cover

མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

པོད་བཞི་པ། ང༽

མཁས་གྲུབ་ཀརྨ་ཆགས་མེད།

Nitartha international
Images scanned by TBRC

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རྡོ་རྗེ་འཆང་གི་རྣམ་ཐར།


CMR004_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

གངས་ཅན་གྱི་ལྗོངས་སུ་སྙིང་པོ་དོན་གྱི་བསྟན་པ་ཁོ་ན་འཛིན་པ་ནི་བཀའ་བརྒྱུད་པ་ཞེས་གྲགས་པ་ལས་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་གྲུབ་ཐོབ་གསེར་རིའི་ཕྲེང་བའི་རྣམ་ཐར་བསྡུས་དོན་དང་སྔ་འགྱུར་བཀའ་གཏེར་ཤིང་རྟ་རྣམས་ཀྱི་ལོ་རྒྱུས་བཅས་བཞུགས་སོ། །


CMR004_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་དྷཱ་ར་ཡེ། གསང་སྔགས་ཆོས་རྣམས་ཀུན་གྱི་བྱུང་ཁུངས་ནི། །རིགས་དྲུག་ཁྱབ་བདག་དཔལ་ལྡན་རྡོ་རྗེ་འཆང་། །དེ་ཡི་གནས་ནི་ཐར་པའི་གྲོང་ཁྱེར་མཆོག །ཆོས་དབྱིངས་ཆོས་ཀྱི་འབྱུང་གནས་ཉམས་དགའ་བ། །དེ་ཡི་ཡབ་ནི་ཀཱ་ལི་ཐབས་ཀྱི་མཆོག །ཡུམ་ནི་ཨཱ་ལི་ཤེས་རབ་སྟོང་པ་ཉིད། །འདི་ནི་ཐོག་མའི་མགོན་པོ་ལྷན་སྐྱེས་མཆོག །འདི་ཡི་སྤྱོད་པ་བསམ་གྱིས་མི་ཁྱབ་སྟེ། །མཆོག་ཏུ་ཞི་བ་སྟོང་ཉིད་གཞོམ་མེད་ངང་། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ། །སེམས་ཅན་གྲངས་མཉམ་སྤྲུལ་པའི་འགྲོ་དོན་མཛད། །དུས་ནི་དུས་གསུམ་དུས་


CMR004_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀུན་ཏུ་འབྱུང་། །མཚན་དང་དཔེ་བྱད་ཡོན་ཏན་ཀུན་དང་ལྡན། །འོན་ཀྱང་རྟོག་དང་མ་རྟོགས་ཁྱད་པར་ལས། །དག་དང་མ་དག་ཀུན་རྫོབ་ཚུལ་དུ་སྣང་། །དོན་ལ་དག་དང་མ་དག་གཞི་མ་གྲུབ། །རབ་རིབ་ཅན་ལ་སྐྲ་ཤད་སྦྲང་བུ་སོགས། །སྣང་ཡང་དེ་དག་དོན་ལ་གྲུབ་པ་མེད། །དེ་བཞིན་དག་དང་མ་དག་རྟོགས་པ་ཀུན། །ཐམས་ཅད་གདོད་ནས་རྣམ་དག་ཆེན་པོའོ། །དེ་ཕྱིར་འཁོར་འདས་ཆོས་རྣམས་མ་ལུས་པ། །བཅོམ་ལྡན་འདས་ཡིན་བདེ་བ་ཆེན་པོ་ཡིན། །ལྷན་ཅིག་སྐྱེས་པ་རྡོ་རྗེ་འཆང་ཆེན་ནོ། །ཁོ་ན་ཉིད་དང་ཐིག་ལེ་ཆེན་པོའོ། །རྡོ་རྗེ་འཆང་དེ་ལོངས་


CMR004_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་སྣང་བ་ལ། །བདེ་དགྱེས་གསང་གསུམ་སྒྱུ་འཕྲུལ་ཆེ་སོགས་བསྟན། །དེའི་གསུངས་བསྟན་པ་རྒྱས་པར་བྱ་བའི་ཕྱིར། །ཏེ་ལོ་ནཱ་རོ་མར་མི་དྭགས་པོ་དང་། །དུས་མཁྱེན་ལ་སོགས་བཀའ་བརྒྱུད་བླ་མ་རྣམས། །གཅིག་ཆར་སྣ་ཚོགས་བསྟན་མེད་ངོ་བོ་གཅིག །དེ་ལྟར་མ་རྟོགས་འགྲོ་བ་ཕལ་ཆེར་གྱིས། །བཀའ་བརྒྱུད་རིམ་པར་བྱོན་རྣམས་སྔ་མ་རྣམས། །མཆོག་ཡིན་ཕྱི་མ་རིམ་པར་དམན་ཞེས་སྨྲ། །རྒྱུད་སྡེ་ཐ་དད་སྐུ་ཡང་ཐ་དད་པ། །དུ་མར་སྣང་ཡང་དབྱེར་མེད་ངོ་བོ་གཅིག །ངོ་བོ་གཅིག་ཀྱང་དུ་མ་སོ་སོར་སྣང་། །དེ་ཕྱིར་བླ་མ་བཅོམ་ལྡན་རྡོ་རྗེ་འཆང་། །ལྷན་སྐྱེས་བདེ་ཆེན་ཐིག་ལེ་ཉག་གཅིག་ལས། །ཆོས་ལོངས་སྤྲུལ་སྐུའི་བཅོམ་ལྡན་འདས་སུ་སྣང་། །དེ་དག་ཐིག་ལེ་ཆེན་པོར་རོ་གཅིག་གོ །དེ་ཡང་ལོངས་སྐུའི་རྒྱུད་སྡེ་གསུངས་པ་རྣམས། །སླར་ཡང་སྤྲུལ་སྐུར་བསྟན་ཏེ་གསུངས་པའོ། །བཅོམ་ལྡན་ཐིག་ལེ་ཆེན་པོ་དེ་ཉིད་ནི། །ལོངས་སྐུ་རྡོ་རྗེ་འཆང་ཆེན་ཞལ་ཕྱག་གི །དབྱེ་བ་སྣ་ཚོགས་དག་ཏུ་སྣང་བ་ལ། །བརྡ་རུ་བརྟག་པའི་རྡོ་རྗེ་འཆང་ཞེས་བྱ། །འདི་ནི་བདེ་ཆེན་རང་གཟུགས་ཆུ་ཟླར་མཚུངས། །དམན་པ་རྣམས་ཀྱིས་དེ་ཉིད་མ་མཐོང་སྟེ། །མཛད་པ་བཅུ་གཉིས་


CMR004_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་མཐོང་བ་ནི། །དེ་ནས་བརྡ་ཡི་སྤྲུལ་སྐུ་ཞེས་བྱའོ། །དོན་དམ་གཞོལ་མེད་ལྷན་སྐྱེས་ཡེ་ཤེས་ཏེ། །ལུས་སེམས་གདོད་ནས་སངས་རྒྱས་ངོ་བོ་ལ། །གཞི་ཡི་རྡོ་རྗེ་འཆང་ཞེས་རབ་ཏུ་གྲགས། །ཟུང་འཇུག་མན་ངག་ཟབ་མོ་སྤྱོད་པ་ལ། །ལམ་གྱི་རྡོ་རྗེ་འཆང་ཞེས་མིང་དུ་བཏགས། །ལྷན་སྐྱེས་ཡེ་ཤེས་མངོན་དུ་གྱུར་པ་ལ། །འབྲས་བུ་རྡོ་རྗེ་འཆང་ཞེས་ཡོངས་སུ་གྲགས། །ཟབ་མོའི་གནད་ཟབ་ཐབས་ལ་བརྩོན་པ་ཡིས། །སྐད་ཅིག་གཅིག་གམ་ཡང་ན་ཟླ་བ་དྲུག །ལོ་གསུམ་ཕྱོགས་གསུམ་མམ་ནི་ཚེ་གཅིག་ལ། །འབྲས་བུ་མངོན་དུ་བྱེད་ཕྱིར་བླ་མེད་ལམ། །ཆོས་རྣམས་ཐམས་ཅད་རྡོ་རྗེ་འཆང་ཡིན་མོད། །འོན་ཀྱང་འབྲས་བུས་རྡོར་འཆང་མཆོག་ཏུ་འཛིན། །ཡོད་མེད་ལེགས་ཉེས་བླང་དོར་མཆོག་དམན་སོགས། །ཐམས་ཅད་རང་གྲོལ་གདོད་ནས་རྣམ་དག་པ། །བསམ་མི་ཁྱབ་པ་རྒྱལ་བའི་དཀྱིལ་འཁོར་རོ། །རབ་འབྱམས་བླ་མེད་རྒྱུད་སྡེའི་དགོངས་པའི་དོན། །རྟོག་གེ་ཕལ་པའི་སྤྱོད་ཡུལ་ལས་འདས་པ། །ཤིན་ཏུ་གསང་ཆེན་རྡོ་རྗེ་འཆང་གིས་གསང་། །བདག་འདྲ་བྱིས་པས་བྲི་བར་མི་འོས་ཀྱང་། །རྣལ་འབྱོར་དབང་ཕྱུག་མཁའ་སྤྱོད་དབང་གིས་གསུངས། །


CMR004_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་པའི་མཐུ་ལས་གོ་བ་ཅུང་ཟད་སྐྱེས། །དེ་ཕྱིར་ཚིག་ཉུང་དོན་འདུས་གོ་བདེ་བར། །དད་པའི་རྟེན་དུ་ཐུན་མཚམས་གཅིག་ཏུ་བྲིས། །འདི་བྲིས་ཉེས་འགལ་མ་རྟོགས་འཁྲུལ་པའི་ཚོགས་། །གསང་བའི་བདག་པོ་རྣམས་ལ་རབ་ཏུ་བཤགས། །འདི་བྲིས་དགེ་བས་མ་རྒན་སེམས་ཅན་རྣམས། །གཞི་ཡི་རྡོ་རྗེ་འཆང་ཆེན་རབ་རྟོགས་ནས། །ལམ་གྱི་རྡོ་རྗེ་འཆང་ཆེན་མྱུར་བགྲོད་དེ། །འབྲས་བུའི་རྡོ་རྗེ་འཆང་ཆེན་མངོན་གྱུར་ཤོག །ཅེས་པ་ཀརྨ་ཨ་རཱ་གས་སྦྱར་བའོ། །མངྒ་ལཾ། །

ཏཻ་ལོ་པའི་རྣམ་ཐར།


CMR004_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲཛྷ་བྷ་དྲ་ཡེ། གང་གི་འཁོར་ལོས་སྒྱུར་བའི་དཔལ་འབྱོར་རབ་སྤངས་ནས། །དཀའ་བ་སྤྱད་དང་བདུད་ཀྱི་སྡེ་བཅོམ་རྫོགས་སངས་རྒྱས། །དེ་བཞིན་སངས་རྒྱས་སྟོང་སོགས་རབ་ཏུ་སྤྲུལ་མཛད་ནས། །འགྲོ་བ་དྲུག་པོ་ཐར་པའི་ལམ་བསྟན་གང་འདུལ་སྐུ་རུ་སྤྲུལ། །དེ་དག་ལ་སོགས་མཐའ་ཡས་མཛད་པ་བརྗོད་མི་ལོངས། །ཁྱད་པར་རྒྱ་གར་ཤར་ཕྱོགས་བྷ་ག་ལར། །ཛྷ་གྷོ་ར་ཞེས་བྱ་བའི་གྲོང་ཁྱེར་དུ། །ཡབ་ནི་བྲམ་ཟེ་རབ་ཏུ་གསལ་བ་དང་། །ཡུམ་ནི་ལྷ་མོ་གསལ་ལྡན་མ་ཞེས་པའི། །སྲས་སུ་འཁྲུངས་ཚེ་འོད་ཀྱིས་ཕྱོགས་ཀུན་ཁྱབ། །དེ་ཕྱིར་གསལ་བའི་འོད་ཅེས་མིང་དུ་བཏགས། །དེ་ཚེ་འོད་ཟེར་དེ་ཡིས་རབ་བསྐུལ་ནས། །བྲམ་ཟེ་མཁས་པ་ལེགས་སྦྱིན་འཁོར་དང་བཅས། །དེ་རུ་ལྷག་ནས་ཁྱེའུ་ཡི་མཚན་གདགས། །དེ་ཚེ་སྐད་ཅིག་སྐུ་ཡི་འགྱུར་བ་ནི། །གྲངས་མེད་བསྟན་ཅིང་མཚན་བརྒྱན་གཟི་འབར་བས། །བྲམ་ཟེའི་གུས་བཏུད་བསྔགས་པ་རྒྱ་ཆེར་བརྗོད། །དེ་ནས་མ་མ་རྣམས་ཀྱིས་བསྐྱེད་བསྲིངས་པས། །ཕལ་པའི་ཟླ་སྐྱེད་འདི་ཡི་ཞག་སྐྱེད་ཆེ། །ལོ་གཅིག་ལོན་ཚེ་ཕོ་བྲང་དབུས་ཉིད་དུ། །ཡུམ་དང་ལྷན་ཅིག་ཉིད་དུ་གནས་པའི་ཚེ། །བུད་མེད་


CMR004_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྡུག་མཚན་མང་ལྡན་པ་ཞིག །གཅེས་པར་བརྐྱང་ཡང་ངེས་པར་འཆི་འགྱུར་ཞིང་། །སྲིད་པ་གསུམ་ན་མི་འཆིའི་གནས་མེད་ཅེས། །མི་སྙན་འཛེར་བག་སྐད་དུ་སྨྲ་བར་ཐོས། །ཡུམ་ཉིད་སྐྲག་ནས་གང་ཕན་དྲིས་པ་ཡིས། །སྲས་ཀྱིས་ནགས་ཁྲོད་མ་ཧེ་འཚོ་འཚུག་ཟེར། །དེ་ནས་གྲོགས་མེད་དབེན་པའི་ནགས་ཁྲོད་ན། །པ་ཤའི་ཤིང་ལ་རྒྱབ་བརྟེན་ཡི་གེ་འབྲི། །མ་ཧེའི་ཁྱུ་ནི་འཚོ་ཞིང་གནས་པའི་ཚེ། །སྔར་གྱི་བུད་མེད་རྒན་མོ་དེ་བྱུང་ནས། །ཡུལ་དང་ཡབ་ཡུམ་གཉིས་ཀྱི་མིང་གང་ཡིན། །ཡི་གེ་མ་ཧེ་སོགས་ཀྱི་ཅི་བྱེད་ཟེར། །ཡུལ་ནི་ཛྷ་གྷོ་ར་སོགས་ཡིན་ཚུལ་གསུངས། །དེ་ཚེ་བུད་མེད་ཁྲོས་ཤིང་དེ་མིན་ཟེར། །འོ་ན་ཁྱོད་ཀྱིས་གང་ཡིན་སྨོས་གསུངས་པས། །ཡུལ་ནི་ཨོ་རྒྱན་ཡབ་ནི་འཁོར་ལོ་སྡོམ། །ཡུམ་ནི་ཕག་མོ་སྲིང་མོ་ང་ཡིན་ཏེ། །ཁྱོད་ནི་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །ཞེས་སོགས་དོན་གྱི་ངོ་སྤྱོད་ཟབ་མོ་མཛད། །དེ་མ་ཐག་ཏུ་སྲས་ཀྱི་རང་རིག་ཡེ་ཤེས་རྟོགས། །བུད་མེད་དེ་ཡང་རབ་མཛེས་གཟུགས་བསྟན་ཏེ། །བསྔགས་པ་བརྗོད་ནས་མི་སྣང་བ་རུ་གྱུར། །ཁྱེའུ་གསལ་འོད་ཏིང་འཛིན་རྒྱལ་པོར་མི་གཡོ་བཞིན། །སྐུ་ཡི་བཀོད་པ་དུ་མས་གཅིག་ཆར་དུ། །ཀླུ་སྒྲུབ་


CMR004_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཨར་དེ་ཝ་ཟླ་བ་གྲགས། །མ་ཏངྒི་དང་ལོ་ཧི་ཊིདི་པ། །དཱ་རི་ཀ་པ་སུ་ཁ་ད་རི་དང་། །ལྷོ་བྷི་བྷི་ན་ས་དང་ལྭ་བ་པ། །ཨིནྡྲ་བྷུ་ཏི་སྐལ་པ་བཟང་མོ་དང་། །ཐང་ལོ་ཤིང་ལོ་ཀཎྜ་རེ་པ་ལ། །གདམས་ངག་མཐའ་དག་ནོད་པའི་ཚུལ་མཛད་ཅིང་། །མ་ཧེའི་ཁྱུ་རྣམས་དེད་ནས་རྡོ་རྗེའི་གླུ། །ཏེ་ཏེ་ལ་སོགས་ལེན་ཅིང་ཕོ་བྲང་བྱོན། །དེ་ཚེ་གླུ་ཡི་རིགས་བྱེད་མཁས་པ་ཞེས། །མི་རྣམས་ཀུན་གྱིས་ཏེ་ལོ་པ་ཞེས་བཏགས། །དེ་ནས་ཡབ་ཡུམ་གཉིས་ལ་གནང་བ་ཞུས། །ནུབ་ཕྱོགས་ཨོ་རྒྱན་ཡུལ་དུ་བྱོན་པའི་ཚེ། །གཏིང་དཔག་དཀའ་བའི་འོག་ཆེན་ཆུས་ཁེངས་པ། །རིན་ཆེན་ལས་གྲུབ་ལྕགས་རི་རིམ་བདུན་ལ། །ཤེལ་དང་ནོར་བུའི་ཟམ་དག་སྤྲུལ་ནས་བྱོན། །དེ་ནང་དུར་ཁྲོད་འཇིགས་ཤིང་ཡ་ང་བ། །རོ་ལངས་ལྕེ་སྤྱང་ཤ་ཟའི་ཚོགས་ཀྱིས་གང་། །དེ་དབུས་རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །སྒོ་ལ་བྱ་རོག་འུག་པ་ཕག་ཁྱི་ཡིས། །གདོང་ཅན་མཁའ་འགྲོ་ཟིལ་གྱིས་མནན་ཏེ་བྱོན། །དེ་བཞིན་བར་སྒོའི་སྲུང་མ་ཡང་། །ཟིལ་གྱིས་མནན་ཅིང་བསྟོད་བསྔགས་བཀུར་སྟི་བྱས། །དྲི་བ་དྲིས་ལན་གླུ་ཡིས་ཚིམས་པར་བྱས། །ཕོ་བྲང་དབུས་སུ་རྡོ་རྗེ་རྣལ་འབྱོར་མ། །


CMR004_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་རྒྱ་མཚོ་དབུས་སུ་འགྱིང་བའི་མདུན། །གར་གྱི་རོལ་པས་གནས་པར་མཛད་པ་ལ། །ཌཱ་ཀི་འགའ་ཞིག་ཐེ་ཚོམ་འདི་སྐད་སྨྲས། །རྒྱལ་ཀུན་ཡུམ་གྱུར་རྡོ་རྗེ་ཕག་མོ་ལ། །མི་གུས་ཚུལ་འདི་ཅི་ཕྱིར་གཞོམ་མི་བྱེད། །དེ་ཚེ་ཌཱ་ཀི་གཞན་དག་འདི་སྐད་དོ། །རྡོ་ཡི་ཆར་པ་བར་མེད་བབ་ན་ཡང་། །འདི་ཡི་བ་སྤུའི་རྩེ་མོ་གཡོ་མི་ནུས། །མཁའ་དང་ས་ཆུ་མེ་ལ་ཐོགས་མེད་ཅིང་། །དངོས་པོ་ཀུན་བདག་རྣལ་འབྱོར་དབང་ཕྱུག་ཁྱོད་སུ་ཞིག་ཡིན། །དེ་སྐད་དྲིས་པས་སླར་ཡང་ལན་གསུངས་པ། །བདག་ནི་རྒྱལ་བ་ཀུན་ལས་སྔར་བྱུང་སྟེ། །ཀུན་གྱི་མཐར་གནས་ཀུན་གྱི་ངོ་བོ་ཉིད། །སྐྱེ་བོ་རྣམས་ཀྱིས་ཏེ་ལོ་པ་ཞེས་བརྗོད། །བདག་གིས་ཤེས་ཀྱང་གཞན་ལ་ཕན་པའི་ཕྱིར། །མཁའ་འགྲོས་ལུང་བསྟན་དམ་ཆོས་ལེན་དུ་འོངས། །ཞེས་གསུངས་ཞུ་བ་དྲིས་ལན་མཛད་པ་ཡིས། །མཐའ་དག་བདེ་གཤེགས་ཀུན་གྱི་ངོ་བོ་ཁྱོད། །རྒྱལ་བས་ལུང་བསྟན་ཏིང་འཛིན་ཀུན་གྱི་གཙོ། །ཞེས་སོགས་མཁའ་འགྲོ་རྣམས་ཀྱིས་བསྟོད་བསྔགས་བརྗོད། །དེ་ནས་གཙོ་མོ་རྡོ་རྗེ་ཕག་མོ་དང་། །བརྡ་དང་བརྡ་ཡི་ལན་ནི་དུ་མ་མཛད། །གཙོ་མོ་དགྱེས་པས་བསྟོད་པའི་ཚིག་གསུངས་པ། །ཁྱོད་ནི་ཧེ་རུ་ཀ་དཔལ་


CMR004_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས། །ཡི་གེ་མེད་པའི་མན་ངག་རྣམས་དང་རྒྱུད་སྡེའི་ཚིག །འཁོར་ལོས་གཙོ་མོའི་བདག་ལ་རབ་གཏད་གྲངས་མེད་པ། །དེང་འདིར་རྒྱལ་བ་ཀུན་གྱིས་ཁྱོད་ལ་རབ་སྦྱིན་ཏེ། །བདག་ལ་གར་མཛོད་རང་གི་ཡེ་ཤེས་རང་ལ་གནས་པར་མཛོད། །ཅེས་གསུངས་ཡེ་ཤེས་རོལ་པ་མཆོག་ལ་ཞུགས་པར་མཛད། །དེ་ཚེ་རྡོ་རྗེའི་གླུ་ཡིས་རབ་བསྐུལ་ནས། །བསམ་གྱིས་མི་ཁྱབ་དཔའ་བོ་ཌཱ་ཀི་འདུས། །དབང་བར་དབང་བསྐུར་མཆོད་ནས་མི་སྣང་གྱུར། །དེ་ནས་ཌ་ཀི་བྱེ་བས་མཆོད་སྦྱིན་དུ། །འཇའ་གུར་མེ་ཏོག་ཆར་དང་རོལ་མོས་སྒྲས། །དཔའ་བོ་ཌཱ་ཀིས་གླུ་དབྱངས་དུ་མ་དང་། །འཇིག་རྟེན་སྐྱོང་བ་ཀུན་གྱིས་ཕྱག་འཚལ་ཞིང་། །བདེ་མཆོག་རྩ་རྒྱུད་དབུ་རྒྱན་ཚུལ་དུ་བཅིངས། །ནམ་མཁའ་ལམ་ནས་འཕུར་ཏེ་བྱོན་པའི་ཚེ། །བྲག་ཆ་ལྟ་བུར་གཟུགས་མེད་གླུ་དབྱངས་ཀྱིས། །ལུས་མེད་མཁའ་འགྲོའི་ཆོས་བདུན་གསལ་བར་གསན། །དེ་ནས་རྒྱ་གར་ཡུལ་གྱི་ལྷོ་ཡི་ཕྱོགས། །འཇིགས་བྱེད་བཞད་པའི་དུར་ཁྲོད་ཆེན་པོ་ན། །ཤིང་ལོ་སྤྱིལ་བུ་རབ་ཏུ་མཛེས་པའི་ནང་། །གྲུབ་ཆེན་མ་ཏཾ་ཀི་ཡི་ལུང་བསྟན་ཏེ། །ཟ་ཧོར་ཡུལ་གྱི་གྲོང་ཁྱེར་ཆེན་པོའི་དབུས། །སྨད་


CMR004_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

འཚོང་དྷ་རི་མ་ཞེས་བྱ་བ་ཡོད། །དེ་ཡི་གཡོག་གྱིས་རྟོགས་པ་སྐྱོངས་ཤིག་གསུངས། །ལོ་གྲངས་བཅུ་གཉིས་བར་དུ་ཏིལ་བརྡུངས་ཤིང་། །ཁྱོ་པོ་བསུ་སྐྱེལ་ལ་སོགས་གྲོགས་མཛད་པས། །གཞན་དག་མེ་ཡིས་ཕུང་པོ་མཐོང་བ་དང་། །གསེར་གྱི་ཁ་དོག་མཚན་དང་དཔེ་བྱད་འབར། །འོད་ཀྱི་དཀྱིལ་འཁོར་དབུས་སུ་ནམ་མཁའ་ལ། །མངོན་པར་འཕགས་པ་མཐོང་ནས་ཐམས་ཅད་དད། །འགའ་ཞིག་མེ་ཡི་ཕུང་པོ་འབར་བ་ལ། །སྒྲོན་མེ་བཅུ་བཞི་དག་གིས་བསྐོར་བ་མཐོང་། །དེ་ནས་ཡུལ་དེའི་རྒྱལ་བློན་ཐམས་ཅད་ལ། །དྷ་རི་མ་ཉིད་འཁོར་བཅས་དེར་འདུས་ནས། །ཀུན་གྱིས་ཕྱག་འཚལ་བསྟོད་པ་བྱེད་པར་གྱུར། །དེ་ཚེ་འགའ་ཞིག་འདི་ནི་དགྲ་བཅོམ་ཟེར། །འགའ་ཞིག་མེ་དཔུང་སྒྲོན་མེས་བསྐོར་རོ་ཟེར། །འགའ་ཞིག་འདི་ནི་རིག་འཛིན་གྲུབ་པ་ཟེར། །གང་ཡིན་དྷ་རི་མ་ཡིས་ཉིད་ལ་ཞུས། །དེ་ཚེ་ཏེ་ལོ་པ་ཡིས་འདི་སྐད་གསུངས། །ཕྱོགས་བཅུའི་ཕྱོགས་དང་ནང་གི་ཕྱོགས་བཞི་ན། །ཌ་ཀི་བཅུ་ཡིས་གཙོ་མོ་བདག་དང་རོལ། །བདག་གིས་སྣ་ཚོགས་སྣང་ཞིང་ངོ་བོ་གཅིག །ཅེས་གསུངས་དྷ་རི་མ་ཡི་མཁའ་འགྲོའི་ཚོགས། །དངོས་སུ་མཐོང་ནས་རྩེ་གཅིག་དད་པ་ཐོབ།


CMR004_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་ཆད་མ་ཤེས་གཡོག་བཀོལ་བཤགས་པ་བྱས། །དེ་ཚེ་ཏེ་ལོས་རྡོ་རྗེའི་མགུར་བཞེངས་པས། །སྐད་ཅིག་དེ་ལ་དྷ་རི་མ་གྲོལ་ཏེ། །ཡེ་ཤེས་ཌཱ་ཀི་གཙོ་དང་དབྱེར་མེད་གྱུར། །དེ་ཚེ་རྒྱལ་པོ་ལ་སོགས་ཐམས་ཅད་ཀྱིས། །རྩེ་གཅིག་གུས་པས་ཞུ་བ་ཞུས་པ་ལས། །ཏ་ལ་བདུན་སྲིད་ཙམ་གྱི་ནམ་མཁའ་ལ། །ཌཱ་ཀི་བྱེ་བའི་འཁོར་གྱིས་མཆོད་བཞིན་དུ། །ཏེ་ལོས་རྡོ་རྗེའི་མགུར་ནི་བཞེངས་པ་ཡིས། །ཡུལ་དེས་སྐྱེ་བོ་ཐམས་ཅད་སྐད་ཅིག་ལ། །ངེས་པའི་དོན་རྟོགས་ཐམས་ཅད་མཁའ་སྤྱོད་གཤེགས། །གྲོང་ཁྱེར་ཆེན་པོ་དེ་ཡང་སྟོང་པར་གྱུར། །དེ་ནས་གཞན་ཡང་གྲོང་ཁྱེར་ཆེན་པོའི་དབུས། །ལང་ཚོ་ཕུན་སུམ་ཚོགས་པའི་སྨད་འཚོང་མའི། །ཁྱིམ་དུ་བྱོན་ནས་ཆང་རྣམས་ཕོས་ནས་གཤེགས། །སུས་བྱས་མ་ཤེས་མྱ་ངན་བྱེད་བཞིན་དུ། །སླར་ཡང་སྣང་མར་ཆུ་བླུག་ཆང་སྒྲུབ་པ། །སླར་ཡང་བྱོན་ནས་ཆང་གསོལ་ས་ལ་ཕོས། །དེ་ཚེ་བཟུང་ནས་བརྡུངས་ཏེ་རོ་ལྟར་བྱས། །གྲངས་མེད་ཕྱིར་འཕངས་རྒྱང་རིང་བོར་བཞག་ནས། །སླར་ཡང་འབྲས་བསྐྱིལ་ཆང་མང་རབ་ཏུ་བཙོས། །བཙོང་མར་རན་དུས་སྔ་ལྟར་འོང་ནས་ཀྱང་། །ཆང་རྣམས་འཐུང་ཞིང་ཕོས་ནས་མེད་པར་


CMR004_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། །དེ་ཚེ་ཆང་འཚོང་མི་བདག་བུ་དང་བཅས། །རབ་ཁྲོས་མཚོན་གྱིས་ཏེ་ལོ་དུར་བུར་བརྒྱར། །གཏུབ་ནས་དུར་ཁྲོད་གནས་སུ་བོར་བར་གྱུར། །དེ་མ་ཐག་ཏུ་ཏེ་ལོ་ཁྱིམ་དེར་ཕེབས་། །དེ་ཚེ་ཆང་ཚོང་མ་ནི་ཆང་མེད་ཀྱིས། །མྱ་ངན་དྲག་པོ་བྱེད་ཅིང་འདུག་པ་ལ། །འཁོར་བ་སྙིང་པོ་མེད་པའི་ཆོས་གསུངས་ནས། །སླར་ཡང་ཆང་རྣམས་སྔར་ལྟར་ཡོད་པར་མཛད། །དེ་ནས་ཆང་ཚོང་མ་དད་ཕྱག་འཚལ་བསྐུལ། །དེ་ཚེ་ཏེ་ལོ་ནམ་མཁར་འཇའ་གུར་བཞུགས། །རྡོ་རྗེའི་མགུར་གསུངས་སྐད་ཅིག་དེ་ཉིད་ལ། །ཆང་ཚོང་མ་དེ་སྐྱིལ་ཀྲུང་བྱས་བཞིན་དུ། །ནམ་མཁར་ལྡིང་ཞིང་ལག་པས་གར་ཐབས་བསྒྱུར། །དེ་ཚེ་ཆང་ཚོང་མ་ཡི་བདག་པོ་ལ། །བུ་དང་གཡོག་འཁོར་ཆང་ཉོའི་སྐྱེ་བོའི་ཚོགས། །འབུམ་ཕྲག་དུ་མས་དད་ཅིང་གསོལ་བཏབ་པས། །སྐད་ཅིག་དེ་ལ་ཐམས་ཅད་མཁའ་སྤྱོད་ཐོབ། །དེ་ནས་ཤན་པའི་གྲོང་ཁྱེར་ཆེན་པོ་ན། །ཉིན་རེའང་སེམས་ཅན་བྱེ་བ་ཕྲག་མང་གསོད། །ཤན་པའི་གཙོ་བོའི་ཤ་རྣམས་བཙོ་ཞིང་གནས། །དེ་ཚེ་ཏེ་ལོ་པ་ཡིས་རྫུ་འཕྲུལ་བསྟན། །ཤན་པའི་གཙོ་བོའི་བུ་དེ་བོར་གྱུར་ནས། །ཕྱོགས་རྣམས་ཀུན་ཏུ་བཙལ་ཡང་མ་རྙེད་ནས། །སླར་ཡང་ཁྱིམ་དུ་འོང་


CMR004_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ངལ་བསོས་ཏེ། །ཤ་རྣམས་བཙོ་བའི་སྣོད་དེ་ཁ་ཕྱེས་པས། །རང་གི་བུ་དེ་མངོན་སུམ་བཙོས་མཐོང་ནས། །ཀྱེ་མ། བདག་ནི་བུ་ལ་ཤར་འཁྲུལ་ནས། །དུམ་བུར་གཏིབ་ཅིང་བཙོས་སོ་ཞེས། །ཤན་པ་མོ་དང་ཤན་པའི་འཁོར། །ཀུན་གྱིས་བསྐོར་ཞིང་ངུ་སྒྲས་ཁྱབ། །དེ་ཚེ་ནམ་མཁའི་དབྱིངས་ནས་ཏེ་ལོ་ཡིས། །ཞལ་བསྟན་བུ་ཡང་མདུན་དུ་ཡོད་པར་མཛད། །ཐམས་ཅད་རྨི་ལམ་མཚུངས་ཞེས་མགུར་གསུངས་པས། །དེ་མ་ཐག་ཏུ་ཤན་པས་གྲུབ་པ་ཐོབ། །ནམ་མཁར་འཕགས་ནས་ཕྱག་འཚལ་བསྐོར་བ་བྱས། །དེ་དག་མཐོང་བས་ཤན་པའི་ཚོགས་རྣམས་དང་། །ཡུལ་གྱི་བྱོལ་སོང་རི་དྭགས་ཡན་ཆད་ཀུན། །སྐད་ཅིག་ཉིད་ལ་རིག་འཛིན་ས་ཐོབ་བོ། །དེ་ནས་སྔགས་པའི་གྲོང་ཁྱེར་ཆེན་པོ་ནི། །རིག་སྔགས་འཆང་བ་དཔེ་མེད་ནུས་ལྡན་པ། །ནུས་པའི་ང་རྒྱལ་ཤིན་ཏུ་འབར་བའི་མདུན། །ཏེ་ལོས་ཐ་མལ་སྐྱེ་བོའི་གཟུགས་སྤྲུལ་ནས། །སྔགས་པ་དེ་ལ་འགྲན་བཙུགས་ཡིད་དཀྲུགས་པས། །སྔགས་པ་ཁྲོས་ཏེ་གསུམ་མམ་ལྔའམ་ནི། །རིང་ཡང་ཞག་བདུན་ཚུན་དུ་བསད་དོ་ཟེར། །མེ་ལྕེ་འབར་བས་ཕུར་བུས་ལིང་ག་གཟིར། །སྔགས་ཀྱི་ནུས་པ་མེ་རི་རབ་འབར་


CMR004_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

བས། །ཡུངས་ཀར་ཐུན་གྱིས་དྲག་ཏུ་བྲབ་ཅིང་གནས། །སྲུང་བ་བརྒྱ་ཡིས་རང་འཁོར་སྲུང་གྱུར་ཀྱང་། །ཞག་གཅིག་སོང་ནས་ལྟས་ངན་ཁྲི་ཕྲག་བབ། །ཞག་གཉིས་ལོན་ནས་བུ་སྐྱེས་ཁྲག་སྐྱུག་གུམ། །དེ་བཞིན་ཉེ་འབྲེལ་འཁོར་གཡོག་ཐམས་ཅད་ནི། །ལ་ལ་ཐོག་ཕོག་ལ་ལ་རྦབ་ཏུ་ཤི། །ལ་ལ་ནད་དང་ལ་ལ་དོན་མེད་ཤི། །ལ་ལ་རང་གིས་རང་ཉིད་བསད་གྱུར་ནས། །སྔགས་པ་ཁོ་རང་མ་གཏོགས་ཐམས་ཅད་ཤི། །སྔགས་པ་ཡི་ཆད་རྫས་གཏོར་ཕུར་པ་བཙག །ཧོམ་བཤིག་ཕྲེང་བ་བསྲེགས་ནས་སྨྲེ་སྔགས་འདོན། །སྐུ་འབལ་བྲང་བརྡུང་མཆི་མ་ཆར་དུ་འབེབས། །མི་རྣམས་རོ་ལ་ལྟ་ཞིང་སྐྱག་པ་སྐྱེས། །དེ་ཚེ་ཏེ་ལོས་དངོས་སུ་ཞལ་བསྟན་ཏོ། །དགྲ་གཉེན་ཁྱད་པར་མེད་པའི་མགུར་གསུངས་ནས། །སེ་གོལ་གཏོགས་པས་ཐམས་ཅད་སྔར་ལྟར་སོས། །དེ་ནས་སྔགས་པ་དད་སྟེ་ཕྱག་འཚལ་ནས། །ཏེ་ལོས་ཚིགས་བཅད་གསུངས་པས་སྔགས་པ་གྲོལ། །མཆོག་གི་དངོས་གྲུབ་ཐོབ་སྟེ་མཁའ་ལ་འཕག །དེར་འཁོད་སྐྱེ་བོ་ཐམས་ཅད་གྲུབ་པ་ཐོབ། །ཡུལ་དེར་ཕལ་པའི་སྐྱེ་བོ་མེད་པར་གྱུར། །དེ་ནས་རྒྱལ་པོ་ལ་སོགས་མང་པོ་དང་། །ཤིན་ཏུ་མཁས་པའི་དཔང་པོ་དུ་མ་བཞག་


CMR004_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་སློབ་མའི་ཚོགས་ཀྱིས་རབ་བསྐོར་བའི། །ཕྱི་ནང་པཎྜི་ཏ་གཉིས་རྩོད་སར་བྱོན། །གཅིག་གིས་ཡོད་པའི་མཐའ་བཟུང་རྩོད་པར་བྱེད། །གཅིག་གིས་མེད་པའི་མཐའ་བཟུང་རྩོད་པ་ལ། །ཡོད་མེད་སྨྲ་བ་ཀུན་རྫོབ་བདེན་རྫུན་ཏེ། །དམ་པའི་དོན་དུ་རང་བཞིན་མ་གྲུབ་གསུངས། །དེ་ལ་ཆད་པར་སྨྲ་བ་ཁྲོས་པར་གྱུར། །དེ་ཚེ་ཏེ་ལོས་པཎྜི་ཏ་དེ་ནི། །རྫུ་འཕྲུལ་སྟོབས་ཀྱིས་དམྱལ་བའི་གནས་སུ་ཁྲིད། །དམྱལ་བའི་སྡུག་བསྔལ་རྣམས་ཀྱང་གསལ་བར་བསྟན། །ལྷ་ཡུལ་ཁྲིད་ནས་ལྷ་ཡི་བདེ་སྐྱིད་བསྟན། །དེ་ནས་པཎྜི་ཏ་དེ་ངེས་ཤེས་སྐྱེས། །ཕྱོགས་དེར་གནས་པའི་སྐྱེ་བོ་ཐམས་ཅད་ཀྱང་། །ཡང་དག་དམ་པའི་ལམ་ལ་བཞག་པར་མཛད། །དེ་ནས་མུ་སྟེགས་རྫུ་འཕྲུལ་ཆེན་པོ་ཅན། །ཀུན་གྱིས་བཀུར་ཞིང་ང་རྒྱལ་ལྡན་པ་ཡིས། །དྲུང་དུ་ཏེ་ལོ་བྱོན་ནས་དོ་བསྔོས་པས། །རྒྱལ་པོ་ལ་སོགས་ཀུན་གྱི་དཔང་བཞག་ནས། །སྒྲ་ཚད་ལ་སོགས་གཞུང་ལུགས་གླེང་པ་ན། །མུ་སྟེགས་པ་ཡིས་ཚིག་གཅིག་སྨྲ་མ་ནུས། །ཁོ་ཡིས་ནམ་མཁར་དཀྱིལ་འཁོར་བཀོད་པ་ལ། །དེ་ལས་རབ་ཏུ་གསལ་ཞིང་བཀྲ་བ་ཡི། །ཏེ་ལོའི་དཀྱིལ་འཁོར་བཀོད་པས་ཟིལ་གྱིས་མནན། །ཁོ་ཁྲོས་


CMR004_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ནས་མེ་འབར་སྲེག་པར་བརྩམས། །དེ་ཚེ་དེ་བས་ལྷག་ཅིང་འཇིགས་རུང་བའི། །མེ་ལྕེས་གོས་དང་སྐུ་ཡང་བསྲེགས་མཛད་པས། །ཁོ་ཉིད་དད་དེ་ཕྱག་འཚལ་གསོལ་བ་བཏབ། །གདམས་ངག་གསུངས་པས་དོན་རྟོགས་གར་བྱས་ཤིང་། །ཡུལ་དེས་སྐྱེ་བོ་ཐམས་ཅད་སྐད་ཅིག་གྲོལ། །དེ་ནས་གླུ་མཁན་ཤིན་ཏུ་མཁས་པ་ཞིག །སྐྱེ་བོ་དུ་མ་གླུ་ལ་ཉན་ཞིང་སྣང་། །དེ་དྲུང་བྱོན་ནས་གླུ་དབྱངས་འདྲེན་མཛད་དེ། །ལྷ་ཡི་གླུ་དང་ཀླུ་དང་དྲི་ཟའི་གླུ། །མིའམ་ཅི་དང་ཚངས་པའི་གླུ་ལ་སོགས། །གླུ་ཡི་བྱེ་བྲག་བྱེ་བ་དུ་མ་གསུངས། །དེ་ནས་གླུ་མཁན་དད་ཅིང་ཕྱག་འཚལ་ནས། །གདམས་ངག་གསུངས་པས་གླུ་མཁན་ལ་སོགས་པ། །སྐྱེ་བོ་དེ་དག་སྐད་ཅིག་ཉིད་ལ་གྲོལ། །དེ་ནས་སྒྱུ་མ་མཁན་གྱི་དམག་ཆེན་སྤྲུལ། །རྒྱལ་པོ་གཅིག་ལ་འཐབ་པར་བརྩམས་པའི་ཚེ། །རྒྱལ་པོ་ཤིན་ཏུ་སྐྲག་ནས་སྡུག་བསྔལ་གྱུར། །དེ་ཚེ་རྒན་མོ་མི་སྡུག་མཚན་ལྡན་ཞིག །རྒྱལ་པོའི་དྲུང་དུ་བྱུང་ནས་འདི་སྐད་ཟེར། །དམག་འདི་སུས་ཀྱང་ཐུབ་པར་མི་འགྱུར་ཏེ། །ང་ཡི་མིང་པོ་གཅིག་པུས་ཐུབ་གྱུར་ཏེ། །མེ་ནི་ཆུང་དུས་ནགས་ཚལ་སྲེག་དང་མཚུངས། །ང་ཡི་མིང་པོ་དུར་ཁྲོད་ཕ་ཀི་ན། །ཤིང་སྡོང་རྩེ་ལ་རྫུ་འཕྲུལ་


CMR004_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ཅིང་ཡོད། །ཟེར་བས་ཏེ་ལོ་རྒྱལ་པོས་སྤྱན་དྲངས་སོ། །དེ་ནས་སྤྲུལ་པའི་དམག་ཚོགས་མང་པོ་ཡིས། །སྒྱུ་མའི་དམག་དང་ཐམས་ཅད་བཅོམ་བྱས་ནས། །གདམས་ངག་བསྟན་པས་སྒྱུ་མ་མཁན་ཡང་གྲོལ། །རྒྱལ་པོ་ལ་སོགས་དེ་དག་ཐམས་ཅད་ཀུན། །རིག་པ་འཛིན་པའི་ས་ལ་བཀོད་པར་མཛད། །དེ་ནས་མ་ལ་ཤིན་ཏུ་གུས་པ་ཡི། །རྒྱལ་པོ་གཅིག་གི་མ་ན་ཤི་ལ་ཐུག །དེ་ཚེ་མ་ཡི་ཁ་ཆེམས་ཚིག་སྨྲས་པ། །བུ་ཁྱོད་ང་ལ་དྲིན་ལན་བསབ་ན་ནི། །བྲམ་ཟེ་དང་ནི་དགེ་འདུན་ང་མི་དད། །སྔགས་པ་རྣམས་ལ་ཚོགས་འཁོར་གྱིས་ཤིག་ཟེར། །དེ་ནས་སྔགས་པ་ཀུན་འདུས་ཚོགས་འཁོར་བཤམས། །རྣལ་འབྱོར་ནུས་ལྡན་གཅིག་ནི་ཁྲི་སྟེང་འཁོད། །དེ་ཚེ་རྒན་མོ་མི་སྡུག་གཟུགས་ཅན་ཞིག །བྱུང་ནས་ཁྱོད་ཀྱི་ཚོགས་དཔོན་མི་འོང་གི །བདག་གི་མིང་པོ་བོས་འོང་མི་སྣང་གྱུར། །དེ་ནས་ཏེ་ལོ་དེར་ཕེབས་ཁྲི་ལ་བཞུགས། །དེ་ནས་སྔགས་པས་ནམ་མཁར་དཀྱིལ་འཁོར་བཀོད། །ཏེ་ལོས་དེ་བས་ལྷག་པ་ནམ་མཁར་བཀོད། །སྔགས་པས་ཚོགས་རྫས་མི་རོ་མང་པོ་བཀུག །ཏེ་ལོས་སྤྲུལ་པའི་ལྕགས་སྤྱང་བྱེ་བ་ཡིས། །མི་རོ་གསར་རྙིང་དཔག་མེད་ཁྱེར་ནས་འོང་། །


CMR004_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་བྱེ་བྲག་དཔག་ཏུ་མེད་པ་དང་། །མཆོད་པའི་ལྷ་མོ་འབུམ་ཕྲག་དུ་མ་བསྟན། །དེ་ནས་སྔགས་པས་བར་སྣང་སྐྱིལ་ཀྲུང་བཅས། །རྫུ་འཕྲུལ་ཕྲ་མ་འགའ་ཞིག་བསྟན་པ་ན་། །ཏེ་ལོས་ཉི་ཟླའི་སྟེང་དུ་གར་མཛད་ཅིང་། །ཁྱུང་དང་སེང་གེ་གཡུ་འབྲུག་ཞོན་པ་དང་། །སྐུ་ཡི་བཀོད་པ་བྱེ་བ་སྐད་ཅིག་ལ། །འོག་མིན་བར་གྱི་ནམ་མཁར་འགྲོ་བ་དང་། །སྐད་ཅིག་འཇིག་རྟེན་གྲངས་མེད་ཆགས་འཇིགས་དང་། །བ་སྤུའི་བུ་ག་རེར་ཡང་རྒྱལ་བ་ཡི། །དཀྱིལ་འཁོར་བྱེ་བ་བསམ་ལས་འདས་པར་བསྟན། །དེ་ནས་སྔགས་པས་ཕྱག་འཚལ་ཞབས་ལ་གཏུགས། །གདམས་ངག་གསུངས་པས་སྔགས་པ་གཙོར་བྱས་པའི། །དེ་མཐོང་སྐྱེ་བོ་ཐམས་ཅད་མཁའ་སྤྱོད་ཐོབ། །དེ་དང་དུས་མཚུངས་དགེ་སློང་ཏིལ་འཚོང་མའི། །སྲས་སུ་གྱུར་པས་རྫུ་འཕྲུལ་བསྟན་པ་ནི། །དགེ་སློང་གནས་བརྟན་ཀུན་གྱིས་བཀུར་བ་དེ། །གཙུག་ལག་ཁང་དུ་བཞུགས་ནས་ཡོད་ཙམ་ན། །སྲིང་མོ་དགེ་སློང་མ་ནི་ཏིལ་འཚོང་མས། །ཁྱེའུ་ལྷ་ཕྲུག་འདྲ་ཞིག་ཁྱེར་བྱུང་ནས། །འདི་ཉིད་གསོས་ཟེར་དགེ་སློང་དེ་ལ་གཏད། །དགེ་སློང་མ་དེ་སྐད་ཅིག་རྫུ་འཕྲུལ་གྱིས། །དེ་ཝི་ཀོ་ཏྲིའི་ཡུལ་དུ་གཤེགས་པར་


CMR004_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །ཁྱེའུ་དེ་ནི་གཞན་ལས་སྐྱེད་ཆེ་ཞིང་། །ཡི་གེ་ཀློག་ལ་མཁས་པར་གྱུར་པའི་ཚེ། །བྱི་རུའི་མདོག་ཅན་བུད་མེད་འོད་འབར་བ། །དར་དང་རིན་ཆེན་རྒྱན་ལྡན་བུད་མད་གཅག །བུ་ཁྱོད་བླ་མེད་ས་ལ་འགྲོ་འདོད་ན། །སྨྱོན་པའི་སྤྱོད་པ་གྱིས་གསུངས་མི་སྣང་གྱུར། །དེ་ནས་ཁྱེའུས་གླེགས་བམ་ཀུན་གཏོར་བས། །སྨྱོ་བར་མཐོང་ནས་ཁྱེའུ་ལྕགས་སུ་བཅུག །དེ་ནས་སྔར་གྱི་བུད་མེད་དེ་འོང་ནས། །གདམས་པ་བསྟན་ནས་ལོ་དྲུག་ལྕགས་འོག་བསྒྲུབ། །དེ་ནི་སྨྱོ་སང་སྨྲས་ནས་ལྕགས་བཀྲོལ་ཙ། །སེམས་ཅན་ཆ་ག་བྱེ་བ་དུ་མ་ནི། །བསད་ཅིང་མགོ་ལུས་ཕུང་པོར་སྤུངས་བྱེད་ཅིང་། །ཡང་ནི་འཚོགས་པའི་གྲལ་འབྱོན་འཚོ་བ་གསོལ། །དེ་ཚེ་ཀུན་གྱིས་འབར་ཤར་བྱས་པའི་ཚེ། །སེ་གོལ་གཏོགས་པས་བསད་ཚད་སོས་ཏེ་འཕུར། །དེ་མཐོང་སྐྱེ་བོ་ཐམས་ཅད་མཁའ་སྤྱོད་སོང་། །དེ་ནས་ཏེ་ལོ་རྒྱལ་པོའི་ཕོ་བྲང་དུ། །དགེ་སློང་ཞི་དུལ་ལྡན་པར་སྤྲུལ་ནས་བྱོན། །རྒྱལ་པོ་དད་ནས་རིགས་རུས་ཡབ་ཡུམ་དྲིས། །བདག་ལ་ཕ་མ་རིགས་རུས་མཁན་སློབ་མེད། །རང་བྱུང་དགེ་སློང་སྨྲ་བརྗོད་བྲལ་ལོ་གསུངས། །དེ་ཚེ་ཏེ་ལོ་སངས་རྒྱས་ཞེས་བྱར་གྲགས། །སྤྲུལ་པས་


CMR004_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་མ་ལུས་ཁྱབ་མཛད་དེ། །བྲམ་ཟེའི་མདུན་ན་བྲམ་ཟེ་མཁས་པ་མཆོག །ཚངས་པ་རྣམས་ལ་དད་དཔོན་མཁས་པ་སྟེ། །གླུ་ལ་དགའ་བའི་མདུན་ན་གླུ་མཁན་ནོ། །དེ་བཞིན་སྐྱེས་པ་བུད་མེད་མགར་བ་དང་། །མཆོག་དམན་བར་མ་གང་ལ་གང་འདུལ་གཟུགས། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་མིའམ་ཅི། །ས་ཆུ་མེ་རླུང་དུ་མའི་གཟུགས་སུ་སྤྲུལ། །དེ་ཚོ་སོ་སོས་ཇི་ལྟར་མཐོང་བ་ལྟར། །ཏེ་ལོ་པ་འདིས་འདི་ལྟར་སྤྲུལ་ལོ་ཞེས། །གཏམ་ངན་རྣམ་པ་སྣ་ཚོགས་སོ་སོར་གླེང་། །དེ་ནས་རྒྱལ་པོ་སེང་གེ་ཟླ་བ་ཡིས། །ཚོགས་འཁོར་བཤམས་པའི་དྲུང་དུ་ཏེ་ལོ་པ། །ལ་ལས་དགྱེས་རྡོར་ལ་ལས་བདེ་མཆོག་དང་། །ལ་ལས་གསང་འདུས་ལ་ལས་དགྲ་ནག་དང་། །ལ་ལས་མ་ཧཱ་མཱ་ཡཱ་ལ་སོགས་པ། །དཀྱིལ་འཁོར་སྣ་ཚོགས་བསམ་མི་ཁྱབ་པར་མཐོང་། །རྒྱལ་པོས་ཏེ་ལོ་ཁྱེད་ཀྱི་སྐུ་གཅིག་ལ། །རྒྱལ་བ་དུ་མའི་སྐུར་མཐོང་ཅི་ཡིན་ཞུས། །དེ་ཚེ་ཏེ་ལོ་ཆེན་པོས་བཀའ་བསྩལ་པ། །རྒྱལ་པོ་བདག་ལུས་ཀྱི་ཡི་རྡོ་རྗེ་ལ། །ངག་ནི་མ་ཧཱ་མཱ་ཡཱ་སྟེ། །བདག་སེམས་འཁོར་ལོ་བདེ་མཆོག་ཉིད། །དབང་པོ་གསང་བ་འདུས་པ་ཉིད། །ཡན་ལག་དགྲ་རྒྱུད་ནག་པོ་སྟེ། །ཉིང་ལག་རྡོ་རྗེ་འཇིགས་


CMR004_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ། །བ་སྤུ་རྣམས་ནི་སངས་རྒྱས་ཚོགས། །མཐའ་ཡས་མ་ཚང་མེད་པའོ། །བདག་ནི་བདེ་གཤེགས་ཐམས་ཅད་ཀྱི། །ངོ་བོ་ཉིད་དུ་གྲུབ་པ་སྟེ། །ཅི་ཕྱིར་ཁྱོད་ནི་གཅིག་ཁོ་ནར། །མཐོང་རྡོར་ངེས་པར་རྣམ་པར་འཛིན། །ཞེས་གསུངས་རྒྱལ་པོ་ལ་སོགས་ཐམས་ཅད་གྲོལ། །ཇི་ལྟར་ཡུལ་གྲུ་ཆེན་པོ་བཅུ་གཉིས་ཀྱི། །སྐྱེ་བོ་ཐམས་ཅད་མཁའ་སྤྱོད་གནས་སུ་བཀོད། །གཞན་ཡང་མཛད་སྤྱོད་བསམ་གྱིས་མི་ཁྱབ་བོ། །བླ་མ་བརྒྱུད་པ་བར་མེད་བྱོན་པ་ལས། །བྱུང་བའི་ཏེ་ལོའི་རྣམ་ཐར་རྒྱས་དང་བསྡུས། །སྡེབ་སྦྱོར་མཛེས་དང་མི་མཛེས་དུ་མ་ལས། །བསྟན་ནས་རྣལ་འབྱོར་མཁའ་སྤྱོད་དབང་པོ་ཡིས། །མཛད་པའི་རྣམ་ཐར་ཆེན་པོའི་དོན་བསྡུས་ནས། །ཚིགས་སུ་བཅད་དེ་རཱ་གའི་མིང་གིས་བྲིས། །འདི་བྲིས་སྡེབ་སྦྱོར་ཉམས་སོགས་ཉེས་མཆིས་ན། །ཏེ་ལོ་སངས་རྒྱས་ཌཱ་ཀིའི་ཚོགས་ལ་བཤགས། །དགེ་བས་བདག་དང་བདག་རྗེས་འཇུག་པ་དང་། །འདི་ཉིད་མཐོང་ཐོས་དྲན་པའི་འགྲོ་བ་ཀུན། །ཏེ་ལོའི་རྗེས་བཟུང་སྐད་ཅིག་ཙམ་ཉིད་ལ། །འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་གྱུར་ཤོག །སརྦ་མངྒ་ལཾ།།

ནཱ་རོ་པའི་རྣམ་ཐར།


CMR004_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཛྙཱ་ན་སིདྡྷིཡེ། རྡོ་རྗེ་ཐེག་པའི་ལམ་མཆོག་འདི་ཉིད་ནི། །བླ་མའི་སྐྱེ་བོ་རབ་ཏུ་མགུ་བ་ཙམ། །ཁོ་ན་བྱས་པས་ལེགས་པར་འགྲུབ་པ་སྟེ། །དེ་ཚུལ་ཅུང་ཟད་བསྡུས་ཏེ་འདིར་བཤད་དོ། །རྒྱ་གར་ཤར་ཕྱོགས་བྷ་གྷ་ལ་ཡི་ཡུལ། །ཤྲཱི་ནཱ་ག་རའི་གྲོང་ཁྱེར་འཛམ་བུ་ཡི། །རྒྱལ་པོ་དགེ་བའི་གོ་ཆ་ཞེས་བྱ་དང་། །བཙུན་མོ་དཔལ་གྱི་བློ་གྲོས་ཞེས་བྱ་ལ། །སྲས་མོ་དཔལ་གྱི་ཡེ་ཤེས་བྱ་བ་ཡོད། །སྲས་ནི་མེད་པས་སྲིད་བསྒྱུར་ཐབས་ལ་འབད། །དེ་ཚེ་སྲས་ཆགས་རིམ་གྲོ་བརྒྱ་རྩ་བརྒྱད། །རྒྱལ་དང་བཅོ་ལྔ་འཛོམ་ཚེ་སྲས་བལྟམས་པས། །མེ་ཏོག་ཆར་བབ་དགེ་མཚན་དུ་མ་བྱུང་། །དེ་ཚེ་བྲམ་ཟེ་མཚན་མཁན་གྱིས་སྨྲས་པ། །སྔོན་ཚེ་རྒྱལ་བུ་དོན་གྲུབ་མཚན་རྟགས་རྣམས། །འདི་ལ་ཚང་ཞེས་བསྔགས་པ་རྒྱ་ཆེར་བརྗོད། །དཔལ་ཀུན་ཏུ་དགེ་བ་ཞེས་བྱ་མིང་དུ་བཏགས། །དེ་ནས་སྐྱེད་བསྲིང་དར་ལས་བབ་པ་ན། །འཁོར་བ་སྙིང་པོ་མེད་པའི་མགུར་བཞེངས་ནས། །རབ་ཏུ་བྱུང་བར་ཡབ་ལ་ཞུས་པ་ཡི། །ཡབ་ཀྱིས་བཤོལ་བཏབ་རྒྱལ་སྲིད་སྐྱོང་དགོས་ཟེར། །རྒྱལ་སྲིད་སྙིང་པོ་མེད་པའི་མགུར་བཞེངས་ནས། །ཁ་ཆེར་བྱོན་ཏེ་གཏན་ཁྲིམས་ལྔ་པོ་བླངས། །རིག་


CMR004_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་ཀུན་ཤིན་ཏུ་བྱང་གྱུར་ཏེ། །པཎྜི་ཏ་པ་ནམ་མཁའི་སྙིང་པོར་གྲགས། །དེ་ནས་པཎྜི་ཏ་ཡི་འཁོར་གྱིས་བསྐོར། །རང་གི་ཡུལ་དུ་བྱོན་པས་ཡབ་ཀྱང་མཉེས། །དེ་ནས་ཡབ་ཀྱི་བཀའ་ནན་མ་ཆོག་ནས། །བྲམ་ཟེའུ་བུ་མོ་དྲི་མེད་མ་ཞེས་པ། །རིགས་རུས་ལང་ཚོའི་ཁྱད་འཕགས་ཁབ་ཏུ་བཞེས། །དེ་ནས་ཡབ་ཀྱི་བཞེད་པ་འགྲུབ་པ་དང་། །འཁོར་བ་སྙིང་པོ་མེད་ཚུལ་རྒྱས་པར་ནི། །བཙུན་མོ་དེ་ལ་གསུངས་ཤིང་ཁོ་བོ་ནི། །རབ་ཏུ་བྱུང་འདོད་དེ་ལ་ཇི་ལྟར་བྱ། །གསུངས་པས་བཙུན་མོ་དམ་པས་འདི་སྐད་ཞུས། །སྔོན་གྱི་བསོད་ནམས་མཐུ་ཡིས་ཁྱེད་དང་མཇལ། །ཁྱེད་མིན་གཞན་ལ་ཡིད་སེམས་མི་གཡོ་ཡང་། །ཁྱེད་བཞེད་དམ་ཆོས་བར་ཆད་མི་བགྱིད་པས། །ཁྱེད་ཀྱིས་བདག་ལ་མི་དགྱེས་ཚུལ་མཛོད་དང་། །བདག་ཀྱང་སྤྱོད་ལམ་ངན་པར་བསྒྱུར་བར་བྱ། །ཞེས་སྨྲས་མོས་ཀྱང་གླུ་གར་དཔག་མེད་བྱས། །དེ་ཚེ་རྒྱལ་བློན་ཐམས་ཅད་མོ་ལ་འབར། །མོ་ཡང་ཕ་ཡུལ་ལོག་ནས་རབ་ཏུ་བྱུང་། །དེ་ནས་རྒྱལ་བུ་དགའ་བའི་ཚལ་དུ་བྱོན། །མཁན་པོ་སངས་རྒྱས་སྐྱོང་ལ་སློབ་དཔོན་ནི། །ཡེ་ཤེས་འོད་ལ་དགེ་ཚུལ་སྡོམ་པ་བླངས། །སངས་རྒྱས་ཡེ་ཤེས་ཞེས་བྱ་མཚན་དུ་


CMR004_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས། །དེ་ནས་ཁ་ཆེར་བྱོན་ནས་བསྙེན་པར་རྫོགས། །ཆོས་ཀྱི་རྒྱལ་མཚན་ཞེས་བྱར་མཚན་དུ་བཏགས། །དེ་ནས་པུ་ལ་ཝ་རིར་བཤད་སྒྲུབ་མཛད། །གནས་བརྟན་བསྟན་པ་འཛིན་པ་ཞེས་སུ་གྲགས། །དེ་ཚེ་ནཱ་ལེནྡ་ཡི་བྱང་སྒོ་ཡི། །སྒོ་སྲུང་པཎ་ཆེན་འདས་པའི་གདན་སར་བཀོས། །ཕྱི་ནང་པཎྜི་ཏ་རྣམས་གཡས་གཡོན་སྒྲིགས། །དང་པོ་ནང་པའི་པཎྜི་ཏ་རྣམས་དང་། །བགྲོ་གླེང་མཛད་པས་གནས་བརྟན་ཁོ་ན་རྒྱལ། །ཀུན་གྱིས་ཕྱག་འཚལ་ཞབས་པད་སྤྱི་བོར་བླངས། །དེ་ནས་ཕྱི་པའི་པཎྜི་ཏ་རྣམས་དང་། །བརྩད་པས་ཐམས་ཅད་བཅོམ་སྟེ་ནང་པར་བཙུད། །འདི་ནི་ཕྱི་ནང་ཀུན་ལ་འཇིགས་མེད་ཅེས། །དཔལ་ལྡན་འཇིགས་མེད་གྲགས་པར་མཚན་དུ་ཐོགས། །དེ་ནས་སེམས་བསྐྱེད་དབང་བསྐུར་དང་། །ཆོས་བཤད་བྱ་བ་རྒྱུན་དུ་མཛད་དུ་བཞུགས། །རེ་ཞིག་དཔེ་ལ་གཟིགས་ཤིང་བཞུགས་ཙམ་ན། །རྒན་མོ་མི་སྡུག་དུ་མའི་མཚན་ལྡན་ཞིག །ཁྱོད་ཀྱི་དཔེ་ལྟ་དོན་ནམ་ཚིག་ཤེས་ཟེར། །ཚིག་ཤེས་སྨ་ཚེ་དགའ་བའི་རྣམ་འགྱུར་སྟོན། །དོན་ཤེས་སྨྲ་ཚེ་བུད་མེད་ཤིན་ཏུ་ཁྲོས། །འོ་ན་ང་ལས་དོན་ལ་མཁས་པ་སུ། །གསུངས་པས་ང་ཡི་མིང་པོ་དོན་ལ་


CMR004_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་།གསོལ་བ་ཐོབ་ཅིང་སོང་དང་རྙེད་ཟེར་ནས། །ན་ཆུང་མཛེས་པའི་གཟུགས་བསྟན་མི་སྣང་གྱུར། །དེ་ནས་འཁོར་བ་སྙིང་པོ་མེད་པའི་ཚུལ། །མགུར་གསུངས་བླ་མ་ཚོལ་དུ་ཆས་པའི་ཚེ། །ཤར་སྒོའི་པཎ་ཆེན་རཏྣ་ཨ་ཀ་ར། །ལྷོ་ཕྱོགས་ངག་གི་དབང་ཕྱུག་གྲགས་པ་དང་། །ནུབ་ཀྱི་ཤེས་རབ་འབྱུང་གནས་སྦས་པ་དང་། །ནཱ་ལེནྡྲ་ཡི་དགེ་འདུན་ཐམས་ཅད་ཀྱིས། །ཕྱག་འཚལ་ཞུ་ཕུལ་བཞུགས་པར་གསོལ་བ་བཏབ། །དེ་ཚེ་སྐྱེ་བོ་གཞན་དག་འདི་སྐད་གླེང་། །སེང་གེ་ཁྲི་གནོན་དུ་མའི་འཁོར་ལྡན་པས། །རིན་ཆེན་འབྱུང་གནས་ཞི་བ་ལ་སོགས་པ། །པཎ་ཆེན་དུ་མས་ཕྱག་འཚལ་ཞབས་བཏུད་པའི། པཎ་ཆེན་འདི་འདྲ་འབྱུང་བར་དཀའ་བ་སྟེ། །འདི་འདྲས་བླ་མ་ཚོལ་བ་ཅི་ཡིན་ཟེར། །ཞུས་པ་མ་གསན་ཀྱེ་རྡོར་ལ་བསྟེན་ནས། །བླ་མ་ཚོལ་དགོངས་རིང་ཞིག་བྱོན་པ་ན། །ནམ་མཁའ་དག་ལས་ལུང་བསྟན་སྒྲ་བྱུང་བ། །བདེ་མཆོག་སྒོ་ནས་ཚོལ་དང་རྙེད་ཅེས་ཟེར། །དེ་ནས་དུར་ཁྲོད་ཆེན་པོ་ནཱ་ག་རར། །སྤྱིལ་པོ་བྱས་ནས་ཡིག་བདུན་འབུམ་ཕྲག་བཟླས། །ས་གཡོས་འཇའ་འོད་རོལ་མོ་དྲི་བཟང་ཁྱབ། །ཤར་ཕྱོགས་ཏེ་ལོ་བཞུགས་པོར་ཚོལ་ཞིག་གྲགས། །དེ་ནས་ཤར་ཕྱོགས་


CMR004_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་སོང་སོང་ཡང་། །མ་རྙེད་ཡི་མུག་ལུང་བསྟན་ཐེ་ཚོམ་སྐྱེས། །དེ་ཚེ་ནམ་མཁའ་ལས་ནི་སྒྲ་གྲག་པ། །བརྩོན་པས་རྙེད་འགྱུར་ལེ་ལོས་མིན་ཞེས་ཐོས། །སླར་ཡང་སོང་བས་བྲག་རིང་འགག་དོགས་པར། །མཛེ་མོ་གཅིག་གིས་ལམ་འགགས་བཀག་ནས་འདུག །སྐྱུག་བྲོ་སྣ་བཀག་གོས་མཐའ་འགོང་སྟེ་བྱོན། །མཛེ་མོ་མི་སྣང་མཁའ་ལ་སྒྲ་གྲག་པ། །རྣམ་རྟོག་བཅིངས་པས་བླ་མ་རྙེད་དཀའ་ཟེར། །བླ་མའི་སྤྲུལ་པ་འདུག་ཀྱང་མ་ཤེས་འགྱོད། །དེ་ནས་གསོལ་བ་འདེབས་ཤིང་སོང་སོང་བས། །ལམ་སྲང་དོགས་པར་ཁྱི་མོ་འབུས་གཡོགས་ཀྱང་། །ཞེ་སྡང་དབང་གིས་གཞན་ལ་ཟུག་པ་མཐོང་། །སེམས་ཅན་མ་དག་པ་སྙམ་འགོང་སྟེ་སོང་། །ཁྱི་མོ་མི་སྣང་གཟུགས་མེད་སྒྲ་གྲག་པ། །ཐམས་ཅད་གདོད་ནས་རྣམ་པར་དག་པ་ལ། །བཟང་ངན་འཛིན་པས་བླ་མ་མི་རྙེད་ཟེར། །ད་ནི་ཕྱིན་ཆད་སུ་དང་འཕྲད་ན་ཡང་། །བླ་མ་དྲི་བར་བྱ་སྙམ་བྱོན་པ་ལ། །མི་གཅིག་འཕྲད་པར་ཏེ་ལོ་མཐོང་ངམ་དྲིས། །མི་དེས་འདི་ནས་ཅུང་ཟད་འདས་པ་ན། །བླ་མ་དེ་ནི་བྱ་མིན་བརྩོན་པར་ཡོད། །ཟེར་བ་ཐོས་ནས་སོང་བས་མི་གཅིག་གིས། །མི་གཅིག་བསད་ཕྱིར་བརྡུངས་ཤིང་འདུག་


CMR004_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། །ཏེ་ལོ་མཐོང་ངམ་དྲིས་པས་མི་དེ་ཡིས། །མི་འདིས་མགོ་བོ་ཆོད་དང་བསྟན་ནོ་ཟེར། །ཁོ་བོ་པཎྜི་ཏ་ཡིན་མི་རུང་སྨྲས། །དེ་ཉིད་མི་སྣང་གཟུགས་མེད་སྒྲ་སྐད་ལ། །ཤེས་རབ་མཚོན་གྱིས་བདག་འཛིན་མགོ་བོ་ནི། །བཅད་པར་མ་བྱས་བླ་མ་མི་རྙེད་ཟེར། །སྤྲུལ་པར་མ་ཤེས་སྙམ་ནས་འགྱོད་ཅིང་ཟེར། །མི་གཅིག་མི་བསད་རྒྱུ་མ་འདྲེན་ཅིང་འདུག །ཏེ་ལོ་ཨེ་མཐོང་དྲིས་པས་མི་དེ་ཡིས། །རྒྱུ་མ་འདོན་རོགས་གྱིས་དང་བསྟན་ནོ་ཟེར། །བདག་ནི་དགེ་སློང་ཡིན་པས་མི་རུང་སྨྲས། །དེ་ཡི་མོད་ལ་དེ་ཉིད་མི་སྣང་ནས། །འཁོར་བའི་རྒྱུན་ཐག་བཅད་པར་མ་བྱས་ན། །བླ་མ་མི་རྙེད་ཟེར་བའི་སྐད་ཅིག་གྲག །དེ་ནས་སོང་བའི་ཆུ་ཆེན་གཅིག་གི་འགྲམ། །མི་གཅིག་མི་ཡི་ནང་ཆ་བཀྲུ་ཞིང་འདུག །ཏེ་ལོ་ཨེ་མཐོང་དྲིས་པས་མི་དེ་ཡིས། །དང་པོ་ནང་ཆ་བཀྲུ་རོགས་གྱིས་དང་ཟེར། །སྐྱུག་བྲོ་བདག་གིས་བཀྲུ་བར་མི་འདོད་སྨྲས། །ཉོན་མོངས་མི་བཀྲུ་བླ་མ་མི་རྙེད་ཅེས། །སྒྲ་གྲག་དེ་ཉིད་དུ་ནི་མི་སྣང་གྱུར། །ཀྱེ་མ་བླ་མའི་སྤྲུལ་པ་མང་འཕྲད་ཀྱང་། །མ་ཤེས་ན་ཡང་ད་རུང་བཙལ་སྙམ་སོང་། །གྲོང་ཁྱེར་རྒྱ་ཆེན་མཛེས་པའི་དབུས་ཉིད་དུ། །ཆོས་ལྡན་རྒྱལ་པོ་གཅིག་གི་དྲུང་དུ་


CMR004_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན། །ང་ནི་ནཱ་ལེནྡྲ་ཡི་པཎྜིཏ། །བླ་མ་ཏེ་ལོ་བཙལ་བས་མ་རྙེད་ངལ། །རྒྱལ་པོ་ཁྱོད་ཀྱིས་བདག་ལ་བསྟན་འཚལ་ཞུས། །རྒྱལ་པོས་ཏེ་ལོ་མི་མཐོང་དགོས་པ་མེད་། །ང་ཡི་བུ་མོ་ལོངས་སྤྱོད་མཐའ་ཡས་ཅན། །ཁྱོད་ལ་འབུལ་བས་རེ་ཤིག་ངལ་བསོས་ཟེར། །དེ་ལྟར་བྱས་པས་ཁྱེའུ་གཅིག་ཀྱང་བྱུང་། །སྐྱིད་པོར་ཡོད་ཚེ་ངན་སྤྱོད་མཁན་གཅིག་གིས། །རྒྱལ་པོའི་བུ་མོ་བྱིསྦ་གཉིས་བཅས་བསད། །རྒྱལ་པོས་ཀྱང་ནི་ལེ་དད་བཀའ་བཀྱོན་བྱས། །ཁོ་བོས་བླ་མ་དམ་པ་ཚོལ་བསམས་པས། །རྒྱལ་པོས་ང་བསླས་ཆོས་ཀྱི་བར་ཆད་བྱས། །ད་ནི་རྒྱལ་པོ་དང་ནི་བསད་མཁན་བཅས། །དྲག་སྔགས་མཐུ་ཡིས་བསྒྲལ་བར་བྱ་དགོས་སྙམ། །བསྒྲུབ་པའི་ཁང་བུར་མཚམས་བསྡམས་སྔགས་བཟླས་པས། །དུག་གསུམ་སྤྱད་པས་བླ་མ་རྙེད་མི་འགྱུར། །ཁྱོད་ནི་སྒྱུ་མས་བསླུས་ཞེས་སྒྲ་གྲག་སྟེ། །རྒྱལ་པོ་ཡུལ་ཁམས་བཅས་པ་མི་སྣང་ངོ་། །དེ་ནས་ཡང་ནས་སོང་བའི་ལམ་ཁ་ན། །རྔོན་པས་རི་དྭགས་དེད་ནས་བྱུང་བ་ལ། །ཏེ་ལོ་དྲིས་པས་གསོད་རོགས་གྱིས་དང་ཟེར། །དགེ་སློང་ཡིན་སྙམ་མོད་ལ་དེ་མི་སྣང་། །གཟུགས་འཛིན་རི་དྭགས་བསད་པར་མ་བྱས་ན། །བླ་མ་མི་


CMR004_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་དགེ་འདུན་བསོད་སྙོམས་སློང་། །ཞེས་པའི་སྒྲ་གྲག་དེ་ནས་པཎྜི་ཏ། །དགེ་འདུན་འདུ་བའི་གནས་སུ་བྱོན་པ་ལ། །དགེ་འདུན་རྣམས་ཀྱིས་འདི་སྐད་ཅེས་ནི་གསོལ། །ཁྱེད་ནི་ཅུང་ཟད་ཕར་ལ་བྱོན་ཤིག་དང་། །པཎ་ཆེན་ཁྱེད་ལ་བསུ་བ་བྱ་དགོས་ཟེར། །བདག་ལ་བཀུར་སྟི་བྱས་ཀྱང་དགའ་བ་མེད། །བླ་མ་ཏེ་ལོ་ཨེ་མཐོང་དྲིས་པ་ལ། །མུ་ཏོ་བ་ཡི་ཏེ་ལོ་བྱ་བ་ཞིག །འདུག་ཟེར་གཅིག་གིས་བསྟན་དུ་སོང་ཙ་ན། །ལམ་མདོར་སྤྲང་རྒན་མི་སྡུག་འདོར་བ་དང་། །བསླང་སྣོད་ཆག་པོར་སྤྲང་ཟས་ཟ་བར་མཐོང་། །ཕྱག་འཚལ་བསྐོར་བ་བྱས་པས་དགེ་འདུན་རྣམས། །པཎྜི་ཏ་འདི་སྐྱོ་བ་ཡིན་ནམ་ཟེར། །སྤྲང་པོ་དེ་ཡིས་ཤིག་ནི་སྤར་བ་གང་། །ཁོང་ལ་གཏད་ནས་མེ་ལ་བསྲེགས་ཤིག་ཟེར། །ཅུང་ཟད་ཐེ་ཚོམ་གྱུར་པས་འཇའ་ལྟར་ཡལ། །རྣམ་རྟོག་མ་བསྲེགས་བླ་མ་ག་ལ་རྙེད། །རྒྱ་མཚོའི་འགྲམ་དུ་ཉ་གསོད་འགྲོའོ་ཞེས། །སྒྲ་ཞིག་གྲག་པས་རྒྱ་མཚོའི་འགྲམ་དུ་སོང་། །བཙུན་རྒན་གཅིག་དང་བཙུན་མ་རྒན་མོ་གཉིས། །ཞིང་རྨོ་དེ་ཡི་བུ་དང་བུ་མོ་རྣམས། །ཉེ་རྣམས་གཅོད་ཅིང་འདུག་པ་གཅིག་དང་འཕྲད། །ཏེ་ལོ་དྲིས་པས་ཏེ་ལོ་ངས་མི་ཤེས། །དང་པོ་ཁྱིམ་དུ་བྱོན་ལ་དྲོ་


CMR004_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ཟེར། །ཉ་བདུན་གསོན་པོར་སྡེར་དུ་དྲངས་བྱུང་བས། པཎྜི་ཏ་ཡིན་མི་རུང་སྙམ་མ་ཐག །དེ་དག་མི་སྣང་སྒྲ་སྐད་འདི་བྱུང་ངོ་། །རྣམ་པར་རྟོག་པས་བླ་མ་།རྙེད་པར་དཀའ། །ད་ནི་ཕ་མ་གསོད་དུ་འགྲོའོ་ཟེར། །དེ་ནས་འོང་བས་མི་གཅིག་ལས་ངན་བྱེད། །ཕ་ནི་གསལ་ཤིང་ལ་བསྐྱོན་མ་དེ་ནི། །ཁྲི་མུན་དོང་དུ་བཅུག་པ་དེ་དང་འཕྲད། །ཏེ་ལོ་དྲིས་པས་དེ་ནི་ངས་ཤེས་ཏེ། །དང་པོ་ཕ་མ་གསོད་རོགས་གྱིས་དང་ཟེར། །མི་རུང་བསམ་ཚེ་ཐམས་ཅད་མི་སྣང་གྱུར། །གཟུང་འཛིན་ཆགས་སྡང་ཕ་མ་མ་བསད་ནས། །བླ་མ་མི་རྙེད་ད་ནི་ལྟད་མོར་འགྲོ། །ཟེར་བ་ཐོས་ནས་ཡང་ནི་སོང་སོང་བས། །མིག་གཅིག་པ་ཡི་ཡུལ་དུ་མི་མང་འདུས། །འོན་པས་སྒྲ་ཉན་དམུས་ལོང་ལྟད་མོ་ལྟ། །ལྐུགས་པས་གཏམ་སྨྲ་རོ་ལངས་གར་བྱེད་མཐོང་། །ངོ་མཚར་སྙམ་ནས་བལྟས་པས་ནམ་མཁའ་ནས། །མི་གཅིག་དུ་མ་རོ་གཅིག་སྟེ། །ཞེས་སོགས་ངོ་སྤྲོད་སྒྲ་གྲག་མི་སྣང་གྱུར། །དེ་ནས་ཡུན་རིང་བཙལ་ཡང་མ་རྙེད་ངལ། །ད་ནི་ལུས་འདིའི་བླ་མ་མི་རྙེད་པས། །ལུས་འདི་བོར་ནས་སྨོན་ལམ་བཏབ་བོ་སྙམ། །མ་འོངས་བླ་མ་མཇལ་བའི་སྨོན་ལམ་བཏབ། །མཆི་


CMR004_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདོན་ཞིང་མགྲིན་པར་སྤུ་གྲི་ཚད། །བྲེག་ལ་ཁད་དུ་མཁའ་ལས་སྒྲ་གྲག་པ། །བསད་པས་བླ་མ་མི་རྙེད་དེ། །ཁྱོད་འདོད་སྡིག་ཅན་ང་ཉིད་དོ། །ཞེས་གསུངས་འཇའ་དང་འོད་ཀྱི་གུར་ཁང་དབུས། །རྣལ་འབྱོར་མཐིང་ནག་དབུ་སྐྲ་སྤྱི་བོར་བཅིངས། །སྐྱབས་སྦྱིན་ཕྱག་རྒྱ་མཛད་པ་དངོས་སུ་མཇལ། །དད་པས་ཕྱག་འཚལ་ཐུགས་རྗེས་གཟིགས་ཤིག་ཞུས། །ད་ནི་གསང་སྔགས་སྣོད་དུ་གྱུར་ཞེས་གསུངས། །ཁྱོད་དང་བདག་གཉིས་རྟག་ཏུ་འབྲལ་མེད་ཀྱང་། །སྡིག་པས་སྒྲིབ་སྟེ་ཇི་བཞིན་མ་མཐོང་གསུངས། །དེ་ནས་ཏེ་ལོ་བྱོན་སོང་རྗེས་བཞིན་རྒྱུག་།ཐང་སྐྱིལ་གཅིག་ཏུ་སྔར་ལྟར་མཛད་ཅིང་གདའ། །ཕྱག་འཚལ་མཎྜལ་ཕུལ་ནས་ཞུས་པ་ནི། །བདག་ནི་རྒྱལ་པོ་དགེ་བའི་གོ་ཆའི་བུ། །རབ་ཏུ་བྱུང་བས་མཁས་པ་ཆེན་པོར་གྲགས། །ཁྱོད་ཉིད་ཚོལ་ཕྱིར་དཀའ་བ་དུ་མ་སྤྱད། །ད་ནི་དམ་ཆོས་བདུད་རྩི་སྩོལ་ཞུས་པས། །དང་པོ་ཁྱོད་ལ་དབང་བསྐུར་བྱ་དགོས་པས། །མྱུར་བར་མེ་དང་རས་ཡུག་ཁྱེར་ཤོག་གསུངས། །མེ་དང་རས་ཡུག་བཙལ་ནས་ཕྱག་ཏུ་བཏང་། །རས་ཡུག་སྟེང་དུ་མེ་བཞག་ཐལ་བར་སོང་། །གོ་འམ་གསུངས་པས་རང་རྒྱུད་དྲི་མ་མེད། །དབང་དོན་མེས་བསྲེགས་


CMR004_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་ཡེ་ཤེས་སུ། །ཕྱིན་པར་གོ་ཞུས་ཅི་ཡང་མི་གསུང་བཞུད། །རྗེས་སུ་སོང་སོང་ཐང་སྐྱིལ་གཅིག་ཏུ་བཞུགས། །ཕྱག་འཚལ་གདམས་པ་གནང་བར་ཞུས་པ་ལ། །མེ་ཤེལ་འོད་འབར་གཅིག་བསྟན་གོ་འམ་གསུངས། །གདོད་ནས་དྲི་མེད་ལྟ་བུའི་སེམས། །བླ་མའི་ངོ་སྤྲོད་མཆོག་གིས་གོ་ལགས་ཞུས། །ཅི་ཡང་མི་གསུང་བཞུད་པའི་ཕྱི་ལ་འབྲངས། །སྔར་ལྟར་བཞུགས་འདུག་ཕྱག་འཚལ་མཎྜལ་ཕུལ། །རྒྱ་མདུད་བསྟན་ཏེ་བཀྲོལ་ནས་གོ་འམ་གསུངས། །འཆིང་བྱེད་འཁོར་བ་རང་གྲོལ་གྱི། །ཡེ་ཤེས་སུ་གོ་དེ་ནི་ཡིན་ལགས་སམ། །ཞུས་པས་ཅི་ཡང་མི་གསུངས་བྱོན་སོང་བས། །ཕྱི་ལ་འབྲངས་པས་བཞུགས་འདུག་ཕྱག་བསྐོར་བྱས། །ནོར་བུའི་ཕྱག་རྒྱ་བསྟན་ནས་གོ་འམ་གསུངས། །བླ་མ་ཡིད་བཞིན་ནོར་བུའི་མཆོག་དེ་ལ། །བསྟེན་ནས་དགོས་འདོད་འབྱུང་ངོ་དེ་ལགས་སམ། །ཞུས་པས་མི་གསུངས་བཞུད་པས་ཕྱི་ལ་འབྲངས། །བཞུགས་པ་མཇལ་ནས་མཎྜལ་ཕྱག་བསྐོར་བྱས། །སྤྱན་ནི་གང་དུའང་མི་འགྱུར་པར་གཟིགས་ནས། །གོ་འམ་གསུང་ཚེ་རྗེ་བཙུན་བླ་མ་ལ། །མོས་གུས་རྩེ་གཅིག་བསྒོམ་ན་ཡོན་ཏན་འབྱུང་། །ཞེས་པར་གོ་ལགས་ཞུས་པས་མི་


CMR004_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་བཞུད། །ཕྱི་བཞིན་འབྲངས་པས་སྔར་བཞིན་བཞུགས་པར་མཇལ། །མཎྜལ་ཕུལ་ནས་གདམས་ངག་གནོངས་ཞུས་པས། །ཆུ་ཕོར་གང་གསོལ་དེ་དོན་གོའམ་གསུངས། །བླ་མའི་ཞལ་གདམས་དད་པས་འཐུང་དགོས་གོ །མི་གསུངས་བཞུད་པའི་ཕྱིར་འབྲངས་སྔར་ལྟར་མཇལ། །ཕྱག་འཚལ་མཎྜལ་ཕུལ་ནས་གདམས་པ་ཞུས། །སྣོད་མང་ཆུ་ཡིས་བཀང་སྟེ་གོ་འམ་གསུངས། །སྣ་ཚོགས་ཆོས་ཀུན་ཡེ་ཤེས་རོ་གཅིག་གོ །བླ་མ་གཤེགས་པའི་ཕྱིར་འབྲངས་སྔར་ལྟར་མཇལ། །ཆོས་འབྱུང་ཕྱག་རྒྱ་བསྟན་ཏེ་གོའམ་གསུངས། །རྣམ་པར་ཆོས་ཀུན་འབྱུང་བའི་གནས། །བསྟན་ན་མཆོག་གྲུབ་གོ་ལགས་ཞུས། །མི་གསུང་བཞུད་པའི་རྗེས་སུ་འབྲངས། །ཕྱག་འཚལ་གདམས་པ་ཞུས་པ་ལས། །ཐིག་ལེ་གཅིག་བསྟན་གོའམ་གསུངས་། །ཐིག་ལེ་ཉག་གཅིག་ཆོས་སྐུ་ནི། །རང་ལ་གནས་པའི་རྩལ་སྦྱངས་དགོས། །གོ་ཞུས་ཅི་ཡང་མི་གསུངས་བཞུད། །རྗེས་སུ་རྒྱུག་པས་སྔར་བཞིན་མཇལ། །ཕྱག་འཚལ་མཎྜལ་གདམས་པ་ཞུས། །རྒྱ་མདུད་གཅིག་བསྡམས་གོའམ་གསུངས། །མི་ཕྱེད་ཁ་སྦྱོར་གསང་བའི་གནད། །མི་འབྲལ་བརྟན་པོར་བསྒྲུབ་དགོས་གོ །ཞུས་པའི་ལན་མེད་བྱོན་ནས་


CMR004_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

སོང་། །རྗེས་སུ་རྒྱུག་པོས་མཇལ་བའི་ཚེ། །མཎྜལ་ཕྱག་ཕུལ་གདམས་པ་ཞུས། །ཅི་ཡང་མི་གསུང་ཡུད་ཙམ་བཞུགས། །གོ་འམ་གསུངས་པས་འདི་སྐད་ཞུས། །ལྷན་སྐྱེས་ཡེ་ཤེས་སྨྲ་བརྗོད་བྲལ། །སོ་སོ་རང་གིས་རྟོགས་དགོས་གོ །ཅི་ཡང་མི་གསུང་གཞན་དུ་བྱོན། །རྗེས་སུ་འབྲངས་པས་སྔར་ལྟར་མཇལ། །ཕྱག་འཚལ་གདམས་པ་གནང་བར་ཞུས། །ཤིང་ཐོག་གཅིག་གནང་གོ་འམ་གསུངས། །ཆོས་སྐུ་དཔག་བསམ་ཤིང་ཆེན་ལ། །རོ་མཆོག་བདུད་རྩིར་སྨིན་པར་གོ །དེ་ཚེ་ཅུང་ཟད་འཛུམ་མཛད་བརྡ་དོན་གསུངས། །བཅུ་གཉིས་བརྡ་ཤེས་སྣོད་དང་ཆེ་ལྡན་ཏེ། །བལྟ་བྱ་ལྟ་བྱེད་ཡོད་ན་མི་གྲོལ་བས། །ལྟར་མེད་དོན་ལ་ལྟོས་ཤིག་གྲོལ་འགྱུར་གསུངས། །བླ་མའི་དྲིན་གྱིས་རང་སེམས་ནོར་བུ་རྙེད། །ཐོབ་མེད་དོན་ཐོབ་བདག་ཉིད་ཚིམས་ཞུས་པས། །མན་ངག་དོན་ལ་ཆགས་ཀྱང་བསླུས་གསུངས་གཞན་དུ་གཤེགས། །ཕྱི་བཞིན་སོང་བས་མཇལ་ནས་མཎྜལ་ཕུལ། །མོད་ལ་བཞེངས་ཏེ་ཨོ་ཏན་ཏྲ་བྷ་ཝ་རི་འམ། །གཙུག་ལག་ཐོག་རྩག་བཅུ་གསུམ་རྩེར་བྱོན་ནས། །སློབ་དཔོན་གསུངས་བཞིན་བྱས་ན་སྐད་ཅིག་གྲོལ་འགྱུར་ཕྱིར། །སློབ་མ་ཡོད་ན་


CMR004_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནས་མཆོང་དགོས་གསུངས། །ནཱ་རོ་མཆོངས་པས་རྐང་རུས་ལྟོ་བར་ཟུག །ཚིག་རྣམས་འཐོར་ཞིང་ནང་ཁྲོལ་ཕྱི་རུ་བྱུང་། །མགོ་ཆག་ཀླད་པ་འཐོར་ཡང་སྲོག་མ་ཆད། །སེམས་ནི་འགྱོད་མེད་བློ་ཁ་རྫོགས་ཤིང་གནས། །བླ་མ་བྱོན་ནས་ཅི་ཉེས་གསུངས་པ་ལ། །བདག་ནི་འདི་ནས་འཆི་འཕོས་གྱུར་ན་ཡང་། །ཁྱེད་དང་མི་འབྲལ་ཤོག་ཅེས་སྨོན་ལམ་ཞུས། །ལུས་ངན་ཞིག་ཀྱང་བཟོད་ཕྱིར་ཌཱཀིའི་གསུངས། །རང་རྒྱུད་སེམས་ཀྱི་མེ་ལོང་ལྟོས་ཤོག་གསུངས། །བླ་མའི་ཕྱག་གིས་བྱུགས་པས་སྔར་ལྟར་སོས། །དེ་ནས་ལོ་གཅིག་བར་དུ་ཕྱིར་འབྲངས་ནས། །མཎྜལ་ཕུལ་ནས་གདམས་ངག་གནོངས་ཞུས་པས། །ཕྱོགས་ཀུན་མེ་ཡིས་བསྐོར་བའི་དབུས་སུ་བཞག །ཤིང་མང་སྤུངས་ནས་ཇེ་ཉེར་ཡུན་རིང་བསྲེགས། །པགས་པ་ཤ་རྣམས་ཚིག་ནས་གཞོབ་ཏུ་གྱུར། །རྒྱུད་པ་ཆུ་རྒྱུས་རྣམས་ཀྱང་ཚིག་ནས་ཆད་། །ཁྲག་དང་ཆུ་སེར་རླངས་པ་རྣམས་ཀྱང་སྐམ། །ཚིག་བཞི་མ་འཐོར་སྲོག་ནི་མ་ཆད་ཙམ། །སེམས་ནི་འགྱུར་མེད་དད་པས་བློ་སེམས་དགའ། །དེ་ཚེ་ནམ་མཁའི་ལྷས་ཀྱང་མ་བཟོད་ནས། །འདི་འདྲ་ཅི་ཕྱིར་བྱེད་ཅེས་ཚིག་ཏུ་བརྗོད། །རྒྱུ་མཚན་བཤད་པས་ལྷས་ཀྱང་བསྟོད་པར་བྱས། །


CMR004_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ངན་ཚིག་ཀྱང་བཟོད་ཀྱིས་ནཱ་རོ་པ། །ཐུན་མོང་སེམས་ཀྱི་མེ་ལོང་ལྟོས་གསུངས་ནས། །ཕྱག་གིས་བྱུགས་པས་སྔར་ལས་ལེགས་པོར་སོང་། །ཡང་ནི་ལོ་གཅིག་བར་དུ་རྗེས་སུ་འབྲངས། །མཎྜལ་ཕུལ་ནས་གདམས་ངག་གནོངས་ཞུས་པས། །འདམ་རྫ་བ་ཤིན་ཏུ་དོགས་པའི་འོབས་གཅིག་ལ། །འདི་ནས་ལུས་ཀྱི་ཟམ་པ་གྱིས་དང་གསུངས། །ཟམ་པ་བྱས་པའི་སྟེང་དུ་ཡུན་རིང་བཞུགས། །ཤུགས་ཀྱིས་འདབ་རྫབ་ནང་དུ་འཕངས་ནས་གཤེགས། །འདམ་རྫབ་ནང་དུ་ལུས་ནུབ་སྲིན་བུའི་ཚོགས། །དུ་མས་ལུས་ཕུག་ཁྲག་རྣག་ཐམས་ཅད་འཇིབ། །རིང་ཞིག་ལོན་ནས་ཏེ་ལོ་བྱོན་བྱུང་ནས། །ལུས་ངན་སྲིན་བུའི་བཤིགས་ཀྱང་བཟོད་ཀྱིས་ནཱ་རོ་པ། །དམ་ཚིག་ཡིད་བཞིན་ནོར་བུ་འཆང་གསུངས་ནས། །ཕྱག་གིས་བྱུགས་ནས་ལུས་ནི་སྔར་བཞིན་སོས། །དེ་ནས་ལོ་གཅིག་བླ་མའི་རྗེས་སུ་འབྲངས། །མཎྜལ་ཕུལ་ནས་གདམས་ངག་ཞུས་པ་ཡིས། །སྨྱུག་ཐུར་མང་པོ་སོ་བཏོན་ངར་བླུད་ནས། །མདུན་རྒྱབ་གཡས་གཡོན་ཀུན་ནས་ཟང་ཐལ་ཕུག །ལུས་ནི་སྨུག་ཕུང་ལྟ་བུར་ཟིང་ཟིང་བྱས། །ལུས་ཀྱང་ཁྲག་གིས་ཟག་ནས་དམར་པོར་གྱུར། །བླ་མའི་ཕྱག་གིས་དངོས་


CMR004_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཙུགས་པ་ཡིས། །བསམ་པ་འགྲུབ་སྙམ་དགའ་བ་རྒྱ་ཆེན་གྱིས། །དེ་ཚེ་ལྷ་མོ་གཅིག་ཀྱང་ཡི་མུག་ནས། །ཏེ་ལོ་པ་ལ་སྐུར་པ་འདེབས་པར་གྱུར། །གཏུམ་མོའི་གནད་ཀྱི་གདམས་པ་བསྒོམ་གསུངས་ནས། །ཕྱག་གིས་བྱུགས་པས་སྔར་བས་ལེགས་པར་སོས། །དེ་ནས་ལོ་གཅིག་བར་དུ་ཕྱི་བཞིན་འབྲངས། །མཎྜལ་ཕུལ་ནས་གདམས་པ་གནོངས་ཞུས་པས། །འོ་ན་རྒྱལ་པོའི་བཙུན་མོ་ཁྲིད་ཤོག་གསུངས། །རྒྱལ་པོའི་བཙུན་མོ་འཁོར་ཚོགས་འབུམ་ཕྲག་གིས། །བསྐོར་ནས་འདུག་པར་ནཱ་རོས་ཁྲིད་བརྩམས་པས། །ན་རོ་བརྡུངས་ནས་ཤི་བར་ག་ནས་བསྒྱུར། །ཡུན་རིང་བརྒྱལ་ནས་དྲན་པ་རྙེད་པ་ལ། །བླ་མའི་བཀའ་སྒྲུབ་ཤི་བ་ལེགས་སོ་སྙམ། །བླ་མས་བདེ་ཆེན་ཁ་སྦྱོར་ལྟོས་གསུངས་ནས། །ཕྱག་གིས་བྱུགས་པས་སྐད་ཅིག་སྔར་བཞིན་སོས། །དེ་ནས་ལོ་གཅིག་བར་དུ་རྗེས་སུ་འབྲངས། །ཕྱག་འཚལ་གདམས་ངག་བསྟན་པར་ཞུས་པ་ན། །འོ་ན་བློན་པོའི་ཆུང་མ་ཁྲིད་ཤོག་གསུངས། །བློན་པོའི་ཆུང་མ་བཟུང་ནས་ཁྲིད་པ་ཡིས། །བློན་པོ་འཁོར་བཅས་ཁྲོས་ནས་ནཱ་རོ་བཟུང་། །རྐང་ལག་བཞི་བཅག་སྐྱོགས་ཀྱི་ནང་དུ་བཅུག །རྒྱང་རིང་འཕངས་པས་


CMR004_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་གི་ངོས་ལ་ཕོག །རུས་བཞི་རྣམས་ཞིག་ཆུ་རུས་ཐམས་ཅད་ཆད། །མ་ཤི་ཙམ་དུ་ཡོད་དུས་བླ་མ་བྱོན། །འཕོ་བའི་འཁྲུལ་འཁོར་ལྟོས་གསུངས་ཕྱག་གིས་རེག །སྔར་བཞིན་སོས་ནས་ལོ་གཅིག་ཆག་ཕྱིར་འབྲངས། །གདམས་ངག་ཆོས་ཤིག་གནོང་བར་ཞུས་པ་ཡིས། །རྒྱུ་ལམ་བཞི་མདོར་བག་མ་འགྲོ་བ་ཡི། །མེ་ཏོག་ཕྲེང་བ་བཀོན་ལ་ཁྲིད་ཤོག་གསུངས་། །དེ་ལྟར་བྱས་པ་བཙལ་ཚེ་སྙེ་བོ་ཡིས། །རབ་ཏུ་བརྡུངས་ནས་རོ་བཞིན་གྱུར་པ་ན། །དེ་ནས་ཤི་སོང་ཟེར་ནས་བསྒྱུར་ཏེ་སོང་། །ཡུན་རིང་བརྒྱལ་ནས་དྲན་པ་ཅུང་ཟད་རྙེད། །བདག་ནི་རྒྱལ་སྲིད་སྤངས་ནས་པཎ་ཆེན་གྱུར། །བླ་མ་རྙེད་ནས་གདམས་པ་ཅུང་ཟད་ཐོབ། །འོན་ཀྱང་ཡང་དག་བདེན་པ་མ་མཐོང་བས། །ཕལ་པའི་སྐྱེ་བོའི་བརྡུང་སྟེ་ཉམས་ཐག་སྙམ། །ཡུན་རིང་ངུ་ཞིང་ཡོད་རྩར་བླ་མ་བྱོན། །ཡང་དག་ཡེ་ཤེས་ལྟོས་གསུངས་ཕྱག་གིས་རེག །དེ་མ་ཐག་ཏུ་མཆོག་གི་ལུས་སུ་གྱུར། །དེ་ནས་ལོ་གཅིག་བླ་མའི་ཆག་ཕྱིར་འབྲངས། །མཎྜལ་ཕུལ་ནས་གདམས་ངག་དབང་ཞུས་པས། །མི་གཅིག་འགྲོ་ཞིང་འདུག་པ་ཟུངས་ཤིག་གསུངས། །ནཱ་རོ་བརྒྱུགས་པས་ཇེ་མགྱོགས་མ་ཟིན་ནས། །ཤིན་ཏུ་


CMR004_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་ཆད་དྲན་མེད་བརྒྱལ་བ་ལས། །ཅུང་ཟད་དྲན་པ་རྙེད་ཀྱང་འགུལ་མ་ནུས། །བླ་མ་བྱོན་པ་འདི་ལ་ཁྱོད་ཉལ་ན། །འགྲོ་དྲུག་སྡུག་བསྔལ་རྣམས་ལ་ཇི་ལྟར་བྱ། །རྨི་ལམ་གདམས་ངག་ལྟོས་གསུངས་ལུས་སེམས་བདེ། །དེ་ནས་བླ་མའི་རྗེས་སུ་ལོ་གཅིག་སོང་། །ཕྱག་འཚལ་གདམས་ངག་གནོངས་ཞེས་གསོལ་བཏབ་པས། །འོ་ན་མཎྜལ་གྱིས་གསུངས་ཆུ་མ་རྙེད། །རང་གིས་ཁྲག་ཕྱུང་ས་ལ་མཎྜལ་བྱས། །སོར་ཚིག་རྣ་བ་སྣ་བཅད་ཚོམ་བུ་བཀོད། །ཡན་ལག་ཉིང་ལག་རྣམས་ཀྱང་བཅད་ནས་བཀོད། །ཕྱག་གིས་བྱུགས་པས་སྔར་ལྟར་བདེ་བར་སོས། །གསང་ཆེན་བར་དོའི་གདམས་ངག་བཀའ་བསྩལ་ཏོ། །དེ་ནས་བླ་མའི་རྗེས་སུ་ལོ་གཅིག་སོང་། །མཎྜལ་ཕྱག་འཚལ་གདམས་ངག་གསོལ་བཏབ་པས། །སྟོན་མོ་ས་ནས་བཟའ་བཏུང་སློང་ཤོག་གསུངས། །གང་རྙེད་ཕུལ་བས་ད་རུང་ཁྱེར་ཤོག་གསུངས། །དེ་ནས་མ་བྱིན་པ་ལ་འཕྲོག་ནས་ཁྱེར། །ཀུན་གྱིས་ནཱ་རོ་བཟུང་ནས་ཆུ་རུ་འཕངས། །ཆུ་ལས་ཐོན་ནས་ཏེ་ལོའི་དྲུང་དུ་སླེབས། །ད་རུང་སོང་ལ་ཕྲོགས་ཤོག་དེད་བྱུང་ན། །བུམ་པ་ལི་གྲི་མེ་ལོང་རལ་གྲི་རྣམས། །ཟུར་ལ་སྐྱུར་ཞིང་བྲོས་ལ་ཤོག་ཅིག་གསུངས། །དེ་ནས་


CMR004_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ་བཏུང་ཁྱེར་བས་ཀུན་གྱིས་དེད། །སླེབ་ལ་ཁད་དུ་བུམ་པའི་ཆུ་འཕོས་པས། །ཆུ་ཡི་འོབས་གྱུར་དེས་ཀྱང་མ་གཏན་དེད། །ཐག་པ་བསྒྱུར་བས་ཆུར་གྱུར་མ་གཏན་དེད། །མེ་ལོང་བསྒྱུར་བས་མཚོ་གྱུར་བསྐོར་ནས་དེད། །རལ་གྲི་གཡུགས་པས་ལྕགས་ཀྱི་བསྐྱིལ་པོར་གྱུར། །དེ་ནས་སོལ་བ་དཔུང་ནས་མེ་བརྒྱབས་པས། །འདུག་པར་མ་ཚུགས་ཕྱི་རུ་བུད་པ་ན། །ཤིན་ཏུ་བརྡུངས་ནས་རོ་བཞིན་བྱས་ཏེ་སོང་། །བླ་མ་མཆོད་ཕྱིར་ཤི་བ་དོན་དང་ལྡན། །བསམས་ཤིང་ཡོད་ཚེ་བླ་མ་ཏེ་ལོ་བྱོན། །དམ་ཆོས་བདུད་རྩི་གནང་བས་ལུས་སེམས་བདེ། །ཡང་ནི་ལོ་གཅིག་བླ་མའི་ཆག་ཕྱིར་འབྲངས། །མཎྜལ་ཕྱག་འཚལ་གདམས་ངག་གནོངས་ཞུས་པས། །བྲང་ལ་རྡོག་སྟེ་ངོ་ལ་ཆགས་ལྷམ་བརྒྱབ། །ཇི་ལྟར་བཤད་ཀྱང་གོ་མེད་གསུངས་ནས་གཤེགས། །ཞག་མང་བརྒྱལ་སོང་དེ་ནས་དྲན་པ་རྙེད། །དད་པ་ཆེར་སྐྱེས་དེ་ཚེ་བླ་མ་བྱོན། །འཁོར་བ་གདོད་ནས་ཡེ་ཤེས་ལྷུན་གྱིས་གྲུབ། །ཏེ་ལོ་ང་ལ་ཅི་ཡང་བསྟན་དུ་མེད། །རང་གིས་རང་ཉིད་མཚོན་ཏེ་ཤེས་པར་གྱིས། །ཞེས་གསུངས་མོད་ལ་ནཱ་རོས་རྟོགས་པ་རྙེད། །སླར་ཡང་བླ་མའི་ཕྱི་བཞིན་ལོ་གཅིག་སོང་། །མཎྜལ་


CMR004_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་གདམས་པ་གནོང་ཞུས་པས། །འོ་ན་ཤེས་རབ་མ་ཞིག་ཚོལ་ཅིག་གསུངས། །མཚན་ལྡན་དྲི་མེད་མ་ཞེས་ཕྱག་རྒྱར་བཙལ། །ད་ནི་དེ་ཉིད་ང་ལ་ཕུལ་ཅིག་གསུངས། །ཕུལ་ནས་ཤེས་རབ་མ་དེས་ཕྱི་མིག་བལྟས། །ད་ནི་མོ་ཉིད་འདི་ལ་ཆགས་འདུག་པས། །ཁྱོད་ཀྱི་རྡོ་རྗེ་མེད་པར་བྱ་དགོས་གསུངས། །སྨྱུག་ཐུར་རྣོན་པོ་རྡོ་རྗེའི་སྦུགས་སུ་བཙུགས། །ནཱ་རོའི་གསང་གནས་རྡོ་ཡི་བར་དུ་བརྡུངས། །ཏེ་ལོས་བརྗོད་མེད་ཕྱག་ཆེན་དོན་བསྟན་པས། །ན་རོས་ཇི་བཞིན་རྟོགས་པས་གར་བྱས་སོ། །ད་ནི་བཀའ་དྲིན་ཅན་གྱི་བླ་མ་ལ། །དངོས་པོ་བཙལ་ནས་འབུལ་བ་བྱ་དགོས་སྙམ། །ནན་ཏན་བཙལ་བས་མུ་ཏིག་བྱི་རུ་སོགས། །མང་པོ་རྙེད་ནས་བླ་མར་འབུལ་དུ་སོང་། །བླ་མ་རིན་ཆེན་རི་བོ་ཆེན་པོའི་སྟེང་། །གཞལ་ཡས་ཁང་དབུས་ཌཱ་ཀིའི་མཆོད་ཅིང་འདུག །མུ་ཏིག་བྱི་རུ་འཕང་མེད་སྐུ་ལ་གཏོར། །བླ་མས་ཐོད་པ་བདུད་རྩིས་གང་བ་གནང་། །ད་ནི་བླ་མ་ཁྱེད་ཀྱི་ཐུགས་དགྱེས་ནི། །འཆད་ཉན་རྒྱ་ཆེན་ཡུན་དུ་བྱ་བ་འམ། །སྤྱིལ་པོར་རྩེ་གཅིག་བསྒྲུབ་པ་བྱ་འམ་ཞུས། །དེ་དག་གིས་ཀྱང་གྲོལ་བར་མི་འགྱུར་ཏེ། །ལྷན་སྐྱེས་ཡེ་ཤེས་ཁོ་ནས་གྲོལ་ལོ་གསུངས། །དེ་


CMR004_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བླ་མར་ཞུས་ནས་བཀའ་གནང་ནས། །ནཱ་རོ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་བྱོན། །བཻཌཱུརྱ་ཞེས་བརྗོད་ཅིང་ཕྱིན་པ་ན། །བྲམ་ཟེ་གཅིག་གིས་སྤུ་གྲི་ཟས་སུ་བྱིན། །གསོལ་བས་སྤུ་གྲི་མར་ལྟར་ཞུ་ཞིང་གསོལ། །ཚིགས་བཅད་གསུངས་པས་བྲམ་ཟེ་སྐད་ཅིག་གྲོལ། །ནམ་མཁར་འཕག་ནས་གར་བྱེད་ཆེད་དུ་བརྗོད། །དེ་རུ་ཐམས་ཅད་འདུས་ནས་ལྟད་མོ་བྱེད། །དེ་ནས་གྲུབ་ཐོབ་ཡིན་མིན་བརྟག་པའི་ཕྱིར། །གླང་ཆེན་སྨྱོན་པ་ནཱ་རོའི་སྟེང་དུ་རྦད། །ཧཱུྃ་ཞེས་སྡིགས་མཛུབ་གཏད་པས་གླང་ཆེན་འགྱེལ། །གླང་པོའི་རོ་ཆེན་རུལ་བས་གྲོང་ཁྱེར་སྡུག །གྲོང་ཁྱེར་རྣམས་ཀྱིས་ནཱ་རོ་པ་ལ་ཞུས། །དགོངས་པ་གཏད་པས་གླང་པོ་དེ་ལངས་ནས། །དེ་ནས་དཔག་ཚད་ཙམ་གྱིས་ཕ་རོལ་བའི། །རྒྱལ་པོ་སེངྒེ་ཟླ་བ་རབ་ཏུ་དད་། །སྲས་མོ་ལྷ་གཅིག་ཡེ་ཤེས་སྒྲོན་མ་ཡང་། །ཕྱག་རྒྱུར་ཕུལ་ནས་མཆོད་གནས་བྱེད་པར་ཞུས། །ཡོ་བྱད་ཀུན་གྱིས་བསྙེན་བཀུར་བྱེད་པའི་ཚེ། །ཁྱི་དང་རྔོན་པ་མང་བསྡུས་རི་དྭགས་བཤོར། །དེ་ལྟར་མ་མཛད་ཞུས་པས་དེ་བསྐྱུར་ནས། །བྱ་དང་ཆུ་གནས་སེམས་ཅན་དཔག་མེད་བསད། །ཁྲག་གིས་བརྫིང་བསྐྱིལ་ཤ་རུས་རྩིག་པ་བྱས། །དེ་ནས་མཚན་མོ་


CMR004_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་ཕོ་བྲང་རྒྱབ། །བཙུན་མོ་དང་བཅས་ཐག་པས་དམ་དུ་བསྡམས། །ཉེས་བསྒྲགས་མཚོན་གྱིས་བསྡིགས་ཤིང་ཡབ་ཡུམ་གཉིས། །ཙནྡན་མེ་ཆེན་ནང་དུ་བསྲེགས་བྱས་ནས། །ནངས་པར་ཐོ་རངས་བལྟས་པས་མེ་དཔུང་དབུས། །འཇའ་གུར་ནང་དུ་ཡབ་ཡུམ་རྒྱན་གྱིས་བརྒྱན། །གར་སྟབས་མཛད་ཅིང་བཞུགས་མཐོང་ངོ་མཚར་སྐྱེས། །རྒྱལ་པོ་ལ་སོགས་ཀུན་འདུས་སྔགས་པ་བརྗོད། །རབ་འགྱོད་བཤགས་པ་ཕུལ་བས་འདི་སྐད་དུ། །དགེ་སྡིག་ལས་འདས་རང་རིག་ཡེ་ཤེས་བལྟོས། །ཞེས་གསུངས་སྐད་ཅིག་དེ་ལ་ཐམས་ཅད་གྲོལ། །མཁའ་ལ་འཕུར་ཞིང་སོ་སོས་ཆེད་དུ་བརྗོད། །དེ་ནས་ཆུ་བོ་གངྒའི་བྱེ་མ་ལ། །རྩེད་མོ་བྱེད་ཅིང་བཞུགས་ཚེ་ནམ་མཁའ་ལ། །ཏེ་ལོ་བྱོན་ནས་ཕྱག་ཆེན་གདམས་ངག་གསུངས། །ངེས་དོན་རྟོགས་པ་མཐར་ཐུག་དེ་རུ་སྐྱེས། །བྱང་ཕྱོགས་པཱུ་ལ་ཧ་རིའི་དགོན་པ་རུ། །གདུལ་བྱར་སོང་མཛོད་ཅེས་གསུངས་ནཱ་རོ་པས། །སླར་ཡང་བྱང་སྒོ་བསྲུང་བའི་པཎ་ཆེན་མཛད། །སྐལ་ལྡན་མཐའ་ཡས་སྔགས་ཀྱི་སྨིན་གྲོལ་མཛད། །འཆི་མེད་འཇའ་ལུས་རྡོ་རྗེའི་སྐུར་གྱུར་རྟོགས། །བདེན་གཉིས་མཐའ་དང་བྲལ་བའི་ནཱ་རོ་པ། །རིག་པའི་གནས་ལྔ་


CMR004_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་མཁས་གྱུར་ཏེ། །དེ་བཞིན་གཤེགས་པས་སྤྲུལ་སྐུ་ཁྱེད་ལུང་བསྟན། །ཁྱོད་ཀྱི་བླ་མ་ཐམས་ཅད་མཁྱེན་པ་ཡིན། །ནཱ་རོ་པ་ཞེས་གྲགས་པའི་རྣལ་འབྱོར་པས་། །བཅོམ་ལྡན་ཤཱཀྱ་ཐུབ་པའི་བསྟན་པ་ལ། །མྱ་ངན་མི་འདའ་སྐུ་ཡིས་འགྲོ་དོན་མཛད། །འདི་ནི་རྒྱལ་བ་ཉིད་ཀྱི་རྣམ་པར་འཕྲུལ། །ཞེས་པའི་དོན་གྱིས་ཐམས་ཅད་གསལ་བའོ། །ནཱ་རོའི་རྣམ་ཐར་རྒྱ་མཚོའི་ཆུ་ཐིགས་ཙམ། །དད་པའི་བློ་ཡིས་རཱ་གའི་མིང་གིས་བཀོད། །དགེ་བས་འགྲོ་ཀུན་ཚེ་གཅིག་སངས་རྒྱས་ཤོག །སརྦ་མངྒ་ལོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


CMR004_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷམ་མ་ཏི་ཡེ། བྱང་སེམས་བློ་གྲོས་རིན་ཆེན་རྣམ་པར་འཕྲུལ། །ཧེ་རུ་ཀ་དངོས་ལོ་ཙྪ་ཆེན་པོ་ནི། །བོད་ཡུལ་ལྷོ་ཕྱོགས་ལྷོ་བྲག་ཆུ་ཅན་དུ། །མར་པ་དབང་ཕྱུག་འོད་ཟེར་ཞེས་བྱ་དང་། །རྒྱལ་མོ་འོད་ཟེར་ཞེས་བྱའི་སྲས་སུ་འཁྲུངས། །ཞབས་ལ་འཁོར་ལོའི་མཚན་དང་ལྡན་པ་སོགས། །མཐོང་ནས་ཡིད་འཕྲོག་བློ་རྣོ་བློ་གྲོས་བཏགས་། །རྩེ་མོའི་ཚེ་ཡང་དགོན་དང་དབེན་ཁང་དང་། །གསུང་རབ་རྩིགས་པ་དཀྱིལ་འཁོར་གཏོར་མ་དང་། །ཆོས་བཤད་སྒོམ་སོགས་རྩེ་མོའི་ཚུལ་དུ་མཛད། །བཅུ་གཉིས་ལོ་ལ་རྙིང་མའི་སློབ་དཔོན་བསྟེན། །འབྲི་ཀློག་ལ་སོགས་ཡོན་ཏན་མང་དུ་མཁྱེན། །དེ་ནས་ཅུང་ཟད་སྐུ་སྤྱོད་རྩུབ་པ་ཡིས། །ཡུལ་མི་ཀུན་གྱིས་འབར་བས་སྐྱོ་བ་སྐྱེས། །རྒྱ་གར་ཡུལ་དུ་འགྲོ་དགོས་གསུངས་པ་ཡིས། །གསེར་ཡང་ཅུང་ཟད་ཡབ་ཡུམ་གཉིས་ཀྱིས་བརྫང་། །གཉོས་ལོ་དང་འགྲོགས་བལ་པོའི་བར་དུ་བྱོན། །རྒྱ་བལ་འཁྲུག་པས་ཡུན་རིང་བལ་པོར་ལུས། །ཕལ་སྐད་དང་ནི་སྒྲ་ཡང་ལེགས་པར་མཁྱེན། །ནཱ་རོའི་མཚན་ཐོས་བཟོད་མེད་དད་པ་སྐྱེས། །སན་དྷ་པ་དང་སྤྱི་ཐེར་བ་གཉིས་ལ། །ཀྱེ་རྡོར་གསན་ཞིང་དབང་ཀུན་འགའ་རེ་


CMR004_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་། །དེ་ནས་ཆེས་ཀ་ཚོལ་ཕྱིར་བོད་དུ་བྱོན། །འབྲོག་མི་ལོ་ཙྪའི་དྲུང་དུ་བྱོན་པ་ལ། །ཆོས་སྒོ་དོགས་ཤིང་དབང་ཡོན་དཀའ་འདུག་པས། །འབུལ་སྡུད་ཚོང་སོགས་གང་དྲག་བྱས་པ་ཡིས། །གསེར་སྲང་ལྔ་བཅུ་ཙམ་རྙེད་བལ་པོར་བྱོན། །ལོ་གསུམ་བཞུགས་ནས་ཚད་པར་གོམས་སུ་བཅུག །བླ་མ་གཉིས་ལ་གདན་བཞི་དུད་སོལ་གསན། །དེ་ནས་རྒྱ་གར་ཡུལ་དུ་བྱོན་ནས་ཀྱང་། །བི་ཀྲ་མ་ལ་ཤི་ལའི་གཙུག་ལག་ཏུ། །པཎྜི་ཏ་རྣམས་སུ་བཟང་དྲིས་པ་ཡིས། །ནཱ་རོ་པ་ལ་འགྲན་ཟླ་མེད་ཟེར་བས། །ནཱ་རོ་པཎ་ཆེན་ཚོལ་དུ་སོང་བ་ན། །ཡེ་ཤེས་སྙིང་པོ་ཀུ་ས་ལི་སོགས་མཇལ། །ཀྲི་ཡའི་མ་རྒྱུད་གདམས་སྐོར་འགའ་ཞིག་གསན། །ལོ་ལྔ་སོང་བས་བརྒྱག་ཆད་བལ་པོར་བྱོན། །གོང་གི་སློབ་མ་རྣམས་ཀྱིས་གསེར་བསྐུར་འཕྲོད་། །རྒྱ་གར་བྱོན་ནས་སྔོན་གྱི་བླ་མ་རྣམས། །གསེར་གྱི་མཎྜལ་ཕུལ་བས་བླ་མ་མཉེས། །ཚོང་པ་འགའ་དང་སྦྲག་སྟེ་བཏང་བ་ཡིས། །ནཱ་ལེནྡྲ་ཡི་གཙུག་ལག་ཁང་དུ་བྱོན། །དེ་དུས་སྒོ་སྲུངོ་པཎ་ཆེན་རྣམ་པ་བཞི། །ཤར་ཕྱོགས་རཏྲ་ཨ་ཀར་ཤནྟི་པ། །ལྷོ་ཕྱོགས་ངག་གི་དབང་ཕྱུག་གྲགས་པ་དང་། །ནུབ་ཕྱོགས་ཤེས་རབ་འབྱུང་གནས་སྦས་པ་དང་། །བྱང་


CMR004_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྒོ་སྲུང་པཎ་ཆེན་ནཱ་རོ་པ། །དབུས་ན་སློབ་དཔོན་ཆེན་པོ་བསོད་སྙོམས་པ། །བར་ཆད་སེལ་བའི་དབང་ནི་བསྐུར་བ་ཡིས། །ཨ་ཙརྱ་བྷ་ལིང་ནག་པོ་ཞེས་བྱ་དང་། །གནས་བརྟན་ཇོ་བོ་པཎ་ཆེན་ཨ་ཏི་ཤས། །བཅུ་དགུ་བཞེས་པ་དེ་ལ་བསྙེན་རྫོགས་ནས། །བསོད་སྙོམས་པ་ཡི་ཉེ་གནས་མཛད་ཅིང་སྣང་། །དེ་ནས་མར་པ་ཕྱོགས་བཞི་དབུས་ལྔ་རུ། །སོང་ནས་པཎ་ཆེན་སུ་ཆེ་དྲིས་པ་ཡིས། །ཐམས་ཅད་ཁ་ཐུན་ནཱ་རོ་འགྲན་མེད་ཟེར། །དེ་ནས་པུ་ལ་ཧ་རའི་དགོན་པར་མཇལ། །གསེར་གྱི་མཎྜལ་ཕྱག་དང་བསྐོར་བ་བྱས། །བདེ་དགྱེས་ཇོ་བོ་ལྷན་ཅིག་སྐྱེས་མ་དང་། །མ་ཧཱ་མུ་ཏྲ་ཨ་ཐུང་གདམས་ངག་གནང་། །ཐུན་མཚམས་དགྱེས་རྡོར་རྒྱུད་ལ་སློབ་གཉེར་བྱས། །ལོ་གཉིས་ལོན་ནས་བརྒྱག་ཆད་བསྒྲུབ་བྱོན་པས། །གཉོས་ལོ་དང་འཕྲད་བགྲོ་གླེང་མར་པ་རྒྱལ། །གཉོས་ལོ་ན་རེ་བདེ་དགྱེས་བོད་ལའང་ཡོད། །མ་ཧཱ་མ་ཡའི་གདམས་ངག་དགོས་སོ་ཟེར། །ནཱ་རོའི་དྲུང་དུ་མ་ཧཱ་མ་ཡ་ཞུས། །ཀུ་ཀུ་རི་པའི་དྲུང་དུ་འགྲོ་དགོས་གསུངས། །སོ་ས་གླིང་ནས་རྣལ་འབྱོར་པ་གསུམ་བཀུག །ཁྱེད་གསུམ་ཁོ་ཡིས་བར་ཆད་སྲུངས་ཤིག་གསུངས། །གཅིག་གི་སྲིན་མོ་


CMR004_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གི་དུག་དང་ནི། །གཅིག་གི་མི་མིན་གནོད་པ་བསྲུང་ངོ་ཟེར། །ཟླ་ཕྱེད་བར་དུ་དུག་མཚོ་འབོག་ཅིང་སོང་། །ཕར་ཁར་ཕྱིན་ནས་གསོལ་བ་བཏབ་ཅིང་བཙལ། །སྤྲང་རྒན་འདྲ་བ་ཅིག་ནི་འདུག་པ་ལ། །ཕྱག་འཚལ་མཎྜལ་ཕུལ་ནས་གདམས་པ་ཞུས། །བྱིན་རླབས་མཛད་པས་ཚུལ་ལམ་མར་པ་ཡང་། །བྱ་བཞིན་འཕུར་ནས་པུ་ལ་ཧ་རིར་བྱོན། །ལམ་གྱི་ལོ་རྒྱུས་ནཱ་རོས་ཚུར་ལ་གསུངས། །སླར་ཡང་མ་ཧཱ་མ་ཡ་ཚར་གཅིག་གནང་། །དེ་ནས་གཉོས་ལོ་དང་འཕྲད་རྐྱེན་བྱས་ནས། །ནཱ་རོ་པ་ལ་གསང་འདུས་ཞུས་པ་ཡིས། །ཁ་ཆེའི་པཎ་ཆེན་ཨ་ཀར་སིདྡྷི་དང་། །མཉམ་དུ་དབང་དང་རྒྱུད་འགྲེལ་གདམས་ངག་གནང་། །དེ་ནས་མེ་ཏྲི་པ་ཡི་མདུན་དུ་བྱོན། །མཁའ་སྤྱོད་མ་དང་ཕྱག་ཆེན་གདམས་པ་གནང་། །དེ་ནས་དུ་ཁེ་ཏྲ་ཡི་གྲོང་ཁྱེར་བྱོན། །ཡེ་ཤེས་སྙིང་པོར་གསང་འདུས་སྒྱུ་ལུས་དང་། །འོད་གསལ་རིམ་ལྔའི་གདམས་པ་དུ་མ་གསན། །དེ་ནས་བོད་དུ་བྱོན་དགོངས་བལ་པོར་བྱོན། །དཔེ་རྣམ་ཆུར་ཤོར་སླར་ཡང་རྒྱ་གར་བྱོན། །ནཱ་རོ་མེ་ཏྲིའི་མཇལ་ཞིང་ནཱ་རོ་པས། །བསྲེ་འཕོ་གནད་ཀྱི་གདམས་པ་ལ་སོགས་གནང་། །ནཱ་རོས་ལུང་བསྟན་དུག་མཚོའི་ཕར་འགྲམ་དུ་། །རྩྭ་སྤྱིལ་


CMR004_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་ཌཱ་ཀི་མ་གཅིག་ལ། །གདན་བཞིའི་དབང་རྒྱུད་གདམས་ངག་བཅས་པ་ཞུས། །དེ་ལྟར་མར་པ་ལོ་ཙྪ་རྒྱ་གར་དུ། །སྔ་དུས་ལོ་ལྔ་ཕྱི་རས་ལོ་བདུན་བཞུགས། །གྲུབ་ཐོབ་ཆེན་པོ་བླ་མ་དགུ་དང་མཇལ། །ཚོགས་འཁོར་བསྐོར་ཞིང་ནཱ་རོས་ཞལ་ད་དང་། །ཁྱོད་ནི་ཏེ་ལོས་ལུང་བསྟན་བུ་ཡིན་པས། །བོད་དུ་སོང་ལ་འགྲོ་དོན་གྱིས་ཤིག་གསུངས་། །དེ་ནས་བལ་པོར་ཕེབས་དུས་གཉོས་ལོ་ཡིས། །མར་པའི་ཕྱག་དཔེ་ཕལ་ཆེར་ཆུ་ལ་བསྐུར། །ཐུགས་མུག་བལ་བོད་མཚམས་སུ་བཞུགས་པའི་ཚེ། །རྣལ་ལམ་ས་ར་ཧ་མཇལ་གདམས་པ་ཐོབ། །ཆོས་ཀྱི་སྤྲོས་པ་ཆོད་ནས་བོད་དུ་བྱོན། །ལ་སྟོད་གྱེར་ཕུར་གློག་སྐྱ་ཇོ་སྲས་ཀྱིས། །གདན་དྲངས་ཟླ་ཕྱེད་བཀུར་སྟི་ཆོས་གྲྭ་བཙུགས། །ཚོགས་འཁོར་ས་རུ་རྨི་ལམ་མགུར་དུ་བཞེངས། །དེ་ནས་ལྷོ་བྲག་ཏུ་བྱོན་རྗེ་བོ་ཡིས། །གྲོ་བོ་ལུང་ནི་འབུལ་བར་ཁས་བླངས་སོ། །རྔོག་པས་གཞུང་དུ་གདན་དྲངས་ཀྱེ་རྡོར་ཞུས། །དེ་ནས་མར་པ་མགོ་ཡག་ཅེས་བྱ་བའི། །བྱང་དུ་གདན་དྲངས་འབུལ་སྡུད་བྱེད་པའི་སར། །ལུག་གུར་གྲོང་འཇུག་མཛད་པས་ཐམས་ཅད་དད། །གཡག་གཅིག་ས་གཉན་གཅིག་ཏུ་ཤི་ནས་ལུས། །དེ་ལ་


CMR004_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་འཇུག་མཛད་ནས་བཤས་པ་ཡིས། །ཐམས་ཅད་དད་ནས་གསེར་ཡང་མང་དུ་རྙེད། །དེ་ཚེ་རྣལ་ལམ་བུ་མོ་རྒྱན་ལྡན་བཞི། །གནས་གསུམ་མཁའ་འགྲོས་བསྐོར་ཞིང་མགྲིན་གཅིག་ཏུ། །ནཱ་རོ་ཆོས་ཀྱི་དབྱིངས་ཡལ་འགྲོ་འམ་ཟེར། །ཐམས་ཅད་གསེར་བྱས་སྲང་ནི་ཕྱེད་སུམ་བརྒྱ། །བསྣམས་ནས་བལ་ཡུལ་བྱོན་པས་སན་ཏ་པས། །ནཱ་རོ་ན་ཉིང་སྤྱོད་པར་གཤེགས་སོ་གསུངས། །ང་ནི་བླ་མ་མི་མཇལ་ལོག་ཐབས་མེད། །གསུངས་ནས་ཤིང་ཀུན་མཆོད་ཅིང་གསོལ་བ་བཏབ། །རྒྱ་གར་བྱོན་པས་རྟེན་སྐལ་ཤོག་ཀ་ལི། །ཀྱེ་རྡོར་ཐང་ཀ་འདུག་པ་ཕྱག་ཏུ་འཕྲོད། །ནཱ་རོ་སྤྱོད་པར་གཤེགས་པའི་ལོ་རྒྱུས་ཐོས། །མེ་ཏྲི་པ་དང་ཞི་བ་བཟང་པོ་དང་། །སོ་ས་གླིང་གི་རྣལ་འབྱོར་མ་དང་ནི། །སྦས་པའི་རྣལ་འབྱོར་མ་དྲུག་རྣལ་འབྱོར་ལྔ། །ཤེས་རབ་སེངྒེ་རི་རི་ཀ་པོ་རི། །དེ་སོགས་དྲུང་དུ་ཟླ་བ་རེ་རེ་ལ། །ཚོགས་ཀྱི་རྒྱུན་བཙུགས་གསོལ་བཏབ་རྟགས་པ་ཞུས། །ཀུན་གྱིས་ནཱ་རོ་པ་དང་མཇལ་ལུང་བསྟན། །རྟེན་རྣམས་མཆོད་ཅིང་གསོལ་བ་འདེབས་པ་དང་། །ནགས་ཚལ་དུར་ཁྲོད་ཀུན་ཏུ་ཉུག་པ་ལས། །རིགས་ངན་རྒྱལ་པོས་བཟུང་ནས་བླ་མཆོད་ཞུས། །མགུར་མ་བཞེངས་


CMR004_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

པས་འབྲས་ཕུལ་གྲོ་བསྐུར་བཏང་། །ཙནྡན་སྡོང་པོའི་སྟེང་ན་འཇའ་གུར་སྣང་། །ཀྱེ་རྡོར་དཀྱིལ་འཁོར་སྔགས་འཕྲེང་བཅས་པ་མཇལ། །དོ་ནུབ་རྨི་ལམ་ཡུལ་དུ་ནཱ་རོ་མཇལ། །རྣལ་སད་རྨི་ལམ་འཁྲུལ་པས་འཆིང་ཞེས་གྲགས། །དེ་ནས་ཚོལ་བས་གྲོགས་རྣམས་སྐྱིད་ལུགས་ཚེ། །ནམ་མཁའ་ལས་ནི་བརྩོན་འགྲུས་གྱིས་ཞེས་ཐོས། །དེ་ནས་ཙནྡན་ནགས་མཐར་བྱིས་པ་ལ། །དྲིས་པས་རྩི་ཡ་ཀིར་བཞུད་ཅེས་ཟེར། །ཤེལ་གྱི་ཕ་ཝང་ནཱ་རོའི་ཞབས་བརྗེས་མཇལ། །རྗེས་ལ་ངོས་བཟུང་དོན་མེད་ཕྱམ་པར་འགྱུར། །ཞེས་པའི་སྒྲ་གྲག་གྲོགས་གཉིས་ཁྱིམ་དུ་ལོག །དེ་ནས་མར་པ་གཅིག་པུས་བཙལ་བ་ལས། །མདུན་གྱི་ནམ་མཁར་འཇའ་ཚོན་རྣམ་པའི་སྐུ། །དབུ་སྐྲ་སྤྱི་བོར་བཅིངས་པ་གཅིག་བྱུང་ཐེ་ཚོམ་སྐྱེས། །དེ་མ་ཐག་ཡལ་མཁའ་ལས་སྒྲ་གྲག་པ། །ཐེ་ཚོམ་རྩེ་གཉིས་དོན་མེད་མི་འགྲུབ་ཟེར། །དེ་ནས་བཙལ་བས་སྔར་ལས་གསལ་བ་ཡི། །འཇའ་ཚོན་སྐུ་མཇལ་དད་པ་སྐྱེས་པ་ཡལ། ཞེན་ཆགས་གིས་ནི་མི་མཐོང་ཞེས་སྒྲ་གྲག །དེ་ནས་ཙནྡན་སྡོང་པོའི་ནགས་ཁྲོད་ན། །གཟི་བརྗིད་འོད་ཟེར་འཕྲོ་བའི་སྐུ་ཅིག་མཇལ། །བརྒྱུགས་པས་ཇེ་རིང་ཇེ་རིང་འཇའ་ལྟར་


CMR004_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཡལ། །ངལ་ཞིང་དུབ་ཚེ་མཁའ་ལས་སྒྲ་གྲག་པ། །འགྲོ་འོང་མེད་པར་མ་ཤེས་མི་སླེབས་གསུངས། །དེ་ནས་གྲོང་རལ་གཅིག་ཏུ་ནཱ་རོ་མཇལ། །ཐོད་པར་ཀླད་ཁྲག་རྩིབ་ཐུར་གསོལ་ཞིང་འདུག །གསོལ་འཕྲོ་གནང་ནས་བླ་མ་འཇའ་ལྟར་ཡལ། །དེ་ཉིད་གསོལ་བས་བདེ་སྟོང་ཟག་མེད་ཤར། །དེ་ནས་རི་བོ་གསེར་གླིང་ནགས་ཁྲོད་དུ། །ནཱ་རོ་པཎ་ཆེན་སྨུག་ནག་གཟི་མདངས་ལྡན། །ཐོད་པ་ཁ་ཊཾ་བསྣམས་ནས་གར་བྱེད་མཇལ། །ཕྱག་འཚལ་སྐོར་བ་བྱས་ནས་གསེར་སྲང་བརྒྱ་རྩ་ཕུལ། །བླ་མ་དཀོན་མཆོག་མཆོད་གསུངས་ནགས་གསེབ་གཏོར་། །འཕངས་སེམས་སྐྱེས་པས་སྙིམ་པར་མ་གོད་གནང་། །ངོ་མཚར་སྐྱེས་ནས་བླ་མའི་སྐུ་ལ་གཏོར། །ནཱ་རོའི་ཞབས་ཀྱིས་སར་རེག་གསེར་དུ་བསྒྱུར། །སླར་ཡང་གསེར་གྱི་མཎྜལ་ཕུལ་ཙ་ན། །ཞེན་བཅས་མཎྜལ་ཆོས་བརྒྱད་སྒྲོགས་ཡིན་གསུངས། །བླ་མ་འཇའ་ལྟར་ཡལ་བས་མར་པ་ཡིས། །སྔར་གྱི་གསེར་རྣམས་མ་གོད་འདུག་པ་དང་། །བླ་མས་ཞབས་ཀྱིས་རེག་པའི་ས་རྡོ་རྣམས། །གསེར་དུ་བསྒྱུར་བས་གསེར་འགའ་བསྣམས་ནས་བྱོན། །དེ་ནས་ཞག་བདུན་ཚོགས་རྒྱུན་བྱས་ནས་ཀྱང་། །སླར་ཡང་དུར་ཁྲོད་ནགས་ཚལ་ཀུན་


CMR004_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཙལ། །རི་བོ་གསེར་གྱི་དགོན་པའི་ནགས་ཁྲོད་ན། །བར་སྣང་ཌ་མ་རུ་ཡི་སྒྲ་གྲག་པས། །ནཱ་རོ་པཎ་ཆེན་མཐིང་ནག་གཟི་བརྗིད་ལྡན། །རས་ནག་ཨང་རག་སྟེང་དུ་རུས་རྒྱན་མནབས། །དབུ་སྐྲ་ཐོར་ཅོག་དར་དམར་ཅོད་པན་བཅིངས། །ཌ་མ་རུ་དང་ཐོད་པ་བདུད་རྩི་བསྣམས། །གཡས་བརྐྱང་གཡོན་བསྐུམས་གར་གྱི་མཁའ་ལ་བྱོན། །ངུས་ཤིང་གསོལ་བ་བཏབ་པས་ས་ལ་བྱོན། །མར་པ་ཁྲིད་ནས་པུ་ལ་ཧ་རིར་བྱོན། །ལམ་དུ་ཌཱ་ཀི་འཇིགས་གཟུགས་མང་པོ་ཡིས། །མར་པ་ལ་ནི་བར་ཆད་བརྩམས་པ་ལས། །སྣོད་ལྡན་བདུད་ཀྱི་བར་ཆད་རྣམས་སོལ་ཅིག །རྗེ་བཙུན་གསུང་མ་ཐག་ཏུ་ཏེ་ལོ་པ། །ཁྲོ་རྒྱལ་འཇིགས་པའི་གཟུགས་ཀྱི་མཚོན་ཆ་ཐོགས། །སྔགས་སྒྲ་འབྲུག་ལྟར་སྒྲོག་ཅིང་མེ་དཔུང་འབར་། །ཌཱ་ཀི་རྣམས་ནི་སྔངས་སྐྲག་བརྒྱལ་ཞིང་འགྱེལ། །བདག་ཅག་གནོད་པ་བྱེད་པ་མ་ལགས་ཏེ། །རྣལ་འབྱོར་དྲོད་ཚད་ཉུལ་བ་ཡིན་ནོ་ཟེར། །སྐད་ཅིག་ཙམ་དུ་པུ་ལ་ཧ་རིར་ཕེབས་། །རྩྭ་ཡི་སྤྱིལ་པོ་གཅིག་ཏུ་བཞུགས་པ་ལ། །ཚོགས་ཀྱི་ཡོ་བྱད་བསམ་ལས་འདས་པ་དང་། །ཤེལ་གྱི་མཆོད་རྟེན་ལྷན་ཅིག་སྐྱེས་མའི་སྐུ། །དེ་སོགས་བཀོད་པ་ངོ་མཚར་རང་


