cover

ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ།

པོད་གསུམ་པ།

ཅོ་ནེ་གྲགས་པ་བཤད་སྒྲུབ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

གསང་བདེ་འཇིགས་གསུམ་གྱི་བླ་མའི་རྣལ་འབྱོར།

གསང་བདེ་འཇིགས་གསུམ་གྱི་བླ་མའི་རྣལ་འབྱོར་བཞུགས།

ན་མོ་གུ་རུ་བཛྲ་དྷཱ་ར་ཡེ། གང་ཞིག་བསྟེན་ནས་མཆོག་ཐུན་གྱི། །དངོས་གྲུབ་བདེ་བླག་སྟེར་མཛད་པའི། །བླ་མ་རྡོ་རྗེ་འཆང་ཆེན་ཞབས། །གུས་མཆོད་བླ་མའི་རྣལ་འབྱོར་བཤད། །སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཀྱིས་ཉམས་སུ་བླང་བར་བྱ་བའི་རིམ་པ་མང་ཡང་། ཆེས་མཆོག་ཏུ་གྱུར་པ་ནི་རྣལ་འབྱོར་བླ་མེད་ཀྱི་རིམ་གཉིས་ཡིན་ལ། དེའི་ནང་ནས་ཀྱང་གསང་བདེ་འཇིགས་གསུམ་གྱི་རིམ་པ་གཉིས་ཉམས་སུ་ལེན་དགོས་པར་བཤད་པས། འདིར་དེ་དག་གི་ཡང་སྙིང་བླ་མ་དང་ཡི་དམ་ཐ་མི་དད་པའི་རྣལ་འབྱོར་ཇི་ལྟར་ཉམས་སུ་ལེན་ཚུལ་ཅུང་ཟད་རྒྱས་པའི་དབང་དུ་བྱས་པ་རྗེ་ཡབ་སྲས་ཀྱི་མན་ངག་པཎ་ཆེན་གོང་མ་སོགས་ཀྱི་གསུངས་རབ་ལས་འབྱུང་བ་བཞིན། རྒྱུན་གྱི་ཉམས་ལེན་དུ་འཁྱེར་བ དེར་དགོད་པ་ལ་གསུམ། གསང་འདུས། བདེ་མཆོག །འཇིགས་བྱེད་ཀྱི་བླ་མའི་རྣལ་འབྱོར་རོ། །དང་པོ་ནི། དབང་བསྐུར་ཐོབ་ཅིང་དམ་ཚིག་དང་ལྡན་པས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་རྣམས་རྒྱས་བསྡུས་ཅི་རིགས་སྔོན་དུ་བཏང་ནས། རང་ཉིད་སྐད་ཅིག་གིས་ཞེ་སྡང་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར་པ་བསམས་ལ། ནང་མཆོད་དང་མཆོད་པ་རྣམས་དངོས་སུ་ཡོད་ན་ཕུན་སུམ་ཚོགས་པ་ཡིན་པས། བྱིན་རླབས་ཆོ་གའི་གཞུང་ལྟར་རམ། བསྡུ་ན། བི་གྷཱ་ན་ཏ་ཀྲྀ་ཏ་ཀྱིས་བསངས་སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱད་པ་ཞུ་བ་ལས་བྱུང་བའི་མཆོད་པ་རྣམས་རང་བཞིན་སྟོང་པ། རྣམ་པ་མཆོད་རྫས། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་གྱིས་བརླབ། རང་གི་སྤྱི་བོ་འམ། མདུན་གྱི་ནམ་མཁར་སྣ་ཚོགས་པདྨ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་དང་ཟླ་བ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ། རྩ་བའི་བླ་མ་དེ་ཉིད་རྣམ་པ་རྒྱལ་བ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱན་ཅུས་བརྒྱན་པ། ཡུམ་རེག་བྱ་རྡོ་རྗེ་མ་སྔོན་མོ་མི་བསྐྱོད་པའི་དབུ་རྒྱན་ཅན། སྔོ་དཀར་ནས་རལ་གྲི་འཛིན་པ། དབུ་སྐྲ་རལ་པ་ཕྱེད་བཅིངས་སུ་བྱས་ཏེ། ཤིན་ཏུ་སྒེག་ཅིང་བཞིན་འཛུམ་པ་དང་ལྡན་པ། ཟུར་གྱིས་ལྟ་བ་ལ་སོགས་པའི་རྣམ་འགྱུར་གྱིས་མཛེས་པ། ལང་ཚོ་དར་ལ་བབ་ཅིང་འདོད་ཡོན་ལྔའི་དགའ་བས་རོལ་པ། ཡབ་ཡུམ་གཉིས་ཀའི་ཕྱག་དང་པོ་གཉིས་ཀྱིས་ཕན་ཚུན་དུ་འཁྱུད་པ། གཉིས་ཀའང་ནས། ཤམ་ཐབས་འཕྱར་བ། འོད་ཀྱི་དཀྱིལ་འཁོར་གྱིས་བསྐོར་བའི་དབུས་ན་ཡབ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། དེའི་ཐུགས་ཀར་མི་བསྐྱོད་པ། སྤྱི་བོར་རྣམ་པར་སྣང་མཛད། མགྲིན་པར་འོད་དཔག་མེད། ལྟེ་བར་རིན་ཆེན་འབྱུང་ལྡན། བརླའི་རྩ་བར་དོན་ཡོད་གྲུབ་པ། ལྟེ་བར་སྤྱན་མ། སྙིང་གར་མ་མ་ཀི། མགྲིན་པར་གོས་དཀར་མོ། །སྤྱི་གཙུག་ཏུ་སྒྲོལ་མ། མིག་ཏུ་སའི་སྙིང་པོ། རྣ་བར་ཕྱག་ན་རྡོ་རྗེ། སྣར་ནམ་མཁའི་སྙིང་པོ། ལྕེར་འཇིག་རྟེན་དབང་ཕྱུག །སྙིང་གར་འཇམ་དཔལ། གསང་གནས་སུ་སྒྲིབ་པ་རྣམ་སེལ། ཚིགས་རྣམས་ལ་ཀུན་ཏུ་བཟང་པོ། སྤྱི་གཙུག་ཏུ་བྱམས་པ། མིག་གི་སྒོར་གཟུགས་རྡོ་རྗེ་མ། རྣ་བའི་སྒོར་སྒྲ་རྡོ་རྗེ་མོ། སྣའི་སྒོར་དྲི་རྡོ་རྗེ་མ། ཁའི་སྒོར་རོ་རྡོ་རྗེ་མ། རྡོ་རྗེའི་སྒོར་རེག་བྱ་རྡོ་རྗེས། ལག་པ་གཡས་ལ་གཤིན་རྗེའི་གཤེད། ལག་པ་གཡོན་ལ་གཞན་གྱིས་མི་ཐུབ་པ། ཁ་ལ་རྟ་མགྲིན། རྡོ་རྗེ་ལ་བདུད་རྩི་འཁྱིལ་བ། དཔུང་པ་གཡས་པའི་རྩ་བར་མི་གཡོ་བ། དཔུང་པ་གཡོན་པའི་རྩ་བར་འདོད་པའི་རྒྱལ་པོ། པུས་མོ་གཡས་ལ་དབྱུག་སྔོན་ཅན། པུས་མོ་གཡོན་ལ་སྟོབས་པོ་ཆེ། སྤྱི་གཙུག་ཏུ་གཙུག་ཏོར་འཁོར་ལོས་བསྒྱུར་བ། རྐང་མཐིལ་གཉིས་སུ་གནོད་མཛེས་རྒྱལ་པོ། །དེའི་མཐར་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས་བསྐོར་ནས་བཞུགས་པ། སོ་སོའི་མདུན་དུ་རང་རང་གི་ལུང་གི་དམ་པའི་ཆོས་རྣམས་གསུང་རབ་པོ་ཏིའི་རྣམ་པ་ཅན་དུ་འཁོད་པར་གྱུར། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་སྐུ་རྡོ་རྗེའི་ངོ་བོ་ༀ་དཀར་པོ། །མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿདམར་པོ། ཐུགས་ཀར་ཐུགས་རྡོ་རྗེའི་ངོ་བོ་ཧཱུཾ་སྔོན་པོས་མཚན་པར་གྱུར། རང་ཉིད་མི་བསྐྱོད་རྡོ་རྗེར་གསལ་བའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པའི་མི་བསྐྱོད་པའི་དཀྱིལ་འཁོར་ལ་བླ་མ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། མ་ལུས་འགྲོ་བའི་རང་བཞིན་མངོན་དུ་མཛད། །ཞེས་སོགས་ཚིགས་བཅད་གཅིག་གི་མཐར། ༀ་བཛྲ་ས་མཱ་ཡ་ཛཿཛཿ ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ལྷ་སོ་སོའི་རིགས་བདག་ཞལ་གཅིག་ཕྱག་གཉིས་པ་ཡབ་ཡུམ་གྱིས་བྱང་ཆུབ་ཀྱི་སེམས་ཀྱིས་ལྷ་སོ་སོ་ལ་དབང་བསྐུར་བར་གྱུར། གང་གི་དྲིན་གྱི་བདེ་ཆེན་གནས། །ཞེས་སོགས་དང་། རྨད་བྱུང་མཚན་དཔེའི་དཔ ལ་འབར་སོགས་ཚིགས་བཅད་གཅིག་དང་། གང་ཞིག་གཟུགས་དང་ཚོར་བ་འདུ་ཤེས་འདུ་བྱེད་དང་། །ཞེས་པ་ནས། རྨོངས་དང་ཞེ་སྡང་འདོད་ཆགས་སྒྲིབ་པ་རྡོ་རྗེ་སྟེ། །བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་སོགས་ཀྱིས་ཕྱག་བྱ། དེ་ནས། རང་གི་སྙིང་གའི་ཧཱུཾ་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ནས། སྤཪྴ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཨཱཿཧཱུཾ་དང་། ཞིང་འདིར་རིན་ཆེན་སྣ་བདུན་གྱིས། །སོགས་དང་། བདག་གཞན་ལུས་ངག་ཡིད་གསུམ་སོགས་ཀྱིས་མཎྜལ་དང་བཅས་པའི་ཕྱེ་མཆོད་དང་། ༀ་གུ་རུ་སརྦ་བུདྡྷ་བོ་དྷི་ས་ཏྭ་ས་པ་རི་ཝཱ་ར་ༀ་ཨཱཿཧཱུཾ་གིས་ནང་མཆོད་དང་། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་ཞུ་བས་ལྷན་སྐྱེས་ཀྱི་དགའ་བ་ཉམས་སུ་མྱོང་ཞིང་། བདེ་བས་སྟོང་པ་ངེས་པའི་བདེ་སྟོང་དབྱེར་མེད་དུ་སྦྱར་བས། གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པར་གྱུར་བར་བསམ། དེ་ནས་བླ་མ་རྡོར་འཛིན་མ་སོགས་བཤགས་པ་ཅི་རིགས་དང་། གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ། །ཞེས་པ་ནས། བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོ་བར་བགྱི། །ཞེས་པའི་བར་དང་། ཡིད་ཀྱི་རོལ་པ་དྲི་མེད་ཟླ་འདྲས་བསྒྲུབས། ནས། ཡང་དག་ཉིད་དུ་ད་ནི་གནས་པར་བགྱི། །ཞེས་པའི་བར་དང་། སྤྲོ་ན་རིགས་ལྔའི་སྡོམ་བཟུང་ཀྱང་བྱ་བར་གསུང་། དེ་ནས་བླ་མ་རྡོ་རྗེ་འཆང་དེ་ཉིད་མཆོག་གསུམ་ཀུན་འདུས་ཀྱི་བདག་ཉིད་དུ་མོས་ལ། བླ་མ་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཡི་དམ་ཀུན་འདུས༴ སངས་རྒྱས་ཀུན་འདུས༴ དམ་ཆོས་ཀུན་འདུས༴ འཕགས་ཚོགས་ཀུན་འདུས༴ སྐྱབས་གནས་ཀུན་འདུས༴ དངོས་གྲུབ་ཀུན་གྱི་འབྱུང་གནས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཞེས་སྙིང་ཐག་པ་ནས་ཅི་ནུས་བརྗོད་པའི་མཐར། བདག་གི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརློབ་ཏུ་གསོལ། བཤེས་གཉེན་ལ་མ་དད་པ་དང་ལོག་པར་ལྟ་བ་དང་དུག་གསུམ་ལ་སོགས་པ་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་འགག་པར་བྱིན་གྱིས་བརློབ་ཏུ་གསོལ། དད་པ་དང་ངེས་འབྱུང་དང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཡང་དག་པའི་ལྟ་བ་ལམ་རིམ་པ་གཉིས་ལ་སོགས་པ་ཕྱིན་ཅི་མ་ལོག་པའི་རྟོག་པ་མཐའ་དག་མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརློབ་ཏུ་གསོལ། ཞེས་ལན་གསུམ་སོགས་ཀྱིས་བྱིན་རླབས་ཞུ། དེ་ལྟར་གསོལ་བ་བཏབ་པས། བླ་མ་ལྷ་ཚོགས་རྣམས་ཀྱི་སྐུའི་ཆ་ལས་བདུད་རྩི་འོད་ཟེར་ལྔ་དང་འདྲེས་པའི་རྒྱུན་དཔག་ཏུ་མེད་པ་བྱུང་། རང་དང་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་ཞུགས་པས་ནད་གནོད་སྡིག་སྒྲིབ་ཐམས་ཅད་སྦྱངས། ཚེ་དཔལ་བསོད་ནམས་དང་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱས་ནས། བླ་མ་རྡོ་རྗེ་འཆང་གི་སྐུར་གྱུར། སླར་ཡང་འོད་དང་བདུད་རྩིའི་ཚོགས་སྤྲོས་ཏེ། སྣོད་ཀྱི་མ་དག་པ་སྦྱངས་ནས་དག་པའི་ཞིང་དུ་བསྒྱུར་བས་སྣོད་ཐམས་ཅད་དག་པའི་ཞིང་དང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོའི་རྣམ་རོལ་ཏུ་གྱུར་པར་བསམས་ལས་མཉམ་པར་འཇོག །དེ་ནས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེས་དེང་བདག་སྩོལ། །ཞེས་ལན་གསུམ་སམ་གཅིག་གིས་གསོལ་བ་གདབ། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གིས་རྒྱལ་བ་སྲས་བཅས་ཐམས་ཅད་འདུས་པའི་ལྷ་སོ་གཉིས་ཀྱི་དཀྱིལ་འཁོར་བའི་རྣམ་པར་སྤྱན་དྲངས། དབང་བསྐུར་རྡོ་རྗེ་ཆེན་པོ་སྟེ། ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་པའི། །གནས་ལས་བྱུང་བར་སྦྱིན་པར་བྱ། །ༀ་ཨཱཿ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཤིང་བདུད་རྩིའི་ཆུ་རྒྱུན་གྱིས་སྤྱི་བོ་ནས་དབང་བསྐུར་བས་ལུས་ཐམས་ཅད་གང་། བདེ་བ་ཆེན་པོ་མྱོང་། དྲི་མ་ཐམས་ཅད་དག །ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། དེས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་སྤྲུལ་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག །བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་སྤྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་སྤྱན་དྲངས་ཏེ། སྐུ་ལ་ཞུགས་པས་ཆགས་པ་ཆེན་པོའི་མེས་ཞུ་བའི་བྱང་ཆུབ་ཀྱི་སེམས་སུ་གྱུར། ༀ་ཨཱཿབཛྲ་དྷྲྀ་ཀ་ཧཱུཾ། ཞེས་གསུངས་ཏེ། བླ་མ་ཡབ་ཡུམ་གྱི་བྱང་སེམས་རང་གི་ལྕེའི་སྟེང་དུ་བཞག་པ་མྱང་བས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་སྐྱེས་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །སྒྱུ་མའི་སྐུ་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག །བླ་མ་དང་གཙོ་བོ་ཐ་མི་དད་པའི་ཡུམ་ལས་རེག་བྱ་རྡོ་རྗེ་མ་གཉིས་པ་ཞིག་ཆད་ནས་རང་གི་ཡུམ་ལ་ཐིམ། དེ་དང་སྙོམས་པར་ཞུགས་པས་བདེ་སྟོང་དབྱེར་མེད་ཀྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག་དོན་དམ་འོད་གསལ་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་ཆོས་ཀྱི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག །དེ་ནས་བླ་མ་དང་གཙོ་བོ་ཐ་མི་དད་པས། ཁྱོད་ཀྱིས་དབང་གསུམ་པ་ཐོབ་པའི་སྐབས་སུ་རང་དང་རིག་མ་གཉིས་ཀྱི་ལུས་འདོད་ལྷ་ཡབ་ཡུམ་དུ་སྣང་བཞིན་པའི་དུས་ན་སེམས་ལྷན་སྐྱེས་ཀྱི་དགའ་བས་དེ་ཁོ་ན་ཉིད་ཀྱི་དོན་ངེས་པ་གཉིས་མཉམ་དུ་ཡོད་པ་ལྟར། མཐར་རླུང་སེམས་ཙམ་ལས་གྲུབ་པའི་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཐུགས་ལྷན་སྐྱེས་ཀྱི་དགའ་བས་སྟོང་པ་ཉིད་མངོན་དུ་བྱས་པའི་ཡེ་ཤེས་གཉིས་ངོ་བོ་དབྱེར་མི་ཕྱེད་པའི་ཟུང་འཇུག་གི་གོ་འཕང་འགྲུབ་པར་བྱེད་དེ། དེ་ནི་ཐོབ་བྱ་དོན་གྱི་དབང་བཞི་པ་ཡིན་ནོ་ཞེས་གསུང་། དེས་དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་དག །ཟུང་འཇུག་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་རྡོ་རྗེ་འཆང་གི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་གོ །དབང་བཞི་བསྡུ་ན། བླ་མའི་གནས་གསུམ་གྱི་ཡི་གེ་གསུམ་ལས་ཏིང་ངེ་འཛིན་གྱི་དབང་བཞི་ལེན་པར་གསུངས་ཏེ། དེ་ཡང་བྱང་ཆུབ་རྡོ་རྗེ་ཞེས་སོགས་ཀྱི་རྐང་པ་བཞི་པའི་མཐར། བླ་མའི་སྤྱི་བོའི་ༀ་ལས་འོད་དང་བདུད་རྩི་དཀར་པོའི་ཚོགས་བྱུང་། རང་གི་སྤྱི་བོར་ཞུགས་ནས་ལུས་ཀྱི་དྲི་མ་དག །བུམ་པའི་དབང་ཐོབ་སོགས་སྔར་བཞིན་དང་། བླ་མའི་མགྲིན་པའི་ཨཱཿལས་འོད་དང་བདུད་རྩི་དམར་པོའི་ཚོགས་བྱུང་། རང་གི་མགྲིན་པར་ཞུགས་ངག་གི་དྲི་མ་དག་སོགས་དང་། བླ་མའི་ཐུགས་ཀའི་ཧཱུཾ་ལས་འོད་དང་བདུད་རྩི་སྔོན་པོའི་ཚོགས་བྱུང་། རང་གི་སྙིང་ཀར་ཞུགས། ཡིད་ཀྱི་དྲི་མ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སོགས་དང་། བླ་མའི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་དང་བདུད་རྩི་དཀར་དམར་མཐིང་གསུམ་བྱུང་། རང་གི་སྤྱི་བོ་མགྲིན་པ་སྙིང་ཀ་གསུམ་དུ་ཞུགས་པས། སྒོ་གསུམ་གྱི་དྲི་མ་དག་དབང་བཞི་པ་ཐོབ་སོགས་སྔར་བཞིན་བྱའོ། །སླར་ཡང་། སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། ཁྱེད་རྣམས་ཀྱིས་བདག་གི་རྒྱུད་ལ་ཕྱིན་ཅི་ལོག་གི་བློ་སྣ་འགག་པ་དང་། ཕྱིན་ཅི་མ་ལོག་པའི་བློ་སྣ་མཐའ་དག་སྐྱེ་བར་བྱིན་གྱིས་བརློབ་ཏུ་གསོལ། ཞེས་ཅི་ནུས་བརྗོད་པའི་མཐར། ཞེས་གསོལ་བ་བཏབ་པས། བླ་མ་འཁོར་དང་བཅས་པའི་སྐུ་ལས་འོད་དང་བདུད་རྩིའི་ཚོགས་དཔག་ཏུ་མེད་པ་བྱུང་སྟེ། རང་དང་སྣོད་བཅུད་ཐམས་ཅད་ལ་འཕོག་པས་དེ་རྣམས་ཀྱི་སྐྱོན་ཐམས་ཅད་སྦྱངས། སྣོད་ཐམས་ཅད་དག་པའི་ཞིང་དང་། བཅུད་ཐམས་ཅད་རྡོ་རྗེ་འཆང་གི་སྐུར་གྱུར། བླ་མའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་མཐའ་སྐོར་གྱི་རྒྱལ་བ་སྲས་བཅས་ཐམས་ཅད་བཀུག་ནས་བླ་མ་ཡབ་ཡུམ་གྱི་སྐུ་ལ་ཞུགས། དེ་གཉིས་ཀྱང་དགྱེས་བཞིན་དུ་རང་གི་སྤྱི་བོ་ནས་ཞུགས་ཏེ་དབུ་མའི་ལམ་བརྒྱུད། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ་པདྨའི་གདན་ལ་བཞུགས་པ་དང་། རང་ཞེ་སྡང་རྡོ་རྗེ་སེམས་དཔའ་སུམ་བརྩེགས་ཅན་དུ་གྱུར་པར་བསམས་ལ་ཧཱུཾ་ཡིག་སྔགས་འཕྲེང་དང་བཅས་པ་ལ་དམིགས་ནས། ༀ་ཨཱཿབཛྲ་དྷྲྀ་ཀ་ཧཱུཾ་ཧཱུཾ། ཞེས་ཅི་ནུས་པ་ཟླ་ཞིང་། འཇུག་ཏུ། དགེ་བ་འདི་ཡིས་མྱུར་དུ་བདག །ཞེས་སོགས་ཚིགས་བཅད་གཉིས་དང་། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །ཞེས་སོགས་ཀྱིས་བསྔོ་སྨོན་བྱའོ། །གཉིས་པ་བདེ་མཆོག་གི་བླ་མའི་རྣལ་འབྱོར་ནི། འདི་ལྟར། བླ་མ་འཁོར་ལོ་སྡོམ་པ་སོགས། །མཆོག་གསུམ་རྣམས་ལ་གུས་ཕྱག་འཚལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གི་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་སྐྱབས་སེམས་ལན་གསུམ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་ཐམས་ཅད་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་བ་ཐམས་ཅད་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཐོབ་ཟིན་པའི་བདེ་བ་བརྟན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡིད་དེ་བཞིན་ཉིད་ལ་རོ་གཅིག་ཏུ་གནས་པར་གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམ། དེ་ནས། ཤྲཱི་ཧེ་རུ་ཀ །ཧེ་ནི་ཀུན་གྱི་འབྱུང་གནས་སུ་གྱུར་པའི་སེམས་ཏེ། རྒྱུའི་བདག་ཉིད་དུ་བརྟགས་པར་བྱ་བས་སྟོང་པའི་ཆོས་ཀྱི་བདག་མེད་པ་དང་། རུ་ནི་གང་ཟག་གི་བདག་ཏུ་འཛིན་པའི་རྣམ་རྟོག་གི་དྲ་བས་བཀོད་པའི་བདག་དང་བྲལ་བའི་གང་ཟག་གི་བདག་མེད་པ་དང་། ཀ་ནི་དེ་ཁོ་ན་ཉིད་ཀྱི་ཡུལ་ཡུལ་ཅན་གཉིས་མི་མཐུན་པར་སོ་སོར་གཉིས་སུ་མི་གནས་པ་དང་ཤྲཱི་ནི་ཡུལ་སྟོང་པ་ཉིད་ཇི་འདྲ་བ་དེ་བཞིན་དུ་རྗེས་སུ་ཞུགས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཨེ་ཝཾ་གྱི་དོན་ནོ། །སྟོང་པའི་ངང་ལས་སྐད་ཅིག་གི་རང་ཉིད་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པ་གཡས་བརྐྱང་གིས་བཞུགས་པ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་ཐོད་པ་འཛིན་པས་འཁྱུད་པར་གྱུར། ཤྲཱི་ཧེ་རུ་ཀོ྅ཧཾ། ལན་གསུམ་དང་། ༀ་ཨ་ཨཱ། ནས། ས་ཧ་ཀྵ་ཧཱུཾ་ཧཱུཾ་ཕཊ། གསུམ། རང་གི་ལྟེ་བའི་ཕྱོགས་སུ་སྔགས་འཕྲེང་འོད་ཟེར་ལྔ་དང་བཅས་པ་གཡོན་བསྐོར་གྱིས་ལན་གསུམ་དུ་བསྐོར་ནས་གནས་པ་ལས། འཁོར་ལོ་གསུམ་གྱི་ལྷའི་ཚོགས་འཕྲོས་པས་སྣ་བུག་གཡས་པ་ནས་ཐོན་ཏེ་ཕྱིར་འཕྲོས་པས་བགེགས་ཐམས་ཅད་བསྐྲད་ཏེ། སླར་བྱོན་རང་གི་སྣ་བུག་གཡོན་པ་ནས་ཞུགས་ཏེ་ལྟེ་བའི་སྔགས་འཕྲེང་ལ་ཐིམ་པར་གྱུར་པར་བསམ། མཆོད་པ་མེད་ན་མོས་པས་ཀྱང་རུང་མོད། ཡོད་ན་ནང་མཆོད་གཞུང་ལྟར་རམ། བསྡུ་ན། ༀ་ཨཱཿཧཱུཾ་ཧ་ཧེ་ཧྲཱིཿ ལན་གསུམ་དང་། མཆོད་པ་གཞན་རྣམས། པཎྜ་རོ་ཧིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཀཾ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་སིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་མ་རྣམས་དང་བཞིན་བདེ་སྟོང་། རྣམ་པ་མཆོད་རྫས། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ། ནས། སྤཪྴ་ཨཱཿཧཱུཾ་གིས་བྱིན་བརླབ་བྱ། དེ་ནས། རང་གི་མདུན་གྱི་ནམ་མཁའི་གནས་སུ་སྣ་ཚོགས་པདྨ་འདབ་མ་སྟོང་ལྡན་གྱི་ལྟེ་བར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་ལ། དྲིན་ཅན་རྩ་བའི་བླ་མ་དང་ངོ་བོ་དབྱེར་མི་ཕྱེད་པའི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཞལ་བཞི་པའི་རྩ་ཞལ་ནག །གཡོན་ཞལ་ལྗང་། རྒྱབ་ཞལ་དམར། གཡས་ཞལ་སེར། ཞལ་རེ་རེ་ཡང་སྤྱན་གསུམ་པ། ཕྱག་བཅུ་གཉིས་པ། དཔྲལ་བར་རྡོ་རྗེ་རྩེ་ལྔ་པའི་འཕྲེང་བ་འཛིན་ཅིང་། ཞབས་གཡས་བརྐྱང་པས་འཇིགས་བྱེད་ནག་པོ་ལག་པ་བཞི་པའི་དང་པོ་གཉིས་ཐལ་མོ་སྦྱར་བ། ལྷག་མ་གཡས་ཌ་མ་རུ་དང་གཡོན་རལ་གྲི་འཛིན་པའི་མགོ་བོ་མནན་ཅིང་། གཡོན་བསྐུམས་པས་དུས་མཚན་མ་དམར་མོ་ལག་པ་བཞི་པའི་དང་པོ་གཉིས་ཐལ་མོ་སྦྱར་བ། ལྷག་མ་གཉིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའི་ནུ་མ་མནན་པ། གདན་གཉིས་ཀའང་གདོང་གཅིག་པ། མིག་གསུམ་པ། ཕྱག་རྒྱ་ལྔས་བརྒྱན་པའོ། །དང་པོ་གཉིས་ཀྱིས་རྡོར་དྲིལ་བཟུང་ནས་ཡུམ་ལ་འཁྱུད་ཅིང་། དེའི་འོག་མ་གཉིས་ཀྱིས་སྡིགས་མཛུབ་དང་བཅས་པས་གླང་པོ་ཆེའི་ལྤགས་པ་རློན་པ་བརྒྱངས་ཏེ་འཛིན་པ། གཡས་གསུམ་པ་ན་ཌ་མ་རུ། བཞི་པ་ན་དགྲ་སྟ། ལྔ་པ་ན་གྲི་གུག །དྲུག་པ་ན་མདུང་རྩེ་གསུམ་པ། གཡོན་གསུམ་པ་ན་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག །བཞི་པ་ན་ཁྲག་གིས་གང་བའི་ཐོད་པ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་ཤིང་། སྣ་ཚོགས་རྡོ་རྗེས་མཚན་པའི་རལ་པའི་ཐོར་ཅོག་ཅན། དབུ་རེ་རེ་ལའང་ཐོད་པ་བསྐམ་པོ་ལྔ་ལྔའི་ཕྲེང་བས་བརྒྱན་ཅིང་། དབུའི་གཡོན་དུ་ཅུང་ཟད་ཡོ་བའི་ཟླ་བ་ཕྱེད་པ་འཆང་བ། ཞལ་རྣམ་པར་འགྱུར་ཞིང་མཆེ་བ་བཞི་བཞི་གཙིགས་པ་འཇིགས་སུ་རུང་བ། སྒེག་པ་དཔའ་བ་མི་སྡུག་པ་ལ་སོགས་པ་གར་དགུའི་ཉམས་དང་ལྡན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། མགོ་རློན་ལྔ་བཅུས་འཕྲེང་བ་བྱས་ཤིང་། ཕྱག་རྒྱ་དྲུག་གིས་རྒྱས་བཏབ་པ། མི་རུས་ཀྱི་ཐལ་བས་ལུས་ཐམས་ཅད་ལ་བྱུགས་པའོ། །བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པར་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། །ཞལ་གཅིག་ཕྱག་གཉིས་པ། གཅེར་མོ་སྐྲ་གྲོལ་བ། ཐོད་པའི་དུམ་བུས་བརྒྱན་པའི་འོག་པག་ཅན། གཡོན་པས་ཡབ་ཀྱི་མགུལ་ནས་འཁྱུད་པའི་ཕྱག་ནས་ཁྲག་གིས་བཀང་བའི་ཐོད་པ་བསྣམས་ནས་ཡབ་ཀྱི་ཞལ་དུ་སྟོབ་པ། གཡས་པས་གདུག་པ་ཅན་ཀུན་ལ་རྡོ་རྗེ་དང་བཅས་པའི་སྡིགས་འཛུབ་ཀྱིས་སྡིགས་པར་མཛད་པ། སྤྱན་གསུམ་དམར་ཞིང་མེ་ལྟར་འབར་བ་ཉི་མའི་གཟི་བརྗིད་ཅན། བྱིན་པ་གཉིས་ཀྱིས་ཡབ་ཀྱི་བརླའི་སྟེང་དུ་ལེགས་པར་འཁྲིལ་བ། ཐུགས་རྗེའི་བདག་ཉིད་ཅན། ཕྱག་རྒྱ་ལྔས་བརྒྱན་པ། མི་མགོ་སྐམ་པོ་ལྔའི་ཐོད་དང་། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན་ནོ། །ཕྱོགས་བཞིའི་འདབ་མ་ལ་ཤར་དུ་མཁའ་འགྲོ་མ་ནག་མོ། །བྱང་དུ་ལཱ་མ་ལྗང་ཁུ། ནུབ་དུ་ཁཎྜ་རོ་ཧི་མ་དམར་མོ། །ལྷོར་གཟུགས་ཅན་མ་སེར་མོ། །ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་ཐུགས་ཀར་འཛིན་ཅིང་། འོག་མ་གཉིས་ཀྱིས་ཌ་མ་རུ་དང་ཁ་ཊྭཱཾ་ཀ་བསྣམས་པ། སྤྱན་གསུམ་དང་ལྡན་ཞིང་མཆེ་བ་རྣམ་པར་གཙིགས་པ། གཅེར་མོ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་། ལྔ་བཅུའི་དོ་ཤལ་ཅན། མཚམས་བཞིར་ཟླ་གདན་ལ་བདུད་རྩིས་གང་བའི་ཐོད་པ་བཞིའོ། །དེའི་མཐའ་སྐོར་གྱི་འདབ་མ་རྣམས་ལ་རིམ་པ་བཞིན་དུ་འཁོར་ལོ་གསུམ་གྱི་ལྷ་ཚོགས་རྣམས་ཏེ། དེ་ཡང་ཁཎྜ་ཀ་པཱ་ལ་དང་རབ་གཏུམ་མ་ལ་སོགས་པ་ཐུགས་ཀྱི་འཁོར་ལོའི་ལྷ་རྣམས་སྔོན་པོ། མྱུ་གུ་ཅན་དང་ས་སྲུང་མ་ལ་སོགས་པ་གསུང་གི་འཁོར་ལོའི་ལྷ་རྣམས་དམར་པོ། སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ་ལ་སོགས་པ་སྐུའི་འཁོར་ལོའི་ལྷ་རྣམས་དཀར་པོའོ། །དཔའ་བོ་ཉིད་བཞི་པོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་པ་སྤྱན་གསུམ་པ། ཕྱག་དང་པོ་གཉིས་ཀྱིས་རྡོར་དྲིལ་བཟུང་ནས་ཡུམ་ལ་འཁྱུད་པ། འོག་མ་གཉིས་ཀྱིས་ཌ་མ་རུ་དང་ཁ་ཊྭཱཾ་ཀ་འཛིན་པ། དཔའ་བོའི་ཆས་ཀྱིས་བརྒྱན་ཅིང་། གཡས་བརྐྱང་གིས་བཞུགས་པ། དཔའ་མོ་ཉེར་བཞི་པོ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་པ། ཡབ་ལ་འཁྱུད་པའི་ཕྱག་གཉིས་ཀྱིས་གྲི་ཐོད་འཛིན་ཅིང་། དཔའ་མོའི་ཆས་ཀྱིས་བརྒྱན་པའོ། །དེ་དག་གི་ཕྱི་རོལ་དུ་དམ་ཚིག་གི་འཁོར་ལོའི་ལྷ་ཁ་གདོང་མ་ལ་སོགས་པ་སྒོ་མཚམས་མ་བརྒྱད་དེ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཀྱི་གྲི་ཐོད་ཐུགས་ཀར་འཛིན་ཅིང་། འོག་མ་གཉིས་ཀྱིས་ཌ་མ་རུ་དང་ཁ་ཊྭཱཾ་ཀ་བསྣམས་པ། རང་རང་གི་ཕྱོགས་ཀྱི་མདོག་ཅན། དཔའ་མོའི་ཆས་ཀྱིས་བརྒྱན་ཅིང་། རོའི་གདན་ལ་གཡས་བརྐྱང་གིས་བཞུགས་པའོ། །དེ་དག་གི་མཐའ་སྐོར་དུ་ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དཔག་ཏུ་མེད་པ་རྣམས་ཀྱིས་བསྐོར་བ། སྟེང་གི་ཆ་ལ་རྡོ་རྗེ་འཆང་ལ་དངོས་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པའི་ལྷ་རྣམས་ཀྱི་སྤྱི་བོར་ཟླ་བ་ལ་ༀ་དཀར་པོ། །མགྲིན་པར་པདྨ་ལ་ཨཱཿདམར་པོ། །ཐུགས་ཀར་ཉི་མ་ལ་ཧཱུཾཾ་སྔོན་པོ། །རང་ཉིད་ཧེ་རུ་ཀར་གསལ་བའི་ཐུགས་ཀར་པཾ་སེར་པོ་ལས་བྱུང་བའི་སྣ་ཚོགས་པདྨའི་ལྟེ་བར་ཨཾ་ལས་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཡིག་རྡོ་རྗེ་འཛིན་པའི་རང་བཞིན་དབུས་སྔོ་ལ་མཐའ་སྐྱ་བ་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་འོད་ཟེར་གྱིས་རང་གི་སྤྱི་བོ་ནས་རྐང་པའི་བར་དུ་གང་། ཐོག་མ་མེད་པ་ནས་བགྱིས་པའི་སྒོ་གསུམ་གྱི་དྲི་མ་རྣམས་སྦྱངས། ལུས་ཤེལ་གོང་ལྟར་དག་པར་གྱུར་ཏེ། བ་སྤུའི་སྒོ་ནས་ཕྱིར་འཕྲོས་པའི་འོད་ཟེར་གྱིས་འོག་མིན་ནས་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་དང་། འཁོར་ལོ་སྡོམ་པའི་དཀྱིལ་འཁོར་བའི་ལྷ་ཚོགས་དང་། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ལྷ་དང་ལྷ་མོ་དང་ཁྲོ་བོའི་ཚོགས་དབང་ལྷའི་དཀྱིལ་འཁོར་བ་དང་བཅས་པ་ནམ་མཁའི་ཁམས་ཐམས་ཅད་ཏིལ་གྱི་གང་བུ་ལྟར་གང་བ་མདུན་གྱི་ནམ་མཁར་སྤྱན་དྲངས། འོད་ཟེར་རང་གི་སྙིང་ཁར་ཐིམ། ཛཿཧཱུཾ་བཾ་ཧོཿ ཡེ་ཤེས་པ་རྣམས་དམ་ཚིག་པ་སོ་སོ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། དབང་གི་ལྷ་རྣམས་ཀྱིས་བདུད་རྩིའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། ཆུ་ལྷག་མ་ཡར་ལུད་པ་ལས། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། གང་གི་དྲིན་གྱི་བདེ་ཆེན་གནས། །སོགས་ཚིགས་བཅད་གཅིག་གི་མཇུག་ཏུ། ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེའི་དབང་ཕྱུག་དང་། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་དེ་ལ་འདུད། །གནས་དང་ཉེ་བའི་གནས་དང་ཞིང་། །འདུ་དང་དུར་ཁྲོད་གནས་པ་ཡི། །དཔའ་བོ་དཔའ་མོ་དབང་ཕྱུག་མ། །ཀུན་ལ་བདག་ནི་གུས་ཕྱག་འཚལ། །རང་གི་སྙིང་གའི་ཧཱུཾ་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར་པས་བསམས་ལ། ༀ་སརྦ་ཏ་ཐཱ་ག་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ནས། ཤཔྟ་པྲ་ཏཱེཙྪ་ཧཱུཾ་སྭཱ་ཧཱ། ༀ་བཛྲ་ཝཱི་ནི་ཧུཾཾ་ཧཱུཾ་ཕཊ། ༀ་བཛྲ་བཾ་ཤེ་ཧུཾ་ཧཱུཾ་ཕཊ། ༀ་བཛྲ་མྲྀ་ཏཾ་ཧུཾཾ་ཧཱུཾ་ཕཊ། ༀ་བཛྲ་མུ་ར་ཛེ་ཧུཾཾ་ཧཱུཾ་ཕཊ། ༀ་བཛྲ་ཧཱ་སྱ་ཧུཾཾ་ཧཱུཾ་ཕཊ། ༀ་བཛྲ་ལཱ་སྱ་ཧུཾ་ཧཱུཾ་ཕཊ། ༀ་བཛྲ་གཱི་ཏཾ་ཧུཾ་ཧཱུཾ་ཕཊ། ༀ་བཛྲ་ནྲྀ་ཏྱ་ཧུཾ་ཧཱུཾ་ཕཊ། ༀ་བཛྲ་པུཥྤེ་ཧུཾ་ཧཱུཾ་ཕཊ། ༀ་བཛྲ་དྷཱུ་པེ་ཧུཾ་ཧཱུཾ་ཕཊ། ༀ་བཛྲ་དཱི་པེ་ཧུཾ་ཧཱུཾ་ཕཊ། ༀ་བཛྲ་གནྡྷེ་ཧུཾ་ཧཱུཾ་ཕཊ། ༀ་རཱུ་པ་བཛྲཱི་ཧཱུཾ་ཧཱུཾ་ཕཊ། ༀ་རཱ་ས་བཛྲཱི་ཧུཾཾ་ཧཱུཾ་ཕཊ། ༀ་སྤཪྴ་བཛྲཱི་ཧུཾ་ཧཱུཾ་ཕཊ། ༀ་དྷརྨཱ་དྷཱ་ཏུ་བཛྲཱི་ཧཱུཾ་ཧཱུཾ་ཕཊ། ཀྱིས་མཆོད། ༀ་ཧྲཱིཿཧ་ཧ་ཧུཾ་ཧཱུཾ་ཕཊ། ༀ་ཨཱཿཧཱུཾ། གིས་ནང་མཆོད་འབུལ། རང་གི་སྙིང་གའི་ཧཱུཾ་ལས་བྱུང་བའི་སྙིང་པོའི་རྣལ་འབྱོར་མ་བཞི་དང་སྒོ་མཚམས་མ་བརྒྱད་ཀྱིས་ཐོད་པ་ན་གནས་པའི་བདུད་རྩི་ལྔས་མཆོད། ༀ་སརྦ་ཀཱ་མི་ནི་སརྦ་བྷཀྵཾ་ཤོ་དྷ་ཡ་གུ་ཧྱ་བཛྲི་ཎི་སྭཱ་ཧཱ། ༀ་ཨཱཿཧཱུཾ། ཡབ་ཡུམ་གྱི་སྤྱི་བོ་ལ་སོགས་པ་གནས་བཞི་དང་གསང་གནས་བྱིན་གྱིས་བརླབས་པས་དེ་གཉིས་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཞུ་བ། སྤྱི་བོ་ནས་མགྲིན་པར་སླེབས་པ་ན་དགའ་བ། མགྲིན་པ་ནས་སྙིང་གར་སླེབས་པ་ན་མཆོག་དགའ། སྙིང་ག་ནས་ལྟེ་བར་སླེབས་པ་ན་ཁྱད་པར་གྱི་དགའ་བ། ལྟེ་བ་ནས་ནོར་བུའི་རྩེར་སླེབས་པ་ན་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བས། ལྷ་ཐམས་ཅད་ཀྱིས་ཀྱང་ལྷན་ཅིག་སྐྱེས་པའི་དགའ་བ་མྱོང་། བདེ་བ་ཆེན་པོ་དང་དེ་ཁོ་ན་ཉིད་དབྱེར་མི་ཕྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པར་གྱུར། ༀ་བཅོམ་ལྡན་དཔའ་བོའི་དབང་ཕྱུག་ལ་ཕྱག་འཚལ་ཧཱུཾ་ཧཱུཾ་ཕཊ། ༀ་བསྐལ་པ་ཆེན་པོའི་མེ་དང་མཉམ་པའི་འོད་ཧུཾ་ཧཱུཾ་ཕཊ། ༀ་རལ་པའི་ཅོད་པན་མི་བཟད་པ་དང་ལྡན་ཧུཾ་ཧཱུཾ་ཕཊ། ༀ་མཆེ་རྣམ་པར་གཙིགས་པ་འཇིགས་པའི་ཞལ་ཧཱུཾ་ཧཱུཾ་ཕཊ། ༀ་སྟོང་ཕྲག་ཕྱག་ནི་འབར་བའི་འོད་ཟེར་ཅན་ཧུཾ་ཧཱུཾ་ཕཊ། ༀ་དགྲ་སྟ་ཞགས་གདེངས་མདུང་དང་ཁ་ཊྭཱཾ་འཛིན་ཧུཾ་ཧཱུཾ་ཕཊ། ༀ་སྟག་གི་ལྤགས་པའི་ན་བཟའ་འཛིན་པ་ཅན་ཧུཾཾ་ཧཱུཾ་ཕཊ། ༀ་སྐུ་ཆེན་དུད་ཁ་བགེགས་མཐར་མཛད་ལ་འདུད་ཧུཾཾ་ཧཱུཾ་ཕཊ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཞེས་བསྟོད། བགྲོད་དཀའ་སྲིད་པའི་རྒྱ་མཚོ་ལས། །བདག་གིས་འགྲོ་རྣམས་བསྒྲལ་བའི་ཕྱིར། རང་གི་བདག་ཉིད་སྐད་ཅིག་མ། །སངས་རྒྱས་རྣམས་ལ་དབུལ་བར་བགྱི། །ཞེས་པས་བདག་ཉིད་འབུལ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་རྐང་པ་བཞི་ལན་གསུམ་བརྗོད་དེ་བྱང་སེམས་ཀྱི་སྡོམ་པ་དང་། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཞེས་སོགས་ལན་གསུམ་མམ་གཅིག་གིས་སྔགས་སྡོམ་ཡང་འཛིན། དེས་ནས། ཆོས་བདེན་བདག་ཉིད་བསམ་མི་ཁྱབ། །བདག་ལ་དབང་ནི་བསྐུར་བར་མཛོད། །ཅེས་གསོལ་བ་བཏབ་པས། སྒོ་མཚམས་མ་བརྒྱད་ཀྱིས་བགེགས་བསྐྲད། །དཔའ་བོ་རྣམས་ཀྱིས་ཤིས་པ་བརྗོད། དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་བཞི་དང་ཕག་མོ་དང་ལྔས་ཕྱག་གཡོན་པའི་བདུད་རྩིས་གང་བའི་ཐོད་པ་ཅུང་ཟད་ཡོ་བར་བྱས་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུང་ཞིང་སྤྱི་བོ་ནས་དབང་བསྐུར་བས་ལུས་ཐམས་ཅད་གང་། བདེ་བ་ཆེན་པོ་མྱོང་། དྲི་མ་ཐམས་ཅད་དག །ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། དེས་བུམ་པའི་དབང་ཐོབ། སྙིང་པོའི་རྣལ་འབྱོར་མ་བཞི་ཕག་མོ་ལ་ཐིམ། དེ་དང་ཧེ་རུ་ཀ་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་ཞུ་བ་རང་གི་ལྕེ་ལ་བཞག་པ་མྱང་བ་ལས་བདེ་བ་སྐྱེས་པས་གསང་བའི་དབང་ཐོབ། དེ་ནས་ཧེ་རུ་ཀས་ཕག་མོ་གཉིས་པ་ཞིག་ཕྱག་རྒྱར་གནང་བ་རང་གི་ཡུམ་ལ་ཐིམ། དེ་དང་སྙོམས་པར་ཞུགས་པར། རླུང་ཐིམ་པ་ལས་ལྷན་སྐྱེས་ཀྱི་བདེ་བ་མྱོང་བས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཧེ་རུ་ཀས་རིགས་ཀྱི་བུ་ཁྱོད་ཀྱིས་ཕྱག་རྒྱ་དང་སྦྱར་བ་ལ་བརྟེན་ནས་ཐོབ་པའི་སྣང་བ་ཐོབ་པའི་ཡེ་ཤེས་དེ་འོད་གསལ་བར་སྒོམས་ཤིག །འོད་གསལ་དེ་ནི་སྣང་མཆེད་ཐོབ་གསུམ་གྱི་རྣམ་ཤེས་རྣམ་པར་དག་པ་ཤེར་ཕྱིན་གྱི་ངོ་བོ་ཡིན་ལ། དོན་དམ་པའི་བདེན་པ་དེ་ནི་མཐོང་བ་གཞན་གྱི་ཡུལ་ལས་འདས་པ་སྟེ། ཤེས་རབ་དང་ཡེ་ཤེས་ཀྱི་མིག་གིས་ལྟོས་ཤིག །དེ་ལྟར་གཞན་གང་གིས་ཀྱང་རང་བཞིན་དུ་མ་མཐོང་བ་དེ་འོད་གསལ་བ་མཐོང་བ་ཡིན་ནོ། །དེའི་དོན་རྒྱུ་འབྲས་གང་ཡང་མི་སྣང་མོད་ཀྱི། འོན་ཀྱང་ཀུན་རྫོབ་ཏུ་རླུང་སེམས་ཙམ་ལས་གྲུབ་པའི་ལྷ་རྣམས་གཟུགས་བརྙན་ལྟར་གསལ་ལ་རྫོགས་པ། འཇའ་ཚོན་ལྟར་ཁ་དོག་མ་འདྲེས་པར་སོ་སོར་སྣང་བ། ཆུ་ཟླ་ལྟར་སྒྲོ་སྐུར་དང་བྲལ་བར་ལྟོས་ཤིག །དེ་འདྲ་བའི་ཀུན་རྫོབ་དང་དོན་དམ་འོད་གསལ་གཉིས་དབྱེར་མི་ཕྱེད་པར་ཟུང་དུ་འཇུག་པ་ནི། བྱང་ཆུབ་ཀྱི་སེམས་ཆེན་པོ་སྟེ་དབང་བཞི་པའོ། །ཞེས་གསུངས་པར་མོས་ཏེ་དབང་བཞི་ལེན། དེ་ནས། མཐའ་སྐོར་གྱི་རྒྱལ་བ་ཞི་ཁྲོ་ཐམས་ཅད་བཅོམ་ལྡན་འདས་ཡབ་ཡུམ་ལ་ཐིམ། དེ་གཉིས་རང་གི་སྤྱི་བོར་ༀ་བཛྲ་ས་མ་ཛཿ སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་འཁོར་ལོ་སྡོམ་པ་ཡབ་ཡུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །གསོལ་བ་འདེབས་སོ། །བདག་གི་རྒྱུད་ལ་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་སོགས། མདོ་སྔགས་ཀྱི་ལམ་གྱི་རིམ་པ་མཐའ་དག་སྐྱེ་བར་བྱིན་གྱིས་རློབ་ཏུ་གསོལ། ཞེས་ཅི་ནུས་གསོལ་བ་གདབ། མཐར། བཅོམ་ལྡན་འདས་ཡབ་ཡུམ་གྱི་སྐུའི་ཆ་དང་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་བདུད་རྩིའི་རྒྱུན་དཀར་ཆིལ་གྱིས་བབས་པས་ལུས་ཀྱི་ནང་ཐམས་ཅད་གང་ཡབ་ཡུམ་གཉིས་ཀའང་རང་གི་སྤྱི་བོ་ནས་ཞུགས་དབུ་མའི་ལམ་བརྒྱུད་དེ། སྙིང་གར་རྩ་འདབ་བརྒྱད་པའི་དབུས་སུ་མི་བཤིག་པའི་ཐིག་ལེ་དང་ངོ་བོ་དབྱེར་མེད་དུ་བཞུགས་པར་གྱུར་པར་བསམས་ལ་མཉམ་པར་འཇོག །དེ་ནས། གཙོ་འཁོར་ཐམས་ཅད་ཀྱི་བཟླས་པ་སྒྲུབ་ཐབས་བཞིན་བྱ་བའམ། བསྡུ་ན། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་ཤཾ་བ་རཾ་སྭཱ་ཧཱ། ཞེས་ཡབ་ཀྱི་སྙིང་པོ་དང་། ༀ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཉེ་སྙིང་། ༀ་བཛྲ་བཻ་རོ་ཙ་ནཱ་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཡུམ་གྱི་སྙིང་པོ་དང་། ༀ་བཛྲ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝཪྞྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཉེ་སྙིང་སྟེ་བཞི་བཟླ། ཡང་ན། སྙིང་པོ་གཉིས་ཙམ་མམ། ལྷ་དྲུག་ཅུའི་སྔགས་ཤིན་ཏུ་བསྡུས་པ་བྱེད་ན། ༀ་རྀཾ་རཱྀཾ། ལྀཾ་ལཱྀཾ། ཀཾ་ཁཾ་གཾ་གྷཾ་ངཾ་ཙཾ་ཚཾ་ཛཾ་ཛྷཾ་ཉཾ་ཊཾ་ཌཾ་ཌྷཾ་ཎཾ་ཏཾ་དྷཾ་ནཾ་པཾ་ཕཾ་བཾ་བྷཾ་ཡཾ་རཾ་ལཾ་ཝཾ་ཤཾ་ཥཾ་སཾ་ཧཾ་ཧུཾ་ཧཱུཾ་ཕཊ། ཅེས་བཟླས་ཆོག་པར་རྗེ་ཉིད་ཀྱིས་བཤད་པས་དེ་ལྟར་བྱའོ། །མཇུག་ཏུ། སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་དཔར་ལྡན། །ཧེ་རུ་ཀ་དཔལ་དེ་དང་ལྷན་ཅིག་གར་བྱེད་ཤོག །དགེ་བ་འདི་ཡིས་མྱུར་དུ་བདག ཧེ་རུ་ཀ་དཔལ་འགྲུབ་གྱུར་ནས། །ཞེས་སོགས་ཀྱིས་བསྔོ་སྨོན་བྱ། ཐུན་དུ་བཅད་ནས་བསྒོམ་པའི་ཚེ། གཏོར་མ་སྒྲུབ་ཐབས་བཞིན་འབུལ་བར་བྱའོ། །སྒྲུབ་ཐབས་རྒྱས་པ་མ་ལྕོགས་པའི་ཚེ་དེའི་དོད་དུའང་འདི་བཞིན་བྱས་ན་ཤིན་ཏུ་ལེགས་པ་ཡིན་ནོ། །གསུམ་པ་འཇིགས་བྱེད་ཀྱི་བླ་མའི་རྣལ་འབྱོར་ནི། སྐུ་དང་མཆོད་པ་སོགས་ཡོད་ན་སྟ་གོན་བྱས་ཏེ། སྐྱབས་སེམས་ཚད་མེད་བཞི་སྔོན་དུ་བཏང་ནས། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད། ནས། ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར་པར་བསམས་མཆོད་པ་བཅུ་གསུམ་མ་ལྟར་བྱིན་གྱིས་བརླབ་པའམ། བསྡུ་ན། ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ལན་གསུམ། དེ་ནས། རང་གི་མདུན་གྱི་ནམ་མཁར་པཾ་ལས་སྣ་ཚོགས་པདྨའི་ལྟེ་བར་ཟླ་བ་དང་ཉི་མའི་གདན་ལ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གྱིས་མཚན་པ། དེ་ལས་འོད་འཕྲོས། འདུས་ཡོངས་སུ་གྱུར་པ་ལས་རྩ་བའི་བླ་མ་དང་ངོ་བོ་དབྱེར་མི་ཕྱེད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་དགུ། ཕྱག་སོ་བཞི། ཞབས་བཅུ་དྲུག་པ་གཡས་བསྐུམ་ཞིང་གཡོན་བརྐྱང་པའི་སྟབས་ཀྱིས། ཞེས་སོགས་སྒྲུབ་ཐབས་བཞིན་སེམས་དཔའ་སུམ་བརྩེགས་ཡུམ་བཅས་བསྐྱེད་པའམ། བསྡུ་ན། གཡོན་བརྐྱང་པའི་སྟབས་ཀྱི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ་ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར། དེའི་ཐུགས་ཀར་ཟླ་གདན་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཉི་གདན་ལ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་སྟེ། སེམས་དཔའ་གསུམ་གྱི་བདག་ཉིད་ཅན་ནོ། །དེའི་མཐའ་བསྐོར་དུ་བླ་མ་ཡིད་དམ་མཆོག་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས་བསྐོར་ནས་བཞུགས་པའི་སྤྱི་བོར་འཇིགས་བྱེད་དཀར་པོ། །མགྲིན་པར་འཇིགས་བྱེད་དམར་པོ། །ཐུགས་ཀར་འཇིགས་བྱེད་སྔོན་པོ། །ལྟེ་བར་འཇིགས་བྱེད་སེར་པོ། །གསང་གནས་སུ་འཇིགས་བྱེད་ལྗང་ཁུ་རྣམས་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་ཐོད་བཟུང་ནས་ཡུམ་ལ་འཁྱུད་པ། མ་ཧེའི་གདོང་པ་ཅན། པད་ཉིའི་གདན་ལ་གཡོན་བརྐྱང་གིས་བཞུགས་པའོ། །དེ་རྣམས་ཀྱི་སྤྱི་བོར་ༀ་དཀར་པོ། །མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུཾ་སྔོན་པོ། །ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་རྩ་བའི་བླ་མ་དང་དཔལ་རྡོ་རྗེ་འཇིགས་བྱེད་རིགས་ལྔ་ལ་བརྒྱུད་པའི་བླ་མ་རྣམས་དང་། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཞི་ཁྲོ་རབ་འབྱམས་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས། ༀ་ཧྲཱིཿབྷོ་སེམས་ཀྱི་མཐར། ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཁྱེད་རྣམས་ཀྱིས་མངོན་པར་དབང་བསྐུར་ཏུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་སྤྲོས་པའི་ལྷ་མོ་རྣམས་ཀྱི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ༀ་སརྦ་ནས། ཧཱུཾ། ཞེས་དབང་བསྐུར། ནས། མི་བསྐྱོད་པས་དབུ་བརྒྱན་པར་གྱུར་པར་བསལ། གང་གི་དྲིན་གྱིས་བདེ་ཆེན་གནས། །ཞེས་སོགས་དང་། གཟུགས་མཆོག་མཆོག་ཏུ་སོགས་དང་། སངས་རྒྱས་ཀུན་གྱི་དངོས་པོ་སོགས་དང་། ཕྱག་བྱར་འོས་པ་སོགས་ཅི་རིགས་ཀྱིས་ཕྱག་འཚལ། དེ་ནས་མཆོད་པ་རྣམས་ཚིགས་བཅད་སྔགས་དང་བཅས་པས་སམ། བསྡུ་ན། རང་གི་སྙིང་གའི་ཧཱུཾ་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར་པར་བསམས་ལ། ༀ་ཡ་མཱནྟ་ཀ་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏིཙྪ་ཧཱུཾ་སྭཱ་ཧཱ། ནས། སྤཪྴའི་བར་དང་། ཙཀྲ་རཏྣ་ནས། ཁངྒ་རཏྣའི་བར་དང་། བདག་གཞན་ལུས་ངག་སོགས་ཀྱིས་མཎྜལ་དང་ནང་མཆོད་ཀྱང་འབུལ་ཞིང་། དེ་ནས་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པས་ལྷན་སྐྱེས་ཀྱི་བདེ་བས་སྟོང་པ་ངེས་པའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་སྐྱེས་པས་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པར་གྱུར་ཅེས་བརྗོད་ཅིང་བསམ། སླར་ཡང་། ཕྱོགས་བཅུའི་རབ་འབྱམས་ཞིང་ན་མཆིས་པ་ཡི། །ཇི་སྙེད་ཕྱི་ནང་གསང་བའི་མཆོད་ཚོགས་འབུལ། །ཐོག་མེད་དུས་ནས་མ་རིག་དབང་གྱུར་པའི། །སྒོ་གསུམ་ཉེས་པའི་ཚོགས་རྣམས་སོ་སོར་བཤགས། །འཁོར་འདས་ཀུན་གྱི་རྣམ་དཀར་དགེ་བའི་ཚོགས། །ཇི་སྙེད་མཆིས་པ་ཀུན་ལ་རྗེས་ཡི་རང་། །སླུ་མེད་སྐྱབས་ཀྱི་དམ་པ་ཁྱེད་རྣམས་ལ། །ཟབ་དང་རྒྱ་ཆེའི་ཆོས་འཁོར་བསྐོར་བར་བསྐུལ། །ཐུགས་རྗེ་ཆེ་ལྡན་བླ་མ་ལྷ་ཚོགས་རྣམས། །བསྐལ་བརྒྱར་འགྲོ་བའི་དོན་དུ་བཞུགས་སུ་གསོལ། །འདི་ལྟར་བགྱིས་པའི་དགེ་ཚོགས་ཅི་མཆིས་པ། །འགྲོ་བའི་དོན་དུ་བྱང་ཆུབ་ཐོབ་ཕྱིར་བསྔོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །ཞེས་སོགས་ཀྱི་རྐང་པ་བཞིས་བྱང་སྡོམ་ལེན་ཅིང་། སྤྲོ་ན། རིགས་ལྔའི་སྡོམ་བཟུང་ཀྱང་བྱའོ། །དེ་ནས། མཐའ་སྐོར་གྱི་རྒྱལ་བ་ཞི་ཁྲོ་ཐམས་ཅད་གཙོ་བོ་ལ་ཐིམ་པས་སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་དུ་གྱུར་པར་མོས་ལ། བླ་མ་ཀུན་འདུས་ཀྱི་ངོ་བོ་བླ་མ་རྡོ་རྗེ་འཇིགས་བྱེད་ལ་གསོལ་བ་འདེབས་སོ། །དེ་བཞིན་དུ། ཡི་དམ༴ སངས་རྒྱས༴ དམ་ཆོས༴ དགེ་འདུན༴ མཁའ་འགྲོ༴ ཆོས་སྐྱོང་༴ སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་རྡོ་རྗེ་འཇིགས་བྱེད་ལ་གསོལ་བ་འདེབས་སོ། །ཐུགས་རྗེས་གཟུང་ཏུ་གསོལ། བྱིན་གྱིས་རློབ་ཏུ་གསོལ། ཅེས་ཅི་ནུས་སམ། བསྡུ་ན། ཕྱི་མ་ཙམ་ཞིག་གིས་བྱ། ཞེས་གསོལ་བ་བཏབ་པས་བླ་མའི་སྐུའི་ཆ་ལས་འོད་དང་བདུད་རྩིའི་རྒྱུད་དཔག་ཏུ་མེད་པ་བྱུང་སྟེ་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ནད་གདོན་དང་བཅས་པ་ཐམས་ཅད་སྦྱང་། ཚེ་དང་བསོད་ནམས་དང་ལུང་རྟོགས་ཀྱི་ཡོན་ཏན་རྣམས་རྒྱས་པར་བྱས། བླ་མ་ལྷའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མཐའ་དག་རྒྱུད་ལ་ཞུགས་པས་མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་སྒྲུབ་པའི་སྐལ་བ་ཅན་དུ་གྱུར་པར་བསམ། དེ་ནས། བླ་མ་རྒྱལ་བ་ཀུན་འདུས་ཀྱིས། །བདག་ལ་དབང་བཞི་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབ་པས། བླ་མའི་ཐུགས་ཀ་ནས་སྤྲོས་པའི་དབང་གི་ལྷ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ༀ་སརྦ་ནས། ཧཱུཾ་ཞེས་གསུང་ཞིང་སྤྱི་བོ་ནས་དབང་བསྐུར་བས་ལུས་ཀྱི་ནང་ཐམས་ཅད་གང་བས་དེའི་སྒྲིབ་པ་སྦྱངས། བུམ་པའི་དབང་ཐོབ། བསྐྱེད་རིམ་བསྒོམ་པ་ལ་དབང་བར་བྱས། སྤྲུལ་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག །བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་བྱུང་བ། རང་གི་ལྕེ་ལ་མྱང་བས་ངག་གི་སྒྲིབ་པ་དག །གསང་བའི་དབང་ཐོབ། སྒྱུ་ལུས་བསྒོམ་པ་ལ་དབང་བར་བྱས། ལོངས་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག །བླ་མ་དང་གཙོ་བོ་ཐ་མི་དད་པའི་ཡུམ་ལས་ཡུམ་གཉིས་པ་ཞིག་ཆད་ནས་རང་གི་ཡུམ་ལ་ཐིམ། དེ་དང་མཉམ་པར་སྦྱར་བས་དགའ་བ་གསུམ་དང་། ཁྱད་པར་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་། བདེ་བས་སྟོང་པ་ངེས་པའི་བདེ་སྟོང་དབྱེར་མེད་དུ་སྦྱར་བས་ཡིད་ཀྱི་སྒྲིབ་པ་སྦྱངས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། དོན་དམ་འོད་གསལ་བསྒོམ་པ་ལ་དབང་བར་བྱས། ཆོས་ཀྱི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག །བླ་མ་ཡབ་ཡུམ་ལས་རང་འདྲ་གཉིས་པ་ཞིག་ཆད་ནས་རང་ལ་ཐིམ་པས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས། དབང་བཞི་པ་ཐོབ། ཟུང་འཇུག་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་རྡོ་རྗེ་འཆང་གི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་གོ །དེ་ནས། བླ་མ་ཡབ་ཡུམ་རང་གི་སྤྱི་བོར་བྱོན་པར་གྱུར་པར་བསམས་ལ། སླར་ཡང་། སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་བླ་མ་རྡོ་རྗེ་འཇིགས་བྱེད་ཆེན་པོ་གསོལ་བ་འདེབས་སོ། །བདག་ལ་བྱིན་གྱིས་རློབ་ཏུ་གསོལ། ཞེས་ལན་བདུན་ནས་ཉེར་གཅིག་སོགས་བྱ། གསོལ་བ་བཏབ་པས་བླ་མ་ཡབ་ཡུམ་རང་གི་སྤྱི་བོའི་ཚངས་བུག་ནས་སྙིང་ཀར་ཞུགས་པས། རང་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ་ཡུམ་དང་བཅས་པའི་སྐུར་གསལ་བར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་ལ་འཕོགས་པས། དེ་དག་གི་སྐྱོན་ཐམས་ཅད་སྦྱངས། སྣོད་ཐམས་ཅད་གཞལ་ཡས་ཁང་དང་། བཅུད་ཐམས་ཅད་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་གྱུར་པར་བསམས་ལ། སྔགས་གསུམ་ཅི་འགྲུབ་བཟླའོ། མཐར་ཡིག་བརྒྱ་བརྗོད་དོ། སྐྱེ་བ་ཀུན་དུའམ། དགེ་བ་འདི་ཡིས་མྱུར་དུ་བདག །འཇམ་དཔལ་ཞི་ཁྲོ་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་བྱའོ། །དེ་ལྟར་ཐུན་བཞི་འམ། གསུམ་མམ། གཉིས་སམ། གཅིག་ཏུ་ཉམས་སུ་བླངས་ན་ནི་ཕན་ཡོན་དཔག་ཏུ་མེད་པ་འབྱུང་ངོ་ཞེས་རྒྱལ་པ་དབེན་ས་པས་བཤད་དོ། །འདི་དག་གང་ཉམས་སུ་ལེན་ཡང་དབང་ཐོབ་པ་སྔོན་དུ་འགྲོ་དགོས་ལ། དེ་ཐོབ་ནས་གསང་བདེ་འཇིགས་གསུམ་ལྟ་བུའི་བླ་མེད་ཀྱི་བསྐྱེད་རྫོགས་གཉིས་ཀའམ། གང་རུང་རྒྱས་པར་ཉམས་ལེན་དུ་བྱེད་བཞིན་པ་ཡིན་ན་ཤིན་ཏུ་ལེགས་མོད། དེ་དག་རྒྱས་པར་མ་ལྕོགས་པའི་ཚེ་འདི་བཞིན་བྱས་ནའང་ལེགས་པ་ཡིན་ནོ། །དེས་ན་བློ་གྲོས་ཅན་སྐལ་བ་དང་ལྡན་པས་སུ་དག་བླ་མེད་ཀྱི་ལམ་དུ་ཞུགས་ནས་འདི་ལྟ་བུའི་ཉམས་ལེན་གྱི་ཕྱོགས་རེ་ཙམ་མེད་ན། ཕྱིས་སངས་རྒྱས་དང་འདྲ་བའི་ལམ་བཟང་པོ་དང་འཕྲད་པའི་སྐལ་བ་དང་བྲལ་བར་འགྱུར་བས། འདི་ལྟ་བུའི་ཉམས་ལེན་གྱི་ཕྱོགས་ལ་ཅི་ནུས་སུ་འབད་པར་བྱ་ཞིང་། དམ་པ་དོན་མེད་པར་མི་བྱའོ། །དེ་ལྟ་ན་འང་ཤིན་ཏུ་སྙིགས་མ་ལྔ་བདོ་བའི་དུས་འདིར་ནི། ལམ་གྱི་རྟོགས་པ་མཆོག་རྣམས་རང་ཅག་ལྟ་བུའི་རྒྱུད་ལ་སྐྱེ་དཀའ་ཡང་། ཕྱོགས་མཐུན་གྱི་བག་ཆགས་བཟང་པོའི་འཇོག་པར་གནད་ཆེ་ལ། དེ་ཡང་། གསང་བདེ་སོགས་བསྐྱེད་རྫོགས་ཉིད་འགངས་ཆེ་བ་ཙམ་གྱིས་མི་ཆོག་གི །རང་གི་བློ་ཚོད་དང་བསྟུན་ནས་རྒྱུད་ཐོག་ཏུ་ཁེལ་བར་བྱེད་ནུས་མི་ནུས་ལ་ཐུག་པས། རང་གི་བློ་དང་མི་འཚམས་པའི་ཆོ་ག་རྒྱས་པ་ཙམ་ལ་ནི་དགའ་བར་མི་བྱ་བར་བཤད་དོ། །སྨྲས་པ། རྒྱུད་ཀྱི་མཐར་ཐུག་གསང་བདེ་འཇིགས་གསུམ་གྱི། །བརྗོད་བྱ་མཐར་ཐུག་རིམ་གཉིས་ཉམས་ལེན་ཏེ། །སྙིང་པོ་མཐར་ཐུག་བླ་མའི་རྣལ་འབྱོར་ཉིད། །མན་ངག་མཐར་ཐུག་ཡིན་ནམ་སྙམ་ནས་བྲིས། །ཞེས་པ་འདིའང་། ཤཱཀྱའི་དགེ་སློང་རབ་འབྱམས་སྨྲ་བ་གྲགས་པ་བཤད་སྒྲུབ་ཀྱིས། པཎ་ཆེན་གོང་མ་སོགས་དམ་པ་སྔ་མའི་མན་ངག་ལ་བརྟེན་ནས་གཞན་ལ་ཕན་པར་གྱུར་ན་ཅི་མ་རུང་སྙམ་པའི་བདུན་པ་ཁོ་ནས་སྦྱར་བ་སྟེ། འདིས་ཀྱང་རྗེ་བླ་མའི་བསྟན་པ་ལ་ཕན་ཐོགས་པར་གྱུར་ཅིག །བཀྲ་ཤིས།། །།

བསྙེན་ཡིག་རིན་ཆེན་ཕྲེང་མཛེས།

བསྙེན་ཡིག་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ་བཞུགས།

མ་ལུས་རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས། །གཏུམ་དྲག་ཁྲོས་པའི་གར་མཛད་གཤིན་རྗེ་གཤེད། །ཞི་ཁྲོ་མི་ཡི་རྣམ་རོལ་ཙོང་ཁ་པ། །རྣམ་གསུམ་དབྱེར་མེད་བླ་མར་གུས་ཕྱག་འཚལ། །འདིར་ཡི་དམ་གྱི་ལྷ་དག་གི་བསྙེན་སྒྲུབ་བྱེད་ཚུལ་ཡན་ལག་དང་བཅས་འཆད་པ་ལ་གསུམ། སྤྱིའི་དབང་དུ་བྱས་པ་དང་། འཇིགས་བྱེད་ཀྱི་བསྙེན་པ་བྱེད་ཚུལ་བྱེ་བྲག་ཏུ་བཤད་པ་དང་། འཕྲོས་དོན་ནོ། །དང་པོ་ནི། སྤྱིར་བསྙེན་པ་དེ་ལ་གཉིས་ཡོད་དེ། ཐུན་མོང་དང་མཆོག་གི་བསྙེན་པ་གཉིས་ཡོད་པའི་ཕྱིར་ཏེ། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། ཐུན་མོང་མཆོག་གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་སུ་འདོད། །ཅེས་གསུངས་པ་ལྟར་རོ། །དེ་ཡང་བླ་མེད་ལྟར་ན་བསྐྱེད་རྫོགས་གཉིས་བསྒོམ་པའི་རྣལ་འབྱོར་དང་། རྒྱུད་སྡེ་འོག་མ་གསུམ་ལྟར་ན་མཚན་བཅས་དང་མཚན་མེད་ཀྱི་ལྷའི་རྣལ་འབྱོར་ཐམས་ཅད་ལ་བསྙེན་པ་ཞེས་བྱའོ། །གཞན་ཡང་བསྙེན་པ་ལ་ལྷའི་དཀྱིལ་འཁོར་བསྒོམ་པ་དང་། དེའི་སྔགས་བཟླ་བ་གཉིས་ཡོད་པ་ལས། སྔ་མ་ནི་གཙོ་བོ་ཡིན་ཏེ། སྔགས་རིམ་ཆེན་མོ་ལས། ལྷའི་ང་རྒྱལ་དང་གསལ་སྣང་སྒྲུབ་པ་ནི་བསྙེན་པའི་གཙོ་བོ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་རོ། །འོན་ཀྱང་ངག་བཟླས་ལ་བསྙེན་པའི་མིང་བཏགས་པ་ནི། སྤྱི་མིང་བྱེ་བྲག་ལ་འཇུག་པའི་དབང་དུ་བྱས་པའོ། །ཅིའི་ཕྱིར་བསྙེན་པ་ཞེས་བྱ་ཞེ་ན། རང་གི་ཐོབ་བྱའམ་བསྒྲུབ་བྱའི་ལྷ་དེ་དང་ཁད་ཉེ་བར་བྱེད་བས་ན་དེ་སྐད་ཅེས་བྱའོ། །སྤྱིར་སྔགས་ཀྱི་ཐེག་པའི་འཇུག་སྒོ་ནི་དབང་བསྐུར་མཚན་ཉིད་པ་ཐོབ་པ་ནས་ཡིན་ལ། དེ་ཐོབ་ནས་དཀྱིལ་འཁོར་གྱི་ལྷའི་བསྙེན་པ་བྱེད་པ་སྔོན་དུ་འགྲོ་དགོས་ཏེ། དེ་སྔོན་དུ་མ་སོང་བར་དབང་བསྐུར་བ་རབ་གནས་སྦྱིན་བསྲེག་སོགས་བྱར་མི་རུང་ཞིང་ཞི་སོགས་ཀྱི་ལས་ཀྱང་འགྲུབ་པར་དཀའ་བའི་ཕྱིར་ཏེ། སྔགས་རིམ་ལས། བསྙེན་པ་སྔོན་དུ་མ་སོང་བར་དབང་ལ་སོགས་པ་ལ་འཇུག་པ་ནི་རང་གིས་རང་ལ་གནོན་པ་བྱེད་པ་ཡིན་ཏེ། ཞེས་དང་། ཕྲེང་བ་ལས་ཀྱང་། བསྙེན་པ་མེད་ལ་དངོས་གྲུབ་མེད། །ཅེས་གསུངས་པའི་ཕྱིར་རོ། །ངག་བཟླས་པ་ཕྲེང་བ་དགོས་པས་དེའི་ཁྱད་པར་ནི། སཾ་བྷུ་ཊི་ལས། ཞི་བ་ལ། ས་དང་མུ་ཏིག་དང་རུས་པ་དང་རྡོ་དང་ནོར་བུ་སོགས་དང་། རྒྱས་པ་ལ། གསེར་དང་དངུལ་དང་ཟངས་དང་བྱི་རུ་དང་ཙནྡན་དང་པདྨའི་ས་བོན་སོགས་དང་། དབང་ལ། གུར་གུམ་ལ་སོགས་པའི་དྲི་བཟང་ལས་བྱས་པ་དང་། དྲག་པོ་ལ། རཀྴ་དང་ལུང་ཐང་དང་། མི་རུས་སོགས་ལས་བྱ་བར་བཤད་ལ། ལས་ཐམས་ཅད་ལ་ཐུན་མོང་དུ་ཤིས་པ་ནི་བོ་དེ་ཙེ་ཡིན་ཏེ་དེ་ཉིད་ལས། ཞི་རྒྱས་དབང་དང་མངོན་སྤྱོད་ལ། །བོ་དེ་ཙེ་ནི་ལས་ཀུན་བྱེད། །ཅེས་གསུངས་པའི་ཕྱིར་རོ། །གྲངས་ནི། སྤྱིར་ཁ་སྦྱོར་ལས། སྔགས་ཀྱི་སྒྲུབ་པ་ལྔ་བཅུ་སྟེ། དབང་ལ་དེ་ཡི་ཕྱེད་ཉིད་དོ། །བརྒྱ་ཕྲག་གཅིག་ནི་ཞི་བ་ལ། །དེ་བཞིན་རྒྱས་ལ་ལྷག་པ་བརྒྱད། །མངོན་སྤྱོད་ལ་ནི་བཅུ་དྲུག་ཉིད། །ཞེས་གསུངས་པ་ལྟར་ཡིན་ལ། དམིགས་བསལ་ངེས་པ་མེད་དོ། །གཞན་ཡང་སྔགས་རིམ་ལས། ཕྲེང་སྐུད་དང་། ཕྲེང་བ་རབ་གནས་རྒྱས་པར་བྱ་ཚུལ་ཡང་བཤད་ལ། བླ་མེད་ཀྱི་སྐབས་སུ་རབ་གནས་བསྡུས་པ་ནི། རང་རང་གི་གསུང་རྡོ་རྗེར་བསྐྱེད་པར་བཤད་དོ། །ནོར་བུ་རྒྱས་པའི་གཞལ་མེད་ཁང་ནས་འབྱུང་བའི། ༀ་རུ་ཙི་ར་མ་ཎི་པྲ་ཝརྟ་ཡེ་ཧཱུཾ་ཞེས་པ་འདི་ནང་པར་ལན་བདུན་བཟླས་ཏེ་ཕྲེང་བ་ལ་བཏབ་ན་འགྱུར་ཤིན་ཏུ་ཆེ་བར་བཤད་པས། སྤྱིར་སྔགས་གང་བཟླ་བའི་ཐོག་མར་དེ་བཞིན་བྱས་ན་ལེགས་ལ། ཁ་སྦྱོར་སོགས་ལས་ༀ་པ་དེ་པ་དེ་མ་ཧཱ་ཛྙཱ་ནཾ་སརྦ་བུདྡྷ་མ་ཧཱ་བྷ་བེ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨཱཿཁ་སྭཱ་ཧཱ། ཞེས་བཟླས་ནས་ཕྲེང་བ་བྱིན་བརླབ་བྱ་བའི་ཚུལ་ཡང་བཤད་དོ། །འདྲེན་ཚུལ་ནི། རྡོ་རྗེ་མཁའ་འགྲོ་ལས། ཞི་བ་ལ་ནི་མཛུབ་མོར་བཞག །རྒྱས་ལ་གུང་མོར་དགལ་བར་བྱ། །ཅེས་སོགས་འབྱུང་བ་ལྟར་ཡིན་ནའང་། ལག་ལེན་ལ་ཁྱད་པར་དེ་ལྟར་བྱེད་པའི་སྲོལ་ཆེར་མི་སྣང་ངོ་། །བཟླས་པའི་སྔོན་དུ་མངོན་རྟོགས་རྒྱས་བསྡུས་ཇི་ལྟར་བྱེད་པ་ནི། སྔགས་རིམ་ནས་འབྱུང་བ་བཞིན་བཀོད་ན། དེ་ཉིད་ལས། དེ་ལ་ཐུན་བཞིར་བྱ་བར། ཀྱཻ་རྡོར་དང་མངོན་བརྗོད་བླ་མ་སོགས་ཀྱི་རྒྱུད་མང་པོ་དང་མདོ་བསྲེ་སོགས་ཀྱི་བསྟན་བཅོས་མང་པོ་ལས་གསུངས་ལ། ཐུན་བཞི་ནི་ཛ་ལན་དྷ་རི་པས། ཐུན་བཞིར་བྱིན་གྱིས་བརླབས་པའི་རིམ་པ་ཞེས་བྱ་བ་ནི། ཐོ་རངས་དང་ཉི་མ་གུང་དང་ཕྱི་དྲོ་དང་མཚན་མོ་སྟེ་བསྒོམ་པའི་རིམ་པའོ། །ཞེས་བཤད་པ་ལྟར་སྨན་ཞབས་ཀྱིས་ཀྱང་བཤད་པས་ཐུན་བཞིའི་བྱེད་ཚུལ་དེ་ལྟར་རོ། །ཐུན་དང་པོ་ཐོ་རངས་ཀྱི་ཐུན་ལ་སྔར་བཤད་པ་ལྟར་བྱས་ནས་ཐུན་གཞན་གསུམ་ལ་རྒྱས་བསྡུས་ཁྱད་པར་མེད་པར་བྱ་བའམ་མི་བྱ་སྙམ་ན། ལྭ་བ་པས། ཐུན་དང་པོ་ལ་ཆོ་ག་ཐམས་ཅད་སྤྱད་ནས་གུང་དང་ཕྱི་དྲོའི་ཐུན་མཚམས་ལ་རང་ཉིད་འོད་དུ་གྱུར་པ་ཧཱུཾ་དུ་གྱུར་ཏེ་དེ་ཡོངས་སུ་གྱུར་པ་ལ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་བར་དམིགས་ནས་དབང་བསྐུར་བ་ཕྱིན་ཆད་ཚང་བར་དང་ཐུན་ཐ་མ་ལ་ཆོ་ག་ཐམས་ཅད་བྱེད་དེ་དྲིལ་བུ་བས་ཀྱང་དེ་བཞིན་དུ་བཤད་དོ། །མུ་ཏིག་ཕྲེང་བ་ལས། ཐུན་གཞན་ལ་རང་ཉིད་བདག་མེད་མར་བསྒོམ་ནས་སྙིང་ཁའི་ས་བོན་ལས་འཁོར་གྱི་ལྷ་མོ་བཅུ་བཞི་ཕྱུང་སྟེ་གནས་སུ་བཀོད་ནས་རྣམ་དག་དང་སྐུ་གསུང་ཐུགས་བྱིན་བརླབ་དང་དབང་བསྐུར་བ་མན་ཆད་རྣམས་རྫོགས་པར་བྱེད་པར་བཤད་པ་བཞིན་དུ་ནག་པོ་སྤྱོད་པ་དང་དམ་ཚིག་རྡོ་རྗེས་ཀྱང་ཀུན་གཞན་ལ་སྙིང་ཁའི་ས་བོན་ལས་འཁོར་ལོ་སྤྲོས་ཏེ་འགོད་པ་དང་ཡེ་ཤེས་ལ་གཞུག་པ་དང་དབང་བསྐུར་བ་མན་ཆད་རྫོགས་པར་བྱེད་པར་བཤད་དེ། དེ་དག་གི་བཞེད་པས་གཞལ་ཡས་ཁང་མ་བསྡུས་པར་ཡོད་པས་དེའི་སྐྱེད་ཆོག་དང་སྲུང་འཁོར་དང་ཚོགས་གསོག་བཞག་ནས་དང་པོ་སྦྱོར་བ་དྲན་རྫོགས་བྱས་ཏེ་དཀྱིལ་འཁོར་རྒྱལ་མཆོག་ཐུགས་ཀ་ནས་སྤྲོ་བ་ཙམ་བྱས་པའི་ལུགས་སོ། །ཕྱེད་བཅས་བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པ་ལས་ཀྱང་། ཀུན་མཚམས་སུ་ཡང་ཞེས་བྱ་བ་ནི་ཉི་མ་གུང་དང་ཉི་མའི་མཐའ་དང་མཚན་ཕྱེད་ལ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཡུད་ཙམ་གྱིས་མངོན་དུ་བྱས་ལ། མཆོད་པ་དང་བསྟོད་པ་ལ་སོགས་པ་ཡང་སྔ་མ་བཞིན་བྱས་ནས་གཉིད་ལྡོག་པའི་དུས་སུ་ཉལ་བར་བྱའོ། །ཞེས་གསང་འདུས་ལ་ཡང་དེ་ལྟར་བྱ་བར་གསུངས་ཏེ་སྔ་མ་དང་འདྲའོ། །སྙེ་མ་བཅུ་གཉིས་པ་ལ། །འབྲེལ་བས་ནི་ཐུན་གཞན་གྱི་ཆོ་ག་རྗེས་སུ་བསྒྲུབ་བོ། །སྐབས་ཡོད་ན་ནི་མཐའ་དག་བསྒྲུབ་བོ། །ཞེས་ཐུན་དང་པོ་ལ་དལ་ན་ཆོ་ག་ཐམས་ཅད་དང་། བྲེལ་ན་ཐུན་གཞན་གྱི་ཆོ་ག་སྟེ་ཆོ་ག་བསྡུས་པ་བྱ་བར་བཤད་ལ། སྨན་ཞབས་ཀྱིས་བྲེལ་ན་ཐུན་དང་པོ་ལ་ཚང་བར་བསྒོམས་ནས་ཐུན་གཞན་ལ་རང་གི་གདན་ལ་ལྷའི་ང་རྒྱལ་གྱིས་གནས་ཏེ་ཡི་གེ་གསུམ་གྱིས་དཀྱིལ་འཁོར་གྱི་ལྷ་སྤྲོས་ནས་དབང་བསྐུར་མཆོད་བསྟོད་བདུད་རྩི་མྱང་བ་བྱ་ཞིང་། ཕྲ་ཐིག་གང་རུང་ལ་གནས་ནས་བཟླས་པ་བྱས་ཏེ་བསྡུས་ནས་སྔ་མ་ལྟར་བྱ་བར་གསུངས་ཏེ། དམ་ཚིག་རྡོ་རྗེས་བཤད་པ་ལྟར་ཡེ་ཤེས་པ་གཞུག་དགོས་པ་འདྲའོ། །དེ་ལྟར་ན་ཐུན་ཐོག་མཐའ་གཉིས་རྒྱས་ལ་བར་པ་བསྡུས་པའི་ལུགས་གཅིག་དང་། དང་པོ་རྒྱས་ལ་གཞན་གསུམ་བསྡུས་པ་ནི་དལ་བྲེལ་གྱིས་མིན་གྱི། རྒྱུན་པའི་བྱེད་ལུགས་སོ། །བྲེལ་བས་ཀྱང་དང་པོ་རྒྱས་པ་དང་མཐའ་མ་གསུམ་བསྡུས་ཏེ་བྱེད་པ་དང་། ཐུན་དང་པོ་ལ་ཡང་དལ་བྲེལ་གཉིས་ཀྱི་དབང་གིས་རྒྱས་བསྡུས་གཉིས་བྱེད་ལ་གཞན་གསུམ་བསྡུས་ཏེ་བྱེད་པ་མན་སྙེའི་ལུགས་རྣམས་ལས་གང་རུང་བྱས་ལ། ཞེས་གསུངས་ཤིང་། དེའི་དོན་ནི་མཁས་གྲུབ་རིན་པོ་ཆེའི་གསུང་འབུམ་ཐོར་བུ་ལས་ཀྱང་། རྒྱས་བསྡུས་བྱ་ཚུལ་དེ་ལྟར་དུ་བཤད་པ་དང་། མཁས་མཆོག་ངག་དབང་བརྩོན་འགྲུས་ཀྱིས། འཇིགས་བྱེད་ཀྱི་བསྐྱེད་རིམ་གྱི་འཁྲིད་ཡིག་ལས་ཀྱང་། ཐུན་རེ་རེའི་ནང་དུ་ལོང་སྐབས་ཡོད་ན་སྒྲུབ་ཐབས་རྒྱས་པ་བསྒོམས་པ་གྲུབ་ཆེན་ཛཱ་ལན་དྷ་རི་བས་བཤད་པ་ལྟར་རམ། ཡང་ཐུན་ཐོག་མཐའ་གཉིས་རྒྱས་ལ་བར་པ་བསྡུས་པ་བྱེད་པ་གྲུབ་ཆེན་སྨན་ཞབས་ཀྱིས་བཤད་པ་ལྟར་རམ། ཐུན་དང་པོ་རྒྱས་ལ་མཐའ་མ་གསུམ་བསྡུས་པ་གྲུབ་ཆེན་ལ་བའི་ན་བཟའ་ཅན་གྱིས་བཤད་པ་ལྟར་རམ། བྲེལ་བ་བྱུང་ན་བཞི་ཀ་བསྡུས་པ་བྱས་ཆོག་པ་གྲུབ་ཆེན་ཨ་བྷྱ་ཀ་རས་བཤད་པ་གང་རུང་བྱ། ཞེས་གསུངས་པ་བཞིན། རྒྱས་བསྡུས་བྱེད་པའི་ཚེ་དེ་ལྟར་བྱ་ཚུལ་ཤེས་དགོས་ལས། དེ་ལ་གོང་གི་ལུང་དོན་ཞིབ་བར་ཤེས་དགོས་པ་ཡོད་ནའང་མང་དུ་དོགས་ནས་མ་བྲིས་ཤིང་། འཇིགས་བྱེད་ལ་རྒྱས་བསྡུས་ཇི་ལྟར་བྱ་བ་ཅུང་ཟད་ཅིག་འོག་ཏུ་འཆད་པར་འགྱུར་རོ། །དེའི་ཕྱིར་བྱེད་ཚུལ་ཤེས་ཤིང་བློས་འཆུན་ན་སྔར་ལྟར་བསྡུས་པ་བྱེད་པ་ཡང་རང་བཟོ་མིན་གྱི། མཁས་གྲུབ་ཚད་ལྡན་དུ་མའི་བཞེད་པ་ཡིན་པས་བྱས་པ་ལ་འགལ་བ་ཅི་ཡང་མེད་ལ། འོན་ཀྱང་བྲེལ་བ་མེད་པའི་ཚེ་ཐུན་བཞི་ཀའམ་ཐོག་མཐའ་གཉིས་ལ་རྒྱས་པ་བྱས་ན་ནི་ལེགས་པ་ཡིན་ཏེ། སྔགས་རིམ་ཆེན་མོ་ལས། དལ་ན་ལ་བ་པ་ལ་སོགས་པའི་ལུགས་སུ་བྱས་ན། ལྷ་བསྒོམ་པའི་ཡུན་རིང་བ་ལ་ཁྱད་ཆེ་ཞིང་སྦྱང་གཞི་སྦྱོང་བའི་བསྐྱེད་རིམ་གྱི་གནད་རྣམས་མི་འཆད་པར་སྣང་ངོ་། །ཞེས་གསུངས་པའི་ཕྱིར་རོ། །བླ་མེད་ཀྱི་སྐབས་སུ་དབང་དང་རབ་གནས་སྦྱིན་བསྲེག་སོགས་བྱེད་རུང་གི་བསྟེན་ཚད་ལ་ནི། བརྟག་གཉིས་ལས། དཀྱིལ་འཁོར་བདག་པོའི་བཟླས་པ་འབུམ། །དཀྱིལ་འཁོར་པ་ཡི་ཁྲི་ཡིན་ཏེ། །ཞེས་གསུངས་པ་ལྟར། ལྭ་བའི་ན་བཟའ་ཅན་དང་། གྲུབ་ཆེན་དཔལ་འཛིན་དང་། རྗེ་རིན་པོ་ཆེས་གསུངས་ཤིང་། མཁས་གྲུབ་རིན་པོ་ཆེས་རྒྱུད་སྡེ་སྤྱིི་རྣམས་ལས། བླ་མེད་ཀྱི་དཀྱིལ་འཁོར་ཕལ་ཆེ་བ་ལས། གཙོ་བོའི་བཟླས་པ་འབུམ། འཁོར་རྣམས་ལ་ཁྲི་ཁྲག་རེ་རེ་བྱ་དགོས་པར་གསུངས། ཞེས་བཤད་པ་ལྟར་རོ། །གཞན་ནས་གཙོ་བོའི་སྔགས་འབུམ་སོགས་བཟླས་པའི་བཅུ་ཆའི་སྦྱིན་བསྲེག་བྱ་བར་གསུངས་པ་ནི། སྔགས་རིམ་ལས། དངོས་གྲུབ་བསྒྲུབ་པའི་སྐབས་ལ་དགོངས་པ་ཡིན་པས་དཀྱིལ་འཁོར་གྱི་ཆོ་ག་བྱེད་པའི་སྔ་རོལ་གྱི་བསྙེན་པ་ལ་དེ་མི་དགོས་པར་བཤད་ལ། རྗེའི་འདུས་པའི་དཀྱིལ་ཆོག་ལས། གཙོ་བོ་ལ་འབུམ། འཁོར་རྣམས་ལ་ཁྲི་ཡེ་ཤེས་འབེབས་སྔགས་འབུམ་བཟླ་བ་དང་དེའི་བཅུ་ཆའི་སྦྱིན་བསྲེག་བྱ་བར་བཤད་ཀྱང་། བསྙེན་པའི་ཁ་སྐོང་གི་སྦྱིན་བསྲེག་བྱེད་མི་བྱེད་གསལ་བར་མ་བཤད་སྔགས་རིམ་ལས་ནི། དེ་མ་བྱས་ཀྱང་ཆོག་པར་བཤད་ཅེས་མཁས་གྲུབ་རིན་པོ་ཆེས་གསུངས་ཤིང་། གཤིན་རྗེ་གཤེད་དམར་ནག་གི་དཀྱིལ་ཆོག་ལས་ནི་བསྙེན་པའི་ཁ་སྐོང་གི་སྦྱིན་བསྲེག་བྱ་དགོས་པ་གསལ་བར་བཤད་པས། རང་རང་གི་ལུགས་ཀྱི་ཁྱད་པར་ཤེས་དགོས་སོ། །འོན་ཀྱང་དཀྱིལ་འཁོར་ཕལ་ཆེར་ལ་ཡེ་ཤེས་འབེབས་སྔགས་ཁྲི་དང་ཁ་སྐོང་གི་སྦྱིན་བསྲེག་ཅི་ནུས་ཞིག་བྱས་ན་ནི་ལེགས་པར་མངོན་ཏེ། དཱ་རི་ཀ་པས། འབྲིང་ངམ་ཆུང་ངུའི་ཚུལ་གནས་ན། །དཀྱིལ་འཁོར་དབང་པོ་འབུམ་དུ་སྟེ། །དེ་བཞིན་མཁའ་འགྲོ་སྟོང་ཕྲག་བཅུ། །བཟླས་ཏེ་ལྷ་རྣམས་མཆོད་པར་བྱ། །ཡེ་ཤེས་མཆོག་ལ་ཁྲི་ཕྲག་སྟེ། །སྦྱིན་བསྲེག་མཆོག་གིས་ཉེ་བར་མཆོད། །ཅེས་གསུངས་པའི་ཕྱིར་རོ། །སྔགས་རིམ་སོགས་ནས། གཙོ་བོའི་སྔགས་འབུམ་མམ། རང་གིས་དབང་ཞུ་བའི་སྐབས་སུ་མེ་ཏོག་ཕོག་པའི་ལྷ་གང་ཡིན་པ་དེའི་སྔགས་འབུམ་བཟླ་བ་འདམ་ཁ་ཅན་དུ་བཤད་པས་གཙོ་བོའི་སྔགས་ཀྱི་གྲངས་ངེས་བཟུང་དུ་མི་དགོས་སོ། །གཙོ་བོའི་སྔགས་བཟླ་ནའང་རྩ་སྔགས་ངེས་པར་དགོས་པ་མ་ཡིན་ཏེ་སྙིང་པོས་ཀྱང་ཆོག་པར་རྗེ་ཡབ་སྲས་ཀྱིས་བཤད་པའི་ཕྱིར་རོ། །རྣལ་འབྱོར་རྒྱུད་ཀྱི་སྐབས་སུ་ནི་ཇི་ལྟར་བྱ་བ་རྡོ་རྗེ་འབྱུང་བ་ལས་གསུངས་པ་ལྟར། སྔགས་རིམ་ནས་བསྙེན་པ་བྱེད་ཚུལ་རྒྱས་འབྲིང་བསྡུས་གསུམ་བཤད་པའི་བསྡུས་པ་ནི། རྣལ་འབྱོར་ཆེན་པོའི་ལྷ་རེ་རེའི་བཟླས་པ་འབུམ་བྱ་བར་གསུངས་ལ། ཀུན་རིག་ཊིཀ་ཆེན་ལས་ནི་རྒྱས་པའི་དབང་དུ་བྱས་ནས་མེ་ཏོག་གང་ཕོག་གི་ལྷ་དེའི་སྔགས་འབུམ་མམ། ཡང་ན་རྩ་རིག་འབུམ་དང་། འཁོར་གྱི་ལྷ་རྣམས་ཁྲི་ཕྲག་རེ་བཟླ་བར་བཤད་ཅིང་། ཡེ་ཤེས་འབེབས་སྔགས་བཟླ་དགོས་མི་དགོས་མི་གསལ་ལ། རྗེ་ཉིད་ཀྱིས་ཀྱང་འདིར་གསལ་བར་བཤད་པ་མི་སྣང་བས་འབེབས་སྔགས་བཟླ་བའམ་མ་བཟླས་ཀྱང་མི་འགལ་བར་སེམས། སྤྲོ་ན། ལྷན་ཐབས་ཞིག་ནས་གཙོ་བོའི་སྔགས་འབུམ་དང་འཁོར་རྣམས་ལ་ཁྲི་ཡེ་ཤེས་འབེབས་སྔགས་འབུམ་སྦྱིན་བསྲེག་དང་བཅས་པ་བྱ་བར་བཤད་པ་ལྟར་བྱས་ནའང་ལེགས། ཡེ་ཤེས་འབེབས་སྔགས་ནི། ཁ་ཅིག་གསང་འདུས་ནས་བཤད་པ་དེ་ཡིན་ཞེས་བཞེད་ཀྱང་། ཁོ་བོ་ལྟར་ན་ནི་རང་རང་གི་སྐབས་ནས་བཤད་པའི་ཡེ་ཤེས་འབེབས་ཚུལ་དེ་ཀ་ཡིན་སྙམ་སྟེ་བརྟག །དེའི་ཕྱིར་ཀུན་རིག་གི་སྒོ་ནས་གཞན་དོན་བྱེད་པར་འདོད་པས་ནི་རབ་སྔར་བཤད་པ་ལྟར་བྱ་ཞིང་། མ་ཐའང་གཟུང་ཐུང་འབུམ་ཕྲག་གཅིག་ངེས་པར་བཟླ་དགོས་ཀྱི། གཞན་དུ་ན་ཉེས་པ་དང་བཅས་པར་འགྱུར་རོ། །གཙོ་བོའི་སྔགས་ནི། རབ་རྩ་རིག་དང་དེ་མིན་ནའང་། གཟུགས་ཐུང་གིས་ཀྱང་ཆོག་པར་སེམས་བཟླས་པའི་ཚེ་ཐུན་དང་པོ་ལ་ཆོ་ག་རྫོགས་པར་བྱས་ནས། ཐུན་གྱི་མཐར་ཡིག་བརྒྱ་བརྗོད་པའི་རྗེས་སུ་གཙོ་བོ་ལས་བྱེད་ནས་གནས་གསུམ་བྱིན་གྱིས་བརླབས་ཏེ། ཐུན་མཚམས་ཀྱི་བྱ་བ་ལ་འཇུག་ཅིང་ཕྱི་མ་གསུམ་ལ་འཇུག་པའི་ཚེ། གཙོ་བོའི་དམ་རྒྱ་བཅིངས་ནས་སྔགས་བརྗོད་དེ་གཙོ་བོ་དང་དབྱེར་མེད་དུ་གྱུར་པར་བསམས་ལ། མཆོད་བསྟོད་བྱས་ནས་བཟླས་པ་ལ་ཞུགས་ཆོག་པར་བཤད་པས། ཚེ་ཀ་སླར་འདོན་དགོས་པ་ནི་མིན་ནོ། །སྤྱོད་རྒྱུད་དང་ཆུང་བས་འདིར་བཞག་ལ། བྱ་རྒྱུད་ལ་ནི་ལེགས་གྲུབ་ལས། །བཅོ་ལྔ་མན་ཆད་གྲངས་རྣམས་ལ། །སྤྱིར་ན་ཡི་གེ་དུ་ཡོད་པ། །དེ་སྙེད་འབུམ་ཕྲག་བཟླས་བརྗོད་བྱ། །ཡི་གེ་སུམ་ཅུ་རྩ་གཉིས་ལ། །བཟླས་བརྗོད་སུམ་འབུམ་བྱ་བར་བཤད། །དེ་བས་མང་བའི་ཡི་གེ་ལ། །སྔོན་དུ་བསྙེན་པ་ཁྲི་བྱའོ། །ཞེས་གསུངས་པ་ལྟར་ཡིན་ཞིང་འབུམ་བཟླ་བར་ཡང་བཤད་པས་གང་རུང་ངོ་། །འདི་ལ་གཙོ་བོ་མ་གཏོགས་འཁོར་གྱི་བསྙེན་པ་མི་དགོས་པས། བདག་བསྐྱེད་པ་ནི། དཀྱིལ་འཁོར་བཅས་སམ་གཙོ་རྐྱང་བསྐྱེད་པས་ཀྱང་ཆོག་གོ །རྒྱུད་སྡེ་བཞི་གང་གི་སྐབས་སུ་ཡང་། བསྙེན་པ་བྱེད་པའི་ཚེ་ལྷའི་གནང་བ་ཐོབ་ན། བཟླས་པའི་གྲངས་མ་རྫོགས་ཀྱང་དེས་གོ་ཆོད་ལ། གནས་གཅིག་ཏུ་བསྙེན་པའི་གྲངས་རྫོགས་དགོས་ཀྱི། གནས་གཞན་དུ་བྱེད་དང་། དེ་ལས་གཞན་དུ་ཕྱེད་བཟླས་ནས་གྲངས་རྫོགས་ཀྱང་བསྙེན་པའི་གྲངས་རྫོགས་པའི་གོ་མི་ཆོད་ཅིང་ཐུན་གྱི་ཚེ་ཡང་སེམས་གཡེང་ནས་བཟླས་པ་བསྙེན་པའི་གྲངས་ལ་མི་འདྲེན་པར་བཤད། ཐུན་འགོ་ནས་མཇུག་གི་བར་རིང་ཐུང་ནི་རང་གི་ཁམས་ལ་དཔག་སྟེ་བྱའི། ཧ་ཅང་རིང་ན་སུན་པ་དང་། ཧ་ཅང་ཐུང་ན་སྔགས་པ་ཟླ་ལོང་མེད་པར་ཇི་ལྟར་འཚམ་པར་བྱའོ། །ཐུན་དངོས་གཞིའི་སྐབས་སུ་གཏམ་སྨྲ་བ་དང་བཟའ་བཏུང་དང་འཕྲོ་བའི་བྱ་བ་མི་བྱ་ལ། ཐུན་མཚམས་སུ་ནི། སྨྲ་འཆད་བྱ་བའམ་མ་བྱས་ཀྱང་མི་འགལ་ཞིང་། སྨྲ་དགོས་ན་མཚམས་གཡོག་པ་དངོས་སམ། མཚམས་འོག་ཏུ་ཆུད་པར་བྱས་པ་ལྟ་བུ་མ་གཏོགས་གཞན་དང་ངག་བསྲེ་བར་མ་བྱས་ན་ལེགས་ལ། འོན་ཀྱང་བདེ་མཚམས་ལ་ནི་ངེས་པ་མེད་དོ། །བླ་མ་གཅིག་བདེ་མཚམས་ཡིན་ན། ལྷ་གཞན་བསྒོམ་པ་དང་དེའི་སྔགས་བཟླ་བ་སོགས་རུང་ཡང་། མཚམས་དམ་པར་བྱེད་ཚེ་ལྷ་དེའི་མངོན་རྟོགས་སོགས་དང་ཡིག་བརྒྱ་དང་ལྷ་བླ་མའི་བསྟོད་པ་ལྟ་བུ་མ་གཏོགས། ལྷ་གཞན་གྱི་མངོན་རྟོགས་དང་བཟླས་བརྗོད་ནི་དངོས་གཞིའི་སྐབས་སུ་མ་ཟད་ཐུན་འཚམས་སུ་ཡང་མི་བྱ་བར་བཤད་ལ། འོན་ཀྱང་མཁས་གྲུབ་རིན་པོ་ཆེས་ནི། ཉིན་གཅིག་ལ་དཀྱིལ་འཁོར་མི་འདྲ་བ་བཞིའི་བསྙེན་པ་བྱ་རུང་བར་བཞེད་ཅིང་། ཉིན་གཅིག་ཐུན་བཞི་ལ་དེ་ལྟར་བྱེད་པ་ནི། རྒྱ་གཞུང་ན་མི་གསལ་ཡང་། བོད་ཀྱི་བླ་མ་རྣམས་ཀྱི་ཕྱག་བཞེས་སུ་དགའ་བ་ལ་ལྷ་དུ་མས་རྒྱུད་བྱིན་གྱིས་བརླབས་པའི་དགོས་པ་ཡོད་པས། ཕུན་སུམ་ཚོགས་པའི་ཡན་ལག་ཡིན་པར་བཤད་ཅིང་། བྱེད་ལུགས་ཀྱང་དེའི་གསུང་འབུམ་ནས་འབྱུང་བ་ལྟར་ཤེས་དགོས། མཐུན་གྱི་རིང་ཟས་གོས་སོགས་གྲིབ་ཅན་གི་རིགས་ལ་འཛེམ་དགོས་ཤིང་། ཁ་བལྟ་ཕྱོགས་ནི། རྡོ་རྗེ་འཕྲེང་བ་ལས། བྱང་དུ་ཁ་བལྟས་རྒྱས་པའི་ལས། །དེ་བཞིན་ཞི་བ་ཤར་དུ་བལྟ། །དྲག་པོའི་ལས་ལ་ལྷོ་ཡི་ཕྱོགས། །དབང་གི་ལས་ལ་ནུབ་ཏུ་བལྟ། །ཞེས་གསུངས་པ་ལྟར་རམ། མ་བདེན་ཕྱོགས་རྟོག་སས་བཏགས་པ་ཙམ་དུ་བསམས་ལ་གང་བདེ་བྱ། རྡོ་རྗེ་འམ་གཡུང་དྲུང་ལྟ་བུས་མཚོན་པའི་སྟན་ལ་སྤྱོད་ལམ་ཚུལ་དང་མཐུན་པར་འཁོད་དེ། འཁོར་བ་དང་ངན་སོང་ལས་ཐར་འདོད་དང་། ཆོས་འདི་ལྟ་བུ་བསྒྲུབ་ཏུ་ཡོད་པ་ནི་སྐལ་བ་བཟང་སྙམ་དུ་དགའ་བ་བསྒོམ། དེའི་ཚེ་རྟགས་མཚན་བཟང་ངན་གང་བྱུང་ཡང་རེ་དོགས་མི་བྱ་ཞིང་། བཟང་པོ་བྱུང་ན་འང་རློམ་སེམས་དང་ངན་པ་ལའང་རྣམ་རྟོག་བྱར་མི་རུང་ངོ་། །ཐོ་བཞི་རྒྱ་ཆེན་བཞིར་བསྐྱེད་པ་ནི། རྗེ་ཡབ་སྲས་ཀྱི་གསུང་ལས་བཤད་པ་མ་མཐོང་ཡང་། བླ་མ་འགའ་ཞིག་གིས་བཤད་པས་བྱ་བའམ་མ་བྱས་ཀྱང་མི་འགལ། འོན་ཀྱང་ཐུན་འཛུག་པའི་ཐོག་མར་བགེགས་གཏོར་གཏོང་བ་སོགས་བྱས་ན་ལེགས་ཤིང་། མ་གྲུབ་ན། ཡུངས་ཀར་ལ་དྲག་སྔགས་བཏབ་སྟེ། སུམྦྷ་ནི་སོགས་ཀྱིས་བགེགས་བསྐྲད་ཙམ་བྱ་བར་བཤད། བླ་མེད་ཀྱི་སྐབས་ཐུན་མཚམས་སུ་གང་ཟག་རྟོགས་པ་མཐོན་པོ་ལ་ཤ་ཆང་སྒོག་གཙོང་སོགས་མ་བཀག་ནའང་སོ་ཐར་གྱི་སྡོམ་པ་དང་ལྡན་པས་ནི། དམ་རྫས་ཡིན་པའི་འདུ་ཤེས་ཀྱིས་ནང་མཆོད་མྱང་བ་ཙམ་མ་གཏོགས། ཆང་ལ་སྲེད་པའི་ཡིད་ཀྱིས་འཐུང་གཏན་ནས་མི་རུང་། རྒྱུད་སྡེ་འོག་མའི་སྐབས་སུ་ཤ་ཆང་སོགས་ལ་ལོངས་སྤྱོད་དུ་མི་རུང་ཤིང་གཙང་སྦྲ་ལ་གནས་པ་གལ་ཆེ། གཏོར་མ་ནི། ཐུན་བཞི་ཀའི་མཐའ་གྲུབ་ན་རབ། མ་གྲུབ་ན་ཐུན་ཕྱི་མའི་མཐར་འབུལ་དགོས་ལ། གཞན་ཇི་ལྟར་བྱ་བ་ནི་རང་རང་གི་གཞུང་ནས་བཤད་པ་ལྟར་རོ། །གཉིས་པ་འཇིགས་བྱེད་ཀྱི་བསྙེན་པ་བྱེད་ཚུལ་བཤད་པ་ལ་གཉིས། སྦྱོར་བ་དང་། དངོས་གཞིའོ། །དང་པོ་ལ་བཞི། འདིའི་ཆེ་བ། རྟེན་དང་། གནས་དང་། ཡོ་བྱད་སོགས་ཀྱི་ཁྱད་པར་རོ། །དང་པོ་ནི། འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་ལྔ་སྟེ། སྤྱིར་ཡི་དམ་འདི་ལ་བརྟེན་ན་འཚང་རྒྱ་བ་ལ་བགེགས་ཀྱིས་མི་ཚུགས་ཤིང་བྱིན་རླབས་མྱུར་བའི་ཁྱད་ཆོས་རྒྱུ་མ་དང་མེ་ཐབ་གཉིས་ཀྱིས་འདུས་པ་ནས་བཤད་པའི་སྒྱུ་ལུས་དང་འོད་གསལ་མཚོན་པའི་ཁྱད་ཆོས། ཁ་ཊྭཱཾ་ཀས་འཁོར་ལོ་བདེ་མཆོག་དང་ཀྱཻ་རྡོར་ནས་བཤད་པའི་བདེ་སྟོང་སྟོན་པའི་ཁྱད་ཆོས། མེ་ཐབ་ཀྱིས་ཤེས་རབ་གཞན་ལས་ཆེ་ཞིང་སྡིགས་མཛུབ་ཀྱིས་དངོས་གྲུབ་མྱུར་བ་དང་སྐྱེས་བུ་གསལ་ཤིང་ལ་བསྐྱོད་པས་ནི་སྡིག་ཅན་བཙན་ཐབས་སུ་ཚང་རྒྱ་བར་ནུས་པའི་ཁྱད་ཆོས། རྗེ་བཙུན་སྤྱིར་རྒྱལ་བ་ཀུན་གྱི་ཡབ་ཡིན་ཞིང་། ཁྱད་པར་འཇིགས་བྱེད་ལ་རྒྱུ་འབྲས་ཡེ་ཤེས་སེམས་དཔའ་གསུམ་ཀའི་སྐབས་སུ་འཇམ་དཔལ་གྱི་ཞལ་དངོས་སུ་ཡོད་པས་ཚེ་རབས་ཀུན་ཏུ་རྗེ་བཙུན་གྱིས་རྗེས་སུ་འཛིན་པའི་ཁྱད་ཆོས་དང་ལྡན་པའི་ཕྱིར་རོ། །གཉིས་པ་ནི། རྟེན་སྒྲུབ་པ་པོ་དད་པ་ཆེ་ཞིང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་སྦྱིན་སོགས་ཀྱི་སྤྱོད་པ་དང་ལྡན་ཞིང་གཞན་དོན་ལ་དངོས་སུ་བརྩོན་པའམ་དེ་དག་ཕྱོགས་མཐུན་ཡོད་པ་དང་། ཁྱད་པར་དུ་འདིའི་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་སྡོམ་པ་ལ་གནས་པ་ཞིག་དགོས། གསུམ་པ་ནི། གནས་ཤིང་དྲུང་ངམ་དུར་ཁྲོད་སོགས་རྒྱུད་ནས་བཤད་པ་ལྟར་རམ། རང་གི་ཡིད་དང་མཐུན་པའོ། །བཞི་པ་ནི། མཆོད་རྫས་སྤྱི་དང་། ཁྱད་པར་བྲིས་སྐུ་དང་། རྡོར་དྲིལ། ནང་མཆོད་སོགས་སྟ་གོན་བྱ་ཞིང་བགེགས་བསྐྲད། བདུད་རྩི་རིལ་བུའམ་ནང་མཆོད་ཀྱིས་ཁ་དག་པར་བྱ། ས་མྦྷ་ར་སོགས་འགྱུར་སྔགས་འདོན་ཅིང་། ངག་བྱིན་གྱིས་རློབ་ན། ༀ་ཨ་ཨཱ་ནས། ཀྵ་'ཧཱུཾ་སྭཱ་ཧཱ་ཞེས་པའི་བར་ལན་བདུན་བརྗོད། སྐྱབས་སེམས་སོགས་སྔོན་དུ་འགྲོ་བས་འདོད་ན་བླ་མའི་རྣལ་འབྱོར་རྒྱས་བསྡུས་གང་རུང་ངམ། གསོལ་འདེབས་ཅི་རིགས་བྱ། དེ་ནས་ཐུན་དང་པོ་ལ་སྔོན་འགྲོ་གཏོར་མ་ནས་བཟུང་སྟེ་ཉེར་བསྡུའི་བར་མངོན་རྟོགས་ནས་འབྱུང་བ་ལྟར་རིམ་པར་བསྒོམ། ཕྱི་མ་གསུམ་གྱི་ཆེ་ཚོགས་ཞིང་ནས་བྱ་ལ། བསྐྱེད་ཚུལ་བསྡུས་པ་བྱེད་ན། བདག་མེད་པའི་རང་བཞིན་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་ས་གཞི་གུར་བླ་རེ་མེ་རི་དང་བཅས་པའི་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་རེ་མིག་དགུ་པའི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར། ཞེས་སོགས་མངོན་རྟོགས་ལྟར་ལ། དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་སུ་ལྷ་བཅུ་གསུམ་གྱི་སྐུར་ཡོངས་སུ་རྫོགས་པར་གྱུར་པ་ནི། དབུས་ཀྱི་གདན་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ནས། གཡས་བསྐུམ་ཞིང་གཡོན་བརྐྱང་པ་ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར། ནང་གི་ཤར་དུ་གཏི་མུག་གཤིན་རྗེ་གཤེད་དཀར་པོ་ཡབ་ཡུམ་ནས། བྱང་སྒོར་རལ་གྲི་གཤིན་རྗེ་གཤེད་ལྗང་ཁུ་ཡབ་ཡུམ། ནང་གི་ཤར་ལྷོར་ཙ་རྩི་ཀ་དཀར་མོ་ཡབ་ཡུམ། ནས། བྱང་ཤར་དུ་གོ་རི་ལྗང་ཁུ་ཡབ་ཡུམ། གྭ་བཞིར་མིའི་ཐོད་པ་བདུད་རྩིས་གང་བ་བཞི། ཞེས་དལ་བུས་བརྗོད་ཅིང་བསམས་ལ་མངལ་འབྱིན་བྱས་ཏེ། ཕྱོགས་སྐྱོང་དགུག་བསྐྱེད་དོར་ནས་སྐྱེ་མཆེད་བྱིན་རླབས་ཀྱང་བསྡུ་ཞིང་། དེ་མན་ཆད་ནི་གཞུང་ལྟར་རྒྱས་བསྡུས་ཅི་རིགས་དང་། དག་པ་དྲན་པར་མ་བྱས་ཀྱང་མི་འགལ། གོང་དུ་དྲངས་པའི་སྔགས་རིམ་གྱི་དོན་ལྟར་ན། དེ་ལས་ཀྱང་བསྡུ་ཚུལ་ཞིག་སྣང་ཡང་འདིར་མ་བྲིས་ཏེ། ཁ་ཅིག་ཧ་ཅང་སླ་ཆོས་བྱེད་པར་དོགས་པའི་ཕྱིར་རོ། །རྒྱས་བསྡུས་གང་བྱས་ཀྱང་ཡིད་ལ་ཤར་བསྒོམ་བྱ་ཞིང་། ང་རྒྱལ་དང་གསལ་སྣང་བརྟན་པོའམ། ལྷག་ཏུའང་དེ་དང་དེའི་མོས་པ་ཤུགས་ཅན་བྱ་དགོས་ཏེ། གསལ་སྣང་དང་ང་རྒྱལ་གཉིས་ལས་ང་རྒྱལ་གཙོ་བོ་ཡིན་པར་རྗེ་ཉིད་ཀྱི་བཤད་པས། ཚིག་ཙམ་བརྗོད་པ་ལྷུར་མི་བྱེད་དོ། །ཐུན་དང་པོའི་ཚེ་དག་པ་དྲན་པའི་རྗེས་སུ་ཕྲེང་བ་གསུང་རྡོ་རྗེ་བསྐྱེད་པ་སོགས་བྱ་ལ། ཕྱི་མ་གསུམ་གྱི་ཚེ་བྱེད་དམ་མ་བྱས་ཀྱང་མི་འགལ། ཞི་ཁྲོ་སྦྲགས་སྒྲུབ་ལ་མང་ཡང་ཐུན་མོང་བ་ཙམ་བྱེད་ན། ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཉི་གདན་ཟླ་གདན་དང་ཧཱུཾ་ཡིག་ཧྲཱིཿཡིག་ཏུ་གྱུར་བའི་མཐར་ༀ་ཨ་ར་པ་ཙ་ནས་བསྐོར་བ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་གང་མི་ཤེས་པ་དང་སྡིག་སྒྲིབ་ཐམས་ཅད་སྦྱངས། ཕྱིར་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཐོབ། དེ་རྣམས་ཀྱི་མི་ཤེས་པ་སོགས་སྦྱངས་ནས་འཇམ་པའི་དབྱངས་ཀྱི་གོ་འཕང་ལ་བཀོད། འོད་ཟེར་ལས་འཕྲོས་པའི་མཆོད་པའི་ལྷ་མོས་རྒྱལ་བ་སྲས་བཅས་རྣམས་མཆོད་ཅིང་། དེ་དག་གི་མཁྱེན་རབ་ཐམས་ཅད་བསྡུས་ནས་རང་ལ་ཐིམ་པས། ཤེས་རབ་ཀྱི་སྣང་བ་ཁྱད་པར་ཅན་ཐོབ་པར་བསམས་ལ། ཡིག་འབུམ་མམ། འབུམ་ཕྲག་གཅིག་དང་། ཡང་ན་ཅི་ནུས་བཟླ། རྩ་སྔགས་སོགས་བཟླ་བའི་ཚེ་ཟླ་གདན་ཉི་གདན་དང་དྷཱིཿཡིག་ཧཱུཾ་ཡིག་ཏུ་གྱུར་པའི་མཐར། ནང་ནས་རིམ་པ་བཞིན་དུ་ཡ་མནྟ་ཀ །ཧྲཱིཿཥྚཱིཿཡ་མ་རཱ་ཛ་རྣམས་ཁ་དོག་སྔོ་ནག་འོད་ཟེར་འཕྲོ་བའི་རྣམ་པར་བཀོད་ནས་ཧཱུཾ་དང་སྔགས་འཕྲེང་ལ་ཡིད་གཏད་དེ། ཧ་ཅང་མྱུར་བུ་ལ་སོགས་ཀྱི་སྐྱོན་དང་བྲལ་བར་བཟླ་ཞིང་། ཕྲེང་བ་ལྷ་འགུག་པའི་དམིགས་པས་བགྲང་། སྔགས་གསུམ་ཀ་ལ་བསྙེན་པ་བྱེད་ན། རྩ་སྔགས་ནས་ཐོག་མར་བཟླ་བའམ། ཡ་མཱནྟ་ཀ་ནས་ཐོག་མར་བཟླ་བ་གང་བདེ་ཡིན་པར་གསུངས་ཤིང་། ལག་ལེན་དུ་རྩ་སྔགས་ནས་ཐོག་མར་བྱེད་པ་དང་། གསུམ་པོ་གང་རུང་ཞིག་ལ་གྲངས་བསྙེན་བྱེད་ན། སྔགས་གསུམ་ཀ་འགོད་པའམ་གང་བཟླ་བ་དེ་ཁོ་ན་བཀོད་ཀྱང་ཆོག་པར་བཤད་ཅིང་། གསུམ་ཀ་བཀོད་ན་སྔ་མ་བཟླས་ཟིན་པ་ན་ཕྱི་མ་ལ་ཐིམ་པར་བསམ་པ་གང་བདེ། བར་བར་དུ་དབུགས་དང་ལྷན་ཅིག་སྤྲོ་བསྡུ་བྱ་ཞིང་། དེ་ཡང་དབུགས་ཕྱིར་འབྱུང་བ་དང་ལྷན་ཅིག་དཀྱིལ་འཁོར་བའི་ལྷ་ཚོགས་སམ། འོད་ཟེར་རྩ་ཞལ་གྱི་ཤངས་བུག་གཡས་ནས་ཐོན། སེམས་ཅན་གྱི་དོན་བྱས། དབུགས་རྔུབ་པ་དང་ལྷན་ཅིག་སླར་འདུས་ནས་སྔགས་འཕྲེང་ལ་ཐིམ་ཞིང་། ཞལ་དགུ་དང་ལྷ་ཐམས་ཅད་ཀྱི་ཞལ་ནས་འདོན་པར་བསམ། རྩ་སྔགས་ཐོག་མར་འདོན་པ་གཙོ་བོར་བྱེད་ན་དེ་གང་མང་དང་གཞན་ཉེར་གཅིག་སོགས་ཅིག་འགྲུབ་དེ་བཞིན་དུ་གཞན་གཉིས་ལའང་སྦྱར་ཞིང་རྩ་སྔགས་འགྲུབ་ཏུ་ཉེ་བའི་ཚེ་ཡི་གེ་བཅུ་པ་གཙོ་བོར་བཟླ་བ་སོགས་བྱ། སྔགས་གསུམ་པོ་གང་རུང་ཞིག་ཡིན་ན་གང་བཟླ་བ་དེ་ཅི་མང་དང་གཞན་གང་འགྲུབ། དེ་ཡང་ཧྲཱིཿཥྚཱིཿཡིན་ན་རྩ་སྔགས་སམ་ཡ་མཱནྟ་ཀའི་རྗེས་སུ་འདོན་པའི་ཁྱད་པར་མ་གཏོགས་འདྲ་ལ། འོན་ཀྱང་གང་གཙོ་བོར་བཟླ་བ་དེ་སྔོན་ལ་བཟླས་ཆོག་པར་ནི་བཤད་དོ། །གྲངས་ནི། བཤད་རྒྱུད་རྟོག་པ་གསུམ་པ་ལས། འདི་ནི་མ་ཧེའི་གདོང་ཅན་གྱི། །སྙིང་པོའི་སྔགས་སུ་རབ་ཏུ་གྲགས། །ཡི་གེ་རེ་རེ་འབུམ་བཟླས་པས། །འཇིག་རྟེན་གསུམ་གྱི་ལས་ནི་གང་། །ཅི་ཡང་རུང་བ་ཐམས་ཅད་བྱེད། །ཅེས་ཡ་མཱནྟ་ཀ་ཡིག་འབུམ་དང་། ལས་ཀྱི་སྔགས་སུ་རབ་ཏུ་གྲགས། །སུམ་འབུམ་བཟླས་པས་ལས་ཀུན་བྱེད། ཅེས། ཧྲཱིཿཥྚཱིཿསུམ་འབུམ་དང་། མ་ཧེའི་གདོང་ཅན་རྩ་སྔགས་ཏེ། །འབུམ་བཟླས་པ་ཡིས་ལས་ཀུན་བྱེད། །ཅེས་རྩ་སྔགས་འབུམ་བཟླ་བར་བཤད་ཅིང་། དེ་ཡང་ཞི་སོགས་ཀྱི་ལས་བསྒྲུབ་པའི་སྐབས་ལ་དགོངས་པ་སྟེ་དབང་བསྐུར་རབ་གནས་སྦྱིན་བསྲེག་སོགས་བྱ་བ་ལ། གསུམ་ཀའམ་ཡི་གེ་བཅུ་པ་འབུམ་ཕྲག་གཅིག་བཟླས་ན་ཆོག་པར་ཡང་བཤད་པས་སྐབས་དང་བསྟུན་ཅིང་། ད་ལྟའི་གང་ཟག་གིས་ལས་མང་པོ་འགྲུབ་པ་ལ་ནི་གྲངས་ཀྱི་བསྙེན་པ་ས་ཡའམ་བྱེེ་བ་ལྟ་བུ་འགྲོ་དགོས་པར་བཤད་དོ། །རྟོག་གསུམ་གྱི་ལུང་སྔར་དྲངས་པ་ལྟར། རྗེའི་ཟ་མ་ཏོག་ལས་ཀྱང་། ཡ་མཱནྟ་ཀ་སྙིང་པོར་བཤད་ཅིང་། བླ་མ་ཁ་ཅིག་དེ་སྙིང་པོ་དང་། ཧྲཱིཿཥྚཱིཿཉེ་སྙིང་དུ་བཞེད་ལ། ལྕང་སྐྱ་ཞབས་སོགས་མང་པོས་ནི་དེ་ལས་བཟློག་སྟེ་བཤད་པས་བརྟག །འཁོར་གྱི་སྔགས་གྲངས་ནི་ཁྲི་ཡིན་ལ། བཟླ་བའི་ཚེ་བུམ་ལ་སོགས་པའི་ཐུགས་ཀར་ཉི་གདན་ལ་རང་རང་གི་ས་བོན་གྱི་མཐར་རང་རང་གི་སྔགས་རྣམས་གཡས་སྐོར་དུ་འགྲེང་སྟེ་འོད་ཟེར་འབར་བའི་རྣམ་པ་ཅན་དུ་བལྟ་ཞིང་། སྡང་བཞིན་གཙོ་འཁོར་ཐམས་ཅད་ཀྱིས་འདོན་པར་བསམས་ཏེ་བཟླས་ན་འགྱུར་ཆེ་བར་བཤད། བཟླས་པ་རྣམས་སོང་ནས་སྔགས་དེ་དག་ཅི་འགྲུབ་བཟླས་པའི་རྗེས་སུ། ཧྲཱིཿཥྚཱིཿའི་འཇུག་ཏུ། ཨ་བེ་ཤ་ཡ་སྟྭཾ་བྷ་ཡ། ར་ར་ར་ར། ཙཱ་ལ་ཡ་ཙཱ་ལ་ཡ། 'ཧཱུཾ་ཧཿཨཱཿཛྷཻཧཱུཾ་ཕཊ། ཅེས་པའི་ཡེ་ཤེས་འབེབས་སྔགས་གང་མང་བཟླ་སྟེ། གྲངས་ནི་ཁྲི་ཕྲག་གཅིག་གོ །ཡང་ན་ཧྲཱིཿཥྚཱིཿའི་འཇུག་ཏུ་ཧཱུཾ་ཧཿཨཱཿཛྷཻ་ཧཱུཾ་ཕཊ། ཅེས་བཏགས་པ་ནི་ཡེ་ཤེས་འབེབས་སྔགས་བསྡུས་པ་ཡིན་ཞེས་བཤད་པ་ལྟར་བྱའོ། །དེའི་ཚེ་དམིགས་པ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་འཇིགས་བྱེད་ཀྱི་རྣམ་པར་སྤྱན་དྲངས་ནས་རང་གི་ལུས་ལ་ཆར་ཆེན་པོ་འབེབས་པ་བཞིན་ཐིམ་པར་བསམ། ཐུན་གྱི་མཐར་ཡིག་བརྒྱ་མཆོད་བསྟོད་གཏོར་འབུལ་ཉེར་བསྡུའི་བར་སྒྲུབ་ཐབས་ནས་བཤད་པ་ལྟར་བྱ་ཞིང་། འདིར་ལས་གཤིན་ལའང་གཏོར་འབུལ་བྱེད་པ་གལ་ཆེའོ། །གསུམ་པ་འཕྲོས་དོན་གཏོར་མའི་རིམ་པ་ལ། དེའི་རྒྱུ་ནི་སྔགས་རིམ་ལས། གཏོར་མའི་རྫས་ནི་ཟན་དང་སྲན་མ་དང་ཤ་དང་ཉ་ཤ་དང་ཆན་ཐུག་དང་ཁུར་བ་དང་ཆང་དང་ཆུ་དང་གཙོང་དང་སྒོག་སྐྱ་དང་འོ་མ་ལ་སོགས་པའམ། མ་འབྱོར་ན་ཟན་དང་ཆུ་ལ་སོགས་པ་ཙམ་ཡང་རུང་བར་ཕྲེང་བ་དང་མན་སྙེ་ལས་བཤད་དོ། །ཅེས་གསུངས་པ་ལྟར་བྱ་ཞིང་། བླ་མེད་ཀྱི་སྐབས་སུ་ཆང་ནི་གཏོར་རྫས་ཀྱི་གཙོ་བོ་ཡིན་པར་བཤད། གཏོར་མའི་དབྱིབས་ཇི་ལྟར་བྱ་བ་ནི། པཎ་ཆེན་རིན་པོ་ཆེའི་གསུང་འབུམ་ཨེ་ཝཾ་ལས། ཡེ་དམ་སོགས་ཀྱི་གཏོར་མའི་དབྱིབས་ནི་རྒྱུད་རྒྱ་གཞུང་སོགས་ལས་གསལ་བར་བཤད་པ་མི་འདུག །ཅེས་གསུངས་པ་ལྟར། རྗེ་ཡབ་སྲས་ཀྱི་གསུང་ལས་ཀྱང་གསལ་བར་བཤད་པ་མི་སྣང་བས། གོང་གི་རྫས་དེ་རྣམས་འབུལ་རུང་བར་མངོན་ལ། འོན་ཀྱང་པཎ་ཆེན་རིན་པོ་ཆེས་འཇིགས་བྱེད་ཀྱི་གཏོར་མའི་དབྱིབས་རྩེ་མོ་ཟུར་གསུམ་ལ་རྩ་བ་ཅུང་ཟད་ཟླུམ་པ་སྙིང་གཟུགས་ཀྱི་རྣམ་པ་ཅན་དུ་བྱ་བར་བཤད་ཅིང་། ལྕང་སྐྱ་ཞབས་ཀྱིས་ཀྱང་དབྱིབས་སྙིང་གཟུགས་ལྟ་བུ་ལ་དམར་རྩིས་བརྒྱན་པའི་མཐར་གོང་གི་རྫས་དེ་རྣམས་གང་རུང་འཇོག་པར་བཤད་པས་དེ་ལྟ་བྱ། ཕྱག་ལེན་འགའ་ཞིག་ལ་ཟླུམ་པོ་ཙམ་དང་དེ་ལ་གཤོག་པ་འདོགས་པའི་ཚུལ་གཉིས་སྣང་ཞིང་། གང་ལྟར་ཡང་གསང་བདེ་འཇིགས་གསུམ་སོགས་བླ་མེད་ཕལ་ཆེར་ལ་ནི་ཟླུམ་པོ་ཅུང་ཟད་ལྡིར་ཆེ་ཞིང་དམར་རྩིས་བརྒྱན་པར་བྱས་ན་འཐད་པར་སེམས་ལ། དེ་ཡང་དྲག་པོ་ཡིན་ན་མེ་རི་སོགས་དང་བཅས་ཤིང་ཞི་བ་ལ་ནི་མེ་རི་དོར་ན་ལེགས་སྙམ། འོན་ཀྱང་མགོན་པོ་འཁོར་བཅས་ཀྱི་གཏོར་དབྱིབས་ནི་མཁས་གྲུབ་རིན་པོ་ཆེས་བཤད་ཅིང་ཆོས་སྐྱོང་དྲག་པོ་ལ་ནི་ཟུར་གསུམ་བྱེད་པ་དར་རོ། །གཞན་གཏོར་མ་བྱ་ཚུལ་གྱི་དཔེ་ཞིག་སྣང་བ་ནི་ཕྱག་ལེན་ཡེ་གེར་བཀོད་པ་ཡིན་གྱི། རྒྱུད་རྒྱ་གཞུང་དང་མཁས་གྲུབ་དམ་པའི་གསུང་ནས་དངོས་སུ་བཤད་པ་མིན་པར་རྟོགས་སོ། །རྒྱུད་སྡེ་འོག་མའི་གཏོར་རྫས་ནི། ཟན་དང་ཁུར་བ་དང་ཆན་ཐུག་དང་ཆུ་དང་འོ་མ་སོགས་བྱ་ཞིང་། དབྱིབས་ནི་ཟླུམ་པོ་དཀར་རྩེས་བརྒྱན་པ་ལ་སྐོར་རྒྱན་བྱས་ན་འཐད་པར་བཞེད། འོན་ཀྱང་སྐབས་སྟོབས་ཀྱིས་ཁྱད་པར་འབྱེད་དགོས་ཤིང་། ཕྱག་ལེན་ལ་གཞི་བདག་གཏོར་མ་སོགས་ལ་སྐེད་དཀྲིས་ལྟ་བུ་ཞིག་བྱེད་པར་སྣང་ལ། དེ་ཡང་ཁ་ཅིག་པད་འདབ་ཀྱི་དབྱིབས་ལྟ་བུ་དང་། དེ་ལས་སྐྱེས་པའི་རྣམ་པར་བྱེད་དགོས་ཟེར་བ་སོགས་མང་ཡང་ཚད་ལྡན་གྱི་གཞུང་ནས་བཤད་པ་མ་མཐོང་བས། དེ་ཡོད་དམ་མེད་ཀྱང་མི་འགལ་བར་སེམས། འབུལ་བའི་སྣོད་ནི། སྔགས་རིམ་ལས། གཤེད་དམར་གྱི་རྒྱུད་ལས་ཀྱང་ཁྱོགས་སམ་ཟངས་གཞོང་གི་སྣོད་དུ་བྱ་བར་བཤད་ལ། ཕྲེང་བར་ཁམ་ཕོར་དང་ཁྱོར་བར་ཡང་སྦྱིན་པར་བཤད་པས་ཅི་རིགས་སོ། །ཞེས་གསུངས་པ་ལྟར་སྣོད་བཟང་པོ་གང་ཡང་རུང་བའོ། །བསྐྱེད་ཆོག་ནི་སྔགས་རིམ་ལས་རྒྱུད་དང་རྒྱ་གཞུང་གི་ལུགས་མི་འདྲ་བ་དུ་མ་ཞིག་བཤད་ཀྱང་རང་རང་གི་ཆོ་ག་ནས་འབྱུང་བ་ལྟར་རམ། སྤྱི་འགྲོ་ཡང་ཡོད་པས་དེ་བཞིན་དུ་བྱའོ། །སྐབས་གང་དུ་འབུལ་བ་ནི། བསྙེན་པའི་འཇུག་ཏུ་ཡིག་བརྒྱ་དང་མཆོད་བསྟོད་མདོར་བསྡུས་ཞིག་བྱ་བའི་མཐར་རམ། ཡིག་བརྒྱ་བཟླས་པའི་མཇུག་ཉིད་དུ་འང་རུང་ལ། སྤྱིར་བདག་བསྐྱེད་ཀྱི་མངོན་རྟོགས་རྒྱས་པའི་མཇུག་གམ། རང་ཉིད་སྐད་ཅིག་གིས་ལྷ་དེ་དང་དེར་བསྐྱེད་ནས་འབུལ་ཡུལ་གང་ཡིན་པ་དེ་ལ་ཕུལ་ཀྱང་ཆོག །འབུལ་བའི་ཡུལ་ནི། བདག་བསྐྱེད་རྐྱང་བའི་སྐབས་སུ་མདུན་དུ་བསྐྱེད་ཅིང་ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམ་ནས་འབུལ་བའམ། སྐད་ཅིག་གིས་སྤྱན་འདྲེན་ཙམ་བྱས་ནས་འབུལ་ལ། མདུན་བསྐྱེད་ཀྱི་སྐབས་སུ་དེ་ཉིད་ལ་འབུལ་རུང་། འཇིགས་བྱེད་ལ་ནི་བདག་མདུན་འཇུག་པ་གཅིག་ཡིན་ན་བདག་བསྐྱེད་ལ་འབུལ་རུང་ཡང་། བསྙེན་པའི་སྐབས་སུ་མདུན་དུ་བསྐྱེད་པའམ། སྤྱན་དྲངས་པ་ཙམ་བྱས་ནས་འབུལ་དགོས་ཀྱི། བདག་བསྐྱེད་ཉིད་ལ་འབུལ་བ་ནི་རྗེའི་དགོངས་པ་ཡིན་ནོ། །དེའི་ཕྱིར་བསྙེན་པའི་ཚེ་མངོན་རྟོགས་དངོས་གཞིའི་སྐབས་སུ་ཕྱོགས་སྐྱོང་དགུག་བསྐྱེད་བྱེད་པ་ནི་མི་འཐད་པས། དེའི་མཇུག་ཏུ་བྱའོ། །གཏོར་མགྲོན་གྱི་ལྷ་བསྐྱེད་ཚུལ་སོགས་ལ་རྒྱས་བསྡུས་མང་དུ་ཡོད་པ་ནི་གཞན་ནས་ཤེས་པར་བྱ་ཞིང་། འཇིགས་བྱེད་ལ་དེ་བྱེད་ཚུལ་གྱི་ཁྱད་པར་ཞིག་བདག་གིས་གཞན་དུ་བཤད་ཟིན་ཏོ། །གཏོར་མ་འབུལ་བ་ནི་གལ་ཆེ་བའང་ཡིན་ཏེ། སྔགས་རིམ་ཆེན་མོ་ལས། གཏོར་མ་ནི་རྒྱུད་རྣམས་ལས་བགེགས་ཉེ་བར་ཞི་བ་དང་དངོས་གྲུབ་བསྒྲུབ་པའི་ཕྱིར་ཐོག་མ་དང་ཐ་མར་གལ་ཆེ་བར་གསུངས་པས་བྱ་དགོས་ལ། ཞེས་གསུངས་པའི་ཕྱིར་རོ། །སྨྲས་པ། རྒྱུད་སྡེ་གོང་འོག་དཀྱིལ་འཁོར་གྱི། །ལྷ་ཡི་བསྙེན་པ་བྱེད་ཚུལ་སོགས། །དམ་པའི་གཞུང་ལ་བརྟེན་ནས་ནི། །དོན་བསྡུས་གོ་སླའི་ངག་གིས་བཤད། །ཅེས་བྱའོ། །བསྙེན་ཡིག་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ་འདི་ཡང་། དད་པ་དང་རྣམ་དཔྱོད་ཡངས་པའི་གནས་བརྟན་གྲགས་པ་དཔལ་འབྱོར་གྱིས་ཉེ་བར་བསྐུལ་བ་ལ་བརྟེན་ནས། ཤཱཀྱའི་བཙུན་པ་བཤད་སྒྲུབ་མིང་ཅན་གྱིས་དམ་པ་སྔ་མས་མཛད་པའི་བསྙེན་ཡིག་འགའ་རེ་སྣང་ཡང་། བསྙེན་པའི་སྐབས་སུ་མངོན་རྟོགས་རྒྱས་བསྡུས་ཇི་ལྟར་བྱ་ཚུལ་སྔགས་རིམ་ཆེན་མོ་ནས་འབྱུང་བ་བཞིན་གསལ་བར་བཤད་པ་མི་འདུག་པས། འདིར་དེ་བྱེད་ཚུལ་དང་བཅས་ཏེ་གཞན་ལའང་ཕན་སྲིད་སྙམ་པའི་འདུན་པས་སྦྱར་བའོ།། །།

འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས་བདུད་དཔུང་རྣམ་འཇོམས།

འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས་བདུད་དཔུང་རྣམ་འཇོམས་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཕྱི་ནང་གསང་བའི་འཆི་བདག་གཤིན་རྗེ་རྣམས། ཀུན་ནས་མཐར་བྱེད་འཇམ་དཔལ་དཔའ་བོ་དང་། །དབྱེར་མེད་རྗེ་བཙུན་བླ་མའི་ཞབས་བཏུད་ནས། །འཇིགས་བྱེད་དཔའ་གཅིག་སྒྲུབ་ཐབས་བཤད་པར་བྱ། འདིར་འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས་རྒྱུན་གྱི་རྣལ་འབྱོར་དུ་བྱ་བའི་ཚུལ་ལ་རྒྱས་བསྡུས་གཉིས་ལས། རྒྱས་པ་ནི་རྗེ་ཉིད་ཀྱིས་མཛད་པའི་སྒྲུབ་ཐབས་བདུད་ལས་རྣམ་རྒྱལ་བཞིན་ལྕང་སྐྱ་ཞབས་དྲུང་གིས་བཀྲལ་བ་ལྟར་ཡིན་ལ། ཤིན་ཏུ་བསྡུས་པ་ནི། པཎ་ཆེན་གོང་མའི་གསུང་འབུམ་ནས་འབྱུང་བ་བཞིན་ཏེ། འདིར་སྔ་མ་ལས་བསྡུས་ཤིང་ཕྱི་མའི་དགོངས་པ་ཁ་བསྐང་བའི་སྒོ་ནས་ཅུང་ཟད་རྒྱས་པར་བཤད་པ་ནི། ཌ་དྲིལ་དང་། ཕྱི་ནང་གི་མཆོད་པ་སོགས་རྣལ་འབྱོར་གྱི་ཡོ་བྱད་རྣམས་ཚོགས་པར་བྱས་ཏེ། སྐྱབས་སེམས་སོགས་སྤྱི་ལྟར་རམ། ཡང་ན་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། ཞེས་སོགས་ཤློ་ཀ་གཅིག་གིས་སྐྱབས་འགྲོ་སེམས་བསྐྱེད་ལན་གསུམ་སྔོན་དུ་བཏང་། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པའི་སྐུར་བཞེངས་པར་གྱུར། ནང་མཆོད་བྱིན་རླབས་རྒྱས་པ་ནི། ༀ་ཧྲཱིཿཥྚཱྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭབྷཱ་ཝ་ཤུདྡྷོ་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨཱཿལས་མི་མགོའི་སྒྱེེད་བུ་གསུམ་གྱི་སྟེང་དུ་ཨཱཿལས་བྱུང་བའི་ཐོད་པ་དཀར་པོ། དེའི་ནང་གི་ཤར་དུ་བྷུཾ་ལས་བྱུང་བའི་བ་ལང་གི་ཤ་གཽས་མཚན་པ། ལྷོར་ཨཾ་ལས་བྱུང་བའི་ཁྱིའི་ཤ་ཀུན་མཚན་པ། ནུབ་ཏུ་ཛྲིཾ་ལས་བྱུང་བའི་གླང་པོ་ཆེའི་ཤ་དས་མཚན་པ། བྱང་དུ་ཁ་ལས་བྱུང་བའི་རྟའི་ཤ་ཧས་མཚན་པ། དབུས་སུ་ཧཱུཾ྄་ལས་བྱུང་བའི་མིའི་ཤ་ནས་མཚན་པ། ཤར་ལྷོར་ལཾ་ལས་བྱུང་བའི་དྲི་ཆེན་བིས་མཚན་པ། ལྷོ་ནུབ་ཏུ་མཾ་ལས་བྱུང་བའི་རཀྟ་རས་མཚན་པ། ནུབ་བྱང་དུ་བཾ་ལས་བྱུང་བའི་བྱང་སེམས་དཀར་པོ་ཤུས་མཚན་པ། བྱང་ཤར་དུ་ཏཾ་ལས་བྱུང་བའི་སྐར་མར་མེས་མཚན་པ། དབུས་སུ་བཾ་ལས་བྱུང་བའི་དྲི་ཆུ་མུས་མཚན་པ། དེ་དག་གི་སྟེང་དུ་ༀ་དཀར་པོ། ཨཱཿདམར་པོ། ཧཱུཾ་སྔོན་པོ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། རླུང་ལ་ཕོག །རླུང་གཡོས། མེ་སྦར། ཐོད་པའི་རྫས་རྣམས་ཞུ་ཞིང་ཁོལ་བར་གྱུར། ཡི་གེ་གསུམ་ལས་འོད་ཟེར་རིམ་པ་བཞིན་དུ་འཕྲོས་པས། སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེ་རྣམས་བཀུག་ནས། ཡི་གེ་གསུམ་ལ་རིམ་གྱིས་ཐིམ་པ་རྣམས་ཐོད་པར་ལྷུང་ནས་ཞུགས། ཧཱུཾ་གིས་ཁ་དོག་དྲི་ནུས་ཀྱི་སྐྱོན་སྦྱངས། ཨཱས་བདུད་རྩིར་རྟོགས་པར་བྱས། ༀ་གྱིས་མང་པོར་སྦར་ཞིང་སྤེལ་བར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་བརྗོད་ནས་བྱིན་གྱིས་བརླབས་པའམ། མདོར་བསྡུ་ན། ཡི་གེ་གསུམ་དང་ཧ་ཧོ་ཧཱུཾཿལན་གསུམ་གྱིས་ནང་མཆོད་བྱིན་གྱིས་བརླབས་ཏེ་རང་ཉིད་འཇིགས་བྱེད་ཞེས་པ་ནས་འཇུག་པའམ། རྒྱུན་པའི་ཁ་ཏོན་ལ་སྔོན་འགྲོའི་མཆོད་གཏོར་སོགས་མེད་ན་མི་འགལ་ཡང་། ཡོད་ན་ཧྲཱིཿཥྚཱིཿས་བསངས། སྭ་བྷཱ་ཝས་སྟོང་བར་སྦྱངས། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། ཞེས་པ་ནས་རོལ་མོ་རྣམས་རང་བཞིན་བདེ་སྟོང་རྣམས་མཆོད་རྫས། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ་ནས་ཤཔྟ་ཨཱཿཧཱུཾ་གིས་བར་གྱིས་བྱིན་གྱིས་བརླབས། གཏོར་མ་སྔར་བཞིན་བརླབས་ཏེ། རང་གི་ཐུགས་ཀའི་ཧཱུཾ་ཞེས་པ་ནས་ཕྱོགས་སྐྱོང་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། ཅེས་པའི་བར་གཞན་ནས་འགྱུར་བ་ལྟར་བྱ། འདིར་བདག་བསྐྱེད་ཀྱི་མཆོད་པ་སྔར་བཞིན་ནམ་སྤྲོ་ན་འདོད་ཡོན་དང་བཅས་པ་བརླབས་པའམ། ཡང་ན་འོག་ཏུ་བྱ། མཎྜལ་འབུལ་འདོད་ན་མ་གཏོགས་མི་དགོས་ལ། རྡོར་སེམས་ཀྱི་སྒོམ་བཟླས་བྱ་བ་འདིར་དངོས་སུ་མ་གསུངས་ཀྱང་། བྱས་ན་ལེགས་པས་དེ་ནི་རང་གི་སྤྱི་བོ་པཾ་ལས་པདྨ་ཞེས་པ་ནས་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར་ཅེས་པའི་བར་བཅུ་གསུམ་འམ་ལྟར་བྱའོ། །དེ་ནས། རང་ཉིད་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ཐུགས་ཀར། པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་མུ་མེད་པ་གསལ་བར་བྱས། དེ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་། རིག་པའི་ཚོགས་ཀྱིས་བསྐོར་བའི་རྡོ་རྗེ་འཇིགས་བྱེད་བླ་མ་དང་བཅས་པ་མདུན་གྱིས་ནམ་མཁར་སྤྱན་དྲངས། འོད་ཟེར་རང་གི་སྙིང་གར་ཐིམ། གང་གི་དྲིན་གྱིས་བདེ་ཆེན་གནས། །སྐད་ཅིག་གིས་ནི་ཐོབ་འགྱུར་བ། །བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ། །དཔའ་བོ་མཆོག་གི་སྤྱོད་ཡུལ་ཅན། །གདུལ་དཀའ་འདུལ་བའི་དོན་མཛད་པ། །རྡོ་རྗེ་འཇིགས་བྱེད་ལ་ཕྱག་འཚལ། །ཞེས་པས་ཕྱག་བྱ། རང་གི་སྙིང་གའི་ཧཱུཾ་གི་འོད་ཟེར་ལས་བྱུང་བའི་ཙརྩི་དཀར་མོ། ཕག་མོ་སྔོན་མོ། དབྱངས་ཅན་མ་དམར་མོ། གཽ་རི་ལྗང་གུ་ཕྱག་ན་མཆོད་རྫས་སྣ་ཚོགས་ཐོགས་པ་རྣམས་ཀྱིས་མཆོད་པར་གྱུར། ༀ་ཧྲཱིཿཥྚཱྀཿཧས་མཆོད་ཡོན་དང་། ༀ་ཧཱུཾ་ཧཱུཾ་ཕཊ་ཀྱིས་ཞབས་བསིལ། ༀ་ཝི་ཀྲྀ་ཏཱ་ན་ན་དུ་ཥྚི་ས་ཏྭ་ད་མ་ཀ་གཿག་ཿ་གཿ་ཡིས་དྲེ། ༀ་གུ་མཱ་ར་རཱུ་པི་ཎེ་ཛཿཧཱུཾ་ཕཊ་ཀྱིས་མེ་ཏོག །ༀ་ཧྲཱིཿཧཿཧི་ཕཊ་ཀྱིས་བདུག་སྤོས། ༀ་དཱིཔྟ་ལོ་ཙ་ན་ཤི་ཀྲྀ་ཏཱ་ན་ན་མ་ཧཱ་ཨ་ཊྭཱ་ཊྚ་ཧཱ་ས་ན་དི་ནི་དཱི་པྟ་ཡ་སྭཱ་ཧཱས་མར་མེ། ༀ་བཛྲ་ནཻ་བི་དྱ་ཨཱཿཧཱུཾ་སྭཱ་ཧཱ། ལྷ་བཤོས། ༀ་བཛྲ་ཤཔྟ་ཨཱཿཧཱུཾ་གིས་རོལ་མོ་རྣམས་དབུལ། དེ་ནས་སྡིག་པ་རྣམས་ནི་བཤགས་པར་བྱ། །སྐྱེས་ཤིང་བྱུང་བ་རྣམས་ནི་བསལ། །མི་བྱེད་པར་ཡང་སྤྱན་སྔར་བརྗོད། །དེ་བཞིན་བསོད་ནམས་རྗེས་ཡི་རང་། །བདག་གིས་བདེར་འགྲོ་ཡོངས་སུ་བསྔོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །སེམས་ཅན་ཐམས་ཅད་བདག་གིས་དགྲོལ། །བྱང་ཆུབ་གནས་ལ་དགོད་པར་བགྱི། །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །བདག་གི་ལུས་འདི་དབུལ་བར་བགྱི། །ཡང་དག་རྫོགས་པའི་སངས་རྒྱས་དང་། །དེ་སྲས་ལམ་གྱུར་སྦྱིན་སོགས་ཚུལ། །སྐུ་གསུམ་ཡེ་ཤེས་ཐོབ་བྱའི་ཕྱིར། །རབ་ཏུ་དང་པོས་བསྟེན་པར་བགྱི། །ཞེས་པའི་བར་གྱིས་བཤགས་པ་དང་། ཡི་རང་། བསྔོ་བ། སྐྱབས་འགྲོ་སེམས་བསྐྱེད། ལུས་འབུལ་བ། ལམ་བསྟེན་རྣམས་བྱ། དེ་ནས་རིགས་ལྔའི་སྡོམ་བཟུང་འདོད་ན། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། ཞེས་པ་ནས་སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་པའི་བར་བརྗོད་ལ་འཛིན་ཅིང་། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག །ཅེས་སོགས་ཀྱིས་ཚད་མེད་བཞི་བསྒོམས་ཏེ་བསོད་ནམས་ཀྱི་ཚོགས་བསག་པའོ། །དེ་ནས། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཿསྭབྷཱ་ཝ་ཤུདྡྷོ་྅ཧཾ། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རང་དང་ཚོགས་ཞིང་གི་ལྷ་དང་དེ་དག་ལས་གཞན་པའི་ཆོས་ཐམས་ཅད་བརྟེན་ནས་བཏགས་པ་ཡིན་པའི་ཕྱིར། རྟག་ཆད་ལ་སོགས་པའི་མཐའ་བཞི་དང་བྲལ་བའི་སྟོང་པ་ཉིད་དུ་གྱུར། དེ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དང་བདེ་བ་ཆེན་པོར་དབྱེ་མི་ཕྱེད་པའི་ཆོས་ཀྱི་སྐུའི་བདག་ཉིད་དུ་མོས། དེ་ཉིད་གདགས་གཞིར་བྱས་ནས་ང་རྒྱལ་བཞག་སྟེ་བསྒོམ་པ་ནི་ཡེ་ཤེས་ཀྱི་ཚོགས་བསགས་པ་དང་འཆི་བ་ཆོས་སྐུར་འཁྱེར་བའི་ལམ་འཁྱེར་ཡིན་ནོ། །ཤིན་ཏུ་བསྡུ་ན། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་ས་གཞི་ར་བ་གུར་བླ་རེ་མེ་རི། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་གཞལ་ཡས་ཁང་གི་ནང་གི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་ལ་ཅུང་ཟད་དམར་བའི་ཞེས་བསྡུས་ཏེ་འདོན་པ་ལྟར་རམ། རྒྱས་པར་ནི། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་དུ་བའི་མདོག་ཅན་ཞེས་པ་ནས། མེ་དཔུང་ཕྱོགས་བཅུར་འཕྲོ་བར་གྱུར། ཞེས་པའི་བར་གྱི་ཐུན་མོང་བའི་སྲུང་འཁོར་དང་། ཐུན་མོང་མ་ཡིན་པའི་སྲུང་འཁོར་འདོད་ན། རྭ་བའི་དབུས་སུ་ཞེས་པ་ནས། ཚར་གཅོད་པར་གྱུར། ཅེས་པའི་བར་གྱིས་བསྒོམ། འདི་ལྟར་ན། རང་ཉིད་གནོད་མཛེས་སུ་གནས་པ་ཡོངས་སུ་གྱུར་པ་ལ་རྡོ་རྗེ་སེམས་དཔའ་ཞེས་དང་། སྔ་མ་ལྟར་ན། རྭ་བའི་དབུས་སུ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་དཀར་མཐིང་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུལ་ལ་འཁྱུད་ཅིང་། ལྷག་མ་གཡས་གཉིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ་ཡོངས་སུ་གྱུར་པ་ལས། ཆོས་འབྱུང་དཀར་པོ་གྲུ་གསུམ་པ། གྱེན་དུ་འགྲེང་བ་འོག་ཏུ་ཕྲ་ཞིང་སྟོད་ཡངས་པ། འོག་ཟུར་ནས་པཾ་ལས་བྱུང་བའི་སྣ་ཚོགས་པདྨའི་ལྟེ་བར། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཤར་གྱི་རྭ་དཀར། ལྷོའི་རྭ་སེར། ནུབ་ཀྱི་རྭ་དམར། བྱང་གི་རྭ་ལྗང་། དབུས་ཀྱི་ལྟེ་བ་སྔོན་པོས་བརྒྱན་པར་བསམ་མོ། །ལྟེ་བའི་དབུས་སུ་བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་ལས་བྱུང་བའི་རྣམ་སྣང་དཀར་པོ་དཀར་མཐིང་དམར་པའི་ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་ཀྱི་རང་འདྲའི་ཡུམ་ལ་འཁྱུད་ཅིང་། ལྷག་མ་གཡས་གཉིས་རྡོ་རྗེ་ལ་གནས་པའི་འཁོར་ལོ་དང་རལ་གྲི། གཡོན་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་པ། ཕྱི་རོལ་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་ལྔ་དང་ལྡན་པ། རྩིག་པའི་སྟོང་ན་རིན་པོ་ཆེ་སྣ་ཚོགས་པས་མཛེས་པར་བྱས་པའི་རིན་པོ་ཆེའི་ཕ་གུས་བསྐོར་བའི་གཞལ་ཡས་ཁང་གི་ནང་དུ། རྡོ་རྗེའི་ཕྲེང་བས་ཟླུམ་པོར་བསྐོར་བ་ལ་བརྟེན་པའི་ཀ་བ་བརྒྱད་ཀྱིས་བཏེགས་པའི་རྡོ་རྗེའི་གདུང་བཞིས་མཛེས་པར་ཐུབ་པ། རྩེ་མོ་རྡོ་རྗེ་ནོར་བུ་རིན་པོ་ཆེའི་ཏོག་གིས་མཛེས་པའི་ནང་གི་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོ་བ། ཕ་གུའི་སྟེང་ན་གསེར་གྱི་ཀ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་འཕྱང་བའི་རིན་པོ་ཆེའི་དྲ་བ་དང་དྲ་བ་ཕྱེད་པ་ལ་དྲིལ་བུ་དང་རྔ་ཡབ་ལ་སོགས་པས་བརྒྱན་པ། དེའི་ཕྱིར་ངོས་སུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། དེའི་སྟེང་དུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་ལ། བ་དན་དང་རྒྱལ་མཚན་ལ་སོགས་པས་མཛེས་པར་བྱས་པ། རྩིག་པའི་མཐའ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས། འགྲམ་སྟེགས་ཀྱི་རྣམ་པར་བསྐོར་བ་ལ། ལྷ་མོ་མཆོད་རྫས་ཐོགས་པ་རྣམས་འཁོད་ནས་མཆོད་པ་བྱེད་པ། སྒོ་དང་སྒོ་འཁྱུད་ཀྱི་ཕྱིའི་མཚམས་དང་། འོག་གི་ཕྱི་ནང་གི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རིན་ཆེན་གྱིས་སྤྲས་པ། སྒོ་བཞི་སོ་སོའི་མདུན་དུ་ཀ་བ་བཞི་བཞིས་བཏེག་པའི་རྟ་བབ་སྣམ་བུ་བཅུ་གཅིག་དང་ལྡན་པའི་སྟེང་དུ་ཆོས་ཀྱི་འཁོར་ལོ། །དེའི་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། རྡོ་རྗེའི་རྭ་བ་མེ་རི་དང་བཅས་པའི་ཕྱི་རོལ་དུ། གཏུམ་དྲག་ལ་སོགས་པའི་དུར་ཁྲོད་བརྒྱད་ན། ནཱ་ག་གེ་སར་གྱི་ཤིང་ངམ་ཤི་རི་ཥ་ལ་སོགས་པའི་ཤིང་བརྒྱད། དེའི་རྩ་བར་བརྒྱ་བྱིན་ལ་སོགས་པའི་ཕྱོགས་སྐྱོང་བརྒྱད། རྩེ་མོར་རྫུ་འཕྲུལ་ཆེན་པོ་བ་གླང་པོ་ཆེའི་གདོང་པ་ཅན་ལ་སོགས་པའི་ཞིང་སྐྱོང་བརྒྱད། ཐུགས་རྗེའི་ཆུ་བརྒྱད། དེ་ལ་གནས་པའི་ནོར་རྒྱས་ལ་སོགས་པའི་ཀླུ་བརྒྱད། དེ་དག་གི་སྟེང་གི་ནམ་མཁའ་ལ་སྒྲོགས་པ་ལ་སོགས་པའི་སྤྲིན་བརྒྱད། ཡེ་ཤེས་ཀྱི་མེ་བརྒྱད། མཆོད་རྟེན་བརྒྱད། གཞན་ཡང་ཀེང་རུས་དང་། གསལ་ཤིང་གིས་ཕུག་པའི་རོ་དང་། ཤིང་ལ་དཔྱངས་པ་དང་། སྐྱེས་བུ་ཟ་བ་དང་། མཚོན་གྱིས་ཕུག་པ་ལ་སོགས་པ་དང་། བྱ་རོག་དང་བྱ་རྒོད་དང་ཁྱི་དང་ཅེ་སྤྱང་དང་། སེང་གེ་དང་སྟག་ལ་སོགས་པ་དང་། ཅ་ཅོ་སྒྲོག་པའི་རོ་ལངས་དང་། གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་རྣམས་ཀྱིས་འཇིགས་སུ་རུང་བ། གྲུབ་པ་དང་རིག་པ་འཛིན་པ་དང་དམ་ཚིག་སྤྱོད་པའི་རྣལ་འབྱོར་པ། བཅོམ་ལྡན་འདས་ལ་རྩེ་གཅིག་ཏུ་བལྟ་བ། གཅེར་བུ་སྐྲ་བཤིག་པ། ཕྱག་རྒྱ་ལྔས་བརྒྱན་པ། ཅང་ཏེའུ་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ་ཐོད་པས་སྤྱི་བོར་བརྒྱན་པ། རྒོད་ཅིང་དུར་ཁྲོད་དུ་འཇུག་པ་སོགས་ཀྱིས། ཤིན་ཏུ་ངོ་མཚར་བར་བྱེད་པའི་དུར་ཁྲོད་རྣམས་ཀྱིས་བསྐོར་བའི་རབ་བསམ་པ་ནི་རྟེན་བསྐྱེད་པའོ། །གཞལ་ཡས་ཁང་གི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་ལ་ཅུང་ཟད་དམར་བའི་མདོག་ཅན་གྱི་སྟེང་དུ་ཨ་ཡིག་དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཆུ་ལས་ཆུ་བུར་གྱི་ཚུལ་དུ་ཧྲཱིཿསེར་པོ་ལས་བྱུང་བའི་རལ་གྲིའི་དབུས་སུ་ཧྲཱིས་མཚན་པ། དེ་ལས་འོད་ཟེར་འཕྲོས། བདེ་བར་གཤེགས་པ་ཐམས་ཅད་སྤྱན་དྲངས། ཐིམ་པ་ཡོངས་སུ་གྱུར་པ་ལས་རང་ཉིད་རྒྱུ་རྡོ་རྗེ་འཛིན་པ་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་སེར་པོ། ཡིད་ཙམ་ཁྲོས་པ་ཕྱག་གཡས་རལ་གྲི་འཕྱང་ཞིང་། གཡོན་གྱིས་གླེགས་བམ་ཐུགས་ཀར་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ། རལ་པའི་ཟུར་ཕུད་ལྔ་དང་ལྡན་ཞིང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེ་ལྟར་བསྒོམ་པ་ནི་བར་དོ་ལོངས་སྐུར་འཁྱེར་བའི་རྣལ་འབྱོར་རོ། །དེའི་ཐུགས་ཀར་ཨཱཿལས་བྱུང་བའི་ཉི་མའི་དཀྱིལ་འཁོར། དེའི་འོད་ཀྱིས་ཕྱོགས་བཅུ་ན་བཞུགས་པའི་རྣམ་སྣང་ལ་སོགས་པའི་སངས་རྒྱས་དང་། རྡོ་རྗེ་རྣོན་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང་། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཁྲོ་བོ་དང་། སེམས་མ་རྡོ་རྗེ་མ་ལ་སོགས་པའི་རིག་པ་རྣམས་སྤྱན་དྲངས་ཏེ། འཇམ་དཔལ་དང་བཅས་པ་ཉི་མ་ལ་ཞུགས་པས་འོད་ཟེར་གྱིས་དཔག་ཚད་སྟོང་ཕྲག་བརྒྱར་ཁྱབ་པའི་ཉི་མའི་དཀྱིལ་འཁོར་དུ་གྱུར། དེའི་སྟེང་དུ་ཧཱུཾ་ཡིག་མཐིང་ག་འོད་ཟེར་ལྔ་དང་ལྡན་པ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་རིག་པའི་ཚོགས་རྣམས་སྤྱན་དྲངས་ཏེ་ཧཱུཾ་ལ་ཞུགས་པ་ལས་ཁྲོ་བོའི་རྡོ་རྗེ་ཁ་དོག་ནག་པོ་རྩེ་དགུ་པ་རྭ་ཤིན་ཏུ་གདེངས་པ་འོད་ཟེར་ལྔ་དང་ལྡན་པ། ལྟེ་བ་ལ་ཧཱུཾ་ཡིག་གིས་མཚན་པ། དེ་ལས་རྡོ་རྗེ་ཕྲ་མོའི་གཟུགས་སྤྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་རིག་པའི་ཚོགས་རྣམས་སྤྲོས་ཏེ། ནམ་མཁའི་ཁམས་ཐམས་ཅད་ཏིལ་གྱི་གང་བུ་བཞིན་དུ་གང་བ། ཉི་མ་ལ་གནས་པས་སེམས་ཅན་རྣམས་སྨིན་པར་བྱས་ནས། རྡོ་རྗེ་འཇིགས་བྱེད་ཐོབ་པར་བྱས་པ་དང་ལྷན་ཅིག་ཏུ་འདུས་ནས་རྡོ་རྗེ་ལ་ཐིམ་པར་གྱུར། ཟླ་དང་དེའི་སྟེང་གི་ཉི་མ་རྡོ་རྗེ་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས། སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་སྟེང་དུ། རང་ཉིད་འབྲས་བུ་རྡོ་རྗེ་འཛིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ། སྐུ་མདོག་མཐིང་ནག་ཞལ་དགུ་ཕྱག་སོ་བཞི་ཞབས་བཅུ་དྲུག་པ་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་སྟབས་ཀྱིས་བཞུགས་པ། ཁམས་གསུམ་པོ་ཟ་བར་ནུས་པ། ཧ་ཧ་ཞེས་སྒྲོག་ཅིང་ལྗགས་འགྲིལ་པ། མཆེ་བ་རྣམ་པར་གཙིགས་པ་ཁྲོ་གཉེར་ཅན། ཁྲོ་གཉེར་གྱི་འགྲམ་དུ་སྨིན་མ་དང་སྤྱན་འཇིགས་པའི་དུས་ལྟར་འབར་བ། སྐྲ་ཁམ་སེར་གྱེན་དུ་བརྫེས་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་སྡིགས་མཛུབ་བྱེད་པ། འཇིགས་པ་རྣམས་ཀྱང་འཇིགས་པར་མཛད་པ། ཕཻཾ་ཀ་རའི་སྒྲ་ཆེན་པོ་འབྲུག་ལྟར་སྒྲོག་པ། མིའི་ཁྲག་དང་ཞག་དང་རྐང་དང་ཚིལ་བུ་ཟ་བ། འཇིགས་སུ་རུང་བའི་ཐོད་པ་སྐམ་པོ་ལྔས་ཐོད་བྱས་ཤིང་། མགོ་བོ་རློན་པ་ལྔ་བཅུའི་ཐོད་པའི་ཕྲེང་བས་བརྒྱན་པ། སྤྲུལ་ནག་པོ་མཆོད་ཕྱིར་ཐོགས་དང་མི་རུས་ཀྱི་འཁོར་ལོ་དང་། རྣ་ཆ་ལ་སོགས་པ་རུས་པའི་རྒྱན་རྣམས་ཀྱིས་བརྒྱན་པ། གསུས་པ་ཆེ་བ་གཅེར་བུའི་གཟུགས་ཅན། མཚན་མ་གྱེན་དུ་འགྲེང་བ། སྨིན་མ་དང་རྫི་མ་དང་སྨ་ར་དང་བ་སྤུ་རྣམས་དུས་མཐའི་མེ་ལྟར་འབར་ཞིང་། རྩ་ཞལ་ནག་པོ་མ་ཧེའི་གདོང་ཅན་ཤིན་ཏུ་ཁྲོས་པ་རཱ་རྣོན་པོ་ཅན། དེའི་སྟེང་མ་རྭ་གཉིས་ཀྱི་དབུས་ཀྱི་ཞལ་དམར་པོ་རབ་ཏུ་འཇིགས་པ་ཞལ་ནས་ཁྲག་འཛག་པ། དེའི་སྟེང་དུ་འཇམ་དཔལ་གྱི་ཞལ་སེར་པོ་ཡེད་ཙམ་ཁྲོས་པ། གཞོན་ནུའི་རྒྱན་གྱིས་བརྒྱན་པ། སྤྱི་བོར་རལ་པ་ལྔ་དང་ལྡན་པ། རྭའི་རྩ་བའི་གཡས་ཀྱི་ཞལ་དང་པོ་སྔོན་པོ། དེའི་གཡས་ཞལ་དམར་པོ། གཡོན་ཞལ་སེར་པོ། རྭའི་རྩ་བའི་གཡོན་གྱི་ཞལ་དང་པོ་དཀར་པོ། དེའི་གཡས་ཞལ་དུད་ཀ །གཡོན་ཞལ་ནག་པོ། ཞལ་རྣམས་ཤིན་ཏུ་ཁྲོས་པ། ཞལ་དགུ་པོ་ཐམས་ཅད་ཀྱང་སྤྱན་གསུམ་གསུམ་དང་ལྡན་པའོ། །ཕྱག་གཡས་གཡོན་གྱི་དང་པོ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་རློན་པ་མགོ་གཡས་དང་སྤུ་ཕྱིར་བསྟན་ཏེ་ལག་པ་དང་རྐང་པའི་ལྤགས་པ་གཡོན་པ་ནས་བརྐྱངས་ཏེ་འཛིན་པ། ལྷག་མ་གཡས་ཀྱི་དང་པོ་ན་གྲི་གུག །གཉིས་པ་ན་བྷི་དྷཱི་པཱ་ལ། གསུམ་པ་ནག་ཏུ་ན་ཤིང་། བཞི་པ་ན་ཆུ་གྲི། ལྔ་པ་ན་ཀ་ཎ་ཡ། དྲུག་པ་ན་དགྲ་སྟེ། བདུན་པ་ན་མདུང་། བརྒྱད་པ་ན་མདའ། དགུ་པ་ན་ལྕགས་ཀྱུ། བཅུ་པ་ན་དབྱུག་ཐོ། བཅུ་གཅིག་པ་ན་ཁ་ཊྭཾ་ག །བཅུ་གཉིས་པ་ན་འཁོར་ལོ། བཅུ་གསུམ་པར་རྡོ་རྗེ་རྩེ་ལྔ་པ། བཅུ་བཞི་པ་ན་རྡོ་རྗེ་ཐོ་བ། བཅོ་ལྔ་པ་ན་རལ་གྲི། བཅུ་དྲུག་པ་ན་ཅང་ཏེའུ་བསྣམས་ཤིང་། ལྷག་མ་གཡོན་གྱི་དང་པོ་ན་ཁྲག་གིས་གང་བའི་ཐོད་པ། གཉིས་པ་ན་ཚངས་པའི་མགོ་བོ། གསུམ་པ་ན་ཕུབ། བཞི་པ་ན་རྐང་པ། ལྔ་པ་ན་ཞགས་པ། དྲུག་པ་ན་གཞུ། བདུན་པ་ན་རྒྱུ་མ། བརྒྱད་པ་ན་དྲིལ་བུ། དགུ་པ་ན་ལག་པ། བཅུ་པ་དུར་ཁྲོད་ཀྱི་རས། བཅུ་གཅིག་པ་ན་སྐྱེས་བུ་གསལ་ཤིང་ལ་བཙུགས་པ། བཅུ་གཉིས་པ་མེ་ཐབ། བཅུ་གསུམ་པ་ན་ཐོད་ཚལ། བཅུ་བཞི་པ་ན་སྡིགས་མཛུབ། བཅོ་ལྔ་པ་ན་འཕན་རྩེ་གསུམ་པ། བཅུ་དྲུག་པ་ན་རླུང་རས་བསྣམས་པའོ། །ཞབས་གཡས་ཀྱི་དང་པོས་མི། གཉིས་པས་མ་ཧེ། གསུམ་པས་གླང་། བཞི་པས་བོང་བུ། ལྔ་པས་རྔ་མོང་། དྲུག་པས་ཁྱི། བདུན་པས་ལུག །བརྒྱད་པ་ཝ་དང་། གཡོན་གྱི་དང་པོས་བྱ་རྒོད། གཉིས་པས་འུག་པ། གསུམ་པས་བྱ་རོག །བཞི་པས་ནེ་ཙོ། ལྔ་པས་ཁྲ། དྲུག་པས་བྱ་ཆེན་པོ། བདུན་པས་ཁྱིམ་བྱ། བརྒྱད་པས་བཞད་མནན་པ། ཚངས་པ་དང་དབང་པོ་དང་ཁྱབ་འཇུག་དང་དྲག་པོ་དང་གཞོན་ནུ་གདོང་དྲུག་དང་ལོག་འདྲེན་དང་ཟླ་བ་དང་ཉི་མ་རྣམས་ཁ་སྦུབ་ཏུ་བྱས་ཏེ། ཞབས་འོག་ཏུ་མནན་ནས་མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པ། འདི་ནི་སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་རྣལ་འབྱོར་རོ། །རྗེའི་སྒྲུབ་ཐབས་ལས་སྐབས་འདིར་སྐྱེ་མཆེད་བྱིན་བརླབ་བྱ་བར་བཤད་པ་ལྟར་རམ། ཡང་ན་འདི་ལྟར་ཡང་རུང་སྟེ། རང་ཉིད་དམ་ཚིག་སེམས་དཔའི་ཐུགས་ཀར་ཟླ་གདན་ལ་ཡེ་ཤེས་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་སེར་པོ། ཡིད་ཙམ་ཁྲོས་པ་ཕྱག་གཡས་རལ་གྲི་འཕྱར་ཞིང་གཡོན་གྱིས་གླེགས་བམ་ཐུགས་ཀར་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ། རལ་པའི་ཟུར་ཕུད་ལྔ་དང་ལྡན་ཞིང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་ཐུགས་ཀར་ཨཱཿལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ། ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་མཐིང་ག་འོད་ཟེར་ལྔ་འཕྲོ་བ། རང་གི་མིག་གཉིས་སུ་ཀྵིཾ། རྣ་བ་གཉིས་སུ་ཛྲིཾ། སྣར་ཁཾ། ལྕེའི་རྩ་བར་རཾ། དཔྲལ་བར་ཀཾ །ལྟེ་བར་སཾ། སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། ཡང་ན། མིག་གཉིས་སུ་ས་སྙིང་གི་རང་བཞིན་ཀྵིཾ་ཀྵིཾ་དཀར་པོ་སོགས་གཞན་ནས་འབྱུང་བ་ལྟར་བྱའོ། །རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ཧྲཱིཿཥྚཱྀས་ཕྱིར་འབྲང་གི་བགེགས་བསྒྲད། ཧྲཱིཿཥྚཱྀཿཧ་སོགས་ཀྱིས་མཆོད། འདི་ནས་དབང་ལྷ་བསྟིམ་པའི་བར་གཙོ་བོ་གཅིག་པུའི་ཁྱད་མ་གཏོགས་བཅུ་གསུམ་མ་ལྟར་རམ། བསྡུ་ན། ཛཿཧཱུཾ་བཾ་ཧོཿསླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥཱི་ཀ་ཏ་ས་མ་ཡ་ཤྲཱི་ཨཱཿཧཱུཾ་ཞེས་དབང་བསྐུར་ལུས་གང་དྲི་མ་དག་ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། མི་བསྐྱོད་པས་དབུ་བརྒྱན་ཅིང་། དབང་གི་ལྷ་རྣམས་ཀྱང་རང་ཉིད་ལ་ཐིམ་པར་གྱུར། དེ་ནས་ༀ་ཧྲཱིཿཥྚཱྀཿཏ་སོགས་སམ། ༀ་ཡ་མཱནྟ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད་ལ། ནང་མཆོད་རྒྱས་བསྡུས་ཅི་རིགས་སྐབས་དང་སྦྱར་ནས་འབུལ། བསྟོད་པ་ཡང་སྤྲོ་ན་འཇམ་དཔལ་གསེར་མདོག་མ་དང་། བསྡུ་ན། གཉིས་མེད་ཐུན་མོང་མ་ཡིན་ཁྱབ་པའི་སྐུ། །ཀུན་ལ་སྙོམས་མཛད་རྒྱལ་བ་ཀུན་གྱི་ཡབ། །ཆོས་ཀྱི་དབྱིངས་གྱུར་རྒྱལ་བ་ཀུན་གྱི་ཡུམ། །ཡེ་ཤེས་སེམས་དཔའ་རྒྱལ་བ་ཀུན་གྱི་སྲས། །ཕྱག་འཚལ་འཇམ་དཔལ་དཔལ་གྱུར་རྫོགས་པ་ཁྱོད། །ཆོས་ཀྱི་སྐུ་ལ་བྱམས་སྡང་མི་མངའ་ཡང་། །སྲིད་གསུམ་གདུག་པ་མ་ལུས་འདུལ་བའི་ཕྱིར། །ཐུགས་རྗེའི་ཐབས་ཀྱིས་ཁྲོ་རྒྱལ་སྐུར་བསྟན་པ། །འཇིགས་བྱེད་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་དངོས་པོ་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་མཆོག་གཙོ་བོའི་གཙོ། །དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་བསྟོད། །དེ་ལས་ཀྱང་བསྡུ་ན། གཟུགས་མཆོག་མཆོག་ཏུ་དྲག་པོ་ཆེ། །ཞེས་སོགས་ཤློ་ཀ་གཅིག་བྱ། སྐབས་འདིར་བསྐྱེད་པའི་རིམ་པའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་བརྩོན་པར་བྱས་ནས། བསྐྱེད་རིམ་ཕྲ་རགས་ལ་རྩེ་གཅིག་ཏུ་མཉམ་པར་འཇོག །བསྒོམས་པས་སྐྱོ་ན། དེ་ལྟར་ཞལ་དགུ་ནི་ནས། མཚན་མ་གྱེན་དུ་འགྲེང་བ་ནི་བདེ་བ་ཆེན་པོ་རྒྱས་པ་ནས། གོ་བར་བྱེད་པའོ། །ཞེས་དག་པ་དྲན་པར་བྱ། བསྡུ་ན་མ་བྱས་ཀྱང་ཆོག །དེ་ནས་བགྲང་འཕྲེང་འཇིགས་བྱེད་དཔའ་གཅིག་ཏུ་བསྐྱེད། ཡེ་ཤེས་པ་དགུག་གཞུག །མཆོད་བསྟོད་བཟླས་པ་ཅུང་ཟད་བྱས། བཅོམ་ལྡན་འདས་ཞུ་བ་ལས་བྱུང་བའི་ཁྲག་འཛག་པའི་མགོ་འཕྲེང་དུ་བསམས་ཏེ་ཞི་ཁྲོ་སྦྲགས་བསྒྲུབ་ཀྱི་མན་ངག་ཞལ་ནས་འབྱུང་བ་ལྟར་དུ། བཟླས་པའི་སྐྱོན་དང་བྲལ་བར། ཨ་ར་པ་ཙ་ན་དང་། ༀ་ཡ་མ་རཱ་ཛཱ་ས་དོ་མེ་ཡ། ཡ་མེ་དོ་རུ། ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡ་ཀྵེ་ཡ། ཡ་ཀྵེ་ཡཙྪ་ནི་རཱ་མ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་རྩ་སྔགས་དང་། ༀ་ཧྲཱིཿཥྚཱྀཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཕཊ། ཅེས་ལས་སྔགས་དང་། ༀ་ཡ་མཱནྟ་ཀ་ཧཱུཾ་ཕཊ། ཅེས་པ་སྙིང་པོ་སྟེ། སྔགས་གསུམ་པོ་ཅི་རིགས་པ་དམིགས་པ་དང་བཅས་བཟླ། བསྙེན་པའི་གྲངས་ནི། གསུམ་ཀའམ་ཧྲཱིཿཥྚཱྀ་ཡ་སུམ་འབུམ་མམ་འབུམ་ཕྲག་གཅིག་ཡེ་ཤེས་འབེབས་སྔགས་ཁ་སྐོང་སྦྱིན་སྲེག་དང་བཅས་པ་བྱའོ། །རང་ཡི་དམ་དུ་གསལ་པའི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའི་མཐའ་སྐོར་དུ་སྔགས་འཕྲེང་གསུམ་པོ་ཡི་གེ་འབར་བའི་གཟུགས་སུ་ཡོད་པ་ལས། འོད་ཟེར་འཕྲོས་རང་གཞན་གྱི་སྡིག་སྒྲིབ་ནད་གདོན་ཐམས་ཅད་ཚར་བཅད་ཅིང་སེམས་ཅན་གྱི་དོན་བྱས། སངས་རྒྱས་བྱང་སེམས་རྣམས་ཀྱི་མཐུ་སྟོབས་བྱིན་རླབས་ཐམས་ཅད་འོད་ཟེར་སྣ་ལྔའི་རྣམ་པར་བཀུག །སྙིང་གའི་སྔགས་འཕྲེང་ལ་ཐིམ་པར་བསམས་ཏེ། བཟླས་པའི་མཇུག་ཏུ་གཤིན་རྗེ་གཤེད་ཀྱི་ཡིག་བརྒྱས་བརྟན་པར་བྱས་ལ། མཆོད་བསྟོད་མདོར་བསྡུས་བྱ། གཏོར་མ་འབུལ་བར་འདོད་ན། ནང་མཆོད་ལྟར་བྱིན་གྱིས་བརླབ། བསྐྱེད་ཚུལ་རྒྱས་པ་གཞན་དུ་ཤེས་ལ། བསྡུ་ན་སྤྱན་དྲངས་ཏེ་འབུལ་བ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་ཡེ་ཤེས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ཡ་མཱནྟ་ཀའི་མཇུག་ཏུ་བ་ལིཾ་ཏ་སོགས་བཏགས་པ་ལྔའམ་གསུམ་གྱིས་གཏོར་མ་ཕུལ་ཏེ་མཆོད་བསྟོད་མདོར་བསྡུས་བྱ། བཛྲ་མུཿཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར་པར་བསམ་མོ། །མཇུག་ཏུ་ཉེ་བར་བསྡུས་ཏེ་འོད་གསལ་གྱི་ངང་ལས། སླར་ཡང་དཔའ་བོ་གཅིག་པའི་སྐུར་ལངས་ཏེ། དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་བསྔོ་སྨོན་རྣམ་པར་དག་པས་རྒྱས་འདེབས་ཤིང་། ཐུན་འཚམས་སུ་ལྷའི་རྣལ་འབྱོར་དང་ལྡན་པའི་ངང་ནས། ཉལ་བ་དང་། ལྡང་བ་དང་། ཁྲུས་དང་། ཁ་ཟས་ཀྱི་རྣལ་འབྱོར་སོགས་རྒྱུད་དང་གྲུབ་ཆེན་གྱི་གཞུང་ནས་འབྱུང་བ་ལྟར་ཉམས་སུ་བླངས་ཏེ། དལ་འབྱོར་ཐོབ་པ་དོན་དང་ལྡན་པར་བྱའོ། །སྨྲས་པ། གང་ཞིག་བསྟེན་པས་འཆི་བདག་བདུད་སྡེའི་དཔུང་། །མ་ལུས་མཐར་བྱེད་བླ་མ་གཤིན་རྗེའི་གཤེད། །དེ་ཉིད་སྒྲུབ་པར་བྱེད་པའི་རྣལ་འབྱོར་མཆོག །འཁྱེར་བདེ་ཀུན་ཕན་རིན་ཆེན་འཕྲེང་བ་སྤེལ། །ཚུལ་འདིར་འབད་ལས་བྱུང་བའི་རྣམ་དཀར་དགེ །ཇི་སྙེད་མཆིས་པ་དེས་ཀྱང་བདག་གཞན་ཀུན། །བྱང་ཆུབ་བར་དུ་འཇམ་དཔལ་ཞི་ཁྲོ་ཡིས། །འབྲལ་མེད་དགྱེས་བཞིན་རྗེས་སུ་འཛིན་གྱུར་ཅིག །ཅེས་འཇིགས་བྱེད་དཔའ་བོ་གཅིག་པའི་སྒྲུབ་ཐབས་རིན་ཆེན་འཕྲེང་བ་ཞེས་བྱ་བ་འདི་ནི། ཤཱཀྱའི་དགེ་སློང་རབ་འབྱམས་སྨྲ་བ་གྲགས་པ་བཤད་སྒྲུབ་ཀྱིས་དད་པས་ཀུན་ནས་བསླངས་ཏེ་རྗེ་ཉིད་ཀྱི་མན་ངག་བཞིན་ཅོ་ནེ་དགོན་ཉིད་དུ་ལེགས་པར་སྦྱར་བའོ། །བཀྲ་ཤིས།། །།

ལྷ་ལྔའི་སྒྲུབ་ཐབས་བདེ་ཆེན་ཡང་གསལ་སྒྲོན་མེ།

ལྷ་ལྔའི་སྒྲུབ་ཐབས་བདེ་ཆེན་ཡང་གསལ་སྒྲོན་མེ་ཞེས་བྱ་བ་བཞུགས།

རྒྱལ་ཀུན་ལྷན་སྐྱེས་བདེ་བའི་ཡེ་ཤེས་ཆེ། །རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་རྡོ་རྗེ་འཆང་། །བླ་མ་ཧེ་རུ་ཀ་དང་བཅོམ་ལྡན་མའི། །ཞབས་ལ་བཏུད་ནས་དེ་ཡི་སྒྲུབ་ཐབས་བཤད། །འདིར་བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས་རྒྱས་བསྡུས་འཚམས་པ་ཞིག་བརྗོད་པར་བྱ་སྟེ། དེ་ཡང་བྲིས་སྐུ་དང་མཆོད་པ་ཡོ་བྱད་རྣམས་ཚོགས་པར་བྱས་ནས། བླ་མ་ཧེ་རུ་ཀ་དཔལ་དང་། །མཆོག་གསུམ་རྣམས་ལ་སྐྱབས་སུ་མཆི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་སྐྱབས་སེམས་བྱ། དེ་ནས། རང་ཉིད་སྐད་ཅིག་གིས་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པར་གྱུར། ནང་མཆོད་བྱིན་གྱིས་བརླབས་པ་ནི། ༀ་ཁཎྜ་རོ་ཧི་ཧཱུཾ་ཧཱུཾ་ཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་མེ་འབར་བས་མཚན་པ། དེའི་སྟེང་དུ་ༀ་ཨཱཿཧཱུཾ་གསུམ་ལས་བྱུང་བའི་མི་མགོ་རློན་པའི་སྐྱེད་པུ་ལ་གནས་པའི་ཨ་དཀར་པོ་ལས་བྱུང་བའི་ཐོད་པ་དུམ་བུ་གཅིག་པ་ཕྱི་དཀར་ལ་ནང་དམར་བའི་ནང་གི་ཤར་དུ་ༀ་དཀར་པོ་ལས་བྱུང་བའི་དྲི་ཆེན་ༀ་གྱིས་མཚན་པ། བྱང་དུ་ཁཾ་ལྗང་ཁུ་ལས་བྱུང་བའི་ཤ་ཆེན་ཁཾ་གྱིས་མཚན་པ། ནུབ་ཏུ་ཨཾ་དམར་པོ་ལས་བྱུང་བའི་བྱང་སེམས་ཨཾ་གིས་མཚན་པ། ལྷོར་ཏྭཾ་སེར་པོ་ལས་བྱུང་བའི་རཀྟ་ཏྭཾ་གིས་མཚན་པ། དབུས་སུ་ཧཱུཾ་སྔོན་པོ་ལས་བྱུང་བའི་དྲི་ཆུ་ཧཱུཾ་གིས་མཚན་པ། མེར་ལཾ་དཀར་པོ་ལས་བྱུང་བའི་བ་གླང་གི་ཤ་ལཾ་གིས་མཚན་པ། བདེན་བྲལ་དུ་མཾ་སྔོན་པོ་ལས་བྱུང་བའི་ཁྱིའི་ཤ་མཾ་གྱིས་མཚན་པ། རླུང་དུ་བཾ་དམར་པོ་ལས་བྱུང་བའི་གླང་པོ་ཆེའི་ཤ་པཾ་གྱིས་མཚན་པ། དབང་ལྡན་དུ་ཏཾ་ལྗང་ཁུ་ལས་བྱུང་བའི་རྟའི་ཤ་ཏཾ་གིས་མཚན་པ། རླུང་གཡོ་བ་ལས་མེ་འབར་བའི་དྲོད་ཀྱིས་རྫས་ཡི་གེ་དང་བཅས་པ་རྣམས་ཞུ་ནས་ཉི་མ་འཆར་ཀའི་མདོག་ལྟར་དམར་སེར་དུ་གྱུར། དེའི་སྟེང་དུ་ཧཱུཾ་དཀར་པོ་ལས་བྱུང་བའི་ཁ་ཊཾ་ག་དཀར་པོ་བྱང་ཆུབ་སེམས་ཀྱི་བདུད་རྩིའི་རང་བཞིན་ཅན་མགོ་བོ་ཐུར་དུ་བལྟས་པ་ཐོད་པར་ལྷུང་སྟེ་ཞུ་བས། བཅུད་དེ་དག་དངུལ་ཆུའི་མདོག་ཅན་བསིལ་བར་གྱུར། ༀ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་ཧཱུཾ་ཧཱུཾ་ཕཊ། ཡི་གེ་དེ་ཉིད་ཁ་དོག་སྣ་ཚོགས་པ་བདུད་རྩིའི་སྟེང་དུ་གནས་པ་ཡོངས་སུ་གྱུར་པ་ལས། ༀ་དཀར་པོ་ཨཱཿདམར་པོ་ཧཱུཾ་སྔོན་པོ་གསུམ་སྟེང་ནས་སྟེང་དུ་གནས་པ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་ན་བཞུགས་པའི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱི་ཐུགས་ཀའི་ས་བོན་ལས་ཡེ་ཤེས་ཀྱི་བདུད་རྩི་བཀུག་པ་ༀ་ཨཱཿ་ཧཱུཾ་ལ་ཐིམ། དེ་གསུམ་ཡང་རིམ་གྱིས་ཞུ་ནས་ཐོད་པར་ཐིམ་པར་གྱུར། ༀ་ཨཱཿཧཱུཾ་ལན་གསུམ། འདིར་རྫས་དགུ་ལས་མི་འབྱུང་བ་ནི། ཤ་ཆེན་གྱིས་རྫས་གཉིས་ཀྱིས་གོ་ཆོད་པའི་དབང་དུ་མཛད་པའོ། །བྱིན་རླབས་བསྡུ་ན། ཧ་ཧོ་ཧྲཱིཿ ཁ་དོག་དྲི་རོ་ནུས་པའི་སྐྱོན་ཐམས་ཅད་བཅོམ་ཞིང་བདུད་རྩིའི་རང་བཞིན་དུ་གྱུར། ༀ་ཨཱཿཧཱུཾ་ལན་གསུམ་བརྗོད་པས་ཀྱང་འགྲུབ། སྔོན་འགྲོའི་མཆོད་པ། ཁཎྜ་རོ་ཧིས་བསངས་སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཀཾ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི། ཞལ་ཟས་རོལ་མོ་རྣམས། རང་བཞིན་སྟོང་ཉིད། རྣམ་པ་མཆོད་རྫས་སོ་སོའི་རྣམ་པ་ཅན། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་སྟེར་བར་གྱུར། ༀ་ཨཱརྒྷཾ་ཨཱཿཧཱུཾ། ༀ་པཱ་དྱཾ་ཨཱཿཧཱུཾ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ། ༀ་བཛྲ་དྷུ་པེ་ཨཱཿཧཱུཾ། ༀ་བཛྲ་དཱི་བ་ཨཱཿཧཱུཾ། ༀ་བཛྲ་གནྡྷེ་ཨཱཿཧཱུཾ། ༀ་བཛྲ་ནཻ་ཝི་ཏེ་ཨཱཿཧཱུཾ། ༀ་བཛྲ་ཤཔྟ་ཨཱཿཧཱུཾ། གཏོར་མ་ཡང་ནང་མཆོད་ལྟར་བྱིན་བརླབ་བྱའོ། །དེ་ནས་གཞུང་ནས་བཤད་པ་ལྟར་འབར་བའི་ཕྱག་རྒྱ་དང་བཅས་ཏེ། ཕེཾ་རང་གི་ཐུགས་ཀར་ཉི་གདན་ལ་གནས་པའི་ཧཱུཾ་ཡིག་ལས་འཕྲོས་པའི་འོད་ཟེར་གྱིས། དུར་ཁྲོད་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་ལ་སོགས་པ་ཐམས་ཅད་སྤྱན་དྲངས་ཏེ་ཕྱོགས་མཚམས་བརྒྱད་དུ་འཁོད་པ་སྐད་ཅིག་གིས་འོད་གསལ་དུ་བཅུག་པ་ལས་བདེ་མཆོག་གི་ལྷ་ཡབ་ཡུམ་གྱི་སྐུ་བཞེངས་པའི་མགྲོན་རྣམས་ཀྱི་ལྗགས་ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་དཀར་པོ་ནས་འབྲུ་ཙམ་འཁོར་བའི་འོད་ཟེར་གྱི་སྦུ་གུས་དྲངས་ནས་གསོལ་བར་གྱུར། ༀ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵས། བྷུ་ཏ། པྲེ་ཏ། པི་ཤ་ཙ། ཨུནྨཱ་ད། ཨ་པསྨཱ་ར། བཛྲ་ཌཱ་ཀ་ཌཱ་ཀི་ནྱེ་ད་ཡ། ཨི་མཾ་བ་ལི་གྲྀ་ཧྣ་ཏུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷཱི་མྨེ་པྲ་ཡ་ཙྪནྟུ། ཡ་ཐཻ་བ། ཡ་ཐེཥྚ། བྷུ་ཛ་ཐ། པི་པཱ་ཐ། ཛི་གྷྲ་ཐ། མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་རྟ་ཡ། ས་ཏ་སུ་ཁཾ། བི་ཤུདྡྷ་ཡེ། ས་ཧ་ཡི་ཀ། བྷ་ཝནྟ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ལན་གཉིས་ཀྱིས་ཕྱོགས་གཡོན་དང་མཚམས་གཡས་སྐོར་དུ་གནས་པ་ལ་འབུལ། ༀ་ཨརྒྷཾ་པྲ་ཏི་ཙྪ་སྭཱ་ཧཱ། ༀ་བཱ་དྱཾ་པ་ཏིཙྪ་སྭཱ་ཧཱ། ༀ་བཛྲ་པུཥྤེ། དེ་བཞིན་དུ། དྷུ་པེ། དཱི་བཾ། གནྡྷེ། ནཻ་བི་ཏེ། ཤཔྟ་ཨཱཿཧཱུཾ། ཕྱོགས་སྐྱོང་དང་ཞིང་སྐྱོང་ལ་སོགས་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། ལྷ་ཡི་ཚོགས་རྣམས་མ་ལུས་དང་། །ཀླུ་ཡི་ཚོགས་རྣམས་ལ་གནོད་སྦྱིན༴ སྲིན་པོའི༴ འབྱུང་པོའི༴ ཡི་དྭགས༴ ཤ་ཟའི༴ སྨྱོ་བྱེད༴ བརྗེད་བྱེད༴ མཁའ་འགྲོའི༴ མ་མོའི༴ མ་ལུས་པ་ནི་ཐམས་ཅད་དག །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །བསྟན་པ་བསྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་འཆེས་པ་རྣམས། །དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་པོའི་གཟུགས་ཅན་དྲག་གཏུམ་མི་བཟད་པ། །གདུག་པ་འདུལ་མཛད་ནག་པོའི་ཕྱོགས་རྣམས་འཇོམས། །རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང་། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པའི། །གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་ལོ། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོགས་བཅས་པས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །སྲུང་མས་རྟག་ཏུ་གྲོགས་མཛོད་ཅིག །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་ཞི་བ་དང་། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་རྒྱས་ཤིང་ཆོས་འཕེལ་དང་། །བདེ་ལེགས་ཐམས་ཅད་འབྱུང་བ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཡིག་བརྒྱ་བཟླས། བཛྲ་མུཿ འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་པར་གྱུར། བདག་བསྐྱེད་ཀྱི་མཆོད་པ་སྔོན་འགྲོའི་གཏོར་མའི་སྐབས་ལྟར་བྱིན་གྱིས་བརླབས་ལ། ཡིག་བརྒྱའི་བཟླས་པ་བྱེད་ན། གཞན་ནས་འབྱུང་བ་ལྟར་བྱ་ཞིང་། རྒྱུན་པའི་མངོན་རྟོགས་ལ་ནི་སྔོན་འགྲོའི་མཆོད་གཏོར་ཡིག་བརྒྱ་བཟླ་བའི་སྐོར་རྣམས་བཞག་ཀྱང་འགལ་བ་མེད་པས། དེ་ལྟར་བྱེད་ན། ནང་མཆོད་དང་མཆོད་པ་བྱིན་བརླབས་བྱས་པའི་འཕྲོ་ནས་སྐབས་འདིར་འཇུག་གོ །དེ་ནས་དག་པ་གསུམ་གྱི་རྣལ་འབྱོར་ནི། ཤྲཱི་ཧེ་རུ་ཀ །ཧེ་ནི་ཀུན་གྱི་འབྱུང་གནས་སུ་གྱུར་པའི་སེམས་ཏེ་རྒྱུའི་བདག་ཉིད་དུ་བརྟག་པར་བྱ་བས་སྟོང་པའི་ཆོས་ཀྱི་བདག་མེད་པ་དང་། རུ་ནི་གང་ཟག་གི་བདག་ཏུ་འཛིན་པའི་རྣམ་རྟོག་གི་དྲ་བས་བཀོད་པའི་བདག་དང་བྲལ་བའི་གང་ཟག་གི་བདག་མེད་པ་དང་། ཀ་ནི་དེ་ཁོ་ན་ཉིད་ཀྱི་ཡུལ་ཡུལ་ཅན་གཉིས་མི་མཐུན་པར་སོ་སོར་གཉིས་སུ་མི་གནས་པ་དང་། ཤྲཱི་ནི་ཡུལ་སྟོང་པ་ཉིད་ཇི་འདྲ་བ་དེ་བཞིན་དུ་རྗེས་སུ་ཞུགས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཨེ་ཝཾ་གི་དོན་ནོ། །སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པ་གཡས་བརྐྱང་གིས་བཞུགས་པ་ལ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པར་གྱུར། ཤྲཱི་ཧེ་རུ་ཀོ྅ཧཾ། ལན་གསུམ་བརྗོད། དེ་ནས་མགོ་བོར་ༀ་དང་མཐར་ཧཱུཾ་ཧཱུཾ་ཕཊ་དང་ལྡན་པའི་ཨཱ་ལི་ཀཱ་ལི་ལན་གསུམ་བརྗོད་ནས། རང་གི་ལྟེ་བའི་ཕྱོགས་སུ་སྔགས་འཕྲེང་འོད་ཟེར་དང་བཅས་པ་གཡོན་བསྐོར་དུ་ལན་གསུམ་བསྐོར་ཏེ་གནས་པ་ལས། ལྷ་ལྔའི་ཚོགས་འཕྲོས་པ་སྣ་བུག་གཡས་པ་ནས་འཐོན་ཏེ་ཕྱོགས་བཅུར་འཕྲོས་པས་བགེགས་ཐམས་ཅད་བསྐྲད། སླར་བྱོན་རང་གི་སྣ་བུག་གཡོན་པ་ནས་ཞུགས་ལྟེ་བའི་སྔགས་ཕྲེང་ལ་ཐིམ་པར་གྱུར། དེ་ནས་ཚོགས་ཞིང་ནི། རང་ཧེ་རུ་ཀར་གནས་པའི་ཐུགས་ཀར་པཾ་སེར་པོ་ལས་སྣ་ཚོགས་པདྨའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དཔལ་མཆོག་དང་པོའི་ཡི་གེ་ཧཱུཾ་སྔོན་པོ་ཡེ་ཤེས་ལྔའི་རང་བཞིན་ཅན་འོད་ཟེར་ཁ་དོག་ལྔ་འཕྲོ་བའི་འོད་ཟེར་གྱིས་རང་གི་སྤྱི་བོ་ནས་རྐང་པའི་བར་གང་སྟེ། ཐོག་མ་མེད་པ་ནས་ཀྱི་སྒོ་གསུམ་གྱི་དྲི་མ་རྣམས་སྦྱངས་པས་ལུས་ཤེལ་གོང་བཞིན་དུ་དག་པར་གྱུར་ཏེ། བ་སྤུའི་སྒོ་ནས་ཕྱིར་འཕྲོས་པའི་འོད་ཟེར་གྱིས་འགྲོ་བ་ཀུན་གྱི་ལུས་སྦྱངས། སྒོ་གསུམ་དག་པར་བྱས། སྤྲིན་སྒྲའི་ཡི་གེའི་འོད་དེས་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་དང་། སྔོན་ནས་གྲུབ་པའི་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་དང་། གཞན་ཡང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་དང་ལྷ་མོ་དང་། ཁྲོ་བོས་ནམ་མཁའི་ཁམས་ཏིལ་གྱི་གང་བུ་ལྟར་གང་བ་མདུན་གྱི་ནམ་མཁར་སྤྱན་དྲངས། གང་གི་དྲིན་གྱིས་བདེ་ཆེན་གནས། །ནས་པད་ལ་འདུད། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེའི་དབང་ཕྱུག་དང་། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱི། །རྡོ་རྗེ་ཕག་མོ་དེ་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡིས་འཁོར་ལོ་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོགས་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་ལ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཞེས་ཕྱག་བྱ། རང་གི་ཐུགས་ཀའི་ཧཱུཾ་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏཱ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པ་ནས་ཤཔྟའི་བར་དང་། ༀ་ཨཱཿབཛྲ་ཨཱ་དཪྴེ་ཧཱུཾ། ༀ་ཨཱཿབཛྲ་ཝི་ཎེ་ཧཱུཾ། ༀ་ཨཱཿབཛྲ་གནྡྷེ་ཧཱུཾ། ༀ་ཨཱཿབཛྲ་ར་སེ་ཧཱུཾ། ༀ་ཨཱཿབཛྲསྤ ཪྴེ་ཧཱུཾ། ༀ་ཨཱཿབཛྲ་དྷརྨེ་ཧཱུཾ། ཞེས་སྦྱར་ལ་མཆོད། ཐུགས་ཀའི་ཧཱུཾ་ལས་བྱུང་བའི་སྙིང་པོའི་རྣལ་འབྱོར་མ་བཞིས་ཐོད་པའི་ནང་གི་བདུད་རྩི་ལྔས་མཆོད་པར་གྱུར། ༀ་སརྦ་བཛྲ་ཀཱ་མི་ནི་སརྦ་བྷཀྵ་ཤོ་དྷ་ཡ་གུ་ཧྱ་བ་ཛྲི་ནི་སྭཱ་ཧཱ། ཡབ་ཡུམ་སྙོམས་པར་ཞུགས་ཏེ་བདེ་བ་ཆེན་པོ་བསྐྱེད་པས་ལྷ་ཐམས་ཅད་ཀྱི་ཀྱང་བདེ་བ་ཆེན་པོ་ཉམས་སུ་མྱོང་བར་གྱུར། དཀོན་མཆོག་གསུམ་ལ་ནས་འགྲུབ་པར་ཤོག །སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ཐམས་ཅད་བསལ་བའི་ཕྱིར་ནམ་མཁའི་མཐས་གཏུགས་པའི་སངས་རྒྱས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །རྒྱལ་བ་མྱ་ངན་ལས་འདའ་བར་བཞེད་པ་རྣམས་འགྲོ་བ་ཀུན་ལ་ཕན་པ་དང་བདེ་བའི་དོན་དུ་བསྐལ་བ་ཞིང་གི་རྡུལ་སྙེད་དུ་བཞུགས་པར་གསོལ་བ་འདེབས་སོ། །བགྲོད་དཀའ་སྲིད་པའི་རྒྱ་མཚོ་ལས། །བདག་གིས་འགྲོ་རྣམས་བསྒྲལ་བའི་ཕྱིར། །རང་གི་བདག་ཉིད་སྐད་ཅིག་མ། །སངས་རྒྱས་རྣམས་ལ་དབུལ་བར་བགྱི། །སེམས་ཅན་ཐམས་ཅད་ཁྱད་པར་དུ་འཕགས་པའི་བདེ་བ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་གྱུར་ཅིག །ཐོབ་ཟིན་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག །ཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་ལྷ་ཚོགས་རྣམས་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཡིག་བརྒྱ་ཚར་གཅིག་བརྗོད་ལ། ཚོགས་ཞིང་རྣམས་འོད་དུ་གྱུར་ཏེ་རང་གི་སྨིན་མཚམས་ནས་ཞུགས་པས་བྱིན་གྱིས་བརླབས་པར་གྱུར། ཅེས་འཛམ་བུ་གླིང་པའི་སྔགས་སྤྱོད་པའི་རྟེན་གྱི་མིའི་ལུས་ཐོབ་པའི་རྒྱུར་བསོད་ནམས་ཀྱི་ལས་འདུ་བྱ་བ་ལྟར་བསོད་ནམས་ཀྱི་ཚོགས་བསགས། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་ལ་ཀུན་རྟོག་གིས་བཏགས་པ་ཙམ་གྱི་སྒྱུ་མ་ལྟ་བུར་གྱུར། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བརྟན་གཡོ་ཐམས་ཅད་སྦྱངས་ཏེ་འོད་དུ་གྱུར་པ་རང་ལ་ཐིམ་ཞིང་རང་ཡང་སྟོད་སྨད་ནས་རིམ་གྱིས་ཐུགས་ཀའི་ཧཱུཾ་ལ་ཐིམ། ཧཱུཾ་གི་ཨཱུ་ནི་ཧའི་ལུས་ལ། དེ་མགོ་བོ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ལ། ནཱ་ད་ཡང་འོད་གསལ་དུ་ཐིམ་པར་གྱུར། ༀ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨ ཏྨ་ཀོ྅ཧཾ། ཆོས་ཐམས་ཅད་རབ་ཏུ་གནས་པ་མེད་པ་ནམ་མཁའ་དྲི་མ་མེད་པའི་འོད་གསལ་དུ་གྱུར། དེ་ནི་ལས་བསགས་པའི་མཐར་འཆི་བ་འོད་གསལ་སྔོན་དུ་བྱས་པ་དང་ཆོས་མཐུན་པར་བསྒོམ་པ་འཆི་བ་ཆོས་སྐུར་འཁྱེར་བའི་རྣལ་འབྱོར། དེ་ལྟར་སྣང་བ་ཐམས་ཅད་བསྡུས་པའི་སྟོང་པའི་ངང་ལས་རང་གི་སེམས་ནཱ་དའི་གཟུགས་གྱེན་དུ་འགྲེང་བ་ཤིན་ཏུ་ཕྲ་བ་དཀར་ལ་དམར་བའི་མདངས་ཆགས་པ་ནམ་མཁར་གནས་པར་གྱུར། དེ་ནི་འཆི་བ་འོད་གསལ་ལས་བར་དོ་གྲུབ་པ་དང་ཆོས་མཐུན་པར་བསྒོམ་པ་ལོངས་སྐུའི་ལམ་འཁྱེར། དེ་ནས་བསྲུང་འཁོར་ནི། ༀ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཧཱུཾ་ཕཊ། ཤར་དུ་སྔགས་དེ་ཉིད་ཁ་དོག་ནག་པོ། ༀ་གྲི་ཧྣ་གྲི་ཧྣ་ཧཱུཾ་ཧཱུཾ་ཕཊ། བྱང་དུ་སྔགས་དེ་ཉིད་ཁ་དོག་ལྗང་ཁུ། ༀ་གྲི་ནྷ་པཱ་ཡ་གྲི་ཧྞ་པཱ་ཡ་ཧཱུཾ་ཧཱུཾ་ཕཊ། ནུབ་ཏུ་སྔགས་དེ་ཉིད་ཁ་དོག་དམར་པོ། །ༀ་ཨཱ་ན་ཡ་ཧོཿབྷ་ག་ཝཱ་ན་བི་དྱ་རཱ་ཛཱ་ཧཱུཾ་ཧཱུཾ་ཕཊ། ལྷོར་སྔགས་དེ་ཉིད་ཁ་དོག་སེར་པོ་རྣམས་འཁོད་པར་གྱུར། སྔགས་དེ་རྣམས་ལས་རང་རང་གི་ཁ་དོག་ཅན་གྱི་འོད་ཟེར་འཕྲོས་པས་ཚངས་པའི་འཇིག་རྟེན་ནས་གསེར་གྱི་ས་གཞི་ལ་ཐུག་པར་ཁྱབ་པའི་འོད་ཟེར་འབར་བའི་གཟུགས་ཆེན་པོས་ཁྱབ་པ་རྣམས་སུ་གྱུར། སྔགས་འོད་ཟེར་དང་བཅས་པ་ཡོངས་སུ་གྱུར་པ་ལས། ཤར་ནག །བྱང་ལྗང་། ནུབ་དམར། ལྷོ་སེར་བའི་སྣ་ཚོགས་རྡོ་རྗེའི་ར་བ་གྲུ་བཞི་བ་ཚངས་པའི་འཇིག་རྟེན་ནས་གསེར་གྱི་ས་གཞི་ལ་ཐུག་གི་བར་དུ་ཁྱབ་པར་གྱུར། ར་བ་གྲུབ་པ་དང་དུས་མཉམ་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་གིས་མཚན་པའི་ཧཱུཾ་གི་འོད་ཟེར་ལས་གསེར་གྱི་ས་གཞི་ལ་ཐུག་པའི་འོག་གི་ས་གཞི་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་གྱུར། སྣ་ཚོགས་རྡོ་རྗེའི་ཧཱུཾ་གི་འོད་ཟེར་ལས་ཕྱི་རོལ་དུ་སྟེང་དང་ལོགས་ཀུན་ཏུ་ཁྱབ་པར་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ཅན་གྱི་མདའི་དྲ་བ་དང་། དེའི་འོག་ཏུ་རྡོ་རྗེའི་གུར། གུར་གྱི་འོག་ར་བའི་སྟེང་དུ་རྡོ་རྗེའི་བླ་རེ་རྣམས་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པའི་ཕྱི་རོལ་དུ་རྡོ་རྗེའི་མེ་འཇིག་དུས་ཀྱི་མེ་ལྟ་བུས་བསྐོར་བར་གྱུར། ༀ་མེ་དི་ནཱི་བཛྲི་བྷ་ཝ་བཛྲ་བནྡྷ་ཧཱུཾ། ༀ་ཛྲ་པྲཱ་ཀ་ར་ཧཱུཾ་པཾ་ཧཱུཾ། ༀ་བཛྲ་བཉྩར་ཧཱུཾ་པཾ་ཧཱུཾ། ༀ་བཛྲ་བི་ཏཱ་ན་ཧཱུཾ་ཁཾ་ཧཱུཾ། ༀ་བཛྲ་སཱ་ར་ཛྭ་ལ་ཏྲཾ་སཾ་ཏྲཾ། ༀ་བཛྲ་ཛྭ་ལ་ཨ་ན་ལྭརྐ་ཧཱུཾ་ཧཱུཾ་ཧཱུཾ། སུཾ་བྷ་ནི་སོགས་སྔགས་བཞི་སྔར་བཞིན་བརྗོད་ནས། རྣམ་པ་ཐམས་ཅད་དུ་འགྲོ་བ་རྣམས་བགེགས་དང་བྲལ་བར་གྱུར། བསྲུང་འཁོར་གྱི་དབུས་སུ་ཡཾ་སྔོན་པོ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་གཡས་གཡོན་གཉིས་སུ་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་དམར་པོ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་གྲྭ་གསུམ་དུ་རཾ་གྱིས་མཚན་པ། དེའི་སྟེང་དུ་བཾ་དཀར་པོ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ། དེའི་སྟེང་དུ་ལཾ་སེར་པོ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་གྲྭ་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་པ། དེའི་སྟེང་དུ་སུཾ་ལས་རི་རབ་ལྷུན་པོ་གྲུ་བཞི་པ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན། སྟེང་གི་ཕྱོགས་མཚམས་སུ་ལྕོག་བརྒྱད་ཀྱིས་མཛེས་པ། དེའི་སྟེང་དུ་པཾ་སེར་པོ་ལས་སྣ་ཚོགས་པདྨ། དེའི་ལྟེ་བར་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བར་པཾ་ལས་ལྟེ་བ་དང་ཚད་མཉམ་པའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་གེ་སར་དང་ལྡན་པ། ཕྱོགས་བཞིའི་འདབ་མ་དམར། མེ་རླུང་གཉིས་སེར། བདེན་བྲལ་ལྗང་། དབང་ལྡན་ནག །ལྟེ་བ་ལྗང་། གེ་སར་སེར་བ། སྣ་ཚོགས་པདྨ་ཆུང་ངུའི་དབུས་སུ་མཚན་སོ་གཉིས་ཀྱི་ངོ་བོ། ༀ་ཨཱཿཨི་ཨཱི། ནས། ཨཾ་ཨཱཿ སྟེ་དབྱངས་དཀར་པོ་བཅུ་དྲུག་པ་ཕྲག་གཅིག་གཡས་བསྐོར་དང་། སླར་ཡང་ཨ་ཨཱ། ནས་ཨཾ་ཨཿསྟེ་དབྱངས་དཀར་པོ་བཅུ་དྲུག་པ་ཕྲག་གཅིག་གཡོན་བསྐོར་དུ་རིམ་པ་གཅིག་གིས་འཁོད། དེའི་ཕྱི་རོལ་ཏུ་དཔེ་བྱད་བརྒྱད་ཅུའི་ངོ་བོ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཌྷ་ཎ། ཏ་ཐ་ད་དྷ་དྷ་ན། པ་ཕ་བ་བྷ་མ། ཡ་ཡ་ར་ལ་ལ་ཝ། ཤ་ཥ་ས་ཧཀྵ་སྟེ་གསལ་བྱེད་དམར་པོ་བཞི་བཅུ་པ་ཕྲག་གཅིག་གཡས་བསྐོར་དང་། སླར་ཡང་ཀ་ཁ་ནས་ཀྵ་སྟེ་གསལ་བྱེད་དམར་པོ་བཞི་བཅུ་པ་ཕྲག་གཅིག་གཡོན་བསྐོར་དུ་རིམ་པ་གཅིག་གིས་འཁོད། དེ་གཉིས་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དཀར་ལ་དམར་བའི་མདངས་ཅན་ལ་དབྱངས་གསལ་རྣམས་གཟུགས་བརྙན་ཤར་བ་བཞིན་དུ་སྣང་བའི་ཨཱ་ལི་དང་ཟླ་བའི་ཁ་དོག་དཀར་བའི་ཆ་ནི་མེ་ལོང་ལྟ་བུའི་ཡེ་ཤེས། ཀཱ་ལི་དང་ཟླ་བའི་ཁ་དོག་དམར་བའི་ཆ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས། རང་ནམ་མཁའི་ནཱ་དས་ཟླ་བ་དཀར་ལ་དམར་བའི་མདངས་ཅན་མཐོང་བ་ན་བདག་གིས་སངས་རྒྱས་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་གྱི་ངོ་བོར་གྱུར་པའི་དབུས་སུ་སྐྱེ་བ་བླངས་ལ་སེམས་ཅན་གྱི་དོན་བྱའོ་སྙམ་པའི་འཕེན་པ་དང་ལྡན་པས་ཟླ་བའི་དབུས་སུ་ནཱ་ད་ཞུགས་པ་ལས། འདི་ནི་བར་དོ་ཕ་མའི་ཁུ་ཁྲག་གི་དབུས་སུ་སྐྱེ་བ་བླངས་བ་དང་ཆོས་མཐུན་པས་ཏེ་སྐྱེ་བ་སྦྱོང་བྱེད་སྤྲུལ་སྐུའི་ལམ་འཁྱེར། རིམ་གྱིས་ནཱ་ད་ལས་ཐིག་ལེ། དེ་ལས་ཟླ་ཕྱེད། དེ་ལས་ཧའི་མགོ་བོ། དེ་ལས་ཧའི་ལུས། དེ་ལས་ཨཱུ་གྲུབ་པའི་ཚུལ་གྱིས་དཀར་ལ་དམར་བའི་མདངས་ཅན་གྱི་ཧཱུཾ་ཡིག་རྒྱུ་རྡོ་རྗེ་འཛིན་པའི་རང་བཞིན་ཅན་དུ་རྫོགས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས། ཧཱུཾ་ལས་ཁ་དོག་སྣ་ལྔ་པའི་འོད་ཟེར་འཕྲོ་བའི་རྩེ་མོ་ལས་ལྷ་ལྔའི་ལྷ་ཚོགས་རྣམས་འཐོན་ཏེ་འགྲོ་བ་རྣམས་ལྷ་ལྔའི་གོ་འཕང་ལ་བཀོད་པ་དང་། སྔོན་ཐོག་མ་མེད་པ་ནས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་ལ་སོགས་པ་ཕྱོགས་བཅུའི་ཞིང་ཁམས་ན་བཞུགས་པ་རྣམས་ལྷན་ཅིག་སྤྱན་དྲངས་པ་དང་མཉམ་པར་སྦྱར་བ་སྔོན་དུ་འགྲོ་བས་ཞུ་ནས་ཧཱུཾ་ཡིག་གི་ནཱ་ད་ལ་ཐིམ་ཞིང་། ཧཱུཾ་ཡིག་ལྷན་སྐྱེས་ཀྱི་དགའ་བའི་རང་བཞིན་ཅན་གྱུར་པ་ནི། བྱ་བ་གྲུབ་པའི་ཡེ་ཤེས། ༀ་ཨཱཿཧཱུཾ། ༀ་སརྦ་བི་ར་ཡོ་གི་ནཱི་ཀཱ་ཡ་ཝཱ ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ༀ་བཛྲ་ཤུདྡྷ་སརྦ་དྷརྨ་བཛྲ་ཤུདྡྷོ྅ཧཾ། ཟླ་བ་དབྱངས་གསལ་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་བ་ལས། རྟེན་དང་བརྟེན་པའི་དཀྱིལ་ཐམས་ཅད་དུས་གཅིག་ཏུ་གྲུབ་པ་ནི་ཆོས་ཀྱི་དབྱིངས་ཡེ་ཤེས། དེ་ཡང་ཁང་པ་བརྩེགས་པའི་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་རིན་པོ་ཆེའི་རྩིག་པས་བསྐོར་བའི་སྟེང་ན། རིན་པོ་ཆེའི་ཕ་གུ་གཞི་དམར་པོ་ལ་རིན་པོ་ཆེ་ཟུར་གསུམ་པ་དང་གྲུབ་བཞི་པ་ལ་སོགས་པས་སྤྲས་པ། དེའི་སྟེང་ན་གནས་པའི་གསེར་གྱི་སྐེ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་མུ་ཏིག་གི་དོ་ཤལ་དང་། དོ་ཤལ་ཕྱེད་པ་འཕྱང་བ། དེའི་ཕྱིར་ངོས་སུ་བྱ་འདབ་ལ་འཕྱང་བའི་རིན་པོ་ཆེའི་ཤར་བུ། དེའི་སྟེང་དུ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱི་མདའ་ཡབ་ལ་གནས་པའི་གསེར་གྱི་བུམ་པ་ནས་འཐོན་པའི་རྒྱལ་མཚན་དང་བ་དན་བརྒྱད་བརྒྱད་ཀྱིས་མཛེས་པར་བྱས་པ། ཕྱིའི་སྟེང་གི་ཟུར་བཞི་ལ་གདུགས་བཞིས་བརྒྱན་པ། རྩིག་པའི་འགྲམ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལ་བཞུགས་སྟབས་དང་ཁ་དོག་སྣ་ཚོགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་རྩིག་པའི་ཕྱི་ནང་གི་ཟུར་བཞིར་ཟླ་ཕྱེད་ལ་གནས་པའི་རིན་པོ་ཆེ་དམར་པོའི་སྟེང་དུ་རྡོ་རྗེས་བརྒྱན་པ། སྒོ་བཞི་སོ་སོའི་མདུན་དུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ་བུམ་པ་ལ་གནས་པའི་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་ཆོས་ཀྱི་འཁོར་ལོའི་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། རྟ་བབས་ཀྱི་གཡས་གཡོན་དུ་བུམ་པ་བཟང་པོ་ལས་སྐྱེས་པའི་དཔག་བསམ་གྱི་ཤིང་ལ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་། བར་བར་དུ་གྲུབ་པ་ཐོབ་པ་དང་། སྤྲིན་གྱི་གསེབ་ནས་བྱུང་བའི་ལྷ་མོ་མེ་ཏོག་གི་ཕྲེང་བ་བཟུང་བ་རྣམས་ཀྱིས་ཀུན་ནས་མཛེས་པར་བྱས་པ། དེའི་ཕྱི་རོལ་དུ་སྣ་ཚོགས་རྡོ་རྗེའི་ར་བས་བསྐོར་བ་ལ་སོགས་པའི་བསྲུང་འཁོར། དེའི་ཕྱི་རོལ་ཏུ་བསྐལ་པ་འཇིག་དུས་ཀྱི་མེ་ལྟ་བུའི་ཁ་དོག་སྣ་ལྔ་པའི་རྡོ་རྗེའི་མེ་སྟེང་དང་ལོགས་ཀུན་ཏུ་ཁྱབ་པར་གཡོན་བསྐོར་དུ་འཁྱིལ་ཞིང་འབར་བ། དེའི་ཕྱི་རོལ་ཏུ་གཏུམ་དྲག་ལ་སོགས་པའི་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་གཞལ་ཡས་ཁང་གི་ནང་དུ་ཀ་བ་བརྒྱད་ཀྱིས་བཏེག་པའི་རྡོ་རྗེའི་གདུང་གིས་མཛེས་པར་ཕུབ་པའི་རྩེ་མོར་རྡོ་རྗེ་ནོར་བུ་རིན་པོ་ཆེའི་ཏོག་གིས་སྤྲས་པ། གཞལ་ཡས་ཁང་གི་ནང་གི་སྟེང་འོག་རྣམས་ཤར་དཀར། བྱང་ལྗང་། ནུབ་དམར། ལྷོ་སེར། དབུས་སྔོ་བ། དེའི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར། ཕྱོགས་བཞིའི་འདབ་མར་ཉི་མ་དང་རོའི་གདན་རེ་རེ། དབུས་ཀྱི་པདྨའི་ལྟེ་བར་ཉི་མའི་གདན་ལ། རང་ཉིད་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་མཐིང་ཁ་ཞལ་བཞི་པའི་རྩ་ཞལ་ནག །གཡོན་ཞལ་ལྗང་། རྒྱབ་ཞལ་དམར། གཡས་ཞལ་སེར་བ། ཞལ་རེ་རེ་ཡང་སྤྱན་གསུམ་པ། ཕྱག་བཅུ་གཉིས་པ། དཔྲལ་བར་རྡོ་རྗེ་རྩེ་ལྔ་པའི་འཕྲེང་བ་འཛིན་པ། ཞབས་གཡས་བརྐྱངས་པས་འཇིགས་བྱེད་ནག་པོ་ལག་པ་བཞི་པའི་དང་པོ་གཉིས་ཐལ་མོ་སྦྱར་བ། གཡས་ལྷག་མ་ཌཱ་མ་རུ། གཡོན་ལྷག་མ་རལ་གྲི་འཛིན་པའི་མགོ་བོ་མནན་པ། གཡོན་བསྐུམས་པས་དུས་མཚན་མ་དམར་མོ་ལག་པ་བཞི་པའི་དང་པོ་གཉིས་ཐལ་མོ་སྦྱར་བ། ལྷག་མ་གཉིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའི་ནུ་མ་མནན་པ། གདན་གཉིས་ཀའང་གདོང་གཅིག་པ། མིག་གསུམ་པ། ཕྱག་རྒྱ་ལྔས་བརྒྱན་པ། ཕྱག་དང་པོ་གཉིས་ཀྱི་རྡོ་རྗེ་ཕག་མོ་ལ་འཁྱུད་པའི་གཡས་པས་རྡོ་རྗེ་རྩེ་ལྔ་པ་དང་གཡོན་པས་དྲིལ་བུ་འཛིན་པ། དེའི་འོག་མ་གཉིས་ཀྱི་གླང་པོ་ཆེའི་པགས་པ་དཀར་པོ་ཁྲག་དང་བཅས་པའི་ན་བཟའ་ཕྱག་གཡས་པས་ལག་པ་གཡོན་པ་དང་། གཡོན་པས་རྐང་པ་གཡོན་པའི་ལྤགས་པ་སྡིགས་མཛུབ་དང་བཅས་ཏེ་ཕྱག་གིས་བརྐྱངས་ཏེ་འཛིན་པའི་སྡིགས་མཛུབ་ཀྱི་རྩེ་གཉིས་སྨིན་པའི་ཐད་སོར་གནས་པ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་དགྲ་སྟ། ལྔ་པ་ན་གྲི་གུག དྲུག་པ་ན་མདུང་རྩེ་གསུམ་པ་བསྒྲེང་བ། གཡོན་པའི་ཕྱག་གསུམ་པ་ན་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག །བཞི་པ་ན་ཁྲག་གིས་གང་བའི་ཐོད་པ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་བསྣམས་པ། སྣ་ཚོགས་རྡོ་རྗེ་མཚན་པའི་རལ་པའི་ཐོར་ཅོག་ཅན། དབུ་རེ་རེ་ལ་རྡོ་རྗེ་ནག་པོའི་འཕྲེང་བ་སྟོད་སྨད་དུ་གནས་པ་གཉིས་ལ་བརྒྱུས་པའི་ཐོད་པ་སྐམ་པོ་ལྔ་ལྔས་བརྒྱན་པ། དབུའི་གཡོན་དུ་ཟླ་བ་ཕྱེད་པ་འཕྱང་བ། ཞལ་རྣམ་པར་འགྱུར་བ། མཆེ་བ་བཞི་བཞི་གཙིགས་ཤིང་འཇིགས་སུ་རུང་བ། སྒེག་པ། དཔའ་བ། མི་སྡུག་པ་སྟེ། སྐུའི་ཉམས་གསུམ་དང་། རྒོད་པ། དྲག་ཤུལ། འཇིགས་སུ་རུང་བ་སྟེ་གསུང་གི་ཉམས་གསུམ་དང་། སྙིང་རྗེ་དང་། རྔམ་པ་དང་། ཞི་བ་སྟེ་ཐུགས་ཀྱི་ཉམས་གསུམ་སྟེ་ཉམས་དགུ་དང་ལྡན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། མིའི་རྒྱུ་མ་ལ་བརྒྱུས་པའི་མི་མགོ་རློན་པ་ལྔ་བཅུའི་འཕྲེང་བ་འཕྱང་བ། ཕྱག་རྒྱ་ལྔས་རྒྱས་བཏབ་པ། མི་རུས་ཀྱི་ཐལ་བས་ལུས་ཐམས་ཅད་ལ་བྱུགས་པའོ། །བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པར་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། ཞལ་གཅིག་མ་ཕྱག་གཉིས་མ། སྤྱན་གསུམ་མ། གཅེར་མོ་སྐྲ་གྲོལ་བ། ཐོད་པའི་དུམ་བུས་བརྒྱན་པའི་འོག་བག་ཅན། ཕྱག་གཡོན་པས་ཡབ་ཀྱི་མགུལ་ནས་ཐོད་པ་ན་བདུད་བཞི་ལ་སོགས་པའི་ཁྲག་གིས་གང་བ་བསྣམས་ཤིང་། གཡས་པས་ཕྱོགས་བཅུའི་གདུག་པ་ཅན་ཀུན་ལ་གྲི་གུག་དང་བཅས་པའི་སྡིགས་མཛུབ་ཀྱིས་བསྡིགས་པར་མཛད་པ། འཇིག་དུས་ཀྱི་མེ་ལྟར་འབར་བ། བྱིན་པ་གཉིས་ཀྱིས་ཡབ་ཀྱི་བརླའི་སྟེང་ནས་ལེགས་པར་འཁྲིལ་བ། བདེ་བ་ཆེན་པོའི་རང་བཞིན་གྱིས་ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། ཕྱག་རྒྱ་ལྔས་བརྒྱན་པ། མི་མགོ་སྐམ་པོ་ལྔའི་ཐོད་དང་། མི་མགོ་སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། གཉིས་ཀའང་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། ཕྱོགས་བཞིའི་གདན་ལ། ཤར་དུ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་ཁཎྜ་རོ་ཧཱི་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། ཐམས་ཅད་ཀྱང་ཞལ་གཅིག་མ། སྤྱན་གསུམ་མ། མཆེ་བ་རྣམ་པར་གཙིགས་པའི་ཞལ་ཅན། གཅེར་མོ་སྐྲ་གྲོལ་བ། ཕྱག་བཞིའི་གཡས་གཉིས་གྲི་གུག་དང་ཌཱ་མ་རུ། གཡོན་གཉིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། གཡས་བརྐྱང་གིས་བཞུགས་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་། ཐོད་སྐམ་ལྔ་བཅུའི་དོ་ཤལ་ཅན། མཚམས་བཞིར་ཟླ་གདན་ལ་བུམ་པ་བདུད་རྩིས་གང་བའི་སྟེང་དུ་ཀ་པཱ་ལ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་རེ་རེ། ཡབ་ཀྱི་གསང་གནས་མི་དམིགས་པ་ལས་ཧཱུཾ་དཀར་པོ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ། བྱཱ་དམར་པོ་ལས་བྱུང་བའི་ནོར་བུ་དམར་པོ་རྩེ་མོར་བྱཱ་སེར་པོས་མཚན་པ། ཡུམ་གྱི་གསང་གནས་མི་དམིགས་པ་ལས་ཨཱཿལས་བྱུང་བའི་པདྨ་དམར་པོ་འདབ་མ་གསུམ་པ། བྱཱ་དཀར་པོ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་མཚོན་པའི་ལྟེ་བ་དཀར་པོ། རྩེ་མོར་དྱ་སེར་པོས་མཚན་པ། ཡབ་ཀྱི་ལྟེ་བར་ཟླ་གདན་ལ། ༀ་བཛྲ་བཻ་རོ་ཙ་ན་ཡེ་ཧུཾ་ཧཱུཾ་ཕཊ། ཐུགས་ཀར་ཟླ་གདན་ལ། ༀ་སརྦ་བུདྡྷ་ཌཱ་གི་ནི་བཛྲ་ཝ རྞ་ནཱི་ཡེ་ཧུཾཾ་ཧཱུཾ་ཕཊ་སྭཱ་ཧཱ། མགྲིན་པར་ཉི་གདན་ལ། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧུཾཾ་ཕཊ། ཌཱ་ཀི་ནི་ཛྭ་ལ་ཤཾ་བྷ་རཾ་སྭཱ་ཧཱ། དཔྲལ་བར་ཉི་གདན་ལ། ༀ་ཧྲཱིཿཧ་ཧ་ཧུཾ་ཧུཾ་ཕཊ། ཡུམ་གྱི་ལྟེ་བར་ཉི་གདན་ལ། ༀ་ཤྲཱི་ནས་སྭཱ་ཧཱ། ཐུགས་ཀར་ཉི་གདན་ལ། ༀ་ཧྲཱིཿནས་ཕཊ་སྭཱ་ཧཱ། མགྲིན་པར་ཟླ་གདན་ལ། ༀ་བཛྲ་ནས་སྭཱ་ཧཱ། དཔྲལ་བར་ཟླ་གདན་ལ། ༀ་སརྦ་ནས་སྭཱ་ཧཱ། སྔགས་ཐམས་ཅད་ཁ་དོག་དམར་པོ་འོད་ཟེར་འཕྲོ་བ་གཡོན་བསྐོར་དུ་གནས་པ། སྔགས་རྣམས་ཀྱང་ཞལ་སྦྱོར་བ་ཕན་ཚུན་དུ་འཁྱུད་པའི་རྣམ་པ་ཅན་དུ་གྱུར། ༀ་ཤྲཱི་མ་ཧཱ་སུ་ཁ་བཛྲ་ཧེ་ཧེ་རུ་རུ་ཀཾ་ཨཱཿ ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། སྙོམས་པར་ཞུགས་པས། བྱང་སེམས་སྤྱི་བོ་ནས་མགྲིན་པར་སླེབ་པ་ན་དགའ་བ། མགྲིན་པ་ནས་སྙིང་གར་སླེབ་པ་ན་མཆོག་དགའ། སྙིང་ག་ནས་ལྟེ་བར་སླེབ་པ་ན་ཁྱད་པར་གྱི་དགའ་བ། ལྟེ་བ་ནས་ནོར་བུའི་རྩེར་སླེབ་པ་ན་ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེས་པས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གཉིས་ཀྱང་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་གྱུར་ཅིང་། དེ་ལྟར་བདེ་སྟོང་དབྱེར་མེད་དུ་སྦྱར་བ་དེ་ཉིད་བྱང་ཆུབ་ཕྱོགས་ཀྱི་ཆོས་ཀྱི་ངོ་བོར་གྱུར་པ་ལྷ་ལྔར་ཤར་བ་ན། ལུས་དྲན་པ་ཉེ་བར་གཞག་པ་མཁའ་འགྲོ་མ། ཚོར་བ་དྲན་པ་ཉེ་བར་གཞག་པ་ལཱ་མ། ཆོས་དྲན་པ་ཉེ་བར་གཞག་པ་དུམ་སྐྱེས་མ། སེམས་དྲན་པ་ཉེ་བར་གཞག་པ་གཟུགས་ཅན་མ། ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀ་སྟེ། ལྷ་རྣམས་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་བཞིན་དུ་གྱུར། གོ་ཆའི་ལྷ་རྒྱས་པ་བསྒོམ་པའམ་ཉུང་ཞིང་ལག་ཏུ་བླང་བདེ་བར་འདོད་ན། རང་གི་ཐུགས་ཀར་ཟླ་བ་ལ་རྡོར་སེམས་ཀྱི་ངོ་བོ་ༀ་ཧ་དཀར་པོ། མགོ་བོར་ཉི་མ་ལ་རྣམ་སྣང་གི་ངོ་བོ་ན་མ་ཧི་སེར་པོ། སྤྱི་གཙུག་ཏུ་ཉི་མ་ལ་པདྨ་གར་དབང་གི་ངོ་བོ་སྭཱ་ཧཱ་ཧུ་དམར་པོ། ཕྲག་པ་གཉིས་སུ་ཉི་མ་ལ་དཔལ་ཧེ་རུ་ཀའི་ངོ་བོ་བོཥྚ་ཧེ་ནག་པོ། མིག་གཉིས་སུ་ཉི་མ་ལ་རྡོ་རྗེ་ཉི་མའི་ངོ་བོ་ཧཱུཾ་ཧཱུཾ་ཧོ་དམར་སེར། དཔྲལ་བར་ཉི་མ་ལ་རྟ་མཆོག་གི་ངོ་བོ་ཕཊ་ཧཾ་ལྗང་གུ། གཙོ་མོའི་ལྟེ་བར་ཉི་མ་ལ་རྡོ་རྗེ་ཕག་མོའི་ངོ་བོ་ༀ་བཾ་དམར་པོ། སྙིང་གར་ཉི་མ་ལ་གཤིན་རྗེ་མའི་ངོ་བོ་ཧཾ་ༀ་སྔོན་པོ། མགྲིན་པར་ཟླ་བ་ལ་རྨོངས་བྱེད་མའི་ངོ་བོ་ཧྲིཾ་མོཾ་དཀར་པོ། མགོ་བོར་ཉི་མ་ལ་སྐྱོང་བྱེད་མའི་ངོ་བོ་ཧྲིཾ་ཧྲིཾ་སེར་པོ། སྤྱི་གཙུག་ཏུ་ཉི་མ་ལ་སྐྲག་བྱེད་མའི་ངོ་བོ་ཧཱུཾ་ཧཱུཾ་ལྗང་གུ། དཔྲལ་བར་ཉི་མ་ལ་ཙཎྜི་གའི་ངོ་བོ་ཕཊ་ཕཊ་དུད་ཁ་རྣམས་ཀྱིས་མཚན་པར་གྱུར། དེ་ནས་ཡེ་ཤེས་པ་སྤྱན་དྲང་བ་ནི། ཕེཾ་རང་གི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་ཡིག་ལས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མའི་ཡེ་ཤེས་པའི་འཁོར་ལོ་དང་། དབང་གི་ལྷ་མཆོད་པའི་ལྷ་མོ་དང་བཅས་པ་མདུན་གྱི་ནམ་མཁར་སྤྱ་དྲངས། འོད་ཟེར་རང་གི་སྙིང་གའི་ཧཱུཾ་ལ་ཐིམ་པར་གྱུར། ཧཱུཾ་ༀ་ཨརྒྷཾ་པྲ་ཏིཙྪ་ཧཱུཾ་སྭཱ་ཧཱ། བཛྲ་ཨཾ་གུ་ཤ་ཛཿ བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོཊ་བཾ། བཛྲ་གྷཎྜ་ཧོཿ ཡེ་ཤེས་པ་རྣམས་དམ་ཚིག་པ་སོ་སོ་དང་གཉིས་སུ་མེད་པར་གྱུར། ལྷ་རྣམས་ཀྱི་སྤྱི་བོར་ཟླ་བ་ལ་ༀ་དཀར་པོ། མགྲིན་པར་པདྨོ་ལ་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུཾ་སྔོན་པོ། ༀ་ཡཾ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་རོ་མཉམ་དུ་སྦྱར་བ་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དང་། བདེ་བ་ཆེན་པོའི་ཡེ་ཤེས་གཉིས་ངོ་བོ་དབྱེར་མེད་ཡིན་ལ། དེ་ཉིད་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་ཤར་བ་ཡིན་ཅིང་། དེ་ཡང་གཙོ་བོ་ཡབ་ཡུམ་དུ་ཤར་བའི་ཆ་ཤས་སོ། །ༀ་ཨཱཿཧཱུཾ་སརྦ་བི་ར་ཡོ་གི་ནི་ནས་བཛྲ་ཤུདྡྷོ྅ཧཾ། ༀ་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། སྒོ་མཚམས་མ་བརྒྱད་ཀྱིས་བགེགས་བསྐྲད། དཔའ་བོ་རྣམས་ཀྱིས་ཤིས་པ་བརྗོད། དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་བཞི་ཕག་མོ་དང་བཅས་པས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་བཟུང་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་པས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཤིང་བདུད་རྩིའི་ཆུ་རྒྱུན་གྱིས་སྤྱི་བོ་ནས་དབང་བསྐུར་བས། རང་དང་ལྷ་རྣམས་བདེ་བ་ཆེན་པོའི་བདག་ཉིད་དུ་གྱུར་པའི་སྤྱི་བོ་ནས་སྐུ་ལ་ཞུགས་པའི་ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། གཙོ་བོ་ལ་རྡོ་རྗེ་སེམས་དཔའ། ཕག་མོ་ལ་མི་བསྐྱོད་པ། མཁའ་འགྲོ་མ་ལ་རྣམ་སྣང་། ལཱ་མ་ལ་དོན་གྲུབ། དུམ་སྐྱེས་མ་ལ་འོད་དཔག་མེད། གཟུགས་ཅན་མ་ལ་རིན་འབྱུང་གིས་དབུ་བརྒྱན་ཏེ། དབང་གི་ལྷ་རྣམས་རང་ལ་ཐིམ་པར་གྱུར། དེ་ནས་མཆོད་པ་འབུལ་བ་ནི། སྤྱན་དྲངས་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམས་ལ། ༀ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། བཱ་དྱཾ། ཨཉྩ་མ་ཎཾ་པྲ་ཏཱིཙྪ་སྭཱ་ཧཱ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ་སྭཱ་ཧཱ། ནས་ཤཔྟའི་བར་གྱིས་མཆོད། ༀ་ཨཱཿབཛྲ་ཨཱ་དཪྴེ་ཧཱུཾ། ནས། དྷརྨེ་ཧཱུཾ། གི་བར་སྔར་བཞིན་རིག་མ་དྲུག་གིས་མཆོད། རིག་མ་བཅུ་དྲུག་སོགས་མཆོད་པ་རྒྱས་བར་བྱས་ཀྱང་རུང་ལ། ནང་མཆོད་ནི། བླ་བརྒྱུད་རྒྱས་པ་ལྟར་རམ། བསྡུ་ན། མཆོད་དོ་སྐྱབས་གནས་ཐམས་ཅད་འདུས་པའི་བདག་ཉིད་དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ༀ་ཨཱཿཧཱུཾ། རྒྱལ་བ་རྡོ་རྗེ་འཆང་གི་ཞལ་དུ༴ རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི༴ གྲུབ་ཆེན་དྲིལ་བུ་བའི༴ ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི༴ མཁས་གྲུབ་ཐམས་ཅད་མཁྱེན་པའི༴ རྡོ་རྗེ་འཆང་ངག་དབང་བརྩོན་འགྲུས་པའི༴ གཞན་ཡང་དབང་བསྐུར་རྒྱུད་བཤད་མན་ངག་བསྟན་པའི་བླ་མ་དམ་པ་བརྒྱུད་པ་དང་བཅས་པའི་ཞལ་དུ༴ ༀ་ཧྲཱིཿནས་ཧཱུཾ་ཕཊ། ༀ་བཛྲ་བཻ་རོ་ནས་ཕཊ་སྭཱ་ཧཱ༴ ༀ་ཌཱ་ཀི་ནི་ནས་རཱུ་པི་ཎི་ཡེ་ཧཱུཾ་ཧཱུཾ་ཕཊ༴ གཞན་ཡང་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི༴ སྔོན་སངས་རྒྱས་མཐོང་བ། དམ་པའི་ཆོས་ཐོས་པ། འཕགས་པའི་དགེ་འདུན་ལ་བརྟེན་པ། བསྟན་པ་དང་འཁོར་རྣམ་བཞི་སྐྱོང་བར་ཞལ་གྱིས་བཞེས་པའི་བླ་མ་གོང་མ་རྣམས་ཀྱིས་བསྟེན་ཅིང་བསྒྲུབས་པའི་བསྲུང་མ་དམ་ཚིག་ཅན་རྣམས་ཀྱི། ཡུལ་སུ མ་ཅུ་སོ་གཉིས། གནས་ཉི་ཤུ་རྩ་བཞི། དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་དཔའ་བོ་དང་རྣལ་འབྱོར་མ། ཕྱོགས་སྐྱོང་དང་ཞིང་སྐྱོང་དང་ཀླུ་ལ་སོགས་པ་རྣམས་ཀྱི༴ གཞི་བདག་གཉུག་མར་གནས་པ་དང་སེམས་ཐམས་ཅད་ལྷར་གྱུར་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། ༀ་ཨ་མྲྀ་ཏ་སྭ་ད་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾ། མགྲོན་རྣམས་ཡེ་ཤེས་ཀྱི་བདུད་རྩིས་མཉེས་པར་གྱུར། ༀ་སརྦ་བཛྲ་ཀཱ་མི་ནི་གུ་ཧྱ་བཛྲི་ནི་སྭཱ་ཧཱ། ༀ་ཤྲཱི་མ་ཧཱ་སུ་ཁ་བཛྲ་ཧེ་ཧེ་རུ་རུ་ཀཾ་ཨཱཿཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། གནས་བཞི་དང་གསང་གནས་བྱིན་གྱིས་བརླབས་ཏེ། ཡབ་ཡུམ་སྙོམས་པར་ཞུགས་པས་བྱང་སེམས་ཞུ་བ་སྐྱེ་བོ་ནས་མགྲིན་པར་སླེབ་པ་ན་དགའ་བ་ནས་ནོར་བུ་རྩེར་སླེབ་པ་ན་ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེས་པས་ལྷ་ཐམས་ཅད་ཀྱིས་ཀྱང་བདེ་བ་ཆེན་པོ་ཉམས་སུ་མྱོང་བར་གྱུར། དཀྱིལ་འཁོར་པའི་ལྷ་རྣམས་ལྷན་སྐྱེས་ཀྱི་བདེ་བ་དང་། སྟོང་པ་ཉིད་དབྱེར་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པར་གྱུར། དེ་ནས་སྔགས་མཆོད་ན། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧུཾ་ཕཊ། ཌཱ་ཀི་ནཱི་ཛྭ་ལ་ཤཾ་བྷ་རཾ་སྭཱ་ཧཱ། ཡབ་ཀྱི་སྙིང་པོའོ་ༀ་ཧྲཱིཿཧ་ཧ་ཧུཾ་ཧུཾ་ཕཊ། ཉེ་སྙིང་ངོ་། །ༀ་བཛྲ་བཻ་རོ་ཙ་ནཱ་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཡུམ་གྱི་སྙིང་པོའོ། ༀ་སརྦ་བུདྡྷ་ཌཱ་ཀཱི་ནཱི་ཡེ་བཛྲ་ཝརྞ་ནི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཉེ་སྙིང་ངོ་། ༀ་ཌཱ་ཀཱིཎྚཾ། ཡེ་ཧུཾ་ཧཱུཾ་ཕཊ། ༀ་ལཱ་མེ་ཧུཾ་ཧཱུཾ་ཕཊ། ༀ་ཁཎྜ་རོ་ཧཱི་ཧུཾ་ཧཱུཾ་ཕཊ། ༀ་རཱུ་བི་ཎི་ཧུཾ་ཧཱུཾ་ཕཊ། ཅེས་སོགས་སྙིང་པོའི་རྣལ་འབྱོར་མ་བཞིའི་སྔགས་སོ། །བསྟོད་པ་ནི། ༀ་བཅོམ་ལྡན་དཔའ་བོའི་དབང་ཕྱུག་ལ་ཕྱག་འཚལ་ཧུཾ་ཧཱུཾ་ཕཊ། བསྐལ་པ་ཆེན་པོའི་མེ་དང་མཉམ་པའི་འོད༴ རལ་པའི་ཅོད་པཎ་མི་བཟད་པ་དང་ལྡན༴ མཆེ་བ་རྣམ་པར་གཙིགས་པ་འཇིགས་པའི་ཞལ༴ སྟོང་ཕྲག་ཕྱག་ནི་འབར་བའི་འོད་ཟེར་ཅན༴ དགྲ་སྟ་ཞགས་གདེངས་མདུང་དང་ཁ་ཊྭཱཾ་འཛིན༴ སྟག་གིས་པགས་པའི་ན་བཟའ་འཛིན་པ་ཅན༴ སྐུ་ཆེན་དུད་ཁ་བགེགས་མཐར་མཛད་ལ་འདུད། རྣམས་ལ་ཧུཾཾ་ཧཱུཾ་ཕཊ་སྦྱར་བ་དང་། ཡུམ་ལའང་ༀ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ། འཕགས་མ་རིག་མའི་དབང་ཕྱུག་ཁམས་གསུམ་གྱིས་མི་ཐུབ། འབྱུང་པོའི་འཇིགས་པ་ཐམས་ཅད་རྡོ་རྗེ་ཆེན་པོས་འཇོམས། རྡོ་རྗེའི་གདན་བཞུགས་གཞན་གྱི་མི་ཐུབ་དབང་བྱེད་སྤྱན། གཏུམ་མོ་ཁྲོ་མོའི་གཟུགས་ཀྱིས་ཚངས་པ་སྐེམ་པར་མཛད། བདུད་རྣམས་སྐྲག་ཅིང་སྐེམ་བྱེད་གཞན་གྱི་ཕྱོགས་ལས་རྒྱལ། རྨུགས་བྱེད་རེངས་བྱེད་རྨོངས་བྱེད་ཀུན་ལས་རྣམ་པར་རྒྱལ། རྡོ་རྗེ་ཕག་མོ་སྦྱོར་ཆེན་འདོད་དབང་མ་ལ་འདུད། ཧཱུཾ་ཧཱུཾ་ཕཊ་སྦྱར་བའི་རྐང་བརྒྱད་ཀྱིས་བསྟོད་པའམ། ཡང་ན། ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །ཞེས་སོགས་སྔར་བཞིན་བསྟོད། དེ་ནས་བཟླས་པ་ནི། བགྲང་འཕྲེང་བསངས་སྦྱངས། སྟོང་པའི་ངང་ལས་བགྲང་འཕྲེང་གསུང་རྡོ་རྗེ་པདྨ་གར་དབང་དམར་པོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་པདྨ་དང་ཌཱ་མ་རུ། གཡོན་གཉིས་དྲིལ་བུ་དང་ཐོད་པ་དང་བཅས་པའི་ཁ་ཊྭཱཾ་ག་འཛིན་པར་གྱུར་པའི་སྤྱི་བོར་ༀ་མགྲིན་པར་ཨཱཿཐུགས་ཀར་ཧཱུཾ། དེ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ༀ་ཨརྒྷཾ་པྲ་ཏིཙྪ་ཡེ་སྭཱ་ཧཱ། དེ་བཞིན་དུ་པཱདྱཾ་དང་། ༀ་བཛྲ་པུཥྤེ་ཨཱཿཧཱུཾ་སྭཱ་ཧཱ། དེ་བཞིན་དུ་ཤཔྟའི་བར་གྱིས་མཆོད། སྔགས་ཀྱི་མཐར་ༀ་ཨཱཿཧཱུཾ་སྦྱར་ལ་ནང་མཆོད་ཕུལ། ༀ་སྭཱ་ཧཱ་ཧུ་ཧུཾཾ་ཧཱུཾ་ཕཊ། ཉེར་གཅིག་བཟླས། པདྨ་གར་དབང་འོད་དུ་ཞུ་བ་ལས་བྱུང་བའི་བགྲང་འཕྲེང་དུ་གྱུར། ཅེས་བརྗོད། ལྷ་རང་རང་གི་ཐུགས་ཀར་ཉི་གདན་ལ་གནས་པའི་ཧཱུཾ་ཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ་ལས་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲོས། འགྲོ་བའི་དོན་བྱས་སླར་འདུས་ཏེ་ཧཱུཾ་ཡིག་ལ་ཐིམ་པའི་སྤྲོ་བ་དང་བསྡུ་བའི་མཛད་པ་ཅན་དུ་གྱུར་པར་བསམས་ལ། ཡབ་ཡུམ་གྱི་སྙིང་པོ་དང་ཉེ་སྙིང་། ལྷ་མོ་བཞིའི་སྔགས་སྔར་བཤད་པ་རྣམས་བཟླ། བཟླས་པའི་ཚེ་ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་འབྱུང་བར་མོས་པར་བྱའོ། །བཟླས་པའི་མཐར་གཏོར་མ་བྱ་བའི་ཚུལ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་ཕྱག་ལེན་ལྟར་བཤམས། ནང་མཆོད་ལྟར་བསངས་སྦྱངས་བྱིན་གྱིས་བརླབས། ཕེཾ་རང་གི་ཐུགས་ཀར་ཉི་གདན་ལ་གནས་པའི་ཧཱུཾ་ཡིག་ལས་འཕྲོས་པའི་འོད་ཟེར་ཕྱིས། དུར་ཁྲོད་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་ལ་སོགས་པས་བསྐོར་བའི་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས། ཆུ་གཉིས་ཉེར་སྤྱོད་རོལ་མོས་མཆོད། ལྷ་རྣམས་ཀྱི་སྔགས་ཧཱུཾ་དཀར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་དཀར་པོ་ནས་འབྲུ་ཙམ་འཁོད་པའི་འོད་ཟེར་གྱི་སྦུ་གུས་དྲངས་ནས་གསོལ་བར་གྱུར་པ་བསམས་ལ། ༀ་བཛྲ་ཨ་ར་ལི་ཧོཿ ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནྱ་ས་མ་ཡ་སྟྭཾ་དྲི་ཤྱ་ཧོཿ ཚར་གཅིག་གིས་གཙོ་བོ། གཉིས་པས་ཡུམ། གསུམ་པས་རྣལ་འབྱོར་མ་བཞི་ལ་འབུལ། སྔར་ལྟར་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པ་དང་། ཡབ་ཀྱི་ཉེ་སྙིང་དང་། ཡུམ་གྱི་སྙིང་པོ་དང་། སྙིང་པོའི་རྣལ་འབྱོར་མ་བཞིའི་སྔགས་ཀྱི་མཐར་ༀ་ཨཱཿཧཱུཾ་བཏགས་ལ་ནང་མཆོད་འབུལ། དེ་ནས་སྔར་བཞིན་བསྟོད་པའི་འཕྲོར། སྲིད་པ་དང་མཉམ་ཞི་བའི་ཆགས་བཅོམ་ཀུན་ཏུ་རྟོག་པ་འཇོམས། ཁྱོད་ནི་དངོས་པོ་མཐའ་དག་མཁའ་ལྟར་གཟིགས་པ་དང་ལྡན་པ། །མགོན་པོ་ཤིན་ཏུ་བརྩེ་བ་ལྕི་བའི་ཆུས་བརླན་ཐུགས་ཀྱི་ཆུས། །མཛོད་ཅིག་ལྷ་མོ་རྣམས་ཀྱིས་བདག་ལ་ཤིན་ཏུ་རྗེས་བརྩེར་མཛོད། །ཅེས་འདོད་དོན་ལ་གསོལ་བ་གདབ། དེ་ནས་དུར་ཁྲོད་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་ལ་སོགས་པ་ནས་གསོལ་བར་གྱུར། ཞེས་དང་། ༀ་ཁ་ཁ་ནས་ཡིག་བརྒྱའི་བར་སྔོན་འགྲོ་གཏོར་མའི་སྐབས་ལྟར་ལ། ཡིག་བརྒྱའི་མཐར། ༀ་ཡོ་ག་ཤུདྡྷ་སརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ༀ་བཛྲ་མུཿ འཇིག་རྟེན་པ་རྣམས་ངང་གནས་སུ་གཤེགས་ཤིང་། དཀྱིལ་འཁོར་གྱི་ལྷ་རྣམས་བདག་ཉིད་ལ་ཐིམ་པར་གྱུར། དེ་ནས་ཉེར་བསྡུ་བྱ་བ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རྟེན་དང་བརྟེན་པའི་དཀྱིལ་འཁོར་རྣམས་སྣང་བར་བྱས་ཏེ། འོད་དུ་གྱུར་བའི་བསྲུང་འཁོར་དུར་ཁྲོད་དང་བཅས་པ་གཞལ་ཡས་ཁང་ལ་ཐིམ། མཚམས་ཀྱི་བུམ་པ་ཐོད་པ་དང་བཞི་སྙིང་པོའི་རྣལ་འབྱོར་མ་བཞི་ལ། དེ་བཞི་ཡང་གཙོ་བོའི་ཞལ་བཞི་ལ་ཐིམ། གཞལ་ཡས་ཁང་གཙོ་བོ་ཡབ་ཡུམ་ལ། གཙོ་བོ་ཡབ་ཡུམ་ཡང་ཐུགས་ཀའི་ཧཱུཾ་ཡིག་ལ་ཐིམ། ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས། ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་དང་བཅས་པར་གྱུར་པའི་ཐུགས་ཀར་ཟླ་བ་ལ་རྡོར་སེམས་གྱི་ངོ་བོ་ༀ་ཧ་དཀར་པོ། ནས། ཕཊ་ཕཊ་དུད་ཁ་རྣམས་ཀྱི་མཚན་པར་གྱུར། དེ་ནས་ༀ་སུམྦྷ་སོགས་ཞལ་བཞི་པའི་སྔགས་བརྗོད་དེ། སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་དུལ་བར་ལྡན། འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་སེམས་པར་ལྡན། །ཧེ་རུ་ཀ་དཔལ་དེ་དང་ལྷན་ཅིག་གར་བྱེད་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་བརྗོད་གསུང་ཡང་མཆོག་ཏུ་ཚད་མ་སྟེ། །བདེན་པ་འདི་དག་གིས་ནི་ལྷ་མོ་རྣམས། །བདག་ཅག་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ནས། །སེམས་ཅན་ཐམས་ཅད་ཧེ་རུའི། །གོ་འཕང་མཆོག་ལ་འགོད་པར་ཤོག །ཅེས་བཀྲ་ཤིས་དང་སྨོན་ལམ་བྱ་ཞིང་། ཁ་ཟས་ལ་འཇུག་པ་ན། ཁ་ཟས་ཀྱི་སྐྱེད་ཆོག་དང་། འབུལ་ཚུལ་རྒྱས་པར་འགྲུབ་ན་ལེགས་ཤིང་། མ་གྲུབ་ན། ཧ་ཧོ་ཧྲིཿསོགས་བརྗོད་ལ་སྙིང་གའི་ཧཱུཾ་ཡིག་ལྷ་ལྔ་འདུས་པའི་བདག་ཉིད་དུ་བསམས་ལ། དེ་ལ་མཆོད་པས་བདེ་བ་ཆེན་པོས་མཉམ་པར་བསམ་ཞིང་ནང་གི་སྦྱིན་སྲེག་གི་ཚུལ་དུ་ལོངས་སྤྱོད། ཐུན་མཚམས་ཀྱི་སྤྱོད་ལམ་ཀུན་ཏུ་ཡང་ལྷའི་ང་རྒྱལ་དང་མ་བྲལ་བར་བྱའོ། །ཉལ་བའི་ཚེ་སྔར་གྱི་ཉེར་བསྡུའི་དམིགས་པ་ལྟར་ལ། ཧཱུཾ་གི་ཨཱུ་ནི་ཧ་ལ། ཧའི་ལུས་མགོ་བོ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ལ། ནཱ་ད་ཡང་མི་དམིགས་པར་གྱུར་པར་བསམས་ལ་ཉལ་ཞིང་། ལྡང་བའི་ཚེ་སྙིང་པོའི་རྣལ་འབྱོར་མ་བཞིས་གླུས་བསྐུལ་བར་མོས་ནས། ཧེ་རུ་ཀ་ཡབ་ཡུམ་གྱི་སྐུར་ལྡང་བ་དང་། ཁྲུས་ཀྱི་ཚེ་དབང་བསྐུར་རྒྱས་བཏབ་ཀྱི་སྐབས་ཀྱི་དམིགས་པ་ལྟར་ལྷ་མོ་རྣམས་ཀྱིས་རང་ལ་ཁྲུས་གསོལ་བར་མོས་པར་བྱའོ། །སྨྲས་པ། རྣལ་འབྱོར་དབང་ཕྱུག་གྲུབ་ཆེན་དྲིལ་བུ་པའི། །བཞེད་སྲོལ་ཇི་བཞིན་བདེ་མཆོག་ལྷ་ལྔ་ཡི། །རིམ་པ་དང་པོའི་ཉམས་ལེན་འཁྱེར་བདེ་ཞིག །དད་ལྡན་གཞན་ལ་ཕན་སྲིད་སྙམ་ནས་བྲིས། །དེ་ལས་ཐོབ་པའི་ལེགས་ཚོགས་ཅི་མཆིས་པས། །འདི་དང་ཕྱི་མའི་ཚེ་རབས་ཀུན་ཏུ་བདག །ཧེ་རུ་ཀ་དང་རྗེ་བཙུན་རྣལ་འབྱོར་མས། །དགྱེས་བཞིན་འབྲལ་མེད་རྗེས་སུ་འཛིན་གྱུར་ཅིག །ཅེས་པ་འདི་ནི་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་འདིར་ལྷ་ལྔའི་སྒྲུབ་ཐབས་ལ་རྗེ་དགེ་འདུན་རྒྱ་མཚོ་དང་། པཎ་ཆེན་གོང་མས་མཛད་པ་གཉིས་སྣང་བ་ལས། སྔ་མའི་བཞེད་པ་གཞིར་བྱས་ནའང་དེ་ལས་ཅུང་བསྡུས་ཤིང་། ཕྱི་མའི་དགོངས་པ་ཁ་བསྐང་བའི་སྒོ་ནས་རྒྱས་བསྡུས་འཚམ་པར་ཅོ་ནེ་དགོན་ཉིད་དུ་སྦྱར་བའོ། །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་མངྒལཾ་བྷ་ཝནྟུ།། །།

འཇིགས་བྱེད་དཔའ་བོ་གཅིག་པའི་བླ་བརྒྱུ།

འཇིགས་བྱེད་དཔའ་བོ་གཅིག་པའི་བླ་བརྒྱུད་ནི།

རིགས་ཀུན་ཁྱབ་བདག་འཇམ་དཔལ་གཤིན་རྗེ་གཤེད། །ཡེ་ཤེས་མཁའ་འགྲོ་ལ་ཡཱི་ཏ་བཛྲ། །དོན་ཡོད་རྡོ་རྗེ་ཡེ་ཤེས་འབྱུང་གནས་སྦས། །པདྨ་བཛྲ་ཞབས་ལ་གསོལ་བ་འདེབས། །དྷི་པཾ་ཀ་ར་རྭ་ལོ་རྡོ་རྗེ་གྲགས། །ཆོས་རབ་ཡེ་ཤེས་སེང་གེ་འབུམ་སེང་ཞབས། །རྗེ་བཙུན་རྒ་ལོ་ཤེར་སེང་ཡེ་ཤེས་དཔལ། །དོན་གྲུབ་རིན་པོ་ཆེ་ལ༴ རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ། །དེ་སྲས་ཐུ་བོ་དགེ་ལེགས་དཔལ་བཟང་ནས། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མའི་བར། །དངོས་བརྒྱུད་ཡོངས་འཛིན་རྣམས་ལ༴ དེ་ལྟར་གསོལ་བ་བཏབ་པས་འགྲོ་བ་ཀུན། །འཇམ་དཔལ་ཞི་ཁྲོས་འབྲལ་མེད་རྗེས་བཟུང་ནས། །བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་གྱུར་ཏེ། །ཟུང་འཇུག་གོ་འཕང་བདེ་བླག་ཐོབ་གྱུར་ཅིག །སྨོན་ལམ་ནི། དེ་ལྟར་འཇམ་དཔལ་དཔའ་བོའི་བསྒོམ་བཟླས་ལ། །གཅིག་ཏུ་བརྩོན་པའི་རྣམ་དཀར་དགེ་དེས་བདག །ཐུན་མོང་ལམ་གྱི་རིམ་པས་རྒྱུད་སྨིན་ཏེ། །ཟབ་མོའི་ལམ་གྱིས་གྲོལ་བར་བྱེད་ནུས་ཤོག །རྣམ་དག་དབང་བཞིས་དྲི་མ་ཀུན་སྦྱངས་ཏེ། །སྐུ་བཞི་འགྲུབ་པའི་ནུས་པ་འཇོག་པ་དང་། །དེ་ཚེ་ཁས་བླངས་དམ་ཚིག་སྡོམ་པ་རྣམས། །སྲོག་བསྔོས་ཚུལ་བཞིན་སྲུང་བར་བྱེད་གྱུར་ཅིག །ཞིང་གི་དམ་པར་བསོད་ནམས་ཚོགས་ཉིད་དང་། །སྔགས་གཉིས་དོན་བསྒོམས་ཡེ་ཤེས་ཚོགས་བསགས་ནས། །མ་དག་འཆི་བའི་སྐྱོན་སྦྱངས་ལམ་འབྲས་ཀྱི། །ཆོས་སྐུ་མངོན་དུ་འགྱུར་བ་ཉིད་གྱུར་ཅིག །དྲག་པའི་འཁོར་ལོ་ལ་གནས་ཁྲོ་བཅུ་ཡིས། །ནག་པོའི་རྩ་ལག་དཔུང་བཅས་ཚར་བཅད་དེ། །ཡེ་ཤེས་རང་བཞིན་གཞལ་ཡས་ཁང་བསྒོམས་པས། །རྒྱལ་བའི་ཞིང་བཟང་མྱུར་དུ་འགྲུབ་པར་ཤོག །ཆུ་ཤེལ་ལྟེ་བར་དྷཱིཿཡིག་རལ་གྲི་དང་། །དེ་ལས་འཇམ་དཔལ་དབྱངས་ཉིད་བསྒོམས་བྱས་པས། །བར་དོའི་སྐྱོན་སྦྱངས་རྒྱལ་བའི་ལོངས་སྐུ་མཆོག །འགྲུབ་པའི་དགེ་རྩ་ཡོངས་སུ་སྨིན་པར་ཤོག །ཚ་ཟེར་རྒྱས་པའི་ལྟེ་བར་ཧཱུཾ་ཡིག་དང་། ཁྲོ་བོའི་རྡོ་རྗེ་ལས་གྲུབ་འཇིགས་བྱེད་སྐུ། །ཞལ་ཕྱག་ཡོངས་སུ་རྫོགས་པའི་རྣལ་འབྱོར་གྱིས། །སྐྱེ་བའི་སྐྱོན་སྦྱངས་སྤྲུལ་སྐུ་འགྲུབ་པར་ཤོག །སྡུད་རིམ་ཉིད་དང་སྔགས་ཀྱི་རྣལ་འབྱོར་མཆོག །བསྒོམས་པས་ཀུན་རྟོག་གཡོ་བའི་ལས་རླུང་རྣམས། །དྷཱུ་ཏཱིརི་ཐིམ་ལས་སྟོང་པ་རྣམ་གསུམ་དང་། །དཔེ་ཡི་འོད་གསལ་མཐར་ཐུག་འཆར་བར་ཤོག །དེ་ནས་ཆུ་ལས་ཆུ་བུར་བརྡོལ་བ་ལྟར། །དབྱིབས་ཀྱི་རྣལ་འབྱོར་སྒྱུ་མའི་སྐུར་བཞེངས་པ། །འོད་གསལ་ཉིད་དུ་ཡང་ཡང་ཞུགས་པ་ལས། །དོན་གྱི་ལྷན་སྐྱེས་མངོན་དུ་འགྱུར་བར་ཤོག །དེ་ལས་སློབ་པའི་ཟུང་འཇུག་འགྲུབ་གྱུར་ནས། །སྤྱོད་པ་རྣམ་གསུམ་གོམས་པ་བྱས་པའི་མཐར། །སྒྱུ་མ་ལྟ་བུའི་ཏིང་འཛིན་དེ་ཉིད་ཀྱིས། །མི་སློབ་ཟུང་འཇུག་གོ་འཕང་ཐོབ་གྱུར་ཅིག །གོ་འཕང་མཆོག་དེ་མངོན་དུ་གྱུར་པ་ན། །གྲངས་མེད་སྤྲུལ་པ་ཕྱོགས་བཅུར་རབ་སྤྲོས་ཏེ། །མཁའ་ཁྱབ་འགྲོ་ཀུན་འཇམ་དཔལ་ཞི་ཁྲོ་ཡི། །གོ་འཕང་མཆོག་ལ་བདེ་བླག་འགོད་པར་ཤོག །ཤིས་བརྗོད་ནི། རབ་ཡངས་ནམ་མཁར་གཤིན་རྗེ་གཤེད་པོ་ཡི། །ལྷ་ཚོགས་མེ་ཏོག་ཆར་འབེབས་ཤིས་པ་བརྗོད། །བགེགས་འཇོམས་ཕུན་ཚོགས་དཔལ་སྟེར་ཤེས་ཀྱིས་དང་། །བཀྲ་ཤིས་གདངས་སྙན་བདག་གིས་བསྒྲག་པར་བྱ། །རྒྱལ་བའི་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས། །དྲག་པོའི་སྐུར་བསྟན་འཇིགས་མཛད་གཤིན་རྗེ་གཤེད། །ལ་ལཱི་ཏ་སོགས་བླ་མ་བརྒྱུད་པ་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དང་། །མི་མཐུན་ཀུན་ཞི་མཐུན་རྐྱེན་འགྲུབ་པ་སོགས། །ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག །སངས་རྒྱས་ཀུན་དངོས་འཇམ་དཔལ་དཔའ་བོ་དང་། །མགོན་དེའི་ལུང་དང་རྟོགས་པའི་དམ་པའི་ཆོས། །དེ་ཉིད་ཕྱོགས་གཅིག་འཛིན་པའི་དགེ་འདུན་ལ། །ལེགས་ཚོགས༴ མི་མཐུན་ཀུན་ཞི༴ ཕུན་ཚོགས༴ རྣམ་མང་རིན་ཆེན་རྒྱན་གྱིས་རབ་མཛེས་ཤིང་། །རྣམ་སྣང་རྣམ་པར་དག་པའི་བདག་ཉིད་ཅན། །རྣམ་དག་ཡེ་ཤེས་གཞལ་ཡས་ཁང་ཆེན་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དང་། །མ་དག་སྣོད་ཀྱི་དྲི་མ་ཀུན་སྦྱངས་ནས། །དག་པའི་ཞིང་དུ་རོལ་པའི་བཀྲ་ཤིག་ཤོག །ཅེས་འཇིགས་བྱེད་དཔའ་བོ་གཅིག་པའི་བླ་བརྒྱུད་གསོལ་འདེབས་སྨོན་ལམ་ཤིས་བརྗོད་དང་བཅས་པ་མདོར་བསྡུས་པ་འདི་ཡང་། དད་དང་རྣམ་དཔྱོད་ཟུང་དུ་འབྲེལ་བའི་གནས་བརྟན་རྒྱལ་མཚན་བཀྲ་ཤིས་ཞེས་བགྱི་བས་བསྐུལ་བ་ལྟར། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བའོ། །བཀྲ་ཤིས།། །།

བླ་བརྒྱུད།

བླ་བརྒྱུད་བཞུགས།

རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། །གྲུབ་ཆེན་རྡོ་རྗེ་དྲིལ་བུ་པ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རུས་སྦལ་ཞབས་དང་དྲ་བ་འཛིན། །ནག་པོ་གུ་ཧྱ་རྣམ་རྒྱལ་ཞབས། །ཏེ་ལོ་ནཱ་རོ་ཕམ་མཐིང་ལ། །གསོལ་བ༴ ཤེར་བརྩེགས་བློ་གྲོས་གྲགས་པའི་དཔལ། །ཀུན་སྙིང་བསོད་ནམས་རྩེ་མོ་དང་། །གྲགས་པ་རྒྱལ་མཚན་ས་པཎ་ལ། །གསོལ་བ༴ བོ་དོང་ཁྲོ་བུ་ཡང་རྩེ་བ། །བུ་སྟོན་ཡབ་སྲས་ཙོང་ཁ་པ། །མཁས་གྲུབ་ཞ་ལུ་ཆེན་པོ་ལ། །གསོལ་བ༴ ཀུན་མཁྱེན་ངག་དབང་བརྩོན་འགྲུས་སོགས། །དཔལ་ལྡན་འཁོར་ལོ་སྡོམ་པ་ཡི། །རྩ་བརྒྱུད་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྨོན་ལམ་ནི། ཐུན་མོང་ལམ་གྱིས་རྒྱུད་སྦྱངས་ཏེ། །རྣམ་དག་དབང་གི་སྒོར་ཞུགས་ནས། །དམ་ཚིག་སྡོམ་པ་མིག་འབྲས་ལྟར། །ཚུལ་བཞིན་སྲུང་བར་ཉིད་གྱུར་ཅིག །མ་དག་སྐྱེ་ཤི་བར་དོ་གསུམ། །སྦྱོང་བྱེད་རིམ་པ་དང་པོའི་ལམ། །སྒྲུབ་པ་སྙིང་པོར་བྱེད་པ་ཡིས། །རང་རྒྱུད་སྨིན་པར་བྱེད་ནུས་ཤོག །རྗེས་གཞིག་རིམ་པའི་རྣལ་འབྱོར་སོགས། །ཐབས་མཁས་མཆོག་ལས་བདེ་སྟོང་གི །ཡེ་ཤེས་སྒྱུ་ལུས་ཟུང་འཇུག་བཅས། །མངོན་གྱུར་གྲོལ་བར་བྱེད་ནུས་ཤོག །དེ་ཡི་མཐུ་ལས་འགྲོ་བ་ཀུན། །དཔལ་ལྡན་འཁོར་ལོ་སྡོམ་པ་ཡི། །གོ་འཕང་མཆོག་ལ་སྐད་ཅིག་གིས། །བདེ་བླག་ཉིད་དུ་འགོད་ནུས་ཤོག །ཞེས་དང་། བཀྲ་ཤིས་ནི། རབ་ཡངས་ནམ་མཁར་འཁོར་ལོ་བདེ་མཆོག་གི །ལྷ་ཚོགས་ཁ་ཅིག་མེ་ཏོག་ཆར་འབེབས་ཤིང་། །ལ་ལས་གླུ་དབྱངས་གཞན་དག་བགེགས་འཇོམས་ཀྱིས། །འཕྲིན་ལས་མཛད་པས་ཁྱེད་ལ་དཔལ་སྟེར་བར། །ཤིས་ཀྱིས་ཤིས་བརྗོད་བདག་གིས་བསྒྲགས་པར་བྱ། །ཡན་ལག་བདུན་ལྡན་ཁྱབ་བདག་རྡོ་རྗེ་འཆང་། །གསང་བདག་ས་ར་ཧ་དང་ཀླུ་སྒྲུབ་ཞབས། །རྡོ་རྗེ་དྲིལ་བུ་ལ་སོགས་བླ་མ་ལ། །དགེ་ལེགས་མཚན་མ་ཇི་སྙེད་མཆིས་པ་དེས། །མི་མཐུན་ཕྱོགས་ཞི་བཀྲ་ཤིས་དཔལ་ཐོབ་ཤོག །བཅོམ་ལྡན་ཧེ་རུ་ཀ་དཔལ་ཡབ་ཡུམ་དང་། །མཁའ་འགྲོ་ལཱ་མ་དུང་སྐྱེས་གཟུགས་ཅན་མ། །དཔའ་བོ་རྣལ་འབྱོར་མ་ཚོགས་ཐམས་ཅད་ལ། །དགེ་ལེགས་མཚན་མ༴ མི་མཐུན་ཕྱོགས་ཞི༴ འཁོར་ལོ་སྡོམ་པའི་རྩ་བཤད་རྒྱུད་རྣམས་དང་། །རིམ་གཉིས་ལམ་དང་དེ་ཡི་ཕྱོགས་གཅིག་ཙམ། །འཛིན་པར་བྱེད་དང་སྒྲུབ་པ་མ་ལུས་ལ། །དགེ་ལེགས་མཚན་མ་ཇི་སྙེད་མཆིས་པ་དེས། །མི་མཐུན་ཕྱོགས་ཞི་བཀྲ་ཤིས་དཔལ་ཐོབ་ཤོག །ཡེ་ཤེས་རང་བཞིན་ལས་གྲུབ་ཕོ་བྲང་མཆོག །ཉི་ཟླ་འོད་འཕྲོ་རིན་ཆེན་རྒྱན་གྱིས་མཛེས། །དཀྱིལ་འཁོར་ལྷ་ཚོགས་འདུ་བའི་གཞིར་གྱུར་པ། །དགེ་ལེགས་མཚན་མ་ཇི་སྙེད་མཆིས་པ་དེས། །མི་མཐུན་ཕྱོགས་ཞི་བཀྲ་ཤིས་དཔལ་ཐོབ་ཤོག །ཅེས་དྲིལ་བུ་ལྷ་ལྔའི་བླ་བརྒྱུད་སྨོན་ལམ་ཤིས་བརྗོད་མདོར་བསྡུས་འདི་ཡང་། གནས་བརྟན་ཀུན་དགའ་ནོར་བུས་བསྐུལ་བ་ལྟར། བཤད་སྒྲུབ་མིང་ཅན་གྱིས་མྱུར་བར་བྲིས་སོ། །བཀྲ་ཤིས།། །།

