འཕགས་མ་རྡོ་རྗེ་སྡེར་མོའི་དགྲ་བཟློག

འཕགས་མ་རྡོ་རྗེ་སྡེར་མོའི་དགྲ་བཟློག་བཞུགས་སོ༔

ཨོཾཿ ཤེས་རབ་ཐབས་ཀྱི་འབྲེལ་འབྱུང་གིས༔ གསང་སྔགས་གསང་བའི་ཡེ་ཤེས་ཉིད༔ སྒྱུ་འཕྲུལ་མཁའ་འགྲོ་དྲྭ་བ་སྡོམ༔ དུས་གསུམ་རྒྱལ་བའི་བསྐྱེད་མཛད་ཡུམ༔ ཁྲོ་མོ་རྡོ་རྗེ་སྡེར་མོ་ལ༔ སྒོ་གསུམ་གུས་པས་མཉམ་པར་སྦྱར༔ བྱང་ཆུབ་བསྒྲུབ་ལ་བར་གཅོད་པའི༔ མི་མཐུན་རྐྱེན་བགེགས་དབྱིངས་སུ་སོལ༔ དབྱིངས་ཀྱི་རྟག་པ་ཀུན་བཟང་མོ༔ གནམ་ཞལ་ཁྲོས་པའི་རྒྱལ་མོ་དང་༔ སྣ་ཚོགས་ཡུམ་དང་རོ་ལངས་མ༔ རྡོ་རྗེ་ཕག་མོ་ཁྲོས་མ་ནག༔ རྗེ་བཙུན་དགྲ་དཔུང་འཇོམས་མཛད་མ༔ མ་རྒྱུད་མཁའ་འགྲོ་སྲིད་པའི་དལ༔ ཡེ་ཤེས་དབྱིངས་སུ་རྣམ་དབྱེར་མེད༔ གཞན་མི་རྒྱལ་ལ་ཕྱག་འཚལ་ལོ༔ གནས་སྐབས་རྒྱུ་རྐྱེན་ལས་བསླང་བའི༔ དགྲ་གཉེན་བར་མའི་ཕྱོགས་བཅུ་ནས༔ དགྲ་སྡང་གནོད་བྱེད་མ་ལུས་པ༔ རིག་སྔགས་གིས་བཅད་ལྡང་མེད་མནན༔ ཨོཾ་མ་ཧཱ་ཀྲོ་ཏི་བཛྲ་དྷ་རོད་སརྦ་ཤ་ཏྲུཾ་མ་ར་ཡ་ནན་ཀཱ་ཡ་ཝཱཀྐ་ཙིཏྟ་བརླག་བརླག་བསམ་སྦྱོར་ངན་པ་ཐམས་ཅད་རང་སར་ཞི་བར་གྱུར་ཅིག༔ ཞེས་ཀྱང་དགོན་བསོའི་ངོར་ག་གཱས་སོ། །