CMR004_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་གྲུབ། །ཙནྡན་སྡོང་པོ་འོད་དང་སྒྲ་བྱུང་སྟེ། །དེ་ནང་དགྱེས་རྡོར་ལྷ་དགུ་མངོན་སུམ་བྱོན། །འཇིག་རྟེན་ཐམས་ཅད་འོད་ཀྱིས་གང་བར་གྱུར། །ནཱ་རོའི་ཐུགས་ལ་ལྷན་ཅིག་སྐྱེས་མ་བྱོན། །བུམ་དབང་བསྐུར་ཞིང་དེ་ཡི་ཐུགས་ཀ་ནས། །ཨཉྫའི་སྔགས་ཕྲེང་མར་པའི་ཐུགས་ཀར་ཐིམ། །སླར་ཡང་ཡིད་བཞིན་ནོར་བུའི་དབང་ཐོབ་པས། །སྐུ་ལུས་མེད་པ་ལྟ་བུའི་ཉམས་མྱོང་སྐྱེས། །སྣོད་བཅུད་ལྷ་དང་ལྷ་མོའི་དཀྱིལ་འཁོར་གཟིགས། །བླ་མ་ཡབ་ཡུམ་བྱང་སེམས་དབང་བསྐུར་བས། །རྩ་མདུད་གྲོལ་ནས་སྟོང་ཉམས་མཁའ་ལྟར་སྐྱེས། །ཚོགས་འཁོར་བསྐོར་ཞིང་ཞལ་ད་ལུང་བསྟན་གནང་། །མཆེད་གྲོགས་འགའ་ཞིག་བརྡས་བཀུག་ཚོགས་ལ་རོལ། །ཚད་མེད་དགའ་བས་རྟོགས་འབུལ་མགུར་དུ་བཞེངས། །ནཱ་རོ་དགྱེས་ནས་རཱ་གའི་ཕྲེང་བ་གནང་། །ཁྱོད་དང་ང་གཉིས་ངོ་བོ་དབྱེར་མེད་ཀྱང་། །རྣམ་སྨིན་ཞིག་དུས་མཁའ་འགྲོའི་སུན་མ་འབྱུང་། །རྒྱ་གར་ཤར་ཕྱོགས་བྲམ་ཟེའི་རིགས་སུ་སྐྱེས། །དཔལ་གྱི་རི་ལ་བདག་དང་མཇལ་བར་གྱུར། །སྐྱེ་བ་དེ་ཡི་ཕྱི་མ་རྫོགས་སངས་རྒྱས། །འབད་རྩོལ་བྲལ་བའི་ཕྲིན་ལས་རྒྱ་ཆེན་འབྱུང་། །ཞེས་གསུངས་བོད་དུ་རྒྱལ་ཚབ་བསྐོས་མཛད་


CMR004_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །སྒྲ་སྙན་རོལ་མོ་དྲི་ཞིམ་ངད་པ་ལྡང་། །འཇའ་འོད་མཆོད་སྤྲིན་ནམ་མཁའ་གང་བའི་དབུས། །སེང་ཁྲི་པད་ཟླའི་སྟེང་དུ་ནཱ་རོ་བཞུགས། །དཔའ་བོ་ཌཱཀི་དཔག་མེད་མཆོད་བཞིན་དུ། །ནམ་མཁར་ཇེ་མཐོ་མཁའ་སྤྱོད་གནས་སུ་གཤེགས། །འཇིག་རྟེན་མཁའ་འགྲོས་ཚོགས་སོགས་མཆོད་རྫས་ཁྱེར། །གྲོགས་མཆེད་རྣམས་ཀྱང་མི་སྣང་ཅིག་པུར་ལུས། །ཐུགས་སྐྱོ་སེང་ལྡེང་ནགས་གསེབ་སྐྱོ་བསངས་བྱོན། །ནཱ་རོ་བྱོན་ནས་ཆོས་དྲུག་མགུར་དུ་བཞེངས། །དེ་ནས་མེ་ཏྲིའི་དྲུང་བྱོན་གདམས་ངག་ཞུས། །གསེར་གྱི་སོར་གདུབ་རྡོ་དྲིལ་བརྫང་བར་མཛད། །དེ་ནས་བླ་མ་མཆེད་གྲོགས་རྡོ་རྗེ་སྤྱན། །ཐམས་ཅད་མཇལ་ཞིང་ཕྱག་འཚལ་བརྫང་བ་དང་། །སྐྱེལ་བསུ་མཛད་ཅིང་སྨོན་ལམ་རྣམ་དག་བཏབ། །རྡོ་རྗེ་གདན་སོགས་རྟེན་མཆོད་སྨོན་ལམ་བཏབ། །སྲིན་པོའི་རོ་ནི་གདོང་གྲུ་གསུམ་ཡོད་སར། །གྲོང་མཇུག་མཛད་པས་གྲུབ་ཐོབ་ཆེན་པོར་གྲགས། །གྲོགས་མཆེད་བརྒྱད་ཀྱིས་ཨ་སྨྲའི་ཚལ་དུ་བསྐྱལ། །ལམ་གླུ་བླངས་ནས་ནཱ་ལེནྡྲ་རུ་བྱོན། །ཚོགས་མཆོད་གྲལ་དུ་ཁ་ཆེ་པཎ་ཆེན་གྱིས། །ནཱ་རོ་མེ་ཏྲིའི་དགོངས་པ་གང་ཟབ་གསུང་། །དྲིས་པའི་ལན་དུ་བཞེད་


CMR004_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་མགུར་དུ་བཞེངས། །པཎ་ཆེན་དེས་ཀྱང་མཐུན་འགྱུར་མགུར་གསུངས་སོ། །འབྱོན་ཁར་ཚོགས་གྲལ་གཅིག་ཏུ་གླུ་ལོང་ཟེར། །ཁར་སང་བཅུ་བཞིར་དུར་ཁྲོད་སོ་ས་གླིང་། །བླ་མ་བདེ་མཆོག་དངོས་གྱུར་སྐུ་ལུས་ལ། །གསང་སྔགས་ལྷ་ཚོགས་མ་ལུས་གསལ་བར་མཐོང་། །སྟག་ཤམ་ནང་དུ་ནག་པོ་ཕྱག་བཞི་པ། །ཞེས་སོགས་མཐོང་ཚུལ་ལྟ་བའི་གླུ་བླངས་པས་། །རྫུ་འཕྲུལ་ཐོབ་པ་བཞི་བཅུ་རྣལ་འབྱོར་བཞི། །པཎ་ཆེན་བཞི་བཅུ་དད་ནས་བསྟོད་བསྔགས་མཛད། །དེ་ལྟར་རྒྱ་གར་ཡུལ་དུ་ལན་གསུམ་བྱོན། །སྔ་རས་ལོ་ལྔ་བར་རས་ལོ་བདུན་ཏེ། །རྒྱབ་རིས་ལོ་དྲུག་ཟླ་བ་ལྔ་བསྒོམས་པས། །བཅུ་དགུ་བཞུགས་པས་གདམས་ངག་དཔག་མེད་གསན། །ཐུགས་ཡིད་གཅིག་འདྲེས་ཡི་དམ་དུ་མ་གཟིགས། །ཌཱ་ཀི་རྣམས་ཀྱིས་གདམས་ངག་གསང་ཚིག་བསྟན། །དེ་ནས་བོད་དུ་འབྱོན་དགོངས་བལ་པོར་ཕེབས། །ནཱ་རོ་མཇལ་ཞིང་གདམས་ངག་ཐོབ་ཟེར་བའི། །སྙན་གྲགས་ཁྱབ་པས་གར་བྱོན་ཀུན་གྱིས་བཀུར་། །བུམ་ཐང་པ་ཡིས་སྤྱན་དྲངས་ཚོགས་འཁོར་སར། །ནཱ་རོ་མཇལ་ལུགས་མགུར་གསུངས་ཁོང་རྣམས་མཉེས། །དེ་ནས་དུར་ཁྲོད་ར་མ་འདོ་ལི་རུ། །ཚོགས་འཁོར་བྱེད་སར་


CMR004_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

མར་པ་སྤྱན་དྲངས་བྱོན། །ཁོང་རྣམས་མཚན་མོ་དེ་རུ་འཇིགས་ཟེར་ནས། །མྱུར་དུ་ཚོགས་བྱེད་འགྲོ་གྲབས་བྱེད་འདུག་པས། །མར་པ་མ་མགུ་བླ་མའི་རྣམ་ཐར་དྲན་། །སྤྱན་ཆབ་བསིལ་ཞིང་རྒྱ་གར་འགྲོ་དགོངས་ཚེ། །རྣལ་ལམ་མེ་ཏྲི་པ་དང་ཌཀི་མས། །བོད་ཀྱི་ཡུལ་དུ་སོང་གསུངས་ལུང་བསྟན་མཛད། །དེ་ནས་མི་མཉམ་རྡོ་རྗེའི་ཚོགས་གྲལ་བྱོན། །མེ་ཏྲི་མཇལ་ལུགས་མགུར་གསུངས་ཐམས་ཅད་དད། །དེ་ནས་བལ་པོའི་བླ་མ་པཎ་ཊི་ཏར། །རལ་གཅིག་མ་སོགས་སྒྲུབ་ཐབས་འགའ་ཞུས་ཚེ། །རྨི་ལམ་མེ་ཏྲི་པ་བྱོན་གདམས་པ་གནང་། །དེ་ནས་ལ་སྟོད་བྱོན་ནས་མགུར་བཞེངས་པས། །དེ་ཚེ་མར་པ་ལོ་ཙྪ་ཞེས་བྱ་བ། །ནཱ་རོ་མི་ཏྲིའི་ཐུགས་སྲས་གྲུབ་ཐོབ་གཅིག །རྒྱུད་དང་གདམས་པ་དཔག་མེད་དང་བཅས་ནས། །བོད་དུ་བྱོན་ཞེས་རྒྱ་བལ་གྲགས་པས་ཁྱབ། །མང་ཡུལ་མགོ་ཡག་བསུ་རུ་འོང་བས་མཇལ། །མང་ཡུལ་སྟོན་པ་རྒྱལ་དང་ཟུར་བན་གྱིས། །རིག་མ་གཅིག་ཕུལ་དབང་དང་གདམས་པ་ཞུས། །ཉང་སྟོད་མེ་སྟོན་ཚོན་པས་བསྙེན་བཀུར་བྱས། །ཉང་སྟོད་ཟླ་གཅིག་བར་དུ་ཆོས་བཙུགས་བཞུགས། །ནཱ་རོ་མཇལ་ལུགས་མགུར་བཞེངས་མགོ་ཡག་


CMR004_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ནཱ་རོའི་ཕྱག་ཕྲེང་མེ་ཏྲིའི་སོར་གདུབ་གནང་། །དེ་ནས་ལ་ཡག་ཏུ་བྱོན་ཆོས་གྲྭ་བཙུགས། །གདམས་ངག་ཐོབ་ཚུལ་མགུར་བཞེངས་ཐམས་ཅད་དད། །དེ་ནས་གྲོ་བོ་ལུང་ཕེབས་ཀུན་གྱིས་བཀུར། །ཚང་སར་སྔགས་པ་ཅིག་དང་ཆོས་གཏམ་བྱས། །སྔགས་པ་ཕམ་ནས་མཐུ་སྡིག་བྱས་པ་ཡིས། །ཞག་པོ་འགའ་ནས་སྔགས་པ་རྦབ་ནས་ཤི། །རྒྱུད་འགྲེལ་མཁས་དང་མཐུ་ཡིས་གྲགས་པ་ཐོབ། །གདུལ་བྱ་མང་འདུས་ཆོས་ཀྱི་འཁོར་ལོ་བསྐོར། །རྔོག་པས་གཞུང་དུ་གདན་དྲངས་ཆོས་ཀྱང་གསུངས། །མཚུར་སྟོན་དབང་ངེས་དོལ་དུ་སྤྱན་དྲངས་ནས། །ཆོས་ཕྱིར་དཀའ་བ་སྤྱད་ལུགས་མགུར་དུ་བཞེངས། །ཀྱེ་རྡོར་ཉིད་ཀྱི་སྤྲུལ་པ་ཡིན་པའི་ཕྱིར། །བདག་མེད་མ་སོགས་ཇོ་མོ་དགུ་བཞེས་ཏེ། །ད་ལྟ་ཉིད་དུ་ཚོགས་གཏོར་ཤོམ་ཅིག་གསུངས། །ཆང་ཕུད་ཀ་ལི་གང་དང་ཉ་ཁོག་གཅིག །དེ་ལས་ཚོགས་རྫ་ས་གཞན་ནི་མེད་པ་ལ། །ནམ་མཁར་ཆང་གིས་རྒྱུན་བབེ་སྣོད་རྣམས་ཁེངས། །གཞན་ཡང་བཟའ་བཏུང་རོ་མཆོག་བརྒྱ་ལྡན་པ། །སྔོན་ཆད་མཐོང་ཐོས་མེད་པ་དཔག་མེད་པ། །སྤོས་དྲིས་ངད་ལྡན་རོལ་མོའི་སྒྲ་རྣམས་གྲག །མེ་ཏོག་མར་མེའི་ཕྲེང་བས་བར་སྣང་ཁྱབ། །དེ་ཚེ་རྗེ་བཙུན་ཀྱེ་


CMR004_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རྡོ་རྗེར་གྱུར། །དེ་ཡི་འོད་ཀྱིས་རེག་པས་ཇོ་མོ་རྣམས་ལྷ་མོར་གྱུར། །ཕྱོགས་བཅུའི་དཔའ་བོ་དཔའ་མོ་དཔག་མེད་བསྡུས། །ཚོགས་འཁོར་མཛད་ནས་ཐ་མར་སྐུ་རུ་བསྒྱུར་། །དེ་ནས་མི་ལས་མཇལ་ཏེ་སྲས་མཁར་བརྩིགས། །ཇོ་མོའི་ལུག་ཤ་སོག་པ་ཆང་དམ་གང་། །བྱིན་པ་མར་པར་དྲངས་པས་སུས་བྱུང་གསུངས། །འདི་ནི་མཁའ་འགྲོའི་དངོས་གྲུབ་ཡིན་འདུག་གསུངས། །ཕྱེད་དེ་མི་ལ་ལ་གནང་དེ་ཕྱིན་ཆད། །ཇོ་མོས་གནང་བའི་བཟའ་བཏུང་ཐམས་ཅད་ནི། །བདུད་རྩི་རོ་མཆོག་བརྒྱ་དང་ལྡན་པར་མྱོང་། །མི་ལའི་བརྒྱུད་པའི་ལུང་བསྟན་འགའ་ཡང་གསུངས། །དེ་ཚེ་མར་པའི་གྲགས་པས་ཕྱོགས་ཀུན་ཁྱབ། །མེས་སྟོན་ཚོན་པོས་འབུལ་ཆེན་ལན་གསུམ་བྱས། །ད་ལྟ་སངས་རྒྱས་མར་པ་ལོ་ཙྪ་ཞེས་། །དབུས་གཙང་གྲགས་པས་ཁྱབ་པ་ཅི་ཡིན་ཞུས། །ཁོ་བོ་བོད་ལས་ལྷག་པར་རྒྱ་གར་དང་། །བལ་པོ་ནའང་སྙན་གྲགས་ཆེའོ་གསུངས། །དེ་ཚེ་སློབ་མ་ཆེ་དགུས་ཚོགས་འཁོར་བཤམས་། །དེར་འདུས་ཐམས་ཅད་ལུས་སེམས་བདེ་བས་གང་། །ཉམས་རྟོགས་ཉིན་མཚན་འཁོར་ཡུག་ཉིད་དུ་གྱུར། །རྔོག་པས་འབུལ་ཆེན་སྤངས་དག་ལན་གསུམ་མཛད། །


CMR004_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

མཚུར་སྟོན་དབང་ངེས་པོ་ཏི་བརྒྱ་རྩ་ཕུལ། །མཐུ་ཡིས་ཞབས་རྟོགས་བྱས་པས་གདམས་པ་གནང་། །ཟླ་གཅིག་ཙམ་དུ་སྐུ་ནི་མང་པོར་སྤྲུལ། །ཇོ་མོ་དགུ་པོ་སོ་སོར་རེ་རེ་བཞིན། འབྲལ་མེད་བཞུགས་ནས་ཁྲིད་ཀ་སོ་སོར་གནང་། །དེ་བཞིན་སློབ་མ་སོ་སོའི་མཚམས་ཁུང་དུ། །སོ་སོར་བཞུགས་ནས་ཁྲིད་ཀ་གནང་བ་དང་། །ལུང་པའི་མདའ་རུ་ཁྲོམ་པར་ཆོས་གསུངས་པ། །དེ་དག་དུས་གཅིག་ཁོ་ནར་བསྟན་པར་མཛད། །དེ་བཞིན་དགྱེས་རྡོར་བདེ་མཆོག་གསང་འདུས་དང་། །མ་ཡ་ལ་སོགས་ཞི་ཁྲོ་དུ་མ་དང་། །རེས་འགའ་རྒྱ་གར་རྣལ་འབྱོར་རུས་རྒྱན་ཅན། །བཙུན་མོའི་མཐའ་བསྟན་མཁའ་འགྲོས་བསྐོར་བ་བསྟན། །དེ་དང་དུས་མཚུངས་ཕྱི་རུ་ཕྲུ་གློག་དང་། །མཁར་ལས་ཞལ་ད་ཁྲིད་ཀ་རྒྱུན་བཤད་དང་། །བྱིས་པའི་གསེབ་ཏུ་རྩེད་མོ་རྩེ་བ་དང་། །བུ་མོ་རྣམས་དང་ལྷན་ཅིག་གླུ་གར་དང་། །རི་ཁྲོད་རྣམས་སུ་སྐྱོ་བསངས་མཛད་པ་རྣམས། །དུས་གཅིག་ཉིད་དུ་སོ་སོར་སྟོན་པར་མཛད། །དེ་ལྟར་འོང་བའི་དོན་དེ་ཅི་ཡིན་ཞུས། །སློབ་མ་ཀུན་འཚོགས་ཚོགས་འཁོར་ཤོམ་དང་གསུངས། །ཆང་ཕང་ཉང་ང་གཅིག་ལས་མེད་པ་ལ། །ཚོགས་ཀི་ཡོ་བང་དཔག་མེད་ལྷུན་གྲུབ་


CMR004_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། །དེ་ཚེ་ལ་ལས་བླ་མ་ཀྱེ་རྡོར་མཐོང་། །ལ་ལས་གསང་འདུས་ལ་ལས་བདེ་མཆོག་མཐོང་། །ལ་ལས་མ་ཧཱ་མཱ་ཡཱ་ལ་སོགས་མཐོང་། །གཅིག་ལ་གཅིག་སྟོན་དད་མོས་བསམ་མི་ཁྱབ། །ལྷ་ཚོགས་དེ་རྣམས་གདམས་པ་ང་ལ་ཡོད། །ཆོ་འཕྲུལ་དེ་འདྲ་འོང་ནི་ཐང་ངོ་གསུངས། །དེ་ཚེ་སྲས་ཀྱང་མིང་སྲིང་བརྒྱད་ཙམ་བལྟམས། །སྲས་ཀྱི་མཆོག་གྱུར་ཇོ་སྲས་མདོ་སྡེ་ནི། །ཡོན་ཏན་ཕུན་སུམ་ཚོགས་པར་བཞུགས་པ་ལས། །ཆིབས་པས་བསྡབས་ནས་དབུ་ཡང་ཚལ་པར་གས། །ཕུག་རོན་གཅིག་ལ་གྲོང་འཇུག་འཕོ་བ་མཛད། །རྒྱ་གར་ཡུལ་བྱོན་ཏི་ཕུ་པ་རུ་གྲགས། །སྲས་ཀྱི་གདུང་སྦྱངས་འཇའ་འོད་ས་གཡོས་སོགས། །ངོ་མཚར་ལྟས་བྱུང་ཡབ་ཀྱང་མྱ་ངན་མཛད། །སློབ་མ་རྣམས་ཀྱི་འབུལ་བས་མྱ་ངན་བསངས། །ཕུག་རོན་ཤ་བ་འབྲི་དང་ལུ་གུ་ལ། །གྲོང་འཇུག་མང་དུ་མཛད་པས་ཐམས་ཅད་དད། །སློབ་མ་རྣམས་ལ་གདམས་ངག་རྫོགས་པར་གནང་། །སོ་སོར་ལུང་བསྟན་ཞལ་ད་རྒྱས་པར་མཛད། །དགུང་ལོ་བརྒྱད་ཅུ་རྟ་ཟླའི་ཚེས་གསུམ་ལ། །གྲྭ་སློབ་ཀུན་བསྡུས་ཁོ་བོ་འགྲོ་དགོས་གསུངས། །ནཱ་རོ་མཁའ་འགྲོ་དཔག་མེད་སུན་མས་བསྐོར། །མཎྜལ་མཆོད་


CMR004_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཚོགས་ཤོམ་གསོལ་བ་ཐོབ། །སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་སྤྲིན་དཔུང་གཏིབས་ལྟར་བྱོན། །དེ་དག་ཁོ་བོ་ཉིད་དང་དབྱེར་མེད་འདུག །ཏེ་ལོ་ནཱ་རོ་ཁོ་བོ་རང་ཡིན་གསུངས། །ཇོ་མོ་འོད་དུ་ཞུ་ནས་ཐུགས་ཀར་ཐིམ། །དབུ་གཙུག་རུས་པ་ཟུར་གསུམ་དབུ་སྐར་བཅས། །འོད་དང་ཚག་སྒྲར་བཅས་པས་འདོམ་གང་འཕར། །འོད་ཀྱི་གོང་བུ་ཟླ་བ་ལྟ་བུ་ཞིག །མདའ་འཕང་བཞིན་སོང་ལྷོ་བྲག་འཇའ་འོད་གང་། །མེ་ཏོག་ཆར་པ་དཔག་ཏུ་མེད་བཅས་པས། །ཞག་པོ་སོ་བདུན་བར་དུ་རྒྱུན་མ་ཆད། །རིང་བསྲེལ་ལ་སོགས་རྟེན་ཡང་མང་དུ་བྱོན། །དེ་ཡིས་ཐུགས་སྲས་སློབ་མ་བྱོན་ཚུལ་ནི། །རྒྱུ་ལུས་བཀའ་བབས་དོལ་པ་གག་སྟོན་དང་། །འཕོ་བའི་བཀའ་བབ་དྲི་ཡི་མོ་ཆུང་བ། །རིམ་ལྔའི་བཀའ་བབས་ཆུང་གང་དཔལ་ལོ་དང་། །གཞུང་བཤད་བཀའ་བབས་དགེ་བཤེས་ཁེ་གད་བཞི། །ཞབས་ཏོག་གིས་མཉེས་མེས་སྟོན་ཚོན་པོ་དང་། །ཤེས་རབ་མེས་མཉེས་རྔོག་སྟོན་ཆོས་རྡོར་དང་། །མཐུ་ཡིས་མཉེས་པ་མཚུར་སྟོན་དབང་ངེ་དང་། །དད་གུས་མཉེས་པར་མི་ལ་རས་པ་བཞི། །རྔོག་སྐྱ་འབྱུང་རྒྱལ་མར་པ་མགོ་ཡག་སོགས། །སློབ་མའི་ཚོགས་


CMR004_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དཔག་ཏུ་མེད་པ་བྱོན། །འདི་བྲིས་དགེ་བས་བདག་སོགས་འགྲོ་བ་ཀུན། །གསང་སྔགས་རྒྱུད་སྡེ་བཞི་ལ་མངའ་བརྙེས་ཤོག །ཅེས་པ་རཱ་ག་ཨ་སྱས་བྲིས་སོ། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

མི་ལའི་རྣམ་ཐར།


CMR004_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་དྷ་ཛ་ཡེ། །འཇམ་དཔལ་བཤེས་གཉེན་རྣམ་འཕྲུལ་གྲུབ་པའི་གཙོ། །གུང་ཐང་མི་ལ་ཤེས་རབ་རྒྱལ་མཚན་གྱི། །སྲས་སུ་འཁྲུངས་ཏེ་ཐོས་པ་དགའ་ཞེས་གྲགས་། །ལོ་བདུན་ལོན་ཚེ་ཡབ་འདས་ཞལ་ཆེམས་བཞག །ཨ་ཁུ་ཨ་ནེས་ཞལ་ཆེམས་མ་བརྩིས་པར། །ནོར་འཕྲོག་གཡོག་བཀོལ་ཤིན་ཏུ་སྡུག་བསྔལ་ནས། །སློབ་དཔོན་གཅིག་ལ་ཀློག་བསླབ་གླུ་སྒྲུང་མཁས། །གཡུང་སྟོན་ཁྲོ་རྒྱལ་དྲུང་དུ་མཐུ་སློབ་བྱོན། །གཡུང་སྟོན་གྱིས་ཀྱང་གནུབ་ཆུང་རྩ་རུ་བཏང་། །དྲག་སྔགས་བསྒྲུབས་པས་མི་རྟ་སོ་ལྔ་བསྒྲལ། །དེ་ནས་སེར་བ་གྱང་རིམ་གསུམ་ཙམ་ཕབ། །རོང་སྟོན་ལྷ་དགའ་མཇལ་ཏེ་རྫོགས་ཆེན་ཞུས། །དེ་ནས་མར་པའི་དྲུང་དུ་བྱོན་པ་ལ། །མི་ལ་ཁོ་ནས་ཁུར་ཞིང་བརྩིགས་པ་ཡི། །སྐུ་མཁར་ཟླུམ་པོ་ཟླ་གམ་སོག་ཁ་དང་། །གྲུ་གསུམ་དགུ་ཐོག་བརྩིགས་ཚར་བཤིག་པར་མཛད། །དེ་ནས་གྲུ་བཞི་ཐོག་བདུན་ཁྱམས་ར་ནི། །ཀ་བ་སོ་དྲུག་ཡོད་པ་གཅིག་བརྩིགས་པས་། །སྐུ་རྒྱབ་སྟོད་སྨད་རྒལ་པ་ཁག་གསུམ་བྱུང་། །བླ་མའི་བཀའ་བཀྱོན་བརྡུངས་བཏག་ཆོས་མ་གནང་། །རྔོག་པའི་རྩར་བྱོན་སེར་བ་ཕབ་མཛད་ཅིང་། །དབང་བསྐུར་ཆོས་


CMR004_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བསྒོམ་ཡང་ཉམས་མ་སྐྱེས། །དེ་ནས་མར་པས་དབང་བསྐུར་མཛད་པའི་ཚེ། །བླ་མ་བདེ་མཆོག་འཁོར་ལོ་དངོས་སུ་གཟིགས། །ཆོས་དང་གདམས་ངག་བུམ་པ་གང་བྱོར་གནང་། །རང་ཡུལ་བྱོན་ནས་ཡུམ་གྱི་རྣམ་ཤེས་དྲངས། །དེ་ནས་བྲག་དཀར་རྟ་སོར་དཀའ་ཐུབ་མཛད། །དེ་ནས་བྲག་དམར་སྤོ་མཐོར་སྒོམ་དུ་གཤེགས། །དེ་ནས་ལིང་པའི་བྲག་གི་བྲག་སྲིན་བཏུལ། །སིང་གྷ་ལ་ཡི་ནགས་སུ་བཞུགས་པའི་ཚེ། །བལ་པོའི་རྐུན་མ་རྣམས་ཀྱིས་མདའ་འགའ་བརྒྱབ། །བྲག་ལ་བརྒྱབ་ལྟར་ཡར་བས་དད་པ་སྐྱེས། །དུར་ཁྲོད་སུ་ལུ་དྷི་པ་ཞེས་བྱར་བྱོན། །ཊཱཀི་རྣམས་དང་ལྷན་ཅིག་ཚོགས་འཁོར་མཛད། །ཕུག་རོན་སྔོན་མོས་འབྲས་དཀར་ཁལ་གཅིག་ཕུལ། །དེ་ནས་རས་ཆུང་པས་མཇལ་ཉེ་གནས་མཛད། །དེ་ནས་མཆོག་དཀར་བྲག་ཏུ་བཞུགས་པའི་དུས། །ཡོན་བདག་མ་གཅིག་དད་པ་སྐྱེས་པའི་ཕྱིར། །རྗེ་བཙུན་སྐུ་ནི་མེ་དཔུང་གཅིག་ཏུ་སྤྲུལ། །དེ་ནས་ལ་ཕྱི་གངས་ལ་བྱོན་པའི་ཚེ། །ཁ་བ་ཉིན་མཚན་བཅོ་བརྒྱད་བབས་པ་ཡི། །རྗེ་བཙུན་འདས་སྙམ་དཔྱིད་དཀར་སོང་བ་ཡིས། །གསའ་རུ་སྤྲུལ་སོགས་སྐུ་ཡིས་རྫུ་འཕྲུལ་བསྟན། །མཁའ་འགྲོས་འཚོ་བ་དྲངས་པས་


CMR004_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱག་མ་ཟད། །གངས་མགུར་གསུངས་ཤིང་གཏུམ་མོའི་ཆེ་བ་བསྟན། །དེ་ནས་སྨན་ལུང་ཆུ་བར་བཞུགས་པའི་ཚེ། །ཤ་ཟ་མཆེད་ལྔ་ལྷ་འདྲེ་ཐམས་ཅད་ཀྱིས། །འཇིགས་སུ་རུང་བའི་ཆོ་འཕྲུལ་བསྟན་ན་ཡང་། །ཐམས་ཅད་ཟིལ་གྱིས་མནན་ནས་དམ་ལ་བཏགས། །ཚེ་རིང་མཆེད་ལྔས་བ་མན་ཞོ་དྲངས་ཤིང་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་གདམས་པ་ཞུས། །དིང་མ་བྲིན་དུ་རིམས་ནད་འབྱུང་བའི་ཚེ། །ཚེ་རིང་མ་ཡིས་གདན་དྲངས་རིམས་ནད་བསལ། །དེ་ནས་དེ་ཡི་སྐུ་དྲིན་བསབ་པའི་ཕྱིར། །ཚེ་རིང་མཆེད་ལྔས་སྣ་ཚོགས་མཆོད་པ་ཕུལ། །གསང་བའི་ཡུམ་མཛད་དངོས་གྲུབ་ལྔ་ཡང་ཕུལ། །དེ་ནས་ལ་ཕྱི་ཆུ་བཟང་བཞུགས་པའི་དུས། །ལྷ་འདྲེས་བྲག་བསྙིལ་ཐོག་ཕབ་ཆོ་འཕྲུལ་བསྟན། །མགུར་བཞེངས་དད་ནས་ཟླ་གཅིག་ཞབས་ཏོག་བྱས། །མཆོང་ལུང་བྲག་ཏུ་མར་པ་ཞལ་གཟིགས་ཤིང་། །ཨ་ཙ་ར་བདུན་ཆོ་འཕྲུལ་བསྟན་པ་ལ། །མགུར་མ་བཞེངས་པས་རིམ་གྱིས་ཡལ་བར་གྱུར། །དམ་པ་རྒྱ་གར་མཇལ་བས་བསྟོད་བསྔགས་བརྗོད། །ཆུ་ལ་འཕུར་བས་ཁྱེའུ་གཅིག་དད་ནས། །རྗེས་སུ་འབྲངས་པ་ཞི་བ་འོད་དུ་གྲགས། །དེ་ནས་ལྕོགས་རོ་འབྲི་འཚམས་


CMR004_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མོ་ལྔས། །ཉམས་ཚད་མགུར་ཕུལ་ལན་གསུངས་དད་པ་སྐྱེས། །དབུས་ན་མོ་དེད་ཚགས་ཕྱིར་འབྲང་པ་ལས། །གནམ་མཚོར་ལོ་བརྒྱད་ངག་བཅད་མཁའ་སྤྱོད་གཤེགས། །མི་ལས་ལུང་བསྟན་རིས་ཆུང་རྒྱ་གར་བྱོན། །བོད་དུ་འཁོར་དུས་སེར་བ་དྲག་པོ་ཕབ། །མི་ལ་གཡག་རུའི་ནང་བཞུགས་འཁྲུལ་འཁོར་མཛད། །རས་ཆུང་ངན་སྔགས་དཔེ་རྣམས་མི་ལས་མེ་ལ་བསྲེགས། །རས་ཆུང་དད་པ་ལོག་པ་གསོ་བའི་ཕྱིར། །མི་ལའི་སྤྱི་བོར་བཀའ་བརྒྱུད་བླ་མ་དང་། །སྐུ་ཡི་གནས་ལྔར་ཡི་དམ་ལྷ་ཚོགས་བསྟན། །མཁའ་ལ་ལྡིང་དང་བྲག་ལ་འདམ་ལྟར་རྗེས། །རྒྱ་མཚོའི་དཀྱིལ་དུ་རྫུ་འཕྲུལ་སྟོན་པ་དང་། །སྐུ་ཡི་བཀོད་པ་མང་བསྟན་དད་པར་མཛད། །བོན་པོ་གཅིག་གིས་བདུན་ཚིག་མཛད་ཏེ་དྲངས། །བྲིན་ཁ་གསུམ་གྱིས་བསྐུར་པ་བརྡུང་བརྩོག་བྱས། །བཙོན་ཁང་བཅུག་སྟེ་སྒོ་ལྕགས་བརྒྱབ་པ་ལས། །དེ་བས་སྔོན་ལ་ཕྱི་ལོག་ཕེབས་ནས་འདུག །དེ་ནས་ནང་ཁྲིད་ཀ་བར་བཅིངས་པ་ལས། །བཅིངས་མཁན་ཁོ་རང་བཅིངས་ཏེ་སྣང་བ་ལ། །ཕྱི་རུ་ཕུད་སྙམ་སུས་ཀྱང་འཐེན་མ་ཐུབ། །ཐམས་ཅད་དད་དེ་ཕྱག་འཚལ་བསྐོར་བ་བྱས། །ཉིན་གཅིག་ཁོ་ནར་བཀོད་པ་མང་བསྟན་


CMR004_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །མྱ་ངན་བསངས་དང་ཆུ་རྩད་ཆོས་གསུངས་དང་། །བྲག་ཕུག་བཞུགས་དང་རིར་གཤེགས་སྡོམ་བུ་མཛད། །དྲིན་གྱི་དམ་པོར་འདྲེ་ཡི་དམག་ཚོགས་བཏུལ། །རྒྱ་གར་གྲུབ་ཐོབ་དྷརྨ་བྷོ་ཏི་མཇལ། །མི་ལ་ནམ་མཁར་ལྡིང་ཤིང་བྱོན་པ་དང་། །སེངྒེ་ཆིབས་ཤིང་ཉི་ཟླའི་སྟེང་ན་བཞུགས། །གསེར་གྱི་མཆོད་རྟེན་སྤྲུལ་སོགས་མཛད་པ་ཡིས། །དྷརྨ་བྷོ་ཏིས་ཕྱག་འཚལ་བསྟོད་པ་མཛད། །སློབ་མ་རྣམས་ལ་དབང་བསྐུར་མཛད་པའི་ཚེ། །བུམ་པ་འཕུར་ཤིང་སོ་སོའི་མགོ་ལ་བབ། །མེ་ཏོག་ཆར་བབ་རོལ་མོའི་སྒྲ་རྣམས་གྲག །ཐང་ཀ་གཅིག་གཉིས་རབ་གནས་མཛད་པའི་ཚེ། །ལྷ་རྣམས་མེ་ཏོག་དགོས་ན་ལོང་གསུངས་པས། །ཐང་ཀའི་ལྷ་རྣམས་རང་རང་མེ་ཏོག་བླངས། །དེ་ནས་རྗེ་བཙུན་ཉིད་ཀྱིས་འབྲི་སྒོམ་ལ། །ཁྱོད་ནི་གླེན་པ་དྲང་པོའི་མི་ཡིན་པས། །ཁོ་བོ་འཆི་དུས་ཅི་འདྲ་འོང་ངམ་གསུངས། །སངས་རྒྱས་ཡིན་པས་འདས་གྲོངས་མེད་དམ་སྙམ། །འོང་སྙམ་ཞུས་པས་རྗེ་བཙུན་གྱིས། །དེ་བདེན་མཐོང་སྣང་སྣ་ཚོགས་འོང་གསུངས་ལྟར། །རྗེ་བཙུན་ཆེན་པོ་མོད་ལ་མི་སྣང་བས། །བཞུགས་མལ་རས་གོས་ལུས་ལ་དད་རྟེན་བྱས། །སྣང་བ་དག་པས་མཁའ་


CMR004_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་གཤེགས་ཐག་བཅད། །མ་དག་སྣང་བ་བརྒྱད་ཅུ་རྩ་བཞི་ལ། །བོན་པོས་དུག་དྲངས་མཁྱེན་ཡང་གསོལ་ནས་འདས། །རས་ཆུང་མ་སླེབ་བྱོན་པས་སླར་ཡང་མཇལ། །སླར་ཡང་སོང་བས་གདུང་བཞུ་བ་དང་འཕྲད། །གསོལ་བ་བཏབ་པས་ཞལ་བསྟན་ཞལ་གདམས་གནང་། །དུ་བ་འཇའ་འཁྱིལ་འཇའ་འོད་བལྟས་བཟང་བྱུང་། །གདུང་དང་རིང་བསྲེལ་ཀིའི་གདན་དྲངས་སོ། །སློབ་མའི་གཙོ་བོ་རྣམ་པ་གསུམ་ཡིན་ཏེ། །མངོན་སུམ་འགྲོ་བ་དབང་བསྡུད་སྒམ་པོ་པ། །གཟུགས་མེད་ལྷ་འདྲེ་དབང་བསྡུད་ཚེ་རིང་མ། །སྐལ་ལྡན་ཡང་རབ་དབང་སྡུད་ལྷན་སྐྱེས་སྒྲོན། །དེ་སློབ་སློབ་མ་དཔག་ཏུ་མེད་བྱུང་ཞིང་། །གངས་ཅན་ལྗོངས་འདིར་སྒྲུབ་བརྒྱུད་སྲོལ་ཆེན་བསྟོད། །མི་ལ་རས་ཆེན་རྣམ་ཐར་རྒྱས་པ་ནི། །དར་ཆ་ཆེ་བས་ཞིབ་པར་མ་བྲིས་ཏེ། །འདིར་ནི་བརྡ་ཙམ་དད་པའི་རྟེན་དུ་བསྡུས། །འདི་ལ་ཉེས་པ་མཆིས་ན་ཆོས་ཀྱི་བདག །བཀྲ་ཤིས་ཚེ་རིང་མཆེད་སྡེ་ལྔ་ལ་བཤགས། །དགེ་བས་བདག་དང་བདག་ལ་ལྟོས་པ་རྣམས། །ཚེ་འདིར་བློས་གཏང་སྒྲུབ་པ་སྲོག་དང་བསྡོས། །མི་ལ་རས་ཆེན་རྣམ་ཐར་རབ་འཁྱོངས་ནས། །ཚེ་གཅིག་མཆོག་གི་དངོས་གྲུབ་ཐོབ་པར་ཤོག །དེ་


CMR004_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་བྱ་བཏང་རཱ་གའི་མིང་གིས་བྲིས། །མངྒ་ལཾ།། ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

སྒོམ་པོ་པའི་རྣམ་ཐར།


CMR004_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པུཎྱེ་རཏྣཡེ། །སྔོན་ཚེ་གྲངས་མེད་བསྐལ་པའི་སྔོན་རོལ་ན། །སངས་རྒྱས་རིན་ཆེན་པདྨའི་ཟླ་བ་ནི། །རྣམ་དག་མངོན་འཕགས་རྒྱལ་པོའི་བསྟན་པའི་མཇུག །བྱང་སེམས་བདུན་སྟོང་རྒྱལ་པོས་བསྐད་བྱས་ནས། །ནགས་ཚལ་ཀུན་ཏུ་བཟང་པོ་ཞེས་བྱ་རུ། །བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་དང་། །ལྷན་ཅིག་གནས་ཏེ་སེམས་ཅན་ཁྲག་ཁྲིག་ཕྲག །བརྒྱ་སྟོང་དགུ་བཅུ་ཕྱིར་མི་ལྡོག་ལ་བཀོད། །དེ་ནས་ལྷ་ཡི་མིག་གིས་བལྟས་པ་ཡིས། །རྒྱལ་པོའི་ཕོ་བྲང་སེམས་ཅན་ཁྲག་ཁྲིག་ཕྲག །མང་པོའི་ཆོས་ཐོབ་ཕྱིར་མི་ལྡོག་ཐོབ་མཐོང་། །ཁོ་བོ་དམ་ཆོས་འཆད་དུ་འགྲོའོ་གསུངས། །འཁོར་གྱི་སེམས་དཔའ་གཞན་གྱིས་བཤོལ་བཏབ་སྟེ། །དགེ་སློང་ལ་སོགས་ཆོས་ལ་དམོད་པ་དང་། །ཁྱེད་ནི་གཟུགས་མཛེས་ལྟ་ན་སྡུག་པའི་ཕྱིར། །རྒྱལ་པོ་ལ་སོགས་ཕྲག་དོག་འོང་དོགས་ཟེར། །བདག་ཉིད་བསྲུང་ན་དམ་ཆོས་མ་བསྲུང་འགྱུར། །ཞེས་སོགས་གསུངས་ནས་རྒྱལ་པོའི་ཕོ་བྲང་གཤེགས། །སྔ་དྲོ་དེ་ལ་སྲོག་ཆགས་ཁྲག་ཁྲིག་ཕྲག །དགུ་བཅུ་རྩ་དགུ་ཕྱིར་མི་ལྡོག་པར་བཀོད། །ཕྱིར་ཉིན་སྲོག་ཆགས་བྱེ་བ་སུམ་ཅུ་དགུ། །ཕྱིར་མི་ལྡོག་བཀོད་ཟས་སྤངས་


CMR004_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་ཏེ་བཞུགས། །སྔ་དྲོ་གཉིས་པར་བྱེ་བ་ཉི་ཤུ་གསུམ། །སྔ་དྲོ་གསུམ་པར་བྱེ་བ་དགུ་བཅུ་དགུ། །སྔ་དྲོ་བཞི་པར་ཁྲག་ཁྲིག་བརྒྱ་སྟོང་དགུ། །སྔ་དྲོ་ལྔ་པར་བུད་མེད་བརྒྱད་ཁྲི་དང་། །སྔ་དྲོ་དྲུག་པར་རྒྱལ་པོའི་བུ་སྟོང་རྣམས། །བྱང་ཆུབ་ལམ་བཀོད་ད་རུང་ཟས་མ་གསོལ། །སྔ་དྲོ་བདུན་པར་རྒྱལ་པོ་དཔའ་བས་བྱིན། །གྲངས་མེད་འཁོར་བཅས་ཤིང་རྟ་ལ་ཞོན་ནས། །སྐྱེད་མོས་ཚལ་དུ་འགྲོ་བར་བྱེད་པའི་ཚེ། །རྒྱལ་པོའི་བུ་མོ་ལྔ་བརྒྱས་དགེ་སློང་མཐོང་། །དད་པ་སྐྱེས་པས་ཕྱིར་མི་ལྡོག་ཐོབ་ནས། །བྱང་ཆུབ་སེམས་དཔའ་ལ་ནི་ཐལ་སྦྱར་བཏུད། །དེ་བཞིན་བཙུན་མོ་རྣམས་ཀྱང་གུས་བྱེད་མཐོང་། །རྒྱལ་པོའི་བསམ་པ་ང་ནི་གཟུགས་མི་མཛེས། །དགེ་སློང་མཛེས་པར་རྒྱལ་སྲིད་ཕྲག་དོག་ནས། །གཤེད་མ་དགེ་བྱེད་ཅེས་བྱ་རྒྱལ་པོས་བཏང་། །དགེ་སློང་རྐང་ལག་བཅད་ཅིང་མིག་ཀྱང་ཕྱུངས། །བཅད་པའི་མཚམས་ནས་འོད་ཟེར་དཔག་མེད་དང་། །འོ་མའི་རྒྱུན་བབ་ཞག་པོ་བདུན་སོང་ཡང་། །གསེར་མདོག་མ་ཉམས་མཚན་དཔེས་ལྡན་པ་མཐོང་། །རྒྱལ་པོ་ང་ནི་དམྱལ་བར་སྐྱེ་སྙམ་སྐག །དེ་ཚེ་ནམ་མཁའི་ལྷས་ཀྱང་དེ་ཡིན་ཟེར། །རྒྱལ་པོ་ས་ལ་འགྱེལ་ཞིང་ཆོ་ངེ་


CMR004_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ། །དེ་ནས་གདུང་སྦྱང་མཆོད་རྟེན་བྱས་ནས་ཀྱང་། །ལོ་གྲངས་བྱེ་བ་དགུ་བཅུ་རྩ་ལྔ་རུ། །མཆོད་པ་བྱས་ཤིང་དུས་གསུམ་བཤགས་པ་བྱས། །རྒྱལ་པོ་དེ་ནི་ཤཱཀྱ་ཐུབ་པ་དེ། །ཆོས་སྨྲ་བ་དེ་ཟླ་འོད་གཞོན་ནུར་གྱུར། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། །ཏིང་འཛིན་རྒྱལ་པོའི་མདོ་སྡེ་གསུངས་པའི་ཚེ། །སྙིགས་མའི་དུས་སུ་ཏིང་འཛིན་མཆོག་འདི་ནི། །སུ་ཡིས་འཛིན་ཅིང་སྟོན་པར་ནུས་གསུངས་ཆེ། །ཟླ་འོད་གཞོན་ནུས་འཛིན་པར་ཞལ་བཞེས་ཤིང་། །བྱང་ཆུབ་སེམས་དཔའ་གཞན་ནི་མང་པོ་ཡིས། །ཏིང་འཛིན་མཆོག་དེ་སྤེལ་བའི་གྲོགས་བྱེད་གསུངས། །དེ་ཚེ་ཤཱཀྱའི་རྒྱལ་པོས་ལུང་བསྟན་པ། །ཟླ་འོད་གཞོན་ནུས་མ་འོངས་བྱང་ཕྱོགས་སུ། །དགེ་སློང་འཚོ་མཛད་ཅེས་བྱར་གྱུར་ནས་ཀྱང་། །ང་ཡི་བསྟན་པ་རྒྱས་པར་བྱེད་ཅེས་གསུངས། །དེ་ནས་རྣལ་དུ་རྙི་བ་རྒྱལ་པོ་དང་། །ཚེ་ལྕམ་གཉིས་ལ་སྲས་པོ་གསུམ་ཡོད་པའི། །ཆེ་བ་སེ་རེ་ཆུང་བ་རྙིད་ཆུང་བ། །འབྲིང་པོ་ལུག་ལོར་ངོ་མཚར་ལྟས་བཅས་འཁྲུངས། །དར་མ་གྲགས་བཏགས་གསོ་རིག་མཁས་པར་སྦྱངས། །ཇོ་མོ་བཞེས་པས་སྲས་སོགས་བལྟམས་པ་ལས། །ཇོ་མོ་སྲས་རྣམས་འདས་པས་སྐྱོ་བ་


CMR004_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས། །དགུང་ལོ་ཉེར་དྲུག་ལོན་ཚེ་རབ་ཏུ་བྱུང་། །ཤང་པ་གླིང་པས་བསོད་ནམས་རིན་ཆེན་བཏགས། །བློ་ལྡན་ཤེས་རབ་ཕ་རྒྱུད་མ་རྒྱུད་གསན། །གདམས་ངག་ཞུས་པས་ཞི་གནས་བཟང་པོར་སྐྱེས། །སྣང་བ་ཐམས་ཅད་འཇའ་ལྟར་བུན་བུན་སོང་། །མི་རྟོག་ཉམས་ཀྱི་ཉིན་མཚན་ངོ་མ་ཤེས། །ཞག་བདུན་ཏིང་འཛིན་གཅིག་ལ་གནས་པ་དང་། །ཞག་པོ་བཅུ་བདུན་ཙམ་དུ་མི་འཆོར་བྱུང་། །ཉོན་མོངས་མགོ་ནོན་འདོད་ཡོན་བློ་མི་འཇུག །གསུང་གླེང་སྐབས་སུའང་ཏིང་འཛིན་ངང་ལ་སོགས། །ཟངས་དཀར་བ་ལ་ཡོ་ག་བདེ་མཆོག་བསླབས་། །བྱ་འདུལ་གཉིས་ལ་གསན་བསམ་མང་དུ་མཛད། །དབུ་རུ་བྱང་དུ་བཀའ་གདམས་མཇལ་དུ་བྱོན། །སྙུག་རུམ་པ་ལ་ལམ་རིམ་ཟླ་བདུན་ཞུས། །དེ་ཕྱིན་བྱང་ཆུབ་སེམས་དང་འབྲལ་མེད་བྱུང་། །ལྕགས་རི་བ་ལ་ཟླ་བདུན་གདམས་ངག་དང་། །མགོན་པོ་གྲི་གུག་མ་གསན་ཞལ་ཡང་གཟིགས། །དགེ་བཤེས་ཡོན་བདག་པ་ལ་ལོ་གསུམ་བསྟན། །ལམ་རིམ་བསྒོམས་པས་བདེ་གསལ་ཆུང་ངུ་སོང་། །སྐྱོ་ཤས་ངེས་འབྱུང་ཁོ་ན་ཤེས་ཆེར་བྱུང་། །ཇོ་བོའི་གདམས་ངག་དགེ་བཤེས་སྟོན་པས་ཀྱང་། །བར་མ་ཆོད་པས་སངས་རྒྱས་ལག་བྱེད་


CMR004_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ། །ཡོད་གསུངས་དམིགས་པའི་འགྲོ་ལྡོག་ཟད་མེད་བསླབས། །དེ་ནས་ཕ་ཡུལ་བྱོན་ནས་བྲང་ཁང་བཙོང་། །ཕ་ཞིང་ཡོན་བདག་བྱས་ནས་སྒོམ་པ་ལ། །བདེ་གསལ་སོར་ཆུད་གཉིད་ཐུན་རེ་ལས་མེད། །རྨི་ལམ་ས་བཅུ་ཐོབ་ལྟས་ཁོ་ན་རྨིས། །ལུས་ལ་ཤིག་དང་སྲིན་བུ་མེད་པ་དང་། །རྟག་ཏུ་བདེ་བའི་ཉམས་དང་ལྡན་པ་བྱུང་། །དེ་ནས་སྤྲུལ་པའི་སྤྲང་པོ་གསུམ་ལ་ནི། །མི་ལ་ཞེས་པའི་མཚན་ནི་ཐོས་མ་ཐག །བ་སྤུ་གཡོས་ཤིང་དབང་མེད་དད་པ་སྐྱེས། །ངོ་བཟུང་མེད་པའི་ཉམས་སྐྱེས་ཡུན་རིང་ལུས། །ཡུལ་སྣང་ཐམས་ཅད་མེད་པར་སྟོང་ཕྱམ་སོང་། །འཇིག་རྟེན་ཐམས་ཅད་ཡིད་ཀྱི་ཡུལ་དུ་གསལོ། །སེམས་ཅན་ཐམས་ཅད་སེམས་རྒྱུད་ཁམས་དབང་རྣམས། །ཤེས་སྙམ་བྱེད་པའི་ཉམས་གཅིག་ཐུགས་ལ་འཁྲུངས། །དེ་ནས་བླ་མ་རྣམས་ལ་དགོངས་པ་ཞུས། །ལྕགས་རི་བས་ནི་མ་འགྲོ་གསུངས་ནས་བཀག །དགེ་བཤེས་ཡོན་བདག་པ་ཡི་ཞལ་སྔ་ནས། །རྣལ་འབྱོར་པ་དེ་གྲུབ་ཐོབ་ཡིན་འདུག་པས། །སོང་ལ་ཆོས་ཀྱི་སྐྱེས་མ་ཁྱེར་ཤོག་གསུངས། །སྤྱན་སྔའི་ཞལ་ནས་ཁྱི་ཐུལ་ཅན་གྱི་རྩར། །མ་འགྲོ་འགྲོ་ཡང་རྟགས་འདི་མ་སྐྱུར་ཤོག །ཟངས་རྐང་མི་


CMR004_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་འདོན་ཏེ་ཐབས་མེད་གསུངས། །དགེ་བཤེས་སྙུག་རུམ་པ་ཡི་ཞལ་སྔ་ནས། །རྒས་ཁར་ང་མ་བོར་བར་ཤོག་ཅིག་གསུངས། །འགྲོ་བར་ཐག་བཅད་རྨི་ལམ་བཟང་པོ་དང་། །མི་དཀར་འོད་ཀྱིས་རང་བཞིན་མཛེས་པ་གཅིག །ལྟ་བའི་མན་ངག་རྡོ་རྗེའི་ཚིག་བཞི་གསུངས། །ཕྱིས་སུ་བླ་མའི་གསུང་དང་ཁྱད་མེད་འདུག །ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་འདུག་གསུངས་། །དེ་ནས་བྱོན་པས་ལམ་དུ་ཐུ་བར་བསྙུངས། །བླ་མ་བཞུགས་པའི་གངས་ལ་སེམས་གཏད་ནས། །མོས་གུས་བྱས་པའི་བསྙུང་ཡང་ཕན་པར་གྱུར། །ལམ་དུ་མི་གཅིག་ཁྲེལ་པོ་ཁུར་རོགས་བྱས། །མི་ལས་བཀའ་གདམས་པ་གཅིག་འོང་བ་ཡི། །འགྲོ་དོན་རྒྱ་ཆེན་འོང་གསུངས་ཟེར་བ་ཡི། །ང་རྒྱལ་ཅུང་ཟད་སྐྱེས་པ་མི་ལས་མཁྱེན། །ཟླ་ཕྱེད་བར་དུ་མཇལ་ཁ་མ་བྱུང་ངོ་། །དེ་ནས་སོ་གཉིས་ལོ་ལ་མི་ལ་མཇལ། །གསེར་ཞོ་བཞི་དང་ཇ་ཞོ་གང་ཕུལ་བ། །གསེར་ནི་མ་བཞེས་ཆོས་བརྒྱག་གྱིས་ཤིག་གསུངས། །སིན་དྷུའི་མཎྜལ་ལ་བརྟེན་དབང་བསྐུར་མཛད། །གཏུམ་མོའི་ཁྲིད་གནང་བདེ་དྲོད་རང་འབར་འོང་། །ཞག་བདུན་བསྒོམས་པས་རྒྱལ་བ་རིགས་ལྔ་མཇལ། །སྟོང་གསུམ་འཁོར་ལོ་བཞིན་དུ་འཁོར་བར་


CMR004_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་། །ནམ་མཁའ་ཐུགས་རྗེ་ཆེན་པོའི་གང་བ་དང་། །དམྱལ་ཁམས་མཐོང་ནས་སྙིང་རླུང་ལང་པ་དང་། །ལྷ་ཡུལ་མཐོང་དང་དགའ་བདེས་ཁྱབ་པ་དང་། །ཀྱེ་རྡོར་དམར་པོ་ཀེང་རུས་མཐོང་བ་དང་། །ནམ་མཁས་གར་ཁྱབ་ལུས་ཀྱིས་ཁྱབ་པ་དང་། །དུད་པས་མུན་རུབ་རང་ལུས་ཀེང་རུས་མཐོང་། །ཉིན་རེ་རླུང་ཁུག་གཅིག་གིས་ཆོག་པ་དང་། །སྨན་ལྷ་མཆེད་བདུན་སངས་རྒྱས་སྟོང་རྩ་མཇལ། །བླ་མས་ལོངས་སྐུ་སྤྲུལ་སྐུ་དངོས་སུ་མཐོང་། །ཆོས་སྐུ་ད་བཟོད་མཐོང་བར་འདུག་གིས་འདུག །སོར་མོས་རླུང་སྤྱད་ཐལ་བ་བུན་བུན་བྱུང་། །ད་ནི་རྩ་རླུང་ལས་སུ་རུང་ཙམ་ཡིན། །དྭགས་ལྷ་སྒམ་པོར་སོང་ལ་སྒྲུབ་ཅིག་དང་། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་འགྱུར་ཞིང་། །གདུལ་བྱ་སྣོད་དང་ལྡན་པ་ཡོད་དོ་གསུངས། །རྡོ་རྗེ་འཛིན་པ་འཛམ་གླིང་གྲགས་པར་བཏགས། །དབང་དང་ཆོས་རྣམས་རྫོགས་པར་གནང་བའི་མཐར། །གཏོར་མ་ཆེན་པོ་དབུ་ཡི་ཐོག་བཞག་ནས། །མཁའ་འགྲོ་ཆོས་སྐྱོང་དབང་བསྐུར་བཀའ་གཏད་མཛད། །ཁྱོད་ཀྱིས་འགྲོ་དོན་འགྲུབ་གསུང་ལུང་ཡང་བསྟན། །ཨ་རུ་རྣམ་རྒྱལ་གཅིག་དང་མེ་ཆ་དང་། །རླུང་སེམས་གཉིས་མེད་


CMR004_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པ་ཞལ་ད་གནང་། །དེ་ནས་དྭགས་པོ་དབུས་ཀྱི་ཕྱོགས་སུ་བྱོན། །དེ་ནས་སྨྱུག་རུམ་པ་མཇལ་གསུང་གླེང་མཛད། །ད་ནི་སེམས་ཅན་དོན་བྱ་རན་འདུག་གསུངས། །ཁོ་བོ་ཚེ་མེད་སྒྲུབ་པ་བྱ་དགོས་ཞུས། །ཚེ་བསྲིང་གདམས་ངག་སྤྱན་སྔའི་ཐུགས་དམ་གྱིས། །སྒྲོན་དཀར་མོ་དང་ཁོ་བོ་མི་ལབ་ལབ། །ཡོད་པས་དེ་ཡི་སྒྲུབ་ཐབས་ཡིན་གསུང་གནང་། །དེ་ནས་གཉལ་དུ་བྱོན་ནས་ཅུང་ཟད་བཞུགས། །དེ་ནས་མི་ལ་མཇལ་དུ་འབྱོན་དགོངས་ཚེ། །ཡར་ལུང་མདའ་རུ་ཚོང་པ་འགའ་རེ་ཡིས། །བླ་མ་གཤེགས་པའི་ཕྱག་མཁར་རིས་གོས་འཕྲོད་། །བརྒྱལ་ཞིང་མང་བཤུམས་གདུང་དབྱངས་གསོལ་འདེབས་བྱས། །དེ་ནས་རང་ཡུལ་ཕྱོགས་སུ་བྱོན་པའི་ལམ། །བུད་མེད་གཅིག་འདུག་དྲོ་བསླང་གསུངས་པ་ཡིས། །དེ་ཡི་ས་ལ་ནས་བཏབ་ལོ་ཏོག་འཁྲུངས། །ནས་བརྔས་བརྔོ་བཏགས་བྱས་ནས་དྲོ་དྲངས་ཏེ། །ཆབ་བླངས་འབྱོན་སྙམ་བུད་མེད་ལོག་མི་སྣང་། །སྦྲག་པ་ཆི་ལེ་འདུག་ཀྱང་ཉམས་རྟོགས་འཁྲུངས་། །དེ་ནས་རས་སྒོམ་རས་པས་ཉེ་གནས་བྱས། །བཀའ་གདམས་ཆོས་སྤྱོད་བརྩོན་པས་ཉམས་ཡང་ཡལ། །དཀའ་ཐུབ་བྱས་པས་ལུས་ཀྱང་སྐམ་པར་གྱུར། །དེ་ནས་ཆོས་


CMR004_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་སྐྱུར་ནས་གསོལ་བཏབ་པས། །མི་ལ་མདུན་དུ་བྱོན་སྙམ་དྲོད་ཀྱང་སྐྱེས། །ཕྱག་ཆེན་རྟོགས་པ་ནམ་མཁའ་ལྟ་བུ་འཁྲུངས། །བོ་དྷི་ཙི་ཡི་རྡོག་པོ་ཉེར་གཅིག་པ། །ལྕང་མའི་སྡོང་པོ་གཅིག་ལ་བཏགས་ནས་ཀྱང་། །ཁོ་བོ་རྒྱལ་བས་ལུང་བསྟན་པ་ཡིན་ན། །ཤིང་འདི་ལ་ནི་འདི་ཉིད་སྐྱེས་ཤིག་གསུངས། །འཕྲལ་དུ་བོ་དྷི་ཙི་དེ་ལྕང་མར་སྐྱེས། །འོལ་ཁར་བྱོན་ནས་དགེ་ལུང་ལོ་གསུམ་དང་། །གཉལ་གྱི་སེ་བ་ལུང་དུ་ལོ་དྲུག་བཞུགས། །རྨི་ལམ་གསེར་རྙེད་བརྒྱད་སྟོང་བྲི་སྙམ་པས། །དེ་ནས་མྱུར་དུ་རྟོགས་པ་མཆོག་གཅིག་སྐྱེས། །སྒོམ་ནི་གཏུམ་མོ་ཁོ་ན་བསྒོམ་པ་ནི། །སྒོམ་དང་ཆོས་ཀུན་སེམས་སུ་ཤེས་པ་བྱུང་། །རིག་པའི་ངོ་བོ་སེང་ངེ་ཡེ་རེ་མཐོང་། །རེས་འགའ་སྣང་བ་སྒྱུ་མ་ལྟ་བུར་མཐོང་། །བསྒོམ་རྒྱུ་སྒོམ་མཁན་ངོ་བོ་མ་རྙེད་དེ། །དེ་ནས་འོད་གསལ་རྒྱུན་ཆད་མེད་པར་བྱུང་། །ཁོ་བོས་སློབ་མ་དད་ཅན་ཁྲིད་བྱས་ནས། །ཟླ་བ་ལྔ་ནས་ཕྱིར་མི་ལྡོག་ཐོབ་གསུངས་། །མི་ནག་བསད་རྨིས་དེ་ཕྱིན་རྨི་ལམ་མེད། །གཉིད་ནི་ཡོད་ཀྱང་འོད་གསལ་ཁོ་ནར་གྲོལ། །ཟང་ཟིང་འདུས་པས་ཐུགས་སོ་མ་གསོད་ནས། །འོ་དེ་གུང་རྒྱལ་གངས་སུ་


CMR004_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོན་སྙམ་ཙ། །གདུལ་བྱ་སྐྱུར་ན་བྱང་སེམས་ལྟུང་བ་ཡིན། །ཞེས་པའི་སྒྲ་ཞིག་ནམ་མཁར་གྲག་པ་གསན། །འོ་དེ་གུང་རྒྱལ་བཙན་པོ་དར་ཐོད་ཅན། །གཡུ་ཆེན་མགུལ་དུ་བཏགས་པ་གཅིག་བྱུང་ནས། །འདི་ན་བཞུགས་ན་བདག་གིས་ཡོན་བདག་བགྱིད། །གལ་ཏེ་མི་བཞུགས་འབྱོན་ན་ང་ཡི་བུ། །དྭགས་ལ་སྒམ་པོ་ཅན་དུ་བཞུད་ཅིག་དང་། །ཁོ་ཡི་ཁྱོད་ནི་ཐུགས་དགོངས་སྒྲུབ་ལགས་ཟེར། །སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་ཆོས་འགའ་གསུངས། །ཕྱག་ཆེན་བཤད་པར་དགོངས་ཚེ་ནམ་མཁར་ཡལ། །དེ་ནས་སྒམ་པོའི་ཟངས་ལུང་བྱོན་ནས་བཞུགས། །ཆུ་ཡི་བཅུད་ལེན་བྱ་དགོངས་ཆུ་མི་འདུག །ཁང་སར་བྲག་རྩར་གདན་ཆུང་སོལ་དང་གསུངས། །བསལ་བས་ཆུ་མིག་ཁྲོན་པ་ཏིང་རིང་འདུག །ལོ་གྲངས་བཅུ་གཉིས་འདག་སྦྱར་བྱེད་དགོངས་ཙ། །བུད་མེད་ཐལ་བས་བྱུགས་ཅིང་སྒྲོ་མདོངས་བཟུང་། །འདག་སྦྱར་བས་ནི་བསྟན་པ་སྤེལ་དགའ་ཟེར། །གཙང་གི་ཀློག་སྐྱ་སྟོན་པ་ཆོས་ཞུ་བྱུང་། །དེ་ནས་ཁྱུང་ཚང་པ་དང་གཉའ་ནག་པ། །གཉའ་དམར་པ་སོགས་དྲུག་ཅུ་ཙམ་ཞིག་འདུས། །ཐམས་ཅད་རིང་པོར་མ་ཐོག་ཉམས་རྟོགས་འཁྲུངས། །མངོན་ཤེས་དྲུག་ཤར་བྱ་


CMR004_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་ཁོ་ན་བྱུང་། །དེ་ནས་མང་ནས་ཐུགས་སོ་མ་གསོད་ནས། །སྟོབས་ལུང་ཞེས་བྱ་ས་གཉན་གཅིག་བྱོན་བཞུགས། །དེ་དུས་སློབ་མ་འགའ་ལ་ངོ་སྤྲོད་གནང་། དགུན་ཟླའི་ཉ་སྐོར་ཞག་གསུམ་བར། །དུས་གཅིག་ཉིད་དུ་སྤྲུལ་པ་བཞི་མཛད་དེ། །གཅིག་ནི་ལྷ་སར་ཞག་གསུམ་རབ་གནས་མཛད། །གཅིག་ནི་ཡོན་བདག་སྐྱེས་འབུམ་ཚང་ཉིད་དུ་། །ཞག་གསུམ་བཞུགས་ནས་དབང་དང་རབ་གནས་མཛད། །དེ་ནས་དཔོན་སློབ་བདུན་བཅས་ནམ་མཁར་གཤེགས། །གྲྭ་མང་རྣམས་ལ་ཉིན་གསུམ་ཁྲིད་ཀ་གནང་། །གཅིག་ནི་ངག་བཅད་གཟིམ་མལ་ཉིད་ན་བཞུགས། །རབ་གནས་རྣམས་ཀྱི་འབུལ་བ་དུས་གཅིག་སླེབས། །འབྲོག་གི་འཁྲུག་པ་གསུམ་དུ་སྤྱན་དྲངས་ཚེ། །འཇའ་ལ་ཆིབས་ནས་འཁྲུག་པ་རང་ཞི་ར་བྱོན། །ཙཱ་རི་རྩ་ཁང་ཞེས་བྱ་རྒྱ་གར་གྱི། །ཡུལ་དུ་འགྲོ་གསུངས་འཁོར་རྣམས་ཆར་ཚེས་བང་། །རྗེ་ཉིད་ཆར་འབྲུ་ཅུང་ཟད་ལས་མ་ཕོག །གཟིམ་ལམ་མེ་འབར་ཐོག་ལ་རེག་རེག་དང་། །གཟིམས་ཁང་ཆུས་གང་གསེར་གྱི་མཆོད་རྟེན་སྣང་། །སྐུ་ལུས་མི་སྣང་བ་སོགས་རྫུ་འཕྲུལ་བསྟན།། །སྐུ་ལ་གྲིབ་མེད་རི་བྲག་ཐལ་བྱུང་གཤེགས། །ནམ་མཁར་སྐྱིལ་ཀྲུང་


CMR004_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ནས་བཞུགས་པ་དང་། །ཕྱག་སྟོང་སྤྱན་སྟོང་སྐུ་རུ་སྣང་བར་བསྟན། །སྟོང་འབུལ་བྱུང་དུས་ཁྲི་ཁར་གདན་དྲངས་དུས། །ཉེ་གནས་སྔོན་སོང་ང་ནི་རྗེས་འོང་གསུངས། །ཉེ་གནས་སྔོན་ལ་ཕེབས་སོང་འབུལ་བའང་བླངས། །དུས་བཟང་ཀུན་ཏུ་གཟིམས་ཁང་འཇའ་ཚོན་ཟུག །དུས་བཟང་ཌཱཀི་མུས་བྱུང་རྟགས་ཡིན་གསུངས། །རེ་ཞིག་རྗེ་ཉིད་བྱང་ཆུབ་ཆེན་པོའི་སྐུ། །སྒམ་པོའི་རི་ལས་ཆེ་བ་ཞིག་མཛད་ཀྱང་། །གཟིམ་སྤྱིལ་ཆུང་ངུའི་ནང་དེར་ཤོང་བར་བསྟན། །ཉི་མ་གཟས་ཟིན་མང་སྒོལ་བྱས་པའི་ཚེ། །དགེ་འདུན་སྟོང་ཙམ་འཚོགས་པའི་ནམ་མཁའ་ལ། །བུམ་ཆུ་གཏོར་ཞིང་འབྱོན་པ་ཀུན་གྱིས་མཐོང་། །འགར་སྒོམ་དཀར་པོས་བདེ་མཆོག་ལུང་ཞུས་ཚེ། །ཞལ་ནས་སྔགས་གསུང་འོད་ཟེར་དམར་པོ་གཅིག །འགར་སྒོམ་སྙིང་གར་ཐིམ་པས་འགར་སྒོམ་གྱིས། །བླ་མ་བདེ་མཆོག་ཞལ་ཕྱག་ཡོངས་རྫོགས་མཐོང་། །རིགས་ལྔའི་ཐང་ཀར་རབ་གནས་ཞུས་པའི་ཚེ། །རྗེ་ཉིད་ཐུབ་པ་བྱང་ཆུབ་ཆེན་པོར་གྱུར། །གཙུག་ཏོར་རྩེ་ནས་འཇའ་ཚོན་ལྟ་བུའི་འོད། །ཐང་ཀ་རྣམས་ལ་ཟུག་པའི་དྲིལ་ཁྲོལ་གྲག །མེ་ཏོག་ཆར་བབ་རོལ་མོའི་སྒྲ་ཡང་གྲག །རོ་གཅིག་རྟོགས་དུས་ལུས་སེམས་


CMR004_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་གསུམ། །གཅིག་ཏུ་འདྲེས་ཚུལ་ཇི་ལྟར་ཡིན་ཞུས་པས། །ཀ་བར་ཕྱག་གིས་ཐོག་མེད་ཕྱལ་ལེ་གཡུག །སྣང་སེམས་འདྲེས་ལུགས་འདི་ལྟར་ཡིན་ནོ་གསུངས། །གཙང་པོའི་སྟེང་དུ་གདིང་བའི་སྟེང་བཞུགས་ནས། །གཡོན་པས་ཕྱག་ཕྲེང་བགྲང་ཞིང་ཕྱག་གཡས་ཀྱིས། །ཆུ་སྦྱིན་མཛད་ཅིང་གཤེགས་པའི་རྫུ་འཕྲུལ་བསྟན། །རབ་གནས་མཛད་ཚེ་རྟེན་ལ་མེ་ཏོག་འབྱར། །མེ་ཏོག་སྣོད་ཀྱི་ལུང་དེ་ནམ་མཁར་བཞག །བསྒོམི་ཚུལ་ཕྱག་སོར་རླུང་གིས་སྤོས་ཐལ་སྤུར། །དེ་ལ་ང་རྒྱལ་སྐྱེས་པ་བཅག་པའི་ཕྱིར། །དྭགས་པོའི་ཆོས་གོས་ཉི་མའི་ཟེར་ལ་བཀལ། །མི་བརྒྱ་ཙམ་གྱིས་མཐོང་སྣང་མཐུན་པ་རུ། །རྗེ་ཉིད་ཁ་སར་པཱ་ཎི་དངོས་སུ་མཐོང་། །གཙིགས་པ་རྣམས་ལ་ཐོག་མེད་བཞུད་པ་དང་། །ཀེང་རུས་མི་ཆེན་གྲི་གུག་ཐོད་ཁྲག་ཐོགས། །སྟག་ལ་ཆིབས་ནས་ནམ་མཁར་འགྲོ་བ་སྤྲུལ། །བདུད་རྩི་ཐལ་སྦྱར་ཕྱག་རྒྱ་ཞག་བདུན་མཛད། །དང་པོ་སྐུ་བདུན་གཉིས་པར་བཅུ་བཞི་དང་། །གསུམ་པར་གཟིམས་ཁང་སྐུ་ཡིས་གང་བར་སྤྲུལ། །གཞན་གྱིས་སེམས་རྒྱུད་ཅི་བསམ་ཐམས་ཅད་མཁྱེན། །གནས་གསུམ་མཁའ་འགྲོའི་བསྐོར་ནས་ཆོས་གསུངས་


CMR004_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

པས། །དགེ་བཤེས་ཁམས་པས་གཟིགས་ཏེ་བསྟོད་པའང་མཛད། །དབུ་སེ་ལ་སོགས་བུ་ཆེན་འཚོགས་པའི་དུས། །ང་ནི་སྔོན་ཚེ་ཟླ་འོད་གཞོན་ནུར་གྱུར། །དེ་དུས་ཏིང་འཛིན་རྩལ་སྦྱོང་དུས་འདིར་ཡང་། །ཁོ་བོས་ཁྱེད་རྣམས་ཏིང་འཛིན་ལ་བཀོད་གསུངས། །ཡེ་ཤེས་ཌཱཀི་རྒྱུན་དུ་འདུ་བའི་རྟགས། །གཟིམས་ཁང་བུད་མེད་གད་མོ་རྒྱུན་དུ་འབྱུང་། །མདུན་དུ་བུད་མེད་མང་པོས་བྲོ་འཁྲབ་མཐོང་། །མྱུར་དུ་སོང་བས་ཅི་ཡང་མི་འདུག་གོ །ངས་ནི་སེམས་ཅན་རེ་རེའི་མདུན་དུ་ནི། །སྤྲུལ་པ་རེ་རེ་འགྱེད་ཀྱང་སླའོ་གསུངས། །གཞན་ཡང་ཨོ་རྒྱན་གནས་སུ་གཤེགས་པ་དང་། །གསང་སྔགས་སྤྱོད་པ་མཛད་སོགས་དུ་མ་བསྟན། །དེ་ཚེ་སྐུ་བསོད་དཔག་མེད་རྒྱས་པ་ལ། །དགེ་བཤེས་བྱ་ཡུལ་བ་ཡིས་ཕྲག་དོག་བྱས། །རྗེ་ཉིད་མཇལ་དུ་བྱོན་པས་གཉིས་ཀ་དགྱེས། །དམ་ཆོས་ཕར་གསན་ཚུར་གསན་མཛད་པ་ཡིས། །ང་ཡི་ཆོས་ཀྱིས་ཁོང་ལ་ཕན་པར་འདུག །ཁོང་གི་ཆོས་ཀྱང་ང་ལ་ཕན་གསུངས་ནས། །དེ་ཕྱིན་རབ་གནས་བྱ་ཡུལ་ལུགས་སུ་མཛད། །ཁོ་བོས་ཆེ་ཆུང་གང་འབག་འཚིངས་བ་ཡི། །ལ་ལས་ཁོ་བོ་ཆད་ལྟ་ཡིན་ཟེར་ཏེ། །ཆོས་སྤྱོད་ཆགས་མ་མྱོང་ཞེས་མགུར་དུ་བཞེངས། །ར་


CMR004_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

རྫི་སྒོམ་སྐྱེས་བྱ་བ་གཅིག་གིས་ནི། །དྭགས་པོའི་མཚན་ཐོས་ཙམ་གྱིས་སྒོམ་སྐྱེས་སོ། །རྒྱ་སྒོམ་རྡོ་རྗེ་སེང་གེ་ཞེས་བྱ་བས། །ཞལ་མ་མཇལ་ཡང་མཎྜལ་ཕུལ་བ་དང་། །མོས་གུས་བྱས་པ་ཙམ་གྱིས་སྒོམ་ཡང་སྐྱེས། །ནམ་པ་འཕེལ་སོགས་ཞལ་མཐོང་ཙམ་གྱིས་ནི། །ཉམས་རྟོགས་སྐྱེས་པ་དཔག་ཏུ་མེད་པ་བྱུང་། །སྤང་ཉང་སྟོན་དང་ཤོ་སྒོམ་བྱ་བ་གཉིས། །སྒོམ་ཞུར་ཕྱིན་པས་སྒམ་པོར་མ་སླེབ་པར། །རི་ཐང་མཚམས་སུ་ཉལ་ནས་བསྡད་པ་ལ། །དེ་ནུབ་སྲོད་དང་ཐོ་རངས་སྒོམ་སྐྱེས་ནས། །ཕྱིར་ནངས་མཇལ་མ་ཐག་ཏུ་བླ་མ་ཡིས། །མདང་ནི་ཁྱེད་གཉིས་དོན་འགྲུབ་ཨང་གསུངས་སོ། །མཛེ་མོ་གཅིག་ནི་རྐང་ཆད་འགྲོ་མ་ནུས། །བླ་མ་བཞུགས་པའི་གངས་ལ་བལྟས་ནས་ཀྱང་། །མོས་གུས་བྱས་པས་ནད་སོས་ཉམས་རྟོགས་འབར། །གར་འབྱོན་ས་རུ་འཇའ་འོད་ལམ་སྣ་འདྲེན། །མི་ནད་ཕྱུགས་ནད་ཆད་སོགས་བདེ་ལེགས་བྱུང་། །དགེ་སློང་འབྲོ་དམར་ཡུལ་སྤངས་གཏུམ་མོ་ཞུས། །སླར་ཡང་ཁྱིམ་པར་གྱུར་ནས་ཕག་མང་གསོ། །ཉིན་མོ་བུ་སྨད་ཤ་ཆང་བག་མེད་ཅིང་། །ནུབ་མོ་གཉིད་སད་སྒོམ་རང་བྱས་པ་ཡིས། །ཤི་དུས་རིང་བསྲེལ་སྣ་ལྔ་ཕུལ་བ་


CMR004_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བཤར་། །དུ་བ་འཇར་གྱུར་སྒལ་ཚིགས་སངས་རྒྱས་བྱོན། །དེ་སོགས་སྡིག་ཆེན་རྣམས་ཀྱང་མཇལ་ཙམ་གྱིས། །བལྟས་བཟང་བཅས་ཏེ་སོང་བ་གྲངས་མེད་བྱུང་། །ཟངས་རི་རས་པ་ཕ་ཡུལ་འགྲོ་མོས་པས། །བྱ་བ་བཏང་དགོས་མགུར་དུ་བཞེངས་པ་ཡིས། །བླ་མ་མ་འདས་བར་དུ་འབྲལ་མེད་བསྟེན། །ད་ནི་ཁོ་བོ་ཡུན་རིང་མི་སྡོད་པས། །ཆོས་ཞུ་འདོད་པ་རྣམས་ཀྱིས་ཞུས་ཤིག་གསུངས། །དེ་ནས་ཅུང་ཟད་སྐུ་ཁམས་མ་བདེའོ། །བསྙུང་དྲིས་བྱས་པས་བདེ་བའི་མགུར་ཡང་གསུངས། །ཁོ་བོ་སྐྱེས་ཆེན་འདོགས་པས་གདམས་ངག་གིས། །ལྷག་མ་དྲི་རྒྱུ་ཡོད་ན་དྲིས་ཤིག་གསུངས། །ཁོ་བོ་རྒྱུན་དུ་དྲན་པར་གྱིས་ཤིག་དང་། །དེ་གས་ཆོག་སོགས་ཞལ་ཆེམས་རྒྱས་པར་གནང་། །དེ་ནས་དགུང་ལོ་དོན་ལྔ་ཁྲུམས་ཟླ་ཡི། །བཅོ་ལྔའི་ཉི་ཤར་སྐུ་ལུས་དྲང་པོར་བསྲངས། །སྤྱན་མིག་ནམ་མཁར་ཧྲིག་ཧྲིག་མཛད་ནས་ཀྱང་། །རྣམ་རྟོག་མི་མངའ་ཅི་ཡང་ས་ལེར་མཁྱེན། །ཞེས་གསུངས་གཤེགས་ཚེ་ནམ་མཁའ་འཇའ་ཡིས་གང་། །ནམ་མཁར་ཤེལ་གྱི་མཆོད་རྟེན་བརྒྱ་རྩ་བརྒྱད། །འོད་ཟེར་འཕྲོ་དང་ལྷ་ཡི་རྔ་སྒྲ་ནི། །ཡུལ་ཕྱོགས་མི་སྡེ་ཀུན་གྱི་མཐོང་སྣང་མཐུན། །དགེ་བཤེས་ཁམོ་པས་རང་


CMR004_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྤྱིལ་པོ་དང་། །ཡང་དགོན་གཉིས་པོ་འཇའ་ཡིས་སྦྲེལ་བ་གཟིགས། །གཅིག་གི་སྒམ་པོ་འོད་ཀྱིས་གང་བ་མཐོང་། །ལྷ་རྗེ་རྙི་སྒོམ་འདས་ཞེས་སྒྲ་ཡང་གྲག །དེ་ནས་སྐུ་གདུང་ལྷ་ཁང་སྤྱན་དྲངས་པ། །ཁྲི་ལ་བཞུགས་ཏེ་མཆོད་པ་སྣ་ཚོགས་བྱས། །བཙུན་ཆུང་གཉིས་ཀྱིས་མཆོད་གཉེར་བྱས་ནས་ཀྱང་། །ཕྱག་ཆེན་བསྒོམ་སྐྱེས་བུ་ཆེན་ཐམས་ཅད་འདུས། །གསོལ་བ་བཏབ་པས་ཏིང་འཛིན་ཁྱད་པར་སྐྱེས། །ཞག་གསུམ་ནང་པར་གདུང་དེ་བཞུས་པ་ཡིས། །སྤུར་གྱི་ནང་ནས་འོད་ཆེན་འདྲིལ་བྱུང་དང་། །ནམ་མཁར་འཇའ་ནི་སྤུང་བ་གུར་འདྲ་དང་། །མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་བྱེད་པ་དང་། །སྤུར་ཁང་མཆོད་རྟེན་བརྒྱ་རྩས་སྐོར་བ་དང་། །འཇལ་སྤྱིལ་སྤུར་ཁང་འཇའ་གསུམ་སྦྲེལ་བ་དང་། །བུད་མེད་སྨྲ་ར་ཅན་གསུམ་མཆོད་པར་མཐོང་། །ཐུགས་བྱོན་སྒོམ་ཆེན་རྣམས་ལ་བྱིན་རླབས་བྱས། །གདུང་གི་བཞི་ཆ་སྡེ་པ་རྣམས་ཀྱིས་ཐོབ། །ཆ་གཅིག་སྒོ་མང་གང་དུ་བཞུགས་རྒྱུ་དང་། །ཕྱེད་དེ་སྒོམ་ཆེན་རྣམས་ཀྱི་བགོ་བར་བྱས། །སྒོམ་ཆེན་རྣམས་ནི་སོ་སོར་རི་ཁྲོད་གྱིས། །འཚོ་བ་དཀོན་ཡང་སྡུག་རེག་མྱང་དགོས་གསུངས། །ཕག་གྲུ་ལོ་གཅིག་སྒམ་པོའི་


CMR004_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཆག་ཕྱིར་བཞུགས། །བཀྲ་ཤིས་སྒོ་མང་ལ་སོགས་རྟེན་རྣམས་བཞེངས། །དེ་ནས་འདས་དུས་མ་སླེབ་སྒོམ་ཆེན་རྣམས། །འདས་ལུགས་དྲིས་ངོར་སྒམ་པོས་མགུར་ཡང་མཛད། །གྲྭ་པ་སྤྱི་མང་རྣམས་ཀྱི་ཆོས་ཡང་ཞུས། །དེ་ཡང་སློབ་དཔོན་སྒམ་པོ་པ་འདི་ནི། །དྭགས་པོ་ཉིད་ཀྱི་ཕྲིན་ལས་སྤྲུལ་པ་སྟེ། །རྒྱ་སེ་དེ་ལ་སྲས་གསུམ་ཡོད་པ་ཡི། །འབྲིང་པོ་སྒོམ་པ་གྲགས་མཛེས་ཞེས་བྱ་བ། །ཏིང་འཛིན་དུ་མ་ལྡན་ཡང་སྔར་ནས་འདས། །ཆེ་བ་སྒོམ་པོ་ལྷུམས་སུ་ཞུགས་པའི་ཚེ། །ལྟོ་ནས་ཉི་མ་ཤར་བས་འོད་ཁྱབ་རྨིང་། །སྨོན་ལམ་དྲག་བཏབ་ལོ་ལྔ་ལོན་པ་ན། །དྭགས་པོ་ཞལ་མཇལ་མི་གཡོའི་སྒོམ་ལུང་གནང་། །དེ་ཉིད་བསྒྲུབས་པས་མྱུར་དུ་ཞལ་ཡང་གཟིགས། །བཅུ་གཅིག་ལོ་ལ་སྒྱུ་མའི་ཏིང་འཛིན་འཁྲུངས། །ཤ་བ་གླིང་པའི་དྲུང་དུ་བསྙེན་པར་རྫོགས། །ཆོ་འཕྲུལ་སྙིང་པོ་ཞེས་བཏགས་དྭགས་པོས་ཀྱང་། །གདམས་པ་མང་གནང་རི་ཁྲོད་དུ་མ་བརྟེན། །སྟོད་ལུང་དགོན་བཏབ་དགེ་འདུན་དཔག་མེད་འདུས། །དེ་ཚེ་ལྷ་ས་མེས་ཚིག་གསོ་མཁན་མེད། །མགོན་པོ་རེ་མ་ཏི་དང་རྫོང་བཙན་གྱིས། །ལྷ་སའི་འཁྲུག་པ་བསྡུམ་པར་ཞུ་འོ་ཟེར། །དེ་ནས་ཡུན་རིང་འཁྲུག་པ་དུམ་དཀའ་


CMR004_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །འབྱོན་པར་ཆས་ཚེ་རྨི་ལམ་དྭགས་པོ་བྱོན། །ཁྱོད་ཀྱིས་ང་སྐྱུར་ཕོད་དམ་གསུང་བྱུང་བས། །ཇོ་བོ་བླ་མ་དབྱེར་མེད་རེད་དོ་གསུངས། །ཇོ་བོས་འཁྲུག་པ་ཁྱོད་ཀྱིས་མི་བསྡུམས་ན། །སུས་བཟླུམས་གསུངས་ནས་སྤྱན་ཆབ་བཏང་བ་ནི། །ཀུན་གྱིས་མཐུན་པར་མཐོང་བས་མྱུར་དུ་དུམ། །ལྷ་སའི་ལྕགས་རི་སྐོར་ཁང་སྤེན་བད་དང་། །ཞ་ལ་ལ་སོགས་ཞབས་ཏོག་རྒྱ་ཆེར་མཛད། །ལྷ་ས་གསང་འདུས་དཀྱིལ་འཁོར་ཉིད་དུ་གཟིགས། །གཉལ་སྟོན་ཉིད་ཀྱིས་མོས་གུས་བྱས་པ་ཡིས། །ལྷ་སར་གསང་བ་འདུས་པའི་དཀྱིལ་འཁོར་གྱིས། །གཙོ་བོ་བསྒོམ་ཚུལ་ཉིད་ཀྱིས་མཛད་པ་མཐོང་། །སྐད་ཅིག་ཉིད་ལ་རྡོ་རྗེ་གདན་འཁོར་དང་། །སངས་རྒྱས་ཞིང་ཁམས་དཔག་མེད་གཟིགས་པ་དང་། །སྤྱན་རས་གཟིགས་དང་རྡོ་རྗེ་ཕག་མོ་སོགས། །ཡི་དམ་ལྷ་ཚོགས་དཔག་ཏུ་མེད་པ་གཟིགས། །སྐུ་མི་སྣང་དང་དུ་མར་བསྒྱུར་བ་དང་། །མངོན་པར་ཤེས་པ་དཔག་ཏུ་མེད་པ་མངའ། །སྲོང་བཙན་སྒམ་པོའི་བཀའ་ཆེམས་ལུང་བསྟན་ལས། །བྱང་ཆུབ་སེམས་དཔའ་ཤར་ལྷོར་སྐུ་འཁྲུངས་པ། །གསང་སྔགས་ཆེ་བའི་རྣལ་འབྱོར་ཆེན་པོ་ནི། །སྙིང་པོའི་མཐའ་ཅན་སྐྱེས་བུ་དམ་


CMR004_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། །གཙུག་ལག་ཁང་ཆེན་འདི་ལ་ཕན་པར་འགྱུར། །ཅེས་གསུངས་དོན་ལ་དྭགས་པོ་དངོས་ཉིད་དང་། །ངོ་བོ་གཅིག་ཀྱང་ཐུགས་སྲས་བསྟན་བདག་ཚུལ། །ཁུ་དབོན་འདི་གཉིས་སློབ་མར་གྱུར་པ་ནི། །དུས་མཁྱེན་ཕག་གྲུ་འབའ་རོམ་ཁྱུང་ཚང་བ། །རྨ་ཅོག་པ་དང་ཟངས་རི་རས་པ་སོགས། །སློབ་མའི་ཚོགས་ནི་དཔག་ཏུ་མེད་པ་བྱོན། །ཉིད་ཀྱི་མཛད་པའི་རྣམ་ཐར་རྒྱས་བསྡུས་གསུམ། །ཉེ་གནས་སོགས་ཀྱིས་མཛད་པ་གསུམ་ཙམ་ཡོད། །ཕྱོགས་བསྒྲིགས་མཁའ་སྤྱོད་དབང་པོས་ཉུང་ངུར་བསྡུས། །འདི་ལས་མཆོག་ཏུ་གྱུར་པའི་རྣམ་ཐར་འགལ། །འདུག་ཀྱང་བརྗོད་པར་མ་མཛད་ཅེས་གསུངས་སོ། །ཉུང་ངུར་དད་རྟེན་རཱ་གའི་མིང་གིས་སྦྱར། །དགེ་བས་བདག་དང་བདག་ལ་འབྲེལ་ཐོགས་རྣམས། །ལྷན་སྐྱེས་ཡེ་ཤེས་མྱུར་དུ་རྟོགས་ཕྱིར་བསྔོ། །ཉེས་འགལ་མཆིས་ན་ཌཱ་ཀི་རྣམས་ལ་བཤགས། །མངྒ་ལཾ།།

ཏི་ཕུའི་རྣམ་ཐར།


CMR004_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་རས་ཆུང་པས་གསེར་མང་པོའི་མཎྜལ་བྱས་ཏེ། མ་གཅིག་དང་བླ་མ་ཏི་ཕུ་གཉིས་ལ་ཕུལ་ནས་མ་གཅིག་གི་རྣམ་ཐར་རགས་རིམ་གཅིག་གནོངས་ཞུས་པས། ཏི་ཕུས་མ་གཅིག་ལ་རུང་ངམ་ཞུས་པས་རུང་གསུངས་ནས། ཏི་ཕུའི་ཞལ་ནས། རྡོ་རྗེ་ཕག་མོ་སྤྲུལ་པའི་སྐུ། །རྒྱལ་བའི་རྒྱལ་ཡུམ་གོས་དཀར་མོ། །སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། །གྲུབ་པའི་རྒྱལ་མོ་ལ་ཕྱག་འཚལ། །རྒྱ་གར་ཡུལ་གྱི་ཞིང་ཕྱོགས་སུ། །ཡུལ་ནི་ནུབ་ཕྱོགས་ཨོ་རྒྱན་ཡུལ། །གནས་ནི་མེ་ཏོག་བཀོད་པའི་གནས། །མེ་ཏོག་པདྨ་ལས་འཁྲུངས་ཤིང་། །མཚན་མཆོག་སུམ་ཅུ་རྩ་གཉིས་ལྡན། །དཀར་དམར་འོད་ལྡན་ཡིད་འོང་མ། །འཇའ་ལུས་རྡོ་རྗེའི་རྣམ་པར་མཛེས། །ལང་ཚོར་ལྡན་ཞིང་བདེ་གཏེར་མ། །རིན་ཆེན་རུས་པའི་རྒྱན་དྲུག་གསོལ། །གྲི་གུག་བདུད་རྩིའི་ཐོད་པ་བསྣམས། །དར་གྱི་ལྷབ་ལྷུབ་ཅོད་པན་ཅན། །མཁའ་འགྲོ་རྒྱ་མཚོའི་ཕྱོགས་དབུས་སུ། །གནོ་ཤེལ་གྱི་གཙུག་ལག་ཏུ་། །རིན་ཆེན་སྣ་ལྔའི་ཁྲི་སྟེང་དུ། །མ་གཅིག་གྲུབ་པའི་རྒྱལ་མོར་གྲགས། །ལོ་གྲངས་ལྔ་བརྒྱ་སོང་ཞེས་ཀྱང་། །ན་ཚོད་བཅུ་དྲུག་ཚུལ་དུ་བཞུགས། །བདེ་ཆེན་པད་མོ་བཀོད་པ་


CMR004_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

རུ། །ཚེ་ལྷ་ཡོངས་ཀྱི་ཞལ་གཟིགས་ཏེ། །ཚེ་དབང་ཁྲིད་དང་བཅས་པ་གསན། །རིག་འཛིན་ཚེ་ཡི་དངོས་གྲུབ་ཐོབ། །མིང་ནི་གོས་དཀར་ཞེས་སུ་གྲགས། །དཔའ་བོ་མཁའ་འགྲོ་འབུམ་གྱིས་བསྐོར། །འོག་མིན་སྟུག་པོ་བཀོད་པར་བྱོན། །ལོངས་སྐུ་རྡོ་རྗེ་འཆང་ཆེན་མཇལ། །གསང་སྔགས་དབང་བཞི་རྫོགས་པར་ཞུས། །བླ་མེད་སྐུ་བཞི་མངོན་དུ་གྱུར། །རྡོ་རྗེ་ཕག་མོ་ཞེས་སུ་གྲགས། །རྒྱལ་བ་རྒྱ་མཚོའི་འཁོར་གྱིས་བསྐོར། །གནོ་ཤེལ་གྱི་གཙུག་ལག་ཏུ། །བདེ་མཆོག་འཁོར་ལོ་དང་མཇལ་ཏེ། །གསང་སྔགས་རྡོ་རྗེ་ཐེག་པ་གསན། །གསང་སྔགས་མཆོག་གི་དངོས་གྲུབ་ཐོབ། །རྡོ་རྗེ་མཁའ་འགྲོ་ཞེས་སུ་གྲགས། །གནས་གསུམ་དཔའ་བོ་མཁའ་འགྲོས་བསྐོར། །མེ་ཏོག་ཆེར་རྒྱས་ཞིང་དུ་བྱོན། །བཅོམ་ལྡན་རྒྱལ་བ་རིགས་ལྔ་མཇལ། །དུག་ལྔ་འདུལ་བའི་ཆོས་རྣམས་གསན། །ཡེ་ཤེས་ལྔ་རུ་སྔོན་སངས་རྒྱས། །རྣལ་འབྱོར་ཆེན་མོ་ཞེས་སུ་གྲགས། །མཁའ་འགྲོ་སྡེ་ལྔའི་འཁོར་གྱིས་བསྐོར། །རི་བོ་ཏ་ལའི་རྩེ་མོར་བྱོན། །བྱམས་མགོན་སྤྱན་རས་གཟིགས་དབང་མཇལ། །ཐེག་པ་ཆེན་པོའི་ཆོས་རྣམས་གསན། །འགྲོ་བ་འདུལ་བའི་དངོས་གྲུབ་བརྙེས། །འགྲོ་འདུལ་མཁའ་


CMR004_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཞེས་སུ་གྲགས། །སེམས་དཔའ་སེམས་མའི་འཁོར་གྱིས་བསྐོར། །བསིལ་བ་ཚལ་གྱི་དུར་ཁྲོད་དུ། །གུ་རུ་པདྨ་འབྱུང་གནས་མཇལ། །གསང་སྔགས་ཟབ་མོའི་ཆོས་རྣམས་གསན། །གསང་ཡུམ་གསང་བའི་མཆོད་པ་ཕུལ། །དགའ་བཞི་བདེ་སྟོང་ཉམས་མྱོང་རྒྱས། །ཆོས་ཉིད་ཟབ་མོའི་དངོས་གྲུབ་བརྙེས། །གཙུག་གི་རྒྱན་གཅིག་ཅེས་སུ་གྲགས། །འཁོར་ནི་མཁའ་འགྲོ་མང་པོས་བསྐོར། །ཡུལ་ནི་ཉི་ཤུ་རྩ་བཞིར་བྱོན། །མཁའ་འགྲོ་སུམ་ཅུ་སོ་གཉིས་མཇལ། །མན་ངག་གནད་ཀྱི་གདམས་པ་གསན། །གྲུབ་ཆེན་བརྒྱད་ཀྱི་དངོས་གྲུབ་བརྙེས། །ནམ་མཁའི་དབྱིངས་ཕྱུག་ཅེས་སུ་གྲགས། །ཌཱ་ཀི་དམར་མོ་འབུམ་གྱིས་བསྐོར། །དུར་ཁྲོད་བརྒྱད་ཀྱི་གནས་ལ་བྱོན། །མཁའ་འགྲོ་སེངགདོང་མ་དང་མཇལ། །བདེ་ཆེན་གསང་བའི་ངོ་སྤྱོད་གསན། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་བརྙེས། །དུར་ཁྲོད་རོ་ཟན་ཞེས་སུ་གྲགས། །མཁའ་འགྲོ་སྤྲུལ་པའི་སྟག་གཟིག་དང་། །དོམ་དང་ལྕེ་སྤྱང་མང་པོས་བསྐོར། །རྒྱ་གར་ཡུལ་རྣམས་ཀུན་ལ་བྱོན། །རྣལ་འབྱོར་གྲུབ་ཆེན་བརྒྱད་ཅུ་མཇལ། །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གསན། །ཁམས་གསུམ་དབང་བསྡུད་དངོས་


CMR004_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་བརྙེས། །མཁའ་འགྲོ་བདེ་བྱེད་ཅེས་སུ་གྲགས། །སྐལ་ལྡན་ལས་ཅན་མང་པོས་བསྐོར། །པདྨ་དབང་གི་གནས་ལ་བྱོན། །དཔའ་བོ་དབང་ཆེན་རྟ་མགྲིན་མཇལ། །རྒྱུད་སྡེ་སྟོང་ཕྲག་མང་པོ་གསན། །མཆོག་དང་ཐུན་མོང་དངོས་གྲུབ་བརྙེས། །གསང་བ་ཡེ་ཤེས་ཞེས་སུ་གྲགས། །ཌཱ་ཀི་སྟོང་ཕྲག་མང་པོས་བསྐོར། །དེ་ལྟར་ངོ་བོ་གཅིག་ལ་མཚན་ཡོངས་སུ་གྲགས་པ་བཅུ་ཐམ་པ་ཡིན་སོགས་གསུངས་སོ། །བླ་མ་ཏེ་ཕུའི་རྣམ་ཐར་ལོ་རྒྱུས་ནི། ཡུལ་ཡངས་པ་ཅན་རིགས་བྲམ་ཟེ། ཡབ་སྒེག་པའི་རྡོ་རྗེ། ཡུམ་ཀུན་ཏུ་བཟང་མོའི་སྲས་ཡབ་པཎྜི་ཏ་གྷ་ཡ་དྷ་ར། ཁུ་བོ་པཎྜི་ཏ་ཟླ་བའི་སྙིང་པོ། །ཡུམ་མཁའ་འགྲོ་མ་བཛྲ་ར་ཏྲ། ཞང་པོ་པཎྜི་ཏ་དོན་ཡོད་རྡོ་རྗེ། ཡབ་ཡུམ་གཉིས་ལ་སྲསལྕམ་སྲིང་གསུམ་ཡོད་པའི་ཐོག་མ་ཡིན་ལ་མཚན་དྷརྨ་བཛྲ་ཏེ། སྲས་དེ་ཉིད་ལོ་བཅུ་གསུམ་ལོན་ཚེ་ཚེའི་དུས་བྱས་ཏེ། ཤིན་ཏུ་གཅེས་པས་མྱ་ངན་དང་བཅས་བསིལ་བ་ཚལ་གྱི་དུར་ཁྲོད་དུ་རོ་བརྒྱལ་ཏེ། སྐྱེལ་མི་རྣམས་རོ་ཚོགས་བྱེད་པའི་ཚེ། བུ་རོའི་གམ་དུ་ཕུ་རོན་ཞིག་བྱུང་བ་བབས་ཏེ་མགོ་སྒུག་སྒུག་པ་གསུམ་བྱས་ནས་ཤི་སོང་བ་དང་། བུ་སོས་དེ་ལང་བྱུང་བས་རོ་སྐྱེལ་མི་རྣམས་འཇིགས་ཤིང་སྐྲག་


CMR004_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཕྱོགས་ཕྱོགས་སུ་འགྲོས་པར་བརྩམས་པ་ལས། སྔར་ཡབ་ཀྱི་ཐུགས་རྗེས་རྒྱ་སྐད་བརྡ་འཕྲོད་ཙམ་མཁྱེན་པས། ང་རོ་ལངས་མིན་ང་རང་གསོས་པ་ཡིན། །ཁྱམ་དུ་འགྲ་གསུངས་པས། ཁོང་རྣམས་དགའ་དྲག་ཧ་ལས་ངོ་མཚར་དུ་གྱུར་པ་དང་སྡེབ་སྟེ་བྱོན་པས། སྔར་གྱི་བྱིསྦ་རྩེད་གྲོགས་རྣམས་ན་རེ། ཁོ་མ་ཤི་བར་འདུག་ཟེར་མདུན་དུ་བྱུང་། ཡུལ་མི་རྣམས་ན་རེ་རིམ་གྲོ་ལ་དུར་ཁྲོད་དུ་ཕྱིན་པར་འདུག་ཟེར། ཕ་མ་གཉིས་དང་འཕྲད་པས་འཚང་སྟེ་དགའ་དྲགས་བརྒྱལ་བ་ལས་སངས་པ་དང་། ཤི་བ་སོས་པ་ལས་མཆོག་ཏུ་དགའ་སྟེ་རོ་སྐྱེལ་མི་ལ་སོས་ལུགས་ཇི་ལྟར་བྱུང་དྲིས་པས། ངེད་རྣམས་རོ་ཚོགས་བྱེད་དུས་ཕུང་པོའི་རྩར་ཕུ་རོན་ཞིག་བྱུང་སྟེ་ཤི་མ་ཁད་བུ་སོས་བྱུང་ཟེར་རོ། །ཕ་མས་སྔར་ལྟར་བརྩེ་བས་སྐྱོང་ཞིང་འགྲོགས་པ་ལས། སྔར་གྱི་བུ་དེ་བས་ཤེས་རྒྱུད་དུལ་ཞིང་ཆོས་ལ་དཀར་བ་ཕ་མར་གུས་ཤིང་དབུལ་ཕོངས་ལ་བྱམས་པ། དཀོན་མཆོག་ལ་མོས་ཤིང་དགེ་ལས་ལ་བརྩོན་པ་ཞིག་འདུག་པས། སྔར་གྱི་བུ་དེའི་ཤེས་རྒྱུད་མིན་པར་ཤེས་ཏེ་ཇི་ལྟར་ཡིན་དྲིས་པས། ཕུ་རོན་གྱིས་བོད་ནས་གྲོང་འཇུག་བྱས་པ་སོགས་ལོ་རྒྱུས་རྒྱས་པར་བཤད་པས། རྒྱ་


CMR004_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གར་ཡུལ་གྱི་དེའི་སྐད་དུ། ཕུ་རོན་ལ་ཏེ་ཕུ་ཟེར་བས།། དེ་ལ་ཡ་མཚན་པར་བྱས། མཚན་ཏེ་ཕུ་པར་ཆགས་པ་ལས། བུ་ཡི་འདུ་ཤེས་མེད་པར་བླ་མ་ཟེར་ཏེ། བྲམ་ཟེ་ཡབ་ཡུམ་གཉིས་པོ་ཞབས་ཏོག་བྱས་པ་ལས། ཚེ་འདིར་ཡང་བུ་འདྲ་བའི་ཕན་ཐོགས་བྱུང་སྟེ། དེ་མན་ལོངས་སྤྱོད་ཆེ་ཞིང་ཅི་བསམ་གྱི་དོན་འགྲུབ། སྲས་དེ་ཡང་སྐུ་སྐྱེད་ཆེ་ཞིང་མཚན་དང་། དཔེ་བྱད་ཀྱི་ཆ་ཤས་ཀྱིས་བརྒྱན་པ། ཆོས་ལ་མངོན་པར་དད་པས་སློབ་དཔོན་གུ་པ་ཏ་བཛྲ་ལ་ཀློག་དང་ཡི་གེ་བསླབ། དགུང་ལོ་བཅོ་ལྔ་བཞེས་ཚེ། ནཱ་རོའི་དྲུང་དུ་བྱོན་ནས་རབ་ཏུ་བྱུང་བར་མཛད་པས་མེ་ཏོག་གི་ཆར་བབ་པ་དང་། རོལ་མོའི་སྒྲ་སྒྲོགས། ས་གཡོ་བ་སོགས་ལྟས་ངོ་མཚར་ཅན་མང་པོ་བྱུང་། པཎ་ཆེན་ནཱ་རོ་ལ་ཆོས་མང་པོ་ཞུས་པའི་སྐབས་ཤིག །རྗེ་བཙུན་ནཱ་རོ་པ་ནམ་མཁའི་མཐོང་ནས་གར་མཛད། འཇའ་ཡིས་གུར་ཕུབ། མཁའ་འགྲོ་སྤྲིན་ལྟར་གཏིབས། དེ་དག་གི་དབུས་ན་རྗེ་བཙུན་ཏེ་ལོ་པ། རུས་པའི་རྒྱན་དྲུག་གསོལ་དུར་ཁྲོད་ཆས་ཀྱིས་བརྒྱན་ཕྱག་ན་རྡོ་རྗེ་དང་ཐོད་པ་འཛིན་པ། བདེ་བར་གཤེགས་པ་ནམ་མཁའི་སྐར་ཚོགས་བཀྲམ་པ་ཙམ་དང་། རྡོ་རྗེ་ཕག་མོ་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས་


CMR004_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཟིགས། དད་མོས་དཔག་ཏུ་མེད་པ་འཁྲུངས་པས། ཏེ་ལོས་གསང་སྔགས་ཀྱི་མན་ངག་མང་པོ་བརྡ་ཡི་ཚུལ་དུ་བསྟན། རྡོ་རྗེ་ཕག་མོ་སོགས་མཁའ་འགྲོ་མང་པོས་དགོངས་བརྒྱུད་ཀྱི་ཚུལ་དུ་ཐུགས་ལ་འཕོས། དེ་རྣམས་ཀྱི་ལོ་རྒྱུས་ནཱ་རོའི་དྲུང་དུ་ཞུས་པས། ཐུགས་དགྱེས་པའི་ཚུལ་གྱིས་ཞལ་ནས། ཁྱེད་མར་པའི་སྲས་ཏི་ཕུའི་ལུས་ལས་བྲམ་ཟེའི་བུ་ལ་གྲོང་འཇུག་བྱས་ཤིང་། རྗེ་བཙུན་ཏེ་ལོ་ཆེན་པོའི་བྱིན་གྱིས་བརླབས་པའི་བུར་འདུག་ཅིང་གསང་སྔགས་ཀྱི་བསྟན་པ་རྒྱ་བོད་གཉིས་སུ་རྒྱས་ཤིང་སྐལ་ལྡན་སྨིན་ཅིང་གྲོལ་བར་ནུས་པས། མིང་ཡང་ཏི་ཕུ་གསང་སྔགས་སྡོང་པོ་ཐོགས་ཤིག་གསུངས། རིག་པའི་གནས་ལྔ་ལ་མཁས་པར་སྦྱངས། ནཱ་རོ་པ་དང་མཁའ་བདག་མེ་ཏྲི་པ་གཉིས་ཁའི་གདམས་ངག་རྫོགས་པར་ཞུས། ནཱ་རོའི་ཞལ་ནས་ཏི་ཕུ་ཁྱོད་ཡང་སྒོམ་སྒྲུབ་རེམ་པ་གྱིས་ཤིག་གསུངས། དགུང་ལོ་བཅོ་བརྒྱད་བཞེས་ནཱ་རོའི་ཞལ་ནས་འཁོར་བསྡུས་ཤིག་གསུངས། དེ་རེ་ཞིག་ན་ཏི་ཕུའི་བསོད་སྙོམས་ལ་བྱོན་པས། གྲོང་ཁྱེར་ཆེན་པོ་བདེ་ལྡན་བྱ་བ་ན་མཚན་ལྡན་མ་རིགས་བཟང་ཞིང་སྤྱོད་ལམ་དང་མཚན་ཉིད་ཚུལ་དང་ལྡན་པ་ཞིག་བསོད་སྙོམས་འབུལ་བ་ལ་བྱུང་བས་ཏི་


CMR004_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཕུས་མཚན་དང་ལྡན་པར་གཟིགས་ནས་དབང་དུ་བསྡུ་བར་དགོངས། མཚན་ལྡན་མ་དེས་ཀྱང་ཏི་ཕུ་སངས་རྒྱས་དངོས་སུ་མཐོང་སྟེ་ཕྱག་འཚལ་གསོལ་བ་བཏབ་ནས་འབྲལ་བ་མེད་པའི་དངོས་གྲུབ་ཞུས། ཏི་ཕུས་རྗེས་སུ་བཟུང་ནས་མིང་ཌཱཀི་ཛྙཱ་ན་མི་ཏྲ་ཞེས་གྲགས་སོ། །དེ་ནས་ཡང་ཏི་ཕུས་གྲོང་ཁྱེར་བ་རན་སར་བྱོན་པས། གྲོང་ཁྱེར་པ་ཐམས་ཅད་ཏི་ཕུས་ཞལ་བལྟ་བ་ལ་འཚོགས། དེའི་ཁྲོད་ན་མཚན་དང་ལྡན་པའི་བུ་མོ་ཞིག་གུས་ལ་ཕྱག་འཚལ་ཞིང་མོས་གུས་དུང་དུང་བྱེད་པ་གཅིག་འདུག་པ་དེ་དབང་དུ་བསྡུས་ཏེ་མུ་ཏྲ་བསྟེན་ནས་སྔགས་ཀྱི་འབྲས་བུས་སྒྲུབ་པར་མཛད། དེའི་མིང་པདྨ་པཉྩ་ཞེས་ཟེར། དེ་ནས་ཏི་ཕུ་ཡབ་ཡུམ་གསུམ་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་ཏེ། ཤིང་སྤངས་གནས་སུ་སྒྲུབ་པ་ལ་བརྩོན་པར་བཞུགས་སྐད་དོ། །ལོ་གསུམ་སྒྲུབ་པ་མཛད་པས་ཉམས་རྟོགས་གོང་འཕེལ་དུ་གྱུར་ནས་ཞེན་པ་མེད་པའི་བདེ་སྟོང་དབྱེར་མེད་དུ་རྟོགས་ཤིང་། སྙིང་པོ་དོན་གྱི་དགོངས་པ་མཐར་ཕྱིན་ཐུན་མོང་གི་དངོས་གྲུབ་ཡང་གྲུབ་ཆེན་བརྒྱད་དང་ཕྲིན་ལས་བཞི་གྲུབ། དེ་ནས་ཡབ་ཡུམ་གསུམ་གྱིས། ངང་པ་གསུམ་དུ་སྤྲུལ་ནས་ནུབ་ཕྱོགས་མེ་ཏོག་བཀོད་པའི་ཚལ་ན་ཡུམ་གོས་དཀར་མོའི་སྤྲུལ་པ། ཨ་


CMR004_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ནེ་གྲུབ་པའི་རྒྱལ་མོ་དང་མཇལ་ནས་ཚེ་དཔག་མེད་ཀྱི་སྨིན་གྲོལ་གདམས་པ་ཞུས་ཤིང་ཚེ་ཡི་རིག་འཛིན་མཉེས། དུར་ཁྲོད་བརྒྱ་དང་ཉི་ཤུ་རྩ་བཞི་ཡི་གནས་སུ་བྱོན་ནས་། སྔར་འདས་པའི་རིག་འཛིན་མང་པོ་མཇལ་ཏེ། དེ་རྣམས་གསུང་མཐུན་པར། །རྡོ་རྗེ་འཆང་ཆེན་ཧེ་རུ་ཀ་པ་སྟེ། །ཧེ་རུ་ཀ་ནི་ཏེ་ལོ་པ་ཞེས་གྲགས། །ཁྱེད་ནི་ཏེ་ལོའི་ཐུགས་ཀྱི་སྤྲུལ་པ་སྟེ། །ཁྱོད་ནི་སངས་རྒྱས་དངོས་ཀྱི་རྣམས་འཕྲུལ་ཡིན། །ཁྱོད་ཀྱི་ཡོན་ཏན་བརྗོད་པར་མི་ནུས་སོ། །ཞེས་བྱ་བ་ལ་སོགས་པའི་ལུང་སྟོན་པ་ནི་ཤིན་ཏུ་མང་ཞིང་རྒྱ་གར་ན་ད་ལྟ་འགྲོ་བའི་དོན་རྒྱ་ཆེ་བར་བཞུགས་བྱ་བ་ལ་སོགས་པའི་རྣམ་པར་ཐར་པ་ཐོ་རེ་ལོང་ངེ་བ་གཅིག་ལོ་ཙཱ་བ་ཛོ་རྒྱལ་བས་གསུངས་བཞིན་ནོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


CMR004_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཤོགསྟོང་།

རྗེ་བཙུན་རས་ཆུང་པའི་རྣམ་ཐར་བསྡུས་དོན་བསྐལ་བཟང་དད་པའི་དགའ་སྟོན།


CMR004_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་རས་ཆུང་པའི་རྣམ་ཐར་བསྡུས་དོན་བསྐལ་བཟང་དད་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།།


CMR004_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀུན་བས་སྔར་སངས་རྒྱས་པའི་མགོན། །རྒྱལ་བ་ཀུན་གྱི་གསང་བ་འཛིན་པ་པོ། །ལག་ན་རྡོ་རྗེ་བོད་ཡུལ་མི་སྤྲུལ་པ། །གསང་བདག་རྡོ་རྗེ་གྲགས་ལ་སྙིང་ནས་འདུད། །ཐོག་མའི་མགོན་པོ་ཀུན་བཟུང་རྡོ་རྗེ་འཆང་། །ཞིང་ཁམས་བསམ་མི་ཁྱབ་པ་ཞེས་བྱ་བར། །དེ་བཞིན་གཤེགས་པ་གར་གྱི་དབང་ཕྱུག་གྱུར། །འཇིག་རྟེན་ཀློང་ཡངས་ཀྱི་དཀྲིག་པ་རུ། །སངས་རྒྱས་སྤྲིན་གྱི་སྙིང་པོ་ཞེས་བྱ་བ་དང་། །མི་མཇེད་ཞིང་ཁམས་རྣམ་པར་བཀོད་པ་རུ། །ནོར་བུའི་ཕྲེང་དང་ལེགས་སྦྱིན་ཞེས་པར་གྱུར། །སྟོན་པ་ཁྱེའུ་སྣང་བ་དམ་པ་དྲུང་། །ལྷ་བུ་དགའ་བྱེད་དབང་


CMR004_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་བྱ་བ་དང་། །སྟོན་པ་འོད་མི་འཁྲུགས་པའི་སྤྱན་སྔ་རུ། །ཁྱེའུ་མཁའ་འགྲོ་འདུལ་བྱེད་ཅེས་སུ་བྱ། །སྟོན་པ་འཇམ་དཔལ་འཇིགས་སྐྱོབས་སྐུ་དྲུང་དུ། །བྱངཆུབ་སེམས་དཔའ་སྤྱོད་པའི་རྒྱལ་པོ་ཞེས། །སྟོན་པ་གཞོན་ནུ་སྟོབས་དང་ལྡན་པའི་དྲུང་། །བྱང་ཆུབ་སེམས་དཔའ་སྤྲིན་གྱི་ཤུགས་ཅན་ཞེས། །མངོན་རྫོགས་རྒྱལ་དང་རྡོ་རྗེ་འཆང་ཆེན་དྲུང་། །ཕྱག་ན་རྡོ་རྗེར་སྤྲུལ་ནས་བཀའ་བསྡུ་མཛད། །སུམ་ཅུ་རྩ་གསུམ་རྡོ་རྗེ་སེམས་པར་སྤྲུལ། །གསང་སྔགས་རྫོགས་པ་ཆེན་པོའི་རྒྱུད་རྣམས་གསུངས། །བསྐལ་བཟང་སངས་རྒྱས་སྟོང་གི་ཐུགས་བསྐྱེད་དུས། །ཁྱེའུ་ཆོས་ཀྱི་


CMR004_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་པར་གྱུར་པ་དང་། །ཐུབ་དཀའ་གཞོན་དྲུང་ཁྱེའུ་དན་འཕགས་གྱུར། །ཤཱཀ་ཐུབ་སྤྱན་སྔར་འཕགས་པ་ཀུན་དགའ་བོ། །ཨོ་རྒྱན་རྒྱལ་པོ་ཨིནྡྲ་བོ་དྷི་དང་། །ཤམ་བྷ་ལ་རུ་ཆོས་རྒྱལ་ཟླ་བ་བཟང་། །འཕགས་ཡུལ་སློབ་དཔོན་ལས་ཀྱི་རྡོ་རྗེ་སྟེ། །གངས་ཅན་འདི་རུ་འཕྲུལ་བློན་མགར་དུ་གྲགས། །ལོ་ཆེན་བེ་རོ་ལྷ་ལུང་དཔལ་རྡོར་སོགས། །བསྟན་འགྲོའི་དོན་ལ་ཟློས་གར་བསམ་ལས་འདས། །དེ་ནས་མངའ་རིས་གུང་ཐང་ར་ལ་ཡི། །པད་དཀར་ཕྲེང་ཞེས་བྱ་བའི་གྲོང་པ་རུ། །རུས་ནི་གཉེན་ཏེ་ཡབ་ནི་དར་མ་གྲགས། །ཡུམ་ནི་ར་ལོ་གཙུག་ཏོར་སྒྲོན་གྱི་སྲས། །ཤིང་བྱི་ལོ་ལ་ངོ་མཚར་བལྟས་བཅས་འཁྲུངས། །སློབ་དཔོན་གྱིས་ནི་དབང་བསྐུར་བྱིན་བརླབས་ཏེ། །མཚན་དུ་རྡོ་རྗེ་གྲགས་ཞེས་བྱ་བར་བཏགས། །ལྷ་ཡི་བུ་འདྲ་བཞིན་བཟང་མཚན་དཔེ་ཡི། །ཤ་ཆས་རྫོགས་ཤིང་ཀུན་ཡིད་འཕྲོག་པར་གྱུར། །དགོངས་ལོ་བདུན་ནས་ཡབ་འདས་ཁུ་བོ་ནི། །འབར་རེ་བྱ་བ་ཁྲོ་གཏུམ་སྡིག་ལ་དགའ། །དེ་ཡི་དབང་དུ་མ་ཡང་སོང་ནས་ཀྱང་། །ཉིད་ལ་ཤིན་ཏུ་སྡང་ཞིང་སྡུག་བསྔལ་གྱུར། །སློབ་དཔོན་དབུས་པ་ཅན་ནས་ཀློག་ཡིག་བསླབ། །བརྡ་བསྟན་ཙམ་གྱིས་མཁས་པའི་ཕུལ་དུ་


CMR004_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན། །ཡུལ་མི་རྣམས་ཀྱིས་ཀློག་འདོན་བོས་སར་ཕྱིན། །ཀློག་གི་ཡོན་གྱིས་མ་ཁུ་སྐྱོང་བར་མཛད། །དེ་སྐབས་རྗེ་བཙུན་མི་ལ་སྐུ་ཐུང་གི། །བྲག་སྐྱ་རྡོ་རྗེ་རྫོང་ལ་བཞུགས་པ་ལ། །རྡོ་རྗེ་རྣལ་འབྱོར་མ་ཡི་བུ་སློབ་རྣམས། །ཡོང་ཚུལ་ཁྱད་འཕགས་ཉི་ཟླ་ལྟ་བུ་གཉིས། །ཡོངས་ལས་ཟླ་བ་ལྟ་བུའི་བུ་ཡིན་ནོ། །གུང་ཐང་ར་ལ་ངོས་སུ་སོངས་ཤིག་གསུངས་། །རྗེ་བཙུན་ར་ལ་ཟ་འོག་ཕུག་ཏུ་ཕེབས། །ཁོང་གིས་དགོངས་ལོ་བཅུ་གཅིག་པ་ལ་མཇལ། །ཀློག་གི་ཁྱོས་མ་ཕུལ་ནས་ཆོས་འབྲེལ་ཞུས། །གསུང་ཐོས་ཙམ་གྱིས་མི་ཕྱེད་དད་པ་ཐོབ། །སྣང་བ་ཟི་བུན་བརྗོད་མེད་ཉམས་མྱོང་སྐྱེས། །གསུང་མགུར་ཉན་པས་ཏིང་འཛིན་ཕྱམ་ཕྱམ་སོང་། །རྗེ་བཙུན་མཉེས་ནས་ཐུགས་ལ་བཏགས་པར་མཛད། །ཀློག་ཡོན་ཅི་རྙེད་ཕུལ་ཞིང་ཆོས་ཞུས་པས། །ཐུན་མོང་སྔོན་འགྲོ་རྣསམ་གསུམ་དགེ་བསྙེན་དང་། །སྨོན་འཇུག་སེམས་བསྐྱེད་ཕག་མོའི་བྱིན་རླབས་གནང་། །མཚན་ཡང་རས་ཆུང་རྡོ་རྗེ་གྲགས་པར་གསོལ། །མ་དང་ཁུ་བོས་དབང་མེད་ཕྱིར་ཁྲིད་དེ། །རྡུང་བཏགས་དང་བཅས་ལས་དཀའ་བསྐུལ་བ་དང་། །འཕྲུ་སློག་སྐབས་སུ་ཀླུ་ལ་ཕོག་ཐུག་གིས། །བཅུ་བཞིའི་ལོ་ནས་


CMR004_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

མཛེ་ནད་ཚབ་ཆེར་བྱུང་། །མ་ཁུས་མ་སྡོད་མི་ལའི་རྩར་སོང་ཟེར། །རྗེ་བཙུན་གྱི་འང་གདམས་ངག་འགའ་རེ་གནང་། །སྔགས་པ་ཞིག་ལས་གཏུམ་པོའི་སྒྲུབ་ཐབས་བསླབ། །ནན་ཏན་བསྒྲུབ་ཀྱང་ནད་ལ་ཕན་མ་གྱུར། །རེ་ཞིག་ཨ་ཙ་ར་བཞི་བྱུང་བ་ཡི། །དཔོན་དེས་དེ་རུ་བསྡད་ན་འཆི་བར་འདུག །ངེད་ཚོ་རི་བོ་རྩེ་ལྔ་འགྲོ་བསམ་སྟེ། །གྲོགས་གསུམ་བཏང་ལ་ང་ཡི་བླ་མའི་དྲུང་། །ངས་ནི་ཁྱེད་བསྐྱལ་མཛེ་སོས་ཐག་ཆོད་པས། །ཁྱེད་རང་གསེར་སོགས་འགྲོ་གྲབ་གྱིས་ཞེས་ཟེར། །རྗེ་བཙུན་གྱིས་ཀྱང་སོང་ཞེས་བཀའ་གནང་པས། །ཀློག་ཡོན་ལ་སོགས་གསེར་ཞོ་བཞི་རྙེད་ཁྱེར། །ཨཱ་ཙ་ར་ཡི་ཁྲིད་དེ་རྒྱ་གར་ཕྱིན། །ཛཱ་ཀི་སྙིང་རྗེ་ཆེ་བས་གྲོགས་ལེགས་བྱས། །སྣ་ཁྲག་ཤོར་དང་རྐང་པའི་ཕོལ་སོགས་ཀྱིས། །དཀའ་ཚེགས་ཆེར་བྱུང་པ་ཏ་པ་ཏི་ཡི། །གྲོང་ཁྱེར་མིག་མཐོངཙམ་ནས་རྐང་པ་ཡི། །འགྲོ་བར་མ་ཤེས་འདྲིལ་ལོག་བུད་ཅིང་ཕྱིན། །མུན་པའི་པདྨ་བྱ་བའི་ནགས་ཀྱི་ཚལ། །མཐའ་མ་ཆུས་འཁོར་མི་དང་བྱོལ་སོང་སོགས། །ས་ལ་འགྲོ་བ་སུས་ཀྱང་མི་ཐར་བའི། །ཁྲོད་དེར་གཅན་གཟན་དུར་བྱ་མགོ་བརྙན་ཅན། །ཆོ་འཕྲུལ་ཡ་ང་འཇིགས་རུང་འདུག་ན་ཡང་། །མ་འཇིགས་


CMR004_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ཞེས་ཛཱ་ཀའི་བསླབ་བཞིན་དུ། །བྱེད་བཞིན་སོང་བས་ཛཱ་ཀི་ནམ་མཁར་ཡལ། །ནགས་ཚལ་པདྨ་ཁ་བྱེ་ལྟ་བུས་དབུས། །ཉིན་མཚན་འོད་ཀྱི་གུར་དབུས་བླ་མ་ཡི། །གཟིམས་ཁང་གྲུ་བཞི་མེ་ཏོག་རྒྱས་པ་རུ། །བླ་མ་ཝ་ལ་ཙནྡྲ་ཡབ་ཡུམ་མཇལ། །གསེར་ཞོ་བཞི་པོ་ཕུལ་ཏེ་བཤུམ་བཞིན་དུ། །ཞུ་དོན་བསྙད་པས་དབུགས་དབྱུང་བཀའ་སྩལ་ཐོབ་། །ཛཱ་ཀི་དེ་ནི་ཁོང་གི་བསྟན་བསྲུང་བ། །བྱ་རོག་མཚན་ཅན་བྱ་བ་ཁྱོད་བསུ་ཕྱིར། །བཏང་བ་ཡིན་གསུང་དགའ་སྤྲོ་དཔག་མེད་སྐྱེས། །ཕྱག་རྡོར་ཁྱུང་ཤམས་དབང་ལུང་གནང་ནས་བསྒྲུབས། །ཟླ་བ་གསུམ་ནས་ནད་ཟུག་ཆེར་ཐུ་བས། །བླ་མས་ཀྱང་ནི་ཞག་བདུན་སྒྲུབ་གྲོགས་མཛད། །དེ་ནས་ཟླ་གཅིག་སོང་ནས་རྨི་ལམ་དུ། །ཀླུ་ཡི་སྐྱེས་བྱེད་གཟིགས་པས་སད་མ་ཐག །ནད་རྣམས་གཞི་མེད་དྲག་པས་དགའ་སྤྲོ་སྐྱེས། །ད་དུང་རྗེས་ཆོད་དགོས་གསུངས་ཟླ་གཅིག་བསྒྲུབ། །བོད་ལ་འགྲོ་བར་ཞུས་ནས་ལོག་སྟེ་ཕྱིན། །མ་དང་ཁུ་བོའི་ད་ནི་གཞིས་ཟུང་ཟེར། །མ་ཉན་བླ་མ་རྗེ་བཙུན་དྲུང་དུ་མཇལ། །ཉམས་རྟོགས་མཐར་ཕྱིན་བར་དུ་ཕྱགས་ཕྱི་རུ། །འབྲལ་མེད་དམ་བཅའ་ཕུལ་ནས་ཕྱག་ཆེན་དང་། །གཏུམ་མོ་ལ་སོགས་


CMR004_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་ཞུས་ཤིང་བསྒོམ། །རེ་ཞིག་དུས་ནས་ཝ་ལ་ཙནྡྲ་ལ། །སྐུ་དྲིན་བསབ་ཕྱིར་རྒྱ་གར་འགྲོ་ཞུས་ནས་། །བསོད་སྙོམས་བྱས་རྙེད་པ་དང་ཚོང་སོགས་ཀྱིས། །གསེར་སྲང་བཞི་རྙེད་ཁྱེར་ཏེ་རྒྱ་གར་ཕྱིན། །བླ་མར་སྲང་དོ་ཡུམ་ལ་སྲང་གང་ཕུལ། །བླ་མའི་ཕྱག་ཕྱིར་ཡོན་བདག་འགའ་ལའང་བྱིན། །གཏུམ་པོའི་སྐོར་གྱི་ཡོངས་རྫོགས་དང་། །རྒྱུད་དང་འགྲེལ་བཤད་ཕྱི་ནང་གསང་བ་ཡི། །དབང་དང་སྒྲུབ་ཐབས་ལས་མཐའ་ཐམས་ཅད་དང་། །འཁོར་ལོ་ཆེན་པོ་ཨུ་ཙའི་སྐོར་ལ་སོགས། །ཕྱག་རྡོར་ཆོས་སྐོར་རྣམས་དང་དེ་ལས་གཞན་། །སངས་རྒྱས་ཐོས་ཆོག་གཞུང་ཁྲིད་ལོ་རྒྱུས་དང་། །ཆ་ལག་བཅོས་གནང་ད་ལྟ་མ་སྤེལ་བར། །མ་འོངས་སློབ་མ་ལོ་ཡི་མིང་ཅན་འོང་། །ཁ་བྱང་དེར་གཏོད་དུང་ཁང་ཞེས་བྱ་བའི་། །གནས་སུ་གཏེར་ལ་སྦོས་གསུངས་བཀའ་བརྒྱ་གནང་། །གཞན་ཡང་རྟེན་འབྲེལ་སྐོར་སོགས་མང་ཞུས་ནས། །གདམས་ངག་ལྷག་ལུས་མེད་པའི་དབུ་བསྙུང་བཞེས། །ཏི་ཕུ་པ་དང་མཇལ་ཏེ་ཆོས་མང་ཐོབ། །བླ་མ་རྨ་ཏིའི་དྲུང་ནས་རྐང་མགྱོགས་ཞུས། །ཟླ་གཅིག་སྒྲུབ་སྟེ་བྱོན་པས་ཞག་དྲུག་གིས། །བོད་དུ་སླེབ་ཅིང་བླ་མ་གཞན་འགའ་ལས། །གདམས་


CMR004_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་ཐོ་རེ་འགའ་ཞུས་མི་ལའི་དྲུང་། །འབྲལ་བ་མེད་ཅིང་ནཱ་རོའི་ཆོས་དྲུག་སོགས། །གདམས་ངག་ཐམསཅད་རིམ་བཞིན་ཡོད་སྤྲུག་གནང་། །དེ་དག་རྩེ་གཅིག་ཐོས་བསམ་བསྒོམ་པར་མཛད། །དཔོན་སློབ་མང་ཞིག་གངས་རི་ཏི་སེར་བྱོན། །ནཱ་རོ་བོན་ཆུང་རྫུ་འཕྲུལ་སྟོབས་ཀྱིས་བཏུལ། །གདུལ་བྱ་སྐལ་ལྡན་མང་པོ་སྨིན་གྲོལ་བཀོད། །དེ་ནས་བྲག་སྐྱ་རྡོ་རྗེ་རྫོང་སོགས་སུ། །བུ་སློབ་རྣམས་ལ་དབང་ཁྲིད་གདམས་པ་གནང་། །རེས་འགའ་དཀའ་ཐུབ་ཉམས་ལེན་ངང་ལ་བཞུགས། །སྐབས་རེར་རོ་སྙོམས་ལྡོམ་བུ་ཅུང་རེ་མཛད་།འབྲི་མཚམས་ཕྱོགས་སུ་སྐལ་ལྡན་རིས་ཆུང་མ། །ཡེ་ཤེས་མཁའ་འགྲོའི་རྣམ་སྤྲུལ་མཚན་ལྡན་དེ། །དབང་ཁྲིད་གདམས་པས་སྨིན་གྲོལ་ལམ་ལ་བཀོད། །བརྟུལ་ཞུགས་གསང་སྤྱོད་གྲོགས་སུ་བསྟེན་པར་མཛད། །མོས་ཀྱང་དད་གུས་ཉམས་ལེན་མཐར་ཕྱིན་ཅིང་། །གནམ་མཚོའི་སེ་མོ་དོ་ནས་མཁའ་སྤྱོད་འགྲུབ། །རྗེ་བཙུན་བལ་ཡུལ་ཕེབས་པ་ཚུར་སྤྱན་དྲངས། །ལ་ཕྱི་སྙེ་བ་ཕྱོགས་སུ་ཡབ་སྲས་ཀུན། །ཕེབས་ཏེ་ཆོས་འཁོར་རྒྱ་ཆེར་བསྐོར་བར་མཛད། །དགྱེས་རྡོར་དབང་བསྐུར་རྒྱུད་འགྲེལ་ལུང་རྫོགས་གནང་། །མི་ལོ་བཅུ་


CMR004_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཕྱག་ཕྱིའི་དམ་བཅའ་ཕུལ། །བཀའ་ཆོས་ཞུས་པས་གདམས་ངག་རྫོགས་པར་གནང་། །རྗེ་བཙུན་ཆེན་པོ་བལ་པོ་རྫོང་དུ་ཕེབས། །རྒྱ་གར་དྷརྨ་བྷོ་དྷིས་བརྐྱང་ཕྱག་ཕུལ། །སྙན་གྲགས་སྐུ་བསོད་རྒྱས་ནས་དད་འདུན་འུར། །སྙེ་ནམ་དྲོད་ཕུག་སོགས་སུ་བཞུགས་པའི་དུས། །ཕུ་དེའི་མཚན་ཉིད་གྲྭ་པའི་གཙོ་བོ་པ། །ལོ་སྟོན་ར་ལོ་གཉིས་པོ་ཕྲག་དོག་སྐྱེས་། །རྩོད་པ་བྱས་པར་ཆོས་ཀྱི་རྒོལ་མ་ཟུག །ང་རྒྱལ་དབང་གིས་ཞལ་དུ་ས་བཏབ་པས། །རས་ཆུང་ཐུགས་ཁྲོས་བརྡེག་པར་བརྩམས་པ་ལ། །རིག་པ་ལྕག་འདེབས་བཀའ་ནན་ཆོས་གསུངས་པས། །ཐུགས་དམ་གསལ་ཐེབ་ཏིང་འཛིན་བོགས་སུ་ཐོན། །སླར་ཡང་སྟོན་པ་རྣམས་ཀྱི་ཕྲག་དོག་གིས། །རྩོད་པར་བྱས་པར་རྗེ་བཙུན་ཆེན་པོ་ཡི། །རྫུ་འཕྲུལ་མངོན་མཁྱེན་སྟོབས་ཀྱིས་ཚར་བཅད་ཀྱང་། །ཐ་སྙད་ཚིག་གི་དངོས་ལེན་མ་ཐེབ་པས། །རས་ཆུང་ཐུགས་མ་ཚིམས་ཏེ་རྒྱ་གར་ན། །མཐུ་འམ་རིག་པ་སློབ་པར་འགྲོ་སྙམ་ཤར། །བླ་མར་ཞུས་པས་ཐ་སྙད་རྟོག་གེའི་ཚིག །ཕྱོགས་རེ་བྱང་ཆུབ་ཐོབ་ལ་མི་ཕན་ཅིང་། །རྩོད་པའི་བློ་ཡིས་སོང་ཀྱང་འཇིག་རྟེན་ལས། །དེ་བས་ང་ལ་ལྷོ་བྲག་མར་པ་ཡི། །སྙན་བརྒྱུད་ལུས་མེད་


CMR004_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོའི་ཆོས་དགུ་ཡི། །བཞི་གནང་ལྔ་དེ་རྒྱ་གར་ན་ཡོད་པ། །ང་ལ་ལོང་ཞེས་གསུངས་ཀྱང་ང་མ་ཕྱིན། །ད་སྟེ་ཁྱོད་སོང་ལོང་ལ་ཤོག་ཅིག་གསུངས། །འབུལ་བ་ཐམས་ཅད་གསེར་དུ་སྒྲིལ་ནས་བསྣམས། །ཁྲི་མཐོན་བརྩེགས་ཏེ་རས་ཆུང་བཞུགས་སུ་གསོལ། །མངའ་གསོལ་ཤེས་བརྗོད་གཤེགས་སྐྱེས་ཚོགས་འཁོར་མཛད། །འབྱོན་ལུགས་ཞལ་ཏ་སྨོན་ལམ་མཛད་ནས་བརྫངས། །རྒྱ་བལ་འཁྲུག་པས་བལ་པོར་དགུན་བཞུགས་ནས། །བལ་པོ་ཧ་དུ་དཀར་པར་ཕག་མོ་ཞུས། །བྷ་རོར་བདེ་མཆོག་རྩ་རྒྱུད་བཤད་པར་ཞུས་་།གྲུབ་ཐོབ་ཨ་མོ་གྷ་ལའང་གདམས་ངག་ཞུས། །དཔྱིད་ཁར་བལ་པོའི་རྒྱལ་པོར་ལག་རྟགས་བླངས། །གེགས་མེད་རྒྱ་གར་ཤིང་སྤང་གསེབ་ཏུ་གཏོལ། །ཏི་ཕུ་དང་མཇལ་ཕག་མོ་ཞལ་གཉིས་མ། །བདེ་མཆོག་ལ་སོགས་དབང་རྒྱུད་གདམས་པ་དང་། །བཞི་རྫོགས་དབང་བཀའ་རྒྱུད་ཚིག་བསྲེ་འཕོ་དང་། །མན་ངག་དོན་བརྒྱུད་བྱིན་རླབས་བཀའ་དང་བཅས། །མི་ལས་བསྐུལ་བའི་ཆོས་སྐོར་ཐམས་ཅད་ཀྱི། །གདམས་ངག་དམར་ཁྲིད་ཐམས་ཅད་རྫོགས་པར་ཞུས། །ཞུས་པ་དྲུག་དང་མ་ཞུས་མང་དུ་གནང་། །ཏི་ཕུའི་ཆོས་བཞི་


CMR004_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དྲུག་ཤམ་བུའི་སྐོར། །བསྲེ་བ་དགུ་སྐོར་ཟློ་བ་སྐོར་གསུམ་དང་། །བསམ་གཏན་ཐུན་འཇོག་ལ་སོགས་མང་དུ་གནང་། །ཁྱོད་ནི་ཆོས་ཀྱི་སྐལ་ལྡན་བསོད་ནམས་ཆེ། །འོན་ཀྱང་ཚེ་ལ་རིང་པོ་མི་འདུག་གསུངས། །དེ་ལ་བསྲིང་བའི་ཐབས་གསང་ཞུས་པ་དང་།གྲོང་ཁྱེར་ཕ་ཀིར་གཏད་མོར་སོངས་ཤིག་གསུངས། །དེ་རུ་གྲུབ་ཆེན་ཨ་མོ་གྷ་བཛྲ། །མཇལ་བས་ཞག་བདུན་ཚེ་ལས་མི་འདུག་ཟེར། །ཁྲེད་དེ་བླ་མའི་སྤྱན་སྔར་མྱུར་བར་ཕྱིན། །ཅི་དྲག་ཞུས་པས་བླ་མ་ཉིད་དང་བཅས། །རྡོ་རྗེ་གསང་བའི་ཕུག་པ་ཞེས་བྱར་ཕྱིན། །མ་གཅིག་གྲུབ་པའི་རྒྱལ་མོ་ལོ་ལྔ་བརྒྱ། །ལོན་པ་བཅུ་དྲུག་ན་ཚོད་བཞུགས་པ་མཇལ། །ཞུ་དོན་ཕུལ་བས་འཆི་མེད་ཚེ་སྒྲུབ་གནང་། །དགུང་ལོ་གྱ་བརྒྱད་བར་དུ་བསྲིང་བར་མཛད། །རྒྱལ་བ་རྒྱ་མཚོའི་དབང་དང་སྒྲུབ་ཐབས་སྐོར།། །མཁའ་འགྲོའི་ཐུགས་སྒྲུབ་ཤམ་བུའི་སྐོར་རྣམས་དང་། །ཆོས་དྲུག་ལ་སོགས་མང་དུ་ཞུ་བར་མཛད། །ངོ་མཚར་འདོད་འཇོའི་བ་ཡང་དངོས་སུ་མཇལ། །མཁའ་འགྲོའི་དབུ་ཐོད་མི་ལར་འབུལ་རྒྱུ་བསྐུར། །སྐུ་ཡི་རྒྱན་དྲུག་གྲི་གུག་དད་རྟེན་གནང་། །ཡི་གེ་མེད་པའི་སྙན་བརྒྱུད་ཟབ་མོའང་གནང་། །བོད་དུ་སོང་ལ་འགྲོ་དོན་


