cover

༄༅།། མ་གཅིག་གི་ཞི་ལམ་དུ་བླང་པའི་དམ་པ་བཞུགས་སོ། །འགྲོ་དོན་ཕེལ།

རྡོ་རྗེ་ཐེག་པ། ༽

མ་གཅིག་ལབ་སྒྲོན། ma gcig lab sgron, Macig Labdron (1055-1149)

Nitartha Publication

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

(༡)མ་གཅིག་གི་ཞི་ལམ་དུ་བླང་པའི་དམ་པ་བཞུགས་སོ། །འགྲོ་དོན་ཕེལ།

(༢)མ་གཅིག་གི་ཞི་ལམ་དུ་བླང་པ་འདི་གསུངས་སོ། །དང་པོ་བླ་མའི་གདམ་ངག་གི། བཅུད་ཐེམས་པར་བྱས་ལ། རྣལ་མ་བཅོས་པ་དེ། ཆོས་ཉིད་ཡིན་པར་ཤེས་པར་བྱ། རྣལ་མ་དེ་ལ་འཁོར་བའི་དུ་ཁ་ལ། སངས་རྒྱས་ཀྱི་བདེ་བརྡ་དང་ཐབས་ཀྱི་གནས་ལུགས་ངོ་སྤྲད་ཅིང་ཉམས་སུ་བླང་པ་ པའམ། ལྷའམ་གླུའམ་ནད་རིམས་སམ། ཉམས་བྲིབ་ལ་སོགས་པ་ཅི་ཡང་མི་འདུག་པར་བྱས་ལ། གནས་ལུགས། ཡང་དང་ཡང་དུ་ཙམ་སྦྱོང་སྟེ། དེ་ཡང་ལྟ་བ་གཉིས་མེད་དུ་ན་ བརྟན་པ་ ས་ཅི་ཡང་མ་དགོས་པར་ཤེས་ཀྱང་། སྤྱོད་པའི་དུས་སུ་ཐ་མལ་བཞིན་སོང་། ལྷ་ལ་གཙང་ཙིག་གམ་ལྷ་ལ་ སྒོམ་ཅིང་། བཟང་པོར་བལྟས་ནས་དངོས་གྲུབ་རེ་བའམ་འདྲེ་བདུད་ལ་ལྟས་ནས་གྱེགས་བྱེད་པས། དེ་ན་ལྟ་སྤྱོད་འདྲེར་མ་ ལྟ་སྤྱོད་བསྲེ་བའི་ཕྱིར། སྤྱོད་བྱེད་དགོས་པར་འདུག །སྔར་ཡང་ལུས་སྲོག་ ལུས་སྲོག་ཟན་བྱས་ནས་སྲེ་བ། ལྟ་སྤྱོད་བསྲེ་བའི་ཕྱིར།

(༣)ལ་འཕངས་ནས། ལུས་སྲོག་གི་ཅི་བྱས་འཁོར་བར་ཁྱམས་པ་ཡིན་པས། ད་ནི་དུས་ཆེན་གཅིག་ལ་བབས་ནས་འདུག་པས། མཉམ་བཞག་ཉམས་སུ་བླངས་ནས་ནམ་ཞིག་གཉིས་མེད་རེ་བ་འདི་དང་མི་ཡོང་པས། ད་ལྟ་རང་བསྲེ་རྒྱུར་བཅད་བྱང་པ་དགོས་པ་ཡིན་པའི། འདི་ལྟར་གོ་བར་བྱའོ། །རྒྱ་གར་ན་དུར་ཁྲོད་ཀྱི་གནས་མ་མི་ཡིན་ནམ་ལྕེ་སྤྱང་ལ་སོགས་འགྲོ་བ་ཡིན་པའི། དེ་བཞིན་དུ་འོ་སྐོལ་ཡང་གཉན་སའམ། མཛེ་གྲིབ་བའམ་འགོ་བའི་ནད་ལ་སོགས་པར་བཅོད་བྱའོ། །དེ་ཡང་སེམས་རྟོག་པ་ཆེ་བའམ། རང་ལུས་ཅེས་པར་མཐོང་བའི། དང་པོ་ཉམས་ང་བའམ། བག་ཚ་བའམ། ཤེས་པ་ཀྱི་ཟེར་འོང་བ་ཡིན་སྟེ། དེ་ཙ་ན་ལྟས་པའི་ལྟ། ང་བདག་རང་རྟོག་ཡིན་པས། རང་ལ་རང་འཇིག་དུ་མེད་པ་ཡིན་པས། སླར་མ་ལུས་།།།རློད་ལ་བཞག་གོ །མི་སྒོམས་པར་བཞག་གོ །མ་བཅོས་པར་བཞག་གོ །ཁུ་ཁྲིག་ཉམས་ང་ཅི་བྱུང་ཡང་རང་ལས་ཚུགས་པར་ཤེས་དགོས། ཆོ་འཕྲུལ་སྣ་ཚོགས་ཡོང་བ་ཡིན། རྐྱེན་མི་ཐུབ་པ་སྣ་ཚོགས་ ལྷ་སྐུ་ལ་སོགས་པ། ཡོང་པ་ཡིན་སྟེ། དེས་ན་བརྟག་དུ་བྱས་ན་བཟང་བ་ཡིན། དཔེར་སྐྲ་།།།དྲི་མ་ལྟུང་ན་བདག་པའི་རྟགས་ཡིན། བཅོད་བྱས་པའི་དུས། དེ་འཛིན་དུ་བདུད་ཆོ་འཕྲུལ་ཆོས་ཉིད་ལ་གནས་པའི་བརྟགས་ཡིན་པའི། འཇིགས་པར་མི་བྱ། རློད་ལ་ཉལ་ལོ། །སྒོམ་པར་མི་བྱ། བཅོད་ལ་ཕྱིན་དུས་བྱ།

(༤)འཛིན་པ་བཏང་ངོ་། །ཆོ་འཕྲུལ་ཅི་ཡང་མ་བྱུང་ན་རེ་བར་མི་བྱ། བྱུང་བ་དང་མ་བྱུང་བ་གཉིས་དོན་ལ་ཡོན་ཏན་མཉམ་མོ། །མགོ་བའི་ནད་ལ་ཡང་ཕྱི་བསྲུང་ནང་བསྲུང་རྫས་བསྲུང་ཡང་། ལྟོས་པ་དང་བཅས་པའི་བསྲུང་བ་ཡིན་པའི་སངས་མི་རྒྱ། ཆོས་ཉིད་པའི་ནད་དོན་མི་ཆོས་སྤངས་པའི་རྣལ་འབྱོར་པ་ལ། ཆོས་བདུད་ཆིང་པས། ཆོས་མེད་དུ་མཁྲེས་པ། ལྟ་བ་རྟོགས་པའི་རྣལ་འབྱོར་བ་ལ་སྒོམ་བདུད་དུ་ཆེས་པའི། ང་རྟོག་མེད་ཡིན་པའི་སུས་ཀྱང་མི་ཚུགས་སྙམས་པ། དེ་ནི་ཆོས་ཉིད་ནམ་མཁའ་སྒོམ་པའི་ཚུངས་སོ། །སྒོམ་དུ་རྟོགས་པ་ཆོམས་པའི་རྣལ་འབྱོར་པ་ལ་སློ་སེམས་བདུད་དུ་ཆེས་པའི། ཡེངས་པ་མེད་པར་ཁྲེས་སེ་།།།བ། སངས་རྒྱས་ཟེར་བ་དྲོད་ཆ་ཡིན་པས་དྲོད་ཁ་ལ་མ་ཉན། འཁོར་བ་ཟེར་བ་སྡིག་པ་ རྟོག་མེད་ཡིན་པ་སུས་དང་མི་ཚུགས་མཉམས་པའམ། ཡིན་གྱིས། སྡིག་པ་ལ་མ་དྲོད། མི་མཐུན་པ་དང་བསྲེ་དགོས་པ་ཡིན་གྱིས། འགྲོ་སྙིང་མི་འདོད་པའི་སར་སོང་ལ་ཆོད། གོན་སྙིང་མི་འདོད་པའི་དགོས་སླར་ལ་དགོན། ཟ་སྙིང་མི་འདོད་པའི་སླར་མ་ཟོ། འགྲོགས་སྙིང་མི་འདོད་པའི་དང་སླར་ལ་གྲོགས་བཅོད་ཀྱིས། མཐུན་པར་འགྲོགས་པའི་བར་ན་བདེ་ཏེ། མི་མཐུན་པ་བྱུང་ཙ་ན་སྤོང་གྱེགས་ཡོང་སྙེན་ཆེ། དེས་མི་མཐུན་ཆོགས་རྣམས་ཆོས་ཉིད་ སྙིང་དུ་མི་སྡུག་པ་ལ་སོགས་པ། དུ་ཆོད་ནས། བདུད་ལ་སྤང་དུ་མེད་པ་རྩོལ་བ་མེད་པར་འབྱོངས་སོ། །ཤེས་རབ་ཆུང་ གྲོགས་དངོས་པོར་བཟུང་ན་