ཀུན་རིག་གི་ཆོག་བསྒྲིགས་ངག་འདོན་བྱ་ཚུལ་འཇུག་ངོགས་བདེ་བའི་ལམ།

ཀུན་རིག་གི་ཆོག་བསྒྲིགས་ངག་འདོན་བྱ་ཚུལ་འཇུག་ངོགས་བདེ་བའི་ལམ་ཞེས་བྱ་བ་བཞུགས།

བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །འདིར་ཀུན་རིག་གི་ཆོ་གའི་ངག་འ དོན་ཟུར་དུ་དགོད་པར་བྱ་སྟེ། དེའང་ཆོ་ག་དངོས་གཞི་ནི་འདུལ་འཛིན་པའི་རྒྱུད་དོན་གསལ་བ་རྒྱས་ཤིང་ལེགས་པས་ལོགས་སུ་བྱེད་དགོས་པར་མི་འདུག་ཀྱང་། དེ་ནི་ས་ཆོག་གི་སྐབས་དང་སྦྱར་བའི་སྟབས་ཀྱིས་གསར་བུ་རྣམས་ལ་བློ་འཛིན་བྱེད་མི་བདེ་ཞིང་ངག་འདོན་ལ་ཁ་སྐོང་དགོས་པར་མཐོང་ནས། དེ་རྣམས་ལ་ཕན་ཁྱད་གོ་དོན་ཕྱག་རྒྱ་མཆོག་གི་སྐོར་རྣམས་རྒྱུད་དོན་གསལ་བ་ལས་ཤེས་པར་བྱ་བ་དང་། དེ་ལས་འབྱུང་བའི་གོ་དོན་ལྷན་ཐབས་སུ་བྱས་ཤིང་། ཕྱག་རྒྱ་རྣམས་དང་སྔགས་དོན་བོད་སྐད་དུ་བསྒྱུར་བ་ཞིག་བདག་གིས་ཀྱང་ལོགས་སུ་བྲིས་ཡོད་པས། དེ་རྣམས་འདིར་དོར་ནས་ཆོ་གའི་ངོ་བོ་ཙམ་བྲི་བར་བྱའོ། །དེ་ལ་ཐོག་མར་རང་ཉིད་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར་བར་བསམས་ན་ལེགས་ཏེ། འདུལ་འཛིན་པའི་དགོངས་པར་ཡང་སྣང་ངོ་། །དེ་ནས་རྡོར་དྲིལ་བྱིན་བརླབ་ནི། ཊཀྐི་ཧཱུཾ་ཛཿཊཀྐི་ཛཿཧོཿལན་གསུམ། ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དེ་ཚུལ་ལས་བྱུང་བའི་རྡོ་རྗེ། །སྲོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཨཱཿལས་སྐྱེས་པའི་དྲིལ་བུ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྙེམས་མ་དཀར་མོ་རྡོ་རྗེ་རྩེ་ལྔ་པ་གཉིས་དཀུར་བཟུང་ནས་བསྙེམས་པ་དང་བཅས་པར་ཞུ་བ་ལས་བྱུང་བའི་དྲིལ་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྲིད་པའི་བདག་པོ་དམ་པ་ཀུན་གྱི་མཆོག །དབང་ཕྱུག་གི་དམ་པ་དེ་ཉིད་ཆོས་ཀྱི་མཆོག་གི་བཀའ་ཡང་དག་པར་སྩོལ་བར་མཛད་པ་ནི། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པའི་མཆོག་ནི་མཛད་པ་ཡིན། །ཞེས་བརྗོད་དེ་དྲིལ་བུ་གསིལ། དྷརྨཱཿཨཱཿསྲིད་པའི་བདེ་བ་ཤིན་ཏུ་མྱུར། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །དམ་ཚིག་འདི་ཉིད་ཤིན་ཏུ་བསྐྱེད། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །ཅི་འདོད་པར་ནི་བསྟེན་བཞིན་དུ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པ་མཆོག་ཏུ་གསང་བའི་ཐེག་པ་ཆེན་པོའི་ཆེན་པོ་དམ་ཚིག་ཆེན་པོའི་སྦྱོར་བ་ནི་བཅོམ་ལྡན་འདས་དམ་ཚིག་གོ །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། འདའ་བར་རུ་ནི་མི་མཛད་པས། །ཕྱག་རྒྱ་དམ་ཚིག་ཅེས་སུ་བསྒྲགས། །ཡིད་ཀྱི་གཟུགས་ནི་བརྟན་ཕྱིར་རོ། །སྔོན་འགྲོའི་མཆོད་པ་བྱིན་བརླབ་ནི། ༀ་བཛྲ་ཡཀྵ་ཧཱུཾ་གིས་བསང་། ཧཱུཾ་བཛྲ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷ་ཉྫ་ར་ཎ་ཧཱུཾ་ཕཊ་ཀྱིས་གཟི་བྱིན་བསྐྱེད། ༀ་སྭ་བྷཱ་ཝ་ཤུད་དྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུད་དྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ། ༀ་པཱཏྱཾ་ཨཱཿཧཱུཾ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ། ༀ་བཛྲ་དྷུ་པེ་ཨཱཿཧཱུཾ། ༀ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ༀ་བཛྲ་གནྡྷེ་ཨཱཿཧཱུཾ། ༀ་བཛྲ་ནཻ་ཝེ་ཏྱེ་ཨཱཿཧཱུཾ། ༀ་བཛྲ་ཤཔྟ་ཨཱཿཧཱུཾ། གཏོར་མ་ནི། ༀ་བཛྲ་ཡཀྵ་ཧཱུཾ། ཧཱུཾ་བཛྲ་ཨ་ན་ལ༴ ཧཱུཾ་ཕཊ་སྭ་བྷཱ་ཝས་སྟོང་བར་སྦྱང་། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་དངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ རྨཿ ཎ་ཨ་དྱ་ནུད་པན་ན་ཏྭཏྟ་ༀ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ལན་གསུམ་བརྗོད་དེ་བྱིན་གྱིས་བརླབ། མགོན་པོ་ཀུན་གཤེགས་གདན་ལ་བཞུགས། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང་། །ཤཱཀྱའི་བསྟན་པ་བསྲུང་བ་དང་། །བདག་ཅག་རྣམས་ལ་ཕན་གདགས་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་ད་ཤ་དི་ཀ་ཡོ་ཀ་པཱ་ལ་ས་པ་རི་ཝ་ར་ས་མ་ཡེ་སྭཱ་ཧཱས་སྤྱན་དྲངས། ༀ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་པྲ་ཝ་རས་ད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་སྦྱར་ཏེ། པཱཏྱཾ། པུཥཱཾ། དྷུབཾ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝེཏྱེ། སཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ་མཆོད་ནས། ༀ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ན་མཿསརྦྦ་ཏ་ཐཱ་ག་ཏ་བྷྱོ། བི་ཤྭ་མུ་ཁཻ་བྷྱཿསརྦྦ་ཏ་ད་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཧི་མཾ། ག་ག་ན་ཁཾ་གྲི་ཧྣ་དཾ་པ་ལིཾ་ཏེ་སྭཱ་ཧཱ། ལན་གསུམ་བརྗོད་དེ་ཕུལ། ཤར་ཕྱོགས་རྡོ་རྗེ་ཅན་ཏེ་ལྷ་ཚོགས་བཅས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་སྟེ། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང་། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། །ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་དང་། །རི་ཡི་ལྷ་དང་གནོད་སྦྱིན་ཚོགས་བཅས་ལ། །སོ་སོ་སོ་སོར་གཏོར་མ་ཕུལ་བ་རྣམས། །རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་ཀྱང་། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་སུ། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང་། །ནང་མི་དམག་དང་དཔུང་བཅས་ཐབས་གཅིག་ཏུ། །མེ་ཏོག་དྲི་དང་བདུག་པ་གཏོར་མར་བཅས། །འདི་རྣམས་བཏུང་ཞིང་ལེགས་པར་གསོལ་ནས་ཀྱང་། །བདག་གི་ལས་འདི་འབྲས་བུ་མཆིས་པར་མཛོད། །ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས་ཀྱིས་བདག་གི་དགེ་བའི་བྱ་བ་རྣམས་མཐར་ཕྱིན་པ་དང་དེའི་བར་ཆད་ཞི་བའི་འཕྲིན་ལས་མཛོད་ཅིག །འཕྲིན་ལས་བཅོལ། ༀ་ཨཱཿཧཱུཾ་བཛྲ་མུཿཕྱོགས་སྐྱོང་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། རི་ཆུ་ལ། ༀ་བཛྲ་ཡཀྵ་ཧཱུཾ། ལན་བདུན་བརྗོད་དོ། ཧཱུཾ་ཙན་དན་ཆུ་ལ་བདེན་པ་བདར་བ་ཡིས། །ཕྱོགས་སུ་གཏོར་བས་ཡོངས་སུ་དག་གྱུར་ཏེ། །མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ནས། །དྲི་མེད་ཡོན་ཏན་དག་དང་ལྡན་པར་ཤོག །ༀ་སརྦྦ་སཾ་ཤོདྷ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ནས་གཏོར། དེ་ནས་མཆོད་པ་སྔར་ལྟར་བྱིན་བརླབ་བྱ་ཞིང་། སྒྲུབ་མཆོད་རྒྱས་པ་མིན་པར་རྒྱུན་པའི་ཚོགས་སྐབས་འདིར་མཎྜལ་འབུལ་དགོས་པ་མིན་ནོ། །སྐྱབས་འགྲོ་སེམས་བསྐྱེད་ནི། ཐུགས་རྗེས་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིང་། །བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་ནང་བཞུགས་པ། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་སྟེ། །དམན་པའི་འཇིགས་པ་རྣམས་ཀྱི་རྒྱལ་བྱེད་ཚལ། །སྲིད་པའི་འབྱོར་པ་ཟིལ་གྱིས་གནོན་པའི་མཆོག །གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྤྲུལ་གྱི་དུག་བཅོམ་ཞིང་། །བློ་གྲོས་རྣམ་རྒྱལ་ཐུགས་རྗེ་ཆེན་ལྡན་པ། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་མཆི་ཞིིང་། །སྲིད་དང་བྲལ་བ་རྣམས་ལ་བདག་ཕྱག་འཚལ། །རྒྱུ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་སྟོབས་ཀྱིས་དགྲ་ལས་རྒྱལ་གྱུར་པ། །སྙིང་རྗེའི་རྩ་བ་ཟུག་ཅིང་ཡང་དག་རྟོགས། །མཉམ་མེད་བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ལན་གསུམ། ༀ་སྭ་བྷཱ་ཝ་ཤུད་དྷཿསརྦྦ་དྷརྨཱཿསྭབྷཱ་ཝ་ཤུད་དྷོ྅ཧཾ། ཆོས་ཐམས་ཅད་གང་ཟག་དང་ཆོས་ཀྱི་བདག་མེད་པ་རང་བཞིན་གྱིས་རྣམ་པར་དག་པར་གྱུར། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཧཱུཾ་ལས་རང་ཉིད་ཕྱག་ན་རྡོ་རྗེ་དཀར་པོ་གཡས་རྡོ་རྗེ་ཐུགས་ཁར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བསྟེན་པ། སེམས་དཔའི་སྐྱིལ་མོ་དཀྲུང་གིས་བཞུགས་པ། ལྕེ་བྱིན་བརླབ་ནི། དེའི་ལྐོག་མར་ཧྲཱིཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་ལྕེའི་ཐད་ཀའི་འདབ་མ་གཅིག་ལྕེར་གྱུར་པའི་སྟེང་དུ། ཨ་ལས་ཟླ་བའི་དབུས་སུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ། དེ་ལྕེ་ལ་ཐིམ་པས་ལྕེ་རྡོ་རྗེའི་རང་བཞིན་དུ་གྱུར། ༀ་བཛྲ་ཛཱི་ཧྭ། ལག་པ་བྱིན་བརླབ་ནི། ལག་པ་གཉིས་སུ་ཨ་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། དེའི་སྟེང་དུ་ཧཱུཾ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེ་རེ། དེ་ཞུ་ལག་པ་ལ་ཐིམ་པས་རྡོ་རྗེའི་ལག་པ། སོར་མོ་རྣམས་ཀྱང་རྡོ་རྗེ་རྩེ་གཅིག་པར་གྱུར། དེ་ནས་རང་གི་ཐུགས་ཁར་ཉི་མའི་སྟེང་དུ་ཧཱུཾ་དེ་ཡོངས་སུ་གྱུར་པ་ལས་རང་ཉིད་ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཧཱུཾ་མཛད་ཀྱི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་འཛིན་པ། གཡས་བསྐུམ་ཤིང་གཡོན་བརྐྱང་པའི་སྟབས་ཀྱིས་བཞུགས་པ། དེའི་ཐུགས་ཁར་ཉི་མའི་སྟེང་དུ་ཧཱུཾ། དེ་ན་རང་སོ་སོའི་ཕྱག་རྒྱ་བྱས་ཏེ། ༀ་སརྦ་བིད་ༀ། ༀ་སརྦ་བིད་ཨཱཿ ༀ་སརྦ་བིད་ཧཱུཾ། ༀ་བུད་དྷ་ཨ་བྷི་ཥཾཉྩ་ༀ། ༀ་བཛྲ་ཨ་བྷིཥཱཥྩ་ཧཱུཾ། ༀ་རཏྣ་ཨ་བྷིཥིཉྩ་ཏྲཱི། ༀ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ༀ་ཀརྨཱ་ཨ་བྷིཥཉྩ་ཨཿ རྡོ་རྗེས་ཚུར་གཉིས་ཀྱིས་སྙིང་མགྲིན་ལྟག་པ་སྙིང་ཁ་ནུ་མར་སྙིང་ཁ་མགྲིན་རྒྱབ་དཔྲལ་བར། ༀ་ཊུཾ། ལན་དགུ། ༀ་བཛྲ་ཏུཥྤ་ཧོཿ དར་དཀར་པོ་ཞེང་དུ་ཁྲུ་གང་བ་དཀྱུས་སུ་ཁྲུ་ཉི་ཤུ་པས་གནས་རྣམས་སུ་མདུད་ནས་རྣ་བའི་སྟེང་དུ་སོར་བཞི་ཙམ་ཕྱུང་ལྷག་མ་ཕྱེ་སྟེ་བརྒྱད་པས་ལུས་དང་མཉམ་པར་གྱུར། ཁྲོ་བོ་སྤྱན་འདྲེན་ནི། ༀ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛཱ་ས་པཱ་རི་ཝ་ར་བཛྲ་ས་མ་ཛཿ ཧཱུཾ་ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། མ་རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིགས་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལེག་འདྲེན་འདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ༀ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛཱ་ས་པཱ་རི་ཝཱ་ར་ཨེ་ཧྱེ་ཧི། པྲ་ཝ་ར་སད་ག་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཀ་མ་ལ་ཡེ་སྟྭཾ། ༀ་བཛྲ་མ་ཧཱ་ཀྲ ོ་དྷ་རཱ་ཛཱ་ས་པཱ་རི་ཝཱ་ར་པྲ་ཝ་ར་ས་ད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་སྦྱར་ཏེ། པཱདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡེ། ནཻ་ཝེ་ཧྱེ། ཤཔྟ་པྲ་ཏཱིཙྪ་ཨཱཿཧཱུཾ། གིས་མཆོད་བསྟོད་པ་ནི། ཧཱུཾ་ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང་། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང་། །བསྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པ། །སྤྲུལ་གདུག་རྒྱན་གྱི་བརྒྱན་ལ་ཕྱག་འཚལ་ལོ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའི་སྟངས་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱིས་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་ལོ། །གཏུམ་ཆེན་དུས་མཐའ་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུར་འདྲའི་ཁྲོ་གཉིས་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོགས། ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །ཧཱུཾ་འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོགས་ཤིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་ཐམས་ཅད་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །བཀའ་བསྒོ་ནི། ཧཱུཾ་དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་བསྒོམ། ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་བ་བརྒྱར་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་བ་གདོན་མི་ཟ། །སྲུང་འཁོར་ནི། ༀ་བཛྲ་ཛྭཱ་ཨཱ་ན་ལཱརྐྐ་ཧཱུཾ། ཧཱུཾ་བཛྲ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷ་ཉྫ་ར་ཎ་ཧཱུཾ་ཕཊ། ༀ་བཛྲ་ནཻ་ཏྲི་བ ན་དྷ་སརྦྦ་བིགྷྣ་ན། ༀ་བཛྲ་ཌི་ཌྷོ་མེ་བྷ་ཝ་རཀྵ་སརྦ་སྭཱ་ཧཱ། འོག་རྡོ་རྗེའི་ས་གཞིར་གྱུར། ༀ་ཧུ་ལུ་ཧུ་སུ་ཧཱུཾ་ཕཊ། སྟེང་དུ་རྡོ་རྗེའི་ཕུར་དུ་གྱུར། ༀ་བཛྲ་ཡཀྵ་ཧཱུཾ། གུར་གྱི་འོག་ཏུ་རྡོ་རྗེའི་བླ་རེར་གྱུར། ༀ་དྲུཾ་བནྡྷ་ཏཾ། ཤར་རྡོ་རྗེའི་ར་བར་གྱུར། ༀ་ཧཱུཾ་བཛྲ་པཱ་ཤ་ཧྲཱིཿ ཤར་གྱི་ར་བའི་ནང་དུ་འང་རྡོ་རྗེའི་ར་བར་གྱུར། ༀ་བཱ་ཏཱ་ཀེ་པ་ཏཾ་གི་ནི་རཏྣ་ནུབ་རྡོ་རྗེའི་ར་བར་གྱུར། ཧྲཱི་བཛྲ་ཀཱ་ལི་རུ་ཊ་མ་ཊ། བྱང་རྡོ་རྗེའི་ར་བར་གྱུར། ༀ་བཛྲ་ཤི་ཁ་ར་རུ་ཊ་མ་ཊ། ལྷོ་རྡོ་རྗེའི་ར་བར་གྱུར། ཧཱུཾ་བཛྲ་ཀརྨཱུ ཕྱོགས་མཚམས་ཐམས་ཅད་དུ་རྡོ་རྗེའི་ར་བར་གྱུར། ཧཱུཾ་ཧཱུཾ། ནང་རྡོ་རྗེའི་ར་བར་གྱུར། ༀ་བཛྲ་བན་དྷ་པཾ། སླར་ཡང་ར་བའི་སྟེང་དུ་རྡོ་རྗེའི་གུར་དུ་གྱུར། དེ་ནས་ཚོགས་ཤིང་ནི། ༀ་སརྦྦ་བི་ད་མཎྜལ་བཛྲ་ཙཀྲ་ཧཱུཾ། མདུན་དུ་བཅོམ་ལྡན་འདས་ཀྱི་ཀུན་རིག་གི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་གྲུབ་པ་འགྱུར། ༀ་སརྦྦ་བིང་མཎྜལ་བཛྲ་ཙཀྲ་ཧཱུཾ། བརྒྱ་རྩ་བརྒྱད་བརྗོད་དེ། ༀ་སརྦྦ་ཏ་ཐཱ་ག་ཏ་བཱ་ད་བནྡྷནཱཾ་ཀ་རོ་མེས་ཕྱག་བྱ། ༀ་སརྦྦ་ཏ་ཐཱ་ག་ཏ་པྲ་ཝ་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ༀ་སརྦྦ་ཏ་ཏཱ་ག་ཏ་ར་བཱ་དྱཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ༀ་སརྦཱ་ཏ་ཐཱ་ག་ཏ་པུཥྦེ་པཱུ་ཛ་མེ་བྷ་ས་མུ་ཏྲ་སྥར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ། དྷུ་པེ། ཨ་ལོ་ཀེ། གནྡྷེ། ནཻ་ཝེ་ཏྱེ། ཤཔྟ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡཻ་ཧཱུཾ་གིས་མཆོད། དབང་མེད་བདག་གིས་མི་དགེ་བགྱིས་པ་དང་། །རྗེས་སུ་ཡི་རང་ཡང་ན་བགྱིད་སྩལ་གང་། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔར་ད་ལྟ་མ་ལུས་སོ་སོར་བཤགས། །བདེར་གཤེགས་སྲས་ཀྱི་ཚོགས་གཉིས་ཟབ་པ་དང་། །རྒྱ་ཆེན་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་ལས་གཞན་ལ་ཡང་། །རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་མཛད་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བའི་ཕྱིར་བསྐུལ་བར་བགྱིའོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་པ་གང་ཡིན་པ་དེ་དག་ཐམས་ཅད་མྱ་ངན་ལས་མི་འདའ་བར་གསོལ་བར་འཚལ་ལོ། །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང་། །སེམས་ཅན་སྡུག་བསྔལ་མང་པོའི་གཟིར་ལས་དགྲོལ། །སྡོམ་གཟུང་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མེད་འདི་ཞེས་བྱ་བ་ནི། །དུས་འདི་ནས་ནི་བཟུང་ནས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བདག་གིས་གཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བདག་གིས་གཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞི་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་སོ་སོར་གཟུང་། །མཆོད་པའི་ལས་ནི་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་སྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་པ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོང་། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམ། ཚོགས་ཞིང་རང་གནས་སུ་མི་དམིགས་པར་གྱུར་པར་བསམས་ལ། ལག་མཐིལ་གཉིས་སུ་ཨ་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། གཡས་པའི་དབུས་སུ་ཧཱུཾ་སྔོན་པོ། །གཡོན་པའི་དབུས་སུ་ཨཱཿདཀར་པོ། །དེ་དག་གི་མཐར་བསྐོར་དུ། ཨ་ཨཱཿ ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱཿ ལན་གཉིས་བརྗོད། དབྱངས་ཡིག་བཅུ་དྲུག་འོད་ཟེར་འབར་བ་དང་བཅས་པས་གང་བར་གྱུར། སོར་མོ་རྣམས་མེ་ལོང་ལྟར་དངས་པའི་མཐེ་བོང་གཉིས་ལ་ༀ་དཀར་པོ། །མཛུབ་མོ་གཉིས་ལ་ཧཱུཾ་སྔོན་པོ། །གུང་མོ་གཉིས་ལ་ཏྲཾ་སེར་པོ། །སྲིན་ལག་གཉིས་ལ་ཧྲཱིཿདམར་པོ། །མཐེའུ་ཆུང་གཉིས་ལ་ཨཱཿལྗང་ཁུ། གཡས་པ་རྣམས་ལ་རིམ་པ་བཞིན་རྣམ་སྣང་དཀར་པོ། །མི་བསྐྱོད་པ་སྔོན་པོ། །རིན་འབྱུང་སེར་པོ། །འོད་དཔག་མེད་དམར་པོ། །དོན་གྲུབ་ལྗང་ཁུ། གཡོན་པ་རྣམས་ལ་རིམ་པ་བཞིན། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དཀར་མོ། །རྡོ་རྗེ་ཐུགས་མ་སྔོན་པོ། །རྡོ་རྗེ་དབང་བསྐུར་མ་སེར་མོ། །རྡོ་རྗེ་མཚོན་ཆ་མ་དམར་མོ། །རྡོ་རྗེ་ཀུན་མ་ལྗང་ཁུ་རྣམས་ཕན་ཚུན་ལྷ་དང་ལྷ་མོའི་ཁྱད་པར་མ་གཏོགས་པ་ཕྱག་མཚན་རྒྱན་ལ་སོགས་པ་རིགས་ལྔ་དང་འདྲ་བར་གྱུར། ༀ་ཨཱཿནྱོ་ནྱ་ཨ་ནུ་ག་ཏཱཿ སརྦྦ་དྷརྨྨཱཿཔརཿསྥར་ཨ་ནུ་པྲ་བིཥྚཱཿ སརྦ་དྷརྨྨཱཿབཛྲ་ཨཉྫ་ལེ་ཨ་ཏྱ་ནྟ་ཨ་ནུ་པྲ་བིཥྚཱཿསརྦ་དྷརྨྨཱཿབཛྲ་བན་དྷ། བཛྲ་བན་དྷ་ཏྲ་ཊ། ལན་གསུམ། བཛྲ་ཨཱ་བེ་ཤ། ཨཿ་ཨཿ ཏེཥྛ་དྲི་ཌྷོ་མེ་བྷ་ཝ་ཧྲཱ་ད་ཡཾ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷ་མེ་པྲ་ཡ་ཙྪ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབཛྲ་མུཥྚཱི། ༀ་བཛྲ་མུཥྚི་བཾ་གསུམ་མམ་གཅིག །ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱདྨཱ་ཀོ྅ཧཾ། ༀ་སྭ་བྷཱ་ཝ་ཤུད་དྷཿསརྦ་དྷརྨཱཿསྭ་བྷ་ཝ་ཤུད་དྷོ྅ཀཾ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པར་གྱུར། སྟོང་པའི་ངང་ལས་ཧཱུཾ་ཡཾ་ཧཱུཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན། དེའི་སྟེང་དུ་ཧཱུཾ་རཾ་ཧཱུཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཧཱུཾ་བཾ་ཧཱུཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། །དེའི་སྟེང་དུ་ཧཱུཾ་ལཾ་ཧཱུཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ། དེའི་སྟེང་དུ་ཧཱུཾ་སུཾ་ཧཱུཾ་ལས་རཾ་ར་བ་རིན་པོ་ཆེ་སྣ་བཞིའི་རང་བཞིན་གྲུ་བཞི་པ། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ་དེའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲུཾ་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཕྱིའི་གཞལ་ཡས་ཁང་དང་། དེའི་ཕྱེད་ཀྱི་ཚད་དུ་ནང་གི་གཞལ་ཡས་ཁང་། གཉིས་ཀའང་གྲུ་བཞི་སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན་སྔོ་སེར་དམར་ལྗང་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་རིན་པོ་ཆེའི་རྩིག་པས་བསྐོར་བའི་སྟེང་ན། རིན་པོ་ཆེའི་ཕ་གུ་གཞི་དམར་པོ་ལ་རིན་པོ་ཆེ་ཟུར་གསུམ་དང་གྲུ་བཞི་ལ་སོགས་པས་སྤྲས་པ། དེའི་སྟེང་ན་གནས་པའི་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་མུ་ཏིག་གི་དོ་ཤལ་དང་དོ་ཤལ་ཕྱེད་པ་འཕྱང་བ། དེའི་ཕྱི་ངོས་སུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། དེའི་སྟེང་ན་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱི་མངའ་ཡབ་ལ་གནས་པའི་གསེར་གྱི་བུམ་པ་ནས་འཐེན་པའི་རྒྱལ་མཚན་དང་བ་དན་བརྒྱད་བརྒྱད་ཀྱིས་མཛེས་པར་བྱས་པ། ཕྱིའི་སྟེང་གི་ཟུར་བཞི་ལ་གདུགས་བཞིས་བརྒྱན་པ། རྩིིག་པའི་འགྲམ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལ་བཞུགས་སྟབས་དང་ཁ་དོག་སྣ་ཚོགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཁྱུད་ཀྱི་ཕྱིའི་མཚམས་དང་རྩིག་པའི་ཕྱི་ནང་གི་ཟུར་བཞིར་ཟླ་ཕྱེད་ལ་གནས་པའི་རིན་པོ་ཆེ་དམར་པོའི་སྟེང་དུ་རྡོ་རྗེས་བརྒྱན་པ། ཕྱིའི་སྒོ་བཞི་སོ་སོའི་མདུན་དུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ་བུམ་པ་ལ་གནས་པའི་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས། གསེར་དང་། ཤར་བུ་དང་། རིན་པོ་ཆེ་དང་། རྟ་རྨིག་དང་། མུན་སྣམ་དང་། བ་རཎྚ་དང་། མུན་པ་དང་། ཤར་བུ་དང་། རིན་པོ་ཆེ་དང་། རྨིག་པ་དང་། མདའ་ཡབ་སྟེ་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་ཆོས་ཀྱི་འཁོར་ལོའི་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། རྟ་བབས་ཀྱི་གཡས་གཡོན་དུ་བུམ་པ་བཟང་པོ་ལས་སྐྱེས་པའི་དཔག་བསམ་གྱིས་ཤིང་ལ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་། བར་བར་དུ་གྲུབ་པ་ཐོབ་པ་དང་། སྤྲིན་གྱི་གསེབ་ནས་བྱུང་བའི་ལྷ་མེ་ཏོག་གི་ཕྲེང་བ་བཟུང་བ་རྣམས་ཀྱིས་ཀུན་ནས་མཛེས་པར་བྱས་པ། པད་རིའི་ཕྱི་རོལ་ཏུ་ཁོར་ཡུག་རྡོ་རྗེའི་ར་བ། མེ་རི་དང་བཅས་པ། གཞལ་ཡས་ཁང་གི་ནང་དུ་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་རྡོ་རྗེ་མཚན་པའི་ཀ་བ་བརྒྱད་བརྒྱད་ཀྱིས་བཏེགས་པའི་རྡོ་རྗེའི་གདུང་གིས་མཛེས་པར་ཕུལ་བའི་རྩེ་མོར་རྡོ་རྗེ་ནོར་བུ་རིན་པོ་ཆེའི་ཏོག་གིས་སྤྲས་པ། གཞལ་ཡས་ཁང་གི་ནང་གི་སྟེང་དང་འོག་གི་ས་གཞི་ཐམས་ཅད་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་དཀར་བ། གཞལ་ཡས་ཁང་ནང་མའི་དབུས་སུ་འཁོར་ལོ་སྔོན་པོ་རྩིབས་བཅུ་དྲུག་པ་ལྟེ་བ་མུ་ཁྱུད་དང་བཅས་པ། དེའི་དབུས་སུ་ཨཱཿ སིཾ་ཨཱ་ལས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི། ཤར་དུ་ཧཱུཾ་གཾ་ཧཱུཾ་ལས་གླང་ཆེན་གྱིས་བཏེགས་པའི༴ ལྷོར་ཏྲཱཾཿཝཱཾ་ཏྲཱཾཿལས་རྟ་མཆོག་གིས༴ ནུབ་ཏུ་ཧྲཱིཿམཾ་ཧྲཱིཿལས་རྨ་བྱས༴ བྱང་དུ་ཨཿགཾ་ཨཿལས་མཁའ་ལྡིང་གིས་བཏེགས་པའི་རིན་པོ་ཆེའི་ཁྲི། ལྷའི་གནས་ཐམས་ཅད་དུ་ཧྲཱིཿལས་པདྨ་དང་། ཨཿལས་ཟླ་བའི་དཀྱིལ་འཁོར། དབུས་ཀྱི་ཟླ་བའི་སྟེང་དུ་ༀ་ལས་འཁོར་ལོ་ༀ་གྱིས་མཚན་པ་ལས། དཔག་ཏུ་མེད་པའི་འོད་ཟེར་འཕྲོས་གཞལ་དུ་མེད་པའི་སེམས་ཅན་གྱིས་དོན་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་བྱས། སླར་འདུས་ཆོས་ཀྱི་ཡི་གེ་ལ་ཐིམ། ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་ཀུན་རིག་སྐུ་མདོག་དཀར་པོ་ཞལ་བཞི་དཀར་བ། ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱས་འཁོར་ལོ་རྩིབས་བརྒྱད་པ་བསྣམས་ཤིང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱད་པ། དར་གྱིའི་སྟོད་གཡོགས་དང་སྨད་གཡོགས་ཅན། ཞི་བའི་གཟིགས་སྟངས་མཛད་ཅིང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཉི་མའི་འོད་ཀྱི་རྒྱབ་ཡོལ་མངའ་བ། ཚངས་པ་ཆེན་པོ་པདྨའི་གདན་ལ་བཞུགས་ཏེ། ངན་སོང་གི་རྒྱུད་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། ངན་སོང་གི་རྒྱུད་ལས་རྣམ་པར་གྲོལ་བ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གྱི་འོད་ཟེར་འཕྲོ་བ་དང་། སྡུད་པ་མང་པོའི་ཕྲེང་བ་ཉིད་ཀྱི་དཔྲལ་བའི་མཛོད་སྤུ་ནས་ཕྱུང་ནས། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཀུན་དུ་སྣང་བར་བྱས་སོ། །ཀུན་དུ་སྣང་བར་བྱས་པས་སེམས་ཅན་ཐམས་ཅད་ཉོན་མོངས་པའི་འཆིང་བ་ལས་རྣམ་པར་གྲོལ་ཏེ། བདེ་བ་སོ་སོར་ཐོབ་ནས་རང་གི་གནས་ཐམས་ཅད་ཀུན་དུ་སྣང་བར་བྱས་ཏེ། མཆོད་པའི་སྤྲིན་སྣ་ཚོགས་ཀྱིས་མངོན་པར་མཆོད་ནས་ལན་བརྒྱ་ཕྲག་སྟོང་དུ་བསྐོར་བ་བྱས་ཏེ་མགོ་བོས་ལན་བརྒྱ་ཕྲག་སྟོང་དུ་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱིས་སྤྱན་སྔར་ནོར་བུ་དྲི་མ་མེད་པའི་སྟེང་དུ་འཁོད་དེ་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་སངས་རྒྱས་ཀྱེ་སངས་རྒྱས། །ཨེ་མའོ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་ཅག་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཞག །ཅེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ནས་མི་སྣང་བར་གྱུར་ཏོ། །དང་པོ་སྦྱོར་བའོ། །རང་གི་ཐུགས་ཁར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གྱིས་མཚན་པ་ལས་དཔག་ཏུ་མེད་པའི་འོད་ཟེར་འཕྲོས་གཞལ་དུ་མེད་པའི་སེམས་ཅན་གྱི་དོན་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་མཛད། སླར་འདུས་ཆོས་ཀྱི་ཡི་གེ་ལ་ཐིམ་ཡོངས་སུ་གྱུར་པ་ལས། ངན་སོང་སྦྱོང་བའི་རྒྱལ་པོ་སྐུ་མདོག་དཀར་པོ། ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསྣམས་པ། ༀ་སརྦྦ་བི་ད་ཧཱུཾ། ཐུགས་ཁ་ནས་ཕྱུང་ཤར་གྱི་གདན་གྱི་སྟེང་དུ་འཁོད། རང་གི་ཐུགས་ཁར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཏྭཱཾ་ལས་རིན་པོ་ཆེ་ཏྲཱཾ་གིས་མཚན་པ་ལས་དཔག་ཏུ་མེད་པའི་༴ ཡོངས་སུ་གྱུར་པ་ལས་རྒྱལ་མཆོག་རིན་ཆེན་སྐུ་མདོག་སྔོན་པོ་གཡས་མཆོག་སྦྱིན་གཡོན་ཏིང་ངེ་འཛིན་གྱི་ཕྱག་རྒྱས་རིན་པོ་ཆེ་མར་གད་ཆ་དགུ་པ་བསྣམས་པ། ༀ་སརྦྦ་བི་ད་ཕཊ། ཐུགས་ཀ་ནས་ཕྱུང་ལྷོའི་གདན༴ རང་གི་ཐུགས་ཀར་ཟླ་བའི༴ དབུས་སུ་ཧྲཱིཿལས་པདྨ་ཧྲཱིཿམཚན་པ་ལས༴ ཤཱཀྱ་རིགས་དབང་དམར་སེར་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱས་རྡོ་རྗེས་མཚན་པའི་པདྨ་བསྣམས་པ། ༀ་སརྦྦ་བིད་ཨཱཿ ཐུགས་ཁ་ནས་ཕྱུང་ནུབ་ཀྱི་གདན༴ རང་གི་༴ ཨཱཿལས་སྣ་ཚོགས་རྡོ་རྗེ་ཨཱཿམཚན་པ་ལས༴ མེ་ཏོག་ཆེར་རྒྱས་ལྗང་ཁུ་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱས་སྣ་ཚོགས་རྡོ་རྗེ་བསྣམས་ཤིང་གཡོན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། ༀ་ས་བིད་ཏྲཊ། ཐུགས་ཁ་ནས་ཕྱུང་བྱང་གི་གདན༴ དེ་བཞིན་གཤེགས་པ་བཞི་པོ་ཡང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་གྱིའི་སྟོད་གཡོགས་དང་སྨད་ཅན། ཞི་བའི་གཟིགས་སྟངས་མཛད་ཅིང་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཉི་མའི་འོད་ཀྱི་རྒྱབ་ཡོལ་མངའ་བ། རང་གི༴ ཧཱུཾ་ལས་སྤྱན་གྱིས་སྤྲས་པའི་འཁོར་ལོ་ཧཱུཾ་གྱིས་མཚན་པ་ལས་དཔག་ཏུ༴ སྤྱན་མ་དཀར་མོ་ཕྱག་གཡས་ཐུགས་ཁར་སྤྱན་འཛིན་ཅིང་གཡོན་པ་གདན་ལ་བརྟེན་པ། ༀ་བུདྡྷ་ལོ་ཙ་ནེ་ཧཱུཾ། ཕྱུང་ཤར་ལྷོའི་གདན་གྱི༴ རང་གི༴ ཏྲཱཾ་ལས་རྡོ་རྗེ་ཏྲཱཾ་གིས་མཚན་པ་ལས༴ མཱ་མ་ཀཱི་སྔོན་པོ་གཡས་རྡོ་རྗེ་ཐུགས་ཁར་འཛིན་ཅིང་གཡོན་པ༴ ༀ་བཛྲ་མཱ་མ་ཀཱ་ཏྲཱཾ། ༴ ཕྱུང་ལྷོ་ནུབ་ཀྱི་གདན་གྱི༴ རང་གི་༴ ཧྲཱིཿལས་པདྨ་ཧྲཱིཿམཚན་པ་ལས༴ གོས་དཀར་མོ་དམར་མོ་གཡས་པ་པདྨ་འཛིན་ཅིང་གཡོན་པ༴ ༀ་བཛྲ་པཎྜ་རེ་དེ་ཧི་དེ་ཧི་སི་ད་དྷཱཾ་བོ་དྷི་ལོ་ཀོ་ཏྟ་རི་པཱཾ་སྭཱ་ཧཱ། ༴ ཕྱུང་ནུབ་བྱང་གི་གདན་གྱི༴ རང་གི༴ ཨཱཿལས་ཨུཏྤལ་ཨཱཿམཚན་པ་ལས༴ སྒྲོལ་མ་ལྗང་ཁུ་གཡས་ཨུཏྤལ་འཛིན་ཅིང་༴ ༀ་བཛྲ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་ཧཱུཾ་ཧཱུཾ་ཧཱུཾ་སྭ་སྭ་སྭ་སྭཱ་ཧཱ། ༴ བྱང་ཤར་གྱི་གདན༴ རང་གི༴ ཧཱུཾ་ལས་རྡོ་རྗེ་ཧཱུཾ་གྱིས་མཚན་པ་ལས༴ རྡོ་རྗེ་སེམས་དཔའ་དཀར་པོ་ཕྱག་གཡས་པའི་སོར་མོ་གསུམ་སྒྲེང་བའི་དབུས་མའི་རྩེ་མོ་ལ་དང་པོའི་རྡོ་རྗེ་རྩེ་ལྔ་པ་རང་གི་ཐུགས་ཁར་སྟོང་པའི་ཚུལ་གྱིས་འཛིན་ཅིང་། གཡོན་རྡོ་རྗེ་ཁུ་ཚུར་གྱིས་དྲིལ་བུ་ཁ་ནང་དུ་བསྟན་ཏེ་སྙེམས་པའི་ཚུལ་གྱིས་དཀུར་བསྟེན་པ། ༀ་བཛྲ་ས་ཏྭ་ཧཱུཾ། ཐུགས༴ ཤར་གྱི་རྩི བས་དང་པོའི་གདན་ལ་འཁོད། རང་གི༴ ཛཿལས་ལྕགས་ཀྱུ་ཛཿམཚན་པ་ལས༴ རྡོ་རྗེ་རྒྱལ་པོ་གསེར་མདོག་ཕྱག་གཉིས་རྡོ་རྗེ་ལྕགས་ཀྱུས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པར་མཛད་པ། ༀ་བཛྲ་རཱ་ཛཱ་ཛཿ ༴ ཕྱུང་རྩིབས་གཉིས་པའི་གདན་ལ༴ རང་གི༴ ཧོཿལས་མདའ་གཞུ་ཧོཿམཚན་པ་ལས༴ རྡོ་རྗེ་ཆགས་པ་དམར་པོ་རྡོ་རྗེས་མཚན་པའི་མདའ་ཨུཏྤལ་དམར་པོ་ཁ་མ་བྱེ་བའི་མདེའུ་ཅན་རྡོ་རྗེའི་གཞུ་རྣ་བའི་བར་དུ་བཀང་ནས་དེ་བཞིན་གཤེགས་པ་རྣམས་འབིགས་པར་མཛད་པ། ༀ་བཛྲ་རཱ་ག་ཧོཿ ༴ ཕྱུང་རྩིབས་གསུམ་པའི༴ རང་གི༴ དྷུ་ལས་རྡོ་རྗེ་རྩེ་ལྔ་པ་དྷུས་མཚན་པ་ལས༴ རྡོ་རྗེ་ལེགས་པ་ལྗང་ཁུ་དང་པོའི་རྡོ་རྗེ་རྩེ་ལྔ་པ་གཉིས་བསྣམས་ནས་ལེགས་སོ་སྦྱིན་པའི་ཚུལ་གྱིས་དེ་བཞིན་གཤེགས་པ་རྣམས་མཉེས་པར་མཛད་པ། ༀ་བཛྲ་སྭ་དྷུ་དྷུ། ༴ ཕྱུང་རྩི བས་བཞི་པའི༴ རང་གི༴ ཏྲཱཾ་ལས་རིན་པོ་ཆེ་ཏྲཱཾ་གིས་མཚན་པ་ལས༴ རྡོ་རྗེ་རིན་ཆེན་སེར་པོ་ཕྱག་གཡས་རྡོ་རྗེ་རིན་པོ་ཆེ་རང་གི་དབང་བསྐུར་བའི་གནས་སུ་འཇོག་ཅིང་། གཡོན་རྡོ་རྗེ་ཁུ་ཚུར་གྱིས་དྲིལ་བུ་ཁ་ནང་དུ་བསྟན་ཏེ་སྙེམས་པའི་ཚུལ་གྱིས་དཀུར་བསྟེན་པ། ༀ་བཛྲ་རནྟ་ཏྲཱཾ། ༴ ཕྱུང་ལྷོའི་རྩིབས་དང་པོའི༴ རང་གི༴ ཪྱ་མས་ཉི་མ་ཪྱས་མཚན་པ་ལས༴ རྡོ་རྗེ་གཟི་བརྗིད་ཉི་མའི་མདོག་ཅན། ཕྱག་གཡས་ཉི་མའི་དཀྱིལ་འཁོར་གྱི་ལྟེ་བ་ན་རྡོ་རྗེ་རྩེ་ལྔ་པ་ཡོད་པའི་འོད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་སྣང་བར་མཛད་པ་ཐུགས་ཀར་འཛིན་ཅིང་གཡོན་པ་གདན་ལ་བརྟེན་པ། ༀ་བཛྲ་ཏེ་ཛ་ཪྱ། ༴ རྩི བས་གཉིས་པའི༴ རང་གི་བྷྲི་ལས་རྒྱལ་མཚན་བྷྲཱིས་མཚན་པ་ལས༴ རྡོ་རྗེ་རྒྱལ་མཚན་སྔོན་པོ་ཕྱག་གཡས་དང་པོའི་རྡོ་རྗེས་མཚན་པའི་ཡིད་བཞིན་གྱི་ནོར་བུའི་རྟོག་ཅན་གྱི་རྒྱལ་མཚན་དང་མུ་ཏིག་ཆུན་འཕྱང་ལ་སོགས་པའི་རྒྱན་གྱིས་སྤྲས་པ་ཕྲག་པའི་ཕྱོགས་སུ་སྒྲེང་བའི་ཚུལ་གྱིས་འཛིན་པས་དེ་བཞིན་གཤེགས་པ་ཐམས་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱོར་བར་མཛད་ཅིང་གཡོན་པ་གདན་ལ་བརྟེན་པ། ༀ་བཛྲ་ཀེ་ཏུ་བྷྲི༴ ༴ ཕྱུང་རྩིབས་གསུམ་པའི༴ རང་གི༴ ཧཱ་ལས་སོའི་ཕྲེང་བ་ཧཱས་མཚན་པ་ལས༴ རྡོ་རྗེ་བཞད་པ་དུང་དང་པདྨའི་རྩ་བ་ལྟར་དཀར་བ་ཕྱག་གཡས་ཀྱིས་རྡོ་རྗེ་རྩེ་ལྔ་པ་གཉིས་ཀྱི་དབུས་སུ་ཆུད་པའི་སོའི་ཕྲེང་བ་གཉིས་ཁ་འགྲམ་གཡས་སུ་འཛིན་པས་དེ་བཞིན་གཤེགས་པ་ཐམས་ཅད་འཛུམ་པ་རྨད་དུ་བྱུང་བ་ལ་ངེས་པར་སྦྱོར་བ་མཛད་ཅིང་གཡོན་པ་གདན་ལ་བརྟེན་པ། ༀ་བཛྲ་ཧཱ་ས་ཧཱ། ༴ ཕྱུང་རྩིབས་བཞི་པའི༴ རང་གི༴ ཧྲཱིཿལས་པདྨ་ཧྲཱིཿམཚན་པ་ལས༴ རྡོ་རྗེ་ཆོས་དཀར་དམར་ཕྱག་གཡོན་སྙེམས་པ་དང་བཅས་པས་རྡོ་རྗེ་པདྨའི་སྟོང་བུ་དཀུར་བསྟེན་ཅིང་། གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་མཐེབ་འཛུབ་གཉིས་ཀྱི་སྙིང་ཁར་རྡོ་རྗེ་པདྨའི་འདབ་མ་ཁ་འབྱེད་པར་མཛད་པ། ༀ་བཛྲ་དྷརྨཱཿཧྲཱིཿ ༴ ཕྱུང་ནུབ་ཀྱི་རྩིབས་དང་པོའི༴ རང་གི༴ ཧྲཱིཿལས་རལ་གྲི་དྷཱིཿམཚན་པ་ལས༴ རྡོ་རྗེ་རྣོན་པོ་སྔོན་པོ་ཕྱག་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཐུགས་ཁར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་བསྣམས་ཤིང་། གཡས་པའི་རྡོ་རྗེ་རལ་གྲིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདེབས་པའི་ཚུལ་དུ་མཛད་པ། ༀ་བཛྲ་ཏཱིཀྵ་དྷཱིཿ ཐུགས་ཕྱུང་རྩི བས་གཉིས་པའི༴ རང་གི་ཀྲུཾ་ལས་འཁོར་ལོ་ཀྲུཾ་གིས་མཚན་པ་ལས༴ རྡོ་རྗེ་རྒྱུ་གསེར་གྱི་མདོག་ཅན་ཕྱག་གཡས་པའི་གུང་མོའི་རྩེ་མོ་ན་དང་པོའི་རྡོ་རྗེ་རྩེ་གཅིག་པའི་རྩིབས་ཅན་གྱི་འཁོར་ལོ་རྩིབས་བརྒྱད་པ་བསྐོར་བའི་ཚུལ་དུ་འཛིན་ཅིང་གཡོན་པ་གདན་ལ་བརྟེན་པ། ༀ་བཛྲ་ཧེ་ཏུ་ཀྲུཾ། ཕྱུང་རྩིབས་གསུམ་པའི༴ རང་གི༴ བྷ་ལས་ལྕེ་བྷས་མཚན་པ་ལས༴ རྡོ་རྗེ་སྨྲ་བ་ཟངས་ཀྱི་མདོག་ཅན་ཕྱག་གཡས་དང་པོའི་རྡོ་རྗེས་མཚན་པའི་ལྕེ་བསྣམས་ནས་དེ་བཞིན་གཤེགས་པ་རྣམས་དང་སྨྲ་བར་མཛད་ཅིང་གཡོན་པ་གདན་ལ་བརྟེན་པ། ༀ་བཛྲ་བྷ་ཥ་བྷ། ཐུགས་རྩིབས་བཞི་པའི༴ རང་གི་ཀཾ་ལས་སྣ་ཚོགས་རྡོ་རྗེ་ཀཾ་གིས་མཚན་པ་ལས༴ རྡོ་རྗེ་ལས་ཞལ་དང་བྱིན་པ་གཉིས་ནས་ཞབས་ཀྱི་བར་དཀར་པོ། །ཞལ་གྱི་འོག་ནས་རྐེད་པའི་བར་དུ་དམར་སྐྱ། རྐེད་པའི་བར་དང་ཕྱག་གཉིས་སྔོ་སྐྱ། བརླ་གཉིས་སེར་སྐྱ། ལྷག་མ་མདོག་སྔོན་པོ། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་ཐུགས་ཁར་སྟོད་པའི་ཚུལ་གྱིས་འཛིན་ཅིང་། གཡོན་སྙེམས་པ་དང་བཅས་པས་སྣ་ཚོགས་རྡོ་རྗེ་ཡུལ་བྱས་པའི་དྲིལ་བུ་ཁ་ནང་དུ་བསྟན་ནས་དཀུར་བསྟེན་པ། ༀ་བཛྲ་ཀརྨཱཿཀཾ །ཕྱུང་བྱང་གི་རྩིབས་དང་པོའི༴ རང་གི༴ རེ་ལས་གོ་ཆ་རཾ་གྱིས་མཚན་པ་ལས༴ རྡོ་རྗེ་སྲུང་བ་གསེར་གྱི་མདོག་ཅན་ཕྱག་གཉིས་ཀྱིས་མཐའ་གཉིས་སུ་རྡོ་རྗེ་རྩེ་ལྔ་པས་མཚན་པའི་རྡོ་རྗེའི་གོ་ཆ་བསྣམས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་གོ་བཀོན་པའི་ཚུལ་དུ་མཛད་པ། ༀ་བཛྲ་རཀྵཾ་རཾ། རྩིབས་གཉིས་པའི༴ རང་གི༴ ཀྵཾ་ལས་མཆེ་བ་ཀྵཾ་གིས་མཚན་པ་ལས༴ རྡོ་རྗེ་གནོད་སྦྱིན་ནག་པོ་ལྟོ་བ་ཡངས་ཤིང་ཞལ་མཆེ་བ་གཙིགས་པ། ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པས་རྩ་བར་མཚན་པའི་མཆེ་བ་ཞལ་གྱི་གྲྭ་གཉིས་སུ་འཛིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྡིགས་པའི་ཚུལ་དུ་མཛད་པ། ༀ་བཛྲ་ཡཀྵ་ཀྵཾ། ཐུགས༴ ཕྱུང་རྩི བས་གསུམ་པའི༴ རང་གི༴ ཥྚཾ་ལས་རྡོ་རྗེ་ཥྚཾ་གིས་མཚན་པ་ལས༴ རྡོ་རྗེ་ཁུ་ཚུར་སེར་པོ་དམ་ཚིག་གི་རྡོ་རྗེ་ཁུ་ཚུར་གྱིས་དང་པོའི་རྡོ་རྗེ་རྩེ་ལྔ་པ་སྙིང་འཚིར་བའི་ཚུལ་གྱིས་བཞུགས་པ། ༀ་བཛྲ་སནྡྲིཥྚཾ། རྩིབས་བཞི་པའི༴ རང་གི༴ ཧཱུཾ་ལས་རྡོ་རྗེ་ཧཱུཾ་གྱིས་མཚན་པ་ལས༴ སྒེག་མོ་དཀར་མོ་ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་ལྔ་པ་གཉིས་སྙེམས་པའི་ཚུལ་གྱིས་འཛིན་ཅིང་མགོ་གཡོན་དུ་ཅུང་ཟད་འདུད་པ། ༀ་བཛྲ་ལཱསྱ་ཧཱུཾ། ཐུགས༴ ཤར་ལྷོའི་ནང་གི་གྲྭའི༴ རང་གི་ཏྲཱཾ་ལས་རིན་པོ་ཆེའི་ཕྲེང་བ་ཏྲཱཾ་གིས་མཚན་པ་ལས༴ ཕྲེང་བ་མ་སེར་མོ་རྡོ་རྗེ་རིན་པོ་ཆེའི་འཕྲེང་བས་དེ་བཞིན་གཤེགས་པ་ཐམས་ཅད་དབང་བསྐུར་བར་མཛད་པ། ༀ་བཛྲ་མཱ་ལེ་ཏྲཱཾ། ལྷོ་ནུབ་ཀྱི་ནང་གི་གྲྭའི༴ རང་གི༴ ཧྲཱིཿལས་བི་ཝཾ་ཧྲཱིཿམཚན་པ་ལས༴ གླུ་མ་དཀར་དམར་ཕྱག་གཉིས་རྡོ་རྗེས་མཚན་པའི་བི་ཝཾ་རྡུང་བ་ལ་བརྩོན་པ། ༀ་བཛྲ་གཱིརྟ་ཧྲཱིཿནུབ་བྱང་གི་ནང་གི་གྲྭའི༴ རང་གི༴ ཨཿལས་རྡོ་རྗེ་རྩེ་གསུམ་པ་ཨཿམཚན་པ་ལས༴ གར་མ་ཞལ་དང་བྱིན་པ་གཉིས་ནས་ཞབས་ཀྱི་བར་དཀར་པོ༴ ལྷག་མ་མདོག་སྔོན་པོ། ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་པ་གཉིས་བསྣམས་ནས་གར་བྱེད་པ། ༀ་བཛྲ་ནྲི་ཏྱ་ཨཿ བྱང་ཤར་གྱི་ནང་གི་གྲྭའི༴ རང་གི༴ ཧཱུཾ་ལས་སྤོས་སྣོད་ཧཱུཾ་གྱིས་མཚན་པ་ལས༴ བདུག་པ་མ་དཀར་མོ་ཕྱག་གཉིས་རྡོ་རྗེ་རྩེ་ལྔ་པས་མཚན་པའི་སྤོས་སྣོད་བསྣམས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པར་མཛད་པ། ༀ་བཛྲ་དྷཱུ་པེ་ཧཱུཾ། ཕྱུང་ཤར་ལྷོའི་ཕྱིའི་གྲྭའི༴ རང་གི༴ ཏྲཱཾ་ཡས་མེ་ཏོག་གི་སྣོད་ཏྲཱཾ་གིས་མཚན་པ་ལས༴ མེ་ཏོག་མ་སེར་མོ་ཕྱག་གཡོན་ན་རྡོ་རྗེ་མེ་ཏོག་གི་སྣོད་འཛིན་ཅིང་གཡས་མེ་ཏོག་གི་ཆར་འབེབས་པར་མཛད་པ། ༀ་བཛྲ་པུཥྤེ་ཏྲཱཾ། ལྷོ་ནུབ་ཀྱི་ཕྱིའི་གྲྭའི༴ རང་གི་ཧྲཱིཿལས་མར་མེའི་སྡོང་བུ་ཧྲཱིཿམཚན་པ་ལས༴ མར་མེ་མ་དཀར་དམར་ཕྱག་གཉིས་རྡོ་རྗེ་མར་མེའི་སྡོང་བུ་བསྣམས་ཏེ་དེ་བཞིན་གཤེགས་པ་རྣམས་ནང་བའི་ཚོགས་ཀྱིས་མཆོད་པར་མཛད་པ། ༀ་བཛྲ་ཨཱ་ལོ་ཀེ་ཧྲཱིཿནུབ་བྱང་གི་ཕྱིའི་གྲྭའི༴ རང་གི༴ ཨཿལས་དྲིའི་དུང་ཕོར་ཨཿམཚན་པ། བྱུག་པ་མ་ཞལ་དང་བྱིན་པ་གཉིས་ནས་ཞབས་ཀྱི་བར་དཀར་པོ༴ ལྷག་མ་མདོག་སྔོན་པོ། ཕྱག་གཡོན་རྡོ་རྗེས་མཚོན་པའི་དྲིའི་དུང་ཕེར་བསྣམས་ཏེ་གཡས་ཀྱིས་རིའི་སྤྲིན་གྱིས་དེ་བཞིན་གཤེགས་པ་རྣམས་མཆོད་པར་མཛད་པ། ༀ་བཛྲ་གནྡྷེ་ཨཱཿབྱང་ཤར་གྱི་ཕྱིའི་གྲྭའི༴ རང་གི༴ ཛཿལས་ལྕགས་ཀྱུ་ཛཿ མཚན་པ་ལས༴ རྡོ་རྗེ་ལྕགས་ཀྱུ་དཀར་པོ་ཕྱག་གཉིས་ཀྱིས་རྡོ་རྗེས་མཚན་པའི་ལྕགས་ཀྱུ་བསྣམས་ནས་དེ་བཞིན་གཤེགས་པ་རྣམས་སྤྱན་འདྲེན་པར་མཛད་པ། ༀ་བཛྲ་ཨཾ་ཀུ་ཤ་ཛཿནང་གི་ཤར་སྒོའི༴ རང་གི༴ ཧཱུཾ་ལས་ཞགས་པ་ཧཱུཾ་གྱིས་མཚན་པ་ལས༴ རྡོ་རྗེ་ཞགས་པ་སེར་པོ་ཕྱག་གཉིས་རྡོ་རྗེ་ཞགས་པས་དེ་བཞིན་གཤེགས་པ་རྣམས་འཇུག་པར་མཛད་པ། ༀ་བཛྲ་པཱ་ཤ་ཧཱུཾ། ཕྱུང་ལྷོ་སྒོའི༴ རང་གི༴ པཾ་ལས་ལྕགས་སྒྲོག་པཾ་གྱིས་མཚན་པ་ལས༴ རྡོ་རྗེ་ལྕགས་སྒྲོག་དཀར་དམར་ཕྱག་གཉིས་རྡོ་རྗེ་ལྕགས་སྒྲོག་གིས་དེ་བཞིན་གཤེགས་པ་རྣམས་འཆིང་བར་མཛད་པ། ༀ་བཛྲ་སྥོ་ཊ་བཾ། ནུབ་སྒོའི༴ རང་གི༴ ཧོཿལས་རྡོ་རྗེ་དྲིལ་བུ་ཧོཿམཚན་པ་ལས༴ རྡོ་རྗེ་འབེབས་པ་ཞལ་དང་བྱིན་པ་གཉིས་ནས་ཞབས་ཀྱི་བར་དཀར་པོ༴ ལྷག་མ་མདོག་སྔོན་པོ་ཕྱག་གཡས་རྡོ་རྗེ་དྲིལ་བུ་བསྣམས་ཏེ་དེ་བཞིན་གཤེགས་པ་རྣམས་འབེབས་པར་མཛད་ཅིང་གཡོན་པ་གདན་ལ་བརྟེན་པ། ༀ་བཛྲ་གྷཎྜ་ཧོཿ ཐུགས་ཁ་ནས་ཕྱུང་བྱང་སྒོའི་གདན་ལ་འཁོད། སྤྱན་མ་ནས་འབེབས་པའི་བར་གྱི་ལྷ་ཐམས་ཅད་ཀྱང་རབ་ཏུ་དགྱེས་པས་སྤྱན་གདངས་པ། སྒེག་པའི་ཉམས་ཅན་འཛུམ་དང་བཅས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་དར་དཀར་པོའི་སྟོད་གཡོགས་དང་སྨད་གཡོགས་ཅན། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཟླ་བའི་འོད་ཀྱི་རྒྱབ་ཡོལ་མངའ་བ། རང་གི་ཐུགས༴ ཀ་པཱ་བྷ་ཏྲའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་དང་པོའི་རྡོ་རྗེ་བཞི། རྡོ་རྗེ་རིན་པོ་ཆེ་བཞི། རྡོ་རྗེ་པདྨ་བཞི། སྣ་ཚོགས་རྡོ་རྗེ་བཞི་སྟེ་ཕྱག་མཚན་བཅུ་དྲུག་ཀལྤ་བྷ་ཏྲའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པས་མཚན་པ་ལས་དཔག་ཏུ༴ ཡོངས་སུ་གྱུར་པ་ལས་སྐལ་བཟང་གི་སེམས་དཔའ་བཅུ་དྲུག་ཏུ་གྱུར། ༀ་སརྦྦ་སཾ་སྐྲ་རི་བ་རི་ཤོ་དྷཱ་ན་དྷརྨཱཿཏེ་ག་ག་ན་ས་མུད་ག་ཏེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཐུགས་ཀ་ནས་ཕྱུང་རྟ་བབས་དང་ལྡན་པའི་གཞལ་ཡས་ཁང་གི་ཁྱམས་ཀྱི་ལྷ་སྣམ་ནང་མའི་གདན་ལ་འཁོད་པ་ནི། ཤར་དུ་བྱམས་པ། མཐོང་བ་དོན་ཡོད། ངན་སོང་ཀུན་འདྲེན། མྱ་ངན་དང་མུན་པ་ངེས་པར་འཇོམས་པའི་བློ་གྲོས་བཞི་སྐུ་མདོག་དཀར་པོ༴ ཚུལ་གྱིས་དཀུར་བསྟེན་པ། ལྷོར། སྤོས་ཀྱི་གླང་པོ། དཔའ་བར་འགྲོ་བ། ནམ་མཁའ་མཛོད། ཡེ་ཤེས་ཏོག་བཞི་སྐུ་མདོག་སེར་པོ་ཕྱག་གཡས་རྡོ་རྗེ་རིན་པོ་ཆེ་རང་གི་དབང་བསྐུར༴ དཀུར་བསྟེན་པ། ནུབ་དུ་འོད་དཔག་མེད། ཟླ་འོད། བཟང་སྐྱོང་། དྲ་བ་ཅན་གྱི་འོད་བཞི་སྐུ་མདོག་དཀར་དམར༴ ཁ་འབྱེད་པར་མཛད་པ། བྱང་དུ་རྡོ་རྗེའི་སྙིང་པོ། བློ་གྲོས་མི་ཟད་པ། སྤོབས་པ་བརྩེགས་པ། ཀུན་དུ་བཟང་པོ་བཞི་ཞལ་དང་བྱིན་པ་གཉིས་ནས་ཞབས་ཀྱི་བར༴ ལྷག་མ་མདོག་སྔོན་པོ། ཕྱག་གཡས་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་ཐུགས་ཁར་སྟོད་པའི་ཚུལ་གྱིས་འཛིན་ཅིང་དཀུར་བསྟེན་པ། དེ་ཐམས་ཅད་ཀྱང་རབ་ཏུ་དགྱེས་པ་སྤྱན་གདངས་པ༴ རྒྱབ་ཡོལ་མངའ་བ། རང་གི༴ ཤྲ་ཝ་ཀའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་འཁར་སིལ་བཅུ་དྲུག་ཤྲ་ཝ་ཀའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པས་མཚན་པ་ལས༴ ཉན་ཐོས་བཅུ་དྲུག་དུ་གྱུར། བཛྲ་ཤྲ་ཝ་ཀ །ཐུགས་ཁ་ནས་ཕྱུང་ལྷ་སྣམ་པར་པའི་གདན་ལ་འཁོད་པ་ནི། ཤར་དུ་དགའ་བོ། སྒྲ་གཅན་འཛིན། ཤཱ་རིའི་བུ། མོའུ་འགལ་ཀྱི་བུ། ལྷོར་རབ་འབྱོར། འཆར་ཀ མ་འགགས་པ། ཀཽ་དེ་ནྱ། ནུབ་དུ་ཉེ་བར་འཁོར། རྟ་ཐུལ། བ་ལང་བདག ཀུན་དགའ་བོ། བྱང་དུ་མིང་ཆེན། ནོར་སྦྱིན་འཛིན། གང་བོ། འོད་སྲུང་། རང་གི་ཐུགས་ཀར༴ པྲ་ཏཱེ་ཀའི་མིང་ཡིག་དང་པོ་ཐིག་ལས་བརྒྱན་པ་ལས་འཁར་གསིལ་བཅུ་གཉིས། པྲ་ཏཱེ་ཀའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པས་མཚན་པ་ལས། རང་རྒྱལ་བཅུ་གཉིས་སུ་གྱུར། བཛྲ་པྲ་ཏཱེ་ཀ །ཐུགས་ཁ་ནས་ཕྱུང་ལྷ་སྣམ་ཕྱི་མའི་གདན་ལ་འཁོད་པ་ནི། ཤར་དུ་གདུང་བ་སེལ་པ། སྣང་བ་བརྩེགས་པ། ཤར་ལྷོར། འཇིགས་པ་མེད་པ། ལྷོར་དཔའ་བོ་འདུལ་པ། ཤེས་རབ་མགྱོགས་ཅན། ལྷོ་ནུབ་ཏུ་རི་བོ་རྒྱལ། ནུབ་ཏུ་སྨྲ་བའི་སྒྲ་ཆེན། བསེ་རུ་ལྟ་བུ། ནུབ་བྱང་དུ་དུག་ཆེན་འཇོམས། བྱང་དུ་རྫུ་འཕྲུལ་ཆེར་སྟོན། སེང་གེ་སྒྲ། བྱང་ཤར་དུ་ཡིད་མྱུར། ཉན་རང་ཐམས་ཅད་སྐུ་མདོག་མ་ངེས་པ་ཕྱག་ན་ལྷུང་བཟེད་དང་འཁར་གསེལ་པོ་ཏི་འཛིན་པ། ཆོས་གོས་ངུར་སྨྲིག་གསོལ་ཁྱད་པར་རང་རྒྱལ་རྣམས་དབུའི་གཙུག་ཏོར་ཅུང་ཟད་དང་བཅས་པ། རང་གི་༴ བཛྲ་ཀྲོདྷཱའི་མིང་༴ རྡོ་རྗེ་ལ་སོགས་པའི་ཕྱག་མཚན་བཅུ་དྲུག །བཛྲ་ཀྲོདྷཱའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པས་མཚན་པ་ལས༴ ཁྲོ་བོ་བཅུ་དྲུག་ཏུ་གྱུར། བཛྲ་ཀྲོདྷཱ། ཐུགས་ཁ་ནས་ཕྱུང་དཀྱིལ་འཁོར་ཕྱི་མའི་སྒོ་བཞི་གདན་ལ་འཁོད་པ་ནི། ཤར་སྒོར། ཁྲོ་བོ་འཇིག་རྟེན་གསུམ་སྣང་། དེའི་གཡས་སུ་བདུད་རྩི་འཁྱིལ་པ། གཡོན་དུ་དུས་ཀྱི་སྲིན་མོ། །རྒྱབ་དུས་ཀྱི་ལྕགས་ཀྱུ་མ། ལྷོ་སྒོར། ཁྲོ་བོ་འཇིག་རྟེན་གསུམ་འདུལ། དེའི་གཡས་སུ་དབྱུག་སྔོན་ཅན། གཡོན་དུ་དུས་ཀྱི་དབྱུག་པ་མ། རྒྱབ་ཏུ་དུས་ཀྱི་ཞགས་པ་མ། ནུབ་སྒོར། ཁྲོ་བོ་འཇིག་རྟེན་གསུམ་འཆིང་། དེའི་གཡས་སུ་མི་གཡོ་བ། གཡོན་དུ་དུས་ཀྱི་མཚན་མོ། རྒྱབ་ཏུ་དུས་ཀྱི་ལྕགས་སྒྲོགས་མ། བྱང་སྒོར། ཁྲོ་བོ་འཇིག་རྟེན་གསུམ་འཇིག །དེའི་གཡས་སུ་རྟ་མགྲིན། གཡོན་དུ་དུས་ཀྱི་གནོད་སྦྱིན་མོ། རྒྱབ་ཏུ་དུས་ཀྱི་དྲིལ་བུ་མ། ཐམས་ཅད་ཀྱང་སྐུ་མདོག་མ་ངེས་པ། དབུ་དང་ཕྱག་མཐའ་ཡས་པ། ཕྱག་གཡས་རྣམས་ཀྱིས་མཚོན་ཆ་སྣ་ཚོགས་འཛིན་ཅིང་། གཡོན་པ་རྣམས་ཀྱིས་མགོ་ཐོད་ཤས་གང་བ་དང་མ་རུངས་པའི་རྒྱུ་མ་དྲངས་ཏེ་ཞལ་དུ་གསོལ་བ། སྦྲུལ་དང་མི་སྡུག་པའི་རྒྱན་གྱིས་བརྒྱན་ཅིང་སྟག་གི་ལྤགས་པས་སྨད་དཀྲིས་པ། གཡོན་བརྐྱང་གི་སྟབས་ཀྱིས་མ་རུངས་པའི་སྙིང་ཁར་མནན་པ། ཁྱད་པར་ལྕགས་ཀྱུ་མ་ལ་སོགས་པ་བཞི་རང་མིང་གི་མཚན་མ་ལྕགས་ཀྱུ་ལ་སོགས་པ་འཛིན་པ། ལྷ་ཚོགས་དེ་ཐམས་ཅད་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཁར་ཧཱུཾ་སྔོན་པོ། ལྷ་རང་རང་གི་ཐུགས་ཁར་ཟླ་བའི་སྟེང་དུ་ༀ་ལ་སོགས་པའི་རང་རང་གི་ས་བོན་གྱིས་མཚན་པ། དེ་རྣམས་ལས་འོད་ཟེར་འཕྲོས་པས། བཅོམ་ལྡན་འདས་ཀུན་རིག་གི་དཀྱིལ་འཁོར་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། བཛྲ་ས་མ་ཛཿམ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཡང་དག་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་སྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམས་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པ། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདིར་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱིས་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པའི་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེར་ལྡན་པ། །དུས་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་དུ་མི་བཟད་ནུས་པར་ལྡན། །ཚུར་སྤྱོན་ཚུར་སྤྱོན་ཞི་བདག་ལྷ། །ཐུབ་པའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པས་འདི་རུ་གཤེགས་སུ་གསོལ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཛཿཧཱུཾ་བཾ་ཧོཿ མ་ཧཱ་ཀཱ་རུ་ཎི་ཀཱ་ཨཱདྨ་ཀོ྅་ཨེ་ཧྱེ་ཧི། སྤྱན་དྲངས་ལ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ༀ་སརྦྦ་ཏ་ཐཱ་ག་ཏ་ག་ག་ན་ས་མ་ཡེ་སྭཱ་ཧཱ་ས་མཆོད་ཡོན་དང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ༀ་སརྦཱ་ཏ་ཐཱ་ཏ་ཨ་བྷི་ཥཀྟ་ས་མ་ཡ་ཤྲཱི་ཧཱུཾ་གིས་ཁྲུས་དང་། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བ གྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ༀ་ཀ་མ་ལ་ཡ་སྟྭཾ། གིས་གདན་དབུལ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ། ཅེས་པ་ནས། ༀ་བཛྲ་ཤཔྟ་ཨཱཿཧཱུཾ་གིས་མཆོད་ནས། ༀ་བཛྲ་ཨཾ་ཀུ་ཤ་ཛཿༀ་བཛྲ་པཱ་ཤ་ཧཱུཾ། ༀ་བཛྲ་སྥོ་ཊ་བཾ། ༀ་བཛྲ་ཡཀྵཱ་ཧོ་བདུན་དབུགས་སོགས་བྱ། ༀ་བཛྲ་ཡཀྵ་ཧཱུཾ། ༀ་བཛྲ་རཀྵ་ཧཾ། ༀ་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ༀ་སརྦཱ་བིད་ༀ། ༀ་སརྦཱ་བིད་ཨཱཿ ༀ་སརྦཱ་བིད་ཧཱུཾ། དམ་རྒྱ་མི་ས་མ་ཡ་སྟྭཾ། བཛྲ་ཌིཥྚ་མ་ཊ། སོ་སོའི་ཕྱག་རྒྱ་བྱས་ཏེ། སརྦཱ་བིད་ཧྲི་ཤྱ། ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་སྟྭ། ཨ་ཧཾ། སརྦཱ་བིད། ཅེས་སྙིང་པོ་དང་། ༀ་སརྦ་བིད་སརྦ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་ཧ་ན་ཧཱུཾ་ཕཊ། དང་ཡང་ༀ་སརྦ་བིད་ཧཱུཾ་དང་། ༀ་སརྦ་བིད་ཕཊ་དང་། ༀ་སརྦ་བིད་ཨཱཿདང་། ༀ་སརྦ་བིད་ཏྲཊ། ཅེས་པའི་སྔགས་གསུམ་རེ་བརྗོད། སྤྱན་སོགས་བཞི་ལ་སོ་སོའི་ཕྱག་རྒྱ་བྱས་ཏེ། སུ་ར་ཏ་སྟྭཾ། བཛྲ་རི་ཥྚི་མ་ཊཱ། བུདྡྷ་ལོ་ཙ་ནི་ཏྲི་ཤྱ་དང་། བཛྲ་མ་མཱ་ཀེ། བཛྲ་པཎྜ་རེ༴ བཛྲ་ཏཱ་རེ་ཏྲི་ཤྱ། ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། ཨ་ཧཾ། བུད་དྷ་ལོ་ཙ་ནེ་དང་། བཛྲ་མ་མཱ་ཀི་དང་། བཛྲ་པཎྜ་རེ་དང་། བཛྲ་ཏཱ་རེ་རྣམས་གསུམ་རེ་དང་། ༀ་བུདྡྷ་ལོ་ཙ་ནེ་ཧཱུཾ་དང་། ༀ་བཛྲ་མ་མཱ་ཀི་ཏྲཾ་དང་། ༀ་བཛྲ་པཎྜ་རེ་དེ་ཧི་དེ་ཧི་སོགས་དང་། ༀ་བཛྲ་ཏཱ་རེ་ཏུཏྟཱ་རེ་སོགས་ལན་གསུམ་རེ་བརྗོད་པར་བྱའོ། །དེ་བཞིན་དུ་རྡོར་སེམས་ནས་ཁྲོ་བོའི་བར་ལ་རང་རང་གི་ཕྱག་རྒྱ་དང་བཅས་སྦྱར་བར་བྱ་སྟེ། དེ་ཡང་། སུ་ར་ཏ་སྟྭཾ། བཛྲ་ཌིཥྚི་མ་ཊ། བཛྲ་ས་ཏྭ་ཏྲི་ཤྱ་ནས། བཛྲ་གྷཎྜ་ཏྲི་ཤྱའི་བར་དང་། ཀལྤ་བྷ་ཏྲ་ཏྲི་ཤྱ་དང་། བཛྲ་ཤྲ་བ་ཀ་ཏྲི་ཤྱ་དང་། བཛྲ་པྲ་ཏྱེ་ཀ་ཧྲི་ཤྱ་དང་། བཛྲ་ཀྲོ་དྷ་ཏྲི་ཤྱ། ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། ཨ་ཧཾཿ བཛྲ་ས་ཏྭ་ནས། བཛྲ་པྲ་ཏྱེ་ཀ་དང་། བཛྲ་ཀྲོ་དྷའི་བར་སྙིང་པོ་ལན་གསུམ་གསུམ་དང་། ཡང་ༀ་བཛྲ་ས་ཏྭ་ཧཱུཾ་ནས། ༀ་བཛྲ་སྥོ་ཊ་པཾ་དང་། ༀ་བཛྲ་གྷཎྜ་ཧོཿའི་སྔགས་རྣམས་དང་། ༀ་སརྦ་སཾ་སྒཱ་རི་སོགས་དང་། རྩ་སྔགས་རྣམས་ལན་གསུམ་གསུམ་སོ་སོ་ལ་རིམ་པར་སྦྱར་ནས་བརྗོད་པར་བྱའོ། །དེ་ནས། ལྷ་ཐམས་ཅད་ཀྱི་ཐུགས་ཁར་ཟླ་བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ཐོག་མཐའ་མེད་པའི་ཆོས་ཉིད་ཀྱི་ངོ་བོས་མཚན་པར་གྱུར། བར་བསམ་མོ། །ཆོས་རྒྱ་ནི། ལྷ་ཐམས་ཅད་ཀྱི་ལྒོག་མར་ཧྲཱིཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་ལྕེའི་འདབ་མར་ཨ་ལས་ཟླ་བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་ལ་མཆུར་ཉལ་བས་མཚན་པར་གྱུར། ༀ་བཛྲ་ཛཱི་ཧོ། སོ་སོའི་ཕྱག་བྱས་ཏེ། ༀ་སརྦ་བིད་སརྦ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་ཧ་ན་ཧཱུཾ་ཕཊ། ༀ་སརྦ་བི་ད་ཧཱུཾ། ཞེས་པ་ནས། ༀ་བཛྲ་གྷཎྜ་ཧོཿའི་བར་ལྷ་རང་རང་གི་སྔགས་བརྗོད་ཅིང་། སེམས་དཔའ་རྣམས་ལ། ༀ་སརྦ་སཾ་སྐཱ་རི་སོགས་དང་། ཉན་རང་ཁྲོ་བོ་རྣམས་སོ་སོ་ལ་རྩ་སྔགས་ལན་རེ་བརྗོད་ནས། མཐར་རྡོ་རྗེའི་ལྟེ་བ་ལ་ལྷ་རང་རང་གི་སྔགས་ཀྱིས་མཚན་པར་གྱུར་བར་བསམ་མོ། །ལས་རྒྱ་ནི། གར་དང་གླུ་དང་རོ་དང་ཟས། །སྤྱོད་ལམ་ལ་སོགས་བདེ་བ་རྣམས། །སངས་རྒྱས་རྣམས་ལ་ཕུལ་ན་ནི། །ལས་ཀྱི་ཕྱག་རྒྱ་དབང་དུ་གྱུར། །སོ་སོའི་ཕྱག་རྒྱ་བྱས་ཏེ། སརྦ་བིད་ལན་ལྔཿབཛྲ་གྷཎྜ། ཀལྤ་བྷ་ཏྲ་ལན་བཞི། བཛྲ་ཤྲ་ཝ་ཀ །བཛྲ་པྲ་ཏྱ་ཀ །བཛྲ་ཀྲོ་དྷའི་བར་རང་རང་གི་མཚན་སྔགས་ལན་རེ་བརྗོད་དེ། ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་སྣ་ཚོགས་རྡོ་རྗེས་མཚན་པར་གྱུར་པར་བསམ་མོ། །ཕྱག་ཆེན་ནི། སོ་སོའི་ཕྱག་རྒྱ་བྱས་ཏེ། སརྦ་བིད་ལན་ལྔ་ནས། བཛྲ་ཀྲོ་དྷ། ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་དང་པོའི་རྡོ་རྗེ་རྩེ་ལྔ་པས་མཚོན་པར་གྱུར་པར་བསམ་མོ། །དེ་ནས་དབང་བསྐུར་བ་ནི། །ༀ་བུད་དྷ་ཨ་བྷི་ཥཱེཉྩ་ༀ། ནས། ༀ་ཀརྨ་བྷི་ཥིཉྩ་ཨཱ། དེ་ནས་འཕྲིན་ལས་བཅོལ་བ་ནི། ༀ་ན་མོ་བྷ་ག་ཝ་ཏེ། སརྦཱ་དུ རྒ་ཏི་པ་རི་ཤོ་དྷ་ན་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨ་རྷ་ཏ་སཾ་མྱ་ཀ་སཾ་བུད་དྷ་ཡ། ཏཏྱ་ཐཱ། ༀ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་བཱ་བཾ་བི་ཤོ་དྷཱ་ནེ། ཤུད་དྷེ་བི་ཤུད་དྷེ། སརྦ་ཀརྨཱཿཨཱ་ཝ་ར་ཎཱ་བི་ཤོ་དྷ་ནེ་སྭཱ་ཧཱ། སོ་སོའི་ལས་རྒྱ་བྱས་ཏེ། ༀ་སརྦ་བིད་སརྦ་ཨཱ་ཝ་ར་ཎཱ་བི་ཤོ་དྷ་ན་ཧ་ན་ཧཱུཾ་ཕཊ། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཀྱིས། བསྟན་པ་ལྟ་བུའི་སྐབས་ཡིན་ན། ཟབ་གསལ་གཉིས་སུ་མེད་པ་ལ་སོགས་པ་ལམ་གྱི་རྟོགས་པ་མཐའ་དག་རྒྱུད་ལ་སྐྱེ་བའི་འཕྲིན་ལས་མཛོད་ཅིག །ཅེས་བྱ་ལ་ཚེ་ལྡན་གྱི་དོན་དུ་ཡིན་ན། བདག་དང་སྦྱིན་པའི་བདག་པོའི་ནད་གདོན་བར་ཆད་ཐམས་ཅད་ཉེ་བར་ཞི་བའི་འཕྲིན་ལས་མཛོད་ཅིག །ཅེས་དང་། གཤིན་པོའི་དོན་དུ་ཡིན་ན། དམིགས་ཡུལ་ལ་སོགས་པའི་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་འཇིགས་སྐྲགས་འདོན་པ་དང་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་འཕྲིན་ལས་མཛོད་ཅིག །ཅེས་བྱ་བ་སྦྱར་ཤིང་། འཕྲིན་ལས་འདི་ཚེ་ལྡན་དང་ཚེ་འདས་གང་ལའང་སྦྱར་ཆོག་སྟེ། དེ་དག་ཡིན་ཡང་འཁོར་བ་དང་ངན་སོང་ལས་ཐར་དགོས་པ་དང་འཚང་རྒྱ་དགོས་པའི་ཕྱིར་རོ། །ལྷ་གཞན་ལའང་རིམ་པ་བཞིན་དུ་རྩ་སྔགས་དང་སྙིང་པོ་དང་འཕྲིན་ལས་གསུམ་སྤེལ་ནས་བྱ་སྟེ། ༀ་ན་མོ་བྷ་ག་ཝ་ཏེ་སོགས་ཀྱི་མཐར། ༀ་སརྦ་བིད་ཧཱུཾ་སྦྱོང་བའི་རྒྱལ་པོ་དང་། ༀ་སརྦ་བིད་ཕཊ་རྒྱལ་མཆོག་རིན་ཆེན་དང་། ༀ་སརྦ་བིད་ཨཱཿཤཱཀྱ་རིགས་དབང་དང་། ༀ་སརྦ་བིད་ཏྲ་ཊ་མེ་ཏོག་ཆེར་རྒྱས་ཏེ། དེ་བཞིན་གཤེགས་པ་རིགས་རྣམ་པ་བཞིས་ཀྱང་༴ ༀ་ན་མོ་བྷ༴ ༀ་བུད་དྷ་ལོ་ཙ་ནེ་ཧཱུཾ་སངས་རྒྱས་སྤྱན་མ་དང་། ༀ་བཛྲ་མ་མཱ་ཀ་ཏྲཱཾ་རྡོ་རྗེ་མ་མཱ་ཀི་དང་། ༀ་བཛྲ་པཎྜ་རེ་དེ་ཧི་དེ་ཧི་སིད་དྷི་བོ་དྷི་ལོ་ག་ཏྲཱ་རི་བཱཾ་སྭཱ་ཧཱ། གོས་དཀར་མོ་དང་། ༀ་བཛྲ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་ཧཱུཾ་ཧཱུཾ་སྭ་སྭ་སྭ་སྭཱ་ཧཱ། སྒྲོལ་མ་ཏེ་ཡུམ་རྣམ་པ་བཞིས་ཀྱང་༴ ༀ་ན་མོ༴ ༀ་བཛྲ་སཏྭ་ཧཱུཾ་རྡོ་རྗེ་སེམས་དཔའ་དང་། ༀ་བཛྲ་རཱ་ཛཱ་ཛཿརྡོ་རྗེ་རྒྱལ་པོ་དང་། ༀ་བཛྲ་རཱ་ག་ཧོཿ རྡོ་རྗེ་ཆགས་པ་དང་། ༀ་བཛྲ་སཱ་དྷུ་དྷཱུ་རྡོ་རྗེ་ལེགས་པ་ཏེ། ཤར་ཕྱོགས་ཀྱི་སེམས་དཔའ་བཞིས་ཀྱང་༴ ༀ་ན་མོ༴ ༀ་བཛྲ་རཏྣ་ཏྲཱཾཿརྡོ་རྗེ་རིན་ཆེན་དང་། ༀ་བཛྲ་ཏེ་ཛཱ་ཪྱ་རྡོ་རྗེ་གཟི་བརྗིད་དང་། ༀ་བཛྲ་ཀེ་ཏུ་བྷྲི་རྡོ་རྗེ་རྒྱལ་མཚན་དང་། ༀ་བཛྲ་ཧཱ་ས་ཧཱ། རྡོ་རྗེ་བཞད་པ་ཏེ་ལྷོ་ཕྱོགས་ཀྱི༴ ༀ་ན་མོ༴ ༀ་བཛྲ་དྷརྨཱཿཧྲཱིཿརྡོ་རྗེ་ཆོས་དང་། ༀ་བཛྲ་ཏིཀྵཱ་དྷཱིཿརྡོ་རྗེ་རྣོན་པོ་དང་། ༀ་བཛྲ་ཧེ་ཏུ་ཀྲུཾ་རྡོ་རྗེ་རྒྱུ་དང་། ༀ་བཛྲ་བྷ་ཥ་བྷ་རྡོ་རྗེ་སྨྲ་བ་ཏེ། ནུབ་ཕྱོགས་ཀྱི༴ ༀ་ན་མོ༴ ༀ་ཀརྨཿཀཾ་རྡོ་རྗེ་ལས་དང་། ༀ་བཛྲ་རཀྵ་རཾ་རྡོ་རྗེ་སྲུང་བ་དང་། ༀ་བཛྲ་ཡཀྵ་ཀྵཾ་རྡོ་རྗེ་གནོད་སྦྱིན་དང་། ༀ་བཛྲ་སནྡྷི་ཥྚཾ་རྡོ་རྗེ་ཁུ་ཚུར་ཏེ་བྱང་ཕྱོགས་ཀྱི༴ ༀ་ན་མོ༴ ༀ་བཛྲ་ལཱ་སྱ་ཧཱུཾ་སྒེག་མོ་དང་། ༀ་བཛྲ་མཱ་ལེ་ཏྲཱཾ་ཕྲེང་བ་མ་དང་། ༀ་བཛྲ་གཱིརྟི་ཧྲཱིཿགླུ་མ་དང་། ༀ་བཛྲ་ནྲི་ཏྱེ་ཨཱཿགར་མ་ཏེ། ནང་གི་མཆོད་པའི་ལྷ་མོ་བཞིས་ཀྱང་༴ ༀ་ན་མོ༴ ༀ་བཛྲ་དྷུ་པེ་ཧཱུཾ་བདུག་པ་མ་དང་། ༀ་བཛྲ་པུཥྤེ་ཏྲཱཾ་མེ་ཏོག་མ་དང་། ༀ་བཛྲ་ཨ་ལོ་ཀེ་ཧྲཱིཿམར་མེ་མ་དང་། ༀ་བཛྲ་གནྡྷེ་ཨ་དྲི་ཆབ་མ་སྟེ། ཕྱིའི་མཆོད་པའི་ལྷ་མོ་བཞིས་ཀྱང་༴ ༀ་ན་མོ༴ ༀ་བཛྲ་ཨ་ཀུ་ཤ་ཛཿརྡོ་རྗེ་ལྕགས་ཀྱུ་དང་། ༀ་བཛྲ་པཱ་ཤ་ཧཱུཾ་རྡོ་རྗེ་ཞགས་པ་དང་། ༀ་བཛྲ་སྥོ་ཊ་བཾ་རྡོ་རྗེ་ལྕགས་སྒྲོགས་དང་། ༀ་བཛྲ་གྷཎྜ་ཧོཿ རྡོ་རྗེ་འབེབས་པ་སྟེ་ནང་གི་སྒོ་བ་ཆེན་པོ་བཞིས་ཀྱང་༴ ༀ་ན་མོ༴ བྱམས་པ། མཐོང་བ་དོན་ཡོད། ངན་སོང་ཀུན་འདྲེན། མྱ་ངན་དང་མུན་པ་ངེས་པར་འཇོམས་པའི་བློ་གྲོས། སྤོས་ཀྱི་གླང་པོ། དཔའ་བར་འགྲོ་བ། ནམ་མཁའ་མཛོད། ཡེ་ཤེས་ཏོག །འོད་དཔག་མེད། ཟླ་འོད། བཟང་སྐྱོང་། དྲ་བ་ཅན་གྱི་འོད། རྡོ་རྗེ་སྙིང་པོ། བློ་གྲོས་མི་བཟད་པ། སྤོབས་པ་བརྩེགས་པ། ཀུན་དུ་བཟང་པོ་ཏེ་སྐལ་བཟང་གི་སེམས་དཔའ་བཅུ་དྲུག་གིས་ཀྱང་༴ ༀ་ན་མོ༴ དགའ་བ། སྒྲ་གཅན་འཛིན། ཤཱ་རིའི་བུ། མོའུ་འགལ་གྱི་བུ། རབ་འབྱོར། འཆར་ཀ །མ་འགགས་པ། ཀཽ་དི་ནྱ། ཉེ་བར་འཁོར། རྟ་ཐུལ། བ་ལང་བདག །ཀུན་དགའ་བོ། མིང་ཆེན། ནོར་སྦྱིན་འཛིན། གང་པོ། འོད་སྲུང་སྟེ་ཉན་ཐོས་ཆེན་པོ་བཅུ་དྲུག་གིས་ཀྱང་༴ ༀ་ན་མོ༴ གདུང་བ་སེལ་བ། སྣང་བ་བརྩེགས་པ། འཇིགས་པ་མེད་པ། དཔའ་བོ་འདུལ་བ། ཤེས་རབ་མགྱོགས་ཆེན། རི་བོ་རྒྱལ། སྨྲ་བའི་སྒྲ་ཆེན། བསེ་རུ་ལྟ་བུ། དུག་ཆེན་འཇོམས། རྫུ་འཕྲུལ་ཆེར་སྟོན། སེང་གེ་སྒྲ། ཡིད་མྱུར། རང་རྒྱལ་ཆེན་པོ་བཅུ་གཉིས་ཀྱིས་ཀྱང་༴ ༀ་ན་མོ༴ ཁྲོ་བོ་བཞི། བྲན་བཞི། ཕོ་ཉ་བཞི། མངགས་པ་བཞི། ཁྲོ་བོ་ཆེན་པོ་བཅུ་དྲུག་གིས་ཀྱང་༴ མཛོད་ཅིག །དེ་ནས་བདག་བསྐྱེད་མཆོད་པ་སྔར་ལྟར་བསང་སྦྱང་བྱིན་གྱིས་བརླབས་ཏེ། ཚིགས་བཅད་གཞན་ནས། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོད་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤགས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། དེ་བཞིན་དུ་སྦྱར་ཏེ། བཱ་ཧྱཾ། པུཥྤེ། དྷུ་པེ། ཨ་ལོ་ཀེ། གནྡྷེ། ནི་ཝི་ཏྱེ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ༀ་སརྦཱ་ཏ་ཐཱ་ག་ཏ་ཤཔྟ་པྲ་ཏཱཙྪ་ཧཱུཾ་སྭཱ་ཧཱ། སྒེག་སོགས་ཀྱི་མཆོད་པས་རྒྱས་བསྡུས་ཀྱི་དང་པོ་ནི། ༀ་རྡོ་རྗེ་སེམས་དཔའ་བསྡུས་པ་ན། །ༀ་བཛྲ་ས་ཏྭ་མཱུ་སཾ་པྲ་ཧཱ་ད། བཛྲ་ལཱ་སྱ། རྡོ་རྗེ་རིན་ཆེན་བླ་ན་མེད། ༀ་བཛྲ་རཏྣ་མཱ་ནུཏྟ་རཾ། བཛྲ་མཱ་ཡེ། རྡོ་རྗེ་ཆོས་ཀྱིས་གླུ་བླངས་པས། ༀ་བཛྲ་དྷརྨཱཿགཱ་ཡ་ནི། བཛྲ་གཱི རྟི། རྡོ་རྗེ་ལས་ཀུན་བྱེད་པར་འགྱུར། །ༀ་བཛྲ་ཀརྨཱཿག་རོད་བྷཱ་ཝེ། བཛྲ་ནྲི་ཏྱེ། དེ་བཞིན་དུ། ༀ་རྡོ་རྗེ་སེམས་དཔའ༴ ༀ་བཛྲ་སཏྭ༴ བཛྲ་དྷ་པེ། རྡོ་རྗེ་རིན་ཆེན་ༀ་བཛྲ་རཏྣ༴ བཛྲ་པུཥྤེ། རྡོ་རྗེ་ཆོས་ཀྱི། ༀ་བཛྲ་དྷརྨཱཿ༴ བཛྲ་ཨཱ་ལོ་ཀེ། རྡོ་རྗེ་ལས་ཀུན༴ ༀ་བཛྲ་ཀརྨཱཿ༴ བཛྲ་གྷནྡྷེ། ཞེས་དང་བསྡུ་ན། ༀ་རྡོ་རྗེ་སེམས་དཔའ་བསྡུས་པ་ན། རྡོ་རྗེ་རིན་ཆེན༴ རྡོ་རྗེ་ཆོས༴ རྡོ་རྗེ་ལས་ཀུན༴ ༀ་བཛྲ་སཏྭ་སུ༴ བཛྲ་རཏྣ༴ བཛྲ་དྷརྨཱཿ༴ བཛྲ་ཀརྨཱཿ བཛྲ་ཡཱ་སྱ། བཛྲ་མཱ་ལེ། བཛྲ་གཱིརྟི། བཛྲ་ནྲི་ཏྱེ། བཛྲ་དྷུ་པེ། བཛྲ་པུཥྤེ། བཛྲ་ཨཱ་ལོ་ཀེ། བཛྲ་གྷནྡྷེ། ཞེས་བྱའོ་དེ་ནས་བསྟོད་པ་ནི། མཉམ་མེད་མི་གཡོ་མཉམ་མེད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་མེད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྒྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་མཉམ་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང་། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་བསྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང་། ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོད་མི་འགྱུར། །ཨེ་མའོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ནས་གོ་འཕང་མཆོག་བརྙེས་པ། ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པས། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱས་པ་སྟེ། །ལན་ཅིག་ཙམ་ཞིག་བརྗོད་པས་ཀྱང་། །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་པས་བསྟོད། རྒྱས་པར་ནི་ཆོས་དབྱིངས་ཡེ་ཤེས་མ་དང་། བསྡུ་ན་བསྟོད་པ་གཞན་གྱིས་ཀྱང་རུང་། དེ་ནས། ལྷ་ཐམས་ཅད་ཀྱི་ཐུགས་ཀ་རང་རང་གི་ས་བོན་ལ་བཟླས་པའི་སྔགས་མུ་ཏིག་གི་ཕྲེང་བ་ལྟ་བུས་བསྐོར་བ་དུས་མཐའི་མེ་དང་འདྲ་བའི་འོད་ཟེར་ཅན་དང་། ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་བྱུང་བར་གྱུར། ༀ་སརྦཱ་བིད་སརྦཱ་ཨཱ་ཝ་རཎཱ་བི་ཤོདྷ་ན་ཧ་ན་ཧཱུཾ་ཕཊ། ༀ་སརྦཱ་བིད་ཧཱུཾ། ༀ་སརྦཱ་བིད་ཕཊ། ༀ་སརྦཱ་བིད་ཨཱཿ ༀ་སརྦཱ་བིད་ཏྲཊ། ༀ་བུད་དྷ་ལོ་ཙ་ནེ་ཧཱུཾ། ༀ་བཛྲ་མ་མཱ་ཀཱི་ཏྲཱཾ། ༀ་བཛྲ་པཎྜ་རེ་དེ་ཧི་དེ་ཧི་སིདྡྷིཾ་བོ་དྷི་ལོ་ཀོཏྟཱ་རི་བཱཾ་སྭཱ་ཧཱ། ༀ་བཛྲ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུཾ་ཧཱུཾ་ཧཱུཾ་སྭ་སྭ་སྭ་སྭཱ་ཧཱ། ༀ་བཛྲ་སཏྭ་ཧཱུཾ། ༀ་བཛྲ་དཱ་ཛ་ཛཿ ༀ་བཛྲ་རཱ་ག་ཧོཿ ༀ་བཛྲ་སཱ་དྷུ་དྷུ། ༀ་བཛྲ་རཏྣ་ཏྲཱཾ། ༀ་བཛྲ་ཏེ་ཛ་ཪྱ། ༀ་བཛྲ་ཀེ་ཏུ་བྷྲི། ༀ་བཛྲ་ཧཱ་ས་ཧཱ། ༀ་བཛྲ་དྷརྨཱཿཧྲཱིཿ ༀ་བཛྲ་ཏི་ཀྵྞ་ཎིཿ ༀ་བཛྲ་ཧེ་ཏུ་ཀྲུཾ། ༀ་བཛྲ་བྷ་ཥ་བྷ། ༀ་བཛྲ་ཀརྨཱཿཀཾ །ༀ་བཛྲ་རཀྵཾ་ར། ༀ་བཛྲ་ཡཀྵ་ཀྵ། ༀ་བཛྲ་སནྡྷིཥྚཾ། ༀ་བཛྲ་ལཱ་སྱ་ཧཱུ། ༀ་བཛྲ་མཱ་ལེ་ཏྲཱཾ། ༀ་བཛྲ་གཱིརྟི་ཧྲཱིཿ ༀ་བཛྲ་ནྲི་ཏྱ་ཨཿ ༀ་བཛྲ་བྷཱུ་པེ་ཧཱུཾ། ༀ་བཛྲ་པུཥྤེ་ཏྲཱཾ། ༀ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ༀ་བཛྲ་གནྷེ་ཨཿ ༀ་བཛྲ་ཨཾ་ཀུ་ཤ་ཛཿ ༀ་བཛྲ་བཱ་ཤ་ཧཱུཾ། ༀ་བཛྲ་སྥོ་ཊ་བཾ། ༀ་བཛྲ་གཎྜ་ཧོཿ ༀ་སརྦཱ་སཾ་སྐཱ་རི་པ་རི་ཤོ་དྷཱ་ན་དྷརྨཱཿཏེ་ག་ག་ནས་མུད་ག་ཏེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ། ཞེས་དང་། རྩ་རིག་རྣམས་ཅི་འགྲུབ་བཟླས་པའི་མཐར་ཡིག་བརྒྱ་ལན་བདུན་ནམ་གསུམ་ཟླའོ། །དེ་ནས་མཆོད་པ་བསྡུ་ན། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ་ནས་ཤཔྟ་པྲ་ཏཱཙྪི་འི་བར་གྱིས་མཆོད་དེ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཞེས་བསྟོད། རྒྱས་པར་བྱེད་ན་ཚིགས་བཅད་སྔགས་དང་བཅས་པས་མཆོད་ཅིང་། བསྟོད་པ་ཡང་རྒྱས་པ་བྱའོ། །དེ་ནས་བུམ་བསྐྱེད་ནི། བུམ་པ་སྟ་གོན་བྱ་ཞིང་། བུམ་པ་མང་ཉུང་གི་ཁྱད་པར་འབྱེད་དགོས་པ་ཡོད་ནའང་རེ་ཞིག །བུམ་པ་ལས་སྔགས་ཀྱིས་བསང་། ཤཱུནྱ་ཏ་དང་སྭ་བྷཱ་ལྔ་ནས་ཤུདྡྷོ྅ཧཾ། བུམ་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྃ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ། ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། ༀ་ཏཔྟེ་ཏ་པྟེ་མ་ཧཱ་ཏ་པྟེ་སྭཱ་ཧཱ། ལྷའི་ཆུ་བོ་གཾ་ག་དང་། བུམ་པའི་ཆུ་དབྱེར་མེད་པར་གྱུར། རྣམ་རྒྱལ་བུམ་པའི་ནང་དུ། པད་ཟླའི་གདན་སུམ་ཅུ་སོ་བདུན། དབུས་ཀྱི་གདན་ལ་ༀ་ལས་འཁོར་ལོ་ༀ་གྱིས་མཚན་པ་ལས་བཅོམ་ལྡན་འདས་ཀུན་རིག་སྐུ་མདོག་དཀར་པོ། ཞེས་པ་ནས། ཉི་མའི་འོད་ཀྱི་རྒྱབ་ཡོལ་མདའ་བ། ཕྱོགས་བཞིར་པད་ཟླའི་གདན་རྣམས་ཀྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གྱིས་མཚན་པ། ཏྲཱྃ་ལས་རིན་པོ་ཆེ་ཏྲཱཾ་གིས་མཚན་པ། ཧྲཱིཿལས་པདྨ་ཧྲཱིཿམཚན་པ་ཨཿ ལས་སྣ་ཚོགས་རྡོ་རྗེ་ཨཱཿམཆོད་པ་རྣམས་ཡོངས་སུ་གྱུར་པ་ལས། དེ་བཞིན་གཤེགས་པ་བཞིར་གྱུར་པ་ནི། ཤར་དུ་ངན་སོང་སྦྱོང་བའི་རྒྱལ་པོ༴ ལྷོར་རྒྱལ་མཆོག་རིན་ཆེན༴ ནུབ་ཏུ་ཤཱཀྱ་རིགས་དབང་༴ བྱང་དུ་མེ་ཏོག་ཆེར་རྒྱས༴ དེ་བཞིན་གཤེགས་པ་བཞི་པོ་ཡང་རིན་པོ་ཆེའི༴ རྒྱབ་ཡོལ་མངའ་བ། འཚམས་བཞིར་པད་ཟླའི་གདན་རྣམས་ཀྱི་སྟེང་དུ། ཧཱུཾ་ལས་སྤྱན་གྱིས་སྤྲས་པའི་འཁོར་ལོ་ཧཱུཾ་གྱིས་མཚན་པ། ཏྲཱཾ་ལས་རྡོ་རྗེ༴ ཧྲཱིཿལས་པདྨ༴ ཨཿལས་ཨུཏྤལ༴ རྣམས་ཡོངས་སུ་གྱུར་པ་ལས། ཡུམ་བཞིར་གྱུར་པ་ནི། ཤར་ལྷོར་སྤྱན་མ་དཀར་མོ༴ ལྷོ་ནུབ་ཏུ་མཱ་མ་ཀཱི་སྔོན་མོ༴ ནུབ་བྱང་དུ་གོས་དཀར་མོ་དམར་མོ༴ བྱང་ཤར་དུ་སྒྲོོན་མ་ལྗང་ཁུ་བརྟེན་པ། ཤར་གྱི་པད་ཟླའི་གདན་རྣམས་ཀྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གྱིས་མཚན་པ། ཛཿལས་ལྕགས་ཀྱུ༴ ཧོཿལས་མདའ་གཞུ༴ དྷུ་ལས་རྡོ་རྗེ་རྩེ་ལྔ་པ༴ རྣམས་ཡོངས་སུ་གྱུར་པ་ལས། ཤར་ཕྱོགས་ཀྱི་སེམས་དཔ འ་བཞིར་གྱུར་པ་ནི། གདན་དང་པོ་ལ་རྡོ་རྗེ་སེམས་དཔའ་དཀར་པོ༴ གདན་གཉིས་པ་ལ་རྡོ་རྗེ་རྒྱལ་པོ་གསེར་མདོག༴ གདན་གསུམ་པ་ལ་རྡོ་རྗེ་ཆགས་པ་དམར་པོ༴ གདན་བཞི་པ་ལ་རྡོ་རྗེ་ལེགས་པ་ལྗང་ཁུ། ལྷོའི་པད་ཟླའི་གདན་རྣམས་ཀྱི་སྟེང་དུ། ཏྲཱཾ་ལས་རིན་པོ་ཆེ། ཪྱ་ལས་ཉི་མ༴ བྷི་ལས་རྒྱ་མཚན༴ ཧཱ་ལས་སོ་འཕྲེང་༴ ལྷོ་ཕྱོགས་ཀྱི་སེམས་དཔའ་བཞིར་གྱུར་པ་ནི། གདན་དང་པོ་ལ་རྡོ་རྗེ་རིན་ཆེན་སེར་པོ༴ གདན་གཉིས་པ་ལ་རྡོ་རྗེ་གཟི་བརྗིད་ཉི་མའི་མདོག་ཅན༴ གདན་གསུམ་པ་ལ་རྡོ་རྗེ་རྒྱལ་མཚན་སྔོན་པོ༴ གདན་བཞི་པ་ལ་རྡོ་རྗེ་བཞད་པ་དུང་དང་༴ ནུབ་ཀྱི་པད་ཟླའི་གདན་རྣམས༴ ཧྲཱིཿལས་པདྨ༴ ཧྲཱིཿལས་རལ་གྲི༴ ཀྲུཾ་ལས་འཁོར་ལོ༴ དྷ་ལས་ལྕེ༴ ནུབ་ཕྱོགས་ཀྱི་སེམས༴ གདན་དང་པོ་ལ་རྡོ་རྗེ་ཆོས་དཀར་དམར༴ གདན་གཉིས་པ་ལ་རྡོ་རྗེ་རྣོན་པོ་སྔོན་པོ༴ གདན་གསུམ་པ་ལ་རྡོ་རྗེ་རྒྱུ་གསེར་གྱི་མདོག་ཅན༴ གདན་བཞི་པ་ལ་རྡོ་རྗེ་སྨྲ་བ་ཟངས་ཀྱི་མདོག་ཅན༴ བྱང་གི་པད་ཟླའི་གདན་རྣམས༴ ཀཾ་ལས་སྣ་ཚོགས་རྡོ་རྗེ༴ ར་ལས་གོ་ཆ༴ ཀྵཾ་ལས་མཆེ་བ༴ ཥྚྃ་ལས་རྡོ་རྗེ༴ བྱང་ཕྱོགས་ཀྱི༴ གདན་དང་པོ་ལ་རྡོ་རྗེ་ལས་ཞལ་དང་༴ གདན་གཉིས་པ་ལ་རྡོ་རྗེ་སྲུང་བ༴ གདན་གསུམ་པ་ལ་རྡོ་རྗེ་གནོད་སྦྱིན་ནག་པོ༴ གདན་བཞི་པ་ལ་རྡོ་རྗེ་ཁུ་ཚུར་སེར་པོ༴ ནང་གི་འཚམས་བཞིར་པད་ཟླའི༴ ཧཱུཾ་ལས་རྡོ་རྗེ༴ ཏྲཱྃ་ལས་རིན་པོ་ཆེའི་ཕྲེང་བ་༴ ཧྲཱིཿལས་པི་ཝང་༴ ཨཿལས་རྡོ་རྗེ་རྩེ་གསུམ་པ༴ ནང་གི་ལྷ་མོ་བཞིར་གྱུར་པ་ནི། ཤར་ལྷོར་སྒེག་མོ་དཀར་མོ༴ ལྷོ་ནུབ་ཏུ་ཕྲེང་བ་མ་སེར་མོ༴ ནུབ་བྱང་དུ་གླུ་མ་དཀར་དམར༴ བྱང་ཤར་དུ་གར་མ༴ ཕྱིའི་འཚམས་བཞིར་པད་ཟླའི༴ ཧཱུཾ་ལས་སྤོས་སྣོད༴ ཏྲཱཾ་ལས་མེ་ཏོག་གི་སྣོད༴ ཧྲཱིཿལས་མར་མེའི་སྡོང་བུ་༴ ཨཿལས་དྲིའི་དུང་ཕོར༴ ཕྱིའི་ལྷ་མོ་བཞིར་གྱུར་པ་ནི། ཤར་ལྷོར་བདུག་པ་མ་དཀར་མོ༴ ལྷོ་ནུབ་ཏུ་མེ་ཏོག་མ་སེར་མོ༴ ནུབ་བྱང་དུ་མར་མེ་མ་དཀར་དམར༴ བྱང་ཤར་དུ་བྱུག་པ་མ་ཞལ་དང་བྱིན་པ། ཕྱོགས་བཞིར་པད་ཟླའི་གདན་རྣམས༴ ཛཿལས་ལྕགས་ཀྱུ༴ ཧཱུཾ་ལས་ཞགས་པ༴ བ་ལས་ལྕགས་སྒྲོག༴ ཧོཿལས་རྡོ་རྗེ་དྲིལ་བུ་ཧོཿ ས་མཚན་པ་རྣམས་ཡོངས་སུ་བྱུང་བ་ལས། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བཞིར་གྱུར་པ་ནི༴ ཤར་དུ་རྡོ་རྗེ་ལྕགས་ཀྱུ༴ ལྷོར་རྡོ་རྗེ་ཞགས་པ་སེར་པོ༴ ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་དཀར་དམར༴ བྱང་དུ་རྡོ་རྗེ་འབེབས་པ་ཞལ་དང་བྱིན་པ་གཉིས་ནས་ཞབས་ཀྱི་བར་དཀར་པོ༴ གཡོན་པ་གདན་ལ་བརྟེན་པ། གཙོ་བོའི་གཡོན་དུ་པད་ཟླའི་གདན་ལ། ཀྵཾ་ལས་མཆེ་བ་ཀྵ་གིས་མཚན་པ་ལས་རྡོ་རྗེ་གནོད་སྦྱིན་ནག་པོ། ལྟོ་བ་ཡངས༴ བསྡིགས་པའི་ཚུལ་དུ་མཛད་པ། སྤྱན་མ་ནས་རྡོ་རྗེ་གནོད་སྦྱིན་གྱི་བར་གྱི་ལྷ་ཐམས་ཅད་ཀྱང་རབ་ཏུ་དགྱེས་པས་སྤྱན་གདངས་པ། སྒེག་པའི་ཉམས་ཅན༴ ཟླ་བའི་འོད་ཀྱི་རྒྱབ་ཡོལ་མངའ་བ། ལྷ་ཚོགས་དེ་ཐམས་ཅད་ཀྱི་སྤྱི་བོར་ༀ་དཀར་པོ༴ ནས༴ བཅོམ་ལྡན་འདས་ཀུན་རིག་རྩ་བའི་ལྷ་སུམ་ཅུ་སོ་བདུན། རྡོ་རྗེ་གནོད་སྦྱིན་དང་བཅས་པ་ལ་སངས་རྒྱས་དང་༴ བཛྲ་ས་མ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། ཅེས་པ་ནས། དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། ༀ་ཀ་མ་ལ་ཡ་སྟྭཾ། ༀ་བཛྲ་པུཥྦེ་ཨཱཿཧཱུཾ། ཅེས་པ་ནས། ཤཔྟ་ཨཱཿཧཱུཾ། ༀ་བཛྲ་ༀ་ཀུ་ཤ་ཛཿཞེས་པ་ནས། རཀྵ་ཧྃ། ༀ་པྲ་ཝཱ་ར་ས ད་ཀ་རྃ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ༀ་སརྦཱ་བིད་ༀ། ནས་ཧཱུཾ། དམ་རྒྱ་ནི། ས་མ་ཡ་སྟྭྃ། བཛྲ་ཌིཥྚི་མ་ཊ། སརྦྦ་བིད་ཏྲི་ཤྱ། ཛཿ ཧཱུཾ་བ་ཧོཿ ས་མ་ཡ་སྟྭ། ས་མ་ཡ་སྟྭཾ། ཨ་ཧཾ། སརྦ་བིད། གསུམ། ༀ་སརྦ་བིད། སོགས་གསུམ་རེ་བརྗོད་པས་གཞན་རྣམས་ཀྱང་སྔར་བདག་བསྐྱེད་དུ་བཤད་པ་ཇི་ལྟ་བ་བཞིན་ཡིན་ལ། བཛྲ་གྷཎྜ་ཧོཿའེ་མཇུག་ཏུ། ས་མ་ཡ་སྟྭཾ། བཛྲ་ཌཱིཥྚི་མ་ཊ། བཛྲ་ཡཀྵེ་ཏྲཾ་ཤྱ། ཛཿཧཱུཾ་བྃ་ཧོཿ ས་མ་ཡ་སྟྭྃ། ས་མ་ཡ་སྟྭྃ། ཨ་ཧྃ། བཛྲ་ཡཀྵ། གསུམ་དང་། ༀ་བཛྲ་ཡཀྵ་ཧཱུཾ། གསུམ་བརྗོད། ཆོས་རྒྱ་དང་ལས་རྒྱ་དང་ཕྱག་ཆེན་གསུམ་གྱི་སྐབས་སུའང་སེམས་དཔའ་ཉན་རང་ཁྲོ་བོ་རྣམས་ཀྱི་སྔགས་དོར་ནས། བཛྲ་ཡཀྵ། བརྗོད་པ་མ་གཏོགས་སྔར་བཤད་པ་བཞིན་ནོ། །ༀ་བུད་དྷ་ཨ་བྷི་ཥིཉྩ་ༀ། སོགས་ཀྱིས་དབང་བསྐུར་ནས། འཕྲིན་ལས་བཅོལ་ཡང་མི་འགལ་མོད། ད་ལྟ་ཕྱག་ལེན་དུ་མི་བྱེད་པར་སྣང་བས་བཞག །དེ་ནས་མཆོད་པ་སྔར་ལྟར་བསང་སྦྱང་བསྐྱེད་དེ་བྱིན་གྱིས་བརླབས་ནས། ཆུ་བོ་གངྒཱ་མའམ། ཆོས་དབྱིངས་རྣམ་དག་ཡེ་ཤེས་རང་བཞིན་ལས། སྒྱུ་མའི་རྣམ་འཕྲུལ་ལྷ་མོ་མཆོད་ཡོན་མ། བཅོམ་ལྡན་བུམ་པའི་ལྷ་ཚོགས་མཉེས་ཕྱིར་འབུལ། །རྡོ་རྗེ་མཆོད་ཡོན་མ་ཡིས་མཉེས་གྱུར་ཅིག །ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ ཧཱ། ནས། ཤཔྟའི་བར་གྱིས་མཆོད། དེ་ནས་སྒེག་སོགས་བརྒྱད་ཀྱིས་སྔར་བཞིན་མཆོད་དེ། བསྟོད་པ་ནི་རྒྱུད་དོན་གསལ་བ་ལྟར་ན། མཉམ་མེད་མས་བསྟོད་པར་སྣང་ལ། ཡང་ན། རྫོགས་པའི་སངས་རྒྱས་སོགས་དང་། བསྟོད་པ་གཞན་ནམ། བདེ་གཤེགས་རིགས་ལྔ་སོགས་སཾ། སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་ཡེ་ཤེས་རྡོ་རྗེའི་སྐུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །ཕྱག་མཚལ་རྣམ་པར་སྣང་མཛད་ལ། །གཟུང་འཛིན་རྡོ་རྗེ་བརྟན་པའི་ས། །མེ་ལོང་ཡེ་ཤེས་རྡོ་རྗེའི་སྐུ། །བདུད་འདུལ་ཆེན་པོའི་ཕྱག་རྒྱ་མཛད། །ཕྱག་འཚལ་མི་བསྐྱོད་རྡོ་རྗེ་ལ། །རིན་ཆེན་རྡོ་རྗེ་འབར་བའི་མེ། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །མཆོག་སྦྱིན་ཆེན་པོའི་ཕྱག་རྒྱ་མཛད། །ཕྱག་འཚལ་རིན་ཆེན་འབྱུང་ལྡན་ལ། །འདོད་ཆགས་རྡོ་རྗེ་ཆོས་ཀྱི་ཆུ། །ཀུན་རྟོག་ཡེ་ཤེས་ངོ་བོ་ཉིད། །ཏིང་འཛིན་ཆེན་པོའི་ཕྱག་རྒྱ་མཛད། །ཕྱག་འཚལ་སྣང་བ་མཐའ་ཡས་ལ། །ཕྲག་དོག་རྡོ་རྗེ་སྐྱོད་པའི་རླུང་། །བྱ་གྲུབ་ཡེ་ཤེས་རྡོ་རྗེའི་སྐུ། །སྐྱབས་སྦྱིན་ཆེན་པོའི་ཕྱག་རྒྱ་མཛད། །ཕྱག་འཚལ་དོན་ཡོད་གྲུབ་པ་ལ། །རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། །རྡོ་རྗེ་མཆེ་བ་འཇིགས་པ་ཆེ། །བདུད་འཇོམས་རྡོ་རྗེ་མི་ཟད་པ། །ཕྱག་འཚལ་རྡོ་རྗེ་དྲག་པོ་ལ། །ཞེས་བསྟོད་ཅིང་། རང་རང་གི་དམ་རྒྱས་གཟུངས་ཐག་བཟུང་ལ། དུང་ཆོས་ལ། ༀ་བཛྲ་ཨུ་ད་ཀ་ཧཱུཾ། བརྒྱ་རྩ་བརྒྱད། ༀ་ཨཱཿཧཱུཾ། ལན་བདུན་བཟླས་ཏེ། དུང་ཆོས་ཀྱི་ཆུ་ཡེ་ཤེས་ཀྱི་བདུད་རྩིར་བྱས་པའི་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་གྱུར། བཟླས་བྱའི་སྔགས་ཀྱིས་བསྐོར་བའི་ལྷ་རང་རང་གི་ཐུགས་ཀའི་ས་བོན་ལས་ལྷའི་ཚོགས་འཕྲོས། འགྲོ་བའི་དོན་བྱས། སླར་འདུས་ནས་རང་རང་གི་ཐུགས་ཀའི་ས་བོན་ལ་ཐིམ་པར་གྱུར། ༀ་སརྦྦ་བིད་སརྦྦ་ཨཱ་ཝ་ར་ཎཱ་བི་ཤོ་དྷ་ན་ཧ་ན་ཧཱུཾ་ཕཊ། སོགས་རྣམ་རྒྱལ་བུམ་པ་ལ་གཙོ་བོའི་སྔགས་བརྒྱ་རྩ་བརྒྱད། གཞན་རྣམས་ཀྱི་སྔགས་བརྒྱ་རྩ་བརྒྱད་དམ་ཉེར་གཅིག་རེ། ལས་བུམ་ལ། ༀ་བཛྲ་ཡཀྵ་ཧཱུཾ། ཞེས་པ་བརྒྱ་རྩ་བརྒྱད་བཟླས་ལ། ཐམས་ཅད་ལ་ཐུན་མོང་དུ། ༀ་ན་མོ་བྷ་ག་ཝ་ཏི། སོགས་རྩ་རིག་བརྒྱ་རྩ་བརྒྱད་བཟླས་པའི་རྗེས་སུ་ཡིག་བརྒྱ་ལན་གསུམ་བཟླ། ༀ་སརྦྦ་བིད་སརྦྦ་ཨཱ་ཝ་ར་ཎཱ་བི་ཤོ་དྷ་ན་ཧ་ན་ཧཱུཾ་ཕཊ། དང་ཧཱུཾ། ལན་བདུན་བཟླས་ལ་དུང་ཆོས་ཀྱིས་བུམ་པ་གཉིས་ཀར་མཆོད་ཡོན་ངང་ལས་ཐམས་ཅད་པས་མེ་ཏོག་དཀར་པོ་གསུམ་གསུམ་ཕུལ་ནས། ༀ་སརྦྦ་ཏ་ཐཱ་ག་ཏ་པུཥྤེ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱས་མཆོད་ལ། ༀ་བཛྲ་ཡཀྵ་ཧཱུཾ། གིས་ལས་བུམ་གྱི་ཆུ་གཏོར་ཏེ། ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་རྣམས་མ་རྫོགས་པ་དེ་སྲིད་དུ་བགེགས་རྣམས་ཟློག་པའི་འཕྲིན་ལས་མཛོད་ཅིག །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། ཞེས་པ་ནས། རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། ཞེས་དང་། རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། ཅེས་པ་ནས། ཕྱག་འཚལ་རྡོ་རྗེ་དྲག་པོ་ལ། ཞེས་པ་ལྟ་བུ་བསྟོད་པ་རྒྱས་བསྡུས་གང་རུང་བྱའོ། །དེ་ནས་མདུན་བསྐྱེད་སྒྲུབ་པ་ནི། ༀ་བཛྲ་ཡཀྵ་ཧཱུཾ། གིས་བསང་། ཤཱུ་ནྱ་ཛྙཱ་ན་ནས་ཀོ྅ཧཾཿདང་། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པར་གྱུར། སྟོང་པའི་ངང་ལས་ཧཱུཾ་ཡཾ་ཧཱུཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན། ཞེས་སོགས་བདག་བསྐྱེད་ལྟར་ལ། དབུས་ཀྱི་ཟླ་བའི་སྟེང་དུ། ༀ་ལས་འཁོར་ལོ་ༀ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། འདུས་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་ཀུན་རིག་སྐུ་མདོག་དཀར་པོ་ཞལ་བཞི་དཀར་བ། ཞེས་པ་ནས། ཉི་མའི་འོད་ཀྱི་རྒྱབ་ཡོལ་མངའ་བ། ཕྱོགས་བཞིར་ཟླ་བའི་དཀྱིལ་འཁོར་རྣམས་ཀྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ། ཏྲཱཾ་ལས་རིན་པོ་ཆེ་ཏྲཱཾ་གིས་མཚན་པ། ཧྲཱི་ལས་པདྨ་ཧྲཱིཿས་མཚན་པ། ཨཱཿལས་སྣ་ཚོགས་རྡོ་རྗེ་ཨཱཿས་མཚན་པ་རྣམས་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། དེ་བཞིན་གཤེགས་པ་བཞིར་གྱུར་པ་ནི། ཤར་དུ་ངན་སོང་སྦྱོང་བའི་རྒྱལ་པོ་སྐུ་མདོག་དཀར་པོ། ཞེས་སོགས་སླ་གདན་གྱི་སྟེང་དུ་རིམ་པར་བསྐྱེད་ཅིང་། འོད་ཟེར་འཕྲོས་འདུས་ཞེས་སྦྱོར་བ་མ་གཏོགས། ཕལ་ཆེར་བུམ་བསྐྱེད་ཀྱི་སྐབས་སུ་བཤད་པ་ལྟར་ཏེ། འོན་ཀྱང་འདིར། ཤར་གྱི་རྩིབས་བཞིར་ཟླ་བའི་དཀྱིལ་འཁོར། ཞེས་དང་། ལྷོའི་རྩིབས་བཞིར་ཟླ་བའི་དཀྱིལ་འཁོར༴ ནུབ་ཀྱི་རྩིབས་བཞིར༴ བྱང་གི་རྩིབས་བཞིར༴ ནང་གི་གྲྭ་བཞིར་དང་། ཕྱིའི་གྲྭ་བཞིར་དང་། ནང་གི་སྒོ་བཞིར་ཟླ་བའི་དཀྱིལ་འཁོར་རྣམས་ཀྱི་དབུས་སུ། ཞེས་དང་། རྩིབས་དང་པོ་དང་། གཉིས་པ་དང་གསུམ་པ་དང་བཞི་པ། ཞེས་སྦྱོར་བ་མ་གཏོགས་འདྲའོ། །དེ་ནས། སྤྱན་མ་ནས་འབེབས་པའི་བར་ལྷ་ཐམས་ཅད༴ རྒྱབ་ཡོལ་མངའ་བ། རྟ་བབས་དང་ལྡན་པའི་གཞལ་ཡས་ཁང་གི་ཁྱམས་ཀྱི་ལྷ་སྣམ་ནང་མའི་ཟླ་བའི་དཀྱིལ་འཁོར་རྣམས་ཀྱི་དབུས་སུ་ཀལྤ་བྷ་དྲའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཡོངས་སུ་གྱུར་པ་ལས། དང་པོའི་རྡོ་རྗེ་བཞི། རྡོ་རྗེ་རིན་པོ་ཆེ་བཞི། རྡོ་རྗེ་པདྨ་བཞི། སྣ་ཚོགས་རྡོ་རྗེ་བཞི་སྟེ་ཕྱག་མཚན་བཅུ་དྲུག །ཀལྤ་བྷ་དྲའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པས་མཚན་པ་རྣམས་ལས་འོད་ཟེར་འཕྲོས། འདུས་ཡོངས་སུ་གྱུར་པ་ལས། བསྐལ་བཟང་གི་སེམས་དཔའ་བཅུ་དྲུག་ཏུ་གྱུར་པ་ནི། ཤར་དུ་བྱམས་པ། ཞེས་སོགས་དང་། ལྷ་སྣམ་པར་མའི་ཟླ་བའི་དཀྱིལ་འཁོར་རྣམས་ཀྱི་དབུས་སུ་ཤྲལྤ་ཀའི་མིང་ཡིག༴ ཉན་ཐོས་བཅུ་དྲུག་ཏུ་གྱུར་པ་ནི། ཤར་དུ་དགའ་བོ། སོགས་དང་། ལྷ་སྣམ་ཕྱེ་མའི་ཟླ་བའི་དཀྱིལ་འཁོར་རྣམས་ཀྱི་དབུས་སུ་པྲ་ཏྱེ་ཀའི་མིང་ཡིག་དང་པོ་ཐིག་ལེས༴ རང་རྒྱལ་བཅུ་གཉིས་སུ་གྱུར་པ་ནི། ཤར་དུ་གདུང་བ་སེལ་པ། སོགས་དང་། དཀྱིལ་འཁོར་གྱི་ཕྱི་མའི་སྒོ་བཞིར་ཟླ་བའི་དཀྱིལ་འཁོར་རྣམས་ཀྱི་དབུས་སུ་བཛྲ་ཀྲོ་དྷའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ༴ རྡོ་རྗེ་ལ་སོགས་པའི་ཕྱག་མཚན༴ འདུས་ཡོངས་སུ་གྱུར་པ་ལས། ཁྲོ་བོ་བཅུ་དྲུག་ཏུ་གྱུར་པ་ནི། ཤར་སྒོར་ཁྲོ་བོ་འཇིག་རྟེན་གསུམ་སྣང་། ཞེས་སོགས་བདག་བསྐྱེད་ཀྱི་སྐབས་ལྟར་རོ། །ཕྱིའི་ཁོར་ཡུག་དཀར་པོའི་པདྨ་དང་ཟླ་བའི་གདན་རྣམས་ཀྱི་སྟེང་དུ་སྐད་ཅིག་གིས་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ། ཕྱོགས་སྐྱོང་བ་བཅུ། གཟའ་ཆེན་པོ་བརྒྱད་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་འཁོར་དང་བཅས་པ། ཀླུ་ཆེན་པོ་བརྒྱད་རང་འདྲའི་ཆུང་མ་དང་བཅས་པ། འཇིགས་བྱེད་དགུ་ཆུང་མ་དང་བཅས་པ། ལྷ་ཆེན་བརྒྱད་ཆུང་མ་དང་བཅས་པ་སྟོབས་བཟང་ལ་སོགས་པའི་འཁོར་དང་བཅས་པ། རྡོ་རྗེ་ཕྲ་མེན་མ་རྣམས་དང་། རིའི་ལྷ་དང་། ཤིང་གི་ལྷ་དང་། གྲོང་གི་ལྷ་དང་། འབྱུང་བའི་བཞིའི་ལྷ་ལ་སོགས་པ་འཇིག་རྟེན་པ་རྣམས་རང་རང་གི་སྐུ་མདོག་རྒྱན་ཆ་ལུགས་སྣ་ཚོགས་དང་བཅས་པར་གྱུར། རྡོ་རྗེ་ཤུགས་ཀྱི་འཇུག་པས་དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་གྱུར། རང་ཉིད་ཧཱུཾ་ལས་ཧཱུཾ་མཛད་དུ་གྱུར། ༀ་བཛྲ་ད་གྷ་ཊ་ཡ་ས་མ་ཡ་པྲ་བྷ་ཤ་ཡ་ཧཱུཾ། ལན་བཞི་ལ་སྒོ་དབྱེ། ལྷ་ཚོགས་དེ་ཐམས་ཅད་ཀྱི་སྤྱི་བོར་ༀ་དཀར་པོ། ཞེས་པ་ནས། སྤྱན་དྲངས། ༀ་བཛྲ་ས་མ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། ཞེས་པ་ནས། དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། ༀ་ཀ་མ་ལ་ཡ་སྟྭྃ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ། ནས་བཛྲ་ཤཔྟ་ཨཱཿཧཱུཾ། ༀ་བཛྲ་ཨཾ་གུ་ཤ་ཛ་ཿནས། གྷཎྜ་ཧོཿཧཱུཾ་བཛྲ་ཡཀྵ་ཧཱུཾ། ༀ་བཛྲ་སནྡྷི་བཾ། ༀ་བཛྲ་རཀྵ་ཧཾ། ༀ་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ༀ་སརྦ་བིད་ༀ། ཅེས་པ་ནས། ༀ་སརྦ་བིད་ཧཱུཾ། དེ་ནས་དམ་རྒྱའི་ཚེ། ས་མ་ཡ་སྟྭྃ། བཛྲ་ཌི་ཥྚི་མ་ཊ། སརྦ་བིད་ཏྲི་ཤྱ། སོགས་བདག་བསྐྱེད་ཀྱི་སྐབས་ལྟར་ལ། བཛྲ་ཀྲོདྷའི་མཇུག་ཏུ། བཛྲ་ལོ་ཀ་ཏྲི་ཤྱ། ཞེས་དང་། ཆོས་རྒྱའི་སྐབས་སུ་རྩ་རིག་བརྗོད་ཅིང་། ལས་རྒྱ་དང་ཕྱག་ཆེན་ཀྱི་སྐབས་སུ། བཛྲ་ལོ་ཀ །ཞེས་སྦྱར་བར་བྱའོ། །འཕྲིན་ལས་ཡང་བདག་བསྐྱེད་ལྟར་རམ། དམིགས་ཡུལ་ལ་སོགས་པའི་སེམས་ཅན་ཐམས་ཅད་ཚོགས་གཉིས་རྫོགས། སྒྲིག་གཉིས་བྱང་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་འཕྲིན་ལས་མཛོད་ཅིག །ཅེས་བྱ་ཞིང་། ནད་པ་སོས་དཀའ་བ་ལྟ་བུའི་ཆེད་ཡིན་ན་འཕྲིན་ལས་འདི་བཞིན་བྱ་བའམ། བདག་བསྐྱེད་ཀྱི་སྐབས་ལྟར་བྱས་ན་ཕན་ཆེའོ། །མགྲོན་ཐབས་དང་ཁོར་ཡུག་པ་ལ་འཕྲིན་ལས་བཅོལ་བའི་ཚེ། མཚན་སྔགས་མི་བརྗོད་པར་སྣང་ཡང་ཏོན་ན་ལེགས་ཏེ། གཞན་རྣམས་མཚན་སྔགས་བརྗོད་དགོས་པས་སོ། །འཕྲིན་ལས་བཅོལ་བའི་ཚེ་མཇུག་ཏུ། ཕྱིའི་འཁོར་ཡུག་ལ་གནས་པའི་དཔལ་མགོན་བདུན་བཅུ་རྩ་ལྔས་ཀྱང་། ཞེས་སྦྱོར་བ་མ་གཏོགས་འདྲའོ། །དེ་ནས་མདུན་བསྐྱེད་མཆོད་པ་རྣམས་སྔར་ལྟར་བསང་སྦྱང་བསྐྱེད་དེ་བྱིན་གྱིས་བརླབས་ནས། རྒྱལ་བ་རྒྱ་མཚོ་ཞེས་སོགས་སམ། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་དགྱེས་མཛད་པའི། །རིན་ཆེན་མཆོད་ཡོན་ལ་སོགས་མཆོད་པའི་ཚོགས། ནམ་མཁའ་ཁྱབ་པར་བསམས་ཤིང་དངོས་སྤྲུལ་ནས། །གཞལ་ཡས་ཁང་དུ་སྤྲིན་བཞིན་འཁྲིགས་གྱུར་ཅིག །ༀ་སརྦྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲཏཱིཙྪ་ཧཱུཾ་སྭཱ་ཧཱ། ནས་ཤཔྟའི་བར་གྱིས་མཆོད། འདི་ལ་ཚིག་སྦྱོར་ཟུར་མི་འདྲ་བ་ཡོད་ཀྱང་འདིས་ཆོག །དེ་ནས་སྒེག་སོགས་བརྒྱད་ཀྱིས་སྔར་བཞིན་མཆོད་ནས། མཆོད་པ་ཉེར་ལྔ་ནི། དཔག་མེད་བསོད་ནམས་སྟོབས་ལས་བྱུང་བ་ཡི། །ལྷ་རྫས་ལས་གྲུབ་རིན་ཆེན་ཅོད་པཎ་མཆོག །སྙན་ཤལ་མཛེས་བྱེད་རིན་ཆེན་འཁྱིལ་བའི་རྒྱན། །མགྲིན་པ་དུང་འདྲ་མཛེས་བྱེད་མགུལ་གདུབ་མཆོག །ཐུགས་མཚན་དཔལ་བེའུ་མཛེས་བྱེས་སེ་མོ་དོ། །དཔུང་པ་མཛེས་བྱེད་དཔུང་རྒྱན་སྲུང་སྐུད་མཆོག །ཕྱག་གཉིས་ཁྲིག་མར་སྤྲས་པའི་གདུ་བུ་མཆོག །དྲ་བས་འགྲེལ་པའི་སོར་མོའི་གདུ་བུ་མཆོག །རྫུ་འཕྲུལ་ལྡན་པའི་ཞབས་ལ་མཛེས་བྱེད་རྒྱན། །རྒྱལ་བ་སྲས་དང་བཅས་ལ་དབུལ་བར་བགྱི། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ༀ་སརྦྦ་ཏ་ཐཱ་ག་ཏ་རཏྣ་མུ་ཀུ་ཊི་བཱུ་ཛ་སྥཱ་ར་ཎ་ཁྃ། ༀ་སརྦྦ་ཏ་ཐཱ་ག་ཏ་རཏྣ་ཀུནྚ་ལྃ། རཏྣ་ཧ་རྒ། རཏྣ་ཨ་ཝ་ཧ་ར། རཏྣ་ཀེ་ཡུ་ར༴ རཏྣ་པཱ་རི་ཀ་ཊྃ་ཀ༴ རཏྣ་པ་གྃ་ཝ་ལ༴ རཏྣ་བཱ་ད་བྷ་ར་ནྃ༴ དཔག་མེད་བསོད་ནམས་༴ རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །མི་མཐུན་བདུད་ལས་རྒྱལ་བའི་རྒྱལ་མཚན་མཆོག །སྙན་པ་ཕྱོགས་བཅུར་གཡོ་བའི་བ་དན་འཕན། །ཕྱོགས་ཀུན་ཡིད་འཕྲོགས་དར་གྱི་ལྡི་ལྡིར་སྤྲས། །གདུང་སེལ་རྔ་ཡབ་ནོར་བུའི་ཡུ་བ་ཅན། །རིན་ཆེན་རྒྱན་འོད་ལྡན་པའི་བླ་རེ་བྲེས། །རྒྱལ་བ༴ ཐུགས་རྗེས༴ ༀ་སརྦྦ༴ ཙྪ་ཏྲྃ་ག་པཱུ་ཛ་སྥཱ་ར་ཎ་ཁྃ། དྷཱ་ཙྪ་གྲ༴ བཱ་ཏ་ཀ༴ པཱ་ཊ་དཱ་མ༴ ཙ་མ་ར༴ བི་ཏཱ་ནྃ༴ དཔག་མེད༴ མི་འཇིགས་བཞི་ལྡན་སེང་གེའི་གདན་ལ་སོགས། །ལྷ་རྫས་ཡིད་འོང་མཛེས་པ་གཟིམས་ཆའི་ཚོགས། །ཉོན་མོངས་གྲྭ་ཟུར་སྤངས་པའི་ཕོ་བྲང་ཟླུམ། །ཡོན་ཏན་རྒྱས་པའི་གྲུ་བཞི་གཞལ་ཡས་ཁང་། །འཇིག་རྟེན་ལས་འདས་གྲུ་བཞི་ཉིས་བརྩེགས་ཁང་། །རང་བཞིན་འོད་གསལ་བྱང་སེམས་ཟླ་བའི་གདན། །རྒྱལ་བ༴ ཐུགས་རྗེས༴ ༀ་སརྦྦ༴ སིང་ཧ་ཨ་ས་ནྃ་པཱུ་ཛ་སྥཱ་ར་ཎ་ཁྃ། ཤ་པ་ཨ་ས་ནྃ༴ བ་རི་མཎྜལ་དྷྱ་ནྱ༴ ཨ་མ་ཡ་ཙ་ཏུར་པྲཿ༴ དཱི་ཀུ་ཊྃ་ག་རཾ༴ ཙནྡྲ་ཨ་ས་ནྃ། དཔག་མེད༴ འདོད་པའི་འདམ་གྱི་མ་གོས་པདྨའི་མཆོག །སྟོང་ཉིད་སྒྲ་སྒྲོགས་པི་ཝྃ་ཏིང་ཏིང་ཤག །ཐབས་ལ་མཁས་པ་ཟག་མེད་ཕུང་པོའི་དྲི། །ཉོན་མོངས་བཀྲེས་སེལ་ཆོས་ཀྱི་ཞལ་ཟས་མཆོག །ངོ་ཚ་ཁྲེལ་ཡོད་ལྡན་པ་ལྷ་ཡི་གོས། །རྒྱལ་བ༴ ཐུགས་རྗེས་འགྲོ་བའི༴ ༀ་སརྦྦ༴ པུཥྤེ་པཱུ་ཛ་སྥཱ་ར་ཎ་ཁྃ། ཝི་ནི༴ གནྡྷེ། ནཻ་ཝྀ་ཏྱ༴ ཝ་སྟྲ༴ སརྦྦ་བིད། པཱུ་ར་པཱུ་ར། སཱུ་ར་སཱུ་ར། ཨཱ་ཝ་རྟ་ཡ་ཨཱ་ཝ་རྟ་ཡ་ཧོཿ དེ་ནས་རྒྱལ་སྲིད་བདུད་ནི། །བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཅིག །ༀ་སརྦྦ་ཏ་ཐཱ་ག་ཏ་ཙཀྲ་རཏྣ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། རྒྱལ་བ་སྲས་དང་བཅས་པ་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེན་ཞིང་ཕོངས་པ་རྒྱུན་བཅད་དེ། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །མ་ཎི༴ བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུད་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །སྟྲི༴ བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང་། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །པུ་རུ་ཥ༴ གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་ངན་རྣམས་ནི་རབ་བསལ་ཏེ། །བླ་མེད་ཐེག་པ་རབ་ཞོན་ནས། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཧ་སྟི༴། རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ཡོངས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་དུ་བགྲོད་པར་ཤོག །ཏུ་རྃ་ག་ཨ་ཤཱ། དམག་དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །སྙེངས་བྲལ་མཆོག་ནི་ཐོབ་པར་ཤོག ཁ་ཌ་ག་རཏྣ། ཞེས་རྒྱལ་སྲིད་བདུད་ཕུལ། དེ་ནས་འདོད་ཡོན་ལྔ་ནི། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་འཕྲེང་ལྡན། །ཕྱོགས་དུས་ཀུན་ནས་གཟུགས་མཆོག་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་གྱིས། །བཞེས་ཤིང་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ༀ་སརྦྦ་ཏ་ཐཱ་ག་ཏ་རཱུ་པ་ཀརྨཱ་གུ་ན་བཛྲ་པཱུ་ཛི་ཏི་ཨཱཿཧཱུཾ། ཕྱོགས་དུས་ཀུན་ནས་ཟིན་དང་མ་ཟིན་པའི། །ཡོན་ཏན་ཡིད་འོང་སྒྲ་སྙན་ཅི་མཆིས་པ། །མོས་བློས༴ བཞེས་ཤིང་༴ ༀ་སརྦྦ༴ ཤཔྟ༴ ཕྱོགས་དུས་ཀུན་ནས་ཙན་དན་སྦྲུལ་སྙིང་དང་། །ཨ་ཀར་ལ་སོགས་དབང་པོ་ཚིམ་བྱེད་རྣམས། །མོས་བློས༴ བཞེས༴ གནྡྷེ༴ ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་རྟས་བྱད་རོ་མཆོག་ཅི་མཆིས་པ། །མོས་བློས༴ བཞེས་ཤིང་༴ རཱ་ས༴ ཕྱོགས་དུས་ཀུན་ནས་འཇམ་མཉེན་མཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །མོས་བློས༴ བཞེས་ཤིང་༴ ༀ་སརྦྦ་ཏ་ཐཱ་ག་ཏ་སྦཪྴ་ཀརྨཱ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུཾ། །ཞེས་འདོད་ཡོན་ལྔ་ཕུལ། དེ་ནས་བསྟོད་པ་རྒྱས་པ་ནི། ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །ཕྱག་འཚལ་བཅོམ་ལྡན་ཀུན་རིག་ལ། །མེ་ལོང་ཡེ་ཤེས་རང་བཞིན་ལས། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །ངན་སོང་ཐམས་ཅད་སྦྱོང་མཛད་པ། །ཕྱག་འཚལ་སྦྱོང་བའི་རྒྱལ་པོ་ལ། །མཉམ་ཉིད་ཡེ་ཤེས་ཡོན་ཏན་བདག །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །སེམས་ཅན་བསམ་པ་སྐོང་མཛད་པ། །རྒྱལ་མཆོག་རིན་ཆེན་ཁྱོད་ཕྱག་འཚལ། །སོ་སོར་ཀུན་རྟོག་གསུང་གི་བདག །གསུང་རབ་པདྨ་ཁ་རྒྱས་པ། ཁམས་གསུམ་དབུགས་དབྱུང་མཛད་པ་ཡི། །ཤཱཀྱའི་རིགས་དབང་ཁྱོད་ཕྱག་འཚལ། །ནན་ཏན་ཡེ་ཤེས་འཕྲིན་ལས་བདག །སྣ་ཚོགས་སེམས་ཅན་སྡུག་བསྔལ་ཀུན། །མ་ལུས་པར་ནི་ཞི་མཛད་པ། །མེ་ཏོག་ཆེར་རྒྱས་ཁྱོད་ཕྱག་འཚལ། །སྟོང་པ་ཉིད་ཀྱི་རྡོ་རྗེ་ལས། །རྡོ་རྗེའི་རིགས་རྣམས་ཀུན་གྱི་ཡུམ། །རྡོ་རྗེ་སེམས་མཆོག་རྣམ་པར་དག །ཕྱག་འཚལ་རྡོ་རྗེ་སྤྱན་མ་ལ། །མཚན་མ་མེད་པའི་རྡོ་རྗེ་ལས། །རིན་ཆེན་རིགས་རྣམས་ཀུན་གྱི་ཡུམ། །རྡོ་རྗེ་རིན་ཆེན་དབང་བསྐུར་མཆོག །༴ དབང་ཉི་ལ། །སྨོན་པ་མེད་པའི་རྡོ་རྗེ་ལས། །པདྨའི་རིགས་རྣམས་སྐྱེད་མཛད་པ། །རྡོ་རྗེ་པདྨ་གསང་བའི་མཆོག །༴དཀར་མོ་ལ། །རྡོ་རྗེ་མངོན་འདུ་མི་བྱེད་ལས། །ལས་ཀྱི་རིགས་རྣམས་སྐྱེད་མཛད་པ། །རྡོ་རྗེ་མཆོད་ལ་རབ་ཏུ་བརྩོན། །༴སྒྲོལ་མ་ལ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལ། །རྡོ་རྗེ་རྒྱལ་པོ་སངས་རྒྱས་མཆོག །རྡོ་རྗེ་ལྕགས་ཀྱུ་དེ་བཞིན་གཤེགས། །དོན་ཡོད་རྒྱལ་བ་རྡོ་རྗེ་མཆོག །༴འགུགས་ཁྱོད་ལ། །རྡོ་རྗེ་ཆགས་པ་བདེ་ཆེན་པོ། །རྡོ་རྗེ་མདའ་ནི་དབང་བྱེད་པ། །བདུད་ཀྱི་འདོད་པ་རྡོ་རྗེ་ཆེ། །༴གཞུ་ཁྱོད་ལ། །རྡོ་རྗེ་ལེགས་པ་སེམས་དཔའ་མཆོག །རྡོ་རྗེ་མགུ་བ་དགའ་བ་ཆེ། །རབ་དགྱེས་རྒྱལ་པོ་རྡོ་རྗེ་མཆོག །༴དགྱེས་ཁྱོད་ལ། །རྡོ་རྗེ་རིན་ཆེན་རྡོ་རྗེ་དོན། །རྡོ་རྗེ་ནམ་མཁའ་ནོར་བུ་ཆེ། །ནམ་མཁའ་སྙིང་པོ་རྡོ་རྗེ་ཕྱུག །༴སྙིང་ཁྱོད་ལ། །རྡོ་རྗེ་གཟིགས་བརྗིད་ཆེར་འབར་བ། །རྡོ་རྗེ་ཉི་མ་རྒྱལ་བའི་འོད། །རྡོ་རྗེ་འོད་ཟེར་གཟི་བརྗིད་ཆེ། །༴འོད་ཁྱོད་ལ། །སེམས་ཅན་དོན་རབ་རྡོ་རྗེ་དཔལ། །རྡོ་རྗེ་རྒྱལ་མཚན་རབ་དགའ་བྱེད། །རྡོ་རྗེ་ཆེན་པོ་རིན་ཆེན་དཔལ། །༴དཔལ་ཁྱོད་ལ། །རྡོ་རྗེ་བཞད་མོ་བཞད་པ་ཆེ། །རྡོ་རྗེ་འཛུམ་པ་ངོ་མཚར་ཆེ། །དགའ་ཞིང་རབ་དགའ་རྡོ་རྗེ་སྟོན། །༴རྡོ་རྗེ་དགའ་བ་ལ། །རྡོ་རྗེ་ཆོས་རབ་དེ་ཉིད་དོན། །རྡོ་རྗེ་པདྨོ་རབ་དགའ་བྱེད། །འཇིག་རྟེན་དབང་རབ་རྡོ་རྗེའི་སྦྱན། །༴རྡོ་རྗེ་སྦྱན་ཁྱོད་ལ། །རྡོ་རྗེ་རྣོ་བ་ཐེག་པ་ཆེ། །རྡོ་རྗེ་རལ་གྲི་མཚོན་ཆེན་པོ། །འཇམ་དཔལ་རྡོ་རྗེ་རབ་ཏུ་ཟབ། །༴བློ་ཁྱོད་ལ། །རྡོ་རྗེ་རྒྱུ་དང་སྙིང་པོ་ཆེ། །རྡོ་རྗེ་འཁོར་ལོ་ཚུལ་ཆེན་པོ། །རབ་སྐོར་རྡོ་རྗེ་ལས་བྱུང་བ། །༴རྡོ་རྗེ་སྙིང་པོ་ལ། །རྡོ་རྗེ་གསུང་བ་རབ་རིག་མཆོག །རྡོ་རྗེ་ཟློས་པ་རབ་སྒྲུབ་སྦྱིན། །མི་གསུང་རྡོ་རྗེ་མཆོག་གྲུབ་པ། །༴རྡོ་རྗེ་གསུང་ཁྱོད་ལ། །རྡོ་རྗེ་ལས་རབ་རྡོ་རྗེ་དཀའ། །ལས་ཀྱི་རྡོ་རྗེ་ཀུན་རབ་འགྲོ། །རྡོ་རྗེ་ངེས་པ་རྒྱ་ཆེ་བ། །༴རྡོ་རྗེ་ཀུན་ཁྱོད་ལ། །རྡོ་རྗེ་སྲུང་བ་བརྟན་པ་ཆེ། །རྡོ་རྗེ་ཆོ་ག་སྲ་བ་ཆེ། །བརྩོན་འགྲུས་མཆོག་ནི་ཐུབ་པར་དཀའ། །༴རྡོ་རྗེ་བརྩོན་འགྲུས་ལ། །རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། །རྡོ་རྗེ་མཆེ་བ་འཇིགས་པ་ཆེ། །བདུད་འཇོམས་རྡོ་རྗེ་མི་ཟད་པ། །༴རྡོ་རྗེ་དྲག་པོ་ལ། །རྡོ་རྗེ་འཚམས་སྦྱོར་རབ་བསྡུས་ཉིད། །རྡོ་རྗེ་འཆིང་བར་རབ་གྲོལ་བྱེད། །རྡོ་རྗེ་ཁུ་ཚུར་དམ་ཚིག་མཆོག །༴རྡོ་རྗེ་ཁུ་ཚུར་ལ། །རྣམ་དག་རྡོ་རྗེ་ཐུགས་འཛིན་མ། །མི་དམིགས་རྡོ་རྗེ་ཏིང་འཛིན་གནས། །རྡོ་རྗེ་སྒེག་མོའི་ཚུལ་འཛིན་མ། །ཕྱག་འཚལ་རྡོ་རྗེ་བསྒྱིངས་མ་ལ། །རྣམ་དག་ཡོན་ཏན་རྡོ་རྗེ་སྟེ། །ཡིད་བཞིན་རྡོ་རྗེ་རེ་བ་སྐོང་། །རྡོ་རྗེ་གཟུགས་ཀྱི་ཚུལ་འཛིན་མ། །༴རྡོ་རྗེ་འཕྲེང་བ་ལ། །རྣམ་དག་རྡོ་རྗེ་གསུང་མཆོག་མ། །རྡོ་རྗེ་པི་ཝང་འཛིན་པའི་ཚུལ། །རྡོ་རྗེ་གསུང་མཆོག་སྒྲོགས་པའི་དོན། །༴རྡོ་རྗེ་དབྱངས་མཁན་ལ། །རྣམ་དག་རྡོ་རྗེ་ལས་རབ་སྟེར། །ལས་ཀྱི་རྡོ་རྗེ་འགྲོ་དོན་མཛད། །བདུད་འདུལ་རྡོ་རྗེ་ཕྱག་རྒྱ་ཅན། །༴རྡོ་རྗེ་གར་མཁན་ལ། །སྤྲིན་བཞིན་རྡོ་རྗེ་བདུག་པ་མ། །ཚིམ་བྱེད་རྡོ་རྗེ་དང་ལྡན་པས། །རྡོ་རྗེ་ཕྲེང་བའི་ཚུལ་འཛིན་མ། །༴རྡོ་རྗེ་བདུག་པ་ལ། །རྡོ་རྗེ་མཛེས་པའི་གཟུགས་མཛེས་ཤིང་། །རྡོ་རྗེ་མེ་ཏོག་འཐོར་བའི་ཚུལ། །བྱང་ཆུབ་ཡན་ལག་མེ་ཏོག་སྟེ། །༴རྡོ་རྗེ་མེ་ཏོག་ལ། །འོད་གསལ་རྡོ་རྗེ་འབར་བའི་མེ། །རྡོ་རྗེ་སྤྱན་གྱིས་མ་རིག་སེལ། །རྡོ་རྗེ་གསལ་བྱེད་ཕྱག་རྒྱ་འཛིན། །༴རྡོ་རྗེ་སྣང་བྱེད་ལ། །རྡོ་རྗེ་ཙན་དན་བདུད་རྩིའི་ཆུ། །རྡོ་རྗེ་དྲི་ཡིས་རྣམ་རྟོག་འཇོམས། །རྡོ་རྗེ་དག་བྱེད་ཕྱག་རྒྱ་འཛིན། །༴རྡོ་རྗེ་དྲི་མཆོག་ལ། །རྣམ་དག་སྐུལ་བྱེད་རྡོ་རྗེའི་དོན། །རྡོ་རྗེ་སྡུད་མཛད་རྡོ་རྗེའི་དོན། །རྡོ་རྗེ་འགུགས་བྱེད་ཕྱག་རྒྱ་འཛིན། །༴རྡོ་རྗེ་ལྕགས་ཀྱུ་ལ། །མི་གཏོང་རྡོ་རྗེ་ཆོས་ཀྱི་དོན། །རྡོ་རྗེ་འདྲེན་པ་མི་འགྱུར་དོན། །འཆིང་མཛད་རྡོ་རྗེ་ཕྱག་རྒྱ་འཛིན། །༴རྡོ་རྗེ་ཞགས་པ་ལ། །རྡོ་རྗེ་མི་འགྱུར་བརྟན་པའི་བདག །རྡོ་རྗེ་མགྱོགས་བྱེད་ཀློག་བཞིན་མྱུར། །སྒྲོལ་མཛད་རྡོ་རྗེ་ཕྱག་རྒྱ་འཛིན། །༴རྡོ་རྗེ་ལྕགས་སྒྲོགས་ལ། །རྡོ་རྗེ་དབབ་པ་བརྟན་པའི་བདག །སྐྱོང་མཛད་རྡོ་རྗེ་ཀུན་གྱི་ལས། །རྡོ་རྗེ་དབབ་པའི་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་འབེབས་པ་ལ། །སྒོ་ཡི་ཁྱམས་ན་བཞུགས་པ་ཡི། །བྱམས་པ་ལ་སོགས་བཅུ་དྲུག་ནི། །རབ་དགའ་ལ་སོགས་གནས་མཛད་པའི། །བྱང་ཆུབ་སེམས་དཔའ་ཕྱག་འཚལ་ལོ། །སྟོན་པའི་རྟགས་འཆད་ཉན་ཐོས་མཆོག །ལྷུང་བཟེད་འཁར་སིལ་པོ་ཏི་ཕྱག །སྦྱངས་སྟོབས་ཡོན་ཏན་ཀུན་ལྡན་པའི། །ཉན་ཐོས་རྣམས་ལ་ཕྱག་འཚལ་ལོ། །རྟེན་འབྲེལ་དོན་ལ་བརྟན་གནས་པའི། །འཕགས་པ་རང་རྒྱལ་བཅུ་གཉིས་ནི། །འབྱུང་དང་ལྡོག་ལ་རབ་བཞུགས་པའི། །རང་རྒྱལ་གཙོ་ལ་ཕྱག་འཚལ་ལོ། །ཁྲོ་བོ་སྲིན་པོའི་ཆ་ལུགས་ཅན། །སྦྲུལ་དང་མི་སྡུག་མགོས་བརྒྱན་པ། །སྟག་སྤགས་ཀྱིས་ནི་རྣམ་དཀྲིས་ཤིང་། །འཇིག་རྟེན་གསུམ་སྣང་སོགས་ཕྱག་འཚལ། །ཕྱི་ཡི་ཁོར་ཡུག་ལ་གནས་པའི། །འཇིགས་བྱེད་ལྷ་ཀླུ་གཟའ་སྐར་དང་། །ཕྱོགས་སྐྱོང་རྒྱལ་ཆེན་ཕྱག་འཚལ་ཞིང་། །འཇིག་རྟེན་པ་ཀུན་བསྟོད་པར་བགྱིད། །ཞེས་བརྗོད། དེ་ནས་ༀ་སརྦ་བི་ད་སོགས་ཀྱི་བཟླས་པའི་མཐར་ཡིག་བརྒྱ་བརྗོད་དེ། དངོས་གྲུབ་ཐམས་ཅད་བསྒྲུབས་པའི་ཕྱིར། སེམས་ཅན་ཀུན་གྱི་དོན་མཛོད་ཅིག །ཅེས་བརྗོད་གསོལ་བ་གདབ། དེ་ནས་ཆ་གསུམ་མཆོད་པ་དང་གཏོར་མ་བཤམས་ཏེ། བཛྲ་ཡཀྵ ས། བསང་། ཧཱུཾ་བཛྲ་ཨ་ན་ལས། གའི་བྱིན་བསྐྱེད། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེ་ཞེས་སོགས་ཀྱིས་མཆོད་པ་སྔར་བཞིན་བྱིན་གྱིས་བརླབ། གཏོར་མ་བྱིན་བརླབ་ནི། ༀ་སྭ་བྷཱ་ཝ་བི་ཤུདྡྷེ་དྷརྨཱཿཏེ་བཛྲ་སིད་དྷེ་ཧཱུཾ། ན་མཿསརྦྦ་ཏ་ཐཱ་ག་ཏ་བྷྱོ། བི་ཥཱ་མུ་ཁེ་བྷྱཿ སརྦྦ་ཏད་ཁྃ་ཨུད་ག་ཏེ་སྦ་ར་ཎ་ཧི་མྃ་ག་ག་ན་ཁྃ་སྭཱ་ཧཱ། ༀ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ༀ་ཨ་ཀཱ་རོ་མུ་ཁྃ་སརྦྦ་དྷརྨཱཿཎྃ་ཨ་ཏྱ་ནུ་ད་པ་ན་ན་ཏྭ་ད། ན་མཿསརྦྦ་ཏ་ཐཱ་ག་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུཾ། ༀ་རུ་རུ་སྥུ་རུ་ཛྭཱ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦྦ་ཨརྠ་སྭ་དྷ་ནི་སྭཱ་ཧཱ། བདག་གི་བསམ་བའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་འགྱུར་ཅིག །མགོན་པོ་ཀུན་གཤེགས། ནས་གཤེགས་སུ་གསོལ། ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་དབང་དང་ལྡན། །སྙིང་རྗེ་ཐབས་མཁས་ཐུགས་དམ་དཀྱེལ་པོ་ཆེ། །ལྷ་དང་དྲང་སྲོང་ཡི་དགས་སྲིན་པོ་ཀླུ། །རིགས་འཛིན་རྒྱལ་པོ་དང་ནི་གདོན་གྱི་བདག །དེ་དག་སོ་སོའི་དབང་པོའི་སྐུར་བསྟོན་པ། །ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་བཞུགས་སོ་ཚལ། །བསྟན་པ་རྒྱས་པའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །སྤྱན་དྲངས། ༀ་ཨེ་ཧྱེ་ཏི་ད་ཤ་དི་ཀ་ལོ་ཀ་པཱ་ལ་སཱ་པཱ་རི་ཝ་ར་ས་མ་ཡེ་སྭཱ་ཧཱ། ༀ་རུ་ཏྲ་གེ་ༀ་ཤ་ཏ་ས་ཧ་སྲ་ཨཀྵི་ཡེ། ༀ་ཨཀྞེ་ཡེ། ༀ་ཡ་མ་ཡེ། ༀ་ནི་རེ་ཏེ་ཡེ། ༀ་བ་རུ་ཎ་ཡེ། ༀ་པཱ་ཡ་བཻ་ཡེ། ༀ་ཀུ་བཻ་ར་ཡེ། ༀ་ཨུདྨཱཾ་པྲ་ཧྨ་ན་ཡ། སུ་ཪྱ་གྲ་ཧ་ཨ་དྷི་པ་ཏ་ཡེ། ཙནྡྲན་ཀྵ་དྲ་ཨ་དྷི་པ་ཏ་ཡེ། ༀ་ཨདྷཱ་པྲི་ཐི་ཝི་བྷྱཿ ཨ་སུ་ར་བྷྱ༔ ནཱ་གེ་བྷྱཿས་པཱ་རི་ཝ་ར་པྲ་ཝཱ་ར་སད་ཀ་རྃ་ཨརྒྷྃ་པྲ་ཏཱི་ཙྪ་སྭཱ་ཧཱ། ཀ་མ་ལ་ཡེ་སྟྭཾ། ༀ་རུ་ཏྲ་ཡེ། ཅེས་པ་ནས། ནཱ་གེ་བྷྱཿས་པཱ་རི་ཝ་ར་པྲ་ཝཱ་ར་སད་ཀ་རྃ་ཨརྒྷྃ་ཅེས་པ་ནས། ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་སྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི༴ མཆོད༴ གཤིན་རྗེ་ལག་ན་བེ་ཅོན་འཆང་། །མ་མོ་རྒྱལ་པོ༴ ལྷོ་ཕྱོགས་གདོན་གྱི། མཆོད༴ བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ༴ ལྷོ་ནུབ་གདོན༴ མཆོད༴ ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཀླུ་ཡི་རྒྱལ་པོ༴ ནུབ་ཕྱོགས་གདོན་ཕྱི༴ མཆོད༴ རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །རིག་འཛིན་རྒྱལ་པོ༴ ནུབ་བྱང་གདོན་གྱི༴ མཆོད༴ གནོད་སྦྱིན་ལག་ན་དབྱུགས་པ་ཐོགས། །ནོར་སྐྱོང་གདོན་གྱི་བདག་པོ་སྟེ། །བྱང་ཕྱོགས་གདོན་གྱི༴ མཆོད༴ དབང་དང་ལྡན་པ་འདྲེན་པའི་ལྷ། །འབྱུང་པོའི་རྒྱལ་པོ༴ བྱང་ཤར་གདོན་གྱི༴ མཆོད༴ སྟེང་གི་ཚངས་པ་ཆེན་པོ་དང་། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད༴ འོག་གི་ཀླུ་སྟེ་ས་ཡི་ལྷ། །ས་འཛིན་ལག་པ་ཆེན་པོ་དང་། །དམ་ཚིག་ཤེས་པའི་ཚོགས་བཅས་ལ། །མཆོད༴ འཚལ། །ཞེས་བསྟོད། ༀ་རུ་ཏྲ་ཡེ། ཞེས་པ་ནས། ནཱ་གེ་བྷྱཿས་པཱ་རི་ཝ་ར། ན་མཿསརྦྦ་ཏ་ཐཱ་ག་ཏ་བྷྱོཿ ཞེས་སོགས་ལན་གསུམ་བརྗོད་དེ་འབུལ། ཤར་ཕྱོགས་རྡོ་རྗེ་ཅན་དེ་ལྷ་ཚོགས་བཅས། །ཅེས་པ་ནས། བདག་གི་ལས་འདི་འབྲས་བུ་མཆིས་པར་མཛོད། །མཆོད་སྦྱིན་གཏོར་མ་འདི་བསྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་ཕྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱི་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་རྣམས་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ། དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་བཅས་ཤིང་གཡོགས་འཁོར་ཚོགས་བཅས་ལ། །བདག་གི་པུས་མོ་ས་ལ་བཙུགས་ནས་ནི། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་བྱིན། །གསན་ནས་ཕན་བདག་སླད་དུ་འདིར་སྦྱོན་ཅིག །ༀ་ཨེ་ཧྱེ་ཧི་ཡོ་ག་ཀཱ་ར་ཡ། དེ་བ་ནཱ་ག །ཡཀྵ། གན་དྷ་ར་པ། ཨ་སུ་ར་ག་རུ་ཌ། ཀིནྣ་ར་མ་ཧོ་ར་ག །མ་ནུ་ཥ། ཨ་མ་ནུ་ཥ། ས་པཱ་རི་ཝ་ར་ས་མ་ཡེ་སྭཱ་ཧཱ། ༀ་ད་བ་ཞེས་པ་ནས། བྲ་ཝ་ར་སད་ཀ་རྃ་ཨརྒྷཾ་བ་ཏཱིཙྪ་སྭཱ་ཧཱ། ཀ་མ༴ ༀ་དེ་བ་ཅེས་ནས། ཨརྒྷྃ་ནས་བྷ་པྲ་ཏཱིཙྪ་སྭཱ་ཧཱ། ༀ་དེ་བ་ཅེས་པ་ནས་ས་པཱ་རི་ཝ་ར་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ། ཅེས་སོགས་གསུམ་གྱིས་གཏོར་མ་ཕུལ། འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །རི་བོ་ཀུན་ལ་གང་དག་གནས་པ་དང་། །རིན་ཆེན་གླིང་ན་ལྷག་པར་གང་ནས་དང་། །ཆུ་བོ་ཀུན་དང་ཆུ་བོའི་མདོ་རྣམས་དང་། །མཚོ་དང་རྫིང་བུ་སྟེང་ཀ་ཆུ་ངོགས་དང་། །གཡའ་ཆུ་སིལ་མ་ཅན་གང་གནས་དང་། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང་། ཁང་སྟོང་དག་དང་ལྷ་ཡི་ཁང་པ་དང་། །གཙུག་ལག་ཁང་དང་མཆོད་རྟེན་གནས་རྣམས་དང་། །བཀའ་ཐུབ་གནས་དང་གླང་ཆེན་བྲེས་རྣམས་དང་། །རྒྱལ་པོའི་དཀོར་ཁང་དག་ནས་གང་གནས་དང་། །ལམ་སྲང་སུམ་མདོ་དང་ནི་གཞི་མདོ་དང་། །གང་དག་ལམ་ཆེན་དང་ནི་ཤིང་གཅིག་དྲུང་། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང་། །སེང་གེ་དྲེད་དང་གཅན་གཟན་གནས་དག་དང་། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང་། །གང་དག་གླིང་མཆོག་དག་ན་གནས་པ་དང་། ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་ཤིང་མགུ་བར་གྱུར་ནས་སུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་བཏུང་ཞིང་ལེགས་པར་གསོལ་ནས་ཀྱང་། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །དེ་ནས་རང་ཉིད་སྐད་ཅིག་གིས་ཧཱུཾ་མཛད་དུ་གྱུར། སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི༴ ནམ་འདིར་མཆིས་པར་གྱུར། ༀ་ཊཀྐི་ཧཱུཾ་ཛཿ ༀ་གུང་ཧ་རི་གུང་ཀ་རི་སྭཱ་ཧཱ། ༀ་པི་ཙི་པི་ཙི་སྭཱ་ཧཱ། གུང་གུང་སྭཱ་ཧཱ། སརྦཱ་རི་ཝ་ར། ཨརྒྷྃ་པྲ་ཏཱིཙྪ་སྭཱ་ཧཱ། ཀ་མ་༴ ༀ་གུང་ཀི་རཾ། ནས་ས་པཱའི་སླར་ཨརྒྷྃ་ནས་ཤཔྟ་པྲ་ཏིཙྪ་སྭཱ་ཧཱ། ༀ་གུང་ཀ་རི་ནས་ས་པཱ་རི་ཝ་ར་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ། སོགས་ལན་གསུམ་གྱིས་གཏོར་མ་དབུལ། གང་ཞིག་མཚན་མོ་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང་། །སྲིན་པོ་ཤ་རྗེན་ཟ་བ་དང་། །སེམས་ཅན་རྣམས་པ་སྣ་ཚོགས་དང་། །ལྗོན་ཤིང་གེལ་བ་སོགས་གནས་པ། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆན་འབྲས་བུ་མང་པོ་དང་། །མཆོད་པ་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང་། །བདག་ཅག་རྣམས་ལ་ཕན་པའི་ཡིད། །དེ་རིང་ཕན་ཆད་བསྐྱེད་པར་གྱིས། །རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། དུལ་ཞིང་ཡང་དག་བསྡོམས་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེ་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམ། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པར་མ་བྱེད་ཅིག །ༀ་ཆེན་པོ་འམ་ཆུང་ངུ་གང་དག་གི །ལུས་ལ་མངོན་པར་གནོད་གྱུར་པའི། །ནད་དེ་ཉེ་བར་ཕྱུང་ནས་སུ། །གདོན་དེ་རང་གི་གནས་སུ་དེངས། །དེ་ལྟར་བདག་གི་ཅི་ནུས་ཀྱིས། །མཆོད་དང་བསྙེན་བཀུར་བྱས་པ་ཡིས། །དམ་ཚིག་གནས་ལ་གནས་ནས་སུ། །བདག་གིས་འདོད་པ་བསྐང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང་། །འདིར་ནི་ཆེ་གེ་མོ་ཞིག་གི །ནད་དེ་ཉེ་བར་སོལ་མཛད་ལ། །གདོན་རྣམས་རང་གི་གནས་སུ་དེངས། །སརྦ་བི་གྷྲ་ན་གཙྪ། བཤེགས་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། །ༀ་དེ་གནས་སད་ཤ་ར་ཨརྒྷྃ་པྲ་ཏཱིཙྪ་སྭཱ་ཧཱ། གཙྪ། སྡེ་བརྒྱད་འཁོར་བཅས་རང་༴ གྱུར། ༀ་རུ་ཏྲ་ཡེ། ཞེས་པ་ནས། སད་ཀ་རྃ་ཨརྒྷྃ་པྲ་ཏཱིཙྪ། གཙྪ། ཕྱོགས་སྐྱོང་འཁོར་འགྱུར། ན་མཿས་མནྟ་བུད་དྷ་ནྃ་སརྦ་ཏ་ཐཱ་ག་ཏ་མ་ཝ་ལོ་ཀི་ནི་ༀ་སམྦྷ་ར་སམྦྷ་རི་ཧཱུཾ། བདག་གི་བསམ་པའི་ཅེས་པ་ནས་འབྱུང་འགྱུར་ཅིག ། དེ་ནས་ཉེ་རིག་བཤད་པ་བཞིན་བྱས་ནས། རང་ཉིད་སྐད་ཅིག་གིས་ཧཱུཾ་མཛད་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཧཱུཾ་མཛད་ཀྱི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་འཛིན་པ་གཡས་བསྐུམ་ཞིང་གཡོན་བརྐྱང་པའི་སྟོབས་ཀྱིས་བཞུགས་པ། རྡོ་རྗེ་ཤུགས་ཀྱི་འཇུག་པས་དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་གྱུར། ༀ་བཛྲ་ས་ཏྭ་ས་མ་ཡ། ཞེས་སོགས་ཡིག་བརྒྱ་ལན་གསུམ་བརྗོད། ༀ་མཆོག་ཏུ་བདེ་བའི་སེམས་ནི་རོལ་པར་ལྡན། །སྒེག་པའི་ཕྱག་གིས་བཅོམ་ལྡན་འདས་ལ་འཁྲིལ། །ཛ་ཧཱུྃ་བྃ་ཧོཿཧི་ཧི་ཧི་ཧི་ཧི། མགོན་པོ་སྙོམ་པའི་མེ་ཏོག་བཞེས་སུ་གསོལ། །ༀ་བཛྲོད་གྷ་ཊ་ཅེས་ཧཱུྃ། ༀ་ས་མ་ཡ་པྲ་པེ་ཤཱ་ཡ་མི། ༀ་པྲ་ནཱ་མཱ་མི་སརྦ་ཏ་ཐཱ་ག་ཏྃ། བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཐམས་ཅད་ཀྱི་བཀའ་དྲིན་སྩོལ་ཅིག །ཅེས་གསོལ་བ་གདབ་པོ། །དེ་ནས་དབང་གི་དོན་དུ་མཎྜལ་འབུལ་བ་ནི། ༀ་བཛྲ་བྷུ་མི་ཨཱཿཧཱུྃ། དབང་ཆེན་གསེར་གྱི་ས་གཞི། ༀ་བཛྲ་རངྵེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱིི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག །འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་མོ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུག་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་ཞིང་ཁམས་རྣམ་པར་དག་པའི་འདི་ནི་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་བདག་ཉིད་དཀྱིལ་འཁོར་དུ་འཇུག་པ་ཞུ་བའི་ཡོན་དུ་འབུལ་བར་བགྱིའོ། །ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་བཞེས་སུ་གསོལ། བཤེས་ནས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་རློབ་ཏུ་གསོལ། ས་གཞི་སྤོས་ཀྱིས་བྱུག་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམས་དག་ཞིང་ལ་སྤྱོད་པར་ཤོག །ཨི་དཾ་གུ་རུ་རཏྣ་མཎྜལ་ཀཾ་ནིཪྱཱ་ཏ་ཡཱ་མི། ཞེས་ཕུལ་ལ་དཀའ་ཆེན་ཁྱབ་བདག་སྟོན་པ་པོ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་སྩོལ། །ཐར་པ་ཆེན་པའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་ཏུ་གསོལ། །ལན་གསུམ། ༀ་བཛྲ་ཡཀྵ་ཧཱུཾ། ༀ་ཙཀྵུ་བནྡྷ་བ་ར་མ་ན་ཡེ་ཧཱུཾ། ཨཱཿལཾ་བཱི་ར་ཧཱུཾ། བྱང་སྡོམ་ནི། དབང་མེད་བདག་གིས་ཞེས་པ་ནས་ཡི་རང་ངོ་། །ཐུགས་རྗེས་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིང་། ཞེས་པ་ནས། མཉམ་མེད་བྱང་ཆུབ་རྣམ་པར་གཟུང་བར་བགྱི། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པ་འམ། །ཡང་ན་ཡོངས་སུ་བསྐྱང་བར་བྱ་ཕྱིར་རམ། །རང་གི་སེམས་ནི་དག་པར་བྱ་བའི་ཕྱིར། །འདི་དག་ཐམས་ཅད་རྩྭ་སོགས་བཞིན་དུ་བཏང་། །དེ་བཞིན་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་བླ་ན་མེད་པ་ནི། །བདག་དང་གཞན་རྣམས་དག་པར་བྱ་བའི་ཕྱིར། །སྐད་ཅིག་རེ་རེ་ཞིང་ཡང་བསྡོམ་པར་བགྱི། །བདེ་བར་གཤེགས་པ་སྔགས་ལ་མཁས་པ་ཡི། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བ་འདི་ཡིས་ཐོབ་པར་བྱ་བའི་ཕྱིར། ཁྱད་འཕགས་གནས་ལ་བདག་ནི་གནས་པར་བགྱི། །ལན་གསུམ། སྔགས་སྡོམ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་པའི་བར་ལན་གསུམ། དེ་ནས་ༀ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ཏ་ལཱ་མི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སྨོན་པའི་སེམས་ཀུན་རྫོབ་པ་དེ་ཉིད་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དང་། ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་དང་རང་གི་སེམས་རོ་གཅིག་ཏུ་གྱུར་པའི་དོན་དམ་བྱང་ཆུབ་ཀྱི་སེམས་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་བའི་རྣམ་པ་ཅན་དུ་གྱུར་ཅེས་ནས་སྤྲད། མེ་ཏོག་བཟུང་སྟེ། ༀ་སུ་ར་ཏེ་ས་མ་ཡ་སྟྭྃ། ཧོཿསི་ད་དྷྱ། བཛྲ་ཡ་ཐཱ་སུ་ཁཾ། ༀ་བཛྲ་ཨ་དྷི་ཏིཥྛ་ཧཱུཾ། ༀ་བཛྲ་ས་མ་ཡ་ཧཱུཾ། དཀྱིལ་འཁོར་དུ་ཞུགས་པ། ཨ་ས་མེ། ཏྲི་ས་མེ། མ་ཧཱ་ས་མ་ཡེ་ཧཱུཾ། ལྷ་རྣམས་དང་སྐལ་བ་མཉམ་པར་བྱས་སོ། །རྡོ་རྗེ་སྤྱི་བོར་བཟུང་ལ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེ་ནས་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་ཀྱང་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏེ། འདི་ནི་ཁྱོད་ཀྱི་རྡོ་རྗེའི་དམ་ཚིག་ཡིན་གྱིས། གལ་ཏེ་འགའ་ཞིག་ལ་སྨྲས་ན་ཀླད་པ་འགས་པར་འགྱུར་རོ། །རྡོ་རྗེ་སྙིང་ཁར་བཟུང་སྟེ། ༀ་དེ་རིང་རྡོ་རྗེ་སེམས་དཔའ་རང་། ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་བྲལ་ཏེ་གཤེགས། །ༀ་བཛྲ་ཨུ་ད་ཀ་ཊཿས་ཆུ་བཏུང་། རྡོ་རྗེ་མགོར་བཟུང་སྟེ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱི་སངས་འདི་གྱིས་ཤིས་ཅེས་གང་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། །ཁྱོད་ཡ་ང་བ་མ་སྤངས་པར་ཤི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་དམ་ལ་བཞག །རང་གི་སྤྱི་བོར་ༀ་ལས་འཁོར་ལོ་དཀར་བོའི་ལྟེ་བར་ༀ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོའི་ལྟེ་བར་ཨཱཿས་མཚན་པ། སྙིང་ཁར་ཧཱུཾ་ལས་རྡོ་རྗེ་སྔོན་པོའི་ལྟེ་བར་ཧཱུཾ་གྱིས་མཚན་པར་གྱུར། ༀ་བཛྲོད་གྷ་ཊ་ས་མ་ཡ་པྲ་བེ་ཤཱ་ཡ་ཧཱུཾ། ལན་གཉིས། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀར་གནས་པའི་རྡོ་རྗེ་ལས་ཨཱ་བྱུང་སྟེ་རང་གི་སྙིང་ཁར་གནས་པའི་རྡོ་རྗེའི་དབུས་སུ་གནས་པར་གྱུར་པར་བསམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་མཛད་དུ་གསོལ། ལན་གསུམ། འདི་ནི་རྡོ་རྗེའི་དམ་ཚིག་སྟེ། །རྡོ་རྗེ་སེམས་དཔའ་ཡིན་པར་གྲགས། །ཡེ་ཤེས་རྡོ་རྗེ་བླ་མེད་འདི། །དེ་རིང་ཉིད་དུ་འབབ་པར་ཤོག །ༀ་བཛྲ་པྲ་བེ་ཤ་ཧཱུཾ། བཛྲ་ཨ་པེ་ཤ་ཨ་ཨ། ཞེས་ལན་བདུན་ནས་བརྒྱའི་བར་དུ་བརྗོད་ལ་ཡེ་ཤེས་དང་། སངས་རྒྱས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཧཱུཾ་ལ་སོགས་པའི་རྣམ་པར་རང་གི་ལུས་ལ་ཐིམ་པར་གྱུར་བར་བསམས་ལ། ༀ་བཛྲ་ས་མ་ཡ་ཧཱུཾ་ཕཊ། ༀ་བཛྲ་ས་མ་ཡ། ཧྲི་ད་ཡ་མི། པྲ་པེ་ཤ་དྲི་ཌྷ་ཏིཥྛ་ཧཱུཾ། སངས་རྒྱས་དངོས་སུ་འཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ནི། །འགྲོ་ལ་ཕན་པའི་གཙོ་ཆེན་གྱིས། །སྨན་པར་དགོངས་ནས་བཞེས་སུ་གསོལ། །ༀ་བཛྲ་པྲ་ཏི་གྲིནྷ་ཧཱུཾ། མེ་ཏོག་གཏོར། ༀ་བཛྲ་པྲ་ཏཱིཙྪ་ས་མ་ཡ་སྟྭཾ། སེམས་དཔའ་སྟོབས་པོ་ཆེ། བདག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེས་སུ་གཟུང་བར་མཛོད་ཅིག་ཅེས་བརྗོད། དེ་ནས། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་པའི། །རྡོ་རྗེའི་མིག་ནི་བླ་ན་མེད། །ༀ་བཛྲ་ཧཱ་སྱ་ཨུད་གྷཱ་ཊ་ཡ་ཧཱུཾ་མེད་དང་བསལ། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་སྤྱན་ཕྱེ་བར་གྱུར། ༀ་བཛྲ་པཱ་ཤྱ་ཧོ། ཞེས་བྱ། ལྷོང་བ་བསྟན་པ་ནི། ཤར་སྒོར་རྡོ་རྗེ་ལྕགས་ཀྱུ། ལྷོ་སྒོར་རྡོ་རྗེ་ཞགས་པ། ནུབ་སྒོར་རྡོ་རྗེ་ལྕགས་སྒྲོག །བྱང་སྒོར་རྡོ་རྗེ་འབེབས་པ། ཕྱིའི་ཤར་ལྷོར་བདུག་པ་མ། ལྷོ་ནུབ་ཏུ་མེ་ཏོག་མ། ནུབ་བྱང་དུ་མར་མེ་མ། བྱང་ཤར་དུ་དྲི་ཆབ་མ། ནང་གི་ཤར་ལྷོར་སྒེག་མོ་མ། ལྷོ་ནུབ་ཏུ་ཕྲེང་བ་མ། ནུབ་བྱང་དུ་གླུ་མ། བྱང་ཤར་དུ་གར་མ། ཤར་གྱི་རྩིབས་དང་པོ་ལ་རྡོ་རྗེ་སེམས་དཔའ། གཉིས་པ་ལ་རྡོ་རྗེ་རྒྱལ་པོ། །གསུམ་པ་ལ་རྡོ་རྗེ་ཆགས་པ། བཞི་པ་ལ་རྡོ་རྗེ་ལེགས་པ། ལྷོའི་རྩིབས་དང་པོ་ལ་རྡོ་རྗེ་རིན་ཆེན། གཉིས་པ་ལ་རྡོ་རྗེ་གཟི་བརྗིད། གསུམ་པ་ལ་རྡོ་རྗེ་རྒྱལ་མཚན། བཞི་པ་ལ་རྡོ་རྗེ་བཞད་པ། ནུབ་ཀྱི་རྩིབས་དང་པོ་ལ་རྡོ་རྗེ་ཆོས། གཉིས་པ་ལ་རྡོ་རྗེ་རྣོན་པོ། །གསུམ་པ་ལ་རྡོ་རྗེ་རྒྱུ། བཞི་པ་ལ་རྡོ་རྗེ་སྨྲ་བ། བྱང་གི་རྩིབས་དང་པོ་ལ་རྡོ་རྗེ་ལས། གཉིས་པ་ལ་རྡོ་རྗེ་སྲུང་བ། གསུམ་པ་ལ་རྡོ་རྗེ་གནོད་སྦྱིན། བཞི་པ་རྡོ་རྗེ་ཁུ་ཚུར། ཤར་ལྷོར་སྤྱན་མ། ལྷོ་ནུབ་ཏུ་མཱ་མ་ཀཱི། ནུབ་བྱང་དུ་གོས་དཀར་མོ། །བྱང་ཤར་དུ་སྒྲོལ་མ། ཤར་དུ་ངན་སོང་སྦྱོང་བའི་རྒྱལ་པོ། །ལྷོར་རྒྱལ་མཆོག་རིན་ཆེན། ནུབ་ཏུ་ཤཱཀྱ་རིགས་དབང་། བྱང་དུ་མེ་ཏོག་ཆེར་རྒྱས། དབུས་སུ་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་རྟེན་གཞལ་ཡས་ཁང་བརྟེན་པ་ལྷ་དང་བཅས་པ་བདག་ཉིད་ཀྱིས་མངོན་སུམ་དུ་མཐོང་བར་བྱུང་། དུང་ཆོས་ཀྱི་ཆུ་འཐུང་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཅི་སྟེ་དམ་ཚིག་འདས་ན་ནི། །དེ་མ་ཐག་ཏུ་བཀས་ནས་གཤེགས། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ནི། །བདུན་རྒྱུད་རིགས་ནི་བརླག་པར་མཛད། །དེ་བས་རྟག་ཏུ་བུ་ཁྱོད་ཀྱི། །རྒྱལ་བས་གསུངས་བའི་དམ་ཚིག་དང་། །སྡོམ་པ་དང་ནི་བླ་མའི་བཀའ། །ཤིན་ཏུ་མོས་པས་བསྲུང་བར་བྱ། ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །རྫུན་དང་འདོད་ལ་སྤྱོད་པ་རྣམས། །དངོས་གྲུབ་འདོད་པས་བྱ་བ་མིན། །ཆང་ནི་བཏུང་བར་མི་བྱ་ཞིང་། །ཤ་ལ་སོགས་པ་བཟའ་མི་བྱ། །སེམས་ཅན་གནོད་པའི་སྦྱོར་བ་ནི། །ནམ་ཡང་བྱ་བ་མ་ཡིན་ནོ། །དཀོན་མཆོག་གསུམ་ནི་ཡོངས་མི་སྤང་། །དུས་ཀུན་ཏུ་ནི་བྱང་ཆུབ་སེམས། །སྙིང་པོ་སྔགས་དང་ཕྱག་རྒྱ་དང་། །ལྷ་དང་བླ་མ་དེ་བཞིན་ནོ། །སྡིག་པ་ལ་སོགས་གང་ཡིན་དང་། །བླ་མའི་བཀའ་ལས་འདའ་མི་བྱ། །ལྷ་ལ་ཕུལ་བའི་རྙིང་པ་དང་། །དེ་ཡི་གྲིབ་མའང་འགོམ་མི་བྱ། །ཕྱག་རྒྱའི་གཟུགས་ལ་དེ་བཞིན་ནོ། །སྔགས་དང་ལྷ་ལ་སྨད་མི་བྱ། །གདོན་གྱི་ལས་སོགས་བྱ་བ་མིན། །མུ་སྟེགས་ཅན་ལ་སྨད་མི་བྱ། །མདོར་ན་ཡིད་གཉིས་སྃ་ཉི་ཐེ་ཚོམ་མི་བྱ་སྟེ། །བདག་གི་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །དེ་ནས་སློབ་མའི་དབང་ལ། ས་གཞི་སྤོས་ཀྱིས་ཞེས་སོགས་ཀྱིས་མཎྜལ་ཕུལ་ནས། དཀྱིལ་འཁོར་ཕྱི་ཤར་དུ་དབང་རྟགས་པདྨ་དང་ཟླ་བའི་གདན་ལ་རང་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར། །ༀ་བཛྲ་ས་ཏྭ་ས་པཱ་རི་ཝ་ར་ཨརྒྷཾ། པུཥྤེ། དྷཱུཔེ། ཨ་ལོ་ཀེ། གནྷེ། ནཻ་བེ་ཏྱེ། ཚ་ཏྲཾ་ག །དྷཱཙྪ་གྲ། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་ན་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨོ་རྒྱས་པའི་འདབ་འདྲ་སྤྱན་མངའ་བ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་ར བ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པ་ཆོས་དང་མཐུན་པའི་བཀྲ་ཤིས་ཕྱུག །ལྷ་དང་མི་དང་ལྷ་མ་ཡིན་གྱི་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་ཞིང་། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །དེ་ནས་ཆུ་དབང་ནི། རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པ་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ལས་དང་ཉོན་མོངས་སྒྲིབ་པ་དག་གྱུར་ཏེ། །བྱང་ཆུབ་སེམས་ཀྱི་རླན་གྱིས་བརླན་པར་ཤོག །ༀ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ༀ། ༀ་བཛྲ༴ཧཱུཾ། ༀ་རཏྣ༴ཏྲཱཾཿ ༀ་པདྨ༴ ཧྲཱི། ༀ་ཀརྨཱ་ག་ལ་༴ཨཱཿ ༀ་སརྦྦ་༴ཧཱུཾ་ཕཊ། ལས་དང་ཉོན་མོངས་པའི་སྒྲིབ་པ་དག་ནས་བྱང་ཆུབ་ཀྱི་སེམས་ཀྱི་བྱིན་རླབས་དང་ལྡན་པར་གྱུར་ཅིག །དར་རྒྱན་གྱི་དབང་ནི། སོ་སོའི་ཕྱག་རྒྱ་བྱས་ཏེ། དེ་བཞིན་གཤེགས་པའི་དབུ་རྒྱན་ཅོད་པན་འདིས། །སྐལ་ལྡན༴ སྐུ་གསུམ་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཏེ། །རིགས་ལྔའི་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །ༀ་བཛྲ་ཨ་བྷི་ཥིཉྩ་ཏྲཱཾ། ༀ་བུདྡྷ༴ༀ། རཏྣ༴ཧཱུཾ། པདྨ༴ཧྲཱིཿ། ༀ་ཀརྨཱ༴ཨཿ ཕྲེང་བའི་དབང་ནི། རིན་ཆེན་མཛེས་པའི་མེ་ཏོག་ཕྲེང་བ་འདིས། །སྐལ་ལྡན༴ བསམ་པ་མྱང་འདས་སྦྱོར་བ་ཁམས་གསུམ་གནས། །མཛེས་པའི་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག །ༀ་རཏྣ་མ་ཡ་ཨ་བྷ་ཥིཉྩ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ། ཅོད་པན་གྱི་དབང་ནི། མཛེས་ཤིང་ཡིད་འོང་དར་གྱི་ཅོད་པན་གྱིས། །སྐལ་ལྡན༴ ཤེས་བྱ་ཀུན་ལ་ཐོགས་པ་མེད་པ་དང་། །འགྲོ་བའི་དོན་ལ་མཐུ་དང་དབང་ཐོབ་ཤོག །ༀ་ཊུཾ། བཛྲ་པ་ཊ་ཨ་ཝ་ལཾ་བ་ན་ཨ་བྷི་ཥིཉྩ་ཏྲཱཾ། རིགས་ལྔའི་ཕྱག་རྒྱའི་དབང་ནི། རིགས་ལྔའི་ཕྱག་རྒྱ་ལག་ཏུ་གཏད་ནས་ནི། །སྐལ་ལྡན༴ སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཏེ། །ཡེ་ཤེས་ལྔ་ནི་མྱུར་དུ་རྟོགས་པར་ཤོག །ༀ་བཛྲ་མུ་དྲ་ཨ་བྷི་ཥིཉྩ་ཧཱུཾ། ༀ་བུདྡྷ༴ ༀ། ༀ་རཏྣ༴ཏྲཱཾ། ༀ་པདྨ༴ཧྲཱིཿ ༀ་ཀརྨཱ༴ཨཱཿ ཡུལ་ལྔའི་ཕྱག་རྒྱའི་དབང་ནི། ཡུམ་ལྔའི་ཕྱག་རྒྱ་སྤྱི་བོར་བཞག་ནས་ནི། །སྐལ་ལྡན༴ གསང་རྒྱུད་མཐའ་དག་ཤེས་ཤིང་རྟོགས་ནས་སུ། །འཆད་ཅིང་སྟོན་པའི་དབང་དང་ལྡན་པར་ཤོག །ༀ་བཛྲ་དྷཱ་ར་ཎ་ཨ་བྷི་ཥིཉྩ་ཧཱུཾ། ༀ་བུདྡྷ༴ༀ། ༀ་རཏྣ༴ཏྲཱཾ། ༀ་པདྨ༴ཧྲཱིཿ ༀ་ཀརྨཱ༴ཨཱཿ མིག་དབང་ནི། ཀུན་རྫོབ་མཚན་ཉིད་མཚན་མ་མིང་གི་དབང་། །སྐལ་ལྡན༴ མ་འོངས་སངས་རྒྱས་འཇིག་རྟེན་ཞིང་ཁམས་སུ། །དེ་བཞིན་གཤེགས་པའི་མཚན་གྱི་མིང་ཐོབ་ཤོག །ༀ་བཛྲ་ནཱ་མ་མ་བྷི་ཥིཉྩ་ཧཱུཾ། ༀ་བུདྡྷ༴ༀ། ༀ་རཏྣ༴ཏྲཱཾ། ༀ་པདྨ༴ཧྲཱིཿ ༀ་ཀརྨཱ་ནཱ་མ་ཨ་བྷི་ཥིཉྩ་ཨཱཿ ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ལའོ། །བཛྲ་ལཱ་སྱ། ནས་བཛྲ་གནྡྷེ། དེ་ནས་སློབ་དཔོན་གྱི་དབང་ལ་མཎྜལ་ཕུལ་ཏེ། དཀྱིལ་འཁོར་གྱི་ཤར་དུ་ཁྲུས་ཀྱི་དཀྱིལ་འཁོར་གྲུ་བ ཞི་བ་ལ་སོགས་པ་མཚན་ཉིད་ཐམས་ཅད་དང་ལྡན་པ་ལ་གནས་པའི་སེང་གེའི་ཁྲིའི་སྟེང་དུ། པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་རང་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར། ༀ་བཛྲ་ས་ཏྭ་ས་པཱ་རི་ཝ་ར་པུཥྤེ་ནས་ཙྪ་ཏྲཾ་ག །དྷཱཙྪ་གྲ། ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། ཆོས་སྐུ་ནམ་མཁའ་སོགས་ཀྱིས་ཤིས་པ་བརྗོད་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །ཞེས་ནས། དང་པོའི་སྐྱེས་བུའོ། །ཞེས་རྡོ་རྗེ་བྱིན། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །དེར་བུ་བྱིན་ལ། སྲིད་པ་ངོ་བོ་ནས་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པའི། །སྲིད་པ་དམ་པ་བྱེད་པར་འགྱུར། །སྟོང་པ་ཉིད་དང་དབྱེར་མེད་པའི་རྒྱལ་བའི་གཉིས་སུ་མེད་པའི་ཡེ་ཤེས་ནི་གསང་བའི་རྡོ་རྗེ་ཡིན་ལ། དེ་དྲན་པའི་དོན་དུ་རྡོ་རྗེ་བཟུང་སྙམ་པ་དང་། ཆོས་ཐམས་ཅད་རང་བཞིན་མེད་པའི་སྒྲ་དྲིལ་བུས་སྒྲོག་པར་སེམས་དཔའི་རྡོ་རྗེ་དྲིལ་གྱི་དེ་ཁོ་ན་ཉིད་དྲན་པའི་སྒོ་ནས་བཟུང་ཞིག །རྡོ་སེམས་ཀྱི་ཕྱག་ཆེན་འཆིངས་ལ། རང་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པར་གསལ་བར་དམིགས་པ་ལ་བརྟེན་ནས་པྲཛྙཱ་ཨུ་པ་སོགས་ཀྱི་དོན་དང་ཐབས་ཤེས་རབ་དབྱེར་མེད་ཀྱི་ཟབ་གསལ་གཉིས་སུ་མེད་པའི་རྡོ་རྗེ་སློབ་དཔོན་གྱི་དབང་གི་ངོ་བོ་རྒྱུད་ལ་སྐྱེས་པར་གྱུར་ཞེས་བརྡ་སྤྲད། ༀ་པྲཛྙཱ་ཨུ་པས་མ་ཡོ་ག་ཨ་བྷི་ཥིཉྩ་ཧཱུཾ་ཨཿ རྡོ་རྗེ་རྒྱ་གྲམ་ལག་ཏུ་སྦྱིན་ནས་ནི། །སྐལ་ལྡན༴ འཕྲིན་ལས་རྣམ་བཞིའི་འགྲོ་དོན་མཐར་ཕྱིན་ཏེ། །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །སྣ་ཚོགས་རྡོ་རྗེ་དང་། ༀ་བཛྲ་ཀརྨཱ་ཨ་བྷི་ཥིཉྩ་ཨཱཿ ཡོན་ཏན་རབ་རྫོགས་གསེར་གྱི་འཁོར་ལོ་འདིས། །སྐལ་ལྡན༴ རྣམ་པར་སྣང་མཛད་སྐུ་མཆོག་རབ་ཐོབ་སྟེ། །ཆོས་ཀྱི་འཁོར་ལོ་མྱུར་དུ་བསྐོར་བར་ཤོག །བྷྲུཾ་ལས་བྱུང་བའི་འཁོར་ལོ། །ཞེས་འཁོར་ལོ་དང་། ༀ་བཛྲ་ཙཀྲ་ཨ་དྷི་ཥིཉྩ་ཧཱུཾ་བྷྲུཾ། དབྱངས་ཡིག་ཐ་མ་ཨཿ ལས་བྱུང་བའི་དུང་། ཞེས་དུང་དང་། ༀ་བཛྲ་བྷ་ཥ་རཾ། དབྱངས་ཡིག་དང་པོ་ཨཿལས་བྱུང་བའི་སྦྱོང་རྒྱུད་ཀྱི་པོ་ཏི། ཞེས་པོ་ཏི་དང་། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་དུང་བླ་ན་མེད། །ཀུན་ནས་ཡོངས་སུ་བཀང་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །དབྱངས་ཡིག་ཐ་མ་ཨཿལས་བྱུང་བའི་དྲིལ་བུ། །ཞེས་དྲིལ་བུ་རྣམས་བཟུང་། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་མཉམ་པ་ཉིད་སྦྱོར་བས། །ཐམས་ཅད་མཆོག་ནི་མཉམ་ཉིད་གསལ། །ཞེས་བརྗོད། རིགས་ཀྱི་བདག་པོའི་དབང་ནི། རིགས་ལྔའི་བདག་པོ་ཡི་ནི་རང་བཞིན་གྱིས། །སྐལ་ལྡན༴ རྡོ་རྗེ་སེམས་དཔའ་རིགས་རྣམས་ཀུན་གྱི་བདག །རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་ཤོག །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར། །ཞེས་རྡོ་རྗེ་དང་། ༀ་བཛྲ་ཙཀྲ་ཨ་དྷ་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཧཱུཾ་ཧཱུཾ་ཧཱུཾ། འཇིག་རྟེན༴ སེམས་ཅན༴ ཇི་ལྟར་སྣ༴ ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །འཁོར་ལོ་དང་། ༀ་བུདྷ་ཙཀྲ་༴ ༀ་ༀ་ༀ། འཇིག༴ སེམས༴ ཇི༴ རིན་ཆེན༴ ཞེས་རིན་པོ་ཆེ་དང་། ༀ་རཏྣ༴ ཏྲཱཾ་ཏྲཱཾ་ཏྲཱཾ། འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཞེས་པ་ནས། པདྨའི་འཁོར་ལོ་རབ་ཏུ་བསྐོར། །པདྨ་དང་། ༀ་པདྨ་ནས་ཧྲཱིཿཧྲཱིཿཧྲཱིཿ འཇིག་རྟེན་ཀུན་ལ་ཞེས་པ་ནས་ལས་ཀྱི་འཁོར་ལོ་རབ་ཏུ་བསྐོར། སྣ་ཚོགས་རྡོ་རྗེ་རྣམས་གཏད་པའཾ་བཟུང་ངམ་ཕྱག་རྒྱ་བྱས་ལ། ༀ་ཀརྨཱ་ནས་ཥིཉྩ་ཨཿཨཿཨཿ གསང་དབང་ནི། རིགས་ལྔའི་ཕྱག་རྒྱ་གནས་ལྔར་བཅིངས་ནས་ནི། སྐལ་ལྡན༴ ཡེ་ཤེས་ལྔ་ཡི་ཡོན་ཏན་རབ་རྫོགས་ཏེ། །བྱང་སེམས་གསང་བའི་དབང་དང་ལྡན་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ཨ་བི་ཥིཉྩ་ༀ། ༀ་བཛྲ་ནས་ཧཱུཾ། ༀ་རཏྣ་ནས་ཏྲཱཾ། ༀ་པདྨ་ནས་ཧྲཱིཿༀ་ཀརྨཱ་ནས་ཨ༔ ཞེས་བརྗོད་དེ། རིགས་ལྔའི་ཕྱག་རྒྱ་གནས་ལྔར་གཞག་གོ །གུ་ཧྱ་ཞེས་པ་གསང་བའི་དོན་ནི་དཀྱིལ་འཁོར་དང་ལྷའི་དེ་ཁོ་ན་ཉིད་སློབ་དཔོན་གྱི་ལས་རྣམས་ཡིན་པས། དཀྱིལ་འཁོར་གྱི་དེ་ཉིད་ནི། ཚད་མེད་བཞིའི་ཚུལ་གྱིས་གནོད་སེམས་ལ་སོགས་པ་མི་མཉམ་པ་མེད་པས་གྲུ་བཞི། དྲན་པ་ལ་སོགས་པའི་དབང་པོ་ལྔས་ཐར་པའི་གྲོང་ཁྱེར་དུ་འཇུག་པས་སྒོ་བཞི། བསམ་གཏན་བཞིས་རྟ་བབས་བཞི། སེམས་ཅན་གྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པས་གོས་དང་གདུགས་ལ་སོགས་པ་སྣ་ཚོགས་པའི་རྒྱན། ནང་གི་ལིང་ཚེ་བརྒྱད་ནི་རྣམ་ཐར་བརྒྱད། ལམ་འབྲས་བུ་དང་བཅས་པའི་མདོ་སྡེའི་ཆོས་འཁོར་གདུལ་བྱའི་རྒྱུད་ལ་སྐྱེ་བར་མཛད་པ་ནི་རྡོ་རྗེ་ཕྲེང་བས་ཡོངས་སུ་བསྐོར་བ་ལ་སོགས་པ་ཡིན་ལ། ལྷའི་དེ་ཉིད་ནི་ཆོས་དབྱིངས་ཡེ་ཤེས་དང་། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་ལྔ་ནི་རིམ་པ་བཞིན་རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་ལ་དམིགས་པའི་ཏིང་ངེ་འཛིན་བཞི་ནི་སྤྱན་མ་ལ་སོགས་པའི་ཡུམ་བཞི། ནང་དང་། ཕྱི་དང་། གཉིས་ཀ་དང་། ཆེན་པོ་སྟོང་པ་ཉིད་ལ་དམིགས་པའི་ཏིང་ངེ་འཛིན་རང་གི་མིག་སོགས་བཞི་ལ་མངོན་ཞེན་སྤངས་པའི་ཆ་བཞི། རྡོ་རྗེ་སེམས་དཔའ་ལ་སོགས་པ་ཤར་ཕྱོགས་ཀྱི་སེམས་དཔའ་བཞི། སྟོང་པ་ཉིད་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་ལ་དམིགས་པའི་ཏིང་ངེ་འཛིན་སྟོང་ཉིད་རྟོགས་པའི་ཡེ་ཤེས་སོགས་བཞི་ལ་མངོན་ཞེན་སྤངས་པའི་ཆ་བཞི། རྡོ་རྗེ་རིན་ཆེན་ལ་སོགས་པ་ལྷོ་ཕྱོགས་ཀྱི་སེམས་དཔའ་བཞི། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་ལ་དམིགས་པའི་ཏིང་ངེ་འཛིན། སེམས་ཅན་མཐའ་ཡས་པའི་དོན་བྱེད་པ་སོགས་བཞི་ལ་བདེན་ཞེན་སྤངས་པའི་ཆ་བཞི། རྡོ་རྗེ་ཆོས་ལ་སོགས་པ་ནུབ་ཕྱོགས་ཀྱི་སེམས་དཔའ་བཞི། རང་གི་མཚན་ཉིད་སྟོང་པ་ཉིད་དང་། དངོས་པོ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་དམིགས་པའི་ཏིང་ངེ་འཛིན། གཟུགས་སྐུའི་མཚན་དཔེ་སོགས་བཞི་ལ་མངོན་ཞེན་སྤངས་པའི་ཆ་བཞི། རྡོ་རྗེ་ལས་ལ་སོགས་པ་བྱང་ཕྱོགས་ཀྱི་སེམས་དཔའ་བཞི། སྦྱིན་པ་ནས་ཤེར་ཕྱིན་གྱི་བར་དྲུག་དང་། སྨོན་ལམ་དང་ཐབས་ཀྱི་ཕར་ཕྱིན་རྣམས་ཀྱི་མི་མཐུན་ཕྱོགས་སེར་སྣ་ནས་ཐབས་ལ་མཁས་པའི་བར་སྤངས་པའི་ཆ་བརྒྱད་ནི་སྒེག་མོ་ནས་དྲི་ཆབ་མའི་བར་བརྒྱད། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་མ་དད་པ་ལ་སོགས་པ་སྤངས་པའི་ཆ་བཞི་ནི་རིམ་པ་བཞིན་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་སྒོ་བ་བཞི། ནང་སྟོང་པ་ཉིད་ལ་སོགས་པ་སྟོང་ཉིད་བཅུ་དྲུག་རྟོགས་པའི་ཆ་བཅུ་དྲུག་ནི། བྱམས་པ་ལ་སོགས་པ་བསྐལ་བཟང་གི་སེམས་དཔའ་བཅུ་དྲུག་སྐྱེ། མདོར་ན་སངས་རྒྱས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་རྟེན་དང་བརྟེན་པའི་ཕྱིར་དཀྱིལ་འཁོར་སྣ་ཚོགས་པར་ཤར་བ་ཡིན་ལ། སློབ་དཔོན་གྱི་ལས་ཀྱི་རིམ་པ་ནི། འཁོར་དང་བཅས་པའི་དཀྱིལ་འཁོར་བྲི་བ་དང་། སྒྲུབ་པ་དང་། བདག་ཉིད་འཇུག་ཅིང་དབང་བླང་བ་ལ་སོགས་པ་རྣམས་ཡིན་ནོ་ཞེས་དཀྱིལ་འཁོར་ཁོ་ན་ཉིད་བསྟན། དེ་ནས། ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཞིང་མུ་ཁྱུད་དང་མཉམ་བཟང་། །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་པའི། །འཁོར་ལོ་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་མཾ། དུས་གསུམ་རྒྱལ་བས་བསྐོར་བའི་འཁོར་ལོ་འདི། །མི་ཁོམ་རྒྱུན་གཅོད་རྒྱུ་དང་འབྲས་བུ་སྟོན། །འཁོར་ལོས་སྒྱུར་བའི་དབང་ཕྱུག་རིན་པོ་ཆེ། །བླ་མེད་འཁོར་ལོ་དམ་པ་བསྒོར་གྱུར་ཅིག །ཅེས་འཁོར་ལོ་དང་། རིན་ཆེན་ངོ་བོ་ལྷ་རྫས་བཻཌཱུཪྱ། ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་མ་ཎི་རཏྣ་ཨ་བྷི་ཥིཉྩ་མཾ། དཀོན་མཆོག་གསུམ་གྱི་ཡོན་ཏན་རིན་པོ་ཆེ། །འཁོར་བའི་མུན་སེལ་བདེ་བའི་སྙིང་པོ་འབྱུང་། །དགོས་པ་མཆོག་སྦྱིན་ནོར་བདུན་ཕུན་སུམ་ཚོགས། །ཡིད་བཞིན་ནོར་བུ་རིན་ཆེན་སྤྱོད་པར་ཤོག་ཞེས་གོང་བུ་དང་། གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་མ། །ལྤགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་སྟྲཱི་རཏྣ་ཨ་བྷི་ཥིཉྩ་མཾ། ཕ་རོལ་ཕྱིན་བཅུས་སེམས་ཅན་སྐྱོབ་པའི་ཕྱིར། །ཤེས་རབ་གཟུགས་མཛེས་བཙུན་མོ་རིན་པོ་ཆེ། །བསྡུ་བ་རྣམ་བཞི་ཚད་མེད་བཞི་པོ་ཡི། །ཚེ་དང་ལོངས་སྤྱོད་གཏེར་ལ་སྤྱོད་པར་ཤོག །ཞེས་བཙུན་མོ་དང་། གང་ཡང་རྒྱལ་ལ་མུ་ཏིག་མདངས་ལྡན་པས། །གསེར་སོགས་མང་པོ་ཐུགས་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་ཏེ། །བློན་པོ་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་པུ་རུ་ཥ་རཏྣ་ཨ་བྷི་ཥིཉྩ་མཱཾ། གང་ལ་ཅི་དགོས་དཔག་བསམ་ཤིང་ལྟ་བུར། །འགྲོ་ལ་སྙིང་བརྩེས་ཚོགས་གཉིས་རྫོགས་པ་དང་། །དབང་ཕྱུག་བཙུན་པ་བློན་པོ་རིན་པོ་ཆེ། །འཁོར་ལོས་སྦྱར་བའི་རྒྱལ་ཚབ་ཐོབ་པར་ཤོག །ཅེས་བློན་པོ་དང་། ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཅན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་ཧ་སྟཱི་རཏྣ་ཨ་བྷི་ཥིཉྩ་མཱཾ། ཐེག་པ་དོན་དམ་བླ་ན་མེད་པའི་མཆོག །ཡན་ལག་བདུན་མཛེས་ཀུ་མུ་ཏ་ཡི་མདོག །གདུལ་དཀའ་སྟོབས་ཆེན་གླང་པོ་རིན་པོ་ཆེ། ཁྱུ་མཆོག་རླབས་ཆེན་སྟོབས་ལྔ་རྫོགས་པར་ཤོག །ཅེས་གླང་པོ་དང་། ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ཏེ་སླར་ཡང་ལྡོག་འགྱུར་བ། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་ཏུ་རཾ་ག་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩ་མཱཾ། འཁོར་བའི་ཆུ་བོ་འཇིགས་པ་བཞི་ལས་སྒྲོལ། །བརྩོན་འགྲུས་མྱུར་བའི་རྫུ་འཕྲུལ་ཤུགས་ཀྱིས་སྐྱོད། །ཅང་ཤེས་སྤྲིན་གྱི་ཤུགས་འཆང་རིན་པོ་ཆེ། །མི་གནས་ཡེ་ཤེས་ཡིད་བཞིན་སྤྱོད་པར་ཤོག །ཅེས་རྟ་མཆོག་དང་། འགྲོ་དང་ལྡོག་དང་ཀུན་ནས་འོང་འགྱུར་བའི། །བདུད་དཔུང་མ་ལུས་འཇོམས་པར་བྱེད་པ་སྟེ། །དཔལ་ལྡན་འབྱོར་པའི་དཔུང་དང་བཅས་པ་ཡི། །དམག་མི་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་ཁངྒ་རཏྣ་ཨ་བྷི་ཥིཉྩ་མཱཾ། གནོད་པའི་དཔུང་འཇོམས་བརྩོན་འགྲུས་གོ་བགོས་ཤིང་། །འཇིགས་པའི་སྐྱབས་བྱེད་འགྲོ་ལ་མི་འཇིགས་སྦྱིན། །ཐབས་དང་ཤེས་རབ་ལྡན་པའི་དམག་དཔོན་འདིས། །མཐུ་སྟོབས་རྫུ་འཕྲུལ་དཔུང་གིས་སྲུང་བར་ཤོག །ཅེས་དམག་དཔོན་གྱི་དབང་བླང་ངོ་། །དེ་རྣམས་ཀྱང་འཁོར་ལོ་བསྒྱུར་བའི་རྒྱལ་པོ་རིན་ཆེན་སྣ་བདུན་གྱི་སྒོ་ནས་རང་གི་རྒྱལ་སྲིད་ལ་མངའ་བསྒྱུར་བ་བཞིན་དུ། རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བས་རྒྱལ་བའི་རྒྱལ་ཚབ་དུ་བྱས་པའི་སློབ་མ་ཡང་རིན་ཆེན་སྣ་བདུན་དང་འདྲ་བའི་ཡོན་ཏན་གྱི་ཚོགས་ཀྱིས་ཆོས་ཀྱི་རྒྱལ་སྲིད་ལ་མངའ་བསྒྱུར་བའི་དོན་དུ་རིན་ཆེན་སྣ་བདུན་གྱིས་དབང་བསྐུར་བ་བྱས་པ་ཡིན་ནོ། །དེ་ནས། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། །བླ་མ་དམ་པ་རྣམས་མི་སྤང་། །སྲོག་ཆགས་རྣམས་ནི་གསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །བརྫུན་དུ་སྨྲ་བར་བྱ་བ་མིན། །ཕ་རོལ་བུད་མེད་སྤྱད་མི་བྱ། །བླ་མ་སྨད་པར་མི་བྱ་སྟེ། །དེ་ཡི་གྲིབ་མ་མི་འགོམ་ཞིང་། །སློབ་དཔོན་མ་ཡིན་མི་གཟུང་ལ། །རྡོ་རྗེ་སློབ་དཔོན་མཚན་མི་གཟུང་། །སྔགས་དང་ཕྱག་རྒྱ་མི་སྨོད་དེ། །ལྷ་རྣམས་ལ་ཡང་སྨོས་ཅི་དགོས། །ཅི་སྟེ་གླེན་པས་སྨད་ན་ནི། །ནད་ཀྱིས་ངེས་པར་འཆི་བར་འགྱུར། །རྙིང་དང་ལྷ་ཡི་གྲིབ་མ་དང་། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཕྱག་རྒྱ་ཡི་གེ་མཚན་མ་རྣམས། །གོམ་པས་འགོམ་པར་མི་བྱའོ། །དེ་བས་དཀོན་མཆོག་གསུམ་དག་དང་། །སངས་རྒྱས་བསྟན་ལ་གནོད་བྱེད་དང་། །བླ་མ་སྨོད་ལ་བརྩོན་པ་རྣམས། །མཁས་པས་བསྒྲིམས་ཏེ་བསྒྲུབ་པར་བྱ། །ཆོས་མི་ལྡན་དང་སྡིག་སྤྱོད་དང་། །རྟག་ཏུ་སེམས་ཅན་གནོད་བརྩོན་དང་། །དམ་ཚིག་སྡང་རྣམས་སྙིང་བརྩེ་བའི། །སྔགས་མཁན་གྱིས་ནི་སྔགས་ཀྱིས་བསྒྲུབ། །འཇུངས་པ་རྣམས་ཀྱི་ནོར་བླངས་ལ། །སེམས་ཅན་ཕོངས་ལ་སྦྱིན་པར་བྱ། །བླ་མ་ལ་ནི་མཆོད་པ་དང་། །དེ་ལྟར་དམ་ཚིག་བསྒྲུབ་པ་དང་། །དཀྱིལ་འཁོར་ཕྱིར་དང་དམ་ཚིག་ཅན། །ཕན་ཕྱིར་རྒྱལ་བའི་སྲས་རྣམས་ལ། །མཆོད་ཕྱིར་མི་ཡི་དབང་པོ་འམ། །ཕྱུག་པོ་རྣམས་ཀྱི་ནོར་དཔྲོག་གོ །སེམས་ཅན་རྣམས་ལ་ཕན་སྤྱོད་པས། །རྟག་ཏུ་དམ་ཚིག་བླ་མའི་ནོར། །སྲོག་ཆགས་སྲོག་ནི་བསྲུང་བའི་ཕྱིར། །བརྫུན་དུ་ཡང་ནི་སྨྲ་བར་བྱ། །སངས་རྒྱས་རྣམས་ནི་མཉེས་བྱ་དང་། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །སྔགས་རིག་པས་ནི་བསྒྲུབ་པའི་ཕྱིར། །གཞན་གྱི་བུད་མེད་བསྟེན་པར་བྱ། །རྡོ་རྗེ་སེམས་དཔའི་གནས་འདུག་ནས། །ཐམས་ཅད་བྱས་ཤིང་ཀུན་ཟོས་ཀྱང་། །འགྲུབ་འགྱུར་ཉེས་པར་མི་འགྱུར་ན། །སྙིང་རྗེ་ལྡན་པས་སྨོས་ཅི་དགོས། །ཞེས་དམ་ཚིག་དང་། ༀ་སརྦ་ཏ་ཐཱ་ག་ཏ་ཨཱ་ཛྙཱ་ཏེ་དཱ་སྱ་མི་གྲིཧྣ་བཛྲ་སུ་སིདྡྷ་ཡེ། ༀ་བཛྲ་ཏིཥྛ་ཧཱུཾ། བཀའི་དབང་བསྐུར། མཎྜལ་ཕུལ་ཏེ། དེ་ནས་ཚེ་འདིའི་བདེ་བ་མ་ལུས་དང་། །འཇིག་རྟེན་ཕྱི་མའི་བདེ་མཆོག་དང་། །སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། །ལྷ་མིའི་བདེ་བ་སྨོས་ཅི་དགོས། །སངས་རྒྱས་ཀུན་དང་བླ་མ་མཉམ། །རྡོ་རྗེ་སློབ་དཔོན་བརྙས་ན་ནི། །རྟག་ཏུ་སྡུག་བསྔལ་འཐོབ་འགྱུར་བས། །སློབ་དཔོན་ལ་ནི་བརྙས་མི་བྱ། །རྡོ་རྗེ་སྤུན་དང་སྲིང་མོ་དང་། །རྡོ་རྗེ་མ་རྣམས་ཉིད་ལ་ནི། །རྣལ་འབྱོར་ཅན་གྱིས་བརྙས་མི་བྱ། །རྟག་ཏུ་འཁོར་དང་གཅུགས་མི་བྱ། །དཀོན་མཆོག་གསུམ་ལ་གནོད་བྱེད་ལ། །བཟོད་པ་བསྒོམ་པར་མི་བྱ་སྟེ། །བླ་མ་སྨོད་བརྩོན་མ་རུང་དང་། །དམ་ཚིག་ལས་ནི་འདའ་བ་དང་། །དེ་སོགས་བྱེད་པ་ཚར་གཅོད་ན། །འགྲུབ་འགྱུར་ཞེས་ནི་ཀུན་རིག་གསུང་། །སེམས་ཅན་ཀུན་ལ་སྙིང་བརྩེར་ཆགས། །བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་དང་། དབང་བསྐུར་ན། ༀ་བཛྲ་དྷ་ར། རཏྣ་དྷ་ར། པདྨ་དྷ་ར། བི་ཤྭ་དྷ་ར་ཏ་ཐཱ་ག་ཏཱ་ས་མ་ཡ་མཱ་ཏི་ཀྲ་མ་ཏི་ཏ་ཐཱ་ག་ཏ་དྷཱ་ར་ས་མ་ཀོ྅ཧཾ། ཞེས་དང་། དགེ་བ་འདི་ཡིས་མྱུར་དུ་བདག །རྣམ་སྣང་ཆེན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཞེས་བརྗོད་དོ། །ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆོ་གའི་ཟུར་འདེབས་ཚེ་འདས་རྗེས་སུ་འཛིན་པའི་ཚུལ་ནི། མིང་བྱང་ལ་སོགས་པ་མདུན་དུ་བཞག་ལ། ལས་བུམ་གྱི་ཆུ་དང་ལས་ཐམས་ཅད་པས་བསངས་ཏེ། ༀ་ཤཱུནྱ་ཏཱ་ནས་ཧཾ། རྟེན་སྣང་བ་མི་དམིགས་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཚེ་འདས་ཀྱི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཡོངས་སུ་གྱུར་པ་ལས། ཚེ་ལས་འདས་པ་ཐ་མལ་པའི་ཆ་བྱད་ཅན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་གསལ་ཞིང་ཡོངས་སུ་རྫོགས་པར་གྱུར་པར་བསམས་ལ། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ཏེ། ༀ་བཛྲ་ས་ཏྭ་ཧཱུཾ་ཛྫ༔ སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་ཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིགས་སྔགས་ཀྱི་ལྷའི་ཁྱད་པར་ཐམས་ཅད་དང་། ཁྱད་པར་དུ་བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ལྷའི་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པའི་བྱིན་གྱིས་བརླབས་ཀྱིས། ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བའི་རྣམ་པར་ཤེས་པ་སྲིད་པ་བར་རོ། ཁམས་གསུམ་འགྲོ་བ་རིགས་དྲུག །སྐྱེ་གནས་བཞིས་བསྡུས་པའི་འཇིག་རྟེན་གྱི་ཁམས་གང་ན་གནས་ཀྱང་། སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར། ཞེས་ལན་གསུམ། དེ་ནས། ཐུགས་ཁ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ཚེ་འདས་ཀྱི་རྣམ་ཤེས་ཁ་དོག་དམར་ཞིང་གསལ་བ་ཨ་ཐུང་གི་གཟུགས་ཅན་བཀུག་སྟེ། སྤྱི་གཙུག་ནས་ཞུགས། སྙིང་ཁར་ཐིམ། ༀ་ཤོདྷ་ནེ་ཤོདྷ་ནེ་སརྦྦ་པཱ་པཾ་ཨ་དྷ་ཨ་ཧཱུཾ། ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་ཀྱང་བཀུག་པར་གྱུར་པར་བསམས་ལ། ལྟུང་བ་སློོང་བའི་ཕྱག་རྒྱ་བྱས་ཏེ། ༀ་སརྦྦ་ཨ་པཱ་ཡ་ཨཱ་ཀཪྵ་ན་བི་ཤོདྷ་ནེ་བཛྲ་མ་ཡ་ཧཱུཾ་ཕཊ། ངན་འགྲོ་བ་ཐམས་ཅད་ཀྱང་དཀྱིལ་འཁོར་གྱི་ཕྱི་རོལ་དུ་བཀུག་པར་གྱུར་པར་བསམས་ལ། དེ་རྣམས་ཀྱིས་བཅོམ་ལྡན་འདས་བདག་ཅག་སྡུག་བསྔལ་གྱིས་གཟིར་བ་འདི་ལས་བསྐྱོབ་ཏུ་གསོལ། བདག་ཅག་སངས་རྒྱས་དང་ཆོས་དང་དགེ་འདུན་དང་ཁྱོད་ལ་ཡང་སྐྱབས་སུ་མཆིའོ། །ཞེས་སྐྱབས་སུ་འགྲོ་བར་བསམས་ལ་སྡིག་པ་འཇོམས་པའི་ཕྱག་རྒྱ་དང་། ༀ་བཛྲ་པཱ་ཎི་བི་སྥོ་ཊ་ཡ་སརྦྦ་ཨ་པཱ་ཡ་བནྡྷ་ནཱ་ནི་པྲ་མོ་ཀྵ་ཡ་སརྦྦ་ཨ་པཱ་ཡ་ག་ཏེ་བྷྱཿ སརྦ་ས་ཏྭ་ནཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲ་ཊ་ཀྱིས་སྡིག་པ་ཐམས་ཅད་བཅོམ་ཞིང་ཤི་ནས་རྣམ་སྣང་གི་ཞབས་དྲུང་དུ་སྐྱེས། །རྟེན་རྣམས་པ་ཚ་ཅན་གྱི་རྒྱ་མཚོར་དོར་བར་གྱུར་པར་བསམས་པའི་བར་འདི་རྣམས་ཀྱང་བྱའོ། །ༀ་སརྦྦ་བད་སརྦྦ་ཨ་པ་ཡ་བི་ཤོ་དྷ་ནེ་ཧཱུཾ་ཕཊ་སྭཱ་ཧཱ། བཛྲ་བནྡྷ་ཏྲཊ། ཅེས་བརྗོད་ཅིང་རྡོ་རྗེ་བསྡམས་པ་ལན་གསུམ་དྲལ། ཚེ་འདས་ཀྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་པར་གྱུར་བར་བསམས་ལ། ཨ་སརྦྦ་བིད་ༀ། ཞེས་སོགས་ཀྱིས་སྔར་ལྟར་འཇིག་རྟེན་གསུམ་རྒྱས་ཀྱི་སྐབས་ལྟར་གནས་གསུམ་བྱིན་གྱིས་བརླབ། རྡོ་རྗེའི་ཕྱག་རྒྱ་གནས་ཉེར་གཉིས་སུ་གཏུད་ཅིང་། ༀ་བཛྲ་ཨ་དྷི་ཏིཥྛ་ཛྙཱ་ན་ས་མ་ཡེ་ཧཱུཾ་ཞེས་བརྗོད། ཚེ་ལྡན་ལ་སྐབས་འདི་ནས་བྱེད་ཅིང་། དེ་ནས་བགེགས་སྦྱང་བ་ནི། རང་ཉིད་སྐད་ཅིག་གིས་ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་ཞེས་པ་ནས་གྱུར་པར་བསམས་ལ། ༀ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ཞེས་སོགས་ཀྱིས་ཁྲོ་བོ་སྤྱན་དྲངས་ནས་མཆོད་བསྟོད་སྔར་ལྟར་བྱས་ལ། གཏོར་མ་བྱིན་གྱིས་བརླབས་ཏེ། ༀ་སརྦྦ་བིགྷཱཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ། ཞེས་སོགས་གསུམ་གྱིས་བགེགས་ལ་བསྔོ་ཞིང་ཞི་བས་སྦྱང་། ཏིལ་ལོ་མར་མེ་དང་ཆང་བུ་བཅས་རྟེན་ལ་ཕྱིར་སྐོར་ཞིང་། ༀ་སུམྦྷ་ནི་སུམྦྷ་ཧཱུཾ། གྲིཧྣ་གྲིཧྣ་ཧཱུཾ། གྲིཧྣཱ་པ་ཡ་གྲིཧྣཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོཿ བྷ་ག་ཝཱ་ན་བཛྲ་ཧཱུཾ྄་ཕཊ། ཅེས་ལན་གསུམ་བརྗོད་ཅིང་ཞི་དྲག་བྱེད་མས་སྦྱང་། དེ་ནས་སྔར་བཞིན། སངས་རྒྱས་ཀྱི་བདེན་པ་དང་། ཞེས་པ་ནས། བདེན་པའི་བྱིན་གྱིས་བརླབས་ཀྱིས། ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བགྱི་བ་ལ་གསོན་གྱི་དུས་ན་ཚེ་གནས་པ་ལ་བར་དུ་གཅོད་ཅིང་། ཚེ་འཕོས་ནས་གང་དུ་གནས་པའི་ལུས་སྲོག་དང་མཐོ་རིས་དང་ཐར་པ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་ཐམས་ཅད་དང་། ཚེ་ལས་འདས་པའི་ཆ་བྱད་བཟུང་ནས། དེའི་ཉེ་འབྲེལ་དང་། འཇིག་རྟེན་པ་རྣམས་ལ་བསླུ་ཞིང་གནོད་པར་བྱེད་པའི་གནོད་སྦྱིན་དང་ཤ་ཟས་དང་འབྱུང་པོ་ལ་སོགས་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་གནོད་པ་དང་འཚེ་བའི་བསམ་པ་ཐམས་ཅད་སྤངས་ལ། ཕན་པ་དང་བྱང་ཆུབ་ཀྱི་སེམས་དང་ལྡན་པས་རང་རང་སོ་སོའི་གནས་སུ་སོང་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་རྣམས་ཀྱིས་སྲེག་ཅིང་རྣམ་པར་འཇོམས་པར་གདན་མི་ཟའོ། །ཞེས་དང་། སུམྦྷ་ནིའི་སྔགས་དྲག་ཏུ་བརྗོད་དེ་དྲག་པོས་སྦྱང་ངོ་། །དེ་ནས་མེ་བསངས་སྦྱངས། སྟོང་པའི་ངང་ལས་རཾ་ལས་ཡེ་ཤེས་ཀྱི་མེ་འབར་བའི་ནང་དུ་ཁྲོ་བོ་རྡོ་རྗེ་མཁའ་འགྲོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་ཞལ་གདངས་པར་སྐད་ཅིག་གིས་གྲུབ་པར་བསམ་པ་འམ། ཡང་ན་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་རྡོ་རྗེ་མཁའ་འགྲོ་ཞེས་བསྐྱེད་ལ། དེའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་རྡོ་རྗེ་མཁའ་འགྲོའི་ཡེ་ཤེས་པ་སྤྱན་དྲངས། གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ནས་ཤྲཱི་ཡེ་ཧཱུཾ། ཞེས་དབང་བསྐུར་བས་ལུས་གང་། དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ༀ་བཛྲ་ཊཱ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ནས་ཤཔྟའི་བར་གྱིས་མཆོད་པ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། ༴ རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ། །ཚེ་འདས་ཀྱི་རྐང་མཐིལ་གཉིས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར། ལྟེ་བར་ཡེ་ཤེས་ཀྱི་མེ་འབར་བ། སྙིང་ཁར་སྡིག་པའི་ས་བོན་པཾ་ནག་པོ་ལ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་འདུས་པར་གྱུར། ལྟེ་བའི་ཡེ་ཤེས་ཀྱི་མེ་འབར་བའི་འོད་ཟེར་གྱིས་སྙིང་ཁའི་པཾ་དེད་ནས་སྣ་སྒོ་ནས་འཐོན། སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་ནས་རང་གི་ལག་པར་བཟུང་བའི་ཏིལ་ལ་ཐིམ་པར་བསམས་ལ། ༀ་བཛྲ་ཌཱུ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷ་སྨི་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་ཏིལ་འབུལ་བ་ནི་སྦྱིན་བསྲེག་གིས་སྦྱར་བའོ། །དེ་ནས། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཀཾ་ཀ་ནི་ཀཾ་ཀ་ན། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་ས་ཏྭ་ནཱ་ཉྩ་སྭཱ་ཧཱ། ཞེས་མི་འཇུག་པའི་གཟུངས་དང་། ༀ་ན་མ་སྟཱཻ་ཡ་དྷི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་གརྦྷེ་ཛྭ་ལ་ཛྭ་ལ། དྷརྨཱ་དྷཱ་ཏུ་གརྦྷེ། སཾ་བྷ་རི་མ་མ་ཨཱ་ཡུཿསཾ་ཤོདྷ་ཡ་མ་མ་སརྦ་པཱ་པཾ། སརྦ་ཏ་ཐཱ་ག་ཏ་ས་མནྟེ་ཥྞཱོ་ཥེ་བི་མ་ལེ་བི་ཤུདྡྷེ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཨཾ་བཾ་སཾ་ཛཾཿསྭཱ་ཧཱ། ཞེས་གཙུག་ཏོར་དྲི་མེད་ཀྱི་གཟུངས་དང་། ༀ་པདྨོ་ཥྞཱི་གཱ་ར་བི་མ་མེ་ཧཱུཾ་ཕཊ། ཅེས་པ་དང་། འགྲུབ་ན། ༀ་ན་མོ་བྷ་ག་ཝ་ཏེ་སརྦ་ཏྲི་ལོ་ཀྱ་པྲ་ཏི་བི་ཤིཥྚ་ཡ། བུདྡྷཱ་ཡ་ཏེ་ན་མཿཏདྱ་ཐཱ། ༀ་བྷྲུཾ་བྷྲུཾ་བྷྲུཾ། ཤོདྷ་ཡ་ཤོདྷ་ཡ། བི་ཤོདྷ་ཡ་བི་ཤོདྷ་ཡ། ཨ་ས་མ་ཡ་མནྟ་ཨ་བ་བྷཱ་ས་སྥ་ར་ཎ་ག་ཏི། ག་ག་ན་སྭ་བྷ་བ་བི་ཤུད་དྷེ། ཨ་བྷི་ཥིཉྩ་ནྟུ་མཱཾ། སརྦ་ཏ་ཐཱ་ག་ཏཱཿ སུ་ག་ཏ་བར་པ་ཙ་ན་ཨ་མྲྀ་ཏ་ཨ་བྷི་ཥེ་ཀཻ་ར། མ་ཧཱ་མུ་དྲཱ་མནྟྲ་པ་དཻཿ ཨཱ་ཧ་ར་ཨ་ཧ་ར། མ་མ་ཨ་ཡུསྶཾ་དྷཱ་ར་ཎི། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ག་ག་ན་སྭ་བྷཱ་བ་བི་ཤུདྡྷེ། ཨུཥྞཱི་ཥ་བི་ཛ་ཡ་བ་རི་ཤུདྡྷེ། ས་ཧ་སྲ་རསྨི་སཉྩོ་དེ་ཧེ། སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ནི། ཥ་ཊ་པཱ་ར་མི་ཏཱ་པ་རི་པཱུ་ར་ཎི། སརྦ་ཏ་ཐཱ་ག་ཏ་མཱ་ཏེ། ད་ཤ་བྷཱ་མི་པྲ་ཏིཥྛ་ཏེ། སརྦ་ཏ་ཐཱ་ག་ཏཱ་ཧྲྀ་ད་ཡ། ཨ་དྷིཥྛཱ་ན་ཨ་དྷིཥྛ་ཏེ། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། བཛྲ་ཀཱ་ཡ་སཾ་ཧ་ཏ་ན་པ་རི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ། པྲ་ཏི་ནི་ཝ རྟ་ཡ་མ་མ་ཨཱ་ཡུར། བི་ཤུདྡྷེ་སརྦ་ཏ་ཐཱ་ག་ཏ། ས་མ་ཡ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ། ༀ་མུ་ནི་མུ་ནི་མ་ཧཱ་མུ་ནི། བུ་མུ་ནི་བུ་མུ་ནི་མ་ཧཱ་བུ་མུ་ནི། མ་ཏི་མ་ཏི་མ་ཧཱ་མ་ཏི། མ་མ་ཏི་སུ་མ་ཏི་ཏ་ཐཱ་ཏཱ། བྷཱུ་ཏ་ཀོ་ཊི་བ་རི་ཤུདྡྷེ། བེ་སྥུ་ཊི་བུདྡྷེ་ཤུདྡྷེ། ཧེ་ཧེ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར། སྥ་ར་སྥ་ར། སྥཱ་ར་ཡ་སྥཱ་ར་ཡ། སརྦ་བུདྡྷ་ཨ་དྷིཥྛ་ན་ཡ་དྷིཥྛི་ཏེ། ཤུདྡྷེ་ཤུདྡྷེ། བུདྡྷེ་བུདྡྷེ། བཛྲེ་བཛྲེ་མ་ཧཱ་བཛྲེ། སུ་བཛྲེ་བཛྲེ་གརྦྷེ་ཛ་ཡ་གརྦྷེ། བི་ཛ་ཡ་གརྦྷེ། བཛྲ་སྭ་ལཱ་གརྦྷེ། བཛྲོད་བྷ་བེ། བཛྲ་ས་བྷ་བེ། བཛྲ་བ་ཛྲི་ནི། བཛྲ་མྦྷ་བ་ཏུ་མ་མ་ཤ་རཱི་རཾ། སརྦ་ཏ་ཏྭ་ནཱ་ཉྩ་ཀཱ་ཡ་པ་རི་ཤུདྡྷེ་བྷ་བ་ཏུ། མེས་དཱ་སརྦ་ག་ཏི་བ་རི་ཤུདྡྷེ་ཤྩ། སརྦ་ཏ་ཐཱ་ག་ཏཱ་ཤྩ། མཱཾ་ས་མཱ་ཤྭཱ་ས་ཡནྟུ། བུདྷྱ་བུདྷྱ། སི་དྷྱ་སི་དྷྱ། བོ་དྷ་ཡ་བོ་དྷ་ཡ། པི་པོ་བྷ་ཡ་པི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོདྷ་ཡ་བི་ཤོདྷ་ཡ། ས་མནྟ་ན་མོ་ཙ་ཡ་མོ་ཙ་ཡ། ས་མནྟར་སྨི་བ་རི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཨ་དྷིཥྛཱ་ན་ཨ་དྷིཥྛཱ་ཏེ། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། མ་ཧཱ་མུ་དྲཱ་མནྟྲ་བ་དཻཿསྭཱ་ཧཱ། ༀ་བྷྲུཾ་སྭཱ་ཧཱ། ༀ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱ་ཧཱ། ཞེས་པ་རྣམ་པར་རྒྱལ་བའི་གཟུངས་དང་། ལྷ་རྣམས་ཀྱི་སྔགས་ཀྱང་གོང་དུའམ་འདིར་བཟླའོ། །གཞན་ཡང་སྔགས་ཅི་རིགས་བཟླས་ནས་མཐར་ཡིག་བརྒྱ་བརྗོད་དེ། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུཾ་ཕཊ། ༀ་སརྦ་པཱ་པཾ་བི་ཤོདྷ་ན་བཛྲ་ཧཱུཾ་ཕཊ། ༀ་སརྦ་ཀརྨཱ་ཨཱ་ཝ་ར་ཎཱ་ནི་བྷ་སྨཱི་ཀུ་རུ་ཧཱུཾ་ཕཊ། ༀ་བྷྲུྃ་བི་ནཱ་ཤ་ཡ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་དྲུཾ་བི་ཤོདྷ་ཡ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་ཛྭ་ལ་ཛྭ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་སྲུཾ་ས་ར་ས་ར་པྲ་ས་ར་པྲ་ས་ར་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་ཧཱུཾ་ཧ་ར་ཧ་ར་སརྦ་ཨ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་ཧཱུཾ་ཕཊ་སརྦ་ཨཱ་ཝ་ར་ཎཱ་ནི་སྥོ་ཊ་ཡ་ཧཱུཾ་ཕཊ། ༀ་བྲི་ཏ་བྲི་ཏ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་ཏྲ་ཊ་ཏྲ་ཊ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་ཚིནྡྷ་ཚིནྡྷ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ༀ་མ་ཐ་མ་ཐ་སརྦ་ཏི་དྱ་ཀ་ག་ཏི་ཧཻ་ཏུཾ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་རྟེན་ལ་ཟབ། སྔགས་དོན་དང་མཐུན་པའི་དམིགས་པ་དང་སྤེལ་ཚིག་བྱ་བ་ནི་ཟབ་པའི་སྒོ་ནས་སྦྱང་བའོ། །དེ་ནས་དཀྱིལ་འཁོར་དང་རས་བྲིས་སོགས་ཀྱི་སྐུ་གཟུགས་མེ་ལོང་དུ་ཤར་བ་ལ། ཐུས་གསོལ་ལ་ཅུང་ཟད་རྒྱས་པ་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་སོགས་དང་། མཁྱེན་པས་སྲིད་པའི་སོགས་དང་། ཐབས་མཁས་ཐུགས་རྗེ་སོགས་དང་། རྒྱལ་བའི་སྐུ༴ རྒྱལ་བའི་གསུང་༴ རྒྱལ་བའི་ཐུགས༴ རྒྱལ་བའི་སྐུ་གསུང་ཐུགས་སོགས་དང་། དེ་དག་སྐུ་ལ་སོགས་བརྗོ། ཟླ་མེད་སྟོན་པ་དེ་ཡི་སོགས་དང་། བྱམས་པ་ཐོགས་མེད་སོགས་སམ། ཀླུ་སྒྲུབ་ཨཱཪྱ་དེ་བ་སོགས་དང་། ཐུབ་པའི་བསྟན་ལ་སོགས་དང་། རྩ་བའི་བླ་མ་ཁྱབ་བདག་སོགས་དང་། གངས་ཅན་ཤིང་རྟའི་སོགས་དང་། འདུལ་བ་འཛིན་པ་སོགས་དང་། དགེ་ལེགས་ཡོན་ཏན་སོགས་དང་། བློ་བཟང་རྒྱལ་བ་སོགས་དང་། བློ་གྲོས་ཡངས་པའི་སོགས་དང་། ཟབ་མོ་ལྟ་བའམ། རབ་འབྱམས་གསུང་རབ་འམ། གང་གིས་བདག་ལ་སོགས་དང་། དེ་དག་སྐུ་ལ་སོགས་དང་། སངས་རྒྱས་རྣམ་གཟིགས་སོགས་དང་། མཚན་ལེགས་རིན་ཆེན་སོགས་དང་། མཐུན་པའི་སྨོན་ལམ་སོགས་དང་། མར་མེ་མཛད་སོགས་སོགས་དང་། ཕྱོགས་བཅུའི་འགྲོ་ལ་སོགས་དང་། ཀུན་འབྱུང་མུན་པའི་སོགས་དང་། སྨྲ་བསམ་བརྗོད་མེད་སོགས་དང་། འཇམ་དབྱངས་ཕྱག་ནའམ། འཇམ་དཔལ་དབྱངས་དང་སྐྱབས་གྲོལ་སོགས་དང་། སྤངས་དང་ཡེ་ཤེས་སོགས་དང་། དོན་གཉིས་མཐར་ཕྱིན་ནས། སྟོན་པ་སངས་རྒྱས་རྣམས་ལ་སོགས་དང་། དེ་དག་སྐུ་སོགས་དང་། རྫོགས་པའི་སངས་རྒྱས་ཀུན་རིགས་སོགས་སམ། བདེ་གཤེགས་རིགས་ལྔ་རྒྱལ་བ་སོགས་དང་། བསྐལ་བ་བཟང་པོའི་ལམ། ཡང་ན་སྒོ་ཡི་ཁྱམས་ན་སོགས་དང་། སྟོན་པའི་རྟགས་སོགས་དང་། རྟེན་འབྲེལ་དོན་ལ་སོགས་དང་། དཔལ་ལྡན་དུས་འཁོར་རམ། སྒྲུབ་པ་པོ་ལ་སོགས་དང་། རྒྱལ་བའི་ལྷན་སྐྱེས་སོགས་དང་། ཡེ་ཤེས་མགོན་པོ་སོགས་སམ། དམ་ཅན་སྒྲུབ་པ་པོ་འམ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ་སོགས་དང་། དེ་དག་སྐུ་སོགས་དང་། ཁྱེད་སྐུ་རང་བཞིན་སོགས་དང་། དེ་བཞིན་གཤེགས་དང་དེ་ཡི་སོགས་དང་། འགྲོ་བ་ཉོན་མོངས་སོགས་དང་། འདི་ནི་ཁྲུས་ཆབ་སོགས་དང་། དེ་དག་སྐུ་ལ་སོགས་དང་། སྲབ་འཇམ་ཡང་བ་སོགས་བརྗོད་ཅིང་ལྷ་ལ་ཁྲུས་བྱ་ལ། བསྡུ་ན་དེ་དག་ལས་བསྡུས་ཏེ་ཇི་ལྟར་རིགས་པར་བརྗོད། གྲངས་མང་པོ་དགོས་པ་ཡིན་ན་བར་པ་རྣམས་ལ་ལྷ་ལ་ཁྲུས་མ་བྱས་ཀྱང་རུང་ཞིང་། ཕྱིན་དྲུག་པོ་སོགས་སྟེ་ཚན་སོ་སོའི་མཐར་སྔགས་སྤེལ་ཚིག་དང་སྦྱར་ནས་ཁྲུས་བྱའོ། །ཁྲུས་གསོལ་བའི་ཆུ་བུམ་པར་བླུགས་ཏེ། གང་ཟག་གམ་རོ་ཡིན་ན་དངོས་སུ་དང་། མིང་བྱང་ཡིན་ན་དངོས་སུ་འམ། ཡང་ན་ནུབ་གོང་མ་རྣམས་ལ་གཟུགས་བརྙན་ཤར་བ་དང་ཐ་མལ་དངོས་སུ་བཀྲུ་ཞིང་། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །བཏུང་བ་དྲི་ཡིས་ལེགས་བསྒོས་ཆུས། །ཁྲུས་ལེགས་མཛད་ལ་ཁྲུས་བྱའོ། །ༀ་ན་མོ་བྷ་ག་ཝ་ཏེ་ཞེས་སོགས་རྩ་རིགས་བརྗོད་པའི་རྗེས་སུ་ཚེ་ལྡན་ཡིན་ན། བར་ཆད་ཐམས་ཅད་ཞི་བའི་འཕྲིན་ལས་དང་། ཚེ་འདས་ཡིན་ན། འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བའི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དང་། ཁྱད་པར་དུ་ཉོན་མོངས་པ་སེར་སྣའི་དྲི་མ་ཐམས་ཅད་བྱང་ཞིང་དག་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཏེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཚེ་ལྡན་ལེན་ནའང་གྲུབ་ན། སྐབས་འདིར་སྔགས་སྤེལ་ཚིགས་དང་བཅས་རྒྱལ་བར་བྱས་ན་ལེགས། སྦྱིན་པ་ཞེས་པའི་གནས་སུ་ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་ཞེས་དང་སེར་སྣ་ཞེས་པའི་གནས་ཚུལ་འཆལ། ཁོང་ཁྲོ། ལེ་ལོ། རྣམ་གཡེང་། ཤེས་འཆལ་དང་། སྲུང་བ་བྱས་པ་བསྟན་པ་ཏིང་འཛིན་ཡེ་ཤེས་བཞི་སྦྱོང་། ཆུ་བོ་དྲུག་གིས་ཁྲུས་བྱས་པས། བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་ཞིང་། ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །དྲི་ཆུ་དྲུག་གིས་ཁྲུས་བྱས་ལས། །དྲི་མ་རྣམ་དྲུག་སྦྱོང་མཛད་པ། །རྒྱ་ཚན་ཡོན་ཏན་དྲུག་ལྡན་པ། ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡིས། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །ༀ་ན་མོ་བྷ་ག་ཞེས་སོ། །ཚིགས་བཅད་དེ་དང་རྩ་རིགས་སྤེལ་བའི་མཐར། འཇིག་རྟེན་འདི་ནས་ཞེས་པ་ནས་ཁྱད་པར་དུ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་ཕྱོགས་བྱང་ཞིང་དག་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ཏེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་གཟི་ཡིས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་དམ་ཆོས་དུག་མི་མངའ། །དམ་ཆོས་གཟི་ཡིས་དུག་བཅོམ་མོ། །འདོད་ཆགས༴ དེ་དག༴ བཅོམ་ལྡན་དགེ་འདུན་དུག་མི་མངའ། །དགེ་འདུན་གཟི་ཡིས་དུག་བཅོམ་མོ། །ༀ་ན་མོ་ཞེས་སོགས་དང་། འཇིག་རྟེན་འདི་ནས་ཞེས་པ་ནས་ཁྱད་པར་དུ་ཡང་ཉོན་མོངས་པ་དང་། དེའི་དབང་གིས་བྱུང་བའི་དུག་ཐམས་ཅད་བྱང་ཞིང་དག་ནས་མྱུར་དུ་ཞེས་སྤེལ་ཚིག་སྦྱར་རོ། །ས་ནི་དུག་གི་མ་ཡིན་ཏེ། ས་ནི་དུག་གི་ཕ་ཡང་ཡིན། བདེན་པའི་བདེན་ཚིག་དེ་དག་གིས། ཆེ་གེའི་དུག་ནི་དུག་མེད་ཤོག །དུག་ནི་ས་ཡི་ནང་དུ་སོང་། གང་བའི་སྣོད་དུ་དུག་སོང་ཤིག་སྭཱ་ཧཱ། ཆུ་ནི་དུག་གི་མ་ཡིན་ཏེ། ཞེས་པ་ནས་གཤེར་བའི་སྣོད་དུ་དུག་སོང་ཤིག་སྭཱ་ཧཱ། མེ་ནི་དུག་གི་མ་ཡིན་ཏེ། །ཞེས་པ་ནས་ཚ་བའི་སྣོད་དུ་དུག་སོང་ཤིག་སྭཱ་ཧཱ། རླུང་ནི་དུག་གི་མ་ཡིན་ཏེ། ཞེས་པ་ནས། གཡོ་བའི་སྣོད་དུ་དུག་སོང་ཤིག་སྭཱ་ཧཱ། ༀ་ན་མོ་ཞེས་སོགས་དང་། འཇིག་རྟེན༴ ཁྱད་པར་དུ་ཡང་འབྱུང་བ་དང་འབྱུང་བ་ལས་གྱུར་བའི་དུག་ཐམས་ཅད་༴ གྱུར་ཅིག །རྒྱས་པར་བྱེད་ན་དེ་རྣམས་སོ་སོར་བྱ་སྟེ། ཁྲུས་ཀྱིས་སྦྱང་བའོ། །དེ་ནས་གང་ལ་སེར་སྣ་རྣམ་ཆགས་པ། རྣམ་འཇོམས་དྲི་མ་མེད་མཛད་ཅིང་། །ཐུགས་ཞི་གནོད་པ་མི་མངའ་དེས། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་མཛད་ཅིང་། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། ཁྱེད་ལ༴། སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། གང་ཞིག་བདེ་བར་མངའ་མཛད་དེས། ཁྱེད་ལ༴ སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། ཁྱེད་ལ༴ གང་ཞིག་འཁོར་བར་འགྲོ་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིག །གླིང་དང་དཔུང་གཉེན་གྱུར་པ་དེས། ཁྱེད་ལ༴ གང་ཞིག་ཆོས་རྣམས་མངོན་སུམ་གྱུར། །གཙང་ཞིང་འཁྲུ་བ་མི་མངའ་བ། །གསུང་གཙང་གཙང་མར་མཛད་པ་དེས། ཁྱེད་ལ༴ དཔའ་བོ་ཆེན་པོ་གང་སྐྱེས་པས། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིག །དོན་གྲུབ་ཆོས་ཀྱང་གྲུབ་པ་དེས། ཁྱེད་ལ༴ གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ཤིང་། །སེམས་ཅན་ཐམས་ཅད་རབ་དགའ་དེས། ཁྱེད་ལ༴ བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེས། ཁྱེད་ལ༴ ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུངས་ཤིང་། །ཐུབ་པའི་སྙན་པ་གང་བྱུང་དེས། ཁྱེད་ལ༴ ཡིད་འཕྲོག་གང་གིས་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་དེ། །ཚོགས་ཀུན་དབང་དུ་མཛད་པ་དེས། ཁྱེད་ལ༴ སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ཚངས་པའི་ལྷ་རྣམས་དང་། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱིས་བསམས་པ་ཡིས། ཁྱོད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་གྱུར། །རྐང་བཞི་ཁྱེད་ཅག་བདེ་ལེགས་གྱུར། ཁྱེད་ཅག་ལམ་བགྲོད་བདེ་གྱུར་ཅིག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང་། ཁྱེད་ཅག་ཀུན་ཏུ་བདེ་ལེགས་གྱུར། ཁྱེད་ཅག་སྡིག་པ་མ་གྱུར་ཅིག །ཆེ་གེ་མོ་ཞེས་བྱ་བ་བདུད་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཅེས་པ་ནི་མི་ཤེས་པ་སྦྱང་བའོ། །གྲངས་མང་པོ་དགོས་པ་ཡིན་ན། བར་པ་རྣམས་ལ་བཀྲ་ཤིས་བསྡུས་པ་གཞན་བརྗོད་ཅིང་། ཕྱག་འཚལ་ཡང་བསྡུས་པ་འམ་མེད་ཀྱང་རུང་ངོ་། །དེ་ནས་ཚེ་འདས་དེ་ཉིད་བསམ་པ་ཐག་པས་དཀོན་མཆོག་གསུམ་དང་ཉེ་བའི་སྲས་བརྒྱད་ལ་སྐྱབས་སུ་འགྲོ་ཞིང་ཕྱག་བྱེད་པར་བསམས་ལ། གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །བདག་ནི་འཇིགས་པས་རྣམ་སྐྲག་ནས། །ཀུན་ཏུ་བཟང་ལ་བདག་ཉིད་འཇུག །འཇམ་པའི་དབྱངས་ལ་བདག་ཉིད་ཀྱིས། །བདག་གི་ལུས་ནི་དབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང་། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ཅན་བདག་ལ་སྐྱོབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང་། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་ཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ནས་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཞིར་འབྱེད་བྱེད་པའི། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེ་མཐོང་ནས། ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱིས། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཚེ་ལྡན་ཡིད་ན་འདི་ནས་ཤིས་བརྗོད་མདོར་བསྡུས་བྱས་པ་འགྲུབ་བོ། །དེ་ན་ཚེ་འདས་ལྷར་བསྐྱེད་པ་ནི། བསང་སྦྱང་སྟོང་པའི་ངང་ལས་རྟེན་པདྨ་དང་ཟླ་བའི་ཞེས་པ་ནས་འཛིན་པར་གྱུར་བའམ། འདིར་ཡེ་ཤེས་པ་འགུག་གཞུག་བྱས་ན་འབྲེལ་ཞིང་། ༀ་བཛྲ་ས་ཏྭ་ས་པ་ར་ཝ་ར་ཨརྒྷཾ་སོགས་ཀྱིས་མཆོད་དེ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། ཞེས་པ་ནས། ཕྱག་འཚལ་རྡོ་རྗེ་སེམས་དཔའ་ལ། ཞེས་བསྟོད། དེ་ནས་ཟས་གཏད་བྱེད་ན། བསངས་ཏེ་གཟི་བྱིན་བསྐྱེད་ལ་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་འདོད་པའི་ཡོན་ཏན་ནམ་མཁའི་ཁམས་གང་བར་གྱུར་བར་བསམས་ལ། ༀ་སརྦ་བིད་པཱུ་ར་པཱུ་ར་ནས་སྥ་ར་ཎ་བཾ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་ལན་གསུམ་དང་ཕྱག་རྒྱས་བྱིན་གྱིས་བརླབས་ཏེ། ཁ་དོག་དབྱིབས༴ ཕྱོགས་དུས༴ མོས་བློས་རྟེན་བསྐྱེད་ལྷ་ལའམ། མཆོད་ནས་ལྷ་ལ་བདག་འབུལ་ན། བཞེས་ཤིང་བླ་མེད་བྱང་ཆུབ་བརྙེས་གྱུར་ཅིག་གམ། བརྙེས་པར་མཛོད། ཅེས་བརྗོད་དེ་འབུལ། དེ་ནས་དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། དཀོན་མཆོག་རིན་ཆེན་ལས་བྱུང་བ། དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་བསྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་སྦྱངས་ཏེ། །འཕགས་པའི་ལམ་དེར་འགྲོ་བར་ཤོག །ༀ་རཏྣེ་རཏྣེ། མ་ཧཱ་རཏྣེ། རཏྣ་སམྦྷ་ཝེ། རཏྣ་ཀི་ར་ཎེ། རཏྣ་མཱ་ལཱ་བི་ཤུདྷ། ཤོདྷ་ཡ་སརྦ་པཱ་པཾ་ཧཱུཾ་ཕཊ། ཅེས་པས་བམ་བསྟན་པ། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨ་ལས་འབྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ༀ་པདྨེ་པདྨེ་པདྨས་སམྦྷ་ཝ། མ་ཧཱ་སུ་ཁཱ་བ་ཏི་ག་ཙྪ་ན་ཏུ་སྭཱ་ཧཱ། མེ་ཏོག་གཏོར་མིང་སྦྱངས་པས། ཚེ་འདས་ཀྱི་རྣམ་ཤེས་དང་ལྷ་ཡེ་ཤེས་པ་དབྱེར་མེད་དུ་འདྲེས་པ་སྤྱི་གཙུག་ནས་ཐོན་ཏེ། བདེ་བ་ཅན་དུ་གཤེགས་པས་དེར་པདྨ་ལས་བརྫུས་ཏེ་སྐྱེས་ནས་དེ་ན་གནས་པའི་བྱང་སེམས་རྙིང་པ་རྣམས་ཀྱིས། མཆོད་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སངས་རྒྱས་འདྲ་བའི་སྟོན་པ་མེད། །ཆོས་དང་འདྲ་བའི་དགེ་བ་མེད། །དགེ་འདུན་འདྲ་བའི་སྣོད་མེད་དེ། །སྔགས་དང་འདྲ་བའི་འདྲེན་པ་མེད། །ཅེས་མཆོད་དུ་བརྗོད་པར་བསམ་དེ་ཡང་བདག་གིས་ཆོ་ག་བྱས་པའི་ནུས་མཐུར་ཤེས་ནས་སྐད་ཅིག་གིས་ཚངས་ཏེ། ཨེ་མའོ་ཤཱཀྱ་མགོན་པོ་ཡི། །སངས་རྒྱས་མཛད་པ་ཡ་མཚན་ཆེ། །གང་ཕྱིར་ངན་སོང་ལྷུང་བ་ཡི། །སེམས་ཅན་གློག་བཞིན་མྱུར་དུ་གྲོལ། །དེ་བཞིན་གཤེགས་པའི་ཆོས་ནི་བསམ་མི་ཁྱབ། །སྔགས་ཀྱི་ཡོན་ཏན་སྣ་ཚོགས་བསམ་མི་ཁྱབ། །བྱང་ཆུབ་བརྟེན་པ་རྣམས་ཀྱང་བསམ་མི་ཁྱབ། །ཚངས་སྤྱོད་ཚུལ་ཁྲིམས་དྲི་མེད་སྐྱེས་བསམ་ཡས། །ཨེ་མ་སངས་རྒྱས་རྣམས་ཀྱི་ནི། །སྔགས་ཀྱི་བྱིན་རླབས་ཡ་མཚན་ཆེ། །གང་ཕྱིར་མཚམས་མེད་ལྷུང་བ་ཡི། །སེམས་ཅན་ལྷ་གནས་མྱུར་དུ་སྐྱེས། །སླར་ཡང་བདེ་བ་ཅན་དུ་གཤེགས་པར་གྱུར། །ༀ་སརྦ་བུད་དྷ་ཀྵཱེ་ཏྲ་གཙྪ་ན་དུ་སྭཱ་ཧཱ། ཞེས་མེ་ཏོག་གཏོར། དེ་ནས་སྨོན་ལམ་མདོར་བསྡུས་གདབ་ཅིང་། གཏང་རག་གི་མཆོད་པ་བསང་སྦྱང་སོགས་བྱས་ནས། ཚིགས་བཅད་གཞན་ནས། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་བཟང་པོའི་མཆོད་ཡིན་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས་ཤཔྟའི་བར་དང་། སྒེག་སོགས་བརྒྱད་ཀྱིས་སྔར་བཞིན་མཆོད། བདེ་གཤེགས་རིགས་ལྔ་འམ་རྫོགས་པའི་སངས་རྒྱས་ཀུན་རིག་རྣམ་སྣང་། །སྦྱོང་བའི་རྒྱལ་པོ་རྒྱལ་མཆོག་རིན་ཆེན་དང་། །ཤཱཀྱ་རིགས་དབང་མེ་ཏོག་ཆེར་རྒྱས་སོགས། །རིགས་ལྔ་ཡུལ་བཞི་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེ་སེམས་སོགས་སེམས་དཔའ་བཅུ་དྲུག་དང་། །སྒེག་མོ་ལ་སོགས་མཆོད་པའི་ལྷ་མོ་བརྒྱད། །ལྕགས་ཀྱུ་ལ་སོགས་སྒོ་བ་རྣམས་པ་བཞི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ༴ བསྐལ་བ་བཟང་པོའི་སེམས་དཔའ་བཅུ་དྲུག་དང་། །ཉན་ཐོས་བཅུ་དྲུག་རང་རྒྱལ་བཅུ་གཉིས་པོ། །སྒོ་སྲུང་ཁྲོ་བོ་ཆེན་པོ་བཅུ་དྲུག་སྟེ། །མགྲོན་ཐབས་དྲུག་ཅུའི་ལྷ་ལ༴ ཕྱི་ཡི་འཁོར་ཡུག་ནས་ཀུན་བསྟོད་པར་བགྱི། །ཞེས་པའམ། བསྟོད་པ་བརྒྱད་པ་སོགས་ཅི་རིགས་ཀྱིས་བསྟོད་ཅིང་། ཡིག་བརྒྱ་བཟླས་པ་ནས། མེ་ཏོག་དང་བཅས། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ཡུལ་ཅན་སྐྱོབ་པའི་ཕྱིར། །མགོན་ཁྱོད་དེ་ཀུན་བཟོད་པར་མཛོད། །མ་རྙེད་ཡོངས་སུ་མ་ཤེས་དང་། །གང་ཡང་ནུས་པ་མ་མཆིས་པར། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛོད་རིགས། །ལྷག་པ་དང་ནི་ཆད་པ་དང་། །ཆོ་གའི་ཡན་ལག་ཉམས་པ་དང་། །བདག་གིས་བརྗེད་ངས་ཅི་མཆིས་པ། །དེ་ཡང་བཟོད་པར་མཛད་དུ་གསོལ། །བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ལ་ཐུགས་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ། མཛད་པའི་འཕྲིན་ལས། སྐྱོབ་པའི་ནུས་མཐུ། བསམ་གྱིས་མི་ཁྱབ་པ། མངའ་བ་ལགས་པས། ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། སེམས་ཅན་ལ་བདེ་སྐྱིད་འབྱུང་བ། ཁྱད་པར་དུ་ཡང་འགྲོ་བ་དམིགས་ཡུལ་གྱིས་གཙོ་བྱས་སེམས་ཅན་ཐམས་ཅད་ཚོགས་གཉིས་རྫོགས་སྒྲིབ་གཉིས་བྱང་ནས་གྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །སྐྱེ་བ་ཐམས་ཅད་དུ་འང་སྔགས་འབའ་ཞིག་སྒྲུབ་པའི་རྟེན་ཤ་སྟག་ཐོབ་པ་དང་། གནས་སྐབས་སུ་བདག་ཅག་ལས་དང་པོ་བསམས་བྱིང་བ་དང་རྒོད་པའི་དབང་གིས་ཆོ་ག་ལྷག་ཆད་ཀྱི་ཉེས་ལྟུང་ཚོགས་ཅི་མཆིས་པར་གྱུར་པ་ཐམས་ཅད་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱོད་རྣམས་ཀྱིས་ཐུགས་བཟོད་པར་བཞེས་ལ། བདག་ཅག་རྣམས་ཀྱི་ཚེ་འདི་ལ་བར་ཆད་དང་ཕྱི་མ་ལ་སྡིག་པ་དང་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརློབ་ཏུ་གསོལ། བདག་ལ་དངོས་གྲུབ་མཆོག་སྩལ་ལགས། །ཏིང་འཛིན་ཀུན་གྱི་འབྲས་བུ་སྩོལ། །སེམས་ཅན་ཀུན་ལ་ཅི་འདོད་པའི། །དངོས་གྲུབ་བླ་ན་མེད་པ་སྩོལ། །ༀ་སརྦ་བིད་ནས་ཧཱུཾ་ཕཊ། མདུན་བསྐྱེད་ཀྱི་སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་རང་རང་གི་བྲིས་སྐུའི་རྟེན་འདི་ཉིད་ལ་ཐིམ་ཞིང་། ཇི་སྲིད་འབྱུང་བཞིའི་གནོད་པས་མ་ཞིག་གི་བར་བརྟན་པར་བཞུགས་སུ་གསོལ། །ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྟན་བཞུགས་བྱ། དེ་ནས་བདག་གི་དགེ་བའི་ལས་རྣམས་འདི་དག་གིས། ནས་གཟིར་ལས་དགྲོལ། ༀ་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ཞེས་དང་། རྡུལ་ཚོན་གཤེགས་གསོ་བ་ཡིན་ན། སརྦ་བིད་ཅེས་སོགས་རང་རང་གི་སྙིང་པོ་ལན་གསུམ་གསུམ་བཟླ་ཞིང་། བཛྲ་མུཿཞེས་དང་། བཛྲ་མུཿཞེས་བྱ་ཞིང་། རྟ་མཆོག་མིན་ན་གཤེགས་གསོལ་བསྒྲུབ་པ་མཆོག་སྟེ། དེ་ཡང་ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་ས་ཏྭ། བཛྲ་མུཿ བདག་བསྐྱེད་དང་བུམ་བསྐྱེད་ཀྱི་ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས། བཛྲ་ས་མ་ཛཿ དམ་ཚིག་པའི་དཀྱིལ་འཁོར་རྣམས་བསྡུས་ཏེ་རང་ཉིད་ལ་ཐིམ་པར་གྱུར། རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར། ༀ་སརྦ་བིད་ༀ། ༀ་སརྦ་བིད་ཨཿ ༀ་སརྦ་བིད་ཧཱུཾ། བཛྲ་ཀརྨཱ་ཀཾ །བཛྲ་རཀྵ་རཾ། བཛྲ་ཡཀྵ་ཀྵཾ། བཛྲཾ་སནྡྷི་ཥྚཾ། ༀ་བཛྲ་ས་ཏྭ་ཨུཥྚི་ཥ་ཧཱུཾ་ཕཊ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ཚོགས་བྱུང་སྟེ་རང་གི་སྤྱི་བོར་གཙུག་ཏོར་གྱི་ཚུལ་དུ་གནས་པར་གྱུར། ཞེས་བརྗོད། བླ་བརྒྱུད་སྨོན་ལམ་ཤིས་བརྗོད་རྣམས་ལོགས་སུ་འབྱུང་བ་ལྟར་ལ། བསྡུ་ན། བླ་བརྒྱུད་ནི། མ་ནོ་བུདྡྷ་བཻ་རོ་ཙ་ན་ཡེ། ཁྱབ་བདག་ཆེན་པོ་རྣམ་སྣང་མཛད། །དགྲ་ལས་རྣམ་རྒྱལ་ཀུན་དགའ་སྙིང་། །རབ་འབྱོར་བསྐྱངས་དང་ན་ཡ་ཀར། །གསོལ་བ་འདེབས་སོ་དངོས་གྲུབ་སྩོལ། །མཻ་ཏྲི་པ་དང་རྡོ་རྗེ་གདན། །ནིས་ཀ་ལཾ་ཀ་ཝ་རནྟ། །ཆག་ལོ་གཡག་སྟེ་ལེགས་པའི་བློར། །གསོལ༴ དཔལ་ལྡན་སེང་གེ་བུ་སྟོན་ཞབས། ཁྱད་ལྷས་རྗེ་བཙུན་ཙོང་ཁ་པ། །འདུལ་འཛིན་ལ་སོགས་བླ་མ་ལ། །གསོལ་བ༴ དེ་ལྟར་གུས་པས་གསོལ་བཏབ་མཐུས། །སྐྱེ་ཀུན་རྗེས་བཟུང་ངན་སོང་ལས། །དེས་ཐར་དལ་བའི་རྟེན་རྙེད་ནས། །བླ་མེད་བྱང་ཆུབ་ཐོབ་གྱུར་ཅིག །བསྟོད་པ་ནི། རྣམ་དག་ཆོས་དབྱིངས་ཡེ་ཤེས་དངོས། །རིགས་ཀུན་ཁྱབ་བདག་དཀྱིལ་འཁོར་གཙོ། །ཞལ་བཞི་ཕྱག་གཉིས་མཉམ་གཞག་ཅན། །རྣམ་པར་སྣང་མཛད་ལ་ཕྱག་འཚལ། །མེ་ལོང་མཉམ་ཉིད་སོ་སོར་རྟོག །བྱ་གྲུབ་ཡེ་ཤེས་བཞི་ཡི་དངོས། །སྦྱོར་རྒྱལ་ལ་སོགས་རིགས་བཞི་ཡི། །བདེ་གཤེགས་རྣམས་ལ༴ རྣམ་པར་ཐར་པའི་སྒོ་བཞི་ཡི། །ཏིང་ངེ་འཛིན་བཞི་རྣམ་དག་ཅིང་། །རིགས་བཞིའི་ཡུམ་གྱུར་སྤྱན་ལ་སོགས། །ལྷ་མོ་བཞི་ལ་ཕྱག༴ ནང་དང་ཕྱི་དང་གཉིས་ཀ་དང་། །ཆེན་པོ་སྟོང་པའི་ཏིང་འཛིན་དངོས། །རྡོར་སེམས་ལ་སོགས་ཤར་ཕྱོགས་ཀྱི། །སེམས་དཔའ་རྣམས་ལ་ཕྱག༴ སྟོང་ཉིད་དོན་དམ་འདུས་བྱས་དང་། །འདུས་མ་བྱས་ཀྱི་ཏིང་འཛིན་དངོས། །རིན་ཆེན་ལ་སོགས་ལྷོ་ཕྱོགས་ཀྱི། །སེམས་དཔའ་རྣམས་ལ་ཕྱག༴ མཐའ་འདས་ཐོག་ཐ་དོར་བ་མེད། །རང་བཞིན་སྟོང་པའི་ཏིང་འཛིན་དངོས། །རྡོ་རྗེ་ཆོས་སོགས་ནུབ་ཕྱོགས་ཀྱི། །སེམས་དཔའ་རྣམས་ལ་ཕྱག༴ རང་མཚན་དངོས་པོ་དངོས་མེད་དང་། །ངོ་བོ་སྟོང་པའི་ཏིང་འཛིན་དངོས། །རྡོ་རྗེ་ལས་སོགས་བྱང་ཕྱོགས་ཀྱི། །སེམས་དཔའ་རྣམས་ལ་ཕྱག༴ སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་ཕ་རོལ་ཕྱིན་པའི་དངོས། །རྡོ་རྗེ་སྒེག་མོ་ལ་སོགས་པ། །ནང་གི་ལྷ་མོ་བཞིར་ཕྱག་འཚལ། །བསམ་གཏན་ཤེས་རབ་སྨོན་ལམ་དང་། །ཐབས་ཀྱི་ཕ་རོལ་ཕྱིན་པའི་དངོས། །རྡོ་རྗེ་བདུག་པ་མ་ལ་སོགས། །ཕྱི་ཡི་ལྷ་མོ་བཞིར་ཕྱག་འཚལ། །དད་དང་བརྩོན་འགྲུས་དྲན་པ་དང་། །ཏིང་ངེ་འཛིན་བཞི་དག་པའི་དངོས། །ལྕགས་ཀྱུ་ཞགས་པ་ལྕག་སྒྲོག་དང་། །དྲིལ་བུ་རྣམས་ལ་ཕྱག༴ ནང་སྟོང་ཉིད་ལ་སོགས་པ་ཡི། །སྟོང་ཉིད་བཅུ་དྲུག་རྟོགས་པའི་ཆ། །བྱམས་པ་ལ་སོགས་བསྐལ་བཟང་གི །སེམས་དཔའ་རྣམས་ལ༴ ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ཀྱི། །བསླབ་གསུམ་ལ་གནས་སྦྱངས་སྟོབས་ལྡན། །ཐོས་པའི་ཕ་རོལ་ཕྱིན་གྱུར་པ། །ཉན་ཐོས་རྣམས་ལ༴ ཟབ་མོ་རྟེན་འབྲེལ་བཅུ་གཉིས་ཀྱི། །ལུགས་འབྱུང་ལྡོག་ལ་གོམས་པ་ཡིས། །རང་བྱུང་ཡེ་ཤེས་མངོན་མཛད་པའི། །རང་རྒྱལ་རྣམས་ལ༴ ཐུགས་མཆོག་ཞི་ལས་མ་གཡོས་ཀྱང་། །གདུག་པ་ཚར་གཅོད་ཁྲོས་པའི་སྐུ། །བདུད་དང་གདོན་བགེགས་འཇོམས་མཛད་པ། །ཁྲོ་རྒྱལ་རྣམས་ལ་ཕྱག་འཚལ་བསྟོད། །སྨོན་ལམ་ནི། དེ་ལྟར་ཐམས་ཅད་རིག་པའི་དཀྱིལ་འཁོར་ལ། མཆོད་བསྟོད་བཟླས་དང་བསྒོམས་པའི་རྣལ་འབྱོར་སོགས། ལེགས་པར་བསྒྲུབས་པའི་རྣམ་དཀར་ཕུང་པོ་ཡིས། །འགྲོ་ཀུན་སྲིད་ཞིའི་འཇིགས་ལས་གྲོལ་གྱུར་ཅིག །དམ་ཆོས་སྒྲུབ་པའི་དལ་བའི་རྟེན་རྙེད་ནས། །ཐེག་པ་མཆོག་གི་མགོན་གྱིས་རྗེས་བཟུང་སྟེ། །དཀར་ནག་ལས་དང་དེ་རྒྱུ་ཕྲ་རགས་ལ། །འཇུག་ལྡོག་ཚུལ་བཞིན་བྱེད་པ་ཉིད་གྱུར་ཅིག །འཁོར་བའི་ངང་ཚུལ་མེ་འོབས་ལྟར་མཐོང་ནས། །ངེས་འབྱུང་བློ་ཤུགས་དྲག་པོ་རབ་སྐྱེ་ཞིང་། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ། །ཕྱིན་དྲུག་རླབས་ཆེན་སྤྱོད་ལ་འཇུག་པར་ཤོག །དེ་ནས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ཏེ། །དམ་ཚིག་སྡོམ་པ་ཚུལ་བཞིན་སྲུང་བ་དང་། །རྣལ་འབྱོར་རྒྱུད་རྣམས་ཀུན་ལ་ཐོས་བསམ་གྱིས། །ཞུགས་ནས་ཟབ་ལམ་སྒྲུབ་པ་ཉིད་གྱུར་ཅིག །ལྕེ་ལག་བྱིན་གྱིས་བརླབས་པས་ལུས་ངག་གི །ཕྱག་རྒྱའི་རིག་བྱེད་མཐུ་ཆེན་ལྡན་པ་དང་། །འཇིག་རྟེན་གསུམ་རྒྱལ་རྣལ་འབྱོར་མཆོག་སོགས་ཀྱིས། །བགེགས་རྣམས་ཚར་གཅོད་སྲུང་བར་བྱེད་པར་ཤོག །བཅོམ་ལྡན་རྣམ་པར་སྣང་མཛད་དཀྱིལ་འཁོར་གྱི། །ཞིང་ལ་དམིགས་པའི་བསོད་ནམས་ཚོགས་བསགས་ཏེ། །ལག་སོར་ཐབས་ཤེས་ངོ་བོར་བྱིན་བརླབས་པས། །ཕྱག་རྒྱ་འཆིང་དང་དགྲོལ་ལ་དབང་བར་ཤོག །མ་དག་སྣོད་སྦྱོང་གཞལ་ཡས་ཁང་བསྒོམས་པ། །དེར་ནི་རྒྱལ་བའི་སྐུ་གསུང་ཐུགས་མཚོན་པའི། །ཆོ་ག་གསུམ་གྱི་སྦྱོར་བས་རྣམ་སྣང་གི །དང་པོ་སྦྱོར་བའི་ཏིང་འཛིན་རྫོགས་གྱུར་ཅིག །རིགས་ཀུན་བདག་པོའི་ཐུགས་ཀར་ཟླ་གདན་སྟེང་། །རང་རང་ས་བོན་ཕྱག་མཚན་སྐུ་རྫོགས་པའི། །སྤྲོ་བསྡུའི་རིམ་པས་རིགས་ལྔ་ཡབ་ཡུམ་སོགས། །དཀྱིལ་འཁོར་རྒྱལ་མཆོག་ཏིང་འཛིན་མཐར་ཕྱིན་ཤོག །ཐ་མལ་ལུས་ངག་ཡིད་གསུམ་བྱ་བའི་དྲི། །ཕྱག་རྒྱ་བཞི་ཡི་རྒྱས་བཏབ་ཀྱི་སྦྱངས་ཏེ། །རྒྱལ་བའི་སྐུ་གསུང་ཐུགས་དང་འཕྲིན་ལས་བཞི། །འགྲུབ་པའི་ནུས་པ་མཐུ་ལྡན་འཇོག་པར་ཤོག །ཟབ་གསལ་གཉིས་སུ་མེད་པར་རབ་སྦྱོར་བའི། །མཚན་བཅས་རྣལ་འབྱོར་མཆོག་ལ་སེམས་བརྟན་ནས། །དེ་ཉིད་ལ་སེམས་མཚན་མེད་རྣལ་འབྱོར་བཅས། །ལས་ཀྱི་རྒྱལ་པོ་མཆོག་ནི་འགྲུབ་གྱུར་ཅིག །དེ་ལྟར་བསྒོམས་དང་བཟླས་པའི་རྣལ་འབྱོར་རྣམས། །ཚུལ་བཞིན་བསྒྲུབས་པས་རང་རྒྱུད་སྨིན་བྱས་ནས། །གཞན་དག་རྗེས་འཛིན་འགྲོ་བ་ཐམས་ཅད་ཀྱང་། །རྣམ་སྣང་གོ་འཕང་མཆོག་ལ་འགོད་གྱུར་ཅིག །ཅེས་པ་སྟེ། འདི་ལ་ཚིགས་བཅད་བཅུ་གཅིག་ཡོད་ལ། སྨོན་ལམ་སྔོན་མ་ལ་ཉེར་དྲུག་སྣང་ངོ་། །ཤིས་བརྗོད་ནི། ནམ་མཁའི་ཁྱོན་ཀུན་ཏིལ་གྱི་གང་བུ་ལྟར། །ཡོངས་སུ་ཁྱབ་པའི་ཀུན་རིག་ལྷ་ཚོགས་ནི། ཁ་ཅིག་མེ་ཏོག་ཆར་འབེབས་ཤིས་པ་བརྗོད། །གཞན་དག་བགེགས་དཔུང་འཇོམས་པའི་འཕྲིན་ལས་ཀྱིས། ཁྱེད་ལ་དཔལ་གནས་མཛད་པར་ཤེས་གྱིས་དང་། །ཤིས་བརྗོད་འཕྲེང་བ་བདག་གིས་བསྒྲག་པར་བྱ། །རིགས་ཀུན་ཁྱབ་བདག་རྣམ་སྣང་ཛེ་ཏ་རི། །ཀུན་སྙིང་སངས་རྒྱས་གསང་བ་བྱང་ཆུབ་མཆོག །རྒྱལ་བ་གཉིས་པ་ཡབ་སྲས་ལ་སོགས་པ། །དངོས་དང་བརྒྱུད་པའི་བླ་མ་དམ་པ་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། ཁྱེད་ཀྱི་མི་མཐུན་རྒུད་པ་ཀུན་སེལ་ཞིང་། །བདེ་ལེགས་ཡང་ངོའི་ཟླ་བཞིན་འཕེལ་གྱུར་ནས། །ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག །བདེ་གཤེགས་རིགས་ལྔ་ཡུམ་བཞི་སེམས་དཔའ་སོགས། །བཅོམ་ལྡན་ཐམས་ཅད་རིག་པའི་ལྷ་ཚོགས་དང་། །རྣལ་འབྱོར་རྒྱུད་རྣམས་ཀུན་གྱི་རྒྱལ་པོ་མཆོག །དཔལ་ལྡན་ངན་སོང་སྦྱོང་བའི་རྒྱུད་རྒྱལ་དང་། །རབ་འབྱམས་ཞིང་ན་རྒྱུད་འདིའི་ཚིག་དོན་གྱི། །ཕྱོགས་གཅིག་འཛིན་པར་བྱེད་པའི་དགེ་འདུན་ལ། །ལེགས་ཚོགས༴ ཁྱེད་ཀྱི༴ བདེ་ལེགས༴ ཕུན་ཚོགས༴ ནམ་མཁའི་ཁྱོན་ལྟར་རམ། ཡང་ན། རབ་ཡངས་མཐོ་ཞིང་མཛེས་པའི་ཕོ་བྲང་མཆོག །ཉི་ཟླའི་འོད་འཕྲོ་རིན་ཆེན་རྒྱན་གྱིས་སྤྲས། །དཀྱིལ་འཁོར་ལྷ་རྣམས་འདུ་ཤིང་འཕྲོ་བའི་གཞི། །ཡེ་ཤེས་རང་བཞིན་གཞལ་ཡས་ཁང་ཆེན་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། ཁྱེད་ཀྱི༴ བདེ་ལེགས༴ ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག །ཅེས་བླ་བརྒྱུད་བསྟོད་པ་སྨོན་ལམ་ཤིས་བརྗོད་མདོར་བསྡུས་པའི་རྣམས་ནི་བཤད་སྒྲུབ་མིང་ཅན་གྱིས་གཞན་ལ་དགོས་མི་དགོས་ཇི་ལྟར་ཡང་རང་སྐལ་དུ་སྦྱར་བའོ། །གཞན་ཡང་། བདེ་གཤེགས་རིགས་ལྔ་རྒྱལ་བ་ཡུམ་བཞི་དང་། །སེམས་དཔའ་བཅུ་དྲུག་སྒེག་སོགས་རྣམ་པ་བརྒྱད། །སྒོ་བ་བཞི་དང་རྩ་ལྷ་སུམ་ཅུ་བདུན། །དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །ཆེ་བའི་ཆེ་མཆོག་སྟོན་པ་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་པར་འཕེལ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་སྡུག་བསྔལ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཚངས་དང་ལྷ་དབང་བསྲུང་མའི་བྱིན་རླབས་ཀྱིས། །ཕན་མཛད་ལྷ་ཡི་བཀྲ་ཤིས་གནས་གྱུར་ཏེ། །བདེ་ལེགས་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །ཅེས་ཀུན་རིག་གི་ཆོག་བསྒྲིགས་འདི་ནི། དད་ལྡན་དུ་མས་ཀུན་རིག་འདི་རང་གཞན་རྣམས་ལ་ཚེ་ཕྱི་མར་མ་ཟད་ཚེ་འདིར་ཡང་ཕ་མ་ལས་ཀྱང་དྲིན་ཆེ་བར་སྣང་བས་ཆོག་བསྒྲིགས་འདི་ལྟ་བུ་ཞིག་བྱས་ན་རང་གཞན་དུ་མ་ལ་ཕན་ཆེ་བར་འགྱུར་རོ་ཞེས་པ་སྐུལ་བས་རྐྱེན་བྱས་ཏེ། འདིའི་ཆོ་ག་བྲིས་མ་འགའ་རེ་འདུག་ཀྱང་ཕལ་ཆེར་སྒྲིགས་མ་ཤེས་པའི་ལྷག་ཆད་ཅན་དང་། ཟློས་པའི་སྐྱོན་ཆེ་བར་མཐོང་ནས། ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱི་ཕྱག་རྒྱ་སོགས་རྒྱུད་དོན་གསལ་བར་ཤེས་དགོས་པའི་དབང་དུ་བྱས་ཏེ་ཧ་ལམ་འདོན་ཆ་དང་མཐུན་པར་བསྒྲིགས་པའི་ཚེ། གནས་བརྟན་བློ་བཟང་རིན་ཆེན། བསྟན་འཛིན་དཔལ་བཟང་། ཀུན་དགའ་ནོར་བུ་གསུམ་གྱིས་དད་པས་པར་གྱི་ཡི་གེ་བ་བྱས་ཤིང་། ཐེ་པོ་སྐུ་སྐྱེས་པར་ཤིང་གི་མཐུན་རྐྱེན་སྦྱར་བ་ལ་བརྟེན་ནས་པར་དུ་བསྒྲུབས་པའི་དགེ་བས། རང་གཞན་རྣམས་འཁོར་བ་དང་ངན་སོང་ལས་ཐར་ནས་མྱུར་དུ་འཚང་རྒྱ་བར་གྱུར་ཅིག །བཀྲ་ཤིས་པར་གྱུར་ཅིག། །།