CMR004_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཤིག་གསུངས། །ཏི་ཕུའི་དྲུང་ནས་སླར་ཡང་ཆོས་མང་ཞུས། །གདམས་ངག་ཐམས་ཅད་ཞུན་ཐར་ཆོད་པར་མཛད། །སྤྲུལ་པའི་ལུགས་བྱུང་ལྕགས་ཀྱི་རྡོ་རྗེ་།དང་། །བདེ་མཆོག་ཐང་སྐུ་ཨ་ཀ་རུའི་ཕྱག་འཁར། །ཁྲི་སྙན་པགས་པ་ཀླུ་རུ་དྲ་བ་མང་། །དེ་སོགས་བླ་མ་མི་ལར་འབུལ་རྒྱུ་བསྐུར། །རིམ་བཞིན་བལ་ཡུལ་དུ་ཕེབས་མུ་སྟེགས་ཀྱིས། །སྦྱོར་ངན་བཏུལ་ཞིང་རྫུ་འཕྲུལ་ཐོག་ཆར་གྱིས། །མུ་སྟེགས་གྲོང་ཁྱེར་བདུན་བརྒྱ་བསྒྲོལ་བར་མཛད། །བལ་པོ་ཡེ་རང་བ་ལས་ཆོས་མང་གསན། །བྷ་རི་རྣལ་འབྱོར་མ་ཡིས་གུས་པས་བཏུད། །བླ་མས་ལུང་བསྟན་བཞིན་དུ་གདམས་ངག་ནི། །ལྷག་ཆད་བསལ་ཞིང་མན་ངག་ཆོས་འགའ་གནང། །མུ་སྟེགས་སྟོན་པ་ཞིག་ལས་དྲག་སྔགས་སྐོར། །འགའ་རེ་བསླབ་ཅིང་བོད་དུ་བྱོན་པ་དང་། །དཔལ་མོ་དཔལ་ཐང་སྟོད་དུ་མི་ལ་མཇལ། །རྒྱ་གར་བྱོན་དང་ཆོས་དང་གདམས་ངག་མང་། །ཕྱག་ལེན་རེ་སོགས་ཐུགས་རྒྱལ་ཆེར་འཁྲུངས་པ། །བསལ་ཕྱིར་རྫུ་འཕྲུལ་སེར་བ་ཕབ་ནས་ཀྱང་། །གཡག་རུའི་སྐོར་གྱི་རྫུ་འཕྲུལ་ལ་སོགས་བསྟན། །སྲས་ཆུང་ངལ་བས་ལུས་གསོ་འདོད་ན་ཡང་། །རྗེ་བཙུན་དབེན་པར་འགྲོ་གསུངས་


CMR004_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྤོ་མཐོན་གྱི། །བྲག་དམར་དུ་ཕེབས་རས་ཆུང་ཆུ་ལེན་ཚེ། །རྐྱང་དང་སྤྱང་ཀི་མ་བརྒྱ་བུ་བརྒྱ་ཡིས། །ལྟད་མོར་ཡེངས་ཚེ་མི་ལས་བདེན་བརྗོད་ཀྱི། །ལུས་མེད་མཁའ་འགྲོའི་ཆོས་སོགས་ཕན་བྱའི་སྐོར། །ཐམས་ཅད་ཡར་ཕྱེས་མུ་སྟེགས་ངན་སྔགས་དཔེ། །མེ་ལ་བསྲེགས་པས་རས་ཆུང་དད་པ་ལོག །སྐུ་ཡི་བཀོད་པ་བསམ་མི་ཁྱབ་པ་དང་། །ཕ་ཝང་ཞོན་དང་མཁའ་ལ་འཕུར་བ་སོགས། །རྫུ་འཕྲུལ་མང་དུ་བསྟན་པས་དད་ལོག་བསལ། །མཆེད་གྲོགས་བུ་སློབ་ཉ་མ་ཡོན་བདག་བསྡུས། །རྒྱ་གར་ཕེབས་པའི་སྣ་ལེན་ཚོགས་འཁོར་མཛད། །ལུས་མེད་མཁའ་འགྲོའི་ཆོས་འཁོར་ལ་སོགས་དང་། །གྲུབ་པའི་རྒྱལ་མོའི་མན་ངག་ཐམས་ཅད་ཕུལ། །གྲུབ་རྒྱལ་མ་དང་ཏི་ཕུའི་སྐྱེས་ཆས་རྣམས། །ཕྱག་འཁར་མ་གཏོགས་རས་ཆུང་ཉིད་ལ་གནང་། །ཁྱོད་ལ་ལུང་བསྟན་གནས་སུ་སྐྱོལ་ཞེས་གསུངས། །བླ་མའི་བཀའ་སྒྲུབ་བསྟན་པར་ཕན་ཐོགས་པས། །མིང་ཡང་དོན་འགྲུབ་རྡོ་རྗེར་ཐོགས་ཅེས་གསུངས། །མཁའ་འགྲོའི་སྙན་བརྒྱུད་གདམས་ངག་ཆིག་རྒྱུད་རྣམས། །རྡོ་རྗེ་རྣལ་འབྱོར་མ་ཡི་བཀའ་རྒྱ་བཀྲོལ། །ཐུགས་སྲས་ཉི་མ་ལྟ་བུ་དྭགས་པོ་དང་། །སྲས་ཆུང་ཉིད་ལ་རྫོགས་པར་གདམས་


CMR004_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛད། །སླར་ཡང་རེ་ཞིག་དུས་ནས་རྨི་ལམ་ན། །བརྟེན་ནས་རས་ཆུང་རྒྱ་གར་འབྱོན་དགོངས་སྐྱེས། །བླ་མས་མ་གནང་ཐུན་མོང་མ་ཡིན་པའི། །གདམས་ངག་བཅོ་བརྒྱད་ལ་སོགས་མང་དུ་བསྩལ། །བླ་མ་རང་སེམས་བྱེར་མེད་ཤེས་གྱིས་ལ། །རྒྱ་གར་འགྲོ་བའི་སྤྲོས་པ་ཆོད་ཅིག་གསུངས། །གསུང་བཞིན་ཉམས་ལེན་གནད་དུ་བསྣུན་པར་མཛད་། །དཔོན་སློབ་ལྷན་ཅིག་ལོ་མང་སྒོམ་ཞིང་བཞུགས། །སྐབས་ཤིག་ཉ་མའི་ཚོགས་སོགས་ཉིད་ལ་གཟབ། །རྗེ་བཙུན་ཆེན་པོར་དགུས་ཙམ་འབུལ་གཟིགས་ནས། །ཐུགས་སྐྱོ་དབུས་སུ་འབྱོན་དགོངས་ནན་ཞུས་ཕུལ། །ཁྱོད་ཀྱི་གདུལ་བྱ་དབུས་སུ་ཡོད་ན་ཡང་། །ད་དུང་རེ་ཞིག་མ་འགྲོ་གསུངས་ནས་བཤོལ། །ནན་ཏན་ཞུས་པས་བཀའ་ཡི་གནང་བ་ཐོབ། །རྡུལ་ཚོན་ལ་རྟེན་བདེ་མཆོག་དབང་ཆེན་སོགས། །ཡབ་བཀའ་ཡུམ་བཀའ་ལ་སོགས་དབང་རྒྱུད་དང་། །མན་ངག་ཐམས་ཅད་རྫོགས་པར་གནང་བར་མཛད། །གདམས་ངག་དོགས་གཅོད་ཟིན་བྲིས་ཞུན་མཐར་བཅད། །ནཱ་རོ་མར་པ་ནས་བརྒྱུད་ངེས་དོན་གྱི། །བསྟན་པའི་གནས་ཚད་ལུང་བསྟན་མང་དུ་མཛད། །སྐྱེལ་ཐུང་ཤིས་བརྗོད་མཛད་ཅིང་དབུས་སུ་


CMR004_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་། །རླུང་བཟུང་རྫུ་འཕྲུལ་ངང་ནས་བྱོན་པ་ཡིས། །བོང་ལམ་ཟླ་གཅིག་ཞག་གཅིག་གིས་བཅད་བྱོན། །གཅོང་རོང་སྟོད་ལུང་ནས་བརྒྱུད་འཕེན་ཡུལ་བྱོན། །ཡོན་བདག་ཞིག་གིས་འབུལ་བ་མང་བྱས་པས། །ཤ་སྐམ་ཕུལ་རྣམས་བརྡུང་སྟེ་ཕྱི་རྐྱལ་གང་། །མི་ལའི་དྲུང་དུ་འབུལ་བར་བསྐྱལ་དུ་བྱོན། །སླར་ཡངདབུས་བྱོན་རྗེ་བཙུན་སྐྱེལ་ཐུང་བྱས། །རིས་ཆུང་ཕུག་གི་གནས་སོགས་ལུང་བསྟན་གནང་། །ལ་སྟོད་བྱང་དུ་ཉེ་གནས་རིན་ཆེན་གྲགས། །རྗེས་སུ་བཟུང་ཞིང་འབྲལ་མེད་ཞབས་ཏོག་ཞུས། །ལྷ་སར་ཇོ་ཤཱག་མཇལ་ཏེ་གསེར་ཆབ་ཕུལ། །བལ་པོ་ཨ་སུ་དང་ནི་ལྷ་སར་མཇལ། །སུམ་འཕྲང་དུ་བྱོན་དོ་ཧ་སྐོར་གསུམ་ཞུས། །ཆོས་དང་གདམས་ངག་མང་པོ་གསན་པར་མཛད། །ཡར་ལང་སྐྱོར་ལྡེམ་བཙད་པོ་སྙན་པ་བསལ། །སྐུ་དྲིན་རྒྱལ་སྲིད་བུ་མོ་ལྷ་གཅིག་ཕུལ། །ཕུལ་བས་ལོ་ཤས་དེ་རུ་བཞུགས་པར་མཛད། །སུམ་འཕྲང་དུ་བྱོན་བལ་པོས་ཆོས་འཕྲོ་ཞུས། །དོལ་དུ་ཚུལ་སྟོན་དབང་ངེ་མཇལ་དུ་བྱོན། །ཆོས་འབྲེལ་ཙམ་ཞུས་རླུང་ནུས་རྫུ་འཕྲུལ་བསྟན། །ཁོང་ཡང་དད་དེ་མི་ལར་མོས་གུས་འཕེལ། །སྐྱོར་ལྡེམ་དུ་བྱོན་བརྩད་པོས་བཀུར་ཞིང་བཞུགས། །རེ་ཞིག་གཡུ་


CMR004_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྙད་ལང་ལྷ་གཅིག་གིས། །བླ་མ་སུན་ཕྱུང་དེ་ནས་བྲོས་ཏེ་བྱོན། །འཇིག་རྟེན་ཁྱི་མོས་བར་ཆད་ཡོད་འདུག་ཅེས། །མི་ལས་ལུང་བསྟན་གསུངས་པ་རྗེས་སུ་དྲན་། །བོང་འགྲོས་ཟླ་བ་གཉིས་ལམ་ཞག་གཉིས་ཀྱི། །བཅད་ནས་བྱོན་ཅིང་ཡོན་བདག་ཕྱུག་པོ་ཞིག །འབུལ་བ་མང་ཕུལ་ཤ་སྐམ་བྱུང་ཚད་བརྡུངས། །མི་ལའི་དྲུང་དུ་འབུལ་ཕྱིར་ཆུ་བར་བྱོན། །བླ་མ་མཇལ་ཞིང་བཤགས་པ་ཕུལ་སོགས་མཛད། །རེ་ཞིག་ཕྱག་ཕྱིར་བཞུགས་ཤིང་ཆོས་མང་ཞུས། །རྨི་ལམ་ངོ་སྤྱོད་ལུང་བསྟན་མང་གསུངས་ནས། །རྒྱུན་དུ་དྲུང་དུ་སྡོད་པར་ཞུ་ན་ཡང་། །ད་ནི་སོང་ལ་འགྲོ་བའི་དོན་གྱིས་ཤིག །ཤིང་ཡོས་རྟ་ཟླའི་བཅུ་བཞི་ཚུན་ཆད་ལ། །འདི་རུ་སླེབས་པར་གྱིས་སོགས་ཞལ་ཏ་གནང་། །སླར་ཡང་དབུས་བྱོན་ལྷ་སར་ཇོ་ཤག་མཇལ། །འཕེན་ཡུལ་དུ་བྱོན་བཀའ་གདམས་སྣེ་ཟུར་པ། །སྤྱན་སྔ་བ་དང་བྱ་ཡུལ་བ་སོགས་མཇལ། །ཁོང་རྣམས་མཚན་ཉིད་སྟོན་ཆེན་ཡིན་ན་ཡང་། །གསུངས་མགུར་རྫུ་འཕྲུལ་སོགས་ཀྱི་ཡིད་ཆེས་ཏེ། །བླ་མར་བསྟེན་ནས་ཁྲིད་དང་གདམས་པ་ཞུས། །ཁོང་རྣམས་ཐམས་ཅད་ཉམས་རྟོགས་རྩལ་ཆེན་བརྙེས། །ཆོས་བརྒྱུད་དར་རྒྱས་འགྲོ་ཕན་ཆེན་པོར་


CMR004_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་། །ཚུལ་སྟོན་ཆེན་པོས་གདན་དྲངས་གདམས་ངག་ཞུས། །ལར་དུ་ཆོས་ཞུས་འབུལ་ནོར་བསམ་མི་ཁྱབ། །སློབ་མ་གྲུབ་པ་ཐོབ་པ་མང་དུ་བྱུང་། །བསམ་ཡས་སུ་ཕེབས་སྐོར་གཉེར་སྒོ་བཅད་པས། །མཁའ་ལ་འཕུར་ནས་བསྐོར་བ་ལན་གསུམ་མཛད། །དབུ་རྩེའི་སྟེང་དུ་བབ་པས་ལྷ་ཁང་རྣམས། །རང་བཞིན་སྒོ་བྱེ་མེ་ཏོག་ཆར་བབ་ཤིང་། །རོལ་མོའི་སྒྲ་དང་དྲི་བཟང་ཕུལ་ཁྱབ་འཐུལ། །ནམ་མཁར་སྐྱིལ་སྒྲུང་མཛད་ནས་ཆོས་གསུངས་དང་། །ཁྱིམ་དང་རྩིག་པར་ཐོག་མེད་ཟང་ཐལ་འབྱོན། །སྐུ་ལུས་བཅུར་སྤྲུལ་མཁའ་ལ་གཤེགས་བཞུད་མཛད། །རྫུ་འཕྲུལ་མང་བསྟན་ཐམས་ཅད་དད་པར་བཀོད། །ངམ་ཤོད་སོགས་སུ་འགྲོ་དོན་མང་དུ་མཛད། །ཟངས་རི་རས་པ་བུར་སྒོམ་ནག་པོ་སོགས། །བརྒྱུད་འཛིན་སློབ་མ་གྲུབ་ཐོབ་མང་དུ་བྱུང་། །བླ་མས་ལུང་བསྟན་གནས་མཆོག་ཡུངས་ཀར་ཞེས། །ཤམ་པོའི་བྱང་ཕྱོགས་སྒྲུབ་གནས་དེར་མང་བཞུགས། །ལྷོ་བྲག་ཏུ་བྱོན་ཏི་ཕུའི་ལུང་བསྟན་པའི། །གཏེར་གནས་མཁར་ཆུར་རོ་སྙོམས་སྐོར་ལ་སོགས། །ཏི་ཕུའི་གདམས་ངག་སྐོར་རྣམས་གཏེར་ལ་སྦས། །སྲུང་མར་གཉེར་གཏད་ཁ་བྱང་ཡང་བྱང་རྣམས། །ལྕགས་ཕུར་ཅན་དུ་སྦས་ཏེ་


CMR004_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

མ་འོངས་པ། །མི་རབས་བདུན་དུ་ལོ་ཡི་མིང་ཅན་གྱི། །འདོན་པར་ལུང་བསྟན་སླར་ཡང་ཤམས་པོར་བྱོན། །དབྱེ་ཆེན་དབྱེ་ཆུང་སོགས་སུ་སྒྲུབ་པ་མཛད། །སྐལ་ལྡན་རྣམས་ལ་བཀའ་ཆོས་མང་དུ་གསུངས། །གྲུབ་པའི་རྒྱལ་མོ་ཞལ་གཟིགས་ལུང་བསྟན་མཛད། །མཁའ་འགྲོ་བཙུན་ཆུང་མ་ཡི་སྤྱན་དྲངས་ནས། །དམྱལ་དང་ལོ་རོང་འགྲོ་བའི་དོན་མང་མཛད། །བྱས་འགོར་གནས་དང་བྱར་སྨད་ཨ་ཤོའི་བྲག །སོགས་སུ་སྒྲུབ་འཛུགས་མང་མཛད་ཡི་དམ་ལྷ། །དཔག་མེད་ཞལ་གཟིགས་ཐུགས་དམ་རྩལ་ཆེན་རྫོགས། །སངས་རྒྱས་སྒོམ་པ་སངས་རྒྱས་སྟོང་ཡང་སོགས། །སྐལ་ལྡན་སློབ་མ་མང་པོ་གྲུབ་པ་ཐོབ། །ལྷ་གཅིག་ལྡེམ་བུ་མཛེ་སྤྱང་དུ་གྱུར་པ། །བཤགས་པ་ཕུལ་བས་རྗེས་བཟུང་མཛེ་ནད་གྲོལ། །གདམས་ངག་བཏབ་པས་གྲུབ་ཐོབ་མ་རུ་གྱུར། །བྱ་ཡུལ་བ་ཡི་སློབ་མ་དགེ་བཤེས་ཤིག །ཆོས་ཞུར་བྱུང་བ་རྒྱལ་བ་ལོ་ཞེས་བཏགས། །ཕྱག་རྡོར་རྒྱུད་དང་སྒྲུབ་ཐབས་མན་ངག་སྐོར་། །ཟབ་གནད་ཐམས་ཅད་གཏེར་དུ་སྦས་དགོངས་ནས། །ཁ་བྱང་ལ་སོགས་འདེབས་པར་མཛད་ཚར་བ། །ལོ་ལ་བཀའ་རྒྱ་ལུང་བསྟན་བཅས་ཏེ་གནང་། །ཉམས་རྟོགས་


CMR004_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་གྲུབ་པ་མཆོག་ཐོབ་པས། །བླ་མའི་རྒྱལ་ཚབ་ཏུ་གྱུར་འཁོར་དུ་ཡང་། །རས་པ་སྟོང་ཕྲག་བཅུ་གཉིས་དགེ་བཤེས་ཀྱང་། །ལྔ་བརྒྱ་ཙམ་སོགས་ཕྲིན་ལས་ཆེན་པོ་བྱུང་། །རྗེ་བཙུན་གཙང་པ་རྒྱལ་བ་ཁྱུང་ཚང་པ། །ལ་སོགས་རྗེས་བཟུང་གྲུབ་ཐོབ་ས་ལ་བཀོད། །ཆོས་རྒྱལ་རིན་ཆེན་གླིང་པའང་ཞབས་ལ་གཏུགས། །སྙན་བརྒྱུད་སོགས་ཞུས་རྩ་བའི་སློབ་མར་གྱུར། །རེ་ཞིག་དུས་ནས་མི་ལ་སྐུ་གཤེགས་པའི། །ལྟས་ཀྱང་རྣལ་ལམ་གཟིགས་སྣང་བྱུང་མ་ཐག །རླུང་བཟུང་བྱོན་པས་ཟླ་བ་གཉིས་ཀྱི་ལམ། །སྔ་དྲོ་གཅིག་གིས་བཅད་དེ་དིང་མ་བྲིན། །བྱེ་ལའི་རྩེ་མོར་གཟིགས་སྣང་མང་དུ་མཇལ། །ཆུ་བར་དུ་ཕེབས་རྗེ་བཙུན་གྲངས་ཚར་ནས། །སྤུར་ལ་མཆོད་པ་འབུལ་བའི་སྐབས་སུ་འདུག །སྤུར་ཁང་ནང་ནས་སྤྱིར་གྱིས་མགུར་གསུངས་ཤིང་། །ངོ་མཚར་ཞལ་གཟིགས་དཔག་ཏུ་མེད་པ་བྱུང་། །དགོས་རྫོགས་མཐར་ཕྱིན་བར་དུ་དེ་རུ་བཞུགས། །བུ་སློབ་རྣམས་ལ་ཞལ་ཏ་བཀའ་ཆོས་གསུངས། །ཏི་ཕུས་གནང་བའི་རྟེན་གསུམ་ཁྱད་འཕགས་རྣམས། །གྲུབ་པའི་གདན་ས་བྱས་འགོལ་ཕུག་ཏུ་བཞག །ཚེ་སྐོང་སོགས་སུ་ཆོས་འཁོར་དཔག་མེད་བསྐོར། །རེ་ཞིག་དུས་ན་རྣལ་ལམ་


CMR004_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མས། །སྤྲུལ་པས་སྤྲུལ་པ་མཇལ་དུ་འོང་ངོ་ཟེར། །གྲུབ་ཐོབ་ཁམས་པ་དབུ་སེ་བྱོན་པས་མཇལ། །ཁོང་ལ་གདམས་ངག་ཟབ་ཁྱོད་ཐམས་ཅད་གནང་། །༧།ལྕགས་ཡོས་དཔྱིད་ཟླ་འབྲིང་པོའི་ནང་དེ་རུ། །འཇའ་ཚོན་མེ་ཏོག་ཆར་དང་རོལ་མོའི་སྒྲ། །ངོ་མཚར་ལྟས་མང་ཡང་ཡང་བྱུང་བ་ལ། །བླ་མ་སངས་རྒྱས་བྱང་སེམས་མང་པོ་ཡི། །ཞལ་གཟིགས་བྱུང་ཚུལ་ངོ་མཚར་དཔག་ཏུ་མེད། །བུ་སློབ་རྣམས་ལ་ཞམ་གདམས་སོ་སོར་གནང་། །སྒྲུབ་གནས་འདི་དང་འདི་རུ་བསྟན་པ་དང་། །སེམས་ཅན་དོན་དུ་ལུང་བསྟན་སོ་སོར་གསུངས། །ཞབས་པད་བརྟན་པར་གསོལ་བ་བཏབ་ན་ཡང་། །རེ་ཞིག་དངོས་ཀྱི་གདུལ་བྱ་རྫོགས་སོ་གསུངས། །ཞིང་ཁམས་རྣམས་སུ་བྱང་ཆུབ་བརྙེས་ཚུལ་དང་། །སྤྲུལ་པ་མཛད་ཚུལ་རྣམ་ཐར་མང་དུ་གསུངས། །ཚོགས་གཏོར་མཆོད་པ་རྒྱ་ཆེར་ཤོམས་ཤིག་གསུངས། །ད་ནི་ཐམས་ཅད་རང་རང་མལ་དུ་སོང་། །རྟགས་དང་ཆོ་འཕྲུལ་ཇི་ལྟར་བྱུང་ན་ཡང་། །ཉི་མ་མ་ཤར་བར་དུ་མ་འོངས་གསུངས། །ནམ་གུང་རོལ་མོ་སྒྲོགས་དང་སྤོས་དྲི་འཚུབས། །མཁའ་འགྲོའི་གླུ་ལེན་གར་བསྒྱུར་བར་སྣང་གང་། །ཐོ་རངས་ས་གཡོས་ཆེན་པོ་


CMR004_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་རྗེས། །གཞི་བདག་ཐམས་ཅད་ཆོ་ངེ་འདེབས་པ་དང་། །གསོལ་བ་འདེབས་པའི་སྒྲ་ནི་ཆེན་པོ་བྱུང་། །ནམ་མཁའ་ཌཱ་དྲིལ་གཡེར་ཁའི་སྒྲས་གང་ཞིང་། །མཁའ་འགྲོ་མང་པོས་གར་བཏབ་བསྒྱུར་བའི་དབུས། །རྗེ་ཉིད་འཁོར་ལོ་སྡོམ་པའི་སྐུར་གྱུར་ནས། །ཇེ་མཐོ་ཇེ་མཐོ་ནམ་མཁའི་དབྱིངས་གཤེགས་པས། །སུམ་པ་ལ་སོགས་བུ་སློབ་རྣམས་ཀྱིས་མཐོང་། །གནམ་སྟོང་ཐོ་རངས་དེ་ལྟར་མཁའ་སྤྱོད་གཤེགས། །གཟིམས་མལ་ན་བཟའ་བཞུགས་གདན་མ་གཏོགས་པ། །མི་འདུག་ཐམས་ཅད་སྨྲེ་སྔགས་འབོད་དབྱངས་བྱས། །སོ་སོའི་མཐོང་སྣང་ངོ་མཚར་དུ་མ་བྱུང་། །མཁའ་ནས་ཞལ་གདམས་གསུང་མགུར་གསུངས་པ་ཐོས། །གསོལ་འདེབས་མཆོད་འབུལ་ཟླ་བ་གསུམ་བར་དུ། །བུ་སློབ་རྣམས་ཀྱིས་མཛད་ཅིང་བྱིན་རླབས་ཀྱི། །རྟགས་མཚན་ཀྱང་ནི་ངོ་མཚར་མང་དུ་མཐོང་། །དེ་ལྟར་མཚུངས་མེད་གྲུབ་པའི་སྐྱེས་མཆོག་གི །རྣམ་པར་ཐར་པ་སྐོར་མཚོ་སོ་གཅིག་པ། །གསུང་མགུར་ལ་སོགས་ཞིབ་ཅིང་རྒྱས་པ་ནི། །ཉེ་གནས་རིན་ཆེན་གྲགས་དང་ལྷ་གཅིག་དང་། །རྒྱལ་བ་ལོ་སོགས་བུ་སློབ་དངོས་རྣམས་ཀྱི། །ཞལ་བསྡུར་ཟིན་བྲིས་ཞལ་རྒྱུན་རྣམས་


CMR004_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བསྡེབས་ཏེ། །སུམ་སྟོན་གྱིས་མཛད་རྣམ་ཐར་རྒྱས་པ་སོགས། །རྣམ་ཐར་གསུང་སྒྲོས་འདྲ་མིན་མང་པོ་དག །ཡིད་ཆེས་ཁུངས་བཙུན་ཐམས་ཅད་ཕྱོགས་གཅིག་ཏུ། །རྒོད་ཚངས་རས་པས་བསྒྲིགས་པའི་གླེགས་བམ་ལས། །ཉུང་བསྡུས་རྒྱ་མཚོའི་ཆུ་ལས་སྐྲ་རྩེ་ཡི། །བླངས་ཙམ་དད་པའི་རྟེན་དུ་བཀོད་པ་འདི། །བཀའ་བརྒྱུད་རྗེས་ཞུགས་མི་ཕྱེད་དད་གུས་ཅན། །ཀརྨའི་སློབ་འབངས་ཉི་མའི་མིང་ཅན་ལ། །ཚེ་རིང་དབང་ཕྱུག་ཅེས་བྱས་བསྐུལ་བའི་ཕྱིར། །ས་བྱ་སྣོན་ཟླ་ཕྱི་མའི་བཅུ་དྲུག་ཉིན། །བླ་མ་སྒྲུབ་པའི་ཐུན་སྐབས་གསུམ་ལ་བཀོད། །ནོངས་པ་མཆིས་བཤགས་དགེ་བས་སྒྲུབ་བརྒྱུད་ཀྱི། །བསྟན་པ་དར་རྒྱས་བསྟན་འཛིན་ཞབས་པད་བརྟན། །བདག་སོགས་ངེས་དོན་ཕྱག་རྒྱ་ཆེན་པོ་ཉིད། །མཁྱེན་རྟོགས་ཡེ་ཤེས་མ་ནོར་མཐར་ཕྱིན་ཅིང་། །ཚེ་གཅིག་རྗེ་བཙུན་མི་ལ་ཡབ་སྲས་ཀྱི། །གོ་འཕང་དམ་པ་གེགས་མེད་འགྲུབ་པར་ཤོག །སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དུས་གསུམ་མཁྱེན་པའི་རྣམ་ཐར།


CMR004_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤྲཱི་དྷརྨ་ཀཱིརྟི་ཡེ། །དཔལ་ཆོས་ཀྱི་གྲགས་པ་དུས་གསུམ་མཁྱེན་པ་ནི། །བེཌཱུརྱ་ཡི་ཞིང་དུ་དགེ་སློང་དང་། །ཀ་ལིང་ཀ་རུ་རྒྱལ་པོ་ཟླ་བས་གནོན། །ཏེ་ལོའི་སློབ་མ་ཁྲི་ལ་ད་ཏིན་དང་། །ཌོམྦྷིའི་སློབ་མ་དགེ་སློང་ཆོས་ཀྱི་གྲགས། །སྡིག་ཅན་རྒྱལ་པོ་འདུལ་ཕྱིར་གླང་ཆེན་སོགས། །སྔོན་རབས་སྐྱེ་བ་དུ་མ་གསལ་བར་གཟིགས། །ཏྲེ་ཤོད་ཡུལ་དུ་དགེ་འཕེལ་ཞེས་བྱར་འཁྲུངས། །ལྷ་མོ་ཞལ་གཟིགས་བྲག་ལ་ཞབས་རྗེས་བཞག །མཆོག་བླ་ཆོས་དབང་ཆ་པ་ཤ་ར་བ། །ཆགས་ལོ་སྒ་ལོ་དྭགས་པོ་རས་ཆུང་པ། །ཁམས་པ་ཨ་སེང་སོགས་བསྟེན་གདམས་པ་གསན། །ཞག་དགུ་བསྒོམས་པས་དྲོད་འབར་རས་རྐྱང་མཛད། །དྭགས་པོ་ཁུ་དབོན་ཀྱེ་ཡི་རྡོ་རྗེ་གཟིགས། །མོན་དུ་བྱོན་ཚེ་སྟག་གིས་བསྐོར་བ་བྱས། །མཁའ་འགྲོ་རྣམས་ཀྱིས་བདུད་རྩི་དངོས་སུ་དྲངས། །ནམ་མཁར་སྔགས་སྒྲ་ཨཱ་ལི་ཀཱ་ལི་གསན། །སྐུ་ཆབ་བདུད་རྩི་ཐམས་ཅད་རིང་བསྲེལ་གྱུར། །ཚེམས་ལ་ཚེམས་ཆུང་རིང་བསྲེལ་དུ་མ་དང་། །སྐུ་གཟུགས་བྱོན་ཅིང་རིང་བསྲེལ་འཕར་ཞིང་ལྡིང་། །གནས་ནང་ཕེབས་ནས་འོད་གསལ་འཁོར་ཡུག་གྱུར། །རྫུ་འཕྲུལ་སེང་གེའི་གླིང་དུ་བྱོན་པའི་


CMR004_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་། །དྲིལ་བུ་པ་མཇལ་གདམས་པ་དུ་མ་གསན། །རབ་གནས་མཛད་ཚེ་ལྷ་ཁང་འཁོར་བ་དང་། །མེ་འབར་ལྷ་རྣམས་འགུལ་ཞིང་སྒྲ་གྲག་གྱུར། །མེ་ཏོག་ཁོལ་ཞིང་རྟེན་ལ་རང་འཐོར་སོང་། །མེ་ཏོག་སྣོད་ནི་ནམ་མཁར་བཞག་པར་མཛད། །ལྟ་སྟངས་མཛད་པས་ལུགས་སྐུ་ཡོ་བ་བསྲང་། །ཁ་ཆེ་ཁྲི་བསྟན་གཟིགས་པར་བཞད་པའི་ཚེ། །སྐུ་ལས་བརྒྱད་སྟོང་སྤྲུལ་ནས་སེང་གེ་དང་། །ངང་པ་སོགས་ཆིབས་རྫུ་འཕྲུལ་ཉིད་ཀྱི་བྱོན། །གཞན་དག་རྣམས་ཀྱིས་རྡོ་རྗེ་རྣལ་འབྱོར་མ། །བདེ་མཆོག་སྤྱན་རས་གཟིགས་དང་ཐུབ་སྐུར་མཐོང་། །ཟླ་སྟོད་མཆོད་རྟེན་རབ་གནས་བྱས་པའི་ཚེ། །བུམ་པ་ཉིད་ལ་ཐུབ་སྐུ་གསལ་བར་བྱོན། །ཞ་བོ་རྒུར་སོགས་རེག་པས་དྲངས་པོར་གྱུར། །ལོང་ལྐུགས་བྱིན་རླབས་མཛད་པས་སྨྲ་མཁས་གསལ། །གནས་ནང་ཤར་ཕྱོགས་ཉི་མ་བཞི་ཡི་སོར། །འཛམ་སྟོན་སངས་རྒྱས་བླ་མས་མཇལ་འདོད་ཚེ། །དེ་མ་ཐག་བྱོན་སྙིང་དྲིས་བྱིན་རླབས་ཞུས། །གདན་བཤམས་ཚེ་ན་མི་སྣང་བ་རུ་གྱུར། །ཐག་རིང་སློབ་མ་ན་བས་གསོལ་བཏབ་ཚེ། །བྱོན་ནས་བྱིན་རླབས་ནད་བསལ་མི་སྣང་གྱུར། །ཏྲེ་ཡི་བར་དུ་དབོན་པོས་གསོལ་བཏབ་ཚེ། །བྱོན་ནས་དམ་ཆོས་


CMR004_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ་འཇའ་ལྟར་ཡལ། །སྤྲུལ་པ་མངོན་སུམ་ཧ་ཧ་སྒྲོགས་པར་བྱོན། །གྲུབ་ཆེན་རྣམས་དང་ལྷན་ཅིག་ཚོགས་འཁོར་མཛད། །ཕག་མོ་བདེ་མཆོག་དགྱེས་རྡོར་སྒྲོལ་མ་དཀར། །མི་གཡོ་བདུད་རྩི་འཁྱིལ་དང་མ་ཡ་དང་། །སྒྲ་ནག་འཇིགས་བྱེད་ཡི་གེ་དྲུག་པ་དང་། །དྭགས་པོ་སོགས་གཟིགས་གདམས་པ་རྗེས་སུ་བསྟན། །ཁོ་བོ་སངས་རྒྱས་ཚེ་ན་འཁོར་ཐོག་མ། །རྒྱ་གར་རྣལ་འབྱོར་མི་ཏྲ་ཛོ་ཀི་དང་། །མང་རིའི་དགེ་སློང་དགེ་བའི་བློ་གྲོས་དང་། །བྱང་ཆུབ་སེམས་དཔའ་དཀོན་སེང་བཞི་ཡིན་གསུངས། །མྱང་འདས་ཟླ་གསུམ་གོང་ནས་ས་གཡོ་དང་། །འཇའ་དང་འུར་ཐུག་ཆེན་པོ་རྒྱུན་མ་ཆད། །བཞུས་ཚེ་ཉི་མ་སྔར་བས་ཉིས་འགྱུར་རིང་། །ཉི་མ་བརྒྱ་ཡི་ཚོགས་རྣམས་འདུས་ཤིང་དགྱེས། །རུས་པའི་རྒྱན་ཅན་ཌཱཀིའི་ནམ་མཁའ་ལ། །ཁ་དོག་སྣ་ཚོགས་མེ་ཏོག་རྒྱུན་ཆེན་བབ། །གདུང་ཁང་སྟེང་དུ་འཇའ་ཡིས་གདུགས་བརྩེགས་སྣང་། །ངོས་བཟུང་མེད་པའི་སྒྲ་སྙན་སྣ་ཚོགས་གྲག །དབུས་ཀྱི་འཇའ་ཚོན་ནང་དུ་གདུང་བཞུགས་མཐོང་། །རི་དྭགས་ཚོགས་འདུས་གདུང་ཁང་བསྐོར་བར་བྱེད། །ཏིང་འཛིན་མེད་རྣམས་སྐྱེས་ཤིང་ཡོད་རྣམས་འཕེལ་། །ཐུགས་


CMR004_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ལྗགས་རིང་བསྲེལ་སྣ་ལྔ་དཀར་ཤས་ཆེ། །སྐུ་དང་ཕྱག་མཚན་བསམ་མི་ཁྱབ་པར་བྱོན། །མཆོད་རྟེན་བཞེངས་ཚེ་འཇའ་ཚོན་དཀྱིལ་འཁོར་རིས། །མ་ཚར་བར་དུ་མེ་ཏོག་ཆར་དུ་བབ། །བཀའ་བརྒྱུད་རྒྱལ་པོ་ཁྱོད་ཀྱིས་བདག་སྐྱོབས་ཤིག །རྣམ་ཐར་སློབ་དཔོན་གཞོན་ནུ་བྱང་ཆུབ་ཀྱིས་མཛད་པས་ལིང་ཚེ་བརྒྱད་པ་དང་། ཀོང་ལོང་མཛད་པའི་སྐྱེས་རབས་གསེར་གྱི་ཕྲེང་བ་ལེའུ་བཅོ་བརྒྱད་པ་དང་། རྣམ་ཐར་ཐོར་བུ་རྣམས་ནས་མཁའ་སྤྱོད་པས་བསྡུས། །དེ་ལས་ཀྱང་མོས་རྟེན་དུ་བསྡུས་ཏེ་ཨ་རཱ་གས་སྦྱར་བའོ།། མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

འགྲོ་མགོན་རས་པའི་རྣམ་ཐར།


CMR004_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། ཌོམྦི་པ་དངོས་འགྲོ་མགོན་རས་ཆེན་ནི། །གཙང་གི་ཡུལ་དུ་གྲུ་ཡི་རིགས་སུ་འཁྲུངས། །བྱིས་པའི་དུས་སུ་གར་བྱོན་འཇའ་གུར་ཕུབ། །གསེར་གྱི་རྒྱན་ལྡན་བུད་མེད་མང་པོ་ཡིས། །སྐོར་བ་བྱེད་པ་ཀུན་གྱིས་མཐོང་གྱུར་ཅིང་། །དགུང་ལོ་དགུ་ནས་ཟངས་རི་རས་པ་བསྟེན། །སྒོམ་པ་ཙམ་གྱིས་འོད་གསལ་འཁོར་ཡུག་ཤར། །རས་རྐྱང་མཛད་པས་རས་ཆེན་པ་རུ་གྲགས། །ཕག་གྲུ་གཙང་སྟོན་དར་མ་ཤེས་རབ་དང་། །སྒོམ་ཞིག་ཐོད་པ་བསམ་གྲུབ་དང་། །མང་རིས་པ་དང་སྤོ་བོར་མཉལ་པ་ཇོ་སྲས་དང་། །དུས་མཁྱེན་སོགས་ལ་གདམས་ངག་དཔག་མེད་གསན། །ཏིང་འཛིན་གཏད་ཙམ་ནད་གདོན་ཞི་བ་མང་། །གྲོགས་པོའི་ཕར་ངོས་རྒྱ་ལམ་འགྲུལ་པོ་སོགས། །གསལ་བར་གཟིགས་ཤིང་སྤྱན་དང་མངོན་ཤེས་ཤར། །བུ་འབོར་སྨད་དུ་འཁྲུག་བསྡུམས་སྔགས་སྒྲ་བཙུགས། །གནས་ནང་དབུ་སེ་མཇལ་དུ་བྱོན་པའི་ཚེ། །ནམ་མཁའ་འཇས་གང་དགེ་བསྙེན་བསུ་བ་བྱས། །སྐུང་སྨན་བྱོན་ཚེ་ནམ་མཁའ་འཇའ་ཡིས་གང་། །རེ་ཞིག་སྐུ་ཁམས་ཅུང་ཟད་མ་བདེ་ཚེ། །བླ་མ་གོ་བོ་མགོ་གླིང་བསམ་པ་ལ། །བྱང་ཆུབ་སེམས་དཔའ་འདི་འདྲ་བསྙུང་བ་


CMR004_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་། །བསྙུང་ནད་ང་ལ་འཕོས་ན་ཅི་མ་རུང་། །བསམས་པས་མཁྱེན་ནས་གྲོགས་པོ་ཁྱེད་ཀྱིས་ནི། །སེམས་བསྐྱེད་དེ་ལྟར་དགོས་པ་ཡིན་ནོ་གསུངས། །རྡོ་རྒྱུས་གྲག་ཏུ་ཞལ་གཉིས་ཕག་མོ་གཟིགས། །གཞན་ཡང་སུ་ཀ་སིདྡྷི་བེར་ནག་ཅན། །ཕག་མོའི་དབུ་སྟེང་དུས་མཁྱེན་བཞུགས་པ་དང་། །བུམ་པའི་ནང་ལ་རྡོ་རྗེ་གཏུམ་པོའི་སྐུ། །རྟེན་གཏོར་ནང་དུ་བྱ་རོག་གདོང་ཅན་དང་། །འོད་ལེ་དགོན་པར་ཕག་མོ་དཔོན་གཡོག་གསུམ། །དཀྱིལ་འཁོར་སྟེང་དུ་རྡོ་རྗེ་རྣལ་འབྱོར་མ། །འདས་མཆོད་དུས་སུ་ཕག་མོ་དུས་གསུམ་མཁྱེན། །རབ་གནས་མཛད་ཚེ་ཐུགས་རྗེ་ཆེན་པོ་དང་། །འདས་མཆོད་གསོལ་འདེབས་མཛད་ཚེ་ཆོས་རྗེ་དར། །སངས་རྒྱས་བྱང་སེམས་མཁའ་འགྲོ་སྤྲིན་ལྟར་གཏིབས། །དེ་སོགས་ཡི་དམ་ཆོས་སྐྱོང་དཔག་མེད་གཟིགས། །ཡི་དམ་ནམ་འདོད་དུས་སུ་མཐོང་ངོ་གསུངས། །བདུན་ཅུ་བཞེས་ཚེ་ཁྱེད་རྣམས་གར་མ་འགྲོ། །སང་གནང་མི་ཁོམ་པ་གཅིག་འོང་ངོ་གསུངས། །དེ་ནས་ཞག་གསུམ་ཙམ་ནས་སྐུ་བསྙུང་སྟེ། །ཅེས་ཀྱང་མི་ཕན་ད་ལན་ཁོ་བོ་འགྲོ། །སུན་མ་བྱུང་ནས་ལོ་གསུམ་སོང་ངོ་གསུངས། །གསོལ་བ་ཐོབ་དང་ཁྱེད་རྣམས་འདྲེན་ནུས་གསུངས། །འོད་ཀྱི་


CMR004_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

གུར་ཕུབ་ནམ་མཁའ་འཇའ་ཡིས་གང་། །སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས། །དཔག་ཏུ་མེད་པ་ཁྱེད་རྣམས་མཐོང་ངམ་གསུངས། །བཞུས་ཚེ་འཇས་གང་ལྷ་ཡི་རོལ་མོ་གྲགས། །རིང་བསྲེལ་ཆར་བབ་ཉི་མ་མང་དུ་ཤར། །སྣ་ཚོགས་སྐུ་དང་ཡི་གེ་མཆོད་རྟེན་དང་། །ལྗགས་དང་ཕྱག་མཚན་མེ་ཤེལ་ལྟ་བུར་ཡི། །འབྱུང་བས་གཞིག་ཏུ་མེད་པའི་ཐུགས་མཆོག་བྱོན། །འགྲོ་བ་འདྲེན་མཛད་དེ་ལ་གསོལ་བ་འདེབས། །བླ་མ་རྒྱ་རས་པ་དང་མ་རིར་རང་ནས་རྣམ་ཐར་བསྡུས་པ་ལས་མགུར་དང་གསུང་སྒྲོས་སོགས་སྤེལ་ཏེ་མཁའ་སྤྱོད་པས་མཛད་པ་ལས། ཀརྨ་ཨ་རཱ་གས་བསྡུས་པའོ།། མངྒ་ལཾ། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

སྤོམ་བྲག་པའི་རྣམ་ཐར།


CMR004_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་བློ་གྲོས་སྐྱེ་བ་སྤོམ་བྲག་པ། །འབྲི་རྒྱལ་དམ་པ་ཆོག་ཕྱུག་ཡུལ་དུ་འཁྲུངས། །དགུང་ལོ་ལྔ་ནས་འབྲི་ཀློག་ཤིན་ཏུ་མཁས། །དགུང་ལོ་དགུ་ནས་བདེ་དགྱེས་ལ་སོགས་གསན། །བཅུ་ཡི་ལོ་ལ་འཕྲད་མ་ན་ཐོས་ཚེ། །ཏིང་འཛིན་རྒྱུད་སྐྱེས་རྨི་ལམ་ལུང་བསྟན་ལྟར། །འགྲོ་མགོན་མཇལ་ནས་དབང་བསྐུར་ཞུས་པའི་ཚེ། །ཕྱོགས་མཚམས་ཕག་མོའི་དཀྱིལ་འཁོར་ཡུན་རིང་གཟིགས། །སྐུང་གི་དགོན་པར་སྡོམ་པའི་ལྷ་ཚོགས་རྣམས། །ཡུན་རིང་གཟིགས་པས་རྐྱེན་བྱས་གནས་ལུགས་རྟོགས། །སྐུང་དགོན་ཐང་ཤིང་གཅིག་དྲུང་བསྒོམ་པའི་ཚེ། །ཡལ་ག་རེ་རེའི་སྟེང་ནའང་དུས་གསུམ་མཁྱེན། །དཔག་མེད་བཞུགས་པས་མགྲིན་གཅིག་ཆོས་གསུངས་པས། །སྒོམ་གྱི་ངོ་བོ་རྣལ་མ་རྒྱུད་ལ་སྐྱེས། །འགྲོ་མགོན་དཔའ་བོ་མཁའ་འགྲོས་བསྐོར་བར་བྱེད། །སྒྲོལ་དཀར་བདེ་མཆོག་ཀྱི་རྡོར་རིགས་ལྔ་དང་། །ཕྱག་རྡོར་ཕག་མོ་མ་མགོན་དཔག་མེད་གཟིགས། །རས་ཆེན་སྟོན་པ་ཤཱཀྱ་ཐུབ་པ་ལ། །སངས་རྒྱས་དཔག་མེད་བསྐོར་བ་གཟིགས་ཞུས་པས། །བསྟན་པའི་བདག་པོ་འོང་བའི་བརྡ་ཡིན་གསུངས། །འགྲོ་མགོན་གདུང་བཞུས་ཚེ་ན་བདེ་མཆོག་དང་། །རིགས་ལྔ་ཕག་མོ་


CMR004_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུར་ཁྱབ་པ་གཟིགས། །སྩོལ་སྒྲུབ་མེད་པའི་ཕྲིན་ལས་རྣམ་བཞི་བརྙེས། །མི་དང་མི་མིན་ལོངས་སྤྱོད་ཆར་ལྟར་བབ། །སྙན་པས་ཀུན་ཁྱབ་འཛམ་གླིང་ཐམས་ཅད་གཟིགས། །བཅུ་དྲུག་ལོ་ལ་གནས་དེ་ཁོ་ནར་བཞུགས། །ཁྲ་ཤོད་སྤོམ་རག་གནས་སུ་བཞུགས་པའི་ཚེ། །མི་འཁྲུགས་རྒྱལ་བ་མང་པོ་ཞལ་གཟིགས་ཀྱང་། །དྲི་བཟང་གནས་ཁྱབ་བདུད་རྩི་ཕྱུར་བ་དང་། །གཏོར་མ་ཁོལ་ཞིང་དུས་མཁྱེན་རྒྱུན་དུ་གཟིགས། །ཅུང་ཟད་ཞབས་བསྙུང་ཚེ་ན་རས་ཆེན་གཟིགས། །སྐྱེ་བ་མེད་ན་མཉམ་རྗེས་མེད། །ན་ཚ་སྡུག་བསྔལ་འཁྲུལ་པ་མེད། །སྐྱེ་འཆིར་འཇིགས་ན་སྒོམ་ཆེན་ཡིན། །གསུངས་པ་ཐོས་པས་ཕྱིན་ཆད་མཉམ་རྗེས་འདྲེས། །བསྒོམས་པས་རྟོགས་པ་མཐའ་རུ་ཕྱིན་པར་གྱུར། །ཁོ་བོ་བར་དོ་མེད་པར་མཁའ་སྤྱོད་འགྲོ། །ལྷ་མོ་སྟོང་ཕྲག་མང་པོར་ཏིང་འཛིན་སྦྱངས། །རྣམ་འཕྲུལ་མང་པོས་གདུལ་བྱ་དཔག་མེད་འདྲེན། །ལྷ་ཡི་མིག་གིས་བུ་སློབ་གར་གནས་མཐོང་། །ཁྱེད་རྣམས་གདུལ་བྱ་སྨིན་གྲོལ་ཁོ་བོས་བྱེད། །དགའ་ལྡན་གནས་སུ་བྱམས་པ་མགོན་པོ་དང་། །ཁོ་བོ་མཉམ་དུ་གསོལ་བ་ཐོབ་ཅིག་གསུངས། །ཁོ་བོའི་རྣམ་འཕྲུལ་ཆ་གཅིག་ཀ་ཏི་


CMR004_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཀར། །དུས་མཁྱེན་རྣམ་འཕྲུལ་དེ་ཡིས་རྒྱལ་ཚབ་བྱ། །གསུངས་ཤིང་ས་གའི་ཚེས་བརྒྱད་མྱ་ངན་འདས། །གདུང་སྦྱངས་ཚེ་ན་འོད་དང་འཇའ་ཚོན་འཁྲིག །ས་གཡས་འུར་འུར་སྒྲ་ཆེན་སིལ་སྙན་སྒྲ། །ཐུགས་ལྗགས་སྦྲེལ་མ་རིང་བསྲེལ་དཔག་མེད་བྱོན། །རྒྱལ་སྲས་མཆོག་གྱུར་དེ་ལ་གསོལ་བ་འདེབས། །ཀརྨ་པཀྵིའི་མཛད་པའི་གསལ་བྱེད་རིན་ཆེན་སྒྲོན་མེ་གཞིར་བྱས་ནས། །མགུར་དང་གསུང་སྒྲོས་ཕྲན་ཚེགས་སྦྱར་ནས་མཁའ་སྤྱོད་དྲི་མེད་དཔལ་གྱིས་མཛད་པ་ལས་ཨ་རཱ་གས་དོན་བསྡུས་པའོ། །མངྒ་ལམ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ཀརྨ་པཀྵི་རྣམ་ཐར།


CMR004_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། ཀརྨ་པཀྵི་དར་མའི་བླ་མ་ནི། །ཨིནྡྲ་བྷོ་དྷི་རྣམ་གསུམ་བཛྲ་ཤི། །ཏོག་རྩེ་པ་དང་ས་ར་ཧ་པ་དང་། །ཡོན་ཏན་བློ་གྲོས་གནོད་སྦྱིན་རྒྱལ་པོའི་བུ། །ཤེས་རབ་རྒྱལ་པོ་སེང་གེ་རབ་རྩལ་དང་། །ཉི་མའི་འོད་ཟེར་མཁའ་ལྡིང་རྒྱལ་པོ་དང་། །འབར་བའི་རྒྱལ་མཚན་རྒྱལ་བ་མཆོག་དབྱངས་དང་། །ཐུབ་ཀེ་བན་རྒན་ལ་སྟོད་དམར་པོ་དང་། །གཤིན་སྒོམ་རེ་ཐུལ་ཉག་སེ་ལ་སོགས་པ། །སྔོན་འདས་དཔག་ཏུ་མེད་པའི་སྐྱེ་བ་དྲན། །དུས་གསུམ་མཁྱེན་པའི་འབྲི་ཆུ་ངོ་མཐོང་ནས། །གཅིག་གིས་ང་ཡི་དགོངས་པ་རྫོགས་པར་བྱེད། །ཅེས་གསུངས་རྗེས་མཐུན་འབྲི་ཀླུང་ཆོས་ཕྱོགས་སུ། །དབུ་ཡི་རིགས་འཁྲུངས་ཆོས་འཛིན་ཞེས་སུ་བཏགས། །དགུང་ལོ་ལྔ་ནས་ཡིག་རིགས་ཐམས་ཅད་མཁྱེན། །དགུང་ལོ་དགུ་ནས་གསུང་རབ་དཔག་མེད་དང་། །ཐང་རེ་ཀློག་པས་ཁོང་ཆུད་ཏིང་འཛིན་སྐྱེས། །སྤོམ་བྲག་པ་དང་ཀཿཐོག་བྱམས་པ་འབུམ། །སྤྱང་མང་ཕུ་པ་རྣམས་ལ་དམ་ཆོས་མནོས་། །ཕག་མོ་བཅུ་གཅིག་ཞལ་དང་མ་མགོན་དང་། །ས་ར་ཧ་དང་ཤ་བ་རི་པ་དང་། །པད་འབྱུང་དུས་མཁྱེན་ཐུགས་རྗེ་ཆེན་པོ་དམར། །སྒྲོལ་དཀར་རྡོར་སེམས་ཞི་ཁྲོ་རྡོ་རྗེ་


CMR004_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་དང་། །རྟ་མགྲིན་དབུ་སྟོང་དྲུག་པོ་མི་ལ་རས་པ་དང་། །བདེ་མཆོག་ཕྱག་རྡོར་གསང་བ་ཡེ་ཤེས་དང་། །ཀྱེ་རྡོར་དམ་པ་རྒྱ་གར་དང་། །སྟོན་པ་འཇམ་དབྱངས་ལ་སོགས་ཞལ་གཟིགས་ཤིང་། །ལུང་བསྟན་ཆོས་གསུངས་དབང་བསྐུར་ཐོབ་པར་གྱུར། །རས་རྐྱང་མཛད་ཅིང་རིགས་དྲུག་དུ་མ་མཐོང་། །སྟོང་གསུམ་ཐམས་ཅད་མ་སྒྲིབ་གསལ་བ་དང་། །འགྲོ་བ་རྣམས་ཀྱི་སྐྱེ་གནས་འཆི་འཕོ་ཤེས། །དུད་འགྲོ་ཁ་འཐོར་སྐད་རྣམས་ཅི་བཞིན་གོ །མི་ལས་མི་མིན་སློབ་མ་ཤིན་ཏུ་མང་། །ཉི་ཤུ་རྩ་བཞིའི་མཁའ་འགྲོས་མཆོད་བྱེད་ཅིང་། །ཤར་ཕྱོགས་འཇིག་རྟེན་སངས་རྒྱས་ཆོས་གསུང་ཐོབ། །དེ་ཡིས་རྐྱེན་བྱས་འགྲོ་བའི་སྒྲ་སྐད་དང་། །འཛམ་བུ་གླིང་གི་བྱ་སྤྱོད་ཐམས་དང་། །གླིང་བཞི་རི་རབ་ལྷ་ཀླུ་གནོད་སྦྱིན་གསལ༔་།མཁའ་འགྲོའི་སྤྱན་དྲངས་སྤྲུལ་པ་མངོན་སུམ་དུ། །དཔལ་གྱི་རི་དང་ཨོ་རྒྱན་ཕྱོགས་སུ་བྱོན། །གཡེར་པོ་བྱང་ཐང་ཡར་ཆབ་གཙང་པོ་ལ། །གྲུ་མ་ཕུད་ཚེ་འཁོར་བཅས་མཁའ་ལ་གཤེགས། །ཚངས་དང་བརྒྱ་བྱིན་འཇིག་རྟེན་སྐྱོང་བ་དང་། །ཐང་ལྷ་གང་བཟང་རྡོ་རྗེ་རྒྱལ་པོ་དང་། །བརྟན་མ་བཅུ་གཉིས་རྡོ་རྗེ་དཔལ་བརྩེགས་སོགས། །ཕྱག་འཚལ་


CMR004_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་བ་བྱེད་དང་བསུ་བ་བྱེད། །སྤུང་རིར་བྱོན་དུས་ས་གཡོས་ཐོག་ཆར་བབ། །ཆོ་འཕྲུལ་དབང་དུ་བསྡུས་ཤིང་དམ་ལ་བཏགས། །རྒྱ་ནག་ཡུལ་དུ་བྱོན་པའི་ཚེ། །ལྟ་སྟངས་མི་སྟེགས་ཟིལ་གྱིས་མནན། །རྩང་ཁའི་ཡུལ་དུ་ཉེར་གཅིག་ཞག །མེ་ཏོག་རྒྱུན་བབ་འཇའ་འོད་འཁྱིལ། །དལ་ན་ཏ་ན་ཕྱིན་པའི་དུས། །བྱང་ཕྱོགས་རྒྱ་མཚོའི་མཐར་ཐུག་བར། །ཀླུ་དང་ས་བདག་སྡེ་བརྒྱད་ཀྱིས། །ཐོག་ཆར་ཕབ་ཀྱང་དམ་ལ་བཏགས། །ཟིར་ར་འུར་རྡོར་རྒྱལ་རྒྱུད་ཀུན་འདུས་ཤིང་། །ཀླུ་གཟའ་སྤྲིན་ལྟར་གཏིབ་ཅིང་ཐོག་ཆར་ཕབ། །དེ་ཚེ་ཁྲོ་བཅུའི་དཀྱིལ་འཁོར་དངོས་སུ་བསྟན། །ཁྲོ་བཅུའི་མེ་ཡིསཟླ་བ་བཅུ་གཉིས་བར། །ཉིན་ལམ་དྲུག་ཚུན་ཁ་བ་ལྷག་པ་བཅད། །ཆང་མཛོད་གང་ཀུན་འཐུང་ཡང་ངོམས་མེད་གྱུར། །རྒྱལ་པོའི་ཆད་པས་མཚོན་ཆ་བསྣུན་པའི་ཚེ། །ཡེ་ཤེས་ཁྲོ་བོའི་ཚོགས་ཀྱིས་མཚོན་ཆ་ཕྱར། །དཔེ་ཆའི་ཚོགས་དང་བྲལ་དུས་སུ། །མཚེ་ལྡོག་སྐྱོག་འབོག་རིམས་ཡམས་འཚུབས་། །ཡང་ནི་ཆད་པ་མང་བཅད་དུས། །ཐོག་སེར་བཤའ་སྡུད་ཡུལ་ཁམས་གང་། །མི་གླང་ནོར་ཕྱུགས་རྒྱ་མཚོར་བསྐྱལ། །འཆི་བཟློག་གསོལ་བ་བཏབ་ཚེ་འཇའ་ཚོན་


CMR004_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གང་། །ལྷ་མོའི་དམག་གིས་རླུང་ཐོག་ཡུལ་ཁམས་གཏོར། །ཚད་པའི་ཡུལ་སྤྲུགས་ཆར་བབ་འབྲུ་ཚོགས་འཕེལ། །ལྷ་ཁང་ནང་དུ་ཞག་བདུན་བཀག་པའི་ཚེ། །ཀུན་གྱིས་མཐོང་བར་ལྷ་དང་མཁའ་འགྲོས་མཆོད། །རྒྱལ་པོ་དད་ཅིང་སྔགས་པས་བསྙེན་བཀུར་བྱས། །རྒྱ་ཕུན་ཧུན་གྱི་ས་མཁར་ནད་ཡམས་འཕྱུར་བའི་ཚེ། །སྨན་བླའི་བདུད་རྩིའི་རྫིང་དང་ཁྲོན་པ་རུ། །བྱིན་གྱིས་བརླབས་ཏེ་ནད་གདོན་ཐམས་ཅད་གསལ། །རྒྱལ་པོས་དངུལ་བྲེ་སྟོང་ཙམ་ཕུལ་བ་ལས། །མེ་ཉག་ཡུལ་དུ་ལྷ་ཁང་སུམ་སྟོང་ཙམ། །ཞིག་པ་གསོ་དང་གསར་དུ་བཞེངས་པར་མཛད། །ཆོས་རྒྱལ་དགེ་བ་ཅན་མཁར་དག་ཅེས་པར། །ཆོས་སྐྱོང་བསྐུལ་གྱིས་འཕྲུལ་སྣང་གཙུག་ལག་བཞེངས། །གདན་ས་གསུམ་དུ་དུས་གསུམ་སངས་རྒྱས་བཞེངས། །ཚེས་གསུམ་གཤེགས་ཚེ་མཁའ་འགྲོས་མཆོད་བཞིན་དུ། །ནུབ་ཏུ་གཤེགས་དང་གཞན་ཡང་ཞིང་ཁམས་ཤར། །སྣ་ཚོགས་མཆོད་པས་ཤར་དུ་སྤྱན་དྲངས་དང་། །འཇིག་རྟེན་སྐྱོང་བས་མཆོད་ཅིང་དགའ་ལྡན་གཤེགས། །མཚན་མོ་འཇས་ཁྱབ་ཉིན་མོ་མེ་ཏོག་རྒྱུན། །རྟགས་པར་རོལ་མོའི་སྒྲ་གྲག་གདུང་བཞུས་ཚེ། །འཇའ་ཚོན་དཀྱིལ་འཁོར་བརྒྱ་དང་དཀྱིལ་འཁོར་


CMR004_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས། །མེ་ཏོག་ཆར་དང་འུར་སྒྲ་ས་གཡོས་དང་། །ལྷ་ཡི་བུ་རྣམས་མཆོད་ཅིང་སྐོར་བ་བྱེད། །རྐྱེན་གྱིས་གཞིག་མེད་ཐུགས་དང་སྤྱན་དང་ལྗགས། །གཡས་འཁྱིལ་དུང་གསུམ་སྐུ་གཟུགས་ཡིག་འབྲུ་དང་། །རིང་བསྲེལ་ལ་སོགས་སྣ་ཚོགས་དཔག་མེད་བྱོན། །གྲུབ་མཆོག་ཁྱེད་དང་ནམ་ཡང་འབྲལ་མེད་ཤོག །ཉིད་ཀྱི་མཛད་པའི་རྣམ་ཐར་དགོངས་པ་ལུང་སྟོན་དང་། །བཀའ་རྒྱ་མ་དང་འཐོར་བུ་མང་པོ་དང་། །བླ་མ་གཉན་རས་ཀྱིས་བསྡུས་པ་སོགས་གོང་སྒྲིགས་ཉིད་ཀྱི་གསུང་དཔང་དུ་བྱས་ནས་མཁའ་སྤྱོད་པས་མཛད་པ་ལས་དད་རྟེན་དུ། །ཨ་རཱ་གས་བསྡུས་པའོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ཨོ་རྒྱན་པའི་རྣམ་ཐར།


CMR004_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། ལྭ་བ་ཨིནྡྲ་བྷུ་ཏི་བིརཱུ་པ། །རས་ཆུང་སོགས་དང་དབྱེར་མེད་ཨོ་རྒྱན་པ། །ལ་སྟོད་ལྷོ་རུ་སྔགས་འཆང་རིགས་སུ་འཁྲུངས། །རྩེད་མོ་ཐམས་ཅད་སྒོམ་དང་ཆོས་བཤད་ཚུལ། །ཞག་པོ་ལྔ་དྲུག་ཏིང་འཛིན་ཁོ་ནར་འབྱམས། །དགུང་ལོ་བདུན་ལ་ཡབ་ཆོས་མ་ཕུལ་གསན། །བོ་དང་རིན་ཆེན་རྩེ་པ་རྒོད་ཚང་བ། །པཀཱི་སོགས་ལ་གདམས་པ་དུ་མ་གསན། །ཏི་སེར་ཕྱི་ནང་གཞན་གསུམ་དབྱེར་མེད་རྟོགས། །ཉིན་རེ་ཉི་མ་བདུན་བདུན་ལམ་བཅད་ཅིང་། །ཛ་ལན་དྷ་ར་མེ་ཏྲི་ས་ར་ཧ། །ཀླུ་སྒྲུབ་ཕུག་ཏུ་གྲུབ་ཐོབ་གཅིག་དང་མཇལ། །དེ་ནས་ཉིན་རེ་ཟླ་བ་ཕྱེད་ལམ་བཅད། །མུ་སྟེགས་སོགས་པའི་འཚེ་བ་ཟིལ་གྱིས་གནན། །ཨོ་ལོ་སར་པ་ཏ་ཞེས་བྱ་བའི་རིགས། །མཁའ་འགྲོ་དཔག་མེད་གྲུབ་ཐོབ་མང་དུ་གཟིགས། །རྒྱལ་པོ་ཨིནྡྲ་བྷུ་ཏིར་གྱུར་པ་དྲན། །ཕག་མོ་དངོས་མཇལ་རྡོ་རྗེའི་བསྙེན་སྒྲུབ་གནང་། །རྒྱུད་སྡེའི་དོན་རྟོགས་རྩ་མདུད་ཐམས་ཅད་གྲོལ། །ཀ་མ་དྷ་ཀོའི་གངས་ལ་བདེ་མཆོག་གི །ཨིནྡྲ་བྷཱུ་ཏིས་བཞེངས་པའི་གཙུག་ལག་ཏུ། །གནས་གསུམ་མཁའ་འགྲོ་འདུ་བས་ཆོས་རྣམས་གསུངས། །གཏུམ་དྲག་ར་མེ་ཤ་རི་ཁ་ཆེ་དང་། །ན་ག་ར་དང་ཝ་ཧི་


CMR004_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲ་ཕུར་བྱོན། །པཎ་ཆེན་བྷཱུ་མི་ཤི་ལར་ཆོས་ཀྱང་ཞུས། །ཉི་ཤུ་རྩ་བཞི་ཡུལ་གྱི་ཡུལ་དགུ་གཟིགས། །བལ་ཡུལ་ཐད་ལ་ཕྱག་བཞི་པ་ཡིས་བསུས། །བྱང་ཆུབ་ཤིང་ལ་རྐྱང་ཕྱག་འཚལ་བའི་ཚེ། །རླུང་སེམས་དབུ་མར་ཚུད་ནས་ཡོན་ཏན་སྐྱེས། །ཚོགས་ཀྱི་བདག་པོས་ཕྱག་འཚལ་སྲོག་སྙིང་ཕུལ། །དབང་བསྐུར་ཚེ་ན་བུམ་པ་ནམ་མཁའ་བཞག །རྒྱལ་ཟླར་གར་གྱི་མཆོད་པ་བྱས་པའི་ཚེ། །པཀྵིའི་དབུ་ཞྭ་ན་བཟའ་ནག་པོ་ཅན། །གཟི་བརྗིད་མེ་ལྟར་འབར་ཞིང་བར་སྣང་བྱོན། །ཞྭ་ནག་གནང་བྱུང་དེ་ཚེ་དྲུང་སྐོར་ཀུན། །དེ་ཟིལ་མ་བཟོད་བརྒྱལ་བ་ལྟ་བུར་གྱུར། །ཆོས་དབང་སྲས་པོ་ཚེ་ཆུ་གཏེར་སྟོན་ཕུལ། །སེ་ཆེན་རྒྱལ་པོས་གདན་དྲངས་རྒྱ་ནག་བྱོན། །ཀྱི་རང་འཕགས་པའི་དྲུང་དུ་ཤ་བ་རི། །མཇལ་ནས་ལུང་བསྟན་ཏིང་འཛིན་དབང་བསྐུར་ཐོབ། །གཅེས་ཕྲུག་བརྒྱད་ཅུ་ལ་སོགས་པའི། །དཔག་མེད་གདུལ་བྱ་སྨིན་པར་མཛད། །བྱ་ལོ་ཁྲུམས་ཟླའི་ཉི་ཤུ་ལ་གཤེགས་ཤིང་། །རིང་བསྲེལ་སྐུ་གདུང་དཔག་མེད་གྱུར། །གྲུབ་ཆེན་དེ་ལ་གསོལ་བ་འདེབས། །བླ་མ་སྣེ་མདོ་བས་མཛད་པ་དང་། །བླ་མ་བསོད་ནམས་འོད་ཟེར་བས་མཛད་པ་དང་། །ལམ་ཡིག་ཆེ་ཆུང་རྣམ་ཐར་ཆེན་མོ་


CMR004_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལས་མཁའ་སྤྱོད་པས་བསྡུས་པ་ལས་ཆེར་ཨ་རཱ་གས་བསྡུས་པའོ། །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

རང་བྱུང་རྡོ་རྗེའི་རྣམ་ཐར།


CMR004_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ། ཞྭ་ནག་གསུམ་པ་རང་བྱུང་རྡོ་རྗེ་ནི། །ཀླུ་སྒྲུབ་སློབ་མ་པྲཛྙཱ་ཨ་ལང་ཀ །མཚོ་སྐྱེས་རྗེས་འཇུག་ཀ་མ་ལ་དྷེ་བུ། །དྷརྨ་བྷོ་དྷི་རྒྱུ་བ་མཆོག་དབྱངས་དང་། །རིན་ཆེན་གསལ་སོགས་གྱུར་དྲན་ཆུང་དུས་སྨྲས། །སྟོད་ལུང་འཕར་ཚང་རྣམ་ཤེས་གྲོང་འཇུག་མཛད། །བདེ་མཆོག་དབང་བསྐུར་མཁའ་འགྲོས་ཤིས་པ་བརྗོད། །འཇའ་ཚོན་ལམ་ནས་རིན་ཆེན་ཤེལ་གྱི་ཁང་པར་ཞུགས། །པཀིས་ཞལ་ནས་ལ་སྟོད་དཔལ་ཐང་དུ། །མི་ལས་བདུད་རྩི་བསྣམས་ནས་སྤྲུལ་འགྱེད་མཐོང་། །དེ་ནི་ཕྱི་མའི་ཕྲིན་ལས་བརྡའ་རུ་གོ །ཞེས་གསུངས་རྗེས་མཐུན་ལ་སྟོད་ཕྱོགས་སུ་འཁྲུངས། །ཚིག་བརྗོད་ཤེས་ཀྱང་མ་བརྗེད་རང་གར་གནས། །ལོ་ལྔ་བར་དུ་བྱིས་པའི་ཚུལ་བྱས་ཀྱང་། །སྣང་བ་ཐམས་ཅད་རྨི་ལམ་ལྟ་བུར་མཐོང་། །ཡབ་དང་སྔགས་འཆང་དངོས་ནག་དབུ་རྩེ་བ། །ཨོ་རྒྱན་པ་དང་གུག་ལྡན་ཤེས་རབ་དང་། །གཉེན་རས་པ་སོགས་ཡོང་འཛིན་དུ་མ་བསྟེན། །ཡི་གེ་འབྲི་འདོན་ཆོས་ཀུན་མ་བསླབས་ཤེས། །ཨོ་རྒྱན་པ་ལ་བདེ་མཆོག་དངོས་སུ་མཐོང་། །དག་སྣང་རྒོད་ཚང་བ་སྐྱེས་ཀཾ་སྦྱར་བསྟེན། །མ་མགོན་སྔགས་བདག་ས་ར་ཧ་པ་དང་། །རྟ་མགྲིན་དཔལ་ལྡན་ལྷ་


CMR004_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དཔོན་གཡོག་དང་། །བི་མ་མི་ཏྲ་འཇམ་དཔལ་བཤེས་གཉེན་དང་། །དུས་མཁྱེན་པད་འབྱུང་ལ་སོགས་གསལ་བར་གཟིགས། །ལུང་བསྟན་གདམས་པའང་རྗེས་སུ་བསྟན་པར་གྱུར། །དབོན་གནས་གྲུབ་ཆུ་སྨོན་པ་བཞིན་དུ་འགྲུབ། །ཡལ་ག་གང་བཙུགས་ཤིང་ལ་ལོ་འདབ་རྒྱས། །ལྷ་སྟེང་ནག་ལ་མེ་ཆེན་མཆེད་པའི་ཚེ། །དུད་སྡང་འབྲུག་དང་ཆུ་བྱུང་མེ་བསུར་ཞི། །གྱི་མི་ཤན་དུ་ས་གཡོས་བྱུང་བའི་ཚེ། །གསོལ་བ་བཏབ་པས་བུ་སློབ་ཉེས་མེད་གྱུར། །ཤིན་ཏུ་བསྒྲོད་དཀའི་འཕྲང་ལ་འོང་བའི་ཚེ། །གཙང་པོའི་གཞུང་དུ་བྱེ་མའི་ལམ་བྱས་འོང་། །གྲགས་ཡུལ་རྡོ་རྗེ་དཔལ་བརྩེགས་མཁར་ནག་དང་། །ཐང་ལྷ་ལ་སོགས་གུས་བཏུད་བསུ་བ་བྱས། །བྱང་ཕྱོགས་འཇིག་རྟེན་མང་པོ་འདས་པ་ན། །འཇམ་དཔལ་སངས་རྒྱས་མཛད་པ་སྟོན་པ་གཟིགས། །རེ་ཞིག་མངོན་དགར་མི་འཁྲུགས་སྲས་བཅས་གསལ། །འོད་གསལ་གཞན་ལ་བསྟན་ཚེ་རང་ཉིད་ཀྱང་། །གཉིད་དང་མ་གཉིད་ཁྱད་པར་མེད་པར་སྣང་། །མི་མིན་སྟོབས་ལྡན་ཤ་ཁྲག་སྲེད་པ་རྣམས། །བསྟན་ལ་གུས་ཤིང་ཕན་པར་དམ་བཅའ་བྱས། །མེ་ཉག་རྒོར་ཕེབས་ནམ་མཁར་འཇའ་ཚོན་འཁྲིགས། །ཤར་ཕྱོགས་རྒྱ་


CMR004_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་བར་དུ་ཡུན་རིང་གསལ། །རེ་ཞིག་ཕུང་ཁམས་གསང་འདུས་ལྷ་ཚོགས་སུ། །རྡོ་རྗེ་ཕྲེང་བའི་རྒྱུད་ལས་གསུང་བཞིན་སྣང་། །ནང་གི་རླུང་དང་ཕྱི་རོལ་གཟའ་སྐར་ཀུན། །གསལ་བར་སྣང་བས་རྩིས་ཀུན་མཐུན་པར་གྱུར། །བཅུ་ཡི་ཕྱེད་ཡོལ་ནམ་མཁར་རྩ་གསུམ་བྱོན། །ཕྱག་མཆོད་ཀླུ་རུ་དཀྲོལ་ཞིང་སྔགས་དབྱངས་མཛད། །རྣལ་འབྱོར་ང་ནི་ཞིང་ཁམས་གཞན་དུ་འགྲོ། །ཁྱེད་རྣམས་ཆོས་ལ་བརྩོན་པར་གྱིས་ཤིག་གསུངས། །རྟེན་འབྲེལ་དབང་གིས་ང་གཉིས་སྐབས་སུ་གཤེགས། །ནུབ་ཕྱོགས་བོད་ཡུལ་དགའ་ལྡན་བཞུགས་པ་དང་། །བཅོ་ལྔའི་ཟླ་སྟེང་སྐུ་ལུས་གསལ་བར་བསྟན། །འཇའ་ཚོན་འཁྲིགས་ཤིང་མེ་ཏོག་ཆར་ཆེན་བབ། །བདེ་མཆོག་ཕག་མོ་ཐུགས་རྗེ་ཆེན་པོའི་སྐུ། །ཐུགས་ལྗགས་རིང་བསྲེལ་སྣ་ལྔ་མང་དུ་བྱོན། །རྒྱལ་བ་གཉིས་པ་ཁྱེད་ལ་གསོལ་བ་འདེབས། །རྣམ་ཐར་བར་དོ་མ་སོགས་མང་ན་ཡང་། བཞི་བཅུ་ཡན་གྱི་རྣམ་ཐར་ཉིད་ཀྱིས་བདེ་ཆེན་དུ་མཛད་པ་དང་ཕྱིས་རྒྱ་ཡུལ་དུ་མཛད་པ། འདས་དུས་རྣམ་ཐར་མཁན་ཆེན་ཀུན་དགའ་འོད་ཟེར་བས་མཛད་པ་རྣམས་ལྷན་ཅིག་ཏུ་བྱས་ནས་དད་རྟེན་དུ། ཨ་རཱ་གས་བསྡུས་པའོ། །མངྒ་ལཾ།། །།

རྒྱལ་བ་གཡུང་སྟོན་པའི་རྣམ་ཐར།


CMR004_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་གཡུང་སྟོན་ཆེན་པོ་དེ་ཉིད་ནི། །རུ་ལག་ཚོང་འདུས་འགུར་མོ་བྱ་བ་རུ། །རྙིང་མའི་ནུས་ལྡན་བར་མ་ཆད་པར་འཁྲུངས། །སྒྲ་དང་ཚད་མ་གསོ་བའི་རིག་པ་དང་། །མདོ་སྔགས་མང་དུ་སྦྱངས་ཏེ་མཁས་པར་གྱུར། །ཟུར་བྱམས་པ་ལ་སྒྱུ་འཕྲུལ་ལ་སོགས་གསན། །ཤཱཀ་འབུམ་པ་ལ་གཤིན་རྗེའི་སྐོར་གསན་པས། །ལས་ཆེན་འཁྲུལ་འཁོར་ཀུན་ལ་མངའ་བརྙེས་གྱུར། །མདོས་ཆོག་ཁོ་ནའི་མཁྱེན་པ་བགྲང་འདས་ཤིང་། །གསར་རྙིང་སྔགས་ཀྱི་ཡོན་ཏན་མཐའ་ཡས་ཤིང་། །སྙན་པས་ཧོར་ཡུལ་ཚུན་ཆད་ཁྱབ་པར་གྱུར། །གོང་མ་རྒྱལ་པོས་སྤྱན་དྲངས་རྒྱ་ནག་ཕེབས། །ཧྭ་ཤན་རྒྱལ་པོ་ཏི་ཤྲཱི་ལ་སོགས་པས། །སྔགས་པ་འདི་འདྲ་བན་བོན་ཀུན་ལ་མཁོ། །ཀུན་གྱི་རིས་མེད་བཀུར་ཞེས་བདག་རྐྱེན་མཛད། །རྒྱལ་པོའི་སྐུ་རིམ་སྲིད་པའི་སྤྱི་མདོས་ནི། །སྔགས་པ་ལྔ་བརྒྱས་ཟླ་བ་གསུམ་དུ་བསགས། །ཟླ་གཅིག་བསྒྲུབས་ནས་བཏང་བའི་ཆོ་འཕྲུལ་དང་། །ལྟས་དང་ངོ་མཚར་མང་དུ་བྱུང་བར་གྱུར། །སྒྱུ་མ་མཁན་གྱི་སྒྱུ་མ་རྩེད་མོ་གཟིགས། །དེ་ཕྱིན་ཆོས་ཀུན་སྒྱུ་མ་ལྟ་བུར་རྟོགས། །བོད་དུ་བྱོན་ནས་ཕྱག་རྫས་མཐའ་ཡས་པ། །དགེ་འདུན་ཀུན་ལ་བཀྱེས་ཤིང་


CMR004_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཁྲིད་ནས། །ཡུམ་ལ་བསྔོ་བ་ཁོ་ན་ཞུ་རུ་བཅུག །ཡུམ་གྱི་བཀའ་མ་ལྡོག་སྟེ་ཇོ་མོ་བཞེས། །སྲས་གཅིག་འཁྲུངས་མ་ཐག་ནས་རབ་ཏུ་བྱུང་། །རྡོ་རྗེ་དཔལ་ཞེས་བྱ་བར་མཚན་དུ་བཏགས་། །རང་བྱུང་བ་ལ་གདམས་པ་ཐམས་ཅད་གསན། །ཐུགས་དམ་ཁྱད་པར་འཕགས་པར་འཁྲུངས་པར་གྱུར། །བྲག་ཏུ་འགྱུར་སོགས་རྟེན་འབྲེལ་མང་དུ་མཛད། །མཁས་པ་ཆེན་པོ་གཡག་སྡེ་པཎ་ཆེན་གྱིས། །དབུས་གཙང་ཀུན་ལ་དྲི་ཡིག་བསྐུར་བ་ལས། །སུས་ཀྱང་ལན་མ་བྱུང་བའི་ལན་ཀྱང་མཛད། །མདོ་སྔགས་སངས་རྒྱས་ཁྱད་པར་བསྟན་པ་ནི། །བསྟན་ཆོས་མཛད་པ་གཟིགས་པས་རབ་དད་ནས། །གཡག་སྡེ་པཎ་ཆེན་སློབ་མ་ཉིད་དུ་གྱུར། །སྦས་པའི་རྣལ་འབྱོར་ཚུལ་དུ་འགྲོ་དོན་མཛད། །གྱ་གཉིས་བཞེས་ཚེ་ཟླ་བ་སྦྲེལ་མ་རུང་། །ནམ་མཁར་འཇའ་འོད་དཀྱིལ་འཁོར་དབྱིབས་ཅན་གྱི། །གང་བའི་བལྟས་དང་བཅས་ཏེ་མྱ་ངན་འདས། །ཉིད་མཛད་རྣམ་ཐར་རྒྱས་བསྡུས་གཉིས་ཡོད་ཀྱང་། །སློབ་མས་བརྩམས་པའི་རྣམ་ཐར་ཕལ་ཆེར་ནི། །བསྟོད་སྒྲ་ཆེས་པས་བླ་མ་ཟོབ་པོར་བཏང་། །རང་མྱོང་རང་རྒྱུས་ཆེ་བས་ཅུང་ཟད་བྲི། །ཞེས་གསུངས་བཀའ་བརྒྱུད་གསེར་ཕྲེང་གྲར་བཞུགས་


CMR004_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །གཡུང་སྟོང་རྒྱལ་བའི་ཞབས་ལ་ཕྱག་འཚལ་ལོ། །ཤུ་བྷཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ཆོས་ཀྱི་གྲགས་པའི་རྣམ་ཐར།


CMR004_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཞྭ་དམར་ཅོད་པཎ་འཛིན་པ་དང་པོ་ནི། །ཡེ་ཤེས་མཁའ་འགྲོའི་ལྷུམས་སུ་ཞུགས་ནས་འཁྲུངས། །དགུང་ལོ་ལྔ་ནས་སྒྲོལ་མ་རྟ་མགྲིན་སོགས། །གཟིགས་ཤིང་མངོན་པར་ཤེས་པ་ཐོགས་མེད་མངའ། །གཤིན་རྗེ་ཁ་ཐུན་བསྒྲུབས་པས་ནུས་པ་ཐོན། །གཏུམ་མོ་བསྒོམས་པས་དྲོད་སྐྱེས་རས་ཀྱང་མཛད། །ཁེར་ཅན་ཞལ་གཟིགས་དབུས་སུ་སོང་ཞིག་གསུངས། །དབུས་གཙང་ཕར་ཕྱིན་མཁས་པའི་གྲུབ་པ་ཐོབ། །རང་བྱུང་རྡོ་རྗེའི་དྲུང་དུ་བྱོན་པའི་ཚེ། །མདང་འདིར་བེར་ནག་ཅན་ཉིད་བསླེབས་བྱུང་བས། །ཁྱོད་ལ་ཆོས་སྐྱོང་འཁོར་བར་འདུག་ཅེས་གསུངས། །རྨི་ལམ་སྦྱངས་བས་སྟོད་ཧོར་དམག་དཔུང་རྣམས། །མཚོ་ལ་མ་ཕེད་ཕར་ལ་ལོགས་སོང་གཟིགས། །ལོ་གསུམ་ལ་ཕྱིའི་རྫོང་དྲུག་སོགས་སུ་བསྒྲུབས། །སླར་ཡང་བོད་ཅན་ཉིད་དུ་ལོ་ལྔ་བསྒྲུབས། །རང་བྱུང་ཞལ་ནས་རང་རེར་མཐུ་མཁན་འདུག །སོ་སོར་སྐུ་རིམ་མཛོད་གསུངས་དེ་ལྟར་མཛད། །རྗེ་འདིའི་གཤིན་རྗེའི་ཟློག་པ་ཟླ་གཅིག་མཛད། །འོད་གསལ་ངང་དུ་གཟིགས་པས་སྔགས་དགོན་གཅིག །མོན་བུ་མང་པོ་ཀུ་ལྷང་ལྷང་འདུག་གསུངས། །ལྟ་མཁན་བཏང་བས་དམར་ནད་བྱུང་ནས་ཀྱང་། །


CMR004_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་པ་དེ་རྣམས་ཤི་བར་འདུག་གོ་སྐད། །རྗེ་བཙུན་མ་ཡི་བསྒྲུབ་པ་མཛད་པའི་ཚེ། །ཆང་ཕུད་དྲི་རོ་ནུས་ལྡན་གང་བུར་གྱུར། །གཏོར་མར་མར་གྱིས་རྒྱན་རྣམས་རང་རྡོལ་བྱུང་། ནུབ་གཅིག་སངས་རྒྱས་ས་ལྔའི་ཞིང་སྦྱངས་དང་། །ཉེར་བཞིའི་ཡུལ་གྱི་བཀོད་པ་རྣལ་ལམ་གཟིགས། །ལེགས་ཉེས་ཐམས་ཅད་ཆོས་སྐྱོང་བརྡའ་ཡི་སྟོན། །གང་འདོད་དོན་རྣམས་སྒྲོལ་མར་དངོས་རྨིས་ཞུ། །ཁྱུང་དང་རྟ་མགྲིན་དུ་སྤྲུལ་གདུག་པ་བཏུལ། །བར་དོའི་རྣམ་པར་ཤེས་པ་གསལ་བར་གཟིགས། །གཞན་སེམས་ཤེས་པའི་གདུལ་བྱའི་ལོག་རྟོག་ཟློག །རང་བྱུང་རྡོ་རྗེས་རྒྱ་ནག་ཕོ་བྲང་ནས། །བཀའ་ཤོག་ཞྭ་དམར་ལ་སོགས་གནང་བ་བསླེབས། །ཅུང་ཟད་བསྙུང་ཚེ་ལྷན་ཅིག་སྐྱེས་མ་ནི། །གྲལ་རིམ་བཞུགས་པའི་བར་བར་བུ་མོ་ནི། །རྒྱན་ཆ་བཟང་བས་ཤོན་རྩི་གཟིགས་པས་དང་། །ཁོ་བོས་བར་དོར་ཆོས་ཉིད་ཐོས་པར་འདུག །ལུས་འདི་གོས་དམར་རུས་རྒྱན་གྱིས་གཡོགས་པ། །དངུལ་གྱི་མཆོད་རྟེན་དཀར་པོ་གྱིས་ལ་ཞོག །འབྲེལ་ཚད་ངན་སོང་མེད་གསུངས་བཅུ་དགུར་གཤེགས། །གདུང་འདབ་ཉིན་པར་ནམ་མཁའ་དྭངས་བ་དང་། །འཇའ་ཚོན་ཁ་དོག་སྣ་ལྔ་ཡོད་པའི་ནང་། །མེ་ཏོག་འདབ་མ་


CMR004_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་བརྒྱད་པ་སོགས། །ཁ་དོག་སྣ་ཚོགས་བབ་པ་ཀུན་གྱིས་མཐོང་། །སྐུ་འབུམ་རབ་གསལ་བྱས་དུས་དག་པ་འགས། །ཉིད་ལ་ཌ་མ་རུ་སྒྲ་གྲག་པ་ཐོས། །མཁའ་ལ་འོད་བྱུང་སྐུ་འབུམ་ཐིམ་པ་སོགས། །མེ་ཏོག་ཆར་བབ་སྟག་ལུང་དུ་ཡང་བབ། །དར་རྒྱལ་བ་སོགས་སློབ་མ་མང་དུ་བྱོན། །གྲགས་པ་སེང་གེའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་པ་ཨ་རཱ་གས་སོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

རོལ་པའི་རྡོ་རྗེའི་རྣམ་ཐར།


CMR004_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཡེ། །ཞྭ་ནག་བཞི་པ་རོལ་པའི་རྡོ་རྗེ་ནི། །ཡུལ་ནི་ཨ་ལ་གངས་ཆེན་གནམ་རྫོང་དུ། །གདོང་གི་རིགས་སུ་འཁྲུངས་མ་ཐག་ཏུ་ནི། །གསལ་བྱེད་རྣམས་དང་ཡི་གེ་དྲུག་པ་གསུངས། །སྔོན་ཚེ་རང་བྱུང་རྒྱལ་བ་འདའ་ཁའི་ཚེ། །ཏ་ཡི་གུག་བྲིས་ནན་དུ་ཞུས་པའི་ངོར། །ཁོ་བོ་ཤར་ཕྱོགས་ཀོང་པོའི་རྒྱལ་ཁམས་སུ། །འོང་བས་ཁྱོད་རང་འདུན་པ་དེར་གཏོད་གསུངས། །རྗེས་སུ་མཐུན་པར་དགུང་ལོ་གསུམ་པ་ལ། །ཀོང་པོར་བྱོན་ཚེ་ཡུམ་ལ་འདི་སྐད་གསུངས། །ང་ནི་ཀརྨ་པཀྵིའི་སྐྱེ་བ་ཡིན། །འཛམ་གླིང་གདུལ་བྱ་འདུལ་ཕྱིར་འོང་ངོ་གསུངས། །ང་ནི་ཀརྨ་པཀྵིའི་སྐྱེ་བ་སྟེ། །ང་ཡི་ཞལ་མཐོང་ངན་སོང་མི་ལྟུང་གསུངས། །ཡིན་མིན་བརྟག་ཕྱིར་དོམ་གྱི་མདུན་བསྐྱུར་ཚེ། །དད་པའི་རྣམ་འགྱུར་ཞབས་ལ་ལྡག་ཅིང་སོང་། །ལྷ་ཁོང་རྒྱ་མཐོང་བྱ་རྒྱའི་སྟེང་དུ་བྱོན། །མགོན་རྒྱལ་བ་དང་དོན་གྲུབ་དཔལ་དང་ནི། །གཡུང་སྟོན་སོགས་ལ་གདམས་ངག་དུ་མ་གསན། །སྔོན་དུས་རྣམ་ཐོས་ཚལ་དུ་རང་བྱུང་གིས། །ཤུག་པའི་ཡལ་ག་སྐམ་པོ་གཅིག་བཙུགས་ནས། །འདི་དང་ཆོས་ཁྲིའི་རྒྱབ་ཡོལ་མཉམ་པའི་ཚེ། །རང་རེ་འདི་རུ་སླེབས་ཡོངས་གསུངས་པ་དང་། །རྗེས་


CMR004_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་རྣམ་ཐོས་བཞུགས་ཁྲི་དེ་ལ་བཞུགས། །འོ་ཐང་རྒྱབ་ཏུ་གོང་མའི་བཞུགས་ཁྲི་ལ། །བཞུགས་ཚེ་བཞུགས་ཁྲི་རབ་གཡོས་ཁྲོམ་ཀུན་མཐོང་། །གོང་མས་ཞོ་ཁ་ཐང་འདིར་ལྷ་ཁང་གཅིག །འོང་བས་དེ་ཡི་རབ་གནས་རང་རེས་བྱེད། །ཅེས་གསུངས་ལྟར་དུ་ལྷ་ཁང་རབ་གནས་མཛད། །སྐུ་ཡི་ཕྱོགས་བཞི་གླེགས་བམ་མི་འདྲ་བཞི། །དུས་གཅིག་གཟིགས་པས་ཚིག་དོན་ལྷག་མེད་ཟིན། །རྨི་ལམ་གླེགས་བམ་གཟིགས་པས་ཚིག་དོན་ཟིན། །དེ་ལྟའི་རིམ་པས་རིག་གནས་ཐམས་ཅད་མཁྱེན། །མཁའ་འགྲོ་སྡེ་ལྔ་འཇམ་དཔལ་ཕག་མོ་དཀར། །སྤྱན་རས་གཟིགས་དང་དུས་གསུམ་མཁྱེན་པ་དང་། །འཇམ་དཔལ་དཀར་པོ་བྱམས་པ་ཡུམ་ཆེན་མོ། །ཀུ་རུ་ཀུལླེ་སྟོན་པ་ཤཱཀྱ་ཐུབ། །སྒྲོལ་མ་ཕྱག་རྡོར་དབྱངས་ཅན་ལྷ་མོ་སོགས། །དཔག་མེད་གཟིགས་ཤིང་བསྟོད་པའི་ཚོགས་རྣམས་མཛད། །ཉིན་གཅིག་འབྱུང་པོ་ཨ་ཙ་ར་ཡི་གཟུགས། །ལྔ་བརྒྱ་ཙམ་སྣང་དྲུང་ཉིད་བེར་ཆེན་བཞེངས། །གྲི་གུག་འོད་ཀྱིས་འཇིག་རྟེན་གསལ་བར་མཛད། །བདེ་བ་ཅན་གྱི་ཞིང་ཁམས་གསལ་བར་གཟིགས། །གཟིམ་ཆུང་ཆུང་ངུར་སྐུ་འཁོར་མང་པོ་དང་། །ཉུང་ངུ་བཞུགས་ལ་ཡང་དོག་མེད་པར་བསྟན། །རྒྱལ་


CMR004_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཡུང་དང་མཇལ་བར་ཉེ་བའི་ཚེ། །གསར་རྙིང་ལྷ་ཚོགས་སྐར་ཚོགས་ཙམ་དུ་གཟིགས། །ཁོ་བོས་རྨི་ལམ་སྤྲུལ་བསྒྱུར་བྱེད་པའི་ཚེ། །ཕྱོགས་བཅུའི་ཕྱོགས་དེར་སྤྲུལ་པ་ཁྲི་འབུམ་གྱི། །ཞིང་ཁམས་ཁྲི་འབུམ་སྐད་ཅིག་ཡུད་ཀྱིས་ལྟ། །སེམས་ཅན་སྨིན་གྲོལ་བྱེད་ལ་ཚེགས་མེད་གསུངས། །རྨི་ལམ་དང་ནི་ཉམས་ཀྱི་སྣང་བ་ལ། །དགའ་ལྡན་ཨོ་རྒྱན་པོ་ཊ་ལ་སོགས་སུ། །བྱོན་ནས་བདུད་རྩི་གསོལ་བས་ལན་དུ་མར། །བསྙུང་ནད་གྲོལ་ཞིང་གཟི་བརྗིད་རྒྱས་པར་གྱུར། །རེ་ཞིག་རི་བོ་པོ་ཊ་ལར་བྱོན་པས། །འོག་ནས་རིམ་བཞིན་ཤེལ་དང་ར་གན་དང་། །གསེར་དང་མ་གད་བེཟླུར་ཁང་བརྩེགས་ནས། །དེ་དང་མདོག་མཐུན་འཕགས་པ་འཁོར་བཅས་མཇལ། །ཟབ་རྒྱས་ཆོས་ཐོས་ཕྱག་ཆེན་མངོན་དུ་གྱུར་། །ཤར་ཕྱོགས་དཔལ་གྱི་སྙིང་པོས་བརྒྱན་པ་ན། །རྒྱལ་བ་དཔལ་གྱི་སྙིང་པོས་ཆོས་སྟོན་གཟིགས། །བདག་གི་ཁོ་བོ་བསྡད་ན་དགའ་བསམ་སྟེ། །ཁོ་བོ་རྒྱལ་ཁམས་ཀུན་ཏུ་འགྲོ་དགོས་ཡིན། །ཁོ་བོ་གང་གི་མཐོང་དང་ཐོས་པ་ཀུན། །དགའ་ལྡན་བདེ་བ་ཅན་དུ་འདྲེན་ནོ་གསུངས། །རྒྱལ་བའི་རིང་བསྲེལ་དག་ལ་གུས་མཛད་ཚེ། །མེ་ཏོག་ཆར་རྒྱུན་བབ་པ་


CMR004_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱིས་མཐོང་། །རྨ་ཆུ་གླིང་ཁུག་ཆོས་ཁྲིའི་རྩ་བ་རུ། །སྔོན་ཆད་སྐྱེ་མ་མྱོང་བའི་མེ་ཏོག་ནི། །རྩ་བ་གཅིག་ལ་སྡོང་བུ་བརྒྱད་ཡོད་པ། །སྡོང་བུ་རེ་ལ་མེ་ཏོག་བརྒྱ་བརྒྱ་རེ། །མེ་ཏོག་རེ་ལ་འདེབ་སེར་སྟོང་སྟོང་རེ། །ལྟེ་བར་ར་ག་གེ་སར་གསེར་མདོག་འཁྲུངས། །ཀོང་པོར་ཆུ་ཡི་གནོད་པས་ཉེན་པར་ལ། །ཕྱག་ནས་མཛད་པས་སླར་འདོག་གནོད་པ་བྲལ། །ཙཱ་རིར་རྒྱལ་བའི་མཆོད་རྟེན་རང་བྱོན་ཅན། །ཨ་མ་ར་དྷ་ཏི་སྒམ་པོ་ལྷ་རྗེ་ཞེས་པ་ཡི། །གནས་སྒོ་ཕྱེས་པས་ཀུན་གྱི་མཐུན་སྣང་དུ། །ནམ་མཁར་རྔ་སྒྲ་ས་གཞིར་དྲི་བཟང་ཁྱབ། །རང་བྱུང་རྒྱལ་བས་ཡུ་བོ་ཡོ་གང་དུ། །གནས་ཆེན་ཡོད་པ་འགྱེད་ཕྱིར་ང་རང་འོང་། །གསུངས་པ་ལྟར་དུ་རྐུང་ལུང་གནས་སྒོ་ཕྱེས། །ནད་ཡམས་བྱུང་ཚེ་ཁྱུང་དུ་སྤྲུལ་ནས་བཅོམ། །བཅོ་ལྔའི་མཚན་མོ་བསྐོར་བ་བཞི་གཉིས་མཛད། །རྒྱལ་བ་སྲས་བཅས་གཟིགས་ཤིང་མྱ་ངན་འདས། །འཇའ་འོད་ས་གཡོས་མེ་ཏོག་ཆར་པ་བབ། །ལ་ལས་འཇའ་འོད་དབུས་སུ་སེང་ཆིབས་གཤེགས། །ཉི་ཟླ་སྐར་མ་འོད་ཀྱི་སྟེང་བཞུགས་མཐོང་། །རོལ་པའི་རྡོ་རྗེས་རྟག་ཏུ་བདག་བྱིན་རློབས། །རྣམ་ཐར་ཉི་མའི་འོད་ཟེར་དང་། །མགུར་གསུང་སྒྲོས་གུའི་གུང་པའི་


CMR004_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་སྒྲོས་ཞལ་ད་བྱས་ཏེ་མཁའ་སྤྱོད་པས་མཛད་པའི་དོན། །ཨ་རཱ་གས་བསྡུས་པའོ། །མངྒ་ལཾ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

མཁའ་སྤྱོད་དབང་པོའི་རྣམ་ཐར།


CMR004_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཞྭ་དམར་གཉིས་པ་མཁའ་སྤྱོད་དབང་པོ་ནི། །བྱེ་ལུང་ན་ཁར་ལྷ་རྒྱལ་འབྲོག་མོར་བཙས། །དེ་མ་ཐག་ཏུ་མཁའ་འགྲོ་སུ་ཀ་སིདྡྷི་གཟིགས། །གནད་ཀྱི་མེ་ལོང་ཞེས་བྱ་གསུང་པར་མཛད། །སྤྱན་རིས་གཟིགས་ཀྱི་སྒོམ་བཟླས་བཟུང་མ་དགོས། །ཟླ་བདུན་ལོན་ཚེ་རང་བྱུང་རྒྱལ་བ་ཡི། །ཕྱག་ན་མེ་ཏོག་ཁ་མ་བྱེ་བ་བསྣམས། །མེ་ཏོག་རྣམ་པར་སྨིན་ཡང་ཁ་མ་བྱེ། །དལ་འབྱོར་སྙིང་པོ་ཐོབ་ཀྱང་སྟོབས་མ་རྒྱས། །རང་གི་ངོ་བོ་མཐོང་ཡང་ཐ་མལ་པ། །ད་ནི་རྟག་ཏུ་མཐོང་བ་བསྟན་བྱ་བུ། །གསུང་པ་མཐོང་བས་ལུས་འཕར་མཆི་མ་བྱུང་། །ཡབ་ཡུམ་སྐྲག་ཅིང་ངོ་མཚར་གྱུར། །ཡང་ནི་བླ་མས་སེ་གོལ་གསུམ་མཛད་མཐོང་། །སྐྱེ་བ་གསུམ་དྲན་གསུངས་པས་ཀུན་གྱིས་བཀུར། །ཟླ་ངོ་བཅུའི་ལོན་ཚེ་རོལ་པའི་རྗེ། །དེ་ཕྱོགས་ཕེབས་པར་རྒྱང་ནས་ཕྱག་འཚལ་ཞིང་། །སྔོན་དུ་གསུང་གི་ཚིགས་བཅད་དེ་ཡི་མཐར། །ཀྱེ་མ་ད་ནི་བྱིན་གྱིས་བརླབ་ཏུ་གསོལ། །བཤུམ་ཞིང་གསུངས་པས་དབུ་གདུགས་སྟེང་ཉིད་དུ། །དྲུང་ཉིད་འོད་ཟེར་འབར་བས་ཡུན་རིང་གཟིགས། །དུས་མཁྱེན་སྔོན་གནས་སྡིགས་མཛུབ་མཛད་གཟིགས་པས། །ནམ་མཁའ་འོད་ཀྱི་སྐྱེ་བ་ལ་སོགས་


CMR004_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་། །དགུང་ལོ་གསུམ་ནས་སྐྱེ་བ་མང་པོ་ལ། །ཆོས་དང་མངོན་མཁྱེན་སྐྱེས་རབས་ལ་སོགས་གསུངས། །དགོངས་ལོ་དྲུག་པར་བྱེ་ལུང་ཆུ་འཕུར་བར། །དཔོན་སློབ་མང་པོ་ཆུ་དབུས་ལྷུང་བ་ན། །རྗེ་བཙུན་སྒྲོལ་མ་གཟིགས་པས་བདེ་བར་ཐར། །དགུང་ལོ་བདུན་པར་དགེ་སློང་ཚུལ་ཁྲིམས་ལ། །ནམ་མཁའ་འོད་ཀྱི་སྐྱེས་རབས་གསལ་བར་གསུངས། དགུང་ལོ་བདུན་པར་རོལ་པའི་རྡོ་རྗེ་མཇལ། །དབང་དང་གདམས་ངག་རྒྱ་མཚོ་ལྟ་བུ་གསན། །བླ་མས་ཞྭ་དམར་དབུ་ལ་བཅིངས་པའི་ཚེ། །དུས་མཁྱེན་ཌཱ་ཀི་བདུན་གྱི་བཀྲ་ཤིས་དང་། །གུར་གུང་མུ་ཏིག་བསྲེས་པའི་ཚར་འབེབས་གཟིགས། །ཌ་བི་པ་གཟིགས་མན་ངག་སོ་གསུམ་བསྟན། །བདེ་མཆོག་དབང་གསན་ཚེ་ན་དེ་ཉིད་ལ། །མི་འཁྲུགས་རྒྱལ་བའི་ཞིང་དང་བཅས་ཏེ་གཟིགས། །རྟ་མཆོག་གསེར་གྱི་རྡོ་རྗེ་ནམ་མཁར་བསོར། །བཞད་པའི་སྒྲ་ཡིས་ས་ཆེན་གཡོ་བ་གཟིགས། །པདྨ་མཁའ་འགྲོས་མཆོད་པའི་ཆོ་འཕྲུལ་གཟིགས། །སངས་རྒྱས་ཀུན་གཟིགས་ཞིང་དང་བཅས་པ་གཟིགས། །སྐུ་ན་གཞོན་ཚེ་ཕལ་ཆེར་སྐུ་མཚམས་བསྡམས། །ཙཱ་རི་ལ་ཆེན་བྲག་ཏུ་ལོ་གསུམ་བཞུགས། །རི་སྐད་ཕན་ཚུན་འཕུར་ནས་ཉི་


CMR004_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདེ། །ཁྲག་གི་ལོག་ལ་ཞབས་རྗེས་གསལ་བར་བཞག །སྒོམ་ཆེན་གཙང་མ་སུམ་བརྒྱར་མི་ཉུང་བར། །ཁྲིད་རང་མཛད་པས་རྒྱང་གྲགས་གཉིས་ནས་གསུང་ཆོས་ཉན་ཀྱང་ཐོས། །གདུག་པའི་ལྷ་འདྲེ་མང་པོས་དགེ་བསྙེན་མཛད། །མ་འོངས་སྐྱེས་རབས་དུ་མ་ལུང་ཡང་བསྟན། །ང་དྲུག་པ་ལ་དགའ་ལྡན་མ་མོར་ཕེབས། །ཕྱག་དཔེ་ཐམས་ཅད་ཕྱག་ཐམ་མནན་མཛད་ཅིང་། །ཕྱོགས་འདིར་མྱུར་དུ་སླེབས་པར་འདུག་གསུངས་ནས། །ཆུ་ཉིལ་ཞེས་པར་ཞེ་དགུའི་ཉིན་པར་གཤེགས། །སྐུ་གདུང་དགའ་ལྡན་མ་མོར་གསེར་འབུམ་བཞུགས། །ལྷ་གཟིགས་རིན་ཆེན་རྒྱ་མཚན་ལ་སོགས་པ། །སློབ་མའི་ཚོགས་ཀྱང་མཁས་གྲུབ་དཔག་མེད་བྱོན། །དྲི་མ་མེད་དཔལ་ཡེ་ཤེས་ཞབས་ལ་འདུད། །ཅེས་ཨ་རཱ་གས་སོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

རཏྣ་བྷ་དྲའི་རྣམ་ཐར།


CMR004_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

སོག་དབོན་རིན་ཆེན་བཟང་པོ་དེ་ཉིད་ནི། །སོག་ཟམ་ཁ་རུ་འབྲང་བུ་གོ་ཤཱི་ཡི། །གདུང་གི་རིགས་སུ་འཁྲུངས་པར་གྱུར་པ་སྟེ། །གསང་ཕུར་སྡེ་སྣོད་སྦྱངས་ཤིང་དེ་ཉིད་དུ། །བཀའ་བཞིའི་གྲྭ་སྐོར་མཛད་པས་མཚན་དེར་གྲགས། །མདོ་སྔགས་གཞུང་ལུགས་ཆེན་པོ་མཐའ་དག་ལ། །འཆད་རྩོད་བརྩོམ་པ་འགྲན་པའི་ཟླ་བྲལ་བ། །མཚན་ཡང་རིག་པའི་རལ་གྲི་ཞེས་སུ་གསོལ། །དེ་བཞིན་གཤེགས་བསྟན་བརྒྱུད་པའི་བྱིན་རླབས་ཞུགས། །སྤངས་རྟོགས་ཡོན་ཏན་ཐམས་ཅད་རྫོགས་པར་འཁྲུངས། །སྤྲུལ་པའི་སྐུ་ཡིས་ངོས་འཛིན་མཛད་པའི་ཚེ། །།གནས་ལུགས་མཆོག་གི་དོན་རྟོག་ཅིང་། །ཉོན་མོངས་གཡུལ་ལས་རྒྱལ་བ་ཡི། །རཏྣ་བྷ་དྲ་ལ་གསོལ་བ་འདེབས། །ཞེས་པའི་གསོལ་འདེབས་མཛད་ཅིང་བསྟོད་པར་མཛད། །དོན་ལྡན་ཞབས་ཀྱི་ཐང་སྐུ་མཛད་པའི་ཕྱིར། །ཚིག་རྐང་བརྒྱ་རྩ་བརྒྱད་པའི་རྣམ་ཐར་བརྩམས། །ཟུང་འཇུག་བརྒྱུད་པའི་གྲལ་ལ་བཞུགས་པ་སྟེ། །མཁའ་སྤྱོད་པ་དང་རྨ་སེ་རྟོགས་ལྡན་དང་། །དེ་དུས་སྐྱེས་ཆེན་དེ་ཙམ་བཞུགས་པ་ལས། །འདི་ལ་ཡོངས་འཛིན་ཞུ་བའི་རྗེས་དཔག་གིས། །འདི་ཉིད་རྫོགས་པའི་སངས་རྒྱས་ངེས། །རཏྣ་བྷ་དྲའི། །

མཐོང་བ་དོན་ལྡན།


CMR004_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། སྤྲུལ་སྐུ་ཆེན་པོ་མཐོང་བ་དོན་ལྡན་གྱི། །བྱང་ཕྱོགས་སྤྱི་ལྷ་ཞེས་བྱར་སྤྲུལ་སྐུ་འབྱོན། །ཞེས་གསུངས་ཚེས་བརྒྱད་ལ་གཤེགས་འོད་གསལ་བཞུགས། །གདུང་བཞུས་མཉམ་དུ་འོག་མིན་གནས་སུ་བྱོན། །རྡོ་རྗེ་འཆང་དང་ལོངས་སྐུ་དཔག་མེད་མཇལ། །དེ་བཞིན་ཞིང་ཁམས་ལྔ་རུ་རིགས་ལྔ་དང་། །དགའ་ལྡན་བྱམས་པ་ཨོ་རྒྱན་མཁའ་འགྲོ་སོགས། །མཇལ་ཞིང་ལུང་བསྟན་འགྲོ་དོན་གྱིས་ཞེས་བསྐུལ། །གྲགས་པ་དཔལ་དང་ལྷ་མོ་སྐྱིད་གཉིས་ཀྱི། །ལྷུམས་སུ་ཞུགས་ཚེ་ས་གཡོས་འཇའ་ཚོན་འཁྲིགས། །བདེ་དྲོད་འབོར་ཞིང་འོད་གསལ་རྩོལ་མེད་ཟིན། །ཡིག་དྲུག་དབྱངས་གསལ་གསུངས་པ་ཉེ་འཁོར་ཐོས། །རོལ་མོའི་སྒྲ་གྲག་དྲི་བཟང་ཕྱོགས་ཀུན་ཁྱབ། །རྗོད་ཀྱིས་སྤྱི་མདའ་མཁར་དུ་འཁྲུངས་པའི་ཚེ། །འཇའ་འོད་དྲི་བཟང་མེ་ཏོག་ཆར་རྒྱུན་བབ། །འབྲུག་སྒྲ་ལྟ་བུ་སྒྲ་ཆེན་ཡང་ཡང་གྲག །འཁྲུངས་མ་ཐག་ཏུ་ཨ་ལ་ལ་གསུང་བཞད། །སྐུ་ལ་མེ་ཏོག་རྣམ་པ་མང་པོ་དང་། །རྟག་པར་རྡོར་འཆང་ཐུགས་ཀར་རྩ་རིས་ཨཱ། །གསང་གནས་འཁོར་ལོ་ཆོས་འབྱུང་ཞབས་འཁོར་ལོ། །སྐུ་ལ་རང་བྱོན་དྲུག་པོ་གསལ་བར་སྣང་། །གསང་ཆབ་འོ་མ་བབ་ཅིང་དྲི་བཟང་


CMR004_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་། །ཞག་བདུན་ལོན་ཚེ་སྔགས་ཚིག་མང་པོ་དང་། །དབྱངས་གསལ་ཡིག་དྲུག་ལ་སོགས་ཐོས་པར་གསུངས། །ཡབ་སྲས་གོང་མའི་དབུ་ཞྭ་ན་བཟའ་རྣམས། །ཕུལ་ཚེ་དོན་ལྡན་ཞབས་ཀྱི་དབུ་ཞྭ་བླངས། །ཏྲེ་ཡི་སྤྲུལ་སྐུ་ཞྭ་དམར་ཅོད་པན་ཅན། །ཡིན་ཞེས་ཉིད་ཀྱི་དྲུང་ནས་ངོས་འཛིན་མཛད། །ཟླ་ངོ་གཉིས་པར་ཆོས་ཁྲི་ཆེན་པོར་ཕེབས། །ཁྲོམ་ཚོགས་ཟིལ་གྱིས་གནོན་ཅིང་དད་པ་ཐོབ། །ཟླ་གསུམ་བཞེས་ཚེ་བཞེར་བླ་ཞེས་བྱ་ལ། །ང་ནི་ཀརྨའི་མིང་ཅན་ཏེ། །ང་ལྟའི་གང་ཞིག་དཀོན་པ་ཡིན། །ང་དང་འབྲེལ་པ་གང་ཡོད་པ། །ང་ཡིས་མི་བསླ་སྨོན་ལམ་ཡོད། །བཅུ་གསུམ་ཟླ་བ་མ་རྫོགས་བར། །ཚིག་འདི་གསང་ཆེན་རྒྱ་དང་ལྡན། །དེ་ནས་ཁོ་བོ་རྩོད་བྲལ་བའི། །རྟགས་རྣམས་རིམ་གྱིས་གསལ་བར་འགྱུར། །ཞེས་གསུངས་དེ་ཡིས་ཐེ་ཚོམ་གསལ་བར་མཛད། །སྣུམ་ཟད་མར་མེ་ཆུ་ནི་ཏིང་ཕོར་གང་། །ཕྱག་གིས་བླུག་པས་གསལ་ཞིང་ཡུན་རིང་འབར། །བཀྲ་ཤིས་ལྗོངས་དུ་རྟ་མགྲིན་རིགས་བསྡུས་ཀྱི། །ཞལ་གཟིགས་རྟ་མགྲིན་གླིང་གི་གནས་སྒོ་ཕྱེས། །བྱིན་ལེགས་གནས་སུ་མཁའ་འགྲོས་བདུད་རྩི་དྲངས། །ཟླ་གཅིག་ཚུན་གྱིས་འབུལ་བ་དངོས་མཚན་ཅན། །ཅི་འོང་


CMR004_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་ཅིང་གསུང་པ་ཐོག་ཏུ་བབ། །བཀའ་བརྒྱུད་བླ་མ་པད་འབྱུང་ཌ་བྷི་པ། །ཀྱེ་རྡོར་སྒྲོལ་མ་མ་མགོན་ལ་སོགས་པ། །ཡི་དམ་ཆོས་སྐྱོང་ཞལ་གཟིགས་བགྲང་ལས་འདས་། །ཀརྨའི་གནོ་ལ་ཡི་གུག་ཤྲཱིའི་དྲུང་། །གཙུག་ཕུད་ཕུལ་ཞིང་དགེ་བསྙེན་སེམས་བསྐྱེད་མནོས། །དེ་ཚེ་འཇའ་འོད་མེ་ཏོག་ཆེར་ཆེར་བྱུང་། །འཇམ་དཔལ་བཟང་པོར་ཟབ་ཆོས་མང་གསན་ཞིང་། །སློབ་དཔོན་པདྨས་དངོས་སུ་དབང་ཡང་གནང་། །དགུང་ལོ་བཅུ་གཉིས་བཞེས་ཚེ་མཁན་པོ་ནི། །འཇམ་དཔལ་བཟང་དང་སློབ་དཔོན་གུག་ཤཱི་ལས། །རབ་བྱུང་ཆོས་གྲགས་རྒྱ་མཚོ་དཔལ་བཟང་གསོལ། །གསོ་རེས་བླ་མ་ཀུན་དགའ་རྒྱལ་མཚན་གྱིས། །དྲུང་ཉིད་བདེ་མཆོག་ལུས་དཀྱིལ་ཇི་ལྟ་བར། །གསལ་བར་ཡུན་རིང་མཐོང་བས་དད་པ་སྐྱེས། །གནས་ནང་བྱོན་ཚེ་ནམ་མཁར་འཇའ་འོད་གང་། །ཐུབ་པ་པད་འབྱུང་བཀའ་བརྒྱུད་བླ་མ་གཟིགས། །སྒོམ་ཆེན་ཡེ་ཤེས་དཔལ་གྱིས་མཇལ་བའི་ཚེ། །འགྱུ་བ་དབྱིངས་སུ་དག་སྟེ་བརྟན་པ་ཐོབ། །ལྷ་ཁང་ཐག་རིང་ཕྱིས་ནས་ནས་འཐོར་བ། །བསྟན་གཙོ་བཅུ་གཅིག་ཞལ་སོགས་ཕྱག་ནས་བཟུང་། །སེངྒེ་དགོན་དུ་བཞུགས་ཚེ་གཟིམ་གུར་ལ། །འཇའ་ཡི་


CMR004_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་བ་མེ་ཏོག་ཆར་པ་བབ། །ཕུག་མོར་སློབ་དཔོན་བསོད་ཅེས་རྨི་ལམ་དུ། །མཇལ་བས་བྱིན་རླབས་ཞུགས་ཏེ་ངེས་ཤེས་སྐྱེས། །ནེ་བར་ལྷ་ཁང་ཕྱི་ནས་ནས་འཐོར་བ། །བསྟན་གཙོའི་གནས་གསུམ་ནས་འབྲུ་ཟུག་པ་ནི། །མཛོད་སྤུ་ནས་འབྲུ་ལ་ལ་མི་འཐོར་གྱུར། །མདོ་དར་རྩེ་རུ་ཕེབས་ཚེ་གཞི་བདག་ཐམས་ཅད་ཀྱིས། །བསུ་བ་དངོས་སུ་མཐོང་ཞིང་རོལ་མོ་གྲག །སློབ་དཔོན་བསོད་རྩེས་བསྟན་པའི་བདག་པོར་མཐོང་། །བླ་མ་ཚུལ་ཁྲིམས་ཞེས་བྱས་ཕག་མོའི་སྐུ། །རི་རབ་ཙམ་དང་ཤཱཀྱའི་རྒྱལ་པོར་མཐོང་། །དེ་ཕྱིན་ལྐོག་གྱུར་ཚོགས་དྲུག་ཡུལ་ཐམས་ཅད། །དྲན་ཙམ་ཉིད་ནས་དངོས་སུ་བྱོན་པ་ཡི། །ནུས་པའི་རྟོགས་པ་བཟང་པོར་ཐོབ་པར་གྱུར། །གར་སླེབས་ཀུན་ཏུ་འཁྲུག་ཆེན་དུ་མ་བསྡུམ། །དམག་ཇག་རྐུན་ཁྲིམས་ལོ་གྲངས་དུ་མར་ཕུལ། །ཤ་ཡུལ་གཞི་བདག་སྔོ་ཟི་དགེ་བསྙེན་དུ། །བཀོད་ནས་རྡོ་རྗེ་བོད་ཁམས་སྐྱོང་དུ་བཏགས། །ཀརྨ་བླ་མ་ཐུགས་རྗེ་འོད་ཟེར་གྱིས། །དྲུང་ཉིད་རྒྱལ་བ་རྒྱ་མཚོར་ཡུན་རིང་མཐོང་། །ཉག་བྲེ་དབོན་པོས་འཇམ་པའི་དབྱངས་སུ་མཐོང་། །སངས་རྒྱས་གྲགས་ཀྱིས་རྟ་མགྲིན་ཉིད་དུ་མཐོང་། །བན་སྐྱེ་མང་པོས་སྤྱན་རས་གཟིགས་སུ་


CMR004_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་། །སྣང་པོར་མཆོད་རྟེན་རབ་གནས་མཛད་པའི་ཚེ། །འཇའ་འོད་འཁྲུགས་དང་སེངྒེའི་དབྱིབས་སོགས་མཐོང་། །རྒྱ་ནག་རྒྱལ་པོས་ཞྭ་ནག་ལས་ཀ་དང་། །མུ་ཏིག་སྣམ་སྦྱར་གསེར་དངུལ་གོས་དར་བསྐུར། །ཆིབས་པ་ལྷུན་གྲུབ་འདས་པའི་སོ་ལ་ནི། །དུང་དཀར་བྱོན་ཞིང་མཆིན་པ་རུས་པ་རྣམས། །རིང་བསྲེལ་ཨཱཡིག་མང་བྱོན་འཇའ་འོད་འཁྲིགས། །སྨྲ་ཡི་རི་དྭགས་ཞེས་པར་བཞུགས་པའི་ཚེ། །དགུན་སྒང་མེ་ཏོག་སྡོང་བུ་གཅིག་ལ་ནི། །མེ་ཏོག་ཁ་བྱེ་བདུན་ཡོད་པ་རེ་ལའང་། །དེ་ལ་འདབ་མ་སྔོན་པོ་བཅུ་གསུམ་རེ། །ཡོད་པ་སྐྱེས་པས་ཀུན་གྱིས་ངོ་མཚར་སྐྱེས། །ལྷ་སྟེང་བཞུགས་ཚེ་རྩེ་བླ་སྒང་ཉིད་དུ། །རྟེན་གསུམ་གསོས་སར་ཕྱག་ནས་ཞུས་ནས་ནི། །དུས་ཚོད་བསྒྲིགས་ཏེ་ཁྲོམ་ཚོགས་འཚོགས་པ་ན། །ཉི་མ་ཤར་དྲོས་ཙམ་ལ་ཁྲོམ་གསེབ་ཏུ། །སྣ་ཚོགས་འབྲུ་ཡི་ཆར་བྱུང་རྟེན་ལའང་ཟུག །རེ་ནི་རྒྱལ་དགོན་ཞེས་བྱར་སྐྱེས་རབས་ཀྱིས། །དོན་བསྡུས་མཛད་ཚེ་མེ་ཏོག་ཆར་ཆེན་བྱུང་། གཙང་གཤིས་རྡོ་རྗེ་གྲོ་ལོད་གནས་སུ་ཕེབས། །དྲི་བཟང་ངེད་ཀྱིས་ཡུལ་ཁམས་ཁྱབ་པར་བྱུང་། །དབུས་སུ་བཏེག་སྟེ་འདམ་དུ་ཕེབས་པའི་ཚེ། །རྒྱལ་ཆེན་


CMR004_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

བཅོ་བརྒྱད་བསུ་བ་བྱེད་པར་གཟིགས། །འདི་བཞུགས་ཡོར་དགོན་བཏབ་ཉིན་རྒྱུན་ཡིན་ཀྱང་། །འབྲུག་གི་སྒྲ་དང་མེ་ཏོག་ཆར་ཆེན་དང་། །ཆོས་གསུང་ཚེ་ན་ཆོས་སྒར་ནས་ཆར་བབ་། །ཇོ་མོ་གངས་དུ་ཕེབས་པར་དགོངས་པའི་ཚེ། །བསིལ་སྣར་ཇོ་མོ་གངས་དཀར་བསུ་བ་གཟིགས། །འབྲོང་བུ་དགོན་རྙིང་སྔགས་པའི་ཐང་སྐུ་ལ། །ཕྱག་ནས་མཛད་པས་ཕྱག་ནས་རིང་བསྲེལ་བྱུང་། །རྒྱ་མཚོའི་ལྷ་ཁང་ཕྱག་ནས་མཛད་པའི་ཚེ། །བར་སྣང་ཕྱག་ནས་ཟླ་བ་དུ་མར་ཆགས། །ཟམ་བུ་ལུང་དུ་སྔོན་ཆད་མ་མཐོང་བའི། །པད་འབྱུང་སྐུ་འདྲ་རང་བྱུང་གསལ་བར་བསྟན། །འབྲུག་པ་རྒྱལ་དབང་ཆོས་རྗེའི་སྐུ་སྐྱེ་ལ། །ཆོས་ཀྱི་གྲགས་པའི་མཚན་དང་ལས་ཀ་གནང་། །སོ་དང་འཆི་མེད་གྲུབ་པའི་སྐུ་སྐྱེ་མཆེད། །ངོས་འཛིན་མཛད་ནས་དྲུང་དུ་གཙུག་ཕུད་བཞེས། །བྲག་དཀར་ལྷ་ཆུའི་གནས་སྒོ་གསར་ཕྱེས་ཤིང་། །རྫུ་འཕྲུལ་ཞབས་རྗེས་བྲག་གི་ལོག་ལ་བཞག །ཀུན་གྱིས་མཐོང་བར་བྲག་ལ་ཕྱག་མཛུག་གིས་། །མ་རེག་ཙམ་དུ་ཡིག་འབྲུ་བྲིས་མཛད་པ། །གཟབ་པའི་ཡིག་དྲུག་འབུར་མ་གྱུར་གྱིས་བྱུང་། །གསལ་སྒང་བྲག་ཕུག་ཕྱག་ནས་ཞུས་པའི་ཚེ། །བྲག་ལ་ནས་འབྲུ་མང་དུ་ཐིམ་


CMR004_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཟུག །ཆིབས་པ་ཁྱུང་སྨྱུག་ཅེས་བྱ་ཤི་བ་ལ། །འཇའ་ཡི་གུར་གྱིས་མི་མཐོང་ཙམ་དུ་བཏུམ། །མེ་ཏོག་ཆར་འཚུབས་རིང་བསྲེལ་མང་དུ་བྱུང་། །རྡོ་རྗེ་གདན་གྱི་།སེངྒེའི་ཁྲི་གནོན་པ། །དཔལ་ལྡན་ཡིད་ཀྱི་ཤིང་རྟ་ཞེས་བྱ་དང་། །པཎ་ཆེན་སྒྲ་གཅན་ཟིན་ནི་གཞོན་ནུ་དང་། །མ་ག་དྷ་ཡི་རྒྱལ་པོས་སྤྱན་འདྲེན་གྱིས། །ཞུ་ཡིག་བྱང་ཆུབ་ཤིང་ལོ་ལ་སོགས་བྱུང་། །དེ་དག་ལེན་དང་རྡོ་རྗེ་གདན་མཆོད་བསྐུར། །དཔལ་གྱི་རི་ཡི་གྲུབ་ཆེན་རྣམས་ལ་ཡང་། །ཚོགས་འཁོར་རྒྱུ་དང་ཁྱབ་ཤོག་གནང་བར་མཛད། །རྒྱ་གར་ཤར་ཕྱོགས་དགེ་སློང་ནི་ས་ག་ར། །ཞལ་ལྟའི་ཆེད་དུ་སླེབས་པའང་དད་པ་ཐོབ། །པཎ་ཆེན་གཉིས་དང་རྒྱལ་པོར་ཁྱབ་ཤོག་གནང་། །རྒྱ་ནག་གོང་མ་གཤེགས་པའི་བསྔོ་བ་དང་། །ཕྱི་མ་ཁྲི་ལ་ཕེབས་པའི་བཀྲ་ཤིས་ཆེད། །འབུལ་ཞབས་ལུང་དང་སེར་པ་ཆོས་རྗེ་སོགས། །ཕོ་བྲང་ཆོས་རྗེ་ཀྱིས་ནི་འབུལ་བ་སླེབ། །ཆིབས་རག་ནམ་སྒྲིགས་འཇའ་ཚོན་མེ་ཏོག་ཆར། །ཟིང་པོར་འབུལ་ཆེན་བྱས་དུས་ཆར་པ་ནི། །སྦྲང་རྩིའི་ལྟ་བུ་མངར་བའི་རོ་ལྡན་བབ། །བླ་མ་ཀཐོག་འོད་ཟེར་རྒྱལ་མཚན་ལ། །སྤྱི་བོར་ངེད་རང་ཆོས་ཁྲིའི་རྒྱབ་ཉིད་དུ། །སྔ་སོར་ཕྱག་


CMR004_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་བཙུགས་པ་སྐྱེས་པའི་ཤིང་། །རྩ་བ་གཅིག་ལ་འབྲས་བུས་མི་གཅིག་པ། །གསུམ་དུ་སྨིན་པ་ཡོད་ཅེས་གསུངས་པས་རྙེད། །ཀོང་པོར་བཞུགས་ཚེ་མར་ཁུ་ཐང་ཉིད་དུ། །མཁར་ལས་ཟིན་པར་དུས་བསྒྲིག་ཁྲོམ་བསགས་པས། །ཕྱག་ནས་ཁྲོམ་གྱིས་མཐོང་བར་ཆར་པར་བབ། །གང་ཕྲེང་གནས་ནས་ཚེ་ཆུ་ཚེ་རིལ་བཏོན། །རྣམ་ཐོས་རི་བོའི་གནས་ནས་བཏེགས་པའི་ཚེ། །ཀོང་བཙུན་དེ་མོ་སོགས་ཀྱི་སྐྱེལ་བར་གཟིགས། །མཐུན་སྣང་འཇའ་སྤྲིན་གཞི་བདག་རྣམས་ཀྱིས་ནི། །རྟ་དང་སེངྒེ་འབྲུག་སོགས་ཞོན་པའི་གཟུགས། །མང་དུ་དྲུང་གིས་ཐེག་ཕྱོགས་འགྲོ་བར་སྣང་། །སེར་འབྲས་ལ་སོགས་སྐྱི་ཤོད་དགེ་འདུན་གྱིས། །བསྡུས་ཚེ་མེ་ཏོག་ལྔ་ལྡན་ཆར། །འཇའ་ཚོན་འཁྲིགས་པས་ཀུན་གྱིས་ཆོས་འབྲེལ་ཞུས། །བསྙུག་ལའི་མཁར་ལ་ཕྱག་ནས་ཞུས་པ་ན། །སྒོ་རྣམས་ལེགས་པར་བསྡམས་ལ་ཞོག་གསུངས་ནས། །གཞུང་སྙེའི་ལ་ནས་ལན་འགའ་ཕྱག་ནས་མཛད། །སྒོ་ཕྱེས་བལྟས་ཚེ་སྟེང་ཤོད་ནས་ཀྱིས་གང་། །ནས་གང་དུ་བཏབ་འཕེལ་བས་ཆེར་དད་ནས། །ཀརྨ་གྲྭ་ཚང་ཕོག་རྒྱུན་འབུལ་བར་བྱས། །རིན་སྤུང་ཕེབས་ཚེ་ཁྲི་ཕྲག་གཉིས་གསུམ་གྱིས། །སེར་ཕྲེང་མཛད་ཚེ་


CMR004_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

འཇའ་ཚོན་བླ་བྲེའི་དབྱིབས། །མེ་ཏོག་ཆར་གྱིས་བར་སྣང་ཐམས་ཅད་གཡོགས། །མཁས་ཀྱང་ང་རྒྱལ་བཅོམ་ནས་བ་སྤུ་ལྡང་། །པཎ་ཆེན་གསེར་མདོག་ཅན་པས་སྤྱི་བོར་བཀུར། །ཚད་མའི་གཞུང་ཙམ་དྲུང་དུ་མི་བཞུགས་ཤིང་། །ཕྱག་དཔེ་གཟིགས་སོགས་གཏན་ནས་མི་མཛད་པར། །ཚད་མའི་འགྲེལ་ཆེན་ཐུགས་ནས་ཤོད་ཅིང་བརྩམས། །ཕར་ཕྱིན་འགྲེལ་ཆེན་འཇིག་རྟེན་སྒྲོན་གསུམ་མཛད། །སྤྱིར་ཡང་དྲུང་ཉིད་གར་བཞུགས་གནས་ཉིད་དུ། །འཇའ་དང་མེ་ཏོག་ཆར་རྒྱུན་རྟག་ཏུ་འབྱུང་། །གར་ཕེབས་ལོ་ལེགས་ནད་ཡམས་ཐམས་ཅད་ཆད། །ལུང་སྟོང་རྣམས་སུའང་ཁྲོམ་ཚོགས་ཁྲི་ཕྲག་འདུ། །ཉིན་མོ་མི་ཡི་བསྐོར་བའི་བསྐོར་ལམ་ལས། །མཚན་མོ་ལྷ་འདྲེའི་བསྐོར་ལམ་བྱང་ཕུལ་ཆེ། །ཞལ་མཛོ་གཟིམ་ཁྱི་གཟིམ་དྲེལ་སུ་ཤི་བ། །ཐམས་ཅད་འཇའ་ཚོན་མེ་ཏོག་རིང་བསྲེལ་བྱུང་། །སྒར་དཔོན་རྣམས་ཀྱང་ཚོང་སོགས་གསོག་འཇོག་སྤངས། །ནང་དོན་རྒྱུད་གསུམ་བཤད་པ་མཁྱེན་པ་དང་། །མཁའ་འགྲོ་རྒྱ་མཚོ་རྡོར་དབྱིངས་ལ་སོགས་པའི། །དཀྱིལ་འཁོར་ཆེ་ཆུང་གར་དབྱངས་གཅིག་རྐྱང་ཕེར། །ཆོས་དྲུག་གཅོད་སོགས་ཐུགས་དམ་བཟང་པོ་མངའ། །བུ་ཚ་


CMR004_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་ཡན་ཡིག་བཅུ་ཕག་མོ་དང་། །རྟ་མགྲིན་མགོན་པོ་ལ་སོགས་སྔགས་ཐུང་ལ། །རབ་ཀྱིས་དུང་བཞི་འབྲིང་གསུམ་ཐ་མའང་གཅིག །མ་ཐོན་ན་ནི་མི་གྲལ་མི་འཇོག་སོགས། །ལུགས་གཉིས་རྣམ་བཞག་ངོ་མཚར་བསམ་མི་ཁྱབ། །རྣམ་ཐོས་རི་བོར་ལོ་གསུམ་མཚམས་བསྡམས་ནས། །སྐུ་ཚེ་རིང་ཞིང་བསྟན་ལ་ཕན་གསུངས་ནས། །བང་སྒྲོམ་ཞིག་མཛད་སྐུ་མཚམས་མཛད་པ་ན། །ཕྱིར་ལོ་ང་གཉིས་གླང་ལོའི་ལོ་མཇུག་ཏུ། །མཇལ་དགོས་ཞུས་ཤིང་ཞུ་བ་ནན་བསྐྱེད་པས། །ཁྱེད་ཚོ་བ་ལ་འོ་མ་མི་བཞོ་བར། །བ་བསད་པ་ཡི་ཤ་ཟ་གདའ་འམ་གསུངས། །ཧ་ཅང་ནན་ཞུ་ཆེ་བས་བཅུ་བཞིའི་ཉིན། །མུ་ཏིག་རྒྱན་དང་ལོངས་སྐུའི་ཆ་ལུགས་ཀྱིས། །ཁྲོམ་ལ་ཞལ་བསྟན་འདི་ནི་ལོངས་སྐུ་ཡིན། །ཁོ་བོའི་སྤྲུལ་སྐུ་བསྡུས་ནི་ཚར་རོ་གསུངས། །ཐོ་རངས་ཞལ་ཆེམས་གསོལ་ཅོག་སྟེང་དུ་བཞག །ཞི་བར་གཤེགས་ཚེ་འཇའ་དང་མེ་ཏོག་ཆར། །སྔར་བས་མང་ཞིང་གསར་པ་དུ་མ་བྱུང་། །བཞུས་ཚེ་རིང་བསྲེལ་སྲན་རྡོག་ཙམ་པ་ལ། །ཁ་དོག་སྣ་ཚོགས་ཡོད་པ་མང་པོ་དང་། །སྒལ་ཚིགས་རྩིབ་མར་འབྲེལ་བའི་བཅུ་གཅིག་ཞལ། །རྒྱན་རྣམས་རིང་བསྲེལ་ལས་གྲུབ་གསལ་བར་བྱོན། །


CMR004_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ལྷ་སྒང་དུ་གསེར་གདུང་ནང་དུ་བཞུགས། །སློབ་མ་སྤྱན་སྔ་རྒྱལ་ཚབ་སྤྲུལ་པའི་སྐུ། །འབྲུག་པ་ཆོས་གྲགས་བྱམས་ཆེན་སྐུ་སྐྱེ་དང་། །བྱ་ཡི་འཇམ་དབྱངས་བཀྲ་ཤིས་རྣམ་རྒྱལ་བ། །སྐྱ་སེར་ཆུ་འཕུར་སངས་རྒྱས་མཉེན་པ་དང་། །ཤཱཀྱ་མཆོག་ལྡན་སྨྱུག་ལ་པཎ་ཆེན་སོགས། །ཀརྨ་ཕྲིན་ལས་དྭགས་པོ་རབ་འབྱམས་པ། །དཔའ་བོ་ཆོས་དབང་གྲུབ་ཐོབ་ཚེམ་བུ་པ། །དེ་སོགས་ཉིད་ཀྱི་སྨིན་གྲོལ་དུ་མ་དང་། །ཆོས་འབྲེལ་ཐོབ་པ་འབྲི་གུང་ཞྭ་ར་བ། །སྟག་ལུང་ཀ་དྲུག་ལ་སོགས་མཁན་སློབ་རྣམས། །སེ་འབྲས་དགེ་གསུམ་བདེ་སྐྱོལ་ཟུར་གསུམ་གྱི། །བླ་མ་ཆོས་འཆད་སྔ་ཕྱི་དུ་མ་དང་། །རྡོ་རིང་ཀུན་སྤངས་ལ་སོགས་ས་སྐྱ་པ། །ས་སྤོམ་ཞྭ་དམར་འགོས་ལོ་ཆག་ལོ་དང་། །ལོ་ཆེན་བསོད་ནམས་རྒྱ་མཚོ་ཞྭ་ལུ་རྗེ། །གཙང་སྨོན་དབུས་སྨོན་འབྲུག་སྨྱོན་ཀུན་ལེགས་པ། །དེ་སོགས་སྐྱེས་ཆེན་བགྲང་ལས་འདས་པར་བྱོན། །སྐྱེས་བུ་དམ་པ་དེ་ལ་གུས་ཕྱག་འཚལ། །ཞེས་ཨ་རཱ་གས་སྦྱར་བའོ་།མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

འཇམ་དཔལ་བཟང་པོའི་རྣམ་ཐར།


CMR004_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཀུན་མཁྱེན་འཇམ་དཔལ་བཟང་པོ་ནི། །གྲུབ་ཐོབ་སྙེ་མོ་རྫོང་པའི་གདུང་རྒྱུད་དེ། །ཞལ་ངོ་ཡིན་ཚད་རིང་བསྲེལ་ངོ་མཚར་འབྱོན། །ཡབ་སྲས་ཡོངས་འཛིན་མཛད་པ་ལྔ་ཙམ་པ། །བྱུང་བའི་བར་དུ་ཉིད་སྐུ་འཁྲུངས་པ་སྟེ། །ཀུན་མཁྱེན་རོང་པོ་ལ་སོགས་མང་དུ་བསྟེན། །སྡེ་སྣོད་མཐའ་དག་སྦྱངས་པས་མཁས་པར་གྱུར། །ཁྱད་པར་དོན་ལྡན་ཞབས་བསྟེན་བཀའ་བཞིན་བསྒྲུབས། །ཐུགས་དམ་གནད་དུ་བསྣུན་པས་བྱིན་རླབས་ཞུགས། །སྒྲུབ་བརྒྱུད་སྒོམ་ཆེན་ཙམ་ལ་མཁས་པ་དང་། །བཙུན་དང་བཟང་དང་གྲུབ་པའི་མཆོག་ཏུ་གྱུར། །མཆོག་གི་སྤྲུལ་སྐུའང་ཉམས་ཁྲིད་ཁོ་ནར་སྦྱངས། །སྐུ་ཚེ་མཐར་ཕྱིན་བཞུགས་ཏེ་ཁོ་བོ་ཡི། །བསྙེན་རྫོགས་སྤྲུལ་སྐུར་འབུལ་བ་མ་གྲུབ་པ། །མ་གཏོགས་བསམ་པ་མ་རྫོགས་མེད་གསུངས་ནས། །ངོ་མཚར་བལྟས་བཅས་བྱང་གི་ཕྱོགས་སུ་གཤེགས། །སྐྱ་སེར་ལ་སོགས་སློབ་མ་མང་དུ་བྱོན། །འཇམ་དཔལ་བཟང་པོའི་ཞབས་ལ་གུས་པས་འདུད། །ཅེས་ཨ་རཱ་གས་སོ། །མངྒ་ལཾ།། །།