(༥)ས་ལ་སྡིག་སྤང་དཀའ། ཤེས་རབ་ཆེ་བ་ལ་ཆོས་མེད་དཀའ། ཐ་མལ་ལྟ་བུའི་འདུ་ཤེས་སམ་ལ། འཛིན་པ་མེད་པར་གང་གནས་པ། དེ་ཉིད་ཡིན་པར་ང་ཡི་མཐོང་། ལར་ཆོས་ཤེས་པ་ལ་ཆོས་ཀྱི་མ་དགོས། བཟང་རྟོག་ལས་སྒྲོལ་བ། པ་ཡིན་ནོ། །དོན་རྟོགས་པ་ལ་ལྟ་བ་མ་དགོས་པ་གཅིག་ཡིན་ནོ། །སྒོམ་པ་ཡོད་པ་ལ་སྒོམ་པའི་མ་དགོས་པ་གཅིག་ཡིན་ནོ། །མང་སར་སྡད་ནས་མང་པོའི་ ཚིག་གི་མ་ཁྱེངས། མ་དགོས་པ་གཅིག་ སྲེན་།།།དུ་ཞེན་པ། དགོས་པ་ཡིན་ནོ། །ཆོས་འདི་ལུགས་ཀྱི་གཡེང་དང་མེད་ སྒོམ་བྱ་སྒོམ་བྱེད་དུ་ཞེན་པ། ལུགས་མེད་ཡེངས་མེད་ཡིན་པའི། མང་པོ་ལ་མ་ཡེངས་པ། ཞིག་པ་ཡེངས་མེད་དུ་འདུག་པ་དེ་ཡིན། འོན་ཀྱང་རྟོགས་ཕྱིར་བཅོད་ལུགས་རྡ་རུ་སྟན་ན་དེ་ལྟར་རྡལ། བཞི་ལམ་དུ་བླང་བའོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །མཁའ་འགྲོ་རྣམས་ལ་སྐྱབས་སུ་མཆིའོ། །བསྐལ་ལྡན་ཀུན་ལ་བྱིན་གྱིས་བརློབས། །ཞེས་གསོལ་བས། ཞེས་པ་སྤྱོད་ཡུལ། མ་གཅིག་ལབས་སྒྲོན་གྱི་སྣང་བ་འདི་ལ། ཐུགས་ཀྱི་སྙིང་པོའི་ལེའུ། འགྲོ་ལ་ཕན་ཕྱིར་ཡི་གེར་བྲི། ཕོ་ལ་མོ་ ལས་ཅན། མོར་འཛིན་སྙེས་བྱེད་ཐོགས། མོ་ལ་ཕོ་བདུད་གནོད་ཀྱི་ཕོར་འཛིན་སྙེམ་བྱེད། ཕོ་མོ་གཉིས་སུ་མེད་ཀྱི་སེམས་ཀྱི་ངང་ལ་ལྟོས། ཡིན་པ་ཡེ་ནས་ མོ་ལ་ཆགས་པ། ཡིན་བྱས་ཡིད་འཛིན་རྟོགས་པར་ ཞེན་པ། ཕོ་ལ་ཆགས་པ། མཛོད། རྟགས་པའི་རྟོགས་པ་ཡིན་གྱི་ ཞེན་པ། རྟོགས་ སྐྱེ་བ་མེད་པར། སེམས་ཉིད། སྣང་སློས།

(༦)མཁན་ཞི་བར་མཛོད། བྱས་ཚད་ལས་རོ་ཡིན་གྱི་དབྱེར་མེད་ལྷུག་པར་ཞོག །ང་ནས་ཅི་ཡང་ཆར་གྱི་ཆགས་སྡང་མེད་པར་བཞོག །ཆགས་སྡང་རང་སར་གྲལ་གྱི་སྒོམ་ལྔ་སྒོམས་བྱའི་གྲོགས། སྙེམས་ན་སེམས་ཟིན་མེད། ཅི་ཤར་ཡང་། དུམ་བུ་སྐད་ཅིག་མ། ཡིན་པར་རྟོགས་ན་ཆར་མ་མྱོང་། དེ་ལྟར་རིག་ན་ནམ་ཡང་བདེ། ཆགས་སེམས་སུ་ཤེས་པ་འཛིན་མེད་དུ་བཞག་པས། ཨེ་མ་ཧོ། རློད་དང་ ཡུལ་གཟུགས་ལ་སོགས་པ་ཞེན་མེད་དུ་བཞག་པའི་སྐད་ཅིག་མ་ཕྱི་མ་སྐྱེས་ཙ་ན་སྔ་མ་འགགས་པ། ཡིན་གྱིས། ཞོག་པ་གསལ་གྱི། དལ་དང་བདེ་ཡིས། ཨེ་མ་ཧོ། རྒྱད་ཁྲི་ཞི་སྟོང་གསུངས་པས། མཚོན་པ་ཡིན་པ་མ་རྟོགས་པར། ཚིག་ལ་ཞེན་ན་རྟགས་པ། སེམས་མ་བཅོས་པར། འཆིང་། མ་བཅོས་པར། ལུས་དང་། བཀའ་ནི། ངོ་ཚར་ཆེ། སངས་རྒྱས་ཀྱི་ཆོས་ཀྱི་སྒོ་མོ་རྒྱད་ཁྲི་ཞི་སྟོང་། བརྗོད་བྱ་སེམས་ཀྱི་གནས་ལུགས། གྱིན་རྡ་རི་ཞི་ཙམ། བརྗོད་བྱེད། ལུང་ཡང་དེ་བཞིན་ཡིན་པར་བྱེད། ཚིག་གཅིག་རང་གི །མན་ངག་སྙིང་པོ་ཙ་ མཚོན་བྱེད། བྲལ་ཡིན། དོན་མ་མཐོང་བར་ཞི་གནས་སྒོམ། །མེ་འདག་ཐལ་བའི་དབྱིབས་པ་འདྲ། བསྟན་ཆོས། །རྟོགས་པའི་མཆོག་ཟེར་བྱ་བྱེད་མང་། འདི་སེམས་ཞི། །རྟ་རྒོད་སྲབ་ དུས་སྟན་པ། སྐྱེ་བ་མེད་པར། སྐྱོགས་ཆད་པ་འདྲ། མཐོང་ནས་མ་ དཔེར་ན། ཡོངས་འཇོག་པ་ལེགས། །བླ་མེད། ཆད་སྟོང་སྙིང་དུ། བྱང་ཆུབ་རིང་པོ་མིན། དཔེར་ན། །སེམས་

