མཁའ་འགྲོ་སེང་གདོང་མའི་བཟློག་པ།

ཟབ་གསང་མཁའ་ཁྱབ་རང་གྲོལ་ལསཿ མཁའ་འགྲོ་སེང་གདོང་མའི་བཟློག་པ་བཞུགསཿ བྷྱཽཿ མ་བཅོས་གཞི་དབྱིངས་དོན་དམ་མཁའ་ཀློང་ནསཿ བདེ་ཆེན་ཉག་གཅིག་མཁའ་འགྲོ་སེང་གདོང་མཿ ཡོངས་རྫོགས་རྒྱུད་བསྐུལ་བྱད་མའི་རིགས་མཐའ་དགཿ མྱུར་དུ་བཟློག་ཅིང་གང་བསམ་ཕྲིན་ལས་མཛོདཿ ས་མ་ཡཱཿ བརྡ་ཐིམཿ ཅེས་པ་འདི་ཡང་ཡོན་བདག་སེང་བཟང་ཚང་ལ་བཟློག་སྟོང་དགོས་པའི་ཚེཿ ཆེ་བ་མ་ལྕོགས་སེར་མོ་ཉུང་སྟབས་ཐབས་སྡུག་ནསཿ སངས་རྒྱས་འོད་དང་ངེས་དོན་བཟང་གཉིས་ཀྱིས་ནན་བསྐུལ་ངོརཿ བདག་འདྲ་གར་དབང་རྒྱལ་མཆོག་གླིང་པས་དག་པར་ཕབ་པའོཿ དགེའོཿ བཀྲ་ཤིས་པར་གྱུར་ཅིག།