ཚིགས་བཅད་བཅུ་བདུན་པ།བཅུ་བདུན་པ་ནི། ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། ། ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། ། རི་རབ་མན་དཱ་ར་དང་འབིགས་བྱེད། ། འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཞེས་པ་སྟེ། ཧཱུྃ་ཡིག་ས་བོན་དུ་གྱུར་པའི་ལྷ་མོ་ཏུ་རེའམ་མྱུར་མས་ཞབས་གཉིས་བརྡབས་པས་རིའི་རྒྱལ་པོ་རི་རབ་དང་། མན་དཱ་ར་ཞེས་བྱ་བའི་རི་དང་། རི་བོ་འབིགས་བྱེད་དང་བཅས་པའི་འཇིག་རྟེན་གསུམ་སྟེ་ས་འོག་ས་སྟེང་ས་བླ་རྣམས་གཡོ་བར་བྱེད་དོ། ། |