(༧)ཀྱི་ངོ་བོ་རྟོགས་རྒྱུར་ན། །རྒྱུ་དྲུག་འཁོར་བ་སྤང་བྱ་མིན། །དེས་ན་རྟོགས་སྤྱོད་མ་བྱེད་གཅིག །རྟགས་པ་ཡུལ་མིན་དོན་མ་ཡིན། །བསམ་པའི་ཡུལ་ ཞི་རྩ་བྲལ་བསམ་དུ་མེད་པ། ཡུལ་དུ་སྣང་བ། དོན་དུ་མ་གྲུབ་པ། བློ་འདས་ཡིན་པའི་ ན་སངས་རྒྱས་མེད། །མེད་པར་བསམ་པ་ཚེ་རེ་ཆད། །ཉོན་མོངས་ལྔ་དང་ཡེ་ཤེས་ལྔ། །ཞི་ཙ་ངོ་བོ་ཆད་པ་ལ། །ཉོན་མོངས་མ་ཅིང་ཡེ་གྲོལ་མེད། །གཅིག་ཡིན་གཉེན་པོས་བཅོས་སུ་ ཆོས་སྐུ་སྤྲོལ་གྱི། ལ་ལ་འབྲས་བུ་མེད་པ། ཉོན་མོངས་རྩལ་དུ་རྟོགས་པ་ཡེ་ཤེས། རང་བཞིན་ཡིན་པར་བདག་པའི་འཁོར་བར། སྤང་བྱ་དང་སྙེན་པོས་སྤང་བྱས་སྤང་དུ་མ། མེད། །བཅོས་མེད་རང་ལུགས་སངས་རྒྱས་ལ། །འདས་དང་མ་བྱོན་ད་ལྟར་ཀུན། །མ་བཅོས་ཞེ་འདོད་བྲལ་ལས་བྱུང་། །རྟོགས་པ་མེད་པར་ཆོས་སྤྱོད་བཙོན། །རེ་བ་དང་བཅས་ ཐ་མལ་གྱི་ཤེས་པ་ཞོག །ཟོ་མ་བྱས་ཆེན་པོ་དེ་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ སེམས་ཉིད། སེམས་ཀྱི་གནས་ལུགས། མཚན་ཅེས། དོན་ལ་བྲིལ། བདེ་འདོད་སྒོམ་ན་སྙེམས་པ་ཆོད། ཨེ་མ་ཧོ་རེ་ན་སངས་རྒྱས་རེ་ཡང་བདུད། དོགས་ན་མྱལ་བར་དོགས་ཀྱང་བདུད། །རང་ལ་མ་ཕངས་འཛིན་པ་སྤོང་། །རང་གིས་ དེ་དང་ནས། རྟོག་པ། ངོ་ཚར་ནས། འཁོར་འདས་མཉམས་ཉིད་དུ་ཤེས། སེམས་རྟོགས་ནས། རང་གི་ལུས་ལ་ཞེན་འཛིན། རང་བཅིངས་འཁྲུལ་བ་ཡིན། གཞན་ལ་མ་རྟགས་གཞན་གྱི་རང་གི་སེམས། ཨེ་མ་ཧོ། ནད་པ་འདྲེ་ལ་བཏད་པའི་གཉིས་མེད་རང་སར་སྒྲོལ། སྐྱེལ་མ་དགྲ་ སྡང་བ་ལ་སོགས་པ། སྣང་བ་ཡིན། ངོ་ཚར་ཆེ། འདྲེའི་ཁྱེར་གྱི་དོགས་པའི་རྟོག་པ་ཟློག །རང་ལ།

(༨)ལ་བཅོས་པའི་འཇིགས་མེད་མཐའ་རུ་སྐྱེལ། །ལམ་ཁྱེར་སྐྱེན་ལ་བྱས་པའི་མི་ཐུན་འགལ་རྐྱེན་མེད། རྐྱེན་ངན་སྲིད་དུ་ཆོད་པའི་ཡུལ་ན་འདྲེ་མེད་འདྲ། དོན་ལ་སོགས་པའི། རྐྱེན་ལམ་དུ་རྒྱུར་བ། གདོན་ནོད་ཀྱི་དང་པོ་ས། འཛིན་པ་བདུད་ཡིན་ཙོལ་བ་ནད་ཡིན། དོགས་འདྲེ་ཡིན་བཞག་པ་ཞི་ཡིན། ཅིར་སྣང་གྲོགས་ཡིན། སངས་རྒྱས་སེམས་ཡིན་སེམས་ནམ་མཁའ་ཡིན། ལུས་ནི་རོ་ཡིན་ བདུད་ལེགས་ན་མེད། བདོན་དང་མི་གཙང་པ་ལ་སོགས་པ། གནས་ལུགས། ཞེན་པ་མེད། ཞེན་པ་མེད། མཁའ་དང་འདྲ་སྟེ་སྤྲོས་པ་དང་བྲལ་བ། མ་ཞེན་པ། ཟན་དུ་སྐྱུར། སྐྱུར་ཁན་སེམས་ཡིན་རློད་ལ་བཞོག །མ་ག་ཐུགས་ཀྱི་སྙིང་པོ་དང་པོ་བླ་མ་མཉེས་པར་བྱེད། ཐུགས་།།།གདམ་ངག་སྟན་པར་བྱ། བདུད་ལ་རྣམས་པ་གཉིས་སུ་དབྱེ། མན་ངག་ཙ་བའི་ཐུགས། མ་ཡངས་པ། །ཐུགས་།།།བདུད་དང་ཐུགས་མེད་བདུད། །འོན་ཀྱང་སྙེམས་བྱེད་བདུད་ལས་མེད། །སྣང་དང་དེ་ནི་སྟོང་པ་ལས། །ཡིད་ཀྱི་སྙེམས་བྱེད་མ་ཞུགས་ན། །བདུད་རྣམས་མ་ལུས་སེམས་སུ་བཅད། །ཞེས་རྟོག །མདུན་པ་ལས་རབ་དུ་བྱ་བའི་ལེའུ་སྟེ་དང་པོའོ། སྣང་བ་ལ་ཞེན་པ། ཞེན་རྟོག །རང་སྣང་། སེམས་ནི་སྐྱེད་དབྱིངས་སུ་ཡལ། བདུད་རྣམས་མ་ལུས་སེམས་ལས་བྱུང་། །སེམས་ཀྱི་ངོ་བོ་མ་སྒྲུབ་པའི། །སྣང་དང་སྲིད་དང་ལྷ་འདྲེ་དང་། །ངོ་བོ་མ་གྲུབ་རང་སར་གྲོལ། །སེམས་ ཀྱི་གཟན་

