྱིས་མི་ཚུགས་སོ། །རྒྱལ་པོ་དང་ཆོམ་རྐུན་ལ་སོགས་པ་ཐམས་ཅད་ཀྱིས་གླགས་མི་རྙེད་དོ། །གང་དུ་བྲིས་ཏེ་བཞག་པ་དེར་ཡམས་ཀྱི་ནད་དང༌། གནོད་པ་དང༌། འགོ་བའི་ནད་ཐམས་ཅད་མི་འབྱུང་བར་འགྱུར་རོ། །དྲི་མ་མེད་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ཀྱང་ཐོབ་པར་འགྱུར་རོ། །འཕགས་པ་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།

༈ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། བཛྲ་མ་བུ། བཛྲ་མ་བུ། བུདྡྷ་བཛྲེ། བཛྲ་མ་བུ་བུདྡྷ་བཛྲེ། ཤཱུ་ནྱ་ཏ་པྲ་བྷ་ཤེ། བཻ་རོ་ཙ་ན་གརྦྷེ། པཉྩེ་དི་ཡ། ཨ་བ་བོ་དྷི་ན་སྭཱ་ཧཱ། ཆོ་ག་ནི་རྟག་ཏུ་བཟླས་བརྗོད་བྱས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཐོབ་པར་འགྱུར་རོ། །བདུད་ཐམས་ཅད་དང༌། དགྲ་ཐམས་ཅད་དང༌། ལོག་འདྲེན་ཐམས་ཅད་ཀྱིས་མི་ཚུགས་སོ། །འཆི་བའི་ཚེ་འཕགས་པ་འོད་དཔག་མེད་མཐོང་བར་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་མཐོང་བར་འགྱུར་རོ། །ཇི་ལྟར་སྨོན་ལམ་བཏབ་པ་བཞིན་དུ་སྐྱེ་བར་འགྱུར་རོ། །རྫོགས་སོ།། །།

༈ ཟླ་བའི་འོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཙནྡྲེ་ཙནྡྲེ། སུ་ཙནྡྲ། མ་ཏི་ཙནྡྲ། ཙནྡྲ་ཀ་ར་ཎ། སི་རི་སི་རི། བུདྡྷ་ཨ་དྷིཥྛཱི་ཏེ། ཀི་ལི་ཀི་ལི། དྷརྨ་ཨ་དྷིཥྛཱི་ཏེ། ཀི་ལི་ཀི་ལི། སངྒྷ་ཨ་དྷིཥྛཱི་ཏེ་སྭཱ་ཧཱ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་རྟག་ཏུ་ནང་པར་ལངས་ཏེ། ཟླ་བའི་འོད་དེ་བཞིན་གཤེགས་པའི་མཚན་དྲན་པར་བྱེད་པ་དེ་ནི་བསྐལ་པ་བཞི་ཁྲིར་ཚེ་རབས་དྲན་པར་འགྱུར་ཏེ། དེ་ནི་ངན་སོང་དུ་ལྟུང་བར་མི་འགྱུར་རོ། །ཟླ་བའི་འོད་ཀྱི་མཚན་རྗེས་སུ་དྲན་པས་ཡོན་ཏན་དེ་རྣམས་འཐོབ་པར་འགྱུར་རོ། །ཟླ་བའི་འོད་ཀྱི་མཚན་རྗེས་སུ་དྲན་པ་རྫོགས་སོ།། །།

༈ ནམཿ སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཨ་ནུ་ག་ཏེ། ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ། འདི་ལན་གཅིག་བཟླས་པས་བསྐལ་པ་འབུམ་ཕྲག་བརྒྱད་སྟོང་དུ་བསགས་པའི་ལས་ཀྱི་སྒྲིབ་པ་ཡང་ཟད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྤྱིའི་སྙིང་པོ་རྗེས་སུ་དྲན་པ་རྫོགས་སོ།། །།

༈ སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཤི་ཁེ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶམ་བུདྡྷ་ཡ། ཏདྱ་ཐཱ། རཏྣེ་རཏྣེ་རཏྣ་ཤི་ཁེ་ནེ་སྭཱ་ཧཱ། །འཆི་བའི་ཚེ་དྲན་ན་ངན་སོང་ཀུན་ལས་རྣམ་པར་གྲོལ་བར་འགྱུར། ཤི་འཕོས་ནས་ཀྱང་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེའོ། །སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་རྗེས་སུ་དྲན་པ་རྫོགས་སོ།། །།དགེ་ལེགས་འཕེལ།

འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པ།

༄༅། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་པྲཛྙཱ་པ་ར་མི་ཏཱ་ནཱ་མ་ཨཥྚ་ཤ་ཏ་ཀ་ན། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །འདས་དང་མ་བྱོན་ད་ལྟར་གྱི། །རྒྱལ་བ་གང་ལགས་དེ་ཀུན་གྱི། ཡུམ་ནི་དགེ་མ་ཁྱོད་ལགས་ཏེ། །ཁྱོད་ནི་ལྷ་མོ་རྒྱལ་བའི་སྲས། །རང་བཞིན་མེད་པའི་རང་བཞིན་ཅན། །སངས་རྒྱས་ཡུམ་གྱུར་དེ་ཡི་མཚན། །དགེ་མ་བདག་གིས་བརྗོད་པར་བྱ། །འབྱོར་པར་འདོད་པས་མཉན་པར་གྱིས། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཐམས་ཅད་མཁྱེན་པ་ཉིད་དང༌། ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། དེ་བཞིན་ཉིད་དང༌། མ་ནོར་བའི་དེ་བཞིན་ཉིད་དང༌། གཞན་མ་ཡིན་པའི་དེ་བཞིན་ཉིད་དང༌། བདེན་པ་དང༌། དེ་ཁོ་ན་དང༌། ཡང་དག་པ་དང༌། ཕྱིན་ཅི་མ་ལོག་པ་ཉིད་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་ཉིད་དང༌། སྨོན་པ་མེད་པ་ཉིད་དང༌། དངོས་པོ་མེད་པ་ཉིད་དང༌། ངོ་བོ་ཉིད་མེད་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་པ་ཉིད་དང༌། ཆོས་མི་འགྱུར་བ་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། ཆོས་ཀྱི་མཚན་ཉིད་དང༌། ཆོས་བདག་མེད་པ་ཉིད་དང༌། ངོ་བོ་ཉིད་མེད་པ་ཉིད་དང༌། སེམས་ཅན་མེད་པ་ཉིད་དང༌། སྲོག་མེད་པ་ཉིད་དང༌། གསོ་བ་མེད་པ་ཉིད་དང༌། སྐྱེས་བུ་མེད་པ་ཉིད་དང༌། གང་ཟག་མེད་པ་ཉིད་དང༌། བརྗོད་དུ་མེད་པ་ཉིད་དང༌། བརྗོད་པར་བྱ་བ་མ་ཡིན་པ་དང༌། སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་དང་བྲལ་བ་དང༌། མཉམ་པ་མང་བ་དང༌། མི་མཉམ་པ་དང༌། མཉམ་པ་དང༌། བདག་གི་མེད་པ་དང༌། རྒྱགས་པ་མེད་པ་དང༌། སྤྲོས་པ་མེད་པ་དང༌། སྤྲོས་པ་དང་བྲལ་བ་དང༌། སྤྲོས་པ་ཐམས་ཅད་ལས་ཤིན་ཏུ་འདས་པ་དང༌། སངས་རྒྱས་ཐམས་ཅད་ཀྱི་ཡུམ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐྱེད་པ་དང༌། ཉན་ཐོས་ཐམས་ཅད་འཛིན་པ་དང༌། རང་སངས་རྒྱས་ཐམས་ཅད་བསྐྲུན་པ་དང༌། འཇིག་རྟེན་ཐམས་ཅད་འཛིན་པ་དང༌། བསོད་ནམས་ཀྱི་ཚོགས་ཟད་མི་ཤེས་པ་བསགས་པ་དང༌། ཡེ་ཤེས་འབབ་པ་དང༌། རྫུ་འཕྲུལ་མཛད་པ་དང༌། ལྷའི་མིག་རྣམ་པར་སྦྱོང་བར་མཛད་པ་དང༌། ལྷའི་རྣ་བ་རབ་ཏུ་དང་བར་མཛད་པ་དང༌། ཕ་རོལ་གྱི་སེམས་ཤེས་པར་མཛད་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པར་མཛད་པ་དང༌། འཆི་འཕོ་བ་དང༌། སྐྱེ་བ་ཤེས་པར་མཛད་པ་དང༌། ཉོན་མོངས་པ་ཐམས་ཅད་ཟད་པར་མཛད་པ་དང༌། འཕགས་པ་དང༌། གཙང་པ་དང༌། བསངས་པ་དང༌། དྲན་པ་ཉེ་བར་བཞག་པ་ལ་གནས་པ་དང༌། ཡང་དག་པར་སྤོང་བའི་ཤུགས་དང་ལྡན་པ་དང༌། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་དང་ལྡན་པ་དང༌། དབང་པོ་སྦྱོང་བར་མཛད་པ་དང༌། སྟོབས་མཛད་པ་དང༌། ཁ་ན་མ་ཐོ་བ་མེད་པ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་རིན་པོ་ཆེས་མཛེས་པར་བྱས་པ་དང༌། ནོར་བདུན་སྦྱིན་པར་མཛད་པ་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོན་པ་དང༌། མཐར་གྱི་གནས་པའི་སྙོམས་པར་འཇུག་པ་དགུ་སྟོན་པར་མཛད་པ་དང༌། དབང་བཅུ་སྒྲུབ་པ་དང༌། ས་བཅུ་གནས་པར་མཛད་པ་དང༌། སྟོབས་བཅུ་ཡོངས་སུ་རྫོགས་པར་མཛད་པ་དང༌། ཟད་པར་གྱི་སྐྱེ་མཆེད་བཅུས་མཛད་པར་བྱས་པ་དང༌། ཤེས་པ་བཅུ་འབབ་པ་དང༌། བག་ལ་ཉལ་བ་བཅུའི་དགྲ་འཇིག་པར་མཛད་པ་དང༌། བསམ་གཏན་རྣམས་བསྒྲུབ་པར་མཛད་པ་དང༌། གཟུགས་མེད་པའི་ཁམས་ལས་ཡང་དག་པར་འདའ་བར་མཛད་པ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ་དང༌། ཤེས་པ་ཐམས་ཅད་མཛད་པ་དང༌། ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པ་སྟོང་པ་ཉིད་དང༌། ངོ་བོ་ཉིད་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང༌། མ་བྱུང་བ་དང༌། མ་སྐྱེས་པ་དང༌། མ་འགགས་པ་དང༌། ཆད་པ་མེད་པ་དང༌། རྟག་པ་མེད་པ་དང༌། དོན་གཅིག་པ་མ་ཡིན་པ་དང༌། ཐ་དད་པ་མ་ཡིན་པ་དང༌། འོང་བ་མེད་པ་དང༌། འགྲོ་བ་མེད་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པར་སྒོམ་པ་དང༌། རབ་ཏུ་རྟག་པར་བྱ་བ་མ་ཡིན་པ་དང༌། རྣམ་པར་ཤེས་པར་བྱ་བ་མ་ཡིན་པ་དང༌། གཞི་མེད་པ་དང༌། མཚན་ཉིད་མེད་པ་དང༌། བརྟག་པར་བྱ་བ་མ་ཡིན་པ་དང༌། རིག་པར་བྱ་བ་མ་ཡིན་པ་དང༌། ཐོག་མ་དང༌། ཐ་མ་འཇིག་པ་མེད་པར་མཛད་པ་དང༌། གཡོ་བ་མེད་པ་དང༌། གཉིས་མེད་པ་དང༌། གཉིས་མེད་པ་མ་ཡིན་པ་དང༌། ཞི་བ་དང༌། བློ་འཇུག་པ་རྣམ་པར་སྤངས་པ་དང༌། གཉེན་པོ་མེད་པ་དང༌། མ་གོས་པ་དང༌། ནམ་མཁའི་ལམ་དང་འདྲ་བ་དང༌། ཡོད་པ་དང༌། མེད་པར་བརྗོད་པ་མ་ཡིན་པ་དང༌། ཞི་བ་དང༌། རྨི་ལམ་གྱི་ངོ་བོ་ཉིད་དང༌། སྒྱུ་མ་ལྟ་བུའི་ཆོས་ཉིད་དང༌། མགལ་མེ་བསྐོར་བ་དང་འདྲ་བར་ཆོས་ཐམས་ཅད་རོ་གཅིག་པ་ཉིད་དོ། །སུ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པ་འདོན་པ་དེ་ངན་སོང་ཐམས་ཅད་ལས་རབ་ཏུ་ཐར་བར་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱིས་དགོངས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་རྟག་པར་རྒྱུན་དུ་སྲུང་བ་དང༌། སྐྱོབ་པ་དང༌། སྦེད་པ་བྱེད་པར་འགྱུར་རོ། །དེའི་གསང་སྔགས་ཀྱི་ཚིག་འདི་དག་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་དྲན་པར་བྱའོ། །བཅོམ་ལྡན་འདས་མ་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མོས་པ་ལ་བྱམས་པ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བཞེས་པ་ལ་ཕྱག་འཚལ་ལོ། །འདི་ལྟ་སྟེ། ཨོཾ་པྲཛྙཱེ་པྲཛྙཱེ། མ་ཧཱ་པྲཛྙཱེ། པྲཛྙཱེ་ཨ་ཝ་བྷཱ་སེ། པྲཛྙཱེ་ཨ་བ་ལོ་ཀ་ཀ་རི། ཨཱ་ཛྙཱ་ན་བ་དི་མ་ནི། སིདྡྷི་སུ་སིདྡྷི། སི་ཏ་མ་ན་བྷ་ག་བ་ཏི། སརྦ་ག་སུན་དྷ་རི་བྷ་ག་བ་ཏི། བ་ཏ་ས་ལི། པྲ་ས་རི་ཧ་ཏ་སེ། ས་མ་ཤ་ས་ཀ་རི། ཏིཥྛཱ་ཏིཥྛཱ། ཀམྦ་ཀམྦ། ཙ་ལ་ཙ་ལ། ར་བ་ར་བ། གརྫ་གརྫ། ཨཱ་གཙྪ་ཨཱ་གཙྪ་བྷ་ག་བ་ཏི། མ་ན་མཱ་བི་ལམྦ་སྭཱ་ཧཱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་བཟུང་བར་འགྱུར་རོ། །རྟག་ཏུ་བཟླས་བརྗོད་བྱས་ན་དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། །དེ་ནས་ཤི་འཕོས་ནས་ཀྱང་སྐྱེ་བ་དྲན་པ་དང༌། ཡིད་གཞུང་ཞིང་ཤེས་རབ་མཚུངས་པ་མེད་པར་འགྱུར་རོ། །དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་མ་ལུས་པ་བཟུང་བར་འགྱུར་རོ། །གསང་སྔགས་དང་རིག་སྔགས་ཐམས་ཅད་ཀྱང་ཡོངས་སུ་བཟུང་བར་འགྱུར་རོ། །འདི་ནས་ཤི་འཕོས་ནས་ཀྱང་སྐྱེ་བ་དྲན་པ་དང༌། ཡིད་གཞུང་ཞིང་ཤེས་རབ་ཆེན་པོར་འགྱུར་རོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པ་རྫོགས་སོ།། །།

འཕགས་པ་བྱམས་པའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ།

༄༅། །འཕགས་པ་བྱམས་པའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་བཞུགས་སོ། །

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་རང་གི་སྙིང་པོ་སྨྲས་པ། ན་མསྟྲེ་ཡ་དྷི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཱཾ། ཏདྱ་ཐཱ། ཨོཾ་ས་ར་ས་ར། སུ་རུ་སུ་རུ། དྷ་ར་དྷ་ར། མ་ཧཱ་དྷ་ར། ཙ་ར་ཙ་ར། མ་ཧཱ་ཙ་ར། བྷ་ར་བྷ་ར། མ་ཧཱ་བྷ་ར། ཀཾ་པ་ཀཾ་པ། མ་ཧཱ་ཀཾ་པ། ཧཱུཾ་མ་ཧཱ་སྥ་ར་ཎ་དྷརྨ་ཨ་གྲ། སཱ་ག་ར་སྭཱ་ཧཱ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་སྐད་ཅེས་བཀའ་བསྩལ་ཏོ། །ཀྱེ་མ་གཟུངས་ཆེན་མོ་འདི་ནི་ཡོན་ཏན་ཆེ་བ་སྟེ་མཐའ་ཡས་པར་ཁྱབ་པ། བསྐལ་པ་བྱེ་བ་ཕྲག་མང་པོར་ཡང་ཤིན་ཏུ་ཐོས་པར་དཀའ་བ། སངས་རྒྱས་འབྱུང་བ་ཐམས་ཅད་སྟོན་པ། དེ་བཞིན་གཤེགས་པ་གྲངས་མེད་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྙེད་ཀྱིས་བསྙེན་བཀུར་མཛད་པ། སྒྲིབ་པ་དང༌། སྡུག་བསྔལ་བ་དང༌། འཁྲུག་པ་དང༌། རྨི་ལམ་ངན་པ་དང༌། ལྟས་ངན་པ་ཐམས་ཅད་ལས་ཐར་བར་བྱེད་པ། སེམས་ཅན་གྱི་ཁམས་མཐའ་ཡས་མུ་མེད་པ་ལོངས་སུ་ཐར་བར་བྱེད་པ་སྟེ་ཤིན་ཏུ་དཀོན་པའོ། །དེ་ནས་རྡོ་རྗེའི་དཀྱིལ་འཁོར་གྱི་འཁོར་ལྷ་དང་ལྷ་མ་ཡིན་དུ་བཅས་པ་ནོར་བུའི་ཅོད་པན་གྱིས་བསྒྱིངས་པ། རྒྱན་ཕྲེང་རབ་ཏུ་གཡོ་བ་རྣམས་ཀྱིས་སྤྱི་བོར་ཐལ་མོ་སྦྱར་ནས་བྱང་ཆུབ་སེམས་དཔའི་མཆོག་འཕགས་པ་བྱམས་པ་ལ་མཚན་བརྒྱ་རྩ་བརྒྱད་ཀྱིས་མངོན་པར་བསྟོད་པ། །དཔའ་བོ་ཆེན་པོ་ཐབས་བརྙེས་པ། །རྒྱལ་ཚབ་མི་ཡི་བདག་པོ་སྟེ། །འཇིག་རྟེན་བདག་པོ་རྣམ་པར་བསལ། །དར་བ་ཆེན་པོ་མངོན་པར་རྒྱས། །མཚན་ཆེན་སྟོབས་ལྡན་ཆེ་བ་སྟེ། །དེ་བཞིན་ཡངས་ཤིང་རྡུལ་དང་བྲལ། །དབང་ཆེན་རྩེ་ལྟར་འོད་ལྡན་པ། །ས་ཡི་དབང་ཕྱུག་རྣམ་པར་གནོན། །རྒྱལ་ཆེན་མཚོན་ཆ་བརྒྱ་པ་སྟེ། །མཚོན་ཆ་ཆེན་པོ་རྡོ་རྗེའི་མཚོན། །ཡོན་ཏན་འོད་བརྒྱས་བསྒྱིངས་པ་སྟེ། །ནོར་བུའི་རྣ་ཆའི་རྒྱན་ཐོགས་པ། །སྲིད་གསུམ་དག་ན་སྤ་བའི་སྐུ། །རྒྱ་མཚོ་ལྟ་བུའི་སྤྱོད་ཡུལ་ཅན། །ལྷུན་པོས་ཟླ་འབྱིན་ཏེ་སེ་ཡི། །རྩེ་ནས་དཀྱིལ་འཁོར་འཆར་བ་པོ། །དཀྱིལ་འཁོར་ཆེན་པོ་ལོངས་སྤྱོད་པ། །རབ་ཏུ་དགའ་བ་དེ་བཞིན་ངེས། །ཡོངས་སུ་དགའ་ལྡན་ཆེན་པོའི་ལྷ། །ཆེ་བ་ལྷ་རྣམས་ཀུན་གྱི་མཆོག །སངས་རྒྱས་གདུང་བརྒྱུད་རྒྱས་མཛད་ཅིང༌། །སངས་རྒྱས་དཀྱིལ་འཁོར་རྒྱན་དང་ལྡན། །སངས་རྒྱས་ལོངས་སྤྱོད་ལོངས་པར་སྤྱོད། །སངས་རྒྱས་བསྟན་པ་སྟོན་པ་པོ། །ཏེ་ས་ཟླ་འབྱིན་བཞིན་དུ་ཡངས། །ས་ཡི་དབང་ཕྱུག་བདེ་མཛད་པ། །པདྨ་འདབ་སྟོང་རྩེ་མོ་ཅན། །རྡོ་རྗེ་པདྨ་ལེགས་པར་སྐྱེས། །ཆོས་ཀྱི་ལོངས་སྤྱོད་ལོངས་པར་སྤྱོད། །ས་དང་མཉམ་པར་ཐུབ་པ་དཀའ། །སྣང་བར་བྱེད་པ་འབྱུང་བ་པོ། །སྲིད་གསུམ་ཡེ་ཤེས་ཉི་མ་ལགས། །གཙོ་བོ་ཆེན་པོ་ཆེར་གྲགས་པ། །སེང་གེ་ཆེན་པོ་སྟོབས་པོ་ཆེ། །ཆ་ལུགས་ཆེན་པོ་ཞལ་ཆེ་བ། །སྐྱེ་བོ་ངན་དང་སྡུག་བསྔལ་འདུལ། །རྡོ་རྗེ་བྱུ་རུ་བཻ་ཌཱུརྻ། །ནོར་བུའི་དབུ་ཐོད་རྒྱན་དུ་ཐོགས། །བྱུ་རུ་གསེར་གྱི་གཅལ་བཀྲམ་ལ། །སྐུ་ཆེན་ཞབས་ཀྱི་སྟབས་ཀྱིས་གཤེགས། །ཞལ་མདངས་ཉི་མ་དུ་མའི་གཟི། །ལྕང་ལོ་ཅོད་པན་དབུ་ཐོད་ཅན། །རིག་སྔགས་འཆང་བརྒྱའི་ཞབས་ལ་བཏུད། །རྗེད་པར་བྱ་བ་རྣམས་ཀྱིས་མཆོད། ནོར་བུ་བརྒྱ་འགུལ་འོད་ཟེར་གྱིས། །བྲང་གི་ཕྱོགས་རྣམས་དག་པར་བྱས། །ཅོད་པན་ཅན་ཏེ་འོད་འཚེར་བ། །ཉི་མ་བྱེ་བ་བརྒྱ་སྟོང་ལྡན། །རིན་ཆེན་སྣ་ཚོགས་མཆོག་བཀྲམ་ཞིང༌། །དྲི་མེད་དཀྱིལ་འཁོར་རབ་ཏུ་འཕྲོ། །རླུང་གིས་མ་ལུས་བསྐྱོད་པ་ཡི། །འབར་བ་ཆེན་པོའི་ལྟ་བ་ཅན། །འོད་ཟེར་མང་པོས་ཕོག་པ་ཡི། །ཕན་པའི་ཐབས་ནི་རབ་སྟོན་པ། །བརྗིད་པའི་ཚུལ་གྱིས་བཞད་པ་ཡི། །འོད་ཀྱིས་ཞལ་གསལ་རྔ་ཡབ་བསྐྱོད། །དཔུང་རྒྱན་འོད་ཟེར་སྤེལ་མར་བཀོད། །ཚོན་བྲིས་ཤིན་ཏུ་མཛེས་པར་འཚལ། །ལྷུན་པོ་ཕྲད་ཅིང་འཁྲུགས་པ་ལྟར། །ཧ་ཧ་ཞེས་པའི་སྒྲ་ཆེན་སྒྲོགས། །རྡོ་རྗེ་ཆེན་པོ་རྩེད་མོ་ཅན། །ཤིན་ཏུ་དགའ་མཛད་བདེ་བྱིན་པ། །བྱམས་པའི་དཀྱིལ་འཁོར་གོ་ཆར་བགོས། །བརྩོན་པ་ཀུན་ལས་རྣམ་པར་རྒྱལ། །སྙིང་རྗེ་སྟོབས་ལས་བྱུང་བ་སྟེ། །མཚོན་ཆ་ཆེན་པོ་ཤིན་ཏུ་འབར། བྱམས་པ་བྱམས་པའི་རྟོག་པ་ཅན། །ཀུན་ནས་སྤ་བའི་དཀྱིལ་འཁོར་པ། །མ་ཕམ་ཐུབ་མེད་དག་པ་སྟེ། །སངས་རྒྱས་ཆ་ལུགས་མཉམ་མེད་ཆེ། བྱམས་པའི་སྙིང་པོ་སྙིང་པོ་ཆེ། །བྱམས་པའི་པདྨ་ལས་བྱུང་བ། །རྡོ་རྗེ་འཆང་ཆེན་རྡོ་རྗེ་ཅན། །རྡོ་རྗེས་བརྒྱན་པའི་དཀྱིལ་འཁོར་པ། །རིག་སྔགས་འཆང་བ་རྣམས་ཀྱིས་བཏུད། །དེ་བཞིན་བསྙེན་པའི་བསྟོད་པ་པོ། །གྲུབ་པ་ཆེན་པོ་རིག་སྔགས་གྲུབ། །རྡོ་རྗེའི་དཀྱིལ་འཁོར་མཛད་པར་མཛད། །ཐམས་ཅད་གྲུབ་མཛད་གྲུབ་པ་པོ། །སངས་རྒྱས་གདུང་གི་སྡོང་ཆེན་ལགས། །གསང་སྔགས་ཆེན་པོའི་རྣམ་པར་ངེས། །མདོ་སྡེའི་བཀོད་པ་མདོར་སྡུད་པ། །ངེས་གྱུར་ངེས་པའི་འོད་སྒྲོན་གྱི། །སྣང་བས་དྲི་མ་སེལ་བར་མཛད། །འབར་བ་རྩ་དམར་འོད་སྣང་བ། །དཀྱིལ་འཁོར་དཀར་པོ་ཆེ་བ་སྟེ། །གཞུང་དང་མཐུན་པའི་ཆོས་དབྱིངས་དང༌། །ཉེ་བར་གྱུར་ཅིང་ཤིན་ཏུ་ངེས། །སྭཱ་ཧཱ་སྭཱ་ཧཱའི་བདག་པོ་མཆོག །འོད་ཟེར་བདེ་ལེགས་བདེ་ལེགས་མཛད། །སྟོབས་ཆེན་འཆང་བ་བཀྲ་ཤིས་པ། །ཉི་མ་འདྲ་སྟེ་སྙོམས་པ་ལགས། །བསྟོད་བྱེད་རྒྱལ་པའི་ལོངས་སྤྱོད་ལྡན། །མཁའ་ལྟར་དྲི་མེད་སྤྱོད་ཡུལ་ཅན། །དཔའ་བོ་རྡོ་རྗེས་འཇོམས་པར་མཛད། །རྡོ་རྗེ་ཆེན་པོར་བ་བསྒྲུབས་པ། །སྒྲུབ་པ་པོ་སྟེ་རྩོད་པ་མེད། །དཀྱིལ་འཁོར་ལྡན་པ་རྡོ་རྗེས་སྟོན། །རླུང་ཆེན་ཤུགས་ཀྱིས་བསྐྱོད་པ་ཡི། །གཡོ་དང་འབྲུག་སྒྲོག་སྒྲ་ལྡན་པ། །སངས་རྒྱས་སྤྱོད་ཡུལ་པདྨ་སྟེ། དེ་བཞིན་ཉིད་ཀྱི་མཚོ་ལས་སྐྱེས། །མངོན་ཤེས་ཆེན་པོ་མངོན་ཤེས་བརྙེས། །ཁྱབ་བདག་སངས་རྒྱས་ཀུན་དང་མཉམ། །དེ་ནས་ས་ཡི་དབང་ཕྱུག་གོ །བྱམས་པའི་དཀྱིལ་འཁོར་བྱམས་པ་ལ། །བསྟོད་ནས་ཀུན་མཁྱེན་གནོད་བྲལ་བ། །ཐུབ་པ་ཉི་མས་བཀའ་སྩལ་པ། །ཀྱེ་མ་མིང་བརྒྱ་རྩ་བརྒྱད་མཆོག །མིང་གི་ཡོན་ཏན་འོད་ལྡན་པ། །བདེ་དང་ཕུན་སུམ་ཚོགས་སྒྲུབ་པ། །ཐབས་ཆེན་བླ་ན་མེད་པ་སྟེ། །མིང་བརྒྱ་རྩ་བརྒྱད་འདི་དག་ནི། །འཇིག་རྟེན་ཀུན་གྱི་བདེ་སྐྱེད་པ། །འདི་ནི་བཏོན་པ་ཙམ་གྱིས་ཀྱང༌། །སྡིག་པ་ཐམས་ཅད་དག་པར་འགྱུར། །སྡིག་པ་དག་ལས་རྒྱལ་པ་ཡི། བྱམས་པ་བསྟོད་པའི་གནས་པོ་ལ། །མིང་བརྒྱ་རྩ་བརྒྱད་དམ་པ་འདིས། །མི་ནི་ལ་ལ་གང་བསྟོད་པ། །དེ་ལ་ལྷ་ལ་སོགས་ཀུན་དང༌། །ལག་ན་རྡོ་རྗེ་སྟོབས་ཆེན་རྣམས། །རྟག་པ་ཉིད་དུ་སྡུག་བསྔལ་ཀུན། །གཏན་དུ་སེལ་བྱེད་བརྩོན་པར་བྱེད། །གང་ཞིག་མིང་བརྒྱ་རྩ་བརྒྱད་མཆོག །མྱུར་དུ་འདོན་པའི་མི་དེ་ནི། །སངས་རྒྱས་ས་ཡང་ཐོབ་གྱུར་ཏེ། །འདི་ལ་ཐེ་ཚོམ་ཡོང་མེད་དོ། །ནང་པར་མལ་ནས་ལངས་ནས་ནི། །གང་ཞིག་བྱམས་པའི་སེམས་ཀྱིས་བསྟོད། །དེ་ལ་བྱམས་པ་རྟོགས་པ་ཡི། བྱམས་པ་བདེ་ལེགས་བྱེད་པར་འགྱུར། །དེ་ཕྱིར་དྲི་མ་ཐམས་ཅད་སེལ་བྱེད་ཅིང༌། །སྡིག་འཇོམས་ཡོན་ཏན་ཐམས་ཅད་བསྐྱེད་པ་དང༌། །དེ་བཞིན་འཇིག་རྟེན་སྡུག་བསྔལ་སེལ་བ་ཡི། །མིང་བརྒྱ་རྩ་བརྒྱད་ཆེད་དུ་དག་པར་ལྷོགས། །འཕགས་པ་བྱམས་པའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་རྫོགས་སོ།། །།

བྱམས་པ། འཇམ་དབྱངས། སྒྲོལ་མ་བཅས་ཀྱིས་དམ་བཅས་པའི་གཟུངས་དང༌། ཤེས་རབ་བློ་འཕེལ་མ། ཉིས་ཁྲིའི་སྙིང་པོ།

༄༅། །བྱམས་པ། འཇམ་དབྱངས། སྒྲོལ་མ་བཅས་ཀྱིས་དམ་བཅས་པའི་གཟུངས་དང༌། ཤེས་རབ་བློ་འཕེལ་མ། ཉིས་ཁྲིའི་སྙིང་པོ་བཅས་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་མཻ་ཏྲེ་པྲ་ཏི་ཛྙཱེ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་བྱམས་པས་དམ་བཅས་པ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཕགས་པ་བྱམས་པ་ལ་ཕྱག་འཚལ་ལོ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་ས་མྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་ཨ་ཛི་ཏེ། ཨ་ཛི་ཏེ། ཨ་པ་ར་ཛི་ཏེ། ཨ་ཛི་ཏེ་ན་ཛཱ་ཡ། ཧ་ར་ཧ་ར། མཻ་ཏྲི་ཨ་ཝ་ལོ་ཀི་ཏེ། ཀ་ར་ཀ་ར། མ་ཧཱ་ས་མ་ཡ་སིདྡྷི། བྷ་ར་བྷ་ར། མ་ཧཱ་བེ་དྷི་མ་ཎ་ཌ་བཱི་ཛ། སྨ་ར་སྨ་ར། ཨསྨ་ཀཾ་ས་མ་ཡཾ། བོ་དྷི་བོ་དྷི་མ་ཧཱ་བོ་དྷི་སྭཱ་ཧཱ། རྩ་བའི་སྔགས་སོ། །ཨོཾ་མོ་ཧི་མོ་ཧི་མ་ཧཱ་མོ་ཧི་སྭཱ་ཧཱ། སྙིང་པོའོ། །ཨོཾ་མུ་ནི་མུ་ནི་སྨ་ར་སྭཱ་ཧཱ། ཉེ་བའི་སྙིང་པོའོ། །གང་གཟུངས་འདི་ཉན་པ་དང༌། ཀློག་པ་དང༌། ཁ་ཏོན་བྱེད་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང༌། སྒོམ་པར་བྱེད་ན་གང་གི་ཚོ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་ན། བདག་གིས་སེམས་ཅན་དེ་ངེས་པར་བཙལ་བར་བགྱིས་ཏེ་དམྱལ་བ་ན་གནས་ཀྱང་ངེས་པར་བཏོན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བགྱིའོ། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པའི་རི་དྭགས་དང་བྱ་རྣམས་ཀྱི་རྣ་ལམ་དུ་སྒྲོག་པར་བྱེད་ན། དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པོ། །འདི་ཐོས་པ་ཙམ་གྱིས་ནམ་དུ་ཡང་ངན་སོང་དུ་སྐྱེ་བར་མི་འགྱུར་རོ། །ངན་སོང་གི་དྲི་མས་མི་གོས་སོ། །མའི་མངལ་དུ་ཡང་མི་སྐྱེའོ། །ལྷའི་བསྐལ་པ་སྟོང་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འགྱུར་རོ། །དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་འགྱུར་རོ། །ཇི་ལྟར་བསམ་ཞིང་དོན་དུ་གཉེར་བའི་ལོངས་སྤྱོད་ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་བདག་གིས་ནམ་དུ་ཡང་སེམས་ཅན་དེ་རྒུད་པར་མི་བགྱིད་ལགས་སོ། །ངེས་པར་བདག་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ནས། དེ་ཇི་ལྟར་གྱུར་ཀྱང་རུང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བགྱིའོ། །འཕགས་པ་བྱམས་པས་དམ་བཅས་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།

འཕགས་པ་འཇམ་དཔལ་གྱི་ཤེས་རབ་དང་བློ་འཕེལ་བ་ཞེས་བྱ་བའི་གཟུངས།

༈རྒྱ་གར་སྐད་དུ། ཨཱརྻ་མཉྫུ་ཤྲཱི་པྲ་ཛྙཱ་བུདྡྷ་ནི་ནཱ་མ་དྷ་ར་ཎི། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་ཤེས་རབ་དང་བློ་འཕེལ་བ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ན་མོ་མཉྫུ་ཤྲཱི་ཀུ་མཱ་ར་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་ཨ་ར་ཛེ་བི་ར་ཛེ་ཤུདྡྷེ་བི་ཤུདྡྷེ། ཤོ་དྷ་ནི། བི་ཤོ་དྷ་ནི། ཤོ་དྷ་ཡ། བི་ཤོ་དྷ་ཡ། ཨ་མ་ལེ། བི་མ་ལེ། ནིར་མ་ལེ། ཛཱ་ཡ་བ་རེ། རུ་རུ་ཙ་ལེ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། གང་ཞིག་འདི་འཛིན་པ་དེ་ཟླ་བ་གཅིག་གི་བློ་དང་ལྡན་པར་འགྱུར་རོ། །དབྱངས་སྙན་པར་འགྱུར་རོ། །གཟུགས་བཟང་བར་འགྱུར་རོ། །ལན་ཅིག་བཀླགས་ན་བསྐལ་པ་སྟོང་གི་བར་དུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་རོ། །བཅངས་པ་ཙམ་གྱིས་སྐྱེ་བ་དྲན་པར་འགྱུར་རོ། །འབུམ་ཕྲག་གཅིག་བཟླས་ན་མཁས་པར་འགྱུར་རོ། །འབུམ་ཕྲག་གཉིས་བཟླས་ན་རིག་པ་འཛིན་པར་འགྱུར་རོ། །འབུམ་ཕྲག་གསུམ་བཟླས་ན་འཕགས་པ་འཇམ་དཔལ་གྱི་ཞལ་མཐོང་བར་འགྱུར་རོ། །གལ་ཏེ་མཚམས་མེད་ལྔ་བྱས་པས་གྲུབ་པར་མ་གྱུར་ན། དེའི་ཚེ་ང་ཉིད་མཚམས་མེད་པ་ལྔ་བྱས་པ་ཡིན་པས། ང་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་བསླུས་པར་གྱུར་ཅིག །འཕགས་པ་འཇམ་དཔལ་གྱི་ཤེས་རབ་དང་བློ་འཕེལ་བ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།

༈ འཇམ་དཔལ་དབྱངས་ཀྱིས་དམ་བཅས་པའི་གཟུངས། ན་མོ་མཉྫུ་ཤྲཱི་ཡེ། ཀུ་མཱ་ར་བུདྡྷ་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ར་ཛེ་བི་ར་ཛེ། ཤུདྡྷེ་བི་ཤུདྡྷེ། ཤོ་དྷ་ནི་བི་ཤོ་དྷ་ནི། ཨ་མ་ལེ་བི་མ་ལེ། ཛ་ཡ་ཝ་ཧི་ནི། རུ་རུ་ཙ་ལེ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ།། །།

འཇམ་དཔལ་དབྱངས་ཀྱིས་དམ་བཅས་པའི་གཟུངས།

༈ རྒྱ་གར་སྐད་དུ། ཨཱརྻ་ཏཱ་རཱ་སྲ་པྲ་ཏི་ཛྙཱ་ན་ནཱ་མ་དྷ་ར་ཎི། བོད་སྐད་དུ། འཕགས་མ་སྒྲོལ་མ་རང་གིས་དམ་བཅས་པ་ཞེས་བྱ་བའི་གཟུངས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དེ་ནས་སྒྲོལ་མ་རང་གིས་དམ་བཅས་པའི་གཟུངས་སྨྲས་པ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏཱ་རཱ་ཡེ། ཧཱུཾ་ཧཱུཾ་ཧཱུཾ། ས་མ་ཡ་ཐི་ཏེ། བྷ་ར་བྷ་ར། སརྦ་བྷ་ར་ཎ། བི་བྷུ་ཥི་ཏེ། པདྨ་ནི་པདྨ། མ་ཧཱ་པདྨ། ཨཱ་ས་ནི་སྠ་ཏེ། ཧ་ས་ཧ་ས། ཏྲཻ་ལོ་ཀྱ་བར་ད། སརྦ་དེ་བ་ད་ན་པ། པཱུ་ཛི་ཏེ་སྨ་རཱ་ཧཱ། བྷ་ག་ཝ་ཏེ་ཏཱ་རེ། སྨ་རཱ་ཧཱ། བྷ་ག་ཝཱན། ཏ་ཐཱ་ག་ཏ་སྱ། པུ་ར་ཏེ། ས་མ་ཡཾ། དྷ་ར་དྷ་ར། མ་ཧཱ་ས་དྭ་ཨ་ཝ་ལོ་ཀི་ཏེ། མ་ཎི་ཀ་ཎི་ཀ །པ་ཙི་པྲ་བྷ་ར་ཎི། ཨོཾ་བི་ལོ་ཀཱ་ཡ། ཆེ་གེ་མོ་བྷ་ག་ཝན་ཏེ། ཏཱ་རེ། ཧྲཱིཾ་ཧྲཱིཾ་ཧྲཱིཾ། ཕཊ་སྭཱ་ཧཱ། གཟུངས་སྔགས་འདི་ཡིད་ཀྱིས་དྲན་པ་ཙམ་གྱིས་འཇིགས་པ་ཐམས་ཅད་སེལ་བར་འགྱུར་རོ། །དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ། །སེམས་ཅན་ཐམས་ཅད་དབང་དུ་འགྱུར་རོ། །དཀར་པའི་ཚེས་བརྒྱད་དམ་བཅོ་ལྔ་ལ་འཕགས་མ་སྒྲོལ་མ་ལ་མཆོད་པ་ཆེན་པོ་བྱས་ཏེ། །སྒྲོལ་མ་མངོན་སུམ་དུ་མཐོང་བའི་བར་དེ་ཙམ་དུ་བཟླས་པར་བྱའོ། །གང་འདོད་པ་དེ་སྦྱིན་ནོ། །མཆོག་ཐམས་ཅད་སྟེར་རོ། །མ་བྱིན་ན་བདག་གིས་མཚམས་མེད་པ་ལྔ་བྱས་སོ། །གཞན་ཡང་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བར་འགྱུར་རོ། །རྡོ་རྗེ་མཆོག་གི་རྒྱུད་ལས་བཏུས་པ། འཕགས་མ་སྒྲོལ་མ་རང་གིས་དམ་བཅས་པའི་གཟུངས་རྫོགས་སོ།། །།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ།

༈ རྒྱ་གར་སྐད་དུ། པཉྩ་བིངྴ་ཏི་ས་ཧཱ་སྲི་ཀ་པྲཛྙཱ་པ་ར་མི་ཏ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། འཕགས་པ་ཉན་ཐོས་ཀྱི་དགེ་འདུན་དང༌། རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པྲཛྙཱེ་པྲཛྙཱེ། མ་ཧཱ་པྲཛྙཱེ། སརྦ་ཀརྨ། ཀར་ཐཱ། ཐཱ་ཀར་བྷི་ཐཱ། མ་ནི་བུ་པྲ་ཏི་མ་ན་བྷ་ག་ཝ་ཏི། སརྦ་ཛྙཱ་ན་སུ་དྷ་རི། བ་སི་ཧྲི་ད་ཡེ། མ་ཧཱ་སཾ་གི་རི་སིདྡྷི་སིདྡྷི། བྷུ་རུ་བྷུ་རུ། ཀཾ་སཱ་ཡ། ས་ལ་ས་ལ། ཝ་ཀ་ཛཱ་ཡ་མ་དྷི་ལ་སྭཱ་ཧཱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། འདས་པ་དང༌། མ་འོངས་པ་དང་ད་ལྟར་གྱི་ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱི་ཡུམ་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཉིས་ཁྲི་བསྡུས་པ་རྫོགས་སོ། །འདི་བསྒྲགས་ན་ཉིས་ཁྲི་བསྒྲགས་པ་དང་བསོད་ནམས་མཉམ་མོ།། །།ཤུ་བྷ་མསྟུ་སརྦ་ཛ་ག་ཏཾ།། །།

འབུམ་རྒྱས་འབྲིང་བསྡུས་གསུམ་དང༌། ཡི་གེ་གཅིག་མ།

༄༅། །འབུམ་རྒྱས་འབྲིང་བསྡུས་གསུམ་དང༌། ཡི་གེ་གཅིག་མ་བཞུགས་སོ། །

རྒྱ་གར་སྐད་དུ། ཤ་ཏ་ས་ཧ་སྲི་ཀ་པྲ་ཛྙཱ་པ་ར་མི་ཏ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། ཏདྱ་ཐཱ། མུ་ནེ་དྷརྨེ། སཾ་གྲ་དྷརྨེ། ས་ཏ་ཨ་ནུ་གྲ་ཧ་དྷརྨེ། བྷཻ་ཤ་པ་ན་ས་པ། ཀ་ར་ཡ། པྲ་རི་ཏི་པ་དྷརྨེ། བྷཻ་ཤ་པ་ན་ས་བྷོ་དྷེ་དྷརྨེ། སརྦ་ཀ་ར་ཡ། པྲ་ཏ་ཕ་ཏེ་དྷརྨེ། ཏདྱ་ཐཱ། ཤྲཱི་སུ་ཏི་སྨྲི་ཏེ། ཛ་ཡ་བཱ་ཛི་ཡེ། དྷ་ར་ར་ནི་པྲཛྙཱེ་པ་རེ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཅི་སྔོན་དངོས་པོ་ཡོད་པ་ཡང་མེད། དངོས་པོ་མེད་པ་ཡང་མེད། ངོ་བོ་ཉིད་ཀྱང་མེད། གཞན་གྱིས་དངོས་པོ་ཡང་མེད་ན། དེ་ལ་གང་ཡང་ཡོངས་སུ་ཤེས་པར་འགྱུར་བའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ལྟ་ག་ལ་ཡོད་པར་འགྱུར་རེ་སྐན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ཆོས་ཉིད་མི་འགྱུར་བ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བདུན་ཅུ་རྩ་གཉིས་པའོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་རྫོགས་སོ། །འདི་བཏོན་པས་ཡུམ་ཆེན་མོ་བཏོན་པ་དང་མཉམ་པར་འགྱུར་རོ།། །།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ།

༈ རྒྱ་གར་སྐད་དུ། པཉྩ་བིད་ཤ་ཏེ་ས་ཧ་སྲི་ཀ་པྲཛྙཱ་པ་ར་མི་ཏ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པྲཛྙཱེ་པྲཛྙཱེ་མ་ཧཱ་པྲཛྙཱེ། ཨ་བ་བྷ་སེ་པྲཛྙཱ་སརྦ་ཀ་ར་ཐཱ་ཐྲ་ཀར་བྷི་ཐཱ། མ་ནི་སུ་ཏྲ་ཏི་མན་བྷ་ག་ཝ་ཏེ། སརྦ་ཛྙ་ན་སུ་དྷ་རི་བ་ས་ཧྲི་ཏ་ཡེ། མ་ཧཱ་སཾ་ག་ཏི། སི་ཏི་སི་ཏི། བྷུ་དྷུ་བྷུ་དྷུ། ཀཾ་པ་ཡ་ཀཾ་པ་ཡ། སྭ་ལ་སྭ་ལ། དྷ་ར་དྷ་ར། ས་ར་ས་ར། གརྫ་གརྫ། ཨ་གད་ཛ་ཡ། ཨ་གད་ཛ་ཡ། ཝ་ཀ་ཛ་ཡ། མ་བྷི་ལཾ་བྷ་སྭཱ་ཧཱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་རྫོགས་སོ།། །།འདི་བཏོན་པས་ཉིས་ཁྲི་བཏོན་པ་དང་མཉམ་པར་འགྱུར་རོ།། །།

འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ།

༈ རྒྱ་གར་སྐད་དུ། ཨཱརྻ་ཨཥྚ་ས་ཧ་སྲི་ཀ་པྲཛྙཱཱ་པ་ར་མི་ཏ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ་ཧྲི་སུ་ཏི་སྨྲི་ཏི། ཛ་ཡ་བཱི་ཛ་ཡ། དྷ་ན་དྷ་རི་ནི། པྲཛྙཱ་པ་རེ་སྭཱ་ཧཱ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས། ཡོངས་སུ་གཏད་པའི་ལེའུ་ཞེས་བྱ་བ་སྟེ། སུམ་ཅུ་རྩ་གཉིས་པའོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་རྫོགས་སོ།། །།འདི་བཏོན་པས་འཕགས་པ་བརྒྱད་སྟོང་པ་བཏོན་པར་འགྱུར་རོ། །བསོད་ནམས་འཕེལ།། །།

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་གཅིག་མ།

༈ རྒྱ་གར་སྐད་དུ། ཨེ་ཀ་ཨཀྵ་རི་པྲ་ཛྙཱ་པ་ར་མི་ཏ། སརྦ་ཏ་ཐཱ་ག་ཏ་མ་ན་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་གཅིག་མ་ཞེས་བྱ་བ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་ཀིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པའི་རི་ལ་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང༌། བྱང་ཆུབ་སེམས་དཔའི་འཁོར་བྱེ་བ་ཁྲག་ཁྲིག་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། ཡང་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་གཅིག་མ་ཞེས་བྱ་བ་འདི། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཟུངས་ཤིག །འདི་ལྟ་སྟེ། ཨཿ བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་པ་དང༌། དགེ་སློང་དེ་དག་དང༌། བྱང་ཆུབ་སེམས་དཔའ་དང༌། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་གཅིག་མ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།

༈ ན་མོ་མཉྫུ་ཤྲཱི་ཀུ་མ་ར་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་ཨ་ར་ཛེ་བི་ར་ཛེ། ཤུདྡྷེ་བི་ཤུདྡྷེ། ཤོ་དྷ་ནི་བི་ཤོ་དྷ་ནི། ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་མ་ལེ་བི་མ་ལེ། ནིར་མ་ལེ། ཛ་ཡ་བ་ཏེ། རུ་རུ་ཙ་ལེ། ཧཱུྃ་ཧཱུཾ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཤེས་རབ་དང་བློ་འཕེལ་བར་གྱུར་ཅིག། །།

རྗེ་བཙུན་མ་འཕགས་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ།

༄༅། །རྗེ་བཙུན་མ་འཕགས་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་ཏཱ་རཱ་བྷ་དྲ་ནཱ་མ་ཨཥྚ་ཤ་ཏ་ཀ །བོད་སྐད་དུ། རྗེ་བཙུན་མ་འཕགས་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཡིད་འོང་པོ་ཊ་ལར། །སྣ་ཚོགས་ཁམས་ཀྱིས་རྣམ་པར་སྤྲས། །སྣ་ཚོགས་ལྗོན་པས་བཀྲམ་པ་སྟེ། །སྐྱེ་གཉིས་དུ་མ་སྒྲ་འབྱིན་པ། །འབབས་ཆུ་སྣ་ཚོགས་ཀུ་ཅོ་ཆེ། །རི་དྭགས་སྣ་ཚོགས་འཁྲུགས་པ་སྟེ། །མེ་ཏོག་སྣ་ཚོགས་རིགས་རྣམས་ཀྱིས། །ཀུན་ཏུ་དྲི་ཡིས་བཀང་བ་སྟེ། །སྣ་ཚོགས་ཡིད་འོང་འབྲས་བུར་ལྡན། །རྐང་པ་དྲུག་པ་གླུ་ཡི་སྒྲ། །མི་འམ་ཅི་ཡིས་གླུ་སྙན་ལེན། །གླང་ཆེན་སྨྱོན་པས་ཡང་དག་ཁེངས། །རིག་འཛིན་གྲུབ་པའི་ཚོགས་རྣམས་དང༌། །དྲི་ཟ་རྣམས་ཀྱང་གླུ་ལེན་པ། །ཐུབ་པ་འདོད་ཆགས་བྲལ་རྣམས་དང༌། བྱང་ཆུབ་སེམས་དཔའི་ཚོགས་གཞན་དང༌། །ས་བཅུའི་དབང་ཕྱུག་རྣམས་དང་ནི། །འཕགས་མ་སྒྲོལ་སོགས་ལྷ་མོ་རྣམས། །རིགས་པའི་རྒྱལ་མོ་སྟོང་རྣམས་ཀྱིས། །རྟག་ཏུ་ལེགས་པར་བསྟེན་པའོ། །ཁྲོ་བོའི་རྒྱལ་པོ་ཚོགས་གཞན་དང༌། །རྟ་མགྲིན་ལ་སོགས་ཀྱིས་བསྐོར་བ། །སེམས་ཅན་ཀུན་ལ་ཕན་པར་བརྩོན། །བཅོམ་ལྡན་འདས་ནི་སྤྱན་རས་གཟིགས། །བཞུགས་ཏེ་དེ་ཕྱིར་དཔལ་དང་ལྡན། །པདྨའི་སྙིང་པ་ཐུབ་པའི་གདན། །དཀའ་ཐུབ་ཆེན་པོ་དང་ལྡན་པ། །བྱམས་པ་དང་ནི་སྙིང་རྗེ་ལྡན། །ལྷ་ཡི་འཁོར་ནི་ཆེན་པོ་ལ། །ཆོས་གསུང་པོ་ནི་ཡང་དག་བཞུགས། །དེ་རུ་ཉེར་འདུག་ཡང་དག་ལངས། ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ། །མཆོག་ཏུ་སྙིང་རྗེ་དང་ལྡན་པས། །སྤྱན་རས་གཟིགས་ལ་ཞུས་པ་སྟེ། །ཀུན་པོ་སྦྲུལ་དང་སེང་གེ་དང༌། །གླང་པོ་སྟག་དང་ཆུའི་འཇིགས་པས། །ཞི་མཛད་ཐུབ་པས་སེམས་ཅན་རྣམས། །འཁོར་བའི་རྒྱ་མཚོར་བྱིང་བ་རྣམས། །འཁོར་བའི་ཞགས་པས་བཅིངས་པ་རྣམས། །ཆགས་སྡང་གཏི་མུག་དྲི་མ་ལས། །གང་གིས་སེམས་ཅན་གྲོལ་འགྱུར་བ། །དེ་གསུངས་བདག་ལ་ཐུབ་ཆེན་པོ། །དེ་སྐད་ཞུས་ནས་བཅོམ་ལྡན་འདས། །འཇིག་རྟེན་མགོན་པོས་འདི་སྐད་གསུངས། །དཔལ་ལྡན་དེ་ནི་སྤྱན་རས་གཟིགས། །ཕྱག་ན་རྡོ་རྗེ་རབ་རྟོགས་བྱེད། །སྙན་པའི་ཚིག་ནི་འདི་སྐད་གསུངས། །ཉོན་ཅིག་གསང་བའི་རྒྱལ་དབང་པོ། །སྐྱོབ་པ་འོད་དཔག་མེད་པ་ཡིས། །སྨོན་ལམ་སྟོབས་ཀྱིས་བྱུང་བ་སྟེ། །ང་ཡིས་འཇིག་རྟེན་མ་རུང་ཤེས། །སྙིང་རྗེ་ཆེ་དང་ལྡན་པ་ཡིས། །འགྲོ་བ་འདྲེན་པར་བརྩོན་པ་མོ། །ཉི་མ་ཤར་བ་དང་འདྲ་བ། །ཟླ་བ་ཉ་འདྲ་བྱད་ཀྱི་འོད། །ལྷར་བཅས་མི་དང་ལྷ་མིན་དང༌། །མི་རྣམས་ཐམས་ཅད་གསལ་བར་བྱེད། །འཇིག་རྟེན་གསུམ་པོ་གཡོ་བར་བྱེད། །གནོད་སྦྱིན་སྲིན་པོ་འཇིགས་པར་བྱེད། །ཕྱག་ན་ཨུཏྤལ་སྔོན་པོ་སྟེ། །མ་འཇིགས་མ་འཇིགས་ཞེས་བརྗོད་མ། །བར་སྣང་དུ་ནི་འབར་བར་གནས། །འགྲོ་བ་ཡང་དག་གཟུང་དོན་དུ། མཚོན་གྱི་བསྐལ་པ་བྱུང་བ་དང༌། །འཇིགས་པ་སྣ་ཚོགས་འཁྲུགས་དོན་དུ། རྒྱལ་བ་རྣམས་ཀྱིས་བདག་བསྐྱེད་དེ། །མིང་རྣམས་དྲན་པ་ཉིད་ཀྱིས་ནི། །སེམས་ཅན་ཐམས་ཅད་བདག་གིས་བསྲུངས། །སྣ་ཚོགས་འཇིགས་པའི་རྒྱ་མཚོ་ལས། །སེམས་ཅན་ཐམས་ཅད་བདག་གིས་བསྒྲལ། །དེས་ན་བདག་ལ་འཇིག་རྟེན་དུ། །རྒྱལ་བའི་ཚོགས་ཀྱིས་སྒྲོལ་མར་བསྒྲགས། །ཐལ་མོ་སྦྱར་བ་བྱས་ནས་ནི། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །གསུང་ཅིག་མཚན་བརྒྱ་རྩ་བརྒྱད་པ། །ས་བཅུའི་དབང་ཕྱུག་མགོན་རྣམས་དང༌། བྱང་ཆུབ་སེམས་དཔའ་རབ་དགའ་བའི། །སྡིག་པ་སྤོང་བྱེད་བསོད་ནམས་དང༌། །བཀྲ་ཤིས་གྲགས་པ་འཕེལ་བར་བྱེད། །གཏེར་དང་ནོར་རྣམས་འཕེལ་བྱེད་ཉིད། ནད་རྣམས་ཐམས་ཅད་བརླག་པར་བྱེད། །དཔལ་དང་ཤེས་པ་འཇོག་པར་བྱེད། །ནད་མེད་ཚེ་ནི་འཕེལ་བར་བྱེད། །སེམས་ཅན་རྣམས་ལ་བྱམས་བསྒོམས་ལ། །དེ་དག་སྒྲོགས་ཤིག་ཐུབ་ཆེན་པོ། །སྤྱན་རས་གཟིགས་དབང་རབ་ཏུ་བཞད། །མཆོག་རྣམས་རབ་ཏུ་རྣམ་གཟིགས་ནས། །འདི་ལྟ་བུ་ཡི་བྱམས་པ་སྤྲོ། ཕྱག་ནི་གཡས་པས་ཕྱག་ཐབས་མཛད། །བསོད་ནམས་མཚན་ཉིད་ལྡན་པ་ཡིས། །དེ་གསུངས་ཤེས་རབ་ཤིན་ཏུ་ཆེ། །ལེགས་སོ་ལེགས་སོ་དཀའ་ཐུབ་ཆེ། །སེམས་ཅན་ཀུན་ལ་གཅིག་ཏུ་བརྩེ། །སྐལ་བ་ཆེན་པོའི་མི་རྣམས་ཉོན། །མི་རྣམས་གང་ཞིག་འདི་སྒྲོག་པ། ནོར་གྱི་དབང་ཕྱུག་ཡང་དག་འགྱུར། ནད་རྣམས་ཐམས་ཅད་ཡང་དག་གྲོལ། །དབང་ཕྱུག་ཀུན་དང་ཡང་དག་ལྡན། །དུས་མིན་འཆི་བ་ངེས་པར་བསྲེགས། །འཆི་བ་བདེ་བ་ཅན་འགྲོ་བ། །དེ་རྣམས་བདག་གིས་བཤད་པར་བྱ། །ལྷ་ཡི་དགེ་འདུན་བདག་ལ་ཉོན། །འདི་ལ་རྗེས་སུ་ཡི་རང་གིས། །ལེགས་པར་བསྡམས་པར་འགྱུར་ལ་བསྟོད། །ཨོཾ་དགེ་བ་ཅན་ནི་གཟི་བརྗིད་ཆེ། །འཇིག་རྟེན་གསོ་བྱེད་སྙན་པ་ཆེ། །དབྱངས་ཅན་མ་ནི་སྤྱན་ཡངས་མ། །ཤེས་རབ་དཔལ་དང་བློ་འཕེལ་མ། །གསོ་བྱེད་མ་དང་རྒྱས་འདེབས་མ། །སྭཱ་ཧཱ། ཨོཾ་གྱིས་རྣམ་པའི་འདོད་གཟུགས་མ། །སེམས་ཅན་ཀུན་ལ་ཕན་པར་བརྩོན། །གཡུལ་ལས་སྒྲོལ་བྱེད་རྒྱལ་བ་མོ། །ལྷ་མོ་ཤེས་རབ་ཕ་རོལ་ཕྱིན། །འཕགས་མ་སྒྲོལ་མ་ཡིད་འོང་མ། །རྫ་རྔ་དུད་ཅན་རྒྱས་པ་མོ། །རིག་པའི་རྒྱལ་མོ་ཚིག་སྙན་མ། །ཟླ་བའི་གདོང་ཅན་དཀར་མོ་ཆེ། །མི་ཕམ་གོས་ནི་སེར་མོ་ཅན། །སྒྱུ་མ་ཆེན་པོ་དཀར་མོ་ཆེ། །སྟོབས་པོ་ཆེ་ལ་ཕ་རོལ་ཕྱིན། །རྩུབ་མོ་ཆེན་མོ་གཏུམ་ཆེན་མོ། །སྡང་བའི་སེམས་ཅན་བརླག་བྱེད་མ། །རབ་ཏུ་ཞི་བ་ཞི་བའི་གཟུགས། །རྣམ་པར་རྒྱལ་བ་འབར་བའི་འོད། །གློག་གི་ཕྲེང་བའི་རྒྱལ་མཚན་ཅན། །རལ་གྲི་འཁོར་ལོ་གཞུ་ཐོགས་མཚོན། །འཚོལ་བྱེད་རེངས་བྱེད་ནག་མོ་ནི། །མཚན་མོ་ནག་མོ་མཚན་སྤྱོད་མ། །སྲུང་བྱེད་རྨོངས་བྱེད་ཞི་བ་མོ། །མཛེས་མ་དགེ་མ་འདྲ་བའི་ལྡིང༌། །ཚངས་པ་མོ་དང་རིག་བྱེད་མོ། །གསང་བ་མོ་ནི་བྲག་ཕུག་གནས། །བཀྲ་ཤིས་དོན་བྱེད་ཞི་བ་མོ། །སྐྱེས་ནས་རིག་བྱེད་ཡིད་མགྱོགས་མ། །ཐོད་པ་ཅན་ནི་ཤུགས་ཆེན་མོ། །ཚངས་མ་བདེན་མ་གཞན་མི་རྒྱལ། །དེད་དཔོན་ཆེན་མོ་སྙིང་རྗེ་གནས། །ཆུད་ཟོས་པ་ལ་ལམ་རབ་སྟོན། །མཆོག་སྟེར་སྟེར་བྱེད་སྟོན་པ་མོ། །བུད་མེད་གཟུགས་ལ་དཔག་མེད་གནོན། །རི་ཁྲོད་མ་དང་རྣལ་འབྱོར་མ། །གྲུབ་མ་གཏུམ་མ་བདུད་རྩི་མ། །ངེས་མ་ནོར་མ་བསོད་ནམས་མ། །སྐལ་ཆེན་སྐལ་བཟང་མཛེས་སྟོན་མ། །མཐར་བྱེད་འཇིག་བྱེད་འཇིགས་བྱེད་མ། །དྲག་དང་བརྟུལ་ཞུགས་ཆེན་མོ་མ། །འགྲོ་ལ་གཅིག་ཏུ་ཕན་པར་བརྩོན། །སྐྱབས་བྱེད་གུས་བྱེད་གསོང་པོ་མ། །ངག་གི་དབང་ཕྱུག་ཞི་ཕྲ་མ། །རྟག་མ་ཀུན་འགྲོ་རྗེས་འགྲོ་མ། །དོན་ཀུན་སྒྲུབ་བྱེད་བཟང་མོ་མ། །གསང་བྱེད་གསོ་བྱེད་ནོར་སྟེར་མ། །མི་འཇིགས་བསོད་ནམས་གཽ་ཏ་མ། །སྤྱན་རས་གཟིགས་དབང་བདག་ཉིད་ཀྱིས། །མཚན་བརྒྱ་རྩ་བརྒྱད་འདི་དག་ནི། །ཕན་པར་བྱེད་པར་གྲགས་པ་སྟེ། །མཆོག་ཏུ་རྨད་བྱུང་གསང་བ་པོ། །ལྷ་ཡུལ་ན་ཡང་རྙེད་དཀའ་བ། །སྐལ་བཟང་སྐལ་བ་དང་ལྡན་བྱེད། །དུག་རྣམས་ཐམས་ཅད་ཉམས་བྱེད་པ། །ནད་ནི་ཐམས་ཅད་ཞི་བྱེད་མ། །སེམས་ཅན་ཀུན་ལ་བདེ་སྟེར་མ། །བློ་ལྡན་གང་ཞིག་ལན་གསུམ་ཀློག །མཉམ་གཞག་གཙང་སྦྲ་བྱས་པ་ཡིས། །དེས་ནི་དུས་མི་རིང་བ་རུ། །རྒྱལ་སྲིད་དཔལ་ཡང་ཐོབ་པར་འགྱུར། །རྟག་ཏུ་སྡུག་པའང་བདེ་བར་འགྱུར། །བཀྲེན་པ་ཕྱུག་པོར་འགྱུར་བའོ། །རྨོངས་པ་ཤེས་རབ་ཆེན་པོར་འགྱུར། །ཡིད་གཞུངས་འགྱུར་བ་ཐེ་ཚོམ་མེད། །བཅིངས་པ་བཅིངས་ལས་གྲོལ་བར་འགྱུར། །ཐ་སྙད་ལས་ཀྱང་རྒྱལ་བར་འགྱུར། །དགྲ་བོ་བཤེས་པོར་འགྱུར་བ་སྟེ། །རྭ་ཅན་དང་ནི་མཆེ་བ་ཅན། །དོག་པའི་འཐབ་མོ་རྒྱལ་དཀའ་དང༌། །སྣ་ཚོགས་འཇིགས་པ་འཁྲུགས་པ་ལས། །མཚན་ནི་འདི་རྣམས་དྲན་པ་ཡིས། །འཇིགས་པ་ཀུན་ལས་སྒྲོལ་བར་བྱེད། །དུས་མིན་འཆི་ལས་སྒྲོལ་བར་བྱེད། །སྐྱེས་བུ་སྙན་པ་ཐོབ་པར་བྱེད། །མི་ནི་སྐྱེ་བ་དོན་དང་བཅས། །དེ་གཅིག་པུ་ཡི་ཕན་ཡོན་གྱིས། །གང་ཞིག་འདི་ནི་སྔར་ལངས་ནས། །སྐྱེས་བུ་གང་ཞིག་སྒྲོགས་བྱེད་པ། །དེ་ནི་དུས་རིང་ཚེ་དང་ལྡན། །མི་ནི་དཔལ་གྱིས་དགའ་འགྱུར་སྟེ། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །དྲི་ཟ་དང་ནི་ལུས་སྲུལ་པོ། །འབྱུང་པོ་གཤེད་བྱེད་སྲིན་པོ་དང༌། །མ་མོ་རྩུབ་པའི་སེམས་ལྡན་པ། །གནོད་སྦྱིན་མོ་དང་ཡི་དྭགས་བྱེད། སྨྱོ་བྱེད་དང་ནི་གདོན་ཆེན་རྣམས། །གྲིབ་གནོན་དང་ནི་བརྗེད་བྱེད་དང༌། །ཤ་ཟ་ལ་སོགས་པ་རྣམས་དང༌། །རོ་ལངས་ལ་སོགས་སྣ་ཚོགས་རྣམས། །བསྐུལ་བྱེད་གཞན་སེམས་སྡང་བ་རྣམས། །གྲིབ་མ་ཡང་ནི་འགོམ་མི་འགྱུར། །ཇི་ལྟར་སླར་ནི་མཆོད་པར་འགྱུར། །སྡང་བའི་སེམས་ཅན་འཆིང་བར་འགྱུར། ནད་ལ་སོགས་པས་ཐེབས་མི་འགྱུར། །ཕྱུག་དང་ལོངས་སྤྱོད་ཡོན་ཏན་ལྡན། །བུ་དང་ཚ་བོ་འཕེལ་བར་འགྱུར། བློ་ལྡན་སྐྱེ་བ་དྲན་པར་འགྱུར། །རིགས་དང་ལྡན་ཞིང་མཐོང་དགར་འགྱུར། །གཟི་བརྗིད་ལྡན་ཞིང་ཚིག་གསལ་བ། །བསྟན་བཅོས་ཐམས་ཅད་རིག་པར་འགྱུར། །དགེ་བཤེས་བསྙེན་བཀུར་ཡང་དག་བསྟེན། བྱང་ཆུབ་སེམས་ཀྱིས་བརྒྱན་པ་དང༌། །གང་དག་གང་དུ་སྐྱེས་པ་དེར། །རྟག་ཏུ་སངས་རྒྱས་ཀྱིས་མི་སྤོང༌། །དཔལ་ལྡན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གསུངས་པ། རྗེ་བཙུན་མ་འཕགས་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་རྫོགས་སོ།། །།

རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་བསྟོད་པ་མཛད་པ།

༈ ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཕྱག་འཚལ་གསེར་སྔོ་ཆུ་ལས་སྐྱེས་ཀྱི། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །ཕྱག་འཚལ་ཏུཏྟཱ་ར་ཧཱུཾ་ཡི་གེ །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང༌། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཕྱག་འཚལ་ཏྲཊ་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམས་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུགས་མ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོ། །བདུད་ཀྱི་དཔའ་པོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། ཕྱག་འཆལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུགས་མ། ཕྱག་འཚལ་རབ་ཏུ་དགའ་བར་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བས་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་རེ་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་མ་ཉིད་མ། །ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུཾ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །ཕྱག་འཚལ་ཟླ་བའི་དུམ་བུས་དབུ་བརྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་པའི་ཁྲོད་ནས་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་རབ་མཛད་མ། ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །ཁྲོ་གཉེར་སྤྱན་མཛད་ཡི་གེ་ཧཱུཾ་གིས། །རིམ་པ་བདུན་པ་རྣམས་ནི་འགེམས་མ། ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། ཕྱག་འཚལ་ཀུན་ནས་སྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ། ཕྱག་འཚལ་ཏུ་རེ་ཞབས་ནི་བརྡབས་པས། །ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མན་དྷ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམ་མ་ལུས་པར་ནི་སེལ་མ། ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མི་འམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧཱ་ར་གཉིས་བརྗོད་ཏུཏྟ་ར་ཡིས། །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པའི། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྤྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །རྩ་བའི་སྔགས་ཀྱིས་བསྟོད་པ་འདི་དང༌། ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །ལྷ་མོ་ལ་གུས་ཡང་དག་ལྡན་པས། བློ་ལྡན་གང་གིས་རབ་དང་བརྗོད་པས། །སྲོད་དང་ཐོ་རངས་ལངས་པར་བྱས་ནས། །དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར། །སྡིག་པ་ཐམས་ཅད་རབ་ཏུ་ཞི་བ། །ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་འཐོབ། །རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས། །མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ། །འདི་ལས་ཆེ་བ་ཉིད་ནི་ཐོབ་ཅིང༌། །སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ། །དེ་ཡི་དུག་ནི་དྲག་པོ་ཆེན་པོ། །བརྟན་གནས་པའམ་གཞན་ཡང་འགྲོ་བ། །ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང༌། །དྲན་པས་རབ་ཏུ་སེལ་བ་ཉིད་འཐོབ། །གདོན་དང་རིམས་དང་དུགགིས་གཟིར་བའི། །སྡུག་བསྔལ་ཚོགས་ནི་རྣམ་པར་སྤངས་ཏེ། །སེམས་ཅན་གཞན་པ་རྣམས་ལ་ཡང་ངོ༌། །གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང༌། ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ། །འདོད་པ་ཐམས་ཅད་ཐོབ་པར་གྱུར་ཏེ། །གེགས་རྣམས་མེད་ཅིང་སོ་སོར་འཇོམས་གྱུར། །རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་བསྟོད་པ་མཛད་པ་རྫོགས་སོ།། །།

འཕགས་མ་རི་ཁྲོད་ལོ་མ་གྱོན་མ།

༄༅། །འཕགས་མ་རི་ཁྲོད་ལོ་མ་གྱོན་མ་ཞེས་བྱ་བ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་པརྣ་ཤ་བ་རི་ནཱ་མ་དྷ་ར་ཎི། བོད་སྐད་དུ། འཕགས་མ་རི་ཁྲོད་ལོ་མ་གྱོན་པ་ཞེས་བྱ་བའི་གཟུངས༑ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་ལ་ཕྱག་འཚལ་ལོ། །མིའུ་ཐུང་ཁྱོད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མ་མིའུ་ཐུང་ཤ་ཟ་མོ། རི་ཁྲོད་ལོ་མ་གྱོན་པ་ཤ་ཟ་མོ་ཁྱོད་ལ་ཕྱག་འཚལ་ལོ། །ཞགས་པ་དང་དགྲ་སྟ་ཐོགས་མ་འཇིགས་པ་གང་དག་ཅི་བྱུང་བ་དེ་དག་ཐམས་ཅད་དང༌། ཡམས་ཀྱི་ནད་གང་དག་ཅི་བྱུང་ཡང་རུང་བ་དང༌། འཆི་བྱེད་གང་དག་ཅི་བྱུང་ཡང་རུང་བ་དང༌། འཆི་བྱེད་ཆེན་པོ་གང་དག་ཅིབྱུང་ཡང་རུང་བ་དང༌། གནོད་པ་གང་དག་ཅི་བྱུང་ཡང་རུང་བ་དང༌། འཁྲུག་པ་གང་དག་ཅི་བྱུང་ཡང་རུང་བ་དང༌། ཁོང་དུ་གནོད་པ་གང་དག་ཅི་བྱུང་ཡང་རུང་བ་དང༌། གང་དག་ཅི་བྱུང་བ་དེ་དག་ཐམས་ཅད་ནི་བྱིས་པ་ཁོ་ན་ལ་བྱུང་གི །མཁས་པ་དག་ལ་ནི་མ་ཡིན་ནོ། བདེན་པ་དང་བདེན་པའི་ཚིག་དེས་སོང་ཞིག་སོང་ཞིག །མཁས་པས་བྱིན་གྱིས་བརླབས་པའི་གསང་སྔགས་ཀྱི་གཞི་འདི་དག་གིས་ཆེ་གེ་མོ་ཞེས་བྱ་བ་ལ་བསྲུང་བར་གྱིས་ཤིག །ཡོངས་སུ་བསྐྱབ་པ་དང༌། ཡོངས་སུ་བཟུང་བ་དང༌། ཡོངས་སུ་བསྐྱང་བ་དང༌། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང༌། ཆད་པ་སྤང་བ་དང༌། མཚོན་ཆ་སྤང་བ་དང༌། དུག་གཞིལ་བ་དང༌། དུག་བསད་པ་དང༌། མཚམས་བཅད་པ་དང༌། ས་བཅིང་བར་གྱིས་ཤིག །ཏདྱ་ཐཱ། ཨོཾ་ཨ་མྲྀ་ཏེ། ཨཱ་ཤཱ་སྟང་གི །མཱ་མཱ་རཱ། མཱ་མཱ་རཱ། །ཤ་མཱ་པཱ་ར། ཤ་མ་ཨུ་པ་ཤ་མཱ། ཏུ་ནུ་པཱི། ནུ་ཏུ་ཏུ་ཏུ། ཏུ་མུ་ལེ་སྭཱ་ཧཱ། ན་མ་ཤ་བ་ར་ན་ནན། ཨོཾ་པི་ཤ་ཙི་པརྣ་ཤ་བ་རི་པི་ཤ་ཙི་སྭཱ་ཧཱ། ཨོཾ་པརྣ་ཤ་བ་རི་བྲབྱཱུཾ་ཕཊ། ཨོཾ་ཨངྒུ་རེ་པརྣ་ཤ་བ་རི་ཡེ་སྭཱ་ཧཱ། ཨོཾ་པི་ཤ་ཙི་པརྣ་ཤ་བ་རི་སྭཱ་ཧཱ། སརྦ་མ་རི་བཱ་ཤ་མ་ནི། སརྦ་དུཥྚན་ནི་བྷན་དྷ་མུ་ག་ན་བྲབྱཱུཾ་ཕཊ་སྭཱ་ཧཱ། འཕགས་མ་རི་ཁྲོད་ལོ་མ་གྱོན་པའི་གཟུངས་རྫོགས་སོ།། །།

ཏོག་གཟུངས་བསྡུས་པ། འཕགས་མ་སྟོང་ཆེན་མོ་རབ་ཏུ་འཇོམས་པའི་སྙིང་པོ། འཕགས་མ་རྨ་བྱ་ཆེན་པོའི་སྙིང་པོ། འཕགས་མ་སོ་སོར་འབྲང་མ་ཆེན་པོའི་སྙིང་པོ། འཕགས་མ་བསིལ་བའི་ཚལ་ཆེན་པོའི་སྙིང་པོ། འཕགས་མ་གསང་སྔགས་ཆེན་མོ་རྗེས་སུ་འཛིན་མའི་སྙིང་པོ་བཅས།

༄༅། །ཏོག་གཟུངས་བསྡུས་པ།

རྒྱ་གར་སྐད་དུ། ཨཱརྻ་མ་ཧཱ་ས་ན་ནི་པ་ཏ་རེ་ད་ན་ཀེ་ཏུ་དྷ་རི་ན་ནཱ་མ་མ་ཧཱ་ཡ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་འདུས་པ་ཆེན་པོ་རིན་པོ་ཆེ་ཏོག་གི་གཟུངས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། དེ་བཞིན་གཤེགས་པ་འོད་ཞི་སྤོས་སྣང་དཔལ་ལ་ཕྱག་འཚལ་ལོ། ཚངས་པ་ཆེན་པོ་དབྱངས་ཅན་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་ལོ། བདུད་ཀྱི་འཁོར་གྱིས་མི་ཚུགས་པའི་གཟུངས་འདི་ལ་སྦྱོར་བར་བགྱིའོ། །བདག་གིས་རིག་སྔགས་འདི་གྲུབ་པར་གྱུར་ཅིག །ཨ་བ་མེ། ཨ་བ་མེ། ཨ་མ་བྷ་རེ། ཨ་མ་བྷ་རེ། པ་རི་ཀུན་ཛ། ན་ད་ན་ད། པུ་སྐ་ར་ས་ཧ་ཛ་ལུ། ཁ་མ་ཁ་ཡཾ། ཨི་ལི་མི་ལི། ཀི་ར་ཏི་བར་མུ་དྲེ་མུ་དྲེ་མུ་ཁེ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་པ་དང༌། འཇིག་རྟེན་གྱི་བདུད་དང༌། བདུད་ཀྱི་རིགས་ཀྱི་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། དྲི་ཟ་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། མི་དང༌། མི་མ་ཡིན་པ་དང༌། གདུག་པ་ཅན་རྣམས་ཀྱི་སྡིག་པའི་སེམས་དང༌། སྡང་བའི་སེམས་དང༌། གླགས་ལྟ་བའི་སེམས་དང༌། གནོད་པའི་སེམས་དང༌། གདུག་པའི་སེམས་དང༌། ཉོན་མོངས་དུག་ལྔ་དུག་སུམ་གྱི་སེམས་ཞི་བར་བྱས་ནས་དགའ་བའི་སེམས་དང༌། གུས་པའི་སེམས་དང༌། མོས་པའི་སེམས་དང༌། ཕན་པའི་སེམས་ཀྱིས་ཐེག་པ་ཆེན་པོའི་ཆོས་ཉན་པར་གྱུར་ཏོ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། བྱང་ཆུབ་སེམས་དཔའི་འཁོར་ཐམས་ཅད་རབ་ཏུ་དགའ་སྟེ། སྤྱི་བོར་བླངས་ནས་མོས་པ་དང་གུས་པ་བྱས་སོ། །འཕགས་པ་འདུས་པ་ཆེན་པོ་རིན་པོ་ཆེ་ཏོག་གི་གཟུངས་ལས། བདུད་ཀྱི་འཁོར་གྱིས་མི་ཚུགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།

འཕགས་མ་སྟོང་ཆེན་མོ་རབ་ཏུ་འཇོམས་པའི་སྙིང་པོ།

༈ རྒྱ་གར་སྐད་དུ། ཨཱརྻ་མ་ཧཱ་ས་ཧ་པྲ་བྷ་མ་བྷ་རི་ནི་ཧྲི་ད་ཡ། བོད་སྐད་དུ། འཕགས་མ་སྟོང་ཆེན་མོ་རབ་ཏུ་འཇོམས་པའི་སྙིང་པོའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་མ་སྟོང་ཆེན་མོ་ལ་ཕྱག་འཚལ་ལོ། །སྟོང་ཆེན་རབ་ཏུ་འཇོམས་པ་མོ། །ལྷ་མོ་ནད་ཀུན་འཇོམས་མ་སྟེ། །སྡང་བའི་སེམས་ཅན་འཇོམས་པ་མོ། ཕྱག་སྟོང་ལྡན་ཞིང་དབུ་སྟོང་མ། །སྤྱན་སྟོང་གིས་ནི་རྣམ་པར་བརྒྱན། །བདག་ནི་མོས་པས་ཕྱག་འཚལ་ལོ། །ཨོཾ་ཨ་བྷྲུཾ་མ་ཧཱ་སྭཱ་ཧཱ། པྲ་བྷ་མ་དྷ་རི་ནི་སྭཱ་ཧཱ། འཕགས་པ་སྟོང་ཆེན་མོའི་སྙིང་པོ་རྫོགས་སོ།། །།

འཕགས་མ་རྨ་བྱ་ཆེན་པོའི་སྙིང་པོ།

༈ རྒྱ་གར་སྐད་དུ། ཨཱརྻ་མ་ཧཱ་མ་ཡུ་རི་ཧྲི་ད་ཡ། བོད་སྐད་དུ། འཕགས་མ་རྨ་བྱ་ཆེན་པོའི་སྙིང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་མ་རྨ་བྱ་ཆེན་མོ་ལ་ཕྱག་འཚལ་ལོ། །བདུད་དང་ཀླུ་ཡི་གདོན་འཇོམས་མ། །རྨ་བྱའི་རྒྱལ་མོ་གསེར་དུ་སྣང༌། །སེམས་ཅན་རྣམས་ལ་བདེ་གསོལ་མ། །བདག་ནི་དད་པས་ཕྱག་འཚལ་ལོ། །ཨོཾ་ཨ་མཾ་མ་ཧཱ་མ་ཡུ་ར་ཧུ། འཕགས་མ་རྨ་བྱ་ཆེན་མོའི་སྙིང་པོ་རྫོགས་སོ།། །།

འཕགས་མ་སོ་སོར་འབྲང་མ་ཆེན་པོའི་སྙིང་པོ།

༈ རྒྱ་གར་སྐད་དུ། ཨཱརྻ་མ་ཧཱ་པྲ་ཏི་ས་རེ་བྱི་ད་ར་ནི་ཧྲི་ད་ཡ། བོད་སྐད་དུ། འཕགས་མ་སོ་སོར་འབྲང་མ་ཆེན་པོའི་སྙིང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་མ་སོ་སོར་འབྲང་མ་ཆེན་མོ་ལ་ཕྱག་འཚལ་ལོ། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་རྫོགས་པས། །དུས་གསུམ་བདེ་གཤེགས་ཀུན་དང་མཚུངས་གྱུར་ཀྱང༌། །འགྲོ་བའི་དོན་ཕྱིར་ལྷ་མོའི་སྐུར་སྟོན་མ། །སོ་སོར་འབྲང་མ་ཁྱོད་ལ་ཕྱག་འཚལ་ལོ། །ཨོཾ་མ་ནི་དྷ་རི་བཛྲི་ནི་མ་ཧཱ་པྲ་ཏི་ས་རེ་ཧཱུཾ་ཧཱུཾ་ཕཊ། །འཕགས་མ་སོ་སོར་འབྲང་མའི་སྙིང་པོ་རྫོགས་སོ།། །།

འཕགས་མ་བསིལ་བའི་ཚལ་ཆེན་པོའི་སྙིང་པོ།

༈ རྒྱ་གར་སྐད་དུ། ཨཱརྻ་མ་ཧཱ་སི་ཏ་པ་རི་ཧྲི་ད་ཡ། བོད་སྐད་དུ། འཕགས་མ་བསིལ་བའི་ཚལ་ཆེན་པོའི་སྙིང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་མ་བསིལ་བའི་ཚལ་ཆེན་མོ་ལ་ཕྱག་འཚལ་ལོ། བསིལ་བའི་ཚལ་ནི་ཐུགས་རྗེ་ཅན། །རྒྱལ་ཆེན་བཞིས་ནི་བསྲུང་བ་ཆེ། །སྡང་བའི་གནོད་པ་བཟློག་བྱེད་མ། །ཕན་འདོད་བརྩེར་དགོངས་ཁྱོད་ལ་འདུད། །ཨོཾ་ཨ་བཛྲ་མ་ཏ་ས་ཏ་རི་ཧཱུཾ། འཕགས་མ་བསིལ་བའི་ཚལ་གྱི་སྙིང་པོ་རྫོགས་སོ།། །།

འཕགས་མ་གསང་སྔགས་ཆེན་མོ་རྗེས་སུ་འཛིན་མའི་སྙིང་པོ།

༈ རྒྱ་གར་སྐད་དུ། ཨཱརྻ་མ་ཧཱ་མན་ཏྲ་ཨ་ནུ་ས་ནི་ཧྲི་ད་ཡ། བོད་སྐད་དུ། འཕགས་མ་གསང་སྔགས་ཆེན་མོ་རྗེས་སུ་འཛིན་མའི་སྙིང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་མ་གསང་སྔགས་ཆེན་མོ་རྗེས་སུ་འཛིན་མ་ལ་ཕྱག་འཚལ་ལོ། །རྗེས་སུ་འཛིན་མ་མཐུ་སྟོབས་ཅན། །གནོད་པར་སེམས་པའི་གེགས་འདུལ་མ། །རྒྱང་གྲགས་གཅིག་ནས་མཚམས་གཅོད་ཅིང༌། །བསྲུང་བའི་དུས་སུ་དེར་གནས་མ། །གདོན་གེགས་ཀུན་གྱི་རྗེས་གཅོད་མ། །འགྲོ་བའི་དོན་ལ་བདག་ཕྱག་འཚལ། །ཨོཾ་ཨཱཿཧཱུཾ་མ་ཧཱ་མན་ཏྲ་ཨ་ནུ་རི་སྭཱ་ཧཱ། འཕགས་མ་གསང་སྔགས་ཆེན་མོ་རྗེས་སུ་འཛིན་མའི་སྙིང་པོ་རྫོགས་སོ།། །།གནུབས་ལོ་ཙཱ་བས་བསྒྱུར་བའོ། །སརྦ་མངྒ་ལཾ།། །།

འཕགས་མ་འོད་ཟེར་ཅན་ཞེས་བྱ་བའི་གཟུངས།

༄༅། །འཕགས་མ་འོད་ཟེར་ཅན་ཞེས་བྱ་བའི་གཟུངས་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་མ་རཱི་ཙྱཱེ་ནཱ་མ་དྷ་ར་ཎི། བོད་སྐད་དུ། འཕགས་མ་འོད་ཟེར་ཅན་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང༌། བྱང་ཆུབ་སེམས་དཔའ་ཆེན་པོ་མང་པོ་དག་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ལྷ་མོ་འོད་ཟེར་ཅན་མ་ཞེས་བྱ་བ་ཞིག་ཡོད་དེ། དེ་ཉི་མ་དང་ཟླ་བའི་མདུན་དང་མདུན་ནས་འགྲོ་སྟེ་དེ་བལྟར་མེད། གཟུང་དུ་མེད། བཅིང་དུ་མེད། དགག་ཏུ་མེད། བརྒལ་དུ་མེད། རྨོངས་པར་བྱར་མེད། ཆད་པས་བཅད་དུ་མེད། མགོ་བྲེག་ཏུ་མེད། བཞུར་མེད། འཚིག་པར་བྱར་མེད། དགྲའི་དབང་དུ་མི་འགྲོའོ། །དགེ་སློང་དག་གང་གིས་ལྷ་མོ་འོད་ཟེར་ཅན་མ་དེའི་མིང་ཤེས་པ་དེ་ཡང་བལྟར་མེད། གཟུང་དུ་མེད། བཅིང་དུ་མེད། དགག་ཏུ་མེད། བརྒལ་དུ་མེད། རྨོངས་པར་བྱར་མེད། ཆད་པས་བཅད་དུ་མེད། མགོ་བྲེག་ཏུ་མེད། བཞུར་མེད། འཚིག་པར་བྱར་མེད། དེ་དགྲའི་དབང་དུ་འགྲོ་བར་མི་འགྱུར་རོ། །དེ་ལྟར་བདག་གིས་ཀྱང་ལྷ་མོ་འོད་ཟེར་ཅན་མའི་མིང་ཤེས་ཀྱི། བདག་ཀྱང་བལྟར་མེད་པར་གྱུར་ཅིག །གཟུང་དུ་མེད་པར་གྱུར་ཅིག །བཅིང་དུ་མེད་པར་གྱུར་ཅིག །དགག་ཏུ་མེད་པར་གྱུར་ཅིག །བརྒལ་དུ་མེད་པར་གྱུར་ཅིག །རྨོངས་པར་བྱར་མེད་པར་གྱུར་ཅིག །ཆད་པས་བཅད་དུ་མེད་པར་གྱུར་ཅིག །མགོ་བྲེག་ཏུ་མེད་པར་གྱུར་ཅིག །བཞུར་མེད་པར་གྱུར་ཅིག །འཚིག་པར་བྱར་མེད་པར་གྱུར་ཅིག །དགྲའི་དབང་དུ་མི་འགྲོ་བར་གྱུར་ཅིག །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་རྣམས་ཡིན་ནོ། །ཏདྱ་ཐཱ། ཨོཾ་པ་ཏཱ་གྲ་མ་སི། པ་རཱ་ཀྭ་མ་སི། ཨུ་ད་ཡ་མ་སི། ནེ་ར་མ་སི། ཨརྐ་ཀ་མ་སི། མརྐ་ཀ་མ་སི། ཨཱུ་རུ་མ་མ་སི། བ་ནཱ་མ་སི། གུ་ལ་མ་མ་སི། ཙི་བ་ར་བ་སི། མ་ཧཱ་ཙི་བ་ར་མ་སི། ཨ་ནུ་ཏ་རུ་དྷཾ་ནཱ་མ་སི་སྭཱ་ཧཱ། ཨོཾ་ལྷ་མོ་འོད་ཟེར་ཅན་བདག་ལམ་དུ་སྐྱོབས་ཤིག །བདག་ལམ་ལོག་པ་ལས་སྐྱོབས་ཤིག །བདག་སྐྱེ་བོའི་འཇིགས་པ་ལས་སྐྱོབས་ཤིག །བདག་རྒྱལ་པོའི་འཇིགས་པ་ལས་སྐྱོབས་ཤིག །བདག་གླང་པོའི་འཇིགས་པ་ལས་སྐྱོབས་ཤིག །བདག་ཆོམ་རྐུན་གྱི་འཇིགས་པ་ལས་སྐྱོབས་ཤིག །བདག་ཀླུའི་འཇིགས་པ་ལས་སྐྱོབས་ཤིག །བདག་སེང་གེའི་འཇིགས་པ་ལས་སྐྱོབས་ཤིག །བདག་སྟག་གི་འཇིགས་པ་ལས་སྐྱོབས་ཤག །བདག་མེའི་འཇིགས་པ་ལས་སྐྱོབས་ཤིག །བདག་ཆུའི་འཇིགས་པ་ལས་སྐྱོབས་ཤིག །བདག་སྦྲུལ་གྱི་འཇིགས་པ་ལས་སྐྱོབས་ཤིག །བདག་དུག་གི་འཇིགས་པ་ལས་སྐྱོབས་ཤིག །བདག་ཕྱིར་རྒོལ་བ་དང་དགྲ་ཐམས་ཅད་ལས་སྐྱོབས་ཤིག །འཁྲུགས་པ་དང་མ་འཁྲུགས་པ་དང༌། ཉམས་པ་དང་མ་ཉམས་པ་ཐམས་ཅད་དུ་ཡང་བདག་སེང་གེ་ལས་སྲུངས་ཤིག །བདག་སྟག་ལས་སྲུངས་ཤིག །བདག་ཀླུ་ལས་སྲུངས་ཤིག །བདག་སྦྲུལ་ལས་སྲུངས་ཤིག །བདག་འཇིགས་པ་ཐམས་ཅད་དང༌། གནོད་པ་དང༌། ནད་འགོ་བ་དང༌། འཁྲུག་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག །ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱ་ཐཱ། ཨོཾ་ཨཱ་ལོ། ཏཱ་ལོ། ཀཱ་ལོ། སཙྪ་ལོ། སཾ་བ་མུ་ར་དྷ་ཌྀ་རཀྵ་རཀྵ་མཾ། བདག་དང་སེམས་ཅན་ཐམས་ཅད་ལ་འཚེ་བ་དང༌། འཇིགས་པ་དང༌། ནད་ཐམས་ཅད་ལས་སྲུངས་ཤིག །སྭཱ་ཧཱ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ལྷ་མོ་འོད་ཟེར་ཅན་མ་ལ་ཕྱག་འཚལ་ལོ། །ལྷ་མོ་འོད་ཟེར་ཅན་མའི་སྙིང་པོ་བརྗོད་པར་བྱ་སྟེ། ཏདྱ་ཐཱ། ཨོཾ་བཏྟ་ལི། བ་དཱ་ལི། བ་རཱ་ལི། བ་ར་ཧཱ་མུ་ཁི། སརྦ་དུཥྚཱ་ནཱཾ། པྲ་དུཥྚཱ་ནཱཾ། ཙཀྵུར་མུ་ཁཾ་བནྡྷ་བནྡྷ་མུ་ཁི། ཛམྦྷ་ཡ། སྟཾ་བྷཱ་ཡ། མོ་ཧཱ་ཡ་སྭཱ་ཧཱ། ཨོཾ་མ་རི་ཙེ་སྭཱ་ཧཱ། ཨོཾ་བཏྟཱ་ལེ། བ་དཱ་ལི། བ་རཱ་ལི། བ་ར་ཧཱ་མུ་ཁི། སརྦ་དུཥྚཱི་ནཱཾ། པྲ་དུཥྚཱི་ནཱཾ། ཙཀྵུར་མུ་ཁི་བནྡྷ་བནྡྷ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། དགེ་སློང་དེ་དག་དང༌། བྱང་ཆུབ་སེམས་དཔའ་དེ་དག་དང༌། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་མ་འོད་ཟེར་ཅན་ཞེས་བྱ་བའི་གཟུངས་རྫོགས་སོ།། །།པཎྜི་ཏ་ཨ་མོ་གྷ་བཛྲ་དང༌། ལོ་ཙཱ་བ་དགེ་སློང་རིན་ཆེན་གྲགས་པས་བསྒྱུར་བའོ།། །།མངྒ་ལཾ།། །།

འཕགས་པ་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན།

༄༅། །འཕགས་པ་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བྱ་བ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་དྷྭ་ཛ་ཨ་གྲ་ཀེ་ཡཱུ་ར་ནཱ་མ་དྷ་ར་ཎི། བོད་སྐད་དུ། འཕགས་པ་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། །བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་ན། ལྭ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ལ་བཞུགས་ཏེ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལྷ་མ་ཡིན་ལས་ཕམ། རབ་ཏུ་ཕམ་ནས་དེ་རྟབ་ཅིང་རིངས་པའི་གཟུགས་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་འདི་ལྟར་ལྷ་མ་ཡིན་དང་གཡུལ་བཀྱེ་བ་ལས། ལྷ་མ་ཡིན་གྱི་དབང་པོ་ཐག་བཟང་རིས་ལས་ཕམ། རབ་ཏུ་ཕམ་སྟེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱང་ཕམ་རབ་ཏུ་ཕམ་ན། བཅོམ་ལྡན་འདས་བདག་ཅག་གིས་ཇི་ལྟར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་ཁྱོད་ཀྱིས་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བྱ་བ་གཞན་གྱིས་མི་ཐུབ་པའི་གཟུངས་ཟུངས་ཤིག །ངས་ཀྱང་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན། དེ་བཞིན་གཤེགས་པ་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་ལས་འདི་མནོས་སོ། །མནོས་ནས་ཀྱང་གཞན་ལ་རྒྱ་ཆེར་ཡང་དག་པར་བཤད་དོ། །མངོན་པར་དྲན་ཏེ་དེ་ཚུན་ཆད་འཇིགས་པའམ། བག་ཚ་བའམ། སྤུ་ཟིང་ཞེས་བྱེད་པའམ། ཐ་ན་སྐད་ཅིག་ཡུད་ཙམ་ཡང་ལུས་ལ་གནོད་པ་བྱུང་མ་མྱོང་ངོ༌། །བཅོམ་ལྡན་འདས་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བགྱི་བ་གཞན་གྱིས་མི་ཐུབ་པའི་གཟུངས་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཏདྱ་ཐཱ། ཨོཾ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། ཛ་ཡ་པྲ་ཧི་ནི། ཤང་ཀ་རི་ཤང་ཀ་རི། པྲ་བྷད་ཀ་རེ། བདག་དང་སེམས་ཅན་ཐམས་ཅད་ཀྱི། སརྦ་ཤ་ཏྲཱུཾ། ཛཾ་བྷ་ཡ་ཛཾ་བྷ་ཡ། སྟཾ་བྷ་ཡ་སྟཾ་བྷ་ཡ། མོ་ཧ་ཡ་མོ་ཧ་ཡ། བྷ་ག་བ་ཏི། ཛ་ཡ་བ་ཧི་ནི། མ་ཐཱ་མ་ཐཱ། པྲ་མ་ཐཱ་པྲ་མ་ཐཱ། གྲ་ས་གྲ་ས། ཧ་ས་ཧ་ས། ཧཱུཾ་ཧཱུྃ། ལ་ཧཱུྃ་ལ་ཧཱུཾ། ལམ་བོ་དྷ་རི། ཏྲེ་ནྲེ་ཏྲེ། ཙ་ཏུ་ར་བྷ་ག་དྲེ། ཙ་ཏུར་དཾ་ཥྚེ། ཙ་ཏུར་བྷུ་ཛེ། ཨ་སི་མུ་ས་ལ། ཙཀྲ་ཏྲི་ཤཱུ་ལ། བཛྲ་ཀ་བཛྲ་དྷཱ་རི། བདག་གནོད་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག །བྷ་ག་བ་ཏི། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། མ་ཐ་མ་ཐ། པྲ་མ་ཐ་པྲ་མ་ཐ། དྷུ་ན་དྷུ་ན། བི་དྷུ་ན་བི་དྷུ་ན། ཧཱུཾ་ཧཱུཾ་ཕཊ་ཕཊ། བྷཉྫ་བྷཉྫ། པ་ར་སེ་ནྱན་བི་དྷ་ན་ས་ཡ། སརྦ་ཤ་ཏྲཱུཾ་ནཱ་ཤ་ཡ། དྷཱ་ཛ་ཨ་གྲ་ཀེ་ཡུ་རེ། ཏི་ཊ་ཏི་ཊ་ཏི་ཊ། བྷི་ཊ་བྷི་ཊ། ཨུ་ལ་ཀཱ་མུ་ཁེ་ཨུ་ལ་ཀཱ་དྷ་ར་ཎི། ཏྲཻ་ལཽ་ཀྱ་མ་ཐཱ་ནཱི། བི་དྷྭ་ན་ས་ཡ་པ་རེ་སེ་ནྱན། བདག་གནོད་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག །ཙ་ལ་ཙ་ལ། ཙི་ལི་ཙི་ལི། ཙུ་ལུ་ཙུ་ལུ། ཀཾ་པ་ཀཾ་པ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། མུཉྫ་མུཉྫ། ཨཊ་ཊ་ཧཱ་ས་མ་བི་དྷ་ན་ས་ཡ་པ་ར་སེ་ནྱན། བདག་གནོད་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག །ཏྲཱ་ས་ཡ་ཏྲཱ་ས་ཡ། བྷྲ་མ་ཡ་བྷྲ་མ་ཡ། བུདྡྷ་ས་ཏྱེ་ན། དྷརྨ་ས་ཏྱེ་ན། སཾ་གྷ་ས་ཏྱེ་ན། ས་ཏྱེ་བཱ་ཏི་ནཱཾ། ས་ཏྱེ་མ་བུདྡྷ་ས་ཏྱེ་མ་ཏི་ཀྲ་མ། དྷརྨ་ས་ཏྱེ་མ་ཏི་ཀྲ་མ། སཾ་གྷ་ས་ཏྱེ་མ་ཏི་ཀྲ་མ། ས་ཏྱེ་བྷ་ཏི་ནཱཾ། ས་ཏྱ་མ་ཏི་ཀྲ་མ། ལམ་བྷོ་དྷཱ་རི་ལམ་བྷོ་དྷ་རི། ཀུ་ཊ་ཀུ་ཊ། ཀུཊྚ་ཀུཊྚ་ཀུཊྚ། ཀུཊྚ་པ་ཡ་ཀུཊྚ་པ་ཡ། རུད་དྲ་མ་ནཱ་ཡ། བི་ཥྞ་མ་ནཱ་ཡ། ཙནྡྲ་སཱུརྻཱ་བཱ་མ་ན་ཏྲཻ་ལཽ་ཀྱ་ཨདྷི་པ་ཏི་མ་ནཱ་ཡ་སརྦ་དེ་བ་ཨ་དྷི་པ་མཱ་ནཱ་ཡ། སརྦ་ཡཀྵ་རཀྵ་ས་ག་ན་དྷརྦ། ཀུ་མ་བྷན་ཌེ། མ་ཧོ་ར་གཱ་དྷི་པ་ཏི་མཱ་ནཱ་ཡ། བི་དྷྭ་ན་ས་ཡ་པ་ར་སི་ནཱཾ། རང་ག་རང་ག །རང་གཱ་པ་ཡ་རང་གཱ་པ་ཡ། ཛཱ་ལ་ཛཱ་ལ། པུཥྤ་མཱ་ལི་ནི། རུན་དྷ་རུན་དྷ། རི་ཏི་རི་ཏི། ཙི་ཏི་ཙི་ཏི། དྷི་ཏི་དྷི་ཏི། བྷྲྀ་ཀུ་ཊི། མུ་ཁེ་པ་ར་སེ་ན། ཀུ་ལོད་སཱ་དྷ་ནི་ཀ་རི། ཧ་ལ་ཧ་ལ། ཧི་ལི་ཧི་ལི། ཧུ་ལུ་ཧུ་ལུ་ཧེ་ཧེ། རི་ནི་རི་ནི། རི་ནི་མི་ཏི། ཛམ་བྷ་དྷ་ཛེ། སརྦ་བུདྡྷ་ཨཱ་བ་ལོ་ཀི་ཏེ། བདག་འཇིགས་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག །སརྦ་ཏ་ཐཱ་ག་ཏ་ཨཱ་བ་ལོ་ཀི་ཏེ་སྭཱ་ཧཱ། གུ་ཎ་རཱ་ཛ་པྲ་བྷ་སོད་ཏ་མེ་སྭཱ་ཧཱ། སཱུརྻ་ཨརྐ་བི་མ་ལེ་སྭཱ་ཧཱ། ཙནྡྲ་ཨརྐ་བི་མ་ལེ་སྭཱ་ཧཱ། སརྦ་གྲ་ཧ་ནཀྵ་ཏྲ་དྷེ་མཱི་ཀ་ར་ཎེ་སྭཱ་ཧཱ། བདག་འཇིགས་པ་དང༌། གནོད་པ་དང༌། ནད་འགོ་བ་དང༌། འཁྲུག་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག་སྭཱ་ཧཱ། ལྷའི་རྒྱལ་པོ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བྱ་བ་གཞན་གྱིས་མི་ཐུབ་པའི་གཟུངས་འདིས་ཁྱོད་གཡུལ་སྤྲོད་པའམ། འཐབ་པའམ། རྩོད་པའམ། འགྱེད་པའམ། གང་དུ་འགྲོ་ཡང་རུང་སྟེ། མི་འཇིགས་ཤིང༌། ཐམས་ཅད་དུ་རྒྱལ་བར་འགྱུར་རོ། །རྒྱལ་མཚན་གྱི་རྩེ་མོའམ། མགུལ་དུ་བཏགས་ན་མིའི་རྒྱལ་པོ་དང༌། སྐྱེས་བུ་དཔའ་བོ་ཐམས་ཅད་ལ་སྲུང་བར་བྱེད་དོ། །བུད་མེད་ཀྱི་གཟུགས་ལྟ་བུར་བསྒྱུར་ནས་མདུན་དུ་འདུག་སྟེ། མི་འཇིགས་པ་སྦྱིན་ཞིང་སྲུང་བར་བྱེད་དོ། །དཔལ་སྐྱེད་པར་བྱེད་དོ། །ཕ་རོལ་གྱི་སྡེ་སྤ་བཀོང་བར་བྱེད་དོ། །བཀྲ་ཤིས་པ་དང༌། གཙང་བ་དང༌། གྲགས་པ་དང༌། དཔལ་དང་ཕུན་སུམ་ཚོགས་པ་ཀུན་དུ་གནས་པར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། ལྷའི་དབང་པོ་བརྒྱ་བྱིན་དང༌། ལྷ་དང་མི་དང་ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཏེ། སྐད་གསར་བཅད་ཀྱིས་བཅོས་ཏེ་གཏན་ལ་ཕབ་པའོ།། །།མངྒ་ལཾ། །དགེའོ།། །།

