གཡང་འབོད་ཕུན་ཚོགས་འདོད་དགུའི་རོལ་མཚོ་སོགས།


GTD008_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

རྨ་རྒྱལ་སྤོམ་རའི་གཡང་འབོད་ཕུན་ཚོགས་འདོད་དགུའི་རོལ་མཚོ་ཞེས་བྱ་བ་དང༌། རྒྱལ་གསོལ་མཇུག་ཏུ་སྦྱར་རྒྱུའི་གཡང་འབོད་བཅས་བཞུགས་སོ། །


GTD008_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ས་བརྒྱད་དབང་ཕྱུག་སེམས་དཔའ་ཆེ། །སྲིད་པ་ཆགས་པའི་ལྷ་ཆེན་ཚུལ། །རྨ་རྒྱལ་སྤོམ་རའི་གཟི་བྱིན་གྱིས། །འདོད་དགུའི་ཕྱྭ་གཡང་ཆར་དུ་སྙིལ། །དེའང་རྨ་ཆེན་སྤོམ་རའི་གཡང་འབོད་བྱ་བར་འདོད་པས་གཟའ་སྐར་ཚེས་གྲངས་དགེ་བར་དེའི་བྲིས་སྐུ་བཤམས་ལ། མདུན་དུ་ཕྱིང་དཀར་གྱི་སྟེང་དུ་ཕྱྭ་གཞི་རས་དཀར་ལ་གངས་རི་ཆེན་པོ་མཐར་གངས་ཕྲན་གྱིས་བསྐོར་བའི་ལྟེ་བར་པདྨ་འདབ་བརྒྱད་བྲི། དེའི་སྟེང་དུ་གཡང་བྲེ་འབྲུ་དང་རིན་པོ་ཆེས་བཀང་བའི་ཁར་གཡང་རྟེན་གྱི་གཏོར་མ་མངར་གསུམ་བསྲེས་པའི་ཐུད་དམ། མར་ལས་བཅོས་པ་དབྱིབས་ཟླུམ་པོ་ཉི་ཟླ་དང་ནོར་བུ་འབར་བས་བརྒྱན་པ་རིན་པོ་ཆེའི་སྣོད་དུ་བཤམས་ཤིང༌། མཐའ་སྐོར་མར་གྱི་རིལ་བུས་བཀང༌། དཀར་གཏོར། ཕྱེ་མར། ཆུ་གཉིས་ཉེར་སྤྱོད་དང་བཅས་པ་བཤམ། འདོད་ཡོན་ལྔ་དང་རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྟགས་རྫས་སོགས་ཀྱི་ཙཀ་ལི། མདའ་རྒོད་གཡུ་དང་མེ་ལོང་གིས་བརྒྱན་པ་དར་ཚོན་ཅན། ཟས་སྣ། གོ་མཚོན། གོས་དར་སོགས་སྤྱན་གཟིགས་ལེགས་པར་བཤམ། བདག་བསྐྱེད་དང་རྨ་ཆེན་གྱི་བསྐང་བཤགས་བསྟོད་པའི་བར་གཞུང་བཞིན་བྱས་ལ་བསང་དུད་ཆེར་བཏང་སྟེ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བསང་མཆོད་དམ་རྫས་སྤྱན་གཟིགས་གཡང་རྟེན་གྱི་རྫས་རྣམས་ལྷ་གཉན་ཆེན་པོ་བཅས་དགྱེས་པར་བྱེད་ཅིང༌། སྦྱིན་པའི་བདག་པོའི་ཚེ་དཔལ་རྒྱས་པར་བྱེད་པ་བཀྲ་ཤིས་དང་དགེ་མཚན་ཕུན་སུམ་ཚོགས་པའི་མཐུ་དང་ལྡན་པར་གྱུར། ཨོཾ་སརྦྦ་བིད་པཱུ་ར་