(༩)ངོ་བོ་དེ་རྟོགས་ན། །ཐོག་དུ་སྐྱུར་བ་མན་ངག་ཡིན། །བླ་མའི་ཞལ་ལས་ཤེས་པར་བྱ། །སྣང་དང་བདེ་འཛིན་སྟོན་པ་ལས། ཤེས་པ་ཁྲིག་མེད་པ་ནར་མཐོང་། །ཐ་ཁར་ ནད་པ་ལ་སོགས་པའི་ལུས་ལ་ཞེན་མེད་དུ། འཇིགས་ན་འཇིགས་ཐོག་དུ། ཞེན་པའམ། མ་སྒོམ་སེམས་མ་འཛིན། དབང་པོ་རྒྱ་ཡན་ལྷུག་པར་བཞོག །རང་ལ་རང་ཆས་ཡིན་པ་ལས། །རང་ངོ་ཤེས་པས་སྣང་སྲིད་དང་། །དཔེར་ན་མིག་རྒྱུ་ཆུ་བུར་བཞིན། །ཐོག་དུ་ སྒོམ་བྱ་སྒོམ་བྱེད་འཛིན་པ། སེམས་ལ་སོགས་པའི་དོན་ལ་སོགས་པ་མེད་དོ། །རང་གི་སེམས་སུ། འཁྲུལ་པས། ཕྱིན་པའི་ཆུ་དེ་འདྲ། ལྷ་དང་ཀླུ་དང་སྙེམས་སྒྲིབ་སོགས། །དེའི་ཐོག་དུ་སྐྱུར་བའི་འོང་། །ཅི་ཕྱིར་རང་སེམས་ཡིན་པའི། །དེ་ན་སྙེམས་བྱེད་ལྷུག་པར་བཞོག །ཆོས་ཉིད་ཆོལ་ ཆགས་སྡང་གི་ཡུལ། པ་ག་ལ་སྲིད། །ཅི་སྟེ་ཆོལ་ཁན་དངོས་མ་གྲུབ། །ཨེ་མ་ཧོ། རང་ལས་བྱུང་བའི་ཆོས་རྣམས་ལ། །ཆགས་སྡང་འཇིགས་པ་ངོར་།།།ཆེ། རང་མ་གྲུབ་པའི་ཀུན་མ་གྲུབ། །རང་གི་སེམས། རང་ལུས་ལ་ནད་ལོགས་པ།

(༡༠)བདག་ནང་བར་དུ་ཀུན་དང་སྣང་། །སྣང་ཚོ་རྒྱ་བཀག་པའི་མི་ཁྱེགས་སོ། །དཔེར་ན་རྨི་ལམ་ཡུལ་བཞིན་ནོ། །སད་པའི་དུས་ན་མི་སྣང་བཞིན། །སྙེམས་དང་བྲལ་བའི་གཉིད་སད་འདྲ། །མ་རིག་པ་དང་གྲུབ་མཐའི་བློ། །རང་ལ་བཞག་ནས་གཟན་དུ་ཚོལ། །རང་སེམས་འདྲེ་རུ་བཟུང་ནས་ནི། །རང་ལ་རང་འཇིགས་རང་གི་སྡུང་། །སེམས་ཀྱི་ངོ་བོ་ཞེན་རྟོགས་དང་བྲལ་བའི། ཞེན་སྲོག །སེམས་ལ་ཡུལ་དུ་ བདོན་ལ་སོགས་རིང་ཞི་ནས་འགྲོ་བས། བརྟགས་པའི་ཁྲུལ། རང་སར་ སེམས་ཀྱི་གནས་ལུགས། བཞག་པའི་སྒྲོལ་བར་འགྱུར། བདུད་ཀྱི་རབ་དུ་ འདྲེ་ལོགས་ན་མེད་དོ། །དབྱེ་བའི་ལེ་།།།འོ། །མ་གཅིག་ཉིད་ལ་གདམ་ངག་བཞུས། འདོད་རང་གི་སྣང་བ་ཡིན་པས། བཞུས་པའི་ སེམས་ལོགས་སུ་བདུད་ལ་ཐོག་རྫིས་བྱས། བདུད་དང་ལྷ་གཉིས་ཞི་གཅིག་པས། ཆོས་དང་སྤོང་བ་ག་ལ་སྲིད། །མ་སྲིད་པ་ཡིས་ཆོས་འདི་ཡིས། །མ་ཤེས་པ་ཡིས་རང་ངོ་ཤེས། །སེམས་ཅན་སེམས་ལ་སངས་རྒྱས་ཐུགས། །མི་སྲིད་པ་ཡི་མི་སྲིད་དཔེ། །ད་ལྟ་ཉིད་དུ་སྟན་ལ་དབབ། །ན་པོ་དང་ནི་སོལ་བ་འདྲ། །གཅིག་ ལྷ་དང་འདྲེ་ཞི་གཅིག ཡིན་ཐ་ བཞི་སྐྱེད་བྱེད་ངོ་མ་ཤེས་པ། དད་མ་ཡིན། རང་བཞིན་གྱི་རྣམ་པར་བདག་པ། པའི། དེ་ཡང་། སངས་རྒྱས་སེམས་ཅན་དེ་དང་ ཚུ་།།།འདོད་མ་ནས། ངས། སྙེམས་མེད་ཆོས་སྐུ་རྒྱ་མཚོ་འདྲ། །སྙེམས་ནི་དེ་ཡི་རླབས་ཡིན་ནོ། །དེ་ལྟར་རིག་པའི་རྣལ་འབྱོར་བའི། །སྙེམས་དང་སྙེམས་མེད་ཐ་དད་མེད། །རྒྱད་ཁྲི་ཞི་སྟོང་ཆོས་རྣམས་ཀུན། །སེམས་ཀྱི་རྣམས་ཁྲུལ་སྐྱེ་བ་ལས། །བློ་ཡི་ཁྱད་ཀྱི་ཟབ་མི་ཟབ། །བྱུང་བ་ཐེག་པ་རིམས་པ་དགུ། །དུལ་བྱའི།