ངན་སོང་སྦྱོང་བའི་ཐབས་འཇུག་ངོགས་བདེ་བའི་ལམ།

ངན་སོང་སྦྱོང་བའི་ཐབས་འཇུག་ངོགས་བདེ་བའི་ལམ་ཞེས་བྱ་བ་བཞུགས།

ན་མོ་བཻ་རོ་ཙ་ན་ཡེ། གང་གི་མཚན་ཙམ་དྲན་པས་ཀྱང་། །ངན་སོང་སྡུག་བསྔལ་དྲུང་འབྱིན་པ། །བཅོམ་ལྡན་ཐམས་ཅད་རིག་པ་ལ། །གུས་འདུད་དེ་ཉིད་མཆོད་ཚུལ་བཤད། །འདིར་ངན་སོང་ཐམས་ཅད་སྦྱོང་བར་མཛད་པའི་ལྷ་མཆོག་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་པ་རྣམས་ལ་མཆོད་ཅིང་སྔགས་བཟླས་པ་དང་བཅས་པའི་རྣལ་འབྱོར་འཁྱེར་བདེར་འགོད་པ་ལ། སངས་རྒྱས་ཆོས་ཚོགས་མ་ལྟ་བུའི་སྒོ་ནས་སྐྱབས་འགྲོ་སེམས་བསྐྱེད་བཅས་སྔོན་དུ་བཏང་ནས། རང་ཉིད་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པར་གྱུར་པར་བསམས་ལ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་དང་མཐེའུ་ཆུང་མདུད་པ་བཀན་ནས་སྙིང་གར་བཞག་པ་གཡས་སྐོར་དུ་བསྐོར་བ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བྱས་ཏེ། ༀ་སརྦ་བིད་མཎྜལ་བཛྲ་ཙཀྲ་ཧཱུཾ། ལན་གསུམ་མམ་གཅིག །མདུན་དུ་བཅོམ་ལྡན་འདས་ཀུན་རིག་གི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་སུམ་དུ་གྲུབ་པར་གྱུར་པར་བསམས། ཕྱག་རྒྱ་དེ་ཉིད་ཁའི་དྲུང་དུ་བཞག་པ་ལ་ལྟ་བཞིན་དུ་སྔགས་དེ་ཉིད་བརྒྱ་རྩ་བརྒྱད་དམ་ཉེར་གཅིག་གམ་མ་ཐ་བདུན་བརྗོད། དེ་ནས་གཞལ་ཡས་ཁང་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་དབུས་སུ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་བཞི་དཀར་བ། ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱས་འཁོར་ལོ་རྩིབས་བརྒྱད་པ་བསྣམས་པ། ཤར་དུ་ངན་སོང་སྦྱོང་བའི་རྒྱལ་པོ། ལྷོར་རྒྱལ་མཆོག་རིན་ཆེན། ནུབ་ཏུ་ཤཱཀྱ་རིག་དབང་། བྱང་དུ་མེ་ཏོག་ཆེར་རྒྱས། ཤར་ལྷོར་སྤྱན་མ། ལྷོ་ནུབ་ཏུ་མཱ་མ་ཀཱི། ནུབ་བྱང་དུ་གོས་དཀར་མོ། བྱང་ཤར་དུ་སྒྲོལ་མ། ཤར་གྱི་རྩིབས་དང་པོ་ལ་རྡོ་རྗེ་སེམས་དཔའ། གཉིས་པ་ལ་རྡོ་རྗེ་རྒྱལ་པོ། གསུམ་པ་ལ་རྡོ་རྗེ་ཆགས་པ། བཞི་པ་ལ་རྡོ་རྗེ་ལེགས་པ། ལྷོའི་རྩིབས་དང་པོ་ལ་རྡོ་རྗེ་རིན་ཆེན། གཉིས་པ་ལ་རྡོ་རྗེ་གཟི་བརྗིད། གསུམ་པ་ལ་རྡོ་རྗེ་རྒྱལ་མཚན། བཞི་པ་རྡོ་རྗེ་བཞད་པ། ནུབ་ཀྱི་རྩིབས་དང་པོ་ལ་རྡོ་རྗེ་ཆོས། གཉིས་པ་ལ་རྡོ་རྗེ་རྣོན་པོ། གསུམ་པ་ལ་རྡོ་རྗེ་རྒྱུ། བཞི་པ་ལ་རྡོ་རྗེ་སྨྲ་བ། བྱང་གི་རྩིབས་དང་པོ་ལ་རྡོ་རྗེ་ལས། གཉིས་པ་ལ་རྡོ་རྗེ་སྲུང་བ། གསུམ་པ་ལ་རྡོ་རྗེ་གནོད་སྦྱིན། བཞི་པ་ལ་རྡོ་རྗེ་ཁུ་ཚུར། ནང་གི་ཤར་ལྷོར་སྒེག་མོ། ལྷོ་ནུབ་ཏུ་འཕྲེང་བ་མ། ནུབ་བྱང་དུ་གླུ་མ། བྱང་ཤར་དུ་གར་མ། ཕྱིའི་ཤར་ལྷོར་བདུག་པ་མ། ལྷོ་ནུབ་ཏུ་མེ་ཏོག་མ། ནུབ་བྱང་དུ་མར་མེ་མ། བྱང་ཤར་དུ་དྲི་ཆབ་མ། ཤར་སྒོར་རྡོ་རྗེ་ལྕགས་ཀྱུ། ལྷོ་སྒོར་རྡོ་རྗེ་ཞགས་པ། ནུབ་སྒོར་རྡོ་རྗེ་ལྕགས་སྒྲོགས། བྱ་སྒོར་རྡོ་རྗེ་འབེབས་པ། ལྷ་སྣམ་ནང་མ་ལ་བསྐལ་བཟང་གི་སེམས་དཔའ་བཅུ་དྲུག །བར་པ་ལ་ཉན་ཐོས་བཅུ་དྲུག །ཕྱི་མ་ལ་རང་རྒྱལ་བཅུ་གཉིས། སྒོ་བཞིར་ཁྲོ་བོ་ཆེན་པོ་བཅུ་དྲུག་རྣམས་རང་རང་གི་རྒྱན་ཆ་ལུགས་དང་བཅས་པར་གྱུར། དེ་རྣམས་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་པའི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྐད་ཅིག་གིས་སྤྱན་དྲངས། མ་ལུས་སེམས་ཅན་ཞེས་སོགས་ཚིགས་བཅད་གཅིག་གི་འཕྲོར་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་ཏེ། ༀ་བཛྲ་ས་མཱ་ཛཿཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་སོ་སོ་དང་གཉིས་སུ་མེད་པར་གྱུར་བར་བསམས་ལ། ཐལ་མོ་སྦྱར་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་བཱ་ད་བནྡྷ་ནཱཾ་ཀ་རོ་མི། མཉམ་མེད་མའམ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །ནས། རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཞེས་པ་དང་། བདེ་གཤེགས་རིགས་ལྔ་རྒྱལ་བ་ཡུམ་བཞི་དང་། །སེམས་དཔའ་བཅུ་དྲུག་སྒེག་སོགས་ལྷ་མོ་བརྒྱད། །སྒོ་བ་བཞི་སྟེ་རྩ་ལྷ་སུམ་ཅུ་བདུན། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་ཕྱག་འཚལ། དེ་ནས་མཆོད་པ་བྱིན་གྱིས་བརླབ་པ་འམ། མིན་ཡང་རུང་སྟེ་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམས་ལ། ༀ་སརྦ་ཏ་ཐཱ་ག་ཏ་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ནས། ཤཔྟ་པྲ་ཏཱིཙྪའི་བར་དང་། དེ་བཞིན་དུ་རཱུ་པ་ནས། སྤར་ཤའི་བར་དང་། ཙཀྲ་རཏྣ་ནས། ཁངྐ་རཏྣ་པྲ་ཏཱིཙྪའི་བར་གྱིས་མཆོད། རྒྱས་པར་ན་རབ་འབྱམས་རྒྱ་མཚོ་དཔག་མེད་ན་སོགས་ཚིགས་བཅད་གང་འདོད་དང་སྦྱར་ནས་ཕུལ་ཆོག་ཅིང་། མཎྜལ་རྒྱས་པའམ། ས་གཞི་སྤོས་ཀྱིས་ཞེས་སོགས་ཀྱིས་ཕུལ། དེ་ནས། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ནས། ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །ཞེས་པའི་བར་གྱིས་ཡན་ལག་ལྷག་མ་རྣམས་བྱ་བའམ། ཡང་ན། དབང་མེད་བདག་གིས་ཞེས་པ་ནས། སེམས་ཅན་སྡུག་བསྔལ་ཡང་འོས་གཟིར་ལས་དགྲོལ། ཞེས་པའི་བར་ཀུན་རིག་ཆོ་ག་ནས་འབྱུང་བ་ལྟར་ཡང་རུང་། དེ་ནས་རབ་རྡོ་རྗེ་བསྟོད་རིང་ངམ། བསྡུ་ན། རྫོགས་པའི་སངས་རྒྱས་ཀུན་རིག་རྣམ་སྣང་དང་། །སྦྱོང་བའི་རྒྱལ་པོ་རྒྱལ་མཆོག་རིན་ཆེན་དང་། །ཤཱཀྱ་རིག་དབང་མེ་ཏོག་ཆེར་རྒྱས་སོགས། །རིགས་ལྔ་ཡུམ་བཞི་རྣམས་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་སེམས་སོགས་སེམས་དཔའ་བཅུ་དྲུག་དང་། །སྒེག་མོ་ལ་སོགས་མཆོད་པའི་ལྷ་མོ་བརྒྱད། །ལྕགས་ཀྱུ་ལ་སོགས་སྒོ་བ་རྣམ་པ་བཞི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །བསྐལ་པ་བཟང་པོའི་སེམས་དཔའ་བཅུ་དྲུག་དང་། །ཉན་ཐོས་བཅུ་དྲུག་རང་རྒྱལ་བཅུ་གཉིས་པོ། །སྒོ་སྲུང་ཁྲོ་བོ་ཆེན་པོ་བཅུ་དྲུག་སྟེ། །མགྲོན་ཐབས་དྲུག་ཅུའི་ལྷ་ལ་ཕྱག་འཚལ་བསྟོད་དམ། །ཡང་ན་གསོལ་བ་འདེབས་ཞེས་བསྒྱུར་ཡང་རུང་། དེ་ནས་བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་གུས་པས་གསོལ་བ་འདེབས་སོ། །བདག་སོགས་སེམས་ཅན་ཐམས་ཅད་ལ་འཁོར་བ་དང་ངན་སོང་འཇིགས་པ་ཐམས་ཅད་ལས་སྐྱོབ་ཏུ་གསོལ། དེའི་རྒྱུར་གྱུར་བའི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་ལན་མང་དུ་གསོལ་བ་གདབ་ཅིང་མཐར། ལྷ་རྣམས་ཀྱི་སྐུའི་ཆ་དང་ཐུགས་ཀ་ནས་འོད་དང་བདུད་རྩིའི་རྒྱུན་བྱུང་སྟེ། རང་གི་སྙིང་ག་ལ་སོགས་པའི་གནས་རྣམས་སུ་ཞུགས་ནས་བྱིན་གྱིས་བརླབས་པ་གྱུར་ཅེས་བརྗོད་ཅིང་བསམ། དེ་ནས་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཏེ། ༀ་བཛྲ་ས་མཱ་ཛཿལྷ་རྣམས་སྤྱན་དྲངས་ནས་རང་གི་སྙིང་གར་པད་ཟླའི་གདན་ལ་བཞུགས་པར་གྱུར་པར་བསམས་ལ། ༀ་སརྦ་བིད་སརྦ་ཨཱ་ཝ་ར་ཎཱ་བི་ཤོདྷ་ན་ཧ་ན་ཧཱུཾ་ཕཊ། ༀ་སརྦ་བིད་ཧཱུཾ། ༀ་སརྦ་བིད་ཕཊ། ༀ་སརྦ་བིད་ཨཱཿ ༀ་སརྦ་བིད་ཏྲ་ཏ། ༀ་བུད་དྷ་ལོ་ཙ་ནེ་ཧཱུཾ། ༀ་བཛྲ་མཱ་ཀཱི་ཏྲཱཾ། ༀ་བཛྲ་པཎྜ་རེ་དེ་ཧི་དེ་ཧི་སིཾདྡྷ་བོ་དྷི་ལོ་ཀོཏྟཱ་རི་བཱཾ་སྭཱ་ཧཱ། ༀ་བཛྲ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་ཧཱུཾ་ཧཱུཾ་ཧཱུཾ་སྭ་སྭ་སྭ་སྭཱ་ཧཱ། ༀ་བཛྲ་ས་ཏྭ་ཧཱུཾ། ༀ་བཛྲ་རཱ་རཱ་ཛཿ ༀ་བཛྲ་རཱ་ག་ཧོཿ ༀ་བཛྲ་སཱ་དྷུ་དྷུ། ༀ་བཛྲ་རཏྣ་ཏྲཱཾ། ༀ་བཛྲ་ཏེ་ཛ་ཪྱ། ༀ་བཛྲེཀེ་ཏུ་བྷྲི། ༀ་བཛྲ་ཧཱ་སི་ཧཱ། ༀ་བཛྲ་དྷརྨཱཿཧྲཱིཿ ༀ་བཛྲ་ཏཱི་ཀྵ་དྷིཿ ༀ་བཛྲ་ཧེ་ཏུ་ཀྲུཾ། ༀ་བཛྲ་བྷ་ཥ་བྷ། ༀ་བཛྲ་ཀརྨཱཿཀཾ །ༀ་བཛྲ་རཀྵཾ་རཾ། ༀ་བཛྲ་ཡཀྵ་ཀྵཾ། ༀ་བཛྲ་སིནྡྷ་ཥྚཾ། ༀ་བཛྲ་ལཱ་སྱ་ཧཱུཾ། ༀ་བཛྲ་མཱ་ལེ་ཏྲཱཾ། ༀ་བཛྲ་གཱིརྟི་ཧྲཱིཿ ༀ་བཛྲ་ནྲི་ཏྱ་ཨཱཿ ༀ་བཛྲ་དྷཱུ་པེ་ཧཱུཾ། ༀ་བཛྲ་པུཥྤེ་ཏྲཱཾ། ༀ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ༀ་བཛྲ་གནྡྷེ་ཨཱཿ ༀ་བཛྲ་ཨཾ་ཀུ་ཤ་ཛཿ ༀ་བཛྲ་པཱ་ཤ་ཧཱུཾ། ༀ་བཛྲ་སྥོ་ཊ་པཾ། ༀ་བཛྲ་གཎྜ་ཧོཿ ༀ་སརྦ་སཾ་སྐཱ་རི་པ་རི་ཤོདྷཱ་ན་དྷརྨཱཿ ཏེ་ག་ག་ན་ས་མུད་ག་ཏེ་མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ། ༀ་ན་མོ་བྷ་ག་ཝ་ཏེ། སརྦ་དུརྒ་ཏི་པ་རི་ཤོདྷ་ན་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སཾ་མྱ་ཀ་སཾ་བུདྡྷ་ཡ། ཏཏྱ་ཐཱ། ༀ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོདྷ་ནེ། ཤུད་དྷེ་བི་ཤུད་དྷེ། སརྦ་ཀརྨཱ ཿཨཱ་ཝ་ར་ཎཱ་བི་ཤོ་དྷ་ནེ་སྭཱ་ཧཱ། རྣམས་ཅི་འགྲུབ་བཟླས་ཏེ། ཡིག་བརྒྱ་བརྗོད། དགེ་བ་འདི་ཡིས་མྱུར་དུ་བདག །རྣམ་སྣང་འཁོར་བཅས་འགྲུབ་གྱུར་ནས། ནས། འགོད་པར་ཤོག །ཅེས་པའི་བར་གྱིས་བསྔོ་སྨོན་བྱའོ། །གཞན་ངན་སོང་ནས་འདྲེན་པའི་སྔོན་དུ་རང་ཉིད་དེར་མི་ལྟུང་བའི་ཐབས་བྱེད་དགོས་པས་ཀུན་རིག་གི་ཆོ་ག་རྒྱས་པ་མ་ལྕོགས་ནའང་ཚུལ་དེ་ལྟར་ཉིན་རེ་བཞིན་ཉམས་སུ་བླངས་ན་ངན་སོང་ལས་ཐར་ཏེ་ལྷ་མིའི་རྟེན་ཁྱད་པར་ཅན་འགྲུབ་པར་འགྱུར་བ་གདོན་མི་ཟའོ། །ཞེས་པ་འདིའང་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་རང་གི་ཉམས་ལེན་ལྟར་བགྱིས་པའི་ཡི་གེ་པ་ནི་དད་དང་རྣམ་དཔྱོད་ལྡན་པའི་གནས་བརྟན་ཀུན་དགའ་ཆོས་འབྱོར་ཏེ། འདིས་ཀྱང་རང་གཞན་ལ་ཕན་ཐོགས་པར་གྱུར་ཅིག །དགེ་ལེགས་འཕེལ།། །།

