གཏེར་སྲུང་ཡོངས་རྫོགས་གསོལ་བསྡུས།

༄༅། གཏེར་སྲུང་ཡོངས་རྫོགས་བཞུགསཿ འབྲུ་གསུམ་བྱིན་རླབས་ནམ་མཁའ་མཛོད་ཀྱིས་སྤེལཿ བྷྱཽཿ ཁྲག་འཐུང་རྡོ་རྗེ་པདྨ་ཐོད་ཕྲེང་གིཿ བཀའ་ཉན་དྲེགས་པ་དམ་ཅན་རྒྱ་མཚོའི་ཚོགསཿ འདོད་ཡོན་རོ་མཉམ་མཆོད་སྤྲིན་རྒྱ་མཚོས་བསྐངཿ ཆུ་བོ་བདུན་ལྡན་གཏེར་གྱི་གཉེར་འཛིན་ལཿ རྟག་ཏུ་བསྲུང་སྐྱོབས་བཤད་སྒྲུབ་འདུས་སྡེ་སྤེལཿ རྟག་ཏུ་བསྲུང་སྐྱོབས་བཤད་སྒྲུབ་འདུས་སྡེ་སྤེལཿ མཛད་ཕྲིན་མི་ནུབ་དར་རྒྱས་ཕྲིན་ལས་མཛོདཿ ས་མ་ཡཱཿ