གཤིན་རྗེ་གཤེད་ཀྱི་སྐོར།
རྣམ་སྣང་གི་རིགས་སུ་གཏོགས་པ་ཞེ་སྡང་ཅན་གཙོ་བོར་འདུལ་བ་གཤེད་སྐོར་ལ་རྡོ་རྗེ་འཆང་སྒོ་རུམ་པ་ཀུན་དགའ་ལེགས་པས་མཛད་པའི་སྒྲུབ་ཐབས་ཁྲོ་བོ་རྣམ་རོལ་དང་དཀྱིལ་ཆོག་གཞོན་ནུ་རྣམ་རོལ་གྱི་སྟེང་ནས་རྭ་ལུགས་ཀྱི་དཔལ་གཤིན་རྗེ་གཤེད་དགྲ་ནག་ལྷ་བཅུ་གསུམ་མ་རས་བྲིས་ཀྱི་དཀྱིལ་འཁོར་ཆེན་པོར་དབང་བཞི་རྫོགས་པར་ནོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཏཻ་ལོ་པ། ནཱ་རོ་པ། པྲ་ཛྙ་རཀྵི་ཏ། བལ་པོ་མེཉྫ་གླིང་པ་ཐུགས་རྗེ་ཆེན་པོ། ས་དགེའི་མཁས་གྲུབ་མང་པོ་བལ་བོ་བྷ་རོ་དང་གཅིག་པར་མཛད་ཀྱང་འདི་ཡེ་རང་པ་དང་བྷ་རོ་ཡམ་བུ་བ་
ཡིན་ཞིང་ཐུགས་རྗེ་ཆེན་པོ་ནི་དུས་འཁོར་ཕག་མོ་སོགས་ལ་ཤིན་ཏུ་མཁས། བྷ་རོ་ནི་གཤིན་རྗེ་གཤེད་ཀྱི་གྲུབ་པ་ཐོབ་པ་ཙམ་ལས་མཁས་པར་མ་གྲགས་པས་སོ་སོར་མ་འདྲེས་པར་དགོས་པར་མངོན་ནོ། །རྭ་ཆེན་ལོ་ཙཱ་བ་རྡོ་རྗེ་གྲགས། རབ་བྱུང་། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ །སྔགས་པ་དཀར་ཆས་ལྕང་ལོ་པ། རྭ་འབུམ་སེང་། རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། ཐར་རྩེ་སྒྲུབ་ཁང་པ་ཤར་པ་གསུམ་གྱི་གསན་ཡིག་ཏུ་དོན་ཡོད་རྡོ་རྗེ་ཡིན་ཚུལ་འདུག་པ་གསང་མཚན་དང་འཁྲུལ་ལམ་དཔྱད། དེ་སྲས་རོང་པ་ཤེས་རབ་སེང་གེ །འདི་མན་རབ་བྱུང་། བླ་མ་དཔལ་ལྡན་སེང་གེ །ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། སྔགས་དཀར་ཅོ་བྲེག་ཅན། ཐུགས་སྲས་ལོ་ཙཱ་བ་རིན་ཅེན་རྣམ་རྒྱལ། སྐུ་ཞང་ནམ་མཁའི་མཚན་ཅན། བླ་མ་རིན་ཅེན་དཔལ་གྲུབ། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། མཁན་ཆེན་རིག་འཛིན་རྒྱལ་པོ། བླ་ཆེན་ཆོས་རིག་རྒྱལ་མཚན། བླ་མ་བསོད་ནམས་དཔལ་འབྱོར། རྗེ་བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ཟ་ཧོར་བནྡེ་ལའོ། །ཐུགས་སྲས་ལོ་ཙཱ་བས་མཛད་པའི་གཤིན་རྗེ་དགྲ་ནག་པོའི་མངོན་པར་རྟོགས་པ་གསོད་བྱེད་རྔམས་པ་འཇིགས་རུངས་ཀྱི་བརྒྱུད་པ་ནི། སྒྲ་ཚད་པ་རིན་ཅེན་རྣམ་རྒྱལ། རྗེ་སྐུ་ཞང་ནམ་མཁའ། ཟླ་བ་དཔལ་རིན། འཁྲུལ་ཞིག་ཚུལ་རྒྱན། རིན་ཅེན་མཆོག་གྲུབ། རིན་ཅེན་རྒྱལ་པོ། འབྲོག་སྒང་པ། འཇམ་དབྱངས་བྱང་གླིང་རྗེ། གྲོ་བོ་ལུང་པ། སློབ་དཔོན་དཀོན་རྒྱན། ཁྱབ་