ཚེ་ཆོག་འཆི་མེད་དཔལ་སྟེར།

ཚེ་ཆོག་འཆི་མེད་དཔལ་སྟེར་ཞེས་བྱ་བ་བཞུགས།

བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འདིར་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ལ་གཉིས་ཏེ། ཐོག་མར་བསྙེན་པའི་ཆོ་ག་དང་བསྙེན་པ་ལས་སུ་རུང་ནས་དཀྱིལ་འཁོར་གྱི་ཆོ་ག་ལ་འཇུག་ཚུལ་ལོ། །དང་པོ་ནི། འདིའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་། དམ་ཚིག་དང་སྡོམ་པ་དང་ལྡན་པས་གནས་དབེན་པར་ཁྲུས་བྱ་ཞིང་། གཙང་སྦྲ་དང་ལྡན་པས་སྟན་བདེ་བ་ལ་འདུག་སྟེ། རང་ཉིད་སྐད་ཅིག་གིས་མགོན་པོ་ཚེ་དཔག་ཏུ་མེད་པའི་སྐུ་མདོག་དམར་པོ་བྱེ་རུའི་མདོག་ཅན་འོད་ཟེར་དམར་པོ་འཁྲིགས་པ་ཞི་བའི་ཉམས་ཅན་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱའི་སྟེང་དུ་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། མཚན་དཔེས་སྤྲས་པའི་ལོངས་སྤྱོད་རྫོགས་པའི་སྐུ་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་། དར་སྣ་ཚོགས་ཀྱི་ན་བཟས་བཀླུབས་པ། པད་ཟླའི་སྟེང་དུ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། བར་བསམས་ལ་མཆོད་པ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཀྱིས་བསངས། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ། ༀ་པཱ་དྱཾ་ཨཱཿཧཱུཾ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ། དེ་བཞིན་དུ། དྷཱུ་བཾ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝེ་ཏེ། ༀ་བཛྲ་ཤཔྟ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་གཏོར་མ། ༀ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་དངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པ་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ༀ་ཨཱ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨྨཿཎཱཾ་ཨདྱཱ་ནུདྤ་ནྣ་ཏྭ་དྟ་ༀ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ལན་གསུམ་གྱི་བྱིན་གྱིས་བརླབས། མགོན་པོ་ཀུན་གཤེགས་གདན་ལས་བཞུགས། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང་། །ཤཱཀྱའི་བསྟན་པ་བསྲུང་བ་དང་། །བདག་ཅག་རྣམས་ལ་ཕན་གདགས་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ༀ་ཨེ་ཧྱེ་ཧི་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ས་མ་ཡ་སྭཱ་ཧཱ། ཞེས་སྤྱན་དྲངས། ༀ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། དེ་བཞིན་དུ་སྦྱར་ཏེ། པཱ་ཏྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝེ་ཏེ། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ༀ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏཱ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏད་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ། ག་ག་ན་ཁཾ་གྲྀ ཧྣ་ཨི་དཾ་བ་ལིཾ་ཏེ་སྭཱ་ཧཱ། ལན་གསུམ་གྱིས་གཏོར་མ་ཕུལ། ཤར་ཕྱོགས་རྡོ་རྗེ་ཅན་ཏེ་ལྷ་ཚོགས་བཅོས། །གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ནོར་གྱི་བདག་པོ་སྟེ། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང་། །སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་། །ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་དང་། །རི་ཡི་ལྷ་དང་གནོད་སྦྱིན་ཚོགས་བཅས་ལ། །སོ་སོ་སོ་སོར་གཏོར་མ་ཕུལ་བ་རྣམས། །རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་ཀྱང་། །རང་རང་ཕྱོགས་སུ་ལེགས་པར་བཞུགས་ནས་སུ། །རང་གི་བུ་སྨད་མཛའ་བཤེས་གཉེན་འདུན་དང་། །ནང་མི་དམག་དང་དཔུང་བཅས་ཐབས་གཅིག་ཏུ། །མེ་ཏོག་དྲི་དང་བདུག་པ་གཏོར་མར་བཅས། །འདི་རྣམས་བཏུང་ཞིང་ལེགས་པར་གསོལ་ནས་ཀྱང་། །བདག་གི་ལས་འདི་འབྲས་བུ་མཆིས་པར་མཛོད། །ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས་ཀྱིས་བདག་གི་དགེ་བའི་བྱ་བ་རྣམས་མཐར་ཕྱིན་པ་དང་དེའི་བར་ཆད་ཞི་བའི་འཕྲིན་ལས་མཛོད་ཅིག །ཅེས་འཕྲིན་ལས་བཅོལ། ༀ་ཨཱཿཧཱུཾ། བཛྲ་མུཿ ཕྱོགས་སྐྱོང་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། འདུལ་འཛིན་དང་པཎ་ཆེན་གྱི་ཆོ་གར་ཕྱོགས་སྐྱོང་གི་གཏོར་མ་གཏོར་ཚུལ་མི་སྣང་ཡང་འདིར་ཁ་བསྐང་བ་ཡིན་ནོ། །དེ་ནས་ལས་ཀྱི་རྡོ་རྗེ་ཡོད་ན་མཎྜལ་འབུལ་ཞིང་། གཞན་མ་ཕུལ་ཀྱང་རུང་། མཆོད་པ་སྔར་ལྟར་བྱིན་གྱིས་བརླབ། འདིར་མཆོད་པ་བྱིན་བརླབ་བྱ་བ་ནི། ཁ་ཅིག་ཚོགས་ཞིང་དང་། གཞན་དག་བདག་བསྐྱེད་ཀྱི་མཆོད་པ་ཡིན་ཟེར་ཡང་། ཚོགས་ཞིང་གི་ཆེད་དུ་བཤམས་པ་ཡིན་ན་མ་གཏོགས་བདག་བསྐྱེད་ཀྱི་མཆོད་པར་གསལ་ལོ། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བདག་དང་གཞན་དོན་སྒྲུབ་སླད་དུ། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །ཕྱོགས་བཅུ་དག་ན་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་གསོན། །བདག་གིས་རྫོགས་པའི་བྱང་ཆུབ་ཕྱིར། །དེང་ནས་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད། དེ་ནས། རང་ཚེ་དཔག་ཏུ་མེད་པར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ལས་འོད་ཟེར་འཕྲོས། བདེ་བ་ཅན་ནས་ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁའ་སྤྱན་དྲངས། །ༀ་སརྦཱ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀྩི་ཏྟ་བཛྲ་པྲ་ན་མ་མེ་ན་མཿསརྦྦ་ཏ་ཐཱ་ག་ཏ་བཛྲ་བཱ་ད་བནྡྷ་ནཱཾ་ཀ་རོ་མེ། ཞེས་ཕྱག་བྱ། རང་གི་སྙིང་ཁའི་ཧྲཱིཿལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། བར་བསམ་ཞིང་སོ་སོའི་ཕྱག་རྒྱ་དང་བཅས། ༀ་ཨཱཪྱ་ཨ་པ་རི་མི་ཏ་ཨཱ་ཡུ་རྫྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ལ་ཤྲཱི་ཡེ་ཧཱུཾ། ཞེས་མཆོད་ཡོན་དང་། དེ་བཞིན་དུ། པཱ་དྱི་ཞབས་བསིལ། པུཥེས་མེ་ཏོག །དྷཱུ་བེས་བདུག་སྤོས། ཨ་ལོ་ཀེས་སྣང་གསལ། གནྡྷེས་དྲི་ཆབ། ནཻ་ཝེ་ཏྱེས་ཞལ་ཟས། ཤཔྟ་པྲ་ཏཱི་ཙྪ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཊ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། གིས་རོལ་མོ་རྣམས་ཀྱིས་མཆོད། དེ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྦྱོད་མཆོག་ཡིད་འོང་བསྐྱེད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། ༀ་ཨཱཿཧཱུཾ། བཛྲ་མུཿཚོགས་རྟེན་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། དེ་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཅེས་ལན་གསུམ་མམ་གཅིག་གིས་ཚད་མེད་པ་བཞི་བསྒོམ། དེ་ནས། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་ཅིང་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རྡོ་རྗེའི་ས་གཞི། ལོགས་སུ་འཕྲོས་པས་རྡོ་རྗེའི་ར་བ། སྟེང་དུ་འཕྲོས་པས་རྡོ་རྗེའི་གུར། གུར་གྱི་འོག་ར་བའི་སྟེང་དུ་རྡོ་རྗེའི་བླ་རེ་སྟེ། ཐམས་ཅད་ཀྱང་རྡོ་རྗེ་འབར་བའི་རང་བཞིན་བར་མཚམས་མེད་པ་དུམ་བུ་གཅིག་ཏུ་གྱུར་པའི་ཕྱི་རོལ་ཏུ་བསྐལ་པ་འཇིག་པའི་མེ་ལྟ་བུའི་ཁ་དོག་སྣ་ལྔའི་མེ་དཔུང་ཕྱོགས་བཅུར་འཕྲོ་བར་གྱུར། པར་བསམ། ར་བའི་དབུས་སུ་པཾ་ལས་སྣ་ཚོགས་པདྨ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲུཾ་དཀར་པོ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་པ་སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན་སྔོ་སེར་དམར་ལྗང་དཀར་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་དུ། རིན་པོ་ཆེ་སྣ་ཚོགས་པས་མཛེས་པར་བྱས་པའི་རིན་པོ་ཆེའི་ཕ་གུ་སེར་པོ། །དེའི་སྟེང་དུ་ཆུ་སྲིན་གྱི་ཁ་ནས་འཕྱང་བའི་རིན་པོ་ཆེའི་དྲ་བ་དང་དྲ་བ་ཕྱེད་པ་ལ། དྲིལ་བུ་དང་རྔ་ཡབ་ལ་སོགས་པས་བརྒྱན་པ། དེའི་ཕྱིར་ངོས་སུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། དེའི་སྟེང་དུ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་ལ་བ་དན་དང་རྒྱལ་མཚན་ལ་སོགས་པས་མཛེས་པར་བྱས་པ། ཕྱི་ནས་འདོད་ཡོན་གྱི་སྣམ་བུ་དམར་པོ་བཞིས་བསྐོར་བ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རིན་ཆེན་གྱིས་སྤྲས་པ། སྒོ་བཞིའི་མདུན་དུ་ཀ་བ་བཞི་བཞིས་བཏེགས་པའི་རྟ་བབས་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་ཆོས་ཀྱི་འཁོར་ལོའི་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། ནང་ཀ་བ་བརྒྱད་ཀྱིས་བཏེག་པའི་སྟེང་དུ་རྡོ་རྗེའི་གདུང་གིས་མཛེས་པར་ཕུབ་པ། རྩེ་མོར་རྡོ་རྗེ་ནོར་བུ་རིན་པོ་ཆེའི་ཏོག་གིས་སྤྲས་པ། དེའི་ཕྱི་རོལ་དུ་རྡོ་རྗེའི་ར་བ་མེ་རི་དང་བཅས་པ། གཞལ་ཡས་ཁང་གི་ནང་གི་ས་གཞི་ཐམས་ཅད་ཤར་སྔོ། ལྷོ་སེར་ནུབ་དམར་བྱང་ལྗང་དབུས་དཀར་བ། བྱ་རྒྱུད་ཀྱི་ལྷའི་བསྐྱེད་ཚུལ་ལ་ལྷ་དྲུག་བསྐྱེད་དང་ཆོ་ག་གསུམ་བསྐྱེད་གཉིས་ཡོད་པ་ལས། པཎ་ཆེན་གྱི་དེར་ལྷ་དྲུག་བསྐྱེད་འབྱུང་ཡང་། འདུལ་འཛིན་པའི་དེར་ཆོ་ག་གསུམ་བསྐྱེད་འབྱུང་བ་ལྟར་འདིར་ཡང་དེ་བཞིན་དུ་བྱ་སྟེ། དེར་པཾ་ཡོངས་སུ་གྱུར་པ་ལས་པདྨ་འད བ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་རྣམས་ཀྱི་གནས་སུ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་རེ་རེ། དེ་རྣམས་ཀྱི་སྟེང་དུ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་རེ་རེ། དེ་རྣམས་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། ཚེ་དཔག་མེད་ཀྱི་གོ་འཕང་ལ་བཀོད། སླར་འདུས་ཧྲཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་ཚེ་དཔག་མེད་ལྷ་དགུའི་བདག་ཉིད་དུ་གྱུར་པ་ནི། དབུས་སུ་སངས་རྒྱས་ཚེ་དཔག་མེད། ཤར་དུ་རྡོ་རྗེ་ཚེ་དཔག་མེད། ལྷོར་རིན་ཆེན་ཚེ་དཔག་མེད། ནུབ་ཏུ་པདྨ་ཚེ་དཔག་མེད། བྱང་དུ་ལས་ཀྱི་ཚེ་དཔག་མེད། བྱང་ཤར་དུ་ཀུན་གཟིགས་ཚེ་དཔག་མེད། ཤར་ལྷོར་ཡོན་ཏན་ཚེ་དཔག་མེད། ལྷོ་ནུབ་ཏུ་ཡེ་ཤེས་ཚེ་དཔག་མེད། ནུབ་བྱང་དུ་མི་གཡོ་བ་ཚེ་དཔག་མེད། དེ་ཐམས་ཅད་ཀྱང་སྐུ་མདོག་དམར་པོ་བྱི་རུའི་མདོག་ཅན། འོད་ཟེར་དམར་པོ་འཁྲིགས་པ་ཞི་བའི་ཉམས་ཅན། ཞལ་གཅིག་ཕྱག་གཉིས་པ་མཉམ་གཞག་གི་ཕྱག་རྒྱའི་སྟེང་དུ་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། མཚན་དཔེས་སྤྲས་པའི་ལོངས་སྤྱོད་རྫོགས་པའི་སྐུ་ལ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཞིང་། དར་སྣ་ཚོགས་ཀྱི་ན་བཟས་ཀླུབས་པ། པད་ཟླའི་སྟེང་ན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམ། ཁ་ཅིག་ཏུ་དར་དང་ཞེས་འབྱུང་ཡང་འདུལ་འཛིན་པའི་དེར་མི་སྣང་ཞིང་། འོག་ཏུ་དར་སྣ་ཚོགས་ཀྱི་ན་བཟའ་ཞེས་འབྱུང་བས་མི་དགོས་སོ། །ལྷ་ཚོགས་དེ་ཐམས་ཅད་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། དེའི་སྟེང་དུ་ཟླ་བ་ལ་གནས་པའི་ཧྲཱིཿདམར་པོ་ལས་འོད་ཟེར་འཕྲོས། བདེ་བ་ཅན་ནས་ཚེ་དཔག་མེད་ལྷ་དགུའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་ཟད་འཇོམས་མཛད་ལྷ། དངོས་རྣམས་མ་ལུས་ཡང་དག་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམས་བྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པ། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདིར་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་གྱི་མདོག་འདྲ་ཞིང་། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ཞིང་ཐུགས་རྗེ་ཆེར་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་ཟད་ནུས་པར་ལྡན། །ཚུར་སྦྱོན་ཚུར་སྦྱོན་ཞི་བདག་ལྷ། །ཐུབ་པའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཛཿཧཱུཾ་བཾ་ཧོཿམ་ཧཱ་ཀཱ་རུ་ཎཱི་ཀཱ་ཨཏྨ་ཀ་ཨེ་ཧྱེ་ཧི། ཞེས་སྤྱན་དྲངས་ལ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །བདེ་བར་གཤེགས་སོ་བཅོམ་ལྡན་འདས། །ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་ལ་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ༀ་སརྦཱ་ཏ་ཐཱ་ག་ཏ་ག་ག་ན་ས་མ་ཡ་ཤྲཱི་ཡེ་སྭཱ་ཧཱ། ཞེས་མཆོད་ཡོན་དབུལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ༀ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་ཁྲུས་གསོལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ༀ་ཀ་མ་ལ་ཡེ་སྟྭཾ། ༀ་ཨ་པ་རི་མི་ཏ་ཨ་ཡུཿཛྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ཅེས་པ་ནས་ཤཔྟ་པཱ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ཛཿཧཱུཾ་བཾ་ཧོཿ ཡེ་ཤེས་པ་རྣམས་རང་རང་གི་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ༀ་པཉྩ་ཀུ་ལ་ས་པཱ་རི་ཝ་ར་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་པ་ནས། ཁྲུས་བགྱིའོ། །ༀ་སརྦ་ནས་ཤྲཱི་ཡེ་ཧཱུཾ། ཞེས་དབང་བསྐུར། ལུས་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། འོད་དཔག་མེད་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་ཅིང་། དབང་གི་ལྷ་རྣམས་ཀྱང་རང་ཉིད་ལ་ཐིམ་པར་གྱུར། དེ་ནས་མཆོད་པ་སྔར་བྱིན་གྱིས་མ་བརླབས་ན་འདིར་སྔར་ལྟར་བྱིན་གྱིས་བརླབས་ཏེ་འབུལ་བ་ནི། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །མགོན་པོ་ཚེ་དཔག་མེད་པ་དང་། །རྒྱལ་བ་སྲས་དང་བཅས་ལ་དབུལ། །ཅི་བདེར་བར་ནི་བཞེས་ནས་ཀྱང་། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ༀ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པཱ་རི་ཝ་ར་ཨརྒྷཾ། ཞེས་པ་ནས། ནཻ་ཝེ་ཏེའི་བར་དང་། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ༀ་ཨཱཪྱ་ཨ་པ་རི་ནས་ཤཔྟ་པྲཏཱི་ཙྪ་ཧཱུཾ་སྭཱ་ཧཱ། དེ་ནས་རྡོར་དྲིལ་དང་བཅས་ཏེ་བསྟོད་པ་ནི། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། །སེམས་ཅན་སྡུག་བསྔལ་མ་ལུས་པ། །སྐད་ཅིག་ཉིད་ལ་སེལ་མཛད་པའི། །སངས་རྒྱས་ཚེ་དཔག་མེད་ཕྱག་འཚལ། །རྡོ་རྗེ་སེམས་དཔའ་ལས་བྱུང་ཞིང་། །ཉེས་པའི་དྲི་མ་ཀུན་འཇོམས་པ། །རྡོ་རྗེ་ལུས་ཅན་རྡོ་རྗེ་ཅན། །རྡོ་རྗེ་ཚེ་དཔག་མེད་ཕྱག་འཚལ། །བསམ་པའི་དངོས་ཀུན་སྐད་ཅིག་གིས། །རང་འདོད་བཞིན་དུ་ཚིམ་མཛད་པ། །མཆོག་གི་བདག་པོ་ཆེན་པོ་སྟེ། །རིན་ཆེན་ཚེ་དཔག་མེད་ཕྱག་འཚལ། །ཇི་ལྟར་ཉོན་མོངས་དྲི་མ་ཡིས། །ཀུན་ནས་གོས་པར་མི་འགྱུར་ཞིང་། །ཐུགས་རྗེས་ཆགས་ཚུལ་སྟོན་མཛད་ཅིང་། །པདྨ་ཚེ་དཔག་མེད་ཕྱག་འཚལ། །འདོད་པའི་ལས་རྣམས་མ་ལུས་པ། །སྐད་ཅིག་ཉིད་ལ་རྫོགས་མཛད་པ། ཁམས་ཀུན་འཕེལ་བྱེད་དཔག་བསམ་ཤིང་། །ལས་ཀྱི་ཚེ་དཔག་མེད་ཕྱག་འཚལ། །ཉེས་པ་ཀུན་ལས་རྣམ་གྲོལ་ནས། །སྣ་ཚོགས་ཡོན་ཏན་རྣམས་ཀྱིས་བརྒྱན། །འཁོར་བའི་སྐྱབས་མཛད་དཔའ་བོ་སྟེ། །ཀུན་གཟིགས་ཚེ་དཔག་མེད་ཕྱག་འཚལ། །སྟོབས་ཆེན་རྣམས་ཀྱིས་རབ་བརྒྱན་ཏེ། །མ་ལུས་མི་མཐུན་ཕྱོགས་འཇོམས་པ། །སྟོན་པ་སྲེད་མེད་བུ་ཡི་མཐུ། །ཡོན་ཏན་ཚེ་དཔག་མེད་ཕྱག་འཚལ། །མེ་ལོང་མཉམ་ཉིད་ལ་སོགས་པའི། །ཡེ་ཤེས་མང་པོའི་མཛོད་འཛིན་པ། །རྟོག་པ་མ་ལུས་ཁྱོད་ཀྱིས་སྤངས། །ཡེ་ཤེས་ཚེ་དཔག་མེད་ཕྱག་འཚལ། །རྣམ་རྟོག་རླུང་གིས་ཁྱོད་མི་གཡོ། །མཐའ་བྲལ་ཏིང་འཛིན་ཞི་བ་སྟེ། །བདུད་དང་མུ་སྟེགས་འཇོམས་མཛད་པ། །མི་གཡོ་ཚེ་དཔག་མེད་ཕྱག་འཚལ། །འཁོར་བའི་སེམས་ཅན་མ་ལུས་པ། །ཁྱོད་ཀྱི་མཚན་ཙམ་འཛིན་པ་ལ། །ཚེ་དང་ཡེ་ཤེས་སྦྱིན་མཛད་པའི། །ཚེ་དཔག་མེད་ལ་ཕྱག་འཚལ་ལོ། ཁྱོད་ལ་ཆུ་ཐིགས་ལྟར་བསྟོད་པས། །བདག་གི་འདོད་པ་རྫོགས་གྱུར་ཏེ། །བདེ་བ་ཅན་གྱི་ཞིང་ཁམས་སུ། །རིན་ཆེན་པདྨ་ལས་བྱུང་སྟེ། །སངས་རྒྱས་ཀུན་གྱིས་ལེགས་ཞེས་ཀྱང་། །སྙན་པའི་བཀའ་དེ་ཐོབ་པར་ཤོག །ཅེས་པ་འམ། ཉི་གཞོན་འཆར་ཀ་མས་བསྟོད་ནའང་ལེགས། རིན་ཆེན་དང་པདྨ་གཉིས་ལ་འདུལ་འཛིན་པའི་དེར་སྔ་ཕྱི་ལྡོག་སྟེ་འབྱུང་ཞིང་། པཎ་ཆེན་གྱི་ཆོ་གའི་བདག་བསྐྱེད་གཙོ་རྐྱང་ཡིན་ལ། མདུན་བསྐྱེད་ལས་རིན་ཆེན་གྱི་བསྟོད་པ་སྔོན་དུ་འབྱུང་བ་ལྟར་འདིར་བཀོད་པ་ནི་ལྷ་བསྐྱེད་ཅིང་སྔགས་བཟླ་བའི་རིམ་པ་དང་ཡང་མཐུན་པས་ལེགས་པར་རྟོགས་སོ། །འོན་ཀྱང་བྱ་རྒྱུད་ཀྱི་བདག་བསྐྱེད་ལ་ནི་གཙོ་བོ་མ་གཏོགས་པ་འཁོར་གྱི་བསྙེན་པ་མི་བྱེད་དོ། །དེ་ནས་ལྷའི་སྐུ་ལ་གསལ་བར་དམིགས་ཏེ། །སེམས་བཟུང་དེ་ལ་སྐྱོན། རང་གི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧྲཱིཿའི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་བྱང་སེམས་སོགས་ཀྱི་ཡོན་ཏན་དང་མཐུ་སྟོབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་ཧྲཱིཿལ་ཐིམ་པར་གྱུར། བར་བསམ། བཟླས་པ་ནི། ༀ་ན་མོ་བྲུཾ་ཨཱ་ཡུརྫྙཱ་ན་ཧྲཱིཿཨ་རོ་ཡིཀྐ་ཧཱུཾ་ཧྲཱིཿ ཞེས་སྙིང་པོ་དག་ༀ་ཏདྱ་ཐཱ། ཨ་པ་རི་མི་ཏ་ཨཱ་ཨུརྫྙ་ན་ཧྲཱིཿཧཱུཾ་བྷྲུཾ་སྭཱ་ཧཱ། ཞེས་མཚན་སྔགས་དང་། ༀ་ན་མོ་བྷ་ག་ཝ་ཏེ་ཨ་པ་རི་མི་ཏ་ཨཱ་ཡུརྫྙ་ན་སུ་བཾ་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྡ་ཏེ་སཾ་མྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་པུ་ཎྱེ་པུ་ཎྱེ་མ་ཧཱ་པུ་ཎྱེ། ཨ་པ་རི་མི་ཏ་པུ་ཎྱེ། ཨ་པ་རི་མི་ཏ་པུ་ཎྱེ། ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ། ༀ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཞེས་གཟུངས་རིང་རྣམས་ཅི་ནུས་བཟླ། འདུལ་འཛིན་དང་པཎ་ཆེན་གྱི་ཆོ་ག་གཉིས་ཀར་འདིར་འཆི་མེད་རྔ་སྒྲའི་གཟུངས་བཟླས་ན་ལེགས་པར་བཤད་དོ། །མཐར་ཡི་གེ་བརྒྱ་པས་ལྷག་ཆད་བསྐངས་ནས། ༀ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པཱ་རི་ཝ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད་དེ། བསྟོད་པ་རྒྱས་པ་འམ། ཡང་ན། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། སྐབས་འདིར་འདོན་ཆར་མི་སྣང་ཡང་འདུལ་འཛིན་པའི་ཆོ་ག་ལས། རང་གི་སྤྱི་བོར་ཡེ་ཤེས་ཚེ་དཔག་མེད། ཐུགས་ཀར་རིགས་ལྔ་ཚེ་དཔག་མེད་རང་དང་འདྲ་བའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། ཚེ་དཔག་ཏུ་མེད་པའི་ལྷ་ཚོགས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ལྷ་མིའི་རིག་འཛིན་ཐམས་ཅད་ཀྱི་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་མ་ལུས་པ་འོད་ཟེར་གྱི་རྣམ་པས་སྤྱན་དྲངས། སྤྱི་བོའི་ཚེ་དཔག་མེད་ལ་ཐིམ། དེ་ཡང་ཞུ་ནས་རྐང་མཐིལ་ནས་སྤྱི་བོའི་བར་གྱི་རྩ་གནས་ཐམས་ཅད་ལ་ཁྱབ་པས་ལུས་ཀྱི་ཟུང་དང་སེམས་ཀྱི་རྟེན་དུ་གྱུར་ཅིང་། ཚེ་དཔག་མེད་ཀྱི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་ནས་འཆི་མེད་ཚེའི་རིག་འཛིན་ཐོབ་པར་གྱུར། སྙམ་དུ་བསམས་ཏེ་བྱིན་རླབས་ཞུ་བར་བཤད་ཅིང་། པཎ་ཆེན་གྱི་དེར་ཡང་ཕྱོགས་འདྲ་བར་སྣང་བས་བྱས་ན་ཁྱད་ཆེའོ། །ཐུན་མཐར་གཏོར་མ་འབུལ་ན། བྱིན་གྱིས་བརླབས་ལ་ཡེ་ཤེས་པ་མདུན་དུ་སྤྱན་དྲངས་ནས་ཕུ་སྟེ་མཆོད་བསྟོད་བཟོད་གསོལ་སོགས་བྱའོ། །གཉིས་པ་ལ། རས་བྲིས་ཀྱི་དཀྱིལ་འཁོར་བསྒྲུབ་པའི་ཚེ། བུམ་པ་སྟ་གོན་མ་གཏོགས་གཞན་རྣམས་ཇི་བཞིན་དགོས་པའི་ངེས་པ་མེད་ནའང་། འདིར་རྡུལ་ཚོན་གྱི་དབང་དུ་བྱས་ནས་འདུལ་འཛིན་པའི་གསུང་ལྟར་འཆད་པ་ལ་གསུམ། སའི་ཆོ་ག །སྟ་གོན་གྱི་ཆོ་ག །དངོས་གཞིའི་ཆོ་གའོ། །དང་པོ་ནི། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་རང་ཉིད་གཙོ་བོར་བསྐྱེད་དེ། མཆོད་པ་རྣམས་བསངས་སྦྱངས་ཏེ། སྟོང་པའི་ངང་ལས་ༀ་འོད་དུ་ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ནས་རོལ་མོ་རྣམས་དངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། དེ་ནས་གཏོར་མ་བསངས་སྦྱངས་བྱིན་གྱིས་བརླབས་ཏེ། ཨ་ཀ་རོས་ཕུལ་ལ། ༀ་བྷུ་མི་པ་ཏི་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཞེས་མཆོད་ཡོན་དང་། ཞབས་བསིལ་ནས་རོལ་མོའི་བར་གྱིས་མཆོད། དེ་ནས་ལག་ཏུ་སྤོས་ཐོགས་དྲིལ་བུ་གསིལ་ཞིང་། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་གཞན་དག་ལ། །ས་འདི་བདག་གིས་བླང་བར་བགྱི། །དཀྱིལ་འཁོར་དོན་དུ་ཁྱོད་ཀྱིས་སྩོལ། །ཞེས་ལན་གསུམ་གསོལ་བ་བཏབ་པས་གནང་བ་བྱིན་པའི་མོས་པ་བྱ། དེ་ནས་ཨ་མྲི་ཏ་བཟླས་པའི་ཉུངས་དཀར་དང་ཆུ་དང་ཐལ་བ་གཏོར་ཞིང་སྦྱར་བ་བྱ། དེ་བཟླས་པའི་བ་བྱུང་དང་དྲི་བཟང་གིས་བྱུག །སྦོས་ཆུས་བསང་གཏོར་བྱའོ། །སའི་ལྷ་མོ་ལ་བླང་བར་འདོད་ན་འོག་ནས་འབྱུང་བའི་ཆོ་གས་བྱའོ། །དེ་ནས་ས་དེ་ལག་པས་མནན་ལ་གཙོ་བོའི་སྔགས་ལན་བདུན་བརྗོད་ཅིང་། སའི་ཕྱོགས་འདིར་བཅོམ་ལྡན་འདས་འཆི་མེད་རྔ་སྒྲའི་དཀྱིལ་འཁོར་བྲི་བར་བྱའོ། །སྙམ་དུ་བློས་བཟུང་། དེ་ནས་ཤར་དུ་ཕྱོགས་པས་འདུག་ལ། བདག་བསྐྱེད་བཟླས་པ་ལ་ཞུག་གི་བར་དུ་བསྒོམ། དེ་ནས་ཧཱུཾ་བཛྲ་ཨུད་ཏིཥྛ། ཞེས་པ་དང་རྡོ་རྗེ་ཁུ་ཚུར་གྱིས་མཛུབ་མོ་གཉིས་རྩེ་མོ་སྦྱར་བ་འོག་ཏུ་ཕྱོགས་པས་སྤྱི་བོར་བཟུང་ཞིང་དཀྱིལ་འཁོར་ནམ་མཁར་བཏེག །རང་ཉིད་གཙོ་བོ་ལས་ཕྱེ་བའི་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཧཱུཾ་མཛད་ཀྱི་ཕྱག་རྒྱས་རྡོ་རྗེ་དང་རིལ་བུ་འཛིན་པའི་རྐང་མཐིལ་གཉིས་སུ་ཧཱུཾ་ཧཱུཾ་ལས་རྡོ་རྗེ་འབར་བ་རེ་རེས་མཚན་པར་གྱུར། བར་བསམ་ཞིང་། ཧཱུཾ྄་ཞེས་བརྗོད་ཅིང་པད་སྐོར་བྱ་ཞིང་རྡོ་རྗེ་གསོར་དྲིལ་བུ་གསོལ་ཞིང་དཀྱིལ་འཁོར་ལ་བསྐོར་ཏེ། དབང་ལྡན་དུ་སླེབ་པ་དང་། རླུང་གི་དཀྱིལ་འཁོར་ལ་ཐུག་གི་བར་འོག་གཞི་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་གྱུར་བར་བསམ། རྒྱས་པ་ལ་སྤྲོ་ན། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། ཞེས་པ་ནས། བགེགས་རྣམས་བརླག་པར་འགྱུར་བ་གདོན་མི་ཟ། །ཞེས་ལན་གསུམ་བརྗོད་པས་བཀའ་བསྒོ་ཞིང་། ཨ་མྲྀ་ཏ་དང་ཁྲོ་བོའི་སྔགས་བརྗོད། དེ་ནས་ཕུར་བུ་རྣམས་བསང་སྦྱངས། སྟོང་པའི་ངང་ལས་ཧཱུཾ་བཞི་ལས་སྣ་ཚོགས་རྡོ་རྗེ་བཞི། དེ་རྣམས་ཡོངས་སུ་གྱུར་པ་ལས་ཁྲོ་བོ་རྡོ་རྗེ་ཕུར་བུ་སྟོད་བདུད་རྩི་འཁྱིལ་པ་ལྗང་སྔོན། གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་ཞིང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། ལྟེ་བ་མན་ཆད་མདུང་རྩི་གཅིག་པའི་དབྱིབས་ཅན་གྱི་ཕུར་བུ་མེ་དཔུང་རབ་ཏུ་འབར་བར་གྱུར། ཐོ་བ་བསངས་སྦྱངས། སྟོང་པའི་ངང་ལས་རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཐོ་བ་མེ་རབ་ཏུ་འབར་བར་གྱུར། བར་བསམ། །རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བགེགས་ཀྱི་ཚོགས་རྣམས་བཀུག་སྟེ། རྡོ་རྗེའི་ར་བའི་ཕྱི་མེ་རིའི་ནང་དུ་ཧཱུཾ་རིང་པོ་ལས་གྲུབ་པའི་ཁྲོན་པ་རྣམས་སུ་བཅུག་པར་གྱུར་པར་བསམ། ཧཱུཾ་ཞེས་བརྗོད་དེ་སྤྱི་བོ་ནས་ཕུར་བུ་བཙུགས་ལ། ༀ་གྷ་གྷ་གྷ་ཏ་ཡ་གྷ་ཏ་ཡ། སརྦ་དུཥྚཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ། བཛྲ་ཀཱི་ལ་ཡ་བཛྲ་དྷ་རོ་ཨ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་བརྗོད་དེ་གྲྭ་བཞིར་གདབ། དབང་ལྡན་ནས་བརྩམས་ནས་བགེགས་རྣམས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་ཕུར་བུས་བཏབ་པས། ལུས་ངག་ཡིད་གསུམ་གཡོ་འགུལ་མེད་པར་གྱུར། དེ་ནས་བསྙེན་པ་དང་སྲུང་འཁོར་བསྐོར་མོ། །གཉིས་པ་སྟ་གོན་ལ་བཞི་ལས། དང་པོ་སའི་ལྷ་མོ་སྟ་གོན་ནི། དེ་ནས་དཀྱིལ་འཁོར་གྱི་དབུ་མ་མུ་དྲིའི་ཐིག་ལེ་བྱས་ལ། མེ་ཏོག་གི་ཚོམ་བུ་དགོད། ཆུ་བཞི་དང་མཆོད་པ་རྣམས་བཤམས་དེར་པཾ་ལས་བྱུང་བའི་སའི་ལྷ་མོ་སེར་མོ་དགའ་བ་དང་ལྡན་པའི་ཐུགས་ཅན་ཞི་བ། ན་བཟའ་དཀར་པོ་བསྣམས་པ། རྒྱན་བཟང་པོ་སྣ་ཚོགས་པས་བརྒྱན་པ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་། གཡོན་པས་གསེར་གྱི་བུམ་པ་བསྣམས་པ། པདྨའི་གདན་ལ་བཞུགས་པར་བསྐྱེད་ལ། ལག་པ་གཡས་པར་ཟླ་བའི་སྟེང་དུ་ཧཱུཾ་གསུམ་གྱིས་མཚན་པར་གྱུར་པར་བསམ་སྟེ་རྡོ་རྗེ་དང་བཅས་པའི་སོར་མོའི་རྩེ་མོས་ས་ལ་ལན་གསུམ་བསྣུམ་པ་དང་དེའི་སྒྲ་དང་ཧཱུཾ་གི་འོད་ཟེར་གྱིས་བསྐུལ་བས། ས་གཡོས་པའི་གསེབ་ནས་སའི་ལྷ་མོ་ཡེ་ཤེས་པ་ཐོན་པ་དང་འདྲེས་ནས། བདག་གིས་ཅི་བགྱི་བ་བཀའ་སྩོལ་ཅིག་ཅེས་གསུང་བར་གྱུར་པར་བསམ། དེ་ནས་མཆོད་པ་བསང་སྦྱངས་སྔོན་དུ་འགྲོ་བས་སོ་སོའི་སྔགས་ཕྱག་རྒྱ་དང་བཅས་ཏེ། ༀ་པྲི་ཐཾ་ཝི་དེ་ཝི་ས་པཱ་རི་ཝ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ཞེས་མཆོད་ཡོན་དང་། དེ་བཞིན་དུ་བཱ་དྱཾ་གིས་ཞབས་བསིལ་དང་། ཨཉྩ་མ་ཎཾ་གིས་ཞལ་བསིལ་དང་། པྲོཀྵ་ཎི་གིས་བསང་གཏོར་ཕུལ་ནས། ༀ་པྲི་ཐི་ཝི་དེ་ཝི་ས་པཱ་རི་ཝ་ར་པུཥྦེ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྠ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཅེས་པ་ནས། ཤཔྟའི་བར་གྱིས་མཆོད། དེ་ནས་རྡོ་བ་དྲིལ་སྤོས་དང་བཅས་པས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། སྤྱོད་པའི་ཚུལ་དང་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་དཔུང་བཅོམ་ལྟར། །དེ་བཞིན་བདག་གིས་བདུད་ཀྱི་དཔུང་། །ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་གསོལ་བ་བཏབ་པས། དེ་ལྟར་བགྱིས་ཤིག་ཅེས་གསུང་སྟེ་དེ་ཉིད་དུ་ཐིམ་ནས་སའི་ངོ་བོར་གནས་པར་གྱུར་པར་བསམ་ལ་ལག་པ་རྡོ་རྗེ་ནང་བསྡམས་བྱ་སྟེ། ས་དེ་མནན་ལ་ༀ་བཛྲི་བྷ་ཝ་ཧཱུཾ། ཞེས་ལན་གསུམ་བརྗོད་པས། རྡོ་རྗེ་བསྡམས་པ་ལས་བྱུང་བའི་ཧཱུཾ་ཡིག་འོད་ཟེར་འབར་བ་འཕྲོས་པས་དབང་ཆེན་གྱི་གསེར་གྱི་ས་གཞི་ལ་ཐུག་གི་བར་རྡོ་རྗེར་བྱས་པར་གྱུར་པར་བསམ། ༀ་བཛྲ་ཌི་ཌྷ་ཏིཥྛ། ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། གཉིས་པ་ལྷ་སྟ་གོན་ནི། ལྷ་གནས་ངེས་པའི་ཕྱིར་ཐིག་གདབ་དགོས་པས། ཐིག་སྐུད་ཀྱི་རྒྱུན། གཙང་ཞིང་མཉམ་པའི་རས་བལ་ལམ། སྐྲ་མ་འདྲེས་པ་དཔའ་བོའི་རིན་གྱིས་ཉོས་པའམ། གཞོན་ནུ་མ་མ་ཉམས་པས་བཀའ་བའམ། ཡང་ན་དམ་ཚིག་ཅན་གྱིས་བཀའ་བས་ཀྱང་རུང་སྟེ། དེ་ཡང་ཁ་དོག་དཀར་པོ་སུམ་སྒྲིལ་འཇུར་མདུད་མེད་ཅིང་བཀའ་ལེགས་པ། དཔོན་སློབ་གཉིས་ཀྱི་མཛུབ་མོ་ནས་སོར་མོའི་བར་དུ་བཅུག་ཅིང་། དྲངས་ནས་རྡོ་རྗེ་ཁུ་ཚུར་དུ་བྱས་པ་ལ་མཛུབ་མོའི་རྒྱབ་ས་ལ་སྦྱར་བ་མ་གཏོགས་པ། རིང་བ་དཀྱིལ་འཁོར་གྱི་ཉིས་འགྱུར། སྦོམ་ཕྲ་སྒོའི་ཉི་ཤུའི་ཆ་ཡོད་པ་ལ་དྲི་ཞིམ་པོའི་ཆུ་དང་། ཕྱིའི་བདུད་རྩི་ལྔ་དང་། བའི་རྣམ་ལྔ་བྱུགས། ཐིག་སྐུད་ཀྱི་ནང་གི་མཐའ་གཉིས་དང་དབུས་སུ་ༀ་ཨཱཿཧཱུཾ་གིས་མཚན་པར་གྱུར་པ་བསམ། དྲིས་བྱུགས་པའི་གསེར་ལ་སོགས་པའི་སྣོད་དུ་བཞག །རང་ཉིད་སྔར་ལྟར་གཙོ་བོའི་རྣལ་འབྱོར་དང་ལྡན་པས། ཐིག་སྐུད་ལ་ཨ་མྲི་ཏས་བསང་། སྭ་བྷཱ་ཝས་སྦྱངས། ཐིག་སྐུད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ། གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་ཞིང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། སྤྱན་གསུམ་པ། ཞལ་མཆེ་བ་ཅུང་ཟད་གཙིགས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་སྤྱོ་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ྄་གི་འོད་ཟེར་གིས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ྄་བཾ་ཧོཿགཉིས་སུ་མེད་པར་གྱུར། པར་བསམ། ཧཱུཾ་ལས་འོད་འཕྲོས་དབང་གི་ལྷ་རྣམས་སྤྱན་དྲངས། ༀ་ནས་ཤྲཱི་ཡི་ཧཱུཾ། ཞེས་དབང་བསྐུར་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། དེ་ནས་མཆོད་པ་རྣམས་བསང་སྦྱངས་ཏེ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལེ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་ལ། རང་གི་རང་བཞིན་ཞི་བ་ལས། ཞེས་པ་ནས། བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། ཅེས་བསྟོད། དེ་ནས་ལག་པས་རེག་ཅིང་། འཁྱིལ་པ་བཟླས་ཏེ་བསྲུང་། མིག་གཉིས་མ་དང་ཊ་ལས་ཉི་མ་དང་ཟླ་བ་སེར་པོར་གྱུར། བཛྲ་ཌིཥྚི་མ་ཊ། ཞེས་བརྟན་པར་བྱས་ལ། འཁྱིལ་པ་བཟླས་པའི་ཕྱིའི་བདུད་རྩི་ལྔའི་ཆུ་དང་། ཉུངས་ཀར་དང་དྲིའི་ཆུས་གཏོར་ལ། རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་རེག་སྟེ། ༀ་བཛྲ་ས་མ་ཡ་སུ་ཏྲ་མ་ཏེ་ཀྲ་མ་ཧཱུཾ། ཞེས་པ་གསུམ་དང་། ༀ་ཨཱཿཧཱུཾ། ཞེས་བརྒྱ་རྩ་བརྒྱད་བཟླས་ནས་ལྷ་གནས་བྱའོ། །ༀ་སརྦ་སཾ་ཤོདྷ་ནི་ཧཱུཾ། ཅེས་དྲིའི་ཆུས་བསང་གཏོར་བྱ། དེ་ནས། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་བཅོམ་ལྡན་འདས་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས་པ་ལ་མཆོད་ཡོན་ནས་རོལ་མོའི་བར་གྱིས་མཆོད། སྔར་གྱི་བསྟོད་པ་བྱ། དེ་ནས་རང་གཙོ་བོའི་རྣལ་འབྱོར་དང་། སྒྲུབ་གྲོགས་བདུད་རྩི་འཁྱིལ་བར་བསྐྱེད། དེ་ནས་སློབ་དཔོན་ནུབ་དང་སློབ་མ་ཤར་ནས་ཕན་ཚུན་མ་ནོར་བར་ཕྱོགས་ཏེ། ཕྱོགས་ཐམས་ཅད་རང་བཞིན་མེད་པ་མཉམ་པ་ཉིད་དུ་གྱུར་པར་མོས་ནས་རང་དང་སློབ་མའི་མིག་གཉིས་ཛཱ་ཛཱ་ལས་ཉི་མ་དང་ཟླ་བ་འོད་ཟེར་སེར་པོ་ཅན་དུ་གྱུར་པར་བསྒོམས་ཏེ་སློབ་དཔོན་གྱིས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ལྟེ་བར་ཐིག་སྐུད་བཟུང་ལ། ཛྫཿཛྫཿཛྫཿ ཞེས་བརྗོད་ཅིང་སློབ་མས་ཀྱང་དེ་དག་བརྗོད་དེ་དྲངས་ལ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་། རང་རྐང་པ་གཡོན་པ་སྐྱིལ་ཀྲུང་ཕྱེད་པ་དང་། གཡས་པ་ས་ལ་བཙུགས་སློབ་མ་དེ་ལས་ཟློག་སྟེ་བསྡད་ནས། ༀ་ཨཱཿཧཱུཾ་ཞེས་ཤར་ནུབ་ཀྱི་ཚ ངས་ཐིག་གདབ། དེ་ནས། རྐང་མཐིལ་གཉིས་སུ་ཧཱུཾ་ཧཱུཾ་ལས་རྡོ་རྗེ་འབར་བ་རེ་རེས་མཚན་པར་གྱུར་པར་བསམ་སྟེ། གཡས་སྐོར་དུ་ཕྱིན་ནས་སློབ་དཔོན་ལྷོ་དང་སློབ་མ་བྱང་དུ་གནས་པས་ལྷོ་བྱང་གི་ཚངས་ཐིག་གདབ། དེ་ནས་སློབ་དཔོན་མེ་དང་སློབ་མ་རླུང་དུ་གནས་པས་ཟུར་ཐིག་དང་པོ་དང་། སློབ་དཔོན་བདེན་བྲལ་དང་སློབ་མ་དབང་དུ་གནས་པས་ཟུར་ཐིག་གཉིས་པ་གདབ། སློབ་དཔོན་མེ་དང་སློབ་མ་དེ་ཉིད་དུ་གནས་པས་ཤར་གྱི་རྩ་ཐིག་དང་། སློབ་དཔོན་རླུང་དང་སློབ་མ་བདེན་བྲལ་དུ་གནས་པས་ནུབ་ཀྱི་རྩ་ཐིག་དང་། སློབ་དཔོན་དེ་ཉིད་དང་སློབ་མ་དབང་ལྡན་དུ་གནས་པས་བྱང་གི་རྩ་ཐིག་དང་། སློབ་དཔོན་མེ་དང་སློབ་མ་བདེན་བྲལ་དུ་གནས་པས་ལྷོའི་རྩ་ཐིག་དང་། དེ་ནས་རང་གཙོ་བོར་གསལ་བའི་མིག་གཉིས་སུ་ཧྲཱི་ཧྲཱི་ལས་ཉི་མ་དང་ཟླ་བ་འོད་ཟེར་འབར་བ་ཅན་གྱི་ལྷའི་སྐུ་སྒྱུ་མ་ལྟ་བུར་གྱུར་པར་བསམ་ཞིང་ནུབ་ནས་ཤར་དུ་ཕྱོགས་ཏེ་གཡོན་རྐྱང་དུ་གནས་པའི་ལག་པ་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་དཀུར་བཟུང་ནས། ཧཱི་ཧཱི་ཞེས་བརྗོད་ཅིང་གཡོན་དང་གཡས་སུ་འགྱིང་བ་རེ་བྱ། ཐར་པའི་སྒོའི་བགེགས་སུ་གྱུར་པའི་སྒྲིབ་པ་རྣམས་དབྱི་བར་བྱའོ། །སྙམ་དུ་མོས་ལ་དྲི་བཟང་པོའི་ཆུས་སྒོའི་ཚངས་ཐིག་དང་རྩ་ཐིག་གཉིས་ཕྲད་པའི་གཡས་གཡོན་ལ་ཆ་ཆུང་གཉིས་གཉིས་ཚངས་ཐིག་དང་བཅས་པ་ཕྱིས་ལ་སྒོ་བཞི་དབྱེ་བར་བྱའོ། །དེ་ནས་ཐིག་ལྷག་མ་རྣམས་སྐོར་ཕྱོགས་ལ་སོགས་པ་སྤྱི་དང་མཐུན་པར་བཏབ་ལ། དེ་ནས་ཟླུམ་ཐིག་གི་ཚེ་ཕུར་བུ་བསང་སྦྱངས། སྟོང་པའི་ངང་ལས་སེང་ལྡེང་གི་ཕུར་བུ་སྟོད་རྡོ་རྗེ་རྩེ་ལྔ་པ་སྨད་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན་དུ་གྱུར་བར་བསམ་ལ་སྔར་གྱི་རྡུང་བའི་སྔགས་ཀྱིས་དབུས་སུ་གདབ། ཕུར་བུ་མེད་ནའང་བསྒོམས་ནས་དེ་ལྟར་བྱའོ། །དེ་ལ་ཐིག་སྐུད་བཏགས་ཏེ་རྟ་བབས་ནས་ཆ་ཆེན་གཅིག་སོང་བར། རྭ་རྩེ་ནས་སྐོར་ཐིག་དང་། དེ་ནས་ཆ་ཕྲན་གཉིས་སོང་བར་པདྨ་དང་། དེ་ནས་ཆ་ཕྲན་གཉིས་ཀྱི་རྡོ་རྗེ་དང་། དེ་ནས་ཆ་ཆེན་གཅིག་གིས་འོད་འཕྲེང་དང་། ནང་ཐིག་ནི། ཚངས་ཐིག་ནས་ཆ་ཕྲན་ལྔ་སོང་བར་ལྟེ་བའི་དོན་དང་དེ་ནས་ཆ་ཕྲན་བཅུ་སོང་བ་ནས་འདབ་མ་དང་། དེ་ནས་ཆ་ཕྲན་གཅིག་གི་མུ་ཁྱུད་དེ་འདབ་མ་རྣམས་ཀྱི་གཅུས་ཐིག་ནི་གཞན་དང་མཐུན་ནོ། །ཐིག་རྣམས་ཐེབས་ནས་ཐིག་སྐུད་ལ་ཆུ་གཉིས་ནས་རོལ་མོའི་བར་གྱིས་མཆོད། འོག་ནས་འབྱུང་བ་ལྟར་བགེགས་གཤེགས་གསོལ་བྱའོ། །དེ་ནས་ལྷ་གནས་རྣམས་སུ་རང་རང་གི་སྔགས་བརྗོད་ཅིང་དྲི་བཟང་པོའི་ཆུས་གཙོ་བོའི་གནས་སུ་གྲུ་བཞི་དང་། གཞན་རྣམས་སུ་ཟླུམ་པོ་བྱའོ། །མེ་ཏོག་གི་ཚོམ་བུ་དགོད། མཆོད་པ་ལྷ་གྲངས་དང་མཉམ་པའམ། རེ་རེ་ཡང་བཅུ་ལས་མི་ཉུང་བར་བྱ། རང་ཉིད་དཀྱིལ་འཁོར་གྱི་ཤར་ནས་ནུབ་ཏུ་ཕྱོགས་པར་འདུག་ཅིང་། བདག་བསྐྱེད་རྫོགས་པའམ། ཡང་ན་གཙོ་བོ་བསྐྱེད། དེ་ནས་མདུན་གྱི་དཀྱིལ་འཁོར་ལ་ཨ་མྲྀ་ཏས་བསངས་སྭ་བྷཱ་ཝས་སྦྱངས་ནས་གཞལ་ཡས་ཁང་གདན་བཅས་ཀྱི་བར་བསྐྱེད། ལྷ་རྣམས་ཀྱི་གནས་གསུམ་བྱིན་བརླབ་ཀྱི་བར་སྒྲུབ་ཐབས་བཞིན་བྱ། ཐུགས་ཀའི་ཧྲཱིཿདམར་པོ་ལས་འོད་འཕྲོས། སྒོམ་པའི་དཀྱིལ་འཁོར་ནམ་མཁའ་བཏེག་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ དམ་ཚིག་བརྟེན་དང་བརྟེན་པའི་དཀྱིལ་འཁོར་ལ་ཡེ་ཤེས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དབྱེར་མེད་དུ་ཐིམ་པར་གྱུ་པར་བསམས་ལ། དེ་ནས་སྒྲུབ་ཐབས་ལྟར་དབང་བསྐུར་རྒྱས་བཏབ་ལ་མཆོད་བསྟོད་རྒྱས་པ་བྱའོ། །གསུམ་པ་བུམ་པ་སྟ་གོན་ནི། རྒྱས་པར་ནི་བུམ་པ་བཅུའམ། མེད་ན་རྣམ་རྒྱལ་དང་ལས་བུམ་གཉིས་སུ་བསྡུ་ཞིང་ཧཱུཾ་ལན་བདུན་བཟླས་པའི་སྐུད་པ་དཀར་པོ་བདུན་གྱིས་རས་བལ་ལ་སོགས་པའི་མགུལ་འཆིངས་ཀྱི་སྟེང་དུ་དཀྲི། འཁྱིལ་བའི་སྔགས་བཟླ་ཞིང་གུ་གུལ་གྱིས་བདུག །ཉུངས་ཀར་གྱིས་བརྡེག་རྟ་གླང་བོང་བུས་མ་བགྲོད་པའི་ཆུ་གཙང་མས་རན་པར་དགང་། གསེར་དངུལ་མུ་ཏིག་བྱི་རུ་པདྨ་རཱ་ག་སྟེ་མེད་ན་ཟངས་སམ། དུང་སྟེ་རིན་པོ་ཆེ་ལྔ། གྲོ་ནས་ཏིལ་མོན་སྲན་འབྲས་སོ་བ་སྟེ་འབྲུ་ལྔ། བྲི་ཧ་ཏི། ཀ་ནཱ་ཀ་ཏི། ཧ་ས་དེ་བ། ཨ་བ་ར་ཛི་ཏ། དཎྜ་ཨུ་པ་ལ་སྟེ་སྨན་ལྔ། ག་བུར། གུར་ཀུམ། ཙནྡན་དཀར་དམར། ཛ་ཏི་སྟེ་དྲི་ལྡན་རྣམས་བུམ་པའི་ནང་དུ་གཞུག །འབྲས་བུ་ཅན་གྱི་ཤིང་གིས་ཁ་བརྒྱན། རྣམ་རྒྱལ་གྱི་སྟེང་དུ་ཧཱུཾ་གིས་བསྔགས་པའི་དུང་ཆོས་སམ། རྫ་ཕོར་དུ་ཕྱིའི་བདུད་རྩི་ལྔ་དང་བཅས་པའི་དྲི་བཟང་གིས་ཆུས་དགང་། དེའི་སྟེང་དུ་མེ་ཏོག་གི་ཕྲེང་བ་དབུས་སུ་བཅིངས་པའི་རྡོ་རྗེ་བཞག །སྟ་གོན་གྱི་དཀྱིལ་འཁོར་གྱི་བྱང་ཤར་གྱི་ཀུ་ཤའི་གདན་ལ་འཁོད། དེ་ནས་བུམ་པ་རྣམས་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། བུམ་པ་གཉིས་སོགས་ཡོད་ན་རྣམས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་གཅིག་ལས་མང་ན་བཾ་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ། ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ་ལ་སོགས་པ་མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར། ༀ་ཏ་པྟེ་ཏ་པྟེ་མ་ཧཱ་ཏ་པྟེ་སྭཱ་ཧཱ། ལྷའི་ཆུ་བོ་གངྒཱ་དང་བུམ་པའི་ཆུ་དབྱེར་མི་ཕྱེད་པར་གྱུར། བསྡུ་ན་དེས་ཆོག་ལ། རྒྱས་པ་ལ་སྤྲོ་ན་བྷྲུཾ་ལས་གཞལ་ཡས་ཁང་གདན་བཅས་ཀྱི་བར་སྒྲུབ་ཐབས་ལྟར་བསྐྱེད། རྣམ་རྒྱལ་བུམ་པའི་དབུས་སུ་པཾ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་རྣམས་ཀྱི་གནས་སུ། ཅེས་པ་ནས། སྐྱིལ་མོ་ཀྲུང་གིས་བཞུགས་པ། ཁ་ཅིག་ལྷ་དགུའི་བདག་ཉིད་དུ་གྱུར་པ་ནི་ཞེས་པ་བདག་བསྐྱེད་ལ་སྦྱོར་ཞིང་། བུམ་བསྐྱེད་ལ་ངོ་བོར་གྱུར་ཞེས་དང་། མདུན་བསྐྱེད་ལ་དཀྱིལ་འཁོར་དུ་གྱུར་ཞེས་བསྒྱུར་དགོས་ཟེར་བ་མི་འཐད་དེ། བདག་ཉིད་དུ་གྱུར་པ་ནི་ངོ་བོར་གྱུར་པའམ་བདག་ཉིད་ཅན་དུ་གྱུར་ཞེས་པའི་དོན་ཡིན་གྱི་བདག་བསྐྱེད་དུ་གྱུར་པའི་དོན་མ་ཡིན་པའི་ཕྱིར་རོ། །བུམ་པ་གཉིས་ཡོད་ན། ལས་བུམ་གྱི་ནང་དུ་དང་མེད་ན། གཙོ་བོའི་གཡོན་དུ་པཾ་ལས་པདྨ་དང་ཨཱཿལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ་གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། སྤྱན་གསུམ་པ་མཆེ་བ་ཅུང་ཟད་གཙིགས་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ལྷ་ཚོགས་དེ་ཐམས་ཅད་ཀྱི་སྤྱི་བོའི་ༀ་དཀར་པོ། ཅེས་པ་ནས། ཚེ་དཔག་མེད་ལྷ་དགུ་དང་ཁྲོ་བོ་བདུད་རྩི་འཁྱིལ་པ་ལ་སངས་རྒྱས་དང་ཅེས་པ་ནས། བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། ཞེས་སོགས་སྤྱན་འདྲེན་རྒྱས་བསྡུས་ཅིང་རིགས་དང་། ༀ་པདྨ་ཀ་མ་ལ་ཡ་སྟྭཾ། ཞེས་པ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་ཞེས་པ་ནས། དབུ་བརྒྱན་པ་དང་། ཁྲོ་བོ་བདུད་རྩི་འཁྱིལ་པ་ལ་དོན་ཡོད་གྲུབ་པས་དབུ་བརྒྱན་ཅིང་། དབང་གི་ལྷ་རྣམས་ཀྱང་དེ་ཉིད་ལ་ཐིམ་པར་གྱུར། དེ་ནས་མཆོད་པ་སྔར་ལྟར་བྱིན་གྱིས་བརླབས་ལ་འབུལ་བ་ནི། ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཡོན་ཆབ་རྒྱུན་ཡང་མི་ཆད་པ། །བུམ་པའི་ལྷ་ཡི་ཚོགས་ལ་འབུལ། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ༀ་ཨཱཪྱ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པཱ་རི་ཝ་ར་ཨརྒྷཾ་ནས་ཤཔྟའི་བར་དུ་མཆོད། བསྟོད་པ་རྒྱས་པའམ། ཡང་ན་འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། ཅེས་སོགས་དང་། འཁོར་བའི་སེམས་ཅན་མ་ལུས་པ། །ཅེས་སོགས་དང་། རང་གི་རང་བཞིན་ཞི་བ་ལས། །གདུག་པ་འདུལ་ཕྱིར་ཁྲོ་བོར་སྐུ། །མ་རུང་ཚར་གཅོད་རྡོ་རྗེ་ཅན། །བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། །དེ་ནས་དུང་ཆོས་ཀྱི་ཆུ་ལ། ༀ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུཾ། ཞེས་པ་ཅི་འགྲུབ་དང་། ༀ་ཨཱཿཧཱུཾ། ལན་བདུན་བཟླས་ནས། དུང་ཆོས་ཀྱི་ཆུ་ཡེ་ཤེས་ཀྱི་བདུད་རྩིར་བྱས་པའི་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་གྱུར། ལྷ་སོ་སོའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཏེ། སྐུའི་ཆ་ནས་བདུད་རྩིའི་རྒྱུན་བབས་པ་རྣམས་བུམ་པའི་ཆུ་དང་དབྱེར་མེད་པར་གྱུར། ༀ་བཻ་རོ་ཙ་ན་ཨཱ་ཡུརྫྙཱ་ན་སེདྡྷི་ས་མ་ཡེ་ཧཱུཾ། ཞེས་པ་བརྒྱ་རྩ་བརྒྱད་དང་། བཛྲ་ཨཱ་ཡུརྫྙཱ་ན༴ རཏྣ༴ པདྨ༴ ཀརྨཱ༴ སརྦ་ལོ་ཀེ་ཏེར་གུ་ཎ༴ ཛྙཱ་ན༴ ཨ་ཙ་ལ༴ རྣམས་བཅུག་སྟེ། བརྒྱ་རྩ་རེའམ་ཡང་ན་ཉེར་གཅིག་རེ་བཟླའོ། །དེ་ནས་ལས་བུམ་ལ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཞེས་བརྒྱ་རྩ་བརྒྱད་བཟླ་ཞིང་ཐུན་མོང་དུ་ༀ་ཨཱཿཧཱུཾ། བརྒྱ་རྩ་དང་། གཟུངས་རིང་ཡང་བཟླ་ཞིང་། ཡིག་བརྒྱ་ལན་བདུན་ནམ་གསུམ་བཟླའོ། །དེ་ནས་ༀ་བཻ་རོ་ཙ་ན་ཨཱ་ཡུརྫྙཱ་ན་སིདྡྷི་ས་མ་ཡེ་ཧཱུཾ། དང་ཧཱུཾ་ལན་བདུན་བཟླས་པའི་མཆོད་ཡོན་ཕུལ། འཁྱིལ་བ་བཟླས་པའི་མེ་ཏོག་གསུམ་གཞུག །དེ་ནས་ཉེར་སྤྱོད་ལྔ་དང་རོལ་མོས་མཆོད་ཅིང་། འཁྱིལ་པའི་སྔགས་དང་། ལས་བུམ་གྱི་ཆུས་བསང་ཞིང་། ཇི་སྲིད་དཀྱིལ་འཁོར་གི་བྱ་བ་རྣམས་མ་རྫོགས་པར་སྲིད་དུ་བགེགས་རྣམ་པར་བཟློག་པའི་འཕྲིན་ལས་མཛད་ཅིག །ཅེས་གསོལ་བ་གདབ། བསྟོད་པ་རྒྱས་བསྡུས་གང་རུང་བྱའོ། །དེ་ནས་ༀ་ཨཱཿཧཱུཾ། བཛྲ་མུཿབུམ་ལྷ་ཡེ་ཤེས་པ་རྣམས་རང་བཞིན་གི་གནས་སུ་གཤེགས་ཤིང་། དམ་ཚིག་པ་རྣམས་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་བར་བསམ་མོ། །བཞི་པ་གཞན་ལ་དབང་བསྐུར་བའི་ཚེ་སློབ་མ་སྟ་གོན་ནི། མཚན་ཉིད་དང་ལྡན་པའི་སློབ་མས་མཎྜལ་ཕུལ། དགའ་ཆེན་ཁྱོད་བདག་ཅེས་སོགས་ཀྱིས་གསོལ་གདབ་ལན་གསུམ་དང་། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་གསུམ་གྱིས་སྐྱབས་སེམས་འཛིན་དུ་འཇུག །དེ་ནས་སློབ་མའི་གནས་གསུམ་བྱིན་བརླབ་བྱ་བ། སོ་ཤིང་། སྲུང་སྐུད། ཀུ་ཤ་སྦིན་པ་རྣམས་བྱས་ལ། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། ཞེས་སོགས་ཀྱིས་སྤྲོ་བ་བསྐྱེད་པ་དང་། སྙན་གསན་འབེབས་པ། དཀྱིལ་འཁོར་ནམ་མཁའ་འདེགས་པའི་བར་རྣམས་འདུལ་འཛིན་པའི་ཆོ་གར་བཤད་པ་ལྟར་བྱའོ། །གསུམ་པ་དངོས་གཞིའི་ཆོ་ག་ལ་གསུམ། ཡེ་ཐིག་གདབ་ཅིང་ཚོན་དགྱེ་བ། བུམ་པ་དགོད་ཅིང་རྒྱན་དགྲམ་པ། བསྒྲུབ་ཅིང་མཆོད་ནས་དབང་བསྐུར་བའོ། །དང་པོ་ནི། དེ་ནས་ཐིག་སྐུད་དཀར་པོ་ལྔ་ཚན་ཚོན་སོ་སོས་ཁ་སྒྱུར། སྣོད་སོ་སོར་དབུས་དང་ཕྱོགས་བཞིར་དགོད། བསངས་སྦྱངས་ནས་རྣམ་སྣང་ལ་སོགས་པའི་རིགས་ལྔར་བསྐྱེད། དེ་ནས་རང་གཙོ་བོ་དང་སློབ་མ་འཁྱིལ་བར་བསྐྱེད་པ་གཉིས་ཀའི་ལག་པ་གཡོན་པའི་སོར་མོའི་རྩེ་མོ་ནས་མཐེ་བོའི་བར་དུ་སྔོ་དཀར་དམར་སེར་ལྗང་བའི་རིམ་པས་བཀོད་ནས་ཀྱང་རྫི་མ་བདེགས་ཤིང་རྡེབས་པ་འབར་བའི་ལྟ་བས་རིགས་ལྔ་བསྐུལ་བར་བསམ་ཞིང་། ༀ་དཱིཔྟ་ཏིཥྛ་ཨཾ་གུ་ཤ་ཛཿབཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོའི་ཐིག་གདབ་པའི་ཕྱིར། རྡོ་རྗེའི་ཐིག་བདག་ལ་སྩོལ་ཅིག །འབར་བའི་ལྟ་སྟངས་ལྕགས་ཀྱུ་ལྟ་བུས་བཀུག་པའི་ཡེ་ཤེས་ཀྱི་ཐིག་སྐུད་སྟ་གོན་གྱི་ལྷའི་ཐུགས་ཀ་ནས་བཏང་བ་ལག་པའི་ཐིག་སྐུད་སོ་སོ་ལ་ཐིམ་པར་གྱུར་པར་བསམ། དེ་ནས་ༀ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦྦ་དྷཱརྨཱཿ ཨ་ཏྱན་ཏ་ཨ་ནུ་པཱ་བིཥྚ་སརྦ་དྷརྨྨཱཿ ཞེས་གཉིས་ཀས་བརྗོད་ཅིང་དེ་རྣམས་སོ་སོར་སྒྲིལ། དེ་ནས་གཅིག་ཏུ་སྒྲིལ། དེ་ནས་འདྲིའི་ཆུ་སོགས་ཀྱིས་བླུགས་པ་དང་ཡི་གེ་གསུམ་བཀོད་པ་ལ་སོགས་པ་ལས་ཐིག་ལྟར་བྱ། དྲིལ་བྱུགས་པའི་གསེར་ལ་སོགས་པའི་སྣོད་དུ་བཞག་སྟེ། ཆུ་གཉིས་ནས་རོལ་མོའི་བར་གྱིས་མཆོད་ནས། ལག་པས་རེག་ཅིང་འཁྱིལ་པ་བཟླས་ལ་བསྲུང་། ཞེས་པ་ནས་སློབ་མས་ཀྱང་བརྗོད་དྲངས། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ཞེས་པའི་བར་ལས་ཐིག་ལྟར་བྱས་ལ། རྡོ་རྗེ་དང་བཅས་པའི་ལག་པ་གཡས་པའི་མཐེ་བོང་དང་འཛུམ་མོས་ཐིག་སྐུད་གཟུང་ལ། སེ་གོལ་གྱི་སྐྲ་དང་བཅས་པས་ནམ་མཁའ་ལ་གདབ་ཅིང་། ༀ་བཛྲ་ས་མ་ཡ་སུ་ཏྲཾ་མ་ཏི་ཀྲ་མ་ཧཱུཾ། ཞེས་བརྗོད། སྒྲ་དེས་ནམ་མཁའ་ཁྱབ་པའི་སངས་རྒྱས་རྣམས་བསྐུལ་ཏེ་བྱོན་ནས་ཐིག་སྐུད་ལ་ཐིམ་པར་གྱུར་པར་བསམ། དེ་ནས་ལག་པ་གཉིས་མཉམ་པར་ཐབ་ལ། སྔགས་དེ་ཉིད་བརྗོད་ཅིང་། ཚངས་ཐིག་དང་པོ་ས་ལ་གདབ། ངོ་བོ་ཡེ་ཤེས་ལ་རྣམ་པ་སྲང་བུ་ཁ་དོག་ལྔར་སྣང་བའི་ཐིག་སྐུད་རེ་ཆད་ནས་ལས་ཐིག་ལ་ཐིམ་པར་གྱུར་པར་བསམ། དེ་ནས་རྐང་པ་བྱིན་གྱིས་བརླབས་ཏེ་གཡས་བསྐོར་དུ་ཕྱིན་ནས། ལྷོ་བྱང་གི་ཚངས་ཐིག་ནམ་མཁའ་དང་ས་གཞི་ལ་འདེབས་པ་གོང་ལྟར་བྱ། དེ་ནས་ནམ་མཁའ་ལ་གདབ་པ་མ་གཏོགས་སྐོར་ཕྱོགས་ལ་སོགས་པ་སྔར་ལྟར་བྱ་སྟེ། ལས་ཐིག་གང་ཡོད་དུ་གདབ། ཐིག་ཐེབས་པ་དང་ཐིག་སྐུད་ལ་སྔར་ལྟར་མཆོད་ནས། ༀ་ཨཱཿཧཱུཾ། བཛྲ་མུཿཐིག་སྐུད་ཀྱི་ཡེ་ཤེས་པ་ནམ་མཁར་བཞུགས་པའི་རྒྱལ་བ་རྣམས་ཀྱི་ཐུགས་ཀར་གཤེགས་ཤིང་། དམ་ཚིག་པ་རང་ལ་ཐིམ་པར་གྱུར་པར་བསམ་མོ། །དེ་ནས་ཚོན་རྣམས་ལ་ཧྲཱིཿཡིག་བྲི་ཞིང་གནས་མ་འཚོལ་བར་དགོད། ཚོན་རྣམས་བསང་སྦྱངས་ནས་རྣམ་སྣང་ཚེ་དཔག་མེད་ལ་སོགས་པ་རིགས་ལྔར་བསྐྱེད། ༀ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ༀ་དཱི་པྟ་ཏིཥྛ་ཨཾ་གུ་ཤ་ཛཿ འབར་བའི་ལྟ་སྟངས་ལྕགས་ཀྱུ་ལྟ་བུས་སྟ་གོན་གྱི་ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཚོན་བཀུག་སྟེ་དམ་ཚ ིག་པ་སོ་སོ་དང་ངོ་བོ་གཅིག་ཏུ་གྱུར། དེ་ནས་ཚོན་རྣམས་ལ་ནི་ཞེས་པ་བྲིས་པ་ཧི་ཞེས་བརྗོད་པས། ཚོན་རྣམས་མང་པོར་སྦར་བར་གྱུར་པར་བསམས་ལ། མེ་ཏོག་ནས་རོལ་མོའི་བར་གྱིས་མཆོད་དེ། དེ་ནས་འོག་ནས་འབྱུང་བའི་སྔགས་ཀྱིས་ཕུར་བུ་བཏོན་ཏེ་ཕུར་ཁུང་ཚོན་སྣ་ལྔས་དགང་། དེ་ནས་རྡོ་རྗེ་ཤུགས་ཀྱི་འཇུག་པས་དཀྱིལ་འཁོར་གྱི་ནང་དུ་ཞུགས་ཏེ། དེ་ཡང་རྩིག་པ་ལྔ་ནི་ཕྱི་ནས་སྔོ་སེར་དམར་ལྗང་དཀར་བ། ཕྱོགས་ཚོན་ནི་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་དཀར་བ། ༀ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་བཟློས་ཤིང་དབང་ལྡན་ནས་བརྩམས་ཏེ་གཡས་སྐོར་གྱིས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་སོར་བཅུ་གཉིས་ཀྱི་ཚད་དུ་བྲི་ཞིང་། དེ་ནས་རང་ངམ་གཞན་གྱིས་ཅི་བདེར་བྲིའོ། །ནང་པདྨ་འདབ་བརྒྱད་དམར་པོ་ལྟེ་བ་ལྗང་གེ་སར་སེར་མུ་ཁྱུད་སྔོན་པོ་ལ་རྡོ་རྗེ་དཀར་པོ། རྩིག་པའི་སྟེང་གི་ས་ལུ་སེར་པོ་ལ་རིན་པོ་ཆེའི་ཕྲེང་བས་སྤྲས་པ། དྲ་ཕྱེད་ཀྱི་གཞི་ནག་པོ་ལ་ཤར་བུ་དང་མདའ་ཡབ་དཀར་པོ། རྟ་བབས་ཀྱི་གསེར་སྣམ་སེར་པོ། ཤར་བུ་རིན་པོ་ཆེ་སྔར་བཞིན། རྟ་མིག་དང་ཝ་རན་ཊ་མཛེས་ཚོན། མུན་པ་གཉིས་ནག་པོ། འཁོར་ལོ་དང་རི་དྭགས་སེར་པོ། སྣ་ཚོགས་རྡོ་རྗེའི་རྭ་དབུས་མ་དང་གླང་རྒྱབ་ཀྱི་ནང་ཕྱོགས་མདོག །ཕྱོགས་ཀྱི་རྭ་རྒྱལ་བའི་མདོག །ཁྱམས་ལྗང་ཁུ། པད་འདབ་སྣ་ཚོགས་པ། རྡོ་རྗེ་ར་བའི་གཞི་སྔོན་པོ་ལ་རྡོ་རྗེ་དཀར་པོ། འོད་ཕྲེང་ཁ་དོག་སྣ་ཚོགས་པ། དབུས་ཀྱི་པདྨའི་ལྟེ་བ་དང་འདབ་མ་བརྒྱད་ཀྱི་སྟེང་དུ་ཟླ་བ་ལ་གནས་པའི་ཧྲཱིཿདམར་པོ་རི་བྲིའོ། །དེ་ལྟར་བྲིས་ཟིན་པ་དང་ཚོན་ལྷག་མ་རྣམས་བསྡུས་ཏེ། ཡེ་ཐིག་ལྟར་མཆོད་པ་དང་གཤེགས་གསོལ་བྱའོ། །གཉིས་པ་ནི། དཀྱིལ་འཁོར་གྱི་མཐར་མཆོད་པ་ལྷ་གྲངས་དང་མཉམ་པ་དབང་ལྡན་ནས་བརྩམས་ཏེ་གཡས་བསྐོར་དུ་བཤམས། གདུགས་དང་རྒྱལ་མཚན་ལ་སོགས་པས་བརྒྱན་པ་དང་། གཏོར་མ་རྣམས་སྟ་གོན་བྱ། འཆི་བླུ་བྱེད་ན་ཇི་ལྟར་བྱ་དགོས་པ་གཞན་དུ་ཤེས། གསུམ་པ་ནི། བདག་བསྐྱེད་བཟླས་པ་དང་བཅས་པ་སྔར་ལྟར་བྱས་ལ། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་རྣམས་བསྡུས་ཏེ་རང་ཉིད་ལ་ཐིམ་པར་གྱུར་ཅེས་བརྗོད་ཅིང་བསམ། འདི་རས་བྲིས་ཀྱི་དཀྱིལ་འཁོར་བསྒྲུབ་པའི་སྔོན་དུ་བདག་བསྐྱེད་བསྒོམ་པའི་མཐར་ཡང་བྱའོ། །དེ་ནས་ༀ་བཛྲ་བེ་ག་ཨ་ཀྲ་མ་ཧཱུཾ། ཞེས་འབྱུང་བ་ནི་དཀྱིལ་འཁོར་དུ་འཇུག་པའི་སྐབས་སུ་རྡོ་རྗེའི་ཤུགས་ཀྱིས་འཇུག་པའི་དོན་ཡིན་པས། དཀྱིལ་འཁོར་བསྒྲུབ་པའི་ཐོག་མར་འདོན་དགོས་ཀྱི། ཁ་ཅིག་བདག་བ སྐྱེད་དང་བུམ་བསྐྱེད་གང་རུང་གི་མཇུག་ཉིད་དུ་སྦྱོར་རྒྱུ་ཡིན་སྙམ་པ་ནི་དོན་མིན་ནོ། །འོན་ཀྱང་དེ་འདུལ་འཛིན་པའི་ཆོ་གར་འབྱུང་གི །པཎ་ཆེན་གྱི་དེར་མི་འབྱུང་ངོ་། །དེ་ནས་སྔར་གྱི་སྔགས་དེ་བརྗོད་ནས་རྡོ་རྗེ་ཤུགས་ཀྱི་འཇུག་པས་དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་མོས་ཏེ། དཀྱིལ་འཁོར་ཨ་མྲྀ་ཏས་བསངས་སྭ་བྷཱ་ཝས་སྦྱངས། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་ཅིང་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་གིས་མཚན་པ་ཅེས་པ་ནས། དབང་གི་ལྷ་རྣམས་ཀྱང་དེ་ཉིད་ལ་ཐིམ་པར་གྱུར། དཀྱིལ་འཁོར་བསྒྲུབ་པའི་ཉི་མ་དང་པོའི་དུས་སུ་སྟ་གོན་གྱི་ལྷ་འབེབས་དགོས་པས། དེའི་སྐབས་ཀྱང་ཤེས་པར་བྱའོ། །མཆོད་པ་ཨ་མྲྀ་ཏས་བསང་སྦྱངས། སྟོང་པའི་ངང་ལས་ༀ་ཞེས་པ་ནས། མཉམ་པར་གྱུར། །ༀ་ཨརྒྷཾ་ཨཱཿཧཱུཾ། ཞེས་པ་ནས། བཛྲ་ཤཔྟ་ཨཱཿཧཱུཾ། དང་ༀ་རཱུ་པ་བཛྲ་ཨཱཿཧཱུཾ། ནས་ༀ་སྦཪྴ་བཛྲ་ཨཱཿཧཱུཾ། གེ་བར་གྱིས་བྱིན་བརླབ་བྱ་ཞིང་། དེ་ནས། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་རེ་དང་། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང་། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། །ༀ་ཨ་པ་རི་མི་ཏཱ་ཡུརྫྙ་ན་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། དེ་བཞིན་དུ་ཤཔྟའི་བར་དུ་སྦྱར་ལ་མཆོད། ༀ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར་ཨ་བརྟ་ཡ་ཨ་བརྟ་ཡ་ཧོ༔ འདུལ་འཛིན་པའི་དེར་མཆོད་ཡོན་གྱི་མཐར་སྔགས་འདི་ཙམ་ལས། མཆོད་པ་གཞན་མི་འབྱུང་བ་ནི་བསྡུས་པའི་དབང་དུ་བྱས་ཤིང་། རྒྱས་པ་བྱེད་ན་སྔགས་དེ་མ་བརྗོད་ཀྱང་ཆོག་ལ། པཎ་ཆེན་གྱི་དེར་རོལ་མོའི་རྗེས་སུ། སྣ་ཚོགས་དབང་པོའི་སོགས་ཀྱིས་གོས་དང་། རྒྱལ་བ་མཚན་དཔེ་སོགས་ཀྱིས་རྒྱན་ཕུལ་བའི་རྗེས་སུ་འདོད་ཡོན་ལྔ། རྒྱལ་སྲིད་བདུན་བུམ་པ་བཀྲ་ཤིས་རྟགས་བརྒྱད་རྣམས་རིམ་པར་འབུལ་བར་བཤད། ལྷན་ཐབས་ལ་ལར་འདོད་ཡོན་རྒྱལ་སྲིད་ཀྱི་རྗེས་སུ་འབྱུང་ཡང་། གཞུང་གཞན་ཕལ་ཆེར་ལས་འདོད་ཡོན་རྒྱལ་སྲིད་ཀྱི་སྔོན་དུ་འབྱུང་བ་མང་བས་འདིར་ཡང་དེ་ལྟར་བྱའོ། །དེས་ན། འཛམ་བུའི་གླིང་དང་གླིང་གཞན་དུ། །གཟུགས་མཆོག་ཚོགས་ཀྱིས་བཀང་བ་ཡང་། །སྟོང་གསུམ་ལ་སོགས་ཇི་བཞིན་དུ། །ཞུམ་པ་མེད་པར་བཅས་ཏེ་འབུལ། །ༀ་ཨ་པ་རི་ནས་ཝ་ར་རཱུ་པ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། དེ་བཞིན་དུ་སྦྱར་ཏེ། སྒྲ་སྙན་ཚོགས༴ དྲི་མཆོག༴ རོ་མཆོག༴ རེག་བྱའི༴ ཤཔྟ༴ གནྡྷེ༴ ར་ས༴ སྦཪྴ་དང་། འཁོར་ལོ༴ ནོར་བུ༴ བཙུན་མོ༴ བློན་པོ༴ གླང་པོ༴ རྟ་མཆོག༴ དམག་དཔོན༴ ཙཀྲ༴ མ་ཎི༴ སྟྲི༴ པུ་རུ་ཥ༴ ཧསྟི༴ ཏུ་རཾ་ག་ཨ་ཤྭ༴ ཁངྒ་རཏྣ་སྦྱར་བས་འདོད་ཡོན་དང་རྒྱལ་སྲིད་འབུལ་ཞིང་། དེ་ནས་རྒྱས་པར་ན་བཀྲ་ཤིས་རྟགས་བརྒྱད་དང་གོས་རྒྱན་བུམ་པ་རྣམས་ཚིགས་བཅད་ཅི་རིགས་ཀྱིས་འབུལ་བར་བྱའོ། །དེ་ནས་རྡོ་རྗེ་དྲིལ་བཟུང་ལ། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། །ཞེས་པ་ནས། སྙན་པའི་བཀའ་དེ་ཐོབ་པར་ཤོག །ཅེས་བསྟོད། དེ་ནས་བསྙེན་པར་བྱེད་དམ་མ་བྱས་ཀྱང་མི་འགལ་ལོ། །དེ་ནས། ཡི་དམ། ཆོས་སྐྱོང་། རྒྱལ་པོ་བཞིའི་གཏོར་མ་རྣམས་བྱིན་བརླབ་བྱ་བ་ནི། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་དངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར་པར་བསམ་ཞིང་། ཨ་ཀ་རོས་བྱིན་གྱིས་བརླབས་ནས། དང་པོ་ནི། མགྲོན་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩི་གཅིག་པ་དཀར་པོའི་དཀྱིལ་སྦུ་གུ་ཅན་རྣམས་སུ་གྱུར། ཏདྱ་ཐཱ། ༀ་ཨ་པ་རི་མི་ཏ་ཨཱ་ཤུཛྙ་ན་ཧྲཱིཿཧཱུཾ་བྷྲུཾ་སྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ། ཅེས་པ་ནས། གྲིཧྣ་ཨི་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཚེ་དཔག་མེད་ཀྱི་ལྷ་ཚོགས་ལ་ཕུལ་ནས། ཆུ་གཉིས་ནས་རོལ་མོའི་བར་གྱིས་མཆོད་ལ། བསྟོད་པ་རྒྱས་བསྡུས་གང་རུང་བྱ། གཉིས་པ་ནི། སྒོས་ཀྱི་ཆོས་སྐྱོང་ལ་རང་གི་འབུལ་ཚུལ་ལྟར་བྱའོ། །གསུམ་པ་ནི། ༀ་ཨེ་ཧྱེ་ཧི་ཙ་ཏུ་ར་ཤྲཱི་མ་ཧཱ་རཱ་ཛཱ་ས་པ་རི་ཝ་ར་ས་མ་ཡེ། ཞེས་པས་སྤྱན་དྲངས། ཀ་མ་ལ་ཡེ་སྟྭཾ། གྱིས་གདན་ཕུལ། རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པའི་ལྗགས་ཧཱུཾ་ལས་ཅེས་པ་ནས། ཅན་རྣམས་སུ་གྱུར། ༀ་ཌྷི་ཌ་ར་ཥྚཱ་ཡེ། ༀ་བཻ་རུ་ཌྷ་ཀ་ཡེ། ༀ་བི་རུ་པཀྵ་ཡེ། ༀ་བཻ་ཤྲ་མ་ཎ་ཡེ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ། ཅེས་པ་ནས། བ་ལི་ཏ་ཡེ་སྭཱ་ཧཱ། ཅེས་ལན་གསུམ་གྱིས་དབུལ། ༀ་ཙ་ཏུ་ར་ཤྲཱི་ནས་ཝ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། རྒྱལ་པོ་ཆེན་པོ་དཔལ་ལྡན་པ། །མརྒད་མདོག་མཚུངས་པི་ཝང་འཛིན། །དྲི་ཟའི་ཚོགས་ལ་དབང་བསྒྱུར་བའི། །ཡུལ་འཁོར་སྲུང་ལ་ཕྱག་འཚལ་ལོ། །དཔའ་བོ་ཆེན་པོ་སྟོབས་པོ་ཆེ། ཁ་དོག་སྔོན་པོ་རལ་གྲི་འཛིན། །གྲུལ་བུམ་ཚོགས་ལ་དབང་བསྒྱུར་བའི། །འཕགས་སྐྱེས་པོ་ལ་ཕྱག༴ མངའ་བདག་ཆེན་པོ་མཐུ་བོ་ཆེ། ཁ་དོག་དམངས་སེར་སྦྲུལ་ཞགས་འཛིན། །ཀླུ་ཡི་ཚོགས་ལ་མངའ་མཛད་པའི། །མིག་མི་བཟང་ལ་ཕྱག༴ དེད་དཔོན་ཆེན་པོ་གསེར་མདོག་ཅན། །བེ་ཅོན་དང་ནི་ནེའུ་ལེ་འཛིན། །གནོད་སྦྱིན་ཚོགས་ལ་དབང་བསྒྱུར་བའི། །རྣམ་ཐོས་སྲས་ལ་ཕྱག་འཚལ་ལོ། །རྒྱལ་ཆེན་བཞི་པོ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བསྣམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཅན་གྱི་སྡོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཤར་ཕྱོགས་དྲི་ཟའི་གདོན་དང་། ལྷོ་ཕྱོགས་གྲུམ་བུམ་གྱི་གདོན་དང་། ནུབ་ཕྱོགས་ཀླུའི་གདོན་དང་། བྱང་ཕྱོགས་གནོད་སྦྱིན་གྱི་གདོན་ལས་གྱུར་པའི་ནད་དང་གནོད་པ་ཐམས་ཅད་ཉེ་བར་ཞི་བའི་འཕྲིན་ལས་མཛོད་ཅིག །ཅེས་འཕྲིན་ལས་བཅོས་ལ། ༀ་ཨཱཿཧཱུཾ་བཛྲ་མུཿརྒྱལ་པོ་ཆེན་པོ་བཞི་རང་གནས་སུ་གཤེགས་པར་གྱུར། ཅེས་བརྗོད་ཅིང་། གཞི་བདག་གཏོར་མ་ཡང་སྤྱི་ལྟར་གཏོང་ངོ་། །དེ་ནས་སྒྲུབ་གྲོགས་ཨ་མྲྀ་ཏ་བཟླ་ཞིང་། དཀྱིལ་འཁོར་སྲུང་དུ་བཅུག་སྟེ། རང་སྒྲུབ་ཁང་གི་ཕྱི་རོལ་ཏུ་ཕྱིན་ནས། ཆ་གསུམ་བཏོང་བ་ལ། གཏོར་མ་མཆོད་པ་བཅས་བྱིན་གྱིས་བརླབ་པ་ནི། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ལས། ཞེས་པ་ནས། ༀ་བཛྲ་ཤཔྟ་ཨཱཿཧཱུཾ་གི་བར་དང་། ༀ་སྭ་བྷཱ་ཝ་བི་ཤུདྡྷེ་དྷརྨཱ་ཏེ་བཛྲ་སིདྡྷི་ཧཱུཾ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱཿསརྦ་ཏངྑི་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ༀ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱཿཎཾ་ཨ་དྱཱ་ནུ་དཱནྣ་ཏྭར། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུཾ། ༀ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ་ཨརྦྦ་སཱ་དྷ་ནི་སྭཱ་ཧཱ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་སྟོབས་བརྗོད། དེ་ནས་སྤྱན་དྲང་བ་ནི། མགོན་པོ་ཀུན་གཤེགས་ཅེས་པ་ནས། གསོལ། ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བའི་དབང་དང་ལྡན། །སྙིང་རྗེ་ཐབས་མཁས་ཐུགས་དམ་དཀྱིལ་པོ་ཆེ། །ལྷ་དང་དྲང་སྲོང་ཡི་དགས་སྲིན་པོ་ཀླུ། །རིགས་འཛིན་རྒྱལ་པོ་དང་ནི་གདོན་གྱི་བདག །དེ་དག་སོ་སོའི་དབང་པོའི་སྐུར་སྟོན་པ། །ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་བཞུགས་སོ་འཚལ། །བསྟན་པ་རྒྱས་པའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ༀ་ཨེ་ཧྱེ་ཧི་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་ས་མ་ཡ་སྭཱ་ཧཱ། ༀ་རུ་ཏྲ་ཡེ། ༀ་ཤ་ཏ་ས་ཧ་སྲ་ༀ་ཨཀྵི་ཡེ། ༀ་ཨཀྞེ་ཡེ། ༀ་ཡ་མ་ཡ། ༀ་ནི་རེ་ཏེ་ཡེ། ༀ་བ་རུ་ཎ་ཡེ། ༀ་བ་ཡ་བཻ་ཡེ། ༀ་ཀུ་བཻ་ར་ཡེ། ༀ་ཨུརྡྷཾ་པྲ་ཧ་མ་ན་ཡེ། སུ་དྱ་གྲ་ཧ་ཨ་དྷི་པ་ཏ་ཡེ། ཙནྡྲ་ནཀྵ་ཏྲ་ཨ དྷི་བ་ཏ་ཡེ། ༀ་ཨརྡྷྭ་པྲི་ཤི་ཝི་བྷྱཿ ཨ་སུ་རེ་བྷྱཿ ནཱ་གེ་བྷྱཿ ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ཞེས་མཆོད་ཡོན་དང་། ཀ་མ་ལ་ཡེ་སྟྭཾ། གདན་ཕུལ། ༀ་རུ་ཏྲ་ཡེ། ནས་ནཱ་གེ་བྷྱཿས་པཱ་རི་ཝ་ར་པྲ་ཝ་ར་སད་ཀ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་ལ། དབང་པོ་རྡོ་རྗེ་འཆང་པའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན༴ ཤར་ལྷོ་མེ་ལྷའི་ཚོགས༴ མཆོད་ཅིང་༴ གཤིན་རྗེ་ལག་ན་བེ་ཅོན་འཆང་། །མ་མོའི་རྒྱལ་བ་གདོན་གྱི༴ ལྷོ་ཕྱོགས་གདོན༴ མཆོད་ཅིང་༴ བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པའི་རྒྱལ་པོ་གདོན༴ ལྷོ་ནུབ་སྲིན་པོའི་ཚོགས་༴ མཆོད་ཅིང་༴ ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཀླུ་ཡི་རྒྱལ་པོ་གདོན༴ ནུབ་ཕྱོགས་གདོན༴ མཆོད་ཅིང་༴ རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །རིག་འཛིན་རྒྱལ་པོ༴ ནུབ་བྱང་རླུང་ལྷའི༴ མཆོད་ཅིང་༴ གནོད་སྦྱིན་ལག་ན་དབྱུག་པ་ཐོགས། །ནོར་སྐྱོང་གདོན་གྱི་བདག་པོ་སྟེ། །བྱང་ཕྱོགས༴ མཆོད༴ དབང་དང་ལྡན་པ་འདྲེན་པའི་ལྷ། །འབྱུང་པོའི་རྒྱལ་པོ༴ བྱང་ཤར་དབང་ལྡན༴ མཆོད༴ སྟེང་གི་ཚངས་པ་ཆེན་པོ་དང་། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད༴ འོག་གི་ཀླུ་སྟེ་ས་ཡི་ལྷ། །ས་འཛིན་ལག་པ་ཆེན་པོ་དང་། །དམ་ཚིག་ཤེས་པའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད་དོ། །གཏོར་མ་སྦྱིན་པ་ནི། ༀ་རུ་ཏྲ་ཡེ། ནས། ནཱ་ག་བྷྱཿས་པཱ་རི་ཝ་ར་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ། ཞེས་སོགས་ལན་གསུམ་དང་། ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་བཅས། །ཅེས་པ་ནས། བདག་གི་ལས་འདིའི་འབྲས་བུ་མཆིས་པར་མཛོད། །ཅེས་པས་བསྔོ། །མཆོད་སྦྱིན་གཏོར་མ་འདི་བསྣམས་ལ། །ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་འཕྲིན་ལས་བཅོལ། གདོན་གྱི་རིགས་སྤྱན་འདྲེན་པ་ནི། ལུས་ཀྱི་སྦྱོང་ལས་སྔར་ལྟར་བྱས་ལ། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟང་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང་། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་བཅས་ཤིང་གཡོག་འཁོར་ཚོགས་བཅས་ལ། །བདག་གི་པུས་མོ་ས་ལ་བཙུགས་ནས་ནི། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱིས། །གསན་ནས་ཕན་གདགས་སླད་དུ་འདིར་སྦྱོན་ཅིག །ༀ་ཨེ་ཧྱེ་ཧི་ལོ་ཀ་ཀཱ་ར་ཡ། དེ་བ། ནཱ་པ། ཡཀྵ། གནྡྷར་པ། ཨ་སུ་ར། ག་རུ་ཌ། ཀིནྣ་ར། མ་ཧོ་ར་ག །མ་ནུ་ཥ། ཨ་མ་ནུ་ཥ། ས་པཱ་རི་ཝ་ར་ས་མ་ཡེ་སྭཱ་ཧཱ། ༀ་དེ་བ། ནས་ཝ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ཞེས་མཆོད་ཡོན་དང་། ཀ་མ་ལ་ཡེ་སྟྭཾ། གྱིས་གདོན་ཕུལ། ༀ་དེ་བ། ནས་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད་ལ། ༀ་དེ་བ། ནས། ཝ་ར་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ། ཞེས་སོགས་གསུམ་གྱིས་གཏོར་མ་ཕུལ་ནས། འབྱུང་པོ་གང་དག་རི་རབ་སྟེང་གནས་དང་། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང་། །ཤར་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་། །རི་བོ་ཀུན་ལ་གང་དག་གནས་པ་དང་། །རིན་ཆེན་གླིང་ན་ལྷག་པར་གང་གནས་དང་། །ཆུ་བོ་ཀུན་དང་ཆུ་བོའི་མདོ་རྣམས་དང་། །མཚོ་དང་རྫིང་བུ་ལྡེང་ག་ཆུ་ངོགས་དང་། །གཡའ་ཆུ་སིལ་མ་ཅན་ན་གང་གནས་དང་། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང་། ཁང་སྟོང་དག་དང་ལྷ་ཡི་ཁང་པ་དང་། །གཙུག་ལག་ཁང་དང་མཆོད་རྟེན་གནས་རྣམས་དང་། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་རྣམས་དང་། །རྒྱལ་པོའི་དཀོར་ཁང་དག་ན་གང་གནས་དང་། །ལས་སྲང་སུམ་མདོ་དང་ནི་བཞི་མདོ་དང་། །གང་དག་ལམ་ཆེན་དང་ནི་ཤིང་གཅིག་དྲུང་། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང་། །སེང་གེ་དྲེད་དང་གཅན་གཟན་གནས་དག་དང་། །འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང་། །གང་དག་གླིང་མཆོག་དག་ན་གནས་པ་དང་། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་ཤིང་མགུ་བར་གྱུར་ནས་སུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་བཏུང་ཞིང་ལེགས་པར་གསོལ་ནས་ཀྱང་། །བདག་གི་ལས་འདི་འབྲས་བུ་མཆིས་པར་མཛོད། །ཅེས་གནས་སྨོས་པའི་སྒོ་ནས་འཕྲིན་ལས་བཅོལ་ལོ། །རང་ཉིད་སྐད་ཅིག་གིས་ཧཱུཾ་མཛད་དུ་གྱུར་པར་བསམས་ལ། དེའི་ང་རྒྱལ་གྱིས་ཕྱག་རྒྱ་བྱས་ཏེ། ཛཿསངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི༴ དགེ་འདུན༴ དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷའི་ཁྱད་པར་ཅན་ཐམས་ཅད་དང་། ཁྱད་པར་དུ་ཡང་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་པ་ལ་བརྟེན་ནས་ཆེ་གེ་མོ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་གྱི་ཚོགས། བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ལ་འདིར་མཆིས་པར་གྱུར་ཅིག །ༀ་ཊཀྐི་ཧཱུཾ་ཛཿ ཞེས་བགེགས་འཁོར་བརྩམས་མདུན་དུ་བཀུག་པར་བསམ། ༀ་གུང་ཀ་རི་གུང་ཀ་རི་སྭཱ་ཧཱ། ༀ་པི་ཙི་པི་ཙི་སྭཱ་ཧཱ། ༀ་གུང་གུང་སྭཱ་ཧཱ། ས་པཱ་རི་ཝ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད་ཡོན་དང་། ཀ་མ་ལ་ཡེ་སྟྭཾ། གྱིས་གདན་དགུ་ལ། ༀ་གུང་ཀ་རི་གུང་ཀ་རི་སྭཱ་ཧཱ། ནས་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ༀ་གུང་ག་རི་ནས་ཝ་ར་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ། ཞེས་སོགས་གསུམ་གྱིས་གཏོར་མ་དབུལ། གང་ཞིག་མཚན་མོ་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང་། །སྲིན་པོ་ཤ་རྗེན་ཟ་བ་དང་། །སེམས་ཅན་རྣམས་པ་སྣ་ཚོགས་དང་། །ལྗོན་ཤིང་གེལ་པ་སོགས་གནས་པ། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆན་འབྲས་བུ་མང་པོ་དང་། །མཆོད་པ་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང་། །བདག་ཅག་རྣམས་ལ་ཕན་པའི་ཡིད། །དེ་རིང་ཕན་ཆད་སྤྱད་པར་གྱིས། །རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་བསྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡི་བྲམ་ཟེ་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམ། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པར་མ་བྱེད་ཅིག །ༀ་ཆེན་པོའམ་ཆུང་དུ་གང་དག་གི །ལུས་ལ་མངོན་པར་གནོད་གྱུར་པའི། །ནད་དེ་ཉེ་བར་ཕྱུང་ནས་སུ། །གདོན་དེ་རང་གི་གནས་སུ་དེངས། །དེ་ལྟར་བདག་གིས་ཅི་ནུས་ཀྱིས། །མཆོད་དང་བསྙེན་བཀུར་བྱས་པ་ཡིས། །དམ་ཚིག་གནས་ལ་གནས་ནས་སུ། །བདག་གི་འདོད་པ་སྐོང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང་། །འདིར་ནི་ཆེ་གེ་མོ་ཞིག་གི །ནད་དེ་ཉེ་བར་སོལ་མཛོད་ལ། །གདོན་རྣམས་རང་གི་གནས་སུ་དེངས། །སརྦ་བིགྷྣཱ་ན་ག་ཙྪ། བགེགས་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། ༀ་དེ་བ། ནས་ཝ་ར་པྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། སྡེ་བརྒྱད་འཁོར་བཅས༴ ༀ་རུ་ཏྲ་ཡེ། ནས་ཀ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། གཙྪ། ཕྱོགས་སྐྱོང་འཁོར་བཅས་རང་གནས་སུ༴ ན་མཿས་མནྟ་བུདྡྷཱ་ནཾ། སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀེ་ཏེ། ༀ་སམྦྷ་ར་སམྦྷ་ར་ཧཱུཾ། ཞེས་པ་ལན་གསུམ་གྱིས་ཡི་དགས་ལ་གཏོར་མ་སྦྱིན། དེ་ནས་ཉེ་རེག་བྱ་སྟེ། དེའི་ཚུལ་ནི། ལག་པ་གཡོན་པའི་ཁུ་ཚུར་གྱིས་ཆུ་བཟུང་། གཡས་པའི་གུང་མོ་དང་སྲིན་ལག་ཅུང་ཟད་བཀུག་པར་ཆུ་བླངས་ཏེ། ཁ་རྣ་བ་མིག་སྣ་ཁ་ལག་ལྟེ་བ་མགོ་རྣམས་སུ་རེག་ཅིང་ཆུ་ཧུབ་གསུམ་འཐུང་སྟེ། ཁུ་ཚུར་གྱིས་མཆུ་ལ་ལན་གཉིས་ལ་ཕྱི་བར་བྱའོ། །དེ་ནས་ནང་དུ་འོངས་ཏེ། རང་ཉིད་སྐད་ཅིག་གིས་ཧཱུཾ་མཛད་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་འཆིང་བ། གཡོན་བརྐྱང་བའི་སྟབས་ཀྱི་བཞུགས་པ། རྡོ་རྗེའི་ཤུགས་ཀྱི་འཇུག་པས་དཀྱིལ་འཁོར་གྱི་ནང་དུ་ཞུགས་པར་གྱུར། ༀ་བཛྲ་ས ཏྭཱ་ས་མ་ཡ། ཞེས་སོགས་ཡི་གེ་བརྒྱ་པ་བཟླ་ཞིང་བསྐོར་བ་ལན་གསུམ་བྱ། ༀ་མཆོག་ཏུ་བདེ་བའི་སེམས་ནི་རོལ་པར་ལྡན། །སྒེག་པའི་ཕྱག་གིས་བཅོམ་ལྡན་འདས་ལ་འདུད། ཛཿཧཱུཾ་བཾ་ཧོཿ ཧི་ཧི་ཧི་ཧི་ཧཱི། མགོན་པོ་སྙིམ་པའི་མེ་ཏོག་བཞེས་སུ་གསོལ། །ༀ་པྲ་ཏཱིཙྪ་ཧཱུཾ། གིས་མེ་ཏོག་འབུལ། ༀ་བཛྲོད་གྷ་ཌ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཞེས་ལན་བཞི་བརྗོད་ལ་སྒོ་དབྱེ། ༀ་ས་མ་ཡ་པྲ་བེ་ཤ་ཡ་མི། ཞེས་པས་མེ་ཏོག་རང་གི་མགོ་ལ་བཅིང་། ༀ་པྲ་ན་མ་མི་སརྦྦ་ཏ་ཐཱ་ག་ཏ། ཞེས་པས་ཕྱག་བྱ། བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཐམས་ཅད་ཀྱི་བཀའ་དྲིན་སྩོལ་ཅིག །ཞེས་གསོལ་བ་གདབ། འཆི་བླུ་བྱེད་པར་འདོད་ན་འདུལ་འཛིན་དང་པཎ་ཆེན་གྱི་ཆོ་ག་ལས་འབྱུང་བ་ལྟར་བྱ་ལ། དེ་ཡང་འདུལ་འཛིན་པའི་དེར་སྐབས་འདི་དང་། པཎ་ཆེན་གྱིས་དབང་གི་མཇུག་ཏུ་བྱ་བར་བཤད་པས་གང་བདེའོ། །དེ་ནས་སློབ་མ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་ནི། རང་ངམ་སློབ་མ་ཁྲུས་བྱས། མེ་ཏོག་ཐོགས་ཏེ། ཡོན་དང་མཎྜལ་ཕུལ་ནས། དགའ་ཆེན་ཁྱེད་བདག་སྟོན་པ་པས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་ཏུ་གསོལ། །ཞེས་རྗེས་ཟློས་ལན་གསུམ་བྱས་ཏེ་གསོལ་བ་གདབ། ༀ་བཛྲ་ཨ་མྲྀ་ཏས་བསང་བའི་མིག་དང་། ༀ་ཙ྄ཀྵཱ་པ་ན་དྷ་བར་མན་ཡེ་ཧཱུཾ། ཞེས་པ་བཅིང་། ཨཱཿཁཾ་བི་ར་ཧཱུཾ། གིས་མེ་ཏོག་གི་ཕྲེང་བ་གཏོད་ཅིང་། དཀྱིལ་འཁོར་གྱི་ཤར་སྒོར་བཞག །དེ་ནས་སྡོམ་པ་སྦྱིན་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་ལ། དེའི་སྤང་བྱ་མཐའ་དག་སྤོང་ཞིང་། བསླབ་བྱ་མཐའ་དག་ལ་བསླབ་པར་བྱ་སྙམ་པའི་མོས་པ་བྱས་ལ་རྗེས་ཟློས་མཛོད་ཅེས་བརྡ་སྤྲད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཅེས་པ་ནས། འགྲུབ་པར་ཤོག །ཞེས་ལན་གསུམ་གྱིས་སྡོམ་པ་བཟུང་། བྱ་རྒྱུད་ལ་རིགས་ལྔའི་སྡོམ་བཟུང་མེད་པས། ཐམས་ཅད་རྣལ་འབྱོར་དང་ལྡན་པའི་སེམས་བསྐྱེད་པ་ནི། ༀ་སརྦ་ཡོ་ག་ཙིཏྟ་ཨུད་པ་ཏ་ཡ་མི། ཞེས་བརྗོད་དུ་གཞུག་དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ། །སྙམ་པའི་སྨོན་པའི་སེམས་ཀུན་རྫོབ་པ་དེ་ཉིད་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ། དེའི་སྟེང་དུ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྟོང་པ་ཉིད་དང་སློབ་མའི་སེམས་རོ་གཅིག་ཏུ་གྱུར་པའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པར་གྱུར། ཅེས་བརྗོད་དེ་བརྡ་སྤྲད། རང་གི་མི་ལེན་པའི་སྐབས་ཡིན་ན། སློབ་མའི་དོད་ལ་རང་ཞེས་སྦྱོར་བ་འོག་མ་ཀུན་ལ་འགྲེ། ༀ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿ སིད་དྷི་བ ཛྲ་ཡ་ཐཱ་སུ་ཁཾ། ཞེས་དང་། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱི། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལའང་མ་ཡིན་ནོ། །ཞེས་བརྗོད། ༀ་ཨཱཿ ཁཾ་བི་ར་ཧཱུཾ། གིས་འཁྲིད། ༀ་བཛྲ་ས་མ་ཡ་ཧཱུཾ། ཞེས་བརྗོད་དུ་བཅུག་ལ་ནང་དུ་ཞུགས་བར་མོས་ཏེ། ན་མཿཏེ་ཧཱུཾ། ན་མ་ཿམེ་ཧཱུཾ། ན་མོ་ན་མ་ཧཱུཾ། ཞེས་ཕྱག་བྱ། གསུམ་པོ་ལ་འདུལ་འཛིན་པའི་དེར་སྭཱ་ཧཱ་ཡང་འབྱུང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །བདག་ལ་འཆི་མེད་ཚེའི་དངོས་གྲུབ་སྩལ་དུ་གསོལ། ཞེས་གསོལ་བ་ལན་གསུམ་གདབ། དེ་ནས་སློབ་མ་འམ་རང་། ༀ་མྲྀ་ཏས་བསང་། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧྲཱིཿལས་པདྨ་ཧྲཱིཿམཚན་པ། དེ་ཡོངས་སུ་གྱུར་པ་ལས་སློབ་མ་འམ་རང་ཉིད་ཚེ་དཔག་མེད་སྐུ་མདོག་དམར་པོ་བྱི་རུའི་མདོག་ཅན་འོད་ཟེར་དམར་པོ་ཅེས་པ་ནས། ཀྲུང་གིས་བཞུགས་པའི་སྙིང་ཁར་ཧྲཱིཿདམར་པོས་མཚན་པར་གྱུར་པའི་མོས་པ་མཛོད་ཞེས་པ་དང་། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཁ་ནས་འོད་ཟེར་འཕྲོས། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་དང་། གཞན་ཡང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་དང་། འཆི་མེད་ཚེའི་དངོས་གྲུབ་ཐོབ་པ་རྣམས་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཧྲཱིཿདམར་པོའི་རྣམ་པར་སྤྱན་དྲངས་ནས་ཁྱེད་རང་རྣམ་པའམ་རང་གི་ལུས་ལ་ཐིམ་པར་གྱུར་ཅེས་བརྡ་སྤྲད། རོལ་མོའི་སྒྲ་དང་བཅས་པས་ངག་ཏུ་ཧྲཱིཿཧྲཱིཿཧྲཱིཿབཛྲ་ཨ་བེ་ཤ་ཡ་ཨཱཿཨཱཿཨཱཿ ཅེས་བརྗོད་ཅིང་རྡོ་རྗེ་མགོར་བཟུང་སྟེ། ཏིཥྛ་བཛྲ། ཞེས་བརྟན་པར་བྱ། ༀ་པྲ་ཏཱིཙྪ་ཧཱུཾ། ཞེས་ལྷ་ལ་མེ་ཏོག་དབུལ། ༀ་པྲ་ཏི་གྲྀཧྣ་སྟྭཾ་ཨིཾ་མ་ས་ཏྭ་མ་ཧཱ་བ་ལ། སེམས་དཔའ་སྟོབས་པོ་ཆེ་སློབ་མ་འམ་བདག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེས་སུ་གཟུང་ཤོག །ཞེས་མེ་ཏོག་མགོ་ལ་བཅིང་། ༀ་ཛྙཱ་ན་ཙཀྵུ་བྷ་ན་དྷ་ཧཱུཾ་ཨཱཿསྭཱ་ཧཱ། ཞེས་པས་མིག་དར་དབྱེ། ཧེ་བཛྲ་པ་ཤྱ། ཞེས་བརྗོད་དེ་རྟེན་བརྟེན་པའི་དཀྱིལ་འཁོར་མཐའ་དག་སྟོན། སྟོན་ཚུལ་ནི། རྡོར་ར་མི་རི་ནས་གཙོ་བོའི་བར་རིམ་པར་བྱའོ། །དེ་ནས་དབང་བསྐུར་བ་དངོས་གཞི་ནི། མཎྜལ་ཕུལ་ཏེ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བརྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེས་དེང་བདག་སྩོལ། །ཞེས་ལན་གསུམ་གསོལ་བ་གདབ། །དེ་ནས་བུམ་པ་སྤྱི་བོར་བཟུང་ནས། ལུས་ལ་རྣམ་སྣང་ཚེ་དབང་བསྐུར། །བུ་ཁྱོད་འཆི་བདག་ལས་གྲོལ་སྟེ། །བསྐལ་པ་སྟོང་དུ་ཚེ་འཕེལ་ནས། །སྲོག་གཅོད་སྡིག་པ་དག་གྱུར་ཅིག །ༀ་བཻ་རོ་ཙ་ན་ཨཱ་ཨུརྫྙ་ན་སིད་དྷེ་ས་མ་ཡ་ཨ་བྷི་ཥཱི་ཉྩ་ཧཱུཾ། འདིར་བུ་ཁྱོད་ཞེས་པ་རང་ལ་དབང་བསྐུར་བའི་སྐབས་ཡིན་ན། བླ་མ་དང་གཙོ་བོ་ཐ་མི་དད་པས་གསུང་པར་མོས་དགོས་སོ། །སྦྱིན་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་སྦྱིན་པའི་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ནི། །སྦྱིན་པའི་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །སྦྱིན་པ་མཐར་ཕྱིན་ཚེ་ནི་འཕེལ་བར་ཤོག །ཞེས་བརྗོད་དེ་བུམ་ཆུ་བླུད་ཅིང་། ༀ་ན་མོ་བྷ་ག་ཞེས་པ་ནས། ཝཱ་རེ་སྭཱ་ཧཱ། དེ་ལྟར་བུམ་པའི་ཆུས་དབང་བསྐུར་བས་སྡིག་སྒྲིབ་ཐམས་ཅད་དང་། ཁྱད་པར་དུ་ཡང་གཏི་མུག་གི་དབང་གིས་སྲོག་གཅད་པའི་སྡིག་པ་མ་ལུས་པ་དག །ལུས་རྣམ་སྣང་ཚེ་དཔག་མེད་ཀྱི་ངོ་བོར་གྱུར། ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གྱུར། དེ་ནས་ལས་ལ་རྡོ་རྗེའི་ཚེ་དབང་བསྐུར། ནས་ཅིག །ༀ་བཛྲ་ཨཱ་ཡུརྫྙཱ་ནས་ཧཱུཾ། ཚུལ་ཁྲིམས་ནས་ཞེ་སྡང་གི་དབང་གིས༴ ལུས་རྡོ་རྗེ་ཚེ་དཔག་མེད་ཀྱི་ནས་མི་བསྐྱོད་པས༴ ལུས་ལ་རིན་ཆེན་ཚེ་དབང་ནས་ཅིག །ༀ་རཏྣ་ཨཱ་ཡུརྫྙཱ་ནས་ཧཱུཾ། བཟོད་པའི་ནས་ང་རྒྱལ་སེར་སྣའི་དབང་གིས༴ ལུས་རིན་ཆེན་ཚེ་དཔག་མེད་ཀྱི་ནས་རིན་ཆེན་འབྱུང་ལྡན༴ ལུས་ལ་པདྨའི་ཚེ་དབང་ནས་ཅིག །ༀ་པདྨ་ཨཱ་ནས་ཧཱུཾ། བརྩོན་འགྲུས་ནས་འདོད་ཆགས་ཀྱི་དབང་གིས༴ ལུས་པདྨ་ཚེ་དཔག་མེད་ནས་འོད་དཔག་མེད༴ ལུས་ལ་ལས་ཀྱི་ཚེ་དབང་ནས་ཅིག །ༀ་ཀརྨ་ཨཱ་ནས་ཧཱུཾ། བསམ་གཏན་ནས་ཤོག །ཅེས་དང་། ཤེས་རབ་སྟོབས་ཀྱིས་ནས་ཕྲག་དོག་གི་དབང་གིས་སྲོག་གཅོད་པའི་སྡིག་པ༴ ལུས་ལས་ཀྱི་ཚེ་དཔག་ནས་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། ཞེས་དབང་བསྐུར་རོ། །འདིར་འདུལ་འཛིན་པའི་པདྨ་ཚེ་དཔག་མེད་རིན་ཆེན་གྱི་སྔོན་དུ་འབྱུང་པ། པཎ་ཆེན་གྱི་དེར་རིན་ཆེན་སྔོན་དུ་འབྱུང་བས་འགལ་བ་མེད་པར་སྣང་ཡང་། སྤྱི་འགྲོ་དང་བསྟུན་ན་ཕྱི་མ་བདེ་བར་སེམས་པས་དེ་ལྟར་བྱའོ། །འོ་ན་འདུལ་འཛིན་པས་གོ་རིམ་དེ་ལྟར་འཆད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་ནི་དུག་གསུམ་སྦྱོང་ཚུལ་ལྷན་ཅིག་ཏུ་བཀོད་པའི་དབང་དུ་བྱས་པ་ཡིན་འང་གོ་རིམ་དེ་ཁོ་ན་ཉིད་བྱེད་པར་མ་ངེས་པ་གཞུང་དུ་མ་ལས་ཤེས་སོ། །ཡང་ན་ཅིག་ཤོས་ལྟར་བྱའོ། །དེ་ནས་བུམ་པ་གཉིས་སོགས་ཡོད་ན་རྣམ་རྒྱལ་བུམ་པ་ནས་ལས་བུམ་དུ་ཆུ་ཅུང་ཟད་བླུགས་ཏེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། ཞེས་སོགས་ཀྱིས་དཀྱིལ་འཁོར་གྱི་ལྷ་ལ་ཁྲུས་གསོལ་ཞིང་དེའི་ཆུ་འང་ལས་བུམ་དུ་ཅུང་ཟད་བླུགས་ཏེ། དེ་སློབ་མའི་སྡིག་སྒྲིབ་སོགས་བཀྲུས་པར་བསམས་ནས། སྙིང་པོ་དང་ལས་ཐམས་ཅད་པའི་གཤམ་དུ་ཆེ་གེ་མོའི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟི ངྐུ་རུ་ཡེ་སྭཱ་ཧཱ། ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་བཞིན་དུ་སྦྱར་ཏེ་རིམས་ཐམས་ཅད༴། གདོན༴ ཉེ་བར་འཚེ་བ༴ དུས་མ་ཡིན་པའི་འཆི་༴ འཁོན༴ གྲིབ༴ བདུད༴ བྱུར་དང་སྐལ་པ་དན་པ༴ ལྟས་ངན་པ༴ མཚན་མ༴ རྨི་ལམ༴ བཀྲ་མི་ཤིས༴ མཚན་མོ་ནག་མོའི་གདོན༴ བདུད་ཀྱི་ཞགས་པ༴ གཤིན་རྗེའི་ཕོ་ཉ༴ བགེགས་དང་ལོག་འདྲེན་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་ལན་མང་དུ་བཀྲུའོ། །དེ་ནས་ཁ་རུ་ཆུ་ཅུང་ཟད་བཟུང་ཞིང་། བཀྲུས་པའི་ལྷག་མ་ལུས་པ་རྣམས་ཅུ་དེར་འཕོ་བར་བསམ་ནས། རྨ་བྱའི་སྒྲོས་བྱབས་ཤིང་། སྙིང་པོ་དང་ལས་སྔགས་བརྗོད་པའི་རྗེས་སུ། ཆེ་གེ་མོའི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་འཕགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨ་པ་ཎ་ཡེ་སྭཱ་ཧཱ། དེ་བཞིན་དུ་གཞན་རྣམས་ལ་ཐམས་ཅད་ཅེས་པ་རེ་རེའི་མཐར་ཨ་པ་ཎ་ཡེ་སྭཱ་ཧཱ། ཞེས་སྦྱར་ཏེ་བརྗོད་པའི་རྗེས་སུ་ཁའི་ཆུ་དེ་སྔར་བཀྲུས་པའི་ཆུ་ནང་དུ་འདོར་རོ། །དེ་ནས་སློབ་དཔོན་གྱིས། ཛཿ སངས་རྒྱས་ཀྱི་བདེན་པ་དང་། ནས་ལ་བརྟེན་ནས། སློབ་མ་འདི་རྣམས་ཀྱི་ལུས་ངག་ཡིད་གསུམ་གནོད་ཅིང་འཚེ་བར་བྱེད་པའི་འབྱུང་པོ་གདོན་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ཁྲུས་ཆུ་འདི་དང་ལྷན་ཅིག་ཏུ་རང་རང་སོ་སོའི་གནས་སུ་སོང་ཞིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་རྣམས་ཀྱིས་སྲེག་ཅིང་རྣམ་པར་འཇོམས་པ་གདོན་མི་ཟའོ། །ཨ་མྲྀ་ཏ་དང་། ༀ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། ཅེས་པ་ནས། བཛྲ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་། གུ་གུལ་གྱིས་བདུག །རོལ་མོའི་སྒྲ་དྲག་ཏུ་བྱ་ཞིང་། བཀྲུས་པའི་ཆུ་ཕྱིར་འདོར་རོ། །དེ་ནས་སངས་རྒྱས་རྣམས་ནི་བདུད་ལས་རྒྱལ། །ཆོས་ནི་ཆོས་མ་ཡིན་ལས་རྒྱལ། །དགེ་འདུན་མུ་སྟེགས་རྣམས་ལས་རྒྱལ། །དབང་པོ་ལྷ་མིན་རྣམས་ལས་རྒྱལ། །ལྷ་མིན་ཟླ་བ་རྣམས་ལས་རྒྱལ། །ནམ་མཁའ་ལྡིང་ནི་རྒྱ་མཚོ་ལས། །མེ་ནི་ཤིང་རྣམས་ཀུན་ལས་རྒྱལ། །ཆུ་ནི་མེ་ལས་རྒྱལ་བར་འགྱུར། །རླུང་ནི་སྤྲིན་ལས་རྒྱལ་བར་འགྱུར། །རྡོ་རྗེ་ཡིས་ནི་རིན་ཆེན་ཕུག །ལྷ་རྣམས་བདེན་པར་རབ་ཏུ་གནས། །ས་ཡང་བདེན་པར་གནས་པ་ལས། །སངས་རྒྱས་དང་ནི་ཆོས་ཀྱང་བདེན། །བདེན་པ་རྒྱལ་འགྱུར་རྫུན་མ་ལགས། །བདེན་པ་དང་བདེན་པའི་ཚིག་འདི་དག་གིས་བདུད་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག །ཛ་ཡ་ཛ་ཡ། སིདྡྷི་སིདྡྷི། ཕ་ལ་ཕ་ལ་ཧོཿ ཞེས་བརྗོད་ཅིང་། དེ་ནས་སྔགས་ཀྱི་རྗེས་སུ། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ལས་རཀྵ་རཀྵ། ཞེས་སོགས་ཀྱི་མཐར། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། མགོན་པོ་ཚེ་དཔག་མེད་པའི་བྱིན་རླབས་ཀྱིས། །འགྲོ་བ་འདི་ལ་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །རཀྵ་རཀྵ་ཡེ་སྭཱ་ཧཱ། རཀྵ་ནི་སྲུང་བའི་དོན་ཡིན་པས་ཐམས་ཅད་ལས་ཞེས་བྱས་ན་བདེའོ། །དབུ་རྒྱན་ཡོད་ན་བསྐྱེད་ཚུལ་ནི། པཎ་ཆེན་གྱི་གསུང་ལྟར། དེ་བསངས་སྦྱངས། ཅོད་པཎ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿཡོངས་སུ་གྱུར་པ་ལས། དེ་བཞིན་གཤེགས་པ་རིགས་ལྔའི་ངོ་བོར་གྱུར་པའི་ཅོད་པན་དུ་གྱུར་ཅེས་བསྐྱེད་པར་བྱ་དགོས་སོ། །མེད་ན་སོ་སོའི་ཕྱག་རྒྱ་བྱས་ཏེ། དེ་བཞིན་གཤེགས་པའི་དབུ་རྒྱན་ཅོད་པན་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཏེ། །རིགས་ལྔའི་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །ༀ་བཛྲ་ཨ་བྷི་ཥཱིཉྩ་ཧཱུཾ། ༀ་བུད་དྷ༴ ༀ་རཏྣ༴ ཏྲཱཾ། ༀ་པདྨ༴ ཧྲཱིཿ ༀ་ཀརྨཱ༴ ཨཱཿ ཞེས་དང་། མཛེས་ཤིང་ཡིད་འོང་དར་གྱི་ཅོད་པཎ་འདིས། །བསྐལ་ལྡན་ཤེས་བྱ་ཀུན་ལ་ཐོགས་པ་མེད་པ་དང་། །འགྲོ་བའི་དོན་ལ་མཐུ་དང་དབང་ཐོབ་ཤོག །ༀ་བཛྲ་པ་ཏྲ་ཨ་ཝ་ལམ་བྷ་ན་ཨ་བྷི་ཥཱིཉྩ་ཏྲཾ། འདུལ་འཛིན་པའི་དེར་དབུ་རྒྱན་དང་དར་དབྱངས་གཉིས་ཀ་ལ་སྔགས་ཙམ་གྱིས་འགྲུབ་པར་བཤད་ཅིང་། པཎ་ཆེན་གྱི་དེང་ཡང་རྒྱལ་སྲིད་མ་གཏོགས་ཚིགས་བཅད་མེད་ཀྱང་། འདིར་མཛད་པ་ནི་རྒྱས་པའི་ལུགས་སོ། །དེ་ནས་རིན་ཆེན་སྣ་བདུན་གྱི་གཟུགས་བྲིས་པ་ཡོད་ན། འདུལ་འཛིན་པའི་དེར་བསྐྱེད་ཚུལ་བཤད་པ་ནི། བསངས་སྦྱངས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣ་བདུན་རྣམ་པ་འཁོར་ལོ་སོགས་དང་ཤིང་ཐོགས་པ་མེད་པ་ངོ་བོ་ཡེ་ཤེས་ལས་གྲུབ་པར་གྱུར་པར་བསམ་ལ། ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། རྩིབས་སྟོང་ལྡན་ཞིང་མུ་ཁྱུད་རབ་མཉམ་བཟང་། །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་པའི། །འཁོར་ལོ་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་ཙཀྲ་རཏྣ་ཨ་བྷི་ཥཱིཉྩ་མཾ། ཞེས་འཁོར་ལོ་སྦྱིན། དེ་བཞིན་དུ་རིན་ཆེན་ངོ་བོ་ལྷ་རྫས་བཻཌཱུཪྱ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པས༴ ༀ་མ་ཎི་རཏྣ༴ གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་ལ། །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི། བཙུན་མོ་རིན་ཆེན། ༀ་སྟི༴ གང་ཡང་རྒྱལ་བ་མུ་ཏིག་མདངས་ལྡན་པས། །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་ཏེ། །བློན་པོ་རིན་ཆེན༴ ༀ་པུ་རུ་ཥ༴ ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཆེན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླེང་པོ༴ ༀ་ཧ་སྡི༴ ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ཏེ་སླར་ཡང་ལྡོག་འགྱུར་བ། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་པའི། །རྟ་མཆོག་༴ ༀ་ཏུ་རཾ་ག་ཨ་ཤྭ༴ འགྲོ་དང་ལྡོག་དང་ཀུན་ནས་འོང་འགྱུར་བའི། །བདུད་དཔུང་མ་ལུས་འཇིགས་པར་བྱེད་པ་སྟེ། །དཔལ་ལྡན་འབྱོར་བའི་དཔུང་དང་བཅས་པ་ཡི། །དམག་དཔོན་རིན་ཆེན་དམ་པས༴ ༀ་ཁཌྒ་རཏྣ༴མཾ། ཞེས་རིན་ཆེན་ས་བདུན་གྱིས་དབང་བསྐུར་རོ། །དེ་ནས་ཉུངས་ཀར་ལ་སོགས་པའི་བཀྲ་ཤིས་ཀྱི་རྫས་བརྒྱད་རས་དཀར་པོ་སོགས་གཞི་གཙང་མིའི་སྟེང་དུ་བཞག་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ༀ་ལས་གྲུབ་པའི་བཀྲ་ཤིས་ཀྱི་རྫས་ཉུངས་ཀར་ལ་སོགས་པ་བརྒྱད་ལ་རེག་པ་ཙམ་གྱིས་བཀྲ་མི་ཤིས་པ་སེལ་བའི་རྫས་སུ་གྱུར་པར་བསམ་ཞིང་། ༀ་མངྒ་ལ་ཨཥྚ་དྲ་བྱ་སྭཱ་ཧཱ། ཞེས་སྙིང་པོས་བྱིན་གྱིས་བརླབས་ཏེ། ཡུངས་ཀར་ལག་ཏུ་ཐོགས་ནས། སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་གསང་སྔགས་དང་རིག་སྔགས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེས་གྲུབ་པའི་རྫས་ཡུངས་ཀར་ཕྱག་ཏུ་ཕུལ་ཏེ། བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ་དེང་འདིར་ཡང་སློབ་མ་རྣམས་ཉུངས་ཀར་གྱིས་རྫས་ལ་བརྟེན་ནས་ཚེ་རིང་ཞིང་བཀྲ་ཤིས་པར་གྱུར་ཅིག ། ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་པར་གྱུར་པའི་བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་བར་ཤོག །ཅེས་སྦྱིན་ནོ། །དེ་བཞིན་དུ་དུར་བ་ཐོགས་ཏེ། སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ། རྩྭ་འཚོང་གི་ཁྱེའུ་བཀྲ་ཤིས་ཀྱིས་རྩྭ་དུར་བ་ཅེས་པ་ནས། གྱུར་ཅིག །དུར་བས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་ཟབ་བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་རྣམས་འཕེལ་བར་ཤོག །ཞེས་སྦྱིན་ནོ། །བིལ་པ་ཐོགས་ཏེ། སྔོན་བཅོམ་ལྡན་འདས་ལ་ལྷ་ཚངས་པས་ཤིང་ཐོག་བིལ་བ་ཅེས་པ་ནས། ཅིག །བིལ་བ་རྒྱུ་རྐྱེན་འབྲས་བུར་ལྡན་པ་སྟེ། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་རྣམས། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་རྣམས་ཀུན་འགྲུབ་ཤོག །ཞེས་སྦྱིན་ནོ། །གྷི་ཧང་ཐོགས་ཏེ། སྔོན༴ གླང་པོ་ཆེ་ནོར་སྐྱོང་གི་སྨན་གྷི་ཧང་ཅེས་པ་ནས། གྷི་ཧཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་དག་གྱུར་ཅིག །ཅེས་སྦྱིན་ནོ། །ལི་ཁྲི་ཐོགས་ཏེ། སྔོན༴ བྲམ་ཟེ་སྐར་རྒྱལ་གྱི་བུས་སྨན་ལི་ཁྲི་ཅེས་པ་ནས། ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཁྱད་སྲིད་བརྟན་གྱུར་ཅིག །ཅེས་སྦྱིན་ནོ། །ཞོ་ཐོགས་ཏེ། སྔོན༴ ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ༴ ཅེས་པ་ནས། ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་ཡང་དག་ཡེ་ཤེས་མཆོག་རྟོགས་ནས། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་བར་ཤོག །ཅེས་སྦྱིན་ནོ། །མེ་ལོང་ཐོགས་ཏེ། །སྔོན༴ གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཅེས་པ་ནས། མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །ཅེས་བྱིན་ནོ། །དུང་ཐོགས་ཏེ། སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་གཡས་སུ་འཁྱིལ་པ་ཕྱག་ཏུ་ཕུལ་ཏེ། ཅེས་པ་ནས། གྱུར་ཅིག །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ནས། །ཆོས་རྣམས་མ་ལུས་སྟོན་པར་བྱེད་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་པར་ཤོག །ཅེས་སྦྱིན་ནོ། །དེ་ནས་རང་ངམ་ཁྱེད་རང་རྣམས་ཐ་མལ་དུ་གནས་པའི་སྙིང་ཁར་པདྨ་འདབ་མ་བཞི་ཡོད་པའི་ལྟེ་བར་རྣམ་སྣང་ཚེ་དཔག་མེད། །མདུན་དུ་རྡོ་རྗེ་ཚེ་དཔག་མེད། གཡས་སུ་རིན་ཆེན་ཚེ༴ རྒྱབ་ཏུ་པདྨ་ཚེ༴ གཡོན་དུ་ལས་ཀྱི་ཚེ༴ སྤྱི་བོར་ཡེ་ཤེས་ཚེ་དཔག་མེད་རྣམས་བཞུགས་པར་གྱུར། ཡང་ན་སྐུ་མདོག་སོགས་རྒྱས་པར་བརྡ་སྤྲད། བླ་མ་གཙོ་བོའམ་རྣམ་སྣང་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀ་ནས་ཡེ་ཤེས་ཚེ་དཔག་མེད་འཕྲོས་ཏེ། རང་ངམ་ཁྱེད་རང་རྣམས་ཀྱི་སྤྱི་བོའི་ཡེ་ཤེས་ཚེ་དཔག་མེད་ལ་ཐིམ་པས་འཆི་བ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་དུ་གྱུར། ཚངས་བུག་ནས་ཞུགས། སྙིང་ཁའི་རིགས་ལྔའི་ཚེ་དཔག་མེད་ལ་ཐིམ་པས། དེ་རྣམས་ཀྱང་ཞུ་བའི་ཡེ་ཤེས་ཀྱི་བདུད་རྩིས་ལུས་ཐམས་ཅད་ཁྱབ་ཅིང་གང་བས་ལུས་ཀྱི་ཟུང་དང་སེམས་ཀྱི་རྟེན་དུ་གྱུར་པའི་མོས་པ་མཛོད་ཅེས་བརྡ་སྤྲད་དེ། ༀ་ན་མོ་བྷ་ག་ཝ་ཏེ། ཅེས་པ་ནས། ཝཱ་རེ་སྭཱ་ཧཱ། དེ་ལྟར་ལན་གསུམ་མམ་གཅིག་བྱས་ཏེ། རང་ངམ་སློབ་མའི་སྤྱི་བོར་རྡོ་རྗེ་བཟུང་ལ། ཡེ་ཤེས་ཚེ་དཔག་མེད་ཀྱི་ང་རྒྱལ་དང་ལྡན་པས། ང་ནི་ཡེ་ཤེས་ཚེ་དཔག་མེད། །ཀུན་ཏུ་བརྙས་པ་སྤང་བར་གྱིས། །འཆི་བདག་ཆེན་པོ་ངས་བཅོམ་པས། །བུ་ཁྱོད་ཚེ་ཡི་རིག་འཛིན་བརྙེས། །ཅེས་བརྗོད་དེ་བྱིན་གྱིས་བརློབ་བོ། །དེ་ནས་བཀའ་དྲིན་གྱི་ཆེད་དུ་མཎྜལ་འབུལ། སྤྱིར་རྒྱུད་སྡེ་བཞི་པོ་གང་གིའང་དཀྱིལ་འཁོར་ལ་བརྟེན་ནས་དབང་བསྐུར་བར་མ་ཟད། ལྷོ་སྒོའི་ཆོ་ག་ཡང་བྱང་རུང་སྟེ། ཀུན་རིག་ཊཱིཀ་ཆེན་ལས། རྣལ་འབྱོར་བླ་མེད་སོགས་ཀྱི་དཀྱིལ་འཁོར་གཞན་གྱི་སྒོ་ནས་གཤིན་པོའི་དོན་དུ་ཆོ་ག་བྱེད་པར་འདོད་ན་ཡང་། རྣམ་ཤེས་དགུག་པ་སོགས་ཀྱི་བདེན་སྟོབས་བརྗོད་པའི་ཚེ། དཀྱིལ་འཁོར་གྱི་གཙོ་བོ་གང་ཡིན་པའི་མཚན་དང་། རྩ་རིག་གི་གནས་སུ་རང་རང་གི་ཡི་གེ་བརྒྱ་པ་བརྗོད་ཅིང་། ལྷོ་སྒོའི་ཆོ་ག་གཞན་ཐམས་ཅད་འདི་བཞིན་དུ་བྱས་ལ་བདག་མདུན་གི་དཀྱིལ་འཁོར་བསྒྲུབ་པ་དང་། དབང་བསྐུར་བ་སོགས་རང་རང་གི་གཞུང་ལས་འབྱུང་བ་ལྟར་བྱའོ། །ཞེས་གསུངས་པས། ཚེ་དཔག་མེད་ལ་བརྟེན་ནས་ལྷོ་སྒོ་བྱེད་ན་བདེན་སྟོབས་བརྗོད་པའི་ཚེ། །བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་ཞེས་འདོན་པ་བསྒྱུར་ཞིང་། ཚེ་ལྡན་གྱི་དོན་དུ་ཡིན་ན། རྩ་རིག་གི་དོད་ལ་གཟུངས་འདོན་པ་དང་། ཚེ་འདས་ཡིན་ན་ཡིག་བརྒྱ་སྤྱི་འགྲོ་ལྟར་བཟླ། ཕྱག་འཚལ་བ་ནི། ཆོས་ཀྱི་འཁོར་ལོ་ཞེས་སོགས་ལྟ་བུ་དང་། ཚེ་འདས་ལ་ཤི་ནས་ཚེ་དཔག་མེད་ཀྱི་ཞབས་དྲུང་དུ་སྐྱེད་ཞེས་དང་། སརྦ་བིད་ༀ་སོགས་ཀྱི་དོད་དུ་ཚེ་འདས་ཀྱི་སྤྱི་བོར་ༀ་སོགས་ཀྱང་འཐད། ལྷག་མ་གཞན་ཕྱག་ལེན་མཐོང་རྒྱུད་ལྟར་བྱའོ། །དེ་ཡང་ཊཱིཀ་ཆེན་གྱི་བླ་མེད་རྣལ་འབྱོར་སོགས་ཞེས་པའི་སོགས་སྒྲས་རྒྱུད་སྡེ་གཞན་གསུམ་སྡུད་པར་གོ་དགོས་ཤིང་། ཅང་གྱཱ་ཞབས་དྲུང་གིས་ཀྱང་དེའི་དགོངས་པ་བླངས་ནས་གསང་བདེ་འཇིགས་གསུམ་དང་ཚེ་དཔག་མེད་ཀྱི་སྒོ་ནས་ལྷོ་སྒོའི་ཆོ་ག་བྱ་དགོས་ཚུལ་བཤད་པས། ཁ་ཅིག་བྱ་རྒྱུད་ཀྱི་སྐབས་སུ་ལྷོ་སྒོ་བྱར་མི་རུང་སྙམ་པ་ནི། རང་ཉིད་མང་དུ་ཐོས་པ་དང་མི་ལྡན་པའམ། བླ་མའི་མན་ངག་མེད་པའི་ནང་རྟགས་སྟོན་པའོ། །དེར་མ་ཟད། ལྷོ་སྒོ་བྱེད་པའི་ཚེ་བདག་མདུན་བུམ་གསུམ་ཚང་བར་དགོས་མོད། དམིགས་བསལ་བདག་བསྐྱེད་དང་བུམ་བསྐྱེད་ཙམ་གྱིས་ཀྱང་རུང་ངོ་། །བུམ་བསྐྱེད་རྒྱས་པ་མ་ལྕོགས་པའི་ཚེའང་གཟུངས་བུམ་བསྒྲུབ་པར་བྱ་སྟེ། ཁྲུས་བུམ་ཙམ་ཡང་མ་བསྒྲུབ་པར་ལྷོ་སྒོའི་ཆོ་ག་བྱེད་པ་ནི་སླ་ཆོས་སུ་སོང་བའོ། །དེའི་ཕྱིར་ཚེ་འདས་ཀྱི་དོན་དུ་དཀྱིལ་འཁོར་དང་། དེའི་ཆོ་ག་བྱས་ནས་ལྷོ་སྒོ་མི་བྱེད་པ་ནི་དགོས་པའི་གཙོ་བོ་སྟོར་བ་ཡིན་ཏེ། ཅང་གྱཱ་ཞབས་ཀྱིས། གཤིན་པོའི་དགེ་བ་ལ་གསང་བདེ་འཇིགས་གསུམ་སོགས་ཀྱི་ཆོ་ག་ཞེ་དགུའི་བར་དུ་གསུངས་པ་ཕན་ཡོན་ཤིན་ཏུ་ཆེ་ལ། དེ་དང་འབྲེལ་བའི་ལྷོ་སྒོའི་ཆོ་ག་བྱས་ན་སྡིག་སྒྲིབ་སྦྱོང་བ་སོགས་ཀྱི་ནུས་པ་དང་ཕན་ཡོན་ལྷག་པར་ཆེ་བས་ཚེ་འདས་ལ་སྙིང་བརྩེ་བ་དག་གིས་ནི་ཚུལ་འདི་ལྟ་བུ་ལ་བརྩོན་པར་རིགས་སོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ནས་གཏར་རག་གི་མཆོད་པ་སྔར་བཞིན་བསངས་སྦྱངས་བསྐྱེད་དེ། འབུལ་བ་ནི། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ༀ་ཨ་པ་རི་ནས་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བསྟོད་པ་རྒྱས་བསྡུས་གང་རུང་བྱས་ནས། ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། དེ་ནས་ཐལ་མོ་སྦྱར་ཏེ། གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱེད་དེ་ཀུན་བཟོད་པར་མཛོད། །མ་རྙེད་ཡོངས་སུ་མ་ཤེས་དང་། །གང་ཡང་ནུས་པ་མ་མཆིས་པར། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛོད་རིགས། །ཅེས་པས་བཟོད་གསོལ་བྱ། སྤྲོ་ན། འགའ་ཞིག་ནས་འབྱུང་བ་ལྟར། ལྷག་པ་དང་ནི་ཆད་པ་དང་། །ཆོ་གའི་ཡན་ལག་ཉམས་པ་དང་། །བདག་གིས་བརྗེད་ངས་ཅི་མཆིས་པ། །དེ་ཡང་བཟོད་པར་མཛད་དུ་གསོལ། །བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་ལ་ཐུགས་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ། མཛད་པའི་འཕྲིན་ལས། སྐྱོན་པའི་ནུས་མཐུ། བསམ་གྱིས་མི་ཁྱབ་པ། མངའ་བ་ལགས་པས། ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། སེམས་ཅན་ལ་བདེ་སྐྱི་འབྱུང་བ། ཁྱད་པར་དུ་ཡང་བདག་སོགས་སྦྱིན་པའི་བདག་པོའི་ནད་གདོན་བར་ཆད་ཐམས་ཅད་ཉེ་བར་ཞི་བ་དང་། མཐུན་རྐྱེན་ཚེ་དང་བསོད་ནམས་དཔལ་དང་འབྱོར་བ་ཐམས་ཅད་ཟླ་བ་ཡར་གྱི་ངོོ་བཞིན་དུ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། ཕྱི་མར་ཡང་བདེ་བ་ཅན་དུ་སྐྱེས་ནས་འཚང་རྒྱ་བར་འགྱུར་བར་བྱིན་གྱིས་བརློབ་ཏུ་གསོལ། གནས་སྐབས་སུ་བདག་ལ་དགོངས་སུ་གསོལ། བདག་ཅག་ལས་དང་པོ་པ་སེམས་བྱིང་རྒོད་ཀྱི་དབང་གིས་ཆོ་ག་ལྷག་པ་ཆད་པ། མཆོད་པའི་ཡོ་བྱད་ངན་ཞིང་མ་ཚང་བ། སྔགས་མ་དག་པ། ཏིང་ངེ་འཛིན་མ་གསལ་བ་ལ་སོགས་པ། འཁྲུལ་ཞིང་ནོངས་པའི་ཚོགས་ཅི་བགྱིས་པ་དེ་དག་ཐམས་ཅད་མགོན་པོ་ཐུགས་རྗེ་ཆེན་པོ་ཁྱེད་རྣམས་ཀྱིས་ཐུགས་བཟོད་པ་དམ་པ་མཛོད་ལ་བདག་ཅག་གི་ཚེ་འདི་ལ་བར་ཆད་མེད་ཅིང་། ཕྱི་མ་ལ་གནོང་པའི་སྡིག་སྒྲིབ་མི་འབྱུང་བར་བྱིན་གྱིས་བརློབ་ཏུ་གསོལ། བདག་ལ་དངོས་གྲུབ་མཆོག་སྩལ་ལགས། །ཏིང་འཛིན་ཀུན་གི་འབྲས་བུ་སྩོལ། །སེམས་ཅན་ཀུན་ལ་ཅི་འདོད་པའི། །དངོས་གྲུབ་བླ་ན་མེད་པ་སྩོལ། །ཅེས་འདོད་དོན་ལ་གསོལ་བ་གདབ། རྡུལ་ཚོན་ཡིན་ན། ཉིན་སྔ་མ་རྣམས་ལ་བརྟན་བཞུགས་དང་། ཕྱི་མའི་ཚེ་ཡི་གེ་བརྒྱ་པ་བརྗོད་ཅིང་དཀྱིལ་འཁོར་ལ་ལན་གསུམ་བསྐོར་བ་བྱས་ལ། ༀ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱིས་མཐར། ༀ་ཨཱཿབཛྲ་མུཿ ཞེས་པས་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་རང་ལ་བསྡུ། དགེ་བའི་རྩ་བ་རྣམས་བསྟན་པ་རྒྱས་པ་ལ་སོགས་པའི་དོན་དུ་བསྔོ་ཞིང་། དེ་ནས་ཨ་ཀ་རོ་བརྗོད་ཅིང་དྲིལ་བུ་གསོལ་ཏེ། དང་པོ་ལྷ་མཚན་རྣམས་བསྡུ། དེ་ནས་ཚངས་ཐིག་ནས་བརྒྱ་མས་ལྟེ་བའི་བར་དང་རེ་ཁ་རྡོ་རྗེའི་རྩེ་མོས་བཤིག་རྡུལ་ཚོན་རྣམས་ཕྱགས་ཏེ་བུམ་པར་བླུགས་ལ་མཆོད་པ་དང་བཅས་ཁྱེར་ནས་རྒྱ་མཚོ་འབབ་པའི་ཆུ་བོར་འདོར་རོ། །བུམ་པ་ཆུས་བཀང་ལ་འོངས་ཏེ། དཀྱིལ་འཁོར་གི་ཁང་པ་ལ་ཞི་བ་ཤིས་པའི་དོན་དུ་གཏོར་རོ། །ༀ་བཛྲ་ཀཱི་ལ་ཨུ ད་ཀཱི་ལ་ཡ་སརྦ་ཀཱི་ལ་ན་བཛྲ་དྷ་ར་ཨད་ཛྙཱ་པ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཧོཾཿ ཅེས་བརྗོད་དེ་ཕུར་བུ་རྣམས་དབྱུང་ངོ་། །ༀ་རུ་རུ་སྐུ་རུ་ཛྭ་ལ་ཏིཥྛ་སིད་དྷ་ལོ་ཙ་ན་སརྦ་ཨཪྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་སོགས་བཟླས་ཏེ་ཕུར་བུ་རྣམས་བཀྲུས་པས་བགེགས་རྣམས་སོས་ཏེ་སངས་རྒྱས་པར་གྱུར་ཅིག །ཅེས་བརྗོད། རས་བྲིས་ཡིན་ན། ༀ་ན་མོ་བྲུཾ་ཨཱ་ཡུརྫྙཱ་ན་ཧྲཱིཿཨ་རོ་ལིཀྐ་ཧཱུཾ་ཧྲཱིཿ མདུན་བསྐྱེད་ཀྱི་སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་རང་རང་གི་བྲིས་སྐུའི་རྣམ་པར་གྱུར་ནས་ཇི་སྲིད་འབྱུང་བཞིའི་གནོད་པ་མ་བྱུང་བའི་བར་དུ་བརྟན་པར་བཞུགས་སུ་གསོལ། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་འཐོར་རོ། །ཤིས་བརྗོད་རྒྱས་པའམ། བསྡུ་ན། ཆེ་བའི་ཆེ་མཆོག་སོགས་དང་། དུས་མིན་འཆི་བའི་སོགས་དང་། འདབ་བཟང་གཙུག་ཕུད་སོགས་དང་། ཚངས་དང་ལྷ་དབང་སོགས་ཀྱིས་ཤིས་བརྗོད་བྱའོ། །ཅེས་ཚེ་དཔག་མེད་ཀྱི་ཆོ་གའི་འདོན་ཆ་ནས་འགྲོས་སུ་བཀོད་པ་ནི། དད་པ་དང་རྣམ་དཔྱོད་ཟུང་དུ་འབྲེལ་བའི་དཀའ་བཅུ་པ་བློ་བཟང་བསམ་འགྲུབ་དང་། དགེ་སློང་བློ་བཟང་དབང་ཕྱུག་གཉིས་ཀྱི་རང་གཞན་ལ་ཕན་འདོད་ཀྱི་འདུན་པས་བསྐུལ་བའི་ཚེ། ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས། འདུལ་འཛིན་པས་མཛད་པའི་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་འཆི་བདག་ཀུན་འཇོམས་ཞེས་གྲགས་པ་ལ། པར་མ་གཉིས་སྣང་བ་ལས། གཅིག་འདུལ་འཛིན་ཉིད་ཀྱིས་མཛད་པའི་ཆོ་ག་དངོས་དང་། གཅིག་ནི་དེ་ལ་ཅུང་ཟད་ཁ་སྐོང་བྱས་པ་ཞིག་ཏུ་སྣང་བས། འདིར་སྔ་མ་དེ་གཞིར་བྱས་པ་ཡིན་ན་འང་། དེ་ཉིད་ནས་འབྱུང་བའི་འཆི་བླུའི་སྐོར་དོར། པཎ་ཆེན་གོང་མས་མཛད་པའི་ཚེ་དཔག་མེད་ཀྱི་ཆོ་ག་སོགས་ནས་ལེགས་ཆ་བླངས་ཏེ། སྔར་དགོན་འདིར་མཆིས་པའི་འདོན་ཆ་དང་མཐུན་པར་ཅོ་ནེ་བཤད་སྒྲུབ་གླིང་དུ་བསྒྲིགས་པ་སྟེ་ཆོ་ག་འདི་ཚུལ་བཞིན་དུ་བྱས་ན། གནས་སྐབས་ཚེའི་བར་ཆད་ཞི་ཞིང་སྡིག་སྒྲིབ་འདག་པ་དང་། ཕྱི་མ་བདེ་བ་ཅན་དུ་སྐྱེས་ནས་སངས་རྒྱས་ཚེ་དཔག་མེད་ཀྱིས་རྗེས་སུ་འཛིན་པ་སོགས་ཕན་ཡོན་ཤིན་ཏུ་ཆེ་བའོ། །སྨྲས་པ། སྙིགས་མའི་འགྲོ་བ་ཀུན་གྱི་སྐྱབས་ཀྱི་ཕུལ། །བདེ་ལྡན་ཞིང་གི་འདྲེན་པ་ཚེ་དཔག་མེད། །གང་དེའི་དཀྱིལ་འཁོར་ཆོ་ག་འོད་དཀར་ཅན། །མཐའ་ཡས་འགྲོ་འདིའི་ཕན་བདེའི་དཔལ་དུ་ཤར། །ཚུལ་འདིར་སྒོ་གསུམ་འབད་ལས་རྣམ་དཀར་དགེ། །གངས་རིའི་ཏོག་འདྲ་ཇི་སྙེད་ཐོབ་དེ་ཡང་། གནས་སྐབས་ཚེ་ཡི་བར་ཆད་ཀུན་ཞི་ཞིང་། །ཕྱི་མར་བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཅེས་པ་འདི་ཡང་གནས་བརྟན་བློ་བཟང་དབང་ཕྱུག་གིས་ཆོ་ག་འདི་པར་དུ་བརྐོ་བར་བཞེད་པའི་ཚེ་བསྐུལ་བ་ལྟར་བགྱིས་ཤིང་། པར་རྐོ་བ་པོ་ནི་དེ་ཉིད་ཀྱི་གཅུང་འཇམ་དབྱངས་ཚུལ་འཁྲིམས་དང་། ཡབ་མ་ཎི་འབུམ་གཉིས་སོ། །འདིས་ཀྱང་རྒྱལ་བའི་བསྟན་པ་ལ་ཕན་ཐོགས་པར་གྱུར་ཅིག །སརྦ་མངྒལཾ།། །།

ཚེ་རིལ་བསྒྲུབ་པ་དང་ཚེ་དབང་བསྐུར་ཚུལ་འཆི་མེད་དཔལ་སྟེར།

ཚེ་རིལ་བསྒྲུབ་པ་དང་ཚེ་དབང་བསྐུར་ཚུལ་འཆི་མེད་དཔལ་སྟེར་བཞུགས།

གང་གི་མཚན་ཙམ་བཟུང་བས་འཆི་བདག་གི །མཆེ་བ་རི་མོའི་གནས་ལ་འགོད་བྱེད་ཅིང་། །ཚེ་དང་ཡེ་ཤེས་ངེས་སྟེར་བདེ་ལྡན་དུ། །འཁྲིད་མཛད་བཅོམ་ལྡན་ཚེ་དཔག་མེད་ལ་འདུད། །འདིར་ཚེ་དཔག་མེད་སྒོ་ནས་རང་གཞན་གྱི་དོན་བྱེད་པར་འདོད་ན། ཚེ་བསྒྲུབ་དང་། ཚེ་དབང་བསྐུར་བའི་ཚུལ་གཉིས་ལས་དང་པོ་ལ། བདག་མདུན་གཉིས་ལས། བདག་བསྐྱེད་ནི། སྐྱབས་སེམས་ཚད་མེད་རྣམས་སྔོན་དུ་བཏང་ནས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཧྲཱིཿཡིག་དམར་པོ་རིང་ཆ་ཚེ་དྲག་དང་བཅས་པ། དེ་ལས་འོད་ཟེར་འཕྲོས་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྒྱལ་བ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱའི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། རིན་པོ་ཆེའི་དབུ་རྒྱན་ལ་སོགས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང་། ལྷ་རྫས་ཀྱི་དར་གྱི་སྟོད་གཡོགས་དང་སྨད་གཡོགས་མཛེས་པར་གསོལ་བ། འོད་ཀྱི་ཕུང་པོའི་དབུས་ན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རང་གི་སྤྱི་བོར་ༀ་དཀར་པོ་ནས་ཧཱུཾ་སྔོན་པོ། །དེ་ལས་འོད་ཟེར་འཕྲོས། བདེ་བ་ཅན་ནས་རྒྱལ་བ་ཚེ་དཔག་མེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ནས་ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་སྤྲུལ་སྐུ་ཚེ་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། དེ་ནས་མཆོད་པ་བྱིན་གྱིས་བརླབས་ཏེ་འབུལ་བ་ནི། ཚིགས་བཅད་སྔགས་དང་བཅས་བསམས། བསྡུ་ན། ༀ་ཨཱཪྱ་ཨ་པཱ་ར་མི་ཏ་ཨཱ་ཨུར་ཛྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ནས་ཤཔྟའི་བར་གྱིས་མཆོད་ཅིང་། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །ཅེས་སོགས་ཀྱི་བསྟོད་ལ། རང་གི་ཐུགས་ཀའི་ཟླ་གདན་གྱི་སྟེང་དུ་ཧྲཱིཿཡིག་དམར་པོའི་མཐར་བཟླས་བྱའི་སྔགས་ཕྲེང་གིས་བསྐོར་བ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚེ་དཔལ་བསོད་ནམས་ཐམས་ཅད་བཀུག་ནས་སྔགས་འཕྲེང་ལ་ཐིམ་པར་གྱུར་པར་བསམས་ལ། གཟུངས་རིང་ཐུང་གཉིས་ཅི་འགྲུབ་བཟླས་ནས་མཐར་ཡིག་བརྒྱ་བརྗོད་ཅིང་། སྔར་བཞིན་མཆོད་བསྟོད་བྱའོ། །གཉིས་པ་མདུན་བསྐྱེད་ནི། བྲག་ཞུན་ཅོང་ཞི། བུ་ར མ། མར། གར། སྦྲང་རྩི། ཤུགས་འབྲས་སོགས་བཅུད་ལེན་དང་། གཞན་དུག་རིགས་མིན་པའི་སྨན་སྣ་ཚོགས་དང་། བུམ་རྫས་ཉེར་ལྔ་སོགས་ལས་རིལ་བུ་ཅི་འདོད་བྱས་པ་ན་བཟའ་དམར་པོ་སོགས་གང་རིགས་སུ་བསྒྱུར་ཏེ་སྐམ་པ་བུམ་པ་བཟང་པོའི་ནང་དུ་བླུགས་ནས་སྟེགས་ཀྱི་ཁང་བཞག་ལ། མཆོད་པས་མཐའ་བསྐོར་ཏེ་འཆད་འགྱུར་ལྟར་བྱིན་བརླབ་བྱ། བུམ་པ་སྔར་བཞིན་བསངས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་དམར་པོ་མཚན་ཉིད་ཐམས་ཅད་དང་ལྡན་ཞིང་། ལྷ་རྫས་ཀྱི་གོས་ཀྱིས་དཀྲིས་པའི་ནང་དུ། ཚེ་རིལ་རྣམས་ཡོངས་སུ་གྱུར་པ་ལས་ཧྲཱིཿཡིག་དམར་པོ་རེ་རེ། དེ་རྣམས་ལས་འོད་ཟེར་འཕྲོས། ཞེས་པ་ནས་རང་ཉིད་ཞེས་པ་དོར་ཏེ། སྔར་བཞིན་དང་། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་རེ་རེར་གྱུར། དེ་རྣམས་ཀྱི་སྤྱི་བོར་ༀ་དཀར་པོ། ནས་བདག་ལ་ཞེས་པ་ནི་འདི་ལ་ཞེས་པར་བསྒྱུར་བ་མ་གཏོགས་སྔར་ལྟར་རོ། །དེ་ནས་རབ་འབྱམས་རྒྱ་མཚོའམ། མཆོད་ཡོན་ཕལ་ཆེར་སོགས་དང་། སྔགས་ཙམ་གྱིས་མཆོད་ལ། འཇིག་རྟེན་འདྲེན་པའི་སོགས་དང་། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྡིག་པའི་དྲི་མ་ཕྱིར་བསལ་ནས། །མཁའ་དང་མཉམ་པའི་སྐུ་མངའ་བ། །མཉམ་ཉིད་སྐུ་ལ་ཕྱག་འཚལ་བསྟོད། །ཞེས་པ་དང་། རྒྱས་པ་ན་ཉི་གཞོན་འཆར་ཀ་མས་བསྟོད་ཀྱང་མི་འགལ། དེ་ནས་དེ་རྣམས་ཀྱི་ཐུགས་ཀ་དང་ཕྱག་མཚན་བུམ་པའི་ནང་དུ་ཟླ་གདན་གྱི་སྟེང་དུ་ཧྲཱིཿཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། རང་དང་བསྒྲུབ་བྱའི་ཚེ་མི་མ་ཡིན་གྱིས་འཕྲོགས་པ་དང་བརྐུས་པ་དང་ཡར་པ་ལ་སོགས་པ་རྣམས་བུམ་པ་དང་ལྷུང་བཟེད་བདུད་རྩིས་བཀང་བའི་རྣམ་པར་བསྡུས་ནས་སྔགས་ཕྲེང་ལ་ཐིམ། ཡང་འོད་ཟེར་འཕྲོས་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའི་རོ་བཅུད་ནུས་པ་ཐམས་ཅད་དང་། སྐྱེ་འཕགས་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས། སྔགས་དང་སྨན་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཅུད་ཀྱི་སྙིང་པོ་ཐམས་ཅད་བསྡུས་ནས་སྔགས་ཕྲེང་རྣམས་ལ་ཐིམ་པར་གྱུར་པས་བསམས་ལ། གཟུངས་ཐུང་ལ་གཙོ་བོར་འབད་ཅིང་། གཟུངས་རིང་ཅི་མང་བཟླ། མཐར་ཡེ་ཤེས་གསུམ་ལན་བདུན་སོགས་དང་། ཡིག་བརྒྱ་བརྗོད་ཅིང་། མཆོད་བསྟོད་མདོར་བསྡུས་དང་མ་རྙེད་སོགས་ཀྱིས་བཟོད་གསོལ་བྱས་ནས། བཅོམ་ལྡན་འདས་བདག་དང་སྦྱིན་པའི་བདག་པོ་ལ་ཚེ་དང་བསོད་ནམས་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། འདིར་ནི་རྟེན་དང་སོགས་ཀྱིས་བརྟན་བཞུགས་བྱས་ཏེ། ཤིས་བརྗོད་སྤྱི་དང་། ཕྱིན་དྲུག་དང་སྦྱར་བའི་བཀྲ་ཤིས་བྱའོ། །གཏོར་མ་འབུལ་བར་འདོད་ན། གོང་གི་ཡིག་བརྒྱའི་མཇུག་དར་བྱིན་བརླབས་བྱས་ན་ཨ་ཀཱ་རོའམ། ༀ་ཨ་པཱ་ར་མི་ཏས་འབུལ་རུང་། གཞི་བདག་གཏོར་མ་གཏོང་འདོད་ནའང་སྤྱི་ལྟར་འབུལ། འདིའི་སྐབས་སུ་ཐུན་དུ་བཅད་དེ་བསྒྲུབས་ན་ནི་ཕུན་སུམ་ཚོགས་པར་འགྱུར་ཡང་། མ་བྱས་ཀྱང་ཆད་ལྷག་ཏུ་མི་འགྱུར་བར་གང་བདེ་བྱ། ཉི་མ་གཅིག་གམ་གསུམ་མམ་བདུན་ལ་སོགས་པར་བྱས་ཏེ། གྲོལ་ཉིད་པར་མཆོད་བསྟོད་ཡིག་བརྒྱ་དང་བཅས་མཇུག་ཏུ་བཟོད་གསོལ་དང་གསོལ་འདེབས་བྱས་རྗེས། ལྷ་རྣམས་འོད་དུ་ཞུ་ནས་རིལ་བུའི་རྣམ་པར་གྱུར་པར་བསམས་ལ། བརྟན་བཞུགས་དང་ཤིས་བརྗོད་བྱའོ། །དེ་ལྟར་བསྒྲུབ་པ་ནི་རྒྱས་པའི་དབང་དུ་བྱས་ལ། བསྡུ་ན་བུམ་ནང་གི་རིལ་བུ་རྣམས་ཀྱི་སྟེང་དུ་ཟླ་གདན་ལ་གནས་པའི་ཧྲཱིཿརང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཅུད་རྣམས་བསྡུས་ནས་དེ་ཉིད་ལ་ཐིམ་པར་བསམ་ཞིང་། སྔགས་བཟླས་ཀྱང་ཆོག་པར་བཤད། དེ་ལྟར་བསྒྲུབས་པའི་རིལ་བུ་ཟོས་པའི་ཕན་ཡོན་ནི་འཆད་པར་འགྱུར་རོ། །གཉིས་པ་གཞན་ལ་དབང་བསྐུར་བ་ལ་བདག་མདུན་གཉིས་ལས། དང་པོ་ནི། སྔར་ལྟར་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་བཏང་ནས། གཉིས་པ་མདུན་བསྐྱེད་ཀྱི་ཚེ། ཚེ་བུམ་དབུས། ཚེ་ཆང་གཡས། ཚེ་རིལ་གཡོན། མཆོད་པ་དང་གཏོར་མས་མཐའ་བསྐོར་ལ། མཆོད་པ་ༀ་པདྨ་ན་ཏ་ཀྲྀ་ཏ་ཧཱུཾ་ཕཊ་ཀྱིས་བསངས། སྭ་བྷས་སྦྱངས། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་རང་བཞིན་བདེ་སྟོང་རྣམ་པར་མཆོད་རྫས་བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ། དེ་བཞིན་དུ། པཱདྱཱཾ། པུཥྤེ། དྷཱུ་པེ། ཨ་ལོ་ཀེ། གནྡྷེ། ནཻ་ཝི་ཏེ། ཤཔྟ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབ། དེ་ནས་ཚེ་བུམ་པདྨཱནྟ་ཀྲྀཏ་ཧཱུཾ་ཕཊ་ཀྱིས་བསངས། སྭ་བྷ་བས་སྦྱངས། ཚེ་བུམ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲུཾ་ལས་ཚེ་བུམ་ཕྱི་བུམ་པ་དམར་པོ་ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་ལྡན་ཞིང་། ནང་ལྷའི་གཞལ་ཡས་ཁང་གྲུབ་བཞི། རྟ་བབས་བཞི་ལྡན་རྡོ་རྗེའི་ར་བ་མེ་རི་དང་བཅས་པའི་དབུས་སུ། འདིར་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་ཞེས་བཤད་པ་ལྟར་རམ། ཡང་ན་དེའི་དབུས་སུ་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་ཞེས་པ་ནས། རང་ཉིད་ཅེས་པ་དོར་ཏེ་མཆོད་བསྟོད་ཀྱི་བར་བྱ། བཟླས་པའི་ཚེ་སློབ་མའི་ཚེ་ཡར་བ་དང་འཐོར་བ་རྣམས་འགུག་པའི་དམིགས་པ་བྱ་ཞིང་། གཟུངས་རིང་ཐུང་གཉིས་ཅི་འགྲུབ་དང་མཐར་ཡིག་བརྒྱ་བརྗོད། དེ་ནས་གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་རཾ་ལས་མེ་ཨཱཿལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ། དེའི་སྟེང་དུ་ༀ་ཨཱཿཧཱུཾ། འོག་གི་རླུང་གཡོས་མེ་སྦར་རྫས་རྣམས་ཞུ་ཡི་གེ་གསུམ་ལས་འོད་འཕྲོས་རྒྱ་མཚོ་ན་གནས་པའི་བདུད་རྩི་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་ཡི་གེ་གསུམ་ལ་ཐིམ། དེ་རྣམས་ཞུ་ནས་ཐོད་པའི་ནང་གི་བདུད་རྩིར་ཐིམ་པས་བྱིན་གྱིས་བརླབས་པར་གྱུར་པར་བསམས་ལ། ༀ་ཨཱཿཧཱུཾ། ལན་གསུམ་བརྗོད། དེ་ནི་བསྡུས་པའི་ལུགས་ཡིན་ལ། རྒྱས་པར་བྱེད་ནའང་བྱས་ཆོག །དེ་ནས་བཅོམ་ལྡན་འདས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར་པར་བསམས། ཨ་ཀཱ་རོའམ། མཚན་གྱི་མཐར་ཨི་དཾ་བ་ལིཾ་ཏ་བཏགས་པ་གསུམ་གྱིས་འབུལ། བསྟོད་པ་རྒྱས་བསྡུས་ཅི་རིགས་ཀྱིས་བསྟོད་ལ། བཅོམ་ལྡན་འདས་བདག་དང་སློབ་མ་རྣམས་ལ་ཚེ་དང་བསོད་ནམས་ལ་སོགས་པའི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །ཞེས་གསོལ་བ་གདབ། ཚེ་ཆང་ནང་མཆོད་ལྟར་བྱིན་གྱིས་བརླབ། ཚེ་རིལ་བསངས་སྦྱངས། སྟོང་པའི་ངང་ལས་ཚེ་རིལ་རྣམས་སྨན་སྣ་ཚོགས་ལས་གྲུབ་པའི་རིལ་བུར་གྱུར། རང་གི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཅུད་ཐམས་ཅད་བསྡུས་ནས་ཚེ་རིལ་ལ་ཐིམ་པར་གྱུར་པར་བསམས་ལ། གཉིས་ཀ་ལ་དམིགས་པའི་ཡི་གེ་གསུམ་དང་གཟུངས་རིང་ཐུང་བཟླ། བྲེལ་བའི་ཚེ་བདག་བསྐྱེད་སྐད་ཅིག་གིས་བསྐྱེད་ཀྱང་མི་འགལ་ཞིང་། ཕྱག་ལེན་ལ་བུམ་པ་ཟན་ལས་བྱེད་པ་སྣང་ཡང་། བུམ་པ་ལྟར་བསྐྱེད་ན་མ་གཏོགས་བུམ་ནང་དུ་ལྷ་བསྐྱེད་པའི་ཚེ་བུམ་པ་དངོས་ཀྱིས་ཀྱང་རུང་བར་སེམས་སོ། །དེ་ནས་སློབ་མ་རྣམས་ཁྲུས་བྱས་ནས་མཎྜལ་རྒྱས་བསྡུས་ཅི་རིགས་འབུལ་དུ་གཞུག །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་འཇོམས་པ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ཞེས་པ་ལན་གསུམ་གྱིས་གསོལ་བ་གདབ། སྐྱེས་བུ་གསུམ་གྱི་ལམ་གྱི་གནད་དྲིལ་བའི་དམིགས་སྐོར་སྤྱི་དང་བྱེ་བྲག་གི་ཆོས་ཇི་ལྟར་རིགས་པ་བཤད། སྤྲོ་ན་གདམས་པ་འདིའི་ལོ་རྒྱུས་དང་ཆེ་བ་བརྗོད་ཅིང་སྤྲོ་བ་བསྐྱེད། དེ་ནས་མདུན་གྱི་ནམ་མཁར་རྒྱལ་བ་སྲས་བཅས་ཐམས་ཅད་བཞུགས་པར་མོས་ཏེ་སྐྱབས་སུ་འགྲོ་བ་དང་སྡིག་པ་བཤགས་པ་སྔོན་དུ་འགྲོ་བས་བྱང་སྡོམས་འཛིན་དགོས་པའི་བརྡ་སྤྲད་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་བཞི་ལན་གསུམ་རྗེས་ཟློས་བྱེད་དུ་གཞུག་ལ་བརྗོད། དེ་ནས་མཎྜལ་བསྟན་པ་ནི། གནས་ཁང་འདི་ཉིད་ཀྱང་བདེ་བ་ཅན་ལྟ་བུ་དག་པའི་ཞིང་དུ་མོས་པ་དང་། ཚེ་བུམ་འདི་ཉིད་ཀྱང་ཕྱི་བུམ་པ་ལ་ནང་ལྷའི་གཞལ་ཡས་ཁང་གྲུ་བཞི་པ་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པའི་དབུས་སུ་རྒྱལ་བ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞེས་སོགས་མངོན་རྟོགས་དང་མཐུན་པར་རྒྱས་བསྡུས་ཅི་རིགས་ཀྱིས་བརྡ་སྤྲད། དེ་ནས་སློབ་མ་རྣམས་བསངས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་ཧྲཱིཿལས་སློབ་མ་རྣམས་སམ་རེ་རེ་ནས་རྒྱལ་བ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞེས་སོགས་སྔར་བཞིན་བསྐྱེད་ཅིང་། བླ་མ་ཡང་དེ་ལྟ་བུའི་ཚེ་དཔག་མེད་དངོས་ཡིན་སྙམ་པའི་འདུ་ཞེས་བསྐྱེད་དུ་བཅུག་ནས་མང་ཉུང་དང་བསྟུན་ཏེ། སློབ་མའི་སྤྱི་བོར་ༀ་དཀར་པོ། །མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུཾ྄་སྔོན་པོས་མཚན་པར་གྱུར། ཅེས་གནས་གསུམ་བྱིན་གྱིས་བརླབ། དེ་ནས་དབང་བསྐུར་བ་ལ། ཚེ་བུམ་དང་། ཚེ་ཆང་དང་། ཚེ་རིལ་ལ་རྟེན་ནས་དབང་བསྐུར་བ་དང་། ཚེ་སྤེལ་བ་དང་བཞིའོ། །དང་པོ་ལ། ཡར་བ་འགུག་པ། ཉམས་པ་གསོ་བ། ཚེ་བསྟིམ་པ་དང་གསུམ། དང་པོ་ནི། མདུན་གྱི་ཚེ་དཔག་མེད་ཀྱི་ཕྱག་མཚན་བུམ་པའི་ནང་གི་ཧྲཱིཿཡིག་སྔགས་འཕྲེང་དང་བཅས་པ་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ཚེ་མི་མ་ཡིན་གྱིས་བརྐུས་པ་དང་འཕྲོག་པ་དང་ཡར་བ་ཐམས་ཅད་བུམ་པ་དང་ཐོད་པ་བདུད་རྩིའི་གང་བའི་རྣམ་པར་བཀུག་སྟེ་མདུན་གྱི་ཚེ་དཔག་མེད་ཀྱི་སྐུའི་ཆ་དང་ཕྱག་གི་བུམ་ནང་གི་སྔགས་འཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་འགྲིགས་མེར་གྱིས་གང་བས་ཚེ་ཡར་བ་ཉམས་པ་སོགས་སོར་ཆུད། འཆི་བ་མེད་པའི་ཚེའི་རིག་འཛིན་འཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག །ཅེས་བརྡ་སྤྲད་ནས། རང་གཞན་གཉིས་ཀས་དེ་ལྟར་བསམས་པ་དང་། གཉིས་ཀས་ཨ་མཱ་ར་ཎི་ཅི་འགྲུབ་བརྗོད་ཅིང་དྲིལ་བུར་ཀྲོལ། སྤྲོ་ན་མཐར་རིགས་ཀྱི་བུ་འདི་རྣམས་ཀྱི་ཚེ་མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །འཆི་བ་མེད་པའི་རིག་འཛིན་ཐོབ་པར་གྱུར་ཅིག །ཅེས་བདེན་སྟོབས་བརྗོད་ལ་མེ་ཏོག་འཐོར། འདི་འོག་མ་རྣམས་ལའང་སྦྱོར། རྒྱས་པར་འདོད་ན་ཤིས་བརྗོད་རི་ཡང་བྱའོ། །གཉིས་པ་ཉམས་པ་གསོ་བ་ལ། ཚེ་དང་སྟོབས་བསོད་ནམས་དང་དམ་ཚིག་དང་སྡོམ་པ་ཉམས་པ་གསོ་བ་དང་གསུམ། དང་པོ་ནི། མདུན་གྱི་ཚེ་དཔག་མེད་ཀྱི་ཕྱག་མཚན་བུམ་པའི་ནང་གི་ཧྲཱིཿཡིག་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་འཇིག་རྟེན་ཁམས་གྱི་འབྱུང་བ་ནམ་མཁའི་ཁམས་ཀྱི་བཀྲག་མདངས་ནུས་པ་ཐམས་ཅད་འོད་དང་བདུད་རྩི་ལྗང་ཁུའི་རྣམ་པར་བཀུག་སྟེ་སྔགས་འཕྲེང་ལ་ཐིམ། ཞེས་པ་ནས། མེར་གྱིས་གང་བས། ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། ཁྱད་པར་དུ་ཁྱེད་རང་རྣམས་ཀྱི་འབྱུང་བ་ནམ་མཁའ་སྒོ་ནས་ཚེ་ཉམས་པ་སོར་ཆུད། འཆི་བ་མེད་པའི་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག །བརྗེད་པ་སོགས་སྔར་བཞིན་བྱའོ། །ཡང་སྔགས་འཕྲེང་ལས་འོད་ཟེར་འཕྲོས། །ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་འབྱུང་བ་རླུང་གི་བཀྲག་མདངས་ནུས་པ་ཐམས་ཅད་འོད་དང་བདུད་རྩི་སྔོན་པོའི་རྣམ་པར་བཀུག་སྟེ་སྔགས་འཕྲེང་ལ་ཐིམ། ནས་ཁྱད་པར་དུ་འང་འབྱུང་བ་རླུང་གི་སྒོ་ནས་ཚེ་ཉམས་པ་སོར་ཆུད་ཅེས་སོགས་སྔར་བཞིན་ནོ། །ཡང་འོད་ཟེར་འཕྲོས། ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་འབྱུང་བ་མེའི་ཁམས་ཀྱི་བཀྲག་མདངས་ནུས་པ་ཐམས་ཅད་འོད་དང་བདུད་རྩི་དམར་པོའི་རྣམ་པར་བཀུག་སྟེ་ནས་ཁྱད་པར་དུ་འབྱུང་བ་མེའི་སྒོ་ནས་ཚེ་ཉམས་པ་སོར་ཆུད་ཅེས་སོགས་སྔར་བཞིན། ཡང་འོད་ཟེར་འཕྲོས། ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་འབྱུང་བ་ཆུའི་ཁམས་ཀྱི་རོ་བཅུད་ནུས་པ་བཀྲག་མདངས་ཐམས་ཅད་འོད་དང་བདུད་རྩི་དཀར་པོའི་རྣམ་པར་བཀུག་སྟེ་ནས་ཁྱད་པར་དུ་འབྱུང་བ་ཆུའི་སྒོ་ནས་ཚེ་ཉམས་པ་སོར་ཆུད་ཅེས་སོགས་སྔར་བཞིན། ཡང་མདུན་གྱི་ཚེ་དཔག་མེད་ཀྱི་ཕྱག་མཚན་བུམ་པའི་ནང་གི་ཧྲཱིཿཡིག་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་འབྱུང་བ་སའི་རོ་བཅུད་ནུས་པ་བཀྲག་མདངས་ཐམས་ཅད་འོད་དང་བདུད་རྩི་སེར་པོའི་རྣམ་པར་བཀུག་སྟེ་ནས་ཁྱད་པར་དུ་ཁྱེད་རང་རྣམས་ཀྱི་འབྱུང་བ་སའི་སྒོ་ནས་ཚེ་ཉམས་པ་སོར་ཆུད། འཆི་བ་མེད་པའི་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག །ཅེས་སོགས་སྔར་བཞིན་ནོ། །འདི་དག་བསྡུ་ན། འོད་ཟེར་འཕྲོས་འཇིག་རྟེན་ཁམས་ཀྱི་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའི་བཀྲག་མདངས་ནུས་པ་ཐམས་ཅད་འོད་དང་བདུད་རྩི་ཁ་དོག་སྣ་ལྔའི་རྣམ་པར་བཀུག་ཅིང་བསྡུས་ཏེ་བྱ་བ་སྔར་ཕྱི་རིགས་པས་ཤེས་པར་བྱའོ། །གཉིས་པ་སྟོབས་དང་བསོད་ནམས་ཉམས་པ་གསོ་བ་ནི། ཡང་སྔགས་འཕྲེང་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་བསོད་ནམས་དང་། ལྷ་ཀླུ་མི་ལ་སོགས་པའི་བསོད་ནམས་དང་སྟོབས་དང་གཟི་བརྗིད་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དང་སྟོབས་དང་གཟི་བརྗིད་དང་སྨན་དང་སྔགས་ལ་སོགས་པའི་ནུས་པ་དང་མདོར་ན་འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད། བཀྲ་ཤིས་པའི་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་པའི་རྫས་བརྒྱད་ལ་སོགས་པའི་རྣམ་པར་བཀུག་སྟེ། ནས་ཁྱད་པར་དུ་ཡང་ཁྱེད་རང་རྣམས་ཀྱི་སྟོབས་དང་བསོད་ནམས་ཉམས་པ་སོར་ཆུད། ཅེས་སོགས་སྔར་བཞིན། གསུམ་པ་དམ་ཚིག་དང་སྡོམ་པ་ཉམས་པ་གསོ་བ་ནི། ཡང་སྔགས་འཕྲེང་ལས་འོད་ཟེར་འཕྲོས། བླ་མ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བདུད་རྩི་དཀར་དམར་མཐིང་གསུམ་དང་། སྐུ་གཟུགས་དང་གསུང་རབ་པོ་ཏི་དང་རྡོར་དྲིལ་ལ་སོགས་པའི་རྣམ་པར་བཀུག་སྟེ་ནས་ཁྱད་པར་དུ་ཁྱེད་རང་རྣམས་ཀྱི་དམ་ཚིག་དང་སྡོམ་པ་ཉམས་པའི་ཉེས་སྐྱོན་ཐམས་ཅད་སྦྱངས། དམ་ཚིག་དང་སྡོམ་པ་ཉམས་པ་སོར་ཆུད་ཅེས་སོགས་སྔར་བཞིན། ཚེ་འགུག་པ་སྒོས་སུ་བྱེད་ན། ཡང་སྔགས་འཕྲེང་ལས་འོད་ཟེར་འཕྲོས། སྐྱེ་འཕགས་ཀུན་གྱི་ཚེ་ཕུན་སུམ་ཚོགས་པ་ཐམས་ཅད་དང་། ཁྱད་པར་དུ་རྒྱལ་བ་ཚེ་དཔག་མེད་ཀྱི་སྐུ་ཚེའི་དཔལ་ཕུན་སུམ་ཚོགས་པ་ཐམས་ཅད་འཆི་མེད་ཚེའི་བདུད་རྩིའི་རྣམ་པར་བཀུག་སྟེ་ནས་ཁྱད་པར་དུ་ཁྱེད་རང་རྣམས་ཀྱི་ཚེ་ཉམས་པའི་ཉེས་སྐྱོན་ཐམས་ཅད་སྦྱངས། ཚེ་ཉམས་པ་སོར་ཆུད་ཅེས་སོགས་སྔར་བཞིན་བྱའོ། །བརྒྱ་ཚར་སོགས་བྱེད་ན་ཚེ་ཡར་བ་འགུག་པ་ནས་འདིའི་བར་རྒྱས་པར་རམ་བསྡུས་ཏེ་བྱས་ཀྱང་ཆོག་གོ །གསུམ་པ་ཚེ་བསྟིམ་པ་ནི། མདུན་བསྐྱེད་ཀྱི་ཚེ་དཔག་མེད་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས། བུམ་པ་མགོ་བོར་འཇོག་པའམ་བཞག་པར་མོས་ནས། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས༴ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས༴ དཔའ་བོ་མཁའ་འགྲོ་དང་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱིས༴ ཁྱད་པར་དུའང་རྒྱལ་བ་ཚེ་དཔག་མེད། མ་གཅིག་གྲུབ་པའི་རྒྱལ་མོ་ལ་སོགས་པའི་ཚེ་འཁྲིད་བརྒྱུད་པའི་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག ཁྱེད་རྣམས་ཀྱིས་སློབ་མ་འདི་དག་གི་ནད་གདོན་བགེགས་བར་དུ་གཅོད་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་མཛོད། དུས་མ་ཡིན་པའི་འཆི་བ་ལས་ཐར་བར་མཛོད། ཚེ་རིང་བར་མཛོད། སྲུང་བར་མཛོད། སྐྱོབ་པར་མཛོད་ཅིག །གཟུངས་རིང་ཚར་གཅིག་བརྗོད་ལ། ཚེ་དཔག་མེད་འོད་དང་བདུད་རྩིའི་རྣམ་པར་ཞུ་སྟེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་སྙིང་ཀར་ཐིམ་པས་བྱིན་གྱིས་བརླབ་པར་གྱུར་པར་བསམས། ཚར་མང་པོ་བྱེད་ན་མདུན་བསྐྱེད་ལས་ཡང་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ཛཿཧཱུཾ་བཾ་ཧོཿས་བསྟིམ་པ་ཡིན་ཞིང་། དེ་ཡང་ཐ་མལ་བཀའ་བསྒོ་ཚར་གསུམ་དང་། གཞན་རྣམས་ལ་ལྷ་རེ་རེ་བསྟིམ་པ་ལས་བཀའ་བསྒོམ་བྱས་ཀྱང་ཆོག་གོ །གཉིས་པ་ཚེ་ཆང་ལ་བརྟེན་ནས་དབང་བསྐུར་བ་ནི། སྦྱངས་རྟོགས་སྤར་གསུམ་པ་བྱས་ནས་བྱིན་གྱིས་བརླབས་པའི་ཚེ་ཆང་འདི་གསོལ་བས་རྩ་རླུང་ཐིག་ལེ་བྱིན་གྱིས་བརླབས་པ་བདེ་སྟོང་གི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བའི་ནུས་པ་ཁྱད་པར་ཅན་བཞག །རྩ་རླུང་ཐིག་ལེའི་ནུས་པ་ཉམས་པ་སོར་ཆུད། འཆི་མེད་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག །ཅེས་བརྗོད་ལ་སྦྱིན། གསུམ་པ་ཚེ་རིལ་ལ་བརྟེན་ནས་དབང་བསྐུར་བ་ནི། ཚེ་རིལ་འདི་རྣམས་ནི་སྨན་ལ་སོགས་པའི་བཅུད་ཐམས་ཅད་བསྡུས་ནས་བྱིན་གྱིས་བརླབས་པ་སྟེ། འདི་ཟོས་པས་ནད་རིགས་བཞི་བརྒྱ་རྩ་བཞི་ལས་གྲོལ་བའི་ནུས་པ་བཞག །འཆི་མེད་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག །སྙིང་པོ་བསྡུས་པའི་བཅུད་འདི་ནི། །དེ་རིང་ཁྱོད་ཀྱིས་བཟའ་བར་གྱིས། །འདི་ཟོས་དུས་མིན་འཆི་བ་ལས། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བརྗོད་ཅིང་སྦྱིན་ནོ། བཞི་པ་ཚེ་སྤེལ་བའི་ཤིས་བརྗོད་ནི་ནམ་མཁར་བཞུགས་པའི་བླ་མ་རྒྱལ་བ་སྲས་བཅས་ཀྱིས་ཤིས་པ་བརྗོ་པར་བསམས་ཏེ། སྦྱིན་པའི་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་སྦྱིན་པའི་ཞེས་སོགས་སོ་སོར་བྱ་བ འམ། ཕྱིན་དྲུག་སྟོབས་ཀྱིས་སངས་རྒྱས་ཞེས་སོགས་རྒྱས་བསྡུས་ཅི་རིགས་དང་། འདབ་བཟང་གཙུག་ཕུད་ཅེས་སོགས་དང་། དུས་མིན་འཆི་བའི་ཞེས་སོགས་དང་། བགེགས་རིགས་སྟོང་ཕྲག་སོགས་དང་། ཚངས་དང་ལྷ་དབང་སོགས་ཀྱིས་ཤིས་བརྗོད་བྱའོ། །སྤྱིར་བསྒྲུབས་པའི་ཚེ་རིལ་ལ་ལོངས་སྤྱོད་པ་དང་ཚེ་དབང་འདི་ལྟར་བྱས་པ་ལ་ཕན་ཡོན་གྱི་ཡོན་ཏན་གཙོ་བོ་གཉིས་ཏེ། གནས་སྐབས་ཚེ་རིང་བ་དང་། ཕྱི་མ་བདེ་བ་ཅན་དུ་སྐྱེ་བའི་རྟེན་འབྲེལ་ཡོད་ཅིང་། སྒོས་སུ་གང་ལ་དམིགས་པའི་ཡུལ་དེ་ཉིད་དུས་མིན་འཆི་བ་ལས་གྲོལ་བར་འགྱུར་རོ། །ཚེ་དཔག་མེད་ཀྱི་སྒོ་ནས་ཚེ་རིལ་སྒྲུབ་པ་དང་ཚེ་དབང་བསྐུར་བའི་ཚུལ་འཆི་བདག །དཔུང་འཇོམས་འཆི་མེད་དཔལ་སྟེར་ཞེས་བྱ་བ་འདི་ནི། རང་གི་སློབ་མ་གནས་བརྟན་བྱ་བཏང་ཤེས་རབ་བཀྲ་ཤིས་ཀྱིས་གཞན་རེ་གཉིས་ལ་ཕན་པར་བསམས་ཏེ་བསྐུལ་བའི་ཚེ། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་བླ་མ་གོང་མས་མཛད་པའི་མན་ངག་དུ་མ་ལ་བརྟེན་ནས་ཇི་ལྟར་འཚམ་པར་ཅོ་ནེ་དགོན་ཉིད་དུ་སྦྱར་ཞིང་། དད་པ་དང་རྣམ་དཔྱོད་ཟུང་དུ་འབྲེལ་བའི་གནས་བརྟན་བཟོད་པའི་མིང་ཅན་གྱིས་དད་པས་པར་དུ་བསྒྲུབས་པ་སྟེ། དགེ་བས་འགྲོ་བ་ཀུན་གནས་སྐབས་དུས་མིན་འཆི་བ་ལས་གྲོལ་ཞིང་། ཕྱི་མར་བདེ་ཅན་དུ་སྐྱེས་ནས་རྒྱལ་བ་ཚེ་དཔག་མེད་ཡབ་སྲས་ཀྱིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །བཀྲ་ཤིས། དགེའོ།། །།

ཚེ་རིལ་བསྒྲུབ་ཚུལ་འཆི་མེད་དཔལ་སྦྱིན།

ཚེ་རིལ་བསྒྲུབ་ཚུལ་འཆི་མེད་དཔལ་སྦྱིན་བཞུགས།

ཚེ་ཡི་མཆོག་སྩོལ་མགོན་པོ་ཚེ་དཔག་མེད། །འཆི་མེད་དཔལ་སྟེར་རྗེ་བཙུན་རྣམ་པར་རྒྱལ། །ཚེ་སྦྱིན་ཡིད་བཞིན་འཁོར་ལོ་ལ་སོགས་པ། །འཆི་མེད་སྩོལ་མཛད་རྣམས་ལ་གུས་ཕྱག་འཚལ། །འདིར་ཚེ་རིལ་བསྒྲུབ་པར་འདོད། །མཆོད་པ་རྣམས་སྟ་གོན་བྱས་ལ། སྐྱབས་སེམས་སྔོན་དུ་བཏང་ལ། བདག་མདུན་གཉིས་ལས། དང་པོ་ལ། རང་ཉིད་སྐད་ཅིག་གིས་རྒྱལ་བ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པར་གསལ་བར་གྱུར། བདག་མདུན་གྱི་མཆོད་པ་ཐུན་མོང་དུ་བྱིན་བརླབ་བྱ་བ་ནི། ༀ་པདྨ་ནྟ་ཀྲི་ཏ་ཧཱུཾ་ཕཊ། ༀ་སྭ་བྷ་ཝ་ནས་ཧཾཿ སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། ནས་རོལ་མོ་རྣམས་དངས་ཤིང་ཐོག་པ་མེད་པ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་སྟེར་བར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ་ནས་ཤཔྟ་ཨཱུཿཧཱུཾ་གིས་བརླབ། དེ་ནས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པད་མ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཧྲཱིཿཡིག་དམར་པོ་རིང་ཆ་ཚེག་དྲག་དང་བཅས་པ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྒྱལ་བ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་མཉམ་གཞག་གི་ཕྱག་རྒྱའི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུཾ་པ་བསྣམས་པ། རིན་པོ་ཆེའི་དབུ་རྒྱན་ལ་སོགས་པ་རིན་པོ་ཆེ་རྒྱན་སྣ་ཚོགས་པས་སྤྲས་ཤིང་། ལྷ་རྫས་ཀྱི་དར་གྱི་སྟོད་གཡོགས་དང་སྨད་གཡོགས་མཛེས་པར་གསོལ་བ། འོད་ཀྱི་ཕུང་པོའི་དབུས་ན་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རང་གི་སྤྱི་བོར་ༀ་དཀར་པོ་ནས་ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་འཕྲོས། བདེ་བ་ཅན་ནས་རྒྱལ་བ་ཚེ་དཔག་མེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་ཏུ་གསོལ། ནས་ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་སྤྲུལ་སྐུ་ཚེ་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། དེ་ནས་མཆོད་པ་འབུལ་བ་ནི། ཚིགས་བཅད་སྔགས་དང་བཅས་པ་སམ། བསྡུ་ན་ༀ་ཨཱཪྱ་ཨ་པཱ་ར་མི་ཏ་ཨཱ་ཡུར་ཛྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་ཧཱུཾ་སྭཱ་ཧཱ། ནས་ཤཔྟའི་བར་གྱིས་མཆོད་ཅིང་། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །ཅེས་སོགས་ཀྱིས་བསྟོད་ལ། རང་གི་ཐུགས་ཀའི་ཟླ་གདན་གྱི་སྟེང་དུ་ཧྲཱིཿཡིག་དམར་པོའི་མཐར་བཟླས་བྱའི་སྔགས་ཕྲེང་གིས་བསྐོར་བ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚེ་དཔལ་བསོད་ནམས་ཐམས་ཅད་བཀུགས་ནས་སྔགས་ཕྲེང་ལ་ཐིམ་པར་གྱུར་པར་བསམས་ལ། གཟུངས་རིང་ཐུང་གཉིས་ཅི་འགྲུབ་བཟླས་ནས་མཐར་ཡིག་བརྒྱ་བརྗོད་ཅིང་། སྔར་བཞིན་མཆོད་བསྟོད་བྱའོ། །གཉིས་པ་མདུན་བསྐྱེད་ནི། བྲག་ཞུན་ཅོང་ཞི། བུ་རམ། མར། ཀ་ར། སྦྲང་རྩི། ཤུག་འབྲས་སོགས་བཅུད་ལེན་དང་། གཞན་དུག་རིགས་མིན་པའི་སྨན་སྣ་ཚོགས་དང་། བུམ་རྫས་ཉེར་ལྔ་སོགས་ལས་རིལ་བུ་ཅི་འདོད་བྱས་པ་ན་བཟའ་དམར་པོ་སོགས་གང་རིགས་སུ་བསྒྱུར་ཏེ་བསྐམ་པ་བུམ་པ་བཟང་པོའི་ནང་དུ་བླུགས་ནས་སྟེགས་ཀྱི་ཁར་བཞག་ལ། མཆོད་པས་མཐའ་བསྐོར། རྒྱས་པར་ན་འདིར་ཡང་བྱིན་བརླབ་བྱ། བུམ་པ་སྔར་བཞིན་བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་བུམ་པ་དམར་པོ་མཚན་ཉིད་ཐམས་ཅད་དང་ལྡན་ཞིང་། ལྷ་རྫས་ཀྱི་གོས་ཀྱིས་དཀྲིས་པའི་ནང་དུ། ཚེ་རིལ་རྣམས་ཡོངས་སུ་གྱུར་པ་ལས་ཧྲཱི། ཡིག་དམར་པོ་རེ་རེ། དེ་རྣམས་ལས་འོད་ཟེར་འཕྲོས། ནས། རང་ཉིད་ཞེས་པ་དོན་ཏེ། སྔར་བཞིན་དང་། སྐྱིལ་ཀྲུང་གིས་བཞུགས་པ་རེ་རེར་གྱུར། དེ་རྣམས་ཀྱི་སྤྱི་བོར་ༀ་དཀར་པོ། ནས་བདག་ལ་ཞེས་པ་ནི་འདི་ལ་ཞེས་པར་བསྒྱུར་བ་མ་གཏོགས་སྔར་ལྟར་རོ། །དེ་ནས་རབ་འབྱམས་རྒྱ་མཚོའམ། མཆོད་ཡོན་ཕལ་ཆེར་སོགས་ཀྱིས་མཆོད་ལ། འཇིག་རྟེན་འདྲེན་པའི་སོགས་དང་བཅོམ་ལྡན་མགོན་པོ་ཚེ་དཔག་མེད། སྡིག་པའི་དྲི་མ་ཕྱིར་བསལ་ནས། །མཁའ་དང་མཉམ་པའི་སྐུ་མངའ་བ། །མཉམ་ཉིད་སྐུ་ལ་ཕྱག་འཚལ་བསྟོད། །ཞེས་པ་དང་། རྒྱས་པར་ན། ཉི་གཞོན་འཆར་ཀ་མས་བསྟོད་ཀྱང་མི་འགལ། དེ་ནས་དེ་རྣམས་ཀྱི་ཐུགས་ཀ་དང་ཕྱག་མཚན་བུམ་པའི་ནང་དུ་ཟླ་གདན་གྱི་སྟེང་དུ་ཧྲཱིཿ ཡིག་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། བསྒྲུབ་བྱའི་ཚེ་མི་མ་ཡིན་གྱིས་འཕྲོགས་པ་དང་བརྐུས་པ་དང་ཡར་བ་ལ་སོགས་པ་རྣམས་བུམ་པ་དང་ལྷུང་བཟེད་བདུད་རྩིས་བཀང་བའི་རྣམ་པར་བསྡུས་ནས་སྔགས་ཕྲེང་ལ་ཐིམ་ཡང་འོད་ཟེར་འཕྲོས། འབྱུང་བ་ས་ཆུ་མེ་རླུང་ནམ་མཁའི་རོ་བཅུད་ནུས་པ་ཐམས་ཅད་དང་། སྐྱེ་འཕགས་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་རྒྱལ་བ་སྲས་བཅས་ཀྱི་བྱིན་བརླབས་སྔགས་དང་སྨན་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཅུད་ཀྱི་སྙིང་པོ་ཐམས་ཅད་བསྡུས་ནས་སྔགས་ཕྲེང་རྣམས་ལ་ཐིམ་པར་གྱུར་པར་བསམས་ལ། གཟུངས་ཐུང་ལ་གཙོ་བོར་འབད་ཅིང་། གཟུངས་རིང་ཅི་མང་བཟླ། མཐར་ཡིག་བརྒྱ་བརྗོད་ཅིང་། མཆོད་བསྟོད་དང་མ་རྙེད་སོགས་ཀྱིས་བཟོད་གསོལ་བྱས་ནས། བཅོམ་ལྡན་འདས་བདག་དང་སྦྱིན་པའི་བདག་པོ་ལ་ཚེ་དང་བསོད་ནམས་མ་ལུས་པ་བསྩལ་དུ་གསོལ། ཞེས་གསོལ་གདབ། འདིར་ནི་རྟེན་དང་སོགས་ཀྱིས་བརྟན་བཞུགས་བྱས་ཏེ། ཤིས་བརྗོད་སྤྱི་དང་། ཕྱིན་དྲུག་དང་སྦྱར་བའི་བཀྲ་ཤིས་བྱའོ། །གཏོར་མ་འབུལ་བར་འདོད་ན། གོང་གི་ཡིག་བརྒྱའི་མཇུག་དེར་བྱིན་བརླབས་བྱས་ནས། ཨ་ཀཱ་རོ་འམ། ༀ་ཨ་པཱ་ར་མི་ཏས་འབུལ་རུང་། གཞི་བདག་གཏོར་མ་འབུལ་འདོད་ནའང་སྤྱི་ལྟར་འབུལ། གཞན་ཡང་འགའ་ཞིག་ཏུ། མཆོད་གཏོར་བླ་མེད་ལྟར་ཡང་བྱ་བར་བཤད་པས། དེ་ལྟར་བྱས་ཀྱང་མི་འགལ་བར་སེམས། འདིའི་སྐབས་སུ་ཐུན་དུ་བཅད་དེ་བསྒྲུབས་ན་ནི་ཕུན་སུམ་ཚོགས་པར་འགྱུར་ཡང་། མ་བྱས་ཀྱང་ཆད་ལྷག་ཏུ་མི་འགྱུར་བར་གང་བདེ་བྱ། གྲོལ་ཉིན་པར། མཆོད་བསྟོད་ཡིག་བརྒྱ་དང་བཅས་མཇུག་ཏུ། བཟོད་གསོལ་དང་གསོལ་འདེབས་བྱས་རྗེས། ལྷ་རྣམས་འོད་དུ་ཞུ་ནས་རིལ་བུའི་རྣམ་པར་གྱུར་པར་བསམས་ལ། བརྟན་བཞུགས་དང་ཤིས་བརྗོད་བྱའོ། །དེ་ལྟར་བསྒྲུབ་པ་ནི་རྒྱས་པའི་དབང་དུ་བྱས་ལ། བསྡུ་ན་བུམ་ནང་གི་རིལ་བུ་རྣམས་ཀྱི་སྟེང་དུ་བླ་གདན་ལ་གནས་པའི་ཧྲཱིཿཡིག་ལས་འོད་ཟེར་འཕྲོས་པས་བཅུད་རྣམས་བསྡུས་ནས་དེ་ཉིད་ལ་ཐིམ་པར་བསམ་ཞིང་། སྔགས་བཟླས་ཀྱང་ཆོག་པར་བཤད་དོ། ཚུལ་འདིར་འབད་ལས་བྱུང་བའི་རྣམ་དཀར་དགེས་བསྟན་པའི་མངའ་བདག་ཀོའུ་ཤྲི་ནང་སོ་ཡི། །སྐུ་ཚེ་བསྐལ་བརྒྱར་མི་གཡོ་རྟག་བརྟན་ཅིང་། །ཐུབ་བསྟན་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་གྱུར་ཅིག །ཅེས་ཚེ་རིལ་བསྒྲུབ་ཚུལ་འཆི་མེད་དཔལ་སྦྱིན་འདི་ཡང་། བསྟན་པའི་མངའ་བདག་ཀོའུ་ཤྲི་ནང་སོའི་སྐུ་ཚེ་སྤེལ་བའི་ཐབས་མཁས་རྟེན་འབྲེལ་བསྒྲིགས་པའི་ཕྱིར་དུ་བསྐུལ་བའི་ངོར། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་ལེགས་པར་སྦྱར་བའོ། །བཀྲ་ཤིས།། །།

ལས་སྒྲིབ་སྦྱོང་བའི་ཐབས་མཆོག་རྡོ་རྗེ་སེམས་དཔའི་བུམ་སྒྲུབ།

ལས་སྒྲིབ་སྦྱོང་བའི་ཐབས་མཆོག་རྡོ་རྗེ་སེམས་དཔའི་བུམ་སྒྲུབ་བཞུགས།

ན་མོ་བཛྲ་ས་ཏྭ་ཡེ། འདིར་ལས་སྒྲིབ་དང་སྡིག་ལྟུང་སྦྱང་བའི་ཐབས་དམ་པ་རྡོ་རྗེ་སེམས་དཔའི་བུམ་སྒྲུབ་བཤད་པ་ལ། བུམ་རྫས་དང་ལྡན་པའི་བུམ་པ་མགུལ་འཆིང་དཀར་པོ་དང་བཅས་པ་སྟ་གོན་བྱས་ལ། དེའི་མདུན་དུ་མཆོད་གཏོར་བཤམས་ཏེ། སྐྱབས་སེམས་སོགས་སྔོན་དུ་བཏང་ནས། རང་ཉིད་སྐད་ཅིག་གིས་རྡོར་སེམས་སུ་བསྐྱེད་ཀྱང་རུང་ལ། ཅུང་ཟད་རྒྱས་པར་ན། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་རང་གི་སེམས་ཉིད་ཧཱུཾ་ཡིག་དཀར་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུལ་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་དབྱིངས་ཀྱིས་དབང་ཕྱུག་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལ་འཁྱུད་པ་གཉིས་ཀའང་དར་གྱི་ན་བཟའ་དང་རིན་པོ་ཆེའི་བུ་རྒྱན་ལ་སོགས་པ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་དར་སྣ་ཚོགས་ཀྱི་ན་བཟའ་གསོལ་བ། འོད་ཀྱི་ཕུང་པོའི་དབུས་ན་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་དེའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ་དེ་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གིས་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མཱ་ཡ་ཤྲཱི་ཡེ་ཧཱུཾཿཞེས་གསུངས་ཤིང་། སྤྱི་བོ་ནས་དབང་བསྐུར། ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། མཆོད་པ་ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག་ནས་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ་ནས་ཤཔྟ་ཨཱཿཧཱུཾ་གི་བར་གྱིས་བླ་མེད་ལྟར་བྱིན་གྱིས་བརླབས་ལ། ༀ་བཛྲ་ས་ཏྭ་ཨརྒྷཾ་པྲ་ཏིཙྪ་ནས་ཤཔྟའི་བར་གྱིས་མཆོད། ནང་མཆོད་ཡོད་ན་ནི་འབུལ་རུང་། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ། །ཞེས་བསྟོད། རང་གི་ཐུགས་ཀའི་ཟླ་གདན་ལ་གནས་པའི་ཧཱུཾ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་སྲས་བཅས་ལ་མཉེས་པའི་མཆོད་པ་ཕུལ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་ཐུགས་ཀའི་ཧཱུཾ་ཡིག་སྔགས་འཕྲེང་དང་བཅས་པ་ལ་ཐིམ་པས་གཟི་བརྗིད་དང་མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་པར་གྱུར་པར་བསམས་ལ། ཡིག་བརྒྱ་བརྒྱ་འམ་ཉེར་གཅིག་བཟླ་ཞིང་མཐར་སྔར་བཞིན་མཆོད་བསྟོད་བྱའོ། །དེ་ནས་མཆོད་པ་སྔར་ལྟར་བྱིན་བརླབས་བྱས་ཏེ། བུམ་པ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་བྱུང་བའི་བུམ་པ་དཀར་པོ་ལྟོ་བ་ཆེ་བ། མགྲིན་པ་རིང་བ་མཆུ་འཕྱང་བ་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར། བུམ་པའི་ནང་དུ་པཾ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ་ཡིག་དཀར་པོ་ནས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་ནས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར་ཞེས་པའི་བར་སྔར་བཞིན་བྱ། དེ་ནས་མཆོད་པ་ནི། ཆུ་བོ་གངྒཱ་མ་སོགས་ཅི་རིགས་ཀྱི་མཐར། ༀ་བཛྲ་ས་ཏྭ་ས་པཱ་རི་ཝ་ར་ཨརྒྷཾ་སོགས་བཏགས་ལ་མཆོད་ཅིང་སྔར་བཞིན་བསྟོད་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་ཀྱང་ཞིང་དག་པར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པས་ཐུགས་ཀའི་ཟླ་གདན་ལ་གནས་པའི་ཧཱུཾ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་ནས་ཡོན་ཏན་ཕུན་སུམ་ཚོགས་པར་གྱུར་ཏེ་སྐུ་ཡི་ཆ་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར་པར་བསམས་ལ། ཡིག་བརྒྱ་བརྒྱའམ་སྟོང་ངམ་ཁྲི་སོགས་ཅི་འགྲུབ་བཟླ། དེ་ནས་གཏོར་མ་སྔར་བཞིན་བསངས་སྦྱངས། སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔའི་སྟེང་དུ་ཡི་གེ་གསུམ། དེ་ལས་འོད་ཟེར་འཕྲོས་རླུང་གཡོས་མེ་སྦར་ཐོད་པའི་རྫས་རྣམས་ཞུ་ཞིང་འཁོལ་རྡོ་རྗེ་གསུམ་གྱི་ལྷ་ཚོགས་རྣམས་བཀུག་ནས་ཡི་གེ་གསུམ་ལ་ཐིམ་པས་དེ་གསུམ་ཡང་རིམ་གྱིས་ཞུ་ནས་ཐོད་པར་ལྷུང་བས་སྦྱང་རྟོགས་སྦར་གསུམ་བྱས་པའི་ཟག་མེད་ཀྱི་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་གྱུར། ༀ་ཨཱཿཧཱུཾ་ལན་གསུམ། བཅོམ་ལྡན་འདས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར། ༀ་བཛྲ་ས་ཏྭ་ས་པཱ་རི་ཝ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་ནམ་གསུམ་གྱིས་དབུལ་ཞིང་མཆོད་བསྟོད་བྱ། མ་རྙེས་སོགས་ཀྱིས་བཟོད་གསོལ་གྱི་མཐར། ༀ་ཨཱཿབཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་ཤིང་། དམ་ཚིག་པ་བུམ་པའི་ཆུ་དང་དབྱེར་མེད་དུ་གྱུར་པར་བསམ། དེ་ལྟར་བསྒྲུབས་པའི་ཆུ་དེ་རང་གཞན་གང་གིས་ཀྱང་འཐུང་ཞིང་ཁྲུས་བྱས་ནའང་ལས་སྒྲིབ་སྡིག་ལྟུང་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་བར་འགྱུར་བས་དགོས་པ་ཤིན་ཏུ་ཆེ་བའི་ཕྱིར་རང་ཅག་ལྟ་བུས་འདི་ལ་འབད་པར་བྱའོ། །རྡོར་སེམས་ཀྱི་སྒོམ་བཟླས་བྱེད་པར་འདོད་ན། སངས་རྒྱས་ཆོས་ཚོགས་ལ་ལན་གསུམ་གྱིས་སྐྱབས་སེམས་བྱས་ནས། སྤྱིར་རྡོར་སེམས་བསྐྱེད་ཚུལ་ལ། རང་རྡོར་སེམས་སུ་བསྐྱེད་པ་དང་། རང་གི་མདུན་གྱི་ནམ་མཁར་བསྐྱེད་ཅིང་བཟླས་པ་བྱེད་པ་དང་། གོང་དུ་བཤད་པ་ལྟར་བྱ་བ་སོགས་དུ་མ་ཞིག་ཡོད་པ་རྣམས་གང་བྱས་ཀྱང་མི་འགལ་ཞིང་ཕུན་སུམ་ཚོགས་པར་འགྱུར་མོད། འདིར་བླ་མ་སྔ་མའི་ཕྱག་ལེན་ལྟར་རང་གི་སྤྱི་བོར་རྡོར་སེམས་བསྐྱེད་ཆོག་མཛད་པ་བཞིན་བྱེད་པར་འདོད་ན། རང་ཐ་མལ་པའམ། ལྷའི་ང་རྒྱལ་ལ་གནས་པས་ཀྱང་རུང་ལ། རང་གི་སྤྱི་བོར་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་དཀར་པོ་དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེམས་དཔའ་དཀར་པོ་ཞེས་པ་ནས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ༀ་བཛྲ་ས་ཏྭ་ས་པཱ་རི་ཝ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཛཿཧཱུཾ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཞེས་པ་ནས་ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར་ཅེས་པའི་བར་གོང་བཞིན་བྱའོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་པ་ནས། མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་པར་གྱུར་ཅེས་པའི་བར་གྱི་གསོལ་བ་གདབ་ཅིང་། ཡིག་བརྒྱ་ཉེར་གཅིག་གམ་ཅི་འགྲུབ་བཟླའོ། །ཡི་གེ་བརྒྱ་པའི་གྲངས་ནི་སྲོག་ལྡན་གྱི་ཡི་གེ་དབང་དུ་བྱས་ཀྱི་གཞན་པ་རྒྱ་ལས་མང་ཞིང་། ༀ་དང་ཧཱུཾ་ཕཊ་རྣམས་ནི་དེར་མ་གཏོགས་སོ། །མཐར་བདག་ནི་མི་ཤེས་རྨོངས་པ་ཡིས། །ཞེས་པ་ནས་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར་པ་བསམ་མོ། །འདི་ལ་སྟོབས་བཞི་ཚང་ཚུལ་ནི། སྐྱབས་འགྲོ་སེམས་བསྐྱེད་གཉིས་རྟེན་གྱི་སྟོབས། ཡིག་བརྒྱའི་བཟླས་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། བདག་ནི་མི་ཤེས་སོགས་ནི་སུན་འབྱིན་པའི་སྟོབས་ཡིན་ལ། དེའི་ཤུགས་ལ་སླར་ལྡོག་པའི་སྟོབས་བསྟན་ཏོ། །ཡི་གེ་བརྒྱ་པའི་སྔགས་དོན་ནི། ༀ་ནི་སྐུ་རྡོ་རྗེའི་ས་བོན་ཡིན་ཞིང་། མཆོག་ནོར་བཀྲ་ཤིས་སོགས་དོན་བདུན་ལ་འཇུག །བཛྲ་ས་ཏྭ་ནི་རྡོ་རྗེ་སེམས་དཔའ། ས་མ་ཡ་ནི་དམ་ཚིག །མ་ནུ་པཱ་ལ་ཡ་ནི་རྗེས་སུ་སྐྱོངས། བཛྲ་ས་ཏྭ་ཏྭེ་ནོ་པ་ནི་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་ཉེ་བར། ཏིཥྛ་ནི་གནས་པ། ཌི་ཌྷོ་ནི་བརྟན་པ། མེ་ནི་བདག །བྷ་ཝ་ནི་དངོས་པོའམ་རང་བཞིན་དུ་མཛོད། སུ་ཏོ་ཥྱོ་ནི་ཤིན་ཏུ་དགྱེས་པ། སུ་པོ་ཥྱོ་ནི་ཤིན་ཏུ་རྒྱས་པ། ཨ་ནུ་རཀྟོ་ནི་རྗེས་སུ་ཆགས་པ། མེ་བྷ་ཝ་གསུམ་ནི་སྔར་བཞིན་ནོ། །སརྦ་སིདྡྷི་ནི་དངོས་གྲུབ་ཐམས་ཅད། མེ་པྲ་ཡཙྪ་ནི་བདག་ལ་སྩོལ་བར་མཛོད། སརྦ་ཀརྨ་སུ་ཙ་མེ་ནི་བདག་ལ་ལས་ཐམས་ཅད་རྩོལ་བར་མཛོད། ཙིཏྟཾ་ཤྲཱི་ཡཿཀུ་རུ་ནི་སེམས་སམ་སྙིང་གི་དཔལ་དུ་མཛོད། ཧཱུཾ་ནི་ཐུགས་ཀྱི་ས་བོན་དང་། ཧ་བཞི་དང་ཧོ་དང་ལྔས་ནི་ཡེ་ཤེས་ལྔ་མཚོན། བྷ་ག་ཝན་ནི་བཅོམ་ལྡན་འདས། སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེས་པ་ཐམས་ཅད་ཀྱི། བཛྲ་མ་མེ་ནི་རྡོ་རྗེ་བདག །མུཉྩ་ནི་མ་འདོར་ཅིག །བཛྲི་བྷ་ཝ་ནི་རྡོ་རྗེ་ཅན་གྱི་རང་བཞིན་དུ། མ་ཧཱ་ས་མ་ཡ་ས་ཏྭ་ནི་དམ་ཚིག་ཆེན་པོའི་སེམས་དཔའ། ཨཱཿནི་གསུང་དང་། ཧཱུཾ་ནི་ཐུགས་ཀྱི་ས་བོན། ཕཊ་ནི་གསལ་བར་བྱེད་པ་འམ་འཇོམས་པར་བྱེད་པའོ། །ཡི་གེ་བརྒྱ་པ་ཚུལ་བཞིན་དུ་བཟླས་ན། སྡིག་ལྟུང་ཐམས་ཅད་སྦྱོང་ཞིང་འཕེལ་ཁ་གཅོད་པ་དང་དམ་ཚིག་ཉམས་པ་སྦྱོང་བའི་ཐབས་མཆོག་ཏུ་གྱུར་པ་ཡིན་ཏེ། སྙིང་པོ་རྒྱན་ལས། སངས་རྒྱས་ཀུན་གྱི་སྐུ་གཅིག་པོ། །པད་དཀར་ཟླ་བའི་དབུས་གནས་ཤིང་། །རྡོ་རྗེ་དྲིལ་བུ་རྒྱན་སྤྲས་པའི། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ཤིང་། །ཡི་གེ་བརྒྱ་བ་ཆོ་ག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་བརློབ་འགྱུར་པས། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱི་བཤད་པ། །ཐུན་མཚམས་སུ་ནི་སྤྱད་པར་བྱ། །འབུམ་ཕྲག་ཏུ་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །འདིའི་དམིགས་སྐོར་བྱེད་ཚུལ་ལ་མང་སྟེ། །རང་ལྷར་གསལ་བའི་ཐུགས་ཀའི་ཧཱུཾ་ཡིག་གི་ཐིག་ལེའི་ནང་དུ་ཟླ་གདན་གྱི་དབུས་སུ་རང་དང་མཐར་ཕ་མ་སོགས་སེམས་ཅན་ཐམས་ཅད་ཀྱིས་བསྐོར་བར་དམིགས་ནས། རང་གི་སྤྱི་བོའི་རྡོར་སེམས་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་བདུད་རྩི་རང་གི་ཚངས་བུག་ནས་ཞུགས་ཏེ་རང་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱོང་བའི་དམིགས་པ་དང་། ཡང་རང་ལྷར་གསལ་བའི་ཐུགས་ཀའི་ཟླ་གདན་གྱི་དབུས་སུ་རང་དང་མཐར་སེམས་ཅན་ཐམས་ཅད་འཁོར་བར་མོས་ནས་སྔར་བཞིན་འབེབས་སྦྱང་བྱེད་པ་དང་། ཡང་རང་ལྷར་གསལ་བའི་མདུན་དུ་དབུས་སུ་རང་དང་མཐར་སེམས་ཅན་འཁོད་པའམ། ཡང་རང་ཐ་མལ་དུ་གནས་པའི་མདུན་ནས་བརྩམས་ཏེ་ཕ་མ་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱིས་བསྐོར་བར་བསམས་ནས། རང་གི་སྤྱི་བོའི་རྡོ་རྗེ་སེམས་དཔའི་ཐུགས་ཀའི་ཧཱུཾ་ཡིག་ལས་རྡོར་སེམས་ཡབ་ཡུམ་དཔག་ཏུ་མེད་པ་སེམས་ཅན་ཐམས་ཅད་ཀྱི་གྲངས་དང་མཉམ་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་རྡོར་སེམས་ཡབ་ཡུམ་ཟུང་རེ་རེ་བཞུགས་པར་གྱུར་ནས་རང་དང་སེམས་ཅན་ཐམས་ཅད་ཀྱིས་ཡིག་བརྒྱ་འདོན་པར་བསམ་ཞིང་། རང་དང་སེམས་ཅན་སོ་སོའི་སྤྱི་བོ་ནས་བཞུགས་པའི་རྡོར་སེམས་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་ན་ར་ན་ར་བྱུང་སྟེ། རང་གཞན་ཐམས་ཅད་ཀྱི་སྤྱི་བོ་ནས་ཞུགས་པས་སྡིག་ལྟུང་ཐམས་ཅད་སོལ་ཁུ་དང་དུད་ཁུའི་རྣམ་པར་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་འཐོན་ཏེ་སྡིག་སྒྲིབ་ཐམས་ཅད་དག་པར་མོས་པའི་ཚུལ་རྣམས་ལས། ཕྱི་མ་ལྟར་བྱས་ན་བདེ་བར་སེམས་སོ། །མཐར་རྡོར་སེམས་རང་ལ་བསྟིམ་ནས་དབྱེར་མེད་དུ་གྱུར་པར་བསམས་ཏེ། སླར་ཡང་ཡིག་བརྒྱ་རེ་གཉིས་སོགས་གང་འགྲུབ་དང་། ༀ་བཛྲ་ས་ཏྭ་ཧཱུཾ་ཞེས་པ་རྡོར་སེམས་ཀྱི་སྙིང་པོ་ཅི་འགྲུབ་རེ་བཟླས་ན་ནི་ཁྱད་ཆེ། དེ་ནས་དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །ཞེས་སོགས་བརྗོད་ཅིང་། གཏོར་མ་འབུལ་བར་འདོད་ན་སྔར་ལྟར་བྱའོ། །ཅེས་པ་འདི་ནི་དད་དང་རྣམ་དཔྱོད་ལྡན་པའི་གནས་བརྟན་རྒྱལ་མཚན་བཀྲ་ཤིས་ཞེས་བགྱི་བ་རང་ཉིད་ཀྱི་དད་པས་ཀུན་ནས་བསླངས་ཏེ་པར་དུ་བརྐོ་བར་བྱའོ་ཞེས་བསྐུལ་བའི་དོན་དུ་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་གཞན་འགའ་རེ་ལ་ཕན་སྲིད་སྙམ་དུ་བསམས་ནས་སྦྱར་བའོ། །སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ། མཾ་ག་ལཾ་ཀུཪྺནྟུ།

