རྗེས་གནང་ཐུན་མོང་བ་དང་། ཚར་ཆེན་གྱིས་མཛད་པའི་སྒྲུབ་ཐབས་གངྒའི་ཆུ་རྒྱུན་གྱི་ལུང་བརྒྱུད།
རྗེས་གནང་ཐུན་མོང་པ་དང་། ཚར་ཆེན་གྱིས་མཛད་པའི་སྒྲུབ་ཐབས་གངྒའི་ཆུ་རྒྱུན་གྱི་ལུང་བརྒྱུད་ལུགས་གཅིག་ནི། རིན་པོ་ཆེ་བོད་མཁར་བ་ནས། དགའ་ལྡན་ཤར་པ་ནམ་མཁའ་རྒྱལ་མཚན། རྩེས་དང་བྱང་མ་ཁང་གསར་བ་དཔལ་འབྱོར་བསོད་ནམས་ལྷུན་གྲུབ། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། དེས་བདག་ལའོ། །ཡང་བཤད་མ་ཐག་པའི་ལུགས་སྲོལ་དང་འབྲོག་མི་ནས་བརྒྱུད་པའི་ལུགས་སྲོལ་གཉིས་མན་ངག་ཕྲ་མོ་རེ་རེ་ཙམ་མ་གཏོགས་རྗེས་གནང་ཆོས་སྐོར་གྱི་ཁོངས་གཅིག་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། རྣལ་འབྱོར་དབང་ཕྱུག་བིཪྺ་པ། ནག་པོ་པ། ཌཱ་མ་རུ་པ། གཉིས་སྤངས་ཞབས། གྷ་ཡ་དྷ་ར། བླ་ཆེན་འབྲོག་མི། སེ་སྟོན་ཀུན་རིག །ཞང་སྟོན་ཆོས་འབར། རྗེ་བཙུན་ས་ཆེན་མན་གོང་བཞིན་ནོ། །བརྒྱུད་ཚུལ་འདི་རྣམས་ནི་ཁའུ་བྲག་རྫོང་པའི་ཐུན་མོང་མ་ཡིན་པའི་ལུགས་ཡིན་ལ། རྗེས་གནང་དང་ཆོས་སྐོར་ཐུན་མོང་བ་ཙམ་གྱི་བརྒྱུད་པ་ནི། འཕགས་པ་ནས། འུ་ཡུག་པ་ཀུན་དགའ་བསོད་ནམས། རྡོ་རྗེ་གདན་པའི་
གསན་ཡིག་ན་རིག་པའི་སེང་གེ་ཟེར་བ་འདུག །ཉིས་ཐོག་པ་ཀུན་དགའ་སྨོན་ལམ། བླ་མ་ཡོན་ཏན་དཔལ། བུ་ལུང་པ་ཀུན་དགའ་རྡོ་རྗེ། རྡོ་རྗེ་གདན་པའི་ཕྱག་བྲིས་ན་འདི་མི་འདུག་པ་ཆད་དམ་དཔྱད། དགའ་ལྡན་པ་ཀུན་དགའ་བསོད་ནམས། གྲུབ་ཆེན་བྲག་ཕུག་པ། རྒྱལ་བའི་རི་ཁྲོད་པ། རྗེ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་། བདག་ཆེན་ཀུན་དགའ་དབང་ཕྱུག །བདག་ཆེན་རྡོ་རྗེ་འཆང་མན་སྔར་དང་འདྲ། ཡང་ན་བྲག་ཕུག་པ་ནས། དཔལ་ལྡན་བླ་མ་དམ་པ། མཁན་ཆེན་བྱང་སེང་བ། ཤར་པ་ཡེ་ཤེས་རྒྱལ་མཚན་མན་འདྲ། ཡང་ན་དགའ་ལྡན་པ་ཀུན་བསོད་ནས། བག་སྟོན་གཞོན་ཚུལ། བླ་མ་ཚུལ་རྒྱལ་བ། ངག་དབང་གྲགས་པ། མཁན་ཆེན་བྱང་ཆུབ་སེང་གེ །ཤར་པ་མན་འདྲ། ཡང་རྗེས་གནང་གཉིས་དང་སྒོའི་རྟགས་ཡོད་པའི་ལུང་བརྒྱུད་ནི། བདག་ཆེན་རྡོ་རྗེ་འཆང་ཡན་གོང་ལྟར་ལ། དེ་ནས་རྗེ་བཙུན་སྒོ་རུམ་པ་ཀུན་དགའ་ལེགས་པ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག་མན་འདྲ། ཐུན་མོང་བའི་རྗེས་གནང་དང་གློའི་རྟགས་ཡོད་པའི་ལུང་བརྒྱུད་ནི། ངོར་ཆེན་ནས། རྒྱལ་ཚབ་ཀུན་དགའ་དབང་ཕྱུག །གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། རྗེ་གྲོལ་མཆོག །འཇམ་དབྱངས་མཁྱེན་བརྩེ་མན་འདྲ། ཡང་ན་ངོར་ཆེན་ནས། བདག་ཆེན་ཆུ་མིག་པ་བློ་གྲོས་དབང་ཕྱུག་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོ། པཎ་ཆེན་ཤཱཀྱ་མཆོག་ལྡན། བྲག་དཀར་སེམས་དཔའ་ཆེན་པོ། མཁན་ཆེན་བཀྲ་ཤིས་རྣམ་རྒྱལ། གློ་བོ་གྲོལ་མཆོག་མན་འདྲ། ས་གཅད་གཉིས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དངོས་གྲུབ་འབྱུང་བའི་སྐོར་གྱི་ལུང་བརྒྱུད་ནི། རྡོ་རྗེ་འཆང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ། སློབ་
དཔོན་ཀླུའི་བྱང་ཆུབ། དགའ་རབ་རྡོ་རྗེ། བླ་མ་རྡོ་རྗེ་གདན་པ། བླ་མ་ཨཱཪྻ་པཱ་ལ། བླ་མ་བཻ་རོ་ཙ་ན་བཛྲ། རྗེ་བཙུན་གནས་ནང་པ་ཁམས་པ་དབུ་སེ་ཡིན། དེ་ལ་གསན་ཡིག་ངེས་པ་ཞིག་མེད་འདྲ་པས་བླ་མ་བདུན་ཙམ་ཆད། རྗེ་ཕྱོགས་ལས་རྣམ་རྒྱལ། འདི་ཀུ་རབ་པའི་ཞལ་ངོ་པཎ་ཆེན་བཀྲས་རྣམ་པའི་དབོན་པོ་ས་སྐྱ་པའི་དགེ་བཤེས་ཡིན་ཀྱང་། རྗེས་སུ་ཀརྨ་པ་བརྒྱད་པའི་བླ་མར་གྱུར་ཅིང་གཉུག་ལ་ལེགས་བཤད་གླིང་གི་འཆད་ཉན་དུ་བསྐོས་པ་སོགས་ནས་ཀརྨ་འཕྲིན་ལས་ཞེས་གྲགས་པས། བརྒྱུད་འདེབས་སུ་ཐམས་ཅད་མཁྱེན་པ་རྗེ་བཙུན་འཕྲིན་ལས་ཞབས་ཞེས་སྣང་ངོ་། །རྡོ་རྗེ་འཆང་ཚར་པ་ཆོས་རྗེ་མན་རྗེ་མཁྱེན་བརྩེ་དང་བོད་མཁར་བ་ནས་སྤྱན་སྔ་ལ་འོངས་པ་སོ་སོ་ནས་བརྒྱུད་པ་གོང་དང་འདྲ། ཌོམྦྷི་བ་ལུགས་ཀྱི་ལྷ་ལྔའི་སིནྡྷུ་རའི་བྱིན་རླབས་དང་དེའི་ཆོས་སྐོར་ས་གཅད་གསུམ་ཡོངས་རྫོགས་དང་ལྔ་པའི་བྱིན་རླབས་ཀྱི་ཆོ་ག་ལེ་ཚན་གཉིས་ཀྱི་ལུང་བརྒྱུད་ནི། རྡོ་རྗེ་འཆང་། རྡོ་རྗེ་སྙིང་པོ། ཌཱ་ཀི་ནི་སུ་བྷ་གི །ཌོམྦྷི་ཧེ་རུ་ཀ །ཙ་ཎ་བ། ཏིལློ་པ། ནཱ་རོ་པཎ་ཆེན། རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་ལོ་ཙཱ་པ། ས་ཆེན། རྩེ་མོ། གྲགས་པ་ས་པཎ། ཁང་སྟོན་འོད་ཟེར་རྒྱལ་མཚན། དགའ་ལྡན་པ་ཀུན་བསོད། བླ་མ་མཉམ་མེད་ཆེན་པོ། མཁས་གྲུབ་གཟུངས་ཀྱི་དཔལ་བ། ཡར་ཀླུངས་པ་སེང་གེ་རྒྱལ་མཚན། དབོན་རྒྱལ་བ་མཆོག །བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། བླ་མ་བློ་གྲོས་རྣམ་རྒྱལ། རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ། ཚར་ཆེན་མན་འཇམ་དབྱངས་མཁྱེན་བརྩེ་ནས་བརྒྱུད་པ་བཞིན་ནོ། །རྗེ་གྲོལ་མཆོག་གི་གསན་ཡིག་ན་གསང་སྒྲུབ་ལྷ་ལྔའི་བྱིན་རླབས་ཀྱི་བརྒྱུད་པར་རྒྱལ་པོ་ལྷན་སྐྱེས་རོལ་བ་བགྲངས་འདུག་པ་ནི་ཕན་ཚུན་འདྲེས་
