རྒྱབ་ཆོས་འཁྲུལ་བ་རང་གྲོལ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལསཿ བར་དོ་དྲུག་གི་རྒྱབ་ཆོས་འཁྲུལ་བ་རང་གྲོལ་ཞེས་བྱ་བཿབར་དོ་ཐོས་གྲོལ་གྱི་ཆ་ལགས་བཞུགས་སོ༔

ཀུན་ཏུ་བཟང་པོ་རྒྱལ་བ་ཞི་ཁྲོའི་ལྷ༔ ཉེ་རིང་མེད་པའི་འཕགས་པ་སྤྱན་རས་གཟིགས༔ སྤྲུལ་པའི་སྐྱེས་མཆོག་སློབ་དཔོན་པདྨ་འབྱུང་༔ པདྨ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ༔ བར་དོ་ཐོས་པ་རང་གྲོལ་ངོ་སྤྲོད་ཀྱི༔ རྒྱབ་ཆོས་ལྷན་ཐབས་འཁོར་བ་རང་གྲོལ་བསྟན༔ དེ་ཡང་བར་དོའི་ཆོས་ཀུན་མདོར་བསྡུས་ན༔ རྣམ་གྲངས་བཅོ་བརྒྱད་དག་གིས་ཕྱེ་སྟེ་བསྟན༔ བར་དོའི་ངོ་བོ་༡ངེས་ཚིག་༢དབྱེ་བ་༣དང་༔ རང་བཞིན་༤མཚན་ཉིད་༥ས་མཚམས་༦དཔེ་དྲུག་༧དང་༔ རྟགས་དྲུག་༨གནས་དྲུག་༩ལུས་དྲུག་༡༠ཚེ་ཚད་༡༡དྲུག་༔ སྣང་ལུགས་༡༢ངོ་སྤྲོད་༡༣ཉམས་ལེན་༡༤ གདམས་ངག་དྲུག༡༥༔ ཉེས་དམིགས་༡༦ ཕན་ཡོན་༡༧ རྩ་ཚིག་དྲུག་དང་༡༨ནི༔ རྣམ་གྲངས་བཅོ་བརྒྱད་བར་དོའི་ཆོས་ཀུན་རྫོགས༔ སྐལ་ལྡན་ལས་ཅན་དད་གུས་ལྡན་པ་རྣམས༔ འདི་ལྟར་ཡིད་ལ་ཟུངས་ཤིག་ས་མ་ཡ༔ དེ་ལ་དང་པོ་བར་དོའི་ངོ་བོ་གང་ཞེ་ན༔ ད་ལྟ་ཐ་མལ་གྱི་ཤེས་པ་བཟོ་བཅོས་མ་བྱས་པའི་རང་ལུགས་གསལ་སྟོང་དུ་ཧྲིག་གེ༔ འཆར་བ་འདི་ཁོ་ན་བར་དོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་ཏེ༔ དེ་ཅིའི་ཕྱིར་ཞེ་ན༔ འདི་ཁོ་ན་རྟོགས་མ་རྟོགས་ཀྱི་ཁྱད་པར་ལས༔ བར་དོ་ཐམས་ཅད་འབྱུང་བའི་ཕྱིར་རོ༔ དེའི་ཕྱིར་ད་ལྟར་གྱི་ཤེས་པ་མ་བཅོས་པ་སོ་མ་འདི་བླ་མས་ངོ་སྤྲད༔ རང་གིས་ཉམས་སུ་བླངས་ནས་མངོན་དུ་གྱུར་ན་བར་རྒྱབ་ཆོས་འཁྲུལ་བ་རང་གྲོལ། དོ་ཐམས་ཅད་དེ་ནས་ཆོད་པའི་ཕྱིར༔ འདི་ངོ་སྤྲད་ནས་མ་བཅོས་པར་སྐྱོང་བ་ནི་བར་དོའི་ཉམས་ལེན་དངོས་གཞིའོ༔ གཉིས་པ་བར་དོའི་ངེས་ཚིག་དྲུག་ནི༔ དེ་ཡང་བར་དོ་ཞེས་བྱ་བ་ཅིའི་ཕྱིར༔ བར་དོ་ཞེས་བྱ་ཞེ་ན༔ སྔ་མའི་བག་ཆགས་དང་སྣང་བ་ནི་འདས༔ ཕྱི་མའི་སྣང་བ་ནི་མ་ཤར༔ སྔ་ཕྱི་གཉིས་ཀྱི་བར་དེའི་སྣང་བ་ཉམས་སུ་མྱོང་བདོ་བའི་ཕྱིར༔ བར་དོ་ཞེས་མིང་དུ་བཏགས་པ་ཡིན་ནོ༔ དེའང་སྐྱེ་གནས་བར་དོ་ཞེས་བྱ་བ་ཅིའི་ཕྱིར་ཞེ་ན༔ མ་ལས་སྐྱེས་ནས་མ་ཤིའི་བར་དུ་ད་ལྟའི་སྣང་བ་ཡད་ཡུད་བན་བུན་འདི་ལ་གནས་བདོ་བའི་ཕྱིར༔ དེ་ཡང་སྐྱེ་གནས་བར་དོ་ཞེས་མིང་དུ་བཏགས་པ་ཡིན་ནོ༔ རྨི་ལམ་བར་དོ་ཞེས་བྱ་བ་ཅིའི་ཕྱིར་རྨི་ལམ་བར་དོ་ཞེས་བྱ་ཞེ་ན༔ དཔེར་ན་ཁར་རྩང་གི་ཉིན་སྣང་ནི་ནུབ༔ ནང་པར་གྱི་ཉིན་སྣང་ནི་མ་ཤར༔ གཉིད་དུ་ཧྲུལ་སོང་པ་དང་༔ བག་ཆགས་འཁྲུལ་པའི་ལུས་གཅིག་ལམ་སྟེ་ཤར་ནས༔ དེའི་བར་དེར་རྨི་ལམ་གྱི་སྣང་བ་ལ་འཁྱམས་བདོ་ཕྱིར༔ རྨི་ལམ་བར་དོ་ཞེས་མིང་དུ་བཏགས་སོ༔ བསམ་གཏན་བར་དོ་ཞེས་བྱ་བ་ཅིའི་ཕྱིར་བསམ་གཏན་བར་དོ་ཞེས་བྱ་ཞེ་ན༔ བསམ་རྟོག་འཁྲུལ་པའི་འགྱུ་བ་ཐམས་ཅད་རང་སར་ཞི་ནས༔ གནས་ལུགས་ཁོ་རང་གི་ཐོག་ཏུ་མ་བཅོས་པར་བསམ་གཏན་ལ་གནས་པའི་ཕྱིར༔ བསམ་གཏན་བར་དོ་ཞེས་མིང་དུ་བཏགས་སོ༔ འཆི་ཁ་བར་དོ་ཞེས་བྱ་བ་ཅིའི་ཕྱིར༔ འཆི་ཁ་བར་དོ་ཞེས་བྱ་ཞེ་ན༔ འཇིག་རྟེན་འདིའི་སྣང་བ་ནི་ནུབ་ལ་ཁད༔ ཕྱི་མའི་ཡུལ་དུ་འགྲོ་ལ་ཁད་དེ༔ དཔེར་ན་མི་གཅིག་ག་ཤེད་དུ་འགྲོ་ལ་ཁད་པ་དེ་ལ༔ འགྲོ་ཁ་མ་ཟེར་བ་བཞིན་དུ༔ འཆི་བའི་འཇིགས་པ་འོང་ལ་ཁད༔ འཇིག་རྟེན་ཕ་རོལ་དུ་འགྲོ་ལ་ཁད་པའི་ཕྱིར༔ འཆི་ཁ་ཞེས་བྱ༔ དེའི་བར་གྱི་སྡུག་བསྔལ་མྱོང་བདོ་བའི་ཕྱིར༔ འཆི་ཁ་བར་དོ་ཞེས་མིང་དུ་བཏགས་སོ༔ ཆོས་ཉིད་བར་དོ་ཞེས་བྱ་བ་ཅིའི་ཕྱིར་ཆོས་ཉིད་བར་དོ་ཞེས་བྱ་ཞེ་ན༔ འཇིག་རྟེན་འདིའི་སྣང་བ་ནི་འདས༔ སྲིད་པའི་བར་དོ་དང་༔ ཕྱི་མའི་སྣང་བ་མ་ཤར་བའི་བར་དེར༔ ཆོས་ཉིད་འོད་གསལ་དང་༔ ཞི་ཁྲོ་ལོངས་སྤྱོད་རྫོགས་པའི་ལྷ་ཚོགས་དང་༔ སྒྲ་འོད་ཟེར་གསུམ་གྱི་སྣང་བ་ཉམས་སུ་མྱོང་བདོ་བའི་ཕྱིར༔ ཆོས་ཉིད་བར་དོ་ཞེས་མིང་དུ་བཏགས་སོ༔ སྲིད་པ་བར་དོ་ཞེས་བྱ་བ་ཅིའི་ཕྱིར་སྲིད་པ་བར་དོ་ཞེས་བྱ་ཞེ་ན༔ ཆོས་ཉིད་ཞི་ཁྲོའི་སྣང་བ་ཤར་དུས་སུ་ངོས་མ་ཟིན་པས་ཡལ༔ ཕྱི་མའི་ལུས་མ་བླངས་བའི་བར་དེར༔ ཡར་མཐོ་རིས་ཀྱི་བདེ་བ་ཡང་དུས་དེ་ནས་སྲིད་ལ༔ མར་ངན་སོང་གི་སྡུག་བསྔལ་ཀྱང་དུས་དེ་ནས་སྲིད་དེ༔ བདེ་སྡུག་འཁོར་འདས་རིགས་དྲུག་གི་སྣང་བ་ཐམས་ཅད་དེའི་དུས་ཁོ་ན་ནས་སྲིད་པས༔ དེ་རྣམས་གང་གི་ཐོག་ཏུའང་མ་ཁེལ་བའི་བར་དེར་འཁྱམས་བདོ་བའི་ཕྱིར༔ སྲིད་པ་བར་དོ་ཞེས་མིང་དུ་བཏགས་སོ༔ དེ་ནི་བར་དོ་དྲུག་གི་ངེས་ཚིག་དྲུག་བསྟན་པའོ༔ ས་མ་ཡ༔ ༈གསུམ་པ་བར་དོའི་དབྱེ་བ་བསྟན་པ་ལ་དྲུག་སྟེ༔ རང་བཞིན་སྐྱེ་གནས་ཀྱི་བར་དོ་དང་གཅིག༔ རྨི་ལམ་འཁྲུལ་པའི་བར་དོ་དང་གཉིས༔ བསམ་གཏན་ཏིང་འཛིན་གྱི་བར་དོ་དང་གསུམ༔ འཆི་ཁ་སྡུག་བསྔལ་གྱི་བར་དོ་དང་བཞི༔ ཆོས་ཉིད་ཞི་ཁྲོའི་བར་དོ་དང་ལྔ༔ རྣམ་སྨིན་སྲིད་པའི་བར་དོ་དང་དྲུག་གོ༔ དེ་ནི་བར་དོའི་དབྱེ་བ་དྲུག་བསྟན་པའོ༔ ས་མ་ཡ༔ ༈ བཞི་པ་བར་དོའི་རང་བཞིན་གང་ཞེ་ན༔ བར་དོ་ཐམས་ཅད་ཀྱི་རང་བཞིན་ནི་སྟོང་པ་ཉིད་དོ༔ དེ་ཡང་༔ བར་དོའི་རང་བཞིན་སྟོང་པ་ཉིད་ཡིན་པ་ཅིའི་ཕྱིར་ཞེ་ན༔ བར་དོའི་གནས་སྐབས་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདེན་པ་ཙམ་ལས༔ དོན་དམ་པར་ནི་བར་དོ་ཞེས་བྱ་བ་ཡོད་མི་སྲིད་པའི་ཕྱིར་རོ༔ བར་དོའི་རང་བཞིན་སྟོང་པ་ཉིད་ཡིན་ནོ༔ དེ་ཡང་ཕ་རོལ་ཏུ་ཕྱིན་པ་ལས༔ ཕྱི་སྟོང་པ་ཉིད་ཅེས་གསུངས་རྒྱབ་ཆོས་འཁྲུལ་བ་རང་གྲོལ། ཏེ༔ ཕྱིའི་ཆོས་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས་པ་འདི་རྣམས༔ ཐེར་ཟུག་ཏུ་གནས་པ་ཡང་མ་ཡིན༔ འཇིག་པའམ་འགག་པར་གྱུར་པ་ཡང་མ་ཡིན་པའི་ཕྱིར༔ དོན་དམ་པར་ནི་གཟུགས་ལ་སོགས་པ་འདི་རྣམས་ལ་རང་བཞིན་དུ་གྲུབ་པ་སྤུ་ཙམ་ཡང་མེད་པའི་ཕྱིར་ཕྱི་སྟོང་པ་ཉིད་དོ༔ ནང་སྟོང་པ་ཉིད་ཅེས་གསུངས་ཏེ༔ ནང་གི་ཆོས་མིག་དང་༔ རྣ་བ་དང་༔ སྣ་དང་༔ ལྕེ་དང་༔ ལུས་དང་༔ ཡིད་ལ་སོགས་པ་འདི་རྣམས་ཀྱང་༔ ཐེར་ཟུག་ཏུ་གནས་པ་ཡང་མ་ཡིན༔ འཇིག་པའམ༔ འགག་པར་གྱུར་པ་ཡང་མ་ཡིན་པའི་ཕྱིར༔ དོན་དམ་པར་ནི་མིག་ལ་སོགས་པའི་ནང་གི་ཁམས་འདི་རྣམས་རང་བཞིན་དུ་གྲུབ་པ་རྡུལ་ཙམ་ཡང་མེད་པའི་ཕྱིར་ནང་སྟོང་པ་ཉིད་དོ༔ ཕྱི་ནང་སྟོང་པ་ཉིད་ཅེས་གསུངས་ཏེ༔ ཕྱི་ནང་གི་ཁམས་བཅོ་བརྒྱད༔ སྐྱེ་མཆེད་བཅུ་གཉིས་ལ་སོགས་པ་རྣམས་ཀྱང་༔ དོན་དམ་པར་ནི་གཟུང་བ་དང་འཛིན་པ་གཉིས་ཀ་མེད་དེ༔ ཡུལ་དང་ཡུལ་ཅན་གྱི་ཚུལ་དང་བྲལ་བས་ན་ཕྱི་ནང་སྟོང་པ་ཉིད་དོ༔ དེ་སྐད་དུ་ཡང་༔ ཧེ་རུ་ཀ་གལ་པོའི་རྒྱུད་ལས༔ གཟུགས་སྒྲ་ལ་སོགས་འཇིག་འགྱུར་ཕྱིར༔ དངོས་པོ་མེད་པ་ཕྱི་སྟོང་ཉིད༔ དབང་པོ་ལྔ་ནི་ཐེར་ཟུག་མིན༔ ནང་ནི་སྟོང་པ་ཡིན་པ་ལ༔ ཕྱི་དང་ནང་གི་སྐྱེ་མཆེད་རྣམས༔ ཕྱི་ནང་སྟོང་པ་ཉིད་གྱུར་པ༔ རང་བཞིན་གྱིས་སྟོང་གཞན་ནི་མིན༔ སྟོང་པ་ཉིད་ནི་སྟོང་པ་ཉིད༔ འཇིག་རྟེན་ཆེན་པོ་སྟོང་པ་ཉིད༔ མྱང་འདས་དོན་དམ་སྟོང་པ་ཉིད༔ ཁམས་གསུམ་འདུས་བྱས་སྟོང་པ་ཉིད༔ ཅེས་པ་ལ་སོགས་ཏེ་སྟོང་པའི་རྣམ་གྲངས་བཅོ་བརྒྱད་དུ་གསུངས་ཏེ༔ མདོར་བསྡུ་ན་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པའི་ཕྱིར༔ བར་དོའི་རང་བཞིན་ནི་སྟོང་པ་ཉིད་དོ༔ ས་མ་ཡ༔ ༈ལྔ་པ་བར་དོ་དྲུག་གི་མཚན་ཉིད་གང་ཞེ་ན༔ དང་པོ་སྐྱེ་གནས་བར་དོའི་མཚན་ཉིད་ནི༔ རང་ལུས་འདོམ་གང་གྲུ་བཞི་འདི་ཉིད༔ ཕུང་པོ་ལྔ་དང་༔ ཁམས་ལྔ་དང་༔ སྐྱེ་མཆེད་དྲུག་དང་༔ དབང་པོ་ལྔ་དང་༔ ཡུལ་ཡུལ་ཅན་དང་༔ ཉོན་མོངས་པ་ལ་སོགས་འདི་དག་ཅི་ལྟར་གནས་པ་གཏན་ལ་དབབ་སྟེ༔ དེའི་མཚན་ཉིད་ཅི་ལྟ་བར་ཤེས་པའི་རྣལ་འབྱོར་པ་ནི༔ སྣང་པ་ཀུན་ལ་དབང་བསྒྱུར་བར་ནུས་པ་སྟེ༔ དེ་སྐད་དུ་ཡང་༔ འཁོར་འདས་རང་གྲོལ་གྱི་རྒྱུད་ལས༔ སྐྱེ་གནས་བར་དོའི་མཚན་ཉིད་ནི༔ རང་ལུས་འདོམ་གང་གྲུ་བཞི་འདི༔ ཁམས་རྣམས་དང་ནི་ཕུང་པོ་དང་༔ སྐྱེ་མཆེད་དབང་པོ་ཡུལ་ཡུལ་ཅན༔ ཉོན་མོངས་ཇི་ལྟར་གནས་གཏན་དབབ༔ འདི་དག་ཤེས་པའི་རྣལ་འབྱོར་པ༔ སྣང་བ་ཀུན་ལ་དབང་བསྒྱུར་ནུས༔ ཞེས་གསུངས་སོ༔ གཉིས་པ་རྨི་ལམ་བར་དོའི་མཚན་ཉིད་ནི༔ གཉིད་འཐུག་པོའི་དུས་སུ་ནི་རྟོག་པ་མེད་པར་རང་བཞིན་གྱིས་འོད་གསལ་བའི་མཚན་ཉིད་ཅན་ནོ༔ རྨི་ལམ་གྱི་དུས་སུ་ནི་སྒྱུ་མ་ལྟ་བུར་མི་གནས་ཤིང་བརྟག་མི་བཟོད་པའི་མཚན་ཉིད་ཅན་ནོ༔ གསུམ་པ་བསམ་གཏན་བར་དོའི་མཚན་ཉིད་ནི༔ སྟོང་པའི་ངང་ལས༔ བསྐྱེད་རིམ་དང་༔ རྫོགས་རིམ་དང་༔ ཞི་གནས་དང་༔ ལྷག་མཐོང་ལ་སོགས་པ་འཆར་བའོ༔ བཞི་བ་འཆི་ཁ་བར་དོའི་མཚན་ཉིད་ནི༔ འཆི་རྐྱེན་ནད་ཀྱིས་འབྱུང་བ་འཁྲུག་སྟེ༔ ལུས་ངག་ཡིད་གསུམ་སྡུག་བསྔལ་བའི་མཚན་ཉིད་ཅན་ཏེ༔ འཛིན་ཆགས་དང་ཞེན་པའི་མཚོ་བརྡོལ་ནས༔ ལུས་སེམས་བྲལ་གྱི་དོགས་པའི་སྡུག་བསྔལ་དང་༔ མི་འགྲོ་བའི་དབང་མེད་པར་འགྲོ་དགོས་པའི་སྡུག་བསྔལ་དང་༔ མཛའ་བཤེས་དང་༔ ནོར་རྫས་ཡུལ་འཁོར་ལ་ཆགས་ཀྱང་འགྲོགས་པའི་དབང་མེད་དེ༔ སེམས་ཞེན་ཅིང་ཆགས་པའི་སྡུག་བསྔལ་དང་༔ དེ་ལྟ་བུའི་སྡུག་བསྔལ་ཤིན་ཏུ་རགས་པ་དེའི་དབང་གིས་ཤེས་པ་བན་བུན་ལང་ལོང་དུ་སོང་སྟེ༔ ཤེས་པ་གཅིག་ཏུ་མི་གནས་པ་ནི་འཆི་ཁ་བར་དོའི་མཚན་ཉིད་དེ༔ འཁོར་འདས་རང་གྲོལ་གྱི་རྒྱུད་ལས༔ འཆི་རྒྱབ་ཆོས་འཁྲུལ་བ་རང་གྲོལ། ཁ་མ་ཡི་མཚན་ཉིད་ནི༔ འཆི་རྐྱེན་ནད་ཀྱིས་འབྱུང་བ་འཁྲུགས༔ ལུས་ངག་ཡིད་གསུམ་སྡུག་བསྔལ་ཏེ༔ འཛིན་ཆགས་ཞེན་པའི་མཚོ་བརྡོལ་ནས༔ ལུས་སེམས་བྲལ་གྱིས་དོགས་པ་ཡིས༔ སྡུག་བསྔལ་ཤིན་ཏུ་རགས་པ་སྟེ༔ བན་བུན་དང་ནི་ལང་ལོང་དང་༔ ཤེས་པ་གཅིག་ཏུ་མི་གནས་པའོ༔ ཞེས་གསུངས་སོ༔ ལྔ་པ་ཆོས་ཉིད་བར་དོའི་མཚན་ཉིད་ནི༔ ཕུང་པོ་ཤ་ཁྲག་གི་ལུས་དང་བྲལ༔ ཟག་པ་མེད་པའི་ལུས་སུ་གྱུར་ཏེ༔ ཞི་བ་དང་༔ ཁྲོ་བོ་དང་༔ སྒྲ་འོད་ཟེར་གསུམ་དང་༔ ཡེ་ཤེས་ཀྱི་གསལ་ཆ་དང་༔ སྣང་བ་ཐམས་ཅད་བདེ་བ་ཆེན་པོ་དག་པ་རབ་འབྱམས་ཀྱི་སྣང་བ་འཆར་ཏེ༔  ཅིར་སྣང་ཆོས་ཉིད་ཀྱི་ཞིང་ཁམས་སུ་འཆར་བ་ནི༔  ཆོས་ཉིད་བར་དོའི་མཚན་ཉིད་དེ༔ འཁོར་འདས་རང་གྲོལ་གྱི་རྒྱུད་ལས༔ ཆོས་ཉིད་བར་དོའི་མཚན་ཉིད་ནི༔ ཕུང་པོ་མེད་ཅིང་ཟག་བཅས་བྲལ༔ ཞི་བའི་སྐུ་དང་ཁྲོ་བོའི་སྐུ༔ ཡེ་ཤེས་འོད་དང་ཁ་དོག་དང་༔ ཐིག་ལེའི་ཆ་དང་འབྱུང་སྣང་དག༔ སྣང་བ་ཐམས་ཅད་བདེ་ཆེན་ཞིང་༔ རང་སྣང་དག་པ་ཀུན་སྣང་སྟེ༔ ཅིར་སྣང་ཆོས་ཉིད་གཞལ་ཡས་སོ༔ ཞེས་གསུངས་སོ༔ དྲུག་པ་སྲིད་པ་བར་དོའི་མཚན་ཉིད་ནི༔ ཤ་ཁྲག་གི་གཟུགས་དང་ནི་བྲལ༔ སྒྱུ་མ་ཡིད་ཀྱི་གཟུགས་ཅན་དེ༔ ཆོས་ཉིད་ཞི་ཁྲོའི་སྣང་བ་འཆར་བའི་དུས་སུ༔ བདེན་པའི་དོན་མ་རྟོགས་པར༔ སྐུ་དང་སྒྲ་འོད་ཟེར་གསུམ་ལ་བྲེད་ཅིང་བསྔངས་པས༔ ཆོས་ཉིད་ཀྱི་དོན་ངོས་མ་ཟིན་པར༔ སྟོང་གསུམ་ཀུན་ཏུ་ཡིད་གྱ་གྱུ༔ ཡད་ཡུད་བྱ་སྒྲོ་རླུང་གིས་ཁྱེར་བ་བཞིན་ཏུ༔ ས་གཅིག་ཏུ་འདུག་མི་ཟུག་པར༔ ཕྱད་ཕྱོད༔ ཡད་ཡུད༔ བན་བུན༔ ལང་ལོང་༔ རྨི་ལམ་གྱི་ལུས་ལྟར༔ ས་གཅིག་ཏུ་མི་ཟུག་པར༔ ཚིག་པ་ཟ་ཞིང་རིགས་དྲུག་གི་འོད་དྲུག་གི་རྗེས་སུ་འབྲང་ཞིང་སྣང་བ་ཤར་བ་ནི༔ སྲིད་པ་བར་དོའི་མཚན་ཉིད་དེ༔ འཁོར་འདས་རང་གྲོལ་གྱི་རྒྱུད་ལས༔ སྲིད་པ་བར་དོའི་མཚན་ཉིད་ནི༔ ཤ་ཁྲག་རང་གི་གཟུགས་བྲལ་ནས༔ སྒྱུ་མ་ཡིད་ཀྱི་གཟུགས་ཅན་དེ༔ ཆོས་ཉིད་བདེན་པའི་དོན་མ་མཐོང་༔ འོད་སྣང་ཀུན་ལ་བྲེད་སྔངས་དང་༔ སྟོང་གསུམ་ཀུན་ཏུ་ཡིད་གྱ་གྱུ༔ བྱ་སྒྲོ་རླུང་གིས་ཁྱེར་བ་བཞིན༔ ཕྱད་ཕྱོད་ཡད་ཡུད་སྙམ་ཅིང་འཇུག༔ བན་བུན་ལང་ལོང་རྨི་ལམ་འདྲ༔ ས་གཅིག་མི་ཟུག་ཚིགས་པ་ཟ༔ དཀར་སྔོ་ལ་སོགས་རིགས་དྲུག་འོད༔ སོ་སོར་དམིགས་པས་སྣང་བའོ༔ ཞེས་གསུངས་སོ༔ དེ་ནི་བར་དོ་དྲུག་གི་མཚན་ཉིད་དྲུག་བསྟན་པའོ༔ ས་མ་ཡཱ༔ ༈ དྲུག་པ་བར་དོའི་ས་མཚམས་དྲུག་གང་ཞེ་ན༔ དང་པོ་སྐྱེ་གནས་བར་དོ་ནི༔ མའི་མངལ་ནས་ཐོན་ནས༔ འཆི་རྐྱེན་ནད་ཀྱིས་བཏབ་པ་ཚུན་ཆད་ཀྱི་སྣང་བ་འདི་ཡིན་ནོ༔ གཉིས་པ་རྨི་ལམ་བར་དོའི་ས་མཚམས་ནི༔ གཉིད་ཧྲུལ་དུ་སོང་ནས༔ གཉིད་མ་སད་བར་དེའོ༔ གསུམ་པ་བསམ་གཏན་བར་དོའི་ས་མཚམས་ནི༔ བསམ་གཏན་ལ་མཉམ་པར་བཞག་ནས༔ དེ་ལས་མ་ལྡང་གི་བར་རམ༔ རྟོག་པ་སྔ་མ་ནི་འགགས༔ ཕྱི་མ་མ་སྐྱེས་བའི་བར་དེར་རིག་པ་ཅི་ཙམ་གནས་ཀྱི་བར་དེའོ༔ བཞི་པ་འཆི་ཁ་བར་དོའི་ས་མཚམས་ནི༔ འཆི་རྐྱེན་གྱིས་ཐེབས་ནས༔ ནང་དབུགས་མ་ཆད་ཀྱི་བར་དེའོ༔ ལྔ་པ་ཆོས་ཉིད་བར་དོའི་ས་མཚམས་ནི༔ ནང་དབུགས་ཆད་ནས༔ ལྷུན་གྲུབ་ཀྱི་སྣང་བ་ལ་མ་སླེབས་ཚུན་ཆད་དེ༔ སྲིད་པའི་བར་དོ་མ་ཤར་ཚུན་ཆད་ཀྱི༔ ཆོས་ཉིད་ཞི་ཁྲོའི་སྣང་བ་ཤར་བའི་བར་དེའོ༔ དྲུག་པ་སྲིད་པ་བར་དོའི་ས་མཚམས་ནི༔ ལྷུན་གྲུབ་ཞི་ཁྲོའི་སྣང་བ་ཐམས་ཅད་རང་སར་ཐིམས་ནས༔ མངལ་གྱི་གྲོང་ཁྱེར་དུ་ཚུད་པ་ཚུན་ཆད་སྲིད་པ་བར་དོའི་ས་མཚམས་སོ༔ དེ་ནི་བར་དོ་དྲུག་གི་ས་མཚམས་དྲུག་བསྟན་པའོ༔ ས་མ་ཡཱ༔ ༈ བདུན་པ་བར་དོ་དྲུག་གི་དཔེ་དྲུག་གང་ཞེ་ན༔ དང་པོ་སྐྱེ་གནས་བར་དོའི་དཔེ་ཅི་དང་འདྲ་ན༔ ལུས་སེམས་གཉིས་ཐོ་ཁ་ན་བྱ་གནས་པ་དང་འདྲ་སྟེ༔ དཔེར་ན་རྒྱབ་ཆོས་འཁྲུལ་བ་རང་གྲོལ། བརྩིགས་པའི་ཐོ་ནི་ཡུན་རིང་དུ་རྟག་མི་ཐུབ་སྟེ༔ ནམ་བོར་ཆ་མེད་ཅིང་༔ རྐྱེན་གྱི་དབང་དུ་འགྲོ་ལ་ཁད༔ ཞིག་ལ་ཁད་ཀྱི་རང་བཞིན་ཅན་ནོ༔ སེམས་འདི་ཐོ་ཁའི་བྱ་དང་འདྲ་སྟེ༔ དཔེར་ན་ཐོ་ཁའི་བྱིས་ཆུང་དེ༔ ཐོའི་སྟེང་དུ་དུས་ཡུན་རིང་དུ་མི་གནས་ཤིང་འཕུར་བར་ངེས་ལ༔ དེའི་སྟེང་དུའང་མྱུར་བར་ཐོ་དེ་བཞག་ནས༔ བྱིས་ཆུང་དེས་ཕྱོགས་མི་གཅིག་པའི་ཡུལ་གཅིག་ཏུ་ངེས་པར་འཕུར་ཏེ་འགྲོའོ༔ དཔེ་དེ་བཞིན་ཏུ༔ སེམས་རིག་རིག་པོ་འདི་ཡང་༔ ལུས་འདིའི་ཐོག་ཏུ་ཡུན་རིང་དུ་མི་སྡོད་དེ་འགྲོ་བར་ངེས་སོ༔ དེའི་སྟེང་དུའང་མྱུར་བར་མྱུར་བར༔ སྒྱུ་ལུས་འདུས་བྱས་ཀྱི་ཕུང་པོ་འདི་ཤུལ་ཏུ་བསྐྱུར་ནས༔ སེམས་རིག་རིག་པོ་འདི་ཕྱོགས་མི་གཅིག་པའི་ཡུལ་ག་ཤེད་དུ་ངེས་པར་འགྲོ་སྟེ༔ འཁོར་འདས་རང་གྲོལ་གྱི་རྒྱུད་ལས༔ ཨེ་མ་བདག་འཛིན་སེམས་ཅན་རྣམས༔ ལུས་འདི་མི་རྟག་ཐོ་ཡོར་འདྲ༔ སེམས་འདི་ཐོ་ཁའི་བྱ་དང་འདྲ༔ བྱ་ནི་ཡུན་རིང་བསྡད་པ་མེད༔ ཅེས་གསུངས་སོ༔ ངག་མི་རྟག་པ་ནི་བྲག་ཆའི་སྒྲ་དང་འདྲ༔ ནམ་མཁའི་འབྲུག་དང་འདྲ་སྟེ༔ མི་རྟག་མྱུར་དུ་ཡལ་བའི་ཆོས་ཅན་ཡིན་ཏེ༔ འཁོར་འདས་རང་གྲོལ་གྱི་རྒྱུད་ལས༔ ངག་འདི་བར་སྣང་འབྲུག་སྒྲ་འདྲ༔ འབྲུག་སྒྲ་ཡུན་རིང་ཅང་བསྡད་དམ༔ ཞེས་སོ༔ གཉེན་བཤེས་ཐམས་ཅད་ནི་བྱ་ཚང་གི་བཟའ་མི་དང་འདྲ་སྟེ༔ ཚང་གཅིག་ཏུ་ལྷན་ཅིག་ཏུ་གསོས་ཀྱང་༔ མྱུར་དུ་སོ་སོར་གྱེས་པ་ལྟར༔ རང་རང་གི་ཡུལ་མི་ཁྱིམ་མཚེས༔ ཉེ་དུ་གཉེན་འབྲེལ་ཐམས་ཅད་ཀྱང་༔ གནས་སྐབས་ཀྱི་འབྲེལ་བ་ཡུད་ཙམ་ལས༔ གཅིག་ཤི་གཉིས་ཤི་སོ་སོར་བྲལ་བར་ངེས་ཏེ༔ འཁོར་འདས་རང་གྲོལ་གྱི་རྒྱུད་ལས༔ གཉེན་བཤེས་བྱ་ཚང་བཟའ་མི་འདྲ༔ གཅེས་གསོས་འགྲོགས་ཀྱང་སོ་སོར་གྱེས༔ ཞེས་སོ༔ བཟའ་རོགས་མི་རྟག་པ་ནི་རྨོས་གླང་གཉའ་སྦྲེལ་བ་དང་འདྲ་སྟེ༔ ཡུད་ཙམ་ལྷན་གཅིག་འགྲོགས་ཀྱང་༔ མྱུར་དུ་བྲལ་བ་ལས་མ་འདས་ཏེ༔ འཁོར་འདས་རང་གྲོལ་གྱི་རྒྱུད་ལས༔ གཟའ་མི་རྨོས་གླང་གཉའ་སྦྲེལ་འདྲ༔ གཉའ་སྦྲེལ་སོ་སོར་ནམ་ཞིག་གྱེས༔ ཞེས་སོ༔ ཚེ་མི་རྟག་པ་རི་གཟར་གྱི་རྦབ་དང་འདྲ་སྟེ༔ སྐད་ཅིག་ཀྱང་མི་སྡོད་པར་འཆི་བའི་ཕྱོགས་སུ་འགྲོ་བ་ནི༔ འཁོར་འདས་རང་གྲོལ་གྱི་རྒྱུད་ལས༔ ཚེ་འདི་རི་གཟར་རྦབ་དང་འདྲ༔ རྦབ་ནི་སྐད་ཅིག་བསྡད་དབང་མེད༔ ཅེས་སོ༔ ནོར་མི་རྟག་པ་ནི་སྦྲང་མའི་སྦྲང་རྩི་དང་འདྲ་སྟེ༔ རང་གི་བསོགས་ཀྱང་གཞན་གྱིས་སྤྱད་ནས་ཁྱེར་ས་མེད་དེ༔ འཁོར་འདས་རང་གྲོལ་གྱི་རྒྱུད་ལས༔ ནོར་རྫས་སྦྲང་མའི་སྦྲང་རྩི་འདྲ༔ རང་གིས་བསོགས་ཀྱང་གཞན་གྱིས་སྤྱོད༔ ཅེས་སོ༔ དེ་དག་ནི་སྐྱེ་གནས་བར་དོའི་མི་རྟག་པ་སྟོན་པའི་དཔེའོ༔ གཉིས་པ་རྨི་ལམ་བར་དོའི་དཔེ་ཅི་དང་འདྲ་ན༔ སྒྱུ་མའི་དཔེ་དང་འདྲ་སྟེ༔ སྒྱུ་མ་ནི་མེད་བཞིན་དུ་ཅིར་ཡང་སྣང་བའོ༔ དེ་བཞིན་དུ༔ རྨི་ལམ་ཀྱང་རང་བཞིན་མེད་བཞིན་དུ་ཅིར་ཡང་སྣང་ངོ་༔ གསུམ་པ་བསམ་གཏན་བར་དོའི་དཔེ་ཅི་དང་འདྲ་ན༔ ཐང་ཆད་པས་ངལ་བསོས་པ་དང་འདྲ་སྟེ༔ དེ་ཡང་ཐང་ཆད་པའི་མི་དེས་ངལ་བསོས་ཙམ་ན༔ ངལ་བའི་སྡུག་བསྔལ་ཐམས་ཅད་རང་སར་ཞི་ནས༔ ལུས་ངག་ཡིད་གསུམ་བདེ་ལྷན་ནེ་འོང་བ་ལྟར༔ འོ་སྐོལ་ཀྱང་ལུས་ངག་ཡིད་གསུམ་འཁྲུལ་བའི་རྦ་ཀློང་གིས་གཡེངས་ནས་སྡུག་བསྔལ་བ་དེ༔ བླ་མའི་གདམས་ངག་གིས་སྒོ་གསུམ་རྣལ་དུ་དབབ་ནས༔ བསམ་གཏན་ལ་མཉམ་པར་བཞག་པས༔ ལུས་བྱ་བྱེད་ཀྱི་སྡུག་བསྔལ་རང་སར་ཞི་ནས༔ སོག་ཕོན་ཐག་པ་ཆད་པ་ལྟར་རང་སར་འབོལ་ལེ་ཤིག་གེ་ལྷོད་དེ་བཞག་པས༔ བདེ་ལྷན་ནེ་ལུས་ངལ་སོས་པའོ༔ ངག་པི་ཝཾ་གི་རྒྱུན་ཐག་ཆད་པ་དང་འདྲ་སྟེ༔ དཔེར་ན་པི་ཝཾ་གི་སྒྲ་སྣ་ཚོགས་སུ་འགྱུར་བ་དེ༔ རྒྱུན་ཐག་ཆད་ནས་སྒྲ་རྒྱུན་ཆད་པ་བཞིན་དུ༔ ངག་སྨྲ་བའི་ལོང་གཏམ་གྱིས་རྒྱབ་ཆོས་འཁྲུལ་བ་རང་གྲོལ། ཐང་ཆད་པ་དེ༔ སྨྲ་བརྗོད་དང་བྲལ་ནས༔ རང་སར་བཞག་པས་ངག་བདེ་ལྷན་ནེ་ངལ་སོས་པའོ༔ སེམས་ཆུ་བཅད་པའི་རང་འཐག་དང་འདྲ་སྟེ༔ དཔེར་ན་རང་འཐག་ཆུས་བསྐྱོད་པ་དེ་ཆུ་ཆད་ནས་འཁོར་བ་ཆད་པ་བཞིན༔ དྲན་བསམ་སྣ་ཚོགས་ཀྱིས་སེམས་ཐང་ཆད་པ་དེ༔ མ་བཅོས་རང་སར་ལྷོད་ཀྱིས་ཀློད་ནས་བཞག་པས༔ ཡིད་བདེ་ལྷན་ནེར་གནས་ཏེ༔ སེམས་ངལ་སོས་པའོ༔ དེ་ནི་བསམ་གཏན་བར་དོའི་དཔེའོ༔ བཞི་པ་འཆི་ཁ་བར་དོའི་དཔེ་ཅི་དང་འདྲ་ན༔ མཚང་ཅན་གྱི་མི་གཅིག་ཡུས་ཅན་གྱི་ལག་ཏུ་བཙོན་ལ་འགྲོ་བ་དང་འདྲ་སྟེ༔ དེ་ཡང་དཔེར་ན་མཚང་ཅན་གྱི་མི་གཅིག་ཡུས་ཅན་གྱི་ལག་ཏུ་བཙོན་ལ་འགྲོ་བ་ཏེ༔ འགྲོ་བ་ལ་ནི་ཤིན་ཏུ་འཚེར༔ སྡུག་བསྔལ་འོང་བ་ནི་ཤེས༔ མི་འགྲོ་བའི་དབང་ནི་མེད༔ འདུག་པར་སྤྲོ་ཡང་འདུག་དབང་མེད་པ་བཞིན་དུ༔ འཆི་ཁ་བར་དོ་ཡང་༔ འཆི་བ་འོང་བ་ནི་ཤེས༔ མི་འཆི་བར་བསྡད་སྤྲོ་ཡང་བསྡད་དབང་ནི་མེད༔ བསོགས་པའི་ནོར་ནི་ཁྱེར་དབང་མེད་པར་ཤུལ་དུ་ལུས༔ འགྲོགས་པའི་གྲོགས་ནི་དབང་མེད་དུ་སོ་སོར་བྲལ་ལ་ཁད༔ བདག་གཅིག་པུར་ཆ་མེད་ཀྱི་ཡུལ་དུ་རྒྱུས་མེད་འཁྱམས་དགོས་པར་ཤེས་ཀྱང་༔ རང་དབང་མེད་པར་ཤིན་ཏུ་སྡུག་བསྔལ་བའོ༔ དེ་ནི་འཆི་ཁ་བར་དོའི་དཔེ་བསྟན་པའོ༔ ལྔ་བ་ཆོས་ཉིད་བར་དོའི་དཔེ་ཅི་དང་འདྲ་ན༔ གཡུལ་ཆེན་གྱི་དམག་སྟོང་གི་དཀྱིལ་དུ༔ མཚང་ཆེན་གྱི་མི་གཅིག་ཚུད་པ་དང་འདྲ་སྟེ༔ ཕྱོགས་གང་དུ་བལྟས་ཀྱང་༔ སྐུ་དང་སྒྲ་འོད་ཟེར་གསུམ་གྱིས་སྔངས༔ སྐྲག༔ བརྒྱལ༔ བྲེད་ཅིང་༔ འཇིགས་སྐྲག་གིས་དུས་འདའ་བར་གྱུར་ཏེ༔ བྲོས་པས་ནི་མི་ཐར་རྒོལ་བས་ནི་མི་ཐུབ༔ བརྒྱལ་བ་འཁོར་ཡུག་གི་སྣང་བ་ལ་དུས་འདའ་པའོ༔ དེ་ནི་ཆོས་ཉིད་བར་དོའི་དཔེ་བསྟན་པའོ༔ དྲུག་པ་སྲིད་པ་བར་དོའི་དཔེ་ཅི་དང་འདྲ་ན༔ བྱ་སྤུ་རླུང་གིས་ཁྱེར་བའམ༔ བྱིས་པ་བྱང་ཐང་ཡར་བ་དང་འདྲ་སྟེ༔ དེ་ཡང་དཔེར་ན་བྱིས་པ་བྱང་མཐར་ཡར་བ་དེ༔ དང་པོ་གང་ནས་འོང་གི་གནས་སྟོང་ནས༔ ལོག་པའི་ཁུངས་མེད༔ ད་གར་དུ་འགྲོ་བའི་གནས་མེད་པས༔ འདིར་འགྲོ་བའི་ཁུངས་མེད༔ བར་དུ་འདིར་བསྡད་ཀྱི་ས་མེད་པས་སྡོད་མི་ཟུག་པར༔ ངུ་འབོད་བྱེད་ཅིང་བག་གྲང་ཤེས་པ་སྐྱོ༔ སྙིང་མི་དགའ༔ འདར་ཕྲི་ལི་ལི་ཉིན་མཚན་གྱི་སྣང་བ་མེད་པར༔ ཕྱོད་ཕྱོད༔ ཡད་ཡུད༔ ཕྱོགས་ཐམས་ཅད་དུ་གྲོགས་མེད་གཅིག་པུར་འཁྱམས་ཏེ༔ རེས་གཅན་གཟན་གྱི་སྒྲ་དང་༔ རེས་ཆར་རླུང་གིས་དེད་པ་དང་༔ སྔངས་པ་དང་༔ སྐྱོ་བས་དུས་འདའ་སྟེ༔ ས་ཕུག་གམ༔ ཁང་པ་སོགས་བརྟེན་ས་གཅིག་མ་རྙེད་ཀྱི་བར་དུ༔ ཕྱོགས་ཐམས་ཅད་དུ་ཕྱོད་ཕྱོད་ཡད་ཡུད་དུ་འགྲོའོ༔ དཔེ་དེ་བཞིན་ཏུ༔ སྲིད་པ་བར་དོར་འཁྱམས་པའི་ཡིད་ལུས་དེ་ཡང་༔ དང་པོ་འདི་ནས་ཕྱིན་པའི་གནས་སུ་ལོག་དབང་མེད་དེ༔ རོ་མེ་ལ་བསྲེགས་སམ༔ དོང་དུ་སྦས་སམ༔ བྱ་གཅན་གྱིས་ཟོས་ནས་ལོག་པའི་ཁུངས་མེད༔ ད་གང་དུ་འགྲོ་བའི་གནས་མེད༔ ས་འདིར་སྡོད་ཀྱི་ཚུགས་མེད་པར༔ སྡོད་མི་ཚུགས་ཤིང་༔ ངུ་འབོད་བྱེད༔ བག་གྲང་༔ ཤེས་པ་སྐྱོ༔ སྙིང་མི་དགའ༔ འདར་ཁྲི་ལི་ལི་ཉིན་མཚན་གྱི་སྣང་བ་མེད་པར༔ དབུགས་ཀྱི་རྟ་ལ་ཞོན་ནས༔ སྔར་གྱི་ལུས་ཡོད་པ་སྙམ་བྱེད་དེ༔ ཕྱད་ཕྱོད༔ ཡད་ཡུད་ཕྱོགས་ཐམས་ཅད་དུ་འཁྱམས་ཏེ༔ གཅན་གཟན་མང་པོས་དེད་པའི་སྣང་བ་དང་༔ རི་ཆེན་པོ་ཉིལ་བའི་འུར་ཆོམ་དང་༔ མཚོ་ཆེན་པོ་ལུད་པའི་སྒྲ་དང་༔ མེ་ཆེན་པོ་འབར་བའི་འུར་སྒྲ་དང་༔ རླུང་ཆེན་པོ་ལང་བའི་སྒྲ་དང་༔ མི་མང་པོས་དེད་པའི་སྣང་བ་དང་༔ མུན་ནག་དང་ཆར་དྲག་པོས་དེད་པའི་སྣང་བས༔ དེ་རྣམས་ལ་བྲེད་ནས་ཕྱོགས་ཐམས་ཅད་དུ་གར་བབས་བབས་སུ་བྲོས་པའི་སྣང་བ་དང་༔ འཇིགས་སྐྲག་དང་༔ སྐྱོ་བའི་སྣང་བས་དུས་འདའ་སྟེ༔ རིགས་དྲུག་གང་དུ་སྐྱེ་བས་གནས་གཅིག་མ་རྙེད་བར་དུ་རྒྱབ་ཆོས་འཁྲུལ་བ་རང་གྲོལ། ཚོལ་བ་ལ་ཡད་ཡུད་དུ་འགྲོའོ༔ དེ་ནི་སྲིད་པ་བར་དོའི་དཔེ་བསྟན་པའོ༔ དེ་ཡང་བར་དོ་ཀུན་གྱི་དཔེ་ཅི་དང་འདྲ་ན༔ དཔེར་ན་མི་གཅིག་དོན་གཉེར་དུ་འགྲོ་བ་ལ༔ རང་གི་ཡུལ་དེ་ནི་འདས༔ ཕ་རོལ་གྱི་ཡུལ་དེར་ནམ་སླེབ་པའི་བར་གྱི་ལམ་འཕྲང་དེ་ལ་འགྲོ་བདོ་བ་དང་འདྲ་སྟེ༔ ཀློང་གསལ་ཉི་མའི་རྒྱུད་ལས༔ བར་དོ་མཐུན་པའི་དཔེ་བསྟན་པ༔ དཔེར་ན་དོན་གཉེར་སྐྱེས་བུ་ཞིག༔ དོན་སར་མ་སླེབ་བར་ཞག་འདྲ༔ ཞེས་སོ༔ དེ་ནི་བར་དོ་དྲུག་གི་དཔེ་བསྟན་པའོ༔ ས་མ་ཡཱ༔ ༈ བརྒྱད་པ་བར་དོ་དྲུག་གི་རྟགས་དྲུག་བསྟན་པ་ནི༔ སྐྱེ་གནས་བར་དོའི་རྟགས་ནི༔ ད་ལྟར་སྒྱུ་ལུས་གདོས་བཅས་ཤ་ཁྲག་གི་ལུས༔ རེག་ཅིང་ཐོགས་པ་དང་བཅས་པ་འདི་བ་ཡིན་ཏེ༔ དེ་ཡང་ཐོགས་བཅས་ཀྱི་རྟགས་སུ༔ ལུས་ལ་གྲིབ་མ་དང་བཅས་པའོ༔ ཆུ་དང་མེ་ལོང་གི་ནང་དུ་གཟུགས་བརྙན་གསལ་བའོ༔ དེ་ནི་སྐྱེ་གནས་བར་དོ་ཤ་ཁྲག་གི་ལུས་ལེན་པའི་རྟགས་སོ༔ གཉིས་པ་རྨི་ལམ་བར་དོའི་རྟགས་ནི༔ བརྟག་མི་བཟོད་པ་སྣ་ཚོགས་ཅིར་ཡང་འཆར་བའོ༔ གསུམ་པ་བསམ་གཏན་བར་དོའི་རྟགས་ནི༔ ཉམས་ཀྱི་སྣང་བ་སྣ་ཚོགས་སུ་འཆར་བའོ༔ བཞི་པ་འཆི་ཁ་བར་དོའི་རྟགས་ནི༔ འཆི་ལྟས་ཀྱི་རིམ་པ་རྣམས་སོ༔ ངོ་སྤྲོད་ཀྱི་རྟགས་ནི༔ རྩ་གཉིད་ལོག་མནན་པས་བརྒྱལ་ལོག་གིས་སོང་བ་དེའོ༔ ལྔ་བ་ཆོས་ཉིད་བར་དོའི་རྟགས་ནི༔ སྒྲ་འོད་ཟེར་གསུམ་གྱི་སྣང་བ་འཆར་འོ༔ ད་ལྟར་ངོ་སྤྲོད་ཀྱི་རྟགས་ནི༔ དང་པོ་སྒྲ་ཡི་རྟགས་ནི༔ རྣ་བའི་བུག་པ་མཛུབ་མོས་མནན་པས༔ གཏིང་ནས་འུར་ཏིང་གི་སྒྲ་འོང་སྟེ༔ དེ་ནི་ཆོས་ཉིད་བར་དོའི་ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ་འོང་བའི་རྟགས་སོ༔ གཉིས་པ་འོད་ཀྱི་རྟགས་ནི༔ མིག་མཛུབ་མོས་མནན་པས༔ འཇའ་ཚོན་སྣ་ལྔའི་འོད་ཀོར་འོང་སྟེ༔ དེ་ནི་ཆོས་ཉིད་བར་དོར་ཞི་ཁྲོའི་སྐུ་ཡོང་བའི་རྟགས་སོ༔ གསུམ་པ་ཟེར་གྱི་རྟགས་ནི༔ མིག་ལག་པས་ཡུན་རིང་དུ་མནན་པས༔ འོད་དང་༔ ཟེར་དང་༔ ཐིག་ལེ་དང་ལུ་གུ་རྒྱུད་དང་༔ ཟ་འོག་གི་གུར་ཁྱིམ་ལྟ་བུ༔ ཁྲ་ཤིག་ཤིག་བ༔ མེར་མེར་བ༔ འགུལ་བ༔ འཕྲིག་པ༔ ནམ་མཁའི་ཁམས་གང་བ་མངོན་སུམ་དུ་འཆར་རོ༔ དེ་ནི་ཟེར་གྱི་རྟགས་སོ༔ དྲུག་པ་སྲིད་པ་བར་དོའི་རྟགས་ནི༔ གཉིད་དུ་ཧྲུལ་སོང་བ་དང་༔ རྨི་ལམ་ཟིང་གིས་འོང་བ་དེ་ཡང་ཡིན་ལ༔ རྩ་གཉིད་ལོག་མནན་པས་བརྒྱལ་ལོག་གིས་སོང་བ་དང་༔ རྨི་ལམ་ལྟ་བུའི་སྣང་བ་ཡད་ཡུད་འོང་བ་དེ་ཡིན་ནོ༔ བར་དོར་འཁྱམས་པའི་དུས་ཀྱི་རྟགས་ནི༔ ས་རྡོ་རི་བྲག་ཐམས་ཅད་ལ་ཐོག་པ་མེད་པར་འགྲོ་ནུས་པ་དང་༔ ལུས་ལ་གྲིབ་མ་མེད་པ་དང་༔ ཆུའི་ནང་དུ་བྱད་ཀྱི་གཟུགས་བརྙན་མི་འབྱུང་སྟེ༔ དེ་ནི་ཤ་ཁྲག་གི་ལུས་དང་བྲལ་ནས༔ སྲིད་པ་བར་དོའི་ཡིད་ལུས་འཁྱམས་པས་རྟགས་སུ་ཤེས་པར་བྱའོ༔ དེ་ནི་བར་དོ་དྲུག་གི་རྟགས་བསྟན་པའོ༔ ས་མ་ཡཱ༔ ༈ དགུ་པ་བར་དོ་དྲུག་གི་གནས་ལུགས་དྲུག་བསྟན་པ་ནི༔ དང་པོ་སྐྱེ་གནས་བར་དོའི་གནས་ལུགས་ནི༔ སྐྱེས་ནས་མི་ཤིའི་བར་དུ༔ ལུས་ཁང་ཁྱིམ་ལྟ་བུའི་ནང་ན༔ སེམས་ཁྱིམ་བདག་ལྟ་བུར་གནས་སོ༔ དེ་ཡང་སྤྱིར་ལུས་ཀུན་ལ་ཁྱབ་པར་གནས་ཏེ༔ ཁྱད་པར་དུ་རིག་པ་སྙིང་གི་དཀྱིལ་ན་གནས་སོ༔ དེའི་རྟགས་སུ་སྙིང་གཞན་བས་གཉན་པ་ཡིན་ནོ༔ རང་གི་ཤེས་རིག་གསལ་ཧྲིག་གེ་བ་འདི་ལུས་ལ་ཁྱབ་པར་གནས་པ་ནི༔ གནས་པ་གཞི་ཡི་སྒྲོན་མ་ཞེས་བྱ་སྟེ༔ ཐལ་འགྱུར་གྱི་རྒྱུད་ལས༔ རང་རིག་ཡེ་ཤེས་ལུས་ལ་གནས༔ ཏིལ་འབྲུུ་ལ་ནི་མར་བཞིན་དུ༔ ལུས་ཀྱི་བཀྲག་དང་གཟི་མདངས་ནི༔ ཡེ་ཤེས་རླན་གྱིས་ཁྱབ་པར་བྱེད༔ ཅེས་གསུངས་སོ༔ ནོར་བུ་ཕྲ་བཀོད་ལས༔ ཏིལ་འབྲུ་འམ་ནི་ཡུང་འབྲུ་ལ༔ མར་ཉིད་ཡེ་ནས་ལྷུན་གྲུབ་བཞིན༔ སེམས་ཅན་ལུས་ལྟར་སྣང་བ་ལ༔ དེ་བཞིན་གཤེགས་པའི་ས་བོན་ནི༔ མཐུན་པའི་འོད་དང་བཅས་པར་སྣང་༔ ཞེས་སོ༔ དེ་ཡང་རིག་པ་དེ་ཁྱད་པར་དུ་སྙིང་གི་ནང་རྒྱབ་ཆོས་འཁྲུལ་བ་རང་གྲོལ། ན་གནས་ཏེ༔ སྙིང་ཙིཏྟ་རིན་པོ་ཆེ་ཟུར་བརྒྱད་པའི་ནང་ན༔ དཔེར་ན་བུམ་ནང་གི་མར་མེ་ལྟར་གནས་ཏེ༔ དེ་ལ་ཙིཏྟ་ཤའི་སྒྲོན་མ་ཞེས་བྱའོ༔ དེ་སྐད་དུའང་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས༔ སྤྱིར་ཙིཏྟའི་རྩ་ནང་ན༔ མ་བཅོས་དག་པའི་ཆོས་ཉིད་གནས༔ ཞེས་པ་དང་༔ སེང་གེ་རྩལ་རྫོགས་ཀྱི་རྒྱུད་ལས༔ ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔ རང་རང་སྙིང་གི་དཀྱིལ་ན་གནས༔ སྙིང་པོ་ཡེ་ཤེས་གསུམ་བརྩེགས་ཏེ༔ དེ་ཡང་ངོ་བོ་སྒྲིབ་མེད་དོ༔ ཞེས་དང་༔ ངོ་སྤྲོད་སྤྲས་པའི་རྒྱུད་ལས༔ དོན་ནི་རང་གི་ལུས་དཀྱིལ་ན༔ སྙིང་ན་ཡེ་ཤེས་ཆེན་པོ་གནས༔ ཞེས་སོ༔ འོ་ན་རིག་པ་སྙིང་གི་དཀྱིལ་ན་ཚུལ་ཅི་ལྟར་གནས་ན༔ ངོ་བོ་སྐུའི་ཚུལ་དུ་གནས་སོ༔ རང་བཞིན་འོད་ཀྱི་ཐིག་ལེར་གནས་སོ༔ ཐུགས་རྗེ་ཡེ་ཤེས་ཀྱི་སྒྲོན་མར་གནས་སོ༔ ངོ་བོ་སྐུའི་ཚུལ་དུ་གནས་པ་ནི༔ སྙིང་ཁ་ཞི་བའི་ཚུལ་དུ་གནས་སོ༔ དེའི་རྩལ་གླད་པ་དུང་ཁང་ན་ཁྲོ་བོའི་སྐུར་གནས་ཏེ༔ སེང་གེ་རྩལ་རྫོགས་ཀྱི་རྒྱུད་ལས༔ གསང་འདུས་རིན་ཆེན་ཟུར་བརྒྱད་མཛོད༔ རིག་པ་ཡེ་ཤེས་ཡབ་ཡུམ་ཚུལ༔ སྲོག་ལུས་རིན་ཆེན་ཟུར་བཞིའི་མཛོད༔ རིག་པ་ཡེ་ཤེས་ཐིག་ལེར་གནས༔ དོན་འཁྱིལ་བྷན་དྷའི་གཞལ་ཡས་མཛོད༔ རིག་པ་ཡེ་ཤེས་ཁྲོ་སྐུར་གནས༔ འགག་མེད་གསལ་བའི་སྒོ་གཉིས་མཛོད༔ དབྱིངས་དང་ལུ་གུ་རྒྱུད་དུ་གནས༔ ཞེས་སོ༔ རང་བཞིན་འོད་ཀྱི་ཐིག་ལེའི་ཚུལ་དུ་གནས་པ་ནི༔ ནོར་བུ་ཕྲ་བཀོད་ལས༔ ཨེ་མ་རིག་པའི་གནས་ལུགས་ནི༔ རང་རང་ཙིཏྟའི་དཀྱིལ་ན་གནས༔ ཡབ་དང་ཡུམ་གྱི་ཚུལ་དུ་གནས༔ ཡབ་ཀྱི་ཆ་འཛིན་ཐབས་ཀྱི་སྐུ༔ ཡུམ་གྱི་ཆ་འཛིན་ཤེས་རབ་སྐུ༔ འོད་དང་འོད་ཟེར་ཚུལ་དུ་གནས༔ དབྱིངས་དང་རིག་པས་རབ་བརྒྱན་ཏེ༔ ལྷུན་རྫཽགས་ཐིག་ལེ་ཆེན་པོར་གནས༔ དེ་ནི་ཞི་བའི་བཞུགས་ཚུལ་ལོ༔ རང་རང་མགོ་ལ་ཁྲོ་བོར་གནས༔ ཡབ་དང་ཡུམ་དུ་མངོན་པར་སྣང་༔ ཁྲོ་དང་ཁྲོ་མོའི་ཚུལ་འཆང་ཞིང་༔ ཡེ་ཤེས་ལྔ་ལྔ་དག་དང་ལྡན༔ སྐུ་ཡི་ཡེ་ཤེས་རེ་རེ་ལ༔ དབུ་ཡི་ཡེ་ཤེས་ལྔ་ལྔའོ༔ རང་བཞིན་འོད་ཀྱི་ཐིག་ལེ་ནི༔ རྩ་ནང་ཐིག་ལེའི་སྐུ་ལྟར་གནས༔ ཆེ་བ་ནམ་མཁའི་ཁམས་དང་མཉམ༔ ཆུང་ཚད་རྟ་རྔ་བཅུར་གཤག་ཙམ༔ གསལ་ཚད་ཉི་ཟླའི་དཀྱིལ་འཁོར་འདྲ༔ དེ་ཡང་གསལ་འཚེར་གཟི་བརྗིད་ལྡན༔ འགྲོ་དང་འོང་དང་གནས་པའོ༔ ཞེས་སོ༔ ཐུགས་རྗེ་ཡེ་ཤེས་ཀྱི་སྒྲོན་མར་གནས་པ་ནི༔ ནོར་བུ་ཕྲ་བཀོད་ལས༔ ཐུགས་རྗེ་འབྱུང་བ་སྒྲོན་མ་ཉི་ཟེར་བཞིན༔ སྒྲོན་མའི་འོད་ཟེར་གཏིང་ལ་ཐུག་པ་མེད༔ གནས་པའི་ཡུལ་ནི་ཙིཏྟའི་ནང་དུ་གསལ༔ རང་བཞིན་འོད་ནི་ནམ་མཁའི་མཐོང་ན་གསལ༔ ཞེས་སོ༔ དེ་ལྟ་བུའི་རིག་པ་དེ་དཔེ་ཅི་དང་འདྲ་བར་གནས་ན༔ ངོ་བོ་སྐུ་རུ་གནས་ཏེ༔ སྐུ་ཐམས་ཅད་བུམ་སྐུར་གནས་སོ༔ རང་བཞིན་འོད་དུ་གནས་ཏེ༔ བུམ་ནང་གི་མར་མེ་ལྟར་གནས་སོ༔ ཐུགས་རྗེ་ཟེར་དུ་གནས་པས༔ ཡེ་ཤེས་སྒྲོན་མེའི་མདངས་འགག་པ་མེད་པར་གསལ་ཏེ༔ ཉི་མ་དང་འོད་ཟེར་བཞིན་དུ་གནས་ཏེ༔ ཐལ་འགྱུར་ལས༔ ཙིཏྟ་རིན་ཆེན་གཞལ་ཡས་ནས༔ ངོ་བོ་ཀ་ནས་དག་པའི་ཆ༔ སྟོང་གསལ་འདུས་པ་སྐུ་ཡི་གདངས༔ ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ༔ ལྷུན་གྲུབ་འོད་ཀྱི་གོང་བུར་གནས༔ ཐུགས་རྗེ་ཁ་དོག་སོ་སོར་གསལ༔ ཞེས་པ་དང་༔ རིག་པ་རང་ཤར་གྱི་རྒྱུད་ལས༔ དཔེར་ན་བུམ་པའི་སྐུ་ལྟ་བུའོ༔ ཞེས་པ་དང་༔ སྙིང་གི་མེ་ལོང་གི་རྒྱུད་ལས༔ གནས་ནི་སྙིང་གི་དབུས་ན་འོད་ཁ་དོག་ལྔ་ཡི་དབུས་སུ༔ ཞི་བའི་སྐུ་ཡུངས་འབྲུ་ཙམ་འོད་ཁྱིམ་གྱི་ཚུལ་དུ་གནས་སོ༔ དེ་ནི་རིག་པའི་གནས་ཏེ༔ དཔེར་ན་བུམ་པའི་སྐུ་ལྟ་བུའོ༔ དེ་ལས་བྱུང་བའི་ཡེ་ཤེས་ནི༔ གླད་པ་དུང་ཁང་ན་གནས་སོ༔ དེ་ཡང་ཁྲོ་བོའི་སྐུ་ཉུངས་འབྲུ་ཙམ་ནི་ཟབ་ཅིང་རྟོགས་དཀའ་བའི་ཆ་ནས་བཞག་ལ༔ ལ་སྤྱན་ཕུར་ཐག་ཙམ་ནི་ཉམས་ལེན་ཕྲ་མོ་ལ་བརྟེན་ནས་ཡེ་ཤེས་ཀྱི་སྣང་བ་རྒྱ་ཆེན་པོ་ལ་དགོངས་པའོ༔ རྒྱབ་ཆོས་འཁྲུལ་བ་རང་གྲོལ། དུ་གནས་སོ༔ དེ་ཡང་འོད་ཟེར་གྱི་ཚུལ་དུ་གནས་སོ༔ དེ་ལས་བྱུང་བའི་འོད་ནི༔ མེ་ལོང་གི་དཀྱིལ་འཁོར་ལྟར་གསལ་ལ་དྭངས་པའམ༔ དཔེར་ན་ཉི་མའི་དཀྱིར་འཁོར་གྱི་འོད་ཟེར་བཞིན་དུ་གནས་སོ༔ ཞེས་གསུངས༔ དེ་ལྟ་བུའི་རིག་པ་དེ་འགྱུ་བར་བྱེད་པའི་ལམ་གང་ལ་བྱུང་ན༔ མིག་དང་སྙིང་འབྲེལ་བའི་རྩ༔ སྐྱོན་ཡོན་དབང་པོ་དྭངས་བྱེད་ཀྱི་རྩ་ཞེས་བྱ༔ ཁ་ཆེ་ལ་རྩ་བ་ཕྲ་བ༔ བ་མེན་གྱི་རྭ་ལྟ་བུའི་ཡལ་ག་གཉིས་མིག་གཉིས་ཀྱི་ཨ་འབྲས་ཀྱི་དྭངས་མ་ལ་བརྟེན་ནས༔ ནང་ན་ཁྲག་དང་ཆུ་སེར་མེད་པའི་སྟོང་གསལ་གཅིག་ཡོད་པ་དེ་རིག་པ་འགྱུ་བར་བྱེད་པའི་ལམ་ཡིན་ནོ༔ དེ་ལ་དཀར་འཇམ་རྩའི་སྒྲོན་མ་ཞེས་བྱ་སྟེ༔ སྒྲོན་མ་འབར་བའི་རྒྱུད་ལས༔ གླད་པ་དུང་ཁང་དཀར་པོ་ནས༔ གཡས་སུ་འཁྱིལ་པ་གསུམ་ཡོད་པའི༔ རྩ་ནི་བ་མེན་རྭ་འདྲའི་དབྱིབས༔ འབྱུང་བའི་དྭངས་མ་ཀུན་འདུས་ནས༔ དབང་པོའི་ཡུལ་ལ་འཆར་བྱེད་པའི༔ རྩ་ཡི་ནང་ན་འདི་ཉིད་གནས༔ ཞེས་སོ༔ རིག་པ་དེ་ལ་འགྱུ་ནས་ཕྱིར་ཐོན་པར་བྱེད་པའི་སྒོ་ནི༔ མིག་གཉིས་ལ་ཕར་མཐོང་བ་མ་འགགས་པར༔ ས་ལེ་མཐོང་བ་འདི་ཡིན་ཏེ༔ དེ་ལ་རྒྱང་ཞག་ཆུའི་སྒྲོན་མ་ཞེས་བྱའོ༔ འདི་ནི་འཁོར་བ་དང་འདས་པ་གཉིས་ཀ་འཛིན་པའི་དཀར་ནག་ཕྱེད་མ་ཆུའི་རང་བཞིན་ཅན་ཏེ༔ ཐལ་འགྱུར་ལས༔ ཡེ་ཤེས་འཆར་བའི་སྒོ་ཉིད་ནི༔ ལུས་བཅུད་དངས་མ་ཀུན་འདུས་པའི༔ ཙཀྵུ་ཞེས་པའི་སྒོ་ལ་ཐོན༔ གཉིས་ཀྱི་ཆ་འཛིན་སྣང་བ་སྟོན༔ ཅེས་སོ༔ དེ་ལྟ་བུའི་རིག་པ་སྒོ་དེ་ལ་ཐོན་ནས་ཡུལ་གང་ལ་འཆར་ན༔ ཕྱི་ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་ལ་སྣང་སྟེ༔ དེ་ཡང་ཡུལ་ནམ་མཁའ་སྟོང་པ་རིག་པ་སྟོང་པ་འཆར་བའི་གཞི་ཡིན་པས་སོ༔ དེ་ཡང་རིག་པ་མིག་ལ་གཏད་མིག་བར་སྣང་ལ་ཧྲིག་གེ་བལྟས་པས༔ ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ༔ རྨ་བྱའི་མདོངས་ལྟ་བུར་འཆར་རོ༔ དེའི་མདངས་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱའོ༔ ཡི་གེ་ན་རོ་ལྟ་བུར་འཆར་རོ༔ དེའི་རྩལ་ཤེས་རབ་བྱུང་གི་སྒྲོན་མ་ཞེས་བྱ་བ༔ ཤེས་པའི་རྩལ་དུ་མ་འཆར་རོ༔ དེ་ལྟར་ཡང་༔ མུ་ཏིག་ཕྲེང་བ་ལས༔ འགྲོ་བའི་ལམ་ནི་མཐོང་བྱེད་སྒོ༔ མིག་གཡས་པ་ལ་རྒྱང་ཞག་ཆུའི་སྒྲོན་མ་དང་༔ ཤེས་རབ་རང་བྱུང་གི་སྒྲོན་མ་གཉིས་དེ་ཉིད་གཡས་གཉིས་གཡོན་པ་ལ་དག་པ་དབྱིངས་ཀྱི་སྒྲོན་མ་དང་༔ ཐིག་ལེ་སྟོང་གི་སྒྲོན་མ་གཉིས་འཆར་རོ༔ གཡོན་གཉིས་སྤྱི་བོ་ལུ་གུ་རྒྱུད་དུ་འཆར་རོ་དབུས༔ སྒྲོན་མ་འབར་བའི་ཚུལ་དུ་གནས༔ མཐོང་བྱེད་ཡུལ་ལ་སྣང་བའོ༔ རིག་པ་རྟོག་མེད་ལུ་གུ་རྒྱུད༔ ཐིག་ལེ་སྟོང་པའི་སྒྲོན་མ་དང་༔ དག་པའི་དབྱིངས་ཀྱི་སྒྲོན་མ་དང་༔ ཤེས་རབ་རང་བྱུང་ཉིད་དང་ནི༔ རྒྱང་ཞག་ཆུ་ཡི་སྒྲོན་མ་ནི༔ མཐོང་བྱེད་ཡུལ་ལ་སྣང་བའོ༔ ཞེས་པ་དང་༔ སྒྲོན་མ་འབར་བ་ལས༔ རྒྱང་ཞག་ཆུ་ཡི་སྒྲོན་མ་ནི༔ ངོ་བོ་སྣང་བ་གཉིས་ཀ་སྡུད༔ དབང་པོའི་དྭངས་མ་མིག་གི་སྒོ༔ བསྐྱེད་པ་པདྨའི་སྤྱན་དུ་གནས༔ དཔེར་ན་འཛིན་བྱེད་ལྕགས་ཀྱུ་བཞིན༔ ཤེས་རབ་རང་བྱུང་སྒྲོན་མ་ནི༔ འདི་ནི་སྒྲོན་མ་ཐམས་ཅད་ཀྱི༔ ཤེས་བྱེད་ཉིད་དུ་གནས་པས་ན༔ སྤྲ་བ་ཀུན་མཆེད་མེ་སྲེག་བཞིན༔ ཤེས་རབ་ཀྱིས་ནི་བག་ཆགས་སྲེག༔ ཐིག་ལེ་སྟོང་པའི་སྒྲོན་མ་ནི༔ མི་རྟོག་སྤྲོས་བྲལ་ཟླུམ་པོར་གནས༔ དམར་པོ་རང་གསལ་ཡེ་ནས་དངས་༔ དཔེར་ན་རྨ་བྱའི་མདོངས་དང་མཚུངས༔ རྣམ་དག་དབྱིངས་ཀྱི་སྒྲོན་མ་ནི༔ མཐིང་ཀ་མི་འགྱུར་རང་གསལ་བ༔ མུ་ཁྱུད་ཀྱི་ནི་ར་བར་གནས༔ དཔེར་ན་ཡི་གེའི་ན་རོ་བཞིན༔ ཞེས་སོ༔ དེ་དག་ལ་བརྟེན་ནས་ཆོས་ཉིད་མངོན་སུམ་གྱི་སྣང་བ་ད་ལྟ་ཉིད་དུ་གཏན་ལ་དབབ་ཏུ་བཏུབ་པའོ༔ དེ་ལྟར་འགྲོ་བ་ཐམས་ཅད་ལ་ཡེ་ནས་གནས་ཀྱང་༔ ཉམས་སུ་མི་ལེན་པ་རྣམས་ལ་ཅི་ལྟར་གནས་ན༔ ཕུང་པོ་ལྔས་བཅིངས་པས༔ སྐུ་ཡི་སྣང་བ་རང་འགགས་པ་དང་༔ ཁམས་དང་སྐྱེ་མཆེད་ཀྱིས་བཅིངས་པས༔ འོད་དང་རྒྱབ་ཆོས་འཁྲུལ་བ་རང་གྲོལ། ཁ་དོག་གི་སྣང་བ་རང་འགགས་པ་དང་༔ ལས་དང་ཉོན་མོངས་པས་ཚོགས་ཀྱིས་བཅིངས་པས༔ ཡེ་ཤེས་དང་ཆོས་ཉིད་ཀྱི་སྣང་བ་རང་འགགས་ཏེ༔ ད་ལྟ་འཁྲུལ་སྣང་རང་ཁ་མའི་མཐོང་ཡུལ་འདི་ལྟར་དུ་གནས་ཏེ༔ ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས༔ ཁམས་རྣམས་དང་ནི་ཕུང་པོ་དང་༔ སྐྱེ་མཆེད་རྣམས་དང་དབང་པོ་དང་༔ ཡུལ་དང་ཡུལ་ཅན་ཤེས་པ་རྣམས༔ ཞེས་གསུངས་སོ༔ དེ་ནི་སྐྱེ་གནས་བར་དོའི་གནས་ལུགས་བསྟན་པའོ༔ གཉིས་པ་རྨི་ལམ་བར་དོའི་གནས་ལུགས་ནི༔ དེ་ཡང་གཉིད་དུ་འགྲོ་བའི་དུས༔ འབྱུང་བ་སོ་སོར་ཐིམས་པས་མགོ་ལྗིད༔ ཤེས་པ་ཐིབས༔ དཔྲལ་བ་ཚ་ཐིབ་པ་གཉིད་དུ་སོང་བ་དང་༔ དབང་པོ་ཚོགས་དྲུག་གི་ཡུལ་སྣང་མི་གསལ་བར༔ རིག་པ་སྙིང་གི་དཀྱིལ་དུ༔ ཀུན་གཞིའི་རྣམ་ཤེས་ལ་ཐིམ་པས༔ ཅི་ཡང་མི་དྲན་པར་སྟོང་པ་ཉིད་ནམ་མཁའ་ལྟ་བུའི་ངང་ལ་ལྷན་ནེར་གནས་པ་སྟེ༔ དེ་ལ་ནི་གཞིའི་འོད་གསལ་ཞེས་ཀྱང་བྱ༔ ཆོས་ཉིད་མ་བུ་ཐིམ་པ་ཞེས་ཀྱང་བྱ༔ དོན་ལ་ཆོས་སྐུའི་དགོངས་པ་ཡིན་ཏེ༔ དེ་ཀ་ངོས་ཟིན་ན་རྨི་ལམ་རྟོགས་པས་འོད་གསལ་དུ་གྲོལ་ལོ༔ ངོས་མ་ཟིན་པ་རྣམས་ནི་གཉིད་འཐུག་པོ་བྱུང་ཚོར་འགགས་ནས༔ དྲན་མེད་ཀྱི་ངང་ལ་གནས་པའོ༔ དེ་ལས་ལངས་ནས་རིག་པ་ཀུན་གཞིའི་སྟེང་དུ་མི་སྡོད་པར༔ སྐྱོད་བྱེད་རླུང་གི་རྟ་ལ་ཞོན་ནས༔ སྙིང་གི་རྩ་རྣམས་ནས་ཕྱིར་ཐོན་ཏེ༔ ལུས་ཀྱི་རྩ་རྣམས་ལ་རླུང་སེམས་ཞུགས་པས་རྨི་ལམ་ཟིང་གིས་འོང་སྟེ༔ ནོར་བུ་ཕྲ་བཀོད་ལས༔ རིན་ཆེན་ཟུར་བརྒྱད་གཞལ་ཡས་དང་༔ འགྱུ་བྱེད་རྩ་ཡི་གཞལ་ཡས་དང་༔ དུང་ཁང་བྷནྡྷའི་གཞལ་ཡས་དང་༔ ལྟ་བྱེད་མིག་གི་གཞལ་ཡས་སོ༔ ཞེས་པ་དང་༔ ཐལ་འགྱུར་ལས༔ སེམས་ཅན་ཀུན་གྱི་ལུས་སྤྱི་ལ༔ ཆོས་ཉིད་རླུང་གི་ཚུལ་དུ་ཁྱབ༔ ཕྲ་དང་ཡང་དང་འགྱུ་དང་འབྱེད༔ ཅེས་པ་དང་༔ ཡང་ལུང་ལས༔ ད་ནི་མི་ཤིག་རྡོ་རྗེ་ལས༔ ཕྱི་རོལ་དམིགས་པ་གཅིག་ཀྱང་མེད༔ ནང་ནས་ཡིད་ཡུལ་རིག་རིག་ཅན༔ ཅེས་པས་སེམས་རིག་རླུང་དང་འགྲོག་ནས༔ སྙིང་གི་མདུན་གྱི་རྩ་ལ་ཕྱིན་པས༔ ཤར་ཕྱོགས་སུ་ཕྱིན་པའི་རྨི་ལམ་འོང་ངོ་༔ དེ་བཞིན་དུ་གཡས་ཀྱི་རྩ་ལ་ལྷོ་ཕྱོགས་སུ་ཕྱིན་པའི་རྨི་ལམ་དང་༔ རྒྱབ་རྩ་ལ་ནུབ༔ གཡོན་གྱི་རྩ་ལ་བྱང་དང་༔ མཚམས་ཀྱང་དེ་འགྲེ་ལ༔ སྙིང་གི་འོག་ཕྱོགས་ཀྱི་རྩ་ལ༔ རིག་པ་རླུང་གི་རྟ་ལ་ཞོན་ནས་ཕྱིན་ན་ཐུར་དུ་བབས་པ་དང་༔ ས་རོང་དོག་མོ་དང་༔ མུན་ནག་དང་༔ དམྱལ་བའི་སྣང་བ་དང་༔ ཡི་དྭགས་དང་༔ དུད་འགྲོའི་སྣང་བ་ཁོ་ནའི་རྨི་ལམ་འོང་ངོ་༔ སྙིང་སྟེང་གི་ཕྱོགས་ཀྱི་རྩ་ལ་ཕྱིན་པས༔ རི་ཆེན་པོ་ལ་འཛེག་པ་དང་༔ གྱེན་དུ་འགྲོ་བ་དང་༔ འཕུར་བ་དང་༔ གླད་པའི་རྩ་ལ་ཞུགས་ན༔ ལྷ་ཁང་དང་༔ ཁྲོ་བོའི་སྐུ་མང་པོ་མཐོང་བ་ལ་སོགས་པ་འོང་༔ མིག་གི་རྩ་ལ་ཞུགས་ན༔ གཟུགས་ཀྱི་རྣམ་པ་མང་པོ་གང་མཐོང་ཡང་གསལ་བར་འོང་ངོ་༔ རྣ་བའི་རྩ་ལ་ཞུགས་ན༔ རོལ་མོ་ཐོས་པ་དང་༔ གླུ་གར་དང་༔ ཁྱད་པར་དུ་སྒྲའི་བྱེ་བྲག་གསལ་བར་ཐོས་པ་རྣམས་རྨིའོ༔ སྣ་ལ་དྲིའི་བྱེ་ཕྲག་གསལ༔ ལྕེ་ལ་རོའི་བྱེ་ཕྲག་གང་རྨིས་ཀྱང་གསལ་བར་འོང་ངོ་༔ ལུས་ལ་འདྲེའི་རྩ་གནས་པ་ཡོད་དེ༔ དེ་རྣམས་ལ་རླུང་སེམས་ཞུགས་ནས༔ སོ་སོའི་གདོན་གྱི་ཆོ་འཕྲུལ་གྱི་རྨི་ལམ་འབྱུང་ཞིང་༔ གློ་བའི་རྩ་ལ་བཙན་གྱི་ཆོ་འཕྲུལ༔ མི་དམར་རྟ་དམར་ལ་སོགས་པའི་རྨི་ལམ་འབྱུང་ཞིང་༔ དེས་ཕྱི་ནང་གི་རྟེན་འབྲེལ་གཅིག་པས༔ ཕྱི་ནས་བཙན་གདོན་པར་འགྱུར་རོ༔ དེ་བཞིན་དུ་སྙིང་རྩ་ལ་རྒྱལ་པོ་གནས་པས་དེར་ཞུགས་ན༔ ལྷ་ཁང་འབག་སེང་དང་༔ རྒྱལ་པོའི་ཆོ་འཕྲུལ་རྨིའོ༔ མཆིན་རྩ་དང་མཁལ་རྩ་ལ་མ་མོའི་ཆོ་འཕྲུལ༔ ཕོ་བ་ལ་བདུད་དང་ཐེའུ་རང་༔ རྒྱུ་མ་ལ་ས་བདག་གི་རྩ་རྣམས་གནས་ཤིང་༔ དེ་རྣམས་སུ་རིག་པ་ལས་རླུང་དང་འགྲོགས་ནས་ཞུགས་ན༔ སོ་སོའི་རྩ་ཁ་ཕྱེ་ནས་གདོན་འཇུག༔ རྩ་དེ་རྣམས་ཉལ་ལུགས་ཀྱིས་སྟབས་ལོག་པ་ལ་བརྟེན་ནས་གཅུས་པ་དང་༔ ཕྱི་རོལ་རྒྱབ་ཆོས་འཁྲུལ་བ་རང་གྲོལ། ནས་འདྲེས་ནོན་པའི་སྣང་བ་འཆར་རོ༔ གཞན་ཡང་རྩ་གནས་ཡངས་པ་ལ་རླུང་སེམས་ཞུགས་ན༔ ལུང་པ་ཡངས་པ་ལ་ཕྱིན་པ་རྨི་བ་དང་༔ རྩ་གནས་དོག་པ་ལ་ལུང་པ་དོག་པ་ལ་ཕྱིན་པའི་རྨི་ལམ་འབྱུང་༔ རྩ་ཕུག་རྡུགས་ལ་རླུང་སེམས་ཞུགས་ན༔ ལུང་པ་ཕུག་རྡུགས་དང་༔ ཁོང་སྟོང་སྒོ་མེད་དུ་ཚུད་པ་ལ་སོགས་པའི་རྨི་ལམ་འབྱུང་༔ གསང་གནས་ཀྱི་རྩ་ལ་འདོད་ཆགས་དང་༔ ཕོ་མོ་འཁྲིག་པ་སྤྱོད་པའི་རྨི་ལམ་དང་༔ ཡི་དྭགས་ཀྱི་རྨི་ལམ་ཕལ་ཆེར་འོང་༔ ཆུ་ལམ་ལ་དུད་འགྲོའི་རྨི་ལམ་དང་༔ བཤང་ལམ་རྐང་མཐིལ་དུ་དམྱལ་བའི་རྨི་ལམ་དང་༔ ལྟེ་བར་རིགས་དྲུག་སྣ་ཚོགས་པའི་རྨི་ལམ་འབྱུང་ཞིང་༔ རྩ་ཞ་བ་དང་༔ འཁུམས་པ་དང་༔ གུད་པ་རྣམས་སུ༔ ཁང་རུལ་དང་རེ་ཧྲུལ་རྙིང་པ་དང་༔ སྤྲང་པོ་དང་༔ ཉམ་ཐག་པའི་རྨི་ལམ་འབྱུང་༔ རྩ་བཟང་བ་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་༔ རླུང་རྩ་ལ་རྨི་ལམ་གཅིག་ཏུ་མ་ངེས་པར་ཡད་ཡུད་དང་༔ རླུང་འཚུབས་དང་༔ ཟང་ཟིང་སྣ་ཚོགས་དང་༔ གོས་སྔོན་པོ་དང་༔ འཁྲུགས་པ་དང་༔ མཁྲིས་པའི་རྩ་ལ༔ བན་དྷེ་དང་༔ གོས་སེར་པོ་ལ་སོགས་པ་དང་༔ བན་ཀན་གྱི་རྩ་ལ༔ གངས་རི་ཆེན་པོ་དང་༔ ཁ་བ་དང་༔ གོས་དཀར་པོ་དང་༔ ཆ་ལུགས་དཀར་པོ་ལ་སོགས་པའི་རྨི་ལམ་ཕལ་ཆེར་འབྱུང་ལ༔ སྙིང་དང་ཐག་ཉེ་བའི་རྩ་ལ༔ རང་ཡུལ་དང་༔ ཐག་ཉེ་བའི་ཡུལ་དུ་ཕྱིན་པའི་རྨི་ལམ་དང་༔ སྙིང་དང་ཐག་རིང་བའི་རྩ་ལ༔ ས་ཐག་རིང་པོ་ལ་ཕྱིན་པའི་རྨི་ལམ་དང་༔ རླུང་སེམས་འགྲིམ་གྲངས་ཉུང་བའི་རྩ་ལ༔ སྔོན་ཆད་འགྲོ་མ་མྱོང་བའི་ལུང་པ་དང་༔ མི་ངོ་མི་ཤེས་པ་ལ་སོགས་པའི་རྨི་ལམ་འབྱུང་༔ རྐྱང་མ་ལ་གྱེས་པའི་རྩ་ལ་རླུང་སེམས་ཞུགས་པས་ཕོའི་ཚོགས་དང་༔ མི་དཀར་པོ་ལ་སོགས་པ་རྨི་ལམ་འབྱུང་༔ རོ་མ་ལ་གྱེས་པའི་རྩ་ལ་བུད་མེད་ཀྱི་ཚོགས་དང་༔ འདོད་ཆགས་འཁྲིག་པ་སྤྱོད་པའི་རྨི་ལམ་དང་༔ དབུ་མའི་ནང་དུ་ཞུགས་ན༔ འོད་གསལ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ངོས་ཟིན་པར་འགྱུར་རོ༔ དེ་སྐད་དུ་ཡང་༔ རྒྱུད་ལས༔ ཅི་ལྟར་ཕྱི་རོལ་དེ་བཞིན་ནང་༔ ཞེས་གསུངས་པས་༔ ཕྱི་རོལ་གྱི་སྣང་བའི་བྱེ་བྲག་ཐམས་ཅད་ནང་ལུས་ལ་ཚང་བའི་ཕྱིར༔ ནང་དུ་རྨི་ལམ་རྨིས་པས་དེའི་རྟེན་འབྲེལ་གྱིས༔ ཕྱི་རོལ་དུའང་ལྟས་བཟང་ངན་རིམ་པ་བཞིན་དུ་འབྱུང་ངོ་༔ དེའི་ཕྱིར་ན༔ རྣལ་འབྱོར་བའི་རྨི་ལམ་བཟུང་བ༔ སྤྲུལ་པ༔ བསྒྱུར་བ༔ འོད་གསལ་སྦྱང་བ་ལ་སོགས་པ་ལ་འབད་པ་གཅེས་སོ༔ མདོར་ན་རིག་པ་རླུང་གི་རྟ་ལ་ཞོན་ནས་རྩ་བཟང་ངན་ལ་རྒྱུ་བར་བྱེད་པ་ནི་རྨི་ལམ་བར་དོའི་གནས་ལུགས་སོ༔ གསུམ་པ་བསམ་གཏན་བར་དོའི་གནས་ལུགས་ནི༔ བསྐྱེད་རིམ་ལ་སེམས་གནས་པ་ནི༔ རིག་པ་ལྷའི་སྐུར་སྣང་བ་དེ༔ སྣང་ལ་རང་བཞིན་མེད་པ་དག་པའི་སྒྱུ་ལུས་ཀྱི་སྐུར་གནས་པའོ༔ རྫོགས་རིམ་ལ་སེམས་གནས་པ་ནི༔ མར་མེ་རླུང་གིས་མ་བསྐྱོད་པ་ལྟར༔ གསལ་ལ་རྟོག་པ་མེད་པ་འོད་གསལ་སྟོང་བ་ཆོས་ཀྱི་སྐུར་གནས་པའོ༔ བདེ་སྟོང་ལ་སེམས་གནས་པ་ནི༔ ཐིག་ལེ་དབབ་ལ་བསྐྱིལ་བའི་ཚེ༔ བདེ་ལ་རྟོག་པ་མེད་པ༔ ཉམས་སུ་མྱོང་རྒྱུ་ཡོད་ལ༔ ཁར་བརྗོད་རྒྱུ་མེད་པ༔ ལྐུགས་པས་བུ་རམ་ཟོས་པ་ལྟར༔ བདེ་སྟོང་གཉིས་སུ་མེད་པ་དེ༔ དགའ་བ་བཞི་ལ་སེམས་གནས་པའོ༔ དེ་ནི་བསམ་གཏན་བར་དོའི་གནས་ལུགས་སོ༔ བཞི་པ་འཆི་ཁ་བར་དོའི་གནས་ལུགས་ནི༔ འཆི་ནད་ཀྱིས་ཐེབས་ནས༔ བེམ་རིག་མ་བྲལ་གྱི་བར་དུ༔ ཞེན་པ་དང་༔ ཆགས་པ་དང་༔ རང་གཅིག་པུར་འགྲོ་བ་ལ་འཚེར་བ་དང་༔ ཤུལ་དུ་ལུས་པ་ལ་སེམས་འཕྲེང་བ་ལ་སོགས་པ་སྟེ༔ སྡུག་བསྔལ་གྱི་རང་བཞིན་དུ་གནས་པའོ༔ ཆུས་ཁྱེར་བའམ༔ གཡང་ལ་ལྷུང་བའི་ཚེ༔ རིག་པ་སྔངས་སྐྲག་གི་རང་བཞིན་དུ་གནས་པའོ༔ དེ་ནི་འཆི་ཁའི་བར་དོའི་གནས་ལུགས་སོ༔ ལྔ་བ་ཆོས་ཉིད་བར་དོའི་གནས་ལུགས་ནི༔ དབུགས་ཕྱི་ནང་གི་རྒྱུ་བ་ཆད་ནས༔ ཕྱིའི་སྣང་བ་ནི་ཉི་མ་ནུབ་པ་ལྟར་ནུབ་པོ༔ རྒྱབ་ཆོས་འཁྲུལ་བ་རང་གྲོལ། ནང་གི་སྣང་བ་ནི་མུན་རུབ་པ་ལྟར་དྲན་མེད་འགག༔ གསང་བའི་སྣང་བ་ནི༔ ནམ་ལངས་པ་ལྟར༔ རིག་པ་འོད་གསལ་གྱི་རང་ལ་གསལ་སྟོང་དུ་ཡེ་རེ༔ སྙིང་གི་དཀྱིལ་དུ་ཆོས་སྐུའི་དགོངས་པ་ལ་ཞག་ཕྱེད་དང་བཞིར་གནས་སོ༔ དེ་ཀ་ངོས་ཟིན་ན་ཆོས་ཉིད་འོད་གསལ་མ་བུ་ཐིམ་ནས༔ ལས་ཀྱིས་ཁ་ལོ་བསྒྱུར་དུ་མེད་པར་གཞིའི་འོད་གསལ་ཆོས་སྐུའི་ཀློང་དུ་གྲོལ་ལོ༔ དེར་ངོས་མ་ཟིན་ན༔ ཆོས་ཉིད་བར་དོའི་སྣང་བ་འཆར་ཏེ༔ ཕུང་པོ་ཤ་ཁྲག་གི་ལུས་མེད་པར༔ ཞི་བ་དང་༔ ཁྲོ་བོ་དང་༔ སྐུ་དང་༔ ཡེ་ཤེས་དང་༔ འོད་དང་༔ ཟེར་དང་༔ ཁ་དོག་དང་༔ ཅིར་སྣང་ཐམས་ཅད་ཆོས་ཉིད་དག་པ་རབ་འབྱམས་ཀྱི་སྣང་བ་ལ་གནས་སོ༔ དེ་ནི་ཆོས་ཉིད་བར་དོའི་གནས་ལུགས་སོ༔ དྲུག་པ་སྲིད་པ་བར་དོའི་གནས་ལུགས་ནི༔ སྒྱུ་མ་ཡིད་ཀྱི་གཟུགས་ཅན་ཏེ༔ ཆོས་ཉིད་བར་དོར་བདེན་པའི་དོན་མ་མཐོང་བར༔ འོད་སྣང་ཀུན་ལ་བྲེད་ཅིང་སྔངས་ནས༔ སྟོང་གསུམ་ཀུན་ཏུ༔ ཡིད་གྱ་གྱུ༔ བྲང་བྲིང་༔ ཡད་ཡུད་༔ ཕྱད་ཕྱོད༔ བན་བུན༔ ལོང་ལོང་༔ རྨི་ལམ་ལྟ་བུར་གནས་པའོ༔ དེ་ནི་སྲིད་པ་བར་དོའི་གནས་ལུགས་སོ༔ དེ་ནི་བར་དོ་དྲུག་གི་གནས་ལུགས་དྲུག་བསྟན་པའོ༔ ས་མ་ཡཱ༔ ༈བཅུ་པ་བར་དོ་དྲུག་གི་ལུས་དྲུག་གང་ཞེ་ན༔ དང་པོ་སྐྱེ་གནས་བར་དོའི་ལུས་ནི༔ འབྱུང་བ་ལྔ་ལ་རྟེན་བཅས་ཏེ༔ ཕ་མའི་ཁུ་ཁྲག་ལ་རྒྱུ་བྱས་ནས༔ གདོས་བཅས་ཤ་ཁྲག་གི་ལུས་ཡིན་ནོ༔ གཉིས་པ་རྨི་ལམ་བར་དོའི་ལུས་ནི༔ ཉིན་པར་གྱི་བག་ཆགས་ནུབ་མོར་གྱི་རྨི་ལམ་དུ་ཁྲིད་ནས༔ ཤ་ཁྲག་གི་ལུས་མལ་དུ་བཞག་སྟེ༔ བག་ཆགས་ཀྱི་ལུས་སུ་ལམ་གྱིས་ཤར་བས༔ རྨི་ལམ་བར་དོ་ནི་བག་ཆགས་ཀྱི་ལུས་སོ༔ གསུམ་པ་བསམ་གཏན་བར་དོའི་ལུས་ནི༔ བསྐྱེད་རིམ་ནི༔ ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་སྟེ༔ དག་པའི་སྒྱུ་ལུས་སོ༔ རྫོགས་རིམ་ནི༔ སྟོང་ཉིད་ནམ་མཁའ་ལྟ་བུའི་ངང་ལ་གནས་པ་སྟེ༔ འོད་གསལ་ཏིང་ངེ་འཛིན་གྱི་ལུས་སོ༔ ཐབས་ལམ་ནི་བདེ་བ་ཆེན་པོའི་ལུས་སོ༔ དེ་ནི་བསམ་གཏན་བར་དོའི་ལུས་སོ༔ བཞི་བ་འཆི་ཁ་བར་དོའི་ལུས་ནི༔ ལུས་སེམས་བྲལ་བའི་གནད་གཅོད་ཀྱིས་གདུང་བས༔ འཆི་ཁ་བར་དོ་ནི་སྡུག་བསྔལ་གྱི་ལུས་སོ༔ ལྔ་པ་ཆོས་ཉིད་བར་དོའི་ལུས་ནི༔ ཤ་ཁྲག་གི་རྟེན་དང་བྲལ༔ ལས་ཀྱི་སུན་མས་མ་སླེབ་པའི་བར་དུ༔ དག་པ་ཆོས་ཉིད་ཀྱི་སྣང་བ་ལ་གནས་པས༔ ཆོས་ཉིད་བར་དོ་ནི་འོད་གྱི་ལུས་སོ༔ དྲུག་པ་སྲིད་པ་བར་དོའི་ལུས་ནི༔ ཆོས་ཉིད་ཀྱི་སྣང་བ་ནུབ༔ མའི་མངལ་དུ་མ་ཆུད་པའི་བར་དེར༔ བག་ཆགས་ཡིད་ཀྱི་ལུས་སུ་ལམ་གྱིས་འཆར་བས༔ སྲིད་པ་བར་དོ་ནི་ཡིད་ཀྱི་ལུས་སོ༔ དེ་ནི་བར་དོ་དྲུག་གི་ལུས་དྲུག་བསྟན་པའོ༔ ས་མ་ཡཱ༔ ༈ བཅུ་གཅིག་པ་བར་དོ་དྲུག་གི་ཚེ་ཚད་དྲུག་ནི༔ དང་པོ་སྐྱེ་གནས་བར་དོའི་ཚེ་ཚད་ནི༔ བསྐལ་བ་བཟང་པོ་ཡར་འཕེལ་གྱི་དུས་སུ༔ ཚེ་ལོ་གྲངས་མེད་དོ༔ དེ་ནས་མར་འགྲིབ་ནས༔ བརྒྱད་ཁྲི༔ བཞི་ཁྲི༔ སྟོང་༔ རིམ་བཞིན་བརྒྱ་པ༔ དེང་སེང་ནི་སྤྱི་མཐུན་གྱི་ཚེ་ཚད་དྲུག་བཅུའམ༔ ལྔ་བཅུ་ཁ་རལ་གྱི་ཚེ་ཚད་ཡིན་ལ༔ ཕྱི་མ་ནི་ཚེ་ལོ་བཅུ་པར་ཡང་འགྱུར་ཞིང་༔ གང་ཟག་སོ་སོ་རང་རང་གི་ཚེ་ཚད་ནི༔ གནས་སྐབས་ཀྱི་ཚེ་ལ་ངེས་པ་མེད་དེ༔ ལ་ལ་མངལ་དུ་འཆི༔ ལ་ལ་ནི་བཙས་མ་ཁད་ལ་འཆི༔ ལ་ལ་དར་ལ་བབ་ནས་འཆི༔ ལ་ལ་རྒས་ནས་འཆི་སྟེ༔ སྤྱིར་ན་མངལ་དུ་སླེབ་ནས་འཆི་བའི་རྐྱེན་གྱིས་མ་སླེབ་ཚུན་ཆད་སྐྱེ་གནས་བར་དོའི་ཚེ་ཚད་དོ༔ གཉིས་པ་རྨི་ལམ་བར་དོའི་ཚེ་ཚད་ནི༔ ཞག་གཅིག་གམ༔ གཉིད་ཐུན་གཅིག་གི་ཚེ་ཚད་དོ༔ གསུམ་པ་བསམ་གཏན་བར་དོའི་ཚེ་ཚད་ནི༔ ཏིང་ངེ་འཛིན་ལ་ཡུན་ཅི་ཙམ་གནས་ཀྱི་བར་གྱི་ཡུན་དེ་ཡིན་ཏེ༔ ཏིང་ངེ་འཛིན་ཐུན་རིང་ཐུང་གི་ཚེ་ཚད་དོ༔ བཞི་བ་འཆི་ཁ་བར་དོའི་ཚེ་ཚད་ནི༔ རིམ་གྱིས་ཤི་ན་ཤི་ནད་དེས་ཟིན་ནས༔ ལུས་སེམས་མ་བྲལ་གྱི་བར༔ དེའི་ཚེ་ཚད་དོ༔ གཅིག་ཆར་དུ་ཤི་ན༔ གད་གཡང་སོགས༔ གློ་བུར་རྒྱབ་ཆོས་འཁྲུལ་བ་རང་གྲོལ། དུ་ཤི་བའི་སྐད་ཅིག་གམ༔ ཡུད་ཙམ་གཅིག་གིས་ཚེ་ཚད་དོ༔ ལྔ་པ་ཆོས་ཉིད་བར་དོའི་ཚེ་ཚད་ནི༔ རིང་བ་ལ་ཞག་ཕྱེད་དང་ཉི་ཤུ་རྩ་ལྔ༔ དེ་ལས་ཐུང་བ་ལ་ལྔ༔ དེ་ལས་ཐུང་བ་ལ་ཞག་ཕྱེད་དང་བཞི༔ ཐུང་ཤོས་ལ་སྐྱེས་བུའི་ལག་པ་བརྐྱངས་བསྐུམ་ཙམ་མམ༔ སྐར་མདའ་ནམ་མཁའ་ལ་རྒྱུགས་པ་ཙམ་འོང་ངོ་༔ ཚེ་ཚད་རིང་ཐུང་ངེས་པ་མེད་དོ༔ དྲུག་པ་སྲིད་པ་བར་དོའི་ཚེ་ཚད་ནི༔ ལ་ལ་ནི་ལོ་དང་ཟླ་བ་མང་པོའི་བར་དུ་གནས་པ་ཡང་ཡོད་ལ༔ སྤྱི་བཙན་དུ་ནི་ཞག་བཞི་བཅུ་ཞེ་དགུའི་བར་དུ་གནས་པར་གསུངས་ཤིང་ལུས་ལེན་པའི་ལས་མྱུར་དུ་འཛོམ་ན་ཞག་འགའ་དང་༔ ཡུན་ཐུང་དུ་གནས་པར་ཡང་བཤད་དོ༔ བར་དོ་མེད་པ་ཡང་བཞིར་བཤད་དེ༔ རྟོགས་པ་དང་ལྡན་པའི་རྣལ་འབྱོར་བ་ནི༔ ད་ལྟ་འོད་གསལ་མངོན་དུ་གྱུར༔ གཉིད་འོད་གསལ་དུ་ཤར་བ་དེ༔ འཆི་ཁ་འོད་གསལ་མ་བུ་གཅིག་ཏུ་འདྲེས་ཏེ༔ སྐད་ཅིག་ལ་ཡར་གྱི་ཟང་ཐལ་དུ་འགྲོ་སྟེ༔ བར་དོ་དང་ཚེ་ཚད་མེད་དོ༔ གཉིས་པ་མཚམས་མེད་པའི་ལས་བྱས་པའམ༔ རྩ་བའི་དམ་ཚིག་ཉམས་པ་དེ༔ དབུགས་ཆད་མ་ཁད་དུ་རྣམ་ཤེས་འོག་སྒོར་བུད་དེ༔ དཔག་ཆེན་གྱི་མདའ་འཕངས་པ་བཞིན་དུ༔ དམྱལ་བར་འགྲོ་བ་ནི་མར་གྱི་ཟང་ཐལ་ཞེས་བྱ་སྟེ༔ བར་དོ་མེད་དོ༔ གསུམ་པ་འཕོ་བ་ཟབ་མོ་ཐེབས་པ་དེ་ཡང་སྒྱོགས་དང་འཁྲུལ་འཁོར་གྱི་ཚུལ་དུ་གར་འདོད་པའི་གནས་དེར་ལྷན་གྱིས་འགྲོ་བས་བར་དོ་མེད་དོ༔ བཞི་བ་སྐྱེ་མཆེད་མུ་བཞིའི་ལྷར་སྐྱེ་བ་དེ་ཡང་ཏིང་ངེ་འཛིན་གྱི་ལུས་ཡིན་པས༔ སྐྱེ་གནས་ལེན་པའི་མཚམས་སྦྱོར་མི་དགོས་པས་བར་དོ་མེད་དོ༔ དེ་ལྟར་བཞི་པོ་མ་གཏོགས་པ༔ ལུས་ཅན་ཤི་བ་ཐམས་ཅད་ལ༔ སྲིད་པ་བར་དོའི་སྣང་བ་འཆར་ཞིང་༔ བར་དོ་ལ་ཚེ་ཚད་རིང་ཐུང་གང་རུང་རེ་ཡོད་དོ༔ དེ་ནི་བར་དོ་དྲུག་གི་ཚེ་ཚད་དྲུག་བསྟན་པའོ༔ ས་མ་ཡཱ༔ ༈ བཅུ་གཉིས་པ་བར་དོ་དྲུག་གི་སྣང་ལུགས་དྲུག་གང་ཞེ་ན༔ དང་པོ་སྐྱེ་གནས་བར་དོའི་སྣང་ལུགས་ནི༔ བདེན་འཛིན་དང་བཅས་ཏེ༔ ཨ་འཐས་ཀྱི་སྣང་བའོ༔ གཉིས་པ་རྨི་ལམ་བར་དོའི་སྣང་བ་ནི༔ བག་ཆགས་ཡད་ཡུད་དུ་སྣང་བ་སྟེ༔ བག་ཆགས་སྒྱུ་མའི་སྣང་བའོ༔ གསུམ་པ་བསམ་གཏན་བར་དོའི་སྣང་བ་ནི༔ ཉམས་ཀྱི་མཐོ་དམན་སྣ་ཚོགས་སུ་སྣང་བ་སྟེ༔ ཉམས་ཀྱི་སྣང་བའོ༔ བཞི་པ་འཆི་ཁ་བར་དོའི་སྣང་བ་ནི༔ སྡུག་བསྔལ་དང་ཞེན་ཆགས་ཀྱི་དབང་དུ་སོང་བས༔ ཞེན་ཆགས་སྡུག་བསྔལ་གྱི་སྣང་བའོ༔ ལྔ་པ་ཆོས་ཉིད་བར་དོའི་སྣང་བ་ནི༔ དག་པ་སྐུ་དང་ཡེ་ཤེས་སྣང་བ་འཆར་བས༔ དག་པ་ཆོས་ཉིད་སྣང་བའོ༔ དྲུག་པ་སྲིད་པ་བར་དོའི་སྣང་བ་ནི༔ ལས་བཟང་ངན་གྱིས་སྣང་བ་སྣ་ཚོགས་སུ་འཆར་བས༔ ལས་ཀྱི་སྣང་བའོ༔ དེ་ནི་བར་དོ་དྲུག་གི་སྣང་ལུགས་དྲུག་བསྟན་པའོ༔ ས་མ་ཡཱ༔ ༈ བཅུ་གསུམ་པ་བར་དོ་དྲུག་གི་ངོ་སྤྲོད་དྲུག་གང་ཞེ་ན༔ དང་པོ་སྐྱེ་གནས་བར་དོའི་ངོ་སྤྲོད་ནི༔ སྒྲོན་མ་དྲུག་ཏུ་ངོ་སྤྲོད་དོ༔ གཉིས་པ་རྨི་ལམ་བར་དོའི་ངོ་སྤྲོད་ནི༔ རྨི་ལམ་འཁྲུལ་པ་རང་གྲོལ་ལྟར་ངོ་སྤྲོད་དོ༔ གསུམ་པ་བསམ་གཏན་བར་དོའི་ངོ་སྤྲོད་ནི༔ ལུས་སོག་ཕོན་ཐག་པ་ཆད་པ་ལྟ་བུ་དང་༔ ངག་པི་ཝང་རྒྱུན་ཐག་ཆད་པ་ལྟ་བུ་དང་༔ སེམས་ཆུ་ཆད་པའི་རང་འཐག་ལྟ་བུ་དང་༔ མར་མེ་རླུང་གིས་མི་བསྐྱོད་པ་ལྟ་བུ་ལ་ངོ་སྤྲོད་པ་ནི༔ ཞི་གནས་ཀྱི་ངོ་སྤྲོད་དོ༔ ཉི་མའི་དཀྱིལ་འཁོར་ལ་ངོ་སྤྲོད་པ་དང་༔ ལྐུགས་པས་བུ་རམ་མྱོང་བ་ལྟ་བུ་དང་༔ གཞོན་ནུ་མའི་བདེ་བ་ངོ་སྤྲོད་པ་དང་༔ ཤེལ་དང་ཉི་ཟེར་ལ་ངོ་སྤྲོད་པ་ལ་སོགས་པ་ནི༔ ལྷག་མཐོང་གི་ངོ་སྤྲོད་དོ༔ རྒྱས་པར་ནི་ཁྲེགས་ཆོད་དང་ཐོད་རྒལ་གྱི་ངོ་སྤྲོད་ལྟར་རོ༔ བཞི་པ་འཆི་ཁ་བར་དོའི་ངོ་སྤྲོད་ནི༔ འཇིམ་པའི་མི་མོ་ལ་རྣམ་ཤེས་ཞུགས་གནས་དོན་གསུམ་གྱིས་ངོ་སྤྲོད་པའོ༔ ལྔ་བ་ཆོས་ཉིད་བར་དོའི་ངོ་སྤྲོད་ནི༔ བར་དོའི་ངོ་སྤྲོད་རྒྱབ་ཆོས་འཁྲུལ་བ་རང་གྲོལ། མཐོང་བ་རང་གྲོལ་ལྟར༔ ཞི་ཁྲོའི་ལྷ་ཚོགས་དང་༔ སྒྲ་འོད་ཟེར་གསུམ་ལ་ངོ་སྤྲོད་པའོ༔ དྲུག་པ་སྲིད་པ་བར་དོའི་ངོ་སྤྲོད་ནི༔ ངོ་སྤྲོད་སྲིད་པ་རང་གྲོལ་ལྟར༔ ལྷན་ཅིག་སྐྱེས་པའི་ལྷ་འདྲེ་དང་༔ དགེ་སྡིག་གི་བྱེ་བྲག་ཕྱེད་པ་ལ་སོགས་པས་ངོ་སྤྲོད་པའོ༔ དེ་ནི་བར་དོ་དྲུག་གི་ངོ་སྤྲོད་དྲུག་གོ༔ ས་མ་ཡཱ༔ ༈བཅུ་བཞི་པ་བར་དོ་དྲུག་གི་ཉམས་ལེན་དྲུག་ནི༔ དང་པོ་སྐྱེ་གནས་བར་དོ་ལ་ནི༔ སྤྱིར་ཆོས་སྤྱོད་བཅུ་དང་དགེ་བ་བཅུ་ལ་འབད་ཅིང་༔ ཐོས་བསམ་སྒོམ་གསུམ་ལ་འབད་ཅིང་ཉམས་སུ་ལེན་པའོ༔ ཁྱད་པར་དུ་ཉམས་ཁྲིད་ཀུན་གཞི་རང་གྲོལ་ལྟར་ཉམས་སུ་ལེན་པའོ༔ གཉིས་པ་རྨི་ལམ་བར་དོའི་ཉམས་ལེན་ནི༔ ཉིན་པར་སྒྱུ་ལུས་སྣང་བ་རང་གྲོལ་གྱི་ཁྲིད་དང་༔ རྨི་ལམ་གྱི་འདུན་པ་སྦྱང་ཞིང་༔ ནུབ་མོར་རྨི་ལམ་བཟུང་བ་དང་༔ ཟིན་ནས་སྤྲུལ་ཞིང་བསྒྱུར་བ་ལ་སྦྱང་སྟེ༔ རྨི་ལམ་འཁྲུལ་བ་རང་གྲོལ་ལྟར་ཉམས་སུ་ལེན་ནོ༔ རྨི་ལམ་བརྟན་པ་དང་༔ འོད་གསལ་གཏི་མུག་རང་གྲོལ་ཉམས་སུ་ལེན་ནོ༔ གསུམ་པ་བསམ་གཏན་བར་དོའི་ཉམས་ལེན་ནི༔ བསྐྱེད་རིམ་དང་༔ རྫོགས་རིམ༔ འོག་སྒོ་བདེ་བ་ཆེན་པོ་ལ་སོགས་པ་ཉམས་སུ་ལེན་ནོ༔ ཁྱད་པར་དུ་བསམ་གཏན་བར་དོའི་ཁྲིད་ཡིག་རིག་པ་རང་གྲོལ་ལྟར་ཉམས་སུ་ལེན་ནོ༔ བཞི་བ་འཆི་ཁ་བར་དོའི་ཉམས་ལེན་ནི༔ འཆི་བ་བརྟག་པ་དང་༔ འཆི་བ་བསླུ་བ་དང་༔ འཆི་བ་མ་བསླུས་ན༔ འཕོ་བ་དྲན་པ་རང་གྲོལ་གྱི་ཁྲིད་ལྟར་ཉམས་སུ་ལེན་ནོ༔ ལྔ་བ་ཆོས་ཉིད་བར་དོའི་ཉམས་ལེན་ནི༔ ལམ་ཐོད་རྒལ་གྱི་ཁྲིད་ཡིག་སྣང་བ་རང་གྲོལ་ཉམས་སུ་ལེན་ཅིང་༔ རྒྱས་པར་ཆོས་ཉིད་བར་དོའི་ཐོས་གྲོལ་ཆེན་མོ་ལྟར་ཉམས་སུ་ལེན་ནོ༔ དྲུག་པ་སྲིད་པ་བར་དོའི་ཉམས་ལེན་ནི༔ ཉམས་ཁྲིད་སྲིད་པ་རང་གྲོལ་ལྟར༔ མངལ་སྒོ་དགག་གདམ་གྱི་རིམ་པ་དང་༔ རྒྱས་པར་སྲིད་པ་བར་དོའི་ཐོས་གྲོལ་ཆེན་མོ་ལྟར་ཉམས་སུ་ལེན་ནོ༔ དེ་ནི་བར་དོ་དྲུག་གི་ཉམས་ལེན་དྲུག་བསྟན་པའོ༔ ས་མ་ཡཱ༔ ༈ བཅོ་ལྔ་པ་བར་དོ་དྲུག་གི་གདམས་ངག་དྲུག་ནི༔ དང་པོ་སྐྱེ་གནས་བར་དོ་ལ་ཕྱི་ནང་གི་སྒྲོ་འདོགས་བཅད་པ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་གདམས་ངག་དང་༔ གཉིས་པ་རྨི་ལམ་བར་དོ་ལ་བག་ཆགས་ཀྱི་མཚམས་སྦྱོར་བ་ཆུ་བོའི་གཞུང་ལྟ་བུའི་གདམས་ངག༔ གཏི་མུག་འོད་གསལ་དུ་བསྒྱུར་བ་མུན་ཁང་དུ་སྒྲོན་མེ་བཏེག་པ་ལྟ་བུའི་གདམས་ངག་དང་༔ གསུམ་པ་བསམ་གཏན་བར་དོ་ལ་རང་གི་རིག་པ་ངོ་སྤྲོད་པ༔ དྭ་ཕྲུག་མ་དང་འཕྲད་པ་ལྟ་བུའི་གདམས་ངག་དང་༔ བཞི་བ་འཆི་ཁ་བར་དོ་ལ་མི་གསལ་བ་གསལ་གདབ་པ༔ སྒེག་མོའི་མེ་ལོང་ལ་བལྟ་བ་ལྟ་བུའི་གདམས་ངག༔ རྒྱལ་པོའི་བཀའ་ཐེམ་བསྐུར་བ་ལྟ་བུའི་གདམས་ངག་དང་༔ ལྔ་བ་ཆོས་ཉིད་བར་དོ་ལ་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་བརྒྱུགས་པ་ལྟ་བུའི་གདམས་ངག་དང་༔ དྲུག་པ་སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ༔ ཡུར་བ་རྐང་ཆད་ལ་ཝ་འཛུག་པ་ལྟ་བུའི་གདམས་ངག་དང་དྲུག་གོ༔ དེ་ནི་བར་དོ་དྲུག་གི་གདམས་ངག་དྲུག་བསྟན་པའོ༔ ས་མ་ཡཱ༔ ༈ བཅུ་དྲུག་པ་བར་དོ་དྲུག་གི་དོན་མ་རྟོགས་པའི་ཉེས་པ་དྲུག་ནི༔ དང་པོ་སྐྱེ་གནས་བར་དོ་ཐོས་བསམ་སྒོམ་གསུམ་གྱིས་ཤེས་བྱའི་སྒྲོ་འདོགས་མ་ཆོད་ན༔ ཆོས་ཐམས་ཅད་ཀྱི་ཉམས་ལེན་གྱི་གཞི་མེད་པས༔ འཁོར་བ་ལ་མཐའ་མེད་པའི་ཉེས་པ་ཡོད་དོ༔ གཉིས་པ་རྨི་ལམ་བར་དོ་ལ་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉམས་ལེན་མེད་ན༔ ཉིན་སྣང་མཚན་སྣང་མི་འདྲེས་ཤིང་༔ ཉམས་ལེན་ལ་བར་ཆད་པའི་ཉེས་པ་ཡོད་དོ༔ གསུམ་པ་བསམ་གཏན་བར་དོ་ལ༔ ཏིང་ངེ་འཛིན་གྱི་རྒྱུན་མ་བསྲིངས་ན༔ ཆོས་ཁ་ཆོས་སུ་སོང་ནས༔ ཉམས་མྱོང་རྒྱུད་ལ་མི་སྐྱེ་པའི་ཉེས་པ་ཡོད་དོ༔ བཞི་བ་འཆི་ཁ་བར་དོ་ལ་གདམས་པའི་གསལ་མ་ཐེབས་ན༔ རྒྱབ་ཆོས་འཁྲུལ་བ་རང་གྲོལ། ཆོས་ལམ་དུ་མི་སློང་ཞིང་༔ ཆོས་ཀྱི་དགོས་པ་སྟོར་བའི་ཉེས་པ་ཡོད་དོ༔ ལྔ་བ་ཆོས་ཉིད་བར་དོ་ལ༔ རང་སྣང་གི་ཆོས་ཉིད་ལ་ཡིད་མ་ཆེས་ཤིང་ངོས་མ་ཟིན་ན༔ རང་སྣང་བདུད་དུ་སོང་ནས༔ འཁོར་བར་ལྟུང་བའི་ཉེས་པ་ཡོད་དོ༔ དྲུག་པ་སྲིད་པའི་བར་དོ་ལ༔ བཟང་པོ་ལས་ཀྱི་འཕྲོ་མ་མཐུད་ན༔ ཁམས་གསུམ་འཁོར་བའི་སྲིད་པ་འདི་ནས་ཐར་པའི་དུས་མེད་པའི་ཉེས་པ་ཡོད་དོ༔ དེ་བས་ན་བར་དོ་དྲུག་གི་གདམས་ངག་འདི་ནི༔ ཉམས་ལེན་ཐམས་ཅད་ཀྱི་རྩ་བ་ཡིན༔ དེ་ནི་མ་རྟོགས་པའི་ཉེས་པ་དྲུག་བསྟན་པའོ༔ ས་མ་ཡཱ༔ ༈བཅུ་བདུན་པ་བར་དོའི་དྲུག་ཉམས་སུ་ལེན་པའི་ཕན་ཡོན་དྲུག་ནི༔ དང་པོ་སྐྱེ་གནས་བར་དོར་ཐོས་བསམ་སྒོམ་གསུམ་གྱིས་ཤེས་བྱའི་སྒྲོ་འདོགས་ཆོད་པས༔ ཐར་པའི་ལམ་སྣ་ཟིན༔ བྱང་ཆུབ་ཀྱི་རྨང་ལེགས་པས༔ ཅི་བྱས་ལམ་དུ་འགྲོ་བའི་ཡོན་ཏན་ཡོད་དོ༔ གཉིས་པ་རྨི་ལམ་བར་དོ་བག་ཆགས་ཀྱི་མཚམས་སྦྱོར་བས་ཉིན་མཚན་གྱི་ཉམས་ལེན་ལ་བར་མི་ཆད་དེ༔ ཉམས་ལེན་ཆུ་བོའི་རྒྱུན་ལྟར་རྒྱུད་ལ་ཁེལ་བའི་ཡོན་ཏན་ཡོད་དོ༔ གསུམ་པ་བསམ་གཏན་བར་དོའི་ཏིང་ངེ་འཛིན་གྱི་རྒྱུན་བསྲེངས་པས༔ རྟོགས་པ་མངོན་དུ་གྱུར་ནས༔ འབྲས་བུ་ཕྱི་དུས་ལ་མི་རེ་བའི་དགོས་པ་ཡོད་དོ༔ བཞི་པ་འཆི་ཁ་བར་དོར་གདམས་པའི་གསལ་ཐེབས་པས༔ ཆོས་ལམ་དུ་སོང་ཞིང་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསློང་བའི་ཡོན་ཏན་ཡོད་དོ༔ ལྔ་པ་ཆོས་ཉིད་བར་དོར་རང་སྣང་ཆོས་ཉིད་དུ་ངོས་ཟིན་པས༔ འབྲས་བུ་བསྒྲུབ་པ་ལ་རག་མ་ལུས་པར༔ སྐད་ཅིག་གཅིག་ལ་རྫོགས་སངས་རྒྱས་པའི་ཡོན་ཏན་ཡོད་དོ༔ དྲུག་པ་སྲིད་པ་བར་དོར་བཟང་པོ་ལས་ཀྱི་་འཕྲོ་མཐུད་ཅིང་༔ ཉོན་མོངས་འཁོར་བའི་མངལ་སྒོ་ཁེགས་པས༔ ཁམས་གསུམ་སྲིད་པ་རྒྱུན་ཆད་ནས༔ བྱང་ཆུབ་ཀྱི་བཙན་ས་ཟིན་པའི་ཡཽན་ཏན་ཡོད་དོ༔ དེ་ནི་བར་དོ་དྲུག་གི་ཆོས་དྲུག་ཉམས་སུ་ལེན་པའི་ཕན་ཡོན་བསྟན་པའོ༔ ས་མ་ཡཱ༔ ༈ བཅོ་བརྒྱད་པ་བར་དོ་དྲུག་གི་རྩ་ཚིག་དྲུག་ནི༔ ཨེ་མ༔ བདག་ལ་སྐྱེ་གནས་བར་དོ་འཆར་དུས་འདིར༔ ཚེ་ལ་ལོང་མེད་ལེ་ལོ་སྤངས་བྱས་ནས༔ ཐོས་བསམ་སྒོམ་གསུམ་མ་ཡེངས་དོན་ལ་འཇུག༔ སྣང་སེམས་ལམ་བསླང་སྐུ་གསུམ་མངོན་གྱུར་བྱའོ༔ ཨེ་མ༔ བདག་ལ་རྨི་ལམ་བར་དོ་འཆར་དུས་འདིར༔ གཏི་མུག་རོ་ཉལ་བག་མེད་སྤངས་བྱས་ནས༔ དྲན་པ་ཡེངས་མེད་གནས་ལུགས་ངང་ལ་འཇུག༔ རྨི་ལམ་བཟུང་ནས་སྤྲུལ་བསྒྱུར་འོད་གསལ་སྦྱང་༔ ཨེ་མ༔ བདག་ལ་བསམ་གཏན་བར་དོ་འཆར་དུས་འདིར༔ རྣམ་གཡེང་འཁྲུལ་པའི་ཚོགས་རྣམས་སྤང་བྱས་ནས༔ ཡེངས་མེད་འཛིན་མེད་མཐའ་བྲལ་ངང་ལ་འཇོག༔ བསྐྱེད་རྫོགས་གཉིས་ལ་བརྟན་པ་ཐོབ་པར་བྱའོ༔ ཨེ་མ༔ བདག་ལ་འཆི་ཁ་བར་དོ་འཆར་དུས་འདིར༔ ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས༔ གདམས་ངག་གསལ་བའི་ངང་ལ་མ་ཡེངས་འཇུག༔ རང་རིག་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕོ༔ ཨེ་མ༔ བདག་ལ་ཆོས་ཉིད་བར་དོ་འཆར་དུས་འདིར༔ ཀུན་ལ་སྔངས་སྐྲག་འཇིགས་སྣང་སྤངས་བྱས་ནས༔ གང་ཤར་རང་སྣང་རིག་པ་ངོ་ཤེས་འཇུག༔ བར་དོའི་སྣང་ཚུལ་ཡིན་པར་ཤེས་པར་བྱ༔ ཨེ་མ༔ བདག་ལ་སྲིད་པ་བར་དོ་འཆར་དུས་འདིར༔ འདུན་པ་རྩེ་གཅིག་སེམས་ལ་བཟུང་བྱས་ནས༔ བཟང་པོ་ལས་ཀྱི་འཕྲོ་ལ་ནན་གྱིས་མཐུད༔ མངལ་སྒོ་དགག་ནས་རུ་ལོག་དྲན་པར་བྱའོ༔ སྙིང་རུས་དག་སྣང་དགོས་པའི་དུས་གཅིག་ཡིན༔ མིག་སེར་སྤངས་ལ་བླ་མ་ཡབ་ཡུམ་བསྒོམ༔ ཞེས་པའི་བར་དོ་དྲུག་གི་རྩ་ཚིག་འདི་ལ་རྒྱུན་དུ་སྦྱང་བར་བྱ་ཞིང་༔ ཁྱི་བདུན་གྱིས་བདས་ཀྱང་༔ མ་བརྗེད་པར་ཡིད་ལ་བྱས་པས༔ དེས་བར་དོ་ངོས་ཟིན་པར་འགྱུར་རོ༔ གཞན་ཡང་བར་དོའི་རྣམ་གྲངས་འདི་དག་ལེགས་པར་ཡིད་ལ་བྱ་ཞིང་བཅང་རྒྱབ་ཆོས་འཁྲུལ་བ་རང་གྲོལ། བར་བྱའོ༔ བཀླག་པར་བྱའོ༔ ཁ་དོན་དུ་བྱའོ༔ ཚུལ་བཞིན་དུ་ཡིད་ལ་བྱའོ༔ འཁོར་འདས་ཀྱི་ཆོས་ཐམས་ཅད་རྩ་བ་བར་དོ་དྲུག་ལ་མ་འདུས་པ་མེད་པས༔ དེ་བས་ན་བར་དོ་དྲུག་གི་ཆོས་འདི་ཤིན་ཏུ་ཟབ་པོ༔ འདི་དྲུག་གི་དོན་རྟོགས་ན༔ ཆོས་ཐམས་ཅད་ཀྱི་དོན་རྟོགས་པ་ཡིན་ནོ༔ བར་དོ་དྲུག་གི་རྒྱབ་ཆོས་འཁྲུལ་བ་རང་གྲོལ་ཞེས་བྱ་བ༔ འཁོར་བ་མ་སྟོངས་བར་དུ་མ་རྫོགས་སོ༔ ས་མ་ཡཱ༔ གཏེར་རྒྱ༔ ཨིཐྀ༔ གཏེར་སྟོན་ཀརྨ་གླིང་པས་སྒམ་པོ་གདར་གྱི་རི་བོ་ནས་སྦས་རྒྱ༔ ངྷ་ཐིམ་རྒྱ༔ ཨྠབཏོན་པའོ༔