སྐྱབས་འགྲོའི་ཁྲིད་ཡིག་མདོར་བསྡུས་དང་གཏོར་མའི་རིམ་པ་གསལ་བ།

སྐྱབས་འགྲོའི་ཁྲིད་ཡིག་མདོར་བསྡུས་དང་གཏོར་མའི་རིམ་པ་གསལ་བ་བཞུགས།

སྤངས་རྟོགས་མཐར་ཕྱིན་རྫོགས་སངས་རྒྱས། །བདེན་གཉིས་ཟུང་འཇུག་དམ་པའི་ཆོས། །ཚོགས་གཉིས་ཉམས་ལེན་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདིར་སྐྱབས་འགྲོ་བྱེད་ཚུལ་གྱི་རིམ་པ་ཉམས་ལེན་དུ་འཁྱེར་བདེ་བར་འགོད་པ་ལ་བཞི། སྐྱབས་སུ་འགྲོ་བའི་དགོས་པ། ཕན་ཡོན། འགྲོ་ཚུལ། བསླབ་བྱའོ། །དང་པོ་ནི། དཀོན་མཆོག་ལ་སྐྱབས་སུ་འགྲོ་དགོས་ཏེ། སངས་རྒྱས་ཀྱི་བསྟན་པ་དང་མཇལ་མ་མཇལ་དང་། བསྟན་པ་ལ་ཞུགས་མ་ཞུགས་ནི་དཀོན་མཆོག་ལ་སྐྱབས་སུ་སོང་མ་སོང་བའི་སྒོ་ནས་འཇོག་པའི་ཕྱིར་ཏེ། དཀོན་མཆོག་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་ནི་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པའི་སྒོ་ཡིན་པའི་ཕྱིར་རོ། །གཉིས་པ། སྐྱབས་སུ་སོང་བའི་ཕན་ཡོན་ཡོད་དེ། ནང་པ་སངས་རྒྱས་པར་ཆུད་པ་སྡོམ་པ་ཐམས་ཅད་སྐྱེ་བའི་རྟེན་བྱེད་པ། སྡིག་ལྟུང་འདག་པ། ཚོགས་རྫོགས་པ། ངན་སོང་ལས་ཐར་བ། མྱུར་དུ་འཚང་རྒྱ་བ་སོགས་ཀྱི་ཕན་ཡོན་ཡོད་པའི་ཕྱིར་རོ། །གསུམ་པ། སྐྱབས་སུ་འགྲོ་ཚུལ་ལ། བསམ་པ་ནི་འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱིས་འཇིགས་ནས་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་ལ་ཡོད་པར་ཡིད་ཆེས་ཏེ། ཁྱེད་མཁྱེན་སྙམ་དུ་སྙིང་ཐག་པ་ནས་རེ་ལྟོས་འཆའ་བའི་བློས་སྐྱབས་སུ་འགྲོ་དགོས་སོ། །གཞན་དུ་ན་བླ་མ་ལ་སྐྱབས་སུ་མཆིའོ་ཞེས་སོགས་ཀྱི་ཚིག་ཙམ་མང་དུ་བརྗོད་པ་ལས་ཕན་ཡོན་ཙམ་འབྱུང་ཡང་། དཀོན་མཆོག་ལ་སྐྱབས་སུ་སོང་བའི་སྐྱབས་འགྲོ་མཚན་ཉིད་པར་འགྱུར་བ་མ་ཡིན་ཏེ། སྐྱབས་འགྲོ་ཁྱད་པར་ཅན་དངོས་ནི་རྗོད་པའི་ཚིག་ཙམ་མ་ཡིན་པར། དཀོན་མཆོག་ལ་དཔུང་གཉེན་དུ་རེ་ལྟོས་འཆའ་བའི་བློ་ཞིག་གི་སྟེང་ན་འཇོག་དགོས་པའི་ཕྱིར་རོ། །སྐྱབས་སུ་འགྲོ་བའི་ཡུལ་ནི། སྤྱིར་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་དཀོན་མཆོག་གསུམ་དམིགས་ཡུལ་དུ་བྱེད་པའམ། ཚོགས་ཞིང་དུ་སྤྱན་དྲངས་ནས་ཡན་ལག་བདུན་པ་ཕུལ་ཏེ། སྐྱབས་སུ་འགྲོ་བའང་རུང་མོད། འཇུག་པ་བདེ་ཆེད་འདི་ལྟར་བྱ་བར་གསུངས་ཏེ། དེ་ཡང་། མདུན་གྱི་ནམ་མཁར་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་རྩ་བའི་བླ་མ་དང་དབྱེར་མེད་པའི་རྒྱལ་བ་ཤཱཀྱ་ཐུབ་པ་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དཔག་ཏུ་མེད་པས་བསྐོར་ནས་འཁྲིགས་སེ་བཞུགས་པར་གྱུར། ཞེས་བརྗོད་དམ་མ་ཡིན་ཀྱང་དེའི་མོས་པ་ཤུགས་ཅན་བྱ། དེ་ནས་རང་དང་སེམས་ཅན་ཐམས་ཅད་མཉམ་དུ། ཕྱོགས་བཅུ་ནས། བླ་མ་ལ་སྐྱབས་སུ་མཆིའོ། །སོགས་སྐྱབས་འགྲོ་བཞི་སྐོར་གང་མང་དང་། ཡི་དམ་དཀྱིལ་འཁོར་སོགས་བཏགས་པའི་སྐྱབས་འགྲོ་དྲུག་སྐོར། ལན་བདུན་ནམ་གསུམ་སོགས་བྱ་ཞིང་དེའི་ཚེ། སྐྱབས་གནས་དེ་རྣམས་ཀྱི་ཐུགས་ཀ་ནས་འོད་དཀར་པོ་དཔག་ཏུ་མེད་པ་བྱུང་ནས་རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་དག་པར་གྱུར་སོང་སྙམ་དུ་བསམ། དེ་ནས་ཡང་། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་རློབ་ཏུ་གསོལ། ཞེས་ལན་གསུམ་སོགས་བརྗོད་པས། སྐྱབས་ཡུལ་རྣམས་དགྱེས་བཞིན་འོད་དུ་ཞུ་ནས་རང་ལ་ཐིམ་པས་བྱིན་གྱིས་བརླབས་པར་བྱས་སོ། །སྙམ་དུ་བསམ་མོ། །བཞི་པ། བསླབ་བྱ་བསྡུ་ན། བྲིས་འབུར་གྱི་སྐུ་གཟུགས་གང་ཡིན་ཀྱང་སངས་རྒྱས་དངོས་ཀྱི་འདུ་ཤེས། ཆོས་ཚིགས་བཅད་གཅིག་ཡན་ལ་ཆོས་དཀོན་མཆོག་གི་འདུ་ཤེས། རབ་བྱུང་གི་རྟགས་ཙམ་འཛིན་པ་ལའང་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་འཇོག་ཅིང་། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ལ། སྐྱབས་སུ་མི་འགྲོ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་ཚེ་སྤོང་། དགེ་འདུན་ལ་སྐྱབས་སུ་སོང་ནས་གྲོགས་དཀོན་མཆོག་ལ་མི་གུས་པ་དང་མཛའ་མཐུན་བྱས་ནས་མི་འགྲོགས་ཤིང་། ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ་སོགས་ལ་བསླབ་དགོས་སོ། །དེ་ནས་སེམས་བསྐྱེད་སོགས་བྱེད་ན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་སྟེ། སངས་རྒྱས་ཆོས་ཚོགས་མ་དང་། དཀོན་ཅོག་གསུམ་ལ་སོགས་གཉིས་ཀའམ་གང་རུང་ལན་གསུམ་གྱིས་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་འདོད་ཀྱི་བྱམས་པ་དང་། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་དང་། བདེ་བ་དང་མི་འབྲལ་བར་འདོད་པའི་དགའ་བ་དང་། ཉེ་རིང་ཆགས་སྡང་དང་བྲལ་འདོད་ཀྱི་བཏང་སྙོམས་ལ་གནས་པར་བྱའོ་སྙམ་སྟེ་བསམས་པ་ཐག་པས། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་སོགས་ལན་གསུམ་བརྗོད་ནས་ཚད་མེད་བཞི་བསྒོམ་མོ། །དེ་ལྟར་ཚུལ་བཞིན་དུ་ཉམས་སུ་བླངས་ནས་ཆོས་ཀྱི་གནད་བསྡུས་པའི་སྡོམ་ཉམས་སུ་བླངས་པར་འགྱུར་བས་དོན་ཤིན་ཏུ་ཆེ་ལ། ཚིག་ཙམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བྱེད་པ་ལ་ནི་སྙིང་པོ་ཆུང་ངོ་། །སྐྱབས་འགྲོ་ཁྱད་པར་ཅན་ལ་ཕན་ཡོན་སྔར་བཤད་པ་ལྟར་མ་ཟད། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཚད་མེད་བཞི་བསྒོམས་པ་ལའང་ཕན་ཡོན་མང་དུ་ཡོད་ཚུལ་མདོ་བསྟན་བཅོས་ལས་གསུངས་པ་རྣམས་ཀྱང་ཤེས་དགོས་སོ། །དེའི་ཕྱིར་སྐྱབས་འགྲོ་སེམས་བསྐྱེད་སོགས་ཉམས་ལེན་གྱི་སྙིང་པོར་བྱེད་པར་རིགས་སོ། །ཅེས་པ་འདི་ནི། ཤཱཀྱའི་བཙུན་པ་བཤད་སྒྲུབ་མིང་ཅན་གྱིས་གཞན་ལའང་ཕན་སྲིད་སྙམ་ནས་དམ་པའི་མན་ངག་བཞིན་སྦྱར་བའོ། །སྡིག་སྒྲིབ་འཇོམས་བྱེད་སྟོབས་བཞིའི་ཉི་མ་བཞུགས། །ན་མོ་ཤཱཀྱ་མུ་ན་ཡེ། འདིར་ཡན་ལག་བདུན་པ་དང་འབྲེལ་བའི་སྟོབས་བཞིའི་བཤགས་པ་བྱེད་ཚུལ་འཆང་བ་ལ། གནས་ཁང་བྱི་དོར་བྱས་ནས་སྐུ་གསུང་ཐུགས་ཀྱི་རྟེན་བགྲམ། མཆོད་པ་ཅི་ནུས་བཤམས་ཏེ། སྐྱབས་སེམས་རྒྱུད་དང་འདྲེས་པ་ཞིག་སྔོན་དུ་བཏང་ནས། འཇུག་པ་བདེ་ཆེན་འདི་ལྟར་བྱ་སྟེ། བླ་མ་མཆོག་གསུམ་བདེ་གཤེགས་མཆེད་བདུན་དང་། །ཤཱཀ་ཐུབ་ལ་སོགས་རྒྱལ་བ་སུམ་ཅུ་ལྔ། །སངས་རྒྱས་སྟོང་དང་སེམས་དཔའ་བརྒྱད་ལ་སོགས། །སྐྱབས་གནས་འཁོར་བཅས་འདིར་གཤེགས་བཞུགས་སུ་གསོལ། །ཞེས་སོགས་ཚིགས་བཅད་ཅི་རིགས་ཀྱིས་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་མངོན་སུམ་དུ་བཞུགས་པའི་མོས་པ་དུང་དུང་བྱ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ་སོགས་དང་། མགོན་པོ་ཐུགས་རྗེ་སོགས་དང་། ཇི་སྙེད་སུ་དག་སོགས་ཀྱིས་ཡན་ལག་བདུན་པ་བྱ་ཞིང་། བསམ་ཤེས་འདི་ལའང་སྟོབས་བཞི་དོན་གྱིས་ཚང་བར་འགྱུར་མོད། སྡིག་པ་བཤགས་པའི་ཚེ་སྒོས་སུ་བྱས་ན་ལེགས་པས། རྩ་བརྒྱུད་ཀྱི་བླ་མ་རྣམས་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་བསྐྱབ་ཏུ་གསོལ། ཞེས་ལན་གསུམ་སོགས་བརྗོད་པས་སམ། གཙོ་བོ་རྒྱལ་བ་སོགས་ཀྱིས་ཀྱང་དེ་དག་གི་སྐྱབས་འོག་ཏུ་ཚུད་པར་བྱ། དེ་ནས་བསམ་པ་ཐག་པས། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག །ལྡན་ན་ཅི་མ་རུང་། ལྡན་པར་བདག་གིས་བྱའོ། །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་གྱུར་ཅིག །བྲལ་ན་ཅི་མ་རུང་། བྲལ་བ་བདག་གིས་བྱའོ། །དེའི་ཆེད་དུ་བདག་ཉིད་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་བྱའོ། །ཞེས་ལན་མང་དུ་བརྗོད་ཅིང་བསམ་པར་བྱ་སྟེ། དེ་གཉིས་ནའང་རྟེན་ཅི་སྟོབས་སོ། རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་ཚེ་རབས་འཁོར་བ་ཐོགས་པ་མེད་ནས་ད་ལྟ་ལ་ཐུག་གི་བར་དུ་ཉོན་མོངས་པའི་དབང་དུ་གྱུར་ཏེ། མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ་བགྱི་བ་དང་། འཕགས་པ་ལ་བསྐུར་བ་བཏབ་པ་དང་། སེམས་ཅན་ལ་གནོད་པའི་ལས་བགྱིས་པ་དང་། དམ་པའི་ཆོས་སྤངས་པ་དང་། སྡོམ་པ་གསུམ་གྱི་བཅས་པ་དང་འགལ་བས་མཚོན་ཏེ། བཅས་རང་གི་ཁ་ན་མ་ཐོ་བའི་སྡིག་པའི་ལས་བདག་གིས་བགྱིས་པ་དང་། གཞན་ལ་བགྱིད་དུ་སྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་པའི་ཚོགས་ཅི་མཆིས་པ་ཐམས་ཅད་མཐོལ་ལོ། །འཆགས་སོ། །མི་འཆབ་བོ། །མི་སྦེད་དོ། །ཞེས་རང་གི་ཉེས་པ་རྣམས་ནོངས་ཤིང་འགྱོད་པའི་ཡིད་ཀྱིས་ལན་གསུམ་སོགས་བསྒྲགས་པ་ནི། རྣམ་པར་སུན་འབྱིན་པའི་སྟོབས་སོ། །དེ་ལྟར་བུའི་ཉེས་པའི་ཚོགས་ཐམས་ཅད་ཀྱང་སླན་ཆད་མི་བྱེད་པར་གཅོད་ཅིང་སྡོམ་པར་བགྱིའོ། །ཞེས་ལན་གསུམ་གྱིས་ཕྱིན་ཆད་ཅི་འོས་སུ་མི་བྱེད་པའི་སྡོམ་སེམས་བྱ་སྟེ། སླར་ལྡོག་པའི་སྟོབས་སོ། །བཤགས་པ་པོ་དང་བཤགས་ཡུལ་དང་བཤགས་བྱ་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་། རང་རང་གི་གདགས་གཞི་དང་ཆ་ཤས་ལ་བརྟེན་ནས་རྟོག་པས་བཞག་པའི་རྟེན་འབྲེལ་ཡིན་པའི་ཕྱིར། རྨི་ལམ་དང་སྒྱུ་མ་དང་ཆུའི་ཟླ་བ་ལྟར་སྣང་བ་ལས་རང་བཞིན་གྱིས་གྲུབ་པ་མེད་དོ། །ཞེས་བརྗོད་ཅིང་། དེའི་དོན་ཅི་ནུས་བསམས་ལ། ཤེར་སྙིང་ལན་གསུམ་དང་བསྔོ་སྨོན་བྱའོ། །རྒྱས་པར་ན། མདོ་སྡེ་ཟབ་མོ་གཞན་འདོད་པ་དང་། སངས་རྒྱས་བྱང་སེམས་ཀྱི་མཚན་བརྗོད་པ་དང་། མི་འཁྲུགས་པ། རྣམ་རྒྱལ། ངན་སོང་སྦྱོང་བའི་གཟུང་སོགས་བཟླ་བ་དང་། རྟེན་བཞེངས་པ། མཆོད་པ་འབུལ་བ། ཚ་ཚ་གདབ་པ་སོགས་གང་འགྲུབ་བྱ་བར་གསུངས་ལ། ལྟ་བ་དྲན་པ་དང་། ཉེས་པ་ལས་ལྡོག་པ་གཉིས་ཚིག་གིས་མ་བརྗོད་པར་བསམས་ཀྱང་ཆོག་མོད། སྐབས་ཕྱེད་པའི་ཕྱིར་དེ་ལྟར་བཤད་དོ། །ལྟུང་བཤགས་དང་སྦྲེལ་ནས་བྱེད་ནའང་། ཕྱག་འཚལ་བ་རྣམས་ནི། ཡན་ལག་བདུན་པའི་ཕྱག་གི་སྐབས་དང་། བཤགས་པ་དང་སླར་ལྡོག་གཉིས་རྣམ་པར་སུན་འབྱིན་པ་སོགས་ཀྱི་སྐབས་གཉིས་སུ་སྦྱར་ཞིང་། བསྔོ་བ་ནི། མཐར་བྱས་ན་ལེགས་སོགས། སྟོབས་བཞིའི་དང་པོ་དང་ཐ་མ་གཉིས་ལ་ངོས་འཛིན་ལུགས་ཅུང་མི་འདྲ་བར་རེ་ཡོད་ཀྱང་། སྔར་བཤད་པའི་རིམ་པ་དེ། མདོ་ཉིད་དང་རྗེ་རིན་པོ་ཆེའི་དགོངས་པའོ། །དེ་ལྟར་སྟོབས་བཞིའི་སྒོ་ནས་བཤགས་པ་ལན་མང་དུ་བྱས་ན། ངན་སོང་མྱོང་ངེས་ཀྱི་ལས་སྟོབས་ཆེན་ཡང་འདག་པར་གསུངས་སོ། །མི་བཟད་སྡུག་བསྔལ་འབྱུང་བའི་སྒོ། །སྡིག་ལྟུང་མུན་ནག་སྟུགས་པོ་ཀུན། །སྟོབས་བཞིའི་འོད་སྟོང་འབར་བའི་མེས། །འཇོམས་ཕྱིར་ཚུལ་འདིར་འབད་པ་གནད། །ཅེས་པ་འདི་ཡང་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་གཞན་ལའང་ཕན་སྲིད་སྙམ་ནས་སྦྱར་བའོ། །ན་མོ་ལོ་ཀེ་ཤྭ་ར་ཡ། ཚོགས་གཉིས་བདེ་བླག་ཏུ་ཚོགས་པའི་ཐབས་དམ་པ་བརྒྱ་རྩའི་རིམ་པ་མདོར་བསྡུས་བྱ་བར་འདོད་ན་ཕྱག་ལེན་མཐོང་བརྒྱུད་ལྟར་ཤེས་པར་བྱས་ཏེ། སངས་རྒྱས་ཆོས་དང་སོགས་ཀྱི་སྐྱབས་སེམས་སྔོན་དུ་བཏང་ནས། རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་བཞི་པར་གྱུར། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་ༀ་བཛྲ་ས་མ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ༀ་སརྦ་ནས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། ༀ་ལོ་ཀེ་ཤྭ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད་ལ། ལག་དྲུག་བགྲང་། མཆོད་པ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མཆོད་པ་རྣམས་ཕུལ་དུ་བྱུང་བའི་ལྷ་རྫས་ཕུན་སུམ་ཚོགས་པར་གྱུར། ༀ་ཨཱཿཧཱུཾ་གཟུང་གྱིས་བྱིན་བརླབས་བྱས་ལ། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མགྲོན་རྣམས་སྤྱན་དྲངས། བླ་མ་ཡི་དམ་མཆོག་གསུམ་སོགས། །གཏོར་མགྲོན་འཁོར་དང་བཅས་པ་རྣམས། །མཆོད་སྦྱིན་ཆེད་དུ་སྤྱན་འདྲེན་གྱི། །འདིར་གཤེགས་གདན་ལ་བཞུགས་སུ་གསོལ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞེས་སོགས་ཀྱིས་ཕྱག་བྱས་ལ། ༀ་བཛྲ་ཨརྒྷཾ་སོགས་ཀྱི་མཆོད། ཞལ་ཟས་རོ་བརྒྱ་ལྡན་པའི་སོགས་ཀྱིས་ཞལ་ཟས་དང་། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ནས། ཧཱུཾ་གིས་ཁྲུས་བྱ། འཕགས་པ་སྤྱན་རས་གཟིགས་དབང་གི །ཞེས་སོགས་དང་། ༀ་ཨཱཿཧྲཱིཿཧཱུཾ་དང་། ༀ་མ་ཎི་པདྨེ་ཧཱུཾ་དང་། ༀ་ཛཱ་ལ་མེ་དམ་སརྦ་པྲེ་ཏ་བྷྱཿསྭཱ་ཧཱ། དང་། ༀ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ས་མནྟ་སྥ་ར་ཎ་ར་སྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛཱ་ལ་ནི་སྭཱ་ཧཱ། དང་འདོད་ན། ཀཾ་ཀ་ནི་སོགས་ཀྱི་ཀྱང་ཆུ་སྦྱིན་བྱ། ཆུའི་སྦྱིན་པ་འདི་ལ་བརྟེན་ནས་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་ལ་སོགས་པ་སྲིད་པ་ཆུ་ཀླུང་གི་བདག་པོ་དང་། གཞན་བདག་གཉུག་མར་གནས་པ་དང་། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྦྱིན་པ་དམ་པ་སེམས་ཀྱི་རྒྱན་དུ་གྱུར་ནས་དོན་གྱི་མཆོག་ཐོབ་པར་གྱུར་ཅིག །དེ་ནས་གཏོར་མ་རྣམས་ཐུན་མོང་དུ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ཏེ། ༀ་ཨཱཿཧཱུཾ། ལན་གསུམ་བརྗོད་དེ་བྱིན་གྱིས་བརླབ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀེ་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུཾ། ཞེས་པ་བདུན་ནམ་གསུམ་གྱིས་བསྔོ། མགྲོན་ཚན་བཞི་པ་ཡན་ལ། སམྦྷ་རི་མཇུག་ཏུ། ༀ་བཛྲ་ཨརྒྷཾ། སོགས་ཀྱིས་མཆོད། ལྔ་པ་མན་ལ། ཨརྒྷཾ་སོགས་ཀྱི་ཚབ་ཏུ་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། དང་པོའི་མཆོད་པའི་མཇུག་ཏུ། བདུད་རྩིའི་རྒྱ་མཚོའི་གཏོར་མ་འདི། །བླ་མ་སངས་རྒྱས་བྱང་སེམས་དང་། །ཡི་དམ་མཁའ་འགྲོའི་ཚོགས་ལ་འབུལ། །བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ། །གཉིས་པའི་ཚེ། བདུད་རྩིའི༴ ཡེ་ཤེས་མགོན་པོ་ལ་སོགས་པ། །ཆོས་སྐྱོང་སྲུང་མའི་ཚོགས་ལ་འབུལ། །བཞེས་ནས་འཕྲིན་ལས་རྣམ་བཞི་སྒྲུབས། །གསུམ་པའི་ཚེ། བདུད་རྩིའི༴ དྲང་སྲོང་ཆེན་པོ་མཆོག་བརྒྱད་སོགས། །བདེན་ཚིག་གྲུབ་པ་རྣམས་ལ་འབུལ། །བཞེས་ནས་བསམ་དོན་འགྲུབ་པར་མཛོད། །བཞི་པའི་ཚེ། བདུད་རྩིའི༴ ཛམྦྷ་ལ་སོགས་ནོར་ལྷ་དང་། །ལྷན་ཅིག་སྐྱེས་པའི་ལྷ་ལ་འབུལ། །བཞེས་ནས་འདོད་རྒུ་ཆར་བཞིན་ཕོབ། །ལྔ་པའི་ཚེ། བདུད༴ ས་ཡི་ལྷ་མོ་བརྟན་མ་སོགས། །ཡུལ་ལྷ་གཞི་བདག་རྣམས་ལ་འབུལ། །བཞེས་ནས་སྟོང་གྲོགས་བཟང་པོ་མཛོད། །དྲུག་པའི་ཚེ། བདུད༴ རྟ་བདག་བརྒྱད་སོགས་གནོད་སྦྱིན་དང་། །ལྷ་ཀླུ་སྡེ་བརྒྱད་ཚོགས་ལ་འབུལ། །བཞེས་ནས་བདེ་སྐྱིད་འབྱུང་བར་མཛོད། །བདུན་པའི་ཚེ། བདུད་རྩིའི༴ འཕྲོག་མ་བུ་ལ་སོགས་པ་ཡི། །གདོན་བགེགས་འབྱུང་བ་རྣམས་ལ་འབུལ། །བཞེས་ནས་གནོད་སེམས་ཞི་བར་མཛོད། །བརྒྱད་པའི་ཚེ། བདུད་རྩི༴ སྐྱེ་གནས་རྣམ་པ་བཞིས་བསྡུས་པའི། །རིགས་དྲུག་འགྲོ་བའི་ཚོགས་ལ་འབུལ། །བཞེས་ནས་སྡུག་བསྔལ་ལས་གྲོལ་ཤོག །དགུ་བའི་ཚེ། བདུད་རྩི༴ ཁ་འབར་རྒྱལ་མོས་གཙོ་བྱས་པའི། །ཡི་དྭགས་ཚོགས་རྣམས་ཀུན་ལ་འབུལ། །བཞེས་ནས་བཀྲེས་སྐོམ་ཞི་གྱུར་ཅིག །བཅུ་པའི་ཚེ༴ བདུད་རྩིའི༴ ཐོག་མ་མེད་ནས་ལན་ཆགས་པའི། །ཤ་ཁོན་གཉེར་བ་རྣམས་ལ་འབུལ། །བཞེས་ནས་བུ་ལོན་ཁྱེར་གྱུར་ཅིག །བཅུ་གཅིག་པའི་ཚེ་བདུད་རྩི༴ སྐལ་ཆད་དབང་ཆུང་གྱུར་པ་ཡི། །ལྷག་ལ་རེ་བ་རྣམས་ལ་འབུལ། །བཞེས་ནས་ལུས་སེམས་ཚིམ་གྱུར་ཅིག །ཞེས་བསྔོས་ལ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། ཞེས་སོགས་དང་། སྐར་མ་རབ་རིབ་སོགས་ཀྱི་གྲོས་སྦྱིན་དང་། བདག་གི་བསམ་པའི་སོགས་ཀྱི་མཐར། བཛྲ་མུཿ གཏོར་མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར། ཅེས་བརྗོད་ལ། སེ་གོལ་གདབ་ཅིང་། བསྔོ་སྨོན་བྱའོ། །ཚིག་གི་ལོ་མའི་སྤྲོས་བྲལ་ཡང་། །བརྒྱ་རྩའི་དོན་གྱི་སྙིང་པོ་ཀུན། །མ་ཚང་མེད་པར་གཅིག་དྲིལ་བ། །འདི་ཀོ་ཡིད་བཞིན་ནོར་བུའོ། །ཅེས་པ་འདི་ཡང་། པཎ་ཆེན་ཐམས་ཅད་མཁྱེན་པས་མཛད་པའི་བརྒྱ་རྩ་བསྡུས་པ་དང་མཐུན་པར་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས། བརྒྱ་རྩ་གཏོང་འདོད་ཀྱང་རྒྱས་པ་མ་ལྕོགས་པ་འགའ་ལའང་ཕན་སྲིད་སྙམ་ནས་སྦྱར་བའོ། །ཆ་བཞི་དང་ལན་ཆགས་གཏོར་མ་གཏོང་བར་འདོད་ན། གཏོར་སྣོད་ལྔ་རིལ་བུ་ཆུ་གཙང་བཅས་སྟ་གོན་བྱས་ལ། སྐྱབས་སེམས་མདོར་བསྡུས་སྔོན་དུ་བཏང་ནས། རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་བཞི་པར་གསལ་བར་གྱུར། གཏོར་མ་རྣམས་ཐུན་མོང་དུ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ནས། རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་གྱིས་བྱིན་བརླབས་བྱ་བའམ། ཡང་ན་ཕྱི་མ་རྣམས་ཀྱི་ཚེའང་ཡི་གེ་གསུམ་ལན་གསུམ་རེ་བརྗོད་ནས་བྱིན་གྱིས་བརླབ། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལྷ་ཀླུ་གཞི་བདག་རིགས་དྲུག་དང་ལན་ཆགས་ཀྱི་མགྲོན་རྣམས་མ་ལུས་པ་གནས་འདིར་སྤྱན་དྲངས། ཨེ་ཧྱེ་ཧི། ཀ་མ་ལཱ་ཡེ་སྟྭཾ། མགྲོན་ཚན་དང་པོ་གཉིས་སོ་སོ་ལ། སམྦྷ་རས་ལན་བདུན་ནམ་གསུམ་གྱིས་ཕུལ་ལ། ༀ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། དང་པོའི་མཐར། མཆོད་སྦྱིན་གྱི་གཏོར་མ་འདི་ནི། རྩ་བརྒྱུད་ཀྱི་བླ་མ་ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་ཉན་རང་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ལ་འབུལ་ལོ། །བཞེས་ནས་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཀྱི་ཚོགས་གཉིས་རྫོགས། སྒྲིབ་གཉིས་བྱང་བ་སོགས་མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་འགྲུབ་པར་བྱིན་གྱིས་རློབ་ཏུ་གསོལ། གཉིས་པའི་ཚེ། མཆོད༴ མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ། །དམ་ཅན་ཆོས་ཀྱི་རྒྱལ་པོ། །འདོད་ཁམས་ཀྱི་དབང་ཕྱུག །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ལ་སོགས་པ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ལ་འབུལ་ལོ། །བཞེས་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་། བདག་ཅག་སྲུང་ཞིང་སྐྱོབ་པ་དང་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་ཐམས་ཅད་ཆོས་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཕྱི་མ་གསུམ་ལ། སམྦྷ་རས་བསྔོས་ནས། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། དང་པོའི་མཇུག་ཏུ། མཆོད༴ སྲིད་པ་བར་དོར་གནས་པ་དང་། ཡི་དགས་ཀྱི་ཚོགས་ཐམས་ཅད་དང་། རིགས་དྲུག་གི་སེམས་ཅན་རྣམས་ལའང་སྦྱིན་ནོ། །བཞེས་ནས་སྡུག་བསྔལ་མཐའ་དག་ལས་གྲོལ་ཏེ་མྱུར་དུ་མངོན་པར་རྫོགས་པ་འཚང་རྒྱ་བར་གྱུར་ཅིག །གཉིས་པའི་ཚེ། མཆོད༴ ལྷ་ཀླུ་སྡེ་བརྒྱད་རྣམས་དང་ཡུལ་ལྷ་གཞི་བདག་གི་ཚོགས་ཐམས་ཅད་ལ་འབུལ་ལོ། །བཞེས་ནས་བདག་ཅག་གིས་ལས་དང་བྱ་བ་ཅི་བྱས་ཀྱང་ཀོ་ལོང་དང་ཕྲག་དོག་མི་མཛད་པར་མཐུན་རྐྱེན་རྣམས་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། གསུམ་པའི་ཚེ། མཆོད་སྦྱིན་གྱི་གཏོར་མ་འདི་ནི། ཐོག་མ་མེད་པ་ནས་ད་ལྟའི་བར་དུ་གཞན་གྱི་སྲོག་བཅད་པ་དང་། འཕྲོག་པ་དང་། བརྐུས་པ་ལ་སོགས་པའི་དབང་གིས་བུ་ལོན་ལན་ཆགས་སུ་གྱུར་ནས་ཤ་ཁོན་གཉེར་བར་བྱེད་པ་རྣམས་ལ་འབུལ་ལོ། །བཞེས་ནས་ལན་ཆགས་བུ་ལོན་མཐའ་དག་ཁྱེར། ཤ་ཁོན་གནོད་པ་ཐམས་ཅད་ཞི་ནས་བྱམས་པའི་སེམས་དང་ལྡན་པར་གྱུར་ཅིག །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུང་། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་དེ་སྐད་གསུང་། །ཞེས་དང་། བདག་གི་བསམ་པའི་སོགས་དང་། མགྲོན་རྣམས་མཉེས་ཤིང་ཚིམ་ནས་རང་གནས་སུ་གཤེགས་པར་གྱུར། ཅེས་བརྗོད་ལ། སོགས་གདབ་ཅིང་། བསྔོ་སྨོན་བྱའོ། །ལན་ཆགས་གཏོར་མ་མང་དུ་གཏོང་བར་འདོད་ནའང་། བྱིན་རླབས་སྔར་ལྟར་བྱས་ལ། སམྦྷ་རས་ལན་ཉེར་གཅིག་རེ་ཕུལ་བའི་མཐར། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་པ་སོགས་བྱའོ། །ཡང་ན། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་གདོན་བགེགས་ལན་ཆགས་ཀྱི་མགྲོན་རྣམས་མ་ལུས་པ་གནས་འདིར་སྤྱན་དྲངས་སོགས་བརྗོད་ལ། སྔར་ལྟར་བྱིན་གྱིས་བརླབས་ནས་འབུལ་བ་སོགས་བྱས་ཏེ། མཐར་གཤེགས་པར་བྱའོ། །མཆོད་སྦྱིན་དག་པའི་ཞིང་ས་ལ། །དགེ་ཚོགས་ས་བོན་བཏབ་པ་ཡི། །ཉེར་འབྲས་ཕན་བདེའི་དགའ་སྟོན་ཆེར། །སྤྱོད་པའི་སྐལ་བཟང་མྱོང་བར་ཤོག །ན་མོ་ཨཱཪྱ་ཏཱ་ར་ཡེ། འབྱུང་བཞིའི་གཏོར་མ་གཏོང་བར་འདོད་པས། ཟན་ལེབ་ལ་ཟླ་གམ་གྲུ་གསུམ་ཟླུམ་པོ་གྲུ་བཞི་ཟན་རིལ་རྣམས་དང་། ངར་གླུད་མཐེབ་ཀྱུ་ཆང་བུ་རྣམས་ཅི་ཙམ་དགོས་པ་སྟ་གོན་བྱས་ལ། རང་གི་མདུན་གྱི་གཡོན་ཕྱོགས་ནས་འགོ་བརྩམས་ཏེ། སྣོད་སོ་སོའི་ནང་དུ་རིམ་པར་བཤམ་པའམ། སྣོད་གཅིག་ཏུ་བྱེད་ན་ཟླུམ་གཏོར་དབུས་དང་མདུན་ནས་གཡས་སྐོར་དུ་ཟླ་གམ་སོགས་རིམ་བཞིན་དང་། ངར་མི་མཐེབ་ཀྱུ་ཆང་བུ་བཅས་ལོགས་སུ་བཞག་སྟེ། སྐྱབས་སེམས་རྒྱས་བསྡུས་སྤྱི་ལྟར་བྱས་ལ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྣ་ཚོགས་པདྨ་ཟླ་བ་ཀྲཥྞ་ས་རའི་པགས་པའི་སྟེང་དུ་རང་ཉིད་སྐད་ཅིག་གིས་དམ་པ་རྒྱ་གར་ཞལ་གཅིག་ཕྱག་གཉིས་པ། མཚན་དཔེས་སྤྲས་ཤིང་ཞབས་གཉིས་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། མཆོད་པ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མཆོད་གཏོར་རྣམས་ལྷ་རྫས་དམ་པ་ཕུན་སུམ་ཚོགས་པ་ནམ་མཁའི་ཁམས་གང་བར་གྱུར། །ༀ་ཨཱཿཧཱུཾ། ལན་གསུམ་གྱིས་བརླབ། མཆོད་ཡུལ་བསྐྱེད་པ་སོགས་ནི། ཆོས་ཀུན་རང་བཞིན་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་མདུན་གྱི་མཁའ་དབྱིངས་སུ། །རིན་ཆེན་ཁྲི་སྟེང་པད་ཉི་ཟླ་གདན་དང་། །ཀྲྀཥྞ་ས་རའི་པགས་སྟེང་དུས་གསུམ་གྱི། །རྒྱལ་ཀུན་ངོ་བོ་དམ་པ་རྒྱ་གར་ནི། །མཆོག་གསུམ་རིགས་ལྔ་ཡི་དམ་མཁའ་འགྲོ་དང་། །བསྟན་སྲུང་རྒྱ་མཚོས་བསྐོར་ནས་རབ་བཞུགས་པའི། །གནས་གསུམ་རྡོ་རྗེ་གསུམ་མཆན་ཧཱུཾ་ཡིག་ལས། །འོད་འཕྲོས་རང་བཞིན་གནས་ནས་རང་འདྲ་བའི། །ཡེ་ཤེས་པ་རྣམས་སྤྱན་དྲངས་དབྱེར་མེད་གྱུར། །བསོད་ནམས་ཡེ་ཤེས་ཚོགས་ལས་ཉེར་འཁྲུངས་ཤིང་། །ལུང་རྟོགས་ཡོན་ཏན་དུ་མའི་ཚོགས་ཀྱིས་བརྒྱན། །ཡིད་འོང་མཚན་དང་དཔེ་བྱད་དཔལ་འབར་བ། །གྲུབ་པའི་དབང་ཕྱུག་ཞབས་ལ་ཕྱག་འཚལ་ལོ། །དཔག་མེད་ལུས་སྤྲུལ་སྒོ་གསུམ་གུས་ཕྱག་འཚལ། །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འབུལ། །སྡིག་ལྟུང་ཉེས་པའི་ཚོགས་རྣམས་སོ་སོར་བཤགས། །རང་གཞན་ཀུན་གྱི་དགེ་ལ་རྗེས་ཡི་རང་། །མྱ་ངན་མི་འདའ་རྟག་པར་ལེགས་བཞུགས་ནས། །འགྲོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །དགེ་ཀུན་རྫོབ་པའི་སངས་རྒྱས་ཐོབ་ཕྱིར་བསྔོ། །རྩོད་མེད་གྲུབ་ཆེན་དམ་པ་རྒྱ་གར་དང་། །མཆོག་གསུམ་རྒྱལ་བ་སྲས་བཅས་ཐམས་ཅད་ལ། །གསོལ་བ་འདེབས་སོ་བདག་དང་སྦྱིན་བདག་སོགས། །བསྲུང་སྐྱོབ་མཛད་ཅིང་མཆོག་ཐུན་དངོས་གྲུབ་སྩོལ། །གཏོར་མ་རྣམས་སྔར་ལྟར་བསངས་སྦྱངས། །སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཡཾ་རཾ་བཾ་ལཾ་བཞི། དེ་ཡོངས་སུ་གྱུར་པ་ལས་འབྱུང་བཞིའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་འདོད་ཡོན་ལྔ་ལྡན་གྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ། གསུམ་གྱིས་བརླབས་ལ། བསྔོ་བ་ནི། དང་པོ་ཟླ་གམ་ལ་དམིགས་ཏེ། ༀ་ཙ་ཚ་ཛ་ཛྙ་ན་ཡཾ་ཨོ་ཨཽ་སྭཱ་ཧཱ། ཞེས་ལན་གསུམ་མམ་བདུན་གྱིས་བསྔོས་ལ། ༀ་བཛྲ་ཨརྒྷཾ་པྲ་ཏིཙྪ་སོགས་ཀྱིས་མཆོད། ཡཾ་ལས་བྱུང་བའི་རླུང་རྫས་ཡངས་ཤིང་གཡོ། །རབ་སྔོ་འདོད་ཡོན་ལྔ་ལྡན་གཏོར་མ་འདི། །བླ་མ་སངས་རྒྱས་བྱང་སེམས་ཡི་དམ་ལྷ། །ཉན་རང་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དང་། །ཁྱད་པར་རྡོ་རྗེའི་རིགས་རྣམས་འཁོར་བཅས་ལ། །འབུལ་ལོ་བཞེས་ནས་རྣལ་འབྱོར་སྦྱིན་བདག་གི །རླུང་ནད་རྒྱལ་འགོང་ཤར་ཕྱོགས་གདོན་རྣམས་དང་། །ཞེ་སྡང་སོགས་ཞི་འབྱུང་བའི་སྙོམས་པར་མཛོད། །གཉིས་པ་གྲུ་གསུམ་ལ་དམིགས་ཏེ། ༀ་ཊ་ཋ་ཌ་ཌྷ་ཎ་རཾ་ཨེ་ཨཻ་རྀ་རཱྀ་སྭཱ་ཧཱ། ལན་གསུམ་མམ་བདུན་དང་། སྔར་བཞིན་མཆོད། རཾ་ལས་བྱུང་བའི་མེ་རྫས་ཚ་ཞིང་བསྲེག །རབ་དམར་འདོད་ཡོན༴ བླ་མ༴ ཉན་རང་༴ ཁྱད་པར་རིན་ཆེན་རིགས་རྣམས༴ འབུལ་ལོ༴ མཁྲིས་ནད་བདུད་བཙན་ལྷོ་ཕྱོགས་གདོན་རྣམས་དང་། །ང་རྒྱལ་སོགས་ཞི་འབྱུང་བཞི༴ གསུམ་པ་ཟླུམ་པོ་ལ་དམིགས་ཏེ། །ༀ་པ་ཕ་བྷཾ་མ་བཾ་ཨུ་ཨཱུ་སྭཱ་ཧཱ། ལན་གསུམ་མམ་བདུན་དང་། སྔར་བཞིན་མཆོད། བཾ་ལས་བྱུང་བའི་ཆུ་རྫས་བརླན་ཞིང་གཤེར། རབ་དཀར་འདོད་ཡོན༴ བླ་མ་༴ ཉན་རང་༴ ཁྱད་པར་པདྨའི་རིགས་རྣམས༴ འབུལ་ལོ༴ གྲང་ནད་དམ་སྲི་ནུབ་ཕྱོགས་གདོན་རྣམས་དང་། །འདོད་ཆགས་སོགས་ཞི་འབྱུང་བཞི༴ བཞི་པ་གྲུ་བཞི་ལ་དམིགས་ཏེ། །ༀ་ཏ་ཐ་ད་དྷ་ན་ལཾ་ལྀ ལྀ་ཨི་ཨཱི་སྭཱ་ཧཱ། ལན་གསུམ་མམ་བདུན་དང་། སྔར་བཞིན་མཆོད། ལཾ་ལས་བྱུང་བའི་ས་རྫས་སྲ་ཞིང་འཐས། རབ་སེར་འདོད་ཡོན༴ བླ་མ༴ ཉན་རང་༴ ཁྱད་པར་ལས་ཀྱི་རིགས་རྣམས༴ འབུལ་ལོ༴ བད་ཀན་ས་བདག་བྱང་ཕྱོགས་གདོན་རྣམས་དང་། །ཕྲག་དོག་སོགས་ཞི་འབྱུང་བཞི་སྙོམས་པར་མཛོད། །ལྔ་པ་གཏོར་མ་བྱིན་བརླབས་སྤྱི་ལྟར་བྱ་བའམ། །ༀ་ཨཱཿཧཱུཾ། ལན་གསུམ་གྱིས་བརླབས་ལ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། གནོད་བྱེད་གདོན་བགེགས་ལན་ཆགས་ཀྱི་མགྲོན་རྣམས་མ་ལུས་པ་འདིར་སྤྱན་དྲངས། ཨ་ཀཱ་རོ་ལན་གསུམ་གྱིས་བསྔོ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་དེ། ཕུན་ཚོགས་འདོད་ཡོན་ལྔ་ལྡན་པའི། །བདུད་རྩིའི་རྒྱ་མཚོའི་གཏོར་མ་འདི། །སྟེང་འོག་བར་གྱི་གདོན་ཀུན་དང་། །བུ་ལོན་ཆགས་པ་རྣམས་ལ་བསྔོ། །བཞེས་ནས་གནོད་འཚེའི་སེམས་བོར་ཏེ། །བྱམས་པའི་སེམས་དང་ལྡན་པར་མཛོད། །རྒྱུན་པར་ཡིན་ན་ཆོས་སྦྱིན་དང་གཤེགས་གསོལ། བསྔོ་སྨོན་བྱས་ནས་མཇུག་བསྡུ་བའང་རུང་ལ། ནད་པའི་ཆེད་དུ་གླུད་ཡོད་ན་ལེགས་པས། དེ་སྔར་ལྟར་བསངས་སྦྱངས། སྟོང་པའི་ངང་ལས་འདོད་ཡོན་ལྔ་ལྡན་གྱི་ངར་མི་མཁོ་དགུའི་ཡོ་བྱད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་བརྗོད་དེ། ཨ་ཀཱ་རོས་བསྔོ། དེ་ནས་ཀྱཻ་འབྱུང་བའི་ཁྱད་པར་རྒྱས་པ་ལས། །རུས་པའི་གླུད་འདི་རྡོ་ལ་གཏོང་། ཤ་ཡི་གླུད་འདི་ས་ལ༴ ཁྲག་གི་གླུད་འདི་ཆུ༴ དྲོད་ཀྱི་གླུད་འདི་མེ༴ དབུགས་ཀྱི་གླུད་འདི་རླུང་ལ༴ སེམས་ཀྱི་གླུད་འདི་མཁའ་ལ༴ རྡོ་དང་ས་ཆུ་མེ་རླུང་དང་། །མཁའ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་གཏོར་མ་འདི་ལོང་ལ། །གནོད་འཚེའི་བསམ་སྦྱོར་གཏན་བོར་ལ། །ཕྱིན་ཆད་ཁོན་དང་གནོད་མ་བྱེད། །ཕྱེ་ལྟར་བལྟས་ནས་དྲི་སྨན་ལྔ། །ནང་ལྟར་བལྟས་ན་རིན་ཆེན་ལྔ། །གསང་བ་ཡེ་ཤེས་མཁའ་འགྲོ་ལྔ། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །གླུད་དང་གཏོར་མ་འདི་ལོང་ལ། ཁོན་དང་གནོད་པ་མ་བྱེད་ཅིག །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །ཞེས་སོགས་ཀྱིས་ཆོས་སྦྱིན་བྱ། མཐར་སེ་གོལ་དང་བཅས་ཏེ། མགྲོན་རྣམས་མཉེས་ཤིང་ཚིམ་ནས་རང་གནས་སུ་གཤེགས་པར་གྱུར། །ཅེས་བརྗོད་ལ། གཏོར་མ་རྣམས་ཕྱོགས་བཞིར་བསྐྱལ་ལོ། །བསྡུ་ན་སྣོད་གཅིག་ཏུ་དབུས་སུ་ངར་གླུད་འཇོག་པ་སོགས་བྱས་ཀྱང་རུང་བར་བཤད། ལོ་གྲངས་ཡིན་ན་སྔར་ལྟར་བྱས་པ་རེར་ཚར་རེར་བརྩི་ཞིང་། གལ་ཏེ་མི་ཐུབ་ན། གཏོར་མ་རྣམས་རེ་རེ་ནས་ལོ་གྲངས་བྱས་པ་རང་རང་གི་སྟེང་དུ་བརྩིགས་ནས་བསྔོ་སྔགས་ཚིགས་བཅད་གཉིས་ལོ་གྲངས་དང་། དེ་ཡང་མ་ལྕོགས་ན་ཚར་གཅིག་བཤམས་ཏེ་སྔགས་ལོ་གྲངས་དང་ཚིགས་བཅད་ལན་ཅིག་བརྗོད་ནས་བསྔོ་བའི་ཚུལ་ཡང་བཤད་དོ། །ཇི་སྐད་བརྗོད་པ་དེ་དག་དམ་པ་གཞན་གྱི་མན་ངག་དང་། གཙོ་བོར་པཎ་ཆེན་རིན་པོ་ཆེའི་གསུང་ལ་བརྟེན་པ་ཡིན་ནའང་། འདིར་རླུང་དང་མེའི་འབུལ་སྔགས་ཀྱི་གསལ་བྱེད་དེ་ལས་གོ་བཟློག་སྟེ་བཤད་པ་ནི་སྔགས་ཀྱི་བཟླས་ཐབས་མང་པོ་ལས་ཙ་སྡེ་རླུང་ཁམས་དང་། ཊ་སྡེ་མེ་ཁམས་སུ་བཤད་པ་དང་མཐུན་པར་བྱས་པའོ། །ན་མོ་ཨུཥྞཱི་ཥ་བི་ཛ་ཡེ། བསུར་གཏོང་བར་འདོད་ན། དྲི་བསུར་སྟ་གོན་བྱས་ལ། སྐྱབས་འགྲོ་སེམས་བསྐྱེད་རྒྱས་བསྡུས་ཅི་རིགས་སྔོན་དུ་བཏང་ནས། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པད་ཟླའི་གདན་ལ་རང་ཉིད་སྐད་ཅིག་གིས་རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་ཞལ་གཅིག་ཕྱག་བཞི་པར་གསལ་བར་གྱུར། རང་གི་ཐུགས་ཀའི་ཧྲཱིཿལས་འོད་འཕྲོས་པས། །བླ་མ་ཡི་དམ་དཀོན་མཆོག་སྲིད་ཞུའི་མགྲོན། །གདོན་བགེགས་ལན་ཆགས་རིགས་དྲུག་སྙིང་རྗེའི་མགྲོན། །མ་ལུས་སྤྱན་དྲངས་འདོད་པའི་གདན་ལ་བཞུགས། །ༀ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་འདོད་ཡོན་ལྔ་ལྡན་གྱི་དྲི་ཕུན་སུམ་ཚོགས་པ་ས་དང་བར་སྣང་ནམ་མཁའི་ཁྱོན་ཐམས་ཅད་གང་བར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་པ་ལོ་ཀེ་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུཾ། ཞེས་པ་བདུན་གྱིས་བསྔོ། ༀ་བཛྲ་ཨརྒྷཾ་པྲ་ཏིཙྪ་ནས། ཤཔྟའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། དྲི་མཆོག་འདོད་ཡོན་ལྔ་ལྡན་པའི། །ཟག་མེད་བསུར་གྱི་མཆོད་པ་འདི། །བླ་མ་ཡི་དམ་དཀོན་མཆོག་གསུམ། །མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་དང་། །དྲི་ཟའི་ཚོགས་དང་རིགས་དྲུག་མགྲོན། །ལྷ་ཀླུ་གཞི་བདག་ཐམས་ཅད་དང་། །ལན་ཆགས་ཤ་ཁོན་གཉེར་བའི་གདོན། །ཁྱད་པར་བར་དོའི་འགྲོ་བ་ལ། །འབུལ་ལོ་བཞེས་ཤིང་ཚིམ་གྱུར་ཏེ། །གནས་སྐབས་བར་ཆད་ཀུན་ཞི་ཞིང་། །ཚེ་རིང་ནད་མེད་འབྱོར་པ་རྒྱས། །མཐར་ཡང་བདེ་བ་ཅན་ལ་སོགས། །དག་པའི་ཞིང་དུ་སྐྱེས་ནས་ཀྱང་། །འགྲོ་དོན་རིས་མེད་བྱེད་གྱུར་ཅིག །བཛྲ་མུཿ མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར། ཅེས་བརྗོད་ལ་བསྔོ་སྨོན་བྱའོ། །དེ་ལྟར་བྱས་ན་ཕན་ཡོན་མང་དུ་ཡོད་པར་གསུངས་སོ། །དགེའོ།། །།ན་མོ་གུ་རུ། སྭཱཙྪ་གདབ་པར་འདོད་ན། ༀ་བཛྲ་ཁ་ན་ཁ་ན་ཧཱུཾ་གིས་བརྐོས་པའི་ས་ལ་རིན་པོ་ཆེ་དང་དྲི་བཟང་གི་ཕྱེ་མ་བསྲེས་པ་ལས་འཇིམ་པ་གཙང་མ། ལག་པ་གཡོན་པའི་མཐེ་བོས་མཐེའུ་ཆུང་བསྣན་ལ་ཁ་ཡར་བསྟན་གཡས་པ་ཡང་དེ་བཞིན་དུ་བྱས་ལ་ཁ་བུག་པའི་བར་དུ་བཟུང་སྟེ། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིག་བྱེད་ཅེས་པ་ནས། ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར། འཇིམ་པ་ཧྲཱིཿས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་འཇིམ་པ་རིན་པོ་ཆེའི་ཕུང་པོར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རྣམ་པར་སྣང་མཛད་ཀྱི་ཐུགས་རྒྱུད་བསྐུལ་ཏེ། དེའི་ཐུགས་ཀ་ནས་འོད་དང་བདུད་རྩི་དཔག་ཏུ་མེད་པ་བྱུང་། འཇིམ་པ་ལ་ཐིམ་པར་བྱིན་གྱིས་བརླབས་པའི་བར་བསམས་ལ། ན་མོ་བྷ་ག་ཝ་ཏེ་བཻ་རོ་ཙ་ན་པྲ་བྷ་རཱ་ཛཱ་ལ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཡེ་སཾ་མྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་སུ་ཀྵ་མེ་སུ་ཀྵ་མེ། ས་མེ་ས་མེ། ཤཱནྡེ་དནྟེ། ས་མཾ་རོ་པེ། ཨ་ན་ལམྦྷེ། ཏ་རམྦྷེ། ཡ་ཤོ་ཝ་ཏེ། མ་ཧཱ་ཏེ་ཛེ། ནི་རྐུ་ལེ། ནི་ར་ཝ་ཏེ། སརྦ་བུད་དྷ་ཨ་དྷིཥྛ་ན་ཨ་དྷིཥྛ་ཏེ་སྭཱ་ཧཱ། ཞེས་པ་ཉེར་གཅིག་གམ་བདུན་སོགས་བཟླ། ན་མཿས་མནྟ་བུད་དྷཱ་ནཾ། ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་པས་འཇིམ་པ་བཅད། ༀ་བཛྲ་ཨུད་བྷ་ཝཱ་ཡེ་སྭཱ་ཧཱས་འབི་འབི་བྱ། ༀ་ཨ་ར་ཛི་བི་ར་ཛེ་སྭཱ་ཧཱས་སྣུམ་འབྱུག །ༀ་དྷརྨཱ་དྷཱ་ཏུ་གརྦྷེ་སྭཱ་ཧཱས་བར་དུ་འཇུག །ༀ་བཛྲ་མུད་ག་ར་ཨ་ཀོ་ཊ་ཡ་ཨ་ཀོ་ཊ་ཡ་ཧཱུཾ་གིས་བརྡུང་། ༀ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་ད་ཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་ཝཱ་དཱི་མ་ཧཱ་ཤྲཱ་མ་ཎ་ཡེ་སྭཱ་ཧཱས་མེ་ཏོག་འབུལ། ༀ་དྷརྨ་ཏ་རེ་སྭཱ་ཧཱས་དབྱུང་། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱས་བརྟན་བཞུགས་བྱའོ། །སཱཙྪའི་ནང་དུ་གཟུངས་ཁྱད་པར་ཅན་དབུ་ནས་ནང་དུ་བསྒྲིལ་ཏེ་བཅུག་ན་ལས་སྒྲིབ་འདག་པ་སོགས་ཕན་ཡོན་ལྷག་པར་ཆེ་བར་བཤད་པས། དེ་ལྟར་བྱས་ན་ལེགས་སོ། །སཱཙྪ་ལ་རབ་གནས་རྒྱས་པ་མ་གྲུབ་ན། ༀ་སརྦ་ཏ་ཐཱ་ག་ཏཱ་མ་ཎི་ཤ་ཏཱ་དཱིཔྟ་ཛྭ་ལ་ཛྭ་ལ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཇི་སྲིད་མེ་དང་ཆུ་དང་ནི། རླུང་གིས་བསྐལ་པ་འཇིག་གི་བར། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །ཞེས་ལན་གསུམ་དང་། སུ་པྲ་ཏེཥྛ་བརྗོད་ནའང་རབ་ཏུ་གནས་པའི་གོ་ཆོད་པར་བཤད་དོ། །དེ་ལྟ་བུའི་སཱཙྪ་ནི་རྟེན་གྲལ་ལམ། འབུམ་ཁང་དང་། མཆོད་རྟེན་སོགས་ཀྱི་ནང་ངམ། གནས་གཙང་མ་བླ་གབ་ཅན་དུ་བཞུགས་པ་དང་། བཞུགས་པའི་གནས་མི་བདེ་ན་ཆུ་བོ་ཆེན་པོར་འདོར་བར་ཡང་གསུངས་སོ། །སྨྲས་པ། རྗོད་བྱེད་ཚིག་གི་ལོ་འདབ་རྒྱས་མིན་ཀྱང་། །བརྗོད་བྱའི་འབྲས་བུའི་ཁུར་གྱིས་རབ་དུད་པའི། །གཟུ་གནས་རེ་སྐོང་ཡོངས་འདུའི་དབང་འདི་ཡང་། །དམ་པའི་ལེགས་བཤད་དགའ་བའི་ཚལ་ལས་འོངས། །ཞེས་ཆ་བཞི། འབྱུང་བཞིའི་གཏོར་མ་བསུར་གཏོང་ཚུལ། སཱ་ཙྪ་གདབ་པའི་རིམ་པ་རྣམས་མདོར་བསྡུས་ཏེ་བརྗོད་པ་འདི་ཡང་། དམ་པ་སྔ་མའི་མན་ངག་ལས་འབྱུང་བའི་དོན་བཞིན་གཞན་ལ་ཕན་སྲིད་སྙམ་པའི་འདུན་པས་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་མཛེས་བྱེད་ཀྱི་ལོར་སྦྱར་བའི་ཚེ། དཔོན་སྲས་དབོན་ཆུང་རིན་པོ་ཆེས་པར་ཤིང་གི་གནང་སྦྱིན་སྩལ་བ་ལ་བརྟེན་ནས་པར་དུ་བསྒྲུབས་པའོ། །མངྒལཾ། རུས་ཆོག་མདོར་བསྡུས་བྱེད་ན། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ནས་བཞེངས་པར་གྱུར། བུམ་པ་དྲི་བཟང་གི་ཆུས་བཀང་བ་ལ་དམིགས་ཏེ། ཀཾ་ཀ་ནི་དང་ཀུན་རིག་གི་གཟུངས་ཅི་ནུས་བཟླས་ལ། རུས་པ་ཨ་མྲྀ་ཏས་བསངས། རུས་པའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་དཀར་པོས་མཚན་པ། དེ་ལས་བདུད་རྩིའི་རྒྱུན་བབས་པས་དམིགས་ཡུལ་གྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་ཤིང་དག་པར་གྱུར་པར་བསམས་ལ་སྔགས་གཉིས་བརྗོད་ཅིང་སྤེལ་ཚིག་དང་བཅས་པས་བཀྲུ་བར་བྱའོ། །ཤུ་བཾ།། །།

སྐྲ་ཆོག་སྡིག་སྒྲིབ་ཀུན་འཇོམས།

སྐྲ་ཆོག་སྡིག་སྒྲིབ་ཀུན་འཇོམས་ཞེས་བྱ་བ་བཞུགས།

མཚན་ཙམ་དྲན་པ་ཡིས་ཀྱང་ངན་འགྲོ་ཡི། །སྡུག་བསྔལ་རྒྱུ་བཅས་དྲུང་ནས་རབ་འབྱིན་པ། །མངོན་དགའི་ཞིང་གི་དཔལ་གྱུར་བཅོམ་ལྡན་འདས། །རྒྱལ་བ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །འདིར་ཚེ་ལྡན་གྱི་སྐྲ་འམ། ཚེ་འདས་ཀྱི་དོན་དུ་རུས་ཆོག་བྱེད་པར་འདོད་ན། བུམ་རྫས་དང་ལྡན་པའི་བུམ་པ་མགུལ་འཆིང་ཅན་དང་མཆོད་པ་སྟ་གོན་བྱས་ལ། སྐྱབས་འགྲོ་སོགས་སྔོན་དུ་བཏང་ནས། རང་ཉིད་སྐད་ཅིག་གིས་རྒྱལ་བ་མི་འཁྲུགས་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པར་གསལ་བར་གྱུར། བུམ་པ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་བྱུང་བའི་བུམ་པ་ལྟོ་བ་ཆེ་བ་མགྲིན་པ་རིང་བ་མཆུ་འཕྱང་བ་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པའི་ནང་དུ་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་མི་འཁྲུགས་པ་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་དང་། གཡོན་མཉམ་གཞག་གི་ཕྱག་རྒྱའི་སྟེང་ན་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། དར་གྱི་ན་བཟའ་དང་དབུ་རྒྱན་ལ་སོགས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང་། འོད་ཀྱི་ཕུང་པོའི་དབུས་ན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྒྱལ་བ་མི་འཁྲུགས་པ་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚོགས་ཀྱི་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱི་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ༀ་སརྦ་ནས་ཤྲཱི་ཡེ་ཨཱཿཧཱུཾ། ཞེས་དབང་བསྐུར། ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔའ་དབུ་རྒྱན་པར་གྱུར། མཆོད་པ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན་ནས་ནམ་མཁའ་དང་མཉམ་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ་ནས་ཤཔྟ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་ལ། ༀ་ཨཀྵོ་བྷྱཿས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཆོས་དབྱིངས་རང་བཞིན་ཨནྟྲ་ནཱི་ལའི་མདོག །ཞལ་གཅིག་ཕྱག་གཉིས་ས་གནོན་མཉམ་གཞག་ཅན། །ལྷ་ཡི་གོས་དང་རིན་ཆེན་རྒྱན་མང་མཛེས། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཟླ་གདན་གྱི་སྟེང་དུ་ཧཱུཾ་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་བྱང་སེམས་རྣམས་ཀྱི་བྱིན་རླབས་ཐམས་ཅད་འོད་དང་བདུད་རྩིའི་རྣམ་པར་བཀུག་ནས་སྔགས་ཕྲེང་ལ་ཐིམ་པར་གྱུར་པར་བསམས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་ས་ཏྭ་ནཉྩ་སྭཱ་ཧཱ། ཅི་ནུས་བཟླའོ། ཡིག་བརྒྱ་བརྗོད་དེ་མཆོད་བསྟོད་བྱས་ནས། བཛྲ་མུཿབུམ་ལྷ་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། བར་བསམ། དེ་ནས་སྐྲ འམ་རུས་པ་གང་ཡིན་ཀྱང་། ཨ་མྲྀ་ཏས་བསངས། སྐྲའམ། རུས་པ་རྣམས་ཀྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་ཡིག་གི་མཐར་བཟླས་བྱའི་སྔགས་ཀྱིས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་པ་བུམ་པའི་ཆུ་དང་འདྲེས་ཏེ། སྐྲའམ། རུས་པ་རྣམས་ལ་ཐིམ་པས་ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས་པར་གྱུར་པར་བསམས་ལ། ཀཾ་ཀ་ནི་དང་། རྣམ་སྣང་གི་གཟུངས་རིང་ཐུང་གཉིས་དང་། ༀ་བཛྲ་པྲ་མརྡྷ་ན་ཡེ་སྭཱ་ཧཱ། ཞེས་པ་རྣམས་ཅི་ནུས་བཟླས་ལ། བུམ་པའི་ཆུ་འཁྲུས་བྱ། བར་བར་དུ་སྔགས་ཀྱི་མཐར། ཆེ་གེ་མོའི་སྡིག་སྒྲིབ་ཐམས་ཅད་དག་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཅེས་བརྗོད། རྒྱས་པར་བྱ་ན། འདི་ནི་སྦྱིན་པའི་རང་བཞིན་ཆུ། སོགས་དང་། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། སོགས་དང་། ས་ནི་དུག་གི་མ་ཡིན་ཏེ། ཞེས་སོགས་རེ་རེའི་མཐར་སྔགས་སྤེལ་ཚིག་དང་བཅས་པ་བརྗོད་ཅིང་ཁྲུས་བྱའོ། །འདི་ནི་ཅུང་ཟད་རྒྱས་པའི་ལུགས་ཡིན་ལ། བསྡུས་པ་ནི་གཞན་དུ་བཤད་ཟིན་ཏོ། །སྐྲ་དང་རུས་པ་ཙམ་དུ་མ་ཟད་ཚེ་ལྡན་ནམ་ཚེ་འདས་ཀྱི་སོ་དང་སེན་མོ་སོགས་ལའང་དེ་བཞིན་བྱ་བར་གསུངས་སོ། །བཀྲུས་པའི་ཆུ་གཙང་སར་འདོར་རམ། རུས་པ་ལ་སོགས་ཞིབ་པར་བརྡུང་བའམ། སྐྲ་ལྟ་བུ་བསྲེག་པའི་ཐལ་བ་དང་སྦྱར་ནས་སྭཙྪ་འདེབས་པའི་སར་བསྲེས་ལ། སཱཙྪ་འདེབས་ཆོག་ལྟར་བྱའོ། །ཡང་ན་རུས་པ་སོགས་ཆུ་བོ་ཆེན་པོ་དང་། རིའི་རྩེ་ནས་རླུང་ལ་བསྐུར་བར་གསུང་། དེ་ལྟར་རུས་ཆོག་ཚུལ་བཞིན་དུ་བྱས་པའམ། གཟུངས་སྔགས་མིང་སྤེལ་དང་བཅས་པ་བྲིས་ཏེ་མཆོད་རྟེན་ཆེན་པོ་དང་། སཙྪའི་ནང་དུ་བཅུག་པ་མང་དུ་བྱས་ན་གང་ཟག་དེ་ངན་འགྲོ་ལས་གྲོལ་བར་འགྱུར་ཞེས་མི་འཁྲུགས་པའི་རྒྱུད་ལས་བཤད་དོ། །ན་མོ་བཻ་རོ་ཙ་ན་ཡེ། རྣམ་པར་སྣང་མཛད་ཀྱི་སྒོ་ནས་སྐྲ་འམ་རུས་ཆོག་བྱེད་པར་འདོད་ན། བུམ་པ་སོགས་སྟ་གོན་བྱས་ཏེ། སྐྱབས་སེམས་སྔོན་དུ་བཏང་ནས། རང་ཉིད་སྐད་ཅིག་གི་རྣམ་སྣང་དཀར་པོ་ཞལ་གཅིག་ཕྱག་གཉིས་པར་གསལ་བར་གྱུར་བར་བསམས། བུམ་པ་སྔར་བཞིན་བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་བུམ་པ་མཚན་ཉིད། ཐམས་ཅད་དང་ལྡན་པའི་ནང་དུ་པད་ཟླའི་གདན་ལ་ༀ་ལས་འཁོར་ལོ་ༀ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས་འདུས་ཡོངས་སུ་གྱུར་པ་ལས། རྣམ་སྣང་དཀར་པོ་ཞལ་བཞི་དཀར་བ། ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱས་འཁོར་ལོ་བསྣམས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ༀ་དཀར་པོ། ནས་ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ནས་ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། བར་བསམས་ལ། མཆོད་པ་བྱིན་གྱིས་བརླབས་ཏེ། ༀ་བཻ་རོ་ཙ་ན་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རྣམ་པར་སྣང་མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །རྣམ་པར་སྣང་མཛད་ལ་ཕྱག་འཚལ། །ཅེས་པས་བསྟོད། བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ༀ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ངན་སོང་གི་སྡུག་བསྔལ་རྒྱུ་དང་བཅས་པ་ཞི་བར་བྱས། འོད་ཟེར་སླར་འདུས་ནས་དེ་ཉིད་ལ་ཐིམ་པར་བསམས་ལ། ༀ་སརྦ་བིད་སརྦ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་ཧ་ན་ཧཱུཾ་ཕཊ། ཅེས་གཟུངས་ཐུང་དང་། ༀ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏེ་བ་རི་ཤོ་དྷ་ན་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨ་རྷ་ཏེ་སཾ་མྱཀྶཾ་བུད་དྷཱ་ཡ། ཏདྱ་ཐཱ། ༀ་ཤོདྷ་ནེ་ཤོདྷ་ནེ་སརྦ་པཱ་པཾ་བི་ཤོདྷ་བི་ཤུད་དྷེ་བི་ཤུད་དྷེ། སརྦ་ཀརྨ་ཡཱ་བ་ར་ཎ་བི་ཤོདྷ་ནེ་སྭཱ་ཧཱ། ཞེས་གཟུངས་རིང་ཅི་ནུས་བཟླ། མཇུག་ཏུ་ཡིག་བརྒྱ་དང་མཆོད་བསྟོད་བྱས་ཏེ། བཛྲ་མུཿཡེ་ཤེས་པ་གཤེགས་ཤིང་། དམ་ཚིག་པ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་མོ། །དེ་ནས་ཁྲུས་ཀྱི་ཚེ་སྐྲ་དང་རུས་པ་སོགས་གང་ཡིན་ཀྱང་སྔར་མི་འཁྲུགས་པའི་སྐབས་སུ་བཤད་པ་ཇི་ལྟ་བ་བཞིན་བྱ་ལ། འདོད་ན་གཟུངས་དང་སྦྲེལ་ཏེ་ཀཾ་ཀ་ནི་བཟླས་ནའང་ཕུན་སུམ་ཚོགས་པར་འགྱུར་རོ། །དེའི་ཚེ་ཁྱད་པར་ནི་སྐྲ་འམ་རུས་པའི་སྟེང་དུ་ༀ་ཡིག་གི་མཐར་ཞེས་བསྒྱུར་བར་བྱའོ། །ཀུན་རིག་གི་ཆོ་ག་སྦྱོང་བ་དང་བཅས་པ་བྱེད་བཞིན་ཡིན་ན་འདི་ལྟར་མ་བྱས་ཀྱང་འགྲུབ་ལ། བྱས་ནའང་མི་འགལ་བར་མ་ཟད་ཤིན་ཏུ་ལེགས་པ་ཡིན་ནོ། །མཐར་སྐྲ་དང་རུས་པ་སོགས་ཇི་ལྟར་བྱ་བའང་མི་འཁྲུགས་པའི་སྐབས་སུ་བཤད་པ་ལྟར་རོ། །ན་མོ་ཨུཥྞཱི་ཥཱ་བི་ཛ་ཡེ། འདིར་རྣམ་པར་རྒྱལ་མའི་སྒོ་ནས་སྐྲའམ་རུས་ཆོག་བྱེད་པར་འདོད་ན། བུམ་པ་སོགས་སྟ་གོན་བྱས་ལ། སྐྱབས་སེམས་སྔོན་དུ་བཏང་ནས། རང་ཉིད་སྐད་ཅིག་གིས་རྗེ་བཙུན་རྣམ་པར་རྒྱལ་མར་གསལ་བར་གྱུར། བུམ་པ་སྔར་བཞིན་བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་བུམ་པ་མཚན་ཉིད་ཐམས་ཅད་དང་ལྡན་པའི་ནང་དུ་པད་ཟླའི་གདན་ལ་བྷྲུཾ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པས་རྗེ་བཙུན་རྣམ་པར་རྒྱལ་མ་སྐུ་མདོག་དཀར་མོ་ཞལ་གསུམ་ཕྱག་བརྒྱད་མ། རྩ་ཞལ་དཀར། གཡས་ཞལ་སེར། གཡོན་ཞལ་སྔོན་པོ་ཡིད་ཙམ་ཁྲོ་བ། ཞལ་རེ་རེ་ལའང་སྤྱན་གསུམ་གསུམ་དང་ལྡན་ཞིང་། མཆེ་བ་ཅུང་ཟད་གཙིགས་པ། ཕྱག་བརྒྱད་ཀྱི་གཡས་དང་པོས་སྣ་ཚོགས་རྡོ་རྗེ། གཉིས་པས་འོད་དཔག་མེད། གསུམ་པས་མདའ། བཞི་པས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་དང་པོས་སྡིགས་མཛུབ་དང་བཅས་ཏེ་ཞགས་པ་འཛིན་པ། གཉིས་པས་མི་འཇིགས་པའི་ཕྱག་རྒྱ། གསུམ་པ་ན་གཞུ། བཞི་པས་མཉམ་གཞག་གི་ཕྱག་རྒྱའི་སྟེང་ན་བདུད་རྩིས་གང་བའི་བུམ་པ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཤིས་བཞུགས་པ། དེའི་སྤྱི་བོར་ༀ་དཀར་པོ། ནས་ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྗེ་བཙུན་རྣམ་པར་རྒྱལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ནས། རྣམ་པར་སྣང་མཛད་ཀྱི་དབུ་བརྒྱན་པར་གྱུར་པར་བསམས་ལ། མཆོད་པ་སྔར་བཞིན་བྱིན་གྱིས་བརླབས་ནས། ༀ་ཨཱཪྱ་ཨུཥྞཱིཥཱ་བི་ཛ་ཡ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་བསྟོད། །ཞེས་པས་བསྟོད། རྗེ་བཙུན་པའི་ཐུགས་ཀའི་ས་བོན་སྔགས་འཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ལས་སྒྲིབ་མ་ལུས་པ་སྦྱངས་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་སྔགས་འཕྲེང་ལ་ཐིམ་པར་གྱུར་པར་བསམས་ལ། གཟུངས་རིང་ཅི་ནུས་བཟླ། མཇུག་ཏུ་ཡིག་བརྒྱ་བརྗོད་དེ། མཆོད་བསྟོད་བྱས་ལ། བཛྲ་མུཿཡེ་ཤེས་པ་གཤེགས་ཤིང་། དམ་ཚིག་པ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ། དེ་ནས་ཁྲུས་ཀྱི་ཚེ་སྐྲའམ། རུས་པའི་སྟེང་དུ་བྷྲུཾ་ཡིག་གི་མཐར་ཞེས་བསྒྱུར་བ་མ་གཏོགས། སྔར་མི་འཁྲུགས་པའི་སྐབས་སུ་བཤད་པ་ཇི་ལྟ་བ་བཞིན་ཏེ། འདོད་ན་གཟུངས་ཀྱི་འཕྲོར་མི་འཁྲུགས་པ་དང་། རྣམ་སྣང་གི་གཟུངས་རིང་ཐུང་གཉིས་བཟླས་ནའང་ཕུན་སུམ་ཚོགས་པར་འགྱུར་ལ། མཇུག་ཏུ་སྐྲ་སོགས་ཇི་ལྟར་བྱ་བའང་སྔར་མི་འཁྲུགས་པའི་སྐབས་སུ་བཤད་པ་ལྟར་རོ། །སྔར་བཤད་པ་དེ་ལས་ཅུང་ཟད་བསྡུས་པ་བྱེད་ན། རང་ཉིད་ལྷ་གང་འདོད་པ་དེར་བསྐྱེད་དེ། བུམ་པ་དྲི་བཟང་གི་ཆུས་ཕྱེད་ཙམ་བཀང་བ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་བྱུང་བའི་བུམ་པའི་ནང་དུ་ཟླ་བའི་གདན་ལ་ཧཱུཾ་ཡིག་གི་མཐར་ཡི་གེ་བརྒྱ་པ་ལ་སོགས་པའི་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་འོད་དང་བདུད་རྩིིའི་རྣམ་པར་བསྡུས་ནས་སྔགས་འཕྲེང་ལ་ཐིམ། དེ་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར་བར་བསམས་ཏེ། ཡིག་བརྒྱ། ཀཾ་ཀ་ནི། དུར་ག་ཏེ། རྣམ་རྒྱལ་གྱི་གཟུངས་རིང་། གཙུག་ཏོར་དྲི་མེད། པདྨ་ཨུཥྞཱིཥཱ་རྣམས་ཅི་འགྲུབ་བཟླ། དེ་ནས་སྐྲའམ་རུས་པ་ཨ་མྲྀ་ཏས་བསངས། སྐྲའམ། རུས་པའི་སྟེང་དུ་ཟླ་གདན་ལ་ཧཱུཾ་ཡིག་དཀར་པོ། དེ་ལས་བདུད་རྩིའི་རྒྱུན་དཀར་ཆིལ་ཆིལ་བབས་པས། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས་ཤིང་དག་པར་གྱུར། ཅེས་བརྗོད་ཅིང་། གཟུངས་དེ་རྣམས་བཟླ་ཞིང་མཐར་སྤེལ་ཚིག་སྦྱར་ལ་བཀྲུ་བར་བྱའོ། །སྤྱིར་སྡིག་སྒྲིབ་སྦྱོང་བའི་ཐབས་མང་ནའང་ངན་སོང་སྦྱོང་བ་ལ་བསྔགས་པའི་གཟུངས་སྔགས་ཁྱད་པར་ཅན་ལ་བརྟེན་ནས་འདི་ལྟར་བྱེད་པ་ནི་འཇུག་པ་བདེ་ཞིང་། གང་ལ་དམིགས་པ་དེ་ཉིད་ངན་སོང་ལས་ཐར་བར་འགྱུར་བ་སོགས་ཕན་ཡོན་ཀྱང་ཤིན་ཏུ་ཆེ་བས་ན། རང་གཞན་གང་ལའང་ཕན་པའི་ཉེ་བར་མཁོ་བ་ཡིན་ནོ། །སྨྲས་པ། ངན་འགྲོར་འཕེན་བྱེད་སྡིག་སྒྲིབ་ཀྱི། །དྲི་མ་བག་ཆགས་བཅས་པ་ཀུན། །དྲུང་འབྱིན་སྐྲ་ཆོག་བདུད་རྩིའི་རྒྱུན། །འདི་ཀོ་སྔོན་མེད་གངྒཱའོ། །ཞེས་སྐྲ་ཆོག་སྡིག་སྒྲིབ་ཀུན་འཇོམས་ཞེས་བྱ་བ་འདི་ཡང་། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་གཞན་ལ་ཕན་པར་གྱུར་ན་སྙམ་པའི་འདུན་པ་ཁོ་ནས་དམ་པའི་མན་ངག་དང་མཐུན་པར་སྦྱར་བའོ། །བཀྲ་ཤིས།། །།

འཇིགས་བྱེད་ལ་གཏོར་འབུལ་བྱེད་ཚུལ།

འཇིགས་བྱེད་ལ་གཏོར་འབུལ་བྱེད་ཚུལ་བཞུགས།

ན་མོ་བཛྲ་བྷེ་ར་ཝ་ཡེ། འཇིགས་བྱེད་ལ་གཏོར་འབུལ་བྱེད་ཚུལ་ལ་རྒྱས་འབྲིང་བསྡུས་གསུམ་ཡོད་པ་ལས། རྒྱས་པ་ནི་གཞན་དུ་ཤེས་པར་བྱ་ཞིང་། འདིར་འབྲིང་དང་བསྡུས་པའི་དབང་དུ་བྱས་ཏེ་འཆད་པ་ལ་གཉིས་ལས། དང་པོ་ནི། མངོན་རྟོགས་བསྒོམས་ཏེ་བཟླས་པ་མཆོད་བསྟོད་དང་བཅས་པའི་ཐུན་གྱི་མཇུག་ལྟ་བུའམ། དེ་མིན་ཀྱང་གཏོར་མ་འབུལ་ན། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ནས་ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར་བར་བསམས་ཏེ། མཆོད་གཏོར་བྱིན་གྱིས་བརླབས་ལ། ༀ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྐད་ཅིག་གིས་གྲུབ་པར་གྱུར་པ་ནི། རང་གི་མདུན་དུ་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ནང་ཆོས་འབྱུང་གི་དབུས་སུ་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་གཞལ་ཡས་ཁང་གྲུབ་ཞི་སྒོ་བཞི་པ་རྒྱན་རྟ་བབས་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་རྡོ་རྭ་མེ་རི་དང་བཅས་པའི་ཕྱི་རོལ་དུ་དུར་ཁྲོད་རྣམས་ཀྱིས་བསྐོར་བའི་གཞལ་ཡས་ཁང་གི་ནང་དུ་རེ་མིག་དགུ་པ་གདན་དང་བཅས་པའི་དབུས་སུ་དཔལ་རྡོ་རྗེ་འཇིགས་བྱེད་སྐུ་མདོག་མཐིང་ནག་ཞལ་དགུ །ཕྱག་སོ་བཞི་ཞབས་བཅུ་དྲུག་པ་གཡས་བསྐུམས་ཤིང་གཡོན་པ་རྐྱང་བ་ཡུམ་དང་བཅས་པར་གྱུར། ནང་གི་ཤར་དུ་གཏི་མུག་གཤིན་རྗེ་གཤེད་དཀར་པོ་ཡབ་ཡུམ། ནས་བྱང་སྒོར་རལ་གྲི་གཤིན་རྗེ་གཤེད་ལྗང་ཁུ་ཡབ་ཡུམ། ཤར་ལྷོར་ཙ་རྩིག་དཀར་མོ་ཡབ་ཡུམ། ནུབ་བྱང་ཤར་དུ་གཽ་རི་ལྗང་ཁུ་ཡབ་ཡུམ། ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་པ། རང་རང་གི་ཉམས་ཡོངས་སུ་རྫོགས་པ། ཕྱིའི་གྲྭ་བཞིར་བདུད་རྩིས་གང་བའི་ཐོད་པ་བཞིའོ། །དེ་ལས་བསྡུ་ན། དབུས་སུ་དཔལ་རྡོ་རྗེ་འཇིགས་བྱེད་ཡབ་ཡུམ། ནང་གི་ཤར་དུ་གཏི་མུག་གཤིན་རྗེ་གཤེད་ཡབ་ཡུམ། ནས་བྱང་ཤར་དུ་གཽ་རི་ལྗང་ཁུ་ཡབ་ཡུམ། ཕྱིའི་གྲྭ་བཞིར་སོགས་སྦྱོར། ལྕགས་ཀྱུའི་ཕྱག་རྒྱ་བྱས་ཏེ། ༀ་ཧྲཱིཿཥྚཱི་ནས་ཨཱ་ཀཪྵ་ཡ་ཛཿསྭཱ་ཧཱ། རང་གི་སྙིང་ག་ནས་ཁྲོ་བོ་གཤིན་རྗེ་གཤེད་ཕྱག་ན་ལྕགས་ཀྱུ་དང་། ནས་དཀྱིལ་འཁོར་གྱི་ཕྱིའི་ཕྱོགས་མཚམས་རྣམས་སུ་འཁོད་པ་ནི། ཤར་དུ་དབང་པོ་དམར་སེར་ནས་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་རྣམས་དང་བཅས་པར་གྱུར། དེ་ནས་ཕུར་འདེབས་ཀྱི་ཕྱག་རྒྱ་བྱས་ཏེ། ༀ་ཧྲཱིཿཥྚཱིཿནས་ཀཱི་ལ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། རང་གི་སྙིང་ག་ནས་ཁྲོ་བོ་གཤིན་རྗེ་གཤེད་ཕྱག་ན་ཕུར་བུ་ནས་ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར་པར་བསམ། དེ་ལས་བསྡུ་ན། འཁོད་པ་ནི་ཞེས་པའི་འཕྲོ་ཉིད་དུ་ཕུར་གདབ་ཀྱི་སྔགས་བརྗོད་ཀྱང་རུང་། གཙོ་འཁོར་ཐམས་ཅད་ཀྱི་མིག་གཉིས་སུ་ས་སྙིང་གི་རང་བཞིན་ཀྵིཾ་ཀྵིཾ་དཀར་པོ། ནས་ཐུགས་ཀར་ཐུགས་རྡོ་རྗེའི་ངོ་བོ་ཧཱུཾ་སྔོན་པོས་མཚན་པར་གྱུར་པ་བསམ་པའམ། མིག་གཉིས་སུ་ཀྵིཾ་སོགས་གང་རུང་བྱ། ༀ་ཧྲཱིཿཧ་བྷོཿ ནས་སྭཱ་ཧཱ། རང་གི་ཐུགས་ཀའི་ཧཱུཾ་ལས་ནས་རྟེན་དང་བརྟེན་པར་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ༀ་ཧྲཱིཿཥྚཱིཿསོགས་ཀྱིས་བགེགས་བསྐྲད། འདི་ནས་རྒྱས་འདེབས་ཀྱི་བར་སྒྲུབ་ཐབས་ལྟར་རམ། བསྡུ་ན། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་རང་གི་ནས་སངས་རྒྱས་སྲས་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། སྔར་བཞིན་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་སྤྲོས་པའི་ལྷ་མོ་རྣམས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ༀ་སརྦ་ནས་ཧཱུཾ། ཞེས་གསུངས་ཤིང་། ནས་ཕྱོགས་སྐྱོང་འཁོར་དང་བཅས་པ་རྣམས་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པ་རེ་རེས་རྒྱས་བཏབ་སྟེ། དབང་གི་ལྷ་རྣམས་ཀྱང་དེ་ཉིད་ལ་ཐིམ་པར་གྱུར་པར་བསམ། དེ་ནས་སྔགས་ཙམ་གྱིས་མཆོད་ཅིང་བསྟོད་པའམ། མིན་ཀྱང་། འཇིག་རྟེན་ལས་འདས་པའི་མགྲོན་རྣམས་ཀྱི་ལྗགས་ནས་གསོལ་བར་གྱུར་པར་བསམས་ཏེ། གཙོ་བོ་ཡབ་ཡུམ་ལ་ཐུན་མོང་དུ་སྔགས་ཀྱི་མཐར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་པ་བདུན་དང་། འཁོར་གྱི་ལྷ་རྣམས་ལ་སྔགས་ཀྱི་མཐར་བ་ལིང་ཏ་པྲ་ཏིཙྪ་བཏགས་པ་གསུམ་གྱིས་ཕུལ་ལ། ༀ་ཧྲཱིཿཥྚཱིཿཧ་སོགས་ཀྱི་མཆོད་དེ། སྔགས་རྣམས་ཀྱི་མཐར་འབྲུ་གསུམ་བཏགས་ཏེ་ནང་མཆོད་ཀྱང་འབུལ། གཉིས་མེད་ཐུན་མོང་མ་ཡིན་སོགས་སམ། སངས་རྒྱས་ཀུན་གྱི་དངོས་པོ་ཞེས་སོགས་ཀྱིས་བསྟོད། དེ་ནས་ཕྱོགས་སྐྱོང་འཁོར་དང་བཅས་པའི་ལྗགས་ནས་གསོལ་བར་གྱུར་པར་བསམས་ལ། ཡ་མ་རཱ་ཛཱ་ཚར་གཅིག་གིས་བྱིན་གྱིས་བརླབས་ཏེ། ༀ་བྷུ་ཙ་ར་ཎཾ་སོགས་ལན་གསུམ་གྱིས་ཕྱོགས་སྐྱོང་འབུལ་ཏེ། ༀ་ད་ཤ་སོགས་ཀྱིས་ཕྱི་ནང་གི་མཆོད་པ་དང་། བཅོམ་ལྡན་ཆོས་རྗེ་སོགས་ཀྱིས་འཕྲིན་ལས་བཅོལ་ཏེ། གཤིན་རྗེ་གཤེད་ཀྱི་ཡིག་བརྒྱ་དང་། མ་རྙེད་སོགས་ཀྱིས་བཟོད་གསོལ་བྱ། ཆོས་རྒྱལ་ལ་གཏོར་འབུལ་མི་བྱེད་ན་འདིར་གཤེགས་གསོལ་དང་། བྱེད་ན་འོག་ནས་འཆད་པ་ལྟར་བྱའོ། །གཉིས་པ་བསྡུས་པ་ལའང་གསུམ་ལས། དང་པོ་ནི། མཆོད་གཏོར་བྱིན་གྱིས་བརླབས་ཏེ། གཞུང་དུ་གསལ་བ་ལྟར། མདུན་དུ་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་ཀྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཕྱོགས་སྐྱོང་བཅོ་ལྔ་འཁོར་དང་བཅས་པ་དཀུག་སྟེ། ཕྱོགས་མཚམས་རྣམས་སུ་འཁོད་པ་སྐད་ཅིག་གིས་འོད་གསལ་དུ་བཅུག་ནས་སྐུར་བཞེངས་པའི་འཇིག་རྟེན་ལས་འདས་པའི་མགྲོན་རྣམས་ཀྱི་ལྗགས་ནས་གསོལ་བར་གྱུར་བར་བསམས་ལ་སྔར་བཞིན་གཙོ་འཁོར་རྣམས་འབུལ་ཏེ་ཕྱི་ནང་གི་མཆོད་པ་དང་བསྟོད་པ་བྱ། ཕྱོགས་སྐྱོང་གི་ལྗགས་བརླབས་ཏེ། སྔར་བཞིན་ཕུལ་ནས་མཆོད་བསྟོད་བྱའོ། །ཕྱོགས་སྐྱོང་རྒྱས་པར་གསལ་འདེབས་ན་འཁོད་པ་ནི། ཤར་དུ་དབང་པོ་དམར་སེར་སོགས་སྒྲུབ་ཐབས་བཞིན་གསལ་གདབ་བོ། །གཉིས་པ་ནི། གཏོར་མ་བརླབས་ལ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེའི་འཇིགས་བྱེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མདུན་གྱི་ནམ་མཁར་ༀ་བཛྲ་ས་མ་ཛཿཔདྨ་ཀ་མ་ལ་ཡེ་སྟྭཾ། སླར་ཡང་རང་གི་ཐུགས་ཀའི་ཧ྄ཱུཾ་ལས་འོད་ཟེར་འཕྲོས། ཕྱོགས་སྐྱོང་བཅོ་ལྔ་འཁོར་དང་བཅས་པ་བཀུག་སྟེ་དཀྱིལ་འཁོར་གྱི་ཕྱོགས་མཚམས་རྣམས་སུ་འཁོད་པ་སྐད་ཅིག་གིས་འོད་གསལ་དུ་བཅུག་ནས་ཡུམ་དང་བཅས་པའི་སྐུར་བཞེངས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མགོན་རྣམས་ཀྱི་ལྗགས་ཧཱུཾ་ནས་གསོལ་བར་གྱུར་བར་བསམས་ལ་སྔར་བཞིན་མཆོད་བསྟོད་བཅས་བྱ། ཕྱོགས་སྐྱོང་རྒྱས་པར་བྱེད་ནས་ད་སྔར་བཞིན་བྱའོ། །གསུམ་པ་ནི། གཏོར་མ་བརླབས་ལ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་འཇིགས་བྱེད་ལྟ་བཅུ་གསུམ་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལ་ཕྱོགས་སྐྱོང་བཅོ་ལྔས་བསྐོར་བ་མདུན་གྱི་ནམ་མཁར་ༀ་བཛྲ་ས་མཱ་ཛཿ ཕྱོགས་སྐྱོང་འཁོར་དང་བཅས་པ་འོད་གསལ་དུ་བཅུག་ནས་བཞེངས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྗགས་ནས་འབུལ་ཚུལ་སོགས་ནི་སྔར་བཞིན་ནོ། །འདི་དག་ཀྱང་མཁས་པའི་མན་ངག་ལས་འབྱུང་ཞིང་། ཕྱོགས་སྐྱོང་དགུག་གཞུག་གི་སྔགས་འདོན་མི་འདོན་སོགས་ལས་བྱེད་ཚུལ་གཞན་ཡང་ཡོད་དོ། །ཆོས་རྒྱལ་ལ་གཏོར་མ་འབུལ་ན། །མདུན་དུ་པདྨ་དང་ཉི་མ་སོགས་མངོན་རྟོགས་ལྟར་རམ། བསྡུ་ན། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ནས་དམ་ཅན་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས། པདྨ་ཀ་མ་ལ་ཡེ་སྟྭཾ། ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་འཁོར་དང་བཅས་པའི་ལྗགས་ཧཱུཾ་ནས་གསོལ་བར་གྱུར་བར་བསམས་ལ། ༀ་ཀཱ་ལ་རཱུ་པ་སོགས་ཀྱིས་གཏོར་མ་ཕུལ་ནས། ཕྱི་ནང་གི་མཆོད་པ་དང་། འཆི་བདག་མའམ། འཇམ་དཔལ་བཀའ་མཉན་སོགས་ཀྱིས་བསྟོད་ལ། ཡིག་བརྒྱ་བརྗོད་དེ། རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་ཚུལ་ནི། ༀ་ཨཱཿཧཱུཾ། བཛྲ་མུཿ འཇིག་རྟེན་ལས་འདས་པའི་མགྲོན་གྱི་ཡེ་ཤེས་པ་གཤེགས་ཤིང་། དམ་ཚིག་པ་རང་ཉིད་ལ་ཐིམ་མགྲོན་གཞན་རྣམས་རང་གནས་སུ་གཤེགས་པར་གྱུར། ཅེས་བྱའོ། །དེ་ནས་བདག་བསྐྱེད་རྫོགས་པར་བསྒོམས་པ་ཡིན་ན། ཉེར་བསྡུ་བྱས་ཏེ། དེ་ལས་ལངས་ནས་བསྔོ་སྨོན་བཀྲ་ཤིས་སོགས་བྱའོ། །ཅེས་པ་འདི་ཡང་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བའོ། །བཀྲ་ཤིས་བར་གྱུར་ཅིག། །།

ཆོས་སྐྱོང་རྣམས་ཀྱི་གཏོར་འབུལ

ཆོས་སྐྱོང་རྣམས་ཀྱི་གཏོར་འབུལ་བཞུགས།

ན་མོ་བཛྲ་བྷཻ་ར་ཝ་ཡེ། འདིར་ཆོས་སྐྱོང་སྣ་ཚོགས་ཀྱི་གཏོར་འབུལ་ཕྱོགས་གཅིག་ཏུ་བརྗོད་པ་ནི། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ནས། ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར། པར་བསམས་ལ་ནང་མཆོད་དང་མཆོད་གཏོར་རྣམས་བཅུ་གསུམ་མ་ལྟར་བྱིན་བརླབ་བྱ་བའམ། བསྡུ་ན་ཧཱུཾ། རང་ཉིད་འཇིགས་མཛད་ཞལ་གཅིག་ཕྱག་གཉིས་པར། །གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །མཆོད་གཏོར་ཀུན་གྱི་ཉེས་སྐྱོན་སྦྱངས་ཤིང་སྤང་། །ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། བར་བསམ། སྤྱན་འདྲེན་ནི་རྗེ་དགེ་འདུན་རྒྱ་མཚོའི་གསུང་གི་གོ་རིམ་ལྟར་བྱས་ན། ཧཱུཾ། མདུན་གྱི་ནམ་མཁའི་དབྱིངས་སུ་སྐད་ཅིག་གིས། །སྣ་ཚོགས་པདྨ་ཉི་མའི་གདན་གྱི་སྟེང་། །ཡི་དམ་ཀུན་འདུས་འཇམ་དཔལ་གཤིན་རྗེའི་གཤེད། །བསྟན་སྲུང་རྒྱ་མཚོས་བསྐོར་ནས་བཞུགས་པར་གྱུར། །གནས་གསུམ་རྡོ་རྗེ་གསུམ་མཚན་ཧཱུྃ་ཡིག་ལས། །འོད་འཕྲོས་རང་བཞིན་གནས་ནས་དུས་དགྲའི་དབང་། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས། །སྤྱན་དྲངས་དམ་ཚིག་པ་དང་དབྱེར་མེད་གྱུར། །ཤར་ལྷོ་བསིལ་བའི་ཚལ་གི་དུར་ཁྲོད་ནས། །མྱུར་མཛོད་ཡེ་ཤེས་མགོན་པོ་ཕྱག་དྲུག་དང་། །ཡིད་བཞིན་ནོར་བུ་ཚེ་བདག་དབང་གི་རྒྱལ། །གནོད་སྦྱིན་དཔལ་མགོན་ཚོགས་བཅས་གནས་འདིར་བྱོན། །ལྷོ་ཕྱོགས་མི་བཟད་ལྕགས་ཀྱི་གྲོང་ཁྱེར་ནས། །ལས་ཀྱི་གཤིན་རྗེ་ཡུམ་མཆོག་ཙ་མཎྜི། །དྲེག་པ་ཕོ་མོའི་དཔུང་དང་ལྷན་ཅིག་ཏུ། །རྣལ་འབྱོར་འཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །བྱང་ཤར་མུ་ལེ་དིང་གི་རྒྱ་མཚོ་ནས། །རྒྱལ་བའི་བསྟན་སྲུང་དམར་ཟོར་རྒྱལ་མོ་ནི། །ཆུ་སྲིན་སེང་གདོང་དཔལ་གྱི་ལྷ་མོ་དང་། །ཚེ་རིང་མཆེད་ལྔ་བསྟན་མའི་ཚོགས་བཅས་གཤེགས། །འོག་མིན་རྣམ་པར་སྣང་མཛད་ཐུགས་ཁ་ནས། །གུར་མགོན་ནག་པོ་མིའུ་ཐུང་གཟུགས་ཅན་ནི། །ལྕམ་དྲལ་པུ་ཊ་མིང་སྲིང་ལ་སོགས་ལ། །འཁོར་ཚོགས་དམ་ཅན་རྒྱ་མཚོ་དང་བཅས་གཤེགས། །མི་གཡོ་འོག་མིན་ཆོས་ཀྱི་ཕོ་བྲང་ནས། །རྡོ་རྗེ་ནག་པོ་བྱ་རོག་མཚན་ཅན་ནི། །ལེགས་ལྡན་བྱ་གདོང་གསུམ་དང་ཙཎྜི་ཀ། །མ་མོ་བརྒྱད་དང་བཅས་ཏེ་གཤེགས་སུ་གསོལ། །པོ་ཏ་ལ་དང་ཏི་སེ་གངས་སོགས་ནས། །ནག་པོ་ཆེན་པོ་ཞལ་བཞི་ཕྱག་བཞི་པ། །ཡུམ་བཞི་ཞིང་སྐྱོང་སྡེ་བརྒྱད་ཚོགས་དང་བཅས། །ཐོགས་པ་མེད་པར་གནས་འདིར་ད་ཚུར་གཤེགས། །ཨུ་རྒྱན་ཡུལ་གྱི་དུར་ཁྲོད་ཆེན་པོ་ནས། །ཧེ་རུ་ཀ་ཡི་ཐུགས་སྤྲུལ་མཐུ་རྩལ་ཅན། །དཔལ་ལྡན་དུར་ཁྲོད་བདག་པོ་ཡབ་ཡུམ་བཅས། །རྒྱལ་བའི་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །འཇིགས་རུང་ཧ་ཧ་རྒོད་པའི་དུར་ཁྲོད་ནས། །དཔལ་ལྡན་མགོན་པོ་བྲམ་ཟེ་དཔའ་བོའི་གཟུགས། །ཡུམ་ཆེན་བཞི་སོགས་འཁོར་གྱི་ཚོགས་དང་བཅས། །རྣལ་འབྱོར་འཕྲིན་ལས་བསྒྲུབ་ཕྱིར་སྤྱན་འདྲེན་ནོ། །དུས་གསུམ་རྒྱལ་བའི་མཐུ་སྟོབས་ནུས་པ་རྣམས། །འཇིགས་རུང་སྲིན་པོ་ཁྲོས་པའི་སྐུར་བཞེངས་པ། །བདེ་ཆེན་ལྕམ་དྲལ་འཁོར་དང་བཅས་པ་ཀུན། །སྣ་ཚོགས་ཆོ་འཕྲུལ་དང་བཅས་གནས་འདིར་གཤེགས། །བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །མཐུ་སྟོབས་བདག་པོ་སྤྲུལ་པའི་གར་མཛད་པ། །འདོད་རྒུའི་མཆོག་སྟེར་རྒྱལ་ཆེན་རྣམ་ཐོས་སྲས། །གནོད་སྦྱིན་ཚོགས་དང་བཅས་ཏེ་གཤེགས་སུ་གསོལ། །བྱང་ཤར་མ་རུ་རྩེེ་ཡི་དུར་ཁྲོད་ནས། །དྲེགས་པའི་སྡེ་དཔོན་ལྕམ་སྲིད་ཆེན་པོ་ནི། །ཡུམ་ཆེན་སྲིད་པའི་ལྷ་མོ་སྲོག་བདག་དམར། །གྲི་ཐོགས་བཤན་པའི་ཚོགས་བཅས་གཤེགས་སུ་གསོལ། །རྡོ་རྗེ་འཆང་དང་པདྨ་ཐོད་འཕྲེང་གི །སྤྱན་སྔར་བསྟན་པ་སྲུང་བར་ཞལ་བཞེས་པའི། །ཐ་འོག་ཆོས་རྒྱལ་ལ་སོགས་སྲུང་མའི་ཚོགས། །འདིར་གཤེགས་དགྱེས་པའི་རྟེན་དང་དབྱེར་མེད་གྱུར། །མཆོད་པ་དང་བསྐང་རྫས་སོགས་སྔར་བྱིན་གྱིས་མ་བརླབ་ན་འདིར་བརླབ་པའམ། མོས་པས་ཀྱང་རུང་སྟེ། འབུལ་བ་ནི། ཧཱུཾ། ཡི་དམ་བསྟན་སྲུང་རྒྱ་མཚོ་འཁོར་བཅས་ལ། །སྒོ་གསུམ་མི་ཕྱེད་དད་པས་གུས་ཕྱག་འཚལ། །དམ་ཚིག་ཉམས་ཆགས་ཐམས་ཅད་སོ་སོར་བཤགས། །ཇི་སྙེད་ཕྱི་ནང་གསང་བའི་མཆོད་ཚོགས་དང་། ཁྲག་དང་བདུད་རྩིའི་མཆོད་ཡོན་མཚོ་ལྟར་འཁྱིལ། །མཛེས་པའི་མེ་ཏོག་ས་དང་བར་སྣང་གང་། །ཤ་ཆེན་གུ་གུལ་སྤོས་ཀྱི་དུད་སྤྲིན་འཁྲིགས། །ཞུན་ཆེན་མར་མེའི་སྣང་བ་ཉི་ལྟར་གསལ། །ཙན་དན་ག་བུར་དད་ལྡང་དྲི་ཆབ་དང་། །རོ་བརྒྱ་ལྡན་པའི་ཞལ་ཟས་རི་ལྟར་སྤུངས། །སྙན་བརྗིད་རོལ་མོའི་སྒྲ་དབྱངས་སྣ་ཚོགས་ཀྱིས། །ཡི་དམ་བསྟན་སྲུང་རྒྱ་མཚོ་འཁོར་བཅས་མཆོད། །འཕྲུལ་ལྡན་རྟ་ནག་གཡག་རོག་ཞོལ་ཆེན་དང་། །འདོད་འཇོའི་བ་དང་ར་སྐྱེས་སྤྱི་དཀར་ལུག །མཁའ་ལྡིང་བྱ་དང་དོམ་འདྲའི་ཁྱི་ནག་དང་། །རིན་ཆེན་བདུན་དང་འདོད་ཡོན་རྣམ་པ་ལྔ། །སྲ་བཙན་གོ་ཁྲབ་རྣོ་བའི་མཚོན་ཆའི་ཚོགས། ཁྱད་པར་ཟག་མེད་དམ་རྫས་གཏོར་མ་ནི། །གླིང་བཞི་རི་རབ་ཀུན་བཟང་མཆོད་སྤྲིན་བཅས། །ཡི་དམ་བསྟན་སྲུང་ཚོགས་ལ་འབུལ་བར་བགྱི། །བཞེས་ནས་དམ་སྐོང་བར་ཅད་ཞི་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ། །གཏོར་མ་སྒེར་དུ་འབུལ་ན། ཡི་དམ་བསྟན་སྲུང་འཁོར་དང་བཅས་པའི་ལྗགས་ནས་གསོལ་བར་གྱུར་པར་བསམས་ལ། ༀ་ཡ་མཱནྟ་ཀ་སརྦ་དྷརྨཱ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་སོགས་ཀྱིས་ལན་གསུམ་མམ་བདུན་གིས་འབུལ་ཞིང་ཨརྒྷཾ་སོགས་ཀྱི་མཆོད་དམ་མིན་ཀྱང་རུང་ལ། ནང་མཆོད་ཡོད་ན་འབུལ། དེ་ནས་བསྟོད་པ་ནི། ཧཱུཾ། མཁྱེན་རབ་དབང་ཕྱུག་འཇམ་དཔལ་གཤིན་རྗེའི་གཤེད། །སྤྱན་རས་གཟིགས་དབང་ཕྱག་དྲུག་ཡེ་ཤེས་མགོན། །རེ་མ་ཏི་དང་གནོད་སྦྱིན་ཆེན་པོ་བཞི། །འཁོར་ཚོགས་དམ་ཅན་རྒྱ་མཚོར་བཅས་ལ་བསྟོད། །གང་ཞིག་ཡིན་ལ་དྲན་པ་ཙམ་གྱིས་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །དཔག་བསམ་ཤིང་བཞིན་འདོད་རྒུའི་ཆར་འབེབས་པ། །མགོན་དཀར་ཡིད་བཞིན་ནོར་ལ་གུས་པས་བསྟོད། །འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་ཉན་མཆོག །དགེ་སྡིག་ཤན་འགྱེད་ཆོས་ཀྱི་རྒྱལ་པོ་ཞེས། །བློ་བཟང་རྒྱལ་བའི་བསྟན་པ་ཀུན་སྲུང་བ། །ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པ་བསྟོད། །རྒྱལ་བ་ཀུན་གྱི་འཕྲིན་ལས་མ་ལུས་པ། །གཅིག་བསྡུས་འཇིགས་རུང་སྲིན་མོ་ཁྲོས་པའི་གཟུགས། །དཔལ་ལྡན་དམག་དང་ཟོར་གྱི་རྒྱལ་མོ་ལ། །རྩེ་གཅིག་གུས་པ་ཆེན་པོས་ཕྱག་འཚལ་བསྟོད། །དུས་གསུམ་རྒྱལ་བའི་བསྟན་སྲུང་ཀུན་གྱི་གཙོ། །གདུག་པ་ཚར་གཅོད་སྲིན་པོ་ཁྲོས་པའི་སྐུ། །མིའུ་ཐུང་གུར་མགོན་ལྕམ་དྲལ་འཁོར་བཅས་ལ། །སྒོ་གསུམ་གུས་པའི་ཡིད་ཀྱིས་བསྟོད་པར་བགྱི། །བསྟན་དང་བསྟན་འཛིན་ཚོགས་རྣམས་རྟག་སྲུང་ཞིང་། །འཇིགས་བྱེད་བཟོད་པར་དཀའ་བའི་ཤུགས་དང་ལྡན། །རྔམ་པའི་སྟོབས་ཀྱིས་བདུད་དཔུང་ཚར་གཅོད་པའི། །མགོན་པོ་བྱ་རོག་མཚན་ཅན་ཁྱོད་ལ་བསྟོད། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་དཀྱིལ་ན། །མཐིང་ནག་ཞལ་བཞི་འཇིགས་རུང་ཁྲོས་པའི་སྐུ། །ཡུམ་ཆེན་བཞི་སོགས་སྤྲུལ་པའི་འཁོར་གྱིས་བསྐོར། །བསྟན་སྲུང་ཀུན་གྱི་གཙོ་བོ་ཁྱོད་ལ་བསྟོད། །བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དངོས། །ཤིན་ཏུ་ཁྲོས་པའི་ཀེང་རུས་གཟུགས་འཛིན་པ། །མ་མོ་མཁའ་འགྲོའི་ཚོགས་ཀྱིས་ཡོངས་བསྐོང་བའི། །དུར་ཁྲོད་བདག་པོ་ཡབ་ཡུམ་བཅས་ལ་བསྟོད། །ཧེ་རུ་ཀ་ཡེ་སྤྲུལ་པའི་ཟློས་གར་ཉིད། །སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། །རྐང་གླིང་འབུད་ཅིང་མཁའ་འགྲོ་དབང་དུ་སྡུད། །བྲམ་ཟེའི་གཟུགས་ཅན་དཔའ་བོ་ཁྱོད་ལ་བསྟོད། །སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །རྒྱལ་བའི་བསྟན་དང་བསྟན་འཛིན་སྐྱེས་བུ་ཀུན། །མ་གཡེལ་བུ་བཞིན་སྐྱོང་བ་ཞལ་བཞེས་པ། །བདེ་ཆེན་ལྕམ་དྲལ་འཁོར་བཅས་བདག་གིས་བསྟོད། །རབ་འཇིགས་གདོང་ལྔའི་དབང་པོ་འགྱིང་པའི་སྟེང་། །རབ་མཛེས་གསེར་གྱི་རི་བོ་བརྩེགས་པ་བཞིན། །རབ་བརྗིད་ཉི་མ་འབུམ་གྱི་གཟི་ལྡན་པ། །དྲང་སྲོང་རྣམ་མང་ཐོས་པའི་སྲས་ལ་བསྟོད། །གཏུམ་ཞིང་དྲག་ལ་མྱུར་བའི་མཐུ་རྩལ་གྱིས། །དྲག་པོའི་འཕྲིན་ལས་སྒྲུབ་ལ་ཐོགས་མེད་པ། །སྒྲོལ་གྱི་དྲག་པོ་སྲོག་བདག་དམར་པོ་ལ། །སྒོ་གསུམ་མི་ཕྱེད་དད་པའི་ཡིད་ཀྱིས་བསྟོད། །བཤད་སྒྲུབ་བསྟན་པ་སྲུང་བའི་མཐུ་རྩལ་ཅན། །གནོད་སྦྱིན་ཆེན་པོ་ཐ་འོག་ཆོས་རྒྱལ་སོགས། །དམ་ཅན་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ལ། །མཆོད་ཅིང་གུས་པ་ཆེན་པོས་རྟག་ཏུ་བསྟོད། །མཐུ་ལྡན་ཆོས་སྐྱོང་སྲུང་མ་འཁོར་བཅས་ལ། །མཆོད་བསྟོད་གསོལ་བས་རྣལ་འབྱོར་བདག་ཅག་གི །འགལ་རྐྱེན་བར་ཆད་ཉེ་འཚེ་ཞི་བ་དང་། །འདོད་དོན་ཐམས་ཅད་ཡིད་བཞིན་འགྲུབ་པར་མཛོད། །རྟེན་ཡོད་ན་བདག་དང་འགྲོ་ལ་སོགས་ཀྱི་བརྟན་བཞུགས་དང་། །མེད་ན། ཉེས་བྱས་བཟོད་བཞེས་རང་བཞིན་གནས་སུ་གཤེགས། སླར་ཡང་བྱོན་ནས་མཆོག་ཐུན་དངོས་གྲུབ་སྩོལ། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཞི་བ་དང་། །དུས་རྣམས་ཀུན་དུ་དགེ་ལེགས་འཕེལ་བར་མཛོད། །ཅེས་པ་འདི་ནི་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས། རྗེ་དགེ་འདུན་རྒྱ་མཚོ་དང་། པཎ་ཆེན་གོང་མ་གཉིས་ཀྱི་མན་ངག་ལ་བརྟེན་ནས་གཞན་ཕན་གྱི་བསམ་པས་སྦྱོར་བ་སྟེ། རྣམ་པ་གཉིས་ཀ་ལྟར་ནའང་འདི་ལྟར་བྱེད་པར་བྱུང་ན་གཏོར་འབུལ་ཙམ་དུ་མ་ཟད། བསྐང་གསོ་བསྡུས་པ་བྱས་པར་འགྱུར་བ་ཡིན་ནོ། །བཀྲ་ཤིས། ཤུབཾ།། །།

མགོན་ཆོས་སོགས་ཀྱི་གཏོར་འབུལ་བསྐང་གསོ་དང་བཅས་པ།

མགོན་ཆོས་སོགས་ཀྱི་གཏོར་འབུལ་བསྐང་གསོ་དང་བཅས་པ་བཞུགས།

ན་མོ་བཛྲ་བྷཻ་ར་ཝ་ཡེ། འདིར་ཆོས་སྐྱོང་འགའ་ཞིག་གི་གཏོར་འབུལ་འཁྱེར་བདེ་བར་བརྗོད་པ་ལ། ལྷའི་རྣལ་འབྱོར་སྔར་བསྒོམས་པ་ཡོད་ན་དེའི་ངང་ནས་སམ། ཡང་ན་གསང་བདེ་འཇིགས་གསུམ་གང་རུང་དུ་སྐད་ཅིག་གིས་བསྐྱེད་ནས་བྱིན་བརླབས་རང་རང་གི་ལུགས་ལྟར་རམ། བསྡུས་པ་འདོད་ན་ལོགས་སུ་བཀོད་པ་ཡང་རུང་ལ་དེ་ནས་ཡུལ་སྤྱན་དྲངས་པ་ཡོད་ན་དེ་དང་བསྟུན་ཅིང་། མེད་ན་འདི་ལྟར། ཛཿརང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །བསིལ་བའི་ཚལ་དད་གཤིན་རྗེའི་གྲོང་ཁྱེར་ནས། །ཡེ་ཤེས་མགོན་པོ་དམ་ཅན་ཆོས་ཀྱི་རྒྱལ། །འཁོར་བཅས་སྤྱན་དྲངས་མདུན་གྱི་ནམ་མཁར་བྱོན། །མུ་ལི་གཏིང་དང་ལྕང་ལོ་ཅན་སོགས་ནས། །འདོད་ཁམས་དབང་ཕྱུག་རྒྱལ་ཆེན་རྣམས་ཐོས་སྲས། །རྟ་བདག་བརྒྱད་དང་ཐ་འོག་ཆོས་རྒྱལ་སོགས། །འཁོར་བཅས་སྤྱན་དྲངས་འདིར་གཤེགས་རྟེན་ལ་བཞུགས། །བདེ་སྟོང་དབྱེར་མེད་རོལ་བ་ལས་བྱུང་བའི། །མཆོད་ཡོན་ཞབས་བསིལ་ཉེར་སྤྱོད་རྣམ་པ་ལྔ། །འདོད་ཡོན་རྒྱལ་སྲིད་རྟ་གཡག་ལུག་བྱ་ཁྱི། །གླིང་བཞི་ཉི་ཟླ་རི་རབ་བཅས་ཏེ་འབུལ། །ཁྱད་པར་རབ་ཡངས་ཐོད་པར་འབྲུ་བཅུད་དང་། །དགྲ་བགེགས་ཤ་ཁྲག་རུས་གསུམ་ལས་བྱུང་བའི། །ཟག་མེད་བདུད་རྩིའི་གཏོར་མའི་རྒྱ་མཚོ་འདི། །ཆོས་སྐྱོང་འཁོར་བཅས་འབུལ་གྱིས་བཞེས་སུ་གསོལ། །ཐུགས་མཆོག་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་། །སྣ་ཚོགས་སྤྲུལ་པའི་གར་མཛད་ཡེ་ཤེས་མགོན། །ཆོས་ཀྱི་རྒྱལ་པོ་དམག་ཟོར་རྒྱལ་མོ་དང་། །རྣམ་སྲས་ཐ་འོག་ཆོས་རྒྱལ་འཁོར་བཅས་བསྟོད། །ཁྱེད་རྣམས་མཆོད་ཅིང་བསྟོད་བསྐུལ་གསོལ་བཏབ་པས། །རྣལ་འབྱོར་སྦྱིན་བདག་འདུས་སྡེ་དགོན་གནས་ཀྱི། །འགལ་ཀྱེན་བར་ཆད་ཐམས་ཅད་ཞི་བ་དང་། །མཐུན་རྐྱེན་འདོད་རྒུ་ཡིད་བཞིན་སྒྲུབ་པར་མཛོད། །ཉེས་ཀུན་བཟོད་བཞེས་རང་རང་རྟེན་རྣམས་དང་། །དབྱེར་མེད་བཞུགས་ནས་རྣལ་འབྱོར་བདག་ཅག་ཀུན། །དུས་རྣམས་རྟག་ཏུ་བསྲུང་ཞིང་སྐྱོབ་པ་དང་། །འདོད་དོན་ཡིད་བཞིན་སྒྲུབ་པའི་འཕྲིན་ལས་མཛོད། །རྟེན་མེད་ན། བཛྲ་མུཿགཏོར་མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར། ཞེས་བརྗོད་པར་བྱའོ། །ཅེས་པ་འདི་ཡང་། རྒྱུད་པའི་དབང་མཛད་པ་དང་། དགེ་བསྐོས་རྣམ་པ་གཉིས་ཀྱིས་གཏོར་འབུལ་འཇུག་པ་བདེ་ཆེད་འདི་ལྟར་ཞིག་གིས་དང་། རྒྱུད་པ་གྲྭ་ཚང་གི་ཞལ་འདོན་དུ་འཇུག་པར་བྱའོ། །ཞེས་བསྐུལ་པ་ལ་བརྟེན་ནས་རྒྱུད་པའི་སློབ་དཔོན་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བའོ། །ན་མོ་མ་ཧཱ་ཀཱ་ལ་ཡེ། མགོན་པོ་ཕྱག་དྲུག་པ་ལ་མཆོད་གཏོར་བྱ་ཚུལ་འཇུག་པ་བདེ་བར་འགོད་པ་ནི། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞེས་པ་ནས་སྐུར་བཞེངས་པར་གྱུར་པར་བསམས་ལ། ནང་མཆོད་དང་མཆོད་གཏོར་རྣམས་བཅུ་གསུམ་མ་ལྟར་བྱིན་གྱིས་རླབས་པའམ། བསྡུ་ན། རང་ཉིད་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར། །གསལ་བའི་ཐུགས་ཁའི་ཧཱུཾ་ལས་འོད་ཕྲོས་པས། །མཆོད་རྫས་ཀུན་གྱི་ཉེས་པའི་སྐྱོན་སྦྱངས་ནས། །ཟག་མེད་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ༀ་ཨཱཿཧཱུཾ། ལན་གསུམ་ལས་གཅིག །སྤྱན་འདྲེན་ནི། རང་གི་ཐུགས་ཁའི་ཧཱུཾ་གི་འོད་ཟེར་གྱིས། །ཤར་ལྷོ་བསིལ་བའི་ཚལ་གྱི་དུར་ཁྲོད་ནས། །དཔལ་ལྡན་ཡེ་ཤེས་མགོན་པོ་ཕྱག་དྲུག་པ། །འདོད་ཁམས་དབང་ཕྱུག་ཀྵེ་ཊ་པཱ་ལ་སོགས། །འཁོར་ཚོགས་རྒྱ་མཚོའི་དཔུང་དང་ལྷན་ཅིག་ཏུ། །རྣལ་འབྱོར་འཕྲིན་ལས་བསྒྲུབ་ཕྱིར་སྐད་ཅིག་གིས། །མདུན་གྱི་ནམ་མཁར་སྤྱན་དྲངས་མྱུར་བྱོན་ནས། །རང་རང་དགྱེས་པའི་གདན་ལ་བཞུགས་སུ་གསོལ། །ཕྱག་འཚལ་ནི། རྣམ་དག་ཆོས་སྐུའི་དབྱིངས་ལས་མ་གཡོས་ཀྱང་། །མ་རུང་འདུལ་ཕྱིར་ཁྲོས་པའི་གར་མཛད་པ། །ཞལ་གཅིག་ཕྱག་དྲུག་བསྟན་དགྲ་ཚར་གཅོད་སྐུ། །མགོན་པོ་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །བཤགས་པ་ནི། ཐོག་མ་མེད་ནས་བསགས་པའི་ཉེས་ཀུན་དང་། །ཁྱད་པར་བླ་མ་མགོན་པོ་འཁོར་བཅས་ཀྱི། །སྐུ་གསུང་ཐུགས་དང་འགལ་བར་རབ་སྤྱོད་པའི། །དམ་ཚིག་ཉམས་ཆགས་ཐམས་ཅད་སོ་སོར་བཤགས། །མཆོད་པ་ནི། བླ་མ་མཆོག་གསུམ་ཆོས་དབྱིངས་བདེན་པ་དང་། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་བྱིན་བརླབས་ཀྱིས། །ཕྱི་ནང་མཆོད་ཚོགས་ས་གཞི་བར་སྣང་དང་། །ནམ་མཁའ་ཁྱོན་ཀུན་མ་ལུས་འགེངས་གྱུར་ཅིག ཁྲག་གི་མཆོད་ཡོན་དབང་པོའི་མེ་ཏོག་དང་། །ཤ་ཆེན་ཚིལ་དུད་ཞུན་ཆེན་སྒྲོན་མེ་དང་། །ཤ་རུས་ཞལ་ཟས་རྐང་གླིང་རོལ་མོ་འདིས། །མགོན་པོ་འཁོར་བཅས་མཆོད་ཅིང་ཐུགས་དམ་བསྐང་། །མྱུར་མགྱོགས་རྟ་མཆོག་ཞོལ་ཆེན་གཡག་རོག་དང་། །ལུག་ནག་སྤྱི་དཀར་ཁྱུང་འདྲའི་བྱ་ནག་དང་། །དོམ་ལྟའི་ཁྱི་ནག་འཇིགས་པའི་ཚོགས་རྣམས་ཀྱིས། །མགོན་པོ་འཁོར་བཅས༴ གཞན་ཡང་འདོད་ཡོན་ལྔ་དང་རིན་ཆེན་བདུན། །རྡོ་རྗེའི་གོ་ཁྲབ་མདའ་ལྡན་གཏོར་ཆེན་དང་། །རི་གླིང་ཉི་ཟླ་ཕྱི་ནང་མཆོད་སྤྲིན་གྱིས། །མགོན་པོ་འཁོར༴ ཁྱད་པར་ཤ་ཁྲག་འབྲུ་བཅུད་གཏོར་མའི་ཚོགས། །ཟག་མེད་ཡེ་ཤེས་བདུད་རྩིར་བྱིན་བརླབས་ནས། །མྱུར་མཛད་ཡེ་ཤེས་མགོན་པོ་འཁོར་བཅས་ཀུན། །དགྱེས་པ་བསྐྱེད་ཕྱིར་འབུལ་གྱིས་བཞེས་སུ་གསོལ། །བསྟོད་པ་དང་འཕྲིན་ལས་བཅོལ་བ་ནི། །རྒྱལ་བ་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པའི། །སྤྱན་རས་གཟིགས་དབང་དྲག་པོའི་སྐུར་བསྟན་པ། །མཁྱེན་བརྩེ་ནུས་པ་ཡོངས་རྫོགས་མཐུ་རྩལ་ཅན། །ཡེ་ཤེས་མགོན་པོ་འཁོར་དང་བཅས་ལ་བསྟོད། །ཡང་ན། མཐུ་སྟོབས་ནུས་པ་འཕྲིན་ལས་ཕུན་ཚོགས་ཤིང་ནས། ཡེ་ཤེས་མགོན་པོ་འཁོར་བཅས་བསྟོད་པར་བགྱི། ཁྱེད་རྣམས་མཆོད་ཅིང་བསྟོད་པས་བདག་ཅག་གི །འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང་། །ཚེ་དཔལ་ལོངས་སྤྱོད་སྙན་གྲགས་འདོད་རྒུ་བཅས། །མཐུན་རྐྱེན་མ་ལུས་ཡིད་བཞིན་འགྲུབ་པར་མཛོད། །རྟེན་ཡོད་ན། འདིར་ནི་རྟེན་དང་ལྷན་ཅིག་ཏུ། ཞེས་སོགས་བྱ་ལ། མེད་ན། ཉེས་བྱས་བཟོད་བཞེས་རང་བཞིན་གནས་སུ་གཤེགས། །དུས་སུ་བྱོན་ནས་མཆོག་ཐུན་དངོས་གྲུབ་སྩོལ། །བར་ཆད་སེལ་ཞིང་རྟག་ཏུ་སྲུང་སྐྱོབ་དང་། །ཕྱོགས་རྣམས་ཀུན་དུ་བཀྲ་ཤིས་འཕེལ་བར་མཛོད། །ཅེས་པ་འདི་ནི། བཀྲ་ཤིས་འཕེལ་རྒྱས་གླིང་གི་དགོན་སྡེའི་སྤྱི་བ་ཐུན་མོང་གི་ནན་ཏན་དུ་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བའོ། །ན་མོ་བཛྲ་བྷེ་ར་ཝ་ཡེ། རང་ཉིད་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པར། །གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །མཆོད་གཏོར་ཀུན་གྱི་ཉེས་པའི་སྐྱོན་སྦྱངས་ནས། །ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། །ༀ་ཨཱཿཧཱུཾ། ལན་གསུམ་མམ་གཅིག །རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ཚོགས། །རབ་འཕྲོས་ལྷོ་ཕྱོགས་གཤིན་རྗེའི་གྲོང་ཁྱེར་ནས། །ལས་ཀྱི་གཤིན་རྗེ་ཡབ་ཡུམ་འཁོར་དང་བཅས། །སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས་པར་གྱུར། །གཤིན་རྗེའི་རྒྱལ་པོ་འཁོར་བཅས་ཁྱེད་རྣམས་ལ། །མཆོད་ཡོན་ཉེར་སྤྱོད་འདོད་ཡོན་ནང་མཆོད་དང་། །དགྲ་བགེགས་ཤ་ཁྲག་འབྲུ་བཅུད་ལས་གྲུབ་པའི། །ཟག་མེད་བདུད་རྩིའི་གཏོར་མ་འབུལ་གྱིས་བཞེས། །འདི་རང་གསུམ་མམ་གཅིག །རྒྱལ་བའི་ཡབ་གཅིག་འཇམ་དཔལ་ཞི་ཁྲོ་ཡི། །བཀའ་སྡོད་ཐུབ་བསྟན་སྲུང་མ་ཀུན་གྱི་གཙོ། །དགྲ་བགེགས་ཐལ་བར་རློག་པའི་མཐུ་རྩལ་ཅན། །གཤིན་རྗེ་ཀུན་གྱི་རྒྱལ་པོ་ཁྱོད་ལ་བསྟོད། །མཐུ་ཆེན་ཁྱེད་ལ་མཆོད་ཅིང་བསྟོད་བྱས་པས། །རྣལ་འབྱོར་བདག་ཅག་མི་ནོར་འཁོར་བཅས་ཀྱི། །ཕྱི་ནང་མི་མཐུན་ཉེར་འཚེ་ཀུན་ཞི་ཞིང་། །རྟག་ཏུ་མཐུན་རྐྱེན་བསྒྲུབ་པའི་གྲོགས་མཛོད་ཅིག །གཤེགས་གསོལ་བྱེད་ན། བཛྲ་མུཿགཏོར་མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར། །ཅེས་བརྗོད་ཀྱང་ཆོ་ག་ལ་བརྟན་བཞུགས་བྱེད་ན། འདིར་ནི་རྟེན་དང་ལྷན་ཅིག་ཏུ། ནས་ལེགས་པར་སྩལ་དུ་གསོལ། ཞེས་བྱས་ཀྱང་མི་འགལ་ལོ། །ཅེས་པ་འདི་ཡང་། གནས་བརྟན་གྲགས་པ་འོད་ཟེར་གྱིས་རང་གི་ཞལ་འདོན་གྱི་ཆེད་དུ་བསྐུལ་བའི་ངོར་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བའོ། །བཀྲ་ཤིས།། །།༈ ན་མོ་བཛྲ་པཱ་ཎི་ཡེ། འདིར་རྒྱལ་ཆེན་རྣམ་སྲས་འཁོར་བཅས་ལ་གཏོར་འབུལ་དང་། བསང་མཆོད་སོགས་བྱེད་ཚུལ་མདོར་བསྡུས་ཞིག་འཆད་པ་ལ། སྐྱབས་སེམས་སོགས་སྔོན་དུ་བཏང་ནས། རང་ཉིད་སྐད་ཅིག་གིས་དཔལ་ཕྱག་ན་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པར་གསལ་བར་གྱུར་པར་བསམས་ལ། མཆོད་གཏོར་བསང་མཆོད་རྣམས་བྱིན་བརླབ་བྱ་ཚུལ་ལ་རྒྱས་བསྡུས་གཉིས་ལས། རྒྱས་པ་ནི་བྱིན་བརླབས་སོ་སོར་བྱ་བ་ཡིན་ནའང་། འདིར་བསྡུ་ན། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་གཏོར་དང་བསང་ཆེན་གྱི་རི་བོས་ས་དང་བར་སྣང་གི་ཁྱོན་ཐམས་ཅད་གང་ཞིང་མགྲོན་རྣམས་ཀྱི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བསྐྱེད་པར་བྱེད་པའི་ནུས་ལྡན་དུ་གྱུར། ༀ་ཨཱཿཧཱུཾ། ལན་གསུམ། གཏོར་མ་དང་བསང་གཉིས་ལས་གང་རུང་ཞིག་ཡིན་ན། དེའི་ཚིག་སྦྱོར་བྱ། དེ་ནས། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་ཏེ། །བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །རྒྱལ་ཆེན་རྣམ་སྲས་ནོར་ལྷའི་ཚོགས་དང་བཅས། །སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས་པར་གྱུར། །གསེར་གྱི་རི་དབང་ལྟ་བུར་བརྗིད་ཆགས་ཤིང་། །ཉི་མ་འབུམ་གྱི་གཟི་བྱིན་རབ་ཏུ་འབར། །ཡོ་བྱད་ནམ་མཁའ་མཛོད་ལ་དབང་བསྒྱུར་བ། །རྒྱལ་ཆེན་རྣམ་སྲས་འཁོར་དང་བཅས་ལ་འདུད། །མཆོད་འབུལ་ནི། ཆུ་གཉིས་ཉེར་སྤྱོད་རོལ་མོ་འདོད་ཡོན་ལྔ། །རིན་ཆེན་བདུན་དང་བཀྲ་ཤིས་རྫས་བརྒྱད་དང་། །གླིང་བཞི་རི་རབ་བདག་ལུས་ལོངས་སྤྱོད་བཅས། །རྒྱལ་ཆེན་རྣམ་སྲས་འཁོར་དང་བཅས་པ་འབུལ། །གཏོར་འབུལ་ནི། དཀར་གསུམ་མངར་གསུམ་འབྲུ་བཅུད་དང་སྦྱར་བའི། །ཟག་མེད་བདུད་རྩིའི་གཏོར་མའི་རྒྱ་མཚོ་འདི། །རྒྱལ་ཆེན་རྣམ་སྲས་འཁོར་བཅས་ལ་འབུལ་གྱིས། །བཞེས་ནས་འདོད་རྒུའི་དངོས་གྲུབ་ཆར་ལྟར་ཕོབ། །བསང་མཆོད་ནི། དྲི་ལྡན་བཟང་སྨན་ཤིང་སྣ་བསྲེགས་པ་ལས། །བྱུང་བའི་བསང་ཆེན་དུད་པ་ཆུ་འཛིན་བཞིན། །ནམ་མཁའི་ཁམས་ཀུན་ཡོངས་སུ་ཁྱབ་བྱས་ཏེ། །རྒྱ་ཆེན་རྣམ་སྲས་འཁོར་བཅས་མཆོད་པར་བགྱི། །ཁྱད་པར་ཕྱི་ཡི་མཆོད་པ་ནི། གཞན་ཡང་དགོས་འདོད་ནོར་དང་དཔག་བསམ་ཤིང་། །རིན་ཆེན་ལྗོན་ཤིང་གཏེར་བུམ་བཟང་པོ་དང་། །འདོད་འཇོའི་བ་དང་རྫིང་བུ་བཟང་པོ་སོགས། །རྒྱལ་ཆེན་རྣམ་སྲས་འཁོར་བཅས་མཉེས་ཕྱིར་འབུལ། །གོས་སྔོན་ལུང་ཐང་ཕྲེང་བ་ནེའུ་ལེ་དང་། །མི་འཇིགས་སེང་གེ་རྒྱལ་མཚན་ཉི་མ་ཟླ། །འབྲུ་སྨན་རིན་ཆེན་སྙིང་པོ་ལྔ་ལ་སོགས། །རྒྱལ་ཆེན་རྣམ་སྲས་འཁོར་བཅས་མཉེས་ཕྱིར་འབུལ། །སྦྱིན་གཏོར་རྒྱ་མཚོའི་དགེ་ལ་གོམས་བྱས་པས། །མི་འཛད་གཏེར་གྱི་དཔལ་ལ་དབང་བསྒྱུར་ཞིང་། །ཕོངས་པ་ཀུན་ལ་འདོད་རྒུའི་མཆོག་སྟེར་བ། །རྒྱལ་ཆེན་རྣམ་སྲས་འཁོར་དང་བཅས་ལ་བསྟོད། ཁྱེད་ལ་མཆོད་ཅིང་གུས་པས་བསྟོད་བྱས་པས། །མི་འདོད་དབུལ་བའི་རྒུད་པ་སེལ་བྱེད་ཅིང་། །འདོད་པའི་དངོས་གྲུབ་མ་ལུས་སྩོལ་བ་དང་། །རྟག་ཏུ་སྲུང་ཞིང་སྐྱོབ་པའི་འཕྲིན་ལས་མཛོད། རྟེན་ཡོད་ན། འདིར་ནི་རྟེན་དང་ལྷན་ཅིག་ཏུ། ཞེས་སོགས་དང་། མེད་ན། བཛྲ་མུཿ མགྲོན་རྣམས་རང་གནས་སུ་གཤེགས་པར་གྱུར། ཅེས་བརྗོད་ཅིང་བསམ་མོ། །ཅེས་པ་འདི་ཡང་དད་དང་རྣམ་དཔྱོད་ལྡན་པའི་བརྩོན་འགྲུས་ཕུན་ཚོགས་ཞེས་བགྱི་བས། རྣམ་སྲས་རང་གི་བརྟེན་པའི་ལྷར་བབ་པས་མཆོད་ཚུལ་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་བཤད་སྒྲུབ་མིང་ཅན་གྱི་སྦྱར་བའོ། །བཀྲ་ཤིས།། །།༈ ན་མོ་བཛྲ་བྷེ་ཝ་ར་ཡེ། འདིར་འཇམ་དཔལ་གཤིན་རྗེའི་གཤེགས་ཀྱི་བཀའ་སྔོན་ཆོས་ཀྱི་རྒྱལ་པོ་འཁོར་བཅས་ལ་གཏོར་འབུལ་མདོར་བསྡུས་འཁྱེར་བདེ་ཞིག་བརྗོད་པར་བྱ་སྟེ། བྱིན་རླབས་བཅུ་གསུམ་མ་ལྟར་རམ་བསྡུ་ན། རང་ཉིད་འཇིགས་མཛད་ཞལ་གཅིག་ཕྱག་གཉིས་པར། །གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །མཆོད་གཏོར་ཀུན་གྱི་ཉེས་པའི་སྐྱོན་སྦྱངས་ནས། །ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་གྱུར། །ༀ་ཨཱཿཧཱུཾ། ལན་གསུམ་མམ་གཅིག་དེ་ནས། རང་གི་ཐུགས་ཀའི་ཧཱུཾ་གིས་འོད་ཟེར་གྱིས། །ལྷོ་ཕྱོགས་གཤིན་རྗེའི་གྲོང་ཁྱེར་ཆེན་པོ་ནས། །ལས་ཀྱི་གཤིན་རྗེ་ཡུམ་མཆོག་ཙ་མུཎྜི། །འཁོར་བཅས་སྤྱན་དྲངས་བརྟན་པར་བཞུགས་སུ་གསོལ། །མཆོད་ཡོན་ཉེར་སྤྱོད་རོལ་མོ་འདོད་ཡོན་སོགས། །ཕྱི་ནང་མཆོད་སྤྲིན་ནམ་མཁའ་གང་བ་དང་། ཁྱད་པར་ཟག་མེད་ཤ་ཁྲག་གཏོར་མའི་ཚོགས། །ཆོས་རྒྱལ་འཁོར་བཅས་དགྱེས་པ་བསྐྱེད་ཕྱིར་འབུལ། །པད་ཉི་དགྲ་བགེགས་མ་ཧེའི་གདན་གྱི་སྟེང་། །ཞལ་གཅིག་ཕྱག་གཉིས་གཏུམ་དྲག་ཁྲོས་པའི་སྐུ། །བསྟན་དགྲ་ཚར་གཅོད་བརྐྱང་བསྐུམས་འགྱིངས་སྟབས་ཅན། །མ་ལུས་དགྲ་བགེགས་དཔུང་འཇོམས་ཁྱོད་ལ་བསྟོད། །སྟོབས་ཆེན་ཁྱོད་ལ་མཆོད་ཅིང་བསྟོད་བྱས་པས། །རྣལ་འབྱོར་བདག་ཅག་དགོན་གནས་སྦྱིན་བདག་བཅས། །གཡས་མེད་རྟག་སྲུང་འགལ་རྐྱེན་ཞི་བ་དང་། །མཐུན་རྐྱེན་མཐའ་དག་ཡིད་བཞིན་སྒྲུབ་པར་མཛོད། །མདོར་བསྡུས་ལ་བརྟན་བཞུགས་དང་གཤེགས་གསོལ་གང་བྱེད་ཀྱི་རྣམ་དབྱེ་རེ་ཞིག་བཞག་གོ །ཅེས་པ་འདི་ནི་རྒྱུད་པའི་བྱང་འདྲེན་དགེ་སློང་བརྩོན་འགྲུས་དར་རྒྱས་ཞེས་བགྱི་བས་གཏོར་འབུལ་འདི་ལྟ་བུ་ཞིག་ཁོ་བོས་སྤར་དུ་བརྐོས་ནས་རྒྱུད་པའི་ཚོགས་འདོན་དུ་འཇུག་ཨེ་ཐུབ་བལྟ་ཞེས་བསྐུལ་བ་ལ་བརྟེན་ནས་རྒྱུད་པའི་སློབ་དཔོན་པ་བཤད་སྒྲུབ་མིང་ཅན་གྱིས་འཕྲལ་དུ་སྦྱར་བའོ། །མངྒལཾ།། །།

