Nitartha Digital Library
Tibetan
 
no previousno next

(༡)བོགས་འདོན་ཡོན་ཏན་གཏེར་མཛོད་བཞུགས་པ་ལེགས་སོ། །འགྲོ་བདོན་ཕེལ།

(༢)ན་མོ་གུ་རུ་ཌཱ་ཀི་ན་ཡེ། དེ་ཡང་འདིར་སྤྱི་བདོན་དྲུག་པ། བོགས་འདོན་ཡོན་ཏན་གཏེར་མཛོད་ཅེས་བྱ་བ་འདི་བསྟོན་པར་བྱེད་དོ། །དེ་ལ་དང་པོ་རྒྱུད་བཏམ་མུ་ཏིག་འཕྲེང་པས་ཡིད་ཆེས་ཤིང་ཁུངས་རྩུན་པར་བྱས། དབང་བསྐུར་བྱིན་བརླབས་རྒྱ་མཚོའི་རྒྱུད་བྱིན་གྱིས་བརླབས། དོན་འཁྲིད་ཡིན་མིན་ནོར་བུའི་ཆོས་ཀྱི་བདོན་མངོན་དུ་བྱས། ཉམས་ལེན་དངོས་གྲུབ་ལག་ཆངས་ཀྱིས་མཉམས་རྗེས་དབྱེར་མེད་དུ་སྲེས། བགེགས་སེལ་གནད་ཀྱི་ལྡོ་མིག་གིས། སྤྱོད་ཀྱི་བགེགས་སྐྱོན་བསལ་ནས། བོགས་འདོན་ཡོན་ཏན་གཏེར་མཛོད་ཀྱི་བཅོད་ལ་སོགས་མེད་པ་ལ། བོགས་འདོན་དགོས་སྟེ། དེ་ཡང་སློངས་མ་བྱུང་ན། བསྟན་གཡོ་མ་རྟགས་པར་སློངས་བྱུང་བར་བྱ་བ་དང་། རང་བཅོད་ལ་སྐྱེད་མེད་པ་ལ་སྐྱེད་འདོན་པ་ལ་སོགས་པ་དགོས་ཏེ།

(༣)དེ་ཡང་ང་ན་རེ། སློངས་གཅིག་བསྟན་གཡོ་རྟོགས་དགོས་ན། སློངས་བྱ་ཡོན་ཏན་གཏེར་གྱི་མཛོད། ཆགས་སྡང་རྣམ་རྟོག་བཞི་འདོད་ན། རང་ལྟ་ཡོན་ཏན་གཏེར་གྱི་མཛོད། །རང་རྒྱུད་དྲེད་ཅིང་ཐས་པ་ལ། །ཚང་འདོན་ཡོན་ཏན༴ །དེ་ལྟར་ཡོན་ཏན་གཏེར་མཛོད་ལས། །བཅོད་ལ་སོགས་སྐྱེད་མདོན་པར་བྱས། །བོགས་མེད་བཅོད་ལ་སྐྱེད་འདོན་ན། །རྐྱེན་སྲེ་ཡོན་ཏན་གཏེར་གྱི་མཛོད། །ཅེས་གསུངས་པའི། དེ་ཡང་དང་པོ་རི་ཁྲོད་དུ་སྟན་གཡོ་རྟག་པའི་ཕྱིར། རྐྱེན་སློངས་ཀུན་ཡང་ངམ་སྙམས་ནས་བྱེད་པའི། རང་ལ་བློངས་ཡེ་མ་བྱུང་ན་འདི་ལྟར་བྱའོ། །དེ་ཡང་གཉན་འཁྲོད་ཀྱི་གནས་དེར། རང་གི་ལུས་ལྕེར་བུར་བྱས་ལ། ཉི་མ་རི་རྩེ་ལ་འགྲོ་བ་དང་། རང་གི་ཨོལ་བ་ལ་ཐག་བ་གཅིག་བརྟགས་དེ། དེ་སྣ་བྲག་གམ་ཤིང་ལ་སོགས་པ་ལ་ན་མགོ་ལ་བརྟགས། སྟགས་པ་མེད་ན་ཕུར་བ་གཅིག་ལ་རྟགས་ལ། དེ་ས་ལ་རྒྱབ་ལ། ལུས་ཐལ་པས་བྱུགས། སྤྲ་ཐོག་དུ་ཟིངས། ཁྲག་ལ་སོགས་པ་འབྱོར་ན་ལུས་ཀྱི་གང་གཉན་ས་ལ་བསྐུ། དེ་ནས་ཞི་བདག་དེའི་ཙོ་བྱས། སྣང་སྲིད་ཀྱི་ལྷ་འདྲེའི་རང་ལ་

(༤)སྡོམ་བྱེད་པར་བསམ་ལ། ས་དེར་ཉལ་དད་པའི། ཞག་གསུམ་མ་ཐོགས་པར་ཕྱི་ནང་བསང་གསུམ་གྱིས་སློངས་ཀུན་ཡོང་། ཡ་ན་ས་ཕྱོགས་དེར་ཉི་མ་རི་རྩེ་ལ་འགྲོ་བ་དང་། སྲོད་ལ་སྐར་མ་ཆིལ་བ་དང་། ནམ་ཡར་ཕྱེད་མར་ཕྱེད་ཙམ་དང་། ཐོ་རངས་ཐ་ཟི་བ་དང་། ཉི་མ་རི་ཙེ་ལ་ཤར་བ་དང་། ཉི་མ་ཕྱེད་ཁྲིགས་པ་རྣམས་ལ་ལངས་ཏེ། རང་ཇོ་མོར་སྒོམ་ལ། ཁ་ཤར་དུ་བལྟས་ལ། འོ་དོད་བསྟོད་།།། དེ་ཡང་འདི་སྐད་དུ། གནས་ཀྱི་བཞི་དག་འདི་ཡིས་རྩོ་བྱས་སྣང་སྲིད་ཚོ་རྒྱ་ཐམས་ཅད་ཉོན། ཅེས་ལན་གསུམ་དང་། ས་ཕྱོགས་འདི་ན་དག་མ་གཅིག་དང་། ཆེ་གེ་མོའི་ལུས་པོ་ཟན་དུ་རྒྱུར་ཡོད་པའི། ཤ་དང་ཁྲག་ལ་དགའ་བ་ཚོ་ཤ་དང་ཁྲག་ཟ་རུ་ཤོག །སྐྲ་དང་སྤུ་ལ་དགའ་བ་ཚོ༴ ནང་རོལ་དང་དོན་སྙིང་ལ་དགའ་བ་ཚོ༴ ཕུང་པོ་དང་དབང་པོ་ལ་དགའ་བ་ཚོ༴ བཤང་ལྕི་དང་དྲི་དབུགས་ལ་དགའ་བ་ཚོ་བཤགས་ལྕི་དང་དྲི་དབུགས་ཟ་རུ་ཤོག་གཅིག །ཅེས་བརྗོད་པའི། དེ་ལྷ་འདྲེ་ཐམས་ཅད་ཀྱི་ཐོས་སྟེ་མདུན་དུ་བྱུང་ནས་ཟ་བར་སྒོམ་པས། ཕུང་པོ་ཟན་དུ་རྒྱུར་རོ། །དེ་ལྟར་བྱས་པའི་སློངས་གང་ཡང་བྱུང་ངོ་། །དེ་ནས་བསྟན་གཡོ་རྟག་པ་ལ་སོགས་པའི་ཉམས་ལེན་ལ་བཏད་དོ། །དེ་ལྟར་བྱས་ན་ཉམས་ལེན་བོགས་ཐོན། རྒྱུད་ལ་ཡོན་ཏན་འབྱུང་ངོ་། །དོན་གཉིས་པ། བོགས་མེད་ཅོད་ལ། སྐྱེད་འདོན་ན། རྐྱེན་སྲེ་ཡོན་ཏན་གཏེར་གྱི་མཛོད། །ཅེས་པ་ནི། དེ་ཡང་བཅོད་བྱས་པའི། རྒྱུད་ལ་བོགས་དང་ཡོན་ཏན་མེད་ པར། རང་རིག་ཉོན་མོངས་སོང་འདུག་ན། དེ་ལ་ཡོན་ཏན་སྐྱེད་པ་ནི། རང་སེམས next hit་རྐྱེན་ཐམས་ཅད་ལ་སྲེ་འདོད་ཀྱི་བློ་ཡི་བཟང་རྐྱེན་རྙན་གྲགས་དང་། སྟོད་པ་ལ་སོགས་པ་གང་བྱུང་ཐམས་ཅད་

