Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བཅུ་པ།

746 occurrences of གསུམ་པ་
[Clear Hits]


19  collapse section
  
  
  
 
ས་བླང་བའི་རིམ་པ།
 
 
  
 
  
 
  
  
 
 
  
 
 
 
  
  
 
21   
 
 
 
10   
30  expand section
83  expand section
 
 
  
 
 
 
54   
 
 
 
 
 
 
 
 
  
 
 
  
expand section
 
 
26  expand section
32   
 
 
 
 
 
 
11   
12   
 
 
 
 
 
 
 
  
 
22  expand section
 
 
 
  
 expand section
 
 
 
 
 
 
10   
expand section
 
14   
 
 
expand section
 
 
16   
 
16   
14   
  
40  expand section
 
 
 
 expand section
57  expand section
20   
 
 
16   


746 occurrences of གསུམ་པ་
[Clear Hits]

 
previousས་བླང་བའི་རིམ་པ།next

ས་བླང་བའི་རིམ་པ།


DTG010_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བརྟགས་པའི་དབུས་སུ། ཀྱེའི་རྡོ་རྗེ་དང་ལྡན་པར་འདུག་ལ། སའི་ལྷ་མོ་བསྐུལ་ལ་གསོལ་བ་གདབ་པར་བྱ་སྟེ། ལག་ ་གཉིས་ཀྱི་སོར་མོ་ལན་གསུམ next hit་དུ་ས་ལ་བརྡབ་པར་བྱའོ། །བརྡབས་པས་སའི་ནང་ནས་ཕྱིར་འཐོན་ནས། རྣལ་འབྱོར་པའི་མདུན་དུ་འདུག་ནས་གནས་པར་བསམ་མོ། །ལྷ་མོ་དེ་ཡང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང་ལྡན་པ། མདོག་སེར་པོར་གནས་པ། བཞིན་སྡུག་པ་མཛེས་པ་ཕྱག་ན་བུམ་པ་བསྣམས་ཏེ། བདག་ནི་ཅི་བགྱི་བཀའ་སྩོལ་འཚལ། ཞེས་སྨྲ་བར་བསམ་མོ། །དེ་ལྟར་བསམས་པའི་ལྷ་མོ་དེ་ལ་མཆོད་ཡོན་དང༌། ཞབས་བསིལ་དང༌། མཆོད་པ་དང༌། གཏོར་མ་ཕུལ་ལ་འདི་སྐད་བརྗོད་པར་བྱའོ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་previous hit ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་ལན་གསུམ next hit་བརྗོད་ལ། སའི་ལྷ་མོ་དགའ་བའི་མདངས་ཀྱིས། ཁྱོད་སློབ་དཔོན་ཡིན་གྱིས། དཀྱིལ་འཁོར་གྱིས་ཤིག་ཟེར་ནས། ས་ལ་ཐིམ་པར་བསམ་མོ། །དེ་ནི་ས་བླང་བའི་རིམ་པའོ། །


previousས་བླང་བའི་རིམ་པ།next