དཔལ་རྡོ་རྗེ་སྡེར་མོའི་གཟུངས།

༄༅། །དཔལ་རྡོ་རྗེ་སྡེར་མོའི་གཟུངས་བཞུགས་སོ། །

རྒྱ་གར་སྐད་དུ། ཤྲཱི་བཛྲ་ར་ཏི་རུ་ནཱ་མ་དྷ་ར་ཎི། བོད་སྐད་དུ། དཔལ་རྡོ་རྗེ་སྡེར་མོ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྡོ་རྗེ་ཟོམ་གྱི་ཁང་པ་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང༌། རིག་པ་འཛིན་པའི་དགེ་འདུན་གྲངས་མེད་པ་རྣམས་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་རིག་པ་འཛིན་པ་རྣམས་ལ་བཀའ་སྩལ་པ། རིག་པ་འཛིན་པ་རྣམས་ཉོན་ཅིག །དཔལ་རྡོ་རྗེ་སྡེར་མོ་ཞེས་བྱ་བ་ཞིག་ཡོད་དེ། དེ་ནི་བདེ་བར་གཤེགས་པ་རྣམས་ཀྱི་སྲས་མོ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྕམ་མོ། །ཁྲོ་བོ་རྣམས་ཀྱི་ཡུམ། མཁའ་འགྲོ་མ་རྣམས་ཀྱི་གཙོ་མོ། རིག་པ་འཛིན་པ་རྣམས་ཀྱི་གྲོགས་མོ། །བསྟན་པ་སྲུང་བའི་མངའ་བདག །དཀོན་མཆོག་གསུམ་གྱི་སྲུང་མ། དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། བདུད་དང་མུ་སྟེགས་ཐམས་ཅད་སྒྲོལ་བར་བྱེད་པའི་མངའ་བདག་ཡིན་ནོ། །རིག་པ་འཛིན་པ་གང་གིས་རྡོ་རྗེ་མཁའ་འགྲོ་མའི་གཟུངས་སྔགས་འདི་རྗེས་སུ་བཟུང་ནས་བཟླས་བརྗོད་བགྱིས་ན། ལེགས་པའི་ཡོན་ཏན་བཅོ་ལྔ་དང་ལྡན་པར་འགྱུར་ཏེ། བཅོ་ལྔ་པོ་གང་ཞེ་ན། གནས་གང་དང་གང་དུ་སྐྱེས་ཀྱང་ཆོས་སྐྱོང་བའི་རྒྱལ་པོ་དང་འཕྲད་པ་དང༌། སྡིག་པ་མི་བྱེད་པའི་ཡུལ་དུ་སྐྱེ་བ་དང༌། རྟག་ཏུ་དུས་བཟང་པོ་དང་ཕྲད་པ་དང༌། རྟག་ཏུ་དགེ་བའི་གྲོགས་པོ་རྣམས་དང་འགྲོགས་པ་དང༌། དབང་པོ་དང་ཡན་ལག་ཚང་བ་དང༌། སྤྱོད་ལམ་རྣམ་པ་བཞི་དུལ་བ་དང༌། ཚུལ་ཁྲིམས་དང་དམ་ཚིག་ཉམས་པ་མེད་པར་འགྱུར་བ་དང༌། མཆོད་རྫས་དང་འཚོ་བའི་ཡོ་བྱད་རྣམས་གཞན་གྱིས་མི་འཕྲོག་པར་འགྱུར་བ་དང༌། རྟག་ཏུ་མི་གཞན་རྣམས་ཀྱིས་བཀུར་བསྟི་དང་ཕུ་དུད་དུ་བྱེད་པར་འགྱུར་བ་དང༌། ནོར་རྫས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར་བ་དང༌། འདོད་པའི་དོན་ཐམས་ཅད་འགྲུབ་པར་འགྱུར་བ་དང༌། ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་མགོན་སྐྱབས་བྱེད་པར་འགྱུར་བ་དང༌། རྟག་ཏུ་དགེ་བའི་བཤེས་དང་འཕྲད་པར་འགྱུར་བ་དང༌། ཆོས་ཐོས་ནས་སྒྲུབ་པ་ཉམས་སུ་ལེན་པར་འགྱུར་བ་སྟེ། ལེགས་པའི་ཡོན་ཏན་རྣམ་པ་བཅོ་ལྔ་དང་ལྡན་པར་འགྱུར་རོ། །གཞན་ཡང་གཤིས་ངན་དུ་འཆི་བ་རྣམ་པ་བཅོ་ལྔ་མྱོང་བར་མི་འགྱུར་ཏེ། དེ་གང་ཞེ་ན། མུ་གེ་བྱུང་ནས་ལྟོགས་ཏེ་མི་འཆི། མཚོན་ཆ་དང་ལྕགས་ཀྱུ་རྒྱབ་ནས་མི་འཆི། དམག་དྲངས་པའི་གཡུལ་དུ་མི་འཆི། སྟག་དང་གཅན་ཟན་རྣམས་ཀྱིས་མི་གསོད། ཆུས་ཁྱེར་ནས་མི་འཆི། མེས་འཚིག་ནས་མི་འཆི། དུག་བླུད་ནས་མི་འཆི། འབྱུང་པོ་རྣམས་ཀྱིས་མི་གསོད། སེམས་སྟོར་ཞིང་སྙིང་མྱོས་པས་མི་འཆི། རིའམ་ཤིང་ངམ། གད་པ་ལ་ལྷུང་ནས་མི་འཆི། ཕ་རོལ་པོའི་བྱད་སྟེམས་ཀྱིས་མི་འཆི། རིམས་ནད་ངན་པས་མི་འཆི། རང་གིས་ལྕེབས་ཏེ་མི་འཆི། ཁ་འོག་ཏུ་བལྟས་ཏེ་མི་འཆི། ཐོག་བབས་ཏེ་མི་འཆི། འཐབ་པ་དང་འཁྲུག་པ་མེད་ཅིང་ལག་པ་གཡབ་མོ་བྱེད་ཅིང་འཆི་བར་མི་འགྱུར་རོ། །གཞན་ཡང་ཕན་ཡོན་འདི་རྣམས་དང་ལྡན་པར་འགྱུར་ཏེ། ལུས་ལ་ནད་མི་འབྱུང་ཞིང་གལ་ཏེ་ལས་ཀྱི་དབང་གིས་ནད་བྱུང་ན་ཡང་མྱུར་དུ་ཞི་བར་འགྱུར་བ་དང༌། སྐྱེ་བོ་མང་པོའི་ཡིད་དུ་འོང་བ་དང༌། ནོར་རྙེད་ཅིང་ནོར་ཡོད་པ་ཡང་རྐུན་མས་ཁྱེར་བར་མི་འགྱུར་བ་དང༌། དགྲའི་འཇིགས་པ་འབྱུང་བར་མི་འགྱུར་བ་དང༌། རིགས་བརྒྱུད་འཕེལ་བར་འགྱུར་བ་དང༌། ཚེ་རིང་བར་འགྱུར་བ་དང༌། མཐུ་རྩལ་དང་ལྡན་པར་འགྱུར་བ་དང༌། བླ་མ་དམ་པ་རྣམས་ལ་གུས་ཤིང་ཆོས་ལ་ལོངས་སྤྱོད་པར་འགྱུར་བ་དང༌། སྲི་དང་མཐུ་དང་མི་ཁ་ཟུག་པ་ཐམས་ཅད་ཕྱིར་བཟློག་པར་འགྱུར་བའི་ཕྱིར། རྡོ་རྗེ་མཁའ་འགྲོ་མས་རྒྱུན་དུ་སྲུང་བ་དང༌། སྐྱོབ་པ་དང༌། སྦེད་པར་བྱེད་པ། དེའི་ཕྱིར་རིག་པ་འཛིན་པ་རྣམས་ཀྱིས་གཟུངས་སྔགས་འདི་འབྲི་བར་བྱའོ། །བཅང་བར་བྱའོ། །བཀླག་པར་བྱའོ། །ཀུན་ཆུབ་པར་བྱའོ། །ཚུལ་བཞིན་དུ་ཡིད་ལ་བྱའོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །སྟོང་ཆེན་མོ་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །རྨ་བྱ་ཆེན་མོ་ལ་ཕྱག་འཚལ་ལོ། །སོ་སོར་འབྲང་མ་ཆེན་མོ་ལ་ཕྱག་འཚལ་ལོ། །བསིལ་བའི་ཚལ་ཆེན་མོ་ལ་ཕྱག་འཚལ་ལོ། །གསང་སྔགས་རྗེས་སུ་འཛིན་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་མཁའ་འགྲོ་མ་རྣམས་ལ་ཕྱག་འཚལ་ལོ། །བདག་རྒྱལ་པོའི་འཇིགས་པ་དང༌། ཆོམ་རྐུན་གྱི་འཇིགས་པ་དང༌། མེའི་འཇིགས་པ་དང༌། ཆུའི་འཇིགས་པ་དང༌། དུག་གི་འཇིགས་པ་དང༌། མཚོན་གྱི་འཇིགས་པ་དང༌། ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་དང༌། མུ་གེའི་འཇིགས་པ་དང༌། དགྲའི་འཇིགས་པ་དང༌། ལྕེ་འབབ་པའི་འཇིགས་པ་དང༌། དུས་མ་ཡིན་པར་འཆི་བའི་འཇིགས་པ་དང༌། ས་གཡོ་བའི་འཇིགས་པ་དང༌། སྐར་མདའ་ལྟུང་བའི་འཇིགས་པ་དང༌། རྒྱལ་པོའི་ཆད་པའི་འཇིགས་པ་དང༌། ལྷའི་འཇིགས་པ་དང༌། ཀླུའི་འཇིགས་པ་དང༌། གློག་གི་འཇིགས་པ་དང༌། ནམ་མཁའ་ལྡིང་གི་འཇིགས་པ་དང༌། གཅན་ཟན་ཁྲོ་བོའི་འཇིགས་པ་དང༌། འཇིགས་པ་དེ་དག་ཐམས་ཅད་ལས་བདག་རྒྱལ་བར་གྱུར་ཅིག །འཇིགས་པ་དེ་དག་ཐམས་ཅད་རིག་སྔགས་འདིས་བཅད་དོ། །ཕུར་བུས་གདབ་བོ། །ཐོ་བས་བརྡུང་ངོ༌། ཕྱག་རྒྱས་མནན་ནོ། །ན་མཿས་མནྟ་བུདྡྷ་ནཱཾ། ཀཱ་ཡ་ཝ་ཙིཏྟ་བཛྲ་ནཱཾ། ཨོཾ་གྷ་གྷ་གྷ་ཏཱ་ཡ་གྷ་ཏཱ་ཡ། སརྦ་དུཥྚཾ་མཱ་ར་ཡ། བདག་གི་འཇིགས་པ་ཐམས་ཅད་མཱ་ར་ཡ་ཕཊ་ཕཊ། ཀཱི་ལི་ཀི་ལཱ་ཡ་ཕཊ། སརྦ་པཱ་པཾ་ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལི་ཀི་ལཱ་ཡ་བཛྲ་དྷ་རོད་ཨ་ཛྙཱ་པ་ཡ་ཏི་ཀཱ་ཡ་ཝ་ཙིཏྟ་བཛྲ་ཀི་ལཱ་ཡ་ཕཊ། ཨོཾ་ཨ་ཀྲོ་དྷེ་ཀ་མུདྒ་ར་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་བི་དྷྭཾ་ས་ཡ། ཛ་ཊི་ལམྦོ་དྷ་རི་ཨུ་ཙུཤྨ་ཀྲོ་དྷ་ཧཱུཾ་ཕཊ། བདག་ལ་ལྷའི་གདོན་དང༌། ཀླུའི་གདོན་དང༌། ལྷ་མ་ཡིན་གྱི་གདོན་དང༌། རླུང་ལྷའི་གདོན་དང༌། ནམ་མཁའ་ལྡིང་གི་གདོན་དང༌། དྲི་ཟའི་གདོན་དང༌། མིའམ་ཅིའི་གདོན་དང༌། ལྟོ་འཕྱེ་ཆེན་པོའི་གདོན་དང༌། གནོད་སྦྱིན་དང་སྲིན་པོའི་གདོན་དང༌། ཡི་དྭགས་ཀྱི་གདོན་དང༌། ཤ་ཟའི་གདོན་དང༌། འབྱུང་པོའི་གདོན་དང༌། གྲུལ་བུམ་གྱི་གདོན་དང༌། སྲུལ་པོའི་གདོན་དང༌། ལུས་སྲུལ་པོའི་གདོན་དང༌། སྐེམ་བྱེད་ཀྱི་གདོན་དང༌། བརྗེད་བྱེད་ཀྱི་གདོན་དང༌། སྨྱོ་བྱེད་ཀྱི་གདོན་དང༌། གྲིབ་གནོན་གྱི་གདོན་དང༌། གནོན་པའི་གདོན་དང༌། མཁའ་འགྲོ་མའི་གདོན་དང༌། ནམ་གྲུའི་གདོན་དང༌། གཤིན་རྗེའི་གདོན་དང༌། བྱའི་གདོན་དང༌། མ་མོ་དགའ་བར་བྱེད་པའི་གདོན་དང༌། ཀུན་ཏུ་འགྲོ་བའི་གདོན་དང༌། ཚེར་མ་འདོན་པའི་གདོན་རྣམས་ལས་བདག་རྒྱལ་བར་གྱུར་ཅིང༌། །གདོན་དེ་དག་ཐམས་ཅད་ཀྱི་ངན་སེམས་དང༌། གནོད་སེམས་ཐམས་ཅད་རིག་སྔགས་འདིས་བཅད་དོ། །ཕུར་བུས་གད་བ་བོ། །ཐོ་བས་བརྡུང་ངོ༌། ཕྱག་རྒྱས་མནན་ནོ། །ན་མཿས་མནྟ་བུདྡྷ་ནཱཾ། ཀཱ་ཡ་ཝ་ཙིཏྟ་བཛྲ་ནཱཾ། ཨོཾ་གྷ་གྷ་གྷ་ཏཱ་ཡ་གྷ་ཏཱ་ཡ། སརྦ་དུཥྚཾ་མཱ་ར་ཡ་ཕཊ་ཕཊ། ཀི་ལི་ཀི་ལཱ་ཡ་སརྦ་པཱ་པཾ་ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལི་ཀཱི་ལཱ་ཡ། བཛྲ་དྷ་རོད་ཨ་ཛྙཱ་པ་ཡ་ཏི། ཀཱ་ཡ་ཝ་ཙིཏྟ་བཛྲ་ཀཱི་ལཱི་ཀི་ལཱ་ཡ་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་དྷེ་ཀ་མུདྒ་ར་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ཧ་ན། ད་ཧ་པ་ཙ་བི་དྷྭཾ་ས་ཡ་ཛ་ཊི་ལམྦོ་དྷ་རི་ཨུ་ཙུཤྨ་ཀྲོ་དྷ་ཧཱུཾ་ཕཊ། བདག་གི་མདངས་དང་གཟི་བརྗིད་འཕྲོག་པ་དང༌། ཟས་སུ་མངལ་ཟ་བ་དང༌། ཟས་སུ་ཁྲག་འཐུང་བ་དང༌། ཟས་སུ་ཞག་ཟ་བ་དང༌། ཟས་སུ་ཤ་ཟ་བ་དང༌། ཟས་སུ་ཚིལ་ཟ་བ་དང༌། ཟས་སུ་རྐང་ཟ་བ་དང༌། ཟས་སུ་བཙས་པ་ཟ་བ་དང༌། སྲོག་འཕྲོག་པ་དང༌། ཟས་སུ་སྐྱུགས་པ་ཟ་བ་དང༌། ཟས་སུ་མི་གཙང་བ་ཟ་བ་དང༌། ཟས་སུ་སྟོར་ཁུང་ནས་འབབ་པ་འཐུང་བ་དང༌། ཟས་སུ་ལྷག་མ་ཟ་བ་དང༌། ཟས་སུ་མཆིལ་མ་འཐུང་བ་དང༌། ཟས་སུ་ངར་སྣབས་ཟ་བ་དང༌། ཟས་སུ་རྣག་ཟ་བ་དང༌། ཟས་སུ་གཏོར་མ་ཟ་བ་དང༌། ཟས་སུ་འཕྲེང་བ་ཟ་བ་དང༌། ཟས་སུ་དྲི་ཟ་བ་དང༌། ཟས་སུ་བདུག་པ་ཟ་བ་དང༌། སེམས་འཕྲོག་པ་དང༌། ཟས་སུ་མེ་ཏོག་ཟ་བ་དང༌། ཟས་སུ་འབྲས་བུ་ཟ་བ་དང༌། ཟས་སུ་ལོ་ཏོག་ཟ་བ་དང༌། ཟས་སུ་སྦྱིན་སྲེག་ཟ་བ་དེ་དག་ཐམས་ཅད་ལས་བདག་རྒྱལ་བར་གྱུར་ཅིག །དེ་དག་ཐམས་ཅད་ཀྱི་ངན་སེམས་དང་གནོད་སེམས་ཐམས་ཅད་རིག་སྔགས་འདིས་བཅད་དོ། །ཕུར་བུས་གདབ་བོ། །ཐོ་བས་བརྡུང་ངོ༌། ཕྱག་རྒྱས་མནན་ནོ། །ན་མཿས་མནྟ་བུདྡྷ་ནཱཾ། ཀཱ་ཡ་ཝ་ཙིཏྟ་བཛྲ་ནཱཾ། ཨོཾ་གྷ་གྷ་གྷ་ཏཱ་ཡ་གྷཱ་ཏཱ་ཡ། སརྦ་དུཥྚཾ་མཱ་ར་ཡ། བདག་གི་མདངས་འཕྲོག་པ་དང༌། གཟི་བརྗིད་འཕྲོག་པ་ཐམས་ཅད་མཱ་ར་ཡ་ཕཊ་ཕཊ། ཀཱི་ལི་ཀཱི་ལཱ་ཡ་སརྦ་པཱ་པཾ་ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལི་ཀཱི་ལཱ་ཡ། བཛྲ་དྷ་རོད་ཨ་ཛྙཱ་པ་ཡ་ཏི་ཀཱ་ཡ་ཝ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་དྷེ་ཀ་མུདྒ་ར་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བི་དྷྭཾ་ས་ཡ་ཛ་ཊི་ལམྦོ་དྷ་རི་ཨུ་ཙུཤྨ་ཀྲོ་དྷ་ཧཱུཾ་ཕཊ། བདག་ལ་ཕུར་བུས་དབལ་སྒྲིལ་བ་དང༌། མ་མོའི་ཐུན་ཟོར་འཕེན་པ་དང༌། གཤིན་རྗེའི་འཁོར་ལོ་སྐོར་བ་དང༌། མུ་སྟེགས་ཀྱིས་སྔགས་རྒོད་ཟློས་པ་དང༌། ཀླུའི་བྱད་སྟེམས་སུ་འཇུག་པ་དང༌། གནོད་སྦྱིན་གྱིས་བོད་གཏོང་གཏོང་བ་དང༌། བདུད་ཀྱིས་དྲག་སྔགས་བོད་པ་དང༌། མཚེ་ཟོར་དང་ཉུང་ཟོར་འཕེན་པ་དང༌། མདའ་ཟོར་དང༌། ཀོང་ཟོར་དང༌། ཁྲག་ཟོར་དང༌། ཐུན་ཟོར་དང༌། ཆོས་ཟོར་དང༌། བོན་ཟོར་དང༌། བུད་མེད་ཀྱི་དམོད་ཟོར་དང༌། སྐྱེས་པའི་མདའ་ཟོར་ལ་སོགས་པ་དེ་དག་ཐམས་ཅད་རིག་སྔགས་འདིས་བཅད་དོ། །ཕུར་བུས་གདབ་བོ། །ཐོ་བས་བརྡུང་ངོ༌། ཕྱག་རྒྱས་མནན་ནོ། །ན་མཿས་མནྟ་བུདྡྷ་ནཱཾ། ཀཱ་ཡ་ཝ་ཙིཏྟ་བཛྲ་ནཱཾ། ཨོཾ་གྷ་གྷ་གྷ་ཏཱ་ཡ་གྷཱ་ཏཱ་ཡ། སརྦ་དུཥྚཾ་མཱ་ར་ཡ། བདག་ལ་རིག་སྔགས་ཀྱི་མཐུ་གཏོང་བ་ཐམས་ཅད་མཱ་ར་ཡ་ཕཊ་ཕཊ། ཀཱི་ལི་ཀཱི་ལཱ་ཡ་སརྦ་པཱ་པཾ་ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལི་ཀཱི་ལཱ་ཡ་བཛྲ་དྷ་རོད་ཨ་ཛྙཱ་པ་ཡ་ཏི་ཀཱ་ཡ་ཝ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལཱ་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་དྷེ་ཀ་མུདྒ་ར་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བི་དྷྭཾ་ས་ཡ་བི་དྷྭཾ་ས་ཡ། ཛ་ཊི་ལམྦོ་དྷ་རི་ཨུ་ཙུཤྨ་ཀྲོ་དྷ་ཧཱུཾ་ཕཊ། བདག་ལ་རིམས་ཉིན་གཅིག་པ་དང༌། ཉིན་གཉིས་པ་དང༌། ཉིན་གསུམ་པ་དང༌། ཉིན་བཞི་པ་དང༌། ཉིན་ལྔ་པ་དང༌། ཉིན་དྲུག་པ་དང༌། ཉིན་བདུན་པ་དང༌། ཟླ་བ་ཕྱེ་པ་དང༌། ཡུད་ཙམ་པ་དང༌། རྟག་པའི་རིམས་རྣམས་དང༌། རིམས་ལྡང་དུབ་པ་རྣམས་དང༌། རིམས་མི་བཟད་པ་རྣམས་དང༌། རིམས་དྲག་པོ་རྣམས་དང༌། འབྱུང་པོའི་རིམས་རྣམས་དང༌། ཁྲག་ལས་གྱུར་པ་དང༌། རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། འདུས་པ་ལས་གྱུར་པ་དང༌། རིམས་ནད་ཐམས་ཅད་དང༌། ཀླད་པ་ན་བའི་རིམས་ཐམས་ཅད་རིག་སྔགས་འདིས་བཅད་དོ། །ཕུར་བུས་གདབ་བོ། །ཐོ་བས་བརྡུང་ངོ༌། །ཕྱག་རྒྱས་མནན་ནོ། །ན་མཿས་མནྟ་བུདྡྷ་ནཱཾ། ཀཱ་ཡ་ཝ་ཙིཏྟ་བཛྲ་ནཱཾ། ཨོཾ་གྷ་གྷ་གྷ་ཏཱ་ཡ་གྷ་ཏཱ་ཡ་སརྦ་དུཥྚཾ་མཱ་ར་ཡ། བདག་གི་རིམས་ནད་ཐམས་ཅད་མཱ་ར་ཡ་ཕཊ་ཕཊ། ཀཱི་ལི་ཀཱི་ལཱ་ཡ་སརྦ་པཱ་པཾ་ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལི་ཀཱི་ལཱ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི་ཀཱ་ཡ་ཝ་ཙིཏྟ་བཛྲ་ཀཱི་ལཱ་ཡ་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་དྷ་ཀ་མུདྒ་ར་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བི་དྷྭཾ་ས་ཡ་བི་དྷྭཾ་ས་ཡ་ཛ་ཊི་ལམྦོ་དྷ་རི་ཨུ་ཙུཤྨ་ཀྲོ་དྷ་ཧཱུཾ་ཕཊ། བདག་གི་ལུས་ཐམས་ཅད་ན་བ་དང༌། གཞོགས་ཕྱེད་ན་བ་དང༌། ཡི་ག་འཆུས་པ་དང༌། མིག་ནད་དང༌། སྣ་ནད་དང༌། ཁ་ནད་དང༌། མགུལ་ནད་དང༌། སྙིང་ནད་དང༌། ལྐོག་མའི་ལྷ་གོར་ན་བ་དང༌། རྣ་བ་ན་བ་དང༌། སོ་ན་བ་དང༌། སྙིང་ན་བ་དང༌། ཀླད་པ་ན་བ་དང༌། རྩིབས་ལོགས་ན་བ་དང༌། རྒྱབ་ན་བ་དང༌། ལྟོ་བ་ན་བ་དང༌། རྐེད་པ་ན་བ་དང༌། ཆུ་སོ་ན་བ་དང༌། བརླ་ན་བ་དང༌། རྗེ་ངར་ན་བ་དང༌། ལག་པ་ན་བ་དང༌། རྐང་པ་ན་བ་དང༌། ཡན་ལག་ན་བ་དང༌། ཉིང་ལག་ན་བ་དང༌། བདག་གི་ནད་ཐམས་ཅད་རིག་སྔགས་འདིས་བཅད་དོ། །ཕུར་བུས་གདབ་བོ། །ཐོ་བས་བརྡུང་ངོ༌། །ཕྱག་རྒྱས་མནན་ནོ། །ན་མཿས་མནྟ་བུདྡྷ་ནཱཾ། ཀཱ་ཡ་ཝ་ཙིཏྟ་བཛྲ་ནཱཾ། ཨོཾ་གྷ་གྷ་གྷ་ཏཱ་ཡ་གྷ་ཏཱ་ཡ། སརྦ་དུཥྚཾ་མཱ་ར་ཡ། བདག་གི་ལུས་ཀྱི་ནད་ཐམས་ཅད་མཱ་ར་ཡ་ཕཊ་ཕཊ། ཀཱི་ལི་ཀི་ལཱ་ཡ་སརྦ་པཱ་པཾ་ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལི་ཀཱི་ལཱ་ཡ་བཛྲ་དྷ་རོད་ཨཱ་ཛྙཱཱ་པ་ཡ་ཏི་ཀཱ་ཡ་ཝ་ཙིཏྟ་བཛྲ་ཀི་ལཱ་ཡ་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་དྷ་ཀ་མུདྒ་ར་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བི་དྷྭཾ་ས་ཡ་བི་དྷྭཾ་ས་ཡ། ཛ་ཊི་ལམྦོ་དྷ་རི་ཨུ་ཙུཤྨ་ཀྲོ་དྷ་ཧཱུཾ་ཕཊ། བདག་ལ་ཡུལ་མིའི་དགྲ་བདོ་བ་དང༌། ཕ་ཚན་སྤུན་ཟླ་དང༌། ཞང་ཉེ་དང༌། མག་སྐུད་དང༌། གྲོགས་པོ་དང༌། བྲན་ཁོལ་དང༌། ཡཾ་སྐུད་དང༌། བུ་སྲིང་དང༌། ཁྱིམ་མཚེས་ཀྱིས་དགྲ་སྡང་བ་ཐམས་ཅད་རིག་སྔགས་འདིས་བཅད་དོ། །ཕུར་བུས་གདབ་བོ། །ཐོ་བས་བརྡུང་ངོ༌། །ཕྱག་རྒྱས་མནན་ནོ། །ན་མཿས་མནྟ་བུདྡྷ་ནཱཾ། ཀཱ་ཡ་ཝ་ཙིཏྟ་བཛྲ་ནཱཾ། ཨོཾ་གྷ་གྷ་གྷ་ཏཱ་ཡ་གྷ་ཏཱ་ཡ། སརྦ་དུཥྚཾ་མཱ་ར་ཡ། བདག་ལ་སྔ་དགྲ་ལག་ལ་བརྡར་བ་དང༌། ཕྱི་དགྲ་ཡིད་ལ་སེམས་པ་ཐམས་ཅད་མཱ་ར་ཡ་ཕཊ་ཕཊ། ཀཱི་ལི་ཀི་ལཱ་ཡ། སརྦ་པཱ་པཾ་ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལི་ཀཱི་ལཱ་ཡ། བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི་ཀཱ་ཡ་ཝ་ཙིཏྟ་བཛྲ་ཀཱི་ལཱ་ཡ་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་དྷེ་ཀ་མུདྒ་ར་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བི་དྷྭཾ་ས་ཡ། ཛ་ཊི་ལམྦོ་དྷ་རི་ཨུ་ཙུཤྨ་ཀྲོ་དྷ་ཧཱུཾ་ཕཊ། བདག་ལེགས་ན་མི་དགའ་ཉེས་ན་དགའ་བ་དང༌། བདག་བཟང་ན་མི་དགའ་ངན་ན་དགའ་བ་དང༌། མཐོ་ན་མི་དགའ་དམའ་ན་དགའ་བ་དང༌། གྲགས་ན་མི་དགའ་མ་གྲགས་ན་དགའ་བ་དང༌། རྙེད་པ་དང་ལྡན་ན་མི་དགའ་མི་ལྡན་ན་དགའ་བ་དང༌། བསྟོད་ན་མི་དགའ་སྨད་ན་དགའ་བ་དང༌། ཡོད་ན་མི་དགའ་མེད་ན་དགའ་བ་དང༌། བདེ་ན་མི་དགའ་སྡུག་བསྔལ་ན་དགའ་བ་དང༌། གཞན་གྱིས་བཀུར་སྟི་བྱས་ན་མི་དགའ་མ་བྱས་ན་དགའ་བ་དང༌། མཐུ་རྩལ་དང་ལྡན་ན་མི་དགའ་མི་ལྡན་ན་དགའ་བ་དང༌། བྱམས་པ་མང་ན་མི་དགའ་མི་བྱམས་པ་མང་ན་དགའ་བ་དང༌། འཁོར་ཕུན་སུམ་ཚོགས་ན་མི་དགའ་འཁོར་མེད་ན་དགའ་བ་དང༌། བདག་ལ་ཆགས་སྡང་དང༌། ཞེ་སྡང་དང༌། མཐོ་གནོན་བྱེད་པ་ཐམས་ཅད་རིག་སྔགས་འདིས་བཅད་དོ། །ཕུར་བུས་གདབ་བོ། །ཐོ་བས་བརྡུང་ངོ༌། །ཕྱག་རྒྱས་མནན་ནོ། །ན་མཿས་མནྟ་བུདྡྷ་ནཱཾ། ཀཱ་ཡ་ཝ་ཙིཏྟ་བཛྲ་ནཱཾ། ཨོཾ་གྷ་གྷ་གྷ་ཏཱ་ཡ་གྷ་ཏཱ་ཡ། སརྦ་དུཥྚཾ་མཱ་ར་ཡ། བདག་ལ་མཐོ་གནོན་དང༌། ངན་སེམས་དང༌། གནོད་སེམས་འཛིན་པ་ཐམས་ཅད་མཱ་ར་ཡ་ཕཊ་ཕཊ། ཀཱི་ལི་ཀཱི་ལཱ་ཡ་སརྦ་པཱ་པ་ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལི་ཀཱི་ལཱ་ཡ། བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི་ཀཱ་ཡ་ཝ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་དྷེ་ཀ་མུདྒ་ར་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བི་དྷྭཾ་ས་ཡ། ཛ་ཊི་ལམྦོ་དྷ་རི་ཨུ་ཙུཤྨ་ཀྲོ་དྷ་ཧཱུཾ་ཕཊ། བདག་ལ་རྨི་ལམ་ངན་པ་དང༌། མཚན་མ་ངན་པ་དང༌། ལྟས་ངན་པ་དང༌། ཡས་ཀྱི་བདུད་གཡོས་པ་དང༌། མས་ཀྱི་སྲི་ལངས་པ་དང༌། བར་གྱི་བཙན་ཁྲོས་པ་དང༌། ཚེ་ལ་གནོད་པ་དང༌། དཔལ་ལ་འཇབ་པ་དང༌། རྒྱགས་ལ་རྐུ་བ་དང༌། འཁོར་ལ་འཚེ་བ་དང༌། ལོངས་སྤྱོད་དང་བསོད་ནམས་ལ་གནོད་པར་བྱེད་པ་དང༌། སེམས་ལ་སྡུག་བསྔལ་བསྐྱེད་པར་བྱེད་པ་ཐམས་ཅད་རིག་སྔགས་འདིས་བཅད་དོ། །ཕུར་བུས་གདབ་བོ། ཐོ་བས་བརྡུང་ངོ༌། ཕྱག་རྒྱས་མནན་ནོ། །ན་མཿས་མནྟ་བུདྡྷ་ནཱཾ། ཀཱ་ཡ་ཝ་ཙིཏྟ་བཛྲ་ནཱཾ། ཨོཾ་གྷ་གྷ་གྷ་ཏཱ་ཡ་གྷ་ཏཱ་ཡ། སརྦ་དུཥྚཾ་མཱ་ར་ཡ། བདག་ལ་རྣམ་པར་འཚེ་བ་ཐམས་ཅད་མཱ་ར་ཡ་ཕཊ་ཕཊ། ཀི་ལི་ཀཱི་ལཱ་ཡ། སརྦ་པཱ་པ་ཧཱུྃ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལི་ཀཱི་ལཱ་ཡ་བཛྲ་དྷ་རོད་ཨཱ་ཛྙཱཱ་པ་ཡ་ཏི། ཀཱ་ཡ་ཝ་ཙིཏྟ་བཛྲ་ཀཱི་ལཱ་ཡ་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་དྷེ་ཀ་མུདྒ་ར་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བི་དྷྭཾ་ས་ཡ། ཛ་ཊི་ལམྦོ་དྷ་རི་ཨུ་ཙུཤྨ་ཀྲོ་དྷ་ཧཱུཾ་ཕཊ། བདག་ལ་མི་ཁ་ངན་པ་སྨྲ་བ་དང༌། ཕྲ་མ་ངན་པ་འཇུག་པ་དང༌། བྱུར་དང་སྐལ་ཡུགས་འགེལ་བ་དང༌། མཐོ་གོང་དུ་བསྒྲལ་བ་དང༌། དམའ་བབ་པར་འབེབས་པ་དང༌། སྡེ་ཆེན་ལ་སྙེགས་པ་དང༌། འཕྲང་ཆེན་ལ་སྒུག་པ་དང༌། ཕྱིའི་ཞིང་ལ་གནོད་པ་དང༌། ཕུགས་ཀྱི་ནོར་ལ་རྐུ་བ་དང༌། སྒོའི་ཕྱུགས་ལ་གནོད་པ་དང༌། མཆན་གྱི་བུ་ལ་གནོད་པ་དང༌། གཏན་གྱི་གྲོགས་ལ་གནོད་པར་བྱེད་པ་ཐམས་ཅད་རིག་སྔགས་འདིས་བཅད་དོ། །ཕུར་བུས་གདབ་བོ། །ཐོ་བས་བརྡུང་ངོ༌། ཕྱག་རྒྱས་མནན་ནོ། །ན་མཿས་མནྟ་བུདྡྷ་ནཱཾ། ཀཱ་ཡ་ཝ་ཙིཏྟ་བཛྲ་ནཱཾ། ཨོཾ་གྷ་གྷ་གྷ་ཏཱ་ཡ་གྷ་ཏཱ་ཡ། སརྦ་དུཥྚཾ་མཱ་ར་ཡ། བདག་ལ་སྡང་བའི་དགྲ་དང༌། གནོད་པའི་བགེགས་ཐམས་ཅད་མཱ་ར་ཡ་ཕཊ་ཕཊ། ཀཱི་ལི་ཀི་ལཱ་ཡ་སརྦ་པཱ་པཾ་ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལི་ཀཱི་ལཱ་ཡ། བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི་ཀཱ་ཡ་ཝ་ཙིཏྟ་བཛྲ་ཀཱི་ལཱ་ཡ་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་དྷེ་ཀ་མུདྒ་ར་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བི་དྷྭཾ་ས་ཡ། ཛ་ཊི་ལམྦོ་དྷ་རི་ཨུ་ཙུཤྨ་ཀྲོ་དྷ་ཧཱུཾ་ཕཊ། དཀོན་མཆོག་གི་དབུ་འཕང་སྨད་པ་དང༌། སངས་རྒྱས་ཀྱི་བསྟན་པ་བཤིག་པ་དང༌། རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་བསྡོ་བ་དང༌། མཆེད་ལྕམ་དྲལ་ཡོངས་ལ་འཚེ་བ་དང༌། བདག་གི་ལུས་ལ་བསྡོ་ཞིང་རིགས་ལ་སྙེགས་པ་དང༌། ལུས་ལ་སྦྲུལ་ལྟར་འཁྲིལ་བ་དང༌། མགོ་ལ་སྐྲ་ལྟར་དུ་ཟ་བ་དང༌། མིག་ངན་གྱི་ཅེ་རེ་ལྟ་བ་དང༌། ཁ་ངན་དུ་སྨྲ་བ་དང༌། བསམ་པ་ངན་པ་དུང་ངེ་སེམས་པ་དང༌། བསྒྲལ་བའི་ཞིང་བཅུ་ལ་གཏོགས་པ་ཐམས་ཅད་རིག་སྔགས་འདིས་བཅད་དོ། །ཕུར་བུས་གདབ་བོ། །ཐོ་བས་བརྡུང་ངོ༌། ཕྱག་རྒྱས་མནན་ནོ། །ན་མཿས་མནྟ་བུདྡྷ་ནཱཾ། ཀཱ་ཡ་ཝ་ཙིཏྟ་བཛྲ་ནཱཾ། ཨོཾ་གྷ་གྷ་གྷ་ཏཱ་ཡ་གྷ་ཏཱ་ཡ། སརྦ་དུཥྚཾ་མཱ་ར་ཡ། བདག་ལ་སྔ་དགྲ་སྡང་བ་དང༌། ཕྱི་དགྲ་སེམས་པ་ཐམས་ཅད་མཱ་ར་ཡ་ཕཊ་ཕཊ། ཀཱི་ལི་ཀཱི་ལཱ་ཡ་སརྦ་པཱ་པཾ་ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལི་ཀཱི་ལཱ་ཡ། བཛྲ་དྷ་རོད་ཨ་ཛྙཱ་པ་ཡ་ཏི། ཀཱ་ཡ་ཝ་ཙིཏྟ་བཛྲ་ཀཱི་ལཱ་ཡ་ཧཱུཾ་ཕཊ། ཨོཾ་ཨ་ཀྲོ་དྷེ་ཀ་མུདྒ་ར་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ། བི་དྷཱ་ས་ཡ་བི་དྷྭཾ་ས་ཡ། ཛ་ཊི་ལམྦོ་དྷ་རི་ཨུ་ཙུཤྨ་ཀྲོ་དྷ་ཧཱུཾ་ཕཊ། གཟུངས་འདི་ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ། ས་ལ་བཏབ་ན་ས་འགས། བྲག་ལ་བཏབ་ན་བྲག་སྙིལ། ཤིང་ལ་བཏབ་ན་ཤིང་སྐེམ། ཆུ་ལ་བཏབ་ན་ཆུ་ཆད། མེ་ལ་བཏབ་ན་མེ་འཆི། རླུང་ལ་བཏབ་ན་རླུང་ཆད། རྣམ་པར་ཤེས་པའི་ལུས་ཅན་རྣམས་ལ་སྨོས་ཅི་དགོས། དེ་ནས་རྡོ་རྗེ་སྡེར་མོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་སྔོན་བྱུང་བའི་དུས་ན་བསྐལ་པ་གྲངས་མེད་པའི་ཕ་རོལ་ཏུ་བུད་མེད་ཀྱི་ལུས་བླངས་བའི་དུས་སུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བརྟན་པའི་སྡེ་མཚོན་ཆའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་ཏེ། ཕྱག་གསེར་གྱི་མདོ་ཅན་བདག་གི་སྤྱི་བོར་བཞག་ནས་འདི་སྐད་ཅེས་བཀའ་བསྩལ་ཏོ། །རིགས་ཀྱི་བུ་མོ་ཁྱེད་ཀྱི་གསང་སྔགས་ཀྱི་སྙིང་པོ་འདི་གཟུངས་སུ་བཟུང་ལ་ཡིད་ལ་གྱིས་ཤིག །དེ་ལྟར་བྱས་ན་ཕྱིས་མ་འོངས་པའི་དུས་དྲན་པ་ན་རྡོ་རྗེ་སྡེར་མོ་ཞེས་བྱ་བར་ལུས་བླངས་ནས། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་ཆེན་པོ་བྱེད་དོ། །རིག་པ་འཛིན་པ་རྣམས་ཀྱི་མཐུ་དང༌། དཔུང་གཉེན་དང༌། དངོས་གྲུབ་སྟེར་བར་བྱེད་དོ། །རིག་པ་འཛིན་པ་དག་གཟུངས་སྔགས་འདི་དང་ཕྲད་པ་རྣམས་སྔོན་སངས་རྒྱས་གྲངས་མེད་པ་ལ་མཆོད་པ་ཕུལ་ཞིང༌། དགེ་བའི་རྩ་བ་རྒྱ་ཆེར་བྱས་པ་ཡིན་ནོ། །སྨོན་ལམ་བཏབ་པའི་དགེ་བའི་བཤེས་གཉེན་དང་འཕྲད་པར་འགྱུར་རོ། །གཟུངས་སྔགས་འདི་གཟུངས་སུ་བཟུང་ཞིང༌། བཟླས་བརྗོད་བྱས་པ་ནི་འཇིག་རྟེན་གསུམ་ན་རྣམ་པར་རྒྱལ་བར་འགྱུར་རོ། །རིང་པོར་མི་ཐོགས་པར་སངས་རྒྱས་ཀྱི་ཞིང་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་པདྨ་ལས་བརྫུས་ཏེ་སྐྱེ་བར་འགྱུར་རོ། །རིག་པ་འཛིན་པ་རྣམས་གཟུངས་སྔགས་འདི་ཉིན་ལན་གསུམ་མཚན་ལན་གསུམ་དུ་འདོན་པར་བྱའོ། །སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པས་སྤྱོད་པ་བག་ཡོད་པ་དང་ལྡན་པར་གྱིས་ཤིག །ང་དང་དགེ་བའི་བཤེས་གཉེན་ལ་བཀུར་བར་གྱིས་ཤིག །ཅེས་བཀའ་བསྩལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་མཁའ་འགྲོ་མ་ལ་བསྟོད་པ། དཔལ་དང་ལྡན་པའི་རྡོ་རྗེ་སྡེར་མོ་ཁྱོད། །མཁའ་མཉམ་བདེ་ལ་རོལ་མཛད་ཁྲོ་མོའི་སྐུ། །ཆགས་པའི་མདངས་ཀྱིས་ཁྲོ་བོའི་སྐུ་ལ་འཁྲིལ། །དཔལ་ལྡན་མཁའ་འགྲོ་ཁྱོད་ལ་ཕྱག་འཚལ་ལོ། །དེ་ནས་མཁའ་འགྲོ་མ་དེས་གཟུངས་འདིའི་དམ་ཚིག་གསུངས་པ། སློབ་དཔོན་སྤྱི་བོར་འཁུར་ཞིང་དབང་དང་དམ་ཚིག་བསྲུང༌། །མན་ངག་ཀུན་ལ་མི་སྤེལ་དགོན་པར་གསང་ལ་སྒྲུབ། །ཚོགས་ནང་མི་འགྲོ་དམ་ཚིག་ཉམས་དང་ཁ་མི་བསྲེས། །མཆོད་དང་གཏོར་ཚོགས་འཁོར་འདས་དུས་བཞིར་བྱ། །ལྟ་བས་ཐག་བཅད་སྒོམ་བསྒྲུབ་དད་པར་བྱ། །སྤྱོད་པ་མ་དོར་དམ་ཚིག་ལྡན་ན་དངོས་གྲུབ་ཐོབ། །ཚེ་འདིའི་རང་དོན་མ་བྱེད་གདམ་ངག་ལོངས། །རང་སེམས་དཔང་དུ་ཚུགས་ལ་དངོས་གྲུབ་དོན་དུ་གཉེར། །ཞེས་སྨྲས་པ་དང༌། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་མཁའ་འགྲོ་མ་དེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ། །རིག་པ་འཛིན་པ་རྣམས་དེ་བཞིན་དུ་དད་པར་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། །དགེ་སློང་གི་དགེ་འདུན་ཆེན་པོ་རྣམས་དང༌། དཔལ་རྡོ་རྗེ་སྡེར་མོ་དང༌། རིག་པ་འཛིན་པའི་དགེ་འདུན་ཆེན་པོ་དང༌། ལྷ་དང་མི་དང་གནོད་སྦྱིན་དང་སྲིན་པོ་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། མི་དང་མི་མ་ཡིན་པ་དེ་དག་དང༌། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དཔལ་རྡོ་རྗེ་སྡེར་མོ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།མངྒ་ལཾ།

འཕགས་པ་སྟོབས་པོ་ཆེ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

༄༅། །འཕགས་པ་སྟོབས་པོ་ཆེ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་མཧཱ་བ་ལ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སྟོབས་པོ་ཆེ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རི་བཏང་ཟུང་ཆེན་པོ་ན་ཆོས་སྟོན་ཏེ། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་ཏེ། བཀུར་ནས་མངོན་པར་དགའ་བར་བྱས་པ་ཡང་དེ་ཉིད་དུ་འདུག་པར་གྱུར་ཏོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཕྱག་གིས་སེམས་ཅན་རྣམས་དབུགས་འབྱིན་ཅིང༌། ཤར་ཕྱོགས་ན་མེ་ལྕེ་ཀུན་ཏུ་འབར་བའི་ཕྲེང་བའི་པདྨའི་གདན་ལ་བཞུགས་སོ། །བཅོམ་ལྡན་འདས་ཀྱི་གཡས་ལོགས་ན་སྟོབས་པོ་ཆེ་ལག་པ་བཞི་པ། ལག་པ་གཅིག་གིས་ནི་རྔ་ཡབ་ཐོགས། ལག་པ་གཅིག་གིས་ནི་ཕྱག་འཚལ། གཡས་པ་ན་ནི་བེ་ཅོན་ཐོགས། གཡོན་པ་ན་ནི་ཞགས་པ་ཐོགས། སྐྲ་ཁམས་པ་གྱེན་དུ་བརྫེས་པ། མིག་དམར་པོའོ། །དེའི་འོག་ན་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་འཁོར་དང་བཅས་པའོ། །གཡས་ན་ནི་རིག་སྔགས་ཀྱི་རྒྱལ་པོ་གནོད་མཛེས་སོ། །གཡོན་ན་ནི་བདུད་རྩི་ཐབས་སྦྱོར་རོ། །དེ་ནས་སྙིང་པོ་རྣམས་ནི་ཟླ་བ་ཁམ་པ་ལྟ་བུར་བཞག་གོ །སྙིང་པོ་ནི་ཀི་ལི་ཀི་ལ་དང༌། འགྲོ་ལྡིང་བའི་གཟུངས་དང༌། ལུས་དམར་པོ་དང༌། རྡོ་རྗེ་རྣམ་པར་འཇོམས་པ་དང༌། རྡོ་རྗེའི་རྒྱན་ཆེན་ཏེ་སྙིང་པོའི་མཆོག་གོ །རིག་སྔགས་ཀྱི་རྒྱལ་པོ་དྲག་པོ་ཆེན་པོ་དང་ཉེ་བ་ན་ནི་འཕགས་མ་མཱ་མ་ཀཱིའོ། །འཕགས་པ་བདུད་རྩི་ཐབས་སྦྱོར་གྱི་འོག་ན་ནི་རྡོ་རྗེའི་ལྕགས་ཀྱུ་དང་རྡོ་རྗེའི་ལུ་གུ་རྒྱུད་དོ། །སྒོའི་ནང་ལོགས་སུ་ནི་ཁྲོ་བོ་རྡོ་རྗེའི་ཐོ་བ་དང་རྡོ་རྗེའི་བེ་ཅོན་གཉིས་མངོན་དུ་ཕྱོགས་པར་བཞག་གོ །གཡོན་ལོགས་སུ་ནི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་དང་བཅས་པའོ། །བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ་ནི་གོས་དཀར་མོའོ། །དེའི་འོག་ཏུ་ནི་སྒྲོལ་མ་དང་ཁྲོ་གཉེར་ཅན་ནོ། །གཡོན་དུ་ནི་རིག་སྔགས་ཀྱི་རྒྱལ་པོ་རྟ་མགྲིན་དང༌། དེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱ་སྟོང་ཕྲག་དང་ངོ༌། །དེ་བཞིན་དུ་ཤར་ཕྱོགས་སུ་ནི་ཟླ་བ་དང་ཉི་མ་དང་ཡུལ་འཁོར་སྲུང་དང་དབང་པོ་དང༌། མེའི་ཕྱོགས་སུ་ནི་མེ་ལྷ་དྲང་སྲོང་རྣམས་ཀྱིས་བསྐོར་བའོ། །ལྷོ་ཕྱོགས་སུ་ནི་གཤིན་རྗེ་དང་ཁྱབ་འཇུག་གོ །བདེན་བྲལ་གྱི་ཕྱོགས་སུ་ནི་སྲིན་པོའི་བདག་པོ་མ་མོས་བསྐོར་བའོ། །ནུབ་ཕྱོགས་སུ་ནི་ཀླུའི་བདག་པོ་ཀླུ་ལ་སོགས་པས་བསྐོར་བའོ། །རླུང་གི་ཕྱོགས་སུ་ནི་རླུང་ལྷ་འཁོར་བཅས་པའོ། །བྱང་ཕྱོགས་སུ་ནི་ལུས་ངན་པོ་འཁོར་དང་བཅས་པའོ། །དབང་ལྡན་གྱི་ཕྱོགས་སུ་ནི་དབང་ལྡན་ཚོགས་ཀྱིས་བསྐོར་བའོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང༌། ཁྱབ་འཇུག་དང༌། ཚངས་པ་ཆེན་པོ་དང༌། དེ་ལ་སོགས་པ་གནས་གཙང་མའི་རིས་ཀྱི་ལྷའི་བུ་གྲངས་མེད་དཔག་ཏུ་མེད་པ་དག་དང་ངོ༌། །སངས་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་ཏེ་སྔ་མ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་ལག་ན་རྡོ་རྗེ་མདོ་སྡེ་འདི་སྒྲུབ་པ་པོ། འདི་ལ་གསང་སྔགས་ཀྱི་གཞི་འདི་རྒྱ་ཆེར་ཡང་དག་པར་བཤད་པར་བྱའོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །ཨོཾ་ཀི་ལི་ཀི་ལི་བཛྲ། ཀི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། སྤྱི་གཙུག་ལ་སྭཱ་ཧཱ། དཔྲལ་བ་ལ་སྭཱ་ཧཱ། མིག་ལ་སྭཱ་ཧཱ། དྲག་ཤུལ་ཅན་ལ་སྭཱ་ཧཱ། ཤིན་ཏུ་དྲག་ཤུལ་ཅན་ལ་སྭཱ་ཧཱ། རྡོ་རྗེའི་ཞགས་པ་ལ་སྭཱ་ཧཱ། ལུས་དམར་པོ་ལ་སྭཱ་ཧཱ། ལག་ན་རྡོ་རྗེ་ལ་སྭཱ་ཧཱ། ལག་ན་ཞགས་པ་ལ་སྭཱ་ཧཱ། ལག་ན་རལ་གྲི་ལ་སྭཱ་ཧཱ། ལག་ན་དགྲ་སྟ་ལ་སྭཱ་ཧཱ། ལག་ན་གཞུ་འཛིན་ལ་སྭཱ་ཧཱ། གཏུན་ཤིང་འཛིན་ལ་སྭཱ་ཧཱ། ལག་ན་འཁོར་ལོ་ལ་སྭཱ་ཧཱ། ལག་ན་མདུང་རྩེ་གསུམ་པ་ལ་སྭཱ་ཧཱ། སྙིང་པོ་ལ་སྭཱ་ཧཱ། ཉེ་བའི་སྙིང་པོ་ལ་སྭཱ་ཧཱ། དྲག་པོ་ཀི་ལི་ཀི་ལ་ལ་སྭཱ་ཧཱ། བྱིས་པ་ཀི་ལི་ཀི་ལ་ལ་སྭཱ་ཧཱ། དམར་པོ་ཀི་ལི་ཀི་ལ་ལ་སྭཱ་ཧཱ། སྟོབས་པོ་ཆེ་ལ་སྭཱ་ཧཱ། རལ་པ་ཅན་ལ་སྭཱ་ཧཱ། གསུས་འཕྱང་པོ་ལ་སྭཱ་ཧཱ། ཁྲོ་བོ་འཆོལ་པ་ལ་སྭཱ་ཧཱ། གཤིན་རྗེ་ལ་སྭཱ་ཧཱ། སྲིན་པོ་ཡ་མུན་ལ་སྭཱ་ཧཱ། དྲག་པོ་ཆེན་པོ་ལ་སྭཱ་ཧཱ། སྤྲིན་ལ་སྭཱ་ཧཱ། རི་འཛིན་ལ་སྭཱ་ཧཱ། རི་བཏང་བཟུང་འཛིན་ལ་སྭཱ་ཧཱ། རྡོ་རྗེ་བེ་ཅོན་ལ་སྭཱ་ཧཱ། འཇིགས་བྱེད་ཆེན་པོ་ལ་སྭཱ་ཧཱ། ལུས་འཇིགས་བྱེད་ལ་སྭཱ་ཧཱ། བསྡིགས་བྱེད་ལ་སྭཱ་ཧཱ། རྡོ་རྗེ་ལུ་གུ་རྒྱུད་ལ་སྭཱ་ཧཱ། རྡོ་རྗེའི་བརྟན་པ་ལ་སྭཱ་ཧཱ། རྡོ་རྗེའི་ལུས་ལ་སྭཱ་ཧཱ། འགྲོ་ལྡང་བ་ལ་སྭཱ་ཧཱ། བདུད་རྩི་ལ་སྭཱ་ཧཱ། དཀའ་ཐུབ་འཛིན་ལ་སྭཱ་ཧཱ། ལྕགས་ཀྱུ་ལ་སྭཱ་ཧཱ། དོན་ཡོད་ལ་སྭཱ་ཧཱ། གཙུག་ཏོར་རྒྱལ་པོ་ལ་སྭཱ་ཧཱ། མདོག་དཀར་པོ་ལ་སྭཱ་ཧཱ། སྔོ་བསངས་མདོག་ལ་སྭཱ་ཧཱ། འཕྱང་བ་པོ་ལ་སྭཱ་ཧཱ། གླང་པོ་ཆེ་ལ་སྭཱ་ཧཱ། བ་གླང་འཕེལ་གྱི་ལག་པ་ལ་སྭཱ་ཧཱ། བདུད་རྩི་རྣམ་པར་འཕྲུལ་བ་ལ་སྭཱ་ཧཱ། སྦྲུལ་གྱི་སྐེ་རགས་ཅན་ལ་སྭཱ་ཧཱ། རྡོ་རྗེའི་ཕུར་པ་ལ་སྭཱ་ཧཱ། ལག་པ་གཉིས་ཀ་ལ་སྭཱ་ཧཱ། ཨ་རྡོ་རྗེ་ལ་སྭཱ་ཧཱ། འབར་བའི་འོད་བྱེད་ལ་སྭཱ་ཧཱ། བློ་གྲོས་བརྟན་པའི་རྡོ་རྗེ་ལ་སྭཱ་ཧཱ། མྱུ་གུ་ལ་སྭཱ་ཧཱ། འོད་བྱེད་ལ་སྭཱ་ཧཱ། རྡོ་རྗེ་རྣམ་པར་འཇོམས་པ་ལ་སྭཱ་ཧཱ། རྡོ་རྗེའི་དྲ་བ་ལ་སྭཱ་ཧཱ། རྡོ་རྗེ་འཇིགས་བྱེད་ལ་སྭཱ་ཧཱ། རྡོ་རྗེ་ཁུ་ཚུར་ལ་སྭཱ་ཧཱ། སྤྲིན་རྣམ་པར་འཐོར་བ་ལ་སྭཱ་ཧཱ། ཆར་པ་སྟོན་པ་ལ་སྭཱ་ཧཱ། རྡོ་རྗེ་ལྕགས་ཀྱུ་ལ་སྭཱ་ཧཱ། རྡོ་རྗེ་སྙིང་པོ་ལ་སྭཱ་ཧཱ། རྡོ་རྗེ་ཉེ་བའི་སྙིང་པོ་ལ་སྭཱ་ཧཱ། མཐོ་བའི་རྒྱལ་པོ་ལ་སྭཱ་ཧཱ། བེ་ཅོན་རྒྱལ་པོ་ལ་སྭཱ་ཧཱ། གོ་ཆའི་རྒྱལ་པོ་ལ་སྭཱ་ཧཱ། ཨོཾ་དྷྲི་ཨཾ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །ཨོཾ་ཧུ་ལུ་ཧུ་ལུ། ཏིཥྛཱ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ་སྭཱ་ཧཱ། ཡུལ་འཁོར་སྲུང་ལ་སྭཱ་ཧཱ། མིག་མི་བཟང་ལ་སྭཱ་ཧཱ། འཕགས་སྐྱེས་པོ་ལ་སྭཱ་ཧཱ། ལུས་ངན་པོ་ལ་སྭཱ་ཧཱ། དབང་པོ་ལ་སྭཱ་ཧཱ། མེ་ལ་སྭཱ་ཧཱ། དྲང་སྲོང་ཆེན་པོ་ཐམས་ཅད་ལ་སྭཱ་ཧཱ། ཉི་མ་ལ་སྭཱ་ཧཱ། ཟླ་བ་ལ་སྭཱ་ཧཱ། གཤིན་རྗེ་ལ་སྭཱ་ཧཱ། ཁྱབ་འཇུག་ལ་སྭཱ་ཧཱ། སྲིན་པོའི་བདག་པོ་ལ་སྭཱ་ཧཱ། ཀླུའི་བདག་པོ་ལ་སྭཱ་ཧཱ། རླུང་ལྷ་ལ་སྭཱ་ཧཱ། དབང་བདག་ལ་སྭཱ་ཧཱ། དབང་བདག་གི་ཆུང་མ་ལ་སྭཱ་ཧཱ། བརྒྱ་བྱིན་ལ་སྭཱ་ཧཱ། ནོར་ལྷའི་བུ་ལ་སྭཱ་ཧཱ། རྡོ་རྗེ་ཆེན་པོ་ལ་སྭཱ་ཧཱ། ཚངས་པ་ཆེན་པོ་ལ་སྭཱ་ཧཱ། ས་ལ་སྭཱ་ཧཱ། དབྱངས་ཅན་ལ་སྭཱ་ཧཱ། ལྷ་མོ་དཔལ་ལ་སྭཱ་ཧཱ། ལྷ་མོ་དཀའ་ཐུབ་ཟློག་ལ་སྭཱ་ཧཱ། རིག་སྔགས་ཆེན་པོ་སྟོབས་པོ་ཆེའི་རིག་སྔགས་ཀྱི་རྒྱལ་པོ་འདི་དཀྱིལ་འཁོར་གྱི་གནས་སུ་འཆང་ཞིང་ཡིད་ལ་བྱེད་ན། སྲུང་བ་དང་སྐྱོབ་པ་དང་སྦེད་པ་བྱེད་པར་འགྱུར་རོ། །ལས་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །སངས་རྒྱས་དང་ཆོས་དང་དགེ་འདུན་དང༌། རང་སངས་རྒྱས་དང༌། འཕགས་པ་ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་ལ་ཕྱག་འཚལ་ལོ། །གནས་བརྟན་བློ་གྲོས་ཆེན་པོ་ཤཱ་ར་དྭ་ཏིའི་བུ་ལ་ཕྱག་འཚལ་ལོ། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཡང་དག་པར་སོང་བ་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། མུ་ནི་མུ་ནི། མ་ཧཱ་མུ་ནི། ཀི་ལི་ཀི་ལི། མ་ཧཱ་ཀི་ལི་ཀི་ལི། དྷི་ཀེ །ཀ་ཊ་ཀ་ཊ་ཀ་ཊ། མ་ཧཱ་ཀ་ཊ། ཤ་མ་ཤ་མ་ཤ་མ། མ་ཧཱ་ཤ་མ། ཤཱ་ཊི་ཤཱ་ཊི་ཤཱ་ཊི། ཤཱནྟ་ཤཱནྟ་ཤཱནྟ། དཱནྟ་དཱནྟ་དཱནྟ། དྷི་ར་དྷི་ར་དྷི་ར། མ་ཧཱ་མེ་གྷ་དུ་ར་དྷ་ར། ཧ་རི་ཧ་རི་ཧ་རི། ཀུ་ཊ་ཊི་ཀུ་ཊ་ཊི་ཀུ་ཊ་ཊི། ཙྪིནྡ་ཙྪིནྡ་ཙྪིནྡ། བིནྡྷ་བིནྡྷ་བིནྡྷ། སརྦ་དུཥྚཱན། གུ་མུ་གུ་མུ་གུ་མུ། ཧ་ར་ཧ་ར་ཧ་ར། པྲ་མ་ཎ། ད་མ་ནི་ད་མ་ནི་ད་མ་ནི། ཊ་ཊ་ཊ། ཋ་ཋ་ཋ། ཌཱ་ཌཱ་ཌཱ། ཌཱ་ཌཱ་ཌཱ། ཙཱ་ཙཱ་ཙཱ། ཙ་ཙ་ཙ། པ་ཙ་པ་ཙ་པ་ཙ། ད་ཧ་ད་ཧ་ད་ཧ། ཧཱུཾ་ཧཱུཾ་ཧཱུཾ། ཧེ་ཧེ་ཧེ། ཕཊ་ཕཊ་ཕཊ། ཤ་བ་རི་ཤ་བ་རི་ཤ་བ་རི། མཱ་ཏངྒི། ཙནྜ་ལཱི། ཧུ་ཧུ་ཧུ། ཛུ་ཧུ་ཛུ་ཧུ་ཛུ་ཧུ། ཧ་ཏ་པྲ་ཏྱ་ཐི་ན། ཙི་ལི་ཙི་ལི་ཙི་ལི། ཕཊ་ཕཊ་ཕཊ། ཏིཥྛཱ་ཏིཥྛ་ཏིཥྛཱ། ཏིཥྛ་ཐ་ཏིཥྛ་ཐ་ཏིཥྛ་ཐ། མཱ་ཏི་ཀྲ་མ་ཐ། མ་ཏཱངྒི། ཧཱུཾ་ཧཱུཾ་ཧཱུཾ། ཧེ་ཧེ་ཧེ། གལ་ཏེ་མི་འདུག་ན་ལག་པ་དང་རྐང་པ་དང༌། ཁ་དང་མིག་དང་སྙིང་དང་ངག་ཐམས་ཅད་བཅིང་ངོ༌། དབྲོག་གོ །ཛྭ་ལ་ཛྭ་ལ་ཛྭ་ལ། དུན་དྷུ་དུན་དྷུ་དུན་དྷུ། བན་དྷུ་བན་དྷུ་བན་དྷུ། ནཱི་ལ་ནཱི་ལ་ནཱི་ལཱཾ། ག་བཛྲ་དྷ་རེ། སྟོབས་པོ་ཆེ་ཞེས་བྱ་བའི་སྙིང་པོ་དྲན་པར་གྱིས་ཤིག །ཀོ་ཊི་ཀོ་ཊི་ཀོ་ཊི་ནི། སརྦ་བྷཱུ་ཏཱ་ནི་བཛྲ་མཱ་ལི། བཛྲ་དྷ་ར། བཛྲ་ཨཊྚ་ཧཱ་ས། ཙ་ར་ཏུ་ན་ར་ཏུ་མ་ར་ཏུ། ཀུ་རུ་ཀུ་རུ་ཀུ་རུ། ཧུ་རུ་ཧུ་རུ་ཧུ་རུ། སེམས་ཅན་ཆེན་པོ་དྲན་པར་གྱིས་ཤིག །ཧཱུཾ་ཧཱུཾ་ཧཱུྃ། ཧེ་ཧེ་ཧེ། ཕཊ་ཕཊ་ཕཊ། ཙནྜ་ཙནྜ་ཙནྜ། མ་ཧཱ་ཙནྜ། ཧུ་ར་ཏུ་ཧུ་ར་ཏུ་ཧུ་ར་ཏུ། མུ་རུ་མུ་རུ་མུ་རུ། གྲྀཧྣ་གྲྀཧྣ་གྲྀཧྣ། བཛྲ་པཱ་ཎི། ཧ་ན་ཧ་ན་ཧ་ན། མ་མ་སརྦ་ཤ་ཏྲཱུ་ནཱན། མཱུརྟི་ཏཱ་ཌ་ཡ་ཕཊ། ཀུ་རུ་ཀུ་རུ་ཀུ་རུ། ལག་ན་རྡོ་རྗེའི་ལས་དང་འགལ་བར་མ་བྱེད་ཅིག །དམ་ཚིག་ལས་འགལ་བར་བྱས་ན་དམ་ཚིག་དྲལ་བ་དང༌། དེ་བཞིན་གཤེགས་པའང་བསླུས་པར་འགྱུར་རོ། །གསང་སྔགས་ཀྱི་གཞི་ནི་འདི་རྣམས་ཡིན་ནོ། །ཙུ་ཙུ་ཙུ། ཧ་ར་ཧ་ར་ཧ་ར། ཕུཊ་ཊུ་ཕུཊ་ཊུ་ཕུཊ་ཊུ། ཏ་པ་ནི་ཏ་པ་ནི་ཏ་པ་ནི། པ་ཙ་ནི་པ་ཙ་ནི་པ་ཙ་ནི། ལག་ན་རྡོ་རྗེའི་སྙིང་པོ་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པ་དྲན་པར་གྱིས་ཤིག །ཙི་ལི་ཙི་ལི་ཙི་ལི། ཕུ་ལུ་ཕུ་ལུ་ཕུ་ལུ། ཕུ་ཕུ་ཕུ། བཅོམ་ལྡན་འདས་གལ་ཏེ་བདག་གི་སྙིང་པོ་འདི་དང་འགལ་བར་བགྱིས་ན། དེ་བཞིན་གཤེགས་པས་རབ་ཏུ་གསུངས་པའི་མཚམས་མེད་པ་ལྔ་དང་ལྡན་པར་གྱུར་ཅིག །དར་ཕུ། ཙར་ཕུ། ནར་ཕུ། རྡོ་རྗེ་འཛིན་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །བདག་ལ་གསང་སྔགས་ཀྱི་གཞི་རྣམས་གྲུབ་པར་གྱུར་ཅིག་སྭཱ་ཧཱ། རྡོ་རྗེ་འཛིན་གཟི་བརྗིད་ཆེན་པོ་ལ་ཕྱག་འཚལ་ལོ་སྭཱ་ཧཱ། ཨོཾ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་དེའི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་འོད་ཟེར་ཀུན་ཏུ་འབར་བའི་སྣང་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལས་འདས་ནས་བདུད་ཀྱི་ཁྱིམ་ཐམས་ཅད་ཀུན་ཏུ་འབར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པ་ཀུན་ཏུ་སྣང་ངོ༌། །དེ་ལྟར་གྱུར་པ་དང་བདུད་སྡིག་ཅན་རལ་གྲི་དང༌། འཁོར་ལོ་དང༌། གཞུ་དང༌། མདའ་ལ་སོགས་པའི་མཚོན་ཆ་རྣམས་ལག་ན་ཐོགས་ཏེ་བགེགས་ཀྱི་རྣམ་པར་འཕྲུལ་པ་དུ་མ་བྱེད་དོ། །དེ་ནས་སྐད་ཅིག་དེ་ཉིད་ལ་བདུད་སྡིག་ཅན་བདུད་ཀྱི་རིགས་ཀྱི་ལྷའི་བུ་ཐམས་ཅད་དང་ལྷན་ཅིག་ཏུ་བདུད་ཀྱི་རྣམ་པར་འཕྲུལ་པ་ཆེན་པོས། བཅོམ་ལྡན་འདས་ག་ལ་བ་བཞུགས་པ་དེར་སོང་ངོ༌། །དེ་ནས་དེ་ལྟར་གྱུར་པ་དང༌། ཁྲོ་བོ་འཆོལ་པ་མདོག་དམར་པོ། སྦྲང་རྩི་ལྟར་མིག་དམར་སེར་པོ། མཆེ་བ་གཙིགས་པ་མི་བཟད་པ། སྐྲ་ཁམས་པ་གྱེན་དུ་བརྫེས་པ། ལག་པ་གཡས་པ་ན་བེ་ཅོན་ཐོགས་པ། ལག་པ་གཡོན་པ་ན་རྡོ་རྗེ་ཐོགས་པ། སྦྲུལ་གྱིས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་བགོས་པ། ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་ཉི་ཤུ་རྩ་གཅིག་གི་བྱེ་མ་སྙེད་འདས་ཤིང༌། དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་གི་ཕྱོགས་སུ་ཡང་ཀུན་ཏུ་སྣང་ངོ༌། །དེ་ནས་བདུད་སྡིག་ཅན་དང་གེགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ཁྲོ་བོའི་འཆོལ་པས་འདར་བར་གྱུར་ཏོ། །བདུད་སྡིག་ཅན་མྱོས་ཤིང་གཟིར་ཏེ། འཕོངས་ནས་སྲོག་ལ་མི་ལྟ་བ་དང༌། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་ཞགས་པས་བཅིང་བ་ལྔས་བཅིངས་སོ། །དེ་ལྟར་གྱུར་པ་དང༌། དེའི་ཚེ་འཐབ་བྲལ་དང༌། དགའ་ལྡན་དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱིས་སྤོས་དང༌། མེ་ཏོག་དང༌། རྒྱལ་མཚན་དང༌། བ་དན་སྣ་ཚོགས་ལ་སོགས་པས་བཅོམ་ལྡན་འདས་ལ་ཅི་ནུས་ཀྱིས་མཆོད་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་སངས་རྒྱས་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་ཏེ། མངོན་པར་དགའ་བར་བྱས་ནས་བཅོམ་ལྡན་འདས་ཀྱི་རྗེས་སུ་ཐུགས་རངས་པ་མཛད་པས། སེམས་ཅན་ཐམས་ཅད་ཀྱི་དོན་དང༌། ལྷ་དང་མི་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་རིག་སྔགས་མཆོག་གི་རྒྱུད་ཆེན་པོའི་ནང་ནས་དོན་འདོད་པ་ཐམས་ཅད་སྦྱིན་པ་ཞེས་བྱ་བ་སྟོབས་དཔག་ཏུ་མེད་པས་ཕ་རོལ་གནོན་པ། སྟོབས་པོ་ཆེ་སྟོབས་ཆེན་པོའི་རིག་སྔགས་ཀྱི་རྒྱལ་པོ་ཞེས་བྱ་བའི་གསང་སྔགས་ཀྱི་གཞི་འདི་དག་སྨྲས་སོ། །གང་ལ་ལ་ཞིག་འཛིན་ཏམ། འཆང་ངམ། ཀློག་གམ། གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏམ། བསྟི་སྟང་དུ་བྱེད་དམ། བླ་མར་བྱེད་དམ། རིམ་གྲོར་བྱེད་དམ། མཆོད་པར་བྱེད་ན་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ། །ཕ་རོལ་གྱིས་བྱས་པའི་གསང་སྔགས་ཐམས་ཅད་བཤིག་པ་དང༌། བཅོམ་པ་དང་བསྒྱེལ་བར་ཡང་འགྱུར་རོ། །དེ་ལྟར་བཅོམ་ལྡན་འདས་རྡོ་རྗེ་འཛིན་གྱིས་རིག་སྔགས་མཆོག་གི་རྒྱུད་ཆེན་པོའི་ནང་ནས་འབྱུང་བ་སྨྲས་སོ། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་བཅོམ་ལྡན་འདས་ཀྱིས་རྗེས་སུ་ཐུགས་རངས་པར་མཛད་པས་དོན་འདོད་པ་ཐམས་ཅད་སྦྱིན་པ་ཞེས་བྱ་བ་སྟོབས་དཔག་ཏུ་མེད་པ་ཞེས་བྱ་བ་ཕ་རོལ་གནོན་པ། སྟོབས་པོ་ཆེའི་གསང་སྔགས་ཀྱི་གཞི་སྨྲས་པ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བི་དྷ་ན་ས་ཡ། ཛ་ཊི་ལམྦོ་དྷ་ར། ཨུ་ཙུཥྨ་ཀྲོ་དྷ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་འཛིན་ཏམ། འཆང་ངམ། ཀློག་གམ། གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏམ། རིམ་གྲོར་བགྱིད་དམ། མཆོད་པར་བགྱིད་ན། དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར་བར་འགྱུར་རོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་གསོལ་བ། སྟོབས་པོ་ཆེའི་སྙིང་པོ་འཛིན་པ་ལ་ནི་གནོད་སྦྱིན་ནམ་གནོད་སྦྱིན་གྱི་བུའམ། སྲིན་པོའམ་སྲིན་པོའི་བུའམ། གྲུལ་བུམ་མམ་གྲུལ་བུམ་གྱི་བུའམ། ནམ་མཁའ་ལྡིང་ངམ་ནམ་མཁའ་ལྡིང་གི་བུའམ། ཀླུ་འམ་ཀླུའི་བུའམ། དྲི་ཟའམ་དྲི་ཟའི་བུའམ། ཤ་ཟ་འམ་ཤ་ཟའི་བུའམ། སྨྱོ་བྱེད་དམ་སྨྱོ་བྱེད་ཀྱི་བུའམ། མཁའ་འགྲོའམ་མཁའ་འགྲོའི་བུའམ། སྒྲུབ་པའམ་སྦྲུལ་འཛིན་བཅས་ལ་སོགས་པ་དང༌། བརྗེད་བྱེད་དང༌། ལུས་སྲུལ་པོ་དང༌། རོ་ལངས་ལ་སོགས་པ་དང༌། གནོན་པོའི་གདོན་ཐམས་ཅད་དང༌། བརྗེད་བྱེད་ལ་སོགས་པའི་གདོན་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ། །སྟོང་པ་ཉིད་དོ། །དོན་དམ་པ་སྟོང་པ་ཉིད་དོ། །ཕྱི་མའི་མཐའ་སྟོང་པ་ཉིད་དོ། །སྟོང་པ་ཉིད་སྟོང་པ་ཉིད་དོ། །ཆེན་པོ་སྟོང་པ་ཉིད་དོ། །དེ་བཞིན་ཉིད་སྟོང་པ་ཉིད་དོ། །དེ་ནས་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །གང་མདོ་སྡེ་འདི་རབ་ཏུ་སྟོན་པ་དེ་ལ་མཆོད་པ་བགྱི་བ་དང༌། ཕྱག་བགྱི་བ་དང༌། རིམ་གྲོར་བགྱི་བ་དང༌། བསྐོར་བ་བགྱི་བའི་འོས་སུ་གྱུར་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་སྟོབས་དཔག་ཏུ་མེད་པས་ཕ་རོལ་གནོན་པ་སྟོབས་པོ་ཆེའི་གསང་སྔགས་ཀྱི་གཞི་སྨྲས་པ། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ལག་ན་མདུང་རྩེ་གསུམ་ཐོགས་པ་དྲག་ཤུལ་ཅན་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཨོཾ་ཛྱ་ཏི་ནི་ར་ན་ད། ཧཱུཾ་ཧཱུཾ་ཧཱུཾ་ཨོཾ་ཨོཾ་ཨོཾ། ཕཊ་ཕཊ་ཕཊ། སྟོབས་པོ་ཆེ་ལ་སྭཱ་ཧཱ། ཨོཾ་རྡོ་རྗེ་ཁྲོ་བོ་སྟོབས་པོ་ཆེ། ཧ་ན་ད་ཧ་པ་ཙ་མ་ཐ་བ་ཀི་རི། བི་དྷ་ན་ས་ཡ་ཛ་ཏི་ལམ་བོ་དྷ་ར། ཨུ་ཙུཥྨ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་ཛྭ་ལ་ཛྭ་ལ་སརྦ་དུཥྚན། སྟམ་བྷ་ཡ་སྟམ་བྷ་ཡ། དུ་རཱ་ཙ་རཱ་ན་དུཥྚན་ནི་བཱ་ར་ཡ། བདག་ལ་སྲུངས་ཤིག་སྲུངས་ཤིག་སྭཱ་ཧཱ། ཨོཾ་ཨ་ནནྟ། བི་ཛ་ཡ་མ་ཧཱ་ཙནྜ། ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་དྷྲྀ་ཀ་ཧཱུཾ་ཕཊ། ཨོཾ་ཤི་ར་ཡེ། ཤྲི་ར་མ་ལི་ནི། སི་ནི་སི་ནི། ཤི་ཤི་ནི་ཤི་ཤི་ནི། ཨོཾ་སརྦ་ཨཱ་དུ་མ། མ་ཧཱ་ཧ་ཛ་བཛྲ། ཨ་ཤི་ནི་བཛྲ། པཱ་ཤ་ཨ་ནུ་པྲ་བི་ཤ། སརྦ་དུཥྚན། སྟམ་བྷ་ཡ་སྟམ་བྷ་ཡ། ཧཱུཾ་ཕཊ། ཨོཾ་ཧཱུཾ་བན་དྷ་བན་དྷ། ཧཱུཾ་ཨོཾ་ཨ་ནནྟ། བི་ཛ་ཡ། མ་ཧཱ་ཙཎྜེ་ཧཱུཾ་ཕཊ། ཨོཾ་ཕཊ་ཕཊ་ཕཊ། བཛྲ་ཀྲོ་དྷ་ཧཱུཾ་ཕཊ། ཨོ་བཛྲ་ཀརྟ་ཀ་རི་ཀ་ར་ཀ་ར། ཙྪིན་ད་ཙྪིན་ད་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། དྷ་ཀ་དྷ་ཀ །ཛ་ལ་ཛྭ་ལ་ཧཱུཾ་ཕཊ། ཨོཾ་བི་པུ་ར་རཀྵ་བཛྲ། བན་ཛ་ར་ཧཱུཾ་ཕཊ། ཨོཾ་ཀི་ལི་ཀི་ལི། བཛྲ་བཛྲི་བྷ་ར་བནྡྷ་བནྡྷ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཨཱ་ཀརྵ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ད་ར་ད་ར། དཱ་ར་ཡ་དཱ་ར་ཡ། ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཧ་ན་ཧ་ན། ད་ར་ད་ར། དཱ་ར་ཡ་དཱ་ར་ཡ། པ་ཊ་ཡ་པ་ཊ་ཡ། མོ་ཊ་ཡ་མོ་ཊ་ཡ། ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཏ་ཊ་ཏ་ཊ། ཏཱ་ཊ་ཡ་ཏཱ་ཊ་ཡ། ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། དཱི་པྱ་དཱི་པྱ། དཱི་པ་ཡ་དཱི་པ་ཡ། ཧཱུཾ་ཕཊ། ཨོཾ་ཙུ་རུ་ཙུ་རུ། ཨུ་ཙུཥྨ་ཀྲོ་དྷ། ཤི་ཁ་ར་ཧ་ར་ཧ་ར་ཧཱུཾ་ཕཊ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཙནྜ་ཧ་ན་ད་ཧ། པ་ཙ་མ་ཐ་བི་ཀ་རི། བི་དྷ་ན་ས་ཡ། བཅོམ་ལྡན་འདས་ཚུར་གཤེགས་ཚུར་གཤེགས། ཧ་ན་ཧ་ན། ཧ་ར་ཧ་ར། ད་ཧ་ད་ཧ། པ་ཙ་པ་ཙ། བི་དྷ་ན་ས་ཡ་བི་དྷ་ན་ས་ཡ། ལྷ་དང་ལྷ་མ་ཡིན་གྱི་བདག་པོས་མཆོད་པ་ཐམས་ཅད་ཀྱི་བདག་ཉིད་ལས་སྐྱེས་པ། གཟི་བརྗིད་ཆེན་པོ་སུ་རུ་སུ་རུ་མུ་རུ་མུ་རུ། ཀུ་རུ་ཀུ་རུ། གྷུ་རུ་གྷུ་རུ། ཀུརྦ་ཀུརྦ། མ་ཧཱ་ཀུརྦ། བི་ཀུརྦ། ཀུ་ནད་ཊི་ཀུ་ནད་ཊི། ན་ཊི་ན་ཊི། ཤི་ནི་ཤི་ནི། ཁི་ནི་ཁི་ནི། ཁ་ཁ། ཁ་ཧི་ཁཱ་ཧི། ཀུ་རུ་ཀུ་རུ། ཏུ་ཊ་ཏུ་ཊ་ཏུ། ད་ཊ་ཏུ་ད་ཊ། ཏྲད་ཊ་ཏྲད་ཊ། ཏུ་རུ་ཏུ་རུ། འབྱུང་པའི་བདག་པོ། ཀླུའི་བདག་པོ། ལྷ་མ་ཡིན་གྱི་གྲོང་ཁྱེར་རྣམ་པར་འཇོམས་པར་བྱེད་པ། ཁྲོ་བོ་འཆོལ་པ་སྟོབས་པོ་ཆེ། དྷ་མ་དྷ་མ། ཀ་ར་ཀ་ར། ཀུ་རུ་ཀུ་རུ། སུ་རུ་སུ་རུ། ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། ད་ཧ་ད་ཧ་ཧཱུཾ་ཕཊ། པ་ཙ་པ་ཙ་ཧཱུཾ་ཕཊ། ཧྲཱི། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཙུ་ལུ་ཙུ་ལུ་སྭཱ་ཧཱ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་སརྦ་དུཥྚན། སྟམ་བྷ་ཡ་སྟམ་བྷ་ཡ། མོ་ཧ་ཡ་མོ་ཧ་ཡ། ཧཱུཾ་ཕཊ། ཨོཾ་ཧ་ཧ། ས་ར་ས་ར། བི་ས་ར་བི་ས་ར། གྷ་ཏ་ཡ་གྷ་ཏ་ཡ། ཨོཾ་བི་ས་ར། སན་ཏྲཱ་ས་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཧ་ར་ཧ་ར། ཁ་ཁ། ཁཱ་ཧི་ཁཱ་ཧི། ནཱ་ཤ་ཡ་ནཱ་ཤཱ་ཡ། ཧཱུཾ་ཕཊ། ཧཱུཾ་ཧཱུཾ། མཱ་མཱ། མཱ་མཱ་ཕཊ། ཨོཾ་དྷི་ཀ་ཀྲོ་དྷ་ནི། བདག་ལ་སྲུངས་ཤིག་སྲུངས་ཤིག་སྭཱ་ཧཱ། ཨོཾ་མ་ཧཱ་བ་ལ་བཛྲ་དྷ་ར་ཀ་ར་ཀ་ར་བནྡྷ་བནྡྷ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཛྭ་ལ་གྲ་ས། ཨུ་ཙུཥྨ་སང་ག་ར་ཧཱུཾ། རྡོ་རྗེའི་ཕོ་ཉ་མོ་དྲུག་ཅུ་རྩ་བཞི་པོ་དེ་དག་གིས་ཀྱང་སྲུང་བ་དང༌། ཡོངས་སུ་སྲུང་བ་དང༌། སྐྱོབ་པ་དང་སྦེད་པ་བྱེད་པར་འགྱུར་རོ། །ལག་ན་རྡོ་རྗེས་སྨྲས་པ། གང་གཟུངས་འདི་འཆང་བ་ནི་དགེ་བར་འགྱུར། དུག་མི་གནོད་པར་འགྱུར། ཤི་བ་སོས་པར་བྱེད་པར་འགྱུར། དགྲ་རྣམས་ཀྱིས་མི་ཚུགས་པར་འགྱུར། བུ་མང་བར་འགྱུར། ས་ཕྱོགས་ཀྱང་གསལ་བར་འགྱུར་རོ། །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར་རོ། །ལས་ཐམས་ཅད་ཀྱང་ནུས་པར་འགྱུར་རོ། །གདུག་པས་ཟིན་པ་རྣམས་ལ་ནི་སྐྱོར་ཆུས་འཚོ་བར་འགྱུར་རོ། །དུག་ཐམས་ཅད་ཀྱང་དུག་མ་ཡིན་པར་བྱེད་པར་འགྱུར་རོ། །མངལ་ན་གནས་པའི་ཁྱེའུ་དང་བུ་མོ་ཡང་བདེ་བར་བཙའ་བར་འགྱུར་རོ། །མདོ་སྡེ་འདི་ཞག་གསུམ་བཅངས་ན་རྒྱས་པར་འགྱུར་རོ། །ཞག་བདུན་བཅངས་ན་ཞི་བ་ཆེན་པོར་འགྱུར་རོ། །དེ་ནས་འབྱུང་པའི་བདག་པོ་དབང་བདག་རིག་སྔགས་འཆང་བྱེ་བ་སྟོང་ཕྲག་དུ་མས་བསྐོར་བ་འཁོར་གྱི་དཀྱིལ་འཁོར་དེ་ནས་ལངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །སྟོབས་པོ་ཆེའི་བསྟན་པ་ཐོགས་པ་མེད་པ། སྟོབས་དཔག་ཏུ་མེད་པས་ཕ་རོལ་གནོན་པ། ལག་ན་རྡོ་རྗེ་དགའ་བ། ལྷ་དང་མི་དང་ལྷ་མ་ཡིན་དང༌། ཚངས་པའི་དབང་པོས་ཕྱག་བྱས་པ། གནོད་སྦྱིན་དང་སྲིན་པོ་དང༌། རོ་ལངས་དང༌། ལུས་སྲུལ་པོ་འཇིགས་པར་བྱེད་པ། སྨྱོ་བྱེད་དང༌། སྐྲོད་པ་དང༌། གསོད་པ་དང༌། སྐེམས་བྱེད་དང༌། སྒོ་གླེགས་དང༌། འཕྲུལ་འཁོར་དང༌། གཏན་པ་དང༌། རྡོ་རྗེས་རྣམ་པར་འཇོམས་པ། ལས་ཐམས་ཅད་བྱེད་པ། དཀྱིལ་འཁོར་གསང་བ་དང་བཅས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཤད་དུ་གསོལ། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་གྱིས་འབྱུང་པོའི་བདག་པོ་དབང་བདག་ལ་བྱུང་པོའི་བདག་པོ་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་སྤར་ཏེ། རྡོ་རྗེ་ལ་ཞུགས་པའི་ཚུལ་གྱིས་བཞུགས་ནས། འཁོར་གྱིས་དཀྱིལ་འཁོར་ལ་རྣམ་པར་གཟིགས་ནས་རྡོ་རྗེ་མི་བཟད་པ་ཁྲོ་བོ་ཆེན་པོ་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། སེམས་ཅན་ཐམས་ཅད་ལ་ཆེར་སྙིང་རྗེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། འོད་ཟེར་འབར་ཞིང་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཆོས་ཐམས་ཅད་ཀྱི་དགའ་བ་ཀུན་ཏུ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། བདུད་ཐམས་ཅད་ཀྱི་ཡུལ་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཕྱག་རྒྱའི་མཚན་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དང༌། སེམས་ཅན་ཐམས་ཅད་ཀྱི་ཡུལ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཆོས་ཀྱི་སྐུ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཆོས་ཀྱི་སྒོ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། སྟོབས་པོ་ཆེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས་རྔོམ་བག་ཅན་དུ་རྡོ་རྗེ་སྤར་ཏེ། དེ་ནས་རྡོ་རྗེ་པདྨ་ལ་གནས་པའི་ཚུལ་གྱིས་གནས་ཏེ། ཐམས་ཅད་དང་ལྡན་པའི་འཁོར་ཀྱི་དཀྱིལ་འཁོར་ལ་རྣམ་པར་བལྟས་ནས། རྡོ་རྗེ་མི་བཟད་པ་ཁྲོ་བོ་འཆོལ་པ་ལུས་སྦྲུལ་གྱི་སྐེ་རགས་ཀྱིས་བརྒྱན་པ་དགའ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞུགས་མ་ཐག་ཏུ་ཁྲོ་བོ་འཆོལ་པས་གེགས་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་འདར་ཏེ་གཟིར་བར་བདག་ཉིད་ཀྱིས་མཐོང་ངོ༌། །དེ་དག་ཚིག་ནས་སྨྲེ་ཞིང་སྲོག་བཏང་སྟེ་སྲེག་པའི་བསྐལ་བ་སྙམ་དུ་སེམས་ཤིང་ཉམ་ཐག་པའི་སྐད་ཀྱིས་ངུས་ཏེ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེའི་གན་དུ་སོང་ནས་བཅོམ་ལྡན་འདས་ཡོངས་སུ་བསྐྱབ་ཏུ་གསོལ། །བྱང་ཆུབ་སེམས་དཔའ་ཡོངས་སུ་བསྐྱབ་ཏུ་གསོལ། །བཅོམ་ལྡན་འདས་བདག་ཅག་ནི་བཅོམ་ལྡན་འདས་ཀྱི་ཁྲོ་བོ་འཆོལ་པས་གཟིར་ཅིང་མྱོས་ཏེ། ཕོངས་ནས་སྲོག་ལ་ཡང་མི་ལྟའོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ཏིང་ངེ་འཛིན་དེ་ལས་ལངས་ཏེ། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་ལ་སྨྲས་པ། ཀྱེ་མའོ་ཁྲོ་བོ་ཆེན་པོ་འདི་ནི་རྫུ་འཕྲུལ་ཆེ་བའོ། །མཐུ་ཆེ་བའོ། །དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་དེ་བཞིན་ཏེ། ཀྱེ་མའོ་ཁྲོ་བོ་ཆེན་པོ་འདི་ནི་རྫུ་འཕྲུལ་ཆེ་བའོ། །མཐུ་ཆེ་བའོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་སེང་གེའི་ལྟ་སྟངས་ཀྱིས་བལྟས་ནས། འབྱུང་པོའི་བདག་པོ་ལ་ཁྲོ་བོ་འཆོལ་པའི་དཀྱིལ་འཁོར་གསང་བ་དང་བཅས་པ་སྨྲས་པ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བི་དྷ་ན་ས་ཡ། ཛ་ཊི་ལམ་པོ་ད་ར་ཨུ་ཙུཥྨ་ཀྲོ་དྷ་ཧཱུཾ་ཕཊ། ཨ་ཨཱ་མ་མཱ་ཧཱུྃ་སྭཱ་ཧཱ། གྲོགས་པོ་དག་གང་ལ་ལ་ཞིག་ཁྲོ་བོ་སྟོབས་པོ་ཆེ་འདིའི་དཀྱིལ་འཁོར་དུ་བཞུགས་ན་དེའི་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །དེའི་ལུས་ལ་དྲག་པོའི་ལས་དང༌། ནད་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །དེ་ལ་གེགས་དང༌། མི་དང༌། རྣམ་པར་ལོག་འདྲེན་གྱིས་གླགས་རྙེད་པར་མི་འགྱུར་རོ། །སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །དགྲ་ཐམས་ཅད་མེད་པར་འགྱུར་རོ། །འདིར་ཞུགས་ན་གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར་རོ། །ཁྲོ་བོ་ཐམས་ཅད་ཀྱི་ཆོ་ག་ཡང་ལྷུན་གྱིས་གྲུབ་པ་ཉིད་དུ་འགྲུབ་པར་འགྱུར་རོ། །འདིར་དབང་བསྐུར་ན་བཀྲ་མི་ཤིས་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། །དཔལ་གྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་ནས་ཁྲོ་བོ་ཆེན་པོ་ལན་ཁྲིས་སྔར་སྐྱེད་པ་བྱས་ཏེ། ཁྲོ་བོ་ཆེན་པོའི་དཀྱིལ་འཁོར་བྱེད་པ། བྱས་པ་གཟོ་བ། རྒྱུད་ཤེས་པ། གསོ་སྦྱོང་གི་ཡན་ལག་བརྒྱད་དང་ལྡན་པ། གསུམ་ལ་སྐྱབས་སུ་འདོང་པ། བྱང་ཆུབ་ཀྱི་སེམས་དང་ལྡན་པ། བྱམས་པའི་སེམས་དང་ལྡན་པ། སྙིང་རྗེ་ཅན་དུ་གྱུར་པ། དཀྱིལ་འཁོར་མཐོང་བ། དབང་བསྐུར་བ། བླ་མ་རྣམས་ཀྱིས་ལུང་བྱིན་པ། གང་བདུད་ཐམས་ཅད་དང༌། སྡང་བའི་སེམས་རྣམ་པར་འཇིག་པར་བྱེད་པ། རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེ་ཞེས་བྱ་བ་འདི་འཆང་བ་དང༌། ཀློག་པ་དེ་ལ་བདུད་དང༌། དགྲ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །གནོད་སྦྱིན་དང༌། སྲིན་པོ་དང༌། ཡི་དྭགས་དང༌། ཤ་ཟ་དང༌། ལུས་སྲུལ་པོ་དང༌། མཁའ་འགྲོ་མ་དང༌། བརྗེད་བྱེད་དང༌། སྒྲུབ་པ་དང་སྦྲུལ་འཛིན་བཅས་པ་ལ་སོགས་པ་ཐམས་ཅད་དང་འཇིགས་པ་ཐམས་ཅད་ལས་ཐར་པར་འགྱུར་རོ། །དུས་མ་ཡིན་པར་འཆི་བ་ཐམས་ཅད་ལས་ཐར་བར་འགྱུར་རོ། །བསད་པ་དང་བཅིངས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །བཅད་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །རྨུགས་བྱེད་དང༌། རེངས་བྱེད་དང༌། རྨོངས་བྱེད་ལ་སོགས་པའི་འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཀླུའི་འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །བཀྲ་མི་ཤིས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །སེམས་ཅན་དབུལ་པོ་གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་དུས་གསུམ་དུ་འཆང་ངམ། ཀློག་གམ་ཡིད་ལ་བྱེད་དམ་རྗེས་སུ་དྲན་པར་བྱེད་ན། དབུལ་པོའི་སྡུག་བསྔལ་ཐམས་ཅད་ལས་ཐར་བར་བྱེད་དོ། །ལོ་ཉེས་བྱུང་བའི་ཚེ་སྟོབས་པོ་ཆེ་ལན་བདུན་བཀླགས་ན་སྤྲིན་ཆེན་པོ་ལས་ཆར་འབབ་པོ། གལ་ཏེ་ཆར་མི་འབབ་ན་སྤྲིན་གྱི་ལྷ་རྣམས་ཀྱི་སྲོག་སྐམ་པར་འགྱུར་རོ། །ཀླུའི་རྒྱལ་པོ་འཁོར་ལོ་དང༌། ཀླུའི་རྒྱལ་པོ་མཐའ་ཡས་དང༌། ཀླུའི་རྒྱལ་པོ་ནག་པོ་ཆེན་པོ་དང༌། ཀླུའི་རྒྱལ་པོ་རྣམས་ཀྱིས་སྤྲིན་ཆེན་པོ་ལས་ཆར་འབེབས་སོ། །གལ་ཏེ་ཆར་མི་འབེབས་ན་སྲོག་སྐམ་པར་འགྱུར་རོ། །གོང་དུ་སྨོས་པའི་ཆོ་ག་བཞིན་དུ་ཕྱོགས་ཀྱི་ཆའམ། ཀླུང་གི་ངོགས་སམ། རྒྱ་མཚོའི་འགྲམ་མམ། མཆོད་རྟེན་གྱི་གནས་སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་མཆོད་པ་ཆེན་པོ་བྱས་ཏེ། ཙན་དན་དམར་པོ་དང༌། ཀ་ར་བི་རའི་མེ་ཏོག་དང༌། པདྨ་དམར་པོ་དང༌། ཨ་ཏི་མུག་ཏ་ཀའི་མེ་ཏོག་དང༌། ཙམ་པ་ཀའི་མེ་ཏོག་དང༌། རྒྱལ་མཚན་དང༌། བ་དན་དམར་པོ་ལ་སོགས་པའམ། བུམ་པ་སྤོས་ཆུས་བཀང་བ་ལ་སོགས་པས་མཆོད་པ་བྱས་ཏེ། གང་མདོ་སྡེ་འདི་འཆང་བ་དང༌། ཀློག་པ་དེ་གཡུལ་ངོ་ཐམས་ཅད་དུ་ཞུགས་ཀྱང་ཕ་རོལ་གྱིས་མི་ཚུགས་པར་འགྱུར་རོ། །སེམས་ཅན་ཐམས་ཅད་དགའ་བར་འགྱུར་རོ། །བཀྲ་མི་ཤིས་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། །སྟོབས་པོ་ཆེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་གཡུལ་ངོར་སོང་ན་ཕ་རོལ་གྱི་དམག་ཚོགས་ཀྱིས་མི་ཚུགས་པར་འགྱུར་རོ། །གསང་སྔགས་གྲོ་ག་ལ་བྲིས་ཏེ་སྤྱི་བོར་བཏགས་ན། གཡུལ་ངོར་མཚོན་ཆ་རྣམས་མེ་ཏོག་བཞིན་དུ་ལྟུང་བར་འགྱུར་རོ། །དེ་ནས་བདུད་དེས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་ནས། སྟོབས་པོ་ཞེས་བགྱི་བ་ཅི་ལགས་ཞེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོབས་པོ་ཆེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །སྟོབས་པོ་ཆེ་ཞེས་བྱ་བ་ནི་ཆོས་སོ། །སྟོབས་པོ་ཆེ་ཞེས་བྱ་བ་ནི་ཡང་དག་པའོ། །སྟོབས་པོ་ཆེ་ཞེས་བྱ་བ་ནི་ཆོས་ཀྱི་ཕུང་པོའོ། །སྟོབས་པོ་ཆེ་ཞེས་བྱ་བ་ནི་ཆོས་ཀྱི་ཚུལ་ལོ། །སྟོབས་པོ་ཆེ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའོ། །སྟོབས་པོ་ཆེ་ཞེས་བྱ་བ་ནི་ལག་ན་རྡོ་རྗེའོ། །དེ་ནས་བདུད་སྡིག་ཅན་གྱིས་སྨྲས་པ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ། །སྐྱབས་སུ་མཆིའོ། །སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །དགེ་བསྙེན་གྱི་ཡན་ལག་གཟུང་བར་བགྱིའོ། །བདེ་དང་ཐར་དང་མཐོ་རིས་དང༌། །མཁས་པ་དག་དང་སེམས་ཅན་ནི། །དམ་པ་ཀུན་ལ་ཕན་པའི་ཕྱིར། །སྟོབས་པོ་ཆེ་ནི་གཟུང་བར་བགྱི། །དེ་ནས་བདུད་སྡིག་ཅན་ཆོས་ལ་དགའ་ཞིང་ཡིད་བདེ་བ་དང་རང་བ་གཟིགས་ནས། །བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེའི་མདོ་སྡེ་འདི་ནི་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དྭགས་དང༌། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ལས་ཐར་བར་བྱེད་པའོ། །དེ་བསྐལ་པ་སྟོང་ཕྲག་ཉི་ཤུར་ལྷའི་རྒྱལ་པོ་བྱེད་པར་འགྱུར་རོ། །བསྐལ་པ་མཐའ་ཡས་པར་གླིང་བཞི་ལ་དབང་བའི་འཁོར་ལོ་བསྒྱུར་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འཇོག་པར་བྱེད་དེ། རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེའི་སྙིང་པོ་འདི་ནི་གཙང་སྦྲ་ཅན་ནམ། གཙང་སྤྲ་མེད་པའམ། སྨྱུང་བར་བྱས་པའམ། སྨྱུང་བར་མ་བྱས་པའམ། འཁྲིག་པའི་ཆོས་ལ་བརྟེན་པའང་འགྲུབ་པར་བྱེད་དོ། །དེ་ལ་བར་ཆད་དུ་མི་འགྱུར་རོ། །དེ་ནས་རབ་འབྱོར་འཁོར་དེ་ཉིད་དུ་འདུག་པར་གྱུར་པས་བཅོམ་ལྡན་འདས་རིག་སྔགས་ཀྱི་རྒྱལ་པོ་སྟོབས་པ་ཆེ་ཇི་ལྟར་གཟུང་བར་བགྱི། དམ་པ་ཅི་ཞིག་སྩོལ་ཞེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ལ་དྲི་བ་དྲིས་ཤིག །རབ་འབྱོར་གྱིས་སྨྲས་པ། ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེ་ཇི་ལྟར་གཟུང་བར་བགྱི། དམ་པ་ཅི་ཞིག་བྱིན་པར་བྱེད། ལག་ན་རྡོ་རྗེས་སྨྲས་པ། འབྲུ་བྱིན་པར་བྱེད་དོ། །གོས་བྱིན་པར་བྱེད་དོ། །དངུལ་བྱིན་པར་བྱེད་དོ། །གསེར་བྱིན་པར་བྱེད་དོ། །བ་གླང་བྱིན་པར་བྱེད་དོ། །དམ་པ་གང་འདོད་པའི་དམ་པ་དེ་བྱིན་པར་བྱེད་དོ། །རབ་འབྱོར་གྱིས་སྨྲས་པ། ཅིའི་འབྲས་བུ་ཞེས་བྱ་བའམ། ལག་ན་རྡོ་རྗེས་སྨྲས་པ། རབ་འབྱོར་དེ་དེ་བཞིན་ཏེ། །སེམས་ཅན་ཉོན་མོངས་པས་བསྒྲིབས་པ་རྣམས་ནི་འབྲས་བུའི་དུས་སུ་གནས་སོ་ཤོ། འབྲས་བུའི་དུས་ཀྱི་ཡོན་ཏན་གྱི་དོན་དུ་གནས་སོ། །ཡོན་ཏན་གྱི་དོན་གྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ལ་འཇོག་པར་བྱེད་དོ། །རབ་འབྱོར་གྱིས་སྨྲས་པ། །ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ། །གསང་བའི་མཚན་ཉིད་ལྡན་པ་སྟེ། །སྟོབས་པོ་ཆེ་ནི་ཤེས་རབ་ལྡན། །གསང་བའི་མཚན་ཉིད་ཕུན་སུམ་ཚོགས། །སྤྱི་ནས་དབང་བསྐུར་ཡིད་ཀྱང་གཞུངས། །མཚན་དང་ཡང་དག་ལྡན་པ་སྟེ། །སྦྱིན་དང་ཚུལ་ཁྲིམས་ཤེས་རབ་ཆེ། །རྫུ་འཕྲུལ་ཆེ་ཞིང་སྟོབས་ཀྱང་ཆེ། །དབང་ཆེར་གྲགས་ཤིང་བསོད་ནམས་ཆེ། །ཡོན་ཏན་རྩེ་མོ་སྟོབས་པོ་ཆེ། །མདོ་སྡེ་འདི་ལ་དབང་བསྐུར་ཕྱིར། །སངས་རྒྱས་བརྒྱད་སྟོང་དེར་གཤེགས་སོ། །བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་མདོ་སྡེ་འདི་ཉིད་ཀྱིས་མི་འཇིགས་པའི་ལག་པ་སྤྱི་བོར་བཞག་སྟེ་དགེ་བ་བྱེད་པར་འགྱུར་རོ། །གང་གིས་གཟུངས་སྔགས་འདི་ས་འམ། རི་འམ། ཀླུང་གི་ངོགས་སམ། རྒྱ་མཚོའི་འགྲམ་དུ་བཅངས་ན་འཇིགས་པ་ཐམས་ཅད་ཀྱིས་འཇིགས་པ་མེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་བཀའ་བསྩལ་ཏོ། །སུ་མདོ་སྡེ་འདི་འཆང་བ་དང༌། ཀློག་པ་དང༌། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་བྲོ་ནད་མ་མཆིས་པར་ལོ་བརྒྱ་འཚོ་བར་འགྱུར་རོ། །ལག་ན་རྡོ་རྗེས་ཡང་གསོལ་པ། ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདོ་སྡེ་འདི་ནི་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱ་བར་ཟུང་ཞིག །ཆོས་ཀྱི་ཉི་མ་ཞེས་བྱ་བར་ཟུང་ཞིག །ཆོས་ཀྱི་ཟླ་བ་ཞེས་བྱ་བར་ཟུང་ཞིག །དོན་ཐམས་ཅད་གྲུབ་པ་ཞེས་བྱ་བར་ཡང་ཟུང་ཞིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྤྲིན་ཅེས་བྱ་བར་ཟུང་ཞིག །སྡིག་པ་ཐམས་ཅད་བྱང་བར་བྱེད་པའི་གཟུངས་སྔགས་ཞེས་བྱ་བར་ཟུང་ཞིག །རིག་སྔགས་འཆང་ཐམས་ཅད་གྲུབ་པའི་རྒྱལ་པོ་ཞེས་བྱ་བར་ཡང་ཟུང་ཞིག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་ཡང་ཟུང་ཞིག །ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཞེས་བྱ་བར་ཡང་ཟུང་ཞིག །རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེ་ཞེས་བྱ་བར་ཡང་ཟུང་ཞིག །གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་སུ་མདོ་སྡེ་འདི་འཛིན་པ་དང༌། འཆང་བ་དང༌། ཀློག་པ་དང༌། ཡི་གེར་འབྲིར་འཇུག་པ་དང༌། བསྟི་སྟང་དུ་བྱེད་པ་དང༌། བླ་མར་བྱེད་པ་དང༌། རི་མོར་བྱེད་པ་དང༌། མཆོད་པ་བྱེད་པ་དེ་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་བྱས་པར་འགྱུར་རོ། །འདས་པ་དང་མ་འོངས་པ་དང༌། ད་ལྟར་བྱུང་བ་རྣམས་ཀྱི་མཆོད་རྟེན་སྐུ་གདུང་དང་བཅས་པ་ལ་མཆོད་པ་བྱས་པར་འགྱུར་རོ། །ལག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །ཤིན་ཏུ་ཟབ་པའི་ཆོས་བསྟན་པ་དང༌། ཆོ་འཕྲུལ་གྱི་ཡོན་ཏན་གྱི་རྒྱན་གྱི་ཆོས་བསྟན་པ་གཟུང་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་མདོ་སྡེ་འདིས་འཆང་བ་དེ་ལ་སྡང་བའི་སེམས་ཅན་རྣམས་ཆུ་འགྲམ་གྱི་ཤིང་ལྟར་མ་རུང་བར་འགྱུར་རོ། །སྤོས་དང༌། མེ་ཏོག་དང༌། བདུག་པ་དང༌། རྒྱལ་མཚན་དང༌། བ་དན་སྣ་ཚོགས་ལ་སོགས་པས་མཆོད་པ་བྱས་ན། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །དེ་ལ་བར་ཆད་མི་འབྱུང་བར་འགྱུར་རོ། །མདོ་སྡེ་འདི་གནས་གང་ཡང་རུང་བ་ན་འཆང་ན། ལྷ་དང་མིར་བཅས་པས་མཆོད་པ་བྱེད་པར་འགྱུར་རོ། །རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེ་གེགས་དང་རྣམ་པར་ལོག་འདྲེན་ཐམས་ཅད་འཆིང་བ་ཡིད་ལ་བྱེད་ནས་སངས་རྒྱས་བརྒྱད་སྟོང་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང༌། དྲང་སྲོང་ཆེན་པོ་རྣམས་དང༌། ལྷ་དང་ཀླུ་དང་དྲི་ཟར་བཅས་པ་རྣམས་དགྱེས་དགའོ། །སྟོབས་པོ་ཆེའི་གཟུངས་སྔགས་འདི་ལ་དགྱེས་པའི་དུས་ཀྱི་ཚེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་འདི་སྐད་ཅེས་བཀའ་བསྩལ་ཏོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་སུ་མདོ་སྡེ་འདི་ལ་གུས་པར་མི་བྱེད་པ་དེ་དག་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དག་ཏུ་སྐྱེ་བར་འགྱུར་རོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་སུ་མདོ་སྡེ་འདི་ལ་གུས་པར་བྱེད་པ་དང༌། རིམ་གྲོར་བྱེད་པ་དང༌། མཆོད་པ་བྱེད་པ་དེ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །ཡི་གེར་འབྲིའམ། ཚིག་མཉན་ན་ཕྱིར་མི་ལྡོག་པའི་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་རོ། །ལག་ན་རྡོ་རྗེས་གསོལ་པ། ཐུབ་པའི་ཆོས་བསམ་གྱིས་མི་ཁྱབ་པ། ཤིན་ཏུ་ཕྲ་བ། ཤིན་ཏུ་ཟབ་པ། བསམ་གྱིས་མི་ཁྱབ་པ་ལ་སེམས་ཅན་རྣམས་ཀྱི་ནང་ནས་གང་ལོག་པར་སེམས་པ་དེ་མྱོས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་མདོ་སྡེ་འདི་བཤད་པར་བྱའོ། །སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་བསལ་བ་དང༌། ཞི་བར་བྱ་བ་དང༌། རྒྱས་པར་བྱ་བ་དང༌། དབང་བསྐུར་བ་དང༌། བཀྲ་མི་ཤིས་པ་ཐམས་ཅད་ལས་ཐར་བར་བྱ་བ་དང༌། དཔལ་གྱིས་བྱིན་གྱིས་བརླབ་པར་བྱ་བ་དང༌། སྡིག་པ་ཐམས་ཅད་བྱང་བར་བྱ་བ་དང༌། སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར་བཤད་པར་བྱའོ། །དེའི་ཕྱིར་དེ་བཞིན་གཤེགས་པ་བརྒྱད་སྟོང་དད་པར་མཛད་ནས། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ལན་གསུམ་བསྐོར་བ་མཛད་དེ། ཐལ་མོ་སྦྱར་ནས་ལེགས་སོ་རབ་ཏུ་བཤད་པ་ལེགས་སོ་ཞེས་མངོན་པར་དགྱེས་པར་མཛད་དོ། །དེ་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་སངས་རྒྱས་དེ་དག་ལ་སླར་གསུངས་པ། བཅོམ་ལྡན་འདས་དེ་དག་ལེགས་པར་རབ་ཏུ་བཤད་པ་ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོབས་པོ་ཆེའི་གསང་བའི་ཆོས་བསྟན་པ་འདིའི་མཐུས། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་སྡང་བའི་གེགས་དང་རྣམ་པར་ལོག་འདྲེན་ཐམས་ཅད་ཀྱི་སྙིང་འདར་ཞིང་འགུལ་བར་མཐོང་ངོ༌། །དཀོན་མཆོག་སུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་པྲ་ཛྭ་ལ། སུ་རུ་སུ་རུ། མུ་རུ་མུ་རུ། ཀ་ཏངྐ་ཏེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ། ཨ་པ་ར་ཛི་ཏེ། མཱ་ར་སཻ་ནྱ་པྲ་ར་མ་ར་ད་ནཱ་ཡེ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ། གེགས་དང་རྣམ་པར་ལོག་འདྲེན་ཐམས་ཅད་སྡིགས་ཤིག །ཆིངས་ཤིག །རྣམ་པར་ཆོམས་ཤིག །མ་གྲུབ་པ་རྣམས་གྲུབ་པར་གྱིས་ཤིག །གྲུབ་པ་རྣམས་དུལ་བར་གྱིས་ཤིག །དུལ་བ་རྣམས་ཆུད་མི་ཟ་བར་གྱིས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འབད་པར་གྱིས་ཤིག །ལྷ་ཀླུ་ཐམས་ཅད་ཚུར་ཤོག་ཚུར་ཤོག །ངས་སྟོབས་པོ་ཆེ་ཁྲོ་བོའི་མཐུས་དགེ་བར་བྱའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདུ་བྱེད་ཐམས་ཅད་ཀྱི་མི་རྟག་པའི་མཚན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ཉོན་ཅིག །འདུ་བྱེད་ཐམས་ཅད་ནི་དྲི་ཟའི་གྲོང་ཁྱེར་དང་འདྲའོ། །འདུ་བྱེད་ཐམས་ཅད་ནི་གློག་དང་སྤྲིན་དང་འདྲའོ། །འདུ་བྱེད་ཐམས་ཅད་ནི་ཁྱིམ་དང་དབུ་བ་དང་འདྲའོ། །འདུ་བྱེད་ཐམས་ཅད་ནི་མར་མེ་དང་འདྲའོ། །འདུ་བྱེད་ཐམས་ཅད་ནི་ཆུའི་ཆུ་བུར་དང་འདྲའོ། །འདུ་བྱེད་ཐམས་ཅད་ནི་ཆུ་ཤིང་དང་འདྲའོ། །འདུ་བྱེད་ཐམས་ཅད་ནི་རི་མོའི་རྣམ་པ་དང་འདྲའོ། །འདུ་བྱེད་ཐམས་ཅད་ནི་མེ་ཏོག་དང་འདྲའོ། །འདུ་བྱེད་ཐམས་ཅད་ནི་རྨི་ལམ་དང་འདྲའོ། །འདུ་བྱེད་འདི་དག་ནི་བདེ་བ་དང་སྡུག་བསྔལ་གྱི་འཁོར་ལོ་དང་འདྲའོ། །འདུ་བྱེད་ཐམས་ཅད་ནི་བདེ་བ་དང་སྡུག་བསྔལ་གྱི་རླུང་དང་འདྲའོ། །འཁྲུགས་པར་འགྱུར་བས་རྒྱ་མཚོ་དང་འདྲའོ། །སྐར་མ་དང་འདྲའོ། །སེམས་ཅན་རྣམས་ནི་འདུ་བྱེད་འདི་དག་སྐྱེ་བར་མི་སེམས། མི་མཐོང་མི་ཤེས་མི་འཇལ་གྱི། དེ་བཞིན་གཤེགས་པ་ཉིད་ཀྱིས་གཟིགས་སོ། །དེ་བཞིན་གཤེགས་པ་ཉིད་ཀྱིས་འཇལ་ཏོ། །དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། །འདུ་བྱེད་ཐམས་ཅད་ནི་སྟོང་པ་ཉིད་དུ་མཚན་ཉིད་གཅིག་པར་མཁྱེན་ཏོ། །དོན་དམ་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་མཁྱེན་ཏོ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་མཁྱེན་ཏོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་མཁྱེན་ཏོ། །ཆེན་པོ་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་མཁྱེན་ཏོ། །དེ་བཞིན་ཉིད་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་མཁྱེན་ཏོ། །འཇམ་དཔལ་གཞོན་ནུར་གྱུར་པ་མཚན་ཉིད་འདི་ཉིད་མཐོང་ཞིང་མཚན་ཉིད་འདི་ཉིད་ཤེས་ཏེ། སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །མཚན་ཉིད་འདི་ཉིད་ཤེས་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་སྟེ། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མདོ་སྡེ་འདིའི་མཚན་ཉིད་གང་གིས་ན། ཇི་ལྟར་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཀྱི་ཚེ། དེ་བཞིན་གཤེགས་པའི་ལས་རྣམས་བྱེད་པར་འགྱུར་རོ། །མཚན་ཉིད་དེས་ན་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱའོ། །མདོ་སྡེ་འདི་ཡོངས་སུ་ནུབ་པའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པའི་བསྟན་པ་ཡང་ཡོངས་སུ་ནུབ་པར་འགྱུར་ཏེ། མཚན་ཉིད་དེས་ན་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱའོ། །མདོ་སྡེ་འདི་འཚོ་ཞིང་སྡོད་ན་དེ་བཞིན་གཤེགས་པའི་བསྟན་པ་ཡང་འཚོ་ཞིང་སྡོད་དེ། མཚན་ཉིད་དེས་ན་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་མདོ་སྡེ་འདི་ཉིད་ལ་ཕྱག་འཚལ་ཏེ། མཚན་ཉིད་དེས་ན་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱའོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ལ་རྗེས་སུ་ཡི་རངས་ནས་བཀའ་ལུང་བཞིན་བགྱི་ཞིང༌། སུ་མདོ་སྡེ་འདི་འཆང་བའི་གན་དུ་མཆིའོ་ཞེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདོ་སྡེ་འདི་ཉིད་ཀྱི་མཐུས་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། ལྷ་ཐམས་ཅད་ཀྱང་འོང་ངོ༌། །ལྷ་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ལེགས་སོ་ལེགས་སོ། །བདག་ཅག་ཀྱང་དམ་པ་སྩལ་བར་མངོན་པར་དགའ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དམ་པ་འདི་ཉིད་སྩོལ་བར་མཛད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་ལག་ན་རྡོ་རྗེ་སྟོབས་པོ་ཆེ་གསང་བའི་སྙིང་པོ་འདི་སེམས་ཅན་ཐམས་ཅད་ལ་བདེ་བ་ཐམས་ཅད་སྦྱིན་པར་བྱེད་པའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མཚན་ཉིད་གང་གིས་ན་མདོ་སྡེ་འདི་ཆོས་ཀྱི་དབྱིངས་སྔོན་དུ་འགྲོ་བ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་བྱུང་ནས་ཞག་སུམ་ཅུ་རྩ་གཉིས་ལོན་པའི་ཉིན་མོ་རི་བཏང་ཟུང་ཆེན་པོར་མདོ་སྡེ་འདི་ཉིད་ཀྱི་ཆོས་བསྟེན་ཏེ། མཚན་ཉིད་དེས་ན་ཆོས་ཀྱི་དབྱིངས་སྔོན་དུ་འགྲོ་བ་ཞེས་བྱའོ། །མདོ་སྡེ་འདི་ཉིད་ཀྱི་མཐུས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སེམས་དང་པོ་བསྐྱེད་པ་གནས་ཏེ། མཚན་ཉིད་དེས་ན་ཆོས་ཀྱི་དབྱིངས་སྔོན་དུ་འགྲོ་བ་ཞེས་བྱའོ། །མདོ་སྡེ་འདི་ཉིད་ཀྱི་མཐུས་ལྷའི་བུ་གྲངས་མེད་དཔག་ཏུ་མེད་པ་དག་རྒྱུན་དུ་ཞུགས་པར་གྱུར་ཏོ། །རིགས་ཀྱི་བུ་སུ་མདོ་སྡེ་འདི་འཆང་བ་དང༌། ཀློག་པ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་སུ་འདུ་ཤེས་བསྐྱེད་དོ། །འཁོར་དེ་ཉིད་དུ་འཆི་བའི་དུས་བྱས་ནས་མྱ་ངན་ལས་འདས་པའི་ལམ་ལ་འཇོག་པར་མཛད་དོ། །ལག་ན་རྡོ་རྗེས་གསོལ་པ། སངས་རྒྱས་འཁོར་བ་བགྲོད་དཀའ་སེམས་ཅན་གྱི། སྲིད་པའི་ཕུར་པ་འབྱིན་ཅིང་ཤེས་རབ་ཀྱིས། །སྲིད་ཕུར་སེམས་ཀླུང་འཇོམས་ཤིང་ཐུབ་པ་ཡིས། །ཆོས་བསྟན་པས་ནི་སྡིག་འཇོམས་ཆོས་ལ་སྤྱོད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ལེགས་པར་རབ་ཏུ་བཤད་པ་ལེགས་སོ་ལེགས་སོ། །ལག་ན་རྡོ་རྗེས་གསོལ་པ། སུ་མདོ་སྡེ་འདི་འཆང་བ་དང༌། ཀློག་པ་དང༌། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པས་བསོད་ནམས་ཀྱི་ཕུང་པོ་ཅི་ཞིག་འཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སུ་མདོ་སྡེ་འདི་འཆང་བ་དང༌། ཀློག་པ་དང༌། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་ནི་ཏིང་ངེ་འཛིན་བྱེ་བ་འཐོབ་པར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་བྱེ་བ་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་མཐོང་ནས། བསམ་པ་རྒྱ་ཆེན་པོས་བསྟི་སྟང་བྱེད་པར་འགྱུར་རོ། །བླ་མར་བྱེད་པར་འགྱུར་རོ། །རིམ་གྲོར་བྱེད་པར་འགྱུར་རོ། །མཆོད་པར་བྱེད་པར་འགྱུར་རོ། །ཆོས་གོས་དང༌། བསོད་སྙོམས་དང༌། མལ་ཆ་དང༌། ན་བའི་གསོས་སྨན་དང༌། ཡོ་བྱད་རྣམས་ཀྱང་འབུལ་ལོ། བྱང་ཆུབ་སེམས་དཔའ་ལ་ཡང་བདེ་བར་སྦྱར་བ་སྒྲུབ་བོ། །དགེ་འདུན་གྱི་ཚོགས་ལ་ཡང་རིམ་གྲོ་བྱེད་པར་འགྱུར་རོ། །དགེ་བའི་རྩ་བ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་ཡང་བསྙེན་བཀུར་བྱེད་པར་འགྱུར་རོ། །དེ་དག་གིས་ཆོས་བསྟན་པ་དེ་ལ་ཡང་བསྟི་སྟང་དུ་བྱས་ཏེ། ཉན་ཏོ། །ལེན་ཏོ། །འཛིན་ཏོ། །ཀློག་གོ །བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ཇི་ལྟ་བ་དང་མཚུངས་པར་སྟོབས་ཀྱིས་ཕ་རོལ་གནོན་པར་འགྱུར་རོ། །སྟོབས་པོ་ཆེའི་ཕ་རོལ་གནོན་པ་ཁྲོ་བོ་འདིའི་མཐུས་བདག་དང་སེམས་ཅན་ཐམས་ཅད་སྭསྟི་སྭསྟི། སིདྡྷི་སིདྡྷི་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་པ་དང༌། འཕགས་པ་བྱམས་པ་དང༌། འཇམ་དཔལ་དང༌། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་འདུས་པ་དེ་དག་ཐམས་ཅད་དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། མི་དང༌། མི་མ་ཡིན་པ་དེ་དག་ཐམས་ཅད་དང༌། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང༌། ལག་ན་རྡོ་རྗེ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ། །འཕགས་པ་སྟོབས་པོ་ཆེ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།

མི་རྒོད་རྣམ་འཇོམས།

༄༅། །མི་རྒོད་རྣམ་འཇོམས། སྤྱན་རས་གཟིགས་དབང་ཕྱུག་གི་གཟུངས། སེང་གེ་སྒྲའི་གཟུངས། དོན་ཡོད་ཞགས་པའི་སྙིང་པོ་བཅས་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་ཙོ་ར་བི་དྷ་ན་ས་ན་ནཱ་མ་དྷ་ར་ཎི། བོད་སྐད་དུ། འཕགས་པ་མི་རྒོད་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཞབས་འབྲིང་བ་ཚེ་དང་ལྡན་པ་ཀུན་དགའ་བོ་དང་ཐབས་གཅིག་ཏུ། ལུས་འཕགས་རི་ལ་གཤེགས་པའི་ཚེ། ཚེ་དང་ལྡན་པ་ཀུན་དགའ་བོས། མི་རྒོད་ཕལ་པོ་ཆེ་ཞིག་རྒྱང་མ་ནས་མཐོང་ངོ༌། །མཐོང་ནས་ཀྱང་སྐྲག་སྟེ། སྤུ་ཟིང་ཞེས་བྱེད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མི་རྒོད་དག་ཅིག་གོ །བདེ་བར་གཤེགས་པ་མི་རྒོད་དག་ཅིག་གོ །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་མི་རྒོད་རྣམས་ཀྱིས་འཇིགས་སམ། གསོལ་པ། བཅོམ་ལྡན་འདས་འཇིགས་ལགས་སོ། །བདེ་བར་གཤེགས་པ་འཇིགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། མི་རྒོད་རྣམས་ཀྱིས་མ་འཇིགས་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ། གཏི་མུག་ཆེན་པོའི་ཚོགས་རབ་ཏུ་གཞོམ་པ་འདི་བཀའ་བསྩལ་ཏོ། །ཏདྱ་ཐཱ། ཨ་ནུ་ལོ་མེ་པྲ་ཏི་ལོ་མེ། ཨ་ནུ་ལོ་མ། པྲ་ཏི་ལོ་མ། ཨ་ཏིཾ་ཀེ །པྲ་ཏིཾ་ཀེ །བཾ་ཀེ །ཨ་ཏི་པཾ་ཀེ །གོ་རི། གནྡྷ་རི། ཙནྜ་ལཱི། མ་ཏཾ་གི །པུཀྐ་སི། རི་མི་རི་མི། རིདྡྷི། མ་ཙེ་བིཥྚ་ཏི་ཙཽ་ར་པྲ་དནྟུ། བི་སྠ་ཧནྟུ། བྷ་མནྟུ། མཱ་མི་ཡནྟུ། ཡ་བད་གྲ་ན་ཐི་ན་མུཉྩ་མི་སྭཱ་ཧཱ། ཀུན་དགའ་བོ། །ངས་དཔག་ཚད་བཅུ་ཚུན་ཆད་ཀུན་ཏུ་སྲུང་བ་དང༌། མི་རྒོད་ཐམས་ཅད་དང༌། རི་སུལ་གྱི་གྲོང་ཁྱེར་གྱི་མི་ཐམས་ཅད་དང༌། གསེབ་ལམ་སྲུང་བ་ཐམས་ཅད་དང༌། གནོད་པར་སེམས་པ་ཐམས་ཅད་ཀྱི་རྐང་པ་བཅིངས་པར་བྱས་སོ། །རྨུགས་པར་བྱས་སོ། །རེངས་པར་བྱས་སོ། །ཇི་ལྟར་རྫ་མཁན་གྱིས་འཁོར་ལོ་བསྐོར་བའམ། ཇི་ལྟར་རྫ་མཁན་གྱིས་འཁོར་ལོ་ཡོངས་སུ་བསྐོར་བ་ལྟར། མི་རྒོད་རྣམས་འདར་བར་གྱུར་ཅིག །རེངས་པར་གྱུར་ཅིག །མགོ་རྨོངས་པར་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཆོ་ག་ནི་ཤིང་ཀུན་དང༌། བོང་བུའི་སྤུ་བྲེགས་ཏེ། བུ་མོ་གཙང་མས་བཀལ་བའི་སྲད་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱའོ། །ཡང་ན་གོས་ཀྱི་མཐའ་མ་ལ་མདུད་པ་བོར་ཏེ། བདེ་བར་ཕྱིན་ནས་དགྲོལ་བར་བྱའོ། །འདི་ནི་གྲུབ་པའོ། །འཕགས་པ་མི་རྒོད་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།

འཕགས་པ་བར་དུ་གཅོད་པ་ཐམས་ཅད་སེལ་བའི་གཟུངས་སྔགས།

༈ རྒྱ་གར་སྐད་དུ། ཨཱརྻ་སརྦ་ཨནྟ་ར་སཾ་གྲཱ་ས་དྷཱ་ར་ཎི་མནྟྲ། བོད་སྐད་དུ། འཕགས་པ་བར་དུ་གཅོད་པ་ཐམས་ཅད་སེལ་བའི་གཟུངས་སྔགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་གཟུངས་སྔགས་འདི་སུས་འཛིན་པ་དང༌། འཆང་བ་དང༌། བཟླས་བརྗོད་བྱེད་པ་དེ་ལ་ནི་དུག་དང༌། མཚོན་གྱིས་འཆི་བ་དང༌། ལྟོགས་པ་དང༌། མཚོན་བརྒྱབ་པ་དང༌། གཅན་གཟན་མ་རུངས་པས་ཟ་བ་དང༌། མེས་འཚིག་པ་དང༌། ཆུར་འཆི་བ་དང༌། འགོ་བའི་རིམས་གཞན་ཡ་ང་བ་དང༌། མཛེའི་ནད་དང༌། གསོར་མི་རུང་བའི་ནད་ཡ་ང་བ་དང༌། གཡང་ལ་ལྷུང་བ་དང༌། གཞན་གྱི་བྱད་དང༌། ཟས་ཀྱིས་བརྣངས་པ་དང༌། བདག་རང་གིས་གསོད་པ་དང༌། དེ་ལྟར་གཤིས་ངན་དུ་འཆི་བ་བཅུ་གསུམ་གྱིས་རྐྱེན་བྱེད་པར་མི་འགྱུར་རོ། །ཕྱག་ན་རྡོ་རྗེ་གཟུངས་སྔགས་འདི་སུས་འཛིན་པ་དང༌། འཆང་བ་དང༌། བཟླས་བརྗོད་བྱེད་པ་དེ་ལ་ནི་ས་དང་ནམ་མཁའ་ལ་གནས་པའི་གེགས་དྲེགས་པ་ཅན་མ་རུངས་པ་རྣམས་ཀྱིས་ཀྱང་གླགས་རྙེད་པར་མི་འགྱུར་རོ། །ཕྱག་ན་རྡོ་རྗེ་གཟུངས་སྔགས་འདི་སུས་འཛིན་པ་དང༌། འཆང་བ་དང༌། བཟླས་བརྗོད་བྱེད་པ་དེ་ལ་ལས་ཀྱི་སྒྲིབ་པ་དང༌། ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་སྟེ། བདེ་བ་ཅན་གྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ཨོཾ་བཛྲ་ཙནྜ་མ་ཧཱ་རོ་ཥ་ན་ཧཱུཾ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་ཧཱུཾ་ཕཊ། སརྦ་བིགྷྣཾ་ཨནྟ་ར་ཡ་བི་ནཱ་ཤ་ཀ་ར་མཱ་ར་ཡ་ཧཱུཾ་ཕཊ། ཅེས་བརྒྱ་རྩ་བརྗོད་ན་འགྲུབ་བོ། །ངེས་པར་འགྲུབ་བོ་ཞེས་གསུངས་སོ། །འཕགས་པ་བར་དུ་གཅོད་པ་ཐམས་ཅད་སེལ་བའི་གཟུངས་སྔགས་རྫོགས་སོ།། །།

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུངས།

༄༅། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུངས་ཞེས་བྱ་བ་བཞུགས།

རྒྱ་གར་སྐད་དུ། ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ནཱ་མ་དྷ་ར་ཎི། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུངས་ཞེས་བྱ་བ། འཕགས་པ་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟགས་དབང་ཕྱུག་བྱམས་པའི་ངང་ལས་སྙིང་རྗེའི་ཤུགས་ཀྱིས་བྱང་ཆུབ་ཀྱི་སེམས་རབ་ཏུ་བསྐྱེད་ནས། པདྨ་དང་ཉི་མ་དང་ཟླ་བའི་གདན་ལ་ཧྲཱིའི་འཕྲོ་འདུ་ལས་ཞལ་གཅིག་པ་ལ་ཕྱག་བཞི་པ། དང་པོ་གཉིས་ཐལ་མོ་སྦྱར་བ། གཡས་འོག་མ་ན་བགྲང་ཕྲེང་མུ་ཏིག་དཀར་པོ། གཡོན་འོག་མ་ན་པདྨ་དཀར་པོ་བསྣམས་པ། སྐུ་མདོག་དཀར་པོ་ཞབས་རྫོགས་པའི་སྐྱིལ་ཀྲུང་བཅས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་དང༌། རིན་པོ་ཆེའི་དབུ་རྒྱན་གྱིས་མཛེས་པ། ཡུམ་ལྷ་མོ་དྲུག་མ་དང༌། ཡབ་ནོར་བུ་རིན་པོ་ཆེས་བརྟེན་པ། བྱང་ཆུབ་སེམས་དཔའ་དང༌། སེམས་མ་རབ་ཏུ་མང་པོས་བསྐོར་ཏེ་འདི་སྐད་ཅེས་གསུངས་སོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་སྔགས་འདི་ལན་གཅིག་ཙམ་བརྗོད་དམ་དྲན་ཞིང་ཡིད་ལ་བྱས་སམ། བྲིས་ནས་ལུས་ལ་བཅངས་སམ། མོས་ཤིང་གུས་པར་བྱས་ན་མཚམས་མེད་པ་ལྔ་དང་དེ་དང་ཉེ་བའི་སྡིག་པའི་ལས་ཐམས་ཅད་བྱང་ཞིང༌། ངན་སོང་གསུམ་དང༌། མི་ཁོམ་པ་བརྒྱད་དང༌། སྡུག་བསྔལ་དང་བཅས་པར་མི་སྐྱེའོ། །མི་དང་མི་མ་ཡིན་པ་དང༌། གཅན་གཟན་གྱི་འཇིགས་པ་ཐམས་ཅད་ལས་གྲོལ་བར་གྱུར་རོ། །ནད་དང་གདོན་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་བརྗོད་པས་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་མཐོང་བར་འགྱུར་ཞིང༌། ཚེ་འཕོས་ནས་ཀྱང་བདེ་བ་ཅན་དུ་སྐྱེ་སྟེ་འདི་ལ་ཐེ་ཚོམ་མམ། སོམ་ཉིའམ། ཡིད་གཉིས་མ་ཟ་ཞིག །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུངས་རྫོགས་སོ།། །།

འཕགས་པ་སྤྱན་རས་གཟིགས་ཀྱི་སྙིང་པོ།

༈ སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་ནས་རིག་པ་འདི་བརྗོད་ཀྱིས་རིག་པ་འདི་དག་གྲུབ་པར་འགྱུར་ཅིག །ཏདྱ་ཐཱ། ཧ་ཧ་ཧ་ས་ནེ། ནི་བ་ས་ནི། ཏ་བ་ཏ་བ་ནེ། ཛྭ་ལ་ཛྭ་ལ་ནེ། ཙ་ལ་ཙ་ལ་ནེ། པུརྦ་ཡོག་སྨྲ་པདྨ་ཧསྟཱ་ཡ་སྭཱ་ཧཱ། གང་གིས་རིག་པ་འདི་བཀླགས་པ་དེས་ཚེ་རབས་བརྒྱ་སྟོང་སྐྱེ་བ་དྲན་པར་གྱུར་ཏེ། འདི་ནས་ཤི་འཕོས་ནས་ཀྱང་བདེ་བ་ཅན་གྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་ཀྱི་སྙིང་པོ་རྫོགས་སོ།། །།

སེང་གེ་སྒྲའི་གཟུངས།

༈ ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻ་ཨ་བ་ལོ་ཀི་ཤྭ་རཱ་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ས་ཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊཾ། ཀ་རོ་ཊེ། ཀ་རོ་ཊེ། བཱི་རྻེ་སྭཱ་ཧཱ། བཅོམ་ལྡན་འདས་དེའི་སྤྱན་སྔར་བའི་ལྕི་བ་ས་ལ་མ་ལྷུང་བས་སོ་སོར་མཎྜལ་བརྒྱད་བྱས་ལ། མཎྜལ་རེ་རེ་ལ་ལན་བཅུ་གསུམ་གྱི་བར་དུ་བཟླས་ལ། ལྕི་བ་ལྷག་མ་ལ་སྔགས་བཟླས་ཏེ། ནད་པ་ལ་ཉེ་བར་བྱུགས་ན་ནད་ཐམས་ཅད་ཞི་བར་འགྱུར་རོ། །གལ་ཏེ་ཉི་མ་བདུན་ནམ། བཅུ་གསུམ་མམ་ཉི་ཤུ་རྩ་གཅིག་གིས་འགྲུབ་སྟེ། མཚམས་མེད་པ་ལྔ་བྱས་པས་ནི་མ་ཡིན་ནོ། །དེ་ལྟར་མ་གྲུབ་ན་བདག་གིས་མཚམས་མེད་ལྔ་བྱས་པར་འགྱུར་རོ། །སེང་གེ་སྒྲའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ངག་གི་དབང་ཕྱུག་དང༌། །གློག་སྐྱ་ཤེས་རབ་བརྩེགས་ཀྱིས་བསྒྱུར་བའོ།། །།

འཕགས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བའི་གཟུངས།

༈ འཕགས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བའི་གཟུངས་བཞུགས།

འཕགས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དུས་གསུམ་དུ་གཤེགས་ཤིང་བཞུགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། འདས་པ་དང༌། མ་བྱོན་པ་དང༌། ད་ལྟ་བྱུང་བའི་སངས་རྒྱས་དང༌། འཕགས་པ་ཉན་ཐོས་ཀྱི་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་སོང་བ་རྣམས་དང༌། ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །གནས་བརྟན་བློ་གྲོས་ཆེན་པོ་ཤྭ་ར་དྭ་ཏིའི་བུ་ལ་ཕྱག་འཚལ་ལོ། །འཕགས་པ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །དཀོན་མཆོག་སུམ་ལ་ཕྱག་འཚལ་ལོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། དེ་བཞིན་གཤེགས་པའི་སྤྱན་སྔར་འཁོར་མང་པོའི་དབུས་སུ་སྨྲས་པ། དོན་ཡོད་ཞགས་པའི་སྙིང་པོ་དེ་བདག་གིས་བརྗོད་པར་བགྱིའོ། །བདག་གིས་སྔགས་ཚིག་དང༌། དགོས་པ་ཐམས་ཅད་འགྲུབ་པར་གྱུར་ཅིག །ཏདྱ་ཐཱ། ཨོཾ་ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། མ་ཧཱ་ཀཱ་རུ་ཎི་ཀ །ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། ཙི་རི་ཙི་རི། བི་རི་བི་རི། མ་ཧཱ་པདྨ་ཧསྟཱ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། མ་ཧཱ་ཤུདྡྷ་ས་ཏྭ། ཨེ་ཧྱ་ཧི། བུདྡྷ་བུདྡྷ། དྷ་བ་དྷ་བ། བོ་དྷ་ཡ་བོ་དྷ་ཡ། ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎི། ཀུ་ཎུ་ཀུ་ཎུ། མ་ཧཱ་ཤུདྡྷ་སྭཱ་ཧཱ། ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ། མ་ཧཱ་སྟམ་པྲ་བྷཱ་ཏེ། ཙ་ལ་ཙ་ལ། སན་ཙ་ལ་སན་ཙ་ལ། བི་ཙ་ལ་བི་ཙ་ལ། པྲ་ཙ་ལ་པྲ་ཙ་ལ། ཨེ་ཊ་ཊ་ཨེ་ཊ་ཊ། བྷ་ར་བྷ་ར། བྷི་རི་བྷི་རི། བྷུ་རུ་བྷུ་རུ། ཨེ་ཧྱ་ཧི། མ་ཧཱ་ཀ་རུ་ཎི་ཀ །མ་ཧཱ་བ་ཤུ་བ་ཏི་བི་ཤ་དྷ་ར། དྷ་ར་དྷ་ར། སི་རི་སི་རི། སུ་རུ་སུ་རུ། ཙ་ར་ཙ་ར། བྷ་ར་བྷ་ར། བྷ་ར་བྷ་ར། ཧ་ར་ཧ་ར། ཧ་ཧ་ཧི་ཧི་ཧུ་ཧུ། ཨོཾ་ཀ་ར་ཀ་ར། མ་ཧཱ་པྲ་ཝ་ཤ། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཏ་ར་ཏ་ར། ས་ར་ས་ར། ཙ་ར་ཙ་ར། བ་ར་བ་ར། ཤི་གྷ་ཤི་གྷ། རཤྨི་ཤི་ཧ་ས་ཧ་སྲ། པྲ་ཏི་མུ་ན་ཏི་ཏ། ཤ་རི་ཤ་རི། ཛྭ་ལ་ཛྭ་ལ། ཏ་པ་ཏ་པ། བྷ་ག་བ་ནི། སོ་མ་ཨ་དི་ཏྱ། ས་མ་བ་རུ་ན་ཀུ་བེ་ར། པྲ་ཧྨེ་ན་དྲ་དྷ་ན་ད། ད་བ་རི་ཤིག་ན་ཨ་བྷེ་ཙི་ཏ་ཙ་ར་ན། ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། ཙུ་རུ་ཙུ་རུ། ཏུ་རུ་ཏུ་རུ། མུ་རུ་མུ་རུ། ས་ན་ད་ཀུ་མཱ་ར། རུ་དྲ་བ་ས་བས། བིཥྞྱ་དྷ་ན་ད་ཏ། རི་ཥི་ན་ཡ་ཀ་བ་ཧུ། བི་དྷ་བེ་ཥ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷ་རུ་དྷུ་རུ། ཐ་ར་ཐ་ར། གྷ་ར་གྷ་ར། ཡ་ར་ཡ་ར། ལ་ར་ལ་ར། ཧ་ར་ཧ་ར། ས་ར་ས་ར། མ་ར་མ་ར། བ་ར་བ་ར། དྷ་ཡ་ཀ །ན་ཡ་ཀ །བི་ན་ཡ་ཀ །ས་མནྟ། ཨ་བ་ལོ་ཀི་ཏེ། བི་ལོ་ཀི་ཏེ་ལོ་ཀི་ཤྭ་ར་མུ་ཧུ་མུ་ཧུ། མུ་རུ་མུ་རུ། མུ་ཡ་མུ་ཡ། མུན་ཛ་མུན་ཛ། ཤྲི་གྷ་ཤྲི་གྷ། བདག་འཇིགས་པ་དང༌། གནོད་པ་དང༌། ནད་འགོ་བ་ཐམས་ཅད་དང༌། འཁྲུག་པ་དང༌། དུག་ཐམས་ཅད་ལས་སྲུངས་ཤིག །དེ་བཞིན་དུ་བསད་པ་དང༌། བཅིང་པ་དང༌། བརྡེག་པ་དང༌། སྤྱོ་བ་དང༌། རྒྱལ་པོ་དང༌། ཀུན་པོ་དང༌། མེ་དང༌། ཆུ་དང༌། དུག་དང༌། མཚོན་ལས་ཡོངས་སུ་ཐར་བར་གྱུར་ཅིག །ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎི། ཀུ་ཎུ་ཀུ་ཎུ། ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། ཨིན་དྲི་ཡ་བ་ལ་བོདྱཾ་ག །ཙ་ཏུར་ཨརྻ་སད་ཏྱ། སཾ་པྲ་ཀཱ་ཤ་ཀ །ཏ་མ་ཏ་མ། ད་མ་ད་མ། ས་མ་ས་མ། ས་མ་ས་ཡ། མ་ཧཱ་ཏ་མ་ཨན་ཏ་ཀ་ར། བྷི་ད་མ་ནི་ཀ་ར། ཥ་ཊ་པ་ར་མི་ཏ། ཙུ་ར་ཀ་པ་ར། ཀི་ལི་ཀི་ལི། ཊ་ཊ་ཊ་ཊ། ཊི་ཊི་ཊི་ཊི། ཊུ་ཊུ་ཊུ་ཊུ། ཋ་ཋ་ཋ་ཋ། ཋི་ཋི་ཋི་ཋི། ཋུ་ཋུ་ཋུ་ཋུ། ཨ་ཙརྨ་ཀྲི་ཏ་པ་རི་ཀ་ར། ཨེ་ཧྱ་ཧི། མ་ཧཱ་ཀ་རུ་ཎི་ཀ །ཨི་ཀ་ར་མ་ཧེ། ཤ་ར་བུདྡྷ། ག་ན་བྷ་ན་ཛ་ཀ །ཀུ་རུ་ཀུ་རུ། བ་ར་བ་ར། པ་ར་པར། ས་ར་ས་ར། ཀ་ར་ཀ་ར། ཙུ་རུ་ཙུ་རུ། ཀ་ཏ་ཀ་ཏ། ཀི་ཊི་ཀི་ཊི། ཀུ་ཊུ་ཀུ་ཊུ། པ་ཊ་པ་ཊ། མ་ཊ་མ་ཊ། མ་ཧཱ་བི་ཤུདྡྷ། བི་ཥ་ཡ་བ་ས་ནི། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཤ་བེ་ཏ་ཡ་ཛྙ་བེ་ཏཱ་ཡ། རཏྣ་མུ་ཀུ་ཊ། མུ་ལ་བྷ་ར། སརྦ་ཛྙ་ཤ་རི། སྲི་ཀྲི་ཏི། ཛ་ཏ་མུ་ཀ་ཏྲ། མ་ཙ་བྷ་ར་དྷ་ག་མ་ལ། ཨ་ལ་ཨ་ལྀངྐ་ཏ་ཀ་ར་ཨ་བྷ་ཝ་སྭ་བྷ་ཝ་ས་མཱ་དྷི་བི་མོཀྵ། ཨ་པྲ་ཀམྦྷ། བ་ཧུ་ས་ཏྭ། སན་ཏ་ཏི། བ་རི་མོ་ཙཀྲ། མ་ཧཱ་ཀཱ་རུ་ཎི་ཀ །སརྦ་ཀརྨ་ཨ་པ་ར་ཎ་བི་ཤོ་དྷ་ཀ །སརྦ་བྱི་ཧི་པྲ་མོ་ཙཀྲ། སརྦ་ས་ཏྭ་ས་མ་ཤ་ས་ར། ན་མསྟུ་ར་སྭཱ་ཧཱ། ཀ་ལ་མྲིད་པྲ་ཤ་མ་ནཱ་ཡ་སྭཱ་ཧཱ། ཨ་མོ་གྷ་ཡ་སྭཱ་ཧཱ། ཨོཾ་ཨ་མོ་གྷ་བཱ་ཤཱ་ཡ་སྭཱ་ཧཱ། ཨ་ཛི་ཏཱ་ཡ་སྭཱ་ཧཱ། ཨ་པ་ར་ཛི་ཏ་ཡ་སྭཱ་ཧཱ། མཱ་ར་སྱ་ནི་པ་མརྡ་ནཱ་ཡ་སྭཱ་ཧཱ། བ་ར་དྲཱ་ཡ་སྭཱ་ཧཱ། ཨེ་ད་ན་ཙ་མེ་ཀརྨ་ཀུ་རུ་སྭཱ་ཧཱ། ཨོཾ་ཛ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཧྲི་ཏྲཻ་ལོ་ཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤཱ་ཡ་སྭཱ་ཧཱ། ཨ་པྲ་ཏི་ཧ་ཏ་ཧྲི་ཧ་ཧཱུྃ་ཕཊ་སྭཱ་ཧཱ། །གཟུངས་སྔགས་འདིའི་ཆོ་ག་ནི་ཨ་མོ་གྷ་བཱ་ཤའི་གཟུངས་བུམ་པ་ལ་བཟླས་པས། གེགས་ཀྱིས་བརླ་མས་པའམ། འདྲེ་གདོན་གྱིས་ཟིན་པའམ། བྱད་དུ་ཚུད་པའམ། བུད་མེད་བྱུར་ཆེ་ཞིང་བུ་མི་འབྱུང་བའམ། བུ་མི་གསོས་པ་རྣམས་ལ་ཕན་པར་བྱ་བའི་ཕྱིར། འབབ་ཆུའི་འགྲམ་མམ། ཤིང་གཅིག་པའི་དྲུང་ངམ། ལམ་གྱི་བཞི་མདོ་དང༌། ཁང་སྟོང་ལ་སོགས་པའི་གནས་སུ་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ་ཅིག་ཚོན་རྩི་དཀར་པོས་བྲིས་ཏེ། དབུས་སུ་ཡང་པདྨ་དཀར་པོ་འདབ་མ་བརྒྱད་པ་བྲིས་ལ། གསེར་དངུལ་ལམ། ཟངས་ཀྱི་བུམ་པའམ། ཁམ་པའི་བུམ་པ་སོ་བཟང་པོ་བཏང་བ་ནག་པོ་དང༌། རབ་རིབ་མེད་པ། གས་ཆག་མེད་པའི་ནང་དུ་ཆུ་གཙང་མས་གསུམ་གཉིས་བཀང་སྟེ། རིན་པོ་ཆེ་ལྔ། སྨན་སྣ་ལྔ། དྲི་ལྔ། འབྲུ་སྣ་ལྔ་རྣམས་བླུགས་ལ། མགུལ་ཆིངས་དཀར་པོ་རས་གསར་པ་ཁ་ཚར་ཅན་དང༌། ཁ་རྒྱན་ཤུག་པའམ། ཐང་ཤིང་གི་ལོ་མ་འམ། ཀུ་ཤ་མེ་ཏོག་དང་འབྲས་བུ་དང་བཅས་པ་ཅིག་པདྨའི་སྟེང་དུ་བཞག་ལ། རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུར་བསྒོམ་སྟེ། བུམ་པ་དེ་རིན་པོ་ཆེའི་རྫིང་བུ་བདུད་རྩིའི་ཆུས་གང་བར་བསམ་ལ། ཆུ་དེའི་ནང་ནས་པདྨ་དཀར་པོ་ཅིག་བྱུང་བར་བསམ་ཞིང༌། པདྨའི་ལྟེ་བར་ཧྲཱི་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏུ་གྱུར་བར་བསྐྱེད་ལ། མཆོད་པ་དང༌། བསྟོད་པ་བྱས་ཏེ་གང་འདོད་པ་དེ་འགྲུབ་པར་གྱུར་ཅིག་ཅེས་གསོལ་བ་བཏབ་ལ། ཨ་མོ་གྷ་པཱ་ཤའི་གཟུངས་བུམ་ཆུ་དེ་ལ་ལན་བདུན་གསུམ་དུ་ཚིག་གཞན་མ་འདྲེས་པར་བཟླས་ཏེ། བུམ་ཆུ་དེས་དེའི་སྤྱི་བོ་ནས་བྱུགས་ནས་བཀྲུས་ན། གེགས་དང་གདོན་ཐམས་ཅད་ལས་ཐར་བར་འགྱུར་རོ། །ལུས་ཀྱི་ཕྱི་ནང་གཉིས་ཀ་དག་པར་བཀྲུས་ཏེ། གོས་དཀར་པ་དྲི་མ་མེད་པ་གྱོན་ལ། སྤོས་དང་མེ་ཏོག་ལ་སོགས་པས་བརྒྱན་ལ་གཟུངས་དེ་ཉིད་བཀླགས་ཤིང་གདོན་པར་བྱའོ། །བཀྲ་ཤིས་ཀྱང་བྱའོ། །དཀྱིལ་འཁོར་དེའི་ཁོར་ཡུག་ཏུ་འཇིག་རྟེན་སྐྱོང་བ་བརྒྱད་ཀྱང་སོ་སོའི་མིང་ནས་སྨོས་ཏེ་སྤྱན་དྲངས་ལ་མཆོད་ནས་གང་འདོད་པ་དེ་འགྲུབ་པར་གྱུར་ཅིག་ཅེས་གསོལ་བ་བཏབ་ལ། འབྱུང་པོ་རྣམས་ལ་ཡང་མཆོད་པ་དང་གཏོར་མ་རྒྱ་ཆེར་སྦྱིན་ནོ། །བདག་བསྲུང་བ་དང༌། མཚམས་བཅད་པ་ཡང་བྱས་ཏེ། ཚེས་བརྒྱད་ལ་བྱ་བར་རིགས་སོ། །དེ་ལྟར་བྱས་ན་གེགས་དང་བྱད་དང༌། ནད་འགོ་བ་ཐམས་ཅད་ཀྱིས་མི་ཚུགས་སོ། །འཕགས་པ་སྤྱན་རས་གཟིགས་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།མངྒ་ལ་མསྟུ།། །།