(༥)ལ་སྲེས་ནས་སྒོམ། ངན་རྐྱེན་དང་སྨོད་པ་དང་མི་གཉན་པ་ཐམས་ཅད་དང་། བདེག་བརྡུང་ལ་སོགས་པ་ཅི་བྱུང་ཐམས་ཅད་སྲེས་ནས་སྒོམ། མདོར་ན་གང་བྱུང་ཐམས་ཅད་ཁ་ཡན་དུ་མ་ཤོར་པར་བྱས་ལ་སྒོམ་ཤིང་བསྲེའོ། །དེ་ཡང་རྐྱེན་ཅི་སླང་དང་ཅི་ཡོང་བྱ་ཞིང་། བླ་མ་ལ་ཡང་གསོལ་བ་བཏབ། དེ་ལྟར་བྱས་པའི་སྒོམ་རང་སྤྱོད་ལ། སྐྱེད་ཐོན་ཡོང་ངོ་། །དེ་ཡང་རྐྱེན་ལ་མི་སྲེ་བར་རི་ལ་ཕྱིན་ནས། ཡོན་ཏན་སྐྱེ་རུ་རེས་ཀྱང་ཡོན་ཏན་མི་སྐྱེ་བའི་རྟེན་འབྲེལ་ཡིན་ནོ། །དོན་གསུམ་པ། ཆགས་སྡང་རྣམ་རྟོག་ཞིག་འདོད་ན། །རང་ལྟ་ཡོན་ཏན་གཏེར་གྱི་མཛོད། །ཅེས་པ་ནི། དེ་ཡང་རང་གི་རྒྱུད་ལ་ཡོན་ཏན་ཡེ་མེད་པར། ཆགས་སྡང་གི་རྣམ་རྟོག་གཅིག་ཀ་ལམ་ལམ་འཆར་ན། དེ་ལ་བོགས་འདོན་དགོས་པའི། བདེའམ་ཆགས་སྡང་གི་རྣམ་རྟོག་དེ་ལ་ཕུར་ཚུགས་སུ་ལྟས་པའི། ཆགས་སྡང་གི་སེམས་དང་། སྡང་བའི་ཡུལ་དང་། ཆགས་སྡང་རང་དང་གསུམ། ཞིབས་འདུག་གམ་ཚེགས་འདུག་གམ། དབྱེར་མེད་དུ་འདུག་གམ། གཉིས་སུ་འདུག་གམ། གཅིག་ཏུ་འདུག་གམ། དེ་ཡང་ཞིབས་འདུག་ན་འདུག་ལུགས་ཅི་འདྲ་གཅིག་འདུག །ཆགས་སྡང་གི་སེམས་དེ་གང་ན་འདུག །ཆགས་སྡང་རང་གང་ན་འདུག །རྩེགས་འདུག་ན་ཆགས་སྡང་གི་སེམས་དེ། སྟེང་ན་འདུག་གམ་འོག་ན་འདུག །སྡང་ཡུལ་དེ་སྟེང་ན་འདུག་གམ་འོག་ན་འདུག །ཆགས་སྡང་རང་གཉིས་པོའི་བར་ན་འདུག་གམ་ཇི་འདྲ་གཅིག་འདུག་ཞིབ་ཏུ་ལྟས་པའི། གཉིས་སུ་མེད། ཞིབས་པ་མེད། རྩེགས་པ་མེད། ཐ་དད་མེད། འོ་ན་ཇི་འདྲ་གཅིག་ཡོད་ན། ཆགས་སྡང་རང་དང་སེམས་རང་།

(༦)ཆགས་སྡང་ཡུལ་དེང་སེམས་རང་། ཆགས་སྡང་ཡང་སེམས་རང་། དེ་ན་གཉིས་སུ་མེད་དེ། གཉིས་སུ་བྱར་མེད་སོ་སོ་མ་ཡིན། ཐ་མི་དད་དོ། །མདོར་ན་སེམས་རང་ཡིན། སེམས་སྟོང་ཉིད་ཆོས་ཀྱི་སྐུ་འདི་རང་ཡིན་ནོ། །དེས་ན་ཆགས་སྡང་ཁོ་རང་སར་སྒྲོལ་འདུག་པའི། དེ་ལྟར་ཤེས་པར་བྱོས་ཤིག །དོན་བཞི་བ། རང་རྒྱུད་བྱེད་ཅིང་ཐས་པ་ལ། ཚང་འདོན་ཡོན་ཏན་གཏེར་མཛོད་གཅིག །ཅེས་པ་ནི། དེ་ཡང་རང་གི་ཆོས་དང་བཅོད་ལ་སྔ་མོར་ཞུགས་ཀྱང་། ཅི་ཞིག་ལྟར་དུ་རྒྱུར་བ་དང་། རང་རྒྱུད་ཆོས་ལ་དྲེད་དྲེད་དེ། ཆོས་ཀྱི་སྒོ་ཡུལ་དམ་དུམ་གཅིག་ནི་ཁ་ཁྱེར་དུ་བྱས། རྒྱུད་ནི་ཐ་མལ་ཀོ་མལ་དུ་ལུས། ཆོས་དུ་ཐོས་དང་མེད་མཉམ་པའི་བསམ་པ་ནི་མེད། འཁོར་དང་སྡུག་པ་དུ་མ་ཐོང་ཡང་། ངེས་འབྱུང་ལྷག་པ་ནི་མི་སྐྱེ། ཉམས་སུ་ནི་ཡེ་མི་ལེན། རི་ལ་ཞག་འགའ་རེ་ཕྱིན་ཡང་། ར་རྫི་རི་ལ་འགྲོ་བ་དང་ཁྱད་མེད། དེ་ཅིའི་ཕྱིར་ཞེ་ན། ཕར་འགྲོ་ཡང་ཐ་མལ་དུ་ཀ་འཛེགས་འགྲོ། སྡོད་པའི་དུས་སུ་ཡང་ཐ་མལ་དུ་ཀ་སྡོད། སྐབས་ལ་ཁོ་རང་གི་དོགས་དང་། ལྟོགས་པའི་དོགས་རེ་བྱེད། དེ་ལྟ་བུའི་མཛད་སྤྱོད་དེའི། བསྲེ་བྱེད་ཀྱི་སློངས་ནི་མ་ལོངས། རྟོགས་བྱེད་ཀྱི་དོགས་ནི་མེད་ནུས། བཀའ་སྤྱད་ཀྱི་འཕྲང་ནས་ནི་མ་ཤར། ལས་དང་པོའི་ས་ཡིན་མདུན་པ་ནི་མེད། རྟོགས་ལྡན་གྱི་རྣལ་འབྱོར་བ་ཞིན་དུ་ཉམས་རྟོགས་ཀྱི་བསལ་རང་ནི་མེད། སྒོམ་གཅིག་བྱེད་ནའང་ང་འདྲ་གཅིག་དང་ཕུང་འདུག །མཉམས་ཞིང་དུས་ཀ་དུམ་རེ་སྒོམ། བསམ་རྣོ་གཅིག་བྱེད་ནའང་། ཚེ་འདིའི་སྐྱིད་སྡུག་གི་བསམ་རྣོ་གཅིག་ཀ་བྱེད། ཆོས་གང་བྱེད་ནའང་ཆོས་རྒྱད་ཀྱི་ངང་ནས་བྱེད། ཤི་བ་དང་ནི་འཕུང་འགོང་ངམ། འདྲེ་རྐྱེན་

(༧)དེར་སྐྱེས། མདོར་ན་དེ་ལྟ་བུའི་སྤྱོད་པ་དེ་ལ་སྐྱེད་གཅིག་ཐོན་དགོས་པར་འདུག་པས། དེ་ལ་རང་ཚང་ཁོ་ན་ལ་བསམ་སྣོ་དགོས་སྟེ། དེ་ཡང་ངས་སྡོད་མོ་སྔ་མོ་ནས་ཆོས་ལ་བཞུགས། བཅོད་བྱེད་པའི་ལད་མོ་འགའ་རེ་ཡང་བྱས་ཀྱང་། ད་རུང་འཇིག་རྟེན་ཐ་མལ་བ་དང་། ཁྱད་པར་རང་གི་འདུག་པ། རྐྱེན་ཐམས་ཅད་ནི་ཁ་ཡན་དུ་ཤོར། ཉམས་ཉོང་དམ་དུམ་ཡོད་པ་ཚོ་ཡལ། དུས་ཐམས་ཅད་དུ་ལེ་ལོ་དང་སོས་སྡལ་དུ་ལུས། ཅི་བྱེད་ཀྱང་ཆོས་རྒྱད་གཅིག །གང་བྱེད་ཀྱང་ཚེ་འདིའི་འདུ་འཛི་གཅིག །དུས་ཀུན་དུ་ནི་ཟ་བཏུང་གསུམ་གྱིས་བསམ་པ་གཅིག །དམ་པའི་ཆོས་ལ་ནི་རྐུ་རེ་དང་ཀྱལ་ཁའི་ཚོང་ཙམ་དུ་བྱེད། ཚེ་འདིའི་འདུན་མ་ལ་ཉིན་མཚན་ཐམས་ཅད་དུ་སྒྲུབ་ནུས། བླ་མ་དཀོན་མཆོག་ལ་དད་དགུས་མི་བྱེད། མཛོ་ལྟར་དུ་ནི་ཟ། བྱི་བ་ལྟར་ནི་ཉལ། ཝ་ལྟར་དུ་ནི་ཚོལ། སྤྱང་ལྟར་དུ་ནི་རྒྱུག །བྱ་ལྟར་དུ་ནི་སྒྲུབ། ང་འདྲའི་ཆོས་པ་ཡང་ན་ནི་ལག་པའི་བྱ་བྱེད་གཅིག །ཡང་ན་ནི་རྐང་པའི་འགྲོ་འདུག་གཅིག །ཡང་ན་ནི་མིག་གི་ལྟ་ཡུལ་གཅིག །ཡང་ན་ནི་གཏི་མུག་ལེ་ལོ་གཅིག །ཡང་ན་ནི་ཆགས་སྡང་རྨོངས་གསུམ་གཅིག །ནོར་བུ་ཆེ་བའི་དགེ་སྦྱོར་ནི། ནུབ་གཅིག་དང་མི་བྱེད། བློ་སྣ་འགྱུར་བའི་མོས་ཐུས་།།།ནི་དྲོ་གཅིག་དང་མི་ནུས། ལུས་ནི་ཆོས་པའི་ཚུལ་བྱས། བརྒྱུད་ནི་ཐ་མལ་དུ་ལུས། མི་ཡི་ནི་རྙེན་བརྐུར་དང་འབུལ་འདེགས་ཡོང་དུ་རེ། དད་དགུས་དང་མོས་ཐུས་བྱེད་དུ་རེ། དེ་ལྟར་མ་བྱུང་ན་ནི་བློ་སེམས་ཆོ། དེ་ང་ལ་དྲོད་པའི་ཆོས་ནི་ཅི་ཡོད་པ། སྡིག་པའི་ལས་ནི་ཇི་ཙམ་བསགས་པ། འགྱོད་མེད་ཀྱི་དགེ་བ་ནི་ཇི་

(༨)ཙམ་བསགས་པ། ད་ཤི་བའི་ནང་བར་ང་ལ་ཇི་ཙམ་འདྲ་གཅིག་ཡོང་ངམ། དུས་ད་ལྟ་སྙན་སྡུག་ཆ་རེའམ་གྲངས་ལྟོགས་ནང་ཙམ་ལ་མི་ཟོད་པའི་བློ་ཆར་ན། ནང་པར་ཉི་མ་ཉིན་གཅིག་ཕྱི་དབུགས་ནང་དུ་མི་འདུ། ནང་དབུགས་ནི་ཕྱི་རུ་མི་འཁྱོལ། ངོ་བོ་བསྟུམ་ནི་ཆར། ཕར་སྤྲོ་ཡང་སྡད་དབང་ནི་མེད། ཚེར་བ་ལ་ཕན་པ་མེད་previous hit པར་འཇིག་རྟེན་ཕ་རོལ་དུ་འགྲོ་བའི་དུས་གཅིག་།།།ལ་ནམ་ཡོང་ངམ། སྙམས་པའི་བློ་སེམས next hit་བསྐྱེད་ལ། དེ་ཀུན་དེ་རིང་ཁོ་ན་ཆོས་ཞེ་དག་པ་གཅིག་བྱེད་དོ། །སྙན་པའི་རི་ཕྲོད་འགྲིམ་མོ། །ཕྱོགས་མེད་ཀྱི་རྐྱེན་ལ་སྲེའོ། །ཆོ་འདི་བློ་ཡི་བཏང་ངོ་། །འཁོར་བ་ལ་ཞེན་པ་ལོག་གོ །ན་ནུས་འཆི་ནུས་གཅིག་བྱེད་དོ། །དཀའ་ཐུབ་དང་བཀའ་ཅད་ལ་འབད་དོ། །མཐོ་དམན་མེད་པའི་འོག་ནས་འཛུལ་ལོ། །སྙམས་པའི་བློ་སེམས་སྐྱེད་བྱེད། ཉམས་སུ་ཅིས་ཀྱང་ལེན་ནོ། །ལག་ལེན་འབུངས་གཅིག །ལར་རང་བསམ་པའི་མི་ཕན། ལག་དུ་ཅིས་ཀྱང་ལེན་དགོས། བུ་བློ་བཀལ་གྱི་བཀལ་ལྡན་བུ་སློབ་ཀུན། དུས་ད་རེས་ཅིས་སྐྱང་འབད་པ་ཞུ། གཉན་སའི་རི་ཁྲོད་འགྲིམས་པར་བཞུ། ཕྱོགས་མེད་ཀྱི་རྐྱེན་ལ་སྲེ་བ་ཞུ། ཆོས་འདི་དཔའ་བོ་།།།ལ་མ་འཇོག་པར། ཅིས་ཀྱང་རྒྱུད་ལ་སྦྱོར་བར་ཞུ། །དཔེ་ལ་ཞག་པའི་དམ་ཆོས་ཀྱི། །རང་གི་རྒྱུད་ལ་མི་འཕན་པར། །ཅིས་ཀྱང་བློ་བོགས་འདོན་པ་ཞུ། །དེ་ལྟར་དུ་བསམ་ནས་རང་གི་ལག་ལ་སླངས་པའི་བློ་བོགས་དང་ཡར་ཡར་སྐྱེད་ཐོན་ཡོང་ངོ་། །དཔེ་དེ་མ་ཐོན་ན་ཡང་། ཉམས་ལེན་ལ་ཤི་ཤི་འབུངས་གཅིག །དུས་འདིར་བློ་སྐྱེད་དང་ཕྱི་མ་རྒྱུད་ལ་ཕན་ནོ། །མཐའ་མེད་ཀྱི་དུས་ལ་བསམ་

(༩)ནས། དུས་ཐག་རིང་པོ་ཡང་མན་གྱིས། ད་ལྟ་རང་རྒྱུད་བྱེད་ཅིང་ཐས་ན་རང་གི་ཚང་ལ་བསམ་ནས། སྐྱོན་དེ་ངོས་ཟུང་ནས་འཚང་ཡུལ་ནས་འདོན་པ་གལ་ཆེའོ། །ད་གནས་བཟང་བཅོད་ཆོས་ཉམས་སུ་བླངས་པའི་བདུད་ལ་བདུད་དུ་མ་རིག་པ་དང་། རང་ལ་སངས་རྒྱས་མ་རྙེད་པ་དང་འཁོར་བའི་སྐྱོན་ངོས་མ་ཟིན་པ་ལ་སོགས་པའི་བོགས་འདོན་ནི། ང་ན་རེ། བདུད་ལ་བདུད་དུ་མ་རིག་ན། །ངོས་འཛིན་ཡོན་ཏན་གཏེར་གྱི་མཛོད། །རང་ལ་སངས་རྒྱས་རྙེད་འདོད་ན། །འཛུབ་རྩུགས་ཡོན་ཏན་གཏེར༴ འཁོར་གྱི་སྐྱོན་ཚང་འདོན་འདོད་ན། །ཚང་ལྟ་ཡོན་ཏན་གཏེར་གྱི་མཛོད། །སྡུག་བསྔལ་བདེ་བར་མ་ཤར་ན། །བདག་བཅོད་ཡོན་ཏན༴ །དེ་ལྟར་ཡོན་ཏན་གཏེར་མཛོད་འདི། །བཅོད་ལ་དགོས་པའི་དམ་པ་ཡིན། །ཅེས་གསུངས་སོ། །དེ་ཡང་དང་པོ་སྤྱོད་ཉམས་སུ་བླངས་པས། བདུད་ལ་བདུད་དུ་མ་རིག་པའི་ཆོས་ཡོད་དེ། དེ་རིག་ཅིང་ངོས་ཟིན་པ་ནི། བདུད་ལ་རིག་ན། ངོས་འཛིན་ཡོན་ཏན་གཏེར་གྱི་མཛོད། །ཅེས་པའི། དེ་ཡང་མདོ་ལས། ཉོན་མོངས་པའི་དུད། ཕུང་པོའི་བདུད། ལྷའི་བུའི་བདུད། འཆི་དག་གི་དུད་དང་། ཅེས་ཞིར་གསུངས། དེ་ལ་བདུད་སྤྱོད་ལ་ཕྱིན་པའི། ཉོན་མོངས་པ་འདོགས་ཞེ་སྡང་གཏི་མུག་ལ་སོགས་པ་སངས་ཡན། མ་ཡན་ལ་བཏང་ནས་དེ་ཡང་དང་པོ་སྤྲོས་བཅས་བྱེད་དུས་སུ། ཉོན་མོངས་པ་ཞེ་སྡང་། ཁ་ཡན་ལ་བཏང་། བཅོད་ཚར་ཚད་ཀྱི་དུས་སུ། ཉོན་མོངས་པ་འདོགས་ཁ་ཡན་ལ་བཏང་། ཤིན་དུ་སྤྲོས་མེད་ཀྱི་དུས་སུ། ཉོན་མོངས་པ་གཏི་མུག་ཁ་ཡན་ལ་བཏང་། མདོར་ན་ཉོན་མོངས་པའི་བདུད་ཀྱི་ཁྱེར་བ་སྲིད་དོ། །དེ་ནས་ཕུང་པོའི་བདུད་ཅེས་པ་ནི།

(༡༠)རང་གི་གཟུགས་ཀྱི་ཕུང་པོ་འདི། །ཉོན་མོངས་པ་ཐམས་ཅད་སྐྱེད་བྱེད། །མདོར་ན་འཁོར་བ་མཐའ་མེད་དུ། །སྐྱུར་མཁན་དེ་ཕུང་པོའི་བདུད། །ཅེས་པ་འདི་ཡིན། འདི་ལ་ཅེས་སྤྲས་སུ་བྱས་ནས། བདུད་གཟན་གཅིག་ཏུ་སྤྱོད་ན་ཕུང་པོའི་བདུད་ཀྱི་བཟུང་པ་ཡིན། དེ་ནས་ལྷའི་བུའི་བདུད་ཅེས་པ་ནི། ད་གཉེན་གྲོགས་ལ་སོགས་པ་ཡིད་འོང་བ་གང་དང་གང་གིས་ཆགས་སྡང་དང་བཟུང་འཛིན་སྐྱེད་ནས། འཁོར་བ་མཐའ་མེད་དུ་སྐྱུར་བ་དེ་ལྷའི་བུའི་བདུད་ཡིན། འཆི་བདག་གི་བདུད་ཅེས་པ་ནི། རང་གི་ཟ་འདྲེ་སྲོག་བཅོད་དབུགས་ལེན་འཁན་དེ་ཡིན། དེ་ལ་འཆི་མེད་ཀྱི་དོན་རྟོགས་ན་སྒྲོལ་བ་ཡིན། ཡང་ན་མ་གཅིག་གི་ཐོགས་བཅས་ཀྱི་བདུད་དང་། ཐོགས་མེད་ཀྱི་བདུད། དགའ་དྲོད་ཀྱི་བདུད་དང་སྙེམས་བྱེད་ཀྱི་བདུད། ཅེས་གསུངས་ཏེ། དེ་ཡང་དང་པོ་ཐོགས་བཅས་ཀྱི་བདུད་ཅེས་པ་ནི། དབང་པོ་ལྔ་ལ་ཞེན་ཅིང་ཆགས་ས་དེ་ཡིན། དེ་ཡང་མིག་གིས་དབང་པོ་ས་རྡོ། རི་བྲག་མི་ཁྱི་རྟ་གཡག །གསེར་དངུལ་ཟངས་ལྕགས། ནས་འབྲས་འབྲུ་བཅུད་ལ་སོགས་པ་མིག་གིས་དབང་པོར་གཟུགས་སམ། དངོས་པོར་སྣང་བ་ཐམས་ཅད་ཡིན་ནོ། །དེ་ལ་གཟུང་འཛིན་དང་ཆགས་སྡང་སྐྱེས་ནས། ཐོགས་ཅས་།།།བདུད་ཀྱི་བཟུང་བ་ཡིན་ནོ། །དེ་ཐོགས་མེད་ཀྱི་བདུད་ཅེས་པ་ཡིད་ཀྱི་སྣང་ངོར་རྟོག་པ། འདས་མ་འོངས་བདུས་གསུམ་གྱིས་རྣམ་པར་རྟོག་པ་ལོགས་པ་དང་། ཡིད་ཀྱི་ཡུལ་དུ་བཟུང་འཛིན་ཆགས་སྡང་གི་བློ་ཤར་ཚད་ཡིན་ནོ། །དེ་ནས་དགའ་དྲོད་ཀྱི་