བདག་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ལའོ། །འཇམ་དཔལ་གཤིན་རྗེ་གཤེད་དགྲ་ནག་པོའི་རྒྱུད་ལས་གསུངས་པའི་ས་ལའི་ཕོ་ཉའམ་དབྱངས་ཅན་ལྷ་མོ་དམར་མོ་གསང་སྒྲུབ་ཀྱི་རྗེས་སུ་གནང་བ་ཤིན་ཏུ་ཟབ་པ་དང་། ལུང་ལ། སྒྲུབ་ཐབས། ལོ་རྒྱུས། གཏོར་འབུལ། བསྟོད་པ་གང་སྲིད་མ། རྗེས་གནང་གི་ཡི་གེ་དང་བཅས་ཐོབ་པའི་ས་ལུགས་ཀྱི་བརྒྱུད་པ་ནི། སྒྲ་དབྱངས་ལྷ་མོ། དེས་ཡང་ནས་ཡང་དུ་རྗེས་སུ་བཟུང་བའི་པཎྜི་ཏ་བིཀྵ་པཱ་ར་མ། པཎྜི་ཏ་ཤྲཱི་ཏ་ཐཱ་ག་ཏ་རཀྵི་ཏ། ཁ་ཆེའི་པཎྜི་ཏ་ཛ་ཡ་ཀ པཎྜི་ཏ་བྷ་སྐ་ར་དེ་ཝ། འོད་བྱེད་འབྱུང་གནས་ཡིན་ཞིང་ཐར་རྩེ་བཤད་པ་གཉིས་ཀྱི་གསན་ཡིག་ན་འདི་དང་ཛ་ཡ་ཀ་གོ་ལྡོག་ཏུ་སྣང་ལ། འདིར་རྡོ་རྗེ་གདན་པ་དང་རྗེ་མཁྱེན་བརྩེའི་གསན་ཡིག་བཙན་པར་བྱས་ཏེ་བཀོད། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི། པཎྜི་ཏ་དཱ་ན་ཤཱི་ལ། འཇམ་མགོན་ས་སྐྱ་པཎ་ཆེན། རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག །མཁས་པ་ཡོན་ཏན་ཁྲི། དྲིན་ཅན་སེང་གེ་བཟང་པོ། རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་སེང་གེ་རྒྱལ་མཚན། འཇམ་དབྱངས་བསོད་ནམས་རྒྱལ་མཆོག །བསམ་གཏན་གླིང་པ་ནམ་མཁའ་བསོད་ནམས། བླ་མ་ཆོས་ཀྱི་རྒྱལ་མཚན། པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། རྗེ་བཙུན་བོད་མཁར་བ་མི་ཏྲི་དོན་གྲུབ་རྒྱལ་མཚན། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་བསམ་
གཏན་གླིང་པ་ནམ་མཁའ་བསོད་ནམས་ནས། ལྷ་རི་པ་དཔལ་ལྡན་རྒྱལ་མཚན། སྤྱན་སྔ་ཤཱཀྱ་རྒྱལ་མཚན། ཚར་ཆེན་མན་འདྲ། ཡང་ན་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་ནས། ཀླུ་པ་མཁན་པོ་བསོད་ནམས་དར། བླ་མ་དམར་སྟོན་པ། རིན་པོ་ཆེ་ཀུན་བཟང་རྩེ་པ་བསོད་ནམས་རྒྱལ་མཚན། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། ཐུགས་སྲས་ཀུན་དགའ་རྒྱལ་པོ། རིག་འཛིན་ཚེ་དབང་བཀྲ་ཤིས། ཚར་ཆེན་མན་གོང་དང་འདྲ། །རྔོག་ལུགས་ཀྱི་བརྒྱུད་པ་ནི། པཎྜི་ཏ་ཛ་ཡ་ཀ་ནས། རྔོག་ལོ་ཆེན་པོ། འབྲེ་ཤེས་རབ་འབར། ལ་སྟོད་དཀོན་ཅོག་མཁར། སློབ་དཔོན་བློ་གྲོས་འབྱུང་གནས། དོན་མོ་རི་པ་བློ་གསལ། ཇོ་བཙུན་ལྕགས་ཐང་པ། དཔེ་དམར་བ་ཆོས་ཀྱི་ཤེས་རབ། ཆོས་རྗེ་འཇམ་དཔལ་གསར་མ། རྒྱལ་ཚ་ལུང་མང་པོ་མན་གོང་ལྟར་རོ། །ཡང་ན་འབྲེ་ཤེས་རབ་འབར་ནས། ཆ་པ་ཆོས་ཀྱི་སེང་གེ །གཙང་ནག་མིའི་སེང་གེ །ལྷ་སའི་བླ་མ་རྔོག་ཁུ་དབོན་གཉིས། རྒྱལ་ཚ་ལུང་མང་པོ་མན་འདྲ། མར་དོ་ལུགས་ཀྱི་བརྒྱུད་པ་ནི། ཀུ་སུ་ལུ་པ། དཔལ་འཛིན། རྒྱལ་པོ་རཱ་ཛ་ཀཱ་ཡ། དེའི་ཡིག་མཁན་པཎྜི་ཏ། པཎྜི་ཏ་འབུམ་ཕྲག་གསུམ་པ། བལ་པོ་དྷ་མ་ཏ་ལ། དེ་གཉིས་ཀ་ལ་མར་དོ་ལོ་ཙཱ་བ་ཆོས་ཀྱི་དབང་ཕྱུག་གིས་ཞུས། དེ་ནས་གཟེ་པ་བློ་ལྡན། ཁམས་པ་ཤཱཀྱ་རྡོ་རྗེ། སྲས་དྷརྨ་ཀཱིརྟི། བླ་མ་སངས་རྒྱས་འབུམ། ལོ་ཙཱ་བ་མཆོག་ལྡན། བག་སྟོན་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་བསོད་ནམས་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ་མན་སྔར་
བཞིན་ནོ། །གཤིན་རྗེ་ནག་པོའི་མངོན་རྟོགས་རྒྱུད་དོན་རབ་གསལ་དང་ཐུགས་སྲས་རིན་པོ་ཆེའི་གཏུམ་ཆེན་རོལ་བ་དཀྱིལ་ཆོག་དགྲ་ནག་དང་ཆ་མཐུན་པའི་ཕྱག་ལེན་ལྟར་རྭ་ལུགས་ཀྱི་འཇམ་དཔལ་གཤིན་རྗེ་ནག་པོ་ཞལ་དྲུག་པ་ལྷ་ཉི་ཤུ་རྩ་གཅིག་གི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་བཞི་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། ནག་པོ་པ། བྷ་ད་པ། དྷ་མ་པ། དེ་ཝ་པ། ཛེ་ཏཱ་རི་པ། ཨ་ནཾ་ག་བཛྲ། དྷརྨ་ཀ་ར་ཤཱནྟི། རྗེ་མཁྱེན་བརྩེའི་གསན་ཡིག་ན་འདི་ལྟར་འདུག་ཀྱང་ཀུན་མཁྱེན་བུའི་གསན་ཡིག་ན་དྷརྨ་ཀ་ར་མ་ཏི་དང་རྡོ་རྗེ་གདན་པའི་གསན་ཡིག་ན་ཨ་ཀ་ར་མ་ཏི་ཞེས་སྣང་། ཐར་རྩེ་སྒྲུབ་ཁང་ཤར་པ་གསུམ་གྱི་གསན་ཡིག་ན་དྷརྨ་ཨཱ་ཀཱ་ཤ་མ་ཏི་ཞེས་འདུག་པ་བརྟག །བལ་པོ་ཐུགས་རྗེ་ཆེན་པོ་ནས། ཞ་ལུ་པ་བཀྲ་ཤིས་རྒྱལ་མཚན་གྱི་བར་དགྲ་ནག་སོར་བཞག་ལ། དེ་ནས་བྲང་ཏི་པ་ནམ་མཁའ་དཔལ་བཟང་། དེ་དབོན་ཐར་རྩེ་ནམ་མཁའ་སངས་རྒྱས། གནས་གསར་བ་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །དགྲ་གདོང་གཉིས་ཐུན་མོང་གི་བརྒྱུད་ལུགས་གཅིག་ནི། འཇམ་དཔལ་དབྱངས།ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། བུའི་གསན་ཡིག་ན་འདི་མི་འདུག་པས་བརྟག །དཔལ་བདེ་བ། བི་མ་ལ་གུཔྟ། ཀརྞ་པ། ས་མནྟ་བྷ་དྲ། ཤྲཱི་དྷ་ར། ཀ་ཡ་དྷ་པ། གོང་དཀར་བའི་གསན་ཡིག་ན་ཀ་ཡསྠ་པ་ཟེར་བ་སྣང་། ཛྙཱ་ན་མི་ཏྲ། ཛྙཱ་ན་མི་ཏྲ། རཏྣ་ཀཱིརྟི། འདི་གཉིས་ཀྱི་བར་དུ་བུ་དང་གོང་དཀར་བའི་གསན་ཡིག་ཏུ་པེནྟ་པ་ཟེར་བ་འདུག་པ་ཆད་དམ་སྙམ། སོ་ན་ཤྲཱི། བལ་པོ་ཐུགས་རྗེ་ཆེན་པོ་མན་སྔར་
བཞིན་ནོ། །མངོན་རྟོགས་གཏུམ་ཆེན་རོལ་བའི་བརྒྱུད་པ་ནི། གསོ་བྱེད་རྔམས་པ་འཇིགས་རུངས་དང་གཅིག་གོ །