པའི་དཔྱད་མི་བཟོད་པར་མངོན་ནོ། །ས་གཅད་བཞི་པ་རྗེ་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པའི་ཡིག་ཆའི་ལུང་བརྒྱུད་ནི། རྗེ་བཀྲ་ཤིས་རྣམ་རྒྱལ། སྤྱན་སྔ་བསོད་ནམས་ལྷའི་དབང་པོ། ཆོས་རྗེ་ཀུན་དགའ་བཀྲ་ཤིས། རྗེ་ཕྱོགས་ལས་རྣམ་རྒྱལ། ཆར་ཆེན། མཁྱེན་བརྩེའི་ཞབས། རྗེ་དབང་རབ་མན་འདྲ། དཀར་ཆག་ཏུ་ཀུ་རུ་ཀུལླེའི་སྡེ་ཚན་དུ་གསུངས་ཤིང་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་སོགས་ཕལ་ཆེར་དུ་ཟུར་དུ་ཕྱུང་ནས་གསེར་ཆོས་བཅུ་གསུམ་གྱི་གྲངས་སུ་འདྲེན་པ་བླ་མ་གཉན་ལོ་ཙཱ་བའི་དབང་གི་ལྷ་གསུམ་དུ་གྲགས་པའི་སྐོར་ལ། སོ་སོའི་ཡིག་རྙིང་ལ་གཞི་བྱས་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་ཏེ་རྗེས་གནང་སྤྱི་འགྲོ་དང་མི་འདྲ་བའི་དཔལ་མོ་གསེར་གྱི་སྙིང་ཐག་ཅན་གྱི་སྐུ་གསུང་ཐུགས་ཀྱི་རྗེས་གནང་ཁྱད་པར་ཅན། ནོར་རྒྱུན་མ་དམར་མོའི་སྐུ་སྒོམས་དང་བཟླས་ལུང་གི་རྗེས་གནང་། ལྷ་མོ་ཏི་ནུའི་བདུད་རྩི་སིནྡྷུ་རའི་དྲིལ་བུ་ལ་བརྟེན་པའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་རྣམས་ལེགས་པར་ནོས་ནས། ལུང་ལ་དཔལ་མོ་གསེར་གྱི་སྙིང་ཐག་ཅན་གྱི་སྐོར་ནི། གཉན་ལོས་པཎ་ཆེན་འབུམ་ཕྲག་གསུམ་པ་དབང་དུ་བསྡུས་པའི་ལོ་རྒྱུས། བསྙེན་པ་སྲོག་གི་འཁོར་ལོ་ཞེས་པར་བསྙེན་སྒྲུབ་ལས་གསུམ་དུ་ཡོད་པའི་བསྙེན་པ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ། སྒྲུབ་པ་ལ་སྦྱོར་དངོས་རྗེས་གསུམ། ལས་སྦྱོར་དབང་དུ་བསྡུ་བ། བསྒྲལ་བ། ལས་ལ་གཞོལ་བ་གསུམ་གྱིས་བསྟན་པ། ལོངས་སྤྱོད་རྫས་གྱི་འཁོར་ལོ་ཞེས་པ། སྦྱོར་དངོས་རྗེས་གསུམ་གྱིས་བསྟན་པ། དབང་སྡུད་ཡིད་བཞིན་འཁོར་ལོས་ཕྱག་རྒྱ་མཚན་ལྡན་འགུགས་པ་སྦྱོར་དངོས་མཇུག་གསུམ་གྱིས་བསྟན་པ། ལུང་བླང་བའི་ཡི་གེ་དཀར་ཆག་ཏུ་མི་གསལ་བ།
གཉན་ལོས་གཉན་ལྷ་ཁང་གི་ཁྲོ་བོ་སྨེ་བརྩེགས་ཀྱི་ཞབས་འོག་ཏུ་གཏེར་དུ་སྦས་ཚུལ་གྱི་ལོ་རྒྱུས་རྣམས། ནོར་རྒྱུན་མ་དམར་མོའི་ཆོས་སྐོར་ལ། ན་མོ་བ་སུ་དྷ་ར་ཡ་གནས་ཡིད་དང་མཐུན་པ་ཞེས་པ་འགོར་ཡོད་པའི་སྒྲུབ་ཐབས་ཁ་ཟས་ལ་སོགས་པ་མེད་པར་བྱའོའི་མཐའ་ཅན། ཨཱ་ཙཪྻའི་ཞལ་ལས་རག་ལུས་པས་ཞལ་ཤེས། རྗེས་གནང་གི་ཡི་གེ་རྣམས་འཇུག་ན་ཨ་ན་ཡ་སོགས་ཀྱི་སྔགས་བྱང་ཡོད་པ། ལྷ་མོ་ཏི་ནུའི་ཆོས་སྐོར་ལ། དང་བའི་ལྷ་ལ་ཕྱག་འཚལ་ལོ་འགོར་ཡོད་པའི་སྒྲུབ་ཐབས་གདམས་པ་ཐུན་མོང་མ་ཡིན་པའོའི་མཐའ་ཅན། ལུང་བླང་བའི་ཡི་གེ་ས་སྐྱར་ཡར་སྒོམ་གྱིས་ཞུས་པ། རྗེས་གནང་གི་ཕྱག་ལེན། རྗེ་མཁྱེན་བརྩེས་མཛད་པའི་བསྟོད་པ་པདྨ་ར་གའི་ལྕགས་ཀླུ་རྣམས་དང་བཅས་པ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་སྒྲོལ་མ། གཉན་ལོ་ཙཱ་བ་དར་མ་གྲགས། གནས་ཁའུ་པ་དར་མ་རྒྱལ་མཚན། རྗེ་བཙུན་སྐུ་མཆེད། ཆོས་རྗེ་ཁུ་དབོན། དགའ་ལྡན་པ་ཀུན་བསོད། ཁམས་པ་རྡོ་རྗེ་དཔལ། བླ་མ་གྲགས་པ་དཔལ། བླ་མ་འཕགས་པ། བླ་མ་དཀོན་ཅོག་རྒྱལ་མཚན། བླ་མ་རིན་ཅེན་དཔལ། མཁན་ཆེན་སེང་གེ་དཔལ། བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། ཐུགས་སྲས་ཀུན་དགའ་རྒྱལ་པོ། འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས། ཚར་ཆེན་ཆོས་ཀྱི་རྒྱལ་པོ། །འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་རྡོ་རྗེ་རྗེ་གདན་པ་
ནས། བླ་མ་བློ་གྲོས་རྣམ་རྒྱལ། རྗེ་ཕྱོགས་ལས་རྣམ་རྒྱལ། ཚར་ཆེན་མན་འདྲ། ཡང་ན་རྗེ་བཙུན་གྲགས་པ་ནས། བླ་ཆེན་ཡར་སྒོམ། རྒྱ་ཚ་ཆོས་ཀྱི་དབང་ཕྱུག །མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། ཡར་ཀླུངས་པ་སེང་གེ་རྒྱལ་མཚན། མཁན་ཆེན་རྒྱལ་མཆོག །བྲག་ཐོག་པ་མན་འདྲ། ཡང་ན་ས་པཎ་ནས། ཚོགས་སྒོམ་པ། ཉན་ཆེན་པ། བྲག་ཕུག་པ། དཀའ་བཅུ་པ་གཞོན་ནུ་སེང་གེ །གུང་པ་བཀྲ་ཤིས་བཟང་པོ། རྡོ་རྗེ་གདན་པའི་གསན་ཡིག་ན་བར་འདིར་ལུང་མང་པོ་ཟེར་བ་ཞིག་འདུག་ཀྱང་རྗེ་མཁྱེན་བརྩེའི་གསན་ཡིག་ན་མི་འདུག་པ་བརྟག །མཁན་ཆེན་སེང་གེ་དཔལ། བྲག་ཐོག་པ་མན་འདྲ། ཞར་བྱུང་ཛམྦྷ་ལ་ཚོགས་བདག་ཨ་བ་ར་ཙིཏྟ་གསུམ་ལ་བརྟེན་པའི་གཉན་ལོའི་གསེར་ཆོས་ཛམྦྷ་ལ་གསུམ་བསྒྲིལ་གྱི་གདམས་པ་ལས་སྦྱོར་ཁོ་ནས་ལག་ཏུ་ལོན་པའི་མན་ངག་ཟབ་མོའི་སྒོམ་ལུང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ཡན་གོང་དུ་བཤད་མ་ཐག་པའི་རྒྱུད་པ་ལེ་ཚན་ལྟར་ལ། དེ་ནས་མཁན་ཆེན་ཁྱབ་བདག་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །དཀར་ཆག་ཏུ། དཱ་ན་ཤཱི་ལ་ལས་བརྒྱུད་པ་ལ་གཙོ་བོར་མི་མཛད་གསུང་བ་གཙོ་མི་ཆེ་བ་མ་གཏོགས་དོན་དཀར་ཆག་གི་ཚིག་གིས་ཟིན་པ་ཡིན་པས་གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་པདྨའི་སྙིང་པོ་དང་། དཀྱིལ་འཁོར་གྱི་ཆ་ོག་རིན་ཅེན་པདྨ་རཱ་གའི་གཏེར་ལ་བརྟེན་ནས་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཀུ་རུ་ཀུལླེ་ལྷ་ལྔའི་དབང་བཞི་ཡོངས་རྫོགས་སྒྲུབ་དཀྱིལ་གཉིས་ཀྱི་ལུང་དང་བཅས་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། རྗེ་བཙུན་སྒྲོལ་མ།