(༡༡)བདུད་ཅེས་པ་ནི། ཆོས་ཟབ་མོ་ལྷ་ཟབ་མོ། ཉམས་རྟོགས་ཐོན་སོ། །ཆོད་ཚད་ཚར་ཚད་ཀྱི་ཡོན་ཏན་ལ་སོགས་པ་ལ་དགའ་ཞིང་དྲོད་ཞིན་པ་དང་། ཆགས་པ་དང་། བཟུང་འཛིན་ལ་སོགས་པ་འཆར་ན། དགའ་དྲོད་ཀྱི་བདུད་ཡིན་ནོ། །དེ་ནས་སྙེམས་བྱེད་ཀྱི་བདུད་ཅེས་པ་ནི། དངོས་པོར་སྣང་བ་མཉམས་པ། དངོས་མེད་དུ་སྣང་བ་སྙམས་པ། ལྷ་བཟང་པོ་ཡིན་སྙམས། འདྲེ་ངན་པ་ཡིན་སྙམས། དགའ་བ་སྙམས། མི་དགའ་བ་སྙམས། སྐྱིད་པ་སྙམས་སྡུག་པ་སྙམས། མིན་པ་ལ་སོགས་སྟེ་འདི་ལྟར་གྱི་སྣང་སྲིད་འཁོར་འདས་བཟང་ངན། དགག་སྒྲུབ་རེ་སྡོགས་སྤང་བླང་ལ་སོགས་པ་ཐམས་ཅད་ལ། ཆགས་སྡང་དང་བཟུང་འཛིན་སྐྱེས་ཚད་ཐམས་ཅད་བདུད་ཡིན་སྟེ། མདོར་ན་བཟུང་འཛིན་གསལ་བྱུང་ཡང་བདུད། ཞེན་།།།ཐམས་ཅད་ཅི་ལ་སྐྱེས་སྐྱང་འདྲེ། རྩོལ་སྒྲུབ་ཐམས་ཅད་ཇི་ལྟར་བྱས་ཀྱང་བགེགས། ཆགས་སྡང་ཐམས་ཅད་སུ་ལ་བྱས་ཀྱང་ཐན། དེས་ན་བདུད་བཅོད་པའི་སྐྱེས་བུ་ཀུན། གང་ལའང་བཟུང་འཛིན་མེད་ན་བདུད་བཅོད་པ་ཡིན་ནོ། །ཅི་ལའང་ཞེན་པ་མེད་ན་འདྲེ་ཐུལ་ལོ། །སུ་ལ་ཆགས་སྡང་མེད་ན་བགེགས་ཆོམས། དེ་ལྟར་ཤེས་པར་བྱས་ནས། ཉམས་སུ་བླངས་པའི་བདུད་ངོས་ཟིན་ཅིང་། རྒྱུད་ལ་ཡོན་ཏན་འབྱུང་ངོ་། །དོན་གཉིས་པ། རང་ལ་སངས་རྒྱས་རྙེད་འདོད་ན། མཛུབ་རྩུགས་ཡོན་ཏན་གཏེར་གྱི་མཛོད། །ཅེས་པ་ནི། དེ་ཡ་ཤེར་ཕྱིན་གྱི་དོན་ལ་བཅད་ཅིང་། བཅོད་ཉམས་སུ་བླངས་པའི། རང་ལ་སངས་རྒྱས་རྙེད་དགོས། དཔེར་ན་མ་རྙེད་ན་རང་ལ་ཐག་

(༡༢)བཅད་དགོས་སྟེ། རང་ལུས་སྙམས་པར་འཇོག་གམ་ཞག་རྒྱང་རུང་སྟེ། ནང་དུ་རང་གི་previous hit སེམས་ལ་ལེགས་པར next hit་ལྟས་པ། སངས་རྒྱས་སྒྲུབ་མཁན་གྱི་དག་པོ་དེ་ཇི་འདྲ་གཅིག་འདུག །སྒྲུབ་རྒྱུའི་སངས་རྒྱས་རང་ཇི་འདྲ་གཅིག་འདུག །སྒྲུབ་བྱེད་ཀྱི་ཆོས་དེ་ཇི་འདྲ་གཅིག་འདུག །ཞིབ་དུ་ལྟས་པའི། སྒྲུབ་མཁན་གྱི་དག་པོ་མི་འདུག་ཏེ། གྲུབ་པ་མེད་པ་ལ་སྟོང་པའི་རང་ངོ་། །སྒྲུབ་བྱེད་ཀྱི་ཆོས་མི་འདུག་སྟེ། གྲུབ་པ་མེད་པ་སྟོང་པའི་རང་ངོ་། །སྟོང་ཉིད་ཀྱི་རང་ངོ་དེ་ཡང་། ཕྱི་རོལ་ལམ་གཟན་ན་མི་འདུག་སྟེ། རང་ལ་སོགས་པ་ལ་དུང་བདུད། སངས་རྒྱས་དང་སེམས་ཅན་ལ་སོགས་གཅིག་དང་མི་འདུག་པས། དེས་ན་རང་ཉིད་དོན་དམ་པ་སྟོང་པ་ཉིད་ཀྱི་རང་ངོར་གནས་པ་ཡིན་ནོ། །དེ་ལྟར་དུ་བྱས་པའི་རང་ལ་སངས་རྒྱས་འཛུབ་བ་ཙུགས་སུ་ངོ་སྤྲད་པ་ཡིན་ནོ། །དོན་གསུམ་པ། འཁོར་བའི་སྐྱོན་ཚང་འདོན་འདོད་ན། ཚང་འདོན་ཡོན་ཏན་གཏེར་གྱི་མཛོད། ཅེས་པ་ནི། བཅོད་ཉམས་སུ་སླངས་པའི། བདུད་བཅོད་པས་འཁོར་བའི་སྐྱོན་ཚང་གང་ཡིན་ངོ་མ་ཤེས་པར་བཅོད་བྱས་དང་དོན་མི་གནས་པའི་བདེའི་ཚང་དེ་འདོན་དགོས། དེ་ལ་སྤྱིར་རང་འཁོར་བ་གང་ལ་ཟེར་ན། མ་རིག་པ་ལ་ཟེར། ཅི་ལ་མ་རིག་ན། ཚུལ་ཇི་ལྟར་མ་རིག་ན། རང་མ་རིག་པ་དེ་ལ་བདག་དུ་བཟུང་། དེར་བདག་གཟན་།།།གཉིས་སུ་བྱུང་། དེ་ལས་ཉོན་མོངས་དང་སྡུག་བསྔལ་སྐྱེད་བྱེད། ཐོག་ཐ་མེད་པའི་འཁོར་བར་ཁྱམས་པ་ཡིན་ནོ། །དེས་ན་འཁོར་བའི་ཚང་སྐྱོན་དེ་ལས་བསམ་པའི། ཡུམ་ཤེར་ཕྱིན་གྱི་དོན་མངོན་དུ་