GTD008_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

པཱུ་ར་སུ་ར་སུ་ར་ཨ་བརྟཱ་ཡ་ཨ་བརྟཱ་ཡ་ཧོ་བཛྲ་སྥ་ར་ཎ་ཁཾ། བདག་གི་བསམ་པའི་སྟོབས་དང་ནི། །ཞེས་པ་ནས། ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཀྱཻ་བསྭོ། འཛམ་གླིང་ས་ཡི་ལྟེ་བ་ན། །མདོ་སྨད་ཡུལ་གྱི་གོང་བ་ན། །ཉི་མ་ནུབ་ཕྱོགས་ཕ་ཀི་ན། །གངས་དཀར་ཤེལ་གྱི་མཆོད་རྟེན་ཡོད། །རྩ་བ་དབང་ཆེན་གཞི་ལ་ཟུག །རྩེ་མོ་ཉི་ཟླའི་མཐོངས་ལ་བསྙེགས། །སྐེད་ན་ཆར་སྤྲིན་ལིང་ལིང་གཡོ། །གངས་ཕྲན་སུམ་བརྒྱ་དྲུག་ཅུས་བསྐོར། །དེ་ན་རྨ་རྒྱལ་སྤོམ་ར་བཞུགས། །དེ་ན་ཡུམ་ཆེན་གུང་སྨན་བཞུགས། །དེ་ན་སྲས་པོ་མཆེད་དགུ་བཞུགས། །དེ་ན་སྲས་པོ་སྤུན་དགུ་བཞུགས། །དེ་ན་གཉན་ཆེན་སྡེ་བཞི་བཞུགས། །རྨ་རིགས་སུམ་བརྒྱ་དྲུག་ཅུ་བཞུགས། །བཀའ་འཁོར་ལྷ་གཉན་ཐམས་ཅད་བཞུགས། །འབྲོག་གནས་རྨ་རྒྱལ་སྤོམ་ར་ཆེ། །དེ་རིང་གནས་འདིར་སྤྱན་འདྲེན་ནོ། །སྟེང་ན་གཡུ་འབྲུག་གསུང་སྙན་སྒྲོགས། །འདབ་ཆགས་གཅན་གཟན་རོལ་ཏུ་ཁྲིད། །བརྗིད་པའི་གར་སྟབས་ལིངས་སེ་ལིང༌། །ཡོན་མཆོད་གཡང་གི་ལྷ་རུ་བྱོན། །ཡུམ་ཆེན་གུང་སྨན་ལྷ་རི་ཡང༌། །དེ་རིང་གཡང་གི་ལྷ་རུ་བྱོན། །དཔའ་བའི་སྲས་པོ་མཆེད་དགུ་ཡང༌། །དེ་རིང་གཡང་གི་ལྷ་རུ་བྱོན། །མཛངས་པའི་སྲས་མོ་སྤུན་དགུ་ཡང༌། །དེ་རིང་༝ བཀའ་ཉན་གཉན་ཆེན་སྡེ་བཞི་ཡང༌། །དེ་རིང་༝ ཕོ་ཉ་མངག་གཞུག་ཐམས་ཅད་ཀྱང༌། །དེ་རིང་༝ ཤར་ཕྱོགས་རྒྱལ་མོ་ཚེ་བརྟན་མ། །དེ་རིང་༝ ལྷོ་ཕྱོགས་


GTD008_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་ལྷ་འབྲུག་རྒྱལ་མ། །དེ་རིང་༝ ནུབ་ཕྱོགས་གཡང་ལྷ་ཕན་བྱེད་མ། །དེ་རིང་༝ བྱང་ཕྱོགས་གཡང་ལྷ་ཚེ་འཛིན་མ། །དེ་རིང་༝ གཞན་ཡང་མདོ་སྨད་ཡུལ་ཕྱོགས་ན། །སྲིད་གསུམ་སྡེ་དཔོན་དགྲ་ལྷ་ཆེ། །བཀའ་དང་འཁོར་དུ་གཏོགས་པ་ཀུན། །དེ་རིང་གཡང་གི་ལྷ་རུ་བྱོན། །དར་ཟབ་རིན་ཆེན་ཁྲི་ལ་བཞུགས། །ཡིད་འོང་མཆོད་པའི་ཚོགས་འདི་བཞེས། །རབ་དགྱེས་འཛུམ་པའི་ཞལ་བསྟན་ནས། །ཕྱྭ་གཡང་འབེབས་པའི་གྲོགས་མཛོད་ཅིག །དེ་ནས། ཨ་ཀཱ་རོས་བགེགས་གཏོར་བྱིན་གྱིས་བརླབས་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱྭ་གཡང་འགུག་པ་ལ་བར་དུ་གཅོད་པའི་འགོང་པོ་མི་མ་ཡིན་གྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་སྐད་ཅིག་གིས་འདིར་བཀུག་པར་གྱུར། །ཨོཾ་སརྦྦ་བིགྷྣཱན་ན་མཿ སརྦྦ་ཏ་ཐཱ་ག་ཏ་སོགས་ལན་གསུམ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་སོགས་ལན་གསུམ་བརྗོད་དེ་བསྔོས་ལ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ཀྱི་༝ དགེ་འདུན་གྱི་༝ ཁྱད་པར་དུ་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོས་བྱིན་གྱིས་བརླབས་པ་ལ་བརྟེན་ནས་བདག་ཅག་ཡོན་མཆོད་འཁོར་དང་བཅས་པས་ཕྱྭ་གཡང་འགུག་པ་ལ་བར་དུ་གཅོད་པའི་འགོང་པོ་མི་མ་ཡིན་གྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་འདིས་ཚིམ་པར་གྱིས་ལ་གནོད་པ་དང་འཚེ་བའི་བསམ་པ་ངན་པ་ཐམས་ཅད་སྤོངས་ལ། ཕན་པ་དང་བྱང་ཆུབ་ཀྱི་སེམས་དང་ལྡན་པས་རང་རང་སོ་སོའི་གནས་སུ་སོངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་


GTD008_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འབར་བ་རྣམས་ཀྱིས་བསྲེགས་ཤིང་རྣམ་པར་འཇོམས་པར་གདོན་མི་ཟའོ། །སུམ་བྷ་ནིའི་སྔགས་བརྗོད་དེ་བགེགས་བསྐྲད། དེ་ནས་མདའ་དར་གཡབ་ཅིང༌། ཕྱྭ་ཁུ་ཡེ། འབྲོག་གནས་ལྷ་ཡི་དགེ་བསྙེན་ཆེ། །ཡུམ་སྲས་བློན་དང་བཀའ་འཁོར་ཀུན། །རྣལ་འབྱོར་ཡོན་མཆོད་འཁོར་བཅས་ལ། །ཕྱྭ་དང་གཡང་གི་དངོས་གྲུབ་སྩོལ། །ཟས་ནོར་ལོངས་སྤྱོད་སྙན་གྲགས་སོགས། །དར་ཞིང་རྒྱས་པའི་གཡང་ཕོབ་ཅིག །ཕྱྭ་འབེབས་དེ་ནི་མ་ཆུང་ཞིག །གཡང་འབེབས་དེ་ནི་མ་ཞན་ཅིག །ཕུན་ཚོགས་འདོད་དགུའི་ཕྱྭ་དང་གཡང༌། །དབྱར་གྱི་ཆར་སྤྲིན་བཞིན་དུ་སྡུས། །ཕྱྭ་འདི་མ་ཕམ་ཁུ་ཡེ་གསུངས། །གཡང་འདི་མ་ཉམས་ཁུ་ཡེ་གསུངས། །དར་དཀར་གཡབ་ཅིང་གཡང་དུ་ལེན། །ཡོན་བདག་ཚེ་གཡང་བསྐྱབ་ཏུ་གསོལ། །ཕྱྭ་ཁུ་ཡེ། དད་བརྩོན་ཤེས་རབ་རྨད་བྱུང་བ། །དཀར་པོ་ཆོས་ཀྱི་གཡང་ཕོབ་ཅིག །ཚེ་རིང་ནད་མེད་འབྱོར་ལྡན་པ། །སྨུག་པོ་སྲིད་ཀྱི་གཡང་ཕོབ་ཅིག །གཟུགས་བཟང་བློ་གསལ་ངག་སྙན་པ། །གཙང་མ་རིགས་ཀྱི་གཡང་ཕོབ་ཅིག །མཛངས་ཤིང་བརྟན་ལ་གཞུང་བཟང་བ། །མཐུན་པའི་གྲོགས་ཀྱི་གཡང་ཕོབ་ཅིག །ཀུན་སྙོམས་བྱམས་ཤིང་བརྗིད་ཆགས་པ། །མངའ་བདག་རྗེ་ཡི་༝ ཁྲེལ་ཡོད་དྲང་ཞིང་མཐུ་ལྡན་པ། །མངག་གཞུག་བྲན་གྱི་༝ ཉེར་འཚེ་མེད་ཅིང་བག་ཕེབ་པ། །དགའ་བའི་ཡུལ་གྱི་༝ མི་ཟད་གོང་དུ་འཕེལ་བ་ཡི། །དཔལ་འབྱོར་ནོར་གྱི་༝ ཤ་རྒྱས་སྤུ་སྡུག་འགྲོས་བཟང་བ། །གྱི་ལིང་རྟ་ཡི་༝ སྟོབས་ལྡན་འོ་མའི་རྒྱུད་འཛིན་པ། །འབྲི་ཕྱུགས་གནག་གི་༝ དོག་མོ་ས་ཡི་སྟེང་འགེངས་པ། །གཡང་དཀར་ལུག་གི་༝ རོ་བཅུད་ལྡན་ཞིང་བདེ་སྟེར་བ། །


GTD008_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཞིམ་མངར་ཟས་ཀྱི་༝ འཕྲལ་ཡུན་དགེ་ཞིང་བསམ་པ་བཞིན། །འགྲུབ་པའི་ལས་ཀྱི་གཡང་ཕོབ་ཅིག །ས་སྟེང་ཀུན་ཏུ་ཁྱབ་པ་ཡི། །མངའ་ཐང་སྙན་གྲགས་གཡང་ཕོབ་ཅིག ། ༈ ཕྱྭ་ཁུ་ཡེ། འདོད་དགུའི་ཆར་འབེབས་གཡང་གི་ལྷ། །འབྲོག་གནས་རྨ་རྒྱལ་སྤོམ་ར་ཡིས། །ཉམས་ཆག་བྱུར་གྱི་འཕྲང་ཆོད་ལ། །ཕྱྭ་དང་གཡང་གི་སྒོ་ཕྱེ་སྟེ། །ཁྱིམ་ལ་གཡང་འཕེལ་མི་ཡིས་གང༌། །སྒོ་ན་གཡང་འཕེལ་ཕྱུགས་ཀྱིས་གང༌། །མཛོད་ལ་གཡང་འཕེལ་ནོར་གྱིས་གང༌། །ཚེ་ལ་གཡང་འཕེལ་ལོ་བརྒྱ་འཚོ། །དེ་རིང་ཧུ་ཡེ་ཧུ་ལྡན་ནོ། །དེ་རིང་ཕྱྭ་ཡེ་ཕྱྭ་ལྡན་ནོ། །༈ ཕྱྭ་ཁུ་ཡེ། འདོད་དགུའི་ཆར་འབེབས་གཡང་གི་ལྷ། །ཡུམ་ཆེན་གུང་སྨན་ལྷ་རི་ཡིས། །ཉམས་ཆག་བྱུར་གྱི་༝ ཕྱྭ་དང་གཡང་གི་༝ ཁྱིམ་ལ་གཡང་འཕེལ་༝ སྒོ་ན་གཡང་འཕེལ་༝ མཛོད་ལ་གཡང་འཕེལ་༝ ཚེ་ལ་གཡང་འཕེལ་༝ དེ་རིང་ཧུ་ཡེ་༝ དེ་རིང་ཕྱྭ་ཡེ་༝། ༈ ཕྱྭ་ཁུ་ཡེ། འདོད་དགུའི༌༝། དཔའ་བའི་སྲས་པོ་མཆེད་དགུ་ཡིས། །ཉམས་ཆག༌༝། ཕྱྭ་དང༌༝། ཁྱིམ་ལ་༝། སྒོ་ན་༝། མཛོད་ལ་༝། ཚེ་ལ་༝། དེ་རིང་ཧུ་༝། དེ་རིང་ཕྱྭ་༝། ༈ ཕྱྭ་ཁུ་ཡེ། འདོད་དགུའི་༝། མཛངས་པའི་སྲས་མོ་མཆེད་དགུ་ཡིས། །ཉམས་ཆག་༝། ཕྱྭ་དང་༝། ཁྱིམ་ལ་༝། སྒོ་ན་གཡང་༝། མཛོད་ལ་༝། ཚེ་ལ་༝། དེ་རིང་ཧུ་༝། དེ་རིང་ཕྱྭ་༝། ༈ ཕྱྭ་ཁུ་ཡེ། འདོད་དགུའི་༝། བཀའ་ཉན་གཉན་ཆེན་སྡེ་བཞི་ཡིས། །ཉམས་ཆག་༝། ཕྱྭ་དང་༝། ཁྱིམ་༝། སྒོ་༝། ཚེ་༝། དེ་རིང་༝། དེ་རིང་ཕྱྭ་༝། ༈ ཕྱྭ་ཁུ་ཡེ། འདོད་དགུའི༝ཕོ་ཉ་མངག་གཞུག་ཐམས་ཅད་ཀྱིས། །ཉམས་ཆག་༝། ཕྱྭ་༝། ཁྱིམ་༝། སྒོ་༝། མཛོད་༝། ཚེ་༝། དེ་རིང་ཧུ་༝། དེ་རིང་ཕྱྭ་༝། ༈ ཕྱྭ་ཁུ་ཡེ། བཀྲ་ཤིས་ཉི་མ་དེ་རིང་


GTD008_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ཡོན་གྱི་བདག་པོ་འཁོར་དང་བཅས། །ལུས་ལ་ནད་མེད་གཟི་བྱིན་རྒྱས། །སེམས་ལ་དགའ་བདེའི་སྣང་བས་ཁྱབ། །བང་མཛོད་རིན་ཆེན་ནོར་གྱིས་གང༌། །ཡུལ་ཁམས་སྡེ་དང་ཕྱུགས་ཀྱིས་ཁྱབ། །གྲགས་སྙན་འབྲུག་གི་སྒྲ་བཞིན་སྒྲོགས། །ལས་རླུང་དབྱར་གྱི་མཚོ་བཞིན་རྒྱས། །ཕུན་ཚོགས་ཕྱྭ་དང་གཡང་གི་ཚོགས། །གང་བསམ་དངོས་གྲུབ་ཆར་བཞིན་ཕོབས། །མི་ནུབ་གཡང་གི་རྒྱལ་མཚན་ཚུགས། །མི་འགྱུར་གཡུང་དྲུང་བརྟན་པར་མཛོད། །མི་ཟད་གཡང་གི་རྒྱ་མཚོ་བསྐྱིལ། །ཕྱྭ་གཡང་མི་ཉམས་སྲུང་མ་མཛོད། །གཡང་གི་རྟེན་ཕུར་མ་འདོན་ཅིག །གཡང་གི་རྭ་བ་མ་སྟོངས་ཤིག །གཡང་གི་དམུ་ཐག་མ་གཅོད་ཅིག །གཡང་གི་མཚོ་མོ་མ་སྐེམས་ཤིག །གཡང་སྒོ་སྲུང་བའི་སྲུང་མ་མཛོད། །ཕྱྭ་གཡང་བསྐྱིལ་བའི་གཉེར་ཁ་མཛོད། །མངའ་ཐང་དར་བའི་དགྲ་ལྷ་མཛོད། །ནམ་ཡང་མི་འབྲལ་དཔུང་གཉེན་མཛོད། །༈ ཀྱཻ། དགྲ་ལྷ་ཡབ་ཡུམ་འཁོར་དང་བཅས། །ཁྱེད་ལ་གཡང་རྟེན་འཛུག་པ་ནི། །མྱུར་མགྱོགས་འཛམ་གླིང་ཡུད་ཀྱིས་བསྐོར། །རྔ་རྔོག་དར་གྱི་ཅོད་པན་ཅན། །ཅང་ཤེས་སྤྲིན་གྱི་ཤུགས་ཅན་འདི། །དེ་རིང་ཁྱེད་ལ་རྟེན་དུ་འཛུག །འདི་ལ་ཁྱེད་ཀྱིས་གཡང་རྟེན་མཛོད། །ཕྱྭ་གཡང་ཉམས་པ་མེད་པ་དང༌། །གོང་ནས་གོང་དུ་འཕེལ་བར་མཛོད། །རྟ་ཡི་ལྷ་ནི་བྲེས་པོ་ཡིན། །དེས་ཀྱང་རྟ་གཡང་གོང་དུ་སྤེལ། །༈ ཀྱཻ་དགྲ་ལྷ་༝། ཁྱེད་ལ་༝། འཇིགས་པའི་བྲག་རི་གཡོ་བ་བཞིན། །ངར་སྒྲ་སྒྲོགས་པས་ས་ཆེན་འདར། །རྭ་གདེངས་བརྗིད་པའི་ཞོལ་གཡག་འདི། །དེ་རིང་༝། འདི་ལ་༝། ཕྱྭ་གཡང་༝། གོང་ནས་གོང་དུ་༝།


GTD008_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གཡག་གི་ལྷ་ནི་དུང་པོ་ཡིན། །དེས་ཀྱང་གཡག་གཡང་གོང་དུ་སྤེལ། །༈ ཀྱཻ་དགྲ་ལྷ་༝། ཁྱེད་ལ་༝། མི་ཟད་འོ་མའི་རྒྱན་འཛིན་ཅིང༌། །སྤུ་སྡུག་དབྱར་གྱི་ཆར་སྤྲིན་བཞིན། །ས་སྟེང་མཛེས་བྱེད་ཞོལ་མོའི་ཚོགས། །དེ་རིང༌༝། འདི་ལ༌༝། ཕྱྭ་གཡང༌༝། གོང་ནས་༝། འབྲི་ཡི་ལྷ་ནི་ཤམ་པོ་ཡིན། །དེས་ཀྱང་འབྲི་གཡང་གོང་དུ་སྤེལ། །༈ ཀྱཻ་དགྲ་ལྷ༌༝། ཁྱེད་ལ༌༝། འཇམ་པའི་སྤུ་སྡུག་གོས་གྱོན་ཞིང༌། །རྭ་བཞི་འཁྱིལ་བའི་ལྷ་ལུག་དང༌། །ཨག་ཚོམ་མཛེས་པའི་ལྷ་ར་འདི། །དེ་རིང་༝། འདི་ལ༌༝ །ཕྱྭ་གཡང༌༝། གོང་ནས༌༝། ལུག་གི་ལྷ་ནི་མོན་བུ་ཡིན། །དེས་ཀྱང་ལུག་གཡང་གོང་དུ་སྤེལ། །༈ ཀྱཻ་དགྲ་ལྷ་༝། ཁྱེད་ལ་༝། མདུང་རིང་དར་གྱི་བ་དན་ཅན། །རྣོ་ངར་དཔལ་དང་ལྡན་པ་སོགས། །དཔའ་བོའི་རུ་མཚོན་འདི་དག་ཀྱང༌། །དེ་རིང༌༝། འདི་ལ་༝། ཕྱྭ་གཡང༌༝། གོང་ནས་༝། ༈ ཀྱཻ་དགྲ་ལྷ་༝། ཁྱེད་ལ་༝། སྙུག་རྒོད་ཚིགས་པ་དགུ་པ་ལ། །བྱ་རྒྱལ་རྒོད་པོའི་སྒྲོ་ཡིས་བརྒྱན། །དར་ཚོན་མེ་ལོང་དང་བཅས་པ། །དེ་རིང༌༝། འདི་ལ་༝། ཕྱྭ་གཡང༌༝། གོང་ནས་༝། ༈ ཀྱཻ་དགྲ་ལྷ་༝། ཁྱེད་ལ་༝། དཀར་གསུམ་འོ་མའི་རྒྱ་མཚོ་བསྐྱིལ། །མངར་གསུམ་འབྲང་རྒྱས་རི་ལྟར་སྤུངས། །དྲི་ཞིམ་བསང་མཆོད་སྤྲིན་ལྟར་གཏིབས། །དེ་རིང་ཁྱེད་ལ་རྟེན་དུ་འཛུག །འདི་ལ་ཁྱེད་ཀྱི་གཡང་རྟེན་མཛོད། །ཕྱྭ་གཡང་ཉམས་པ་མེད་པ་དང༌། །གོང་ནས་གོང་དུ་འཕེལ་བར་མཛོད། །མདོར་ན་ལྷ་ཆེན་དགྱེས་བྱེད་པའི། །རྟེན་རྫས་གཡང་རྫས་ཚང་བར་བསགས། །གོ་མཚོན་སྤྱན་གཟིགས་ཚར་དུ་དངར། །གུས་པས་མཆོད་ཅིང་གསོལ་འདེབས་ན། །ཕྱྭ་དང་གཡང་གི་དཔལ་སྐྱོབས་ཤིག །མངའ་ཐང་རིགས་རྒྱུད་དར་བར་མཛོད། །ཚེ་བསོད་
བཀྲག་མདངས་འཕེལ་བ་དང༌། །མི་མཐུན་གཡུལ་ལས་རྒྱལ་བར་མཛོད། །༈ ཀྱཻ་སྲིད་པའི་ལྷ་ཆེན་འཁོར་བཅས་ཀྱིས། །བདག་ཅག་དཔོན་སློབ་ཡོན་མཆོད་ཀུན། །གཞིས་སུ་སྡོད་ན་ཡུལ་ལྷ་མཛོད། །བྱེས་སུ་འགྲོ་ན་ལམ་ལྷ་མཛོད། །གཡུལ་དུ་ཆས་ན་དགྲ་ལྷ་མཛོད། །རྙེད་པ་ཚོལ་ན་ནོར་ལྷ་མཛོད། །ཉིན་གསུམ་དུས་སུ་བྱ་ར་མཛོད། །མཚན་གསུམ་དུས་སུ་མེལ་ཚེ་མཛོད། །མི་དང་ཕྱུགས་ཀྱི་ནད་ཡམས་ཆོད། །ཆོས་དང་སྲིད་ཀྱི་དཔལ་འབྱོར་སྤེལ། །གསོལ་ལོ་མཆོད་དོ་ལྷ་གཉན་ཆེ། །མ་གཡེལ་མ་གཡེལ་སྲུང་མའི་གཙོ། །རྩ་བརྒྱུད་བླ་མའི་གཡར་དམ་བཞིན། །གང་བཅོལ་ལས་བཞིའི་འཕྲིན་ལས་སྒྲུབས། །འདོད་དོན་ཆོས་བཞིན་འགྲུབ་པ་ཡི། །བཀྲ་ཤིས་རྒྱ་མཚོས་ཁྱབ་པར་མཛོད། །དེ་ནས་གཏང་རག་གི་མཆོད་བསྟོད། བཀྲ་ཤིས་ཀྱིས་མཐར་བརྒྱན་པ་སོགས་དཀྱུས་བཞིན་བྱའོ། །སྨྲས་པ། ལྷ་ཆེན་ཐུགས་རྗེའི་སྤྲིན་སྔོན་ལས། །དངོས་གྲུབ་གྲུ་ཆར་འཇོ་བ་ཡིས། །ཕྱྭ་གཡང་རྩི་བཅུད་རབ་རྒྱས་ཏེ། །ལུས་ཅན་བདེ་དགས་ཚིམ་གྱུར་ཅིག །ཅེས་རྨ་རྒྱལ་སྤོམ་རའི་གཡང་འབོད་ཕུན་ཚོགས་འདོད་དགུའི་རོལ་མཚོ་ཞེས་བྱ་བ་འདི་ནི། ༸གོང་ས་མཆོག་གི་ཞབས་སྡོད་དད་བརྩོན་ལྡན་པ་ངག་དབང་ཚུལ་ཁྲིམས་ཀྱིས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་གཡང་འབོད་ཀྱི་ཡིག་རྙིང་སྣ་ཚོགས་འདུག་པ་ལས་ལེགས་པའི་ཆ་རྣམས་བསྡུས་ཏེ་བསྒྲིགས་པ་འདིས་ཀྱང་འཇིག་རྟེན་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །