ཚིགས་བཅད་བཅོ་བརྒྱད་པ།བཅོ་བརྒྱད་པ་ནི། ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། ། རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། ། ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། ། དུག་རྣམས་མ་ལུས་པ་ནི་སེལ་མ། །ཞེས་པ་སྟེ། ལྷ་ཡི་མཚོ་དང་འདྲ་བའི་ཟླ་བ་དཀར་ཟླུམ་ཕྱག་ན་བསྣམས་པའི་ལྷ་མོའི་རིག་སྔགས་ཏཱ་ར་གཉིས་བརྗོད་ཀྱི་མཐའ་བརྟེན་ཕཊ་ཡིག་བཏགས་པས་ནི་བརྟན་གཡོའི་དུག་རྣམས་མ་ལུས་སེལ་བར་བྱེད་དོ། ། |