(༡༣)བྱས་ནས། བཅོད་རང་སྒྲོལ་དུ་ཡོང་ཞིང་། ཡོན་ཏན་གྱི་གཏེར་མཛོད་དུ་རྒྱུར་བའོ། །དོན་ཞི་བ། སྡུག་བསྔལ་བདེ་བར་རྟོགས་མདོད་།།།ན། རྩ་།།།བཅོད་ཡོན་ཏན་གཏེར་གྱི་མཛོད། ཅེས་པ་ནི། དེ་ཡང་བཅོད་བྱས་པའི། སློངས་བྱུང་ན་བྱུང་བའི་སྡུག་བསྔལ། མ་བྱུང་ན་མ་བྱུང་བའི་སྡུག་བསྔལ། ད་དོ་རེ་ནི་ང་ཅི་འདྲ་གཅིག་ཡོང་ངམ། ནང་པར་ནི་ང་ལ་ཅི་འདྲ་གཅིག་ཡོང་ངམ་སྙམས་པའི་སྡུག་བསྔལ་ན། སྡུག་བསྔལ་བདེ་བར་རྟོགས་འདོད་ན། དེ་ལ་སྡུག་བསྔལ་གང་སྐྱེས་པའི་ངོ་བོ་དེ་ལ་བཅད་ཅིང་རྟགས་ན། སྡུག་བསྔལ་དང་སྡུག་བསྔལ་དུ་མེད་པར། གང་བྱུང་བདེ་བ་ཆེན་པོ། རང་ངོར་འབར་བ་གཅིག་ཡོད་དེ། ཡོན་ཏན་གྱི་གཏེར་མཛོད་དུ་རྒྱུར་བའོ། །གནས་བཟང་ཤེར་ཕྱིན་།།།གྱི་དོན་ཉམས་ལེན་ཅིང་བཅོད་བྱེད་པའམ། གང་ཟག་ལ་གསལ་སྐྱེད་དང་བོགས་མེད་ན། དེ་ལ་སྐྱོན་བོགས་འདོན་དགོས་ཅིང་། ཁྱད་པར་དུ་བཅོད་བྱེད་པ་ལ་རང་བོགས་སྐྱེ་གོས་པས། དེ་ཡང་ང་ན་རེ། ཐོགས་ཅས་བདུད་མཆོག་བཅོད་འདོད་ན། གཏད་མེད་ཡོན་ཏན་གཏེར་གྱི་མཛོད། དགའ་དྲོད་བདུད་མཆོག་བཅོད་འདོད་ན། ཞེན་།།།ཡོན་ཏན་གཏེར༴ སྙེམས་བྱེད་བདུད་མཆོག་བཅོད་འདོད་ན། ཉམས་རྟོགས་ཡོན་ཏན༴ དེ་ལྟར༴ ཅེས་པས། དེ་ཡང་དང་པོ། ཐོགས་།།།བདུད་མཆོག་བཅོད་འདོད་ན། ཅེས་པ་ནི། དེ་ཡང་མིག་གི་དབང་པོ་གཟུགས་ལ་སོགས་པ། ཅིའི་དབང་པོ་རོ་ཞིམས་པ་དང་། མི་ཞིམ་པ་ལ་སོགས་པ། ལུས་ཀྱི་དབང་པོ་རིག་བྱ་འཇམ་པ་ལ་སོགས་པ་དེ། དབང་པོའི་ཡུལ་ལྔ་ལ་ཐོགས་ཤིང་ཆགས་པས། ཆང་།།།གི་ལས་བསགས་ནས་བདུད་དུ་བཅས་སྟེ་རྣམ་པར་སྨིན་པ་མྱོང་བར་རྒྱུར་པའི། དེའི་རང་ངོ་ཐམས་ཅད་བདེན་

(༡༤)པའི་གྲུབ་པ་མེད་ཅིང་། དཔེར་ན་གཟུགས་མེད་པར་འཛིན་འཁན་དང་། མི་ལེགས་པར་འཛིན་འཁན་གཉིས་ལ་ཐ་དད་མེད་ཅིང་བདེན་པ་མེད། དེས་ན་བདེན་མེད་གྲུབ་མེད་ཀྱི་རང་ངོ་མཉམས་པའི། སྣང་བ་བདེན་པ་མེད་པའི་བདོན་ཁོང་དུ་ཆུད་དེ། ངག་དུ་ཕཊ་ཅེས་པ་བཅོད་ཅིང་། དུས་དང་རྣམས་པ་ཐམས་ཅད་དུ་སྣང་བ་ལ་བདེན་པ་མེད་པར་ཐག་ཆོད་གཅིག །དེ་ལྟར་བྱས་པའི། །།།ཀྱི་བདུད་གང་བཅོད་དང་། བོགས་དང་སྐྱེད་ཐོན་ཡོང་ངོ་། །དོན་གཉིས་པ། ཐོགས་མེད་བདུད་མཆོག་བཅོད་འདོད་ན། བཏེད་ཡོན་ཏན་གཏེར་གྱི་མཛོད། ཅེས་པ་ནི། དེ་ཡང་ཐོགས་མེད་ཀྱི་བདུད་ཅེས་པ། འདས་པ་དང་མ་འོངས་པ་དང་ད་ལྟར་ལ་སོགས་པ་དུས་གསུམ་གྱི་རྣམ་པར་རྟོག་པ་གང་ཤར་ཡང་། དུས་དང་རྣམས་པ་ཐམས་ཅད་དུ་བཏད་དེ་རྗེས་མེད་དུ་བཞོག་གཅིག །དེ་ལྟར་བྱས་པའི། ཐོགས་མེད་ཀྱི་བདུད་གང་བཅོད་དང་། བོགས་སྐྱེད་ཐོན་འོང་ངོ་། །དོན་གསུམ་པ། དགའ་དྲོད་བདུད་མཆོག་བཅོད་འདོད་ན། ཞེན་མེད་ཡོན་ཏན་གཏེར་གྱི་མཛོད། །ཅེས་པ་ནི། དེ་ཡང་གང་དང་གང་ལ་དགའ་ཤིང་། །།།དྲོད་པའི་མཚན་ཉིད་རྒྱུ་ཐམས་ཅད་ལ་བཞེན་པ་དང་ཆགས་པ་ཡེ་མི་བྱེད་པར། ངག་དུ་ཕཊ་ཅེས་བརྗོད་ཅིང་། གང་ལ་གང་ཤར་དང་། ཞེན་པ་མེད་པར་འཛིན་མེད་དུ་བཞག་པའི་དགའ་དྲོད་ཀྱི་བདུད་ཐམས་ཅད་ཆོད་ནས་ཡོང་ངོ་། །དོན་ཞི་བ། སྙེམས་བྱེད་བདུད་མཆོག་བཅོད་འདོད་ན། །ཉམས་རྟོགས་ཡོན་ཏན་གཏེར་གྱི་མཛོད། །ཅེས་པ་ནི། དེ་ཡང་ཡོད་སྙེམས་མེད་སྙེམས་ལ་སོགས་པའི་སྙེམས་བྱེད་ཀྱི་བདུད་ཐམས་ཅད་ལ། སྙེམ་དང་དབྱེར་མེད་དུ་

(༡༥)བལྟ་སྟེ། ངག་དུ་ཕཊ་ཅེས་བརྗོད་ཅིང་བཟང་།།། གཉན་སྡུག་ལ་སོགས་པ་མཉམས་ཤིང་དབྱེར་མེད་དུ་བཞག་གོ །དེ་ཡང་བདུས་དང་རྣམས་པ་ཐམས་ཅད་དུ། ཉམས་ལེན་དེ་ལྟར་དུ་བྱ་སྟེ་རི་ལུངས་མེད་པར་འབད་པས། ད་ཟོད་བདུད་གང་བཅོད་ཀྱང་རྩོལ་མེད་དུའང་འབྱུང་ཞིང་། ཡོན་ཏན་ཐམས་ཅད་ལ་བོགས་དང་སྐྱེད་མྱུར་དུ་ཐོན་ཡོང་ངོ་། །གནས་བཟང་སྤྱོད་བྱས་ཤིང་།།།ཤར་ཕྱིན་གྱི་དོན་ཉམས་སུ་བླངས་པའི། ཞི་ལྷག་བཟུང་དུ་མ་ཆུད་པ་དང་། གནས་འགྱུ་ཁྱད་མེད་དུ་མ་རྟོགས་པ་དང་། ཤར་ཚད་ཆོས་སྐུར་མ་རྟོགས་པ་དང་། མཉམས་བཞག་དང་རྗེས་ཐོབ་མ་འདྲེས་པའི་བོགས་འདོན་ནི། ང་ན་རེ། ཞི་ལྷག་བཟུང་དུ་ཆུད་འདོད་ན། བསྲེ་བྱེད་ཡོན་ཏན་གཏེར་གྱི་མཛོད། གནས་འགྱུ་ཁྱད་མེད་མ་རྟོགས་ན། རང་ལྟ་ཡོན་ཏན༴ ཤར་ཚད་ཆོས་སྐུར་རྟོགས་འདོད་ན། རང་འབྱུང་ཡོན་ཏན༴ མཉམས་རྗེས་དབྱེར་མེད་བསྲེ་འདོད་ན། དྲན་འཛིན་ཡོན་ཏན༴ དེ་ལྟར༴ བཅོད༴ ཅེས་པའི། དེ་ཡང་དང་པོ་བདུད་བཅོད་ཀྱི་དོན་གོ །ཡུམ་།།།ཤར་ཕྱིན་གྱི་དོན་ཐམས་ཅད་ཉམས་སུ་ལེན་པའི་བདུས་འདིར། དོན་གནས་ལུགས་ཀྱི་ངང་དུ་བཞག་ནས་སྒོམ་པའི། ཞི་གནས་ཀྱི་ཏིང་འཛིན་རྒྱུད་ལ་སྐྱེས་ཀྱང་། ལྷག་མཐོང་བཟུང་དུ་མ་ཆུད་ན། དེ་གཉིས་དབྱེར་མེད་དུ་འདྲེ་དགོས་སྟེ། དེ་ལ་སྲེ་བྱེད་ཡོན་ཏན་གཏེར། །ཅེས་པས། དེ་ཡང་གནས་ལུགས་ཀྱི་ངང་དུ་དོན་ཉམས་སུ་བླངས་པའི། རང་གི་རྣམ་རྟོག་ཕྲ་རགས་ཐམས་ཅད་རང་ས་རུ་ཞི་ནས། སེམས་རྟོག་མེད་དུ་གནས་པ་ན། ཞི་གནས་ཀྱི་ཏིང་འཛིན་རྒྱུད་ལ་ཤར་ཀྱང་། ལྷག་མཐོང་ཡེ་ཤེས་ཚད་མེད་དུ་མ་རྫོགས་ན། བྱ་བཤོག་པ་བྲལ་བ་དང་

