བུ་སྐལ་བཟང་ཆོས་དབང་ངོར།― JSD004_Page_0033 ―
[མ་དཔེ་གཟིགས་ན་འདིར་གནོན།]
ན་མོ་གུ་རུ། ཕ་རྗེ་བཙུན་པདྨ་ལས་འབྲེལ་རྩལ། །མ་མཁའ་འགྲོ་བདེ་སྐྱོང་དབང་མོ་ཡི། །བུ་ཀུན་སྤངས་སངས་རྒྱས་རྡོ་རྗེ་རྩལ། །ཁྱེད་ཡབ་སྲས་གསུམ་ལ་གསོལ་བ་འདེབས། །བདག་བརྒྱུད་འཛིན་ཐུགས་རྗེས་མ་འདོར་བར། །དབང་བྱིན་རླབས་དངོས་གྲུབ་ཕ་ཕོགས་སྩོལ། །ཆོས་ཀུན་གྱི་སྙིང་པོ་རྫོགས་ཆེན་ལམ། །གཞི་ཀ་དག་ཁྲེགས་ཆོད་ལྟ་བ་རྟོགས། །ལམ་ལྷུན་གྲུབ་ཐོད་རྒལ་སྣང་བཞི་རྫོགས། །དབྱིངས་འཇའ་ལུས་འཕོ་ཆེན་དོན་མངོན་གྱུར། ། དཔལ་ཀུན་བཟང་དགོངས་ཀློང་གྲོལ་བར་ཤོག །རྩལ་འགགས་མེད་ཕྱི་གསལ་སྐུ་གཉིས་ཀྱིས། །མ་འགྲོ་དྲུག་འཁོར་བ་དོང་ནས་སྤྲུགས། །མགོན་བརྒྱུད་གསུམ་བླ་མའི་ཐུགས་དགོངས་རྫོགས། །རང་དལ་འབྱོར་སྙིང་པོ་ཚེ་འདིར་ལོན། །གཞན་ཁམས་གསུམ་སེམས་ཅན་དྲིན་ལན་སོད། །དོན་སྨོན་པ་བཞིན་དུ་ ― JSD004_Page_0034 ―
[མ་དཔེ་གཟིགས་ན་འདིར་གནོན།]
བདག་འགྲུབ་ཤོག །ཅེས་པའང་བུ་སྐལ་བཟང་ཆོས་དབང་ངོར་ཀུན་སྤངས་བུདྡྷས་སོ།། |