ཁ་ཆེ་པཎ་ཆེན། པཎ་ཆེན་དཱ་ན་ཤཱི་ལ། རྗེ་ས་པཎ། འུ་ཡུག་པ་བསོད་ནམས་སེང་གེ །དགའ་ལྡན་པ་ཀུན་དགའ་བསོད་ནམས། ཉིས་ཐོག་པ་ཀུན་སྨོན། རྗེ་ཡོན་ཏན་དཔལ། ཀུན་དགའ་རྡོ་རྗེ། ཀུན་དགའ་བསོད་ནམས། བྲག་ཕུག་པ། རི་ཁྲོད་བ། དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། གུ་གེ་པཎྜི་ཏ། གློ་བོ་མཁན་པོ་བསོད་ནམས་ལྷུན་གྲུབ། ས་ལོ་ཐམས་ཅད་མཁྱེན་པ་འཇམ་དཔལ་རྡོ་རྗེ། ངོར་ཆེན་དཀོན་ཅོག་ལྷུན་གྲུབ། ཞ་ལུ་པ་འཇམ་དབྱངས། བྱང་གླིང་ཆོས་རྗེ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་བཛྲ་པཱ་ཎི། ཛེ་ཏཱ་རི། ཨ་ཤཱ་ཀ །ཨ་མོ་གྷ་བཛྲ། བ་རི་ལོ་ཙཱ་བ། མཆིམས་བརྩོན་སེང་། མཁན་ཆེན་ཆོས་རིན། ཆོས་རྗེ་དགེ་སྡིངས་པ། བླ་མ་སྒོམ་པ། བླ་མ་རྡོ་རྗེ་རྒྱལ་མཚན། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། ཁྱུང་ལྷས་པ་གཞོན་ནུ་བསོད་ནམས། ཤར་ཆེན་མན་གོང་བཞིན་ནོ། །བདེ་མཆོག་རྡོ་རྗེ་མཁའ་འགྲོ་བརྒྱུད་ནས་བཤད་པའི་དཔལ་ལྷ་ཆེན་ཚོགས་ཀྱི་བདག་པོ་ཁམས་གསུམ་དབང་དུ་མཛད་པའི་གདམས་སྐོར་ས་སྐྱའི་རྗེ་བཙུན་ཆེན་པོ་ལ་བཀའ་བབས་པར་བརྟེན། ཆོས་རྗེ་ས་སྐྱ་པཎྜི་ཏས་ཧོར་དང་རྒྱ་གར་གྱི་རྒྱལ་པོ་སོགས་འགྲོ་བ་མང་པོ་དབང་དུ་བསྡུས་པ་ནི་རྒྱུད་སྡེ་རིན་པོ་ཆེའི་དགོངས་པ་ལྟར་འཕགས་ཡུལ་གྱི་གྲུབ་ཆེན་དུ་མས་བསྟན་པ་ལ་མི་དད་པའི་རྒྱལ་པོ་དྲེགས་པ་ཅན་དབང་དུ་བསྡུས་ནས་བསྟན་པ་ལ་བཅུག་པའི་ཚུལ་དང་
མཚུངས་ཤིང་། ཟངས་ཚ་བསོད་ནམས་རྒྱལ་མཚན་གྱིས་ཚོགས་བདག་གཟིར་བའི་མཐུས། དེས་བསྐུལ་ནས་ས་སྟོན་རི་པ་བསམ་བཞིན་འཕགས་པ་རིན་པོ་ཆེར་སྐྱེ་བ་བཞེས་ནས་ཧོར་རྒྱལ་པོའི་ཏི་ཤྲཱིར་གྱུར་ཏེ་བོད་ཆོལ་ཁ་གསུམ་གྱི་བདག་མཛད་པ། ཁམས་སུ་དགེ་སློང་བཞི་སྡེ་ཞིག་གིས་ལྷ་ཆེན་འདི་བསྒྲུབས་པས་གསེར་ལུག་གི་མཆིན་པ་ཙམ་རྙེད་པ་སོགས་ཐུན་མོང་གི་དངོས་གྲུབ་བསམ་གྱིས་མི་ཁྱབ་པ་མངའ་བའི་གསེར་ཆོས་ཟབ་མོའི་སྐོར་ལ། ངོར་ཆེན་རྡོ་རྗེ་འཆང་གི་ཡི་གེ་དང་དམ་པའི་ཕྱག་ལེན་ལ་བརྟེན་ནས་ལྷ་ཆེན་ཚོགས་བདག་དམར་པོ་ཕྱག་བཅུ་གཉིས་པའི་ཐུན་མོང་གི་རྗེས་གནང་། པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཕྱག་ལེན་ཁྲིགས་ཆགས་འདོད་དགུའི་དཔག་བསམ་གྱི་སྟེང་ནས་དམར་ཆེན་ཕྱག་བཅུ་གཉིས་པའི་ཐུན་མོང་མ་ཡིན་པའི་རྗེས་གནང་། དེས་མཛད་པའི་མ་ནོར་དོན་ཚང་གསལ་བའི་སྒྲོན་མེའི་སྟེང་ནས་དམར་ཆེན་ཕྱག་བཅུ་གཉིས་པའི་ཁྱད་པར་གྱི་རྗེས་གནང་། ཇོ་བོ་རྗེ་ལུགས་ཀྱི་ཚོགས་བདག་ཆགས་པ་རྡོ་རྗེའི་ཡིག་རྙིང་དང་མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་ཚོགས་བདག་དཀར་པོའི་རྗེས་སུ་གནང་བ་ལེགས་པར་ནོས་ནས། རྒྱབ་བརྟེན་ལུང་ལ། རྩ་བའི་ཡི་གེ །གསལ་བྱེད་ཀྱི་ལྷན་ཐབས། གསང་སྒྲུབ་ཀྱི་ཡི་གེ །ཞར་བྱུང་ཇོ་བོ་ཆེན་པོ་ནས་བརྒྱུད་པའི་དཀར་པོ། གསེར་ཆོས་ཀྱི་གསང་སྒྲུབ་དམར་པོ་ཕྱག་བཞི་པའི་ཡི་གེ་དཀར་ཆག་ཏུ་མ་བཞུགས་པའི་སྐོར་དང་དྲུག །དང་པོ་ལ། འགོར་འཇིག་རྟེན་དབང་ཕྱུག་ལ་ཕྱག་༼གློ༽འཚལ་ལོ་ཚོགས་ཀྱི་བདག་པོའི་ལོ་རྒྱུས་ནི་ཞེས་ཡོད་པའི་ལོ་རྒྱུས། མངོན་བརྗོད་ཀྱི་བསྟན་བཅོས་ལས་དབང་ཕྱུག་གི་ཆུང་མ་ཕག་མོའི་བུར་ཚོགས་བདག་
སྐྱེས་པའི་གཏམ་རྒྱུད། འགོར་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ་བགེགས་ཀྱི་རྒྱལ་པོའི་རྗེས་གནང་གི་ཆོ་ག་ནི་ཞེས་ཡོད་པའི་རྗེས་༼གློ༽གནང་གི་ཡིག་རྙིང་མལ་ལོས་མཛད་པ་རྫོགས་སོའི་མཐའ་ཅན། ཐུན་མོང་མ་ཡིན་པའི་རྗེས་གནང་གི་ལག་ལེན་རྒྱས་བསྡུས་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་གྱིས་ཟིན་བྲིས་སུ་མཛད་པ། འགོར་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ་བགེགས་ཀྱི་རྒྱལ་པོའི་རྗེས་གནང་བྱེད་པར་འདོད་པས་ཞེས་ཡོད་པའི་ཁྱད་པར་གྱི་རྗེས་གནང་གི་ཡི་གེ་དགའ་ལྡན་པ་ཀུན་བསོད་ཀྱིས་མཛད་པ་ཁྱད་པར་གྱི་གདམས་པ་བརྗེད་ཐོར་བཀོད་པའོའི་མཐའ་ཅན། ཡར་ཀླུངས་པའི་ཐུན་མོང་མ་ཡིན་པའི་རྗེས་གནང་གི་གསལ་བྱེད་བདག་ཆེན་རྡོ་རྗེ་འཆང་གིས་མཛད་པ་བླ་མ་གོང་མའི་ཡི་གེ་དང་མི་མཐུན་པས་སྤང་པར་བྱའོའི་མཐའ་ཅན། འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ་དཔལ་ཚོགས་ཀྱི་བདག་པོ་ཞེས་ཡོད་པའི་ཐུན་མོང་གི་རྗེས་༼གློ༽གནང་ངོར་ཆེན་གྱིས་མཛད་པ་ཚོགས་བདག་གི་རྗེས་གནང་བྱ་ཚུལ་འི་མཐའ་ཅན། ཚོགས་བདག་གི་རྒྱུད་རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་དགུ་པ་ལས་ཕྱུང་བའི་འཕགས་པ་བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས། འཕགས་པ་ཚོགས་ཀྱི་བདག་པོའི་སྙིང་པོའི་གཟུངས་༼གློ༽ལོ་ཙཱ་བ་དགེ་སློང་པུཎྱ་ཤྲཱི་བྷ་དྲས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར་བ། གྲུབ་ཆེན་ནག་པོ་སྤྱོད་པས་མཛད་པའི་དཔལ་རྡོ་རྗེ་མཁའ་འགྲོའི་སྒྲུབ་ཐབས་ཞེས་པ་འབྱུང་པོ་འདུལ་བྱེད་ཀྱི་སྒོམ་བཟླས་པཎ་ཆེན་གྷ་ཡ་དྷ་ར་དང་བླ་ཆེན་འབྲོག་མིས་བསྒྱུར་བ། ཡང་དེས་མཛད་པའི་བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས་༼གློ༽གྷ་ཡ་དྷ་ར་དང་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་