(༡༦)ས་།།།དང་འདྲ་ཤིང་། ཕུར་མི་ཤེས། དེས་ན་ཞི་ལྷག་དབྱེར་མེད་དུ་བསྲེ་དགོས་སྟེ། དེ་ལ་བསྡུ་ན། ཞི་གནས་ཞེས་པ་རང་གི་སེམས་ཉིད་རྟོགས་པ། མི་འཁྲུལ་བ་གཅིག་ལ་གཟེར། ལྷག་མཐོང་ཞེས་པ་གནས་པའི་རང་ངོ་དེ་ལྷག་གིས་མཐོང་བ་དེ་ཡིན། དེ་ལ་མ་གནས་ན་མི་མཐོང་། མ་མཐོང་ན་མི་གནས་བྱ་བ་ཡེ་ནས་རང་ཟུང་དུ་ཆུད་པ་གཅིག་ཡིན། གཉན་ཁྲོད་དུ་སྤྱོད་བྱས་པའི། དཔེར་ན་བློ་འཇིགས་སྙམས་པ་གཅིག་བྱུང་ན། དེ་ལས་བཞན་པ་གང་དུའང་། བློ་མངའ་བྲོས་སྙམས་པ་འཇིགས་སྙམས་པ། དེ་ཀའི་རང་ངོར་སིང་ངེ་གནས་པས། ཞི་གནས་པ་དེ་དག་པའི་ངོ་ལ་ཆེར་ལྟས་པའི། འཇིགས་པ་དང་རང་previous hit སེམས་གཉིས་སུ་མེད་པར next hit། ཡུལ་མེད་རང་སྟོང་སྤྲོས་པའི་མཐའ་དང་བྲལ་བར་ལྷག་གི་མཐོང་བ་ན། ལྷག་མཐོང་དབྱེར་མེད་ཡོད་པས། ཡོད་ལུགས་ཞིན་དུ་སྲེས་ལ་ཉམས་སུ་བླང་ངོ་། །དོན་གཉིས་པ། གནས་འགྱུ་དབྱེར་མེད་རྟོགས་འདོད་ན། །རང་ལྟ་ཡོན་ཏན་གཏེར་གྱི་མཛོད། །ཅེས་པ་ནི། དེ་ཡང་གནས་པའི་དུས་སུ། ལྷག་མཐོང་དབྱེར་མེད་ཀྱང་། འགྱུ་བའི་དུས་སུ་ཇི་ལྟར་ཡོང་ངམ་སྙམས་ན་ཐ་དད་མེད་དེ། དེ་ལྟར་ལྟས་ཤིང་མཐོང་ན་གནས་པ་དང་འགྱུས་པ་ལ་ཐ་དད་མེད་ཅིང་ངོ་བོ་གཅིག་གོ །དོན་གསུམ་པ། ཤར་ཚད་ཆོས་སྐུར་རྟོགས་འདོད་ན། །གང་འབྱུང་ཡོན་ཏན་གཏེར་གྱི་མཛོད། །ཅེས་པ་ནི། དེ་ཡང་བཅོད་ཉམས་སུ་བླངས་པའི། །གང་ཤར་ཆོས་སྐུའི་ངོ་བོ་ཡིན། །ཉོན་མོངས་བ་ངན་པ་

(༡༧)དང་ཡེ་ཤེས་བཟང་པོ་གཉིས་གང་ཤར་དང་། སྟོང་ཉིད་ཆོས་སྐུའི་རང་ངོ་ཡིན་སྟེ། དེ་ཡང་ཉོན་མོངས་པ་ངན་པ་ཤར་བ་དང་། དོན་དམ་སྟོང་ཉིད་ཆོས་སྐུའི་རང་ངོར་ལྷང་ངེ་། ཡེ་ཤེས་བཟང་པོ་ཤར་བ་དང་། དོན་དམ་སྟོང་ཉིད་ཆོས་སྐུའི་རང་ངོར་ལྷང་ངེ་། དེས་ན་གང་ཤར་ཆོས་སྐུར་བརྗེན་ནེ། ཅི་བྱུང་ཡང་དོན་དམ་ཆོས་སྐུ་སྟོང་ཉིད་དུ་སིང་ངེ་། དེའི་ཉམས་སུ་ལོངས་པར་ལོང་དང་། ཅི་བྱུང་དང་ཆོག་ལ་གང་ཤར་དང་འདྲ་ཡིས། དེ་ཀ་ལ་གང་འབྱུང་ཡོན་ཏན་གཏེར་གྱི་མཛོད། ཅེས་པའོ། །དོན་ཞི་བ་མཉམས་རྗེས་དབྱེར་མེད་བསྲེ་འདོད་ན། ཅེས་པ་ནི། དེ་ཡང་བཅོད་ཉམས་སུ་བླངས་པའི་དང་པོ་མཉག་བཞག་གི་དུས་སུ་།།།ལྷག་དུ་ཆུད་པ་དང་། གནས་འགྱུ་ཁྱད་མེད་དུ་འགྲེ་བ་དང་། ཤར་ཆོས་སྐུར་ཤེས་པ་ལགས་པ་ཡོད་ཀྱང་། རྗེས་ཐོབ་བདུས་སུ་དེ་རྣམས་ཁ་ཡན་དུ་ཤོར་ནས། དེ་རླུང་བརྟེན་དང་མ་ལྡན་པའི། མཉམས་རྗེས་གཉིས་བོ་འདྲེ་དགོས་སྟེ། དེ་ལ་དང་པོ་མཉམ་བཞག་གི་དུས་དང་འདྲའི། རང་གི་ཉམས་རྟོགས་བཟང་པོ་དེའི་རྗེས་སྤྱོད་ཐམས་ཅད་དུ་བསྲེ་བ་ལ། སྤྱོད་ལམ་ཅི་བྱེད་མ་ཡེངས་པའི་དྲན་པའི་འཁྲིལ་ལེ་སྐྱོང་པ་ཡིན་སྟེ། དེ་ལ་ཉིན་དང་མཚན་དང་། དབྱེན་མི་དབྱེན་མེད། འགྲོ་བ་དང་འདུག་པ་མེད། སྐྱིད་པ་དང་སྡུག་པ་མེད། ཉལ་པ་དང་ལྡང་པ་མེད། རི་དང་རླུངས་མེད། ཅི་བྱེད་གང་བྱེད་བདུས་དང་རྣམས་པ་ཐམས་ཅད་དུ་མ་ཡེངས་པ་གཅིག་དགོས་པས། བུ་བླ་མ་བསམ་གཏན་འོད་ཟེར་པ་མ་ཡེངས་གཅིག་མ་ཡེངས་གཅིག །ཞེ་ནས་བདུད་གཅིག་བཅོད་ན་དར་གཅིག་ཀྱང་ཡེངས་པའི་

(༡༨)སྐབས་མེད་དོ། །བུ་བླ་མ་བསམ་འོད་པ། སངས་རྒྱས་དང་སེམས་ཅན་གཉིས་ཡེངས་པ་དང་མི་ཡེངས་པའི་ཁྱད་ལས་བྱུང་ངོ་། །བླ་མ་བྱང་ཆུབ་སེམས་དཔའ་གསེར་བྷིའི།།། ཡེངས་མེད་ཀྱི་དྲན་པ་རྒྱུན་དུ་བརྟེན་དང་། མཉམས་རྗེས་ཀྱི་བར་ལག་གཅིག་དུ་འདྲེ་ཡི། བུ་རྗེས་འཇུག་གི་དཀལ་ལྡན་ཕོ་མོ་ཀུན། ཕ་ང་ཟེར་གདམ་ངག་ཉམས་ལེན་ན། སེམས་མ་ཡེངས་དྲན་པ་རྒྱུན་དུ་བརྟེན། དུས་ཡུན་རིངས་ཀྱི་མདུད་པ་མྱུར་དུ་ཆོད་ཀྱིིས། དེས་ན་ད་མ་ཡེངས་གཅིག །དྲན་པ་དེ་མ་ཡེངས་གཅིག་མ་ཡེངས་གཅིག །དྲན་པ་དེ་དྲན་འཛིན་ཡོན་ཏན་གཏེར་གྱི་མཛོད། ཅེས་པ་དེའོ། །གནས་ཡང་།།།ཆོས་ཀྱི་ཉམས་ལེན་རྒྱུན་དུ་བྱས་ཀྱང་། རྒྱུད་ལ་བོགས་མེ་མེད་ན། བཟུང་འཛིན་གྱི་སྤྲོས་པ་ཙན་ཆོད་དུ་བཅེད་བོགས་འདོན། མཚན་ལྡན་གྱི་བླ་མ་རྒྱུན་དུ་བརྟེན་ཀྱང་། རྒྱུད་ལ་བྱིན་བརླབས་མི་འཇུག་ན། མོས་ཐུས་ཀྱི་བྱེད་པ་རྩན་ཆོད་དུ་བྱས་ནས་བོགས་འདོན། བྱམས་པ་སྙིང་རྗེ་རྒྱུན་དུ་སྒོམ་ཀྱང་། སེམས་ལ་ཕན་དོགས་ཡེ་མི་ཡོང་ན། འགྲོ་ཕན་གྱི་དམ་ཆོས་བརྩན་ཆོད་དུ་བྱས་ལ་བོགས་འདོན་དགོས། དགོས་མེད་ཀྱི་གཞན་ལོག་ཡང་ཡང་དུ་བྱས་ཀྱང་། ཕྲལ་དགོས་ཀྱི་ཕྲན་ཚེགས་ལ་ཕངས་སེམས་བྱས་ན། བློས་བཏང་གི་བྱ་ཏང་བཙན་ཆོད་དུ་བྱས་ཏེ། བོགས་འདོན་པ་བྱ་བ་དགོས་སྟེ། དེ་ཀ་ལ་ང་ན་རེ། བཅོད་ལ་བོགས་སྐྱེད་མི་འདུག་ན། །བཟུང་འཛིན་སྤྲོས་པ་ཙན་ཆོད་ཀྱིས། །བླ་མའི་བྱིན་བརླབས་མི་འཇུག་ན། །མོས་ཐུས་བྱེད་པ་རྩན་ཆོད་ཀྱིས། །སེམས་ཅན་གྱི་འགྲོ་དོན་མི་འགྲུབ་ན། །འགྲོ་