(༡༡)དགུ་རུ་འབྱེད་པའང་སེམས་ཡིན་སྟེ། །སེམས་ལས་མ་རྟོགས་ཆོས་གཟན་མེད། །ཆོས་ནི་བློ་ཡི་བསམ་ངོ་པས། །ཆོས་ལ་སངས་རྒྱས་རེ་ན་འཆིང་། །ཅི་སྟེ་ཡེ་སངས་རྒྱས་ཕྱིར་རོ། །ཕྱིན་ཟིན་པ་ལ་ལམ་མི་དགོས། །སེམས་ཉིད་འདོད་ནས་བདག་པ་ལ། །སྟོང་དང་ཞི་གནས་སྒོམ་མི་དགོས། །ཞི་ནི་རང་འཛིན་ཡེ་ནས་མེད། །སྟོང་ནི་སྟོང་པའི་ དེའི་རྒྱུ་ཚན་ཡིན་པའི་ཕྱིར། སྟོང་མི་སྒོམ། སྣང་དང་ ས་མི་དགོས་པ་བཞིན་ནོ། །སྟོང་དུ་འཛིན་པ་ཡི། ཕུར་པ་སྟོན་ནས་དབྱིངས་སུ་སླེབ། མེ་ཡི་མེ་བསོད་ ཀྱི་ལམ་ མི་སྲིད་པའི། རྟོག་པ་གཉན་པོའི་ སྟོང་པ་ཉིད་ཡེ་ནས། མི་ཞོམ་པར། སྟོང་པ་ཉིད། བཞག་པའི་གྲོལ་བར་ཐེ་ཚོམ་མེད། པ་ཉིད་དུ། དཔེར་ན་རྔ་མདུད་ ཇི་བཞིན་ནོ། །བརྗོད་མེད་ཀྱི། ངེས་པར་སྣང་བ་ མེ་བསོད་པ་ས་ལ་ཤིང་མནན་པའི་མི་ཕན། རང་ངོ་ཤེས་པའི། དངོས་ཡོད་ན། ཤི་ནས་ནང་ལོག་མི་སྲིད་སྟེ། མ་བཅིངས་པར། ངེས་པར་སེམས་འདི་ཡོད་བདེན་དང་སྒྲོལ་བས། ན། ད་རེས་ཀུན་ནམ་རང་རང་ དངོས་པོར། གི། ཅི་སྟེ་ཐོང་དུ་མི་རུང་སྟེ། སེམས་ཀྱི་རང་བཞིན་འདི་འདྲ་ནི། །སངས་རྒྱས་ སྣང་མ་འགྱུར་བ། ཀྱི་གཟུགས་མི་སྲིད་དོ། །དཔེར་ན་རི་བོང་རྭ་བཞིན་ནོ་རྟགས་པ་ཙམ་ལ་ཆགས་ སེམས་པ། ན་འཆིང་། སྔར་ཡང་འཆིང་ལ་ད་རུང་འཆིང་། གཞན། དེ་བས། མཐོང་བའི་རིག་པ་ལ། གང་དུ་ཡང་མ་གྲུབ་པ། སྣང་སྲིད་བརྟགས་པ་ཙམ། རྟགས་པའི་ཆོ་མ་གྲུབ་པའི་རྣོ་།།།ཏུལ་མེད་པ། ས་ སྔར་འཁོར་བར་བཅིངས་པ་ཞེན་ན་དང་དུ་འཆིང་བའི། ལ་ཡིད་མ་ཆགས། སྣང་ལ་རྒྱུ་མཚན་མ་ཆགས་རྟག་ ཞེ་སྡང་མེད་ན་སྣང་བ་མིན། གཟུགས་ནི་རྟགས་པ་ཙམ། ཆགས་པར། འཛིན་པ།

(༡༢)ཐ་བསམ། སྟོང་པར་ཡིད་ལ་མ་བྱས་པས། །ཆད་པའི་མཐའ་གསལ་རེ་དོགས་བྲལ། །རྟག་པར་མ་གྲུབ་དངོས་པོ་མེད། །ཆད་པར་མ་ཐུབ་ཅིར་ཡང་གསལ། །རང་སྟོང་རང་གསལ་མཁན་པོ་ སྟོང་པ་ལ་དཀག་པའི། མེད། །བདུད་ལ་ཐོག་རྫིས་བྱས་པའི་ལེ་།།།ལག་གོ །མ་གཅིག་ལ་བསྒྲོན་གྱི་ བདེན་པ་འོ་ གདམ་ངག་འདི་ལ། ཚིག་དུ་བརྗོད་པའི་ སྡེ་མངོན་ཞེན། ཚིག་ཉམས་སུ་སླངས་པས་བདུད་རྣམས་བཅོད། གཞན་མེད་ངེས། སྔོན་ཞེན་རྣམ་རྟོག །ཁྲིགས་པ་ལྷ་འདྲེ་གཡོངས་ཀྱི་ཁྲིགས། དངོས་གྲུབ་ཀླུ་དང་ གསུམ་པ་བདུད་ཀྱི་འབྱུང་ཚུལ་གྱི་ལེག་གོ །བདུད་ལས་འབྱུང་། ཡོན་དག་བདུད་དང་རྒྱལ་པོའི་བྱས། །རྐྱེན་ངན་སྣ་ཚོགས་ཅི་འབྱུང་ཡང་། །གྲོགས་སུ་ཁྱེར་བ་གདམ་ངག་ཆོག །གཉིས་སེམས་རྒྱུན་ནི་ རྟོག་པ་གོང་ནས་དགོང་དུ་ཕེལ། གཉིས་མ་ཆིས། །དགེ་དང་སྡིག་པ་གཉིས་རྟོག་པ། །དེ་ཡི་ཡང་དག་དོན་མ་རིག །གཅིག་ལས་གཉིས་སུ་ཕྱེ་ ལམ་གྱི་གྲོགས་སུ། བས་འཁྲུལ། །དགེ་སྡིག་གཉིས་ཀ་རང་འཛིན་སྟོང་། །ཡེ་སྒོམ་པ་ལ་ད་ཟོད་ དགེ་སྡིག སྒོམ། ནང་བྱ། སྤང་བྱ། །དེས་ན་དོན་མེད་སྒོམ་པའི་བཅིངས། །ཅི་སྟེ་སྟོང་སྙམས་ དགེ་སྡིག་གཉིས་སུ། བྱེད་བྱུང་བས། །དེས་གདམ་ངག་གྲོག་གི་སླུ། །སྟོང་པ་མི་སྒོམ་ངོས་འཛིན་བྲལ། །དེ་ནི་མ་བཅོས་དེ་བ་ཆེ། །རང་རིག་ཟེར་ཀྱིན་གཟན་ལ་སེམས། སྟོང་པ་ཉིད་ཡིན། །བསམ་པའི་འདས་སྒྲོལ་ག་ བླ་མ། ལ་བྱུང་། །ཅི་སྟེ་དོན་ འོ་ན་ཇི་ལྟར་སྒོམས་ན། ལ་བསམ་མེད་དོ། །རིག་ ཟག་མེད་ཀྱི་བདེ་བ། པ་ ཅིར་སྣང་ཐམས་ཅད་རང་སེམས་ཡིན། བློས། ཡང་དག་གི། བདེན་དུ་མེད་པ།