བསྒྱུར་བ། དེས་མཛད་པའི་འཕགས་པ་ཚོགས་ཀྱི་བདག་པོའི་བསྟོད་པ་འཇིག་རྟེན་མགོན་མཛད་མ། འདིའི་གཤམ་དུ་བླ་མ་དམ་པས་མཛད་པའི་བསྟོད་པ་རྒྱལ་བའི་འཕྲིན་ལས་མ་དང་དེ་ནས་མུས་འཐུད་པའི་བཟླས་པ་བྱ་ཚུལ་སོགས་ཡར་ཀླུངས་པའི་མཛད་བྱང་ཡོད་པ་ཞིག་ཆོས་ཚན་གཅིག་གི་ཚུལ་དུ་འདུག་པ་དཀར་ཆག་ན་མི་གསལ་ཡིག་རྒྱུན་མ་དག་པ་འབྱམས་པ་ལས་འོག་གི་ཡར་ཀླུངས་པའི་གཏོར་ཆོག་ན་མཛད་བྱང་སོགས་མི་འདུག་པས་དེའི་ཞབས་ཡིན་ནམ་སྙམ་པ་སླར་ཡང་དཔེ་རྙེད་ན་དཔྱད་དགོས་འདུག་གོ །དེས་མཛད་པའི་བགེགས་ཀྱི་རྒྱལ་པོའི་བྲིས་སྐུའི་མན་ངག་གྷ་ཡ་དྷ་ར་དང་གྱི་ཇོའི་འགྱུར། དེས་མཛད་པའི་འཕགས་པ་ཚོགས་ཀྱི་བདག་པོའི་གཏོར་མའི་ཆོ་ག་འགྱུར་བཤད་མ་དག་པ་དང་འདྲ་བ། དེས་མཛད་པའི་བགེགས་བདག་གི་སྦྱིན་སྲེག་གི་ཆོ་ག་འགྱུར་གོང་འདྲ། དཀར་ཆག་དང་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་འདི་ལྟར་འདུག་སྦྱིན་སྲེག་གི་ཡི་གེར་འབྲོག་མིའི་འགྱུར་ཟེར་པ་འདུག་པས་དཔྱད། ཤིན་ཏུ་མྱུར་བའི་ལྷ་བགེགས་ཆེན་པོའི་སྒྲུབ་ཐབས་སློབ་དཔོན་དཱི་པཾ་ཀ་རས་མཛད་པ། དཔལ་ཚོགས་ཀྱི་བདག་པོའི་ལས་བཞིའི་འཁོར་ལོའི་གསལ་བྱེད་གྲུབ་ཆེན་ཌོམྦྷི་ཧེ་རུ་ཀས་མཛད་པ། སློབ་དཔོན་ནག་པོ་སྤྱོད་པས་མཛད་པའི་བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས་ཀྱི་རྣམ་པར་བཤད་༼གློ༽པ་རྗེ་བཙུན་རིན་པོ་ཆེ་གྲགས་པས་མཛད་པ། དེས་མཛད་པའི་བསྙེན་སྒྲུབ་ལས་སྦྱོར་སྦྱིན་སྲེག་དང་བཅས་པ་མཇུག་ན་ཞར་བྱུང་གི་ཞལ་གདམས་མང་པོ་ཡོད་ཀྱང་མ་བྲིས་སོའི་མཐའ་ཅན། འགོར་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ་ག་ཎ་པ་ཏི་སྒྲུབ་པ་བྱེད་པར་འདོད་པས་ཞེས་ཡོད་པའི་གསང་སྒྲུབ་ལྷ་དགུའི་སྒྲུབ་༼གློ༽
ཡིག་རྙིང་པ་དངོས་གྲུབ་ཀྱི་རྒྱ་མཚོ་བརྡོལ་ནས་འོང་ངོའི་མཐའ་ཅན། འགོར་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ་ག་ཎ་པ་ཏི་སྒྲུབ་པར་འདོད་པས་ཞེས་པའི་གསང་སྒྲུབ་ལྷ་དགུའི་སྒྲུབ་ཐབས་ས་སྐྱ་པཎྜི་ཏས་མཛད་པ་རྫོགས་སོའི་མཐའ་ཅན། ཞར་བྱུང་དམ་ཚིག་དང་འཕགས་པ་རིན་པོ་ཆེ་སུམ་ཅུ་རྩ་གསུམ་དུ་ཁྱེར་བའི་ལོ་རྒྱུས་ཟུར་ཙམ་དང་བཅས་པ། དེ་དང་འདྲ་མིན་འགོར་དཔལ་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ་ཡོད་པ་གསང་སྒྲུབ་དྲག་པོའི་ལག་ལེན་ས་སྐྱ་པཎྜི་ཏས་སྦྱར་བ་རྫོགས་སོའི་མཐའ་ཅན། ཞར་བྱུང་སྒྲུབ་པའི་སྔོན་འགྲོ་དང་སྔགས་བྱང་བསྟན་པ། ཚོགས་བདག་གི་མངོན་རྟོགས། གཏོར་འབུལ། བསྟོད་པ། རྨི་ལྟས། སྐུའི་དབང་སྡུས། འཁོར་ལོའི་ལས་སྦྱོར། འདྲེ་མཐོང་བཅས་པ་རྣམས་ཟངས་ཚ་བསོད་ནམས་རྒྱལ་མཚན་གྱིས་མཛད་པ། དཔལ་ག་ཎ་པ་ཏིའི་བསྙེན་སྒྲུབ་ལས་གསུམ་སྤོགས་ཆོག་དང་བཅས་པ་གསལ་བར་སྟོན་པའི་སྒྲུབ་ཡིག་ཆེན་མོ་གཞན་ལས་ཆེས་ཁྱད་པར་འཕགས་པ་སྟོང་གསུམ་ནོར་བུས་བཀང་བ་ལས་ཀྱང་དགའ་བ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་མཛད་པ། འདི་དུས་གཅིག་ལ་སློབ་མ་གཅིག་ལས་མི་སྟོན་པའི་གསེར་ཆོས་བཀའ་རྒྱ་ཅན་ཡིན་ནོ། །དེས་མཛད་པའི་སྒྲུབ་ཁྲིགས་ཀྱི་སྡོམ་ཚིག་ཤིན་ཏུ་གསལ་བ། འགོར་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ་ཡོད་པའི་ཚོགས་བདག་གི་གཏོར་ཆོག་༼གློ༽རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པས་མཛད་པ། འདིའི་མཇུག་རྒྱལ་བའི་སྐུ་གསུང་མ་ཟེར་བའི་བསྟོད་པ་སློབ་དཔོན་ནག་པོའི་ཞབས་ཀྱིས་མཛད་ཟེར་བ་ཞིག་གི་རྫོགས་པ་ལས་ཡར་ཀླུངས་པའི་མཛད་བྱང་
མ་བྱུང་བས་གོང་དུ་དོགས་སློང་བྲིས་པའི་ནག་པོ་པས་མཛད་པའི་བསྟོད་པ་འཇིག་རྟེན་མགོན་མཛད་མའི་གཤམ་དུ་དྲུང་ཆོས་རྗེ་པས་མཛད་ཟེར་པའི་བསྟོད་པ་དང་གཏོར་ཆོག་སོགས་ཀྱི་མཐར་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་གྱིས་དམ་པ་མང་པོའི་བཞུགས་གནས་བསམ་གླིང་བདེ་ཆེན་དུ་སྦྱར་ཟེར་བ་འདུག་པ། དཔེ་གོང་འོག་གཉིས་པོའི་མཇུག་ཡིག་མཁན་གྱིས་ནོར་ནས་བྲིས་སམ་སྙམ་པ་སླར་ཡང་མ་དཔེ་རྙིང་པ་རྙེད་ན་ཞུ་གཏུགས་དགོས་པར་སྣང་ངོ་། །གཉིས་པ་གསལ་བྱེད་ལྷན་ཐབས་ལ། བྲིས་སྐུ་བྲི་ཞིང་སྒྲུབ་པའི་ཡི་གེ་དེ་ཕྱིར་སྔགས་ལ་ནན་ཏན་བྱ་ས་མ་པ་ཐ་མིའི་མཐའ་ཅན། བྲིས་སྐུ་བྲི་བའི་མན་ངག་རབ་ཏུ་གནས་པ་དང་བཅས་པ་བྲིས་སྐུའི་ཆོ་ག་རྫོགས་བྱང་གི་མཐའ་ཅན། གནོད་སྦྱིན་ཆེན་པོ་བསེ་གདོང་གཟུགས་མནན་པའི་ཡིག་རྙིང་ཚིགས་བཅད་མ། གནོད་སྦྱིན་བསེ་གདོང་ཅན་གནོད་སྦྱིན་ལག་ལེན་ཆོས་རྗེ་བླ་མ་དམ་པའི་གསུང་བཞིན་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་གྱིས་བསམ་ཡས་སུ་ཟིན་བྲིས་མཛད་པ། སྐུ་རྟེན་བྲི་བ། དངོས་གྲུབ་ཀྱི་རྟེན་གཏོར་བཅའ་བ། གསང་རྟེན་ལུས་ལ་བཅད་པ། རྒྱུན་གཏོར་གཏེར་དུ་སྦ་བ་ཐུན་མོང་མ་ཡིན་པའི་གནད་དབབ་རྣམས་ཀྱི་ཡིག་ཆུང་བཀའ་རྒྱ་ཅན་གསེར་ཆོས་ཆིག་བརྒྱུད་མ། སྒྲུབ་པའི་སྒབ་འདྲེ་གནོན་པ། གསང་རྟེན་བཅའ་བ། བླ་རྡོ་འཆང་བ། དངོས་གྲུབ་བླང་ཐབས་རྣམས་སྟོན་པའི་གསང་བ་གནད་ཀྱི་ཡིག་ཆུང་སྒྲུབ་ཡིག་ཆེན་མོའི་ལྷན་ཐབས་བདག་ཆེན་རྡོ་རྗེ་འཆང་གིས་མཛད་པའི་གསེར་ཆོས་ཆིག་བརྒྱུད་མ། གསང་བ་སྙིང་གི་འཁོར་ལོའི་ལས་བཞི་བསྒྲུབ་ཚུལ། སྤོགས་ཆོག །གསང་བ་ཐུགས་ཀྱི་མན་ངག་ནོར་བུ་བསམ་གཏན།
ཚོགས་བདག་དང་ཙརྩི་ཞལ་སྦྱོར་གྱི་ཐབ་གཏེར། བང་མཛོད་ཀྱི་ཆོ་ག་རྣམས་སྟོན་པའི་ཡི་གེ་རིན་ཅེན་ལྗོན་ཤིང་གསེར་ཆོས་ཆིག་བརྒྱུད་གྲས། འགོར་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ་གསང་སྔགས་མ་བཟླས་མི་འགྲུབ་ཅིང་ཡོད་པའི་སྦྱིན་སྲེག་གི་ལག་ལེན་མེ་མ་ཤི་བར་ལ་གཞན་རེག་ཏུ་མི་འཇུག་གོའི་མཐའ་ཅན། བི་ན་ཡ་གའི་རྒྱུད་ལས་གསུངས་པའི་ཕྱག་མཚན་བཅུ་གཉིས་ཀྱི་ལས་ཚོགས་༼གློ༽ཞེས་པ་དགྲ་སྟས་དགྲ་བོ་གཞོམ་པ། གཏུན་ཤིང་གིས་བགེགས་ཚར་གཅོད་པ། མདའ་གཞུས་དགྲ་བོ་དབང་དུ་བྱེད་པ། ཁ་ཊྭཱཾ་གས་འབྱུང་པོ་དགའ་བར་བྱེད་པ། ལྕགས་ཀྱུས་འགྲོ་བ་དབང་དུ་བསྡུ་བ། ཐོད་པས་གདུལ་བྱ་འགུགས་པ། རྡོ་རྗེས་གདོན་བགེགས་ཚར་གཅོད་པ། རལ་གྲིས་གཟའ་བསྲུང་བ། ཐོད་པ་ཤ་ཆེན་གྱིས་ནོར་སྒབ་པ། ཕུབ་ཀྱིས་བསྲུང་བ། བ་དན་གྱིས་གྲགས་པ་སྤེལ་བ། མདུང་གིས་བསམ་པ་སྒྲུབ་པ་རྣམས་སྟོན་པ། འཕགས་པ་རིན་པོ་ཆེས་མཛད་པའི་༼གློ༽བསྟོད་པ་ཚིག་རྐང་བཅུ་བདུན་མ། དེས་མཛད་པའི་སྤྱན་འདྲེན་མཆོད་འཕྲེང་ཤཔྟ་པྲ་ཏཱིཙྪ་ཧཱུྃ་གི་མཐའ་ཅན། དཔལ་ལྡན་བླ་མ་དམ་པས་མཛད་པའི་བསྟོད་པ་པཾ་པད་རཾ་ཉི་མ། དེས་མཛད་པའི་རྒྱལ་བའི་འཕྲིན་ལས་མ། ངོར་ཆེན་གྱིས་མཛད་པའི་བསྟོད་པ་༼གློ༽གདུག་པ་ཀུན་འདུལ་མ་རྣམས། གསུམ་པ་གསང་སྒྲུབ་ཀྱི་ཡི་གེ་ལ། ཚོགས་བདག་དམར་པོ་གསང་སྒྲུབ་ཞལ་གཅིག་ཕྱག་དྲུག་པའི་སྒྲུབ་༼གློ༽བ་དཔལ་ནཱ་རོ་པས་མཛད་པ་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་བ་རི་ལོ་ཙཱ་བས་བསྒྱུར་བ། དེའི་ལག་ལེན་ཚོགས་ཀྱི་བདག་པོའི་གསང་སྒྲུབ་ཀྱི་ལག་ལེན་རྫོགས་སོའི་མཐའ་ཅན། ཌོམྦྷི་ཧེ་རུ་ཀ་ནས་བརྒྱུད་པའི་ཚོགས་བདག་
དམར་ཆུང་ཞལ་གཅིག་ཕྱག་གཉིས་ནོར་རྒྱུན་མ་དང་ཡབ་ཡུམ་དུ་སྒྲུབ་པའི་ཡི་གེ་མཆོད་པའི་ལས་སོའི་མཐའ་ཅན། རྒྱལ་བློན་བཙུན་མོ་འབངས་སོགས་དབང་དུ་བསྡུ་བའི་ཡི་གེ །རྟེན་ཕྱི་ནང་གསང་གསུམ་བཅའ་བའི་ཡི་གེ་རྫོགས་སོའི་མཐའ་ཅན་ཞར་བྱུང་དབང་དུ་མ་འདུས་ན་དམིགས་པ་བྱ་ཚུལ་དང་བཅས་པ་རྣམས། བཞི་པ་ཞར་བྱུང་ཇོ་བོ་ཆེན་པོ་ནས་བརྒྱུད་པའི་དཀར་པོའི་སྐོར་ལ། ཚོགས་བདག་རིགས་ལྔ་སྟོན་པའི་རྒྱུད་རིན་ཅེན་གཏེར་མཛོད་ལེའུ་དགུ་པ་པཎྜི་ཏ་དཱི་པཾ་ཀ་ར་དང་ནག་ཚོ་ལོ་ཙཱ་བས་བསྒྱུར་བ། འཕགས་པ་ཚོགས་ཀྱི་བདག་པོ་འཇུར་གེགས་སེལ་བའི་སྒྲུབ་ཐབས་སློབ་དཔོན་ཨིནྡྲ་བྷཱུ་ཏིས་མཛད་པ་པཎྜི་ཏ་དི་པཾ་ཀ་ར་དང་ལོ་ཙཱ་བ་རྒྱ་བརྩོན་སེང་གེས་ཡམ་བུ་མཁར་དུ་བསྒྱུར་བ། དེའི་ལག་ལེན་འཕགས་པ་ཚོགས་ཀྱི་བདག་པོ་བགེགས་སེལ་གྱི་སྒྲུབ་ཐབས་ཇོ་བོ་ཨ་ཏི་ཤས་མཛད་པ་གུ་གུལ་གྱིས་བདུག་ཅིང་གཏོར་མ་གཏང་ངོའི་མཐའ་ཅན། དེས་མཛད་པའི་བསྟོད་པ་ཕྱག་འཚལ་དཔལ་ལྡན་མ། ཚོགས་བདག་གི་སྐུ་ལ་རབ་གནས་བྱ་བ་མཆོད་ཐབས་རྫོགས་བྱང་གི་མཐའ་ཅན། གནད་ལ་དབབ་པ་རྒྱ་བརྩོན་འགྲུས་སེང་གེའི་མན་ངག་ཤིན་ཏུ་ཟབ་པ། གནད་ལ་བོར་བ། བཟླས་པའི་ཞལ་གདམས། སྦྱིན་སྲེག་གི་ལས་མེད་ཐབས་མེད་པའི་མཐའ་ཅན། གསད་པའི་ལས་རྟ་ཕྲུ་མ། སྤོགས་པའི་ཡིག་ཆུང་། རྗེས་གནང་ལོ་རྒྱུས་དང་བཅས་པའི་ཡི་གེ །ཡང་ཇོ་བོ་རྗེའི་གདམས་པ་ཚོགས་བདག་དཀར་པོ་ཕྱག་བཞི་པ་སློབ་དཔོན་ཨ་མོ་གྷ་ནས་བརྒྱུད་པའི་སྐོར་ལ། ཚོགས་བདག་སྒྲུབ་པའི་རྟེན་གྱི་གང་ཟག་གིས་ཞེས་འགོར་ཡོད་པའི་ཚོགས་བདག་དཀར་པོ་གླང་གདོང་ཕྱག་བཞི་པའི་སྒྲུབ་ཐབས་མ་མཐོང་བར་དུའོའི་