(༡༩)ལ་ཕན་བྱེད་བཙན་ཆོད་ཀྱིས། །གང་ལ་ཕངས་པའི་སེམས་ཆགས་ན། །ཞེན་ལོག་བློས་བཏང་རྩན་ཚོད་ཀྱིས། །དེ་ལྟར་རྩན་ཆོད་རྦད་ཆོད་ཀྱིས། །བཅོད་ལ་བོགས་སྐྱེད་འདོན་པར་བྱའོ། །ཅེས་གསུངས་པའི་དང་པོ་བཅོད་ལ་བོགས་སྐྱེད་མི་འདུག་ན། ཅེས་པ་ནི། དེ་ཡང་བཅོད་ཆོས་ཡུན་རིངས་སུ་བྱས་པའི། བོགས་སྐྱེད་ལ་སོགས་པ་མེད་པར། དངོས་འཛིན་དང་ཆགས་དང་ཆེ་རུ་སོང་འདུག་ན། བཅོད་ལྡེངས་པོ་བྱ་བ་ཡིན་པའི། དེའི་བོགས་འདོན་ལ་བློས་བཅོད་ཆེ་རུ་བྱས་ཏེ། ང་ཚེ་གཅིག་གི་སངས་རྒྱས་ཐོབ་དུ་རེ་བ་ཡིན། སངས་རྒྱས་ཐོབ་བ་ལ་བདུད་བཅད་དགོས་པར་འདུག་ཏེ། ངས་སྔར་བཅོད་དེ་ཙམ་བྱས་ཀྱང་བློ་ལ་ཡར་སྐྱེད་མེད་པར། ད་ཀུན་ད་ལྟ་རང་ནས་བཟུང་བ་དང་འཛིན་པ་ཐམས་ཅད་རྦད་ཆོད་ལ་བཏང་ངོ་། །དེ་ཡང་ཚར་ཚད་དང་ཆོད་ཚད་ལ་མི་བལྟ། འབྲས་བུ་དང་ཡོན་ཏན་ལ་མི་རེ། ད་ནི་ད་ལྟ་རང་ནས་བཟུང་པ་དང་། འཛིན་པ་རྦད་ཆོད་ལ་བཏང་ངོ་། །ལྟོགས་ཁྱགས་མུ་གེའི་ཤི་ན། ངའི་ཡོན་ཏན་དང་འབྲས་བུ་དེ་ཡིན། ཆོད་ཚད་དང་ཚར་ཚད་དེ་ཡིན་ནོ། །དེ་ངས་ད་ལྟ་རང་ནས་འཆའ་བ་དང་སྨོད་པ་ཐམས་ཅད་བློས་སྟང་ངོ་། །སྐྱིད་པ་དང་སྡུག་པ་ཐམས་ཅད་བློས་བཏང་ངོ་། །དགྲ་དང་གཉེན་ཐམས་ཅད་བློས་བཏང་ངོ་། །གྲང་པ་དང་དྲོ་བ་ཐམས་ཅད་བློས་བཏང་ངོ་། །ཡིད་དུ་འོང་བ་དང་ཞེན་པ་ལོག་པ་ཐམས་ཅད་བློས་བཏང་ངོ་། །དེས་ན་གང་ལ་ཡང་མི་ཞེན་ནོ། །མི་ཆགས་སོ། །སུ་ལ་ཡང་མི་རེ། འཁྲིས་མེད་གཡས་མེད་ཀྱི་མི་གཅིག་བྱེད། ཨ་པ་བླ་མ་བསམ་འོད་པ། ད་ཁྱོད་ལ་བདུད་བཅོད་ཀྱི་ཆོས་ནི་མ་བྱུང་འདུག །ཅིས་ཀྱང་བཅད་མེད་པ། གང་གི་དང་བཅད་མེད་པ། ཨ་པ་

(༢༠)བཅད་མེད་པ། ཆོག་གོ་བཅད་མེད་པ། བདུད་མ་ཆོད་པའི་བདུས་འདི་དང། བཅད་མེད་པ། འདྲེ་མ་ཐུལ་བའི་ངག་འདི་བཅད་མེད་པ། བགེགས་མ་ཆོས་པའི་ཡིད་འདིས་ཀྱང་བཅད་མེད་པ། ད་ཟོད་བདག་གི་ལུས་ངག་ཡིད་གསུམ་ལ། ཞེན་པ་དང་ཆགས་པ་མེད་པར་བློ་ཡིས་བཏང་ངོ་། །ཅི་དགའ་བ་ཁྱེར་གཅིག །སུ་དགའ་བ་ཐོབ་གཅིག །གང་དགའ་བ་གྱིས་གཅིག །སྙམས་པའི་ཞེན་ལོག་དང་། བློས་ཆོད་སྐྱེས་ལ། དེ་ལྟར་ཉམས་སུ་ལང་། དེས་བཟུང་འཛིན་སྤྲོས་པ་བཙན་ཆོད་ཀྱིས། ཅེས་པས་དོན་ཏོ། །དེ་ལྟར་བྱས་པའི་བདུད་ཐམས་ཅད་རྩན་ཆོད་ལ་འགྲོའོ། །དོན་གཉིས་པ། བླ་མའི་བྱིན་བརླབས་མ་ཞུགས་ན་ཅེས་པ་ནི། བཅོད་བྱས་རི་ཁྲོད་འགྲིམས། མཚན་ལྡན་གྱི་བླ་མ་དང་འཇལ། འབུལ་བ་དང་འདོགས་པ་བྱས། གསོལ་བ་འགའ་རེ་ཙམ་བཏབ་ཀྱང་། རང་རྒྱུད་ལ་བྱིན་བརླབས་འཇུག་དུ་མ་འདོད་ན། དེའི་སྐྱོན་རང་གི་མོས་ཐུས་ལ་འགྱུར་ལྡོག་དང་། སྡེམས་ཀྱང་ཤོར་བའི་ཉེས་པ་ཡིན་པས། དེ་ཡང་འབུལ་བ་དང་ལེགས་པ་བྱས་ན། དྲིན་དང་ཡུས་ཁ་བྱས། དམ་ཆོས་དང་བྱིན་བརླབས་སྣང་བའི་བདུས། གཏི་མུག་དང་བཏང་སྙོམས་ཀྱི་མ་ཞུས། མོས་ཐུས་དང་གསོལ་འདེབས་བྱེད་རྩ་ན། ཆོས་བརྒྱད་འདི་ཡིན་འདི་མིན་བྱས་པས། མཚན་ལྡན་བླ་མའི་བྱིན་བརླབས་མ་ཞུགས་པ་ཡིན། ད་ཡང་ཚད་ཀྱི་མོས་ཐུས་དང་ཚོད་ཀྱི་འབུལ་བ་དང་། བདུས་ཀྱི་གསོལ་འདེབས་ཀྱི་གར་ཕན། ད་

(༢༡)གཉན་ས་འགྲིམས་ཤིང་། ཕྱོགས་མེད་ཀྱི་བདུད་ལས་རྒྱལ་ནས། ཚེ་གཅིག་གི་སངས་རྒྱས་རེ་ན། མཚན་ལྡན་བླ་མའི་བྱིན་བརླབས་དགོས་པའི། དེ་ལ་ཚད་མེད་པའི་མོས་ཐུས་རྩན་ཆོད་དུ་བྱས། ཚད་མེད་པའི་འབུལ་བ་བཙན་ཆོད་དུ་བྱས། བདུས་མེད་ཀྱི་གསོལ་འདེབས་བཙན་ཆོད་དུ་བྱ་དགོས་པའི། དེ་ལ་བླ་མ་སངས་རྒྱས་ཡིན་པ་དང་། མིན་པའི་ཚོད་བྱེད་ཅིང་མི་དོད་previous hit པར། ངག་དུ་ཧས་ཧས་པ་གསོལ་བ་འདེབས་པ། རྐོག་རྟའི་འགྱུར་བཏོར་བ་གཅིག་དགོས་སྟེ། དེ་ཡང་སེམས ་བཏད་སོ་ཚད་ལས་འདས་པའི་མོས་ཐུས། ལུས་གནད་ཀྱི་ཚད་ལས་འདས་པའི་མོས་ཐུས། ངག་ལྐོག་ཚིག་གི་ཚད་ལས་འདས་པའི་མོས་ཐུས། བྱ་བ་དེ་ལྟ་བུའི་མོས་ཐུས་གཅིག །རྦད་ཆོད་བཙན་ཆོད་དུ་དགོས་པ་ཡིན་ནོ། །ཚོད་མེད་པའི་འབུལ་བ་ནི། འདི་ཙམ་གཅིག་བླ་མ་ལ་འབུལ། འདི་ཙམ་གཅིག་རང་རེ་ལ་དགོས་སྙམས་པའི་ཚོད་འཛིན་གྱི་འབུལ་བ་མ་ཡིན་པས། འབུལ་མགོ་བོ་ལུས་ངག་འབུལ་ཏེ། རང་ཉིད་སྤྲང་པོ་ལ་ཤར་འགྲོ་ཡན་ཚོད་འཛིན་གྱི་འབུལ་བ་མ་ཡིན་པའི་འབུལ་བ་བྱ་དགོས་སོ། འདི་ལ་བླ་མ་བསམ་འོད་པ་ཁོས་བྱས་པའི་རྣམས་ཐར་དྲན་ཏེ་ཁ་ཐམས་ཅད་ཨིྀྠ། དུས་མེད་པའི་གསོལ་འདེབས་ནི། དུས་དང་མཐུན་ཚད་མེད་པར། བདག་མེད་རི་ཁྲོད་སྟོང་པ་གཅིག་ཏུ། དུས་མེད་ཀྱི་གསོལ་འདེབས་གསང་ལྷང་ངེ་འདེབས་པ་གཅིག་དགོས་པ་ཡིན་ནོ། དེའི་ལུས་ཚད་མེད་བཙན་ཆོད་པའོ་དོན་དེ། དོན་གསུམ་པ། སེམས་ཅན་འགྲོ་དོན་མི་འགྲུབ་ན་ཅེས་པའི་ནི། དེ་ཡང་ཚེ་གང་རི་ཁྲོད་བྱས། བྱམས་དང་