ཟབ་ལམ་འཕོ་བའི་མན་ངག་གི་སྐོར།

ཟབ་ལམ་འཕོ་བའི་མན་ངག་གི་སྐོར་བཞུགས།

སྐྱབས་གནས་ཀུན་འདུས་བླ་མ་རྡོ་རྗེ་འཆང་། །བདེ་ལྡན་ཞིང་གི་འདྲེན་པ་འོད་དཔག་མེད། །ལྷ་བརྒྱའི་གཙུག་རྒྱན་མི་ཕམ་ཆོས་རྗེའི་ཞབས། །གུས་པས་བསྟེན་ནོ་མཆོག་ཐུན་དངོས་གྲུབ་སྩོལ། །འདིར་དམ་པ་གོང་མའི་གསུང་ལས་འབྱུང་བའི་འཁོར་བའི་མན་ངག་ཐུན་མོང་བ་འགའ་ཞིག་ཉམས་ལེན་དུ་འཁྱེར་བདེ་བར་དགོད་པ་ལ་གསུམ་ལས་དང་པོ་བླ་མའི་རྣལ་འབྱོར་ལ་བརྟེན་པའི་འཕོ་བ་ནི་རང་གིས་བསྟེན་པའི་བླ་མའི་རྣལ་འབྱོར་ཡོད་ན་དེ་དང་སྦྱར་བར་བྱ་བའམ། ཡང་ན་འདི་ལྟར་ཉམས་སུ་བླང་བར་བྱའོ། །འདི་ལའང་སྔོན་དུ་རང་གིས་སྦྱོང་བ་དང་། འཆི་བའི་ཚེ་མཁའ་སྤྱོད་སོགས་སུ་འཕོ་བ་གཉིས་ལས་དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་སོགས་སྤྱི་ལྟར་བྱས་ལ། རང་གི་སྤྱི་བོར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ངོ་བོ་རང་གི་དྲི་ཅན་རྩ་བའི་བླ་མ་ཡན་པ་ལ། རྣམ་པ་ཁྱབ་བདག་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཏེ་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། མཚན་དཔེས་སྤྲས་ཤིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་འོད་ཀྱི་ཕུང་པོའི་དབུས་ན་བཞུགས་པ། དེའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་རྒྱལ་བ་སྲས་བཅས་ཐམས་ཅད་ༀ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ་པས་སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་ཅན་དུ་གྱུར་པར་བསམས་ལ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཞེས་སོགས་དང་། གང་གི་དྲིན་གྱིས་བདེ་ཆེན་གནས། སོགས་དང་། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ཞིང་མཆོད་དོ། །སྐྱབས་སུ་མཆིའོ། །ལན་བདུན་སོགས་དང་། བདག་གཞན་ལུས་ངག་ཡིད་གསུམ་སོགས་ཀྱིས་མཎྜལ་རྒྱས་བསྡུས་ཅི་རིགས་དང་། ཇི་སྙེད་ཕྱི་ནང་གསང་བའི་མཆོད་པའི་ཚོགས་ཅི་མཆིས་པ་རྣམས་ཀྱང་འབུལ་བར་བགྱིའོ། །སྒོ་གསུམ་གྱི་སྡིག་ལྷུང་ཉེས་པའི་ཚོགས་མ་ལུས་པ་མཐོལ་ལོ། །འཆགས་སོ། །སྐྱེ་འཕགས་ཀུན་གྱི་དགེ་ཚོགས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །དེ་དག་ཐམས་ཅད་ཀྱང་མྱ་ངན་ལས་མི་འདའ་བར་རྟག་པར་བཞུགས་སུ་གསོལ་ལོ། །དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་ཀྱང་དག་པའི་ཞིང་དུ་སྐྱེས་ནས་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་བྱང་ཆུབ་འགྲུབ་པའི་རྒྱུར་བསྔོའོ། །ཞེས་ཡན་ལག་བདུན་པ་བྱ། དེ་ནས་སངས་རྒྱས་ཀུན་གྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །དམ་ཆོས་ཀུན། འཕགས་ཚོགས་དགེ་འདུན་ཀུན༴ ཡིད་དམ་ཀུན༴ མཁའ་འགྲོ༴ ཆོས་སྐྱོང་ཀུན༴ སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་ཞེས་སོགས་གསོལ་འདེབས་མང་དུ་བྱས་ལ། རང་གི་ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་མདའ་སྨྱུག་ཙམ་ཞིག་མར་སྣ་ལྟེ་འོག་དང་ཡར་སྣ་ཚངས་བུག་ཏུ་ཐལ་མེར་ཟུག་པ། སྙིང་ཁའི་ཐད་ཀྱི་དབུ་མའི་ནང་དུ་རང་གི་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དཀར་པོ་སྲན་མ་ཙམ་འོད་ཀྱི་རང་བཞིན་ཅན་འཕར་ལ་ཁད། འགྱུར་ལ་ཁད་པ་ཞིག་ཏུ་གྱུར་བར་བསམས་ལ། སླར་ཡང་སྔར་ལྟར་གསོལ་འདེབས་ཡན་བདུན་ནམ་ཉེར་གཅིག་རེ་བྱས་པའི་མཐར། བླ་མ་རིན་པོ་ཆེ། བདག་ལ་ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། དག་པའི་ཞིང་དུ་སྐྱེ་བར་བྱིན་གྱིས་རློབས། སྐུ་གསུམ་གོ་འཕང་ཐོབ་པར་བྱིན་གྱིས་རློབས། ཞེས་སྦྱར་ཏེ་གསོལ་འདེབས་ཅི་ནུས་བྱས་པའི་བར་བར་དུ། ཞེས་གསོལ་བ་བཏབ་པས་བླ་མའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཞིག་ནར་གྱིས་བྱུང་སྟེ་རང་གི་ཚངས་བུག་ནས་ཞུགས། རང་སེམས་ཐིག་ལེར་གསལ་བ་ལ་ཟུག་པར་གྱུར་ཅེས་བརྗོད་ནས་ཡང་འདྲེན་པར་བསམས་ལ། དེའི་ཚེ་འོག་རླུང་བྱིན་དུ་འཐེན་པ་དང་། མཉམ་དུ་ཧཱི་ཀ་ཅེས་བརྗོད་པས། ཐིག་ལེ་དེ་ཉིད་དབུ་མའི་ནང་ནས་ཡར་འཕགས་ཏེ་ཚངས་བུག་ལ་ཐུག་ཙམ་རེ་བྱས་ལ་སླར་ཡང་མར་འབེབས་པ་རེས་མོས་བྱེད་པའི་ཚུལ་གྱིས་ཞག་བདུན་ནམ་གསུམ་ལ་སོགས་པར་སྦྱངས་པས་འབྱོངས་པའི་རྟགས་འབྱུང་ཞིང་། མཐར་བླ་མ་རང་གི་སྤྱི་བོ་ནས་ཞུགས་ཏེ་སྙིང་ཀར་སེམས་དང་དབྱེར་མེད་དུ་གྱུར་པར་བསམ་མོ། །འདི་ལྟར་བྱས་ན་བླ་མ་བསྟེན་པའི་ཕན་ཡོན་ཀྱང་འཐོབ་པར་འགྱུར་རོ། །གཉིས་པ་རང་འཆི་བའི་དུས་ལ་བབས་པར་ཤེས་ན། ལོངས་སྤྱོད་སོགས་ལ་ཆགས་ཞེན་མེད་པར་བྱས་ལ། བླ་མ་སྔར་བཞིན་སྤྱི་བོར་བསྒོམས་ཏེ་ཡན་ལག་བདུན་པ་གསོལ་འདེབས་རྣམས་ཀྱང་སྔར་ལྟར་བྱ། མཐར་ཧཱི་ཀ་ཕཊ་ཅེས་བརྗོད་པས། རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དེ་ཉིད་དབུ་མའི་ནང་ནས་ཡར་འཕགས་ཏེ་ཚངས་བུག་ནས་རྒྱངས་ཀྱིས་འཐོན། བླ་མའི་ཐུགས་ཀར་ཐིམ། བླ་མ་མཁའ་སྤྱོད་དམ་བདེ་བ་ཅན་མངོན་དགའ་སོགས་གང་མོས་གུས་གཤེགས། རྣམ་ཤེས་ཐུགས་ཀ་ནས་ཕྱིར་ཐོན་ནས་དེར་སྐྱེས་པར་བསམས་ལ་སྨོན་ལམ་གདབ་པ་ལན་རེ་ཁོ་ནས་མི་ཆོག་གི་སྐབས་དང་སྦྱར་ནས་བྱའོ། །འདི་གཞན་ལ་འདེབས་པར་སྦྱར་ཡང་རུང་བར་སེམས་སོ། །གཉིས་པ་འོད་དཔག་མེད་ཀྱི་འཕོ་བ་ལ་གསུམ། རང་གིས་སྦྱོང་བ་དང་། རང་ལ་འདེབས་པ་དང་། གཞན་ལ་འདེབས་པའོ། །དང་པོ་ནི། སྐྱབས་སེམས་སོགས་སྔོན་དུ་བཏང་ནས། རང་གི་སྤྱི་བོར་པད་ཟླའི་གདན་ལ་རྒྱལ་བ་འོད་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱའི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། མཚན་དཔེས་སྤྲས་ཤིང་སྐུ་ལ་ཆོས་གོས་རྣམས་གསུམ་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་འོད་ཀྱི་ཕུང་པོའི་དབུས་ན་བཞུགས་པ། དེའི་སྤྱི་བོར་ༀ་ནས་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། བདེ་བ་ཅན་ནས་རྒྱལ་བ་འོད་དཔག་མེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། རང་གི་ལུས་ཀྱི་ནང་དྲང་པོར་རྩ་དབུ་མ་མདའ་སྨྱུག་ཙམ་ཞིག་མར་སྣ་ལྟེ་འོག་དང་ཡར་སྣ་ཚངས་བུག་ཁང་ཐལ་གྱིས་ཟུག་པའི་སྙིང་ཁའི་ཐད་ཀྱི་དབུ་མར་རང་གི་རྣམ་པར་ཤེས་པ་ཐིག་ལེ་དཀར་པོ་རྒྱ་སྲན་ཙམ་འཕར་ཞིང་འཕུར་ལ་ཁད་པ་ཞིག་ཏུ་གྱུར་པར་བསམས་ལ། དེ་ནས་སྤྱི་བོའི་འོད་དཔག་མེད་ལ་དམིགས་ཏེ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རྒྱལ་བ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་པ་ལན་མང་དུ་བརྗོད་ནས། སྡིག་ལྟུང་ཐམས་ཅད་བཤགས་སོ། །དགེ་བ་ལ་རྗེས་སུ་ཡི་རང་ངོ་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ལོ། །མྱ་ངན་ལས་མི་འདའ་བར་རྟག་པར་བཞུགས་སུ་གསོལ། །དགེ་བ་ཀུན་ཀྱང་སངས་རྒྱས་ཐོབ་པའི་རྒྱུད་བསྔོའོ། །ཞེས་པའམ། རྒྱས་པར་ན་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་སོགས་བྱ། དེ་ནས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་འོད་དཔག་མེད་ལ་གསོལ་བ་འདེབས་སོ། །ཅི་ནུས་བརྗོད་པའི་མཐར་དེ་དང་། ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། ཞེས་སྦྱར་བ་གཉིས་སྤེལ་ནས་ཉེར་གཅིག་རེ་བརྗོད་པའི་རྗེས་སུ། ཞེས་གསོལ་བ་བཏབ་པས་མགོན་པོ་འོད་དཔག་མེད་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཞིག་ནར་གྱིས་བྱུང་སྟེ་རང་གི་རྣམ་ཤེས་ཐིག་ལེར་གསལ་བ་ལ་ཟུག་པར་གྱུར་པར་བསམས་ལ། གྱེན་དུ་འདྲེན་པའི་དམིགས་པས། འོག་རླུང་གྱེན་དུ་འཐེན་པ་དང་མཉམ་དུ་ཧི་ཀ་ཅས་བརྗོད་པས། ཐིག་ལེ་དེ་ཉིད་དབུ་མའི་ལམ་ནས་ཡང་འཕངས་ཏེ་ཚངས་བུག་ལ་རག་ཙམ་རེ་བྱས་ནས་སླར་ཕབ། དེ་ལྟར་རེས་མོས་བྱེད་པའི་ཚུལ་གྱིས་ཞག་བདུན་ནམ་གསུམ་ལ་སོགས་པར་སྦྱངས་པས་འབྱོངས་བའི་རྟགས་སྤྱི་བོ་ཟ་བའམ་འབུར་བ་རེངས་པ་སོགས་འབྱུང་ཞིང་། མཐར་འོད་དཔག་མེད་རང་གི་སྤྱི་བོ་ནས་ཞུགས་ཏེ་སྙིང་ཀར་ཚེ་དཔག་མེད་ཀྱི་རྣམ་པར་ཞུགས་པར་བསམས་ལ། །ཨ་མཱ་ར་ཎི་འདོན་ནོ། །གཉིས་པ་རང་ཉིད་འཆི་བའི་ཚེ། རང་གི་སྤྱི་བོར་འོད་དཔག་མེད་སྔར་བཞིན་བསྒོམས་ནས་ཡན་ལག་བདུན་པ་གསོལ་འདེབས་ཉེར་གཅིག་བརྗོད་པའི་བར་བྱས་ཏེ། ཟབ་ལམ་འཕོ་བ་འབྱོངས་པར༴ འཕོ་བས་མཁའ་སྤྱོད་བགྲོད་པར༴ གནར་གཅོད་གཤིན་རྗེའི་འཇིགས་ལས་སྐྱོབ་ཏུ་གསོལ། །འཇིགས་རུང་བར་དོའི་འཕྲང་ལས་བསྒྲལ་ཏུ་གསོལ། ། བདག་ཉིད་འདི་ནས་ཤི་འཕོས་གྱུར་མ་ཐག ཁྱོད་ཀྱི་ཐུགས་རྗེའི་འོད་ཟེར་ལྕགས་ཀྱུ་ཡིས། །ཞིང་མཆོག་བདེ་བ་ཅན་དེར་འཁྲིད་དུ་གསོལ། །རེ་ས་གཞན་ན་མེད་དོ་ཐུགས་རྗེས་གཟུང་། །ཞེས་སྦྱར་བ་མང་དུ་བརྗོད་པའི་མཐར། ཞེས་གསོལ་བ་བཏབ་པས་ནས་ཧཱི་ཀ་ཅེས་བརྗོད་པས་ཐིག་ལེ་དེ་ཉིད་དབུ་མའི་ལམ་ནས་གྱེན་དུ་འཕངས་ཏེ་སྤྱི་བོའི་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པས། དེ་ཉིད་བདེ་བ་ཅན་དུ་མདའ་འཕངས་པ་ལྟར་གཤེགས། རྣམ་ཤེས་མགོན་པའི་ཐུགས་ཀ་ནས་ཕྱིར་འཐོན་ཏེ། པདྨོའི་དབུས་སུ་བརྫུས་ཏེ་སྐྱེས་པར་བསམས་ལ། རྒྱལ་བའི་དཀྱིལ་འཁོར་སོགས་བསྔོ་སྨོན་བྱའོ། །ཚུལ་འདི་ཡང་ལན་རེ་ཙམ་གྱིས་ནི་མི་ཆོག་པས་སྐབས་དང་སྦྱར་རོ། །གསུམ་པ་གཞན་ལ་སྦྱོར་ན། ཚེ་འདས་ཀྱི་སྤྱི་བོར་འོད་དཔག་མེད་བསྐྱེད་ཚུལ་སོགས་ཤེས་པར་བྱ་ལ། འཕོ་བ་འབྱོངས་ཞེས་པར་ཐེབས་པར་ཞེས་བསྒྱུར་ཀྱང་རུང་ངོ་། །གསུམ་པ་བྱམས་པ་ལ་བརྟེན་པའི་འཕོ་བ་ཉམས་སུ་ལེན་པ་ལ་གསུམ། རང་གིས་སྦྱོང་བ། རང་ལ་འདེབས་པ། གཞན་ལ་སྦྱར་བའོ། །དང་པོ་ནི། སྐྱབས་འགྲོ་སོགས་བྱས་ནས། རང་གི་ལུས་ཀྱི་དྲང་པོ་རྩ་དབུ་མ། །མདའ་སྙུག་ཙམ་ཞིག་མར་སྣ་ལྟེ་འོག་དང་། །ཡར་སྣ་ཚངས་བུག་ཐལ་གྱིས་ཟུག་པ་ལ། །སྙིང་ཀར་རང་སེམས་ཐིག་ལེ་རྒྱ་སྲན་ཙམ། །དཀར་འཚེར་འབར་ཞིང་འཕུར་ལ་ཁད་དུ་གྱུར། །རང་གི་སྤྱི་བོའི་ཐད་ཀྱི་ནམ་མཁའི་དབྱིངས། །དགའ་ལྡན་ཆོས་ཀྱི་ཕོ་བྲང་དམ་པ་རུ། །བྱམས་མགོན་གསེར་མདོག་ཉི་འོད་འབུམ་འཕྲོ་བ། །ཕྱག་གཉིས་ཆོས་འཁོར་མཚན་དཔེའི་འོད་སྟོང་འབར། །དགྱེས་པའི་འཛུམ་ལྡན་ཆོས་གོས་རྣམ་གསུམ་གསོལ། །སྐྱོན་བྲལ་ཡོན་ཏན་ཀུན་གྱི་བདག་ཉིད་ཅན། །བཟང་པོའི་འདུག་སྟངས་ཉིད་ཀྱིས་མངོན་སུམ་བཞུགས། །རྒྱལ་བའི་རྒྱལ་ཚབ་མི་ཕམ་ཆོས་ཀྱི་རྗེར། །གྲངས་མེད་ལུས་སྤྲུལ་སྒོ་གསུམ་གུས་ཕྱག་འཚལ། །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་དང་། །བདག་ལུས་ལོངས་སྤྱོད་དགེ་ཚོགས་བཅས་ཏེ་འབུལ། །སྒོ་གསུམ་སྡིག་ལྟུང་ཐམས་ཅད་སོ་སོར་བཤགས། །རང་བཞིན་ཀུན་གྱི་དགེ་ལ་རྗེས་ཡི་རང་། །བསྐལ་བརྒྱར་མྱ་ངན་མི་འདའ་རྟག་བཞུགས་ནས། །འགྲོ་ལ་ཟབ་རྒྱས་ཆོས་འཁོར་བསྐོར་དུ་གསོལ། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །སྐྱབས་གནས་ཀུན་འདུས་རྗེ་བཙུན་བྱམས་མགོན་ལ། །རྩེ་གཅིག་གདུངས་ཤུགས་དྲག་པོས་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །དགའ་ལྡན་གནས་སུ་སྐྱེ་བར་བྱིན་གྱིས་རོབས། །ཞེས་གསོལ་འདེབས་ཅི་ནུས་བྱས་ལ། དེ་ལྟར་གསོལ་བས་བྱམས་མགོན་ཐུགས་ཀ་ནས། །འོད་ཀྱི་སྦུ་གུ་རྒྱངས་ཀྱིས་བྱུང་ནས་ནི། །རང་གི་སྤྱི་བོའི་ཚངས་བུག་མཐར་སྐོར་ཟུག །སླར་ཡང་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཞིང་། །འོད་སྦུབས་ནང་བརྒྱུད་རང་གི་ཚངས་བུག་ནས། །དབུ་མའི་ལམ་ཞུགས་རྣམ་ཤེས་ཐིག་ལེའི་སྟེང་། །བཏབ་དྲངས་ཐིག་ལེ་གྱེན་སོང་ཚངས་བུག་ལ། །རེག་ཙམ་བྱས་ཏེ་སླར་ཡང་སྙིང་ཀར་བབ། །ཅེས་བརྗོད་ཅིང་བསམས་ལ། འོག་རླུང་གྱེན་དུ་འཐེན་པ་དང་མཉམ་དུ་ཧཱི་ཀ་ཅེས་བརྗོད་པས་ཐིག་ལེ་ཡང་འཕེན་ཅིང་། སླར་ཡང་མར་འབེབས་པའི་ཚུལ་གྱིས་ཞག་བདུན་ནམ་གསུམ་སོགས་སྦྱངས་པས་རྟགས་འབྱུང་ངོ་། །གཉིས་པ་ནི། རང་འཆི་བའི་ཚེ། སྔར་ལྟར་བྱས་ནས། དགའ་ལྡན་གནས་སུ་སྐྱེ་བར་བྱིན་གྱིས་རློབས། །ཞེས་མང་དུ་བརྗོད་པའི་མཐར། གནད་གཅོད་བར་དོའི་འཁྲུལ་སྣང་སྡུག་བསྔལ་དང་། །ངན་སོང་གཤིན་རྗེའི་འཇིགས་ལས་སྐྱོབ་ཏུ་གསོལ། །གསོལ་བ་འདེབས་སོ་བྱམས་མགོན་ཐུགས་རྗེ་ཅན། །བདག་ནི་འདི་ནས་ཤི་འཕོས་གྱུར་མ་ཐག །ཁྱོད་ཀྱི་ཐུགས་རྗེའི་འོད་ཟེར་ལྕགས་ཀྱུ་ཡིས། །དགའ་ལྡན་གནས་དེར་ངེས་པར་དྲང་དུ་གསོལ། །རེ་ས་གཞན་ན་མེད་དོ་ཐུགས་རྗེས་གཟིགས། །དེ་ལྟར་གསོལ་བས་བྱམས་མགོན་ཐུགས་ཀ་ནས། །ཞེས་པ་ནས། བཏབ་དྲངས་ཐིག་ལེ་སྐར་མདའ་འཕངས་པ་བཞིན། །སོང་སྟེ་རྗེ་བཙུན་ཐུགས་ཀར་ཐིམ་པར་གྱུར། །ཧཱི་ཀ་ཕཊ་ཅེས་བརྗོད་ཅིང་བསམ་པ་ལན་གཅིག་ཙམ་གྱིས་འགྲུབ་པའི་ངེས་པ་མེད་པས་ཅི་ནུས་བྱས་ཏེ། རྣམ་ཤེས་སླར་འཐོན་ཡིད་དགའ་ཆོས་འཛིན་དུ། །པདྨོའི་ལྟེ་བའི་དབུས་སུ་བརྫུས་སྐྱེས་ནས། །མི་ཕམ་ཆོས་རྗེའི་ཞལ་བཟང་མངོན་མཐོང་ཞིང་། །གསུང་གི་བདུད་རྩི་ངོམས་མེད་འཐུང་བར་ཤོག །འདི་ནས་ཤི་འཕོས་གྱུར་མ་ཐག །ཞེས་སོགས་བསྔོ་སྨོན་བྱའོ། །གསུམ་པ་ནི། རང་ཞེས་པ་ཚེ་འདས་སུ་བསྒྱུར་བ་མ་གཏོགས་བཤད་མ་ཐག་པ་བཞིན་བྱའོ། །དེང་དུས་སྙིགས་མའི་འགྲོ་བ་རྣམས། །དག་པའི་ཞིང་དུ་བགྲོད་པའི་ཐབས། །མ་བསྒོམས་འཚང་རྒྱའི་མན་ངག་མཆོག །འཕོ་བའི་གདམས་ངག་འདི་ཀོ་མཚར། །ཅེས་འཕོ་བའི་ཉམས་ལེན་འཁྱེར་བདེ་བར་བཀོད་པ་རྣམ་པ་གསུམ་པོ་འདི་ནི། དད་སྟོབས་རྣམ་དཔྱོད་དང་ལྡན་པའི་གནས་བརྟན་འཇམ་དབྱངས་སྦྱིན་པས་ལྷུང་བཟེད་ཀྱི་སྟེར་སྦྱིན་དང་བཅས་ཏེ་བསྐུལ་བས་རྐྱེན་བྱས་ཤིང་མཆོག་དམན་གང་ཡང་འཆི་ཀའི་དུས་སུ་ངེས་པར་དགོས་པའི་གདམས་ངག་གི་རྒྱལ་པོ་ལྟ་བུར་མ་ཟད། སྡིག་ཅན་ཡིན་ཡང་ངན་འགྲོའི་སྐྱེ་སྒོ་བཙན་ཐབས་སུ་གཅོད་པའི་གདམས་པར་བཤད་པར་མཐོང་ནས་གཞན་ལ་ཕན་འདོད་ཀྱི་བསམས་པས་དམ་པའི་མན་ངག་ལས་འབྱུང་བའི་དོན་དང་མཐུན་པར་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས་སྦྱར་བའོ།། །།༈ ན་མོ་ཨ་མི་ཏེ་བྷྱཿ འདིར་བདེ་བ་ཅན་གྱི་ཞིང་དུ་བགྲོད་པའི་ཉམས་ལེན་རྒྱུན་འཁྱེར་དུ་བྱེད་པར་འདོད་ན་འོད་དཔག་མེད་ཀྱི་སྐུ་ཡོད་ན་བཀྲམ་སྟེ། དེའི་ཞིང་གི་སྣོད་བཅུད་ཀྱི་འབྱོར་བའི་ཡོན་ཏན་རྣམས་ཞིང་བཀོད་ཀྱི་མདོ་ལས་འབྱུང་བ་ལྟར་ཤེས་ཤིང་དྲན་པའི་ཚུལ་ཅི་རིགས་སྔོན་དུ་བཏང་ནས། དེར་སྐྱེ་འདོད་ཀྱི་འདུན་པར་ཤུགས་ཅན་དང་ལྡན་པས་སྐྱབས་འགྲོ་སོགས་བྱས་ལ། ཕུལ་བྱུང་མཛད་པས་འགྲོ་ལ་ནས་གཤེགས་ཤིག །ཅེས་པའི་བར་རམ། ཡང་ན་རྨད་བྱུང་ཞིང་གི་མཆོག་གྱུར་བདེ་ལྡན་གྱི། །འདྲེན་པ་འོད་དཔག་མེད་མགོན་འཁོར་དང་བཅས། །ཤུག་དྲག་དད་པའི་ཡིད་ཀྱིས་སྤྱན་འདྲེན་ན། །འདིར་གཤེགས་སྨོན་པ་འགྲུབ་པའི་དབང་པོ་མཛོད། །མདུན་གྱི་ནམ་མཁར་ཁྲི་སྟེང་པད་ཟླའི་སྟེང་། །སྐྱབས་གནས་ཀུན་འདུས་བླ་མ་འོད་དཔག་མེད། །སྐུ་མདོག་དམར་པོ་མཚན་དཔེའི་གཟི་བརྗིད་འབར། །ཞལ་གཅིག་ཕྱག་གཉིས་མཉམ་གཞག་ཕྱག་རྒྱའི་སྟེང་། །འཆི་མེད་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས། །ཆོས་གོས་གསུམ་གསོལ་འོད་ཀྱི་ཕུང་པོའི་དབུས། །རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་མཐའ་སྐོར་དུ། །སྤྱན་རས་གཟིགས་དབང་མཐུ་ཆེན་ཐོབ་ལ་སོགས། །འཁོར་ཚོགས་རྒྱ་མཚོས་ཡོངས་སུ་བསྐོར་བར་གྱུར། །ཞེས་པས་སྤྱན་དྲངས་ཏེ་གསལ་གདབ། ཇི་སྙེད་སུ་དག་སོགས་ཀྱིས་ཡན་ལག་བདུན་པ་བྱ། ཤིན་ཏུ་བསྡུ་ན། རྒྱལ་བ་འོད་དཔག་མེད་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །མཆོད་ཚོགས་མ་ལུས་པ་འབུལ་ལོ། །སྡིག་ལྟུང་ཐམས་ཅད་འཆགས་སོ། །དགེ་ཚོགས་མཐའ་དག་ལ་རྗེས་སུ་ཡི་རང་ངོ་། །རྒྱལ་བ་ཐམས་ཅད་ལ་ཆོས་འཁོར་བསྐོར་བར་བསྐུལ་ལོ། །མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ། །དགེ་བ་ཀུན་ཀྱང་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བའི་རྒྱུར་བསྔོའོ། །ཞེས་བྱ། དེ་ནས། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །གསོལ་བ་འདེབས་སོ། །ཞེས་ཅི་ནུས་དང་། མགོན་པོ་འོད་དཔག་མེད་ལ་སོགས་པ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདེ་བ་ཅན་གྱི་ཞིང་དུ་སྐྱེས་ནས་མགོན་པོ་འོད་དཔག་མེད་ཀྱི་བཀའ་ལུང་ཡང་དག་པར་ནོད་པར་བགྱིའོ། །དེ་ནས་བདག་གཞན་གྱི་དགེ་བའི་རྩ་བ་ཅི་མཆིས་པའི་མཐུ་དང་། འཕགས་པའི་བཀའ་མི་འགྱུར་ཞིང་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་བདེན་པའི་སྟོབས་ཀྱིས། བདག་འདི་ནས་ཤི་འཕོས་མ་ཐག་ཏུ་བདེ་བ་ཅན་གྱི་ཞིང་དུ་པདྨོ་ལས་བརྫུས་ཏེ་སྐྱེ་བར་གྱུར་ཅིག །སྐྱེས་མ་ཐག་ཏུ་གཟུངས་སྤོབས་ལ་སོགས་པའི་ཡོན་ཏན་གྱི་ཚོགས་མཐའ་ཡས་པ་མངོན་དུ་གྱུར་ཏེ། སྟོན་པ་འོད་དཔག་ཏུ་མེད་པ་ལ་སོགས་པ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་ཐུགས་མཉེས་པར་བྱེད་ཅིང་། སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྫུ་འཕྲུལ་གྱིས་ཐོགས་མེད་དུ་བགྲོད་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་གྱུར་ཅིག །ཅེས་པ་ལན་གསུམ་སོགས་བྱ། དེ་ནས་རྒྱས་པར་ན་བཟང་སྤྱོད་དང་། བདེ་བ་ཅན་གྱི་སྨོན་ལམ་ཡོངས་རྫོགས་སམ། བསྡུ་ན། རྒྱལ་བའི་དཀྱིལ་འཁོར་སོགས་དང་ནམ་ཞིག་ཚེ་ཡི་ནས་འདྲེན་གྱུར་ཅིག །གི་བར་དང་། ཇི་སྲིད་ཐུབ་མཆོག་ནས་མྱུར་འགྲུབ་ཤོག །ཅེས་པའི་བར་གཅིག་གམ་གསུམ་སོགས་བརྗོད་ལ། མདུན་གྱི་ནམ་མཁར་འོད་དཔག་མེད་འཁོར་བཅས་མངོན་སུམ་དུ་བཞུགས་པར་མོས་ཏེ། རང་གི་སྙིང་ཀར་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དཀར་པོ་འོད་ཀྱི་རང་བཞིན་ཅན་རྒྱ་སྲན་ཙམ་ཞིག་གསལ་བཏབ་སྟེ་དེ་རང་གི་དབུགས་ཕྱིར་འགྲོ་བ་ན་སྤྱི་བོ་ནས་འཐོན། འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ། དབུགས་ནང་དུ་རྔུབ་པ་ན་ཐུགས་ཀ་ནས་ཕྱིར་འཐོན་ཏེ་རང་གི་སྤྱི་བོ་ནས་སྙིང་ཁར་ཞུགས་པའི་རིམ་པ་ཅི་ནུས་བགྲང་། དེ་ལྟར་མང་དུ་བྱས་པས་སྤྱི་བོ་ཟ་བ་སོགས་བྱུང་ན་ཐིག་ལེ་རང་གི་སྣ་བུག་གཡས་ནས་བྱུང་། འོད་དཔག་མེད་ཀྱི་ཤངས་བུག་གཡོན་ནས་ཞུགས་ཏེ་ཐུགས་ཀར་ཐིམ། སླར་ཤངས་བུག་གཡས་ནས་འཐོན། རང་གི་སྣ་བུག་གཡོན་དུ་ཞུགས་ནས་སྙིང་ཀར་ཐིམ་པའི་དམིགས་པ་བྱ། ཐུན་མཐར་འོད་དཔག་མེད་འཁོར་བཅས་རང་ལ་ཐིམ་པས། རང་ཉིད་འོད་དཔག་མེད་པར་བསམས་ལ། ༀ་ཨ་མི་ཏཱ་བྷ་ཧྲཱིཿ ཞེས་ཅི་ནུས་བཟླས་ནས། སྨོན་ལམ་གདབ་བོ། །ཡང་ཉལ་སྒོམ་བྱེད་པར་འདོད་ན། གཞོགས་གསལ་ཕབ་ནས་སེང་གེའི་ཉལ་སྟབས་ཀྱིས། སྔར་བཞིན་ཉམས་ལེན་བྱས་ནས། མཇུག་ཏུ་རང་གི་གནས་གསུམ་དུ་ཡི་གེ་གསུམ་བཀོད་ལ། ཞིང་དེར་འཕོ་འདུན་གྱིས་གཉིད་ལོག །སྤྱོད་ལམ་ཐམས་ཅད་དུའང་འོད་དཔག་མེད་ཀྱི་དྲུང་དུ་འགྲོ་འདུག་བྱེད་པར་མོས། དེ་ལྟར་ལན་མང་དུ་བྱས་ན། བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེ་ཡང་སངས་རྒྱས་ཀྱི་ཞིང་དག་པ་འགའ་ཞིག་ཏུ་སྐྱེ་དཀའ་ལ། ཞིང་ལ་ལར་སྐྱེས་ཀྱང་ངན་འགྲོར་ལྡོག་སྲིད་པས་དགོས་པ་མི་འགྲུབ། བདེ་བ་ཅན་གྱི་ཞིང་དུ་སྐྱེས་ན་ཕྱིར་ངན་འགྲོར་ལྡོག་མི་སྲིད་ཅིང་། སྐྱེ་བའི་རྒྱུ་ཚོགས་ཀྱང་རང་ཅག་གིས་བསྒྲུབ་མི་དཀའ་བར་དགོངས་ནས། སྟོན་པས་མདོ་རྒྱུད་དུ་མ་ལས་ཞིང་དེའི་བསྔགས་པ་མང་དུ་བཤད་ལ། ཁྱད་པར་དུ་འོད་དཔག་མེད་རང་ཉིད་ཀྱི་ཞལ་ནས། ངས་ནི་སྔོན་གྱི་སྨོན་ལམ་འདི་སྐད་བཏབ། །སེམས་ཅན་གང་གིས་ང་ཡི་མིང་ཐོས་ནས། །ང་ཡི་ཞིང་དུ་རྟག་ཏུ་འོང་བར་ཤོག །ང་ཡི་སྨོན་ལམ་བཟང་པོ་དེ་རྫོགས་པས། །འཇིག་རྟེན་ཁམས་མང་དག་ནས་སེམས་ཅན་འོང་། །དེ་དག་ང་ཡི་ཞིང་དུ་ལྷག་ནས་ནི། །དེ་དག་སྐྱེ་བ་གཅིག་ལས་ཕྱིར་མི་ལྡོག །ཞེས་གསུངས་སོ། །ཅེས་པ་འདི་ཡང་གནས་བརྟན་འཇམ་དབྱངས་སྦྱིན་པས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས། གཞན་ལའང་ཕན་འདོད་ཀྱི་བསམ་པས་སྦྱར་བའོ། །མངྒལཾ།། །།

གཟུངས་གཞུག་འབུལ་བ་དང་རབ་གནས་བྱ་ཚུལ་མདོར་བསྡུས་འཁྱེར་བདེ།

གཟུངས་གཞུག་འབུལ་བ་དང་རབ་གནས་བྱ་ཚུལ་མདོར་བསྡུས་འཁྱེར་བདེ་ཞེས་བྱ་བ་བཞུགས།

ན་མོ་བཛྲ་དྷཱ་ར་ཡེ། འདིར་རྟེན་ལ་གཟུངས་གཞུག་འབུལ་བ་དང་། རབ་གནས་བྱེད་ཚུལ་ཚང་ལ་མདོར་བསྡུས་ཞིག་བརྗོད་ན། གཉིས་ལས། དང་པོ་ནི། སྲོག་ཤིང་ཙནྡན་དང་ཤུག་པ་སོགས་བྱུང་ནས་བཅད་པའི་གོང་ནས་ཕྱོགས་མི་ནོར་བའི་མཚན་མ་བཏབ་པ་མཆོད་རྟེན་གྱི་ཆོས་འཁོར་ཡན་ཆད་དམིགས་བསལ་ཟླུམ་པོ་དང་། གཞན་གྲུ་བཞི་པ། རྩ་བ་ནས་རྩེའི་བར་རིམ་གྱིས་ཕྲ་སྦོམ་ཡོད་པའི་རྩེ་མོར་རྣམ་རྒྱལ་མཆོད་རྟེན་བརྐོ་བའམ་བྲི། དེ་མ་གྲུབ་ན་བྷྲུཾ་འབྲི་སྲོལ་ཡང་འདུག་ཅིང་། རྩ་བར་རྡོ་རྗེ་ཕྱེད་པ་བརྐོ་བ་འམ་བྲི་བ་གང་བ་དེ། རིང་ཐུང་ནི། སྐུ་གཟུགས་ལ་སྐྱིལ་ཀྲུང་ངམ་ལྟེ་བ་ཡན་ཆད་དང་། མཆོད་རྟེན་ལ་གདུང་ཆེན་ཡན་གྱི་ཆད་དུ་བྱ། ཡི་གེ་བྲིས་པའི་མདོག་དང་མི་ཟློས་པའི་དྲི་ཚོན་གྱིས་བྱུག །གནས་ལྔའི་ཐད་དུ་རིམ་པར། ༀ་ཨཱཿཧཱུཾ་ཏྲཱཾ་ཧྲཱིཿ ཞེས་དང་། སྐུའི་དབུ་དབྱིངས་དང་མཆོད་རྟེན་གྱི་བྲེ་ཐད་ཙམ་ལ། ༀ་སརྦ་བིདྱ་སྭཱ་ཧཱ་དང་། མཁྲིན་པའི་ཐད་དུ་དབྱངས་དང་གསལ་བྱེད། ཐུགས་ཀའི་ཐད་དུ། ༀ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ་དང་། ལྷ་གང་ཡིན་གྱི་སྔགས་ལ་སྤེལ་ཚིག་སྦྱང་བ། ལྟེ་བའི་ཤར་ངོས་ལ་རྣམ་རྒྱལ། ལྷོར་དྲི་མེད། ནུབ་ཏུ་གསང་བ་རིང་བསྲེལ། བྱང་དུ་བྱང་ཆུབ་རྒྱན་འབུམ་གྱི་གཟུགས་རིང་ཐུང་གཉིས་ཀའམ་གང་འགྲུབ། བཞི་ཀའི་གཤམ་དུ་རྟེན་འབྲེལ་སྙིང་པོ་དང་། དེ་བོད་སྐད་དུ་བསྒྱུར་བ་དང་གཉིས་ཀའང་གང་རུང་དང་། བཟོད་པ་དཀའ་ཐུབ་སོགས་ཐམས་ཅད་དམ་གང་ཐུབ། གསང་གནས་ཀྱི་ཐད་དུ་ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ་ཞེས་པ་རྣམས་བྲི། གཟུངས་ཤོག་རྣམས་དྲས་ཏེ་འཐུད་དགོས་པ་རྣམས་འཐུད་ལ་དྲི་བཟང་པོས་བྱུག་སྟེ་དབུ་ནས་ནང་དུ་དམ་པོར་གྲིལ། དབུ་ཞབས་མི་ནོར་བ་དང་གཟུངས་གང་ཡིན་གྱི་རྟགས་བྱ། བགེགས་བསྐྲད་རབ་གནས་ནི། གཟུངས་བསྒྲིལ་མ་བསྒྲིལ་གྲུབ་ཟིན་པའི་སྐབས་གསུམ་གའམ། མ་གྲུབ་ན་སྔ་ཕྱི་གཉིས་ཀྱི་ཚེ་བྱ་ཞིང་། གནོད་སྦྱིན་འཁོར་ལོ་འབྲི་བསྒྲུབ་སོགས་འདོད་ན་གཞན་ནས་འབྱུང་བ་ལྟར་བྱའོ། །འབུལ་བའི་ཚེ། སྲོག་ཤིང་། གཟུངས། བྱིན་རྟེན། དྲི། སྨན། འབྲུ། རིན་པོ་ཆེ། དར་སོགས་ཡོ་བྱད་གང་དགོས་ནམ་སྟ་གོན་བྱས་ལ། དབང་བསྐུར་རབ་གནས་སྦྱིན་སྲེག་སོགས་གང་ལའང་དཀྱིལ་འཁོར་གྱི་ལྷའི་བསྙེན་པ་སྔོན་དུ་མ་སོང་ན་མི་རུང་བར་བཤད་པས། དེ་སྔོན་དུ་སོང་བའི་འགུལ་བ་པོས། རྟེན་རྣམས་བགེགས་བསྐྲད་རབ་གནས་བྱས་ཏེ། ༀ་མནྟཱ་དྷཱ་ཏུ་གནྡྷཱ་ཝ་སྭཱ་ཧཱ། ཞེས་དང་། བཀྲ་ཤིས་པའི་ཚིགས་བཅད་ཅི་རིགས་འདོན་ཅིང་འབུལ། རྟེན་གཞུག་པའི་རིམ་པ་ལ། བླ་མ་དམ་པའི་རིང་བསྲེལ་ཁྱད་པར་ཅན་དབུ་སྐྲ་དང་ན་ཟའི་ཚལ་བུ་ཅི་རིགས་དང་། ཁྱད་པར་དེ་བཞིན་གཤེགས་པའི་འཕེལ་གདུང་ཡོད་ན་སྐུ་གཟུགས་ཀྱི་དབུའི་གཙུག་དང་། མཆོད་རྟེན་གྱི་ཏོག་དང་གདུགས་ཀྱི་ནང་དུ་གཞུག །ནོར་བུ་རྒྱས་པའི་གཞལ་མེད་ཁང་གི་གཟུངས་མཛོད་སྤུའི་ཐད། བླ་མ་བརྒྱུད་པའི་མཚན་སྔགས་དང་གདུགས་དཀར་གཙུག་ཏོར་འཁོར་བསྒྱུར་གྱི་གཟུངས་རྣམས་ནོར་བུ་རྒྱས་པའི་འོག་དང་མཆོད་རྟེན་གྱི་བྲེལ་ན། དབྱངས་གསལ་སོགས་གསུང་མཚོན་པའི་རིགས་རྣམས་སྐུའི་མགུལ་དང་མཆོད་རྟེན་གྱི་ཞབས། བླ་མེད་ཀྱི་གཟུངས་དང་ཐུགས་རྡོ་རྗེ་མཚོན་པའི་རིགས་རྣམས་སྐུའི་སྟོད་དང་མཆོད་རྟེན་གྱི་བུམ་སྟོད། རྣལ་འབྱོར་རྒྱུད་སྤྱོད་རྒྱུད་བྱ་རྒྱུད་ཀྱི་གཟུངས་རྣམས་གོ་རིམ་བཞིན་དུ་སྐུའི་སྐེད་དང་བུམ་སྐེད། གཟུངས་ཆེན་སྡེ་ལྔ་དང་ཡངས་པའི་གྲོང་ཁྱེར་དུ་འཇུག་པ་དང་མདོ་གཟུངས་རྣམས་སྐུའི་ལྟེ་འོག་དང་མཆོད་རྟེན་གྱི་བུམ་སྨད་དུ་འཇུག་ཅིང་། སྲོག་ཤིང་ཡོད་ན་དེ་ལ་འཆིང་། སྟོད་སྨད་བར་གསུམ་གྱི་གཟུངས་རྣམས་ལན་བཟའ་དང་མཚམས་དང་སེར་པོ་ལེགས་པར་བཏང་། གླེགས་བམ་འཇུག་ཚེ་བདེན་རང་རང་གི་གཟུངས་ཀྱི་ཐ་དད་དང་། མི་བདེན་བླ་མེད་སོགས་གོ་རིམ་མ་ལོག་པར་སྐུའི་སྐྱིལ་ཀྲུང་དང་མཆོད་རྟེན་གྱི་བང་རིམ་ནང་དུ་གཞུག་ཅིང་། ཤོག་གུའི་བར་བར་དུ་དྲི་བཟང་གི་ཕྱེ་མ་གདབ། དབུ་ཤོག་ཡར་ལོག་པའི་ཡི་གེ་དབུ་རྟེན་གྱི་རྒྱབ་ངོས་སུ་འོང་བར་བྱ་ནག་གྲིལ་གོས་དང་གང་འབྱོར་དང་ཕྱི་གྲིལ་དར་སེར་པོ་བྱས་ཏེ་གཞུག །སྐུའི་རིགས་བདེན་རང་གི་གཟུངས་ཀྱི་ཐད་དུ་གཞུག་དགོས་ནའང་བྲིས་ཐང་ཡིན་ན་གློ་ནས་གྲིལ་ཏེ་དབུ་ཞབས་མ་ལོག་པར་འཇུག །དེ་དག་གིས་མ་ཁེངས་པའི་བར་རྣམས་སུ་དྲི་བཟང་སྣ་ཚོགས་ཀྱི་ཕྱེ་མ་འཐུམ་པོར་བྱས་ཏེ་འགེངས། སྐུའི་པད་གདན་གྱི་སྟོད་དང་མཆོད་རྟེན་གྱི་ཁྲིའི་སྟོད་དུ་དབུས་སུ་བཀྲ་ཤིས་གཡས་སུ་ཆོས་སྐྱོང་། གཡོན་དུ་དཔལ་མགོན། རྒྱབ་ཏུ་ནོར་ལྷ་ཕྱོགས་སྐྱོང་རྒྱལ་ཆེན་སོགས་ཀྱི་སྔགས་སམ་ཡང་ན་གོ་རིམ་བཞིན་དུ་བྲིས་པ་གཞུག །དེ་དག་གི་བར་དུ་བྲའོ་སོགས་རྫས་ངན་གྱི་རིགས་མ་ཡིན་པའི་འབྲུ་རིགས་རྣམས་དར་རས་སེར་པོས་བཏུམས་ནས་བཅུག་སྟེ་མཚམས་དར་བཏང་། སེང་ཁྲིའི་ནང་གི་འོག་ཏུ་ཞབས་བཀག་འཁོར་ལོ། །དེའི་སྟེང་དུ་བུམ་གཏེར། དེའི་སྟེང་དུ་ཚོགས་བདག་དང་གནོད་སྦྱིན་འཁོར་ལོ་རྣམས་ཡོད་ན་དབུ་རྟེན་གྱི་རྒྱབ་ངོས་སུ་འོང་བར་བྱས་ཏེ་རིམ་པར་འཇོག་ཅིང་། བུམ་གཏེར་འཁོར་ལོའི་སྟེང་དུ་འཇོག་པའི་ལུགས་ཀྱང་ཡོད་པས་གང་བདེ། དམིགས་པས་ལ་ཚེ་ལྡན་ནམ་ཚེ་འདས་གང་གི་དོན་དུ་ཡིན་ན། དེ་དང་དེའི་ཁྱད་ཀྱིས་གཟུངས་དང་སྤེལ་ཚིག་སྦྱོར་ཚུལ་ཤེས་པར་བྱ་དེ་ཡང་སྡིག་སྦྱོང་གཙོ་བོ་ཡིན་ན། ཀུན་རིག་དང་མི་འཁྲུགས་པའི་གཟུངས་སོགས་གང་མང་འཇུག་དགོས་པའི་རིག་འགྲོས་སྦྱོར། དེ་དག་ནི་རྒྱལ་དབང་ལྔ་པའི་གསུང་དང་ལྕང་སྐྱ་ཞབས་ཀྱི་བཞེད་པ་བཞིན་བསྡུས་ནས་བཀོད་པ་ཡིན་ལ། དེ་ཡང་སྐུ་འདྲ་ཆེ་བའི་དབང་དུ་བྱས་པའོ། །སྐུ་ཆུང་བའི་རིགས་ཡིན་ན། བླ་གཟུངས་སོགས་ཐམས་ཅད་དམ། གང་མོས་ལོགས་སུ་བཀར་ཏེ་འཇུག་ལ། སྟེང་འོག་ཏུ་མ་ཆུད་ཚེ་དབུས་དང་གཡས་གཡོན་སོགས་ཀྱིས་བསྐོར་བ་བྱས་ཀྱང་རུང་། གཞན་འཇུག་མ་བདེ་ནའང་རྣལ་རྒྱལ་གཙུག་ཏོར་དྲི་མེད་གསང་བ་རིང་བསྲེལ་བྱང་ཆུབ་རྒྱན་འབུམ་རྟེན་འབྲེལ་སྙིང་པོ་སྟེ་གཟུངས་ཆེན་སྡེ་ལྔར་གྲགས་པ་ནི། རྒྱུད་ནས་རྟེན་གྱི་ནང་དུ་འཇུག་པར་གསུངས་པའི་གཟུངས་ཁྱད་པར་ཅན་ཡིན་པས། ཐམས་ཅད་དམ་གང་རིགས་འཇུག་པ་གནད་ཆེ། གཞུང་ནས་རིང་བསྲེལ་དང་ན་བཟའ་དབུ་སྐྲ་རྣམས་རྟེན་གྱི་གཙུག་གི་ནང་དུ་འཇོག་པ་བཤད་ཀྱང་། དེར་མ་ངེས་ཏེ། རྟེན་ཆུང་བའི་གཙུག་ཏུ་འཇོག་མ་བདེ་ན། དེའི་ཐུགས་ཀ་མན་ཆད་དུ་གཞུག་རུང་ཞིང་ཕྱག་ལེན་ཀྱང་ཡོད་པས་སོ། །དེ་ནས་བླ་མ་ཡི་དམ་སངས་རྒྱས་ཀྱི་སྐུའི་རིགས་རྣམས་ཀྱང་གོ་རིམ་སྤྱིར་གོང་དུ་བརྗོད་པ་ལྟར་ཡིན་ནའང་། མ་བདེ་བའི་ཚེ་སྐབས་བསྟུན་གྱི་བཞག་ཏུ་རུང་སྟེ། དངོས་པོའི་གནས་ཚོད་ལ་ནི། དེ་རྣམས་ལ་ཆེ་ཆུང་གི་ཁྱད་པར་མཐའ་གཅིག་ཏུ་དབྱེ་དཀའ་བའི་ཕྱིར་རོ། །གཉིས་པ་རབ་གནས་ནི། སྐྱབས་འགྲོ་སོགས་སྔོན་དུ་བཏང་ནས། བདག་བསྐྱེད་རྒྱས་པའམ། ཡང་ན་རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ནས་བཞེངས་པར་གྱུར། ནང་མཆོད་ཡོད་ན་བྱིན་བརླབ་བྱ་ཞིང་། བུམ་པ་རྫས་མགུལ་འཆིང་དང་ལྡན་པ་བསངས་སྦྱངས་སྟོང་པའི་ངང་ལས་པཾ་ལས་བྱུང་བའི་བུམ་པ་མཚན་ཉིད་ཐམས་ཅད་དང་ལྡན་པའི་ནང་དུ་རྫས་རྣམས་རྟེན་གྱི་དྲི་མ་ཐམས་ཅད་སྦྱོང་བའི་ནུས་པ་ཅན་དུ་བྱུང་། ཧྲཱིཿཥྚིཿདང་གཟུངས་ཅི་རིགས་བཟླས་ནས་བྱིན་གྱིས་བརླབས། དེ་ནས་རྟེན་གསུམ་ཀ་ཡོད་ན། སྐུ་རྟེན་རྣམས་ཧྲཱིཿཥྚིཿས་བསངས་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར་འཁྱུད་པ། གཟུངས་དང་གསུང་རབ་རྣམས་བསངས་སྦྱངས། སྟོང་པའི་ངང་ལས་ཧྲཱིཿལས་པདྨ་ཧྲཱིཿམཚན་པ་ཡོངས་སུ་གྱུར་པ་ལས་འོད་དཔག་མེད་དམར་པོ་ཞལ་གཅིག་ཕྱག་གཉིས་པདྨ་དང་དྲིལ་བུ་འཛིན་པས་ཡུམ་གོས་དཀར་མོ་ལ་འཁྱུད་པ། མཆོད་རྟེན་ནས་སཱཙྪ་གཙུག་ལག་ཁང་བསངས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་རྣམ་སྣང་དཀར་པོ་ཞལ་གཅིག་ཕྱག་གཉིས་འཁོར་ལོ་དང་དྲིལ་བུ་འཛིན་པས་ཡུམ་སྤྱན་མ་ལ་འཁྱུད་པ། གསུམ་ཀའང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རྟེན་གསུམ་ཀ་མེད་ཚེ་གང་རུང་ཞིག་བསྐྱེད་ན་ནི་གསུམ་ཀའང་ཞེས་ལ་འདོར་རོ། །ལུངས་ཀར་ལ་དྲག་སྔགས་བཏབ་པ་སྟ་གོན་བྱས་ལ། རང་གི་ཐུགས་ཀའི་ཧཱུཾ་ལས་གཤིན་རྗེ་གཤེད་དཔག་ཏུ་མེད་པ་འཕྲོས། རྟེན་རབ་ཏུ་གནས་པ་ལ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་བསྐྲད་པར་གྱུར། ༀ་སུམ་བྷ་ནི་བརྗོད་ཅིང་ཡུངས་ཀར་གྱིས་བྲབ། གུ་གུལ་གྱིས་བདུག་པ་སོགས་བྱ། རྒྱས་པར་ན་ཁྲོ་བོ་སྤྱན་འདྲེན་ཅིང་། བགེགས་ལ་གཏོར་མ་སྦྱིན་པ་དང་། བདེན་བརྗོད་ཀྱང་བྱའོ། །དེ་ནས་ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །སོགས་ཀྱིས་རྟེན་ལ་ཁྲུས་གསོལ་རྒྱས་བསྡུས་སྐབས་དང་བསྟུན་ནས། ལྷ་རྣམས་ཀྱི་སྤྱི་བོར་ༀ་དཀར་པོ། ནས་མཚན་པར་གྱུར། ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ལ་སངས་རྒྱས་བྱང་སེམས་ཀྱི་ཚོགས་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་སོགས་ཚིགས་སུ་བཅད་པ་གཅིག་གིས་སྤྱན་དྲངས་ནས། ༀ་སརྦ་ཏ་ཐཱ་ག་ཏཱ་ཨརྒྷཾ་པྲ་ཏཱིཙྪ་ནས་ཤཔྟའི་བར་གྱིས་མཆོད། ཛཿཧཱུཾ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ༀ་པཉྩ་ཀུ་ལས་པཱ་རི་ཝ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ༀ་སརྦ་ཏ་ཐཱ་ནས་ཤྲཱི་ཡེ་ཧཱུཾ། ཞེས་དབང་བསྐུར་བས། ལུས་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། སྤྱན་དབྱེ་མཚམས་འདིར་བྱས་ཀྱང་རུང་ཡང་། འོག་ཏུ་བྱེད་ན། མཆོད་པ་ཧྲཱིཿཥྚཱིཿས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཧཱུཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་རྣམས་རང་བཞིན་བདེ་སྟོང་རྣམ་པ་མཆོད་རྫས། བྱེད་ལས་དབང་པོ་དྲུག་གི་སྤྱོ་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ། ནས་སྤཪྴ་ཨཱཿཧཱུཾ། གིས་བྱིན་གྱིས་བརླབས་ལ། ཚིགས་བཅད་སྔགས་དང་བཅས་པའམ། བསྡུ་ན་སྔར་ལྟར་སྔགས་ཙམ་གྱིས་འདོད་ཡོན་ལྔ་དང་བཅས་པས་མཆོད། མི་བསྐྱོད་རྡོ་རྗེ་སོགས་དང་། རྡོ་རྗེ་དཔག་མེད་སོགས་དང་། རྣམ་པར་སྣང་མཛད་སོགས་གསུམ་ཀའམ། གང་བབས་དང་ཕྱག་བྱར་འོས་པ་སོགས་ཀྱིས་བསྟོད་ལ། འདོད་ན་ནང་མཆོད་ཀྱང་འབུལ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །རྒྱལ་བ་རྣམས་ཀྱིས་ཁྱེད་ཀྱི་ནི། །མི་ཤེས་པ་ཡི་རབ་རིབ་བསམ། །ༀ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོདྷ་ནེ་སྭཱ་ཧཱ། ལན་གསུམ། ཡེ་ཤེས་ཀྱི་མིག་རྣམ་པར་དག་པ་དང་ལྡན་པས་སེམས་ཅན་གྱི་དོན་ལ་གཟིགས་པ་ལྷུར་མཛད་པར་གྱུར། ཅེས་བརྗོད། ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿདང་ལྷ་གང་ཡིན་པའི་སྔགས་སམ། ༀ་ཧཱུཾཿཞིས་བརྗོད་ཅིང་། རྟེན་ལ་དངོས་སུ་རེག་པའམ་རེག་པར་མོས་ཏེ། རྡོ་རྗེ་འཆང་ཡབ་ཡུམ་ཞུ་བ་ལས་སྐུ་བརྙན་གྱི་རྣམ་པར་གྱུར། འོད་དཔག་མེད་ཡབ་ཡུམ་ཞུ་བ་ལས་གསུང་རབ་དང་གཟུངས་སྔགས་ཀྱི་རྣམ་པར་གྱུར། རྣམ་སྣང་ཡབ་ཡུམ་ཞུ་བ་ལས་མཆོད་རྟེན་ནམ་གཙུག་ལག་ཁང་གི་རྣམ་པར་གྱུར། ཞེས་པ་གསུམ་ཀའམ་གང་རུང་སྐབས་དང་བསྟུན། དེ་ནས་ཡེ་དྷརྨཱ་ལན་བདུན་ནམ་གསུམ་བརྗོད་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི་ཁམས་རྣམས་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ། རྒྱལ་བ་རྣམས་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུའང་རྟེན་འདི་ལ་སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་རྟེན་འདི་ཇི་སྲིད་འབྱུང་བ་མེ་ཆུ་རླུང་གསུམ་གྱི་གནོད་པས་མ་ཞིག་གི་བར་དུ་བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ཅིང་བརྟན་པར་བཞུགས་སུ་གསོལ། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ལ། ཤིས་བརྗོད་རྒྱས་བསྡུས་སྐབས་དང་བསྟུན་ལ་བྱའོ། །སྨྲས་པ། སྔོན་བྱོན་ཚད་ལྡན་མཁས་གྲུབ་ཀྱི། །མན་ངག་ལག་ལེན་མདོར་བསྡུས་ཏེ། །འཁྱེར་བདེར་བཀོད་པའི་རྣམ་དཀར་དགེས། །ཐུབ་བསྟན་ཡུན་རིང་གནས་གྱུར་ཅིག །ཅེས་པ་འདིའང་དམ་པ་སྔ་མའི་མན་ངག་ལས་འབྱུང་བའི་དོན་བཞིན་གཞན་ལ་ཕན་སྲིད་སྙམ་པའི་འདུན་པས་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བའོ། །འདིས་ཀྱང་ཀུན་མཁྱེན་རྒྱལ་བའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་མངྒལཾ་བྷ་ཝནྟུ། བཀྲ་ཤིས།། །།

དགེ་སློང་མ་དཔལ་མོའི་ལུགས་ཀྱི་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་སྨྱུང་བར་གནས་པའི་ཆོ་ག་ཕན་བདེའི་འབྱུང་གནས།

དགེ་སློང་མ་དཔལ་མོའི་ལུགས་ཀྱི་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་སྨྱུང་བར་གནས་པའི་ཆོ་ག་ཕན་བདེའི་འབྱུང་གནས་བཞུགས།

རབ་འབྱམས་རྒྱལ་བའི་ཐུགས་རྗེའི་ཆུ་ཤེལ་ཀུན། །གཅིག་བསྡུས་སྡུག་བསྔལ་ཚ་གདུང་སེལ་བའི་ཟླ། །འཇིག་རྟེན་གསུམ་མགོན་ཕྱག་ན་པདྨོའི་ཞབས། །བྱང་ཆུབ་བར་དུ་མི་འབྲལ་གཙུག་གིས་བསྟེན། །གང་དེས་རྗེས་བཟུང་གྲུབ་དབང་དཔལ་མོ་ཡི། །བཞེད་སྲོལ་གཅིག་ལྷག་ཕྱོགས་ཀྱི་ཞལ་མངའ་བ། །སྒྲུབ་ཐབས་སྨྱུང་བར་གནས་པའི་ཆོ་གའི་ཚུལ། །དམ་པའི་གསུང་བཞིན་ཕན་འདོད་སེམས་ཀྱིས་བྲི། །འདི་དགེ་སློང་མ་དཔལ་མོའི་ལུགས་བཞིན་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་ཉམས་སུ་ལེན་ཚུལ་བཤད་པར་བྱ་སྟེ། སྒྲུབ་ཐབས་འདི་ལ་རྒྱས་འབྲིང་བསྡུས་པ་གསུམ་གྱི་ཚུལ་སྣང་ཡང་། འཇུག་པ་བདེ་བའི་ཕྱིར་འབྲིང་པོའི་དབང་དུ་བྱས་ནས་བརྗོད་པར་བྱའོ། །དེ་ཡང་ཐོག་མར་བཅུ་གཅིག་ཞལ་གྱི་དབང་རྗེས་གནང་གང་རིགས་སོགས་ནོས་པར་བྱས་ནས་རབ་ས་ག་ཟླ་བའམ། དེ་མིན་ཆོ་འཕྲུལ་ཟླ་བ་སོགས་དུས་གཞན་དུའང་རུང་ལ། དང་པོར་གནས་ཁང་བྱིི་དོར་བྱས་ཏེ། དཀྱིལ་འཁོར་པདྨ་འདབ་མ་བརྒྱད་པ་ལྟེ་བ་དམར། ཤར་སྔོ། ལྷོ་སེར། ནུབ་དཀར། བྱང་ལྗང་། མཚམས་རྣམས་མཛེས་ཚོན་དུ་བྱ། དབུས་དང་ཕྱོགས་བཞིར་རང་རང་གི་བྲིས་འབུར་གྱི་སྐུའམ། ཚོམ་བུ་འགོད། འདིར་རྗེ་དགེ་འདུན་རྒྱ་མཚོའི་གསུང་ལས། ནུབ་དམར་ཞེས་འབྱུང་ཡང་བརྟག་པར་བྱ་སྟེ། རྒྱུ་མཚན་ནི་འོད་དཔག་མེད་ཀྱི་རིགས་ཅན་སྤྱན་རས་གཟིགས་གདན་བཅས་དབུས་སུ་སོང་བའི་དོད་ལ། རྣམ་སྣང་གདན་བཅས་ནུབ་ཏུ་བཞག་པའི་ཕྱིར། དབུས་དམར་ཞིང་ནུབ་དཀར་བ་དོན་གྱིས་ཐོབ་པས། རྒྱལ་སྲས་དངུལ་ཆུ་ཆོས་རྫོང་བའི་ཆོ་གར་ནུབ་དཀར་ཞེས་བཤད་པ་འདི་འོང་ངམ་སྙམ་མོ། །ཆུ་གཉིས་ཉེར་སྤྱོད་རོལ་མོ་སོགས་མཆོད་པ་རྣམས་ཀྱིས་མཐའ་བསྐོར། བུམ་པ་མགུལ་ཆིངས་དང་བཅས་པ་ཆུ་གཙང་མས་ཕྱེད་ལྷག་ཙམ་དུ་བཀང་སྟེ། དྲི་ལྔ། སྨན་ལྔ། རིན་པོ་ཆེ་ལྔ་རྫོགས་པར་དང་གང་འབྱོར་གཞུག །ཤིང་འོ་མ་ཅན་སོགས་ཀྱིས་ཁ་བརྒྱན་ལ། མཎྜལ་གི་མདུན་ངོས་སུ་བཀོད། དཀར་གཏོར་གསུམ་བཤམ་མོ། །ཆོ་གའི་རིམ་པ་ལ་གསུམ། སྦྱོར་བ། དངོས་གཞི། མཇུག་གི་ཆོ་གའོ། །དང་པོ་ལ། སྔ་དྲོ་ལངས་མ་ཐག་ཐལ་མོ་པདྨ་ཁ་ཕྱེ་བའི་ཚུལ་དུ་བཀན་ལ་སྙིང་གར་བཞག་སྟེ། ༀ་པདྨ་ཨུད་བྷ་ཝ་ཡེ་སྭཱ་ཧཱ། ཞེས་པདྨའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། སྔགས་བརྗོད་ཡན་ལག་དང་ཁ་དག་པར་ཁྲུས་བྱའོ། །གསོ་སྦྱོང་ནི། དང་༼འདིར་ཤོག་ལྡེབ་གཉིས་པ་དེ་ཆད་འདུག༽སྡོང་པོ་ཡངས་ཤིང་རྒྱ་ཆེ་བ་འདབ་མ་སྟོང་དང་ལྡན་པའི་སྟེང་དུ་བཞུགས་པར་གྱུར་བར་བསམ། ཕྱག་འཚལ་བ་ནི། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཞེས་སོགས་དང་། སྐུ་འགྱུར་བ་མེད་པ་བླ་མའི་སྐུ། །ཞེས་སོགས་དང་། དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཕྱག་སྟོང་འཁོར་ལོ་བསྒྱུར་བའི་རྒྱལ་པོ་སྟོང་། །ཞེས་སོགས་དང་། ཊཱཀའི་གཙོ་མོ་དཔལ་ལྡན་དཔལ་མོའི་ཞབས། །མངའ་རིག་པཎ་ཆེན་ཟླ་བ་གཞོན་ནུ་དང་། །ཡེ་ཤེས་བཟང་པོ་ཟླ་བ་རྒྱལ་མཚན་སོགས། །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །ཞེས་སོགས་དང་། ཕྱོགས་བཅུའི་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །ཞེས་སོགས་དང་། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཞེས་སོགས་དང་། དག་པས་འདོད་ཆགས་བྲལ་སོགས་དང་། གྲོལ་ནས་གྲོལ་བའི་སོགས་དང་། འཕགས་པ་སེང་གེའི་སྒྲ་དང་ཡིད་བཞིན་ནོར། །པདྨ་གར་དབང་ཐུགས་རྗེ་མི་ཤོལ་དང་། །དོན་ཡོད་ཞགས་དང་ཧ་ལ་ཧ་ལ་སྟེ། །སྤྱན་རས་གཟིགས་དབང་རྣམས་ལ༴ པདྨ་རྒྱན་དང་རྡོ་རྗེ་ཆོས་དབང་ཕྱུག །ཧ་རི་ཧ་རི་ལ་ཞོན་མགྲིན་སྔོན་ཏེ། །ཕྱོགས་བཅུར་བཞུགས་པའི་འཕགས་པ་ཐུགས་རྗེ་ཅན། །སྤྱན་རས་གཟིགས་དབང་རྣམས་ལ༴ རྩ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་སོགས་དང་། སྤྲོས་པ་ལ་དགའ་ན་ཕྱག་འཚལ་གཞན་ཇི་ལྟར་འོས་པ་སྦྱོར། དེ་ནས། རང་གི་སྙིང་གའི་ཧྲཱིཿལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏཱ་ཨཱཪྱ་ཨ་བ་ལོ་ཀེ་ཤྭ་ར་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས་དེ་བཞིན་དུ་ཤཔྟའི་བར་རམ་སྤར་ཤའི་བར་གྱིས་མཆོད། ཅུང་ཟད་སྤྲོ་ན། ཇི་སྙེད་སུ་དག་ཞེས་སོགས་ཡན་ལག་བདུན་པ་དང་། མཎྜལ་རྒྱས་བསྡུས་ཅི་རིགས་དབུལ། མཆོད་པའི་སྤྲིན་གྱི་གཟུངས་འདོན། གཞན་ཡང་། བྱང་ཆུབ་ལྷུང་བཤགས། བླ་མ་རྡོར་འཛིན་མ། གསེར་འོད་ནས་འབྱུང་བའི་བཤགས་པ། སྤྱོད་འཇུག་གི་མཆོད་ལེ། བཤགས་ལེ། བསྔོ་ལེ་སོགས་འདོད་ན་སྐབས་སྦྱར་གྱིས་བྱས་ཆོག་ལ། མི་སྤྲོ་ན། སྔར་གྱི་མཎྜལ་ལན་ཙམ་དང་། མཆོད་པ་ཙམ་གྱིས་ཀྱང་འགྲུབ་པ་གཞུང་གཞན་དང་འབྱུང་བའི་ཚོགས་ཞིང་གི་སྐབས་ཀྱི་རིགས་པས་ཤེས་པས་ཆད་ལྷག་གི་སྐྱོན་དུ་མི་འགྱུར་ཤིང་། མི་འོས་བཞིན་དུ་མགོ་ཉོག་པར་འགྱུར་བའི་སྒོར་མི་བྱའོ། །འདིར་རྒྱལ་དབང་དགེ་འདུན་རྒྱ་མཚོའི་ཆོ་གར་ཚུལ་ཁྲིམས་རྣམ་དག་གི་གསུངས་ཉེར་གཅིག་འདོན་པར་བཤད་པ་བཞིན་བྱས་ན་རང་ཕུན་སུམ་ཚོགས་པར་འགྱུར་མོད། ཆོ་ག་ཕལ་ཆེར་ལས་དེ་མ་འབྱུང་བས་མ་བརྗོད་ཀྱང་མི་འགལ་ལོ། །གཉིས་པ་དངོས་གཞིའི་ཚིག་ལ་གཉིས། བདག་བསྐྱེད་དང་། མདུན་བསྐྱེད་དོ། །དང་པོ་ནི། མཆོད་པ་སྔར་བྱིན་གྱིས་མ་བརླབས་ན་འདིར་བརླབ། བདག་བསྐྱེད་ལ་གཞུང་དུ་མ་ལས་ཆོ་ག་གསུམ་བསྐྱེད་བཤད་པས་འདིར་རུང་མོད། ཅུང་ཟད་རྒྱས་པར་འདོད་ན། སློབ་དཔོན་སངས་རྒྱས་གསང་བས། སྟོང་པ་ཡི་གེ་སྐྲ་གཟུགས་དང་། །ཕྱག་རྒྱ་མཚན་པ་དྲུག་ཡིན་ཏེ། །ཞེས་གསུངས་པ་ལྟར། ལྷ་དྲུག་བསྐྱོད་བྱ་སྟེ། དེ་ནི་འདི་ལྟར། ༀ་སྭ་བྷཱ་ཝ་ཤུད་དྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུད་དྷོ྅ཧཾ། བདག་དང་བསྒོམ་བྱའི་ལྷ་དང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་རོ་གཅིག་པའི་བདག་ཉིད་དུ་གྱུར་པ་བསམ་པ་ནི་དོན་དམ་པའི་ལྷའོ། །སྟོང་པའི་ངང་ལས་ༀ་མ་ཎི་པདྨེ་ཧཱུཾ། ཞེས་པའི་སྔགས་ཀྱི་གདངས་ཀྱི་རྣམ་པར་ནམ་མཁའ་ལ་གྲགས་པར་གྱུར་བ་ནི་སྒྲའི་ལྷའོ། །བདག་དང་ལྷའི་དེ་ཁོ་ན་ཉིད་དབྱེར་མི་ཕྱེད་པའི་རྣམ་པ་ཅན་གྱི་སེམས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་སྔགས་ཀྱི་གདངས་ཀྱི་རྣམ་པར་ནམ་མཁའ་ལ་གྲག་པ་དེ་ཉིད་ཤིན་ཏུ་དག་པའི་དངུལ་ཆུ་གསེར་གྱི་བྱེ་མ་ལ་ཞེན་པ་ལྟར་ཡིག་འབྲུ་བྲིས་པའི་རྣམ་པ་ཅན་དུ་འཁོད་པར་གྱུར་པའི་ཡི་གེའི་ལྷའོ། །དེ་ཡོངས་སུ་གྱུར་པ་ལས་གསེར་བཙོ་མ་ལྟར་འབར་བའི་པདྨ་འདབ་མ་སྟོང་དང་ལྡན་པའི་ལྟེ་བ་ལ་ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཞེས་པས་མཚན་པར་གྱུར། ཟླ་བ་པདྨ་སྔགས་དང་བཅས་པ་ལས་འོད་ཟེར་སྣ་ཚོགས་འཕྲོས་པའི་རྩེ་མོ་ལས་འཕགས་པའི་སྐུ་དཔག་ཏུ་མེད་པ་སྤྲོས། ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པར་བྱས། རྒྱལ་བ་སྲས་བཅས་ཐམས་ཅད་ལ་མཆོད་པའི་སྤྲིན་ཆེན་པོས་མཆོད། གཞན་ཡང་སྤྲིན་ཆེན་པོ་སྤྲུལ་པ་ལས་བདུད་རྩིའི་ཆར་རྒྱུན་བབ་པས་རིགས་དྲུག་གི་སྡུག་བསྔལ་མ་ལུས་པ་ཞི་བར་བྱས། འཕགས་པའི་གོ་འཕང་ལ་བཀོད། ཚུར་འདུས་ཟླ་བ་པདྨ་སྔགས་དང་བཅས་པ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་ལང་ཚོ་དར་ལ་བབ་ཅིང་ཞབས་གཉིས་མཉམ་པར་བཞེངས་པ། མཚན་དཔེས་སྤྲས་པའི་སྐུ་ལས་འོད་ཟེར་གྱི་ཚོགས་འཕྲོ་བ། ཞལ་བཅུ་གཅིག་དང་ལྡན་པའི་རྩ་ཞལ་དཀར། གཡས་ལྗང་། གཡོན་དམར། དེའི་སྟེང་མ་དབུས་ལྗང་། གཡས་དམར། གཡོན་དཀར་བ། དེའི་སྟེང་མ་དབུས་དམར། གཡས་དཀར། གཡོན་ལྗང་། དེ་རྣམས་འཛུམ་ཞིང་ཞི་བའི་ཉམས་ཅན། དེའི་སྟེང་དུ་ཁྲོ་ཞལ་ནག་པོ་མཆེ་བ་གཙིགས་ཤིང་ཁྲོ་གཉེར་དང་ལྡན་པ་སྤྱན་གསུམ་པ། རལ་པ་དམར་སེར་གྱེན་དུ་བསྒྲེང་བ། དེའི་སྤྱི་བོར་ཞི་ཞལ་དམར་པོ་གཙུག་ཏོར་དང་བཅས་པའི་ཚངས་པར་སྤྱོད་པའི་ཆ་ལུགས་ཅན་རྒྱན་སྤངས་ཤིང་མགུལ་བ་དང་བཅས་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པ་ན་བགྲང་ཕྲེང་། གསུམ་པ་ན་མཆོག་སྦྱིན་གྱི་ཕྱག་རྒྱ་ལས་བདུད་རྩིའི་རྒྱུན་བབ་པས་ཡི་དྭགས་ཀྱི་བཀྲེས་སྐོམ་སེལ་བ། བཞི་པ་ན་འཁོར་ལོ་འཛིན་པ། གཡོན་གྱི་གཉིས་པ་ན་གསེར་གྱི་པདྨ་ཡུ་བ་དང་བཅས་པ། གསུམ་པ་ས་རིལ་པ་སྤྱི་བླུག །བཞི་པ་ན་གདའ་གཞུ་འཛིན་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་པོ་ཐམས་ཅད་ཀྱང་པདྨའི་འདབ་མ་ལྟར་འཇམ་ཞིང་མཆོག་སྦྱིན་མཛད་པ། ཕྱག་ཐམས་ཅད་ཀྱི་མཐིལ་ན་སྤྱན་རེ་རེ་ཡོད་པ། ཕྱག་རྣམས་ཡར་དབུའི་གཙུག་ཏོར་དང་མར་པུས་མོའི་ལྷ་ང་ལས་མི་འདའ་བ། རི་དྭགས་ཀྱི་ལྤགས་པས་ནུ་མ་གཡོན་པ་བཀབ་ཅིང་རས་བཟང་པའི་ཤམ་ཐབས་དང་། ནོར་བུས་སྤྲས་པའི་གསེར་གྱི་སྐེ་རགས་དང་ལྡན་ཞིང་། རལ་པ་དམར་སེར་གྱིས་མཛེས་པ། རིན་པོ་ཆེའི་དབུ་རྒྱན་ལ་སོགས་པའི་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟས་ཀླུབས་པ། འོད་ཟེར་གྱི་ཕྲེང་བས་བསྐོར་བ་ནི་གཟུགས་ཀྱི་ལྟའོ། །དེའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་དཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ། དེ་ནས་པདྨའི་ཕྱག་རྒྱ་བྱས་ཏེ། ༀ་པདྨ་ཨུད་བྷ་ཝ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་སྙིང་ཀ་སྨིན་མཚམས་མཛིན་པ་དཔུང་པ་མགོ་རྣམས་ལ་རེག་ཅིང་བྱིན་གྱིས་བརླབ་པ་ནི་ཕྱག་རྒྱའི་ལྷའོ། །རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ༀ་ཨཱཪྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཕྱག་སྟོང་འཁོར་ལོ་སོགས་ཀྱིས་བསྟོད་ལ། །ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར་སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ༀ་སརྦ་ཏ་ཐཱ་ག་ཏཱ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཤིང་དབང་བསྐུར། ལུས་གང་། དྲི་མ་དག །ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་སྤྱི་བོར་འོད་དཔག་མེད། དཔྲལ་བར་མི་བསྐྱོད་པ། རྣ་ལྟག་གཡས་སུ་རིན་འབྱུང་། ལྟག་པར་རྣམ་སྣང་། རྣ་ལྟག་གཡོན་པར་དོན་གྲུབ་ཀྱིས་དབུ་བརྒྱན་པར་གྱུར། འདིར་སླར་ཡང་མཆེད་བསྟོད་བྱེད་དམ་མིན་ཀྱང་རུང་ཞིང་། དེ་ནས་རང་གི་ཐུགས་ཀའི་ཟླ་གདན་ལ་ཡེ་ཤེས་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཏིང་ངེ་འཛིན་སེམས་དཔའ་ཧྲཱིཿཡིག་དཀར་པོ་བསམས་ཤིང་རྩེ་གཅིག་ཏུ་སྒོམ་པ་ནི་མཚན་མའི་ལྷའོ། །དེ་ནས་ཏིང་ངེ་འཛིན་སེམས་དཔའི་མཐར་སྔགས་ཕྲེང་གིས་བསྐོར་བ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད། ཚུར་འདུས་ཧྲཱིཿཡིག་ལ་ཐིམ་པར་གྱུར་བར་བསམས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱཪྱ་ཛྙཱ་ནས་ག་ར་བཻ་རོ་ཙ་ན་བྱ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ ཨརྷ་བྷྱ། སམྱཀྶཾ་བུད་དྷ་བྷྱ། ན་མཿ ཨཱཪྱ་ཨ་ཝ་ལོ་ཀེ་ཏེ་ཤྭ་ར་ཡ། བོདྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ༀ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚི་ཝིཊྚི། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མ་ཀུ་སུ་མ་ཝ་རེ། ཨི་ལི་མི་ལེ། ཙི་ཏི་ཛྭེ་ལ་མ་པཱ་ན་ཡེ་སྭཱ་ཧཱ། ཞེས་པ་ཚར་གཅིག་དང་། ཏདྱ་ཐཱ། མན་ཆད་བརྒྱ་དང་བདུན་ཏེ་བརྒྱ་རྩ་བརྒྱད་དམ་ཅི་ནུས་བཟླ་བ་དང་། ཡང་ན་ཡིག་དྲུག་བཟླ། མཇུག་ཏུ་ཡིག་བརྒྱ་དང་། མཆོད་བསྟོད་མདོར་བསྡུས་བྱ། མི་སྤྲོ་ན་མ་བྱས་ཀྱང་རུང་ངོ་། །གཉིས་པ་མདུན་བསྐྱེད་ནི། རས་བྲིས་སམ། རྡུལ་ཚོན་གྱི་དཀྱིལ་འཁོར་སྔར་བཤད་པ་ལྟར་བཤམས་པ་ལ་དམིགས་ཏེ། ༀ་པདྨཱནྟ་ཀྲིད་ཀྱིས་བསམས། སྭབྷཱ་ཝས་སྟོང་པར་སྦྱངས། རང་གི་ཐུགས་ཀའི་ཧྲཱིཿལས་བྷྲུཾ་དཀར་པོ་འོད་ཟེར༔འཕྲོ་བ་ཞིག་མདུན་དུ་ཆད། དེ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་དང་བཅས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པའི་དབུས་སུ་རིན་པོ་ཆེའི་ཁྲི་ལ་པདྨ་དང་ཟླ་བའི་གདན། དེའི་སྟེང་དུ་ཧྲཱིཿཡིག་དཀར་པོ་ལས་བྱུང་བའི་པདྨ་དཀར་པོ་འདབ་མ་བརྒྱད་པ་གསེར་བཙོ་མ་ལྟར་འབར་བའི་ལྟེ་བ་ལ་ཧྲཱིཿཡིག་གིས་མཚན་པ། དེ་ལས་འོད་འཕྲོས། དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་ཞེས་པ་ནས་འོད་ཟེར་གྱི་ཕྲེང་བས་བསྐོར་བ། ཞེས་པའི་བར་སྔར་ལྟར་དང་། ཤར་གྱི་འདབ་མ་ལ་ཧཱུཾ་ལས་མི་བསྐྱོད་པ་སྔོན་པོ་གཡས་ས་གནོན་དང་གཡོན་མཉམ་གཞག །ལྷོར་ཏྲཾ་ལས་རིན་འབྱུང་སེར་པོ་གཡས་མཆོག་སྦྱིན་དང་གཡོན་མཉམ་གཞག །ནུབ་ཏུ་ༀ་ལས་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། བྱང་དུ་ཨཱཿལས་དོན་གྲུབ་ལྗང་ཁུ་གཡས་སྐྱབས་སྦྱིན་དང་གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན། བཞི་ཀའང་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ལྷ་ཐམས་ཅད་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། རང་གི་ཐུགས་ཀའི་ཧྲཱིཿཡིག་དཀར་པོ་ལས་འོད་འཕྲོས། པོ་ཏ་ལ་ནས་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། ཞེས་སོགས་ཚིག་བཅད་གཅིག་གི་མཇུག་ཏུ། ༀ་སརྦ་ཏ་ཐཱ་ག་ཏ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་བཛྲ་ས་མཱ་ཡ་ཛཿཛཿ ཛཿ་ཧཱུཾ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། ཞེས་པ་ནས། གཡོན་པར་དོན་གྲུབ་ཀྱིས་དབུ་བརྒྱན་པར་གྱུར། ཞེས་པའི་བར་སྔར་བཞིན་ནས་ཡང་ན། སྤྱི་གཙུག་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། ཅེས་བརྗོད། དེ་ནས་མཆོད་པ་བྱིན་གྱིས་བརླབས་ཏེ། ༀ་ཨཱཪྱ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་ཞེས་སོགས་སྔགས་ཙམ་གྱིས་མཆོད་པའམ། ཅུང་ཟད་རྒྱས་པར་འདོད་ན། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཞེས་སོགས་ཚིགས་བཅད་སྔགས་དང་སྦྱར་ནས་འབུལ་ཞིང་། སྐྱོན་གྱིས་མ་གོས་སོགས་དང་། ཆོས་སྐུ་ནམ་མཁའ་བཞིན་དུ་ཞེས་སོགས་ཀྱིས་བསྟོད་པའང་སྐབས་སུ་བབ་བོ། །གཟུངས་རིང་བརྒྱ་འམ། བརྒྱ་རྩ་བརྒྱད་དང་། མི་ནུས་ན་གཟུངས་ཐུང་དང་། ཡིག་དྲུག་ཅི་འགྲུབ་བཟླས་ནས། ཡིག་བརྒྱ་བརྗོད་ཅིང་མཆོད་པ་མདོར་བསྡུས་ཞིག་བྱས་ནའང་ལེགས། དེ་ནས་རང་གི་སྤྱི་བོར་དགེ་སློང་མ་དཔལ་མོ་བཞུགས་ནས་ངོ་ཆེན་མཛད་པར་བསམས་ཏེ། བསྟོད་ཅིང་གསོལ་བ་གདབ་པ་ནི། ༀ་འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་བླ་མ་སྲིད་པ་གསུམ་གྱིས་བསྟོད་པ་པོ། །ལྷ་ཡི་གཙོ་བོ་བདུད་དང་ཚངས་པའི་བསྟོད་པ་པོ། །ཐུབ་པའི་རྒྱལ་མཆོག་བསྟོད་པས་གྲུབ་པར་མཛད་པ་པོ། །འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ་ཕྱག་འཚལ་ལོ། །བདེ་གཤེགས་དཔག་མེད་སྐུ་སྟེ་སྐུ་བཟང་འཛིན་པ་པོ། །བདེ་གཤེགས་སྣང་བ་མཐའ་ཡས་དབུ་རྒྱན་འཛིན་པ་པོ། །ཕྱག་གཡས་མཆོག་སྦྱིན་ཡི་དྭགས་བཀྲེས་སྐོམ་སེལ་བ་པོ། །ཕྱག་གཡོན་གསེར་གྱི་པདྨས་རྣམ་པར་བརྒྱན་པ་པོ། །དྲི་ཞིམ་རལ་བའི་ཕྲེང་བ་དམར་སེར་འཁྱུག་པ་པོ། །ཞལ་རས་རྒྱས་པ་ཟླ་བ་ལྟ་བུར་མཛེས་པ་པོ། །སྤྱན་ནི་པདྨ་མཆོག་ཏུ་བཟང་ཞིང་ཡངས་པ་པོ། ཁ་བ་དུང་ལྟར་རྣམ་དག་དྲི་ངད་ལྡན་པ་པོ། །དྲི་མེད་འོད་ཆགས་མུ་ཏིག་ཚོམ་བུ་འཛིན་པ་པོ། །མཛེས་པའི་འོད་ཟེར་སྐྱ་རེངས་དམར་པོས་བརྒྱན་པ་པོ། །པདྨའི་མཚོ་ལྟར་ཕྱག་ནི་མངར་བར་བྱས་པ་པོ། །སྟོན་ཀའི་སྤྲིན་གྱི་མདོག་དང་ལྡན་ཞིང་གཞོན་པ་པོ། །རིན་ཆེན་མང་པོས་དཔུང་པ་གཉིས་ནི་བརྒྱན་པ་པོ། །ལོ་མའི་མཆོག་ལྟར་ཕྱག་མཐིལ་གཞོན་ཞིང་འཇམ་པ་པོ། །རི་དྭགས་ལྤགས་པས་ནུ་མ་གཡོན་པ་བཀབ་པ་པོ། །སྙན་ཆ་གདུ་བུས་སྒེག་ཅིང་རྒྱན་རྣམས་འཆང་བ་པོ། །དྲི་མ་མེད་པ་པདྨའི་མཆོག་ལ་གནས་པ་པོ། །ལྟེ་བའི་ངོས་ནི་པདྨའི་འདབ་ལྟར་འཇམ་པ་པོ། །གསེར་གྱི་སྐེ་རགས་མཆོག་ལ་ནོར་བུས་སྤྲས་པ་པོ། །སྟ་ཟུར་དཀྲིས་པའི་རས་བཟང་ཤམ་ཐབས་འཛིན་པ་པོ། །ཐུབ་པའི་མཁྱེན་མཆོག་མཚོ་ཆེན་ཕ་རོལ་ཕྱིན་པ་པོ། །མཆོག་བརྙེས་བསོད་ནམས་མང་པོ་ཉེ་བར་བསགས་པ་པོ། །རྟག་ཏུ་བདེ་བའི་འབྱུང་གནས་རྒ་ནད་སེལ་བ་པོ། །གསུམ་མཐར་མཛད་ཅིང་མཁའ་སྤྱོད་སྤྱོད་པ་སྟོན་པ་པོ། །ལུས་ཅན་མཆོག་སྟེ་བདུད་དཔུང་འཁྲུགས་ལས་རྒྱལ་བ་པོ། །གསེར་གྱི་རྐང་གདུབ་སྒྲ་ཡིས་ཞབས་ཡིད་འོང་བ་པོ། །ཚངས་པའི་གནས་པ་བཞི་ཡིས་དབེན་པར་མཛད་པ་པོ། །ངང་པའི་འགྲོས་འདྲ་གླང་ཆེན་དྲེགས་ལྟར་གཤེགས་པ་པོ། །ཡོངས་རྫོགས་ཉེ་བར་བསགས་ཤིང་བསྟན་པ་གཉེར་པ་པོ། །འོ་མའི་མཚོ་དང་ཆུ་ཡི་མཚོ་ལས་སྒྲོལ་བ་པོ། །གང་ཞིག་རྟག་ཏུ་ཐོ་རངས་ལངས་ནས་གུས་པ་ཡིས། །སྤྱན་རས་གཟིགས་ཀྱི་དབང་པོ་ཡིད་ལ་སེམས་བྱེད་ཅིང་། །བསྟོད་པ་མཆོག་འདིས་དག་ཅིང་གསལ་བར་བསྟོད་བྱེད་ན། །དེ་ནི་སྐྱེས་པའམ་ནི་བུད་མེད་ཡིན་ཡང་རུང་། །སྐྱེ་བ་འདིའམ་མ་འོངས་སྐྱེ་བ་ཐམས་ཅད་དུ། །འཇིག་རྟེན་འཇིག་རྟེན་ལས་འདས་དགོས་པ་ཀུན་འགྲུབ་འགྱུར། །ཞེས་པོ་བསྟོད་ཉེར་གཅིག་བརྗོད་ཅིང་། དེའི་ཚེ་ལངས་ཏེ་ཕྱག་འཚལ་བའམ། མཇུས་ན་འདུག་བཞིན་པར་བརྗོད་ཀྱང་རུང་ལ། འདི་ཉེར་གཅིག་བརྗོད་པ་མ་ལྕོགས་ན། རྒྱལ་སྲས་ཐོགས་མེད་བཟང་པོས་ཚར་བདུན་བྱ་བར་བཤད་པ་བཞིན་བྱའོ། །བསྟོད་པ་འདི་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་མོད། འོན་ཀྱང་རྣམ་པར་ཐམས་ཅད་དུ་མེད་མི་རུང་བའི་ཡན་ལག་ནི་མ་ཡིན་ཏེ། རྒྱལ་བའི་དབང་པོ་བློ་བཟང་རྒྱ་མཚོས་མཛད་པའི། སྨྱུང་གནས་ཀྱི་ཚོགས་མདོར་བསྡུས་པ་ལས་འདིས་བསྟོད་པར་མ་བཤད་པས་སོ། །གསུམ་པ་མཇུག་ཆོག་ལ། གསོལ་འདེབས་ནི། འཕགས་པ་སྤྱན་རས་གཟིགས་དབང་ཐུགས་རྗེའི་གཏེར། །འཁོར་དང་བཅས་པ་བདག་ལ་དགོངས་སུ་གསོལ། །བདག་དང་ཕ་མ་རིགས་དྲུག་སེམས་ཅན་རྣམས། །མྱུར་དུ་འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །ཟབ་ཅིང་རྒྱ་ཆེའི་བླ་མེད་བྱང་ཆུབ་སེམས། །མྱུར་དུ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། །ཐོག་མེད་ནས་བསགས་ལས་དང་ཉོན་མོངས་རྣམས། །ཐུགས་རྗེའི་ཆབ་ཀྱིས་མྱུར་དུ་དག་མཛད་ནས། །ཐུགས་རྗེའི་ཕྱག་བརྐྱངས་བདག་དང་འགྲོ་བ་རྣམས། །བདེ་བ་ཅན་གྱི་ཞིང་དུ་དྲང་བར་གསོལ། །འོད་དཔག་མེད་དང་མགོན་པོ་ཁྱེད་ཉིད་ཀྱིས། །ཚེ་རབས་ཀུན་ཏུ་དགེ་བའི་བཤེས་མཛད་ནས། །མ་ནོར་ལམ་བཟང་ལེགས་པར་བསྟན་ནས་ཀྱང་། །མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་དྲག་ཏུ་གདབ། གཏོར་མ་འབུལ་བ་ནི། པཎ་ཆེན་ཐམས་ཅད་མཁྱེན་པའི་ཆོ་གར། གཏོར་མ་འབུལ་བར་འདོད་ན། ཞེས་གསུངས་པ་ལྟར་སྤྱིར་ངེས་པར་དགོས་པ་མིན་ཀྱང་། སྐབས་འདིར་ཡོད་ན་ལེགས་པས། ཆབ་བྲན་ཏེ། ༀ་པདྨཱནྟ་ཀྲིད་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་བར་བསམ། ༀ་ཨཱཿཧཱུཾ་ལན་གསུམ་གྱིས་བྱིན་གྱིས་བརླབ། དང་པོ་ནི། ༀ་དྷ་ར་དྷ་ར་སོགས་ཀྱི་མཐར་ཨི་དམ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། ཞེས་བཏགས་པ་ལན་གསུམ་གྱིས་འབུལ་བ་འམ། ཡང་ན། ༀ་ཨཱཪྱ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་པྲཏཱིཙྪ་ཡེ་སྭཱ་ཧཱ། ཞེས་གསུམ་གྱིས་འཕགས་པ་འཁོར་བཅས་ལ་འབུལ་ཞིང་། ༀ་ཨཱཪྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། སྐྱོན་གྱིས་མ་གོས་ཀྱིས་བསྟོད་ལ། མཆོད་སྦྱིན་གི་གཏོར་མ་འདི་ནི། འཕགས་པ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། གཉིས་པ་དང་གསུམ་པ་ནི། ཨ་ཀཱ་རོ་ལན་གསུམ་གསུམ་གྱིས་ཆོས་སྐྱོང་དང་གཞི་བདག་ལ་འབུལ་ཞིང་། དང་པོའི་མཇུག་ཏུ། བཛྲ་ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། མཆོད་སྦྱིན་གྱི་གཏོར་མ་འདི་ནི། དཔལ་ཡེ་ཤེས་ཀྱི་མགོན་པོ་ལ་སོགས་པ་ཆོས་སྦྱོང་སྲུང་མ་རྣམས་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་སྲུང་བ་དང་། བདག་གིས་ཆོས་སྒྲུབ་པའི་བར་ཆད་ཐམས་ཅད་ཉེ་བར་ཞི་ཞིང་མཐུན་རྐྱེན་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཞེས་དང་། གཉིས་པའི་མཇུག་ཏུ། མཆོད་སྦྱིན་གྱི་གཏོར་མ་འདི་ནི། གཞི་བདག་གཉུག་མར་གནས་པ་རྣམས་ལ་སྦྱིན་ནོ། །བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ་ཀོ་ལོང་དང་ཕྲག་དོག་མི་བྱེད་པར་ཆོས་མཐུན་གྱི་སྟོང་གྲོགས་བཟང་པོ་མཛད་དུ་གསོལ། ཞེས་བརྗོད། དེ་ནས་ཁྲུས་བྱ་བ་ནི། མེ་ལོང་ལ་ལྷའི་གཟུགས་བརྙན་ཤར་བ་ལ། བུམ་པའི་ཆུས། འགྲོ་བའི་སྒྲོན་མེ་སྤྱན་རས་གཟིགས་མགོན་ལ། །དྲི་ཞིམ་བདུད་རྩིའི་རྒྱུད་ཀྱིས་ཁྲུས་གསོལ་བས། །འགྲོ་བའི་སྒྲིབ་གཉིས་མུན་པ་ཀུན་བསལ་ནས། །དྲི་བྲལ་སྐུ་གསུམ་བརྙེས་པར་བྱིན་གྱིས་རློབས། །ཅེས་བརྗོད་ལ་ཁྲུས་གསོལ། སྤྲོ་ན། ཇི་ལྟར་བལྟམས་པ་སོགས་ཁྲུས་གསོལ་སྤྱི་ལྟར་བྱ། དགེ་བ་འདི་ཡིས་སོགས་བསྔོ་སྨོན་ཅི་རིགས་སྐབས་དང་སྦྱར། ཡིག་བརྒྱ་ལན་གསུམ་བཟླས་ལ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་བདག་ལ་དགོངས་སུ་གསོལ། བདག་ཅག་ལས་དང་པོ་པ་སེམས་བྱིང་རྒོད་ཀྱི་དབང་གིས་ཏིང་ངེ་འཛིན་མི་གསལ་བ་དང་། སྔགས་མ་དག་པ་དང་། ཆོ་ག་ལྷག་ཆད་དུ་གྱུར་པ་དང་། གཙང་སྦྲ་མ་བྱས་པ་ལ་སོགས་པ་ཐམས་ཅད་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ལ་བཟོད་པར་གསོལ་གྱི། བདག་ཅག་ལ་སྒྲིབ་པར་མི་འགྱུར་བར་མཛད་དུ་གསོལ། ཞེས་བརྗོད་དེ་བཟོད་པར་གསོལ། དེ་ནས། ༀ་མ་ཎི་པདྨེ་ཧཱུཾ། ཞེས་བརྗོད་པས། ཐུགས་རྗེ་ཆེན་པོ་གཉིས་པ་ཞིག་མདུན་གྱི་ནམ་མཁར་བྱོན་ནས་རང་ལ་ཁྲུས་མཛད་པས་སྡིག་སྒྲིབ་དག་པར་གྱུར་པར་བསམས་ལ། བུམ་ཆུ་བཏུང་ངོ་། །དེ་ལྟར་སྦྱོར་དངོས་གཉིས་ལ་ཆོ་ག་ཚར་གསུམ་གདུལ་དགོས་པའི་ཆོ་ག་དང་པོ་གཉིས་སོ་སོ་ལ་ཁྲུས་བྱས་ཏེ་གསོ་སྦྱོང་ནས་བཟུང་ཚད་དེ་དང་། ཕྱི་མ་གཉིས་ལ་གསོ་སྦྱོང་ལ་གཏོགས་པའི་དང་པོའི་ཁྲུས་ནས་མཇུག་གི་ཁྲུས་ཀྱི་བར་ཚར་གཉིས་བྱའོ། །འོན་ཀྱང་ཕྱི་མ་གཉིས་ལ་དང་པོའི་ཁྲུས་མ་བྱས་ནའང་མི་འགལ་བར་མངོན་ནོ། །སྦྱོར་བའི་ཉིན་དཀར་གསུམ་ལ་བརྟེན་པའི་ཟས་གཙང་མ་ཟ་ཞིང་། ཤ་ཆང་སྒོག་གཙོང་སོགས་ཀྱི་རིགས་དང་། ལྷག་མ། ཏིལ་ལ་ཐུག་སོགས་སྤོང་བ་བྱ་རྒྱུད་ཀྱི་སྐབས་ནས་བཤད་པའི་དམ་ཚིག་ལ་གནས་དགོས། ཕྱི་དྲོ་བུ་རམ་དང་སྦྲང་སོགས་བསྟེན་དུ་རུང་བར་བཤད། ཁ་ཅིག་སྦྱོར་བའི་ཉིན་སྨྲ་བ་གཞན་བཅད་དགོས་པར་འདོད་ཀྱང་དེ་མི་དགོས་ལ། དངོས་གཞིའི་དུས་སུ་སྨྲ་བ་གཞན་བཅད་ནས་འབྲུ་ཉག་གཅིག་གམ་ཆུ་ཐིགས་གཅིག་གིས་བཟའ་བཏུང་ཡང་མི་བྱའོ། །རྒྱལ་དབང་ལྔ་པའི་གསུང་འབུམ་ལས་དངོས་གཞིའི་དུས་སུ་མཆིལ་མ་ཙམ་ཡང་མི་མིད་ཞེས་འབྱུང་ཡང་། ཆོ་ག་གཞན་དུ་དེ་བཞིན་གསལ་བར་བཤད་པ་མ་མཐོང་ཞིང་། པཎ་ཆེན་གོང་མའི་གསུང་དངོས་སུ་ཐོས་པ་ཁ་ཅིག་དང་། ངག་རྒྱུན་དུའང་མཆིལ་མ་ལུས་ཀྱི་ཆར་གཏོགས་པས་མི་འགལ་བར་གྲགས་པ་ལྟར། ལ་ལའི་ཕྱག་ལེན་དུའང་སྣང་བས་ཁོ་བོ་ནི་འདི་འཐད་པའི་ཕྱོགས་ལྟ་བུར་སེམས་ཀྱང་དཔྱད་པར་བྱའོ། །རྒྱལ་སྲས་དངུལ་ཆུ་ཆོས་རྫོང་བའི་ཆོ་གའི་ཚིག་ཟིན་ལྟར་ན། དངོས་གཞིའི་དུས་སུ་ཆོ་ག་ཡང་དག་ཏུ་མི་བརྗོད་པར་ཡིད་བཤར་བྱེད་པ་ལྟ་བུ་ཞིག་གསུངས་འདུག་ཀྱང་། ཆོ་ག་གཞན་དུ་སྨྲ་བཅད་བྱ་བ་ཙམ་ལས་ཚུལ་དེ་བཤད་པ་མ་མཐོང་ལ། ཡིད་བཟླས་ཀྱང་མ་བཤད་ཅིང་ཆོ་ག་འདོད་པ་དང་སྔགས་བཟླ་དགོས་པ་འདིའི་ཆོ་ག་ཐམས་ཅད་ནས་འབྱུང་བས་ངག་དུ་མ་བརྗོད་པར་ཡིད་ལ་བཤར་བ་ཙམ་གྱིས་ཏོན་པའི་གོ་ཆོད་པར་བཞག་དཀའ་བའི་ཕྱིར། སྔར་གྱི་དེ་འཐད་དམ་མི་འཐད་དང་དགོངས་པ་གང་ཡིན་བརྟག་པར་བྱའོ། །དེས་ན་སྨྲ་བཅད་བྱ་དགོས་པར་གསུངས་པ་ནི་སྐབས་དེར་ཆོ་ག་ལ་མ་གཏོགས་པའི་གཏམ་གཞན་མི་བརྗོད་པའི་དོན་ཡིན་པར་སེམས་སོ། །སང་སྐྱ་རེངས་ཤར་ནས་ཐོར་ཐུག་གསོལ་བ་ཕྱག་ལེན་ལ་ཡོད་ཅིང་། རྗེས་ཆོག་ལ་གསོ་སྦྱོང་མ་གཏོགས་པའི་ཆོ་ག་ཚར་གཅིག་བྱའོ། །རྟེན་ཡོད་ན། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། ཞེས་སོགས་ཀྱིས་བརྟན་བཞུགས་དང་། མེད་ན། བཛྲ་མུཿ ཡེ་ཤེས་པ་དང་མགྲོན་གཞན་རང་བཞིན་གི་གནས་སུ་གཤེགས། དམ་ཚིག་པ་རང་ཉིད་ལ་ཐིམ་པར་གྱུར་པར་བསམས་ཤིང་། གཙོ་བོའི་རྟེན་ཡོད་ཅིང་གཞན་ལ་མེད་ནའང་དེའི་ཁྱད་པར་ཕྱེད་པར་བྱའོ། །རང་ཉིད་སྐད་ཅིག་གིས་སྤྱན་རས་གཟིགས་ཞལ་གཅིག་ཕྱག་གཉིས་པའི་སྐུར་བཞེངས་པའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། ཅེས་བརྗོད་དེ་བཀྲ་ཤིས་སོགས་བྱའོ། །ཡང་ཉལ་བའི་ཚེ། རང་དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། དེ་མི་དམིགས་པར་གྱུར་པར་བསམས་ལ་ལྷ་ཐོག་ཏུ་འཇོག་པ་གསུངས་པ་བཞིན་བྱས་ཀྱང་རུང་ངོ་། །ཕན་ཡོན་ནི། སྨྱུང་གནས་ཚུལ་བཞིན་དུ་བསྲུངས་ན། བསྐལ་བ་བཞི་ཁྲིའི་འཁོར་བ་ཡང་ཕྱིར་བསྙིལ་ཞིང་། ངན་འགྲོའི་སྐྱེ་སྒོ་གཅོད་པ་དང་། འཚམས་མེད་དང་། རྩ་བའི་ལྟུང་བ་རྣམས་དང་། མི་དགེ་བ་བཅུ་དང་། དཀོར་སྒྲིབ་ལ་སོགས་པ་མང་པོ་ཞིག་འབྱང་བར་འགྱུར་ཞིང་། སྤྱན་རས་གཟིགས་ཀྱི་རྗེས་སུ་འཛིན་པ་དང་། ཕྱི་མ་བདེ་བ་ཅན་དུ་སྐྱེ་བ་དང་། བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་། ཞི་སོགས་ཀྱི་ལས་འགྲུབ་སླ་བ་དང་། བུད་མེད་ཡིན་ནའང་རྟག་ཏུ་སྐྱེས་པའི་ལུས་ཐོབ་པ་དང་། གཟུངས་མང་དུ་བཟླས་པའི་ཆུ་གཞན་ལ་བླུད་ན་དེའི་སྡིག་སྒྲིབ་ཀྱང་འདག་ནུས་པ་དང་། དུད་འགྲོ་འཆི་བའི་ཚེ་གཟུངས་བཟླས་ཏེ་དེའི་ལུས་ལ་སྔགས་བཏབ་ན་ནི་དེ་གནས་དེ་ལས་ཐར་ནས་བདེ་འགྲོར་སྐྱེ་བ་སོགས། མདོར་ན་ཚོགས་གཉིས་རྫོགས་ནས་མྱུར་དུ་འཚང་རྒྱ་བའི་ཕན་ཡོན་ཀྱང་ཡོད་ཅེས་གསུངས་ཤིང་། དེར་མ་ཟད་སྨྱུང་གནས་བྱས་ཟིན་མ་ཐག་པའི་ནང་པར་གང་ཟག་དེ་ལ་གཞན་གྱིས་བཤོས་དྲངས་ནའང་། བྱང་ཆུབ་སེམས་དཔའ་དང་དགྲ་བཅོམ་པ་ལ་ཕུལ་བ་དང་མཉམ་པ་སོགས་ཀྱི་ཕན་ཡོན་འབྱུང་བར་ཡང་བཤད་དོ། །འདི་ཚུལ་མཐུན་ལྟ་ཞོག །རྗེས་མཐུན་ཙམ་ཡིན་ཡང་ཚོགས་གསོག་སྒྲིབ་སྦྱོང་གི་ཐབས་སུ་འགྱུར་བས་འགོག་མི་རུང་བ་སེམས་སོ། །ཞར་བྱུང་ལོ་རྒྱུས་ཅུང་ཟད་ཙམ་བརྗོད་ན། འདིའི་ཐོག་མའི་སྒྲུབ་ཐབས་གང་གིས་མཛད་པ་ནི། འཕགས་པས་དངོས་སུ་རྗེས་སུ་བཟུང་བའི་དགེ་སློང་མ་དཔལ་མོ་ཞེས་བྱ་བ་དེ་ཡིན་ལ། དེས་རྒྱུད་གང་ལ་བརྟེན་པ་ལ་ཡང་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་དང་། ཕྱག་སྟོང་སྤྱན་སྟོང་གི་རྒྱུད་ལ་བརྟེན་ནས་མཛད་དོ། །དེ་ལྟ་བུའི་དགེ་སློང་མ་དེ་ནི་འཕགས་ཡུལ་དུ་འཁྲུངས་ཤིང་། རིག་པའི་གནས་ལྔ་ལ་མཁས་པ་ཞིག་ཡིན་ནའང་། སྔོན་ལས་ཀྱིས་སྐུ་ལ་མཛེ་ནད་ཀྱིས་བཏབ་པས་ཕྱག་གཡས་པའི་མཁྲིག་མ་ཆད་ཅིང་། རྨ་བྱུང་བའི་སྡུག་བསྔལ་གྱི་ཟུག་རྔུ་ཆེན་པོས་གཟིར་བར་གྱུར་ཏེ། བས་མཐའི་གནས་སུ་སྤྱིལ་པོར་ཤུམ་ཞིང་བཞུགས་པ་ན། རྨི་ལམ་དུ་རང་གི་ཡབ་རྒྱལ་པོ་ཨིནྟྲ་བྷུ་ཏི་ཡིན་ཟེར་བ་ཞིག་གིས། ཤེལ་གྱི་བུམ་པ་བདུད་རྩིས་གང་བ་བཟུང་སྟེ། འདི་ཐུགས་རྗེ་ཆེན་པོའི་ཁྲུས་ཆུ་ཡིན་ཟེར་ནས་སྤྱི་བོ་ནས་ཁྲུས་གསོལ་བས་ལུས་ཅུང་བདེ་འབོལ་གྱིས་སོང་། ཁྱོད་ནད་འདིས་རྐྱེན་བྱས་ཏེ་མཆོག་གི་དངོས་གྲུབ་ཀྱང་འཐོབ་པར་འདུག་པས་ཞལ་བཅུ་གཅིག་པ་ལ་ཡི་དམ་གྱིས་ཤིག་གསུངས་ནས་གཤེགས། དེའི་སང་ནས་བཟུང་ཉིན་མོ་ཡིག་དྲུག་དང་། མཚན་མོ་ཞལ་བཅུ་གཅིག་པའི་གཟུངས་ལ་ཐུགས་དམ་མཛད་དེ་ཟླ་བ་དྲུག་སོང་བའི་ཚེ་ཐུགས་ལ་དངོས་སུ་རྗེས་སུ་འཛིན་པའི་ལྷ་ཞིག་ནི་མི་འདུག་པས་སྡུག་བསྔལ་འདི་ལྟ་བུ་མྱོང་བ་ལས་ཤི་ནས་དགའ་སྙམ་པའི་འཕྲོ་ལ་མནལ་དུ་སོང་བ་ན། སྤྱིལ་པོའི་ནང་ཐམས་ཅད་འོད་ཀྱིས་ཁེངས་པའི་སྣང་བ་བྱུང་བ་དང་། ཁྱེའུ་སེང་གེ་ལ་ཞོན་པ་ཞིག་བྱུང་སྟེ། ཁྱོད་དེར་མ་སྡོད་པར་མི་ཁར་ཤིང་འཕེལ་དུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ་བཞུགས་པའི་དྲུང་དུ་སོང་ལ་གསོལ་བ་ཐོབ་ཅེས་གསུངས་ནས་ལྕེ་ལ་བདུད་རྩི་རིལ་བུ་གཅིག་བཞག །དེ་ལ་ཁྱོད་སུ་ཡིན་བྱས་པས་ང་འཇམ་པའི་དབྱངས་ཡིན་གསུང་། འོ་ན་མཆོག་གི་དངོས་གྲུབ་ཞུ་བྱས་པས་ད་ལྟའི་དེ་ཀ་ཡིན་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཤར་ཕྱོགས་ལི་ཁ་རར་ཕྱིན་པས་ཞག་བདུན་སོང་བའི་ཚེ་ལམ་དུ་མཁའ་འགྲོ་མ་འགའ་ཞིག་གཟིགས་ཤིང་། དེ་རྣམས་ཀྱི་རྫུ་འཕྲུལ་ལ་བརྟེན་ནས་ལི་ཁང་རང་མྱུར་དུ་སླེབ། དེར་ཞལ་བཅུ་གཅིག་པའི་དྲུང་དུ་བཞུགས་ནས་ཉིན་མཚན་ཁོར་ཡུག་ཏུ་སྨྱུང་གནས་ཀྱི་ཐུགས་དམ་མཛད་པས་ལོ་གཅིག་སོང་བ་དང་ནད་ཐམས་ཅད་སོས་ཏེ། ཕྱག་གཡས་པའི་མཁྲིག་མ་ཡང་སྔོན་བཞིན་སོར་ཆུད། ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་ཐུགས་རྒྱུད་ལ་འཁྲུངས་ཤིང་། བདུད་ཀྱི་བར་ཆད་ཀྱང་ཕྱིར་ཟློག །ས་ག་ཟླ་བའི་ཚེས་གཅིག་གི་ཐོ་རངས་སྒྲོལ་མའི་ཞལ་གཟིགས་ཤིང་། དེའི་ཚེས་བརྒྱད་ལ་དོན་ཡོད་ཞགས་པ་ལྷ་ལྔ་སོགས་མང་པོའི་ཞལ་གཟིགས། བཅོ་ལྔའི་ཉིན་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་ཞལ་གཟིགས་ནས་དེས་ཆོས་གསུངས་པས་ས་བརྒྱད་པ་ཐོབ་སྟེ་དགྲ་བཅོམ་མར་གྱུར། རང་ཡུལ་དུ་བྱོན་ནས་འགའ་ཞིག་གི་ཐེ་ཚོམ་གཅོད་པའི་ཕྱིར་དུ་རང་གི་དབུ་བཅད་ནས་འཁར་གསིལ་གྱི་རྩེར་བསྐྱོན་པའི་སྤྲུལ་པ་ཡང་བསྟན་ཅིང་། རྗེ་བཙུན་སྒྲོལ་མ་དང་རྟོགས་པ་མཉམ་པར་གྱུར་ཏོ། །དེ་འདྲའི་དགེ་སློང་མ་དེས་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་མཆོག་གི་དངོས་གྲུབ་ཐོབ་པའི་དུས་ཡིན་པས། འདིའི་སྒྲུབ་པ་པོ་རྣམས་ཀྱིས་ཀྱང་ཐོག་མའི་སྒྲུབ་པའི་དུས་ནི་ཟླ་བ་དེ་ལ་བྱས་ན་མཆོག་གི་དངོས་གྲུབ་འཐོབ་པའི་རྟེན་འབྲེལ་ཡོད་པ་ཡིན་ནོ། །ཌཱ་ཀི་ནི་ལཀྵིཾ་ཀ་ར་ཞེས་པ་མཁའ་འགྲོས་དབང་མོ་ཞེས་པ་ཡིན་པས། དགེ་སློང་མ་དེ་ཉིད་ཡིན་ནོ། །དེས་པཎྜི་ཏ་ཡེ་ཤེས་བཟང་པོ་དང་ཟླ་བ་གཞོན་ནུ་གཉིས་ལ་གནང་། དེ་གཉིས་ཀྱིས་བལ་པོ་པ་ཉ་པ་ལ་གནང་། དེས་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་ལ་གནང་སྟེ། དེ་རྣམས་ཀྱིས་ཀྱང་སྨྱུང་གནས་ལ་བརྟེན་ནས་དངོས་གྲུབ་བརྙེས་པ་ཡིན་ཞིང་། དེ་ནས་རིམ་པར་བརྒྱུད་དེ་དར་རོ། །འདིའི་ལོ་རྒྱུས་རྒྱས་པར་ནི་གཞན་དུ་ཤེས་པར་བྱའོ་ཅེས་སྨྱུང་གནས་ཀྱི་ཆོ་ག་ལོ་རྒྱུས་མདོར་བསྡུས་དང་བཅས་པ་འདི་ནི་དཀའ་བཅུ་བློ་བཟང་བསམ་འགྲུབ་སོགས་རང་གི་སློབ་མ་འགས་བསྐུལ་བའི་ངོར་ཤཱཀྱའི་དགེ་སློང་གྲགས་པ་བཤད་གྲུབ་གྱིས་ཅོ་ནེ་དགོན་ཉིད་དུ་ལེགས་པར་སྦྱར་བའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག །མངྒལཾ།། །།

མདོ་ཆོག་ཡིད་བཞིན་ནོར་བུའི་ལྷན་ཐབས་རིན་ཆེན་བུམ་བཟང་།

མདོ་ཆོག་ཡིད་བཞིན་ནོར་བུའི་ལྷན་ཐབས་རིན་ཆེན་བུམ་བཟང་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རླབས་ཆེན་སྨོན་ལམ་བཏབ་པའི་འབྲས་བཟང་པོ། །སྙིགས་དུས་འགྲོ་བའི་དཔལ་དུ་ལེགས་གྲུབ་པ། །བཅོམ་ལྡན་སྨན་གྱི་བླ་སོགས་བདེ་གཤེགས་བདུན། །ཤཱཀྱའི་ཏོག་དང་བཅས་པའི་ཞབས་ལ་འདུད། །འདིར་སྨན་བླའི་ཆོ་ག་རྒྱས་པ་མ་ལྕོགས་པ་འགའ་ཞིག་པཎ་ཆེན་གོང་མས་མཛད་པའི་སྨན་བླའི་མདོ་ཆོག་གི་སྙིང་པོ་བསྡུས་པ་ལྟར་ཉམས་སུ་ལེན་པར་འདོད་པ་ལ་ཆོ་ག་དེར་དོན་གྱི་གཙོ་བོ་རྣམས་ཚང་ཡང་ཁ་བསྐང་བར་འོས་པ་འགའ་ཞིག་སྣང་བ་རྣམས་ཀྱིས་ཟུར་བརྒྱན་ནས་བརྗོད་པར་བྱ་སྟེ། དེ་ཡང་སྦྱོར་བ་ལ། སྐུ་དང་མཆོད་པ་སོགས་ཡོད་ན་སྟ་གོན་བྱ་ཞིང་། མེད་ནའང་མོས་པས་ཀྱང་བྱར་རུང་ལ། སྔོན་དུ་ཐེག་པ་ཆེན་པའི་གསོ་སྦྱོང་འདོད་ན་ལེན་ཅིང་མ་བྱས་ནའང་ལྷག་ཆད་དུ་མི་འགྱུར་རོ། །སྐྱབས་འགྲོ་སེམས་བསྐྱེད་སོགས་སྤྱི་ལྟར་རམ། བདག་དང་སྣང་བ་ཐམས་ཅད་ཞེས་སོགས་ཀྱིས་ཚད་མེད་བཞི་བསྒོམ། དངོས་གཞི་ནི། མོས་པ་ཤུགས་དྲག་དང་བཅས་ཏེ་འདི་ལྟར། །མཆོག་བདེན་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །ཚོགས་གཉིས་མངའ་ཐང་ཆོས་དབྱིངས་དག་པའི་མཐུས། །ཞིང་འདི་བདེ་བ་ཅན་ལྟར་སྣོད་བཅུད་ཀྱི། །སྲིད་ཞིའི་ཕུན་ཚོགས་འདོད་དགུས་འབྱོར་གྱུར་ཅིག །རིན་ཆེན་ས་གཞི་ལྗོན་ཤིང་ཆུ་མཚོས་བརྒྱན། །གསེར་དངུལ་མུ་ཏིག་བྱེ་མ་སྦྲམ་བུར་བདལ། །མེ་ཏོག་གཅལ་བཀྲམ་ཙནྡ ན་དྲི་བསུང་ལྡང་། །ལྷ་མིའི་ལོངས་སྤྱོད་ཀུན་བཟང་མཆོད་པས་ཁྱབ། །དེར་ནི་ཡིད་འོང་ནོར་བུའི་ཕོ་བྲང་དབུས། །པདྨ་སེང་ཁྲིར་རྒྱལ་བ་སྲས་བཅས་རྣམས། །བཞུགས་ནས་གཟུངས་རིང་མོས་སྟོབས་ཀྱིས་བསྐྲུན་པའི། །མཆོད་སྤྲིན་རྒྱ་མཚོས་གང་ཞིང་སྤྱོད་གྱུར་ཅིང་། །ཅེས་པས་ས་གཞི་སོགས་བྱིན་བརླབ་བྱ། དེ་ནས། འདོད་ན་རྣམ་དག་ཆོས་དབྱིངས་མ་དང་། མ་ལུས་སེམས་ཅན་མ་ལྟ་བུ་ཅི་རིགས་ཀྱི་འཕྲོར། སྙིགས་མའི་མགོན་པོ་བརྩེ་ལྡན་བདེ་གཤེགས་བདུན། །ཐུབ་དབང་དམ་ཆོས་བྱང་སེམས་བཀའ་སྡོད་བཅས། །བདག་སོགས་སྐྱོབ་ཕྱིར་མགོན་སྐྱབས་དཔུང་གཉེན་དུ། །སྤྱན་འདྲེན་འདིར་གཤེགས་གདན་འཛོམ་བྱིན་བརློབ་མཛོད། །ཅེས་པས་སྤྱན་དྲངས་ཏེ། སྤྲོ་ན་ཁྱེད་སྐུ་རང་བཞིན་སོགས་ཀྱིས་ཁྲུས་དང་སྐུ་དབྱིངས་གོས་འབུལ་རྣམས་ཀྱང་བྱས་ཆོག །ཐུང་མོང་དུ་ཡན་ལག་བདུན་གྱི་ཐོག་མར་ཕྱ་འཚལ་བ་ནི། ལྷར་བཅས་སྐྱེ་རྒུ་མ་ལྟ་བུ་རྒྱས་པའམ། བསྡུ་ན། བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང་། །ཤཱཀྱའི་རྒྱལ་པོ་འཇམ་དབྱངས་ཞི་འཚོ་སོགས། །ཟབ་མོའི་མདོ་འདི་ཕྱག་མཚན་བཞེས་པ་ཡི། །དངོས་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཉམས་ཐག་འགྲོ་རྣམས་སྒྲོལ་བའི་ཐུགས་རྗེ་ཅན། །བདེ་གཤེགས་བདུན་དང་ཐུབ་དབང་དམ་པའི་ཆོས། །འཇམ་དཔལ་སྐྱབས་གྲོལ་གསང་བདག་ཚངས་དབང་དང་། །རྒྱལ་ཆེན་གནོད་སྦྱིན་རྣམས་ལ་ཕྱག་འཚལ་ལོ། །ཞེས་དང་། ཡང་ན། མཁས་བཙུན་ཆེན་པོ་སོགས་དང་། མཚན་ལེགས་རིན་ཆེན་སོགས་དང་། ཀུན་འབྱུང་མུན་པའི་ས་བོན་སོགས་དང་། འཇམ་དཔལ་དབྱངས་དང་སྐྱབས་འགྲོ་ལ་སོགས་གཞན་ནས་འབྱུང་བ་ལྟར་བྱས་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །མཆོད་པའི་ཡན་ལག་རྒྱས་པར་ན། མེ་ཏོག་དམ་པ་ནས། མཆོད་པར་བགྱི། །ཞེས་པའི་མཇུག་ཏུ། དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །བཅོམ་ལྡན་གདན་འཛོམ་ཆེན་པོ་དགོངས་སུ་གསོལ། །བདེ་གཤེགས་བདུན་གྱི་སྔོན་གྱི་སྨོན་ལམ་དག །ཤཱཀྱའི་བསྟན་པ་ལྔ་བརྒྱའི་ཐ་མ་ལ། །འགྲུབ་པར་འགྱུར་བ་ཞལ་གྱིས་བཞེས་པ་བཞིན། །བདག་ལ་བདེན་པ་མངོན་སུམ་བསྟན་དུ་གསོལ། །ཞེས་པས་དབང་དུ་གསོལ། དེ་ནས་སོ་སོར་ཡན་ལག་བདུན་སྨོན་ལམ་བཅས་བྱེད་པ་ལ། དང་པོ་ནི་དད་ཤུགས་དྲག་པོས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་སྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཞེས་ལན་བདུན་དང་། དེ་བཞིན་དུ་གཞན་བདུན་ལ་འགྲེ། མཚན་གྱི་མེ་ཏོག་རྒྱས་ཤིང་དག་པ་ལ། དཔེ་བྱད་བཟང་པོའི་འབྲུ་ཆགས་མཛེས་པའི་སྐུ། །གང་གིས་མཐོང་ཐོས་དྲན་པའི་དཔལ་གྱུར་བ། །མཚན་ལེགས་ཡོངས་སྒྲགས་དཔལ་ལ་ཕྱག་འཚལ་ལོ། །དངོས་བཤམས། ནས། ཆེན་པོར་བསྔོ། །ཞེས་པའི་བར་གྱིས་ཡན་ལག་བདུན་པ་བྱ་ཞིང་། འདིའང་འོག་མ་དགུ་ལ་སྦྱོར། རྒྱལ་བའི་མཚན་ཐོས་དྲན་བརྗོད་ཕྱག་མཆོད་མཐུས། །བདག་ཅག་ལ་སོགས་སེམས་ཅན་གང་དང་གང་། །ནད་རིམས་གཤེད་བྱེད་སྡིག་ཅན་གདོན་ལས་ཐར། །དབང་པོ་ཀུན་ཚང་སྡུག་བསྔལ་སྡིག་རྒྱུན་ཆད། །ངན་འགྲོར་མི་ལྟུང་ལྷ་མིའི་བདེ་བ་མྱོང་། །བཀྲེས་སྐོམ་དབུལ་འཕོངས་ཞི་ཞིང་འབྱོར་གྱུར་ཅིག །བཅིངས་དང་བརྡེག་སོགས་ལུས་ཀྱི་གདུང་བ་མེད། །སྟག་སེང་སྦྲུལ་གྱིས་འཚེ་བྲལ་འཐབ་རྩོད་ཞི། །བྱམས་པའི་སེམས་ལྡན་ཆུ་ཡིས་སྐྲགས་རྣམས་ཀྱང་། །དབུགས་ཕྱིན་འཇིགས་མེད་བདེ་བར་བརྒལ་གྱུར་ཅིག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་པདྨོ་ལས་སྐྱེས་ཡོན་ཏན་རྫོགས། །མཚན་ལེགས་ཡོངས་སྒྲགས་ལ་སོགས་རྒྱལ་རྣམས་ཀྱི། བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །གཉིས་པ་ནི། བཅོམ་ལྡན་འདས་ནས། སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱད་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །རིན་ཆེན་ཟླ་བ་དང་པདྨས་རབ་བརྒྱད་ཅིང་། །ཤེས་བྱ་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས། །རྒྱ་མཚོ་ལྟ་བུར་ཟབ་པའི་ཐུགས་མངའ་བ། །སྒྲ་དབྱངས་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །དངོས་བཤམས་ནས། བསྔོ། རྒྱལ་བའི་མཚན་ཐོས་དྲན་བརྗོད་ཕྱག་མཆོད་མཐུས། །བདག་ཅག་ལ་སོགས་སེམས་ཅན་གང་དང་གང་། །གཡེངས་རྣམས་ཆོས་འཕེལ་ལྷ་མིའི་ཚོག་ཆས་འབྱོར། །བཙའ་བའི་གདུང་བྲལ་རྟག་ཏུ་སྐྱེས་པར་གྱུར། བྱང་ཆུབ་སེམས་དང་མི་འབྲལ་དགེ་ཆོས་རྒྱལ། །སྒྲིབ་བྱང་ལྷ་ཡིའི་བདེ་བ་འཐོབ་གྱུར་ཅིག །བཤེས་བྲལ་མུན་པར་གདོན་གཙེས་འཆི་དང་དགྲ། །དགོན་པའི་གནོད་མེད་མཆོད་དང་རིམ་འགྲོར་བརྩོན། །དམན་རྣམས་ཏིང་འཛིན་དྲན་སྟོབས་གཟུངས་ལྡན་ཅིང་། །ཤེས་རབ་མཆོག་ཐོབ་མེས་ཉེན་བསིལ་གྱུར་ཅིག །འདི་ནས་ཤི་འཕོས་གྱུར་ཚེ་སངས་རྒྱས་ཀྱི། །ཞིང་དེར་པདྨོ་ལས་སྐྱེས་ཡོན་ཏན་རྫོགས། །སྒྲ་དབྱངས་རྒྱལ་པོ་ལ་སོགས་རྒྱལ་རྣམས་ཀྱི། །བཀའ་ལུང་ནོད་ཅིང་མཉེས་པར་བྱེད་གྱུར་ཅིག །གསུམ་པ་ནི། བཅོམ་ལྡན་ནས། གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །འཛམ་བུ་ཆུ་བོའི་གསེར་ལྟར་ལྷང་ངེ་བ། །ཉི་མ་སྟོང་ལས་ལྷག་པའི་གཟི་བརྗིད་འབར། །དྲི་མེད་གསེར་གྱི་མཆོད་སྡོང་ལྟ་བུའི་སྐུ། །གསེར་བཟང་དྲི་མེད་སྣང་ལ་ཕྱག་འཚལ་ལོ། །དངོས་བཤམས། ནས། བསྔོ། རྒྱལ་བའི། ནས་སེམས་ཅན་གང་དང་གང་། །ཚེ་ཐུང་རིང་འཚོ་དབུལ་རྣམས་དབང་ཕྱུག་ཚངས། །འཐབ་རྩོལ་འགྱེད་པའང་བྱམས་པའི་སེམས་ལྡན་ཞིང་། །བསླབ་བྲལ་ངན་སོང་མི་ལྟུང་སྡོམ་པས་བསྡམས། །བྱང་ཆུབ་སེམས་དང་འབྲལ་བ་མེད་གྱུར་ཅིག །འདི་ནས་ཤི་འཕོས། ནས། གསེར་བཟང་དྲི་མེད་ལ་སོགས་རྒྱལ་རྣམས་ཀྱི། །ཞེས་བསྒྱུར་བ་མ་གཏོགས་སྔར་བཞིན་ནོ། །བཞི་པ་ནི། བཅོམ་ལྡན་འདས། ནས། མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །མྱ་ངན་འདས་ཞི་བདེ་བའི་མཆོག་བརྙེས་པ། །འགྲོ་བའི་དུག་གསུམ་སྡུག་བསྔལ་ཞི་མཛད་ཅིང་། །འགྲོ་དྲུག་མགོན་དང་དཔལ་དུ་གྱུར་པ་ཡི། །མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །དངོས་བཤམས། ནས་བསྔོ། རྒྱལ་བའི། ནས། གང་དང་གང་། མྱ་ངན་སོགས་ཞི་མི་འབྲལ་ཚེ་རིང་བདེ། །དམྱལ་བར་རྒྱལ་བའི་འོད་ཀྱིས་བདེ་དགའ་རྒྱས། །མདངས་ལྡན་མཛེས་འབྱོར་འབྱུང་པོས་མི་འཚེ་ཞིང་། །ཕན་ཚུན་བྱམས་ལྡན་ནད་རྣམས་མེད་གྱུར་ཅིག །འདི་ནས་ཤི་འཕོས། ནས། མྱ་ངན་མེད་མཆོག་སོགས་སྔར་བཞིན་ནོ། །ལྔ་པ་ནི། བཅོམ་ལྡན་འདས། ནས། ཆོས་སྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཆོས་སྒྲ་ཆེན་པོས་ཕ་རོལ་རྒོལ་བ་འཇོམས། །རྒྱ་མཚོ་ལྟ་བུར་ཟབ་པའི་གསུང་མངའ་ཞིང་། །འགྲོ་བའི་སྡུག་བསྔལ་མ་ལུས་ཞི་མཛད་པ། །ཆོས་སྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །དངོས་བཤམས། ནས། བསྔོ། རྒྱལ་བའི༴ བདག་ཅག་ལ༴ རྟག་ཏུ་ཡང་དག་ལྟ་དང་དད་ལྡན་ཞིང་། །ཆོས་ཀྱི་སྒྲ་ཐོས་བྱང་ཆུབ་སེམས་ཀྱིས་ཕྱུག །ལོངས་སྤྱོད་སླད་དུ་སྡིག་སྤངས་འབྱོར་པ་འཕེལ། །བྱམས་གནས་ཚེ་རིང་ཆོག་ཤེས་ཉིད་གྱུར་ཅིག །འདི་ནས༴ ཞིང་དེར༴ ཆོས་སྒྲགས་རྒྱ་མཚོ་སོགས་སྔར་བཞིན་ནོ། །དྲུག་པ་ནི། བཅོམ་ལྡན་འདས་ནས། ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཆོས་ཀྱི་བློ་གྲོས་གཏིང་དཔག་དཀའ་བའི་ཐུགས། །རྣམ་དག་ཆོས་ཀྱི་དབྱིངས་ལ་རོལ་མཛད་ཅིང་། །ཤེས་བྱ་མ་ལུས་མངོན་སུམ་གཟིགས་པ་པོ། །མངོན་མཁྱེན་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །དངོས་བཤམས། ནས། བསྔོ། །རྒྱལ་བའི་ནས། གང་དང་གང་། གཡེངས་རྣམས་གནོད་སེམས་མེད་ཅིང་ཆོག་ཆས་འབྱོར། །ངན་སོང་ལམ་ངན་ཞུགས་རྣམས་དགེ་བཅུ་ཐོབ། །གཞན་དབང་གྱུར་རྣམས་རང་དབང་ཕུན་ཚོགས་ཤིང་། །ཀུན་ཀྱང་ཚེ་རིང་མཚན་ཐོས་དགེ་གྱུར་ཅིག །འདི་ནས་ཤི་འཕོས་ནས། མངོན་མཁྱེན་རྒྱལ་པོ་སོགས་སྔར་བཞིན་ནོ། །བདུན་པ་ནི། བཅོམ་ལྡན་འདས་ནས། སྨན་གྱི་བླ་བཻཌཱུཪྱཱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཐུགས་རྗེས་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻཌཱུཪྱཱའི་འོད་ལ་ཕྱག་འཚལ་ལོ། །དངོས་བཤམས། ནས། བསྔོ། རྒྱལ་བའི་ནས། སེམས་ཅན་གང་དང་གང་། །མཚན་དཔེས་མཛེས་ཤིང་འགྲོ་ཀུན་བདག་འདྲར་གྱུར། །འོད་ཀྱིས་མུན་སེལ་ཤེས་རབ་ཐབས་མཁས་ཀྱིས། །ལོངས་སྤྱོད་མི་ཟད་ལམ་ལོག་དམན་མོས་རྣམས། །ཐེག་ཆེན་ལམ་ཞུགས་སྡོམ་པས་མཛེས་གྱུར་ཅིག །ཚུལ་འཆལ་གདུང་བྲལ་དབང་པོ་ཀུན་ཚང་ཞིང་། །ནད་མེད་ཡོ་བྱད་འཕེལ་ཞིང་བུད་མེད་ཀྱི། །དངོས་པོས་སྐྱོ་རྣམས་རྟག་ཏུ་སྐྱེས་དབང་ལྡན། །བདུད་ཞགས་ལྟ་བ་ངན་ལས་གྲོལ་གྱུར་ཅིག །རྒྱལ་པོས་མནར་རྣམས་བདེ་ཞིང་བཀྲེས་པའི་རྒྱུས། །སྡིག་པས་འཚོ་རྣམས་ཆོས་འབྱོར་ཟས་ཀྱིས་ཚིམ། །ཚ་དྲང་ངལ་ཞི་བསམ་པ་ཡོངས་རྫོགས་ཤིང་། །འཕགས་པ་དགྱེེས་པའི་ཚུལ་ལྡན་གྲོལ་གྱུར་ཅིག །འདི་ནས་ཤི་འཕོས་ནས། སྨན་པའི་རྒྱལ་པོ་སོགས་སྔར་བཞིན་ནོ། །བརྒྱད་པ་ནི། སྟོན་པ་བཅོམ་ལྡན་འདས་ནས། དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་དེ་ལ་ཕྱག་འ ཚལ་ལོ། །དངོས་བཤམས་ནས། བསྔོ། །སྟོན་པ་མཆོག་དེས་མདོ་སྡེའི་ཆོ་ག་ལས། །ཇི་ལྟར་གསུངས་པའི་ཕན་ཡོན་མ་ལུས་པ། །བདག་ཅག་མགོན་མེད་འགྲོ་བ་མཐའ་དག་གིས། །དེང་འདིར་ཕྲལ་དུ་ཐོབ་པར་བྱིན་གྱིས་རློབས། །དགུ་པ་ནི། མ་རིག་མུན་སེལ་སྒྲོན་མེ་མཆོག །སྡུག་བསྔལ་ནད་སེལ་སྨན་གྱི་ཕུལ། །དམ་ཆོས་དཀོན་མཆོག་ཐམས་ཅད་ལ། །ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི། །འདི་མན་ལན་བདུན་ནམ་གསུམ་ཅི་རིགས་བྱ། ཀུན་འབྱུང་མུན་པའི་ས་བོན། སོགས་ཀྱི་མཐར། དངོས་བཤམས། ནས། བསྔོ། །དམ་ཆོས་དཀོན་མཆོག་བདེན་པའི་བྱིན་བརླབས་ཀྱིས། །བདག་སོགས་དེང་ནས་ཚེ་རབས་ཐམས་ཅད་དུ། །རྒྱལ་བ་ཀུན་གྱི་དམ་ཆོས་མ་ལུས་པ། །རྒྱལ་བའི་དགོངས་པ་ཇི་བཞིན་འགྲུབ་གྱུར་ཅིག །བཅུ་པ་ནི། བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་སྐྱབས་གྲོལ་དང་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །སྟོན་པས་མདོ་སྡེ་དབང་པོ་གསུངས་པའི་ཚེ། །ཕན་ཡོན་ཆོ་ག་ཇི་ལྟར་བྱ་བ་སོགས། །གསལ་མཛད་རྒྱལ་སྲས་འཇམ་དཔལ་སྐྱབས་གྲོལ་དང་། གསང་བདག་འཁོར་བཅས་རྣམས་ལ་ཕྱག་འཚལ་ལོ། །དངོས་བཤམས། ནས། བསྔོ། །འཇམ་དཔལ་སྐྱབས་གྲོལ་ཕྱག་ན་རྡོ་རྗེ་སོགས། །བདེ་གཤེགས་སྲས་པོ་སུམ་ཁྲི་དྲུག་སྟོང་གིས། །རྒྱལ་བའི་ཐུགས་དམ་བསྐུལ་ཞིང་གླེང་བསླངས་ནས། །མདོ་སྡེའི་ཕན་ཡོན་ཇི་སྐད་གསུངས་པ་རྣམས་དེང་འདིར་བདག་ལ་མངོན་དུ་འགྱུར་བར་མཛོད། །བཅུ་གཅིག་པ་ནི། ཚངས་པ་དང་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་དང་གནོད་བྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །སོ་སོར་དབྱེ་བར་འདོད་ན་གཞན་ནས་འབྱུང་བ་ལྟར་བྱ། ཡངས་པ་ཅན་དུ་བདེ་གཤེགས་གདན་འཛོམ་ཚེ། །བསྟན་དང་མདོ་སྡེ་འཛིན་པར་བྱེད་པ་གང་། །སྲུང་བར་ཞལ་བཞེས་འཇིག་རྟེན་སྐྱོང་བ་དང་། །གནོད་སྦྱིན་སྡེ་དཔོན་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་སྐྱོང་བ་ཐམས་ཅད་དང་གནོད་སྦྱིན་གྱི་སྡེ་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ལ་བདག་གིས་མཆོད་པའི་ཚོགས་ཇི་སྙེད་མཆིས་པ་ཐམས་ཅད་འབུལ་བར་བགྱིའོ། །གཏོར་མ་ཡོད་ན། ཁྱད་པར་དུ་ཡང་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཉིད་འབུལ་ལོ། །བཞེས་ནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་། བདག་སོགས་ལ་བདེ་སྐྱིད་རྒྱ་ཆེན་པོ་འབྱུང་བ་དང་། བར་ཆད་ཐམས་ཅད་ཉེ་བར་ཞི་བའི་འཕྲིན་ལས་མཛོད་ཅིག །འཇིག་རྟེན་སྐྱོང་བ་སྡེ་དཔོན་བཅས་པས་ཀྱང་། །སྔོན་ཚེ་སྟོན་པའི་སྤྱན་སྔར་ཞལ་བཞེས་བཞིན། །དགྲ་དང་གནོད་པ་ནད་རིམས་བཟློག་པ་དང་། །འཐབ་རྩོད་ཀུན་ཞི་ལུས་སེམས་བདེ་བ་རྒྱས། །ལོངས་སྤྱོད་དབང་ཕྱུག་ནོར་འབྲུ་ཚེ་འཕེལ་ཞིང་། །བསམས་པའི་དོན་རྣམས་ཡིད་བཞིན་འགྲུབ་པ་དང་། །རྟག་ཏུ་བསྲུང་སྐྱོབ་གཡེལ་བ་མེད་པར་མཛོད། །གཞི་བདག་གཏོར་མ་འབུལ་བར་འདོད་ན་སྤྱི་ལྟར་ཕུལ་ཆོག །དེ་ནས། ༀ་ན་མོ་བྷ་ག་ཝ་ཏེ། བྷཻ་ཥ་ཛྱཻ་གུ་རུ་བཻཌཱུཪྱཱ་པྲ་བྷ་རྭ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སཾ་མྱ་ཀ་སཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་བྷཻ་ཥ་ཛྱཻ་བྷཻ་ཥ་ཛྱེ། མ་ཧཱ་བྷཻ་ཥ་ཛྱཻ་བྷཻ་ཥ་ཛྱེ། རཱ་ཛ་ས་མུདྒ་ཏེ་སྭཱ་ཧཱ། ཅེས་གཟུགས་རིང་ནས། ཡང་ན། ཏདྱ་ཐཱ། བྷཻ་ཥ་ཛྱཻ་སོགས་གཟུངས་ཐུང་དང་། གྷུ་མེ་གྷུ་མེ་སོགས་ཀྱང་བཟླའོ། །གཟུངས་བུམ་བསྒྲུབས་ཀྱང་མི་འགལ་ལ། གསེར་བཟང་དང་ཕྱག་རྡོར་གྱི་གཟུངས་སོགས་བཟླས་ནའང་ཕུན་སུམ་ཚོགས་པར་འགྱུར་རོ། །མཇུག་ཏུ་བསྟོད་ཕྱག་རྒྱས་པར་སྦྱོར་བའམ། །བསྡུ་ན། མཁའ་ཁྱབ་ཞིང་གི་སོགས་སམ། བཀའ་དྲིན་མཉམ་མེད་སོགས་བླ་མ་དང་། ཉམ་ཐག་འགྲོ་རྣམས་སྒྲོལ་བའི་ཐུགས་རྗེ་ཅན། །ཞེས་སོགས་གཉིས་ཀྱི་མཇུག་ཏུ། དངོས་བཤམས། ནས། བསྔོ། །ཡང་ན། ཇི་སྙེད་སུ་དག་ནས། བྱང་ཆུབ་ཆེན་པོར་བསྔོ། །ཞེས་པའི་བར་གྱིས་དེ་རྣམས་བྱས་པའི་མཐར། མ་འབྱོར་པ་དང་ཉམས་པ་དང་། ཞེས་སོགས་སཾ། མ་རྙེད་ཡོངས་སུ་མ་ཤེས་དང་། ཞེས་སོགས་ཀྱིས་བཟོད་གསོལ་བྱ། རྟེན་ཡོད་ན། བདག་དང་འགྲོ་ལ་སོགས་ཀྱིས་བརྟན་བཞུགས་དང་། མེད་ན། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། སོགས་ཀྱིས་གཤེགས་གསོལ་དང་། འཇམ་དཔལ་དཔའ་བོ་སོགས་དང་། སྙིགས་མའི་འགྲོ་ལ་སོགས་པ་ཅི་རིགས་ཀྱིས་བསྔོ་སྨོན་བཀྲ་ཤིས་ཀྱང་བྱའོ། །རྗོད་བྱེད་ཚིག་གི་སྤྲོས་བྲལ་ཡང་། །མདོ་ཆོག་དོན་གྱི་སྙིང་པོ་ཀུན། །བརྗོད་བྱར་མ་ཚང་མེད་འདུས་པ། །འདི་ཀོ་རིན་ཆེན་བུམ་བཟང་བཞིན། །ཅེས་མདོ་ཆོག་ཡིད་བཞིན་ནོར་བུའི་ལྷན་ཐབས་རིན་ཆེན་བུམ་བཟང་ཞེས་བྱ་བ་འདི་ཡང་། གནས་བརྟན་གྲགས་པ་དཔལ་འབྱོར་ལ་སོགས་པ་གཞན་འགའ་ཞིག་གིས་བསྐུལ་བས་རྐྱེན་བྱས་ཏེ་པཎ་ཆེན་ཐམས་ཅད་མཁྱེན་པ་དེ་ཉིད་ཀྱི་དགོངས་པ་གསལ་བར་བྱ་བའི་ཕྱིར་དུ་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་སྦྱར་བའོ། །བཀྲ་ཤིས།། །། ༈ ན་མོ་སཔྟ་ཏ་ཐཱ་ག་ཏཱ་ཡེ། སྨན་བླའི་མདོ་དང་དེའི་ཆོ་ག་རྒྱས་པ་ནས་འབྱུང་བའི་སྨོན་ལམ་རྣམས་ཟུང་དུ་བཀོལ་ནས་རང་གཞན་གྱི་དོན་དུ་ཁ་ཏོན་བྱས་ན་འཇུག་པ་བདེ་ཞིང་། སྨན་བླའི་མདོའི་དོན་གྱི་སྙིང་པོ་ཡང་ཉམས་སུ་བླང་བར་འགྱུར་བས་ཕན་ཡོན་ཀྱང་ཆེ་བར་མཐོང་ནས། ས་བཞི་བྱིན་རླབས་སོགས་ཀྱི་སྟེང་དུ་ཡན་ལག་བདུན་པ་དང་བཅས་པ་བྱས་རྗེས། སྨོན་ལམ་རྣམས་ཕྱོགས་གཅིག་ཏུ་འདོན་ཚུལ་དངོས་སུ་མ་བཀོད་པར་གཞན་དུ་ཁ་འཕངས་པའི་སྒོ་ནས་བརྗོད་ན། སྐྱབས་སེམས་སོགས་སྔོན་དུ་བཏང་ནས་འདི་ལྟར། མཆོག་གསུམ་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །ཚོགས་གཉིས་མངའ་ཐང་ཆོས་དབྱིངས་བདེན་སྟོབས་ཀྱིས། །སྣོད་བཅུད་མཆོད་ཚོགས་སྦྱར་བ་འདི་ཀུན་ཀྱང་། །བདེ་ལྡན་ཞིང་གི་བཀོད་པ་ལྟར་གྱུར་ཅིག །མདུན་གྱི་ནམ་མཁའ་གཞལ་མེད་ཁང་ཆེན་དབུས། །རིན་ཆེན་སེང་ཁྲིར་པད་ཟླའི་གདན་ལ་སོགས། །བདེ་གཤེགས་རྣམས་དང་བྱང་སེམས་ཆོས་སྐྱོང་བའི། །བཞུགས་གནས་ཕུན་ཚོགས་མཛེས་པར་གྲུབ་གྱུར་ཅིག །ཤར་ཕྱོགས་གང་གཱའི་བྱེ་སྙེད་འདས་པ་ཡི། །སངས་རྒྱས་ཞིང་ནས་བདེ་གཤེགས་མཆེད་བདུན་དང་། །ཐུབ་དབང་བྱང་སེམས་ཉན་རང་བཀའ་སྡོད་བཅས། །བརྩེ་བའི་ཐུགས་རྗེས་འདིར་གཤེགས་བཞུགས་སུ་གསོལ། །འདོད་ན་གཤེགས་བྱོན་སྐྱེ་འབྲི་མེད་པའི་སྐུ། །སོགས་ཀྱིས་སྤྱན་འདྲེན་དང་། ཁྱེད་སྐུ་རང་བཞིན་སོགས་དང་། དེ་བཞིན་གཤེགས་དང་སོགས་ཀྱིས་ཁྲུས། དེ་དག་སྐུ་ལ་སོགས་ཀྱིས་སྐུ་བྱི། སྲབ་འཇམ་སོགས་ཀྱིས་གོས། ས་གཞི་སྤོས་ཀྱི་འམ། བདག་གཞན་ལུས་ངག་སོགས་ཀྱིས་མཎྜལ་འབུལ་ཞིང་། བསྟོད་ཕྱག་རྒྱས་པའམ། བསྡུ་ན། མཁན་ཆེན་ཞི་འཚོ་ལ་སོགས་བླ་མ་དང་། བདེ་གཤེགས་བདུན་དང་ཐུབ་དབང་དམ་པའི་ཆོས། འཇམ་དཔལ་སྐྱབས་གྲོལ་གསང་བདག་ཚངས་དབང་དང་། རྒྱ་ཆེན་གནོད་སྦྱིན་རྣམས་ལ་ཕྱག་འཚལ་ལོ། །ཞེས་དང་། མཁའ་ཁྱབ་ཞིང་གི་སོགས་ཕྱག་བྱ། དེ་ནས་བདེ་གཤེགས་རྣམས་ལ་ཕྱག་མཆོད་ཕྱོགས་གཅིག་ཏུ་བྱེད་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནས་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཞེས་པ་ནས། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་སྨན་གྱི་བླ་བཻཌཱུཪྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཞེས་སོ་སོ་ནས་ལན་བདུན་རེ། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་དམ་པའི་ཆོས་རྣམས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་དང་འཕགས་པ་དམ་པའི་ཆོས་སྐྱོང་བ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །མཆོད་པའི་ཚོགས་ཇི་སྙེད་མཆིས་པ་ཐམས་ཅད་འབུལ་བར་བགྱིའོ། །སྡིག་ལྟུང་ཉེས་པའི་ཕུང་པོ་ཅི་བགྱིས་པ་རྣམས་སོ་སོར་བཤགས་སོ། །རང་གཞན་སྐྱེ་འཕགས་ཀུན་གྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བར་བསྐུལ་ལོ། །དེ་དག་ཐམས་ཅད་མྱ་ངན་ལས་མི་འདའ་བར་རྟག་པར་བཞུགས་སུ་གསོལ། འདི་ལྟར་བགྱིས་པའི་དགེ་བ་ཀུན་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་བྱང་ཆུབ་འགྲུབ་པའི་རྒྱུར་བསྔོའོ། །ཡང་ན་འཕགས་པའི་ཚོགས་དེ་དག་ལ་མཆོད་ཡོན་དང་སོགས་གཞན་ནས་འབྱུང་བ་ལྟར་བྱ། དེར་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམས་པའི་སྤྱན་སྔར་དེ་བཞིན་གཤེགས་པ་བདུན་དང་སྟོན་པ་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པའི་མཚན་ནས་བརྗོད་པ་དང་ཕྱག་འཚལ་ཞིང་མཆོད་པ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་དེ་དག་གི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་ནད་སྣ་ཚོགས་ཀྱིས་ནས་འཇིགས་པ་མེད་པར་རྒལ་བར་གྱུར་ཅིག་ཅེས་པའི་བར་གྱིས་མཚན་ལེགས་དང་། བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་ཞིང་ལས་ཀྱི་ལས་ནས་དངོས་པོ་ཐོབ་པར་གྱུར་ཅིག་ཅེས་པའི་བར་གྱིས་སྒྲ་དབྱངས་དང་། བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྲོག་གཅོད་པ་ནས་དགོངས་པར་གྱུར་ཅིག་ཅེས་པའི་བར་གྱིས་གསེར་བཟང་དང་། བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་མྱ་ངན་དང་ནས་ཡོངས་སུ་ཐར་བར་གྱུར་ཅིག་ཅེས་པའི་བར་གྱིས་མྱ་ངན་མེད་པ་དང་། བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་ལོག་པར་ལྟ་བ་ཅན་ནས་ཆོ་ག་ཤེས་པར་གྱུར་ཅིག་ཅེས་པའི་བར་གྱིས་ཆོས་སྒྲགས་རྒྱ་མཚོ་དང་། བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་ཞིང་ལས་དང་ནས་བདེ་བ་མྱོང་བར་གྱུར་ཅིག་ཅེས་པའི་བར་གྱིས་ཆོས་རྒྱ་མཚོ་དང་། བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོ་ནས་བདེ་བ་ལ་གནས་པར་གྱུར་ཅིག་ཅེས་པའི་བར་གྱིས་སྨན་བླའི་སྨོན་ལམ་རྣམས་བརྗོད་ནས་མཐར་ཐུན་མོང་དུ། འདི་ནས་ཤི་འཕོས་ནས་ཀྱང་སངས་རྒྱས་ཀྱི་ཞིང་དེ་དག་ཏུ་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེས་པ་གྱུར་ཅིག་ནས། སྟོན་པ་དེ་བཞིན་གཤེགས་པ་མཆེད་བདུན་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ནས་འཇུག་པར་གྱུར་ཅིག །བཅོམ་ལྡན་བདེ་བར་གཤེགས་པ་མཆེད་བདུན་གྱིས། །སྔོན་ཚེ་སྨོན་ལམ་རྣམ་མང་བཏབ་པའི་འབྲས། ནས་ཁྱད་མ་བདག་ཅག་རྣམས་ཀྱིས་གཙོ་བྱས་པའི། །ཞེས་པའམ། ཚེ་འདས་སམ། དམིགས་ཡུལ་ལམ། འགྲོ་འདིས་ཞེས་ཅི་རིགས་པར་སྒྱུར། འགྲོ་རྣམས་ནས་ཐོབ་བྱིན་རློབས། །དེ་ནས་འདོད་ན་གྷུ་མེ་གྷུ་སོགས་གཟུངས་རིང་ཐུང་ཅི་རིགས་བཟླ་ཞིང་མཇུག་བསྡུ་བར་བྱའོ། །འདི་ནི་ཚོགས་ཞིང་ཡིན་གྱི་ཆོ་ག་དངོས་མ་ཡིན་པས་བཟོད་གསོ་བ་དང་གཤེགས་གསོལ་སོགས་དགོས་པ་མིན་ནའང་། བྱེད་པར་འདོད་ན་མ་རྙེད་སོགས་ཀྱིས་བཟོད་གསོལ་དང་རྟེན་ཡོད་ན་བདག་དང་འགྲོ་ལ་སོགས་ཀྱིས་བརྟན་བཞུགས་དང་། མེད་ན་ཁྱེད་ཀྱིས་སེམས་ཅན་སོགས་གཤེགས་གསོལ་དང་བསྔོ་སྨོན་ཤིས་བརྗོད་ཅི་རིགས་བྱའོ། །སྨན་བླ་རྒྱས་པ་མ་ལྕོགས་བདག་གམ་གཞན་གྱིས་ཀྱང་རྒྱུན་པའི་ཁ་ཏོན་ནམ་ཚེ་ལྡན་དང་ཚེ་འདས་གང་གི་དོན་དུ་དམིགས་ཏེ་འདི་བཞིན་དུ་བྱས་ན་མདོའི་དགོངས་པ་དང་འབྲེལ་ཞིང་ཤིན་ཏུ་ལེགས་པ་ཁོ་བོས་རིགས་པས་ལེགས་པར་རྟོགས་སོ། །ཞེས་སྨན་བླའི་མདོ་ཆོག་རྒྱས་པའི་སྙིང་པོ་ཉམས་སུ་ལེན་ཚུལ་ཡང་སྙིང་ཉུང་ངུ་རྣམ་གསལ་ཁྱེར་བདེ་ཞེས་བྱ་བ་འདི་ཡང་། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་གཞན་འགའ་ལ་ཕན་སྲིད་པར་བསམས་ནས་སྦྱར་བའོ། །བཀྲ་ཤིས་པར་གྱུར་ཅིག། །།

དམིགས་བརྩེ་མའི་རིལ་སྒྲུབ་དང་འབྲེལ་བའི་ཆར་འབེབས་ཀྱི་ལས་ཚོགས་ཕན་བདེའི་འབྱུང་གནས།

དམིགས་བརྩེ་མའི་རིལ་སྒྲུབ་དང་འབྲེལ་བའི་ཆར་འབེབས་ཀྱི་ལས་ཚོགས་ཕན་བདེའི་འབྱུང་གནས་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོཥཱ་ཡ། རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་ཕུང་པོ་ཉིད། །རྒྱལ་བའི་དམ་ཆོས་མ་ལུས་འཛིན་པའི་ཕྱིར། །རྒྱལ་སྲས་གཞོན་ནུའི་གར་གྱིས་རྣམ་རོལ་པ། །རྒྱལ་བའི་གདུང་འཚོབ་ཙོང་ཁ་པ་དེར་འདུད། །གང་དེའི་གསང་བའི་འཕྲིན་ལས་ཞེས་གྲགས་པ། །དངོས་གྲུབ་ཆར་ཆེན་འབེབས་པའི་ཐབས་ཀྱི་མཆོག །རིལ་སྒྲུབ་ཆོ་ག་ཕན་བདེ་འབྱུང་བའི་གནས། །དམ་པའི་མན་ངག་ཇི་བཞིན་བཤད་པར་བྱ། །དེ་ལ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་གསོལ་འདེབས་ཀྱི་སྙིང་པོ་དམིགས་བརྩེ་མའི་ལས་ཚོགས་ལ་ཆར་འབེབས་བྱེད་ཚུལ་སོགས་རིམ་པ་བཅུ་གཅིག་སྣང་བ་ལས། དང་པོ་ཆར་འབེབས་ཀྱི་ལས་ཚོགས་བསྒྲུབ་པ་ལ་གཉིས། རིལ་བུ་སྒྲུབ་པ་དང་། ལས་ལ་སྦྱར་བའོ། །དང་པོ་ནི། གནས་གཙང་མར་རྗེ་བླ་མའི་སྐུ་སོགས་རྟེན་བཀྲམ། ཆར་འབེབས་གཙོ་བོར་བྱེད་ན་གླ་རྩི་སོགས་དང་མ་འདྲེས་པའི་དྲི་སྨན་སྣ་ཚོགས་དང་ར་དཀར་དང་བ་དམར་གྱི་འོ་མ་གྲོ་ཟན་དང་སྦྱར་བའི་རིལ་བུ་ཅི་ཙམ་འདོད་པར་བྱས་ལ། ན་བཟའ་གུར་གུམ་སོགས་ཀྱིས་སེར་པོར་བྱ་བའམ། ཡང་ན་མཚལ་གྱིས་དམར་པོ་བསྒྱུར་ནས། ཟངས་བུམ་གྱི་ནང་དུ་བླུག །བུམ་པ་གསུམ་སོགས་བྱེད་ཚེ་གཅིག་ཏུ་སྔར་བཞིན་བྱ་ལ། གཞན་རྣམས་སུ་མ་ཎི་རིལ་བུར་འགྲོ་བའི་རྫས་རྣམས་བསྲེང་རུང་ཞིང་། སྔ་མ་ཀླུའི་དོན་དང་། གཞན་རྣམས་སྦྱིན་བདག་སོགས་ཀྱི་ཆེད་དུ་དགོས་སོ། །གང་ལྟར་ཡང་རིལ་བུ་བླུག་པའི་བུམ་པ་རྣམས་དར་དམར་གྱིས་ཁ་བཅིངས་ཏེ་སྟེགས་མཐོན་པོའི་ཁར་བཀོད་ལ། མཐར་མཆོད་པ་ཅི་འབྱོར་བཤམ་ཞིང་གཙང་སྦྲ་འཐོན་པར་བྱའོ། །དེ་ནས་སྒྲུབ་པ་པོ་རྣམས་འཁོད་དེ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྤྱི་དང་མཐུན་པར་བྱ། །བདག་མདུན་གཉིས་ཀྱི་དང་པོ་བདག་བསྐྱེད་ལ་རྒྱས་བསྡུས་གཉིས་ལས། བསྡུས་པ་ནི། རང་ཉིད་སྐད་ཅིག་གིས་རྗེ་བཙུན་ཙོང་ཁ་པ་ཆེན་པའི་སྐུར་གསལ་བར་གྱུར་བར་བསམས་ལ་མཆོད་པ་རྣམས་ཐུན་མོང་དུ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ས་དང་བར་སྣང་གི་ཁྱོན་ཐམས་ཅད་གང་བར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་གྱིས་སམ། ཡང་ན་ཀུན་རིག་ཚེ་དཔག་ལྟ་བུའི་མཆོད་པ་བཞིན་སོ་སོར་བྱིན་བརླབ་བྱ། ཚོགས་ཞིང་བྱེད་ན། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་སོགས་ཚིགས་བཅད་གཅིག་དང་། ཕུན་ཚོགས་བདེ་ལེགས་སོགས་དང་། རྣམ་དག་ཆོས་ཀྱི་དབྱིངས་སོགས་དང་། ཐུགས་རྗེའི་བདག་ཉིད་སོགས་ཀྱིས་སྤྱན་དྲང་ནས། བདག་དང་འགྲོ་ལ་སོགས་ཀྱིས་བཞུགས་སུ་གསོལ་ཏེ། ཁྲུས་གསོལ་རྒྱས་བསྡུས་ཅི་རིགས་སམ། ཡང་ན་བཟང་སྤྱོད་སོགས་ནས་འབྱུང་བའི་ཡན་ལག་བདུན་པ་ཙམ་མམ། ༀ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད་པར་བྱའོ། །བསྡུ་ན་དེས་ཆོ་ག་ལ། ཅུང་ཟད་རྒྱས་པར་བྱེད་ན། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དྷཱིཿཡིག་དམར་སེར། དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་ངོ་བོ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་རྣམ་པ་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ། བཅུ་དྲུག་ལོན་པའི་ན་ཚོད་ཅན། ཕྱག་གཡས་ཤེས་རབ་ཀྱི་རལ་གྲི་འཕྱར་ཞིང་། གཡོན་པའི་མཐེབ་སྲིན་གྱིས་ཨུཏྤ་ལའི་ཡུ་བ་ནས་བཟུང་བའི་འདབ་མ་སྙན་གྱི་ཐད་དུ་ཁ་བྱེ་བའི་སྟེང་ན་ཤེར་ཕྱིར་གྱི་གླེགས་བམ་བསྣམས་པ། རལ་པའི་ཟུར་ཕུད་ལྔ་དང་ལྡན་ཞིང་། རིན་པོ་ཆེའི་དབུ་རྒྱན་ལ་སོགས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ། འོད་ཀྱི་ཕུང་པོའི་དབུས་ན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྗེ་བཙུན་བཙོང་ཁ་པ་དང་རྗེ་བཙུན་འཇམ་པའི་དབྱངས་དབྱེར་མ་མཆིས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ༀ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་ཏུ་གསོལ། ཞེས་པ་ནས། ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར་པར་བསམས་ལ། བསྡུ་ན། ༀ་ཨཱཪྱ་མཉྫུ་ཤྲཱི་ས་པཱ་རི་ཝ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད་ཅིང་རྒྱས་པར་ན་ཚིགས་བཅད་དང་སྦྱོར། གཞོན་ནུའི་ཆ་ལུགས་སོགས་ཀྱིས་བསྟོད་ལ། རང་གི་ཐུགས་ཀའི་ཟླ་གདན་གྱི་སྟེང་དུ་དྷཱིཿཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པའི་མུན་པ་བསལ། རྒྱལ་བ་སྲས་བཅས་ཀྱི་མཁྱེན་རབ་ཐམས་ཅད་བསྡུས་ནས་རང་ཉིད་ཐིམ་པར་གྱུར་བར་བསམས་ལ། ༀ་ཨ་ར་པ་ཙ་ན་དྷཱིཿ ཞེས་བརྒྱ་སྟོང་སོགས་བཟླ། མཐར་ཡིག་བརྒྱ་བརྗོད་ཅིང་། སྔར་བཞིན་མཆོད་བསྟོད་བྱའོ། །གཉིས་པ་མདུན་བསྐྱེད་ལ། རིལ་བུ་ལྟར་བསྐྱེད་མི་བསྐྱེད་པའི་ཚུལ་གཉིས་སྣང་བ་ལས། འདིར་བསྐྱེད་པའི་ལུགས་ལྟར་བྱ་སྟེ། བུམ་པ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། བུམ་པ་གཉིས་སོགས་ཡོད་ན། བྷྲུཾ་བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་དང་ལྡན་པའི་ནང་དུ་རིལ་བུ་རྣམས་སྐད་ཅིག་གིས་རྗེ་བཙུན་འཇམ་པའི་དབྱངས་དང་ངོ་བོ་དབྱེར་མི་ཕྱེད་པའི་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན། ཞལ་གཅིག་ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་མཛད་པས་ཡུ་བ་ནས་བཟུང་བའི་ཨུཏྤ་ལའི་སྟེང་ན་ཤེས་རབ་ཀྱི་རལ་གྲི་དང་ཤེར་ཕྱིན་གྱི་གླེགས་བམ་བསྣམས་པ། པན་ཞྭ་དང་ཆོས་གོས་རྣམ་གསུམ་གསོལ་ཞིང་། འོད་ཀྱི་ཕུང་པོའི་དབུས་ན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་རྣམས་སུ་གྱུར། དེ་ཐམས་ཅད་ཀྱི་སྤྱི་བོར་ༀ་དཀར་པོ། ནས་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ངོ་མཚར་རྨད་བྱུང་བཀོད་པའི་འཇིག་རྟེན་ནས། སོགས་དང་། ཆོས་རྣམས་རང་བཞིན་འགྲོ་འོང་སོགས་ཀྱི་མཐར། ༀ་གུ་རུ་སུ་མ་ཏི་ཀཱིརྟི་ས་པཱ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཡ་ཛཿཛཿཛཿཧཱུཾ་བཾ་ཧོ། གཉིས་སུ་མེད་པར་གྱུར། གོང་དུ་བདག་བསྐྱེད་རྒྱས་པ་བྱས་ན་འདིར་ཡང་མཆོད་པ་བྱིན་གྱིས་བརླབས་ལ། རབ་འབྱམས་རྒྱ་མཚོ་སོགས་སམ། ཆོས་དབྱིངས་རྣམ་དག་སོགས་དང་། ཆུ བོ་གངྒཱའི་སོགས་གང་རུང་གི་མཇུག་ཏུ། ༀ་གུ་རུ་སུ་མ་ཏི་ཀཱིརྟི་ས་པཱ་རི་ཝ་ར་ཨརྒྷ་ནས་ཤཔྟ་པྲ་ཏིཙྪ་འི་བར་གྱིས་མཆོད། རྒྱས་པར་ན་འདོད་ཡོན་ལྔ་སོགས་འབུལ་ཡང་རུང་། དེ་ནས་ས་གསུམ་མ། གསང་བའི་རྣམ་ཐར། རྣམ་དག་གངས་རི་མ། ཙོང་ཁ་བརྒྱད་ཅུ་སོགས་ཅི་རིགས་ཀྱིས་བསྟོད་གསོལ་བྱས་པའི་མཐར། མ་ཎི་རིལ་སྒྲུབ་ནས་འབྱུང་བའི་རྒྱལ་པའི་སྲས་པོ་ཞེས་སོགས་ལ་ཚིག་ཕྲད་ཅུང་ཟད་བསྒྱུར་ཏེ་བརྗོད་ན་ལེགས་པས་འདི་ལྟར། རྒྱལ་བ་ཀུན་དངོས་རྗེ་བཙུན་ཙོང་ཁ་པ། །གདུང་ཤུགས་དྲག་པོས་ཐུགས་རྗེའི་རྒྱུད་བསྐུལ་ན། །དམ་རྫས་རིལ་བུ་འདི་ལ་བྱིན་བརླབས་ལ། །འགྲོ་རྣམས་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །རྩེ་གཅིག་གསོལ་བ་བཏབ་པའི་བྱེད་པ་ཡིས། །ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ཚོགས་འཕྲོས་ཏེ། །རྒྱལ་བ་སྲས་བཅས་ཉན་རང་ལ་སོགས་པ། །སྐྱབས་གནས་ཀུན་གྱི་བྱིན་རླབས་ནུས་མཐུའི་ཚོགས། །འོད་དང་འོད་ཟེར་བདུད་རྩིའི་ཆུ་རྒྱུན་དང་། །རྗེ་བཙུན་སྐུ་ཡི་རྣམ་པར་ཐོགས་མེད་བསྡུས། །རིལ་བུ་གང་དེར་གསལ་ལ་དབྱེར་མེད་པར། །གཅིག་ཏུ་འདྲེས་ནས་བྱིན་གྱིས་བརླབས་པར་གྱུར། །ཅེས་ལན་གསུམ་མམ་གཅིག་བརྗོད་དེ། །དམིགས་བརྩེ་མ་ཅི་ནུས་འབྲང་། །བར་སྐབས་སུ་སྡར་གྱི་གསོལ་འདེབས་དེ་རྣམས་ཅི་རིགས་བྱས་ནའང་ཕུན་སུམ་ཚོགས་པར་འགྱུར་རོ། །འདི་ལ་རིལ་སྒྲུབ་གཙོ་བོར་བྱེད་ན། རབ་བྱེ་བའམ་ས་ཡ། འབྲིང་འབུམ་ཕྲག་བཞི། ཐ་མ་འབུམ་ཕྲག་གཅིག་བྱ་དགོས་སོ། །མཐར་ཡིག་བརྒྱ་ལན་གསུམ་དང་། སྔགས་མཆོད་ཙམ་མམ། མེ་ཏོག་དམ་པ་སོགས་ཀྱིས་མཆོད་ལ། བློ་གྲོས་ཁང་བཟང་སོགས་ཀྱིས་བསྟོད། མ་རྙེད་སོགས་ཀྱིས་བཟོད་གསོལ་དང་། བདག་དང་འགྲོ་ལ་སོགས་ཀྱིས་བརྟན་བཞུགས་དང་། ཤིས་བརྗོད་བྱའོ། །གྲོལ་བའི་ཉིན་གི་མཇུག་ཏུ། རྐང་པ་ཐ་མ་གཉིས་ལ། རིལ་བུ་རྗེ་བཙུན་བླ་མར་གསལ་བ་རྣམས། །འོད་ཞུ་གཉིས་སུ་མེད་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་པས་རིལ་བུ་བླ་མའི་རྣམ་པར་བཞུགས་པ་འོད་དུ་ཞུ་ནས་རིལ་བུ་སོ་སོའི་རྣམ་པར་ཅན་དུ་གྱུར་ཅེས་བརྗོད་ཅིང་བསམ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །སོགས་དང་། སུ་པྲ་ཏིཥྛ་ས་བརྟན་བཞུགས་སོགས་བྱ། ཆོས་སྐྱོང་དང་གཞི་བདག་གི་གཏོར་མ་ཡང་སྤྱི་ལྟར་འབུལ་རུང་ངོ་། །གཉིས་པ་ལ་ནི། རས་དཀར་པོ་ལ། དམིགས་མེད་སོགས་རྐང་པ་དང་པོ། །ལྗང་ཁུ་ལ། དྲི་མེད་སོགས་རྐང་པ་གཉིས་པ། དམར་པོ་ལ། གངས་ཅན་སོགས་རྐང་པ་གསུམ་པ། སྔོན་པོ་ལ། བློ་བཟང་སོགས་རྐང་པ་བཞི་པ་རྣམས་གསེར་སོགས་རིན་པོ་ཆེའམ། མཚལ་དྲི་སྨན་སོགས་དང་སྦྱར་བས་དབུ་ཅན་དུ་འབྲི་ཞིང་། ལྷག་ཆད་སོགས་དང་བྲལ་བར་བྱའོ། །ཡང་སྔོན་པོ་ལྔ་ལ། དམིགས་བརྩེ་མ་ཡོངས་རྫོགས་དང་། ཀླུ་དབང་། སེང་གེའི་སྒྲའི་གཟུངས་དང་། རིགས་གསུམ་མགོན་པོའི་སྙིང་པོ། །ཀླུའི་གཟུངས་གཞན་དང་། ཁྱད་པར་ༀ་ནཱ་ག་ཕུཿ པྲ་ཏི་བཛྲ་དུནྟེ། མི་ལི་མི་ལི། ཧཱུཾ་ཧཱུཾ་ཕཊ་ཕཊ། བྷ་རི་ཤ་ཡ་བྷ་རི་ཤ་ཡ། ཆར་དྲག་ཏུ་ཕོབ། མྱུར་དུ་ཕོབ། མཱ་ར་ཡ། བྷྱོཿབྷྱོཿབྷྱོཿ ཕོབ་མྱུར་དུ་ཕོབ། ༀ་བཛྲ་སུ་མེ་ནི་ཏེ་མི་ལི་སྭཱ་ཧཱ། ཆར་དྲག་ཏུ་ཕོབ། མྱུར་དུ་ཕོབ། ཅེས་པ་རྣམས་སྔར་ལྟར་བྲིས་ལ། བསྐྱེད་པ་ནི། ཨ་མྲྀ་ཏས་བསངས། སྟོང་པའི་ངང་ལས་སྐད་ཅིག་གིས་ཛ་དར་དང་པོ་དཀར་ལྗང་དམར་སྔོན་པོ་བཞི་རིམ་པ་བཞིན་དུ་ཡེ་ཤེས་ཀྱི་ཁྱུང་དཀར་པོ། ཁྱུང་ཁྲ་བོ། ཁྱུང་དམར་པོ། ཁྱུང་ལྗང་སྔོན་བཞི། ཕྱག་གཡས་ན་རིམ་པ་བཞིན་དུ་འཁོར་ལོ། །རིན་ཆེན། པདྨ། རལ་གྲི་དང་། གཡོན་ན་རང་རང་གི་ཁ་དོག་ཅན་གྱི་སྦྲུལ་བཟུང་ནས་ཞལ་དུ་གསོལ་བ། རྭ་དང་མཆུ་སྡེར་རྣོ་ཞིང་། ཀླུ་དཀར་ཕྱོགས་བསྣམས་རྗེས་སུ་འཛིན་པ་དང་ནག་ཕྱོགས་པ་རྣམས་ཚར་གཅོད་པར་བྱེད་པའི་བདག་ཉིད་ཅན་དུ་གྱུར། གཞན་རྣམས་ནི་སྐད་ཅིག་གིས་རྗེ་བླ་མ་ལ་ཀླུ་དབང་གི་རྒྱལ་པོ་དང་། རིགས་གསུམ་གྱི་མགོན་པོ། །སངས་རྒྱས་བྱང་སེམས་ཉན་རང་སྲུང་མའི་ཚོགས་ཀྱིས་བསྐོར་བར་གྱུར་པའི་སྤྱི་བོར་ༀ་ནས་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་འདྲའི་ཡེ་ཤེས་པ་རྣམས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ༀ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད་ལ། ཕྱག་བྱར་སོགས་ཀྱིས་བསྟོད། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་རྒྱལ་བ་སྲས་བཅས་སོགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་དེ་དག་གི་ཐུགས་ཀར་ཐིམ་པར་ཁྱུང་བར་བསམ་ལ། དམིགས་བརྩེ་མ་དང་། ཏདྱཱ་ཐཱ། ༀ་ཏ་ཐཱ་ག་ཏ་བྷ་ག་ཝན། ནཱ་ག་དཱ་ཛེ་ཤྭ་ར་ཨ་དྷིཥྛ་ན་ཨ་བྷིཥྛི་ཏེ་སྭཱ་ཧཱ་དང་། ༀ་ཨཱཿཧྲཱིཿསིདྷ་ནཱ་ད་ཧཱུཾ་ཕཊ་དང་། རིགས་གསུམ་གྱི་སྙིང་པོ་དང་། ༀ་བཀྵི་སྭཱ་ཧཱ་དང་། ༀ་ནཱ་ག་བུཿ སོགས་ཅི་འགྲུབ་བཟླ། མཐར་ལྷ་རྣམས་འོད་དུ་ཞུ་ནས་བྲིས་པའི་རྣམ་པར་གྱུར་པར་བསམ། དེ་ནས། ཆུ་གཟའ་ཆུ་སྐར་སོགས་འཇོམ་པའི་དུས་སུ། ཆུ་འགོར་འགྲོ་བའི་ཚེ་རང་རྗེ་བླ་མར་བསྒོམས་ལ་དམིགས་བརྩེ་མ་འདོན་ཞིང་འགྲོ། སླེབ་འཕྲལ་ལ་སྐྱབས་འགྲོ་བྱས་ལ། རྗེ་བླ་མ་གསལ་བཞིན་པར་དམིགས་བརྩེ་མ་གང་འགྲུབ་བཟླས་ཏེ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཀླུ་ཆེན་བརྒྱད་ལ་སོགས་པ་ཀླུའི་ཚོགས་རྣམས་མ་ལུས་པ་གནས་འདིར་སྤྱན་དྲངས། །ནཱ་ག་རཱ་ཛཱ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད་དམ། སྤྲོ་ན་ཀླུ་གཏོར་རྒྱས་བསྡུས་གང་རུང་གཏོང་། ཀླུའི་སྔགས་བཟླ་བར་འདོད་ན། ༀ་ནཱ་ག་རཱ་ཛ་བ་སུ་ཀི་ཕུཿསྭཱ་ཧཱ། ༀ་ནཱ་ག་རཱ་ཛཱ་ཀ རྐོ་ཊ་ཡ་ཕུཿསྭཱ་ཧཱ། ༀ་ནཱ་ག་རཱ་ཛཱ་ཤངྑ་པཱ་ལ་ཡ་ཕུཿསྭཱ་ཧཱ། ༀ་ནཱ་ག་རཱ་ཛཱ་ཨ་ནཏྣ་ཡ་ཕུཿསྭཱ་ཧཱ། ༀ་ནཱ་ག་རཱ་ཛཱ་ཝཱ་རུ་ཎ་ཡ་ཕུཿསྭཱ་ཧཱ། ༀ་ནཱ་ག་རཱ་ཛཱ་ཏ་ཀྵ་ཡ་ཕུཿསྭཱ་ཧཱ། ༀ་ནཱ་ག་རཱ་ཛཱ་ཀུ་ལི་ཀཱ་ཡ་ཕུཿསྭཱ་ཧཱ། ༀ་ནཱ་ག་རཱ་ཛཱ་པདྨ་ལ་ཕུཿསྭཱ་ཧཱ། ༀ་ནཱ་ག་རཱ་ཛཱ་མ་ཧཱ་པདྨ་ཡ་ཕུཿསྭཱ་ཧཱ། ཞེས་པ་ཀླུ་རྒྱལ་རྣམས་ཀྱི་སྒྲགས་དང་། ༀ་ནཱ་ག་གུ་ལ་པཉྩ་ཤནྟི་སྭཱ་ཧཱ། ༀ་ནཱ་ག་པྲ་ཏི་པོ་ལ་སྭཱ་ཧཱ། ༀ་ནཱ་ག་པྲ་བྷཉྩ་པུ་ཉེ་བ་སྭཱ་ཧཱ། ༀ་ཏ་ཐཱ་ག་ཏི་ཧྲིཿཏ་ཧཱུཾ་སྭཱ་ཧཱ། ཞེས་ཀླུ་རིགས་བཞིའི་སྔགས་རྣམས་དང་། ༀ་ནཱ་ག་ཕུཿ སོགས་ཀྱང་ཅི་ནུས་བཟླའོ། །དེ་ནས་འདི་སྐད་དུ། ཀླུའི་རྒྱལ་པོ་དགའ་བོ་དང་གཙུག་ན་རིན་ཆེན་ལ་སོགས་པ་རྒྱལ་རིགས་རྗེ་རིགས་བྲམ་ཟེའི་རིགས་གདོལ་པའི་རིགས་སུ་གྱུར་པའི་ཀླུའི་རིགས་རྣམས་ཐམས་ཅད་ཉོན་ཅིག་ཅེས་བརྗོད་ནས་དུང་ལན་གསུམ་འབུད། འོ་འདིར་བདག་ཅག་ཁྱེད་རྣམས་ལ་དོ་བསྔོ་བ་དང་། བོན་འཚོལ་བ་སོགས་གནོད་པའི་ཆེད་དུ་འོང་བ་མ་ཡིན་གྱི། འཛམ་བུའི་གླིང་དུ་ཆར་དཀོན་པས། ཁྱེད་རྣམས་ལ་ཆར་སློང་དུ་འོངས་པ་ཡིན། ཡུལ་ཁམས་འདི་དག་ཏུ་ཆར་ཆེན་པོའི་རྒྱུན་མྱུར་དུ་ཕོབ་ལ། ལོ་ཏོག་དང་རྩི་བཅུད་རྒྱས་པར་མཛོད་ཅིག །ཅེས་ལན་གསུམ་བརྗོད་ཅིང་དམིགས་བརྩེ་མ་འདོན། ཕྱོགས་ཕྱོགས་སུ་མཚམས་ཐོ་དང་དེའི་ནང་གི་ཕྱོགས་བཞིར་ཐོ་བཞི་བརྩིགས་པ་ལ་དར་ཅོག་དཀར་པོ་སོགས་བཞི་མདུན་ནས་གཡས་བསྐོར་གྱིས་བཙུགས་ལ་སྔར་ལྟར་ཁྱུང་བཞིར་བསྐྱེད། ༀ་བཛྲ་ག་རུ་ཌས་མཆོད་གཏོར་ཕུལ་ཏེ། ཡེ་ཤེས་ཀྱི་ཁྱུང་བཞི་པོ་ཁྱེད་རྣམས་ཀྱིས་ཆུ་འགོ་འདིར་གནས་པའི་ཀླུ་རྣམས་གཞན་དུ་མི་འགྲོ་བར་བསྲུང་བ་དང་། ཆར་པའི་བར་ཆད་བྱེད་པ་རྣམས་ཞི་བར་མཛོད་ཅིག །ཅེས་འཕྲིན་ལས་བཅོས། དར་ཅོག་གཞན་ལྔ་ཆུ་འགོའི་སྟེང་དང་མཚམས་བཞིར་བཙུགས་ཏེ། སྔར་བསྒྲུབ་པའི་སྐབས་བཞིན་ཡིད་ཀྱིས་གསོལ་བཏབ་ལ། རྗེ་བཙུན་ཙོང་ཁ་པ་ཆེན་པོ། །བདེ་གཤེགས་ཀླུ་དབང་གི་རྒྱལ་པོ། རྗེ་བཙུན་སེང་གེའི་སྒྲ། འཕགས་པ་རིགས་གསུམ་གྱི་མགོན་པོ་སོགས་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཡུལ་འདིར་ཆར་ཆེན་པོ་མྱུར་དུ་ཕོབ་ཅིག །ཅེས་གསོལ་བ་གདབ། གཞི་བདག་གི་གཏོར་མ་བཏང་ལ་འཕྲིན་ལས་བཅོས། །བསངས་བཏང་སྟེ་ཆར་འབེབས་པའི་འདོད་དོན་ཞུ། དེ་ནས་སྔར་བསྒྲུབས་པའི་རིལ་བུ་དང་བཅས་པའི་བུམ་པ་དེ་ཡིན་ན་རབ། མེད་ན། ཀླུ་སྦྲན་གྱི་རྫས་ལས་གྲུབ་པའི་རིལ་བུ་བརྒྱ་རྩ་བརྒྱད་དང་ལྡན་པའི་བུམ་པ་གསར་དུ་བསྒྲུབས་ནས། ཆུ་འགོའི་ནང་དུ་བརྟན་པོ་འོང་བར་བྱས་ནས་བཞག །གྲུབ་ན་དེའི་སྟེང་དུ་རྗེའི་སྐུ་རབ་གནས་ཅན་ཞིག་ཀྱང་བཞུགས་སུ་བཅུག་སྟེ་དར་རས་ཀྱི་གུར་བླ་རེ་ཡོལ་བ་སོགས་ཀྱིས་ལེགས་པར་བརྒྱན། མཐར་མཆོད་པ་ཅི་འབྱོར་བཤམས་ལ། སྒྲུབ་པ་པོ་རྣམས་འཁོད་དེ། སྐྱབས་འགྲོ་སོགས་བྱས་ནས། རང་སྐད་ཅིག་གིས་རྗེ་བླ་མར་བསྐྱེད། མདུན་གྱི་ནམ་མཁར་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་རང་སྲུང་མའི་ཚོགས་ཀྱིས་བསྐོར་ནས་བཞུགས་པར་མོས་ཏེ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་གྱི་རྗེ་རིན་པོ་ཆེ་གཙོ་འཁོར་རྣམས་དང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས་ལ་ཕོག །དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཀླུའི་ཚོགས་རྣམས་ལ་ཕོག་པས། དེ་དག་གི་གནོད་པ་དང་སྡིག་སྒྲིབ་ཐམས་ཅད་སྦྱངས་ཏེ། བྱམས་པའི་སེམས་དང་ལྡན་པར་བྱས་ནས་མཁའ་ལ་སྤྲིན་གྱི་ཕུང་པོ་འཁྲིགས་པ་ལས་ཆར་གྱི་རྒྱུན་འབེབས་པར་བསམ་པ་དང་། ཡང་དེ་རྣམས་ཀྱི་ཐུགས་ཀ་ནས་འོད་འཕྲོས། ཆར་འབེབས་པ་ལ་བར་དུ་གཅོད་པའི་རིགས་དང་། ཐན་པའི་འབྲས་བུ་མྱོང་འགྱུར་གྱི་ལས་ངན་པ་ཐམས་ཅད་དག་པར་གྱུར་ཅེས་བརྗོད་ཅིང་བསམ་པ་སོགས་བྱེད་པའི་ཚུལ་གྱིས་དམིགས་བརྩེ་མ་བཟླ། གྲོགས་འགའ་ཞིག་གིས་སྤྲིན་ཆེན་པོ་དང་མཆུ་སྡེ་ལྔ་སོགས་འདོན་པ་དང་། བརྒྱ་རྩ། འབྱུང་བཞི། ཀླུ་གཏོར། ཆ་གསུམ། ལན་ཆགས་གཏོར་མ་གཏོང་བ་དང་། ཆོས་སྐྱོང་ལ་གཏོར་འབུལ་ཁྲུས་གསོལ་སོགས་ཀྱང་གང་ཐུབ་བྱ། ཆར་འབེབས་ཀྱི་རིང་ལ་གནས་དེར་འཐབ་འཁྲུག་མི་བྱེད་ཅིང་མི་གྲིབ་ཅན་སོགས་དང་། ཤ་ཆང་སྒོག་གཙོང་ཐ་མ་ཁི་སོགས་ལ་འཛེམ་དགོས་པར་བཤད། དེ་ཡང་བྱེད་པ་པོ་རྣམས་ཀྱིས་ཁྲལ་བབས་པ་ལྟ་བུ་དང་རྒོད་བག་གི་བསམ་པ་ཙམ་མ་ཡིན་པར་ཕན་པའི་སེམས་དང་དུ་བ་ཤུགས་དྲག་པོས་དེ་ལྟར་བསྒྲུབ་པར་འབད་ན། ཞགས་གསུམ་དང་། མཐའ་བཞག་བདུན་ཚུན་ཆད་དུ་ངེས་པར་འབེབ་ཅེས་གསུང་ངོ་། །དེ་ནས་ཕྱིར་ལོག་པར་འདོད་པའི་ཚེ། དཀོན་མཆོག་ལ་མཆོད་པ་དང་། ལྷ་ཀླུ་སོགས་ལ་བཏང་རག་གི་ཚུལ་དུ་བསངས་གཏོར། བུམ་པའི་ནང་གི་རིལ་བུ་ཐམས་ཅད་དམ། འགའ་ཞིག་ཆུ་འགོའི་ནང་དུ་བླུག་ལ་བྱ་ཁྱི་སོགས་ཀྱིས་མི་ཟ་བར་བྱ་ཞིང་། དར་ཅོག་རྣམས་བསྡུ་ཐོ་རྣམས་བསྐྱེལ་ཏེ་ཤིས་བརྗོད་ཀྱང་བྱའོ། །སྨྲས་པ། རབ་འབྱམས་རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས། རབ་དཀར་གངས་རིའི་ལྗོངས་སུ་བསྟན་འགྲོའི་དོན། །རབ་མང་ཉེ་བར་བསྒྲུབ་ཕྱིར་མངོན་བྱོན་པ། །རབ་མཆོག་རྗེ་བཙུན་བླ་མར་སླར་ཕྱག་འཚལ། །གང་དེའི་གསང་བའི་འཕྲིན་ལས་ཆར་འབེབས་ཚུལ། །དམ་པའི་མན་ངག་དང་བསྟུན་རང་གི་བློས། །སྦྱར་ལས་ནོངས་གྱུར་ཉེས་རྣམས་འགྱོད་ཆགས་ཤིང་། །དགེ་ཀུན་གཞན་ལ་ཕན་པའི་ཆེད་དུ་བསྔོ། །ཅེས་པ་འདི་ནི། ཕྱོགས་འདིར་བསྟན་པའི་མངའ་བདག་ཀོའུ་ཤྲི་ནང་སོ་ཡེས་ཀྱིས་གཞན་ཕན་སྤྱི་དང་། ཁྱད་པར་དུ་རྗེ་བླ་མའི་བསྟན་པ་དར་བ་དང་། འཕྲིན་ལས་ཆར་འབེབས་ཀྱི་ཆེད་དང་། ཕྱིས་འབྱུང་དུ་འང་ཕན་འདོད་ཀྱི་དགོངས་པས། ཆར་འབེབས་ལ་གཙོ་བོར་དམིགས་པའི་རིལ་བསྒྲུབ་མཛད་པར་བརྩོན་པའི་ཚེ། འདི་ལྟར་བུ་ཞིག་གྱིས་ཞེས་བསྐུལ་བ་ལྟར། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས། དམིགས་བརྩེ་མའི་ཆར་འབེབས་ཀྱི་ལས་ཚོགས་སྔོན་བྱུང་བ་འགའ་དང་། རྗེ་བཙུན་ལྕང་སྐྱ་ཞབས་དྲུང་གིས་མཛད་པའི་ཆར་འབེབས་ཀྱི་ལས་ཚོགས་རྣམས་གོ་བསྡུར། མ་ཎི་རིལ་བསྒྲུབ་སོགས་ནས་ཀྱང་ལེགས་ཆས་ཟུང་བརྒྱན་ཅིང་བཀོད་པ་སྟེ། འདི་འབྲི་བའི་འགོ་འཛུག་པ་དང་ཆར་འབེབས་པའི་རྟེན་འབྲེལ་འགྲིག་པས་གཞན་ལའང་ཕན་པར་འགྱུར་སྙམ་དུ་སེམས་སོ། །བཀྲ་ཤིས།། །།

དཀོན་མཆོག་གསུམ་དང་སྐྱབས་འགྲོའི་རྣམ་གཞག་གསལ་བར་བསྟན་པ་དངོས་གྲུབ་འབྱུང་གནས།

དཀོན་མཆོག་གསུམ་དང་སྐྱབས་འགྲོའི་རྣམ་གཞག་གསལ་བར་བསྟན་པ་དངོས་གྲུབ་འབྱུང་གནས་ཞེས་བྱ་བ་བཞུགས།

ན་མོ་གུ་རུ་མཉྫུ་གྷོཥཱ་ཡ། རང་གཞན་དོན་གཉིས་མཐར་ཕྱིན་རྫོགས་སངས་རྒྱས། །འགོག་ལམ་བདེན་གཉིས་དངོས་གྱུར་དམ་པའི་ཆོས། །རིག་གྲོལ་ཚོགས་གཉིས་དཔལ་ལྡན་དགེ་འདུན་ལ། །གུས་པས་བཏུད་ནས་དེ་ཡི་རྣམ་གཞག་བཤད། །དེ་ཡང་ཐར་འདོད་ཀྱིས་སྐྱེས་བུས་ནི། །སྐྱབས་ཡུལ་དཀོན་མཆོག་གསུམ་གྱི་ཁྱད་པར་ཤེས་དགོས་ཏེ། དེ་མ་ཤེས་པར་སྐྱབས་སུ་འགྲོ་བ་ནི་དད་པའི་རྗེས་སུ་འབྲང་བའི་མོས་པ་ཙམ་ཡིན་གྱི། ཚད་མས་དྲངས་པའི་ངེས་ཤེས་བརྟན་པོ་ཐོབ་པ་མིན་པས་སོ། །དེ་ན་འདིར་དེའི་རྣམ་གཞག་འཆད་པ་ལ་གཉིས། དངོས་དང་འཕྲོས་དོན་ནོ། །དང་པོ་ལ་གཉིས། །ཉན་ཐོས་སྡེ་བའི་འདོད་ཚུལ་བཤད་པ་དང་། །ཐེག་ཆེན་པའི་ལུགས་རྣམ་པར་བཞག་པའོ། །དང་པོ་ནི། བྱེ་བྲག་སྨྲ་བས། སངས་རྒྱས་ཀྱི་སྐུ་ལ་གཟུགས་སྐུ་དང་སྤྲུལ་སྐུའི་ཐ་སྙད་བྱེད་ཀྱང་། ལོངས་སྐུའི་རྣམ་གཞག་ཁས་མི་ལེན་པས། མཆོག་གི་སྤྲུལ་སྐུའི་ཐ་སྙད་ཀྱང་། དངོས་སུ་མི་བཞེད་པར་གསལ་ལོ། །དེས་གཟུགས་སྐུ་སངས་རྒྱས་སུ་ཁས་ལེན་ཀྱང་སངས་རྒྱས་དཀོན་མཆོག་ཏུ་མི་འདོད་དེ། དེས་དེ་སྡུག་བསྔལ་བདེན་པར་འདོད་པས་སོ། །ཉན་ཐོས་སྡེ་གཉིས་ཀས་སློབ་པ་འཕགས་པ་རྣམས་དགེ་འདུན་དུ་བཞེད་ཀྱང་། དགེ་འདུན་དཀོན་མཆོག་ཏུ་མི་འདོད་དེ། དེས་དེ་དག་གི་རྒྱུད་ཀྱི་ལམ་བདེན་རྣམས་དགེ་འདུན་དཀོན་མཆོག་དང་འགོག་བདེན་རྣམས་ཆོས་དཀོན་མཆོག་ཏུ་ཁས་ལེན་པའི་ཕྱིར་རོ། ཁྱད་པར་ཞིབ་པར་ནི་གཞན་ནས་ཤེས་པར་བྱའོ། །གཉིས་པ་ཐེག་ཆེན་པོའི་ལུགས་བཤད་པ་ལ་གཉིས། སྐྱབས་ཀྱི་རྣམ་གཞག་དང་། སྐྱབས་འགྲོའི་རྣམ་གཞག་བཤད་པའོ། །དང་པོ་ལ་ལྔ། སྐྱབས་གསུམ་དུ་འཇོག་པའི་རྒྱུ་མཚན། སྐྱབས་གསུམ་གྱི་ངོ་བོ། ཀུན་རྫོབ་དང་དོན་དམ་པའི་སྐྱབས་ཀྱི་ཁྱད་པར། རྒྱུ་སྐྱབས་དང་འབྲས་སྐྱབས་ཀྱི་ཁྱད་པར། སྒྲ་དོན་ནོ། །དང་པོ་དེར་འཇོག་པའི་རྒྱུ་མཚན་ཡོད་དེ། གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་རྣམས་ནི། གཙོ་བོར་སངས་རྒྱས་དཀོན་མཆོག་ལ་མོས་ཤིང་མཆོག་ཏུ་བྱ་བ་བྱེད་པའི་དབང་དུ་མཛད་ནས། དེ་དེ་རྣམས་ཀྱི་སྐྱབས་སུ་བཞག །གདུལ་བྱ་རང་རྒྱལ་གྱི་རིགས་ཅན་རྣམས་ནི། ཆོས་དཀོན་མཆོག་ལ་མོས་ཤིང་མཆོག་ཏུ་བྱ་བ་བྱེད་པའི་དབང་དུ་མཛད་ནས། དེ་དེ་རྣམས་ཀྱི་སྐྱབས་སུ་བཞག །གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་རྣམས་ནི། གཙོ་བོར་དགེ་འདུན་དཀོན་མཆོག་ལ་མོས་ཤིང་མཆོག་ཏུ་བྱ་བ་བྱེད་པའི་དབང་དུ་མཛད་ནས། དེ་དེ་རྣམས་ཀྱི་སྐྱབས་སུ་བཞག་ཅིང་། དེ་ལྟ་ནའང་གདུལ་བྱ་རེ་རེས་ཀྱང་། སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སྟོན་པ་པོ། དམ་པའི་ཆོས་ལ་སྐྱབས་དངོས། དགེ་འདུན་ལ་སྐྱབས་སྒྲུབ་པའི་ཟླ་གྲོགས་སུ་བྱེད་པར་མཚུངས་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། སྟོན་པ་བསྟན་པ་སློབ་དོན་གྱིས། །ཐེག་པ་གསུམ་དང་བྱེད་གསུམ་ལས། །མོས་པ་གསུམ་གྱི་དབང་མཛད་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་སྐྱབས་གསུམ་གྱི་ངོ་བོ་བཤད་པ་ལ་གསུམ་གྱི་དང་པོ་སངས་རྒྱས་དཀོན་མཆོག་ལ་གསུམ། མཚན་ཉིད་དང་། ཡོན་ཏན་གྱི་ཁྱད་པར། དབྱེ་བའོ། །དང་པོ་ནི། དོན་གཉིས་མཐར་ཕྱིན་པའི་སྐྱབས་གནས་མཐར་ཐུག །སངས་རྒྱས་དཀོན་མཆོག་གི་མཚན་ཉིད། གཉིས་པ་ནི། སངས་རྒྱས་དཀོན་མཆོག་དེ་ཡོན་ཏན་བརྒྱད་དང་ལྡན་པ་ཡིན་ཏེ། རང་དོན་གྱི་ཡོན་ཏན་གསུམ་དང་གཞན་དོན་གྱི་ཡོན་ཏན་གསུམ། ཁྱད་གཞི་རང་དོན་ཕུན་ཚོགས་ཀྱི་ཡོན་ཏན་དང་། གཞན་དོན་ཕུན་ཚོགས་ཀྱི་ཡོན་ཏན་གཉིས་ཏེ་བརྒྱད་དང་ལྡན་པའི་ཕྱིར་ཏེ། རྒྱུ་རྐྱེན་གྱིས་འདུས་མ་བྱས་པའི་ཡོན་ཏན། འབད་རྩོལ་ཉེ་བར་ཞི་བ་ལྷུན་གྱིས་གྲུབ་པའི་ཡོན་ཏན། རྗོད་བྱེད་ཀྱི་སྒྲ་དང་རྟོག་པའི་རྐྱེན་ཙམ་གྱིས་ཇི་ལྟ་བ་བཞིན་རྟོགས་མི་ནུས་པའི་ཡོན་ཏན་གསུམ་དང་། ཇི་ལྟ་ཇི་སྙེད་མཁྱེན་པའི་ཡོན་ཏན། བརྩེ་བ་སྙིང་རྗེ་ཆེན་པོའི་ཡོན་ཏན། ནུས་པའི་ཡོན་ཏན་གསུམ། དབྱེ་གཞི་རང་དོན་དང་གཞན་དོན་གྱི་ཡོན་ཏན་གཉིས་ཏེ་བརྒྱད་དང་ལྡན་པའི་ཕྱིར་ཏེ། བྱམས་མགོན་གྱིས་རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་གསུངས་པའི་ཕྱིར་རོ། །གསུམ་པ་དབྱེ་ན། ཀུན་རྫོབ་པའི་སངས་རྒྱས་དཀོན་མཆོག་དང་། དོན་དམ་པའི་སངས་རྒྱས་དཀོན་མཆོག་གཉིས། དང་པོ་གཞན་དོན་གཟུགས་སྐུ་དང་། གཉིས་པ་ནི་རང་དོན་ཆོས་སྐུ་ལ་བྱེད་དོ། །དང་པོ་ལ་དབྱེ་ན་གཉིས། ལོངས་སྐུ་དང་སྤྲུལ་སྐུའོ། །དང་པོ་ནི། ལོངས་སྐུ་དེ་ཐ་མལ་པའི་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པ་ཕྲ་བ་ཡེ་ཤེས་ཀྱི་སྐུ་ཅན་ངེས་པ་ལྔ་དང་ལྡན་པ་ཡིན་ཏེ། སྐུ་ངེས་པ་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པ། གནས་ངེས་པ་འོག་མིན་ཁོ་ནར་བཞུགས་པ། འཁོར་ངེས་པ་བྱང་སེམས་འཕགས་པ་ཤ་སྟག་གི་བསྐོར་བ། ཆོས་ངེས་པ་ཐེག་པ་ཆེན་པོའི་ཆོས་འབའ་ཞིག་གསུང་བ། དུས་ངེས་པ་འཁོར་བ་ཇི་སྲིད་མ་སྟོང་ཀྱི་བར་དུ་མྱ་ངན་ལས་འདའ་བའི་ཚུལ་མི་སྟོན་པར་བཞུགས་པའི་ཕྱིར། མཚན་ཉིད་ལྔ་དང་ཡང་ལྡན་ཏེ། སྐུ་མཚན་དཔེས་བརྒྱན་པའི་སྒོ་ནས་ཆོས་སྟོན་པ་རྒྱུན་མི་ཆད། གསུང་ཡན་ལག་དྲུག་ཅུའི་སྒོ་ནས་ཐེག་ཆེན་གྱི་ཆོས་བརྗོད་པ་རྒྱུན་མི་ཆད། ཐུགས་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་འཕྲིན་ལས་མཛད་པ་རྒྱུན་མི་ཆད། འབད་རྩོལ་གྱི་འདུ་བྱེད་མེད་པ་དང་། གདུལ་བྱའི་ངོ་བོར་སྤྲུལ་པ་སྣ་ཚོགས་སུ་སྣང་བའི་ཕྱིར་ཏེ། བྱམས་པས། བརྗོད་སྟོན་མཛད་རྒྱུན་མི་ཆད་དང་། མངོན་པར་འདུ་བྱེད་མེད་པ་དང་། དེའི་ངོ་བོར་མི་སྟོན་པ། འདིར་ནི་སྣ་ཚོགས་སྣང་བར་བརྗོད། ཅེས་གསུངས་པའི་ཕྱིར། གཉིས་པ་ལ་དབྱེ་ན་གསུམ། མཆོག་གི་སྤྲུལ་སྐུ། བཟོ་བོ་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུའོ། །དང་པོ་ནི། མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པའི་སྤྲུལ་སྐུ་སྟེ། བདག་ཅག་གི་སྟོན་པ་ལྟ་བུའོ། །འདི་ནི་སོ་སྐྱེའི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་ཀྱང་། སྐུ་ཤ་རུས་བརྡོས་བཅས་ལྟར་སྣང་ཡང་དེ་མ་ཡིན་པར་གསེར་གར་བུ་བཞིན་ཏེ། དོན་ལ་ནི་ཕོ་བ་དང་ནང་ཁྲོལ་རྒྱུ་མ་སོགས་ཀྱང་མེད་ཅེས་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་རྒྱས་པར་བཤད་པ་ལྟར་རོ། །གཉིས་པ་ནི། བི་ཤྭ་ཀརྨ་ལྟ་བུ། གསུམ་པ་ནི། དམ་པ་ཏོག་དཀར་ལྟ་བུའོ། །གཉིས་པ་ཆོས་སྐུ་ལ་གཉིས། སྤངས་པ་ཆོས་སྐུ་དང་། རྟོགས་པ་ཆོས་སྐུའོ། །དང་པོ་ནི། ངོ་བོ་ཉིད་སྐུ་སྟེ། འདི་ནི་དག་པ་གཉིས་ལྡན་གྱི་ཆོས་ཉིད་ཀྱི་སྐུ་ཞིག་ལ་བྱེད་ཅིང་། དབྱེ་ན་གཉིས། རང་བཞིན་རྣམ་དག་དང་། གློ་བུར་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུའོ། །སྐུ་དེ་ཡོན་ཏན་ལྔ་དང་ལྡན་པ་ཡིན་ཏེ། གཞལ་དུ་མེད་པའི་ཡོན་ཏན། གྲངས་མེད་པའི་ཡོན་ཏན། བསམ་གྱིས་མི་ཁྱབ་པའི་ཡོན་ཏན། མི་མཉམ་པའི་ཡོན་ཏན། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་ཏེ། བྱམས་པས། གཞལ་མེད་གྲངས་མེད་བསམ་མེད་དང་། །མཉམ་མེད་དག་པའི་མཐར་ཐུག་པ། །ཡོན་ཏན་རྣམས་དང་ཡང་དག་པར། །ངོ་བོ་ཉིད་ཀྱི་སྐུ་ལྡན་ཏེ། །ཞེས་གསུངས་པའི་ཕྱིར། མཚན་ཉིད་ལྔ་དང་ཡང་ལྡན་ཏེ། རྒྱུ་རྐྱེན་གྱིས་འདུས་མ་བྱས་པ། རྟོགས་པའི་ཡོན་ཏན་དུ་མའི་ཚོགས་པ་དང་ངོ་བོ་དབྱེར་མེད་པ། སྒྲོ་སྐུར་གྱི་མཐའ་གཉིས་སྤངས་པ། སྒྲིབ་པ་གསུམ་ལས་གྲོལ་བ། རང་བཞིན་རྣམ་དག་གི་ཆ་འོད་གསལ་བ་དང་ལྡན་པའི་ཕྱིར། བྱམས་པས། འདུས་མ་བྱས་ཤིང་རྣམ་དབྱེར་མེད། །མཐའ་གཉིས་དག་ནི་རྣམ་པར་སྤངས། །སྒྲིབ་གསུམ་ལས་ནི་ངེས་གྲོལ་བ། །ཞེས་པ་ནས། དག་པའི་ཕྱིར་ན་འོད་གསལ་བ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་རྟོགས་པ་ཡེ་ཤེས་ཆོས་སྐུ་དང་རྣམ་མཁྱེན་དོན་གཅིག་ཅིང་། འདི་ལ་དེར་གྱུར་པའི་ཇི་ལྟར་ཇི་སྙེད་མཁྱེན་པའི་ཡེ་ཤེས་གཉིས་སམ། མེ་ལོང་ཡེ་ཤེས་སོགས་ལྔ་དང་། རྒྱས་པར་ན་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་ཡོད། དེ་རྣམས་བསྡུ་ན་ཆོས་གཟུགས་ཀྱི་སྐུ་གཉིས་སུ་འདུ་ཞིང་། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དུ་འང་འདུ། རྒྱུ་གང་ལ་བརྟེན་ནས་ཐོབ་པ་ནི། གཟུགས་སྐུ་གཉིས་གཙོ་བོར་བསོད་ནམས་ཀྱི་ཚོགས་དང་། ཆོས་སྐུ་གཉིས་གཙོ་བོར་ཡེ་ཤེས་ཀྱི་ཚོགས་ལས་འགྲུབ་པར་འགྱུར་བ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་དེ་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཆོས་དཀོན་མཆོག་ལ་གསུམ། །མཚན་ཉིད། ཡོན་ཏན། དབྱེ་བའོ། །དང་པོ་ནི། འགོག་ལམ་གང་རུང་གིས་བསྡུས་པའི་འཕགས་རྒྱུད་ཀྱི་རྣམ་བྱང་བདེན་པ། ཆོས་དཀོན་མཆོག་གི་མཚན་ཉིད། གཉིས་པ་ཆོས་དཀོན་མཆོག་དེ་ཡང་ཡོན་ཏན་བརྒྱད་དང་ལྡན་ཏེ། འགོག་བདེན་གྱིས་བསྡུས་པའི་ཡོན་ཏན་གསུམ་དང་། ལམ་བདེན་གྱིས་བསྡུས་པའི་ཡོན་ཏན་གསུམ། ཁྱད་པར་དེ་ལྡན་གྱི་འགོག་པ་དང་ལམ་གྱི་ཡོན་ཏན་གཉིས་ཏེ་བརྒྱད་དང་ལྡན་པའི་ཕྱིར་ཏེ། རྟོག་གེའི་བློས་མཐའ་བཞིར་བསམ་དུ་མེད་པ། ལས་ཉོན་གཉིས་ཅི་རིགས་མེད་པ། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་མེད་པའི་ཡོན་ཏན་གསུམ་དང་། རང་གི་ངོ་བོ་དང་འཛིན་སྟངས་ལ་སྒྲིབ་པའི་སླད་པ་མ་ཞུགས་པའི་དག་པ། སེམས་ཀྱི་གནས་ལུགས་རྟོགས་པའི་གསལ། མི་མཐུན་ཕྱོགས་ཀྱི་གཉེན་པོ་བྱེད་པའི་ཡོན་ཏན་གསུམ་དང་། གང་ཞིག་ཆགས་པ་དང་བྲལ་བ་འགོག་པ་དང་། གང་གིས་ཆགས་པ་དང་བྲལ་བྱེད་ལམ་གྱི་ཡོན་ཏན་གཉིས་ཏེ་བརྒྱད་དང་ལྡན་པའི་ཕྱིར་ཏེ། བྱམས་པས། བསམ་མེད་གཉིས་མེད་རྟོག་མེད་དང་། དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ངོ་བོའི་སྒོོ་ནས་དབྱེ་ན་འགོག་བདེན་དང་། ལམ་བདེན་གཉིས། དངོས་པོ་བཏགས་མ་ཕྱེ་བར་དབྱེ་ན། ཀུན་རྫོབ་པའི་ཆོས་དཀོན་མཆོག་དང་། དོན་དམ་པའི་ཆོས་དཀོན་མཆོག་གཉིས། དང་པོ་ནི། རྒྱས་འབྲིང་བསྡུས་གསུམ་ལྟ་བུ་ལུང་གི་ཆོས་འཁོར་རྣམས་ཏེ། འདི་དག་ནི་ཆོས་དཀོན་མཆོག་བཏགས་པ་བ་ཡིན་གྱི། དངོས་ནི་མིན་ནོ། །གཉིས་པ་ནི། འཕགས་རྒྱུད་ཀྱིས་བསྡུས་པའི་སྤངས་རྟོགས་ཀྱི་ཡོན་ཏན་རྣམས་སོ། །གསུམ་པ་དགེ་འདུན་དཀོན་མཆོག་ལ་གསུམ། མཚན་ཉིད། ཡོན་ཏན། དབྱེ་བའོ། །དང་པོ་ནི། རིག་གྲོལ་གྱི་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་འཕགས་པ། དགེ་འདུན་དཀོན་མཆོག་གི་མཚན་ཉིད། གཉིས་པ་ནི། ཐེག་ཆེན་གྱི་དགེ་འདུན་དཀོན་མཆོག་དེ་ཡོན་ཏན་བརྒྱད་དང་ལྡན་ཏེ། ཇི་ལྟ་བ་རིག་པ། ཇི་སྙེད་པ་རིག་པ། སོ་སོ་རང་རིག་པ་གསུམ་དང་། ཆགས་སྒྲིབ། ཐོགས་སྒྲིབ། དམན་སྒྲིབ་ལས་གྲོལ་བ་གསུམ་དང་། ཁྱད་གཞི་རིག་པ་དང་གྲོལ་བའི་ཡོན་ཏན་གཉིས་ཏེ་བརྒྱད་དང་ལྡན་པའི་ཕྱིར་ཏེ། བྱམས་པས། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་གསུངས་པའི་ཕྱིར་རོ། །གསུམ་པ་ངོ་བོའི་སྒོ་ནས་དབྱེ་ན། ཐེག་པ་གསུམ་གྱི་འཕགས་པའི་གང་ཟག་རྣམས་སུ་ཡོད་ལ། སྒྲས་བརྗོད་རིགས་ཀྱིས་དབྱེ་ན། ཀུན་རྫོབ་པའི་དགེ་འདུན་དཀོན་མཆོག་དང་། དོན་དམ་པའི་དགེ་འདུན་དཀོན་མཆོག་གཉིས། དང་པོ་ནི། ལམ་ཞུགས་ཀྱི་སོ་སྐྱེ་རྣམས་ཏེ། དགེ་འདུན་ཡིན་ཡང་། དགེ་འདུན་དཀོན་མཆོག་ནི་མིན་ནོ། །དེར་མ་ཟད། ལམ་དུ་མ་ཞུགས་ཀྱང་ཐར་པ་དོན་དུ་གཉེར་བའི་རབ་བྱུང་རྣམས་ནི་དགེ་འདུན་ཙམ་ཡིན་པ་མི་འགལ་ལ། འདུལ་བ་ལས་ནི། དགེ་སློང་བཞི་ཚན་དུ་ལོངས་པ་ལ་ནི། དགེ་འདུན་དང་། དེ་རེ་རེ་ལ་ནི་གང་ཟག་ཅེས་པའི་ཐ་སྙད་མཛད་དོ། །གཉིས་པ་དོན་དམ་པའི་དགེ་འདུན་དཀོན་མཆོག་ནི། འཕགས་པའི་གང་ཟག་ཐམས་ཅད་ལ་བྱའོ། །མདོར་ན། བདག་མེད་ཕྲ་རགས་གང་རུང་མངོན་སུམ་དུ་མ་རྟོགས་ཚུན་ཆད་འཕགས་ལམ་ཐོབ་པ་མེད་ཅིང་། འཕགས་ལམ་ཐོབ་པ་དང་དགེ་འདུན་དཀོན་མཆོག་ཏུ་གྱུར་བ། ཆོས་དཀོན་མཆོག་ཐོབ་པ་གསུམ་དུས་མཉམ་མོ། །འདིར་བཞེད་པ་མི་འདྲ་བ་ནི། མཁས་པའི་དབང་པོ་ཁ་ཅིག །ཀུན་རྫོབ་པའི་དགེ་འདུན་དཀོན་མཆོག་དང་། དོན་དམ་པའི་དགེ་འདུན་དཀོན་མཆོག་གཉིས་འགལ་བར་བཞེད་ལ། ཁ་ཅིག་ནི། དགེ་འདུན་དཀོན་མཆོག་ཡིན་ན། ཀུན་རྫོབ་པའི་དགེ་འདུན་དཀོན་མཆོག་ཡིན་པས་ཁྱབ་ཅེས་གསུངས་ཤིང་། ཁ་ཅིག་བྱང་སེམས་འཕགས་པ་རྣམས་དོན་དམ་པའི་དགེ་འདུན་དཀོན་མཆོག་ཡིན་ཀྱང་། ཐེག་དམན་འཕགས་པ་རྣམས་དེ་མིན་ཞེས་འདོད་པ་དང་། ཁ་ཅིག་དོན་དམ་པའི་དགེ་འདུན་དཀོན་མཆོག་ཡིན་ན། ལམ་བདེན་ཡིན་པས་ཁྱབ་ཅེས་ཟེར་ཡང་། རང་ལུགས་ནི་སྔར་ལྟར་བྱས་ན་ལེགས་ཏེ། དྲིན་ལན་གསབ་བའི་མདོ་ལས། བཅོམ་ལྡན་འདས་དགེ་འདུན་གང་ལ་སྐྱབས་སུ་འགྲོ་ལགས། བཀའ་སྩལ་པ། དོན་དམ་པའི་དགེ་འདུན་ལ་སྐྱབས་སུ་འགྲོ་ཡི། ཀུན་རྫོབ་པའི་དགེ་འདུན་ལ་ནི་མ་ཡིན་ནོ། །ཞེས་སྐྱབས་སུ་འགྲོ་ཡུལ་གྱི་དགེ་འདུན་ལ་གཙོ་ཕལ་གྱི་ཁྱད་པར་བསྟན་པས་ཤེས་སོ། །འདིས་ནི་དེ་གཉིས་ཀྱི་ནང་ནས་གཙོ་བོར་དོན་དམ་པའི་དགེ་འདུན་ལ་སྐྱབས་སུ་འགྲོ་དགོས་པར་བསྟན་གྱི། ཀུན་རྫོབ་པའི་དགེ་འདུན་ལ་སྐྱབས་སུ་མི་འགྲོ་བ་བསྟན་པ་ནི་མིན་ནོ། །གསུམ་པ་ནི། ལམ་གྱི་བགྲོད་པ་མཐར་ཕྱིན་པའི་སྐྱབས། དོན་དམ་པའི་སྐྱབས་ཀྱི་མཚན་ཉིད། དེ་དང་སངས་རྒྱས་དཀོན་མཆོག་གཉིས་དོན་གཅིག་ལམ་གྱི་བགྲོད་པ་མཐར་མ་ཕྱིན་པའི་སྐྱབས། ཀུན་རྫོབ་པའི་སྐྱབས་ཀྱི་མཚན་ཉིད། དེ་དང་སངས་རྒྱས་པའི་སྐྱབས་གཉིས་དོན་གཅིག །མདོར་ན། སློབ་པ་འཕགས་པ་རྣམས་དང་། དེ་དག་གི་རྒྱུད་ཀྱི་ལུང་རྟོགས་ཀྱི་ཆོས་རྣམས་ནི་ཀུན་རྫོབ་པའི་སྐྱབས་ཡིན་གྱི། དོན་དམ་པའི་སྐྱབས་མ་ཡིན་ཏེ། རྒྱུད་བླ་མ་ལས། ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དོན་དམ་པའི་སྐྱབས་ནི་སངས་རྒྱས་ཁོ་ན་ཡིན་ཏེ། རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཞེས་གསུངས་པའི་ཕྱིར་རོ། །བཞི་པ་ནི། གཞན་རྒྱུད་ལ་གྲུབ་ཟིན་པའི་དཀོན་མཆོག་གསུམ་ནི། རྒྱུ་སྐྱབས་དང་། རང་རྒྱུད་ལ་འབྱུང་འགྱུར་གྱི་དཀོན་མཆོག་གསུམ་ནི་འབྲས་སྐྱབས་ཡིན་ལ། གཞི་གཅིག་ལ་བལྟོས་ཏེ། དེ་གཉིས་ནི་འགལ་ཡང་། སྤྱིར་དེ་གཉིས་མི་འགལ་ཏེ། བདག་ཅག་གི་སྟོན་པ་དེ་དེ་གཉིས་ཀ་ཡིན་པའི་ཕྱིར་ཏེ། དེ་རང་དང་རྒྱུད་ཐ་དད་པའི་སེམས་ཅན་གྱི་རྒྱུ་སྐྱབས་དང་། རང་དང་རྒྱུད་གཅིག་པའི་སེམས་ཅན་གྱི་འབྲས་བུ་སྐྱབས་ཡིན་པའི་ཕྱིར་རོ། །བྱང་སེམས་གྱི་རྒྱུ་སྐྱབས་ཡིན་ན། དེའི་རྒྱུ་ཡིན་པས་མ་ཁྱབ་སྟེ། བྱང་སེམས་མཐོང་ལམ་པ་དང་དུས་མཉམ་པའི་དེའི་ཕྱིར་ཡོངས་འཛིན་དེ། དེའི་རྒྱུ་སྐྱབས་ཡིན་པའི་ཕྱིར། དེའི་འབྲས་སྐྱབས་ཡིན་ན། དེའི་འབྲས་བུ་ཡིན་པས་མ་ཁྱབ་ཏེ། དེའི་རྒྱུད་ཀྱི་ནང་གི་ཡོངས་འཛིན་ཐབས་ཤེས་ཁྱད་པར་ཅན་དེ། དེའི་འབྲས་སྐྱབས་དང་། དེའི་ཐོབ་འགྱུར་གྱི་ངོ་བོ་ཉིད་སྐུ་ཡང་། དེའི་འབྲས་སྐྱབས་ཡིན་པའི་ཕྱིར་རོ། །ལྔ་པ་སྒྲ་དོན་ནི། བྱམས་པས་རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་སྐྱབས་འགྲོའི་རྣམ་གཞག་བཤད་པ་ལ་དྲུག །སྐྱབས་སུ་འོས་ཚུལ། སྐྱབས་སུ་འགྲོ་བའི་རྒྱུ། སྐྱབས་འགྲོའི་ངོ་བོ། སྐྱབས་སུ་འགྲོ་ཚུལ། བསླབ་བྱ། ཕན་ཡོན་ནོ། །དང་པོ་ནི། སངས་རྒྱས་དཀོན་མཆོག་ཉིད་སྐྱབས་སུ་འོས་པ་ཡིན་ཏེ། གདུལ་བྱའི་དོན་མཛད་ཚུལ་ཤེས་པའི་མཁྱེན་པ་དང་། དེ་མཛད་པར་བཞེད་པའི་བརྩེ་བ་དང་། དེ་མཛད་ནུས་པའི་ནུས་པ་གསུམ་དང་ཡང་དག་པར་ལྡན་པའི་ཕྱིར་རོ། །དེས་ན། དེ་ཉིད་ཀྱིས་བསྟན་པའི་ཆོས་དང་དེ་སྒྲུབ་པའི་དགེ་འདུན་ཡང་སྐྱབས་སུ་འོས་སོ། །གཉིས་པ་ནི། རང་ཉིད་འཇིགས་པ་སྤྱི་དང་། བྱེ་བྲག་ངན་སོང་དང་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས། དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་ལ་ཡོད་པར་ཡིད་ཆེས་པའོ། །གསུམ་པ་ངོ་བོར་བཤད་པ་ལ་གསུམ། མཚན་ཉིད། དབྱེ་བ། བཞེད་ཚུལ་གྱི་ཁྱད་པར་མི་འདྲ་བ་བསྟན་པའོ། །དང་པོ་ནི། སྐྱབས་ཡུལ་ལ་རང་སྟོབས་ཀྱིས་དཔུང་གཉེན་དུ་རེ་བ་འཆའ་བའི་སེམས་པ་དང་། སྐྱབས་འགྲོའི་མཚན་ཉིད། གཉིས་པ་དེ་ལ་སྒྲས་བརྗོད་རིགས་ཀྱིས་དབྱེ་ན། རྡོ་རྗེ་བྱེད་ཚིག་གི་སྐྱབས་འགྲོ་དང་། ལྟོས་པ་བློའི་སྐྱབས་འགྲོ་གཉིས། དང་པོ་ནི། སྐྱབས་སུ་འགྲོ་བའི་ཚིག་རྣམས་ཏེ། དེ་སྐྱབས་འགྲོ་དངོས་མིན་ནོ། །གཉིས་པ་དབྱེ་ན་གཉིས། སྐྱབས་འགྲོ་ཁྱད་པར་ཅན་དང་། ཕལ་པའོ། །དང་པོ་ལ་གཉིས། མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། དཀོན་མཆོག་ལ་རང་སྟོབས་ཀྱི་དཔུང་གཉེན་དུ་རེ་བ་འཆའ་བའི་སེམས་པ། སྐྱབས་འགྲོ་ཁྱད་པར་ཅན་གྱི་མཚན་ཉིད། གཉིས་པ་དབྱེ་ན་གསུམ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་སྐྱབས་འགྲོ། །འབྲིང་དང་ཐུན་མོང་པའི་སྐྱབས་འགྲོ། །སྐྱེས་བུ་ཆེན་པོའི་སྐྱབས་འགྲོའོ། །དང་པོ་ནི། རང་ཉིད་ངན་སོང་གི་སྡུག་བསྔལ་གྱིས་འཇིགས་ནས་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་དང་། གཉིས་པ་ནི། རང་ཉིད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་དང་། གསུམ་པ་ནི། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྐྱབ་པའི་ཕྱིར་དུ་དཀོན་མཆོག་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོའོ། །གཞན་ཡང་རྒྱུའི་སྐྱབས་འགྲོ་དང་། །འབྲས་བུའི་སྐྱབས་འགྲོ་གཉིས་ཏེ། དང་པོ་ནི། གཞན་རྒྱུད་ལ་གྲུབ་ཟིན་པའི་དཀོན་མཆོག་གསུམ་པོ་གང་རུང་ལ་སྐྱབས་སུ་འགྲོ་བ་དང་། གཉིས་པ་ནི། རང་རྒྱུད་ལ་འབྱུང་འགྱུར་གྱི་དཀོན་མཆོག་གསུམ་པོ་གང་རུང་ལ་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་སྟེ། སྐྱབས་འགྲོ་དེ་གཉིས་ཀའི་གཞི་མཐུན་ཡང་ཡོད་པར་མངོན་ནོ། །གཉིས་པ་སྐྱབས་འགྲོ་ཕལ་པ་ལ་གཉིས། མཚན་ཉིད་དང་། མཚན་གཞིའོ། །དང་པོ་ནི། སྐྱབས་ཕལ་པ་ལ་རང་སྟོབས་ཀྱིས་དཔུང་གཉེན་དུ་རེ་བ་འཆའ་བའི་སེམས་པ། སྐྱབས་འགྲོ་ཕལ་པའི་མཚན་ཉིད། གཉིས་པ་ནི། འཇིག་རྟེན་པའི་ལྷ་ཚངས་པ་དང་། བརྒྱ་བྱིན། དབང་ཕྱུག་སོགས་ལ་སྐྱབས་སུ་སོང་བའི་སྐྱབས་འགྲོ་ལྟ་བུའོ། །རྒྱལ་པོ་དང་བློན་པོ་སོགས་ལ་རེ་བལྟོས་འཆའ་བ་ཡོད་ཀྱང་། དེ་སྐྱབས་འགྲོ་ཕལ་པར་ཡང་འཇོག་དཀའ་སྟེ། དེ་འཇོག་ན། ཕ་མ་དང་སྨན་པ་སོགས་སེམས་ཅན་དང་། ཁང་ཁྱིམ་ལྗོན་ཤིང་སོགས་སེམས་ཅན་མ་ཡིན་པ་གཞན་དུ་མ་ལ་རེ་བལྟོས་འཆའ་བའང་སྲིད་པས། ཐམས་ཅད་ཀྱང་སྐྱབས་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གསུམ་པ་བཞེད་ཚུལ་མི་འདྲ་བ་ནི། མཁས་པའི་དབང་པོ་ཁ་ཅིག ། སྐྱབས་འགྲོ་སངས་རྒྱས་ཀྱི་བསྟན་པའི་འཇུག་སྒོ་ཡིན་པས། ཕྱི་རོལ་པའི་རྒྱུད་ལ་སྐྱབས་འགྲོ་མེད་དེ། ཕྱི་རོལ་པའི་རྒྱུད་ཀྱི་ཚངས་པ་ལ་རེ་བལྟོས་འཆའ་བའི་སེམས་པ་དེ། སྐྱབས་འགྲོ་ཕལ་པ་ཡིན་ཀྱང་སྐྱབས་འགྲོ་མིན་ནོ་ཞེས་བཞེད་ཅིང་། ཁ་ཅིག །དཀོན་མཆོག་ལས་གཞན་པའི་གང་ཟག་ལས་སྐྱབས་སུ་སོང་ཡང་། སྐྱབས་འགྲོའི་གོ་མི་ཆོད་པས། སྐྱབས་འགྲོ་ཡིན་ན། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བའི་སྐྱབས་འགྲོ་ཡིན་པས་ཁྱབ་ཅེས་གསུངས་ལ། ཁ་ཅིག །འཕགས་པ་མ་ཡིན་པའི་ལམ་ཞུགས་ལ་སྐྱབས་སུ་སོང་བའི་སྐྱབས་འགྲོ་དེ། སྐྱབས་འགྲོ་རྣམས་དག་ཡིན་ཀྱང་། ཚངས་པ་སོགས་ལ་སྐྱབས་སུ་སོང་བའི་སྐྱབས་འགྲོ་དེ། སྐྱབས་འགྲོ་ཡང་མིན་ཞེས་ཟེར། ཁ་ཅིག །དཀོན་མཆོག་གསུམ་པོ་གང་རུང་གཅིག་ཁོ་ན་སྐྱབས་སུ་སོང་བའི་སྐྱབས་འགྲོ་ཡོད་ཅེས་གསུངས་ཤིང་། ཁ་ཅིག་ནི། དེ་འདྲ་མི་སྲིད་ཅེས་བཞེད་པ་སོགས་མང་ཡང་། རང་ལུགས་ནི་བཤད་ཟིན་པ་ལྟར་རོ། །བཞི་པ་སྐྱབས་སུ་འགྲོ་ཚུལ་ལ་བཞི། ཡོན་ཏན་ཤེས་པ། ཁྱད་པར་ཤེས་པ། ཁས་བླངས་པ་ཤེས་པ། གཞན་དུ་མི་སྨྲ་བ་ཤེས་པའི་སྒོ་ནས་སྐྱབས་སུ་འགྲོ་ཚུལ་ལོ། །དང་པོ་ནི། གོང་དུ་བཤད་པ་ལྟར་དཀོན་མཆོག་གི་ཡོན་ཏན་རྣམས་དང་། སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྱི་ཁྱད་པར་ཤེས་པའོ། །གཉིས་པ་ནི། སྔར་བཤད་པ་ལྟར་དཀོན་མཆོག་གསུམ་པོ་སོ་སོའི་མཚན་ཉིད་ཀྱི་ཁྱད་པར་སྤངས་རྟོགས་ཀྱི་ཁྱད་པར། འཕྲིན་ལས་ཀྱི་ཁྱད་པར་ཤེས་པའོ། །གསུམ་པ་ནི། སྟོན་པ་སངས་རྒྱས་ལ་སྐྱབས་སྟོན་པ་པོ། །ཆོས་མྱང་འདས་ལ་སྐྱབས་དངོས། འཕགས་པའི་དགེ་འདུན་ལ་སྐྱབས་སྒྲུབ་པའི་ཟླ་གྲོགས་སུ་དམ་བཅའ་བའོ། །བཞི་པ་ནི། དཀོན་མཆོག་ལ་སྐྱབས་སུ་སོང་ནས་དེ་ཉིད་ལ་སྐྱབས་སུ་འགྲོ་དགོས་ཀྱི། དེ་དང་མི་མཐུན་པའི་སྐྱབས་ལྟར་སྣང་གཞན་ལ་སྐྱབས་སུ་མི་འགྲོ་བའོ། །ལྔ་པ་བསླབ་བྱ་ལ་གཉིས། སོ་སོའི་བསླབ་བྱ་དང་། ཐུན་མོང་གི་བསླབ་བྱའོ། །དང་པོ་ལ་གཉིས། དགག་པ་དང་། བསྒྲུབ་པའི་བསླབ་བྱའོ། །དང་པོ་ནི། མདོ་མྱང་འདས་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་འགྲོ་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་པ་མིན། །ཞེས་གསུངས་ལྟར་རོ། །གཉིས་པ་ནི། སངས་རྒྱས་སྐུ་བརྙན་དང་། ཆོས་ཚིགས་སུ་བཅད་པ་གཅིག་ཡན་དང་། རབ་བྱུང་གི་རྟགས་ཙམ་འཛིན་པ་ལའང་། དེ་དག་དངོས་ཀྱི་འདུ་ཤེས་འཇོག་ཅིང་གུས་པར་བྱའོ། །གཉིས་པ་ཐུན་མོང་གི་བསླབ་བྱ་བདུན་བཅུ་སྟེ། སྐྱེས་བུ་དམ་པ་བསྟེན་པ། ཚུལ་བཞིན་ཡིད་ལ་བྱེད་པ། སྡོམ་པ་ལེན་པ། སྙིང་རྗེ་ཆེ་བ། དཀོན་མཆོག་གི་ཡོན་ཏན་དྲན་པ། རང་གིས་ཅི་ནུས་སུ་མཆོད་པ། གཞན་དཀོན་མཆོག་མཆོད་པ་ལ་བསྐུལ་བ། དགོས་པ་ཅི་འདྲ་བ་ལའང་དཀོན་མཆོད་ཅིང་གསོལ་བ། ཕན་ཡོན་ཤེས་ནས་ཉིན་ལན་གསུམ་དང་མཚན་ལན་གསུམ་དུ་སྐྱབས་སུ་འགྲོ་བ། སྲོག་གི་ཕྱིར་ཡང་དཀོན་མཆོག་བློས་མི་གཏོང་བའོ། །སྐྱབས་འགྲོའི་བསླབ་བྱ་གཞན་དང་འགལ་ན་ཉེས་པ་འབྱུང་ཡང་སྐྱབས་འགྲོ་མི་གཏོང་ལ། ཕྱི་མ་འདི་དང་འགལ་ན་ནི་སྐྱབས་འགྲོ་གཏོང་བས་ཤིན་ཏུ་གཟབ་པར་བྱའོ། །དྲུག་པ་ཕན་ཡོན་ནི་བརྒྱད་དེ། ནང་པ་སངས་རྒྱས་པར་ཆུད་པ། སྡོམ་པ་ཐམས་ཅད་ཀྱི་རྟེན་བྱེད་པ། སྒྲིབ་པ་དག་པ། ཚོགས་རྫོགས་པ། ངན་འགྲོར་མི་ལྟུང་བ། བར་ཆད་ཀྱིས་ཚུགས་དཀའ་བ། བསམ་པ་འགྲུབ་པ། མྱུར་དུ་འཚང་རྒྱ་བའི་ཕན་ཡོན་རྣམས་འཐོབ་པར་འགྱུར་བའོ། །གཉིས་པ་འཕྲོས་དོན་ནི། སྤྱིར་མདོ་སྔགས་གང་གི་དབང་དུ་བྱས་ཀྱང་སྐྱབས་ཀྱི་ངོ་བོ་དང་། སྐྱབས་སུ་འགྲོ་ཚུལ་སོགས་སྔར་བཤད་པ་ལྟར་ཡིན་ནའང་། བླ་མེད་ཀྱི་སྐབས་སུ་སྐུ་གསུམ་གྱི་རྣམ་གཞག་མདོ་ལུགས་དང་ཅུང་མི་འདྲ་བ་ཡོད་དེ། ངེས་པ་ལྔ་དང་མི་ལྡན་པའི་ལོངས་སྐུ་དང་། འདུས་བྱས་ཡིན་པའི་ངོ་བོ་ཉིད་སྐུ་ཡང་བཞེད་པར་གསུངས་ཤིང་། སྐུ་གསུམ་གྱི་ཐ་སྙད་ཙམ་ནི་གཞི་ལམ་འབྲས་གསུམ་གྱི་སྐབས་སུའང་ཡོད་དོ། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱང་དཀོན་མཆོག་གསུམ་པོ་གང་རུང་དུ་འདུ་བ་ཡིན་ཏེ། དེ་དག་ལས་སངས་རྒྱས་ཡིན་པ་རྣམས་ནི་དེ་ཉིད་དང་། དེ་མིན་པ་རྣམས་ནི་དགེ་འདུན་དུ་འདུ་བའི་ཕྱིར་རོ། །དེས་ན་ཁ་ཅིག །རྗེ་མི་ལས། སངས་རྒྱས་ཆོས་དང་དགེ་འདུན་གསུམ། །འདི་གསུམ་ཕྱི་ཡི་སྐྱབས་འགྲོ་ཡིན། །ཞེས་དང་། བླ་མ་ཡི་དམ་མཁའ་འགྲོ་གསུམ། །འདི་གསུམ་ནང་གི་སྐྱབས་འགྲོ་ཡིན། །ཞེས་དང་། རྩ་དང་རླུང་དང་ཐིག་ལེ་གསུམ། །འདི་གསུམ་གསང་བའི་སྐྱབས་འགྲོ་ཡིན། །ཞེས་གསུངས་པ་ལ་བརྟེན་ནས། སྔགས་ཀྱི་སྐབས་སུ་ཕྱི་ནང་གསང་བའི་སྐྱབས་འགྲོའི་ཐ་སྙད་མཛད་ཀྱང་། དེ་ལྟར་བྱེད་པ་ནི། རྒྱུད་རྒྱ་གཞུང་སོགས་ལས་བཤད་པ་ཞིག་ཡོད་ན། རྗེ་ཡབ་སྲས་ཀྱིས་ཀྱང་གསལ་བར་འཆད་དགོས་ནའང་། དེ་མི་འདུག་པས་འདིར་བཏང་སྙོམས་སུ་བྱ་བ་རིགས་སོ། །སྐྱབས་སུ་འགྲོ་བའི་དམིགས་རིམ་དང་ཆོ་ག་ནི། གཞན་ནས་ཤེས་པར་བྱ་སྟེ། མང་དུ་དོགས་ནས་མ་བྲིས་སོ། །སྨྲས་པ། གང་དག་རྒྱལ་བའི་བསྟན་ལ་མཆོག་གསུམ་པོར། ཚིག་རྗེས་འབྲང་བའི་དད་པ་ཙམ་མིན་པར། །རིགས་པའི་རྗེས་ཞུགས་སྐྱབས་སུ་འགྲོ་འདོད་ན། །སྐྱབས་ཀྱི་ངོ་བོ་ཁྱད་པར་ཤེས་པ་གཅེས། ཚུལ་དེ་མི་ཤེས་བྲིས་འབུར་གླེགས་བམ་སོགས། །བརྡར་བཏགས་སྐྱབས་ཀྱི་གཟུགས་བརྙན་ཙམ་ཞིག་ནི། །དེ་དག་དངོས་སུ་བཟུང་ནས་སྐྱབས་སོང་ཡང་། །འབེན་མ་མཐོང་བའི་མུན་པའི་མདའ་འཕེན་བཞིན། །ཞིང་གི་དམ་པ་བླ་མ་དཀོན་མཆོག་གསུམ། །གུས་པས་བསྟེན་ཅིང་མཆོད་པ་ཡལ་བོར་ནས། །དུད་འགྲོའི་ཁྱུ་མང་སྐྱབས་ལྟར་རྟག་བསྟེན་པའི། །རབ་བྱུང་གང་དེ་བསྟན་འདིར་ཇི་ལྟ་བུ། །རྙེད་པ་ཐོབ་ན་དཀོན་མཆོག་དྲིན་ལས་ཏེ། །མ་ཐོབ་འགྱོད་མེད་གནས་པའི་ནུས་མེད་པར། །དེ་ཉིད་ཆེད་དུ་གཙོ་བོར་འབད་པ་ཁྱོད། །རབ་ཏུ་བྱུང་བའི་དགོས་པ་དེའམ་ཅི། ཞེས་པ་འདི་ཡང་། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས། གཞན་ལ་ཕན་འདོད་ཀྱི་འདུན་པ་ཁོ་ནས་སྦྱར་བ་སྟེ། འདིས་ཀྱང་རྒྱལ་བའི་བསྟན་པ་ལ་ཕན་པར་གྱུར་ཅིག ། མངྒལཾ།། །།

ལས་ཀྱི་རྣམ་གཞག་གསལ་བའི་མེ་ལོང་།

ལས་ཀྱི་རྣམ་གཞག་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས།

ན་མོ་མཉྫུ་གྷཱོ་ཥཱ་ཡ། གནས་དང་གནས་མིན་མཁྱེན་པའི་སྟོབས་ཉིད་ཀྱིས། །ལས་དང་འབྲས་བུའི་གནས་ཚུལ་མངོན་གཟིགས་ནས། །བརྩེ་བས་འགྲོ་ལ་ཇི་བཞིན་གསལ་མཛད་པ། །ཟླ་མེད་སྟོན་པ་ཤཱཀྱའི་རྒྱལ་པོར་འདུད། །རྒྱལ་ཚབ་དམ་པ་མི་ཕམ་ཆོས་རྗེ་དང་། །རྒྱལ་སྲས་ཀླུ་སྒྲུབ་ཐོགས་མེད་སྐུ་མཆེད་ཞབས། །རྒྱལ་བ་གཉིས་པ་བརྒྱུད་པར་བཅས་པ་ལ། །བཏུད་ནས་ལས་ཀྱི་ནམ་གཞག་བཤད་པར་བྱ། །འདི་ལ་དགུ། ལས་ཀྱི་མཚན་ཉིད། ངོ་བོའི་སྒོ་ནས་དབྱེ་བ། ལས་གསོག་ཚུལ། དབྱེ་བའི་རྣམ་གྲངས་གཞན། ལས་ལམ་བཅུའི་རྣམ་གཞག །ལས་ལྕི་ཡང་གི་ཁྱད་པར། ལས་ཀྱི་འབྲས་བུའི་རྣམ་གཞག །འཕེན་རྫོགས་ཀྱི་ཁྱད་པར། དེ་དག་གི་འཕྲོས་སོ། །དང་པོ་ནི། ཐལ་འགྱུར་བ་དང་བྱེ་བྲག་སྨྲ་བས་ལུས་ངག་གི་ལས་གཟུགས་ཅན་དུ་འདོད་ཀྱང་། འདིར་ཐོགས་མེད་སྐུ་མཆེད་སོགས་ཀྱི་བཞེད་པ་ལྟར་འཆད་པས། ཉོན་མོངས་དང་དེའི་བག་ཆགས་གང་རུང་གིས་ཀུན་ནས་བསླངས་ཤིང་ཉོན་མོངས་ལས་གཞན་པའི་སེམས་བྱུང་སེམས་པ་དེ། ལས་ཀྱི་མཚན་ཉིད། གཉིས་པ་ལས་དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། སེམས་པའི་ལས་དང་། བསམ་པའི་ལས་གཉིས་ཡོད་པའི་སེམས་པའི་ལས་དང་ཡིད་ལས་དོན་གཅིག་ཅིང་། བསམ་པའི་ལས་ནི་ལུས་ངག་གི་ལས་ལ་བྱེད་པ་ཡིན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས་རྩ་བ་ཤེས་རབ་ལས། དེ་ལ་སེམས་པའི་ལས་ཞེས་གང་། །གསུངས་པ་དེ་ནི་ཡིད་ཀྱིར་འདོད། །བསམ་པ་ཞེས་ནི་གང་གསུངས་པ། །དེ་ནི་ལུས་དང་ངག་གིར་འདོད། །ཞེས་དང་། དབྱིག་གཉེན་གྱིས་མཛོད་ལས་ཀྱང་། །ལས་ནི་སེམས་པ་དང་དེས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ཏེ། །དེས་བསྐྱེད་ལུས་དང་ངག་གི་ལས། །ཞེས་གསུངས་པའི་ཕྱིར། སྒྲ་དོན་ནི། སེམས་པའི་ལས་དེ་ལ་ཡིད་ཀྱི་ལས་ཞེས་བྱ་སྟེ། ཡིད་ཀྱིས་བསྒྲུབས་པ་ཙམ་གྱིས་ཆོག་གི་ལུས་ངག་གང་རུང་དུ་ཐོན་པ་ལ་མ་བལྟོས་པའི་ལས་ཡིན་པའི་ཕྱིར། བསམ་པའི་ལས་དེ་ལ་ལུས་ངག་གི་ལས་ཞེས་བྱ་སྟེ། ཡིད་ལས་སེམས་པས་བསྐུལ་ནས་ལུས་ངག་གང་རུང་གིས་བསྒྲུབ་པར་བྱ་དགོས་པའི་ལས་ཡིན་པའི་ཕྱིར་ཞེས་བྱའོ། །དེ་ལྟར་ན་ལུས་ངག་ལ་མ་བལྟོས་པར་རང་དང་མཚུངས་ལྡན་གྱི་སེམས་ཡུལ་ལ་གཡོ་ཞིང་སྐུལ་བར་བྱེད་པས་རབ་ཏུ་ཕྱེ་བའི་ལས་དེ་སེམས་པའི་ལས་ཀྱི་འཇོག་བྱེད་དང་། ལུས་ངག་གང་རུང་གིས་བསྒྲུབ་དགོས་པའི་རིག་གནས་ཀྱི་ལས་དེ་བསམ་པའི་ལས་ཀྱི་འཇོག་བྱེད་དུ་རིགས་སོ། །གསུམ་པ་ལས་ཇི་ལྟར་གསོག་ཚུལ་ནི། ལས་གསོག་པ་པོའི་རྟེན་ལ་སྐྱེ་འཕགས་གཉིས་ཡོད་ཅིང་། འཕགས་པའི་རྟེན་ལ་ནི་ཟག་བཅས་ཀྱི་དགེ་བའི་ལས་གསོག་པ་ཡོད་ཀྱང་། འཁོར་བར་འཕེན་བྱེད་ཀྱི་ལས་གསར་དུ་གསོག་པ་ནི་མེད་དེ། རྟེན་འབྲེལ་མདོ་འགྲེལ་ལས། བདེན་པ་མཐོང་ལ་འཕེན་པ་མེད། །ཅེས་གསུངས་པའི་ཕྱིར། ཇི་སྲིད་ཡན་ལག་དང་པོ་མ་རིག་པའི་དབང་དུ་འགྲོ་བ་དེ་སྲིད་དུ་འཕེན་བྱེད་ཀྱི་ལས་དཀར་ནག་གཉིས་གསོག་ཅིང་། དེ་ཡང་འཕགས་ལམ་མ་ཐོབ་བར་དུ་གསོག་ཀྱང་དེ་ཐོབ་ནས་གསོག་པར་མི་འདོད་དོ། །དེ་ཡང་ཚེ་འདི་ཙམ་གྱི་ཆེད་དུ་སྲོག་གཅོད་སོགས་མི་དགེ་བ་ལ་འཇུག་ན་བསོད་ནམས་མ་ཡིན་པའི་ལས་གསོག་ལ། ཕྱི་མ་ཙམ་གྱི་ཆེད་དུ་འདོད་ཁམས་ཀྱི་སྦྱིན་གཏོང་དང་ཚུལ་ཁྲིམས་སྲུང་བ་སོགས་བྱེད་ན་བསོད་ནམས་ཀྱི་ལས་གསོག་ཅིང་། ཁམས་གོང་མའི་སས་བསྡུས་པའི་ཞིག་ནས་སོགས་བསྒོམས་ན་མི་གཡོ་བའི་ལས་གསོག་པའི་ཚུལ་གྱིས་འཁོར་བར་འགྲུབ་པར་འགྱུར་བ་ཡིན་ནོ། །དེའི་རིག་པས་འཁོར་བ་ལས་ཐར་འདོད་ཀྱི་བློས་དགེ་བའི་ལས་ལ་འཇུག་ན་ཐར་པའི་རྒྱུར་འགྱུར་པའི་ལས་གསོག་པར་འགྱུར་བ་འགྲུབ་བོ། །བཞི་པ་ནི། སྤྱིར་ལས་དེ་ལ་དབྱེ་ན། དགེ་མི་དགེ་ལུང་མ་བསྟན་གྱི་ལས་གསུམ། དེ་གསུམ་ཡང་ཟག་བཅས་ཟག་མེད་ཀྱི་ལས་གཉིས་སུ་འདུའོ། །རྣམ་གྲངས་ཀྱིས་དབྱེ་ན་མང་སྟེ། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་གསུམ། བདེ་སྡུག་བཏང་སྙོམས་མྱོང་འགྱུར་གྱི་ལས་གསུམ། རྣམ་སྨིན་མྱོང་བར་ངེས་པ་དང་མ་ངེས་པའི་ལས་གཉིས། མྱོང་ངེས་ལ་ནི་མཐོང་ཆོས་དང་སྐྱེ་གནས་དང་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་གསུམ། བསགས་མ་བསགས་དང་བསགས་ལ་མ་བྱས་པ་དང་བྱས་ལ་མ་བསགས་པ་དང་བྱས་ཤིང་བསགས་པ་དང་མ་བྱས་ཤིང་མ་བསགས་པའི་ལས་རྣམས་དང་། དཀར་ལ་རྣམ་སྨིན་དཀར་བ་དང་ནག་ལ་རྣམ་སྨིན་ནག་པ་དང་དཀར་ནག་འདྲེས་མའི་ལས་དང་མི་དཀར་མི་ནག་པའི་ལས་བཞིའོ། །དེ་རྣམས་ཀྱི་ཁྱད་པར་རིམ་པར་བཤད་ན་འདི་ལྟར་ཡིན་ཏེ། རྣམ་སྨིན་བདེ་བ་མྱོང་འགྱུར་གྱི་ལས་དེ་དགེ་བའི་ལས་ཡིན་ལ། མཚན་གཞི་ནི་སྲོག་གཅོད་སྤོང་བའི་ལས་ལྟ་བུ། རྣམ་སྨིན་སྡུག་བསྔལ་མྱོང་འགྱུར་གྱི་ལས་དེ་མི་དགེ་བའི་ལས། མཚན་གཞི་ནི་སྲོག་གཅོད་ཀྱི་ལས་ལྟ་བུ། རྣམ་སྨིན་བདེ་སྡུག་གང་ཡང་མྱོང་འགྱུར་མ་ཡིན་པའི་ལས་དེ་ལུང་མ་བསྟན་གྱི་ལས། མཚན་གཞི་ནི་དགེ་སྡིག་གང་ཡང་མིན་པའི་བར་མའི་སེམས་ཀྱིས་བྱས་པའི་ལས་ལྟ་བུ་ཡིན་པའི་ཕྱིར། དགེ་བ་དང་ལུང་མ་བསྟན་གྱི་ལས་ནི་ཁམས་གསུམ་ན་ཡོད་ཀྱི། མི་དགེ་བའི་ལས་ནི་འདོད་ཁམས་མ་གཏོགས་ཁམས་གོང་ན་མེད་དེ། ཁམས་གོང་གི་སས་བསྡུས་པའི་མི་དགེ་བ་མེད་པའི་ཕྱིར་ཏེ། གོང་སས་བསྡུས་པའི་ཉོན་མོངས་ཡོད་ཀྱང་ཐམས་ཅད་ལུང་མ་བསྟན་ཡིན་པའི་ཕྱིར་ཏེ། མཛོད་ལས། གོང་མ་ཐམས་ཅད་ལུང་མ་བསྟན། །ཞེས་གསུངས་པའི་ཕྱིར། གཙོ་བོའི་དབང་དུ་བྱས་ན་ཀུན་སློང་དགེ་བས་བྱས་པའི་ལས་དེ་དགེ་བའི་ལས་དང་། ཀུན་སློང་དུག་གསུམ་གང་རུང་གིས་བྱས་པའི་ལས་དེ་མི་དགེ་བའི་ལས་ཡིན་ཏེ། ཀུན་སློང་བཟང་ངན་གྱིས་དགེ་མི་དགེར་འགྱུར་བའི་ཕྱིར་ཏེ། མཛོད་ལས། དགེ་བ་སྦྱོར་དང་མཇུག་བཅས་རྣམས། །ཆགས་སྡང་གཏི་མུག་མེད་ལས་སྐྱེས། །ཞེས་གསུངས་པའི་ཕྱིར། ཀུན་སློང་བཟང་པོས་བྱས་པའི་ལས་ལ་དགེ་བ་དང་། ཀུན་སློང་ངན་པས་བྱས་པའི་ལས་ཡིན་ན་མི་དགེ་བ་ཡིན་པས་མ་ཁྱབ་པར་སེམས་ཏེ། མང་པོའི་དོན་དུ་སྙིང་རྗེས་ཀུན་ནས་བསླངས་ཏེ་གཞན་གྱི་སྲོག་བཅད་པའི་དངོས་གཞིའི་ལས་དེ་དགེ་བར་འཇོག་དཀའ་ཞིང་། ཀུན་སློང་ངན་ཡང་སྦྱིན་པ་བཏང་བའི་ལས་དེ་མི་དགེ་བར་ཡང་འཇོག་དཀའ་བའི་ཕྱིར། དེ་ལྟ་བུ་མེད་དོ་ཞེ་ན་ཡོད་དེ། དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་དུང་ཐུང་བསད་པ་ལྟ་བུ་དང་། དུད་འགྲོ་གསོད་པའི་ཆེད་དུ་ཁ་ཟས་སྦྱིན་པའང་མཐོང་བའི་ཕྱིར། འོན་ཀྱང་མཁས་པ་ཁ་ཅིག་འདི་གཉིས་ཀྱང་ཀུན་སློང་གི་དབང་ཁོ་ནས་དགེ་མི་དགེར་འདོད་ལ། ཁ་ཅིག་སྔོན་མའི་རྒྱུའི་ཀུན་སློང་དགེ་བ་ཡིན་ཀྱང་དངོས་གཞི་སྲོག་བཅད་པའི་ལས་དེ་མི་དགེ་བ་དང་། ཕྱི་མའི་རྒྱུའི་ཀུན་སློང་མི་དགེ་བ་ཡིན་ཀྱང་དངོས་གཞི་སྦྱིན་པ་བཏང་བའི་ལས་དེ་དགེ་བར་འདོད་པ་ལས་ཕྱི་མ་ལྟར་འཐད་སྙམ་སྟེ། བརྟག་པར་བྱའོ། ཁ་ཅིག་དེ་གཉིས་ཀྱི་ནང་ནས་སྔོན་མ་དེ་ལས་ནག་ལ་རྣམ་སྨིན་དཀར་བའི་ལས་ཡིན་ནོ་ཟེར། དེ་ནི་མི་འཐད་དེ། ལས་ནག་པོའི་རྣམ་སྨིན་དཀར་བ་མི་སྲིད་པའི་ཕྱིར་ཏེ། རྒྱུ་མི་དགེ་བ་ལས་རྣམ་སྨིན་གྱི་འབྲས་བུ་བདེ་བ་དང་རྒྱུ་དགེ་བ་ལས་རྣམ་སྨིན་གྱི་འབྲས་བུ་སྡུག་བསྔལ་འབྱུང་བ་མི་སྲིད་པའི་ཕྱིར་ཏེ། བསྟོད་སྤྲིན་རྒྱ་མཚོ་ལས། སྦྱིན་ལས་འབྱོར་ལྡན་གནས་ཡིན་དབུལ་པོ་མིན། །སེར་སྣ་དབུལ་པོའི་གནས་ཡིན་འབྱོར་ལྡན་མིན། །ཞེས་གསུངས་པ་ལྟར་གནས་དང་གནས་མ་ཡིན་པར་མཁྱེན་པའི་སྟོབས་ཡོད་པའི་ཕྱིར། ལས་དགེ་མི་དགེ་གཉིས་རྣམ་སྨིན་བདེ་སྡུག་འབྱིན་པའི་སྒོ་ནས་བཞག་ཀྱང་། ལས་དགེ་མི་དགེ་ལ་རྣམ་སྨིན་འབྱིན་པས་མ་ཁྱབ་སྟེ། ཁོང་ཁྲོས་གཏན་མེད་དུ་འཇོམས་ནུས་པའི་དགེ་བ་དང་། སྟོབས་བཞིའི་བཤགས་པས་གཏན་ནས་འདག་ངེས་ཀྱི་མི་དགེ་བའི་ལས་ཡོད་པའི་ཕྱིར་ལུང་མ་བསྟན་གྱི་ལས་ལ་ནི་རྣམ་སྨིན་མི་འབྱིན་པས་ཁྱབ་ཀྱང་འབྲས་བུ་འབྱིན་པ་ཡོད་དེ། རྒྱུ་མཐུན་དང་སྐྱེས་བུ་བྱེད་པའི་འབྲས་བུ་འབྱིན་པ་ཡོད་པའི་ཕྱིར་རོ། །ཟག་བཅས་ཟག་མེད་ཀྱི་ལས་ཀྱི་ཁྱད་པར་ཡོད་དེ། །སོ་སྐྱེའི་རྒྱུད་ཀྱི་ལས་དགེ་སྡིག་རྣམས་ཟག་བཅས་ཀྱི་ལས་ཡིན་ཀྱང་། ཐེག་དམན་འཕགས་པའི་རྒྱུད་ལ་ནི་ཟག་བཅས་ཀྱི་ལས་ཡོད་ཀྱི། ཐེག་ཆེན་འཕགས་པ་དང་དེའི་དགྲ་བཅོམ་པའི་རྒྱུད་ལ་ནི་ཟག་མེད་མ་གཏོགས་ཟག་བཅས་ཀྱི་ལས་མེད་པའི་ཕྱིར། སངས་རྒྱས་འཕགས་པའི་རྒྱུད་ལ་ཟག་བཅས་ལྟ་ཅི། ཟག་མེད་ཀྱི་ལས་ཀྱང་མེད་དེ། ཟག་མེད་ཀྱི་ལས་ལ་ནི་འབད་རྩོལ་ཕྲ་མོ་དང་བཅས་པའི་རྟོག་པ་ཞིག་དགོས་ལ་སངས་རྒྱས་འཕགས་པ་ལ་འབད་རྩོལ་དང་རྟོག་པ་མེད་པའི་ཕྱིར། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་ཀྱི་ཁྱད་པར་ཡོད་དེ། འདོད་པའི་དགེ་བའི་ལས་ནི་བསོད་ནམས་ཀྱི་ལས་དང་། མི་དགེ་བའི་ལས་ནི་བསོད་ནམས་མ་ཡིན་པའི་ལས་དང་། ཁམས་གོང་མའི་ལས་བསྡུས་པའི་ལས་ནི་མི་གཡོ་བའི་ལས་ཡིན་པའི་ཕྱིར། བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྲུང་བར་ཚིམ་པར་བྱེད་པ་དང་མི་བྱེད་པས་དེ་སྐད་དུ་བརྗོད་པའི་ཕྱིར། མི་གཡོ་བའི་ལས་དེ་སྤྱིར་དགེ་བ་ཡིན་ཀྱང་མི་གཡོ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། འདོད་པའི་ལས་གཉིས་ཀྱི་རྣམ་སྨིན་གྱི་འབྲས་བུ་གཞན་དུ་འགྱུར་ཞིང་གཡོ་བ་ཡོད་ལ། མི་གཡོ་བའི་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་ནི་གོང་མ་ལས་ས་གཞན་འདོད་ཁམས་སུ་མི་སྨིན་པས་མེ་གཡོ་བ་ཞེས་བརྗོད་པའི་ཕྱིར་ཏེ། མཛོད་ལས། གང་ཕྱིར་ས་ནི་དེ་དག་ཏུ། །ལས་རྣམ་སྨིན་ཕྱིར་མི་གཡོའི་ཕྱིར། །ཞེས་གསུངས་པའི་ཕྱིར། འདོད་ཁམས་ཀྱི་ལས་གཉིས་ཀའི་རྣམ་སྨིན་གཡོ་བ་ཡོད་དེ། དཔེར་ན། སྦྱིན་པ་བཏང་བས་ལྷ་མིའི་རྟེན་ལ་ལོངས་སྤྱོད་ཆེན་པོ་འབྱུང་བ་ཡིན་པ་ལ། སྲོག་གཅོད་མང་པོ་བྱས་པའི་རྐྱེན་གྱིས་རྒྱན་སྣ་ཚོགས་དང་ལྡན་པའི་གླང་པོ་ཆེ་ས་སྲུང་གི་བུར་སྐྱེས་པ་ལྟ་བུ་ཡིན་པའི་ཕྱིར་ཏེ། མཛོད་རང་འགྲེལ་ལས། ལྷ་དག་གི་ནང་དུ་རྣམ་པར་སྨིན་པར་འགྱུར་བ་གང་ཡིན་པ་དེ་ཉིད་རེས་འགའ་རྐྱེན་གཞན་གྱི་དབང་གིས་མི་དང་དུད་འགྲོ་དང་ཡི་དྭགས་ཀྱི་ནང་དུ་རྣམ་པར་སྨིན་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འདི་ཡང་ཚུལ་ཁྲིམས་མ་བསྲུངས་པའི་དབང་གིས་གླང་ཆེན་དུ་སྐྱེས་པ་ཡིན་གྱི། སྦྱིན་པའི་རྣམ་སྨིན་ལ་དུད་འགྲོར་སྐྱེ་བ་མེད་དེ། རྒྱུ་དགེ་བ་ལས་རྣམ་སྨིན་ངན་འགྲོར་སྐྱེ་བ་མེད་པར་བཤད་ཟིན་པའི་ཕྱིར། འོན་ཀྱང་དེར་སྦྱིན་འབྲས་དེའི་བོང་ཚོད་དང་ཁ་དོག་དང་ལོངས་སྤྱོད་ཀྱི་རྣམ་སྨིན་དུ་སོང་བ་ཡིན་ཏེ། དཀའ་བའི་གནས་ཡིན་པས་གཞུང་ཆེན་མོ་རྣམས་དང་བསྟུན་ནས་དཔྱད་དགོས་པ་ཡོད་དོ། །བདེ་སྡུག་བཏང་སྙོམས་མྱོང་འགྱུར་གྱི་ལས་གསུམ་གྱི་ཁྱད་པར་ཡོད། འབྲས་བུ་མྱོང་ཚུལ་གྱི་སྒོ་ནས་བཞག་པ་ཙམ་མ་གཏོགས། དགེ་མི་དགེ་ལུང་མ་བསྟན་གསུམ་གྱི་རྣམ་གྲངས་ཡིན་པའི་ཕྱིར་ཏེ། དགེ་བ་ལས་བདེ་བ་དང་མི་དགེ་བ་ལས་སྡུག་བསྔལ་དང་ལུང་མ་བསྟན་གྱི་ལས་ཀྱིས་བདེ་སྡུག་བར་མ་བཏང་སྙོམས་མྱོང་འགྱུར་གྱི་སྒོ་ནས་བཞག་པ་ཡིན་པའི་ཕྱིར། མྱོང་བར་ངེས་པ་དང་མ་ངེས་པའི་ལས་ཀྱི་ཁྱད་པར་ཡོད་དེ། ཐོགས་མེད་ཀྱིས་སའི་དངོས་གཞི་ལས། མྱོང་བར་འགྱུར་བ་ངེས་པའི་ལས་ནི་བསམས་བཞིན་དུ་བྱས་པ་དང་བསགས་པའི་ལས་གང་ཡིན་པའོ། །མྱོང་བར་འགྱུར་བར་མ་ངེས་པའི་ལས་ནི་བསམས་བཞིན་བྱས་ལ་མ་བསགས་པ་གང་ཡིན་པའོ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། དེའི་ཁྱད་པར་ནི་འོག་ཏུ་འཆད་ལ། མཛོད་ལས་ནི། ཉོན་མོངས་རབ་དང་དྲག་པོ་དང་། ཡོན་ཏན་ཞིང་དང་རྒྱུན་ཆགས་སུ། །བྱས་པ་གང་ཞིག་ཡིན་པ་དང་། ཕ་མ་གསོད་གང་དེ་ངེས་སོ། །ཞེས་མྱོང་ངེས་ཀྱི་ལས་དྲུག་ཏུ་ཡང་བཤད་དེ། གཙོ་བོའི་དབང་དུ་བྱས་པའོ། །མྱོང་བར་ངེས་པ་ནི་ལས་དེའི་གཉེན་པོ་མེད་ན་ངེས་ཞེས་པའི་དོན་ཡིན་གྱི། མྱོང་ངེས་ཀྱི་ལས་ཡིན་ན། རྣམ་སྨིན་ངེས་པར་མྱོང་དགོས་པས་མ་ཁྱབ་སྟེ། སྟོབས་བཞིའི་བཤགས་བསྡམ་བྱས་ན་མྱོང་ངེས་ཀྱི་ལས་ངན་པ་ཡང་འདག་པར་བརྒྱད་སྟོང་འགྲེལ་ཆེན་ལས་གསུངས་པའི་ཕྱིར། མ་ངེས་པ་ནི་གཉེན་པོ་མེད་ཀྱང་རང་སྟོབས་ཀྱིས་ནམ་སྨིན་འབྱིན་མི་ནུས་པ་ཡིན་ལ། གྲོགས་རྐྱེན་དང་འཕྲད་ན་འབྱིན་པའང་ཡོད་དོ། །མཐོང་ཆོས་ལ་མྱོང་བ་སོགས་ལས་གསུམ་གྱི་ཁྱད་པར་ཡོད་དེ། ཚེ་འདི་ལ་བྱས་པའི་ལས་ཀྱི་རྣམ་སྨིན་ཚེ་འདི་ཉིད་དུ་སྨིན་པ་ནི་མཐོང་ཆོས་ལ་མྱོང་བ་དང་། ཚེ་ཕྱི་མ་ཉིད་ལ་སྨིན་པ་ནི་སྐྱེ་བ་གཞན་ལ་མྱོང་བ་དང་། ཕྱི་མའི་ཡང་ཕྱི་མའི་ཐོག་ཏུ་སྨིན་པར་འགྱུར་བའི་ལས་ནི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཡིན་པའི་ཕྱིར། མཐོང་ཆོས་ལ་མྱོང་འགྱུར་སོགས་གསུམ་པོ་དེ་རྣམ་སྨིན་འགོ་ཟུག་པའི་དབང་དུ་བྱས་པ་ཡིན་གྱི། ཚེ་གསུམ་པོ་དེ་ཙམ་དུ་མ་ངེས་ཏེ། རྒྱུན་སྐྱེ་བ་གཞན་དང་གཞན་དུ་མྱོང་བའང་ཡོད་པའི་ཕྱིར་ཏེ། མཛོད་འགྲེལ་ལས་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་པར་སྨིན་པ་ཚེ་རབས་གཞན་དག་ན་ཡང་ཡོད་མོད་ཀྱི། རྩོམ་པའི་དབང་གིས་མིང་དེ་ལྟར་རྣམ་པར་བཞག་གོ །ཞེས་གསུངས་པའི་ཕྱིར། མཐོང་ཆོས་སམ་ཚེ་འདི་ལ་སྨིན་པར་འགྱུར་བའི་ལས་ཀྱི་མཚན་གཞི་ཡོད་དེ། མཐོང་ལམ་དང་དགྲ་བཅོམ་གསར་དུ་ཐོབ་པ་ལ་ཕན་གནོད་བྱས་པ་དང་། འགོག་སྙོམས་དང་བྱམས་པ་ཚད་མེད་བསྒོམས་པ་དང་ཉོན་མོངས་མེད་པའི་སྙོམས་འཇུག་ལས་ལངས་མ་ཐག་པའི་གང་ཟག་རྣམས་ལ་ཕན་གནོད་བྱས་པའི་རྣམ་སྨིན་ཚེ་འདི་ཉིད་ལ་འཕྲལ་དུ་སྨིན་པར་འགྱུར་བའི་ཕྱིར་ཏེ། མཛོད་ལས། མཐོང་དང་དགྲ་བཅོམ་འབྲས་ལངས་པ། །དེ་ལ་ཕན་གནོད་བྱས་པ་ཡི། །འབྲས་བུ་འབྲལ་དུ་མྱོང་བར་འགྱུར། །ཞེས་དང་། གང་དག་འགོག་བྱམས་ཉོན་མོངས་མེད། །ལངས་པ་དེ་ལ་ཕན་གནོད་བྱས། །འབྲས་བུ་འབྲལ་དུ་མྱོང་བར་འགྱུར། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། བསགས་མ་བསགས་སོགས་ཀྱི་ལས་ཀྱི་ཁྱད་པར་ཡོད་དེ། མཛོད་ལས། བསམས་བཞིན་པ་དང་རྫོགས་པ་དང་། །མི་འགྱོད་གཉེན་པོ་མེད་པ་དང་། འཁོར་དང་རྣམ་པར་སྨིན་པ་ལས། །བསགས་པའི་ལས་ཞེས་བྱ་བ་ཡིན། །ཞེས་ནོར་བ་མ་ཡིན་པར་བསམས་བཞིན་དུ་བྱས་པ་དང་། རྣམ་སྨིན་གྱི་སྐྱེ་བ་འགྲུབ་ངེས་ལྟ་བུ་རྫོགས་པར་བྱས་པ་དང་། ལས་དེ་ལ་འགྱོད་པ་མེད་པ་དང་། དེ་ལ་གནོད་བྱེད་ཀྱི་གཉེན་པོ་མེད་པ་དང་། ལས་བྱས་པ་དེ་ལ་རྗེས་སུ་ཡི་རང་བ་དང་། གནས་སྐབས་མ་ངེས་ཀྱང་རྣམ་སྨིན་ངེས་པའི་ལས་དྲུག་པོ་དེ་ལ་བསགས་པའི་ལས་སུ་དངོས་སུ་བསྟན་ནས། ཤུགས་ལ་དེ་དྲུག་ལས་གཞན་པའི་ལས་རྣམས་མ་བསགས་པའི་ལས་སུ་བཤད་ལ། སའི་དངོས་གཞི་ལས། བསགས་པའི་ལས་ནི་རྣམ་པ་བཅུ་མ་གཏོགས་པ་སྟེ། འདི་ལྟ་སྟེ། རྨི་ལམ་དུ་བྱས་པ་དང་མ་ཤེས་པར་བྱས་པ་དང་བསམས་བཞིན་མི་ཡིན་པར་བྱས་པ་དང་དྲག་པོ་མིན་ལ་རྒྱུན་ཆགས་མིན་པར་བྱས་པ་དང་ནོར་བས་བྱས་པ་དང་བརྗེད་པས་བྱས་པ་དང་མི་འདོད་བཞིན་དུ་བྱས་པ་དང་རང་བཞིན་གྱིས་ལུང་དུ་མ་བསྟན་པ་དང་འགྱོད་པས་བསལ་བ་དང་གཉེན་པོས་བསལ་བ་སྟེ། ལས་རྣམ་པ་བཅུ་པོ་འདི་དག་ལས་མ་གཏོགས་པའི་ལས་གཞན་གང་ཡིན་པའོ། །མ་བསགས་པའི་ལས་ནི་རྣམ་པ་བཅུ་པོ་ཇི་སྐད་བསྟན་པ་ཉིད་དོ། །ཞེས་རྨི་ལམ་དུ་བྱས་པ་ནས་གཉེན་པོས་བསགས་པའི་བར་གྱི་ལས་བཅུ་པོ་དེ་མ་བསགས་པའི་ལས་སུ་གསལ་བར་བསྟན་ནས། འདི་དག་ལ་མ་གཏོགས་པའི་ལས་ཞེས་པས་བཅུ་པོ་ལས་གཞན་པའི་ལས་ནི་བསགས་པའི་ལས་སུ་བསྟན་པ་ལྟར་ཡིན་པའི་ཕྱིར། བསྡུ་བར་མུ་བཞི་བཤད་དེ། བྱས་ལ་མ་བསགས་པའི་ལས་ནི། མི་མཁས་པས་བྱས་པ་དང་རྨི་ལམ་དུ་བྱས་པ་དང་ཆེད་དུ་བྱས་པ་དང་རང་མི་འདོད་ཀྱང་གཞན་གྱིས་བྱེད་དུ་བཅུག་པ་དང་ལན་གཅིག་བྱས་ནས་འགྱོད་པ་ད ང་གཉེན་པོ་བསྟེན་ནས་སྲབ་མོར་བྱས་པའི་ལས་སོགས་དང་། བསགས་ལ་མ་བྱས་པ་ནི་སྲོག་གཅོད་སོགས་ཀྱི་ལས་དེ་དང་དེ་བྱེད་པའི་ཆེད་དུ་ཡུན་རིང་པོ་ནས་བསམས་ཀྱང་སྲོག་གཅོད་སོགས་མ་བྱས་པ་དང་། བྱས་ལ་བསགས་པ་ནི་བསམས་བཞིན་དང་མ་ནོར་བ་དང་འགྱོད་སེམས་མེད་པ་སོགས་ཀྱིས་ལས་དེ་དང་དེ་བྱས་པ་དང་། མ་བྱས་ཤིང་བསགས་པ་ནི་དེ་རྣམས་སུ་མ་གཏོགས་པ་སྟེ་བཞིར་བཤད་པའི་ཕྱིར། མཛོད་འགྲེལ་ལས་ནི་བློ་སྔོན་བཏང་ནས་ཤེས་བཞིན་བྱས་ཀྱང་གོམས་པ་ལང་ཤོར་གྱིས་སྨྲས་པའི་བརྫུན་ལྟ་བུ་ནི་བྱས་པ་ཡིན་ཀྱང་བསགས་པ་མ་ཡིན་པ་དང་། བསམས་བཞིན་དུ་བྱས་ཀྱང་འགྲོ་བ་དེར་སྐྱེས་ངེས་ཀྱི་ལས་མིན་ན་བྱས་པ་ཡིན་ཡང་བསགས་པ་མ་ཡིན་པར་བཤད་དེ། ཅུང་ཟད་མི་འདྲ་བ་ཡོད་པས་ཞིབ་ཆ་དགོས་སོ། །དཀར་ལ་རྣམ་སྨིན་དཀར་བ་སོགས་ཀྱི་ལས་བཞིའི་ཁྱད་པར་ཡོད་དེ། མི་དགེ་བའི་ལས་ནི་ནག་ལ་རྣམ་སྨིན་ནག་པའི་ལས་དང་། གཟུགས་ཁམས་ཀྱི་དགེ་བའི་ལས་ནི་དཀར་ལ་རྣམ་སྨིན་དཀར་བ་དང་། འདོད་པའི་དགེ་བའི་ལས་ནི་དཀར་ནག་འདྲེས་མ་ལ་རྣམ་སྨིན་ཡང་འདྲེས་མ་དང་ཟག་མེད་ཀྱི་ལས་ནི་སྤྱིར་ངོ་བོ་དཀར་ཡང་རྣམ་སྨིན་མི་འབྱིན་པས་དེའི་དབང་དུ་བྱས་པའི་མི་དཀར་མི་ནག་པའི་ལས་ཡིན་པའི་ཕྱིར་ཏེ། མཛོད་ལས། དཀར་ནག་ལ་སོགས་བྱེ་བྲག་གིས། །ལས་ནི་རྣམ་པ་བཞི་ཡིན་ནོ། །ཞེས་པའི་རྩ་འགྲེལ་ལས་དེ་ལྟར་བཤད་པའི་ཕྱིར། །འདོད་པའི་དགེ་བའི་ལས་དེ་མཛོད་ཀྱི་ལུགས་འདིར་དཀར་ནག་འདྲེས་མའི་ལས་སུ་འཇོག་པའི་ཚུལ་ཡོད་དེ། རྒྱུད་གཅིག་ལ་མི་དགེ་བ་དང་སྡུག་བསྔལ་ཅི་རིགས་འདྲེས་པས་ན་དེ་ལྟར་དུ་བཞག་པ་ཡིན་གྱི། ལས་ཀྱི་ངོ་བོ་འདྲེས་མ་ཡིན་པའི་སྒོ་ནས་མ་ཡིན་པའི་ཕྱིར་ཏེ། ངོ་བོ་དང་རྣམ་སྨིན་གཉིས་དཀར་ནག་གཉིས་ཀ་ཡིན་པའི་ལས་མེད་པའི་ཕྱིར་ཏེ། མཛོད་འགྲེལ་ལས། འདི་ནི་རྒྱུད་ཀྱི་སྒོ་ནས་བཞག་གི །ངོ་བོ་ཉིད་ཀྱི་སྒོ་ནས་མིན་ཏེ། ལས་སམ་རྣམ་པར་སྨིན་པ་གཅིག་ལ་དཀར་བ་ཡང་ཡིན་ནག་པོ་ཡང་ཡིན་པ་དེ་ལྟ་བུ་ནི་མེད་དེ། ཞེས་གསུངས་པའི་ཕྱིར། འོན་ཀྱང་ཀུན་བཏུས་ལས་ནི། མུ་དང་པོ་དང་ཐ་མ་གཉིས་སྔར་དང་འདྲ་ཡང་། མུ་གཉིས་པ་ནི་ཁམས་གསུམ་གྱི་དགེ་བའི་ལས་ལྟ་བུ་དང་། གསུམ་པ་ནི་སྦྱོར་བ་དཀར་ལ་བསམ་པ་ནག་པ་དང་། བསམ་པ་ནག་ལ་སྦྱོར་བ་དཀར་བའི་ལས་ལྟ་བུ་ལ་བཤད་དེ་མི་འགལ་ལོ། ཁ་ཅིག་རྒྱུའི་ཀུན་སློང་མི་དགེ་བས་བསླངས་ཡང་དུས་ཀྱི་ཀུན་སློང་དགེ་བས་བྱས་པའི་ལས་དེ། ལས་དཀར་ལ་རྣམ་སྨིན་ནག་པ་དང་། རྒྱུའི་ཀུན་སློང་དགེ་ཡང་དུས་ཀྱི་ཀུན་སློང་མི་དགེ་བས་བྱས་པའི་ལས་དེ། ལས་ནག་ལ་རྣམ་སྨིན་དཀར་བ་ཡིན་ཟེར། ཁ་ཅིག་དེ་ནི་འཐད་དེ། དགེ་མི་དགེ་ནི་རྒྱུའི་ཀུན་སློང་བཟང་ངན་གྱི་དབང་གིས་འགྱུར་བས་ལས་སྔ་མ་ནག་ལ་ཕྱི་མ་དཀར་བའི་ཕྱིར་ཏེ། དབུ་མ་རིན་ཆེན་འཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །ཞེས་དང་། འདོད་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བར་འདོད། །ཅེས་གསུངས་པའི་ཕྱིར་ཟེར་ཡང་གོང་དུ་བཤད་པ་ལྟར་དཔྱད་དགོས་པ་ཡོད་དོ། །སྤྱིར་ལས་དེ་ལ་བསམ་པའི་དབང་གིས་དངོས་གཞི་དཀར་ལ་སྦྱོར་མཇུག་ནག་པ་དང་། སྦྱོར་མཇུག་ནག་ལ་དངོས་གཞི་དཀར་བ་དང་། གསུམ་ཀ་དཀར་པ་དང་། གསུམ་ཀ་ནག་པ་དང་འདྲེས་མ་ཅི་རིགས་ཡོད་པར་སེམས་ཏེ། རྒྱུའི་ཀུན་སློང་དཀར་ལ་དུས་ཀྱི་ཀུན་སློང་ནག་པ་དང་། དེ་ལས་ལྡོག་པ་དང་། གཉིས་ཀ་དཀར་བ་དང་། གཉིས་ཀ་ནག་པ་སོགས་ཅི་རིགས་འབྱུང་བའི་དབང་གིས་དངོས་གཞི་ཡང་རྫོགས་མ་རྫོགས་དང་དཀར་ནག་ཅི་རིགས་སུ་འགྱུར་ཞིང་། མཇུག་ཏུ་ཡང་རྗེས་སུ་ཡི་རང་བ་དང་འགྱོད་པ་ཡོད་མེད་ཀྱིས་དཀར་ནག་མི་འདྲ་བར་འགྱུར་བའི་ཕྱིར་ཏེ། རྒྱུའི་ཀུན་སློང་ཕན་པར་འདོད་ཀྱང་དུས་ཀྱི་ཀུན་སློང་དང་སྦྱོར་བའི་དུས་སུ་གནོད་སེམས་སྐྱེ་བ་དང་། དེ་ལས་ལྡོག་པ་སོགས་འབྱུང་བ་མཐོང་བའི་ཕྱིར། སྦྱིན་གཏོང་ལྟ་བུ་གཅིག་ལའང་ཀུན་སློང་མི་འདྲ་བ་འབྱུང་སྟེ། ཀུན་སློང་བཟང་པོས་སྦྱིན་པ་གཏོང་བར་མ་ཟད། གཞན་གྱི་ནོར་འཕྲོ ག་ནས་དེ་གཏོང་བ་དང་། མི་འདོད་བཞིན་དུ་གཏོང་བ་དང་། གསོད་པར་འདོད་ནས་གཏོང་བ་དང་། ལན་ལ་རེ་སྟེ་གཏོང་བ་དང་། ཆགས་པའི་དབང་གིས་གཏོང་བ་དང་། མཛའ་བ་ཙམ་གྱི་ཕྱིར་གཏོང་བ་སོགས་མི་འདྲ་བ་སྣ་ཚོགས་འབྱུང་བའི་ཕྱིར། དེ་བཞིན་དུ་ཚུལ་ཁྲིམས་སྲུང་བ་སོགས་ལའང་ཅི་རིགས་ཡོད་པར་ཤེས་པར་བྱའོ། །ལྔ་པ་ལས་ལམ་བཅུ་བཤད་པ་ནི། དགེ་མི་དགེའི་ལས་ཀྱི་རྣམ་གྲངས་མང་ཡང་། གཙོ་བོ་བསྡུས་ནས་བཅུར་གསུངས་པ་ཡིན་ཏེ། མཛོད་ལས། དེ་ལས་ཆེ་ལོང་བསྡུས་ནས་ནི། དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཞེས་འབྱུང་བ་ལྟར་རོ། །འདི་ལ་གཉིས། མི་དགེ་བའི་ལས་ལམ་བཅུ་དང་། དགེ་བའི་ལས་ལམ་བཅུའོ། །དང་པོ་ལ་བཅུ་ལས། སྲོག་གཅོད་པ་སོགས་རེ་རེ་ལའང་གཞི་དང་བསམ་པ་དང་སྦྱོར་བ་དང་མཐར་ཐུག་བཞི་བཞིས་བཤད་ན། སྲོག་གཅོད་ཀྱི་གཞི་ན་སེམས་ཅན་གཞན་ནོ། །བསམ་པ་ལ་གསུམ་ལས་འདུ་ཤེས་ནི་གཞི་སེམས་ཅན་ཡིན་པ་ལ་ཡིན་པར་འདུ་ཤེས་པ་དང་སེམས་ཅན་མིན་པར་འདུ་ཤེས་པ་དང་། སེམས་ཅན་མིན་པ་ལ་མིན་པར་འདུ་ཤེས་དང་སེམས་ཅན་དུ་འདུ་ཤེས་པ་བཞི་ཡོད་པའི་འདུ་ཤེས་དང་པོ་དང་གསུམ་པ་ནི་མ་འཁྲུལ་ལ། གཉིས་པ་དང་བཞི་པ་ནི་འཁྲུལ་བའོ། །འདི་ལ་ཀུན་སློང་བྱེ་བྲག་པ་ལྷས་སྦྱིན་ཁོ་ན་གསོད་སྙམ་ནས་སྦྱོང་བ་བརྩམས་པ་ན་མཆོད་སྦྱིན་དུ་ནོར་ནས་བསད་ན་དངོས་གཞིའི་ལས་ལམ་མེད་པས། དེ་ལྟ་བུ་ལ་འདུ་ཤེས་མ་འཁྲུལ་པ་དགོས་ཤིང་། སྦྱོར་བའི་དུས་སུ་གང་བྱུང་ཡང་གསོད་སྙོམ་པ་ཀུན་སློང་སྤྱི་ལ་ཞུགས་པ་ཡོད་ན་འདུ་ཤེས་མ་འཁྲུལ་བ་མི་དགོས་ཏེ། འདི་ནི་གཞན་དགུ་ལའང་ཅི་རིགས་པར་ཤེས་པར་བྱའོ། །ཉོན་མོངས་ནི་དུག་གསུམ་གང་རུང་ངོ་། །ཀུན་སློང་ནི་གསོད་པར་འདོད་པའོ། །སྦྱོར་བ་ནི་རང་ངམ་གཞན་ལ་བྱེད་དུ་འཇུག་པ་གཉིས་སོ། །སྦྱོར་བའི་ངོ་བོ་ནི་མཚོན་ནམ་དུག་གམ་རིག་སྔགས་ཀྱི་སྒོ་ནས་བྱས་པ་གང་རུང་ངོ་། །མཐར་ཐུག་སྦྱོར་བ་དེའི་རྐྱེན་གྱིས་ཕ་རོལ་པོ་དེའི་ཚེ་འམ་རང་གི་སྔོན་དུ་ཤི་བ་སྟེ། རང་དང་དུས་མཉམ་མམ་རང་སྔོན་དུ་ཤི་བའི་རྗེས་སུ་དེ་ཤི་ན་ནི་དངོས་གཞི་མེད་དོ། །དམག་ལ་སོགས་པ་མང་པོ་གྲོས་མཐུན་བྱས་ནས་གསོད་པ་པོ་གཅིག་གིས་ཕ་རོལ་པོ་བསད་ནའང་ཐམས་ཅད་སྲོག་གཅོད་ཀྱི་ལས་ལམ་དངོས་གཞི་འབྱུང་བ་ཡིན་ཏེ། མཛོད་ལས། དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་གསུངས་པའི་ཕྱིར། འོན་ཀྱང་གྲོས་མཐུན་ཚིག་ཙམ་གྱིས་མི་འདོད་བཞིན་དུ་བྱས་ནས་གསོད་སེམས་གཏན་མེད་ན་ནི་དངོས་གཞི་མི་འབྱུང་བ་གསལ་ལ། མ་མཐོང་ཞིང་གསོད་སེམས་མེད་པར་སྲོག་ཆགས་རྐང་འོག་ཏུ་ཤི་བ་ལྟ་བུས་སྡིག་པ་འཕྲན་བུ་འོང་ཡང་དངོས་གཞིའི་ལས་ལམ་མེད་དོ། །སྲོག་གཅོད་ཀྱི་ལས་རྣམས་ལུས་ཀྱི་ལས་ཡིན་ཀྱང་། ལུས་ཀྱིས་དངོས་སུ་བྱས་པས་མ་ཁྱབ་སྟེ། ངག་དང་ཡིད་ཀྱིས་དབང་ཙམ་གྱིས་སྲོག་གཅོད་པ་ཡོད་པའི་ཕྱིར་ཏེ། དྲང་སྲོང་ཁྲོས་པ་ཙམ་དང་དམོད་པོར་བ་ཙམ་གྱིས་གཞན་གྱི་སྲོག་འགགས་པ་ཡོད་པར་བཤད་པའི་ཕྱིར། མ་བྱིན་ལེན་གྱི་གཞི་ནི་གཞན་གྱི་རྫས་སོ། །བསམ་པ་ལ་གསུམ་ལས་འདུ་ཤེས་དང་ཉོན་མོངས་ནི་སྔར་བཞིན་དང་། ཀུན་སློང་ནི་མ་བྱིན་པར་ལེན་པར་བརྗོད་པའོ། །སྦྱོར་བ་ནི་རང་ངམ་གཞན་གྱིས་རྐུ་བའམ་འཕྲོག་ཏུ་བཅུག་ཀྱང་འདྲའོ། །མཐར་ཐུག་ནི་ཐོབ་བློ་སྐྱེས་པས་ཆོག་གི་གནས་དཔགས་ངེས་པར་མི་དགོས་ཏེ། ས་ཞིང་འགྲོག་པ་ལྟ་བུའང་ཡོད་པས་སོ། །མ་བྱིན་ལེན་འདི་ལ་འདུལ་བའི་སྐབས་སུ་མིའི་རྫས་དང་དཀོན་མཆོག་གི་ཡོ་བྱད་དང་མི་མ་ཡིན་པའི་ཡོ་བྱད་དང་། འཇོག་རྫས་དང་བགོ་རྫས་སོགས་མ་བྱིན་པར་བླངས་པ་ལ་ལྟུང་བ་ཆེ་ཆུང་གི་ཁྱད་པར་མང་དུ་བཤད་དེ། འདིར་སྤྱི་ལ་སྦྱར་མི་དགོས་ཀྱང་ཤེས་དགོས་པ་ཡོད་དོ། །ལོག་གཡེམ་གྱི་གཞི་ལ་བཞི་སྟེ་བགྲོད་བྱ་མིན་པ་ནི་མ་ལ་སོགས་པའི་བུད་མེད་གཞན་དང་སྐྱེས་པ་ཐམས་ཅད་དང་། ཡན་ལག་མིན་པ་ནི་མངལ་སྒོམ་གཏོགས་པ་ཁ་ལ་སོགས་པ་དང་། གནས་མིན་པ་ནི་བླ་མ་དང་རྟེན་བཞུགས་པའི་དྲུང་དང་། དུས་མིན་པ་ནི་སྦྲུམ་མ་དང་བསྙེན་གནས་སྲུང་བ་ལྟ་བུའི་དུས་སོ། །བསམ་པ་ལ་གསུམ་ལས་འདུ་ཤེས་མ་འཁྲུལ་བ་ནི་སྤྱིར་བཏང་སྟེ། འདུལ་བ་ལས་འདི་ལ་འདུ་ཤེས་འཁྲུལ་མ་འཁྲུལ་གང་ཡིན་ཀྱང་འདྲ་བར་བཤད། ཉོན་མོངས་དུག་གསུམ་གང་རུང་ངོ་། །ཀུན་སློང་ནི་མི་ཚངས་པར་སྤྱོད་པར་འདོད་པའོ། །སྦྱོར་བ་ནི་དེའི་ཆེད་དུ་རྩོལ་བའོ། །མཐར་ཐུག་ནི་གཉིས་ཀྱི་གཉིས་སྤྲད་པའོ། །རང་གི་བུད་མེད་ལ་ནི་ལོག་གཡེམ་མི་འབྱུང་བས། ལོག་གཡེམ་ལ་མི་ཚངས་སྤྱོད་ཀྱིས་ཁྱབ་ཀྱང་། མི་ཚངས་སྤྱོད་ལ་ལོག་གཡེམ་གྱི་མ་ཁྱབ་པོ། །བརྫུན་དུ་སྨྲ་བའི་གཞི་ལ་གཉིས་ཏེ་མཐོང་ཐོས་སོགས་དང་ཕ་རོལ་པོས་དོན་གོ་ནུས་པའོ། །བསམ་པ་ལ་གསུམ་ལས་འདུ་ཤེས་ནི་མཐོང་བས་སོགས་ལ་མ་མཐོང་བ་སོགས་སུ་བསྒྱུར་བའོ། །ཉོན་མོངས་ནི་དུག་གསུམ་གང་རུང་ངོ་། །ཀུན་སློང་ནི་འདུ་ཤེས་བསྒྱུར་ན་སྨྲ་འདོད་པའོ། །སྦྱོར་བ་མི་སྨྲ་བའམ་ཅང་མི་སྨྲ་བ་སོགས་ཀྱི་བརྡའམ་མཚན་མས་དང་དུ་ལེན་པའོ། །དེ་ནས་བརྫུན་སྨྲའི་ལས་ལས་འབྱུང་བ་ལ་ངག་གིས་སྨྲ་དགོས་པས་མ་ཁྱབ་བོ། །མཐར་ཐུག་ནི་ཕ་རོལ་པོས་གོ་བའོ། །དེ་ནི་ཚིག་ཙམ་གོ་བས་མི་ཆོག་གི་དོན་གོ་དགོས་ཏེ། དོན་མ་གོ་ན་ཅི་ཟེར་མི་ཤེས་པས་སོ། །དོན་མ་གོ་ན་ངག་ཀྱལ་ཙམ་དུ་འགྲོ་སྟེ། དེ་ནི་ཕྲ་མ་དང་ཚིག་རྩུབ་ལའང་འདྲའོ། །ཕྲ་མའི་གཞི་ནི་མཐུན་པ་དང་མི་མཐུན་པའི་སེམས་ཅན་ནོ། །བསམ་པ་ལ་གསུམ་ལས་འདུ་ཤེས་དང་ཉོན་མོངས་ནི་སྔར་ལྟར་རོ། །ཀུན་སློང་ནི་མཐུན་པ་དབྱེ་འདོད་དང་མི་མཐུན་པ་འདུ་མ་མི་འདོད་པའོ། །སྦྱོར་བ་ནི་དེའི་ཆེད་དུ་ཚིག་བདེན་མི་བདེན་གང་རུང་སྨྲ་བའོ། །མཐར་ཐུག་ནི་སྨྲས་པའི་དོན་གོ་བའོ། །ཚིག་རྩུབ་ཀྱི་གཞི་ནི། མནར་སེམས་སྐྱེ་བའི་གཞིར་གྱུར་བའི་སེམས་ཅན་ནོ། །བསམ་པ་ལ་གསུམ་ལས་འདུ་ཤེས་དང་ཉོན་མོངས་ནི་སྔར་བཞིན་ནོ། །ཀུན་སློང་ནི་ངག་རྩུབ་པོ་སྨྲ་འདོད་པའོ། །མཐར་ཐུག་ནི་སྨྲས་པའི་དོན་དེས་གོ་བའོ། །ཕན་སེམས་ཀྱིས་ཡིན་ན་དངོས་གཞིའི་ལས་ལམ་མེད་དོ། །ངག་ཀྱལ་གྱི་གཞི་ནི་དོན་དང་མི་ལྡན་པའོ། །བསམ་པ་ལ་གསུམ་ལས་འདུ་ཤེས་ནི་བརྗོད་དོན་དེ་ལ་དེར་འདུ་ཤེས་པའོ། །ཉོན་མོངས་ནི་དུག་གསུམ་གང་རུང་ངོ་། །ཀུན་སློང་ནི་འབྲེལ་མེད་དུ་སྨྲ་བར་འདོད་པའོ། །སྦྱོར་བ་ནི་དེ་སྨྲ་བར་བཞུགས་པའོ། །མཐར་ཐུག་ནི་དེ་སྨྲ་ཟིན་པ་སྟེ། འདི་ལ་དོན་གོ་དགོས་པའི་ངེས་པ་མེད་དོ། །ངག་ཀྱལ་གྱི་ངོ་བོ་ནི་འཐབ་མོའི་གཏམ་དང་མཚང་འདྲུ་བ་དང་སྨྲེ་ངག་འདོན་པ་དང་དགའ་མགུར་སྤྱོད་པའི་གཏམ་དང་འདུ་འཛིན་དང་ར་རོ་བའི་གཏམ་དང་། བཞད་གད་དང་གླུ་དང་བསྟན་བཅོས་ངན་པ་འདོན་པ་སོགས་སོ། །བརྣབ་སེམས་ཀྱི་གཞི་ནི་གཞན་གྱི་ནོར་དང་ཡོ་བྱད་དོ། །བསམ་པ་ལ་གསུམ་ལས་འདུ་ཤེས་ནི་གཞི་དེ་ལ་དེར་འདུ་ཤེས་པའོ། །ཉོན་མོངས་ནི་དུག་གསུམ་གང་རུང་ངོ་། །ཀུན་སློང་ནི་བདག་གིར་བྱ་བར་འདོད་པའོ། །སྦྱོར་བ་ནི་དེར་རྩོལ་བར་བྱེད་པའོ། །མཐར་ཐུག་ནི་དེ་བདག་གིར་གྱུར་ཅིག་སྙམ་པའོ། །གནོད་སེམས་ཀྱི་གཞི་དང་འདུ་ཤེས་དང་ཉོན་མོངས་ནི་ཚིག་རྩུབ་བཞིན་ནོ། །ཀུན་སློང་ནི་རྡེག་པ་ལ་སོགས་པར་འདོད་པའོ། །སྦྱོར་བ་ནི་དེའི་ཆེད་དུ་སྦྱོར་བའོ། །མཐར་ཐུག་ནི་རྡེག་པ་དང་འཆིང་བ་སོགས་བྱ་བར་ཐག་བཅད་པའོ། །ལོག་ལྟའི་གཞི་ནི་ཡོད་པའི་དོན་ནོ། །བསམ་པ་ལ་གསུམ་ལས་འདུ་ཤེས་ནི་དོན་དེ་ལ་བདེན་པར་འདུ་ཤེས་པའོ། །ཉོན་མོངས་ནི་དུག་གསུམ་གང་རུང་ངོ་། །ཀུན་སློང་ནི་སྐུར་པར་འདེབས་འདོད་པའོ། །སྦྱོར་བ་ནི་བསམ་དོན་དེར་བརྩམས་པའོ། །འདི་ལ་བཞི་སྟེ། ལེགས་སྤྱད་དང་ཉེས་སྤྱད་སོགས་མེད་དོ་ཞེས་རྒྱུ་ལ་སྐུར་འདེབས་བྱེད་པ་དང་། དེ་གཉིས་ཀྱི་རྣམ་སྨིན་མེད་དོ་ཞེས་འབྲས་བུ་ལ་སྐུར་བ་དང་། འཇིག་རྟེན་ཕ་རོལ་དང་བརྫུས་ཏེ་སྐྱེ་བ་དང་། ཕས་ས་བོན་བཏབ་པ་དང་མས་ས་བོན་བཟུང་བ་མེད་དོ་ཞེས་བྱེད་པ་ལ་སྐུར་བ་དང་། དགྲ་བཅོམ་པ་མེད་དོ་ཞེས་ཡོད་པའི་དངོས་པོ་ལ་སྐུར་པ་འདེབས་པ་རྣམས་སོ། །མཐར་ཐུག་ནི་སྐུར་པ་གདབ་པར་ངེས་པའོ། །ལོག་ལྟའི་ལས་ལམ་གྱི་དངོས་གཞི་རྫོགས་པ་ལ་ཁྱད་ཆོས་དུ་མ་ཚང་དགོས་ཀྱི། དེ་ལྟར་སྐྱེས་པ་ཙམ་གྱིས་མི་ཆོག་གོ །མཛོད་ལས། གསུམ་ལམ་བདུན་ནི་ལས་ཀྱང་ཡིན། །ཞེས་འབྱུང་བ་ལྟར་ལས་ལམ་ཡིན་མིན་གྱི་ཁྱད་པར་ཡོད་དེ། ལུས་ངག་གི་ལས་བདུན་ནི་ལས་ཀྱང་ཡིན་ཞིང་། རང་ཉིད་ཀུན་ནས་སློང་བྱེད་ཀྱི་སེམས་པ་འཇུག་པའི་གཞི་ཡིན་པས་ལས་ཀྱི་ལམ་ཡང་ཡིན་ལ། ཡིད་ཀྱི་ལས་གསུམ་ནི་རང་དང་མཚུངས་ལྡན་གྱི་སེམས་པ་འཇུག་པའི་གཞི་ཡིན་པས་ལས་ཀྱི་ལམ་ཡིན་ཀྱང་ལས་དངོས་མ་ཡིན་པའི་ཕྱིར། དེ་དག་གི་ཀུན་སློང་དང་མཚུངས་ལྡན་གྱི་ཡིད་ལས་སེམས་པ་ནི་ལས་ཡིན་ཀྱང་ལས་ཀྱི་ལམ་མ་ཡིན་ཏེ། རང་གི་ངོ་བོའི་སྒོ་ནས་ལས་ཁོ་ནར་འགྱུར་བའི་ཕྱིར་རོ། །འོན་ཀྱང་ཞིབ་ཏུ་དཔྱད་དགོས་པ་ཡོད་དོ། །གཉིས་པ་དགེ་བའི་ལས་ལམ་བཅུ་ནི་མི་དགེ་བ་བཅུ་ལས་ལྡོག་པའི་སྒོ་ནས་ཅི་ལྟར་རིགས་པར་ཤེས་པར་བྱའོ། །དྲུག་པ་ལ་གཉིས། ལས་ལམ་བཅུའི་ལྕི་ཡང་དང་། ལས་སྟོབས་ཆེ་བ་གཞན་བཤད་པའོ། །དང་པོ། ལུས་ཀྱི་ལས་གསུམ་དང་ངག་གི་བཞི་སྟེ་བདུན་ནི་སྔ་མ་སྔ་མ་ལྕི་ཞིང་། ཡིད་ཀྱི་གསུམ་ནི་ཕྱི་མ་ཕྱི་མ་ལྷག་པར་ལྕིའོ། །གཞན་ཡང་སའི་དངོས་གཞི་ལྟར་ན་ཀུན་སློང་དྲག་པོའི་དབང་གིས་ལྕི་བ་དང་། ལན་མང་པོ་དང་ཡུན་རིང་དུ་བྱས་ནས་ལྕི་བ་དང་། དཀོན་མཆོག་གསུམ་དང་བླ་མ་དང་ཕ་མ་ལྟ་བུ་ལ་ཕན་གནོད་བྱས་པས་ལྕི་བ་དང་། གཉེན་པོ་མེད་པས་ལྕི་བ་སོགས་ཡོད་ཅིང་། བཤེས་སྤྲིངས་ལས། རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙོ་དང་གཞི་ལས་བྱུང་བའི་ལས། དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་ལས་དགེ་བ་སྦྱོང་ལ་བརྩོན་པར་གྱིས། །ཞེས་གསུངས་ཏེ་འདྲའོ། །གཉིས་པ་ལ་ཞིང་གི་སྒོ་ནས་སྟོབས་ཆེ་བ་འཕགས་པ་དང་དེར་མ་ཟད། སོ་སྐྱེ་ཡིན་ཡང་བསོད་ནམས་གསོག་པའི་རྟེན་དུ་སྟོབས་ཆེ་བ་ནི། མཛོད་ལས། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའ་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པ་ཡིན། །ཞེས་གསུངས་པ་ལྟར་ཡིན་ལ། །སྤྱིར་དཀོན་མཆོག་དང་བླ་མའམ་བླ་མ་དང་འདྲ་བ་དང་ཕ་མ་སོགས་ལ་ཕན་གནོད་ཆུང་ངུ་ཞིག་བྱས་ཀྱང་ཕན་ཡོན་དང་ཁ་ན་མ་ཐོ་བའི་སྡིག་ཆེ་བར་བཤད། དགེ་འདུན་གྱི་ཞལ་དུ་འདུ་བའི་སྒོ་འཕྲོག་ན་ནི་དམྱལ་བ་ཆེན་པོར་ལྟུང་ལ། འདུ་སྒོ་མིན་ཡང་དགེ་འདུན་གྱི་ཡོད་བྱད་མ་བྱིན་པར་བླངས་ན་ནི་མནར་མེད་ཀྱི་འཁོར་དུ་སྐྱེ་བར་གསུངས་ཏེ། ད་ལྟ་ནི་འདི་འདྲ་བྱེད་མཁན་བྱུང་དོགས་པས་གཟབ་པར་འཚལ་ལོ། །རྟེན་གྱི་སྒོ་ནས་སྟོབས་ཆེ་བ་ནི། སྤྱིར་མཁས་པའི་སྡིག་པ་ཡང་ལ། བླུན་པོའི་སྡིག་པ་ལྕི་བར་གསུངས་ཏེ། དེ་ཡང་མཁས་པ་སྡིག་ལྟུང་ལ་འགྱོད་སེམས་ཀྱི་བཤག་སྡོམ་བྱེད་པས་ཡང་བར་འགྱུར་བ་དང་། བླུན་པོས་དེ་ལྟར་མི་བྱེད་པའི་སྟེང་དུ་སྡིག་པ་འགའ་ཞིག་ལ་རྗེས་སུ་ཡི་རང་བྱས་ནས་འཕེལ་བར་འགྱུར་བའི་དབང་དུ་མཛད་ཀྱི། ཤེས་བཞིན་དུ་དགེ་སྡིག་ཁྱད་དུ་གསོད་པའི་མཁས་རློམ་ལ་ནི་ལྕི་བ་ཡིན་ནོ། །རྟེན་ཁྱིམ་པ་དང་རབ་བྱུང་གཉིས་ལས་ཕྱི་མས་བྱས་པའི་དགེ་སྡིག་ནི་ལྷག་པར་སྟོབས་ཆེ་ཞིང་སྡོམ་ལྡན་དང་སྡོམ་ལྡན་མིན་པ་གཉིས་ལས་སྔ་མས་བྱས་པའི་ལས་སྟོབས་ཆེ་ལ། སྡོམ་ལྡན་ལའང་གཅིག་ལྡན་དང་གཉིས་ལྡན་ནམ་གསུམ་ལྡན་རྣམས་ལས་ཕྱི་མ་ཕྱི་མས་བྱས་པའི་ལས་སྟོབས་ལྷག་པར་ཆེའོ། །བྱང་སེམས་ཡིན་མིན་གཉིས་ལས་སྔ་མས་བྱས་པའི་དགེ་བའི་ལས་སྟོབས་ཆེ་བ་སོགས་ཤེས་པར་བྱའོ། །དངོས་པོའི་སྒོ་ནས་སེམས་ཅན་ལ་སྦྱིན་པ་གཏོང་བ་ལ་ཆོས་ཀྱི་སྦྱིན་པ་སྟོབས་ཆེ་ལ། སངས་རྒྱས་ལ་མཆོད་པ་ལ་ཟང་ཟིང་ལས་སྒྲུབ་པའི་མཆོད་པ་ཆེས་ཕུལ་དུ་བྱུང་ངོ་། །བསམ་པའི་སྒོ་ནས་ཐར་པ་དོན་གཉེར་གྱི་བསམ་པས་མཆོད་པ་སྟོབས་ཆེ་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐམས་ཅད་མཁྱེན་པ་དོན་གཉེར་གྱི་བསམ་པས་མ་ཆོད་པ་ནི་དེ་བས་ཀྱང་སྟོབས་ཆེ་བར་གསུངས་སོ། །ལས་ཉོན་སྟོབས་ཆེ་བ་མང་ཡང་བྱང་སེམས་ལ་ཁྲོས་པའི་ཁོང་ཁྲོ་དང་། མཚམས་མེད་དང་། ཆོས་སྤོང་གི་ལས་དང་། ལོག་ལྟ་འགའ་ཞིག་ནི་ལྷག་པར་སྟོབས་ཆེ་སྟེ། དེའི་ཚུལ་གཞན་དུ་ཤེས་པར་བྱའོ། །མདོར་ན་ལས་སྟོབས་ཆེ་ཆུང་དུ་འགྱུར་བའི་ཚུལ་ཡོད་དེ། །མཛོད་ལས། འཇུག་དང་ཞིང་དང་གཞི་དང་ནི། སྦྱོར་དང་སེམས་པ་བསམ་པ་སྟེ། །དེ་དག་ཆུང་དང་ཆེ་བ་ལས། །ལས་ཀྱང་ཆུང་དང་ཆེ་བ་ཉིད། །ཅེས་འབྱུང་བ་ལྟར་ལས་དེ་བྱས་པའི་མཇུག་ཏུ་རྗེས་སུ་ཡི་རང་བྱེད་པ་དང་། ཕ་མ་དང་སློབ་དཔོན་སོགས་ཕན་འདོགས་པའི་ཞིང་དང་བླ་མ་དང་དཀོན་མཆོག་གསུམ་སོགས་ཡོན་ཏན་གྱི་ཞིང་དང་། ལས་ལམ་བྱེད་པའི་གཞི་དང་། ལས་ལམ་དེའི་སྦྱོར་བ་དང་། རྫོགས་པར་བྱེད་པའི་སེམས་པ་དང་། ཀུན་སློང་བསམ་པའི་ཁྱད་པར་དྲུག་པོ་ཆུང་བ་ལས་ནི་ལས་སྟོབས་ཆུང་ལ། དེ་རྣམས་ཆེ་བ་ལས་ནི་ལས་ཀྱང་སྟོབས་ཆེ་བའམ་ལྕི་བར་འགྱུར་བའི་ཕྱིར་རོ། །བདུན་པ་ལས་གཉིས་ཀྱི་འབྲས་བུ་ལ་དགེ་བའི་འབྲས་བུར་རྣམ་སྨིན། རྒྱུ་མཐུན། བདག་པོ་འམ་དབང་གི་འབྲས་བུ་གསུམ། དང་པོ་ནི། མི་དགེ་བཅུ་ཆེན་པོ་རེ་རེས་དམྱལ་བ། འབྲིང་གིས་ཡི་དྭགས། ཆུང་ངུས་དུད་འགྲོར་སྐྱེའོ། །མཛོད་ལས་མི་དགེ་བཅུ་པོ་ཐམས་ཅད་ལ་སྦྱོར་དངོས་མཇུག་གསུམ་སོ་སོར་བྱས་ནས་སྦྱོར་བས་རྣམ་སྨིན་དང་། དངོས་གཞིས་རྒྱུ་མཐུན་དང་། མཇུག་གིས་བདག་འབྲས་འབྱིན་པ་ཞིག་ཀྱང་གསུངས་ཏེ། དེ་ཉིད་ལས། ཐམས་ཅད་བདག་པོ་རྒྱུ་མཐུན་དང་། །རྣམ་སྨིན་འབྲས་བུ་འབྱིན་པར་འདོད། །ཞེས་པའི་ཐད་ཀྱི་འགྲེལ་པ་རྣམས་ལས་དེ་ལྟར་སོ་སོར་ཕྱེ་ནས་བཤད་པའི་ཕྱིར། འདི་ནི་སྲོག་གཅོད་པའི་ཚེ་སྦྱོར་བའི་དུས་སུ་གཞན་སྡུག་བསྔལ་བར་བྱེད་ཅིང་། དངོས་གཞིའི་དུས་སུ་དེ་མི་འབྱུང་བ་ལ་དགོངས་སོ། །རྣམ་སྨིན་གྱི་འབྲས་བུ་ལ་ཕྱི་མའི་འཕངས་འབྲས་ཀྱིས་མ་ཁྱབ་སྟེ། མཐོང་ཆོས་ལ་རྣམ་སྨིན་མྱོང་བ་སྲིད་པའི་ཕྱིར་རོ། །རྒྱུ་མཐུན་གྱི་འབྲས་བུ་ནི། མིར་སྐྱེས་ཀྱང་སྲོག་གཅོད་སོགས་རིམ་པ་བཞིན་ཚེ་ཐུང་བ་དང་ལོངས་སྤྱོད་ཆུང་བ་དང་ཆུང་མ་མ་བསྲུངས་པར་འགྱུར་བ་དང་སྐུར་བ་མང་བ་དང་མཛའ་བོ་དང་དབྱེ་བ་དང་སྒྲ་ཡིད་དུ་མི་འོང་བ་ཐོས་པ་དང་ཚིག་མི་ཉན་པ་དང་དུག་གསུམ་ཆེ་བའོ། །བདག་འབྲས་ནི། སྲོག་བཅད་པ་ལས་སྣོད་ཀྱི་འཇིག་རྟེན་གྱི་བཟའ་བཏུང་དང་སྨན་དང་འབྲས་བུ་སོགས་མཐུ་ཆུང་བར་འགྱུར་བ་དང་། མ་བྱིན་པ་བླངས་པས་འབྲས་བུ་ཉུང་བ་དང་ཐན་པ་དང་ཆར་དང་སེར་བས་འབྲས་བུ་མ་རུང་བར་བྱད་པ་དང་། ལོག་གཡེམ་གྱིས་འདམ་རྫབ་དང་ལྗན་ལྗིན་སོགས་དང་བཅས་པ་དང་། བརྫུན་དུ་སྨྲ་བས་ལས་ཀྱི་མཐའ་མི་རྒྱས་པ་དང་མི་མཐུན་པ་དང་བསླུ་བ་དང་འཇིགས་པ་དང་བཅས་པ་དང་། ཕྲ་མས་ས་ཕྱོགས་འབར་འབུར་དང་བགྲོད་དཀའ་བ་སོགས་དང་བཅས་པ་དང་། ཚིག་རྩུབ་ཀྱིས་ས་ཕྱོགས་སྡོང་དུམ་དང་ཚེར་མ་དང་རྡོ་མང་བ་དང་ཆུ་དཀོན་པ་སོགས་དང་བཅས་པ་དང་། ངག་ཀྱལ་གྱིས་ལྗོན་ཤིང་སོགས་ལ་འབྲས་བུ་མི་འཆགས་པ་སོགས་དང་བཅས་པ་དང་། བརྣབ་སེམས་ཀྱིས་ཕུན་སུམ་ཚོགས་པ་རྣམས་རིམ་གྱིས་འགྲིབ་པར་འགྱུར་བ་དང་། གནོད་སེམས་ཀྱིས་ནད་ཡམས་དང་འཁྲུགས་པ་མང་བ་དང་སྟག་དང་སེང་གེ་སོགས་ཀྱིས་འཚེ་བར་བྱེད་པ་དང་། ལོག་ལྟས་ནི་སྣོད་ཀྱི་འབྱུང་ཁུང་མཆོག་དང་གཙོ་བོ་རྣམས་ནུབ་པར་འགྱུར་བའོ། །དེ་དག་ནི་ལས་སོ་སོའི་འབྲས་བུའི་དབང་དུ་བྱས་པ་སྟེ། མཁས་པ་ཁ་ཅིག །སྤྱིར་རྣམ་སྨིན་གྱི་འབྲས་བུ་ཡིན་ན། རང་དང་སྐྱེས་བུ་བྱེད་འབྲས་དང་བདག་འབྲས་དང་རྒྱུ་མཐུན་གྱི་འབྲས་བུ་བཞི་ཀ་ཡིན་པས་ཁྱབ་པ་དང་། འདུས་བྱས་ཡིན་ན་བྱེད་འབྲས་དང་བདག་འབྲས་གཉིས་ཀ་ཡིན་དགོས་ཞེས་འདོད་པས་དེ་ཡང་ཤེས་དགོས་སོ། །གཉིས་པ་ལ་གསུམ་ལས། དགེ་བའི་རྣམ་སྨིན་ནི་དགེ་བ་ཆུང་འབྲིང་ཆེན་པོ་གསུམ་གྱིས་མི་དང་འདོད་པའི་ལྷ་དང་ཁམས་གོང་མའི་ལྷར་སྐྱེ་ལ། རྒྱུ་མཐུན་དང་བདག་འབྲས་ནི་མི་དགེ་བའི་འབྲས་བུ་ལས་ལྡོག་སྟེ་སྦྱར་བའོ། །མདོར་ན་མ་དག་པའི་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་རྣམས་ནི་ལས་ཀྱི་རྒྱུ་ལས་བྱུང་བ་ཡིན་ཏེ། དཔལ་ལྡན་ཟླ་བས་དབུ་མ་འཇུག་པར། འགྲོ་བ་མ་ལུས་ལས་ལས་སྐྱེས་བར་གསུངས། །ཞེས་དང་། མཛོད་ལས་ཀྱང་། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ཞེས་གསུངས་པའི་ཕྱིར། དཀར་པོའི་ལས་དེ་རྣམས་རང་ཉིད་གཅིག་པུ་ཞི་བདེ་དོན་གཉེར་གྱི་བསམ་པ་ཙམ་གྱིས་ཟིན་ན་ནི་དམན་པའི་བྱང་ཆུབ་འགྲུབ་པའི་རྒྱུར་འགྱུར་ལ། བྱང་ཆུབ་ཀྱི་སེམས་དང་རྫོགས་བྱང་དུ་བསྔོ་བའི་བསྔོ་བས་ཟིན་ན་ནི་སངས་རྒྱས་ཐོབ་པའི་རྒྱུར་འགྱུར་བ་ཡིན་ནོ། །བརྒྱད་པ་ལ་གཉིས། འཕེན་རྫོགས་ཀྱི་ཁྱད་པར་དང་། དུས་མྱུར་བུལ་དང་ལས་གང་གི་འབྲས་བུ་སྔོན་ལ་འབྱིན་ཚུལ་ལོ། །དང་པོ་ནི། རིན་ཆེན་འཕྲེང་བ་ལས། མི་དགེ་བ་ལས་སྡུག་བསྔལ་ཀུན། དེ་བཞིན་ངན་འགྲོ་ཐམས་ཅད་དང་། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། སྐྱེ་བ་ཀུན་ཏུ་བདེ་བ་དག །ཅེས་གསུངས་པ་ལྟར་དགེ་བའི་ལས་ཀྱིས་ནི་བདེ་འགྲོར་འཕེན་གྱི། ངན་འགྲོར་འཕེན་མི་སྲིད་ལ། མི་དགེ་བའི་ལས་ཀྱིས་ནི་ངན་འགྲོར་འཕེན་གྱི། བདེ་འགྲོར་འཕེན་མི་སྲིད་དེ། ལས་དཀར་ནག་གཉིས་ཀྱི་རྣམ་སྨིན་འཆོལ་ནས་འབྱིན་པ་མི་སྲིད་པའི་ཕྱིར། དཔེར་ན། གྲོ་ནས་སོགས་ཀྱི་ས་བོན་སྣ་ཚོགས་ལས་འབྲས་བུ་ནོར་ནས་མི་འབྱུང་བ་བཞིན་ནོ། །རྫོགས་བྱེད་ལ་ནི་ངེས་པ་མེད་དེ། འཕེན་བྱེད་དགེ་བས་འཕངས་ཤིང་རྫོགས་བྱེད་ཀྱང་དགེ་བས་རྫོགས་པ་དང་། འཕེན་བྱེད་མི་དགེ་བས་འཕངས་ཤིང་རྫོགས་བྱེད་མི་དགེ་བས་རྫོགས་པ་དང་། དགེ་བས་འཕངས་ཀྱང་མི་དགེ་བས་རྫོགས་པ་དང་། མི་དགེ་བས་འཕངས་ཀྱང་དགེ་བས་རྫོགས་པ་དང་། དགེ་བས་འཕངས་ཀྱང་འདྲེས་མས་རྫོགས་པ་དང་། མི་དགེ་བས་འཕངས་ཀྱང་འདྲེས་མས་རྫོགས་པ་དང་དྲུག་ཡོད་པའི་ཕྱིར་ཏེ། བདེ་འགྲོའི་རྟེན་ལ་བདེ་བ་ཤས་ཆེར་ཡུན་རིང་མྱོང་བ་དང་པོ་དང་། ངན་འགྲོའི་རྟེན་ལ་སྡུག་བསྔལ་ཆེར་མྱོང་བ་གཉིས་པ་དང་། བདེ་བའི་རྟེན་ལ་སྡུག་བསྔལ་ཆེར་མྱོང་བ་གསུམ་པ་དང་། ངན་འགྲོའི་རྟེན་ལ་བདེ་བ་ཆེར་མྱོང་བ་བཞི་པ་དང་། བདེ་འགྲོའི་རྟེན་ལ་བདེ་སྡུག་འདྲེས་མར་མྱོང་བ་ལྔ་པ་དང་། ངན་འགྲོའི་རྟེན་ལ་བདེ་སྡུག་འདྲེས་མར་མྱོང་བ་དྲུག་པ་ཡིན་པའི་ཕྱིར། གཞན་ཡང་དགེ་བས་བདེ་འགྲོར་སྐྱེས་ཀྱང་ཡན་ལག་དང་ཉིད་ལག་དང་དབང་པོ་མ་ཚང་བ་དང་མདོག་མི་སྡུག་པ་དང་ཚེ་ཐུང་བ་དང་ནད་མང་བ་དང་དབུལ་བ་སོགས་ནི་མི་དགེ་བས་བྱེད་ལ། མི་དགེ་བས་ལྷ་མིན་དང་དུད་འགྲོ་དང་ཡི་དྭགས་སུ་སྐྱེས་ཀྱང་ལོངས་སྤྱོད་ལྷའི་དཔལ་འབྱོར་ལྟ་བུར་གྱུར་པ་ནི་དགེ་བས་བྱས་པ་སྟེ། དེས་མཚོན་ནས་གཞན་ཡང་ཤེས་དགོས་སོ། །བྱེ་བྲག་སྨྲ་བས་འཕེན་བྱེད་ཀྱི་ལས་གཅིག་གིས་སྐྱེ་བ་གཅིག་ཁོ་ན་འཕེན་ཅིང་། རྫོགས་བྱེད་ལ་དུ་མ་འབྱུང་བ་དང་། ལས་དུ་མས་ཀྱང་སྐྱེ་བ་གཅིག་ཁོ་ན་མི་འཕེན་པར་འདོད་མོད། ཀུན་བཏུས་ལས་ནི། ལས་གཅིག་གིས་ལུས་གཅིག་འཕེན་པའི་ལས་ཀྱང་ཡོད། ལས་གཅིག་གིས་ལུས་དུ་མ་འཕེན་པའི་ལས་ཀྱང་ཡོད། ལས་དུ་མས་ལུས་གཅིག་འཕེན་པའི་ལས་ཀྱང་ཡོད། ལས་དུ་མས་ལུས་དུ་མ་འཕེན་པའི་ལས་ཀྱང་ཡོད་དོ་ཞེས་གསུངས་པ་ལྟར་འདིར་ཡང་འདོད་དེ། ལས་སྟོབས་ཆེན་གཅིག་གིས་ལུས་མང་པོ་དང་། ལས་སྟོབས་ཆུང་དུ་མས་ལུས་གཅིག་འཕེན་པར་འདོད་རིགས་པའི་ཕྱིར་ཏེ། དགྲ་ནག་གི་འགྲེལ་བ་ལས། ཚིགས་བཅད་གཅིག་ཙམ་ཉན་པ་ལ། །གང་གིས་བླ་མར་མི་འཛིན་པ། ཁྱི་ཡི་སྐྱེ་གནས་བརྒྱར་སྐྱེས་ནས། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟ་བུས་འགྲུབ་པའི་ཕྱིར། འོན་ཀྱང་ཞི་བ་ཆ་འབྱེད་དགོས་པ་ཡོད་དོ། །གཉིས་པ་ལ་ལས་སྟོབས་ཆེན་འགའི་རྣམ་སྨིན་ནི་ཚེ་འདིའམ་ཕྱི་མ་ལྟ་བུར་སྨིན་པར་འགྱུར་ཡང་། ལས་འགའ་ཞིག་དང་རྣམ་སྨིན་གྱི་འབྲས་བུའི་བར་དུ་བསྐལ་པ་ལ་སོགས་པས་ཀྱང་ཆོད་པ་ཡོད་དེ། མདོ་ལས། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་པ་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་སྨིན་པར་འགྱུར། །ཞེས་གསུངས་པའི་ཕྱིར། །དགེ་མི་དགེའི་ལས་ཆེ་ཆུང་མང་པོ་བསགས་པ་རྣམས་ཀྱི་རྣམ་སྨིན་འབྱིན་ཚུལ་ཡོད་དེ། སྤྱིར་ལས་ལྕི་བ་གང་ཡིན་པ་དེ་ཐོག་མར་སྨིན་ལ། ལྕི་ཡང་མཉམ་ན་འཆི་ཁར་གང་མངོན་དུ་གྱུར་པ་དེ་ཐོག་མར་སྨིན། དེ་ཡང་འདྲ་ན་གང་གོམས་ཆེ་བ་དེ་སྔོན་ལ་སྨིན། དེ་ཡང་འདྲ་ན་གང་ཐོག་མར་བྱས་པ་དེ་སྔོན་ལ་སྨིན་པར་འགྱུར་བའི་ཕྱིར་ཏེ། མཛོད་འགྲེལ་ལས། ལས་ཀྱིས་འཁོར་བར་ལྕི་གང་དང་། ཉ་བ་གང་དང་གོམས་པ་གང་། །སྔོན་བྱས་གང་ཡིན་དེ་ལས་ནི། །སྔ་མ་སྔ་མ་རྣམ་སྨིན་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དགུ་པ་ལ། འདི་སྙམ་དུ་ལས་བྱེད་པའི་དུས་ཀྱི་རྟེན་དེ་ཞིག་ནས་ཡུན་རིང་དུ་སོང་བའི་ཚེ་སྔར་བྱས་པའི་ལས་དེ་ཡང་ཞིག་དགོས་པས་ཕྱིས་དེའི་འབྲས་བུ་ཇི་ལྟར་སྨིན་པར་འགྱུར་ཞེ་ན། དེའི་ལན་ནི་རྒྱས་པར་དབུ་མའི་གཞུང་ཆེ་བ་ནས་བཤད་པ་ལྟར་ལས་ལ་རྟག་ཆད་སྤོང་བའི་སྤོང་ཚུལ་ཞིག་བདག་གིས་ལོགས་སུ་བྲིས་ཡོང་བས་འདིར་མི་འཆད་ལ། མཚོན་ཙམ་ནི་ལས་དེ་དང་དེ་བྱས་ནས་འགགས་ཀྱང་དེའི་བག་ཆགས་སེམས་རྒྱུད་ཀྱི་སྟེང་དུ་བཞག་པའི་རྟེན་འབྲེལ་གྱི་རྒྱུན་རང་རྒྱུད་ལ་ཡོད་པ་དེ་རྐྱེན་གྱིས་གསོས་འདེབས་པ་དང་འཕྲད་ན་ལས་དེ་དང་དེའི་འབྲས་བུ་འབྱིན་པ་ཡིན་ལ། དེ་ཡང་རྨི་ལམ་གྱི་དཔེ་ལྟར་འགགས་ནས་རིང་དུ་སོང་ཡང་རང་བཞིན་མེད་པའི་ལས་ཀྱིས་རང་བཞིན་གྱིས་མེད་པའི་འབྲས་བུ་བསྐྱེད་པ་ནི་འཐད་པ་ཡིན་ཏེ། ཟླ་བས་ཡབ་སྲས་མཇལ་བའི་མདོའི་དོན་བསྡུས་ནས་དབུ་མ་འཇུག་པ་ལས། རྨི་ལམ་དམིགས་པའི་ཡུལ་དག་མཐོང་ནས་ནི། །སད་ཀྱང་བླུན་ལ་ཆགས་པ་སྐྱེ་འགྱུར་ལྟར། །དེ་བཞིན་འགགས་ཤིང་རང་བཞིན་ཡོད་མིན་པའི། །ལས་ལས་ཀྱང་ནི་འབྲས་བུ་ཡོད་པ་ཡིན། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། དེས་ན་དགེ་བའི་ལས་བྱས་པ་རྣམས་ལ་རྗེས་སུ་ཡི་རང་ཞིང་དགའ་བ་དང་། རྫོགས་བྱང་དུ་བསྔོས་ན་འཕེལ་བ་དང་མི་འཛད་པ་སོགས་ཡིན་པས་དེ་ལྟར་བྱས་དགོས་ལ། མི་དགེ་བའི་ལས་ལ་ནི་སྟོབས་བཞིའི་བཤགས་བསྡམ་ཅི་ནུས་བྱ་དགོས་ཏེ། བཤགས་བསྔམ་ཤུགས་དྲག་བྱས་ན་མྱོང་ངེས་ཀྱི་ལས་ཀྱང་འདག་པར་གསུངས་པའི་ཕྱིར། ངན་སོང་དུ་སྐྱེས་ནས་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་བའི་མྱོང་ངེས་ཀྱི་ལས་ཤིན་ཏུ་སྟོབས་ཆེན་འགའ་ཞིག་ནི། ཤེར་ཕྱིན་ལ་བསླབ་པའི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཙམ་གྱིས་སྦྱངས་ནས་ལས་ཀྱི་ལྷག་མ་འགའ་ཞིག་གི་རྣམ་སྨིན་ཕྲན་བུ་ཚེ་འདི་ཐོག་ཏུ་མྱོང་སྟེ་རྩ་བ་ནས་ཟད་པར་འགྱུར་བའང་ཡོད་དེ། ཤེར་ཕྱིན་སུམ་བརྒྱ་པ་ལས། ཡང་རབ་འབྱོར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་འདི་ལྟ་བུའི་མདོ་སྡེའི་ཚིག་འདི་དག་ལེན་པ་དང་འཛིན་པ་དང་འཆང་བ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དེ་དག་ནི་མནར་བར་འགྱུར། ཤིན་ཏུའང་མནར་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཅན་དེ་དག་ནི་ཚེ་རབས་སྔ་མའི་མི་དགེ་བའི་ལས་ངན་སོང་དུ་སྐྱེ་བར་འགྱུར་བ་གང་དག་བྱས་པ་དེ་དག་ཚེ་འདི་ཉིད་ལ་མནར་བས། ཚེ་རབས་སྔ་མའི་མི་དགེ་བའི་ལས་དེ་དག་བྱང་བར་འགྱུར་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ཀྱང་ཐོབ་པར་འགྱུར་རོ། །ཞེས་དང་། རྟོག་གེ་འབར་བ་ལས་ཀྱང་། དམྱལ་བར་སྐྱེ་བའི་ལས་རྣམས་དེས་ནི་ཚེ་འདིར་མགོ་བོ་ཚ་བ་ཙམ་དུ་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འོ་ན། མདོ་ལས། ལས་རྣམས་བསྐལ་བ་བརྒྱར་ཡང་ནི། ཆུད་མི་ཟ་ཞེས་པ་དང་། སྔོན་གྱི་རྣམ་པར་སྨིན་པ་ནི་གང་ལ་ཡང་མ་གཏོགས་སོ་ཞེས་གསུངས་པ་ཇི་ལྟར་ཡིན་ཞེ་ན། སྐྱོན་མེད་དེ། དང་པོ་ནི་གཉེན་པོ་མེད་ན་ངེས་ཞེས་པའི་དོན་ཡིན་ལ། ཕྱི་མ་ནི་རྣམ་སྨིན་གྲུབ་ཟིན་པ་ལོང་བ་དང་འོན་པ་དང་ལྐུགས་པ་སོགས་གསོ་དཀའ་བ་ལ་དགོངས་པ་ཡིན་པའི་ཕྱིར་རོ། །ལས་དཀར་ནག་གཉིས་ལ་འཇུག་ལྡོག་བྱེད་པ་ཤིན་ཏུ་གལ་ཆེ་སྟེ། ལས་ཀྱི་དབང་གིས་སོ་སྐྱེ་ལྟ་ཅི་ཐེག་དམན་འཕགས་པ་ཡང་འཁོར་བར་སྐྱེ་བ་ཡོད་ལ། བྱང་སེམས་སོ་སྐྱེ་སྦྱོར་ལམ་བཟོད་པ་མ་ཐོབ་པ་ངན་སོང་དུ་སྐྱེ་བའང་སྲིད་ཅིང་། ལས་ཀྱིས་མི་ཚུགས་པའི་ས་ཕྱོགས་ཀྱང་མེད་པའི་ཕྱིར་ཏེ། སྐྱེས་རབས་ལས། ལས་ཀྱི་རྣམ་པར་སྨིན་པ་བསམ་མི་ཁྱབ། བརྩེ་བའི་བདག་ཉིད་ཆེ་ཡང་དུད་འགྲོར་སྐྱེས། །ཞེས་དང་། ཚོམས་ལས། གང་དུ་གནས་ཀྱང་ལས་ཀྱིས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད། །རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ཀྱང་མིན། །ཞེས་གསུངས་པའི་ཕྱིར། མདོར་ན་ལས་འབྲས་སོགས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་རྟེན་འབྲེལ་གྱི་དོན་དུ་གོ་ན་ནི་ལྷག་པར་གནད་ཆེ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། སྒྱུ་མ་ཆུ་བུར་སྨིག་རྒྱུ་གློག་འདྲ་ཞིང་། །ཆོས་རྣམས་ཐམས་ཅད་ཆུ་ཡི་ཟླ་བ་བཞིན། །ཤི་ན ས་འཇིག་རྟེན་ཕ་རོལ་འགྲོ་བ་ཡི། །སེམས་ཅན་ཤེད་ལས་སྐྱེས་པ་མི་དམིགས་ཀྱང་། ལས་རྣམས་བྱས་པ་མེད་པར་མི་འགྱུར་ཏེ། །དཀར་ནག་ཇི་བཞིན་འབྲས་བུ་སྨིན་པར་བྱེད། །རིགས་པའི་ཚུལ་གྱི་སྒོ་འདི་བཟང་པོ་སྟེ། །ཕྲ་ཞིང་མཐོང་དཀའ་རྒྱལ་བའི་སྤྱོད་ཡུལ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །སྨྲས་པ། རྒྱལ་བའི་གསུང་རབ་མང་དང་ཁྱད་པར་དུ། །མངོན་པའི་མདོ་བསྟན་གཞུང་ལུགས་རྒྱ་མཚོ་ནས། །འབྱུང་བའི་ལས་ཀྱི་རྣམ་གཞག་ཆ་ཙམ་ཞིག །བློ་གྲོས་སོར་རྩེས་ཉེར་བླངས་བཀོད་པའི་དགེས། །བདག་གཞན་ཀུན་གྱིས་ཚེ་རབས་ཐོག་མེད་ནས། །ད་ལྟའི་བར་བསགས་ལས་ཀྱི་སྒྲིབ་པའི་ཚོགས། །རབ་བྱང་མངོན་མཐོ་ལྷ་མིའི་རྟེན་བརྒྱུད་དེ། །མཐར་ཐུག་བླ་མེད་རྫོགས་བྱང་ཐོབ་གྱུར་ཅིག །ཅེས་པ་འདི་ཡང་ཤཱཀྱའི་དགེ་སློང་གྲགས་པ་བཤད་སྒྲུབ་ཀྱིས་ཅོ་ནེའི་གཟིམས་ཁང་ཉིད་ནས་སྦྱར་བའི་ཡི་གེ་པ་ནི་དད་དང་རྣམ་དཔྱོད་ལྡན་པའི་གནས་བརྟན་གྲགས་པ་འོད་ཟེར་རོ།། །