འབྲས་ཡུན་ལ་ཉེ་བ།
― DTG083_Page_0299 ―
[མ་དཔེ་གཟིགས་ན་འདིར་གནོན།]
རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆགས་པ་དང༌། མ་ཆགས་པ་མ་མཆིས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལེགས་པར་བཤད་པ་དང༌། ལེགས་པར་མཐར་ཕྱུང་བའི་བར་ནི་ངོ་མཚར་ཆེའོ་ཞེས་བྱ་བ་ནི་ཐབས་ཀྱིས་མི་རིང་བ་ཡིན་ནོ། །