(༢༢)སྙིང་རྗེ་སྒོམས་ཀྱང་། སེམས་ཅན་ལ་ཕན་ཡེ་མ་བྱུང་ན། འགྲོ་བ་ལ་ཕན་པ་རྩན་ཆོད་དུ་བྱ་དགོས་སྟེ། དེ་ཕྱིར་དུ་སེམས་ཅན་དམ་དགོས་ཀྱི་སྡུག་པ་དང་། བསྔལ་པ་དང་ཕོངས་པ་ཀུན་ལ་རང་གི་ཁ་རུ་ཆུད་པའི་ཟ་མ་ཡང་བསྟོན་ནས་སྟེར། རང་གི་དགོས་བགྱོན་པའི་འཕྲོ་ཡང་བཤོལ་ནས་གཏེར། མདོར་ན་གང་ལ་དགོས་སམ། གང་ལ་གང་ཕན་གྱི་སྤྱོད་པ་འབའ་ཤིག་བཙན་ཆོད་ལ་རྦད་ཆོད་བྱས་ལ། ཕྱི་ནང་གི་རྟེན་འབྲེལ་ལ་བཏེན་ནས་འགྲོ་བའི་མགོན། སེམས་ཅན་པའི་ཡར་འདྲེན། འགྲོ་དྲུག་གི་སྐྱབས་མགོན་རྒྱལ་བའི་སྲས་པོ་ཆེན་པོ། མཐོང་འཐོས་དྲན་རེག་འབྲེལ་ཚད་དོན་དང་ལྡན་པའི་བྱ་།།།ཞིག་གིས་དུས་འདའ་པ་གཅིག་ཙམ་ཀྱང་བྱིན་ནོ། །སྔོན་ལ་ཧམ་པ་དང་། སྙིང་སྟོབས་དགོས་སོ། །དེའི་འགྲོ་བ་ལ་ཕན་བྱེད་བཙན་ཆོད་ཀྱི་བདོན་ཏོ། །དོན་ཞི་མ་གང་ལ་ཕངས་པའི་སེམས་ཆར་ན། ཅེས་པ་ནི། དེ་ཡང་བཅོད་ཉམས་སུ་བླངས་ཤིང་། གཉན་སའི་རི་ཁྲོད་འགྲིམས་པས། ཅི་ཞིག་ལྟར་དུ་རྒྱུར་པ་དང་། རྒྱུ་ཅི་རིགས་པ་ལ་བརྟེན་ནས། གང་ལ་ཡང་ཕངས་པའི་སེམས་ཅི་ལ་ཡང་ཕངས་པའི་སེམས་རང་གིས་ཟིན་ནུས། གནས་ལ་སྟེར་མི་ནུས་ཤིང་། ཕངས་སེམས་དང་འཇུར་སེམས་བརྟག་དུ་བྱས་ན། དེ་ལ་ཞེན་ལོག་དང་བློས་བཏང་བཙན་ཆོད་དུ་བྱེད་དགོས་པའི། དེ་ཡང་ནས་རྟོག་རེ་ཙམ། གཏོར་ཟན་སྲན་མ་རྩམ་རེ་ལ་ཕངས་སེམས་དང་འཇུར་སེམས་བྱས་པའི། ཡི་དྭགས་སུ་སྐྱེ་བའི་ལོ་རྒྱུས་ལ་ཚམས་པ་མེད། དེ་ན་རྒྱ་ཆུང་ལ་འབྲས་བུ་ཆེན་པོ་འབྱུང་བའི་ལས་ངན་འདི་ལྟ་བུ་ལ་ང་མི་འཇུག་གོ །རང་གི་མགོ་བོ་དང་རྐང་ལག་ལ་ཡང་

(༢༣)ཞེན་པ་དང་ཆགས་པ་མེད་པར་སྟོང་ནུས་པ་གཅིག་དགོས་ན། འདི་ལྟ་བུའི་ནོར་རྫས་ལ་ཅི་དོན་ཡོད་པའི་དགོས་པ་མེད་དོ། །སྙམས་པ་བློས་བཅད་སྐྱེད་དོ། །དང་ལ་གང་འཕངས་པ་དེ་བློས་བཏང་ངོ་། །གང་ཅེས་ན་ཞེན་སྐྱུར། འདོར་ན་བུ་དང་ཆུང་མ་རྒྱལ་སྲིད་འཁོར་གཡོག །ལོངས་སྤྱོད་མངའ་ཐང་། དེའི་མི་ཚད་རང་གི་།།།མགོན་པོ་དང་། རྐང་ལག་དོན་སྙིང་ནང་རོལ་ལ་སོགས་པ་དང་། ཅེས་འཛིན་མི་བྱེད་པར་གང་ཅེས་པ་དང་། གང་འཕངས་པ་གཏིང་ནས་བློ་ཡི་བཏང་། ཞེན་པ་སྐྱུར་རོ། །དེ་ལ་བྱམས་པ་དང་མི་བྱམས་པ་མ་ཡིན་པའི། འཕྲལ་འཕངས་སུ་བྱུང་ཡང་། དེ་ཀ་རྩན་ཆོད་ལ་རྒྱངས་བཏང་ངོ་། །དེ་ལྟར་བྱས་པའི་ད་ཟོད་གང་ལ་ཡང་འཕངས་སེམས་མི་སྐྱེ་བར་ཞེན་ལོག་དང་། བློས་བཏང་ཇེ་ཆེ་ལ་སོང་ནས་ཡི་དྭགས་ཀྱི་ས་བོན་ཐམས་ཅད་རླག་པར་བྱེད་དོ། །བདུད་ཐམས་ཅད་བརྩན་ཅོད་རྦད་ཅོད་ལ་ཆོད་ནས། ཡོན་ཏན་ཐམས་ཅད་ཡར་ལྡན་དུ་འབྱུང་ངོ་། །དེས་ན་འཕངས་སེམས་དང་འཇུར་སེམས་ཐམས་ཅད་བློས་བཏང་ངོ་། །ཞེན་པ་ལྡོག་གང་ལ་ཡང་གཏད་མེད་དུ་བྱའོ། །དེས་གཞེན་ལྡོག་བློས་བཏང་བཙན་ཆོད་ཀྱིས། ཅེས་པའི་དོན་ཏོ། །དེ་ན་བཅོད་འདི་ལ་བཞུགས་པའི་དུས་སུ་རང་གི་བོགས་སྐྱེ། མ་ཐོན་བ་ཀུན་ལ་དེ་ཀའི་ངོས་མ་བཟུང་ན་བོགས་དང་སྐྱེད་འདོན་པའི་ཐབས་ཤིན་དུ་ཟབ་པའི་ཆོས་བོགས་འདོན་ཡོན་ཏན་གཏེར་གྱི་མཛོད། ཅེས་བྱ་བ་དེ་རྫོགས་སོ། །འདི་ལས་དང་བསྐལ་བར་ལྡན་པའི་གང་ཟག་ལ་གདམ་པའི་གདམ་ཤིང་། བསྐལ་མེད་ལ་སྦ། འདི་འདྲིས་བགེ་བ་གང་ཐོབ་དེའི། དཔལ་ལྡན་བླ་མ་མགོན་པོ་སེངྒེ་ཡིས། བྱིན་བརླབས་བདག་གི་བརྒྱུད་ལ་ཞུགས་རྒྱུར་ནས།

(༢༤)བདག་པའི་ཞིང་ཁམས་གང་དུ་ཞུགས་རྒྱུར་ཀྱང་། །ཐུགས་རྗེའི་དབང་གི་ཐོགས་མེད་རྫུས་སྐྱེས་ནས། །འབྲལ་མེད་རྣམས་བདག་མཆོད་པའི་སྙེམས་བྱེད་ཤོག །རྐྱེན་ངན་བོགས་སུ་ཐོན་པར་ཤོག །སྐྱེ་མེད་གཅིག་ཆར་རྟོགས་པར་ཤོག །བཀྲི་ཤིས། དགེའོ། །


no previousno next