ཀྵུ་ཀྵུ་སེ་རི་ཀུནྡའི་སྒྲུབ་ཐབས།
ཤེས་རབ་སྐྱོང་།


DTG048_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀྵུ་ཀྵུ་སེ་རི་ཀུནད་རི་སཱ་དྷ་ནཾ། བོད་སྐད་དུ། ཀྵུ་ཀྵུ་སེ་རི་ཀུནདའི་སྒྲུབ་ཐབས། ན་མོ་པི་ཤཱ་ཙ་ནི་ཀྵུ་ཀྵུ་སེ་རི་ཀུནད་རི་སྭཱ་ཧཱ། ཞེས་སོ། །དུར་ཁྲོད་ཀྱི་སོལ་བས་ཁང་པའི་ཤར་ཕྱོགས་ཀྱི་རྩིག་པ་ལ་འདྲེ་མོའི་གཟུགས་བྲིས་ཏེ། དེའི་ནང་མེ་མི་གཏང་བར་བྱས་ཏེ་ཉི་མ་


DTG048_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

རྒས་པ་དང་གཟུགས་དེའི་མདུན་དུ་འདུག་སྟེ། དེའི་མགོ་ལ་ལག་པ་བཞག་ལ་བརྒྱད་ཀྱིས་ལྷག་པའི་སྟོང་ཕྲག་གཅིག་བཟླས་ནས། དེའི་དྲུང་དུ་ཉལ་བས་ཞག་དང་པོ་ལ་དུར་ཁྲོད་ཀྱི་དྲི་སྣོམ་པར་འགྱུར་རོ། །གཉིས་པ་ལ་ཨ་ག་རུ་ལ་སོགས་པ་བདུག་སྤོས་ཀྱི་དྲི་སྣོམ་བར་འགྱུར་རོ། །གསུམ་པ་ལ་ལུས་ལ་རེག་བྱ་འཇམ་པ་སྐྱེད་པར་བྱེད་དོ། །དེ་ལ་མི་འགུལ་བར་ཤིང་སྡོང་ལྟར་བསྡད་དེ་དེ་རང་ནུབ་མོ་ནས་འགྲུབ་པར་འགྱུར་བས། འགྲོན་བུ་པ་ནི་བརྒྱད་སྟེར་རོ། །ཀྵུ་ཀྵུ་སེ་རི་ཀུནདའི་སྒྲུབ་ཐབས་རྫོགས་སོ།།