འཕགས་པ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་གཟུངས།

༄༅། །འཕགས་པ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་གཟུངས་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་ས་མནྟ་བྷ་དྲ་ནཱ་མ་དྷ་ར་ཎི། བོད་སྐད་དུ། འཕགས་པ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་བརྒྱད་སྟོང་གི་དགེ་འདུན་ཆེན་པོ་དང༌། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུ་དང་ཐབས་གཅིག་ཏུ་བཞུགས་ཏེ། གནས་གཙང་མའི་རིགས་ཀྱི་ལྷའི་བུ་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེང་བདག་ནི་བདག་གིས་དེ་བཞིན་གཤེགས་པ་ཟླ་བ་བླ་མའི་འོད་ལས་བླངས་པ་ཀུན་ཏུ་བཟང་པོའི་གཟུངས་ཡང་དག་པར་སྟོན་པར་འཚལ་ཏེ། གཟུངས་དེ་ཐོས་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་ཐེག་པ་བ་རྣམས་ཕྱིར་མི་ལྡོག་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་སེལ་ཏོ། །ལོངས་སྤྱོད་ཆེན་པོ་ཕུན་སུམ་ཚོགས་པ་ཡང་ཡོངས་སུ་འཛིན་ཏེ། ལུས་རྣམ་པར་དག་པ་ཡང་ཐོབ་བོ། །ངག་རྣམ་པར་དག་པ་ཡང་ཐོབ་བོ། སེམས་རྣམ་པར་དག་པ་ཡང་ཐོབ་བོ། །ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་བགྱིད་དོ། །གཟུངས་རྒྱ་མཚོ་ཐམས་ཅད་ཀྱང་ཐོབ་བོ། །དེ་བཞིན་གཤེགས་པ་མཐོང་བ་ཐམས་ཅད་ཀྱང་མཉེས་པར་བགྱིད་དོ། །བཅོམ་ལྡན་འདས་བདག་གིས་གཟུངས་འདི་ཐོས་མ་ཐག་ཏུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་ཏོ། །དཔའ་འབར་འགྲོ་བའི་ཏིང་ངེ་འཛིན་ཀྱང་ཐོབ། རིན་ཆེན་ཕྱག་རྒྱའི་ཏིང་ངེ་འཛིན་ཀྱང་ཐོབ་བོ། །འབར་བའི་སྒྲོན་མའི་ཏིང་ངེ་འཛིན་ཀྱང་ཐོབ། རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་ཀྱང་ཐོབ། རྡོ་རྗེ་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ཀྱང་ཐོབ། མི་ཟད་པའི་ཟ་མ་ཏོག་གི་ཏིང་ངེ་འཛིན་ཀྱང་ཐོབ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཀྱང་ཐོབ། ཕྱོགས་བཅུ་རྒྱས་པར་འགེངས་པའི་ཏིང་ངེ་འཛིན་ཀྱང་ཐོབ་སྟེ། བཅོམ་ལྡན་འདས་དེ་ལ་སོགས་པའི་ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གང་གའི་ཀླུང་གི་བྱེ་མ་སྙེད་དག་ལ་མངོན་སུམ་དུ་གྱུར་ཏོ། །བཅོམ་ལྡན་འདས་དེས་ན་བདག་དེ་ལྟར་དྲན་པ་འདི་ལྟ་བུ་དང་ལྡན། བློ་གྲོས་འདི་ལྟ་བུ་དང་ལྡན། ཆགས་པ་མ་མཆིས་པའི་ཡེ་ཤེས་འདི་ལྟ་བུ་དང་ལྡན་ཞིང༌། མཐོང་བ་དང་ཐོས་པ་དང་བསྙེན་བཀུར་བགྱིས་པའི་དོན་མཆིས་པར་གྱུར་ཏེ། བཅོམ་ལྡན་འདས་བདག་ཐོས་པ་དོན་མཆིས། གཟུངས་འདི་ཐོས་པའི་དོན་མཆིས་ན། བཅོམ་ལྡན་འདས་ཀྱིས་གནང་བར་མཛད་ཅིང་འཁོར་བཞི་པོ་དེ་ཡང་ཡོངས་སུ་དགོངས་སུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་དག་དེའི་དུས་ལ་བབ་པར་ཤེས་ན་སྨྲོས་ཤིག །དེ་བཞིན་གཤེགས་པས་འཁོར་བཞི་པོ་འདི་བྱིན་གྱིས་བརླབས་ཟིན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ལ་རྡོ་རྗེའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གཟུངས་འདི་སྨྲས་སྨྲས་སོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཁ་ག་མེ་ཁ་ག་མེ། ཙཀྵུ་ཁ་བེ། ཤློ་ཏྲ་ཁ་བེ། བྷ་ན་ཁ་བེ། ཛི་ཧྭ་ཁ་བེ། ག་ལ་ཡ་ཁ་བེ། མ་ན་ཁ་བེ། ས་ར་ཁ་བེ། ས་ར་ཁ་བེ། ས་ར་ཁ་བེ། ཤཱུ་ན་ཏྲ་ཁ་བེ། ཨ་ན་མ་ཏྲ་ཁ་བེ། ཨ་པྲ་ཎི་ཧི་ཏ་ཁ་བེ། ས་མཱ་དྷི་ཁ་བེ། པཱ་ར་མི་ཏཱ་ཁ་བེ། བོདྷི་ཁ་བེ། ས་ར་ས་ར་ས་ར། སརྦ་བུདྡྷ་ཨ་དྷིཥྛི་ཏེ། བྷ་ར་བྷ་ར་བྷ་ར། དྷརྨ་ཨ་དྷིཥྛི་ཏེ། ཀ་ལ་ཀ་ལ་ཀ་ལ། སཾ་གྷ་ཨ་དྷིཥྛི་ཏེ། ན་མོ་དྭ་ན་པ་ཏི་ནཾ། བུདྡྷ་ཀོ་ཊཱི་ཎཱཾ། ཨ་དྷིཥྛཱ་ན་དུ་མན། ཙ་ཏ་སྭ་བ་ར་ཤ་དོ་ཨཱ་ཡུར་བ་ལ་ཙད་དན་དུ། ཏདྱ་ཐཱ། སུ་ར་བྷི་སུ་ར་བྷི། མ་ཧཱ་སུ་ར་བྷི། མུ་ནི་མུ་ནི། མ་ཧཱ་མུ་ནི། མ་ཏི་མ་ཏི། མ་ཧཱ་མ་ཏི། ན་མོ་རཏྣ་ཏྲ་ཡ་ཡཱ། ན་མ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ས་ཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ་ས་མྲི་དཱ་ན་དུ་ནཱན། ས་མནྟ་བྷ་དྲ་དྷ་ར་ཎི་སྭཱ་ཧཱ། གཟུངས་འདི་ཐོས་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་རྩ་གཉིས་པོ་དེ་དག་གིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དག་ནི་གཟུངས་སྣ་ཚོགས་ཐོབ་པར་གྱུར་ཏོ། །གཟུངས་འདིའི་ཆོ་ག་ནི་འདི་ལགས་ཏེ་ནང་པར་ལངས་ནས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིའོ། །ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་འགྱུར་རོ། །ཕོངས་པར་གྱུར་པའི་ཚེ་ལན་བདུན་ཡིད་ལ་བགྱིས་ན་ཐར་བར་འགྱུར་རོ། །རིམས་ནད་ཐམས་ཅད་ལ་རྣ་བར་བཟླས་བརྗོད་བགྱིའོ། །རླུང་གིས་ཟིན་ན་མར་དང༌། འབྲུ་མར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ་བསྐུ་བར་བགྱིའོ། །སོ་ན་ན་སོ་ཤིང་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ་བཅའ་བར་བགྱིའོ། །རྣ་བ་ན་ན་རས་བལ་གྱིས་ས་བོན་འབྲུ་མར་དང་ལྷན་ཅིག་ཏུ་སྐོལ་བ་ལ་ལན་བདུན་བཟླས་བརྗོད་བགྱིས་ཏེ་ཟངས་ཀྱི་སྣོད་ཀྱིས་རྣ་བར་བླུགས་པར་བགྱིའོ། །ཀླད་པ་ན་བ་ལ་འབྲུ་མར་རོ། །ལྟོ་ན་བ་ལ་བྱབ་བར་བགྱིའོ། །གདོན་གྱིས་བཏབ་པ་ལ་ཚོན་སྐུད་སྣ་ལྔ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ་མགུལ་དུ་གདགས་སོ། །མཁའ་འགྲོ་མའི་གདོན་གྱིས་བཏབ་ན་འབྲུ་མར་ལ་ལན་བདུན་བཟླས་ཏེ་གཤིས་ཐམས་ཅད་དུ་བྱུག་གོ །ནད་ཐམས་ཅད་ལ་བྱབ་པར་བགྱིའོ། །འདི་ནི་སྒྲུབ་པ་མ་མཆིས་པའི་ཆོ་གའོ། །ཇི་སྟེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐོང་བ་དང༌། གཟུངས་དང༌། ཏིང་ངེ་འཛིན་ཐོབ་པ་དང༌། རྫུ་འཕྲུལ་གྱིས་འགྲོ་བ་དང༌། མི་སྣང་བར་བགྱི་བ་དང༌། མིག་བསྐུ་བ་དང༌། ལྡོང་རས་ལ་སོགས་པ་སྒྲུབ་པར་འཚལ་ན། དེས་སྐུ་གདུང་དང་བཅས་པའི་མཆོད་རྟེན་དང་སྐུ་གཟུགས་ཀྱི་སྤྱན་སྔར་དཀྱིལ་འཁོར་བགྱིས་ཏེ་བུམ་པ་གང་བ་བརྒྱ་རྩ་བརྒྱད་བཞག་ལ། གདུགས་དང༌། རྒྱལ་མཚན་དང༌། བ་དན་བྲེས་ཏེ། མེ་ཏོག་སྣ་ཚོགས་ཀྱིས་ཚལ་བར་བཀང་ལ། ཙན་དན་དང༌། ཨ་ག་རུ་དང༌། ཀུན་ཏུ་རུའི་བདུག་པས་བདུགས་ཏེ། མར་མེ་བརྒྱ་རྩ་བརྒྱད་བུད་ཅིང༌། མཆོད་པ་ཆེན་པོ་བགྱིས་ཏེ། ཚངས་པར་སྤྱོད་པ་གཙང་བས་གོས་གཙང་མ་བགོས་ལ་གཟུངས་ཀྱི་གསང་སྔགས་འདི་དག་གིས་མཚམས་བཅད་པར་བགྱིའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ས་ཏྭ་ཡ། མ་ཧཱ་ཀུ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཏི་ལི་བན་དྷ་མི། མི་ལི་བན་དྷ་མི། ཙི་ལི་མི་ལི་བན་དྷ་མི། སི་མི་བན་དྷ་མི། བདག་གི་མཚམས་ལས་སུ་ཡང་འདའ་བར་མ་གྱུར་ཅིག་སྭཱ་ཧཱ། ཆུ་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ་ཕྱོགས་བཅུར་མཚམས་བཅད་པར་བགྱིའོ། །གང་གིས་འགུགས་པར་འགྱུར་བའི་གཟུངས་འདི་དག་ཀྱང་ཐོག་མར་བརྗོད་པར་བགྱིའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ས་ཏྭ་ཡ། མ་ཧཱ་ཀུ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཅི་ལི་ཅི་ལི། མི་ལི་མི་ལི། ཙི་ལི་ལི། ཨེ་ཧི་བྷ་ག་ཝཱན། ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་སྭཱ་ཧཱ། འདི་ནི་བདག་གིས་སྙིང་པོ་བཤད་པ་སྟེ། དེས་བདག་འགུག་པར་འགྱུར་རོ། །དེའི་འོག་ཏུ་ཟླ་བ་ཡར་གྱི་ངོ་ཚེས་བརྒྱད་ནས་བཟུང་སྟེ་ཉའི་བར་དུ་ལན་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ་དུས་གསུམ་དུ་བཟླས་བརྗོད་བརྗོད་བགྱི། དུས་གསུམ་དུ་ཁྲུས་བགྱི། དུས་གསུམ་དུ་གོས་བརྗེ་བར་བགྱིའོ། །དེ་ནས་ཚེས་བཅོ་ལྔ་ན་མཆོད་པ་ཆེན་པོ་བགྱིས་ཏེ་བཟླས་བརྗོད་དཔག་ཏུ་མ་མཆིས་པར་བགྱིའོ། །འོན་ཀྱང་ནམ་གྱི་དགུང་ཐུན་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གསེར་གྱི་ཁ་མདོག་གི་ལུས་དང་ལྡན་པ། མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པ། ལུས་ལས་འོད་ཟེར་བྱེ་བ་སྟོང་འབྱིན་ཅིང་མཆི་བར་འགྱུར་རོ། །དེ་ལ་རིག་སྔགས་འཆང་གིས་སྐྲག་པར་མི་བགྱི་ཞིང་བརྟན་པར་བགྱིས་ན། མཐོང་མ་ཐག་ཏུ་ས་ཐོབ་པར་འགྱུར་རོ། །གཟུངས་དང་ཏིང་ངེ་འཛིན་ཀྱང་ཐོབ་པར་འགྱུར་རོ། །ཤར་ཕྱོགས་སུ་དེ་བཞིན་གཤེགས་པ་མི་འཁྲུགས་པ་མཐོང་བར་འགྱུར་རོ། །ལྷོ་ཕྱོགས་སུ་རིན་ཆེན་ཏོག་དང༌། ནུབ་ཕྱོགས་སུ་འོད་དཔག་མེད་དང༌། བྱང་ཕྱོགས་སུ་དེ་བཞིན་གཤེགས་པ་རྔ་སྒྲ་མཐོང་བར་འགྱུར་རོ། །དེ་ལ་སོགས་པ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་གྲངས་མེད་དཔག་ཏུ་མེད་པ་དག་རགས་པའི་ཚུལ་གྱིས་མཐོང་བར་འགྱུར་རོ། །འདི་ནས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སུ་སྐྱེ་བར་གྱུར་ཏེ། ཐམས་ཅད་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བགྱིད་པར་འགྱུར་རོ། །དེ་སྐད་ཅེས་བཀའ་བསྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང༌། བྱང་ཆུབ་སེམས་དཔའ་དེ་དག་དང༌། གནས་གཙང་མའི་རིགས་ཀྱི་ལྷའི་བུ་རྣམས་དང༌། ཐམས་ཅད་དང་ལྡན་པའི་འཁོར་དེ་དེ་དང༌། ལྷ་དང་མི་དང་ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་མངོན་པར་བསྟོད་དོ། །འཕགས་པ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་གཟུངས་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཇི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙྪ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པའོ།། །།ཞུས་དག། །།

འཕགས་པ་ལག་ན་རྡོ་རྗེ་བཅུའི་སྙིང་པོ།

༄༅། །འཕགས་པ་ལག་ན་རྡོ་རྗེ་བཅུའི་སྙིང་པོ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་ད་ཤ་བཛྲ་པཱ་ཎི་ཧྲི་ད་ཡ། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་བཅུའི་སྙིང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་གནོད་སྦྱིན་གྱི་སྡེ་དཔོན་ལག་ན་རྡོ་རྗེ་བཅུའི་མིང་ཤེས་སམ། རུས་ཤེས་སམ། གསང་སྔགས་ཤེས་པ་དེ་ལ་བྱད་གྱིས་མི་ཚུགས། གནོད་སྦྱིན་དག་རྣམ་པར་འཚེ་བར་མི་འགྱུར་རོ། །སྲིན་པོ་རྣམས་དང༌། ལྷག་མ་ཟ་བ་རྣམས་དང༌། བདུག་པ་ཟ་བ་རྣམས་འཚེ་བར་མི་འགྱུར་རོ། །ཕྱིས་འཇོག་པ་རྣམས་ཀྱང་གནོད་པར་མི་འགྱུར་རོ། །ཏདྱ་ཐཱ། ཨུ་ཀི་རི། མ་ཀི་རི། མ་རཱ་ཙེ་པརྞཎ་ཤ་བ་རི། ཨུ་ལི་མི། མི་ལེ་མེ། ཨི་ལི་མེ། མི་ལེ་མེ། ཨི་ལི་མ་ལ་མེ། ཨི་ལི་མི་ལེ་མེ། ཧིཀྐེ་དྷིཀྐེ། ཧུཀྐེ། དྷུ་དྷུ་རེ། པྲ་དྷ་རེ། ཨ་ལམྥ་ལེ། ཕཱ་ལམྥ་ལེ། ཁུ་ཁུ་མེ་ཏི་ཀུ་མེ་ཏུ་མེ། ཁི་རི་ཁི་རི་སཱ་དྷ་སཱ་དྷ། སརྦ་བཀྵ་ལ། བནྡྷ་མ་བཀྐ་ལེ། ཀུན་དགའ་བོ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་བཅུ་པོ་འདི་དག་ལ་རྟག་ཏུ་བདག་གི་ཕྱི་བཞིན་དུ་འབྲང་བར་གྱུར་ནས་བདག་གཉིད་ལོག་པ་དང༌། མྱོས་པ་དང༌། རབ་ཏུ་མྱོས་པ་ཡང་སྲུང་བ་དང༌། ཡོངས་སུ་སྐྱོབ་པ་དང༌། ཡོངས་སུ་གཟུང་བ་དང༌། ཡོངས་སུ་བསྐྱང་བ་དང༌། ཞི་བ་དང༌། བདེ་ལེགས་སུ་འགྱུར་བར་བྱེད་པ་བཅོམ་ལྡན་འདས་ཀྱིས་བཀས་གསོལ་བ་ཐོབ་ཅིག །འདི་ལྟ་སྟེ། རྒྱལ་བ་ཁྲུ་མཆོག་དང༌། འབྲོག་གནས་དང༌། གངས་གནས་དང༌། ལྔས་རྩེན་དང༌། ནོར་བུ་བཟང་པོ་དང༌། གྲགས་པ་བཟང་དང༌། ལུས་ངན་གྱི་བུས་མཛེས་བྱེད་དང༌། ཕྲེང་བ་མཛེས་དང༌། རྒྱལ་པོ་ཆེན་པོ་ཆོས་སྐྱོང་རྣམ་ཐོས་ཀྱི་བུ་སྟེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་བཅུ་པོ་འདི་དག་རྟག་ཏུ་བདག་གི་ཕྱི་བཞིན་འབྲང་བར་གྱུར་ནས་བདག་གཉིད་ཀྱིས་ལོག་པ་དང༌། མྱོས་པ་དང༌། རབ་ཏུ་མྱོས་པ་ན་ཡང་སྲུང་བ་དང༌། ཡོངས་སུ་སྐྱོབ་པ་དང༌། ཡོངས་སུ་གཟུང་བ་དང༌། ཡོངས་སུ་བསྐྱང་བ་དང༌། ཞི་བ་དང༌། བདེ་ལེགས་སུ་འགྱུར་བར་བྱེད་པ་བཅོམ་ལྡན་འདས་ཀྱིས་བཀས་གསོལ་བ་ཐོབ་ཅིག །གསང་སྔགས་ཀྱི་གཞི་འདི་རྣམས་གྲུབ་པར་གྱུར་ཅིག་སྭཱ་ཧཱ། ཏདྱ་ཐཱ། ས་ར་ས་ར་ཎི་སྭཱ་ཧཱ། དེ་ལ་ལག་ན་རྡོ་རྗེ་བཅུ་པོ་དེ་དག་གི་གསང་སྔགས་ཀྱི་གཞི་རྣམས་ནི་འདི་དག་ཡིན་ཏེ། ཏདྱ་ཐཱ། ཨུཀྟེ། ཀེ་ཏེ། སཾ་ཀ་ཏེ། ཨུང་དུ་ལེ། དྷ་དྷེ། ཏ་ཏེ། ཏ་པ་ཏ་ཧེ་སྭཱ་ཧཱ། ཙི་ཙེ་ཙི་ཙེ་ཅི་ཁེ་ལོ་ཚ་ན་ནི། བྷེ་དྷེ་ནི། སརྦ་བཱིདྱ་ཚེ་དཱ་ནི། སརྦ་ཀྲི་ཏ་ཀ་ཁོརྡ། པ་ར་ཀྲི་ཏ་ནཱ་ཤ་ནི། དེ་ལ་རིགས་སྔགས་ཀྱི་རྒྱལ་པོ་ཆེན་པོ་ལག་ན་རྡོ་རྗེ་བཅུ་པོ་དེ་དག་གི་གསང་སྔགས་ཀྱི་གཞི་དམ་པ་ནི་འདི་རྣམས་ཡིན་ནོ། །ཏདྱ་ཐཱ། ཨ་ལེ་ལཀྵེ། པ་ཀེ་ལེ་ལཀྵེ། ཨ་ཀེ །པ་ཀེ །ལཀྵེ་སྭཱ་ཧཱ། ཏདྱ་ཐཱ། ཧུ་ཏུ་ཧུ་ཏུ། ཧུ་ཏུ་ཧུ་བི་ཏུ་བི་ཏུ། བི་ཏུ་ཏུ། གཙྪ། ས་བྷེ་པ་ཏ་ཧ་ཏ་ཡ་སྭཱ་ཧཱ། ན་མོ་བྷ་ག་བ་ཏེ་བུདྡྷ་སྱ་སིདྡྷ་ཡནྟུ་མནྟྲ་པཱ་དེ་སྭཱ་ཧཱ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ལག་ན་རྡོ་རྗེ་བཅུའི་སྙིང་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ཞུ་ཆེན་གྱི་ལོཙྪ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

ཁྲོ་བོའི་རྒྱལ་པོ་སྨེ་བརྩེགས་ལ་བསྟོད་པའི་སྔགས།

༄༅། །ཁྲོ་བོའི་རྒྱལ་པོ་སྨེ་བརྩེགས་ལ་བསྟོད་པའི་སྔགས་བཞུགས་སོ། །

རྒྱ་གར་སྐད་དུ། ཀྲོ་དྷ་བྷུ་ར་ཀུ་མ་ཀུ་ཊ་རཱ་ཛ་སྟྲོཏྲ་མནྟྲ། བོད་སྐད་དུ། ཁྲོ་བོའི་རྒྱལ་པོ་སྨེ་བརྩེགས་ལ་བསྟོད་པའི་སྔགས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཨོཾ་བྷུ་ར་ཀུཾ་མ་ཧཱ་པྲ་ཎ་ཡ། བྷུར་ཙི་བྷུར་ཀི་མ་ཎཱ་སི། ཨུ་ཙུསྩ་ཀྲོ་དྷ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཕྱག་འཚལ་ཕྱག་འཚལ་ཕྱག་འཚལ་བསྟོད། །ཁྲོ་ལ་ཁྲོས་པས་ཁྲོ་བོ་ཆེ། །སངས་རྒྱས་སངས་རྒྱས་སྔར་སངས་རྒྱས། །ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ། །སྨེ་བརྩེགས་ཞེས་བྱ་བདག་ཕྱག་འཚལ། །བསྐལ་པའི་མེ་ལྟར་འབར་དབུས་ན། །པདྨ་ཉི་ཟླའི་གདན་ལ་བཞུགས། །ལྗང་ནག་ཆེན་པོ་སྨེ་བ་ཅན། །ཞལ་གསུམ་པ་ལ་ཕྱག་དྲུག་སྟེ། །གཡས་དཀར་གཡོན་དམར་དབུས་ལྗང་བ། །སྤྱན་གསུམ་འཇིགས་པའི་མཆེ་བ་གཅིག །མི་གཙང་བདུད་རྩི་སྨན་བཞིན་གསོལ། །གཡས་པར་རྡོ་རྗེ་རལ་གྲི་བསྣམས། །གཡོན་པར་ཞགས་པ་ལྕགས་ཀྱུའོ། །ཐ་མ་སྡིག་མཛུབ་ཐུགས་ཀར་བསྣོལ། །སྨེ་གཙང་མེད་པའི་ལས་དག་བརྩོན། །གདུག་པ་སྦྲུལ་གྱིས་དབུ་ལུས་བརྒྱན། །འཇིགས་སྔངས་མེད་པར་བཏུལ་ཞུགས་སྤྱོད། །ཁྲོ་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོད། །མི་གཙང་བ་ནི་གཙང་བར་མཛད། །ཁྲོ་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོད། །འཇིགས་པ་ཀུན་ལས་སྐྱོབ་པར་མཛད། །ཁྲོ་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོད། །ནད་དང་རིམས་ལས་སྲུང་བར་མཛད། །ཁྲོ་རྒྱལ་ཁྱོད་ལ་ཕྱག་འཚལ་བསྟོད། མི་གཙང་ཟས་དང་མི་གཙང་གོས། །ཐམས་ཅད་སེལ་བར་བྱེད་པའི་མཆོག །ལྷ་དང་ཀླུ་དང་གནོད་སྦྱིན་གདོན། །ཐམས་ཅད་མ་ལུས་དགའ་བར་མཛད། །ནད་དང་རིམས་དང་དལ་ཡམས་རྣམས། །སྲུང་བའི་ལས་མཛད་ཕྱག་འཚལ་བསྟོད། །བདག་ལ་སྲུང་བ་མཛད་དུ་གསོལ། མི་གཙང་བ་རྣམས་གཙང་བར་མཛད། །སྨེ་བ་རྣམས་ནི་མིང་སྨེར་མཛད། །ལྕི་བ་རྣམས་ནི་ཡང་བར་མཛད། །དོག་པ་ཡངས་པ་མཛད་ལ་བསྟོད། །ཁྲོ་བོའི་རྒྱལ་པོ་སྨེ་བརྩེགས་ཁྱེད། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །གང་དག་ཁྱོད་ལ་མོས་བརྟེན་རྣམས། །ལུས་བདེ་སེམས་བདེ་དབང་པོ་བདེ། །བདེ་བའི་ལྷ་ལ་ཕྱག་འཚལ་ལོ། །ལུས་དག་སེམས་དག་དབང་པོ་དག །དག་པའི་ལྟ་ལ་ཕྱག་འཚལ་ལོ། །ལུས་གཙང་སེམས་གཙང་དབང་པོ་གཙང༌། གཙང་བའི་ལྷ་ལ་ཕྱག་འཚལ་ལོ། །ལུས་དྭང་སེམས་དྭང་དབང་པོ་དྭང༌། །དྭང་བའི་ལྷ་ལ་ཕྱག་འཚལ་ལོ། །ལུས་གསལ་སེམས་གསལ་དབང་པོ་གསལ། །གསལ་བའི་ལྷ་ལ་ཕྱག་འཚལ་ལོ། །ལྷ་ཀླུ་ཡི་དྭགས་འདྲེ་སྲིན་སོགས། །གནོད་སྦྱིན་འབྱུང་པོས་འདི་ཐོས་ན། །སྡུག་བསྔལ་ཞི་ནས་བདེ་བར་འགྱུར། །གངས་རྒྱུད་བཞིན་དུ་དཀར་བར་འགྱུར། །ཤེལ་དཀར་བཞིན་དུ་གཙང་བར་འགྱུར། །མེ་ལོང་བཞིན་དུ་གསལ་བར་འགྱུར། །ནམ་མཁའ་བཞིན་དུ་དྭངས་བར་འགྱུར། །ས་དང་མཁའ་ལ་འཁོད་པ་ཡི། །ལྷ་ཀླུ་ལ་སོགས་སྡེ་བརྒྱད་ཀུན། །དགེ་བའི་བསམ་པས་འཁོད་འགྱུར་ཏེ། །གཞན་ལ་མ་གནོད་ཞི་བར་མཛོད། །ཁྲོ་བོའི་རྒྱལ་པོ་སྨེ་བརྩེགས་ལ་བསྟོད་པའི་སྔགས་སོ། །ཞུས་དག །སརྦ་མངྒ་ལཾ། །དགེའོ།། །།

འཕགས་པ་རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས།

༄༅། །འཕགས་པ་རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་བཛྲ་ཨ་ཛི་ཏེ་ཨ་ན་ལ་པྲ་མོ་ཧ་ནི་ནཱ་མ་དྷ་ར་ཎི། བོད་སྐད་དུ། འཕགས་པ་རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས། །སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རིན་པོ་ཆེའི་ཁང་པ་བརྩེགས་པ་ཅན་གྱི་རིའི་གངས་རི་སུལ་གྱི་མཆོག །རི་རབ་ཀྱི་སྨད་དང་སྐེད་པར་གསེར་གྱི་རྡོ་སྣ་ཚོགས་ཀྱིས་གང་ཞིང་རེ་འུར་བྲེས་པ་འབར་བ། རིན་པོ་ཆེའི་རྡོ་དུ་མའི་འོད་སྣ་ཚོགས་འཇའ་ལྟ་བུ་བྱུང་བའི་རྡོ་ལེབ་ཡངས་པ། མེ་ཏོག་དྲི་ཞིམ་པོ་བཀྲམ་ཞིང་ཕྱེ་མ་དང༌། བདུག་པ་དྲི་ཞིམ་པོ་མང་པོས། ཕུག་གི་ནང་དང་ནགས་བསྒོས་པ། གདུགས་དང༌། ཨ་ཀ་རུ་དང༌། ཕྱེ་མ་དང༌། དྲིལ་བུ་དང༌། བླ་རེས་མཛེས་པར་བྱས་པའི་རི་བོ་མཆོག་ལ་བཞུགས་ཏེ། དེ་ན་བཅོམ་ལྡན་འདས་ལྷ་རྣམས་དང༌། ལྷའི་བུ་རྣམས་དང༌། ལྷ་མ་ཡིན་རྣམས་དང༌། རླུང་ལྷ་རྣམས་དང༌། ནམ་མཁའ་ལྡིང་རྣམས་དང༌། ཀླུ་རྣམས་དང༌། གནོད་སྦྱིན་རྣམས་དང༌། མིའམ་ཅི་རྣམས་དང༌། སྲིན་པོ་རྣམས་དང༌། དྲི་ཟ་རྣམས་དང༌། རིག་སྔགས་འཆང་གྲུབ་པ་རྣམས་དང༌། འབྱུང་པོ་རྣམས་དང༌། ལོག་འདྲེན་རྣམས་དང༌། ཤ་ཟ་རྣམས་དང༌། སྣང་བ་དང་མི་སྣང་བའི་མ་མོའི་ཚོགས་ཁྱབ་པར་བྱེད་པ་རྒྱ་ཆེན་པོ་དག་གིས་དཔག་ཚད་ལྔ་བརྒྱར་འཁོར་གྱི་དཀྱིལ་འཁོར་དུ་གྱུར་པར་འདུས་ཏེ། དེ་ན་གནས་པའི་བྱང་ཆུབ་སེམས་དཔའ་བདུན་ཁྲི་ལྔ་སྟོང་དང༌། དགེ་སློང་ཁྲི་ཉིས་སྟོང་ལྔ་བརྒྱ་དང་ཐབས་གཅིག་གོ །བཅོམ་ལྡན་འདས་ནི་ཆོས་སྟོན་ཏེ། གནས་པར་བདེ་བ། མཉན་ན་བདེ་བ། འཁོར་བ་ལས་ངེས་པར་འབྱུང་བའི་ཆོས་སྟོན་ཏོ། །དེ་ན་ལྷ་རྣམས་དང༌། ལྷའི་བུ་རྣམས་དང༌། ལྷ་མ་ཡིན་རྣམས་དང༌། ལྷ་མ་ཡིན་གྱི་བུ་རྣམས་དང༌། རླུང་ལྷ་རྣམས་དང༌། རླུང་ལྷའི་བུ་རྣམས་དང༌། ནམ་མཁའ་ལྡིང་རྣམས་དང༌། ཀླུ་རྣམས་དང༌། གནོད་སྦྱིན་རྣམས་དང༌། མིའམ་ཅི་རྣམས་དང༌། སྲིན་པོ་རྣམས་དང༌། སྲིན་པོའི་བུ་རྣམས་དང༌། དྲི་ཟ་རྣམས་དང༌། རིག་སྔགས་འཆང་གྲུབ་པ་རྣམས་དང༌། འབྱུང་པོ་རྣམས་དང༌། ལོག་འདྲེན་རྣམས་དང༌། ཤ་ཟ་རྣམས་དང༌། སྣང་བ་དང་མི་སྣང་བའི་མ་མོའི་ཚོགས་རྣམས་དང༌། འབྱུང་པོའི་ཚོགས་རྣམས་རྣམ་པར་རྒྱུ་ཞིང་ཀུ་ཅོ་དང༌། འཇིགས་པ་དང་ཉམ་ཐག་པའི་སྒྲ་འབྱིན་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་སྒྲ་དེ་དག་གསན་ནས་འདི་སྐད་ཅེས་བཀའ་བསྩལ་ཏོ། །ཀྱེ་བཞིན་བཟང་བ་དག་ཅིའི་ཕྱིར་ཀུ་ཅོ་དང༌། འཇིགས་པ་དང༌། ཉམ་ཐག་པ་དང༌། འཁྲུག་པའི་སྒྲ་འབྱིན། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་བདག་ཅག་ནི་དབང་དུ་བགྱིས་ཏེ། གནོད་པ་དང་དྲང་བས་བཀུག་ཅིང་དྲངས་ཏེ་མཐོ་བརྩམས་ཏེ། བཅོམ་ལྡན་འདས་བསྐྱབ་ཏུ་གསོལ། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཐམས་ཅད་ཀྱི་སྟེང་གི་དཀྱིལ་འཁོར་ཡངས་པ་སྟོན་པའི་མཆོག་གི་བློ་གྲོས་དང༌། བློ་དང༌། ལས་དང༌། ལས་ཀྱི་མཐའ་དང་ལྡན་པ། ས་ཆེན་པོ་ལས་ས་གཞན་ཐོབ་པ་རྒྱལ་ཚབ་དུ་ཉེ་སྟེ། ཆོས་ཀྱི་རྒྱལ་སྲིད་ལ་དབང་བསྐུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྗེས་སུ་དགོངས་པར་མཛད་པ་ཙམ་གྱིས་འོངས་ཏེ། རྡོ་རྗེའི་ཟོམ་ལྟར་དཔུང་མགོ་ཡངས་པ། རྡོ་རྗེ་ལྟར་མཁྲེགས་པའི་ཅོད་པན་འོད་ཟེར་འཚེར་བ་ཅན་རྡོ་རྗེའི་དཔུང་རྒྱན་དང་ལྡན་པ། ལུས་མཁྲེགས་ཤིང་སྲ་བ། ལག་ན་རྡོ་རྗེ་དང༌། ཞགས་པ་དང༌། ལག་ཆ་བརྟན་པོ་འབར་བ་ཐོགས་པ། རྡོ་རྗེ་ཕུར་བུ་སྲ་བས་རབ་ཏུ་འཇོམས་པར་བྱེད་པ། མཐུ་ཆེན་པོ་གཡོག་བཞི་འབུམ་ལྔ་ཁྲི་དང་ལྡན་པ། འཇིག་རྟེན་གྱི་ཁམས་འདི་ཀུན་ཏུ་སྣང་བར་བྱེད་ཅིང་རྡོ་རྗེའི་རིགས་ཀྱི་གཞོན་ནུ་དང༌། རྡོ་རྗེའི་བེ་ཅོན་དང༌། རྡོ་རྗེའི་སྙིང་པོ་དང༌། རྡོ་རྗེའི་ཏོག་དང༌། རྡོ་རྗེའི་སྣང་བ་དང༌། རྡོ་རྗེའི་སྔོན་པོ་དང༌། རིན་པོ་ཆེའི་རྡོ་རྗེ་དང༌། གསང་བའི་རྡོ་རྗེ་དང༌། འཁོར་ལོ་རྡོ་རྗེ་ལ་སོགས་པ་དང༌། རྡོ་རྗེའི་དམག་དཔོན་ཆེན་པོ་རྣམས་དང༌། དམག་སྐྱོང་རྣམས་དང༌། ས་སྐྱོང་རྣམས་དང༌། རྡོ་རྗེ་རིག་པའི་རྒྱལ་པོ་ཡང་དག་པ་དང༌། ཡང་དག་པ་མ་ཡིན་པ་ཡང་དག་པར་རྟོགས་པ་རྣམས་དང༌། རྡོ་རྗེའི་ཡུམ་རྣམས་དང༌། རྡོ་རྗེ་རྣམ་པར་འདྲེན་རྣམས་དང་ལྷན་ཅིག་ཏུ་རྡོ་རྗེ་གཞོན་ནུའི་གདོན་རྣམས་དང༌། རྡོ་རྗེ་གནོན་པོ་རྣམས་དང༌། རྡོ་རྗེ་རྨི་ལམ་ངན་བྱེད་རྣམས་ཡང་དག་པར་བསྐུལ། རྣམ་པར་བསྐུལ་ཞིང་འཁོར་གྱི་ཁྱམས་ཆེན་པོར་འདུས་པ་ཀུན་སྣང་བར་བྱེད། རྣམ་པར་སྣང་བར་བྱེད། གསལ་བར་བྱེད་རྣམ་པར་གསལ་བར་བྱེད། རབ་ཏུ་དགའ་བར་བྱེད། ཡང་དག་པར་བསྐུལ། སོ་སོར་བསྐུལ་ཞིང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། བླ་གོས་ཕུད་ནས་ཞབས་ལ་ཅོད་པན་གྱིས་གཏུགས་ཏེ་ལན་གསུམ་དུ་བསྐོར་བ་བྱས་ནས་ཐལ་མོ་སྦྱར་ཏེ་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་རྗེས་སུ་ཡི་རང་བ་མཛད་དེ། རྡོ་རྗེ་ཁྱོད་སོང་ལ་ལྷ་རྣམས་དང༌། ལྷའི་བུ་རྣམས་དང༌། ལྷ་མ་ཡིན་རྣམས་དང༌། ལྷ་མ་ཡིན་གྱི་བུ་རྣམས་དང༌། རླུང་ལྷ་རྣམས་དང༌། རླུང་ལྷའི་བུ་རྣམས་དང༌། ནམ་མཁའ་ལྡིང་རྣམས་དང༌། ནམ་མཁའ་ལྡིང་གི་བུ་རྣམས་དང༌། འདུས་པ་ཆེན་པོའི་བར་དག་སྒྲ་འབྱིན་ཅིང་ཉམ་ཐག་པ་མྱོང་བ་རྣམས་ཀྱི་བསམ་པ་རྫོགས་པར་གྱིས་ཤིག །དེ་ནས་རྡོ་རྗེ་འཆང་སྟན་ལས་ལངས་ཏེ། ལྷ་དང༌། ལྷ་མ་ཡིན་དང༌། རླུང་ལྷ་དང༌། ནམ་མཁའ་ལྡིང་དང༌། འབྱུང་པོའི་ཚོགས་ཀྱི་ནང་དུ་སོང་ནས་རྗེས་སུ་སྟོན་ཅིང་རྡོ་རྗེ་མཚོན་ཆའི་མེ་སྒྲོན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ་རྫུ་འཕྲུལ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་སུ་མེ་ལྕེ་འབར་བའི་འོད་འཕྲོ་བ་དང༌། མེ་སྟག་རྣམ་པར་འཕྲོ་བ་དང༌། ལྕེ་འབེབས་པའི་གློག་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་རྣམས་གཟིར་ཏོ། དེ་ནས་བསྐལ་པ་ཆེན་པོ་སྔར་རྨི་ལམ་དང༌། ཆུ་དང༌། གང་གའི་ཀླུང་གི་བྱེ་མའི་གྲངས་ཀྱི་ཚད་ཙམ་དག་གིས་མདངས་དང༌། གཟི་བརྗིད་དང༌། ཚངས་པར་སྤྱོད་པ་དང༌། གཙང་མ་དང༌། བཟོད་པ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་དང༌། དཀའ་ཐུབ་དང་རང་གི་ལོངས་སྤྱོད་ཐམས་ཅད་ལས་བྱུང་བ་ལས་གྲུབ་པའི་རྡོ་རྗེ་དེ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དེའི་ལག་ཏུ་བྱིན་ནོ། །དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་རབས་ཀྱི་ཆོས་སྟོན་པར་གྱུར་པ་དགྲ་བཅོམ་པ་རྣམས་ཀྱི་ཆོས་དང༌། ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་བྱེད་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། སྙིང་རྗེ་བྱེད་པ་རང་གི་རྡོ་རྗེ་དང༌། རིགས་ཀྱི་རིག་པ་དང༌། དཀྱིལ་འཁོར་དང༌། བཀླགས་པའི་ཚུལ་དུ་གྱུར་པ་དྲག་པོ་དང༌། དབང་པོ་དང༌། གཤིན་རྗེ་དང༌། ཆུ་ལྷ་དང༌། ལུས་ངན་དང༌། རླུང་ལྷ་དང༌། ནམ་མཁའ་ལྡིང་གདུལ་དཀའ་བ་རྣམས་འདུལ་བ་སྟེ། དེ་ལྟར་དེ་ལས་བྱུང་བའི་བཅོམ་ལྡན་འདས་ཁྲོ་བོ་དྲག་པོ་རྣམས་རྨོངས་པར་བྱེད་པ། སྒྱུ་དང་ལྡན་པ་རྣམས་རྨུགས་པར་བྱེད་པ། སྡང་བ་རྣམས་བསྐྱོད་པ། རྨོངས་པ་རྣམས་འཇིགས་པ། དམ་པོ་རྣམས་རྩད་ནས་འདོན་པ། རྒྱས་པ་རྣམས་སྦུར་མར་རློག་པ། ཡོན་པོ་རྣམས་སྲོང་བ། གཅོད་པ་རྣམས་སྙིང་རྗེས་འབྱེད་པ། འབྱུང་པོ་རྣམས་སྐྲག་པར་བྱེད་པ། སྲིན་པོ་རྣམས་སྔངས་པར་བྱེད་པ། རང་གི་གསང་སྔགས་རྣམས་རྫོགས་པར་བྱེད་པ། གཞན་གྱི་གསང་སྔགས་རྣམས་ཕུར་བུས་འདེབས་པ། ནུས་པ་རྣམས་སྟོན་པར་བྱེད་པ། གསོད་པར་བྱེད་པ། གནོད་པར་བྱེད་པ་ཕུང་བར་བྱེད་པ་དེ་དེར་སོང་ནས་ལྷ་རྣམས་དང༌། ལྷའི་བུ་རྣམས་དབང་དུ་བྱེད་དེ། དེ་ལྟར་དྲག་པོ་བས་དྲག་པོ་གྲུབ་པ་དང༌། ཁྱབ་འཇུག་པས་ཁྱབ་འཇུག་གྲུབ་པ་དང༌། ལྷ་མ་ཡིན་པས་ལྷ་མ་ཡིན་གྲུབ་པ་དང༌། དེ་དག་སྤྱིར་བསྐུལ་ཞིང་དཀྱིལ་འཁོར་དུ་འཇུག །སྐྱོད་པར་བྱེད། མཐུ་སྟོན་པར་བྱེད། རྗེད་པར་བྱེད། རྣམ་པར་སྐྲག་པར་བྱེད་དོ། །སྟོབས་བཅུས་དགོངས་པ་བཀའ་སྩལ་པའི་རྡོ་རྗེ་འཆང་གིས་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས་གསུངས་པ་དང༌། གཟུངས་འདིའི་སྟོབས་དང༌། བདེན་པའི་བྱིན་གྱིས་བརླབས་ཀྱིས་འོད་ཀྱི་འོད་ཟེར་གྱི་དཀྱིལ་འཁོར་ཆེན་པ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་རྡོ་རྗེ་དང་བཅས་པའི་ལག་ན་རྡོ་རྗེ་བསྐུལ་ནས། འོད་དེས་དེ་རབ་ཏུ་དགའ་སྟེ་རྡོ་རྗེ་ལས་སྣང་བ་བཀྱེ་བ་རྣམས་ཀྱིས་ས་གསུམ་གྱི་སྟོན་གྱི་སྐར་མ་དང༌། ཟླ་བའི་འོད་ཟིལ་དུ་བརླག་པར་བྱས་ནས་སྣང་བ་གཅིག་པུར་བྱེད་ཅིང་རྒྱ་མཚོ་ཆེན་པོ་ནི་སྐེམས། རིའི་རྒྱལ་པོ་རི་རབ་ནི་གཡོ་བར་བྱེད། གློག་གི་འཁོར་ལོ་དང༌། ལྕེ་འབེབ་པའི་འབྲུག་ནི་བསྒྲགས། སྒྲ་དྲག་པོ་ནི་ཕྱུང༌། བསྒྱིངས་པའི་སྒྲ་ནི་བསྒྲགས། སྐྲག་པར་ནི་བྱས་སོ། །དེ་ན་རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས་མེ་ལྕེ་འོད་འཕྲོ་ཆེན་པོ་ཁོང་ན་འདུག་པ། སྐྲ་ཚོགས་གསེར་དང་རིན་པོ་ཆེ་འདྲ་བ། རྡོ་རྗེ་འཆང་རྡོ་རྗེའི་བུ་མོ་ཞེས་བྱ་བའི་བཅོམ་ལྡན་འདས་མ་དེས་བསྐོར་བ་ལན་གསུམ་བྱས་ནས། ཡིད་ཆེས་མགྱོགས་པའི་ཤུགས་འོད་འཕྲོ་ཞིང་འབར་བ་ལྟ་བུར་དྲག་པོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྫུ་འཕྲུལ་ཆེན་པོ་ལ་སྐྱབས་སུ་སོང་ངོ༌། །དེ་འོངས་པ་དང༌། འཕགས་པ་རྡོ་རྗེ་འཆང་གིས་སྨྲས་པ། སྐལ་པ་ཆེན་པོ་དགེ་མ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱིས་སེམས་དང་ལྡན་མ། འདི་དག་ལ་ལག་ཆ་དང་མཐུན་པར་བྱ་བའི་སྟོབས་བྱིན་ཅིག །དེ་ནས་གཟུངས་ཀྱིས་སྨྲས་པ། འདི་དག་བཀའ་སྩལ་པ་དེ་བཞིན་དུ་བགྱིའོ། །ཞེས་ལན་གསུམ་ཚིག་ཏུ་སྨྲས་སོ། །ཐོར་ཚུགས་གསུམ་མ། ས་གསུམ་དང༌། དུས་གསུམ་དང༌། དྲག་པོའི་རྩེ་གསུམ་དང༌། ཁྱབ་འཇུག་གི་འཁོར་ལོ་དང༌། གཤིན་རྗེའི་བེ་ཅོན་དང༌། ལུས་ངན་གྱི་དབྱུག་ཐོ་དང༌། དབང་པོའི་རྡོ་རྗེ་དང༌། ཆུ་ལྷའི་ཞགས་པ་དང༌། ལོག་འདྲེན་རྣམས་ཀྱི་གེགས་དང༌། ལྷ་མ་ཡིན་རྣམས་ཀྱི་སྒྱུ་དང༌། རླུང་ལྷ་རྣམས་ཀྱི་གཟི་དང༌། ཤུགས་དང༌། གྲུབ་པ་རྣམས་ཀྱི་རྨོངས་བྱེད་དང༌། མ་མོའི་ཚོགས་རྣམས་ཀྱིས་གཅོད་པ་དང༌། ཀླུ་རྣམས་ཀྱི་དམ་ཚིག་དང་དུག་དང༌། ཁྲོ་བོ་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། མི་འམ་ཅི་དང༌། ཤ་ཟ་དང༌། འབྱུང་པོ་དང༌། ཚངས་པ་དང༌། སྲིན་པོ་དང༌། གྲུལ་བུམ་དང༌། བདེན་བྲལ་དང༌། གནོན་པོ་དང༌། རོ་ལངས་ཀྱིས་སྐབས་སུ་རྒོལ་བ་རྣམས་དང༌། དེ་བཞིན་དུ་ཐམས་ཅད་ཀྱང་སྦྱོངས་ཤིག །མིག་གི་འཛུམ་པ་ཙམ་གྱིས་ཡུད་ཙམ་ལ་ཐམས་ཅད་མཆོད་ནས་ལག་ན་རྡོ་རྗེ་ལ་སྙིང་པོ་འདི་ཕུལ་ཏེ་སྨྲས་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཏ་ཐཱ་ག་ཏ་ས་མཱ་དྷི་དྷ་ར་ཎི། མ་ཧཱ་ཨཱ་བརྟ་ཡི་ཥྱཱ་མི། ཨ་ཧི་བཛྲེ། ཀུ་བི་ལི། ཀུ་ཊི་པཱ་བ་ཀཱ་ཀུ་ལ་ཤི་ཁི། ཀ་པི་ལ་ཀེ་ཤི། ཏ་ཊི་ཙི་ཊི་ཙི་ཊི་མི་ཊི་མི། ཀརྐ་ཊ་མུ་ཊ་བི་ཊ་ཊི་བཛྲེ། མ་ཧཱ་བི་དྷུ་ལ་ལོ་ལེ། བུ་གུ་པུ་ལུ། སུ་མུ་སུ་མུ། ས་ར་ས་ར། ཕཊ་ཕཊ། སུ་དྱོ་ཏེ། པིཾ་ག་ལེ་ཙི་ཏེ། ཛཱ་ལ་པིངྒ་ལེ་སརྦ་དེ་བ་ག་ཎ། པྲ་ཧ་ར་ཎ་མཱ་ཡཱ། སིདྡྷ་དཱ་ཡི་ཀེ །སུ་རུ་ཀེ །ཀུ་རུ་ཀེ །བཛྲ་གྷོ་ཎེ། བཛྲ་དྲི་ཌྷ། སྭཱ་ར་བྲ་ཧཱ་ར་ཎེ། རཏྣ་ཏྲཱ་ཡ། དི་ཀྲ་ལ་བུདྡྷེ་ཏེ། བཛྲ་དྷ་ར་བི་ཤཱ་ས་ནི་ཀ །ཨ་པྲ་ཏི་ཧ་ཏ་པྲ་མརྡ་ནི་སྭཱ་ཧཱ། གང་གསང་སྔགས་འདི་རྗེས་སུ་དྲན་ནས་ཀློག་གམ། སྒོམ་མམ། འཛིན་པ་དེ་ཐོས་ན་ངན་འགྲོ་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་རོ། །འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར་རོ། །དམ་ཚིག་དང༌། ཕྱག་རྒྱ་ལ་ཞུགས་པར་འགྱུར་རོ། །བསམ་པ་དང་རྗེས་སུ་ཡི་རང་བས་འགུགས་པར་བྱེད་དོ། །དུག་དང༌། གསང་སྔགས་དང༌། མདུད་པ་དང༌། རྡེག་པ་དང༌། འཆིང་བའི་འཇིགས་པ་ལ་སོགས་པ་རྣམ་པར་སྐྲག་པར་བྱེད་དོ། །དེ་ནས་ལྷ་དང༌། ལྷའི་བུ་དེ་དག་གི་དེའི་མཐུས་བཅོམ་ལྡན་འདས་རྡོ་རྗེ་འཆང་དེའི་རྣམ་པར་རོལ་པ་དང༌། བཅོམ་ལྡན་འདས་ཀྱིས་གསུངས་པ་རྣམ་པ་མང་པོ་དུ་མ་ཡང་མྱོང་ནས་སྟེང་གི་གནས་གཙང་མ་དང༌། འོག་མིན་གྱི་ལྷ་དང༌། འཇིག་རྟེན་གྱི་ཁམས་གཞན་ན་གནས་པ། བདག་གིས་འོད་དང་ལྡན་པའི་མེ་ཏོག་དང༌། བདུག་པའི་སྤྲིན་དང༌། རིན་པོ་ཆེ་མང་པོའི་ཆར་རྒྱ་ཆེན་པོས་མཆོད་ནས་བསྟོད་པ་སྙན་པས་བསྟོད་དེ། སྙན་ཅིང་ཟབ་ལ་རྔ་སྒྲ་ལྟ་བུ་དང༌། བསིལ་བ་དང༌། བསོད་ནམས་ཀྱི་ཚིགས་སུ་བཅད་པ་དག་ཀྱང་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང༌། བྱང་ཆུབ་སེམས་དཔའ་དེ་དག་དང༌། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོཙྪ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པའོ། །

འཕགས་པ་རིག་སྔགས་ཀྱི་རྒྱལ་པོ་དབུགས་ཆེན་པོ་ཞེས་བྱ་བ།

༄༅། །འཕགས་པ་རིག་སྔགས་ཀྱི་རྒྱལ་པོ་དབུགས་ཆེན་པོ་ཞེས་བྱ་བ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་བིདྱ་རཱ་ཛཱ་ཤྭ་ས་མ་ཧཱ་ནཱ་མ། བོད་སྐད་དུ། འཕགས་པ་རིག་སྔགས་ཀྱི་རྒྱལ་པོ་དབུགས་ཆེན་པོ་ཞེས་བྱ་བ་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། དེ་ནས་བཅོམ་ལྡན་འདས་ལ་གླིང་བཞི་པའི་དབང་ཕྱུག་འབྱུང་པོའི་བདག་པོ་ཆེན་པོ། མཆེ་བ་གཙིགས་པ་སེར་སྐྱ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་འབྱུང་པོ་ཐམས་ཅད་ཀྱི་བདག་པོ་ལགས་ཏེ། བདག་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ན་མཆིས་པའི་འབྱུང་པོ་ཐམས་ཅད་ལ་འཚོ་བར་བགྱིད། རྡེག་པར་བགྱིད། འཆིང་བར་བགྱིད། འཇིག་རྟེན་གྱི་ཁམས་འདི་ནས་འཇིག་རྟེན་གྱི་ཁམས་གཞན་དུ་འཕེན་པར་བགྱིད་པ། ཡན་ལག་དང་ཉིང་ལག་རྣམས་རྣམ་པར་གཅོད་པར་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་གང་གི་ཚེ། བདག་བཀྲེས་པར་གྱུར་པ་ན། དབུགས་གཏོང་སྟེ། དབུགས་དེས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་འགེངས་པར་བགྱིད་ཅིང༌། བཅོམ་ལྡན་འདས་བདག་མི་དང་མི་མ་ལགས་པ་ཐམས་ཅད་ཀྱི་གཟི་བྱིན་འཕྲོག་པར་བགྱིད་པ་ལགས་ཏེ། དབུགས་ཆེན་པོས་སེམས་ཅན་རྣམས་རེག་མ་ཐག་ཏུ་བྲོ་ནད་སྣ་ཚོགས་དག་འབྱུང་ལགས་སོ། །བཅོམ་ལྡན་འདས་གང་ན་རིག་སྔགས་ཀྱི་རྒྱལ་པོ་དབུགས་ཆེན་པོ་ཞེས་བགྱི་བ་འདི་སྤྱོད་པ་དེར། བདག་གི་དབུགས་ཀྱིས་མི་ཚུགས་པ་དང༌། འབྱུང་པོ་རྣམས་འཚེ་བར་མི་འགྱུར་བ་དང༌། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ལ་ཕྱག་བགྱིས་ནས། མགོ་འམ་མགུལ་དུ་བཏགས་ཏེ། འཆང་བ་དེར་རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། འདུས་པ་ལས་གྱུར་པའི་བྲོ་ནད་རྣམས་འབྱུང་བར་མི་འགྱུར་བར་བདག་གིས་དེང་སླན་ཆད་དེ་བཞིན་གཤེགས་པའི་སྤྱན་སྔར་ཡི་དམ་འཚལ་ལགས་སོ། །ཏདྱ་ཐཱ། ཌ་ར་ཌ་ར། ཌ་ཌ་ར་ཌ་ཌ་ར། ཐ་ར་ཐ་ར། ཐར་ཐ་ར་ཐར་ཐ་ར། མ་ར་མ་ར། མ་མ་ར་མ་མ་ར། ཧུ་དྷུ་ཧུ། ཧ་ཧ་ཧ། ས་ར་ས་ར་ས་ར། ཙུ་ཙུ་ཙུ། བུ་བུ་བུ། ཀི་ལི་ཀི་ལི་ཀི་ལི། སརྦ་བྷུ་ཏ། ཨ་དྷི་པ་ཏི། དྲ་དྲ་དྲ། བྲ་བྲ་བྲ། ཁུ་ཁུ་ཁུ། ཀྲ་ཀྲ་ཀྲ། ཡ་ས་ཡ་ས་ཡ་ས། པཱཎྜ་རེ། པཱཎྜ་རེ། པཱཎྜ་རེ། ཧུ་ལུ་ཧུ་ལུ་ཧུ་ལུ། ཧུ་ཧུ་ཧུ། བདག་ལ་སྲུངས་ཤིག །སྲུངས་ཤིག །ཙི་ལི་ཙི་ལི་ཙི་ལི། མི་ལི་མི་ལི་མི་ལི། ཁོ་ཤ་ཁོ་ཤ་ཁོ་ཤ། གཽ་རཱི་གཽ་རཱི་གཽ་རཱི། བདག་གི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག་སྭཱ་ཧཱ། མ་ཧཱ་ཤྭ་སྭཱ་ཧཱ། མ་ཧཱ་བྷ་ཏ། ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། གཽ་རྻེ་སྭཱ་ཧཱ། ཨུ་གྲཱ་ཡ་སྭཱ་ཧཱ། བདག་བདེ་ལེགས་སུ་གྱུར་ཅིག །དཾ་ཥྚི་ཀ་རཱ་ལ་པིཾ་ག་ལ་ཨཱ་ཛྙཱ་པ་ལ་ཏི་སྭཱ་ཧཱ། འཕགས་པ་རིག་སྔགས་ཀྱི་རྒྱལ་པོ་དབུགས་ཆེན་པ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོཙྪ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

འཕགས་པ་བུ་མང་པོ་སོ་སོར་འབྲང་བ།

༄༅། །འཕགས་པ་བུ་མང་པོ་སོ་སོར་འབྲང་བ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་བ་ཧུ་པུ་ཏྲ་པྲ་ཏི་ས་ར་ནཱ་མ་དྷ་ར་ཎི། བོད་སྐད་དུ། འཕགས་པ་བུ་མང་པོ་སོ་སོར་འབྲང་བ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་དེང་འདིར་རྒྱལ་པོ་གསལ་རྒྱལ་དང་འཐབ་རྩོད་མཚང་འབྲུས་ཏེ་བཀྱེ་བར་གྱུར་ན། བཅོམ་ལྡན་འདས་དེ་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །ཁྱིམ་བདག་དེའི་ཕྱིར་ཁྱོད་ཀྱིས་བུ་མང་པོ་སོ་སོར་འབྲང་བ་ཞེས་བྱ་བའི་རིག་སྔགས་འདི་ཟུངས་ཤིག །ཆོངས་ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །ཏདྱ་ཐཱ། ད་ཌེ་བ་ཌ་ཌེ། ཨུ་བ་ད་ཌེ་ད་ཌེ། ཨུ་པ་ད་ཌེ་ད་ཌ། གམ་བྷི་རི། ཨ་བརྟེ་ནེ། ནི་བརྟེ་ནེ། དྷ་ཧཱི་དྷ་ཧཱི། ཨ་བརྟ་ནི། བདག་གིས་ས་ཤཱ་ན་ཀརྨི་ཀཱ་ནཱན། པྲ་ཏྱ་ནྲི་ཀ་ནཱན། ཏྱརྠི་མོ་ཏྲ་ནཱན། ཙཀྵུ་མོ་ཧ་ནཾ་ཀ་རོ་མི། ཤྲོ་ཏྲཱ་མོ་ཀ་རོ་མི། ཛི་ཧཱ་གྲ་ཧཱ་ནཾ་ཀོ་ར་མི། ཏདྱ་ཐཱ། ད་ཌེ། བ་ད་ཌེ། བྷ་ནཱན། མོ་ཧ་ནཱན། ཕྲ་མོ་ཧ་ནཱན། ཁྱིམ་བདག་གང་ལ་ལ་ཞིག་བུ་མང་པོ་སོ་སོར་འབྲང་བའི་གཟུངས་འདི་སྐུད་པ་དམར་པོ་ལ་ལན་བདུན་བསྔགས་ཏེ། ལག་པ་གཡོན་པའི་སོར་མོ་གཅིག་ལ་བཅིངས་ན། དེའི་ལུས་ལ་དུག་དང༌། མཚོན་དང༌། ནད་དང༌། རིམས་ནད་དང༌། རིམས་དྲག་པོས་མི་ཚུགས་སོ། །འཐབ་པ་དང་མཚང་འབྲུ་བ་དང༌། རྩོད་པ་རྣམས་ཀྱི་ལན་ཐེབས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སོ་སོར་འབྲང་བ་ཞེས་བྱ་བའི་གཟུངས་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤི་ལ་དང༌། ཞུ་ཆེན་གྱི་ལོཙྪ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

འཕགས་པ་གཞན་གྱིས་མི་ཐུབ་པ།

༄༅། །འཕགས་པ་གཞན་གྱིས་མི་ཐུབ་པ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་ཨ ་བྷ་ཡ་པྲ་དཱ་ནཱ་མ་ཨ་པ་རཱ་ཛི་ཏ། བོད་སྐད་དུ། འཕགས་པ་གཞན་གྱིས་མི་ཐུབ་པ་མི་འཇིགས་པ་སྦྱིན་པ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གྲུབ་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བ་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་གྲོལ་བར་མཛད་པ་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་ཀྱི་བཅིངས་པ་གཅོད་པ་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ལ་ཕྱག་འཚལ་ལོ། །དེ་ནས་འཇིགས་པ་མེད་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གཞན་གྱིས་མི་ཐུབ་པའི་སྙིང་པོ་བརྗོད་པར་བྱའོ། །ལས་ཀུན་བྱེད་པ་དགེ་བ་སྟེ། །འབྱུང་པོ་ཀུན་གྱིས་འཇིགས་པ་མེད། །བདུད་རྩི་ལས་ནི་བདུད་རྩི་འབྱུང༌། །འདི་ནི་ལས་ཀུན་བྱེད་པ་ཡིན། །དགྲ་ཀུན་འཇིགས་པར་བྱེད་པ་སྟེ། །རྩོད་དང་དེ་བཞིན་འཐབ་པ་དང༌། །གཞན་ཡང་དགྲས་ནི་འཁོར་བ་དང༌། །རྩོད་པའི་ནང་དུ་རྩོད་བྱེད་དང༌། །རྟག་ཏུ་དགྲ་དང་འཕྲད་པ་དང༌། །རྨུགས་པར་བྱེད་ཅིང་རེངས་པར་བྱེད། །རྨོངས་པར་བྱེད་ཅིང་སྡིག་པ་སེལ། །དུག་དང་མེ་ནི་དེངས་པར་བྱེད། །རིམས་དང་ཉེས་སྡིག་ཐམས་ཅད་སེལ། །ཆོམ་རྐུན་དང་ནི་ཆུ་དང་སྦྲུལ། །རྨི་ལམ་ངན་པ་ཐམས་ཅད་སེལ། །འབྱུང་པོ་ཐམས་ཅད་བཟློག་པ་ཡིན། །སངས་རྒྱས་བྱང་ཆུབ་འདྲེན་པ་དང༌། །ཆོས་ཀུན་རབ་ཏུ་སྟོན་པ་སྟེ། །འདི་ནི་རིག་སྔགས་མཐུ་སྟོབས་ཅན། །གཞན་གྱིས་མི་ཐུབ་སྲན་པོ་འཇོམས། གང་ཚེ་རིག་སྔགས་འདི་འཆང་བ། །དེས་ན་ས་འདི་གཡོ་བར་འགྱུར། །འཇིགས་མེད་ལྡན་པ་ཞེས་བྱ་བའི། །རིག་སྔགས་རྒྱལ་པོ་བླ་ན་མེད། །འཇིག་རྟེན་མགོན་པོས་གསུངས་པ་སྟེ། །འཇིག་རྟེན་གསུམ་པོ་ཀུན་གྱིས་མཆོད། །དེ་ནས་འཇིགས་པ་མེད་པ་སྤྱན་རས་གཟིགས་དབང་ཕྱུག་གིས། དེ་བཞིན་གཤེགས་པ་རྗེས་སུ་དྲན་པར་བྱས་ནས། རང་གི་སྙིང་པོ་གཞན་གྱིས་མི་ཐུབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་འདི་སྨྲས་སོ། །ཨོཾ་ཏཱ་ར་ཏཱ་ར། ཏཱ་ར་ཏཱ་རེ། མོ་རི་ཀེ །ཙནྡྲ་པྲ་བྷེ། བྷི་རི་བྷི་རི། ཙི་རི་ཙི་རི། སཱུརྻ་ཀ་ན་ཏེ། ཧེ་མ་པྲ་བྷེ། བུ་བྷྱ་བུ་བྷྱ། བོ་དྷ་ནི། སརྦ་པཱ་པཾ་པྲ་ཤ་མ་ནི། ཙ་ར་ཙ་ར། བི་ཥ་པྲ་ཤ་མ་ནྀ། ཙི་རི་ཙི་རི། ཙུ་རུ་ཙུ་རུ། སརྦ་བི་དྷ་རཱ་ནཱ་མ་ཀྲི་ཏེ། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། སརྦ་ཏ་ཐཱ་ག་ཏ་བྷ་ཥི་ཏེ། པ་ར་པར། པི་རི་པི་རི། པུ་རུ་པུ་རུ། པྲ་ཛྙཱ་པ་ར་མི་ཏ། ཨ་ནུ་ཛྙཱ་ཏེ། ཥ་ཊ་པཱ་ར་མི་ཏ། པ་རི་པུ་རེ། ག་ག་ན། དྷི་པ་ལོ་ཀོ་པ་མ། ཏ་ཐཱ་ག་ཏ། བ་ཤི་ཏ། པྲ་ཏི་ཀ་རི། ཤུ་བྷ་ཀ་རི། པ་བི་ཏྲ། མང་ག་ལ་དྷཱ་ར་ཎི། སརྦ་དེ་བ་ཏ་ཨ་དྷིཥྛི་ཏེ་སརྦ་མ་ཧོ་ར་ག་ཨ་དྷིཥྛི་ཏེ། སརྦ་ཀིན་ན་ར་ཨ་དྷིཥྛཱི་ཏེ། སརྦ་ཡཀྵ་རཀྵ་ས། ཨ་དྷིཥྛི་ཏེ་པྲ་སཱ་དྷ་བྷ་ཥི་ཏེ། ཨིནྡྲ་བྷ་ཥི་ཏེ། ཙ་ཏུ་ར་མ་ཧཱ་རཱ་ཛ་བྷཱ་ཥི་ཏཱ། ཙནྡྲ་སུརྻ་བྷཱ་ཥི་ཏེ། ཨོ་ཏི་རི་ཏི་རི། ཙནྡྲ་ཀཱ་རི་ཎི། ཀི་ལི་ཀི་ལི། སརྦ་ཤ་ཏྲུཾ་པི་ནཱ་ཤ་ནི་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། བྱང་ཆུབ་སེམས་དཔའ་མི་འཇིགས་པ་སྦྱིན་པ་ལ་འདི་སྐད་ཅེས་སྨྲས་སོ། །མི་འཇིགས་པ་བྱིན་པ། སྔོན་བྱུང་བ་འདས་པའི་དུས་ན། འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་འདས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ། གཞན་གྱིས་མི་ཐུབ་པའི་དབང་ཕྱུག་འོད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་ལས་བདག་གིས་འདི་དག་ཐོས་སོ། །དེ་ལས་བཟུང་ནས་བྱང་ཆུབ་སེམས་དཔའ་རྣམས་དང༌། སེམས་ཅན་ཐམས་ཅད་ལ་ཡང་བསྙད་དོ། །མི་འཇིགས་པ་སྦྱིན་པ་གཞན་གྱིས་མི་ཐུབ་པའི་སྙིང་པོ་འདི་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་པོ་རྣམ་པར་གཟིགས་དང༌། གཙུག་ཏོར་ཅན་དང༌། ཐམས་ཅད་སྐྱོབ་དང༌། འཁོར་བ་འཇིག་དང༌། གསེར་ཐུབ་དང༌། འོད་སྲུང་དང༌། ཤཱཀྱ་ཐུབ་པ་རྣམས་ཀྱིས་གསུངས་སོ། །གཞན་གྱིས་མི་ཐུབ་པའི་སྙིང་པོ་འདི་ནི། བདག་བསྲུང་བ་དང༌། གཞན་བསྲུང་བ་དང༌། གཉིས་ཀ་བསྲུང་བ་དང༌། གྲོང་དང༌། གྲོང་ཁྱེར་དང༌། གྲོང་བརྡལ་དང༌། ལྗོངས་དང༌། ཡུལ་འཁོར་དང༌། རྒྱལ་པོའི་ཕོ་བྲང་བསྲུང་བ་དང༌། སྲོག་སྐྱོང་བ་དང༌། ཚེ་སྦྱིན་པ་དང༌། ལག་པ་རེངས་པར་བྱེད་པ་དང༌། འཐབ་མོ་དང༌། འཐབ་པ་དང༌། འགྱེད་པ་དང༌། རྩོད་པ་ཐམས་ཅད་ཟློག་པར་བྱེད་པ། དགྲ་ཐམས་ཅད་བཟློག་པ། འཆིང་བ་ཐམས་ཅད་གྲོལ་བར་བྱེད་པ། ཐམས་ཅད་དུ་གཞན་གྱིས་མི་ཐུབ་པའོ། །ཤུདྡྷེ་མུཀྟེ་པྲ་དྷཱ་སྭཱ་རེ། ཤྭ་ཏེ་པན་ཌ་ར་བཱ་སི་ནི། སརྦ་དུཥྚན་ཛཾ་བྷ་ཡ་མི། སྟཾ་བྷ་ཡ་མི། མོ་ཧ་ཡ་མི། ཨོཾ་སྭཱ་ཧཱ། ས་བི་ཏྲེ་སྭཱ་ཧཱ། ཤྭ་ཏེ་སྭཱ་ཧཱ། ཤྭཱ་ཏེ་པ་ཏ་པྲ་བི་ཏེ་སྭཱ་ཧཱ། ཏདྱ་ཐཱ། ཏ་རེ་ཏ་རེ། ཏ་རེ་ནི་རཀྵ་རཀྵ། སརྦ་ཀ་ལི། ཀ་ལ་ཧ། བི་གྲ་ཧ། བི་བྷ་ཏ། དུཿསྭ་བ་ན། བྷ་ཡེ་བྷྱཿསྭཱ་ཧཱ། རྟག་ཏུ་ལེ་ལོ་མེད་པར་ནི། །གང་ཞིག་གཟུངས་འདི་འཆང་བྱེད་པ། །དེ་ལ་ལྷ་ཚོགས་ཐམས་ཅད་ཀྱང༌། །དུས་ཀུན་ཏུ་ནི་སྲུང་བར་བར་བྱེད། །དེ་ནི་འཇིགས་པར་འགྱུར་བ་མེད། །དེ་ནི་རྟག་སྲུང་ལྷན་ནེར་འདུག །ཇི་ལྟར་ཉི་མ་ས་སྟེང་ན། །གཟི་བརྗིད་གྲགས་འཆང་ལྷན་ནེ་བཞིན། །དེ་ལ་གཤེད་བྱེད་བྱད་སྟེམས་དང༌། །སྲུལ་པོ་དག་གིས་མི་ཚུགས་ཏེ། །དེ་ལ་དཔལ་ཡོན་འཇུག་པར་འགྱུར། །ཁ་དོག་དང་ནི་ཚེ་ཡང་འཕེལ། །འཕགས་པ་གཞན་གྱིས་མི་ཐུབ་པ་མི་འཇིགས་པ་སྦྱིན་པ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲ་ཛྙ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙྪ་བ་བན་དྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

སྟོང་འགྱུར་ཞེས་བྱ་བའི་གཟུངས།

༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་ཛ་ཡེ་ཛ་ཡེ། མ་ཧཱ་ཛ་ཡེ། ཛ་ཡ་བ་ཧི་ནི་ཛ་ཡོ་ཏ་ཏ་རི། ཀ་ལ་ཀ་ལ། མ་ལ་མ་ལ། ཙ་ལ་ཙ་ལ། ཀྵི་ན་ཀྵི་ན། སརྦ་ཀརྨ། ཨཱ་བ་ར་ཎ་ནི། མེ་སརྦ་ཛྙཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ན་མོ་བྷ་ག་བ་ཏི་ཧ་ས་པྲ་བྷ་དྷ། སརྦ་བུདྡྷ་ཨ་བ་ལོ་ཀི་ཏེ་ཙཀྵུ། ཤྲོ་ཏྲ་གྷཱ་ཎ་ཛི་ཧཱ་ཀཱ་ཡ་མ་ནོ་བིདྱ་ཛྙཱ་ན་བི་ཤོ་དྷ་ནི་སྭཱ་ཧཱ། ཕུ་རུ་ཕུ་རུ། སུ་རུ་སུ་རུ། ཕུ་རཱ་ཕུ་རཱ། པྲ་ཕུ་རཱ་པྲ་ཕུ་རཱ། སརྦ་བུདྡྷ་ཨ་དྷིཥྛཱི་ཏེ་སྭཱ་ཧཱ། དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཨ་བྷ་བ་སྭཱ་ཧཱ། སརྦ་དྷརྨ་ཨ་བ་བོ་དྷ་ནི་སྭཱ་ཧཱ། །གཟུངས་འདིའི་ཆོ་ག་ནི་འདི་ཡིན་ཏེ། ལན་ཅིག་བརྗོད་པས་ཀྱང་བསྐལ་པ་སྟོང་གི་བར་དུ་ལས་ཀྱི་སྒྲིབ་པ་བསགས་པ་ཐམས་ཅད་བྱང་བར་འགྱུར་རོ། །སངས་རྒྱས་སྟོང་གི་དགེ་བའི་རྩ་བ་བསགས་པ་ཐོབ་པར་འགྱུར་རོ། །བསྐལ་པ་སྟོང་གི་བར་དུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་རོ། །ཚེ་བརྗེས་ནས་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཐོབ་པར་འགྱུར་རོ། །འཆི་བའི་དུས་ཀྱི་ཚེ་སངས་རྒྱས་སྟོང་མཐོང་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་དག་པ་རབ་ཏུ་སྐྱེ་བར་འགྱུར་རོ། །ཉིན་དུས་གསུམ་མཚན་དུས་གསུམ་ཉི་ཤུ་རྩ་རེ་རེ་བརྗོད་ན་ཅི་འདོད་པ་རྨི་ལམ་དུ་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་གསེར་གྱི་མདོག་ཅན་ཡང་མཐོང་བར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡུལ་རྣམས་ལ་ཡང་མི་ཕྱེད་པའི་སེམས་དད་པ་ཅན་དུ་གྱུར་ཏེ། དེ་ལ་སོགས་པ་ཕན་ཡོན་ཚད་མེད་པ་དག་འབྱུང་ངོ༌། །སྟོང་འགྱུར་ཞེས་བྱ་བའི་གཟུངས་རྫོགས་སོ།། །།

འཕགས་པ་ཕྱིར་ཟློག་རྣམ་རྒྱལ།

༄༅། །འཕགས་པ་ཕྱིར་ཟློག་རྣམ་རྒྱལ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་བི་ཛ་ཡ་བ་ཨ་བ་ཏི་ན་ནཱ་མ་པྲ་ཏྱཾ་གི་རཱ། བོད་སྐད་དུ། འཕགས་པ་ཕྱིར་བཟློག་པ་རྣམ་པར་རྒྱལ་བ་ཅན་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་བསྲུང་བ་ལ་མངོན་པར་བརྩོན་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །གྲུབ་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །རིག་སྔགས་འཆང་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་ནས། ཕྱིར་ཟློག་པ་རྣམ་པར་རྒྱལ་བ་ཅན་ཞེས་བྱ་བ་གཤེད་བྱེད་དང་བྱད་སེལ་བ། རོ་ལངས་དང་བཀྲ་མི་ཤིས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། རྒྱལ་པོའི་འཇིགས་པ་དང༌། ཆོམ་རྐུན་གྱི་འཇིགས་པ་དང༌། མེའི་འཇིགས་པ་དང༌། ཆུའི་འཇིགས་པ་དང༌། མཁའ་འགྲོ་མའི་འཇིགས་པ་དང༌། ཡི་དྭགས་དང༌། ཤ་ཟ་དང༌། གྲུལ་བུམ་གྱི་འཇིགས་པ་དང༌། གྲིབ་གནོན་གྱི་འཇིགས་པ་དང༌། བརྗེད་བྱེད་ཀྱི་འཇིགས་པ་དང༌། སྲུལ་པོའི་འཇིགས་པ་དང༌། ལུས་སྲུལ་པོའི་འཇིགས་པ་དང༌། ལམ་ལོག་པ་དང༌། ལམ་དུ་ཞུགས་པའི་འཇིགས་པ་དང༌། ཉིན་མོ་དང༌། མཚན་མོའི་འགྲོ་བ་སོ་སོའི་འཇིགས་པ་རྨུགས་པར་བྱེད་པ། རེངས་པར་བྱེད་པ། རྨོངས་པར་བྱེད་པ། མདོག་བཟང་པོར་བྱེད་པ། སྤྲོ་བ་ཡང་དག་པར་འཕེལ་བར་བྱེད་པ། དགྲ་ཐམས་ཅད་ཟློག་པར་བྱེད་པ། གེགས་དང་ལོག་འདྲེན་ཐམས་ཅད་ཞི་བར་བྱེད་པ་སྡིག་པ་ཐམས་ཅད་ཡང་དག་པར་བྱང་བར་བྱེད་པ། ཁ་རྨུགས་པར་བྱེད་པ། ཁ་རེངས་པར་བྱེད་པ། བཞིན་མཛེས་པར་བྱེད་པ་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །གསང་སྔགས་ཀྱི་གཞི་འདི་དག་གྲུབ་པར་གྱུར་ཅིག །ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷ་ར་དྷ་ར། དྷ་ར་དྷ་ར་དྷ་ར། དྷི་རི་དྷི་རི། དྷི་རི་དྷི་རི། དྷི་རི་དྷི་རི་དྷི་རི། དྷུ་རུ་དྷུ་རུ། དྷུ་རུ་དྷུ་རུ། དྷུ་རུ་དྷུ་རུ་དྷུ་རུ། བདག་འཇིགས་པ་དང༌། གནོད་པ་ཐམས་ཅད་དང༌། གཤེད་བྱེད་དང༌། བྱད་སྟེམས་ཐམས་ཅད་ལས་བསྲུང་དུ་གསོལ། བསྲུང་དུ་གསོལ། ཏདྱ་ཐཱ། ས་ར་ས་ར་ས་ར་ས་ར་ས་ར་ས་ར་ས་ར། སི་རི་སི་རི་སི་རི་སི་རི་སི་རི་སི་རི་སི་རི། སུ་རུ་སུ་རུ་སུ་རུ་སུ་རུ་སུ་རུ་སུ་རུ་སུ་རུ། མ་ར་མ་ར་མ་ར་མ་ར་མ་ར་མ་ར་མ་ར། མི་རི་མི་རི་མི་རི་མི་རི་མི་རི་མི་རི་མི་རི། མུ་རུ་མུ་རུ་མུ་རུ་མུ་རུ་མུ་རུ་མུ་རུ་མུ་རུ། བདག་ནད་ཐམས་ཅད་ལས་བསྲུང་དུ་གསོལ། བསྲུང་དུ་གསོལ། ཏདྱ་ཐཱ། ཧི་ལི་ཧི་ལི་ཧི་ལི་ཧི་ལི་ཧི་ལི་ཧི་ལི་ཧི་ལི་ཧི་ལི། ཧུ་ལུ་ཧུ་ལུ་ཧུ་ལུ་ཧུ་ལུ་ཧུ་ལུ་ཧུ་ལུ་ཧུ་ལུ་ཧུ་ལུ། ཀི་ལི་ཀི་ལི་ཀི་ལི་ཀི་ལི་ཀི་ལི་ཀི་ལི་ཀི་ལི་ཀི་ལི་ཀི་ལི། མི་ལི་མི་ལི་མི་ལི་མི་ལི་མི་ལི་མི་ལི་མི་ལི་མི་ལི། ཙི་ལི་ཙི་ལི་ཙི་ལི་ཙི་ལི་ཙི་ལི་ཙི་ལི་ཙི་ལི་ཙི་ལི་ཙི་ལི། ཙུ་ལུ་ཙུ་ལུ་ཙུ་ལུ་ཙུ་ལུ་ཙུ་ལུ་ཙུ་ལུ་ཙུ་ལུ་ཙུ་ལུ་ཙུ་ལུ། འབྱུང་པོ་ཐམས་ཅད་བཟློག་པར་མཛད་དུ་གསོལ། ཨོཾ་བི་ས་ར་བི་ས་ར། ཀཾ་བ་ཀཾ་བ། ན་ཤ་ན་ཤ། ན་ཤ་ཡ་ན་ཤ་ཡ། དགྲ་གང་དག་བདག་ལ་མི་ཕན་པར་འདོད་པ་དང༌། རྣམ་པར་སྡང་བ་དང༌། གནོད་པར་སེམས་པ་དང༌། སྔགས་བྱེད་པ་དང༌། སྦྱིན་སྲེག་བྱེད་པ་དང༌། བྱེད་དུ་འཇུག་པ་དང༌། བྱས་པ་ལ་རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་ཉིད་ལ་སླར་སོང་ཞིག་སྭཱ་ཧཱ། མི་མཛའ་བ་ཐམས་ཅད་ཀྱི་མིག་བཅིང་ངོ༌། །རྣ་བ་བཅིང་ངོ༌། །སྣ་བཅིང་ངོ༌། །ལྕེ་བཅིང་ངོ༌། །ལུས་བཅིང་ངོ༌། །ཡིད་བཅིང་ངོ༌། །ཡན་ལག་དང་ཉིང་ལག་ཐམས་ཅད་བཅིང་ངོ༌། སྥུ་ཊ་སྥུ་ཊ་སྥུ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ་སྤོ་ཊ་ཡ། གཤེད་བྱེད་དང་བྱད་ཐམས་ཅད་རྣམ་པར་བསལ་དུ་གསོལ། །རྣམ་པར་གཞོམ་དུ་གསོལ། །རྣམ་པར་གཞིག་ཏུ་གསོལ། །སརྦ་ཏྲུ་མ། ཏུ་རུ་ཏུ་རུ་ཏུ་རུ་ཏུ་རུ་སྭཱ་ཧཱ། བདག་འཇིགས་པ་དང་གནོད་པ་ཐམས་ཅད་དང༌། གཤེད་བྱེད་དང༌། བྱད་དང༌། རོ་ལངས་དང༌། བརྗེད་བྱེད་ཐམས་ཅད་ལས་བསྲུང་དུ་གསོལ། བསྲུང་དུ་གསོལ། སྭཱ་ཧཱ། བདག་གི་སྡིག་པ་ཐམས་ཅད་བསལ་དུ་གསོལ། བསལ་དུ་གསོལ། ཙ་ར་ཙ་ར་སྭཱ་ཧཱ། མ་ར་མ་ར་སྭཱ་ཧཱ། སི་རི་སི་རི་སྭཱ་ཧཱ། ཀུ་རུ་ཀུ་རུ་སྭཱ་ཧཱ། དྷུ་རུ་དྷུ་རུ་སྭཱ་ཧཱ། མི་གང་དག་གནོད་པར་འདོད་པ་ཕན་པར་མི་འདོད་ཅིང་བདག་ལ་ལྟ་བ་ཐམས་ཅད་རྨུགས་པར་བགྱིའོ། །རེངས་པར་བགྱིའོ། །འཁྲུགས་པར་བགྱིའོ། །རྨོངས་པར་བགྱིའོ། །འབྱུང་པོ་ཐམས་ཅད་དང༌། གདོན་ཐམས་ཅད་དང༌། ནད་ཐམས་ཅད་འཁྲུལ་བར་མཛད་མ། རྨོངས་པར་མཛད་མ། རྨུགས་པར་མཛད་མ། རེངས་པར་མཛད་མ། འཇིགས་པར་མཛད་མ། རྣམ་པར་འཇིགས་པར་མཛད་མ། རྣམ་པར་འཐོར་བར་མཛད་མ། རྣམ་པར་འཇོམས་པར་མཛད་མ་སྭཱ་ཧཱ། ནཱི་ལེ་ནཱི་ལེ་ནཱི་ལེ་ཀེ་ཤེ་སྭཱ་ཧཱ། པཱི་ཏི་པཱི་ཏི་པཱི་ཏི་ཀེ་ཤེ་སྭཱ་ཧཱ། ལོ་ཧི་ཏེ་ལོ་ཧི་ཏེ་ཀེ་ཤེ་སྭཱ་ཧཱ། ཨ་བ་དཱ་ཏེ། ཨ་བ་དཱ་ཏེ། ཨ་པ་དྷ་ཏ་ཀེ་ཤེ་སྭཱ་ཧཱ། ཤྭེ་ཏེ་ཤྭེ་ཏེ་བསྟྲ་དྷ་ར་ཎ་ཡེ་སྭཱ་ཧཱ། །འབྱུང་པོ་ཐམས་ཅད་དབང་བསྒྱུར་མ། །བདག་གི་སྡིག་པ་ཐམས་ཅད་བསལ་དུ་གསོལ། སྭཱ་ཧཱ། འཕེལ་བར་མཛད་མ། བདག་གི་དཔལ་དང་སྐལ་པ་བཟང་པོ་ཐམས་ཅད་སྤེལ་དུ་གསོལ། འཕེལ་བར་མཛད་དུ་གསོལ། སྭཱ་ཧཱ། བདག་འཇིགས་པ་དང༌། གནོད་པ་དང༌། ནད་འགོ་བ་དང༌། འཁྲུག་པ་ཐམས་ཅད་དང༌། གཤེད་བྱེད་དང༌། བྱད་ཐམས་ཅད་དང༌། ནད་ཐམས་ཅད་དང༌། གདོན་ཐམས་ཅད་དང༌། སྡིག་པ་ཐམས་ཅད་དང༌། བཟའ་ཉེས་པ་དང༌། སྒོམ་ཉེས་དང༌། གནོད་སྒྲིབ་དང༌། གནོད་ལྟས་ཐམས་ཅད་བསྲུང་དུ་གསོལ། བསྲུང་དུ་གསོལ། སྭཱ་ཧཱ། ཕྱིར་བཟློག་རྣམ་པར་རྒྱལ་བ་ཅན། །རྒྱལ་བ་འབྱུང་བ་གསུངས་པ་འདི། །གང་གིས་མགུལ་དུ་འདི་བཏགས་པ། །དེ་ནི་རྒྱལ་འགྱུར་ཐེ་ཚོམ་མེད། །སྡིག་པ་རྨི་ལམ་བཀྲ་མི་ཤིས། །རྒྱལ་པོ་མེ་དང་ཆོམ་རྐུན་དགྲ། །དེ་དག་རྣམས་ཀྱིས་དེ་མི་ཚུགས། །གང་གིས་མགུལ་དུ་འདི་བཏགས་པ། །དེ་ནི་ཆུ་ཡིས་ཁྱེར་མི་གྱུར། །སྡིག་པ་ཡང་དག་བྱང་བར་འགྱུར། །དགེ་བ་རྣམས་ནི་རྟག་ཏུ་འཕེལ། །ནད་མེད་པ་ཡང་ཐོབ་པར་འགྱུར། །འཕགས་པ་ཕྱིར་བཟློག་པ་རྣམ་པར་རྒྱལ་བ་ཅན་ཞེས་བྱ་བ་རྫོགས་སོ།། །།བཀྲ་ཤིས།། །།

འཕགས་པ་ཕྱིར་ཟློག་པ་སྟོབས་ཅན།

འཕགས་པ་ཕྱིར་ཟློག་པ་སྟོབས་ཅན་ཞེས་བྱ་བ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་བ་ལ་བ་ཏཱི་ནཱ་མ་པྲ་ཏྱཾ་གི་རི། བོད་སྐད་དུ། འཕགས་པ་ཕྱིར་ཟློག་པ་སྟོབས་ཅན་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་སྙིང་རྗེ་ཆེན་པོ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་ཅན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །འབྱུང་པོ་ཐམས་ཅད་འགོག་པ། རིམས་ཐམས་ཅད་བཟློག་པ། དུས་མ་ཡིན་པར་འཆི་བ་ཐམས་ཅད་འགོག་པ། གཟའ་དང༌། རྒྱུ་སྐར་གྱི་གདོན་དང༌། འབྱུང་པོའི་གདོན་ཐམས་ཅད་རྣམ་པར་འཇོམས་པ། བདུད་ཀྱི་གནས་ཐམས་ཅད་འཇོམས་པ། མི་མཛའ་བ་ཐམས་ཅད་སོ་སོར་རེངས་པར་བྱེད་པ། ཚེ་སྐྱོང་བ། སྲོག་སྐྱོབ་པའི་ཕྱིར་ཟློག་པ་འདི་བརྗོད་པར་བྱའོ། །ཏདྱ་ཐཱ། ཨ་བ་ལོ་ཀི་ཏེ། ཨ་བ་ལོ་ཀི་ཏེ། སཾ་བྷ་བེ། དྷ་ར་དྷ་ར་དྷ་ར་དྷ་ར། བ་ར་བ་ར། བ་ར་བ་ར། ཀཱ་ལེ་ཀཱ་ལེ། ཀཱ་ལེ། མ་ཧཱ་ཀཱ་ལ་ཨ་བ་ལོ་ཀི་ཏེ། པྲ་སཱ་དྷ་ནེ། དྷ་མེ་དྷ་མེ། དྷ་མེ། དྷ་མ་ནི། ས་མ་ཧི་ཏེ། བདག་ལ་བསྲུང་དུ་གསོལ། བསྲུང་དུ་གསོལ། འཇིགས་ཤིང་སྐྲག་པ་ཐམས་ཅད་ལས་བསྲུང་དུ་གསོལ། ཡོངས་སུ་བསྐྱབ་ཏུ་གསོལ། ཡོངས་སུ་གཟུང་དུ་གསོལ། ཡོངས་སུ་བསྐྱང་དུ་གསོལ། ཞི་བ་དང༌། བདེ་ལེགས་སུ་འགྱུར་བར་མཛད་དུ་གསོལ། ཆད་པ་སྤང་བར་མཛད་དུ་གསོལ། མཚོན་ཆ་སྤང་བར་མཛད་དུ་གསོལ། མཚམས་བཅད་པར་མཛད་དུ་གསོལ། ས་བཅིང་བར་མཛད་དུ་གསོལ། ཀུ་རུ་ཀུ་རུ་པ་ན་མ་ཀྵི། བི་དྷི་བི་དྷི་བི་དྷི། མརྒ་སཾ་པྲ་སྭ་རེ། ཨ་མྲྀ་ཏ་ཏེ་ཛ་བ་ཏི། གནོད་པ་ཐམས་ཅད་ལས་བདག་ལ་རྟག་ཏུ་བསྲུང་དུ་གསོལ། བསྲུང་དུ་གསོལ། མུ་ལུ་མུ་ལུ་མུ་ལུ། ཁུ་ཁུ་མེ། གྷོ་རི་གྷོ་རི། བ་ལེ་བ་ལེ། ཏ་ར་ཏ་ར། མུ་ཡ་མུ་ཡ། མུཉྩ་ནི། ཁ་ཁ་རེ། དྷུཾ་དྷུཾ་དྷུཾ་ནི། བདག་འཐབ་པ་དང༌། འཐབ་མོ་དང༌། རྩོད་པ་དང༌། འགྱེད་པ་ཐམས་ཅད་ལས་བསྲུང་དུ་གསོལ། བསྲུང་དུ་གསོལ། ཛ་ཡཾ་ཀུ་རུ་ཀུ་རུ། ཕུ་རུ་ཕུ་རུ་སྭཱ་ཧཱ། ཨ་མ་ལ་སྭཱ་ཧཱ། ཨ་མྲྀ་ཏེ་སྭཱ་ཧཱ། །འཕགས་པ་ཕྱིར་ཟློག་པ་སྟོབས་ཅན་ཞེས་བྱ་བ་རྫོགས་སོ།། །།

འཕགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ།

༄༅། །འཕགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས་སོ། །

རྒྱ་གར་སྐད་དུ། ཨཱརྻ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ནི་ནཱ་མ་དྷ་ར་ཎི། བོད་སྐད་དུ། འཕགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས། བཅོམ་ལྡན་འདས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱི་ཎི་མེ་སྭཱ་ཧཱ། གཟུངས་སྔགས་འདིའི་ཆོ་ག་ནི་འདི་ཡིན་ཏེ། རྟག་ཏུ་བཟླས་བརྗོད་བྱས་ན་ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །དུས་གསུམ་དུ་བཟླས་བརྗོད་བྱས་ན་མཚམས་མེད་པ་ལྔ་ཡང་བྱང་བར་འགྱུར་རོ། །ལན་ཅིག་བཟླས་བརྗོད་བྱས་ན་ལྟས་ངན་པ་དང༌། བཀྲ་མི་ཤིས་པ་རྣམས་མེད་པར་འགྱུར་རོ། །ལུས་ལ་འཆང་ངམ། གླེགས་བམ་ལ་བྲིས་ནས་མགུལ་དུ་ཐོགས་ཏེ་འཆང་ན་དུས་མ་ཡིན་པར་འཆི་བ་རྣམས་གཏན་དུ་འབྱུང་བར་མི་འགྱུར་རོ། །གང་ཞིག་སྙིང་རྗེས་ནོན་ཏེ་རི་དྭགས་དང༌། བྱ་དང༌། མི་དང་མི་མ་ཡིན་པ་རྣམས་ཀྱང་རུང་སྟེ། འཆི་བའི་རྣ་ཁུང་དུ་བརྗོད་ན་དེ་ངན་སོང་དུ་འགྲོ་བར་མི་འགྱུར་རོ། །ཡང་ན་ཤི་སྟེ་དུས་ལས་འདས་ན་ཤི་འཕོས་པའི་མིང་ནས་སྨོས་ཏེ་དེའི་ཕྱིར་བྱམས་པ་དང་སྙིང་རྗེས་ལན་བརྒྱ་འམ། སྟོང་ངམ། འབུམ་བརྗོད་ན་དེ་སེམས་ཅན་དམྱལ་བར་སྐྱེས་སུ་ཟིན་ཀྱང་དེའི་མོད་ལ་ཐར་བར་འགྱུར་རོ། །སའམ་ཏིལ་ལམ། ཡུངས་ཀར་རམ། ཆུ་གང་ཡང་རུང་བ་ལ་བཟླས་བརྗོད་བྱས་ཏེ། ཤི་བའི་ལུས་ལ་གཏོར་རམ། ཁྲུས་བྱས་ནས་དེའི་འོག་ཏུ་འཆད་པའམ། ཡང་ན་མཆོད་རྟེན་གྱི་ནང་དུ་བཅུག་སྟེ་བཞག་ལ། རིག་སྔགས་ཀྱང་བྲིས་ནས་མགོ་ལ་བཏགས་ན། དེ་ངན་སོང་དུ་སྐྱེས་པ་ཡང་ཞག་བདུན་གྱིས་གདོན་མི་ཟ་བར་ཐར་ཏེ། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའམ། ཡང་ན་རང་གི་སྨོན་ལམ་གྱི་དབང་གིས་སྐྱེ་བར་འགྱུར་རོ། །གང་ཞིག་ཟླ་བ་ཉ་བའི་ཚེ་ཁྲུས་བྱས་ལ་གཙང་མར་བྱས་ཏེ། དུས་གསུམ་དུ་གོས་བརྗེ་ཞིང་ཁ་ཟས་མི་བཟའ་བའམ། ཡང་ན་ཁ་ཟས་དཀར་བག་བཟའ་ཞིང༌། སྐུ་གདུང་དང་མཆོད་རྟེན་དུ་གང་གི་མིང་དང་ལྡན་པས་ལན་འབུམ་བཟླས་བརྗོད་བྱས་ན། དེ་ངན་སོང་ནས་ཐར་ཏེ་གནས་གཙང་མའི་ལྷའི་རིས་སུ་སྐྱེས་ནས་སྒྲུབ་པ་པོའི་ཐད་དུ་འོངས་ཏེ་མཆོད་པར་བྱེད་ལུས་ཀྱང་སྟོན་ལ། ལེགས་སོ་ཞེས་བྱ་བ་ཡང་བྱིན་ནས་ལན་གསུམ་བསྐོར་བ་བྱས་ཏེ་མི་སྣང་བར་འགྱུར་རོ། །དེའི་མིང་བྲིས་ལ་གཟུངས་སྔགས་བཟླས་བརྗོད་བྱེད་ཅིང༌། མཆོད་རྟེན་འབུམ་བྱས་ལ་གདུགས་དང་རྒྱལ་མཚན་དང༌། བ་དན་ལ་སོགས་པས་ལེགས་པར་མཆོད་ནས་རྒྱ་མཚོ་ཆེན་པོ་དང༌། ཡང་ན་ཆུ་ཀླུང་དུ་བཏབ་ན་དེས་སེམས་ཅན་དམྱལ་བ་ལ་སོགས་པ་ནས་ཐར་བར་འགྱུར་རོ། །ཡང་ན་དེ་ལྟར་མཆོད་པ་བྱས་ནས་མཇུག་ཏུ་ལམ་གྱི་བཞི་མདོར་མཆོད་རྟེན་ཆེན་པོར་བྱས་ཏེ། གདུགས་དང༌། རྒྱལ་མཚན་དང༌། བ་དན་ལ་སོགས་པས་ལེགས་པར་མཆོད་ལ། འཕགས་པའི་དགེ་འདུན་ལ་ཡང་མཆོད་སྟོན་གསོལ་ནས་ཡོན་ཡང་ཕུལ་ཏེ་ལེགས་པར་མཆོད་ནས་ཆེ་གེ་མོ་ཞིག་གི་དགེ་བའི་རྩ་བར་གྱུར་ཅིག །འདི་ཁོ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག །ཅེས་ཀྱང་བཤད་པར་བྱས་ན། དེ་ཁོ་ན་བཞིན་དུ་སྐྱེས་ནས་ལུས་ཀྱང་སྟོན་ཅིང་ལེགས་སོ་ཞེས་བྱ་བ་ཡང་བྱིན་ནས་མི་སྣང་བར་འགྱུར་རོ། །མཚམས་མེད་པ་ལྔ་བྱས་བྱས་པའམ། དམ་པའི་ཆོས་སྤངས་པའམ། འཕགས་པ་ལ་བསྐུར་པ་བཏབ་པ་ཡང་རུང་སྟེ་འཆི་ཀར་རྩིག་པ་ལ་གཟུངས་སྔགས་འདི་བྲིས་པ་མཐོང་ན་དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་ན། འདོན་པ་དང་བཟླས་བརྗོད་བྱས་ན་ལྟ་ཅི་སྨོས། དེ་བཞིན་གཤེགས་པ་དེ་ཉིད་བྱོན་ནས་འདི་སྐད་དུ་རིགས་ཀྱི་བུ་ཚུར་ངའི་གན་དུ་ཤོག་ཅེས་ཀྱང་གསུང་བར་འགྱུར་རོ། །འཕགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།

འཕགས་པ་གཡུལ་ལས་རྒྱལ་བ་ཞེས་བྱ་བའི་གཟུངས།

༄༅། །འཕགས་པ་གཡུལ་ལས་རྒྱལ་བ་ཞེས་བྱ་བའི་གཟུངས་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་ཀཉྩ་ན་བ་ཏི་ནཱ་མ་དྷ་ར་ཎི། བོད་སྐད་དུ། འཕགས་པ་གཡུལ་ལས་རྒྱལ་བ་ཞེས་བྱ་བའི་གཟུངས། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ལྷས་མ་ལྟ་བུ་ན། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་ནས། ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཡུལ་ངོར་མཆིས་ཏེ་གཡུལ་འགྱེད་ན། ལྷ་མ་ཡིན་གྱི་སྒྱུ་དང༌། རིག་སྔགས་རྣམས་དང༌། གསང་སྔགས་དང༌། སྨན་དག་གིས་ཕམ་པར་གྱུར་ན། མཁྱེན་ལགས་སམ། བཅོམ་ལྡན་འདས་བདག་ཅག་རྗེས་སུ་བཟུང་བ་དང༌། བདག་ཅག་ལ་ཐུགས་བརྩེ་བ་དང༌། ལྷ་མ་ཡིན་རྣམས་ཀྱི་སྒྱུ་དང༌། རིག་སྔགས་དང༌། གསང་སྔགས་དང༌། སྨན་རབ་ཏུ་གཞོམ་པ་དང༌། རབ་ཏུ་གཞིག་པའི་སླད་དུ་རྣམ་པར་རྒྱལ་བའི་གསང་སྔགས་ཆེན་པོ་ལེགས་པར་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀོའུ་ཤི་ཀ་དེ་དེ་བཞིན་ནོ། །ལྷ་མ་ཡིན་དང་གཡུལ་སྤྲད་པ་ན། རིག་སྔགས་རྣམས་དང༌། གསང་སྔགས་རྣམས་དང༌། སྨན་རྣམས་ཀྱིས་ཕམ་པ་དེ་བཞིན་ཏེ། ཀོའུ་ཤི་ཀ་སྙིང་བརྩེ་བའི་ཕྱིར་རིག་སྔགས་བརྗོད་པར་བྱ་སྟེ། སྒྱུ་ཐམས་ཅད་རེངས་པར་བྱེད་པ། རིག་སྔགས་ཐམས་ཅད་བཟློག་པ། གསང་སྔགས་ཐམས་ཅད་རེངས་པར་བྱེད་པ། འཐབ་པ་དང༌། རྩོད་པ་དང༌། མཚང་འབྲུ་བ་དང༌། འཐབ་མོ་དང༌། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། གསང་སྔགས་དང༌། སྨན་ཐམས་ཅད་གཅོད་པའི་རིག་སྔགས་བཤད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་རིག་སྔགས་ཆེན་པོ་གསེར་ཅན་བཀའ་སྩལ་པ། གང་བསྐལ་པ་གྲངས་མེད་པ་གསུམ་དུ། གཞན་མུ་སྟེགས་ཅན་སྤྱོད་པ་བ་དང༌། ཀུན་དུ་རྒྱུ་དང༌། གཅེར་བུ་བ་རྣམས་ཀྱིས་ངན་སོང་དུ་བསམས་ཤིང༌། བར་ཆད་དུ་བྱས་པ་ལས། དེ་ཚུན་ཆད་སྒྱུ་དང་ལྡན་པ་དང་ལྡན་པ་རྣམས་ཀྱིས་རིག་སྔགས་འཆང་ཐམས་ཅད་བཟློག་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ཏེ། གཞན་མུ་སྟེགས་ཅན་སྤྱོད་པ་བ་དང༌། ཀུན་དུ་རྒྱུ་བ། གཅེར་བུ་བ་དང༌། འཚེ་བ་རྣམས་ཀྱི་སྒྱུ་དང༌། རིག་སྔགས་དང༌། སྨན་དང༌། བདུད་ཀྱི་སྡེ་ཐམས་ཅད་རབ་ཏུ་འཇོམས་པའི་རིག་པ་ཆེན་པོ་དེ་ངས་བཤད་པར་བྱ་སྟེ། ཀོའུ་ཤི་ཀ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར། གསང་སྔགས་ཆེན་མོ་རྣམ་པར་རྒྱལ་བ་ཆེན་མོ་ཟུངས་ཤིག །བཅོམ་ལྡན་འདས་དེ་དེ་བཞིན་ནོ་ཞེས་གསོལ་ཏེ། ལྷའི་དབང་པོ་བརྒྱ་བྱིན་བཅོམ་ལྡན་འདས་ཀྱིས་ལྟར་མཉན་པ་དང༌། དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ལྟར་ཉན་པ་དེའི་ཚེ། རིག་སྔགས་ཆེན་མོ་གསེར་ཅན་འདི་དག་བཀའ་སྩལ་ཏོ། །ཏདྱ་ཐཱ། ཨོཾ་ཧི་ལི་ཧི་ལི་ནི། ཧི་ལི་ཧི་ལི། ཧི་ལི་ཧི་ལི། མི་ལི་མི་ལི། མི་ལི་མི་ལི། ཧི་ནི་ཧི་ནི། ནི་ཧི་ར་བི་ནི། ཀཱ་ན་ཙི་བ་ཏི། ལོ་ཀཱ་མཱ་ཏི། བྷ་ཏེ་བྷའུ་གུ་ཏ་མན་ཏྲ། ཨ་ཏི་ཀྲི་ཏི་བེ་དེ་བེ་དེ། ད་ཏ་མན་ཏྲ། ཨ་དྷི་ཀྲ་ཏི། ཧ་ན་ཧ་ན། ཧ་ས་ཧ་ས། ཚིནྡྷ་ཚིནྡྷ། བྷ་ག་བ་ཏི། ཛ་ཡེ་བི་ཛ་ཡེ། ཛམ་བྷ་ནི། སྟམ་བྷ་ནི། བནྡྷ་ནི། མོ་ཧ་ནི། ཨོཾ་མོ་གྷ་ཤ་ཀ་ཏི་དྷ་ན་ནི། གྲྀ་ཧྞ་གྲི་ཧྞ། ཀཱ་ཊཱ་མ་མ་ན་སི། ཛམྦྷ་ཡ། ཛམྦྷ་ཡ། བྷཉྫ་ཡ། བྷཉྫ་ཡ། བྷཉྫ་ཡ། སྟམྦྷ་ཡ། བནྡྷ་ཡ། བནྡྷ། མོ་ཧ་ཡ། མོ་ཧ་ཡ། ལྷའི་སྒྱུ་དང༌། ཀླུའི་སྒྱུ་དང༌། གནོད་སྦྱིན་གྱི་སྒྱུ་དང༌། སྲིན་པོའི་སྒྱུ་དང༌། ནམ་མཁའ་ལྡིང་གི་སྒྱུ་དང༌། དྲི་ཟའི་སྒྱུ་དང༌། ལྷ་མ་ཡིན་གྱི་སྒྱུ་དང༌། མིའམ་ཅིའི་སྒྱུ་དང༌། ལྟོ་འཕྱེ་ཆེན་པོའི་སྒྱུ་དང༌། རིག་སྔགས་ཀྱི་སྒྱུ་དང༌། རིག་སྔགས་འཆང་གྲུབ་པའི་རྒྱལ་པོའི་སྒྱུ་དང༌། དྲང་སྲོང་གི་སྒྱུ་དང༌། སེམས་ཅན་རིག་སྔགས་འཆང་བ་ཐམས་ཅད་ཀྱི་སྒྱུ་དང༌། འབྱུང་པོའི་སྒྱུ་དང༌། སྒྱུ་ཐམས་ཅད། ར་ལ་ཛ་ལ། རད་ཛ་རད་ཛ། དྷ་མ་དྷ་མ། དྷུ་དྷུ་མ། རཱ་བ་རཱ་བ། ར་བ་ཎེ་ཙཀྲ་ནཱ་མ། གྲཱ་ན་ཐ་ན། ཧ་ན་ཧ་ན། སརྦ་བིདྱ། ཤཱ་དྲུ་འུ་ནཱན། སྟམ་བྷ་ཡ། བྷ་ཡུཾ་སྟམ་བྷ་ཡ། རུ་འུ་རྻཾ་སྟམ་བྷ་ཡ། སོ་ནན་སྟམ་བྷ་ཡ། བུ་རུ་ཎན། སྟམ་བྷ་ཡ། ཨག་ན་ནི་སྟམ་བྷ་ཡ། ཨུད་ཤན་དྷི། ཏི་དྷི་རི། དྷ་ར་ཎི། བ་ཤ་ཧ་སྟེ། བི་ཤྟ་ཡ་ན་པ་ཤེ་ན། གང་དག་བདག་ལ་ཕྱིར་རྒོལ་བ་རྣམས་དང༌། དགྲ་རྣམས་དང༌། སྡང་བ་དང༌། རབ་ཏུ་སྡང་བའི་སེམས་དང་ལྡན་པ་རྣམས་དང༌། འཐབ་པ་དང༌། རབ་ཏུ་འཐབ་པ་དང༌། མི་ཕན་པར་འདོད་པ་ཐམས་ཅད། ཧ་ན་ཧ་ན། པ་ཙ་པ་ཙ། བྷན་ཛ་ཡ་བྷན་ཛ་ཡ། སྟམ་བྷ་ཡ། བན་དྷ་ཡ་བན་དྷ་ཡ། མོ་ཧ་ཡ་མོ་ཧ་ཡ། མ་ཧཱ་མོ་ཧ་ནི། བྷ་ག་ཝ་ཏེ་སྭཱ་ཧཱ། བདག་འཇིགས་པ་དང༌། གནོད་པ་དང༌། ནད་འགོ་བ་ཐམས་ཅད་ལས་སྲུངས་ཤིག །ཀོའུ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྒྱལ་པོའམ། རྒྱལ་པོ་ཆེན་པོ་གང་ལ་ལ་ཞིག་གསེར་ཅན་གྱི་རིག་སྔགས་འདི་རྗེས་སུ་དྲན་པར་བྱེད་ན། དེ་ལ་ཕ་རོལ་གྱི་འཇིགས་པ་མི་འབྱུང་ངོ༌། །དེའི་སྡེ་དེ་ལ་ཕ་རོལ་གྱི་དམག་ཚོགས་ཀྱིས་མི་ཚུགས་སོ། །ལྷས་མ་ཡིན། ཀླུས་མ་ཡིན། གནོད་སྦྱིན་གྱིས་མ་ཡིན། སྲིན་པོས་མ་ཡིན། དྲི་ཟས་མ་ཡིན། ལྷ་མ་ཡིན་གྱིས་མ་ཡིན། ནམ་མཁའ་ལྡིང་གིས་མ་ཡིན། མིའམ་ཅིས་མ་ཡིན། རིག་སྔགས་འཆང་གིས་མ་ཡིན། མཁའ་འགྲོ་མས་མ་ཡིན། དུས་མ་ཡིན་པར་འཆི་བས་དུས་བྱེད་པ་མི་འགྱུར། རིག་སྔགས་དང༌། གསང་སྔགས་དང༌། སྨན་རྣམས་ཀྱིས་མི་ཚུགས། ཕ་རོལ་གྱི་དམག་ཚོགས་ཀྱིས་མི་ཚུགས་སོ། །ཕ་རོལ་གྱི་དམག་ཚོགས་ཀྱིས་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །ལུས་ལ་མཚོན་གྱིས་མི་ཚུགས། ལུས་ལ་མེ་དང༌། ཆུ་དང༌། དུག་དང༌། རིག་སྔགས་དང༌། གསང་སྔགས་དང༌། སྨན་རྣམས་ཀྱིས་མི་ཚུགས་སོ། །གང་གིས་སྡིག་པ་བྱས་པ་དང༌། བྱེད་དུ་བཅུག་པ་དང༌། རྗེས་སུ་ཡི་རངས་པ་དེ་ཉིད་ལ་སླར་འབབ་པར་འགྱུར། དེ་ཉིད་སླར་འགྲོ་བར་འགྱུར་རོ། །ཀོའུ་ཤི་ཀ་དེ་ལྟ་བས་ན་དད་པའི་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མའམ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་རིག་སྔགས་འདི་ཆུ་ལ་ལན་བདུན་བཟླས་ཏེ། བདག་གི་ལུས་ལ་བླུགས་ན། བདག་གིས་ལུས་མ་ལུས་པར་བསྲུང་བར་འགྱུར་རོ། །འཇིགས་པ་ཐམས་ཅད་དང༌། གནོད་པ་ཐམས་ཅད་དང༌། ཡམས་ཀྱི་ནད་དང༌། ནད་འགོ་བ་ཐམས་ཅད་དང༌། རིག་སྔགས་ཐམས་ཅད་དང༌། གསང་སྔགས་དང༌། སྨན་ཐམས་ཅད་དང༌། བྱད་ཐམས་ཅད་ལས་ཤིན་ཏུ་འདས་པར་འདོད་པས། གསེར་ཅན་གྱི་རིག་སྔགས་འདི་དྲན་པར་བྱའོ། །རྒྱལ་པོའམ། རྒྱལ་པོའི་བློན་པོ་ཕ་རོལ་གྱི་དམག་ཚོགས་གཞོམ་པ་དང༌། ཕ་རོལ་གྱི་དམག་ཚོགས་འདུལ་བར་འདོད་པས། གསེར་ཅན་གྱི་རིག་སྔགས་འདི་དྲན་པར་ལན་བདུན་བཟླས་ཏེ། མདུད་པ་བདུན་བོར་བའི་སྲད་བུ་གདགས་པར་བྱ་འམ། ཆུ་ལ་ལན་བདུན་བཟླས་པས་བསྲུང་བར་བྱའོ། །འཇིགས་པ་ཐམས་ཅད་ལ་ཐོགས་པ་མེད་པའི་གཟུངས་འདི་ཡི་གེར་བྲིས་ཏེ་འཆང་བར་མགུལ་དུ་གདགས་པར་བྱའོ། །ཡི་གེར་བྲིས་ནས་རྒྱལ་མཚན་གྱི་རྩེ་མོར་གདགས་པར་བྱའོ། །གཡུལ་དུ་ཞུགས་པ་ན་དགེ་བ་དང༌། བདེ་བར་ཐར་བར་འགྱུར་རོ། །རིག་སྔགས་འདིའི་སྟོབས་ཀྱིས་ནང་མི་དང༌། གཡོག་འཁོར་དང༌། སྡེ་དང་བཅས་ཏེ་དགེ་བ་དང་བདེ་བར་རྒལ་བར་འགྱུར་རོ། །མ་གྲུབ་པ་རྣམས་ཀྱང་འགྲུབ་པར་འགྱུར་རོ། །རིག་སྔགས་རེངས་པར་བྱེད་པས། །སྲད་བུ་དཀར་པོ་ལ་ལན་བདུན་བཟླས་ཏེ། མདུད་པ་བདུན་བོར་ན། བཅིང་བ་དང་རེངས་པར་བྱས་པར་འགྱུར་རོ། །སྒྱུ་རེངས་པར་བྱེད་འདོད་པས། དུར་ཁྲོད་ཀྱི་ས་ལ་ལན་བདུན་བཟླས་ཏེ་གཏོར་ན་སྒྱུ་རེངས་པར་བྱེད་པར་འགྱུར་རོ། །འགྱེད་པའི་ཚེ་ཁ་ལྐུགས་པར་བྱེད་པས་ཐིག་ལེ་ལ་ལན་བདུན་དུ་བཟླས་ཏེ་འཆོས་ན། སྨྲ་བ་ཐམས་ཅད་ལ་ལན་ཐེབས་པར་འགྱུར་རོ། །བཀླག་པར་བྱ། ཁ་ཏོན་དུ་བྱ། བརྗོད་པར་བྱ་སྟེ། ཆུས་བདག་བསྲུངས། བརྗོད་པ་ཙམ་གྱིས་སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །གང་གིས་བྱས་པར་གྱུར་པ་དང༌། གང་གིས་བསམས་པར་གྱུར་པ་ཉིད་ལ་སླར་འགྲོའོ། །སྲད་བུ་ལ་བཏགས་སམ། ཆུས་བདག་བསྲུངས་པར་བྱས་ནས་དེའི་ལུས་ལ་རིག་སྔགས་དང༌། གསང་སྔགས་དང༌། སྨན་ཐམས་ཅད་ཀྱིས་མི་ཚུགས་སོ། །མ་གྲུབ་པ་རྣམས་འགྲུབ་པར་འགྱུར་རོ། །དེ་ཐམས་ཅད་ཀྱང་མཐུན་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། ལྷའི་དབང་པོ་བརྒྱ་བྱིན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་གཡུལ་ལས་རྒྱལ་བ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།

ལུས་ངག་ཡིད་གསུམ་བཅིངས་པ་ལས་རབ་ཏུ་རྒྱལ་བར་བྱེད་པ་ཞེས་བྱ་བའི་གཟུངས།

༄༅། །ལུས་ངག་ཡིད་གསུམ་བཅིངས་པ་ལས་རབ་ཏུ་རྒྱལ་བར་བྱེད་པ་ཞེས་བྱ་བའི་གཟུངས་བཞུགས་སོ། །

རྒྱ་གར་སྐད་དུ། ཀཱ་ཡ་ཝ་ཀི་ཙི་པྲི་ཏ་སྟམྦྷ་ན་བི་ཛ་ཡཱ་དྷཱ་ར་ཎི། བོད་སྐད་དུ། ལུས་ངག་ཡིད་གསུམ་བཅིངས་པ་ལས་རབ་ཏུ་རྒྱལ་བར་བྱེད་པ་ཞེས་བྱ་བའི་གཟུངས། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །རྣམ་པར་རྒྱལ་བའི་ཁང་པའི་གནས་སུ། བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ། ཀྱེ་བཙུན་པ་བཅོམ་ལྡན་འདས་ཁྱེད་ནི་ཐམས་ཅད་མཁྱེན་པའི་གཙོ་བོ། ལྷ་མ་ཡིན་གྱིས་བདག་གི་ལུས་ངག་ཡིད་གསུམ་བཅིངས་པ་ལས་དགྲོལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བརྒྱ་བྱིན་ཁྱོད་ཀྱིས་ང་ལ་གང་དག་ཞུ་བ་དེ་ལེགས་སོ། །དེའི་ཕྱིར་ལེགས་པར་ཉོན་ལ་ཡིད་ལ་བཟུང་སྟེ། འདི་ཉིད་ལ་ནན་ཏན་དུ་གྱིས་ཤིག །གང་དག་ལུས་ངག་ཡིད་གསུམ་མནན་པ་དང་བཅིངས་པ་དེ་ལ་ནི་ནམ་ཡང་བདེ་བའི་སྐབས་མི་འབྱུང་བས། རིག་སྔགས་འདིའི་མཐུ་དང༌། ཏིང་ངེ་འཛིན་གྱི་ནུས་པ་དང༌། ལས་ཚོགས་གཉིས་ལས་བྱུང་བའི་འབྲས་བུ་ཐམས་ཅད་ཉམས་པར་བྱ་བའི་ཕྱིར་དང༌། འཇིག་རྟེན་ཕ་རོལ་གྱི་ཡོན་ཏན་དང༌། བསོད་ནམས་དང༌། བདེ་བའི་འབྲས་བུ་ནམ་ཡང་འབྱུང་བར་མི་འགྱུར་ཏེ། འདི་ལྟར་ཉི་མའི་འོད་ཟེར་ཕུན་སུམ་ཚོགས་པར་གྱུར་ཀྱང༌། སྤྲིན་གྱིས་དབང་དུ་བྱས་པ་བཞིན་ནོ། །དེ་བས་ན་ལུས་ངག་ཡིད་གསུམ་བཅིངས་པ་ལས་གྲོལ་བར་བྱེད་པའི་ཐབས་ལ་བརྩོན་པར་བྱའོ། །དེ་ལྟར་བྱས་ན་བཅིངས་པའམ་མནན་པ་ལས་གྲོལ་བར་གྱུར་ཏེ། སྒྲོན་མེའི་འོད་ཀྱིས་མུན་པ་སེལ་བའམ། མེ་ལྕེའི་ནུས་པས་ནགས་ཐམས་ཅད་སྲེག་པའམ། སེང་གེའི་སྐད་ཀྱིས་རི་དྭགས་ཐམས་ཅད་ཟིལ་གྱིས་གནོན་པ་བཞིན་དུ། རིག་སྔགས་ཆེན་མོ་འདིའི་བྱིན་རླབས་ཀྱིས་བཅིངས་པ་ཐམས་ཅད་ལས་གྲོལ་བར་བྱེད་དོ། །དེའི་གོ་རིམ་ནི་འདི་ཡིན་ནོ། །ཨོཾ་ཧྲཱིཿ བཛྲ་ཛྭ་ལ་སརྦ་ཀརྨ། བདག་གི་ལུས་ངག་ཡིད་གསུམ་བྱད་དུ་བཅུག་པ་དང༌། བཅིངས་པ་དང༌། མནན་པ་དང༌། ནུས་པ་བཤིག་པ་ཐམས་ཅད་ཁྲོལ་བར་གྱུར་ཅིག །ཨོཾ་བཛྲ་ཙྪིནྡྷ་ཡ་ཧ་ཧེ་ཧཱུྃ་ཕཊ། གཞན་གྱི་སྦྱོར་བ་ངན་པ་ཐམས་ཅད་ལས་བདག་རྒྱལ་བར་གྱུར་ཅིག །ཨོཾ་མ་མ་སརྦ་བྷི་དྷ་བྷི་དྷ། ཛ་ཡེ་ཛ་ཡེ། བི་ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏ་ཨ་པ་ར་ཛི་ཏ་ཡེ་མ་མ་བྷེ་ས་ཧྱ་པ་མ་དྷཱ། ཧ་ཡེ་མ་མ་ཧཱུཾ་ཕཊ། གཞན་གྱིས་མི་ཐུབ་པའི་རིག་སྔགས་ཆེན་མོ་འདི་གང་དག་བདག་ལ་སྡང་བ་དང༌། ལོག་པར་སེམས་པ་ཐམས་ཅད་ཞི་བར་གྱུར་ཅིག །ཨོཾ་ཤཱནྟིངྐ་རི་ནི་ཡེ་མ་མ་བཛྲ། ཛྙཱ་ན་པྲ་ཡཙྪ་ཡཾ། མ་མ་བྷི་དྷ་ར་ཡ། ཧ་ཧ་ཧེ་ཧེ་ཧི་ཧི་ཧཱུཾ་ཧཱུཾ། པྲ་ཀ་ར་ན་སརྦ་ཙ་ལ་སརྦ་བཛྲ་རཀྵཿརཀྵཿཕཊ་ཕཊ་སྭཱ་ཧཱ། བརྒྱ་བྱིན་གང་དག་རིག་སྔགས་ཆེན་མོ་འདིའི་ཕན་ཡོན་ནི། འདི་ལྟ་སྟེ། འཁོར་ལོ་གང་གིས་ལུས་ལ་འཆང་བ་དེའི་ལུས་ངག་ཡིད་གསུམ་བཅིངས་པ་ལས་གྲོལ་ཅིང་ནུས་པ་དང་མཐུ་དང་ལྡན་པར་འགྱུར་རོ། །འདི་ལུས་ལ་འཆང་བ་དེའི་གྲིབ་མ་གང་ལ་ཕོག་པ་འམ། རླུང་གི་རྫི་ཕོག་པས་ཀྱང་དེའི་ལུས་ངག་ཡིད་གསུམ་བཅིངས་པ་ལས་གྲོལ་བར་འགྱུར་རོ། །འཁོར་ལོ་འདི་གྲོང་ཁྱེར་ཆེན་པའི་དབུས་སུ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། མཐོན་པོའི་དབུས་སུ་འཕྱར་ན་དེའི་གྲིབ་མ་ཕོག་པའམ། བསིར་བུའི་རྫི་ཕོག་པ་དེའི་བཅིངས་པ་ཡང་གྲོལ་བར་འགྱུར་རོ། །ཁྲོན་པའམ། ཆུ་མིག་གམ། ལུ་མ་འམ། འབབ་ཆུ་འམ། ལྟེང་ཀ་འམ། མཚེ་འུའི་ཆུ་ནང་དུ་ཡི་གེ་འམ། འཁོར་ལོའི་གཟུགས་འཆར་བར་བྱས་ལ། ཆུ་དེ་དག་འཐུངས་པ་རྣམས་ཀྱང་བཅིངས་པ་ཐམས་ཅད་ལས་གྲོལ་བར་བྱེད་དོ། །སྒོ་ཁང་གི་ཡ་ཐེམ་ལ་བཏགས་པའམ། བསིལ་གདུགས་ཀྱི་འོག་གམ། ཞྭའི་ནང་ངམ། གོས་ཀྱི་གོང་བ་ལ་བཏགས་པ་དེའི་འོག་ཏུ་འདུག་ན་ཡང་བཅིངས་པ་ལས་རབ་ཏུ་གྲོལ་བར་འགྱུར་རོ། །དེའི་ཕྱིར་རིག་སྔགས་ཆེན་མོ་འདི་ཁྱོད་ཀྱིས་གཟུང་བར་བྱའོ། །དེ་ནས་ལྷའི་དབང་པོས་གསོལ་པ། ཀྱེ་སྟོན་པ་བཅོམ་ལྡན་འདས། །རིག་པའི་རྒྱལ་པོ་གཟི་བརྗིད་ཅན། །ཀུན་ལ་ཕན་ཕྱིར་ལེགས་པར་གསུངས། །རིག་སྔགས་མཆོག་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་དོ། །བརྒྱ་བྱིན་ལ་སོགས་པའི་འཁོར་ཐམས་ཅད་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ལུས་ངག་ཡིད་གསུམ་བཅིངས་པ་ལས་གྲོལ་བར་བྱེད་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ག་ཡ་དྷ་ར་དང༌། བོད་ཀྱི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱིས་མང་ཡུལ་བྱམས་སྤྲིན་གྱི་གཙུག་ལག་ཁང་དུ་བསྒྱུར་བའོ།། །།མངྒ་ལཾ།

འཕགས་པ་རྒྱལ་བ་ཅན་ཞེས་བྱ་བའི་གཟུངས།

༄༅། །འཕགས་པ་རྒྱལ་བ་ཅན་ཞེས་བྱ་བའི་གཟུངས་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་ཛ་ཡ་བ་ཏི་ནཱ་མ་དྷ་ར་ཎི། བོད་སྐད་དུ། འཕགས་པ་རྒྱལ་བ་ཅན་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གི་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ། བྱ་རྒོད་ཕུང་པའི་རི་ལ་དགེ་སློང་སྟོང་དུ་ཚང་བའི་དགེ་སློང་གི་དགེ་འདུན་ཆེན་པོ་དང༌། ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་དང༌། སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། མིའི་རྒྱལ་པོ་རྣམས་ལ་སྨན་པ་དང༌། བདེ་བའི་སླད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་ཞེས་བགྱི་བ་འདི་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་ཐུགས་བརྩེ་བར་དགོངས་ཏེ། རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་བཀའ་སྩལ་པ། ལག་ན་རྡོ་རྗེ་ཁྱོད་ཀྱིས་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་ཞེས་བྱ་བ། སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་གསུངས་པ། བྱིན་གྱིས་བརླབས་པ། སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། བདེ་བ་དང་སྙིང་བརྩེ་བའི་ཕྱིར་ང་ཡང་ད་ལྟར་འཆད་པ་འདི་ཟུང་ཞིག །ཏདྱ་ཐཱ། ཛ་ཡེ་ཛ་ཡེ་ཛ་ཡེ། མ་ཧཱ་ཛ་ཡ་བ་ཏི་ཡ། བྷུད་ཡ་ཨདྷིཥྛི་ཏེ་དྷརྨ་ཨ་བ་བྷ་ས་ནི་བུདྡྷ་ཨ་དྷི་ཀ་མེ། ཛྙཱ་ན་ཨ་བ་བྷ་སེ་སྭཱ་ཧཱ། ལག་ན་རྡོ་རྗེ་འདི་དག་ནི་དེ་བཞིན་གཤེགས་པས་སྤྱི་བོ་ནས་དབང་བསྐུར་བའི་གསང་སྔགས་ཀྱི་གཞི་རྣམས་ཏེ། ལག་ན་རྡོ་རྗེ་དེ་བཞིན་གཤེགས་པས་སྤྱི་བོ་ནས་དབང་བསྐུར་བའི་ཚིག་འདི་དག་གང་གི་ལུས་ལ་བཏགས་སམ། གླེགས་བམ་ལ་བྲིས་པ་དེའི་ལུས་དཔག་ཚད་སྟོང་ཚུན་ཆད་དུ་ཕྱིར་རྒོལ་བའི་གནོད་པ་འབྱུང་བར་མི་འགྱུར་རོ། །མཚོན་དང༌། དུག་དང༌། དབྱིག་དུག་གིས་མི་ཚུགས་སོ། །རྒྱལ་པོ་དེའི་ཡུལ་དེར་ཕ་རོལ་གྱི་གནོད་པ་མི་འབྱུང་ངོ༌། །ཕྱིར་རྒོལ་བ་དག་ཡུལ་འཁོར་དེར་མཐུས་གནོད་པར་མི་འགྱུར་རོ། །ལག་ན་རྡོ་རྗེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་ཡི་གེར་བྲིས་ཏེ་འཆང་བ་དེ་ཇི་སྲིད་འཚོའི་བར་དུ་དེའི་ལུས་ལ་མཚོན་དང༌། དུག་དང༌། ཆུ་དང༌། རིམས་དང༌། དུག་སྦྱར་མ་གཞན་གྱིས་མི་ཚུགས་པར་འགྱུར་རོ། །དེ་ལ་དགྲའི་འཇིགས་པ་དང༌། འཚེ་བ་དང་མཐོ་མཚམས་པ་འབྱུང་བར་མི་འགྱུར་རོ། །རྒྱལ་པོའི་འཇིགས་པ་མི་འབྱུང་ངོ༌། །ཆོམ་རྐུན་གྱི་འཇིགས་པ་མི་འབྱུང༌། འཐབ་མོའི་ནང་དུ་སོང་ཡང་དེའི་ལུས་ལ་མཚོན་གྱིས་མི་ཕོག །ཐམས་ཅད་དུ་ཡང་ང་རྒྱལ་བ་སྨྲ་བར་འགྱུར། གནོད་པ་མེད་ཅིང་མ་བསྣད་མ་རྨས་པར་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདིའི་མཐུ་དང༌། གཟི་བརྗིད་དང༌། སྟོབས་དང༌། བྱིན་གྱིས་བརླབས་ཀྱིས་རྒྱལ་བར་འགྱུར་རོ། །ཏདྱ་ཐཱ། ཛ་ཡེ་ཛ་ཡོད་ཏ་མི། དྷརྨ་ཨ་བ་བྷ་ས་ནི། བུདྡྷྱ་བུདྡྷྱ་བུདྡྷྱ། དྷ་ར་དྷ་ར་དྷ་ར། བོ་དྷ་ནི་བོ་དྷ་ནི་བོ་དྷ་ནི། ཏ་ཐཱ་ག་ཏ། ཨ་དྷིཥྛི་ཏེ། ཨ་བ་རོ་ཧ་ནི། ཨོ་རོ་བྱ་ནི། ཛ་ཡ་ཀུས་མ་སཱ་རེ་ས་ར་བ་ཏི། དྲི་ཌྷེ་དྲི་ཌྷེ་དྲི་ཌྷེ། དྲི་དྷེ་པ་ཤ་ར་བི་དྷེ། ཨོཾ་ཧ་ནི་མ་ཧ་ན། ཛམྦྷ་ནི། སྟཾ་བྷ་ནི། སྟཾ་བྷི་ཏ། སརྦ་ཨ་ཧི་ཏེ་ཥི་ཎ་ན། ན་མོ་བྷ་ག་ཝ་ཏི། བུདྡྷ་སྱ། མ་ཧཱ་ཀ་རུ་ཎཾ་སིད་དྷྱནྟུ་མནྟྲ་བ་དི་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ལ་གསང་བའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་ཀྱི་མཐུ་དང༌། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཀྱིས། བདག་གིས་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདིའི་གཟུངས་ཀྱི་གསང་སྔགས་ཀྱི་གཞི་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། ཛ་ཡ་ཛ་ཡ་ཛ་ཡ། པ་ཊ་པ་ཊ་པ་ཊ། ཛྭ་ལ་ཛྭ་ལ་ཛྭ་ལ། བཛྲ་པྲ་ཧ་ར། པྲ་ཧ་ར་པྲ་ཧ་ར། དྷ་ར་དྷ་ར་དྷ་ར། ཧ་ར་ཧ་ར་ཧ་ར། བྷ་ར་བྷ་ར་བྷ་ར་བྷ་ར། ཛ་ཡ་ཀུ་སུ་མེ། བ་ལ་བ་ལ། ཙཀྲ་ཙཀྲ། པཱི་ཌ་ཡ་པཱི་ཌ་ཡ། ཨ་ཀྲ་མ། ཨ་ཀྲ་མ། བི་ཀྲ་མེ། ཨ་ཙ་ལེ། མ་ཙ་ལེ། ཁ་ག་ཙ་རི་ནཱི། ནི་ལ་བ་ཏི། བཛྲ་པྲ་ཧ་ར་ཎི། བཛྲ་སཾ་བྷ་བྷ་བེ། བཛྲ་ཀ་ཡ། བུདྡྷ་ཨ་དྷིཥྛཱི་ཏེ། བུདྡྷ་རཤྨི་མ་ཧཱ་པྲ་བྷེ། ཨུད་ཙ་གནྡྷེ། མ་ཧཱ་ཏེ་ཛ་བ་ཏི། མ་ཙ་ལེ། བ་ཙ་ལེ། དྷུ་ན་དྷུ་ན་དྷུ་ན། ཀ་ཀ་ཀང་རེ། ཀཱ་སི་ནི། ས་མཱ་ཧི་ཏེ། དྷརྨ་ཨུ་བ་བྷ་ས་ནི། ཙ་ར་ཙ་ར། གྷ་གྷ་ཌ། བཛྲ་མཱ་ལཱ་དྷ་རི། ས་ར་ས་ར། ཀ་ལ་བ་ཌ་ནི་སྭཱ་ཧཱ། བཅོམ་ལྡན་འདས་གསང་སྔགས་ཀྱི་གཞི་འདི་དག་ནི་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་གསུངས་པ་སྟེ། སུ་ཞིག་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་ལས་འདའ་བར་བགྱིད་པ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་འཁུས་པར་འགྱུར་རོ། །འདི་ལྟ་སྟེ། ལྷ་འམ། གནོད་སྦྱིན་ནམ། སྲིན་པོའམ། ཡི་དྭགས་སམ། ཤ་ཟ་འམ། བརྗེད་བྱེད་དམ། གསོད་བྱེད་དམ། བྱད་དམ། རོ་ལངས་སམ། བཀྲ་མི་ཤིས་པའམ། མ་མོའི་གདོན་ཏམ། གོང་མའི་གདོན་ཏམ། སྐེམ་བྱེད་དམ། སྐེམ་བྱེད་ཀྱི་གདོན་ཏམ། ཟ་བའི་གདོན་དེ་དག་ཐམས་ཅད་རྨུགས་པར་བགྱིའོ། །རེངས་པར་བགྱིའོ། །ཏདྱ་ཐཱ། བཛྲ་བཛྲེ་ཧ་ན་བཛྲེ། ནི་ཧ་ན་བཛྲེ། ཁཱ་ད་ཁཱ་ད། བཛྲ་ཎི། སྤ་ཊ་ཡ་སྤ་ཊ་ཡ་སྤ་ཊ་ཡ་བཛྲ་ཎི། ཧཱུ་མ་ཧཱུ་མ་ཧཱུ་མ། ཕཊ་ཕཊ་ཕཊ། གྲ་ས་གྲ་ས་གྲ་ས། པཱ་ཏ་ཡ། པཱ་ཏ་ཡ། དྷ་ར་དྷ་ར། བདག་དང་སེམས་ཅན་ཐམས་ཅད་འཇིགས་པ་དང༌། གནོད་པ་ཐམས་ཅད་དང༌། འཐབ་མོ་དང༌། འཐབ་པ་དང༌། རྩོད་པ་དང༌། འགྱེད་པ་ཐམས་ཅད་ལས་སྲུངས་ཤིག །ཛ་ཡ་ཀ་རཱི། ཛ་ཡཾ་ཀུ་རུ། ཏ་ར་ཏ་ར་ཏ་ར། མ་ཧཱ་ཏ་ར་ནཾ་ཀུ་ཊེ་ཀུ་ཊེ་ཀུ་ཊེ། བཛྲ་ཀུ་ཊེ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ། །ལག་ན་རྡོ་རྗེ་སེམས་ཅན་ཆེན་པོ་ཁྱོད་སེམས་ཅན་རྣམས་ལ་ཕན་པ་དང༌། བདེ་བ་དང༌། སྙིང་བརྩེ་བའི་ཕྱིར་ཞུས་པ་ཡང་ལེགས་སོ། །ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་སུའི་ལག་ཏུ་སོང་སྟེ། ལུས་ལ་བཏགས་སམ། གླེགས་བམ་དུ་བྲིས་སམ། གྲོང་ངམ། གྲོང་ཁྱེར་ར་མ། གྲོང་རྡལ་ལཾ། གཙུག་ལག་ཁང་ངམ། གནས་ཁང་ངམ། འཆགས་ན་སྤྱོད་པར་འགྱུར་བ་དེར་རྒྱལ་པོ་ཆེན་པོ་རྣམས་ཐོས་ཀྱི་བུ་ཚོགས་ཀྱི་གཡོག་དང་བཅས་པས་གྲོང་ངམ། གྲོང་ཁྱེར་རམ་གྲོང་རྡལ་ལམ། ཡུལ་དེར་བསྲུང་བར་འགྱུར་རོ། །ཡུལ་དེར་ཕ་རོལ་གྱི་དམག་ཚོགས་ཀྱིས་གནོད་པར་མི་འགྱུར་རོ། །ས་ཕྱོགས་མི་ངས་མི་འབྱུང་ངོ༌། །དགྲ་མི་འབྱུང་ངོ༌། །རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་ཕྱི་བཞིན་འབྲང་བ་དང་ལན་གཅིག་དེར་བསྲུང་ངོ༌། །ཡོངས་སུ་སྐྱོབ་བོ། །ཡོངས་སུ་འཛིན་ཏོ། །ཞི་བ་དང་བདེ་ལེགས་སུ་འགྱུར་པ་བྱེད་དོ། །ཆད་པ་སྤོང་ངོ༌། །མཚོན་ཆ་སྤོང་ངོ༌། །དུག་གསོད་དོ། །མི་མཛའ་བ་འགོག་གོ །མཚམས་གཅོད་དོ། །ས་བཅིང་ངོ༌། །ཏདྱ་ཐཱ། ཏ་པ་ནི་ཏ་པ་ནི། པྲ་ཏ་པ་ནི། དྷུ་རུ་མེ་དྷུ་རུ་མེ། བུདྡྷ་ཨ་དྷིཥྛཱི་ཏེ། མུ་ཁེ་སུ་མུ་ཁེ། སུ་མུ་ཁེ། སྦ་ལ་པྲ་ཏེ། ས་མཱ་ཧི་ཏེ། ས་མ་དྷི་གརྦྷེ། མ་ན་སི། ཕུ་རུ་ཕུ་རུ་ཕུ་རུ། དྷུ་རུ་བུདྡྷ། མཱ་ན་སི་ཀ་སྭཱ་ཧཱ། ལག་ན་རྡོ་རྗེ་འདི་དག་ནི་དེ་བཞིན་གཤེགས་པས་སྤྱི་བོ་ནས་དབང་བསྐུར་བའོ། །གསང་བའི་གནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའོ། །ལག་ན་རྡོ་རྗེ་མིའི་རྒྱལ་པོ་གང་ལ་ལ་ཞིག །རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་གླེགས་བམ་ལ་ལེགས་པར་བྲིས་ཏེ། འཆང་ངམ། ལུས་ལ་བཏགས་ཏེ་འཆང་ཞིང་དེ་ལ་སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། མེ་ཏོག་སྣ་ཚོགས་ཀྱི་ལྷབ་ལྷུབ་ཀྱིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད། མིའི་རྒྱལ་པོ་དེ་ལ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་ཕྱི་བཞིན་འབྲང་བ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་བསྲུང་བར་འགྱུར་རོ། །མིའི་རྒྱལ་པོ་དེ་ལ་ཕྱིར་རྒོལ་བ་དང༌། དགྲ་དང་ཕ་རོལ་གྱི་དམག་ཚོགས་ཐམས་ཅད་ཀྱིས་གླགས་མི་རྙེད་དོ། །མཐུས་ཡུལ་དེར་འཇུག་པ་དང༌། གེགས་འཇུག་ན་ཡང༌། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གེགས་སྣ་ཚོགས་བརྒྱ་དང༌། གེགས་སྣ་ཚོགས་སྟོང་བྱེད་པར་མི་འགྱུར་རོ། །མིའི་རྒྱལ་པོ་གང་དང་གང་དུ་འགྲོ་བ་དེ་དང་དེར་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་མདུན་དུ་བསྐུར་བར་བྱའོ། །གང་དུ་གཡུལ་ངོར་འཇུག་གམ། དགྲ་ཆེན་པོ་དང་འཐབ་པ་དེར་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་མགུལ་དུ་བཏགས་ཏེ། གཡུལ་ངོར་ཞུགས་ན་དེར་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་ཕ་རོལ་གྱི་དམག་ཚོགས་དེ་ཕམ་པར་བྱེད་པར་འགྱུར་རོ། །དེར་ནི་རྒྱལ་བར་བྱེད་པར་འགྱུར་རོ། །རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་སུའི་མགུལ་དུ་བཏགས་པ་དེ་རྒྱལ་བར་འགྱུར་རོ། །ལག་ན་རྡོ་རྗེ་གྲོང་ངམ་གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། རྒྱལ་པོའི་ཕོ་བྲང་འཁོར་གང་དུ་གལ་ཏེ་ནད་འགོ་བ་སྣ་ཚོགས་བྱུང་ན། ཆོ་ག་དང༌། གཏོར་མ་དང༌། བུམ་པ་བཏུང་བ་སྣ་ཚོགས་ཀྱིས་བཀང་བ་བཞི་ཕྱོགས་བཞིར་བཞག་སྟེ། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ཀློག་ན་དེའི་ཚེ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཚོགས་ཀྱི་གཡོག་དང་བཅས་ཤིང༌། གནོད་སྦྱིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ནད་འགོ་བ་དང༌། མི་ངས་དེ་རབ་ཏུ་ཞི་བར་བྱེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལས་ལྷག་པའི་རིག་སྔགས་ཆེས་སྟོབས་དང་ལྡན་པའམ། གཟི་བརྗིད་ཆེ་བའམ། རྫུ་འཕྲུལ་ཆེ་བའམ། མཐུ་ཆེ་བ་གང་ཡང་མ་མཆིས་སོ། །རིག་སྔགས་ཐམས་ཅད་ཀྱི་མཆོག །རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ཡུལ་གང་དག་ཏུ་སྤྱོད་པར་འགྱུར་བའི་གནས་དེ་དག་ཏུ་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་རོ། །ཏདྱ་ཐཱ། བཛྲེ་བཛྲེ་བཛྲེ། ཨ་མྲི་ཏ་བཛྲ། ཛྭ་ལི་ཏ་བཛྲེ། ཧུ་ཏཱ་ཤ་ནེ། བྷན་ཛ་བྷན་ཛ་བྷན་ཛ། བྷན་ཛ་བྷན་ཛ། སྟཾ་བྷ་ཡ། སརྦ་ས་གྲ་ཧ་ནཾ། ཧུམ་ཧུམ་ཧུམ། པཱཊ་པཱཊ་པཱཊ། གྷྲ་ས་གྷྲ་ས་གྷྲ་ས། པ་ཊ་པ་ཊ་པ་ཊ་པ་ཊ་པ་ཊ། བྷ་ཊཱ། མུ་རུ་མུ་རུ་མུ་རུ། དྷ་མ་དྷ་མ་དྷ་མ། ཛ་ལ་ཛ་ལ་ཛ་ལ། ཁུ་ཁུ་མེ། ཁུ་ཁུ་མེ། གྷི་རི་གྷི་རི་གྷི་རི། བཛྲ་མ་ནཱ་སི། བཛྲ་ཧུ་ཏི། ཧུ་ཏི་རུ། ཕུ་རུ་ཕུ་རུ། གྲ་ས་གྲ་ས། སརྦ་ཨ་ཧི་ཏེ། ཥ་ནན། ནཱ་བྷུ་རུ་ཎ། མུ་མུ་ལེ། བཛྲ་པྲ་དྷི་བ་ནི། ཙ་མ་ལེ་ཕུ་སྭཱ་ཧཱ། ཨ་ཡུ་བཱ་ལ་ནི་ཙུ་ཙུ་རེ་སྭཱ་ཧཱ། ཛ་ཡེ་ཛ་ཡེ་ཛ་ཡེ། ཛ་ཡ་སཾ་བྷ་བྷེ་སྭཱ་ཧཱ། ཛ་ཡོད་ཏ་མེ་སྭཱ་ཧཱ། ཛ་ཡ་བ་ར་དེ་སྭཱ་ཧཱ། ཛ་ཡ་ལེ་དྷ་ནེ་སྭཱ་ཧཱ། ཛ་ཡ་མཱ་ན་སི་སྭཱ་ཧཱ། ཛ་ཡ་བི་ཛ་སྭཱ་ཧཱ། ཛ་ཡ་ཏ་བཛྲ་ཡ་སྭཱ་ཧཱ། བཛྲ་ཧུ་ཏ་ཤ་ནཱ་ཡ་སྭཱ་ཧཱ། ཨ་མོ་གྷ་བཛྲ་ཧསྟཱ་ཡ་སྭཱ་ཧཱ། དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་བསྲུང་བ་སྩལ་བར་བགྱི། ཡོངས་སུ་བསྐྱབ་པ་དང༌། ཡོངས་སུ་བཟུང་བ་དང༌། ཆད་པ་སྤང་བ་དང༌། མཚོན་ཆ་སྤང་བ་དང༌། དུག་འགུམ་པ་དང༌། མི་མཛའ་བ་དགག་པ་དང༌། དུས་མ་ཡིན་པར་འགུམ་པ་དགག་པ་དང༌། འཐབ་པ་དང༌། འཐབ་མོ་དང༌། རྩོད་པ་དང༌། འགྱེད་པ་དང༌། གཡུལ་འགྱེད་པ་དང༌། ཁྲག་འཁྲུག་དང༌། འཇིགས་པ་ཐམས་ཅད་དགག་པར་བགྱིའོ། །མཚམས་འགུམ་པར་བགྱིའོ། །ཏདྱ་ཐཱ། ཛ་ཡེ་ཛ་ཡེ། མ་ཧཱ་ཛ་ཡེ། མཱི་ལཱི་མཱ་ན་སི། ཛྷེ་ཛྷེ་ཛྷེ། མུ་རུ་མུ། ཏུ་ཊུ་ཏུ་ཊུ། མུ་མུ་ལེ། མཱརྒ་བ་ཏི། དྷུ་དྷུ་མེ། བེ་ག་བེ་ག་དྷ་རི་ཎཾ། ཏི་ཛ་བ་ཏི། བདག་དང་སེམས་ཅན་ཐམས་ཅད་འཇིགས་པ་དང༌། གནོད་པ་ཐམས་ཅད་དང༌། དུས་མ་ཡིན་པར་འཆི་བ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག་སྭཱ་ཧཱ། བཅོམ་ལྡན་འདས་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ནི། སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་གསུངས་པ་བྱིན་གྱིས་བརླབས་པ་ལགས་སོ། །ཏདྱ་ཐཱ། བུདྡྷེ་བུདྡྷེ་བུདྡྷེ། བུདྡྷ་བ་ཏི། བུདྡྷ་ཨ་བ་བྷ་ས་ནི། དྷ་མ་བ་ཏི། ས་མཱ་ཧཱི་ཏེ། ས་མཱ་དྷི་གརྦྷེ། བུདྡྷ་ཨ་བ་བྷ་ས་ནི། བུདྡྷ་པ་རི་ཧི་རཾ། དྷ་ར་ཨ་བ་བྷ་ས་ནི་སྭཱ་ཧཱ། སུ་ལ་ལ་ཞིག་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ལས་འདའ་བར་བགྱིད་པ་དེའི་མགོ་སིད་དྷ་ཀའི་འབྲས་བུ་བཞིན་དུ་ཚལ་པ་བདུན་དུ་འགས་སོ། །སུ་ཞིག་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་འཆང་ངམ། ཀློག་གམ། མཆོད་པར་བགྱིད་དམ། ཡི་གེར་འབྲིའམ། གླེགས་བམ་ལ་བྲིས་ཏེ་གྲོང་ངམ། གྲོང་ཁྱེར་རམ། གྲོང་བརྡལ་ལམ། ལྗོངས་སམ། རྒྱལ་པོའི་ཕོ་བྲང་འཁོར་རམ། གཙུག་ལག་ཁང་དུ་འཇོག་ན་དེར་བདག་ཚོགས་ཀྱི་གཡོག་དང་བཅས་ཤིང༌། གནོད་སྦྱིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་རིག་སྔགས་འཛིན་པ་དེའི་སླད་བཞིན་དུ་འབྲངས་ཏེ་བསྲུང་བར་བགྱིའོ། །དཔག་ཚད་བརྒྱད་སྟོང་ཚུན་ཚད་མཚམས་དགུམ་པར་བགྱིའོ། །སླར་རྒོལ་བ་དང༌། དགྲ་དང་གཡུལ་འགྱེད་པ་དང༌། འཐབ་པ་དང༌། མཚང་འབྲུ་བ་དང༌། འཐབ་མོ་དང༌། འགྱེད་པ་ཐམས་ཅད་མ་མཆིས་པར་བགྱིའོ། །སླར་བཟློག་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རྒྱལ་པོ་ཆེན་པོ་ལེགས་སོ་ལེགས་སོ་སེམས་ཅན་ཆེན་པོ་ཁྱོད་འཇིག་རྟེན་ཐམས་ཅད་ལ་ཕན་པ་དང༌། འཇིག་རྟེན་ཐམས་ཅད་ལ་བདེ་བ་དང༌། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་དང༌། བསྟན་པ་བསྲུང་བའི་ཕྱིར་ཞུས་པ་ཡང་ལེགས་སོ། །རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་གང་ཡོངས་སུ་བསྐྱང་བ་དང༌། ཡོངས་སུ་བཟུང་བ་དང༌། ཡོངས་སུ་བསྐྱབ་པ་བྱས་པ་དེའི་ལུས་ལ་མཚོན་དང༌། དུག་དང༌། བྱད་དང༌། གསོད་བྱེད་དང༌། རིམས་དང༌། གདོན་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱས་བཏབ་པའོ། །ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ཟུང་ཞིག །ཆོངས་ཤིག །ཀུན་ཆུབ་པར་གྱིས་ཤིག །ལག་ན་རྡོ་རྗེ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པའི་དུས་ན། སེམས་ཅན་དྲག་ཤུལ་ཅན་དང་ལྡན་པ། ཤིན་ཏུ་མི་བཟད་པ་མདངས་འཕྲོག་པའི་གནོད་སྦྱིན་དང༌། སྲིན་པོ་རྣམས་དང༌། ཆོས་མ་ཡིན་པ་སྤྱོད་པའི་རྒྱལ་པོ་འབྱུང་བར་འགྱུར་རོ། །ཚེ་ཐུང་བ་ཆོས་མ་ཡིན་པས་ཡུལ་འཁོར་སྐྱོང་བ་འབྱུང་བ་དེའི་ཚེ། རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་སེམས་ཅན་མི་མཉམ་པ་དང༌། སེམས་ཅན་མི་བཟད་པ་དེ་དག་དང༌། སྡང་བ་དང༌། རབ་ཏུ་སྡང་བའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འགྱུར། ཚར་གཅོད་པར་འགྱུར། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ་འདི་ནི། སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་གསུངས་པ། བྱིན་གྱིས་བརླབས་པ། ཕྱག་རྒྱས་བཏབ་བོ། རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་ནི་ལྷ་ཐམས་ཅད་ཀྱིས་ཕྱག་བྱས་པའོ། །དེ་ནས་བཅོམ་ལྡན་འདས་ལ་གསང་བའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་དེའི་ཕྱིར་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་དང་ཕྱག་རྒྱ་ཞེས་བྱ་བར་ཡང་ཟུང་ཞིག །བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ་རྒྱལ་བ་ཅན་ཞེས་བྱ་བར་ཡང་ཟུང་ཞིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། གསང་བའི་བདག་པོ་ལག་ན་རྡོ་རྗེ་དང༌། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང༌། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་རྒྱལ་བ་ཅན་ཞེས་བྱ་བའི་གཟུངས་རྫོགས་སོ།། །།སརྦ་མངྒ་ལཾ།། །།

དཔལ་ཆེན་མོའི་མདོ།

༄༅། །དཔལ་ཆེན་མོའི་མདོ་བཞུགས་སོ། །

རྒྱ་གར་སྐད་དུ། མ་ཧཱ་ཤྲཱི་སཱུ་ཏྲ། བོད་སྐད་དུ། དཔལ་ཆེན་མོའི་མདོ། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བདེ་བ་ཅན་ན་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག །བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ཆེན་མོ་ལ་གཟིགས་ནས། འཕགས་པ་སྤྱན་རས་གཟགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ཡང་རུང་བས་དཔལ་ཆེན་མོའི་མིང་བཅུ་གཉིས་པོ་ཤེས་པ་དང༌། འཆང་བ་དང༌། ཀློག་པ་དང༌། འབྲི་བ་དང༌། འདྲིར་འཇུག་པ་དེ་ནི་དབུལ་བ་བོར་ཏེ་ཕྱུག་པོར་འགྱུར་རོ། །དེ་ནས་འཁོར་འདུས་པ་ཐམས་ཅད་ཀྱིས་དེ་ལྟར་གྱུར་ཅིག་ཅེས་ཀུན་ནས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ཆེན་མོའི་མཚན་བཅུ་གཉིས་པོ་བཀའ་སྩལ་པ། དཔལ་ལྡན་མ། དཔལ་དཀྲིས་མ། པདྨའི་འཕྲེང་བ་ཅན། ནོར་གྱི་བདག་མོ། དཀར་མོ། གྲགས་པ་ཆེན་མོ། པདྨའི་སྤྱན། བྱེད་པ་མོ། འོད་ཆེན་མོ། ཟས་སྦྱིན་མ། རིན་པོ་ཆེ་རབ་སྦྱིན་མོ། དཔལ་ཆེན་མོ། །སྱད་ཡ་ཐེ་ད་ན། ཛི་ནི་གྲི་ནི། སརྦ་ཨརྠ་ས་དྷ་ནི། ཤ་ཤི་ན་ཨ་ལ་ག་ཤི་མ་ན། ནཱ་ཤ་ཡ། སིདྡན་ཏུ་མནྟྲ་པ་དཻ་སྭཱ་ཧཱ། །ཨོཾ་བི་གུ་ནི་བ་ར་མ་སུ་བྷ་གེ་སྭཱ་ཧཱ། གང་ལ་ལ་ཞིག་དུས་གསུམ་དུ་འདོན་པར་བྱེད་ན་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་འགྱུར་རོ། །སྐལ་པ་བཟང་པོ་དང་ལྡན་པར་འགྱུར་རོ། །འབྱོར་པ་ཟད་མི་ཤེས་པ་དང་ལྡན་པར་འགྱུར་རོ། །དེ་ལ་ཐམས་ཅད་ཀྱིས་བུ་ལྟ་བུའི་འདུ་ཤེས་བསྐྱེད་དེ་དགའ་བར་འགྱུར་ཞིང་ཇི་ལྟར་བསྒོ་བ་བཞིན་བྱེད་པར་འགྱུར་རོ། །རྟག་ཏུ་རྒྱུན་མི་འཆད་པར་བཀླགས་ན། །ཚངས་པས་དྲག་ཤུལ་གྱི་ལས་བྱས་ཀྱང་མི་ཚུགས་ལ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དཔལ་ཆེན་མོའི་མདོ་རྫོགས་སོ།། །།སངས་རྒྱས་ཕལ་པོ་ཆེ་ལ་ཕྱག་འཚལ་ལོ། །ན་མོ་བུདྡྷ་ཡ། ཨོཾ་ན་མོ་བུདྡྷ་ཡ། ཨོཾ་དྷུ་ན་དྷུ་ན། ཨོཾ་དྷུ་ན་དྷུ་ན་མ་ཧཱ་བཱ་རི་ཡེ་སྭཱ་ཧཱ། ཕལ་ཆེན་གསུང་བསྒྲགས་པ་དང་མཉམ་པར་འགྱུར་རོ།། །།

འཕགས་པ་དབྱིག་དང་ལྡན་པ།

༄༅། །འཕགས་པ་དབྱིག་དང་ལྡན་པ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་ཧི་ར་ནྱ་བ་ཏི་ནཱ་མ་དྷ་ར་ཎི། བོད་སྐད་དུ། འཕགས་པ་དབྱིག་དང་ལྡན་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དགའ་ལྡན་ན་ལ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ལ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་དུ་མ་ཐམས་ཅད་ཀྱང་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ། སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལེགས་པར་གནས་ལ་བཀའ་སྩལ་པ། ལེགས་པར་གནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དབྱིག་དང་ལྡན་པའི་གཟུངས་འདི་འཛིན་པར་མི་འདོད་པ་དེས། འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་མ་མཐོང་ངོ༌། །མ་ཐོས་སོ། །མ་མྱོང་ངོ༌། །གང་གིས་འདི་ལྟར་དེ་བཞིན་གཤེགས་པ་རྣམས་མཐོང་བ་དང༌། ཐོས་པ་དང༌། མྱོང་བ་དེས་གཟུངས་ཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ལེགས་པར་གནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདག་གིས་བསོད་ནམས་བྱས་སོ་ཞེས་མི་འཛིན། བདག་གིས་བསོད་ནམས་མ་ཡིན་པ་དང༌། དགེ་བ་དང་མི་དགེ་བ་བྱས་སོ་ཞེས་མི་འཛིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ལེགས་པར་གནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཟུངས་འཛིན་པར་མི་རྟོག་རྣམ་པར་མི་རྟོག་གོ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུངས་ཐོབ་པ་ནི་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་རྣམས་ལ་དངོས་པོར་རམ། མཚན་ཉིད་དུ་མི་རྟོག །ཡོངས་སུ་མི་རྟོག་སྟེ། རྐྱེན་དུ་མ་ཡིན། རྐྱེན་མེད་པར་མ་ཡིན། འགྲོ་བར་མ་ཡིན། འགྲོ་བར་མེད་པར་མ་ཡིན། འཆི་འཕོར་མ་ཡིན། སྐྱེ་བར་མ་ཡིན། སྟོང་པར་མ་ཡིན། མི་སྟོང་པར་མ་ཡིན། མཚན་མར་མ་ཡིན། མཚན་མ་མེད་པར་མ་ཡིན། སྨོན་པར་མ་ཡིན། སྨོན་པ་མེད་པར་མ་ཡིན། སྐྱེ་བར་མ་ཡིན། འགག་པར་མ་ཡིན་ནོ། །ལེགས་པར་གནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་མཐའ་འདིས་སྤྱོད་པ་དེ་ནི་ཡེ་ཤེས་ལ་གནས་པ་ཞེས་བྱའོ། །གང་གི་ཚེ་ཡེ་ཤེས་ལ་གནས་པར་གྱུར་པ་དེའི་ཚེ་མྱ་ངན་ལས་འདས་པ་ཞེས་བྱའོ། །གང་གི་ཚེ་མྱ་ངན་ལས་འདས་པར་གྱུར་པ་དེའི་ཚེ་དབྱིག་དང་ལྡན་པའི་གཟུངས་ལན་ཅིག་ཀུན་ཆུབ་པར་བྱེད་ལ་འཛིན་ཏེ་དོན་དང་ཚིག་འབྲུ་ཡང་ཡོངས་སུ་ཟད་པར་མི་འགྱུར་རོ། །ཡོངས་སུ་མ་བརྟགས་པའི་ཚུལ་ཁྲིམས་ཅན་ཡང་ཡིན་ཏེ། བདེན་པའི་ཚུལ་ཁྲིམས་དང༌། རྣམ་པར་དག་པའི་ཚུལ་ཁྲིམས་ཅན་ནོ། །མ་བརྟགས་པའི་ཆོས་ཅན་ཡིན་ཏེ། བདེན་པའི་ཆོས་དང༌། རྣམ་པར་དག་པའི་ཆོས་ཅན་ནོ། །གཞན་གྱིས་དྲིང་ལ་མི་འཇོག་ཅིང་རང་གི་ཆོས་ལ་ཞུགས་སོ། །སངས་རྒྱས་ལ་ལྷག་པར་བྱ་བ་བྱས་པའོ། །རིག་པ་འཛིན་པ་ལ་ཞུགས་པའོ། །ལེགས་པར་གནས་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་ཆགས་སོ། །མི་འཆང་ངོ༌། །མི་འགྲོལ་ལོ། །ལེགས་པར་གནས་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་ཆགས་མི་འཆང༌། མི་འགྲོལ་བ་དེའི་ཚེ་སངས་རྒྱས་ཀྱི་རིགས་དང༌། འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རིག་སྔགས་ཀྱིས་མིང་གཞན་གྱི་གསང་སྔགས་ཀྱི་གཞི་རྣམས་ཀྱིས་དབྱིག་དང་ལྡན་པའི་གཟུངས་འཐོབ་བོ། །ཏདྱ་ཐཱ། ཀུ་ཊི་ཀུ་ཊི་ཀུ་ཙ་ལ། ཨེ་ལཱ་ཨི་མི་རི་ཏོ། ཀོ་ཐཱ་ལ། ཨེ་རེ་རི། ཨེ་མི་རི་ཎི། ལེགས་པར་གནས་འདི་དག་ནི་འདས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རིག་སྔགས་ཀྱི་མིང་གཞན་ནོ། །འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རིག་སྔགས་ཀྱི་མིང་གཞན་ནོ། །ལེགས་པར་གནས་དབྱིག་དང་ལྡན་པའི་གཟུངས་འདི་ནི་འདས་པ་དང༌། མ་བྱོན་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡུམ་མོ། །དེ་ཅིའི་ཕྱིར་ཞེ་ན། འདས་པའི་དོན་ལ་མི་གནས། མ་འོངས་པ་དང༌། ད་ལྟར་བྱུང་བའི་དོན་ལ་མི་གནས་པའི་ཕྱིར་རོ། །ལེགས་པར་གནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་དབྱིག་དང་ལྡན་པའི་གཟུངས་འདི་འཛིན་པ་དེས་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་པ་ལ་མཆོད་པ་དང་བསྙེན་བཀུར་བྱས་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་ནོ། །ལེགས་པར་གནས་དབྱིག་དང་ལྡན་པའི་གཟུངས་འདི་འཛིན་པ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་བདག་གིས་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་པ་དག་འདི་ལྟ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་བརྙེས་པར་བྱས། བསྙེན་བཀུར་བྱས། མཆོད་པར་བྱས་སོ། །བསོད་ནམས་གྲངས་མེད་པ་བསྐྱེད་དོ་སྙམ་དུ་ཤེས་པར་བྱའོ། །སུ་ཞིག་བསམ་པ་གང་གིས་དབྱིག་དང་ལྡན་པའི་གཟུངས་འདི་འཛིན་པ་དེ་ལ་ཉེ་བར་གནས་པར་འགྱུར་ཏེ། ཤེས་རབ་འདོད་པ་ལ་ཤེས་རབ་དང༌། གཟུངས་འདོད་པ་ལ་གཟུངས་དང༌། དབྱིག་འདོད་པ་ལ་དབྱིག་དང༌། ཐོས་པ་འདོད་པ་ལ་ཐོས་པ་ཉེ་བར་གནས་པར་འགྱུར་རོ། །འདིའི་ཆོ་ག་ནི་འདི་ཡིན་ཏེ། ཟླ་བ་ཡར་གྱི་ངོ་ལ་ཉི་མ་ཤར་ཀར་འབྲས་ས་ལུའི་མཆན་དང་འོ་མར་སྦགས་ཏེ་བཟའ་འོ། །སངས་རྒྱས་ཀྱི་རིག་སྔགས་འདི་དག་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མིང་གཞན་དག་རྒྱུན་དུ་ཡིད་ལ་བྱའོ། །འོན་ཀྱང་གསང་སྔགས་ཀྱི་གཞི་འདི་དག་གི་མཐུས་གང་དག་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དག་ན་འཁོད་པའི་ལྷ་མ་ཡིན་ནམ། ནམ་མཁའ་ལྡིང་ངམ། མིའམ་ཅི་དང༌། ལྟོ་འཕྱ་ཆེན་པོ་དང༌། གནོད་སྦྱིན་ནམ། ཡི་དྭགས་སམ། གྲུལ་བུམ་མམ། ཤ་ཟ་འམ། མིའམ་མི་མ་ཡིན་པ་དེ་དག་དེ་ལ་སེམས་དགའ་བར་འགྱུར་རོ། །བར་ཆད་བྱེད་པར་མི་འགྱུར། རྟག་ཏུ་ཡོངས་སུ་གཟུང་བར་འགྱུར། བྱང་ཆུབ་ཡོངས་སུ་བཟུང་བར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བཟང་དང༌། ཡངས་པ་ཆེན་པོ་དང༌། ལག་ན་རྡོ་རྗེ་དང༌། ཡོངས་སུ་དགའ་ལྡན་དང༌། རི་དབེན་པ་ལ་གནས་པ་དང༌། གངས་རི་ལ་གནས་པས་ཀྱང་ཡོངས་སུ་བཟུང་བར་འགྱུར་རོ། །འོག་མིན་གྱི་བར་གྱི་བྱང་ཆུབ་སེམས་དཔའ་དེ་དག་གིས་ཀྱང་འདི་ལྟ་སྟེ། དབྱིག་དང་ལྡན་པའི་གཟུངས་ཀྱི་མཐུས་འཇིགས་པའམ། དགོན་པར་དེ་ལ་བྱིན་གྱིས་རློབ་པར་འགྱུར། དེ་ལ་མི་འཇིགས་པ་སྦྱིན་པར་འགྱུར། བཅོམ་ལྡན་འདས་ཀྱིས་དགའ་ལྡན་ན་ལ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ལ་བཞུགས་ཤིང༌། དེ་སྐད་ཅེས་བཀའ་བསྩལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལེགས་པར་གནས་དང༌། བྱང་ཆུབ་སེམས་དཔའ་སྟོང་ཕྲག་དུ་མ་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དབྱིག་དང་ལྡན་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པའོ།། །།

འཕགས་པ་དུག་སེལ་བ་ཞེས་བྱ་བའི་རིག་སྔགས།

༄༅། །འཕགས་པ་དུག་སེལ་བ་ཞེས་བྱ་བའི་རིག་སྔགས་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་ཛཾ་གུ་ལི་ནཱ་མ་བིདྱ། བོད་སྐད་དུ། འཕགས་པ་དུག་སེལ་བ་ཞེས་བྱ་བའི་རིག་སྔགས། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་ཀྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་བྱང་ཆུབ་སེམས་དཔར་གྱུར་པ་ན། གངས་ཀྱིས་རི་ཡི་བྱང་ངོས་ན། །སྤོས་དང་ལྡན་པའི་རི་བོ་ལ། །རི་རྒྱལ་དེ་ཡི་སུལ་གནས་ཚེ། །གོན་ནུ་བསོད་ནམས་བརྒྱ་ཡི་མཚན། །ཨེ་ན་ཡ་ཡི་པགས་གྱོན་ལ། །སྦྲུལ་གྱིས་བརྒྱན་པའི་སྐ་རགས་ཅན། །གདུག་པའི་སྦྲུལ་གྱིས་མགོ་བརྒྱན་བྱས། །མཐོང་ན་གདུག་པའི་རྣ་རྒྱནཅན། །དུག་གི་མེ་ཏོག་རྣམས་ཟ་ཞིང༌། །མ་ལུ་ཏ་ཡི་ལྕུག་ཁུ་འཐུང༌། །ང་ལ་དེ་འབོད་འབོད་དུ་འཇུག །བུ་ཁྱོད་ཚུར་ཤོག་ང་ལ་ཉོན། །ང་ལ་དུག་སེལ་ཅེས་བྱ་བ། །དུག་འཇིག་རིག་སྔགས་དམ་པ་ཡོད། །དུག་རྣམས་གང་ཡིན་དེ་ཀུན་ནི། །ང་ཡི་མིང་གིས་འཇིགས་པར་འགྱུར། །འདི་ལྟ་སྟེ། ཨོཾ་ཨེ་ལི་མིཏྟེ། ཨི་ལི་ཏི་ལི་མི་ཏེ། དུམྦེ། དུམྦ་ལཱི་ཡེ། དུ་སེ་དུ་ས་ལ་ཡེ། ཏཀྐེ་ཏ་ཀ་ཀརྣེ། མརྨེ་མརྨེ་ར་ཧེ། ཀཤྨ་རེ། ཀཤྨ་ར་མུ་ཀ་ཏེ། ཨགྷ་ནེ། ཨི་ལི། ཨི་ལི་ཡེ། ཨ་ཁཱ་ཨཱི་ལི། ཨ་བ་ཨི་ཡེ། ཤྭེ་ཏེ་ཤྭེ་ཏཱ། ཏུནྟེ། ཨ་ན་མུ། རཀྟེ་སྭཱ་ཧཱ། དགེ་སློང་དག་ངའི་དུག་སེལ་གྱི་རིག་སྔགས་འདི་ནི། སྦྱིན་པ་ཐམས་ཅད་དཀར་པོ་སྟེ། སུས་རིག་སྔགས་འདི་ལན་ཅིག་ཐོས་པ་དེ་ལ་ལོ་བདུན་གྱི་བར་དུ་སྦྲུལ་གྱིས་མི་ཟའོ། །དེའི་ལུས་ལ་དུག་གིས་མི་ཚུགས་སོ། །སྦྲུལ་གང་ཞིག་དེ་ལ་འཛིན་པ་དེའི་མགོ་ཤིང་ཨརྫ་ཀའི་དོག་པ་བཞིན་དུ་ཚལ་པ་བདུན་དུ་འགས་སོ། །གསང་སྔགས་ཀྱི་ཚིག་འདི་སྦྲུལ་གྱིས་མདུན་དུ་བརྗོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྦྲུལ་དེ་འཆི་བའི་ཕྱིར་རོ། །འདི་ལྟ་སྟེ། ཨི་ལ་ལཱི། ཙི་ལ་ལཱི། ཙཀྲ། །བགྒོ། ཀོ་ཏ། ཀོ་ཊེ་ཏ། ཀུར་ཊ། ཀུར་ཊེ་ཏི། སྥོ་ཊ། སྥོ་ཊེ་ཏི། པུ་རུ་ཊེ་ཏི། མ་ཊ། མོ་ཊེ་ཏི། ནི་ཀུ་རུ་ཊ། ནི་ཀུ་རུ་ཊེ་ཏེ། མུ་རུ་ཊེ་ཏི། ནི་མུ་རུ་ཊེ་ཏི། ཕུ་རུ་ཊ། ཕུ་ཊ་ཊ་ཧ་རེ། ཕུ་ཊ་ཊ་ད་ན། ཏ་ཧ་རེ། ནཱ་ག་ཧ་རེ། ནཱ་ག་ཊ་ཏ་ན། ཏ་ཧ་རེ། སརྦ་ཧ་རེ། སརྦ་ཊཊྚན། ཊ་ར་ཧེ། ཨཱཙྪི། ཨཱཙྪ་ལེ། ཚ་ལེ། ཚ་ལེ། བི་ཤེ། ཤཱ་ཏེ། ཤཱི་ཏ། བར་ཏ་ལེ། མཱ་ཏ་ལེ། ཧ་ལེ་ཧེ་ལེ། ཧ་ལ་ཧ་ལ་ཧ་ལེ། ཨི་ལ་ལེ། ཀེ་པ་ཙ་ལེ། མི་ལ་ལེ། ཏ་ན་ཊི་ཏ་ན་ཊི། ཏ་ཊ་ཏ་ཊ། སྤུ་ཏ་སྤུ་ཏ། ཕཊ་ཕཊ་ཧ་ར་བི་ཥ་སྭཱ་ཧཱ། །དགེ་སློང་དག་དེ་ལྟར་ན། དུག་སེལ་གྱི་འབྱུང་པོ་འདུས་པ་ཐམས་ཅད་ལ་རིག་སྔགས་གང་བརྗོད་ཅིང་བསྙད་པ་དེ་དག་ཐམས་ཅད་ནི་དེ་བཞིན་ནོ། །གཞན་མ་ཡིན་པ་དེ་བཞིན་ནོ། །ཡང་དག་པའོ། །བདེན་པའོ། །མ་ནོར་བའོ། །ཕྱིན་ཅི་མ་ལོག་པའོ། །དུག་འདི་མ་འདུག་པར་གྱུར་ཅིག །སྦྱིན་པར་བྱེད་པའི་གན་དུ་སོང་ཞིག །འཛིན་པའི་གན་དུ་སོང་ཞིག །མེའི་ནང་དུ་སོང་ཞིག །ཆུའི་ནང་དུ་སོང་ཞིག །ཐང་ལ་སོང་ཞིག །ཀ་བའི་ནང་དུ་སོང་ཞིག །རྩིག་པའི་གན་དུ་སོང་ཞིག །ནམ་མཁའ་ལ་སོང་ཞིག །སའི་ནང་དུ་སོང་ཞིག །ཞི་བར་གྱུར་ཅིག་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དུག་སེལ་ཞེས་བྱ་བའི་རིག་སྔགས་རྫོགས་སོ།། །།

བཀླགས་པས་གྲུབ་པ་བཅོམ་ལྡན་འདས་མ་འཕགས་མ་སོར་མོ་ཅན་ཞེས་བྱ་བ་རིག་པའི་རྒྱལ་མོ།

༈ རྒྱ་གར་སྐད་དུ། སིདྡྷི་པ་ཐི་ཏི་བྷ་ག་ཝཱན་ཨཱརྻ་ཨཾ་གུ་ལི་ནཱ་མ་བིདྱ་རཱ་ཛྙེ། བོད་སྐད་དུ། བཀླགས་པས་གྲུབ་པ་བཅོམ་ལྡན་འདས་མ་འཕགས་མ་སོར་མོ་ཅན་ཞེས་བྱ་བ་རིག་པའི་རྒྱལ་མོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །དེ་ལྟར་དགེ་སློང་རྣམས་རི་དྲི་རྒྱལ་ན་གནས་ཏེ། དེའི་ཚེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་དེ་ན་བཞུགས་ཏེ། དེས་བདག་ལ་སྨྲས་པ། བུ་སྔགས་ཀྱི་ཚིག་འདི་ཉོན་ཅིག །ཀླུའི་དབང་པོ་རྣམས་ཀྱི་དུག་མེད་པར་བྱེད། སྦྲུལ་གྱི་དུག་མེད་པར་བྱེད། གདོན་རྣམས་དང༌། སྲིན་པོ་རྣམས་དང༌། འབྱུང་པོ་རྣམས་དང༌། ཤ་ཟ་རྣམས་དང༌། སེམས་ཅན་སྟོབས་པོ་ཆེ་རྣམས་དང༌། གྲུལ་བུམ་རྣམས་དང༌། སེམས་ཅན་ཕྲ་མེན་རྣམས་དང༌། ཕྲ་མེན་ཕ་དང༌། ཕྲ་མེན་མ་དང༌། ཆུ་སྲིན་དང༌། སྟག་དང༌། གྲུལ་བུམ་རྭ་ཅན་དང༌། མཆེ་བ་ཅན་གྱིས་དེ་ལྟར་སྔགས་ཀྱི་ཚིག་དྲག་ཤུལ་ཆེན་པོ་ཨཾ་གུ་ལི་ཡང་དག་པར་ཐོས་ན་སྔགས་ཀྱི་གཙོ་བོ་སེམས་ཅན་གདུག་པ་རབ་ཏུ་འཇིལ་བར་བྱེད་པ་སྟེ། སྔགས་ཅན་གང་གིས་དེ་ཤེས་ན་ལྷ་རྣམས་ཀྱི་གདུག་པ་ཡང་དག་པར་མེད་པར་བྱེད་དོ། །ཨོཾ་ན་མོ་བྷ་ག་བ་ཏེ་ཨཱརྻ་ཨཾ་གུ་ལི། ཏདྱ་ཐཱ། ཨོཾ་ཀླུའམ། ཀླུ་མོའམ། སྦྲུལ་ཕོའམ། སྦྲུལ་མོའམ། གནོད་སྦྱིན་ཕོའམ། གནོད་སྦྱིན་མོའམ། འབྱུང་པོའམ། འབྱུང་མོའམ། ཕྲ་མེན་ཕའམ། ཕྲ་མེན་མའམ། གདུག་པས་མ་ཟིན་པ་ཡང་རུང་སྟེ། ཕ་ཕ་ཕ། ཧ་རེ་ཧ་རེ་ཧ་རེ། རེ་ཛ་རེ་བེ་ཤ་བེ། མཱ་ག་རེ། སརྦ་ར་རེ། ཧ་ར་ཧ་ར། མ་ར་མ་ར། དྷ་ར་དྷ་ར། བི་དྷ་ར་བི་དྷ་ར། མ་ར་མ་ར། མ་ར་ཡ་མཱ་ར་ཡ། མ་ཊ་མ་ཊ། མོ་ཊ་ཡ། མོ་ཊ་ཡ། མོ་ཊ་ཡ། ཤཱི་གྷྲཾ་ཤཱི་གྷྲཾ། ལ་གྷུ་ལ་གྷུ། ཨཱ་ན་ཡ་ཨཱ་ན་ཡ། དྷ་ར་དྷ་ར། བན་དྷ་བན་དྷ་བན་དྷ། གྷུརྞ་གྷུརྞ། གྷུརྞ་པ་ཡ་གྷུརྞ་པ་ཡ། དཔག་ཚད་སྟོང་བརྒྱད་ཅུ་ན་གནས་པའི་ཀླུ་རྣམས་ཀྱི་གདུག་པ་མེད་པར་མཛོད་ཅིག །ཀླུ་ཐམས་ཅད་ཆིངས་ཤིག །གསོད་ཅིག །ཐར་བར་མཛོད་ཅིག །ཨོཾ་ཧུ་ལུ་ཧུ་ལུ། ཧ་ལ་ཧ་ལ། ཧ་ལ་བི་ཤཾ། བཅོམ་ལྡན་འདས་མ་གྲུབ་པའི་རྒྱལ་མོ་ཨཾ་གུ་ལིར་བཀའ་སྩལ་པ། ཏ་ཀ་ཀེ་ཊ་ཀ་ཀེ །ཏ་ཀ་ཀེ་ནི་ཊ་ཀ་ཀ་ནི། ཤི་ར་ཤི་ར། ཙཎྜ་ཀེ་ཤ་རོ་ཧི་ནི། གེགས་ཐམས་ཅད་སེལ་བར་མཛད་པ་ཅན། ལས་སྟོང་ཅན། བཅོམ་ལྡན་འདས་མ་གྲུབ་པ་ཨཾ་གུ་ལ་ཏ་ཐཱ་བི་ག་ཏ། ཀླུ་མོའི་ཚོགས་སུམ་ཅུས་མཆོད་པ། ཛ་ཡ་ཛ་ཡ་སིདྡྷི། རྒྱལ་བར་མཛད་པ། མི་ཡི་མགོ་བོའི་ཐོད་ཀྱི་འཕྲེང་བ་ཅན། ཧཱུྃ་ཀྵ་སྐད་ཅིག་ཐང་ཅིག་ཡུད་ཙམ་ཉིན་བར་གྱི་བར་དུ་དུག་སེལ་བ། ཨ་སུ་སུ་ར་དེ་བ་ཏི་དང༌། ངན་པའི་སྟོབས་འཇོམས་པར་བྱེད་པ་ཅན། གེགས་འཇོམས་པར་བྱེད་པ་ཅན། ལྷའི་ཡུམ་ཁྱོད་ལ་ཕྱག་འཚལ་བསྟོད་སྭཱ་ཧཱ། སྔགས་ཀྱི་ཚིག་དྲག་ཤུལ་ཅན་སྦྲུལ་གྱི་མདུན་དུ་བཀླག་པར་མི་བྱ་སྟེ། འཆིང་བ་དང༌། ཀླད་པ་འགས་ཤིང་ཚལ་པ་བརྒྱར་འགྱུར་རོ། །སྔགས་ཀྱི་དྲག་ཤུལ་ཅན་ཆེན་མོ་སྦྲུལ་གྱིས་ཐོས་ནས་ཐམས་ཅད་འཚིག་པར་བྱེད་དོ། །ཨོཾ་ཀི་ལི་ཀི་ལི། མ་ཧཱ་ཀི་ལི། ཀཱ་ལ་རཱུ་བི་ནི། གེགས་ཐམས་ཅད་ཟློག་ཅིག །ཕ་ཕམ་ཕ་རོལ་ཕམ་པར་མཛོད་ཅིག་སྭཱ་ཧཱ། བཀླགས་པས་གྲུབ་པ་ཨ་གུཾ་ལའི་སྙིང་པོ་དང་བཅས་པའོ། །ཏདྱ་ཐཱ། ཨོཾ་དྷུ་ནེ་དྷུ་ནེ། དྷུ་ནི་དྷུ་ནི། སཏྱ། སཏྱ། ཊ་ཧ་ས་ནི་དྷུ་དྷུ་ནི། བན་དྷ་བན་དྷ། རྡོ་རྗེའི་གཟུངས་མང་པོས་བཀའ་སྩལ་པ། འཇོག་པོའི་དུག་འདོར་དུ་འཇུག་ལ། ཛ་ཡ་ཛ་ཡ། མུཾ་ཛ་མུཾ་ཛ། མུཾ་ཛ་མུཾ་ཛ། ཐོང་ཞིག །གློག་དང་རླུང་ཞེས་བྱ་བ་མགྱོགས་པའི་ཤུགས་ཅན་རོ་ལངས་ཆེན་པོ་བཅོམ་ལྡན་འདས་མ་ཤཱཀྱ་ཐུབ་པའི་ཞལ་ནས་འབྱུང༌། མུ་ཡ་མུཾ་ཙ་མུཾ་ཙ་སྭཱ་ཧཱ། བཀླགས་པས་གྲུབ་པ་བཅོམ་ལྡན་འདས་མ་འཕགས་མ་སོར་མོ་ཅན་ཞེས་བྱ་བ་རིག་པའི་རྒྱལ་མོ་རྫོགས་སོ།། །།

འཕགས་པ་ཆོས་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བའི་གཟུངས།

༈ རྒྱ་གར་སྐད་དུ། ཨཱརྻ་སརྦ་དྷརྨ་མ་ཏྲྀ་ཀ་ནཱ་མ་དྷ་ར་ཎི། བོད་སྐད་དུ། འཕགས་པ་ཆོས་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བའི་གཟུངས། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་ཏེ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཆོས་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བའི་ཕྱག་རྒྱའི་གཟུངས། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་ཏེ། ང་ཡང་ད་ལྟར་འཆད་པ་ཟུངས་ཤིག །ཏདྱ་ཐཱ། ཨ་བརྟེ། ཨ་བརྟེ། བི་བརྟེ། བི་བརྟེ། བྷ་ག་མ། ཤུདྡྷེ། པྲ་བྷ་སཱ་རེ། ཏ་ར་ཎེ། ཨུག་ཁ་ལེ། མུག་ཁ་ལེ། སརྦ་དྷརྨཿ པཱ་ཤ་པ་ནྱཻ་སྭཱ་ཧཱ། དེ་ནས་གནས་གཙང་མའི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་འདིའི་སྙིང་པོ་བརྗོད་པར་བྱའོ། །ཏདྱ་ཐཱ། ཨཙྪེ། ཨ་ན་ལེ། ཨེ་ལུ་ལེ། ཨ་ལུ་ཕེ། མུརྟ་ཨ་ནུ་ག་ཏེ། སརྦ་དྷརྨ་ཨ་དྷི་བ་ཏི་ཡ་པྲ་ཏེ། ཛྱོ་སྣ་ཀ་ར། ཨ་དྷི་ག་ཏ་ཛྙཱ་ནེ། བི་ཤུདྡྷེ་པ་ཏི་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང༌། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཆོས་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།

འཕགས་པ་གཙུག་གི་ནོར་བུ་ཞེས་བྱ་བའི་གཟུངས།

༈ རྒྱ་གར་སྐད་དུ། ཨཱརྻ་ཙུ་ཌཱ་མ་ཎི་ནཱ་མ་དྷ་ར་ཎི། བོད་སྐད་དུ། འཕགས་པ་གཙུག་གི་ནོར་བུ་ཞེས་བྱ་བའི་གཟུངས། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། འཕགས་པ་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་མཐའ་ཡས་པ་མ་ལུས་པར་ཁྱབ་པ་མཆོག་ཏུ་རྨད་དུ་བྱུང་ཞིང་རྣམ་པར་དག་པའི་ཐུགས་མངའ་བ་རྣམས་ལ་ཕྱག་འཚལ་ལོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ། མི་འཇིགས་པའི་སྦྱིན་པ། ཕོངས་པ་ཐམས་ཅད་ལས་ཡོངས་སུ་སྐྱོབ་པར་མཛད་པ། འཇིགས་པ་ཐམས་ཅད་ལས་རྣམ་པར་ཐར་བར་མཛད་པ། ཡམས་ཀྱི་ནད་དང༌། གནོད་པ་ཐམས་ཅད་འཇིགས་པར་མཛད་པ། མི་མཐུན་པ་དང༌། རྩོད་པ་དང༌། འཐབ་པ་དང༌། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་མཛད་པ། སྡིག་པ་ཐམས་ཅད་འཇོམས་པར་མཛད་པ་དང༌། འབྱུང་པོ་དང༌། རོ་ལངས་དང༌། གཤིས་ངན་དུ་འཆི་པ་དང༌། རྨི་ལམ་ངན་པ་དང༌། གེགས་དང་ལོག་འདྲེན་ཐམས་ཅད་འཇིགས་པར་མཛད་པ། ཕ་རོལ་གྱི་དམག་ཚོགས་དང༌། མུ་གེ་དང༌། མྱ་ངན་གྱི་འཇིགས་པ་ཐམས་ཅད་ཟློག་པར་མཛད་པ། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་ཐམས་ཅད་འདུན་པར་མཛད་པ། དུག་དང༌། འབྲུམ་ཕྲན་དང༌། ཐོར་བུ་དང༌། གཤེད་བྱེད་དང༌། བྱད་དང༌། རོ་ལངས་དང༌། བཀྲ་མི་ཤིས་པ་ཐམས་ཅད་འཇིགས་པར་མཛད་པ་ལ་ཕྱག་འཚལ་ལོ། །གཤེད་བྱེད་ཐམས་ཅད་སེལ་མཛད་པ། །སྡིག་པ་ཐམས་ཅད་འཕྲོག་པ་ཉིད། །ནོར་དང་འབྲུ་རྣམས་འཕེལ་མཛད་པ། །བདག་གི་བུ་དང་ཚ་བོ་དང༌། །གཡོག་འཁོར་རྟག་ཏུ་མ་འགྱུར་བ། །ཕྱིར་བཟློག་པ་ནི་བརྗོད་པར་བྱ། །ལྷ་དང་ལྷ་མིན་གཡུལ་འགྱེད་ཚེ། །བརྒྱ་བྱིན་ལྷ་མིན་རྣམས་ལས་ཕམ། །དེ་ནས་རེངས་པ་ཁོ་ནར་ནི། །འཇིག་རྟེན་དབང་གི་དྲུང་སོང་སྟེ། །དེ་ནས་སྙིང་ནི་རབ་སྐྲག་ནས། །འདི་སྐད་ཀྱིས་ནི་ཚིག་གསོལ་ཏོ། །ལྷ་མིན་བདག་ཕམ་འཇིག་རྟེན་དབང༌། །ཇི་ལྟར་བདག་གིས་ནན་ཏན་བགྱི། །འཇིག་རྟེན་དབང་པོ་དག་ལ་ནི། །ལྷ་ཡིས་གཟིགས་པས་རྟག་ཏུ་གཟིགས། །བརྒྱ་བྱིན་གྱི་ནི་ཚིག་གསན་ནས། །དབང་ཕྱུག་གིས་ནི་འདི་སྐད་གསུངས། །ལྷ་ཡི་དབང་པོ་ང་ལ་ཉོན། །ཁྱོད་ལ་ངས་ནི་བསྲུང་བ་བྱིན། །ལྷའི་དབང་པོ་སྔོན་བྱུང་བ་འདས་པའི་དུས་ན། འཇིག་རྟེན་གྱི་ཁམས་འཇིག་རྟེན་གྱིས་རྣམ་པར་བལྟས་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དབང་ཕྱུག་འོད་ལས། ངས་གཙུག་གི་ནོར་བུ་ཞེས་བྱ་བའི་ཕྱིར་བཟློག་པ་དེ་བཞིན་གཤེགས་པ་བྱེ་བས་གསུངས་པའི་གཟུངས་སོ། །མཁས་པ་གང་གིས་རིག་སྔགས་འདི། བྲིས་ནས་སྤྱི་བོར་འདོགས་པའམ། །འདོན་ཏམ་འོན་ཏེ་ཀློག་ན་ཡང༌། །དེ་ཡི་འཇིགས་པ་ཀུན་མེད་དོ། །རྟག་ཏུ་བསྲུང་ཞིང་སྦ་བ་དང༌། །གཡུལ་འགྱེད་པ་ནི་རྒྱལ་བར་བྱེད། །སྡིག་དང་རྨི་ལམ་ཞི་བ་དང༌། །བསོད་ནམས་བཀྲ་ཤིས་རབ་ཏུ་འཕེལ། ལྷ་ཡི་དབང་པོ་དེ་བས་ན། །གང་ཞིག་རྒྱལ་བར་འགྱུར་འདོད་པས། བྲིས་ཏེ་སྤྱི་བོར་གདགས་པར་བྱ། །ཡིད་ལ་རྟག་ཏུ་དྲན་པར་གྱིས། །གཡུལ་འགྱེད་འབའ་ཞིག་མ་ཡིན་ཏེ། །འདི་ནི་རྟག་ཏུ་སྡིག་པ་འཕྲོག །བུད་མེད་རྣམས་ལ་བུ་ཕོ་བསྐྱེད། །མངལ་ན་གནས་པ་ཡོངས་སུ་སྐྱོང༌། །ཕུན་སུམ་ཚོགས་པ་ཐམས་ཅད་བྱེད། །སྡིག་པ་ཐམས་ཅད་རབ་ཏུ་འཇིག །འདི་མིང་ཕྱིར་ཟློག་བྱེད་ཅེས་བྱ། །ཡན་ལག་རྣམས་ལ་ཕྱིར་འབབ་བྱེད། །ལྷའི་དབང་པོ་ཕྱིར་བཟློག་པ་ཞེས་བྱ་བ། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པ། ལྷ་མ་ཡིན་ཐམས་ཅད་ཕམ་པར་བྱེད་པ། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཟུང་ཞིག་སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའ་དག་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་ཛ་ཡ་ཀ་རི། ཡུདྡྷོ་ཏ་ཏཱ་ར་ཎི་བི་ཙ་ཏྲ་མུ་ཁི། སརྦ་མང་ག་ལ་དྷ་ར་ཎི། ཛི་མུ་ཏེ་ས་ཧ་སྲ་བྷུ་ཛེ། ས་ཧ་སྲ་ནེ་ཏྲེ། ས་ཧ་སྲ་ཤ་རེ། ནྲ་ན་ལཾ་ཀ་ར། བི་བྷུ་ཥི་ཏེ། མཎི་ཀུཎྜ་ལ་སན་ནཱ་ཧ་ས་ན་ནཱ་དེ་བི་ཙི་ཏྲ་མཽ། ལི་དྷ་རེ། ཙནྡྲ་སཱུརྻ། ཨ་ཏ་རེ་ཀེ །ཨཱ་ཀཱ་ཤ་ག་ན། ཙཱ་རི་ཎི། མཾ་ག་ལ་ཤི་རེ་ཛཱི་མཽ་དེ། བ་བ་ཏྲི་ཀྲི་ཏ་མཾ་ག་ལེ། བྷུ་རི་མི་དྷཱི་ཀ་ར་ཎེ། ཙུ་རུ་ཙུ་རུ། ཤྭེ་ཏ་པ་སྟེ། མུ་རུ་མུ་རུ། ཤྭ་ཏ། ཨ་བ་ན་ཏེ། ཧུ་རུ་ཧུ་རུ། པ་བིད་དི་ཏྲ་མུ་ཁི། མུ་ཀུ་རུ་ཀུ་རུ། ཙནྡྲ་མུ་ཁེ། ཨཱ་དི་ཏྱ་བ་ཤ་བརྟི་ནི། ཛམྦྷ་ནི། མཾ་ག་ལ་དྷ་ར་ཎི། སྟམྦྷ་ནི། སརྦ་བིདྱ་དྷ་ར་མཱ་ཏེ། མོ་ཧ་ནི། ཨ་མོ་གྷ་དཱ་ཤ་ཧ་སྟེ། སརྦ་བྷ་ཡ་བི་མོ་ཙ་ནི། རཱ་ཛ་ཙོ་རི། ཨགྨི་བིཥ། ཨུད་ཀ་བྷ་ཡ་པྲ་ཤ་མ་ནི། ཀ་ཁོརྡ་ནི་བཱ་ར་ཎི། ཨོཾ་ཧི་རི་ཧི་རི། ཛྭ་ཡ་ཀ་རི། པ་ལ་ཀ་རི། དྷ་ན་ཀ་རི། ཏེ་ཛ་སྐ་རི་བི་བཱ་ད། པྲ་ཤ་མ་ནི། ཡུད་དྷ་ནི། བཱ་ར་ནི། པ་ར་ཙ་ཀྲ་པྲ་ཤ་མ་ནི། པ་ར་སཻནྱ་བི་ནྱ་ཤ་ནི། ཡུདྡྷོ་ཏྟ་ར་བི། པྲ་བྷ་ད་པེ་ལ། མ་ཎི་མ་ཎི། མ་ཧཱ་མ་ཎི། མ་ཎི་ན་དྷ་རི། ཏྲི་ལོ་ཀ་ཨཱ་ལོ་ཀ་ཀ་རི། ཏྲི་པུ་ར་ན་ག་ར་བི་དྷ་ན་ས་ནི། པ་ར་སཻ་ནྱ་བི་དྲ་བ་ནི། སརྦ་ཀྲ་ཏྱི་ཀརྨ་ནི་སུ་ད་ནི། སརྦ་བྱ་དྷི་ནི་མ་པྲ་ཤ་མ་ནི། ཨོཾ་ཙི་ལེ་མི་ལི་སྭཱ་ཧཱ། ཙི་ལེ་མེ་ལེ་སྭཱ་ཧཱ། མི་ལི་མི་ལི་སྭཱ་ཧཱ། ཙི་ལི་ཙི་ལི་སྭཱ་ཧཱ། ཙི་ཁི་ལི། ཙི་ཁི་ལི་སྭཱ་ཧཱ། ཙཎྜ་ལི་མི་ཊི་ནི་སྭཱ་ཧཱ། ཨུརྡྷེ་ཀེ་ཤི་པཾ་གི་ལེ། པིཾ་ག་ལཀྵི་དྷ་མུ་ཁི་སྭཱ་ཧཱ། ཨོཾ་ཀ་ར་ཀ་ར། ཙ་ར་ཙ་ར། ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། མུཉྩ་མུཉྩ། མུཉྩ། པ་ཡ། པྲ་ཤ་མ་ཡ། པྲ་ཤ་ན་ཡ། ཡུད་དྷོད་ཏ་ར་ཎི་ཕཊ། ཙིཏྟ་ནི་རེ་མ་ལ་ཀ་རི་ཕཊ། ཨ་སུ་ར་ནི་ར་གྷ་ཏ་ནི། ཕཊ་ཛ་ཡ་ཀ་རི་ཕཊ། པྲི་ཏི་ཀ་རི་ཕཊ། ས་ཧ་སྲ་ཤི་རེ་ཕཊ། ས་ཧ་སྲ་བྷུ་ཛེ་ཕཊ། སན་སྲ་ནེ་ཏྲེ་ཕཊ། སརྦ་བིདྱ་དྷ་ར་དྷ་ར་ན་མེསྐྲི་ཏ་ཕཊ། སརྦ་ཤ་ཏྲུཾ་ནཱ་ཤ་ནི་ཕཊ། སརྦ་བྷ་ཡ་བི་མོ་ཀྵ་ནི་ཕཊ། པ་ར་ཙ་ཀྲ་ནི་བ་ར་ནི་ཕཊ། པ་ར་སཻ་ནྱ་བི་དྲ་བ་ནི་ཕཊ། སརྦ་ཀྲི་ཏྱ། ཀརྨ་སཱ་ད་ནི་ཕཊ། སརྦ་བྱ་དྷི་པྲ་ཤཱ་མི་ནི་ཕཊ། སརྦ་གྲ་ཧོད་སཱ་ད་ནི་ཕཊ། རཀྵ་རཀྵ་མཾ་སརྦ་བུདྡྷ་བོདྷི་ས་ཏྭ་ནཱན། སཾ་ཏཱ་མི་ཏྲི་ནཱན། སོ་བ་ཏ་སྟ་ཡ་ཀ་ནཱན། ས་པ་རི་བཱ་ར་ནཱན། ཏེ་ཛ་ས་མ་མ་ཤི་ར་ར་ན། སརྦ་བྷ་ཡོ་བ་དྲེ་བྷྱཿ སརྦ་ཡུ་དྷེ་བྷྱཿ སརྦ་བྱཱ་དྷི་བྷྱཿ སརྦ་ཏུ་སྐྲི་ཏེ་བྷྱཿ སརྦ་ཀྲི་ཏྱ་ཀ་ཁོརྡེ་བྷྱཿ སརྦ་བི་ཥེ་བྷྱཿ སརྦ་ཀཱ་ཡ་ཙིཏྟ་བཱི་དཱི་བཱ་བྷྱ་ཤྩཱ། རཀྵ་རཀྵ་རཀྵ་མཾ་སྭཱ་ཧཱ། གཙུག་གི་ནོར་བུ་ཞེས་བྱ་བའི་ཕྱིར་ཟློག་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་བྱེད་པ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། ཐམས་ཅད་དུ་ཞི་བར་བྱེད་པ། བསོད་ནམས་ཐམས་ཅད་གསོག་པར་བྱེད་པ། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡང་དག་པར་བསྟེན་པར་བྱེད་པ། རྣམ་པ་ཐམས་ཅད་དུ་དཔལ་དུ་བྱེད་པ་སྟེ། ཡི་གེར་བྲིས་པ་དང༌། སྟོན་པ་དང༌། བཀླགས་པ་དང༌། བཟུང་བས་བདག་དང༌། གཞན་བསྲུང་བའོ། །དེ་བཞིན་དུ་ཁྲུས་བྱས་པ་དང༌། སྦྱིན་སྲེགས་གྱིས་ཡམས་ཀྱི་ནད་དང༌། གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ། །འཕགས་པ་གཙུག་གི་ནོར་བུ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤི་ལནྡྲེ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།

འཕགས་པ་ཡི་གེ་དྲུག་པ་ཞེས་བྱ་བའི་རིག་སྔགས།

༈ རྒྱ་གར་སྐད་དུ། ཨཱརྻ་ཥ་ཊ་ཀྵ་ར་བིདྱ། བོད་སྐད་དུ། འཕགས་པ་ཡི་གེ་དྲུག་པ་ཞེས་བྱ་བའི་རིག་སྔགས། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡི་གེ་དྲུག་པའི་རིག་སྔགས་གང་ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་དང༌། འཇིག་རྟེན་སྐྱོང་བ་བཞི་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་ཀྱིས་བཤད་པ། ཡི་གེ་དྲུག་པའི་རིག་སྔགས་ཀྱི་རྒྱལ་མོ་འདི་ཀུན་དགའ་བོ་ཁྱོད་ཀྱིས་ཟུངས་ཤིག །ཆོངས་ཤིག །ཀུན་ཆུབ་པར་གྱིས་ཤིག །ཏདྱ་ཐཱ། དནྟི་ལེ། ཀནྟི་ལེ། དནྟི་མི་ཏི། མ་དྷུ་མ་མ་ཏི། མ་དྷུ་མ་ཏི། ཀ་རཱིནྟ་ཏེ། ཀོ་རནྜ་དྲ་བི་ཏི། ཀོ་ཤཱ་བཱི། ཚ་ཊ་ཛ། དུ་དུ་མ་ཏེ། ཀེ་ཏུ་མ་ཏི། ཙུ་དུ་ན་དྷེ། ཀུ་ཊ་དནྟེ། ཏ་རུ་ཧུ་རེ། ཨེན་ནི་གེ །ཧུ་ཏྲ་བ་ཧུ་ནི། ཀུན་དགའ་བོ་འདི་ནི་ཡི་གེ་དྲུག་པའི་རིག་སྔགས་སོ། །ཀླད་པ་ན་བ་དང༌། མིག་ན་བ་དང༌། རྣ་བ་ན་བ་དང༌། སོ་ན་བ་དང༌། སྣ་ན་བ་དང༌། ལྕེ་ན་བ་དང༌། སྙིང་ན་བ་དང༌། ལྟོ་བ་ན་བ་དང༌། རྒྱབ་ན་བ་དང༌། རྩིབ་ལོགས་ན་བ་དང༌། ཆུ་སོ་ན་བ་དང༌། བྱིན་པ་ན་བ་དང༌། རྐང་པ་ན་བ་དང༌། ཡན་ལག་ན་བ་དང༌། ཉིང་ལག་ན་བ་དང༌། ཟས་མ་བཞུ་བ་དང༌། སྦོས་པ་དང༌། མངལ་དུ་ཐོགས་པ་དང༌། རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། འདུས་པ་ལས་གྱུར་པ་དང༌། རིམས་དྲག་པོ་དང༌། ཉིན་གཅིག་པ་དང༌། ཉིན་གཉིས་པ་དང༌། ཉིན་གསུམ་པ་དང༌། ཉིན་བཞི་པ་དང༌། རིམས་ཡུད་ཙམ་པ་དང༌། ཉིན་མོའི་རིམས་དང༌། མཚན་མོའི་རིམས་ཀྱིས་བཏབ་ལ། ཡི་གེ་དྲུག་པའི་རིག་སྔགས་འདིས་བསྲུང་བ་དང༌། ཡོངས་སུ་བསྐྱབ་པ་དང༌། ཡོངས་སུ་བསྲུང་བ་དང༌། ཡོངས་སུ་བསྐྱང་བ་དང༌། ཞི་བ་དང༌། བདེ་ལེགས་སུ་གྱུར་པ་དང༌། ཆད་པ་སྤང་བ་དང༌། མཚོན་ཆ་སྤང་བ་དང༌། དུག་གཞིལ་བ་དང༌། ཆུས་གཏོར་བ་དང༌། སྲད་བུས་བཅིངས་པ་བྱས་པ་ལས་གང་ཞིག་འགལ་བར་བྱེད་ན། དེའི་མགོ་ཨ་རྫ་ཀའི་བདོག་པ་བཞིན་དུ་ཚལ་པ་བདུན་དུ་མི་འགས་པ་ནི། ཀུན་དགའ་བོ་ངས་ལྷ་དང་བཅས་པ་དང༌། བདུད་དང་བཅས་པ་དང༌། ཚངས་པ་དང༌། དགེ་སྦྱོང་དང༌། བྲམ་ཟེར་བཅས་པའི་སྐྱེ་དགུ་དང༌། ལྷ་དང་མི་དང༌། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་མ་མཐོང་ངོ༌། །ཏདྱ་ཐཱ། ཨཎྜ་རེ། པཎྜ་རེ། ཀ་ར་ཊ། ཀེ་ཡུ་རེ། བྷུ་ཏ་གྲ་ཧེ། བྷུ་ཏ་གྲ་ཧེ། བྷུ་ཏ་པྲ་ཀྱི་ཏེ། བྷུ་ཏ་ཡ་སྨྲ་ཡ་ནི། པྲ་ཡ་བ་ཏི། ཏེ་ཛ་བ་ཏི། ཡ་ཤོ་བ་ཏི། གི་རི་ཎི་ནི། བདག་འཇིགས་པ་ཐམས་ཅད་དང༌། གནོད་པ་ཐམས་ཅད་ལས་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང༌། ལྷ་དང་མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་ཡི་གེ་དྲུག་པ་ཞེས་བྱ་བའི་རིག་སྔགས་རྫོགས་སོ།། །།

ཤླཽ་ཀ་བརྒྱ་ལོབ་པ།

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཁ་ལི་ཁ་ལི་བ་ལི་ཏེ་སྭཱ་ཧཱ། གདོང་ཁྲུ་བའི་ཚེ་ཆུ་ཁྱོར་གང་ལ་སྔགས་འདི་ལན་གསུམ་མམ་བདུན་བཟླས་ཏེ་འཐུང་ན། ཉིན་གཅིག་ལ་ཡི་གེ་ཤློ་ཀ་བརྒྱ་ལོབས་པར་གྱུར་ཏེ། སྔོན་ལོབས་པ་རྣམས་ཀྱང་བརྗེད་པར་མི་འགྱུར་རོ། །ཤླཽ་ཀ་བརྒྱ་ལོབས་པ་རྫོགས་སོ། །

སྟོང་ཕྲག་ཉི་ཤུ་ལྔ་པ།

འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་གཟུངས། བཅོམ་ལྡན་འདས་མ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་པྲཛྙཱ་པྲཛྙཱེ། པྲཛྙཱ་ཨ་བ་བྷ་སེ། པྲཛྙཱ་བ་ལོ་ཀ་ཏི། སརྦ་དྷརྨ་ཨནྡྷ་ཀཱ་ར་བི་དྷ་མ་ནི། སིདྡྷི་སུ་སིདྡྷ་སིདྡྷནྟཱུ་མཾ་བྷ་ག་བ་ཏི།སརྦ་ཛྙཱ་ན་སནྡྷ་རི། བྷ་ག་བ་ཏི་བ་ད་ཚེ་ལ། པྲ་ས་ར་ཏེ་ཧསྟ་མཱ་མ་སུ་ཀ་ར། སིདྡྷི་སིདྡྷི། བུདྡྷ་བུདྡྷ། ཀཾ་པ་ཀཾ་པ། པཱ་ལ་པཱ་ལ། དྷ་ར་དྷ་ར། བ་ར་བ་ར། ག་ཛ་ག་ཛ། ཨཱ་གཙྪ་ཨཱ་གཙྪ། བྷ་ག་བ་ཏི། མ་བི་ལཾ་བ་སྭཱ་ཧཱ། འདི་གཟུང་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་གཟུང་བར་འགྱུར་རོ། །ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་རྫོགས་སོ།། །།

སྟོང་ཕྲག་བརྒྱ་པ།

འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་གཟུངས།

༈ རྒྱ་གར་སྐད་དུ། ཨཱརྻ་པྲཛྙཱ་པཱ་ར་མི་ཏ་ཤ་ཏ་ས་ཧ་སྲ་དྷ་ར་ཎི། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་གཟུངས། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་མུ་ནེ་དྷརྨེ། སཾ་གྲ་ཧ་དྷརྨེ་ཨ་ནུ་གྲ་ཧ་དྷརྨེ། བི་མུཀྟི་དྷརྨེ། སཱ་ར་ཨ་ནུ་གྲ་ཧ་དྷརྨེ། བཻ་ཤྲ་བ་ཎ་པ་རི་བརྟ་ན་དྷརྨེ། སརྦ་ཀཱརྻ་བ་རི་པྲ་མ་ཎ་དྷརྨེ། ས་མནྟ་ཨ་ནུ་པ་རི་བརྟན་དྷརྨེ་སྭཱ་ཧཱ། ཨོཾ་པྲཛྙཱ་ཤྲུ་ཏི་སྨྲི་ཏི་མ་ཏི་བི་ཛ་ཡེ་སྭཱ་ཧཱ། འདི་གཟུང་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་གཟུང་བར་འགྱུར་རོ། །རྟག་ཏུ་བཟླས་བརྗོད་བྱས་ན་ང་ཡིས་གཟུང་བར་འགྱུར་རོ། །ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་གཟུངས་རྫོགས་སོ།། །།

བརྒྱད་སྟོང་པ།

འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་གཟུངས། བཅོམ་ལྡན་འདས་མ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་ཧྲིཿ ཤྲུ་ཏི་སྨྲི་ཏི་བི་ཛ་ཡེ་སྭཱ་ཧཱ། པྲཛྙཱ་པཱ་ར་མི་ཏ་ཡཻ། སརྦ་དུརྒ་ཏི་ཤོ་དྷ་ཡ། རཱ་ཛཱ་ཡ་སྭཱ་ཧཱ། འདི་བཟུང་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་གཟུང་བར་འགྱུར་རོ། །ལྟས་ངན་པ་སྣ་ཚོགས་ཀྱང་བཟློག་གོ །ལས་ཀྱི་སྒྲིབ་པ་དང༌། ངན་སོང་ཐམས་ཅད་རྣམ་པར་སྦྱོང་བར་འགྱུར་རོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་གཟུངས་རྫོགས་སོ།། །།

ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྙིང་པོའི་གཟུངས།

འཕགས་པ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ན་མོ་དྷརྨ་ཀཱ་ཡ། སཾ་བྷོ་ག་ཀཱ་ཡ། ནིར་མ་ན་ཀཱ་ཡ། ཏདྱ་ཐཱ། དཱ་ན་པཱ་ར་མི་ཏ། ཤཱི་ལ་པ་ར་མི་ཏ། ཀྵནྟི་པཱ་ར་མི་ཏ། བཱིརྻ་པཱ་ར་མི་ཏ། དྷ་ན་པཱ་ར་མི་ཏ། པྲཛྙཱཱ་པཱ་ར་མི་ཏ། སརྦ་དྷརྨ་ཤཱུ་ནྱ་ཏཱ་སྭཱ་ཧཱ། འདི་གཟུང་བས་ཕ་རོལ་ཏུ་ཕྱིན་པ་དྲུག་གཟུང་བར་འགྱུར་རོ། །སྟོང་པ་ཉིད་ཡིད་ལ་བྱས་པར་འགྱུར་རོ། །རྟག་ཏུ་བཟླས་བརྗོད་བྱས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །མཚམས་མེད་པ་ལྔ་བྱང་བར་འགྱུར་རོ། །ལྟས་ངན་པ་ཐམས་ཅད་ཀྱང་བཟློག་གོ །ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྙིང་པོའི་གཟུངས་རྫོགས་སོ།། །།

ཕ་རོལ་ཏུ་ཕྱིན་པ་དྲུག་བཟུང་བར་འགྱུར་བའི་གཟུངས།

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྦྱིན་པའི་སྙིང་པོ་འདི་ལན་གཅིག་ཐོས་པས་སྦྱིན་པ་ཐོབ་པ་འགྱུར་རོ། །ཨོཾ་ན་མ་སྟྲཻ་བྷ་ག་བ་ཏི་དཱ་ནཱ་དྷི་པ་ཏ་ཡེ་སྭཱ་ཧཱ། །ཚུལ་ཁྲིམས་ཀྱི་སྙིང་པོ་འདི་ལན་གཅིག་ཐོས་པས་ཚུལ་ཁྲིམས་ཐོབ་པར་འགྱུར་རོ། །ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། མ་ཧཱ་ཀཱ་ན་མ་ནཱཾ། ན་མོ་བྷ་ག་བ་ཏྱཻ། ཤི་ལ་པ་རི་པུརྣ་ཤ་རཱི་ཡཻ་ཤཱི་ལཾ་མེ། སཱ་དྷ་ཡ་སཱ་དྷ་ཡ། ཀིན་ཏིཥྛ་སམ་བུདྡྷོ་བྷ་ག་ཝན། དྷརྨ་སྱ། ས་མ་ཛྙཱཱ་པ་ཏེ་སྭཱ་ཧཱ། །བཟོད་པའི་སྙིང་པོ་འདི་ལན་གཅིག་ཐོས་པས་བཟོད་པ་ཐོབ་པར་འགྱུར་རོ། །ན་མཿསརྦ་ཏ་ཐཱ་ག་ཏཱ་ཡ། ཨ་ཙིནྡ་གོ་ཏ་ཡ། ན་མོ་ཀྵནྟི་ཡཻ་བ་ཧུ་བྷི། ཏ་ཐཱ་ག་ཏཱ་ན་བྷུ་ཏ་ཀོ་ཊི་བི་བ་རི་བིརྟ་ཡཻ་རཀྵ་ཀུ་རུ་ཏུ་ཀུ་རུ་ཏུ་ས་མ་ཡ་མ་ནུ་སྨ་ར། ཤཱཀྱ་མུ་ནི་སརྦ་ཏ་ཐཱ་ག་ཏཱ་ནཱཾ་ཨ་པ་ར་མི་ཏཱ་ཛྙཱ་ན་མོ་ཙ་རོ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། །བརྩོན་འགྲུས་ཀྱི་སྙིང་པོ་འདི་ལན་གཅིག་ཐོས་པས་བརྩོན་འགྲུས་ཐོབ་པར་འགྱུར་རོ། །ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱ་མ་ཙིན་ཏྱ་བི་ཤཱ་ཡ་ནཾ། ན་མོ་སྟུ་ཏེ་བྷ་ག་བ་ཏེ་བིརྻ་པཱ་ར་མི་ཏཱ། བྷརྻན་ཀུ་རུ་བྷིརྻེ་བྷིརྻེ། མ་ཧཱ་བཱིརྻ་ཏ་ཐཱ་ག་ཏཱ། སརྦ་ཛྙཱ་ན་བ་ཡ་ཏི། སྭཱ་ཧཱ། །བསམ་གཏན་གྱི་སྙིང་པོ་འདི་ལན་ཅིག་ཐོས་པས་བསམ་གཏན་ཐོབ་པར་འགྱུར་རོ། །ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། ཨོཾ་བི་མ་ལེ། ནིརྨ་ལེ། དྷྱ་ན་དྷྱ་ནེ། དྷྱ་ན་པ་ཡེ་ཧཱུཾ་ཕཊ། །ཤེས་རབ་ཀྱི་སྙིང་པོ་འདི་ལན་གཅིག་ཐོས་པས་ཤེས་རབ་ཐོབ་པར་འགྱུར་རོ། །ན་མཿསརྦ་ཏ་ཐཱ་ག་ཏཱ་ཡ། ཨ་པ་ར་མི་ཏཱ་ཛྙཱ་ན་གོ་ཙ་རཱ་ཡ། ན་མོ་བྷ་ག་བ་ཏེ། ཛྙཱ་ན་པཱ་ར་མི་ཏཱ་ཡེ། ཛྙཱ་ནཾ་མེ་ཀུ་རུ་ཀུ་རུ་བི་པ་ཏྭ་ཏ་ཐཱ་ག་ཏཱ་སྱ། ས་མ་ཡ་མ་ནུ་སྨ་ར། ཧི་ཧི་ཧི་ཧི། ཛྙཱ་ཛྙཱ་ཛྙཱ་ཛྙཱ། ཧཱུཾ་ཧཱུཾ་ཕཊ། །ཕ་རོལ་ཏུ་ཕྱིན་པ་དྲུག་གཟུང་བར་འགྱུར་བའི་གཟུངས་རྫོགས་སོ།། །།

ཚད་མེད་པ་བཞི་ཐོབ་པར་འགྱུར་བའི་གཟུངས།

ཕ་རོལ་ཏུ་ཕྱིན་པ་བཅུའི་སྙིང་པོ་འདི་ལན་གཅིག་ཐོས་པས་ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པར་འགྱུར་རོ། །ན་མཿས་ད་ཏཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ་ད་ཤ་པཱ་ར་མི་ཏཱ་པ་རི་པུ་ར་ཀཱ་ནཱཾ་ཧཱི། །ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པར་འགྱུར་པའི་གཟུངས་རྫོགས་སོ།། །།འདི་ལན་གཅིག་བརྗོད་པས་བྱམས་པ་ཐོབ་པར་འགྱུར་རོ། །ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། ཀཱ་རུ་ཎེ། ཀཱ་རུ་ཎྱེ་ཙིཏྟ་མུདྒ་དྷ་ཡ་བྷ་ག་བ་ཏི་སརྦ་བྷ་ཡོཾ་མེ་ནཱ་ཤ་ཡ་སྭཱ་ཧཱ། །འདི་ལན་གཅིག་བརྗོད་པས་སྙིང་རྗེ་ཐོབ་པར་འགྱུར་རོ། །ན་མཿསརྦ་ཏ་ཐཱ་ག་ནཱཾ། ན་མོ་བྷ་ག་བ་ཏི་སརྦ་ས་ཊཱ་པྲི་ཡེ་ཧཱཾ་མུ་དི་ཏི་སྭཱ་ཧཱ། །འདི་ལན་གཅིག་བརྗོད་པས་དགའ་བ་ཐོབ་པར་འགྱུར་རོ། །ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། མ་ཙིན་ཏྱ་བི་ཤཱ་ནཱ། ཨོཾ་ཏུ་རུ་ཏུ་རུ་ཏྲཾ། ཧུ་ལུ་ཧུ་ལུ། མུ་ལུ་མུ་ལུ་སྭཱ་ཧཱ། །འདི་ལན་གཅིག་བརྗོད་པས་བཏང་སྙོམས་ཐོབ་པར་འགྱུར་རོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཨཱ་ནུ་ག་ཏེ་ཨོཾ་ཀུ་རུཾ་གི་ན་སྭཱ་ཧཱ། ཚད་མེད་པ་བཞི་ཐོབ་པར་འགྱུར་བའི་གཟུངས་རྫོགས་སོ།། །།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་གཟུང་བར་འགྱུར་བའི་གཟུངས།

བཅོམ་ལྡན་འདས་མ་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོ་མུ་ནི་དྷརྨེ། ས་གྲ་ཧ་དྷརྨེ། ཨ་ནུ་གྲ་ཧ་དྷརྨེ། བི་མུཀྟི་དྷརྨེ། སཱ་ར་ཨ་ནུ་གྲ་ཧ་དྷརྨེ་བཻ་ཤྲ་བ་ཎ་པ་རི་བརྟི་ཏ་དྷརྨེ་སརྦ་ཀཱརྻ་པ་རི་པྲ་མ་ཎ་དྷརྨེ་ས་མ་ཏཱ་པ་རི་བ་ན་དྷརྨེ་སྭཱ་ཧཱ། ཨོཾ་པྲཛྙཱེ་ཤྲུ་ཏི་སྨྲི་ཏི་བི་ཛ་ཡེ་དྷཱིཿདྷ་ར་ཎི་ཡེ་སྭཱ་ཧཱ། །འདི་བཟུང་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པགཟུང་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་གཟུང་བར་འགྱུར་བའི་གཟུངས་རྫོགས་སོ།། །།

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཨོཾ་ནྠཱི་ན་མཿསརྦ་བུདྡྷ་ནཱཾ། ཨོཾ་མཱཾ། བྷྲུཾ། མཱུཾ། ཏདྱ་ཐཱ། ཨོཾ་བྷྲུཾ། །འདི་བཟུང་བས་འཕགས་པ་ཕལ་པོ་ཆེ་གཟུང་བར་འགྱུར་རོ། །འབྲི་བ་དང་ཀློག་པ་ཡང་དེ་དང་འདྲའོ། །འཕགས་པ་ཕལ་པོ་ཆེ་གཟུང་བར་འགྱུར་བའི་གཟུངས་རྫོགས་སོ། །

འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་གཟུང་བར་འགྱུར་བའི་གཟུངས།

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མཿས་མནྟཱ་བུདྡྷ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་སཱ་ནཱ་ནཱཾ། ཨོཾ་ཀི་ནི་ཀི་ནི་ཏ་ཐཱ་ག་ཏཱ། ཨུད་བྷ་བ་ཤཱནྟེ་བ་ར་དེ། ཨུཏྟ་མ་ཨུཏྟ་མ། ཏ་ཐཱ་ག་ཏཱ་ཨུད་བྷ་བ་ཧཱུཾ་ཕཊ་ས་ཧཱ། །འདི་བཟུང་བས་འཕགས་པ་སྡོང་པོ་བཀོད་པའི་མདོ་ཐམས་ཅད་རྫོགས་པར་བཀླགས་ཤིང་ཁ་ཏོན་དུ་བྱས་པར་འགྱུར་རོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དང་དམ་ཚིག་ཤེས་པར་འགྱུར་རོ། །ཕྱག་རྒྱ་རྣམས་ཀྱང་ཤེས་པར་འགྱུར་རོ། །འཕགས་པ་སྡོང་པོ་བཀོད་པའི་སྙིང་པོ་རྫོགས་སོ།། །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མཿས་མནྟཱ་བུདྡྷ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་དྷུ་ན་དྷུ་ན། ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། །འདི་གཟུང་ན་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་གཟུང་བར་འགྱུར་རོ། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་གཟུང་བར་འགྱུར་བའི་གཟུངས་རྫོགས་སོ།། །།

འཕགས་པ་ལང་ཀར་གཤེགས་པའི་མདོ་ཐམས་ཅད་བཀླགས་པར་འགྱུར་བའི་གཟུངས་སྔགས།

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ན་མཿས་མནྟཱ་བུདྡྷ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་མ་ཎི་དྷ་རི་བཛྲཱི་ཎི་མ་ཧཱ་པྲ་ཏི་ས་རེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། །འདི་བཟུང་བས་འཕགས་མ་རིག་པའི་རྒྱལ་མོ་སོ་སོར་འབྲང་མ་ཆེན་མོ་གཟུང་བར་འགྱུར་རོ། །འཕགས་མ་སོ་སོར་འབྲང་མ་ཆེན་མོ་གཟུང་བར་འགྱུར་བའི་གཟུངས་རྫོགས་སོ།། །།འཕགས་པ་ལང་ཀར་གཤེགས་པ་ལ་ཕྱག་འཚལ་ལོ། བློ་གྲོས་ཆེན་པོ་སྔགས་ཀྱི་ཚིག་འདི་དག་བཤད་པར་བྱའོ། །ཏདྱ་ཐཱ། ཨོཾ་པདྨེ་པདྨེ་དེ་བཻ་ཧི་ནེ་ཧི་ནེ་ཧི་ནེ། ཙུ་ལུ་ཙུ་ལུ་ཙུ་ལུ། ཧུ་ལེ་ཧུ་ལེ་ཧུ་ལེ། ཡུ་ལེ་ཡུ་ལེ་ཡུ་ལེ། པ་ལེ་པ་ལེ་པ་ལེ། མུཾ་ཙྪ་ད་ན་དེ། བྷིན་དྷེ་བྷན་ཛྭེ། མན་དྷེ་པྲ་མ་དྷེ་དི་ན་ཀ་རེ་སྭཱ་ཧཱ། བློ་གྲོས་ཆེན་པོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་སྔགས་ཀྱི་ཚིག་འདི་དག་འཛིན་པ་དང༌། །འཆང་བ་དང༌། ཀློག་པ་དང༌། ཀུན་ཆུབ་པར་བྱེད་ན། ལྷ་འམ། ལྷ་མོའམ། ཀླུ་འམ། ཀླུ་མོའམ། གནོད་སྦྱིན་ནཾ། གནོད་སྦྱིན་མོའམ། ལྷ་མ་ཡིན་ནམ། ལྷ་མ་ཡིན་མོའམ། ནམ་མཁའ་ལྡིང་འམ། ནམ་མཁའ་ལྡིང་མོའམ། མིའམ་ཅི་འམ། མིའམ་ཅི་མོའམ། ལྷོ་འཕྱེ་ཆེན་པོའམ། ལྟ་འཕྱེ་ཆེན་མོའམ། དྲི་ཟ་འམ། དྲི་ཟ་མོའམ། འབྱུང་པོའམ། འབྱུང་པོ་མོའམ། གྲུལ་བུམ་མམ། གྲུལ་བུམ་མོའམ། ཤ་ཟ་འམ། ཤ་ཟ་མོའམ། གནོན་པོའམ། གནོན་པོ་མོའམ། བརྗེད་བྱེད་དམ། བརྗེད་བྱེད་མོའམ། སྲིན་པོའམ། སྲིན་པོ་མོའམ། ཕྲ་མེན་ཕོ་འམ། ཕྲ་མེན་མོའམ། མདངས་འཕྲོག་ཕོའམ། མདངས་འཕྲོག་མོའམ། ལུས་སྲུལ་པོའམ། ལུས་སྲུལ་པོ་མོའམ། མིའམ་མི་མ་ཡིན་པ་དེ་དག་ཐམས་ཅད་ཀྱིས་གླགས་མི་རྙེད་དོ། །གསང་སྔགས་ཀྱི་ཚིག་འདི་དག་ཀློག་པར་བྱེད་པ་དེས་ལང་ཀར་གཤེགས་པའི་མདོ་ཐམས་ཅད་བཀླགས་པར་འགྱུར་རོ། །གསང་སྔགས་ཀྱི་ཚིག་འདི་དག་ནི་བཅོམ་ལྡན་འདས་ཀྱིས་སྲིན་པོ་ལ་སོགས་པ་རྣམས་བཟློག་པའི་ཕྱིར་གསུངས་སོ། །འཕགས་པ་ལང་ཀར་གཤེགས་པའི་མདོ་ཐམས་ཅད་བཀླགས་པར་འགྱུར་བའི་གཟུངས་སྔགས་རྫོགས་སོ།། །།

རྡོ་རྗེ་འཇིགས་བྱེད་ཀྱི་གཟུངས།

༄༅། །རྡོ་རྗེ་འཇིགས་བྱེད་ཀྱི་གཟུངས་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་བཛྲ་བྷཻ་ར་བ་དྷ་ར་ནི་ནཱ་མ། བོད་སྐད་དུ། འཕགས་པ་རྡོ་རྗེ་འཇིགས་བྱེད་ཀྱི་གཟུངས་ཞེས་བྱ་བ། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རྒྱལ་བ་སྲས་དང་བཅས་པ། དྲི་མ་མེད་པ། དྲི་མ་སེལ་བ། མཐའ་ཡས་པ། མུ་ཐུག་པ་མེད་པ། དམ་པ་སྦྱིན་པ། ཤིན་ཏུ་རྒྱ་ཆེ་བ། ཐམས་ཅད་བདག་ལ་མཐུན་པར་རྟག་ཏུ་མཐའ་ཡས་པའི་དམ་པའི་མཆོག་སྩོལ་བར་གྱུར་ཅིག །དེ་ལ་ངའི་རྡོ་རྗེའི་ཚིག་ནི་འདི་དག་གོ །ཨ་ར་ར། ཨ་ས་མ། ས་མནྟཱ་ནནྟ་དྷརྨ་ཏྲེ་ཁ་ཎཱ་ཁ་ཎཱ། མ་ཧཱ་བི་རེ། ཙ་ལེ་ས་མ་མ། ཨཱ་ས་ཧ། མ་ཧཱ་བ་ལེ། ཀ་ཎ་ཀ་ཎ། མ་ཧཱ་བ་ལ་ག་གྲི་ཧེ། ཧ་ཧ་བཛྲ། བཛྲ་ཧཱ་ཡེ། དྷ་ར་དྷ་ར། ཧཱུཾ་ཧཱུྃ་མཎྜ་ལ་ས་མ་བ་ར་ཨཀྐ་བིཀྐ་མེ། ཀུ་རུ་ཀུ་རུ། ཏུ་རུ་ཏུ་རུསརྦ་ཐཾ། སརྦ་ཧི། ཛྭ་ལ་ཛྭ་ལ། ཨཀྐི་ནི། ཕཊ་སྭཱ་ཧཱ། རིག་སྔགས་དང༌། གསང་སྔགས་ཐམས་ཅད་ཀྱི་སྙིང་པོ་འདི་དེ་བཞིན་གཤེགས་པའི་སྤྱན་སྔར་ལན་སྟོང་ཟླས་བརྗོད་བྱས་ན། རིག་སྔགས་དང༌། གསང་སྔགས་ཐམས་ཅད་ལན་འབུམ་བཟླས་བརྗོད་བྱས་པར་འགྱུར་རོ། །ལས་གཞན་ཐམས་ཅད་ཀྱང་དོན་ཡོད་ཅིང་ཐོགས་པ་མེད་པར་བྱེད་དེ། དམ་ཚིག་གསུམ་པའི་ཆོ་ག་ལས་འབྱུང་བའི་རིག་སྔགས་དང༌། གསང་སྔགས་དང༌། སྙིང་པོ་དང༌། གཟུངས་ཐམས་ཅད་ཀྱི་ནང་ན་ལས་ཐམས་ཅད་བྱེད་པ་ཡིན་ནོ། །དེ་ནས་ཆོ་ག་མི་བཟད་པ། །རྡོ་རྗེས་གཏམས་པ་འདྲ་བ་ནི། །ཀླུ་དང་ལྷ་མིན་སྲིན་བཅས་པའི། །སུམ་ཅུ་གསུམ་ལྷས་མི་ཤིགས་པ། །དེ་ཁྲོས་པས་ནི་ལྷས་མཆོད་པའི། །བརྒྱ་བྱིན་ཉིད་ཀྱང་འདར་བར་འགྱུར། །འབྱུང་པོ་ཀུན་གྱིས་མ་སྨད་པ། །དེ་ནི་སྲུང་བར་བྱེད་པའི་མཆོག །ཇི་ལྟར་ལྷར་བཅས་འཇིག་རྟེན་ན། །སངས་རྒྱས་འདྲ་བའི་སྟོན་པ་མེད། །བདེན་པའི་ཚིག་ནི་དེ་ཡིས་ནི། །སྐྱེ་བོ་ཀུན་ལ་སྲུང་གྱུར་ཅིག །ཏདྱ་ཐཱ། ཨོ་བཛྲ་པྲ་ཀ་ར་བཛྲ་པྲ་ཀ་ར། བཛྲ་དུཥྚཾ་བྷ་ཡཱ་པ་ཧཱ། ཙུ་རུ་ཙུ་རུ། པ་རི་ཙུ་མ་བི་ཀེ །ཙུ་ལུ་ཏེ་ལེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཛྲ་བྷཻ་ར་བ་སྱཱ། མ་ཧཱ་ག་ཎ་པ་ཏི་སྱཱ་བཛྲ་ཤསྟི། པ་རྴུ། པཱ་ཤ། ཧ་སྟཱ་ཡ། བཛྲ་ཀ་ན་ཀ །བཛྲ་བཻ་ཌཱུརྻ་ལཾ་ཀྲྀ་ཏ། ཤི་རཱ་རཱ་ཡ། བཛྲ་པཱ་ཎི་ར་ནུ་པཱ་ལཱ་ཡ། ཏདྱ་ཐཱ། བྷུ་རུ་བྷུ་རུ་ཨ་ན་ཡཱ་ཨ་ན་ཡཱ་མ་ཧཱ་ག་ཎཱ་པ་ཏི། ལ་གྷུ་ལ་གྷུ། ཨེ་ཧྱ་ཧི། ཨཱཀྐྲ་མ། ཨཱཀྐྲ་མ། ཤ་རི་རཾ། གྲི་ཧི་ཏམ་གྲི་ཧི་ཏམ། དྲྀཥྚ་མཱ། དྲྀཥྚ་མཱ་བཱ། ཨཏྟྲ་བི་ཤ་ཏུ་ཤ་རཱི་རཾ། ཀིཤྩི་རཱ་ཡ་སི། བི་དྷུ་ན། བ་དྷུ་ན། པ་ཊ་པ་ཊ། ཀམྦ་ཀམྦ། རངྒ་རངྒ། མོ་རྡྷ་མོ་ད། དྷ་མ་དྷ་མ། བཛྲིམྦཱ་བཛྲིམྦཱ། པཱུ་ར་པཱུ་ར། གྷུརྞ་གྷུརྞ། ཨ་བི་ཤ་ཨ་བི་ཤ། ཤི་གྷྲཾ་ཤི་གྷྲཾ། མ་ཧཱ་བཛྲ་བྷཻ་ར་བོ། ག་ཎ་པ་ཏི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། །ཆོ་ག་ལ་དགྲ་ཐམས་ཅད་རེངས་པར་བྱ་བ་དང༌། བྱད་སྟེམས་ཐམས་ཅད་བཅད་པ་ལ་ནི་བའི་ལྕི་བ་ལ་དཀྱིལ་འཁོར་གྲུ་བཞི་པ་བྱས་ལ། སེམས་ཁྲོས་པས་མཚོན་ཆ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ། ས་ལ་བཙུགས་ན་དེ་མ་ཐག་ཏུ་བྱད་སྟེམས་ཐམས་ཅད་འཆད་པར་འགྱུར་རོ། །ཕ་རོལ་གྱི་དམག་ཚོགས་བཟློག་པར་འདོད་པས་ནི་དབྱུག་པ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ། དེ་ཕྱོགས་སུ་འཕངས་ན་དགྲ་ཐམས་ཅད་མྱོས་པར་འགྱུར་རོ། །ཀླུ་དབང་དུ་བྱ་བར་འདོད་ན་ཁྲོས་ཏེ་རྡོ་རྗེ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ། བསྣུན་ན་ཀླུ་རྣམས་དབང་དུ་འགྱུར་རོ། །སེར་བ་བཟློག་པར་འདོད་པས་ནི་རྡོ་རྗེ་ཧ་ཅང་མི་དྲག་པར་བསྐོར་ཞིང༌། སྒྲ་ཧ་ཅང་གསང་མི་མཐོ་བར་བརྗོད་ན་ཀླུ་རྣམས་སེར་བ་མི་འབེབས་པར་འགྱུར་རོ། །ཆང་བསྲུང་བར་འདོད་པས་ནི་ཆང་གི་རྫས་རྣམས་དང་ཡུངས་ཀར་ལ་ལན་བདུན་བསྔགས་ན་ཐུབ་པར་འགྱུར་རོ། །ནད་ཞི་བར་འདོད་པ་ལ་ནི་ནད་དང་མཐུན་པའི་སྨན་ནམ། ཆུ་ལ་ལན་བདུན་བསྔགས་ཏེ་འཐུངས་སམ། བྱུགས་ན་ནད་ལས་གྲོལ་བར་འགྱུར་རོ། །ལས་གང་བྱེད་པ་དེ་ཐམས་ཅད་ལ་ཡང་ལན་བདུན་བཟླས་བརྗོད་བྱས་ན་བསམ་པ་དེ་འགྲུབ་པར་འགྱུར་རོ། །འཕགས་པ་རྡོ་རྗེ་འཇིགས་བྱེད་ཀྱི་གཟུངས་ཞེས་བྱ་བ། མ་རུངས་པ་ཕྱིར་ཟློག་པ་རྫོགས་སོ། །

༈ འཕགས་པས་གསུངས་པའི་གཟུངས་རྣམས་རྣམ་མང་ཡང༌། །རྡོ་རྗེ་འཇིགས་བྱེད་ཞལ་ནས་གསུངས་པའི་གཟུངས། །བསྲུང་བྱའི་ལས་བདུན་ལྡན་པའི་གཟུངས་མཆོག་འདི། །ཀུན་གྱིས་མཐུན་མོང་མ་ཡིན་རྣལ་འབྱོར་དམ་པའི་གཟུངས། །རྣལ་འབྱོར་གྱི་རྣལ་འབྱོར་ཆེན་པོ་དོན་ཡོད་རྡོ་རྗེའི་ཞལ་སྔ་ནས་བསྒྱུར་ནས། བོད་ཀྱི་བན་དྷེ་སྐྱེ་འོད་འབྱུང་ལ་གནང་ངོ༌།། །།

འཕགས་པ་འགྲོ་ལྡིང་བའི་རིག་སྔགས་ཀྱི་རྒྱལ་པོ།

༄༅། །འཕགས་པ་འགྲོ་ལྡིང་བའི་རིག་སྔགས་ཀྱི་རྒྱལ་པོ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་དྲྭ་བི་ཌ་བིདྱ་རཱ་ཛ། བོད་སྐད་དུ། འཕགས་པ་འགྲོ་ལྡིང་བའི་རིག་སྔགས་ཀྱི་རྒྱལ་པོ། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་སྨྱིག་མའི་མྱུ་གུའི་འཁོར་གྱི་འཁྱམས་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཆེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་གློག་ཐམས་ཅད་བཟློག་པ། སོ་སོར་འབྲང་བའི་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པ་ཡང་ད་ལྟར་འཆད་ཀྱིས་ཟུངས་ཤིག །ཀུན་དགའ་བོ་ཤར་ཕྱོགས་ན་འོང་བ་ཞེས་བྱ་བའི་གློག་ཡོད། ཀུན་དགའ་བོ་ལྷོ་ཕྱོགས་ན་སྐད་བརྒྱ་པ་ཞེས་བྱ་བའི་གློག་ཡོད། ཀུན་དགའ་བོ་ནུབ་ཕྱོགས་ན་འོད་ཉམས་པ་ཞེས་བྱ་བའི་གློག་ཡོད། ཀུན་དགའ་བོ་བྱང་ཕྱོགས་ན་རྒྱུན་གྱི་བདག་པོ་ཞེས་བྱ་བའི་གློག་ཡོད་དེ། ཀུན་དགའ་བོ་གང་ལ་ལ་གློག་འདི་རྣམས་ཀྱི་མིང་ཤེས་པ་དང༌། ཕྱོགས་རྣམ་པར་གནས་པ་ཤེས་པ་དེ་ལ་གློག་གིས་འཇིགས་པ་ཐམས་ཅད་དུ་མི་འབྱུང་བར་ཤེས་པར་བྱའོ། །གློག་གི་མིང་འདི་དག་ཡི་གེར་བྲིས་ཏེ། གནས་གང་དག་ཏུ་བཞག་པའི་གནས་དེ་དག་ཏུ་གློག་ཐམས་ཅད་མི་འབབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འགྲོ་ལྡིང་བའི་གསང་སྔགས་ཀྱི་གཞི་འདི་དག་བཀའ་སྩལ་ཏོ། །ཏདྱ་ཐཱ། ནི་མི་ནི་མི་ནི་ནི་མི་ནི་ནི་མིན་དྷ་རེ། འཇིག་རྟེན་གསུམ་སྣང་བར་བྱེད་པ། ལག་ན་རྩེ་གསུམ་པས་ཕྱོགས་འདིར་གློག་ཐམས་ཅད་ལས་བདག་སྲུངས་ཤིག་སྲུངས་ཤིག་སྭཱ་ཧཱ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་འགྲོ་ལྡིང་བ་གསང་སྔགས་ཀྱི་གཞི་འདི་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། ཧ་ཏེ་བི་ཧ་ཏེ། ནི་ཧ་ཏ། པྲ་ཏྱ་རྠི་ཀེ །པྲ་དྱེ་མི་ཏྲེ། ཤུདྡྷེ། མུཀྟེ། བི་མ་ལེ། པྲ་བྷ་སྭ་རེ། ཨཎྜ་རེ། པཎྜ་རེ། ཤྭེ་ཏེ། པཎྜ། ར་བཱ་སི་ནི། ཧ་རི་ཀ་ར་དི། པིཾ་ག་ལཱཀྵི་ད་དྷི་མུ་ཁི། དུས་མ་ཡིན་པར་འཆི་བ་ཐམས་ཅད་ལས་བདག་ལ་སྲུངས་ཤིག །སྲུངས་ཤིག །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟི་བརྗིད་ཀྱིས་བདག་དུས་མ་ཡིན་པར་འཆི་བ་ཐམས་ཅད་མཐོང་བར་མ་གྱུར་ཅིག་སྭཱ་ཧཱ། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་གཟུངས་ཀྱི་ཚིག་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། མུ་ནེ་མུ་ནེ། མུ་ནེ་མུ་ནེ། རེ་རི། མ་ཏི་མ་ཏི། སུ་མ་ཏི། མ་ཧཱ་མ་ཏི། ཧཱ་ཧཱ་ཧཱ་ཧཱ། ཁྱོད་ལ་སྡིག་པ་མེད་ཀྱིས། མ་འཇིགས་ཤིག་ཅེས་ལག་ན་རྡོ་རྗེས་སྨྲས་ཀྱིས། དྲི་ཌཱ་སྭཱ་ཧཱ། བཅོམ་ལྡན་འདས་བདག་གི་སྲུང་བ་གཞན་གྱིས་མི་ཐུབ་པ་འདི་སུའི་སྙིང་ལ་འཛིན་ཏམ། ཡི་གེར་བྲིས་ན་དེ་ལ་བདག་གིས་རྟག་པར་རྒྱུན་དུ་འཇིགས་པ་ཐམས་ཅད་ལས་བསྲུང་བར་བགྱིའོ། །དུས་མ་ལགས་པར་འགུམ་པ་ཐམས་ཅད་ལས་ཐར་བར་བགྱིའོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དང༌། སྨན་པ་དང༌། བདེ་བ་བསྐྱེད་པའི་སླད་དུ། ཆོས་ཀྱི་རྣམ་གྲངས་འདི་ལ་གཟུངས་ཀྱི་གསང་སྔགས་ཀྱི་གཞི་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། ཧི་ལི་མི་ལི། ཙི་ལི་སྭཱ་ཧཱ། བྲཧྨ་ས་རེ་སྭཱ་རེ་སྭཱ་ཧཱ། །བྲསྨ་གརྦྷ་པུཥྤ་སཾ་སྟ་ར་སྭཱ་ཧཱ། །བཅོམ་ལྡན་འདས་འདི་ནི་བདག་གི་སྲུང་བ་ཚངས་པའི་ཆད་པ་ཞེས་བགྱི་བ་སྟེ། །དུས་མ་ལགས་པར་འགུམ་པ་ཐམས་ཅད་ལས་ཡོངས་སུ་སྐྱོབ་པ། སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ་ལགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། །བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང༌། ཆོས་ཀྱི་རྣམ་གྲངས་འདི་ལ་གཟུངས་ཀྱི་གསང་སྔགས་ཀྱི་གཞི་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། ནི་བཱ་ར་ཎི། བན་དྷ་བན་དྷ། མཱ་དན་དྷེ། མ་ཏི་མ་ཏི། ཏི་ཊ། གཽ་རཱི། གནྡྷ་རི། ཙནྜ་ལཱི། མ་ཏཾ་གི །བ་ར་ལ་ནི། ཧི་ན་མ་མཱ་རི་ཎི་མ་ལ་ནི། ད་ལ་མཏྟ། ཙཀྲ་བ་ཀྲ། ཤ་བ་རི་ཤ་བ་རི་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་འདི་ནི་བདག་གི་རིག་སྔགས་རྡོ་རྗེ་འབེབས་པ་ཞེས་བགྱི་སྟེ། འཇིགས་པ་ཐམས་ཅད་ལས་རྣམ་པར་ཐར་བར་བགྱིད་པ། དུས་མ་ལགས་པར་འགུམ་པ་ཐམས་ཅད་ལས་ཡོངས་སུ་སྐྱོབ་པ་ལགས་སོ། །དེ་ནས་རྒྱལ་པོ་ཆེན་པོ། ཡུལ་འཁོར་སྲུང་དང༌། འཕགས་སྐྱེས་པོ་དང༌། མིག་མི་བཟང་དང༌། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་སྐྱེ་བོ་མང་པོ་ལ་སྨན་པ་དང༌། སྐྱེ་བོ་མང་པོ་ལ་བདེ་བ་དང༌། འཇིག་རྟེན་ལ་སྙིང་བརྩེ་བའི་སླད་དུ་ཆོས་ཀྱི་རྣམ་གྲངས་འདི་ལ་གཟུངས་ཀྱི་གསང་སྔགས་ཀྱི་གཞི་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། པུཥྤེ་པུཥྤེ། དྷརྨ་བ་རི་ཧ་རི། ཨཱརྻ་པྲ་ཤ་སྟེ། ཤི་ར་མུཀྟེ། མང་ག་ལེ། སྟུ་སྟེ། སྟྲ་ཙི་ཏེ་སྭཱ་ཧཱ། །བཙུན་པ་བཅོམ་ལྡན་འདས་འདི་ནི་རྒྱལ་པོ་ཆེན་པོ་བཞི་པོ་བདག་ཅག་གི་སྲུང་བ་འཇིགས་པ་མ་མཆིས་པ་ཞེས་བྱ་སྟེ། འཇིགས་པ་ཐམས་ཅད་ལ་མི་འཇིགས་པར་བགྱིད་པ་ཆེ་སྐྱོང་བ་དུས་མ་ལགས་པར་འགུམ་པ་ཐམས་ཅད་ལས་ཡོངས་སུ་སྐྱོབ་པ་ལགས་སོ། །དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་དང༌། ཀླུའི་རྒྱལ་པོ་གློག་འོད་དང༌། ཀླུའི་རྒྱལ་པོ་མ་དྲོས་པ་དང༌། ཀླུའི་རྒྱལ་པོ་གློག་ལྕེ་དང༌། ཀླུའི་རྒྱལ་པོ་འོད་ཟེར་བརྒྱ་པས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གི་སྲུང་བ་ཆེན་པོ་ཡིད་བཞིན་གྱི་ནོར་བུ་ཞེས་བགྱི་བ་གློག་ཐམས་ཅད་བཟློག་པ། དུས་མ་ལགས་པར་འགུམ་པ་ཐམས་ཅད་སེལ་བ། དུག་རྣམས་མི་གདུག་པར་བགྱིད་པ། གཤེད་བྱེད་དང༌། བྱད་དང༌། རོ་ལངས་དང༌། བཀྲ་མི་ཤིས་པ་འཇིགས་པར་བགྱིད་པ་མཆིས་ན། བཅོམ་ལྡན་འདས་བདག་ཅག་ཀླུའི་སྐྱེ་གནས་འདི་ནས་དབྱུང་བ་དང༌། སེར་སྣ་སྤང་བའི་སླད་དུ་ཐུགས་བརྩེ་བར་དགོངས་ཏེ་བཞེས་སུ་གསོལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་ཅག་ཀླུ་རྣམས་ནི་སེམས་སེར་སྣ་ཅན་ཏེ། སེམས་སེར་སྣས་ཀུན་ནས་དཀྲིས་པ་ལགས་པའི་སླད་དུའོ། །ཏདྱ་ཐཱ། ཨ་ར་ཛེ། ཨ་མ་རེ། ཨ་མྲྀ་ཏེ། ཨ་ཀྵ་ཡ། པུ་ནྱེ་པརྻ་བ་ཏེ། སརྦ་པཱ་བ་པྲ་ཤ་མ་ནཱ་ཡ་སྭཱ་ཧཱ། ཨཱརྻ་པུ་ནྱེ་སོ་བ་ཀཱི་ཡེ་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་གསང་སྔགས་ཀྱི་གཞི་འདི་དག་སྐྱེས་པའམ། བུད་མེད་གང་ལ་ལའི་ལྕེ་ལ་འདོན་ཏམ། ཡི་གེར་བྲིས་པ་དེ་ལ་གློག་གི་འཇིགས་པ་ཐམས་ཅད་མ་མཆིས་པར་རིག་པར་བགྱིའོ། །རྩ་བའི་དུག་གམ། མཆེ་བའི་དུག་གམ། དབྱིག་དུག་གམ་གང་དག་གཞན་ཡང་ཡན་ལག་ལས་བྱུང་བའི་དུག་དེ་དག་གིས། དེ་འགུམ་པའི་དུས་བགྱིད་པར་མི་འགྱུར་རོ། །བདག་འཇིགས་པ་ཐམས་ཅད་དང༌། གནོད་པ་ཐམས་ཅད་ལས་བདེ་ལེགས་སུ་གྱུར་ཅིག །དེ་ནས་བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བ་དང༌། ཀླུའི་རྒྱལ་པོ་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བཞིན་བཟང་དག་སྐྱེ་བོ་མང་པོ་ལ་ཕན་པ་དང༌། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་ཞུགས་པ་སྟེ། ཆོས་ཀྱི་རྣམ་གྲངས་འདི་རྗེས་སུ་གཟུང་བའི་ཕྱིར་འགྲོ་ལྡིང་བའི་གསང་སྔགས་ཀྱི་ཚིག་རྣམས་བཤད་པ་ལེགས་སོ་ལེགས་སོ། །ཕྱོགས་རྣམས་ན་གཉིད་ལོག་པ་དང༌། མྱོས་པ་དང༌། རབ་ཏུ་མྱོས་པ་རྣམས་བསྲུང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། དགེ་སློང་དེ་དག་དང༌། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བ་དེ་དག་དང༌། ཀླུའི་དབང་པོ་དེ་དག་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་འགྲོ་ལྡིང་བའི་རིག་སྔགས་ཀྱི་རྒྱལ་པོ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་དཱ་ན་ཤཱི་ལ་དང་ཞུ་ཆེན་གྱི་ལོཙྪ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པའོ།། །།

གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས།

༄༅། །གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་བཞུགས་སོ། །

རྒྱ་གར་སྐད་དུ། གྲ་ཧ་མཱ་ཏྲི་ཀ་ནཱ་མ་དྷ་ར་ཎི། བོད་སྐད་དུ། གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འབྲོག་གནས་ཀྱི་གྲོང་ཁྱེར་ཆེན་པོ་ན། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། བདུད་དང༌། ཉི་མ་དང༌། ཟླ་བ་དང༌། མིག་དམར་དང༌། པ་སངས་དང༌། ཕུར་བུ་དང༌། གཟའ་ལྷག་པ་དང༌། སྤེན་པ་དང༌། སྒྲ་གཅན་འཛིན་དང༌། མཇུག་རིང་རྣམས་དང༌། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པ་མང་པོ་རྣམས་ཀྱིས་བསྟོད་པ། རྡོ་རྗེ་ཆེན་པོའི་དམ་ཚིག་གི་བྱིན་གྱིས་བརླབས་ཀྱིས། རྡོ་རྗེའི་ཁྲི་ལ་བཞུགས་སོ། །བྱང་ཆུབ་སེམས་དཔའ་དུ་མ་དང་ཡང་ཐབས་གཅིག་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་གཏུམ་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྡེ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་གཞུ་ཅན་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་བདག་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་རྒྱན་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་འོད་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་གཟིགས་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་དཔལ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨའི་ཏོག་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞལ་རས་རྒྱས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨའི་སྙིང་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨའི་སྤྱན་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ཀྱིས་བསྐོར་ཞིང་མདུན་གྱིས་བལྟས་པ་ལ་ཆོས་སྟོན་ཏོ། །བཀོད་པ་ཆེན་པོའི་རྒྱན་གྱི་ནོར་བུ་ཞེས་བྱ་བ་ཐོག་མར་དགེ་བ་དང༌། བར་དུ་དགེ་བ་དང༌། ཐ་མར་དགེ་བ་དང༌། དོན་བཟང་པོ་དང༌། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བའི་ཆོས་སྟོན་ཏོ། །དེ་ནས་ཕྱག་ན་རྡོ་རྗེས་འཁོར་དེ་དག་ལ་བལྟས་ཏེ། ལངས་ནས་རང་གི་རྫུ་འཕྲུལ་གྱི་བྱིན་གྱིས་བརླབས་ཀྱིས། བཅོམ་ལྡན་འདས་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ཏེ། ཕྱག་འཚལ་ནས་སྤྱན་སྔར་འདུག་སྟེ། བསྙེམས་པ་དང་བཅས་པས་སྐྱིལ་མོ་ཀྲུང་ལེགས་པར་བཅས་ནས། འཁོར་དེ་དག་ལ་འགྱིང་བག་ཏུ་བལྟས་ཏེ། རྡོ་རྗེའི་ཐལ་མོ་རང་གི་སྙིང་གར་བཞག་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟའ་མི་བཟད་པ་དང༌། མི་བཟད་པའི་གཟུགས་ཅན། དྲག་ཤུལ་གྱི་སེམས་དང་ལྡན་པ། ཁྲོ་བ་ཁྲོ་བའི་གཟུགས་ཅན་དག་སེམས་ཅན་ཐམས་ཅད་ལ་འཚེ་བར་བགྱིད་པ། མཐོ་འཚམས་པར་བགྱིད་པ། མདངས་འཕྲོག་པར་བགྱིད་ཅིང༌། ཁ་ཅིག་ནོར་ཟས་འཕྲོག་པར་བགྱིད། ཁ་ཅིག་སྲོག་འཕྲོག་པར་བགྱིད། སེམས་ཅན་ཚེ་རིང་བ་ཁ་ཅིག་ནི་ཐུང་ངུར་བགྱིད་དོ། །དེ་ལྟར་སེམས་ཅན་ཐམས་ཅད་ལ་གནོད་ཅིང་འཚེ་བར་བགྱིད་པ་དེ་རྣམས་ཀྱི་སླད་དུ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་གང་གིས་སེམས་ཅན་ཐམས་ཅད་ལ་བསྲུངས་བར་འགྱུར་པ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཡང་ཁྱོད་ཀྱིས་སྙིང་རྗེ་བསྐྱེད་པས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དང༌། གསང་ཆེན་བས་ཀྱང་ཆེས་གསང་བ་དེ་བཞིན་གཤེགས་པར་ཞུ་བར་བྱེད་པ་ལེགས་སོ་ལེགས་སོ། །དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང༌། གཟའ་མི་བཟད་པའི་གཟུགས་ཅན་ཤིན་ཏུ་ཁྲོ་བ་དང༌། ཤིན་ཏུ་འཇིགས་པར་བྱེད་པ་རྣམས་ཀྱིས་མཆོད་པ་དང༌། མཆོད་ཡོན་དང་བཟླས་བརྗོད་བཟང་པོ་གསང་བ་བས་ཀྱང་ཆེས་གསང་བ་ངས་བཤད་དོ། །དེ་དག་མཆོད་པས་མཆོད་གྱུར་ཅིང༌། །གནོད་པ་བྱས་ན་གནོད་བྱེད་དང༌། །གཟའ་དེ་ཀུན་གྱི་ཁ་དོག་དང༌། །ཇི་ལྟར་དགའ་བར་འགྱུར་བ་དང༌། །ལྷ་རྣམས་དང་ནི་ལྷ་མིན་དང༌། །མི་འམ་ཅི་དང་ཀླུ་དག་དང༌། །གནོད་སྦྱིན་རྣམས་དང་སྲིན་པོ་དང༌། མི་རྣམས་དང་ནི་མི་མ་ཡིན། །དྲག་པོ་གཟི་བརྗིད་ཆེན་པོ་དང༌། །ཁྲོས་པ་ཞི་བར་བྱེད་པ་དེའི། །གསང་སྔགས་རྣམས་དང་མཆོད་པ་དང༌། །རིམ་པ་བཞིན་དུ་བཤད་པར་བྱ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཉིད་ཀྱི་ཐུགས་ཀ་ནས་སྙིང་རྗེ་རྣམ་པར་རོལ་པ་ཞེས་བྱ་བའི་འོད་ཟེར་བཀྱེ་སྟེ། གཟའ་རྣམས་ཀྱི་སྤྱི་བོར་ཞུགས་སོ། །དེ་ནས་དེའི་མོད་ལ་ཉི་མ་ལ་སོགས་པའི་གཟའ་ཐམས་ཅད་ལངས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ལྷ་རྫས་ཀྱི་མཆོད་པ་རྣམས་ཀྱིས་མཆོད་པ་བྱས་ཏེ། ཕྱག་འཚལ་ནས་པུས་མོ་བཙུགས་ནས་ཐལ་མོ་སྦྱར་བ་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ཅག་ལ་སྨན་ཡོན་བཏགས་པར་གྱུར་ཏོ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་གང་གིས་བདག་ཅག་རྣམས་ལ་སོགས་པ་ཆོས་སྨྲ་བ་རྣམས་ལ་བསྲུང་བར་འགྱུར་བ་དང༌། ཡོངས་སུ་བསྐྱབ་པ་དང༌། ཞི་བ་དང༌། བདེ་ལེགས་སུ་འགྱུར་བ་དང༌། མཚོན་ཆ་སྤང་བ་དང༌། ཆད་པ་སྤང་བ་དང༌། དུག་གཞིལ་བ་དང༌། དུག་བསད་པ་དང༌། མཚམས་བཅད་པ་དང༌། ས་བཅིང་བ་རྣམས་བགྱིད་པར་འགྱུར་བ་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གཟའ་རྣམས་ལ་མཆོད་པ་དང༌། གསང་སྔགས་བཀའ་སྩལ་ཏོ། །ཨོཾ་མེ་གྷ་ལ་ཀ་ལཱ་ཡ་སྭཱ་ཧཱ། ཨོཾ་ཤི་ཏཾ་ཤ་བཻ་སྭཱ་ཧཱ། ཨོཾ་རཀྟ་ཨ་ག་ཀུ་མཱ་རཱ་ཡ་སྭཱ་ཧཱ། ཨོཾ་བུདྡྷ་ཡ་སྭཱ་ཧཱ། ཨོཾ་བྲྀ་ཧ་སྦ་ཏ་ཡེ་སྭཱ་ཧཱ། ཨོཾ་སུ་རོད་ཏ་མཱ་ཡ་སྭཱ་ཧཱ། ཨོཾ་ཀྲྀཥྞཱ་བརྞ་ཡེ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་བྲི་ཡཱ་ཡ་སྭཱ་ཧཱ། ཨོཾ་ཛོ་ཏི་ཀེ་ཏ་བཻ་སྭཱ་ཧཱ། ལག་ན་རྡོ་རྗེ་འདི་དག་ནི་གཟའ་དགུའི་གསང་སྔགས་ཀྱི་སྙིང་པོ་བཀླགས་པས་གྲུབ་པ་ཡིན་ཏེ། ཁ་དོག་དང་མཐུན་པར་སྤོས་ཀྱི་དཀྱིལ་འཁོར་སོར་བཅུ་གཉིས་པ་བྱས་པའི་དབུས་སུ་མཆོད་པར་བྱའོ། །ཁམ་པའམ་ཟངས་ལ་སོགས་པའམ། གསེར་དང་དངུལ་གྱི་སྣོད་དུ་མཆོད་ཡོན་ཕུལ་ནས། རེ་རེ་ལ་ཡང་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱའོ། །ལག་ན་རྡོ་རྗེ་དེའི་འོག་ཏུ་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་ལན་བདུན་བརྗོད་པར་བྱའོ། །དེ་ནས་གཟའ་རྣམས་ཐམས་ཅད་སྲུང་བར་བྱེད་པར་འགྱུར་རོ། །དབུལ་བའི་གདོན་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཚེ་ཟད་པ་ལས་ཚེ་རིང་པོར་བྱེད་པར་འགྱུར་རོ། །ལག་ན་རྡོ་རྗེ་དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་དང༌། གཞན་ཡང་སེམས་ཅན་ཀྱི་རིགས་གང་ཡིན་པ་དང༌། གང་དག་གི་རྣ་ལམ་དུ་གྲགས་པ་དེ་དག་ཀྱང་དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །ཕྱག་ན་རྡོ་རྗེ་གཟའ་རྣམས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་མཆོད་པར་བྱས་ཏེ། ཉིན་གཅིག་བཞིན་དུ་ཀློག་པར་བྱེད་པའི་ཆོས་སྨྲ་བ་གང་ཡིན་པ་དེ་ལ་གཟའ་ཐམས་ཅད་བདག་ཉིད་ཀུན་གྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །དེ་དང་རིགས་གཅིག་པ་རྣམས་ཀྱི་དབུལ་བ་ཡང་སེལ་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་བཀའ་སྩལ་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །པདྨའི་འཆང་ལ་ཕྱག་འཚལ་ལོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་གཟའ་རྣམས་ལ་ཕྱག་འཚལ་ལོ། །རྒྱུ་སྐར་རྣམས་ལ་ཕྱག་འཚལ་ལོ། །གཟའི་ཁྱིམ་བཅུ་གཉིས་པོ་རྣམས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། བུདྡྷེ་བུདྡྷེ། བཛྲེ་བཛྲེ། པདྨེ་པདྨེ། ས་ར་ས་ར། པྲ་ས་ར་པྲ་ས་ར། སྨ་ར་སྨ་ར། ཀྲཱྀ་ཌཱ་ཡ་ཀྲཱྀ་ཌཱ་ཡ། མཱ་ར་ཡ་མཱ་ར་ཡ། མརྡྷ་ཡ་མརྡྷ་ཡ། གྷ་ཊ་ཡ་གྷ་ཊ་ཡ། སརྦ་བིགྷྣཱཾ། ཀུ་རུ་ཀུ་རུ། ཚིན་དྷ་ཚིན་དྷ། ཀྵ་པ་ཡ་ཀྵ་པ་ཡ། ཤཱནྟེ་ཤཱནྟེ། དཱནྟེ་དཱནྟེ། དྷ་མ་ཡ་དྷ་མ་ཡ། བཅོམ་ལྡན་འདས་མ་བདག་ཉིད་དུ་བསྟན་དུ་གསོལ། བདག་འཁོར་དང་བཅས་པ་དང༌། སེམས་ཅན་ཐམས་ཅད་ལ་སྲུང་དུ་གསོལ། སྲུང་དུ་གསོལ། གཟའ་ཐམས་ཅད་དང༌། རྒྱུ་སྐར་རྣམས་ཀྱི་གནོད་པ་བཟློག་ཏུ་གསོལ། བཅོམ་ལྡན་འདས་མ་རྫུ་འཕྲུལ་ཆེན་པོ་མངའ་བ། སྡང་བའི་སེམས་ཅན་རྣམས་བསལ་དུ་གསོལ། །བདག་གི་སྡིག་པ་རྣམས་བསྐམ་དུ་གསོལ། ཙཎ་ཌེ་ཙཎ་ཌེ། ཏུ་རུ་ཏུ་རུ། ཙཎ་ཌེ་ནི་ཙཎ་ཌེ་ནི། མུ་ཡུ་མུ་ཡུ། མུ་ཙུ་མུ་ཙུ། བ་ཧ་བ་ཧ། ཨུ་གྲེ་ཨུ་གྲེ་ཏ་མེ། པུ་ར་ཡ་མེ། མ་ནོ་ར་ཐཱཾ་པུ་ར་ཡ། སརྦ་ཏ་ཐཱ་ག་ཏཱ་ཨ་དྷིཥྛཱི་ཏེ། ས་མ་ཡེ་སྭཱ་ཧཱ། ཨོཾ་སྭཱ་ཧཱ། ཧཱུཾ་སྭཱ་ཧཱ། ཧྲཱིཿ སྭཱ་ཧཱ། དྷྲུཾ་སྭཱ་ཧཱ། དྷྲིཾ་སྭཱ་ཧཱ། པདྨ་དྷཱ་ར་སྭཱ་ཧཱ། ཨ་དྷཱི་དྱ་ཡེ་སྭཱ་ཧཱ། སོ་མཱ་ཡ་སྭཱ་ཧཱ། དྷཱ་ར་ཎི་སཱུ་ཏཱ་ཡ་སྭཱ་ཧཱ། བུདྡྷ་ཡ་སྭཱ་ཧཱ། བྲི་ཧསྤ་ཏ་ཡེ་སྭཱ་ཧཱ། ཤུ་ཀྲཱ་ཡ་སྭཱ་ཧཱ། ཀྲྀཥྞཱ་བརྞ་ཡེ་སྭཱ་ཧཱ། ར་ཧ་བཻ་སྭཱ་ཧཱ། ཀཱ་ཏ་བཻ་སྭཱ་ཧཱ། བུདྡྷ་ཡ་སྭཱ་ཧཱ། བཛྲ་དྷ་རཱ་ཡ་སྭཱ་ཧཱ། པདྨ་དྷ་རཱ་ཡ་སྭཱ་ཧཱ། ཀུ་མཱ་རཱ་ཡ་སྭཱ་ཧཱ། སརྦ་གྲ་ཧྱེ་བྷྱཿསྭཱ་ཧཱ། སརྦ་ནཀྵ་ཏྲེ་བྷྱཿསྭཱ་ཧཱ། སརྦ་དྭ་དི་ཤ་རཱ་ཤ་ནི་བྷྱཿསྭཱ་ཧཱ། སརྦ་ཨུ་བ་དྲ་བ་སྭཱ་ཧཱ། ཨོཾ་སརྦ་བི་དྱེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཕྱག་ན་རྡོ་རྗེ་འདི་ནི་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་དངོས་གྲུབ་ཐམས་ཅད་ཀྱི་གཞི་ཡིན་ནོ། །ཕྱག་ན་རྡོ་རྗེ་གང་ཡང་གཟའ་རྣམས་ཀྱི་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་འདི་དག་སྟོན་ཟླ་ཐ་ཆུང་ཡར་གྱི་ངོའི་ཚེས་བདུན་ནས་བརྩམས་ཏེ་གསོ་སྦྱོང་དང་ལྡན་པར་བྱས་ཏེ། ཚེས་བཅུ་བཞིའི་བར་དུ་གཟའ་རྣམས་ལ་མཆོད་པ་བྱས་ཏེ་གཟུང་བར་བྱའོ། །དེ་ནས་ཟླ་བ་ཉའི་ཉིན་མཚན་ཐོག་མཐའ་བཀླགས་ན། དེ་དག་ལོ་དགུ་བཅུ་རྩ་དགུའི་བར་འཆི་བའི་འཇིགས་པ་མི་འབྱུང་ངོ༌། །གཟའི་འཇིགས་པ་དང༌། སྐར་མདའ་ལྷུང་བ་དང༌། ཟླ་བ་དང་རྒྱུ་སྐར་གྱི་གནོད་པས་འཇིགས་པར་མི་འགྱུར་རོ། །ཚེ་རབས་དྲན་པར་འགྱུར་རོ། །གཟའ་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར་རོ། །གཟའ་ཐམས་ཅད་ཀྱིས་ཅི་འདོད་པ་སྦྱིན་པར་བྱེེད་དོ། །དེ་ནས་བཅོམ་ལྡན་འདས་ལ་གཟའ་རྣམས་ཀྱིས་ཕྱག་འཚལ་ཏེ། ལེགས་སོ་ལེགས་སོ་ཞེས་གསོལ་ཏེ་མི་སྣང་བར་གྱུར་ཏོ། །གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།

སྐར་མའི་ཡུམ་ཞེས་བྱ་བའི་གཟུངས།

༄༅། །སྐར་མའི་ཡུམ་ཞེས་བྱ་བའི་གཟུངས་བཞུགས་སོ། །

རྒྱ་གར་སྐད་དུ། ནཀྵ་ཏྲ་མཱ་ཏྲི་ཀ་ནཱ་མ་དྷ་ར་ནི། བོད་སྐད་དུ། སྐར་མའི་ཡུམ་ཞེས་བྱ་བའི་གཟུངས། དྲང་སྲོང་སྐར་མ་ལ་དགའ་བས་ཞུས་པ། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འབྲོག་གནས་ཀྱི་གྲོང་ཁྱེར་ཆེན་པོ་ན། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། གཟའ་བརྒྱད་དང༌། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པའི་འཁོར་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་དྲང་སྲོང་སྐར་མ་ལ་དགའ་བས་སྟན་ལས་ལངས་ཏེ། ཐལ་མོ་སྦྱར་ནས་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ། །རྒྱུ་སྐར་མི་བཟད་པ་དྲག་ཤུལ་ཅན་སེམས་ཅན་རྣམས་ལ་ཚེ་ཐུང་ཞིང་མདངས་འཕྲོག་པ་དང༌། ཚེ་འཕྲོག་ཅིང་བཀྲ་མི་ཤིས་པ་བྱེད་པ་དང༌། སེམས་ཅན་རྣམས་ལ་གནོད་ཅིང་འཚེ་བ་དེ་དག་མི་བགྱིད་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་གང་གིས་སེམས་ཅན་རྣམས་ལ་ཕན་པར་འགྱུར་བ་བཤད་དུ་གསོལ་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐར་མ་ལ་དགའ་བ་ཁྱོད་ཀྱིས་སེམས་ཅན་ལ་ཕན་པར་བྱ་བའི་ཕྱིར་ཞུས་པ་ལེགས་སོ། །ངས་བཤད་ཀྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག །རྒྱུ་སྐར་དྲག་པོ་མི་བཟད་པ་གདུག་པ་ཅན་རྣམས་ཀྱིས་མཆོད་པ་དང་བཟླས་བརྗོད་བཟང་པོའི་གསང་བ་བས་ཀྱང་ཆེས་གསང་བ་ངས་བཤད་དོ། །དེ་དག་མཆོད་པས་ལྷ་སྲིན་གདུག་པ་ཅན་རྣམས་དང༌། རྒྱུ་སྐར་དྲག་པོ་ཁྲོས་པའི་གནོད་པ་ཞི་བར་བྱེད་པའི་མཆོད་པའི་རིམ་པ་བཤད་པར་བྱའོ། །རྒྱུ་སྐར་གྱི་གནས་ཉི་ཤུ་རྩ་བརྒྱད་ལ་ཕྱག་འཚལ་ལོ། །གཟའ་རྣམས་ལ་ཕྱག་འཚལ་ལོ། །དྲང་སྲོང་རྣམས་ལ་ཕྱག་འཚལ་ལོ། །ལྷ་རྣམས་ལ་ཕྱག་འཚལ་ལ་ལོ། །ཀླུ་རྣམས་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་བ་ལས། རྒྱུ་སྐར་རྣམས་འདི་ལྟ་སྟེ། ཐ་སྐར་དང་ནི་བྲ་ཉེ་དང༌། །སྨིན་དྲུག་དང་ནི་སྣར་མ་དང༌། །མགོ་དང་ལག་དང་ནབ་སོ་དང༌། །རྒྱལ་དང་སྐག་དང་ཆུ་དང་ནི། །གྲེ་དང་དབོ་དང་མེ་བཞི་དང༌། །ནག་པ་ས་རི་ས་ག་དང༌། །ལྷ་མཚམས་དང་ནི་སྣྲོན་སྣྲུབས་དང༌། །ཆུ་སྟོད་དང་ནི་ཆུ་སྨད་དང༌། །གྲོ་བཞིན་དང་ནི་མོན་གྲེ་དང༌། །མོན་གྲུ་དང་ནི་ཁྲུམ་སྟོད་དང༌། ཁྲུམ་སྨད་དང་ནི་ནམ་གྲུ་འོ། །དེ་རྣམས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་དི་སྐད་ཅེས་སྨྲ་ཞིང་འཁོད་དོ། །འདི་ལྟ་སྟེ། ཚ་ཡེ་སིང༌། བྷ་ཡེ། སྣར་དྷ་ཡེ། མ་ཚ་ཡེ། ཧང་ཚ་ཡེ། ཀུ་ར་ཙྪ་ཡེ། ཛ་ཡ་ཡེ། བེ་ར་ཙ་ཡེ། བདག་ཅག་རྣམས་ནི་ཤར་ཕྱོགས་ན་རྒྱུ་ཞིང་གནས་པའོ་ཞེས་འཁོད་པར་གྱུར་ཏོ། །མ་ཚུ་ན་ཡ། ཨེན་ཏྲ་ཡེ། བྷོ་ཡེ། ཙ་ར་ཨག་ཡེ། ཏྲ་ཧྲུང་ཡེ། ཨཏ་བྷ་ཡེ། ཨ་ཏྲི་བྷ་ཡེ། བདག་ཅག་རྣམས་ནི་ལྷོ་ཕྱོགས་ན་གྱུ་ཞིང་གནས་པའོ་ཞེས་འཁོད་པར་གྱུར་ཏོ། །མན་ཏྲ་རི་ཡེ། མནྟྲ་ར་ཡེ། སྣུ་བྷ་ས་ཡེ། བ་ཡུ་ཡེ། བ་ཤམ་ཡེ། ཧ་དེ་དྷ་ཡེ། གྷོ་ན་ཤི་ཡེ། བདག་ཅག་རྣམས་ནི་ནུབ་ཕྱོགས་ན་རྒྱུ་ཞིང་གནས་པའོ་ཞེས་འཁོད་པར་གྱུར་ཏོ། །པུས་དྷརྨ་ཡེ། མོན་དྲེ་ནེ་ར་ཡེ། ཁྲུམས་ཝ་ར་ཏ་ཡེ། ཁྲུམས་རལ་པུ་ར་ཡེ། ནམ་གྲུ་ཧུ་ར་ཡེ། ཐ་སྐར་གུ་ར་ནམ་གྲུ་ཧུ། པྲ་ཏེ་བྷེ་ར་ཡེ། བདག་ཅག་རྣམས་ནི་བྱང་ཕྱོགས་ན་རྒྱུ་ཞིང་གནས་པའོ་ཞེས་འཁོད་པར་གྱུར་ཏོ། །དེ་ནས་སངས་རྒྱས་ཀྱི་མཐུས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་སོགས་པ་དང༌། དྲང་སྲོང་སྐར་མ་ལ་དགའ་བ་དང༌། སྐར་མའི་གནས་ཉི་ཤུ་རྩ་བརྒྱད་ལ་བཀའ་སྩལ་པ། གཟུངས་སྔགས་འདི་ཀློག་པ་ཙམ་གྱིས་སྐར་མའི་གདོན་དང་གནོད་པ་ཀུན་ལས་རབ་ཏུ་བསྲུངས་ནས་བདེ་བ་རྒྱ་ཆེན་པོ་འཕེལ་བར་འགྱུར་རོ། །དེ་ནས་དེ་རྣམས་ཀྱིས་མགྲིན་གཅིག་ཏུ་སྨྲས་པ། ཨོཾ་ར་མ་ལེ་ར་མ་ལེ། ཨ་དྷེ་དྷ་ར་དྷྱ། ཨ་ཀཱ་ན། བི་མ་ལེ། སརྦ་བཛྲ་ར་ཏི་དུརྣ། མ་ཤ་མ་ཤེ་ཡེ། མ་མ་ས་པཱ་རི་ས་ར་ས་ར། བྷ་དྷ་མ་སྭཱ་ཧཱ། གང་ཞིག་གཟུངས་སྔགས་འདི་ལན་གཅིག་བརྗོད་པས་སྐར་མ་ངན་པའི་གནོད་པ་རྣམས་ཞི་བར་འགྱུར་རོ། །འདི་ལ་ཐེ་ཚོམ་མེད་དོ། །རྒྱུ་སྐར་ངན་པ་གང་ལ་ཡང༌། །སྐྱེས་དང་ཤི་དང་མནའ་ཤོ་དང༌། །གཤིན་བག་མཁར་ལས་གཏད་མནན་སོགས། །དྲག་པོ་གང་བྱས་ལས་རྣམས་དུས། །གང་ཞིག་གཟུངས་འདི་བརྗོད་གྱུར་ན། །དེ་དག་ཐམས་ཅད་དགེ་ལེགས་འགྱུར། །རྨི་ལམ་ངན་དང་བཀྲ་མི་ཤིས། །གནོད་པ་ཀུན་ལས་ཐར་བར་འགྱུར། །སྡེ་དཔོན་ཆེན་པོ་གསན་དུ་གསོལ། །དུས་གསུམ་མཆོད་པའི་བྱེ་བྲག་ལས། །ཕྱོགས་བཞིར་གཏོར་མ་བརྒྱ་རྩ་ཕུལ། །ཆོ་ག་བཞིན་དུ་རྒྱུ་སྐར་མཆོད། །བསྲུང་བ་དུས་སུ་བསྩལ་བར་བགྱི། །ན་མ་པྲི་ཏ་ཧྲིང༌། ཙ་ར་ཧྲིང༌། སུརྻ་བི་དྷ་ཡེ། ཀྲོ་དྷ་ཡ། ཛ་ལ་ཛ་ལ། ན་མ་ཀ་ར་ཛ་ཡ། ཨ་ཊ་ཛ་ལ། པུ་ཏ་པུ་ཏ། ཙ་ག་ཎ། ས་ར་ས་ར། བི་ས་ར། སརྦ་བི་ཤ་ན། བིནྡྷ་བིནྡྷ། ཚིནྡྷ་ཚིནྡྷ། ཤོ་དྷ་ཤོ་དྷ། ནཱ་ག་ཏ། སརྦ་པྲ་ཏྱཾ་གི་ར་ཧཱུཾ་ཕཊ་སྭཱ་ཧཱ། གཟུངས་སྔགས་འདི་ལན་ཅིག་བརྗོད་པས། ལྷའི་གདོན་དང༌། ལྷ་མ་ཡིན་གྱི་གདོན་དང༌། གནོད་སྦྱིན་གྱི་གདོན་དང༌། འབྱུང་པོའི་གདོན་དང༌། གདོན་ཐམས་ཅད་བཟློག་པར་འགྱུར་རོ། །གཟའ་སྐར་ངན་པ་དང༌། རྨི་ལམ་ངན་པ་དང༌། བཀྲ་མི་ཤིས་པ་ཐམས་ཅད་བཟློག་པར་འགྱུར་རོ། །སྟག་དང་དོམ་དང༌། སྦྲུལ་དང་སྲོག་ཆགས་མ་རུངས་པ་རྣམས་སྒྲོལ་བར་འགྱུར་རོ། །ནད་དང་རིམས་ཐམས་ཅད་ལས་སྲུང་བར་བྱེད་དོ། །ལམ་དུ་འཇུག་པ་ན་ཡང་བདེ་བར་འགྲོ་ཞིང་བདེ་བ་ཉིད་དུ་ལྡོག་པར་བྱེད་དོ། །དུས་མ་ཡིན་པར་འཆི་བ་དང༌། སེམས་རྣམ་པར་གཡེང་བ་དང༌། དྲན་པ་ཉམས་པ་ཡང་དྲན་བཞིན་དུ་བདེ་བར་འགྱུར་རོ། །གཟུངས་འདི་ལ་ཡོན་ཏན་དཔག་ཏུ་མེད་པར་ཤེས་པར་བྱའོ། །གང་ཞིག་གཟུངས་འདི་འབྲི་འམ་འཆང་ངམ། ཀློག་གམ། འཛིན་ཏམ། མཐོང་བ་དང༌། མཆོད་པ་དང༌། བཀུར་བསྟི་བྱེད་པ་དེ་དག་གི་བར་ཆད་དང་རྐྱེན་རྣམས་ཞི་ནས། མི་མཐུན་པའི་ངན་པ་ཐམས་ཅད་ལས་གྲོལ་ཏེ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཚེ་རབས་ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར་རོ། །རྒྱུ་སྐར་རྣམས་ཀྱང་ཇི་ལྟར་བསྒོ་བ་བཞིན་དུ་བྱེད་པར་འགྱུར་རོ། །ཏདྱ་ཐཱ། ཨོཾ་བྷི་ཧ་ར་ནི། ཧེ་ར་ཧེ་ར། ས་ཧེ་ས་ར་ས་ཧེ་ར། ཀུཎྜ་ལི། ཏ་ཏ་ལི། ཙརྟ་རི་སྭཱ་ཧཱ། །ཞེས་ལན་གཅིག་བརྗོད་པས་རྒྱུ་སྐར་གྱིས་གནོད་པར་མི་འབྱུང་ངོ༌། །ལོ་བརྒྱའི་བར་དུ་འཆི་བའི་འཇིགས་པ་མི་འབྱུང་ངོ༌། །རྒྱུ་སྐར་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར་རོ། །དེ་སྐད་ཅེས་བཀའ་བསྩལ་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་དང༌། རྒྱུ་སྐར་གྱི་ལྷ་རྣམས་ཀྱིས་ལེགས་སོ་ལེགས་སོ་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དྲང་སྲོང་སྐར་མ་ལ་དགའ་བས་ཞུས་པའི་མདོ་ལས་སྐར་མའི་ཡུམ་ཞེས་བྱ་བ། སྐར་མ་ངན་པ་ཐམས་ཅད་ཟློག་པར་བྱེད་པའི་མདོ་རྫོགས་སོ།། །།

འཕགས་པ་རྡོ་རྗེ་མཆུ་ཞེས་བྱ་བ་ལོ་ཏོག་ལ་གནོད་པ་ཞི་བར་བྱེད་པའི་ཆོ་ག་ཀླུའི་སྙིང་པོ།

༄༅། །འཕགས་པ་རྡོ་རྗེ་མཆུ་ཞེས་བྱ་བ་བཞུགས་སོ། །

རྒྱ་གར་སྐད་དུ། བཛྲ་དུཎྚ་ནཱ་མ་ནཱ་ག་ས་མ་ཡ། བོད་སྐད་དུ། རྡོ་རྗེ་མཆུ་ཞེས་བྱ་བའི་ཀླུའི་དམ་ཚིག་གོ །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་གཡོག་འདོར་ན་བཞུགས་སོ། །འཁོར་འདུས་པ་ཆེན་པོ་འཇོག་པོ་ལ་སོགས་པ་ཀླུའི་འཁོར་དང༌། ལྷ་དང་མིའི་ཚོགས་ཆེན་པོ་འཁོར་འདུས་པ་ཆེན་པོ་ལ་སེམས་ཅན་རྣམས་ཀྱི་དོན་ཆེན་པོའི་ཕྱིར། འདི་ལྟ་སྟེ། བསམ་པ་དང༌། རེ་བ་ཐམས་ཅད་ཡོངས་སུ་བསྐོང་བ། དགེ་བར་བྱེད་པའི་ཆོས་བསྟན་ཏོ། །དེ་ནས་གྲོང་ཁྱེར་དེ་ན། བྲམ་ཟེ་ཁྱབ་འཇུག་སྦྱིན་ཞེས་བྱ་བ་ཕྱུག་པ། ནོར་ཆེ་བ་ལོངས་སྤྱོད་ཆེ་བ། རྫས་དང་ཡོ་བྱད་མང་པོ་ཕུན་སུམ་ཚོགས་པ། རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ་དང༌། སྔགས་ལ་འཇུག་པ་དང༌། སྔགས་སྒྲུབ་པ་ཞིག་འདུག་སྟེ། དེ་ཡང་དང་ཡང་དུ་ཀླུ་དགུག་མེ་ལ་སྦྱིན་སྲེག་བྱེད་དེ། བྲམ་ཟེ་དེའི་ལོ་ཏོག་སྨིན་ཀར་ཆར་པ་ཆད་པར་གྱུར་ཏེ། དེས་ང་རྒྱལ་གྱིས་དྲག་སྔགས་རབ་ཏུ་བརྗོད་པ་དང༌། འདི་སྐད་ཅེས་བདག་གིས་ཆར་པའི་རྒྱུན་དབབ་ཅིང་ཀླུ་དགུག་པར་བྱའོ་ཞེས་སྨྲས་ཏེ། མེའི་སྦྱིན་སྲེག་བྱ་བར་བཤམས་ནས། ཏིལ་དང༌། འབྲས་བུ་དང༌། ཡུངས་ཀར་རྣམས་དང༌། འབྲུ་མར་ཚྭ་དང་བསྲེས་ཏེ། སྦྱིན་སྲེག་བྱེད་དོ། །དེ་ནས་ཀླུ་མི་བསྲུན་པ་ཞིག་གི་གཟུགས་བྱས་ཏེ། དེས་ལྕགས་ཀྱི་ཕུར་བུ་ལ་བསྔགས་ཏེ། ཀླུའི་སྤྱི་བོར་བཏབ་པ་དང༌། ཀླུ་དེའི་སྤྱི་བོ་གས་ནས་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་ཉམས་སུ་མྱོང་བར་གྱུར་ཏོ། །ཀླུ་དེ་ཡང་ཆེར་འཁྲུགས་ཏེ། ཁྲོས་ནས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ། རང་གི་ལུས་ལས་ཀླུའི་ཤུགས་མྱུར་བར་གནོད་པ་ཆེན་པོ་བྱེད་པའི་རྡུལ་ཚ་བའི་འོད་ཟེར་དེའི་ལུས་བཏང་སྟེ། གནོད་པ་ཆེན་པོས་ཁེབས་པར་བྱས་ནས། བྲམ་ཟེ་དེའི་ཞིང་འཚིག་པར་བྱས་སོ། །དེས་ཡང་ལྕེ་དབབ་པའི་ཆར་གྱི་རྒྱུན་ཆེན་པོ་བྲམ་ཟེ་དེའི་ལུས་ལ་ཕབ་ནས། བྲམ་ཟེ་དེ་ལ་མགོན་མེད་སྐྱབས་མེད། དཔུང་གཉེན་མེད་པས། མེའི་སྦྱིན་སྲེག་བྱེད་པར་བཏང་ནས། དེས་བཅོམ་ལྡན་འདས་ལ་མགོན་དང་སྐྱབས་དང༌། དཔུང་གཉེན་བཙལ་བར་འབྲོས་པར་བརྩམས་ནས། བཅོམ་ལྡན་འདས་ཀྱི་དྲུང་དུ་བརྒྱུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀླུ་ཁྲོས་པས་བདག་གི་སྲོག་མ་རུངས་པར་བགྱིད་པར་འཚལ་ཏེ། སྐྱོབ་པ་སུ་ཡང་མ་མཆིས་ན། བཅོམ་ལྡན་འདས་བསྐྱབ་ཏུ་གསོལ། བདེ་བར་གཤེགས་པ་བསྐྱབ་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་ཆེན་པོ་དེ་དབུགས་དབྱུང་བས་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེ་ཆེན་པོ་མ་འཇིགས་ཤིག་ངས་ཁྱོད་ཀྱི་མགོན་དང༌། སྐྱབས་དང༌། དཔུང་གཉེན་བྱའོ་ཞེས་བཀའ་བསྩལ་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟིགས་སུ་གསོལ། །མངོན་སུམ་དུ་གྱུར་བཞིན་དུ་ཡང་ཀླུ་མི་བསྲུན་པས་ལོ་ཏོག་བས་པར་མ་རུངས་པར་བགྱིས་ན་བཅོམ་ལྡན་འདས་ཁྱོད་ཡོངས་སུ་མྱ་ངན་ལས་འདས་ཀྱི་སླད་དུ། སླད་མའི་ཚེ། སླད་མའི་དུས་ན། སེམས་ཅན་ཐམས་ཅད་ཀྱི་རྟེན་ནི་སུ་ལགས། ཇི་ལྟ་བུར་འགྱུར། བཅོམ་ལྡན་འདས་ལོ་ཏོག་ཐམས་ཅད་ཀྱི་དོན་དུ། ལོ་ཏོག་རྣམས་མཆིས་པར་བགྱིད་པར་འགྱུར་བ་དང༌། ཀུན་ཏུ་བསྲུང་བ་དང༌། རབ་ཏུ་འཕེལ་བར་བགྱིད་པ་དང༌། ལོ་ཏོག་ཡོངས་སུ་བསྐྱང་ཞིང་ཀླུ་ཟློག་པ་དེ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །ལག་ན་རྡོ་རྗེ་ཀླུ་ཁྲོ་བོའི་ཁྲོ་བར་བྱེད་པའི་སྙིང་པོ་སྨྲས་པ། རྡོ་རྗེའི་མཆུ་ཞེས་བྱ་བའི་གཟུངས། དེ་བཞིན་གཤེགས་པའི་སྙིང་པོ་དང༌། ཕྱག་རྒྱ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་ཡོད་དེ། ངས་བཤད་པར་བྱའོ། །དེ་ནས་མྱུར་དུ་གནོད་པ་བཀག་པའི་ཕྱིར། ལོ་ཏོག་ཐམས་ཅད་ཡོངས་སུ་བསྐྱང་བར་འགྱུར་རོ། །ལེགས་པར་བསྲུང་བར་འགྱུར་རོ། །མེའི་ཕུང་པོ་ཆེན་པོས་ཕྱོགས་བཞི་ཀུན་ནས་ཀླུ་ཐམས་ཅད་མཚམས་བཅད་པར་འགྱུར་རོ། །མེ་འབར་བའི་རིམ་པའི་སྤྲིན་ཆེན་པོས་ནམ་མཁའ་ལྡིང་འདབ་མ་གདེངས་པའི་ཤུགས་ཀྱིས་གཅོད་པ་ཞེས་བྱ་བའི་སྤྲིན་གྱིས་རིམ་པས་ནམ་མཁའ་ཀུན་ཁྱབ་པར་བྱེད་དོ། །ལོ་ཏོག་དང༌། མེ་ཏོག་དང༌། འབྲས་བུ་ཐམས་ཅད་བསྲུངས་ཏེ། གནས་པར་འགྱུར་རོ། །དེས་ཀླུ་ལ་སོགས་པ་ཐམས་ཅད་ཀུན་ཏུ་རབ་ཏུ་འབར་བར་གྱུར་ཏོ། །ཀླུ་མི་བསྲུན་པ་རྣམས་ཕུང་བར་གྱུར་ཏོ། །ཁྱོད་དང་འདུམ་པར་གྱུར་པ་ངས་བཤད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ལ་སྨན་པ་དང༌། བརྩེ་བའི་སླད་དུ་གཟུངས་ཆེན་པོ་འདིའི་གསང་སྔགས་ཀྱི་ཚིག་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྙིང་པོ་འདི་བཀའ་བསྩལ་ཏོ། །ན་མོ་བྷ་ག་བ་ཏེ། སརྦ་བུདྡྷ་ནཱཾ། ན་མོ་བྷ་ག་བ་ཏེ། ཤཱཀྱ་རཱ་ཛཱ་ཡ། ཨོཾ་ཛ་ལ་ཛ་ལ། གི་རི་བྷ་བ་ན། དི་པ་ཏ་བེ་ག་མ་ཧཱ་ཙཎྜ་ན་ཊ། ཧྲི་ད་ཡ་ཙ་ལ་ནི། ཧུ་རུ་ཧུ་རུ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། པ་ཙ་ཡ། སརྦ་ས་ས་ན། ན་ག་ཀུ་ལ། པ་ཤ་ན། དྷ་ར་དྷ། པྲ་བ་ར་ཙཎྜ། གེ་གེ་མ་ཧཱ་པཱ་ལ་པ་ར་གྲ་མ། སྥུ་རི་ཏ། དོའུ་ཏྲ། མ་ཐ་མ་ཐ། པྲ་ཛྭ་ལ། མ་ལ་ད་ར་ནི། ཙཎྜ་བེ་ག་པ་ཏི། པྲ་བ་ར་བི་མ་ན། ད་རི་རྣི། ཧཱུཾ་ཧཱུཾ། བ་ལ་བ་ཏི། བེ་ག་བ་ཏི། ས་ར་ས་ར། བི་ས་ར་བི་ས་ར། བི་ས་རན་དུ། སརྦ་ས་ཏི་ན། པ་ས་ན་ཏི་པུས་པཱ་ལ། པད་ཏྲ། སན་དྷཱ་ར་ཎི། ཨ་བ་སརྦནྟུ། སརྦ་བྷ་བ་ན། བི་ག་པ་ཏི་སྭཱ་ཧཱ། ཧཱུཾ་ཧཱུཾ། ཧཱུཾ་ཕཊ། ནཱ་ག་རི་ཎི་དྷཱ་རི་ཧཱུཾ་ཕཊ། ཛ་ལ་མ་ཎི་ཕཊ། ཛ་ལི་ནི་ཕཊ། ཕཊ་ཕཊ་ཕཊ་སྭཱ་ཧཱ། །བཅོམ་ལྡན་འདས་ཀྱིས་རིག་པ་འདི་བཤད་མ་ཐག་ཏུ། ཀླུ་མི་བསྲུན་པ་ཐམས་ཅད་དང༌། གནོད་པ་དང༌། འཇིགས་པ་བྱེད་པ་ཐམས་ཅད་དང༌། ཀླུ་དང་ཀླུ་ཆེན་པོ་འཁོར་དང་བཅས་པ་ཐམས་ཅད་ཀླད་པ་ན་བར་གྱུར་ཏོ། །ལུས་ཀྱང་རུལ་ཏེ་རྣགས་ཤིང་དྲི་མི་ཞིམ་པར་གྱུར་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིག་སྔགས་ཀྱི་ཚིག་ཤིན་ཏུ་མི་བཟད་པ་དག་བཀའ་བསྩལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ནོངས་པ་ནི་མཁྱེན་པ་ལྟ་ཞོག །འོན་ཀྱང་བཅོམ་ལྡན་འདས་རིག་པ་འཛིན་པ་གནོད་པར་འདོད་པས། བདག་ཅག་ཀླུ་ལ་བརྙས་པ་དང༌། བརྡེག་པ་དང༌། འཆིང་བ་དང༌། སྐྲོད་པ་དང༌། གནོད་པ་དེའི་ཚེ། བཅོམ་ལྡན་འདས་ཀླུ་མི་བསྲུན་པ་རྣམས་འཁྲུགས་ཏེ། དེའི་ཚེ་ལོ་ཏོག་དང༌། མེ་ཏོག་དང༌། འབྲས་བུ་རྣམས་ལ་མ་རུངས་པར་བགྱིད། སེར་བ་དབབ་པར་བགྱིད། སད་དང་རླུང་གིས་འཁྲུགས་པར་བགྱིད། ཧ་ཅང་ཆར་ཆེ་བ་དང༌། ཆར་མི་འབབ་པ་དང༌། དུས་མ་ལགས་པར་ཆར་ཆེན་པོ་འབེབས་པར་འགྱུར་རོ། །བཅོམ་ལྡན་འདས་རིག་པ་འཛིན་པས་སྔགས་སྨྲས་པ། བྱམས་པ་བཅོམ་ལྡན་འདས་ལ་གནས་པར་བགྱི། བྱམས་པའི་གོ་བགོ་བར་བགྱི། བྱམས་པའི་རལ་གྲི་ལག་ན་ཐོགས་པར་བགྱིས་ཏེ། བྱམས་པས་ནི་གནོད་པ་གྱིས་པ་ཐམས་ཅད་ཞི་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་དེང་སླན་ཆད་དེ་བཞིན་གཤེགས་པའི་སྤྱན་སྔར་དམ་བཅས་པར་འཚལ་ཏེ། གང་ན་རིག་སྔགས་ཀྱི་རྒྱལ་པོ་འདི་རབ་ཏུ་སྤྱོད་པ་དེར། བཅོམ་ལྡན་འདས་ཀླུས་གཙེས་པར་མི་བགྱིད་དོ། །གང་ན་སྙིང་པོའི་གཟུངས་འདིས་བསྲུང་བར་བགྱིད་པ་དང༌། ཡོངས་སུ་བསྐྱང་བ་དང༌། གཟུང་བ་དང༌། ཡོངས་སུ་བསྐྱབ་པར་བགྱིད་པ་དང༌། སྲད་བུ་བྲེས་པ་དང༌། མཚམས་དགུམ་པ་དང༌། དཀྱིལ་འཁོར་གྱིས་རིགས་དགུམ་པ་དང༌། སོ་སོར་གཏོང་བར་བགྱིས་པ་དེར། བཅོམ་ལྡན་འདས་བདག་ཅག་གིས་རྟག་པར་རྒྱུན་དུ་གནོད་པ་ཐམས་ཅད་བཟློག་པར་འཚལ་ལོ། །ལོ་ཏོག་དང༌། མེ་ཏོག་དང༌། འབྲས་བུ་ཐམས་ཅད་ཀུན་ཏུ་བསྲུང་བར་འཚལ་ལོ། །ཡོངས་སུ་བསྐྱབ་པར་འཚལ་ལོ། །ཐ་ན་རྐུན་པོ་དང༌། གཡོན་ཅན་དང༌། རི་དྭགས་དང༌། བྱ་རྣམས་ཀྱང་ཀུན་ཏུ་བསྲུང་བར་འཚལ་ཏེ། སླད་ཀྱིས་ཀྱང་མ་རུངས་པར་མི་བགྱིད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་བདག་པོ་དེ་དག་ལ་ལེགས་སོ། །ཁྱོད་ཀྱིས་དེ་ལྟར་གྱིས་ཤིག །ཁྱོད་ཀྱིས་འཛམ་བུའི་གླིང་ལེགས་པར་སྲུང་བར་གྱིས་ཤིག །དེ་ནས་དེའི་འོག་ཏུ་ཆོ་ག་བྱས་པ། ལས་ཐམས་ཅད་བྱེད་པས་དགེ་བ་བརྗོད་པར་བྱའོ། །ལོ་ཏོག་ལ་གནོད་པ་བྱེད་ན། དེའི་ཚེ་རིག་པ་འཛིན་པས་ཞིང་གི་དབུས་སམ། ཁང་པའི་སྟེང་ངམ། གནས་མཐོན་པོར་སྐྱིལ་མོ་ཀྲུང་བཞི་བ་བྱས་ལ། ཕྱོགས་བཞིར་བུམ་པ་བཞི་དགོད་དེ་བཞག་གོ །མེ་ཏོག་གི་སིལ་མ་དཀྲམ་མོ། །གཟུགས་འཁྱུག་པ་བདུན་བྱའོ། །འབྲས་ལས་བྱས་པ་འཁྱུགས་པ་བྱ་སྟེ། གཟུགས་རེ་རེ་ཞིང་འཁྱུགས་པ་ཉི་ཤུ་རྩ་རེ་རེ་བྱའོ། །འབྲས་ཆེན་དང༌། འོ་ཐུག་བསྲེས་པ་དང༌། ཞོ་དང་འོ་མ་བཞག་པར་བྱའོ། །འབྲས་བུ་དང་མེ་ཏོག་བཞག་པར་བྱའོ། །ཕྱོགས་བཞིར་བྱ་མ་བུམ་བཞག་པར་བྱའོ། །པདྨ་ལྟ་བུའི་ཟན་གྱི་གཏོར་མ་བཞི་བཞག་པར་བྱའོ། །དཀྱིལ་འཁོར་གྱི་དབུས་སུ་བུམ་པ་ཆེན་པོ་བཞག་པར་བྱའོ། །འབྲུ་རྣམ་པ་ལྔ་དང༌། ཆུ་དང་འོ་མས་དགང་ངོ༌། །ཡུངས་ཀར་དང་འབྲས་ཡོས་བླུགས་པར་བྱའོ། །སྔགས་ལན་དྲུག་བཟླས་པར་བྱའོ། །བཟླས་པ་ནི་སེང་ལྡེང་གི་ཕུར་བུ་བཞི་དང༌། ལྕགས་ཀྱི་ཕུར་བུ་གཅིག་བྱ་སྟེ། ཐམས་ཅད་སོར་བརྒྱད་པའི་ཚད་དུ་བྱའོ། །བ་སེར་སྐྱའི་ལྕི་བ་ལས་བྱས་པའི་ཀླུའི་གཟུགས་བཞི་བྱས་ཏེ། དཀྱིལ་འཁོར་གྱི་གྲྭ་བཞིར་བཞག་པར་བྱའོ། །སེང་ལྡེང་གི་ཕུར་བུ་དེ་དག་ཀྱང༌། སྙིང་གར་ནུབ་པར་གཟུགས་སོ། །སྔགས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པར་བྱའོ། །ཤར་ཕྱོགས་སུ་མགོ་དགུ་པ་བཞག་པར་བྱའོ། །ལྷོ་ཕྱོགས་སུ་མགོ་བདུན་པ་བཞག་པར་བྱའོ། །ནུབ་ཕྱོགས་སུ་མགོ་ལྔ་པ་བཞག་པར་བྱའོ། །བྱང་ཕྱོགས་སུ་མགོ་གསུམ་པ་བཞག་པར་བྱའོ། །དཀྱིལ་འཁོར་གྱི་དབུས་སུ་ཡང་མགོ་དགུ་པ་བཞག་པར་བྱའོ། །སྤོས་ཕོར་རེ་རེ་སྟེ་ལྔ་བཞག་པར་བྱའོ། །ཡུངས་ཀར་དང༌། འབྲས་ཡོས་བསྲེས་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པ་བྱ་སྟེ། ཕྱོགས་བཞིར་གཏོར་རོ། །གཟུགས་བྲིས་ལ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ལ། དཀྱིལ་འཁོར་གྱི་གྲྭ་བཞིར་གཟུགས་སོ། །ཞིང་གི་དབུས་སུ་ཡང་གཟུགས་སོ། །སྐྱེད་མོས་ཚལ་གྱི་དབུས་སུ་ཡང་གཟུགས་སོ། །དེ་བཙུགས་མ་ཐག་ཏུ་ཕྱོགས་བཞི་ཀུན་ནས་མེའི་རི་སུལ་ཆེན་པོས་མཚམས་བཅད་པ་བྱས་པར་འགྱུར་རོ། །ཇི་སྲིད་དུ་ཕུར་བུ་མ་ཕྱུང་བ་དེ་སྲིད་དུ་མཚམས་བཅད་པ་ཆེན་པོར་འགྱུར་རོ། །ལོ་ཏོག་ཐམས་ཅད་དང༌། མེ་ཏོག་དང༌། འབྲས་བུ་ཐམས་ཅད་ལེགས་པར་བསྲུངས་པར་འགྱུར་རོ། །ཐ་ན་འདབ་མ་གཅིག་ཀྱང་ཉམས་པར་མི་འགྱུར་ན། ཡལ་ག་དང་སྡོང་བུ་བསྐམས་པ་ལྟ་ཅི་སྨོས། སྲོག་ཆགས་ཀྱི་རིགས། རི་དྭགས་དང༌། བྱ་ཐམས་ཅད་ཀྱང་ཁ་བཅིངས་པར་འགྱུར་རོ། །མ་རུངས་པར་བྱེད་པར་མི་ནུས་སོ། །གནས་དེར་རླུང་དང༌། སྤྲིན་དང༌། སེར་བ་དང༌། དུས་མ་ཡིན་པའི་རླུང་མ་རུངས་པར་བྱེད་མི་ནུས་སོ། །མ་རུངས་པར་གྱུར་ན་ཡང་སླར་བརྟས་པར་འགྱུར་རོ། །ཡང་སྟོབས་དང༌། བརྟས་པ་དང༌། འོད་ཡོད་པར་འགྱུར་རོ། །བུམ་པ་ཆེན་པོའི་ནང་དུ་ཡོད་པ་དེ་ཡང༌། ཞིང་དང༌། ཀུན་དགའ་ར་བ་དང༌། སྐྱེད་མོས་ཚལ་ཕྱོགས་བཞི་ཀུན་ཏུ་གཏོར་བར་བྱས་ན། སྲོག་ཆགས་གནོད་བྱེད་ཐམས་ཅད་མེད་པར་འགྱུར་རོ། །སྦྲུལ་དང་བྱི་བ་ཐམས་ཅད་མེད་པར་འགྱུར་རོ། །སྦྲུལ་དང་བྱི་བ་ཐམས་ཅད་དང༌། ནེའུ་ལེ་དང༌། བྱི་འུར་དང༌། དོམ་དང༌། སྦལ་པ་དང༌། ཤ་སྦྲང་དང༌། མཆུ་སྙུང་དང༌། ཕྱེ་མ་ལེབ་དང༌། འདབ་ཆགས་རྣམས་ཀྱང་མི་གནོད་པར་འགྱུར་རོ། །གྲོག་སྦུར་ཐམས་ཅད་མེད་པར་འགྱུར་རོ། །ཐ་ན་ཕྱེ་མ་ལེབ་ལ་སོགས་པས་ནམ་ཡང་གནོད་པར་མི་འགྱུར་རོ། །དྲོད་གཤེར་ལས་སྐྱེས་པ་དང༌། བརྫུས་ཏེ་སྐྱེས་པ་དང༌། སྒོ་ང་ལས་སྐྱེས་པ་དང༌། འགྲོ་བ་ཡོངས་ཀྱིས་གནོད་པར་བྱེད་མི་ནུས་སོ། །བརླན་དང་མེ་ཏོག་ལས་སྐྱེས་པའི་སྲོག་ཆགས་ཀྱི་རྣམ་པ་དག་ཀྱང་ཕུར་བུ་མ་ཕྱུང་གི་བར་དུ་ནམ་ཡང་མི་འབྱུང་ངོ༌། །ཕུར་བུ་མ་ཕྱུང་གི་བར་དུ་ཡང་ཀླུའི་ཉེས་པ་རྣམ་པ་སྣ་ཚོགས་དག་མི་འབྱུང་ཞིང་རབ་ཏུ་ཞི་བར་འགྱུར་རོ། །བདེ་བ་དང་ལོ་ལེགས་པ་དང༌། ལོ་ཏོག་དང༌། མེ་ཏོག་དང༌། འདབ་མ་དང༌། ཤིང་ལྗོན་པ་རྣམས་ལ་གཏོར་ན། སྲོག་ཆགས་ཐམས་ཅད་ལྷུང་ཞིང་མེད་པར་འགྱུར་རོ། །སྲིན་བུ་ཏྲྱ་མ་བུ་ཀ་དང༌། ཏྲེ་ལ་ཏ་དང༌། སྦྲུལ་གདུག་པ་དང༌། རྐང་པ་བརྒྱད་པ་དང༌། སྲོག་ཆགས་ཀྱི་རིགས་གཞན་དག་ཀྱང་ཕུར་བུ་མ་ཕྱུང་གི་བར་དུ་མེད་པར་འགྱུར་རོ། །མི་འབྱུང་བར་འགྱུར་རོ། །ཞིང་གི་ཕྱོགས་བཞིར་ཞི་བའི་ལས་བྱས་ཏེ། ནས་དང༌། གྲོ་དང༌། ཏིལ་དང༌། ཡུངས་ཀར་དང༌། འབྲས་དང༌། མར་དང་བསྲེས་ཏེ་སྲེག་པར་བྱས་ན་ཞི་བ་ཆེན་པོར་འགྱུར་རོ། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་དག་གིས་ཀྱང་མ་རུངས་པར་བྱེད་མི་ནུས་སོ། །གཟུངས་འདི་དག་ཆོ་གར་བྱས་པ་མཐའ་དག་འབྲི་བར་བྱས་ཏེ། སངས་རྒྱས་བཅོམ་ལྡན་འདས་དང༌། དྲང་སྲོང་ཆེན་པོ་རི་བྱི་དང༌། རྡོ་རྗེ་འཛིན་པ་བྲིས་ལ། རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། གནས་མཐོན་པོར་གཟུགས་སོ། །གཏོར་མ་དང༌། མེ་ཏོག་དང༌། བདུག་པ་དག་ཀྱང་དབུལ་ལོ། །སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་ལ་ལན་སྟོང་བཟླས་ཏེ་ཁང་པའི་སྟེང་དུ་བཅུགས་ན་རླུང་དང༌། སད་དང་སེར་བ་ཐམས་ཅད་ཐུབ་པར་འགྱུར་རོ། །ལོ་ཏོག་དང༌། མེ་ཏོག་དང༌། འབྲས་བུ་དང༌། འདབ་མ་མ་རུངས་པར་བྱེད་པ་ཐམས་ཅད་མེད་པར་འགྱུར་རོ། །ཤ་སྦྲང་དང༌། སྦྲང་བུ་དང༌། མན་ཛུ་ལི་ཀ་དང༌། བྱི་བ་དང༌། སྦྲང་མ་དང༌། ཏྲྱ་མ་བུ་ཀ་དང༌། ཏྲཻ་ལ་ཏ་དང༌། པི་ཤ་ཀ་ཏི་ཀ་དང༌། ཉ་ཕྱིས་ཅན་དང༌། ཉ་དང༌། ལོ་མི་ཀ་དང༌། སྦལ་པ་དང༌། ནེའུ་ལེ་དང༌། ཕག་དང༌། གན་ཏི་ཀ་དང༌། སེང་གེ་དང༌། རྐང་མང་དང༌། རྐང་གཅིག་པ་དང༌། རུས་སྦལ་དང༌། གྲོག་མོ་དང༌། སྦྲང་རྩིའི་སྦྲང་མ་དང༌། ཐང་གི་སྦྲང་མ་དང༌། བུང་བ་ནག་པོ་དང༌། ཤང་ཀ་ནི་ཀ་དང༌། སའི་འོག་ནས་འབྱུང་བ་དང༌། མ་ལུ་ཤི་ཀ་དང༌། འུག་པ་དང༌། བྱི་བ་དང༌། མཆུ་རིང་ལ་སོགས་པའི་སྲོག་ཆགས་ཀྱི་རིགས་མེད་པར་འགྱུར་རོ། །མི་འབྱུང་ཞིང་ཐམས་ཅད་ཕུང་བར་འགྱུར་རོ། །བྱ་རོག་དང༌། བྱིའུ་དང༌། ཁུག་རྟ་དང༌། ཕུག་རོན་དང༌། མ་དྷུ་རི་ཀ་དང༌། འུག་པ་དང༌། ཁན་ཛཱ་ནད་དང༌། ནེ་ཙོ་དང༌། རི་སྐེག་ལ་སོགས་པ་ཐམས་ཅད་མེད་པར་འགྱུར་རོ། །སྔགས་འདིས་ཕུར་བུ་ལ་ཡོངས་སུ་བཟླས་པ་བྱས་ཏེ་ཕྱོགས་བཅིང་ངོ༌། །ན་མོ་བུདྡྷ་ཡ། ཨོཾ་ཨ་ལི་མི་ལི། ཙཎྜེ། མི་རི་ལི། ཙཎྜ་ཙཎྜ། ཙིཎྜི་བནྡྷ་ཡ་སྭཱ་ཧཱ། དེ་ནས་དྲང་སྲོང་ཆེན་པོ་རི་བྱིས། བཅོམ་ལྡན་འདས་དང་ཧ་ཅང་ཡང་མི་རིང་བ་ན་འདུག་པས། གཟུངས་འདི་ཐོས་ནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་སྲོག་ཆགས་ཀྱི་རིགས། གནོད་པར་སེམས་པ་རབ་ཏུ་གནོད་པར་སེམས་པ་དུག་འཆང་བ། མེ་ཏོག་དང༌། ལོ་ཏོག་དང༌། འབྲས་བུ་དང༌། སྡོང་བུ་དང༌། རྩ་བ་མ་རུངས་པར་བགྱིད་པ་ཐམས་ཅད་ཀྱི་ཁ་བཅིངས་པར་བགྱིའོ། །བཟློག་པར་བགྱིའོ། །བསྡིགས་པར་བགྱིའོ། །ཕྱོགས་བཞི་ནས་དཔག་ཚད་བཅུ་ཚུན་ཆད་དུ་མཚམས་བཅད་པ་ཆེན་པོ་བགྱིའོ། །ཀུན་ཏུ་བསྲུང་བ་ཆེན་པོ་བགྱིའོ། །བཅོམ་ལྡན་འདས་སླད་མའི་དུས་ཀྱི་ཚེ་ན། གནོད་པར་སེམས་པ་ཐམས་ཅད་བཟློག་པར་བགྱིའོ། །སྔགས་ཀྱི་ཚིག་རྗེས་སུ་གསལ་བར་བགྱིའོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་དོན་དང༌། བདག་ལ་ཐུགས་བརྩེ་བའི་སླད་དུ་བྱིན་གྱིས་བརླབ་ཏུ་གསོལ། །བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་བསྩལ་ཏོ། །དྲང་སྲོང་ཆེན་པོ་ངས་བྱིན་གྱིས་བརླབས་ཀྱི། སེམས་ཅན་ཐམས་ཅད་ཀྱི་དོན་དང༌། ལོ་ཏོག་དང༌། མེ་ཏོག་དང༌། འབྲས་བུ་དང༌། འདབ་མ་ཡོངས་སུ་བསྲུང་བའི་ཕྱིར་སྔགས་སྨྲོས་ཤིག །དེ་ནས་དྲང་སྲོང་ཆེན་པོས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་གཟུངས་འདི་སྨྲོས་སོ། །ན་མོ་བྷ་ག་ཝ་ཏེ། ཤཱཀྱ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ན་མོ་ཨ་ག་སྟ་ཡ། མ་ཧཱ་རི་ཥ་ཡེ། ཏདྱ་ཐཱ། ཀྵ་མི་ཙུ་ལི། ཙ་མ་ལི། བ་ར་བ་རི་ཧ་བི་ལི། བན་དྷ་ནི། ནཱ་ཤ་ནཱི། ད་ཧ་ད་ཧ། ཨ་སུ་མུ་རི་ཙ་རི། སརྦ་དུཥྚ། བན་དྷ་ནེ། ཏུན་ཏ་བྷ་ན་དྷ་ན། སརྦ་ས་རི་ས་ན། ཀྵུ་ཀྵུ་ཀྵུ་ཀྵུ། མ་ནུ་ཀྵུ་རི་ཀྵི་བ་ར། ས་རི་པ་ལི་ཧུ་ལི་ཧུ་ཏི་ཧུ་ཏི། ས་ར་ཨ་ར་ན། སྭ་རན་ཏུ། སརྦ་པཱ་པཱ་པ་ནཱ་ག །ཤ་དུ་ལི་སྭཱ་ཧཱ། དྲང་སྲོང་རི་བྱིས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་རིག་པ་འདི་སྨྲས་མ་ཐག་ཏུ། དེ་ནས་ཀླུ་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། གནོད་པར་སེམས་པ་ཐམས་ཅད་ཁ་བུབ་ཏུ་འགྱེལ་ནས། བཅོམ་ལྡན་འདས་ལ་སྐད་ཆེན་པོས་སྨྲེ་སྔགས་འདོན་ཏེ། བཅོམ་ལྡན་འདས་བདག་ཅག་མ་རུངས་པ་ལགས་སོ། །དྲང་སྲོང་གི་དམོད་པ་བབས་པར་གྱུར་ཏོ། །བཅོམ་ལྡན་འདས་བདག་ཅག་དྲང་སྲོང་གི་དམོད་པའི་མེས་འཚིག་གོ །ཀུན་ཏུ་འཚིག་གོ །བཅོམ་ལྡན་འདས་སླན་ཆད་འཛམ་བུའི་གླིང་གི་སེམས་ཅན་རྣམས་ལ་བདག་ཅག་འཚེ་བར་མི་བགྱིད་དོ། །བཅོམ་ལྡན་འདས་སླན་ཆད་བདག་ཅག་གིས་འབྲས་བུ་དང༌། ལོ་ཏོག་དང༌། མེ་ཏོག་དང༌། འདབ་མ་མ་རུངས་པར་མི་བགྱིད་དོ། །སྲོག་ཆགས་ཀྱི་རིགས་ཐམས་ཅད་བཟློག་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་དེ་དག་ལ་བཀའ་སྩལ་པ། ཀླུའི་བདག་པོ་དག་དེ་ལྟར་ཁྱོད་ཀྱིས་གྱིས་ཤིག །འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་དང༌། ལོ་ཏོག་དང༌། འབྲས་བུ་དང༌། མེ་ཏོག་དང༌། འདབ་མ་དང༌། ཡལ་ག་དང༌། ལོ་མ་རྣམས་འཕེལ་ཞིང་རྒྱས་པ་དང༌། བདེ་བར་རྗེས་སུ་སྲུངས་ཤིག །དེ་ནས་དྲང་སྲོང་ཆེན་པོ་དེས་ཆོ་ག་རྒྱས་པ་སྨྲས་སོ། །བཅོམ་ལྡན་འདས་ཁ་ཤར་ཕྱོགས་སུ་བལྟས་ཏེ་མཆིས་པས། རིག་པ་དྲང་སྲོང་གི་སྙིང་པོ་འདི་རིལ་བ་འབྲིང་པོ་ཆུས་བཀང་བ་ལ། ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་པ་བགྱིས་ཏེ། དྲང་སྲོང་གིས་སྨྲས་པས་ཕྱོགས་བཞིར་གཏོར་བར་བྱའོ། །ཨ་བ་ར་ས་ར་སྨ་ར། ཤཱ་རཱ་ཤཱ་པ་ས་པ་ཏ་རི་ཤ་ཧྲྀ་དཱ་ཡ། ཀྲོ་དྷ་ད་ཙ། མུ་ཁ་ན། བནྡྷ་ཡ། པྲ་ན་པ་རཱ། གྷུ་མུ་རུ་ཙ་ལ་སྭཱ་ཧཱ། སྔགས་འདི་ལན་བདུན་བཟླས་པ་ཙམ་གྱིས་ཀླུ་གནོད་པ་ཅན་ཐམས་ཅད་ཚ་བས་གདུངས་པར་འགྱུར་རོ། །རྐང་གཉིས་པ་དང༌། རྐང་བཞི་པའི་སྲོག་ཆགས་ཀྱི་རིགས་ཐམས་ཅད་དམོད་པས་གདུངས་པར་གྱུར་ཏེ། ཐམས་ཅད་བྱེར་ཏོ། སླར་ཡང་ཕྱོགས་དེར་ལོ་ཏོག་ལ་གནོད་པར་མི་བྱེད་དོ། །སྲོག་ཆགས་ཀྱི་རིགས་ཐམས་ཅད་མ་མཆིས་པར་འགྱུར་རོ། །ཡང་ལོ་ཏོག་དང༌། མེ་ཏོག་དང༌། འབྲས་བུ་དང༌། འདབ་མ་མ་རུངས་པར་མི་བགྱིད། དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཆེན་པོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། དྲང་སྲོང་ཆེན་པོ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ལ་ལེགས་པར་བསྲུང་བར་འགྱུར་བ་དང༌། ལོ་ཏོག་དང༌། མེ་ཏོག་དང༌། འབྲས་བུ་ཐམས་ཅད་ལ་ལེགས་པར་སྲུང་བར་གྱིས་ཤིག །དེ་ནས་བཅོམ་ལྡན་འདས་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །སླད་མའི་ཚེ་སླད་མའི་དུས་ན་རྗེས་སུ་བསྲུང་བར་བགྱིད། ཡོངས་སུ་སྐྱོང་བར་བགྱིད་ན། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྲུངས་ཤིག །རྡོ་རྗེའི་མཆུ་ཞེས་བྱ་བའི་ཀླུའི་དམ་ཚིག་ལས། ལོ་ཏོག་ལ་གནོད་པ་ཞི་བར་བྱེད་པའི་ཆོ་ག་ཀླུའི་སྙིང་པོ་རྫོགས་སོ།། །།ཤུ་བྷཾ། །

འཕགས་པ་རྡོ་རྗེ་གནམ་ལྕགས་ཀྱི་མཆུ་ཞེས་བྱའི་གཟུངས།

༄༅། །འཕགས་པ་རྡོ་རྗེ་གནམ་ལྕགས་མཆུ་ཞེས་བྱ་བ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་བཛྲ་ལོ་ཧ་དུཎྜ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་རྡོ་རྗེ་གནམ་ལྕགས་ཀྱི་མཆུ་ཞེས་བྱའི་གཟུངས། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་མ་ག་དྷ་ན་རྒྱུ་ཞིང་ཨ་མྲའི་ཚལ་དུ་གཤེགས་ཏེ་ཕྱིན་ནས། ཨ་མྲའི་ཚལ་དུ་ལུས་འཕགས་རིའི་དབང་པོའི་བྲག་ཕུག་ན་བཞུགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ག་ལ་བ་དེར་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་ཚངས་པ་དང༌། ཁྱབ་འཇུག་དང༌། དབང་ཕྱུག་དང༌། རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བགྱིས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཐམས་ཅད་འདུས་ནས། ཀླུ་ཐམས་ཅད་ཀྱི་སྙིང་འཕྲོག་པར་བགྱིད་པ། སྙིང་འགྱེས་པར་བགྱིད་པ། ཀླུ་མ་རུངས་པ་རྣམས་ཀྱི་རིགས་ཕུང་བར་འགྱུར་བ། རླུང་དང་སེར་བའི་སྤྲིན་དང༌། མ་རུངས་པ་ཐམས་ཅད་བཟློག་པར་བགྱིད་པ། མེ་ཏོག་དང༌། འབྲས་བུ་དང༌། ལོ་ཏོག་འབྱོར་པར་བགྱིད་པ། རྡོ་རྗེ་གནམ་ལྕགས་མཆུ་ཞེས་བྱ་བའི་གཟུངས་བརྗོད་པར་འཚལ་གྱིས། བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་སླད་དུ་བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་ཀྱིས་ཚངས་པ་དང༌། ཁྱབ་འཇུག་དང༌། དབང་ཕྱུག་དང༌། རྒྱལ་པོ་ཆེན་པོ་བཞི་ལ་བཀའ་སྩལ་པ། རིགས་ཀྱི་བུ་རྣམས་ངས་སེམས་ཅན་ཐམས་ཅད་ཀྱི་དོན་དང༌། འཕགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས་སྨྲོས་ཤིག་ཅེས་བཀའ་སྩལ་པ་དང༌། དེ་ནས་ཚངས་པ་དང༌། ཁྱབ་འཇུག་ཆེན་པོ་དང༌། དབང་ཕྱུག་ཆེན་པོ་དང༌། རྒྱལ་པོ་ཆེན་པོ་བཞི་ཡིས་གཟུངས་སྔགས་སྨྲས་སོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཕ་རོལ་ཟིལ་གྱིས་གནོན་པའི་མཐུ་བོ་ཆེ་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་གྱི་གཙོ་བོ་ལ་ཕྱག་འཚལ་ལོ། །རྒྱལ་པོ་ཆེན་པོ་བཞི་ལ་ཕྱག་འཚལ་ལོ། །རྡོ་རྗེ་གནམ་ལྕགས་མཆུ་འབར་བ་མ་རུངས་པ་དྲག་ཏུ་དགོད་པ་ལ་ཕྱག་འཚལ་ལོ། །མ་ཐ་མ་ཐ། པྲ་མ་ཐཱ་པྲ་མ་ཐཱ། ཛྭ་ལི་ཏ་བྷི་ཀྲི་ཏ། བཛྲ་ཛྭ་ཡ་ཛྭ་ཡ། མ་ཧཱ་བ་ཡ་བིརྻ་པ་ར་ཀྲ་མ། ཀོ་ཊ་ར་ཙ་ཡ། པྲ་མ་བྷ་བུ་བུ་མ། པྲ་མ་ས་རེ། བྷོ་བྷོ་ནཱ་ག་དི་པ་དི་པ་བྷི་ས་ར་མ་དྷ། པྲ་མ་དྷ་ན། ན་མུར་དྷ་ནན། སྤོ་ཊ་ཡ་ན། ཧཱུཾ་ཧཱུཾ་ཕཊ་ཕཊ། བྷ་ར་བྷ་ར། བྷརྣ་ཙཀྲ་དཱ་དཱ་ན། བྷོ་བ་ན། གེ་ན་དྲེ། མ་ཏི་ཀ་མ་དེ། བྷ་སྣ་ཙ་ཀྲེ་ན། ཤི་ན་ར་ཅི་ན་ད་མེ། ཧུ་ཏི་ཧུ་ཏི། ལི་ཧཱུཾ་ཧཱུྃ་ཕཊ། མུ་དུ་མུ་དུ། ཧ་ན་དུ་སརྦ་དུཥྚན། བྷ་སྦོ་དཱ་ཡ། ཧྲི་ད་ཡ། མ་ཧ་ཤྭ་རེ། ཛི་ལ་དི་ཏྲི་ཤུ་ད་ར་ད་ར། ཧ་ན་ཧ་ན། ཧཱུྃ་ཧཱུྃ་ཕཊ། མུ་ཙི་མུ་ཙི། དུ་ཙི་བ་བྷ་བ་བྷ་བ། ཀྵ་ནེ་ཀྵ་ནེ། ཙ་ཏུ་ར་ནཱན། མ་ཧཱ་རཱ་ཛཱ་ནན། ཛ་ལི་ཏི་ཤ་ག་ཏི། དྷ་རུ་དྷ་ར། ཕུ་ཕཊ། སྥུ་ར་སྥུ་ར། བྷྱོ་སྥུ་ར་བྷྱོ་སྥུ་ར། ཙ་ར་རྦ་ཙ་ར་རྦ། ཙ་ར་བྷ། ན་ཞུ་ཤུ་ཡ་དུ་སྟ་ནཱ་ག་ཧྲི་ད་ཡཱ། སྥུ་ཏ་ཡཱ། ཧཱུཾ་ཧཱུཾ་ཕཊ། དུ་སྟ་ཨ་ཤ་ནི། བྷད་ཏ་མ་ག་ཤི་བྱི་ལ་རྒྱ་ཙ་ལ། བིརྨ་ཀུ་རུ་ཧཱུཾ་ཧཱུྃ་ཕཊ། ཕཊ་སྭཱ་ཧཱ། ས་མ་ཡ་མ་ནུ་སྨ་ར། བྷོ་ནཱ་གི་ཏི་པ་ཏི་བྷྱོ་ཙན་དྷུ་ཡ་བྷོ་བྷོ་ཡ་བྷོ་བྷོ་དུ། ཏི་དུ་ཏི་དུ། ཧཱུཾ་ཧཱུཾ་ཕཊ་ཕཊ། བྷ་ཛི་ཡ་ཨ་ཤི་ནི། ན་ཤྱ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། བྷ་ཛྭ་ཡ་ཨ་ཤི་ན། ན་ཤྱ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སརྦ་ནཱ་ག་ཧྲི་ད་ཡ་ནི། བི་སྥོ་ཊ་ཡ་ཀཱ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། བྷུ་ཏཱ་བ་ལོ་ཀི་ཏེ་ཡ་སྭཱ་ཧཱ། བུ་མ་ཡ་སྭཱ་ཧཱ། བྱིས་བྷུ་ར་ཡ་སྭཱ་ཧཱ། མ་ཧཱ་ཤ་ར་ཛྭ་ལི། ཏི་ཤུ་ལུ་ཡེ་སྭཱ་ཧཱ། ཙ་ཏུ་དྷ་མ་རེ་ཛ་ས་མ་ད་ར་ཡེ་སྭཱ་ཧཱ། བུ་ཙ་ཀ་ཡ་ཕཊ་སྭཱ་ཧཱ། ཨོཾ་དི་རི་དི་རི་སྭཱ་ཧཱ། ཛྭ་བ་ལི་ཧི་བྷ་ག་ཏི་ཡེ་སྭཱ་ཧཱ། ཛུ་ཏི་ཛུ་ཏི་སྭཱ་ཧཱ། ཧཱ་ཕཊ་ཕཊ་སྭཱ་ཧཱ། རྡོ་རྗེ་འབར་བ་གནམ་ལྕགས་མཆུ་ཞེས་བྱ་བའི་གཟུངས་འདི་ཐོས་མ་ཐག་ཏུ། ཀླུ་མ་རུངས་པ་རྣམས་རུལ་ནས། དྲི་མི་ཞིམ་པ་རྣམས་མནམས་པར་འགྱུར་རོ། །ལུས་སོ་སོར་ཞིག་ཅིང་ཁྲོ་བར་གྱུར་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ལྷ་དང་བཅས་པའི་འཇིག་རྟེན་དུ་ཐམས་ཅད་ཀྱིས་སྨད་པར་གྱུར། བདག་ཅག་ནི་མ་རུངས་པར་གྱུར་ཏོ། །བཅོམ་ལྡན་འདས་སླན་ཆད་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ལ་གནོད་པར་མི་བགྱིད། འགུམ་པར་མི་བགྱིད། ཆུང་ངུ་ན་མིག་གིས་བལྟ་བར་ཡང་མི་བགྱིད་ན། སྐབས་བཙལ་བར་ལྟ་ཅི་སྨོས། རྒྱ་མཚོའི་ཀླུའི་རྒྱལ་པོ་གླང་པོ་ལྟ་བུ་དང༌། ཀླུའི་རྒྱལ་པོ་གདུགས་ལྟ་བུ་དང༌། ཀླུའི་རྒྱལ་པོ་མཐུ་ཆེ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་གཏུགས་ཏེ་ཕྱག་འཚལ་ནས། ཀླུ་ཐམས་ཅད་ཀྱིས་དུས་ཕྱི་མའི་ཚེ། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ལ་མེ་ཏོག་དང༌། འབྲས་བུ་དང༌། ལོ་ཏོག་དང༌། ལོ་མ་དང༌། ཡལ་ག་ཐམས་ཅད་བསྲུང་བར་བགྱི། རླུང་དང༌། སེར་བ་དང༌། ཚ་བ་ཐམས་ཅད་གཅོད་པར་བགྱིད། དུས་དུས་སུ་ཆར་གྱི་རྒྱུན་ཡང་དབབ་པར་བགྱིའོ། །རང་གི་དམ་ཚིག་དང༌། ཡི་དམ་དང༌། དེ་བཞིན་གཤེགས་པའི་དམ་ཚིག་རྗེས་སུ་བསྲུང་བར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱི་རེ་བ་ཡོངས་སུ་རྫོགས་པ་དང༌། ཡིད་ལ་བསམས་པ་ཡོངས་སུ་རྫོགས་པར་བགྱིད་པ་དང༌། གནོད་པར་མི་བགྱིད་དོ། །སྡོམ་པ་ཡང་འཚལ་ལོ། །བཅོམ་ལྡན་འདས་ཀྱི་ཁྱད་པར་གྱི་ཡོན་ཏན་འདི་ལས་འགལ་བར་བགྱིད་ན། བདག་ཅག་ཀྱང་བྱང་ཆུབ་མཆོག་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་མི་གྱུར། དེའི་བྲོ་ཚིག་ཀྱང་འདི་ལགས་ཏེ། ཏདྱ་ཐཱ། ཨོཾ་ཏ་ཀི་ཀི་ཏཿ གྷུ་ལི་གྷུ་ལི། མུ་ལི། ཤ་ཤ་གུ་གུ་ཤི་ཏི། བཱི་རུ་ཏི། ཧུ་ཡུ་ཧུ་ཡུ། ཧུ་རི་ཏི་ཧ། ཆར་ཆེ་བའམ། ཆར་མི་འབབ་པའམ། དུས་མ་ཡིན་པར་ཆར་བབས་པ་འམ། རླུང་དང་སྤྲིན་དང༌། དུས་མ་ཡིན་པའི་རླུང་དང༌། གནམ་ལྕགས་ལྟུང་བའི་ཚེ། རིག་འཛིན་གྱི་བྲོ་ཚིག་འདི་ཁང་ཐོག་གམ། ས་མཐོན་པོའི་སྟེང་ངམ། རིའི་སྟེང་ཡང་རུང༌། ཁ་ཤར་ཕྱོགས་སུ་བལྟས་ཏེ། ལན་བདུན་དུ་སྐད་ཆེན་པོར་བཟླས་ནས། ཡུངས་ཀར་ལ་ལན་བདུན་བཟླས་ཏེ་གྱེན་དུ་གཏོར་ན། གཏོར་མ་ཐག་ཏུ་ཀླུ་ཐམས་ཅད་དུམ་བུར་འགྱུར་ཞིང༌། ནན་ཏན་དུ་བྱས་པས་མྱུར་དུ་ཆར་འབེབས་སོ། །དྲིལ་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། ཕྱོགས་བཞིར་ཁ་བལྟས་ནས་དཀྲོལ་ན། མཚམས་གཅོད་པར་འགྱུར་རོ། །རྡོ་རྗེ་ལ་ལན་བརྒྱ་རྩ་བརྒྱད་བཟླས་པས་རླུང་འགག་པར་བྱེད་དོ། །ལན་གཅིག་དྲན་པ་ཙམ་གྱིས་རླུང་དང༌། སེར་བ་དང༌། སྤྲིན་ཟློག་པར་བྱེད་པའོ། །གནམ་ལྕགས་ཀྱང་ཆུར་འགྱུར་རོ། །རྡོ་རྗེ་ཀླད་ལ་བསྐོར་ཞིང་ཕྱོགས་གང་དུ་བསྐོར་བ་དེར་སེར་བ་འབྱོལ་ལོ། །ནངས་པར་གནས་དབེན་པར་འདུག་སྟེ། ལན་ཉི་ཤུ་རྩ་གསུམ་དུ་བཟླས་ན་རླུང་དང༌། སེར་བ་དང་སྤྲིན་ཡང་བཀག་ཅིང་ཀླུས་གནོད་པར་མི་བྱེད་དེ། ཕྱིས་ཀྱང་མི་ཚུགས་སོ། །ཡུངས་ཀར་ལ་བསྔགས་ནས་ཕྱོགས་བཞིར་གཏོར་ན། ལོ་གཅིག་ཏུ་མཚམས་བཅད་དེ། རླུང་དང༌། སྤྲིན་ཀྱང་མི་གཡོས་ཏེ། གང་བསྒོ་བ་ཉན་ཅིང་རྒྱུན་དུ་བསྲུང་ཞིང་གསལ་བར་བྱེད་པར་འགྱུར་རོ། །གནོད་པ་བྱེད་པ་ཐམས་ཅད་བསལ་ཏོ། །ལེགས་པར་ཁྲུས་བྱས་ཏེ། སྐད་གསལ་བས་བཟླས་ཏེ། ཕྱོགས་བཞི་དང༌། བླ་འོག་ཏུ་ཡུངས་ཀར་གྱིས་གཏོར་ན། སེར་བ་དང༌། རླུང་དང༌། ཀླུ་གནོད་པར་བྱེད་པ་བཅིངས་པར་འགྱུར་རོ། །ལྟས་ངན་པ་དང༌། མི་དགེ་བ་དང༌། བཀྲ་མི་ཤིས་པ་དང༌། གཟའ་དང༌། འབྱུང་པོ་དང༌། ཤ་ཟ་དང༌། གནོད་སྦྱིན་དང༌། སྲིན་པོ་ཐམས་ཅད་བཅིངས་པར་འགྱུར་རོ། །དཔག་ཚད་འཁོར་ཡུག་ཏུ་མཚམས་བཅད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། ཚངས་པ་དང༌། འཇུག་སྲེད་དང༌། དབང་ཕྱུག་ལ་སོགས་པ་ཡི་རངས་ཏེ། མངོན་པར་བསྟོད་དོ། །རྡོ་རྗེ་གནམ་ལྕགས་མཆུ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།ཞུས་དག །དགེའོ།། །།

འཕགས་པ་ལྕགས་མཆུ་ཞེས་བྱ་བའི་གཟུངས།

༄༅། །འཕགས་པ་ལྕགས་མཆུ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་ལོ་ཧ་དུཎྜ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་ལྕགས་མཆུ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་མ་ག་དྷ་ན་རྒྱུ་ཞིང༌། ཨ་མྲའི་ཚལ་དུ་གཤེགས་ཏེ་བྱོན་ནས། ཨ་མྲའི་ཚལ་དུ་ལུས་འཕགས་རིའི་དབང་པོའི་བྲག་ཕུག་ན་བཞུགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷ་མ་ཡིན་དང༌། མི་རྣམས་ནི་བསྟན་པ་ལ་གནོད་པ་བགྱིད་པ་སྟེ། བཅོམ་ལྡན་འདས་ལྷ་མ་ཡིན་དང༌། མི་འཁོར་དུ་གཏོགས་པའི་བསྟན་པ་ལ་ཡུན་རིང་པར་གནོད་པའི་ཕྱིར་རྒོལ་བའི་དགྲ་ལགས་ན། དེ་ལ་བཅོམ་ལྡན་འདས་ཀྱིས་ཞི་བས་མི་འདུལ་ན། བདག་ལ་དྲག་པོས་འདུལ་བའི་ཆོས་བསྟན་དུ་གསོལ། ཐེག་པའི་ཆོས་དགྲ་བསྲུང་དུ་གསོལ། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །ལྷའི་དབང་པོ་ཁྱོད་ཀྱིས་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པའི་ལྕགས་མཆུའི་གཟུངས་མ་རུངས་པ་འཇོམས་པ། དོན་ཐམས་ཅད་བྱེད་པ། དམ་པའི་ཆོས་བསྲུང་བ། འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། དུག་ཐམས་ཅད་འཇིག་པ། མཚོན་ཐམས་ཅད་རེངས་པར་བྱེད་པ། ཐེག་པའི་ཆོས་དགྲ་བསྲུང་བ། རྐང་མེད་པ་དང༌། རྐང་གཉིས་དང༌། རྐང་བཞི་ཐམས་ཅད་རེངས་པར་བྱེད་པ། རྐང་གཉིས་ཐམས་ཅད་སྐྲག་ཏུ་འཇུག་པ། དགྲ་ཐམས་ཅད་ཕུང་བར་བྱེད་པ། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། སྦྱིན་བྱེད་མའི་བུ་དང༌། ཤ་ཟ་དང༌། བརྗེད་བྱེད་དང༌། སྨྱོ་བྱེད་དང༌། བྲམ་ཟེ་དང༌། སྲིན་པོ་དང༌། འབྱུང་པོ་དང༌། རོ་ལངས་དང༌། བྱའི་གདོན་དང༌། སྲུལ་པོ་དང༌། ནམ་གྲུ་དང༌། གནོན་པོའི་གདོན་དང༌། གནོན་པོ་དང༌། བརྗེད་བྱེད་ཀྱི་གདོན་དང༌། ལྷའི་གདོན་དང༌། ཀླུའི་གདོན་དང༌། གནོད་སྦྱིན་ཀྱི་གདོན་དང༌། དྲི་ཟའི་གདོན་དང༌། མིའམ་ཅིའི་གདོན་དང༌། ལོག་འདྲེན་ཀྱི་གདོན་དང༌། མ་མོའི་གདོན་ཕུང་བར་བྱེད་པ། ཟས་ཀྱི་རིགས་མི་མཐུན་པ་ཟ་བ་ཕུང་བར་བྱེད་པ། རིམས་ནད་ཐམས་ཅད་དང༌། རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། འདུས་པ་ལས་གྱུར་པ་དང༌། འགྲོ་བ་དྲག་ཤུལ་དུ་སྤྱོད་པ་ཕུང་བར་བྱེད་པ། འཐབ་པ་དང༌། རྩོད་པ་དང༌། མཚང་འབྲུ་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ལྕགས་ཀྱི་མཆུའི་གཟུངས། ནམ་མཁའ་ལྡིང་དྲག་པོའི་གཟུངས་འདི་ཟུངས་ཤིག །བསྟན་པ་ལ་གནོད་པ་སྐྲག་པར་བྱེད་པ། ཆར་དྲག་པོ་དང༌། སེར་བ་དྲག་པོ་འབེབས་པར་བྱེད་པའི་གཟུངས་བརྗོད་པར་བྱའོ། །ཏདྱ་ཐཱ། ཨེ་ཏ་མེ་ཏེ། པྲ་མེ་ཏི་ཏི་ཏྲ། གོ་ལེ། བོ་ལེ་བོ་ས་སེ། མོད་ཏེ། བད་ཏེ། ཁཱ་རང་ཏེ། ཁཱ་ར་ནེ་ཀཱ་ན་ཀཱ་ནེ། ནཱ་ག་པུ་ག་ན། མོ་ན་པྲ་ཏི་མོ་ནེ། ཀཱ་ལི་བྲ་ག་ལེ་ཙན་ཏེ། མ་ཧཱ་ཙན་ཏེ་ན་པྲ་ཏི་ཙན་ཏེ། པེ་གེ་སོ་ན། གོ་ན་མོ་ཧཱ། པྲ་མོ་ཧ། མ་ཧཱ་མོ་ཊཱ། པྲ་མོ་ཏཱ། ན་ཤཱ་ནི། པྲན་ཤ་ན་དྷི་པ་ནི། བ་ལ་ཀཱ་ཎི་པྲ་བ་ལ་ག་ཎི་ནི་ར་དྱ་ནི། བེ་ནི་ད་ཐཱ་ནི། ཀྲོ་དྷ་ནི་པྲི་ད་ཀྲོ་དྷ་ནི། ཧ་ན་ཧ་ན་བི་ཧ་ན་བི་ཧ་ན། སརྦ་དུཥྚ་པྲ་དུཥྚན། ནཱ་ཤ་ཡ་སརྦ་ཨ་བྷ་ཡ་པྲ་དེ་ཧཱུཾ་ཕཊ། སྔགས་འདི་བརྗོད་པ་ཙམ་གྱིས་ཕྱོགས་ཀུན་ཏུ་གཡོས། རབ་ཏུ་གཡོས། འགུལ་རབ་ཏུ་འགུལ་ལོ། གནོད་པ་ཐམས་ཅད་ཁ་བུབ་ཏུ་བརྒྱལ་ལོ། །སྐེ་ཚེ་དང་ཡུངས་ནག་ཏུ་བསྲེས་ལ། ཆུ་བོ་དང༌། རྒྱ་མཚོ་དང༌། རི་བོར་གཏོར་རོ། །དེ་ཕྱིན་ཆད་ཆར་འབེབས་པར་བྱེད་དོ། །ཡང་ཆུ་བོ་དང༌། རྒྱ་མཚོ་དང༌། རྫིང་བུལ་མ། འབབ་ཆུ། མཉན་དགུར་བུ་རམ། སྦྲང་ཤིང་དང་ར་ཤ་ཀ་ར་ཀླུ་སྨན་སྣ་ཚོགས་འོ་མ་ལ་བསྔགས་ལ་གཏོར་རོ། །དེའི་ཕྱིར་སེར་བ་ཆེན་པོ་འབེབས་སོ། །ཡིད་བཟློས་བགྱིས་ཏེ་སྤྲིན་ལ་བལྟས་ལ་ཕྱག་བྱ་ཞིང་བཟླས་ན། ཇི་ལྟར་འདོད་པའི་སེར་བ་ཆེན་པོ་འབབ་པར་འགྱུར་རོ། །ཤེས་རབ་ཅན་གྱིས་འཕགས་པ་ལྕགས་མཆུའི་གཟུངས་འདི་ཟུངས་ཤིག །ཆོངས་ཤིག །རྗོད་ཅིག །གཞན་ལ་མ་སྤེལ་ཅིག་སྦོས་ཤིག །ཐུན་མོང་དུ་མིན་ནོ། །རྒྱ་མཚོའི་ཆུ་རྡོ་བཞིན་མི་མངོན་པར་སྦོས་ཤིག །གཞན་གྱིས་མི་ཐུབ་པ་དྲག་པོའི་གཟུངས་འདིས། འཐབ་པའམ། རྩོད་པའམ། འགྱེད་པའམ། གང་དུ་འགྲོ་ཡང་རུང་སྟེ། ཐམས་ཅད་རྒྱལ་བར་འགྱུར་རོ། །རྒྱལ་མཚན་གྱི་རྩེ་མོ་ལ་བྱང་བུ་གཟུགས་སོ། །སྔགས་པ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དང་གང་གིས་ཡིད་རྩེ་གཅིག་ཏུ་བྱའོ། །དགེ་སློང་ཕ་དང༌། དགེ་སློང་མ་དང༌། དགེ་ཚུལ་ཕ་དང༌། དགེ་ཚུལ་མ་དང༌། དགེ་བསྙེན་ཕ་དང༌། དགེ་བསྙེན་མ་གང་ཡང་རུང་བས་བསྟན་པ་ལ་གནོད་པ་བསྲུང་བའི་ཕྱིར་ཡིད་ལ་ཟུངས་ཤིག །ཆོངས་ཤིག །དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ་དང༌། ལྷའི་དབང་པོ་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ལྕགས་མཆུ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།

འཕགས་པ་ལྕགས་མཆུ་ནག་པོ་ཞེས་བྱ་བའི་གཟུངས།

༄༅། །ལྕགས་མཆུ་ནག་པོ་བཞུགས་སོ། །

རྒྱ་གར་སྐད་དུ། །ཨཱརྻ་ལོ་ཧ་ཀཱ་ལ་དུནྜ་ནཱ་མ་དྷ་ར་ཎི། བོད་སྐད་དུ། འཕགས་པ་ལྕགས་མཆུ་ནག་པོ་ཞེས་བྱ་བའི་གཟུངས། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འདམ་བུའི་ཁྲོད་ན། གཟིངས་མའི་འདུག་གནས་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་འཛམ་བུའི་གླིང་གི་གནས་དེར་འདོང་ངོ༌། །བཙུན་པ་དེ་ལྟར་བགྱིའོ་ཞེས་གསོལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ཀྱི་ལྟར་མཉན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཛམ་བུའི་གླིང་གི་སེམས་ཅན་རྣམས་ལ་ཐུགས་བརྩེ་བའི་ཕྱིར། ཀླུའི་རྒྱལ་པོ་མ་དྲོས་པ་དང༌། རྒྱ་མཚོ་དང༌། དགའ་བོ་དང༌། འཇོག་པོ་དང༌། མཐའ་ཡས་དང༌། དུང་སྐྱོང་དང༌། གཟི་ཅན་དང༌། ཨེ་ལའི་འདབ་མ་ཅན་དང༌། མདོངས་བུ་དང༌། ཀླུའི་རྒྱལ་པོ་གློག་འབྱིན་དང༌། ཀླུའི་རྒྱལ་པོ་ཆུ་ལྷ་དང༌། ཀུའི་རྒྱལ་པོ་སྤྲིན་སྐུལ་དང༌། ཀླུའི་རྒྱལ་པོ་མགོ་བོ་དགུ་པ་དང༌། ཀླུའི་རྒྱལ་པོ་མགོ་བོ་བདུན་པ་དང༌། མགོ་བོ་དྲུག་པ་དང༌། མགོ་བོ་ལྔ་པ་དང༌། མགོ་བོ་གསུམ་པ་དང༌། མགོ་བོ་གཉིས་པ་དང༌། མགོ་བོ་སྟོང་པ་རྣམས་ལ། བཅོམ་ལྡན་འདས་ཀྱིས་མན་ས་བསྒག་གོ །ཨ་ན་ན་ཏེ། བི་ན་ན་ཏེ། བི་ཤི་ཀི་ཤི། ཨ་གུ་བི་དགུ་རེ་རེ། ཧཱུྃ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། བྷན་ཛ་ཡ་པྲ་ས་ཤྲི་ར་རཱ་ཎི། མ་ཏྲི་ཏྲ་མ་ཀྲ་ནི་ན་ནེ་ན། བྷོ་པ་ན་གེ་ན་ཏྲ་མ་ཏེ། བཛྲ་དུས་ཏེ། ན་མཽ་ར་ནཱན། སྤ་ལ་ཡ། མ་ཧཱ་རི་ཧ་ར། ཧཱུྃ་ཕཊ། མ་ཊ་མ་ཊ། ས་ར་ས་ར། བི་རི་བི་རི། མི་རི་མི་རི། སྭཱ་ཧཱ། སྔགས་ཚན་དང་པོས་ཀླུ་རྣམས་འཁྲུགས་ནས་བརྒྱལ་ལོ། བཅོམ་ལྡན་འདས་ལོ་ཏོག་དང༌། འབྲས་བུ་དང༌། སྨན་རྣམས་དང༌། རྩི་ཤིང་དང༌། མྱུ་གུ་དང༌། འདབ་མ་དང༌། མེ་ཏོག་རྣམས་སྐམ་པར་རྔོ་མི་ཐོགས་ལགས་སོ། །ཆར་དུས་སུ་འབེབས་ལགས་སོ། །རྩི་ཤིང་དང༌། ནགས་ཚལ་བསྐྱེད་པར་བགྱིད་ལགས་སོ། །འཛམ་བུའི་གླིང་གི་མི་རྣམས་ཀྱི་ལོངས་སྤྱོད་ལ་འཚེ་བར་རྔོ་མི་ཐོགས་ལགས་སོ། །སེམས་ཅན་རྣམས་ལ་རྣམ་པར་འཚེ་བར་མི་བགྱིད་དོ། །གལ་ཏེ་བཅོམ་ལྡན་འདས་ཀྱི་བཀའ་ལས་འདས་ན། བདག་ཅག་རྣམས་ཀྱི་ལུས་ཁུམས་པར་གྱུར་ཅིག །གནས་མེད་པར་གྱུར་ཅིག །ལུས་རྩུབ་པར་གྱུར་ཅིག །མཛེ་དང༌། ཤ་བཀྲ་འབྱུང་བར་གྱུར་ཅིག །མགོ་བོ་འགས་པ་དང༌། སྙིང་འབྲུལ་བར་གྱུར་ཅིག །ཅེས་བྲོ་བོར་བའོ། །ཉེ་བར་འཚེ་བ་ཐམས་ཅད་ལ་གནོད་པ་འདོར་བ་སྟེ། བཅོམ་ལྡན་འདས་མངོན་པར་འདོད་པའི་འབྱུང་པོ་བརྒྱ་སྟོང་དག་ཀྱང་སེམས་ཅན་རྣམས་ཀྱི་ཕྱིར་འོངས་ཏེ། དེ་དག་ཁྱེད་ལ་གནོད་པ་ཆེན་པོ་བྱེད་པར་འགྱུར་དུ་འོང་གིས། ནིར་གད་ཚ་ཏ། ནིར་གད་ཚ་ཏ། ནིར་གད་ཚ་ཏ་མྱུར་དུ་བྱེར་ཅིག །ཁྱེད་ཅག་ལས་གང་དག་སྡང་བའི་སེམས་དང་ལྡན་པ་དེ་དག་ཕུང་བར་གྱུར་ཅིག །གང་དག་བྱམས་པའི་སེམས་དང་ལྡན་ཞིང༌། ཉེས་པ་མི་འདོད་པ། བསྲུང་བར་འཇུག་པ་འདོད་པ་དག་གི་ནི་ཁྱོད་ཀྱི་ལུས་ལ་འཇུག་པར་གྱུར་ཅིག །སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་པ། སུ་མུ་སུ་མུ། སུ་མུ་སུ་མུ་སུ་མུ་སུ་མུ་རུ་སུ་མུ་རུ། སུ་མུ་རུ་སུ་མུ་རུ། མུ་རུ་མུ་རུ། མུ་རུ་མུ་རུ། མི་རི་མི་རི་སྭཱ་ཧཱ། ལྷ་རྣམས་དང༌། ཀླུ་རྣམས་དང༌། ལྷ་མ་ཡིན་རྣམས་དང༌། གནོད་སྦྱིན་ཕོ་མོ་རྣམས་ཀྱིས་ཇི་ལྟར་འདོད་པའི་ཆར་གྱི་རྒྱུན་མྱུར་བར་འབེབས་སོ། །ཀླུ་གནས་པའི་ཆུ་མིག་ཀུན་ནས་ཆབ་ཕུལ་དགུ་བླངས་ལ། ཆབ་སོ་སོར་བཞག་ལ་ཡུངས་ཀར་གྱིས་བསྔགས་ཤིང་ཆུ་རུ་བསྩལ། སྔགས་རྫོགས་པ་དང་ཀླུའི་གནས་སུ་བསྐྱལ་ལོ། །ཆར་ཇི་ལྟར་འདོད་པ་བཞིན་འབབ་པར་འགྱུར་རོ། །སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས། སེམས་ཅན་རྣམས་ལ་ཕན་པ་དགོངས་པར་མངའ་བ། བྱམས་པ་ལ་གནས་པ་ཐུགས་རྗེ་དང་ལྡན་པ། དགའ་བ་ལ་གནས་པ། བཏང་སྙོམས་ལ་གནས་པར་གཤེགས་ཀྱིས། ཀྵི་ཕྲན་ནིར་གད་ཚ་ཏ་སྭཱ་ཧཱ། ནཱ་ག་ཡུ་ཡུ་སྭཱ་ཧཱ། སྤྲིན་ལ་བལྟ་ཞིང་ཕྱོགས་བཞིར་བལྟས་ལ། ཕྱག་བྱས་ཤིང་ལན་ལྔ་བཅུར་བཟླས་ན། ཆར་མྱུར་དུ་ངེས་པར་འབེབས་སོ། །ཆར་འབེབས་པའི་ཚེ། ཀླུ་མི་བསྲུན་པའི་གནས་སུ་སོང་ལ། ལུས་སྤོས་ཆུས་བཀྲུས་ལ། ཟས་དཀར་གསུམ་འཚལ་ལོ། །ཤ་ཆང་སྒོག་བཙོང་སྤོང་བར་བྱའོ། །བྱམས་པའི་སེམས་དང་ལྡན་པར་བསམས་ལ། ཁ་ཤར་ཕྱོགས་སུ་བལྟས་ལ་འཕགས་པ་རྣམས་ལ་གསོལ་བ་གདབ་བོ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཁྲོམ་ཉི་མས་སླ་ནཱན། གླང་པ་ནཱན་ཀུ་ལུ་ཞི་ནཱན། པི་ཏྲ་པུ་ཏྲ་ནཱན། ཡཀྵ་ཟློག་ནཱན། རི་བུ་རི་ལུ་ནཱན། བ་ལ་ཡ་ནཱན། ཧཱུཾ་ཧཱུཾ་ཕཊ་ཕཊ། བཛྲ་བཛྲ་ཛྭ་ལ་ཛི་ཧ་སྭཱ་ཧཱ། སརྦ་དུ་ཤ་ར། བི་ར་ནཱ་ག་ཤ་སྭཱ་ཧཱ། ག་རུ་ཏྲི་རུ་ཏི་སྭཱ་ཧཱ། ཡ་ཐོག་ལ་བླ་རེ་སྔོན་པོ་ཕུབ། རྒྱལ་མཚན་སྔོན་པོ་གཟུགས། རིག་སྔགས་འཆང་གདན་སྔོན་པོ། རྐང་པ་ཡང་སྔོན་པོར་དཀྲི། ལྷ་བཤོས་སྔོན་པོ། བུམ་པ་ཆུས་བཀང་བ་བཞི་དཀྱིལ་འཁོར་གྱི་གྲ་བཞིར་བཞག །དབུས་སུ་རྡོ་རྗེ་སྙིང་པོ་དང༌། ནམ་མཁའ་ལྡིང་གི་རྒྱལ་པོ་དང༌། ཀུའི་རྒྱལ་པོ་རྒྱ་མཚོ་དང༌། མཐའ་ཡས་དགོད། ཤར་ཕྱོགས་ཀྱི་པདྨ་ལ་ཀླུའི་རྒྱལ་པོ་མགོ་བོ་གསུམ་པ་དགོད། ལྷོ་ཕྱོགས་ཀྱི་པདྨའི་འདབ་མ་ལ་ཀླུ་མགོ་བོ་བདུན་པ་དགོད། ནུབ་ཕྱོགས་ཀྱི་པདྨ་ལ་ཀླུ་མགོ་བོ་ལྔ་པ་དགོད། བྱང་ཕྱོགས་ཀྱི་པདྨ་ལ་ཀླུ་མགོ་བོ་དགུ་པ་དགོད། འཕྲིན་ལས་གཞུང་ལས་བྱུང་བ་ཡང་དགོད་དོ། །ཨོཾ་ཧི་ཧུ་ལ་ཕཊ་ཕཊ། ཧཱུཾ་བི་ཛ་ཡ་ཕཊ་ཕཊ། ནཱ་ག་ལི་ཙ་ལ། ཤད་ཤད། ཛི་ལི་ཏི། པི་པྲི་ཏི། བཛྲ་ཛ་ཡ་མ་ཧཱ་བ་ལ་བིརྻ་ཡ་པར་ཀྲམ། ཀྲོ་དྷ་རཱ་ཛ་པྲ་མེ་རུ་ཕཊ་ཕཊ་དཱ། གཟུངས་འདི་བརྗོད་མ་ཐག་ཏུ། ས་ཆེན་པོ་རྣམས་གཡོ་བར་འགྱུར་རོ། །ཀླུའི་རྒྱལ་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་ཁ་ཕུབ་ཏུ་འགྱེལ་ནས། ཚིག་འདི་སྐད་དུ་གསོལ་ཏོ། །བཅོམ་ལྡན་འདས་ད་ཕྱིན་ཆད་བཀའ་གསུངས་པ་ལྟར་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་གསུངས་པ། བཛྲ་བཛྲ་ཧཱུཾ་ཧཱུཾ་ཁྲོམ་ཕཊ། ཅེས་གསུངས་པས། ཀླུའི་རྒྱལ་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་ཁ་ཕུབ་ཏུ་འགྱེལ་ནས། རབ་ཏུ་འདར་ཏེ། བརྒྱལ་ནས་འདྲེ་ལྡོག་ཅིང་ངུའོ། །དེ་ནས་ཀླུའི་རྒྱལ་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་སྨྲ་ཞིང་ཚིག་ཏུ་གསོལ་པ། ཀྱེ་ཧུད་བདག་ཅག་རྣམས་འཚིག་ལགས་སོ། །རྡོ་རྗེ་སྙིང་པོ་འབར་བས་འཚིག་ལགས་སོ། །མ་རུངས་ལགས་སོ། །ཞེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་རྒྱལ་པོ་རྣམས་འཛམ་བུའི་གླིང་གི་སེམས་ཅན་ལ་ཕན་པ་དང༌། བདེ་བ་དང་ལོ་ལེགས་པ་དང༌། བསྲུང་བ་དང༌། བསྐྱབ་པ་དང༌། ཞིང་རྣམས་ཀྱི་མིག་གང་བར་གྱིས་ཤིག །ལོ་ཏོག་ཕུན་སུམ་ཚོགས་པར་སྒྲུབས་ཤིག །མི་རྣམས་དང༌། མི་མ་ཡིན་པ་རྣམས་ལ་འཚེ་བར་མ་བྱེད་ཅིག །ཆར་གྱི་རྒྱུན་ཕོབ་ཅིག །འོན་ཀྱང་ཁྱོད་ཀྱིས་ཡུན་རིང་པོའི་བདེ་བ་དང༌། ཕན་པ་དང༌། ཀླུའི་གནོད་པ་ཀུན་དང་བྲལ་བར་འགྱུར་རོ། །རྐང་མང་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱི་འོང་རྣམས་ཀྱང་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །སངས་རྒྱས་ལྷ་རྣམས་སྟོང་དག་གིས། །ཁྱོད་ལ་བདེ་ལེགས་བྱེད་འགྱུར་པས། །སྡང་སེམས་ལྡན་རྣམས་ཀུན་བྱེར་ཅིག །སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད། །གླིང་འདིར་ཆར་ཕོབ་འདོད་རྣམས་ཀྱིས། །ས་དང་བར་སྣང་གནས་པ་རྣམས། །སྐྱེ་དགུ་རྣམས་ལ་བྱམས་བྱེད་ཤོག །ཆར་མེད་ཐན་ཆེན་བྱུང་བའི་ཚེ། །སྔགས་ཆེན་དང་པོ་བརྒྱ་བཟླས་ནས། །བར་མ་ལྔ་བཅུ་ལྔ་བཅུ་བཟླས། །ཐ་མ་ལན་བདུན་བཟླས་པར་བྱ། །སྤྲིན་ལ་བལྟ་ཞིང་བར་བར་དུ། །སུས་ཀྱང་མ་ཚོར་ཤུབ་བུར་བཟླས། །གྲངས་ལས་ཐལ་ན་སེར་བ་འགྲུབ་པས་སྡིག་ཆེའོ། །ཀླུ་གནད་ལ་འདོར་བ་ཡིན་པས་སྡིག་ཆེའོ། །ལན་གྲངས་ཡང་ཡང་མི་དབབ་བོ། །ཞག་གཅིག་གམ། ཞག་གཉིས་སམ། ཞག་ལྔས་ཆར་གྱི་རྒྱུན་མི་དབབ་པ་མི་སྲིད་དོ། །ཆོས་ཀྱི་རྒྱལ་པོ་རྒ་ཤི་མི་མངའ་བ། །ཀུན་གྱི་སྨོན་ལམ་མྱུར་དུ་འགྲུབ་པར་ཤོག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་པ་དང༌། ཚེ་དང་ལྡན་པ་ཀུན་དགའ་བོ་དང༌། དགེ་སློང་རྣམས་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ལྕགས་མཆུ་ནག་པོ་ཞེས་བྱ་བའི་གཟུངས་ཐན་ཆེན་རབ་ཏུ་ཞི་བར་བྱེད་པ་ཀླུ་རྗེ་རིགས་ཀྱི་གཉེན་པོ་རྫོགས་སོ།། །།

འཕགས་པ་ཟངས་ཀྱི་མཆུ་དམར་པོས་གདུག་པའི་ཕྱོགས་ཐམས་ཅད་གནོན་པར་བྱེད་པ་ཞེས་བྱ་བའི་གཟུངས།