དཔལ་འབྱོར་དོན་གྲུབ་རྣམ་ཐར།


CMR004_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

སྙེ་བོ་གོ་ཤྲི་དཔལ་འབྱོར་དོན་གྲུབ་ནི། །སྐྱེས་ཆེན་དུ་མར་དམ་ཆོས་དཔག་མེད་དང་། །བཀའ་འགྱུར་བསྟན་འགྱུར་ལ་སོགས་བོད་ཡུལ་དུ། །བཞུགས་པའི་ཆོས་ལ་མ་གསན་མེད་པར་གྲགས། །བྱིན་རླབས་བཀའ་བབ་དགུ་ཡི་གུང་པར་གསོལ། །ལུགས་གཉིས་བསྟན་པའི་བདག་པོ་ཆེན་པོར་བསྐོས། །པདྨའི་སློབ་མ་འོ་བྲན་དབང་ཕྱུག་དང་། །ཞི་བ་འོད་ཀྱི་སྤྲུལ་སྐུར་ལུང་ཡང་བསྟན། །དམ་ཆོས་མཐའ་དག་མཆོག་གི་སྤྲུལ་སྐུར་ཕུལ། །བཞེད་པ་འགྲུབ་ནས་མཚུར་ཕུར་གཤེགས་པའི་ཚེ། །མེ་ཏོག་ཆར་ཆེན་ཆེན་པོ་བབ་པ་ཡི། །མེ་ཏོག་དཀར་སྔོ་ཡུ་བར་བཅས་པ་བབ། །རྒྱལ་ཚབ་སྤྲུལ་པའི་སྐུ་ལ་གུས་པར་འདུད། །ཅེས་ཨ་རཱ་གས་སོ། །མངྒ་ལཾ།། །།

རྡོ་རྗེ་འབུམ་རྣམ་ཐར།


CMR004_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་ཆེན་པོ་རྡོ་རྗེ་འབུམ་ཞེས་པ། །གཙང་གི་ཞྭ་ལུ་གཡུང་གི་རིགས་སུ་འཁྲུངས། །ཁྲོ་ཕུ་མཁན་ཆེན་བསོད་ནམས་སེང་གེ་དང་། །ཟུར་ཆེན་ཤཱཀྱ་འབྱུང་གནས་རབ་བྱུང་སོགས། །དམ་པ་མང་བསྟེན་གདམས་ངག་རྒྱ་མཚོ་ཞུས། །རྒྱ་གར་རྒྱལ་པོས་གདན་དྲངས་ཤང་ངུར་ཕེབས། །སྲིད་པ་མ་མོའི་སྤྱི་མདོས་ཆེན་པོ་མཛད། །བུམ་ཆུང་རྒྱལ་བུར་དྲངས་པས་མཉེས་པར་གྱུར། །ཧོར་ཡུལ་ཐན་པ་ཆེན་པོས་ཉན་པའི་ཚེ། །རྒྱལ་པོའི་ལུང་བཞིན་ཆར་ཕབ་བདེ་བར་བྱས། །ཞྭ་ལུའི་སྐོར་ཁང་སངས་རྒྱས་སྟོང་རྩ་བཞེངས། །རི་བཤུ་སོགས་རྟེན་ཞུན་མར་སྦྲེང་སོགས་བྱས། །བཀའ་བཞི་པ་ལ་བསྙེན་པར་རྫོགས་པར་མཛད། །བོད་དུ་བཞུགས་པའི་རྒྱུད་གཞུང་མདོ་སྔགས་ཕལ། །རིན་ཆེན་གསེར་ལ་འཕང་པའི་སེམས་སྤང་ནས། །བཤེས་དང་ངོས་དགའ་ཤོར་ཤམས་མ་ཡིན་པར། །བསྲེགས་བཅད་བརྡར་བའི་གསེར་བཞིན་ཡང་བརྟགས་ནས། །བཀའ་ལུང་རྩོད་མེད་རྣམས་ནི་ཅི་ཐོབ་བྱས་། །བསྟན་པའི་སྙིང་པོ་བསྐྱེད་རྫོགས་གསུམ་ལ་སྦྱངས། །དེ་བཞིན་གཤེགས་པའི་གསུང་རབ་ཕལ་ཆེར་ནི། །བརྗོད་བྱ་རགས་རིམ་བློ་ཡི་ཡུལ་དུ་བཅས། །གྲུབ་ཐོབ་གོང་མ་


CMR004_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་སྒྲུབ་གནས་སུ། །ཡི་དམ་ལྷ་ཡི་བསྙེན་པ་ཚད་དུ་བསྐྱལ། །དམ་ཅན་མ་མགོན་ལྕམ་དྲལ་ལ་སོགས་པའི། །དྲེགས་པ་ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས། །ཚེ་རབས་སྔ་མའི་བག་ཆད་སད་པའི་མཐུས། །ངེས་དོན་མཐར་ཐུག་བསྐྱེད་རྫོགས་དོན་དང་མཇལ། །སེམས་ཉིད་ཡེ་སངས་རྒྱས་པའི་རང་ཞལ་མཐོང་། །སེམས་ཉིད་གཞན་དུ་ཚོལ་བའི་སྤྲོས་པ་བྲལ་། །ཕ་ཡུལ་ཕྱོགས་ན་གོམ་པ་མི་འདོར་དང་། །དགྲ་གཉེན་གཉིས་ལ་བསྡམ་ཁ་སྤང་བ་དང་། །ཀ་ཆེན་ཁང་བཟང་བདག་ཏུ་མི་འཛིན་དང་། །བྱམས་རུང་སྡང་རུང་འཕྲལ་དུ་ལན་མི་ལྡོག །བདེ་སྡུག་ཐམས་ཅད་རོ་སྙོམས་བྱེད་པ་དང་། །གཞན་སྐྱོན་མི་བརྟག་རང་སྐྱོན་བརྟགས་ཤིང་སྤངས། །དག་སྣང་ཕྱོགས་མེད་གང་ཟག་ཚོད་འཛིན་སྤངས། །འདག་ཆར་སྨྲ་བཅད་རི་མཚམས་དུས་འདའ་ཞིང་། །ཡོ་བྱད་སོགས་སྤངས་ངན་ལེན་མི་ཉེན་དང་། །དེ་སོགས་སྤངས་པའི་རྣམ་ཐར་མཐའ་ཡས་སོ། །ཞེས་ཨ་རཱ་གས་སྦྱར་བའོ། །མངྒ་ལཾ།། །།

ཆོས་དཔལ་ཡེ་ཤེས་རྣམ་ཐར།


CMR004_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། །དཔལ་ལྡན་མཁའ་སྤྱོད་དབང་པོའི་ལུང་བསྟན་ལས། །ཕྱི་དུས་སྔགས་སྤྱོད་རྣལ་འབྱོར་ཀུན་ཏུ་རྒྱུ། །ཞེས་གསུངས་ལྟར་དུ་ཆོས་དཔལ་ཡེ་ཤེས་ནི། །ཉང་ཡུལ་ཁེ་མདར་བསམ་འགྲུབ་བལ་བཟའ་ཡི། །ལྷུམས་སུ་ཞུགས་ཚེ་རྨི་ལམ་ལྟས་བཟང་ཞིང་། །ལྷུམ་ནས་ཡིག་དྲུག་གསུང་པ་གཞན་གྱིས་ཐོས། །ཁང་པའི་ལོག་བཞི་འཇའ་ཚོན་ཀ་བ་དང་། །ལོགས་སུ་དར་ཕྱར་འདྲ་བ་ཡང་ཡང་བྱུང་། །བཅུ་བཞིའི་རྒྱལ་དང་འཛོམ་པའི་ཉི་ཤར་བལྟམས། །མཛེས་ཤིང་ཞབས་མཐིལ་ཧོར་ཡིག་རྒྱལ་གྱིས་མཚན། །ཟླ་ལྔ་ཙམ་ནས་ཀུན་ལ་བྱིན་རླབས་མཛད། །བྲག་གི་བྱ་སྐྱིབ་ཤིན་ཏུ་མཐོ་བའི་ས། །བྱ་རྒོད་ཚང་འདྲར་སྐད་ཅིག་བྱོན་ནས་བཞུགས། །དེ་མ་ཐག་ཏུ་གཟིམ་ཁང་བཞུགས་པ་དང་། །རྩིག་པར་ཐོགས་མེད་གཤེགས་པ་མང་དུ་བསྟན། །སྔོན་གནས་དྲན་དང་གཞན་སེམས་མང་མཁྱེན་གསུངས། །དགའ་ལྡན་མ་མོར་མཁའ་སྤྱོད་དབང་པོ་ཡི། །ཞལ་ཆེམས་ཤོག་དྲིལ་གཏེར་དུ་སྦས་པ་བཏོན། །མཁན་པོ་རྒྱལ་བའི་དབང་དང་སློབ་དཔོན་ནི། །མགོན་བློན་པ་ལས་རབ་བྱུང་དགེ་ཚུལ་བསྒྲུབས། །ཙཱ་རིར་ཚེ་དཔག་མེད་མགོན་སྒྲུབ་པའི་ཚེ། །དེ་ཉིད་ཞལ་


CMR004_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ལུང་བསྟན་ཐོབ་པ་དང་། །གནས་བསྟན་བསོད་ནམས་བཟང་པོར་བསྙེན་པར་རྫོགས། །རྡོ་བ་དཀོན་པར་རྡོ་ཡི་གཏེར་ཆེན་ཕྱུང་། །དགའ་ལྡན་མ་མོར་གཙུག་ལག་ཁང་ཆེན་བརྩེགས་། །བྱང་ཆུབ་རྒྱ་མཚོ་ཉིད་སྐུར་མཁྱེན་བཞིན་མཇལ། །ཕན་ཚུན་བཀའ་ཆོས་གསན་པའི་ཚུལ་དུ་མཛད། །མ་ར་སྟེང་དུ་ནོར་རྫས་མང་དུ་སྤུངས། །ཉིན་ལམ་བཅུ་གཉིས་བར་གྱི་འཁྲུགས་རྩོད་བསྡུམ། །རེ་རེ་ཙམ་གྱི་འགལ་བར་ཆོས་སྐྱོང་བསྐུལ། །དེ་ཚེ་གཙང་པོ་གྲམ་ལ་འགྱུར་བ་དང་། །དར་ནག་འཛིན་མཁན་མེད་པར་བགྲེང་བ་དང་། །ནད་ཡམས་དག་གིས་གྲོང་ཁྱེར་བརླགས་པ་སོགས། །ཆོ་འཕྲུལ་དཔག་ཏུ་མེད་པས་ཚར་བཅད་མཛད། །དྲག་ལས་མངའ་བརྙེས་ཆོས་སྐྱོང་བྲན་བཞིན་ཉན། །ལྷ་བཟོའི་རྗེས་འབྲངས་བགེགས་བསྐྲད་མཛད་པའི་ཚེ། །སྐད་ངན་འདོན་ཅིང་བྲོས་པ་མང་པོ་ཐོས། །གདོན་གྱིས་གནོད་རྣམས་གཟིགས་པ་ཙམ་གྱིས་ཞི། །ཀརྨར་ཀརྨ་པ་ཉིད་རབ་བསྲུང་ཚེ། །དྲུང་ཉིད་བྱོན་ནས་གདུག་པ་བཏུལ་བས་དྭངས། །བཞེད་དོན་འགྲུབ་ཅིང་སྙིགས་མའི་ངང་ཚུལ་ལ། །སྐྱོ་བའི་མགུར་གསུངས་ཞེ་བདུན་བཞེས་པའི་ཚེ། །ཡར་ཚེས་བཞི་ཡི་ནམ་མཁའ་གཡའ་


CMR004_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ། །མེ་ཏོག་ཆར་པ་ལང་ལོང་བྱུང་བའི་ཚེ། །ཆོས་ཀྱི་རྗེ་དང་སྒྲོལ་མ་བྱོན་བྱུང་བས། །མཆོད་པ་ཤོམ་གསུངས་ཞལ་ད་གནང་ནས་གཤེགས། །གདུང་མཆོད་ཕུལ་ཚེ་ཌ་མ་རུ་ཡི་སྒྲ། །རྣམ་པ་མང་པོ་ཡང་ཡང་གྲག་པར་གྱུར། །སྐུ་གདུང་བྱང་ཆེན་མཆོད་རྟེན་ནང་དུ་བཞུགས། །ཆོས་རྗེ་ཡིད་བཟང་རྩེ་པ་ལ་སོགས་པའི།། །སློབ་མའི་ཚོགས་ཀྱང་མང་དུ་བྱོན་པར་གྱུར། །སྐྱེས་བུ་དམ་པ་དེ་ལ་སྐྱབས་སུ་མཆི། །ཞེས་ཨ་རཱ་གས་སོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ཞྭ་དམར་བཞི་པའི་རྣམ་ཐར།


CMR004_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཞྭ་མར་ཅོད་པན་འཛིན་པ་བཞི་པ་ནི། །མཁའ་སྤྱོད་དབང་པོས་ཤར་ནས་ཤར་ཕྱོགས་སུ། །སྐྱེ་བ་འཛིན་པས་འགྲོ་དོན་བྱེད་གསུངས་ལྟར། །ཀྲེ་ཤོད་ཡུལ་དུ་ལྷུམས་།སུ་ཞུགས་པའི་ཚ། །མི་མ་ཡིན་རྣམས་ཏྲེ་ཡི་ཁང་དམར་དུ། །ཀརྨ་པ་ཞེས་བྱོན་ཉིད་བསྒྲགས་པ་དང་། །ཡུལ་གྱི་སྐྱེ་བོ་མང་པོས་དགེ་མཚན་མཐོང་། །འཁྲུངས་མ་ཐག་ཏུ་ཀརྨ་པ་ཞེས་གསུངས། །ཟླ་བདུན་ལོན་ནས་ངོས་འཛིན་དུ་མ་མཛད། །ཁང་དམར་དགོན་པར་བྱོན་ཚེ་འཇའ་འོད་ཀྱིས། །བསུས་ཤིང་འཚོགས་པའི་དབུས་སུ་ཙོག་པུར་བཞུགས། །ཨ་ཐུང་ཁྲིད་དང་ཀརྨའི་གསུང་འབུམ་རྣམས། །ཚིག་མཚམས་ཕྱེད་དེ་གཞན་ལ་བསྟན་པ་དང་། །མངོན་མཁྱེན་མང་གསུངས་ཡི་དམ་དུ་མ་གཟིགས། །ལོ་ཐོག་ཐན་པ་སྲིན་བུས་འཚེ་བ་ལ། །བདེན་ཚིག་ཙམ་གྱིས་ཆར་བབ་གནོད་པ་ཞི། །ཚེམས་རྗེས་པ་ལས་རིང་བསྲེལ་སྔོན་པོར་བྱོན། །དགུང་ལོ་བཅུ་པར་ཤར་ཕྱོགས་བཏེག་པ་ན། །ཤཱཀ་ཐུབ་ཞལ་གཟིགས་གཞི་བདག་རྣམས་ཀྱིས་བསུས། །ཆུ་བོ་ཆེར་འབྲུབ་ལམ་བསྒྲོད་དཀའ་བའི་ཚེ། །གཏོར་མ་མཛད་པའི་མོད་ལ་ཞི་བར་གྱུར། །རེས་སུ་ནགས་ཚལ་མེ་མཆེད་ཉན་པ་ན། །མགོན་པོས་ཆུ་རྒྱུན་


CMR004_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས་གཟིགས་རང་སར་ཞི། །ཤ་བའི་ཆུ་ཡིས་བསུ་ཞིང་སྐྱེལ་བ་ནི། །ཡུལ་ལྷ་རྣམས་ཀྱིས་བསུ་སྐྱེལ་ཡིན་པར་གྲགས། །འབྲུག་གློག་སེར་བ་དྲག་པོ་བྱུང་བའི་ཚེ། །ཞིང་སྐྱོང་བྱོན་ནས་སྤྱན་འདྲེན་བྱེད་པར་གཟིགས། །དེ་མ་ཐག་ཏུ་གུག་ཤཱི་ཆེན་པོ་དང་། །སྔོན་གྱི་ཉེ་གནས་ལ་སོགས་ཀརྨ་པའི། །བཀའ་ཡིས་བསྐུལ་ཏེ་སྤྱན་འདྲེན་བྱོན་པས་མཇལ། །བོན་རྒྱལ་གཞི་བདག་དེ་ལ་ཆོས་གསུངས་ཤིང་། །གླང་ཐང་སྒྲོལ་མར་བཀའ་བརྒྱུད་བླ་མ་གཟིགས། །སྤྱི་བོར་ནད་ཡམས་བཀའ་ཤོག་གནང་བས་ཆད། །དགའ་ལྡན་མ་མོར་ཟླ་དྲུག་མཚམས་མཛད་ཚེ། །དཀོན་བརྩེགས་གསུང་ནི་ཆུང་དུས་ཀློག་པ་ཡང་། །རྒྱང་རིང་ཐོས་ཤིང་དེ་སྲིད་ལྷ་ཡི་རྔ། །སྒྲ་དང་མེ་ཏོག་ཆར་པ་བབ་པ་དང་། །རྨི་ལམ་རྣམས་སུ་ཞིང་ཁམས་དུ་མ་གཟིགས། །གྱམ་སྟེང་ཞེས་སར་རྡོ་རྗེ་ཕག་མོ་དང་། །དེ་མོ་ཐང་དུ་སྤྱན་རས་གཟིགས་དབང་གཟིགས། །དེ་མོ་ཐང་དུ་བཞུགས་ཁྲིའི་རྩ་བ་རུ། །སྔོན་མ་མཐོང་བའི་མེ་ཏོག་སྡོང་པོ་ལ། །འདབ་མ་འཇའ་ཡི་མདོག་ཅན་སྐྱེས་པར་སྣང་། །ཐིམ་ཡུལ་དུ་ནི་སློབ་དཔོན་པདྨ་གཟིགས། །བྱིན་ལེན་བཞུགས་ཚེ་མཁའ་འགྲོ་མ་བརྒྱད་ཀྱིས། །གླུ་གསན་རྡོ་རྗེ་ལུས་ཀྱི་


CMR004_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཚུལ་གཟིགས། །འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ཞལ་གཟིགས་ཚེ། །གཞན་མ་ཙམ་གྱི་འཇའ་ཚོན་ཙམ་དུ་སྣང་། །མཚོ་དཀར་དབུས་སུ་ཤེལ་གྱི་མཆོད་རྟེན་།ནི། །ཡོད་པ་བཤད་ལྟར་དངོས་སུ་གཟིགས་པར་གྱུར། །རིན་ཕུག་བཞུགས་ཚེ་མཁའ་འགྲོ་སེང་གདོང་ཅན། །གསུམ་གྱིས་དྲི་བ་མཛད་པའི་ལན་ཀྱང་མཛད། །རི་བོ་ཨ་བ་དྷུ་ཏིའི་ཕྱོགས་བཞི་ནས། །ཆུ་དཀར་བཞི་འབབ་འདུག་པའི་དྲུང་དུ་བྱོན། །འོ་མ་ལྟར་གྱུར་ཐམས་ཅད་ངོ་མཚར་གྱུར། །སྔར་མ་གནས་ནང་སྔོན་ཆད་མ་གྲགས་པའི། །ཞལ་གཟིགས་གསར་དུ་བརྒྱ་ལྷག་གསལ་བར་མཛད། །པཎ་ཞྭ་ཕུག་དང་བྱིན་ལེགས་ལ་སོགས་སུ། །གཟིམས་ཆུང་ཆུང་ངུར་སྐྱེ་བོ་དཔག་མེད་རྣམས། །ཤང་བའི་རྫུ་འཕྲུལ་བསྟན་ཞིང་ཞབས་རྗེས་བཞག །སྔགས་བདག་གུས་ཤིང་བསྟོད་པ་གཞན་གྱིས་མཐོང་། །འཇའ་ཚོན་གླིང་དུ་དགྱེས་རྡོར་ཤིན་ཏུ་གསལ། །ཡུལ་གྱིས་མ་བསྒྲིབས་གཟིགས་ནས་གནས་སྒོ་ཕྱེས། །ཁྲི་ལ་བཞུགས་ནས་སྐྱེ་བོ་དཔག་མེད་ལ། །འཇམ་དབྱངས་བསྟོད་པ་གང་གི་བློ་གྲོས་མའི། །གླེགས་བུ་བསྣམས་ནས་དེ་ཡི་དོན་བཤད་དེ། །ཞལ་དུ་མེད་པ་རྨིས་ཤིང་སད་མ་ཐག །


CMR004_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པ་ཐུགས་ལ་འདུག་ཅིང་དེ་ཕྱིན་ཆད་། །གསུང་རབ་ཀུན་ལ་ལན་རེ་གཟིགས་པས་མཁྱེན། །དབྱངས་ཅན་ལྷ་མོས་པོ་ཏི་ཨ་རུ་ར། །གཏད་པ་རྨིས་པས་སྙན་ངག་རང་བྱུང་མཁྱེན། །འཇམ་དཔལ་བཟང་པོར་ནག་རྒྱལ་ཕག་གསུམ་སོགས། །དཀྱིལ་འཁོར་བརྒྱ་ཕྲག་མང་པོ་གསན་པར་མཛད། །དཀྱིལ་འཁོར་ཐིག་རྣམས་ཅུང་ཟད་གོ་དཀའི་ཚེ། །པཎ་ཆེན་ཨ་བྷྱ་ཀ་ར་དཀར་གསལ་སྐུ། །ངུར་སྨྲིག་མནབས་པ་མངོན་སུམ་ལྟ་བུ་རུ། །ཁྲིད་པ་རྨིས་ཚེ་ཇི་བཞིན་མཁྱེན་པར་གྱུར། །དངོས་ཉམས་རྨི་ལམ་རྒྱུད་སྡེའི་ལྷ་ཀུན་གྱིས། །བྱིན་གྱིས་བརླབས་པའི་སྣང་བ་གསལ་བར་གཟིགས། །སྔོན་ཚེ་བདེ་གཤེགས་དཀོན་མཆོག་ཡན་ལག་སོགས། །སྔོན་གནས་མང་དུ་དྲན་ཅིང་གསུངས་པར་མཛད། །སྒམ་པོར་ཕེབས་ཚེ་བྱ་རྒོད་མང་པོས་བསུས། །བཀའ་བརྒྱུད་བླ་མས་བྱིན་གྱིས་རླབས་པོར་གཟིགས། །དྭགས་པོའི་ཁྲིར་བཞུགས་ཆོས་བཞིར་གསུང་པའི་ཚེ། །མེ་ཏོག་ཆར་ཆེན་བབ་པས་ངོ་མཚར་གྱུར། །དགེ་བཤེས་ཆོས་གྲགས་བདུན་ཚིག་བྱང་བཞུས་མཛད། །ལྷ་རུ་སྐྱེས་པར་གཟིགས་ནས་གསུང་བར་མཛད། །གཤེགས་པར་མཛད་ཚེ་སྒམ་པོར་བཞུགས་པར་ཞུས། །མངོན་སུམ་ཚར་


CMR004_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བབ་པས་ཐེག་ལམ་བཀག །དྭགས་པོའི་འཕེལ་གདུང་མཇལ་མ་ཐག་ཏུ་འཕེལ། །ཁམས་ཕྱོགས་ཡུལ་གྲུ་སོ་སོར་ཕེབས་པ་ན། །འཇའ་འོད་མེ་ཏོག་ཆར་དང་།ཐན་པ་སེལ། །མི་མ་ཡིན་གྱིས་བཀུར་སྟི་བྱེད་པ་མང་། །མཁན་པོ་ཡིད་བཟང་རྩེ་པ་སློབ་དཔོན་ནི། །རབ་འབྱོར་སེང་གེ་སོགས་ལ་བསྙེན་པར་རྫོགས། །མི་འཁྲུགས་པ་དང་ཚེ་དཔག་མེད་པ་ཡི། །སྐུ་གཟུགས་བཞེངས་ཆེ་བར་ཆད་བསྲུང་བའི་ཕྱིར། །ཕྱག་ནས་མཛད་པ་བླུག་གསེབ་མ་ཚིག་སྣང་། །གར་བཞུགས་དབང་ལུང་ཁྲིད་བཤད་བརྩམས་པ་རྣམས། །ཆག་མེད་མཛད་པ་རྒྱུན་གྱི་རྣམ་ཐར་རོ། །བདུད་རིས་གཡོས་པས་འཁྲུག་ཆེན་གཡོས་པ་ནི། །དཀོན་མཆོག་བསྟོད་དང་ཆོས་སྐྱོང་འཕྲིན་ལས་བསྐུལ། །ཞི་བའི་སྦྱིན་སྲེག་མང་དུ་མཛད་པས་ཞི། །ཕག་གྲུའི་ཁྲིར་ཕེབས་ལུགས་གཉིས་དབུ་འདོན་མཛད། །ཕག་གྲུ་དངོས་སུ་བྱོན་ནས་ཐུགས་ཀར་ཐིམ། །དེ་ཡི་མོད་ལ་ཐུགས་དམ་བཟང་པོ་འཁྲུངས། །ནད་ཡམས་བྱུང་ཚེ་དཀོན་མཆོག་གསོལ་འདེབས་དང་། །གཞི་བདག་ཐུགས་དམ་བསྐུལ་བས་ཞི་བར་གྱུར། །ཁ་རག་ཇོ་མོས་བར་ཆད་སེལ་བ་དང་། །ཕྲིན་ལས་སྒྲུབ་པ་གསལ་བར་གཟིགས་པར་


CMR004_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །བཀའ་འགྱུར་བསྟན་འགྱུར་གཙུག་ལག་ཆོས་སྡེ་དང་། །རིན་ཆེན་ལས་གྲུབ་ལྷ་ཆེན་དུ་མ་བཞེངས། །ཀོང་པོའི་སྟོད་དམ་དྭགས་ཀོང་མཚམས་ཙམ་དུ། །རྒྱལ་བའི་དབང་པོ་མཇལ་བའི་ཆད་ཕུལ་ནས། །དགོང་ལོ་དོན་གཉིས་ཉེར་ལྔ་ཞི་བར་གཤེགས། །སྐུ་གདུང་དངུལ་གྱིས་མཆོད་རྟེན་བུམ་པར་བཞུགས། །སྟག་ལུང་ཆོས་རྗེ་རྣམ་རྒྱལ་གྲགས་པ་སོགས། །བོད་དུ་ཆོས་འབྲེལ་མ་ཞུས་བླ་དཔོན་མེད། །འཕྲིན་ལས་རྒྱ་མཚོ་མངའ་བདག་དེ་ལ་འདུད། །ཅེས་ཨ་རཱ་གས་སོ། །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

བཀྲ་ཤིས་དཔལ་འབྱོར་རྣམ་ཐར།


CMR004_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དུས་མཁྱེན་གདན་ས་ལྔ་ལས་ཁྱད་པར་དུ། །གསུང་གི་གདན་ས་བར་པར་གྲགས་པ་ཡི། །ཀརྨ་སིདྡྷ་བཀྲ་ཤིས་དཔལ་འབྱོར་ནི། །སྒར་ཆེན་ཉིད་དུ་དམ་ཆོས་འདོད་རྣམས་དང་། །འདུས་པ་ཐམས་ཅད་ཆོས་ཀྱིས་ཚིམས་པར་མཛད། །ཁྱད་པར་རྗེ་ཡི་ལུང་བསྟན་ལ་བསྟན་ནས། །སྤྲུལ་སྐུ་བརྒྱད་པའི་ངོས་འཛིན་ཞབས་ཐོགས་མཛད། །ཆོས་གྲགས་རྒྱ་མཚོའི་དེ་དུས་གསུང་ཆོས་སོགས། །ཆེ་བར་མི་གནང་རྒྱུན་དུ་མཇལ་བའང་དཀའ། །སྐལ་ལྡན་ཤེས་རྒྱུད་བྱིན་གྱིས་བརླབས་ཙམ་མཛད། །ཐོབ་རྒྱལ་འདོད་པས་གུག་ཤི་སྤྲུལ་སྐུ་དང་། །སིདྡྷཱ་སྐུ་མཆེད་གུག་འབྲང་བུ་གུ་ཤྲཱི། །ཁྲི་དང་བསྙེན་རྫོགས་སྐྱ་སེས་གནང་བར་མཛད། །དེ་ཕྱིར་འཕྲིན་ལས་ལ་སོགས་གསན་ཡིག་ལས། །ལུང་རྣམས་འདི་དག་ལས་བརྒྱུད་ཤེས་ཆེའོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སངས་རྒྱས་གཉན་པའི་རྣམ་ཐར།


CMR004_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཡེ། སངས་རྒྱས་ཆེན་པོ་མཉན་པ་གྲུབ་ཐོབ་ནི། །འདན་དུ་ཨོ་རྒྱན་ཡུལ་སོགས་དངོས་གཟིགས་པའི། །ལྷུམས་སུ་ཞུགས་ནས་འདན་གྱི་ཁྲི་དཔོན་དུ། །འཁྲུངས་མ་ཐག་ཏུ་ཐོག་མེད་སྨྲ་བ་དང་། །དགོང་ལོ་གཅིག་དུས་ཐུགས་ཀྱང་དྲན་པས་ཟིན། །དགོང་ལོ་ལྔ་ནས་སྐྱེ་འཆིས་ཐུགས་བསྔངས་ནས། །དབུ་སྐྲ་རང་གིས་བཅད་ནས་རབ་བྱུང་མཛད། །ཀརྨ་པ་ཡི་མཚན་ནི་གསན་ཙམ་ནས། །བ་སྤུ་ལྡང་ཞིང་མཆི་མ་འཁྲུགས་པ་དང་། །རྗེ་ཉིད་བསམས་པས་ཟས་དང་གཉིད་སྤངས་ནས། །སྐུ་ལུས་ཉམས་པར་གྱུར་པས་ཡབ་ཡུམ་གྱིས། །དགོང་ལོ་དྲུག་ལ་རྗེ་ཡི་དྲུང་དུ་བཏང་། །ཐུགས་ལ་བཏགས་ཤིང་བཀྲ་ཤིས་དཔལ་འབྱོར་བཏགས། །དགོང་ལོ་བརྒྱད་པར་རབ་བྱུང་གདམས་ངག་གནང་། །རྗེ་ལ་ལོ་བདུན་བར་དུ་འབྲལ་མེད་བསྟེན། །རྩ་ཐིག་རླུང་གིས་རྣམ་སྨིན་ལུས་ངག་བཅིངས། །འོད་གསལ་ཕྱག་ཆེན་སྣང་སྲིད་ལ་ཟློས་མཛད། །ངེས་འབྱུང་མོས་གུས་བྱང་ཆུབ་སེམས་རྩལ་སྦྱངས། །དཀའ་སྤྱད་དྲགས་པས་གཉེན་དབོན་སྔོ་འཁྱོག་གྲགས། །ཉེར་གསུམ་ནས་བཟུང་དབེན་ས་བསྟེན་པར་མཛད། །གནས་ནང་ལོ་གསུམ་སྤོམ་ཕུག་ལོ་གཉིས་བཞུགས། །


CMR004_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

མཚུར་ཕུར་ལོ་གཉིས་ཐང་ལྟར་ལོ་གཅིག་སྟེ། །མེ་ལ་བུས་ཤིང་གཡོས་པའི་ཟས་མ་གསོལ། །རླུང་དང་རིགས་པའི་བཅུད་ལེན་ལོ་བརྒྱད་མཛད། །སྒར་དུ་བཞུགས་ཚེ་གཏོར་ལྷག་ཇ་རོས་འཚོ། །བླ་མ་མ་གཏོགས་ཀུན་ལ་ངག་བཅད་མཛད། །བར་དུ་རྟག་ངུ་ཁོ་ནའི་བཅུད་ལེན་གྱིས། །གསོལ་བྱ་བྲལ་བའི་གྲོགས་དང་བཅས་ནས་ནི། །གནམ་མཚོར་ལོ་ལྔ་དོམ་ཚང་གྲོ་བོ་ལུང་། །ཟངས་ཕུག་ཤང་ཕུག་ངོས་སུ་ལོ་རེ་བཞུགས། །ཕ་ཡུལ་ཕེབས་ནས་འཁྲུག་བསྡུམ་ཤ་འཁོན་བྱུང་། །དེ་ལ་ཕ་རོལ་འགའོ་ཡིས་གནོད་བྱས་པས། །ས་གཡོས་དྲག་པོས་དགྲ་བོའི་ཡུལ་མཁར་བརླགས། །རྗེ་ཉིད་ཁང་པ་བཞི་བརྩེགས་ཐོག་བཞུགས་པ། །ཁང་པ་ཞིག་སྟེ་གྱང་མཐོན་གཅིག་གི་རྩེར། །ཕེབས་པས་འཕུར་བར་གྲགས་ཏེ་གྲུབ་ཐོབ་གྲགས་། །བྱང་ཆུབ་མཆེད་བཞི་དུད་སྟོང་སྦྱར། །སློང་མོའི་སྤྱོད་པས་འགྲོ་དོན་མཐའ་ཡས་མཛད། །རྗེ་ཡི་དྲུང་དུ་འབུམ་ཁྲི་སྟོང་འབུལ་དང་། །མི་ཁུར་གསེར་དང་ཁྲི་འབུལ་གྲངས་མེད་མཛད། །མི་བསྐྱོད་ཞབས་ལ་དབང་ལུང་ཐམས་ཅད་ཕུལ། །ད་ནི་ཤི་ཡང་བསམ་པ་རྫོགས་གསུངས་ཏེ། །གཤེགས་པའི་ཞག་བརྒྱད་རྗེ་ཡི་རྣལ་ལམ་ན། །ཡེ་ཤེས་མཁའ་


CMR004_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་རྡོ་རྗེའི་གླུ་ལས་ནི། །སྔོན་གྱི་ཚེ་ན་རྒྱལ་བ་བདེ་བའི་གླུ། །སྙིགས་མའི་དུས་ན་དྲན་པ་ཡེ་ཤེས་རྙེད། །ད་ལྟ་བྱང་ཕྱོགས་རྣམ་པར་བཀོད་པ་ན། །དྲུག་འབུམ་བདུན་ཁྲའ་དག་སློང་བདུན་བདར་ཏེ། །འདན་མ་གྲུབ་ཆེན་ཚུལ་ནི་དེ་ལྟར་རོ། །ཞེས་སོགས་གསན་པས་པཎ་ཆེན་སྤྱི་ཏིར་གསུངས། །སངས་རྒྱས་མཉན་པའི་ཞབས་ལ་གུས་ཕྱག་འཚལ། །ཞེས་ཨ་རཱ་གས་སོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

མི་བསྐྱོད་རྡོ་རྗེའི་རྣམ་ཐར།


CMR004_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་མི་བསྐྱོད་རྡོ་རྗེ་ནི། །མི་ཕམ་མགོན་དང་ཕྱོགས་བཅུའི་རྒྱལ་བ་ཡི། །བསྟན་དང་འགྲོ་བའི་དོན་དུ་བསྐུལ་བའི་ཚེ། །འབུམ་ལྡན་པདྨར་སྐྱིལ་ཀྲུང་དང་བཅས་ཏེ། །ཏིང་ངེ་འཛིན་གྱིས་འཛམ་གླིང་གདུལ་བྱར་གཟིགས། །འོད་ཟེར་འཕྲོས་པས་རྒྱལ་བ་མཆོད་མཛད་ནས། །བཅོམ་ལྡན་དཔའ་བོ་ཁྱོད་ནི་སྔོན་སངས་རྒྱས། །དགའ་ལྡན་གནས་ནས་འཛམ་གླིང་གཤེགས་འཚལ་ལྟས། །བདག་ལ་མ་རུང་འདུལ་བའི་ལུང་མནོས་ཏེ། །བྱང་ཆུབ་སྤྱོད་པའི་མགོན་མཛད་ངོ་མཚར་ཏོ། །ཞེས་སོགས་སྨོན་ལམ་དམ་བཅའ་མཛད་པ་ན། །བྱམས་པའི་དབུ་གཙུག་མཆོད་རྟེན་གཉིས་པ་སྤྲོས། །དབུ་ཐོག་བཞག་ནས་ཁྱོད་ཀྱི་རིགས་བདག་ནི། །སངས་རྒྱས་མཉན་པ་གྲུབ་ཐོབ་ཡིན་གསུངས་ཤིང་། །འཁོར་ལོ་སྡོམ་པ་དྲུག་ཅུ་རྩ་གཉིས་ཀྱི། །དཀྱིལ་འཁོར་རྣམ་པར་བཞེངས་སོགས་སྐལ་ལྡན་ལ། །མཛད་པ་བཅུ་གཉིས་བསྟན་ཚུལ་གསུངས་པ་ནི། །རྣམ་ཐར་བདག་ཚུལ་བཅུ་གཉིས་པ་ལས་དབྱུང་། །ཐུན་མོང་གདུལ་བྱར་གོང་མའི་ཤོག་དྲིལ་ལས། །བདག་ནི་སྐྱེ་བ་མེད་ལ་སྐྱེ་ཚུལ་སྟོན། །གནས་པ་མེད་ལ་གནས་ཚུལ་སྟོན། །འཆི་བ་མེད་ལ་འཆི་ཚུལ་སྟོན། །སྐྱེ་བ་


CMR004_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལ་སླར་ཡང་སྐྱེ་ཚུལ་སྟོན། །ཞེས་དང་། བདག་ནི་གདོད་ནས་གཡོ་མེད་འགྲོ་འོང་མེད། །སྐྱེ་དང་གནས་དང་འཆི་སོགས་རབ་སྤངས་ཀྱང་། །རྟག་ཏུ་ཕྱོགས་བཅུར་གཡོ་ཞིང་འགྲོ་འོང་དང་། །སྐྱེ་གནས་འཆི་སོགས་རྣམ་པ་དུ་མ་སྟོན། །ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུ་སྟེ། །དེ་བཞིན་དུས་རྣམས་ཀུན་ཏུ་ཤེས་པར་གྱིས། །ཞེས་སོགས་ཞལ་ཆེམས་ཤོག་དྲིལ་བཞག་པ་དང་། །སྐུ་སྐྱེ་ཕྱི་མའི་འཁྲུངས་ཡུལ་ཡབ་ཡུམ་སོགས། །གསལ་བའི་ཤོག་དྲིལ་རྒྱལ་ཚབ་དྲུང་པ་དང་། །སི་ཏུར་གཏད་རྒྱུའི་ཞལ་ཡིག་བཅས་རྣམས་ཀྱང་། །མཛད་ནས་གསོལ་ལྕོག་སྟེང་དུ་ཡོད་པར་སྣང་། །ངོམ་ཡུལ་གློ་ལར་ཡབ་ནི་ཨ་བྱམས་དང་། །ཡུམ་ནི་བླ་མ་སྒྲོན་ཞེས་བྱ་བ་ཡི། །ལྷུམས་སུ་ཞུགས་ཚེ་སྲོད་ལ་འོད་ཀྱི་ནི། །གོང་བུ་ཟེར་སྤྲོས་སིལ་སྒྲ་བཅས་པ་ཞིག །སྐར་ཁུང་ནས་བབ་ཉི་མ་ཤར་ལྟར་གསལ། །དེ་ནུབ་ནས་ནི་ཡབ་ཡུམ་རྨི་ལྟས་བཟང་། །དངོས་སུ་ཁང་པའི་ཕྱི་ནང་མ་ཎི་དང་། །གསུང་རབ་ཀློག་པའི་སྒྲ་སྐད་རྒྱུན་དུ་གྲག །འགའ་ཞིག་གཟིམ་ཁང་དེ་ལ་མེ་འབར་མཐོང་། །ཡུམ་གྱིས་ཞོ་དྲུག་མལ་གཅིག་ཉིན་གཅིག་ཡུར། །ས་བོན་བྲེ་དོ་བཏབ་ལ་ཁལ་བཞི་བྱུང་། །ཡུམ་ཉིད་རིམ་པ་ཐུ་


CMR004_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བར་སོང་བའི་ཚེ། །ལྟོགས་ལྟུང་མ་བྱེད་མ་འགྲོ་སེར་བ་འོང་། །ལྷུམས་ནས་གསུངས་པས་ཁྱིམ་ཕྱིན་སེར་རྟགས་བྱུང་། །ལྷུམས་ནས་ཡིག་དྲུག་གསུངས་པ་མང་པོ་ཐོས་། །ཡབ་ཀྱིས་ཡུམ་ལ་ལྐོག་ཡུས་བརྡུང་བའི་ཚེ། །ངེད་མ་བུ་ལ་འདི་ཙམ་བྱེད་པ་ཡི། །ལས་མ་བྱས་གསུངས་པ་ཀུན་གྱིས་ཐོས། །ཡུམ་ལ་འཇའ་གུར་ཕུབ་པ་གཞན་འགས་མཐོང་། །མེ་མོ་ཡོས་ལོ་ཟླ་བ་བཅུ་པ་ཡི། །ཚེས་བཞིར་བལྟམས་ཚེ་དྲི་བཟང་ངད་ཆེན་ལྡང་། །ང་ནི་ཀརྨ་པ་ཡིན་ལན་གཉིས་གསུངས། །དེ་ཚེ་ཁང་ཐོག་འཇའ་ཟུག་མེ་ཏོག་བབ། །དེ་ཚེ་སིདྡྷཱ་སྤྲུལ་སྐུ་ཕྱོགས་དེར་ཕེབས། །ཡབ་ཀྱིས་མཇལ་ཞིང་བྱིས་པ་ཡོད་ཚུལ་ཞུས། །ཕྱག་སྒམ་ནང་ནས་ཤོག་དྲིལ་ཕྱུང་སྟེ་གཟིགས། །ཡབ་ཡུམ་མིང་ཅི་ཁང་པའི་ལྟག་འོག་ཏུ། །ཤུག་ཕུང་ཆུ་མིག་ཤར་བལྟས་ཨེ་ཡོད་གསུངས། །དེ་རྣམས་ཡོད་ཚུལ་ཞུས་པས་ཕྱོགས་མཐུན་འདུག །ཡབ་ལ་ཨ་བྱམས་ཡུམ་ལ་བླ་མ་མཚོ། །ཟེར་བ་འདུག་ཀྱང་རེ་ཞིག་གསང་གསུངས་ནས། །རིལ་བུ་ལ་སོགས་ཇ་འདྲེན་ཡིན་གསུངས་བསྐུར། །སྤྲུལ་སྐུ་ཡིན་ན་གསུངས་ཤིག་འབྱོན་འོང་གསུངས། །ཕུལ་བས་ན་བཟའ་ཇ་འདྲེན་བག་ཙམ་འཕྱིས། །


CMR004_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་ཧོཿ ང་ལ་ཐེ་ཚོམ་མ་བྱེད་དང་། ང་ནི་ཀརྨ་པ་ཞེས་གསུངས། །ལྷ་རྒོད་རྒྱལ་གྱི་བུ་མོ་དཔོན་གཡོག་གིས། །མཇལ་ཉིན་འཇའ་དང་མེ་ཏོག་ཆར་པ་བྱུང་། །ཨཱ་ལི་ཀཱ་ལི་ཡིག་དྲུག་གསུངས་པ་དང་། །རྟེན་དང་གྲྭ་སློབ་ངོས་འཛིན་དུ་མ་མཛད། །ས་སྒང་འཚོགས་པས་མཇལ་ཚེ་དབྱངས་གསལ་དང་། །ཡིག་དྲུག་གསུངས་ཤིང་སྡེ་ཕས་མཇལ་བའི་ཚེ། །སྐྱ་མའི་རང་བཞིན་ང་ལ་ནི། །སྐྱེ་འགག་གནས་དང་བྲལ་ཞེས་གསུངས། །ཡུམ་གྱིས་བརྡུང་ཚེ་ཨ་མ་ཁ་རོག་སྡོད། །ང་ལ་བདག་པོ་གཅིག་ནི་འོང་བར་ཡོད། །ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་གསུངས། །དེ་ནས་རི་བོ་ཆེ་སོགས་གདན་འདྲེན་བྱུང་། །ཟླ་བདུན་བཞེས་ཚེ་འཇིག་རྟེན་དབང་ཕྱུག་གིས། །རྒུན་འབྲུམ་སྡེར་གང་བུར་ལྡོག་གསུམ་ཕུལ་བས། །དགྱེས་ནས་བུར་རྡོག་གསུམ་ནི་སྐུ་གསུང་ཐུགས། །རྒུན་འབྲུམ་དུ་མ་རོ་གཅིག་གསུངས་ཤིང་བཞེས། །ཁྲོམ་ལ་ཕྱག་དབང་མཛད་ཅིང་ཡིག་དྲུག་གསུངས། །ལོ་བཞི་ལོན་ཚེ་ཀིས་ནོག་བླ་མ་ལ། །ང་ནི་ནཱ་རོ་པདྨ་འབྱུང་གནས་ཡིན། །ལན་རེ་ས་ར་ཧ་པ་ཡིན། །ལན་རེ་བྱམས་པ་མགོན་པོ་ཡིན། །གསུངས་ཤིང་བྱམས་པའི་བཞུགས་ལྟང་མཛད། །ཀརྨ་པ་ནི་ང་ཡིན་ཨ་མདོའི་


CMR004_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བུ། །ཟུར་མང་སྐུ་སྐྱེ་ཡིན་ཁོ་ང་ཡི་ནི། །གྲྭ་པ་ཡིན་ཞེས་ལ་སོགས་གསལ་བར་གསུངས། །སློབ་དཔོན་པདྨ་མཁའ་འགྲོ་གཉིས་བཅས་གཟིགས། །གཞི་བདག་རྟ་པ་གོ་ཁྲབ་དར་མདུང་ཅན། །རྐང་ཐང་བཅས་པས་བསུ་བར་སྣང་ངོར་གསུངས། །སྒར་དུ་བང་ཆེན་སླེབས་ཁར་དགུན་སྒང་ལའང་། །འབྲུག་སྒྲ་ཁུ་བྱུག་ལན་གསུམ་གྲག་པ་ཐོས། །རྒྱལ་ཚབ་སྤྲུལ་སྐུའི་དྲུང་ཉིད་བྱོན་ནས་ཀྱང་། །ཁྱེད་ཀྱི་ང་ལ་ཚད་མར་མི་འཛིན་པ། །གསུངས་ཤིང་བཀྱོན་དང་བུད་མེད་དཀར་མོ་ཡིས། །དུང་ཆེན་ཁྱེར་ནས་ངས་འདིར་ཁྱེར་བསྒྲགས་ཀྱང་། །ཚད་བྱེད་མ་ཉན་ཟེར་ཞེས་ཁྲོ་བ་དང་། །བུད་མེད་དམར་མོ་ཁྲོས་ནས་ཁྱོད་ཉིད་ནི། །རྫུན་མའི་ཁ་ཉིན་ད་ནི་ཁོ་མོ་ཡིས། །གྲིབ་ཀྱི་དྲག་པོའི་ནད་གཏོང་ཟེར་བ་གཟིགས། །དེ་ཕྱིར་ཤར་གྱི་སྤྲུལ་སྐུ་ངོས་འཛིན་མཛད། །དེ་ཚེ་རྒྱལ་ཚབ་སྤྲུལ་སྐུ་ཉི་མའི་སྟེང་། །ཆོས་གྲགས་རྒྱ་མཚོ་འོད་ཟེར་འཕྲོ་བ་གཟིགས། །དེ་མ་ཐག་ཏུ་རྒྱལ་རྗེའི་འབུལ་སླེབས་ཕུལ། །མེ་ཏོག་ཆར་དང་འཇའ་འོད་འབྲུག་སྒྲ་དང་། །སྔར་མ་མཐོང་བའི་ངོ་མཚར་བྱ་གཅིག་བྱུང་། །དེ་ཕྱིར་ཞལ་གཟིགས་མངོན་ཁྱེན་གྲངས་མེད་མཛད། །རྒྱལ་ཚབ་བཀྲ་


CMR004_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་རྣམ་རྒྱལ་དཔལ་བཟང་དང་། །གནྡྷོ་ལ་ཡི་དྲུང་དུ་གཙུག་ཕུད་ཕུལ། །སངས་རྒྱས་མཉན་པའི་དྲུང་དུ་དགེ་ཚུལ་དང་། །གདམས་ངག་མཐའ་དག་གསན་ཅིང་ཐུགས་དམ་བསྐྲུན་།དགྲ་གཅན་འཛིན་དངོས་ཆོས་གྲུབ་སེངྒེ་ཡི། །མཁན་པོ་ཀརྨ་འཕྲིན་ལས་སློབ་དཔོན་མཛད། །བསྙེན་པར་རྫོགས་ཤིང་བདུད་ལ་བ་སོགས་བསྟེན། །བདེ་བ་ཅན་གྱི་ཞིང་ཁམས་གཟིགས་པའི་ཚེ། །འོད་དཔག་མེད་དེ་སེར་པོར་འདུག་ཅེས་གསུངས། །ཟུར་མང་སྐུ་སྐྱེར་ཡི་གེ་བྲིས་གསུངས་ནས། །སངས་རྒྱས་འོད་སྲུང་ཡང་ང་ཡིན། །མར་མེ་མཛད་ཀྱང་ང་ཡིན། །བེར་ནག་ཅན་ཀྱང་ང་ཡིན། །ཞེས་གསུངས། །ཉིད་ཀྱི་འཁྲུངས་སར་ཚོགས་གཏོར་མཛད་པའི་ཚེ། །མདུན་རིའི་རྩེ་མོར་སློབ་དཔོན་པདྨ་ཡིན། །ང་ནི་པདྨ་འབྱུང་གནས་ཏེ། །ཁྱོད་ནི་རྒྱལ་བ་མཆོག་དབྱངས་སོ། །དབྱེར་མེད་རྡོ་རྗེ་འཆང་ཆེན་ཡིན། །གསུངས་པ་གསན་ཞིང་ས་སྒང་པས་བསྡུས་ཚེ། །ར་ཁྱུ་བཀག་མ་ཐུབ་པ་ཆག་ཕྱིར་འབྲང་བ་ན། །སྔོན་གྱི་འདུལ་འཕྲོ་ལྷ་འདྲེས་གླགས་ལྟ་བར། །དམ་ཅན་བྲན་དུ་བཀོལ་ནས་ཚར་བཅད་གསུངས། །ཕྱག་དྲུག་པ་དང་བེར་ནག་ཅན་ཡང་གཟིགས། །ལི་ཐང་མདུན་རིའི་རྩེ་རུ་


CMR004_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་བདག་ནི། །མཁའ་འགྲོ་མ་དེས་སྤྱན་དྲངས་ཞབས་རྗེས་བཞག །རབ་སྒང་བཞག་ར་ལྷ་རྩེས་སྲོག་སྙིང་ཕུལ། །ཆོས་གྲགས་རྒྱ་མཚོའི་ཞལ་ཆེམས་སློབ་མའི་ནང་། །བླ་མའི་འོས་མཐུན་མཛོ་ར་གཉན་པར་བསྔགས། །སྤྱན་སྔས་ཀྱང་ནི་དྲུང་འདིའི་བླ་མར་ནི། །མཉན་པ་གྲུབ་ཐོབ་འོས་ཕྱིར་གསུང་ཕྱིར་བསྟེན། །རྡོ་རྗེ་གདན་དུ་ཐུབ་དབང་ལྔ་སྡེ་གཟིགས། །མཉན་པ་གཤེགས་ནས་གདུང་དབྱངས་གསོལ་བཏབ་ཚེ། །ལྷ་ཆེན་དཔུང་པ་གཡས་པའི་ངོས་བྱོན་ནས། །ཟབ་རྒྱས་གསུང་འགའ་བྱོན་ནས་ཡབ་ལ་གཟིགས། །རྡོ་རྗེ་གྲོ་ལོད་གནས་གཟིགས་ཞབས་རྗེས་བཞག །གནས་སྒོར་སྒམ་པོ་དཔལ་བརྩེགས་དར་དཀར་ཕུལ། །ཞི་བའི་ཕྲིན་ལས་སྒྲུབ་པར་ཞུ་བ་ཕུལ། །དུས་མཁྱེན་ཉེ་གནས་བཅས་པ་ཞལ་ཡང་གཟིགས། །རབ་སྒང་གཞི་བདག་རྣམས་ཀྱིས་བསུ་བར་གཟིགས། །ཀརྨ་ལོ་ཙཱ་ལ་སོགས་བསྟེན་ནས་ཀྱང་། །སྒྲ་ཚད་སྡོམ་གསུམ་གཞུང་ལུགས་ཀུན་ལ་སྦྱང་། །དབུས་གཙང་མཁས་པ་ཐམས་ཅད་ཟིལ་གྱིས་མནན། །ཟབ་གནད་སྟོན་ཚེ་རྒྱུད་པའི་མན་ངག་དང་། །ཡེ་ཤེས་མཁའ་འགྲོའི་གསུང་ཞེས་སོ་སོར་སྟོན། །རྒྱ་ནག་སྤྱན་འདྲེན་བློན་ཆེན་དམག་


CMR004_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་བཅས། །བྱུང་ཚེ་རྒྱལ་པོས་གཤེགས་གཟིགས་མ་བྱོན་པས། །བློན་པོ་ཁྲོས་ནས་འབུལ་ནོར་ཕྱིར་ཁྱེར་བས། །བཀའ་ཆད་རྒྱ་ཡུལ་མེ་ཆུས་འཇིགས་ལ་ཐུགས། །བློན་པོ་བཀའ་བབ་མེ་ཏོག་བསྲུང་བར་བཀོས། །རྒྱ་ཡུལ་བཀའ་ཆད་བྱུང་ཞེས་སྒྲོགས་པ་བྱུང་། །ཤ་བ་རི་པ་སྨུག་ནག་རུས་རྒྱན་ཅན། །དངོས་སུ་གཟིགས་པས་རྟོགས་པ་དྲི་བ་གཟིགས། །དེ་ཚེ་ས་བཅུ་རྟོགས་པ་མགུར་དུ་བཞེངས། གཏེར་བུམ་རི་སྟེང་ཞབས་རྗེས་གསུམ་ཙམ་བྱུང་། །ཀླུ་རྒྱལ་རྒྱ་མཚོའི་ཕོ་བྲང་བྱོན་པའང་གཟིགས། །ཤམྦྷ་ལ་རུ་བྱོན་པས་ཤར་སྒོ་རུ། །འདི་ལྟར་འདུག་གིས་ཐང་སྐུ་རྒྱབ་ཡིག་མཛད། །རྡོར་སེམས་ཡུམ་བཅས་དཀྱིལ་འཁོར་ངོ་མཚར་གཟིགས། །དཔའ་བོ་ཀླུ་སྒྲུབ་ནག་པོ་པ་རྣམས་ནི། །གསལ་བར་གཟིགས་ནས་དམ་ཆོས་སོ་སོར་གསན། །རྒྱལ་བ་ཞལ་གཟིགས་དེ་ཡི་སྐྱེས་རབས་གསུངས། །ཉིད་ཀྱིས་གསུངས་ལས་བྱུང་བའི་རྣམ་ཐར་ལས། །ཁྱད་པར་འཇང་ནག་དཔུང་ཚོགས་ཞི་བར་བྱས། །ཧོར་གྱི་ཡུལ་དུ་ཚིག་མའི་ཆར་པ་ཕབ། །སོག་པོའི་རྒྱལ་པོ་ར་ཊུ་ཥ་པ་ལའི། །མཛེ་ནད་ཕྲིན་གྱིས་གསལ་བས་དྲིན་ལན་ཕུལ། །ཡུ་གུར་ཡུལ་དུ་དུག་སྦྲུལ་ཆེན་པོ་ལ། །ཡི་གེ་བསྐུར་བས་རྒྱ་


CMR004_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་ནང་དུ་བྲོས། །ཁ་ཆེའི་དབུས་ཉེར་དགེ་འདུན་འབུམ་སྡེ་ཡི། །མཁན་པོར་དགོས་ཞེས་དེ་ལ་འདི་སྐད་སྤྲིངས། །སྐྱེ་བ་ཕྱི་མར་སྒྲུབ་པར་དམ་བཅས་སོ། །ཞེས་གསུངས་སྤྲུལ་པ་རྒྱ་ནག་ཤམྦྷ་ལ། །ཁ་ཆེ་ཨོ་རྒྱན་བོད་ཡུལ་ཡོད་ཚུལ་གསུངས། །མི་ཏྲ་ཛཱ་ཀི་འདན་ཡུལ་ལ་སོགས་པར། །ལན་གསུམ་མཇལ་ཞིང་དམ་རྫས་གདམས་ངག་གནང་། །དགྲ་བཅོམ་རབ་ནག་ཅེས་བྱ་གཟིགས་པ་དང་། །ཚིགས་བཅད་ཀྱིས་བསྐུལ་བྱང་ཆུབ་དབུག་དབྱུང་མཛད། །སངས་རྒྱས་མཉན་པའི་སྐྱེས་རབས་ཅུང་ཟད་དང་། །སྐྱེ་བ་རང་སོ་ཤ་མཆོག་མི་འབྲལ་གསུངས། །ཟུར་རི་ལ་སོགས་ཆོས་སྡེ་དུ་མ་བཙུགས། །ཞག་ལྔར་སྐུ་ཡི་བདུད་རྩི་ག་པུར་དུ། །གྱུར་པས་བདུད་རྩི་རིལ་བུ་སྒྲུབས་ཤིག་གསུངས། །རཏྣ་བྷ་དྲ་ཀུན་དགའ་གྲོལ་ཆོག་དང་། །འབྲི་གུང་པ་སོགས་གུས་པས་དམ་ཆོས་ཞུས། །ཆིབས་པ་ཤི་བར་རིང་བསྲེལ་སིལ་བུས་གང་། །ཟུལ་ཕུའི་རི་རྩེར་ཆིབས་རྗེས་ཞབས་རྗེས་བྱུང་། །གཟས་འཛིན་ལ་བསྙད་ལུང་བསྟན་མང་པོ་མཛད། །དཀོན་མཆོག་འབངས་དང་བཞུགས་ཁྲི་ཁྱོད་མེད་མཛད། །བསམ་ཡས་ལས་མཁན་པ་ལ་སེམས་བསྐྱེད་གནང་། །རྟགས་བཅུ་


CMR004_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་བརྒྱད་སོགས་རྩ་རླུང་གི །གཟིགས་སྣང་ཕེལ་གྱིས་བློ་ལ་ཤོང་དཀའ་སྟེ། །མགོན་པོ་བེར་ཅན་འོག་ནས་མེ་ལྟར་འབར། །སྟེང་གི་བཀའ་བརྒྱུད་བླ་མ་སྤྲིན་ལྟར་གཏིབས། །བར་ན་ཡེ་ཤེས་མཁའ་འགྲོ་ཆུ་ལྟར་ཁོལ། །ཐམས་ཅད་སྤྱི་བོར་བླ་མ་འོད་གསལ་བ། །དེ་སོགས་ཡེ་ཤེས་གཟིགས་པ་མཐའ་ཡས་ཤིང་། །ཞང་གི་སྐུ་བརྒྱད་གུ་རུ་མཚན་བརྒྱད་དང་། །ཀརྨ་རབས་བརྒྱད་དབྱེར་མེད་གཟིགས་པ་ཡི། །དེ་ཡི་སྒྲུབ་ཐབས་བཀའ་རྒྱ་མ་ཡང་མཛད། །ཆུང་དུས་རྡོ་གཅིག་བཅག་ནས་ཡོལ་སྒོ་བར། །གནང་བ་བྱིན་ནས་དཔའ་བོར་གནང་བར་མཛད། །རྒྱ་ནག་ཡུལ་དུ་གསེར་ཡིག་པ་བཏང་བས། །རྫུན་མར་འདུག་ཟེར་ཆད་པ་གཅོད་བརྩམས་ཚེ། །དྲུང་ཉིད་ཞྭ་ནག་བཞེས་ནས་མངོན་སུམ་དུ། །བྱོན་པ་རྒྱལ་བློན་ཀུན་གྱིས་མཐོང་བ་དང་། །ཚེ་རིང་བྱ་ཡི་ཕོ་བྲང་བསྐོར་བ་བྱས། །དེ་ཕྱིར་ངོ་མཚར་སྐྱེས་ནས་བཀུར་སྟི་བྱས། །གདན་འདྲེན་བློན་པོ་སྒར་དུ་ཉེ་བ་ན། །སྤྲིན་གསེབ་དྲུང་ཉིད་ཞྭ་ནག་བཞེས་པ་མཐོང་། །ས་ཐམ་སྟེང་དུ་རྟ་དང་གླང་པོས་བཏུད། །ཉག་ཆུའི་དར་ལ་བྱོན་ཚེ་ཉག་རོང་པ། །མང་པོས་ནམ་མཁར་གཤེགས་པར་མཐོང་བ་དང་། །ནད་གདོན་ཉེན་


CMR004_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཆི་ཁ་ལ་སོགས་ཀྱི། །མདུན་དུ་སྐུ་དངོས་བྱོན་པའི་ལོ་རྒྱུས་མང་། །དགུང་ལོ་ཉེར་གཉིས་པ་ལ་མདོ་རྩ་དང་། །ཉེར་གསུམ་ཕར་ཕྱིན་ཉེར་བཞི་ཀ་ལཱ་པ། །ཉེར་དྲུག་མདོ་རྩའི་འགྲེལ་ཆེན་ཉེར་བདུན་ལ། །མཛོད་ཀྱི་ཊིཀ་ཆེན་ལ་སོགས་ཊཱི་ཀ་དང་། །གཞན་ཡང་མཇུག་ཊཱིཀ་སྙན་ངག་ང་བཞི་པ། །མ་ཧཱ་མཱ་ཡཱའི་འགྲེལ་ཆེན་ལ་སོགས་པ། །བཀའ་འབུམ་པུ་ཏི་སུམ་ཅུ་ལྷག་ཙམ་བཞུགས། །དགའ་ཚལ་བཤད་སྒྲུབ་གླིང་སོགས་བཤད་སྒྲུབ་ཀྱི། །ཆོས་སྡེ་འཕེལ་སྟོབས་ན་རིམ་ཀུན་ལས་ཆེ། །བསྙེན་རྫོགས་བདུན་ཅུ་ཙམ་རེ་ཕལ་ཆེར་བྱུང་། །བཤད་སྒྲུབ་གླིང་གི་ལྷ་ཆེན་ལ་སོགས་པ། །རིན་ཆེན་ལས་གྲུབ་ལྷ་ཆེན་མང་དུ་བཞེངས། །ཕྱག་རྫས་སོ་སོར་ཕྱེས་ནས་གཟིགས་རྟོགས་དང་། །སྤྲུལ་སྐུ་ཕྱི་མར་གཞོག་རྒྱུ་ཕྱག་དམ་མཛད། །དཔའ་བོས་ནག་རྒྱལ་ཕག་གསུམ་ལ་སོགས་པའི། །ཚོགས་དང་བུམ་ཆུས་སྐུ་ཁྲུས་འབུལ་སོགས་མཛད། །བིརླུ་པ་དང་ཏེ་ལོ་པ་གཉིས་ཀྱིས། །ཁོ་བོ་བཏེག་བྱུང་གསུང་སྟེ་བསྙེན་ཡང་མེད། །ཕྱག་རྩ་བདེ་ཞིང་ནམ་མཁའ་དག་པ་ལ། །འཇའ་དང་འོད་ཀྱིས་གང་བའི་ལྟས་དང་བཅས། །དགུང་ལོ་ཞེ་བརྒྱད་བཞེས་ཚེ་འོད་གསལ་


CMR004_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ངང་། །ཉེར་གསུམ་སྔ་དྲོ་ཞི་བའི་དབྱིངས་སུ་བཞུགས། །དེ་མ་ཐག་ཏུ་ཡར་སྟོད་ལམ་ཁ་ཡི། །གྲོང་ཞིག་ཏུ་ནི་དམ་ཅན་དཔོན་གཡོག་གཉིས། །མངོན་སུམ་ཇ་བཀོལ་ཚ་ཕོག་བྱས་ནས་ཀྱང་། །རྟ་ལ་ཞོན་ནས་དེ་ཡིས་འདི་སྐད་དུ། །རྗེ་ཐམས་ཅད་མཁྱེན་པ་ཀརྨ་དུ་གཤེགས་པ་འདྲ། །ཁྱོད་ཀྱི་ད་ལྟ་ལྟོས་ཤོག །དེ་གཤེགས་ན་བོད་ལ་མཐའ་དམག་འོང་། །ཞེས་ཟེར་དེ་མ་ཐག་ཏུ་ཡལ་ལོ་སྐད། །གདུང་བཞུས་ཚེ་ན་མེ་ཉིད་རང་འབར་བྱུང་། །རིན་ཐང་མེད་པའི་མཆོད་རྟེན་ཆེན་པོ་བསྒྲུབས། །དཀོན་མཆོག་འབངས་དང་གྲགས་པ་དཔལ་འབྱོར་དང་། །སི་ཏུ་ཆོས་ཀྱི་འོད་ཟེར་ལ་སོགས་པ། །སྐྱེས་ཆེན་སློབ་མ་དཔག་ཏུ་མེད་པ་བྱོན། །མི་བསྐྱོད་རྒྱལ་བའི་ཞབས་ལ་སྐྱབས་སུ་མཆི། །ཞེས་ཨ་རཱ་གས་སོ། །སརྦ་མང་ལཾ། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཆོས་དབང་ལྷུན་གྲུབ་རྣམ་ཐར།


CMR004_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ་འོད་དཔག་མེད་པའི་སྤྲུལ་པའི་སྐུ། །ཐུགས་རྗེ་ཆེན་པོས་འཛམ་གླིང་འདུལ་བ་ལ། །འཕགས་པའི་ཡུལ་དུ་ཕྱི་ནང་པཎྜི་ཏ། །ལྔ་བརྒྱ་ཕྲག་གཉིས་གྲུབ་མཐའ་རྩོད་པ་ལས། །ཕྱི་རོལ་རྒྱལ་བས་དེ་ཚེ་ནང་པ་ཡི། །དཀོན་མཆོག་ལ་ནི་གསོལ་བ་བཏབ་པའི་མཐུས། །ཐུགས་རྗེ་ཆེན་པོའི་འོད་ཟེར་རྒྱལ་པོ་ཡི། །བཙུན་མོའི་ལྷུམས་སུ་ཞུགས་པས་ཁྱེའུ་ནི། །སྐྱེས་མ་ཐག་ནས་སྒྲ་ཚད་སྨྲ་བ་འཁྲུངས། །འཇམ་དཔལ་བྱིན་རླབས་ངག་གི་དབང་ཕྱུག་ཐོབ། །ལོ་བདུན་ལོན་ནས་མུ་སྟེགས་ཕམ་པར་བྱས། །པཎ་ཆེན་ཤེས་རབ་འབྱུང་གནས་ཞེས་སུ་གྲགས། །ཆོས་གྲགས་སེང་བཟང་པདྨ་འབྱུང་སོགས་བསྟེན། །མཆོག་གི་དངོས་གྲུབ་བརྙེས་ནས་རིང་དུ་བཞུགས། །ནཱ་རོའི་དུས་སུ་ནུབ་སྒོའི་སྲུང་མ་མཛད། །དེ་ནས་དུར་ཁྲོད་སོ་ས་གླིང་བཞུགས་ཚེ། །ཨོ་རྒྱན་གནས་ནས་ཕག་མོའི་འོད་ཟེར་གྱི། །འཁོར་ལོ་སྡོམ་པར་བསྒྱུར་ནས་ཐུགས་ཀར་ཐིམ། །སླར་ཡང་ཧྲི༔ཡིག་དམར་པོ་སྤྲོས་ནས་ཀྱང་། །རྒྱལ་པོའི་སྲས་མོར་འཁྲུངས་ཏེ་རབ་ཏུ་བྱུང་། །དགེ་སློང་མ་ནི་བདེ་སྐྱོང་བཟང་མོར་གྲགས། །ཇོ་བོ་ནཱ་རོ་གསེར་གླིང་པ་སོགས་བསྟེན། །ཉིན་མོ་སྡེ་སྣོད་ཆོས་སྟོན་དགེ་སློང་


CMR004_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

མ། །མཚན་མོ་གནས་ཆེན་ཀུན་ཏུ་ཚོགས་དཔོན་མཛད། །དེ་ཚེ་ཀེ་རེ་ཞེས་བྱའི་མུ་སྟེགས་པ། །ཚངས་སྤྱོད་དྲང་ཕྱིར་སློབ་མ་གསུམ་བཏང་བས། །བུ་མོར་བསྒྱུར་ནས་སླར་ཡང་ཁོ་ཉིད་འོངས། །ཕག་མོར་བཞེངས་ནས་ཁྱབ་འཇུག་མནན་མཐོང་བས། །མུ་སྟེགས་དུག་སྦྲུལ་དག་ཏུ་སྤྲུལ་འོང་བ། །ཕག་ཞལ་ཁྱུར་མིད་བཏང་སྟེ་བྷ་གར་བསྟོན། །ཁོ་ཡི་རྫུ་འཕྲུལ་ཉམས་པས་སྦྲུལ་དུ་གྱུར། །འཁོར་གྱི་མུ་སྟེགས་ཐམས་ཅད་ནང་པར་བཙུད། །འཁོར་ལོ་སྡོམ་པའི་ཐུགས་ཀར་འོད་དུ་ཐིམ། །སླར་ཡང་ཧཱུྃ་གི་རྣམ་པར་སྤྲོས་ནས་ཀྱང་། །རྒྱལ་པོ་སྲས་བདུན་ལྡན་པའི་བུ་མོར་འཁྲུངས། །འདོད་དགུའི་སྦྱིན་པར་བཏང་ཞིང་ཁྱད་པར་དུ། །སྟོང་གི་སྟོབས་ཅན་གླང་པོ་ས་འགུལ་ཡང་། །བྲམ་ཟེར་སྦྱིན་པས་ཡབ་ཀྱི་ཆད་པ་བྱུང་། །གནས་ནས་དབྱུང་ཚེ་ཞིང་སྐྱོང་མཁའ་འགྲོ་ཡིས། །སྤྱན་དྲངས་རྐང་གླིང་ཞེས་བྱའི་དུར་ཁྲོད་དུ། །དཀྱིལ་འཁོར་ལྷ་ཚོགས་ཀུན་གྱིས་དབང་ཡང་བསྒྱུར། །རྣལ་འབྱོར་རོལ་པའི་ཡེ་ཤེས་བྱ་བར་གྲགས། །རི་བོ་རྩེ་ལྔའི་འཇམ་དཔལ་ཐུགས་ཀ་ནས། །འོད་བྱུང་འཇམ་དཔལ་ཉིད་གྱུར་ཐུགས་ཀར་ཐིམ། །སླར་ཡང་ཐུགས་ལས་འོད་ཟེར་མང་པོ་འཕྲོས། །གཅིག་ནི་བྷ་


CMR004_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གར་ལ་སོང་ཕག་མོའི་སྐུ། །རང་བྱོན་བདུད་རྩིས་རྒྱུན་ནི་འབབ་པར་བྱུང་། །གཅིག་ནི་ས་ཡུལ་ཐུགས་རྗེ་ཆེན་པོའི་སྐུ། །མ་ཧེའི་ཞོ་ཡི་མཆོད་པ་གཅིག་བྱོན་གྱུར། །གཅིག་ནི་བོད་ཡུལ་གཡེ་ཆུང་ཞེས་པ་རུ། །ཐུགས་རྗེ་ཆེན་པོའི་སྐུ་སྟོད་གསལ་བར་བྱོན། །གཅིག་ནི་བོད་ཡུལ་སོང་བ་ལ་གཟིགས་ནས། །བོད་ཡུལ་སེར་སྤྲིན་ལྟ་བུར་གནག་པ་ལ། །གཡས་ཀྱི་རལ་གྲི་ལན་གཉིས་བརྒྱབ་པ་ལས། །ལྷོ་ཕྱོགས་ངོས་དེ་དཀར་དང་ཝལ་གྱིས་བྱུང་། །དེ་གཉིས་དཔལ་ལྡན་སངས་རྒྱས་རང་པ་དང་། །ཆོས་རྒྱལ་རིན་ཆེན་གླིང་པ་གཉིས་ཡིན་ནོ། །གཡོན་གྱི་ཨུཏྤལ་མཐའ་ཞིག་བཙུགས་བཞག་པས། །གསེར་དངུལ་རྡོ་རྗེ་ཁ་ཊཾ་གས་མཚན་པའི། །ཨུཏྤ་ལ་ནི་བཅུ་གཅིག་བྱུང་བ་ནི། །རིན་ཆེན་གླིང་པས་བུ་ཆེན་ཡིན་གསུངས་ཀྱང་། །སྐྱེ་བ་ཕྱི་མ་ཡིན་པར་མི་འགལ་ཞེས། །གཙུག་ལག་ཕྲེང་བ་ཉིད་ཀྱིས་གསུངས་པར་མཛད། །དེ་ནས་ཧཱུྃ་ཡིག་དཀར་པོའི་རྣམ་པར་སྤྲོས། །ལོ་རོར་སྐྱེས་པས་བླ་མས་ལུང་བསྟན་ནས། །པཎ་ཆེན་ཤེས་རབ་འབྱུང་གནས་ཞེས་སུ་བཏགས། །སྟེང་པ་ལོཙྪ་སྐྱོབ་པ་ཐང་པ་བསྟེན། །མཁས་པ་སངས་རྒྱས་རོང་སྟོན་ཆེན་པོར་གྲགས། །དུས་གཅིག་


CMR004_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཡི་བཀོད་པ་རྣམ་བཞི་བསྟན། །ཐུགས་རྗེ་ཆེན་པོའི་འོད་ཀྱིས་ཐུགས་ཀར་དྲངས། །སྣང་བ་དག་པས་ནམ་མཁར་ཡལ་ནས་ཀྱང་། །ལྷུང་བཟེད་ཆོས་གོས་ས་ལ་ལྷུང་བར་མཐོང་། །ཧྲཱིཿཡིག་རྣམ་པས་ལོ་རོར་ལྷུམས་སུ་ཞུགས། །མཚན་མོ་བལྟམས་ཚེ་ཉི་ཤར་འདྲ་བའི་འོད། །བྱུང་བ་རྨི་ལམ་པདྨ་འབྱུང་གནས་སོགས། །གྲུབ་ཐོབ་མང་དུ་བྱོན་ནས་གདམས་པ་གསུངས་།དགུན་སྒང་མེ་ཏོག་ཁ་དོག་ལྔ་ཁ་རྙེད། །ལྷ་ས་བཅུ་གཅིག་ཞལ་གྱི་གཏེར་བསྲུང་མཛད། །དེ་ཚེ་བྱང་སེམས་ཀུན་དགས་ཁ་བྱང་ཕུལ། །ཀ་རོ་བྲག་ནས་ལྔ་ལྡན་ལ་སོགས་བཏོན། །བླ་སྒྲུབ་མཛད་པས་བླ་མ་སྤྲུལ་སྐུ་གཟིགས། །ལུང་བསྟན་བཞིན་དུ་རྒྱ་གར་ཡུལ་དུ་བྱོན། །ཀ་མ་ཏ་ཡི་རྒྱལ་པོའི་མཆོད་གནས་མཛད། །ཆུ་ཆེན་བསྒྲོད་ཚེ་གློ་བུར་གྲུ་ཞིག་པ། །བདེན་ཚིག་བརྗོད་པས་སླར་འདུས་བདེ་བར་ཐར། །ཉི་ལམ་དུ་མར་མི་མེད་ནགས་སྟོང་དུ། །ལྷ་འདྲེ་གཅན་གཟན་དུག་སྦྲུལ་གྱིས་གང་བར། །རོ་སྙོམས་སྤྱོད་པར་བརྟེན་ན་ཡུད་ཀྱིས་བྱོན། །ཆུ་ཡིས་བསྐོར་བའི་དབུས་སུ་བྱེ་མའི་ཐང་། །དེ་དབུས་པ་ཊ་ལ་ཞེས་བྱེ་མའི་རི། །ཨ་རུ་ར་སོགས་སྣ་ཚོགས་ཤིང་སྐྱེས་པ། །རྩེ་མོར་རྡོ་ཡི་ལྷ་ཁང་ཆུང་ངུའི་


CMR004_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ནང་། །ཉམ་ང་མེད་པར་གྲགས་ཉི་མདོར། །རྡོ་ཡི་རང་བྱོན་ཐུགས་རྗེ་ཆེན་པོའི་སྐུ། །དུས་བཟང་བདུད་རྩིའི་ཟིལ་པ་འཛག་པར་མཇལ། །དེ་ནས་བསྒྲོད་དཀའི་ལམ་བགྲོད་པདྨའི་གནས། །སུ་ཀ་ར་ཏི་ཞེས་བྱ་ནགས་ཁྲོད་དབུས། །འཛང་དཀར་ཤེལ་དང་འདྲེས་པའི་ཕ་བོང་ནི། །གུར་ཕུབ་ལྟ་བུའི་སྒྲུབ་ཕུག་ངོ་མཚར་ཅན། །དཀྱིལ་འཁོར་མང་པོ་རང་བྱོན་ཡོད་སར་ཕྱིན། །པཎྜི་ཏ་ཡི་དཀར་པོའི་འཁོར་ཉིད་དུ། །བུ་མོ་གཞོན་ནུ་བཅས་པའི་དབང་བཞི་བསྐུར། །ལོ་གསུམ་སྒྲུབ་པ་མཛད་པས་ལོངས་སྐུ་འགྲུབ། །དེ་ནས་འཇིགས་རུང་ལམ་བགྲོད་ཙམ་པ་ན། །ཕ་ཝང་རུས་སྦལ་ནག་པོ་ཞེས་བྱ་བ། །ཀླུ་བདུད་གནས་ནས་བདེ་ཆེན་སྐོར་གསུམ་བཏོན། །གཏེར་སྒྲུབ་མཛད་པས་བླ་མ་ཆོས་སྐུ་འགྲུབ། །ཇོ་ཀི་མངོན་ཤེས་ཅན་གཅིག་གུས་བཏུད་ནས། །ཁོང་གིས་ཆོས་སྐལ་རྒྱ་ཡིག་ཤོག་དྲིལ་བྱིན། །བོད་དུ་བྱོན་པས་འགྲོ་དོན་དཔག་མེད་བྱུང་། །སྤྱིར་ཡང་འོད་དཔག་མེད་དང་པདྨ་འབྱུང་། །ཉིད་དང་ངོ་བོ་དབྱེར་མེད་རོ་གཅིག་ཀྱང་། །སྐུ་དངོས་བདེ་བ་ཅན་དུ་སེམས་དཔའི་ཚུལ། །སྤྲུལ་པ་ལྔ་ཡི་འགྲོ་དོན་བྱེད་འབྱུང་གསུངས། །སླར་ཡང་པདྨའི་ཐུགས་ཀའི་


CMR004_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་ལས། །འཇོལ་སྣང་ཞེས་བྱར་ངོ་མཚར་ལྟས་བཅས་འཁྲུངས། །ཆུང་ངུའི་དུས་ནས་མགུར་དང་མངོན་མཁྱེན་གསུངས། །སྔོན་གྱི་ཤོག་དྲིལ་སྦས་པ་བཏོན་པ་དང་། །སློབ་དཔོན་པདྨའི་ཆོས་གཏེར་དུ་མ་རྙེད། །ཕྱག་རྗེས་ཞབས་རྗེས་དུ་མ་བཞག་པར་མཛད། །གཞོན་ནུར་གཤེགས་པས་འཕྲིན་ལས་ཆུང་ངུར་གྱུར། །དེ་ནས་རྒྱལ་མཚན་དཔལ་བཟང་བྱ་བར་འཁྲུངས། །སྔོན་གནས་གསལ་བར་གསུངས་པས་ཐེ་ཚོམ་ཆོད། །སྒྲུབ་པ་གཙོ་བོར་མཛད་ཅིང་ཉེར་གཅིག་གཤེགས། །དེ་ནས་ཡར་ལུང་སྟོད་དུ་འཁྲུངས་མ་ཐག །སྔོན་གནས་དུ་མ་དྲན་ཅིང་དེར་འགྲོ་གསུངས། །ཆུང་དུས་ཕུར་པའི་སྐུ་ཡང་ཕྱག་གིས་བཏོན། །རྒྱུན་དུ་འོད་དང་ཐིག་ལེ་ལྷ་སྐུར་གཟིགས། །ཡུམ་གྱིས་དད་ཚེ་སེ་ཕུང་ཕྱག་བརྗེས་བཞག །ལྷུན་བདེ་རབ་འབྱམས་དྲུང་དུ་ཆོས་ལ་བྲོས། །ཁོ་བོས་གུ་རུ་ཆོས་དབང་མཇལ་རྨིས་པས། །ཁྱོད་ལ་ཆོས་འབྱུང་ལྷུན་གྲུབ་ཐོགས་ཞེས་གསུངས། །ཉིན་མཚན་སྒྱུ་མར་འདྲེས་པས་གསང་སྤྱོད་མཛད། །ལྷ་སར་ཐུབ་པ་གཙོ་འཁོར་གསུམ་པོ་གཟིགས། །རབ་བྱུང་མཛད་པས་ཇ་སུན་ཡུན་ལ་སྐམ། །ཕྱག་དྲུག་པ་དང་ཕག་མོ་ཞལ་ཡང་གཟིགས། །ཟངས་མཚོར་ཕེབས་


CMR004_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་འཇའ་འོད་མཁའ་འགྲོས་བསུས། །ཐུགས་དམ་གཙོ་བོ་མཁའ་འགྲོ་སྙིང་ཐིག་སྟེ། །སྔོན་མ་གྲགས་པར་རྒྱུད་ཚིག་མང་པོ་དང་། །མ་འོངས་ལུང་བསྟན་མང་པོ་ཐོལ་བྱུང་གསུངས། །མཚོ་ལ་ཐོགས་མེད་བྱ་ལྟར་འབྱོན་པ་དང་། །ཕྱག་རྗེས་ཞབས་རྗེས་བཞག་པས་དཔའ་བོར་གྲགས། །བསམ་གྲུབ་རྩེ་ཡི་བྱེ་གླིང་ཤིང་ཁྲོད་ན། །འཇའ་འོད་མེ་ཏོག་མཁའ་འགྲོ་འདུ་བར་གཟིགས། །སངས་རྒྱས་སྟོང་ལ་གསན་པའི་གདམས་ངག་གནང་། །ཆུ་མིག་དངུལ་བུམ་རྩ་རུ་བུད་མེད་གཅིག །ཤེལ་ཕྲེང་ཕུལ་བས་ཆུ་ལ་ཐོགས་མེད་བྱོན། །འཇོལ་སྣང་བྱོན་ཚེ་སྔོན་གནས་དུ་མ་གསུངས། །དུད་སོལ་མ་དང་དར་ཐོད་ཅན་རྣམས་ཀྱིས། །སྤྱན་དྲངས་གྲོ་བོ་ལུང་གི་ཕྱོགས་སུ་བྱོན། །ལྷ་མོའི་སྐུ་འབག་རྒྱ་གར་མ་ཡི་དྲུང་། །གཏོར་མ་འབུལ་བས་ཐུགས་འུར་ནས་ལྕགས་བྲབ། །བཀའ་བཀྱོན་མཛད་པས་ཕྱི་ནང་གནས་གཞི་ཕུལ། །ཁྱེད་རྣམས་ཆོས་བརྒྱུད་ཀརྨར་འདྲིལ་བར་གྱིས། །གསུངས་ནས་ཚེས་བཞིའི་ཐོ་རངས་ཞི་བར་གཤེགས། །གཟིམས་གུར་འཇའ་འོད་རྒྱུན་ཟུག་མེ་ཏོག་བབ། །གདུང་བཞུས་ཚེ་ན་རླུང་གིས་ཉལ་ཉིལ་ཕྱགས། །འབྲུག་སྒྲ་གྲག་ཅིང་ཆར་གྱིས་ཆག་ཆག་


CMR004_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་། །ནམ་མཁར་ཁ་དོག་སྣ་ཚོགས་འཇའ་ཡིས་ཁེངས། །མེ་ཏོག་སྣ་ཚོགས་ཁ་བ་ལྟར་དུ་བབ། །ཆེ་གྲྭ་རྣམས་ནི་གན་དཀར་ཙམ་རང་བབ། །དབུ་ཀླད་སྤོས་ཤེལ་ལྟ་བུ་རིང་བསྲེལ་སྤྲས། །ཁ་སར་པཱ་ཎིའི་སྐུ་དང་རིབ་ལྕི་བའི། །རིང་བསྲེལ་རྒྱ་མདུད་ལྟ་བུ་ངོ་མཚར་བ། །གདུང་ཚྭ་རྣམས་ལའང་རིང་བསྲེལ་བྱོན་པ་མང་། །དུས་མཆོད་འཛིན་པ་རྣམས་སུའང་མེ་ཏོག་བབ། །རི་ཁྲོད་རས་ཆེན་ལ་སོགས་གྲུབ་ཐོབ་པའི། །སློབ་མ་ངོ་མཚར་ཆེ་བ་མང་དུ་བྱོན། །ཆོས་དབང་ལྷུན་གྲུབ་ཞབས་ལ་གུས་ཕྱག་འཚལ། །མངྒ་ལཾ། །ཞེས་ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

གཏེར་ཁ་གོང་འོག་རྣམ་ཐར།


CMR004_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཁ་གོང་འོག་གི་སྐྱེས་རབས་རྣམ་ཐར་བསྡུས་པའོ། །ན་མོ་གུ་རུ་མཉྫའི་ཡེ། །འཇམ་དཔལ་སྤྲུལ་པ་སར་གནས་བྱང་ཆུབ་སེམས། །ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི། །སྤྲུལ་པ་གཏེར་སྟོན་མངའ་བདག་ཡབ་སྲས་ཀྱི། །སྐྱེས་རབས་རྣམ་ཐར་མདོར་བསྡུས་འདི་ལྟ་སྟེ། །རྒྱ་གར་བྷ་ག་ལ་ཡི་ལྷོ་ཕྱོགས་སུ། །རྒྱལ་པོ་ཆོས་ལྡན་བྱ་བར་སྐྱེས་པའི་ཚེ། །རབ་ཏུ་བྱུང་སྟེ་དགེ་འདུན་སྟོང་ཚོ་སྐྱོང་། །གསང་འདུས་ལ་སོགས་གསང་སྔགས་རྒྱུད་སྡེ་ཉན། །འོད་མའི་ཚལ་དུ་ཐུགས་ཆེན་ལོ་དྲུག་བསྒྲུབ། །ཕྱག་སྟོང་ཞལ་གཟིགས་ལུང་བསྟན་ཐོབ་གྱུར་པས། །སྲས་དང་འཁོར་འབངས་ཐུགས་རྗེའི་བསྟན་ལ་བཙུད། །ཐུགས་རྗེ་ཆེན་པོའི་གཙུག་ལག་ཁང་བཞེངས་ནས། །སུམ་འབུམ་རྩ་གཅིག་ཐུགས་རྗེའི་བསྟན་ལ་བཙུད། །དེ་ནས་མཐའ་ཁོབ་གར་པ་ཟངས་གླིང་དུ། །རྒྱལ་བུ་སོ་ལ་གར་པར་བྱ་བར་སྐྱེས། །ཡུལ་གྱི་ལྟད་མོ་ལྟ་རུ་བྱོན་ཙམ་ན། །སྒྱུ་མ་མཁན་གྱི་སྒྱུ་མའི་ལོངས་སྤྱོད་མཐོང་། །དེ་ལ་ཆགས་པས་སྒྱུ་མ་བསླབས་པས་ཤེས། །སླར་ཡང་སྒྱུ་མ་སེམས་སུ་ངོ་སྤྱད་པས། །སྒྱུ་མ་ལྟ་བུའི་ཏིང་འཛིན་རང་དབང་ཐོབ། །འཇམ་དཔལ་ཞལ་མཐོང་སྒྱུ་མ་མངོན་


CMR004_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་གིས། །རྒྱུད་གསུངས་ཆོ་འཕྲུལ་བསྟན་པའི་མཆོད་རྟེན་བཞེངས། །སྒྱུ་མའི་དོན་བསྟན་ལྔ་འབུམ་བདེ་ལ་བཀོད། ༢ །དེ་ནས་ལྷོ་ཕྱོགས་ཨར་པ་གླིང་དུ། །རྒྱལ་བུ་ཨུ་བྷི་ས་འཛིན་བྱ་བར་སྐྱེས། །རབ་བྱུང་འཁོར་ནི་དགེ་འདུན་ཉིས་སྟོང་ལྷག །ཕྱག་རྡོར་ཁྲོ་བཅུའི་ཞལ་ནས་གདམས་པ་གསུངས། །འཇམ་དཔལ་བཤེས་གཉེན་མཇལ་ཏེ་ཨ་ཏི་ཉན། །དགེ་འདུན་ཕལ་ཆེར་རྡོ་རྗེ་ཐེག་པར་བཀོད། །ཞི་ཁྲོ་ལ་སོགས་གཙུག་ལག་ཁང་བཞི་བཞེངས། །སྒྱུ་འཕྲུལ་སྒྲུབ་ཆེན་བྱས་ནས་འཁོར་ཚོམ་བུ། །འབུམ་ཕྲག་བདུན་ནི་བདེ་ཆེན་ས་ལ་བཀོད་། ༣ །དེ་ནས་ཤོང་ཁམས་ཕམ་མཐིང་གཙུག་ལག་ཏུ། །རྒྱལ་བུ་དྷརྨ་ར་ཙ་བྱ་བར་སྐྱེས། །རྒྱལ་སྲིད་སྐྱོང་ཞིང་བུ་མོ་མུ་ཏིག་ལ། །བྱས་པའི་སྐྱེས་ལེན་གཙུག་ལག་ཁང་བཞེངས་པའི། །རབ་གནས་སློབ་དཔོན་ཟླ་བ་གྲགས་པས་བྱས། །དེ་ཡི་དྲུང་དུ་དབུ་ཚད་མཁས་པར་སྦྱངས། །ཕག་མོ་དངོས་མཇལ་རྒྱུད་དང་གདམས་པ་གསུངས། །ཡང་ལེ་ཤོད་དུ་བསྒྲུབས་པས་གྲུབ་པ་བརྙེས། །འཁོར་ཚོགས་ཚོམ་བུ་དང་བཅས་བདེ་ལ་བཀོད། ༤ །དེ་ནས་སིང་ག་ལ་ཡི་གནས་སུ་ནི། །རྒྱལ་བུ་ཨ་དར་ཕ་ལ་ཞེས་བྱར་སྐྱེས། །ཆོས་ཁྲིམས་


CMR004_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ཚོགས་སྒྲུབ་པའི་ཁྲིམས་བཅས་ཏེ། །སྟོང་ཕྲག་གཉིས་ནི་དྲི་མ་སྦྱང་དུ་བཅུག །སྟོང་ནི་ཡོ་ག་གསུམ་ལ་སྦྱང་དུ་བཅུག །ཁྲི་ནི་མཚན་ཉིད་སྡེ་གསུམ་སྦྱང་དུ་བཅུག །ཐུགས་རྗེའི་ལྷ་ཁང་མཆོད་རྟེན་བརྒྱ་རྩ་བརྒྱད། །དུས་གསུམ་སངས་རྒྱས་གསེར་སྐུ་བཞེངས་མཛད་ནས། །ཡུལ་གྲུ་ཆེན་པོ་ལྔ་ནི་བདེ་ལ་བཀོད། ༥ །དེ་ནས་མདོ་སྨད་གཙོང་ཀའི་སྒོ་ལྔའི་མཐིལ། །ཨེ་སྣང་འོད་སྐྱེས་བྱ་བར་སྐྱེས་པ་ན། །ནོར་མང་ཁྱེར་ཏེ་བོད་ཡུལ་དབུས་སུ་བྱོན། །ལོ་ཆེན་རིན་བཟང་མཇལ་ཏེ་རབ་ཏུ་བྱུང་། །སྒྲ་དང་མདོ་སྔགས་སྦྱངས་ནས་ཁམས་སུ་བྱོན། །བཅོ་བརྒྱད་ལོ་ལ་བསྒྲུབས་པས་ཡང་དག་མཇལ། །ཕ་སྤུན་རྣམས་ཀྱིས་ཡུལ་གཞིས་བཅུ་དྲུག་འཕྲོག །གཤིན་རྗེའི་འཁོར་ལོ་བསྐོར་ནས་ཟླ་གསུམ་ནང་། །དགྲ་ཡ་བརྒྱ་དང་སུམ་ཅུ་ཐམ་པ་ཤི། །སྦྱངས་སྒྲུབ་ལྷ་ཁང་བཞེངས་ནས་ལོ་བསྒྲུབས་བྱས། །ཤི་ཚད་སྒོ་ཁྱི་ཡན་ལ་རིང་བསྲེལ་བྱུང་། །ཆོས་འཁོར་བཅུ་གསུམ་སྐོར་ནས་འཁོར་ཚོགས་ནི། །བཞི་ཁྲི་བདེ་བའི་ལམ་ལ་བཀོད་པའོ། ༦ །དེ་ནས་ལ་སྟོད་པུ་རང་གྲུ་སྒ་རུ། །བསོད་ནམས་རིན་ཆེན་འབྱུང་ཞེས་བྱ་བར་སྐྱེས། །ཟུར་ཆེན་ཤཱཀ་འབྱུང་དམ་པ་རྒྱ་གར་ལ། །ཞི་བྱེད་


CMR004_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་ལ་སོགས་མང་དུ་གསན། །གྲྭ་པ་བརྒྱད་ཅུ་ཁྲིད་ཞུས་སུམ་བརྒྱ་བྱུང་། །རྟ་མགྲིན་ཞི་ཁྲོའི་མཆོད་རྟེན་ལ་སོགས་བཞེངས། །བསྙེན་སྒྲུབ་དཔག་མེད་འཁོར་མང་བདེ་ལ་བཀོད། ༧ །དེ་ནས་མི་ཡུལ་སྡེ་བཙུགས་གཙུག་ལག་ཏུ། །བྲམ་ཟེ་དྷ་རི་བྷེ་ཞེས་བྱ་བར་སྐྱེས། །སྒྱུ་མའི་དམག་གིས་དམ་ཆོས་གདམས་པ་བསྟན། །བསྒོམས་པས་གྲུབ་ཐོབ་རྫུ་འཕྲུལ་སྣ་ཚོགས་བསྟན། །ཐུགས་རྗེའི་ཞལ་མཐོང་ཡིག་འབྲུ་སྒྲུབ་ལུང་གནང་། །ལི་ཡུལ་ཐུགས་རྗེའི་བསྟན་དང་བདེ་ལ་བཀོད། །ཐུགས་རྗེ་ཆེན་པོའི་གཙུག་ལག་བརྒྱ་རྩ་བཞེངས་། །དེ་ནས་རྒྱ་ནག་ཤོ་དྷ་ཀེ་རར་སྐྱེས། །ཡབ་ནི་ཇི་གང་འཕྲུལ་གྱི་རྒྱལ་པོ་ལ། །རྩིས་ཀྱི་རྒྱ་གཞུང་བསླབས་པས་མཁས་པར་གྲགས། །རྒྱ་ས་བཞག་ནས་རི་བོ་རྩེ་ལྔ་རུ། །ཟླ་དྲུག་འཇམ་དབྱངས་བསྒྲུབས་པས་ཞལ་མཐོང་སྟེ། །ལུང་བསྟན་བྷི་མ་མི་ཏྲས་དབང་ལུང་གནང་། །རྒྱ་ཡུལ་ཆོས་གསུངས་འབུམ་ཕྲག་བདེ་ལ་བཀོད། །༩ །དེ་ནས་རྒྱ་ནག་བྱེ་མ་དྷ་ལ་རུ། །རྒྱལ་རིགས་ལྷ་རི་མུ་ཀ་ཤ་རུ་སྐྱེས། །ལྷོ་ཕྱོགས་དཔལ་གྱི་རི་རྩེར་པཎྜི་ཏ། །འབུམ་ཕྲག་གསུམ་པར་དམ་ཆོས་མང་དུ་བསླབས། །ནཱ་རོ་པ་ལ་རྒྱུད་ཞུས་དགྱེས་རྡོར་ཉན། །


CMR004_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་པ་དང་པཎ་ཆེན་ཟླ་སེང་བསྟེན། །རྣམ་འཇོམས་ཞལ་མཐོང་རྩ་རླུང་ལས་སུ་རུང་། །ལས་རྒྱ་བཅོ་ལྔ་དང་བཅས་སྤྱོད་པར་གཤེགས། །ཨ་ཙ་ར་ཡི་གདམས་ངག་ཟླ་ཆོས་བསྟན། །རྒྱ་གར་དུར་ཁྲོད་བཞི་རུ་བསྒྲུབས་པ་ཡིས། །ཁྲོས་མ་ཞལ་མཐོང་ལུང་བསྟན་ལྷ་ཁང་བཞེངས། །རྣལ་འབྱོར་མང་པོ་གེགས་གསལ་བདེ་ལ་བཀོད། ༡༠ །དེ་ནས་ཟ་ཧོར་སིང་ང་ཡུལ་དུ་སྐྱེས། །ཡབ་ནི་དགའ་ལྡན་གནས་སུ་དངོས་སུ་གཤེགས། །རྒྱལ་ས་བཟུང་ནས་ཕར་ཕྱིན་དྲུག་ལ་བཀོད། །ལྷ་ཁང་སྟོང་བཞེངས་ཐུགས་རྗེའི་སྤྲུལ་པ་འཁྲུངས། །རྒྱལ་ས་གཏད་ལ་ཐུགས་རྗེ་ཆེན་པོ་སྒྲུབ། །འཇམ་དཔལ་ཞལ་མཐོང་རྒྱུད་དང་གདམས་ངག་གསུངས། །མཁས་པར་གྱུར་ནས་ཟ་ཧོར་བདེ་ལ་བཀོད། ༡༡ །དེ་ནས་ཤར་ཕྱོགས་ཏི་སེ་ག་ཏའི་ཡུལ། །རྒྱལ་བུ་པཎ་དྲི་ཞེས་བྱ་བར་སྐྱེས། །ཇོ་བོ་རྗེ་སོགས་བླ་མ་མང་དུ་བསྟེན། །ཐུགས་རྗེ་ཆེན་པོ་ཟླ་དྲུག་བསྒྲུབས་པས་མཇལ། །སྒྲོལ་མ་དམར་མོ་བསྒྲུབས་པས་ཞལ་མཐོང་ཞིང་། །ཟླ་གསུམ་བསྒྲུབས་པས་ཕྱག་རྡོར་ཞལ་དངོས་མཐོང་། །ཕུར་པ་བསྒྲུབས་པས་ཞལ་མཐོང་ཡབ་ཀྱིས་ནི། །སྐུ་རིམ་བྱས་པས་བརྒྱ་དང་བཅུ་གསུམ་


CMR004_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ། །མུ་སྟེགས་རྩོད་པ་ངན་སྔགས་ཐམས་ཅད་ཟློག །རྒྱལ་ས་བཟུང་བས་རྒྱལ་བུ་ཉེར་བཞི་བྱུང་། །ཐམས་ཅད་ཇོ་བོ་རྗེ་ལ་རིབ་ཏུ་བྱུང་། །དེ་དག་ཐམས་ཅད་གྲུབ་ཐོབ་ཤ་སྟག་བྱུང་། །དེ་རྗེས་རྒྱལ་བུ་གཙུག་ཏོར་དགུ་པ་འཁྲུངས། །སྲས་མོ་དེ་ཡིས་རྫོགས་ཆེན་ཆོས་རྣམས་གསུངས། །སྦྱིན་བཏང་ལ་སོགས་འགྲོ་དོན་དཔག་མེད་མཛད། ༡༢ །དེ་ནས་ལྷོ་བྲག་གཏམ་ཤུལ་གསེར་མགོན་དུ། །ཉང་རྗེ་ཏིང་འཛིན་བཟང་པོའི་གདུང་རིགས་ནི། །ཆོས་འཁོར་དང་ནི་པདྨ་བས་རྩལ་མའི། །སྲས་སུ་ཤིང་འབྲུག་ལ་འཁྲུངས་སྒྲོལ་མ་དང་། །པད་འབྱུང་མཁའ་འགྲོ་སྡེ་བཞིས་ཆོས་ལ་བསྐུར། །ཆུང་ངུའི་དུས་སུ་ཡབ་ཆོས་འབྲི་ཀློག་མཁན། །དགོང་ལོ་བཅུ་གསུམ་པ་ལ་ཕུར་པ་དང་། །ཐུགས་རྗེ་ཆེན་པོ་འགྲུབ་པས་ཕྱག་ཞབས་རྗེས། །ཟངས་ཀྱི་ཕུར་པས་རྟ་སྐད་འཚེར་བ་བྱུང་། །ཡབ་དང་རྒྱལ་སྲས་ཁ་འབུ་ཡ་ལེ་དང་། །གྲུབ་ཐོབ་དངོས་གྲུབ་ལ་སོགས་ཆོས་རྣམས་གསན། །མཁའ་འགྲོས་རྡོ་རྗེ་རྩེ་ལྔ་འདྲ་བའི་བྲག །གནས་དེར་སོང་གསུངས་སྨྲ་འོར་བྱོན་ནས་བཞུགས། །ཉི་ཤར་ལྟོས་ཤིག་ཟེར་བའི་སྒྲ་ཐོས་བལྟས། །རྣལ་འབྱོར་རས་གོས་རུས་རྒྱན་ཅན་ཞིག་འདུག །ནང་དུ་གདན་


CMR004_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ཚ་བ་ཤ་ཆང་དྲངས། །སྲིན་མོ་སྦར་རྗེས་ཟེར་བའི་བྲག་ལེ་ཡོད། །འཁོན་མཐིང་ལྷ་ཁང་བྱ་བ་ཨེ་ཡོད་ཟེར། །ཡོད་ཞུས་དེ་ན་སློབ་དཔོན་པདྨ་ཡིས། །སྦས་་པའི་གཏེར་ཡོད་ཁྱོད་རང་ཐོན་ཅིག་གསུངས། །ང་ནི་ནམ་མཁའི་རྣལ་འབྱོར་པ། །དབང་ཕྱུག་རྡོ་རྗེ་བྱ་བ་ཡིན། །བུ་ཁྱོད་ལས་དང་སྐལ་པར་ལྡན། །པདྨས་དབང་དང་ལུང་གིས་སྐྱོབས། །གསང་སྔགས་ཟབ་མོའི་ཆོས་རྣམས་ཀུན། །ད་ལྟ་མཁའ་འགྲོའི་ལག་ན་ཡོད། །གསོལ་བ་ཐོབ་ལ་མྱུར་དུ་ལོངས། །ཞེས་གསུངས་ཁ་བྱང་ཡང་བྱང་གནད་ཡིག་གཏད། །ཁོ་བོ་དབྱེ་ཕྱོགས་འགྲོ་གསུངས་སྐྱེལ་ཐུང་བྱས། །དེ་ནས་མི་སྣང་འཇའ་ལྟར་ཡལ་བར་གྱུར། །གཞན་ཡང་གཏེར་སྟོན་གྲྭ་པ་མངོན་ཤེས་ཅན། །རཀཱ་གཏེར་སྟོན་གཉིས་ཀྱིས་ཁ་བྱང་གཏད་།སྲིན་མོའི་སྦྱར་རྗེས་བྲག་ནས་མ་མགོན་དང་། །ཐུགས་རྗེ་ཆེན་པོའི་དམ་རྫས་ལ་སོགས་བཏོན། །མཚོ་རྒྱལ་སྤྲུལ་པས་སྟག་སྒྲོམ་དངོས་སུ་གཏད། །དེ་ནས་མཁའ་འགྲོའི་སྒྲུབ་སྐོར་ལ་སོགས་བྱོན། །མཁོན་འཐིང་ལྷ་ཡི་ཕྱག་མཛུབ་ཆད་པ་དེ། །ཚོང་པས་ཁྱེར་བ་ཕུལ་ནས་གནད་བྱང་བྱུང་། །སྒྲོམ་སྨུག་སྒྲོམ་སྐྱ་གཉིས་ནས་བདེར་འདུས་དང་། །རྟ་


CMR004_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་བཀའ་སྲུང་རྟ་མགྲིན་སྐུ་སོགས་བྱོན། །གཞན་ཡང་མཆིམས་ཕུ་ཤམ་པོ་ལྷ་ས་སོགས། །གཏེར་གནས་བཅུ་གསུམ་གཏེར་སྣ་དཔག་མེད་དེ། །གཏེར་འབྱུང་ཚངས་པས་དྲ་བ་བྱ་བར་གསལ། །རྨི་ལམ་བུ་མོ་བཞི་ཡིས་ལྡེའུ་མིག་གཏད། །གཏེར་སྒོ་ཕྱེས་ལ་སློབ་མ་སྐྱོངས་ཤིག་ཟེར། །པད་འབྱུང་ཞག་བདུན་བསྒྲུབས་པས་དངོས་སུ་མཇལ། །བདེར་འདུས་དཀྱིལ་འཁོར་མངོན་སུམ་སྤྲུལ་མཛད་ནས། །དབང་བསྐུར་རྒྱུད་བཤད་གདམས་པ་མ་ལུས་གནང་། །བདེར་འདུས་སྨན་སྒྲུབ་མཛད་ཚེ་མངོན་སུམ་དུ། །སྨན་གྱི་ལྷ་མོས་ཨ་རུ་ར་ནི་ཕུལ། །མཚོ་རྒྱལ་དངོས་སུ་ཅི་འདོད་གསུང་པ་ལས། །དམ་ཆོས་ཞུས་པས་མཁའ་འགྲོའི་ལུང་བསྟན་སྐོར། །ཞུ་ལན་བརྒྱ་རྩའི་དཔེ་ཆ་དངོས་སུ་གནང་། །བསིལ་བ་ཚལ་དུ་ཁྲིད་པས་ཨོ་རྒྱན་རྗེ། །ཚངས་པ་ལྷ་ཡི་མེ་ཏོག་གླེགས་བམ་གསུངས། །ཀེང་རུས་ཁྲིར་བཞག་གྲུབ་ཆེན་དགུ་པོ་ཡི། །བཀའ་བརྒྱད་སྤྱི་དང་བྱེ་བྲག་དབང་རྫོགས་གནང་། །ཡི་དམ་དབང་འདུས་ཆོས་སྐྱོང་བྲན་དུ་ཁོལ། །ཕྲིན་ལས་ཚད་མེད་རྒྱས་ཤིང་སློབ་མ་ནི། །བྷི་མ་ལ་ཡི་ཐུགས་སྲས་གཉིས་དྲག་རྒྱལ། །དེ་ལ་སྒྲུབ་པ་བཀའ་བརྒྱུད་བཀའ་བབས་སོ། །ཞིག་པོར་


CMR004_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིར་ཐུགས་རྗེ་སྲོང་བཙན་ལུགས། །སྲས་པོ་ཆེ་བ་མི་བསྐྱོད་རྡོ་རྗེ་ལ། །ཐུགས་རྗེ་ཆེན་པོ་པད་དཀར་ལུགས་བཀའ་བབས། །སྨན་འོན་པ་ལ་གསང་སྐོར་བཀའ་བབས་ཏེ། །སེ་སྟོན་ཁྲི་མཆོག་བྱིན་རླབས་དབང་བཀའ་བབས། །དེ་ལྔ་བཀའ་བབས་བུ་ཆེན་ལྔ་ཞེས་གྲགས། །སྲས་པོ་ཆུང་བ་སྤྱན་གཟིགས་སྤྲུལ་པ་སྟེ། །མངའ་བདག་འགྲོ་མགོན་ནམ་མཁའ་པ་ཞེས་གྲགས། །དེ་ལ་ཡོངས་རྫོགས་བཀའ་བབས་གཏེར་རྣམས་གཏད། །གདན་སར་བཀོས་ནས་ཞལ་གདམས་རྫུ་འཕྲུལ་བསྟན། །རེ་དགུའི་ལོ་ལ་གཤེགས་ཚེ་འདས་མ་ཐག །གདུང་གིས་ཐུགས་ཀར་ཧཱི༔ཡིག་དཀར་པོ་ཞིག །བདེ་བ་ཅན་གྱི་ཞིང་དུ་གཤེགས་པར་གྱུར། །ཞིང་དེར་བཀོད་པ་ཚད་མེད་ཞིང་འདས་དབུས། །རྨ་བྱ་ཉི་ཟླ་པདྨའི་གདན་སྟེང་དུ། །སྣང་བ་མཐའ་ཡས་པདྨ་སྤྱན་ཆེན་པོ། །རྡོ་རྗེ་སྐྱིལ་ཀྲུང་མཉམ་བཞག་ཚེ་བུམ་འཛིན། །ཐུགས་ཀར་ཧཱུྃདེ་མར་ལ་མར་བཞིན་ཐིམ། །རིག་པ་ཆོས་ཉིད་དབྱིངས་སུ་ཐིམ་གྱུར་ཀྱང་། །སོ་སོར་རྟོག་པའི་གསལ་ཆ་མ་འགག་ཅིང་། །ཕྱོགས་འཛིན་མེད་པར་ཤེས་རབ་ངང་ལ་བཞུགས། །གང་འདུལ་སྤྲུལ་པས་མཁའ་མཉམ་འགྲོ་བ་འདྲེན། །ཁྱད་པར་


CMR004_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་རྒྱ་གར་ཤར་ཕྱོགས་སུ། །རྣལ་འབྱོར་པར་གྱུར་བཀོད་པ་སྣ་ཚོགས་སྟོན། །གསུང་སྤྲུལ་གུ་རུ་ཆོས་དབང་གཏེར་ལ་སྤྱོད། །ཐུགས་སྤྲུལ་མ་གྲོ་མཚོ་དང་ཉེ་བའི་སར། །ཌའི་བུདྡྷ་ཛྷཱ་ནའི་སྲས་གྱུར་ནས། །ཉི་ཤུ་རྩ་བཞིའི་ཡུལ་དུ་སྤྱོད་པ་མཛད། །སྤྲུལ་པ་དེ་གསུམ་དུས་ཤིག་འབྱུང་བ་སྟེ། །ཡན་ལག་སྤྲུལ་པ་སྟོང་ཕྲག་དྲུག་སྟོང་འགྱེད། །དེ་ལས་གྱེས་པའི་སྤྲུལ་པ་སྟོང་ཕྲག་ནི། །ཁྲི་འབུམ་ཡལ་ཡོལ་འགྲོ་དོན་མཛད་པར་གསུངས། །ཚིག་ལོའི་གདུང་བཞུས་མེ་སྦར་མ་ནུས་ཚེ། །རང་བྱུང་མེ་འབར་མེ་ལས་འཇའ་ཚོན་བྱུང་། །ནུབ་ཕྱོགས་ཟུག་ཅིང་འཇའ་ཚོན་དཀར་པོ་ཞིག །ལྷ་སའི་བཅུ་གཅིག་ཞལ་གྱི་ཐུགས་ཀ་དང་། །གདུང་ཁང་གཉིས་པོ་འབྲེལ་བར་ཟུག་པ་མཐོང་། །གདུང་ཁང་ཁྱེའུ་ལོ་བརྒྱད་རྒྱན་ལྡན་ཞིག །ཧ་རི་ནི་ས་སྒྲོག་ཅིང་མཁའ་འགྲོས་བསྐོར། །དེ་འདྲ་ཀུན་གྱིས་ཡོངས་སུ་མཐོང་བ་དང་། །ཐུགས་ལྗགས་དབུ་སྐྲ་མ་ཚིག་རིང་བསྲེལ་མང་། །དེ་ནས་སྲས་པོ་ཁྲི་པས་སྐུ་ཡི་རྟེན་། །རིགས་གསུམ་མགོན་པོ་མི་ཚད་བལ་ཡུལ་དུ། །བཞེངས་ནས་སྤྱན་དྲངས་གསུང་རྟེན་མདོ་མང་དང་། །གསར་རྙིང་རྒྱུད་འབུམ་བཞེངས་ཤིང་ཐུགས་རྟེན་ནི། །གདུང་འབུམ་


CMR004_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་གྲོལ་བཞེངས་པའི་རབ་གནས་ལ། །པཎ་ཆེན་ཤཱཀ་ཤྲཱི་སྤྱན་དྲངས་ཆོས་འཁོར་བཙུགས། །གཙུག་ཕུད་ཕུལ་ནས་རབ་བྱུང་ཞུས་པ་ཡི། །ཕྲིན་ལས་འདི་ཀ་ཆེ་གསུངས་མ་གནང་ངོ་། །ཡོན་ཏན་རྟེན་ལ་ར་རིས་ཐོག་ཚད་མ། །བརྒྱ་དང་བརྒྱད་བཞེངས་ཕྲིན་ལས་རྟེན་ལ་ནི། །རྡོ་རྣམས་ཤམ་པོའི་གང་ནས་ལུག་ཁྱུ་ལྟར། །ནམ་མཁར་དེད་ནས་ལྷ་སར་ཆུ་རིག་བརྩིགས། །མངའ་བདག་འགྲོ་མགོན་འདི་པ་ཤཱཀྱ་ཤིས། །སྤྱན་རས་གཟིགས་ཀྱི་སྤྲུལ་པར་ལུང་བསྟན་མཛད། །གུ་རུ་ཆོས་དབང་ལ་སོགས་སློབ་མ་མང་། །གདུང་རྒྱུད་རིགས་གསུམ་སྤྲུལ་པར་ལུང་བསྟན་མཛད། །དེ་ཡི་སྲས་མོ་མངའ་བདག་བློ་ལྡན་ནི། །འཇམ་དབྱངས་སྤྲུལ་པར་ངེས་ཤིང་དེ་ཡི་སྲས། །མངའ་བདག་བདུད་འདུལ་གསང་བདག་སྤྲུལ་པ་སྟེ། །མི་རབས་བརྒྱད་དུ་ཕ་རྗེས་བུ་སླེབས་གསུངས། །།གཏེར་ཁ་འོག་མ་གུ་རུ་ཆོས་དབང་ནི། །སྔོན་ཚེ་སྙག་བོན་རྙ་རིང་ཞེས་བྱ་བའི། །རྒྱལ་པོ་ཁྲི་སྲོང་ཐོག་གིས་གསོད་ཅེས་ཟེར། །དེ་ཚེ་པད་འབྱུང་བི་མ་བེ་རོ་ཡི། །སློབ་མ་སྔགས་པ་སང་རྗེ་བཙན་ཁྲོམ་དེས། །རྒྱལ་པོའི་མཁར་རྩེར་ང་ཡི་གདན་ཤོམ་ཟེར། །ཁྲི་བཤམས་བཞུགས་པས་སང་


CMR004_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་ཉིན་ཕྱེད་ལ། །དུས་གཅིག་ཐོག་ལྔ་བརྒྱབ་བྱུང་སྡིགས་མཛུབ་ཀྱིས། །བླངས་ཏེ་བོན་པོའི་གྲོང་ལ་རྒྱབ་པས་བརླགས། །རྒྱལ་པོས་ཡུལ་ཁང་བདུན་དང་ཁྱད་ནོར་ཕུལ། །དེ་ཡི་སྲས་པོ་རིག་འཛིན་སྙིང་པོ་ནི། །ཡ་འདུལ་ལྷ་ཁང་རྣམས་ཀྱི་མཆོད་གཉེར་མཛད། །མཁོན་མཐིང་ལྷ་ཁང་མཆོད་དུ་བྱོན་པའི་ཚེ། །དཔོན་ཆེན་སྦྱང་པས་བྱ་རྒྱལ་ལྷ་ཁང་གིས། །ས་འདུལ་རབ་གནས་ཞུས་ནས་ནོར་གཞིས་ཕུལ། །ཚེ་རབས་སྔ་མའི་ཡུལ་ཡིན་གསུངས་ནས་བཞུགས། །དེ་ནས་བཟུང་སྟེ་སྔགས་རྒྱུད་ནུས་ལྡན་ནི། །བར་མ་ཆད་དུ་བྱོན་པའི་གདུང་རྒྱུད་དེ་། །པད་སྟོང་ཉེར་དྲུག་དེ་ཡི་ཇོ་མོ་འདས། །སླར་ལ་ལེན་པར་བསྒྲོས་ཚེ་རྨི་ལམ་དུ། །ཌཱ་ཀི་སྲིང་མོའི་གཟུགས་སྤྲུལ་ལུང་བསྟན་པ། །མཁའ་འགྲོ་གར་གྱི་དབང་མོ་མ་ཇོ་གྱིས་ཤིག་ཟེར་། །དེ་སུ་ཡིན་བྱས་པས། འཁྲུལ་པ་ནུབ་ཕྱོགས་རི་འདབ་ན། །འགྲོ་འདུལ་འཁོར་བའི་ཆ་ལུགས་འཛིན། །བུད་མེད་དཀར་མོ་སྙིང་ཁ་ན། །ཡི་གེ་ཧེ་ཡི་རབ་ཏུ་མཚན། །དེ་ཉིད་བསྟེན་གྱུར་ཉི་མ་འཆར། །བདག་ནི་ཏཱ་རེ་ཏུཏྟ་རེ། །ལུང་ལ་ཐེ་ཚོམ་ཁྱོད་མ་ཟ། །ཟེར་ནས་སངས་རྒྱས་འོད་སྲུང་བྱམས་པ་གཉིས། །ཆོས་བགྲོའི་བར་དུ་ཤད་ཀྱིས་སོང་བ་


CMR004_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རྨིས། །དེ་ནས་འཕུར་ཆེན་འཕུར་ཆུང་ལ་སོགས་པ། །འཕུར་ནུབ་གྲུབ་ཐོབ་རྒྱུན་དུ་འཁྲུངས་པ་ཡི། །དཀར་ཟ་མགོན་སྐྱིད་བླངས་པས་ཡུལ་དེ་ཡི། །རྨི་ལམ་ཉི་ཟླ་།ཁ་སྦྱོར་སྤྱི་བོར་ཐིམ། །ལྷ་ཡི་བདུད་རྩི་བླུད་ཅིང་མི་དཀར་པོ། །མདའ་དར་གཏད་ཅིང་འདི་སྐད་ཟེར་བ་རྨིས། །འཇིག་རྟེན་པད་མགོན་བསྐྱེད་བྱེད་མ། །ཉི་ཟླའི་དབང་པོ་ཁྱོད་ལ་ཡོད། །འོད་ནི་མུན་པའི་སྨག་རུམ་འདྲ། །ཡེ་ཤེས་སྒྲོན་མར་ད་ཐེག་ཞིག །ཡུམ་གྱི་ནད་ཞི་ལྷུམ་ནས་ཨ་ཡིག་གསུངས། །སྤྲེལ་ལོར་མཚན་བརྗོད་གསེར་གྱིས་བྲི་བ་ཡི། །ཚིག་མཚམས་ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ཟེར་བ་ཕྱ་པས་ཆོས་ཀྱི་དབང་ཕྱུག་བཏགས། །ཡུམ་གྱིས་ལོ་དགུ་ལོན་དུས་མ་མ་ཞིག །ཁྱོད་ལ་བུ་གཅིག་སྐྱེ་བ་དེ་ཡི་མིང་། །འཇམ་དཔལ་མཚན་བརྗོད་ལ་ནི་གྲས་པ་ཐོགས། །གསུངས་པ་ཡིན་ཟེར་འཇམ་དཔལ་རྡོ་རྗེ་བཏགས། །མི་མཐོང་པས་ནི་ལྷ་འདྲེ་ཐམས་ཅད་ཀྱིས། །མཆོད་ཅིང་འདུག་ཟེར་འཇིག་རྟེན་དབང་ཕྱུག་བཏགས། །སྔོན་ཚེ་ཡབ་ཀྱིས་སངས་རྒྱས་རྟ་མགྲིན་བསྒོམས། །བདག་གིས་རབ་བྱུང་བྱ་ཞེས་ཞུས་པ་ལ། །ཁྱིམ་པ་གྱིས་དང་བྱང་ཆུབ་སེམས་དཔའ་ཡི། །གདུང་རྒྱུད་མི་


CMR004_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་དགེ་སློང་སྡེ་བརྒྱ་ལས། །བྱང་སེམས་གཅིག་གི་འགྲོ་དོན་ཆེའོ་གསུངས། །རིགས་གསུམ་མགོན་པོ་ཕུར་པའི་རྒྱུད་ཞུས་ཚེ། །ཁྱོད་ཀྱི་བུ་ལ་ཕྲིན་ལས་འབྱུང་ངོ་གསུངས། །ཞིང་གི་དགེ་བས་ལྷོ་ན་ཁྱོད་ལ་ནི། །རང་དང་འདྲ་བས་བུ་ཞིག་འོང་ངོ་གསུངས། །དེ་ནི་གྲྭ་པ་མངོན་ཤེས་ཅན་གྱིས་ཀྱང་། །ཟབ་མོ་ཐུགས་ཀྱི་གཏེར་གཅིག་མ་འདི་ནི། །ལྷོ་བྲག་འཇམ་དཔལ་ཞེས་བྱས་ཉོན་ནས་གསུངས། །དགོང་ལོ་བཞི་ནས་འབྲི་ཀློག་ཐམས་ཅད་དང་། །སྒྲ་རིགས་བཅུ་གསུམ་འཇིག་རྟེན་བསྟན་བཅོས་བཅུ། །སྒྲུང་འབུམ་གླུ་གར་བསྟན་ཆོས་བརྒྱ་དང་བཞི། །བོན་གྱི་གཞུང་ཆེན་བདུན་ཅུ་དོན་ལྔ་དང་། །མདོས་ཆེན་བརྒྱ་དང་སྔགས་ཀྱི་ཐིག་རྩའི་སྐོར། །ཕུར་པ་པོད་བཞི་ལ་སོགས་དཔྱིས་ཕྱིན་པ། །དགུང་ལོ་དགུ་པ་ཡན་ལ་མཁྱེན་པར་གྱུར། །དགུང་ལོ་བཅུ་པར་ཕྱག་རྡོར་ལུགས་དྲུག་གསན། །བསྒྲུབས་པས་དགུན་ལ་བུམ་ཆུ་ཁོལ་བར་གྱུར། །གཤིན་རྗེའི་གཤེད་དང་ཕུར་པའི་བསྙེན་སྒྲུབ་མཛད། །བཅུ་གཅིག་སྒྱུ་འཕྲུལ་དབང་ལུང་མན་ངག་སྦྱོར། །བཅུ་གཉིས་ལོ་ལ་སྒྲུབ་ཐབས་བརྒྱ་རྩ་སོགས། །མཁྱེན་ཅིང་ཡི་གེ་བརྒྱ་པའི་སྒྲུབ་པ་མཛད། །བཅུ་ལ་མ་གཤིན་ཡང་དག་རྟ་མགྲིན་


CMR004_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཐུགས་རྗེ་ཆེན་པོ་ལུགས་གཉིས་གསན་ཅིང་བསྒྲུབ། །དེ་ཀུན་ཡབ་ལ་གསན་ཅིང་མཁས་པར་སྦྱངས།། །བཅུ་གསུམ་ཉམས་སྣང་སྒྲོན་མ་ཁྲིད་བྱས་ནས། །ཤེལ་མཁར་དགུ་ཐེག་རྩེར་བསྐྱལ་རྡོར་སེམས་མཇལ། །དེ་ནི་ཌཱ་ཀི་ཞལ་བཞི་ཡོད་པ་གཅིག །ཞལ་བཞི་དག་ནས་ལུང་བསྟན་བཞི་གསུངས་ནས། །མདའ་དར་སྒྲོ་ལྔ་ཡོད་པ་གཅིག་གཏད་ནས། །བོད་ལ་ཉི་མ་ཤར་གསུམ་ཉིད་ལ་ཐིམ། །བཅུ་བཞི་ནས་བརྩམས་མྱང་སྟོན་ས་པཎ་སོགས། །བླ་མ་མང་བསྟེན་ཚད་མ་མངོན་པ་སོགས། །སྤྱོད་འཇུག་ཞི་བྱེད་ཕྱག་ཆེན་ཆོས་དྲུག་སོགས། །གསར་རྙིང་གཏེར་གསུམ་ཆོས་ལ་སྦྱངས་པ་མཛད། །ས་པཎ་ལ་ནི་སེམས་བསྐྱེད་ཆོས་ཞུས་ནས། །རྨི་ལམ་འཇམ་དཔལ་མཇལ་ནས་ཆོས་སྒོ་བསྟན། །མདོར་ན་ཉིད་ཀྱི་གསུང་དོན་མདོར་བསྡུས་ནས། །དང་པོ་བདེན་བཞིའི་སྒོར་ཞུགས་རང་དོན་དུ། །གདམས་ངག་བདག་མེད་མངོན་སུམ་རྟོགས་པར་བྱས། །དེ་ནས་རྟེན་འབྲེལ་བཅུ་གཉིས་སྒོར་ཞུགས་ནས། །ཆོས་ཀྱི་བདག་མེད་ཕྱོགས་གཅིག་རྟོགས་པར་བྱས། །དེ་ནས་ཕར་ཕྱིན་སྒོར་ཞུགས་བདག་མེད་རྟོགས། །བྱ་བའི་སྒོར་ཞུགས་སྐྱེ་འགག་མེད་དོན་


CMR004_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས། །སྤྱོད་པའི་སྒོར་ཞུགས་སྐྱེ་འགག་ལྷ་རུ་རྟོགས། །ཡོ་གའི་སྒོར་ཞུགས་མཆོག་གསུམ་རྒྱུད་སྦྱངས་བྱས། །མ་ཧཱའི་སྒོར་ཞུགས་སྣང་སྲིད་ལྷ་རུ་རྟོགས། །ཨ་ནུའི་སྒོར་ཞུགས་གཉིས་མེད་རང་བྱུང་རྟོགས། །ཨ་ཏིའི་སྒོར་ཞུགས་འཁོར་འདས་གཉིས་མེད་རྟོགས། །ཞེས་གསུངས་དོན་མཐུན་ཐེག་པ་དགུ་ལ་སྦྱངས། །ཁྱད་པར་གླང་ཐང་སྒྲོལ་མའི་གཏེར་ཡིག་སོགས། །ལུང་བསྟན་མང་དུ་འཛོམ་ཞིང་བསམ་ཡས་ནས། །གྲྭ་པ་མངོན་ཤེས་གཏེར་མ་ཁ་བྱང་དེས། །ལྷ་བཟང་འཇམ་དཔལ་བྱ་བས་འདོན་བརྩམས་པས། །ཤི་ཤིང་དེ་རྗེས་སྔགས་པ་མང་པོ་ཡིས། །འདོན་པར་བརྩམས་ཚེ་ཐོག་སེར་བྱུང་ནས་བྲོས། །ཁ་བྱང་དེ་ཉིད་རིམ་པར་ཕྱག་ཏུ་བྱུང་། །ཡབ་ལ་གཟིགས་ཕུལ་བཀའ་བཀྱོན་བྱས། །ཐམས་ཅད་བརླགས་པའི་བརླག་ཤོག་འདིས་ཅི་བྱ། །ཁྱོད་ཀྱི་འཆི་ཉོ་ཟེར་ནས་འཕྲོག་ཏེ་སྦས། །ཕྱི་དུས་བརྐུས་ནས་རྟོགས་ལྡན་གཅོད་པ་ཞིག །གྲོགས་བཙལ་ཆུ་སྦྲུལ་རང་ལོ་ཉེར་གཉིས་པར། །གནམ་སྐས་ཅན་ནས་ཁ་བྱང་ལྡེའུ་མིག་ཐོན། །རྨི་ལམ་བཏགས་པས་ལྷ་ཁང་གོ་བཅབ་ལ། །མི་ནག་གཅིག་གིས་རེག་ནས་ནོར་ལོང་ཟེར། །མཁའ་འགྲོ་མ་རུ་སྤྲུལ་ནས་གཏད་བརྒྱ་


CMR004_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲོལ། །སྒོ་ཕྱེས་བྱ་ཁྱུང་ཁ་ནས་མེ་འབར་བྱུང་། །སྐུ་ལུས་བསྲེགས་ནས་ཐུགས་རྗེ་ཆེན་པོར་གྱུར། །ཁྱུང་དེ་ཞོན་ནས་འཇའ་སྤྲིན་བཅུ་གསུམ་ཡང་། །རྡོར་སེམས་ཤེལ་གྱི་ཁྱེའུ་རྣམ་པ་ཡི། །ཐུགས་ཀ་སྤྱི་མགྲིན་བར་སྣང་ཨ་ཀར་མཚན། །དེ་ཡི་བུམ་དབང་བསྐུར་ཞིང་བདུད་རྩི་བླུད། །རྡོར་སེམས་ཨར་ཐིམ་ཨ་གསུམ་གཅིག་ཏུ་ཐིམ། །ཨ་དེ་ཐུགས་ཀར་ཐིམ་པས་རྟོགས་པ་སྐྱེས། །བུམ་པ་དེ་ཉིད་ལག་ཏུ་གདའ་བར་ཁྱེར། །ཁྲི་མཐོན་སྟེང་སླེབས་རང་གི་བུ་བཅུ་དྲུག །བུ་མོ་བརྒྱད་དང་སྐྱ་སེར་དཔག་མེད་ལ། །བུམ་པ་ནང་གི་བདུད་རྩི་སྤྱད་རྨིས་པས། །ཁྲོ་ཆུའི་ཀླུ་བདུད་གཟུགས་ཅན་ཟངས་སྒྲོམ་ནས། །བླ་རྫོགས་ཐུགས་གསུམ་ལ་སོགས་མཐའ་ཡས་བཏོན། །གནམ་སྐས་ཅན་དང་བྲག་ཕྲེང་རྟ་མགྲིན་ཞབས། །མོན་མཁར་སྟེང་དང་རྟ་མགྲིན་དབེན་བརྩེའི་སྒོ། །ཁོ་ཡི་གཤེད་དམར་རྟ་མགྲིན་སྒྲོལ་ཆོས་དང་། །སྲས་མཁར་སྐྱ་བོ་ཕུག་རིམ་ཕྱག་ཐེབ་ལ། །བསམ་ཡས་ཨརྱ་ལྕགས་ཕུར་མོན་བུ་ཐང་། །རྩིས་ཀྱི་ལྷ་ཁང་རང་བྲག་ཧ་བོ་གངས། །རང་གབ་དོན་གྱི་གཏེར་དང་བཅས་པ་ཡི། །གཏེར་ཁ་བཅོ་བརྒྱད་གཏེར་འབྱུང་ངོ་མཚར་ཡོད། །ཕལ་ཆེར་གཏེར་


CMR004_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བཀུག་ནས་དམ་ལ་བཏགས། །འདོན་མཁན་གཞན་དག་བཏང་བ་ཆས་མང་ཞིང་། །རང་གི་འདོན་ཡང་མི་གཞན་དཔང་པོར་བཞག །དེ་ཕྱིར་ཐམས་ཅད་ཡིད་ཆེས་རྩོད་པ་བྲལ། །དང་པོ་གསང་ནས་བཏོན་ཡང་ཀུན་གྱིས་ཐོས། །ཡབ་ལ་གཟིགས་ཕུལ་མཉེས་ཤིང་ཞལ་ད་ནི། །སླར་ཡང་གཏེར་མང་རྡོལ་ཏེ་ཕོ་མ་བྱས། །བླ་རྫོགས་ཐུགས་གསུམ་ཆོས་མགོ་ཅི་ཐོན་མཛོད། །མཐུ་དང་སྨན་དང་དཔྱད་བཟོ་མོ་རྩིས་དང་། །སྐྱོགས་དང་དཔག་ཆེན་ལ་སོགས་ཁར་མི་འདོན། །ཞང་ཁྲོམ་ངན་སྔགས་སྤེལ་ནས་འགྲོ་དོན་ཆུང་། །སྐུ་ཚ་སྨན་པས་ཤོག་སེར་སྒྲོམ་ཆུང་གང་། །ཐོན་ཀྱང་སྨན་དཔྱད་བྱས་པས་འགྲོ་དོན་ཆུང་། །རཀཱ་གཏེར་སྟོན་ཤོག་སེར་སྟག་སྒྲོ་གང་། །ཐོན་ཀྱང་མདོས་ཆོག་བྱས་པས་མདོས་མཁན་གྱུར། །བོན་པོ་བྲག་ཚལ་ཤོག་སེར་བསེ་སྒྲོམ་གང་། །ཐོན་ཀྱང་པེ་ཀར་བསྒྲུབས་པས་མཐུ་མཁན་གྱུར། །ཟས་ནོར་དོན་དུ་གཉེར་བས་འགྲོ་དོན་སྡུག །དམ་ཆོས་བསྒྲུབས་པས་ཟས་ནོར་ནོར་ལ་འོང་། །ཆོས་སྐྱོང་རང་འཁོར་མཐུ་རྩལ་ཞོར་ལ་འབྱུང་། །ད་ལྟ་མྱང་སྲས་མི་ཡི་འཁུར་བ་འདི། །ཁོང་གི་ཐུགས་རྗེ་ཆེན་པོ་བསྒྲུབས་པས་འབྱུང་། །གཏེར་སྟོན་རྒྱུ་མ་སྡུག་ཙམ་ཉང་


CMR004_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

རལ་ཡིན། །ཞེས་སོགས་ཞལ་ད་གནང་ནས་ཞི་བར་གཤེགས། །ཉང་སྲས་ཤོག་སེར་གཟིགས་པས་ཡི་རང་ཕུལ། །ཧོར་དམག་ལུང་བསྟན་གཞན་གྱི་ཐོས་པ་ཡི། །ཧོར་ནི་ཡུལ་ན་མེད་པའི་ག་ལ་འོང་། །ཞེས་སོགས་སྐུར་པ་བཏབ་པས་ཐུག་མུག་ནས། །གཏེར་མ་སླར་ལ་སྦས་དགོས་དགོངས་པ་ན། །བུ་མོ་གཉིས་ཀྱིས་རྟ་དཀར་བྱ་གཤོག་ཅན། །བསྐྱོན་ནས་རྔ་ཡབ་གླིང་དུ་ཨོ་རྒྱན་མཇལ། །དབང་བསྐུར་ལུང་བསྟན་གདམས་པ་ཞལ་ད་གནང་། །ད་དེ་ལོ་བདུན་འདས་པ་ན། །ནུབ་བྱང་མཚམས་ནས་འགྲོ་དོན་འབྱུང་། །འདི་ནས་ལོ་ནི་ལྔ་བརྒྱ་ན། །ལྷ་སའི་ཇོ་བོ་བོད་མི་འཛིན། །ལོ་ནི་སུམ་བརྒྱའི་ནང་ཁོངས་སུ། །བསམ་ཡས་ཨོ་རྒྱན་རྟ་མགྲིན་འབྱོན། །ཞེས་སོགས་ལུང་བསྟན་འདི་རུ་མ་ཞེན་ཅིག །ཞེན་ན་འཕོ་གསུངས་འོད་ཕུབ་འདྲ་བས་བཏེགས། །ཚུར་ལ་ཕེབས་ཤིང་གཏེར་དེ་བཏོན་ལོ་ལ། །ལོ་བདུན་དུ་རུ་འབེན་ཡུལ་ལྷག །ཨོ་རྒྱན་སྐུ་བཏོན་དེ་ཉིད་ཞལ་བསྟན་པར། །རིང་བསྲེལ་ཆར་བབ་གྱུར་ལ་གཞན་དག་གིས། །ཉ་མིག་གཏོར་བ་རེད་ཟེར་སྐུར་པ་བཏབ། །ཕྱིས་ནས་མ་ལུས་དངུལ་ནི་བབ་པ་ལྟར། །ཕྲམ་ཕྲོམ་བབ་པས་རྩོད་མེད་ཡིད་ཆེས་


CMR004_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དངོས་ཉམས་རྨི་ལམ་རྩ་གསུམ་གྲངས་མེད་གཟིགས། །ཁྱད་པར་ཨོ་རྒྱན་རྟག་ཏུ་དངོས་སུ་མཇལ། །བསམ་ཡས་བཞེངས་མཁན་འོ་སྐོལ་རང་ཡིན་མོད། །ཁྲི་སྲུང་རྒྱབ་མ་ལྷ་བུ་འོད་མཐའ་ཡས། །དེ་རྒྱབ་ཁྲི་རལ་ཡིན་གསུངས་མེ་ལོང་བསྟན། །བྱིན་གྱིས་བརླབས་པས་སྐྱེ་བ་བཅུ་གསུམ་དྲན། །སྲིད་པའི་འཁོར་ལ་ཤེལ་གྱི་མཆོད་རྟེན་སོགས། །ཡ་མཚན་བརྡའ་ཆོས་བསྟན་ཞིང་གཟིགས་སྣང་མང་། །ཡིག་བདུན་གཙོར་མཛད་ཡིག་བདུན་བོད་ཡུལ་བཀང་། །རྒྱལ་བྱིན་ཉི་ཟླའི་ལྷ་ཡི་མཆོད་རྟེན་བཞེངས། །བོད་ཀྱི་ལྷ་འདྲེ་ཀུན་གྱིས་བླ་མར་བཀུར། །སྙན་གྲགས་དངོས་གྲུབ་དག་ཀྱང་ཕུལ་བར་བྱས། །བསམ་འགྲུབ་བདེ་ཆེན་གཙུག་ལག་ཁང་ཆེན་དང་། །ཚངས་དུས་འགྱུར་མོའི་ལྷ་ཁང་བཞེངས་མཛད་ཅིང་། །ཧ་བོ་གང་ནས་བསྟན་གཙོའི་སྐུ་ཚབ་བཏོན། །དེ་ནས་དང་པོ་རི་བོ་བཏང་བཟུང་ནས། །ཀླུ་སྒྲུབ་ཀྱིས་ནི་བཏོན་ཏེ་ཨོ་རྒྱན་གྱིས། །བོད་དུ་ལོངས་སྤྱོད་གཏེར་དུ་སྦས་པ་སྟེ། །ལྷ་སའི་ཇོ་བོ་ཉིད་དང་ཁྱད་མེད་ཅིང་། །མ་འོངས་ཀླུ་ཡུལ་གདན་འདྲེན་བྱེད་པར་བཤད། །གཏེར་ཆོས་ཟབ་མོ་མང་ཞིག་རྗོད་ལ་རྙེད། །རྒྱུད་དང་མན་ངག་མང་པོ་རྒྱ་ཆེ་སྟེ། །དྲག་སྔགས་


CMR004_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་གནོད་དོ་མ་བཏོན་ཞིང་། །བཏོན་པ་རྣམས་ཀྱང་ཕལ་ཆེར་ཕོར་སྦས་ཤིང་། །སྐུ་དང་དབང་བུམ་སྦས་པ་དེ་དག་ཀྱང་། །ཕྱི་མའི་དུས་སུ་འཕྲིན་ལས་འབྱུང་བར་གསུངས། །དཔོན་སློབ་ཀུན་བསྡེབས་ནོར་བུའི་ཚགས་ལེན་རྨིས། །ང་དང་འབྲེལ་ཚད་གཏན་བདེ་ཐོབ་པའི་རྟགས། །འདི་ནས་མི་རབས་བདུན་ནམ་བཅུ་གསུམ་ན། །དྷརྨ་མི་ཏྲ་གཅིག་གིས་ལོངས་སྤྱོད་ནས། །བདག་གི་ཤ་རུས་སྲན་ཚད་ཡུངས་འབྲུ་རེ། །ལྟོར་སོང་ཐམས་ཅད་ལམ་འགྲོ་དོན་ཆེན་ཐོབ། །དེ་ནས་བརྒྱུད་པ་བདུན་ནམ་བརྒྱད་དུས་སུ། །ལུས་སྤྱད་རིམ་གྱིས་རྒྱུད་པ་མི་འཆད་ཀྱང་། །གཏེར་ཆོས་ཡོངས་རྫོགས་བཀའ་ལུང་བརྩམས་པར་འགྲོ། །བསྟན་པའི་གཙོ་བོ་འདི་ཡི་རྟེན་འབྲེལ་གྱིས། །བརྒྱུད་པའི་འདུལ་བྱ་གཙང་དུ་སྐྱོན་མེད་ཀྱང་། །ཞེས་སོགས་ལུང་བསྟན་ཞལ་གདམས་བཅུར་འབུམ་གསུངས། །བལ་ཡུལ་ཡམ་བུའི་བྷ་རོ་གཙུག་འཛིན་དེ། །བོད་དུ་གསེར་བཙལ་རྒྱ་གར་འགྲོ་སྙམ་པས། །རྨི་ལམ་མཁའ་འགྲོའི་ལུངབསྟན་ཆོས་དབང་མཇལ། །ཞག་བདུན་བར་དུ་ཨོ་རྒྱན་དངོས་སུ་མཐོང་། །གསུང་གླེང་བྱས་པ་ཙམ་གྱིས་རྟོགས་པ་ཤར། །དབང་བསྐུར་དུས་སུ་ང་ཉིད་ཅིར་མཐོང་


CMR004_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་། །ཡི་དམ་དངོས་སུ་མཐོང་ཞུས་ཚོགས་ཀྱི་རྫས། །གནའ་ཤ་བུབ་ཕྱེད་ལ་སོགས་སྐད་ཅིག་གསོལ། །ཅིར་མཐོང་གསུངས་པས་སངས་རྒྱས་དངོས་མཐོང་ཞུས། །འོ་ན་དབང་བྱ་གསུངས་པས་དཀྱིལ་འཁོར་བཤིག །ཤུལ་དུ་བྲོ་བརྡུང་དྲི་ཆེན་སྤྱི་བོར་བཞག །ལུས་ཀྱི་ཤུན་པ་བརྗེས་འདྲ་ཉམས་མྱོང་སྐྱེས། །གསང་ཆབ་བླུད་པས་བཟོད་མེད་བདེ་བ་རྒྱས། །སྙིང་ཁར་ཕྱག་མཛུབ་བཙུགས་པས་ཡེ་ཤེས་མཐོང་། །ང་མཐོང་དོན་ལ་མ་ཡེངས་ཤིག །སྒོམ་རྒྱུ་སྤུ་ཙམ་མེད་གསུངས་ནས། །དབང་བཞི་ངོ་སྤྱོད་རྟོགས་པ་མཐར་ཐུག་སྐྱེས། །ད་ནི་སངས་རྒྱས་བྱོན་ཡང་དབང་མི་ཞུ། །རྒྱ་གར་འགྲོ་བའི་སྤྲོས་པ་ཆད་ཞུས་པས། །འཁོར་བར་མི་འཁྱམས་སངས་རྒྱས་མུ་སྟེགས་ཡིན། །རྒྱ་གར་བླ་མ་རྙེད་ན་བླ་མ་ཚོལ། །རྒྱ་གར་སློབ་མ་རྙེད་ན་སློབ་མ་ཚོལ། །ཞེས་གསུངས་ལུང་བསྟན་འདི་ནི་དད་ཆེ་ཞིང་། །གུ་རུའི་ལྟ་ཟུར་ཁྲོ་བོའི་སྤྱན་ཡོད་པ། །མཁའ་འགྲོ་ཆོས་བསྒོ་བ་སོགས་མཐའ་ཡས་མཐོང་། །དྲག་སྔགས་ཡོད་དམ་ཞུས་པས་མང་ཤེས་ཏེ། །མ་ཎི་འདྲེན་པས་བསྒྲུབ་ནི་མ་ཁོམ་གསུངས། །རི་བོང་གྱེན་དེར་སོང་བའི་གཟུགས་བྲིས་ནས། །ཁབ་ལ་ལན་བདུན་སྔགས་བཟླས་གཟུགས་


CMR004_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྒྱབ། །རི་བོང་རོ་འདྲིལ་དྲོད་དེ་མ་ཡལ་བར། །བཏགས་གྲོལ་བཏགས་ནས་ཚོགས་གཏོར་བསྔོ་བ་མཛད། །མི་ལ་དེ་འདྲ་འོང་ངམ་ཞུས་པ་ཡི། །མི་དང་ཕྱི་བ་འདྲ་གསུངས་ཕྱི་བའི་གཟུགས། །བྱས་ནས་ཁབ་བཙུགས་བཏོན་པས་དམར་ནར་བྱུང་། །ཕྱི་ཁུང་ལྟོས་གསུངས་ཕྱི་བ་ཁྲག་སྐྱུག་ནས། །འདི་འདྲ་མཐའ་ཡས་ཤེས་ཏེ་མི་སྤེལ་རེ། །མི་ལུས་ཐོབ་དཀའ་བསད་ན་སྡིག་མཐའ་ཡས། །རང་དོན་ངན་སྔགས་མཛད་རེ་དབུ་བསྙུང་མཛད། །བྷ་རོའི་གསེར་ཞོ་དྲུག་ཅུ་ཕུལ་བ་ཡི། །ཕྱེད་དེ་ཕྱེ་དང་བསྲེས་ཏེ་སྦྱིན་སྲེག་མཛད། །ཐལ་བ་ཆུ་ཕོས་ལམ་དུ་ཟས་གཏེར་མཁན། །འོང་བ་ཁྱེར་ཤོག་གསུངས་པས་བུད་མེད་ཞིག །ཡུང་ཞིག་བྱིན་པ་ཁྱེར་ནི་འོང་ཕུལ་བས། །རས་ཁོབ་ཚོས་གསུངས་བཙོས་པས་ཤ་རུ་གྱུར་། །ཟོས་པས་རོ་མཆོག་མངར་ཞུམ་པ་ཞིག་འདུག །ཀྱེ་མ་འགྲོ་ལ་བར་ཆད་མི་འོང་གསུངས། །སྐྱེལ་ཐུང་མཛད་དུས་གསེར་ཞོ་གསུམ་ཕུལ་བས། །ཆུ་ལ་གཏོར་ནས་མཁའ་འགྲོ་དགྱེས་འདུག་གསུངས། །གཞན་ཡང་བླ་ཆེན་མི་དཔོན་ཀུན་གྱིས་བཀུར། །ང་དགུའི་ལོ་ལ་མྱ་ངན་འདས་ཚུལ་བསྟན། །དབྱིངས་སུ་ཐིམ་ལ་རྟགས་མཚན་མི་འབྱུང་བཤད། །


CMR004_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མའི་དམ་པ་བལ་པོ་བྷ་རོ་དང་། །གྲུབ་ཐོབ་མ་ནི་རིན་ཆེན་མ་ཎི་ལ། །ཐུགས་རྗེའི་བཀའ་བབས་ཁམས་སུ་བུམ་སྒྲུབ་དར། །སློབ་མ་སང་སྟོན་འོད་ཟེར་བླ་མ་སོགས། །སྤྱན་རས་གཟིགས་ཀྱི་བྱིན་རླབས་མང་དུ་འབྱུང་། །ཉིད་ཀྱི་སྲས་པོ་པདྨ་དབང་ཆེན་དང་། །ཉི་མ་འོད་ཟེར་གཉིས་ཀྱིས་རིགས་དང་ཆོས། །རྒྱུད་པ་བཟུང་སྟེ་བསྟན་པ་དར་རྒྱས་གྱུར། །གཞན་ཡང་སྣོད་ལྡན་བུ་དགུ་ལ་སོགས་གཅིག །སྐལ་ལྡན་དཔག་མེད་སྨིན་ཅིང་གྲོལ་བར་མཛད། །དེ་ལྟར་གཏེར་སྟོན་མངའ་བདག་ཡབ་སྲས་ཀྱི། །སྐྱེས་རབ་རྣམས་ཐར་མདོ་ཙམ་བསྡུས་པ་ལ། །འགལ་འཁྲུལ་གང་མཆིས་ཌཱ་ཀིའི་ཚོགས་ལ་བཤགས། །དགེ་བས་བདག་དང་བདག་ལ་འབྲེལ་ཐོགས་རྣམས། །འདི་ནས་འཕོས་མ་ཐག་ཏུ་བདེ་ཆེན་ཞིང་། །སྐྱེས་ནས་སྣང་མཐའ་ཡས་ཀྱི་ཞལ་མཐོང་ཤོག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཟུར་ཆེན་ཟུར་ཆུང་རྣམ་ཐར།


CMR004_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་ཆེན་ཟུར་ཆུང་རྣམ་ཐར་ལོ་རྒྱུས་སོ། །ན་མོ་གུ་རུ་དྷེ་ཝ་ཌཱཀི་ནཱི་ཡེ། གསང་སྔགས་རྙིང་མ་བཀའ་མའི་བརྒྱུད་ཚུལ་ནི། །ཨོ་རྒྱན་དངོས་སློབ་སྐུ་ཡི་བཀའ་བབས་ནི། །བསྒྲགས་པ་སངས་རྒྱས་ཡེ་ཤེས་བྱ་བ་ནི། །གནུབས་སྟོན་སངས་རྒྱས་ཡེ་ཤེས་དེ་ལས་འཕྱི། །མངའ་བདག་ཁྲི་རལ་དུས་སུ་བཞུགས་པ་སྟེ། །རྒྱ་བལ་བྲུ་ཤའི་ཡུལ་བྱོན་མཁས་མང་བསྟེན། །ལྷ་སྲིན་བྲན་ཁོལ་བརྒྱ་དང་བཅུ་གསུམ་བཞུགས། །མདོ་སྒྱུ་སེམས་གསུམ་བཀའ་བབས་ཆེན་པོ་ཡིན། །སློབ་མ་བཞི་དང་སྐུ་ཡི་སྲས་པོ་ནི། །ཁུ་ལུང་ཡོན་ཏན་རྒྱ་མཚོ་ཡིན་པ་སྟེ། །དེའི་སྲས་གཉིས་ཆེ་ཡོན་ཏན་རྒྱ་མཚོ་ནི། །སྲས་པོ་ལྷ་རྗེ་ཧཱུྃ་ཆུང་མི་ལ་རས་པས་བསྟེན། །དེ་སློབ་མྱང་རིག་ཡེ་ཤེས་འབྱུང་གནས་དེས། །སངས་རྒྱས་ཡེ་ཤེས་ཉིད་ཀྱི་སློབ་རྒྱུད་གཞན། །ཤེས་རབ་མཆོག་ཅེས་བྱ་བའི་བླ་མར་བསྟེན།། །ན་མོ་གུ་རུ། སྔ་འགྱུར་བསྟན་པའི་སྒྲོན་མེ་ཟུར་ཆེན་པ། །ཚངས་སྤྱོད་དགེ་བསྙེན་མཛད་ཅིང་འབྲོག་མི་དང་། །མྱང་ཡེ་ཤེས་འབྱུང་གནས་ལ་སོགས་བསྟེན། །མདོ་སྒྱུ་སེམས་གསུམ་མཁས་པའི་ཕུལ་དུ་ཕྱིན། །འུག་པ་ལུང་གི་གདན་ས་ལྷ་ཁང་དང་། །ཤང་མདའི་དཔལ་ཆེན་སྐུ་སོགས་


CMR004_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་པའི་ཚེ། །ཀླུ་བཀུག་ཆང་རྫ་ར་བཅུག་ནས་ཆུ་བརྒྱབས་པས། །ཚང་གཅིག་ཞག་པོ་མང་དུ་མི་ཟད་དང་། །རབ་གནས་སྟོན་མོར་དྲང་པའི་ཕྱུགས་ར་ནས། །བཤོས་ཏེ་ཤ་འགྱེད་དགོང་ཁ་གསོན་པོར་བཏང་། །ལྷ་འདྲེ་ལ་ནི་གསེར་ནི་སློང་མཛད་པས། །སྲོག་ཆགས་གཟུགས་བརྙན་མ་བྱུང་བར་ལོང་ཟེར། །གསེར་ཁུང་རྡོར་ནས་སྦལ་གཟུགས་འབྱུང་བར་བླངས། །འབྲོག་མིར་གསེར་སྲང་བརྒྱད་ཕུལ་གདམས་པ་ཞུས། །སློབ་མ་རྩེ་མོ་བཞི་དང་རྩེ་ལྐོག་བརྒྱད། །སྒོམ་ཆེན་བརྒྱ་དང་རྩ་བརྒྱད་ལ་སོགས་འབྱུང་། །སྒྲོ་ཕུག་ལྷ་ཁང་བཞེངས་ནས་ང་གཅིག་གཤེགས། །ཟུར་ཆེན་པ་ལ་གུས་པས་ཕྱག་འཚལ་ལོ། །།བཙུན་རྒན་བུ་ཞིག་ཟུར་ཆེན་པ་ཡིས་གསོས། །ཤེས་རབ་དྲག་བཏག་ལྟ་དགོང་རྩེ་མོ་བྱུང་། །རྒྱ་བོད་དགུ་འདུས་བྲག་ཏུ་བསྒྲུབས་མཛད་པས། །བདེ་གཤེགས་རྒྱལ་པོ་པ་ཞེས་ཡོངས་སུ་གྲགས། །ཆུང་ངུ་ཞབས་གཉིས་ས་ལ་མི་རེག་པར། །བསྐོར་བ་མཛད་པས་བླ་མས་གཟིགས་ནས་དགྱེས། །འཆད་རྟོགས་བཞི་དང་ལྟ་སྒོམ་འདྲེན་པའི་ཚེ། །ཏ་ལ་གང་ཙམ་ནམ་མཁར་འཕགས་ནས་བཞུགས། །རུ་ལུའི་འཛབ་དབྱངས་དྲུང་ནས་ཉན་པ་དང་། །རྒྱང་


CMR004_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་རྒྱབ་ནས་ཉན་ལ་ཁྱད་པར་མེད། །སྒྲུབ་ཚེ་ཆོ་འཕྲུལ་དཔག་མེད་བྱུང་ན་ཡང་། །ཉམ་ང་མེད་ཅིང་སྣང་སྲིད་རྡོར་སེམས་ཤར། །སྙིང་པོ་མེད་དགོངས་རྩོལ་བྲལ་ངང་བཞག་པས། །རྫོགས་པ་ཆེན་པོའི་རྟོགས་པ་མཐར་ཐུག་འཁྲུངས། །སྣོད་བཅུད་ཀུན་ལ་ཐོགས་མེད་ཟངས་ཐལ་བྱོན། །མཚན་ཉིད་པ་གཅིག་རྩོད་པ་བྱས་ནས་ཀྱང་། །ཀ་བ་ཆོས་ཅན་ལ་སོགས་ཟེར་བའི་དུས། །རྫོགས་ཆེན་རང་སྣང་རིས་མེད་པ་ཡི་མདུན། །ཀ་བ་མི་གདའ་གསུངས་ནས་ཕྱག་གཡུག་པས། །ཉི་ཞུར་ལ་ནི་བརྒྱབ་པ་ལྟར་སོང་བས། །དད་དེ་དེ་ཉིད་སློབ་མ་བཟང་པོར་གྱུར། །དེ་ནས་ལྷ་རྗེ་འུག་པ་ལུང་པ་དེ། །མ་གཤེགས་ཙམ་ནས་གདན་ས་འཚོགས་པ་བསྐྱངས། །དེ་ཚེ་ཁྱུང་པོ་དྲག་པོ་ཞེས་བྱ་བས། །མཚན་ཉིད་མཁས་པ་ཞིག་གི་སློབ་མ་བཞི། །སུན་འབྱིན་ཕྱིར་དུ་རྩོད་པ་བྱ་ཕྱིར་བཏང་། །རྫོགས་ཆེན་པ་བསྒོམ་གཙོ་བོ་བྱེད་དམ་ཟེར། །ང་ཡི་དམིགས་པ་གང་ལ་གཏད་འདུག་གསུངས། །འོ་ན་མི་བསྒོམ་པ་ཅིག་ཡིན་ནམ་ཟེར། །ང་སེམས་གང་ལ་ཡེངས་ནི་འདུག་པ་གསུངས། །ཁྱེད་ཀྱི་སྣང་སྲིད་ལྷ་རུ་འདོད་དམ་ཟེར། །ཡུལ་རང་རྒྱུད་མངོན་སུམ་སྣང་བ་སུས་ཁོག་


CMR004_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་། །འོ་ན་སྣང་སྲིད་ལྷ་རུ་ཡིན་སྣང་ཟེར། །འཁྲུལ་སྣང་སྦྱོང་ཕྱིར་གསུངས་པ་ཅི་འགལ་གསུངས། །བཞི་ཀ་སྤོབས་པ་ཟད་ནས་སློབ་མར་གྱུར། །འགོས་ལྷ་བཙས་དད་ཏེ་ཕྱག་འཚལ་ཞིང་། །དཔལ་ཆེན་དངོས་ཀྱི་འདུ་ཤེས་སྐྱེས་པར་གྱུར། །ཁོང་སླར་རྟེན་འབྲེལ་མཛད་པས་སྐུ་བསོད་རྒྱས། །ཁྱུང་པོ་དྲག་པོ་ཞེས་བྱས་ཟུར་ཆུང་འདི། །ཆོས་ལོག་མཁན་ཡིན་བསད་ན་སངས་རྒྱུ་ཟེར། །སྒྲོལ་ལམ་ང་ཡི་སྔགས་ལས་མེད་སྙམ་ཙ། །ཁོང་ཡང་ང་ཡི་ཆོས་ལ་བློ་གཏད་འདུག །གསུངས་ཤིང་བཞེད་དེ་ཕྲག་དོག་རྩད་ནས་ཞི། །སློབ་མ་བཀའ་བཞི་གདུང་བརྒྱད་སྒོམ་ཆེན་གཉིས། །ཡུས་ཆེན་མི་གཅིག་རྟ་གྱུར་མི་གཉིས་སོགས། །སློབ་མ་དཔག་མེད་བྱུང་ཞིང་རེ་གཅིག་གཤེགས། །།དེ་ཡི་སྲས་པོ་སྒྲོ་ཕུག་པ་ཆེན་པོ། །གཏམ་ཚེ་སྐྱོ་སྟོན་ཤག་ཡེའི་རྨི་ལམ་ན། །ཡུམ་གྱི་སྲིན་ལག་སྟོན་པའི་སྐུ་རྨིང་པས། །ཤཱཀྱ་སེང་གེ་མདའ་ཚད་རྡོར་སོར་དྲག །ཀ་བ་བཞི་སོགས་བླ་མ་མང་དུ་བསྟེན། །ཕྱག་རྡོར་སྤྲུལ་པར་གྲགས་ཅིང་ཕྲིན་ལས་རྒྱས། །ལྷོ་བྲག་བྱ་ཟོད་ཤེས་རབ་འོད། །སློབ་མའི་གཙོ་བོ་བཅུ་གཉིས་ལ་སོགས་པའི། །སློབ་མ་གདུགས་ཐོགས་སྟོང་ཕྲག་གཅིག་བྱུང་ངོ་། །རི་


CMR004_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

རྩེར་ཚོགས་འཁོར་མགུར་གསུངས་ནམ་མཁའ་ལ། །ཇེ་མཐོར་བྱོན་ཚེ་སློབ་མ་དུ་མ་ཡིས། །མར་བྱོན་ང་ལུས་མ་བཞག་བཀྲ་ཤིས་ཏེ། །ད་ནི་ཅུང་ཟད་མ་ལེགས་གསུང་མཛད་ཅིང་། །རེ་གཅིག་ལ་འདས་སྤུ་རེ་བཞུགས་པའི་ཚེ། །ལྷ་འདྲེས་ཕུལ་བའི་ངོ་མཚར་ནོར་བཞི་བྱུང་། །འཛམ་སྟོན་འགྲོ་མགོན་འདི་པའི་སློབ་མ་སྟེ། །དེ་སློབ་རྒྱལ་བ་ཀཿཐོག་ལ་བྱོན་ནོ། །ཕྱག་རྡོར་སྤྲུལ་པ་ཤཱཀྱ་སེང་གེ་དེའི། །སློབ་མའི་གཙོ་བོ་ལྕེ་སྟོན་རྒྱ་ནག་ནི། །དབུ་ཚད་སྡེ་སྣོད་ཀུན་ལ་མཁས་མཐར་ཕྱིན། །རྒྱ་བརྩོན་སེང་དཔོན་གཡོག་བླ་མ་སྒྲོ་ཕུག་པར། །རྩོད་དུས་ཁོང་གི་ཤིན་ཏུ་ཕྱམ་བྱས་པས། །བླ་མ་མཉེས་ནས་གདམས་ངག་གཞན་ལས་ཟབ། །དེ་ཡི་སློབ་མ་དབུས་སྟོན་ཤཱཀྱ་ཡི། །སེ་བྲག་བཏབ་པས་དམ་པ་བྲག་པར་གྲགས། །དབུས་པ་ཞིག་པོ་ཞེས་བྱ་འཁྲུལ་ཞིག་དང་། །རྒྱ་ནག་ནོན་པོ་ལྕེ་སྟོང་ཡོན་ཏན་བཟུང་། །སེ་བྲག་པ་བསྟེན་ལྷ་ཁང་པ་ཞེས་གྲགས། །དེ་ཡི་སློབ་མ་ཞིག་པོ་བདུད་རྩི་ནི། །རྣལ་འབྱོར་འགའ་ཡིས་གཞན་དོན་འབྱུང་ལུངབསྟན། །སྙེ་ཕུད་ཕུལ་བས་ལོ་ལེགས་སྤྲུལ་སྐུར་ཤེས། །རྟོགས་པ་མཐར་ཕྱིན་སྣང་བ་ཐོག་སྡུག་མེད། །བོད་ཡུལ་ཀུན་བྱོན་རི་


CMR004_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་རླུང་རྒྱ་དང་། །གཞན་ཕན་མཐའ་ཡས་བྱུང་ཞིང་བླ་མ་ཞང་། །གཞན་ཡང་ལོ་པཎ་རྒྱ་ཆེར་མཛད། །ང་གཅིག་པར་གཤེགས་གདུང་བཞུས་ས་གཡོས་ཤིང་། །ཡོན་ཆབ་ནང་དུ་འཇའ་ཚོན་མེ་ཏོག་ནི། །སྐྱེས་པ་ཞག་གསུམ་བར་དུ་མ་ཡལ་བརྗོད། །སློབ་མ་མང་ཡང་རྟ་སྔོན་ཇོ་ཡེས་ཏེ། །བླ་མའི་ཐུགས་ཟིན་ལྷ་པའི་ཞབས་ཏོག་མཛད། །གཞན་ཡང་སྒྲོ་ཕུག་སློབ་རྒྱུད་མཐའ་ཡས་ཀྱང་། །ཁྱད་པར་ཡར་ལུང་སངས་རྒྱས་གྲག་པ་ཡིས། །ཛམ་ལྷ་བསྒྲུབས་ནས་འཆབ་པས་མཛེ་རོའི་འོག །གསེར་ནི་དཔག་མེད་རྙེད་ནས་ཕུག་པར་གྱུར། །སྒོ་ཕུག་སློབ་མ་བྱ་ཆེན་དབོན་པོ་དང་། །གྱོགས་ནག་མང་པོ་སོགས་ལས་ཆོས་གསན་ནས། །ཡང་དག་ཞལ་གཟིགས་ཕ་ཡུལ་དགོན་པ་བཏབ། །དེ་ཡི་སློབ་མ་ཆོས་ཀྱི་སེང་གེ་སྟེ། །ཧོར་ཡུལ་བྱོན་པས་སེ་ཆེན་རྒྱལ་པོ་ཡིས། །མཆོད་རྟེན་ནང་དུ་བཙུད་ནས་སྒོ་རྩིག་བཞག །ལོ་འཁོར་བལྟས་པས་རྡོ་རྗེ་གཞོན་ནུ་ཡི། །སྐུར་སྣང་མ་འདས་འདུག་པས་ལས་ཀ་གནང་། །དེ་ཡི་སློབ་མ་སྨན་ལུང་པ་ཡིན་ཏེ། །རུས་ཉུང་ཡར་ལུང་དུ་འཁྲུངས་མཆེད་ལྔ་བྱོན། །ཆོས་དབང་ཡབ་ཀྱིས་སྐྱེ་བ་བཀའ་བརྒྱད་ཀྱི། །བཀའ་བབས་ཆོས་དབང་སྐྱེས་རབས་


CMR004_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་བ་པོ། །ཡར་ལུང་སྤྲུལ་སྐུ་ཤཱཀྱ་འོད་ཅེས་ཏེ། །གསང་མཚན་མི་བསྐྱོད་རྡོ་རྗེ་ཞེས་སུ་བཏག །གསང་སྙིང་ཁོག་དབུབ་ཊི་ཀ་ལ་སོགས་མཛད། །དེ་ཡི་སྲས་རྒྱུད་།སློབ་རྒྱུད་མང་དུ་འཕེལ། །དེ་ལྟར་གསང་སྔགས་སྔ་འགྱུར་བཀའ་མ་ཡི། །གྲུབ་ཐོབ་ཆེ་ལོང་རྣམ་ཐར་མདོར་བསྡུས་ཏེ། །ཞིབ་པར་སོ་སོར་བརྒྱུད་ཚུལ་མཐའ་ཡས་སོམས། །འདི་དག་རྣམས་ཀྱི་རིགས་རྒྱུད་ཆོས་རྒྱུད་ནི། །གཙང་དུ་འུག་པ་གླིང་དང་གསང་སྔགས་གླིང་། །གཙང་རོང་གནུབས་དང་ཡོ་ཆེན་གདུང་རྒྱུད་གཉིས། །དབུས་སུ་རྡོ་རྗེ་བྲག་དང་ཁམས་ཕྱོགས་སུ། །ཀཿཐོག་རྣམས་སུ་ཅི་རིག་གནས་པ་སྟེ། །ཚེ་ལོ་བཅུ་པའི་བར་དུ་རྫོགས་ཆེན་གྱི། །བསྟན་པ་དག་ཀྱང་མི་ནུབ་རྒྱས་པར་བཤད། །རཱ་གའི་མིང་གིས་དད་པའི་རྟེན་དུ་བྲིས་། །ཉེས་བཤགས་དགེ་བས་འགྲོ་ཀུན་བྱང་ཆུབ་ཤོག །མངྒ་ལཾ།། །།༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྒྲུན་ཞུས། །

ཀཿཐོག་དམ་གཙང་བྱམས་གསུམ་གྱི་འཁྲུངས་རབ་རྣམ་ཐར།


CMR004_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཀཿཐོག་དམ་གཙང་བྱམས་གསུམ་གྱི་འཁྲུངས་རབ་རྣམ་ཐར་བཞུགས་སོ། །ན་མོ་གུ་རུ་པྲཛྙཱ་སེང་ཧ་ཡེ། སྔོན་ཚེ་བུ་མོ་བདུན་གྱི་དང་པོ་དེ། །འཕགས་པའི་གནས་བརྟན་བྷ་ར་དྷ་ཛར་གྱུར། །དེ་རྗེས་ཕལ་ཆེན་སྡེ་པའི་གནས་བརྟན་གཅིག །ཝཱ་རཱ་ཎ་སཱིར་ཆོས་ཀྱི་རྒྱལ་པོ་དང་། །ནེ་ཙོ་རིག་སྔགས་གྲུབ་པ་གྱུར་པའི་ཚེ། །དཀར་ནག་ཀླུ་གཉིས་འཁྲུག་ཚེ་དཀར་པོ་ཡི། །སྐྱབས་བྱས་འབྲུ་བཅུད་འཕེལ་ཞིང་བདེ་བར་བྱས། །རྒྱ་གར་མུ་སྟེགས་ཞི་བར་ཆེར་དར་ཚེ། །དང་པོ་དེ་སྦྱང་ཕྱིས་ནས་ནང་པར་ཞུགས། །མུ་སྟེགས་མཁས་པ་གཅིག་དང་ཡུན་རིང་བརྩད། །ཉིན་གཅིག་སློབ་དཔོན་མེད་ཤུལ་ཁོ་སླེབས་ནས། །སློབ་དཔོན་ཁྲི་སྟེང་འཇམ་དབྱངས་བཞུགས་མཐོང་བས། །ཁོ་དད་ནང་པའི་བསྟན་ལ་ཚུད་གྱུར་ཅིང་། །སྤྱོད་འཇུག་གསུངས་ནས་ཞི་བ་ལྷ་ཞེས་གྲགས། །རྨ་རིན་ཆེན་མཆོག་ཅེས་ལོ་ཙཱ་དང་། །བལ་པོ་བ་དན་ཏ་རུ་གྱུར་པའི་ཚེ། །མེ་ཉག་རྒུར་པོས་ཆེར་དད་བླ་མར་བཀུར། །རྒྱ་མཚོར་གཟིངས་པས་བརླབས་ཀྱིས་འདས་པ་ཡི། །སྐུ་གདུང་རྒྱལ་པོས་སྤྱན་དྲངས་མཆོད་པ་བྱེད། །དེ་ནས་ཕག་གྲུ་པ་དང་མ་སྤུན་འཁྲུངས། །ཤེས་རབ་སེང་གེ་སྤོབས་པ་མཐའ་


CMR004_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་བཏགས། །འཛམ་སྟོན་འགྲོ་མགོན་ལ་སོགས་བླ་མར་བསྟེན། །ཕ་ཚང་ལ་གནས་འདྲེ་ཡི་གདོན་ཆེ་དུས། །ཕ་བོང་སྐུ་ཆོས་ཀྱིས་བཅིང་དམ་པས་དེད། །གཙང་སྟོན་པ་ལ་ཁྲིད་བཅོལ་རྒྱང་རིང་བསྐྱལ། །ཕ་བང་ཕྱག་ཕྲེང་རྗེས་སོགས་གསལ་བར་ཡོད། །ཡི་གེ་ཀ་འདྲེའི་ཐོག་ཏུ་བཀོད་པ་བཏགས། །འདུལ་ཁྲིམས་གཙོ་བོར་མཛད་པས་དགོན་པ་ཚང་། །སྤྱོད་འཇུག་ལ་སོགས་ཐེག་ཆེན་ལམ་གཞུང་བསྲང་། །མདོ་སྒྱུ་སེམས་གསུམ་བསྟན་ཆ་འདིར་གནས་ཤིང་། །སྔགས་དང་མཚན་ཉིད་མཐའ་དག་དགོན་དེར་དར། །ཡོན་ཏན་མཛད་པ་གཞན་ཕན་དཔག་མེད་པས། །དམ་པ་བདེ་གཤེགས་ཞེས་བྱར་ཡོངས་སུ་གྲགས། །འདུལ་བས་རྩོད་སྟོན་སྒོ་ནས་གསང་སྔགས་སྤེལ། །ཕྱི་མ་བདེ་བ་ཅན་དུ་བྱང་ཆུབ་སེམས། །བློ་གྲོས་སྙིང་པོར་འགྱུར་ཞིང་མ་འོངས་དུས། །བསྐལ་པ་ཀརྨ་བཀྲམ་པ་ལྟ་བུ་ལ། །ཚེ་དཔག་མེད་ཅེས་ཞེས་བྱར་སངས་རྒྱས་གསུངས། །རྒྱལ་བ་ཀཿཐོག་པ་ལ་ཕྱག་འཚལ་ལོ། །བདག་ཀྱང་ཁྱེད་ལྟར་སྔགས་དང་འདུལ་བ་གཉིས། །ཟུང་འཇུག་སྒོ་ནས་ཐུབ་བསྟན་རྒྱས་བྱེད་ཅིང་། །ཕྱི་མ་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག། །།ན་མོ་གུ་རུ་བཛྲ་དྷ་ཛ་ཡེ།


CMR004_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་འོད་ཀྱི་རྒྱལ་པོའི་ཞིང་ཁམས་ཀྱི། །བྱངཆུབ་སེམས་དཔའ་འོད་ཀྱི་རྒྱལ་པོ་དེ། །འདབ་བ་ཡེ་ཤེས་མཆོག་ཅེས་ལོ་ཙཱར་གྱུར། །རྒྱ་གར་སློབ་དཔོན་ཕྱག་ན་རྡོ་རྗེ་ཞེས། །གཙང་དུ་འཁྲུངས་ཤིང་རྡོ་རྗེ་རྒྱལ་མཚན་བཏགས། །དམ་པ་བདེ་གཤེགས་དང་འཆད་དྲག་པོ་སྟེ། །ཕྱིས་ནས་དམ་པ་བདེ་གཤེགས་བླ་མར་བསྟེན། །བཀའ་སྲུང་བྲན་ཁོལ་ཟག་མེད་རྟགས་རྣམས་རྫོགས། །མི་བསྐྱོད་རྒྱལ་བའི་ཞིང་ཁམས་རྟོགས་གཟིགས་ཤིང་། །མི་བསྐྱོད་རྒྱལ་བ་བྱང་ཆུབ་ལུང་བསྟན་ཐོབ། །འགྲོ་མགོན་རས་པས་དག་སྣང་ལ་གཟིགས་ནས། །གཙང་ཆེན་པ་ལ་དམ་ཆོས་མང་དུ་གསན། །ཕྲིན་ལས་རྒྱ་ཆེར་རྒྱས་ཤིང་ཕྱི་མ་ནི། །བདེ་བ་ཅན་དུ་བྱང་སེམས་ནོར་བུའི་སྙིང་། །བསྐལ་པ་ཀརྨ་བཀྲམ་པ་ལྟ་བུ་ཡི། །དཀྱིལ་དུ་དམ་པ་བདེ་གཤེགས་འཚང་རྒྱ་བས། །དེ་ནས་བཅུ་ཡི་འོག་ཏུ་སངས་རྒྱ་སྟེ། །སངས་རྒྱས་འོད་ཟེར་རབ་ཏུ་འཕྲོ་བར་འགྱུར། །གཙང་སྟོན་རིན་པོ་ཆེ་ལ་གུས་ཕྱག་འཚལ། །བདག་ཀྱང་ཁྱོད་ལྟར་མདོ་སྔགས་བསྟན་འཛིན་ཅིང་། །བདེ་ཆེན་ཞིང་དུ་སྐྱེས་ནས་སངས་རྒྱ་ཤོག། །།ན་མོ་གུ་རུ་མེ་ཏྲི་ལཀྵ་ཡེ། བྲམ་ཟེ་ས་ར་ཧ་ཡི་སློབ་མ་


CMR004_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག །དྷ་ན་ཀཱིརྟི་ཞེས་བྱ་གྲུབ་པ་བརྙེས། །པཎྜི་ཏ་པ་ཀུན་གྱི་བླ་མར་གྱུར། །ཀཎྜ་རི་པས་རྗེས་སུ་བཟུང་བ་ཡི། །ཨ་ནནྟ་ཤྲཱི་ཞེས་བྱར་གྱུར་པའི་ཚེ། །རྒྱ་གར་རྡོ་རྗེ་གདན་གྱི་གནས་བརྟན་བྱས། །དེ་རྗེས་ནག་པོ་སྤྱོད་པ་ཆེན་པོར་གྱུར། །རྒྱ་གར་ལྷོ་ཕྱོགས་ཆོས་ཀྱི་རྒྱལ་པོ་ནི། །བྷི་བ་ལ་ར་ཛ་རུ་གྱུར་པའི་ཚེ། །གྲུབ་ཐོབ་བརྒྱད་ཅུ་ཕལ་ཆེར་མཆོད་གནས་སུ། །བཞུགས་ཤིང་ལོ་གྲངས་བརྒྱ་ཅུ་རྩ་བཞིར་མཆོད། །གཙུག་ལ་ཁང་ཆེན་བདུན་ནི་བཞེངས་སོགས་གྲགས། །སྐྱེ་བ་འདི་ནི་གཙང་ཆེན་བླ་མར་བསྟེན། །མཁས་དང་གྲུབ་པའི་གྲགས་པས་ཁྱབ་གྱུར་ཅིང་། །ཀརྨ་པཀིས་རབ་བྱུང་མཛད་པ་དང་། །རྫོགས་པ་ཆེན་པོའི་དབང་ལུང་ཐམས་ཅད་ཞུས། །གཞན་ཡང་ཕྲིན་ལས་ནམ་མཁར་མཉམ་གྱུར་ཅིང་། །ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེ་ཞིང་། །སླར་ཡང་དཔལ་ལྡན་འབྲས་སྤུངས་དེ་ཉིད་དུ། །ཀ་མ་ལ་ཤི་ཞེས་བྱར་འགྱུར་བར་གཟིགས། །མི་ཏྲ་ཛོ་ཀིས་སོ་མ་ཛོ་ཀི་ལ། །བོད་དུ་ཀཿཐོག་བྱ་བར་སློབ་དཔོན་ནི། །ཤནྟ་དེ་ཞི་བཛྲ་པཱ་ཎི་གཉིས། །བོད་དུ་སྐྱེ་བ་བཟུང་བའི་གདན་ས་ན། །ཀ་ཧ་ནན་ཆེན་ཡོད་པས་དེ་ལ་ནི། །ཕྱག་གིས་ཀཾ་པོ་གནས་དང་འཇང་ཡུལ་སོགས། །


CMR004_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་ལུང་བསྟན་འོང་ནས་མཇལ་བར་གྱུར། །གཞན་ཡང་སློབ་མ་བསོད་ནམས་འབུམ་ཞེས་པ། །ཙ་ཏི་སྤྱན་སྔ་མར་ཕུ་བ་ཞེས་གྲགས། །པཀྴི་ཆོས་འཕགས་གཉིས་ཀའི་བླ་མར་གྱུར། །དེ་སོགས་སློབ་མ་མཁས་གྲུབ་མང་དུ་བྱོན། །དེ་ལྟར་གསང་སྔགས་རྙིང་མའི་བསྟན་པ་འཛིན། །རྒྱལ་བ་ཀཿཐོག་པ་ལ་ཕྱག་འཚལ་ལོ། །ཞེས་པ་ངོ་མཚར་དད་ལྡན་ཙམ་གཅིག་ཏུ། །རཱ་གའི་མིང་ཅན་དེ་ཡིས་བྲིས་པའོ། །མངྒ་ལཾ།། །།༧ཁམས་སྟོད་ནང་ཆེན་འབང་སྒང་བཟོ་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ཞབས་དྲུང་རིན་པོ་ཆེ་ངག་དབང་བཀྲ་ཤིས་དཔལ་གྲུབ་ངེས་དོན་ཆོས་ཀྱི་ཉི་མ་རྣམ་རོལ་མཆོག་གི་སྡེའི་རྣམ་ཐར་དོན་བསྡུས་ཨ་རཱ་གས་མཛད་པ།


CMR004_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་དྲུང་རིན་པོ་ཆེ་ངག་དབང་བཀྲ་ཤིས་དཔལ་གྲུབ་ངེས་དོན་ཆོས་ཀྱི་ཉི་མ་རྣམ་རོལ་མཆོག་གི་སྡེའི་རྣམ་ཐར་དོན་བསྡུས་ཨ་རཱ་གས་མཛད་པ་བཞུགས་སོ། །


CMR004_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མངྒ་ཤྲཱི་སིདྡྷི་ཡེ། གཤིན་རྗེ་རོལ་པའི་རྩ་བའི་རྒྱུད་ཆེན་ལས། །བཅོམ་ལྡན་འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་དུ། །ལུང་བསྟན་བརྙེས་པའི་ས་བརྒྱད་སེམས་དཔའི་མཆོག །གནུབས་སྟོན་སངས་རྒྱས་ཡེ་ཤེས་དེ་ཉིད་ཀྱི། །རྣམ་འཕྲུལ་ཆོས་སྐུ་ཨོ་རྒྱན་མགོན་པོ་དང་། དེ་ཡི་སྐྱེས་མཐའ་བར་ལེ་རྣམ་རྒྱལ་ཞབས། །སྟག་ལུང་ཧོར་ཁང་ཡང་རྩེར་བྱོན་སྐབས་སུ། །གཙུག་ལག་ཁང་ལ་གཟིགས་ནས་འདི་སྐད་གསུངས། །སྨོན་ལམ་དབང་གིས་ཡ་ཀིའི་ཁྲི་རྒོག་སྟེང་། །སླེབས་པར་འདུག་སྟེ་དུས་ངན་མི་རྣམས་དང་། །དཀའ་ཚེགས་ཆེན་པོ་འོང་བར་གདའ་ཞེས་


CMR004_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །འདས་ཁར་ཧོར་ཟླ་གསུམ་པའི་ཚེས་གཅིག་ལ། །ལྷུན་གྲུབ་རྫོང་ནས་སྤྱན་འདྲེན་བཏང་བའི་ཚེ། །ཚེས་བརྒྱད་རང་ལ་སླེབས་པར་བྱེད་གསུངས་ཤིང་། །སྤྲུག་བཙན་རྟེན་རྫས་གཟིམ་ཁྱི་འདྲ་བ་ཞིག །མི་དེའི་རྗེས་སུ་ལྷུན་གྲུབ་རྫོང་དུ་བྱུང་། །ལྟོ་སྟེར་བསམ་ཙ་འཇའ་ལྟར་མི་སྣང་གྱུར། །ལྕགས་ཁེབ་བསྐུར་ནས་ཡུམ་ལ་གཏོད་ཅེས་གསུངས། །འཁྲུངས་དུས་ཅང་ཅིག་ཟླ་གཅིག་ཟད་མེད་འཕེལ། །འཁྲུགས་ན་ནད་སྒོམ་ངུ་སོགས་མི་མཛད་བཞུགས། །དབུས་གཙང་ལྷ་དང་ཆོས་སྐྱོང་བབ་པ་རྣམས། །ལྷུན་གྲུབ་རྫོང་གི་བུ་འདི་བལ་བེ་བའི། །སྐུ་སྐྱེ་ཡིན་ཞེས་ཡང་


CMR004_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྨྲ་བར་བྱས། །དེ་ཕྱིར་ཨ་ཕྱིས་དཔལ་བཟང་བཏགས། །བསྲུང་ཁ་བ་ཡིས་འཁྲུངས་མ་ཐག་པ་ནས། །གུ་རུ་བསྟན་འཛིན་ནོར་བུ་ཞེས་སུ་བཏགས། །ངག་དབང་རྣམ་རྒྱལ་དྲུང་ནས་འཕྲལ་ཉིད་དུ། །དོན་ཡོན་རྣམ་རྒྱལ་རྡོ་རྗེ་ཞེས་སུ་བཏགས། །དགུང་ལོ་བཞི་པ་ཡུམ་རྒན་འདའ་ཁ་ལ། །ནམ་མཁར་ཕྱག་མཛུབ་གཏད་ནས་འདི་སྐད་གསུངས། །རྣམ་སྣང་བདུད་འཇོམས་རྡོ་རྗེ་ཡར་ཀིར་སྣང་། །གསུངས་པས་ཡུམ་གྱི་དེ་རིང་ཡ་ཀིར་མདོ། །སང་ཙམ་ཡོངས་བར་བྱེད་གསུངས་ཕྱིར་ཉིན་འདས། །དེ་སྐོར་ཕུག་རོན་ཤི་ལ་འཕོ་འདེབས་བྱེད། །གསུངས་ནས་རྣམ་སྣང་ཆོས་བདུན་མཛད་དེ་བཞུགས། །བར་ལེའི་གཅུང་པོ་མང་ཐོས་པ་དེ་ཡིས། །བར་ལེའི་སྐུ་སྐྱེ་ཡིན་པར་ཐག་བཅད་ནས། །གོང་མའི་སྐུ་ཆས་ཐང་ལྷའི་དུང་སོགས་ཕུལ། །དེ་དུས་གོང་མའི་དབུས་དོན་ཤུབ་ངོས་བཟུང་། །དབོན་པོ་རྗེས་སུ་འབྲང་ཞིང་བཤུམས། །སྟག་ལུང་གོང་མ་རྣམ་རྒྱལ་རིན་ཆེན་བཟང་པོ་ཡི། །སྤྲུལ་སྐུ་ཡིན་ཞེས་ཅལ་སྒྲོག་གླེང་བའང་བྱུང་། །དབང་གསལ་སྐྱོ་ཤས་སྙིང་རྗེ་ཆེ་བ་དང་། །རབ་བྱུང་ལ་དགྱེས་བཙུན་པའི་བག་ཆགས་གསལ། །དགུང་ལོ་ལྔ་ན་རྔ་བརྡུང་འདོན་པའང་མཛད། །སྐྱ་


CMR004_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སེར་ཆས་བསྡམ་བཅུག་སེར་ཆས་བསྡམས། །བར་ལེ་དབོན་པོ་འདས་པའི་བསྔོ་རྟེན་བྱུང་། །དེ་ལ་ཐུགས་ནད་མྱ་ངན་ཆེན་པོ་བྱུང་། །བླ་མ་འོལ་བ་མཇལ་བྱུང་ཕྱི་དྲོ་ནས། །སྐུ་དངོས་འདུག་པས་ཕྱག་རྟེན་རྟ་འབུལ་ཟེར། །ཁོང་ལ་གཟིགས་སྣང་ཁྱད་པར་ཅན་བྱུང་སྣང་། །དགུང་ལོ་བདུན་པར་ཡི་གེ་བསླབ་པ་ལ། །མགོན་པོའི་ལས་བྱང་བཟུང་བ་ཚེགས་ཆུང་ཟིན། །ཕག་མོ་ཡོངས་རྫོགས་གཏེར་མགོན་ལོ་དེར་ཟིན། །དགུང་ལོ་བརྒྱད་པར་ཐར་རྒྱན་ཕལ་ཆེར་ཟིན། །དགུང་ལོ་བདུན་པར་ལས་བྱང་མ་ཆག་གསུངས། །རྨི་ལམ་བྱ་རོག་འཇུ་སོགས་ལྟས་བཟང་བྱུང་། །དགུང་ལོ་དགུ་པར་ཤྭ་བ་ཁྱིས་དེད་སར། །དགོངས་པ་གཏད་པས་ཁྱི་དེས་བདའ་འཕྲོ་བསྐྱུར། །དེ་ཕྱིན་ཁྱི་དེས་རི་དྭགས་མི་འདོད་འགྱུར་། །ཀ་ཡེ་མི་ལུས་རིན་ཆེན་ཐོབ་གྱུར་ཀྱང་། །ཁུ་ཡེ་དོན་དུ་མི་ཚེ་སྟོང་ཟད་བྱེད། །ག་ལ་བསྡད་ཀྱང་སྡིག་པའི་གྲོགས་པོར་གྱུར། །ང་ཡིས་དེ་འདྲའི་སེམས་ཅན་འདྲེན་པར་ཤོག ཅེས་སོགས་དགོང་ལོ་བརྒྱད་དགུ་ནས་བཟུང་སྟེ། །མ་བསླབས་པར་ཡང་རྩོམ་ནི་མང་དུ་མཁྱེན། །བར་ལེ་བ་ཡི་དད་པ་ཆེ་ས་ནི། །དཔའ་བོ་ཡིན་ཞེས་ཟེར་ནས་དད་པ་


CMR004_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས། །དཔའ་བོའི་གསོལ་འདེབས་བློ་ལ་བཟུང་བྱས་ནས། །ནུབ་རེ་ཚར་གྲངས་བཅུ་གསུམ་རྒྱུན་དུ་གསུངས། །ལྷོ་བྲག་ཕྱོགས་སུ་ཁ་བལྟས་ཕྱག་མང་འཚལ། །ཡུམ་དང་སྐུ་རྫི་གཉིས་ཀྱིས་བཀྱོན་པའི་དུས། །དཔའ་བོའི་དྲུང་དུ་འབྲོས་བསམ་ཡང་ཡང་དྲན། །དེ་སྐབས་དཔའ་བོས་ཙནྡན་ཚེ་དཔག་སྐུ། །བརྟན་བཞུགས་བསྐུར་བ་ཕེབས་པས་འདི་སྐད་སྣང་། །བསྟན་འཛིན་སྐྱེས་བུ་མཁས་གྲུབ་བླ་མ་མཆོག །ཆོས་ཀྱི་རྒྱལ་པོ་མོས་གུས་སྒྲུབ་པ་ནི། །སླར་ཡང་བསམ་བཞིན་སྐྱེ་བ་བཞེས་པ་གང་། །སྐུ་ཚེ་བརྟན་ཞིང་ཕྲིན་ལས་རྒྱས་གྱུར་ཅིག །ཅེས་སོགས་དང་། བར་ལེ་བ་ཆོས་རྒྱས་མོས་གུས་གྲུབ་པའི་སྐུ་སྐྱེ། སྐུ་ཚེ་བརྟན་པའི་སྨོན་ལམ་ཤིས་བརྗོད་དུ་གཙུག་ལག་རྒྱ་མཚོས་བྲིས། ཞེས་སོ། །དུད་འགྲོ་གསོད་ཚེ་ལྟ་བར་མི་བཟོད་དང་། །སྙིང་རྗེ་སྐྱོ་ཤས་ཇེ་ཆེར་འཕེལ་གྱུར་ཅིང་། །དཔའ་བོ་ལ་སོགས་མགུར་དང་རྣམ་ཐར་སོགས། །ལ་ལ་བློར་བཟུང་འདོན་དུས་མཆི་མ་འཁྲུགས། །མི་རྟག་ལས་འབྲས་འཁོར་བའི་ཉེས་དམིགས་དང་། །ཆོས་ཀུན་སྟོང་པ་དེ་ཡང་སེམས་བང་འཇོག །ཆོས་སྤྱིའི་གོ་བ་དགོང་ལོ་དགུ་ནས་འཁྲུངས། །ལེགས་ཉེས་གསུངས་པས་མང་ཞིག་


CMR004_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་ཏུ་བབ། །བར་སྐབས་གྲིབ་ཀྱིས་རྟགས་མཚན་ཅུང་ཞིག་འགགས། །བཅུ་གཉིས་ལོན་ནས་བཀའ་ཆོས་འཆད་པར་མཛད། །རྩེ་སྡོང་ཁྲི་པར་ཚེ་རྟ་འབྱུང་འདུལ་ཞུས། །ད་ཡན་མངོན་རྟོགས་རྒྱན་དང་བརྟག་གཉིས་དང་། །ནང་དོན་དམ་ཚིག་རྒྱ་མཚོའི་རྒྱུད་སྡེ་བཤད། །རྡོ་རྗེའི་ཚིག་རྐང་སྙན་བརྒྱུད་དཀར་ཆབ་དང་། །སྟག་ལུང་ཐུགས་དམ་ཟབ་ཆོས་དཀར་ཆབ་དང་། །དཀོན་མཆོག་འབངས་ཀྱི་རྒྱུད་སྡེའི་སྤྱི་རྣམ་དང་། །དཔའ་བོས་མཛད་པའི་རྡོར་དྲིལ་རྣམ་བཞག་དང་། །བླ་མའི་སྡོམ་གསུམ་རྩ་ཚིག་ལ་སོགས་ཟིན། །བཅུ་གསུམ་པ་ལ་ངག་དབང་རྣམ་རྒྱལ་པས། །སྟག་ལུང་སྤྱན་དྲངས་ཁྲི་འདོན་དབུ་སྐྲ་བསིལ། །རབ་བྱུང་བྱང་སྡོམ་སྔགས་སྡོམ་དབང་ལུང་གནང་། །ངག་དབང་བཀྲ་ཤིས་དཔལ་གྲུབ་ངེས་དོན་ཆོས་ཀྱི་ཉི་མ་རྣམས་གྲོལ་མཆོག་གི་སྡེ་ཞེས་གསོལ། བཅུ་གསུམ་ལོན་ནས་དབང་དང་རབ་གནས་མཛད། །བཅུ་བཞི་ལོན་ནས་སྒོམ་དང་བརྩོན་འགྲུས་བྱས། །ཁྲིད་རྣམས་ཞུས་པའི་དམིགས་རིམ་བརྗེད་ཐོ་བྲིས། །གོ་བ་ཆེར་སྐྱེས་ཉམས་རྟོགས་ཆེར་མ་སྐྱེས། །བཅུ་བཞིའི་ལོ་ནས་འཚོགས་ལ་ལུང་གནང་ཞིང་། །བླ་མ་མཆོག་ལ་བརྟན་བཞུགས་བརྩམས་


CMR004_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕུལ། །བླ་མས་དྲིས་པའི་ལན་དང་བརྩོམ་རྒྱུགས་ཕུལ། །ཤེས་བྱར་གོ་བ་ཆེ་བས་གྲགས་པས་ཁྱབ། །ཞི་ལྷག་གཉིས་ཀའི་ཉམས་མྱོང་ཅུང་ཟད་སྐྱེས། །མཚུངས་མེད་ངག་དབང་རྣམ་རྒྱལ་དེ་ཉིད་ཀྱིས། །ཡོངས་འཛིན་དགེ་བའི་བཤེས་དེར་སླར་བྱོན་པ། །རབ་འབྱམས་རྒྱལ་བའི་ཡེ་ཤེས་སྤྱི་ཡི་བཟུང་། །ཞེས་དང་། སྔོན་དུས་ཉིད་ཀྱི་ཆོས་ལས་སྐྱེས་པའི་སྲས། །དེང་འདིར་ཆོས་རྒྱུན་བཞེས་པའི་ཡུལ་གྱུར་པ། །རྒན་པོ་ཡུལ་དུས་རྐྱེན་གྱི་དུབ་པ་བདག །ཅེས་སོགས་སྤྲུལ་སྐུ་ཡིན་པར་ཐག་ཆོད་མཛད། །སྔོན་གྱི་ལུགས་ལྟར་གདན་ས་རྩིས་སྤྲོད་གནང་། །ཁྲི་དམར་སྟེང་ཕེབས་ཉི་མ་དྲོ་བ་དང་། །མེ་ཏོག་ཆར་པར་སྣང་ཟེར་གཞན་དག་གླིང་། །ངག་དབང་རྣམ་རྒྱལ་ཕྱག་གཉིས་ཐལ་སྦྱར་ནས། །ཨོ་རྒྱན་མགོན་པོའི་སྐུ་ཚེའི་ཚད་ཙམ་ལ། །བཞུགས་པའི་ཁས་ལེན་དགོས་གསུངས་དབང་མེད་ཀྱང་། །རྟེན་འབྲེལ་ཙམ་དུ་དེ་ཀ་བྱེད་ཅེས་ཞུས། །དེ་ནས་འཆི་ལྟས་རྨི་ལམ་ཉམས་ཀུན་ཞི། །གཙོ་ཆེར་བདེ་མཆོག་མཚམས་དང་བསྙེན་པར་འབུང་། །མཚན་ཉིད་བསྡུས་གྲྭ་སྒྲ་སོགས་ཕྱོགས་མེད་བསླབ། །ས་རིས་མང་པོ་ནག་རྩིས་རི་མོའང་བསླབ། །གཅོད་ཁྲིད་ཉམས་བླངས་ཚད་


CMR004_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

སློང་འགྲིགས་པ་བྱུང་། །ཁུ་དབོན་གཉིས་ཀས་གཙང་སོག་བར་མཛད་ནས། །སེ་འབྲས་རང་གནས་འདུག་ཏུ་ཆོག་པ་བྱུང་། །སོག་པོ་ལོག་ཅིང་བོད་ཁམས་བདེ་བ་བྱུང་། །སྡེ་སྲད་ཕུན་ཚོགས་རྣམ་རྒྱལ་དབང་མང་ཞུས། །ཨ་ཙ་ར་གཅིག་པཎ་ཆེན་ཉེར་ལྔ་དང་། །རྡོ་རྗེ་གདན་གྱི་དཀོར་གཉེར་གྱིས་བཏང་ཟེར། །ཞུ་ཡིག་བྱུང་བ་དགོངས་པས་བརྫུན་དུ་གཟིགས། །གཙུག་ལག་རྙིང་པ་གསར་བཞེངས་མང་དུ་མཛད། །གནམ་མཚོར་ཕེབས་དུས་དེ་ནུབ་འཁྱགས་པས་ཁེབ། །ཧོར་ཟླ་གསུམ་པ། ཕྱིར་ནངས་སྔོ་སེར་སོང་བས་ཡ་མཚན་གྱུར། །ཧོར་སྨད་ཐར་བའི་སྐྲ་བྲེག་མིང་བཏགས་པས། །ལོ་གྲངས་བཅུ་གསུམ་ཇུས་རྗེ་ཇེ་ལེགས་སོང་། །དུས་ཀུན་སྐྱོ་ཤས་སྙིང་རྗེ་ངང་གིས་འཕེལ། །ཕྱིས་ནས་ཅུང་ཞིག་དྲེད་ཉམས་འདུག་པ་གསུངས། །ཉམས་མགུར་མཛད་པས་དཔག་མེད་སུས་ཁྱེར་མེད། །མི་རྣམས་སྤྱོད་གཤིས་ལོག་ལ་རྗེས་དཔག་ནས། །ཐུ་མེད་ཚང་ན་དུས་ལོག་འབྱུང་བར་མཁྱེན་།ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་ཁྲིད། །བླ་མའི་བཀའ་ལྟར་རྒྱས་པར་བརྩམས་པར་བྱས། །བླ་མས་མར་ཐང་བསྟན་པར་ཐུགས་ཁུར་ཆེ། །རང་ཡང་ལས་ཀྱི་བསྐོས་པ་


CMR004_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་ཞིག་གིས། །མར་ཐང་ཉིད་ལ་སྔར་ནས་ཞེན་ཆེ་གསུངས། །བསྙེན་པར་རྫོགས་ནས་མར་ཐང་འབྱོན་རྩིས་མཛད། །རེ་ཞིག་བར་དུ་རྡོ་དཀར་གདན་གཅིག་མཛད། །གཟིམ་གུར་དྲུང་ནས་སོག་པོ་བཤར་བའི་དུས། །བཀའ་སྲུང་ཕྲག་དོག་རྟ་བཞི་གློ་བུར་ཤི། །སྡེ་སྲིད་གཙང་པས་ཚེ་དབང་བརྒྱ་རྩ་ཞུས། །ཚེ་རིང་མ་ཡི་རྗེས་གནང་བྱས་པའི་དུས། །སྲིད་འཕེལ་རྟེན་དུ་གསེར་རྡོར་ཆུང་ངུ་ཞིག །གཙང་པར་གཏད་པས་དེ་དུས་ཟླ་གྲངས་དང་། །ངེས་པར་འགྲིགས་པས་རྒྱལ་བུ་འཁྲུངས་པར་གྱུར། །ལྷ་ཡི་རྒྱལ་སྲིད་ལྟ་བུའི་རྣལ་འབྱོར་ལ། །ཞེན་པར་རང་ལོག་ངེས་འབྱུང་འཕེལ་བར་བྱུང་། །རྟག་བརྟེན་དུ་ཕེབས་རྗེ་བཙུན་དམ་པ་ལ། །དབང་ལུང་མང་ཞུས་དེ་དུས་རྨི་ལམ་ན། །གཞི་བདག་མོ་རིགས་གཅིག་གིས་གུས་པར་བཏུད། །སྒོམ་དེར་བན་རྒན་བསྙེན་པ་མང་ཐེམ་གཅིག །རྨི་ལམ་ལ་བསྟན་ལུང་བསྟན་ཤོག་དྲིལ་ཕུལ། །ལེགས་ཉེས་ཐམས་ཅད་དེ་ཉིད་བདེན་པར་གྱུར། །དེ་ནི་ལོ་གྲངས་བཅའ་བཅུ་ལས་མི་འདུག །སྣར་ཐང་སྟག་གདན་རྒྱལ་བྱེད་ཚལ་སོགས་ཀྱི། །བསུ་བ་སེར་ཕྲེང་བསྙེན་བཀུར་གུས་ཞབས་བྱས། །བསམ་འགྲུབ་རྩེ་སོགས་ཆེ་ཕྲ་མང་པོ་ལ། །རྒྱལ་བསེན་


CMR004_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེ་ཤིག་བཀའ་ཤོག་གནང་བས་ཕན། །ཤ་མེད་གངས་དཀར་མ་ཡི་གསོལ་ཁ་བརྩམས། །གཙང་སོག་བར་ལ་བྱང་དུ་ཕེབས་དགོས་བྱུང་། །ཉམས་རྨིས་དངོས་སུ་རྟགས་མཚན་ངན་པ་གཟིགས། །སོག་པོ་ཧོར་དང་ནོར་ནས་ཕྱིས་བཞིན་བརྒྱབ། །བུ་ཚ་བཅུ་དང་བརྗེ་གཅིག་བསད་འདུག །སོག་པོས་གནོང་འགྱོད་ཧོར་ཡང་མ་བརྒྱབ་ལོག །དེ་རྣམས་སྙིང་རྗེ་སྒྲིབ་སྦྱངས་མཛད་པའི་ཚེ། །རྨི་ལམ་ངག་དབང་རྣམ་རྒྱལ་ཞལ་མཇལ་ནས། །བགེགས་སྦྱངས་སྐབས་སུ་དམིགས་པ་ནན་གྱིས་གསུངས། །དེ་དུས་ཤི་བ་ད་ལྟ་ངོས་འཛིན་དུ། །འདི་དང་འདི་ཡོད་དྲུང་འཁོར་ཚོ་ཡིས་གླེང་། །སོག་དམག་ཧོར་ལ་འགྲོ་བཤོལ་བརྩོན་དགའ་བསླུས། །ཁར་ཁ་ལ་ཆིང་གཉིས་ལ་དབང་སོགས་གནང་། །ཁར་ཁ་འདི་ལ་ལེགས་པོ་མི་འོང་ཞེས། །ཆོ་ཁུར་ལ་གསུངས་ཐོག་བབ་མངོན་པར་བསྟོད། །བདག་ལ་མངོན་ཤེས་ཡོད་པའང་མ་ལགས་ཏེ། །ཡབ་ཡུམ་ཨ་ཙ་མ་རྣམས་ཀྱང་མི་རིགས། །ཅི་སྨྲས་ཐོག་ཏུ་བབ་པ་མང་ཡོད་པ། །རྩ་ཁམས་དངོས་སམ་ཁ་ཡི་ལ་ཉེའི་དཔེ། །ཡིན་གསུངས་མངོན་ཤེས་ཡོད་པ་ཞལ་མི་བཞེས། །ནམ་འཆི་ཀརྨ་ཡེར་ལྡེང་བཀའ་དབང་གནང་། །


CMR004_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པའི་དྲུང་ནས་མར་ཐང་ཕྱག་བཞི་གསན། །ཇོ་ནང་སྤྲུལ་སྐུ་བྱོན་ན་ལེགས་གསུངས་པས། །མར་ཐང་དོན་ལ་ཁམས་སུ་སྔོན་ལ་ཕེབས། །བར་ཧོར་ནང་དུ་ཕེབས་དུས་རྨི་ལམ་ན། །རི་བོ་ཆེ་ནས་ཡིན་ཟེར་བུད་མེད་འགའ། །སོག་གོས་ངན་པ་གྱོན་ནས་བསུ་བ་བྱུང་། །ངེད་རྣམས་ཉམས་ཐག་འབྱོན་པའང་སྔའམ་འཕྱི། །ཟེར་སྙམ་རྟ་རྣར་ཐུགས་དམ་བརྟག་པའང་མཛད། །རི་བོ་ཆེར་ཕེབས་དད་པས་བ་སྤུ་གཡོས། །ཀརྨའི་ཉེ་ལོགས་མགོན་པོའི་སྔགས་རྒྱུན་བཙུགས། །སྒམ་པོ་པ་དང་རྒྱལ་བ་ལྷ་ནང་པ། །ཞལ་སྤྱོད་སྐུ་འདྲ་མཇལ་ལ་གསོལ་བཏབ་པས། །དངོས་སུ་གྱུར་ནས་དྭག་པོས་ཕྱག་ཆེན་དང་། །ལྷ་ནང་པ་ཡི་ཆོས་སྐྱོང་གདམས་སྐོར་རྣམས། །དེ་རིང་ག་ལེ་སང་ཉིན་གནང་གསུངས་དང་། །སྤྲུག་བཙན་རྣམ་པ་འདྲ་བ་གཅིག་གིས་ཀྱང་། །སང་ཉིན་ངོས་འཕྲད་ཞིབ་ཞིབ་བྱའོ་སོགས། །ཕུགས་སུ་བཟང་བའི་རྨིང་ལྟས་མང་དུ་བྱུང་། །བེ་རི་མི་རྟག་སྙམ་ཤིང་སྐྱོ་བ་ལས། །མི་དགའ་བ་དང་སྡང་སེམས་ཆེར་མ་སྐྱེས། །འོན་ཀྱང་ཐུན་ཁ་སོག་པོས་བཤིགས་ཐོས་པས། །གུར་དང་ཌོཀིར་གསོལ་འདེབས་གྱུར་ཅིག་ཤོར། །བརྟག་པ་བྱས་ནས་སངས་རྒྱས་ཚེམས་ལ་སོགས། །


CMR004_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ནང་རྟེན་ལག་མེད་གསང་ལྟབ་སྤྱན་འདྲེན་བྱས། །དབོན་གྱི་ཐུགས་དམ་གྲི་གུག་ཏྲག་ཤད་ཀྱི། །ཕྱིར་སྔ་ཕེབས་དུས་ཆོ་འཕྲུལ་ལྟས་བཅས་བྱུང་། ་།སྡེ་ཕ་བཞག་ནས་ཞལ་ད་གནང་བའི་ཚེ། །རྟེན་འབྲེལ་ལེགས་པའི་ལྟས་མཐོང་སྤྲོ་བ་འཕེལ། །སྤྱང་ཀུ་གཅིག་གིས་ཁྱུང་པོའི་བར་དུ་བསྐྱལ། །སྟག་ལུང་དུ་ཕེབས་ཡུམ་འདས་དགེ་རྩའང་བསྒྲུབས། །གྲགས་པའི་དྲུང་ནས་དགྱེས་རྡོར་རྒྱལ་རྒྱ་མཚོ། །ཛྷཱ་ན་ལུགས་དང་རྔོག་ལུགས་གཉིས་པོ་གསན། །ལོ་ཙཱ་བླ་མ་བཀྲ་ཤིས་དཔལ་བཟང་ལས། །སྒྲ་ཡི་རིགས་ནི་གསན་ཅིང་མང་དུ་བསླབ་། །རྨི་ལམ་སྤྲུག་བཙན་སོག་པོའི་རྒྱལ་པོའི་ཚུལ། །ཤར་བཙོ་རྨིས་པས་ཧོར་གྱི་སྡེ་དུམ་བཅད། །ར་མདའ་བྱས་པས་རང་རྒྱལ་ཧོར་བཅུ་ཤི། །རྩེ་ཕ་གདན་སར་བསྐོས་ནས་ཡང་རི་མཛད། །འོད་འཇོའི་རི་ཁྲོད་འོག་མིན་ཆོས་མཛོད་བཏབ། །སྔོན་ཆད་མཚམས་རྣམས་ཚེ་འདིའི་དོན་དུ་སོང་། །དཀོར་དང་སྡིག་ལྟུང་སྦྱོང་རྒྱུ་ཡོད་གསུངས་ནས། །མཚམས་བསྡམས་སྔོན་འགྲོ་བཞི་སྦྱོར་གཙོ་བོར་མཛད། །རྨི་ལམ་སྡིག་མ་དག་རྟོགས་ཅུང་ཟད་དང་། །དངོས་སུ་མངོན་ཤེས་ཕྲ་མོ་ཤར་བར་གྱུར། །འཇང་ནས་བཀའ་འགྱུར་པར་མ་སྤྱན་དྲངས་


CMR004_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སླེབས་། །རྨི་ལམ་བུད་མེད་མང་དུ་རྨིས་པ་ཡིས། །རྟ་ན་བླ་མར་བླ་མས་ལྷ་མོའི་གཏེར་ཆེན་བཙུགས། །དངོས་ཉམས་རྨི་ལམ་ཆོ་འཕྲུལ་ངོ་མཚར་བྱུང་། །ཁམས་སུ་འབྱོན་པའི་རྐྱེན་སེལ་སྐུ་མཚམས་མཛད། །མཁའ་ལ་སྒྲ་ཆེན་གྲག་པའི་ལྟས་བརྟགས་པོས། །དབུས་གཙང་དུ་མའི་བདེ་བ་ཐུགས་ཀྱིས་མཁྱེན། །ཕྱིར་ལོར་ཨོ་རོད་རྒྱལ་པོའི་དཔུང་ཆེན་སླེབས། །མགོན་པོའི་གཏོར་ཆེན་དགུ་བརྒྱ་ཙམ་ཕུལ་བས། །སོག་ལམ་ཡིན་ཀྱང་བདེ་ལེགས་ལྡན་པར་གྱུར། །དེ་ནས་ངག་དབང་བཀྲ་ཤིས་དཔལ་བཟང་སོགས། །གདུགས་དཀར་གཏོར་ཆོག་མགོན་པོའི་བསྐང་གསོ་སོགས། །བསྟན་དང་བླ་མའི་སྐུ་རིམ་གཙོར་ཆེན་རྩོམ། །ལས་རྣམས་དྲང་པོར་སྤྱོད་ཅིང་དྲང་པོར་སྨྲ། །ཕྱོགས་སུ་ལྷུང་པ་འདྲ་ཡང་དོན་ལ་བསྟན། །དགགས་དགོས་མཐུན་པའི་ཚུལ་ཁྲིམས་གཙང་། །སེམས་ཁོ་ན་བསྲུང་བའི་བསོད་ནམས་ཅན། །ཚུལ་དེ་འདྲ་ཞིག་ལ་ཡིད་སེམས་ཤོར། །ཞེས་སོགས་ཉམས་མགུར་དཔག་ཏུ་མེད་པ་དང་། །སོ་ཐར་བཤད་པ་སྡོམ་གསུམ་གཅོད་ཁྲིམས་སོགས། །བརྩམས་ཆོས་ཆེ་ཕྲ་དཔག་ཏུ་མེད་པ་བཞུགས། །ཚེར་ལུང་གོང་མ་ཀརྨ་བསྟན་འཕེལ་དང་། །ཡོངས་འཛིན་སྤྲུལ་སྐུ་དུང་དཀར་


CMR004_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

རས་ཆེན་པ། །བོ་དོང་འཆི་མེད་པ་དང་འབའ་རོམ་པ། །བྱ་བཏང་བསྟན་པ་རྣམ་རྒྱལ་རྗེ་དྲུང་དང་། །ཁ་རག་སྐུ་སྐྱེས་དབང་ལུང་གདམས་པ་ཞུས། །ཨོ་རྒྱན་ཆེན་པོའི་མ་འོངས་ལུང་བསྟན་ལས། །དཔལ་གྱི་མིང་ཅན་བློ་གྲོས་སྟོབས་ལྡན་པ། །ཁམས་ཀྱི་སྟོད་ཕྱོགས་རི་བོ་ཞེས་བྱར་འབྱུང་། །སྒོ་གསུམ་བླ་མའི་ཞབས་ཏོག་ཉེ་བར་སྒྲུབ། །ཅེས་གསུངས་ལུང་བསྟན་བཞིན་དུ་རི་བོ་ཆེར། །སངས་རྒྱས་དབོན་པོའི་བསྟན་པའི་ཞབས་ཏོག་བསྒྲུབ། །ཕྱག་རྡོར་སྤྲུལ་པ་ལྷོ་བྲག་ཕྱག་རྡོར་པས། །སྟག་ལུང་བདུན་རྒྱུད་ལུང་དང་བསྟན་པ་ལས། །གཅིག་ནི་སྐུ་དང་གསུང་རྟེན་བཞེངས། །འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་ཏེ། །ཏིང་འཛིན་སྤྲུལ་པ་སྣ་ཚོགས་བསྟན། །མཐའ་དམག་བོད་དུ་འོང་བ་ཟློག །དེ་ཡིས་ཆེད་དུ་འདས་ཚུལ་སྟོན། །བླ་མ་གོང་མ་ཉིད་ཡིན་པས། །ཁོ་རང་སྔར་ནས་ལུང་བསྟན་ཡོད། །ལོ་ཡང་བྱེད་པ་འདས་ཀྱང་དེར། །འདས་ཚུལ་སྟོན་ཅིང་སྣང་བ་བསྒྱུར། །མཐོང་ཐོས་རེག་འཆང་བྱང་ཆུབ་འཐོབ། །ཅེས་གསུངས་སོ། །འདི་ནི་ཉིད་ཀྱིས་མཛད་པའི་རྣམ་ཐར་རྒྱས་པའི་དོན་བསྡུས་ལུང་བསྟན་གྱིས་བརྒྱན་ཏེ། ཨ་རཱ་གས་དད་རྟེན་དུ་བཀོད་པ་མངྒ་


CMR004_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་པར་ཤོག། ༧ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

རྗེ་ཀརྨ་པ་ན་རིམ་གསུམ་གྱི་རྣམ་ཐར།


CMR004_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཀརྨ་པ་ན་རིམ་གསུམ་གྱི་རྣམ་ཐར་བཞུགས་སོ།།


CMR004_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཛྙཱ་ན་བཛྲ་ཡེ། རྒྱལ་བའི་དབང་པོ་དཔལ་ལྡན་ཀརྨ་པ། །ཡེ་ཤེས་རྡོ་རྗེའི་རྣམ་ཐར་མདོ་ཙམ་ཞིག །ངག་རྒྱུན་ཟིན་བྲིས་ཁུངས་ཐུབ་བྲི་བར་བྱ། །ངུར་སྨིག་རྒྱུན་མཛེས་གར་དབང་བདུན་པ་ཡིས། །མདོ་སྨད་མགོ་ལོག་ཡུལ་གྲུའི་བཀོད་པ་ནི། །ཕྱག་བྲིས་མཛད་ལྟར་གཟིགས་པ་རྣམ་ལྔ་ཡིས། །ལྷུམས་སུ་ཞུགས་ནས་ཡུམ་ཉིད་རྟག་པར་དུ། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་རབ་མཆོད་པས། །ཐ་མལ་མི་ཡི་ཟས་ཀྱི་ནོངས་པ་སྟེ། །མེ་ཕོ་འབྲུག་ལོའི་ཡར་ཚེས་དགེ་བའི་ཉིན། །བལྟམས་མ་ཐག་ཏུ་རྡོ་རྗེ་སྐྱིལ་ཀྲུང་མཛད། །ཨཱ་ལི་ཀཱ་ལི་རྟེན་སྙིང་བཟླས་པའི་


CMR004_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ངང་། །མཁའ་དབྱིངས་ཀློང་ནས་འཇའ་འོད་ཁྲིགས་པའི་དབུས། །རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ཞལ་བསྟན་ཚེ། །སྤྱན་གཉིས་བར་སྣང་ཟིམ་བུར་གཟིགས་ནས་ནི། །རེ་ཞིག་ཏིང་ངེ་འཛིན་ལ་གཡོ་མེད་གནས། །དུས་དེར་ཡུམ་ལ་འཕགས་པའི་བདེན་བཞི་དང་། །ཕ་རོལ་ཕྱིན་དྲུག་ཞི་གནས་གནས་ཐབས་དགུ། །གཞན་ཡང་མདོ་རྒྱུད་དགོངས་པའི་ཟབ་དོན་བཅུད། །ཇི་སྙེད་གསུངས་ཀྱང་ཡུམ་གྱི་བློ་ལ་ངེས། །སྐབས་དེར་རིག་འཛིན་མི་འགྱུར་རྡོ་རྗེ་སོགས། །གཏེར་ཆེན་རྣམས་ཀྱིས་རྒྱང་ནས་བསྔགས་པ་བརྗོད། །ཐ་མལ་བྱིས་པའི་སྐྱོན་གྱིས་མ་གོས་ཤིང་། །སྐྱེས་བུ་


CMR004_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་ཡོན་ཏན་ཁོ་ནའི་ངང་། །རབ་བྱུང་བཅུ་གཉིས་ཐོག་མར་གདན་སར་ཕེབས། །དག་པའི་སྣང་བ་རབ་འབྱམས་སྤྲིན་ལྟར་གཏིབས། །དགེ་སློང་བསོད་ནམས་བཟང་སོགས་ཇི་སྙེད་པ། །དམ་ཆོས་པད་དཀར་བྱམས་ཆོས་སྡེ་ལྔ་དང་། །འདུལ་མངོན་ལ་སོགས་གསུང་རབ་དཔག་ཡས་ནི། །ཐུགས་ནས་ལྷང་ལྷང་ཉིན་ཞག་དུ་མའི་བར། །བསྙེང་པ་བྲལ་བས་ལྷར་བཅས་སྐྱེ་རྒུའི་ཚོགས། །ཡི་རང་ཆོས་ལ་མི་སྐྱེ་བཟོད་པ་ཐོབ། །དུས་གསུམ་མཁྱེན་ཕྱིར་ཕྱི་ནང་གསང་གསུམ་གྱི། །མ་འོངས་ལུང་བསྟན་རྒྱ་ཆེན་བཙལ་བ་དང་། །དིང་རིའི་སྒྲུབ་ཆེན་འགྱུར་མེད་རྣམ་རྒྱལ་ནི། །མིག་གཉིས་ལོང་དེར་ཞལ་ཆབ་བདུད་རྩིའི་ཆར། །ཐེབ་མ་ཐག་ཏུ་ལོ་བརྒྱད་མིག་ལྟར་གྱུར། །ཤུག་ཤིང་སྤྱིར་སྤྱིར་ཕྱག་མདུད་མཛད་ནས་ནི། །སླར་ཡང་གང་བུར་སྒྲིལ་དང་སྐུ་ཡི་གཟུགས། །གཟིམ་ཆུང་རེ་ལ་རེ་རེ་བཞུགས་པ་སོགས། །མངོན་སུམ་ཚད་མའི་རྫུ་འཕྲུལ་གྲངས་མེད་སྟོན། །ཆོས་ཀྱི་དོན་གྲུབ་ཆོས་ཀྱི་འབྱུངགནས་སོགས། །བསྟན་འཛིན་སྐྱེས་ཆེན་མངའ་གསོལ་ཤིས་བརྗོད་མཛད། །ཚིབས་ཆེན་བྱ་དཀར་བཀྲ་ཤིས་གཡུ་འབྲུག་སོགས། །བྱིན་རླབས་ཞུགས་པས་ཤེས་རིག་མི་ལས་བཀྲ། །ཅང་


CMR004_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཡོན་ཏན་བརྗོད་དུ་མི་ལངས་ནས། །དཔལ་ལྡན་བླ་མའི་མཛད་པ་རྣམ་ཐར་ཚོགས། །ཆུ་ལྷས་ལྕེ་བརྒྱ་བསྐྱོད་ཀྱང་བརྗོད་མ་ནུས། །གདུལ་བྱ་ཕྱི་མའི་དོན་དུ་རྣམ་རོལ་ནི། །ལུང་བསྟན་རྩལ་ཕྱིར་གང་སྐུའི་ཞལ་ཐང་ཞིག །ས་སྐྱ་སྡེ་དགེའི་ཕྱག་ཏུ་གནང་བར་མཛད། །རྡོ་རྗེའི་སྐུ་མཆོག་སྐྱེ་འཆིའི་སྤྲོས་བྲལ་ཡང་། །རྟག་འཛིན་ཆོས་བསྐུལ་དགོངས་པ་ཟབ་མོ་ཡིས། །ཆུ་ཕོ་རྟ་ལོའི་ཡར་ཚེས་སྐུའི་དཀྱིལ་འཁོར། །བསྡུ་བའི་ཚུལ་མཛད་ཉིན་མོར་བྱེད་པ་ལ། །ངོ་མཚར་འཇའ་སྤྲིན་སྣ་ཚོགས་བསྐོར་བའི་དབུས། །སྟོན་འཁོར་གསུམ་བཅས་སྐལ་ལྡན་ཀུན་གྱིས་མཇལ། །སངས་རྒྱས་མངོན་སུམ་ཕེབས་ལྟར་མཛད་ཚུལ་དེས། །གདུལ་བྱའི་ཡུལ་ཀུན་སྨིན་ཅིང་གྲོལ་གྱུར་ནས། །མགོན་པོ་ཁྱོད་ཀྱི་གོ་འཕང་ཡོངས་ཐོབ་ཤོག་། བོ་དྷི་བཛྲ་ནི་མ། རང་དོན་ཆོས་སྐུ་གཞན་དོན་སྤྲུལ་པའི་སྐུ། །མཚན་དཔེའི་རབ་བརྒྱན་བྱང་ཆུབ་རྡོ་རྗེ་ཞེས། །སྐྱེས་རབས་ཕྲེང་འཛིན་རྒྱལ་དབང་བཅུ་གཅིག་ཞབས་། །མདོ་སྨད་ཆུ་བོ་གསེར་ལྡན་འབབ་པའི་ངོགས། །ཉེ་བའི་ཡུལ་གྲུ་དཀྱིལ་ལེའི་ཙག་ཏོ་ཞེས། །རྨད་བྱུང་ཞིང་དེར་བརྩད་པོ་དབུ་ཡི་རིགས། །སྲུང་ལུ་ཞེས་དང་ཡུམ་ཆེན་


CMR004_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མོ་སྐྱིད། །ལྷུམས་ཞུགས་ཚེ་ན་ཤེལ་གྱི་མཆོད་རྟེན་ལ། །འོད་ཟེར་ཁ་དོག་ལྔ་ལྡན་མངའ་བ་ཞིག །སྤྱི་བོའི་གཙུག་ནས་ལུས་ལ་ཐིམ་པ་རྨིས། །སྐབས་དེར་མཛོ་མོ་སྔོན་མོ་ཞིག་ཡོད་པས། །ཆར་རླུང་དྲག་པོས་དེད་ནས་བྱོལ་བའི་ཚེ། །ཤར་དུ་ཕྱིན་ཚེ་ནུབ་ཏུ་འདུག་ཅེས་གསུངས། །དེ་མ་ཐག་ཏུ་མཛོ་མོ་སྙེད་པའི་ཚེ། །སླར་ཡང་འདི་སྐད་གསལ་བར་གསུངས་པ་ཐོས། །ཆར་རླུང་འདི་དང་མཛོ་མོ་བཅས་པ་འདི། །མ་རྒན་ཉིད་ཀྱི་སེམས་སྣང་འཁྲུལ་པ་ལས། །དོན་དུ་དངོས་པོ་གང་ཡང་གྲུབ་པ་མིན། །ལྕགས་སྲེག་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་གང་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀུན། །སྡིག་སེམས་ལས་བྱུང་ཐུབ་པས་གསུངས། །ཞེས་སོགས་གསུངས་ཀྱི་ཡུམ་གྱི་བརྗེད་ནས་ཐལ། །ཆུ་མོ་ལུག་ལོར་སྐུ་བལྟམས་ཆུ་འབྲུག་ལོར། །རྒྱལ་དབང་མཆོག་དང་བསྟན་པའི་ཉིན་མོར་བྱེད། །ཆབ་གཅིག་དབུས་ལྗོངས་གདན་སར་ཞབས་བསྐྱོད་ཚེ། །ཕེབས་ལམ་མི་བས་གཞི་བདག་གུས་བཏུད་མང་། །འདུལ་བའི་སྡེ་སྣོད་བཞི་ཡི་མངའ་བདག་ཆེ། །གར་དབང་བརྒྱད་པ་སྐུ་འཁོར་འབབ་རོང་གཞུང་། །ཆིབས་བསུར་ཕེབས་ནས་བཀྲ་ཤིས་དགའ་སྟོན་མཛད། །གདན་


CMR004_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ས་མཚུར་ཕུར་སྲུང་མ་གཞི་བདག་ནི། །གཏུམ་དྲག་རྩལ་ལྡན་ཚོགས་རྣམས་དམ་ལ་བཞག །རྨི་ལམ་སྤྲུལ་བསྒྱུར་རྫུ་འཕྲུལ་མངའ་བརྙེས་པས། །ཤམ་བྷ་ལར་བྱོན་རིགས་ལྡན་སྟབས་ཆེན་དྲུང་། །དུས་ཀྱི་འཁོར་ལོའི་དབང་དང་རྒྱུད་ལུང་ཞུས། །མཐའ་ཀླས་རྒྱལ་བའི་དགོངས་པ་དང་མཚུངས་ཀྱང་། །དབང་ལུང་མན་ངག་མདོ་སྔགས་གཞུང་ལུགས་རྣམས་། །གསན་བསམ་བརྩོན་པ་ལྷུར་མཛད་ཁྱད་པར་དུ། །དབུས་གཙང་རུ་བཞི་སྟོད་གནས་ལྷོ་མོན་དང་། །རྩྭ་མཆོག་གྲོང་སོགས་ཞབས་ཀྱིས་བཅགས་པའི་ཚེ། །གང་གི་ཞབས་ཕྱི་གསོལ་གཟིམས་རྣམས་ཀྱིས་ཀྱང་། །ཞབས་རྗེས་དང་ནི་རྦབ་འགྲིལ་བཟློག་པ་སོགས། །ངོ་མཚར་བསྐྱེད་ནས་བླ་མར་ལྟ་ཅི་སྨོས། །བསྟན་འགྲོར་ཕན་བདེའི་གཞན་དོན་ལྷུན་གྲུབ་ཅིང་། །འབྲེལ་ཚད་དོན་ལྡན་ཏོང་ཀུའི་ཡུལ་གྲུ་ཆེ། །ཆུ་ཕོ་བྱི་བའི་ཧོར་ཟླ་བཅུ་པ་ལ། །གཟུགས་སྐུ་རྣམ་རོལ་ཆོས་ཀྱི་དབྱིངས་ཐིམ་ཚེ། །ནམ་མཁར་འཇས་ཁེངས་མེ་ཏོག་ཆར་པ་བབ་། །ཚུལ་ཁྲིམས་དྲི་ངད་སྟོང་གསུམ་ཁྱབ་པ་སོགས། །རྒྱལ་དང་རྒྱལ་སྲས་རྣམ་ཐར་འཛིན་མཛད་པའི། །ཀརྨ་པ་ཡི་གོ་འཕང་མཆོག་ཉིད་ལ། །མ་རྒན་སེམས་ཅན་ཐམས་ཅད་


CMR004_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་གྱུར་ཅིག། །ན་མོ་མ་ར་མ་ཀ་བཛྲ་ཡེ། མཚུངས་མེད་འཇམ་མགོན་བསྟན་པའི་ཉིན་བྱེད་ཀྱིས་བྱང་ཆུབ་རྡོ་རྗེའི་རྣམ་ཐར་མཛད་པ་ལས། །སླར་ཡང་མཆོག་གི་སྤྲུལ་སྐུའི་ཟློས་གར་སོགས། །འཁོར་བ་སྲིད་དུ་མཛད་པ་མི་འཆད་གསུངས། །གྲུབ་ཆེན་ཀརྨ་པཀྵིའི་རྣམ་ཐར་ལས། །མ་འོངས་པ་ན་བོད་ཡུལ་ལྷོ་ཡི་ཕྱོགས། །གདུལ་བྱའི་དོན་དུ་འབྱུང་ཞེས་གསུངས་བ་དང་། །མཚུངས་མེད་ཆོས་རྗེ་ལ་ལི་ཏ་བཛྲས། །རས་པ་སོ་དཀར་དག་གིས་ཞུས་ལེན་དང་། །ཐམས་ཅད་མཁྱེན་པ་མཐོང་བ་དོན་ལྡན་གྱིས། །གསུང་མགུར་གངྒཱ་མ་དང་ཁྱད་པར་དུ། །མི་བསྐྱོད་ཞབས་ཀྱི་རྣམ་ཐར་ཟོལ་མེད་ལ། །ཛྙཱ་ན་བཛྲའི་བཀའ་དང་གཏེར་ཆེན་མཆོག །རཏྣ་གླིང་པའི་བྱེ་བྲག་ལུང་བསྟན་ལས། །ཀརྨའི་མིང་ཅན་སྐྱེ་བ་བཅུ་གསུམ་པས། །བར་ཆད་བཟློག་ཅིང་འབྲེལ་ཚད་དོན་དང་ལྡན། །པད་འབྱུང་སྐུ་དངོས་སྟག་ཤམ་རྡོ་རྗེ་དང་། །རིག་འཛིན་ཆོས་རྗེ་གླིང་པའི་གསང་ལུང་དུ། །ཞྭ་ནག་ན་རིམ་རྣམ་ཐར་ཚིགས་བཅད་ལས། །དེ་ཉིད་ཕྱི་མ་བདུད་འདུལ་རྡོ་རྗེ་ཞེས། །ཡོན་ཏན་བརྗོད་བྱ་ཚིག་རྐང་ལྔ་རུ་གསུངས། །བོ་དྷི་བཛྲས་ཕྱོགས་མཚུངས་བཀོད་པ་ནི། །གུ་རུ་དྷརྨ་མཎྜལ་ལ་


CMR004_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བ་འདུག །གྲུབ་པའི་རྒྱན་ཅིག་རིག་པ་འཛིན་མཆོག་ཚེ་དབང་ནོར་བུ་ལ། །པདྨ་ཁྱུང་རྫོང་དག་ཏུ་ཉམས་ཀྱི་འོད་གསལ་རྗེས་མཐུན་དུ། །ཨོ་རྒྱན་རྡོ་རྗེའི་བཀའ་ན་མཁའ་འགྲས་གསང་ཚིག་བརྡས་བསྐུལ་བར། །འཐུང་གཅོད་དང་མཚུངས་སྲིད་པའི་རྡུལ་དཀར་ཐོད་བཅིངས་ན་ཆུང་ཅན།། །ཆུ་རླུང་མདོ་ཡིས་ཕྱོགས་དག་རྒྱུད་ཞིང་རྐང་ཐུང་འཚམས་པར་གནས། །ཞེས་སོགས་ཚིགས་བཅད་དྲུག་དང་སླར་ཡང་ངེས་ཤེས་འདྲེན་པའི་གཏམས། །དགེ་རི་གཞུང་རིས་ཉེ་བའི་ཕྱོགས་ན་འབྱོར་པས་ཆར་དབེན་ཅིང་། །རིགས་རུས་རྣམ་དག་དགེ་ལ་བརྩོན་ཞིང་དེ་ན་ཀརྨ་ཀ །ཞེས་སོགས་གསལ་བར་ཐོས་པས་ཀུན་མཁྱེན་བླ་མའི་སྙན་དུ་ཕུལ། །བདག་ཅག་གླང་ལོ་ཧོར་ཟླ་བརྒྱད་པའི་ཡར་ཚེས་ལ་བཙས་པ། །ཤིང་ཕོ་སྟག་ལོར་ཀུན་བཟང་འཇིགས་བྲལ་རབ་གསལ་བྱ་མ་རྟས། །འབད་པ་དུ་མས་ངོས་འཛིན་ངོ་མཚར་གཏམ་བཅས་ཕྱིར་ལོག་སྐབས། །ངེད་ཀྱི་ཉམས་སྣང་བྱིས་པ་དར་དཀར་གོས་གྱོན་པ། །ཤེལ་སྡེར་མེ་ཏོག་གྱིས་གང་ལག་ན་ཐོགས་ཏེ་འཇའ་འོད་ཀློང་། །གླུ་གར་རོལ་རྩེད་སྟོན་མཁན་ཁྱེད་ཉིད་སུ་ཞིག་ལགས་སམ་བྱས། །ང་ནི་རྡོ་རྗེ་བེར་ནག་ཅན་ཞེས་རྔམ་བརྗིད་ང་


CMR004_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

རོ་ཅན། །ཡེ་ཤེས་དབྱིངས་ལས་ཁྲོ་བོའི་སྐུ་སྟོན་ལས་བཞིར་དབང་བསྒྱུར་དོན་དམ་དུ། །ཉིད་ཀྱི་སེམས་ལས་གཞན་སྣང་གུད་དུ་མེད་པ་ལྟ་བའི་ཡང་རྩེ་མཆོག །དེ་སྐད་སྨྲ་ཞིང་མེ་ཏོག་འཐོར་ཏེ་ཧ་ཧའི་གད་རྒྱང་སྒྲོགས་པར་སྣང་། །དུས་དེར་ཡུལ་མི་ཀུན་གྱི་འབྲུག་གི་སྒྲ་སྒྲོགས་ཐོས་སོ་བདག་ཅག་གིས། །རོ་འཛིན་ཡི་གེ་ཨ་དཀར་སྙིང་གར་སྨེ་བ་དབང་མདོག་དེ་ཚུལ་ནི། །ལྷུན་སྡེས་མི་རྗེ་ཆེན་པོར་སྙན་སྒྲོན་ཕུལ་ཞིང་སྐབས་དེར་རྡོ་རྗེ་རིལ་བུ་ཞིག་རྙེད་པར། །རིང་བསྲེལ་མང་འཕེལ་ཕ་ཡུལ་བདུད་ཀྱི་བཙོན་ར་ལྟར་མཐོང་ཞིང་། གྲུབ་པའི་གནས་མཆོག་སྟོད་ལུང་མཚུར་ཕུར་མྱུར་དུ་བསྒྲོད་སྙམ་ཚེ། །མེ་འབྲུག་ཧོར་ཟླ་བཅུ་གཉིས་ཟླ་ཚེས་དགེ་བར་རྒྱལ་ཚབ་དམ་པ་དང་། །གྲྭ་ཟུར་སློབ་དཔོན་སྔོན་གྱི་གསོལ་གཟིམ་འགྲོན་བཅས་ཇི་སྙེད་སོགས། །ཆས་བཟང་དང་བཅས་བསུ་བར་འབྱོར་ཚེ་ཡིད་དགེའི་སིམ་པ་བསྐྱེད། །རྒྱལ་རིར་ལོ་གསར་དགའ་སྟོན་སྤྲོ་ཞིང་རྒྱལ་བ་དང་པོ་ལ། །གདན་སར་འབྱོར་ནས་ཁམས་གསུམ་མགོན་གཅིག་བསྟན་པའི་མངའ་བདག་དམ་པ་མཆོག །ཐམས་ཅད་མཁྱེན་གཟིགས་རྒྱལ་བ་བསྐལ་བཟང་རྒྱལ་མཚན་ཐུགས་བསྐྱེད་རྟེན་འབྱུང་དང་། །མི་རྗེ་ས་ཡི་དབང་ཕྱུག་


CMR004_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་བསྟོད་རྒྱལ་གཞན་ཡང་བཀའ་བརྒྱུད་ཀྱི། །ཡབ་སྲས་རྣམས་དང་ལྟོས་བཅས་ཀུན་གྱི་འཇིགས་མེད་སེང་ཁྲིར་མངའ་གསོལ་ཞིང་། །སྲི་ཞི་ཀུན་ཏུ་འབད་མེད་ལྷུན་གྲུབ་རྟག་ཏུ་བཀྲ་ཤིས་རབ་རྒྱས་ཤོག །དེ་སྐད་སྡེ་པ་ངེས་དོན་གྱིས། །ན་རིམ་གསུམ་གྱི་རྣམ་ཐར་ཞིག །ནན་ཏན་ཆེན་པོས་བསྐུལ་བ་ཡིས། །ཐོ་ཙམ་བྲིས་པ་མངྒ་ལཾ།། །སླར་ཡང་དད་ལྡན་ཅིག་གིས་ལེའུ་ཚན་འདི་བར་ཅུང་ཟད་བསྣོན་རྒྱུ་བྱུང་ཟེར་བར། །བདག་རང་གི་དོན་རྒྱུད་ཀྱི་རྩ་བའི་བླ་མ་བཀའ་དྲིན་གསུམ་ལྡན་བསྙེན་པར་རྫོགས་པའི་སྡོམ་པ་དང་སེམས་ཉིད་ཆོས་སྐུར་ངོ་སྤྲད་པ་ནི། དུས་གསུམ་སངས་རྒྱས་འདུས་པའི་ངོ་བོ། མཁས་གྲུབ་ཡོངས་ཀྱི་རྒྱན་གཅིག །རྡོ་རྗེ་འཆང་ཆེན་བསྟན་པའི་ཉིན་བྱེད་དེ་ཉིད་ཡིན་ལ། །དེའི་ཞལ་སྔ་ནས་དབང་ལུང་མན་ངག་ཁྲིད་སོགས་ཀྱང་བསམ་གྱི་མི་ཁྱབ་པ་ཐོབ་པ། བཀའ་དྲིན་འཁོར་མཐའ་མེད་ཅིང་། ཁྱད་པར་དུ་གཏེར་ཆེན་རོལ་པའི་རྡོ་རྗེའི་ཆོས་སྐོར་གྱི་དབང་ལུང་ཐོབ་སྐབས། རྨི་ལམ་དུ་རྗེ་དེ་ཉིད་ཁྲོ་བོའི་རྒྱལ་པོ་རྟ་མཆོག་རོལ་པ་སྐུ་མདོག་ལྗང་གུ་ཞིག་ཏུ་སྣང་། དེའི་སྒོ་ནས་དབང་བསྐུར་མཛད་དེ། མེ་ཏོག་ཅོད་པན་ཤར་དུ་


CMR004_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བབས་པས་གསང་མཚན་དབང་ཆེན་རྡོ་རྗེ་ཞི་བ་རྩལ་ཞེས་བྱ་བའོ། །སྣང་གྲག་རྟོགས་གསུམ་ལྷ་སྔགས་བདེ་བ་ཆེན་པོའི་ངང་ནས་འདི་སྐད་གསུངས། རང་ཉིད་ལྷ་ཡི་ངོ་བོ་དང་། །མཚན་མའི་དཀྱིལ་འཁོར་སྲིད་བཅུད་ཀུན། །སོ་སོ་མ་ཡིན་ཐ་མི་དད། །སེམས་ཉིད་གཅིག་པུར་ལྷུན་གྲུབ་ཕྱིར། །བདག་མདུན་ཐ་དད་བསྒྲུབ་མི་དགོས། །སེམས་ཀྱི་རང་མདངས་མཚན་མའི་རྟེན། །ཕྱི་རོལ་སྲིད་བཅུད་སོགས་སུ་ཤར། །སེམས་ཉིད་ཁྲོ་རྒྱལ་རྟ་མགྲིན་སྐུར། །ཤར་ཚེ་དེ་དག་གུད་ན་མེད། །དེ་ཕྱིར་ཐ་དད་མ་ཡིན་པར། །ཟུང་འཇུག་ཨ་ཏིའི་རྣལ་འབྱོར་གྱི། །ལྟ་བའི་མཐར་ཐུག་ཡིན་པར་ངེས། །ཞེས་འདི་ཨོ་རྒྱན་ཆེན་པོའི་གསུངས། །ཞེས་སོགས་དབང་བཞི་ངོ་སྤྲད་མཛད་ཅིང་། འོན་ཀྱང་རྟ་མགྲིན་མརྒད་མདོག་ཅན་དེ། །སྔོན་མ་ཐོས་པས་སུ་ལའང་མ་བཤད་ཅིང་། །རྗེས་སོར་རཏྣ་གླིང་པའི་ཚེ་སྒྲུབ་གསང་འདུས་ཀྱི་ཆ་ལག་ཏུ་འདུག་པས་ངོ་མཚར་རྙེད་དོ། །ཤམ་པོ་གངས་ཀྱི་ཆུ་འགྲམ་དུ་མེ་དཔུང་འབར་བ་ཞིག་རྨིས། དེར་གུར་དྲག་གི་སྐུ་ཆུང་ངུ་ཞིག་རྙེད་པ་བསྟན་ཆོས་གཉིས་ཀྱིས་ཤེས། སྔར་ས་ལུག་ལོར། བདེ་ཆེན་ཡང་རིའི་རྩེ་མོ་ནས། ལྷ་ཆེན་ཐང་ལྷ་གཉེན་པོ་འཁོར་


CMR004_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ནམ་མཁའི་སྐར་ཆའི་གྲངས་ལྟ་བུས་གུས་བཏུད་བྱེད་པར་མཐོང་། དེ་འདྲའི་ཡིག་གེར་བཀོད་རྒྱུ་མང་ན། ལྔ་བདོའི་འགྲོ་བ་ཐེ་ཚོམ་གྱ་གྱུ་མང་བས། རང་གཞན་ཀུན་ལ་ཕན་པ་མི་འདུག །གཙང་ཟབ་ཕུ་ལུང་དུ་གནས་མཇལ་ལ་ཕྱིན་སྐབས། ཁྲོམ་ཁྲི་ཁྲག་ཙམ་འཚོགས། དཀོར་ཟས་རྒྱ་ཆེར་སྤུངས། མ་རྒན་དེ་རྣམས་ལ་སྙིང་རྗེ་ཚད་མེད་སྐྱེས། སྨོན་ལམ་རྒྱ་གང་ཆེ་འདེབས་ཀྱང་། བདག་གཞན་ཐམས་ཅད་སྔོན་གྱི་ལས་ཁོ་ན་སྨིན་དགོས་འདུག །ད་ནི་བདག་ཅག་དབེན་ས་སྙེགས་ཏེ། བྱང་ཆུབ་བསྒྲུབ་པའི་དུས་ཞིག་ཡིན་འདུག །སྐབས་དེ་ལྷ་ཕུ་གླང་འཕྲང་གིས་མདོ་རིས་རྩེ་མོ་ནས། རྡོ་རྗེ་སྐྱིད་ཕུག་ཟེར་བའི་ཕུག་པ་མཐོང་བས། རྗེ་བཙུན་མི་ལའི་རྣམ་ཐར་དྲན་ནས་མཆི་མ་རང་དབང་མེད་པར་ཤོར། འདུ་འཛིའི་དབྱེ་བ་ཆོས་བརྒྱད་སྒྲོག་གིས་བཅིངས་པའི་རེ་སྡུག་སྙམ། དེ་ནས་རྒྱབ་ལུང་དུ་བསྡད་པའི་དགོང་མོ་རྨི་ལམ་དུ། ནམ་མཁའི་ཀློང་ནས་འཇའ་སྤྲིན་གྱི་དབུས་སུ་རྗེ་བཙུན་ཐོས་པ་དགའ། རྨ་བྱའི་སྒྲོ་ཐུལ་བཞེས་པ་ཞིག་ཞལ་འཛུམ་མདངས་བཅས་ཏེ། རྣལ་འབྱོར་བཞི་རིམ་གྱི་མན་ངག་མགུར་དུ་གསུངས། ཡང་དེ་ཉིད་བསྟན་པའི་ཉིན་བྱེད་ཀྱི་


CMR004_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་བསྟན་ཏེ། །འཕོ་འགྱུར་མེད་པའི་དམ་ཚིག་དང་བཟློག་མེད་ཀྱིས་མོས་གུས་ཡོན་ཏན་ལས། བླ་མ་སངས་རྒྱས་ཀུན་འདུས་ཀྱི་གདམས་ངག་དེ་འདྲ་བསྟན་པ་ཡིན་གསུངས་ནས། སླར་ཡང་རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀིའི་སྐུར་སྣང་ཞིང་། དེ་ཉིད་ཞལ་གདམས་ཐུན་མོང་མ་ཡིན་པ་སྙིང་པོ་དོན་གསུམ་མདོར་བསྡུས་རྡོ་རྗེའི་མགུར་བཞེངས། མ་འོངས་པའི་ལུང་བསྟན་འགའ་ཞིག་ཟིན་བྲིས་ཟུར་དུ་བཏབ་ཡོད། མངྒ་ལཾ་ཤུ་བྷཾ།། །།མེ་ཕོ་རྟ་ལོའི་གནམ་ལོ་འཆར་བའི་ཚེ། །དཔའ་བོ་མཆོག་སྤྲུལ་ཁྲ་ལེབ་སྤྲུལ་སྐུ་བཅས། །མཚན་གསོལ་རྡོ་རྗེའི་མདུད་ཀྱི་སྲུང་བ་དང་། །དམ་རྫས་ལྷ་གོས་རབ་བཟང་བལྟས་བཅས་ཏེ། །ངོ་མཚར་འོད་སྣང་མདོ་སྨད་ཕྱོགས་སུ་སྤྲོས། །སྟོད་འགྲེལ་དག་ལས་སྤྲེའུ་ལོ་ཤར་ཚེ། །ཁྲུམས་ཟླའི་གྲལ་ཚེས་དགེ་བར་མཚུར་ནས་བཏེགས། །ལམ་ཞག་གཉིས་བཅས་གཞུང་ས་ཆེན་པོ་ནས། །རྟ་ཐབས་བསུ་བ་དང་བཅས་ལྷ་སར་འབྱོར། །གཟའ་སྐར་དུས་སྦྱོར་དགེ་བའི་སྔ་ཆ་རུ། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཇི་སྙེད་ཀྱིས། །མཐའ་ཡས་ཡོན་ཏན་མི་ཟད་འདུས་པའི་སྐུ། །སྲིད་ཞིའི་གཙུག་རྒྱུན་གངས་ཅན་བསྟན་འགྲོའི་དཔལ། །


CMR004_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་གཟིགས་འཇམ་དཔལ་རྒྱ་མཚོ་ཡི། །མཚན་དཔེའི་དཀྱིལ་འཁོར་མཇལ་ཞིང་གསུང་ཐོས་པས། །མཐོང་ལམ་ཐོབ་ལྟར་རྨད་བྱུང་ས་སྤྱོད་ཐོབ།། །།འགྲོ་བའི་མཆོད་སྡོང་ཤཱཀྱ་མུ་ནེའི་དྲུང་། །ཡན་ལག་བདུན་པ་སྔོན་དུ་འགྲོ་བ་ཡིས། །གདེངས་ཅན་བསུ་བཟློག་སྤྱི་དགེར་སྨོན་བཟང་དང་། །སྨོན་འཇུག་སེམས་བསྐྱེད་ཡང་དག་བརྟེན་པར་བཟུང་། །གདུལ་བྱར་གྱུར་པའི་སྐྱེ་བོའི་ཚོགས་རྣམས་ལ། །དམ་པ་ཆོས་ཀྱི་སྦྱིན་པས་སྨིན་གྲོལ་བཀོད། །རྒྱལ་བ་སྲས་བཅས་བྱིན་སྟོབས་ཡོངས་འདུས་པ། །སྡོམ་པ་གསུམ་གྱི་ཐུགས་རྒྱུད་ལེགས་པར་སྨིན། །གདུལ་བྱར་སྡེ་སྣོད་གསུམ་གྱིས་ཚིག་དོན་འཆད། །བསྡུ་བའི་དངོས་པོ་བཞི་ཡིས་ཡིད་ཅན་ཚིམ། །ཐུབ་བསྟན་པདྨོའི་འདབ་བརྒྱད་བཞད་མཛད་པ། །འཕགས་པ་ཀླུ་སྒྲུབ་གཉིས་པ་འགྲོ་བའི་མགོན། །མཚུངས་མེད་འབྲི་གུང་སྤྲུལ་པའི་སྐུ་མཆོག་ཟུང་། །ལྷར་བཅས་འགྲོ་བ་ཀུན་གྱིས་བསྟོད་པར་འོས། །དེ་ལྟར་དམ་པ་མཆོག་གཉིས་ཐུགས་ཀློང་ནས། །ནན་ལྟར་ང་ཅིག་ཕྱོགས་དེར་ཡོངས་དགོས་གསུངས། །དེ་ཚེ་རྟེན་འབྲེལ་ལེགས་ཚོགས་ཁྱད་པར་འཕགས། །ཨཾ་བན་མཆོག་དང་བཀའ་ཡི་བློན་ཆེན་


CMR004_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །ཇི་སྙེད་ལྷག་བསམ་བཀའ་དྲིན་སྤྲོ་བ་ཐོབ། །ལུགས་གཉིས་མངོན་མཐོ་ལྷོ་འབྲུག་སྡེ་སྲིད་ཆེའི། །གསུངས་ཤིག་ཆག་དོན་བཟང་པོའི་ངོ་མཚར་རིས། །ཚང་སྲས་ཏཾ་བུ་ར་བཞིན་མཆོག་ཏུ་སྙན། །ལ་དྭགས་ཕྱོགས་ཀྱི་མ་ཧ་ར་ཛ་དང་། །རྨད་བྱུང་ཐུགས་རྗེའི་མངའ་བདག་རྒྱལ་སྲས་མཆོག །ལྷ་ལུང་གསུང་སྤྲུལ་འཛི་སྒར་མཆོག་སྤྲུལ་སྐུ། །མདོ་སྨད་ས་ཡི་དབང་ཕྱུག་སྡེ་དགེ་དང་། །ཡོངས་འཛིན་མཆོག་དང་ཁམས་སྤྲུལ་འཇིགས་མེད་སོགས། །ཆོས་ཀྱི་མགོན་པོ་དེ་སྐྱ་སྤྲུལ་པའི་སྐུ། །ལྷོ་པ་འཆི་མེད་ཀླུ་དགའི་བྱ་བཏང་གྲུབ། །རི་བོ་ཆེ་དང་སྒ་ཕྱོགས་ཞིང་ཁམས་སུ། །སྡོམ་བརྩོན་དམ་པའི་བླ་མ་ཇི་སྙེད་དང་། །བསླབ་གསུམ་ཡོན་ཏན་གཏེར་མཛོད་བསྒྲུབ་བསྟན་སྤེལ། །དཔལ་སྤུང་རྗེ་དབོན་མཆོག་གི་སྤྲུལ་སྐུ་ཟུང་། །དོན་གྲུབ་ཆོས་རྒྱལ་ཤེས་རབ་རྒྱ་མཚོ་དཔལ། །སྦས་ཡུལ་བདེར་སྐྱོང་མི་རྗེ་བཀའ་གནམ་པ། །རྣམ་དཀར་སྙིང་སྟོབས་མི་དམན་སྟོད་ཀྱི་ཕྱོགས། །སྤོང་རོང་རྗེ་དབོན་ལ་སོགས་ཆེ་རྒུ་དང་། །ཁྱད་པར་ལྷ་ལྡན་ཕྱོགས་ཀྱི་སྡེ་དྲུང་འཁོར། །སྦྱིན་བདག་དད་ཅན་སློབ་མའི་ཁྲོབ་མཇལ་བཅས། །མཆོག་དམན་བར་མའི་འགྲོ་བ་ཇི་སྙེད་ལ། །ཆབ་ཤོག་སྨོན་


CMR004_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་འདོད་གསོལ་དང་། །ཉམས་ལེན་ཉེར་མཁོ་ལ་སོགས་ཟིན་བྲིས་སོགས། །ཧ་ཅང་མང་བས་འདི་ནི་ཡི་གེའི་རིས། །འཇིགས་ཕྱིར་མ་བཀོད་འདི་ན་གང་བསྟན་ཞེས། །ཟུར་མང་མཆོག་སྤྲུལ་གཉིས་ཀྱི་དགོངས་བཞེད་ལྟར། །མགུར་མ་ལ་སོགས་ཉམས་མཚར་ཁ་ཤས་རྣམས། །མཁས་དབང་རྣམས་ཀྱིས་གཟིགས་ངོར་མ་མཆིས་ཀྱང་། །ཐ་མལ་སྣང་བ་དཔེ་ཡི་ཁེངས་ནས་ནས། །ཆོས་ལ་བསྐུལ་ཕྱིར་ཤོག་ཚད་མདའ་གང་མ། །བརྒྱ་ཕྲག་གཅིག་ལས་ལྷག་པའི་གྲངས་ཉིད་དུ། །བཀོད་པ་དགེ་དེས་མཁའ་མཉམ་སེམས་ཅན་སོགས། །སྡུག་བསྔལ་ཀུན་བྲལ་བདེ་བའི་དཔལ་དང་ལྡན། །སྒྲིབ་གཉིས་རྩད་གཅོད་ཚོགས་གཉིས་འབྲས་བུ་སྨིན། །བདག་ཏུ་ལྟ་བའི་མདུད་པ་རང་སར་གྲོལ། །ཆོས་དབྱིངས་ཡེ་ཤེས་སྒྲིབ་མེད་གསལ་མཐོང་སྟེ། །ཐམས་ཅད་མཁྱེན་གཟིགས་གོ་འཕང་ཐོབ་པར་ཤོག། །།ན་མོ་དྷརྨ་ཀ་ར་ཡེ། དད་ལྡན་ཐང་པ་ཡིན་པ་གཅིག་གཉིས་ནས་ངེད་ཀྱི་རྣམ་ཐར་མདོར་བསྡུས་རེ་བཀོད་པ་ཞིག་ཅེས་ཀྱང་དགོས་ཟེར་ནན་ཏན་དུ་སྨྲས་བྱུང་བར་འདི་སྐད་དོ། །ཉིན་བཞིན་རྣམ་གཡེང་འདུ་འཛི་དང་། །ཚུར་འོངས་ཕར་སོང་བྱེ་བྲག་གིས། །ཡི་


CMR004_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་རིས་སུ་བཀོད་སྲོལ་འདུག །སྣག་ཤོག་གཟན་པའི་ལས་མ་གཏོགས། །དེ་དག་ཡ་མཚན་ཅིར་མི་སྣང་། །ཁྱད་པར་སྙིགས་དུས་འགྲོ་བ་ལ། །ཇི་བཞིན་བརྗོད་པ་དགོས་པས་དབེན། །དེ་ཕྱིར་རྣལ་འབྱོར་བདག་ཅག་པ། །སྨྲ་བ་བསྐུང་ཞིང་སུ་ལའང་། །སྤྱད་པ་མི་བྱ་དེ་ལྟར་ལགས། །འོན་ཀྱང་ཁོ་བོ་བྱིས་པའི་དུས། །ཡ་མཚན་མཐོང་སྣང་སྣ་ཚོགས་དང་། །རྨི་ལམ་སྔོན་གནས་རྗེས་དྲན་འགའ། །བླ་མ་དྷརྨ་རཱ་ཛ་ཡི། །བརྗེད་ཐོར་བྲིས་ཀྱང་འདིར་མ་བཀོད། །ད་ལྟའི་སྐབས་འདིར་ན་ཚོད་ནི། །སྨིན་པའི་སྐབས་འདིར་མི་ལྕོགས་ལས། །རྣམ་གཡེང་ཆུ་གཉེར་འདི་བཟློག་ནས། །ཡང་དག་རྡོ་རུས་གཏུག་པ་ཡི། །སྙིང་པོའི་དོན་ཞིག་འབད་སྙམ་ཡང་། །རང་སྣང་འཁྲུལ་པའི་སྣང་བར་འབྱམས་། །ནུབ་གཅིག་ངོ་མཚར་རྨི་ལམ་དུ། །རྗེ་བཙུན་རས་པ་མཆོག་གཉིས་བྱོན། །སྐུ་མདོག་སྔོ་སྐྱ་བསྒྲེས་ཚུལ་ཅན། །འདོམ་གང་འཕགས་པའི་ནམ་མཁའ་ལ། །སེམས་དཔའི་སྐྱིལ་ཀྲུང་གཡོ་མེད་བཞུགས། །གཅིག་ཤེས་གཞོན་ནུ་མཛེས་པའི་བཞིན། །འགྲེང་སྟབས་འཆམ་བསྐོར་ལང་མ་ལིང་། །ཕྱག་གཡས་སེང་ལྡེང་ཌཱ་རུ་འཁྲོལ། །དེ་དག་མགྲིན་གཅིག་དབྱངས་སྙན་


CMR004_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

པོས། །རྗེ་བླ་མ་མཆོག་ལ་ཕྱག་འཚལ་ལོ། །ངེད་རས་པའི་གླུ་ལ་མ་ཡེངས་ཉོན། །སྤྱིར་སྣང་བ་འདི་བདེན་པར་མ་གྲུབ་མེད། །འཛིན་ཆགས་ཞེན་ཆགས་རྒྱབ་ཏུ་བོར། །ཆོས་ཟབ་མོ་ནཱ་རོའི་ཆོས་དྲུག་དེ། །ཐོབ་པས་མི་ཆོག་བསྒོམ་ལ་འབད། །བག་ཆགས་ཀྱི་འཁྲུལ་སྣང་འདི་ཀུན་གྱིས། །ལྔ་བདོ་ཡི་ལང་ཚོ་ངོམས་པ་ཡིན། །སྐྱོ་ཤས་ཀྱི་སྙིང་རླུང་ལྡང་ལགས་ཀྱང་། །ལར་དེ་ཀུན་བརྟག་ཞིང་དཔྱོད་པའི་ཚེ། །སེམས་སྟོང་པ་ཉིད་ཀྱི་ཆོ་འཕྲུལ་ལས། །དེ་ལས་དམིགས་སུ་མ་མཆིས་མཛོད། །འགྲོ་དྲུག་ལ་སྨོན་ལམ་བཟང་པོ་ཐོབ། །ཅེས་དབྱངས་ཆེན་པོས་ཡིད་སྣང་བ་འགྱུར་བའི་ངང་། སེང་ལྡེང་གྱི་ཌཱ་མ་རུ་དྲག་ཏུ་བཀྲོལ་བས། འབྲུག་གྲག་པ་ལྟ་བུའི་ངང་གཉིད་སད་བྱུང་སྐབས། མདུན་དུ་སྦ་གཟེད་ནང་ཐུད་སྡར་གཅིག་ཡོད་པ་དེ། བྱི་བ་ཞིག་གིས་འདྲེད་པའི་སྐད་དེར་ཌཱ་མ་རུ་ཡིན་འདུག་ཅིང་། དེར་སྙིང་རྗེ་མི་བཟོད་པ་སྐྱེས་ཏེ། ཐུད་དེ་མ་ཟད་པར་བྱི་བ་ཁོ་ནར་ལ་ཟར་བཅུག་པ་ཡིན། །རྣམ་ཐར་བསྡུས་པ་དེ་ཙམ་མཆོག །ལྷུན་གྲུབ་ནོར་བུ་དཔལ་བཟང་པོ། །ཡར་ངོའི་ཟླ་ལྟར་རབ་ཏུ་འཕེལ། །ཕུན་ཚོགས་དགེ་ལེགས་རབ་རྒྱས་ཤོག །སརྦ་མངྒ་


CMR004_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ལཾ།། །། ༧ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

དགེ་སློང་རཱ་ག་ཨ་སྱའི་རྣམ་ཐར་སྐྱེས་རབས་ཉུང་ངུ་ངན་པའི་རང་བསྟོད་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་ལ་གནང་བ།


CMR004_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་རཱ་ག་ཨ་སྱའི་རྣམ་ཐར་སྐྱེས་རབས་ཉུང་ངུ་ངན་པའི་རང་བསྟོད་སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་ལ་གནང་བ་བཞུགས་སོ།།


CMR004_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀི་ཤྭ་ར་ཡེ། །འཕགས་མཆོག་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དེ་ཡང་བཀའ་གདམས་གླེགས་བམ་ལས། ཆོས་རྒྱལ་མེས་དབོན་རྣམ་གསུམ་ནི། ཐུགས་རྗེ་ཆེན་པོའི་སྤྲུལ་པ་དང་། གཞན་བོད་ཀྱི་ཆོས་རྒྱལ་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཡང་སྤྲུལ་ཡིན་ཚུལ་རྒྱས་པར་གསུངས་པའི་སྐབས་སུ། འཇམ་དབྱངས་ཀྱི་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་ཏེ། དེ་ནི་སྤྱན་རས་གཟིགས་ཉིད་ཅེས་དང་། ཁྲི་སྲོང་དེ་ལས་འོད་ཟེར་གཉིས་འཕྲོས་ཏེ། དེའི་དཔུང་པའི་འོད་ཟེར་ལས། ཐུགས་རྗེ་ཆེན་པོ་སེང་གེ་སྒྲ་ཡི་ཁྲིམས་ཡོངས་སུ་སྲུང་བར་བྱེད་པ། ལྷ་གཞན་གྱི་བར་


CMR004_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཅོད་པས་མི་ཚུགས་པ་བཙུན་པ་སྤྱན་རས་གཟིགས་ཉིད་ཀྱི་སྤྲུལ་པ་སྟེ། སད་ན་ལེགས་མཇིང་ཡོན་ཞེས་བྱ་བ་འབྱུང་སྟེ། དེ་ཡང་ཆོས་རྒྱལ་ཡིན་ཅེས་དང་། ལུང་བསྟན་ཆེན་པོ་བཀའ་རྒྱ་མ་ལས། སད་ན་ལེགས་ཀྱི་སྐྱེ་རྒྱུད་ལུང་བསྟན་པའི་སྐབས་སུ། ཨོ་རྒྱན་གྱི་ཞལ་ནས། འགྲོ་ལ་ཕན་ཕྱིར་སེམས་དཔའ་འབྱོན། །ད་དུང་མངའ་བདག་གདུང་རྒྱུད་འཛིན། །དེ་ཡི་སྨོན་ལམ་དག་པས་ང་དང་འཕྲད། །དམ་པའི་ཆོས་ཀྱི་གདུང་རྒྱུད་པའི། །མ་འོངས་སྙིགས་མའི་དུས་སུ་ཡང་། །སྐྱེ་རྒྱུད་མང་པོ་ཤཱཀྱའི་ཞིང་། །སྤྲུལ་པ་མང་པོ་ཡང་དང་ཡང་དུ་ནི། །ལན་གཅིག་འཁོར་


CMR004_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འདུས་པ་སྐྱོང་། །འགྲོ་བ་རྣམས་ཀྱང་ཐབས་ཀྱིས་འདུལ། །ཐ་མ་བདེ་ཆེན་ཞིང་ཁམས་སུ། །མངོན་པར་རྫོགས་པར་སངས་རྒྱས་ནས། །ཐུགས་རྗེས་འགྲོ་བ་འདྲེན་པར་འགྱུར། །ཞེས་གསུངས་སོ། །གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས། སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ལ་ཨོ་རྒྱན་རིན་པོ་ཆེས་དངོས་སུ་གསུངས་པའི་ཞལ་གདམས་ལུང་བྱང་གི་མགོར། ཀྱེ་མ་སྐྱེས་བུ་རིགས་ཀྱི་བུ། །ཁྱོད་ནི་རྗེ་འབངས་ཤུད་བུ་དཔལ། །པདྨ་ང་ཡི་བྱིན་གྱིས་བརླབས། །སྔོན་ཚེ་རྒྱལ་སྲས་སད་ན་ལེགས། །དེ་ནས་སྐྱེ་བ་འགའ་བརྒྱུད་ནས། །སད་ན་ལེགས་ཀྱི་སྐྱེས་མཐའ་དེ། །སྔགས་འཆང་རཱ་ག་ཨ་སྱའི་མིང་། །སྔོན་ཚེ་སྐྱེ་བ་དུ་མ་ནས། །འབྲལ་མེད་མི་འབྲལ་སྨོན་ལམ་ལྡན། །སྔོན་ཚེ་སྐྱེ་བ་གྲངས་མེད་ནས། །འབྲལ་བ་མེད་པ་དེ་ཡི་མཐུས། །དེང་འདིར་བག་ཆགས་སད་པ་ལས། །གནམ་ཆོས་ཐུགས་གཏེར་བདག་ཉིད་སོགས། །ལྷ་ཡིས་གསུངས་པའི་སྙན་བརྒྱུད་འདིས། །ཞེས་སོགས་གསུངས་སོ། །གཞན་ཡང་གནམ་ཆོས་རྩིབ་དྲུག་གི་སྒྲུབ་ཐབས་ཀྱི་སྐབས་ནས་ཐུགས་རྗེ་ཆེན་པོའི་སྤྲུལ་པར་ལུང་བསྟན་པ་དང་། ཐུགས་རྗེ་ཆེན་པོ་རྣོ་བཀྲའི་ཆོས་བདག་ལུང་བསྟན་སྐབས་སུ་


CMR004_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་ཡང་སྤྲུལ་དུ་ལུང་བསྟན་པ་ཡང་སྣང་། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་གསུངས་པ་ལ། དགོངས་པ་ཡིན་ནམ་སྙམ་པ་ལས་བདེན་འཛིན་མེད། ཕྱི་མ་ཡང་དངོས་བདེ་བ་ཅན་དུ་སྐྱེས་ནས། མཐར་བདེ་བ་ཅན་དུ་བདེ་གཤེགས་པདྨ་ཆུ་སྐྱེས་དྲི་མེད་ཅེས་པར་སངས་རྒྱས་ཤིང་། འབྲེལ་ཐོགས་ཕལ་ཆེར་དེར་སྐྱེ་བ་དང་། སྤྲུལ་པ་གཅིག་སངས་རྒྱས་སྨན་ལྷའི་དྲུང་དུ། བྱང་ཆུབ་སེམས་དཔའ་འགྲོ་ལ་རྟག་ཏུ་གཟིགས་བྱ་བར་འགྱུར་བ་དང་། སྤྲུལ་པ་གཅིག་རྔ་ཡབ་གླིང་དུ་ཨོ་རྒྱན་གྱི་དྲུང་དུ་རིག་འཛིན་རྨ་བྱའི་མགྲིན་པའི་རྒྱལ་མཚན་བྱ་བར་གྱུར་ནས་རང་གི་ཆོས་བརྒྱུད་འཛིན་པ་རྣམས་ལ་སྲུང་སྐྱོབ་བྱེད། སྤྲུལ་པ་གཅིག་ནི་ཞྭ་དམར་པ་བརྒྱད་པའི་དབོན་པོ་ཞིག་ཏུ་གྱུར་ཏེ་ཀཾ་ཚང་གི་བསྟན་པ་ལ་ཕན་ཆེར་ཐོགས། །སྤྲུལ་པ་གཅིག་མི་འགྱུར་རྡོ་རྗེའི་རིགས་རྒྱུད་ཅིག་ཏུ་སྐྱེས་ཏེ་རང་དང་དེའི་ཆོས་བརྒྱུད་འཛིན། མི་རྣམས་ཚེ་ལོ་དྲུག་བརྒྱ་ཐུབ་དུས་སྤྲུལ་པ་གཅིག་རྒྱ་གར་རྡོ་རྗེ་གདན་དུ་དགེ་སློང་དུ་སྐྱེ་ཞིང་གནས་བརྟན་བཅུ་དྲུག་དང་དངོས་སུ་མཇལ། དེ་གསུམ་མ་གཏོགས་འཁོར་བར་མི་སྐྱེ་བར་གསུངས་ཤིང་། སྔོན་གྱི་སྐྱེས་རབས་མི་འགྱུར་རྡོ་རྗེ་


CMR004_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་འབྲལ་བར་སྐྱེས་པས། དག་མ་དག་གི་སྐྱེས་རབས་དཔག་ཏུ་མེད་པ་དང་། སྤྲུལ་སྐུའི་གཟིགས་སྣང་ལ་བྱུང་བའི་ལོ་རྒྱུས་ཀྱང་མང་དུ་ཡོད་དེ། ང་རང་གིས་མི་དྲན་པས་བདེན་འཛིན་ཆེར་མེད། ཁོང་རང་ལས་དག་པའི་གཟིགས་ངོ་ཡིན་ནམ་སྙམ། ཀྱེ་མ་བདག་ནི་ལས་སྒྲིབ་ཚན་ཆེ་བས། །སྔོན་དང་ཕྱི་མའི་སྐྱེ་བ་ནི། །གཅིག་ཀྱང་དངོས་སུ་དྲན་པ་མ་མཆིས་ཀྱང་། །མཚམས་བསྡམས་ཐུགས་དམ་སྨོར་དུས་འགར། །ཉམས་དང་རྨི་ལམ་ཟ་ཟི་ལ། །ཐར་ཐོར་འགའ་རེ་དྲན་པ་དང་། པ་སུ་སྤྲུལ་སྐུས་གསུངས་པ་རྣམས། །མཐུན་པར་འདུག་ཕྱིར་ཟུར་ཙམ་བྲི། །ཤཱཀ་ཐུབ་མདུན་དུ་དགེ་སློང་ནི། །དྷ་ཡི་མིང་ཅན་ཞིག་ཏུ་གྱུར། །ཀླུ་སྒྲུབ་སློབ་མ་པཎྜི་ཏ། །མངྒའི་མིང་ཅན་ཞིག་དང་ནི། །མཇིང་ཡོན་སད་ན་ལེགས་ཞེས་བྱ། །དུས་གསུམ་མཁྱེན་པའི་སློབ་མ་ནི། །ཕྱག་མཛོད་པ་དེ་རབ་དགའི་མིང་། །རང་བྱུང་རྡོ་རྗེའི་སློབ་མ་ནི། །གཡུང་ཆུང་རྒྱ་ནག་བླ་མཆོད་བྱས། །ཀོང་ཡུལ་བཀྲ་ཤིས་མིང་ཅན་དེར། །གནས་ཕྲན་སྒོ་འབྱེད་གནས་ཡིག་བཏོན། །ལྷ་སའི་ཕྱོགས་སུ་ཚོང་དཔོན་ཞིག །ཇོ་ཤཱཀ་གཉིས་ཀར་བཀུར་སྟི་ཆེ། །ཚེ་འདིར་ཕ་ནི་གཉིས་ཡོད་ཀྱང་། །ལུས་འདི་


CMR004_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་སྤྱོད་པ་ཡི་རུས། །དམ་ཆོས་ཇི་བཞིན་མ་བྱུང་ཡང་། །སྡོམ་ལྡན་དགེ་སློང་དམ་ཚིག་གཙང་། །ཞེ་འགྱོད་ཡོད་པ་ཞིག་ཀྱང་མེད། །སྒྲུབ་པ་བརྒྱ་ཕྲག་ལྷག་ཙམ་ཐོན། །དངོས་སུ་ལྷ་ཞལ་མ་མཐོང་ཡང་། །ཉམས་དང་རྨི་ལམ་འཁྲུལ་སྣང་ལ། །རྒྱ་བོད་གྲུབ་ཐོབ་ཡི་དམ་ལྷ། །ཊཱཀྐི་ཆོས་སྐྱོང་མང་དུ་མཇལ། །མཉམ་རྗེས་འདྲེས་པར་མ་གྱུར་ཀྱང་། །སྟོང་ཉིད་ལྟ་བ་དངོས་སུ་རྟོགས། །མི་ཚེར་དཀོར་ལ་ཟོས་ན་ཡང་། །གཞན་མགོ་བསྐོར་བའི་ཟས་མ་ཟོས། །དབང་ལུང་ཆར་པ་ཕབ་ན་ཡང་། །བཀའ་ཆད་ལུང་རྡུམ་བཤད་མ་མྱོང་། །གསར་རྙིང་མདོ་རྒྱུད་ཐམས་ཅད་ལ། །མཁས་པའི་སློབ་གཉེར་མ་བྱས་ཀྱང་། །གང་ལའང་ཕྱོགས་མགོ་ཙམ་རེ་ཡོད། །ཆེ་ནི་རིང་ངམ་ཐུང་ཡང་རུང་། །བདེ་བ་ཅན་གྱི་ཞིང་ཁམས་སུ། །སྐྱེ་བར་ལྷ་ཡི་ལུང་བསྟན་དང་། །རང་གིས་ཀྱང་ནི་གསལ་བར་མཐོང་། །དེ་ཙམ་སེམས་ཀྱི་གཏད་སོ་ཡིན། །མེད་ལ་ཡོད་སྐད་བླ་མའི་རྫུན། །སྨྲས་ན་དགེ་སློང་སྡོམ་པ་འཆོར། །ཅུང་ཟད་ཙམ་ལ་སྒྲོ་བཏགས་ནི། །ཆེན་པོས་བསྟོད་ན་མཁས་པས་ཁྲེལ། །དྲང་པོར་སྨྲས་འདིས་ཉེས་སྒྲིབ་མེད། །འོན་ཀྱང་གཞན་ལ་བསྟན་པ་ན། །


CMR004_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱ་རྟེན་གཤེ་སྐུར་རྩ་བར་འགྱུར། །དེ་ཕྱིར་གཞན་ལ་གསང་བར་བྱ། །སྤྲུལ་སྐུ་བསྟན་འཛིན་རྒྱ་མཚོ་ཡིས། །བཀའ་ཡིས་ཡང་ཡང་བསྐུལ་བའི་ཕྱིར། །གསུང་ནི་མ་བཅག་ཙམ་དུ་ནི། །རཱ་ག་ཨ་སྱས་བྲིས་པ་ཡིན། །ངན་པའི་རང་བསྟོད་ངོ་ཚའི་གཏམ། །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

རྒྱལ་ཀུན་འདུས་པའི་སྤྱི་གཟུགས་མཁས་གྲུབ་རཱ་ག་ཨ་སྱའི་རྣམ་ཐར་བསྡུས་པ་བྱེ་བ་རིང་བསྲེལ།


CMR004_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཀུན་འདུས་པའི་སྤྱི་གཟུགས་མཁས་གྲུབ་རཱ་ག་ཨ་སྱའི་རྣམ་ཐར་བསྡུས་པ་བྱེ་བ་རིང་བསྲེལ་བཞུགས་སོ།།


CMR004_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷརྨེ་ཤྭ་ར་ཡེ། བླ་མ་ཡི་དམ་དབྱེར་མེད་ཐུགས་རྗེ་ཅན། །འདྲེན་མཆོག་འོད་མཚན་ཅོད་པན་ཅན་ལ་འདུད། །རྡོ་རྗེའི་སྤུན་གྱུར་ཀརྨ་རྡོ་རྗེ་ཡིས། །སྤྲང་པོ་བདག་གི་རྣམ་ཐར་བྲིས་ཞེས་གསུངས། །བསྟན་པའི་སྙིགས་མ་དུས་ངན་སྙིགས་མ་ལ། །སྤངས་རྟོགས་ཡོན་ཏན་རི་བོང་རྭ་འདྲ་བའི། །དཀོར་གཟན་བདག་འདྲར་བླ་མའི་མིང་ཐོགས་ཤིང་། །དད་ལྡན་ཀུན་གྱིས་བཀུར་སྟི་བྱེད་པ་དང་། །སྐུ་སྐྱེ་དབོན་རིགས་དགེ་བཤེས་མང་པོ་ཡིས། །དབང་ལུང་ལ་སོགས་གསན་མཁན་མང་ན་ཡང་། །མུ་གེ་བྱུང་ན་ཆོ་ལེ་ཟས་མཆོག་ལྟར། །ཡིན་སྙམ་སྐྱེ་བ་མ་གཏོགས་


CMR004_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་རློམ་མེད། །འོན་ཀྱང་ཚིག་གི་བརྒྱུད་པ་མ་ཆད་ཙམ། །དབང་ལུང་མཎྜལ་ཚུལ་དུ་འབུལ་གྲུབ་ན། །དེང་སང་ཕན་པ་ཆེ་སྙམ་སེམས་ཁུར་བྱས། །མི་འགྱུར་རྡོ་རྗེའི་སྐྱེས་རབས་རྒྱས་པ་ནས། །སྐྱེ་བ་ཕལ་ཆེར་འབྲལ་བ་མེད་པ་དང་། །དག་པའི་སྐྱེ་བར་དཔོན་སློབ་རེས་མོས་དང་། །མ་དག་སྐྱེ་བ་རྣམས་སུ་མཐུན་གྲོགས་གྱུར། །ཁྱད་པར་གནམ་ཆོས་ཐུགས་ཀྱི་གཏེར་ཁ་ནས། །ཐུགས་རྗེ་ཆེན་པོའི་སྤྲུལ་པའི་ཆ་ཤས་དང་། །སད་ན་ལེགས་ཀྱི་སྐྱེས་མཐར་ལུང་བསྟན་ཅིང་། །བདུད་འདུལ་རྡོ་རྗེའི་ས་གཏེར་ལུང་བསྟན་ལས། །ལོ་ཙཱ་ཀླུ་ཡི་རྒྱལ་མཚན་སྤྲུལ་པ་རུ། །གསུངས་


CMR004_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གཏེར་སྟོན་ཉིད་ཀྱིས་ངོས་བཟུང་ཡང་། །འགྲོ་དྲུག་ཡི་དམ་ལྷ་ཡི་ཡང་སྤྲུལ་དུ། །གསུངས་པ་ལྟར་དུ་དགོངས་པ་ཅན་གྱི་ཚིག །བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་ཉིད། །གསུངས་པ་དེ་ལ་དགོངས་པ་ཡིན་བསམས་ནས། །ཁོ་བོ་སྤྲུལ་པ་ཡིན་སྙམ་རློམ་སེམས་མེད། །བདག་ནི་ཐ་མལ་དམངས་རིགས་ཁྱིམ་སྐྱེས་ཀྱང་། །ཨ་ནུ་སྔགས་འཆང་པདྨ་དབང་དྲག་གིས། །བུ་ཡིན་གསུངས་ནས་བརྩེ་བས་རྗེས་སུ་བཟུང་། །དྲུང་པ་ཀརྨ་བསྟན་འཕེལ་བླ་མ་ཝ། །རྒྱ་ར་བ་སོགས་མངོན་ཤེས་ལྡན་པ་བཞིས་།སྔགས་པའི་བུ་གསུངས་དེ་ཕྱིར་ཡིན་ངེས་སྙམ། །ཡིན་ཀྱང་མངའ་ཞབས་སྡེ་མེད་ཅི་ཕན་ཀྱང་། །ཁྲི་སྲོང་གདུང་རིགས་མཁའ་སྤྱོད་པ་ཡིན་ཅིང་། །གདུང་རིགས་ཡིན་པས་ལྷ་སྲུང་འཁོར་རམ་སྙམ། །ཆུང་ནས་རབ་བྱུང་རྩ་བཞི་སྲོག་ལྟར་བསྲུང་། །སྡོམ་གསུམ་རྩ་བ་མ་ཉམས་ཡིད་ཆེས་ཀྱང་། །ཉེས་ལྟུང་ཕྲ་ཞིབ་ཆར་རྒྱུན་གྲངས་མང་ཞིང་། །ཚུལ་ཁྲིམས་མཆོག་འཛིན་རློམ་སེམས་བདག་ལ་མེད། །གར་སོང་གར་བསྡད་དཀོར་གྱི་ཆར་བབ་པས། །ལྷ་བུའི་བདུད་དང་དངོས་གྲུབ་འབྱེད་དཀའ་ཡང་། །བྱང་ཆུབ་སེམས་བསྐྱེད་མ་ཉམས་


CMR004_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་དང་ལྡན། །འཁོར་གསུམ་ཡོངས་དག་བསྔོ་སྨོན་ཐུབ་སྙམ་པས། །དཀོར་གྱིས་ལྟུང་དོགས་མེད་ཅིང་འབྲེལ་ཐོགས་ཀྱི། །དངོས་པོ་ཆུད་མི་ཟ་བའི་གདེང་ཚད་ནི།། ཐུབ་པས་གསུངས་པའི་མདོ་རྒྱུད་དཔང་པོ་ཡིན། །མི་ཆེན་བླ་ཆེན་མང་པོས་བཀུར་སྟི་བྱས། །འོན་ཀྱང་ང་ཆེ་སྙམ་པའི་ང་རྒྱལ་མེད། །བླ་མ་ཡི་དམ་ཐུགས་རྗེ་ཡིན་ནམ་སྙམ། །ལྷ་ཚོགས་བརྒྱ་ཕྲག་ལྷག་གི་བསྙེན་སྒྲུབ་ཐེམས། །ཉམས་དང་རྨི་ལམ་རྟགས་མཚན་མ་ཐོན་མེད། །འོན་ཀྱང་ནུས་པ་ཆེ་སྙམ་རློམ་སེམས་མེད། །ཉམ་ཆུང་བསྣུན་ས་གང་རྙེད་མ་གཏོགས་པ།། མཐུ་རྔམ་བསྡིག་ར་ཁ་ནས་འདོན་མ་མྱོང་། །དྲག་སྔགས་གབ་བཞག་གདམས་པ་ཕྱུག་ན་ཡང་། །རྒྱུ་འབྲས་མ་འཛེམ་རྣོ་ཚད་བྱེད་མ་མྱོང་། །འོན་ཀྱང་རང་ལ་གནོད་བྱེད་ཅི་བྱུང་ཀུན། །ཡུན་མི་རིང་བར་མེ་ལྕེ་སྦྲང་མ་བཞིན། །བཀའ་སྲུང་ཆོས་སྐྱོང་འཁོར་རྟགས་མངོན་སུམ་མང་། །འོན་ཀྱང་ལས་སྦྱོར་མ་བྱས་བསམ་ངན་མེད། །དེ་ཕྱིར་རང་ལ་ཕྱི་མའི་ཁུར་པོ་མེད། །ཡོན་ཏན་སྣ་མང་མ་བསླབས་དགུ་གཅིག་བསླབས། །འབྲེལ་ཐོགས་བླ་མ་སུམ་ཅུ་སོ་བདུན་བསྟེན། །ཡོན་ཏན་མཐར་ཕྱིན་སྣ་གཅིག་མ་ལོབ་ཀྱང་། །དེང་སང་གདམས་པ་ཕྱུག་འདིས་


CMR004_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་པ་བྱུང་། །ཁྲིད་རིམ་འགའ་ཐོབ་རང་སེམས་ངོ་བོ་རྟོགས། །ཡེངས་དང་མ་ཡེངས་དྲན་དང་མ་དྲན་མེད། །ཐམས་ཅད་འགྱུར་མེད་ཆོས་སྐུ་ཀ་ནས་དག །རྒྱལ་བ་ཀུན་གྱི་ཐུགས་དང་རང་གི་སེམས། །འགྲོ་དྲུག་སེམས་རྒྱུད་སྣོད་བཅུད་འཁོར་འདས་ཀུན། །དབྱེར་མེད་ཆུ་ལ་ཆུ་བཞག་བཞིན་དུ་འདྲེས། །སྣ་ཚོགས་སྣང་བ་གཟུགས་སྒྲ་དྲི་རོ་རེག །མ་འདྲེས་སོ་སོར་གསལ་ཡང་ངོ་བོ་སྟོང་། །མེ་ལོང་གཟུགས་བརྙན་ཆུ་ཟླ་ལྟ་བུར་རྟོགས། །སྒོམ་ཆེན་མིང་བཏགས་རུང་ཙམ་ཡིན་སྙམ་བགྱིས། །ལྟ་བ་འཁོར་འདས་དབྱེར་མེད་དོན་རྟོགས་པས། །གསང་སྔགས་ཁྲོམ་བཤད་བྱས་ཀྱང་ཉེས་མེད་སྙམ། །རྒྱ་བོད་གྲུབ་ཆེན་ཡི་དམ་ཆོས་སྐྱོང་ཚོགས། །དངོས་སུ་ཞལ་མཐོང་གསུང་ཐོས་མ་མཆིས་ཀྱང་། །ཉམས་དང་རྨི་ལམ་མཚམས་སུ་མཐོང་ཐོས་མང་། །བདུད་ཀྱི་བསླུ་བ་ཡིན་མིན་འབྱེད་དཀའ་ཡང་། །མཆོག་འཛིན་མེད་ཅིང་ཉམས་རྟོགས་འཕེལ་བའི་ཕྱིར། །བྱིན་རླབས་ཅུང་ཞིག་ཞུགས་རྟགས་ཡིན་ནམ་སྙམ། །ལུགས་གཉིས་མཁོས་ཁ་ཅི་ཡང་མེད་ན་ཡང་། །མི་འགྱུར་རྡོ་རྗེ་ལ་སོགས་སྐྱེས་ཆེན་འགའ། །སློབ་མར་གྱུར་ནས་དབང་ལུང་ཁྲིད་རྒྱུན་འཕེལ། །སྔོན་གྱི་སྨོན་ལམ་རྣམ་


CMR004_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་པ་དེས། །རང་ལས་བརྒྱུད་པའི་དབང་ལུང་ཁྲིད་ལ་སོགས། །ཡོན་ཏན་གང་ཡང་ཕན་ཐོགས་འབྲིམ་ཁ་ཚ། །བསྙེན་སྒྲུབ་སུས་བྱས་རྟགས་ཐོན་བར་ཆད་མེད། །ཉམས་ལེན་སུས་བྱས་ཡིད་ཆེས་ཉམས་རྟོགས་སྐྱེ། །དམ་ཚིག་སེལ་མེད་ཡོན་ཏན་ཡིན་ནོ་སྙམ། །བློ་མི་གཏོད་པའི་མི་ལ་ཅི་ཆ་ཡོད། །དངོས་སུ་སྐྱེ་བ་དྲན་པ་མ་མཆིས་ཀྱང་། །སྒྲུབ་པ་ཡུན་རིང་ཐུགས་དམ་འཕེལ་བའི་ཚེ། །ཉམས་དང་རྨི་ལམ་འཁྲུལ་པའི་སྣང་བ་ལ། །སྔོན་ནས་སྐྱེ་བ་མང་པོ་དྲན་སྙམ་བགྱིད། །བདག་གི་འདྲེན་མཆོག་ཆོས་ཀྱི་དབང་ཕྱུག་གིས། །བསྟོད་ཡུལ་མཆོག་དམན་བར་མ་སུ་ལ་ཡང་། །སྒྲོ་སྐུར་མེད་པའི་བསྟོད་པ་བྱས་ན་ཡང་། །ཕན་ཆེར་མ་བྱུང་ན་ཡང་ཉེས་མི་འགྱུར། །གསུངས་པ་བཞིན་དུ་རྫུན་ཚིག་མ་འདྲེས་པར། །དྲང་པོའི་གཏམ་གྱིས་སྨྲས་པ་འདི་ལྟ་སྟེ། །ཐུབ་པའི་ཞལ་མཐོང་འཕགས་པ་ཀུན་དགའ་བོའི། །སློབ་མར་གྱུར་པའི་དགེ་སློང་ཞིག་ཡིན་དྲན། །ཀླུ་སྒྲུབ་སློབ་མ་པཎྜི་ཏ་གཅིག་སྟེ། །ཀླུ་སྒྲུབ་འདས་ནས་མྱ་ངན་བྱེད་པའི་ཚེ། །མཁའ་འགྲོས་ཟླ་གྲགས་ལུང་བསྟན་གསུང་ཚུལ་དྲན། །ཡོལ་མོ་གངས་རར་ཡིན་ནམ་རྒྱ་བལ་མཚམས། །ཞིང་སྐྱོང་


CMR004_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མ་རུ་སྐྱེས་པའི་ཚེ། །ཚེ་རིང་མ་དང་མཉམ་མགུར་བྱས་པ་དྲན། །ཁྲི་སྲོང་ལྡེའུ་བཙན་སྲས་གསུམ་ཐ་ཆུང་བ། །མཇིང་ཡོན་སད་ན་ལེགས་སུ་བདག་གྱུར་དྲན། །དུས་གསུམ་མཁྱེན་པའི་ཕྱག་མཛོད་པ་རུ་གྱུར། །རང་བྱུང་རྡོ་རྗེའི་སློབ་མ་རྒྱ་ནག་གི །རྒྱལ་པོས་བསྙེན་བཀུར་ཞབས་ཏོག་བྱས་པ་དང་། །ཀོང་པོའི་ཡུལ་དུ་རྫོགས་ཆེན་རྣལ་འབྱོར་པ། །གནས་སྒོ་འབྱེད་ཅིང་རྫོགས་ཆེན་གཏེར་སྒྲོམ་ཐོན། །བུ་གཅིག་ཀརྨ་པ་ལ་ཕུལ་བྱས་ནས། །སྐུ་གསུམ་ངོ་སྤྲོད་ཐོབ་པའང་དྲན་པ་བྱུང་། །ལྷ་སར་ཚོང་དཔོན་འབྱོར་པ་ཆེན་པོ་ཅན། །ཇོ་ཤཱཀ་གཉིས་ལ་བསྙེན་བཀུར་དཔག་མེད་བྱས། །ཡིག་དྲུག་དུང་ཕྱུར་ཐོན་པའང་དྲན་པར་སྣང་། །ཐར་ཐོར་མང་དུ་དྲན་ནའང་རློམ་སེམས་མེད། །བཅུ་གསུམ་ལོ་ལ་སྒྲུབ་པ་གྲོང་ཆོག་ནི། །རེས་མོས་བྱས་ཏེ་ཕན་ཐོགས་ཆེ་བར་དྲན། །སྤྱོད་པ་མ་ངེས་གཉོམ་ཆུང་ས་བཟུང་བས། །ཕ་ཡུལ་མི་རྣམས་ལྷག་པར་དད་འདུན་ཆེ། །བཅུ་གསུམ་ལོ་ནས་ཐུགས་རྗེ་ཆེན་པོ་བསྒྲུབས། །དེ་ནས་ལོ་བདུན་དབང་ལུང་ཁྲིད་ཆར་ཕབ། །གདུལ་བྱ་གང་བྱུང་ཆོས་ཕྱོགས་ཅི་ཐེངས་བྱས། །ཕུགས་སྲིས་བསགས་པའི་བཅང་བཟུང་བྱས་པ་མེད། །མཚམས་སྒྲུབ་


CMR004_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཐོན་ན་ཡུན་རིང་ཐུགས་དམ་འཕེལ། །རྣམ་གཡེང་འཕེལ་ན་ད་ནི་མྱུར་དུ་འཆི། །ཚེ་ནི་རིང་ངམ་ཐུང་བར་གྱུར་ན་ཡང་། །འཕོས་མ་ཐག་ཏུ་བདེ་ཆེན་ཞིང་ཁམས་སུ། །མེ་ཏོག་པདྨའི་སྦུབས་ལ་སྐྱེ་བ་ནི། །གནམ་ཆོས་དགོངས་གཏེར་གཉིས་ཀའི་ལུང་བསྟན་དང་། །གཏེར་རྙིང་ལུང་བསྟན་བཀའ་རྒྱའི་ཚིག་ཟུར་གསལ། །ཡི་དམ་ལྷ་ཡི་རང་ལ་ལུང་བསྟན་དང་། །རང་གིས་གསལ་བར་མཐོང་བས་ཐེ་ཚོམ་མེད། །བསྟན་པ་འདི་ཙམ་ངེས་པར་ཡོད་སྙམ་བགྱི། །དེ་མིན་རང་གིས་དྲན་ཤེས་མེད་ན་ཡང་། །གཏེར་རྙིང་ལུང་བསྟན་བཀའ་རྒྱའི་ཚིག་ཟུར་དང་། །གནམ་ཆོས་ལུང་བསྟན་མཐུན་པར་བརྗོད་བྱས་ན། །འདི་ནས་འཕོས་ཏེ་འོད་དཔག་མེད་ཀྱི་དྲུང་། །དགེ་སློང་ལུས་ལྟར་ཞིང་དེར་རྟག་ཏུ་འདུག །དེ་ཡི་སྤྲུལ་པ་ལྔ་ནི་འབྱུང་བ་སྟེ། །གཅིག་ནི་ཤར་ཕྱོགས་སྨན་བླའི་ཞབས་དྲུང་དུ། །འགྲོ་ལ་རྟག་ཏུ་གཟིགས་ཞེས་བྱང་ཆུབ་སེམས། །སྐུ་མདོག་སྔོན་པོ་སྨན་བླའི་ཞབས་འབྲིང་བྱེད་།གཅིག་ནི་ཟངས་མདོག་དཔལ་རིར་ཨོ་རྒྱན་དྲུང་། །རིག་འཛིན་རྨ་བྱའི་རྒྱལ་མཚན་ཅན་ཞེས་པ། །སྐུ་མདོག་ལྗང་ཁུ་ཁྲོ་བོའི་ཆ་ལུགས་ཅན། །ཨོ་རྒྱན་ཆེན་པོའི་ཞབས་


CMR004_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་སྒྲུབ་མཛད་ཅིང་། །རང་གི་ཆོས་རྒྱུད་རྣམས་ལ་སྲུང་སྐྱོབ་བརྩོན། །གཅིག་ནི་མི་འགྱུར་རྡོ་རྗེའི་གདུང་རིགས་སུ། །སྐྱེས་ནས་གསང་སྔགས་རྙིང་མའི་བསྟན་པ་འཛིན། །གཅིག་ནི་ཞྭ་དམར་བརྒྱད་པའི་དབོན་པོ་རུ། །སྐྱེས་ནས་ཀཾ་ཚང་བསྟན་ལ་ཕན་ཐོགས་ཆེ། །ནུས་པའི་མཐུ་ཡིས་མཐའ་དམག་བཟློག་པར་ནུས། །གཅིག་ནི་མ་འོངས་ཚེ་ལོ་དྲུག་བརྒྱའི་དུས། །རྡོ་རྗེ་གདན་དུ་དགེ་སློང་ཞིག་ཏུ་སྐྱེ། །གནས་བརྟན་བཅུ་དྲུག་དངོས་མཇལ་བསྙེན་བཀུར་བྱས། །དེ་ནས་འཁོར་བར་སྐྱེ་བ་མི་ལེན་ཏེ། །སྤྲུལ་པ་སྤྲུལ་གཞི་དགེ་སློང་དེ་ལ་ཐིམ། །ཞིང་དེར་བསྐལ་ཆེན་བཅོ་ལྔ་ཙམ་སོང་ན། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་དེར། །མངོན་པར་རྫོགས་པའི་སངས་རྒྱས་དེ་ཡི་མཚན། །བདེ་གཤེགས་པདྨ་ཆུ་སྐྱེས་དྲི་མེད་ཅེས། །སྐུ་མདོག་དཀར་པོ་སྤྲུལ་སྐུའི་ཆ་ལུགས་འགྱུར། །དེང་སང་འབྲེལ་ཐོགས་འགྲོ་བ་ཕལ་ཆེ་བ། །རིམ་གྱིས་ཞིང་ཁམས་དེ་རུ་སྐྱེ་བར་གསུངས། །རང་བསྟོད་མི་ཆོས་བླ་མའི་རྫུན་སྨྲས་ན། །སྡོམ་པ་འཆོར་བས་དེ་ལ་སྐྱག་པ་ཆེ། །རྫུན་ཚིག་མེད་པར་བཤད་ན་ཉེས་པ་མེད། །རྡོ་རྗེའི་སྤྱན་གྱུར་ཀརྨ་རྡོ་རྗེ་ཡིས། །བྲིས་གསུངས་ཕྱིར་ན་གང་དྲན་ཐར་ཐོར་


CMR004_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས། །རྒྱས་པར་མི་འགྱུར་རྡོ་རྗེའི་བཀས་བསྐུལ་ནས། །ལྡེབ་མ་སུམ་བརྒྱ་པོ་ཏི་ཆེ་བ་དེ། །དབང་ཁྲིད་ལུང་ཐོབ་རྣམས་ལ་བསྟན་རུང་གི །གཞན་ལ་བསྟན་ན་ལོག་ལྟ་གཤེ་སྐུར་འཕེལ། །གཤེ་སྐུར་བྱས་ཀྱང་འཛིན་མེད་བྲག་ཆ་བཞིན། །བསྟོད་སྨད་ཚིག་ལ་འཛིན་པ་མེད་སྙམ་བགྱིད། །ད་ནི་ཚེ་མཇུག་དགུན་ཁའི་ཉི་མ་བཞིན། །སྐྱིད་ཡུན་སྡུག་ཡུན་ཐུང་བས་གང་བྱུང་བཟོད། །དེ་སྐད་གང་དྲན་བྲིས་པས་ཉེས་མཆིས་ན། །མཁྱེན་ལྡན་རྣམས་ཀྱིས་དགོངས་པས་མི་ཁྲེལ་ཞུ། །དེ་སྐད་གསེར་མཁར་མདོ་རུ་བྲིས་པའོ། །རཱ་ག་ཨ་སྱས་སྨྲས་པ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ངོམ་པ་ལྡོང་ཚང་གི་ལོ་རྒྱུས་མདོར་བསྡུས་དངུལ་དཀར་གསལ་བའི་མེ་ལོང་།


CMR004_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ངོམ་པ་ལྡོང་ཚང་གི་ལོ་རྒྱུས་མདོར་བསྡུས་དངུལ་དཀར་གསལ་བའི་མེ་ལོང་བཞུགས་སོ།།


CMR004_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཡེ། འཕགས་པ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །འདིར་འོད་གསལ་ལྷའི་གདུང་རྒྱུད་ངོམ་པ་ལྷ་གདོང་དཀར་པོའི་ལོ་རྒྱུས་ཅུང་ཟད་བཤད་ན། དེ་ཡང་གཞི་དང་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་གཅིག་ཡོད་དེ། དེ་ཡང་སྟོང་གསུམ་འཇིག་རྟེན་གྱི་ཁམས་སུ་མིང་བཏགས་པ་གཅིག་ཡོད་པ་ལས། སྟོང་བར་མའི་འཇིག་རྟེན་ཁམས་ཀྱི་རྒྱལ་པོ་དབང་བསྒྱུར་གྱི་གཞལ་མེད་ཁང་ན། སྤྱན་རས་གཟིགས་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་སྣང་མཛད་གངས་ཅན་མཚོ་ཞེས་བྱ་བའི་སངས་རྒྱས་གཅིག་


CMR004_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ཏེ། སངས་རྒྱས་དེའི་བ་སྤུའི་བུ་ག་རེ་རེ་ན་ཡང་། འཇིག་རྟེན་གྱི་ཁམས་རེ་རེ་ཡོད། དེའི་ཕྱག་མཐིལ་ལྷུང་བཟེད་ནང་ན་སྤོས་ཆུའི་རྒྱ་མཚོ་ལས་མེ་ཏོག་པདྨའི་སྡོང་པོ་ཅིག་སྐྱེས་པ་ལས། མེ་ཏོག་ཉི་ཤུ་རྩ་ལྔ་བརྩེགས་མར་ཡོད་པའི་མེ་ཏོག་རེ་རེའི་སྟེང་ན་ཡང་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ཡོད། མེ་ཏོག་བཅུ་གསུམ་པའི་སྟེང་ན་ཡང་འཇིག་རྟེན་གྱི་ཁམས་འདི་ཡོད་པས། འཇིག་རྟེན་འདི་སངས་རྒྱས་དེའི་ཐུགས་ཐད་ཙམ་དུ་ཡོད་པས། འདི་ན་དགེ་སྡིག་ཅི་བྱས་ཀྱང་འགྱུར་ཆེ་བ་ཡིན། མེ་ཏོག་དེའི་ཟེ་འབྲུ་རེ་རེ་ལ་ཡང་འཇིག་རྟེན་གྱི་ཁམས་རེ་རེ་ལ་ཡང་འཇིག་


CMR004_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཁམས་རེ་རེ་ཡོད་པ་ལས། འདི་ནི་ཟེའུ་འབྲུ་དབུས་མའི་སྟེང་ན་ཡོད་ཅིང་། འཇིག་རྟེན་འདིའི་ཆགས་ལུགས་ནི། མེ་ཏོག་གི་ཟེའུ་འབྲུ་སྟོང་པ་གཅིག་ན། ནམ་མཁའ་སྟོང་པ་ལས་རླུང་གི་དཀྱིལ་འཁོར་ཆགས། དེའི་སྟེང་དུ་ཆར་བབས་པས་ཆུའི་དཀྱིལ་འཁོར་ཆགས། ཆུའི་སྲིབ་མའི་ཚུལ་དུ་གསེར་གྱི་ས་གཞི་རི་རབ་གླིང་བཞི་གླིང་ཕྲན་བརྒྱད་མཐའ་མ་ལྕགས་རི་གཅིག་གིས་བསྐོར་རོ། །དེ་འདྲ་སྟོང་ལ་སྟོང་དང་པོ། དེ་སྟོང་ལ་སྟོང་གཉིས་པ། དེ་སྟོང་ལ་སྟོང་གསུམ་པ་སྟེ་གླིང་བཞི་བྱེ་བ་ཕྲག་བརྒྱ་ཡོད། རི་རབ་ཀྱི་བང་རིམ་ལ་རྒྱལ་ཆེན་བཞི་པའི་ལྷ་དང་། རི་རབ་རྩེ་ལ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཡོད། འཐབ་བྲལ་ཡན་ཆད་ས་ལ་མ་བརྟེན་པར་བར་སྣང་ལ་ལྷའི་གནས་ཐམས་ཅད་ཡོད། རི་རབ་ཁོང་གསེང་ན་ལྷ་མ་ཡིན། རྒྱ་མཚོའི་ནང་ན་ཀླུ་དང་དུད་འགྲོ། རྒྱ་གར་གྱི་འོག་ན་ཚ་དམྱལ་བརྒྱད། བོད་ཀྱི་འོག་ན་གྲངས་དམྱལ་བརྒྱད་ཡོད། རྒྱ་གར་གྱི་གྲོང་ཁྱེར་སེར་སྐྱའི་འོག་ན་ཡི་དྭགས་ཀྱི་ཡུལ་ཡོད། ཉི་མ་ནི་མེ་ཤེལ་དང་ཟླ་བ་སྐར་མ་རྣམས་ཆུ་ཤེལ་ལས་གྲུབ་བོ། །དེ་ཡང་ཕྱི་པ་མུ་སྟེགས་པའི་ལུགས་ལ་ནི། འཇིག་རྟེན་འདི་ཐམས་ཅད་ལྷ་དབང་ཕྱུག་ཆེན་པོས་བྱས་པ་


CMR004_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཟེར། མུ་སྟེགས་པ་ལ་ལས་ཚངས་པས་བྱས་ཟེར། ལ་ལས་ཁྱབ་མཇུག་གིས་བྱས་ཟེར། ལ་ལས་ཕྱའི་བྱས་ཟེར། ངེད་རང་ནང་པའི་ལུགས་ལ་སེམས་ཅན་སྤྱི་མཐུན་གྱི་ལས་ལས་གྲུབ་པ་ཡིན་གསུངས། དེ་ཡང་འཛམ་བུའི་གླིང་འདིར་དང་པོ་མི་རྣམས་སྲིད་ཚུལ་ཡང་། མུ་སྟེགས་པའི་ལུགས་ལ་ནི་ལྷ་ཚངས་བའི་དཔུང་པ་གཉིས་དང་བླ་གཉིས་ལས་མི་བུ་རིགས་བཞི་བྱུང་བས་ཚངས་པ་ལ་འཇིག་རྟེན་གྱི་དམྱེས་པོ་ཟེར། གདོལ་བའི་རིགས་ནི་ཚངས་པའི་ལུས་ལས་མ་ཆད། གང་ནས་བྱུང་ཆ་མེད་པས་རིགས་ངན་པ་ཟེར། བོན་ལུགས་མིའི་འགྲོ་བ་དར་ལུགས་ལ་སྒོ་ང་ལས་བྱུང་སྟེ། དུང་སྒོང་ལས་སྟེང་གི་ལྷ། ལྕགས་སྒོང་ལས་འདྲེ་སྲིན། བསེ་སྒོང་ཁྲ་བོའི་ནང་ནས་སྨོན་མི་སྣུམ་ལུམ་བྱུང་། དེས་ཡིད་ཀྱིས་སྨོན་ལམ་བཏབ་པས་ཁ་མིག་རྐང་ལག་ཐམས་ཅད་དོད་ནས། དེའི་རྒྱུད་ལས་མི་རྣམས་འབྱུང་ཟེར། ནང་པ་སངས་རྒྱས་པའི་ལུགས་ལ་རྒྱ་གར་གྱི་མི་རྣམས་དང་པོ་བརྫུས་སྐྱེས་སུ་བྱུང་སྟེ། ལྷ་དང་འདྲ་བར་ལུས་ལ་འོད་ཡོད་པས་ནམ་མཁའ་ལ་འགྲོ་བ་ཡོད་པ་ལས། སའི་བཅུད་དང་ས་ཡི་ཞག་ཟོས་པས་འོད་མེད་ཅིང་ནམ་མཁའ་ལ་འགྲོ་མ་ནུས། དེའི་ཚེ་ཉི་ཟླ་ཡང་


CMR004_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད། དེ་ནས་མ་རྨོས་པའི་ལོ་ཏོག་བྱུང་བ་ཟོས་པས། ཕོ་མོའི་དབང་པོ་ཡང་དོད་ནས་ཁྱིམ་ཐབས་དར། དེ་དུས་ནམ་མཁའ་ནས་ལྷ་གཅིག་མི་ཡུལ་དུ་བབ་ནས་བྱུང་བས་མིའི་ཟས་ཟོས་པས་འཕུར་མ་ཤེས་ནས་མི་ཡུལ་དུ་ལུས། དེའི་རྒྱུད་ལས་འོད་གསལ་ལྷའི་རྒྱུད་བྱུང་། གནམ་གདོང་ས་ལ་བབ་པ་ཟེར། ལྷ་གདོང་དཀར་པོ་ཡང་ཟེར་རོ། །དེ་ནས་མ་རྨོས་ལོ་ཏོག་ཟད་ནས་ཞིང་རྨོ་རྐོ་དར། དེ་ནས་ཞིང་ནས་སྙེ་མ་བརྐུས་པས་འཁྲུག་པ་དར། དེ་ནས་དེ་མི་འབྱུང་བའི་ཕྱིར་དུ་ཐམས་ཅད་གྲོས་བྱས་ནས་འོད་གསལ་ལྷའི་བུ་གཟུགས་བཟང་བ། །སྟོབས་ཆེ་བ་སེམས་རྒྱུད་དྲང་བ་གཅིག་ཐམས་ཅད་ཀྱིས་རྒྱལ་པོར་བསྐོས་པས་མང་པོས་བཀུར་བའི་རྒྱལ་པོ་ཞེས་བྱའོ། །དེའི་རྒྱལ་རབས་ལྔ་ནི་བསྐལ་པ་དང་པོའི་རྒྱལ་པོ་ལྔ་ཞེས་བྱའོ། །དེ་ནས་རྒྱལ་པོ་ང་ལས་ནུ་ཞེས་བྱ་བ་གླིང་བཞི་ལ་དབང་བ་བྱུང་། དེ་ནས་གླིང་གསུམ་ལ་དབང་བ་དང་། གླིང་གཉིས་དབང་བ་དང་། གླིང་གཅིག་དབང་བའི་རྒྱལ་པོ་ལྔ་བྱུང་བ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྔ་ཟེར། དེ་ནས་རྒྱལ་པོ་མཆོག་སྦྱིན་དུས་སངས་རྒྱས་འཁོར་བ་འཇིག་བྱོན་ཏེ་མི་རྣམས་ལོ་བཞི་ཁྲི་ཐུབ་བོ། །དེ་ནས་རྒྱལ་རབས་སུམ་བརྒྱ་པ་རྒྱལ་པོ་ཀུན་


CMR004_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འོད་དང་སྲས་ཙནྡའི་སྐབས་སུ་སངས་རྒྱས་གསེར་ཐུབ་བྱོན་ཏེ་ཚེ་ལོ་སུམ་ཁྲིའོ། །དེ་ནས་རྒྱལ་རབས་སུམ་བརྒྱ་ན་རྒྱལ་པོ་རཏྣ་ཆེན་པོ་དང་རྒྱལ་བུ་ཀྲི་ཀྲིའི་དུས་འོད་སྲུང་བྱན་ཏེ་མི་རྣམས་ཚེ་ལོ་ཉི་ཁྲིའོ། །གཞན་ཡང་རྒྱ་གར་གྱི་ཡུལ་སོ་སོར་མང་བཀུར་རྒྱལ་པོ། དེའི་བུ་ཚའི་རྒྱུད་ལ་ལྷ་ཆེན་པོ་ཟེར་བའི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་བྱུང་། གཞན་ཡང་མང་བཀུར་དེའི་རྒྱུད་པ་ལ་ཡུལ་ལྔ་འཛིན་གྱི་རྒྱལ་པོ་ལྔ་སྟོང་བྱུང་། གཞན་ཡང་མང་བཀུར། དེའི་བུ་རྒྱུད་ལ་ཡུལ་ཐོད་པ་ཅན་གྱི་རྒྱལ་པོ་དགུ་སྟོང་བྱུང་། མང་བཀུར་དེའི་རྒྱལ་རྒྱུད་ལས་ཀླུ་དབྱངས་ཞེས་བྱ་བའི་རྒྱལ་པོ་ཁྲི་ཚོ་བྱུང་། མང་པོས་བཀུར་བ། དེའི་བུ་རྒྱུད་ལ་མ་ག་ཏའི་རྒྱལ་པོ་ཁྲི་ཚོ་བྱུང་། མང་བཀུར་དེའི་རྒྱུད་ལ་ཏ་མི་ལའི་རྒྱལ་པོ་ཁྲི་ལྔ་སྟོང་བྱུང་། །མང་བཀུར་དེའི་བུ་རྒྱུད་ལ་རྒྱལ་བུ་རམ་ཤིང་སྐྱེས་བྱུང་། དེའི་བུ་རྒྱུད་ལ་བུ་རམ་ཤིང་པའི་རྒྱལ་པོ་སྟོང་དང་བརྒྱ་ལྷག་བྱུང་སྟེ། འདས་པའི་སངས་རྒྱས་འཁོར་བ་འཇིག་དང་། གསེར་ཐུབ་འོད་སྲུང་གསུམ་གྱི་སྟོན་པའི་བསྙེན་བཀུར་དང་། བསྟན་པའི་སྦྱིན་བདག་ནི་མང་བཀུར་རྒྱལ་པོའི་བུ་རྒྱུད་དེ་རྣམས་ཀྱིས་མཛད་པ་ཡིན་ནོ། །དེ་ནས་ཚེ་ལོ་བརྒྱ་པའི་དུས་འདིར་བུ་


CMR004_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

རམ་ཤིང་པའི་རྒྱལ་པོ་ཟས་གཙང་མའི་སྲས་ལ་ཤཱཀྱ་ཐུབ་པ་འཁྲུངས་ཏེ། ཤཱཀྱའི་རིགས་ཐམས་ཅད་རབ་ཏུ་བྱུང་ནས་སྲས་སྒྲ་གཅན་ཟིན་དང་ཤཱཀྱའི་རྒྱལ་པོ་བཟང་ལྡན་ཡང་རབ་ཏུ་བྱུང་ནས་མང་བཀུར་རྒྱལ་པོའི་རྒྱལ་རྒྱུད་ཤཱཀྱའི་རིགས་ཐམས་ཅད་རྫོགས་པར་བཤད་དེ། དེ་ནི་ཡུལ་དབུས་དེར་ཤཱཀྱ་ཆེན་པོའི་རབ་རྫོགས་པ་ལ་གསུངས་པ་ཡིན་གྱི། མང་བཀུར་རྒྱལ་པོའི་རྒྱུད་དང་ཤཱཀྱའི་རིགས་གཅིག་ཀྱང་མ་ལུས་པ་ནི་མིན་ཏེ། ཤཱཀྱ་རི་བྲག་པ་དང་ཤཱཀྱ་ཆུང་བ་ལི་ཙ་བྱའི་རྒྱུད་ཡོད་དེ། ཤཱཀྱའི་རྒྱལ་རིགས་གཅིག་ཤམ་བྷ་ལ་ན་བྱོན་པ་ཤམ་བྷ་ལའི་རྒྱལ་པོ་གྱུར་ནས། གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་མངའ་འོག་ཏུ་འདུས་ཏེ། དེའི་བུ་རྒྱུད་ལ་རིགས་ལྡན་ཉི་ཤུ་རྩ་ལྔ་ཆོས་རྒྱས་སུམ་ཅུ་སོ་གཉིས་བྱུང་ནས་དུས་འཁོར་གྱི་བསྟན་པ་དར་བར་མཛད། ད་ལྟར་ཡང་རྒྱལ་རྒྱུད་ཡོད་པར་བཤད་པ་ལྟ་བུ་སྟེ། བོད་རྒྱལ་པོ་ཡང་མང་བཀུར་རྒྱལ་པོའི་གདུང་རིགས་ཡིན་པའི་ཕྱིར་རོ། །དེ་ནས་བོད་དུ་མི་འབྱུང་ཚུལ་ནི། བོན་ལུགས་མིའུ་འགྲམ་ཆགས་ལྟར་ན་སྨོན་མི་སྣུམ་གྱི་བུ་ལ་རྒྱལ་བུ་མཐིང་གེ་བྱུང་། མི་མཆོག་རྒྱལ་བུ་མཐིང་གེའི་བུ་ལ་རྒྱ་བོད་ཧོར་གསུམ་བྱུང་ཟེར། སྙན་ངག་པའི་ལུགས་ལ་ཤམ་བྷ་ལའི་ཡུལ་དགྲ་ངན་དཔུང་


CMR004_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བཅུ་གཉིས་ཞེས་པ་ཀླ་ཀློའི་དམག་བྱུང་ནས་ཤམ་བྷའི་རྒྱལ་པོ་གཡུལ་ཕམ་པས། མི་སྟོང་ཕྲག་གཅིག་བུད་མེད་དུ་བརྫུས་ནས་བོད་དུ་བྲོས་པའི་རྒྱུད་ལ་བོད་ཀྱི་མི་རྣམས་བྱུང་ཟེར། རྒྱལ་རབས་དང་མ་ཎི་བཀའ་འབུམ་སོགས་ཆོས་ཀྱི་ལུགས་ལ། སྤྲེའུ་བྱང་ཆུབ་སེམས་དཔའ་དང་བྲག་སྲིན་མོའི་བུ་རྒྱུད་ལ་བོད་འདི་བྱུང་བར་གསུངས་ཏེ། གང་ལྟར་ཡང་བོད་དཔོན་མེད་གཡོག་མེད་དུ་ཡོད་པའི་དུས། རྒྱ་གར་གྱི་ཡུལ་ནས་མང་པོས་བཀུར་བའི་རྒྱལ་པོའི་རྒྱུད་ཤཱཀྱ་ལི་ཙ་བྱའི་རིགས་དང་ཤཱཀྱ་རི་བྲག་པའི་རིགས། རྒྱ་གར་གྱི་རྒྱལ་པོ་མང་དུ་བྱུང་ཞིང་། ཤཱཀྱ་ལི་ཙ་བྱའི་རིགས་རྒྱལ་པོ་དམག་བརྒྱ་པ་བྱ་བ་ལ་སྲས་བྱ་མིག་ལྟར་ཡར་ལ་སྡེབ། སྙན་ཞལ་རིང་བ་ཕྱག་སོར་དྲ་བས་འབྲེལ་བ་ཞིག་བྱུང་། དེ་དོན་ལ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་སྤྲུལ་པ་བོད་ཀྱི་རྒྱལ་པོ་བྱ་བའི་ཕྱིར་སྤྱན་རས་གཟིགས་ཀྱི་ཐུགས་རྗེས་བསྐུལ་བ་ཡིན་ཡང་། གནས་སྐབས་བྲམ་ཟེ་མཚན་མཁན་ལ་བསྟེན་པས། འདི་བུ་མོའི་ཆ་ལུགས་བྱས་ནས་ཡུལ་ཐག་རིང་དུ་བསྐྱལ་དགོས། དེ་མ་བྱས་ན་ཡབ་རྒྱལ་པོ་སྐུ་ཚེ་ཐུང་ཟེར་བས། སྲས་དེ་བུ་མོའི་ཆས་བཀོན་བོད་དུ་བསྐྱལ་པས། ཁོང་འོད་གསལ་ལྷའི་


CMR004_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཡིན་པས་ལྷའི་རྨུ་ཐག་སྤྱི་བོ་ནས་འོད་ཟེར་དཀར་པོ་རྟ་རྔ་ཙམ་ཞིག་སྟེང་ལྷ་ཡུལ་ན་ཟུག་ནས་ཡོད་པ་དེ་ལ་འཇུས་ནས་དབུས་ལྷ་རིའི་རྩེར་བྱོན་ནས་གཟིགས་པས། ཡར་ལུང་ས་བཟང་བར་གཟིགས་ནས་ཡར་ལུང་དུ་བྱོན་པས། རྫི་བོ་རྣམས་དང་ཕྲད་ནས་ཁྱེད་ག་ནས་ཡིན་ཟེར་བས། སྐད་མ་གོ་ནས་གནམ་ལ་མཛུབ་གུ་བཙུགས། སུ་ཡིན་ཟེར་བར་གོ་ནས་བཙན་པོ་ཡིན་གསུངས། དེར་འདི་གནམ་ནས་བྱོན་པའི་བཙད་པོ་ངོ་མཚར་ཅན་རེད་པས་ངེད་རང་རྣམས་ཀྱི་རྒྱལ་པོ་བྱེད་དགོས་ཟེར་ནས། གཉའ་བའི་སྟེང་དུ་ཤིང་གི་ཁྲི་བཅིང་བ་ལ་བཞག་ནས་གདན་དྲངས་ཏེ་བོད་ཀྱི་རྒྱལ་པོ་ལ་སྔ་བ་གཉའ་ཁྲི་བཙད་པོ་ཟེར་བ་དེ་བྱུང་། འདི་ལ་བཤད་ལུགས་མང་ན་ཡང་འཇམ་དཔལ་རྩ་རྒྱུད་དུ་སྲོང་བཙན་སྒམ་པོ་ལི་ཙ་བྱའི་རིགས་སུ་ལུང་བསྟན་ཏོ། །དེའི་རྒྱུད་པ་གདུང་རབས་བདུན་གྱི་བར་དུ་སྲས་རྟ་ཁ་ཐུབ་ནས་ཡབ་ཀྱིས་ཞལ་ཆེམས་བཞག་སྟེ་སྐུ་གདུང་མ་བཞག་པར་ནམ་མཁའ་ལ་འཇའ་ལྟར་ཡལ་བ་བྱུང་། །དེ་ནས་རྒྱལ་རབས་བརྒྱད་ན་རྒྱལ་པོ་གྲི་གུམ་བཙད་པོ་ལ་སྲས་གསུམ་ཡོད་པའི་གཉིས་དེ་ཀོང་པོ་དང་ཉང་པོར་བཞུགས་ནས་རྗེ་བོ་མཛད། དེ་གཉིས་ཀྱི་མཚན་ནི་ཤ་ཁྲི་རྒྱལ་པོ་དང་། ཉ་ཁྲི་རྒྱལ་པོ་


CMR004_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ཡིན་པར་བཤད། དེའི་རྒྱལ་རྒྱུད་ད་ལྟའི་བར་དུ་ཡོད་དོ། །དེ་ནས་གྲི་གུམ་བཙན་པོ་ནས་རྒྱལ་རབས་མང་ཞིག་དད་པ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྲུལ་པ། རྒྱལ་པོ་ཐོ་ཐོ་རི་སྙན་ཤལ་བྱ་བ་བྱུང་སྟེ། དེའི་ཕོ་བྲང་ནང་གི་རྩེ་ན་མདོ་སྡེ་ཟ་མ་ཏོག་དང་ཚ་ཚའི་བརྐོར་ཕོར་དང་ཤེལ་གྱི་མཆོད་རྟེན་རྣམས་བབ་ཅིང་། འཇའ་འོད་དང་མེ་ཏོག་གི་ཆར་བབ། རྒྱལ་རབས་ལྔ་ནས་འདིའི་དོན་ཤེས་པ་གཅིག་འབྱུང་ཟེར་བའི་ལུང་བསྟན་བྱུང་ནས་དམ་པ་ཆོས་ཀྱི་དབུ་བརྙེས་སོ། །དེ་ནས་རྒྱལ་རབས་ལྔ་ནས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རྒྱལ་པོ་སྲོང་བཙན་སྒམ་པོ་བྱོན་ཏེ། སྒྲོལ་མ་དཀར་སྔོན་གཉིས་ཀྱི་སྤྲུལ་པ་རྒྱ་བཟའ་དང་བལ་བཟའ་བཙུན་མོར་བླངས་པས། རྒྱ་བཟའི་རྫོངས་ལ་ཇོ་བོ་ཤཱཀྱ་མུ་ནེ་དང་ས་དཔྱད་དང་རྩིས་སྨན་དཔྱད་ཇ་དར་རྣམས་བྱུང་། བལ་བཟའི་རྫོངས་ལ་ཇོ་བོ་མི་བསྐྱོད་རྡོ་རྗེ་ཙནྡན་སྒྲོལ་མ་རང་བྱོན་བཻཌཱུརླའི་ལྷུང་བཟེད་ནོར་བུ་སྟག་ཤ་དྷེ་ཝ་རྣམས་བྱུང་། ལྷ་ས་ཡེར་པ་ཁྲ་འབྲུག་སོགས་གཙུག་ལག་ཁང་བརྒྱ་དང་རྩ་བརྒྱད་བཞེངས། ཐོན་མི་སཾ་བྷོ་ཊ་རྒྱ་གར་དུ་བཏང་ནས་བོད་དུ་ཡི་གེ་ཡོད་པར་མཛད་དེ་དམ་པའི་ཆོས་ཀྱི་སྲོལ་བཏོད། དེ་ནས་


CMR004_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་རབས་ལྔ་ནས་འཇམ་དབྱངས་ཀྱི་སྤྲུལ་པ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བྱོན་ཏེ། ཨོ་རྒྱན་གྱི་མཁས་པ་པདྨ་འབྱུང་གནས། རྒྱ་གར་གྱི་མཁས་པ་བི་མ་མི་ཏྲ། ཟ་ཧོར་གྱི་མཁས་པ་བྷོ་དྷི་སཏྭ། རྒྱ་ནག་གི་མཁས་པ་དུ་ཧར་ནག་པོ་སོགས་པཎྜི་ཏ་རྒྱང་རིང་གདན་དྲངས། བསམ་ཡས་ལ་སོགས་གཙུག་ལག་ཁང་ཆེན་པོ་བརྒྱ་དང་རྩ་བརྒྱད། ཕྲན་བུ་སྟོང་དང་རྩ་གཉིས་བཞེངས། མདོ་སྔགས་ཀྱི་ཆོས་ཐམས་ཅད་བོད་དུ་བསྒྱུར་བས། རྗེ་འབངས་ཉི་ཤུ་རྩ་ལྔ་སོགས་གྲུབ་པ་ཐོབ་པ་དཔག་ཏུ་མེད་པ་བྱུང་བས། དམ་པའི་ཆོས་ཀྱི་གཞུང་བསྲང་བ་ཡིན་ནོ། །དེ་ནས་རྒྱལ་རབས་གསུམ་ནས་ཕྱག་རྡོར་གྱི་སྤྲུལ་པ་རྒྱལ་པོ་ཁྲི་རལ་པ་ཅན་བྱོན་ཏེ། འཛམ་གླིང་སུམ་གཉིས་མངའ་ཞབས་སུ་བཙུད། འུ་ཤང་རྡོའི་ལྷ་ཁང་བཞེངས། པཎྜི་ཏ་ཛི་ན་མི་ཏྲ་སོགས་མང་པོ་གདན་དྲངས། བཙུན་པ་ཐམས་ཅད་ལ་བཀུར་སྟི་ཆེན་པོ་མཛད་དེ་དམ་པའི་ཆོས་དར་རྒྱས་སུ་མཛད་དོ། །དེ་ནས་རྒྱལ་པོ་གླང་དར་མ་ཞེས་བདུད་ཀྱི་སྤྲུལ་པ་གཅིག་བྱུང་ནས་ཆོས་བསྣུབ་ཅིང་རབ་ཏུ་བྱུང་བ་རྣམས་ལ་ཆད་པ་སྣ་ཚོགས་བཅད་པས། ཕྱག་རྡོར་གྱི་སྤྲུལ་པ་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་སྡིག་ཅན་དེ་བསྒྲལ་ཏོ། །དེ་ནས་ཆོས་


CMR004_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བསྣུབས་པའི་ཉེས་པ་དང་བློན་པོས་སྨོན་ལམ་ལོག་པར་བཏབ་པའི་ནུས་པས་རྒྱལ་པོའི་གདན་ས་འཁྲུགས་ནས་རྒྱལ་པོའི་སྲས་འོད་སྲུང་དང་། རྒྱལ་པོའི་སྲས་མིན་ཀྱང་བཙུན་མོ་དབང་ཆེ་བས་སྲས་ཡིན་པར་བྱས་པའི་ཡུམ་བརྟན་ཟེར་བའི་སྲས་གཅིག་བྱུང་སྟེ་མ་འཆམས། འོད་སྲུང་གི་མངའ་རིའི་སྐོར་གསུམ་དབང་། ཡུམ་བརྟན་གྱིས་དབུས་གཙང་རུ་བཞི་དབང་བར་བྱུང་། དེ་རྒྱུད་ཁམས་དབུས་ཀུན་ཏུ་འཕེལ་ཏེ་རུས་མིང་ཇོ་བོ་ཟེར་རོ། །འོད་སྲུང་གི་གདུང་རྒྱུད་མངའ་རིས་དང་ལ་སྟོད་བྱང་འཕེན་ཡུལ་དུ་ཆད། འདི་སྐབས་སུ་རྒྱལ་རྒྱུད་ཁ་བཞིར་གྱེས། དེ་ཡང་བོན་ནམ་མཁའ་དཔལ་ཡོན་འདྲེན་ཁ་བྱ་བར་སྐྱེས་ནས་བོད་ཀྱི་ལྷ་འདྲེ་ཐམས་ཅད་བསྡུས་ནས། ང་བོད་རྒྱལ་ཁྲི་རལ་གྱིས་ཉེས་མེད་པ་ལ་རྔན་གསོད་བྱས་པ་ཡིན་པས། བོད་ཀྱི་རྒྱལ་པོའི་རྒྱུད་འདི་མེད་པ་གཅིག་བྱེད་དགོས་ཟེར་ནས། དེར་བོད་ཀྱི་ལྷ་བཞིས་ཞུ་བ་བྱས་ནས་རྒྱལ་རྒྱུད་ཚན་བཞི་ལུས་པ་སྟེ། གངས་དཀར་ཏི་སེ་ལྷ་ཡིས་ཞུ་བ་བྱས། །སྟོད་ཀྱི་ཕྱོགས་སུ་རྒྱལ་བློན་ཚན་གཅིག་ཆགས། །ཞེས་པ་ནི་མངའ་རིས་གུ་གེ་རྒྱལ་པོ་དང་དེ་ལས་འཕྲོས་པ་བླ་མ་ལྷ་བཙུན་ཚང་ཡིན་ནོ། །ཀོང་བཙུན་དེ་མོ་ལྷ་ཡིས་ཞུ་བ་


CMR004_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་། །ཀོང་པོའི་ཕྱོགས་སུ་རྒྱལ་བློན་ཚན་གཅིག་ཆགས། །ཞེས་པ་ནི་ཀོང་པོ་སྟོང་ཤོང་རྒྱལ་པོ་སྐྱེས་ས་ཨ་བོ་ཚང་སྟེ།། འདི་ཚང་ལ་ཞྭ་དམར་དཀོན་མཆོག་ཡན་ལག་ཀྱང་འཁྲུངས་སོ། །ཡར་ལྷ་ཤམ་པོ་ལྷ་ཡིས་ཞུ་བ་བྱས། །དབུས་ཀྱི་ཕྱོགས་སུ་རྒྱལ་བློན་ཚན་གཅིག་ཆགས། །ཞེས་པ་ནི། བསམ་ཡས་རྒྱལ་རྒྱུད་དང་དེ་ལས་འཕྲོས་པ་ཡར་ལུང་ཆོས་རྒྱལ་ཕོ་བྲང་བ་གཉིས་ཡིན་ཏེ། བསམ་ཡས་རྒྱལ་རྒྱུད་ནི་མངའ་རིས་རིག་འཛིན་ཆེན་པོ་དང་འགྲས་ནས། གཏོར་མ་འཕངས་བས་རྒྱལ་རྒྱུད་ཆད་དོ། །ཐང་ལྷ་ཡར་བཞུད་ལྷ་ཡིས་ཞུ་བ་བྱས། །བྱང་གི་ཕྱོགས་སུ་རྒྱལ་བློན་ཚན་གཅིག་ཆགས། །ཟེར་བ་འདི་ལས་འཕྲོས་པ། ངོམ་པ་ལྡོང་ཚང་ལ་སྟོད་བྱང་པ། སྡེ་ཕ་ལྷ་ཕུ་བ། རྒྱ་མཚོ་བ་རྣམས་ཡིན་ནོ། །དེ་ཡང་མངའ་རིས་གདུང་རྒྱུད་དེ་ལ་ལྷ་བླ་མ་བྱང་ཆུབ་འོད་སྐུ་མཆེད་གཉིས་འཁྲུངས་ཏེ། ལོ་ཙཱ་བ་རིན་ཆེན་བཟང་པོ་ལ་སོགས་ལོ་ཙཱ་བ་མང་པོ་རྒྱ་གར་དུ་བརྫངས། ཇོ་བོ་ཆེན་པོ་ཨ་ཏི་ཤ་གདན་དྲངས་ཏེ་ཆོས་གསར་མ་ཞེས་བྱ་བ་འདི་དར་བར་མཛད་པས་བཀའ་དྲིན་ཤིན་ཏུ་ཆེའོ། །དེ་ནས་བྱང་འཕེན་ཡུལ་ཕྱོགས་སུ་བཞུགས་པའི་རྒྱལ་རྒྱུད་དེའི་ཞལ་ངོ་གཉིས་ཁམས་ཕྱོགས་སུ་བྱོན་


CMR004_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

པ། གཅིག་ཙོང་ཁ་དང་གཅིག་སྐྱོ་ན་ངོམ་སྨད་ནས་བཟུང་སྟེ། དེའི་རྒྱུད་ལ་ཙོང་ཁ་རྒྱལ་པོ་དང་གདོང་སྤོམ་ར་བྱུང་སྟེ། དེ་ཡང་གདུང་རབས་བརྩི་ན་མངའ་བདག་ཁྲི་རལ། གླང་དར། འོད་སྲུང་། དཔལ་འཁོར་བཙན། བཀྲ་ཤིས་བརྩེགས། འོད་ལྡེ། འོད་ལྡེའི་ཚ་བོའི་སྲས་ལ་སྤྱག་བཙན་འཁྲུངས་ཏེ་གདོང་རིགས་ཀྱི་ཕོ་ལྷ་ཡིན་ནོ། །འོད་ལྡེའི་སྲས་བཞིའི་ནང་ནས་ཁྲི་ལྡེ། ཁྲི་ལྡེ་ལ་སྲས་གསུམ་གྱི་གཅིག་དབུས་ན་བཞུགས་པ་སྤྱན་སྔ་དོན་ཆེན་པ་ཞེས་བྱའོ། །གཅིག་ཤར་ཙོང་ཁ་ན་བྱོན་པ་ཙོང་ཁ་རྒྱལ་པོ་ཞེས་བྱ་སྟེ་རྒྱལ་རྒྱུད་བྱུང་ངོ་། །གཅིག་སྐྱོ་ན་ངོམ་སྨད་ན་བཞུགས་པ་ངོམ་པ་ལྷ་སྡོང་དཀར་པོ་ཞེས་བྱ་སྟེ་དེ་ཡང་བཀའ་འབུམ་ན། དཔལ་རྩལ་སྟོབས་དང་ལྡན་པ་སྟེ། །སྐྱོ་རུ་རླུང་སྒང་རི་མོ་ན། །གདོང་ཕ་ལ་བུ་སྐྱེས་སྤོམ་རའི་གདོང་། ཞེས་ཟེར་བ་བྱུང་། དེ་ནས་མི་རབས་མང་ཅིག་སོང་ནས་བན་ཁྲོམ་གདོང་། དབལ་མོ་ལྕམ་ཟེར་བ་བྱུང་། དབལ་མོ་ལྕམ་ཚོང་ཞེས་བྱ་བར་ཡོངས་གྲགས་སོ། །བན་ཁྲོ་ལྡོང་གི་སྲས་དཀོན་མཆོག་འབར། དེའི་སྲས་དབོན་རྒན་དཀོན་མཆོག་འབུམ་སྟེ། དེ་ཡན་ངོམ་ཐམས་ཅད་དབང་བ་ནི་མིན་ཀྱང་དཔོན་རྒྱུད་མ་ཆད་ཅིང་


CMR004_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་ཐང་ལོངས་སྤྱོད་རྒྱ་ཆེན་པོ་དང་ལྡན་པ་ཡིན་ནོ། །དེའི་སྲས་དབོན་རྒན་སྦྱིན་པ་ཡིན་ཏེ། དབུལ་ཕོངས་རྣམས་ལ་སྦྱིན་པ་བཏང་བ་དང་། རྒྱས་འབྲིང་རྣམ་གསུམ་བཞེངས་པ་སོགས་བྱ་བ་ཆོས་ལ་བྱས་པས། གདོང་སྦྱིན་པ་ཆོས་ཀྱི་བལ་དུར་ཟེར་བ་བྱུང་། ཕྱིས་རང་བྱུང་རྡོ་རྗེ་ལ་བསྙེན་པར་རྫོགས་ནས་མཚན་ཡོན་ཏན་འབྱུང་གནས་སུ་བཏགས། དེ་ལ་སྲས་གསུམ་ཡོད་པའི་ཆུང་བ་གཉིས་ཀྱི་རྒྱུད་དབུས་ན་ཡོད་དེ། ལ་ཕྱི་ནམ་མཁའ་རྒྱལ་མཚན་ཟེར་བའི་གྲུབ་ཐོབ་ཆེན་པོ་གཅིག་ཀྱང་བྱུང་ངོ་། །མངའ་རིས་རྒྱལ་པོ་དང་སྟོད་ཧོར་རྒྱལ་པོ་གཉིས་ཀའི་ལས་ཀ་བཟུང་བའི་དུ་ཝན་ཞལ་དཀོན་མཆོག་བཟང་པོ་ཟེར་བ་གཅིག་ཀྱང་བྱུང་སྟེ་ཇོ་བོ་ལ་གསེར་ཀོང་བཙུགས། སྲས་ཆེ་བ་ནི་གདོང་དྲག་ནག་སྟེ། གདོང་སྦྱིན་པའི་བུ་ལ་དྲག་ནག་བྱུང་། དེ་འདྲ་བྱུང་ན་རེ་རེའི་ཆོག །ཟེར་ཏེ་མཚན་དྲུག་པ་རྒྱལ་མཚན་ཡིན་ཏོ། །ས་སྐྱ་ཆོས་རྒྱལ་འཕགས་པའི་དྲུང་སྐོར་མཛད་ནས་རྒྱ་ནག་ཏུ་བྱོན། རྒྱ་ནག་རྒྱལ་པོའི་ཐུགས་ལ་ཤིན་ཏུ་འཕྲོད་པ་བྱུང་ནས་བཀའ་གྲོས་དྲི་ས་མཛད་པ་བྱུང་སྟེ། དེ་དུས་བོད་དབུས་ཙོང་ཁམས་སུ་རྒྱ་ནག་གིས་དབང་བསྒྱུར་དུས་ཡིན་པས། དབུས་ཙོང་ཁམས་སོགས་ཀྱི་སྡེ་ཤིང་སྒོ་ཅན་


CMR004_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་སྐོར་བཅུ་ས་སྐྱ་བ་ཆོས་འཕགས་ལ་རྒྱལ་པོས་དབང་ཡོན་དུ་ཕུལ། དེ་དུས་མདོ་ཁམས་སྒང་དྲུག་གི་སྤྱི་དཔོན་ལ་གོ་འཇོ་བསྐོས། དབུས་གཙང་རུ་བཞིའི་སྤྱི་དཔོན་ལ་སྣེའུ་གདོང་གོང་མ་ཆེན་པོས་བསྐོས། སྤྱིར་དུ་བཅུ་ལ་བཅུ་དཔོན་དང་བརྒྱ་ལ་བརྒྱ་དཔོན། སྟོང་ལ་སྟོང་དཔོན། ཁྲི་ལ་ཁྲི་དཔོན་བསྐོས་ཏེ། དེ་དུས་ལྡོང་དྲག་པ་རྒྱལ་མཚན་ལ་རྒྱ་ནག་གི་རྒྱལ་པོས། དུ་ཝན་ཞལ་གྱི་ལས་ཀ་གནང་། ལས་ཆེན་ཤེལ་གྱི་ཐམ་ཁ། ལས་གོས་གོས་ཆེན་ནག་པོའི་འདུང་མ་དགུ་བརྩེགས་གནང་བས། ལྡོང་དྲག་ནག་ཏུ་མིང་ཐོགས་། སྣེའུ་གདོང་གོང་མ་ཆེན་པོའི་དཔོན་ཆེན་བྱང་ཆུབ་རྒྱལ་མཚན་དང་། དཔོན་ཆེན་བེ་རོ་ཙ་འབུམ་རྣམས་ཀྱིས་ནང་སོ་ཕྱག་མཛོད་པ་དྲག་ནག་གིས་མཛད། ཁམས་སུ་གོ་འཇོ་དཔོན་ཆེན་གྱི་བློན་ཆེན་དྲག་ནག་གིས་མཛད། སྐྱོ་ངོམ་ཐམས་ཅད་དང་ཚ་བ་སྒང་སྤོ་འབོར་སོགས་མདོ་ཁམས་སྒང་གི་སྤྱི་དཔོན་དུ་རྒྱ་ནག་རྒྱལ་པོས་བསྐོས་པ་ཡིན་ཏེ། མཆོག་གྱུར་དྲག་པ་རྒྱལ་མཚན་ཞེས། དཔལ་ལྡན་བླ་མའི་ཆོས་ཞལ་བསྟན། །མི་དབང་རྒྱལ་པོའི་གསེར་ཞལ་མཐོང་། །ཡིད་ཆགས་བག་ཕེབས་མཛའ་བོ་ལྟར། །ལེགས་ཉེས་གཞིག་པའི་དྲི་བ་


CMR004_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་། །མདོ་ཁམས་མི་དཔོན་བསྐོ་ཕབ་ལ། །དབང་བྱས་དེ་ནི་རྒྱལ་པོ་བཞིན། །ཅེས་གསུངས་སོ། །དྲག་ནག་གིས་གན་ཤོག་ལ་གསེར་རྐྱང་པའི་བཀའ་འགྱུར་ཚར་གཅིག་བཞེངས་པའི་ཕྱེད་ཙམ་གླིང་ཡུལ་འདན་ན་ཡོད། ཕྱེད་ཙམ་རི་བོ་ཆེའི་ལྷ་ཁང་ན་བཞུགས། ཇོ་བོ་ལ་གསེར་ཀོང་བཙུགས་སོ། །དྲག་ནག་བུ་དགུ་ཕ་དང་བཅུ་ཟེར་ནས། སྲས་པོ་དྲུང་ལྔ་བསུས་བུ་སོགས་དགུ་ཙམ་ཡོད་པ་ལ། སོ་སོར་ས་བསྒོས་བྱས་འགའ་རེ་དབུས་ཕྱོགས་དང་གོ་འཇོའི་ཕྱོགས་སུ་ཡོད་ཅིང་། བུ་ཆུང་གཅིག་གིས་རྒྱུད་ལ་བྲག་དམར་ཤོག་ལྔར་དྲག་པ་དང་དེ་ལས་འཕྲོས་པ། སྐྱག་ཟླ་ཨ་ནུ། དབག་ཕྱོགས་ཨ་ནུ། འབག་ར་ཨ་ནུ་སོགས་བྱུང་སྟེ། འདི་སྐབས་སུ་ངོམ་པའི་དབོན་མོ་གདོང་ཟ་སངས་རྒྱས་འབུམ་མེ་བྱ་བ། རི་བོ་ཆེ་བས་བསུས་པ་ལ། རྗེ་རཏཱ་ཀ་ར་འཁྲུངས་པས། ངོམ་པ་དང་ཞང་དབོན་འོང་བ་དེ་ལྟར་ཡིན། དྲག་ནག་གི་གདན་ས་ན་རྒྱལ་བ་བཟང་པོ་བསྐོས་ཏེ། ནང་སོ་མཛད་པས། ནང་སོ་རྒྱལ་བ་བཟང་དྲག་ཅིང་། །ལྷ་རྣམས་དབུས་ན་རྒྱལ་བྱིན་བཞིན། །ཀུན་གྱིས་འགྲན་ཟླ་དང་བྲལ་བ། །རྒྱལ་བ་བཟང་པོ་ཀུན་ཏུ་དྲག །ཅེས་གསུངས་སོ། །ནང་སོ་རྒྱལ་བ་བཟང་པོ་བ་


CMR004_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་ཐང་ཆེ་ཞིང་ཕྱུག་དྲགས་པས། གཞི་སྟོང་སོགས་ཕྱི་དགྲ་མང་པོ་སྡང་སྟེ། དམག་བརྒྱབས་ནས་བཅོམ་པ་ལ། སླར་རྒྱལ་བ་བཟང་པོས་དགྲ་ཐམས་ཅད་བཏུལ་ནས་མིང་མི་གྲགས་པར་བྱས་ཏེ། སྒམ་པོ་པས། པདྨས་དམ་བཏགས་ལྷ་འདྲེ་བཞིན། །མ་ལུས་དགྲ་ལས་རྣམ་རྒྱལ་ཞིང་། །བསྟན་བྱ་གང་ལ་རབ་བཟང་བས། །ལྷ་རྣམས་ཀུན་གྱིས་དེ་ཡི་མིང་། །དོན་མཐུན་རྒྱལ་བ་བཟང་པོ་ཞེས། །ཞེས་གསུངས། རྒྱལ་བ་བཟང་པོས་གསེར་རྐྱང་པའི་རྒྱས་འབྲིང་རྣམ་གསུམ་ཚར་གཉིས་ཀྱིས་གཙོས་པའི་གསེར་དངུལ་གྱིས་བཀའ་འགྱུར་པོ་ཏི་བརྒྱ་བཞེངས། ཇོ་བོ་ལ་གསེར་ཀོང་བཙུགས། རྒྱལ་བ་བཟང་པོ་ལ་སྲས་གཉིས་ཡོད་པའི་ཆེ་བ་བཙུན་པ་སྔར་ནས་འདས། ཆུང་བ་མཁའ་སྤྱོད་པ་ཡིན་ཏེ། དེ་ཡང་ཨོ་རྒྱན་རིན་པོ་ཆེའི་བཀའ་མ་འོངས་ལུང་བསྟན་ལས། སྐྱེས་མཐའི་འཕགས་པ་འོད་གསལ་དོན་ལ་འབྱོངས། །ངོམ་པ་བྱ་བྲལ་ངོམ་གྱི་ཕྱོགས་སུ་འབྱུང་། །ཞེས་དང་། ཁམས་ཀྱི་ཕྱོགས་སུ་རྒྱལ་མཚན་མཐའ་ཅན་ཏེ། །རྒྱལ་ཕྲན་ཆོས་དང་མཐུན་པ་དུ་མ་འབྱུང་། །སངས་རྒྱས་བསྟན་ལ་ཕན་པ་དུ་མ་འབྱུང་། །ཞེས་ས་བཅུའི་སེམས་དཔར་ལུང་བསྟན་པ་དང་།


CMR004_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ཚང་སངས་རྒྱས་ཡེ་ཤེས་ཀྱི་ཞལ་ནས་མཁའ་སྤྱོད་པ་འདི་ཨོ་རྒྱན་པདྨའི་སྤྲུལ་པ་ཡིན་གསུངས། དེ་བཞིན་གཤེགས་པ་དང་མཁན་ཆེན་མགོན་བློན་པས། མཁའ་སྤྱོད་པ་འདི་དཔལ་ཆེན་རྒ་ལོའི་སྐྱེ་མཐའ་ཡིན་གསུངས་ཏེ། མཁའ་སྤྱོད་པ་ཉིད་ཀྱིས་ཀྱང་སྐྱེ་བ་ཉི་ཤུ་རྩ་ལྔ་དྲན། འཁྲུངས་དུས་ནས་བལྟས་བཟང་པོ་བྱུང་ཞིང་། །དགོང་ལོ་བཞི་ནས་ལས་མགོན་བྱ་རོག་གདོང་ཅན་གྱིས་དངོས་སུ་རྩེད་མོ་རྩེ་རོགས་མཛད། གཞོན་ནུ་ནས་ཞལ་གཟིགས། མངོན་ཤེས་གྲུབ་རྟགས་མང་དུ་བསྟན། ཡབ་ཀྱི་བཀའ་མ་ཆོག་པར་བཙུན་མོ་བཞི་བླངས་བའི་རང་བཟའ་ལ་ལྡོང་རིན་ཆེན་རྒྱལ་མཚན་འཁྲུངས། ཟུར་མང་ཆོས་དཔལ་བཟང་པོའི་དབོན་མོ་མེ་ཉག་བཟའ་ལ་དྲུང་སྒམ་པོ་པ་འཁྲུངས། གཡུ་ཡི་འབུམ་གཅིག །གསེར་དངུལ་གྱིས་རྒྱས་འབྲིང་རྣམ་གསུམ་གྱིས་གཙོས་པའི་བཀའ་འགྱུར་པོ་ཏི་བརྒྱ་བཞེངས། ཁྲོམ་ཁྲི་ཚོ་གསུམ་ལ་ནས་ཞོ་རེ། ཐུད་རྒྱ་རེ། དར་ཁ་རེ། ཟན་ཞོ་ཐག་རེའི་འགྱེད། བླ་མ་དགོན་སྡེ་རྣམས་ལ་འབུལ་བ། དབུས་སུ་རི་བཤུ་ཇོ་བོ་ལ་གསེར་རྐང་གཅིག་དངུལ་རྐང་གཉིས་བཙུགས་གསེར་ཆབ་གསོལ། བལ་ཡུལ་འཕགས་པ་ཤིང་ཀུན་ལ་གདུགས་བཀྱག །དེ་ནས་རབ་ཏུ་བྱུང་


CMR004_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཀརྨ་པ་དེ་བཞིན་གཤེགས་པ། ཞྭ་དམར་ཆོས་དཔལ་ཡེ་ཤེས། གཏེར་སྟོན་རཏྣ་གླིང་པ། འབྲི་ཁུང་བ་ཆོས་ཀྱི་རྒྱལ་པོ། སྟག་ལུང་ཡར་ཐང་གི་རཏྣ་ཀ་ར་དང་། ས་སྐྱ་བའི་རོང་སྟོན་ཆོས་རྗེ། རྗེ་བློ་བཟང་གྲགས་པ་ལ་སོགས་པ་ཕྱོགས་རིས་མེད་པའི་བླ་མ་བརྒྱ་དང་སུམ་ཅུ་ལ་ཆོས་དང་དབང་ལུང་ཞུས། འགྲམ་རྒྱས་བྲག་དཀར། ཙཱ་རི་ཀམ་པོ་གནས་ནང་སོགས་སུ་སྒྲུབ་པ་མཛད། རི་བོ་ཆེ་པ་རྫ་ངོམ་ཐམས་ཅད་དུ་ཡོལ་ལོག་ནི་ས་གདོན་གཏེར་ལྷ་ཁང་སྲེག་དུས་མགོན་པོའི་སྐུ་ལས་ཁྲག་འབབ། དམག་དཔོན་བཞི་ཡུན་མ་འགོར་བར་ཤི་བས་མཐུའི་གྲགས་པ་ཐོབ། སླར་དམག་བྱས་ནས་རི་བོ་ཆེ་པ་རྔད་པ་རྫ་པ་གླིང་ཚང་ཐམས་ཅད་བཏུལ། རི་བོ་ཆེ་ཕ་འཛུམ། གཞན་ཕལ་ཆེར་ཞབས་སུ་བཙུད། །གཞན་ཡང་ཡི་དམ་ཆོས་སྐྱོང་མང་པོ་ཞལ་གཟིགས། མགོན་པོ་ཕྱག་བཞི་པས་མི་རབས་བཅུ་གསུམ་དུ་གཏོར་མ་མཐེབ་སྐྱ་ཙམ་མ་བྱིན་ཡང་བསྟན་པ་བསྲུང་བར་ཞལ་གྱིས་བཞེས། དམ་ཅན་རྡོ་རྗེ་ལེགས་པས་གཏོར་མ་བྱིན་ན། མི་རབས་བཅུ་གསུམ་དུ་བསྟན་པ་བསྲུང་བར་ཁས་བླང་དམ་བཅས། ཇོ་བོ་ལྷ་གཡང་དཀར་པོ་ལ་སོགས་པའི་གཞི་བདག་མང་པོ་དམ་ལ་


CMR004_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་། བསྟན་པ་སྲུང་བར་ཁས་བླང་སྲོག་སྙིང་ཕུལ། རྨ་ཀུང་ལུང་གནས་སྒོ་ཕྱེས། ཐོག་རྒྱུག་པ་དང་། རྡོ་རྗེ་དྲིལ་བུ་ནམ་མཁའ་ལ་བཞག་པ་དང་། རྔ་རྟེན་མེད་བར་སྣང་ལ་བཞག་ནས་བརྡུང་བ་དང་། ནམ་མཁའ་ལ་འཕུར་ནས་འདིང་སྐོར་མཛད་པ་དང་། རྡོ་ལ་ཕྱག་རྗེས་དང་ཞབས་རྗེས་མང་པོ་བཞག་པ་དང་། གཏོར་མ་འཕང་བ་རྡོ་ལ་ཕྱེད་ཙམ་ཟུག་པ་དང་། དབབ་ལ་སྡིགས་མཛུབ་གཏད་པས་བཟློག་པ་དང་། གློག་ཡུན་རིང་དུ་བཟུང་བས་ཉི་མ་ཤར་བ་ལྟར་མཛད་པ་དང་། རླུང་ཕྱག་སོར་རྩེ་ནས་ཐོན་པ་དང་། གསང་རྡོར་གྱི་ཆུ་དང་འོ་མ་ཕྱེ་བ་དང་། དབྱིས་མཚུར་བ་ཕྱག་གིས་དཀྲུགས་པས་མི་ཚིག་པ་དང་། སྦྱིན་སྲེག་དུས་ཐབ་ཀྱི་དབུས་སུ་མདའ་དར་བཙུགས་པ་མི་ཚིག་པ་དང་། སྐུ་ལུས་མི་མཐོང་བ་དང་། །སྐུ་ལུས་མེ་དཔུང་དང་ཆུ་དང་མཆོད་རྟེན་དང་རླུང་རྣམས་སུ་སྤྲུལ་བསྒྱུར་མཛད་པ་དང་། གྲུབ་ཆུ་འདོན་པ་དང་། ཕྱག་ནས་ནམ་མཁའ་ལ་ཆགས་པ་དང་། རྟེན་གསུམ་ལ་འགྱུར་བ་དང་། རྡོ་དང་དཀའ་བ་ལ་ཟུག་པ་སོགས་གྲུབ་རྟགས་དཔག་ཏུ་མེད་པ་དངོས་སུ་བསྟན། དགེ་འདུན་གྱི་སྡེ་བཙུགས། གཙུག་ལག་ཁང་བཞེངས། དགེ་ཟམ་བཙུགས་པས་ཟམ་ཤིང་


CMR004_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རང་རྒྱུག་བྱས། རྒྱ་ནག་ཏུ་ལན་གཉིས་བྱོན་པའི་དང་པོ། ཀརྨ་པ་དེ་བཞིན་གཤེགས་པའི་བླ་མཆན་མཛད་ནས་བྱོན་ཏེ། རྒྱལ་པོས་ཐུག་འདོགས་དང་གནང་སྦྱིན་རྒྱ་ཆེན་པོ་མཛད། ངོམ་པ་ལ་དགོས་པ་བྱུང་ན་རྒྱ་ནག་རྒྱལ་པོའི་དམག་འོང་ཆད་ཀྱིས་འཇ་སའི་བཀའ་ཤོག་རྒྱ་ཡིག་ལ་རྒྱ་སྐད་བོད་ཡིག་ལ་བོད་སྐད་བྲིས་པའི་ཐམ་ཡི་གེ་གནང་། །རྒྱལ་མོ་འདས་པའི་ཆོ་ག་མཛད། རྒྱལ་བུར་དབང་བསྐུར། རྒྱབ་རིས་རྒྱ་ནག་ལ་བྱོན་དུས་རྒྱ་ནག་རྒྱལ་པོ་ལ་དབང་མང་པོ་བསྐུར། རྒྱལ་བུ་ཁྲི་ཁ་ནས་བཏོན། ལས་ཀ་དང་གསེར་དངུལ་ཇ་དར་རིན་པོ་ཆེའི་རིགས་ཅི་ཕུལ་ཀྱང་མ་བཞེས་ནས། གསེར་ཤོག་ཁྲི་ཕྲག་ཕྱེད་གཉིས་ཕུལ་བ་བླང་ནས་ངོམ་ན་ལྷ་ཁང་ལ་བཏང་རྒྱུ་བསྐུར་རྒྱལ་བུ་ལ་བསྙུང་གཞི་ཐུ་མོ་གཅིག་ཡོད་པ་བསལ་བ་དང་། རྒྱ་འདྲེ་དམ་བཏགས་པ་དང་། ཆོས་གར་གསུང་དུ་མེ་ཏོག་གི་ཆར་འབབ་པ་དང་། ནམ་མཁའ་ལ་བྱོན་པ་སོགས་མཛད་པས་རྒྱ་ནག་ཐམས་ཅད་ཤིན་ཏུ་དད་པར་གྱུར་། དེ་ནས་གླང་ཆེན་འགྱིང་རིའི་རྩེ་ནས་སྐུ་ལུས་མ་བཞག་པར་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་བདེ་བ་ཅན་དུ་འཕུར་ནས་བྱོན་ཏེ། མྱ་ངན་ལས་མི་འདའ་བ། སྐྱེ་འཆི་མེད་པ་རྡོ་


CMR004_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་སྐུ་ཐོབ་ནས་ད་ལྟ་ཡང་དངོས་སུ་བཞུགས་ནས་ཡོད་པས། དད་པ་ཅན་གྱིས་གསོལ་བ་བཏབ་ན་ད་རུང་ཡང་དངོས་སུ་མཇལ་རྒྱུ་ཡོད་པར་བཤད་དོ། །མཁའ་སྤྱོད་པའི་སྲས་ཆེ་བ་སྒམ་པོ་པ་ཆོས་ཀྱི་རྒྱལ་མཚན་ནི། སྤྱན་སྔ་སྟག་ཐོད་པའི་སྐྱེ་བ་ཡིན་ཏེ། ལོ་བརྒྱད་ནས་མི་དཔོན་མཛད། ལོ་བཅུ་གཅིག་ནས་དགྲ་ཕམ་པར་བྱས། ལོ་ཉེར་གཉིས་བར་དུ་རྒྱལ་ས་བཟུང་སྟེ། དཔལ་གཡེར་མདོ་ཁམ་སྒང་གསུམ་དུ་དྲགས་པ་གཅིག་བྱས། ཁྲབ་ཆེན་བརྒྱ་རེའི་ནང་ན་རྐང་ཤད་ཆེ་བར་དྲག །མདའི་ཡང་ཁྲབ་གཉིས་སྤྲུག་ལ་མི་འདུག་པ་ཙམ་ཤེས། གསེར་དངུལ་གྱིས་བཀའ་འགྱུར་ཆ་གཉིས། བསྟན་འགྱུར་ཆ་གཅིག །གསེར་དངུལ་སྤུ་མའི་འབུམ་ཆ་བཅོ་བརྒྱད་བཞེངས། མཁའ་སྤྱོད་པའི་སྐུ་ཚད་གསེར་སྐུ་ཁྲི་རྒྱབ་ཡོལ་དང་བཅས་པ་བཞེངས། ཇོ་བོ་ལ་གསེར་རྐང་ཅིག་བཙུགས། བལ་ཡུལ་འཕགས་པ་ཤིང་ཀུན་ལ་གདུགས་བཀྱག །དབུས་གཙང་ཁམས་གསུམ་དུ་རི་བཤུ་སོགས་མཛད། སངས་རྒྱས་བྱ་བྲལ་བ་འཁྲུངས་གཏིང་རབ་ཏུ་བྱུང་སྟེ། ཀརྨ་པ་དེ་བཞིན་གཤེགས་པ་དང་། ཁོང་རང་གི་ཁུ་བོ་གྲུབ་ཆེན་ལ་ཕྱི་ནམ་མཁའ་རྒྱལ་མཚན་དང་། ཡབ་མཁའ་སྤྱོད་པ་སོགས་ལ་ཁྲིད་དང་དབང་


CMR004_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་ཞུས་པས། འཆད་རྩོད་རྩོམ་གསུམ་ལ་ཐོག་པ་མེད་པའི་མཁས་པ་ཆེན་པོར་འགྱུར། དྭགས་ལྷ་སྒམ་པོར་ལོ་དྲུག །ཀརྨར་ལོ་དྲུག །ལྷ་སྟེང་དུ་ལོ་བཞི། །དྭགས་པོ་དག་འཕྲང་ཙཱ་རི་གསར་རྙིང་སོགས་སུ་ལོ་རེ་སྟེ། སྤྱིར་ལོ་ཉི་ཤུ་ལ་སྐུ་མཚམས་མཛད་པས། མཉམ་མེད་དྭགས་པོ་དང་། ཀརྨ་པཀི་སོགས་བཀའ་བརྒྱུད་ཀྱི་བླ་མ་རྣམས་དང་དངོས་སུ་མཇལ་ནས་ཆོས་གསན། རྨི་ལམ་བཟུང་ནས་བདེ་བ་ཅན་དང་སངས་རྒྱས་ཀྱི་ཞིང་ཁམས་མང་པོར་བྱོན་ནས། སངས་རྒྱས་མང་པོ་ལ་ཆོས་ཞུས། ཡི་དམ་ལྷ་ཚོགས་མང་པོ་ཞལ་གཟིགས། རྩྭ་རིའི་གནས་གསར་པ་གཅིག་གིས་གནས་སྒོ་ཕྱེས། དྲིལ་བུའི་རྩེ་ལ་རྡོ་རྗེའི་ལྟེ་བར་བསྐོར་བའི་རྫུ་འཕྲུལ་བསྟན། རྩྭ་རིའི་གངས་ལ་དགུན་ལོ་སར་སྒང་ལ་དཔོན་སློབ་བཅུ་གསུམ་གྱིས་རས་བུད་ཆུ་རས་མཛད། ངོམ་དུ་དགྲའི་དམག་ཆེན་པོ་བྱུང་དུས་མགོན་པོ་ལ་གཏོར་མ་ཕུལ་ནས་བསྐུལ་པ་མཛད་པས། དགུན་དགུ་གཏོར་ནང་དེ་ཉིད་རང་ནས་འབྲུག་ཆེན་པོ་དྲག་སྟེ། ཆར་པ་དང་གངས་སྡིབ་ཆེན་པོ་བབ་པས་དམག་ཐམས་ཅད་རང་ལོགས་སུ་བྲོས། ཆིབས་རྟ་དྲིལ་རྣམས་ལ་ཇག་པ་ཚད་པས། དོམ་ནག་པོ་ཁ་ནས་མེ་ལྕེ་འབར་


CMR004_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱུང་ནས་རྟ་དྲེལ་རྣམས་འཚོ་བ་མཐོང་ནས་ཇག་པ་རྣམས་བྲོས་ཏེ། དོམ་དེ་གནོད་སྦྱིན་ཁྱེ་ཏྲ་པཱ་ལའི་སྤྲུལ་པ་ཡིན་ནོ། །རྨི་ལམ་དུ་མགོན་པོ་ཕྱག་དྲུག་པ་དཀར་སེར་དམར་ལྗང་ལྔ་ཞལ་གཟིགས་གཉིད་སད་ནས་ཀྱང་དངོས་སུ་མཇལ་སྟེ། མགོན་པོ་ཕྱག་དྲུག་པའི་བཀའ་བབ། སྣང་སེམས་གཅིག་ཏུ་འདྲེས་པ་རོ་གཅིག་ཆེན་མོ་མངོན་དུ་གྱུར། དེ་ནས་ཁྲོམ་ཁྲི་དཔོན་དང་གླིང་ཁྲི་དཔོན་རྣམས་ཀྱིས་གདན་དྲངས་ནས་སྨར་ཁམས་བུ་འབོར། ཏྲེ་ལྕགས་འགུ་ལོག་རྣམས་ཀྱི་མི་སྡེ་ལྷ་སྡེ་ཐམས་ཅད་ཀྱིས་ཆོས་ཞུས། འབུལ་ནོར་བསམ་གྱིས་མི་ཁྱབ་པ་བྱུང་བ་རྣམས་སྡེ་འཁྲུག་བསྡུམས་པ་དགོན་སྡེ་རྙིང་པ་གསོ་བ། རྒྱ་མི་ཉོ་མི་ཚོང་གི་བྲན་བསླུ་བ་དང་། ཧོར་ལྕགས་ནང་དུ་དགའ་བདེ་ལྷུན་གྲུབ་གྱི་དགོན་གསར་དུ་བཏབ། གཙུག་ལག་ཁང་ཆེན་པོ་བཞེངས། དགེ་འདུན་ཁྲི་ཚོ་ཙམ་ལ་ཁྲིད་མང་དུ་བཙུགས། མི་ནག་པ་དཔག་ཏུ་མེད་པ་ལ་ཡང་ཆོས་གསུངས། རྒྱ་ནག་ཏོང་ཀུན་རྒྱལ་པོས་རྒྱ་འབུལ་ལན་བཞི་བྱས་པའི་དང་པོ་ལ་ཇི་སུམ་བརྒྱ། གཉིས་པ་ལ་ཇ་དར་མང་པོ། གསུམ་པ་ལ་དར་ཆེན་ཡུག་སུམ་བརྒྱ་བྱུང་བ་བུ་འབོར་དགོན་ཚེ་བཅུ་གསུམ་གྱིས་ལྷ་ཁང་དང་འཚོགས་ཁང་གི་གནམ་རྒྱན་ལ་ཕུལ། །


CMR004_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་རས་རྟ་འབུལ་བྱས་དུས་ལས་གོས་བྱི་བ་ནག་པོའི་ཐུལ་བ། ལས་ཞྭ་ཞྭ་ནག་ཁྱུང་གཤོག་གསེར་མདོངས་ཅན་ལ་ནོར་བུ་པདྨ་རཱ་གའི་འཕྲུ་བཙུགས། ལས་ཆེན་གསེར་གྱི་ཐམ་ཁ་ནོར་བུའི་ལུང་ཐག་ཅན། ལིང་ཚེ་བཞི་པ། བཀའ་འགྱུར་པར་མ་ཟིན་ཏ་ཧུའི་སྐུ་འཆིང་སྲིས་བཅོ་བརྒྱད་སླེབ་པ། ནང་དུ་དར་ཆེན་དང་ཟ་འོག་སྦྲག་མ་རེ་ཕྱི་ན་རྒྱ་ཕྱིང་དམར་པོའི་ཤུབས་རེ། སྒམ་དམར་ལ་གསེར་གྱི་གཟེ་ལྕགས་རེ། དེ་རྒྱབ་སྒམ་ནག་ལ་ལྕགས་ཀྱི་གཟེ་ལྕགས་ཡོད་པའི་པོ་ཏི་བརྒྱ་དང་བཞི་བྱུང་བ། ད་ལྟ་འགའ་བདེ་ལྷུན་གྲུབ་དགོན་ན་བཞུགས། གཞན་ཡང་སྒ་ཤུབས་གདན་དམར་མཇལ་ས་འཇའ་ལྕེ་སོགས། རྒྱ་ནག་གི་ལས་ཀ་ཐམས་ཅད་བླངས། དེ་ནས་ངོམ་ནས་ལྷོ་ན་ཀརྨ་པ་མཐོང་བ་དོན་ལྡན་མཇལ་དུ་བྱོན། ལྷོའི་མི་སྡེ་ལྷ་སྡེ་ཐམས་ཅད་ལ་ཆོས་གསུང་རི་བོ་ཆེ་ན་ཆོས་རྗེ་མི་གཡོ་མགོན་པོའི་ཁྲི་ཟུར་གཡས་པ་མཛད། རི་བོ་ཆེའི་མཁན་སློབ་དང་རྒྱས་རྡོར་བ་ཐམས་ཅད་ཀྱིས་སྒམ་པོ་ལ་ཆོས་ཞུས་པས། རྟོགས་པ་འཁྲུངས་པ་མང་དུ་བྱུང་། དེ་ནས་ངོམ་དུ་བྱོན་ངོམ་བླ་ཆེ་ཆུང་སོགས་སློབ་མ་ཡང་མང་དུ་བྱུང་། ས་སྒང་དུ་ཡབ་ཀྱི་གདན་ས་ལ་བཞུགས་ས་ལ་བྱོན་ནས།


CMR004_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་པའི་སྒར་རེད་དོམ་སྒམ་པོའི་སྒར་རེད་ལྟོས་ཤོག་ཟེར་བ་ཙམ་གྱིས་སྒར་ཆེན་ཡོད་སྐད། དེ་ནས་ས་སྒང་གི་གདན་ས་ལ་བཞུགས་ནས་ཡུན་མི་རིང་བར་ཞིང་བརྗེས་ཏེ། གདུང་བཞུས་དུས་ནམ་མཁའ་གཡའ་དག་པ་ལ་འཇའ་ཚོན་ཁ་དོག་སྣ་ཚོགས་ཀྱིས་གང་བ་དང་། མེ་ཏོག་གི་ཆར་བབ། རིང་བསྲེལ་ཁ་དོག་མི་འདྲ་བ་ཉིས་བརྒྱ་ཙམ། ཆེ་ཆུང་ཐུབ་པའི་རིང་བསྲེལ་ཙམ་བྱོན་ནོ། །ཐུགས་རྩོམ་པོ་ཏི་དྲུག །མགུར་འབུམ་པོ་ཏི་དྲུག་སྟེ། བཀའ་འབུམ་པོ་ཏི་བཅུ་གཉིས་ཡོད་དོ། །སྒམ་པོའི་སྲས་ནི་བྱ་བྲལ་ཀུན་དགའ་བཀྲ་ཤིས་ཡིན་ཏེ། གཞོན་ནུའི་དུས་ནས་ཕྱག་བཞི་པ་དང་། ལས་མགོན་བྱ་རོག་གདོང་ཅན་རྣམས་ཀྱི་ལྷ་རྟགས་གསལ་པོ་ཡོད་ཅིང་། ཁྱུ་མོ་རྟ་བརྒྱ་མ་ཁབ་ཏུ་བཞེས་པ་ལས། སྲས་ལྷ་རྒོད་རྒྱལ་འཁྲུངས། ནོར་མ་བ་བུ་མོ་གཅིག་ཡོད་པ་ལ་སྲས་གཅིག་བྱུང་བ་ནི་གདོང་མགོན་པོ་རྒྱལ་ཡིན་ནོ། །བྱ་བྲལ་བ་འདི་ནི་ལོངས་སྤྱོད་ཤིན་ཏུ་ཕྱུག་པས་སྦྲ་ཁང་དང་གནས་གཞི་མང་དུ་ཡོད་ཅིང་། རྟ་བཞག་ས་ལ་རྟ་ཁོང་དང་། ལུག་བཞག་ས་ལ་ལུག་ར། མཛོ་བཞག་ས་ལ་མཛོ་ར་ཞེས་པ་ས་ཆ་ལ་མིང་ཐོག་པ་བྱུང་། དགོང་སྟོད་རྫོང་རུ་རྫོང་གཉིས་བརྩིགས། ས་སྒང་དུ་བསྐལ་


CMR004_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་གི་བཀོད་པ་སངས་རྒྱས་སྟོང་སྐུ་གསེར་མ་བཞེངས། དུས་གསུམ་སངས་རྒྱས་ཀྱི་སྐུ་ལྷ་ཁང་གི་རྩིག་དང་མཉམ་པ་བཞེངས་ནས་རི་བོ་ཆེའི་ལྷ་ཁང་དུ་བཞག །བུ་འབོར་དགོན་ཚེ་བཅུ་གསུམ་གྱི་དགེ་བཤེས་བཟང་བ་སུམ་བརྒྱ་གདན་དྲངས་ནས་ཞག་བཅུར་ཆོས་འཁོར་བཙུགས་པའི་སྦྱིན་བདག་མཛད། དབུས་ཚང་ལ་རི་བཤུ་དང་། སེ་འབྲས་གསང་གསུམ་རི་བོ་དགའ་ལྡན་རྣམས་ལ། མང་ཛ་རྒུན་འགྱེད་དར་འགྱེད། དགའ་ལྡན་ཆོས་རྗེ་ལ་གསེར་གྱིས་མཎྜལ་ཕུལ། ཇོ་བོ་རིན་པོ་ཆེའི་དབུ་ལ་གསེར་ཞོ་ཉིས་བརྒྱ་ལ་བརྡུང་བའི་རྒྱལ་མཚན་གྱི་རྩེར། དངུལ་སྲང་སུམ་ཅུ་ལས་བྱས་པའི་ནོར་བུའི་ཏོག་ཡོད་པ། ལྟེ་བ་ལ་གསེར་གྱི་པདྨ་འདབ་བརྒྱ་ལོགས་ལ་སངས་རྒྱས་ཀྱི་སྐུ་བརྒྱ་ཆུ་ཚང་བ་གཅིག་ཕུལ། དེ་ཡང་ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་ལས། པདྨའི་གྲོ་ལ་ཕྱག་ཚང་སྐྱེས་བུ་ཁྱོད། །ཀུན་དགའི་མིང་ཅན་ཁམས་ཀྱི་ངོམ་དུ་འབྱུང་། །ཞེས་གསུངས་པས་བྱ་བྲལ་བ་ཀུན་དགའ་བཀྲ་ཤིས་འདི་ནི་ཨོ་རྒྱན་རིན་པོ་ཆེའི་གསོལ་དཔོན་གྱི་སྐྱེ་མཐའ་ཡིན་པར་མངོན་ནོ། དེ་ནས་བྱ་བྲལ་བ་རབ་ཏུ་བྱུང་སྟེ་གསུང་རབ་ལ་སྦྱངས་བས། མདོ་སྔགས་ཐམས་ཅད་ལ་ཤིན་ཏུ་མཁས་པར་གྱུར། ཡབ་


CMR004_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

སྒམ་པོ་ལ་ཆོས་ཞུས་པས་དུ་མ་རོ་གཅིག་གི་རྟོགས་པ་འཁྲུངས། སྐུ་མཚམས་མཛད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་ཞལ་གཟིགས། ཏེ་ལོ་ནཱ་རོ་མར་པ་མི་ལ་དྭགས་པོ། དུས་གསུམ་མཁྱེན་པ། ཀརྨ་པཀྱི་རང་བྱུང་རྡོ་རྗེ། དེ་བཞིན་གཤེགས་པ། མཁའ་སྤྱོད་པ་ནམ་མཁའ་རྒྱལ་མཚན་རྣམས་ཞལ་གཟིགས་ནས། འོད་གསལ་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་གནང་། བེར་ནག་ཅན་དང་ཕྱག་བཞི་པ་དང་། ཕྱག་དྲུག་པ་དང་། གུར་གྱི་མགོན་པོ་དང་དཔལ་ལྡན་ལྷ་མོ་རྣམས་ཞལ་གཟིགས། དམ་ཅན་རྡོ་རྗེ་ལེགས་པ་སྒྲུབ་པས་དངོས་སུ་འགྲུབ་ནས། རིགས་རྒྱུད་འཕེལ་བའི་དངོས་གྲུབ་ཕུལ། གཅིག་ཤེས་ཀུན་ལ་མཁས་པའི་མཁྱེན་པ་རྒྱས། བྱང་ཆུབ་ཀྱི་སེམས་གཉིས་ཐུགས་ལ་འཁྲུངས། བསླབ་པ་གསུམ་གྱི་རྒྱན་དང་ལྡན་པས། མཁན་བཙུན་བཟང་གསུམ་འཛོམ་པའི་དྲུང་པ་བྱ་བྲལ་བ་ཀུན་དགའ་བཀྲ་ཤིས་ཞེས་ཡོངས་སུ་གྲགས་ཏེ། རི་བོ་ཆེ་པའི་ཆོས་རྗེ་མགོན་པོ་ཡེ་ཤེས་ཀྱིས་ཁྲི་ཟུར་གཡས་པ་མཛད་ནས། རི་བོ་ཆེའི་སྒོམ་གྲྭ་ལ་གཏེ་ཁལ་བརྒྱད་ཅུ་ཕུལ་བ་དང་། ལོ་རེ་བཞིན་རི་བོ་ཆེ་ན་མགོན་པོའི་མདོས་ཆེན་བཅུ་སོགས་བཅས་ནས། ལྷ་རྟ་ལྷ་གཡག་རྩེན་ནི་རྒྱུན་


CMR004_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་མཛད། ཕྱིས་འདས་དུས་ཀྱང་ཐུགས་ལྗགས་རིང་བསྲེལ་འཇའ་མེ་ཏོག་སོགས་བྱུང་སྟེ། བླ་རབས་གསུམ་པོ་དེ་ལ་དྲུང་གོང་འོག་གསུམ་ཟེར་ཏེ། འགྲན་ཟླ་དང་བྲལ་བའི་མཁས་གྲུབ་ཆེན་པོ་ཡིན་ནོ། །བྱ་བྲལ་ཁམས་ཤས་ཝ་ཟེར་བ་ཡིན། དབུ་སྐྲ་ཁམ་པ་སྤྱན་ལ་སྐྱ་ཤེལ་གཅིག་ཡོད་པས། དེ་སྐད་ཟེར་རོ། །བྱ་བྲལ་བའི་སྲས་ཆེ་བ་ལྷ་རྒོད་རྒྱལ་ནི་དཔལ་རྩལ་སྟོབས་དང་ལྡན་ཏེ། དམག་རིག་གིས་དགྲ་སྡེ་ཐམས་ཅད་བཅོམ་པ་དང་། རྨོའི་ཉིན་མཁར། རྨོ་མདའི་ཐང་མཁར། གནས་མདོའི་རྫོང་། སྐྱག་རྡོའི་མཁར་དང་བཞིའི་རྨིང་ཉིན་གཅིག་བཞག །དེ་ཉིན་ནུ་བོ་མགོན་པོ་རྒྱལ་གྱིས་སོ་ཐོག་རྫོང་དབི་རྫོང་གཉིས་རྨིང་བཞག་སྟེ། རྫོང་དྲུག་ཉིན་གཅིག་ལ་རྨིང་བཞག །ལྷ་རྒོད་རྒྱལ་གྱིས་གསེར་དངུལ་གྱི་རྒྱས་འབྲིང་རྣམས་གསུམ་པོ་ཏི་བཅོ་བརྒྱད་བཞེངས། རྫོང་གསུམ་གྱི་རྩེར་ལྷ་ཁང་གསུམ་བཀའ་བརྒྱུད་གསེར་ཕྲེང་གི་འདག་སྐུ་བཞེངས། བོད་མགོན་པོ་གཉིས་ཀྱི་གསེར་ཐང་བཞེངས། རྗེ་མོས་སྒྲོན་མ་ཉི་ཤུ་རྩ་གཅིག་གསེར་ཐང་བཞེངས། ངོམ་ཆུ་ལ་ཟམ་བཙུགས། ཚ་བ་དགོན་གི་ལུག་ཕུད། སྤྱིས་ཟའི་ཚ་ཕུད། ཚ་མ་རྫོང་ཁའི་དངུལ་


CMR004_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཕུད། ཚ་སྒ་ཚོང་ཕུད་ལ་དབང་བས་མི་ཆོས་ཀྱི་གྲགས་པ་ཆེ་ཞིང་། དཔོན་འབྲོག་ཞིང་བ་དང་། དཔོན་མཚལ་ཟ་བ་དང་། དཔོན་དབྱིབས་རང་ཝ། རྡོ་ཡ་བ་དང་བཞི། ལྷ་རྒོད་རྒྱལ་གྱི་བློན་པོ་བཞི་ཡིན་ནོ། །སྟག་ལུང་དབོན་མོ་སོགས་རྗེ་མོ་མང་དུ་ཡོད་ཀྱང་སྔ་ཐོག་སྲས་པོ་མ་བྱུང་ནས། ཡོར་ནས་རྒྱས་པ་འབུམ་ཟེར་བ་ཅིག་བསུས་སུ་བཞག །དེ་རྗེས་རོང་བཟའ་མ་ལ་མི་དཔོན་དབང་ཕྱུག་རྒྱལ་མཚན་བཞུགས། ལྷ་རྒོད་རྒྱལ་ནི་གར་འབྱོན་ཡང་ཁྲབ་ཆེན་སུམ་ཅུ་ཙམ་གོ་བསྟར་ནས་འབྱོན། སྐུ་རིམ་མགོན་ཁང་བ་ཨ་མྱེ་ཁྲོ་བོ་མགོན་པོ་ཞེས་བྱ་བ་ཡེ་ཤེས་ཀྱི་མགོན་པོ་རྒྱུན་དུ་ཞལ་གཟིགས་ཤིང་། མགོན་པོའི་ཚོགས་བྱེད་དུས་སྡེ་ཕས་ཚོགས་བཀྱག་སྟེ། ཡོན་མཆོད་གཉིས་ཀས་མཐོང་བར་ནམ་མཁའ་ནས་ཡེ་ཤེས་མགོན་པོས་གྲི་གུག་གཡུགས་པ་དངོས་སུ་མཐོང་བ་ཡོད་དེ་ལོ་བཅུ་གསུམ་མཚམས་མཛད་ནས་བེར་མགོན་གཉིས་བསྒྲུབས་པས་གཞི་བདག་རྒན་མོའི་གཟུགས་ཀྱིས་མཚམས་ཁུང་ལ་རྒྱུན་དུ་འོ་མ་འདྲེན་པ་དང་རྫས་ལ་བསྟན་པ་གཟེ་ཐད་ཀྱིས་རི་བསྙིལ་བར་གྲགས། དེའི་མཆོད་ཞིང་ལ་ད་ལྟའང་སྔགས་ཞིང་ཟེར། ཀརྨ་པ་ཆོས་གྲགས་རྒྱ་མཚོ་དང་སྤར་འོད་ཟེར་བླ་མ་སོགས་གདན་


CMR004_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ནས་འབུལ་བཞག་དང་། ལྷ་ཁང་མཁར་རྣམས་རབ་གནས་མཛད། རྗེ་མི་བསྐྱོད་རྡོ་རྗེ་གློ་ལ་ན་འཁྲུངས་པ་ལ་རྟ་དང་འགབ་ལུ་ཅིག་ཕུལ་རྒྱུ་བསྐུར་ནས་སྲས་མོས་མཇལ་བས། དེ་ཉིན་མེ་ཏོག་གི་ཆར་བབ། སྲས་བྱ་བྲལ་བས་ནཱ་རོ་ཆོས་དྲུག་ཞུས་ནས། རླུང་བཟུང་འཁྲུལ་འཁོར་མཛད་དུས་མཁར་གྱི་སྲོག་རྫོང་འདར་ཅུམ་ཅུམ་བྱེད་ཅིང་བསྒོམས་པས། ཉམས་དང་རྟོགས་པ་བཟང་པོ་འཁྲུངས་ནས་དགོང་ལོ་ཡང་བརྒྱད་ཅུ་གྱ་གཉིས་ཙམ་ཐུབ། འདས་གདུང་བཞུས་པས། ཐུགས་ལྗགས་སྤྱན་གསུམ་རིང་བསྲེལ་སིལ་བུ་ཡུངས་ཀར་ཙམ་དཔག་ཏུ་མེད་པ་སྔོན་པོ་སེར་པོ་སོགས་བྱོན་ནས། ལྷ་རྒོད་རྒྱལ་གྱིས་བསུས་བུ་རྒྱ་འབུམ་སྐྱེ་སྟོད་ན་ཕོག །ཆོས་སྐྱོང་རྒྱལ་དང་ཨ་ནུ་མགོན་འགྲོགས་གཉིས་གཅིག་ཡིན་ནོ། །ཤེས་ཁ་འཁྱིམ་ནས་རྒྱུད་ཆད་པ་མ་ཁ་རྣམས་ཕལ་ཆེར་ཆབ་མདོ་གླིང་སྟོད་དང་ཞྭ་ཁམས་པ་ལ་ཕུལ། ལྷ་རྒོད་རྒྱལ་གྱི་སྲས་དབང་ཕྱུག་རྒྱལ་མཚན་གྱིས། གསེར་དངུལ་གྱི་མདོ་སྐལ་གཉིས་གསེར་འོད་རྣམས་བཞེངས། རྡོ་རྗེ་ཕྲེང་བའི་དཀྱིལ་ཐང་ཚང་མ་བཞེངས། གཡོག་པོ་གཅིག་རྒྱུན་དུ་འདམ་པ་བསྣག་མི་བཞག་ནས་ཁོང་རང་དཔོན་རྗེ་གཉིས་དུས་རྒྱུན་དུ་ཚ་ཚ་ལ་


CMR004_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་མཛད་པས། མཁར་གྱི་རྩག་འོག་མ་ཕལ་ཆེར་ཚ་ཚས་གང་བར་མཛད། ལྷ་ཁང་རྣམས་ལ་མར་མེ་ཡོན་ཆབ་དང་། བླ་མ་བཤེས་ཁྱམ་པ་ཚང་ཟེར་བའི་རྙིང་མ་བ་སྤ་སྐྱ་དགོན་པ་དང་བཅས་པའི་ཡོན་བདག་དང་དགོན་བདག་མཛད། རྒྱུན་དུ་ཡང་ཐུགས་དམ་མཛད་ཅིང་སྐུ་ཚེ་མཐར་ཕྱིན་ནས་འདས་དུས། ཐུགས་ལྗགས་སྤྱན་གསུམ་འབྲེལ་མ་དང་རིང་བསྲེལ་སོགས་བྱོན་ནོ། །དབང་ཕྱུག་རྒྱལ་མཚན་གྱིས། རྗེ་མོ་དཀར་ཟ་དང་། ནག་རོང་མ་དང་མགོན་སྒྲོན་མ་སོགས་མང་དུ་བསུས་ཀྱང་། སྔ་ཐོག་སྲས་མེད་ནས། གསེར་འོད་བཞེངས་པ་སོགས་བྱས་པས། ཐོན་བུ་ཆེ་བ་ཆོས་སྐྱོང་རྒྱལ། བུ་དྲུང་རྗེ་མོ་དཀར་ཟའི་སྲས་མགོན་པོ་རྒྱལ་དང་མགོན་པོ་དབང་ཕྱུག་གཉིས་ཏེ་གསུམ་བྱུང་། ཆོས་སྐྱོང་རྒྱལ་གྱི་རྩེ་སྟོད་རི་བོ་ཆེ་པའི་ཨ་ཁུ་ཚ་བོ་མཛད་པས། མིང་ཨ་ཁུ་ཚ་བོ་ཐོགས། སྲས་མང་དུ་བྱུང་ཡང་མ་སོས་སྲས་མོ་ལ་དབོན་མོ་ཐུགས་ཁུར་མ་བྱུང་ཨ་ཁུ་ཚ་བོའི་མ་ཁ་ཇོ་བོ་རྗེའི་ཐུགས་དང་བཅས་པ་གླིང་སྟོད་པ་ལ་ཕུལ། སྲས་མོས་ཐུགས་འབུལ་རྒྱུ་ཁུར་ནས་སོང་བས། དབོན་མོ་ཐུགས་ཁུར་མར་མིང་ཐོགས་ཡང་ཟེར། བུ་འབྲིང་བ་མགོན་པོ་དབང་ཕྱུག་ནི། གྲུབ་མཐའ་ཕྱོགས་


CMR004_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཕྱོགས་གཅིག་ཏུ་གླེགས་བམ་གྲུ་བཞི་ཆུང་བ་གཅིག་བྱས་ཏེ། དེ་མཆན་ཤལ་དུ་བྱས་ནས་དེ་ཁོ་ན་འདོན་པ་ལ་ཐུགས་དམ་མཛད། སྐུ་ཚེ་མཐར་ཕྱིན་ཏེ་འདས་དུས། ཐུགས་ལྗགས་སྤྱན་གསུམ། སྙན་རྣམས་བྱོན། དབུ་ཐོད་ཅིག་་མ་ཚིག་པར་ཡར་བར་ཡི་གེ་ཧཱུྃ་ཡིག་གསལ་པོར་བྱོན་ནོ། །མགོན་པོ་དབང་ཕྱུག་གི་སྲས་ཨ་ནུ་བཀྲ་ཤིས་དབང་ཕྱུག་ཡིན་ནོ། །ལྷ་རིས་མཁས་པས་ཨ་ནུ་ལྷ་བཟོར་མིང་ཐོགས། ས་རིས་དང་ནག་རྩིས་དང་སྒྲ་མཚམས་སྦྱོར་ལྔ་པ་དང་། ཡིག་རིས་སོགས་ཡོན་ཏན་མང་དུ་མཁྱེན། བོ་དོང་བའི་བླ་མ་རྩང་པ་བསོད་ནམས་གྲགས་པ་དང་། རི་བོ་ཆེའི་བླ་མ་ཚེ་སྲོག་པ་དབང་ཕྱུག་དང་། བྱང་བདག་བཀྲ་ཤིས་སྟོབས་རྒྱལ་སོགས་བསྟེན་ནས། བཀའ་གསར་རྙིང་གི་སྔགས་ཆོས་མང་པོ་ལ་མཁས་པར་མཛད། སྐུ་གསུམ་སྒྲུབ་པ་ཟླ་བ་དྲུག་དང་དྲག་པོའི་གསང་སྒྲུབ་ཟླ་བ་དྲུག་དང་། ཕྱག་བཞི་པའི་བསྙེན་པ་ཟླ་བ་གསུམ་ལ་ལན་གསུམ་སོགས་བསྙེན་སྒྲུབ་དཔག་ཏུ་མེད་པ་མཛད། སྣང་བ་མཐའ་ཡས་ཐུགས་རྗེ་ཤཱཀྱ་ཐུབ་པ་རྣམས་རྨི་ལམ་དུ་ཞལ་གཟིགས། མཁའ་སྤྱོད་པ་རྨི་ལམ་དུ་མཇལ་ནས། མཁའ་སྤྱོད་དུ་ཨེ་འགྲོ་གསུངས་པས། ད་ལྟ་མི་འགྲོ་


CMR004_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་དུས་འོང་ཞུས་པ་སོགས་དག་སྣང་མང་པོ་དང་། ཆིབས་པ་རྐུ་མས་ཁྱེར་བ་ལ་དྲེགས་པའི་འཁོར་ལོ་བསྐོར་བས། སྤྲེའུས་མེ་འབུད་པ་དང་། ཁྱིམ་དུ་རྫ་ཕོར་རྒྱུག་པ་དང་། རྟ་ལ་མེ་འབར་བ་དང་། ཐོག་བརྒྱབས་ནས་བུད་མེད་གཅིག་དང་དུད་འགྲོ་འགའ་རེ་བསད་པ་བྱུང་བས། རྐུ་མས་རྟ་ཚུར་ཕུལ། མར་ཐུད་རྒྱབ་གཅིག་ཕུལ་ནས་དབང་ཞུས་བཀའ་བསྒོ་དང་རལ་པ་ལ་ཕྱག་མདུད་བརྒྱབ་ཀྱང་མ་ཕན་པར། དེ་ཚང་གཏན་བརླག་ལ་སོང་བས་མཐུ་ཆེ་བའི་གྲགས་པ་ཐོབ། ཡང་དཔོན་རིགས་གཅིག་གི་བུ་མོ་ཁོང་ལ་གཏད་ཆད་བྱས་ནས་མ་བྱིན་པ་ལ། དྲེགས་པ་བསྐོར་བས་བུ་མོ་དེས་བུད་མེད་བྱི་རུ་ཁོ་ནས་བརྒྱན་པ་གཅིག་གི་ང་ཤོག་ནས་ཡིད་ལ་མ་ཟིན་པ་ཡང་བྱུང་སྟེ། ཆུ་འབོགས་པས་ཆུས་ཁྱེར་ནས་ཤི་བ་དང་། དཔོན་རིགས་གཅིག་དང་འགྲས་པ་ལས་སྦྱོར་བྱས་པས། དེའི་དང་པོ་བུ་ཤི་དེ་ནས་ཁོ་རང་དམར་བཤལ་གྱིས་ཤི་དེ་ནས་བུ་མོ་ཤི་བ་དང་། རྐུན་མས་གཏོར་སྒམ་ལ་གྲི་ཚག་བྱས་པ་ལ་ལས་སྦྱོར་བྱས་པས་མྱུར་དུ་ཤི་བ་དང་། དྲེགས་པའི་ཆུ་འཁོར་བསྐོར་བས་རྫས་ཚོ་བྱིསྦ་གཅིག་གིས་ཁྱེར་བས་དེ་ཧུར་ཐུམ་དུ་ཤི་བ་དང་། གཞན་ཡང་འགྲས་ཚོལ་བ་མང་དུ་བྱུང་བ་ཐམས་ཅད་གཏན་


CMR004_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བརླག་ཏུ་སོང་བ་དང་རྫས་ལ་བརྟེན་ནས་རྨོ་ན་རི་བསྙིལ་བ་དང་གྲུབ་ཆུ་བསྟན་པར་ཡང་གྲགས། ཁོ་རང་ལྷ་རྒོད་རྒྱལ་གྱི་སྐྱེ་བ་ཡིན་པས་ང་མཁར་འདི་ལ་བད་ཁ་གྱིས་དང་ང་དགའ། ལྷ་རྒོད་རྒྱལ་གྱི་དམག་ཇག་མང་པོ་བྱས་ནས་སྡེ་བཅོམ་པའི་རྣམ་སྨིན་གྱིས་ང་ནོར་དབུལ་བ་ཡིན་པ་འདྲ་གསུངས། ཞི་ཁྲོ་དང་དབང་ལུང་ཡང་འགའ་རེ་མཛད། དེའི་སློབ་མ་ཁོ་རང་གི་ཚ་བོ་པདྨ་དབང་དྲག །བླ་མ་ཞིག་པོ་ཟེར་བའི་འཁྲུལ་ཞིག་པ། སྡོམ་པ་དམ་ཚིག་གཙང་ཞིང་བསྙེན་སྒྲུབ་དཔག་ཏུ་མེད་པ་ཐོན་པས་དབང་བསྐུར་བ་སོགས་འགྲོ་དོན་ཅུང་ཟད་ནུས་པ་ཅིག་བྱུང་བ་དང་། སྐྱོ་སྡེ་བ་ཚེ་རིང་འབུམ་གྱིས་དབང་ལུང་གདམས་ངག་ཐམས་ཅད་ཞུས་ནས་རྩ་བའི་བླ་མར་འཛིན་ཏེ། སྐུ་ཚེའི་སྨད་ལ་བཀུར་ཏི་ཞབས་ཏོག་ཕུན་སུམ་ཚོགས་པར་མཛད། དེ་མོ་སྐུ་སྐྱེ་ལྷ་དབང་ཕྱོགས་ལས་རྣམ་རྒྱལ་ལ་བྱང་བདག་པོས་ལུང་བསྟན་ནས། གཉེར་པ་དང་གྲྭ་པ་སུས་ཀྱང་མ་ཚོར་བར་ལྐོག་ཏུ་ལྷ་ཆེན་དབང་ཕྱུག་ཆེན་པོའི་དགྲ་མནན་སྐོར་གྱི་དབང་ལུང་རྣམས་ཞུས་ནས། ལྐོག་ཏུ་དར་ཡུག་གཉིས་གནང་། ཐུགས་རྩོམ་སྐོར་ལ་པོད་ཆུང་གཅིག་ཡོད། ཞལ་ཐང་མང་དུ་བཞེངས། ཟངས་མདོག་དཔལ་རིར་ཐེ་ཚོམ་


CMR004_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་འགྲོ་གསུངས་ནས་དགོང་ལོ་བརྒྱད་ཅུ་གྱ་གཉིས་པ་ལ་ཟངས་མདོག་དཔལ་རིའི་སྨོན་ལམ་དང་བདེ་བ་ཅན་གྱི་སྨོན་ལམ་བརྩམས་ནས། ལེའུ་བདུན་མ་ཐོན་གསུངས་ནས་བཏོན་པས། ཙིཏྟ་ཨོ་རྒྱན་ཡུལ་དུ་ཕེབས་པ་དང་། །རྟེན་འབྲེལ་ཁྱད་པར་ཅན་ལ་གསོལ་བ་འདེབས། །ཟེར་བའི་ཚིག་འཕྲོད་དང་དུས་མཉམ་འདས། ཞག་བདུན་གསུམ་ལ་ཐུགས་དམ་ལ་བཞག །གདུང་བཞུས་པས་ཀུན་ཏུ་བཟང་པོའི་སྐུ་ཨོ་རྒྱན་པདྨའི་སྐུ་ཨ་ཡིག་རིང་བསྲེལ་ཞུན་ཐིག་མང་པོ། ཐུགས་ལྗགས་སྤྱན་གསུམ་གདུང་ཤ་རི་རམ་མང་པོ་བྱོན། ཨ་ནུ་ལྷ་བཟོ་ལ་སྲས་གསུམ་ཡོད་པའི་ཆེ་བ་ཀརྨ་བདེ་གཤེགས་ནི་ཐུགས་དམ་མེད་ཀྱང་སྒོམ་པ་བྱེད་པ་ལ་གདུང་རྒྱུད་ཀྱི་གནད་ཀྱི་འགྲིམ་ཞིང་ཕན་ཐོགས་ཆེ་ཟེར། འབྲིང་བ་དོན་གྲུབ་རྒྱལ་ནི་སྡེ་བ་ཚེ་རིང་ཡབ་སྲས་ཀྱི་ཆག་ཕྱིར་འབྲང་། ཆུང་བ་ཀརྨ་མི་མཆོག་ནི་འཁྲུངས་དུས་ཀྱང་འཇའ་ཡི་ཀ་བ་ཟུག །ཡབ་ཀྱིས་ཀྱང་འདི་ལ་བླ་མ་ཅིག་འོང་གསུངས་ལྟར། བླ་མ་ཀརྨ་རིན་ཆེན་ལ་དབང་ལུང་གདམས་ངག་མང་དུ་ཞུས་རྙིང་མའི་སྐོར་དང་ཕ་ཆོས་ཡབ་དང་ཨ་ནུ་པད་དབང་ལ་ཡང་མང་དུ་ཞུས་ནས། ཞྭ་དམར་བ་ལ་བསྙེན་པར་རྫོགས། ཡང་རིར་གྲངས་བཅས་ཤིང་བླ་


CMR004_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཀརྨ་རིན་ཆེན་གྱི་གདན་ས་ཟུན་པར་བཞུགས་ནས་མཚམས་སྒྲུབ་དང་འགྲོ་དོན་འཕེལ་ལོ། །མགོན་པོ་རྒྱལ་མཚན་ཡན་ཆད་ཀྱི་དབོན་མོ་རྣམས་ཀྱང་ཕག་མོའི་ཆོ་ག་དང་ཚོགས་དང་། སྒྲོན་མ་ལ་ཐུགས་དམ་བྱེད་པས་འཆི་དུས་རྟེན་རིང་བསྲེལ་འབྱོན་པ་ཤ་སྟག་བྱུང་ཟེར། དབང་ཕྱུག་རྒྱལ་མཚན་གྱི་སྲས་ཆུང་བ་ནི་མགོན་པོ་རྒྱལ་མཚན་ཡིན་ཏེ། བྱ་བཏང་ཀུན་དགའ་དཔལ་འབྱོར་དང་། རེ་ནེ་ཆོས་རྗེ་གིང་རི་ནང་སོ་དང་། སི་ཏུ་བསོད་ནམས་རྣམ་རྒྱལ་དང་། བླ་མ་དགོངས་འདུས་པ་སོགས་ལ་དབང་བཀའ་ལུང་ཞུས་ནས་དུས་རྒྱུན་དུ་ཕག་མོ་བེར་ནག་ཅན་འཁོར་ལྔ་བདེ་མགོན་འགུ་རུ་ཞི་དྲག །གཤིན་རྗེ་ཁྲོ་ཆུ་སོགས་ལ་ཐུགས་དམ་རྔ་བརྡུང་རྒྱུན་མ་ཆད་པར་མཛད། ཕག་མོ་ལ་བསྙེན་པ་ས་ཡ་གཅིག་མཛད་པས་རྨི་ལམ་ན་ཕག་ནག་པོ་སྤུ་རྩེ་ན་ཚྭ་ཚྭ་འཐུལ་བ་ཞིག་ཁོང་གར་འགྲོའི་རྗེས་སུ་འགྲོ་བ་དང་། ཁྲོ་ཆུའི་བསྙེན་པ་ས་ཡ་གཅིག་མཛད་པས་རྨི་ལམ་ཁོང་རང་གཤིན་རྗེ་ཁྲོ་ཆུར་དངོས་སུ་གྱུར་ནས་འཕུར་ཏེ་དབུས་ཀྱི་རི་བོ་མཆོག་རབ་ལ་བསྐོར་བ་གསུམ་བྱས་ཏེ། ས་ལ་བབ་དུས་སྐུ་པདྨ་ཕུར་པ་དེས་དགྲ་བགེགས་བསྒྲལ་དགོས་བསམ་ནས་བབ་པས་གཉིད་པ་དང་། ཇོ་བོ་རྗེའི་


CMR004_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་མཆན་ཤལ་མཛད་ནས་ཆབ་མདོར་བྱོན་དུས། གཡོ་རྫོང་དུ་ཞག་མལ་བྱས་ཏེ། དེ་ནུབ་སྦྲུལ་ནག་བསམ་གྱིས་མི་ཁྱབ་པས་མིག་ནས་ཚྭ་ཚྭ་ཐུལ་བ་གཅིག་གིས་ཕ་ཟད་ནས་དངོས་སུ་གཅུད་བརྒྱབ་ནས་བྱུང་བས། འགུ་རུ་དྲག་པོ་ཁྱུང་གི་དབུ་རྒྱན་པའི་བསྐྱེད་རིམ་བྱས་པས། དེ་མ་ཐག་སྦྲུལ་དེ་མེད་སོང་། དེ་མ་ཐག་ས་གཞི་ཐམས་ཅད་རྒྱ་མཚོ་ནག་ལྟེམ་མེ་བ་ཞིག་རེད་ནི་ཐལ། དེ་མ་ཐག་དར་ཅིག་དང་སྐད་དོ་ཆག །དར་དེ་ཁག་ཁག་ཟེར་ནས་ནམ་མཁའི་དབྱིངས་སུ་བཀྱགས་པས་དར་དཀར་པོ་གདུགས་དྲིལ་བུའི་གཡེར་ཁ་སི་ལི་ལི་ཁྲོལ་བ་གཅིག་རེད་ནས་ཐལ། འོག་རྒྱ་མཚོའི་དེའི་ནང་ནས་ཉ་བོ་ཆེའི་མགོ་ཆེ་ཆུང་ཁང་པ་ཙམ། མདོག་སེར་པོ་མིག་ཁྲོ་བོའི་སྤྱན་འདྲ་བ་དང་། གདོང་པ་ལུག་འདྲ་བ། སྣ་དང་རྣ་བ་མི་ཡི་སྣ་དང་རྣ་བ་ལ། གསེར་གྱི་རྣ་ལོང་ཆེན་པོ་བརྒྱབ་པ་གཅིག་གིས་ཡར་ཁོང་ལ་བལྟས་ནི་གདའ། དེའི་འཁོར་དུ་ཆབ་མདོའི་དུས་ཆེན་ཁ་དང་འདྲ་བའི་མི་དང་བུད་མེད་དཔག་ཏུ་མེད་པས་བྱི་རུ་རྒྱན་མོ་ལག་པ། གཡུ་སྤོས་ཤེལ་དར་ཕྲུག་རིས་གསུམ་ཁྱེར་བ། སྤྲིན་གྱི་ཕུང་པོ་ལྟ་བུ་ཡར་མཚོ་ནང་ནས་པུ་རུ་རུ་བྱུང་། ཆང་གསོལ་འཕྲོ་ཡོད་པ་ཉ་བོ་ཆེ་ལ་བླུད་པས་ཁྲོག་ཁྲོག་འཐུང་


CMR004_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

དོ་བས། གནས་ཚང་ལ་ཆང་ཁྱེར་ཤོག་གསུངས་ནས་ཆང་མང་པོ་དེ་ལ་བླུད་པས། བུ་ཚ་དང་གནས་ཚང་ཚོས་ཨ་ནུ་ཐུགས་ལ་མ་ཟུན་པར་རེད་བསམས་ནས། ཆང་ཁུར་ཤོག་བྱས་དུས་ཆུ་ཁུར་ནི་འོང་། དེ་ནས་སྐད་ཅིག་ལ་དེ་རྣམས་མི་སྣང་བར་གྱུར་ཏེ། དང་པོ་ཆོ་འཕྲུལ་བསྟན། རྗེས་མ་ཇོ་བོ་རྗེའི་ཐུགས་ལ་དགེ་བསྙེན་གྱི་མཆོད་པ་བྱེད་པ་ཡིན་པར་འདུག་གསུངས། གཞན་ཡང་རྔ་དང་རྔ་གཡོག་ལ་མེ་འབར་བ་དང་། ཕྱག་ཕྲེང་ལ་ཚྭ་ཚྭ་འཕྲོ་བ་དང་། དུས་རྒྱུན་དུ་ཕོ་རོག་གིས་གཏོར་མ་ལེན་པ་དང་། དམ་ཅན་གྱི་སྤྲུལ་པ་བུ་ཆུང་དང་། ར་སྐྱེས་དང་མི་གཞོན་སོགས། རང་བཞིན་མང་པོར་ཕལ་ཆེར་དངོས་སུ་མཐོང་བ་དང་། ཕོ་རོག་གིས་དམར་གཏོར་ཁྱེར་ནས་རྒྱང་རིང་དུ་སོང་སྟེ། དགྲ་ཉལ་ནི་ཡོད་པའི་བྲང་དཀྱིལ་ལ་བརྒྱབ་པས་ནད་ཁག་བཙང་ནས་ཤི་སྟེ་རྗེས་མེད་དུ་སོང་བ་དང་། ཆོས་རྗེ་མ་ཆེན་ཟེར་བའི་དྲང་སྲོང་ལོག་ཏྲི་པ་ལའི་ཟློག་པ་ལ་ཤིན་ཏུ་མཁས་པ་གཅིག་དང་འགྲས་ནས་མཐུ་འདྲེན་བྱུང་བས། ཁོའི་སྤྱན་ཡ་ཨ་ཏ་དོམ་མགོ་ཟེར་བའི་དཔའ་རྒོད་སྐྱེན་གསུམ་འཛོམ་པ་འཁོར་ཁྲབ་ཆེན་སུམ་ཅུ་ཙམ་ཡོད་པ་ལ། དང་པོ་ཤ་ཁྱི་གཅིག་གིས་ཁོའི་ཡ་དེ་བཅད་ནས་


CMR004_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཟོས། དེ་ནས་ཁོ་གྲིར་ཤི་བའི་སྙིང་དང་མགོ་ལག་ཕྲག་པ་སོགས་བླངས་ནས་ཆོས་སྐྱོང་ལ་མཆོད་པ་བྱས། ཕྱིས་ཆོས་རྗེ་གཅེར་བུར་བུད་ནས་མུ་གེས་ཤི། ཡང་མགོན་ཁང་ཤོ་མ་བྱ་བའི་དུད་ཕྱུག་དར་ཅན་ཅིག་དང་འགྲས་པས། ཁྱིམ་ལ་ལྷོག་ཚང་བཅས་གཏན་བརླག་རྗེས་མེད་དུ་སོང་། གཞན་ཡང་འགྲས་ཚོལ་བ་མང་དུ་བྱུང་བ་ཐམས་ཅད་གཏན་བརླག་རྗེས་མེད་ཁོ་ན་དང་། ཇེ་ངན་དུ་སོང་བ་བྱུང་བས་མཐུ་ཆེ་བའི་གྲགས་པ་ཐོབ། མགོན་སྐུ་མི་ཚད་གསེར་དངུལ་གྱིས་མདོ་བཅུ་སྦྱོང་རྒྱུད་རྣམས་བཞེངས། བསྙེན་པ་དུང་ཕྱུར་ཕྱེད་གཉིས་ལྷག་ཙམ་ཐོན་ནས། བརྒྱད་ཅུ་གྱ་གཉིས་ལ་མདོང་མི་སྔོན་པོ་ཤ་ཆེ་ཞིང་རལ་པ་སྤྱི་བོར་བཅིངས་ནས། རས་དཀར་པོའི་སྣམ་བུ་གྱོན་པ་གཅིག་གིས་ང་ཁང་པ་རྙིང་པ་ཞིག་ལ་ཁད་གཅིག་གིས་སྟེང་ན་འདུག་པ། རྩེན་གྱིས་པང་ནས་ཁང་པ་གསར་པ་བཟོས་མ་ཐག་གཅིག་གི་སྟེང་དུ་བཞག་པ་རྨིས། མི་དེ་ཆོས་སྐྱོང་རེད་ང་ད་ལོ་འཆི་གསུང་སྟེ་རིང་པོ་མ་ཐོག་པར་འདས་གདུང་ཚུར་པང་བས་ཕྱག་ཕྲེང་དེ་ཤུད་ནས་བྱུང་སྟེ། སྔགས་པ་ཟེར་བ་ཕྲེང་བ་དང་མ་བྲལ་བ་འདི་འདྲ་ཅི་ལ་དགོས་རྒྱུ་རེད། ཅེས་བླ་མ་སོགས་ཐམས་ཅད་ངེས་ཤེས་སྐྱེས། གདུང་བཞུས་པས་ཐུགས་


CMR004_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ལྗགས་སྤྱན་གསུམ་གཤིན་རྗེ་ཁྲོ་ཆུའི་སྐུ་རྣམས་བྱོན་ནོ། །མགོན་པོ་རྒྱལ་མཚན་ལ་མཁན་ཟའི་སྲས་བཞི་ཡོད་པས་པདྨ་ལྷུན་གྲུབ་ནི་འཇིག་རྟེན་བོད་ཀྱི་སྐྱེས་ལྷག་འོང་བ་ཡོད་ཟེར་བ་བྱུང་ན་ཡང་། གཞོན་ནུ་ནས་ཆུས་ཁྱེར། གསོལ་དཔོན་དགེ་འདུན་ནི་ཆབ་མདོ་ཆོས་རྗེའི་མི་གཡོ་རྙིང་པོའི་གསོལ་དཔོན་དང་གཉེར་གཉིས་ག་མཛད། ཆོས་འཇིག་རྟེན་གཉིས་ག་ལ་སྐྱེས་ལྷག་ཡོད་ན་གཞོན་ནུ་ནས་ས་སྒང་བའི་ཆུས་ཁུལ་དཔོན་གཡོག་གཉིས་སྒོམ་ངོ་འཕྲོད་དུས་འདས། དགེ་ཚུལ་ཡིན་པ་མཐར་ཐོན་ཅིང་གདུང་བཞུས་པས་དབུ་བུམ་ཧྲིལ་དང་རིང་བསྲེལ་མང་དུ་བྱོན། ཨ་ནུ་ཀུན་དགའ་ནི་ཆབ་མདོ་ཆོས་རྗེ་ཤེས་རབ་སྙིང་པོའི་གསོལ་དཔོན་ཅུང་ཟད་མཛད། འདག་སྐུ་དང་གསེར་སྐུ་བཞེངས་ཤེས་པས་འདག་སྐུ་མང་པོ་དང་། མཁའ་སྤྱོད་པའི་སྐུ་དང་ཕྱག་བཞི་པའི་གསེར་སྐུ་སོགས་བཞེངས་འདི་ཡང་བྱེས་ལམ་ལ་འདས་པ་གདུང་བཞུ་རྒྱུ་མ་བྱུང་། ཨ་ནུ་བཙན་ཕྱུག་ནི་མཚན་བརྗོད་དང་། རྟ་མགྲིན་གྱི་བསྙེན་པ་ལ་ཐུགས་དམ་མཛད་དེ་ཞེ་དགུ་ལ་འདས་ཏེ་གདུང་མ་བཞུས། པདྨ་ལྷུན་གྲུབ་གྱི་བུ་ཚེ་དབང་རྣམ་རྒྱལ་ཡིན་ཏེ། འདི་གདུང་རྒྱུད་འཆུགས་པ་ཡིན་ཡང་ཟེར། ཀུན་དགའི་བུ་འཕགས་པ་


CMR004_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

དོན་འགྲུབ་ཡིན། བཙན་ཕྱུག་གི་བུ་ཨ་ནུ་པདྨ་དབང་དྲག་ཡིན་ཏེ། ཆུང་ངུ་ན་ཡོན་ཏན་སྣ་ཚོགས་བསླབ་སྟེ། རྩིས་དང་ས་དཔྱད་རི་མོ་འབུར་སྐུ་སྔགས་ཆོས་ལ་མཁས་པར་སྦྱངས། ཞལ་ཐང་བདུན་བརྒྱད་དང་མཁར་སྐུ་བཞི་ཨོ་རྒྱན་གྱི་ལྡེར་སོ་བཞེངས། འབྲུག་པ་ཀརྨ་བསྟན་འཕེལ་དང་། འགུ་རུ་ཀུན་དགའ་བསྟན་འཛིན། བྱང་བདག་པོ་བཀྲ་ཤིས་སྟོབས་རྒྱལ་དང་། ཁུ་བུ་དབང་ཕྱུག་རྒྱལ་པོ་དང་། རཏྣ་སངས་རྒྱས་ཕུན་ཚོགས་དང་། རི་པ་བཀྲ་ཤིས་དཔལ་འབྱོར་དང་། གླིང་ཡུལ་གདན་ས་བ་དང་། དེ་སོགས་བླ་མ་མང་པོ་བསྟེན་ཏེ། །གསར་རྙིང་གི་སྔགས་ཆོས་མང་དུ་མཁྱེན་ཏེ། སྐུ་གསུམ་སྒྲུབ་པ་ལན་གསུམ་མཛད་པས་རྨི་ལམ་དུ་ཨོ་རྒྱན་སྐུ་མདོག་དཀར་པོ་ཅན་ཞལ་གཟིགས་པའི་ཕྱག་ནས་བདུད་རྩི་གནང་བ་དང་། ཡང་ཨོ་རྒྱན་སྐུ་ལ་ན་བཟའ་ཁ་དོག་སྣ་ཚོགས་པའི་སྤྲིན་རིས་ཅན་མནབ་པ་ཞལ་གཟིགས་པ་དང་། དངོས་སུ་རྡོ་རྗེ་ཕག་མོའི་ཙིཏྟ་བར་གསུམ་ཡུན་རིང་བ་ཞལ་གཟིགས་པ་དང་། གུ་རུ་དྲག་པོའི་སྒྲུབ་པ་ལོ་གཅིག་མཛད་པས། རྨི་ལམ་དུ་འདྲེ་མོ་བྱུང་མལ་འགུ་རུ་དྲག་པོའི་བསྐྱེད་རིམ་མཛད་པས་དངོས་ལྟ་བུར་གྱུར་ཏེ། ཕྱག་གཡས་གྲི་གུག་བརྒྱབས་པས་འདྲེ་མོ་དེའི་གོས་


CMR004_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྒབ་མ་ཧྲུག་གིས་བཅད་པ་དང་། མཚམས་གྲོལ་ནས་དགུན་དགུ་གཏོར་གྱི་ཚེས་བཅུ་ལ་ཚོགས་མཛད་དུས། སྲུག་རློན་པ་སྡེར་གང་ཙམ་དངོས་སུ་གཞི་ཐོག་ཏུ་སྤུང་ནི་འདུག་པ་དེར་ཡོད་པ་རྣམས་ཀྱིས་དངོས་སུ་ཟ་རྒྱུ་ཡོད་པ་བྱུང་བ་དང་། མཚམས་ཁུང་དུ་མཁའ་འགྲོས་དངོས་སུ་འབྲས་མར་ཁུ་ཡང་ཟེར། གྲོ་མ་མར་ཁུ་དྲངས་བ་དངོས་སུ་གསོལ་རྒྱུ་ཡོད་པ་བྱུང་། དེ་དུས་གཞན་གྱིས་བྱུང་བ་མཐོང་བ་ལ་མཚམས་ཁང་དུ་བྱ་རྒོད་གཅིག་བབ་པ་མཐོང་ཟེར། མདོས་ཟློག་བསྐང་གསུམ་ཞི་ཁྲོ་སོགས་ཀྱིས་འགྲོ་དོན་ཤིན་ཏུ་ཆེ་བ་བྱུང་། གཞན་ཡང་རྡོ་རྗེ་ལེགས་པ་བུ་ཆུང་མཛེས་པར་སྤྲུལ་ནས་དངོས་སུ་བྱུང་བས་ཁྱོད་ག་ནས་ཡིན་བྱས་པས་ང་ས་སྒང་ནས་ཡིན་ཟེར་བ་དང་། སྐྱེ་མདར་ལྷ་རིས་བསླབ་ཏུ་བྱོན་ནས་ཚུར་ལམ་ལམ་ནས་སྐྱག་བསམ་དུས། མགར་བ་རྟ་སྔོན་ཅན་སྔ་ཤ་དང་ཕྱི་ཤ་ལ་སྟག་ཤུན་དང་གཟིག་ཤུན་གྱི་ཁུལ་མོ་གཉིས་བརྟག་པ་ཞིག་བྱུང་ནས། ང་ཁྱོད་བསུ་བ་ལ་ཡིན་ཟེར་བ་ཉམས་གྱི་སྐབས་སུ་བྱུང་བས་ཕྱིར་ནངས་གནས་མདོ་ནས་བསུ་མི་བྱུང་བ་དང་། ནུབ་གཅིག་རྨི་ལམ་ན་མགར་བ་གཅིག་གིས་སྐེ་ལ་ཞགས་པ་བརྒྱབས་ནས་ཁྲིད། མགར་བ་ཤ་མདོག་ནག་ཅིང་ཡན་ལག་རགས་


CMR004_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅིག་གིས་ཐོ་བ་ལ་ཇ་སྤོབ་རྩེ་ཚད་ཙམ་ཕྱར་ནས་འདིར་སྒྲ་དང་བཅས་པས། མི་དེ་བརྡུང་ཞིང་ཁྲིད་བྱུང་ནས་མེ་ཆེན་མོ་བང་བ་ཙམ་ཞིག་འདུག་པའི་ནང་དུ་མི་དེ་འཕངས་བས་གསུར་གཞོབ་ཁ་ཆེ་ལེ་བསྲེགས་པ་རྨིས་གསུངས་པས། འགྲས་ཆེ་བའི་དགྲ་གཅིག་ཡོད་པ་ལོ་མ་འགོར་བར་ཁ་ཕུང་དུ་སོང་བ་དང་། འཇམ་དཔལ་དམར་ཆུང་སྒྲུབ་དུས་བྲུབ་ཁུང་དུ་ཁྲག་ལྷོ་དངོས་སུ་ཕྱིན་པ་དང་། རྔ་དང་རྔ་ལྕག་ལ་མེ་ལན་མང་འབར་བ་དང་། མཆིལ་མ་ཁོལ་བ་དང་། མགོན་ཆུ་བསྐོལ་དུས་ཇོ་ཟོར་འཕང་བ་མདའ་བརྒྱང་ལྷག་ཙམ་སོང་བ་དང་། ནད་པ་དང་སྲིའུ་མང་པོ་སོས་ཏེ། ལོ་རེ་ལ་ཡང་སྲིའུ་དུ་སོས་རྨི་ལམ་དུ་གསལ་པོར་འོང་བ་དང་། བཀའ་གཏད་ཙམ་བྱས་པས་ཁ་ཡོ་བ་མིག་བཟུར་བ་སོགས་གཟའ་གདོན་འཕྲལ་དུ་ཞི། རྫས་དང་གདམས་ངག་ཆེར་མི་དགོས་པར་སྔགས་དང་བཀའ་བསྒོ་ཙམ་གྱིས་སེར་བ་ཐུབ་པ་བྱུང་། ཕྱིས་ཆེར་ལུང་དྲུང་པ་ཀུན་དགའ་རྣམ་རྒྱལ་ལ་རབ་ཏུ་བྱུང་སྟེ། དུས་རྒྱུན་དུ་གདན་གཅིག་ཆབ་ལེན་ལྷམ་ཕུད་སོགས་མཐའ་འཁྱོངས་བ་དང་། རྒྱུན་དུ་ཕྱག་རྒྱ་ཆེན་པོའི་ཉམས་ལེན་དང་། ཆོས་སྤྱོད་བག་ཆགས་རང་གྲོལ་དང་གུ་རུ་དྲག་པོ་སོགས་ཆག་མེད། གཏོར་མ་བརྒྱ་རྩ་


CMR004_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། ལུས་ངག་དགེ་སྦྱོར་ཁོ་ནས་དུས་འདའ་བར་མཛད། དགོང་ལོ་རེ་བདུན་པ་ལ། ཚེ་རིང་ན་བཟང་སྟེ་འབྱམས་ན་ཞེན། ཁྱེད་ཐམས་ཅད་འཛོམ་དུས་འདིར་ང་ཤི་ན་དགའ། ཨོ་རྒྱན་རིན་པོ་ཆེའི། ཁྱེད་རྣམས་ཕོ་བྲོ་བཟང་དུས་འདིར། ང་ཡང་ཨོ་རྒྱན་ཡུལ་དུ་འགྲོ་གསུང་པ་དང་འདྲ། ང་ནི་ཟངས་མདོག་དཔལ་རིར་ཨོ་རྒྱན་གྱི་དྲུང་དུ་འགྲོ་བ་ལ་ཐེ་ཚོམ་མེད། ཁྱེད་ཚོས་བསྔོ་བ་བྱེད་ལུགས་ཀྱང་དེ་ལྟར་གྱིས་གསུངས་ནས་འདས། ཞག་བདུན་དུ་ཐུགས་དམ་ལ་བཞུགས་པས། ནང་རྟགས་ཕུང་པོ་བཀྲག་མདངས་བཟང་། །ཁྲིམས་གཙང་ཕུང་པོ་གཙང་བ་ཡིན། ཞེས་གསུངས་པ་ལྟར་ཕུང་པོ་ཤིན་ཏུ་གཙང་ཞིང་བཀྲག་མདངས་མ་ཡལ་བ་དང་། གདུང་བཞུས་པས་འགའ་ཞིག་གིས་ཉི་ཟླ་སྐར་གསུམ་ནམ་མཁའ་ལ་དུས་གཅིག་འཛོམ་པ་དང་མེ་ཏོག་གི་ཆར་ལྷོ་ནུབ་ངོས་ནས་ལན་གཉིས་འབབ་པ་དང་། སྤུར་ཁང་ཐམས་ཅད་ལ་འཇའ་ཟུག་པ་མཐོང་འདུག །བདག་གིས་མཐོང་བ་ལ་ནི། ནམ་མཁའ་ལ་སྤྲིན་འཇའ་ལས་གྲུབ་པའི་རྒྱལ་མཚན་དཔལ་བེའུ་གསེར་ཉེ་དུང་དཀར་འཁོར་ལོ་ནོར་བུ་རྣམས་རིམ་པར་འདོད་པ་དང་། ཐུགས་ལྗགས་སྤྱན་གསུམ་རིང་བསྲེལ་སྨུག་པོ་གཉིས་


CMR004_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བཞི་པའི་སྐུ་ཤིན་ཏུ་གསལ་བ་གཅིག་ཞིང་སྐྱོང་གི་སྐུ། ཨ་ཡིག་སྔོན་པོ་གཉིས་ཧཱུྃ་ཡིག་ནག་པོ་གཅིག །འཁོར་ལོ་རྩིབས་བརྒྱད་དཀར་པོ་གཅིག །ཤ་རི་རམ་འཁྱུད་གང་ཙམ་ཆུ་ཤེལ་ལྟ་བུ་ཕྱི་ནང་མི་སྒྲིབ་པ་གཅིག །སོར་མཛུབ་ཀྱི་རྩེ་ཙམ་གྱི་དུང་དཀར་གཡས་འཁྱིལ། རྒྱུ་རུས་ཚིག་རྙི་མོ་ལས་གྲུབ་པ། བཟོས་ཀྱང་ཐོན་དཀའ་བ་ངོ་མཚར་བ་ཆེ་གཅིག་བྱོན་ཏེ། དེ་དུས་མཐོང་ཚད་དད་པ་དང་ངེས་ཤེས་སྐྱེས་ནས། འདི་ང་ལ་བྱིན་ཟེར་ནས་ཨུ་ཡུལ་བྱེད་པ་བྱུང་། སྔགས་འཆང་པདྨ་དབང་དྲག་འདི་ནི་སྦས་པའི་རྣལ་འབྱོར་ཆེན་པོ་སྟེ། ཁོང་གི་དབང་ལུང་དང་ཡོན་ཏན་བསླབ་པའི་སློབ་མ་ནི། བླ་མ་ཀརྨ་མི་མཆོག་དང་། ཆུ་བར་གྱི་སྒྲུབ་སྡེ་ལ་བཞུགས་པའི་དགེ་སློང་རི་བོ་ཆེ་པ་ཟེར་བའི་པདྨ་འཕེལ་དང་། རིགས་དང་ཆོས་གཉིས་ཀས་སྐྱོང་བ་བདག་ཀརྨ་ཆགས་མེད་དང་ཆོས་དབང་ཀུན་བཟང་སྤུན་གཉིས་དང་། ཆོས་ཀྱི་འབྲེལ་བ་ཡོད་ཙམ་སྐོར། རབ་འབྱམས་པ་དང་། བླ་མ་ལྔ། རིན་ཆེན། ཚེ་དབང་བཀྲ་ཤིས། གུ་རུ་དབང་། མགོན་བརྟན། པདྨ་བཀྲ་ཤིས། ཀརྨ་བདེ་མཆོག་སྟེ། སྔགས་ཆོས་རྔ་རྡུང་བྱེད་པ་དྲུག་ཙམ་བྱུང་། ཁོང་གི་སློབ་བརྒྱུད་ལས་འཕེལ་བའི་རྔ་


CMR004_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བརྡུང་མཁན་ནི། ཤིན་ཏུ་མང་དུ་འཕེལ་ལོ། །ཨ་ནུ་ཆོས་དབང་གི་སྲས། བུ་དྲུང་ནི་རིན་ཆེན་རྒྱལ་དང་། ཐོན་བུ་ཨ་ནུ་རྡོ་རྗེ་ཡིན། ཨ་ནུ་རིན་རྒྱལ་ནི་ཆུང་དུས་ནས་ཡི་གེ་གཤར་གཟབ་གཉིས་ཀར་འབྲི་ཀློག་ཤིན་ཏུ་མཁས། ཡབ་ཀྱི་སྔགས་ཆོས་ཐམས་ཅད་ཤེས། གསོ་རིག་ལ་སྦྱོང་བས་མཁས་པར་གྲགས་ཤིང་ཕན་ཐོགས་ཆེ་བ་བྱུང་། སློབ་མ་ཡང་ལྷ་རྗེ་མཚོ་སྐྱེས་བྱུང་། གསོ་རིག་གི་པོ་ཏི་གསུམ་ཙམ་དང་མཁའ་སྤྱོད་པའི་བཀའ་འབུམ་དམ་ཅན་གྱི་ལྡེར་སོ་བཞེངས། འབྲུག་པ་ཀརྨ་བསྟན་འཕེལ་ལ་ཁྲིད་མང་དུ་ཞུས་པས་ཉམས་ལེན་གྱི་གོ་བ་བཟང་པོ་སྐྱེས་ནས། སློབ་མའི་གྲར་བརྩིས་ནས་ཞལ་གདམས་གནང་བ་བཀའ་འབུམ་དུ་ཚུད་ཡོད། གུ་རུ་ཞི་དྲག་ཚེ་དཔག་མེད་གསང་བ་འདུས་པ། སྒྲོན་དཀར་རྣམས་ཀྱི་བསྙེན་པ་ཐུགས་དམ་ཡང་རྒྱུན་དུ་བྱས། ཁོང་ཞེ་བདུན་ལ་འདས་པའི་རྨིས་ལྟས་གསལ་པོ་གཅིག་བྱུང་བས། ཚེ་སྒྲུབ་བསྙེན་པ་བྱེད་བཅུག་པས་ལོ་གསུམ་ཚེ་བསྲིང་བ་འདྲ་སྟེ། ལྔ་བཅུ་ཐམ་པ་ལ་འདས་པའི་བདུན་ཚིགས་པོ་ལ་དགུན་ཡིན་ཀྱང་སྤུར་གྱི་ཐད་ཀྱི་ནམ་མཁའ་ལ་འཇའ་ཚོན་ཁ་དོག་སྣ་ཚོགས་ཅན་འཁྱིལ་ཞིང་བཏགས་གྲོལ་རྒྱུད་ནས་གསུང་པ་ལྟར་འཇའ་དེ་


CMR004_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ཚད་སེམས་སྐྱོ་ཤས་སྐྱེ་བ་དང་། གདུང་བཞུས་ཉིན་ཡང་སྤྲིན་འཇའ་དང་རུས་པ་ལ་གསལ་བྱེད་ཀྱི་ཡིག་འབྲུ་འགའ་རེ་དང་ཤ་རི་རམ་ཡ་ཟུང་གདའ། མ་འདས་དུས་སོ་གཅིག་བུད་པ་ལ་རིང་བསྲེལ་ཞུན་ཐིག་གསལ་པོ་གཅིག་བྱོན་པ་སྐུང་ཞིང་ཡོད་པས་གར་སོང་མ་ཤེས། ཁོང་ལ་འཇའ་དང་རིང་བསྲེལ་འོང་བསམ་པའི་ཐུགས་རྗེ་དགེ་སྦྱོར་ནི་མེད་པར་འདི་ཡན་ཆད་མཁའ་སྤྱོད་པའི་གདུང་རྒྱུད་མ་འཆུགས་པ་དང་འདྲ་བསམ་མོ། །དེ་ཡང་མཁའ་སྤྱོད་པའི་ཞལ་ཆེམས་ལ། ང་ལ་དགེ་སྡིག་རི་ལུ་གཉིས་ཡོད་གསུངས་ནས། གདུང་རྒྱུད་ལ་ལྷ་རྒྱུད་དང་སྡིག་རྒྱུད་གཉིས་འོང་བར་ལུང་བསྟན་པའི་དགེ་བའི་རི་ལུ་ལ་གདུང་རྒྱུད་གཅིག་དང་། ལྷ་རྒྱུད་གཉིས་བྱུང་། གདུང་རྒྱུད་ནི་སྐྱོ་ངོམ་གྱི་སྡེ་པ་གཉིས་ཡིན་ཏེ་རྒྱལ་རྒྱུད་ཡིན་པས་རྒྱལ་སར་དབང་། ལྷ་རྒྱུད་ནི་གནས་མདོ་པ་ཡིན་ཏེ། ད་ལྟ་ཡན་ཆད་དུ་ལྷ་རྒྱུད་མ་ཆད་པ་ཡིན། སྡིག་པའི་རི་ལུ་ནི་ལྡོང་མགོན་པོ་རྒྱལ་གྱི་བུ་ཚ་རྒྱུད་ལ་འགའ་རེ་བྱུང་གདའ་བ་དེ་ཡང་ཚེ་འདི་ལ་དགེ་སྦྱོར་འགའ་མེད་ཀྱང་ཤི་དུས་འཇའ་རིང་བསྲེལ་འོང་བའི་དོན་ནི། ངེད་རང་མི་ཐམས་ཅད་ཀྱི་ཤ་དང་ཁྲག་དང་པགས་པ་ནི་མའི་བྱང་སེམས་དམར་པོ་ལས་གྲུབ། རུས་པ་དང་རྐང་


CMR004_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དང་སླ་བ་དང་སོ་དང་སེན་མོ་ཀླད་པ་དང་གཞུང་པ་དང་བྱང་སེམས་ནི། ཕ་ཡི་བྱང་སེམས་དཀར་པོ་ལས་གྲུབ་པ་ཡིན། གདུང་རྒྱུད་མ་འཆུགས་ན། དེའི་རུས་པ་སོ་དང་སེན་མོ་རྣམས་མཁའ་སྤྱོད་པའི་བྱང་སེམས་ལས་གྲུབ་པའི་རྟེན་རིང་བསྲེལ་འབྱོན་ཏེ་ཕ་རུས་དཀར་པོ་ཟེར་བ་དེ་ཡིན་ནོ། །རིང་བསྲེལ་བྱོན་པ་ཡང་ཕྱི་མ་མི་ཕན་བསམ་ན་མཁའ་སྤྱོད་པས་བདེ་བ་ཅན་དུ་འདྲེན། སྡིག་པ་མེད་ཅིང་ཆོས་མང་དུ་བྱས་ན་མཁའ་སྤྱོད་པ་ལ་གསོལ་བ་སྙིང་ནས་བཏབ་ན་ཚེ་འཕོས་མ་ཐག་བདེ་བ་ཅན་དུ་འདྲེན་པར་བཤད། སྡིག་པ་ཆེ་ན་དམྱལ་བར་སྐྱེ་ནས་ལོ་འབུམ་ཕྲག་མང་པོར་བཙོ་སྲེག་བྱེད་དེ། སྡིག་པ་ཟད་ནས་ཡང་མཁའ་སྤྱོད་པས་བདེ་བ་ཅན་དུ་འདྲེན་ཏེ། གདུང་རྒྱུད་དུ་སྐྱེས་པ་དེ་མཁའ་སྤྱོད་པ་ལ་འབྲེལ་པ་ཐོགས་པ་ཡིན་ཏེ། མཁའ་སྤྱོད་པའི་དམྱེས་པོ་ཡིན་ཏེ། མི་རྒྱུད་དེ་དབོན་ཡིན་ཏེ་དམྱེས་དབོན་གྱི་འབྲེལ་པ་ཐོག་པ་ཡིན་ནོ། དེའི་དོན་ནི་མཁའ་སྤྱོད་པའི་ཞལ་ཆེམས་ལས། འབྲེལ་ཚད་དོན་དང་ལྡན་པ་ཡིན། །ཞེས་ལན་གསུམ་གསུངས་པ་དང་། གླང་ཆེན་འགྱིང་རི་རྩེར་ཀུན་ཏུ་བཟང་པོའི་ཞལ་ནས། རིགས་ཀྱི་བུ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མཆོད་ཅིག་


CMR004_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་། དེ་རྩར་མཆོད་དགོས་བསམ་པས། མཆོད་པ་བྱེད་ཚུལ་ཀུན་ཏུ་བཟང་པོས་ལུང་བསྟན་པ་དང་། སྐད་ཅིག་ཉིད་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མདུན་དུ་མཁའ་སྤྱོད་པ་རེ་རེ་སྤྲུལ་ནས། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་བསམ་གྱིས་མི་ཁྱབ་པ་ཆ་ཚང་བ་རེ་རེ་སྤྲུལ་ནས་མཆོད་པས། སངས་རྒྱས་དེ་ཐམས་ཅད་མགྲིན་གཅིག་ཏུ་རིགས་ཀྱི་བུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་མཆོག་ཏུ་སེམས་བསྐྱེད་པ་ལེགས་སོ་ལེགས་སོ། །ཁྱེད་དང་གང་འབྲེལ་བའི་སེམས་ཅན་ཐམས་ཅད་ཡུན་མི་རིང་བ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཞེས་ལུང་བསྟན་ཐོབ་པའི་ཕྱིར་རོ། །གདུང་རྒྱུད་མ་འཆུགས་པ་ཡིན་ན་མགོན་པོ་ཕྱག་བཞི་པ་དང་། ཕྱག་དྲུག་པ་དང་། ལས་མགོན་བྱ་རོག་གདོང་རྣམས་ཀྱིས་སྲུང་སྐྱོབ་བྱེད་ཅིང་། གསོལ་མཆོད་ཐེངས་ན་སྐྱེས་བུ་ཆེན་པོའི་ཕྲིན་ལས་སྒྲུབ་པ་དང་། ཇོ་བོ་ལྷ་གཡང་དཀར་པོ། ཀླུ་རྒྱལ་བྱིསྦའི་གཟུགས་ཅན་སོགས་མཁའ་སྤྱོད་པས་དམ་ལ་བཏགས་པའི་གཞི་བདག་རྣམས་ཀྱིས་སྡོང་གྲོགས་བྱེད་པའི་ཕྱིར། ཡོན་ཏན་ཅུང་ཟད་ཅིག་ཤེས་ན་ཡང་འགྲིམ་ཞིང་མི་ལ་ཕན་ཐོགས། སྔགས་ཆོས་རྔ་བརྡུང་བྱས་ན་མཐུ་མ་སྒྲུབ་


CMR004_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཞོར་ལ་འོང་། ངག་ནུས་ཆེ་བ་ཡིན་ཏེ། ཆོས་སྐྱོང་རྣམས་ཀྱིས་ཁས་ལེན་དམ་བཅའ་ཡོད་པའི་ཕྱིར་རོ། །གདུང་རྒྱུད་འཆུགས་ན་ནི་ཕ་མར་ཐོབ་ཅིང་ལྷ་སྲུང་འཁོར་བར་དཀའ་སྟེ། ལྷ་ལ་མངོན་ཤེས་ཀྱི་སྤྱན་དང་ལྡན་པའི་ཕྱིར་རོ། དེ་ཡང་བོད་ན་གདུང་རྒྱུད་དྲགས་ཆེ་བ་འབྲི་སྟག་གཉིས། ཀརྨ་པཀྵིའི་གདུང་རྒྱུད། ཞྭ་དམར་བའི་དབོན་རྒྱུད་སྡེ་པ་ཡང་པ་ཅན་པ། འབྲི་ཁུང་བ་ལས་འཕྲོས་པ་ཕག་མོ་ཞབས་དྲུང་རྣམས་ནི། གྲུབ་ཐོབ་དེ་རྣམས་དངོས་ཀྱི་གདུང་རྒྱུད་ཡིན། མཆོད་པའི་གདུང་རྒྱུད་ཡིན་ནོ། །ས་སྐྱ་བ་དང་རྩེ་ཐང་བ་དང་འབྲུག་པ་དང་རྔོག་པ་དང་། རྙིང་མའི་གཏེར་སྟོན་རྣམས་དང་། མཁའ་སྤྱོད་པའི་གདུང་རྒྱུད་འདི་རྣམས་ནི་གྲུབ་ཐོབ་ཁོང་རང་དངོས་ཀྱི་སྲས་རྒྱུད་ཡིན་པས་བྱིན་རླབས་ཆེའོ། །དེ་ཡང་མཁའ་སྤྱོད་པའི་ཞལ་ཆེམས་ལས། ང་ལ་དགེ་སྡིག་གི་རི་ལུ་གཉིས་ཡོད་གསུངས་པ་དང་། ལྕེ་སྣེར་འོད་ཟེར་སྣ་ཚོགས་འཕྲོས་ནས། དཀར་པོ་དང་ནག་པོའི་འོད་ཟེར་མང་པོ་བྱེད་པ་ཅིག་ཡོད་སྒམ་པོ་ལ་ཕུལ་གསུང་པ་སྒམ་པོ་པའི་རྒྱུད་ལ་མང་དུ་འཕེལ་ནས། དཀར་པོ་དགེ་བ་དང་། ནག་པོ་སྡིག་པ་བྱེད་པ་ལུང་བསྟན་པ་ཡིན་པར་མངོན་ལ། སྤྱན་གྱི་འགྱུར་


CMR004_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག །ཕྱག་གི་རྣམ་འགྱུར་སྐད་ཅིག་ཙམ་ཡང་བརྟག་སྒོ་མེད་པ་གཅིག་ཡོད་པ། ཁམས་ཤིལ་བྱིན་གསུང་པ་ནི་བྱ་བྲལ་བའི་རྒྱུད་རྣམས་བྱ་བརླག་མང་ཞིང་སྐུ་སྤྱོད་འཚུབ་པོ་འོང་བར་ལུང་བསྟན་པར་མངོན་ནོ། །དེ་ལྟར་གསུངས་པའི་ལུང་བསྟན་དང་མཐུན་པར་དྲུང་བྱ་བྲལ་ཁམས་ཤིལ་བའི་སྲས་ཆུང་བ་མགོན་པོ་རྒྱལ་ནི། དཔའ་རྒོད་སྐྱེན་གསུམ་འཛོམ་ཞིང་བཙན་དྲག་ཆེ་སྟེ། དམག་ཇག་ཁོ་ན་མཛད་པས། ཡུལ་གཞན་གྱི་བུད་མེད་རྣམས་ནོར་ཕྱུགས་ལ་དམོ་མོ་བྱེད་དུས། ནོར་མ་བའི་བུའི་ཁ་ན་རྒྱོབ་ཟེར་བ་བྱུང་། བོ་ཐོག་རྫོང་དང་དབི་རྫོང་བརྩིག་དུས་ཀྱང་སྐུ་མཆེད་མ་འཆམས་ནས། གོ་བཏར་ཞིང་རྫོ་ང་བརྩིག་དགོས་པ་བྱུང་སྟེ། ལྷ་རྒོད་རྒྱལ་གྱིས་ཁྱོད་གཡོག་མོའི་བུ་ཡིན་པས་ཕལ་མི་ཐོབ་ཟེར་ནས་བཙད་པས་ཀྱང་། བྱ་བྲལ་བས་ངའི་གདུང་རྒྱུད་གསེར་དང་འདྲ། གཏུམ་ས་དར་དང་རེ་བ་གར་བཏུམ་ཡང་གསེར་ཡིན་གསུངས་ནས་ཕྱེད་ཙམ་མགོན་པོ་རྒྱལ་ལ་ཤོར། ནོར་བུ་སྟག་འོག་རིང་བསྲེལ་ཕ་རས་པདྨ་ལྡེམ་ལྡེམ། རལ་གྲི་སྡིག་པ་སྲེ་ལེབ། དུང་ཡུ་མ། མཁའ་སྤྱོད་པ་ལ་འཁོར་ལོ་བདེ་མཆོག་གི་ཚད་དྲང་ཁ་གནང་བར་དྲག་པའི་ཤེལ་དཀར་དེ་རྣམས་མགོན་པོ་རྒྱལ་གྱིས་ཐོབ། ལྷ་


CMR004_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

རྒོད་རྒྱལ་གྱིས་ནོར་བུ་གནམ་ཆགས་པའི་དུམ་བུ། སྒམ་པོ་པའི་ཞྭ་ནག་ཁྱུང་གཤོག་གསེར་མདོངས་སྒམ་པོ་པའི་སྐུ་བསྲུང་རས་ཐུག་མ་རྣམས་ཐོབ། གསེར་གྱི་ཐམ་ཀ་མ་དུམ་ནས་བགོ་ཤོམ་བྱས་པས་མགོན་པོ་རྒྱལ་གྱིས་བློ་བཏོན་ནས་འདི་བགོས་ན་གཉིས་མེད་ཡིན། དེ་བས་སྤྱི་ཁ་ནས་ཆོས་བཞེངས་གསུངས་པ་ཞལ་འཆམ་ནས། གསེར་ཐམ་ཕྱི་ཤུན་གསེར་དེ་ལ་མདོ་བསྐལ་གཉིས། ནང་སྙིང་དངུལ་ལ་རྒྱས་འབྲིང་རྣམ་གསུམ་དབིའི་རྐག་ནག་ནས་གྲོ་བའི་སྡོང་པོ་གཅིག་ལ་འབུམ་ཆ་གཅིག་གི་གླེགས་ཤིང་འདང་བ་ཡང་རྙེད་པས་དངོས་གྲུབ་ཡ་མཚན་དུ་གྲགས། གཞན་ཡང་མགོན་པོ་རྒྱལ་ཉིད་ཀྱིས་དགྱེས་རྡོར་ལྷ་སྐུའི་གསེར་སྐུ། རྒྱུད་སྡེ་བཞིའི་གསེར་ཐང་ཆེན་པོ་གཅིག་བཞེངས། རྗེ་མོས་སྒྲོན་མ་ཉེར་གཅིག་གི་གསེར་ཐང་ཆེན་པོ་གཅིག་བཞེངས་སོ། །དེ་ནས་སྐུ་མཆེད་གཉིས་བླ་མས་གཏམ་རྒྱལ་གྱི་རྩེ་ན་དགྲ་བླའི་སྤུ་མཁར་བརྩིག་ས་ལ་བྱོན་དུས། ངེད་རང་གཉིས་རྟ་སུས་མགྱོགས་དབི་རིའི་རྩེ་དེ་ཐོབ་པ་བྱེད་གསུངས་ནས་བརྒྱུག་པས་མགོན་པོ་རྒྱལ་མགྱོགས་ནས། རིའི་རྩེ་ན་གསས་མཁར་བརྩིགས། ལྷ་རྒོད་རྒྱལ་གྱིས་དེར་བརྩིགས་པས་དེའི་རྟེན་འབྲེལ་གྱིས་ངོམ་སྟོད་པ་དར་


CMR004_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཆེ་ཞིང་གནས་མདོ་བ་རྒུད་པ་ཡིན་ཟེར་ཏེ། ཕྱིས་རྒྱ་ར་བ་ཕེབས་ནས་ནང་བཟང་བའི་རྟེན་འབྲེལ་སོགས་ལ་དགོངས་ནས་གསས་མཁར་ཕྱོགས་གཅིག་ཏུ་བྱས་པ་ཡིན་ནོ། །སྡོང་མགོན་པོ་རྒྱལ་ལ་སྲས་གསུམ་སྟེ། དཔོན་ཨ་བསོད་པ། མི་དཔོན་ཀརྨ་ཝ། མགོན་པོ་ལྷུན་གྲུབ་དང་གསུམ། མི་དཔོན་ཀརྨ་ཝ་ནི་ཚེ་སྟོད་གདན་ས་རབས་ཀྱི་དཔོན་སྐྱ་མཛད་པས་མི་དཔོན་ཀརྨ་བ་ཟེར། འདིའི་རིང་ལ་དབུས་ནས་གུ་རུ་ཆོས་དབང་གི་གདུང་རྒྱུད་སྒར་པ་གཅིག་བྱོན་པའི་ཕྱག་ནས། སངས་རྒྱས་འོད་སྲུང་གི་ཚེམས་དུང་བསམ་ཡས་མཆིམས་ཕུའི་གཏོར་མ་ངོ་མཚར་ཅན་གཅིག་འབུལ་གནང་བྱས་པ་ད་ལྟ་ཡང་ཡོད་པ་འདི་ཡིན། མི་དཔོན་ཀརྨ་ཝའི་སྲས་ལ་སྡེ་པ་ཁྲོམ་ལོད་ཨ་ནུ་ཨ་རྒྱས། ཨ་ནུ་བླ་མ་སྔོ་བྷ་བ་རྣམས་བྱུང་། ཨ་ནུ་བླ་མ་སྔོ་བྷ་བ་ནི་ཆོས་ལུགས་ཀརྨ་བཀའ་བརྒྱུད་ཡིན་ཏེ། རྒྱལ་མོ་ཞོ་ཁྲོམ་གྱིས་མགུལ་དུ་རི་ཁྲོད་དང་མཚམས་སྒྲུབ་མཛད་ཅིང་། གདན་ས་བར་པ་དང་ཐུགས་ཡུན་ཤིན་ཏུ་མཐུན་པས་གདན་ས་བར་པའི་རྫིས་ཕ་མཉམ་དུ་བང་རིམ་ན་ཡང་ཤོག་རེ་བཞུགས་ཆོས་རྣམ་པར་དག་པ་མཐར་ཐོན་པ་ཅིག་བྱུང་སྟེ། ཁོང་བླ་མ་ཡི་ཐོབ་སྐལ་ནི་དབིའི་འདམ་ཡིན་པས། སྟོན་སེར་བ་


CMR004_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་དུས་ངའི་བའི་འདམ་ན་མ་འགྲོགས་གསུངས་པས་ཆོག་པ་ཡིན་ཟེར། ཨ་ནུ་ཨ་རྒྱས་ནི་དེ་དུས་སྐབས་ཀྱི་ངོམ་སྟོད་སྤྱིའི་དབང་བཟུང་དེས་ཆོག་པ་མི་བརྒྱ་ཁ་གཅིག་འདྲ་བ་ཡོད་དེ། ཆབ་མདོའི་གླིང་སྟོད་ནུབ་གླིང་འཁྲུག་ནས་ངོམ་པ་དང་སྐྱོང་ཡུལ་བ་ཐུག་དུས་ཀྱང་སྐྱོང་ཡུལ་བ་དམག་མང་ནས་དམིགས་ཚད་མ་ཚུགས་ནས། ངོམ་པ་ཤག་ཤོམ་བྱས་དུས་ཡང་ཨ་རྒྱས་ཀྱིས་ཐག་བཅད་ནས་རུག་པས། ངོམ་པ་ཆུས་རྒྱལ་བ་ཡིན་ཟེར། རྟ་མགྲིན་ནག་པོ་དང་བདེ་མགོན་སོགས་ལ་དུང་གཉིས་ལྷག་ཐོན། མགོན་པོའི་རྒྱུད་པོ་ཏི་གཅིག །བཀའ་རྒྱུད་གསེར་ཕྲེང་ཞལ་ཐང་འགའ་རེ་བཞེངས། ཐོས་པ་ཆེ་ཞིང་ཉམས་ལེན་བཟང་བས་འདས་དུས་ཐུགས་དམ་ཡུན་རིང་དུ་ཟིན། དབུ་བུམ་རིལ་བྱོན་ཟེར། ཨ་རྒྱས་ཀྱི་སྲས་པོ་བསོད་ནམས་རྒྱས་ཁྲོ་བོ། ཆོས་བཀྲ་པདྨ་རྒྱས་འབྱུང་། བསོད་ནམས་རྒྱས་ཀྱི་སྲས་པོ། རྟ་མགྲིན་རྒྱལ། གུ་རུ་རྒྱལ། བེ་རི་གསུམ་ཡིན། བེ་རི་ནི་སྡིག་པ་ལ་མ་འབག་ཅིང་ཡིག་དྲུག་དུང་ཐོན་ནས་འདས་དུས་ཀྱང་འཕོ་བ་ཐེབ་པའི་སྟག་ནམ་མཁའ་ལ་འཇའ་ཚོན་གྱི་གུར་ཅུང་ཟད་གསལ་བ་ཞིག་འདས་མ་ཐག་ཏུ་བྱུང་། རྟ་མགྲིན་རྒྱལ་ནི་རཏྣ་སངས་རྒྱས་ཕུན་


CMR004_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དང་ཀརྨ་བསྟན་འཕེལ་སོགས་བླ་མ་མང་པོ་བསྟེན། གུ་རུ་ཞི་དྲག་རྟ་མགྲིན་ཕུར་པ་ཚེ་སྒྲུབ་ཞལ་བཞི་པ་སོགས་ལ་བསྙེན་པ་ཐུགས་དམ་རྔ་བརྡུང་མ་ཆད་པར་མཛད་པས། ཁོང་དང་འགྲས་པ་ཕལ་ཆེར་བརླགས་ཤིང་འདས་དུས་ཀྱང་ཐུགས་དམ་བརྟན་པོ་ཟིན། གདུང་བཞུས་པས་རིང་བསྲེལ་ཡུངས་ཀར་ལྟ་བུ་ངོ་མཚར་ཅན་གཉིས་དང་ཤ་རི་རམ་བྱོན་ནོ། །གུ་རུ་རྒྱས་ནི་མནའ་གཞུང་ཆེད་ལ་བརྩེན་ཞིང་དཔའ་བརླིང་ཆེ་བས། སྡེ་ཆེ་བཞི་ཐམས་ཅད་ཀྱི་རྩི་འཇོགས་དངའཇིག་རྟེན་ངོས་ཀྱི་གྲགས་པ་ཆེ་ཞིང་། ངོམ་སྟོད་ཐའི་སྤྱི་དཔོན་ལྟ་བུ་ཡིན། དབིའི་མདའི་མཁར་གསར་དུ་བརྡུང་། རྣ་བ་ཐོས་པ་ཆེ། གདུང་རྒྱུད་ཡིན་རྟགས་དམ་ཅན་གྱིས་སྡོང་གྲོགས་རྟགས་གསལ་པོ་ཡོད། གུ་རུ་རྒྱས་ཀྱི་སྲས་པོ་ཚེ་དབང་རྡོ་རྗེ། རྟ་མགྲིན་རྒྱལ་གྱི་སྲས་པོ་ཚེ་ཟུང་ལྷ་སྲུང་ཨ་མགོན་གསུམ་ཡིན་ནོ། །བེ་རིའི་ཐོན་བུ་སྐྱ་རྡོག་ཡིན། བུ་དྲུང་ནི་མེད་དོ། །སྡེ་པ་ཁྲོམ་མདོ་ནི་རྙིང་མ་དང་བདེ་མགོན་ལ་ཐུགས་དམ་མཛད། ཐུགས་སྒྲུབ་ཀྱི་པོ་ཏི་གཅིག་བཞེངས། རྒྱུན་དུ་རྔ་བརྡུང་སོགས་མཛད་པས་མཐུའི་གྲགས་པ་ཐོབ་ཅིང་བེར་མགོན་གཉིས་དང་དམ་ཅན་གྱི་ལྷ་རྟགས་གསལ་པོ་ཡོད་དོ། ཁྲོམ་ལོད་ལ་སྲས་མེད་


CMR004_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

པས་། ཨ་རྒྱས་ཀྱི་ཁྲོ་བོ་བཞག །ཁྲོ་བོའི་བུ་ལ་ཚེ་དབང་རྣམ་རྒྱལ། ཆོས་སྐྱོང་བཀྲ་ཤིས་དང་གཉིས། ཚེ་དབང་རྣམ་རྒྱལ་ནི་དཔའ་རྒོད་འཛོམས་པ་དང་འཇིག་རྟེན་དངོས་ཀྱི་བཙན་དྲག་ཆེ་བས། དེ་དུས་ཀྱི་ངོམ་སྟོད་པའི་སྤྱི་དཔོན་འདྲ་བ་བྱུང་ཟེར། ཚེ་དབང་རྣམ་རྒྱལ་སྲས་པོ་མགོན་ལུ་གཉིས་ཡིན། བུ་ཆེ་འོག་གཅིག་དང་ཆུང་བ་སྤུ་ལུ་གཞོན་ནུ་ནས་འདས། ཆོས་སྐྱོང་བཀྲ་ཤིས་ཚེ་སྟོད་གདན་ས་བར་བའི་དཔོན་སྐྱ་དེས་ཆོག་པ་བྱུང་། ཚེ་སྨད་སྔགས་ཆོས་རྔ་བརྡུངས་བྱས་པས་ཐམས་ཅད་དགེ་སྦྱོར་ཆེར་མེད་ཀྱང་ལྷ་རྒྱུད་རེད་པས་འབྲིམ་ཁ་ཚ་ཞིང་ཕན་ཐོགས་ཆེ་བ་བྱུང་ཟེར། ཆོས་སྐྱོང་བཀྲ་ཤིས་ཀྱི་སྲས་པོ་ཐོབ་ལེབ་བན་སྡིས་གཉིས་ཡིན། ཐོབ་ལེབ་ཆབ་མདོ་ན་བཞུགས། བན་སྡེས་བུ། བཀྲ་ཤིས་འབུམ། ཨོ་རྒྱན། ཨ་འབུམ། ཚེ་འབུམ། ཚེ་དབང་འབུམ་རྣམས་ཡིན། ཨ་བསོ་པའི་སྲས་པོ་ས་མདོ་དཔོན་ཡིན། རི་བོ་ཆེའི་དཔོན་སྐྱ་མཛད་ཅིང་བཙན་གྲགས་ཆེ་བ་བྱུང་ཟེར། ས་མདོ་དཔོན་ལ་བུ་མེད། མི་དཔོན་མགོན་པོ་ལྷུན་གྲུབ་ནི་དཔའ་རྒོད་འཛོམ་ཞིང་མདའ་ཤིན་ཏུ་སྐྱེན་པ་གཅིག་བྱུང་སྟེ། འདིས་རི་དྭགས་བསད་པས། དེའི་མི་རྒྱུད་ལ་འཇིགས་པ་གཅིག་


CMR004_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་སྟེ། མཁའ་སྤྱོད་པའི་ལུང་བསྟན་སྡིག་པའི་རི་ལུ་དེ་ཡིན་པར་མངོན་ནོ། །མགོན་པོ་ལྷུན་གྲུབ་ཀྱི་སྲས་ལ། སྡེ་པ་ར་ལུ་དང་ཁེ་ཚ་དཔོན་ཡང་ཟེར་ཨ་ཁུ་ཚ་བོ་ཡང་ཟེར་བ་དེ་དང་། ར་ལུའི་སྲས་པོ་དཔོན་ཁྲོ་བ་ནི། ལོ་རེ་རེ་བཞིན་གཏམ་རྒྱལ་མཆོད་བསྟོད་ལ་བློ་ཕུགས་གཏད། རྒྱུན་དུ་ཕྱག་བཞི་པ་ལ་གསོལ་འདེབས་བྱེད་པས། རི་དྭགས་དང་སྡིག་པ་ཆེ་ན་ཡང་གདུང་རྒྱུད་རེད་པས་མགོན་པོ་དང་དམ་ཅན་གྱི་ལྷ་རྟགས་དག་སྣང་འོང་བ་ཡིན་ཟེར། དཔོན་ཁྲོའི་སྲས་པོ་གཅོད་པ་ཀརྨ་གཉིས་ཀརྨ་དཔའ་རླུང་ཆེ་བར་ཡོད་ཀྱང་སྔར་ནས་འདས། ཀརྨའི་སྲས་པོ་ལྷུན་གྲུབ། ལྷུན་གྲུབ་སྲས་པོ་དྲུང་ནི་ཚེ་དབང་དོན་གྲུབ་ཐོན་བུ་ཚེ་རིང་གཉིས་ཡིན། གཅོད་པ་ནི་ཀརྨ་བསྟན་འཕེལ་དང་། ཚེར་ལུང་བ་ལ་ཁྲིད་ཞུས་པས་ཉམས་རྟོགས་སྐྱེས་ཡིག་དྲུག་དུང་གཉིས་ཟིན་ཙམ་ཐོན་པས་དུང་སོ་སྐྱེས། མཚན་ཆུང་ཡང་གུ་དྲག་ལ་ཁ་ཐོན་མཛད་ཅིང་ཆོས་སྣང་ཆེ་དམ་ཅན་གྱི་ལྷ་རྟགས་ཡོད། གཅོད་པའི་སྲས་པོ་དོན་གྲུབ་སྔར་ནས་འདས། གསེར་འོད་རྒྱུས། གྲྭ་རྔ་འབུམ། རྣམ་སྲས་མགོན་པོ། མགོན་པོ་རྒྱལ། དབང་ལུ་འབུམ་དང་དྲུག་ཡིན། ཨ་ནུ་ཡོན་བདག་གི་བུ་ལ་གསེར་འོད་རྒྱས་ཟེར་བ་གཅིག་


CMR004_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། དེའི་སྲས་ལ་ཤེས་རབ་ལྷུན་གྲུབ་དང་ཇ་ལུ་འབུམ་ལུ་རིན་ཆེན་ལྷུན་གྲུབ་ནོར་བུ་དང་ལྔ། ཤེས་རབ་ལྷུན་གྲུབ་ཚེ་སྟོད་སྤྱི་པོ་ཡེ་གང་ན་ཀ་ནམ་སྡེ་ཕའི་དཔོན་གཉེར་གོ་ཆོད་བྱུང་། ཇ་ལུ་ནི་ཚེ་སྨད་ལ་འབྲུག་པའི་རྟོགས་ལྡན་མཛད་ནས་རི་ཁྲོད་བཟུང་། དེ་བཞི་པོ་ལ་རྒྱུད་མེད། ནོར་བུའི་བུ་ཀླུ་རྒྱལ་དང་དཀར་ཚེ་གཉིས་ཡིན་ནོ། །ཁོ་ཚ་དཔོན་ནི་རི་བོ་ཆེ་ཕའི་དཔོན་སྐྱ་མཛད་པ་མིང་ཐོགས་བུ་དྲུང་ནི་མེད་བསུས་བུ་ལ་ཆོས་སྐྱོང་རྒྱལ་བྱུང་སྟེ། ལྕེ་དིག་པས་ཨ་ནུ་ཁ་དིག་ཟེར། དང་པོ་བུ་རྩིས་མེད་ཅིང་ཨ་ནུའི་མིང་ཆེར་མ་ཐོག་པ་ལ། །གཡུལ་ངོ་གཅིག་ན་མི་དཔོན་གཅིག་བསད་པས་དཔའ་རྒོད་ཆེ་བའི་གཡེར་ཐོབ་ནས། ངོམ་པ་སྤྱིའི་གྲོས་ཁོག་ནས་ཨ་ནུའི་གྲར་བཙུད་ནས་ཕ་ཞིང་མཚོན་ཙམ་བྱིན་པས། བསོད་ནམས་དང་དབང་ཐང་ཇེ་ཆེར་སོང་ནས་པོ་དོག་གིས་རྫོང་ས་ཞིང་དང་བཅས་པ་ཉོས། དངུལ་འབུམ་རྒྱས་འབྲིང་བཞེངས། ཡིག་དྲུག་དུང་བཏོན་པ་སོགས། ཆོས་འཇིག་རྟེན་གཉིས་ཁ་ལ་དབང་ཐང་ཆེ་བར་བྱུང་། དེའི་སྲས་པོ་མདོ་རྒྱུས། པད་རྒྱས། དམར་མགོན། སྔོ་མ། ཅོད་ལུ། ལོར་ཝོར་དང་དྲུག་བྱུང་། མདོ་རྒྱས་ནི་སྨན་དཔྱད་ལ་ཤིན་ཏུ་མཁས་པས།


CMR004_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་ཡང་རིན་ཆེན་སོགས་འགའ་རེ་བྱུང་། བུ་ནི་མེད་པས་ལོངས་སྤྱོད་གནས་ཆེན་པ་འདྲ་བ་ཡོད་པ་ཕལ་ཆེར་ཆོས་ཕྱོགས་ལ་བཏང་། པད་རྒྱས་ནི་འཇིག་རྟེན་གྱི་དཔའ་རྒོད་བློ་རྩལ་ཆེ། རོ་ལོའི་མཁར་གསར་དུ་བརྡུང་། བླ་མ་ཡང་མང་དུ་བསྟེན་ཡིག་དྲུག་དུང་ལྷག་ཙམ་བཏོན། འདོན་མི་རྒྱུན་དུ་བཞག་པ་སོགས་ཆོས་འཇིག་རྟེན་གཉིས་ཀའི་བློ་རྒྱ་ཆེ། པད་རྒྱས་སྲས་པོ་གཉིས་ཏེ། གྲྭ་རྔ་ནི་སྨན་དཔྱད་མཁས་ཤིང་ས་རིས་སྔགས་ཆོས་སོགས་ཤེས་པས། བེ་རི་རྒྱལ་པོ་སྐུ་མཆེད་ཀྱི་བླ་སྨན་ཡང་མཛད། གཞོན་ནུ་ནས་འདས། ཚེ་རིང་འབུམ་ནི་ལུགས་གཉིས་ཀྱི་ཤེས་རྒྱ་ཡོད་ཅིང་། རྗེ་ཞྭ་དམར་བ་དང་འབྲུག་པ་སོགས་མང་པོ་ལ་ཁྲིད་ཞུས་པས། ཉམས་རྟོགས་བཟང་པོ་འཁྲུངས་ཡིག་དྲུག་དུང་ཕྱུར་མང་པོ་ཐོན་ནོ། །ཚེ་རིང་འབུམ་གྱི་བུ་ནི། མགོན་པོ་ཚེ་བརྟན། མགོན་སྲུང་། ཡ་མ་ཐར་གསུམ་ཡིན་ནོ། །མགོན་པོ་ཚེ་བརྟན་གྱི་སྲས་ལ་གཏེར་སྟོན་མི་འགྱུར་རྡོ་རྗེ་འཁྲུངས་ཏེ། གནམ་ཆོས་པོ་ཏི་བཅུ་གསུམ། དགོངས་གཏེར་སོགས་བཀའ་བབ་ཅིང་། ཨ་ནུ་པད་དབང་གི་སྲས་ཀརྨ་ཆགས་མེད་དང་། འདི་པ་དཔོན་སློབ་གཉིས། མཁའ་སྤྱོད་པའི་གདུང་རྒྱུད་ཀུན་གྱི་ནང་ནས་


CMR004_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

འགྲན་ཟླ་མེད་དེ་བསྟན་པ་དང་ཆོས་རྒྱུད་ཀྱི་བོད་ལྗོངས་ཀུན་ཏུ་ཁྱབ་ཅིང་ནུབ་པ་མེད་པའི་འགྲོ་དོན་ཕྲིན་ལས་ཆེའོ། །ཨ་ནུ་ཁ་དིག་འདི་གདུང་རྒྱུད་ཡིན་མིན་ཟེར་བ་བྱུང་གདའ་སྟེ་པོ་དོང་པ་འདི་ཚང་ལ་དམ་ཅན་འཁོར་བའི་ངེས་ཤེས་གདའ་བ་དང་། ཨ་ནུ་པད་རྒྱས་ཆང་གིས་བཟི་ནས་རྟ་ནས་བྲུལ་དུས་དམ་ཅན་བུ་ཆུང་གཅིག་ཏུ་སྤྲུལ་ནས་རྟ་བཟུང་ནས་དངོས་སུ་རྟ་ཁ་བྱས་རབ་གདའ་བས། གདུང་རྒྱུད་ཡིན་ངེས་རེད་ཅེས་ཨ་ནུ་པད་དབང་གིས་གསུངས་པ་ཐོས། བྲག་དམར་བ་ནི་མཁའ་སྤྱོད་པའི་གདུང་རྒྱུད་ནི་མིན་ཏེ། སྡོང་གྲོགས་ནག་གི་བུ་རྣམས་ས་བགོས་བྱས་དུས། བུ་ཆུང་བ་གཅིག་གིས་ང་ཁྱི་ཤ་ཁུལ་ཐ་རེ་བ་གཅིག་ན་འདུག་འོད་ཟེར་ནི་བྲག་དམར་བསྡམ། དེའི་རྒྱུད་པ་སྒམ་པོ་བ་དང་དུས་མཉམ་གནམ་སྐྱབས། བྱ་བྲལ་བ་དང་དུས་མཉམ་གནམ་སྐྱབས་བུ་དྲུག་ཟེར་བའི་དཔའ་རྒོད་སྐྱེན་གསུམ་འཛོམ་པ་བྱུང་ནས། ས་སྒང་གདན་ས་བ་དང་ངོམ་སྟོད་བྱ་བྲལ་བ་གཉིས་ཀའི་དགྲ་བརྡུང་གི་ཐོ་བ་བྱེད་པ་བྱུང་། དེ་ནས་བྲག་དམར་ཤོག་ལྔ་ཟེར་བའི་ཕ་སྡེ་ཆེན་པོ་འཕེལ་ཏེ། བྲག་དམར་ཨ་ནུ་རང་བཞིན་ཟེར་བ་བྱུང་། དེ་ནས་ནང་འཛིན་གིས་འགའ་རེ་འཐོར། འགའ་རེས་མནའ་ཟོས་


CMR004_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

པས་མི་རྒྱུད་མང་པོ་ཡན་ཆད་ནས་ཉུང་དུ་སོང་། དུས་ཕྱིས་འབྱུང་ལ་ཨ་ནུ་གསེར་འོད་རྒྱས་ཟེར་བའི་དཔའ་རྒོད་སྐྱེན་གཅིག་བྱུང་སྟེ་སིདྷུ་མི་འཁྲུགས་གོ་ཆའི་དྲུང་སྐོར་ཡང་བྱས། དེ་དུས་ནང་ཆེན་པའི་དམག་བྱུང་བ་ལ་ཆུས་ཉེས་མི་གཅིག་གིས་བཏང་ནས། དཔའ་གཡེར་ཆེན་པོ་ཐོབ་སྟེ། ཕྱིས་ཨ་ནུ་དེ་བྲག་དཀར་འཛོང་གི་བཙན་ལ་སྐྱེས་ནས་བུ་ཚ་རྒྱུད་ཀྱི་ཁ་འཛིན་བྱེད་པ་ཡོད་ཅེས། སི་ཏུ་མི་འཁྲུགས་གོ་ཆས་གསུངས་སྐད། སྔར་ངོམ་སྟོད་པའི་སྡེ་པ་རྣམས་གདན་དམར་དང་སྐད་ཆ་དཀར་ཡོལ་ཁུར་ནས་འབྱོན་ནས་མར་གྱུ་བྱེད། བྲག་དམར་བ་ལ་ལས་ཀའི་ཐོབ་མེད་ཅིང་གཤགས་དྲལ་ཡོད་པས། ཁ་དགྲ་བྱས་ནས་ཁྱེད་བྲག་དམར་བའི་ལས་ཀའི་སྐད་ཆ་དཀར་ཡོལ་གདན་ཡོད་ཟེར་བས། ལྕགས་སྡེར་གཅིག་འབེན་ལ་བཙུགས་ནས། སྟན་ཐོག་ནས་གཞུ་ཕྱེད་འཐེན་གཅིག་བྱས་ཏེ་བརྒྱབས་པས། མདའ་ལྕགས་སྡེར་མ་སྒྲོ་བཅང་གཅིག་བྱས་ནས། ངའི་ལས་ཀ་སྐད་ཆ་འདི་ཡིན་ཟེར། དྲག་ནས་འབར་གྱི་མི་ཚུགས་ནི་བརྩི་རྒྱུད་མེད་ཀྱང་། ཕོ་རྒོད་རྒྱུད་དང་། མདའ་སྐྱེན་རྒྱུད་དང་། ནོར་ཕྱུགས་རྒྱུད་ནི་མ་ཆད་པ་བྱུང་གདའོ། །བརྡའ་དབྱིག་ཨ་ནུ་ནི་རུས་པ་གླིང་ཚང་ཡིན་པ་དང་། གཞན་རྔ་ཟོར་


CMR004_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ནུ་ཟེར་བ་སོགས་ཨ་ནུའི་རིགས་འཐོར་ཡན་མང་པོ་གདའ་བ་ནི་ངོམ་པ་དང་རུས་མི་གཅིག །གདོང་རིགས་ནི་ཡིན་ནོ། །ཟོ་ཇིས་གྱི་ལྡོང་ཚང་དང་ལྡོང་བུ་རྣམས་ནི་སྨུག་པོ་སྡོང་ཡིན་ཏེ། ལྷ་གདོང་དཀར་པོ་ཡིན་པས། རུས་ཆེན་སྡོང་ཡིན་ཀྱང་ངོམ་པ་དང་རུས་མི་གཅིག་གོ། ༄༅། །དེ་ཡང་ངོམ་རྗེ་རྒྱལ་པོ་ཞེས་བྱ་བ་ངོམ་ཡུལ་གྱི་སྤྱི་རྗེ་མཁའ་སྤྱོད་པའི་ཁྲི་དམར་དང་རྒྱལ་ས་ལ་དབང་བསྒྱུར་བ་ནི། སྐྱེ་ངོམ་གྱི་སྡེ་ཕ་རྣམས་ཡིན་ཏེ་དེ་ཡང་ཨོ་རྒྱན་རིན་པོ་ཆེའི་བཀའ་མ་འོངས་ལུང་བསྟན་ལས། ཁམས་ཀྱི་ཕྱོགས་སུ་རྒྱལ་མཚན་མཐའ་ཅན་ཏེ། །རྒྱལ་ཕྲན་ཆོས་དང་མཐུན་པ་དུ་མ་འབྱུང་། །སངས་རྒྱས་བསྟན་ལ་ཕན་པ་དུ་མ་འབྱུང་། །ཞེས་ལུང་བསྟན་པ་ནི། མཁའ་སྤྱོད་པ་ནམ་མཁའ་རྒྱལ་མཚན་དང་། སྲས་སྒམ་པོ་པ་ཆོས་ཀྱི་རྒྱལ་མཚན་དང་། སྡོང་རིན་ཆེན་རྒྱལ་མཚན་སྐུ་མཆེད་གཉིས་དང་། ཚ་བོ་གདན་ས་ཝ་ཤཱཀྱ་རྒྱལ་མཚན་མྱོས་དབོན་བཞི་པོ་ནི། རྒྱལ་མཚན་མཐའ་ཅན་ཡིན་ལ། རྒྱལ་ཕྲན་ཆོས་དང་མཐུན་པ་དུ་མ་འབྱུང་གསུང་པ་ནི། དུས་ད་ལྟའི་བར་དུ་ཡབ་མྱེས་ཀྱི་རྣམ་ཐར་སྲིད་ཆོས་དང་མཐུན་པར་བསྐྱང་བའི་སྡེ་པ་རིམ་པར་བྱོན་པ་ཐམས་ཅད་


CMR004_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་མངོན་ནོ། །སངས་རྒྱས་བསྟན་ལ་ཕན་པ་དུ་མ་འབྱུང་གསུང་པ་ནི། མཁའ་སྤྱོད་པ་ཡབ་སྲས་རྣམ་རྒྱལ་དགོན་དང་དགའ་བདེ་ལྷུན་གྲུབ་དགོན་སོགས་ཀྱི་དགེ་འདུན་གྱི་སྡེ་བཙུགས་གཙུག་ལག་ཁང་བཞེངས། རྒྱ་ནག་རྒྱལ་པོ་ལ་དབང་བསྐུར་མཁའ་སྤྱོད་པའི་རིགས་རྒྱུད་ཆོས་བརྒྱུད་བྱ་བྲལ་བ་དང་ངོམ་བླ་ཆེ་ཆུང་སོགས་ཆོས་བྱེད་པ་ཡང་མང་དུ་བྱུང་ཞིང་། གུ་རུ་ཞོམ་གྱི་དགོན། ཏིང་འཛིན་རྩེའི་སྒྲུབ་སྡེ། སྤ་སྐྱའི་དགོན། ཉ་ཁམས། རྨོ་མདའ། བྲག་ཐོག །ཆུ་མཁར། གཡོ་མདའ་སོགས་སུ་ལུང་ཕྱོགས་རིས་མེད་པའི་དགོན་ཆེ་ཆུང་མང་དུ་བཏབ། བུམ་སྒྲུབ་དང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་པ་རྣམས་ཡིན་པར་མཁྱེན་ནོ། །དེ་ལ་མཁའ་སྤྱོད་པའི་སྲས་རིན་ཆེན་རྒྱལ་ནི་མཁའ་སྤྱོད་པའི་ཞལ་ཆེམས་ལས་ཞལ་འདི་ལ་མ་གཅིག །ལུས་འདི་ལ་རེ་བ་གཅིག །ཕྱག་འདི་ལ་ཕྲེང་བ་གཅིག་དང་གསུམ་ཡོད་པ། ཕ་སྡེ་བརྡུང་བའི་ཐོ་བ་གཞན་སུ་ལ་ཞེན་ཡང་ང་ལ་ནི་བཟང་དུ་གྱུར་པ་དང་། བཞག་ར་ལྷ་རྩེ་རིན་ཆེན་རྒྱལ་མཚན་ལ་ཕུལ། ང་དགེ་སྦྱོར་འདི་བྱུང་ནས་མཁའ་སྤྱོད་དུ་འགྲོ་བ་འདི་ཁྱོད་ཀྱི་དྲིན་ཡིན་གསུང་པ་ལྟར། རིན་ཆེན་རྒྱལ་མཚན་འདི་ནི་མེ་ཉག་གཞི་


CMR004_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གཞག་ར་ལྷ་རྩེའི་སྤྲུལ་པ་ཡིན་ཏེ། དཔའ་བོའི་རྟགས་མ་ཆུང་དུས་ནས་བླངས། རྣ་གཞུང་གཞུངས་བཟང་བ་རྩོད་ལ་བརྩོན་པས། དཔལ་རྩལ་སྟོབས་དང་ལྡན་ཏེ་། ནང་གི་ཕ་སྡེ་ནི་ཚ་བོ་བྱ་བྲལ་བ་དང་ཕ་སྤུན་བྲག་དམར་བ་སོགས། ཕྱིའི་ཕ་སྡེ་ནི་གཞི་སྡོང་གནམ་འོག་མཐོ་བར་ཡོད་པ་ཐམས་ཅད་ཟིལ་གྱིས་གནོན་ནས་མགོ་བཀྱག་དབང་མེད་པས་ཕ་སྡེ་བརྡུང་བའི་ཐོ་བ། ཧ་ཅང་བཙན་དྲག་ཆེ་བས་དམག་དང་ཁྲིམས་གཅོད་མང་པོ་མཛད་པས། དེ་ལ་མཁའ་སྤྱོད་པའི་སྙན་གྱིས་མ་ཚུགས་པ་ལྟ་བུ་བྱུང་ནས། མཁའ་སྤྱོད་པ་ཡུལ་མི་གཅིག་པ་དགུ་ལ་རྣ་ཡོལ་འདྲ་བར་འབྱོན་དགོས་བྱུང་བས། འོ་བརྒྱལ་བྱུང་སྟེ་ལུས་ལ་རེ་བ་མཁའ་སྤྱོད་པ་རི་ཁྲོད་གར་བྱོན་དུ་ཞལ་ལ་ཕན་པའི་སྒྲུབ་བརྒྱགས་བཀུར་ནས་ཕན་ཐོགས་པས། ཞལ་ལ་མ་གཅིག་དེས་ཐུགས་དམ་འཕེལ་བས་ཕྱག་ན་ཕྲེང་བ་གཅིག །སྔར་ངོམ་པ་དང་འགྲས་པའི་དགྲ་མང་པོ་ཡོད་པ་ཐམས་ཅད་རིན་ཆེན་རྒྱལ་མཚན་གྱིས་དམག་ཁོ་ན་མཛད་ནས་བཏུལ། གོ་འཇོ་རྒྱལ་པོ་ལ་སྔར་དཔོན་ཁུར་དགོས་པ་ཡང་རིན་ཆེན་རྒྱལ་མཚན་གྱི་ངོར་ལངསྟེ་་ཡ་བོ་བཟུང་། ཕྱི་ཡི་དགྲ་གཞི་ཐམས་ཅད་བཏུལ་བ་བདུད་ལྟ་བུ་ཞིག་ཚར་


CMR004_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བས། མཁའ་སྤྱོད་པ་ཡང་འཇིག་རྟེན་ངོས་ལ་ཐུགས་འཕྲེང་མ་དགོས་པར་བྱ་བཏང་མཐར་ཕྱིན། སྒྲུབ་པ་རྩེ་གཅིག་མཛད་ཆོག་པ་བྱུང་བས། གཞན་སུ་ལ་ངན་ཡང་མཁའ་སྤྱོད་པ་ལ་བཟང་རེད་ནས། མཁའ་སྤྱོད་པ་མཁའ་སྤྱོད་དུ་འབྱོན་པ་རིན་ཆེན་རྒྱལ་མཚན་དྲིན་ཆེན་བ་གསུངས་པ་ཡིན་ནོ། །རིན་ཆེན་རྒྱལ་མཚན་ནི་དཔའ་རླངས་ཆེ་ཞིང་དཀོན་མཆོག་ལ་དད་པ་ཡང་ཆེ་བས། དངུལ་གྱིས་བཀའ་འགྱུར་རོ་ཅོག་ཚར་གཅིག་སྐྱ་ཆོས་ཀྱི་བསྟན་འགྱུར་ཚར་གཅིག་བཞེངས་སོ། །གཡོ་སྟོད་སོགས་སུ་རྫོང་འགའ་རེ་ཡང་བརྡུང་ཟེར། གཡོ་སྟོད་དུ་ཨ་མྱེ་རྨུ་ཟོམ་འོག །འདག་པའི་སྒོ་མཁར་གཉིས་རེད་ཅིང་རྨུག་ཟོམ་མགོའི་རྫོང་ཨ་མྱེ་མཆེད་པས་སྒོ་མཁར་བརྡུང་བ་རེད། སྡོང་རིན་ཆེན་རྒྱལ་མཚན་འདི་བཞག་ར་ལྷ་རྩེའི་བརྫུན་བུ་ཡིན་ཟེར་བ་མི་བདེན་ཏེ། འདི་མཁའ་སྤྱོད་པའི་སྲས་ཡིན་པའི་ཕྱིར་རོ། །རིན་ཆེན་རྒྱལ་མཚན་འདི་ནི་གཉན་ཆེན་པོ་ཐང་ལྷ་ཡར་བཞུད། མེ་ཉག་ཡུལ་ནས་ཡར་དབུས་སུ་བཞུད་དུས། ནུ་བོ་གཅིག་ཡོད་པ་བཞིག་ཨེ་བྲ་སྨྲས་པ་དང་། བཞག་བྲ་ནས་བཞག་པས་བཞག་ར་ལྷ་རྩེ་ཟེར་བ་དང་། ལོ་ཡ་མེ་ཉག་རབ་སྒང་ན་བཞུགས། ལོ་ཡ་དབུས་སུ་མཆེད་པོའི་རྩར་བྱོན་པས།


CMR004_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ནས་འཕེན་ཡུལ་དུ་སོང་ན་བཞག་ར་ལྷ་རྩེ་དངོས་སུ་འབབ་དུས་སྐད་གཅིག་ཁམས་སྐད་བྱེད། རྒྱ་ཛ་ཁམས་པའི་འབབ་ཟེར་ནས་ཁ་ནས་ཇ་ཐེབ་རེ་ཙམ་དངོས་སུ་འདོན་ནས་སྦྱིན། ལེགས་ཉེས་ཅི་འོང་ཐམས་ཅད་བཤད་པ་ཤིན་ཏུ་ཐིག །བཙུན་པ་རྣམས་ལ་ཁ་དད་ཆོས་བཤད་བྱེད་ར་ཡོད་པ་སྟེ། རིན་ཆེན་རྒྱལ་མཚན་ནི་དེའི་སྤྲུལ་པ་ཡིན་པར་གསུངས་པས། སྐྱོང་ངོམ་སྡེ་པ་རྣམས་ལ་བཞག་ར་ལྷ་རྩེའི་ཁ་འཛིན་བྱེད་པ་ཡིན་ནོ། །རིན་ཆེན་རྒྱལ་མཚན་ལ་སྲས་གཉིས་ཡོད་པའི་ཆེ་བ་ནི་ཤཱཀྱ་རྒྱལ་མཚན་ཡིན། དཀོན་མཆོག་ལ་དད་པ་ཆེ་བ་ཆོས་སྤྱོད་བཅུ་ལ་བརྩོན་པ་གཅིག་བྱུང་སྟེ། རབ་ཏུ་བྱུང་ནས་མཁའ་སྤྱོད་པའི་གདན་ས་མཛད་པས་བླ་མ་གདན་ས་བ་ཟེར། ལྷ་ཁང་དང་མགོན་ཁང་གི་ལྷ་བཞེངས་འཕྲོ་རྣམས་བཞེངས་ནས། དབུས་སུ་འབུལ་སྐྱེལ་ལ་བྱོན་ཚེ་གཉེར་པ་གཅིག་བཞག་ནས་ལྷ་ཁང་ཕྱི་མ་དེ་བཞེངས་བཅུག །གདན་ས་བ་དབུས་སུ་ཕེབས་ནས་ཇོ་བོ་རིན་པོ་ཆེ་ལ་གསེར་རྐང་གཅིག་བཙུགས། དགོན་སྡེ་རྣམས་ལ་རི་བཤུ། དབུས་ན་བཀའ་འགྱུར་སྐྱ་བོ་གཅིག་བཞེངས་ནས་གདན་དྲངས་པ་ས་སྒང་དུ་བཞུགས། བླ་མ་རྣམས་ལ་འབུལ་བ་མཛད། བལ་ཡུལ་


CMR004_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཤིན་ཀུན་ལ་གདུགས་བཀྱག །དེ་ནས་ཀརྨ་པ་མཐོང་བ་དོན་ལྡན་གྱི་སྒར་དུ་བྱོན་ནས། སྔར་མཁའ་སྤྱོད་པ་དུས་སྐུ་སྐྱེའི་བདག་པོ་སོགས་བྱས་པས་རེ་ཆེ་བས། སྐུ་འཁྲིས་དྲུང་སྐོར་ལ་བཞུགས་བསམ་པ་ལས་སྡེ་དཔོན་རིགས་ཀྱི་གྲར་མ་ཚུད་པས། ང་ལ་ཁམས་སུ་ཆུ་ཁུག་གཅིག་ན་དགོན་ཆུང་ཐེབ་ཙེ་ཙམ་ཡོད་པ་གྲུབ་མཐའ་གཞན་གཅིག་ལ་མི་བསྒྱུར་གསུངས་ནས་དབུ་བསྙུང་མཛད་ནས་བྱོན། དེ་སྐབས་གྲིབ་སྐྱོན་གཅིག་བྱུང་ནས་ཞལ་ཡོ་བ་དེ་སུས་ཀྱང་མ་ཕན་པས། རྗེའི་སློབ་མ་གུ་རུ་རྒྱལ་མཚན་བཟང་པོ་སྙན་གྲགས་ཆེ་ནས་མཇལ་དུ་སོང་བས་། སྐུ་རྩེད་མཛད་པ་ལྟར་ཕྱག་གིས་གདན་ས་བའི་ཞལ་ཡོ་བ་བསྲངས་ནས། དཔོན་པོ་འདི་འདྲ་གྱིས་ལ་བཞུགས་གསུངས་པས་ཞལ་ལྟར་གྱིས་དྲང་བས་དད་པ་ཚད་མེད་པ་སྐྱེས་ནས། ད་འདི་ལྟར་ང་ལ་དགོན་པ་གཅིག་ཡོད་པས་ཁྱེད་འབྱོན་དགོས་ཞུས་པས། ཧ་ཧ་ཁམས་ཕྲུག་ཧམ་པ་མ་ཆེ། ང་འགྲོ་རྒྱུ་གར་ཡོད། ངའི་སློབ་མ་ང་དང་འདྲ་བ་ཞིག་ཡོད་པ་བཏང་གསུངས་ནས། བཀའ་གདམས་ཁུ་རྔོག་འབྲོམ་གསུམ་གྱི་ནང་ནས་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་སྤྲུལ་པ། ཁུ་བརྩོན་འགྲུས་གཡུང་དྲུང་གི་གདུང་རིགས་དྲི་མ་མེད་


CMR004_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

པས་བླ་བརྒྱུད་བར་མ་ཆད་དུ་བྱོན་ཅིང་། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་མཁས་པ་ཁུ་སྟོན་བསོད་ནམས་གྲགས་པ་གདན་འདྲེན་ཞུས་པས་ཁུ་སྟོན་གྱིས། ངའི་དབོན་པ་ཡང་ཁྲིད་ནས་ངའི་མི་རབས་མི་འདྲ་རྒྱུད་དགེ་བཤེས་མ་བྱུང་ན་མ་གཏོགས་དགོན་སྡེའི་ཆོས་རྗེ་ལ་བསྐོས་པའི་ཡི་གེའི་ཐེལ་ཚེ་བྱེད་ན་ང་འགྲོ། དེ་མ་རེད་ན་མི་འགྲོ་གསུངས། དེའི་ཆོད་དོན་བྱས་ནས་བྱོན་ཏེ་གདན་ས་ལ་ཁུ་སྟོན་བསྐོས་ནས་ཆོས་ལུགས་ཀྱང་རིམ་པར་བསྒྱུར་བཅུག །གདན་ས་བས་གདུང་རྒྱུད་མཛད་ནས་རི་བོ་ཆེ་བའི་དབོན་མོ་ཐུགས་རྗེ་སྒྲོན་བསུས་པས་སྲས་མོ་གཅིག་འཁྲུངས། མཚོ་ཆེན་བསྐྱེད་པ་དང་གཟེ་ཐང་ཆུང་མ་ལ་བསྒྱུར་བ་མཛད། མཁའ་སྤྱོད་པའི་ཞལ་ཆེམས་ལ། ཕྱི་འཇམ་ལ་ནང་རྩུབ་པ་དྲོད་པ་ཞོས་བཀང་བ་གཅིག་ཡོད་པས། བླ་མ་གདན་ས་བ་ལ་བྱིན་གསུངས་ནས་ལུང་བསྟན་པ་ཐོག་ཏུ་བབ་སྟེ། སྒེ་རུ་རྣམས་ལ་ཡང་སྡུད་པ་བཅོ་བརྒྱད་ལ་སོགས་སྔར་མེད་པའི་ཁྲལ་གསར་དུ་བཙུགས་སོ། །དེ་དུས་ལྷ་རྒོད་རྒྱལ་གྱི་སྒམ་པོ་བ་དྭགས་ལྷ་སྒམ་པོའི་མཁན་པོ་བཞུགས་པ་གདན་འདྲེན་མང་དུ་བཏང་ཡང་གདན་མ་དྲོངས་ནས། བང་ཆེན་ཕར་ཆེར་རྒྱུག་པ་ཡང་མ་རྙེད་ནས། ལྷ་རྒོད་


CMR004_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྤྲང་པོར་བརྫུས་ནས་སོང་སྟེ་ང་ལ་གསེར་མང་པོ་འབུལ་རྒྱུ་ཡོད་པས་མཇལ་ཆུགས་སྨྲས་པས་མཇལ་ཁ་བྱུང་། དེ་ནས་སྒམ་པོ་བ་གདན་དྲངས་ནས་རྨོ་ཉིན་མཁར་དུ་བཞུགས། འདི་ན་དགོན་པ་གཅིག་འདེབས་དགོས་ཞུས་པས། གདན་ས་བས་དགོན་བསྒྱུར་བ་ལ་ཅུང་ཟད་མ་མཉེས་ནས། ནག་ཁུང་ནང་འདི་ན་ཅི་འདུག །ང་རང་གི་ཕ་མས་ན་འདུག་གསུང་ནས་ས་སྒང་ན་བྱོན་ནས་གཟེ་ཐང་ན་སྒར་ཆེན་བརྒྱབས་པས། ཁུ་སྟོན་པའི་གྲྭ་པ་རྣམས་ཀྱིས་ཨ་ཨ་རི་བྱེའུ་འོང་ནས་ཁྱིམ་བྱེའུ་ཕུད་རྒྱུ་རེད་ཟེར་བས། ཁུ་སྟོན་པས་པའི་ཁྱིམ་ན་བུ་འོང་བ་ཞིག་དང་ཨེ་འདྲ། ངེད་རང་ཚང་འོག་གི་ཁང་པ་འདི་ན་སྤྲོ་གསུངས་ནས་སྤོས་པས། གྲྭ་གང་བ་ཟེར་བ་འདི་བྱུང་། གདན་ས་ན་སྒམ་པོ་ཟླ་གཅིག་ཙམ་ལས་བཞུགས་ལོང་མ་བྱུང་བར་ཞིང་རྗེས་། དེ་ནས་གདན་ས་བས་ཁྱེད་རང་ངོམ་སྟོད་པ་ཡིན་པས་ཡར་ཁྱེར་ལ་སོང་གསུངས་ནས་གདུང་འབུམ་ས་སྒང་དུ་བཞེངས་མ་བཅུག་ནས་ཉ་ཁམ་དུ་བཞེངས། དེ་ནས་ལྷ་རྒོད་རྒྱལ་གྱིས་ན་རེ། དྲུང་མཁའ་སྤྱོད་པའི་མལ་ལ་དུད་ཁ་སྟོང་ཕྲག་གཅིག །གཏེ་ཁལ་སྟོང་དང་བདུན་བརྒྱ་ཚོ་གསུམ་ཡོད་པ་ལས། ཡབ་སྲས་གསུམ་བགོས་བྱས་ནས། ཚོ་གཅིག་སྒམ་པོ་


CMR004_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཐོབ། ཚོ་གཅིག་རིན་ཆེན་རྒྱལ་མཚན་གྱིས་ཐོབ། ཚོ་གཅིག་མཁའ་སྤྱོད་པས་ཐོབ་པ་ཡིན་ནོ། །མཁའ་སྤྱོད་པའི་གདན་ས་འདི་བླ་མས་བཟུང་དགོས། སྡེ་ཕ་བྱེད་བླ་མེད་པ་ལ། ཁྱེད་གདན་ས་བ་ལ་བླ་མ་མ་བྱུང་བ་ནས་ངེད་རང་གཉིས་པོ་འདྲ་འདྲ་ཡིན་པས། མཁའ་སྤྱོད་པའི་མལ་འདི་བགོ་དགོས་ཟེར་ནས་བཙད་པས། གདན་ས་བའི་རྗེ་མོ་ཐུགས་རྗེ་སྒྲོན་ཁ་དུམ་དུ་བསུས་ནས། དེ་དུས་རི་བོ་ཆེ་པ་ཆུས་ཆེ་བར་ཡོད་པས། ལྷ་རྒོད་རྒྱལ་གྱིས་དབོན་པོ་ཐོབ་ནས་དབོན་མོ་ལ་རི་བོ་ཆེའི་ས་ཕྱོགས་འོང་བསམས་ཀྱང་མ་ཕྱོགས་ནས། བུད་མེད་ཚོས་ཅི་བྱེད་གར་འགྲོ་མ་ཏིག །མོ་རང་ཞང་དབོན་བྱེ་འཛུར་མེད་ཟེར་ནས། རི་བོ་ཆེ་པས་གདན་ས་བརླགས་པས། གདན་ས་བའི་སྐལ་བ་ཡང་མ་ལོན། ཁ་དུམ་བསུ་མི་ལྷ་རྒོད་རྒྱལ་གྱི་བློན་ཆེན་སྒོ་ཡ་བ་ཡིན་པས་གདན་ས་བས་བཟུང་ནས་མིག་ཕྱུང་སྟེ་ཁྲིམས་བཅད། ལྷ་རྒོད་རྒྱལ་དབིག་ཕུ་མདར་ལྟོ་བ་ན་སྟེ། འབྱོན་ཞོལ་བེ་སྟོད་སྨད་ཆགས་དཀའ་བ་བྱུང་ནས། དེའི་གོ་གིབ་ལ་གདན་ས་བས་ཐོད་མགོའི་རྫོང་བརྡུངས་ནས་ཕྱིར་བྱོན་པས། ཐོག་གཅིག་གདན་ས་བ་ལ་བརྒྱབ་ནས་ཆིབས་པའི་ཁོག་སྨད་བཅད་ཁོང་རང་མ་


CMR004_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱང་ཞབས་ཞ། མི་ཀུན་ཐོད་མགོའི་རྩེ་འཕྲེང་རེད་ཟེར་བས། ང་ལ་ལྷ་འདྲེས་རྩེ་འཕྲེ་མི་ཐུབ་ངེས་མཁའ་སྤྱོད་པ་རྒྱ་ནག་ཏུ་བྱོན་དུས་རྟ་མ་བསྐུར་བའི་དོན་ཡིན་གསུངས་ནས། དེ་ཕྱིས་སྡེ་པ་རྣམས་ཞབས་མི་བདེ་བ་བྱུང་ཟེར། མཁའ་སྤྱོད་པའི་ཞལ་ཆེམས་ལུང་བསྟན་ལས། ཁྱེད་གདན་ས་བས་བླ་མ་དབུ་མ་པའི་ཞབས་ཏོག་དང་བླ་དགེ་རྣམས་ཀྱི་ཐུགས་ཡེ་མི་གཅོད་པ་དང་། རྟེན་གསུམ་གྱི་ཞབས་ཏོག་ལ་འབད། ངས་སྟོང་ཉིད་རྟོགས་པ་ལྟར་མར་མེ་ལ་སྟོང་ཉིད་བསྒོམ་མ་བཅོལ། ལར་ང་ལ་རེ་བའི་མི་རྣམས་མི་སྡུག་པ་དང་། དུས་མཆོད་འདི་མ་ཆད་པ་ཁྱོད་གདན་ས་བ་ལ་རེ་བ་ཡིན་ཏེ། མ་ཎི་པདྨེ་ཨེ་མི་བཏོན། ཁྱོད་གདན་ས་བས་སྒམ་པོ་པའི་ཡེ་མི་ཅོད་དང་། ཁྱོད་རང་ལ་དགའ་བ་ཡིན་གསུང་པ་རྣམས་ཐོག་ཏུ་བབ་སྟེ། ལྷ་ཁང་གི་མར་མེ་དང་རས་བུད་རྣམས་ཆད། དེ་དུས་རྡེ་ཁ་ཨ་ཁྱུང་སོགས་ངོམ་པའི་སྤྱི་བློན་གདན་ས་བ་དང་ལྷ་རྒོད་རྒྱལ་གཉིས་བཀའ་གྲོས་ལ་ཐེ་བ་འགའ་ཡོད་པ་ལ་ཡིད་མ་ཆེས་ནས་གདན་ས་བའི་གཟིམ་ཆུང་རྣམས་སྒོ་རྒྱབ་ནས་བཞུགས་དགོས་པ་བྱུང་། དེ་དུས་གདན་ས་བ་རོབ་ཀྱི་ཆུ་གཟིམ་མཛད་ནི་སྙེ་མེད་པ་ཡོད་པའི་སྟེང་དུ། ལྷ་རྒོད་རྒྱལ་ཁྲབ་ཅན་བཞི་བཅུ་ཙམ་


CMR004_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཚ་བ་སྒང་དུ་ལུག་གཏེ་བསྡུ་བར་བྱོན་བ་དང་ཐུག །གདན་ས་བས་ང་ལ་ལྟོས་པ་མ་བྱེད་བྲོས་གསུངས་པས་ནང་འདུག་ཐམས་ཅད་བྲོས་ནས་ཁོ་རང་བྲོས་ཁ་ན་ཆུ་ཉེས་ནང་དུ་ལུས། གསོད་པར་ཐེ་ཚོམ་མེད་དགོངས་པ་ལ། ལྷ་རྒོད་རྒྱལ་གྱིས་ནང་འདུག་ཚོས་སྐྱག་ཞ་ཡ་ཐ་ན་རྒྱོབ་རྒྱོབ་ཟེར་བས། ལྷ་རྒོད་རྒྱལ་གྱིས་ཁྱེད་ཚོས་ཁ་མ་བརྡར། དཔོན་པོ་ལ་སྐྱ་འདོགས་གྱིས་ཟེར་ནས་བྱོན་སོང་བས། འོ་ན་རྒྱུན་དུ་མ་ཐུབ་པའི་དགྲ་དེ་དེ་རིང་བཀུག་ནི་གདའ་བ་མི་གསོད་ནི་ཅི་ཡིན་ཟེར་བས། ངེད་གཉིས་རྒྱུན་དུ་ཆེ་བཙད་པ་ཡིན། དམེ་བྱེད་རྒྱུ་མིན་གསུངས། དེར་གདན་ས་བ་ཡིད་ཆེས་ནས་ངེད་ཉི་མ་དེ་རིང་ཕྱིན་ཆད་ནས་མི་འདི་དང་མཐུན་ལེ་གཅིག་མི་བྱེད་རེ་གསུངས་ནས་དབུ་བསྙུང་མཛད། ཕྱིས་དབིས་ཕུད་མདས་སྟག་ལུང་དབོན་མོ་ལ་བྱིན་ནས་ཁ་མཆུ་དུམ་པར་མཛད། གདན་ས་བ་ལ་སྲས་ནི་མེད་དེ། ས་སྒང་སྡེ་པ་ལ་ནི་བླ་མ་གདན་ཐུབ་པའདི་དྲིན་ཆེའོ། །རིན་ཆེན་རྒྱལ་མཚན་གྱི་སྲས་ཆུང་བ་ནི། ནམ་མཁའ་འོད་ཟེར་སྡེ་སྣོད་གསུམ་དང་རྒྱུད་སྡེ་མཐའ་དག་ལ་མཁས་འཕགས་པའི་ནོར་བདུན་དང་ལྡན་པར་གྲགས་ཏེ། ཡབ་དང་སྒམ་པོ་བའི་གདན་ས་བ་རྣམས་ཀྱི་ཞབས་ཏོག་


CMR004_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་རིམ་བསྙེན་བཀུར་མཛད། མཚན་ནི་རིན་ཆེན་འོད་ཟེར་ཡང་ཟེར། ནམ་མཁའ་འོད་ཟེར་དང་གཅིག་ཡིན་ནོ། །རིན་ཆེན་འོད་ཟེར་ལ་སྲས་གསུམ་བྱུང་སྟེ། དྲག་བསོད་པ་དང་། རྭ་ལོད་དང་། གཅོད་རྒྱལ་པ་དང་སྐུ་མཆེད་གསུམ་བྱུང་སྟེ། སྐྱོ་ངོམ་གཉིས་ཀར་ཁྱད་མེད་མཛད་པ་ཡིན་ཟེར། དྲག་བསོད་རྭ་ལོ་གཉིས་ལ་སྲས་མེད། གཅོད་རྒྱལ་བའི་སྲས་མི་དཔོན་ཁྱི་སྤྱང་མ་ཡིན་ནོ། །སྲས་པོ་མ་སོས་ནས་མིང་ངན་བཏགས་ན་སོས་ཟེར་ནས་ཁྱི་སྤྱང་མ་བཏགས། སྡོང་འོབ་ལེ་འགོས་མི་དཔོན་དགྲོངས་ཤོམ་བྱས་པས་མ་ཡུམ་ཨ་དབང་མས་ཕུག་བྱས་ནས་སྡོང་མ་དྲི་བས་འོབ་ལེ་འོག་ཚང་གི་མི་བདུན་ཙམ་བསད་སྡིག་བཤགས་ལ་བྲག་ཐོག་ཏུ་བུམ་སྒྲུབ་དང་དངུལ་གྱི་འདུལ་ལུང་འབུམ་ཆ་གཅིག་བཞེངས། འདི་སྐབས་སུ་མི་བསྐྱོད་རྡོ་རྗེ་གློ་ལ་ན་སྐུ་འཁྲུངས་ནས། སྐུ་ན་ཕྲ་མོ་དུས་གཞི་བདག་དེས། སང་ཉིན་ངོམ་པ་ཁྱི་སྤྱང་མ་འོང་བར་ཡོད་ཟེར་བས། ཕྱིར་ནངས་སྡེ་པ་མཇལ་དུ་སོང་བ་དང་འགྲིག །ཕྱིས་ས་སྒང་དུ་གདན་དྲངས་བས་རྭ་ཁྱུ་རྣམས་ཀྱིས་སེར་ཕྲེང་གི་ཚུལ་དུ་བསུ་བ་བྱེད་པ་དང་། དམ་ཅན་གྱིས་མི་མ་ཡིན་འདུལ་རོགས་བྱེད་པ་དང་། བེར་ནག་ཅན་དང་ཕྱག་བཞི་པ་ཡང་


CMR004_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཞལ་གཟིགས་པ་སོགས་རྟེན་འབྲེལ་བཟང་པོ་བྱུང་ཞིང་། ལྷ་ཁང་འཚམས་རྣམས་ཕྱག་ནས་མཛད། ཁྱི་སྤྲང་མ་ཡང་སྐྱོ་ངོམ་གཉིས་ཀའི་བདག་པོ་མཛད་ཟེར། ཁྱི་སྤང་མ་ལ་སྲས་གཉིས་ཏེ། སྲས་དྲུང་ནི་དོན་འགྲུབ་རྣམ་རྒྱལ། ཐོན་བུ་སྡེ་པ་གཟུང་སྐྱབས་དང་གཉིས་ཏེ། དེ་ཡང་མཁའ་སྤྱོད་པས་ས་ཕུ་ནག་གིས་འབུལ་ཞིབ་ལ་གྲིའུ་ལོ་དུས་ངའི་སྤྲུལ་པ་གཅིག་འོང་གསུངས་པ་དང་། ཚར་ཏུ་ཞིབ་མོ་འདི་ཚོ་ལ་ཏིས་ཡུ་ལོ་དུས་སྤྲུལ་གཅིག་འོང་གསུང་ཟེར་བའི་ཁ་ངག་ཡོད་པ་དང་དུས་མཚུངས་བས། དོན་འགྲུབ་རྣམ་རྒྱལ་ནི་མཁའ་སྤྱོད་པའི་སྤྲུལ་པ་ཡིན་ཟེར་བ་ཡང་བྱུང་སྟེ། ཆུང་དུས་ར་བཤས་ནས་ཁྱི་ལ་བཀལ་བས་དྲུང་པ་ར་ཁྱི་ཡང་ཟེར་སྐད། འདི་པས་གསེར་གྱི་རྒྱས་འབྲིང་རྣམ་གསུམ་བཞེངས། བཀའ་གསར་རྙིང་གི་སྔགས་ཆོས་མང་དུ་མཁྱེན་ནས་རྔ་བརྡུང་དང་ཐུགས་དམ་མཛད་ཟེར། དམ་ཅན་གྱི་སྐུ་བཞེངས་བས་དམ་ཅན་དངོས་དང་འདྲ་བའི་བཀའ་གཉེན་པོ་བྱུང་སྟེ་འགྲིམ་པ་གཅིག་གིས་གཞུ་གཅིག་སྐུ་དེའི་རྩར་ལུས་པ་ཞག་འགའ་རེ་སོང་ནས་བླངས་བས་བུ་ཆུང་ར་ཆིབས་པ་ནུབ་གཅིག་ལན་གསུམ་དང་པོ་རྨི་ལམ་རྒྱབ་རས་མངོན་སུམ་དུ་བྱུང་ནས་གཞུ་སྤྱོད་ཟེར་ནས་


CMR004_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

འགྲམ་ལྕག་རྒྱབ་པས་གཞུ་ཕྱིར་བསྐྱལ། གཞན་ནང་རྟགས་ཆོ་འཕྲུལ་མང་དུ་བྱུང་ཟེར་བ་དང་། ས་ཕུའི་ནགས་ལ་མེ་མཆེད་ཚེ་རྟ་མགྲིན་གྱི་ཏིང་ངེ་འཛིན་གྱིས་མེ་བསད། བཀའ་ཐང་མཁའ་སྤྱོད་པའི་རྣམ་པར་ཁྲོ་ཆུ་སོགས་ཆོས་སྐྱོང་གྲྭ་ཚར་སོགས་ཞལ་ཐང་མང་པོ་དང་། བཀའ་གདམས་བུ་ཆོས། བཀའ་འབུམ་སོགས་པོད་ཡན་མང་པོ་བཞེངས། སྡེ་པ་འདི་དང་གནས་མདོའི་ཨ་ནུའི་མགོན་པོ་རྒྱལ་མཚན་གྱི་ཚེ་སྟོད་གཉིས་དུས་མཉམ་སྟེ། འདི་ཡན་ཆད་ལ་སྐྱོ་ངོམ་ཀྱི་སྡེ་པ་གཉིས་གནས་མདོ་སྡེ་པ་དང་གསུམ། ངོམ་སྟོད་སྨད་བར་གསུམ་གྱི་སྡེ་པ་གསུམ་ཡིན་པས་ཁྲི་མཉམ་དུ་བརྩིགས་ནས་མར་གྱུ་བྱེད། སྡེ་པའི་སྲས་པོ་ཨ་ནུ་གཟུང་སྐྱབས་སོགས་ཁྲི་ཁ་ནས་ཕུད་པ་རྣམས་དང་། ངོམ་སྟོད་པའི་ཨ་ནུ་གཞན་ཐམས་ཅད་གཤགས་དྲས་བྱེད་པའི་སྲོལ་ཡོད་ཟེར། དོན་འགྲུབ་རྣམ་རྒྱལ་ཡང་གཞོན་ནུ་ནས་འདས། དེའི་སྲས་གཉིས་ཡོད་པའི་སྡེ་པ་རིན་ཆེན་སྐྱོ་ན་བཞུགས་ཏེ། ཟུར་མང་ནས་འཁྱར་བའི་བླ་མ་སྐུ་རིམ་པ་ཟེར་བ་རྙིང་མ་ལ་མཁས་ཤིང་ནུས་པ་ཐོན་པ་གཅིག་ལ་གཤིན་རྗེ་ཁྲོ་ཆུ་ཞུས་ནས་ཡུན་རིང་དུ་བསྒྲུབས་པས་རྟགས་ཐོན་པ་བྱུང་། གཅོད་པ་ལྷུན་གྲུབ་ས་སྒང་ན་བཞུགས་ཏེ་རི་བོ་ཆེ་པའི་


CMR004_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་དྲུང་ལ་རྙིང་མ་ཞུས་ནས་འདུས་པ་སྐོརདྲུག་ཕལ་ཆེར་གྱི་པོ་ཏི་བྲིས་ཤོག་ཚད་མེད་པ་བཞེངས། ཕུར་སྒྲུབ་བཙུགས་དགོངས་ནས་ཕུར་པ་མང་པོ་བཞེངས། དེར་སྐྱོ་ཕ་དང་སྐུ་མཆེད་མཐུ་འདྲེན་བྱེད་པ་ཡང་བྱུང་བས་གཅོད་པ་ལྷུན་གྲུབ་གཞོན་ནུ་ནས་འདས་དེ་ནས་སྡེ་ཕ་ཁྱི་སྤྱང་མས་མོ་དྲངས་ནས་ངོ་དམར་མ་ཟེར་བ་གཅིག་ལ་སྲས་ཐོན་པ། ཨ་ནུ་གཟུང་སྐྱབས་ཡིན་ཡིག་དྲུག་དུང་ཕྱུར་གཅིག་ཞལ་ཐོན་མཛད་པས་དེ་ཁྲི་ཁ་ན་བསྐོས། སྐྱོ་ན་སྡེ་པ་རིན་ཆེན་ཡང་རྙིང་མའི་བསྙེན་སྒྲུབ་མང་པོ་མཛད་པས་ནུས་པ་ཐོན། སྲས་ནི་མེད་འདི་སྐབས་གྲུལ་ངོམ་ཐུག་པས་ངོམ་པ་ཆུས་རྒྱལ་ཟེར་འདི་སྐབས་སྐྱོ་ན་ཕ་ཉེས་ཐོས་ཟེར་བ་གཅིག་བྱུང་གདའ་བ་བསུས་བུ་གཅིག་ཡིན་པ་འདྲའོ། །སྡེ་པ་གཟུང་སྐྱབས་ཆོས་རྒྱལ་ཡིན་གོང་མའི་རྣམ་ཐར་ཐུགས་རྒྱུད་བཟང་ཞིང་ཡིག་དྲུག་ཁོ་ན་ཐུགས་དམ་མཛད་པས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རེད་ཟེར་བ་བྱུང་། དེ་ཡང་མཁའ་སྤྱོད་པའི་ལུང་འདྲེན་ཞལ་ཆེམས་ལས། ཁྱོད་གདོང་ཚང་གི་དེར་ཡོད་པ་རྣམས་ཀྱི་སྒོམ་སྡེ་ནང་ཆེན་པའི་རོགས་དན་གྱིས་དང་བཀྲ་ཤིས་དང་བདེ་ལེགས་འབྱུང་། དེ་མ་བྱས་པ་ལ་སྣང་སྲིད་ལྷ་འདྲེས་ཆད་པ་གཅོད་པ་ཡིན་གསུངས་པ་ཐོག་ཏུ་


CMR004_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བབ་སྟེ། སྒོམ་ངོམ་འཁྲུག་པས་ངོམ་པ་ཕམ་ནས་སྡེ་པ་བཟུང་། གནས་མདོའི་ཨ་ནུ་དགེ་འདུན་བསད། དེ་ནས་དབོན་མོ་བྱིན་ནས་ཁ་མཆུ་དཀར་འཇགས་བྱས་ཏེ། དེ་དུས་ཡང་སྡེ་པ་གཟུང་སྐྱབས་ཡིག་དྲུག་སོགས་ཐམས་ཅད་ལ་བརྩོན་འགྲུས་ཆེ་བ་ནས། ནང་ཆེན་པ་དཔོན་རྣམས་ཀྱང་འདི་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་ཟེར་བ་བདེན་ནོ་གསུངས་ནས་ཕྱག་ཕྲེང་ལ་བྱིན་རླབས་ཞུ་བ་སོགས་བྱས་ཟེར། སྡེ་པ་གཟུང་སྐྱབས་སྲས་ཀླུ་སྐྱབས་ཡིན། སྡེ་པ་ཀླུ་སྐྱབས་ལ་སྲས་ལྔ་ཡོད་དེ། ཀུན་དགའ་རྣམ་རྒྱལ། ནང་པོ་ཤེས་རབ་རྣམ་རྒྱལ། དབང་ཕྱུག་རྒྱལ། ཀརྨ་བསྟན་འཛིན། ཚེ་རིང་འབུམ་ལྔའོ། །ཀུན་དགའ་རྣམ་རྒྱལ་དང་ཚེ་རིང་འབུམ་གཉིས་ཀ་སྐྱོ་ན་བཞུགས། གནས་བཅུ་གསེར་ཐང་གཅིག་བཞེངས། དེ་ནས་ཤེས་རབ་རྣམ་རྒྱལ་གྱིས་ཆོས་རྗེ་མཛད་པའི་དོན་ནི། ཁུ་སྟོན་པའི་གདུང་རྒྱུད་ལ་བླ་རབས་མང་དུ་བྱུང་བའི་བཞུགས་པ་ལས་ཆོས་རྗེ་མ་ཆེན་ཟེར་བ་གཅིག་བྱུང་ནས། ས་སྒང་དང་རྨོ་མདའ་གཉིས་ཀའི་ཆོས་རྗེ་མཛད་ཅིང་། འཇིག་རྟེན་ངོས་ཀྱི་བཙན་དྲག་དང་སྟོབས་འབྱོར་ཆེན་པོ་ཡོད་སྐབས་སུ། གཟིམ་ཁང་གི་ཕུག་ཞིག་ན་དམ་ཅན་གྱི་ལོགས་རིས་མཁའ་སྤྱོད་པའི་ཕྱག་ནས་


CMR004_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གཅིག་ཡོད་པ་ལ། འདི་བཀའ་སྲུང་ཡིན་པ་ལ་ཕྱིར་གྱུ་ཐོབ་མེད་གསུངས་ནས། སྐུ་དེ་བསྣོག་ནས་ཡར་གྱུ་ལ་བྲིས་པས། གཉེར་པ་དེ་ལ་ཆོ་འཕྲུལ་ཆེན་པོ་བྱུང་། །ཁྱད་པར་དུ་སྲན་མའི་ཕུང་པོ་གཅིག་ཡོད་པ་ཀྱི་ལི་ལི་འཁོར་ཞིང་ཁ་དྲག་ནས། ང་འདུག་མི་བཅུག་སྟེ་ལྟོས་ཨེ་ཁོ་ཟེར་བ་བྱུང་ཟེར། དེ་ནས་ཆོས་རྗེའི་ཐུགས་ལ་གདོན་ཞུགས་ནས། ཆང་མི་གཙང་སྤྱོད་སོགས་བརྟེན་པ་ལ་འགལ་ཚབས་གང་ཆེ་ཆེ་མཛད་པས་སྡེ་དགོན་པས་ཕུད་པ་ལ་ཁོང་ལ་ཧོར་འདྲ་ཧྲག་པོ་ཁྲབ་ཆེན་སུམ་ཅུ་ཙམ་ཡོད་པས། གནས་མདོ་བ་འདི་ས་སྒང་སྡེ་ཕ་དང་ཕ་ངོས་ནས་སྤུན་ཡིན། རྗེ་མོ་མཁན་བཟའ་གཉིས་ཡང་བུ་མོ་སྤུན་རེད་པས་བསྔོ་དོན་ཡིན་ཟེར་ནས། གནས་མདོ་བའི་མཁར་བླང་ཨ་ནུའི་བཟུང་། ངོམ་པའི་དམག་གིས་ཀྱང་མ་ཐུབ་ནས་རྒྱུ་ནང་ཟོག་ཐམས་ཅད་ཤོར། ངོམ་པའི་སྡེ་སྣེ་མང་དུ་བཅོམ་པ་སོགས་དགྲ་གཡེར་ཆེ་བས་བླངས་སུ་བསྐོས་ཀྱང་བཞུགས་མ་ཕོད་པས། ནང་པོ་ཤེས་རབ་རྣམ་རྒྱལ་དེ། ཆབ་མདོ་ཆོས་རྗེ་ཤེས་རབ་དབང་པོ་ལ་རབ་ཏུ་བྱུང་ནས་ཆོས་རྗེ་མཛད། འདི་ཕ་ནི་ཤེས་རབ་ཆེ་ཞིང་མདོག་བཟང་བ། ལུགས་གཉིས་ཀྱི་མཁྱེན་རྒྱ་ཆེ་བ་སྟེ། ལྷོ་སྤོ་ཏི་མ་ལ་བྱོན་ནས་སློབ་


CMR004_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་ཅུང་ཟད་མཛད། སངས་རྒྱས་སྟོང་སྐུ་གསེར་འབྱམས་དང་གནས་བཅུ་སོགས་ཀྱང་བཞེངས། ཆབ་མདོ་བ་ནང་འཁྲུག་དུས་གླིང་སྟོད་པའི་རྒྱལ་ཚབ་མཛད་ནས། སྐྱོང་ཡུལ་བ་དང་གཡུལ་འཁྲུག་དུས་ཀྱང་དམག་སྣ་འདྲེན་སྔོན་པོ་རྒྱུག་པ་དང་དངོས་སུ་མཐོང་བ་བྱུང་ནས་ཆུས་རྒྱལ་བ་དང་། གཡོ་མདའི་གདན་ས་ཡང་མཛད་པས་དམ་ཅན་འཁོར་བ་སོགས་བྱུང་ཟེར། ཆོས་ལུགས་དོགས་པའི་སྟབས་ཀྱིས་དགེ་ལུགས་ཡིན་ན་ཡང་། མཁའ་སྤྱོད་པའི་གསུང་དང་མ་འགལ་བར་རྒྱལ་བ་ཡབ་སྲས་ཀར་ཟུར་སོགས་ལ་འབུལ་ཞབས་དད་འདུན། །མངའ་འོག་གི་ཀར་ལུགས་རི་ཕུག་པ་རྣམས་ལ་ཡང་མགོ་འདོན་བདག་བསྐྱེད་བཟང་དུ་མཛད། སྐྱེ་བ་དྲན་རབ་སོགས་བརྩམས་པ་མང་པོ་མཛད་པ་ཕྱིས་ནས་སྙིང་པོ་མེད་གསུངས་ནས་མེ་ལ་བསྲེགས་ཟེར། དབུས་ན་དབུལ་སྐྱེས་ལན་གཅིག་མཛད་པའི་རྒྱབ་རས་ན་ལྷ་ས་ན་ཞིང་བརྗེས་ཏེ། འདས་རྟགས་བཟང་པོ་བྱུང་བས་ཁམས་ལ་བླ་མ་བཟང་པོ་འདི་འདྲ་ཡོད་ཟེར་ནས་དད་པ་བྱེད་པ་བྱུང་ཟེར། ཀརྨ་བསྟན་འཛིན་ནི། ཆུང་ངུ་ནས་དད་པ་ཤེས་རབ་ཕུན་སུམ་ཚོགས་པ་སྟེ། ཕྱག་བྲིས་དང་ལྷ་རིས་དང་ཐུགས་རྩོམ་སོགས་མཁས་པར་གྱུར། རྗེ་ཞྭ་དམར་


CMR004_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆོས་ཀྱི་དབང་ཕྱུག་ལ་བསྙེན་པར་རྫོགས། དབང་ལུང་གསན་བཀོན་འཇའ་གནང་། ཅོག་འདྲི་གྲྭ་སར་ཟླ་ཤས་ཙམ་ཞིག་བཞུགས་ནས། རྒྱུན་དུ་བཞུགས་འདོད་ཀྱང་བཞུགས་དབང་མ་བྱུང་བས་སྤྱན་ཆབ་བསིལ་བར་མཛད་པ་ཙམ་གྱི་ངེས་འབྱུང་དང་དད་གུས་ཡོད། ཆོས་སྤྱོད་རབ་གསལ་ཕལ་བ་རྒྱུན་དུ་ཞལ་འདོད་མཛད་པ་དང་། གཏོར་མ་བརྒྱ་རྩ་དང་སྒྲོན་དཀར་ཡི་དམ་དུ་མཛད་ནས་བསྙེན་པ་དང་། རྣམ་སྲས་སེར་ཆེན་ཆོས་སྐྱོང་གི་གཙོ་བོར་མཛད་ནས་བསྙེན་པ་དང་། གཞན་ཡང་ཕག་མོ་དང་མགོན་པོ་མཚལ་མ་དམ་ཅན་གསོལ་ཁ་རྣམས་དུས་སུ་མཛད་པ་དང་། ལྷ་ཁང་ཁ་སྟེང་འོག་གི་མཆོད་བཀྱག་སོགས་བཀོད་པ་རྣམས་ཕལ་ཆེར་གསར་དུ་མཛད་པ་དང་། ལྷ་ཁང་དུ་ཀརྨ་པ་རབ་བརྒྱད་ཀྱི་སྐུ་ཆེ་ཞིང་ལེགས་པ་དང་ཇོ་ནང་ཡབ་སྲས་ན་རིམ་ཐམས་ཅད་ཀྱི་སྐུ་འདྲ། ཚོམས་ན་མཁའ་སྤྱོད་པའི་སྐུ་ཚབ་རྣམས་བཞེངས། ཁོང་སྐྱེ་བ་སྔ་མ་དྭགས་པོ་ན་སྤྲུལ་བ་གཅིག་ཏུ་སྐྱེས་དུས་སངས་རྒྱས་ཀྱི་སྙན་ལ་བུག་པ་མ་བཏོད་པས་སྙན་འོན་པ་ཡིན་གསུངས་པ་སོགས་སྐྱེ་བ་དྲན་རབས་སོགས་བརྩམ་ཆོས་འགའ་རེ་ཡང་མཛད། གནས་བཅུ་མཁའ་སྤྱོད་པའི་རྣམ་ཐར་སྐྱེས་རབས་དང་


CMR004_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་བཀོད་པ་ཕྱག་བྲིས་མཛད་པ་སོགས་ཞལ་ཐང་དུ་བཞེངས་པ་དང་། རྒྱལ་བ་ཡབ་སྲས་ལ་འབུལ་ཞབས་མངའ་འོག་གི་གྲྭ་རིགས་རྣམས་ལ་བདག་རྐྱེན། ཕ་སྡེ་དང་བློན་རིགས་རྣམས་ལ་སྐྱོན་དར་དམ་ཚིག་དང་སྡོམ་པའི་གཅེས་སྤྲས་སོགས་ལུགས་གཉིས་ཀ་ལ་རང་ཚོད་ཟིན་པ་བྱུང་ངོ་། །སྡེ་ཕ་ཚེ་རིང་འབུམ་ནི་ཨ་ནུ་ལྷ་བཟོ་དང་ཀརྨ་རིན་ཆེན་སོགས་ལ་དབང་ལུང་མན་ངག་མང་དུ་ཞུས། ལས་བྱང་གི་དྲྭ་ཐང་དང་སྔགས་ཆོས་པོ་ཏི་འགའ་རེ་བཞེངས། རྔ་བརྡུང་དང་ཐུགས་དམ་མཛད་དེ། ཆར་འབོད་དང་འཁོར་ལོ་བསྐོར་བ་སོགས་དྲག་ལས་འགའ་ཡང་མཛད་པས་ཅུང་ཟད་མེ་ལོང་ཟེར་བ་ཡང་བྱུང་ཟེར། དབང་ཕྱུག་རྒྱལ་ནི་སྐུ་ན་གཞོན་ནུ་ནས་བསྙུང་གཞི་དྲག་པོ་གཅིག་གིས་ཟིན་ནས་ཡུན་རིང་མནར་ཏེ་སྐུ་ཚེ་མ་བསྟན་ཟེར། བདེ་མཆོག་ལྷ་ལྔ་ལ་ཐུགས་དམ་གཙོ་བོ་མཛད་པ་རེ་དབང་ཕྱུག་རྒྱལ་གྱི་མགོན་པོ་རྒྱལ་ཡིན་ཏེ། ཡི་གེ་བྲི་ཀློག་དང་ཐུགས་རྩོམ་རི་མོ་ལེགས་པོ་དགོངས། རྗེ་ཞྭ་དམར་དྲུག་པ་དང་། སི་ཏུ་ཆོས་ཀྱི་རྒྱལ་མཚན་རྣམས་ཀྱི་ཁྲི་འདོན་བསྐོ་འཇགས་དབང་ལུང་གནང་ནས། ཀརྨ་བསྟན་སྐྱོང་དུ་མཚན་གསོལ་གཏོར་མ་བརྒྱ་རྩ་དང་འབྱུང་འདུལ་གྱི་བསྙེན་པ་ཐུགས་དམ་མཛད། ཕག


CMR004_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

མོ་མགོན་པོ་མཚལ་མ་དམ་ཅན་གསོལ་ཁ་སོགས་དུས་སུ་མཛད། ཕྱིས་མགོན་ཁང་ཞིག་གསོས་ཡང་མཛད། རྒྱལ་བ་ཡབ་སྲས་ལ་འགྱུར་མེད་ཀྱི་དད་པ་ཐོབ་ཅིང་། མངའ་འོག་གི་གྲྭ་རིས་རྣམས་ལ་ཡང་མགོ་འདོན་བདག་རྐྱེན་མཛད། དུས་ཀྱི་འཕོ་འཆུགས་གནམ་ས་ཡོ་ལོག་སྣ་ཚོགས་བྱུང་དུས་ཀྱང་བཞུགས་མཁས་པས་མངའ་འོག་རྣམས་བདེ་བར་བྱུང་། དགུང་ལོ་རེ་གསུམ་ལ་གནམ་ལུག་དང་གནམ་རྟ་ས་ལ་བབ་པ་སོགས་བལྟས་ཆེན་པོ་དང་བཅས་ཏེ་འདས་པའི་གདུང་བཞུས་པས་འཇའ་དང་མེ་ཏོག་མང་དུ་བྱུང་ཞིང་། ཐུགས་ལྗགས་སྤྱན་གསུམ་བྱོན། སྡེ་པ་འདི་ལ་དང་པོར་ཟུར་མང་གར་དབང་སྤྲུལ་སྐུའི་ལྕམ་སྲིང་རྗེ་མོར་བསུས་པས། སི་ཏུ་ཆོས་ཀྱི་རྒྱལ་མཚན་གྱི་ཨ་ནུ་ཨ་ཏ་རྒྱལ་ལ་དེ་མ་ལེགས། དེ་ལ་བསོད་ནམས་མི་འོང་གསུང་ཟེར་བ་སྟེང་དུ་བབ་སྟེ་སྲས་མ་བྱུང་། མཁའ་སྤྱོད་པའི་ཞལ་ཆེམས་ལས། ཁྱོད་གདོང་ཚང་གི་དེར་ཡོད་པ་རྣམས་ཀྱིས་སྒོམ་སྡེ་ནང་ཆེན་པའི་རོགས་དན་གྱིས་དང་བཀྲ་ཤིས་བདེ་ལེགས་འབྱུང་། ཞེས་གསུངས་པའི་ལུང་བསྟན་ཐོག་ཏུ་བབ་སྟེ། ངོམ་པའི་དབོན་མོ་ནང་ཆེན་པ་ཀུན་དགའ་རྒྱལ་པོ་ལ་བྱིན་པས། སྲས་བློ་གྲོས་རྒྱལ་པོ་དང་ཀརྨ་


CMR004_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བསྟན་གཉིས་བྱུང་སྟེ། སྔར་གྱི་ནང་ཆེན་པའི་རྒྱལ་རབས་གོང་མ་རྣམས་ལས་ཀྱང་ལྷག་པའི་སྟོབས་དང་མངའ་ཐང་བར་སྐབས་སུ་བྱུང་བས་ངོམ་པ་གདོང་ཚང་བཟང་བར་གྲགས་ཤིང་སྐབས་སུ་སྐྱེ་ངོམ་རྣམས་ལ་ཡང་དྲིན་ཆེན་བར་བྱུང་། དེ་ནས་ནང་ཆེན་པའི་ཚ་མོ་གསེར་ཡིག་བཟའ་འདི་བླངས་བས། སྲས་བསོད་ནམས་རྣམ་རྒྱལ་དང་། གྲ་རྔ་རྒྱལ་པོ་གཉིས་འཁྲུངས་པ་ཡིན་ནོ། །སྡེ་ཕ་ཚེ་རིང་འབུམ་གྱི་སྲས་ནི་གཅོད་པ་རྣམ་རྒྱལ་ཡིན་ནོ། །མཁའ་སྤྱོད་པ་ལ་ཕྱག་བཞི་པ་དང་དམ་ཅན་གཉིས་ཀྱིས་མི་རབས་བཅུ་གསུམ་དུ་བསྟན་པ་བསྲུང་བར་ཁས་བླང་བའི་ཕྱིར། མི་རབས་བཅུ་གསུམ་གྱི་བར་དུ་གདན་ས་འདི་ཡི་སྡེ་ཚུགས་མི་འཁྱོལ་ཞིང་། འཕོ་འཆུགས་མི་འོང་བ་ཡིན་ཞེས་ཟེར་བའི་ངག་རྒྱུན་ཐོས་སོ། །དེ་ལ་མི་རབས་སོང་ཚུལ་ནི། མཁའ་སྤྱོད་པ་ནམ་མཁའ་རྒྱལ་མཚན་དང་གཅིག །སྡོང་རིན་ཆེན་རྒྱལ་མཚན་དང་གཉིས། རིན་ཆེན་འོད་ཟེར་དང་གསུམ། དྲུང་གཅོད་རྒྱལ་བ་དང་བཞི། མི་དཔོན་ཁྱི་སྤྱང་མ་དང་ལྔ་། སྡེ་ཕ་གཟུང་སྐྱབས་དང་དྲུག །སྡེ་ཕ་ཀླུ་སྐྱབས་དང་བདུན། སྡེ་ཕ་དབང་ཕྱུག་རྒྱལ་དང་བརྒྱད། སྡེ་ཕ་མགོན་པོ་རྒྱལ་དང་དགུ། བསོད་ནམས་རྣམ་རྒྱལ་དང་


CMR004_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའོ། །སྐྱོ་ཕ་ནི་གོང་ལྟར་ལས། ཀླུ་སྐྱབས་ནས། ཚེ་རིང་འབུམ་དང་བརྒྱད། གཅོད་པ་རྣམས་དང་དགུ་ཡིན་ནོ། །དེ་ནི་གདུང་རབས་ཡིན་ལ། ཁྲི་རབས་ནི། མཁའ་སྤྱད་པ་ནམ་མཁའ་རྒྱལ་མཚན། གདན་ས་བ་ཤཱཀྱ་རྒྱལ་མཚན། དྲག་བསོད་ནམས་སྐུ་མཆེད་གསུམ། ཁྱི་སྤྲང་མ། དོན་འགྲུབ་རྣམ་རྒྱལ། གཅོད་པ་ལྷུན་གྲུབ། གཟུང་སྐྱབས། ཀླུ་སྐྱབས། དབང་ཕྱུག་རྒྱས། ཀརྨ་བསྟན་འཛིན། མགོན་པོ་རྒྱལ། བསོད་ནམས་རྣམ་རྒྱལ་རྣམས་སོ། །སྐྱོ་ཕའི་གདན་རབས་ནི། མཁའ་སྤྱོད་པ། རིན་ཆེན་རྒྱལ་མཚན། རིན་ཆེན་འོད་ཟེར། རྭ་ལོད་པ་སྐུ་མཆེད་གསུམ། ཁྱི་སྤྱང་མ། གཟུང་སྐྱབས། སྡེ་ཕ་རིན་ཆེན། ཉན་ཐོས། ཀླུ་སྐྱབས། ཀུན་དགའ་རྣམ་རྒྱལ། ཚེ་རིང་འབུམ། གཅོད་པ་རྣམ་རྒྱལ་རྣམས་སོ། །གནས་མདོ་བའི་མི་རབས་ནི། མཁའ་སྤྱོད་པ་ནམ་མཁའ་རྒྱལ་མཚན། སྒམ་པོ་པ་ཆོས་ཀྱི་རྒྱལ་མཚན། བྱ་བྲལ་བ་ཀུན་དགའ་བཀྲ་ཤིས། གདོང་ལྷ་རྒོད་རྒྱལ། སྡེ་ཕ་དབང་ཕྱུག་རྒྱལ་མཚན། ཨ་ནུ་མགོན་པོ་རྒྱལ་མཚན། ཨ་ནུ་བཙན་ཕྱུག །པདྨ་དབང་གྲགས་རིན་ཆེན་རྒྱལ། པདྨ་བཀྲ་ཤིས་དང་སྤྱན་


CMR004_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ཡང་དབང་ཕྱུག་རྒྱལ་ནས། མགོན་པོ་དབང་ཕྱུག །ཨ་ནུ་ལྷ་བཟོ། ཀརྨ་མི་མཆོག་སྐུ་རྣམས། ངོམ་སྟོད་ཀྱི་མི་ཚུགས་ནི། མཁའ་སྤྱོད་པ། སྒམ་པོ་པ། བྱ་བྲལ་བ། གདོང་མགོན་པོ་རྒྱལ། མི་དཔོན་ཀརྨ་བ། ཨ་ནུ་ཨ་རྒྱས། བསོད་ནམས་རྒྱས། འགུ་རུ་རྒྱས། ཚེ་དབང་རྡོ་རྗེ། ཡང་བསོད་ནམས་རྒྱས་ནས། རྟ་མགྲིན་རྒྱས། ཨ་མགོན་སྐུ་མཆེད་དེ། ཡང་མི་དཔོན་ཀརྨ་བ་ཕན་གོང་དང་འདྲ། ཨ་རྒྱས། ཁྲོ་བོ། ཚེ་དབང་རྣམ་རྒྱལ། མགོན་ལུ་སྐུ་མཆེད་དོ། །ཡང་ཁྲོ་བོ་ནས། ཆོས་སྐྱོང་བཀྲ་ཤིས།། བན་དྷིས། ཨོ་རྒྱན་སྐུ་མཆེད་དོ། །ཡང་གདོང་མགོན་པོ་རྒྱལ་ཡན་གོང་ལྟར་ལས། མགོན་པོ་ལྷུན་གྲུབ། ར་ལུ། དཔོན་ཁྲོ། གཅོད་པ། གསེར་འོད་རྒྱས་སྐུ་མཆེད་དོ། །ཡང་དཔོན་ཁྲོ་ནས། ཀརྨ་ལྷུན་གྲུབ། ཚེ་དབང་དོན་འགྲུབ་སྐུ་མཆེད་དོ། །ཡང་སྡོང་པོ་རྒྱལ་ནས། མགོན་པོ་ལྷུན་གྲུབ། ཁོ་ཚ་དཔོན། ཁ་དིག །པད་རྒྱལ། ཚེ་རིང་འབུམ་། མགོན་པོ་ཚེ་བསྟན་སྐུ་མཆེད་དོ། །ཡང་ཁ་དིག་ནས། གཅོད་ལུ། རྣམ་སྲས་སྐུ་མཆེད་དོ། །ཡང་མགོན་པོ་རྒྱལ། མགོན་པོ་ལྷུན་གྲུབ་ཡོན་བདག་གསེར་འོད་རྒྱལ།


CMR004_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ། དཀར་ཚེ་སྤྱན་ནོ། །དེ་ལྟར་མཁའ་སྤྱོད་པ་མན་ཆད་ལ། ད་ལྟ་མི་རབས་དགུའམ་བཅུ་རེ་ཙམ་སོང་གདའ་ཞིང་། མགོན་པོ་ཕྱག་བཞི་པ་དང་། དམ་ཅན་རྡོ་རྗེ་ལགས་པས་མི་རབས་བཅུ་གསུམ་དུ་བསྟན་པ་བསྲུང་བར་ཁས་བླང་བ་ཡིན་ནོ། །དེ་ལྟར་གདུང་རྒྱུད་མང་སྟེ། སྐྱོ་པ་ངོམ་སྟོད་གཉིས་ཀྱང་གདུང་རྒྱུད་ཡིན་ཀྱང་གདན་ས་མིན། གནས་ས་ནི་ས་སྒང་སྡེ་པ་ཡིན་པས་ཐོབ་ཆ་ཆེ་སྟེ། སྐྱོ་ངོམ་སྟོད་སྨད་བར་གསུམ་གྱི་སྤྱི་རྗེ་དབུས་རྨོག་ཡིན་ནོ། །ད་ནི་ལྷ་གདོང་དཀར་པོ་འོད་གསལ་ལྷའི་གདུང་རྒྱུད་འདི་ལ་ཐེ་ཚོམ་བསལ་བ་ནི། བསྟོད་མི་ཤེས་ཀྱིས་བསྟོད་འདོད་བྱེད་པ་འགའ་ཞིག་ན་རེ། ངོམ་པ་འདི་དང་པོ་རྒྱ་ནག་ནས་ཡར་བྱོན་པ་ཡིན་ཏེ། རྒྱ་ནག་རྒྱལ་པོའི་བློན་པོ་བུ་ཆུང་ཆུང་གཅིག་ལ་ལས་ཀ་གནང་ནས་མདོ་ཁམས་ཀྱི་དཔོན་དུ་བསྐོས་ནས་བྱོན་ཏེ། རྒྱ་ནག་སྐད་ལ་བུ་ཆུང་ཆུང་ཨ་ནུ་ཟེར་བ་ཡིན་པས་དེའི་མིང་འཇགས་མ་ཡིན་ཟེར། དེ་ནི་མི་བདེན་ཏེ་རྒྱ་ན་ཕ་སྤུན་ཡོད་རབ་མི་གདའ་ལ། དབུས་ན་ཕ་སྤུན་ཡོད་ནི། མཁའ་སྤྱོད་པ་བྱོན་དུས་ཕ་སྤུན་རྣམས་ལ་རང་བྱས་རབ་དང་། སྒམ་པོ་བའི་ཡང་ཞུ་བོ་གྲུབ་ཐོབ་ལ་ཕྱི་ནམ་མཁའ་རྒྱལ་མཚན་ཟེར་བ་དབུས་


CMR004_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ན་བཞུགས་པ་ལ་ཁྲིད་ཞུས་དྭགས་ལ་སྒམ་པོ་ན་གཟིམས་ཁང་གཅིག་མཛད་ནས་ལོ་དྲུག་མཚམས་ལ་བཞུགས་རབ་རྣམ་ཐར་ནང་ན་གསལ་ཕྱིར་རོ། །ཡང་སྨད་མི་ཤེས་པའི་སྨད་པ་བྱེད་པ་འགའ་རེའི་ངོམ་པ་ལྷ་གདོང་དཀར་པོ་མིན། ཡས་སྡོང་ཁ་ནག་ཡིན་ཏེ། དབུས་ཀྱི་རྒྱལ་པོ་སྣེའུ་གདོང་གོང་མ་ཆེན་པོ་ལ་མོ་ངན་པ་ཞིག་བྱུང་ནས། རྒྱལ་པོའི་སྲས་པོ་གཅིག་གླད་ལ་འཕང་ན་ཕན། དེ་མིན་ན་རྒྱལ་པོ་འདས་ཟེར། རྒྱལ་པོའི་བུ་བླུན་པོ་རྒྱལ་ས་ནི་མ་ནོན་པ་རྩིས་ཆུང་བ་གཅིག་ཡོད་པ་ལ། ཡབ་རྒྱལ་པོའི་ཞྭ་གོས་ལྷམ་གསུམ་བཀོན། རྟ་དྲེལ་དང་རྒྱུ་མང་པོ་བྱིན་ནས་ཡས་ལ་བརྫངས་ནས་ཁམས་སུ་འཁྱམས་པའི་རྒྱུད་ལ་སྡོང་སྤོམ་ར་བྱུང་ཟེར་རོ། །དེ་ནི་མི་བདེན་པའི་རྒྱུ་མཚན་གསུམ་ཡོད་དེ། རུས་མི་གཅིག་པ་དང་། དུས་མི་མཚུངས་བ་དང་། གླུད་ཚུར་མི་ལེན་པ་དང་གསུམ་མོ། །དང་པོ་ནི། སྣེའུ་གདོང་གོང་མ་ཆེན་པོ་ནི་འོད་གསལ་ལྷའི་གདུང་རྒྱུད་ཡིན་ཀྱང་། བོད་ཆོས་རྒྱལ་གྱི་གདུང་རྒྱུད་མིན་ཏེ། ཨོ་རྒྱན་གྱི་སློབ་མ་གླང་ཆེན་དཔལ་གྱི་སེང་གེའི་གདུང་རྒྱུད་ཡིན་ཏེ། རུས་མི་གཅིག་རུས་གླང་ཡིན་ཏེ། ཨོ་རྒྱན་དུས་ནས་གླང་དཔལ་གྱི་སེང་གེས། ལྷ་སྲིན་ཐམས་ཅད་བྲན་དུ་ཁོལ་


CMR004_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དམ་ལ་བཏགས་ནས། སྲིན་པོའི་བུ་མོ་གཅིག་ཆུང་མར་བླང་བ་ལས་སྲས་གླིང་སྲིན་ཚ་འདྲེ་ཁོལ་བྱ་བ་འཁྲུངས་ཏེ། སྲིན་པོའི་ཚ་བོ་ཡིན་ལྷ་འདྲེ་ཐམས་ཅད་བྲན་དུ་ཁོལ་བ་བྱུང་། དེ་ནས་བཟུང་སྟེ་བླ་བརྒྱུད་དང་སྔགས་བརྒྱུད་མ་ཆད་པར་བྱུང་བ་ལ། དེའི་གདུང་རིགས་འབྲི་ཁུང་འཇིག་རྟེན་གསུམ་མཾགོན་གྱི་གདན་ས་མཛད་པའི་སྤྱན་སྔ་སྟག་འབྱུང་བ་ཟེར་བ་བྱུང་སྟེ། དེ་ལ་སློབ་མ་དགེ་འདུན་པ་ཁྲི་ཚོ་བཅོ་བརྒྱད་རེ་འཚོགས་པ་བྱུང་། བླ་མ་དེས་མགོན་པོ་ཕྱག་བཞི་པ་འགྲུབ་ནས། དེའི་སྒོ་ནས་དབང་སྡུད་མཛད་པའི་ནུས་པས། །ཁོང་གི་དབོན་པོ་དེས་ས་སྐྱ་ཆོས་རྒྱལ་འཕགས་པའི་གཉེར་པ་བྱུང་བ་ལ་རྒྱ་ནག་རྒྱལ་པོས་ལས་ཀ་འཁོར་མོ་གནང་ནས། བོད་ཤིང་སྒོ་ཅན་གྱི་དཔོན་དུ་བསྐོས་པ་ཡིན་ལ། ངོམ་པ་གདོང་ཚང་ན་དྲག་ནག་ཡན་གྱི་མི་རབས་མང་པོས་ངོམ་ནས་ས་བཟུང་བའི་ཕྱིར། དུས་མི་མཚུངས་སོ། །གདོང་དྲག་ནག་གི་སྣེའུ་གདོང་གོང་མ་ཆེན་པོའི་གཉེར་ཆེན་མཛད་པས། གླུད་འཕངས་བས་དེས་གཉེར་པ་བྱེད་བཅུག་མི་སྲིད་པ་དང་མཁའ་སྤྱོད་པ་ཡང་སྣེའུ་གདོང་གོང་མས་གདན་དྲངས་འབུལ་བ་ཞབས་ཏོག་བྱས། མཚན་རྒྱ་ཆོས་རྗེ་གསོལ་ནས་བླ་མར་ཁུར་བའི་ལོ་


CMR004_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུས་རྣམ་ཐར་ན་གསལ་བས། སྣེའུ་གདོང་གོང་མ་ཆེན་པོ་ལ་བླ་མས་ཐབས་མི་ཆགས་པ་ལ་གླད་ལ་འཕང་བ་ཡིན་ན་བླ་མར་ཁུར་མི་སྲིད་པའི་ཕྱིར། ཡང་དྲག་ནག་གིས་འགྲོ་མགོན་ཆོས་འཕགས་ཀྱི་སྒར་པའི་ལྕགས་འགུ་ཁུར་ནས་དྲག་པ་འགོས་པས་དྲག་ནག་ཡིན་ཟེར་བ་མི་བདེན་ཏེ། དྲག་ནག་གི་ཡབ་དང་སྤུན་རྣམས་མདོ་དབུས་ཁམས་གསུམ་དུ་གྲགས་པའི་མི་ཆེན་པོ་དང་རྒྱལ་རྒྱུད་ཡིན་པས་དེ་མི་སྲིད་པའི་ཕྱིར་རོ། །བོད་ཆོས་རྒྱལ་གྱི་གདུང་རྒྱུད་གཅིག་འདི་ན་འཁྱར་བའི་དོན་ཅི་ཡིན་ཞེ་ན། དེ་ཡང་སྤྱིར་མང་བཀུར་རྒྱལ་པོའི་རྒྱལ་རྒྱུད་འདི། འཛམ་བུ་གླིང་གི་ཆོས་ཀྱི་རྒྱལ་པོ་འབྱུང་བའི་ས་བོན་དང་འདྲ་སྟེ། རྒྱ་གར་ཤར་ནུབ་ལྷོ་བྱང་ཐམས་ཅད་དུ་ཆོས་རྒྱལ་ཁྲི་ཕྲག་མང་པོ་འབྱུང་བ་དང་། ཤམ་བྷ་ལར་འཁྱར་བ་ཤམ་བྷ་ལའི་ཆོས་རྒྱལ་རྣམས། བོད་དུ་འཁྱར་བ་ལ་བོད་ཆོས་རྒྱལ། དེ་ནས་ཉང་རྐང་དུ་འཁྱར་བས་དེའི་རྒྱལ་པོ་རྣམས་བྱུང་གདའ་བས་ཁམས་སུ་འཁྱར་མི་ལོ་བའི་དོན་ཅི་ཡོད། དེ་འཁྱར་བའི་རྒྱུ་མཚན་ནི་སྔོན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་པོ་བྷོ་དྷི་སཏྭ་གདན་དྲངས་ནས་མཇལ་འཕྲད་བྱས་དུས། རྒྱལ་པོའི་སྐུ་ཆིངས་མ་བཅིང་བར་མཇལ་ནས། མཁན་པོའི་ཞལ་ནས་རྒྱལ་


CMR004_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཁྱོད་ཀྱི་དབུ་ལ་ལྭ་ཐོད་གདའ་བས་སྟོད་དུ་རྒྱལ་ཁྲིམས་ཞྭ་ཙམ་ཞིག་ཆགས། ཞབས་ལྷམ་མནབ་ནི་གདའ་བས་སྨད་དུ་རྒྱལ་ཁྲིམས་ལྷམ་ཙམ་ཞིག་ཆགས། སྐེད་པ་ལ་སྐུ་ཆིངས་མི་གདའ་བས་བར་འདི་ན་རྒྱལ་ཁྲིམས་མྱུར་དུ་ཞིག་པར་འདུག་གསུང་པ་དང་། ཨོ་རྒྱན་ལུང་བསྟན་ལས་ཀྱང་། ལོ་བརྒྱའི་བར་དུ་ཆོས་ཁྲིམས་རྒྱལ་ཁྲིམས་མེད། །རྗེ་མེད་འབངས་མེད་བོད་ཁམས་མཚོ་ལྟར་འཁྲུག །རྒྱལ་ཁྲིམས་དར་གྱི་གཞི་སྟོན་མ་ཆགས་པས། །མང་ཚན་ཉུང་ཚན་ལྟོགས་སྲིད་ཕྱུག་སྲིད་ཅེས། །སྡེ་ཚན་བཞིར་གྱེས་ཉིན་མཚན་གསོད་ཅིང་གཅོད། །ཅེས་ལུང་བསྟན་པའི་ཐོག་ཏུ་བབ་སྟེ། སྟོད་དུ་རྒྱལ་ཁྲིམས་ཞྭ་ཙམ་ཆགས་པ་མངའ་རིས་གུ་གེ་རྒྱལ་པོ། སྨད་དུ་རྒྱལ་ཁྲིམས་ལྷམ་ཙམ་ཆགས་པ་ཀོང་པོ་སྟོད་ཤོང་རྒྱལ་པོ་བྱུང་། བར་དབུས་གཙང་རུ་བཞི་ན་ལོ་བརྒྱའི་བར་དུ་དཔོན་མེད་གཡོག་མེད་བྱུང་སྟེ། ལྟོགས་སྲིད་ཟེར་ནས་དབུལ་པོ་ཚོས་ཆུས་གཅིག་བྱས། ཕྱུག་སྲིད་ཟེར་ནས་ཕྱུག་པོ་ཚོས་ཆུས་གཅིག་བྱས། མོང་སྲིད་ཟེར་ནས་མི་ངོ་མང་བ་ཆུས་གཅིག་བྱས། ཉུང་སྲིད་ཟེར་ནས་མི་ངོ་ཉུང་བ་ཚོས་ཆུས་གཅིག་བྱས་ཏེ། གསོད་གཅོད་རྐུ་འཕྲོག་དམག་ཇག་བྱེད་རེས་དར་ནས་


CMR004_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་གཙང་ན་རྒྱལ་རྒྱུད་མང་པོ་ཡོད་ཀྱང་ཁྲིམས་ནོན་ནས་བཞུགས་པ་མ་བྱུང་སྟེ། དབུས་རུ་བྱང་གི་རྒྱལ་རྒྱུད་གཅིག་ཁམས་སུ་བྱོན་ནས་གཅིག་ཤར་ཙོང་ཁ་ན་བྱོན་པས་ཙོང་ཁ་རྒྱལ་པོ་བྱུང་། གཅིག་ངོམ་སྨད་སྐྱོ་གཉིས་ནས་བཟུང་བའི་རྒྱུད་ལ་གདོང་སྤོམ་ར་བྱུང་བར་མངོན་ཏེ། དྲག་ནག་དང་མཁའ་སྤྱོད་པ་རྣམས་ཀྱི་ཕ་སྤུན་ཚོ་ཡང་དབུས་རུ་བྱང་གི་འདམ་ལྕོག་རྩེ་ལ་ཕྱི་ནང་ན་ཡོད་པའི་ལོ་རྒྱུས་གདའ་བ་དང་། དབུས་དང་ངོམ་གཉིས་ཀ་གནས་གཉིས་མཛད་པ་ཡིན་པས། གདོང་སྦྱིན་པའི་བུ་ལ་སངས་རྒྱས་དཔལ་ཆེ་ཆུང་གཉིས་དབུས་ན་བཞུགས་རབ་རྣམ་ཐར་ན་གསལ་ཞིང་། སང་ཆུང་གི་སྲས་ལ་ལ་ཕྱི་ནམ་མཁའ་རྒྱལ་མཚན་འཁྲུངས། སང་ཆེན་གྱི་སྲས་དཀོན་མཆོག་བཟང་པོས་སྟོད་ཧོར་གྱི་རྒྱལ་པོ་དང་མངའ་རིས་གུ་གེ་རྒྱལ་པོ་དང་གཉིས་ཀས་བློན་ཆེན་བྱས་ནས། དུ་ཝན་ཞལ་གྱི་ལས་ཀ་བླངས། རྒྱལ་བ་བཟང་པོ་ཡན་ཆད་མདོ་དབུས་ཁམས་གསུམ་ན་གྲགས་སོ། །ཞེས་རྣམ་ཐར་ནང་ན་གསལ་ལོ། །དེ་ལྟར་ངོམ་སྟོད་སྨད་བར་གསུམ་གྱི་ཨ་ནུ་ཞལ་ངོ་རྣམས་ཕ་རུས་ལ་ཁྱད་མེད་ལྷ་གདོང་དཀར་པོ་ཡིན་འོད་གསལ་ལྷའི་གདུང་ཡིན། རྒྱ་གར་རྒྱལ་པོའི་རྒྱལ་རྒྱུད་ཡིན། བོད་རྒྱལ་པོའི་རྒྱལ་རྒྱུད་


CMR004_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། མཁའ་སྤྱོད་པའི་གདུང་རྒྱུད་ཡིན་པ་ལ་འདྲ། མ་འོག་ནི་གནས་མདོ་བ་མཐོ་སྟེ། སྐྱོ་ངོམ་ཀྱི་སྡེ་པ་རྣམས་ཀྱང་མོ་དྲོང་གི་ཤར་མ་ངོ་དམར་ལ་ཐོན་པའི་སྟོད་འོག་གི་རྒྱུད་ཡིན། ངོམ་སྟོད་པ་ཐམས་ཅད་ནི་ནོར་མ་ཝ་ལས་ཐོན་པའི་རྟོལ་གོག་གི་རྒྱུད་ཡིན་ནོ། །དེ་ཡང་མ་འོག་བཤད་ན། མཁའ་སྤྱོད་པའི་མ་ཡུམ་ནི་ཇ་བཟའ་ཆོས་ཀྱི་སྒྲོན་མ་ཡིན་ཏེ། རྣམ་ཐར་ལས། བྱད་གཟུགས་ལང་ཚོ་ཕུན་སུམ་ཚོགས། །ཡན་ལག་མཆོག་མཛེས་ལྷ་མོ་ལྟར། །གཟུགས་བཟང་གྲགས་པས་ཕྱོགས་ཀུན་ཁྱབ། །སྐྱེ་བོའི་ཡིད་ཀྱི་ལྕགས་ཀྱུ་བཞིན། །ཅེས་གསུངས་སོ། །སྒམ་པོ་པའི་མ་ཡུམ་ནི་ཟུར་མང་ཆོས་དཔལ་བཟང་པོའི་དབོན་མོ། །མེ་ཉག་བཟའ་ཤེལ་སྒྲོལ་མ་སྟེ་བཙུན་མོ་རིན་ཆེན་ལྟར་བུད་མེད་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པ་སྟེ། མཛེས་སྒེག་ལྡེམ་འཁྱུག་སྒྱུ་རྩལ་ཀུན་ལ་མཁས། །བློ་ཞིབ་ཚུལ་དམ་བྱ་བ་ཀུན་དང་ལྡན། །བག་ཡོད་ཁྲིམས་ལྡན་བཞིན་དུ་དགེ་ལ་དད། །ཅེས་སོགས་ཡོན་ཏན་མང་པོ་ཡོད་པར་གསུངས་སོ། །བྱ་བྲལ་བའི་མ་ཡུམ་གྱི་མིང་མི་གསལ་ཡང་། རིགས་རུས་ལང་ཚོ་ཡོན་ཏན་ཕུན་སུམ་ཚོགས་པ་གཅིག་གོ །ལྷ་རྒོད་རྒྱལ་གྱི་མ་ཡུམ་ནི། རིན་ལ་


CMR004_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་བརྒྱ་བྱིན་པས་ཁྱུ་མོ་རྟ་བརྒྱ་མ་ཟེར་ཏེ། གོས་ཆེན་ཟབ་ཆེན་སོགས་ཀྱི་སྤྱམ་ཆེ་སོགས་བཙུན་མོ་རིན་ཆེན་ལྟ་བུ་ཡོད་ཟེར། དབང་ཕྱུག་རྒྱལ་མཚན་གྱི་མ་ཡུལ་ནི་རོང་པོ་བཟའ། ཁྲ་ལུ་མ་མགོན་པོ་རྒྱལ་མཚན་གྱི་མ་ཡུམ་ནི་གདན་ས་བར་པ། སི་ཏུའི་དབོན་མོ་དཀར་བཟའ་སྟེ་འདི་ལ་ཐུགས་ལྗགས་སྤྱན་གསུམ་བྱོན། བཙན་ཕྱུག་སྐུ་མཆེད་ཀྱི་མ་ནི། ལྷ་རྒོད་རྒྱལ་གྱི་ནང་བློན་གསེར་ཡོབ་གཡས་པ། བེ་ཁྲོ་སྒོ་ཡ་བའི་བུ་མོ་རྗེ་མོ་སྐས་མོ་སྟེ། འདི་སྐབས་སུ་སྒོ་ཡ་བ་ལ་གནས་པོ་རིན་ཆེན་ནམ་མཁའ་ཟེར་བ་བྱུང་ནས་བཀའ་འགྱུར་བཞེངས། རེ་ནེ་སྐྱབས་ཟེར་བའི་སྔགས་པ་རྙིང་མར་མཁས་ཤིང་ཨོ་རྒྱན་དང་མགོན་པོ་མ་ནིང་ཞལ་མཐོང་པས་འགྲས་ཚད་བརླག་ནུས་པ་གཅིག་དང་གནས་པོ་འགའ་རེ་བྱུང་སྟེ། བཙན་དྲག་ཆེ་ནས་ངོམ་སྟོད་སྨད་པ་ཡང་ཡང་སྒོ་བ་ལ་སྐྲག་ནས་ངོ་ཅི་ཟིན་གྱིས་དྲིབ་ལ་འདུག་དགོས་པ་བྱུང་ཟེར། འཕགས་པ་དོན་འགྲུབ་ཀྱི་མ་དང་། ས་སྒང་སྡེ་པ་མགོན་པོ་རྒྱལ་གྱི་ཡུམ་གཉིས་ཀ་མཁན་སྟོད་དཔོན་གྱི་བུ་མོ་མཁན་བཟའ་ཡིན་པས། ཕ་སྤུན་མ་སྤུན་གཉིས་རེད་འདུག་པས་ཉེ་ཆེ་བ་ཡིན་ནོ། །ཕ་གཡག་མཉམ་མ་འབྲི་མཉམ་ཡིན་ཟེར་བ་བྱུང་། རིན་ཆེན་རྒྱལ་གྱི་མ་ནི་བེ་ཁྲོ་