(༡༣)པ་རྟེན་མེད་ཉམས་དང་བྲལ། །རྟེན་རང་ངོ་བོས་སྟོང་ཞེས་ན། །རྟེན་དང་རྟེན་མེད་གཉིས་མེད་ཚུངས། །ལྷ་ཡང་སེམས་ལ་འདྲེ་ཡང་སེམས། །རང་གི་རང་བྱས་མི་མཐོང་བཞིན། །སེམས་ཀྱི་སེམས་ བཟུང་ཡུལ། འཛིན་པའི། ངོ་བོར་མ་གྲུབ་སེམས་ལས་བྱུང་། བསམ་ཡུལ། བལྟས་ག་ལ་མཐོང་། །བྱེད་མེད་གཏི་མུག་སྙམས་མེད་ལ། །སངས་རྒྱས་ཙམ་དུ་དགས་པ་ཡིན། །མི་དམིགས་སངས་རྒྱས་སུ་ཡི་ཐོང་། །སེམས་ཀྱི་སེམས་ལ་ལྟ་རུ་མེད། །ལྟ་རུ་མེད་པའི་སངས་རྒྱས་ཙམ། །དུག་ མདོ་ནས་སེམས་ཀྱི་སེམས་མི་ཐང་།།།ཆོས་ཀྱི་ཆོས་མཐོང་། སེམས་ཀྱི་ཞི་རྩ་བྲལ་བ་ལ་ཐ་སྙད། ཅི་ཡང་མ་གྲུབ་པ། ལྔ་རང་བཞིན་མེད་པ་ལ། །ཡེ་ཤེས་ཙམ་དུ་སྟགས་པ་ཡིན། །རྟགས་པའི་རྣལ་འབྱོར་རྟོག་འགྱུར་སྒོམ། །བསམ་ཤིང་བརྗོད་པ་རེ་མ་ཆབ། །བསམ་མེད་རེ་མེད་སྙེམས་བྲལ་ན། །དེ་ནི་སངས་རྒྱས་ཐེ་ཚོམ་མེད། དངོས་པོ་སྤང་དང་སྟོང་པར་འདོད། །མ་རྟོགས་པ་འདི་ཡ་རེ་འཆའ། །སྟོང་པ་ཙམ་ཡང་མི་དམིགས་ན། །དངོས་པོར་འཛིན་པ་ལྟ་ཅི་མོས། ཨེ་མ་ཧོ། །གཉན་སར་སོང་ལ་ཤེས་པ་དལ། །ཡེངས་མེད་བློད་ན་ངེས་པར་ བདེན་པར། ཞི་ལ། གྲུབ་བ། སར་ཉམས་ང་བ་དང་བག་ཚ་བ་མེད་པར་འདུ་ཤེས་སམ། སྒྲོལ། འཇིགས་སོ་མཉམས་པའི་སེམས་བྱུང་ན། །སྙེམས་དེ་འདྲེ་ཡིན་རློད་ལ་གཞོག །སློད་ཀྱང་འཇིགས་པའི་སེམས་བྱུང་ན། །སེམས་ལ་རང་བཞིན་མེད་པ་ལ། །ལུས་ནི་ས་དང་རྡོ་བཞིན་གནས། །གང་དུ་ཡང་། །དེ་ལྟར་བརྟགས་ལ་ཡེངས་མེད་བཞག །མང་ཡང་སྒོམ་པའི་རློང་དུ་རྒྱུར། །བཅོལ་བ་མེད་པར་ལྷུན་གྱིས་གྲུབ། །འཇིགས་དང་འཇིགས་རྒྱུ་ཅི་འདུག་ཞེས། །སེམས་རྟོག་བཟང་ངན་ཅི་བྱུང་ཡང་། །མ་བཅོས་རང་སར་གྲོལ་བར་ངེས། །བཟུང་དུ་མི་འཛིན་གདམ་ངག་ཡིན། །སྙེམས་ནི་འཁོར་བའི་སོན་ཡིན། །སྙེམས་མེད་རང་སོ་རང་གི་བདག །སངས་རྒྱས་ཙམ་དུ་རེ་ཞིག་རྟགས། །བདུད་ཀྱི་བྱུང་ཚུལ་གྱི་ལེག་གོ །ཅི་སྐྱེ་བ་དང་། མངོན་ཞེན།

(༡༤)བརྗོད་བྱ་ཕྱིན་ཅི་མ་ལོག་པའི་ལེག་གོ །མ་གཅིག་ལ་བསྒྲོན་གྱི་ཆོས་འདི་ནི། བདུད་ཀྱི་སྤྱོད་ཡུལ་ཞེས་བྱ་སྟེ། །མཁས་པ་རྣམས་ཀྱི་སྙིང་ཕྲང་ནས། །བསྐལ་ལྡན་རྣམས་ཀྱི་བརྒྱུད་འཁྲོལ་ཡིན། །ཉེན་ནི་ལྟ་བ་ལོག་ན་ཆེ། །དགྲ་ནི་དམ་ཚིག་ཉམས་ན་གནད། །དུག་ནི་བདག་འཛིན་རྟོག་པ་ཆེ། །དེས་ན་གདམ་ངག་བདེན་མ་རྟོགས། །སངས་རྒྱས་དོན་ལ་ལྟ་རྒྱུ་མེད། །སེམས་ནི་ཆོས་ཉིད་རྟོགས་པར་མཛོད། །མི་སྒོམ་པ་ལ་སྒོམ་རྒྱུ་མེད། །རྟོག་པ་རྩ་ནས་ཆོད་པར་མཛོད། །འདི་ཀ་ཡིན་ནོ་བྱ་བ་མེད། །གྱི་ན་ཙམ་ལ་བཞག་པར་བྱོས། ཀྱི་སེམས། སྣང་བ་ སྐྱེས་ཞིར། ཆོས་འདི་རེ་ཞིག་ཙམ། ཡང་དག་དོན་ནི་ རྟོག་མེད་གོ་བར་གྱིས། བློ་ལས་བླངས། སྣང་བའི་ཆོས་ལ། བསམ་བརྗོད་ལས། སྔོན་གྱི་རྟོག་པ། སྙེམས་ཐག་བཅོད་པའི། བཏད་མེད་དུ་ཡོང་པ། སླར་ལ་སྙེམས། འབྲེལ་ཚོ་རྒྱ་པས་བླུན་ནོ། །སྤོང་བར་འདོད་དེ་རང་།།།རྟོག་པ་བྱུང་། དེ་བས་སྙེམས་བྱུང་མ་ཙེད་ཞག །ཙེད་ན་དུག་བྲུལ་ཇི་བཞིན་ནོ། །བྱ་བ་ཡལ་ལ་ལྷུག་པ་ལ། །ཙིས་དེ་བ་ནི་བཅོད་པའི་མཆོག །སྣང་རྩི་འདབ་མ་བྱས་ན། །འདི་ནི་ཡང་དག་ཙིས་ཟིན་ བློ་མ་བཅོས་པར། ཡིན། །ཙིས་བྱས་ཙིས་ཤོར་མ་ཤོར་བ། །དེ་ན་ཞལ་ བྲོས་པས། གྱི་གདམ་ངག་ཅེས། །ཡང་དག་ཉིད་ ཡིན་མིན་གྱི། ལ་ཕྱེད་ཚོལ་པ། །དཔེར་ན་ལམ་འགྲུལ་རྒྱས་བྱས་བཞིན། སྣང་བ་ཟིན་པ་ལ། བླ་མའི། གནས་ལུགས། ལམ་འགྲུལ་པའི་ཚེ་དང་ཕྲད་པར་འདོད་ནས་ མི་ཕྲད་ནས་ཕྱིན་པའི།