༄༅། །འཕགས་པ་ཟངས་མཆུ་དམར་པོ་ཞེས་བྱ་བ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་གྷ་ཛྷ་པྲ་ཏད་བྷན་དྷ་གྷ་ཧཱ་ཏཱ་ཀང་ཀང་བྲི་ཏ་ཙ་ཁ་དྷ་ཡཱ། བོད་སྐད་དུ། འཕགས་པ་ཟངས་ཀྱི་མཆུ་དམར་པོས་གདུག་པའི་ཕྱོགས་ཐམས་ཅད་གནོན་པར་བྱེད་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་ཚོགས་རྣམས་དང༌། ཉན་ཐོས་སྡེ་དང་དཔུང་དུ་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་གྱི་སྟོན་པར་གྱུར་པ། སངས་རྒྱས་སྟོང་གི་ངོ་བོ་ཅན་ལ་ཕྱག་འཚལ་ལོ། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འདམ་བུའི་ཚལ། པདྨ་མཛེས་བྱེད་ས་ཁེབས་པའི་གནས་ཆུ་བོ་ཡན་ལག་བརྒྱད་དང་ལྡན་པའི་འགྲམ་ན་བཞུགས་སོ། །འཁོར་དཔག་ཏུ་མེད་པ་དང་ཐབས་གཅིག་གོ །དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་འཕགས་པ་ཟངས་མཆུ་དམར་པོའི་དངོས་གྲུབ་དྲག་པོའི་ལས་ལ་དབང་མཛད་པ། མཛེ་ནད་ཐམས་ཅད་ལས་གྲོལ་བ། ཐོག་པ། སློག་པ། འཁྱེ་བ། ཁྲག་འཇིབ་པ། དྲོད་ཡལ་བ། གཉན་སྡེ་བརྒྱད་ལ་གནས་ཁྲོ་བ་མེ་མཆེད་པ། རྦ་ཁོལ་བ། ཁྲོ་ཆུ་ཁོལ་མ་འབབ་དུ་འཇུག་པ། ལྕགས་ཀྱི་གཟེར་བརྡེབས་པ། ཡན་ལག་བསྐུམས་པས་མཐའ་བཞི་སྡུད་པ། དུར་ཁྲོད་དུ་རྒྱུག་པ། ཀླུ་ཆེན་པོ་བརྒྱད་ལ་ནད་གཏོང་བ། ནམ་མཁའ་ལ་ཐིག་འདེབས་པ། ས་ལ་སྲུབ་བཞི་རུ་གདགས་པ། ཟངས་ཀྱི་ལུས་བྱ་ཁྱུང་གི་མགོ་བོ་ཡོད་པ། ཀླད་པ་ལ་ཟ་བ། ཟངས་ཀྱི་མཆུ་འདོམ་དགུ་བརྒྱ་དགུ་བཅུ་ཡོད་པ། ཟས་སུ་ཀླུ་རིགས་བཞི་ཟ་བ། སྐོམ་དུ་ཆུ་སེར་དང་ཁྲག་གསོལ་བ། སྤྱན་རྩ་དམར་ལ་སྡང་མིག་ཏུ་བགྲད་པ། ལྷ་བ་མུར་བ། རྐང་ལ་བལྡག་པ། རོ་མྱགས་ཀྱི་ནད་ལྷོག་བུར་དུ་གཏོང་བ། ཁམས་གསུམ་ཞེས་ལ་གནོན་པ། རྐན་སྒྲས་འཇིགས་པའི་དུག་འཐུལ་བ། མར་ལ་དམྱལ་བའི་གདར་ལ་འཁྲུག་པ། ཡར་ལ་སྲིད་པའི་སྟེང་དུ་ཕུག་པ། གཉན་རིགས་དྲུག་སྟོང་གཤོག་པ་ལ་འཕྱང་བ། ཀླུ་རིགས་སྟོང་ཕྲག་ཁོང་ན་ཉལ་བ། དེ་ལྟ་བུའི་འཇིགས་པའི་ཆ་ལུགས་ཅན་དང་ཡང་ཐབས་གཅིག་གོ །དེ་ནས་བཅོམ་ལྡན་འདས་དཀའ་ཐུབ་མཛད་པ་ལ། དཔལ་ཕྱག་ན་རྡོ་རྗེས་གསོལ་པ། བདེ་བར་གཤེགས་པ་འགྲོ་བ་དྲུག་ལ་ཐུགས་རྗེས་གཟུང་དུ་གསོལ། ཉོན་མོངས་པའི་ནད་ལས་ཐར་བར་མཛད་དུ་གསོལ། འདོད་ཆགས་ཀྱི་ནད་ལས་ཐར་བར་མཛད་དུ་གསོལ། ཞེ་སྡང་གི་མེ་བསད་དུ་གསོལ། ང་རྒྱལ་གྱི་བྲག་རྙིལ་དུ་གསོལ། གཏི་མུག་གི་མུན་པ་བསལ་དུ་གསོལ། གདུག་པའི་ནད་ལས་བསྒྲལ་དུ་གསོལ། གདོན་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལས་བསྒྲལ་དུ་གསོལ། །ཞེས་ཞུས་པས་ཐུགས་རྗེས་གཟིགས་ནས་གནང་བར་མཛད་དོ། །དཔལ་ཕྱག་ན་རྡོ་རྗེ་ཉོན་མོངས་པ་ཅན་དང༌། །ནད་གདོལ་པ་ཅན་གྱིས་མནར་བ། ལུས་ཉམས་པ་ཐམས་ཅད་དང༌། དམ་ལས་འདས་པ། དམ་ཚིག་ཉམས་པ་ནད་ཀྱིས་གདུངས་པ། སྲེད་པའི་སྲད་བུས་བཅིངས་པ། ཐམས་ཅད་ང་ལ་ཉོན་ཅིག །ངའི་གན་དུ་མྱུར་བར་ཤོག་ཅིག །ངས་བཤད་དོ། །གདམས་པ་པོ་ཞེས་བཀའ་བསྩལ་ཏོ། །དེ་ནས་ཕྱག་ན་རྡོ་རྗེས་ལྷ་མ་སྲིན་སྡེ་བརྒྱད་ཀྱི་གམ་དུ་ཕྱིན་ཏེ། རྒྱལ་བའི་བཀའ་ལ་ཉོན་རྒྱལ་བའི་སྐུ་ལ་ལྟོས། མྱུར་བ་མྱུར་བར་གདེངས་ཞེས་བྱས་པས། ཀླུ་བ་སུ་ཏ་བྲམ་ཟེའི་རིགས་ལ། ཕྱག་ན་རྡོ་རྗེས་ང་སུ་ཡིན་ཆ་མེད་དམ་བྱས་པས། ང་ལ་ཆ་མེད་དོ། །ཁྱོད་ལ་ང་མི་ཉན་ཏོ། །མི་ལྟོས་སོ། །ང་ནི་སྟོབས་ཅན་ཡིན་ནོ། །ཁྱད་པར་ཅན་ཡིན་ནོ། །ཤུགས་ཅན་ཡིན་ནོ། །ངའི་འཁོར་རྣམས་ཀྱང་སྟོབས་དང་ལྡན་པ་ཡོད་དོ། །ཞེས་ཟེར་རོ། །ཕྱག་ན་རྡོ་རྗེས་ཁྱོད་ལ་ནུས་པ་ཅི་ཡོད་བྱས་པས། ངས་ཁྱོད་ལ་ཁ་རླངས་ཤིག་བཏང་གིས་སྡོད་ཅིག་ཟེར་ཏེ། ཕྱག་ན་རྡོ་རྗེ་རང་ཐད་དུ་འདུག་པས། ཀླུ་བ་སུ་ཏས་ཁ་རླངས་བུན་པ་ཞིག་བཏང་བས། ཕྱག་ན་རྡོ་རྗེ་ལ་ཤུ་བ་ཐུག་ཐུག་དུ་བྱུང་ངོ༌། །དེ་ནས་ཕྱག་ན་རྡོ་རྗེ་ཐུགས་རྟོག་སྐྱེས་ཏེ། ཁྱོད་སྟོབས་ཅན་ཅིག་འདུག་པ་ཇི་སྐད་བྱ་བ་ཡིན་བྱས་པས། ང་ནི་ཀླུའི་རྒྱལ་པ་བྲམ་ཟེ་རིན་པོ་ཆེ་བ་སུ་ཏ་ཞེས་བྱ་བ་ཡིན་ནོ། །ང་ལ་དུག་རྣམ་པ་ལྔ་ཡང་ཡོད་དོ། །གདོན་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡང་ངའི་འཁོར་ཡིན་ནོ། །ཞེས་ཟེར་རོ། །དེ་ནས་དཔལ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཞུས་སོ། །རྒྱལ་བའི་བཀའ་ལ་ཉོན། དམ་ལས་མ་འདའ། དངོས་གྲུབ་བྱིན་པས། ལྷ་སྲིན་སྡེ་བརྒྱད་འདིར་འདུས་བྱས་པས། བདག་ལ་མ་ཉན་ཅིང་ལུས་ལ་རྨ་མང་པོ་བྱུང༌། ཁ་རླངས་ཀྱང་དུག་དུ་ཡོང་བའི་སེམས་ཅན་ཅིག་གདའ། ལུས་པོ་མེ་འདྲ་བ། མིག་ཤེལ་འདྲ་བ། སྐྲ་སྦྲུལ་དུ་འདུག་པ། སོ་ཆུ་སྲིན་དུ་འདུག་པ། ལྟེ་བ་ནས་ཉི་ཟླའི་འོད་འཕྲོ་བ། རྐང་ལག་ཙནྡན་གྱི་བེ་ཅོན་དུ་སྣང་བ་སྤྲུལ་སེར་ཁྲས་ཞགས་པ་བྱས་པ། ནག་ཁྲས་སྟོད་དཀྲིས་པ། སྔོ་ཁྲས་སྐྲ་ནན་ལྷས་པ། དཀར་ཁྲས་ཚིགས་བཞི་དཀྲིས་པ། སྨུག་ཁྲས་གདན་དུ་བྱས་པ། ས་བདག་ནག་པོས་གདན་དུ་བྱས་པ། ས་བདག་དཀར་པོས་ཞབས་ནས་འདེགས་པ། གཉན་སྡེ་བརྒྱད་ཇག་ལ་འཁོར་བ། རྒྱ་མཚོ་ཁོལ་མ་ལ་ཉལ་བ། ལུས་པོ་དཔག་ཚད་ཕྱེད་དང་ལྔ་ཡོད་པ། མགོ་ལུས་ཐམས་ཅད་མིག་ཏུ་ཡོད་པ། འདི་ན་གནས་ཀྱི་ཡུལ་མེད་པ། བཟའ་བའི་ཟས་མེད་པ། འགྲན་པའི་ཟླ་མེད་པ། སྟེང་གི་ལྷ་ལ་གནོད་པ། འོག་གི་ཀླུ་ལ་འཕྲ་བ། བར་གྱི་བཙན་ལ་འདོད་གཏོང་བ། དེ་འདྲ་བ་ཅིག་ཏུ་བྱས་ཏེ་འདུག་པ་ལས། ཕྱག་ན་རྡོ་རྗེས་ལོ་དུས་ན་ལྟ་རུ་ཡོངས་པ་ལས། སླར་ཡང་ལོག་སྟེ་དཔལ་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ། ཁྱོད་སོང་ལ་དེ་སུ་ཡིན་དྲིས་ལ་ཤོག་ཅིག་གསུང་ངོ༌། །དེ་ནས་དཔལ་ཕྱག་ན་རྡོ་རྗེས་ཁོའི་གན་དུ་ཕྱིན་ནས་ཁྱོད་གང་ན་ཡོད་པ་ཁྱོད་ཇི་སྐད་བྱ་བ་ཡིན་དྲིས་པས། ཁོའི་ངག་ནས་ང་བ་སུ་ཏ་ནག་པོ་བྱ་བ་ནད་ཀྱི་བདག་པོ་ཡིན། རིམས་དལ་དང་མཆིན་ནད་དང༌། གློ་ནད་དང༌། ཁྲག་ནད་ཐམས་ཅད་ང་ལ་ཡོད། བྲམ་ཟེའི་རིགས་ཐམས་ཅད་ཀྱི་བདག་པོ་ཡིན་ནོ་ཞེས་ཟེར་རོ། །འོ་ན་ཁྱོད་རྒྱལ་བའི་བཀའ་ལ་མི་ཉན་ནམ་བྱས་པས། ང་རང་བས་ལྷག་པ་མེད་པས་མི་ཉན་ནོ། །ཁྱོད་རང་མྱུར་བར་སོང་ནད་འདོད་དམ་ཅི་འདོད་ཟེར་བས། ཕྱག་ན་རྡོ་རྗེ་ལུས་འདར་ཤུམ་བྱེད་དེ། །དེ་ལས་ཕྱིར་བསྐྱེད་དོ། །དེར་ཀླུ་ན་རེ། དཔལ་ཕྱག་ན་རྡོ་རྗེ་ལ། ཁྱོད་སུ་ཡིན་ཟེར་རོ། །ཕྱག་ན་རྡོ་རྗེས་གསང་སྟེང་རང་ཐད་ཅིག་ཡིན་ནོ། །ང་ལ་སྟོབས་ཀྱང་མེད་དོ། །ཤུགས་ཀྱང་མེད། འཁོར་ཀྱང་མེད། ཅི་ཡང་མེད་དོ་བྱས་པས། འོ་ན་ང་ལ་ཉོན་ཟེར་ཞིང༌། ཁྱོད་ཅི་འཆད་བྱས་པས། ང་ནི་འདུག་པའི་གནས་མེད་པར་བྱེད་པ། ཐམས་ཅད་དབང་དུ་སྡུད་པ། དྲག་པོའི་རིག་སྔགས་མེ་རི་དམར་པོ་ཞེས་བྱ་བ་འཆད་དོ་ཞེས་ཟེར་རོ། །ཁྱོད་ཀྱིས་སུ་ལ་བསླབས། དབང་སུ་ལ་ནོས། ཐེག་པ་ལ་ཞུགས་སམ། བཀའ་ལ་ཉན་ནམ། ལུང་ལས་དྲངས་སམ་བྱས་པས། ངའི་སྟོན་པ་ནི་ང་རང་ཡིན། ང་ནི་ངའི་བཀའ་ལ་ང་རང་ཉན་ནོ། །འོ་ན་ཁྱོད་སུ་ལ་གནོད། སུ་ལ་ཕན་བྱས་པས། འདིར་མི་ལ་གནོད་དེ་ནད་དུ་རོ་མྱགས་གཏོང༌། སྒུར་ཕྱུགས་ལ་གནོད་དེ་སླ་བཞི་འགེབས་སྲོག་ཆགས་ལ་ལྟས་ངན་པ་བརྒྱད་གཏོང་ངོ༌། །ཕན་པ་ནི་ཀླུ་ཆེན་པོ་བརྒྱད་ལ་ཕན་ནོ། །དེ་ནས་དཔལ་ཕྱག་ན་རྡོ་རྗེས་སྡང་མིག་ཏུ་བགྲད་དེ་བལྟས་པས། བ་སུ་ཏ་དེས་ཁ་རླངས་ཤིག་ཕྱག་ན་རྡོ་རྗེ་ལ་བཏང་བས་ཤུ་བ་ཐོར་ཐོར་བྱུང་བས་བྱེད་དོ། །ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་འདྲ་བ་ཅིག་གདའ་ལགས་ན། འདི་དབང་དུ་འདུས་ན་མཐུ་དཔག་ཏུ་མེད་པ་འབྱུང་བར་ངེས་སོ། །དབང་དུ་མ་འདུས་ན་འཇིག་རྟེན་འདི་ཕུང་བར་གདའ་ན། ཐུགས་རྗེ་ཅི་མངའ་ཞུས་པས། བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་ནི་ཀླུའི་རྒྱལ་པོ་བ་སུ་ཏ་མེ་མ་མུར་ནག་པོའི་ཁ་རླངས་ཅན་བྱ་བ་ཡིན་ཏེ། ནད་དགུ་བརྒྱ་དགུ་བཅུ་ལ་དབང་བྱེད་པ་ཡིན་པས་འཇིག་རྟེན་འདི་ཕུང་བར་འགྱུར་བས། འདི་ལ་གནོད་པའི་སྔགས་དང༌། བསྙེན་པ་དང༌། བསྒྲུབ་པ་དང༌། འཇིག་རྟེན་ལ་ཕན་པའི་ཆོས་ངས་བཤད་དོ། །འཁོར་འདུས་པ་ཐམས་ཅད་ཉོན་ཅིག་ཆོངས་ཤིག །ལྷོགས་ཤིག །སྒོམས་ཤིག་ཅེས་གསུངས་སོ། །དེ་ནས་འཁོར་འདུས་པ་ཐམས་ཅད་དགའ་སྟེ། ཐལ་མོ་སྦྱར་ནས་ཞུས་པས། འཕགས་པ་ཟངས་ཀྱི་མཆུ་དམར་པོ་ཞེས་བྱ་བའི་གཟུངས་དྲག་པོ་ཐོག་འབབ་པ་མི་ཟད་པའི་འོད་འཕྲོ་བ། བདུད་རྩིའི་ཆར་འབབས་པ། ལྷ་འདྲེའི་ཁ་འཆིང་བ། ཚེ་དང་སྲོག་ལ་བྱིན་ཆེ་བ། ཁམས་གསུམ་གྱི་སྨན་པ། ཉོན་མོངས་པའི་བསིལ་ཡབ། ཚ་གྲང་རྣམ་པ་བརྒྱད་ཀྱི་འཁྱག་ཞུན་ལ་འཐེན་པ། ནད་སྣ་དགུ་ལ་མི་འདྲེ་བའི་སྨན་དུ་ཆེ་བ། གདོན་མ་རུངས་པ་བཟློག་པ། ཐེག་པའི་ཆོས་དགྲ་དང༌། དབེན་གནས་རྣམས་ལ་སྟོངས་གྲོགས་མཛད་པ། དམ་ཚིག་ཅན་ལ་ཁྱད་པར་བརྩེ་གདུང་ཆེ་བ། ཀླུ་ཐམས་ཅད་ཀྱི་གཉེན་པོ། །ས་བདག་ཀུན་གྱི་སྙིང་དུམ་བུ་སྟོང་དུ་ཐུབ་པ། གཉན་ཀུན་གྱི་ཁ་བསྐལ་ནས་སྟོངས་པ། མཛེ་ནད་ཀུན་ལ་དཔྱིས་འབྱིན་པ། སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་གཟུངས་ཐག་མི་ཆད་པའི་གཏེར་ཆེན་པོ། འཕགས་པ་ཟངས་མཆུ་དམར་པོ་ཞེས་བྱ་བའི་གཟུངས། བདེན་པར་ངེས་པ་ཆོས་ཀྱི་ཕུང་པོ་ཡོན་ཏན་བསམ་མི་ཁྱབ་པ་དང་ལྡན་པ་བཤད་དོ། །ཆོས་འདི་སྤྱོད་པར་འདོད་པའམ། གཟུངས་འདོན་པར་འདོད་པའམ། མཐུ་བསྒྲུབ་པར་འདོད་པས། འདི་ལྟར་སྒྲུབ་པར་བྱ་སྟེ། དང་པོ་བདག་ཉིད་ལྷའི་རྣལ་འབྱོར་དུ་བྱའོ། །དེའི་རྗེས་ལ་དག་པ་རྣམ་པ་གསུམ་གྱིས་སྦྱང་ངོ༌། །སྔགས་དང་བཟླས་བརྗོད་བར་མི་གཅོད་དོ། །བསྒྲུབ་པའི་ལས་ལ་དཀྱིལ་འཁོར་མདའ་གང་གྲུ་བཞི་ལེ་པདྨ་འདབ་མ་བཅུ་དྲུག་པ་བྱའོ། །འདབ་མ་རེ་ལ་ལྷ་རེའོ། །དེའི་ཕྱི་མ་བ་སུ་ཏ་བཅུ་དྲུག །དེའི་ཕྱིར་རིམ་ཡི་གེ་ཛ་བཅུ་དྲུག །སྒོ་ཤར་དུ་རྒྱལ་རིགས། ལྷོ་སྒོར་རྗེ་རིགས། ནུབ་སྒོར་བྲམ་ཟེའི་རིགས། བྱང་སྒོར་གདོལ་པ་ཅན། ཟུར་བཞི་ལ་རྨ་བྱ་རེ། ལོགས་བཞི་ལ་ཆུ་སྲིན་རེ། ཕོ་བྲང་ལ་རིགས་ལྔ། རྡོ་རྗེ་སེམས་དཔའི་དབུ་རྒྱན་དུ། རྒྱལ་རིགས་དང༌། ས་བདག་ཁྲ་བོ་དང༌། དོན་ཡོད་གྲུབ་པའི་དབུ་རྒྱན་དུ་དམངས་རིགས་དང༌། གཉན་གདོད་གཅིས་བཅིངས་སོ། །དེ་ལྟར་ན་བསྙེན་སྒྲུབ་ཚད་དུ་ཕྱིན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་དཔལ་ཕྱག་ན་རྡོ་རྗེས་གསོལ་པ། ཀླུ་རྣམས་ལ་སྔགས་ཀྱི་དངོས་གྲུབ་ཀྱིས་གནད་ལ་དབབ་དུ་གསོལ་ཞེས་ཞུས་པས། གནང་ངོ༌། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། ཐམས་ཅད་མཁྱེན་པའི་མངའ་བདག་ཉིད། །རྫུ་འཕྲུལ་ལྡན་པས་འགྲོ་བ་དྲུག་ལ་གཟིགས། །ཐུན་མོང་མ་ཡིན་སྐུ་མཆོག་བསྟན་དུ་གསོལ། །ཐུགས་རྗེས་གདུལ་དཀའ་མཐའ་དག་འདུལ་མཛད་པ། བདུད་རྩིས་ཚིམས་མཛད་འགྲོ་བ་གསོ་མཛད་ཅིང༌། །སྨན་པའི་མཆོག་ལ་བདག་ནི་ཕྱག་འཚལ་ལོ། །བདུད་རྩི་ལྟ་བུའི་གསོ་མཛད་དགའ་བ་ཆེ། །ཀུན་ལ་བྱམས་ལྡན་ཐུགས་མངའ་སྟོབས་དང་ལྡན། །ཤཱཀྱའི་སྐུ་ཡིས་བདེན་པའི་དོན་ལ་དགོངས། །ཕན་པ་མང་པོས་སྡུག་བསྔལ་མཐའ་དག་འཇོམས། །གདུག་པ་དབང་སྡུད་དཔག་བསམ་ཤིང་ལྟ་བུ། །ཉོན་མོངས་སེལ་མཛད་སྐུ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས་ཞུས་པས་གནང་ངོ༌། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ང་ལ་ཉོན་ཅིག་གསུངས་ནས། །དཔག་བསམ་ཤིང་གི་རྩེ་མོར་གཤེགས་ཏེ། །འཕགས་པ་ཟངས་མཆུ་དམར་པོ་ཞེས་བགྱི་བའི་གཟུངས་ཀྱི་ཆོས་བཤད་དོ། །དེ་ན་ཉན་པ་པོ་མང་པོ་ཡོད་ནའང༌། བ་སུ་ཏ་བྲམ་ཟེ་མ་འོངས་ཏེ། དཔལ་ཕྱག་ན་རྡོ་རྗེས་གང་ནས་གང་དུ་བཙལ་བ་ལས། རྒྱ་མཚོའི་གཏིང་ཤིང་ཡོངས་འདུ་ས་བརྟོལ་གྱི་འགྲམ་ན་འདུག་པ་མཐོང་སྟེ། རྒྱལ་བའི་བཀའ་བྱུང་ན་ཁྱོད་ཉན་ནམ་བྱས་པས། རྒྱལ་བ་སུ་ཡིན་ཇི་སྐད་བྱ་བ་ཡིན་ཟེར་རོ། །དེར་དཔལ་ཕྱག་ན་རྡོ་རྗེས་རྒྱལ་བ་ཤཱཀྱ་ཐུབ་པ་ཡིན། བརྫུན་མ་ཟེར་མི་རུང་ངོ་མགོ་བོ་འགས་པ་ཡིན་མིག་འབྲུལ་བ་ཡིན་སྙིང་འབྱིན་པ་ཡིན། ཉམས་པར་འགྱུར་རོ་བྱས་པས། འོ་ན་ངས་མ་མཐོང་ངོ༌། །ང་རང་བས་ལྷག་པ་མེད་དོ། །ཕྱག་ན་རྡོ་རྗེས་གསུངས་པ། བཀའ་ཡི་ཆད་པ་ཡོད་དོ། །ངེས་པར་ཡོད་དོ་གསུངས་པས། བྲམ་ཟེའི་རིགས་ན་རེ། ངས་ཁྱོད་ཀྱི་རྒྱལ་བ་ལ་ཁ་རླངས་ཤིག་བཏང་གིས་དེས་མ་ཉོན་ན་ང་སླེབ་ཡོང་གིས་ཟེར་རོ། །དེར་སོང་ངོ༌། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། ཀྱེ་མ་བཅོམ་ལྡན་འདས་འདི་ནི་མཚམས་བརྡོལ་བར་གདའ་བས་དགོངས་པ་མ་གཡེལ་བར་མཛོད་ཅིག །ཅེས་ཞུས་ནས། སླར་ལོག་སྟེ་བལྟས་པས་བ་སུ་ཏ་དེ་མགོ་ལུས་ཐམས་ཅད་མིག་གིས་བཀང༌། སྦྲུལ་སྔོན་པོ་སྟོང་གིས་སྐྲ་བྱས། ནག་པོ་ཁྲིས་སེ་རལ་ཁ་བརྒྱན་ཏེ། ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ་ཞིང་བྱུང་སྟེ། ང་རོས་འཇིག་རྟེན་གུལ་གུལ་ཡོམ་ཡོམ་བར་བཏང་ངོ༌། །དེ་ནས་ཁ་རླངས་བུན་ཆེར་བཏང་པས་ཐམས་ཅད་ཆེམ་ཆེམ་ནས་འཁོད་དོ། །དེ་ནས་ཤཱཀྱ་ཐུབ་པས་གཏམ་དྲིས་སོ། །ཁྱོད་སུ་ཡིན་གང་ནས་ཡོངས་དྲིས་པས། སྐད་མ་སྟེར་ཏེ། དགོངས་པ་མཛད་ནས་ང་ལ་གཏམ་མི་སྟེར་བ་འདི་དབང་དུ་བསྡུའོ་སྙམ་དུ་དགོངས་ནས། ཁུ་ཡིས་བཏབ་ཅིང་དགོངས་སོ། །བལྟས་པ་ལས་བ་སུ་ཏ་འགྱེལ་ནས་བསྒྲད་དེ་འདུག་པ་མཐོང་ངོ༌། །དེ་ནས་བ་སུ་ཏ་དེ་ལངས་ནས། ང་བས་ཀྱང་ཁྱོད་མཐུ་ཆེའོ། །ང་ནི་བྲེད་དོ། །སྔངས་སོ། །འདར་རོ། །འཇིགས་སོ། །ཁྱོད་ལ་ཕྱག་འཚལ་ལོ་ཞེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ངས་ཁྱོད་ལ་ཆོས་བཤད་ཀྱིས་ཉོན་ཅིག་གསུངས་པས། འོ་ན་ངས་ཞག་གསུམ་བྲོ་བཞིན་ལྷ་སྲིན་སྡེ་བརྒྱད་སྦྲན་ལ་མྱུར་བར་ཡོང་གིས་སྡོད་ཅིག་ཟེར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ཕྱག་ན་རྡོ་རྗེ་ལ་གསུངས་པ། འདི་ལ་མེན་རྒོལ་ཅིག །དམའ་ཐོངས་ཤིག །འདི་དམ་ལ་མ་ཐོགས་ན་འཇིག་རྟེན་མེས་སྟོངས་སོ། །ཞེས་གསུངས་སོ། །དེ་ནས་བ་སུ་ཏ་འཁོར་དང་བཅས་པ་ཡོང་ངོ༌། ཕྱག་ན་རྡོ་རྗེས་བ་སུའི་མིག་ལ་ཕྱག་རེག་བྱས་པས་ཕྱག་སྐོང་གིས་སོང་ངོ༌། །འཇིགས་པ་སྐྱེས་ཏེ་ཤཱཀྱ་ཐུབ་པ་ལ་ཞུས་པ། ངས་སྣ་ལ་ཡོ་ག་ལ་ཟངས་ཀྱི་མཆུ་བཤད་ཀྱིས་ཉོན་ཅིག་གསུངས་པས། བྲམ་ཟེ་བ་སུ་ཏ་ན་རེ་བདག་འགས་པར་འགྱུར་བས་མི་བྱའོ་ཞེས་ཟེར་རོ། །དེ་ཅི་ཉེས་བྱས་པས་འདི་ནི་གཉན་སྡེ་བརྒྱད་ཀྱི་སྙིང་འདོན་པ་མགོ་བོ་འགས་པར་འགྱུར་བ་ཡིན་ཏེ་ང་མི་དགའ་འོ་ཞེས་ཟེར་ཏེ། །རྒྱ་མཚོའི་གཏིང་དུ་སོང་ངོ༌། དེ་ནས་དཔལ་ཕྱག་ན་རྡོ་རྗེས་མངགས་པ་གཅིག་སྤྲད་དེ་འགུགས་སུ་བཏང༌། བ་སུ་འགུགས་སུ་སུ་བཏང་བྱས་པས། ཤཱཀྱ་ཐུབ་པའི་ཞལ་ནས་ཕྱག་ན་རྡོ་རྗེ་སླར་ལོག་ལ་སོང་ཞིག་ལྕགས་ཀྱི་སྡིག་པ་མགོ་དགུ་པ་གཅིག་ལ་མངགས་ཏེ། གང་ན་འདུག་པར་དཀྲུགས་ལ་ཤོག་ཅེས་གསུངས་པས། དེས་འགྲོ་མ་ནུས་ཏེ། ཡང་ཤཱཀྱ་ཐུབ་པས་བྱ་ཁྱུང་རབ་བརྟན་བྱ་བ་ཟས་སུ་ཀླུ་རིགས་ཟ་བ། སྐོམ་དུ་ཆུ་སེར་དང་ཁྲག་འཇིབ་པ། འདི་སྟོབས་དང་ལྡན་པས་འདི་བཏང་ངོ་ཞེས་གསུངས་པས་བྱ་ཁྱུང་རབ་བརྟན་ཞེས་བྱ་བ་དེ་དགའ་ནས། སེ་གོལ་གཅིག་གཏོགས་པ་ཙམ་ལ་དམྱལ་བ་བདར་ལ་ལྷན་གྱིས་ཕྱིན་ཏེ། བལྟས་པ་ལས་བ་སུ་ཏའི་རྒྱལ་པོ་དེ་མིག་སྒྱུ་ནས་འཐོན་པ་ཙམ་དུ་སྔངས་ཏེ། སུ་ཡིན་འདྲི་བ་ཡང་མ་ནུས་པ་ལས། བྱ་ཁྱུང་རབ་བརྟན་དེས་བ་སུ་ཏའི་སྤྱི་བོ་ནས་བཟུང་ནས་བཏེག་པས་མ་ཐེག་སྟེ། བ་སུ་ཏ་ན་རེ་ཁྱོད་སྡོད་དང་སུ་ཡིས་བཏང་སུ་ཡི་ཆོ་འཕྲུལ་ཡིན་ཟེར་རོ། །དེར་བྱ་ཁྱུང་ན་རེ། ང་ཤཱཀྱ་ཐུབ་པས་བཏང་བ་ཡིན། ང་ནི་ཀླུ་རིགས་རྣམས་ཟ་བ་ཡིན། ང་ལ་ཟས་སུ་ཀླུ་ལས་མེད། ངའི་མིང་ནི་བྱ་ཁྱུང་ག་རུ་ཌ་བྱ་བ་ཡིན་ཞེས་བྱས་པས། འོ་ན་ངས་ཁྱོད་ལ་མགྲོན་ཅིག་བྱ་ཡིས་སྡོད་ཅིག་ཟེར་རོ། །བྱ་ཁྱུང་དེས་བསྡད་ཙམ་ན། ཁོ་ཡིས་ཆུ་སྲིན་གྱི་རོ་ཆེན་པོ་ཞིག་བྱིན་པས་ཆུ་སྲིན་མྱོང་བ་ཙུག་ཡང་མི་བྱེད་པར་འདུག་པས། བ་སུ་ཏ་བྲེད་དེ་བྱ་ཁྱུང་གིས་ཆུ་སྲིན་ཆེན་པོ་དེའི་ཁོག་པ་རང་པོ་དེ་མིད་ནས་སོང་ངོ༌། །དེར་བྱ་ཁྱུང་གིས་ད་འདོང་རྒྱལ་བའི་བཀའ་ལ་ཉོན་བྱས་པས། མི་འགྲོ་ཟེར་རོ། །དེར་བྱ་ཁྱུང་གིས་འོ་ན་ང་ནི་ཁྱོད་ཟའོ། །འཆའ་འོ། །མུར་རོ། །འཐོག་གོ །འཁྱེར་རོ། །འདྲུད་དོ་བྱས་པས། ཁོ་ན་རེ། སྙིང་རྗེ་ཅིག་ཀྱང་མེད་དམ་ཟེར་རོ། །འོ་ན་མི་བསད་མི་བཟའ་ཡིས་སྡོད་ལ་ཞུགས་བྱས་པས། དེར་བྲམ་ཟེའི་རིགས་ཐམས་ཅད་འདུས་སོ། །བྱ་ཁྱུང་ན་རེ་ཁྱོད་མགྱོགས་པར་མི་འགྲོ་ན་ང་འགྲོ་ཟེར་ཏེ་ལངས་ནས་མཆུ་བརྡར་གཤོག་པ་དཀྲུགས་སྡེར་མོ་བགྲད་པས། གཉན་སྡེ་བརྒྱད་དང་བཅས་པ་འདྲོགས་ཏེ་སུ་ཞིག་ཅེས་ཟེར་ཅིང་བལྟས་པས། བྱ་ཁྱུང་མཐོང་བ་ཙམ་གྱིས་བརྒྱལ་ལོ་ཞེས་ཞུས་སུ་སོ། །བཅོམ་ལྡན་འདས་ཀྱིས་གནང་ངོ༌། །རྒྱལ་བས་བཤད་དུ་གསོལ། བསྟན་དུ་གསོལ་ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ངས་ཟངས་མཆུ་དམར་པོའི་ཆོས་བཤད་ཀྱི། དམ་ལས་མ་འདའ་ཞིག་བཀའ་ལས་མ་ཀུ་ཞིག་ཅེས་གསུངས་པས། བ་སུ་ཏའི་རྒྱལ་པོ་དེས། བཅོམ་ལྡན་འདས་ལ་གསོལ་པ། བདག་ནི་རང་གི་སྙིང་པོ་ཡང་འབུལ་ལོ། གང་དགོངས་པ་མཛད་དུ་གསོལ། ཞེས་ཟེར་རོ། །དེ་ནས་འཁོར་ཐམས་ཅད་འདུས་ཏེ་གདོད་མཉན་ནོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཟངས་མཆུ་དམར་པོའི་གཟུངས་ཀྱི་ཆོས་བཤད་དོ། །རིག་སྔགས་འདི་ལ་སུ་མ་ཉན་པའི་མགོ་བོ་འགས་སོ། །མིག་འབྲུལ་ལོ། །ལུས་རོ་མྱགས་སུ་འགྲོའོ། །འདི་ཉན་ཅིང་དད་པ་ཀུན་ཚེ་རིང་བ་དང་ནད་མེད་པ་དང༌། བསམ་པ་ཐམས་ཅད་འགྲུབ་པ་དག་གོ །དངོས་གྲུབ་ཀུན་ཀྱང་སྟེར་བར་འགྱུར་རོ། །ཅེས་བཀའ་སྩལ་པ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿ ཏ་ཐཱ་ག་ཏཱ། ནཱ་ག་ཧྲི་ད་ཡ། ཏ་ཐཱ་ག་ཏ་ན་མཿདྷ་མ་ཡཱ། ཏ་ཐཱ་ག་ཏེ་རཱ་ཛ་སྲིད་ལྷན་ན། བུད་ཡ་བུད་ཡཱ། རཱ་ཛའི་ཤ་ལ་པ་རི་པ་རི་ལི་རཾ། ནཱ་ག་ཧུ་ཡ་རྦད་པོ་བཾ་ཧ་སྭཱ་ཧཱ། གྷུ་ཡ་རཱ་ཛ་ལ་སྭཱ་ཧཱ་ཧྲིཾ་ཧྲིཾ། ཀ་རོ་ཀ་ཡ་ལ་ཧྲིཾ་ཧྲིཾ། ཧཱུཾ་འུམ་ཧཱུཾ་འུམ། པྲ་ཙ་ལ་པྲ་ཙ་ལ། ག་ལ་ག་ལ་ཡ་ཡཱ། ཙ་ཏུ་མ་དྷ། ཀོ་ལ་ཀ་རོ། ཁ་ན་ག་ན་ཁ། བ་སུ་ཏ་རེང་རེང༌། པ་ར་ལ་པོ་པ་ོ་པ་མ། ཤེ་ཡང་ཤེ་ཡང་སྭཱ་ཧཱ། དེ་ནས་དཔལ་ཕྱག་ན་རྡོ་རྗེས་འོ་དོད་ལན་གསུམ་བཏང་ངོ༌། །ཕོ་ཉ་ལན་གསུམ་བཀྱེའོ། །ལྷ་སྲིན་སྡེ་བརྒྱད་ང་རྒྱལ་ཅན་ཤོག་ཅིག་ཅེས་གསུངས་པས། ཐམས་ཅད་ཡོངས་ཏེ་གསོལ་པ། ཉན་པ་ལགས་སོ། །ཇི་ལྟར་བསྒོ་བ་ལས་སུ་བགྱིད་དོ། །ཞེས་བྱས་པས། ལྷ་སྲིན་སྡེ་བརྒྱད་རྣམས་འཚོགས་ནས་བསྟན་པ་གཉན་པོ་བསྲུང་དགོས་པས། ང་ལ་ཁྱེད་རང་རང་གི་སྙིང་པོ་རྣམས་ག་རེ་ཞེས་གསུངས་པས། དཔལ་ཕྱག་ན་རྡོ་རྗེ་ལ་ལྷ་སྲིན་སྡེ་བརྒྱད་ཀྱི་སྲོག་སྙིང་ཕུལ་ལོ། །བཅོམ་ལྡན་འདས་བདག་ནི་ལྷའི་དབང་པོ་བརྒྱ་བྱིན་ལགས་བསྟན་པ་བསྲུང་ངོ༌། །ནད་སེལ་ཏོ། །ཧ་ལ་བ་ཤ་གྷུ་ར་ཏ་ལིང་སོད། ལྷ་རྣམས་བྲན་དུ་མཆིའོ། །བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེའི་བཀའ་ཉན་ནོ། །ནཱ་ག་ཙ་ཧ་པ་ལ་བ་ཤ་ཧཱུཾ་ཧཱུཾ་ཕཊ། ཀླུ་རྣམས་བྲན་དུ་འཁོལ་ལོ། །ཉན་གྱི་རྒྱལ་པོ་རུ་རིངས་བྲང་དཀར་གྱིས་ཆོས་འཁོར་བསྲུང་ངོ༌། །མ་ལ་གོ་པ་ཙ་ཙ་ན་དྷ་ཧཱུཾ་ཧཱུཾ་ཕཊ། གཉན་རྣམས་བྲན་དུ་འཁོལ་ལོ། །སྡོང་རྣམས་ཀྱི་ཡང་གསུངས་ལ་ཉན་ནོ། །དྷ་མཱ་ཀཱ་ལཱ་མེད་དུ་རི་ལཾ། གནོད་སྦྱིན་རྣམས་བྲན་དུ་འཁོལ་ལོ། །རུ་དྷ་རུ་དེ་སྷ་ལ་བ་མ་བ་མ་ཧྲི་ལ། སྲིན་པོ་རྣམས་བྲན་དུ་འཁོལ་ལོ། །རང་ག་ཛ་ལ་ཁ་ན་ན་སྙིང་ལ་མ་དུ་ཀར་སྭཱ་ཧཱ། དྲི་ཟའི་ཚོགས་ཀྱིས་བཀའ་དང་ཐུགས་ལ་རྗེས་སུ་འབྲང་ངོ༌། །ཙ་ཐང་ཙ་ཁིག་མུ་ལ་རཾ་ཐུམ་ཐུམ་ཕཊ། བདུད་ཕོ་བདུད་མོ་རྣམས་ཀྱིས་ཕྱག་ན་རྡོ་རྗེ་ལ་ཞབས་ཏོག་བགྱིས་སོ། །སྙིང་པོ་ཕུལ་ལོ། །དུ་དྷ་མ་དྷ་མ་ཀ་ལ་སྲིད་ལ་མ་ར་ཡ་ཁྲམ་ཁྲམ་ཡ་སྭཱ་ཧཱ། རྒྱལ་པོ་དང༌། སྐྱ་རེངས་འཆར་ཀ་དང༌། སྲོག་བདག་ལ་སོགས་པས་སྲོག་སྙིང་ཕུལ་ལོ། །གིང་ཏ་གིང་ཏ་བ་ལ་ཤ་ཏྲཾ་ཏྲཾ་བྲུཾ་བྲུཾ་ཕཊ་སྭཱ་ཧཱ། གཟའ་རྣམས་ཀྱིས་སྲོག་གི་སྙིང་པོ་ཕུལ་ལོ། །བིདྡྷ་ཙཀྲ་ཨ་ར་ཤ་དྷ་ཀ་ལ་དུར་ལ་བམ་ཁས་སྭཱ་ཧཱ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱིས་སྲོག་སྙིང་ཕུལ་ལོ། །ཉ་ཏ་པ་ལ་པཱ་ལཱ་པ་ཏོ་ཏ་ཡ་མུར་ཡ་མུར་ཡ་སྭཱ་ཧཱ། ཞེས་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ལ་དཔལ་ཕྱག་ན་རྡོ་རྗེ་ཐུགས་གདུང་བ་སྐྱེས་ནས། ནམ་མཁའ་ལ་སྐྱིལ་མོ་ཀྲུང་གིས་གཤེགས་ཏེ། ཡོ་མངའ་རུ་བསྡུས་ནས་དད་པས་མདངས་ཕྱུང་རི་རབ་རིའི་རྩེ་མོར་མཉམ་པའི་ངང་ལ་བཞུགས་སོ། །ཡང་དམ་ལས་འདས་པའི་གདོན་རྣམས་དབང་དུ་མ་འདུས་ཀྱིས་དོགས་ནས། འཕགས་པ་ཟངས་མཆུ་དམར་པོ་འབར་བའི་འོད་ཅན། གདུག་པ་ཅན་ཐམས་ཅད་མནར་བའི་གསང་སྔགས། ཉི་མའི་གཟི་མདངས་ཟིལ་གྱིས་གནོན་པ་འདི་དག་གསུངས་སོ། །ཨོཾ་ནཱ་ག་གང་ཀ་ར་རཱ་ཛ་ལ་རྨུགས་རྦད། ཐུམས་རྦད། སད་ཤ་སད་ཤ། ཨོཾ་དྷཱ་ར་དྷཱ་ར། ཛཱ་ཡཱ་མ་ཡཱ། དུ་དུ་ཕཊ་ཕཊ། ཨོཾ་བཛྲ་རཱ་ཛཱ་ཧ་ལ་ཧཱ་བ་ཏ་ཧཱ་བ་ཏཱ། སྥུ་ཊ་སྥུ་ཊ། ཨོཾ་ནཱ་ག་རཱ་ཛ་ལ་ལོང་ལོང༌། ནཱ་ག་ན་མ་ན་སིད་དྷ་སིད་དྷ། ཨོཾ་ཁ་དྷ་ཁཱ་དྷ་ཁཱ། ཧ་ན་ཧ་ན། ཀ་ལ་པ་པཾ་ཀ་ལ་པ་པཾ་ཧྲཱི་ཧྲཱི། སྭ་ཏ་སྭ་ཏ། དྷ་ལ་དྷ་ལ། བཛྲ་རཱ་ཛཱ་སྲི་ཙ། ཨོཾ་ཧུ་ར་ཡ་ཧུ་ར་ཡཱ། ཕཊ་ཕཊ། ཧཱུཾ་འུཾ་ཧཱུཾ་འུཾ། ཀང་ཐེང་པ་ད་ཏ་ཀ་མ་ལ་དུ་སྭཱ་ཧཱ། །ཞེས་དཔལ་ཕྱག་ན་རྡོ་རྗེས་ཐམས་ཅད་ལ་གནད་བོར་རོ། །ལྷ་སྲིན་སྡེ་བརྒྱད་གཡོག་དང་འཁོར་དུ་བཅས་པའི་རྩེ་མོ་ལ་མངོན་པར་གཤེགས་ཏེ། །ཐུགས་རྗེའི་བསམ་པ་ཐམས་ཅད་བསྒྲུབས་ལགས་སོ། །ཉོན་མོངས་པའི་བདུད་ཐམས་ཅད་བསྐྲད་དོ། །ཞེ་སྡང་གི་མེ་བསད་དོ། །འདོད་ཆགས་ཀྱི་ཆུ་བསྐམས་སོ། །ང་རྒྱལ་རྣམ་པར་སྤངས་སོ། །བདུད་བཞི་བཅོམ་མོ། །འཁོར་བ་ལས་རྒྱབ་ཀྱིས་ཕྱོགས་པར་འགྱུར་རོ། །ངན་སོང་བརྒྱད་ལས་ཐར་བར་འགྱུར་རོ། །བདུད་རྩི་ཆུ་ལས་གསོལ་བར་འགྱུར་རོ། །གདུག་པ་ལ་གསང་བ་མཛད་དོ། །ཁྲུས་རྣམ་པ་ལྔ་ལ་ཁྲུས་བྱེད་པར་འགྱུར་རོ། །དེ་ནས་ལྷ་སྲིན་ཀུན་དང༌། བ་སུ་ཏའི་རིགས་དྲུག་གིས། དཔལ་ཕྱག་ན་རྡོ་རྗེ་ལ་ཞུས་པ། འཇིག་རྟེན་ལ་དུས་ངན་པ་འབྱུང་སྟེ་འོངས་པས། བསྟན་པ་བསྲུང་བའི་མན་ངག་ཅིག་བསྟན་དུ་གསོལ། དེ་སྐད་ཅེས་ཞུས་པས། ཕྱག་ན་རྡོ་རྗེས་དམོད་པའི་ལས་རྣམ་པ་ལྔ་བཀའ་སྩལ་བ། རྣམ་པ་ལྔ་ལ། རྫས་ཀྱི་དམོད་པ་དང་གཅིག །བཅིང་བའི་དམོད་པ་དང་གཉིས། བསྡུ་བའི་དམོད་པ་དང་གསུམ། དགག་པའི་དམོད་པ་དང་བཞི། གདབ་པའི་དམོད་པ་དང་ལྔའོ། །དེ་ལ་དང་པོ་རྫས་ཀྱི་དམོད་པ་ནི། གབ་པའི་རྒྱུ་བསྟན་ཏེ་གང་ལ་གང་དགོས་རྒྱུད་ཀྱི་མན་ངག་ལྟར་སྦུར་རོ། །གང་ཡང་རུང་བ་ལ་ཤའི་ཁུ་བས་བསིངས་པ་ལ། ཕུས་པའི་ཤ་ལ་རི་བོང་གི་གཅིན་གྱིས་བསིངས་པ་ལུས་ལ་སོང་ན། མིག་ལོང་བར་འགྱུར་རོ། །ཆིལ་པའི་ཤ་ལ་སུག་པའི་ཁུ་བས་བསིངས་པ་ལུས་ལ་སོང་ན། ས་ངན་སྐམས་པའི་ནད་དུ་འགྱུར་རོ། །རྨ་བྱའི་ཤ་ལ་བྱ་སྐོང་གི་སྙིང་པོས་བསིངས་པ་ལ་ལུས་ལ་སོང་ན། ཁ་ཏོང་ཀ་ཛ་ལ་རྦད་རྦད་ཡང་ཛ་ཛ་ཧཱུཾ། ཞེས་པ་བརྒྱའམ་སྟོང་ཚད་དུ་བྱའོ། །མནན་པ་ནི་རུས་སྦལ་གྱི་ཁོག་པ་ལ་ཁྲག་གི་ཡི་གེ་བྲིས་ལ་མནན་ནོ། །གཟིར་བ་ནི་ཚེར་མ་ཅན་གྱི་མེ་ལ་གཟིར་རོ། །དེ་ནི་ལས་ཁ་ཐུ་བོའོ། །ཡང་དཔལ་ཕྱག་ན་རྡོ་རྗེས། མཛེ་དང༌། ཤུ་བ་དང༌། དབལ་དང༌། གཡན་པ་དང༌། སྐྱ་སྦབ་དང༌། ཆུ་ནད་མིག་ལའོ། །སྤུ་ནད་སྨིན་མ་ལའོ། །རུས་ནད་སོ་ལའོ། །སྦུགས་ནད་སྣ་ལའོ། །འཆུ་བའི་ནད་སེན་མོ་ལའོ། །ནད་སྣ་བཅུ་ལ་ཐུགས་དགོངས་མཛད་དོ། །ནཱ་ག་ཁས་རྦད་ལོང༌། ཉུག་ལོང༌། ཐིམ་ལོང༌། མེལ་རཱ་ཛ་ཉང༌། ཉང་དྷ་ར་བྷ་ར། ཆུ་ལ་ལིག་ཕུད་ད་དཱ་དྷ་ག །བྱ་གྲི་ཚོ་འདའ་ཨ་གྷ་ཤར་རུམ་རུམ། སྲོ་ཏ་ཀཱ་ཏུ་ཡཱ། ན་སུ་ཡཱ། འབྲུང་དྷ་འདྲིར། ཨ་དྷ་ཁ་མ་ལ་ཡཱ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། བཛྲ་རཀྵ་ཨཾ་གུ་ཤ་ཛཿ ཛཿ ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་སྐད་ཅེས་བཀའ་བསྩལ་པས་འཁོར་ཐམས་ཅད་རྗེས་སུ་ཡི་རང་ངོ༌། །ལྷ་དང༌། མི་དང༌། ལྷ་མ་ཡིན་ལ་སོགས་པ་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དགའ་ཞིང་ཡི་རངས་ཏེ་ཕྱག་འཚལ་ལོ། །ནད་སེལ་བར་གྱུར་ཅིག །ནད་མེད་པར་གྱུར་ཅིག །ཐར་བར་གྱུར་ཅིག །དཔལ་ཕྱག་ན་རྡོ་རྗེའི་ཞལ་མཐོང་བར་གྱུར་ཅིག །འཇིགས་པའི་བསྐལ་པ་གསུམ་ལས་ཐར་བར་གྱུར་ཅིག །འཕགས་པ་ཟངས་མཆུ་དམར་པོ་རྣོ་བའི་དབལ་དང་ཆས་པ། བ་སུ་ཏ་རིགས་དྲུག་དབང་དུ་སྡུད་པའོ། །དེ་ལས་ཀྱང་བྲམ་ཟེའི་རིགས་རྡུལ་དུ་རློག་པར་བྱེད་པའོ། །ཟངས་མཆུ་དམར་པོའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་དེ་བ་དང༌། བོད་ཀྱི་བན་དེ་ཆོས་གྲུབ་དང༌། ལོཙྪ་བ་ཀ་བ་བྷ་བོས་བྱ་ཚལ་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།མངྒ་ལཾ།། །།

འཕགས་པ་ཁ་མཆུ་ནག་པོ་ཞི་བར་བྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

༄༅། །འཕགས་པ་ཁ་མཆུ་ནག་པོ་ཞི་བར་བྱེད་པ་ཞེས་བྱ་བ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་ཁ་དུཾ་དྷརྨ་ཏ་བ་ཡེ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཁ་མཆུ་ནག་པོ་ཞི་བར་བྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་ཡུལ་ཀོ་ས་ལ་ན་འཁོར་མང་པོ་ལ་ཆོས་སྟོན་ཏོ། །དེའི་ཚེ་ཁྱིམ་བདག་མཛེས་ལྡན་ཞེས་བྱ་བ་འཁོར་དང་བཅས་ཏེ་འདུས་པར་གྱུར་པ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་སྟོན་པ་བཅོམ་ལྡན་འདས། བདག་ཅག་ཡུལ་འདིར་མཆིས་པ་རྣམས་ལ་རྒྱལ་པོའི་ཆད་པ་དང༌། ཡུལ་གཞན་གྱི་མིས་རྩོད་པ་དང༌། སྐྱེ་བོ་ཕལ་པས་མཚང་འབྲུ་བ་དང༌། དགྲ་རྣམས་ཀྱིས་ཁ་མཆུ་རྩོད་པའི་འཇིགས་པ་དུ་མ་དག་མཆིས་ན། བཅོམ་ལྡན་འདས་ཀྱིས་བདག་འཇིགས་པ་དེ་དག་ལས་སྲུང་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ཁྱོད་ཁ་མཆུའི་འཇིགས་པ་ལ་མ་སྐྲག་ཅིག །ཁ་མཆུ་ནག་པོ་ཞི་བར་བྱེད་པ་ཞེས་བྱ་བའི་མདོ་ཡོད་ཀྱི། དེ་ཁྱོད་ལ་རྣམ་པར་ཕྱེ་ལ་བསྟན་པར་བྱའོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རིགས་ལྔའི་ལྷ་ལ་ཕྱག་འཚལ་ལོ། །ཨོཾ་ན་མོ་བྷ་ག་ཝ་ཏེ་ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ། མ་ཧཱ་མུ་ནེ་རཀྵ། སརྦ་པུཥྚིཾ་ཀུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན། ཨ་དྷིཥྛཱི་ཏེ། མ་མ་སརྦ་རཀྵ་རཀྵ་སྭཱ་ཧཱ། ཨོཾ་ཁ་དུཾ་རཀྵ། ཨོཾཿ ཁ་མཆུ་སོད། ཏྲ་རཀྵ། ཨོཾ་ཎི་ཝ་ར་ས་ན་རཀྵ། ཧ་ར་ཧ་ར་རཀྵ་རཀྵ་སྭཱ་ཧཱ། ཁྱིམ་བདག་མཛེས་ལྡན་ཁྱོད་ཀྱིས་གཟུངས་འདི་ཆོངས་ཤིག །ལྷོགས་ཤིག །སྟོན་ཅིག །རྒྱལ་པོའི་ཆད་པ་དང༌། རྩོད་པ་དང༌། འཐབ་པ་དང༌། མཚང་འབྲུ་བ་ལ་སོགས་པ་རྒོལ་བ་ངན་པ་ཐམས་ཅད་བཟློག་པར་འགྱུར་རོ། །རིག་སྔགས་འདི་བརྗོད་པར་བྱའོ། །ཏདྱ་ཐཱ། ཨོཾ་བཛྲ་པཱ་ཎི་མ་མ་རཀྵ་རཀྵ། ཨོཾ་བྷྱོ་ཟློག་ཁ་མཆུ་མཱ་ར་ཡ་ཕཊ། ས་མ་ཡ་དུ་རཀྵ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། བདག་འཁོར་དང་བཅས་པ་ལ་ཡས་ཀྱི་བདུད་གཡོས་པ་དང༌། ཕ་ཁུའི་བྱུར་འདྲེ་དང༌། དགྲ་བོ་དང༌། ཉེ་དུའི་ལན་ཆགས་དང༌། ལོ་ངན་པའི་སྐེག་དང༌། ཟླ་བའི་སྐེག་དང༌། བཀྲ་མི་ཤིས་པ་དང༌། སྐྱེ་བོའི་རྩོད་པ་དང༌། རྒྱལ་པོའི་ཆད་པ་དང༌། མཚང་འབྲུ་བ་དང༌། ཁ་མཆུ་རྩོད་པ་དང༌། ངན་སེམས་དང༌། བསམ་པ་ངན་པའི་གྲོགས་དང༌། མིག་བལྟས་ངན་པ་དང༌། གདོན་ཐམས་ཅད་བཟློག་པར་འགྱུར་རོ། །སྡང་བ་རྣམས་འདུལ་དུ་གསོལ། ཁ་མཆུ་དང༌། བྱོལ་ཟོར་དང༌། བོད་གཏོང་དང༌། རིམས་དང༌། ལྟས་ངན་པ་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། རིགས་ཀྱི་བུ་ཁ་མཆུ་ནག་པོ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས་འདི་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའོ། །ངས་ཀྱང་དེ་ལྟར་བཤད་པར་བྱའོ། །འདི་རབ་ཏུ་བཟུང་ལ་རྒྱུན་དུ་ཐོན་ཅིག །འཇིགས་པ་ཐམས་ཅད་སེལ་བར་འགྱུར་རོ། །ཁ་མཆུ་དང་ལྟས་ངན་པ་ཐམས་ཅད་བཟློག་པར་འགྱུར་རོ། །ནད་དང་གདོན་དང༌། འབྱུང་པོ་དང༌། །ལོ་སྐེག་དང༌། ཟླ་སྐེག་དང༌། མོ་ངན་པ་ཐམས་ཅད་ཞི་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་བཟུང་བར་བགྱི་ཞེས་གསོལ་པ་དང༌། བཀའ་སྩལ་པ། འཇམ་དཔལ་འདི་ནི་ཁ་མཆུ་ནག་པོ་ཞི་བར་བྱེད་པ་ཞེས་བྱ་བ་ཟུངས་ཤིག །དེ་ནས་འཇམ་དཔལ་གྱིས་གསོལ་པ། ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་མདོ་སྡེ་ཟབ་མོ་འདི་འཆང་བ་དང་ཀློག་པའི་མི་དེ་ལ་བདག་གིས་བསྲུང་བར་བགྱིའོ། །བསྐྱབ་པར་བགྱིའོ། །སྨྲ་བ་ན་ཚིག་རྩུབ་ཐུབ་པར་བགྱིའོ། །བཀའ་སྩལ་པ། གང་ཞིག་གཞན་དང་ཁ་མཆུ་རྩོད་པའི་ཚེ། མདོ་འདི་ལན་བདུན་བཀླགས་ཏེ། འཕགས་པ་འཇམ་དཔལ་ཡིད་ལ་བསྒོམས་ཏེ་སོང་ན། ཕ་རོལ་གྱི་རྩོད་པ་ཐམས་ཅད་འཇོམས་སོ། །རང་གི་ཚིག་བཙུན་པར་འགྱུར་རོ། །སྨྲས་པ་ལ་གཞན་ཡིད་ཆེས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། ཁྱིམ་བདག་མཛེས་ལྡན་དང༌། འཁོར་ཐམས་ཅད་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཁ་མཆུ་ནག་པོ་ཞི་བར་བྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།

འཕགས་པ་མིག་རྣམ་པར་སྦྱོང་བ་ཞེས་བྱ་བའི་རིག་སྔགས།

རྒྱ་གར་སྐད་དུ། ཨཱརྻ་ཙཀྵུ་བི་ཤོ་དྷ་ན་ནཱ་མ་བིདྱ། བོད་སྐད་དུ། འཕགས་པ་མིག་རྣམ་པར་སྦྱོང་བ་ཞེས་བྱ་བའི་རིག་སྔགས། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཤཱཀྱའི་གྲོང་རྡལ་བཟང་པོ་ཞིག་ན། ཤཱཀྱ་རྣམས་ཀྱི་ནང་ན་བཞུགས་ཏེ་དེའི་ཚེ་སྟ་དུ་ས་ཞེས་བྱ་བ་ན། ཤཱཀྱ་བདེ་བ་ཞེས་བྱ་བ་སངས་རྒྱས་ལ་མངོན་པར་དད་པ་དང༌། ཆོས་དང་དགེ་འདུན་ལ་མངོན་པར་དད་པ་དང༌། སངས་རྒྱས་ལ་སྐྱབས་སུ་སོང༌། ཆོས་ལ་སྐྱབས་སུ་སོང༌། དགེ་འདུན་ལ་སྐྱབས་སུ་སོང༌། སངས་རྒྱས་ལ་གཅིག་ཏུ་ཕྱོགས། ཆོས་ལ་གཅིག་ཏུ་ཕྱོགས། དགེ་འདུན་ལ་གཅིག་ཏུ་ཕྱོགས། སངས་རྒྱས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད། ཆོས་དང་དགེ་འདུན་དང༌། སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་ལ། བདེན་པའི་འབྲས་བུ་ཐོབ་པ། མངོན་པར་རྫོགས་པར་གྱུར་པ། མཚོན་དང་དབྱིག་པ་བོར་བ་ཞིག་གནས་པ་དེའི་མིག་ལ་སྣང་བ་དང༌། མི་སྣང་བའི་གཟུགས་རྣམས་སྣང་བར་གྱུར་ནས། སངས་རྒྱས་བཅོམ་ལྡན་འདས་ལ་དད་པ་སྐྱེས་ཏེ། ཡིད་ལ་བྱེད་ཅིང༌། སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་སྣང་བ་མཛད་པ། སྒྲོན་མ་འཛིན་པ། གསལ་བ་འཛིན་པ་ལ་ཕྱག་འཚལ་ལོ། །བདེ་བར་གཤེགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་གསལ་བར་མཛད་དུ་གསོལ། བཅོམ་ལྡན་འདས་བདག་གི་མིག་རྣམ་པར་སྦྱང་དུ་གསོལ། ཞེས་བྱ་བ་དང༌། བཅོམ་ལྡན་འདས་ལྷའི་གནས་པ་ལ་བཞུགས་པ། ལྷའི་སྙན་རྣམ་པར་དག་པ། མི་ལས་འདས་པས། ཤཱཀྱ་བདེ་བས་ཚིག་དེ་སྐད་ཅེས་བརྗོད་པ་གསན་ཏོ། །གསན་ནས་ཀྱང་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་སོང་ལ་མིག་རྣམ་པར་སྦྱོང་བའི་རིག་སྔགས་འདིས། ཤཱཀྱ་བདེ་བ་ལ་སྲུངས་བར་གྱིས་ཤིག་ཡོངས་སུ་བཟུང་བ་དང་ཡོངས་སུ་བསྐྱང་བ་དང༌། ཞི་བ་དང༌། བདེ་ལེགས་སུ་འགྱུར་བ་དང༌། ཆད་པ་སྤང་བ་དང༌། མཚོན་ཆ་སྤང་བ་དང༌། དུག་གཞིལ་བ་དང༌། དུག་བསད་པ་དང༌། མཚམས་བཅད་པ་དང༌། ས་བཅིང་བར་གྱིས་ཤིག་དང༌། དེ་བཞིན་དུ་འཁོར་བཞི་པོ་དགེ་སློང་རྣམས་དང༌། དགེ་སློང་མ་རྣམས་དང༌། དགེ་བསྙེན་རྣམས་དང༌། དགེ་བསྙེན་མ་རྣམས་དང༌། སེམས་ཅན་གཞན་གྱི་མིག་ཀྱང་རྣམ་པར་སྦྱོངས་ཤིག །མིག་སྦུབས་རྣམ་པར་སྦྱོངས་ཤིག །ཏདྱ་ཐཱ། ཧི་ལི་མི་ལི། ཀི་ལི་མི་ལི། ཧི་ལི་ཏེ། ཧུ་ཡཱ་ཧུ་ཡཱ་ཧུ་ཡཱ། མ་ནི། ཧུ་ལུ་ཧུ་ལུ་ཧུ་ལུ། ཧུ་དུ་ཧུ་དུ་ཧུ་དུ། ཙཀྵུར་མུ་ཁ་བི་ཤོ་དྷ་ཡ་སྭཱ་ཧཱ། ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་པོ་མིག་རྣམ་པར་སྦྱོང་བ་འདི་ནི། མིག་གི་སྐྱོན་དང༌། རླུང་གི་སྐྱོན་དང༌། མཁྲིས་པའི་སྐྱོན་དང༌། བད་ཀན་གྱི་སྐྱོན་དང༌། འདུས་པ་ལས་གྱུར་པའི་སྐྱོན་བསལ་ཏེ། ཚུལ་ཁྲིམས་ཀྱི་བདེན་པ་དང༌། བརྟུལ་ཞུགས་ཀྱི་བདེན་པ་དང༌། དྲང་སྲོང་རྣམས་ཀྱི་བདེན་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་བདེན་པ་དང༌། སྡུག་བསྔལ་གྱི་བདེན་པ་དང༌། ཀུན་འབྱུང་བའི་བདེན་པ་དང༌། འགོག་པའི་བདེན་པ་དང༌། ལམ་གྱི་བདེན་པ་དང༌། དགྲ་བཅོམ་པ་རྣམས་ཀྱི་བདེན་པ་དང༌། རང་སངས་རྒྱས་རྣམས་ཀྱི་བདེན་པ་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བདེན་པས། ཤཱཀྱ་བདེ་བའི་མིག་ན་བར་མ་གྱུར་ཅིག །མཆི་མ་འཛག་པར་མ་གྱུར་ཅིག །ཀུན་དུ་མཆི་མ་འཛག་པར་མ་གྱུར་ཅིག །བདག་དང་སེམས་ཅན་ཐམས་ཅད་ཀྱི་མིག་རྣམ་པར་དག་པར་གྱུར་ཅིག །ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་མིག་རྣམ་པར་སྦྱོང་བ་འདི་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་གིས་གསུངས་པའོ། །ང་ཡང་དེ་ལྟར་འཆད་དེ། རྒྱལ་པོ་བཞི་དང༌། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང༌། མི་མཇེད་ཀྱི་བདག་པོ་ཚངས་པ་ཡང་རྗེས་སུ་ཡི་རང་ངོ༌། །ཀུན་དགའ་བོ་རིག་སྔགས་འདི་དུས་གསུམ་དུ་བརྗོད་ན། དེ་ལ་འཐིབས་པོར་འགྱུར་བ་དང༌། རབ་རིབ་བམ། ལིང་ཏོག་གམ། མིག་ནད་སྔོན་པོར་མཐོང་བའམ། མིག་གི་ཡུལ་གྱི་སྐྱོན་ལྷ་ལས་གྱུར་པ་རྣམས་སམ། ཀླུ་ལས་གྱུར་པ་རྣམས་སམ། དྲི་ཟ་ལས་གྱུར་པ་རྣམས་སམ། གནོད་སྦྱིན་ལས་གྱུར་པ་རྣམས་སམ། ཤ་ཟ་ལས་གྱུར་པ་རྣམས་སམ། བྱད་ལས་གྱུར་པ་རྣམས་སམ། རོ་ལངས་ལས་གྱུར་པ་རྣམས་སམ། རོ་ལངས་དང་བྱད་ལས་གྱུར་པ་རྣམས་སམ། ཀུན་དུ་རྒྱུ་ལས་གྱུར་པ་རྣམས་སམ། ཀུན་དུ་རྒྱུ་དང་རོ་ལངས་ལས་གྱུར་པ་རྣམས་ཀྱིས་ཚུགས་པར་འགྱུར་བ་ནི། ལྷ་དང་བཅས་པ་དང༌། བདུད་དང་བཅས་པ་དང༌། ཚངས་པ་དང་བཅས་པ་དང༌། དགེ་སྦྱོང་དང་བྲམ་ཟེར་བཅས་པ་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་བཅས་པའི་སྐྱེ་དགུའི་འཇིག་རྟེན་ན་ངས་མ་མཐོང་སྟེ། དེ་ནི་གནས་མེད་དོ། །ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་ཉན་ཏེ། བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ནས། གསང་སྔགས་ཀྱི་གཞི་རྣམས་བཟུང་སྟེ། ཀུན་ཆུབ་པར་བྱས་ནས་ཤཱཀྱ་བདེ་བ་ག་ལ་བར་དེར་སོང་སྟེ། བདེ་བ་མིག་རྣམ་པར་སྦྱོང་བའི་གསང་སྔགས་ཀྱི་གཞི་དག་དེ་བཞིན་གཤེགས་པས་ཁྱོད་ལ་བསྐུར་གྱིས་ཉིན་རེ་བཞིན་དུས་གསུམ་དུ་དྲན་པར་གྱིས་ཤིག །ཅེས་དེ་ལ་རྒྱས་པར་སྨྲས་སོ། །ཤཱཀྱ་བདེ་བས་ཐོས་མ་ཐག་ཏུ་དེ་ཁོ་ནར་མིག་རྣམ་པར་དག་སྟེ། མིག་རྣམ་པར་དག་པས་དྲི་མ་མེད་པའི་མིག་གིས་ཐམས་ཅད་མཐོང་ངོ༌། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང༌། ཤཱཀྱ་བདེ་བ་དང༌། ལྷ་དང་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་མིག་རྣམ་པར་སྦྱོང་བ་ཞེས་བྱ་བའི་རིག་སྔགས་རྫོགས་སོ།། །།

འཕགས་པ་མིག་ནད་རབ་ཏུ་ཞི་བར་བྱེད་པའི་མདོ།

༈ འཕགས་པ་མིག་ནད་རབ་ཏུ་ཞི་བར་བྱེད་པའི་མདོ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་ཨཀྵི་རོ་ག་པྲ་ཤ་མ་ཎི་སཱུ་ཏྲ། བོད་སྐད་དུ། འཕགས་པ་མིག་ནད་རབ་ཏུ་ཞི་བར་བྱེད་པའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཕུང་པོའི་རི་ལ་བཞུགས་ཏེ། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནག་པོ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་འདིར། མིག་ནད་བྱུང་ན་དེ་དག་ལ་ཇི་ལྟར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནག་པོ་མིག་ནད་ཀྱི་སྔགས་ཀྱི་ཚིག་འདི་དག་ཡོད་དེ། ཏདྱ་ཐཱ། རུ་དྷི་རེ་ཕུ་ར་དྷི་ར། ཨཀྵི་པུ། རུ་དྷ་རི་པི་ག་ལེ་ཕུ། བྷ་ཏེ་ཕུ༔ བ་དེལེཕུ༔ ཧ་ན་ཏེ་ཕུ༔ མཾ་ས་དུ་དྷུ་བྷི་ཕུ། པདྨ་ཨཀྵི་ཕུ། པདྨ་དཎྜ་ཧི་ར་ཎི་ཡེ་ཕུ༔། སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནག་པོ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཆོ་ག་ནི་འདི་ཡིན་ཏེ། སྲད་བུ་དཀར་པོ་ལ་ལན་བདུན་བཟླས་པ་བྱས་ཏེ། མདུད་པ་བདུན་བོར་རོ། །ཆུ་ལ་ལན་བདུན་བཟླས་པ་བྱས་ལ་ལག་པས་བྱབས་ན། མིག་ནད་ཞི་བར་འགྱུར་རོ། །འཕགས་པ་མིག་ནད་རབ་ཏུ་ཞི་བར་བྱེད་པའི་མདོ་རྫོགས་སོ།། །།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཀྵ་ཡའི་ནད་སེལ་བའི་སྔགས། ན་མོ་ཧི་ཏུ་ཧེ་ཀེ་སྭཱ་ཧཱ། ལུས་ལ་ནད་བྱུང་ན། ནད་ཁོང་སྐེམས་ཀྱིས་བཏབ་ན། བསིལ་ཡབ་ཆུས་གཏོར་ཏེ། ལན་དྲུག་བཅུ་རྩ་གཅིག་བསྔགས་ནས། དེའི་ལུས་ལ་གཡབས་ན་ནད་མེད་པར་འགྱུར་རོ། །ཀྵ་ཡའི་ནད་སེལ་བའི་གཟུངས་རྫོགས་སོ།། །།

འཕགས་པ་གཞང་འབྲུམ་རབ་ཏུ་ཞི་བར་བྱེད་པའི་མདོ།

༈ རྒྱ་གར་སྐད་དུ། ཨཱརྻ་ཨཱརྴ་པྲ་ཤ་མ་ནི་སཱུ་ཏྲ། བོད་སྐད་དུ། འཕགས་པ་གཞང་འབྲུམ་རབ་ཏུ་ཞི་བར་བྱེད་པའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པའི་ཚལ་ན། དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཅོ་ལྔའི་གསོ་སྦྱོང་ཟླ་བ་ཉ་བ་དེ་ཉིད་ཀྱི་ཚེ། དགེ་འདུན་གྱི་མདུན་ན་གདན་བཤམས་པ་ལ་བཞུགས་སོ། །དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་གནམ་ལོགས་ན་རྔ་ཡབ་ཐོགས་ཏེ། བཅོམ་ལྡན་འདས་ལ་གཡོབ་ཅིང་འདུག་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་འདི་ན། དགེ་སློང་གཞང་འབྲུམ་ཅན་མང་པོ་དག །གཞང་འབྲུམ་གྱི་བྲོ་ནད་ཀྱིས་གཟིར་ཏེ། སྡུག་བསྔལ་མི་བཟད་པ་དྲག་པོ་མི་བདེ་བ། ཡིད་དུ་མི་འོང་བའི་ཚོར་བ་མྱོང་བར་གྱུར་ན། བཙུན་པ་བཅོམ་ལྡན་འདས་དེ་དག་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །ཀུན་དགའ་བོ་ཁྱོད་ཀྱིས་གཞང་འབྲུམ་སེལ་བའི་མདོ་འདི་ལོངས་ཤིག །ཀུན་དགའ་བོ་གང་ལ་ལ་ཞིག་གིས། གཞང་འབྲུམ་སེལ་བའི་མདོའི་མིང་དང༌། ཚིག་དང༌། ཡི་གེ་ཤེས་ནས། དེ་ཇི་སྲིད་འཚོ་བའི་བར་དུ་གཞང་འབྲུམ་གྱི་ནད་ཀྱིས་བཏབ་པར་མི་འགྱུར་རོ། །ཚེ་རབས་བདུན་གྱི་བར་དུ་ཚེ་རབས་དྲན་པར་འགྱུར་རོ། །ཏདྱ་ཐཱ། ཨ་ལཎྚེ། ཨ་མ་ལེ་ཤྭ་ལི་ཙི་ནི། ཀུ་ཤེ་སཾ་བྷེ་སྭཱ་ཧཱ། ཀུན་དགའ་བོ་འདི་ལྟ་སྟེ། བྱང་ཕྱོགས་ན་རིའི་རྒྱལ་པོ་གངས་ཞེས་བྱ་བ་དེ་ན། སཱ་ལའི་ཤིང་རྣམ་པར་རྒྱལ་བ་ཞེས་བྱ་བ་དེའི་མེ་ཏོག་གསུམ་ཡོད་དོ། །གཅིག་ནི་འཕེལ་བ་ཞེས་བྱ། གཉིས་པ་ནི་འཇམ་པ་ཞེས་བྱ། གསུམ་པ་ནི་སྐམ་པོ་ཞེས་བྱ་སྟེ། ཇི་ལྟར་དེ་བསྐམས་པ་དེ་བཞིན་དུ། སེམས་ཅན་རྣམས་ཀྱི་རླུང་གི་འབྲུམ་བུ་བསྐམ་པར་གྱུར་ཅིག །མཁྲིས་པའི་འབྲུམ་བུ་བསྐམ་པར་གྱུར་ཅིག །བད་ཀན་གྱི་འབྲུམ་བུ་བསྐམ་པར་གྱུར་ཅིག །མི་གཙང་བའི་འབྲུམ་བུ་བསྐམ་པར་གྱུར་ཅིག །ཁྲག་གི་འབྲུམ་བུ་བསྐམ་པར་གྱུར་ཅིག །འདུས་པའི་འབྲུམ་བུ་བསྐམ་པར་གྱུར་ཅིག །དེ་བཞིན་དུ་བདག་དང་སེམས་ཅན་ཐམས་ཅད་ཀྱི་བད་ཀན་གྱི་འབྲུམ་བུ་བསྐམ་པར་གྱུར་ཅིག །མི་གཙང་བའི་འབྲུམ་བུ་བསྐམ་པར་གྱུར་ཅིག །ཁྲག་གི་འབྲུམ་བུ་བསྐམ་པར་གྱུར་ཅིག །འདུས་པའི་འབྲུམ་བུ་བསྐམ་པར་གྱུར་ཅིག །སྣའི་འབྲུམ་བུ་བསྐམ་པར་གྱུར་ཅིག །འཕྱང་བའི་འབྲུམ་བུ་བསྐམ་པར་གྱུར་ཅིག །ཏདྱ་ཐཱ། ཤ་མེ་ཤ་མེ་ནེ། ཤ་མ་ཤ་མཱ་ནེ་སྭཱ་ཧཱ། ན་བར་མ་གྱུར་ཅིག །རེངས་པར་མ་གྱུར་ཅིག །སྒྲ་འབྱུང་བར་མ་གྱུར་ཅིག །འཛག་པར་མ་གྱུར་ཅིག །སྡུག་བསྔལ་བར་མ་གྱུར་ཅིག །རབ་ཏུ་སྡུག་བསྔལ་བར་མ་གྱུར་ཅིག །ཟག་པར་མ་གྱུར་ཅིག་རབ་ཏུ་ཟག་པར་མ་གྱུར་ཅིག །འདི་ཉིད་དུ་ཟད་པ་དང༌། ཡོངས་སུ་ཟད་པ་དང༌། མེད་པར་གྱུར་ཅིག །འོག་ཏུ་སོང་ཞིག །ན་མོ་བྷ་ག་བ་ཏེ། བུདྡྷ་ཡ། ས་ཏྱ། བཱ་དཱི་ནཱི། སིདྡྷ་ཡནྟུ། མནྟྲ། པ་དཱ་ནི་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དེ་ལ་ཆོ་ག་ནི་འདི་ཡིན་ཏེ། བཀླགས་པས་འགྲུབ་པ་འདི་སྲད་བུ་དམར་པོ་ལ་ལན་བདུན་བཟླས་པ་བྱས་ལ། མདུད་པ་བདུན་བོར་ཏེ་མགུལ་དུ་གདགས་སོ། །འཕགས་པ་གཞང་འབྲུམ་རབ་ཏུ་ཞི་བར་བྱེད་པའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤི་ལ་དང༌། ཞུ་ཆེན་གྱི་ལོ་ཙྪ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་གཏན་ལ་ཕབ་པའོ། །

འཕགས་པ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས།

༈ རྒྱ་གར་སྐད་དུ། ཨཱརྻ་སརྦ་རོ་ག་པྲ་ཤ་ནི་ནཱ་མ་དྷ་ར་ནི། བོད་སྐད་དུ། འཕགས་པ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཆོས་ཀྱི་རྣམ་གྲངས་འདི་ཟུངས་ཤིག །ཆོངས་ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་ཅིག །ཏདྱ་ཐཱ། ཙ་ལེ་མེ། ཙ་ལེ་མེ། པཾ་ན་ཀོ་ཀི་ལི། ཤྲི་མེ་ཏི། ཀུནྜ་ལེ། དུནྡུ་བྷེ། ཨིནྡྲ་ནི། མུ་ཁེ་སྭཱ་ཧཱ། འདི་དག་ནི་ཟས་མ་བཞུ་བ་དང༌། སྦོས་པ་དང༌། ཁྲག་དང༌། མཁྲིས་པ་འདྲིས་པ་དང༌། གཞང་འབྲུམ་གྱིས་བཏབ་པ་དང༌། གཞང་ནད་ཅན་དང༌། ཟ་གུ་དང༌། ལུང་པ་ཅན་དང༌། རིམས་ནད་ཅན་དང༌། ཀླད་པ་ན་བ་དང༌། གཞོགས་ཕྱེད་ན་བ་དང༌། ཡི་དྭགས་ཀྱིས་ཟིན་པའི་གསང་སྔགས་ཀྱི་གཞི་ཡིན་ཏེ། ཀུན་དགའ་བོ་གང་གསང་སྔགས་ཀྱི་གཞི་འདི་དག་ལས་འགལ་བར་བྱེད་པ་དེ་ནི། ངས་ལྷ་དང་བཅས་པའི་འཇིག་རྟེན་ན་མ་མཐོང་ངོ༌། །ཚེ་ཟད་པ་ནི་མ་གཏོགས་སོ། །གསང་སྔགས་གྱི་གཞི་འདི་དག་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་སྟེ། འདི་ལ་སངས་རྒྱས་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་གོ །འདོད་ཆགས་དང་བྲལ་བ་ནི་ཆོས་ཐམས་ཅད་ཀྱི་མཆོག་གོ །དགེ་འདུན་ནི་ཚོགས་ཐམས་ཅད་ཀྱི་མཆོག་གོ །བདེན་པའི་ཚིག་དང༌། བདེན་པའི་ངག་འདི་བདག་གིས་ཟོས་པ་དང༌། འཐུང་བ་དང༌། འཆོས་པ་དང༌། མྱངས་པ་རྣམས་ལེགས་པར་བདེ་བར་ཞུ་བར་གྱུར་ཅིག་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུངས་རྫོགས་སོ།། །།

རིམས་ནད་ཞི་བའི་གཟུངས།

༈ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཕགས་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨི་ལི་མི་ཏི་མེ་ལེ། ཧ་ནེ་སུ་ཧ་ནེ། ཆེ་གེ་མོ་ཞིག་ཛ་ར་བནྡྷ་མེ། ཨེ་ཀ་ཧི་ཀ་ན། ཏྲི་ཧི་ཀཾ་ཙ་ཏུ་རྩ་ཀ་ན། སྣི་ཏྱ་ཛྭ་རཱ་ན་སྭཱ་ཧཱ། ཆོ་ག་ནི་འདི་བྲིས་ཏེ་མགུལ་དུ་བཏགས་ན་རིམས་ནད་མེད་པར་བྱེད་དོ། །རིམས་ནད་ཞི་བའི་གཟུངས་རྫོགས་སོ།། །།

འཕགས་པ་རིམས་ནད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས།

༈ རྒྱ་གར་སྐད་དུ། ཨཱརྻ་ཛྭ་ར་པྲ་ཤ་མ་ནི་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་རིམས་ནད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་དག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ན་བཞུགས་སོ། །དེ་ནས་དགེ་སློང་ཞིག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་དགེ་སློང་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་འདི་ན་སེམས་ཅན་རྣམས་རིམས་ནད་ཀྱིས་གཙེས་པར་མཆིས་ན། བཅོམ་ལྡན་འདས་དེ་དག་བསྲུང་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཕྱོགས་འདི་ན་མེ་ལྕེའི་འཕྲེང་བ་ཞེས་བྱ་བའི་རིམས་ནད་འདུག་སྟེ། སེམས་ཅན་རྣམས་ལ་ཉིན་གཅིག་པ་དང༌། ཉིན་གཉིས་པ་དང༌། ཉིན་གསུམ་པ་དང༌། ཉིན་བཞི་པ་ལ་སོགས་པ་ལ་ཐུགས་རྗེ་དང་ལྡན་པས་བརྩེ་བར་བྱེད་པས་དེ་སྲུང་བའི་གསང་སྔགས་ཀྱི་གཞི་རྣམས་འདི་དག་ཡིན་ནོ། །ཏདྱ་ཐཱ། ཛྭ་ལ་ནི་ཛྭ་ལ་ནི། པྲ་ཏི་བ་ནི་པྲ་ཤ་མ་ནི་བདག་གི་རིམས་ནད་སོང་ཞིག །མ་འདུག་ཅིག་སྭཱ་ཧཱ། བདེན་པ་དང༌། བདེན་པའི་ཚིག་དང༌། འཇིག་རྟེན་ན་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་གྱི་བདེན་པ་དང་བདེན་པའི་ཚིག་གིས་བདག་གི་རིམས་ནད་སོང་ཞིག །མ་འདུག་ཅིག་སྭཱ་ཧཱ། སིད་དྷཾ་ཏུ་མནྟྲ་པ་ཏཱ་བ་དྷ་བི་དྱ་ན་པྲ་མ་ཨ་ནུ་མོ་དོ་སྭཱ་ཧཱ། སྐུད་པ་ནག་པོ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཤིང་མདུད་པ་ཉི་ཤུ་རྩ་གཅིག་བོར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་རིམས་ནད་རབ་ཏུ་ཞི་བར་བྱེད་པའི་གཟུངས་རྫོགས་སོ།། །།

༈ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ནས་ཐོགས་མེད་སྟོན་ལ་ཕྱག་འཚལ་ལོ། །ཨོཾ་པི་ཤུ་ནེ་སྭཱ་ཧཱ། འདི་བཟུང་བས་འཕགས་པ་རྨ་བྱ་ཆེན་མོ་གཟུང་བར་འགྱུར་རོ། །འཕགས་པ་རྨ་བྱ་ཆེན་མོའི་སྙིང་པོ་རྫོགས་སོ།། །།

འཕགས་པ་བགེགས་སེལ་བའི་གཟུངས།

༈ རྒྱ་གར་སྐད་དུ། ཨཱརྻ་བིགྷྣན་བི་ནཱ་ཡ་ཀཱ་ར་ཏྲ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་བགེགས་སེལ་བའི་གཟུངས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཚོགས་ཀྱི་བདག་པོའི་སྙིང་པོ་འཛིན་པ་དེས་མཆོག་ཐམས་ཅད་དང༌། དགོངས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །གསུང་སྔགས་ཐམས་ཅད་འགྲུབ་པར་འགྱུར་རོ། །ཏདྱ་ཐཱ། ན་མསྟུ་ཏེ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ད་ར་ད་ར། ཌ་ཧ་ཌ་ཧ། གྲི་ཧྣ། བྷཉྫ་བྷཉྫ། ན་མསྟུ་ཏེ། རུ་རུ་ཙ་ཙ་ཡེ་སྭཱ་ཧཱ། ཨ་བྷུ་ཏྲཱ་བི་ན་དུཿ ཁཾ་མཉྩེ་དྡྷ་བ་ར་ས་གཙྪ་ཏི་ཧ་ཧ་ཡ། མ་ཧཱ་ཧསྟིཏྐྵ་ཏ་ན་ན། པྲ་གོ་བ་ཡེ་མོ། ཀུ་རུ་ཀུ་རུ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། ན་མོ་ན་མཿསྭཱ་ཧཱ། ནངས་པར་ལངས་ཏེ་སྔགས་ལན་བདུན་བཟླས་ལ། ཆུ་ཁྱོར་བ་གང་སྟེང་དང་འོག་གི་ཕྱོགས་སུ་གཏོར་ཅིག་དང༌། གེགས་ཐམས་ཅད་བཅིངས་པར་འགྱུར། གསང་སྔགས་སྒྲུབ་པར་འདོད་པས་སྐུད་པ་དཀར་པོ་ལ་མདུད་པ་ཉི་ཤུ་རྩ་གཅིག་བོར་ཏེ་ལག་པ་ལ་བཅིངས་ན་རིག་སྔགས་འགྲུབ་པར་འགྱུར་རོ། །གེགས་ཐམས་ཅད་བཅིངས་པར་འགྱུར་རོ། །གང་ན་ཚོགས་ཀྱི་བདག་པོ་སྣང་བ་དེར་གཟུངས་འདི་ལན་གཅིག་བཀླགས་ན་ཡང་གེགས་རྣམས་བར་ཆད་མི་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས་འཁོར་དེ་དག་ཐམས་ཅད་དགའ་སྟེ། ལྷ་དང་མི་དང༌། ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་གེགས་སེལ་བ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།གུ་གུལ་སེར་པོ་དང་ཕ་ཝཾ་གི་རྟུག་པ་ཀུན་ལ་བསྐུ་བའི་རྟུག་པ་སྦྱར་བའི་དུ་བས་བདུགས་ན་འགོ་བའི་ནད་པའི་གམ་དུ་ཕྱིན་ཡང་མི་ཚུགས། གོས་པ་ལ་ཐུག་ན་མྱུར་དུ་སེལ། ཁྱིམ་དུ་འབྱུང་པོས་གནོད་པ་དག་ལ་རབ་ཏུ་བསྔགས་སོ།། །།

འཕགས་པ་བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས།

༄༅། །འཕགས་པ་བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་སརྦ་ཨན་ཏ་ར་ཡ་བི་ཤོ་དྷ་ནི་ནཱ་མ་དྷ་ར་ནི། བོད་སྐད་དུ། འཕགས་པ་བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས། སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་ཤར་ཕྱོགས་སུ་བྲམ་ཟེའི་གྲོང་ཤིང་ཨ་མྲའི་ཚལ་ཞེས་བྱ་བའི་བྱང་ཕྱོགས་ན་ལུས་འཕགས་རིའི་དབང་པོའི་བྲག་ཕུག་ན་བཞུགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འཆི་འཕོ་བའི་ཚེའི་འདུ་བྱེད་ཀྱི་སྔ་ལྟས་བྱུང་ནས་སྐྲག་པ་སྐྱེས་ཏེ། བཙུན་མོ་དང་གཡོག་དང་བཅས་པ་བཅོམ་ལྡན་འདས་ཀྱི་གན་དུ་སོང་ནས་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས། ཕྱོགས་གཅིག་ཏུ་འདུག་ནས་དོན་དུ་གཉེར་བ་ཞུས་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་དེའི་ཕྱིར་ཁྱོད་བདུད་ཐམས་ཅད་དང༌། ཕྱིར་རྒོལ་བ་དང་བར་དུ་གཅོད་པ་ཐམས་ཅད་ཚར་གཅོད་པར་བྱེད་པ། བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་རིག་སྔགས་ཀྱི་གཞི་འདི་རྣམས་ཉོན་ཅིག །ཏདྱ་ཐཱ། ཨ་བྷ་ཡེ་བྷ་ཡ་བི་ག་ཏེ། དྷ་ཡ་པ་རི་ཤོ་དྷ་ནེ། ཨ་བྷ་ཡེ་ཨ་བ་ཡ་ད་ནི། ནི་རུ་པ་ཀླི་ཥྚི། ཨ་ན་ཀུ་ལ་ཨ་ཀུ་ལ་པ་རི་ཤོ་དྷ་ནི། ཨ་ག་བི་ཀ་ལ་བི། ཨ་བ། ལ་བ་ན་ཨ་ཙུ་ཏེ། ཤུ་བྷེ་ཤུ་བྷེ། ཏེ་ཛེ་ཏེ་ཛེ་བ་ཏི། ཤ་མེ་ཨ་ཤ་མེ། མཻ་ཏྲེ་མཻ་ཏྱ་དྷི་ཏི་ཏེ་ཤོ། ཏ་ཥ་ཡེ་ནེ་ས་ཏྱེ། ས་ཏྱ་ད་ར་ཤི། ཨ་བི་དུད་དྷེ། ས་ཧི་ཏེ། ས་ཧི་ཧ་ཏེ། ཨརྦེ་ནི་ཨརྠ་སི་དྷི། ཨ་མྲི་ཏ་པ་ཏེ། ཨ་བྷི་ཏེ། བཛྲ་ས་ཏྱེ། ཨ་ཀྵ་ཡེ། ཨ་ཀྵ་ཡ་པྲ་བྷ་དྲན་ཏ་པ་རེ། ཤུདྡྷེ་ཤུདྡྷེ་པྲ་བྷེ། ཨ་ཝ་བྷཱ་སེ། ཨ་ཝ་བྷ་ས་པ་ཏེ། ཨུ་བ་ཡོ་ཀེ །ཨ་ནུད་ཏ་རེ། ས་མ་ཙིཏ་ཏེ། བུདྡྷ་ཨདྷིཥྛཱི་ཏེ། ཤི་ལེ་བི་ཤོ་དྷ་ནེ། ཨ་སཱ་ཧ་ར། སུ་ནི་གྲི་ཧི། ཏམ་མ་ར་བལ་ན་ན་མ། པ་ར་ཛ་ཡོ་དྲིཥྚི་ཀ་ཏྱ་ནཱ་ན། ཛྭ་ལ་ནན་ལྷ་མོ་ལ་ཀཱ་ཡ། ཨུད་ག་ཏཱ་ནཱན། དྷརྨ་ནི་དྷ་ན་སྱ། ས་ར་གྲ་ཧ་ནི་དྷརྨ་ཀོ་ཤ་སྱ། ཀོའུ་ཤི་ཀ །ཁྱོད་ཀྱི་གསང་སྔགས་ཀྱི་གཞི་འདི་དག་གིས་བདུད་ཐམས་ཅད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པར་འགྱུར་རོ། །སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པ་བར་དུ་གཅོད་པ་ཐམས་ཅད་མི་འབྱུང་ངོ༌། །དོན་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང༌། ལྷའི་དབང་པོ་བརྒྱ་བྱིན་ཡི་རངས་ཏེ་དེའི་ཚེ་འདི་སྐད་དུ། ཁོ་བོ་ལྷ་ལས་མ་གྱུར་ལ། །འདི་ཉིད་ན་ནི་འདུག་བཞིན་དུ། །ཁོ་བོས་ཚེ་ཡང་ཐོབ་ཟིན་གྱིས། །གྲོགས་དག་དེ་ལྟར་ཤེས་པར་གྱིས། །ཞེས་ཆེད་དུ་བརྗོད་པས་ནི་ཆེད་དུ་བརྗོད་དོ། །འདིའི་མཐུས་བར་དུ་གཅོད་པ་དང༌། གེགས་དང་ལོག་པར་འདྲེན་པ་ཐམས་ཅད་མེད་པར་གྱུར་ཅིག །ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པར་གྱུར་ཅིག །ན་མོ་ཨརྒེ་ཏུ་ལེ་ན་གེ་ཙ་ན་ད་ནི་ཡེ་སྭཱ་ཧཱ། སརྦ་ཨརྦ་སརྡ་ནེ་ཡེ་སྭཱ་ཧཱ། ད་ར་མརྠ་སརྡ་ནི་ཡེ་སྭཱ་ཧཱ། །སརྦ་ཨ་ན་ཏ་རཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། བརྒྱ་བྱིན་བཙུན་མོའི་འཁོར་དང་བཅས་པ་ཐམས་ཅད་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།

འཕགས་པ་གསེར་འོད་དམ་པའི་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་ནོར་ཕྱུགས་སྐྱོང་ཞིང་སྤེལ་བ་ཞེས་བྱ་བའི་གཟུངས།

༄༅། །འཕགས་པ་གསེར་འོད་དམ་པའི་མདོ་སྡེའི་དབང་པའི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་རཏྣ་དྷ་ར་ནི། བོད་སྐད་དུ། འཕགས་པ་གསེར་འོད་དམ་པའི་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། ནོར་ཕྱུགས་སྐྱོང་ཞིང་སྤེལ་བ་ཞེས་བྱ་བའི་གཟུངས། དཔལ་ལྡན་རྣམ་ཐོས་སྲས་དང་ཨཱརྻ་ཛམ་བྷ་ལྷ་ལ་སོགས་པ། ནོར་ལྷ་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཀྱི་ཕུང་པོའི་རི་ལ། དགེ་སློང་གི་དགེ་འདུན་ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང༌། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དང༌། ནོར་ལྷའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་དང་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་ས་ཡི་ལྷ་མོ་བརྟན་མས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཆོས་སྨྲ་བའི་དགེ་སློང་དེ་དག་ལ་སོགས་པ་རྣམས། འཛམ་བུའི་གླིང་འདིར་སྐྱེ་བོ་མང་པོ་ལ་ཕན་པ་དང༌། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར། དབུལ་ཞིང་འཕོངས་པའི་སྡུག་བསྔལ་དང་བྲལ་ནས། ཕྱུག་ཅིང་བདེ་བ་དང༌། བསམ་པ་འགྲུབ་པ་དང༌། ནོར་དང་རིགས་རྒྱུད་དར་ཞིང་འཕེལ་བ་དང༌། ཚེ་རབས་ཐམས་ཅད་དུ་ལོངས་སྤྱོད་ཆེ་ཞིང༌། མཐུ་དང་རྫུ་འཕྲུལ་ཆེ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་རྒྱུད་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། བདེ་བའི་ཕྱིར་ཞུས་པ་ལེགས་སོ་ལེགས་སོ། །དེའི་ཕྱིར་ཁྱོད་ལེགས་པར་ཉོན་ཅིག །དང་པོ་བདག་གི་མདུན་དུ་མགོན་པོ་རྣམ་ཐོས་སྲས་སྐུ་མདོག་སེར་པོ། ཕྱག་གཡས་ན་རིན་པོ་ཆེའི་དབྱུག་ཏོ། གཡོན་ན་ནེའུ་ལེ་སེར་པོ་སྲེ་མོང་གི་རྐྱལ་པ་ནོར་གྱིས་བཀང་བ་འཛིན་པ། ནོར་བུ་རིན་པོ་ཆེའི་རྒྱན་དང༌། སེང་གེལ་གདན་བྱས་པ། བཙུན་མོ་ནོར་བུ་རིན་པོ་ཆེའི་ཕྲེང་བ་འཛིན་པ། དཔལ་ལྡན་ཨཱརྻ་ཛམ་བྷ་ལ་སྐུ་མདོག་མཐིང་ཁ། ཕྱགས་གཡས་ན་ཤིང་ཐོག་གི་འབྲས་བུ་པུན་ཛ་པུ་ར་འཛིན་པ། གཡོན་ནེའུ་ལེའི་རྐྱལ་པ་ནོར་གྱིས་བཀང་བ་འཛིན་པ། དར་སྣ་ཚོགས་ཀྱིས་བརྒྱན་པ། ཨུཏྤ་ལའི་ཕྲེང་བས་སེ་རལ་ཁར་བརྒྱན་པ། བཙུན་མོ་ནོར་བདག་མོ་དང༌། ནོར་ལྷ་ཆེན་པོ་བརྒྱད་འཁོར་དང་བཅས་པ་རྣམས་དང༌། ཕྱུགས་ལྷ་ལྗང་ཁུ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཕྱག་གཡས་ན་རིན་པོ་ཆེའི་གཞོང་པ་མར་གྱིས་བཀང་བ་འཛིན་པ། ཕྱག་གཡོན་ན་ཤེལ་གྱི་ཟོ་བ་ཞོས་བཀང་བ་བསྣམས་པ། དེ་ལྟར་ལྷ་རྣམས་མངོན་སུམ་དུ་དམིགས་ལ། སྤོས་ཆབ་ཀྱིས་མཎྜལ་བྱས་པའི་སྟེང་དུ་མེ་ཏོག་སིལ་མ་བཀྲམ། པུ་ཛ་རྣམ་པ་སྣ་ཚོགས་པས་མཆོད། དེ་ནས་ནོར་དང་བསོད་ནམས་འཕེལ་བར་བྱེད་པའི་གཟུངས་འདི་བརྗོད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཻ་ཤྲ་མ་ཎཱ་ཡ། མ་ཧཱ་རཱ་ཛཱ་ཡ། ཏདྱ་ཐཱ། སི་མི་སི་མི། སུ་མུ་སུ་མུ། ཙན་ཏ་ཙན་ཏ། ས་ར་ས་ར། ཀ་ར་ཀ་ར། ཀི་ལི་ཀི་ལི། ཀུ་རུ་ཀུ་རུ། མུ་རུ་མུ་རུ། ཙུ་རུ་ཙུ་རུ། སད་དྷྱ་ཨད་མ་ན་མ། ཉིད་དྷྱ་ན་ཨད་དྷ་ན། ཙན་དྷ་དྷུ་སྭཱ་ཧཱ། ན་མོ་བཻ་ཤྲ་མ་ཎཱ་ཡེ་སྭཱ་ཧཱ། ན་མོ་ར་ཏ་པ་ར་པུ་ཡ་སྭཱ་ཧཱ། གང་གིས་གཟུངས་འདི་བརྗོད་པས་ཚེ་རབས་ཐམས་ཅད་དུ། ནོར་དང་རིགས་བརྒྱུད་དར་ཞིང་འཕེལ་བར་འགྱུར་རོ། །ན་མོ་བཻ་ཤྲ་མ་ཎཱ་ཡེ་སྭཱ་ཧཱ། ན་མོ་ཨཱརྻ་ཛམ་བྷ་ལཱ་ཡེ་སྭཱ་ཧཱ། ན་མོ་དེ་བ་ཛམ་བྷ་ལཱ་ཡེ་སྭཱ་ཧཱ། ན་མོ་ནཱ་ག་ཛམ་བྷ་ལཱ་ཡེ་སྭཱ་ཧཱ། ན་མོ་ཡག་ཤ་ཛམ་བྷ་ལཱ་ཡེ་སྭཱ་ཧཱ། ན་མོ་རག་ཤ་ཛམ་བྷ་ལཱ་ཡེ་སྭཱ་ཧཱ། ན་མོ་སུརྻ་ཛམ་བྷ་ལཱ་ཡེ་སྭཱ་ཧཱ། ན་མོ་པུ་ཏྲ་ཙན་ཏྲ་ཛམ་བྷ་ལཱ་ཡེ་སྭཱ་ཧཱ། ན་མོ་སྟི་ཐི་ཛམ་བྷ་ལཱ་ཡེ་སྭཱ་ཧཱ། དྷ་ན་མ་དྷེ་ཧི་སྭཱ་ཧཱ། བདག་ལ་བ་སུ་དེ་ཧི་སྭཱ་ཧཱ། སྙིང་པོ་དེ་བརྗོད་པའི་མཐུས་དགེ་སློང་ཆོས་སྨྲ་བའི་ཁྱིམ་དུ་ནོར་དང༌། འབྲུ་དང༌། གསེར་དང༌། གཡུ་དང༌། དངུལ་དང༌། ཟངས་དང༌། ལྕགས་དང༌། ནོར་བུ་དང༌། མུ་ཏིག་དང༌། བཻ་ཌཱུརྻ་དང༌། རྡོ་རྗེ་དང༌། དུང་དང༌། བྱུ་རུ་དང༌། པུན་ཌ་རི་ཀ་དང༌། པདྨ་དང༌། ཨིནྡ་ནཱི་ལ་དང༌། ཀེ་ཀེ་ར་དང༌། དྷྱི་ཀ་དང༌། ཀར་ཤ་པ་ནི་དང༌། མན་ཤེལ་དང༌། ས་ལེ་སྦྲཾ་དང༌། བཻཌཱུརྻ་དང༌། རྟ་དང༌། གླང་པོ་ཆེ་དང༌། མ་ཧེ་དང༌། གནག་དང༌། བ་ལང་དང༌། ར་ལུག་དང༌། ནས་དང༌། འབྲས་དང༌། གྲོ་དང༌། ཁྲེ་དང༌། ཏིལ་དང༌། ཡུངས་ཀར་དང༌། སོ་བ་དང༌། སྲན་མ་དང༌། བྱི་ཏིལ་དང༌། མོན་སྲན་དང༌། ཚེ་རབས་ཐམས་ཅད་དུ་ནོར་ཕྱུགས་འཕེལ་བར་འགྱུར་རོ། །འབྱོར་ཚད་གཏོར་མར་བཤམས་ནས་ནི། ནོར་ལྷ་རྣམས་ལ་མཆོད་གྱུར་ན། བྱང་ཕྱོགས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་སྲས། །གཏོར་མ་འབུལ་བ་འདི་བཞེས་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ནོར་ལྷ་ཆེན་པོ་ཁྱེད་རྣམས་ཀྱིས། །བསོད་ནམས་ནོར་གྱི་དངོས་གྲུབ་སྩལ་དུ་གསོལ། །འཛམ་གླིང་གཏེར་གྱི་དངོས་གྲུབ་སྩལ་དུ་གསོལ། །དེ་བཞིན་དཔལ་ལྡན་ཨཱརྻ་ཛམ་བྷ་ལ་དང་ནི། །རྟ་བདག་ཀུ་བྷེ་ར་དང་ལུག་བདག་ནོར་བུ་བཟང༌། །གང་བ་བཟང་དང་འབྲོག་གནས་ལྔ་རྩེན་པི་ཙི་ཀུན་ཌ་ལི། །ཕྱུགས་ལྷ་ལྗང་ཁུ་དང་ནི་ལྷ་མོ་ནོར་རྒྱུན་མ། །རྨུགས་འཛིན་ལ་སོགས་ཕོ་ཉ་ཆེན་པོ་བརྒྱད། ནོར་ལྷའི་ཚོགས་རྣམས་གཏོར་མ་ཕུལ་བ་འདི་བཞེས་ལ། །ཡོན་སྦྱོར་བདག་ལ་ཚེ་རབས་ཐམས་ཅད་དུ། །བསོད་ནམས་ནོར་གྱི་དངོས་གྲུབ་སྩལ་དུ་གསོལ། །འཛམ་གླིང་གཏེར་གྱི་དངོས་གྲུབ་སྩལ་དུ་གསོལ། །ནོར་ལྷ་ཆེན་པོ་ཁྱེད་རྣམས་ཀྱིས། །འཇིག་རྟེན་སྐྱོང་བ་གྲགས་དང་ལྡན། །སྡེ་པོ་ཆེ་ལ་སྟོབས་པོ་ཆེ། །ཕ་རོལ་དཔུང་ནི་འཇོམས་པར་བྱེད། །གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །རྫུ་འཕྲུལ་ལྡན་ཞིང་གྲགས་དང་ལྡན། །མི་ནད་ནོར་གྱི་གོད་ཀ་ཟློག་པར་མཛོད། །ལྷ་དང་མི་ནི་སྐྱོང་བར་བྱེད། །བདག་ཉིད་ཆེན་པོ་དེ་དག་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བདག་ལ་ཚེ་རབས་ཐམས་ཅད་དུ། །བསོད་ནམས་ནོར་གྱི་དངོས་གྲུབ་སྩལ་དུ་གསོལ། །འཛམ་གླིང་གཏེར་གྱི་དངོས་གྲུབ་སྩལ་དུ་གསོལ། །དེ་ནས་སའི་ལྷ་མོ་བརྟན་མ་སྟན་ལས་ལངས་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་ནོར་ལྷའི་ཚོགས་ནི་ཇི་ལྟར་སྒོམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ནོར་ལྷ་སྒོམ་པའི་རིམ་པ་འདི་ལྟར་ལགས། །དཀྱིལ་འཁོར་གྱི་དབུས་སུ་རྣམ་ཐོས་སྲས་སྐུ་མདོག་སེར་པོ། བཻ་སེར་པོ་ལས་བསྐྱེད། དེའི་སྤྱན་སྔར་ཨཱརྻ་ཛམ་བྷ་ལྷ་སྐུ་མདོག་མཐིང་ཀ །ཕྱག་གཡས་ན་ཤིང་ཐོག་གི་འབྲས་བུ་བསྣམས་པ། གཡོན་ན་ནེའུ་ལེའི་རྐྱལ་པ་ནོར་གྱིས་གང་བ་འཛིན་པ། ཤར་དུ་སྨུགས་འཛིན། ལྷོ་ན་གང་བ་བཟང་པོ་བུམ་པ་འཛིན་པ། ནུབ་ན་ནོར་བུ་བཟང་པོ་ནོར་བུ་ཐོགས་པ། བྱང་དུ་རྟ་བདག་ཀུ་བེ་ར་རལ་གྲི་ཐོགས་པ། མཚམས་བཞིར་ཡང་དག་ཤེས་སེར་པོ་རལ་གྲི་ཅན། འབྲོག་གནས་མདུང་ཐོགས་ནས་ནོར་བསྲུང་བ། ལྔ་རྩེན་སེར་སྐྱ་རཏྣའི་ཁང་བུ་བརྩེགས་པ་བསྣམས་པ། ཛི་བི་ཀུན་ཌ་ལི་རལ་གྲི་བསྣམས་ནས་གནོད་བྱེད་ཟློག་པར་བྱེད་པ། དེ་དག་ཐམས་ཅད་རྟ་ལ་ཆིབས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པ་ཡུམ་བརྒྱད་སྐུ་ལ་འཁྲིལ་བ། གནོད་སྦྱིན་དང་ནོར་ལྷའི་འཁོར་བྱེ་བས་བསྐོར་བ། གཡས་ཐམས་ཅད་དུ་སོ་སོའི་ཕྱག་མཚན་འཕྱར་བ། གཡོན་ཐམས་ཅད་རྟའི་སྲབ་མདའ་བཟུང་བར་བསྒོམ། ཛམ་བྷ་ལྷའི་ཡུམ་ནོར་རྒྱུན་མ་སྐུ་མདོག་སེར་མོ། ཕྱག་གཡས་མཆོག་སྦྱིན། གཡོན་གྱི་འབྲས་ཀྱི་སྙེ་མ་བཟུང་བ། རཏྣའི་རྒྱན་གྱིས་བརྒྱན་པ། རབ་ཏུ་མཛེས་པའི་ཆ་བྱད་ཅན། ཞི་ཞིང་འཛུམ་པ་ན་ཆུང་མ་ལྟ་བུ། ཡུམ་ཟླ་འོད་མ་དང༌། རབ་སྦྱིན་མ་དང༌། འཕགས་མ་དང༌། སྦས་མ་དང༌། ལྷ་མོ་དབྱངས་ཅན་མ་དང༌། དེ་རྣམས་ཁ་དོག་ཡབ་དང་འདྲ་བ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། གཡས་ཐམས་ཅད་འབྲས་ཀྱི་སྙེ་མ་བཟུང་བ། གཡོན་ཐམས་ཅད་རིན་པོ་ཆེའི་ཕྲེང་བ་འདྲེན་པ། རབ་ཏུ་མཛེས་པའི་ཆ་བྱད་ཅན། ཡབ་རེ་ལ་གཡོན་ཕྱོགས་སུ་ཡུམ་རེ་བསྒོམ་མོ། །དེ་ནས་འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་རབ་ཏུ་འདོན་པར་བྱས་ནས། དེ་ལ་སྤོས་ཀྱང་བྱུག །མེ་ཏོག་བསིལ་མར་བཀྲམ། པུ་ཛ་རྣམ་པ་ལྔ་བཤམ། མཚམས་དྲག་ཏུ་བཅད། བདག་ཉིད་ཁྲུས་ལེགས་པར་བྱས། དེ་ནས་ནོར་ལྷའི་རྒྱལ་པོ་འཁོར་དང་བཅས་པ་མདུན་དུ་སྤྱན་དྲང་ནས། གོང་ལྟར་སྒོམ་ཞིང་གཟུངས་འདི་བརྗོད་པར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཻ་ཤྲ་མ་ཎཱ་ཡེ་སྭཱ་ཧཱ། མ་ཧཱ་ར་ཛཱ་ཡ། ཏདྱ་ཐཱ། སི་མི་སི་མི། སུ་རུ་སུ་རུ། ཙན་ཏ་ཙན་ཏ། ཙ་ར་ཙ་ར། ས་ར་ས་ར། ཀ་ར་ཀ་ར། ཀི་ལི་ཀི་ལི། ཀུ་རུ་ཀུ་རུ། མུ་རུ་མུ་རུ། ཙུ་རུ་ཙུ་རུ། སདྷྱ་ཨད་མ་ན་མ་ཉིད་དྷྱ་ན། ཨ་དྷ་ན་ཙ་ཧ། མ་ཧཱ་སྭཱ་ཧཱ། ན་མོ་བཻ་ཤྲ་མ་ཎཱ་ཡེ་སྭཱ་ཧཱ། ཏདྱ་ཐཱ། ན་མོ་ཨཱརྻ་ཛམ་བྷ་ལཱ་ཡེ་སྭཱ་ཧཱ། ན་མོ་དེ་བ་ཛམ་བྷ་ལཱ་ཡེ་སྭཱ་ཧཱ། ན་མོ་ནཱ་ག་ཛམ་བྷ་ལཱ་ཡེ་སྭཱ་ཧཱ། ན་མོ་ཡཀྵ་ཛམ་བྷ་ལཱ་ཡེ་སྭཱ་ཧཱ། ན་མོ་རཀྵ་ཛམ་བྷ་ལཱ་ཡེ་སྭཱ་ཧཱ། ན་མོ་སུརྻ་ཛམ་བྷ་ལཱ་ཡེ་སྭཱ་ཧཱ། ན་མོཿ པུ་ཏྲ་ཙནྡྲ་ཛམ་བྷ་ལཱ་ཡེ་སྭཱ་ཧཱ། བདག་ལ་བ་སུ་དེ་ཧི། བདེན་པའི་བྱིན་གྱིས་བརླབས་དང་ལྡན་པའི་སངས་རྒྱས་རྣམས་དང༌། ནོར་ལྷའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་དང༌། དབུས་ན་རྒྱལ་པོ་རྣམ་ཐོས་སྲས་ཡབ་ཡུམ་སེར་པོ། ཤར་ན་ཛམ་བྷ་ལ་ཡབ་ཡུམ་མཐིང་ཁ། ལྷོ་ན་གང་བ་བཟང་པོ་ཡབ་ཡུམ། ནུབ་ན་ནོར་བུ་བཟང་པོ་ཡབ་ཡུམ། བྱང་ན་རྟ་བདག་ཀུ་བཻ་ར་ཡབ་ཡུམ། ཤར་ལྷོ་མཚམས་ན་ལུག་ལྷ་ཡང་དག་ཤེས་སེར་པོ་ཡབ་ཡུམ། ལྷོ་ནུབ་མཚམས་ན་ནོར་ལ་འབྲོག་གནས་ནག་པོ་ཡབ་ཡུམ། ནུབ་བྱང་མཚམས་ན་ལྔ་རྩེན་སེར་སྐྱ་ཡབ་ཡུམ། བྱང་ཤར་མཚམས་ན་ལུག་ལྷ་ཛི་བི་ཀུན་ཌ་ལི་དཀར་པོ་ཡབ་ཡུམ། ཡང་དབུས་ན་ཕྱུགས་ལྷ་ལྗང་ཁུ། གཞན་ཡང་ལྷ་ཆེན་པོའི་ནོར་ལྷ་དང༌། ཀླུ་ཆེན་པོའི་ནོར་ལྷ་དང༌། གནོད་སྦྱིན་གྱི་ནོར་ལྷ་དང༌། སྲིན་པའི་ནོར་ལྷ་དང༌། ཚངས་པའི་ནོར་ལྷ་དང༌། ཉི་མ་དང་ཟླ་བའི་ནོར་ལྷ་དང༌། གཟའ་དང་རྒྱུ་སྐར་གྱི་ནོར་ལྷ་དང༌། ལྷ་སྲིན་སྡེ་བརྒྱད་ཀྱི་ནོར་ལྷ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ནོར་ལྷ་དང༌། ནོར་ལྷའི་ཚོགས་རྣམས་ཀྱིས་བདག་དང་འགྲོ་བ་ཐམས་ཅད་ཀྱི་དབུལ་བའི་སྡུག་བསྔལ་བསལ་ནས། ཐམས་ཅད་དུ་ཕུན་སུམ་ཚོགས་ནས། ནོར་དང༌། འབྲུ་དང༌། གསེར་དང༌། དངུལ་དང༌། ཟངས་ལྕགས་དང༌། དུང་དང༌། བྱུ་རུ་དང༌། བཻ་ཌཱུརྻ་དང༌། པུན་ཌ་རི་ཀ་དང༌། པདྨ་རཱ་ག་དང༌། ཨིནྡྲ་ནི་ལ་དང༌། ཀེ་ཀེ་རུ་དང༌། ཏིར་ཡ་ཀ་དང༌། ཀར་ཤ་པ་ནི་དང༌། མན་ཤེལ་དང༌། ས་ལེ་སྦྲམ་དང༌། རྟ་དང་གླང་པོ་ཆེ་དང༌། མ་ཧེ་དང༌། གནག་དང༌། བ་ལང་དང༌། ར་ལུག་དང༌། ནས་དང༌། གྲོ་དང༌། འབྲས་དང༌། ཏིལ་དང༌། སོ་བ་དང༌། སྲན་མ་དང༌། ཁྲེ་དང༌། ཡུངས་ཀར་དང༌། མོན་སྲན་དང༌། ནོར་ཕྱུགས་དང༌། ཡོ་བྱད་ཐམས་ཅད་ཀྱི་ཆར་ཆེན་པོ་ཕོབ་ཅིག །དཀོན་མཆོག་མཆོད་པའི་ཡོ་བྱད། ཆོས་སྤྱོད་པའི་མཐུན་རྐྱེན། བསོད་ནམས་ནོར་གྱི་དངོས་གྲུབ་སྩལ་དུ་གསོལ། བདག་ལ་བ་སུ་པུཥྚིཾ་ཀུ་རུ་དྷེ་ཧི། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འདོན་ཞིང༌། ནོར་ལྷ་མཆོད་གྱུར་ན། ཚེ་རབས་དག་ནི་ཐམས་ཅད་དུ། སེམས་ཅན་དམྱལ་བ་དང༌། བྱོལ་སོང་གི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དུ་ནམ་ཡང་སྐྱེ་བར་མི་འགྱུར་རོ། །ནམ་དུ་ཡང་མི་ཁོམ་པར་སྐྱེ་བར་མི་འགྱུར་རོ། །གང་དུ་སྐྱེ་བའི་སྐྱེ་བ་དྲན་པར་འགྱུར་རོ། །གང་ཞིག་ཚེ་ཟད་པ་ལས། འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འདོན་ན་ཚེ་ཡང་རྣམ་པར་འཕེལ་བར་འགྱུར་རོ། །སྡིག་པའི་ཕུང་པོ་རི་རབ་ཙམ་ཡང་བྱང་བར་འགྱུར་རོ། །དེ་དག་ལ་བདུད་དང་བདུད་ཀྱི་རིགས་ཀྱི་ལྷ་དང་ཀླུ་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། ཤ་ཟ་རྣམས་ཀྱི་གླགས་བཙལ་ཀྱང་གླགས་རྙེད་པར་མི་འགྱུར་རོ། །གལ་ཏེ་དུས་ལ་བབས་ཏེ་འཆི་བར་གྱུར་ན་ཡང༌། སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་མངོན་སུམ་དུ་ལུང་སྟོན་པར་འགྱུར་རོ། །སངས་རྒྱས་སྟོང་གི་དེ་ལ་ཕྱག་རྐྱོང་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་རོ། །འདི་ལ་ཐེ་ཚོམ་དང་སོམ་ཉི་དང༌། ཡིད་གཉིས་མ་ཟ་ཞིག །རྒྱལ་པོ་ཆེན་པོ་བཞི་ཡང་དེའི་ཕྱི་བཞིན་འབྲངས་ནས་སྲུང་བ་དང༌། བདེ་བ་དང༌། སྐྱོབ་པ་དང༌། སྦེད་པར་བྱེད་དོ། །ས་ཕྱོགས་གང་དུ་མདོ་སྡེ་དཀོན་མཆོག་འདི་འབྲིའམ། ཀློག་གམ་ཁ་ཏོན་དུ་འདོན་ན། ས་ཕྱོགས་དེ་ཡང་མཆོད་རྟེན་དུ་འགྱུར་རོ། །ཕྱག་བྱ་བར་འོས་པར་གྱུར་ཏོ། བྱོལ་སོང་གི་སྐྱེ་གནས་སུ་སོང་བའི་ཚེ་ན་བྱ་དང་རི་དྭགས་ཀྱི་རྣ་ལམ་དུ་སྒྲ་གྲག་པར་གྱུར་ན་ཡང༌། དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །དེ་དག་མིར་སྐྱེས་ན་ཡང་རྒྱལ་རིགས་སུ་སྐྱེ་བར་འགྱུར་རོ། །གཟུགས་བཟང་བར་འགྱུར་རོ། །དབྱངས་སྙན་པར་འགྱུར་རོ། །ཤེས་རབ་ཆེ་བར་འགྱུར་རོ། །ཆོས་སྤྱོད་པའི་སྐལ་པ་དང་ལྡན་པར་འགྱུར་རོ། །ཟད་པ་མེད་པའི་ལོངས་སྤྱོད་ནི་ཚེ་རབས་ཀུན་ཏུ་རྙེད་པར་འགྱུར་རོ། །ཁྱད་པར་དུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དང༌། དེ་བཞིན་ཨཱརྻ་ཛམ་བྷ་ལ་དང་རྟ་བདག་ཀུ་བེ་ར། ཕྱུགས་བདག་ལྷ་མོ་ནོར་རྒྱུན་མ་དང༌། ལུག་བདག་ནོར་བུ་བཟང་པོ་དང༌། དེ་ལ་སོགས་ཏེ་ནོར་ལྷའི་ཚོགས་ཐམས་ཅད་ཀྱིས་ཚེ་རབས་རྟག་ཏུ་གྲོགས་བྱེད་པར་འགྱུར་རོ། །དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང༌། དེ་ནས་དེའི་ཚེ་ལྷ་མོ་དཔལ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་ཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཕྱག་དང་བསྐོར་བ་མང་དུ་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཡོན་ཏན་དེ་དག་དང་ལྡན་པ་ལགས་ན། གསེར་འོད་འདོན་ཞིང་ནོར་ལྷ་མཆོད་གྱུར་ན། གྲུབ་པའི་མཚན་མ་ཇི་ལྟར་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་དཔལ་ལེགས་པར་ཉོན་ཅིག །ངས་ཁྱོད་ལ་བཤད་དོ། །གསེར་འོད་འདོན་ཞིང་ནོར་ལྷ་མཆོད་གྱུར་ན། གྲུབ་པའི་མཚན་མ་འདི་ལྟར་ལགས། །བདག་གིས་གཏེར་དང་ནོར་བསྐུངས་རྙེད། །གསེར་དང་ཤིང་འབྲས་འཐུ་བ་དང༌། །ཞིང་རྨོ་ལོ་ཐོག་བརྔ་བ་དང༌། །སྙེ་མ་གསིལ་དང་འབྲུ་བདག་བྱེད། །བང་ཁང་འབྲུ་དང་ནོར་གྱིས་གང༌། །ཕོ་མོ་རབ་ཏུ་བཟང་པོ་ཡིས། །བཟའ་བཏུང་ནོར་འབྲུ་ལ་སོགས་སྦྱིན། །བུ་མོ་བག་མ་བཟང་མོ་ཡིས། །གྲོ་ཕྱེ་ཆང་དང་འོ་མ་བླུད། །དཀར་གསུམ་བྱིན་དང་དུས་བྱེད་དང༌། ནོར་ཕྱུགས་མང་པོ་བདག་བྱེད་དང༌། །དམག་མི་ཁྲབ་ཅན་དཔོན་པོ་བྱ་རུ་ཅན། མ་རལ་གྱོན་པའི་དམག་ཚོགས་ཀྱིས། །ཙྭ་དང་སོག་དང་ལོ་མ་སྦྱིན། །དེ་དག་གྲུབ་པའི་མཚན་མ་ལགས། །གྲུབ་པའི་མཚན་མ་བྱུང་གྱུར་ན། བདག་གི་ནོར་དང་རིགས་བརྒྱུད་དར། །བསམས་པ་ཐམས་ཅད་འགྲུབ་པར་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། ནོར་ལྷའི་ཚོགས་རྣམས་དང༌། ལྷ་མོ་ཆེན་མོ་དཔལ་དང༌། ལྷ་དང་མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། ཚེ་རབས་ཐམས་ཅད་དུ་ཡོ་བྱད་ཕུན་སུམ་ཚོགས་པའི་ལེའུ་སྟེ་བཅུ་བདུན་པ་རྫོགས་སོ།། །།མངྒ་ལཾ། །

འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་གཡང་སྐྱབས་ཞེས་བྱ་བ།

༄༅། །གསེར་འོད་གཡང་སྐྱབས་ཞེས་བྱ་བ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་སུ་ཝརྞ་སརྟ་ནཱ་མ་མ་ཧཱ་ཡ་ན་སཱུ་ཏྲ་ཧུ་ཡེ། བོད་སྐད་དུ། འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་གཡང་སྐྱབས་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རིའི་རྩེ་མོ་ཆོས་ཀྱི་དབྱིངས་ཀྱི་སྤྱོད་ཡུལ་ན་དེ་བཞིན་གཤེགས་པ་བཞུགས་སོ། །དེའི་ཚེ་ཉན་ཐོས་ཀྱི་དགེ་སློང་གི་དགེ་འདུན་འབུམ་ཕྲག་གྲངས་མེད་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་གྲངས་མེད་པ་དང༌། ལི་ཙཱ་བྱི་གཞོན་ནུ་སྟོང་ཕྲག་ལྔ་བཅུ་བརྒྱ་རྩ་བརྒྱད་དང༌། ལྷའི་བུ་བཞི་ཁྲི་ཉིས་སྟོང་དང༌། ཀླུའི་བུ་མོ་སུམ་ཁྲི་དྲུག་སྟོང་དང༌། ནམ་མཁའ་ལྡིང་གི་རྒྱལ་པོ་བཞི་ཁྲི་དགུ་སྟོང་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། རི་དང༌། ནགས་ཚལ་དང༌། རྒྱ་མཚོ་དང་ཆུའི་ལྷ་ལ་སོགས་པ་ཐམས་ཅད་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཞིང་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་སྟེ། སེམས་རྩེ་གཅིག་ཏུ་བྱས་ཤིང་ཐལ་མོ་སྦྱར་ནས་མིག་མི་འཛུམ་པར་བཅོམ་ལྡན་འདས་ཀྱི་ཞལ་ལ་བལྟ་ཞིང་གསོལ་བ་འདེབས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་འདུས་པ་མང་པོ་ལ་ཐུགས་བརྩེ་བའི་སྤྱན་གྱིས་གཟིགས་ནས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །མདོ་སྡེའི་དབང་པོ་རྒྱལ་པོ་སྟེ། །ཉན་ན་ཤིན་ཏུ་ཟབ་པ་དང༌། །ཡོངས་སུ་བརྟགས་ན་ཟབ་པ་ཉིད། །གསེར་འོད་དམ་པ་འདི་འཆད་དོ། །ཕྱོགས་བཞིར་སངས་རྒྱས་རྣམས་ཀྱིས་ནི། །བྱིན་གྱིས་བརླབས་ཏེ་བརྗོད་པར་བྱ། །མི་འཁྲུགས་པས་ནི་ཤར་ཕྱོགས་སུ། །རིན་ཆེན་ཏོག་གིས་ལྷོ་ཕྱོགས་སུ། །འོད་དཔག་མེད་ཀྱིས་ནུབ་ཕྱོགས་སུ། །རྔ་སྒྲ་ཡིས་ནི་བྱང་ཕྱོགས་སུ། །སྡིག་པ་ཐམས་ཅད་གཞིག་པའི་ཕྱིར། །བཤད་པ་དམ་པ་བཀྲ་ཤིས་པ། །སྡིག་པ་ཐམས་ཅད་ཟད་བྱེད་པ། །སྡུག་བསྔལ་ཐམས་ཅད་འཇིག་པར་བྱེད། །ཐམས་ཅད་མཁྱེན་པ་ཉིད་ཀྱི་གཞི། །དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །བྱིན་གྱིས་བརླབས་ཏེ་བརྗོད་པར་བྱ། །སེམས་ཅན་གང་དག་དབང་པོ་ཉམས། །ཚེ་ཟད་པ་དང་ཚེ་ཉམས་དང༌། །ཕུན་སུམ་ཚོགས་མིན་གང་ཆགས་དང༌། །ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང༌། །མཛའ་སྡུག་སྐྱེ་བོ་སྡང་བ་དང༌། བྲན་བཟའ་ལ་སོགས་གཙེས་པ་དང༌། །ཕན་ཚུན་མཐུན་པ་མ་ཡིན་དང༌། །ནོར་འགྲིབས་པས་ནི་གནོད་པ་དང༌། །མྱ་ངན་ངལ་དང་གནོད་པ་དང༌། །འཇིགས་པ་དང་ནི་འཕོངས་པ་དང༌། །གཟའ་དང་རྒྱུ་སྐར་བྱད་སྟེམས་དང༌། མི་བཟད་གདོན་གྱིས་ཉེན་པ་དང༌། །མྱ་ངན་མངལ་ལས་བྱུང་བ་ཡི། །རྨི་ལམ་སྡིག་པ་མཐོང་ན་ཡང༌། །དེ་ནི་རབ་བཀྲུས་གཙང་མ་ཡིས། །མདོ་སྡེ་དམ་པ་ཉན་པར་བྱ། །གང་དག་ཡིད་དགེ་སེམས་དང་ཞིང༌། །གོས་གཙང་གིས་ནི་རབ་བརྒྱན་ཏེ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །མདོ་སྡེ་འདི་ནི་ཉན་བྱེད་ན། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །ཤིན་ཏུ་མི་ཟད་འདི་འདྲ་བ། །དེ་དག་རབ་ཏུ་ཞི་བར་འགྱུར། །འཇིག་རྟེན་སྐྱོང་བ་བདག་ཉིད་དང༌། །བློན་པོའི་ཚོགས་ཀྱི་དབང་ཕྱུག་བཅས། །གནོད་སྦྱིན་བྱེ་བ་དུ་མ་ཡིས། །དེ་དག་ལ་ནི་བསྲུང་བར་བྱེད། །ལྷ་མོ་ཆེན་མོ་དབྱངས་ཅན་དང༌། ན་ར་ཛ་ན་གནས་པ་དང༌། །འབྱུང་པོའི་མ་མོ་འཕྲོག་མ་དང༌། །སའི་ལྷ་མོ་བརྟན་མ་དང༌། ཚངས་པའི་དབང་དང་ལྷ་དབང་དང༌། །ཀླུ་དབང་མཐུ་ཆེན་རྣམས་དང་ནི། །མིའམ་ཅི་དང་ལྷ་མིན་དབང༌། །དེ་བཞིན་ནམ་མཁའ་ལྡིང་དབང་རྣམས། །སྡེ་དང་སྟོབས་དང་གཞོན་པར་བཅས། །བཅས་ཏེ་དེ་དག་ལྷགས་ནས་ནི། །ཉིན་དང་མཚན་མོ་མི་གཡེལ་བར། །དེ་དག་ལ་ནི་སྲུང་བར་བྱེད། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །སངས་རྒྱས་ཀུན་གྱིས་གསུངས་པ་སྟེ། །བསྐལ་བ་བྱེ་བ་སྤྱོད་དཀའ་བར། །མདོ་འདི་རབ་ཏུ་བཤད་པར་བྱ། །གང་དག་མདོ་འདི་ཉན་པ་དང༌། །གང་དག་གཞན་ལས་ཐོས་བྱེད་དང༌། །གང་དག་རྗེས་སུ་ཡི་རངས་དང༌། །གང་དག་མཆོད་པ་བྱེད་པ་ཡི། དེ་དག་རྣམས་ལ་ལྷ་དང་ཀླུ། །མི་དང་མིའམ་ཅི་དག་དང༌། །ལྷ་མིན་གནོད་སྦྱིན་དུ་མ་ཡིས། །བསྐལ་པ་དུ་མར་མཆོད་པར་འགྱུར། །སྲོག་ཆགས་བསོད་ནམས་བྱེད་པ་རྣམས། །དེ་དག་བསོད་ནམས་ཕུང་པོ་ནི། །མཐའ་ཡས་གྲངས་ཀྱང་མེད་པ་དང༌། །བསམ་གྱིས་མི་ཁྱབ་སྐྱེ་བར་འགྱུར། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང༌། །དེ་བཞིན་ཟབ་མོ་སྤྱོད་པ་ཡི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང༌། །རབ་ཏུ་བཟུང་བར་འགྱུར་བ་ཡིན། །གཙང་མའི་གོས་རྣམས་རབ་བགོས་ལ། །དྲི་ཞིམ་པ་ཡི་གོས་འཆང་ཞིང༌། བྱམས་པའི་སེམས་ནི་ཉེར་བཞག་ནས། །གཡེལ་བ་མེད་པར་མཆོད་པར་བྱ། །རང་གི་སེམས་ནི་དྲི་མེད་ཅིང༌། །རྒྱ་ཆེ་བར་ཡང་རབ་བྱེད་ལ། །སེམས་ཀྱང་ཤིན་ཏུ་དད་བྱེད་ཅིང༌། །མདོ་སྡེ་དམ་པ་ཉན་པར་གྱིས། །གང་དག་མདོ་འདི་ཉན་པ་ནི། །དེ་དག་མི་ནོར་ལེགས་པར་འོང༌། །མི་ཡི་སྲིད་པ་ལེགས་པར་ཐོབ། །འཚོ་བ་བདེ་བས་འཚོ་བར་འགྱུར། །གང་གི་རྣ་བའི་བུ་གར་ཡང༌། །བཤད་པ་འདི་ནི་གྲགས་གྱུར་པ། །དེ་དག་དགེ་རྩ་སྦྱངས་པ་སྟེ། །སངས་རྒྱས་མང་པོས་རབ་ཏུ་བསྔགས། །ཕྱི་མར་གྱུར་པའི་དུས་ཉིད་དུ། །མི་རྣམས་བསོད་ནམས་ཉམས་པ་དང༌། །ཆོ་ག་འདི་ལ་བརྩོན་བྱས་ན། །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །དགོས་འདོད་ཐམས་ཅད་སྟེར་བར་བྱེད། །ཤིན་ཏུ་དབེན་ཞིང་ཉམས་དགའ་བར། །གཞི་མ་དཀར་གཙང་སྟེང་དུ་ནི། །དཀོན་མཆོག་མཆོད་པ་རྒྱ་ཆེར་བཤམས། །ཡི་དམ་ཆོས་སྐྱོང་གཏོར་མ་དང༌། །ཕྱོགས་སྐྱོང་ནོར་ལྷ་སྡེ་བརྒྱད་ལ། །དཀར་མངར་མཆོད་པ་རྒྱ་ཆེར་བཤམས། །མདའ་དར་ཕྱེ་མར་གསེར་སྐྱེམས་མཆོད། །རིན་ཆེན་བུམ་པ་མར་ཁུས་བཀང༌། །རྦ་སྨྱུག་རིན་ཆེན་གསེར་གཡུ་དང༌། །གཡང་གི་རིན་ཆེན་མར་གྱིས་བཀང༌། །མར་ལུག་དུང་ཤ་ཆང་ཕུད་སོགས། ཕྱག་རྒྱ་སྦགས་ཀྱིས་བྱིན་བརླབས་ཏེ། །བྱང་ཕྱོགས་གནོད་སྦྱིན་གཏེར་ནང་ནས། །རིན་ཆེན་སྣ་ཚོགས་མཛེས་པར་བྱས། །སེམས་བསྐྱེད་ཡན་ལག་ཚངས་བྱས་ནས། །དར་དཀར་གཡབ་ཅིང་སྤྱན་དྲན་ན། །ཆོས་ཀྱི་རྒྱལ་པོ་བཅོམ་ལྡན་འདས། །ཆོས་ཀུན་རྣམས་ལ་མངའ་མཛད་པ། །ཕྱོགས་བཅུའི་སངས་རྒྱས་སྲས་བཅས་རྣམས། །བཀྲ་ཤིས་སྐྱིད་རྟགས་གནས་འདིར་བྱོན། །དར་དཀར་གཡབ་ཅིང་གཡང་དུ་ལེན། །ཐུགས་རྗེའི་བྱིན་རླབས་ཆེན་པོ་ཡིས། །ཕྱྭ་དང་གཡང་དུ་བསྐྱབ་ཏུ་གསོལ། །ཆོས་རྣམས་གང་དག་མེ་ལོང་འདྲ། །རྣམ་རྟོག་བྲལ་བས་མེ་ལོང་ལྟར། །མི་སྐྱེ་མི་འགག་གཟུགས་སྐུ་འཆར། །དྲི་མེད་འཇའ་ཚོན་ཇི་བཞིན་དུ། །ཡང་དག་ཐབས་ཤེས་སྐུ་རུ་གསལ། །གཡང་བརྟན་མི་འགྱུར་རྡོ་རྗེའི་སྐུ། །བཀྲ་ཤིས་གནས་འདིར་གཡང་ལ་བྱོན། །དར་དཀར་གཡབ་ཅིང་གཡང་དུ་བླན། བྱིན་རླབས་ཕྱ་དང་གཡང་དུ་འདུས། །དགེ་འདུན་བྱང་ཆུབ་ཕྱིར་མི་ལྡོག །མི་རྟོག་རབ་དགའ་ས་ལ་བཞུགས། །གཞན་དོན་མ་རིག་མུན་སེལ་བ། །བཀྲ་ཤིས་སྐྱིད་རྟགས་གཡང་ལ་བྱོན། །དར་དཀར་གཡབ་ཅིང་གཡང་དུ་ལེན། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །གལ་ཏེ་འདི་ལ་བགེགས་ཡོད་ན། །དཀོན་མཆོག་གསུམ་གྱི་བྱིན་རླབས་དང༌། །ཁྲོ་བོ་བདུད་རྩི་འཁྱིལ་བ་ཡིས། །མགོ་བོ་ཚལ་པ་བརྒྱར་འགས་ཤིང༌། །ལུས་ཀྱང་དུམ་བུ་སྟོང་དུ་འཇིག །ཨོཾ་སཱ་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན། །ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས། །དར་དཀར་གཡབ་ཅིང་གཡང་དུ་ལེན། །འཁོར་དང་བཅས་པ་འདིར་བྱོན་ལ། །ཡོན་བདག་ཚེསྲོག་བསྐྱབ་ཏུ་གསོལ། །འོག་མིན་ཆོས་ཀྱི་གཞལ་ཡས་ནས། །བཅོམ་ལྡན་རྣམ་པར་སྣང་མཛད་དང༌། །ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས། །དར་དཀར་གཡབ་ཅིང་གཡང་དུ་ལེན། །འཁོར་དང་བཅས་པ་འདིར་བྱོན་ལ། །ཡོན་བདག་ཚེ་གཡང་བསྐྱབ་ཏུ་གསོལ། བྱ་རྒོད་ཕུང་པོའི་རི་བོ་ནས། །བཅོམ་ལྡན་ཤཱཀྱ་ཐུབ་པ་དང༌། །ཉན་ཐོས་ཆེན་པོ་མཆོག་བརྒྱད་རྣམས། །དར་དཀར་གཡབ་ཅིང་གཡང་དུ་ལེན། །འཁོར་དང་བཅས་པ་འདིར་བྱོན་ལ། །ཡོན་བདག་ཚེ་གཡང་བསྐྱབ་ཏུ་གསོལ། །སེང་གེ་བསྣོལ་བའི་ཁྲི་སྟེངས་སུ། ཉི་ཟླ་པདྨའི་གདན་སྟེང་ན། བཅོམ་ལྡན་རྣམ་པར་སྣང་མཛད་ནི། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། ཕྱག་ན་གསེར་གྱི་བུམ་པ་བསྣམས། །ཞལ་ནས་གཡབ་རབ་དམ་པ་འདོན། །ཨོཾ་ཤྲཱི་བཛྲ་བཻ་རོ་ཙ་ན་རཏྣ་སིདྡྷི་ཧཱུཾ་ཧྲཱི་ཋ། དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །བདེ་ལྡན་སྐྱིད་པའི་གནས་འདི་རུ། འཁོར་དང་བཅས་པ་འདིར་བྱོན་ལ། །ཡོན་བདག་ཚེ་གཡང་བསྐྱབ་ཏུ་གསོལ། །འདི་ནས་ཤར་ཕྱོགས་ཞིང་ཁམས་ན། །གླང་ཆེན་བསྣོལ་བའི་ཁྲི་སྟེངས་སུ། ཉི་ཟླ་པདྨའི་གདན་སྟེང་ན། །རྡོ་རྗེ་སེམས་དཔའ་འཁོར་བཅས་ནི། །སྐུ་མདོག་དཀར་གསལ་རྒྱན་དང་ལྡན། ཕྱག་ན་གསེར་གྱི་ལྷུང་བཟེད་བསྣམས། །ཞལ་ནས་གཡང་རབ་དམ་པ་འདོན། །ཨོཾ་བཛྲ་རཏྣ་ཧཱུྃ་ཧྲཱི་ཋཱ། དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །བདེ་ལྡན་སྐྱིད་པའི་གནས་འདི་རུ། །འཁོར་དང་བཅས་པ་འདིར་བྱོན་ལ། །ཡོན་བདག་ཚེ་གཡང་བསྐྱབ་ཏུ་གསོལ། །འདི་ནས་ལྷོ་ཕྱོགས་རོལ་པ་ན། །རིན་ཆེན་འབར་བའི་གཞལ་ཡས་ནས། །རྟ་མཆོག་བསྣོལ་བའི་ཁྲི་སྟེངས་སུ། །ཉི་ཟླ་པདྨའི་གདན་སྟེངས་ན། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་ནི། །སྐུ་མདོག་གསེར་གྱི་ལྷུན་པོ་འདྲ། །ཕྱག་ན་གཡང་གི་དུང་ཞལ་བསྣམས། །ཞལ་ནས་གཡང་རབ་དམ་པ་འདོན། །ཨོཾ་ཨཱ་བཛྲ་རཏྣ་སརྦ་བྷ་ཝ་ཧུ་ཧྲཱི་ཋ། དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །བཀྲ་ཤིས་སྐྱིད་པའི་གནས་འདི་རུ། འཁོར་དང་བཅས་པ་འདིར་བྱོན་ལ། །བདག་ཅག་ཚེ་གཡང་བསྐྱབ་ཏུ་གསོལ། །འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །རྨ་བྱ་བསྣོལ་བའི་ཁྲི་སྟེངས་སུ། །ཉི་ཟླ་པདྨའི་གདན་སྟེང་ན། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཚེ་ལ་དབང་བའི་ལྷ་དང་བཅས། །སྐུ་མདོག་དམར་པོ་འོད་ཟེར་འབར། ཕྱག་ན་ཚེ་ཡི་བུམ་པ་བསྣམས། །ཞལ་ནས་གཡང་རབ་དམ་པ་འདོན། །ཨོཾ་ཨཱ་བཛྲ་ཨ་མྲྀ་ཏ་པདྨ་སཾ་བྷ་ཝ་ཧཱུྃ་ཧྲཱི་ཋཱ། དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །བཀྲ་ཤིས་སྐྱིད་པའི་གནས་འདི་རུ། །འཁོར་དང་བཅས་པ་འདིར་བྱོན་ལ། །བདག་ཅག་ཚེ་གཡང་བསྐྱབ་ཏུ་གསོལ། །བྱང་གི་ཕྱོགས་ན་བཞུགས་པ་ནི། །ཤང་ཤང་བསྣོལ་བའི་ཁྲི་སྟེངས་སུ། ཉི་ཟླ་པདྨའི་གདན་སྟེང་ན། །བཅོམ་ལྡན་དོན་ཡོད་གྲུབ་པ་ནི། །ལྗང་ཁུ་ཨིནྡྲ་ནཱི་ལའི་མདོག །འཕྲིན་ལས་གྲུབ་པའི་ལྷ་དང་བཅས། །ཕྱག་ན་གཡུའི་ལྷུང་བཟེད་བསྣམས། །རིན་ཆེན་གཡང་གིས་གང་བ་བསྣམས། །ཞལ་ནས་གཡང་རབ་དམ་པ་འདོན། །ཨོ་སཱ་ཨ་མོ་གྷ་ཀརྨ་སིདྡྷི་སརྦ་ཛ་ཧཱུྃ་ཧྲཱི་ཋ། དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །བཀྲ་ཤིས་སྐྱིད་པའི་གནས་འདི་རུ། འཁོར་དང་བཅས་པ་འདིར་བྱོན་ལ། །བདག་ཅག་ཚེ་གཡང་བསྐྱབ་ཏུ་གསོལ། །དབུས་ཀྱི་གཙོ་ལ་བཞུགས་པ་ནི། །གཙུག་ཏོར་དཀར་མོ་ལྷ་མོ་ཆེ། །སྐུ་མདོག་དཀར་མོ་གངས་རི་འདྲ། དབུ་སྟོང་སྤྱན་གྱིས་ཀུན་ཏུ་གཟིགས། ཕྱག་མཚན་རྣམ་གྲངས་སྟོང་དང་ལྡན། །ཐུགས་རྗེས་འགྲོ་བ་ཀུན་ལ་སྙོམས། །མི་དང་ནོར་གྱི་བདག་པོ་སྟེ། །དར་དཀར་གཡབ་ཅིང་སྤྱན་འདྲེན་ནོ། །བཀྲ་ཤིས་སྐྱིད་རྟགས་གནས་འདི་རུ། །འཁོར་དང་བཅས་པ་འདིར་བྱོན་ལ། །ཡོན་བདག་ཚེ་གཡང་བསྐྱབ་ཏུ་གསོལ། །ཤར་གྱི་ཕྱོགས་ན་བཞུགས་པ་ནི། །རྡོ་རྗེ་གཙུག་ཏོར་ལྷ་མོ་སྟེ། ཕྱག་ན་རྡོ་རྗེ་རྩེ་ལྔ་བསྣམས། །གཡོན་ན་གཡུ་ཡི་དྲིལ་བུ་གསིལ། །བདེ་ལྡན་སྐྱིད་པའི་གནས་འདི་རུ། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །འཁོར་དང་བཅས་པ་འདིར་བྱོན་ལ། །བདག་ཅག་ཚེ་གཡང་བསྐྱབ་ཏུ་གསོལ། །ལྷོ་ཡི་ཕྱོགས་ན་བཞུགས་པ་ནི། །རིན་ཆེན་གཙུག་ཏོར་ལྷ་མོ་ཆེ། ཕྱག་ན་ཡིད་བཞིན་ནོར་བུ་བསྣམས། །གསེར་གྱི་དྲིལ་བུ་གསུང་སྙན་སྒྲོགས། །མི་གཡང་སྡུད་པའི་བདག་མོ་སྟེ། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །བཀྲ་ཤིས་སྐྱིད་པའི་གནས་འདི་རུ། །འཁོར་དང་བཅས་པ་འདིར་བྱོན་ལ། །བདག་ཅག་མི་གཡང་བསྐྱབ་ཏུ་གསོལ། །ནུབ་ཀྱི་ཕྱོགས་ན་བཞུགས་པ་ནི། །པདྨ་གཙུག་ཏོར་ལྷ་མོ་སྟེ། ཕྱག་ན་པདྨ་འདབ་བརྒྱད་བསྣམས། །གཡོན་ན་གཡང་གི་ཞགས་པ་འཛིན། །ཕྱུགས་གཡང་སྡུད་པའི་བདག་པོ་སྟེ། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །བཀྲ་ཤིས་སྐྱིད་པའི་གནས་འདི་རུ། །འཁོར་དང་བཅས་པ་འདིར་བྱོན་ལ། །ཡོན་བདག་ཕྱུགས་གཡང་བསྐྱབ་ཏུ་གསོལ། བྱང་གི་ཕྱོགས་ན་བཞུགས་པ་ནི། །ལས་ཀྱི་གཙུག་ཏོར་ལྷ་མོ་ཆེ། ཕྱག་ན་རྡོ་རྗེ་རྒྱ་གྲམ་བསྣམས། །གཡོན་པ་འབྲས་ཀྱི་སྙེ་མ་འཛིན། །ལོ་གཡང་སྡུད་པའི་བདག་མོ་སྟེ། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །བཀྲ་ཤིས་སྐྱིད་པའི་གནས་འདི་རུ། །འཁོར་དང་བཅས་པ་འདིར་བྱོན་ལ། །བདག་ཅག་ལོ་གཡང་བསྐྱབ་ཏུ་གསོལ། །གྲ་ཡི་ཕྱོགས་ནི་ཀུན་ཏུ་ཡོང༌། །རིགས་ཀྱི་ཡུཾ་དང་གསང་བའི་ཡུམ། །དགོས་པ་རྣམས་ནི་སྟེར་བ་དང༌། །ལོ་ཙཱ་དང་ནི་མ་མཱ་ཀི། དཀར་མོ་སྒྲོལ་མ་ལ་སོགས་རྣམས། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །དུམ་བུ་བཞི་ལ་གཡང་རྟེན་གསོལ། །ལྷ་ཡི་དབང་པོ་བརྒྱ་བྱིན་དང༌། །ལྷ་རྣམས་ཀུན་ལ་དབང་བསྒྱུར་ཞིང༌། །ཕ་རོལ་ཆོས་ཀྱི་དགེ་སློང་མཛད། །ལྷ་བྲན་མང་པོ་སྒྲ་སྒྲོག་ཅིང༌། །བཀྲ་ཤིས་སྐྱིད་པའི་གནས་འདི་རུ། །ཡིད་བཞིན་ནོར་བུ་གཡང་དུ་བཏགས། །གཡས་པས་ལྷ་ཡི་ཕོ་བྲང་དུ། །བཀྲ་ཤིས་གཡང་རྣམས་བརྟན་པ་ཡིས། །དོན་གྲུབ་ལྷ་མོ་འཕྲིན་ལས་ཆུ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །གནས་འདིར་བསྲུང་བའི་ལས་མཛོད་ཅིག །དེ་རིང་ཡོན་བདག་འཁོར་བཅས་ལ། །མི་ཡི་ཚེ་དང་ནོར་གྱི་གཡང༌། །ཟས་ཀྱི་བཅུད་དང་སྐོམ་གྱི་བཅུད། །རྟ་ཕྱུགས་སྲོག་ཆགས་ཀུན་གྱི་གཡང༌། །མི་རྣམས་ཀུན་ལ་བསྐྱབ་ཏུ་གསོལ། །ཁྱེད་ཅག་ཀུན་ལ་བདེ་ལེགས་ཤོག །དེ་དག་སྡིག་པ་མ་གྱུར་ཅིག །ཉི་མ་ཐམས་ཅད་དགེ་བ་ཡིན། །རྒྱུ་སྐར་ཐམས་ཅད་བཟང་པོ་ཡིན། །སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ། །དགྲ་བཅོམ་ཐམས་ཅད་ཟག་པ་ཟད། །བདེན་པའི་བདེན་ཚིག་འདི་བརྗོད་པས། །བདག་ཅག་རྣམས་ལ་བདེ་ལེགས་ཤོག །ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་བར་ཤོག །སྐབས་འདིར་གཏོར་མ་འབུལ། །དཀོན་མཆོག་ལ་གསོལ་བ་འདེབས། ཆོས་སྐྱོང་ལ་བསྟོད་བསྐུལ་དྲག་པོ་བྱ། དེ་ནས་ནོར་ལྷ་རྣམས་ལ་གཡང་བླན་པ་ནི་ཕྱེ་མར་དང༌། གསེར་སྐྱེམས་ཀྱིས་མཆོད་དེ་འདི་སྐད་དོ། །ཧཱུཾ་བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །གདུག་པ་མ་ལུས་འདུལ་བའི་ཕྱིར། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །ཁྱེད་ཀྱི་བཀའ་ཉན་གསུང་སྡོད་ནི། །ཅི་འདོད་རེ་བ་སྐོང་མཛད་པ། །མཐུ་ཆེན་སྟོབས་དང་ལྡན་པ་པོ། །གནོད་སྦྱིན་སུམ་ཁྲི་དྲུག་སྟོང་ལ། །མཐུན་པའི་དམ་རྫས་འབུལ་བ་ནི། ཕྱེ་མར་མདའ་དར་རིན་ཆེན་དང༌། བདུད་རྩི་གསེར་སྐྱེམས་སིལ་སྙན་སོགས། །དཀར་མངར་སྨན་གྱི་མཆོད་པ་འབུལ། །ནོར་གྱི་དངོས་གྲུབ་སྩལ་དུ་གསོལ། བྱང་ཕྱོགས་དཀོར་མཛོད་ཕོ་བྲང་ནས། ནོར་ལྷའི་རྒྱལ་པོ་རྣམ་ཐོས་སྲས། །གནོད་སྦྱིན་ཀུན་གྱི་གཙོ་བོ་སྟེ། །སྐུ་ལ་བསེ་ཁྲབ་འབར་བ་གསོལ། །ཕྱག་ན་བ་དན་རྩེ་བརྒྱད་འཕྱར། །གཡོན་པ་རིན་ཆེན་ནེའུ་ལེ་འཛིན། །གསེར་གྱི་མཆོད་རྟེན་སེར་པོ་ལས། །དགོས་འདོད་རིན་ཆེན་ཆར་ལྟར་འབབ། །ཆིབས་སུ་སེང་གེ་འགྱིང་པ་ཆིབས། །ནོར་ལྷ་བྱེ་བའི་འཁོར་གྱིས་བསྐོར། །ཀུན་ཀྱང་རིན་ཆེན་རྒྱན་ཆ་ཅན། །ལ་ལ་རིན་ཆེན་ནེའུ་ལེ་འཛིན། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །བཀྲ་ཤིས་སྐྱིད་པའི་གནས་འདི་རུ། །འཁོར་དང་བཅས་པ་འདིར་བྱོན་ལ། རིན་ཆེན་དངོས་གྲུབ་བདག་ལ་སྩོལ། །ཨོཾ་བཻ་ཤྲ་མ་ཎཱ་ཡ་རཏྣ་སིདྡྷི་ས་མ་ཡ་ཧཱུཾ་ཧྲཱི་ཋ། །བཅོམ་ལྡན་ལྷ་མོ་ནོར་རྒྱུན་མ། ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ཡིས། །འཇིགས་པ་བརྒྱད་སྐྱོབས་འགྲོ་བ་སྡུད། གཡོན་པའི་ཕྱག་གི་ཐུགས་ཀ་རུ། རིན་ཆེན་འབྲས་ཀྱི་སྙེ་མ་འཛིན། །དགོས་འདོད་རེ་བ་སྐོང་མཛད་པ། །དཔག་བསམ་ཤིང་ཆེན་རྒྱས་པ་ལྟར། །དབུལ་བ་སེལ་ཞིང་ཉོན་མོངས་འཇོམས། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །འཁོར་དང་བཅས་པ་ཐམས་ཅད་ཀུན། །བཀྲ་ཤིས་གནས་འདིར་གཡང་ལ་འདུས། །རྟ་གླང་རིན་ཆེན་གོས་དང་འབྲུ། །ཁྲུས་ཀྱི་རྫིང་བུ་ལ་སོགས་པ། །རིན་ཆེན་དངོས་གྲུབ་བདག་ལ་སྩོལ། །ཨོཾ་གྷ་ཏཾ་ཛམྦྷ་སེམས་རཱ་ག་ནི་མ་ཀ་ར་བཛྲ་རཀྵ་ཏིང་ཏི་སརྦ་ཛ་ཧུ་ཧྲཱི་ཋ། ཡིད་བཞིན་ནོར་བུ་རིན་ཆེན་གཏེར་མཛོད་ནས། །ནོར་ལྷའི་རྒྱལ་པོ་ཨརྻ་ཛམྦྷ་ལ། །བཙོ་མ་གསེར་མདོག་གཟི་བརྗིད་ལྡན། །རིན་ཆེན་རྒྱན་ལྡན་ཕན་སེམས་ཅན། ཕྱག་གཡས་ནོར་བུ་སྟེར་མཛད་པ། ཕྱག་གཡོན་ནེའུ་ལེའི་རྐྱལ་པ་བསྣམས། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །འཁོར་དང་བཅས་པ་ཐམས་ཅད་ཀུན། །བཀྲ་ཤིས་གནས་འདིར་གཡང་ལ་འདུས། །མི་ནོར་ཟས་གོས་དངོས་གྲུབ་སྩོལ། །ཨོཾ་ཛམྦྷ་ཛ་ལནྡྲ་ཡ་རཏྣ་སིདྡྷི་ཛ་ཧཱུཾ་ཧྲཱི་ཋཱ། །གནོད་སྦྱིན་རྒྱལ་པོ་རིན་ཆེན་སྦྱིན། །རིན་ཆེན་གཏེར་མཛོད་བདག་པོ་སྟེ། །ནོར་བུ་རིན་ཆེན་ཆར་ལྟར་འབེབས། །བདག་ལ་ནོར་གྱི་དངོས་གྲུབ་སྩོལ། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །འཁོར་དང་བཅས་པ་ཐམས་ཅད་གྱིས། །འདོད་ཡོན་ལྔ་ལ་ལོངས་སྤྱོད་དང༌། །བླ་ན་མེད་པ་ཆེན་པོའི་ནོར། །ཅི་འདོད་ཕུན་སུམ་ཚོགས་པ་ཡི། །དངོས་གྲུབ་ཆེན་པོ་བདག་ལ་སྩོལ། །ཨོཾ་ཧྲི་ཨ་པ་ར་ཙི་ཏི་བདག་ལ་སིདྡྷི་ཛ་ཧཱུཾ། །གནོད་སྦྱིན་རྒྱལ་པོ་གཏེར་བདག་པོ། །བཞུགས་པ་རི་རབ་རྩེ་ལ་བཞུགས། །ཐུགས་ནི་འཛམ་གླིང་ཀུན་ལ་ཁྱབ། །སྐུ་མདོག་དམར་སེར་གཟི་བརྗིད་ལ། །ནོར་རྒྱུན་མ་ཡི་ཡུམ་དང་བཅས། །ཞབས་གཉིས་བརྐྱང་བསྐུམ་འབྱུང་པོ་མནན། །རིན་ཆེན་བཟང་པོ་ཁྱོད་ལ་བསྟོད། །ཨོཾ་ཨ་ཕུ་ཡུ་ཎི་ཤ་ཡཱ་དྷ་ར་དྷ་ར་དྷི་རི་དྷི་རི་སྭཱ་ཧཱ། །ནོར་ལྷའི་རྒྱལ་པོ་རྣམ་ཐོས་སྲས། །སྐུ་མདོག་མ་ངེས་ཅིར་ཡང་སྟོན། ཕྱག་མཚན་མདུང་དང་བ་དན་བསྣམས། །མཆོད་རྟེན་རིན་ཆེན་ནེའུ་ལེ་འཛིན། །རི་རབ་གླིང་བཞི་མི་ཡི་བཅུད། །རྣམ་རྒྱལ་ཁང་བཟང་ནོར་གྱིས་འགེངས། །ཡིད་བཞིན་ནོར་གྱི་གཡང་འབེབས་པ། །རེ་བ་སྐོང་ཞིང་ནོར་རྣམས་སྦྱིན། །ཞལ་ནས་གཡང་རབ་དམ་པ་འདོན། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཻ་ཤྲ་མ་ཎ་ཡ་མ་ཧཱ་ག་ར་ཛཱ་ཡ། ཏདྱ་ཐཱ། སུ་མུ་སུ་མུ། ཙན་དྷ་ཙན་དྷ། ཙ་ར་ཙ་ར། ཀི་ལི་ཀི་ལི། ཀུ་རུ་ཀུ་རུ། མུ་རུ་མུ་རུ། ཙུ་རུ་ཙུ་རུ། སནྡྷ་པ་ཡེ། ཨད་མ་ནམ་ཉིད་ཏན། ཨན་ད་ར་དྷུ་ར་སྭཱ་ཧཱ། ན་མོ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། དྷཱ་ན་དྷ་ཡེ་སྭཱ་ཧཱ། ན་མོ་རཏྣ་བ་རི་སྭཱ་ཧཱ། མི་ནོར་ཟས་གསུམ་ཐམས་ཅད་དྷི་ཤ་མ་ན་ཡེ་ཧེ་བེ་རྣ་རཏྣ་སིདྡྷི་སྭཱ་ཧཱ། །རིན་ཆེན་རྒྱལ་བ་རྒྱས་ཤིང་འཕེལ། །སྒྱུ་མའི་བང་མཛོད་ནམ་མཁའ་མཉམ། །ཀར་ཤ་པ་ཎི་བརྒྱ་སྟོང་ཕྲག །ཉིན་རེ་བཞིན་དུ་གནང་བར་མཛོད། །མི་ཡི་འཁོར་ལོ་སྒྱུར་བ་དེ། །མི་རྣམས་ཀུན་ལ་མངའ་བརྙེས་པ། །སྐྱེ་བོ་མང་པོ་འཕེལ་ཞིང་རྒྱས། །དཀོན་མཆོག་གཡོན་བདག་མཛད་པ་ཡི། །འཁོར་ལོ་སྒྱུར་བའི་རྒྱལ་པོ་ཁྱོད། །མི་རྣམས་བདེ་དང་སྐྱིད་པའི་དོན། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །འཁོར་དང་བཅས་པ་ཐམས་ཅད་ཀུན། །བཀྲ་ཤིས་གནས་འདིར་གཡང་ལ་འདུས། །རིན་ཆེན་སྣ་བདུན་བདག་ལ་སྩོལ། །རྟ་ལྷ་ཨཱརྻ་རེ་མནྟ། །རྔོག་ཆགས་ཀུན་ལ་དབང་བསྒྱུར་ཞིང༌། །དགྲ་ལྷའི་མཆོག་སྟེ་ཉི་མའི་སྲས། །ཁྱོད་ནི་དགྲ་ལྷའི་མཆེད་ཡིན་ཏེ། །ཆིབས་སུ་སྔོན་པོ་སྒལ་ནག་ཆིབས། །བཞེངས་ན་སྟག་གཉིས་སྔོན་ལ་འགྲོ། །སེང་ཆེན་གཉིས་ནི་ཕྱི་ནས་འབྲང༌། །ཁྱུང་ཆེན་གཉིས་ནི་ཀླད་ལ་ལྡིང༌། །ཕྲག་པར་ལྕགས་ཀྱི་བྱ་ཁྲ་འཕུར། །དཔལ་འབར་ལམ་ལྷ་ཚེ་བསྲུང་ཞིང༌། །ལམ་དང་གཡུལ་གྱི་དགྲ་ལས་རྒྱལ། །ནོར་དང་འབྲུ་རྣམས་འཕེལ་བ་ཡི། ནོར་གྱི་དངོས་གྲུབ་བསྩལ་བའི་ཕྱིར། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །འཁོར་དང་བཅས་པ་ཐམས་ཅད་ཀུན། །བཀྲ་ཤིས་གནས་འདིར་གཡང་ལ་བྱོན། །འབྲུ་རྣམས་འཕེལ་བའི་དངོས་གྲུབ་སྩོལ། །ཨོཾ་ཨཱརྻ་རེ་མནྟ་བྷོ་ར་སིདྡྷི་རཏྣ་སིདྡྷི་ཧཱུཾ་ཧྲཱི་ཋཱ། ཕྱུགས་ལྷ་ཀུན་གྱི་རྒྱལ་པོ་ནི། །གླང་ཆེན་ས་ལ་རབ་བརྟན་ཏེ། །ཁྱུ་མཆོག་ཀུན་ལ་མངའ་མཛད་པ། ཕྱག་ན་གཡང་གི་ཞགས་པ་བསྣམས། །བེའུ་རྣམ་རྒྱལ་འཁོར་དང་བཅས། །ཕྱུགས་རྣམས་འཕེལ་ཞིང་རྒྱས་པའི་ཕྱིར། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །འཁོར་དང་བཅས་པ་ཐམས་ཅད་ཀུན། །བཀྲ་ཤིས་གནས་འདིར་གཡང་ལ་འདུ། །ཕྱུགས་ཀྱི་དངོས་གྲུབ་བདག་ལ་སྩོལ། །ཨོ་ཨ་བ་ཤ་རཏྣ་སིདྡྷི་ཕ་ལ་ཧཱུྃ་ཧྲཱི་ཋཱ། །ལྷ་རྒྱལ་ཨཱརྻ་ཙ་མུཎྚི། ནོར་བསྲུང་པརྣ་ཤ་ཝ་རི། །ཡོ་བྱད་གྱེན་དུ་བསྲུང་བའི་ལྷ། །ལྷ་དང་ཀླུ་དང་ལྷ་མ་ཡིན། །ཀླུ་རྒྱལ་ཆར་འབེབས་ལོ་ཏོག་སྲུང༌། །ཀླུ་རྒྱལ་འབྲུ་བཅུད་སྤེལ་མཛད་པ། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །འཁོར་དང་བཅས་པ་ཐམས་ཅད་ཀུན། །བཀྲ་ཤིས་གནས་འདིར་གཡང་ལ་འདུས། །ཨོཾ་ཨ་ན་སིདྡྷི་ཧཱུཾ་ཧྲཱི་ཐཱ། །ནོར་ལྷའི་འཕྲིན་ལས་བསྐུལ་བ་ནི། །ཧཱུཾ་ཤར་གྱི་ཕྱོགས་ནས་གཡང་སྡུད་པ། །མ་ཧཱ་དེ་བ་ཡབ་སྲས་བཞི། །ཁྲོ་བོ་དཀར་གསལ་བརྗིད་པ་ལ། ཕྱག་ན་དངུལ་གྱི་ལྕགས་ཀྱུ་བསྣམས། །མི་གཡང་ཐམས་ཅད་འགུགས་པར་བྱེད། །གཡོན་ན་གཡུ་ཡི་དྲིལ་བུ་གསིལ། བར་ཆད་ཐམས་ཅད་སེལ་བར་མཛད། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །འཁོར་དང་བཅས་པ་ཐམས་ཅད་ཀུན། །བཀྲ་ཤིས་གནས་འདིར་གཡང་ལ་འདུས། །མི་ཡི་ཚེ་གཡང་བརྟན་པར་གསོལ། །ལྷོ་ཡི་ཕྱོགས་ནས་གཡང་སྡུད་པ། །མ་ཧཱ་དེ་བ་སྲས་དང་བཅས། །ཁྲོ་བོ་སེར་པོ་མི་བཟད་པ། ཕྱག་ན་གསེར་གྱི་ཕྲེང་བ་བསྣམས། །གསེར་དངུལ་རིན་ཆེན་དབང་དུ་སྡུད། །གཡོན་ན་གཡུ་ཡི་དྲིལ་བུ་འཛིན། །གནོད་བྱེད་ཐམས་ཅད་སྐྲག་པར་བྱེད། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །འཁོར་དང་བཅས་པ་ཐམས་ཅད་ཀུན། བཀྲ་ཤིས་སྐྱིད་པའི་གནས་འདི་རུ། །རིན་ཆེན་སྣ་བདུན་རྒྱས་པར་མཛོད། །ནུབ་ཀྱི་ཕྱོགས་ནས་གཡང་སྡུད་པ། །མ་ཧཱ་དེ་བ་ལྕམ་དྲལ་ལ། །ཁྲོ་བོ་དམར་པོ་མི་བཟད་པ། ཕྱག་ན་གཡང་གི་ཞགས་པ་བསྣམས། །ཕྱུགས་གཡང་ཐམས་ཅད་འགུགས་པར་བྱེད། །གཡོན་ན་གསེར་གྱི་དྲིལ་བུ་འཛིན། །ཚེ་གཡང་ཐམས་ཅད་འགུགས་པར་བྱེད། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། འཁོར་དང་བཅས་པ་ཐམས་ཅད་ཀུན། །བཀྲ་ཤིས་གནས་འདིར་གཡང་ལ་འདུས། །རྐང་བཞི་ནོར་གྱི་དངོས་གྲུབ་སྩོལ། །བྱང་གི་ཕྱོགས་ནས་གཡང་སྡུད་པ། །མ་ཧཱ་དེ་བ་ཡབ་ཡུམ་གཉིས། །ཁྲོ་བོ་སྔོ་སྐྱ་བརྗིད་པའི་སྐུ། །ཕྱག་ན་འབྲས་ཀྱི་སྙེ་མ་བསྣམས། ལོ་གཡང་ཐམས་ཅད་སྡུད་པར་བྱེད། །གཡོན་ན་སྨན་གྱི་ལྷུང་བཟེད་འཛིན། །སྡུག་བསྔལ་ནད་ལས་ཐར་བར་བྱེད། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །འཁོར་དང་བཅས་པ་ཐམས་ཅད་ཀུན། །བཀྲ་ཤིས་གནས་འདིར་གཡང་ལ་འདུས། །འབྲུ་མཆོག་དངོས་གྲུབ་སྩལ་དུ་གསོལ། །ལི་ཁྲིས་ཁ་དོག་གསལ་བར་བྱེད། །དུང་གིས་སྨྲ་བསམ་བརྗོད་ལས་འདས། །བང་མཛོད་ནམ་མཁའི་མཐའ་དང་མཉམ། །འབྲས་དཀར་འབྲུ་བཅུད་ཀུན་གྱི་མཆོག །གི་ཝཾ་སྨན་མཆོག་ཀུན་གྱི་དངོས། །ཀུ་ཤ་བྱོལ་སོང་ཀུན་གྱི་གསོས། །ཡུངས་ཀར་ཁྲོ་བོ་ཀུན་གྱི་རྒྱལ། །བདུན་པོ་དེ་ཡང་གཡང་ལ་རྟེན། །འཁོར་ལོ་རིན་ཆེན་གླིང་བཞི་དབང༌། །རྟ་མཆོག་རིན་ཆེན་སྤྲིན་གྱི་ཤུགས། །གླང་པོ་རིན་ཆེན་ཐེག་ཆེན་སྟོབས། །ནོར་བུ་རིན་ཆེན་དགོས་འདོད་རེ་བ་སྐོངས། །བཙུན་མོ་རིན་ཆེན་བདེ་མཆོག་ལྡན། །ཁྱིམ་བདག་རིན་ཆེན་དགོས་འདོད་སྦྱོར། བློན་པོ་རིན་ཆེན་བློ་གྲོས་ལྡན། །དམག་དཔོན་རིན་ཆེན་ཚར་གཅོད་མཛད། །རྒྱལ་སྲིད་རིན་ཆེན་སྣ་བདུན་ཡང༌། །དེ་རིང་བདག་ཅག་འཁོར་བཅས་ཀྱི། །ཕྱྭ་དང་གཡང་ལ་བརྟན་པར་ཤོག །ཨོཾ་ཨཱ་རཏྣ་ཙཀྲ་ཧཱུཾ་རཏྣ་ཀ་སིདྡྷི་པྲཛྙཱ་མ་ཧཱ་མནྟ་ཀན་ཏིང་ཀ་སིདྡྷི་ཧྲཱི་ཐཱ། །དེ་ནས་མི་རབས་མཆེད་བཞི་དེས། །གསེར་གྱི་ས་གཞིའི་སྟེང་དུ་ནི། །གཡང་གཞི་དཀར་པོ་དྲི་མེད་བཏིང༌། ཕྱག་ན་གཡང་ནས་སྔོན་པ་བཀོད། །མེ་ཏོག་ཧ་ལོ་ཅལ་དུ་བཀྲམ། །ཕྱྭག་གཞི་གཡང་གཞིའི་སྟེང་དུ་ནི། །འདོད་འཇོ་དུང་གི་བ་དཀར་དང༌། རིན་ཆེན་མར་གྱི་ལུ་གུ་གཉིས། །འཕྱོང་དང་དེ་ནི་རྦ་ན་འཛིན། །མི་རྣམས་ཀུན་གྱི་ཕྱྭ་ལོངས་ལས། །ཕྱུགས་རྣམས་ཀུན་ལ་གཡང་ཁུག་ཅིག །དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱིས། །མི་རབས་མཆེད་བཞི་ཆེན་པོ་དེ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་གྱུར། །རིན་ཆེན་བདུན་ལ་ལོངས་སྤྱོད་པའི། །བྱིན་རླབས་ཕྱྭ་དང་གཡང་གི་སྟོབས། །བྱང་ཕྱོགས་དཔལ་རི་ལྷུན་པོ་ལ། །དཔལ་གྱི་རྦ་སྙུག་ལྡེམ་པ་སྐྱེས། །ཚིགས་བདུན་ཚིགས་དགུ་བཅུ་གསུམ་པ། །འཁོར་ལོ་སྒྱུར་བའི་གཡང་རྟེན་ལགས། །དེ་ལྟར་ལོངས་སྤྱོད་རྒྱས་པ་ཡང༌། །བཀྲ་ཤིས་རྦ་སྙུག་རྒྱས་པ་དེ། །འཁོར་ལོ་སྒྱུར་བའི་གཡང་ཕུར་བྱས། །རྒྱལ་པོ་ལོངས་སྤྱོད་རྒྱས་པ་ལྟར། །དེ་རིང་སྙུག་རྒོད་ཚིགས་གསུམ་པ། །ཡོན་བདག་འདི་ཡི་ཕྱྭ་གཡང་ལགས། །བཀྲ་ཤིས་ཕྱྭ་གཡང་ཕུར་ལ་རྟེན། །འཁོར་ལོས་སྒྱུར་བའི་རྟ་ཕུར་ལྟར། །ཡོན་བདག་ཕྱྭ་གཡང་ཕུར་ལ་རྟེན། །གཡང་མོ་ལུག་གི་གཡང་འདི་ནི། །ཨཱརྻ་ཙ་མུནྜི་ལ་རྟེན། །འབྲས་ཟན་ཞལ་དཀར་ཕྱྭ་གཡང་རྟེན། །ཕྱུགས་གཡང་ཚེ་གཡང་ནོར་གཡང་རྣམས། །ཧུ་ཡེ་ཧུ་ལྡན་ཕྱྭ་ལྡན་ནོ། །མགོ་ནག་མི་ཡི་ཕྱྭ་ལོངས་ཤིག །དུད་འགྲོ་ཕྱུགས་ཀྱི་གཡང་ཁུག་ཅིག །གཡང་ལ་གཡང་འཕེལ་གནག་གིས་གང༌། །གཡང་ལ་གཡང་འཕེལ་ལུག་གིས་གང༌། །གཡང་ལ་གཡང་འཕེལ་རྟ་ཡིས་གང༌། །ནོར་ལ་གཡང་འཕེལ་བོང་བུས་གང༌། ནོར་ལ་གཡང་འཕེལ་ཕྱུགས་ཀྱིས་གང༌། །ཁྱིམ་ལ་གཡང་འཕེལ་མི་ཡིས་གང༌། །བང་མཛོད་གཡང་འཕེལ་འབྲུ་ཡིས་གང༌། །ཚེ་ལ་གཡང་འཕེལ་ར་ཡིས་གང༌། །ར་བར་གཡང་འཕེལ་ཕྱུགས་ཀྱིས་གང༌། །དེ་ལྟར་བདག་ལ་སྩལ་དུ་གསོལ། །དེ་ནས་ལྷ་རྣམས་གཡང་དུ་བླན། །མི་རྗེ་མོན་དཀར་བྱ་བ་དེ། །དེ་རིང་ཕྱྭ་དང་གཡང་དུ་བླན། །སྲས་རྗེ་འབྲི་ལྡོག་བྱ་བ་དེ། །དེ་རིང་ཕྱྭ་དང་གཡང་དུ་བླན། །ལྷ་བུ་ལྷ་བྲན་བྱ་བ་དེ། །དེ་རིང་ཕྱྭ་དང་གཡང་དུ་བླན། །ད་ནི་དཔལ་རྣམས་གཡང་དུ་བླན། །དཔལ་གྱི་མདའ་ནི་ལི་དམར་ལ། །གཡུ་ཡི་ཉི་མ་སྤུ་གྲི་རྒྱལ། །བཏགས་པ་ཕྱྭ་དང་གཡང་དུ་བླན། རྣོ་མཚོན་སྲ་ཞིང་དཔལ་དུ་བྱོན། །དེ་རིང་ཧུ་ཡེ་ཧུ་ལྡན་ནོ། །དེ་རིང་ཕྱྭ་ཡེ་ཕྱྭ་ལྡན་ནོ། །ཕོ་ལྷ་གཡང་དུ་བླན་པ་ནི། །ཕ་ནི་ལྷ་རྗེ་དམར་པོ་ཡིན། །མ་ནི་དམ་སྲིའི་མ་ཡིན་ནོ། །བུ་ནི་ཕོ་ལྷ་དཀར་པོ་དང༌། །མོ་ལྷ་དེ་ནི་དཀར་མོ་ཡིན། །དེ་རིང་ཕྱྭ་དང་གཡང་དུ་བླན། །ད་ནི་ཁྱིམ་ལ་གཡང་དུ་བླན། །ཕ་ནི་སྤྱི་ལྷ་གང་པོ་དང༌། །མ་ནི་སྤྱི་གཙུག་རྒྱལ་མོ་ཡིན། །བུ་ནི་ཁྱིམ་ལྷ་གེ་ཐུང་ཡིན། །དེ་རིང་ཕྱྭ་དང་གཡང་དུ་བླན། །དེ་རིང་ཕྱྭ་ཡེ་ཕྱྭ་ལྡན་ནོ། །དེ་རིང་ཧུ་ཡེ་ཧུ་ལྡན་ནོ། །གསེར་གྱི་ཀ་བ་མ་ཞིག་ཅིག །གཡུ་ཡི་གདུང་མ་མ་ཆག་ཅིག །མཐིང་བུ་ལྷོ་ལྷོག་མ་བྱེད་ཅིག །ཕུ་རུ་གཡུ་སྦྲང་མ་ཞར་ཅིག །དབྱར་གསུམ་སྦྲ་ལ་ཐོག་མ་ལྷུང༌། །དགུན་གསུམ་གུར་ལ་མེ་མ་ཤོར། །དུང་གི་བྱ་ལག་མ་འཐོར་ཤིག །དངུལ་གྱི་ཆོན་ཐག་མ་ཆད་ཅིག །ཕྱི་སྒོ་ཕྱེ་བའི་ནང་ཤེད་ན། །རིན་ཆེན་གསེར་གྱི་མི་བོ་ཆེ། །གསེར་གྱི་རྦ་མཁར་ཕྱག་ན་བསྣམས། །ནང་སྒོ་ཕྱུག་མོ་བྱ་བ་ནི། །ལྕགས་ཀྱི་རྟེན་མཁར་ཕྱག་ན་བསྣམས། ཕྱི་མི་སྐྱ་བོ་ནང་ལ་མ་གཏོང་ཅིག །ནང་མི་སྨུག་པོ་ཕྱི་རུ་མ་འབུད་ཅིག །ལྷ་ལུག་ཐང་ལ་མ་འབུད་ཅིག །སྲིད་ཀྱི་གླང་ཆེན་ནང་ལ་མ་གཏོང་ཅིག །ཁྱིམ་ལྷ་ཕྱྭ་དང་གཡང་དུ་བླན། །ད་ནི་ཞིང་ལྷ་གཡང་དུ་བླན། །ཕ་ནི་སྤྲིན་སྟོང་ཡོངས་ཀྱི་རྗེ། །མ་ནི་བྱ་བཟང་མཐོང་གི་བཙུན། །སྲས་ནི་ཞིང་ལྷ་ཕ་ཝང་ཡིན། །ལོ་ལེགས་ལྗང་བུའི་དུས་ནས་ལེགས། །དེ་རིང་ཞིང་ལྷ་གཡང་དུ་བླན། །ཕྱུགས་ལྷ་གཡང་དུ་བླན་པ་ནི། །ཕ་ནི་ཟླ་བཞི་ཕྱུགས་པོ་ཡིན། །མ་ནི་ཉེར་བཞི་ཕྱུགས་མོ་ཡིན། །སྲས་ནི་ཕྱུགས་ལྷ་ཉེར་བུ་ཡིན། དེ་རིང་ཕྱུགས་ལྷ་གཡང་དུ་བླན། །རྟ་ཡི་ལྷ་ནི་བྲེས་པོ་ཡིན། །འབྲི་ཡི་ལྷ་ནི་ཤམ་པོ་དང༌། །གཡག་གི་ལྷ་ནི་དུང་ཕོ་དང༌། །མཛོ་ཡི་ལྷ་ནི་གེ་གོད་དང༌། །ལུག་གི་ལྷ་ནི་མེན་བུ་དང༌། །ར་ཡི་ལྷ་ནི་ཚེར་མོ་རྣམས། །དེ་རིང་ཕྱུག་དང་གཡང་དུ་བླན། །ཐབ་ལྷ་གཡང་དུ་བླན་པ་ནི། །ཕ་ནི་བཙན་ལྷ་ཕུར་བུ་དང༌། །མ་ནི་བྱ་ལྡན་བཙུན་མོ་ཡིན། །བུ་ནི་ཐབ་ལྷ་རོག་པོ་ཡིན། །དེ་རིང་ཐབས་ལྷ་གཡང་དུ་བླན། །རྒན་པ་རྣམས་ཀྱི་ཚེ་སྲིངས་ལ། །གཞོན་པ་རྣམས་ཀྱི་དཔལ་བསྐྱེད་ཅིག །དེ་རིང་ཧུ་ཡེ་ཧུ་ལྡན་ནོ། །དེ་རིང་ཕྱྭ་ཡེ་ཕྱྭ་ལྡན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། ནམ་མཁའ་ལྡིང་དང༌། ལྷ་མ་ཡིན་དང༌། དྲི་ཟ་དང༌། རྒྱ་མཚོ་དང་ཆུའི་ལྷ་ལ་སོགས་པ་ཐམས་ཅད་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།བཀྲ་ཤིས་དགེ་ལེགས་འཕེལ།། །།

ནོར་ལ་གཡང་སྐྱབས་ཞེས་བྱ་བའི་མདོ།

༄༅། །ནོར་ལྷ་གཡང་སྐྱབས་བཞུགས་སོ། །

རྒྱ་གར་སྐད་དུ། རཏྣ་ཨ་པ་རཱ་ཛི་ཏ་ཡ་ན་མ། །བོད་སྐད་དུ། ནོར་ལ་གཡང་སྐྱབས་ཞེས་བྱ་བའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། སྔོན་ལྷའི་ཡུལ་ན་ལྷའི་བུ་ནོར་བུ་ལྷ་ཞེས་བྱ་བ་ཡོད་དེ། དཀོར་ནོར་གྱི་ཕུང་པོ་དཔག་ཏུ་མེད་པ་ཡོད་པ་ལས། དུས་ནམ་ཞིག་ཙམ་ན་དཀོར་ནོར་རྣམས་ཀྱང་འཐོར། བང་མཛོད་རྣམས་ཀྱང་སྟོང༌། བཅོམ་ལྡན་འདས་ལ་ཞུས་པ། ཀྱཻ། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ལྷ་ཡི་ལྷ། བདག་གི་དཀོར་ནོར་འཐོར་བ་དང༌། བང་མཛོད་སྟོང་པར་གྱུར་པའི་ལན་དོན་ཅིས་བྱས། ཐབས་ཀྱི་རྒྱལ་པོ་ཅི་ཞིག་མངའ། དེ་སྐད་ཅེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལན་དོན་དཀོར་ནོར་གཡང་སྐོར་ལ། །དེ་ཡི་དགོས་ཐབས་ངས་བཤད་ཀྱིས། །ལེགས་པར་ཉོན་ལ་ཡིད་ལ་ཟུངས། །དེ་སྐད་ཅེས་བཀའ་བསྩལ་ཏོ། །དེ་ནས་རྒྱུ་སྐར་བཟང་པོ་ལ། །བྱུགས་པོ་རྒྱལ་པོ་གང་འབྱོར། །འབྲུ་སྣ་ལྔ་དང་སྨན་སྣ་ལྔ། བཟའ་བ་བཏུང་བའི་ཚོགས་གང་འཛོམས། །ཞོ་དང་འོ་མ་ཆང་མངར་གསུམ་ཤ་མར་བདུད་རྩི་བཅས་རང་ཉིད་ཤཱཀྱ་ཐུབ་པར་བསྒོམ། ལག་ཏུ་མདའ་མོ་བྱ་རྒོད་ཅན་ལ། དར་དཀར་མེ་ལོང་གཡུང་ཆུང་བརྟགས་ལ་གཡབ་བོ། །ཧཱུཾ། ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས། །ཆོས་རྣམས་ཀུན་ལ་མངའ་མཛད་དབང་གྱུར་པ། །ནོར་རྣམས་རྒྱས་ཤིང་འཕེལ་མཛད་པའི། །དེ་རིང་བཀྲ་ཤིས་སྐྱིད་རྟགས་གཡང་ལ་བྱོན། །ཁུ་ཡེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། །མི་ཕྱྭ་ཁུག་ལ་ཕྱུགས་གཡང་སྐྱོབས། ཧཱུྃ། ཆོས་རྣམས་རང་བཞིན་མེད་པར་ཡོངས་ཤེས་པའི། །མེ་ལོང་གཡང་རྟེན་མི་འགྱུར་རྡོ་རྗེའི་རྟེན། །དར་དཀར་གཡབ་ཅིང་སླད་ནས་སྤྱན་འདྲེན་ནོ། །དེ་རིང་བཀྲ་ཤིས་སྐྱིད་རྟགས་གཡང་ལ་བྱོན། །ཁུ་ཡེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། མི་ཕྱྭ་ཁུག་ལ་ཕྱུགས་གཡང་སྐྱོབས། །ཧཱུཾ། ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་བ་ཡང༌། །ཞལ་ཟས་ཚོགས་རྣམས་ཀུན་ལ་མངའ་མཛད་དབང་གྱུར་པའི། །ཞལ་ཟས་ཚོགས་རྣམས་རྒྱས་ཤིང་འཕེལ་མཛད་པའི། །ཞོ་ཡི་གཡང་རྟེན་མི་འགྱུར་རྡོ་རྗེའི་རྟེན། །དར་དཀར་གཡབ་ཅིང་སླད་ནས་སྤྱན་འདྲེན་ནོ། །དེང་འདིར་བཀྲ་ཤིས་སྐྱིད་རྟགས་གཡང་ལ་བྱོན། །ཁུ་ཡེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། །མི་ཕྱྭ་ཁུག་ལ་ཕྱུག་གཡང་སྐྱོབས། །ཧཱུཾ། ཀླུ་ཡི་རྒྱལ་པོར་ཆར་སྤྲིན་ཝ་རུ་ན། །མེ་ཏོག་ཀུན་ལ་མངའ་མཛད་དབང་འགྱུར་པའི། །ལོ་ཏོག་སྣ་དགུ་རྒྱས་ཤིང་འཕེལ་མཛད་པའི། ནས་ཀྱི་གཡང་རྟེན་མི་འགྱུར་རྡོ་རྗེའི་རྟེན། །དར་དཀར་གཡབ་ཅིང་སླད་ནས་སྤྱན་འདྲེན་ནོ། །དེ་རིང་བཀྲ་ཤིས་སྐྱིད་རྟགས་གཡང་ལ་བྱོན། །ཁུ་ཡེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། །མི་ཕྱྭ་ཁུག་ལ་ཕྱུགས་གཡང་སྐྱོབས། །ཧཱུཾ། ཕྱུགས་ལྷའི་རྒྱལ་པོ་དགྲ་ལྷ་རབ་བརྟན་ཡང༌། ཕྱུགས་ཀྱི་ལྷ་རྣམས་ཀུན་ལ་མངའ་མཛད་དབང་གྱུར་པའི། །ཕྱུགས་ཟས་ཚོགས་རྣམས་རྒྱས་ཤིང་འཕེལ་མཛད་པའི། །མར་གྱི་གཡང་རྟེན་མི་འགྱུར་རྡོ་རྗེའི་རྟེན། །དར་དཀར་གཡབ་ཅིང་སླད་ནས་སྤྱན་འདྲེན་ནོ། །དེ་རིང་བཀྲ་ཤིས་སྐྱིད་རྟགས་གཡང་ལ་བྱོན། །ཁུ་ཡེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། །མི་ཕྱྭ་ཁུག་ལ་ཕྱུགས་གཡང་སྐྱོབས། །ཧཱུྃ། ནོར་ལྷའི་རྒྱལ་པོ་ཨཱརྻ་ཛམ་བྷ་ལ། ནོར་རྣམས་ཀུན་ལ་མངའ་མཛད་དབང་གྱུར་པའི། །དཀོར་ནོར་སྣ་དགུ་རྒྱས་ཤིང་འཕེལ་མཛད་པའི། །རིན་ཆེན་སྣ་ལྔ་མི་འགྱུར་རྡོ་རྗེ་རྟེན། །དར་དཀར་གཡབ་ཅིང་སླད་ནས་སྤྱན་འདྲེན་ནོ། །དེ་རིང་བཀྲ་ཤིས་སྐྱིད་རྟགས་གཡང་ལ་བྱོན། །ཁུ་ཡེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། །མི་ཕྱྭ་ཁུག་ལ་ཕྱུགས་གཡང་སྐྱོབས། །ཧཱུཾ། ནོར་རྒྱུན་ལྷ་མོ་ནོར་རྣམས་ཀུན་གྱི་བདག །དགོས་འདོད་སྣ་དགུ་འབྱུང་ཞིང་ནོར་རྣམས་ཀུན་གྱི་གཙོ། །རིན་ཆེན་སྣ་བདུན་མི་འགྱུར་རྡོ་རྗེའི་རྟེན། །དར་དཀར་གཡབ་ཅིང་སླད་ནས་སྤྱན་འདྲེན་ནོ། །དེ་རིང་བཀྲ་ཤིས་སྐྱིད་རྟགས་གཡང་ལ་བྱོན། །ཁུ་ཡེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། མི་ཕྱྭ་ཁུག་ལ་ཕྱུགས་གཡང་སྐྱོབས། །ཧཱུཾ། ནོར་རྣམས་ས་ལྟར་མི་འགྱུར་བརྟན་པ་དང༌། །ཤིང་ལྟར་རགས་ཤིང་རྒྱས་པ་དང༌། །མེ་ལྟར་གསལ་ཤིང་འབར་བ་དང༌། །ལྕགས་ལྟར་བ་སྲ་ཞིང་མཁྲེགས་པ་དང༌། །ཆུ་ལྟར་རྒྱུན་དུ་རིང་བ་དང༌། །འབྱུང་བའི་གཡང་རྣམས་འདིར་བྱོན་ཅིག །ཁུ་ཡེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། །མི་ཕྱྭ་ཁུག་ལ་ཕྱུགས་གཡང་སྐྱོབས། །ཧཱུཾ། ཕྱྭ་གཡང་དགུང་སྔོན་བཞིན་དུ་མཐོ་བ་དང༌། ཉི་ཟླ་བཞིན་དུ་གསལ་བ་དང༌། །འཇའ་ཚོན་བཞིན་དུ་བཀྲག་མདངས་དང༌། །གཟའ་སྐར་བཞིན་དུ་རགས་པ་དང༌། །ལྷོ་སྤྲིན་བཞིན་དུ་འཐིབས་པ་དང༌། །རི་རབ་བཞིན་དུ་བརྟན་པ་དང༌། །ས་གཞི་བཞིན་དུ་སྙོམས་པ་དང༌། །འབྱུང་བའི་གཡང་རྣམས་འདིར་བྱོན་ཅིག །ཁུ་ཡེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། །མི་ཕྱྭ་ཁུག་ལ་ཕྱུགས་གཡང་སྐྱོབས། །ཧཱུཾ། ལྷ་ཡི་རྒྱལ་པོ་ལྷ་ཆེན་ཁྱུང་དཀར་ནི། །མི་ཡི་གཡང་བསྡུས་ཚོགས་རར་སླན། ནས་ཀྱི་གཡང་བསྡུས་འདུ་བར་སླན། །ལུག་གི་གཡང་བསྡུས་གྱང་རར་སླན། །ཕྱུགས་ཀྱི་གཡང་བསྡུས་ར་བར་སླན། །ཟས་ཀྱི་གཡང་བསྡུས་སྒོ་ཁར་སླན། །གོས་ཀྱི་གཡང་བསྡུས་གདང་ལ་སླན། །ཆང་གི་གཡང་བསྡུས་བུམ་པར་སླན། །ཞིང་གི་གཡང་བསྡུས་མུ་ལ་སླན། །ཁུ་ཡེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། །མི་ཕྱྭ་ཁུག་ལ་ཕྱུགས་གཡང་སྐྱོབས། །ཧཱུཾ། དར་བ་བཙན་གྱི་དགྲ་ལྷ། ཕྱུགས་དམངས་ཀྱི་མང་གཡང༌། རྟ་སྟོང༌། ནག་འབུམ། ལུག་བྱེ་བ། ནས་ཀྱི་བང་མཛོད། གསེར་གྱི་གཏེར་སྒོ། གཡུའི་བང་མཛོད། གཙོ་བོར་ཇོ་བོ་དཀོན་མཆོག་གསུམ་པོའི་ཕྱྭ་གཡང་ཐམས་ཅད་འདིར་བྱོན། །བཀྲ་ཤིས་ཐམས་ཅད་འདིར་བྱོན་ཅིག །བདེ་ལེགས་ཐམས་ཅད་འདིར་བྱོན་ཅིག །བསོད་ནམས་ཐམས་ཅད་འདིར་བྱོན་ཅིག །ཁུ་ཡེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། མི་ཕྱྭ་ཁུག་ལ་ཕྱུགས་གཡང་སྐྱོབས། །ཧཱུཾ། ཀུན་ཏུ་བཟང་པོའི་བྱིན་རླབས་དང༌། །སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང༌། ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང༌། །འཇམ་དཔལ་གཞོན་ནུའི་ཤེས་རབ་དང༌། །བླ་མ་དཀོན་མཆོག་གསུམ་པོའི་བྱིན་རླབས་ཀྱིས། །མི་འགྱུར་གཡང་འདི་རབ་ཏུ་བརྟན་གྱུར་ཅིག །ཁུ་ཡེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། །མི་ཕྱྭ་ཁུག་ལ་ཕྱུགས་གཡང་སྐྱོབས། །ཧཱུྃ། ཤར་གྱི་ཕྱོགས་ནས་ཕྱྭ་དང་གཡང་ལོན་པ། ཉི་ཟླ་བཞིན་དུ་ཤར་བཞིན་བྱོན། །ཧཱུཾ། ལྷོ་ཡི་ཕྱོགས་ནས་ཕྱྭ་དང་གཡང་ལོན་པ། །ལྷོ་སྤྲིན་བཞིན་དུ་འཐིབས་བཞིན་བྱོན། །ཧཱུྃ། ནུབ་ཀྱི་ཕྱོགས་ནས་ཕྱྭ་དང་གཡང་ལོན་པ། །ཆུ་བོ་བཞིན་དུ་འབབ་བཞིན་བྱོན། །ཧཱུཾ། བྱང་གི་ཕྱོགས་ནས་ཕྱྭ་དང་གཡང་ལོན་པ། །སྐྱི་བསེར་བཞིན་དུ་འགྲིམས་བཞིན་བྱོན། །ཧཱུྃ། སྟེང་གི་ཕྱོགས་ནས་ཕྱྭ་དང་གཡང་ལོན་པ། །སྦྲང་ཆར་བཞིན་དུ་འབབ་བཞིན་བྱོན། །ཧཱུཾ། འོག་གི་ཕྱོགས་ནས་ཕྱྭ་དང་གཡང་ལོན་པ། །ལོ་ཏོག་བཞིན་དུ་སྨིན་བཞིན་བྱོན། །ཁུ་ཡེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། །མི་ཕྱྭ་ཁུག་ལ་ཕྱུགས་གཡང་སྐྱོབས། །ཧཱུྃ། འབྱུང་བ་ཤིང་ནི་དར་བ་དང༌། །དེ་བཞིན་མེ་ནི་དར་བ་ཡིན། །མེ་དར་དེ་ནི་ས་དར་རོ། །ས་དར་དེ་ནི་ལྕགས་དར་རོ། །ལྕགས་དར་དེ་ནི་ཆུ་དར་རོ། །ཆུ་དར་དེ་ནི་ཤིང་དར་རོ། །འབྱུང་བ་དེ་བཞིན་དར་བ་ན། །མི་གཡང་དེ་བཞིན་དར་གྱུར་ཅིག །འབྱུང་བ་དེ་བཞིན་བཀྲ་ཤིས་ན། །མི་གཡང་དེ་བཞིན་བཀྲ་ཤིས་ཤོག །འབྱུང་བ་དེ་བཞིན་འཕེལ་བ་ན། །མི་གཡང་དེ་བཞིན་འཕེལ་བར་ཤོག །ནོར་གཡང་ཁྱིམ་དུ་ལོན་པར་ཤོག །ཞིང་གཡང་མུ་ལ་ལོན་པར་ཤོག །ནས་གཡང་བང་མཛོད་ལོན་པར་ཤོག །གོས་གཡང་གདང་ལ་ལོན་པར་ཤོག །ཆང་གཡང་བན་དུ་ལོན་པར་ཤོག །ཟས་གཡང་སྒོ་ཁར་ལོན་པར་ཤོག །ཕྱུགས་གཡང་ར་བར་ལོན་པར་ཤོག །མི་གཡང་ཁྱིམ་དུ་ལོན་པར་ཤོག །མངལ་དུ་བུ་མོ་བུ་ཕོར་འགྱུར། །མི་ཟས་རྣམས་ལ་བདུད་རྩིའི་ཆར་ཕོབ་ཅིག །ས་ལ་བདུད་རྩིའི་ལྗང་བུ་འཁྲུངས་པར་ཤོག །ཧཱུཾ། མགོ་ནག་མི་ཡི་ཕྱྭ་དང་གཡང་ལོན་པ། །ལོན་ཡང་སྐར་མ་མགོ་ལ་ལོན། །ཉམས་ཡང་སྐར་མ་མགོ་ལ་ཉམས། །མགོ་ནག་མི་ཡི་ཕྱྭ་ཁུག་ལ། །མགོ་ནག་མི་ཡི་གཡང་སྐྱོབས་ཤིག །ཁུ་ཡེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། །མི་ཕྱྭ་ཁུག་ལ་ཕྱུགས་གཡང་སྐྱོབས། །ཧཱུཾ། བྱོལ་སོང་ཕྱུགས་ཀྱི་ཕྱྭ་དང་གཡང་ལོན་པ། །ལོན་ཡང་སྐར་མ་བེའུ་དག་ལ་ལོན། །ཉམས་ཡང་སྐར་མ་བེའུ་དག་ལ་ཉམས། །བྱོལ་སོང་ཕྱུགས་ཀྱི་ཕྱྭ་ཁུག་ལ། །བྱོལ་སོང་ཕྱུགས་ཀྱི་གཡང་སྐྱོབས་ཤིག །ཁུ་ཡེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། །མི་ཕྱྭ་ཁུག་ལ་ཕྱུགས་གཡང་སྐྱོབས། །ཧཱུཾ། གཡང་དཀར་ལུག་གི་ཕྱྭ་དང་གཡང་ལོན་པ། །ལོན་ཡང་སྐར་མ་རྒྱལ་ལ་ལོན། །ཉམས་ཡང་སྐར་མ་རྒྱལ་ལ་ཉམས། །གཡང་དཀར་ལུག་གི་ཕྱྭ་ཁུག་ལ། །གཡང་དཀར་ལུག་གི་གཡང་སྐྱོབས་ཤིག །ཁུ་ཡེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། མི་ཕྱྭ་ཁུག་ལ་ཕྱུགས་གཡང་སྐྱོབས། །ཧཱུཾ། ཚེ་ཚེ་ར་ཡི་ཕྱྭ་དང་གཡང་ལོན་པ། །ལོན་ཡང་སྐར་མ་བྱ་རོག་སྒོ་ང་དག་ལ་ལོན། །ཉམས་ཡང་སྐར་མ་བྱ་རོག་སྒོ་ང་དག་ལ་ཉམས། །ཚེ་ཚེ་ར་ཡི་ཕྱྭ་ཁུག་ལ། །ཚེ་ཚེ་ར་ཡི་གཡང་སྐྱོབས་ཤིག །ཁུ་ཡེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། །མི་ཕྱྭ་ཁུག་ལ་ཕྱུགས་གཡང་སྐྱོབས། །ཧཱུྃ། ཀླུ་མོ་ཞིང་གི་ཕྱྭ་དང་གཡང་ལོན་པ། །ལོན་ཡང་སྐར་མ་ས་རི་དག་ལ་ལོན། །ཉམས་ཡང་སྐར་མ་ས་རི་དག་ལ་ཉམས། །ཀླུ་མོ་ཞིང་གི་ཕྱྭ་ཁུག་ལ། །ཀླུ་མོ་ཞིང་གི་གཡང་སྐྱོབས་ཤིག །ཁུ་ཡེ་པུཥྚིཾ་ཀུ་རུ་ཡེ་ས་ཧཱུཾ། །མི་ཕྱྭ་ཁུག་ལ་ཕྱུགས་གཡང་སྐྱོབས། །ཧཱུྃ། གྲུ་གུ་རྟ་དང་བོང་བུའི་གཡང་ལོན་པ། །ལོན་ཡང་སྐར་མ་གྲོ་ལ་ལོན། །ཉམས་ཡང་སྐར་མ་གྲོ་ལ་ཉམས། །གྲུ་གུ་རྟ་དང་བོང་བུའི་ཕྱྭ་ཁུག་ལ། །གྲུ་གུ་རྟ་དང་བོང་བུའི་གཡང་སྐྱོབས་ཤིག །ཁུ་ཡེཔུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། །མི་ཕྱྭ་ཁུག་ལ་ཕྱུགས་གཡང་སྐྱོབས། །ཧཱུཾ། དཀར་མོ་ནས་ཀྱི་ཕྱྭ་དང་གཡང་ལོན་པ། །ལོན་ཡང་སྐར་མ་བྲེ་ཕུལ་དག་ལ་ལོན། །ཉམས་ཡང་སྐར་མ་བྲེ་ཕུལ་དག་ལ་ཉམས། །དཀར་མོ་ནས་ཀྱི་ཕྱྭ་ཁུག་ལ། །དཀར་མོ་ནས་ཀྱི་གཡང་སྐྱོབས་ཤིག །ཁུ་ཡེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། །མི་ཕྱྭ་ཁུག་ལ་ཕྱུགས་གཡང་སྐྱོབས། །ཧཱུཾ། སེར་མོ་ཆང་གི་ཕྱ་དང་གཡང་ལོན་པ། །ལོན་ཡང་སྐར་མ་སྦྲུམ་ལ་ལོན། །ཉམས་ཡང་སྐར་མ་སྦྲུམ་ལ་ཉམས། །སེར་མོ་ཆང་གི་ཕྱྭ་ཁུག་ལ། །སེར་མོ་ཆང་གི་གཡང་སྐྱོབས་ཤིག །ཁུ་ཡེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། །མི་ཕྱྭ་ཁུག་ལ་ཕྱུགས་གཡང་སྐྱོབས། །ཧཱུཾ། སྒྱེད་པོ་སྤུན་གསུམ་གྱི་ཕྱྭ་དང་གཡང་ལོན་པ། །ལོན་ཡང་སྐར་མ་བྲ་ཉེ་དག་ལ་ལོན། །ཉམས་ཡང་སྐར་མ་བྲ་ཉེ་དག་ལ་ཉམས། །སྒྱེད་པོ་སྤུན་གསུམ་གྱི་ཕྱྭ་དང་གཡང་ཁུག་ལ། །སྒྱེད་པོ་སྤུན་གསུམ་གྱི་གཡང་སྐྱོབས་ཤིག །ཁུ་ཡེ་པུཥྚིཾ་ཀུ་ར་ཡེ་སྭཱ་ཧཱ། །མི་ཕྱྭ་ཁུག་ལ་ཕྱུགས་གཡང་སྐྱོབས། །ཧཱུཾ། རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །ལོངས་སྤྱོད་རྒྱ་མཚོ་བཞིན་དུ་མེ་རེ་རེ། །རི་བོ་བཞིན་དུ་སྐྱུ་རུ་རུ། །ཆུ་བོ་བཞིན་དུ་ཤ་ར་ར། །ཉི་ཟླ་བཞིན་དུ་སྐོར་རོ་རོ། །བཀྲ་ཤིས་སྣ་དགུའི་གཡང་སླན་ཅིག །བཙན་པོའི་བཙན་ཡང་འདིར་ཁུག་ཅིག །འཕེལ་བའི་འཕེལ་གཡང་འདིར་ཁུག་ཅིག །དྲག་པོའི་དྲག་གཡང་འདིར་ཁུག་ཅིག །གསུམ་པ་མཛོ་དམངས་ཀྱི་མཛོ་གཡང་འདིར་ཁུག་ཅིག །གྲུ་གུ་གཡུ་དམངས་ཀྱི་གཡུ་གཡང་འདིར་ཁུག་ཅིག །ཁུ་ཡེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། །མི་ཕྱྭ་ཁུག་ལ་ཕྱུགས་གཡང་སྐྱོབས། །ཕྱྭ་ཁུག་ཅིག །གཡང་ཁུག་ཅིག །ཁུག་ལས་བྱོན་ཅིག །སྐྱོབས་ལས་བྱོན་ཅིག །ཅེས་རིན་པོ་ཆེའི་གའུ་ཁ་བཅད་དོ། །དེས་གཡང་ཁུག་སོ། །དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ་དང༌། ལྷའི་བུ་ནོར་བུ་ལྷ་ཞེས་པའི་བང་མཛོད་ཐམས་ཅད་གང་བར་གྱུར་ཏེ། །ལྷའི་བུ་ནོར་བུ་ལྷ་ཞེས་པའི་མདོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གཡང་སླན་པའི་ཆོ་ག་འདི། ཕྱུགས་ནད་ཆེན་པོ་བྱུང་བ་དང༌། ཕྱུགས་གཡང་ཉམས་སམ། གོད་ཁ་ཆེན་པོ་བྱུང་བའམ། གཡང་ཉམས་པའམ། མངལ་དུ་བུ་མོ་མང་པོ་སྐྱེས་པ་དང༌། སྒོའི་གོད་ཁ་ཆེན་པོ་བྱུང་བ་དང༌། མི་ནོར་ཟས་གསུམ་ཉམས་པ་ལ། ཆོས་ལུགས་འདི་ཡིས་སྐྱིད་གཡང་ལེན་ནོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ལྷའི་དོན་དུ་མཛད་པའོ། །ཞེས་ཚེ་དགུག་བྱ་བ་ནི། །ཤར་ཕྱོགས་དྲི་ཟའི་ལག་ནས་བཀྲ་ཤིས་ཚེ་གཡང་ཁུག །ལྷོ་ཕྱོགས་གཤིན་རྗེའི་ལག་ནས་བཀྲ་ཤིས་ཚེ་གཡང་ཁུག །ནུབ་ཕྱོགས་ཆུ་ལྷའི་ལག་ནས་བཀྲ་ཤིས་ཚེ་གཡང་ཁུག །བྱང་ཕྱོགས་གནོད་སྦྱིན་ལག་ནས་བཀྲ་ཤིས་ཚེ་གཡང་ཁུག །ཤར་ལྷོ་མེ་ལྷའི་ལག་ནས་བཀྲ་ཤིས་ཚེ་གཡང་ཁུག །ལྷོ་ནུབ་སྲིན་པོའི་ལག་ནས་བཀྲ་ཤིས་ཚེ་གཡང་ཁུག །ནུབ་བྱང་རླུང་ལྷའི་ལག་ནས་བཀྲ་ཤིས་ཚེ་གཡང་ཁུག །བྱང་ཤར་དབང་ལྡན་ལག་ནས་བཀྲ་ཤིས་ཚེ་གཡང་ཁུག །སྟེང་ཕྱོགས་ཚངས་པའི་ལག་ནས་བཀྲ་ཤིས་ཚེ་གཡང་ཁུག །འོག་ཕྱོགས་ས་བདག་ཀླུ་གཉན་ལག་ནས་བཀྲ་ཤིས་ཚེ་གཡང་ཁུག །འབྱུང་བ་རྣམ་ལྔའི་ལག་ནས་བཀྲ་ཤིས་ཚེ་གཡང་ཁུག །འཆི་བདག་གཤིན་རྗེའི་ལག་ནས་བཀྲ་ཤིས་ཚེ་གཡང་ཁུག །བདུད་དང་འདྲེ་སྲིན་ལག་ནས་བཀྲ་ཤིས་ཚེ་གཡང་ཁུག །ཁམས་གསུམ་སྲིད་གསུམ་ལག་ནས་བཀྲ་ཤིས་ཚེ་གཡང་ཁུག །ས་འོག་ས་སྟེང་ས་བླ་གསུམ་གྱི་ལག་ནས་བཀྲ་ཤིས་ཐམས་ཅད་འདིར་ཁུག་ཅིག །ཁུ་ཡེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། །ལྷའི་བུ་ནོར་བུ་ལྷ་གཡང་སྐྱབས་ཞེས་བྱ་བ་གསེར་འོད་དམ་པའི་མདོ་ནས་ནོར་ལྷ་སྒྲུབ་ཐབས་ལས་ལེའུ་འདི་ཟུར་ཁོལ་དུ་ཕྱུང་བ་ཡིན་ནོ། །བཀྲ་ཤིས།། །།

འཕགས་པ་ནོར་གྱི་རྒྱུན་ཞེས་བྱ་བ་ཁྱིམ་བདག་ཟླ་བ་བཟང་པོས་ཞུས་པ།

༄༅། །འཕགས་པ་ནོར་གྱི་རྒྱུན་ཞེས་བྱ་བ་ཁྱིམ་བདག་ཟླ་བ་བཟང་པོས་ཞུས་པ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་བ་སུ་དྷ་ར་ནཱ་མ་དྷ་ར་ཎི། བོད་སྐད་དུ། འཕགས་པ་ནོར་གྱི་རྒྱུན་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་ཀོ་ཤམྦི་ན། ཚེར་མ་ཅན་ཞེས་བྱ་བའི་གནས་མཆོག་ཆེན་པོ་ན་དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དག་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་ཀོ་ཤམྦིའི་གྲོང་ཁྱེར་ཆེན་པོ་ན། ཁྱིམ་བདག་ཟླ་བ་བཟང་པོ་ཞེས་བྱ་བ། དབང་པོ་ཉེ་བར་ཞི་བ། ཡིད་ཉེ་བར་ཞི་བ། བུ་ཕོ་དང་བུ་མོ་མང་བ། བཟའ་མི་མང་པོ་དང་ལྡན་པ་ཞིག་གནས་པ་དེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་འབུམ་ཕྲག་དུ་མར་སྐོར་བ་བྱས་ནས། ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས། ཁྱིམ་བདག་ཟླ་བ་བཟང་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་གིས་ཕྱོགས་འགའ་ཞིག་ཞུ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ཟླ་བ་བཟང་པོ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །ཁྱིམ་བདག་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག །ཁྱོད་ཀྱིས་ཇི་སྐད་དྲིས་པའི་དྲི་བ་ལུང་བསྟན་ནས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་བསྩལ་པ་དང༌། ཁྱིམ་བདག་ཟླ་བ་བཟང་པོས། བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཇི་ལྟར་དབུལ་བ་མ་མཆིས་པར་འགྱུར་ཞིང༌། བྲོ་ནད་ཀྱིས་ཐེབས་པ་རྣམས་བྲོ་ནད་མ་མཆིས་པར་འགྱུར་པ་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ། ཁྱིམ་བདག་ཟླ་བ་བཟང་པོ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །ཁྱིམ་བདག་ཁྱོད་ཅིའི་ཕྱིར་དབུལ་པོའི་དོན་དུ་འདྲི། དེ་སྐད་ཅེས་བཀའ་བསྩལ་པ་དང༌། ཁྱམ་བདག་ཟླ་བ་བཟང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་དབུལ་བ། གསོ་བ་མང་བ། བུ་ཕོ་དང་བུ་མོ་མང་བ། བཟའ་མི་མང་པོ་དང་ལྡན་པ་ལགས་ན། དེའི་སླད་དུ་རང་གི་སེམས་ཅན་དབུལ་པོ་རྣམས། དབུལ་བ་མ་མཆིས་པར་འགྱུར་བ་དང༌། བྲོ་ནད་ཀྱིས་ཐེབས་པ་བྲོ་ནད་མ་མཆིས་པར་འགྱུར་བ་དང༌། ནོར་དང་འབྲུ་དང་བང་མཛོད་མང་པོ་དང་ལྡན་པར་འགྱུར་བ་དང༌། སྡུག་བསྔལ་དང༌། ཡིད་དུ་འཐད་པ་དང༌། དབང་ཕྱུག་ཏུ་འགྱུར་བ་དང༌། སྦྱིན་བདག་མཛོད་བས་མ་འཚལ་ཞིང༌། དབྱིག་དང༌། གསེར་དང༌། དངུལ་དང༌། ཟངས་དང༌། ལྕགས་དང༌། ནོར་དང༌། འབྲུའི་མཛོད་དང༌། བང་མཛོད་མང་པོ་དང༌། ནོར་བུ་དང༌། མུ་ཏིག་དང༌། བཻ་ཌཱུརྻ་དང༌། རུད་དང༌། མན་ཤེལ་དང༌། བྱུ་རུ་དང༌། ས་ལེ་སྦྲམ་དང༌། དངུལ་དག་འཚལ་ཞིང༌། འབྱོར་པར་གྱུར་པ་དང༌། ཁྱིམ་གྱི་བུ་སྨད་དང༌། བཟའ་མི་རྣམས་བརྟན་པར་འགྱུར་བའི་ཆོས་ཀྱི་རྣམ་གྲངས་དེ་བཅོམ་ལྡན་འདས་ཀྱིས་ལེགས་པར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ཟླ་བ་བཟང་པོ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །ཁྱིམ་བདག་སྔོན་འདས་པའི་དུས། བསྐལ་པ་གྲངས་མེད་པ་འདས་པར་གྱུར་པ་དེའི་ཚེ་དེའི་དུས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་རྒྱ་མཚོའི་དབྱངས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། རིགས་ཀྱི་བུ་ངས་དེ་བཞིན་གཤེགས་པ་དེ་ལས་ནོར་གྱི་རྒྱུན་ཞེས་བྱ་བའི་གཟུངས་འདི་ཐོས་ཏེ། གཟུང་ཞིང་བཅངས་ཀླགས། ཀུན་ཆུབ་པར་བྱས། རྗེས་སུ་ཡི་རངས་པར་བྱས་ཤིང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏེ། རིགས་ཀྱི་བུ་ངས་རབ་ཏུ་བཤད་པར་བྱའོ། །རིགས་ཀྱི་བུ་གཟུངས་སྔགས་འདིའི་མཐུས་མི་རྣམས་རྣམ་པར་མཐོ་འཚམ་པར་མི་བྱེད་དོ། །གནོད་སྦྱིན་དང་མི་མ་ཡིན་རྣམས་རྣམ་པར་མཐོ་འཚམ་པར་མི་བྱེད་དོ། །སྲིན་པོ་རྣམས་རྣམ་པར་མཐོ་འཚམ་པར་མི་བྱེད་དོ། །ཡི་དྭགས་རྣམས་རྣམ་པར་མཐོ་འཚམ་པར་མི་བྱེད་དོ། །ཤ་ཟ་རྣམས་རྣམ་པར་མཐོ་འཚམ་པར་མི་བྱེད་དོ། །འབྱུང་པོ་རྣམས་རྣམ་པར་མཐོ་འཚམ་པར་མི་བྱེད་དོ། །གྲུལ་བུམ་རྣམས་རྣམ་པར་མཐོ་འཚམ་པར་མི་བྱེད་དོ། །བརྗེད་བྱེད་རྣམས་རྣམ་པར་མཐོ་འཚམ་པར་མི་བྱེད་དོ། །རྣོན་པོ་རྣམས་རྣམ་པར་མཐོ་འཚམ་པར་མི་བྱེད་དོ། །ལུས་སྲུལ་པོ་རྣམས་རྣམ་པར་མཐོ་འཚམ་པར་མི་བྱེད་དོ། །ལྷ་མ་ཡིན་རྣམས་རྣམ་པར་མཐོ་འཚམ་པར་མི་བྱེད་དོ། །ཟས་སུ་མི་གཙང་བ་ཟ་བ་རྣམས་དང༌། ཟས་སུ་གཅིན་འཐུང་བ་རྣམས་དང༌། ཟས་སུ་ཁྲག་འཐུང་བ་རྣམས་དང༌། ཟས་སུ་ཤ་ཟ་བ་རྣམས་དང༌། ཟས་སུ་རྣག་འཐུང་བ་རྣམས་དང༌། ཟས་སུ་ཞག་ཟ་བ་རྣམས་དང༌། ཟས་སུ་རྐང་ཟ་བ་རྣམས་དང༌། ཟས་སུ་ངར་སྣབས་ཟ་བ་རྣམས་དང༌། ཟས་སུ་སྟོར་ཁུང་ནས་འབབ་པ་འཐུང་བ་རྣམས་དང༌། ཟས་སུ་དབུགས་རྔུབ་པ་དང༌། འབྱུང་བ་ཟ་བའི་བར་རྣམས་རྣམ་པར་མཐོ་འཚམ་པར་མི་འགྱུར་རོ། །རིགས་ཀྱི་བུ་ནོར་གྱི་རྒྱུན་ཞེས་བྱ་བའི་གཟུངས་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གི་ཁྱིམ་ན་ཡོད་དམ། སྙིང་ན་ཡོད་དམ། ལག་ན་ཡོད་དམ། གླེགས་བམ་དུ་ཆུད་དམ། ཐོས་པར་གྱུར་ཏ་མ། ཀུན་ཆུབ་པར་བྱས་སམ། བཀླགས་སམ། བཟུང་ངམ། རྗེས་སུ་ཡི་རང་བར་བྱས་སམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་ཡུན་རིང་པོའི་དོན་དང༌། ཕན་པ་དང༌། དགེ་བ་དང༌། གྲུབ་པ་དང༌། བདེ་བ་དང༌། ལོ་ལེགས་པར་འགྱུར་རོ། །སུ་ཞིག་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱས་ཏེ། ནོར་གྱི་རྒྱུན་གྱི་གཟུངས་འདི་ནམ་ཕྱེད་ན་ལན་གཉིས་སམ། ལན་གསུམ་མམ། ལན་བཞི་བཏོན་ན། དེའི་ལྷ་ཡི་རངས་ནས། དེ་བཞིན་གཤེགས་པའི་བསྟན་པ་ལ་དགའ་བ་དང༌། ཆོས་གདགས་པར་བྱས་པས་དགའ་བ་དང༌། དགེ་འདུན་གདགས་པས་དགའ་བ་དང༌། ཆོས་སྨྲ་བ་ལ་ལྷག་པའི་བསམ་པས་བདག་ཉིད་འོངས་ཏེ། འབྲུའི་ཆར་འབེབས་པར་འགྱུར་རོ། །ན་མོ་བྷ་ག་ཝ་ཏེ། བཛྲ་ནིར་གྷོ་ཥེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀ་སམ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་སུ་བེ་བྷ་ཏྲ་བི་ཏི། བ་ལེ། མང་ག་ལ་མ་ཏི། ཨ་ཙི་ལེ་ཨ་ཙི་བ་ལེ། ཨུད་ག་ཏ་ནི། སྭ་བྷ་བ་ཏེ། དྷ་ན་བ་ཏི། ཤུ་བྷ་བ་ཏི། པྲ་བྷ་པ་ཏི། བི་མ་ལེ། ནིར་མ་ལེ། སུ་རུ་སུ་རུ་བེ། ས་བྷ་མ་ལེ། བི་མ་ལེ། ནིར་མ་ལེ། ཨ་ཙན་ཏེ། ཨ་ནནྟེ། བི་ན་མ་ཏེ། བི་ཤ་ཀེ་ཤི་ནེ་ཤི། ཨཾ་ཀུ་རེ། མཾ་ཀུ་རེ། པྲ་བྷང་ཀ་རེ། གི་ར་མེ། བི་དྷ་མེ། རི་རི་མེ། དྷི་དྷི་མེ། དྷུ་དྷུ་མེ། ཁ་ཁ་མེ། ཏ་ཏ་ཁ་མེ། ཏ་ར་ཏ་ར། ཏ་ར། བཛྲེ་བཛྲེ། བཛྲོ་བྷ་མེ། ཏ་ཀེ་ཏ་ཀེ །ཐ་ཀེ་ཐ་ཀེ །ཨུ་ཀེ །བུག་ཀེ །ཐ་ཀེ། ཐ་ར་ཀེ །ཨ་པ་ཏ་ནི། པར་ཤ་ནི། ན་ཏྲ་དྷ་ནི། ས་མ་ག་ར་ནི་ར་གྷོ་ཥཱ་ཡེ། མ་ནུ་སྨ་ར་སྨ་ར། སརྦ་སད་ཏ། ཏ་ཐཱ་ག་ཏཱ། མ་ནུ་སྨ་ར། སད་ཏ་ཡ་མ་ནུ་སྨ་ར། དྷརྨ་སད་ཏེ་མ་ནུ་སྨ་ར། སད་ག་སད་ག་ཏ་མ་ནུ་སྨ་ར། ཏ་ཊ་ཏ་ཊ། པུ་ར་པུ་ར། པུ་ར་ཡ་པཱུ་ར་ཡ། བྷ་ར་བྷ་ར་ནི། ཨ་མ་ལེ། སུ་མང་ག་ལེ། ཤན་ཏ་མ་ཏི། ཤུ་བ་མ་ཏི། མཾ་ག་ལ་མ་ཏི། མ་ཧཱ་མ་ཏེ། བྷ་ཏ་མ་ཏི། པྲ་བྷ་མ་ཏི། སུ་ཙནྟྲ་མ་ཏི། ཨཱ་གཙྪ། ཨཱ་གཙྪ། ས་མ་ཡ་མ་ནུ་སྨ་ར་སྭཱ་ཧཱ། ཨ་པ་ར་ན་མ་ནུ་སྨ་ར་སྭཱ་ཧཱ། པྲ་བྷ་མ་ནུ་སྨ་ར་སྭཱ་ཧཱ། དྷི་ཏི་མ་ནུ་སྨ་ར་སྭཱ་ཧཱ། ཙྪེ་ད་མ་ནུ་སྨ་རཱ་སྭཱ་ཧཱ། ཛམྦྷ་ཡ་མ་ནུ་སྨ་ར་སྭཱ་ཧཱ། ཧྲི་ད་ཡ་མ་ནུ་སྨ་ར་སྭཱ་ཧཱ། སརྦ་སད་ཏ་ཡ་མ་ནུ་སྨ་ར་སྭཱ་ཧཱ། ཨོ་བཱ་སུ་དྷ་རུ་སྭཱ་ཧཱ། ཨོཾ་ཤྲི་བཱ་སུ་སྭཱ་ཧཱ། ཨོཾ་མ་ཧཱ་བཱ་སུ་སྭཱ་ཧཱ། རིགས་ཀྱི་བུ་འདི་ནི་ནོར་གྱི་རྒྱུན་ཞེས་བྱ་བའི་གཟུངས་ཏི། གཟུངས་འདིའི་མཐུས་མུ་གེ་དང༌། ནད་དང༌། འཆི་ངེས་འབྱུང་བར་མི་འགྱུར་རོ། །རིགས་ཀྱི་བུ་སུ་ཞིག་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱས་ཏེ། ནོར་གྱི་རྒྱུན་ཞེས་བྱ་བའི་གཟུངས་འདི་ནུབ་གཅིག་བཏོན་ན། དེ་ནས་དངོས་གྲུབ་ཏུ་འགྱུར་རོ། །རྒྱས་པའི་དོན་དུ་བདག་གི་ཁྱིམ་མམ། གཞན་གྱི་ཁྱིམ་མམ། གནས་གཙང་མའི་བང་མཛོད་དམ། གནས་གང་ཡང་རུང་བར་དེ་བཞིན་གཤེགས་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། གསང་སྔགས་ཀྱི་ལྷའི་ཕྱིར་ཙནྡན་གྱི་དཀྱིལ་འཁོར་གྲུ་བཞི་བྱས་ཏེ། ནུབ་གཅིག་བཏོན་ན། རིགས་ཀྱི་བུ་དེའི་ཁྱིམ་ནོར་དང༌། འབྲུ་དང༌། གསེར་དངུལ་དང༌། ཡོ་བྱད་ཐམས་ཅད་ཀྱི་རྒྱུན་མི་འཆད་པའི་ཚད་ཙམ་གྱིས་གང་བར་འགྱུར་རོ། །འཇིགས་པ་དང་གནོད་པ་ཐམས་ཅད་ཀྱང་མེད་པར་འགྱུར་རོ། །རིགས་ཀྱི་བུ་དེའི་ཕྱིར་ཁྱོད་རབ་ཏུ་བསྒྲིམ་ལ་ནོར་གྱི་རྒྱུན་གྱི་གཟུངས་འདི་ཟུངས་ཤིག །ཆོངས་ཤིག །ལྷོགས་ཤག །སྟོན་ཅིག །གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག །དེས་ཁྱོད་ཡུན་རིང་པོའི་དོན་དང༌། ཕན་པ་དང༌། བདེ་བ་དང༌། གྲུབ་པ་དང༌། ལོ་ལེགས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཁྱིམ་བདག་ཟླ་བ་བཟང་པོས་ལེགས་སོ་ཞེས་གསོལ་ཏོ། །ཁྱིམ་བདག་གིས་བཅོམ་ལྡན་འདས་ལ་ནོར་གྱིས་རྒྱུན་གྱི་གཟུངས་འདི་བླངས་ནས། ཚིམ་ཞིང་དགའ་ལ་མགུ་ཞིང་ཡིད་རངས་ནས། རབ་ཏུ་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ནོར་གྱི་རྒྱུན་གྱི་གཟུངས་འདི་བཀླགས་ལགས། ཀུན་ཆུབ་པར་བགྱིས་ལགས། རྗེས་སུ་ཡི་རང་བར་བགྱིས་ལགས་སོ། །གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བགྱིད་ལགས་སོ། །དེའི་སྐད་ཅིག་ཙམ་ལ་ཁྱིམ་བདག་ཟླ་བ་བཟང་པོའི་བང་མཛོད་རྣམས་ནོར་གྱིས་ཡོངས་སུ་གང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཁྱིམ་བདག་ཟླ་བ་བཟང་པོས་ལན་འབུམ་ཕྲག་དུ་མར་བསྐོར་བ་བྱས་ཏེ་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ༌། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་སོང་ལ་ཁྱིམ་བདག་ཟླ་བ་བཟང་པོའི་ཁྱིམ་ནོར་དང་འབྲུས་ཡོངས་སུ་གང་བ་དང༌། བང་མཛོད་ཆེན་པོ་དང༌། མཛོད་ཡོངས་སུ་གང་བ་རྣམས་ལ་ལྟོས། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་ཉན་ནས། ཀོ་ཤམྦིའི་གྲོང་ཁྱེར་ཆེན་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ནང་དུ་བཞུགས་པ་དང༌། ནོར་དང་འབྲུས་ཡོངས་སུ་གང་བ་དང༌། ཡོ་བྱད་ཕུན་སུམ་ཚོགས་པའི་མཛོད་ཆེན་པོ་དང༌། བང་མཛོད་རྣམས་ཡོངས་སུ་གང་བར་མཐོང་ངོ༌། །མཐོང་ནས་ཚིམ་ཞིང་དགའ་ལ་མགུ་ཞིང་ཡི་རངས་ཏེ། རབ་ཏུ་དགའ་བ་དང་ཡིད་བདེ་བ་སྐྱེས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གིས་ཁྱིམ་བདག་ཟླ་བ་བཟང་པོ་ནོར་མང་ཞིང་བང་མཛོད་རྣམས་ཀྱང་ནོར་དང་འབྲུ་ཕུན་སུམ་ཚོགས་པར་གྱུར་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུ་ཁྱིམ་བདག་ཟླ་བ་བཟང་པོ་དད་ཅིང་མཆོག་ཏུ་དད་ལ་དགེ་བའི་བསམ་པ་ཅན་དེས་ནོར་གྱི་རྒྱུན་གྱི་གཟུངས་འདི་གཟུང་ཞིང་རབ་ཏུ་འདོན། བཀླགས་ཤིང་ཀུན་ཆུབ་པར་བྱས། རྗེས་སུ་ཡི་རང་བྱས་ཤིང་གཞན་ལ་ཡང་རྒྱ་ཆེར་རབ་ཏུ་བསྟན་པའི་ཕྱིར་རོ། །ཀུན་དགའ་ཁྱོད་ཀྱིས་ཀྱང་དེའི་ཕྱིར་ནོར་གྱི་རྒྱུན་གྱི་གཟུངས་འདི་ལོངས་ཤིག་ཆོངས་ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ལ། གཞན་དག་ལ་ཡང་རབ་ཏུ་སྟོན་ཅིག །དེས་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང༌། བདེ་བར་འགྱུར། འཇིག་རྟེན་ལ་སྙིང་བརྩེ་བ་དང༌། སྐྱེ་བོ་ཕལ་པོ་ཆེ་དང༌། ལྷ་དང་མི་རྣམས་ཀྱི་དོན་དང༌། ཕན་པ་དང་བདེ་བར་འགྱུར་རོ། །ཀུན་དགའ་བོ་སུ་ཞིག་རིགས་སྔགས་འདི་ལས་གཞན་དུ་སྨྲ་བ་ནི། ལྷ་དང་བཅས་པ་དང༌། བདུད་དང་བཅས་པ་དང༌། ཚངས་པ་དང་བཅས་པ་དང༌། དགེ་སྦྱོང་དང་བྲམ་ཟེ་བཅས་པ་དང༌། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་ངས་མ་མཐོང་ངོ༌། །ལན་གཉིས་ལན་གསུམ་དུ་སྟོན་ཀྱང་འགལ་བར་བྱེད་པ་ནི་གནས་མེད་དོ། །ཀུན་དགའ་བོ་གཟུངས་ཀྱི་ཚིག་འདི་དག་ནི་སེམས་ཅན་དགེ་བའི་རྩ་བ་ཟད་པ་རྣམས་ཀྱི་རྣ་ལམ་དུ་སྒྲ་བསྒྲག་པར་ཡང་མི་གྱུར་ན། གླེགས་བམ་ལ་ཡི་གེར་བྲིས་པའམ། ཡིད་ལ་བཟུང་བ་ལ་ནི་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་སྟེ། གཟུངས་འདི་ནི་སེམས་ཅན་དབུལ་པོ་དང༌། ནད་སྣ་ཚོགས་ཀྱིས་གཟིར་བ་དང༌། འཇིགས་པ་དང༌། སེམས་ཅན་སྡང་བས་གནོད་པར་བྱེད་པ་ཐམས་ཅད་ཀྱི་དོན་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་དང༌། བཤད་པ་དང༌། རྗེས་སུ་ཡི་རང་བ་དང༌། རབ་ཏུ་ཕྱེ་བ་དང༌། བསྔགས་པ་དང༌། བཀྲོལ་བ་དང༌། གསལ་བར་མཛད་པ་དང༌། སྐྱེད་པ་དང༌། བྱིན་གྱིས་བརླབས་པ་དང༌། ཆོས་ཀྱི་ཕྱག་རྒྱས་བཏབ་པ་དང༌། གཉན་པར་བརྗོད་པ་དང༌། གོ་བར་མཛད་པའི་ཕྱིར་རོ། །དེ་ནས་ཀུན་དགའ་བོ་སྟན་ལས་ལངས་ཏེ། དེའི་ཚེ་ཐལ་མོ་སྦྱར་ནས་ཆེད་དུ་བརྗོད་པ་ཡང་ཆེད་དུ་བརྗོད་ཅིང་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་སྟེ། །སངས་རྒྱས་ཆོས་ཀྱང་བསམ་གྱིས་མི་ཁྱབ་ལགས། །བསམ་གྱིས་མི་ཁྱབ་པ་ལ་དད་རྣམས་ཀྱིས། །རྣམ་པར་སྨིན་པ་འང་བསམ་གྱིས་མི་ཁྱབ་ལགས། །ཞི་བ་ཅི་ཡང་མཁྱེན་པ་ཐམས་ཅད་མཁྱེན། །ཆོས་ཀྱི་རྒྱལ་པོ་རྒ་ཤི་མི་མངའ་བ། ཡེ་ཤེས་ཕ་རོལ་བགྲོད་པར་བྱོན་གྱུར་པ། །སངས་རྒྱས་དཔའ་བོ་ཁྱོད་ལ་ཕྱག་འཚལ་ལོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཚིམ་ཞིང་དགའ་ལ་མགུ་ཞིང་ཡིད་རངས་ནས་རབ་ཏུ་དགའ་བ་དང་ཡིད་བདེ་བ་སྐྱེས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་བཟུང་བར་བགྱི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་ནི་ཁྱིམ་བདག་ཟླ་བ་བཟང་པོས་ཞུས་པ་ཞེས་བྱ་བར་ཟུངས་ཤིག །ནོར་དང་འབྲུ་དང་རིན་པོ་ཆེ་ཐམས་ཅད་ཀྱི་གཏེར་ཞེས་བྱ་བར་ཡང་ཟུངས་ཤིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྔགས་པ་ནོར་གྱི་རྒྱུན་ཞེས་བྱ་བར་ཡང་ཟུངས་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང༌། ཚེ་དང་ལྡན་པ་ཀུན་དགའ་བོ་དང༌། དགེ་སློང་དེ་དག་དང༌། བྱང་ཆུབ་སེམས་དཔའ་དེ་དག་དང༌། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང༌། ལྷ་དང་མི་དང་ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ནོར་གྱི་རྒྱུན་ཞེས་བྱ་བའི་གཟུངས་རྫོགས་སོ། །

འཕགས་པ་ནོར་བུ་བཟང་པོའི་གཟུངས་ཞེས་བྱ་བ།

༄༅། །འཕགས་པ་ནོར་བུ་བཟང་པོའི་གཟུངས་ཞེས་བྱ་བ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་མ་ཎི་བྷ་དྲ་ནཱ་མ་དྷ་ར་ཎི། བོད་སྐད་དུ། འཕགས་པ་ནོར་བུ་བཟང་པོའི་གཟུངས་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནོར་བུ་བཟང་པོའི་བུས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནོར་བུ་བཟང་པོའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་གིས་སྙིང་པོ་འདི་ཉིན་རེ་བཞིན་དུས་གསུམ་དུ་འདོན་པར་བྱེད་ན། བདག་དེའི་སླད་བཞིན་དུ་རྟག་ཏུ་འབྲང་བར་བྱའོ། །དེའི་དགོས་པ་ཐམས་ཅད་ཀྱང་བགྱིའོ། །གོས་དང༌། ཟས་དང༌། དབྱིག་དང༌། གསེར་དང༌། ནོར་དང༌། འབྲུ་དང༌། དངུལ་དག་ཀྱང་སྩལ་བར་བགྱིའོ། །དེའི་དོན་ཐམས་ཅད་ཀྱང་འགྲུབ་པར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱང་དེའི་དབང་དུ་འགྱུར་བར་བགྱིའོ། །དེའི་བྱ་བ་སྣ་ཚོགས་ཐམས་ཅད་ཀྱང་མོད་ལ་བསྒྲུབ་པར་བགྱིས་ཏེ། འཁྲིག་པ་དང་ལྡན་པ་ནི་མ་གཏོགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་ཏྲ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། སྱཱདྱ་ཐེ་དན། ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མཎི་བྷ་དྲ། ཀི་ལི་མཎི་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཙི་ལི་མ་ཎི་གྷ་དྲ། ཙི་ལི་ཙི་ལི་མཎི་བྷ་དྲ། ཙུ་ལུ་མ་ཎི་བྷ་དྲ། ཙུ་ལུ་ཙུ་ལུ་མ་ཎི་བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་མ་ཎི་བྷ་དྲ། སརྦ་ཨཱ་ཨརྠ་མ་མ་སཱ་དྷ་ཡ་སྭཱ་ཧཱ། ཏདྱ་ཐཱ། པཱུ་ཏ་ནེ་སུ་པཱུ་ཏ་ནེ་སུ་རུ་མེ་སུ་མཱ་ཏེ། སུ་ར་ཐེ། སུ་སྨ་བ་ཏེ། ཧི་ལེ་ཀེ་ཧི་ལེ་ཀེ་ལི། པུ་ནྱ་སིདྡྷི་བྷ་དྲ། ཧི་ལི་ཧི་ལི་སྭཱ་ཧཱ། ཨེ་ཧི་ཀོ་ནི། ཨེ་ཧེ་ཀོ་ནིཥྐེ་སྭཱ་ཧཱ། ལན་བདུན་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་རོ། །འདིའི་ཆོ་ག་ནི་འདི་ཡིན་ཏེ། ཟླ་བ་ཡར་ངོའི་ཚེས་བཅོ་ལྔ་ལ་གཙང་སྦྲ་བྱས་ལ་དུས་གསུམ་དུ་ཨ་ག་རུ་ཡི་དུ་བས་བདུག་སྟེ། ལན་བདུན་སྟོང་བཟླས་བརྗོད་བྱས་ན་གསེར་རྙེད་པར་འགྱུར་རོ། །འཕགས་པ་ནོར་བུ་བཟང་པོའི་གཟུངས་རྫོགས་སོ།། །།ཞུས་དག །སརྦ་མངྒ་ལཾ།། །།

ཨ་པ་ར་ཡང་དག་ཤེས་ཀྱི་གཟུངས།

༄༅། །ཨ་པ་ར་ཡང་དག་ཤེས་ཀྱི་གཟུངས་བཞུགས་སོ། །

རྒྱ་གར་སྐད་དུ། ཡཀྵ་ཨ་པ་ར་བི་ཤུདྡྷ་ནཱ་མ་དྷ་ར་ཎི། བོད་སྐད་དུ། གནོད་སྦྱིན་གཞན་གྱིས་མི་ཐུབ་པ་ཡང་དག་ཤེས་ཀྱི་གཟུངས། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ། རི་རབ་རིའི་རྩེ་མོ་བྱང་ཤར་མཚམས་ཀྱི་ཕོ་བྲང༌། ངལ་གསོ་བའི་གནས་སུ་བཞུགས་པའི་ཚེ། གྲངས་མེད་པའི་ལྷ་དང༌། ཀླུ་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། འཇིག་རྟེན་སྐྱོང་བ་ཐམས་ཅད་དང༌། གནོད་སྦྱིན་ངལ་བསོ་བ་དང༌། ཡང་དག་ཤེས་དང༌། ནོར་བུ་བཟང་པོ་དང༌། གང་བ་བཟང་པོ་དང༌། ཛམ་བྷ་ལ་ལ་སོགས་པ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ནས་འཁོད་དོ། །དེ་ནས་གནོད་སྦྱིན་གྱི་རྒྱལ་པོ་ཡང་དག་ཤེས་ཨ་པ་རའི་ཆ་ལུགས་འཛིན་པ། སྐུ་ལ་ནོར་བུ་སྣ་ཚོགས་ཀྱིས་བརྒྱན་ཏེ། ཟླ་བ་དང་ཉི་མ་ལྟར་འབར་བའི་སྐུ་རབ་ཏུ་བཞད་པ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ག་ལ་བ་དེར་སོང་སྟེ། བྷ་ག་ཝཱན་ལ་རིན་པོ་ཆེ་སྣ་བདུན་གྱི་མཆོད་པ་བྱས་ནས་འདི་སྐད་ཅེས་གསོལ་ཏོ། །བྷ་ག་ཝཱན། བདག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་དངོས་གྲུབ་ཐམས་ཅད་འབྱུང་བ་དང༌། ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་འབུལ་གྱིས་བཞེས་སུ་གསོལ། ན་མོ་བུདྡྷ་ཡ། ན་མོ་དྷརྨ་ཡ། ན་མ་སངྒྷ་ཡ། ན་མ་པྲ་མ་ཡ། ན་མ་ཨིན་དྲཱ་ཡེ། ན་མོ་ཙ་ཏུ་ན་མ། མ་བྷེ་ར་ཤ་ན་མ། ཏདྱ་ཐཱ། ཧི་ལེ་ཧི་ལེ། མི་ལེ་མི་ལེ། གུ་རི་མ་ཏུ་རི། མ་ཧཱ་གྷ་དྷ་རི། དྷ་ར་མི་ཀྱེ། དྷ་ན་དྷ། ཁུ་ཁུན་དྷེ། ཧ་ཧ་ཧ་ཧ་ཧ། ཧི་ཧི་ཧི་ཧི་ཧི། ཧོ་ཧོ་ཧོ་ཧོ་ཧོ། ཧ་ལོ་དམ་བྷེ། ཙ་ཙ་ཙ་ཙ། ཙི་ཙི་ཙི་ཙི། ཙུ་ཙུ་ཙུ་ཙུ། ཤྩ་ན་དྷ་ཤྱལ། ཤི་གྲ་ཤི་གྲ། ཨུན་ཏི་ས་ཐ་ཏི། བྷ་ག་ཝཱན། སིང་ཤིང་དྷི་ལཱ་ཡ་སྭཱ་ཧཱ། འདིའི་ཆོ་ག་ནི་གནོད་སྦྱིན་ཡང་དག་ཤེས་ཀྱི་གཟུངས། འཕང་དུ་ཆ་བཞི་ལྔ་ཙམ་ཡོད་པ་ལ། གཡས་ན་དགྲ་སྟ་ཐོགས་པ། གཡོན་ནེའུ་ལེའི་ཁ་ནས་རིན་པོ་ཆེ་སྐྱུག་པ་ཐོགས་པ། ལུས་སྒེག་པ། སྤྱན་དམར་བ། མཆེ་བ་གཙིགས་པ། སྐུ་མདོག་ནག་པོ་གཅིག་བྲིས་ལ་དེའི་མདུན་ན་དཀྱིལ་འཁོར་གྲུ་བཞི་པ་གཅིག་བྱས་ལ། དེའི་ཕྱོགས་བཞིར་བུམ་པ་བཞི། དཀར་གསུམ་མངར་གསུམ་གྱི་ཆབ་ཀྱིས་བཀང་ལ་བཞག་གོ །བྱུག་པ་དང༌། ཕྱེ་མ་དང༌། བདུག་པ་དང༌། མེ་ཏོག་རྣམས་བཀྲམ་མོ། །དེའི་མདུན་དུ་ཐབ་གཅིག་བྱས་ལ། དེར་གཞན་ཤིང་ངམ། ཤུག་པའི་མེ་སྦར་ལ། གཟུངས་གོང་མ་བརྒྱ་རྩ་བརྒྱད་བཟླས་ལ་བསྲེག་བླུགས་རེ་རེ་འབུལ་བས་ནི། དེའི་དུས་སུ་ཡང་དག་ཤེས་འོང་སྟེ། ཁྱོད་ཅི་འདོད་ཅེས་ཟེར་དུ་འོང་ངོ༌། །སྒྲུབ་པ་པོ་བདག་ལ། གསེར་དང༌། དངུལ་དང༌། རིན་པོ་ཆེ་ཐམས་ཅད་དང༌། ས་འོག་གི་གཏེར་དང༌། བར་སྣང་གི་འགྲོ་ཤེས་པ་དང༌། མིག་གི་མངོན་པར་ཤེས་པ་དང༌། རྣ་བའི་མངོན་པར་ཤེས་པ་དང༌། གཞན་གྱི་སེམས་ཤེས་པ་དང༌། སེམས་ཅན་གྱི་ཡིད་འཕྲོག་པ་དང༌། འཚོ་བའི་ཡོ་བྱད་སྨན་པ་དང༌། བཟའ་བ་དང༌། བཏུང་བ་དང༌། བསྒོ་བ་དང༌། མེ་ཏོག་དང༌། འཕྲེང་བ་དང༌། རྒྱན་ལ་སོགས་པ་ཅི་འདོད་པ་ཐམས་ཅད་གསོལ་བ་གདབ་བོ། །དེས་ཐོབ་པར་གྱུར་ཏེ། ཐེ་ཚོམ་མེད་དོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེས། གནོད་སྦྱིན་གྱི་རྒྱལ་པོ་ཡང་དག་ཤེས་ལ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །ཕྱི་མའི་དུས་སུ་བསྟན་པ་འཛིན་ཅིང་སྐྱོང་བ་ལ་ནོར་མེད་པ་དང༌། དད་པ་དང་བརྩོན་འགྲུས་ཆུང་བ་དང༌། བླ་མ་དང་དཀོན་མཆོག་མཆོད་པའི་ཡོ་བྱད་མེད་པ་རྣམས་ལ་ནོར་བྱིན་ཅིག །ཅེས་བཀའ་བསྩལ་པ་དང༌། དེ་ནས་འཁོར་ཐམས་ཅད་དགའ་མགུ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཨ་པ་ར་ཡང་དག་ཤེས་ཀྱི་གཟུངས་རྫོགས་སོ།། །།སརྦ་མངྒ་ལཾ། ཞུས་དག །ཤུ་བྷཾ།། །།

འཕགས་པ་ནོར་ཕྱུགས་བསྲུང་ཞིང་སྤེལ་བ་ཞེས་བྱ་བའི་གཟུངས།

༄༅། །འཕགས་པ་ནོར་ཕྱུགས་བསྲུང་ཞིང་སྤེལ་བ་ཞེས་བྱ་བ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་ཀུ་བེ་ར་རཏྣ་བྷ་བྷེ་སརྦ་ཏ་ནཱ་མ། བོད་སྐད་དུ། འཕགས་པ་ནོར་ཕྱུགས་བསྲུང་ཞིང་སྤེལ་བ་ཞེས་བྱ་བའི་གཟུངས། ནོར་བདག་ཀུ་བེ་ར་ལ་ཕྱག་འཚལ་ལོ། ནོར་བདག་ཆེན་པོ་ལྷ་ཡི་ལྷ། །ནོར་རྣམས་ཐམས་ཅད་བསྲུང་ཞིང་སྤེལ། ནོར་ལ་གནོད་བྱེད་གེགས་རྣམས་ཀུན། །སྐད་ཅིག་ཉིད་ལ་ཐལ་བར་རློག །ནོར་ནད་ཐམས་ཅད་རབ་ཏུ་སྲུངས། །ཆོམ་རྐུན་གྱིས་ནི་འཕྲོག་པར་དཀའ། །གློ་དང་ཧོན་དང་ཚིག་སྒོར་ཚ། འབྲུམ་དང་ཤིག་དང་རྒྱུ་ནད་དང༌། །ཚེར་འབམ་མཁྲིས་སྐྱུར་ཨོག་འབུད་དང༌། །རྔོ་དང་འབྲས་དང་ཀླད་ནད་གཟེར། །ཤ་ཟ་ཕར་སྤྱང་གཅན་ཟན་འཚེ། དེ་དག་མ་རུངས་ལོག་པར་ལྟ། ནོར་ཕྱུགས་རྣམས་ལ་སྲུང་དུ་གསོལ། །ཨོཾ་ན་མོ་རཏྣ་ཏྲ་ཡཱ་ཡ། ཀུ་བེ་ར་ཨ་ར་ཙེ་སརྦ་བུདྡྷ་དྷརྨ་ཀོའུ་ཤ་བི་ཏ་རཏྣ་པཱ་རི་ཤ་ཀ་ར་དྷི་ཤ་ཏ་ཡ་སྭཱ་ཧཱ། །ནོར་ཕྱུགས་སྤེལ་ཞིང་བསྐྱབ་ཏུ་གསོལ། །ཀུན་ནས་མི་མཐུན་ཕྱོགས་དུས་བལྟ། །དགྲ་དང་ཆོམ་རྐུན་འཇིགས་ལ་སོགས། །དེ་དག་ཀུན་ལ་མི་འཇིགས་སྦྱིན། ནོར་བཟང་ནོར་སྤེལ་སྲིད་པའི་རྒྱལ། །རྒྱལ་བའི་མཆོག་སྟེ་ནོར་རྣམས་སྲུངས། །ན་མོ་རཏྣ་ཏྲ་ཡཱ་ཡ། ཀུ་བེ་ར་རཏྣ། ན་མ་མ་ཀི་མཾ་རཀྵ་སྲུངས་ཤིག་སྭཱ་ཧཱ། ཨོཾ་དེ་བ་ཛམྦྷ་ལཱ་ཡ་སྭཱ་ཧཱ། ཨོཾ་ཁ་ག་ར་ཛམྦྷ་ལཱ་ཡ་སྭཱ་ཧཱ། ཨོཾ་སུརྻ་ཛམྦྷ་ལཱ་ཡ་ས་ཧྭ། ཨོཾ་ཙནྡྲ་ཛམྦྷ་ལཱ་ཡ་སྭཱ་ཧཱ། ཨོཾ་ཧ་ར་བྷེ་ཛམྦྷ་ལཱ་ཡ་སྭཱ་ཧཱ། ཨོཾ་ཏི་སྟི་ཛམྦྷ་ལཱ་ཡ་སྭཱ་ཧཱ། ཨོཾ་ཡཱ་མ་ཛམྦྷ་ལཱ་ཡ་སྭཱ་ཧཱ། ཨོཾ་ཨཀྵ་ཛམྦྷ་ལཱ་ཡ་སྭཱ་ཧཱ། ཨོཾ་ན་ག་ཛམྦྷ་ལཱ་ཡ་སྭཱ་ཧཱ། ཨོཾ་ཡཀྵ་ཛམྦྷ་ལཱ་ཡ་སྭཱ་ཧཱ། ཨོཾ་རཀྵ་ཛམྦྷ་ལཱ་ཡ་སྭཱ་ཧཱ། ཨོཾ་ཡོད་བྷེ་ཛམྦྷ་ལཱ་ཡ་སྭཱ་ཧཱ། ཨོཾ་ཨ་ཀ་ན་ཛམྦྷ་ལཱ་ཡ་སྭཱ་ཧཱ། ཨོཾ་བ་རུ་ན་ཛམྦྷ་ལཱ་ཡ་སྭཱ་ཧཱ། ཨོཾ་ཀི་ཤི་ཏི་ཛམྦྷ་ལཱ་ཡ་སྭཱ་ཧཱ། ཨུ་ཡུ་ཤ་ཛམྦྷ་ལཱ་ཡ་སྭཱ་ཧཱ། སརྦ་སི་ཏི་མ་ཧཱ་བ་སུ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། མ་ཧཱ་ཡཀྵ་ཛམྦྷ་ལ་ཛ་ལེནྡྲ་ཡེ་བྷ་སུ་རཏྣ་སྭ་སྟི་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཏདྱ་ཐཱ། ན་མོ་སྟུད་ཏེ། མ་ཧཱ་ཡཀྵ་ཛམྦྷ་ལ་ག་ན་པ་ཏེ། ཀ་ཏ་ཀ་ཏ། ཀི་ཏི་ཀི་ཏི། ཀུ་ཏུ་ཀུ་ཏུ། མ་ཏ་མ་ཏ། ད་ར་ད་ར། ད་ཧ་ད་ཧ། གྷྲྀ་ཧྣ་གྷྲྀ་ཧྣ། བྷ་དྷ་བྷ་དྷ། ཛམྦྷ་ཛམྦྷ། སྨ་ཡ་མ་ནུ་སྨ་ར་ན་མོ་སྟུད་ཏེ། རུ་ཏྲ་ས་ཙི་ནི་སྭཱ་ཧཱ། ཨ་བྷའུ་ནི་དྷུཀྵ་བྷ་ཙི་ཏ་ཧ་ར་ན། བྷས་མ་གད་ཚ་ཐ། མ་ཧཱ་བྷཱ་ཡ། མ་ཏ་བྷ་ལ་ཧ་ཧ་སྟི་དྷ་ཀྵི་གོ་ཡ་སྲ་ཀོ་ད་པ་ལ་ཡཱ། ཏདྱ་ཐཱ། ཨོཾ་ཀུ་རུ་ཀུ་རུ། མུ་རུ་མུ་རུ་ཙུ་རུ་ཙ་རུ། ན་མོ་ན་མ་ཡེ་སྭཱ་ཧཱ། ས་ཏི་བྷ་སུ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། །གཟུངས་སྔགས་འདིའི་ཆོ་ག་དང་དོན་ནི། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་བྲིས་པ་དང༌། འཆང་བ་དང༌། ཀློག་པ་དང༌། ཁ་ཏོན་བྱེད་པ་དང༌། ཀུན་ཆུབ་པ་དང༌། ཙནྡན་གྱི་ཕྱེ་མས། དཀྱིལ་འཁོར་གྲུ་བཞི་བྱས་ཏེ། ཁྲུས་དང་མཚམས་ལེགས་པར་བཅད་ནས། སྤོས་དང༌། མེ་ཏོག་དང༌། རྒྱལ་མཚན་དང༌། མར་མེའི་འཕྲེང་བ་དང༌། རོལ་མོ་དང༌། གསེར་དང༌། དངུལ་དང༌། ནོར་བུ་དང༌། མུ་ཏིག་དང༌། རྡོ་རྗེ་དང༌། བཻ་ཌཱུརྻ་དང༌། དུང་དང༌། མན་ཤེལ་དང༌། བྱུ་རུ་དང༌། ས་ལེ་སྦྲམ་དང༌། མཆོད་པའི་ཡོ་བྱད་དཔག་ཏུ་མེད་པས། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། འཕགས་པ་ཛམྦྷ་ལ་ལ་སོགས་པ། གནོད་སྦྱིན་བྱེ་བ་འབུམ་ཕྲག་དུ་མ་མཆོད་ཅིང་བསྟོད་པ་དང༌། རྗེས་སུ་བསྒྲུབ་པ་དང༌། གསལ་བར་བྱས་ཏེ། མཐའ་ན་ཡང་ནུབ་གཅིག་གཉིས་གསུམ་དུ་བཏོན་ན། རིགས་ཀྱི་བུ་དེའི་ཁྱིམ་དང༌། བང་མཛོད་དང༌། གནས་ཁང་ཐམས་ཅད་དུ་གསེར་དང༌། དངུལ་དང༌། འབྲུ་དང༌། རྟ་དང༌། ལུག་དང༌། གནག་དང༌། གླང་པོ་ཆེ་དང༌། མ་ཧེ་དང༌། ཡོ་བྱད་ཐམས་ཅད་ཀྱིས་གང་ཞིང་འཕེལ་བར་འགྱུར་རོ། །ནད་དང་གནོད་པ་དང༌། རིམས་དང༌། དུས་མ་ཡིན་པར་འཆི་བ་དང༌། ས་གཡོ་བ་དང༌། རྒྱལ་པོའི་ཆད་པ་དང༌། སྐར་མདའ་ལྟང་བ་དང༌། ཕ་རོལ་གྱི་དམག་ཚོགས་འོང་བ་དང༌། མུ་གེའི་བསྐལ་པ་དང༌། གནོད་པ་ཐམས་ཅད་མེད་པར་འགྱུར་རོ། །རིགས་ཀྱི་བུ་དེའི་ཕྱིར་དུས་ལ་འབབ་པར་གྱིས་ཤིག །གསེར་གྱི་འོད་ཅན། གནོད་སྦྱིན་ཐམས་ཅད་ཀྱི་གཟུངས་འདི་མཆོད་པ་དང༌། བསྟོད་པ་དང༌། བསྒྲུབ་པར་གྱིས་ཤིག །ཟུངས་ཤིག །ཆོངས་ཤིག །ཀློགས་ཤིག །སྟོན་ཅིག །གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག །དེའི་ཡོན་ཏན་དང་ཕན་ཡོན་ནི། བསམ་གྱིས་མི་ཁྱབ་པ་དང་མཚུངས་པ་མེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ་དང༌། དེ་ནས་ལྷའི་དབང་པོ་བརྒྱ་བྲིན་གྱིས། གསེར་གྱི་འོད་ཅན་གནོད་སྤྱིན་རྣམས་ཀྱི་གཟུངས་འདི་ཐོས་ནས། རབ་ཏུ་དགའ་བ་དང༌། ཡིད་སྤྲོ་བ་ཆེན་པོ་དཔག་ཏུ་མེད་པ། ཚད་མེད་པ། གཞལ་དུ་མེད་པར་ཡིད་བདེ་བ་རབ་ཏུ་བསྐྱེད་དེ། བཅོམ་ལྡན་འདས་ལ་ལན་འབུམ་ཕྲག་དུ་མར་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཐལ་མོ་སྦྱར་ཏེ། ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་བཀྲ་དང་ལྷམ་མེ་བ། །གསེར་གྱི་མདོག་ཅན་མི་དང་ལྷ་ཡི་ལྷ། །མགོན་པོ་མཆོག་ཉིད་ཁྱོད་ལ་ཕྱག་འཚལ་བསྟོད། །ཡང་ལྷའི་དབང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གང་གིས་བསྟོད་པ་དང༌། ཉེ་བར་བསྙེན་པ་དང༌། སྒྲུབ་པ་དང་རྗེས་སུ་ཡི་རང་བགྱིད་པ་དེ་ལ་ཡོན་ཏན་དང་ཕན་ཡོན་གྱི་རྒྱུ་གང་ལགས། བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་ལ་བཀའ་སྩལ་པ། གང་གིས་གནོད་སྦྱིན་རྣམས་ཀྱི་གཟུངས་འདི་གླེགས་བམ་ལ་གསེར་ཞུན་གྱིས་བྲིས་ནས། འཆང་བ་དང༌། ཀློག་པ་དང༌། ཀུན་ཆུབ་པར་བྱེད་པ་དང༌། གནས་དང༌། བང་མཛོད་གཙང་མར་མཆོད་པ་བྱས་ན། སངས་རྒྱས་སྟོང་གིས་དེ་ལ་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བར་འགྱུར་རོ། །བྱ་དང༌། རི་དྭགས་ཀྱི་རྣ་ལམ་དུ་གྲགས་ན་ཡང་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པའི་སངས་རྒྱས་པར་འགྱུར་རོ། །བྱོལ་སོང་དང༌། གཤིན་རྗེའི་འཇིག་རྟེན་དུ་ནམ་ཡང་སྐྱེ་བར་མི་འགྱུར་རོ། །གལ་ཏེ་མིར་སྐྱེས་ན་ཡང་རྒྱལ་རིགས་སུ་སྐྱེ་བར་འགྱུར་རོ། །གཟུགས་བཟང་བར་འགྱུར་རོ། །དབྱངས་སྙན་པར་འགྱུར་རོ། །ཤེས་རབ་ཆེ་བར་འགྱུར་རོ། །ཆོས་སྤྱོད་པའི་སྐལ་བ་དང་ལྡན་པར་འགྱུར་རོ། །ཟད་པ་མེད་པའི་ལོངས་སྤྱོད་དང་ལྡན་པར་འགྱུར་རོ། །མདོ་སྡེ་དཀོན་མཆོག་འདི་བཀླགས་པའི་ས་ཕྱོགས་དེ་ཡང་ཕྱག་བྱ་བའི་འོས་སུ་འགྱུར་རོ། །མཆོད་རྟེན་དུ་འགྱུར་རོ། །ཀློག་གམ། ཀློག་ཏུ་འཇུག་པ་ནས། ཁ་ཏོན་དུ་འདོན་ན། དེའི་ལུས་ལ་ཡང་མཛེ་དང༌། ཤུ་བ་འབྲུམ་བུ་དང༌། བལ་ལྡོག་དང༌། ལྷོག་པ་དང༌། སྐེམ་པ་དང༌། དུག་དང༌། དབྱིག་དུག་དང༌། དུག་སྦྱར་མ་དང༌། བྱད་དང༌། དུས་མ་ཡིན་པར་འཆི་བ་འབྱུང་བར་མི་འགྱུར་རོ། །ལམ་དང་འབྲོག་དགོན་པར་སོང་ཡང་རུང་སྟེ། གཅན་གཟན་སྟག་དང༌། དོམ་དང༌། དྲེད་དང༌། མི་རྒོད་དང༌། སྦྲང་བུ་ཏྲེ་མ་བུ་ཀ་དང༌། ཏྲཻ་ལ་རྟ་དང༌། སྡིག་པ་དང༌། སྦྲུལ་ལ་སོགས་པའི་གནོད་པ་ཡང་འབྱུང་བར་མི་འགྱུར་རོ། །ནོར་དང༌། འབྲུ་དང༌། གསེར་དང༌། དངུལ་དང༌། དར་ཟབ་དང༌། རིན་པོ་ཆེའི་གཏེར་དང་ལྡན་པར་འགྱུར་རོ། །ནོར་དང༌། འབྲུ་དང༌། ཚེ་དང༌། བསོད་ནམས་དང༌། རིགས་བརྒྱུད་ཀྱི་དཔལ་དང་ལྡན་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་པ་དང༌། ལྷའི་དབང་པོ་བརྒྱ་བྱིན་དང༌། ནོར་ལྷའི་ཚོགས་ཐམས་ཅད་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གསེར་འོད་ལས་གནོད་སྦྱིན་ནོར་སྤེལ་བའི་གཟུངས། །ནོར་བུ་ཕྲེང་བའི་རྒྱུད་ལེའུ་བཅུ་དགུ་པའོ། །ཨོཾ་ནང་ནང༌། སྟིས་སྟིས་ཕུར། སྟིས་ཕུར་ནན། ཞུས་དག། །།

འཕགས་པ་ཚོགས་ཀྱི་བདག་པོའི་གཟུངས།

༄༅། །འཕགས་པ་ཚོགས་ཀྱི་བདག་པོའི་གཟུངས་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་ག་ན་པ་ཏི་ཧྲི་དཱ་ཡཱ། བོད་སྐད་དུ། འཕགས་པ་ཚོགས་ཀྱི་བདག་པོའི་གཟུངས། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ། བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་གི་དགེ་འདུན་ཆེན་པོ་རྣམས་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཚོགས་ཀྱི་བདག་པོའི་སྙིང་པོ་འདི་འཛིན་ཅིང༌། ཀློག་པའི་མི་དེའི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །ཡིད་ལ་འདོད་པ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །གསང་སྔགས་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །ནོར་དང་ལོངས་སྤྱོད་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་རོ། །མ་བླང་མ་བཙལ་བར་ཡང་རང་ཅི་འདོད་པའི་ཟས་ནོར་སྟེར་བར་འགྱུར་རོ། །དེའི་གཟུངས་འདི་བཟླས་པར་བྱའོ། །ཏདྱ་ཐཱ། ན་མོ་སྟུད་དེ། ག་ན་པ་ཏི། ཀ་ཊ་ཀ་ཊ། ཀི་ཊི་ཀི་ཊི། ཀུ་ཊ་ཀུ་ཊ། མ་ཏྲ་མ་ཏྲ། ད་ར་ད་ར། དྷ་ཧ་དྷ་ཧ། གྷྲི་ན་གྷྲི་ན། ད་བཱ་ད་བཱ། ཛམྦྷ་ཛམྦྷ། ས་མ་ཡ་མ་ནུ་སྨ་ར་ན་ཏུད་རེ་ཏུད་ཏྲ། པ་ཙ་ན་ཡེ་སྭཱ་ཧཱ། ཨ་བུ་ཏེ་བྷི་དུ་ཀྵ་བ་ནུ་ཙ་ཏ་ན། བ་ས་མ་ག་ར་ཚ། ཐ་མ་ཧ་བྷ་ཡ། མ་ཧཱ་བ་ཡཱ། མ་ཧེ་ཏེ་ཏ་ཀྱི་ནི་ཡ། པྲ་ཀོམ་པ་ཡ་སི། ཏདྱ་ཐཱ། ཨོཾ་ཀུ་རུ་ཀུ་རུ། མུ་རུ་མུ་རུ། ཙུ་རུ་ཙ་རུ། ན་མ་ན་མ་སྭཱ་ཧཱ། ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ཕ་དང༌། དགེ་སློང་མ་དང༌། དགེ་བསྙེན་ཕ་དང༌། དགེ་བསྙེན་མ་གང་ལ་ལ་ཞིག་གིས་ཚོགས་བདག་དབང་ཕྱུག་གི་སྙིང་པོ་འདི་ཉིན་རེ་བཞིན་དུ་བཏོན་ན། མི་དེ་ནི་ཚེ་འདི་ལ་བདེ་སྐྱིད་དང་ལྡན་པར་འགྱུར་རོ། །ཕྱུག་ཅིང་ལོངས་སྤྱོད་དང་ལྡན་པར་འགྱུར་རོ། །དབུལ་བ་དང་ཕོངས་པའི་སྡུག་བསྔལ་མི་འབྱུང༌། མི་ཀུན་གྱི་ཡིད་དུ་འོང་བར་འགྱུར་རོ། །ལས་ཅི་དང་ཅི་བསམས་པ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །ཚེ་འདི་དང་ཕྱི་མ་གཉིས་ཀ་ལ་ཡང་ནོར་དང་ལོངས་སྤྱོད་ཀྱིས་ཕོངས་པར་མི་འགྱུར་རོ། །ཉིན་གཅིག་བཞིན་དུ་ནངས་པར་སྔ་བར་ལངས་ནས། གཟུངས་འདི་ལན་གསུམ་མམ་བདུན་བཏོན་ན། ཐོས་པ་འཛིན་པར་འགྱུར་རོ། །གནོད་སྦྱིན་དང༌། སྲིན་པོ་དང༌། ཤ་ཟ་དང༌། མཁའ་འགྲོ་མ་དང༌། དེ་དག་ཐམས་ཅད་ཀྱིས་མདངས་འཕྲོག་པར་མི་འགྱུར་རོ། །མི་དེ་ལ་བསྲུང་བ་དང༌། བསྐྱབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཚོགས་ཀྱི་བདག་པོའི་གཟུངས་རྫོགས་སོ།། །།མངྒ་ལཾ།། །།དེ་ནས་ཚོགས་ཀྱི་བདག་པོའི་སྤྲུལ་པ་སྤྲེའུ་ཡི་གཟུངས་འདི་ཅི་མང་དུ་བཟླས་ན། ཟས་དང་ནོར་གྱིས་ཕོངས་པར་མི་འགྱུར་རོ། །ཨོཾ་ན་མོ་ག་ན་པ་ཏི། ཛ་ཡ་བ་ར་ནེ། ཛི་ཝན་ཏི་ཡེ་སྭཱ་ཧཱ། །སྙིང་པོ་འདི་དུས་རྟག་ཏུ་བཟླས་བརྗོད་བྱས་ན། དུས་དེ་ཉིད་ལ་ནོར་གྱི་གཏེར་ཆེན་པོ་རྙེད་པར་འགྱུར་རོ། །སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་སྐལ་བ་མཉམ་པར་འགྱུར་རོ། །སྔགས་ཀྱི་སྙིང་པོ་འདི་མག་དུ་བཟླས་ནས། རང་གི་མིག་ལ་བྱུགས་ན། མི་གང་མཐོང་བ་དེ་དབང་དུ་འདུས་པར་འགྱུར་རོ། །ནུབ་མོ་ཉལ་ཁར་སྔགས་ཆུ་མིག་ལ་བྱུགས་ནས་ཉལ་ན། ཅི་བསམས་པ་རྨི་ལམ་དུ་མཐོང་བར་འགྱུར་རོ། །སྐར་མ་རྒྱལ་གྱི་ཉིན་པར་གསེར་ལ་སོགས་པའི་རིན་པོ་ཆེ་ལ་སྤྲེའུ་ཡི་གཟུགས་ཕོ་མཚན་གྱེན་དུ་སྒྲེང་བ། ཕྱག་ཐལ་མོ་སྦྱར་བའི་བར་དུ། སྤོས་ཀྱི་རེང་བུ་ཐོགས་པ་གཅིག་བཞེངས་ལ། དེའི་སྟེང་དུ། ག་ན་པ་ཏི་བསྐྱེད་དོ། །གཟུངས་འདི་བཟླས་ཤིང༌། དུས་གསུམ་དུ་ཨ་ག་རུ་ནག་པོའི་དུ་བས་བདུག་ཅིང་མཆོད་ན། ནོར་ཐམས་ཅད་འཕེལ་བར་འགྱུར་རོ། །ཨོཾ་ན་ག་ལ་སྐམ་ན་ཛ་ཡེ་སྭཱ་ཧཱ། །གེགས་ཐམས་ཅད་ཀྱིས་ནོར་སྟེར་བར་འགྱུར་རོ། །མི་ཐམས་ཅད་ཀྱིས་རྒྱལ་པོ་བཞིན་དུ་མཆོད་པར་འགྱུར་རོ། །གནོད་སྦྱིན་རྣམས་ཀྱིས་གཏེར་ཁ་འབྱེད་ཅིང༌། སྐྱེ་བ་ཕྱི་མ་ལ་ཡང་ནོར་གྱི་གཏེར་ཆེན་པོ་རྙེད་པར་འགྱུར་རོ། །ག་ན་པ་ཏིའི་གཟུངས་རྫོགས་སོ།། །།སརྦ་མངྒ་ལཾ། ཤུ་བྷཾ།། །།

འབྲུ་སྤེལ་བའི་གཟུངས།

༄༅། །འབྲུ་སྤེལ་བའི་གཟུངས་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་ག་ན་རཏྣ་བྷ་ཡ་དྷ་ར་ནཱ་མ། བོད་སྐད་དུ། འཕགས་པ་ཚོགས་ཀྱི་བདག་པོ་རིན་པོ་ཆེའི་འབྲུའི་དཀོར་མཛོད་དང༌། འབྲུ་དང་ལོངས་སྤྱོད་སྤེལ་བ་ཞེས་བྱ་བའི་གཟུངས། འཕགས་པ་ཚོགས་ཀྱི་བདག་པོ་ལ་ཕྱག་འཚལ་ལོ། །རིན་ཆེན་མཛོད་དང་གཏེར་དབང་ཕྱུག །འབྲུ་དྲུག་སྦྱིན་དང་ལོངས་སྤྱོད་བདག །ཀུན་དབང་རྒྱལ་པོ་འཇིག་རྟེན་དཔལ། །བཙུན་མོ་ལེགས་སྦྱིན་དག་པའི་དབང༌། །འཁོར་བསྒྱུར་བྲན་རྣམས་ཡངས་པའི་སྦྱིན། །དེ་སོགས་དཔག་ཏུ་མེད་པ་རྣམས། །ཡིད་འཐད་འཆང་འདོན་རབ་ཏུ་འགྲུབ། །མི་ཟད་དཔག་མེད་མྱུར་འགྲུབ་གསོལ། །ཨོཾ་རཏྣ་ག་ན་ག་ན་པ་ཏི། རཏྣ་སརྦ་ཀུ་རུ་ཀུ་རུ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། གྷ་གྷ་གྷ་གྷ། གྷ་གྷ་གྷ་གྷ། ན་མོ་ན་མ་ཡེ་ས་ཧུ། གཟུངས་འདིའི་བྱིན་རླབས་མཐུ་དབང་གིས། །རིན་ཆེན་ནོར་མཛོད་གཏེར་རྣམས་ལ། །མེ་ཆུ་རླུང་དགྲ་ས་གཡོས་དང༌། །འབྲུ་ནད་སད་སེར་རྩ་ནད་འཇིགས། །ཕ་རོལ་དགྲ་ཀུན་མ་རུང་འཚེ། །ལོག་ལྟ་གནོད་པ་ཐམས་ཅད་བཟློག །ཨོཾ་ཀྲོ་ཏ་ཙཀྲ། ར་ཙ་སརྦ་ཧ་ན་ཧཱུཾ་ཕཊ། ཁྲོ་རྒྱལ་འཁོར་ལོ་སྒྱུར་རྒྱལ་གྱིས། །གཏེར་དང་རིན་ཆེན་འབྲུ་དང་མཛོད། །རྒྱལ་པོ་བཙུན་མོ་འབངས་འཁོར་བཅས། །ཞིང་དང་ལོ་ཏོག་སྐྱེད་བྱེད་ཚལ། །དེ་དག་ཐམས་ཅད་བསྲུང་དུ་གསོལ། །འཇིག་རྟེན་དབང་ཕྱུག་རིན་པོ་ཆེ། །རིགས་བརྒྱུད་སྦྱིན་དང་ནོར་གྱི་དཔལ། །གང་འདོད་འབྱུང་དང་ལེགས་དབང་མཆོག །བཀྲ་ཤིས་སྦྱིན་དང་ཡོན་ཏན་གཏེར། །དཀྱིལ་འཁོར་འགྲུབ་དང་བརྟུལ་ཞུགས་ལྡན། །གང་གིས་མོས་ཕྱོགས་རྣམས་ལ་དགེ །དེ་དག་ཐམས་ཅད་མྱུར་འགྲུབ་ཤོག །ཨོཾ་ས་མནྟ་བྷ་དྲ་མ་གྷ་ལ་གྷ་ཏ་སྭཱ་ཧཱ། །གླང་ཆེན་དང་ནི་གཞོན་ནུ་དང༌། མཆེ་བ་གཅིག་དང་ཕྱག་བཞི་པ། །གླང་སྣ་དང་ནི་མགྲིན་སྔོན་དང༌། །གསུས་པོ་ཚེ་དང་ཕག་ཤེད་དང༌། །ཟླ་མདོག་དང་ནི་མལ་གྱིས་གཞོན། །ཚོགས་བདག་དང་ནི་སྙིང་རྗེ་ལྡན། །འདི་རྣམས་མཚན་གྱིས་ཁྱོད་ལ་བསྟོད། །འཕགས་པ་ཚོགས་ཀྱི་བདག་པོ་དཀོར་མཛོད་ཞིང་ཁམས་ཐམས་ཅད་སྤེལ་ཞིང་བསྲུང་བ་ཞེས་བྱ་བའི་གཟུངས་ལེའུ་བཅུ་དྲུག་པ་རྫོགས་སོ།། །།

ལུག་འཕེལ་བའི་གཟུངས།

༄༅། །ལུག་འཕེལ་བའི་གཟུངས་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་ཨ་པ་ར་ཙི་ཏ་གྷི་རཏྣ་སིདྡྷི་ན་མ། བོད་སྐད་དུ། འཕགས་པ་དངོས་གྲུབ་འབྱུང་བ་ཐུགས་ཀྱི་ནོར་བདག་རྐང་འགྲོ་དང་གཡུལ་ལས་རྒྱལ་བའི་གཟུངས། གནོད་སྦྱིན་དངོས་གྲུབ་འབྱུང་བ་ལ་ཕྱག་འཚལ་ལོ། །ལུག་བདག་ཆེན་པོ་རྣམ་པར་རྒྱལ། །ཨ་པ་ར་ཙི་ཏ་རྐང་འགྲོ་སྐྱོང༌། །གཏེར་བདག་ཆེན་པོ་རིན་ཆེན་མཛོད། །མི་ཟད་ཀུན་སྤེལ་འགྲོ་བ་སྐྱོབ། རྒྱ་མཚོ་ས་གཞི་དྲོད་དབང་བདག །ནམ་མཁའ་ཉི་ཟླ་སྐར་དབང་སྦྱིན། །གང་ལ་གང་གིས་དེ་དབང་ཕྱུག །རྒྱལ་མཚན་རྒྱལ་བ་འགྲོ་བའི་མགོན། ནོར་བདག་ལུག་དང་གཞོན་ནུ་མཆོག །དཔལ་རབ་སྦྱིན་དང་ནོར་ལུག་བསྲུང༌། །ཨོཾ་ཨ་པ་ར་ཙི་ཏ་ཛྭ་ཡ་ཨ་མོ་གྷ་སི་ཏི། ཨཱ་ཨཱ་ཨཱ་ཨཱ་ཨཱ། རི་རི་རི་རི་རི། ལཱི་ལཱི་ལཱི་ལཱི་ལཱི། ཨེ་ཨེ་ཨེ་ཨེ་ཨེ། ས་མ་ཡཱ་རཏྣ་སི་ཏི་སི་ཏི། རཏྣ་སྭ་བྷ་བ་ཏྲཾ་སྭཱ་ཧཱ། །གཟུངས་སྔགས་རྒྱལ་པོ་མཐུ་དབང་སྦྱིན། །ལུག་ནད་གཏལ་གྲུམ་རྐང་རེངས་དང༌། །ཤི་མིས་ནད་དང་འཕར་སྤྱང་གི །ལང་རྒྱུ་རིང་དང་མགོ་སྨྱོན་འཐོམ། །ར་ལུག་ནད་ལས་སྲུང་དུ་གསོལ། །དགྲ་དབང་རྐུན་མས་འཕྲོག་པ་དང༌། །མ་རུངས་རྩོད་དང་གཡུལ་ལས་རྒྱལ། །རྒྱལ་ཐབས་དབང་ཕྱུག་གནོད་སྦྱིན་མཆོག །ཨོཾ་མ་མ་ཀི་ལཾ་མཾ་ཛྭ་ཡཱ་སྭཱ་ཧཱ། ལོངས་སྤྱོད་སྦྱིན་པ་ནོར་ཕྱུགས་སྤེལ། །འགྲོ་བ་དབང་པོ་མཆོག་ཏུ་བསྲུང༌། །ཨོཾ་པྲ་ཏི་ན་དྷ་ན་བྷ་ཀི་ཏ་པ་རི་ཤ་ར་བྷ་ཤྲི་ཏ་ཡེ་སྭཱ་ཧཱ། །སྨོན་ལམ་ལོངས་སྤྱོད་ཐམས་ཅད་ཀུན། བདག་གི་འདོད་པ་མྱུར་དུ་བསྒྲུབས། །ཁྲོ་རྒྱལ་འདོད་པའི་རྒྱལ་པོས་བསྲུངས། །རྐང་འགྲོ་ར་ལུག་ནོར་རྣམས་ལ། །གེགས་དང་གནོད་པ་འཚེ་བའི་གདོན། །མ་རུངས་སེམས་དང་ལྡན་པ་རྣམས། །དེ་དག་ཐམས་ཅད་ཞི་བར་བྱེད། །ཞི་བ་ཞི་བྱེད་གཟུངས་སྔགས་མཆོག །ཨོཾ་བཛྲ་ཀྲོ་དྷ་དུ་ཧེ་རཱ་ཛཱ་བྷེ་ཧཱུཾ་ཕཊ། །ཁྲོ་རྒྱལ་འདོད་པའི་རྒྱལ་པོ་ཡི། །རྐང་འགྲོ་ར་ལུག་ལོངས་སྤྱོད་གཏེར། །ཕྱོགས་དུས་གཞན་རྒྱུ་ཆོམ་རྐུན་དང༌། །སྤྱང་ཀི་སྲིན་མོ་སྟག་གཟིག་དོམ། །ཏྲེ་མ་བུ་ག་ཏྲི་མུན་ཏ། །མ་རུངས་རྣམས་ནི་བསལ་དུ་གསོལ། །ཨོཾ་ཨཱ་པ་ར་ཙི་ཏ་རཏྣ་ཨ་ཡུར་བྷི་ཤི་ཏ་སྭཱ་ཧཱ། །ལོངས་སྤྱོད་རྐང་འགྲོ་ར་ལུག་དང༌། །ནོར་བཟང་མཛོད་དབང་མི་ཕྱུགས་དག །གང་དག་གང་གིས་འདོད་པ་རྣམས། །དེ་དག་ཐམས་ཅད་མྱུར་འགྲུབ་ཤོག །གནོད་སྦྱིན་རྒྱལ་པོ་ཀུན་དབང་ཕྱུག །མ་རུངས་ཚར་གཅོད་གཡུལ་ལས་རྒྱལ། །རྐང་འགྲོ་ཀུན་སྤེལ་ནོར་གྱི་ལྷ། །གངྒ་ལྷ་མོ་བདེ་བའི་ཡུམ། ཚངས་པ་ཀུན་སྤྱོད་གཏེར་གྱི་བདག །རིན་ཆེན་གསེར་འོད་ནེའུ་ལེའི་མཛོད། །ཨ་པ་ར་ཙི་ཏ་ལ་ཕྱག་འཚལ། །བདག་གི་རེ་བའི་དོན་རྣམས་ཀུན། །ཁྱོད་ཀྱིས་སྐད་ཅིག་ཐོགས་མེད་ཤོག །གནོད་སྦྱིན་ཨ་པ་ར་ཙི་ཏ་རྐང་འགྲོ་འཕེལ་ཞིང་ལུག་ནད་ཞི་བར་བྱེད་པའི་གཟུངས་ལེའུ་བཅོ་བརྒྱད་པ་རྫོགས་སོ།། །།མངྒ་ལཾ།། །། ༈ རྒྱ་གར་སྐད་དུ། ཨཱརྻ་ཛམྦྷལ། བོད་སྐད་དུ། འཕགས་པ་ཛམྦྷ་ལའི་ལུག་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུངས་འདི་ལྟ་སྟེ། ཨོཾ་བཛྲ་ཀྲོ་ཏ་ཡཱ་སྭཱ་ཧཱ། །ལུག་རྣམས་ལ་སྲུངས་ཤིག །སངས་རྒྱས་ཤཱཀྱ་ཐུབ་པས་ལུག་ནད་ཐམས་ཅད་ཞི་བར་མཛོད་ཅིག །གློ་ནད་གཏལ་བ་འབྲུམ་པ་ལ་སོགས་པའི་ལུག་ནད་ཐམས་ཅད་ཞི་བར་བྱེད་པའི་གཟུངས་ནི། འདི་ལྟ་སྟེ། ཨོཾ་བཛྲ་ཛམྦྷ་ལ། མུ་ག་ན་ཏྲ་ཏྲ་སྭཱ་ཧཱ། ཨོཾ་བཛྲ་ན་མོ་རཏྣ་ཏྲ་ཡཱ་ཡ་སྭཱ་ཧཱ། ཨོཾ་བཛྲ་ས་མ་ཡཱ་སྭཱ་ཧཱ། ཨོཾ་བཛྲ་ཏདྱ་ཐཱ་སྭཱ་ཧཱ། ཨོཾ་ཧ་ལ་ཧ་ལ། ཛུ་ལུ་ཛུ་ལུ་སྭཱ་ཧཱ། །ལུག་འདི་རྣམས་ལ་སྲུངས་ཤིག །ལུག་ནད་ཐམས་ཅད་ཞི་བར་མཛོད་ཅིག །ནོར་གྱི་དངོས་གྲུབ་རྣམས་བདག་ལ་སྩོལ། །འཕགས་པ་ཛམྦྷ་ལའི་ལུག་ནད་ཐམས་ཅད་ཞི་བར་བྱེད་པའི་གཟུངས་རྫོགས་སོ།། །།སརྦ་མངྒ་ལཾ།། །།

འཕགས་པ་རྟ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུངས།

རྒྱ་གར་སྐད་དུ། ཨཱརྻ་ཏ་ཐཱ་ག་ཏཱ་རེ་མནྟ། བོད་སྐད་དུ། འཕགས་པ་རེ་མནྟ་ཞེས་བྱ་བའི་གཟུངས། རྟ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཡི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་ནི་རྟ་ཡི་ལྷ་ཡིན་ཏེ། །རྟ་རྣམས་ཀུན་ལ་སྲུང་བར་བྱེད། །རྟ་ལ་གནོད་པའི་གེགས་རྣམས་ཀུན། །སྐད་ཅིག་ཙམ་གྱིས་ཐལ་བར་རློག །རྟ་ནད་ཐམས་ཅད་རབ་ཏུ་ཞི། །འདི་ཡིས་བསྲུང་བར་བྱས་ན་ནི། །རྟ་ཡི་ཚེ་སྲོག་རབ་ཏུ་བརྟན། །གནོད་བྱེད་གཞན་གྱིས་མི་ཚུགས་སོ། །གློ་བུར་དགྲ་ཡིས་འཕྲོག་པར་དཀའ། །རྔོ་དང་འབྲས་དང་འཚེར་ལངས་དང༌། །གློ་དང་ལྷེང་དང་འཐེང་གྲུམ་སོགས། །རྟ་ནད་ཐམས་ཅད་རབ་ཏུ་ཞི། །འདི་ཉིད་མ་གཏོགས་ཁམས་གསུམ་ན། བསྲུང་བའི་རིག་སྔགས་གཞན་མེད་དོ། །ཨོཾ་མ་ཧཱ་ཀྲོ་དྷ་རེ་མནྟ་ཧ་ན་ཧ་ན་ཧཱུཾ་ཕཊ། འཕགས་པ་རྟ་མགྲིན་རྒྱལ་པོ་ཡིས། །རྐང་བཞིའི་རྟ་རྣམས་བསྐྱབ་ཏུ་གསོལ། །རྒྱལ་པོས་རྟ་ནད་བསྲུང་དུ་གསོལ། །ཨོཾ་པདྨནྟ་ཀྲི་ཏ་ཧྱ་གྲི་བ་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། །དེ་ནས་བཅོམ་ལྡན་འདས་ལ་ཅང་ཤེས་ཉི་མའི་སྙིང་པོས་ཚིགས་སུ་བཅད་དེ་བསྟོད་པ། དཔལ་རབ་འཆང་བའི་མགོན་པོ་སྟེ། །ལམ་གྱི་རྒྱལ་པོ་བདེ་མཛད་པ། །དགྲ་ལྷའི་མཆོག་དེ་ཉི་མའི་སྲས། །གཟི་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །འགྲོ་བ་ཉམ་ཐག་དོན་སླད་དུ། ཐུགས་རྗེའི་དབང་གིས་འདྲེན་མཛད་པ། །ལམ་གྱི་དགྲ་དང་འཇིགས་པ་སོལ། །ཁྱུ་མཆོག་རྟ་རྣམས་སྤེལ་བ་དང༌། །མངའ་མཛད་ཐུབ་དབང་ལྷ་ཡི་ལྷ། ཕྱག་འཚལ་གཞོན་ནུ་རེ་མནྟ། །གནོད་གྱུར་དགྲ་ལས་རྒྱལ་བ་དང༌། །ལམ་གྱི་དགྲ་དང་འཇིགས་པ་སོལ། །ནོར་གྱི་དངོས་གྲུབ་བདག་ལ་སྩོལ། །ཨོཾ་ཨཱརྻ་རེ་མནྟ་མ་སྭཱ་ཧཱ། །འཕགས་པ་རྟ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུངས་རྫོགས་སོ།། །།

དཔལ་ཨཱརྻ་རེ་མནྟ་ཞེས་བྱ་བའི་གཟུངས།

༈ རྒྱ་གར་སྐད་དུ། ཨཱརྻ་རེ་མནྟ་ནཱ་མ་དྷ་ར་ཎི། བོད་སྐད་དུ། འཕགས་པ་རེ་མནྟ་ཞེས་བྱ་བའི་གཟུངས། ཉི་མ་ཤར་རོ་དཔལ་ཤར་རོ། །དཔལ་རབ་འཆང་བའི་མགོན་པོ་སྟེ། །ལམ་གྱི་རྒྱལ་པོ་བདེ་མཛད་པ། །དགྲ་ལྷའི་མཆོག་དེ་ཉི་མའི་སྲས། །གཟི་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །ཐུགས་རྗེ་དབང་གིས་མགོན་གྱུར་པས། །ལམ་གྱི་དགྲ་དང་འཇིགས་པ་སོལ། །ཁྱུ་མཆོག་རྟ་རྣམས་སྤེལ་བ་དང༌། མངའ་མཛོད་ཐུབ་དབང་ལྷ་ཡི་སྲས། ཕྱག་འཚལ་གཞོན་ནུ་རེ་མནྟ། །གནོད་གྱུར་དགྲ་ལས་རྒྱལ་བ་དང༌། །ཕྱོགས་ཀྱི་དཔག་ཚད་ཐམས་ཅད་དུ། །སྐྱོང་ཞིང་རྟ་ནོར་སྤེལ་བ་དང༌། །སྐྱེས་རབས་མཆོག་ལ་དད་པ་ཡིས། །རེ་བའི་སེམས་ཀྱིས་ཕྱག་འཚལ་ནས། །མགོན་པོ་ཐུགས་རྗེ་ཅན་རྣམས་ཀྱིས། །བདག་ལ་སྲུངས་ཤིག་བསྐྱབ་ཏུ་གསོལ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཧ་དེ་ཕུ་ནི་ཧ་དེ་ཕུ་ནི་ཧཱ་སྭཱ་ཧཱ། །ལྷའི་བུ་དེ་ཉི་མའི་སྲས། ཨཱརྻ་རེ་མནྟ་ཞེས་བྱ་བའི་སྙིང་པོ་འདི། བདག་ལམ་དུ་ཞུགས་ཀར་ལན་བདུན་བརྗོད་ན། རྟ་ཕྱུགས་ལེགས་ཤིང་མི་དང་རྟ་ཕྱུག་གོ །དེའི་རྒྱན་དང་ཆ་ལུགས་ནི། འཁོར་ལྔ་བརྒྱས་བསྐོར་བའི་རྟ་སྔོན་པོ་ཉྭ་བཞི་ནག་པོ་ཆུ་རིས་ཅན་ཆིབས་སུ་ཆིབས་པ། སྐུ་ལ་བསེ་ཁྲབ་སེར་པོ་གསོལ་བ། ལྕགས་ཀྱི་བྱ་ཁྲ་གཉིས་ཕྲག་པ་ལ་ལྡིང་བ། སྟག་གཉིས་སྔོན་ལ་འཕྱོ་བ། སེང་གེ་གཉིས་རྒྱབ་ནས་འགྱིང་བ། སྤྱི་གཙུག་ནས་བྱ་ཁྱུང་གཉིས་ལྡིང་བ། ཕྱག་ན་མདའ་གཞུ་དང༌། མདུང་དང༌། རལ་གྲི་དང༌། བ་དན་དང༌། རྡོ་རྗེ་རྩེ་ལྔ་པ་དང༌། མཚོན་ཆ་སྣ་ཚོགས་པ་བསྣམས་པ་ལ་ཕྱག་འཚལ་ལོ། ཏདྱ་ཐཱ། བྲི་ཡི་བྲི་ཡ་པུརྣ་ཛྙཱ་སར་སྟི་ནི་དྷ་ར་དྷ་ར། དྷི་རི་དྷི་རི། ཨུ་ཨུ་ཏི་ནི་སྭཱ་ཧཱ། དཔལ་ཨཱརྻ་རེ་མནྟ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།

འཕགས་པ་མགོན་པོ་ནག་པོ་རྟའི་གཟུངས།

༈ རྒྱ་གར་སྐད་དུ། ཨཱརྻ་ཤྲཱི་མ་ཧཱ་ཀཱ་ལ་དྷ་ར་ཎི། བོད་སྐད་དུ། འཕགས་པ་མགོན་པོ་ནག་པོ་རྟའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་སྙིང་པོ་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་ཏེ། བཅོམ་ལྡན་འདས་ལ་རིག་པ་འབུལ་གྱིས་བཞེས་སུ་གསོལ། །ཨོཾ་ཤྲི་མ་ཧཱ་ཀཱ་ལ་ག་ནེ་ཤ་ཡེ་མ་ཏ་གྷི་ནི། ཏདྱ་ཐཱ། ཨོཾ་ལི་ཧཿ ཀེ་ནི་ཧི་ལ་སྭཱ་ཧཱ། །འདི་བཏོན་པས་བདག་ལ་དགྱེས་པར་དགོངས་ཤིག །སྡང་བའི་དགྲ་ཐུལ་ཅིག །གནོད་པའི་གེགས་ཐུལ་ཅིག །རྟ་ཡི་ནད་དང་གནོད་པ་སོལ་ཅིག །འཁོར་དང་རྟ་ནོར་སྤེལ་ཅིག །བདག་གི་བསམ་པ་ཐམས་ཅད་མཐར་ཕྱིན་པར་གྱུར་ཅིག །བདག་གི་གནོད་པ་ཐམས་ཅད་ལྷ་མགོན་པོ་ནག་པོས་ཐུལ་ཅིག །ཆིབས་སུ་རྟ་ནག་པོ་རྟིང་དཀར་ལ་ཆིབས་པ། ཉི་མ་དང་ཟླ་བ་རྒྱུ་སྐར་གྱི་འོད་བཞིན་འཕྲོ་བ། སྲིན་པོ་སྤུ་རངས་ཆོམས་ལ། ལྷ་མ་ཡིན་གྱི་གྲོང་ཁྱེར་བརླག་པར་བྱེད་པ། རྟ་དང་མི་ཡི་སྐར་མ་ངན་པ་སེལ་བ་དང༌། གནོད་པ་ཐམས་ཅད་ཆོམས་ཤིག །ལམ་གྱི་འཇིགས་པ་ཐམས་ཅད་སོལ་ཅིག །ཅེས་ནངས་པར་ཐོ་རངས་ཁར་ཁ་ཏོན་དུ་བྱས་ན་འཇིགས་པ་མི་འབྱུང་ངོ༌། །བཅོམ་ལྡན་འདས་ལ་མགོན་པོ་ནག་པོས་རིག་པ་ཕུལ་ནས། མི་ཕྱུགས་རྟ་དང་བཅས་པའི་བསྲུང་བ་རྫོགས་སོ།། །།

རྟ་བསྲུང་།

༈ རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཡོ་གི་ནི། བོད་སྐད་དུ། དཔལ་ནག་པོ་ཆེན་པོ་ཁམས་གསུམ་ལ་དབང་སྒྱུར་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ནོར་ལྷ་གནོད་སྦྱིན་གང་བ་བཟང་པོས་དཔལ་ཕྱག་ན་རྡོ་རྗེ་ལ་གུས་པར་བཏུད་ཅིང་ཞབས་སྤྱི་བོར་བླངས་ཏེ། ནོར་རྣམས་སྐྱོང་ཞིང་དཔལ་བསྐྱེད་པར་མཛད་པ། གནོད་སྦྱིན་གང་བ་བཟང་པོས། དཔལ་ཕྱག་ན་རྡོ་རྗེ་ལ་རིག་འཛིན་གསོལ་བ་འདེབས་པའི་སྔགས་འདི་བརྗོད་ཅིང༌། ལན་གསུམ་བསྐོར་བ་བྱས། ཐལ་མོ་སྦྱར་གུས་པར་འདུག །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མསྟྲཻ་ལོཀྱ་བྷུ་རི་བྷུ་རི། སེ་ཡ་ན་ཏ། རྟ་རྣམས་ལ་སྲུངས་ཤིག །ནོར་རྣམས་སྤེལ་ཅིག་སྭཱ་ཧཱ། །བརྐྱང་ཕྱག་འཚལ་ཞིང་གསང་སྔགས་བརྗོད་པས། ནད་དང་གནོད་པ་ཐམས་ཅད་སེལ་ལོ། །དཔལ་ལྡན་ཕྱག་ན་རྡོ་རྗེ་སྐུ་གསུང་ཐུགས། །རྟ་ནད་དྲག་པོ་འདུལ་བར་མཛད་པ་ཡི། །ཐུགས་དམ་སྲོག་སྙིང་དངོས་གྲུབ་སྟེར་མཛད་པ། །བྱང་ཆུབ་གང་བ་བཟང་པོས་རྟ་ནོར་སྤེལ། །རྟ་རྣམས་བསྲུང་བའི་ཆོ་ག་ནི། སྲད་བུ་ལ་སྔགས་འདི་བཏབ་ནས་མགུལ་དུ་བཏགས་ན་ནད་ཀྱིས་མི་ཚུགས་སོ།། །།

དཔལ་ཕྱག་ན་རྡོ་རྗེས་རྒྱལ་པོ་ལ་བསྟོད་པ།

༈ རྒྱ་གར་སྐད་དུ། བཻ་ཤྲ་མ་ཎ་བཛྲ། བོད་སྐད་དུ། རྒྱལ་པོ་རྣམ་ཐོས་སྲས་ཀྱིས། དཔལ་ཕྱག་ན་རྡོ་རྗེ་རི་རབ་ཀྱི་ཟོམ་ན་བཞུགས་པ་ལ། རྒྱལ་པོས་སྤྲུལ་པ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་ནས། པུས་མོ་བཙུགས་ཐལ་མོ་སྦྱར། ཞལ་འཛུམ་པ་དང་བཅས་ནས། དཔལ་ཕྱག་ན་རྡོ་རྗེ་ལ་གུས་པར་མཆོད་ནས། བསྟོད་པ་དང་མདོ་འདི་རྒྱུན་དུ་བཏོན་ན། བུ་དང་རིགས་བརྒྱུད་འཕེལ། འདིའི་སྙིང་པོ་འདི་བརྗོད་ན། བསོད་ནམས་འཕེལ་ཞིང་རབ་ཏུ་བརྟན་པར་འགྱུར། ཨོཾ་བཻ་ཤྲ་མ་ཎ་བཛྲ་རཀྵ། ཅེས་དཔལ་ཕྱག་ན་རྡོ་རྗེ་བསྟོད་ཅིང་རང་རྟགས་སུ་ཕུལ་བས། དཔལ་ཕྱག་ན་རྡོ་རྗེས་རྒྱལ་པོ་ལ་བསྟོད་པ། རྒྱལ་པོ་བྱང་ཆུབ་གསེར་འདྲ་སེང་གེ་ཞོན། །མི་འཇིགས་སྐྱོབ་ཕྱིར་ནེའུ་ལེའི་རྐྱལ་པ་འཛིན། །ལྷ་དབང་སྐྱོབ་ཕྱིར་བརྒྱ་བྱིན་ཉིད་དང་བཅས། །རྟ་ནོར་སྤེལ་ཕྱིར་གནོད་སྦྱིན་ཚོགས་དང་བཅས། །རྟ་ནོར་སྤེལ་ཞིང་འབྲུ་རྣམས་འཕེལ་བར་མཛོད། །གསེར་གཡུ་རིན་ཆེན་བང་མཛོད་དངོས་གྲུབ་སྩོལ། །དཔལ་ཕྱག་ན་རྡོ་རྗེས་རྒྱལ་པོ་ལ་བསྟོད་པ་མཛད་པ་རྫོགས་སོ།། །།

འཕགས་པ་རྟ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུངས།

༈ རྒྱ་གར་སྐད་དུ། ཨཱརྻ་གྷོ་ར་དྷ་ནི། བོད་སྐད་དུ། འཕགས་པ་རྟ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུངས། རྟ་མགྲིན་དབང་གི་སྐུ་ལ་ཕྱག་འཚལ་ལོ། །འདི་ནི་རྟ་ཡི་ལྷ་ཡིན་ནོ། །རྟ་རྣམས་ཀུན་ལ་སྲུང་བར་བྱེད། །མེ་དཔུང་འབར་བའི་གཞལ་ཡས་སུ། །རྟ་མགྲིན་པདྨ་ཧེ་རུ་ཀ །སྐུ་མདོག་དམར་པོ་མེ་འོད་འཕྲོ། །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བགྲད། །གཡས་པ་རྡོ་རྗེ་དབྱུག་ཐོ་འཕྱར། །གཡོན་པ་རྡོ་རྗེ་ལྕགས་སྒྲོག་བསྣམས། །ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །ཐུགས་རྗེ་ཁྲོ་གཉེར་ཅན་སྤྱན་གསུམ། །སྡང་མིག་ཕྱོགས་བཅུར་འཕྲོ་ཞིང་གཟིགས། །སྤྱི་གཙུག་རྟ་མགོ་ལྗང་ཁུ་ཡི། །རྟ་སྐད་འཚེར་བས་དགྲ་བགེགས་འདུལ། །རྟ་ལ་གནོད་པའི་གེགས་རྣམས་ཀུན། །སྐད་གཅིག་ཙམ་གྱིས་ཐལ་བར་རློག །རྟ་ནད་ཐམས་ཅད་རབ་ཏུ་ཞི། འདི་ཡིས་བསྲུང་བར་བྱས་ན་ནི། །རྟ་ཡི་ཚེ་སྲོག་རབ་ཏུ་བརྟན། །གློ་བུར་དགྲ་ཡིས་འཕྲོག་པར་དཀའ། །རྔོ་དང་འབྲས་དང་འཚེར་ལངས་དང༌། །ཚ་ལོང་གྲང་ལོང་སྲིན་འགག་དང༌། །ལྷེང་དང་འཐེང་འགྲུམ་ལ་སོགས་པའི། །རྟ་ནད་ཐམས་ཅད་རབ་ཏུ་ཞི། །འདི་ལས་མ་གཏོགས་ཁམས་གསུམ་ན། །བསྲུང་བའི་རིག་སྔགས་གཞན་མེད་དོ། །གཟུངས་སྔགས་འདི་ལ་འབད་པར་རིགས། །ཨོཾ་ཧྲཱིཿཔདྨནྟ་ཀྲི་ཏ་བཛྲ་ཀྲོ་དྷ་ཧྱ་གྲི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། གནོད་བྱེད་སརྦ་རཀྵ། རྟ་ལ་གནོད་བྱེད་ཀུན་ཏུ་ཡ་སྭཱ་ཧཱ། རྟ་རྣམས་ཀྱི་ཆ་དཀར་པོ་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། བདུད་ཡཾ་ཤིང་ནག་པོ་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། སའི་ཕྱོགས་བྱེད་ནག་པོ་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། །བཅོམ་ལྡན་འདས་རྟ་མགྲིན་དབང་གི་རྒྱལ་པོ་ཡིས། མི་ཕྱུགས་རྟ་དང་བཅས་པའི་གནོད་པ་བསྲུང་དུ་གསོལ། སེར་བ་བསྲུང་དུ་གསོལ། ཁྱད་པར་རྐང་བཞིའི་རྟ་ལ་སྲུངས་ཤིག་རཀྵ་རཀྵ། ཅེས་པས་རྟའི་ནད་དང་གནོད་པ་ཐམས་ཅད་ལས་གྲོལ་ལོ། །གཏོར་མ་རྒྱན་དང་བཅས་ཏེ་གནས་དབེན་པར་བཙུགས་ཏེ། ཆང་ཕུད་གཙང་མ་སྦྲན་ལ། ནུབ་ཕྱོགས་སུ་རྟ་ནད་དབང་བདག་གི་གཡུལ་ངོ་ལས་རྒྱལ་ལོ། །མི་ཕྱུགས་རྟ་དང་བཅས་པ་ལ་དགྲ་གེགས་ཀྱི་གནོད་པས་མི་ཚུགས་སོ། །གཟུངས་སྔགས་འདི་མང་དུ་བཟླས་ཏེ་སྐུད་པ་དམར་པོ་ལ་མདུད་པ་བོར་ཏེ། རྟའི་རྔོ་ལ་བཏགས་ན་བསྲུང་བའི་མཆོག་ཏུ་འགྱུར་རོ། །དཔལ་རྟ་མགྲིན་གྱི་རྟའི་གཟུངས་འདི། སློབ་དཔོན་པདྨ་འབྱུང་གནས་ཀྱིས། ལྷོ་དཔལ་རྟ་མགྲིན་གླིང་ནས་གཏེར་ནས་བཏོན་པའོ།། །།རྟ་ལྷའི་རྒྱལ་པོ་ཨཱརྻ་རེ་མནྟ་ཉི་མ་ཤར་ཕྱོགས་ཀྱི་མགོན་པོ་མི་དཀར་པོ། །རྟ་དམར་པོ་ལ་ཆིབས་པ། ཕྱག་ན་བ་དན་དམར་པོ་བསྣམས་པ། སྐུ་ལ་དུང་ཁྲབ་དཀར་པོ་གསོལ་བ། དབུ་ལ་དུང་ཞྭ་གསོལ་བ། ཁྱོད་ཀྱིས་རྟ་འདི་ལ་སྲུངས་ཤིག །སྐྱོབས་ཤིག །ཨཱརྻ་རེ་མནྟ་གྷོར་རཀྵ་རཀྵ་སྭཱ་ཧཱ། ཉི་མ་བྱང་གི་མགོན་པོ་ནོར་ལྷ་རྟ་བདག་ཀུ་བྷེ་ར་ཞེས་བྱ་བ། སྐུ་ལ་བསེ་ཁྲབ་དང༌། དབུ་ལ་གསེར་གྱི་རྨོག་ཞྭ་གསོལ་བ། ཆིབས་སུ་རྟ་སྔོན་པོ་རྒལ་ནག་ལ་ཆིབས་པ། ཕྱག་ན་རལ་གྲི་བསྣམས་པ། འཁོར་དུ་ལྷ་ཆེན་བརྒྱ་དང་བཅས་པ། བ་དན་འཕྱར་བ་ཁྱེད་ཀྱིས་རྟ་འདི་རྣམས་ལ་སྲུངས་ཤིག །སྤེལ་ཅིག །རྒོད་མ་ཚོས་ཅིག །རྟིའུའི་རྫིའུ་ཁྱོད་ཀྱིས་མཛོད་ཅིག །གདོན་གེགས་དང་སྲིན་ལ་མ་བསྐུར་ཅིག །ཨོཾ་ཀུ་བེ་ར་ཡེ་སྭཱ་ཧཱ། གནོད་སྦྱིན་ཀུ་བེ་ར་ཞེས་བྱ་བའི་གཟུངས་རྫོགས་སོ།། །།

ལུག་འཕེལ་བའི་གཟུངས།

༄༅། །ལུག་འཕེལ་བའི་གཟུངས་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་ཨ་པ་ར་ཙི་ཏ་གྷི་རཏྣ་སིདྡྷི་ན་མ། བོད་སྐད་དུ། འཕགས་པ་དངོས་གྲུབ་འབྱུང་བ་ཐུགས་ཀྱི་ནོར་བདག་རྐང་འགྲོ་དང་གཡུལ་ལས་རྒྱལ་བའི་གཟུངས། གནོད་སྦྱིན་དངོས་གྲུབ་འབྱུང་བ་ལ་ཕྱག་འཚལ་ལོ། །ལུག་བདག་ཆེན་པོ་རྣམ་པར་རྒྱལ། །ཨ་པ་ར་ཙི་ཏ་རྐང་འགྲོ་སྐྱོང༌། །གཏེར་བདག་ཆེན་པོ་རིན་ཆེན་མཛོད། །མི་ཟད་ཀུན་སྤེལ་འགྲོ་བ་སྐྱོབ། རྒྱ་མཚོ་ས་གཞི་དྲོད་དབང་བདག །ནམ་མཁའ་ཉི་ཟླ་སྐར་དབང་སྦྱིན། །གང་ལ་གང་གིས་དེ་དབང་ཕྱུག །རྒྱལ་མཚན་རྒྱལ་བ་འགྲོ་བའི་མགོན། ནོར་བདག་ལུག་དང་གཞོན་ནུ་མཆོག །དཔལ་རབ་སྦྱིན་དང་ནོར་ལུག་བསྲུང༌། །ཨོཾ་ཨ་པ་ར་ཙི་ཏ་ཛྭ་ཡ་ཨ་མོ་གྷ་སི་ཏི། ཨཱ་ཨཱ་ཨཱ་ཨཱ་ཨཱ། རི་རི་རི་རི་རི། ལཱི་ལཱི་ལཱི་ལཱི་ལཱི། ཨེ་ཨེ་ཨེ་ཨེ་ཨེ། ས་མ་ཡཱ་རཏྣ་སི་ཏི་སི་ཏི། རཏྣ་སྭ་བྷ་བ་ཏྲཾ་སྭཱ་ཧཱ། །གཟུངས་སྔགས་རྒྱལ་པོ་མཐུ་དབང་སྦྱིན། །ལུག་ནད་གཏལ་གྲུམ་རྐང་རེངས་དང༌། །ཤི་མིས་ནད་དང་འཕར་སྤྱང་གི །ལང་རྒྱུ་རིང་དང་མགོ་སྨྱོན་འཐོམ། །ར་ལུག་ནད་ལས་སྲུང་དུ་གསོལ། །དགྲ་དབང་རྐུན་མས་འཕྲོག་པ་དང༌། །མ་རུངས་རྩོད་དང་གཡུལ་ལས་རྒྱལ། །རྒྱལ་ཐབས་དབང་ཕྱུག་གནོད་སྦྱིན་མཆོག །ཨོཾ་མ་མ་ཀི་ལཾ་མཾ་ཛྭ་ཡཱ་སྭཱ་ཧཱ། ལོངས་སྤྱོད་སྦྱིན་པ་ནོར་ཕྱུགས་སྤེལ། །འགྲོ་བ་དབང་པོ་མཆོག་ཏུ་བསྲུང༌། །ཨོཾ་པྲ་ཏི་ན་དྷ་ན་བྷ་ཀི་ཏ་པ་རི་ཤ་ར་བྷ་ཤྲི་ཏ་ཡེ་སྭཱ་ཧཱ། །སྨོན་ལམ་ལོངས་སྤྱོད་ཐམས་ཅད་ཀུན། བདག་གི་འདོད་པ་མྱུར་དུ་བསྒྲུབས། །ཁྲོ་རྒྱལ་འདོད་པའི་རྒྱལ་པོས་བསྲུངས། །རྐང་འགྲོ་ར་ལུག་ནོར་རྣམས་ལ། །གེགས་དང་གནོད་པ་འཚེ་བའི་གདོན། །མ་རུངས་སེམས་དང་ལྡན་པ་རྣམས། །དེ་དག་ཐམས་ཅད་ཞི་བར་བྱེད། །ཞི་བ་ཞི་བྱེད་གཟུངས་སྔགས་མཆོག །ཨོཾ་བཛྲ་ཀྲོ་དྷ་དུ་ཧེ་རཱ་ཛཱ་བྷེ་ཧཱུཾ་ཕཊ། །ཁྲོ་རྒྱལ་འདོད་པའི་རྒྱལ་པོ་ཡི། །རྐང་འགྲོ་ར་ལུག་ལོངས་སྤྱོད་གཏེར། །ཕྱོགས་དུས་གཞན་རྒྱུ་ཆོམ་རྐུན་དང༌། །སྤྱང་ཀི་སྲིན་མོ་སྟག་གཟིག་དོམ། །ཏྲེ་མ་བུ་ག་ཏྲི་མུན་ཏ། །མ་རུངས་རྣམས་ནི་བསལ་དུ་གསོལ། །ཨོཾ་ཨཱ་པ་ར་ཙི་ཏ་རཏྣ་ཨ་ཡུར་བྷི་ཤི་ཏ་སྭཱ་ཧཱ། །ལོངས་སྤྱོད་རྐང་འགྲོ་ར་ལུག་དང༌། །ནོར་བཟང་མཛོད་དབང་མི་ཕྱུགས་དག །གང་དག་གང་གིས་འདོད་པ་རྣམས། །དེ་དག་ཐམས་ཅད་མྱུར་འགྲུབ་ཤོག །གནོད་སྦྱིན་རྒྱལ་པོ་ཀུན་དབང་ཕྱུག །མ་རུངས་ཚར་གཅོད་གཡུལ་ལས་རྒྱལ། །རྐང་འགྲོ་ཀུན་སྤེལ་ནོར་གྱི་ལྷ། །གངྒ་ལྷ་མོ་བདེ་བའི་ཡུམ། ཚངས་པ་ཀུན་སྤྱོད་གཏེར་གྱི་བདག །རིན་ཆེན་གསེར་འོད་ནེའུ་ལེའི་མཛོད། །ཨ་པ་ར་ཙི་ཏ་ལ་ཕྱག་འཚལ། །བདག་གི་རེ་བའི་དོན་རྣམས་ཀུན། །ཁྱོད་ཀྱིས་སྐད་ཅིག་ཐོགས་མེད་ཤོག །གནོད་སྦྱིན་ཨ་པ་ར་ཙི་ཏ་རྐང་འགྲོ་འཕེལ་ཞིང་ལུག་ནད་ཞི་བར་བྱེད་པའི་གཟུངས་ལེའུ་བཅོ་བརྒྱད་པ་རྫོགས་སོ།། །།མངྒ་ལཾ།། །།

འཕགས་པ་ཛམྦྷ་ལའི་ལུག་ནད་ཐམས་ཅད་ཞི་བར་བྱེད་པའི་གཟུངས།

༈ རྒྱ་གར་སྐད་དུ། ཨཱརྻ་ཛམྦྷལ། བོད་སྐད་དུ། འཕགས་པ་ཛམྦྷ་ལའི་ལུག་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུངས་འདི་ལྟ་སྟེ། ཨོཾ་བཛྲ་ཀྲོ་ཏ་ཡཱ་སྭཱ་ཧཱ། །ལུག་རྣམས་ལ་སྲུངས་ཤིག །སངས་རྒྱས་ཤཱཀྱ་ཐུབ་པས་ལུག་ནད་ཐམས་ཅད་ཞི་བར་མཛོད་ཅིག །གློ་ནད་གཏལ་བ་འབྲུམ་པ་ལ་སོགས་པའི་ལུག་ནད་ཐམས་ཅད་ཞི་བར་བྱེད་པའི་གཟུངས་ནི། འདི་ལྟ་སྟེ། ཨོཾ་བཛྲ་ཛམྦྷ་ལ། མུ་ག་ན་ཏྲ་ཏྲ་སྭཱ་ཧཱ། ཨོཾ་བཛྲ་ན་མོ་རཏྣ་ཏྲ་ཡཱ་ཡ་སྭཱ་ཧཱ། ཨོཾ་བཛྲ་ས་མ་ཡཱ་སྭཱ་ཧཱ། ཨོཾ་བཛྲ་ཏདྱ་ཐཱ་སྭཱ་ཧཱ། ཨོཾ་ཧ་ལ་ཧ་ལ། ཛུ་ལུ་ཛུ་ལུ་སྭཱ་ཧཱ། །ལུག་འདི་རྣམས་ལ་སྲུངས་ཤིག །ལུག་ནད་ཐམས་ཅད་ཞི་བར་མཛོད་ཅིག །ནོར་གྱི་དངོས་གྲུབ་རྣམས་བདག་ལ་སྩོལ། །འཕགས་པ་ཛམྦྷ་ལའི་ལུག་ནད་ཐམས་ཅད་ཞི་བར་བྱེད་པའི་གཟུངས་རྫོགས་སོ།། །།སརྦ་མངྒ་ལཾ།། །།

རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས།

༄༅། །རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་བཞུགས་སོ། །

རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ནཱ་མ་དྷ་ར་ཎི། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་ལ་རབ་ཏུ་བཞུགས་ཏེ། སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེའི་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས། རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ལག་ན་རྡོ་རྗེ་སངས་རྒྱས་ཀྱི་མཐུ་དང༌། སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས་རྡོ་རྗེ་ཁྲོ་བོ་ལས་བྱུང་བ་རྡོ་རྗེའི་དམ་ཚིག་སྨྲས་ཏེ། མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ། སེམས་ཅན་ཐམས་ཅད་འཇིགས་པར་བྱེད་པ། རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། རིག་སྔགས་ཐམས་ཅད་གནོན་པར་བྱེད་པ། ལས་ཐམས་ཅད་འཇོམས་པར་བྱེད་པ། གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པ། གདོན་ཐམས་ཅད་བརླག་པར་བྱེད་པ། གདོན་ཐམས་ཅད་ལས་རྣམ་པར་ཐར་བར་བྱེད་པ། །འབྱུང་པོ་ཐམས་ཅད་འགུག་པར་བྱེད་པ། རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ། སེམས་ཅན་ཐམས་ཅད་སྲུང་བ། ཞི་བ་རྒྱས་པ། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ། སེམས་ཅན་ཐམས་ཅད་རྨུགས་པར་བྱེད་པ། སེམས་ཅན་ཐམས་ཅད་རྨོངས་པར་བྱེད་པའི་གསང་སྔགས་ཀྱི་ཚིག་ཆེན་པོ་འདི་སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩནྜ་བཛྲ་ཡཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ཎཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཏྲུ་ཊ་ཏྲུ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། སྥུ་ཊ་སྥུ་ཊ། སྥོ་ཊཱ་ཡ་སྥོ་ཊ་ཡ། གྷུརྣ་གྷུརྣ། གྷུརྣ་པ་ཡ་གྷུརྣ་པ་ཡ། སརྦ་ས་ཏྭ་ནཾ། བོ་དྷ་བོ་དྷ། སཾ་བོ་དྷ་ཡ་སཾ་པོ་དྷ་ཡ། ཏྲ་ས་ཏྲ་ས། ཏྲཱ་ས་ཡ་ཏྲཱ་ས་ཡ། བྷ་མ་བྷ་མ། སཾ་བྷ་མ་ཡ་སཾ་བྷ་མཱ་ཡ། སརྦ་བྷུ་ཏཱ་ནི། ཀུ་ཊ་ཀུ་ཊ། སཾ་ཀུ་ཊ་ཡ་སཾ་ཀུ་ཊ་ཡ། སརྦ་ཤ་ཏྲུནྣཱཾ། གྷ་ཊ་གྷ་ཊ། སཾ་གྷ་ཊཱ་ཡ་སཾ་གྷ་ཊ་ཡ། སརྦ་བིདྱཾ་བཛྲ་བཛྲ། སྥོ་ཊཱ་ཡ་བཛྲ་བཛྲ། ཀ་ཊ་ཡ་བཛྲ་བཛྲ། མ་ཊ་བཛྲ་བཛྲ། མ་ཐ་བཛྲ་བཛྲ། བཛྲ་ཨཊྚ་ས་ཧ་ནཱི་ལ་བཛྲ། སུ་བཛྲ་ཡ་སྭཱ་ཧཱ། ཧེ་ཕུ་ལུ་ནི་རུ་ཕུ་ལུ་ནི་གྲི་ཧྣ་ཀུ་ལུ། མི་ལི། ཙུ་ལུ། གྷུ་ནུ། ཕུལ་ལུ། ཀུ་རུ་ཀུ་ལུ། བཛྲ་བི་ཛཱ་ཡ་སྭཱ་ཧཱ། ཀི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཏྲ་ན་པྲ་མོ་ཊ་ན་ཡ་སྭཱ་ཧཱ། ཙ་ར་ཎི་ཤྩ་ར། ཧ་ར་ཧ་ར། ས་ར་ས་ར། མཱ་ར་ཡ། བཛྲ་བི་དཱ་ར་ཎཱ་ཡ་སྭཱ་ཧཱ། ཚིནྡྷ་ཚིནྡྷ། བྷིནྡྷ་བྷིནྡྷ། མ་ཧཱ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། བནྡྷ་བནྡྷ། ཀྲོ་དྷ་ཀྲོ་དྷ། མ་ཧཱ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཙུ་རུ་ཙུ་རུ། ཙནྜ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཏྲཱ་ས་ཡ་ཏྲཱ་ས་ཡ། མ་ཧཱ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཧ་ར་ཧ་ར། བཛྲ་དྷ་རཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར། བཛྲ་པྲ་བྷཉྩ་ནཱ་ཡ་སྭཱ་ཧཱ། མ་ཏི་སྠི་ར་བཛྲ། ཤྲུ་ཏི་སྠི་ར་བཛྲ། པྲ་ཏི་སྠི་ར་བཛྲ། མ་ཧཱ་བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ཧྱེ་ཧི། ཤཱི་གྷྲཾ་བཛྲ་དྷཱ་ར་ཡེ་སྭཱ་ཧཱ། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། སརྦ་བཛྲ་ཀུ་ལཾ་ཨཱ་ཝརྟ་ཡ་སྭཱ་ཧཱ། སརྦ་བིགྷྣན་ཤྲ་ཏཱུན་མཱ་ར་ཡ་ཕཊ། ན་མཿས་མནྟ་བཛྲ་ཎཾ། སརྦ་བ་ལཾ་ཨཱ་ཝརྟ་ཡ། མ་ཧཱ་བ་ལེ་ཀ་ཊ་ཝེ། ཏ་ཏ་ལེ། ཨ་ཙ་ལེ། མནྜ་ལེ་མ་ཡེ། ཨ་ཏི་བཛྲ། མ་ཧཱ་བ་ལ་བེ་ག་ར་ཎ་ར་ཎ། ཨ་ཛི་ཏེ། ཛྭ་ལ་ཛྭ་ལ། ཏི་ཊི་ཏི་ཊི། བིངྒ་ལ། ད་ཧ་ད་ཧ། ཏེ་ཛོ་ཝ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། མ་ཧཱ་བ་ལེ། སརྦ་བཛྲ་ཨཾ་ཀུ་ཤྭ་ཛྭ་ལཱ་ཡ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩནྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷ་ན་བཛྲ། ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷཱ་ར་ཡ་དྷཱ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཚིནྡྷ་ཚིནྡྷ་བཛྲ། བྷིནྡྷ་བྷིནྡྷ་བཛྲ་ཧཱུཾ་ཕཊ། ན་མ་ཤྩནྜ་བཛྲ་ཀྲོ་དྷ་ཡ། ཧུ་ལུ་ཧུ་ལུ། ཏིཥྛཱཏིཥྛ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ཨ་མྲི་ཏེ་ཧཱུཾ་ཕཊ། སྡིག་པ་ཐམས་ཅད་བྱང་བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །སེམས་ཅན་དབང་པོ་ཉམས་པ་དང༌། །ཚེ་ཟད་པ་དང་ཚེ་ཉམས་དང༌། །ཕུན་སུམ་ཚོགས་མིན་གང་ཆགས་དང༌། །ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང༌། །མཛའ་སྡུག་སྐྱེ་བོ་སྡང་བ་དང༌། །བྲན་བཟའ་ལ་སོགས་གཙེས་པ་དང༌། །ཕན་ཚུན་མཐུན་པ་མ་ཡིན་དང༌། ནོར་འགྲིབ་པས་ནི་གནོད་པ་དང༌། །མྱ་ངན་ངལ་དང་གནོད་པ་དང༌། །འཇིགས་པ་དང་ནི་ཕོངས་པ་དང༌། །གཟའ་དང་རྒྱུ་སྐར་བྱེད་སྟེམས་དང༌། །མི་བཟད་གདོན་གྱིས་ཉེན་པ་དང༌། །མྱ་ངན་ངལ་ལས་བྱུང་བ་ཡི། །རྨི་ལམ་སྡིག་པ་མཐོང་ན་ཡང༌། །དེ་ནི་རབ་བཀྲུས་གཙང་མ་ཡིས། མདོ་སྡེ་དམ་པ་མཉན་པར་བྱ། །གང་དག་ཡིད་དགེ་སེམས་དང་ཞིང༌། །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །མདོ་སྡེ་འདི་ནི་ཉན་བྱེད་ན། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་ཀྱི། །མི་བཟད་པ་ཡི་ནད་རྣམས་ཀྱང༌། །དེ་དག་ཐམས་ཅད་ཞི་བར་བལྟ། །ཚེ་དང་བསོད་ནམས་རྣམ་པར་འཕེལ། སྡིག་པ་ཀུན་ལས་རྣམ་པར་ཐར། ནོར་བུ་ཡུངས་ཀར་དུརྦ་དང༌། །རིན་ཆེན་རྨ་མེད་ཙན་དན་བཅས། །ཤེལ་དང་རྡོ་རྗེ་མུ་ཏིག་དང༌། །ཆུ་ཡིས་གསེར་རམ་ཡང་ན་ནི། །དངུལ་གྱི་བུམ་པ་དག་ཀྱང་རུང༌། །གཙང་མའི་གོས་ཀྱིས་དཀྲིས་ཤིང་དག །ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །རྡོ་རྗེ་རྣམ་འཇོམས་བཟླས་ནས་ནི། །རྒྱལ་པོ་ལྟར་དུ་ཁྲུས་གྱིས་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། ཕྱག་ན་རྡོ་རྗེས་དེ་སྐད་ཅེས་གསུངས་པ་ལ་མངོན་པར་བསྟོད་དོ། །གཟུངས་མདོ་འདི་ནི་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་ཏཱ་ར་ནཱ་ཐས་ཞུས་དག་གནང་བའི་དཔེ་ལས་བྲིས་པའོ།། །།བཀྲ་ཤིས། །ཤུ་བྷཾ།། །།

བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ།

༄༅། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་བཞུགས་སོ། །

རྒྱ་གར་སྐད་དུ། བྷ་ག་ཝ་ཏི་པྲ་ཛྙཱ་པ་ར་མི་ཏ་ཧྲི་ད་ཡ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་ཉིད་ལ་རྣམ་པར་བལྟ་ཞིང༌། ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་རྣམ་པར་བལྟའོ། །དེ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་ཤཱ་རིའི་བུས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱད་པ་སྤྱོད་པར་འདོད་པ་དེས་ཇི་ལྟར་བསླབ་པར་བྱ། དེ་སྐད་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤཱ་རི་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱ་རིའི་བུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱད་པ་སྤྱོད་པར་འདོད་པ་དེས་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ། ཕུང་པོ་ལྔ་པོ་དེ་དག་ཀྱང༌། རང་བཞིན་གྱིས་སྟོང་པར་ཡང་དག་པར་རྗེས་སུ་བལྟའོ། །གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་སྟོང་པའོ། །ཤཱ་རིའི་བུ་དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། བྲི་བ་མེད་པ། གང་བ་མེད་པའོ། །ཤཱ་རིའི་བུ་དེ་ལྟ་བས་ན། སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་རྣམས་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། །མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་མེད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །མ་རིག་པ་མེད། མ་རིག་པ་ཟད་པ་མེད་པ་ནས། རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ། །དེ་བཞིན་དུ་སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ། །ཤཱ་རིའི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་རྣམས་ལ་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཅིང་གནས་ཏེ། སེམས་ལ་སྒྲིབ་པ་མེད་ཅིང་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས། མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། །དུས་གསུམ་དུ་མངོན་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པར་བྱེད་པའི་སྔགས། སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པའི་སྔགས། མི་རྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པ་ར་ག་ཏེ་པ་ར་སཾ་ག་ཏེ་བྷོ་དྷི་སྭཱ་ཧཱ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། ལེགས་སོ་ལེགས་སོ་རིགས་ཀྱི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ༌། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང༌། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།དགེ་ལེགས་འཕེལ།། །།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་བསྡུས་པ།

༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་བསྡུས་པ་བཞུགས་སོ། །

རྒྱ་གར་སྐད་དུ། ཤ་ཏ་ས་ཧ་སྲི་ཀ་པྲ་ཛྙྱཱ་པ་ར་མི་ཏ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་དོན་མ་ནོར་བར་བསྡུས་པ། ཐམས་ཅད་མཁྱེན་པའི་ཡུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལས་བཞེངས་ནས། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་ལྔ་སྟོང་ཙམ་གྱི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དུ་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ། ཡོངས་སུ་ཟད་པ། བཀའ་ཡང་དག་པའི་སེམས་ཤིན་ཏུ་རྣམ་པར་གྲོལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། རབ་འབྱོར་དང་། ཀུན་དགའ་བོ་ལ་སོགས་པའི་ལྷ་དང་། མི་ལ་སོགས་པའི་སེམས་ཅན་མཐའ་ཡས་པས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་འོད་ཟེར་བྱེ་བ་དྲུག་ཅུ་གཟིགས་ཤིང་འཕྲོས་པར་གྱུར་ཏོ། །དེ་ནས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་མངོན་པར་རབ་ཏུ་བརྒྱན་པར་གྱུར་ཏོ། །ཚེ་དང་ལྡན་པ་རྣམས་ཀྱིས་ཕྱག་ཕུལ་ཞིང་། མཆོད་པའི་རྣམ་གྲངས་བསྟན་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྣམས་ལ་བཀའ་སྩལ་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། རབ་འབྱོར་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འགྱུར་བ། དེ་བཞིན་དུ་ཁྱོད་རྣམས་སྤོབས་པར་གྱིས་ཤིག །ཡུལ་དྲུག་དང་། ཕུང་པོ་ལྔའོ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། སྐྱེ་མཆེད་བཅུ་གཉིས་དང་། དབང་པོ་དྲུག་གོ །མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་སོ། །རྣམ་པར་ཤེས་པའི་དོན་ནི། མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། རེག་པའི་དོན་ནི། མིག་གི་འདུས་ཏེ་རེག་པ་དང་། རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། རེག་པའི་རྐྱེན་གྱི་ཚོར་བའི་དོན་ནི། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ཁམས་དྲུག་གི་དོན་ནི། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་དང་། རྟེན་ཅིང་འགྲེལ་བར་འབྱུང་བ་བཅུ་གཉིས་ཀྱི་དོན་ནི། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་དང་། བྱེད་པ་པོའི་སྐྱེ་མཆེད་བཅུ་གཉིས་ཀྱི་དོན་ནི། བདག་དང་། སེམས་ཅན་དང་། སྲོག་དང་། འགྲོ་བ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ཅན་དང་། ཤད་བདག་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་དང་། འདོད་ཁམས་ཀྱི་ལྷ་རྣམས་ཡོད་དོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཡོད་དོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཡོད་དོ། །མཚེ་མའི་ལྷ་རྣམས་ཡོད་དོ། །དགའ་ལྡན་གྱི་ལྷ་རྣམས་ཡོད་དོ། །འཕྲུལ་དགའ་བའི་ལྷ་རྣམས་ཡོད་དོ། །གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཡོད་དོ། །གཟུགས་ཁམས་གནས་རིགས་བཅུ་བདུན་གྱི་ལྷ་རྣམས་ཡོད་དོ། །ཚངས་རིས་ཀྱི་ལྷ་རྣམས་ཡོད་དོ། །ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་ཡོད་དོ། །ཚངས་པ་ཀུན་འཁོར་ཀྱི་ལྷ་རྣམས་ཡོད་དོ། །སྣང་བའི་ལྷ་རྣམས་ཡོད་དོ། །འོད་སྣང་བའི་ལྷ་རྣམས་ཡོད་དོ། །ཚད་མེད་སྣང་བའི་ལྷ་རྣམས་ཡོད་དོ། །ཀུན་ཏུ་སྣང་བའི་ལྷ་རྣམས་ཡོད་དོ། །དགེ་བའི་ལྷ་རྣམས་ཡོད་དོ། །ཆུང་དགེའི་ལྷ་རྣམས་ཡོད་དོ། །ཚད་མེད་དགེ་བའི་ལྷ་རྣམས་ཡོད་དོ། །ཚད་མེད་ཆེ་བའི་ལྷ་རྣམས་ཡོད་དོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཡོད་དོ། །མི་ཆེ་བའི་ལྷ་རྣམས་ཡོད་དོ། །མི་གདུང་བའི་ལྷ་རྣམས་ཡོད་དོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་དོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་དོ། །འོག་མིན་གྱི་ལྷ་རྣམས་ཡོད་དོ། །གཟུགས་མེད་སྐྱེ་མཆེད་མུ་བཞིའི་ལྷ་རྣམས་ཡོད་དོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་མཐའ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་བཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་ལྔ་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། རྣམ་པར་ཐར་པའི་དོན་བསྟན་པ་ནི། ཚེ་དང་ལྡན་པ་ཤཱ་རི་དྭ་ཏིའི་བུ། གཟུགས་རྣམ་པར་དག་པ་དང་། ཚོར་བ་རྣམ་པར་དག་པ་དང་། འདུ་ཤེས་རྣམ་པར་དག་པ་དང་། འདུ་བྱེད་རྣམ་པར་དག་པ་དང་། རྣམ་པར་ཤེས་པ་རྣམ་པར་དག་པ་དང་། མིག་རྣམ་པར་དག་པ་དང་། རྣ་བ་རྣམ་པར་དག་པ་དང་། སྣ་རྣམ་པར་དག་པ་དང་། ལྕེ་རྣམ་པར་དག་པ་དང་། ལུས་རྣམ་པར་དག་པ་དང་། ཡིད་རྣམ་པར་དག་པ་དང་། རབ་འབྱོར་གཞན་ཡང་གཟུགས་ཡོངས་སུ་དག་པ། གཟུགས་ཡོངས་སུ་དག་པས། སྒྲ་ཡོངས་སུ་དག་པ། སྒྲ་ཡོངས་སུ་དག་པས། དྲི་ཡོངས་སུ་དག་པ། དྲི་ཡོངས་སུ་དག་པས། རོ་ཡོངས་སུ་དག་པ། རོ་ཡོངས་སུ་དག་པས། རེག་ཡོངས་སུ་དག་པ། རེག་ཡོངས་སུ་དག་པས། ཆོས་ཡོངས་སུ་དག་པ། ཆོས་ཡོངས་སུ་དག་པས། །མིག་གི་རྣམ་པར་ཤེས་པ་ཡོངས་སུ་རྣམ་པར་དག་པ་ནས། ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་རྣམ་པར་དག་པའོ། །མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། འདས་པའི་དུས་མ་ཐོགས་མ་ཆགས་པའི་ཡེ་ཤེས་གཟིགས་པར་འཇུག་གོ །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་དེ་དག་དང་། རབ་འབྱོར་དང་། ཀུན་དགའ་བོ་དང་། ཚེ་དང་ལྡན་པ་རྣམས་དང་། དེ་དག་གི་དགེ་སློང་གི་དགེ་འདུན་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟ་དང་། གྲུལ་བུམ་དང་། ལྟོ་འཕྱེ་ཆེན་པོར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཆེན་མོཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་དོན་མ་ནོར་བར་བསྡུས་པའི་གླེགས་བམ་དང་། ཤླཽ་ཀ་དང་བམ་པོ་དང་། ཤླཽ་ཀ་བཀོད་པ་འདི་བྲིས་ན། ཡུམ་ཆེན་མོ་བྲིས་པར་འགྱུར་རོ། །འཆང་ན་ཡུམ་ཆེན་མོ་འཆང་བར་འགྱུར་རོ། །སྔོན་རྒན་རྒོན་རྒྱུ་མེད་པ་གཉིས་ཡོད་པར་འདུག་པ་ལ། ཁང་གཉའ་ན་གྲུབ་ཐོབ་བཟང་པོ་གཅིག་བཞུགས་པ་དེས། ཁང་ཞབས་སུ་འདུག་པའི་རྒན་རྒོན་གཉིས་གནང་ཉིན་པས་མི་ཚོ་མི་སྣང་བ་སྙིང་རྗེ་རེ། འབུམ་བརྒྱ་ཚར་གཅིག་དང་། ཆུ་གཏོར་འབུམ་ཐེར་ཅིག་བྱས་ན་ཚེ་རིང་བར་འདུག་གསུང་ཕྲིན་རྒན་རྒོན་གཉིས་པོ་དེས་ཚོར་བ་དང་། སྡུག་ནས་ནམ་འཆི་བསམ་ནས་ཡོད་དུས་ན། བསྟན་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་བྱོན་ནས་ལྡོམ་བུ་ཕུལ་བྱས་ཙ་ན། རྒན་རྒོན་གཉིས་པོས་ལྡོམ་བུ་འབུལ་རྒྱུ་མེད། དེང་རང་གཉིས་གནང་ཉིན་པས་ཚེ་མེད་འཆི་བ་ཡིན་ཟེར། ཚེ་རིང་བ་ལ་འབུམ་བརྒྱ་གཅིག་དང་། ཆུ་གཏོར་གཅིག་བྱ་དགོས་ཟེར་བ་ལ་རྒྱུ་མེད་པས། ཁོང་རང་ལ་ལྡོམ་བུ་འབུལ་རྒྱུ་མེད་ཞུས་ཙ་ན། སྙིང་རེ་རྗེ་གསུངས་ནས། འབུམ་བྲིས་པ་དང་། མཆོད་གནས་ལ་འབུམ་བརྒྱ་བྱེད་ཆུག་གསུངས། རྩམ་པ་ཨེ་ཡོད་གསུངས་ནས། ཆུ་གཏོར་འབུམ་ཐེར་ཁོང་རང་གིས་མཛད་པ་དང་། རྒན་རྒོན་གཉིས་པོ་ཚེ་རིང་བ་དང་། ནད་མེད་པ་དང་། རྒྱུ་ཡོད་པ་རྣམས་ཆོས་དེས་ཡོང་གསུངས་སོ། །ཡུམ་ཆེན་མོ་འབུམ་ཆུང་སྟོང་ཕྲག་བརྒྱ་པའི་ཕན་ཡོན་རྫོགས་སོ། །ཡང་འགྱུར་ཅིག་ན། བཅོམ་ལྡན་འདས་བཞུགས་པའི་དུས་སུ། རྒྱལ་པོ་བི་ས་ར་དང་། བཙུན་མོ་མ་ག་ཏི་གཉིས་ལ་སྲས་དགེ་ཆེན་བྱ་བ་ཅིག་ཡོད་པ་དེ་བར་ཆད་ཀྱིས་ཟིན་ནས། འཆི་ལ་ཐུག་པའི་དུས་སུ། རྒྱལ་པོས་བཅོམ་ལྡན་འདས་ཀྱི་དྲུང་དུ་མྱུར་བར་བྱོན་ནས། སྨྲེ་སྔགས་བཏོན་ཏེ། བཅོམ་ལྡན་འདས་ལ་ཞུས་པ། བདག་ལ་བུ་གཅིག་པོ་ཞིག་མཆིས་པ་དེ་བར་ཆད་ཀྱིས་ཟིན་ནས། འཆི་ལ་ཐུག་པ་ལགས། དེ་མི་འཆི་བའི་ཐབས་ཤིག་བཀའ་སྩལ་དུ་གསོལ། ཞེས་ཞུས་པས། བཅོམ་ལྡན་འདས་ཀྱི་ཞལ་ནས། རྒྱལ་པོ་ཡར་དཀོན་མཆོག་ལ་མཆོད་པ་དང་། རིགས་དྲུག་ཚིམས་པའི་ཆབ་གཏོར་དང་། རྒྱས་པ་འབུམ་བརྒྱ་ཚར་ཉིན་གཅིག་ལ་བཏོན་ན། དུས་མིན་འཆི་བ་ལས་ཟློག་ཅིང་ནད་ལས་གྲོལ་བར་འགྱུར་རོ་ཞེས་གསུངས་པས། རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་རྒྱས་པའི་འབུམ་བརྒྱ་ཚར་ཉིན་གཅིག་ལ་ཐོན་པའི་ཐབས་བཀའ་སྩལ་དུ་གསོལ། ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་འབུམ་ཆུང་འདི་བཀའ་བསྩལ་པ་དང་། རྒྱལ་པོས་འབུམ་ཆུང་འདི་མྱུར་བར་བསྒྲགས་སོ། །རྒྱལ་བུ་ནད་ལས་གྲོལ་ནས། ལོངས་སྤྱོད་ཆེ་ཞིང་ཚེ་རིང་བ་དང་། རྒྱལ་ཁམས་བདེ་ཞིང་ལོ་ཕྱུགས་ལེགས་པ་དང་། རྒྱལ་སྲིད་དར་བར་གྱུར་ཏོ། །གཞན་ཡང་ཕན་ཡོན་མཐའ་ཡས་སོ། །ཇོ་བོ་རྗེས་བལ་པོ་ཨ་སུ་ལ་གནང་། བལ་པོས་ཤོ་ལོ་ཀར་བཀོད་པ་རྫོགས་སོ། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ལོ་བཅུ་གཉིས་ཀྱི་བར་དུ་གསུང་རབ་རྣམས་གཟིགས་པས། འབུམ་ཆུང་འདི་ཁོ་ན་ཕན་ཡོན་ཤིན་ཏུ་ཆེ་བར་འདུག་པས། ཕྱི་རབས་ཀྱི་གང་ཟག་རྣམས་ཀྱིས་ཀྱང་། འདི་ལ་ཀློག་འདོན་བྱེད་པ་གལ་ཆེ་གསུངས་སོ། །ཤུ་བྷཾ།། །།

ཀོའུ་ཤི་ཀའི་བཤགས་མདོ།

༄༅། །ཀོའུ་ཤི་ཀའི་བཤགས་མདོ་བཞུགས་སོ། །

རྒྱ་གར་སྐད་དུ། ཀོའུ་ཤི་ཀ་པྲ་ཛྙཱ་པ་ར་མི་ཏ་ཡེ་ན་མ་སཱུ་ཏྲ། བོད་སྐད་དུ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རི་ལ། ཟབ་མོའི་ཆོས་ཀྱི་འཁོར་ལོ་དུས་གསུམ་དུ་བསྐོར་ཞིང༌། སྲས་ཡུམ་བཅུ་བདུན་ཡོངས་སུ་རྫོགས་པའི་སྐབས་སུ། ཀོའུ་ཤི་ཀས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ངེས་པ་དོན་གྱི་མདོ་སྡེ་ལ། །སྨིན་རྒྱས་ནུབ་གསུམ་ཇི་ལྟར་འབྱུང༌། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ང་ཡི་བསྟན་པ་ཟབ་མོ་འདི། །ཐོས་ནས་རྟོགས་ཤིང་སྨིན་པར་འགྱུར། །ཉམས་སུ་བླངས་ཤིང་དད་གུས་དྲག་པོས་སྨིན་པར་འགྱུར། །སྟོན་པའི་བཀའ་དོན་ལྷོ་བྱང་གཉིས་སུ་རྒྱས་པར་འགྱུར། །གདམས་པའི་དོན་བཞི་ལོག་པ་ལས། །གསང་སྔགས་དར་ལ་མ་སྨིན་ཆོས། །དོན་གྱི་སྙིང་པོ་ནུབ་པར་འགྱུར། །བཞི་ཡི་དོན་གྱི་ཡན་ལག་ནི། །ཀློག་དང་འཆང་དང་སྤེལ་བར་བྱ། །གདམས་པའི་དོན་བཞི་ལྡན་པའི་མིས། །ཟུངས་ཤིག་རྟོགས་ཤིག་ཆོངས་ཤིག་ཀློགས། །བཟུང་བས་ཚིག་དང་དོན་བཀླག་བྱ། །རྟོགས་པས་དོན་དང་འབྲེལ་བར་བྱ། །བཅངས་པས་དོན་ལ་བསྒོམ་པར་གྱིས། །བཀླགས་པས་སྟོང་པ་ཉིད་དུ་སྤེལ། །སངས་རྒྱས་ཐོབ་པར་བསྟན་པ་འོ། །གཞུང་གི་འགྲེལ་རྐང་རྣམ་གསུམ་གྱིས། །བདག་ཉིད་རྒྱུ་ནི་བཀླགས་བྱས་པས། །ཐར་པའི་དོན་དེ་ཐོབ་པར་འགྱུར། །ཡོན་བདག་བཞི་ཡི་གནས་སྐབས་སུ། །འབྲི་དང་ཀློག་པའི་དུས་དག་ཏུ། །ཡི་གེ་སྤྲུལ་པའི་སྐུ་ཡིན་པས། །སྤྲུལ་པའི་སྐུ་ཡིས་བྱིན་རློབ་འགྱུར། །ཡི་གེ་གསལ་བའི་དོན་ཡིན་ཕྱིར། །ཕ་རོལ་ཕྱིན་པའི་དོན་རྟོགས་འགྱུར། །ཡི་གེ་མི་བརྗེད་གཟུངས་ཡིན་ཕྱིར། དྲན་པ་ཉམས་པར་མི་འགྱུར་རོ། །མི་བརྗེད་པ་ཡི་གཟུངས་ཐོབ་འགྱུར། །འདྲི་བའི་དོན་དང་ལྡན་པའི་ཕྱིར། །ཐར་པའི་འབྲས་བུ་ཐོབ་པར་འགྱུར། །གཞི་ཤོག་ཆེ་ལ་ཡི་གེ་ཡངས། །བསྟན་པ་འཛིན་དང་བསོད་ནམས་མཉམ། །ཡིག་འབྲུ་ཆེ་ལ་ཡན་ལག་དོད། །བསྟན་པ་སྤེལ་དང་བསོད་ནམས་མཉམ། །ཡིག་འབྲུ་འབྲེལ་དང་འདྲེས་བསལ་བས། །ཡན་ལག་སྐྱོན་དང་ནད་མེད་འགྱུར། །ཡི་གེ་མདོག་དང་སྤྱན་གསལ་བས། མིག་གི་དབང་པོ་སྐྱོན་མེད་འགྱུར། །ཀློག་པའི་དོན་དང་ལྡན་པའི་ཕྱིར། །དད་པའི་དོན་དང་འབྲེལ་བ་ཡིས། །ཐ་མ་འབྲས་བུ་དོན་ཐོབ་འགྱུར། །ལྷག་དང་ཆད་པ་མེད་པ་དང༌། །དབུགས་ལ་མི་བསྐྱོན་དག་པ་དང༌། །ཡིད་ཀྱིས་མི་བཅད་སྒྲ་སྐད་འབྱོར། །དྲི་མ་མེད་པར་བཀླགས་པ་ཡིས། །ཟབ་མོའི་འཁོར་ལོ་བསྐོར་དང་མཉམ། །ཁྲུས་བྱས་ཁ་ཟས་སྐྱོན་བསལ་ནས། ཕྱག་མཆོད་བཀུར་སྟི་གུས་པ་དང༌། །གཞན་གྱི་ཚིག་གིས་བར་མ་ཆོད། །སངས་རྒྱས་འབུམ་ལ་བསྙེན་བཀུར་བྱས་དང་མཉམ། །ཡོན་བདག་ཤིན་ཏུ་མ་དད་པས། །ཟས་དང་ནོར་གྱིས་མ་མཉེས་ཀྱང༌། །བཀའ་ཡི་གསུང་ནི་མཐར་ཕྱུང་བས། །སངས་རྒྱས་ཡོན་ཏན་ཐོབ་པར་འགྱུར། །གཅོད་སྦྱོང་བླུ་བར་མི་བྱའོ། །ཀོའུ་ཤི་ཀས་གསོལ་པ། བཅོམ་ལྡན་འདས་མདོ་སྡེ་འདི་བླུ་བར་མ་གསུངས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཀོའུ་ཤི་ཀ་ཐམས་ཅད་ནས་ཐམས་ཅད་དུ་མ་ཡིན་ཏེ། །སྤོང་ལྡན་བཞི་དང་ལྡན་ན་བླུ་བར་བྱའོ། །བཞི་གང་ཞེ་ན། ནོར་གྱི་འདུ་ཤེས་སྤངས་ལ་དཀོན་མཆོག་མཆོད་གནས་སུ་ཤེས་པར་བྱའོ། །རིན་ཐང་སྤངས་ལ་ཕ་རོལ་ཚིམས་པར་བྱའོ། །ཁེངས་གྲགས་སྤངས་ལ་དད་པ་དང་ལྡན་པར་བྱའོ། །བཟང་ངན་སྤངས་ལ་བརྒྱལ་བའི་གནས་ནས་བླུ་བར་བྱའོ། །ངའི་བསྟན་པ་ཟབ་མོ་འདི། །གཞན་གྱིས་འཇིག་པར་མི་ནུས་ཏེ། །ང་མིན་ང་འདྲ་གཅིག་གིས་བཤིག །བཙུན་པ་འདུལ་ཁྲིམས་མེད་པ་དང༌། །བན་དྷེ་དམ་ཚིག་མེད་པ་དང༌། །གཙོ་བོར་ལས་ངན་བསགས་པ་གསུམ། །ཀུན་ལ་མི་རྟོགས་མི་སྲིད་དོ། །གཏོང་དང་བསྡུ་དང་འཚོང་བ་དང༌། །ཁེ་ཕྱིར་འབྲི་ཞིང་གཏོང་བ་དང༌། །རྣམ་སྨིན་མི་ལྟ་སྡིག་ཁེ་བྱེད། །གྲགས་ཕྱིར་གཡོ་སྒྱུ་བཅས་ནས་བསྡུས། །ཟློག་པའི་ཕྱིར་ན་ཀློག་པར་བྱེད། །སྡིག་ཏུ་བྱ་ཕྱིར་འཆང་བར་བྱེད། །གྲོས་ཀྱི་དོན་དུ་ཆུབ་པར་པར་བྱེད། །གཅེས་འཛིན་ནོར་གྱི་ཁྱད་པར་ཕུ་དུད་བྱེད། །བློ་ཡིས་གཏིང་ནས་བཏང་ནས་སྤོང་བར་འགྱུར། །ནོར་དུ་བཟུང་ན་སྨད་པར་འགྱུར། །ཟོལ་སོགས་སྡིག་པའི་ཚོགས་ཀྱིས་བསྣུབས་སོ། །བཟང་ངན་དུ་ཕྱིན་སྐུར་པ་བཏབ་པར་འགྱུར། །བཙོངས་ན་རྡོ་རྗེའི་དམྱལ་བར་སྐྱེ། །གཏོང་དང་བསྡུ་བ་གཉིས་ནི་ཁྲོ་ཆུར་ཚོད། །གཅོད་དང་སྦྱོང་བ་གཉིས་པོ་ནི། །དམྱལ་བ་བསྡུས་འཇོམས་དག་ཏུ་སྐྱེ། །ཚོང་ག་བྱེད་དང་གཏོང་པར་འཇུག །ལྔ་བརྒྱའི་ལྕེ་ལ་གཡག་ཆེན་རྨོད། །བཟང་ངན་ལྷག་ཆད་སྐྱོན་འཛིན་པ། །ལྕེ་ནི་ལྕགས་ཀྱི་ཐག་པས་བརྒྱངས། །གླུ་ལ་སོགས་བསྲེས་རྫུན་སྨྲས་པས། །ཡི་དྭགས་ཆེན་པོས་ཡུན་རིང་གནས། །དབུགས་ལ་བསྐྱོན་ནས་དབུགས་ཀྱིས་གཙེར། །ཚིག་གཞུག་བོར་ནས་ཚིག་འགོ་བླངས། །རོ་མྱགས་འདམ་ལ་མྱུར་དུ་འདྲུད། །མྱུར་དུ་རིང་ནས་བམ་ཤོག་བསྒྱུར། །ཤལ་མ་རི་ལ་དྲག་ཏུ་འདྲུད། མི་གོ་སྒྲ་ཡི་ཤོག་བུ་བསྒྱུར། །ཁ་མེད་ཡི་དྭགས་ཆེན་པོར་སྐྱེ། །དབུགས་ལ་བསྐྱོན་ནས་རྩེ་གཏོགས་བྱེད། །མེ་མ་མུར་ལ་འདྲུད་ཅིང་རྔོད། །ཚེ་འདིར་དབུལ་ཕོངས་ནད་ཀྱིས་ཉེན། །དབང་པོ་སྐྱོན་ཞུགས་མི་ཁོམ་བརྒྱད་དུ་སྐྱེ། །ཀོའུ་ཤི་ཀ །ངེས་པའི་དོན་གྱི་མདོ་སྡེ་ལ། །གཏོང་དང་བསྡུ་དང་འཚོང་བ་དང༌། །སྤངས་སྨད་སྐུར་པ་བཏབ་པ་དང༌། །ལྷག་ཆད་གཉིས་སུ་བཀླགས་པ་དང༌། །སྦྱངས་ཤུགས་དག་གིས་བྱས་པ་ཡིས། །འདིའི་གླུད་ལ་ནས་སམ་གྲོའམ། ཏིལ་གྱི་འབྲུ་ཙམ་མམ། ཐ་ན་ཕྲ་བའི་སྐུད་པ་ཙམ་ལ་འབགས་སམ། གླུད་སྟེང་ལ་ཕྱིན་པའམ། གླུད་བཟོས་པའི་གྲིབ་མས་ཕོག་པ་འམ་མི་འམ་དུད་འགྲོ་ཆ་ཡོད་པའམ། ཆ་མེད་པར་ཏིལ་ཕུལ་གང་ཙམ་ཟློས་ན། རྡོ་རྗེའི་དམྱལ་བར་སྐྱེ་བར་འགྱུར་རོ། །ཚེའི་ཚད་ནི་ཤླཽ་ཀ་རེས་བསྐལ་པ་རེ་ཐུབ་པར་འགྱུར་རོ། །ཀོའུ་ཤི་ཀས་གསོལ་པ། བཅོམ་ལྡན་འདས་འདི་ལ་བཤགས་ཐབས་གསུང་དུ་གསོལ། །འདི་ལ་བཤགས་ཐབས་མ་མཆིས་ན། །སྔར་གསུངས་བཀའ་ལ་དོན་མ་མཆིས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཀོའུ་ཤི་ཀ་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག །རྒྱལ་པོ་དག་ལ་ཉེས་ཤོར་ན། །ཉིད་ཀྱི་ཞབས་ལ་བཏུད་གྱུར་ན། །ཆད་པ་མེད་པར་འགྱུར་བ་བཞིན། །བཀའ་ཡི་སྒྲིབ་པ་སྟོང་པས་སྦྱངས། །དམ་པའི་སྟོབས་ལྔ་ལྡན་པའི་མིས། །ཀོའུ་ཤི་ཀ་ཡི་བཤགས་མདོ་བཀླགས། །ངེས་པར་བཀླགས་ན་བྱང་བར་འགྱུར། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནི། སྒྲོ་སྐུར་གྱིས་མ་སླད་པའོ། །མཚན་མས་མ་ཟིན་པའོ། །རེ་དོགས་ཀྱིས་མ་རིག་པའོ། །ཀུན་རྫོབ་ཀྱིས་མ་བརྟེན་པའོ། །མ་སྒྲིབ་པས་སྐྱོན་གྱིས་མ་གོས་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ། །ཆོས་ཐམས་ཅད་དབེན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་ནོ། །ཆོས་ཐམས་ཅད་གཡོ་བ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཡོ་བ་མེད་དོ། །ཆོས་ཐམས་ཅད་རློམ་སེམས་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རློམ་སེམས་མེད་དོ། །ཆོས་ཐམས་ཅད་རོ་གཅིག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རོ་གཅིག་པའོ། །ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་དོ། །ཆོས་ཐམས་ཅད་འགག་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགག་པ་མེད་དོ། །ཆོས་ཐམས་ཅད་ནམ་མཁའ་ལྟ་བུའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནམ་མཁའ་ལྟ་བུའོ། །ཆོས་ཐམས་ཅད་གཏིང་དཔག་དཀའ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཏིང་དཔག་དཀའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་འདི་ལྟར་སྟོང་པ་ཉིད་བཅོ་བརྒྱད་དོ། །འདི་ལྟ་སྟེ། ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་མཐའ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌། ངོ་བོ་ཉིད་སྟོང་པ་ཉིད་དང༌། དངོས་པོ་མེད་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང༌། མདོར་ན་སྟོང་པ་ཉིད་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །སྐར་མ་རབ་རིབ་མར་མེ་དང༌། སྒྱུ་མ་ཟིལ་པ་ཆུ་བུར་དང༌། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་ལྟ། །སྒྲིབ་པ་སྦྱོང་བའི་སྔགས་འདི་བཟླ་བར་བྱའོ། །ན་མོ་བྷ་ག་ཝ་ཏེ། ཨཱརྻ་པྲཛྙཱ་པཱ་ར་མི་ཏ་ཧྲི་ད་ཡེ། ཨོཾ་དྷི་ཧྲི་ཤྲཱ་གུ་ཏི། སྨྲ་ཏི་མ་ཏི་གཱ་ཏི། བྷི་ཛ་ཡེ་སྭཱ་ཧཱ། ཨོཾ་པྲཛྙཱ་པཱ་ར་མི་ཏ་ཡེ། སརྦ་བུདྡྷ་ཡ་ཤུདྡྷོ་ཨ། དྷརྨ་ཡ་ཤུདྡྷོ་ཤུདྡྷོ་ཨ། སདྡྷ་ཡ་ཤུདྡྷོ་ཤུདྡྷོ་ཨ། སརྦཱ་རོ་ཥ་ན་བྱ་ཏྲི་ཤུདྡྷོ་ཤུདྡྷོ་ཨ། བི་ཤུདྡྷོ་པ་ར་སརྦ་ཤུདྡྷོ་ཤུདྡྷོ་ཨ། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་ཅིང་རྟག་པ་མེད། །འོང་བ་མེད་ཅིང་འགྲོ་བ་མེད། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེ་བར་ཞི་བ་ཉིད། །རྟེན་ཅིང་འབྲེལ་བར་འབྱུང་སྟོན་པ། །རྫོགས་པའི་སངས་རྒྱས་གང་ཡིན་པ། །སྨྲ་མཆོག་དེ་ལ་ཕྱག་འཚལ་ལོ། །སྐབས་ཀྱི་བཤགས་པ་ཐར་པ་ཆེ། །ལས་ཀྱི་སྒྲིབ་པ་སྦྱོང་བ་ཡི། །འདི་ཡི་གཟུངས་སུ་ཤེས་པར་གྱིས། །ཉིན་ལན་རེའམ་ཡང་ན་ཐོང་རངས་སུ། །གུས་པས་ལྷག་ཆད་མེད་པར་བཀླགས། །བསྐལ་པ་འབུམ་གྱི་སྡིག་སྒྲིབ་ཀྱང༌། །བྱང་བར་གྱུར་ཏེ་ཐེ་ཚོམ་མེད། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་པ་དང༌། ལྷའི་དབང་པོ་བརྒྱ་བྱིན་དང༌། འཁོར་དེ་དག་ཐམས་ཅད་དང༌། ལྷ་དང་མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤགས་མདོ་རྫོགས་སོ། །

འཕགས་པ་འདའ་ཀ་ཡེ་ཤེས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

༄༅། །འཕགས་པ་འདའ་ཀ་ཡེ་ཤེས་ཞེས་བྱ་བ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་ཏ་ཛྙཱ་ན་ནཱ་མ་མ་ཧཱ་ཡ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་འདའ་ཀ་ཡེ་ཤེས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འོག་མིན་ལྷའི་རྒྱལ་པོ་ཁང་བཟང་ན་བཞུགས་ཏེ། འཁོར་ཐམས་ཅད་ལ་ཆོས་སྟོན་པ་དང༌། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནམ་འཆི་ཀ་མའི་སེམས་ཇི་ལྟར་བལྟ་བར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་མཁའི་སྙིང་པོ་བྱང་ཆུབ་སེམས་དཔའ་ནམ་འཆི་བའི་ཚེ། འདའ་ཀ་ཡེ་ཤེས་བསྒོམ་པར་བྱའོ། །དེ་ལ་འདའ་ཀ་ཡེ་ཤེས་ནི། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་ན། དངོས་པོ་མེད་པའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པས་ན། སྙིང་རྗེ་ཆེན་པོའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཆོས་ཐམས་ཅད་རང་བཞིན་གྱིས་མི་དམིགས་ཤིང་འོད་གསལ་བས་ན། དངོས་པོ་ཅི་ལ་ཡང་མི་ཆགས་པའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །སེམས་རྟོགས་ན་ཡེ་ཤེས་ཡིན་པས་ན། སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཆོས་རྣམས་རང་བཞིན་རྣམ་དག་པས། །དངོས་པོ་མེད་པའི་འདུ་ཤེས་བསྒོམ། བྱང་ཆུབ་སེམས་དང་རབ་ལྡན་པས། །སྙིང་རྗེ་ཆེན་པོའི་འདུ་ཤེས་བསྒོམ། །རང་བཞིན་མི་དམིགས་འོད་གསལ་བས། །དངོས་པོ་ཅི་ལའང་མི་ཆགས་བསྒོམ། །སེམས་ནི་ཡེ་ཤེས་འའབྱུང་བའི་རྒྱུ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་པ་དང༌། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་སོགས་པའི་འཁོར་ཐམས་ཅད་རབ་ཏུ་དགའ་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་འདའ་ཀ་ཡེ་ཤེས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།མངྒ་ལཾ།། །།

འཕགས་པ་ཕུང་པོ་གསུམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

༄༅། །བྱང་ཆུབ་ལྟུང་བཤགས་བཞུགས་སོ། །

ན་མོཿ བྱང་ཆུབ་སེམས་དཔའི་ལྟུང་བ་བཤགས་པ། བདག་མིང་འདི་ཞེས་བགྱི་བ། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །རིན་ཆེན་འོད་འཕྲོ་ལ་ཕྱག་འཚལ་ལོ། །ཀླུ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དཔའ་བོའི་སྡེ་ལ་ཕྱག་འཚལ་ལོ། །དཔལ་དགྱེས་ལ་ཕྱག་འཚལ་ལོ། རིན་ཆེན་མེ་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་འོད་ལ་ཕྱག་འཚལ་ལོ། །མཐོང་བ་དོན་ཡོད་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་བ་ལ་ཕྱག་འཚལ་ལོ། །དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །དཔལ་བྱིན་ལ་ཕྱག་འཚལ་ལོ། །ཚངས་པ་ལ་ཕྱག་འཚལ་ལོ། །ཚངས་པས་བྱིན་ལ་ཕྱག་འཚལ་ལོ། །ཆུ་ལྷ་ལ་ཕྱག་འཚལ་ལོ། །ཆུ་ལྷའི་ལྷ་ལ་ཕྱག་འཚལ་ལོ། །དཔལ་བཟང་ལ་ཕྱག་འཚལ་ལོ། །ཙན་དན་དཔལ་ལ་ཕྱག་འཚལ་ལོ། །གཟི་བརྗིད་མཐའ་ཡས་ལ་ཕྱག་འཚལ་ལོ། །འོད་དཔལ་ལ་ཕྱག་འཚལ་ལོ། །མྱ་ངན་མེད་པའི་དཔལ་ལ་ཕྱག་འཚལ་ལོ། །སྲེད་མེད་ཀྱི་བུ་ལ་ཕྱག་འཚལ་ལོ། །མེ་ཏོག་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་པདྨའི་འོད་ཟེར་རྣམ་པ་རོལ་པས་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། ནོར་དཔལ་ལ་ཕྱག་འཚལ་ལོ། །དྲན་པའི་དཔལ་ལ་ཕྱག་འཚལ་ལོ། །མཚན་དཔལ་ཤིན་ཏུ་ཡོངས་སུ་གྲགས་ལ་ཕྱག་འཚལ་ལོ། །དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཤིན་ཏུ་རྣམ་པར་གནོན་པའི་དཔལ་ལ་ཕྱག་འཚལ་ལོ། །གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། །རྣམ་པར་གནོན་པ་གཤེགས་པའི་དཔལ་ལ་ཕྱག་འཚལ་ལོ། །ཀུན་ནས་སྣང་བ་བཀོད་པའི་དཔལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་ཆེན་པདྨོས་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པར་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་པདྨ་ལ་སྐུ་རབ་ཏུ་བཞུགས་པ་སངས་རྒྱས་རི་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་དག་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སྐྱེ་བ་འདི་དང༌། སྐྱེ་བ་ཐོག་མ་དང་མཐའ་མ་མཆིས་པའི་འཁོར་བ་ནས་འཁོར་བའི་སྐྱེ་གནས་ཐམས་ཅད་དུ། སྡིག་པ་མི་དགེ་བའི་ལས་བགྱིས་པ་དང༌། བགྱིད་དུ་བསྩལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བའམ། མཆོད་རྟེན་གྱི་དཀོར་རམ། དགེ་འདུན་གྱི་དཀོར་རམ། ཕྱོགས་བཅུའི་དགེ་འདུན་གྱིས་དཀོར་འཕྲོག་པ་དང༌། འཕྲོག་ཏུ་བཅུག་པ་དང༌། འཕྲོག་པ་ལ་རྗེས་སུ་ཡི་རང་བའམ། མཚམས་མ་མཆིས་པ་ལྔའི་ལས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བའམ། མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླང་བ་ལ་ཞུགས་པ་དང༌། འཇུག་ཏུ་སྩལ་བ་དང༌། འཇུག་པ་ལ་རྗེས་སུ་ཡི་རང་བའམ། ལས་ཀྱི་སྒྲིབ་པ་གང་གིས་སྒྲིབ་ནས་བདག་སེམས་ཅན་དམྱལ་བར་འཆི་བའམ། དུད་འགྲོའི་སྐྱེ་གནས་སུ་སྐྱེ་བའམ། ཡི་དྭགས་ཀྱི་ཡུལ་དུ་སྐྱེ་བའམ། ཡུལ་མཐའ་འཁོབ་ཏུ་སྐྱེ་བའམ། ཀླ་ཀློར་སྐྱེ་བའམ། ལྷ་ཚེ་རིང་པོ་རྣམས་སུ་སྐྱེ་བའམ། དབང་པོ་མ་ཚང་བར་འགྱུར་བའམ། ལྟ་བ་ལོག་པ་འཛིན་པར་འགྱུར་བའམ། སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་གང་ལགས་པ་དེ་དག་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་སུ་གྱུར་པ། སྤྱན་དུ་གྱུར་པ། དཔང་དུ་གྱུར་པ། ཚད་མར་གྱུར་པ། མཁྱེན་པས་གཟིགས་པ་དེ་དག་གི་སྤྱན་སྔར་མཐོལ་ལོ་བཤགས་སོ། །མི་འཆབ་པོ་མི་སྦེད་དོ་སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་སྐྱེ་བ་འདི་དང༌། སྐྱེ་བ་ཐོག་མ་དང་མཐའ་མ་མཆིས་པའི་འཁོར་བ་ནས་འཁོར་བའི་སྐྱེ་གནས་གཞན་དག་ཏུ། སྦྱིན་པ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཟས་ཁཾ་ཅིག་ཙམ་བསྩལ་བའི་དགེ་བའི་རྩ་བ་གང་ལགས་པ་དང༌། བདག་གིས་ཚུལ་ཁྲིམས་བསྲུངས་པའི་དགེ་བའི་རྩ་བ་གང་ལགས་པ་དང༌། བདག་གིས་ཚངས་པར་སྤྱོད་པ་ལ་གནས་པའི་དགེ་བའི་རྩ་བ་གང་ལགས་པ་དང༌། བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བགྱིས་པའི་དགེ་བ་རྩ་བ་གང་ལགས་པ་དང༌། བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བ་གང་ལགས་པ་དང༌། བདག་གིས་བླ་ན་མེད་པའི་ཡེ་ཤེས་ཀྱི་དགེ་བའི་རྩ་བ་གང་ལགས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས་བླ་ན་མ་མཆིས་པ་དང༌། གོང་ན་མ་མཆིས་པ་དང༌། གོང་མའི་ཡང་གོང་མ། བླ་མའི་ཡང་བླ་མར་ཡོངས་སུ་བསྔོ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང༌། ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་འགྱུར་བ་དང༌། ཇི་ལྟར་ད་ལྟ་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ། །སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་སོ། །བསོད་ནམས་ཐམས་ཅད་ལ་ནི་རྗེས་སུ་ཡི་རང་ངོ༌། །སངས་རྒྱས་ཐམས་ཅད་ལ་ནི་བསྐུལ་ཞིང་གསོལ་བ་འདེབས་སོ། །བདག་གིས་བླ་ན་མེད་པའི་ཡེ་ཤེས་གྱི་མཆོག་དམ་པ་ཐོབ་པར་གྱུར་ཅིག །མི་མཆོག་རྒྱལ་བ་གང་དག་ད་ལྟ་བཞུགས་པ་དང༌། །གང་དག་འདས་པ་དག་དང་དེ་བཞིན་གང་མ་བྱོན། །ཡོན་ཏན་བསྔགས་པ་མཐའ་ཡས་རྒྱ་མཚོ་འདྲ་ཀུན་ལ། །ཐལ་མོ་སྦྱར་བར་བགྱིས་ཏེ་སྐྱབས་སུ་ཉེ་བར་མཆིའོ། །འཕགས་པ་ཕུང་པོ་གསུམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།

འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ།

༄༅། །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་བྷ་དྲ་ཙརྻ་པྲ་ནི་དྷ་ན་རཱ་ཛ། བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། །འཇམ་དཔལ་གཞོན་ནུ་གྱུར་པ་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། །སིལ་སྙན་རྣམས་དང་བྱུགས་པ་གདུགས་མཆོག་དང༌། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང༌། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང༌། །བཀོད་པས་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང༌། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང༌། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང༌། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང༌། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ།། །།འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །འཇིག་རྟེན་དག་ན་གང་བཞུགས་མཆོད་པར་གྱུར། །གང་ཡང་མ་བྱོན་དེ་དག་རབ་མྱུར་བར། །བསམ་རྫོགས་བྱང་ཆུབ་རིམ་པར་སངས་རྒྱས་སྤྱོན། །ཕྱོགས་བཅུ་ག་ལའི་ཞིང་རྣམས་ཇི་སྙེད་པ། །དེ་དག་རྒྱ་ཆེར་ཡོངས་སུ་དག་པར་གྱུར། །བྱང་ཆུབ་ཤིང་དབང་དྲུང་གཤེགས་རྒྱལ་བ་དང༌། །སངས་རྒྱས་སྲས་ཀྱིས་རབ་ཏུ་གང་བར་ཤོག །ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། །དེ་དག་རྟག་ཏུ་ནད་མེད་བདེ་བར་གྱུར། །འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི། །མཐུན་པར་གྱུར་ཅིག་རེ་བའང་འགྲུབ་པར་ཤོག །བྱང་ཆུབ་སྤྱོད་པ་དག་ནི་བདག་སྤྱོད་ཅིང༌། །འགྲོ་བ་ཀུན་ཏུ་སྐྱེ་བ་དྲན་གྱུར་ཅིག །ཚེ་རབས་ཀུན་ཏུ་འཆི་འཕོ་སྐྱེ་བ་ན། །རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང༌། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པར། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌། །འགྲོ་བ་ཀུན་གྱི་སྐད་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ། །དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ། །བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། །སྡིག་པ་གང་རྣམས་སྒྲིབ་པར་གྱུར་པ་དག །དེ་དག་མ་ལུས་ཡོངས་སུ་བྱང་བར་ཤོག །ལས་དང་ཉོན་མོངས་བདུད་ཀྱི་ལས་རྣམས་ལས། །གྲོལ་ཞིང་འཇིག་རྟེན་འགྲོ་བ་རྣམས་སུ་ཡང༌། །ཇི་ལྟར་པདྨོ་ཆུས་མི་ཆགས་པ་བཞིན། །ཉི་ཟླ་ནམ་མཁའ་ཐོགས་པ་མེ་ལྟར་སྤྱད། །ཞིང་གི་ཁྱོན་དང་ཕྱོགས་རྣམས་ཇི་ཙམ་པར། །ངན་སོང་སྡུག་བསྔལ་རབ་ཏུ་ཞི་བར་བར་བྱེད། །བདེ་བ་དག་ལ་འགྲོ་བ་ཀུན་བཀོད་ཅིང༌། །འགྲོ་བ་ཐམས་ཅད་ལ་ནི་ཕན་པར་སྤྱད། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང༌། །སེམས་ཅན་དག་གི་སྤྱོད་དང་མཐུན་པར་འཇུག །བཟང་པོ་སྤྱོད་པ་དག་ནི་རབ་སྟོན་ཅིང༌། །མ་འོངས་བསྐལ་པ་ཀུན་ཏུ་སྤྱོད་པར་གྱུར། །བདག་གི་སྤྱོད་དང་མཚུངས་པར་གང་སྤྱོད་པ། །དེ་དག་དང་ཡང་རྟག་ཏུ་འགྲོགས་པར་ཤོག །ལུས་དང་ངག་རྣམས་དང་ནི་སེམས་ཀྱིས་ཀྱང༌། །སྤྱོད་པ་དག་དང་སྨོན་ལམ་གཅིག་ཏུ་སྤྱད། །བདག་ལ་ཕན་པར་འདོད་པའི་གྲོགས་པོ་དག །བཟང་པོ་སྤྱོད་པ་རབ་ཏུ་སྟོན་པ་རྣམས། །དེ་དག་དང་ཡང་རྟག་ཏུ་འཕྲད་པར་ཤོག །དེ་དག་བདག་གིས་ནམ་ཡང་ཡིད་མི་དབྱུང༌། །སངས་རྒྱས་སྲས་ཀྱིས་བསྐོར་བའི་མགོན་པོ་རྣམས། །མངོན་སུམ་རྟག་ཏུ་བདག་གིས་རྒྱལ་བར་བལྟ། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་དག་ལ་ཡང་མཆོད་པ་རྒྱ་ཆེར་བགྱི། །རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང༌། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །བཟང་པོ་སྤྱོད་པ་རྣམ་པར་སྦྱང་བ་ཡང༌། །མ་འོངས་བསྐལ་པ་ཀུན་ཏུ་སྤྱད་པར་བགྱི། །སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །བསོད་ནམས་ཡེ་ཤེས་དག་ནི་མི་ཟད་རྙེད། །ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང༌། །ཡོན་ཏན་ཀུན་གྱི་མི་ཟད་མཛོད་དུ་གྱུར། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞིང་དེར་བསམ་གྱི་མི་ཁྱབ་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་ལ། །བྱང་ཆུབ་སྤྱད་པ་སྤྱོད་ཅིང་བལྟ་བར་བགྱི། །དེ་ལྟར་མ་ལུས་ཐམས་ཅད་ཕྱོགས་སུ་ཡང༌། །སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི། །སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང༌། །བསྐལ་པ་རྒྱ་མཚོར་སྤྱོད་ཅིང་རབ་ཏུ་འཇུག །གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་སྐད་ཀྱིས། །རྒྱལ་བ་ཀུན་དབྱངས་ཡན་ལག་རྣམ་དག་པ། །འགྲོ་བ་ཀུན་གྱི་བསམ་པ་ཇི་བཞིན་དབྱངས། །སངས་རྒྱས་གསུང་ལ་རྟག་ཏུ་འཇུག་པར་བགྱི། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་དག །འཁོར་ལོའི་ཚུལ་རྣམས་རབ་ཏུ་བསྐོར་བ་ཡི། །དེ་དག་གི་ཡང་གསུང་དབྱངས་མི་ཟད་ལ། །བློ་ཡི་སྟོབས་ཀྱིས་བདག་ཀྱང་རབ་ཏུ་འཇུག །མ་འོངས་བསྐལ་པ་ཐམས་ཅད་འཇུག་པར་ཡང༌། །སྐད་ཅིག་གཅིག་གིས་བདག་ཀྱང་འཇུག་པར་བགྱི། །གང་ཡང་བསྐལ་པ་དུས་གསུམ་ཚད་མེད་དག །སྐད་ཅིག་ཆ་ཤས་ཀྱིས་ནི་ཞུགས་པར་སྤྱད། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་གང༌། །དེ་དག་སྐད་ཅིག་གཅིག་ལ་བདག་གིས་བལྟ། །རྟག་ཏུ་དེ་དག་གི་ནི་སྤྱོད་ཡུལ་ལ། །སྒྱུ་མར་གྱུར་པའི་རྣམ་ཐར་སྟོབས་ཀྱིས་འཇུག །གང་ཡང་དུས་གསུམ་དག་གི་ཞིང་བཀོད་པ། །དེ་དག་རྡུལ་གཅིག་སྟེང་ན་མངོན་པར་བསྒྲུབ། །དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། །རྒྱལ་བ་ཀུན་གྱི་ཞིང་རྣམས་བཀོད་ལ་འཇུག །གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས། །དེ་དག་རིམ་པར་འཚང་རྒྱ་འཁོར་ལོ་བསྐོར། །མྱ་ངན་འདས་པ་རབ་ཏུ་ཞི་མཐའ་སྟོན། །མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །ཀུན་ཏུ་མྱུར་བའི་རྫུ་འཕྲུལ་སྟོབས་རྣམས་དང༌། །ཀུན་ནས་སྒོ་ཡི་ཐེག་པའི་སྟོབས་དག་དང༌། །ཀུན་ཏུ་ཡོན་ཏན་སྤྱོད་པའི་སྟོབས་རྣམས་དང༌། །ཀུན་ཏུ་ཁྱབ་པ་བྱམས་པ་དག་གི་སྟོབས། །ཀུན་ནས་དགེ་བའི་བསོད་ནམས་སྟོབས་དག་དང༌། །ཆགས་པ་མེད་པར་གྱུར་པའི་ཡེ་ཤེས་སྟོབས། །ཤེས་རབ་ཐབས་དང་ཏིང་འཛིན་སྟོབས་རྣམས་དང༌། །བྱང་ཆུབ་སྟོབས་རྣམས་ཡང་དག་སྒྲུབ་པར་བྱེད། །ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང༌། །ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་པར་བྱེད། བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང༌། །བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི། །ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང༌། །སེམས་ཅན་རྒྱ་མཚོ་དག་ནི་རྣམ་པར་སྒྲོལ། །ཆོས་རྣམས་རྒྱ་མཚོ་རབ་ཏུ་མཐོང་བྱེད་ཅིང༌། །ཡེ་ཤེས་རྒྱ་མཚོ་རབ་ཏུ་རྟོགས་པར་བྱེད། །སྤྱོད་པ་རྒྱ་མཚོ་རྣམ་པར་དག་བགྱིད་ཅིང༌། །སྨོན་ལམ་རྒྱ་མཚོ་ཡོངས་སུ་རྫོགས་པར་བྱེད། །སངས་རྒྱས་རྒྱ་མཚོ་རབ་ཏུ་མཆོད་བྱེད་ཅིང༌། །བསྐལ་པ་རྒྱ་མཚོ་མི་སྐྱོ་སྤྱད་པར་བགྱི། །གང་ཡང་དུས་གསུམ་གཤེགས་པའི་རྒྱལ་བ་ཡི། །བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། །བཟང་པོ་སྤྱོད་པས་བྱང་ཆུབ་སངས་རྒྱས་ནས། །དེ་ཀུན་བདག་གིས་མ་ལུས་རྫོགས་པར་བགྱི། །རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ། །གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ། །མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང༌། །སྤྱོད་པ་རྣམ་དག་ཞིང་རྣམས་ཡོངས་དག་པར། །བསྔོ་བ་བཟང་པོ་མཁས་པ་ཅི་འདྲ་བ། །དེ་འདྲར་བདག་ཀྱང་དེ་དང་མཚུངས་པར་ཤོག །ཀུན་ནས་དགེ་བ་བཟང་པོ་སྤྱོད་པའི་ཕྱིར། །འཇམ་དཔལ་གྱི་ནི་སྨོན་ལམ་སྤྱད་པར་བགྱི། །མ་འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི། །སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག །ཡོན་ཏན་རྣམས་ཀྱང་ཚད་གཟུང་མེད་པར་ཤོག །སྤྱོད་པ་ཚད་མེད་པ་ལ་གནས་ནས་ཀྱང༌། །དེ་དག་འཁྲུལ་པ་ཐམས་ཅད་འཚལ་བར་བགྱི། །ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །རིན་ཆེན་རྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ། །ལྷ་དང་མི་ཡི་བདེ་བ་མཆོག་རྣམས་ཀྱང༌། །ཞིང་གི་རྡུལ་སྙེད་བསྐལ་པར་ཕུལ་བ་བས། །གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང༌། །ལན་གཅིག་ཙམ་ཡང་དད་པ་བསྐྱེད་པ་ནི། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པས། །དེས་ནི་ངན་སོང་ཐམས་ཅད་སྤངས་པར་འགྱུར། །དེས་ནི་གྲོགས་པོ་ངན་པ་སྤངས་པ་ཡིན། །སྣང་བ་མཐའ་ཡས་དེ་ཡང་དེས་མྱུར་མཐོང༌། །དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ། །མི་ཚེ་འདིར་ཡང་དེ་དག་ལེགས་པར་འོང༌། །ཀུན་ཏུ་བཟང་པོ་དེ་ཡང་ཅི་འདྲ་བར། །དེ་དག་རིང་པོར་ཐོགས་དེ་བཞིན་འགྱུར། །མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །གང་གིས་མི་ཤེས་དབང་གིས་བྱས་པ་དག །དེ་ཡིས་བཟང་པོ་སྤྱོད་པ་འདི་བརྗོད་ན། །མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར། །ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང༌། །རིགས་དང་ཁ་དོག་རྣམས་དང་ལྡན་པར་འགྱུར། །བདུད་དང་མུ་སྟེགས་མང་པོས་དེ་མི་ཐུབ། །འཇིག་རྟེན་གསུམ་པོ་ཀུན་ནའང་མཆོད་པར་འགྱུར། །བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། །སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །བྱང་ཆུབ་སངས་རྒྱས་འཁོར་ལོ་རབ་ཏུ་བསྐོར། །བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་བཏུལ། །གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། །འཆང་བ་དང་ནི་སྟོན་ཏམ་ཀློག་ན་ཡང༌། །དེ་ཡི་རྣམ་པར་སྨིན་པ་སངས་རྒྱས་མཁྱེན། །བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང༌། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། བདག་གིས་དགེ་བའི་རྩ་བ་འདི་ཀུན་ཀྱང༌། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང༌། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག །དེ་དག་མ་ལུས་བདག་གིས་ཡོངས་སུ་བཀང༌། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡི། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང༌། །སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། །བཟང་པོ་སྤྱོད་པའི་སྨོན་ལམ་བཏོན་པ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །དེས་ནི་འགྲོ་བའི་སྨོན་ལམ་དགེ་བ་རྣམས། །སྐད་ཅིག་གཅིག་གིས་ཐམས་ཅད་འབྱོར་བར་ཤོག །གང་ཡང་བཟང་པོ་སྤྱོད་པ་འདི་བསྔོས་པས། །བསོད་ནམས་དམ་པ་མཐའ་ཡས་གང་ཐོབ་དེས། །འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས། །འོད་དཔག་མེད་པའི་གནས་རབ་ཐོབ་པར་ཤོག །སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ། །མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང༌། །ཀུན་ཏུ་བཟང་པོས་བརྒྱན་པའི་གཞུང་གྲུབ་སྟེ། །ངན་སོང་གནས་རྣམས་མ་ལུས་སྟོང་པར་ཤོག །འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་རྫོགས་སོ།། །།མངྒ་ལཾ། །

ཚིགས་སུ་བཅད་པ་གཅིག་པ། གཉིས་པ། བཞི་པ་བཅས།

༄༅། །ཚིགས་སུ་བཅད་པ་གཅིག་པ། གཉིས་པ། བཞི་པ་བཅས་བཞུགས་སོ། །

རྒྱ་གར་སྐད་དུ། ཨེ་ཀ་གཱ་ཐཱ། བོད་སྐད་དུ། ཚིགས་སུ་བཅད་པ་གཅིག་པ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལའང་མེད། །འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་མེད་ལ་ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་ཏུ་བསྐོར་ཀྱང་ག་ལ་ཡོད། །ཚིགས་སུ་བཅད་པ་གཅིག་པ་རྫོགས་སོ།། །། ༈ རྒྱ་གར་སྐད་དུ། གཱ་ཐཱ་དྭ་ཡ་དྷ་ར་ཎི། བོད་སྐད་དུ། ཚིགས་སུ་བཅད་པ་གཉིས་པའི་གཟུངས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་ནི་ཆོས་ལ་བརྙས་པ་དང༌། །ལེ་ལོ་དང་ནི་ཅུང་ཙམ་ཆོག་པར་འཛིན། །འདོད་ཆགས་དང་ནི་ང་རྒྱལ་སྤྱོད་པ་དང༌། །འགྱོད་པ་དང་ནི་མ་ངེས་འབྱེད་པ་རྣམས། །སེམས་ཅན་རྣམས་ཀྱི་སྒྲིབ་པར་འགྱུར་བ་སྟེ། །དེ་ཡི་གཉེན་པོ་ཐེག་པ་མཆོག་བསྟན་པ། །འདི་ཡིས་བར་དུ་གཅོད་པ་དེ་དག་གི །ཉེས་པ་ཐམས་ཅད་རབ་ཏུ་སྤོང་བར་འགྱུར། ཏདྱ་ཐཱ། ཨོཾ་བཛྲ་པྲ་ཀཱ་རཱ་བཛྲ་པྲ་ཀཱ་རཱ་བཛྲ་ཙཀྲ་དཾཥྚ་བྷ་ཡཱ་ན་ཀེ །ཨ་མ་ལེ། བི་མ་ལེ། ནིརྨ་ལེ། ཙུ་ལེ་ཙུ་ལེ། ཙུ་ལུ་ཀེ་ཙུ་ལུ་ཀེ །ཙུ་ལ་ཙུ་ལུ། སརྦ་བུདྡྷེ་སྭཱ་ཧཱ། ཚིགས་སུ་བཅད་པ་གཉིས་པའི་གཟུངས་ལ་ནི། །ཚིག་གམ་དོན་གྱི་སྒོ་ནས་གང་སྦྱོར་བ། །སེམས་ཅན་དམ་པ་བློ་དང་ལྡན་པ་དེས། །ཕན་ཡོན་རྣམ་པ་བཅུ་དག་ཐོབ་པར་འགྱུར། །ཁམས་རྣམས་མཐའ་དག་རྒྱས་པར་འགྱུར་བ་དང༌། །འཆི་བའི་ཚེ་ན་མཆོག་དགའ་དམ་པ་ཐོབ། །ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བ་དང༌། །ཐམས་ཅད་དུ་ནི་ཚེ་རབས་དྲན་པར་འགྱུར། །སངས་རྒྱས་རྣམས་དང་ཕྲད་པར་འགྱུར་བ་དང༌། །དེ་བཞིན་དེ་དག་ལས་ནི་ཐེག་མཆོག་ཐོས། །མོས་པར་འགྱུར་བ་བློ་དང་བཅས་པ་དང༌། །སྒོ་གཉིས་དང་ནི་བྱང་ཆུབ་མྱུར་དུ་ཐོབ། །ཚིགས་སུ་བཅད་པ་གཉིས་པའི་གཟུངས་རྫོགས་སོ།། །། ༈ རྒྱ་གར་སྐད་དུ། ཙ་ཏུརྒཱ་ཐཱ། བོད་སྐད་དུ། ཚིགས་སུ་བཅད་པ་བཞི་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྐུར་གྱུར་པ་ནི་ཐམས་ཅད་ལའང༌། །མཚན་མཆོག་སུམ་ཅུ་གཉིས་མངའ་བའི། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །རྒྱལ་བ་ཀུན་ལ་ཕྱག་འཚལ་ལོ། །རྫོགས་སངས་གང་དུ་བལྟམས་པ་དང༌། །གང་དུ་བྱང་ཆུབ་ལ་རེག་དང༌། །ཞི་བའི་འཁོར་ལོ་བསྐོར་བ་དང༌། །ཟག་མེད་མྱ་ངན་འདས་པ་དང༌། །བདེ་གཤེགས་གང་དུ་བཞུགས་པ་དང༌། །འཆག་པ་དང་ནི་བཞེངས་པ་དང༌། །སེང་གེ་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ནི་བདག་ཕྱག་འཚལ། །སྟེང་དང་འོག་དང་བར་དག་དང༌། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང༌། །སྐུར་བཅས་སྐུ་ནི་མེད་པ་ཡི། །མཆོད་རྟེན་ལ་ནི་བདག་ཕྱག་འཚལ། །རྐང་གཉིས་དམ་པ་ཤར་དང་ནི། །བྱང་གི་ཕྱོགས་ཆར་བཞུགས་པ་ཡི། །རྒྱལ་བ་བསྟེན་དཀའ་ཞེས་བྱ་བ། །དེས་ནི་ཚིགས་བཅད་འདི་གསུངས་སོ། །གང་གིས་ཚིགས་བཅད་འདི་བཞི་ཡིས། །དེ་བཞིན་གཤེགས་པ་བསྟོད་བྱེད་ན། །བསྐལ་པ་བྱེ་བ་སྟོང་དུ་ནི། །དེ་ནི་ངན་འགྲོར་འགྲོ་མི་འགྱུར། །ཚིགས་སུ་བཅད་པ་བཞི་པ་རྫོགས་སོ། །མངྒ་ལཾ།། །།

འཕགས་པ་བྱམས་པའི་སྨོན་ལམ་གྱི་རྒྱལ་པོ།

༄༅། །འཕགས་པ་བྱམས་པའི་སྨོན་ལམ་གྱི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་མཻ་ཏྲི་པྲ་ནི་དྷ་ན་རཱ་ཛ། བོད་སྐད་དུ། འཕགས་པ་བྱམས་པའི་སྨོན་ལམ་གྱི་རྒྱལ་པོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཀུན་དགའ་བོ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཉིན་ལན་གསུམ་མཚན་ལན་གསུམ་དུ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་ཚིག་འདི་སྐད་ཅེས་སྨོན་ལམ་བཏབ་བོ། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །དྲང་སྲོང་ལྷ་མིག་ལྡན་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་དང་ཡང༌། །ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ། །ངན་འགྲོ་ལས་ནི་བཟློག་བགྱིད་ཅིང༌། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །སེམས་ཀྱི་དབང་དུ་གྱུར་པས་ན། །བདག་གིས་སྡིག་པ་ཅི་བགྱིས་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །བདག་གིས་དེ་དག་བཤགས་པར་བགྱི། །བདག་ལས་རྣམ་པ་གསུམ་གང་གིས། །བསོད་ནམས་ཚོགས་ནི་བསྐྱེད་པ་ནི། །བདག་གི་ཀུན་མཁྱེན་ས་བོན་ཏེ། །བདག་གི་བྱང་ཆུབ་མི་ཟད་ཤོག །ཕྱོགས་བཅུ་དག་གི་ཞིང་ཁམས་སུ། །སངས་རྒྱས་མཆོད་པ་གང་བྱུང་བ། །སངས་རྒྱས་མཁྱེན་པས་ཡི་རང་བ། །དེ་ལ་བདག་ནི་ཡི་རང་ངོ༌། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །བསོད་ནམས་ཀུན་ལ་ཡི་རང་ངོ༌། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །བདག་ནི་ཡེ་ཤེས་མཆོག་ཐོབ་ཤོག །ཕྱོགས་བཅུ་དག་གི་ཕྱོགས་རྣམས་སུ། །ས་བཅུ་དག་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་བྱང་ཆུབ་མཆོག །འཚང་རྒྱ་བགྱིད་པར་བསྐུལ་མ་འདེབས། །བྱང་ཆུབ་དམ་པར་སངས་རྒྱས་ཤིང༌། །སྡེ་དང་བཅས་པའི་བདུད་བཏུལ་ནས། །སྲོག་ཆགས་ཀུན་ལ་སྨན་སླད་དུ། །ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཅིག །ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི། །སྡུག་བསྔལ་སེམས་ཅན་མཐར་བགྱིད་ཤོག །བསྐལ་པ་བྱེ་བ་བསམ་ཡས་སུ། །ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག །འདོད་པའི་འདམ་དུ་བྱིང་གྱུར་ཅིང༌། །སྲེད་པའི་སྲད་བུས་དམ་བཅིངས་པ། །འཆིང་བ་ཀུན་གྱིས་བཅིངས་བདག་ལ། །རྐང་གཉིས་མཆོག་རྣམས་གཟིགས་སུ་གསོལ། །སེམས་ཀྱི་དྲི་མར་གྱུར་པ་ལ། །སངས་རྒྱས་རྣམས་ནི་སྨོད་མི་མཛད། །སེམས་ཅན་རྣམས་ལ་བྱམས་ཐུགས་ལྡན། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །རྫོགས་པའི་སངས་རྒྱས་གང་བཞུགས་དང༌། །གང་དག་འདས་དང་མ་བྱོན་པ། །དེ་དག་རྗེས་སུ་བདག་སློབ་ཅིང༌། །བྱང་ཆུབ་སྤྱོད་པ་སྤྱད་གྱུར་ཅིག །ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ནས། །འགྲོ་དྲུག་སེམས་ཅན་ཐར་བགྱིད་ཤོག །མངོན་ཤེས་དྲུག་པོ་མངོན་བགྱིས་ནས། །བླ་མེད་བྱང་ཆུབ་རེག་གྱུར་ཅིག །མ་སྐྱེས་པ་དང་མི་འབྱུང་དང༌། །རང་བཞིན་མ་མཆིས་གནས་མ་མ་མཆིས། །རྣམ་རིག་མ་མཆིས་དངོས་མ་མཆིས། །སྟོང་པའི་ཆོས་ནི་རྟོགས་པར་ཤོག །སངས་རྒྱས་དྲང་སྲོང་ཆེན་པོ་ལྟར། །སེམས་ཅན་མ་མཆིས་སྲོག་མ་མཆིས། །གང་ཟག་མ་མཆིས་གསོ་མ་མཆིས། །བདག་མ་མཆིས་པའི་ཆོས་རྟོགས་ཤོག །བདག་འཛིན་བདག་གིར་འཛིན་པ་ཡི། །དངོས་པོ་ཀུན་ལ་མི་གནས་པར། །སེམས་ཅན་ཀུན་ལ་ཕན་སླད་དུ། །སེར་སྣ་མ་མཆིས་སྦྱིན་གཏོང་ཤོག །དངོས་པོར་དངོས་པོ་མ་མཆིས་པས། །བདག་གི་ལོངས་སྤྱོད་ལྷུན་གྲུབ་ཤོག །དངོས་པོ་ཐམས་ཅད་རྣམ་འཇིག་པའི། །སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག །ཁྲིམས་གྱི་ཚུལ་ཁྲིམས་སྐྱོན་མེད་ཅིང༌། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །ས་འམ་ཡང་ན་ཆུ་འམ་མེ། །རླུང་གི་ཁམས་ལྟར་མི་གནས་ཤིང༌། བཟོད་པའམ་ཁྲོ་བ་མ་མཆིས་པར། །བཟོད་པའི་ཕ་རོལ་ཕྱན་རྫོགས་ཤོག །བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས། །བརྟན་སྤྲོ་ལེ་ལོ་མ་མཆིས་ཤིང༌། །སྟོབས་དང་ལྡན་པའི་ལུས་སེམས་ཀྱིས། །བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག །སྒྱུ་མ་ལྟ་བུའི་ཏིང་འཛིན་དང༌། །དཔའ་བར་འགྲོ་བའི་ཏིང་འཛིན་དང༌། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བསམ་གཏན་ཕ་རོལ་ཕྱིན་རྫོགས་ཤོག །རྣམ་པར་ཐར་པའི་སྒོ་གསུམ་དང༌། །དུས་གསུམ་མཉམ་པ་ཉིད་དང་ནི། རིག་གསུམ་མངོན་གསུམ་བགྱིས་པ་ཡིས། །ཤེས་རབ་ཕ་རོལ་ཕྱིན་རྫོགས་ཤོག །སངས་རྒྱས་ཀུན་གྱིས་བསྔགས་པ་དང༌། །འོད་དང་གཟི་བརྗིད་འབར་བ་དང༌། །བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཀྱིས། །བདག་གཞན་བསམ་པ་རྫོགས་གྱུར་ཅིག །དེ་ལྟར་སྤྱོད་པ་སྤྱོད་བྱེད་ཅིང༌། །བྱམས་པ་གྲགས་དང་ལྡན་པ་ཡིས། །ཕ་རོལ་ཕྱིན་དྲུག་རྫོགས་བགྱིས་ན། །ས་བཅུ་པོ་ལ་རབ་ཏུ་གནས། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་གང་ལ་གནས་ནས་ཐབས་མཁས་པས་ཐེག་པ་བདེ་བ་དང༌། འཇུག་པ་བདེ་བ་དང༌། ལམ་བདེ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་སྒྲུབ་པའི་ཐབས་མཁས་པ་ནི་འདི་ཡིན་ནོ།། །།བཀྲ་ཤིས།། །