མཐའ་ཅན། པཎྜི་ཏ་ཨ་དཀར་དྲི་ལ་དུར་ཁྲོད་ཕུང་ལུང་ནག་པོར་སྐྱེ་བ་སྔོན་མའི་ཡོན་བདག་དང་ཕྲད་པའི་ལུང་བསྟན་བྱུང་ཚུལ་སོགས་ཀྱི་ལོ་རྒྱུས། དཀར་ཆག་ན་བར་འདིར་ཚོགས་བདག་དཀར་པོ་ཤ་བའི་གདོང་ཅན་གྱི་སྒྲུབ་ཐབས་ཟེར་བ་ཞིག་འདུག་ཀྱང་དཔེ་མ་འབྱོར་བས་ལུང་མ་ཐོབ། ཚོགས་ཀྱི་བདག་པོའི་གསང་སྒྲུབ་ཨ་མོ་གྷ་བཛྲ་ཀྱིས་མཛད་པ་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ། ཚོགས་ཀྱི་བདག་པོ་སྒྲུབ་པའི་མན་ངག་ངེས་པར་དབང་དུ་འགྱུར་རོའི་མཐའ་ཅན། སྐུ་ལ་རབ་གནས་བྱ་ཐབས་རྫོགས་སོའི་མཐའ་ཅན། མཉེས་པར་བྱ་བའི་ཕྱིར་གཏོར་མ་འབུལ་བ་རྫོགས་སོའི་མཐའ་ཅན། བསྟོད་པ་སུམ་ཅུ་རྩ་གསུམ་མ་ཨ་མོ་གྷ་བཛྲ་གྱིས་མཛད་པ་རྣམས། ལྔ་པ་གསང་སྒྲུབ་ཕྱག་བཞི་པའི་ཡིག་རྙིང་ལ། དཔལ་ཚོགས་ཀྱི་བདག་པོ་ལ་ཕྱག་འཚལ་ལོ་ཚེ་འདི་ལ་བསོད་ནམས་ཆེ་བ་ཞེས་འགོར་ཡོད་པའི་གསང་སྒྲུབ་དམར་པོ་ཕྱག་བཞི་པའི་ཡིག་རྙིང་གདོང་གྲོགས་གྱིས་ཤིག་གི་མཐའ་ཅན། དེའི་རྟེན་བཅའ་བ་སོགས་ཀྱི་ཞལ་གདམས་དམ་པ་ཀུན་དགའ་གྲགས་ཀྱིས་ཡི་གེར་བཀོད་པ། བསྟོད་ཅིང་གསོལ་བ་གདབ་པ་ནོར་གྱི་རྒྱུད་འགྱུར་མ་འཕགས་པ་རིན་པོ་ཆེས་མཛད་པ། ཚོགས་བདག་ཡང་གསང་དྲག་པོ་བཙན་ཐབས་སུ་སྒྲུབ་པའི་ཉིང་ཁུ་ཟབ་མོ་ཕྱག་གཉིས་པའི་སྒྲུབ་ཐབས་སྦྱིན་སྲེག་སྤོགས་ཆོག་དང་བཅས་པ་བླ་མ་ས་སྐྱ་པ་ཆེན་པོས་མཛད་པ། ཚོགས་བདག་གླང་པོའི་གཟུགས་སྒྲུབ་ཀྱི་སྒོ་ནས་ནོར་སྦྱིན་པའི་ཞལ་གདམས་ཞེས་པ་གླང་པོ་ཆེའི་གཟུགས་ལ་བརྟེན་ནས་སྒྲུབ་པ་དཀར་ཆག་ཏུ་ཐབ་འཁོར་མཛོད་འཁོར་དགེ་
འདུན་འདུ་བའི་འཁོར་ལོ་གསུམ་གྱི་གནད་ཡིག་འདུག་པ་དཔེ་མ་འབྱོར་བས་མ་ཐོབ། རྗེ་བསམ་གཏན་གླིང་པའི་ཕྱག་དཔེ་དངོས་ལས་བཤུས་པ་རྣམས། ས་གཅད་ལྔ་པ་འདི་ཐམས་ཅད་མཁྱེན་བརྩེའི་གསན་ཡིག་ན་གསུམ་པའི་མཇུག་ན་འཐུད་པའི་རྗེ་བཙུན་ས་སྐྱ་པའི་ཁྱད་པར་གྱི་གདམས་པ་གསེར་ཆོས་ཐུན་མོང་མ་ཡིན་པའི་ཞེས་ཡར་བཅད་ནས་ས་གཅད་བཞི་པ་འདི་ལོགས་སུ་མཛད་པ་དོན་ལ་གནས་ནའང་། འདིར་དཀར་ཆག་ཆེན་མོའི་བཞུགས་ཚུལ་ལྟར་བཀོད་པ་ཆོས་སྡེའི་བརྒྱུད་བབས་གྱི་དབྱེ་བ་མ་འདྲེས་པར་བྱེད་དགོས་ཤིང་། དཔའ་བོ་རྡོ་རྗེ། གྷ་ཡ་དྷ་ར། ཧ་དུ་དཀར་པོ། པཎྜི་ཏ་འཇམ་དཔལ་དབྱངས་ཏེ་བརྒྱུད་པ་བཞིའི་གདམས་པ་ཐུན་མོང་མ་ཡིན་པའི་ཁྱད་པར་གྱི་དབྱེ་བའང་ཁའུ་བྲག་རྫོང་པའི་བསྟན་འཛིན་ཞིག་གི་ཞལ་ལུང་ལས་ལེན་དགོས་ཀྱི་ཤེས་རློམ་ཀུན་གྱིས་སྤྱོད་ཡུལ་མ་ཡིན་ནོ། །དྲུག་པ་དཀར་ཆག་ཏུ་མ་བཞུགས་པའི་སྐོར་ལ། དཔལ་ཚོགས་ཀྱི་བདག་པོ་དམར་ཆེན་ཕྱག་བཅུ་གཉིས་པའི་རྗེས་གནང་ཐུན་མོང་མ་ཡིན་པའི་ཕྱག་ལེན་ཁྲིགས་ཆགས་འདོད་དགུའི་དཔག་༼ངག༽བསམ་པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པ། དེས་མཛད་པའི་ཚོགས་ཀྱི་བདག་པོའི་ཁྱད་པར་གྱི་རྗེས་གནང་༼ངག༽མ་ནོར་དོན་ཚང་གསལ་བའི་སྒྲོན་མེ། ཚོགས་བདག་དམར་ཆེན་ཕྱག་བཅུ་གཉིས་པའི་བསྙེན་པ། སྒྲུབ་པ། སྤོགས་པ། སྦྱིན་སྲེག་དང་བཅས་པ་ཚིགས་བཅད་མ་བླ་མ་གཉན་ཕུ་བྱུང་པས་མཛད་པ་༼ཆེན༽སྦ་ཞིང་གསང་ལ་སྒྲུབ་པའི་མཐའ་ཅན། དེས་མཛད་པའི་བསྟོད་པ་དཔལ་༼ཆེན༽ཆེན་སྤྱན་སྔ་མ། དབང་དུ་བྱེད་ན་ཟླ་༼ཆེན༽གམ་དམར་པོ་ཞེས་སོགས་
ཀྱི་ཞལ་ཤེས། གདམས་པ་འདི་ལ་དོན་གསུམ་སྟེ་ཞེས་འགོ་དང་༼ཆེན༽ཨཱ་ཀ་རོ་བདུན་གྱིས་དབུལ་ལོའི་མཐའ་ཅན། གནོད་སྦྱིན་བསེ་གདོང་མནན་པའི་གདམས་༼ཆེན༽པ་སེམས་ཅན་ཁོ་ནའི་དོན་དུ་དམ་ཚིག་གོའི་མཐའ་ཅན། ཡང་འགོར་བཟློག་པ་རེམ་དུ་བྱ་ཞེས་ཡོད་པའི་བསེ་གདོང་མནན་པ་༼ཆེན༽ལུས་ནག་སྣ་དམར་གཟུགས་སུ་འབྲིའི་མཐའ་ཅན། དང་པོ་ཚོགས་བདག་གི་ཕྱི་ནས་འབྲང་ཞེས་འགོར་ཡོད་པའི་བསེ་གདོང་མནན་༼ཆེན༽པ་སྨོན་ལམ་འདེབས་སུ་འཇུག་གོའི་མཐའ་ཅན། དཔལ་ཚོགས་ཀྱི་བདག་པོའི་སྒྲུབ་ཐབས་རིན་ཅེན་སྤུངས་༼ཀློང༽པ་ཞེས་པ་སྙན་ངག་མཁན་དཔལ་ལྡན་བསམ་ཡས་པའམ་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པ། དེས་མཛད་པའི་བསྟོད་པ་༼ཀློང༽སྡེབ་སྦྱོར་རྒྱ་མཚོའི་སྤྲིན། མགོན་པོ་ཚོགས་ཀྱི་བདག་པོ་མཆོད་ཅིང་སྒྲུབ་པའི་ཐབས་དངོས་གྲུབ་ཀྱི་འབྱུང་༼མཾ༽གནས་པཎ་ཆེན་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པ། མཆོད་གཏོར་འབུལ་ཞིང་འཕྲིན་ལས་འཆོལ་བ་༼ཆེན༽ཚར་ཆེན་གྱིས་མཛད་པ་ཕུན་ཚོགས་དངོས་གྲུབ་མ། ཚོགས་ཀྱི་བདག་པོ་སྒྲུབ་ཐབས་༼ནཱ༽སློབ་དཔོན་ན་རོ་པས་མཛད་པ་གསང་བའི་མན་ངག །ཆགས་པ་རྡོ་རྗེའི་སྐོར་ནས་རྒྱུད་ཀྱི་བསྡུས་དོན་རྣམ་པར་བཤད་པའོའི་མཐའ་ཅན། ཚོགས་བདག་ཁྲོ་བོ་སྤྲེའུ་ལྟར་སྒྲུབ་པ་བླ་མ་གསེར་གླིང་པས་མཛད་པ། སྤྲེའུ་ལྟར་སྒྲུབ་པའི་ཚོགས་ཀྱི་བདག་པོའི་གསང་སྒྲུབ་དཔལ་ཨ་ཏི་ཤ་ནས་བརྒྱུད་པའི་ཟབ་པ། ཚོགས་བདག་གི་གཏོར་མ་ས་མཐའི་མཐའ་ཅན། གསོལ་གདབ་མི་འགྱུར་བཀོད་པ་ཞར་བྱུང་སྤྱན་འདྲེན་རི་རབ་མ་དང་བཅས་པ། ཆགས་པ་རྡོ་རྗེའི་
ཞལ་གདམས་ཚིག་གཉིས་མ། སྔགས་འབུམ་གྱི་གདམས་པ། གཎ་པ་ཏི་སྤྲེའུའི་སྒྲུབ་ཐབས་རྫོགས་བྱང་གི་མཐའ་ཅན། ཚོགས་བདག་གསང་སྒྲུབ་ཅེས་པ་བསྙེན་པ་བླ་རྡོ་གནད་དབབ་དང་བཅས་པ་ག་ལྔ་མར་གྲགས་པ་བླ་མའི་ཞལ་ལས་རྙེད་པའི་གདམས་པ། འགོར་སྔགས་གཞན་གཉིས་པོ་འདི་གོང་མ་གཙིགས་ཆེ་ཞེས་ཡོད་པའི་སྤྲེའུའི་ཞལ་གདམས་བསམ་གཏན་གླིང་པས་མཛད་པ་ཐུགས་དམ་མཉམ་པ་འོའི་མཐའ་ཅན། ཨ་མོ་གྷས་མཛད་པའི་སྐོར་ལ། ལ་དུ་འཆོས་ཐབས། རྗེ་མཁྱེན་བརྩེའི་གསན་ཡིག་ན་འདིའི་འོག་ཏུ་ཐུན་སྔགས་ཟེར་བ་ལོགས་སུ་མ་རྙེད། གཟན་ནམ་ཆན་ལ་གཏོར་མ་བྲེ་གང་ཡན་ཆད་བཟང་བར་བྱས་ཏེ་ཞེས་པ་འགོར་ཡོད་པའི་སྒྲུབ་ཐབས་རྫོགས་སོའི་མཐའ་ཅན། ཚོགས་ཀྱི་བདག་པོ་ལ་ཕྱག་འཚལ་ལོ་དེ་ལ་འདི་སྒྲུབ་པར་འདོད་པས་ཞེས་འགོར་ཡོད་པའི་སྒྲུབ་ཐབས་དབུ་ཤར་དུ་བལྟས་པ་ཡིན་གསུང་བའི་མཐའ་ཅན། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ་འཕགས་པ་ཚོགས་ཀྱི་བདག་པོའི་སྙིང་པོའི་གཟུངས་ལ་ཕྱག་འཚལ་ལོ་འགོར་ཡོད་པའི་བསྟོད་པ་བཞེས་སུ་གསོལ་གྱི་མཐའ་ཅན། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ་རྣལ་འབྱོར་ལོངས་སྤྱོད་བརྟག་དཀའ་བ་ཞེས་འགོར་ཡོད་པའི་སྒྲུབ་ཐབས་ཐོབ་པར་འགྱུར་རོའི་མཐའ་ཅན། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་འདིའི་འོག་ཏུ་བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས་ནི་ཞེས་སོགས་ཀྱི་སྒྲུབ་ཐབས་ཡོད་གསུང་བ་དཔེ་མ་རྙེད། མིག་མཐོང་གི་གདམས་པ་རྣམས། དཔེ་རིས་སྐོར་ལ། སྒྲུབ་པའི་མཎྜལ། དམར་ཆེན་དང་དམར་ཆུང་གི་གཏོར་དཔེ། བསེ་གདོང་ཅན་གྱི་ལིང་ག །ག་བརྒྱད་འཁོར་ལོ། འདི་ལ་
འཕགས་པའི་སྐུ་བསྲུང་དང་གོང་མའི་ཡིག་རྙིང་གི་ལུགས་སྲོལ་གཉིས་ཙམ་ཡོད། གསང་བ་སྙིང་གི་འཁོར་ལོ་ལས་བཞི་སྒྲུབ་པའི་གནམ་ས་བར་གསུམ་གྱི་འཁོར་ལོ་བཅུ་གཉིས། ཚར་ཆེན་གྱི་སྐུ་གསུང་ལ་རྒྱས་པའི་སྟེང་འཁོར་གྱི་ཡི་གེ་མ་ལོག་པ་དང་འཇམ་དབྱངས་ཆེན་པོའི་སྐུ་བསྲུང་ལ་དྲག་པོའི་སྟེང་འཁོར་ཡི་གེ་ལོག་པ་སོགས་གོང་མའི་གསུང་རྒྱུན་སྐུ་བསྲུང་སོགས་ཀྱི་ཟབ་གནད་མང་བར་སྣང་ངོ་། །རྒྱས་པའི་བར་འཁོར་གྱི་སྟེང་བར་འདྲི་རྒྱུའི་ནོར་བུ་མིག་གསུམ། ཐབ་གཏེར་གྱི་དངོས་གྲུབ་མྱུར་དུ་བླང་འཁོར། ཚོགས་བདག་དང་ཙ་རི་ཙཀ་ཞལ་སྦྱོར་གྱི་ཐབ་དང་མཛོད་ཀྱི་འཁོར་ལོ་རྣམས་ཀྱི་དབང་ལུང་ཕྱག་ལེན་མན་ངག་ལེགས་པར་ནོས་པ་ལས་ཐུན་མོང་གི་རྗེས་གནང་གི་བརྒྱུད་པ་ནི། དཔལ་རྡོ་རྗེ་འཆང་རྡོ་རྗེ་ཕག་མོ། གྲུབ་ཆེན་ས་ར་ཧ། འཕགས་པ་ཀླུ་སྒྲུབ། གྲུབ་ཆེན་ཤ་ཝ་རི་པ། བལ་པོ་ཧ་དུ་དཀར་པོ། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་ཧཱུྃ་ཀ་ར་ཟེར་བ་འདུག །བལ་པོ་བློ་གྲོས་གྲགས། རྗེ་བཙུན་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། རྗེ་ས་སྐྱ་པཎྜི་ཏ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བློ་གྲོས་རྒྱལ་མཚན། རྗེ་སྐྱོབ་པ་དཔལ། རྡོ་རྗེ་གདན་པ་དང་ཐར་རྩེ་པའི་གསན་ཡིག་ན་འདི་དང་ས་པཎ་གྱི་བར་ན་འཕགས་པ་མི་འདུག །རོང་པ་ཤེས་རབ་སེང་གེ །བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། མཁན་ཆེན་བྱང་ཆུབ་སེང་གེ །ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་། ཉི་ལྡེ་བ་ངག་དབང་གྲགས་པ། བདག་ཆེན་རྡོ་རྗེ་འཆང་། རྗེ་བཙུན་རྡོ་རིང་པ་ཆེན་པོ། དེ་གཉིས་ལ་རྗེ་བཙུན་སྒོ་རུམ་པ་ཀུན་དགའ་ལེགས་པ། དེ་གཉིས་ཀ་ལ་རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །ཡབ་སྲས་
གཉིས་ཀ་ལ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་ཚར་ཆེན་ཡབ་སྲས་ལ། མཁན་ཆེན་བསླབ་གསུམ་རྒྱལ་མཚན་དང་རྟ་ར་བ་བསོད་ནམས་ཆོས་འཕེལ་གཉིས་ཀས་གསན། གཉིས་ཀ་ནས་རྡོ་རྗེ་འཆང་དབང་རབ་མན་འདྲ། ཡང་ན་བླ་མ་ཚུལ་རྒྱལ་བ་ནས། བླ་མ་ངག་དབང་གྲགས་པ། མཁན་བྱང་ཆུབ་སེང་གེ་མན་འདྲ། ཡང་ངོར་ཆེན་ནས། རྗེ་བསོད་ནམས་དབང་ཕྱུག །རྡོ་རིང་པ་ཆེན་པོ་མན་འདྲ། ཐུན་མོང་མ་ཡིན་པའི་རྗེས་གནང་གི་བརྒྱུད་པ་ནི། གྲུབ་ཆེན་བིཪྺ་པ། ཤར་ཕྱོག་ནག་པོ་པ། ཌཱ་མ་རུ་པ། ཨ་ཝ་དྷཱུ་ཏི་པ། གྷ་ཡ་དྷ་ར། བླ་ཆེན་འབྲོག་མི། འཁོན་དཀོན་ཅོག་རྒྱལ་པོ། བརྩེ་ཆེན་སྙིང་པོའི་ཞབས། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ནའང་འདི་ཉིད་ལ་གྲགས་པས་དངོས་སུ་གསན་འདུག །རྗེ་བཙུན་གྲགས་པ་རྒྱལ་མཚན། ཡར་སྒོམ་སེ་བོ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། ཡར་ཀླུངས་པ་སེང་གེ་རྒྱལ་མཚན། འཇམ་དབྱངས་བསོད་ནམས་རྒྱལ་མཆོག །བདག་ཆེན་འཇམ་དབྱངས་ཆེན་པོ། བདག་ཆེན་རྡོ་རྗེ་འཆང་། རྗེ་བཙུན་རྡོ་རིང་པ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། འཇམ་དབྱངས་མཁྱེན་བརྩེ། རྗེ་གཞོན་ནུ་སྟོབས་ལྡན། རྗེ་དབང་ཕྱུག་རབ་བརྟན་ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། རྡོ་རྗེ་འཆང་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ལའོ། །ཁྱད་པར་བའི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ཡན་གོང་ལྟར་ལ། དེ་ནས་ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་
