ཡི་གེ་འབྲི་ཚུལ་ཚིག་ཕྲད་ཀྱི་ཇི་བཞིན་དགོས་པར་གདམས་པ།།

ཡི་གེར་བཀོད་པའི་སྒྲོས་འདི་ཡུལ་སྐད་དང༌། གང་གིས་རྗེས་སུ་འབྲངས་པ་མ་ཡིན་ཏེ། ཐུབ་པའི་དབང་པོ་ཉིད་ཀྱི་བཀའ་ལུང་གཙུག་ལག་ལས་ཇི་ལྟར་བྱུང་བ་དང་ཚུལ་མཐུན་པ་བགྱིས་པས། ཚིག་གི་སྒྲོས་གཞན་གྱིས་མི་སླད་པ་དང༌། ཚིག་ཤད་གྱིས་དབང་བསྐལ་ཅི་དགར་མི་བྱ་བར། ཚིག་ཕྲད་དང༌། ཚིག་ཤད་དང༌། ཚིག་ཕྲད་ཕྱེད་པ་དང༌། གཅིག་ཤད་དང་ཉིས་ཤད་དང༌། བཞི་ཤད་འདི་ཇི་ལྟར་ཕྱེ་བ་བཞིན་དུ་སློབ་མ་རྣམས་ཀྱིས་ཀྱང༌། འདི་ཁོ་ན་ལྟར་འབྲི་བ་བཞུགས་སོ།། །།