ཤེར་ཕྱིན་མངོན་རྟོགས་རྒྱན་རྩ་འགྲེལ་དང་བཅས་པའི་ལུང་བརྒྱུད།― GLG001_Page_0049 ―
[མ་དཔེ་གཟིགས་ན་འདིར་གནོན།]
སྦས་དོན་མངོན་པར་རྟོགས་པའི་དོན་ཕྱིན་ཅི་མ་ལོག་པར་གསལ་བར་སྟོན་པ་རྒྱལ་ཚབ་མི་ཕམ་མགོན་པོས་མཛད་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན། དེའི་འགྲེལ་པ་སློབ་དཔོན་སེང་གེ་བཟང་པོས་མཛད་པའི་དོན་གསལ་རྩ་འགྲེལ་གཉིས་ཀྱི་ཊཱིཀྐ་རྒྱལ་ཚབ་ཐམས་ཅད་མཁྱེན་པས་མཛད་པའི་རྣམ་བཤད་སྙིང་པོ་རྒྱན། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་སྤྱི་དོན་ཐལ་འཕྲེང་། དྭགས་ཉག་བློ་གྲོས་འཕེལ་གྱི་སྤྱི་དོན། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཐལ་འཕྲེང་རྣམས་ཀྱི་སྟེང་ནས་སྤྱི་ཊཱིཀ་ཐལ་འཕྲེང་དང་བཅས་པ་ལེགས་པར་ནོས་པའི་རྔོག་ལུགས་ཀྱི་བརྒྱུད་པ་ནི། ཐུབ་དབང་ཟས་གཙང་སྲས་པོ། རྗེ་བཙུན་བྱམས་པ་མགོན་པོ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན་ ― GLG001_Page_0050 ―
[མ་དཔེ་གཟིགས་ན་འདིར་གནོན།]
འཕགས་པ་རྣམ་གྲོལ་སྡེ། བཙུན་པ་རྣམ་གྲོལ་སྡེ། མཆོག་གི་སྡེ། དུལ་བའི་སྡེ། མཁན་པོ་རྣམ་སྣང་མཛད། སློབ་དཔོན་སེང་གེ་བཟང་པོ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། སློབ་དཔོན་ཡོན་ཏན་བཤེས་གཉེན། ལོ་ཆེན་རིན་ཅེན་བཟང་པོ། ཤར་ཕྱོགས་པ་ཟླ་བ་བཟང་པོ། སློབ་དཔོན་བསྟན་སྐྱོང་། འབུམ་ཕྲག་གསུམ་པའང་ཟེར། ལོ་ཙཱ་བ་བློ་ལྡན་ཤེས་རབ། འབྲེ་ཤེས་རབ་འབར། ཨར་བྱང་ཆུབ་ཡེ་ཤེས། འདུལ་བ་འཛིན་པ་དཀར་མོ། དཀར་ཆུང་རིང་མོ། ཞང་ཡེ་བ། གཉལ་ཞིག་འཇམ་དཔལ་རྡོ་རྗེ། གཟང་རིང་དར་མ་ཚུལ་ཁྲིམས། བོ་དོང་པ་བརྩོན་འགྲུས་རྡོ་རྗེ། སྟག་སྡེ་བ་སེང་གེ་རྒྱལ་མཚན། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། རྗེ་བཙུན་རེ་མདའ་པ་གཞོན་ནུ་བློ་གྲོས། ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོ། ཐམས་ཅད་མཁྱེན་པ་དར་མ་རིན་ཅེན། གཉལ་རྒོད་རིན་ཅེན་བསམ་གྲུབ། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན། མུས་སྲད་པ་བློ་གྲོས་རིན་ཅེན་སེང་གེ །སེ་ར་ཆོས་རྗེ་གཉལ་སྟོན་དཔལ་ལྷུན་པ། སེ་ར་དོན་ཡོད་དཔལ་ལྡན། དྭགས་ཉག་རིག་པའི་རལ་གྲི་བློ་གྲོས་འཕེལ། གཙང་སྟོན་དགེ་ལེགས་བཤེས་གཉེན། ཏེའུ་ར་པ་དགེ་འདུན་བསམ་གྲུབ། གྲོམ་མདའ་བ་བློ་བཟང་ཆོས་འཕེལ། འཇམ་མགོན་སྨྲ་བའི་དབང་ཕྱུག་དཀོན་ཅོག་ཆོས་འཕེལ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ཕར་ཕྱིན་རྙིང་མ་འབྲོམ་ལུགས་ཀྱི་བརྒྱུད་པ་ནི། སློབ་དཔོན་སེང་གེ་བཟང་པོ་ནས། ཀུ་སཱ་ལི་ཆེ་བ། ཀུ་སཱ་ལི་ཆུང་བ། གསེར་གླིང་པ་ཆོས་ཀྱི་གྲགས་པ། ཇོ་བོ་ཆེན་པོ་དཔལ་མར་མེ་མཛད། འབྲོམ་སྟོན་པ་རྒྱལ་བའི་འབྱུང་ |