ལའོ། །ཡང་ན་ས་པཎ་ནས། ཚོགས་སྒོམ་རིན་པོ་ཆེ། རིན་པོ་ཆེ་སྐྱོབ་པ་དཔལ། རྒྱལ་ཚ་ལུང་མང་པོ་མན་འདྲ། ཡང་ན་ས་པཎ་ནས། ཁམས་སྒོམ་བྱང་ཆུབ་དཔལ། མཁན་ཆེན་ངག་དབང་ཆོས་གྲགས་པའི་གསན་ཡིག་འདིའི་ཚབ་འཕགས་པ་འདུག་པ་དཔྱད། དགའ་ལྡན་པ་ཀུན་བསོད། ཏི་ཤྲཱི་ཀུན་དགའ་བློ་གྲོས། རྒྱལ་བ་བྲག་ཕུག་པ། དེ་གཉིས་ལ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། དེ་ནས་ཡར་ཀླུངས་པ་མན་འདྲ། ཡང་ན་དགའ་ལྡན་པ་ཀུན་བསོད་ནས། གན་པ་རིན་རྒྱལ། འབྲི་ཕྱུག་པ་རིན་ཅེན་འབུམ། ཡར་ཀླུངས་པ་མན་འདྲ། ས་གཅད་དང་པོ་དང་གཉིས་པ་ཡོངས་རྫོགས་དང་། ལྔ་པའི་ཆེན་གྱི་རྟགས་ཡོད་པ་བཅས་པའི་ལུང་བརྒྱུད་ནི། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ཡན་ཐུན་མོང་ཡིན་པའི་རྗེས་གནང་གི་བརྒྱུད་པ་རིགས་བཞི་པོ་ལྟར་ལ། དེ་ནས་དགོན་གསར་བ་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་བཀའ་དྲིན་མཉམ་མེད་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ངག་གི་རྟགས་ཡོད་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་དབང་རབ་ནས། མཁན་ཆེན་ངག་དབང་ཆོས་གྲགས། ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་ངག་དབང་བསོད་ནམས་དབང་ཕྱུག །ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། ཀློང་གི་རྟགས་ཅན་ནི། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ། ཕ་རྒོད་རྟོགས་ལྡན་རྒྱལ་པོ། དྲིན་ཅན་ཐུགས་སྲས་ཆོས་རྗེ། སྤྲུལ་སྐུ་རྡོ་རྗེ་སེང་གེ །དཀའ་བཅུ་པ་པུ་ཎྱ་སིདྷ། རྗེ་བློ་གྲོས་སེང་གེ །རྗེ་རྡོ་རིང་པ་མན་འདྲ། མཾ་གི་རྟགས་ཡོད་པ་ནི། ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ། སྤྱན་སྔ་བསོད་ནམས་ལྷའི་དབང་པོ་
ལྷ་རི་བ་དཔལ་ལྡན་རྒྱལ་མཚན། རྗེ་ཕྱོགས་ལས་རྣམ་རྒྱལ། ཚར་ཆེན་ཆོས་ཀྱི་རྒྱལ་པོ་མན་འདྲ། རྗེས་གནང་དང་གློའི་རྟགས་ཡོད་པའི་ལུང་ནི། ངོར་ཆེན་ཡན་ཐུན་མོང་གི་རྗེས་གནང་ལྟར་ནས། རྗེ་ཀུན་དགའ་དབང་ཕྱུག །མཁན་ཆེན་བསོད་ནམས་ལྷུན་གྲུབ། རྗེ་གྲོལ་མཆོག །འཇམ་དབྱངས་མཁྱེན་བརྩེ་མན་འདྲ། ཡང་ན་ངོར་ཆེན་ནས། བདག་ཆེན་ཆུ་མིག་པ་བློ་གྲོས་དབང་ཕྱུག །པཎ་ཆེན་ཤཱཀ་མཆོག །བྲག་དཀར་སེམས་དཔའ་ཆེན་པོ། མཁན་ཆེན་བཀྲས་རྣམ་པ། རྗེ་གྲོལ་མཆོག་མན་འདྲ། ནཱ་རོ་པའི་གསང་སྒྲུབ་དང་། ས་གཅད་དྲུག་པའི་ནའི་རྟགས་ཡོད་པའི་བརྒྱུད་པ་ནི། ནཱ་རོ་པ་ནས་ཕམ་ཐིང་པ་བརྒྱུད་དེ་མལ་ལས་འོངས་སམ་སྙམ་ཡང་གསན་ཡིག་ཚོར་མི་གསལ་བས་སླར་ཡང་གསན་ཡིག་གཞན་འདྲ་ལས་དཔྱད་དོ། །ས་གཅད་གསུམ་པའི་ཌོམྦྷི་པའི་ལུགས་ཀྱི་བརྒྱུད་པ་ནི། ཌོམྦྷི་ཧེ་རུ་ཀ །ཛྙཱ་ན་པཉྩ། ཀྲིཥྞ་པ། བྷི་ན་སུ་ཀ །དྷརྨ་སིངྷ། སུ་ཁ་བ་ཏི། རྡོ་རྗེ་གདན་པ། ཁྲོ་ཕུ་ལོ་ཆེན། སངས་རྒྱས་འབུམ། བླ་མ་འབན་སྟོན། བླ་མ་རྡོ་རྗེ་སེང་གེ །དཀའ་བཅུ་པ་བསོད་ནམས་སེང་གེ །བླ་མ་བློ་གྲོས་སེང་གེ །རྗེ་བཙུན་རྡོ་རིང་པ་ཆེན་པོ་མན་འདྲ། འདི་ནི་ཞལ་གཟིགས་ཁོ་ནར་བཞེད་པ་ཡིན་ནོ། །ཆགས་པ་རྡོ་རྗེའི་རྗེས་གནང་དང་། ས་གཅད་བཞི་པ་དང་དྲུག་པའི་ཆོས་སྐོར་གྱི་ལུང་བརྒྱུད་ནི། རྒྱལ་པོ་ཨིནྡྲ་བྷཱུ་ཏི། རྒྱལ་པོ་གྲགས་པ། བོ་དྷི་ཨ་ཀ་ར། རྡོ་རྗེ་གདན་པའི་གསན་ཡིག་ན་བྱང་ཆུབ་འབྱུང་གནས་སུ་བསྒྱུར། རིན་ཅེན་འོད་ཟེར། ཡང་དག་སྦྱིན་པ། རཏྣཱ་ཀ་ར་ཤནྟི། རིན་ཅེན་འབྱུང་གནས་ཞི་བར་བསྒྱུར། ཇོ་བོ་ཨ་ཏི་ཤ །རྒྱ་བརྩོན་འགྲུས་སེང་གེ །གྲུབ་ཐོབ་ཤོལ་པོ་བ། སངས་རྒྱས་དབོན་སྟོན། སངས་རྒྱས་
སྟོན་ཚུལ། ཁྱུང་ཚང་པ་ཚུལ་ཁྲིམས་རྒྱལ་མཚན། སྣར་ཐང་མཁན་ཆེན་ཉི་མ་རྒྱལ་མཚན། དབུ་མ་པ་གྲུབ་པ་བརྩོན་འགྲུས། ཆོས་རྗེ་དཀའ་བཅུ་པ་གཞོན་ནུ་སེང་གེ །གུང་ཆེན་པ་བཀྲ་ཤིས་བཟང་པོ། གཉན་ཕུ་པ་བསོད་ནམས་བཟང་པོ། རྡོ་རྗེ་གདན་པའི་གསན་ཡིག་ན་ཚལ་མིན་ཆོས་རྗེ་ཟེར། མཁན་ཆེན་སེང་གེ་དཔལ། བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། ཆོས་རྗེ་ཀླུ་དབང་གླིང་པ། རིགས་འཛིན་ཚེ་དབང་བཀྲ་ཤིས། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་མན་འདྲ། ས་གཅད་བཞི་པ་ཚོགས་བདག་དཀར་པོ་ཕྱག་བཞི་པ་དང་། ས་གཅད་དྲུག་པའི་ཨ་མོ་གྷ་ནས་བརྒྱུད་པའི་སྐོར་ནི། ཨ་མོ་གྷ་བཛྲ། པཎ་ཆེན་ནཱ་རོ་པ། དཱི་པཾ་ཀ་ར། ལམ་ཡིག་སོགས་སུ་ཇོ་བོས་ནཱ་རོ་པར་ཕྱག་མི་མཛད་པས་ཆོས་འགྲེལ་མེད་པ་འདྲ་ཟེར་བ་འདུག་ཀྱང་བཀའ་གདམས་གླེགས་བམ་རིན་པོ་ཆེར་བརྒྱུད་པའི་ཁྲོད་དུ་བགྲངས་ཡོད་པ་འདི་དང་མཐུན། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། པོ་ཏོ་པ་རིན་ཆེན་གསལ། ཤར་པ་ཡོན་ཏན་གྲགས། བྱ་འཆད་ཀ་པ། ཁྲོ་ཕུ་བ། ཁྱི་ལོ། ཡོ་ག །རྡོ་རྗེ་གདན་པའི་དེར་ཡོ་པ་ཟེར་བ་སྣང་། ཤཱི་ལ་པྲ་བྷ་ཝ། དོས་ཀུ་མཱ་ར། ལྕན་བནྡེ། གསལ་བ་སྒང་པ། སློབ་དཔོན་དཔལ་མགོན། སློབ་དཔོན་བདེ་བ། རྡོ་རྗེ་གདན་པའི་གསན་ཡིག་ན་སློབ་དཔོན་འོད་མ་ཞེས་སྣང་། ཚལ་མིན་ཆོས་རྗེ་མན་གོང་ལྟར། ཡང་ན་ཨ་མོ་གྷ་བཛྲ། རྡོ་རྗེ་གདན་པ། བ་རི་བ། ས་ཆེན། རྩེ་མོ། གྲགས་པ། ས་པཎ། ཁར་སྟོན་འོད་ཟེར་རྒྱལ་མཚན། བླ་མ་བྱང་ཆེན་པ། དཀའ་བཅུ་པ་གཞོན་སེང་མན་འདྲ། ས་གཅད་ལྔ་པའི་བརྒྱུད་པ་ནི། རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་ཁུ་དབོན་ནས། བླ་མ་དགེ་སངས་པ། དྲུང་གཟིམས་ཁང་
དབོན་པོ། རྗེ་དཀོན་ཅོག་བཟང་པོ། ཚར་བ་རྡོ་རྗེ་འཆང་མན་འདྲ། །