CMR004_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་དྲག་གི་མི་རྒྱུད་པདྨ་བཀྲ་ཤིས་ཀྱི་མ་ནི་མདོ་བོ་ཆོས་སེང་གེའི་རྒྱུད་ཡིན་ཏེ། ད་ལྟ་མངའ་ཐང་ཆུང་ན་ཡང་ངོམ་པའི་བློན་གསེར་ཡོབ་ཅན་བཅོ་བརྒྱད་ཀྱི་གྲ་ཚར་ལ་ཐེ་བའི་མི་རྒྱུད་ནི་ཡིན་པར་གདའོ། །འོ་ན་གདུང་རྒྱུད་རྩ་བ་དེ་བས་རྟོལ་རྒོག་ཚོ་དེ་སྟོབས་ཆེ་བ་ཅི་ཡིན་ཞེ་ན། དེ་ནི་བོད་རྒྱལ་པོའི་རྟེན་འབྲེལ་འཆུགས་པ་ཡིན་པར་བཤད་དོ། རྒྱལ་པོ་གླང་དར་འདས་ནས་བཙུན་མོ་ཆུང་བ་ལ་སྲས་གཅིག་འཁྲུངས་རྒྱུ་ཡོད་པ་ལ། བཙུན་མོ་ཆེ་བ་དབང་ཆེ་སྟེ་མོ་ལ་ཡང་སྲས་འཁྲུངས་རྒྱུ་ཡོད་པར་བུ་མོ་གཅིག་སྐྱེས། ཆུང་བའི་བུ་དེ་རྐུ་ནི་ཕྲོག་བསམས་པས། ཆུང་བས་འཕྲིགས་ནས་ཉིན་མཚན་མེད་པར་མར་མེ་བྱས། མར་མེའི་འོད་ལ་སྲུང་བས་འོད་སྲུང་བཏགས་ནས་སྲུང་མི་མང་པོ་བཞག་པས་མ་ཐོབ་ནས། སྤྲང་པོའི་བུ་ཟླ་བ་བརྒྱད་ལོན་པ་གཅིག་བརྐུས་ནས་བུ་མོ་དེའི་མལ་དུ་བཞག་པས། ལྷ་ས་མ་རེད་འདྲེ་ས་རེད། བུ་ལ་བུ་མོ་ནོར་ས་རེད་ཟེར་བ་བྱུང་། བློན་པོ་རིགས་པ་ཅན་གཅིག་གིས་འཕྲིགས་ནས། བུ་སྐྱེས་མ་ཐག་སོ་སྐྱེ་བ་མེད་དེ། ཡུམ་དབང་ཆེ་བས་ཡུམ་གྱི་གསུང་དེ་བརྟན་ཆུག་ཟེར་བས། ཡུམ་བརྟན་བཏགས་བུ་དེ་གཉིས་རྒྱལ་ས་མ་དུམ་ནས། ཡུམ་བརྟན་


CMR004_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ལྷ་ས་བཟུང་། འོད་སྲུང་གིས་བསམ་ཡས་བཟུང་ནས་ལོ་བཅུ་གཉིས་ལ་འཁྲུག་པ་བྱས་པས་འོད་སྲུང་ཕམ་སྟེ་མངའ་རིས་ལ་བྱོན། ཡུམ་བརྟན་གྱིས་དབུས་གཙང་རུ་བཞིའི་རྒྱལ་ས་དེ་ཐོབ་། ཕྱིས་ནས་རྒྱལ་བོད་འཁྲུག །དེ་ནས་འོད་སྲུང་ཕྱིར་བྲོས། དེ་ལྟར་སྤྱང་ཕྲུག་མའི་དབང་གིས་རྒྱལ་ས་ན་བཞག་པས་རྟེན་འབྲེལ་འཆུགས་ནས། དེ་ཕྱིན་ཆད་བོད་ལ་མི་རྒྱུད་གཙང་མ་དེ་ལས་རྩོག་ཕྲུག་དེ་སྟོབས་དང་དར་རྒྱས་ཆེ་བ་བྱུང་བ་ཡིན་ཟེར་རོ། །འོ་ན་བོད་ཆོས་རྒྱལ་གྱི་རྒྱུད་ཡིན་ཟེར་བ་རྣམ་ཐར་ན་མི་གསལ་བ་འདི་གང་ནས་ཐོས་ཞེ་ན། འདི་ནི་སྔར་ནས་གདུང་རྒྱུད་སླད་མེད་ཡོད་པར་འདུག་པ་བདག་གིས་ཐོས་ལུགས་ནི། ཨ་ནུ་སྔགས་འཆང་པདྨ་དབང་དྲག་དེས་ཡོན་བདག་རྣམས་ཀྱི་ས་ན། བཙན་རྒོད་རོལ་པ་སྐྱ་བདུན་གྱི་གསོལ་ཁ་དེ་ཚར་རེ་འདོན་སྲོལ་གདའ། ང་ཆུང་ངུ་ཡིན་ཀྱང་། བཙན་རྒོད་རོལ་པ་སྐྱ་བདུན་ནི་གུ་རུ་ཞི་དྲག་གི་བཀའ་སྲུང་འདྲ་ནི་མ་རེད། གཏེར་ཁ་ཡང་མི་གཅིག་གོ །འདིའི་སྒྲུབ་ཐབས་ཀྱང་གར་མི་གདའ་བས་འདོན་ཏེ་ཅི་བྱེད་ཞུས་པས། འདི་ཨོ་རྒྱན་པདྨས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་གདུང་རྒྱུད་ཐམས་ཅད་ཀྱི་དགྲ་བླ་ལ་བསྐོས་པ་ཡིན་ཡུད་གུ་ཁྲི་སྲོང་ལྡེའུ་བཙན་གྱི་


CMR004_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་རྒྱུད་ཡིན། བཙན་གསོལ་འདིའི་ནང་ན། ཁྲི་སྲོང་ལྡེའུ་བཙན་རྗེ་རིགས་དང་། །རྣལ་འབྱོར་དམ་ལྡན་བརྒྱུད་པར་བཅས། །དམ་ཚིག་གཅིག་ཏུ་བསྒྲུབ་པ་ལ། །སྐུ་ལ་བསྡོ་བའི་རིགས་རྒྱུད་ཆོད། །ལོག་པའི་སྡེ་དཔུང་ཆམ་ལ་ཕོབ། །ཟེར་བ་གདའ་ལེ་ཁར་གསུང་ཞིང་ལེའུ་བདུན་མ་འདོན་དུས་ཀྱང་། ཆོས་རྒྱལ་གདུང་རྒྱུད་མཐའ་རུ་མ་གཏོང་བར། །ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས། །ང་ཡི་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས། །ཟེར་བའི་སྐབས་སུ་ཆོས་རྒྱལ་གྱི་གདུང་རྒྱུད་ཡིན་བསམ་པའི་ཡུས་ཀྱིས་མངོན་མངོན་ནས་སྤྱན་ཆབ་འདོན་ཅིང་ངུ་སྐད་འདོན་པ་ཡང་མང་དུ་མཐོང་ངོ་། །འོ་ན་བོད་རྒྱལ་པོའི་གདུང་རིགས་ཡིན་པས་ཅི་ཕན་ན། རིགས་གསུམ་མགོན་པོའི་གདུང་རྒྱུད་ཡིན་པས་བྱིན་རླབས་ཆེ། ཨོ་རྒྱན་གྱི་ཐུགས་རྗེས་རྒྱུན་དུ་གཟིགས་བོད་ཀྱི་མགུར་ལྷ་བཅུ་གསུམ་དང་བོད་ཁམས་བསྟན་མ་བཅུ་གཉིས་ཀྱིས་སྡོང་གྲོགས་བྱེད་པ་ཡིན་ནོ། །འོ་ན་རྒྱ་གར་རྒྱལ་པོའི་རྒྱུད་ཡིན་ན་བོད་ཀྱི་མི་ལ་མི་ཐེ། བོད་མིའུ་རུས་དྲུག་ཏུ་མི་ཐེ་བས་ལྡོང་ཡང་མིན། མིའུ་འགྲམ་ཆགས་དང་མི་མཐུན་ཟེར་ན། སྐྱོན་མེད་དེ་བོད་ཀྱི་རྒྱལ་པོ་དེ་བོད་ལ་མི་ཐེ་ན་


CMR004_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཐེ་ལུས་ཀྱི་གཙོ་བོ་མགོ་བོ་ཡིན། མིའུ་འགྲམ་ཆགས་ནས་རྒྱ་དཀར་ནག་གི་རྒྱལ་པོ་བོད་རྒྱལ་པོ་དང་གསུམ་ག་གདོང་ཡིན་པར་བཤད། དཀར་པོ་གདོང་ལ་རྒྱལ་བཞི་ཡོད། དཀར་པོ་གདོང་གི་རྒྱལ་བཞི་དེ། །རྒྱ་གར་རྒྱལ་པོའི་གདོང་ཅིག་ཡིན། །རྒྱ་གར་ཆོས་ཀྱི་འབྱུང་གནས་དེ། །གདོང་དམ་པ་ཆོས་ཀྱི་རྒྱལ་མཚན་བཟུང་། །རྒྱ་ནག་རྒྱལ་པོའི་གདོང་གཅིག་ཡིན་། །རྒྱ་ནག་ཏི་ཤའི་ཁྲིམས་ར་དེ། །གདོང་ཡོ་ན་སེ་ཆེན་རྒྱལ་པོས་བཟུང་། །དབུས་ཇོ་བོའི་གསེར་ཁང་གོང་མ་དེ། །གདོང་ཟིན་ན་རྡོ་རྗེ་རྒྱལ་མཚན་བཟུང་། །ལྷ་ཁྱུང་མགོ་དགུང་དང་མཉམ་མི་དེ། །གདོང་ཟིན་ནུ་རྡོ་རྗེ་རྒྱལ་མཚན་ཡིན། །ཞེས་གསུངས་པ་དང་དོན་མཐུན་ཏེ། རྒྱ་གར་ཆོས་ཀྱི་རྒྱལ་པོ་དང་། རྒྱ་ནག་ཁྲིམས་ཀྱི་རྒྱལ་པོ་དང་། ཧོར་སེ་ཆེན་རྒྱལ་པོ་དང་། གེ་སར་དམག་གི་རྒྱལ་པོ་དང་། མོན་གིང་རི་རྒྱལ་པོ། ཤམ་བྷ་ལ་རིགས་ལྡན་གྱི་རྒྱལ་པོ་ཐམས་ཅད་གདོང་ཡིན་པས། དཀར་པོ་གདོང་གི་རྒྱལ་རྒྱུད་ཡོད་ཟེར་བ་དེའི་དོན་ཡིན་ནོ། །དེ་ཡང་མཁའ་སྤྱོད་པའི་འཁྲུངས་ཡུལ་ངོམ་གྱི་ས་ཆ་འདི་ཡང་། རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་ཞིང་ཁམས། །


CMR004_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཁ་བ་ཅན་གྱི་ཡུལ། མདོ་ཁམས་གླིང་ཁྲི་བར་མ། མདོ་ཁམས་སྒང་དྲུག་གི་ནང་ནས་ས་བཟང་བ། ཡུལ་ལ་རྨ་གཡང་ཆགས་པ། ངོམ་སྔོན་མོ་ནས་ཕྱུག་གི་ཡུལ་དཔལ་འཁོར་ལོ་བདེ་མཆོག་གསུང་གི་གནས་འོག་མིན་ཀརྨའི་ལྷོ་ཕྱོགས། འདོད་དགུ་འབྱུང་བའི་ཚོང་དུས་ཀྱི་ཉེ་ལོག །ཡོན་ཏན་ཕུན་སུམ་ཚོགས་པ་སྟེ། དྲུང་ཆེན་སྒམ་པོ་པའི་ཞལ་ནས་ཡུལ་བཟང་པོ་སོ་སོ་ཀུན་ལ་ཡོད། །ཡོན་ཏན་དུ་མ་དང་ལྡན་པས། །འདི་ཡི་སྐྱོན་རྣམས་རྦད་མི་དགོས། །གཞན་ལ་ངོམ་དུ་རུང་བས་ངོམ། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། སྔར་གྱི་ངག་རྒྱུན་ལས་འབྱུང་བ་གོ་བདེ་བར་བཀོད་ན་འདི་སྐད་བྱ་སྟེ། ངོམ་ཞེས་ཟེར་བའི་བརྟན་ཚིག་ནི། ཕུ་ན་རྒྱལ་ཆེན་བཅོ་བརྒྱད་ཡོད། །ཡུལ་ལྷ་བཟང་པོ་ངོམ་དུ་རུང་། །ལྷ་གཞན་ལ་མི་སྨོན་ལྷ་ཡིས་ངོམ། །མདའ་ན་མདའ་ཆེན་བཅོ་བརྒྱད་ཡོད། །གནས་གཞི་བཟང་པོ་ངོམ་དུ་རུང་། །ཡུལ་གཞན་ལ་མི་སྨོན་ཡུལ་གྱིས་ངོམ། །ཕུ་ན་རྩྭ་ཁ་བཟང་པོ་ཡོད། །འབྲོག་པ་བཟང་པོ་ངོམ་དུ་རུང་། །ཕྱུགས་བེའུ་ལུག་རྣམས་ཀྱང་རྩྭ་ཡིས་ངོམ། །མདའ་ན་ཆུ་མ་བཟང་པོ་ཡོད། །ཞིང་ས་བཟང་པོ་ངོམ་དུ་རུང་། །ཚོང་པ་རྣམས་


CMR004_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ནས་ཀྱིས་ངོམ། །བར་ན་ས་འགགས་བཙན་པོ་ཡོད། །མཐའ་དམག་བྱུང་དུས་ངོམ་དུ་རུང་། །ཝུར་ཞོག་པ་ཚོ་རྫོང་གི་ངོམ། །དེ་ཕྱིར་ངོམ་ཞེས་བྱ་བ་ཡིན། །ཅེས་བྱའོ། །དེ་ལ་ཡུལ་བཟང་པོ་ངོམ་དུ་རུང་བ་ནི། ལྷ་བཟང་པོ་ངོམ་དུ་རུང་བ་ཡོད་ལུགས་ནི། དྲུང་ཆེན་མཁའ་སྤྱོད་པ་དེ་ཉིད་ཀྱིས་དམ་ཅན་རྡོ་རྗེ་ལེགས་པ་མགར་བ་དམར་པོའི་ཆ་ལུགས་ཅན། ངོམ་པའི་སྡེ་འདིས་གར་ཁྱབ་ཚད་དམ་ཅན་དེའི་སྐུ་ལུས་ཁྱབ་པ་གཅིག་ཞལ་གཟིགས་དུས། ངོམ་པའི་ས་ཆ་འདི་མི་སྡེ་དང་བཅས་པ་འདི་སྲུང་ཞིང་སྐྱོབ་པའི་བཀའ་གཏད་དམ་པོ་མཛད་པས། ངོམ་པ་སྤྱི་ལ་མགོན་པའི་ཕྱིར། ངོམ་པའི་གདུང་རྒྱུད་མིན་ཀྱང་དུད་ཆེ་འབྲིང་ཕལ་ཆེར་ལ་དམ་ཅན་འཁོར་ཟེར་བ་ཡོད་ཅིང་། སྡེ་ཁག་སོགས་ཐག་རིང་དུ་སོང་ན་ནི་ངོམ་ནས་ཡིན་ཚད་ལ་དམ་ཅན་འཁྲི་ཟེར་ནས་གསོལ་ཁ་དང་མགྱོགས་སོགས་བྱེད་དགོས་པ་ཡིན་ཟེར་རོ། །ཡུལ་ལྷ་བཟང་པོ་ངོམ་དུ་རུང་བ་ནི། ཕུ་ན་རྒྱལ་ཆེན་བཅོ་བརྒྱད་ཡོད་པའི་ནང་ནས། སྟོབས་དང་ལྡན་པའི་རྒྱལ་ཆེན་བཞི་ཡོད་དེ། ངོམ་རྒྱལ་མཚོ་བཀྲ་དང་། ཀླུ་རྒྱལ་པོ་ཏོ། ཀླུ་རྒྱལ་གཙུག་ན་རིན་ཆེན། རྫོ་རྒྱལ་རི་ཏི་དང་བཞིའོ། །དེ་ཡང་ངོམ་རྒྱལ་ནི་རྣམ་སྲས་


CMR004_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོའི་དཀྱིལ་འཁོར་གྱི་ལྷོ་ནུབ་ཀྱི་གྲར་བཞུགས་པའི་གདོན་སྦྱིན་གྱི་རྒྱལ་པོ་རྣ་བོ་ཆེ་དང་། བེག་རྩེའི་འཁོར་ལྷོ་ཕྱོགས་ཀྱི་ཤན་པ་གྲི་ཐོགས་དང་། གནོད་སྦྱིན་ཤན་པ་དམར་ནག་གི་འཁོར་ལྷོ་ཕྱོགས་ཀྱི་གཤིན་རྗེ་གཟིག་མགོ་ཅན། བལ་བོད་མཚམས་སུ་གནས་གཞི་གཅིག་ཡོད་པས། ཨོ་རྒྱན་དང་པོ་ཕེབས་དུས་དམ་ལ་བཏགས་མེ་ཏོག་ཆག་གང་ཕུལ་ནས་སེམས་བསྐྱེད། སྲོག་སྙིང་ཕུལ་ཏེ་བསྟན་པ་བསྲུང་བར་ཁས་བླངས་ཏེ་མིང་དགེ་བསྙེན་རྡོ་རྗེའི་མཚན་ཅན་དུ་བཏགས་པ་དང་། དབུས་སུ་རིའི་རྒྱབ་རི་ལ་གནས་གཞི་གཅིག་ཡོད་པས་མིང་དགེ་བསྙེན་རྡོ་རྗེ་དཔའ་བསྟན་ཞེས་བྱ་བ་དང་། ངོམ་དུ་བཞུགས་དུས་ངོམ་རྒྱལ་མཚོ་བཀྲ་ཞེས་བྱ་སྟེ། ཨོ་རྒྱན་གྱིས་གཏེར་སྒོ་གསལ་བར་ཡོད། ལྷའི་དགེ་བསྙེན་བརྒྱ་དང་ཉི་ཤུའི་གྲྭ་ཚར་གྱི་གཅིག་ཡིན་པས་སྟོབས་དང་ལྡན་ལ་ངོམ་དུ་རུང་བའོ། །ཀླུ་རྒྱལ་སྤོ་ཏི་ནི་ཨོ་རྒྱན་རིན་པོ་ཆེ་དང་ཆེ་ཚང་སངས་རྒྱས་ཡེ་ཤེས་སོགས་ཀྱིས་དམ་ལ་བཏགས་ཏེ། སྒྲུབ་ཐབས་ཀྱང་ཡོད་པར་གྲགས་ཤིང་ཝ་ཕུ་ན་ཨོ་རྒྱན་གྱིས་གཏེར་སྦས་གཏེར་གྱི་སྲུང་མར་བསྐོས་ཏེ། དམ་ཅན་དངོས་ཡིན་ཟེར་བ་འདུག་ཀྱང་མཆེད་ཟླ་སུམ་བརྒྱ་དྲུག་ཅུའི་གཅིག་ཡིན་པར་


CMR004_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་སྟོབས་དང་ལྡན་ཅིང་ངོམ་དུ་རུང་། དེའི་མདུན་གྱི་ཆུ་མིག་ན་ཀླུ་རྒྱལ་གཙུག་ན་རིན་ཆེན་གནས་པར་གསུངས་ཏེ། འདི་ནི་བྱ་ཁྱུང་གི་རྒྱལ་པོ་ག་རུ་ཊས་ཀྱང་མ་ཐུབ་ནས་ཤོར་བའི་ཀླུའི་རྒྱལ་པོ་ཤིན་ཏུ་སྟོབས་ལྡན་ཡིན་པས། ཡུལ་ལ་རྨ་གཡང་ཆགས་ཤིང་ལོངས་སྤྱོད་ཕྱུག་སྟེ། འདི་ནི་ཀླུའི་རྒྱལ་པོ་ནོར་དྲང་སྤེལ་མཛད་ཅེས་བྱ་བ་ཡིན་པར་བཤད་པའི་ཕྱིར་རོ། །ཇོ་རྒྱལ་རེ་ཏི་ནི་རྨ་རྒྱལ་སྤོམ་རའི་སྲས་ཡིན་པར་གྲགས་ཤིང་། བཀའ་བརྒྱད་ཀྱི་བཀའ་སྲུང་དྲེགས་པའི་སྡེ་དཔོན་སུམ་ཅུའི་ནང་ནས། མ་སང་གཡག་སྤང་སྐྱེས་གཅིག་ཡིན་པར་མངོན་ཏེ། ཉང་ལུགས་ཀྱི་བཀའ་བརྒྱད་ཀྱི་སྡེ་དཔོན་སུམ་ཅུའི་གསོལ་ཁ་ཆེན་པོ་ནས་བཤད་པའི་སྐུའི་ཆ་ལུགས་དང་། སངས་རྒྱས་ཡེ་ཤེས་ཀྱི་ཇོ་རྒྱལ་ཞལ་གཟིགས་དུས་ཀྱི་སྐུ་དང་ཆ་ལུགས་མཐུན་པའི་ཕྱིར་རོ། །དེ་ཡང་པདྨ་བཀའ་ཐང་དང་། དེ་ནས་ཁམས་ཀྱི་སེང་གེ་བྲག་ཏུ་བྱོན། ཞེས་སོགས་གསུངས་པ་ནི། བླ་མ་མགར་དམ་པས་བྲག་དམར་ཕུའི་བྲག་སེང་གེ་སྤྱན་གསུམ་འདི་ཡིན་པ་འདྲ་གསུངས་ཟེར་ཏེ་འདི་ཡིན་ཤས་ཆུང་སྟེ་སྔར་ནས་ཡིན་ཟེར་བ་མ་ཐོས་ལ། ས་སྟོད་པ་རྣམས་ཀྱིས་རྫ་སྟོད་སྤྱི་འབྱམས་ན་ཨོ་རྒྱན་གྱི་གནས་ཡོད། དེའི་


CMR004_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ན་བྲག་སེང་གེ་གནམ་དུ་མཆོང་འདྲ་ལ་གཏེར་ཁ་ཡོད་པས་དེ་ཡིན་པར་བྱེད། ངེད་རང་ས་སྨད་པ་ཚོས་ནི་ཟླ་ངོམ་གྱི་ཆུ་འདུས་ཤིན་ཏུ་གཉེན་པ་ཆབ་མདོའི་སེང་གེ་རྫོང་འདི་ཡིན་ཟེར་ཏེ། དཔེར་ན་རྒྱ་གར་ཤར་ཕྱོགས་དང་བོད་གཉིས་ཀ་ལ་ཙཱ་རི་རེ་ཡོད་པ་དང་། གོ་བོ་ཕུག་ཡང་ཆེ་ཆུང་གཉིས་གདའ་བ་ལྟར་གཉིས་ག་མིན་པའི་ངེས་པ་མེད། དེ་ཡང་ཨོ་རྒྱན་རིན་པོ་ཆེ་བོད་དུ་མ་ཕེབས་པའི་སྔོན་ཙམ་དུ་ཁམས་ཕྱོགས་ཀྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་པར་དགོངས་ནས། རྒྱ་གར་ནས་རྫུ་འཕྲུལ་གྱིས་ཆབ་མདོའི་སེང་གེ་རྫོང་དུ་བྱོན་པས། མ་སང་གཡའ་སྤང་སྐྱེ་གཅིག་ཅེས་བྱ་བ་ཇོ་རྒྱལ་རི་ཏི་འདི་ཉིད། མི་རྒན་མགོ་ལ་སྤུ་ཞྭ་གྱོན་པ་འཇིགས་སུ་རུང་བར་སྤྲུལ་ནས། ལག་པ་གཉིས་གངས་ཏི་སེའི་རྩེར་དང་མཚོ་མ་ཕམ་ལ་སྙབ། རྐང་པ་ཁམས་ཀྱི་དབྱེར་མོ་ཐང་དུ་བརྐྱངས་ཏེ། ཁམས་ཕྱོགས་ལྷ་འདྲེ་མི་མ་ཡིན་བྱེ་བ་དུང་ཕྱུར་མང་པོ་དམག་ཏུ་བསྡུས་ནས་སློབ་དཔོན་ལ་མཚོན་ཆའི་ཆར་ཆེན་པོ་ཕབ་བོ། །དེར་སློབ་དཔོན་ཐུགས་ཁྲོས་ཏེ། གུ་རུ་དྲག་པོ་རིགས་ལྔར་སྐུ་བཞེངས་ཏེ་ཁམས་ཕྱོགས་ཀྱི་ལྷ་འདྲེ་ཐམས་ཅད་དུས་གཅིག་ཏུ་དམ་ལ་བཏགས། སེང་གེ་རྫོང་དུ་གཏེར་ཁ་མང་དུ་


CMR004_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

སྦས་སོ། །དེའི་ཕྱིར་ཛོ་རྒྱལ་འདི་ནི་ཨོ་རྒྱན་གྱི་གཏེར་སྲུང་ཡིན་པས། འདི་ནི་ཡུལ་ལྷ་བཟང་པོ་ངོམ་དུ་རུང་བའོ། །མདའ་ནི་མདའ་ཆེན་བཅོ་བརྒྱད་ལ་ཕལ་མཚོ་རེ་རེ་ཡོད་པའི་ནང་ནས། ཀླུའི་དགེ་བསྙེན་ཆེན་པོ་ལྕམ་རལ་གྱི་ཕོ་བྲང་གསུམ་སྟེ། སྐུའི་གནས་གཞི་སྡེ་བཟེ་མཚོ་དམར་ནག །གསུང་གི་གནས་གཞི་དབྱིས་དོ་མཚོ་ནག །ཐུགས་ཀྱི་གནས་གཞི་གཡོ་རྫོང་མཚོ་ནག་དང་གསུམ་ཡིན་ཟེར། དེ་ཡང་གྲུབ་ཆེན་ཀརྨ་པཀྲིས་ཞལ་ནས། དགེ་བསྙེན་ཆེན་པོ་འདི་ཀླུའི་རྒྱལ་པོ་དུང་སྐྱོང་གི་བུ་ཡིན་པར་འདུག །དབུས་གཙང་ཁམས་གསུམ་ཁོའི་འཁོར་དང་སྤྲུལ་པས་ཁྱབ་པར་འདུག་གསུང་པ་ལྟར་ཁམས་ཕྱོགས་སུ་ཆུ་ཆེན་བཅོ་བརྒྱད་ལ་དབང་ཞིང་སྤྲུལ་པ་ཉ་བོ་ཆེར་སྟོན་པས་ནག་མདོང་ཟེར། དབུས་ཚང་ན་གནས་གཞི་བརྒྱ་ལ་མིང་བརྒྱ་སྟེ། སྐྱི་ཤོད་དུ་གཉེར་མཁར་ནག །བྱང་དུ་གཉན་ཆེན་ཐང་ལྷ། ལྷོ་བྲག་ཏུ་དགེ་བསྙེན་སྨྱོ་ཁ། ནེ་རིང་སེང་གེ་རྫོང་གསུམ་དུ་བདུད་ཟུ་ར་རྭ་སྐྱེས། སྒོང་འགུལ་ལྷོ་རྒྱས་དུ་བདུད་ཕོ་ཟླ་བའི་མདོག་ཅན། མོན་ཁ་རིང་མོར་བདུད་པོ་སྤྲུག་མེད། ཕོ་མོ་རྫོང་རིང་ཕྱོགས་སུ་ཀླུ་བདུད་མགོ་དགུ། ལྷོ་སྟོད་དབུ་རིར་སྐུ་ལྷ་མཁར་ནག །མཚུར་ཕུ་དང་སོག་ཟམ་དུ་


CMR004_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྒྱལ་པོ་ཞེས་བྱ་སྟེ། ཡུལ་འདིའི་དགེ་བསྙེན་ཡང་དེའི་སྤྲུལ་པ་ཡིན་ཅིང་། འདི་ནི་གུ་རུ་དྲག་པོ་དང་རྟ་མགྲིན་གསང་འདུས་སོགས་ཀྱི་བཀའ་སྲུང་ཨོ་རྒྱན་ཆེན་པོའི་ལས་མཁན་ཡིན་པས། ལྷ་བཟང་པོ་ངོམ་དུ་རུང་བ་ཡིན་ནོ། །འདིའི་ཡུམ་མཚོ་སྨན་འདི་ནི། རྡོ་རྗེ་ཕུར་པའི་བཀའ་སྲུང་བསྲེའི་ལྷ་མོ་མཆེད་བཞིའི་བཀའ་གཉེན་ཚ་བའི་མ་མོ་བཅུ་གཉིས་ཀྱི་ནང་ནས། ཀླུ་མོ་སྦྲུལ་གྱི་མགོ་ཅན་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེའི་མཛད་པ་རྡོ་རྗེ་ཕུར་པའི་དབལ་མདོས་ལས། གནས་ནི་ངོམ་གྱི་མཚོ་ལ་གནས། །མོ་ཡི་ལུས་ལ་སྦྲུལ་གྱི་མགོ །ཞེས་སོགས་གསལ་བར་གསུངས་ཏེ་འདི་ནི་མཚོ་མི་རྡུབ་རྟ་རྔུབ་ཕྲུན་བདུན་གྱི་གཅིག་ཡིན་ཟེར་རོ། །དེ་ལྟར་འདི་བསྲེའི་ལྷ་མོའི་གཡོག་མོ་ཡིན་པས་རྩེ་ཆེ་ཞིང་ལོངས་སྤྱོད་སྤེལ་བའི་དངོས་གྲུབ་སྟེར་ནུས་ཏེ། ལྷ་བཟང་པོ་ངོམ་དུ་རུང་བ་ཡིན། དེ་ལྟར་ན་དམ་ཅན་ངོམ་རྒྱལ་ཀླུ་རྒྱལ་གཙུག་ན་རིན་ཆེན། རི་ཏི་དགེ་བསྙེན་ལྕམ་དྲལ་དང་བདུན་པོ་འདི་ནི་ངོམ་པ་སྤྱིའི་ཟོ་དོར་ཡིན་ཀྱང་། འཛམ་གླིང་ཐམས་ཅད་ལ་དབང་བསྒྱུར་བའི་སྟོབས་པོ་ཆེ་ཡིན་པས། ལྷ་བཟང་པོ་ངོམ་དུ་རུང་བ་ཡིན་ནོ། །དྲུང་ཆེན་མཁའ་སྤྱོད་པའི་གདན་ས། ངོམ་རྣམ་


CMR004_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྒང་སྒེར་གྱི་བཀའ་སྲུང་གཉིས་ཡོད་དེ། མཁའ་སྤྱོད་པས་ཟམ་བཙུགས་པ་སོགས་མཛད་དུས། འགུ་ཞབས་དང་ཟམ་སོའི་བྲག་དང་མཚོ་ལ་གནས་པའི་ཀླུ་དེ།། བྱིསྦ་མཛེས་ཤིང་ཡིད་དུ་འོང་བ་གཅིག་ཏུ་སྤྲུལ་ནས་ཆོས་ཞུས། སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་བླངས་བས་ཀླུ་བྱིསྦ་གཟུགས་ཅན་ཡང་ཟེར། ཁོའི་སྤྲུལ་པ་བྱིསྦ་སྦྲུལ་གྱི་མཇུག་མ་ཅན་དུ་འབྱུང་བས་ཀླུ་བྱིསྦའི་གཟུགས་ཅན་ཡང་ཟེར། སྔོན་ཨོ་རྒྱན་རིན་པོ་ཆེ་དང་ཕྱིས་སྤྲུལ་སྐུ་དོན་ལྡན་དང་མཁའ་སྤྱོད་པས་དམ་ལ་བཏགས་པའི་དགེ་བསྙེན་ཡིན་པས། དགེ་བསྙེན་ཆེན་པོ་ཡང་ཟེར། གསང་མཚན་གནས་པོ་འགའ་ཡ་དྷ་ར་ཞེས་བྱ་བ་ཡིན་པར་གསུངས་ཏེ། འདི་ནི་གདན་སའི་སྲུང་མ་ཡིན་ཅིང་མཁའ་སྤྱོད་པའི་དམ་ཚིག་ལ་ཤིན་ཏུ་གནས་པས། སྔར་ནང་སོའི་གཟིམ་ཁང་ནས་མཆོད་རྟེན་གཅིག་སྤྲོ་དགོངས་ནས་བཤིགས་པས་སྦྲུལ་ནག་གཅིག་དངོས་སུ་བྱུང་ནས་ལས་མི་རྣམས་འབྲོས་དགོས་པ་བྱུང་བ་དང་། དེ་རྗེས་ཆོས་རྗེ་ཞིག་གི་སྔོན་གྱི་ཕྱག་ནས་ཡོད་པའི་ཞ་ལ་གཞན་གྱིས་ཐུགས་མ་ཕོད་པ་རང་གིས་སྟ་རེ་བརྒྱབ་པས་དེ་མ་ཐག་གྲིབ་ཕོག་ནས་འདས་པ་དང་། སྤྲུལ་སྐུ་དེ་མོ་ཝ་ཕེབས་དུས་ཀྱང་སྐུ་པང་ན་སྦྲུལ་དངོས་སུ་བྱུང་


CMR004_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གཟིགས་སྣང་བྱུང་ཞིང་། མཁའ་སྤྱོད་པའི་སྒྲུབ་ཁང་ཡིན་པའི་ཕྱིར་སྒོང་མཁར་ཡང་གཉེན་ཅིང་བཤུ་འགེབ་བཤིག་སློག་ནམ་བྱས་སྡེ་པ་བསྲུང་བ་སོགས་བྱུང་བ་ཀླུའི་རྩེ་ཕྲེང་ཆེ་བའི་དོན་ཡིན་ཟེར། རྣམ་རྒྱལ་སྒང་གི་གཙུག་ལག་ཁང་གི་སྲུང་མ་ས་ག་རྒྱལ་པོ་ནི་སྒམ་པོ་པས་རྒྱའི་ཡོན་དང་སྔར་ལས་ཟོག་ཁྱེར་བའི་རྗེས་ནས་འོང་བ་ཡིན་ཟེར་བ་ནི་མི་བདེན་ཏེ། སྒམ་པོ་པས་རྒྱའི་ལས་ཀ་བླང་དུས་ནས་མཁའ་སྤྱོད་པ་མི་བཞུགས་པའི་ཕྱིར་རོ། །འདི་ནི་མཁའ་སྤྱོད་པ་རྒྱ་ནག་ན་སྔོན་རས་བྱོན་དུས་རྒྱལ་པོས་གནང་བའི་ཐུབ་པའི་སྐུ་རྒྱ་ནག་མ་བྱིན་རླབས་ཅན་སྐུ་ཚད་ཆེན་པོ་ཡོད་པ་གཅིག་གདན་དྲངས་བས། ལྷ་དེའི་དཀོར་བདག་ས་ག་རྒྱལ་པོ་ཟེར་བའི་རྒྱ་འདྲེ་བཙུན་གཟུགས་ཌཱ་དྲིལ་ཐོགས་པ་གཅིག་རྗེས་སུ་འབྲང་སྟེ། ས་སྒང་ན་ལྷ་བཟོ་ཞིག་གིས་ཐུབ་པའི་འདག་སྐུ་གཅིག་བཞེངས་ཤིང་ཡོད་པ་ལ་བར་ཆད་བྱས་ནས་ལྷ་བཟོ་ཤི་ནས་ས་གདན་བཟོ་ལུང་མ་བྱུང་བ་ཐུབ་པ་མདའ་རུ་མར་གྲགས། དེ་ནས་གསེར་སྐུ་དེ་མཛོནུབ་མདའི་བྲག་དམར་དེ་ལ་གཏེར་དུ་སྦས་པས། བྲག་དེ་ཡང་གཉེན་པས་ཕྱིས་རི་དྭགས་བྱེད་མཁན་མང་པོ་ཤི་ཟེར། ད་རུང་ཡང་ཐུབ་པ་མདའ་རུ་མ་ལ་འཁོར་ནས་མཐོང་


CMR004_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་མང་པོ་བྱུང་བས། མཁའ་སྤྱོད་པ་ལ་རྒྱ་འདྲེ་འདི་ཕུད་དགོས་ཞུས་པས། འདི་ཕུད་ན་ངས་ཕུད་ཐུབ་སྟེ་འདི་གཞན་ན་མཐར་དགོན་འདི་ཡི་བཀའ་སྲུང་ཞིག་སྲུང་བར་གདའ་གསུངས་ནས་དམ་ལ་བཏགས་ནས་ལྷ་ཁང་གི་སྲུང་མར་བསྐོས་པས། དུས་ཕྱིས་ཀྱང་ལྷ་ཁང་ནས་ཌཱ་དྲིལ་གྱི་སྒྲ་གྲག་པ་དང་། ལྷ་ཁང་ནས་རྟེན་ཆ་ཕར་ལེན་ཚུར་ལེན་བྱས་ན་ཡང་རྩེ་ཕྲེ་འོང་བ་དང་། ནད་པ་སོགས་ལ་ཡང་ས་སྒང་ནས་འོང་བ་འགྲིམ་སྣ་ཆེ་བ་འདིའི་དོན་ཡིན་ཟེར་ཏེ། ལྷ་ཀླུ་འདི་གཉིས་ནི་ས་སྒང་ཁོ་ནའི་སྲུང་མ་ཡིན་ཏེ། ཧ་ཅང་སྟོབས་ཆེན་མིན་ཡང་རྩེ་ཕྲེ་ཆེའོ། །དེ་ནས་ངོམ་པའི་རྟ་བཤད་ཡུལ་ལྷའི་ལོ་རྒྱུས་བཤད་ནས། ཨ་ནུ་ཟེར་བ་ནི། རྒྱ་ནག་གི་བྱིསྦའི་མིང་ཡིན་ཟེར་བ་ནི་མི་བདེན་ཏེ། རྒྱ་ནག་ནས་ཡར་འོང་ཟེར་བ་མི་བདེན་པའི་ཕྱིར་རོ། །རྒྱ་ནག་ལས་ཀའི་མིང་ལ། གུག་ཤྲཱི་དང་། སི་ཏུ་དང་། དུ་ཝན་ཞོལ་དང་ཟེར་བ་སོགས་མང་དོ་བས། འདི་རྒྱ་ནག་གི་ལས་ཀའི་མིང་ཡིན་ཏེ། ངོམ་པ་དང་རུས་མི་གཅིག་པའི་ཨ་ནུ་མང་སྟེ། རྒྱ་ནག་གི་ལས་ཀ་ཡོད་པའི་སྟོང་དཔོན་དང་། གླིང་ཚང་རྣམས་ལ་ཡང་ཨ་ནུ་ཟེར་བའི་ཕྱིར་རོ། །ངོམ་པ་ནི་རྒྱལ་རིགས་ཆེ་ཞིང་མཐོ་བ་ཤིང་ས་ལ་ལྟ་བུ་ཡིན་


CMR004_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པས་སུས་ཀྱང་འགྲན་ཟླ་མེད་ལ། དེ་མཚན་ནས་ས་ཕྱོགས་ངོམ་འདིའི་ཆེ་བ་ནི། མཐའ་ནི་མཐའ་རང་སྡོང་གསུམ་དང་གླིང་ཚང་རྣམས་ཡིན་ཏེ། བོན་པོ་མཐུ་ནུས་དང་ལྡན་པ་རྐང་ཡ་ཞ་བ་གཅིག་ཡོད་པས་བོང་བུ་རྣ་ཡ་མེད་པ་གཅིག་ཞོན་ཏེ་རྒྱ་ནག་ཏུ་བྱོན་ནས། རྒྱ་ནག་རྒྱལ་པོའི་མཛེ་ནད་བསལ་བས་ལུང་ལས་བཀའ་གནང་ནས་སྟོང་དཔོན་དུ་བསྐོས། དེའི་མི་རྒྱུད་ཀྱིས་བྱམས་སེམས་པའི་སྦྱིན་བདག་བྱས། དགོན་པ་ཕུལ་ནས་ཆབ་མདོ་དགོན་བཏབ་པས། ཆབ་མདོའི་དགོན་བདག་སྡེ་དགོན་གྱི་ཐོབ་ཆ་ཡོད་ཅིང་། ངོམ་པའི་བློན་པོ་ནི་མང་སྟེ་སྔར་ནས་བཟུང་དུས་ཕྱིས་དབོན་མོ་མཁན་བཟའ་གཉིས་ཡར་བསུས་པ་དང་། སེ་ཐོག་དབོན་མོ་ཕྱིར་བྱིན་པའི་སི་གྱི་ཤོར་དབོན་ཡིན་ནོ། །དེ་ནས་གླིང་ཚང་ཆེ་སྟེ་ངོམ་པ་ལ་གཏེ་ཁྲལ་མི་དགོས་ཀྱང་དྲག་ནག་གི་ཕྱི་བློན་ཡིན། གླིང་ཁྲི་དཔོན་གྱི་ལས་ཀ་ཐམ་ཁ་ཐེལ་དམར་པོ་ཡོད་པས་སྡེ་པ་ཐམ་ཁ་ཝ་ཟེར། འདིའི་ཞལ་ངོ་གཅིག་མཁའ་སྤྱོད་པའི་ཉེ་གནས་མཛད་པས་གླིང་བླ་མ་ཟེར། ཕྱིས་གླིང་ཚང་བུ་སྤུན་གསུམ་གྱི་ཟས་ཁོག་གཉིས་རི་བོ་ཆེའི་ཞབས་སུ་སོང་། མི་རྒྱུད་རྡག་དབྱིག་ཨ་ནུ་ཡིན་ནོ། །དེ་ནས་གདོང་ཚང་ཆེ་སྟེ། ས་བཟུང་ལ་སྔ་བ་


CMR004_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོ་གདོང་གླང་གསུམ་ཟེར་ཏེ། འདི་གསུམ་སྔར་ནས་ས་བཟུང་སྔ་ཞིང་། སྨུག་པོ་ལྡོང་དང་ཡི་གེ་ཨ། མ་བསྟོད་གོང་ནས་ཆེ་ལེ་ཡིན་ཟེར་ཏེ་དུས་ཡང་ཆེ་གདོང་མི་བོ་ཆེ། བླ་མ་རིན་པོ་ཆེ་སངས་རྒྱས་དབོན་ལ། རི་རི་བོ་ཆེ་དང་། གནས་སྡོང་ཐང་ཕོ་ཆེ་དང་། འབུལ་བ་རྟ་ཕོ་ཆེ་ཕུལ་ནས། རི་བོ་ཆེའི་དགོན་བཏབ་པའི་སྦྱིན་བདག་ཡིན་པས་ཐོབ་ཆེ་ཞིང་། གདོང་ཚང་འདི་ངོམ་པའི་བློན་གསེར་ཡོབ་ཅན་ཡིན་ཟེར། འདིའི་མི་རྒྱུད་སྨད་དུ་ཡོད་པ་གདོང་པ་དྲ་བ་ཡིན་ཏེ་རུས་གཅིག་གོ །དེ་མཆན་ནས་རང་སོ་ཆེ་སྟེ། རང་སོ་དཀར་པོ་འཁྲུ་ཅིག་ཡིན་ཟེར་ནས་རུས་ཡང་ཆེ་ཟེར་ཏེ། དང་པོ་ཚ་བ་སྒང་ནས་འཁྱར་བ་ཕོ་ལྷ་ཚ་བའི་རྡོ་རྗེ་གཡུ་སྒྲོན་མ་ཡིན་ཏེ། དུས་ཕྱིས་བར་དུ་གསོལ་མཆོད་ཡང་བྱེད་དར། རང་སོ་ཚུར་ལོ་རང་ཆེན་དཔོན་ངོས་འདི་ཡིན་ནོ། །མཁའ་སྤྱོད་པའི་བློན་གསེར་ཡོབ་ཅན། རང་སོ་ཨ་སྤོས་ཀྱི་རྒྱུད་ཡིན་ཟེར། རང་སོ་ཕར་ལོ་མ་ཀོ་ཆེ་བ་ཚང་ནི་ངོམ་པའི་བློན་པོ་མིན་ཏེ། གྲུབ་ཐོབ་ཇོ་རི་ཏི་ཝ་ཟེར་བ་སེང་ལྡེང་གི་ཕྲེང་བ་ཆེན་པོ་ལག་པས་མི་ཐེན་པ་ལྕམ་ན་བཏགས་ཏེ་བསྒྲངས། དབུ་སྐྲ་རལ་པའི་ཐོར་ཅོག་དང་ན་བཟའ་དཀར་པོ་ཅན་གཅིག་བཞུགས་པ། ཛོ་རི་ཏི་ན་


CMR004_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གི་བང་བ་བྱས་ཏེ་ཡུན་རིང་སྒྲུབ་པ་མཛད་པས་ཡི་དམ་སྒྲོན་མ་སྤྲུལ་རྒྱུན་མ་བྱས་པ་དང་མི་དང་མི་གཏམ་པ་ལྟ་བུ་ཡོད་པས། དེ་ནུབ་སྒྲོལ་མས་ཆོས་གང་གསུངས་ཐམས་ཅད་ཕྱིར་ནངས་ཁྲོམ་ལ་བཤད་ཆོག་པ་ཡོད་ཅིང་། ཆོས་སྐྱོང་བྲག་ལྷ་མགོན་པོ་བྲན་དུ་ཁོལ་བ་གྲུབ་ཐོབ་ཆེན་པོ་ཅིག་བྱུང་། དེའི་བླ་རབས་ཁོང་འདྲ་བ་ལྔ་ཙམ་བྱུང་སྟེ། འདི་ཚང་གི་དབོན་མོ་རང་བཟའ་ཁྲ་ལུ་མ་རྒོད་རྒྱལ་གྱིས་བསུས་པས་མི་དབང་ཕྱུག་རྒྱལ་མཚན་འཁྲུངས་བ་དང་། དེ་སྔོན་ལ་མཁའ་སྤྱོད་པས་འདི་ཚང་གི་དབོན་མོ་ཆེ་ཆུང་གཉིས་བསུས་པའི་ཆུང་བ་ལ། གདོང་རིན་ཆེན་རྒྱལ་མཚན་འཁྲུངས་བ་ནས་བཟུང་སྟེ། ད་ལྟ་དབིའི་ཕ་དབོན་མོ་བྱིས་པའི་བར་གྱིས་ཞིང་དབོན་གྱི་ཐོབ་ཡོད་ཟེར། དེ་མཆན་ནས་གསེར་ཡིག་པ་ཆེ་སྟེ། ཨོ་རྒྱན་ལུང་བསྟན་ལས། ཧོར་གྱི་ཁྲིམས་དར་རབ་ལུང་བསྟན་སྐབས་སུ། །གསེར་ཡིག་དངུལ་ཡིག་ཁ་བྱང་བཏབ་ནས་འགྲོ། །ཞེས་པ་ལྟར། རྒྱ་ནག་ཧོར་དུས་སྐབས་སུ་རྒྱ་ནག་རྒྱལ་པོའི་རྒྱས་ས་ཧོར་སེ་ཆེན་རྒྱལ་པོས་བཟུང་དུས། དབུས་ན་སྣེའུ་གདོང་གོང་མ། ཁམས་ན་གོ་འཇོ་དཔོན་ཆེན་གྱིས་རྒྱ་ནག་རྒྱལ་པོ་ལ་ཡར་ཞུ་ཡིག །ཕྱིར་བཀའ་ཤོག་རྣམས་ཡར་སྐྱེལ་


CMR004_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

མར་སྐྱེལ་བྱེད་པ་ལ། གསེར་ཡིག་པ་དངུལ་ཡིག་པ་ཟེར་བ་བྱུང་སྟེ་འདི་ཚོ་ལ་ཡང་ལས་ཀ་ཆུང་རི་ཡོད་ཟེར་ཏེ། དེའི་རྒྱུད་དཔོན་འབྲོག་ཞིང་པ་ཡིན་ཏེ། སྒམ་པོ་པའི་བློན་པོ་ཡིན་ཀྱང་ས་དེར་ཁོ་རང་དབང་ཆེ་བས་དུང་ཟླ་བ་དྲག་པའི་ཡོན་བདག་བྱས་ནས་ཞྭ་ཁམ་དགོན་བཏབ། སྒམ་པོ་པ་དེར་ཕེབས་ནས་རས་མདུད་བསྒྲོལ་ནས་ཕྱག་ཕུལ་བས་འབྲོག་ཞིང་བའི་བུད་མེད་ཚོས་ཨ་ཟད་ཡུ་གུའི་དཔོན་གྱི་ཕྱག་ཕུལ་དགོས་པ་ཡང་ཡོད་ལེ་རེད་ཟེར་ཟེར། དེ་ནས་གྲུལ་ཚ་ཆེ་སྟེ་ངོམ་སྨད་ཕྱོགས་ས་བཟུང་སྔ་སྟེ། མིའུ་འགྲམ་ཆགས་ནས། ཟླ་ངོམ་འདུས་མདོ་རི་ཐོས་བཟུང་། །རི་ཐོ་དཀར་པོ་འབྲུ་གཅིག་ཡིན། །ཟླ་ངོམ་མི་འགྱུར་གནས་པ་ཡིན། །ཅེས་ཟེར་བ་ཡོད་ཅིང་འདི་ལ་ངོམ་པའི་ཕྱི་བློན་ཐོབ་ཡོད་ཀྱང་རེས་འགའ་བློན་པོ་བྱས་རེས་འགའ་དགྲ་ཡ་བྱས་ཟེར་ཏེ། སྒོམ་ངོམ་ཐུག་དུས་ཀྱང་སྡེ་ཕ་ཀླུ་སྐྱབས་ཀྱི་ཆིབས་ཁ་ལ་གྲུལ་ཚ་ཡོད་པས། སྔོན་དུ་གྲུལ་ངོམ་ཐུག་པའི་ཞེ་བཞག་བྱས་ནས། སྡེ་པ་དབང་མེད་དུ་ནང་ཆེན་པའི་དམག་ནང་དུ་རྟ་ཁ་ཁྲིད་ནས་ནང་བཙོང་ཟེར་བ་བྱུང་གདའ། དེ་ནས་བེ་ཁྲོ་ཆེ་སྟེ་རུས་པ་འབྲུ་ཡིན་པས་འགྲུ་རྭ་ཅོ་ཅན་ལ་བཅོ་བརྒྱད་བྱས་པས་བཅོ་བརྒྱད་ལ་སྐུ་མཁར་བཅོ་བརྒྱད་ཡོད། །


CMR004_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ལ་ཕ་ཤ་བླངས་བ་སོགས་དཔའ་རྒྱུད་ཡོད་པར་བཤད་ལ། འགྲུ་མི་འགྱུར་ཐར་པའི་གནས་བརྒྱད་ལ། །ཤས་ཁོག་ལུང་དམར་ངོ་ཁྲ་ཡིས་བཟུང་། །ངོ་ཁྲོ་དཀར་པོ་འགྲུ་གཅིག་ཡིན། །ཤེས་ཁོག་མི་འགྱུར་གནས་གཅིག་ཡིན། །ཅེས་གསུངས་ལ། ངོ་ཁྲོ་དམ་ཅན་དམར་པོ་ཟེར་བའི་བྱས་པ་གཏིང་མ་ཅན་ཡང་བྱུང་ཟེར། ཡང་ཤེས་ཁོག་ནས་ཤ་བ་དེད་ནས་འོང་ཟེར་བ་ནི་བསྟན་མེད་དེ། ཟླ་གཅིག་ཙམ་གྱི་ལམ་དུ་ཤ་བ་དེད་པ་ཡང་མི་སྲིད་པའི་ཕྱིར་རོ། །དེ་ནས་ངོ་ཁྲོའི་མི་རིགས་སྤུན་མང་པོ་ཡོད་ཀྱང་རྒྱུ་མེད་པ་གཅིག་ཤེས་ཀོག་ལུང་དམར་ནག་འཁྱར་ནས་བསིལ་པོ་བཟོ་ཤེས་པ་གཙང་ཞིང་འོང་བ་ནུབ་ཏུ་ས་བཟུང་། བེ་རོང་ནང་དུ་ཤིང་བེ་གཅིག་སྐྱེས་ནི་གདའ་བས་རུས་པ་ངོ་ཁྲོ་ཡིན་པས་བེ་ཁྲོ་ཐོགས། དེ་རྗེས་ནུ་བོ་གཅིག་རྒྱབ་ནས་འོང་བ་བེ་ཐུ་བ། དེ་རྗེས་ནུ་བོ་གཅིག་རྒྱབ་ནས་འོང་བ་ངོམ་མ་ཕྱིན་པར་སྟོང་དཔོན་ཆུ་བར་ཁོག་ན་ལུས་པའི་རྒྱུད་ལ་ཡང་པ་སྡེ་གཅིག་རེད་ནི་ཡོད་ཟེར། དེ་ནས་མི་རབས་མང་པོ་ཞིག་སོང་ནས་གདན་ས་པའི་དུས་ཙམ་ལ་བེ་ཁྲོ་བཀྲ་ཤིས་དྲག་ཟེར་བའི་མི་དྲག་པོ་གཅིག་ཚར་ནས། བློན་གསེར་ཡོབ་ཅན་གཅིག་ཡིན་ཏེ། འདི་རྒྱུད་ལ་འཕེལ་སྟོབས་ཆེན་


CMR004_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བྱུང་། བེ་ཁྲོ་འདི་ཡང་ངོམ་པ་བས་ནི་ས་བཟུང་སྔ་སྟེ། མཁའ་སྤྱོད་པ་བྱ་བཏང་མཛད་ནས་ནིས་ཇིས་ནས་བྱོན་དུས་བེ་ནུབ་འབྱོན་མ་བཅུག་པས་རྡོ་ནས་བེ་རོང་ནང་དུ་བྱོན་ནས་བཞུགས་དུས། དབྱི་ཤུན་ཤ་ལག་དར་ཁ་ཕུལ་བས། དར་པོ་འོང་ལུང་བསྟན་ཏེ། ཤ་ལག་གི་མངའ་ཞབས་སུ་ཚུད་པའི་རྟེན་འབྲེལ་བྱུང་ཟེར་ཏེ། མཁའ་སྤྱོད་པ་ཡོན་ལ་བློ་ཆེན་ཚོ་ཡང་མགོ་བསྒྲུས་ཙམ་ལས་ལྟེ་ནག་ཁྲོས་ནག་མི་དགོས་པ་ལས། མཁའ་སྤྱོད་པའི་ཞལ་ཆེམས་ལུང་བསྟན་ལས་རིན་ཆེན་རྒྱལ་མཚན་ལ་ཕ་སྡེ་རྡུང་བའི་ཐོ་བ་གསུངས་པ་དང་། གདན་ས་བ་ལ་ཕྱི་འཇམ་ནང་རྩུབ་གསུང་པ་དང་། བྱ་བྲལ་བ་ལ་སྤྱན་གྱི་འགྱུར་ལྡོག་ཕྱག་གི་རྣམ་འགྱུར་སྐད་ཅིག་ཀྱང་བརྟག་སྒོ་མེད་གསུངས་པ་དང་། །རྐུ་རྫུན་ཁྲོ་གསུམ་མཐོ་ནས་མ་ནུས་པའི་སེམས་ཅན་འགའ་ཞིག་སྨྲེ་སྔགས་དང་སྡུག་བསྔལ་མྱོང་བ་ཞིག་ཡོད་པ་གླིང་བློས་མགོ་བྱས་གཉོམ་ཆུང་རྣམས་ལ་བྱིན་གསུངས་པའི་ལུང་བསྟན་དུས་ལ་བབ་སྟེ། རིན་ཆེན་རྒྱལ་མཚན་གྱིས་མི་ཚེ་དམག་ལ་བསྐྱལ་ཞིང་གདན་ས་བས་ཀྱང་ལྟེ་ནག་ཁྲོས་ནག་དང་སྡུད་པ་བཅོ་བརྒྱད་གསར་དུ་བཙུགས་པ་དང་། འཚམས་བརྡུང་བ་ཆུ་ཁྲིད་པ་དང་། བྱ་བྲལ་བ་ཡབ་སྲས་ཚོ་ཡང་རྫོང་


CMR004_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་བརྡུང་བ་ཟམ་བཙུགས་པ་དམག་ཇག་མང་པོ་བྱས་པ་དང་། གླིང་ཚང་བ་སྤུན་གསུམ་ཡང་དམག་ཇག་ནང་འཐབ་བྱས་ཏེ་ངོམ་གྱི་ས་ཆའི་སྡེ་ཐམས་ཅད་ལ་གཏེ་ཁྲུལ་དམག་ཁྲལ་རུ་གར་སོང་འོ་བརྒྱལ་ཆེན་པོ་བསྐུར་ནས། གདུང་རྒྱུད་ཚོ་ལ་དྲིན་པོ་གཞན་ནི་གདའ་བས་ཕ་མྱེས་དེ་ཚོ་ལ་བཤག་རྫོངས་རེ་རེ་དྲན་དགོས་པར་གདའ་ལགས་སོ། །དེ་སྐོར་བེ་ཁྲོ་སྟོད་ཐ་སྒོ་ཡ་བས་ལྷ་རྒོད་རྒྱལ་གྱི་ནང་བློན། སྨད་ཐས་གདན་ས་བའི་ནང་བློན་བྱས། འདིའི་མི་རྒྱུད་ལ་རིན་ཆེན་ནམ་མཁའ་དང་པདྨ་རྒྱལ་གཉིས་ཀྱིས་བཀའ་འགྱུར་གཉིས་བཞེངས་པ་དང་། མཁས་བཙུན་འཛོམས་པའི་བླ་མ་ཡང་བྱང་ངམ་རིང་དུ་གྲྭ་སྐོར་མཛད་མཁན་ཡ་ཟུང་སོགས་བླ་མ་མང་པོ་དང་རྟ་མགྲིན་ཀ་ལ་མེ་དཔུང་དངོས་སུ་འགྲུབ་པ་དང་གཤིན་རྗེ་ཚེ་བདག་དུང་ཐོན་པ་སོགས་ནུས་པ་ཅན་དང་། གནས་ཆེ་སར་ལྷ་བྲི་རྟེན་བཞེངས་རི་བཤུ་སོགས་བསྟན་པའི་ཞབས་ཏོག་བྱེད་པ་མང་དུ་བྱུང་ཞིང་། ད་ལྟ་ཡང་བློན་རིགས་ཐམས་ཅད་ཀྱི་ནང་ནས་དར་རྒྱས་མངའ་ཐང་ཆེ་ཤོས་ལ་ཡོད་དོ། །ངོམ་གྱི་སྦྱང་སྐྱལ་རྟ་ལ་བརྟགས་ནས་ཆུ་ལ་བརྒྱབ་ཕན་ཡང་ཟེར། རྒྱལ་ཤེས་ཟེར་ཏེ་མཁའ་སྤྱོད་པའི་ཆག་ཕྱིར་སླེབ་ཟེར། ངོམ་སྟོད་ཐ་རྡོ་ཕ་


CMR004_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཆུང་ནི། ངོམ་སྨད་ཐས་མཁའ་སྤྱོད་པའི་ནང་བློན་བྱས་ཏེ། ས་སྒང་ན་རི་བོ་ཆེ་པའི་དམག་བྱུང་དུས། མཁའ་སྤྱོད་པ་ཆུ་ལ་འཕུར་བར་གྲགས་ཤིང་། གཞན་སུ་ཡང་ག་ཕྱི་ལ་མ་སླེབ་པ་ལ་ངོམ་སྟོད་སྨད་གཉིས་ཀའི་སྤྱི་བློན་ཡིན། དེའི་རྒྱུས་རྡོ་སྟོད་སྨད་གསུམ་དུ་གྱེས་པའི། རྡོ་བར་རྡོ་རྗེའི་བྲག་སྟེང་གི་རྫས་བཀུར་ནས་གནས་རྗེད་བྱེད་སྟག་བརྒྱད་དཔོན་ཚང་ཡིན་ཟེར་། མགོན་ཁང་བ་ནི་སྐྱོང་ཡུལ་ཕྱོགས་ནས་ཡར་འཁྱར་རུས་ཉེ་ང་ཡིན། སྔགས་པ་ཤིན་ཏུ་ནུས་ལྡན་བྱུང་ནས་མཁའ་སྤྱོད་པ་ཡབ་སྲས་ཀྱི་སྐུ་རིམ་བསྐང་གསོ་སྲུང་ཁ་མཐུ་གཏོར་བཞེས་པ་ལ་བསྐོས་པ་ཡིན་ཏེ། མཁའ་སྤྱོད་པའི་ཞལ་ཆེམས་ལས། དར་རྒྱས་སྤྱན་འདི་ཁྱེད་གདན་ས་བ་ལ་མཁོ་བ་ཡིན། ཞེས་གསུངས་པ་ལྟར་མི་རབས་མང་པོའི་བར་དུ་སྔགས་པ་ནུས་པ་ཅན་བྱུང་ནས་སྡེ་པའི་སྐུ་དྲུང་མགོན་ཁང་བ་མཛད་པས་མགོན་ཁང་བ་ཟེར་རོ། །གཞན་ནང་སྟག་ཚ་ཐར་པ་སྤོས། རག་ཤིང་དུང་དཀར་སྦ་རུ། དཔོན་དབྱིས་རང་ནང་པ། སྤང་བུ་གོས་ཁུར་བ། མཚལ་ཟ་བ། རྨེ་རུ་དབས་འགར། མདོའོ་ཆོས་སེང་། མདོའོ་ལ་ཕར་མདོའོ་ཚུར་མདོ་གཉིས། དེ་ལ་སོགས་པ་མཁའ་སྤྱོད་པའི་བློན་གསེར་ཡོབ་ཅན་བཅོ་བརྒྱད་


CMR004_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དེ། ད་ལྟ་ནི་ཕལ་ཆེར་གཅིག་གི་རྒྱུད་མི་གདའོ། །དེ་ཡང་འགའ་རེ་དབུས་ཀྱི་དཔོན་ཚོ་ལ་དར་བའི་གསེར་གྱི་སྐ་ག་ཆེན་པོ་ཡིན་ཟེར། གསེར་གྱི་ཡོབ་ཆེན་ཡིན་ཡང་ཟེར་གསེར་གྱིས་རྟ་སྒར་ཤན་པ་ཡིན་ཟེར་ཏེ་དེ་ཚོ་མིན། དེ་དུས་ལས་ཀའི་ཐོབ་ཡོད་ན་མ་གཏོགས་ཡོབ་ལྡན་འཕེན་དབང་མེད་པས། བློན་པོའི་ཐོབ་ལ་ཡོབ་དན་གསེར་མ་འཕོར་བ་བཅོ་བརྒྱད་ཡོད་ཟེར་རོ། །བློན་པོ་བཅོ་བརྒྱད་ཀྱི་བུ་བཅོ་བརྒྱད་ཀརྨ་པ་ལ་ཕུལ་རབ་རྣམ་ཐར་ན་གསལ་ལོ། །ཞལ་ཆེམས་ལས། ནག་མཐོང་གི་མཛོ་མོ་གདམ་གཅིག །ཡོད་པ་གདོང་ཚང་གི་དཔོན་རྣམས་ལ་ཕུལ་གསུང་པ་ནི་ངོམ་པའི་དཔོན་ཐམས་ཅད་ཕར་ངོ་ཚུར་ལྕེ་བྱེད་པའི་ལུང་བསྟན་ཡིན་ཟེར་རོ། །ལུང་པ་ཕུ་རྒྱས་རེ་རེ་ན། །ཨ་མའི་བུ་རྒྱས་རེ་རེ་ཡོད། །ཡོ་མའི་ཁྱུ་རྒྱས་རེ་རེ་བསྐྱང་། །བྱས་པ་གཏང་མ་རེ་རེ་ཡོད། །ཆི་ཞྭ་ཁར་བརྩིས་ན་ཡོད་ཆེ། །ཟེར་བ་ལྟར་གཞང་ནང་ངོམ་པའི་བློན་པོ་སྔ་ཕྱི་བར་གསུམ་དུ་མང་པོ་བྱུང་བ་ནི་བྲིར་ལོགས་ལ། དེ་ལས་ཆུང་བ་རྣམས་ནི་རྨོང་གི་རིགས་ཏེ་ཡི་གེ་མི་ལང་ངོ་། །དེ་ཡང་རྟ་དཔོན་རྒྱུད་ལ་རྟ་བ་མཚན། གཞང་ནང་སྐྱེ་ཚོང་། གླིང་ཚང་། སྟག་པོ་བུར་ལྕགས། ཉེ་


CMR004_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

འདང་། སྒོ། ཞང་ཞུང་སྡོང་སྐྱིད་སོགས་རྣམས་གསེར་ཡོབ་ཅན་མིན་ཏེ། འདི་ཚོ་ལ་ཡང་སྐབས་སྐབས་སུ་མི་དྲག་པོ་ཚར་ནས་ངོམ་ལ་བློན་པོ་བྱེད་པ་ནི་འགའ་རེ་བྱུང་གདའོ། །རུས་འདི་རྣམས་ཡུལ་གཞན་དུ་ཆེ་བར་རྩི་བ་འགའ་རེ་ཡོད་ཀྱི། ངོམ་འདི་ན་ནི་ཐོབ་ཆ་ཆེན་པོ་ཡོད་པའི་ལོ་རྒྱུས་མི་སྣང་ངོ་། །དེ་ཡང་ཞལ་ཆེམས་ནས། ཕ་མྱེས་ཀྱི་རུས་བཟང་སྟག་དྲུད་ཤུལ་ཐང་ཤུལ་ཙམ་ཞིག་ཡོད་པ་གཡོ་རྫོང་གི་མཚོ་ནང་དུ་འཕོང་གསུང་པ་ནི་མཁའ་སྤྱོད་པའི་ཆོས་ལུགས་དགོན་པ་ཡང་བློ་འགྱུར་ནས་ཆོས་རྒྱུད་དབང་ལུང་སོགས་ཀྱི་རྒྱུད་ཡུན་རིང་མི་གནས་ཏེ་ཆད་པའི་ལུང་བསྟན་པར་མངོན་ནོ། །ཚོགས་དཔོན་པས་དབུ་མཛད་རྣམས་ཀྱང་ཆགས་སྡང་མ་མཛད། དགེ་སྦྱོར་ལ་བརྩོན་པར་ཞུ་གསུངས་པ་ནི་དགོན་པ་ཆགས་སྡང་ཆེ་བ་གཅིག་འོང་དོགས་པ་ཐུགས་ལ་ཤར་ཚོད་དུ་གདའོ། །ངའི་ཞྭ་གོས་ཀྱི་བྱིན་རླབས་ཀྱིས། འབྲེལ་ཚད་དོན་དང་ལྡན་པ་ཡིན་གསུངས་པས། ཨ་འགེ་དུག་པོ་དང་སྒོམ་ཐག་སོགས་ཀྱིས་བྱིན་རླབས་ཐོབ་ན། ཚེ་འདིའི་རྐྱེན་སེལ་ཕྱི་མའི་ལམ་སྣ་འདྲེན་པ་ཡིན་ཏེ། ཆུས་ཟམ་པ་རྫོག་པར་ཉེ་བ་ན་ཨ་འགེ་དུག་པོ་གདན་དྲངས་ནས་ཆུའི་གནོད་པ་ཟློག་པ་ལན་མང་དུ་བྱུང་ཟེར་ཏེ་ན་བཟས་


CMR004_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་རྟགས་འཇོག་པ་ནི་མཁའ་སྤྱོད་པ་ཙམ་ཡིན་ནོ། །སྔར་མཁའ་སྤྱོད་པ་ལ་དེ་བཞིན་གཤེགས་པས་དབུ་ཐོག་ཏུ་ཕྱག་བཞག་ནས་ཁྱེད་ཀྱི་བུ་ཚའི་རྒྱུད་ཐམས་ཅད་ཀྱིས་། ཕྱག་བཞི་པ་དང་བེར་ནག་ཅན་གྱི་སྔགས་རྒྱུན་ཚུགས་དང་བཀྲ་ཤིས་དང་བདེ་ལེགས་འབྱུང་གསུངས་པ་ལ་བརྟེན་ནས་ས་སྒང་དུ་མགོན་ཁང་བཙུགས། ལྷ་རྒོད་རྒྱལ་གྱིས་ཀྱང་གནས་མདོ་ཕྱག་བཞི་པ་དང་བེར་ནག་ཅན་གྱི་སྔགས་རྒྱུན་ཚུགས་དང་བཀྲ་ཤིས་དང་བདེ་ལེགས་འབྱུང་གསུངས་པ་ལ་བརྟེན་ནས་ས་སྒང་དུ་མགོན་ཁང་བཙུགས། ལྷ་རྒོད་རྒྱལ་གྱིས་ཀྱང་གནས་མདོ་ནང་ན་མགོན་ཁང་བཙུགས་ཟེར་བ་དང་། མཁའ་སྤྱོད་པ་ཉིད་ཀྱི་ཞལ་ཆེམས་ལས། ཤཱཀྱ་རྒྱལ་པོ་ཆོས་རྗེའི་དྲུང་དུ་སོང་ལ། གོང་དུ་འབྱོན་པར་རེད་ན། ཕྱག་བཞི་པ་དང་བེར་ནག་ཅན་གཉིས་ཀྱི་སྔགས་རྒྱུན་ཚུགས་ལ་བྱོན་དང་བཀྲ་ཤིས་པ་ཡིན་གསུངས་པ་འདི་ཀརྨ་པ་དོན་ལྡན་ཞབས་དང་། ཆོས་རྗེ་སྒམ་པོ་ལ་སོགས་སྤྱིའི་ཞལ་ཆེམས་ལྟ་བུ་ཡིན། ཀརྨ་པ་ཁོ་ན་ཡིན་པ་གདུང་རྒྱུད་སྤྱོད་ལྡན་རྣམས་ཀྱིས་ལྷ་འདི་གཉིས་སྔར་ཡང་ཐུགས་དམ་བྱས་བཀྲ་ཤིས་པའི་འཕགས་ལམ་ཡོད། གསར་སྐྱེས་རྣམས་ཀྱང་བསྟེན་ན་བཀྲ་ཤིས་པའི་རྟེན་འབྲེལ་བཟང་པོ་ཡོད་དེ། བསྒོམ་པ་དེ་འདྲ་གྱིས་དང་བཀྲ་ཤིས་པར་འགྱུར་བ་ཡིན་ཞེས་གསུངས་སོ། །འོ་ན་འདི་ལྟ་བུའི་གཏམ་རྒྱུད་ལོ་རྒྱུས་སྔར་མ་ཐོས་པ། འདི་ལྟ་བུ་ཁྱོད་ཀྱིས་རང་བཟོ་ཡིན་པས་ཡིད་


CMR004_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་མེད་དོ་སྙམ་ན་དེ་ལྟར་མ་ཡིན། རྒྱལ་སྲས་ཞི་བ་ལྷའི་ཞལ་ནས། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །སྡེབ་སྦྱོར་མཁས་པ་ཡང་བདག་ལ་ཡོད་མིན་ཏེ། །ཞེས་གསུངས་པ་ལྟར་རང་བཟོ་མ་ཡིན། ཕྱག་ན་རྡོ་རྗེས་དབང་བསྐུར་བའི་རྒྱུད་དང་། མདོ་སྡེ་འཇིག་རྟེན་བཞག་པ་དང་། རྟ་མགྲིན་རྣམས་བཀོད་མདོ་དང་། ཟ་མ་ཏོག་བཀོད་པ་དང་། ཆོས་མངོན་པ་མཛོད་དང་། རྒྱལ་པོ་བཀའ་ཆེམས་དང་། རྒྱལ་རབ་གསལ་མེ་དང་། པདྨ་བཀའ་ཐང་དང་། བོད་ཆོས་འབྱུང་དང་། ཆོས་འབྱུང་རིགས་མི་འདྲ་བ་མང་པོ་དང་། མིའུ་འགྲམ་ཆགས་ཆེ་ཆུང་དང་། མཁའ་སྤྱོད་པའི་རྣམ་ཐར་གོ་བདེ་གཏམ་ཐབས་དང་། བཀའ་འབུམ་ཞལ་ཆེམས་དང་བཅས་པ་དང་། ཨོ་རྒྱན་རིན་པོ་ཆེའི་བཀའ་མ་འོངས་ལུང་བསྟན་ཚན་འགའ་རེ་དང། དྲུང་གོང་འོག་གསུམ་གྱི་རྣམ་ཐར་བྱ་བྲལ་བས་མཛད་པ་དད་པའི་གསེར་ཕྲེང་དང་། སྔར་ནས་ཡོད་པའི་གསུང་རྒྱུན་ཁུངས་བཙུན་པའི་སླད་མེད་མང་པོ་སྟེ། དེ་རྣམས་ཀྱི་དོན་བསྡུས་ཏེ་ཚིག་ཉུང་ལ་དོན་གསལ་བར་བཀོད་པའོ། །འོ་ན་བརྩམས་ཆོས་ལ་སྡེབ་སྦྱོར་དང་སྐབས་སུ་སྙན་ངག་གིས་བརྒྱན་དགོས་པ་ཡང་མི་གདའ་བས། ཐ་ན་ཡི་གེའི་སྒྲ་


CMR004_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཐོབ་ཆ་ཙམ་ཡང་མི་གདའ་བས་མཁས་པས་མཐོང་ན་ངོ་ཚ་བའི་གནས་སོ་ཞེ་ན། སྙན་ངག་དང་ཡིག་སྐད་བྱས་ན་ཕལ་པས་མི་གོ་བས། སྙན་ངག་ལྟ་ཅི་སྨོས་ཡིག་སྐད་ཡང་མེད་པར་ངེད་རང་ངོམ་པའི་སྐད་དུ་བྲིས་པས། ཤེས་རབ་ཆུང་བ་རྣམས་ཀྱིས་གོ་བདེ་བཤད་བདེའི་ཕྱིར་བྱས་པ་ཡིན་ཏེ། པཎྜི་ཏས། མཁས་རྣམས་དགའ་བའི་སྡེབ་སྦྱོར་ན། །བླུན་པོ་རྣམས་ཀྱི་གོ་དཀའ་བས། །ཚིག་གི་སྦྱོར་བ་སྤངས་ནས་ནི། །ཀུན་གྱིས་གོ་བར་བྱ་ཕྱིར་བརྗོད། །ཅེས་གསུངས་པ་ལྟ་བུའོ། །འོ་ན་འདི་བྲིས་འདོན་བྱེད་པ་ལ་དགོས་པ་ཅི་ཡོད། མཁའ་སྤྱོད་པ་ལ་དད་པ་སྐྱེ། ཆོས་འཇིག་རྟེན་གྱི་ཐོབ་ཆ་ཤེས། ཕ་བཟང་པོ་དེ་འདྲའི་བུ་རྒྱུད་ཡིན་པས་སྤྱོད་པ་ངན་པ་མི་རྒྱུད་བསམ་པའི་བསམ་པ་སྐྱེ། ལྷ་རྒྱུད་བསྙག་དགོས་བསམས་ནས་ཐུགས་དམ་བྱེད་པས་ལམ་སྣ་ཟིན། ཕ་ལྷ་ཡོད་པར་ཤེས་ནས་གསོལ་མཆོད་བྱེད་པས་བཀྲ་ཤིས་བདེ་ལེགས་འབྱུང་བའི་གནད་ཡོད་དོ། །ཨེ་མ་ཧོཿ སྙིགས་དུས་བྱ་བྲལ་རཱ་གའི་མིང་ཅན་བདག །རྩེ་གཅིག་སྒྲུབ་ལ་ནན་ཏན་བྱེད་པའི་དུས། །རབ་རིབ་རྨི་ལམ་འཁྲུལ་པའི་སྣང་བ་ལ། །མཁའ་སྤྱོད་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ཏེ། །ཤིན་ཏུ་


CMR004_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་མངོན་སུམ་་་་་་་ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གསང་སྔགས་རྙིང་མའི་ཐེག་པ་དགུའི་འཇུག་སྒོ་ལས། དང་པོ་སྐྱབས་སུ་འགྲོ་བ་སྦྱིན་པའི་ཆོ་ག་ཤིན་ཏུ་བསྡུས་པ།


CMR004_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་རྙིང་མའི་ཐེག་པ་དགུའི་འཇུག་སྒོ་ལས། དང་པོ་སྐྱབས་སུ་འགྲོ་བ་སྦྱིན་པའི་ཆོ་ག་ཤིན་ཏུ་བསྡུས་པ་བཞུགས་སོ། །


CMR004_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤཱཀྱ་སིཾ་ཧ་ཡ། །སྟོན་པ་ཤཱཀྱ་སེང་གེར་ཕྱག་འཚལ་ནས། །ཐེག་པ་ཐུན་མོང་སྐྱབས་སྡོམ་འབོགས་ཐབས་བཀོད། །སྟོན་པའི་སྐུའམ་མཚན་བརྒྱད་ཞལ་ཐང་བཤམས། །མཆོད་པ་རྣམ་ལྔ་མཎྜལ་ལ་སོགས་པ་བཤམས་ན་ལེགས། དེ་ནས་མདུན་དུ་གཅིག་གམ་མང་པོ་ཡང་རུང་སྟེ། ཕྱག་འཚལ་ནས་ཐལ་མོ་སྙིང་གར་སྦྱར་ཏེ་ཙོག་པུར་འདུག་ཏུ་བཅུག་ལ། འོ་ན་ད་ལམ་ཁྱེད་རང་རྣམས་དམ་པའི་ཆོས་ཀྱི་སྒོར་འཇུག་འདོད་པ་དེ་ཤིན་ཏུ་ལེགས། དེའི་རྒྱུ་མཚན་ཅི་ཞེ་ན། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་དཀའ་ཡང་། །འཆི་བདག་ནད་ཀྱིས་ཉེ་བར་བཏབ་པའི་ཚེ། །ཆོས་མེད་མི་རྣམས་སྟོང་ལོག་སྙིང་རེ་


CMR004_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ། །ཞེས་གསུངས་པ་ལྟར། མི་ལུས་འདི་ལྟ་བུ་ཡང་ཡང་མི་ཐོབ། ད་རེས་ཁོ་ན་ཙམ་ཡིན། ད་རེས་ལུས་འདི་ཡང་མི་རྟག་སྟེ་ནམ་འཆི་ཆ་མེད། ཤི་བའི་འོག་ཏུ་སྐྱེ་ས་རིགས་དྲུག་གང་རུང་གཅིག་ལས་འོས་མེད། རིགས་དྲུག་གང་རུང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཐར་མེད་ལས་ཀྱི་གྲོང་ཁྱེར་དྲུག་པོ་འདིར། །གཅིག་ནས་གཅིག་ཏུ་ཟོ་ཆུའི་འཁྱུད་མོ་བཞིན། །ཐར་མེད་འཁོར་བའི་འགྲོ་རྣམས་སྙིང་རེ་རྗེ། །ཞེས་གསུངས་སོ། །སྡུག་བསྔལ་དེ་ལས་ཐར་བར་བྱེད་པ་ལ་དམ་པའི་ཆོས་ཀྱི་སྒོར་


CMR004_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་དགོས། ཆོས་དེ་ལའང་ཐེག་པ་རིམ་པ་དགུ་ཡོད་པ་ལས། དེ་སྐས་ལ་འཛེགས་པ་ལྟར་རིམ་པ་བཞིན་དུ་ཐེག་པ་ཐུན་མོང་ནས་འཇུག་དགོས་ཏེ། ཨོ་རྒྱན་རིན་པོ་ཆེའི་སྒྲུབ་ཆེན་གྱི་གཞུང་རྣམས་ནས། །རིགས་ཀྱི་བུ་རྣམས་ཡོན་ཏན་ཐམས་ཅད་ཀྱི་གཞི་མ། དམ་པའི་ཆོས་ཐེག་པ་ཆེན་པོ་འདི་ཉིད། སྡོམ་པ་གསུམ་ལས་བྱུང་བས། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། ཞེས་སོགས་དང་། སྔར་མ་ཐོབ་པ་རྣམས་ལ་སྐྱབས་འགྲོ་སོགས་སྡོམ་པ་རྣམས་ཐེབས་པར་འབོགས་དགོས་པར་གསུངས་པས། ད་རེས་ཁྱེད་རྣམས་ལ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་དེ་འབོགས་པ་ཡིན་པས། མདུན་དུ་བཤམས་པའི་སྐུ་རྟེན་འདི་རྣམས་དང་དབྱེར་མེད་པར་སྤྱད་དང་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་ལ། བསྟན་པའི་བདག་པོ་བཅོམ་ལྡན་འདས་ཤཱཀྱ་སེང་གེ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཡས་ས་གནོན་དང་བཅས་པས་རྡོ་རྗེ་འཛིན་ཅིང་། གཡོན་


CMR004_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་གཞག་གི་སྟེང་ན་ལྷུང་བཟེད་འཛིན་པ། འོད་དང་འོད་ཟེར་འཕྲོ་ཞིང་འཕགས་པའི་གནས་བརྟན་བཅུ་དྲུག་ལ་སོགས་པ། ཐེག་པ་ཆེ་ཆུང་གི་དགེ་འདུན་རྒྱ་མཚོས་བསྐོར་བ་མངོན་སུམ་དུ་བཞུགས་པར་སྒོམས་ཤིག །ཅེས་དམིགས་པ་སྤྱོད་ནས། རང་ཉིད་ཐལ་མོ་སྙིང་གར་སྦྱར་ཏེ། ཟ་ཧོར་རྒྱལ་པོའི་ཡུལ་དབུས་སུ༔ བདུད་དཔུང་འདུལ་བའི་དངོས་གྲུབ་བརྙེས༔ ཤཱཀྱ་སེང་གེ་ཞེས་སུ་གྲགས༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ་ཨོ་གུ་རུ་ཤཱཀྱ་སེང་གེ་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། དེ་ལྟར་བཅོམ་ལྡན་འདས་ཤཱཀྱ་སེང་གེ་འཁོར་དང་བཅས་པ་དང་། ངེད་སློབ་དཔོན་དང་བཅས་པའི་དྲུང་དུ། དུས་ད་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་ཞུས་ཏེ། བདག་དང་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་སྐྱོབ་པར་བྱ་སྙམ་པའི་འདུན་པ་རྩེ་གཅིག་གིས་སྟོན་པ་སངས་རྒྱས་ལ་དམིགས་ཏེ་ཕྱག་གསུམ། འདིས་གསུངས་པའི་ཆོས་ལ་དམིགས་ཏེ་ཕྱག་གསུམ། ངེད་ལ་སློབ་དཔོན་ཞུ་བའི་ཕྱིར་ཕྱག་གསུམ་དང་དགུ་ཕྲུག་དེ་


CMR004_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

འཚོལ་ཅིག །ཅེས་ཕྱག་དགུ་འཚལ་དུ་བཅུག་གོ །དེ་ནས་སྔར་ལྟར་འདུག་བཅུག་གོ །དེ་ནས་བཟུང་སྟེ་སངས་རྒྱས་ལ་སྟོན་པ་ཞུ། ཆོས་ལ་སྐྱབས་སུ་ཞུ། དགེ་འདུན་ལ་གྲོགས་ཞུ་སྙམ་པ་གྱིས་ལ་རྗེས་ཟློས་མཛོད། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆགས་པ་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ། སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ། བཙུན་པས་བཟུང་དུ་གསོལ། དེ་ལྟར་ལན་གཅིག་སོང་ནས། ལན་གཉིས་པའི་རྗེས་ཟློས་མཛོད། ཅེས་ལན་གཉིས་གོང་ལྟར་རོ། །ད་ལན་གསུམ་པའི་མཇུག་ཏུ་ཁྱེད་རང་རྣམས་ཀྱི་རྒྱུད་ལ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་སྐྱེ། ང་ཡང་ཁྱེད་རང་རྣམས་ཀྱི་སློབ་དཔོན་དུ་འགྱུར་བ་ཡིན་པས། འདི་ཡི་རྗེས་ཟློས་མཛོད། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་


CMR004_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆགས་པ་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་འཚོའི་བར་དུ། སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ། སློབ་དཔོན་གྱིས་བཟུང་དུ་གསོལ། ད་ངེད་ཀྱིས་ཐབས་ཡིན་ནོ། །བརྗོད་པའི་ཚེ། ཁྱོད་རང་ལེགས་སོ། །བརྗོད་ཅིག །རང་གིས། ཐབས་ཡིན་ནོ། །སློབ་མས། ལེགས་སོ། །བརྗོད་དོ། །དེས་ཁྱེད་རྣམས་ལ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་ལེགས་པར་ཐོབ་པ་ཡིན་པས། དེང་ཕྱིན་ཆད་བསླབ་པ་རྣམས་སྲུང་དགོས། དེ་ལ་བསྲུང་བྱའི་བསླབ་པ་དགུ་སྟེ། སངས་རྒྱས་ལ་སྐྱབས་སུ་སོང་ན། སངས་རྒྱས་ཀྱི་སྐུ་གཟུགས། ཐ་ན་སཙྪའི་དུམ་བུ་ཡན་ཆོད་ལ་མ་གུས་པ་སྤང་ཞིང་གུས་པ་བསྒྲུབ། ཆོས་ལ་སྐྱབས་སུ་སོང་ན། ཆོས་ཡི་གེ་འབྲུ་གཅིག་ཡན་ཆད་ལ་གུས་པར་བྱ། དགེ་འདུན་ལ་སྐྱབས་སུ་སོང་ན། ཐ་ན་ལྷན་པ་སེར་པོ་གྲུ་བཞི་བཏབ་པ་ཡན་ཆད་ལ་མ་གུས་པ་སྤང་ཞིང་གུས་པ་བསྒྲུབ། སངས་རྒྱས་ལ་སྐྱབས་སུ་སོང་ན། ཕྱི་རོལ་


CMR004_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ་ལ་ཕྱག་མི་འཚལ། ཆོས་ལ་སྐྱབས་སུ་སོང་ན། སེམས་ཅན་ལ་གནོད་པ་མི་བྱ། དགེ་འདུན་ལ་སྐྱབས་སུ་སོང་ན། གྲོགས་མུ་སྟེགས་ཅན་མི་བསྟེན། ནང་ནུབ་སྐྱབས་འགྲོ་ལ་བརྩོན་པ་དང་། ཅི་ཏྲ་ཅི་འཐུང་ཕུད་ཀྱིས་དཀོན་མཆོག་གསུམ་མཆོད་པ་དང་། ན་ཚ་སྡུག་བསྔལ་ཅི་བྱུང་ཡང་དཀོན་མཆོག་གསུམ་ལས་གཞན་པའི་སྐྱབས་མི་ཚོལ་བ་རྣམས་ལེགས་པར་སྲུངས་ཤིག །གལ་ཏེ་དེ་རྣམས་མ་བསྲུང་ན་སྐྱབས་སུ་འགྲོ་བའི་སྡོམ་པ་ལས་ཉམས་པས། ཚེ་འདི་ཕྱིའི་སྐྱབས་མེད་ཅིང་ངན་སོང་དང་འཁོར་བ་མཐའ་མེད་དུ་འཁྱམས་པས་ཉེས་པ་ཆེ་ནའང་། ལེགས་པར་བསྲུང་ན། སྐྱེ་བོ་ཐ་མལ་པ་དང་། ཕྱི་རོལ་པ་ལས་ཁྱད་པར་དུ་འཕགས་པ་དང་། སྡོམ་པ་དང་དམ་ཚིག་ཐམས་ཅད་ཀྱི་གཞི་རྟེན་དུ་འགྱུར་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁོར་རྣམ་བཞིའི་གྲར་ཚུད་པ་དང་། ལས་ཀྱི་རྣམ་སྨིན་མ་གཏོགས་པའི། ཚེ་འདིའི་ནད་དང་སྡུག་བསྔལ་ཐམས་ཅད་ལས་སྐྱོབ་པ་དང་། སྡིག་པ་ཐམས་ཅད་སྲབ་པར་འགྱུར་བ་དང་། ངན་སོང་དུ་མི་ལྟུང་བ་སོགས་ཕན་ཡོན་ཆེན་པོ་ཐོབ་སྟེ། ཨོ་རྒྱན་རིན་པོ་ཆེས། རྟེན་སྡོམ་པ་གསུམ་གྱི་རྟེན་དུ་


CMR004_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

རུང་། ཅི་བྱས་ཚོགས་སུ་འགྲོ།། གནས་སྐབས་ཀྱི་བར་ཆད་སེལ་བ་དང་། འཁོར་བའི་དུཁ་ལས་སྐྱོབ། མུ་སྟེགས་ལ་སོགས་པ་ལམ་ལོག་པར་མི་འགྲོ། །ལམ་དམ་པའི་གཞི་ཐིང་བས་ཅི་བྱས་ཚོགས་སུ་འགྲོ་བས་མཆོག་ཏུ་གཅེས་པ་ཡིན་ནོ། །ཞེས་གསུངས་སོ། །ད་མིང་འདོགས་པ་དང་སྐྲ་བྲེགས་པ་ནི། འདུལ་བའི་གཞུང་ལས་ནི་རབ་བྱུང་དང་དགེ་ཚུལ་སྒྲུབ་པའི་དུས་ཀྱི་བར་བྱེད་དགོས་པར་ཡང་མ་གསུངས་ནའང་། བོད་ཡུལ་འདིར་ཚངས་སྤྱོད་དགེ་བསྙེན་ལ་སྐྲ་བྲེགས་པ་དང་། མིང་བརྗེ་བ་སོགས་བྱེད་པར་བོད་ཀྱི་མཁས་གྲུབ་ཀུན་གྱི་ཕྱག་བཞེས་སུ་གྲགས་ཆེ་ཞིང་། ཁྱད་པར་དུའང་གངས་ཅན་ལྗོངས་ཀྱི་གྲྭ་ས་ཆེན་པོ་འཛིན་པའི་གདུང་རྒྱུད་པ་རྣམས་ལ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་བསྒྲུབས་ནས་སྐུ་ཕུད་ལེན་ཅིང་མཚན་གསོལ། རབ་ཏུ་བྱུང་བའི་ན་བཟའ་ཡང་མནབ་སྲོལ་དང་། མཐའ་འཁོབ་རྒྱལ་པོ་དང་བློན་པོ་ཆེན་པོ་རྣམས་ལ་ཡང་། སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་བསྒྲུབས་ནས། མཚན་གསོལ་སྐུ་ཕུད་ལེན་པར་བོད་ཀྱི་བླ་ཆེན་རྣམས་ཀྱིས་མཛད་པའི་ཕྱག་ལེན་ལྟར། སྐུ་ཕུད་ལེན་པ་ཡིན་པས། གཙུག་ཕུད་


CMR004_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བྲེག་གམ་བརྗོད་དུས་ཁྲེག་སྨོས་ཤིག །མཆོད་གཡོག་གཅིག་གིས་གྲི་བཟུང་ནས། སྐུ་ལ་འཇུ་བཅུག་ལ། སློབ་དཔོན་གྱིས། གཙུག་ཕུད་བྲེག་གམ། བརྗོད་དུས། སློབ་མས། ཁྲེག །བརྗོད། སྐྲ་ཕུད་སློབ་དཔོན་གྱི་ཕྱག་ཏུ་བཞག །དེ་ནས་རྟེན་གྱི་མདུན་དེར་བཞག་གོ །འོ་དེ་སྔ་ཁྱེད་རྣམས་སངས་རྒྱས་ཀྱི་བསྟན་པའི་གྲྭར་མ་ཚུད། དམ་པའི་ཆོས་སྒོར་མ་ཞུགས་པ་ཡིན་པ་ལས། དེ་རིང་ནས་དམ་པའི་ཆོས་སྒོར་ཞུགས་པ་ཡིན་པ་ལས། སྐྲ་བྲེག་མིང་བརྗེ་བ་འདི་བརྗེད་ཐོ་ཡིན་པས། བསམ་པ་ཐམས་ཅད་དམ་པའི་ཆོས་དང་མཐུན་པར་མཛོད་ཅིག །མིང་ཡང་རྒྱ་གར་ན་ཉན་ཐོས་སྡེ་པ་བཅོ་བརྒྱད་སོ་སོའི་མིང་ནས་དྲངས་ནས་འདོགས། །བོད་དུ་སློབ་དཔོན་སོ་སོའི་མཁན་པོའི་མཚན་ལས་དྲངས་ནས་འདོགས་པའི་སྲོལ་སྣང་ནའང་། ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་བཀའ་རྒྱ་མ་ལས། པདྨ་ལ་དྲངས་ནས་འདོགས་པ་ལེགས་པར་གསུངས་པས། ད་ལམ་ཁྱོད་ཀྱི་མིང་ལའང་རྨེ་ཐོགས། ཞེས་ཨོ་རྒྱན་ནམ། པདྨའམ། གུ་རུའམ། རྡོ་རྗེ་སོགས་ཀྱི་དབུ་ཅན་ལ། སྦྱིན་པ། ཚུལ་ཁྲིམས། བཟོད་པ། །བརྩོན་འགྲུས། བསམ་གཏན། ཤེས་རབ། ཐབས་མཁས། སྟོབས་ཆེན། ཡེ་


CMR004_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས། སྙིང་རྗེ། བྱམས་པ། དགའ་བ། ཀུན་ཁྱབ། རབ་དགའ། དྲི་མེད། འོད་འཕྲོ། འོད་ཟེར། རྣམ་དག །བློ་གྲོས། ལེགས་པ། ཆོས་མཆོག །ཆོས་སྐུ། འོད་གསལ། སློབ་ལམ། མཐར་ཕྱིན། མཉམ་ཉིད། དོན་གྲུབ། ཡོན་ཏན། ཚངས་དབྱངས། ནོར་བུ། ཆོས་འཁོར། རྟ་མཆོག གླང་པོ། བརྒྱ་བྱིན་ལ་སོགས། གཞན་གང་འོས་བཏགས་སོ། །འོ་དེས་ཁྱེད་རྣམས་ཀྱིས་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་ལེགས་པར་ཐོབ་པ་ཡིན་པས་བཀའ་དྲིན་ཆེའོ། །ཞེས་བརྗོད་ལ་ཕྱག་གསུམ་འཚོལ། ཞེས་བརྗོད་ལ་གྲོལ་ལོ། །དེ་ནས་སྐྲ་སྐར་ལེགས་པར་རྩིས་ལ། དེ་ཉིན་རུང་ན་ལེགས་མི་རུང་ན་རྗེས་སོར་སྐར་མ་ལེགས་དུས་སྐྲ་བྲེག་པར་བྱའོ། །རབ་བྱུང་གི་སེར་གོས་རྣམས་འདུལ་བ་ནས་རབ་བྱུང་བསྒྲུབ་དུས་བར་ངེས་པར་སེར་གོས་དགོས་པའི་ངེས་པ་མེད་ཀྱང་། བོད་དུ་དགེ་བསྙེན་ལ་བཙུན་ཆས་བྱེད་སྲོལ་ཡོད་པས། སྐྱབས་གསུམ་འཛིན་པས་ཀྱང་བཙུན་ཆས་འཛོམ་ན་མི་རུང་བ་མེད་པས་གང་རྙེད་གྱོན་ནོ། །ཞེས་སྤྲུལ་སྐུའི་གསུང་གིས་བསྐུལ་ནས། རྫོགས་ཆེན་དང་མཐུན་པར་ཨ་རཱ་གས་བྲིས་པ་ལ་ཉེས་པ་མཆིས་ན་བཤགས་ཤིང་དགེ་བས་བཅོམ་ལྡན་འདས་ཤཱཀྱ་སེང་གེའི་རྗེས་ཞུགས་ཀྱིས་འཛམ་གླིང་ཁྱབ་པར་གྱུར་


CMR004_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ཚངས་པར་སྤྱོད་པའི་དགེ་བསྙེན་ཞེས་བྱ་བ་ཡིན་ནོ། །དེང་སང་བརྗེ་བྱེད་དགེ་མ་བྱེད་ཟེར་བའི་སྐུ་ཕུད་སྡོམ་པ་ལེན་པའི་ཆོ་ག་ཁྱེར་བདེ་བལྟས་ཆོག།


CMR004_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པར་སྤྱོད་པའི་དགེ་བསྙེན་ཞེས་བྱ་བ་ཡིན་ནོ། །དེང་སང་བརྗེ་བྱེད་དགེ་མ་བྱེད་ཟེར་བའི་སྐུ་ཕུད་སྡོམ་པ་ལེན་པའི་ཆོ་ག་ཁྱེར་བདེ་བལྟས་ཆོག་ཡོད་ལགས་སོ།།


CMR004_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྟོན་པའི་སྐུ་དང་མཆོད་པ་སོགས་བཤམས་ལ། དེ་ཡང་བཀའ་གདམས་ལུགས་ལ། ས་དེར་དགེ་སློང་སྡོམ་པ་འབོགས་མཁས་པ་གཞན་ཡོད་ན། འདུལ་ཁྲིམས་ཀྱི་སྡོམ་པ་འབོགས་མི་རུང་གསུངས་ནའང་། དེའི་ཁ་རང་གིས་བཀག་པ་ནི་མིན་ན་རུང་སྟེ། དཔེར་ན་སྐུ་སྐྱེ་རྣམས་དགེ་བསྙེན་ལས་ད་རུང་མ་ཞུས་ཀྱང་། དྲུང་སྐོར་དགེ་སློང་མང་བ་ཡང་དད་པའི་དབང་གིས་སྐུ་སྐྱེ་ལ་ཞུ་བ་ཀུན་ལ་དར་བ་བཞིན་ནོ། །དེས་ན་རབ་དགེ་སློང་། འབྲིང་དགེ་ཚུལ། ཐ་མ་དགེ་བསྙེན་གྱིས་ཀྱང་སྡོམ་པ་འབོགས་རུང་བར་བཤད་དོ། །དེས་ཆབ་བླང་ལྷམ་ཕུད་མཚོན་ཆ་དང་ཕྲེང་བ་སོགས་ཕུད་ལ་ཙོག་པུར་ཆངས་ཟུང་གིས་ཐལ་མོ་སྦྱར་ནས་འདུག་བཅུག་ལ། འོ་ན་ཁྱེད་རྣམས་དལ་འབྱོར་


CMR004_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མི་ལུས་རིན་པོ་ཆེ་ཐོབ་དཀའ་བ་འདི་ཐོབ་ཀྱང་ཡུན་རིང་མི་གནས་འཆི། ཡང་ཡང་མི་ཐོབ་པས། ད་རེས་ལུས་འདི་ལ་སྙིང་པོ་ཞིག་ལེན་དགོས། དེ་ལེན་པ་ལ་སྡོམ་པ་སྲུང་དགོས། སྡོམ་པ་སྲུང་བ་ལ་ཞུ་དགོས། སྡོམ་པ་ཞུས་པ་ལ་ཕན་ཡོན་དཔག་ཏུ་མེད་དེ། དྲན་པ་ཉེར་བཞག་ལས། རབ་ཏུ་བྱུང་བའི་སེམས་བསྐྱེད་དེ། དགེ་བསྙེན་རྫོགས་པར་ཐོབ་པའི་ཚེ། བར་སྣང་གི་ལྷ་ཐམས་ཅད་དགའ་ནས། སྙན་པ་སྒྲོག་གོ །དེས་རྒྱལ་ཆེན་རིགས་བཞིའི་ལྷ་གནས། སུམ་ཅུ་རྩ་གསུམ་པའི་ལྷའི་དབང་པོ་བརྒྱ་བྱིན་གྱི་བར་དུ་སྙན་པ་སྒྲོག་ཅིང་བསྟོད་པ་བྱེད་


CMR004_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་རྒྱ་ཆེར་གསུངས་ལ་རབ་ཏུ་བྱུང་བའི་བསོད་ནམས་ནི། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས། བསྐལ་པའི་བར་དུ། བུ་དང་ཆུང་མ་སྦྱིན་པ་གཏོང་བའི་བསོད་ནམས་ལས། རབ་ཏུ་བྱུང་བའི་བསམས་པས་དགོན་པར་གོམ་པ་གཅིག་བོར་ན་བསོད་ནམས་ཆེ་བ་དང་། ཟས་དང་སྐོམ་དང་མེ་ཏོག་ལ་སོགས་ཀྱིས་སངས་རྒྱས་ལ་མཆོད་པ་བས། རབ་ཏུ་བྱུང་བའི་སེམས་ཀྱིས་དགོན་པར་གོམ་པ་བདུན་བོར་ན་བསོད་ནམས་ཆེ་བར་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་སོ། །དགའ་བོ་རབ་ཏུ་བྱུང་བའི་མདོ་ལས། རྫོགས་པའི་སངས་རྒྱས་རྣམས་ཀྱིས། འཇིག་རྟེན་གྱི་ཁམས་གང་བར་གྱུར་པ་ལ། ལོ་བརྒྱའི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས། བསྙེན་བཀུར་བ་བས་རབ་ཏུ་བྱུང་བའི་བསོད་ནམས་བཅུ་དྲུག་འགྱུར་གྱིས་ཆེ་བར་གསུངས་སོ། །དེ་ལ་རབ་ཏུ་བྱུང་བ་དངོས་ནི། བར་མ་རབ་བྱུང་ཡན་ཆོད་ཡིན་མོད་ཀྱང་། ཚངས་སྤྱོད་དགེ་བསྙེན་དང་དགེ་བསྙེན་མ་ཡང་ཁྱིམ་ཐབས་སྤང་བ་ཡིན་པས། དོན་ལ་རབ་བྱུང་གི་ཁོངས་སུ་གཏོགས་པ་ཡིན་ཏེ། དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། ཁྱིམ་ན་གནས་པ་ནི། ཀུན་དུ་གནོད་པ་སྟེ་སྡུག་བསྔལ་འབབ་


CMR004_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། ཞེས་པ་ནས། ཁྱིམ་ན་གནས་པ་ནི་ཐོབ་པའོ། །རབ་ཏུ་བྱུང་བ་ནི་ཐིབ་པོ་ལས་ཐར་བ་ཡིན་ཏེ་ཞེས་པའི་བར་དུ། ཁྱིམ་པ་དང་རབ་བྱུང་གཉིས་ལ། ཁྱད་པར་བརྒྱ་དང་རྩ་བརྒྱད་ཡོད་ཚུལ་རྒྱས་པར་གསུངས་ཤིང་ཁྱིམ་ན་གནས་པ་ནི། དགེ་བའི་རྩ་བ་འཇོམས་པར་བྱེད་པ། འབྱུང་བ་སུན་འབྱིན་པ། དགེ་བའི་སྡོང་པོ་བསྐྱེལ་བར་བྱེད་པ་སྟེ། དེའི་ཕྱིར་ཁྱིམ་ཞེས་བྱའོ། །ཞེས་གསུངས་པས་ཁྱིམ་ཐབས་སྤང་སྟེ་སྐྲ་ཕུད་འབུལ་བ་དེ་ཕན་ཡོན་བསམ་ལས་འདས་པ་ཡིན། ད་ནི་འདིར་བཤམས་པའི་དཀོན་མཆོག་གི་རྟེན་དང་། །ཡིད་ཀྱིས་ཀྱང་ཐུབ་པ་དང་། གནས་བརྟན་བཅུ་དྲུག་འཁོར་དགྲ་བཅོམ་པ། ཁྲི་དྲུག་སྟོང་བཞི་བརྒྱ་དང་བཅས་པ་མདུན་གྱི་ནམ་མཁར་བཞུགས་པར་མོས་པས། དཀོན་མཆོག་གསུམ་ལ་ཕྱག་གསུམ་དང་། ང་ལ་སློབ་དཔོན་ཞུ་བའི་ཕྱིར་ཕྱག་གསུམ་འཚོལ་ལ། །ཙོག་པུར་ཐལ་མོ་སྦྱར་ཏེ་སྡོད། ཅེས་དེ་ལྟར་བྱེད་བཅུག །ད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཕྱིར་དགེ་བསྙེན་གྱི། བུད་མེད་ཡིན་ན། དགེ་བསྙེན་མའི། སྡོམ་པ་བླངས་ནས་སྲུང་སྙམ་པ་གྱིས་ལ། རྗེས་ཟློས་


CMR004_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། ཆོས་འབྲེལ་མེད་ན་བཙུན་པ། ཡོད་ན་སློབ་དཔོན་བརྗོད། སྔོན་དུ་སྐྱབས་སྡོམ་རང་ལ་ཞུས་ཡོད་པས་སློབ་དཔོན་རུང་སྟེ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆགས་པ་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། ཆང་མི་ཆོད་ན་ཕལ་ཆེར་སྤྱོད་པ་ཅུང་ཟད་འཛིན་པ་དང་ཆོད་ན་ཚངས་པར་སྤྱོད་པའི་དགེ་བསྙེན་དུ། སློབ་དཔོན་གྱིས་བཟུང་དུ་གསོལ། དེ་ལན་གཉིས། ལན་གསུམ་པའི་སྐབས་སུ་སྡོམ་པ་ཐོབ་པ་ཡིན་པས་དེ་ཤེས་པར་གྱིས་ལ་རྗེས་ཟློས་མཛོད་། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆགས་པ་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དུས་འདི་


CMR004_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། ཕལ་ཆེར་སྤྱོད་པ་ཅུང་ཟད་འཛིན་པའི། ཚངས་པར་སྤྱོད་པའི་དགེ་བསྙེན་དུ། བུད་མེད་ལ། དགེ་བསྙེན་མར་སློབ་དཔོན་གྱིས་བཟུང་དུ་གསོལ། སློབ་དཔོན་གྱིས། ཐབས་ཡིན་ནོ་བརྗོད། སློབ་མས་ལེགས་སོ་ཞེས་བརྗོད་བཅུག །དེ་ལྟར་ཁྱོད་ཀྱིས་ཚངས་སྤྱོད་དགེ་བསྙེན་གྱི། སྡོམ་པ་ཐོབ་ནས། སྲུང་དགོས་པས། སྲུང་ཚུལ་སྤང་བ་ལྔ་པོ་ཡིད་ཀྱི་སྒོ་ནས་སྤང་། ལུས་ཀྱི་སྒོ་ནས་སླར་ལྡོག་པར་གྱིས། སྔོན་གྱི་དགྲ་བཅོམ་པ་རྣམས་ཀྱི་རྗེས་སུ་འབྲངས་ནས། སྲུང་སྙམ་པ་གྱིས་ལ་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེ་དག་གིས། ཇི་སྲིད་འཚོའི་བར་དུ། སྲོག་གཅོད་པ་སྤང་སྟེ། སྲོག་གཅོད་པ་ལས་སླར་ལྡོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། སྲོག་གཅོད་པ་སྤང་སྟེ། སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་དང་པོ་འདིས། འཕགས་པ་དགྲ་བཅོམ་པ་དེ་དག་གི །རྗེས་སུ་སློབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིའོ། །གཞན་ཡང་སྔོན་གྱི་


CMR004_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་དགྲ་བཅོམ་པ་དེ་དག་གི །ཇི་སྲིད་འཚོའི་བར་དུ། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ། བག་མེད་པའི་གནས་སྤང་སྟེ་འབྲུའི་ཆང་དང་བཅོས་པའི་ཆང་བག་མེད་པའི་གནས་ལས། སླར་ལྡོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་བཅོས་པའི་ཆང་། མྱོས་པར་འགྱུར་བ། བག་མེད་པའི་གནས་ལས། སླར་ལྡོག་པར་བགྱིའོ། །ཡན་ལག་ལྔ་པ་འདིས། བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ། །རྗེས་སུ་བསླབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིའོ། །དེ་ལན་གཅིག་གིས་ཆོག་གོ །སློབ་དཔོན་གྱིས་ཐབས་ཡིན་ནོ། །སློབ་མས། ལེགས་སོ། །བཅུག །དེས་དགེ་བསྙེན་གྱི་སྡོམ་པ་ལེགས་པར་ཐོབ་པ་ཡིན། དེ་ནས་བུད་མེད་གཞོན་ནུ་རྣམས་དད་གུས་ཆོས་འདོད་ལ་མ་གནང་ན། སེམས་ཅན་བློས་བཏང་གི་ལྟུང་བ་འོང་ཞིང་ལོ་ཤས་ལ་དགེ་སྦྱོར་བྱེད་པ་འགགས། ཚངས་མ་བྱིན་ན་མཐར་མི་ཕྱིན་པས་


CMR004_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་ཆེ་སྟེ། བུད་མེད་སྐྱེས་པ་གཏན་ནས་མེད་ན། མོ་ནད་ཀྱིས་བཞི་བཅུ་ཡན་མི་ཐུབ་པར་འཆི་བར་བྱས་སོ་གསུངས་པའི་ངག་རྒྱུན་ལྟར་ཡིན་པས། དེ་མི་སྨྲ་ན། རྒན་གཞོན་སོ་སོར་ཕྱེ་ལ། རྒས་པ་ལ་གོང་གི་ཚངས་མ་དེ་གནང་ནས། གཞོན་པ་ཚོར་ལོགས་སུ་འདི་གནང་བ་ལེགས་སོ། །ད་ཁྱེད་རང་རྣམས་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆགས་པ་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། སྣ་འགའ་སྤྱོད་པའི་དགེ་བསྙེན་མར། སློབ་དཔོན་གྱིས་བཟུང་དུ་གསོལ། ལན་གཉིས་དང་། ལན་གསུམ་པའི་མཇུག་ཏུ་སྡོམ་པ་ཐོབ་པ་ཡིན་པས། ཐོབ་པའི་དུས་ཤེས་པར་གྱིས་ལ། རྗེས་ཟློས་མཛོད། ཞེས་གོང་གི་དེ་ལན་གཅིག་ཝིག་གོ སློབ་དཔོན་གྱིས། ཐབས་ཡིན་ནོ། །སློབ་མས། ལེགས་སོ། །རྗེས་ཟློས། ཞེས་བརྗོད་བཅུག་ནས། ད་བསླབ་པ་ཁས་ལེན་པའི་ཕྱིར་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་


CMR004_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། ཇི་ལྟར་སྔོན་གྱི་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ། སྲོག་གཅོད་པ་སྤང་སྟེ། སྲོག་གཅོད་པ་ལས། སླར་ལྡོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤང་སྟེ། སྲོག་གཅོད་པ་ལས། སླར་ལྡོག་པར་བགྱིའོ། །ཡན་ལག་དང་པོ་འདིས། བདག་འཕགས་པ་དགྲ་བཅོམ་པ། དེ་དག་གི་བསླབ་པ་ལ། རྗེས་སུ་བསླབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིའོ། །གཞན་ཡང་འཕགས་པ་དགྲ་བཅོམ་པ། དེ་དག་གིས། ཇི་སྲིད་འཚོའི་བར་དུ་མ་བྱིན་པ་ལེན་པ་དང་། རྫུན་སྨྲ་བ་སྤང་སྟེ། མ་བྱིན་པ་ལེན་པ་དང་། རྫུན་སྨྲ་བ་ལས། སླར་ལྡོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། མ་བྱིན་པར་ལེན་པ་དང་། རྫུན་སྨྲ་བ་ལས། སླར་ལྡོག་པར་བགྱིའོ། །ཡན་ལག་འགའ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ། རྗེས་སུ་བསླབ་བོ། །རྗེས་སུ་བསྒྲུབ་བོ། །རྗེས་སུ་བགྱིད་དོ། །སློབ་དཔོན་གྱིས། ཐབས་ཡིན་ནོ་བརྗོད། །


CMR004_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་རྣམས་ལེགས་སོ་རྗེས་ཟློས། དེས་ཁྱེད་རང་རྣམས་སྣ་འགའ་སྲུང་བའི་དགེ་བསྙེན་མའི་སྡོམ་པ་ལེགས་པར་ཐོབ་པ་ཡིན། དེ་ནས་རྒན་གཞོན་སོ་སོར་ཡོད་ན་སྟབས་གཅིག་བྱ། སྐྱེས་པའི་སྐུ་ཕུད་བླང་པ་ཡོད་ཀྱང་རུང་ཐམས་ཅད་ལ་མཉམ་དུ་ཞལ་དེ་འདྲ་བ་འདི་བརྗོད་དོ། །དེ་ལྟར་ཁྱེད་རང་རྣམས་སྡོམ་པ་ཐོབ་ནས་སྲུང་དགོས་ཏེ། ཚུལ་ཁྲིམས་ཡང་དག་ཕར་ལྡན་པའི་མདོ་ལས། སྲོག་དང་བྲལ་ཞིང་ཤི་ནི་སླའོ། །ཚུལ་ཁྲིམས་རལ་ཞིང་ཞིག་པ་ནི་དེ་ལྟར་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་དང་བྲལ་བ་ནི་དེ་ཉིད་ཀྱི་སྐྱེ་བ་ཞིག་པར་ཟད་ཀྱི། ཚུལ་ཁྲིམས་ཞིག་པ་ནི། སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ། རིགས་དང་བྲལ་ཞིང་བདེ་བ་སྤང་སྟེ། རྣམ་པར་ལྟུང་ཞིང་ཉམས་པར་འགྱུར་རོ། །ཞེས་དང་། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། སྲོག་ལ་བབས་ཀྱང་ཚུལ་ཁྲིམས་ནི། །གཏོང་བ་མི་མཁས་བླུན་པོ་ཡིན། །སྲོག་ཆད་ཕྱི་ནས་སྐྱེ་བ་སྟེ། །ཚུལ་ཁྲིམས་ཕྱི་ནས་དེ་ལྟར་མིན། །ཞེས་གསུངས་པས། སྲུང་རྒྱུ་རྩ་བཞི་ཆང་ལྔ་ཀུན་གྱིས་ཤེས་པ་དེ་སྲུང་དགོས། གལ་ཏེ་ཆང་སྤང་མ་ཐུབ་ན་ཡང་ལྟུང་བཤགས་དང་ཕྱག་སྐོར་བ་སོགས་བཤགས་པ་བྱེད། དེ་ལྟར་རྩ་བཞི་དེ་


CMR004_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་ན་རང་ཉིད་དགེ་འདུན་གྱི་རྟགས་སུ་འགྲོ་བས། ཆོས་སྐྱོང་རྣམས་ཀྱིས་སྲུང་ཞིང་སྡོམ་པ་དྲག་པོ་བྱེད། མགོན་པོ་ཕྱག་བཞི་པའི་རྒྱུད་གྲི་གུག་བརྩེགས་པ་ནས། སྲོག་གཅོད་སྤངས་པས་ཞི་བས་སོ། །མ་བྱིན་ལེན་སྤང་རྒྱས་པས་སོ། །མི་ཚངས་སྤྱོད་སྤང་དབང་དུ་འགྱུར། །རྫུན་སྨྲ་ལ་སོགས་ཤུགས་མཐུ་ཡི། །མངོན་དུ་གསལ་བར་བྱེད་པ་ཡིན། །རྩ་བ་འདི་དག་རབ་སྦྱོར་པས། །མ་ཡེངས་མ་འགལ་ལམ་བྱས་ན། །ཆོས་སྐྱོང་ཚོགས་རྣམས་འདུ་བར་བྱེད། །ཅེས་གསུངས། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། ཚུལ་ཁྲིམས་འདི་ནི་བདེ་བའི་མཆོག །ཚུལ་ཁྲིམས་འདི་ནི་ཐར་པའི་ལམ། །ཚུལ་ཁྲིམས་འདི་ནི་ཡོན་ཏན་ཞིང་། །ཚུལ་ཁྲིམས་འདི་ནི་སངས་རྒྱས་རྒྱུ། །ཚུལ་ཁྲིམས་འདི་ནི་མཆོག་ཡིན་པས། །མིག་གི་འབྲས་བུ་བཞིན་དུ་སྲུང་། །ཞེས་གསུངས་ཤིང་། ལྷ་དང་མིའི་བདེ་སྐྱིད། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཚུལ་ཁྲིམས་ལས་བྱུང་བ་སྟེ། མདོ་སྡུད་པ་ལས། ལྷ་རྫས་དགའ་རྒྱུ་མི་ཡི་ལོངས་སྤྱོད་དང་། །བདེ་མཆོག་རོ་མཆོག་ལྷ་ཡི་ཕུན་སུམ་ཚོགས། །ཚུལ་ཁྲིམས་རྒྱུས་བྱུང་ཅི་ཞིག་ངོ་མཚར་ཆེ། །སངས་རྒྱས་ཆོས་རྣམས་དེ་


CMR004_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བར་ལྟོས། ཞེས་གསུངས་པ་དང་། སྐྱབས་འགྲོ་ཡིག་དྲུག་སོགས་ལ་དགའ་བ་ཡི། སྐྱེས་བོ་གཙང་མ་འབུམ་ཚོ་བསྟེན་པ་བས། བནྡེ་དགེ་མ་གཙང་མ་གཅིག་ལ་བསྟེན་པ་ཕན་ཡོན་ཆེ་སྟེ། སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་ལས། སྐྱེ་བོ་གཙང་མ་སྟོང་ཕྲག་བརྒྱ། །བྲམ་ཟེ་གཙང་མ་གཅིག་ལ་སྦྱར། །བྲམ་ཟེ་གཙང་མ་སྟོང་ཕྲག་བརྒྱ། །ཚུལ་ཁྲིམས་ལྡན་པ་གཅིག་ལ་སྦྱར། །ཞེས་གསུངས་སོ། །ངེད་རང་རྣམས་ནམ་འཆི་ཆ་མེད་པ་ལ། སྡོམ་པ་གཙང་ནས་ཤི་ན་ཡང་ལུས་འདི་བས་མི་ཞན་པ་ཞིག་ལེན་པས་ཆོག་པས། ཤིན་ཏུ་གལ་ཆེ་བ་ཡིན་ནོ། །དེ་ཁོ་ནར་མ་ཟད་མཐར་སངས་རྒྱས་ཐོབ་པའི་རྒྱུ་ཡང་འབྱུང་བ་ཡིན་པས། དེ་ལྟར་ཉེས་དམིགས་དང་ཕན་ཡོན་ཤེས་པས། ལེགས་པར་སྲུངས་ཤིག །དེ་ནས་སྐབས་འདིར་མིང་བཏགས་པ་ནི། འདུལ་བ་ནས་སྲས་མིང་། དགེ་ཚུལ་རབ་བྱུང་དུས་བར་མ་གསུངས་ཀྱང་། བོད་དུ་དར་བ་ཡིན་པས། གསུམ་རེད་ན། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། ལྔ་འདུག་ན། རྡོ་རྗེ། རིན་ཆེན། པདྨ། ཕྲིན་ལས། ཀརྨ། སངས་རྒྱས། བདེ་གཤེགས། དྲུག་རེད་ན། སྦྱིན་པ། ཚུལ་


CMR004_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས། བཟོད་པ། བསམ་གཏན། བརྩོན་འགྲུས། ཤེས་རབ། ཐབ་མཁས། སྟོབས་བཅུའམ་མཆོག །ཡེ་ཤེས་ཏེ་ཕར་ཕྱིན་དྲུག་གམ་བཅུ། རབ་དགའ། དྲི་མེད། འོད་བྱེད། འོད་འཕྲོ། སྦྱང་དཀའ་མི་བདེ་བས་དྲི་བྲལ། རིང་དུ་སོང་བ་མི་བདེ་བས་འཕགས་པ། མངོན་དུ་ཕྱོགས་པ་མི་བདེ་བས་ཐར་ལམ། མི་གཡོ། །བློ་གྲོས། ཆོས་ཀྱི་སྤྲིན་ཏེ་ས་བཅུ། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མཐར་ཕྱིན་ནི་ལམ་ལྔ་དང་། ནོར་བུ། བདེ་ལྡན། སྟོབས་ཆེན་འདྲ། རྒོལ་འཇོམ་སྟེ་རྒྱལ་སྲིད་དང་། དད་པ། ཐོས་པ། གཏོང་བ། བག་ཡོད་སོགས་དང་། དེ་གང་འོས་ལ་བནྡེ་ལ། མགོ་ན། ཀརྨའམ། པདྨ་སྦྱར། དགེ་མ་ལ་མཇུག་ཏུ། དཔའ་མོ་འམ་། རྡོ་རྗེ་མ། ཞེས་པ་སྦྱར་ཏེ། མིང་གང་འོས་བཏགས། འཇིགས་པ་ལ། སྦྱོར་ལམ་དང་། རྒྱལ་མཚན་དང་། སེང་གེ་དང་། གཞན་ཕན་དང་། འགྲོ་འདུལ་སོགས་དང་། ཚངས་དབྱངས་སོགས་བཏགས་དགོས། དེ་ནས་སྐྲ་ཕུད་བཅད་ལ་སྟོན་པའི་ཕྱག་ཏུ་བཞག་ལ། མེ་ཏོག་གཏོར་ཞིང་། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །


CMR004_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །ཅེས་སྨོན་ལམ་དང་། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུངས་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་རྒྱལ་སྲས་ཐུགས་རྗེ་ཡིས། །ཉན་ཐོས་ཚུལ་བཟུང་སྲིད་པ་ཇི་སྲིད་པར། །བསྟན་པ་སྐྱོང་ཞིང་འགྲོ་བའི་དོན་མཛད་པ། །གནས་བརྟན་ཆེན་པོ་རྣམས་ཀྱི་བཀྲ་ཤིས་ཤོག །བསོད་ནམས་རི་བོ་བཞིན་དུ་སོགས་དང་། བཀྲ་ཤིས་བརྗོད། རྒན་མོ་བུ་ཡོད་ན་སྐྱ་མི་འབྲེག །ལེན་བུ་བཤིག་སྟེ་བཞག །གཞོན་ལ་ཡང་སྐར་ཡིག་ལྟར། ཉི་ནག་སོགས་མེད་ཅིང་སྐྲ་སྐར་བཟང་དུས་བཞར་བཅུག་གོ །མཎྜལ་ཕུལ། ཕྱག་འཚལ་ནས་གྲོལ་བའོ། །འདི་ལྟར་སྐྱབས་སྡོམ་བསྙེན་གནས། དགེ་བསྙེན་གྱི་སྡོམ་པ་གསུམ་གྱི་སྡོམ་རྒྱུན་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། ཤཱ་རིའི་བུ། སྲས་སྒྲ་གཅན་འཛིན། བྲམ་ཟེ་སྒྲ་གཅན་འཛིན་འདི་ས་ར་ཧའོ། །འཕགས་པ་ཀླུ་སྒྲུབ། ཡོན་ཏན་བློ་གྲོས། རིན་ཆེན་བཤེས་གཉེན། ཆོས་ཀྱི་བཟང་པོ། ཡོན་ཏན་རྒྱ་མཚོ། ཆོས་ཀྱི་ཕྲེང་བ། བློ་གྲོས་འབྱུང་


CMR004_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྦས་པ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། བྱང་ཆུབ་དཔལ། དབང་ཕྱུག་གྲགས་པ། གཞོན་ནུ་བྱང་ཆུབ། གནས་བརྟན་ཡོན་རྒྱལ། ཡོན་ཏན་བློ་གྲོས། འདུལ་འཛིན་སེང་གེ་དཔལ། རབ་འབྱོར་སེང་གེ །ཆོས་གྲུབ་སེང་གེ །རྗེ་མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག །དྲུང་པ་ཀུན་དགའ་རྣམ་རྒྱལ། སྤངས་བ་ཚངས་སྤྱོད་དགེ་བསྙེན་ཡིན་ཏེ། དེང་སང་མི་དར་འདུག་ན་ཡང་། ཞུ་བ་བྱུང་ན་ཚིགས་བསྒྱུར་ཤེས་པར་བྱའོ། །བྷ་ཝནྟུ། རྒྱལ་བའི་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ཨ་རཱ་གས་མཛད་པའི་གདམ་གཏད་ལས་གསལ་ལོ།། མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

བསྙེན་གནས་དང་སྨྱུང་གནས་ཀྱི་སྡོམ་པ་འབོག་བྱའི་བསྙེན་གནས་དཀར་ཕྱོགས་སྲུང་བ་ཤིན་ཏུ་ཁྱེར་བདེ་བ་ཕྱག་ལེན་ཞིབ་གསལ།


CMR004_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་གནས་དང་སྨྱུང་གནས་ཀྱི་སྡོམ་པ་འབོག་བྱའི་བསྙེན་གནས་དཀར་ཕྱོགས་སྲུང་བ་ཤིན་ཏུ་ཁྱེར་བདེ་བ་ཕྱག་ལེན་ཞིབ་གསལ་བཞུགས་སོ།།


CMR004_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ད་ལམ་ཁྱེད་རང་རྣམས་ལ་སྨྱུང་གནས་ཀྱི་སྡོམ་ཆུང་བྱེད་པ་ཡིན་ཏེ། དེ་ཡང་བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་གྱི་མདོ་ལས། རིགས་ཀྱི་བུ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྟེན་ནི་ཚུལ་ཁྲིམས་ཡིན་ཏེ། བྱང་ཆུབ་དང་སངས་རྒྱས་ཀྱི་ཆོས་རྣམས་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་སོ། །ཞེས་གསུངས་པས་དལ་འབྱོར་མི་ལུས་ཐོབ་དཀའ་བས། ལན་གཅིག་ཐོབ་པ་འདི་ཡང་ཡུན་རིང་མི་གནས་སྐྱུར་དགོས་པས། ད་རེས་སྙིང་པོ་ཞིག་ལེན་པ་གལ་ཆེ། དེ་ཡང་སྨྱུང་གནས་འདི་སོ་སོར་ཐར་པའི་སྡོམ་པ་རིགས་བརྒྱད་ཀྱི་ནང་དུ་མི་ཐེ་སྟེ། འདི་ནི་


CMR004_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡོད་ཞགས་པའི་རྒྱུད་དང་བཅུ་གཅིག་ཞལ་གྱི་གཟུངས་དང་། ལེགས་གྲུབ་སོགས་བྱ་རྒྱུད་རྣམས་ནས་བཤད་པ་སྔགས་ཀྱི་ཉམས་ལེན་ཡིན་པས། བསྙེན་གནས་ཡན་ལག་བརྒྱད་པ་དང་། གདན་གཅིག་བསྲུང་ཞེས་ཟས་གཅིག་པའི་སྡོམ་པ་དང་ཡང་མི་གཅིག །བསྙེན་སྒྲུབ་བྱེད་པའི་ངག་བཅད་དང་། འདི་ཡི་ངག་བཅད་ཀྱང་མི་གཅིག །འདི་ནི་སྨྱུང་གནས་དང་དཀར་ཕྱོགས་སྲུང་བའི་སྡོམ་པ་སྲུང་བ་ཡིན། འདི་སྲུང་བར་བྱེད་པ་ལ། རབ་ཀྱི་དང་པོ་བླ་མ་ལ་སྡོམ་ལུང་ཞུ། དེ་ནས་རང་གི་ནམ་སྲུང་རྟེན་གྱི་དྲུང་དུ་ལེགས་པར་སྲུང་། དཀར་ཕྱོགས་བཙུགས་


CMR004_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ན་བླ་མ་དེས། ཉིན་ཡ་འདོན་ཅིང་ཉི་མ་ཤར་ཙམ་ན། ལུང་གནང་དགོས། འབྲིང་ནི་བླ་མ་མེད་ན་རྟེན་གྱི་དྲུང་དུ་བླངས་ཀྱང་སྡོམ་པ་སྐྱེ་བ་ཡིན། ཐ་མར་རྒྱུན་དུ་ཞུ་དཀའ། །རང་གིས་ལེན་ཡང་མི་ཤེས་པ་རྣམས་ལ་བླ་མའི་དྲུང་དུ་དུས་རེས་མོས་སྡོམ་པ་བླངས་ནས། ནམ་སྲུང་ཆོག་པ་ནི་དགེ་བའི་བཤེས་གཉེན་རྣམས་ཀྱི་ཕྱག་ལེན་ལ་ཡོད་པ་ཡིན་པས་དེ་བྱའོ། །སྡོམ་པ་མ་ཞུས་པར་སྨྱུང་གནས་བསྲུང་ཡང་། སྨྱུང་གནས་ཕན་ཡོན་མི་ཐོབ་སྟེ། བར་མའི་དགེ་བ་ཞེས་ཏེ་གར་འགྲོ་ཆ་མེད་ཡིན། མདུན་གྱི་ནམ་མཁར་མེ་ཏོག་པདྨའི་སྡོང་པོ་ཡལ་ག་མེ་ཏོག་འདབ་མ་ཕུན་སུམ་ཚོགས་པ་འབྲས་བུ་རིན་པོ་ཆེ་སྣ་ཚོགས་སྨིན་པའི་ཟེའུ་འབྲུ་དང་འདབ་མ་རྣམས་ལ་ཟླ་བའི་གདན་རེ་རེ་གསལ་ཐེབས་པ། པོ་ཊ་ལ་ནས། འཕགས་པ་བཅུ་གཅིག་ཞལ་ལ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་མངོན་སུམ་དུ་བྱོན་ནས་པད་ཟླའི་གདན་ལ་བཞུགས་པར་སྒོམས་ཤིག །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་


CMR004_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འདིར་གཤེགས་སུ་གསོལ། །ཨོ་ལོ་ཀི་ཤྭ་རི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡེ་ཧཱུཾ། དེ་ལྟར་མདུན་གྱི་ནམ་མཁར་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་ལྷ་ཚོགས་བཞུགས་པ་དང་། སློབ་དཔོན་གཉིས་ཀའི་དྲུང་དུ་སྨྱུང་གནས་ཀྱི་སྡོམ་པ་ཞུ་བའི་ཕྱིར་མཎྜལ་ཕུལ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྐྱེ་བར་ཤོག །ད་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང་བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་


CMR004_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། ནད་མེད་པར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྟོགས་པར་བྱ་བའི་ཕྱིར། །གསོ་སྦྱོང་ངེས་པར་བླང་བར་མཛད་པ་དེ་བཞིན་དུ། འདིར་སྨྱུང་གནས་འདུག་མི་སྣེ་མོའི་མིང་ནི། བདག་ཅག་རྣམས་ཀྱིས་ཀྱང་། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། ནད་མེད་པར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྟོགས་པར་བྱ་བའི་ཕྱིར། དུས་འདི་ནས་བཟུང་སྟེ། འཕྲལ་དུ་ཡིན་ན། ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ། གཏན་དུ་ཡིན་ན། ཇི་སྲིད་འཚོའི་བར་དུ་ནམ་སྨྱུང་གནས་བསྲུང་བ་དེའི་ཚེ་གསོ་སྦྱོང་ངེས་པར་ཡང་དག་པར་བླང་བར་བགྱིའོ། །ཞེས་ལན་གསུམ་བྱ་སྟེ། དེས་ལན་གཅིག་


CMR004_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ནས་གཉིས་པའི་རྗེས་ཟློས་མཛོད། ཡང་གོང་གི་དེས། པུས་བཙུགས་ཐལ་མོ་སྦྱར་བྱས་ནས། །ཉན་སོགས་འདོད་པས་གསོལ་གསུམ་གདབ། །ཅེས་དང་། གཞུང་ལས་ལན་གསུམ་བརྗོད་གསུངས། གསུམ་པའི་རྗེས་ཟློས་མཛོད། ལན་གསུམ་སོང་ནས། དེས་ནི་ཁྱེད་རང་རྣམས་སྨྱུང་གནས་བསྲུང་ཡང་སྡོམ་པ་ཐོབ་པར་གྱུར་པ་ཡིན་པས་ལེགས་སོ་བརྗོད། །སློབ་མས། ལེགས་སོ། །སློབ་དཔོན་གྱིས་ཐབས་ཡིན་ནོ། །བརྗོད། དེ་ལྟར་སྡོམ་པ་ཐོབ་ནས། དཀར་ཕྱོགས་ཆོ་འཕྲུལ་གྱི་ཟླ་བ་འབུམ་འགྱུར་ཡིན་པ་དང་། ས་ག་ཆེན་པོ་བྱ་གྲགས་ཟླ་བ་ནི་དཀར་ཕྱོགས་དུས་ཁྱད་པར་ཅན་ཡིན་ཏེ། དེའི་བཅོ་ལྔ་ལ་མངོན་པར་སངས་རྒྱས་པའི་དུས་ཡིན། དེ་མིན་ཀྱང་ནམ་ཡང་རུང་སྟེ། ཚེས་གཅིག་ནས་བཅོ་ལྔའི་བར་དུ་བསྲུང་བ་བཅུ་དྲུག་ཉིན་རྗེས་ཆོག་ཚུལ་དང་ཞག་བཅུ་དྲུག་སྲུང་བ་ནི་དཀར་ཕྱོགས་གཅིག་ཡིན། དེ་ཚེ་སྨྱུང་ཆོག་བཅུ་གཅིག་ཞལ་གྱི་ཆོ་ག་འདོན་ཤེས་ན་འདོན་ཅིང་གཟུངས་བཟླས་ན། བཅུ་གཅིག་ཞལ་གྱི་བསྙེན་པ་བཀའ་རྫོགས་པ་ཆེན་པོ་ཡིན། འོན་ཀྱང་ཐམས་ཅད་ཀྱི་མི་ཤེས་པས། བླ་མས་ཆོ་ག་དང་གཟུངས་འདོན་ཅིང་


CMR004_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་སྤྱོད་པ་ཕྱག་ལེན་ལ་སྣང་། དེ་ཙམ་མ་ཐུབ་ཀྱང་ཞག་གཉིས་བསྲུང་བའི་ཉིན་གཅིག་ངག་བཅད། ཉིན་གཅིག་གསུང་འདོན་གཅིག་བསྲུང་བྱས་པས་སྨྱུང་གནས་གཅིག་ཡིན་ཏེ། མི་འདྲ་བའི་ཁྱད་པར་ནི། རང་བསྙེན་གནས་དང་གདན་གཅིག་བསྲུང་བ་ལ་ཚོང་འདུས་གསུམ་པའི་ཤ་བཟའ་རུང་། འདིར་སྨྱུང་གནས་ཀྱི་གདན་གཅིག་ཉིན་ཤ་ཁྲག་བཟའ་མི་རུང་། རུས་པ་དང་ཚིལ་ཡང་མི་རུང་། གཞན་མཚམས་སྒྲུབ་ཀྱི་ངག་བཅད་ལ་ཟས་ལ་བཅད་ཁྲིག་མེད། འདོན་པ་དང་གྱེར་དབྱངས་ལ་བཀག་པ་མེད། གཞན་ངག་མི་བསྲེ་བ་ཙམ་ཡིན། འདིར་སྨྱུང་གནས་ཀྱི་ངག་བཅད་ལ། ཟས་དང་བཟའ་བཏུང་ཆུ་ཡང་མི་རུང་། འདོན་པ་ཡང་ཡིད་འདོན་མ་གཏོགས་ཁ་གྲག་མི་རུང་། ལུས་དལ་བར་སྡོད་པ་མ་གཏོགས་ཕྱག་བསྐོར་མི་རུང་། དེ་ཅི་ཡིན་ཞེ་ན་ཟས་ཀྱི་དྲི་ཞུ་ནས་ཁོག་པའི་འབུ་སྲིན་ལ་ལྟོགས་པའི་སྡུག་བསྔལ་འབྱུང་བས་མི་རུང་བ་ཡིན། ངག་བཀྲོལ་ནས་ཆུ་ཐང་ཙའུ་ཁ་ངོ་དོད་པ་ཕོར་པ་ཆེ་གང་ཙམ་འཐུང་། དེ་མ་འཐུང་ན་འབུ་སྲིན་ལ་མུ་གེའི་སྡུག་བསྔལ་ཡོད་པོ་ཡིན། དེ་བས་མང་བ་སྐ་བ་མི་རུང་། གདན་གཅིག་ཉིན་བསྲུང་བྱ་བརྒྱད་ཆབ་


CMR004_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་ལྷམ་ཕུད་སོགས་དེ་རྣམས་ཕྱག་ལེན་ཐེབ་པར་བྱེད་དེ། ནམ་སྨྱུང་གནས་བསྲུང་བའི་དུས་འདི་རྣམས་བསྲུང་སྙམ་པས་རྗེས་ཟློས་མཛོད། འཕྲལ་དུ་ཡིན་ན་དང་ནས་བརྗོད་དགོས་ཀྱང་། དེ་ཚེ་སྲོག་གཅོད་མི་བྱ་ཞིང་། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱོད་ཅིང་། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བརྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་ཆེ་མཐོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གླུ་དང་གར་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་བཞིན་སྲོག་གཅོད་ལ་སོགས་སྤངས། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །སྡུག་བསྔལ་མང་དཀྲུག་འཇིག་རྟེན་འདི། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་ལན་གསུམ། དེ་ནི་སྨྱུང་གནས་བསྲུང་ཡང་བསླབ་པ་ཁས་བླངས་བར་འོངས་ནས་ལེགས་སོ་བརྗོད། སློབ་མས། ལེགས་སོ། །སློབ་དཔོན་གྱིས། ཐབས་ཡིན་ནོ་བརྗོད། དེ་ཡང་དོན་ཡོད་ཞགས་པའི་རྒྱུད་ཆེན་པོ་ཆོ་ག་ཞིབ་མོ་ཞེས་བྱ་བ་ལས། གཟུངས་འདིས་སྨྱུང་བར་


CMR004_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ་གསོ་སྦྱོང་ཡན་ལག་བརྒྱད་བཟུང་ནས། མི་སྨྲ་བར་ལན་ཉི་ཤུ་རྩ་གཅིག་དོན་ཡོད་ཞགས་པའི་སྙིང་པོ་བཟླས་བརྗོད་བྱ། བཟླས་བརྗོད་བྱས་པ་ཙམ་གྱིས་མོད་ལ་ཚུལ་ཁྲིམས་ཡོངས་སུ་དག་པ་ཆེན་པོ་དང་ལྡན་པར་འགྱུར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་དྲི་ཞིམ་པོའི་དྲི་མང་པོ་ལུས་ལ་འབྱུང་ཞིང་ཕྱོགས་བཅུའི་འཇིག་རྟེན་ན་གྲགས་པར་འགྱུར་རོ། །གང་གིས་ཉི་མ་རེ་རེ་བཞིན་གཟུངས་འདི་སྒྲོག་ན་འདིའི་རྟག་ཏུ་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་རོ། །དགེ་སློང་གང་གི་ཉམས་པ་སྨྱུང་བར་བྱས་ཏེ། འདི་བཟླས་བརྗོད་བྱས་པ་ཙམ་གྱིས་མོད་ལ་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་རོ། །ཞེས་གསུངས་པས་དཀར་ཕྱོགས་ལ་ཕྱིན་དུས་ཡིན་ན། ཉི་མ་རེ་རེ་ཞིང་ཉེར་གཅིག་རེ་བརྗོད་པ་ཡིན་པ་དང་། འདིར་སྡོམ་ལུང་གི་སྐབས་སུ་ཡང་རྟེན་འབྲེལ་མཚོན་ཙམ་བརྗོད་པའི་ཕྱག་སྲོལ་ལེགས་པས་གཟུངས་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཨོཾ་ཨ་མོ་གྷ་ཤི་


CMR004_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ལ། སམྦྷ་ར་སམྦྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་སཏྭ་པདྨ་བྷི་བྷུ་ཥི་ཏ། བྷུ་ཛ་དