ཤིས་པ་བརྗོད་པའི་སྒོ་དང་པོ།― GLG001_Page_0004 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕུན་ཚོགས་རང་བཞིན་རྣམ་དག་འདུས་མ་བྱས་ཤིང་འབད་རྩོལ་མཚན་མ་ཉེར་ཞིའི་ལྷུན་གྲུབ་ཡོན་ཏན་སྒྲ་རྟོག་ཙམ་གྱིས་འཇལ་མིན་མཁྱེན་བརྩེ་ནུས་མངའ་དོན་གཉིས་ཅན། ། ― GLG001_Page_0005 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྟོག་གེའི་ཡུལ་བྲལ་ལས་ཉོན་ཚུལ་མིན་ཡིད་བྱེད་རྣམ་རྟོག་ཉེར་སྤངས་འཛིན་སྟངས་སྒྲིབ་པས་བསླད་པ་མ་ཞུགས་དེ་ཉིད་ལེགས་གསལ་མི་མཐུན་ཕྱོགས་གཉེན་འགོག་ལམ་ལྡན། ། ― GLG001_Page_0006 ―
[མ་དཔེ་གཟིགས་ན་འདིར་གནོན།]
དོན་དམ་ཀུན་རྫོབ་ཆོས་ལུགས་རིག་ཅིང་ནང་གི་ཡེ་ཤེས་ཡོངས་གཟིགས་སྤང་བྱ་ཆགས་ཐོགས་དམན་པའི་སྒྲིབ་ལས་ཡོངས་གྲོལ་ཕྱིར་མི་ལྡོག་སྟེ་ཡོན་ཏན་བདུན་མངའ་བ། །སངས་རྒྱས་ཆོས་དང་དགེ་འདུན་ཞེས་མཚན་གྲགས་པའི་གདུགས་དཀར་སྲིད་རྩེར་འཁོར་བའི་གྲིབ་ཏུ་བསིལ་བར་འགྲོ་ཀུན་ངལ་གསོར་སྤྱོད་པའི་བཀྲ་ཤིས་དཔལ་གྱིས་དེང་འདིར་སྐྱོངས། ཤིས་པ་བརྗོད་པའི་སྒོ་གཉིས་པ། གང་གི་མཚན་སྙན་ཛམྦུའི་ལྗོན་པ་སྣོད་ལྡན་རྒྱ་མཚོར་ལྷུངས་པའི་མོད་ལ་འཆི་མེད་ཆུ་བོའི་གསེར་དུ་སྒྱུར་མཛད་ཚེ་མཐའ་ཡས་པའི་མགོན། །ཐུགས་རྗེའི་ཀ་པུ་ར་ཡི་གཟེགས་མས་དུས་ཀྱི་ཕོ་ཉའི་ཚ་རེག་ཡོངས་བཅིལ་བསྐལ་བརྒྱའི་ཡུན་འཚོ་བསིལ་བའི་བདེ་སྟེར་ཡིད་བཞིན་འཁོར་ལོའི་ཞབས། །ཡིད་འཕྲོག་ཐབས་ཀྱི་ཉག་ཕྲན་གཞོན་ནུ་ཤེས་རབ་རྒྱུད་ལས་ཉེ་བར་འཕོས་པས་ |