(༡༥)སྣང་བའི་ཆོས་ལ་མངོན་ཞེན་པའི། །སེམས་དེ་སྟོང་ཙམ་རློམས་སེམས་བྱེད། །དེ་ནི་ཐོགས་མེད་བདུད་ཀྱི་ཟིན། །རང་བདུད་རང་ལ་བྱུང་དགོས་སམ། །སྣང་ལ་མ་ཆགས་སྟོང་པ་སྒོམ། །ཟླ་ལ་མ་དགའ་གཅིག་བུར་དོད། །རང་གི་ཡོན་ཏན་རྟགས་ན་སྐྱོན། །གང་ཟག་དེའི་གོ་བ། དེ་སླར་ལ་མི་རྙེད་པའི། དྲན་པ་སྣ་ཚོགས་བསོབ་ཡིན་པས། ཀྱི་མངོན་པར་ཞེན། །ཡིད་ཆེས་མ་ཆ་རྣལ་འབྱོར་ཀུན། །དྲན་ ཉིད་གཅིག་ལ་གཅིག་ཐོང་ནས་འོང་པས། ལ་ཡིད་ ཡང་ན་ ཆེས་ ཡན་གྱིས་གཟན་ཀྱིས། མ་བཅོས་ན། །སྙེམས་མེད་ཆོས་སྐུ་ རྟོགས་ན་ ཤུགས་ལས། སྙིང་པོ་མེད་ན། འབྱུང་། །བྱས་པའི་ཆོས་དང་བསགས་པའི་ནོར། །ཤི་ནས་ཕྲད་པ་ཁར་རྗེ་ཁ། དེས་ན་ཤིན་དུ་སྟན་ལ་དབབ། །མི་འཆི་ཉམས་པ་ཅང་རྡའམ། །མེད་ན་ཅི་སྟེ་འདའ་མི་མཛད། །བརྗོད་བྱ་ ལུས་ངག་མངོན་ཞེན་གྱི། བྱིན་ནས་མ་ཐོང་བར་བསགས་པའི། །ཕྱིན་ཅི་མ་ལོག་པའི་ལེག་གོ །གནས་ལུགས་བློས་མ་བྱས། དུས་སྟན་དུ། སྔ་བ་གནད་ཀྱི་ལེའུ། མཉམ་བཞག་ །མ་གཅིག་ཉིད་ལ་གདམ་ངག་ཞུས། །དམ་ཆོས་བདུད་ཀྱི་སྤྱོད་ཡུལ་འདི། །གདམ་ངག་གཟན་དང་མི་འདྲ་སྟེ། །གཟན་ནི་འཆི་དུས་འདེབས་པ་ཙམ། །འདི་ནི་ད་ལྟ་ཉིད་དུ་བཅོད། །ཆོས་ཉིད་མ་ཆོད་གཉན་སར་ལྟ། །གཟན་ནི་རྣམ་རྟོག་རིམས་ཀྱི་སྤོང་། །འདི་ནི་ད་ལྟ་ཉིད་དུ་སྲེ། །ལུས་ནི་ཏིང་འཛིན་བྱིན་བརླབས་ནས། །ལྷོག་ སྐྱེ་བྱེད་ཕྱི་ནས་རྟོགས་སུ་རེ། པ་ལ་སོགས་མགོ་བའི་ནད། །ཀླུ་ལ་སོགས་པ་གནོད་པའི་གདོན། །བཅོད་ཡང་དེའི་

(༡༦)ཐོག་དུ་བྱ། །ཐམས་ཅད་སེམས་ལས་བྱུང་བ་ཡིན། །སྙེམས་བྱེད་སྡོང་དུ་ཁྱེར་བ་ཅེས། །དང་པོ་སྙིང་མཁས་ཆེ་ཡང་དགོས། །བདུད་ཀྱི་སྤྱོད་ཡུལ་གདམ་ངག་འདི། །སྙེམས་བྱེད་བློ་བདེར་བཞག་པར་ངེས། །གཉན་སར་སོང་དང་སྐལ་ལྡན་ཀུན། །སྒོམས་པ་མ་ཐེབས་ བར་སྤྱོད་བྱེད་པ་ལ། དུ་ནི། །ལུས་སེམས་དལ་ལ་ཉམས་ང་མཐོང་། །འདོད་པ་གྲུབ་པའི་ མངོན་ཞེན་གྱི་རྟོག་པ། ཡིད་མ་ཆར། མངོན་ཞེན་ཡོངས་སམ་ལྟ་བའི་ཕྱིར། །བག་དྲོ་ངལ་དལ་ཤེས་པ་།།། །རང་བག་རང་གི་སྤྲོས་པ་ བྱིན་བརླབས་ལ་སོགས་པ། ལ། གཟན་ལ་ལྟོས་པ་རྣལ་འབྱོར་མིན། །སངས་རྒྱས་སྙིང་དང་བྲལ་བ་ཙམ། །སྙེམས་སེམས་པ་ནི་སེམས་ཅན་དེ། །དེ་ན་རང་ལས་ བདེ་བར་བྱའོ། །གཟན་ན་མེད། །དེ་བས་རང་དོན་རང་ལ་གྲུབ། །དོན་མ་རིག་པས་རྣལ་འབྱོར་བས། མངོན་ཞེན་གྱི་རྟོག་པ། །བཅོད་པར་བྱེད་པ་དེ་རང་བདུད། །དོན་གྱི་དགོངས་པ་བླང་བར་རིགས། །ཆོས་སྒོམ་ཐོང་པའི་རྣལ་འབྱོར་ཀུན། །རྟག་དུ་རིག་པ་ཆུན་ལ་བསན། །དགོང་དུ་ཆུད་སོན་རྣལ་འབྱོར་དང་རྣལ་མ་ སེམས་ཉིད་གནས་ལུགས་ཀྱི་སྤྱོད་དང་སྤྱད་བྱ་མ་གྲུབ་བ། འབྱོར་གྱི་བཅོད་ཀྱི་ལེ་ལག་གོ མ་གཅིག་ཐུགས་དབྱུང་བའི་ལེ་ལྡག་གོ །མ་གཅིག་ཇོ་མོའི་ཞལ་ལྔ་ནས། །ཆོས་པ་རྣམས་ཀྱང་ཆོས་ཀྱི་བཅིངས། །སྤྱོད་ཡུལ་འདོད་པ་མང་འགའ་ཡང་། །ང་རྒྱལ་ཆག་པ་མ་བྱུང་ན། །སྙེམས་ཐག་ཆོད་པ་མང་ལགས་ཀྱང་། །

(༡༧)ངང་ལ་སྡོད་པ་མ་བྱུང་ན། །འདྲེ་བདུད་ཆོད་པ་འགའ་བྱུང་སྟེ། །དངོས་འཛིན་ཐོངས་པ་མ་བྱུང་ན། །ངན་རྟོག་ཆོད་པ་འགའ་བྱུང་སྟེ། །བཟང་རྟོག་ཆོམས་པ་མ་བྱུང་ན། །མཛེ་ཕོ་སོས་པ་མང་ སེམས་མ་བཅོས་པའི། མང་བདའ་སྟེ། །དུག་ལྔའི་ནད་སོས་སྲིད་པ་ཁྱེད་ལ་སོགས། ཙམ། །ཕ་ཡུལ་ཞེན་པ་སྤོང་ལགས་ཀྱང་། །བཟུང་འཛིན་ཞེན་པ་མ་ཐོང་ན། །གང་ལྟར་སྡད་ཀྱང་འོལ་འདྲ་བདའ། །རྒན་མོ་ང་ཡི་ཆོས་བཤད་ཀྱང་། །ཉན་དུ་མ་ཏུབ་ཉལ་མ་ནུས། །བློ་བདེ་ཉལ་པའི་ཆོས་ལགས་ཏེ། །སློབ་མ་རྣམས་ལ་ཡིད་མ་ཆེས། །འདི་བ་ཡིན་ན་ཕྱི་མའི་གཏམ་ཡང་ཟེར། མ་གཅིག་ལབས་གྲོན་གྱི། ཕྱི་མ་ཡིན་ཆོས་ཉིད་ཀྱི་ངོ་བོ་ལ། ན་ད་ལྟ་ཆགས་ཞེན་ཆེ། ཡིད་མཆེས་པའི་གཅིག་བུར་བསྡད་པར་བྱ། མ་གཅིག་ཡིད་བྱུང་བའི་ལེག་གོ །དྲུག་པའོ། །མ་གཅིག་བདུད་ཀྱི་སྤྱོད་ཡུལ་འདི། །བདུད་ནི་རང་འབྱུང་ཡི་ ནམ་གྲམ་ཅེ་ན། ནོ་བུ། སྤྱོད་ནི། སློབ་མ་ལ། །རང་གྲོལ་ཡིན་ནོ་བུ། །ཡུལ་ནི་དམིགས་པའི་ཡུལ་ལས་འདས་སོ་བུ། ནད་ཐེམས་བཞི་པ། ན་མོ་གུ་རུ། གནད་ཐེམས་ སེམས་ལ་བྱུང་། ཀྱི་མན་ངག་འདི་ལ་བཞི་ སེམས་འཛིན་མེད་དུ་བཞག་པས། སྟེ། གནས་ཀྱི་གནད་དང་། ལུས་ཀྱི་གནད་དང་། ངག་གིས་དང་། ཡིད་ཀྱི་གནད་ཐེམས་སོ། །གནས་ནི་དུར་ཁྲོད་དང་གཉན་ས་དང་། མཛེ་གནས་དང་། དུར་བསེབ་དང་། ཁང་སྟོང་

(༡༨)འདྲེ་ཅན་དང་། རི་ཧྲུལ་ལ་སོགས་པ་དེར་སྡད་པའི་ཤུགས་ཀྱི་རགས་པ་ཆུན་ནས། ཡོང་པ་ཡིན་ནོ། །གནས་འཇིགས་པར་སད་པའི་ཡ་ང་བ་བྱུང་ཙམ་ན། ལྟ་བ་ཐོག་དུ་ཁྱེལ་ནས་ཡོང་པ་ཡིན་པས། དེ་ལྟར་འགྲིམས་གཅིག་བུ། ལུས་ཀྱི་ནི་ལུས་མི་དབང་བ་ཙུག་རྩ་བཞི་དང་བཞི་ལ་སོགས་པ་རློད་ནས་ མ་གཉིས་ཡིད་རྟོགས་པར་འདུག་རྟོག་པ་སྐྱེ་མེད་དུ་འདུག །བཞག་པའི་ཤེས་པ་རློད་ཀྱི་འགྲོ་བ་ཡིན། དྲན་པ་འགྱུས་དང་ནུས་པ་ཆུང་དུ་འགྲོ་བ་ཡིན་ནོ། །ཡང་ན་ལུས་བདག་གོ་ཤིའི་ཁང་སྟོང་བཞིན་དུ་བཞག་གོ །ལར་ས་གང་དུ་སྡད་ཀྱང་ལུས་རློད་པ་བགལ་ཆེའོ་བུ། ངག་གི་སུ་སྨྲ་པ་ཐམས་ཅད་ཀྱི་སྒྲ་ལ་སྒྲག་ཆ་ལྟ་བུ་སྒོམ། སྒྲ་དེ་མ་གོ་པ་ཟླ་རུ་ཅི་ཡོང་པ་དེ་ཇི་ཚུག་ཡིན་ནམ་སྙམས་པའི་མོས་པ་བཏང་ནས། སྒྲ་གཡས་མེད་དུ་འགྲོ་བ་ཡིན་ནོ། །ཡང་ན་གཡངས་ཆུང་དུམ་རེ་སླངས་པའི་ཀྱང་། སྐྱོ་བ་སྐྱེས་པ་ལ་ཉམས་ཀྱང་ཆར་པ་་ཡིན་ནོ། །གླེང་ལངས་དང་སུ་ཤི་སུ་སྡུག་སུ་སྒོམ་པ་དང་། སུ་ཞིག་པོ་དང་། གང་ཟག་སུ་བཟང་བ་དང་། སུ་སྟོང་ཕོད་ཆེ་བ་དང་། སུ་བླ་མ་ལ་ཞབས་རྟོག་ཆེ་བ་དང་། ཕཊ་བྱ་བ་ལ་སོགས་པ་ འཁོར་འདས་པ་དེ་ལས། བརྗོད་ན་ཡང་། ངེས་པར་བློ་ལྡོག་ནུས་པ་ཡིན་ནོ་བུ། འཇིག་རྟེན་འདིར་སྤྲོ་བའི་གཏམ་ནི་ཤོལ་གཅིག་བུ། ལར་ཐམས་ཅད་གྲག་སྟོང་ ཡིད་རང་པ་དང་། དུ་གོ་བར་གྱིས་གཅིག་

(༡༩)བུ། སེམས་ནི་རང་སའི་གནད་བེམས་རིག་དང་བྲལ་བ་ཡིན་ནོ། །བླ་མས་གསུངས་པ་བཞིན་བྱས་པས་སེམས་རང་གི་རང་སྒྲོལ་ནས། ནུས་ཆུང་རྩ་བྲལ་འགྲོ་བ་ཡིན་ནོ། །ལར་བྱས་པ་ཐམས་ཅད་བློས་བཏང་ན་སེམས་ཤུགས་ཀྱི་བདེ་སྟོང་དུ་འགྲོའོ་བུ། ཧད་དེ་བཞག་ན་སྤྲོས་པའམ་ཤུགས་ཀྱི་ཞིག་ནས་འགྲོ་བ་ཡིན་ནོ་བུ། སྒོམ་སྒོམ་པ་གཅིག་འདོད་ན་སླར་འདུ་ཤེས་འཇུག་པ་ཡིན་པས་ལུང་ལས་ཀྱང་། འདུ་ཤེས་རྣམ་པར་བཤིག་ནས་ཡོད་པ་ཕ་རོལ་འགྲོ། གང་དག་འདུ་ཤེས་བྲལ་བ་དེ་ནི་རྗེས་ཐོབ་པ། དེ་དག་ཕ་རོལ་ཕྱིན་ནས་སྟོན་པའི་བཀའ་ལས་གནས། ཅེས་སོ། །འདུ་ཤེས་ཙམ་རློད་ནས་བཞག་པ་ལས། དམིགས་པ་ཅུང་ཟད་ནས་སྒོམ་གཅིག་མེད་དོ་བུ། རྟོག་པ་ནི་མེད་སྣང་པ་རྨིས་ལྟ་བུ་ཡིན་ནོ་བུ། ཆུ་ཟླ་ལྟ་བུའམ་ན་འུན་ལྟ་བུར་ཟུག་མི་ཐུབ་སྟེ། རྐྱེན་གྱི་རང་གྲོལ་དུ་འགྲོ་བས། གང་ལ་ཡང་ཉེས་པ་མ་བཟུང་བས་འོང་བ་ཡིན་ནོ་བུ། གནད་ཐེམས་པ་ཞི་རྫོགས་སོ། །ཨེ་མ་ཧོ། །གནས་གནད་རི་ཁྲོད་འགྲིམས་པ་ཅེས། །ལུས་གནད་རྩ་ཞི་སློད་པ་ཅེས། །ངག་གནད་ལྐུགས་པར་བསྡད་པ་ཅེས། །སེམས་གནད་འདུ་ཤེས་བཤིག་པ་ཅེས། །དེས་མ་གཅིག་ཇོ་མོའོ། །གདམ་ངག་ཐམས་ཅད་རྫོགས་པ་ཡིན་ནོ། །ཨིྠྀ། མ་གཅིག་ལབས་སྒྲོན་གྱི། གདམ་པ་འདི། ཀུན་དང་། ཐུན་མོངས་འདི་ཡིན་མེད། ཀུན་ཐུན་ཕྱོགས་མེད་རྟོགས་པར་གྱི། །རྟོགས་ན་འདི་ཡིན་མེད་པར་བཞོག །འདི་བཞིན་བྱུང་ན་ཕྱོགས་ཆ་ཡིན། །

(༢༠)ཕྱོགས་མེད་རྟོགས་ན་ལྷུག་པར་བཞོག །སྤང་བྱ་མེད་ཀྱིས་ངོ་བོ་ལྟོས། །སྤྱད་བྱ་མེད་ཀྱི་རང་སྣང་ཡིན། །ཅེས་གསུངས་སོ། །བཀྲ་ཤིས། དགེའོ། །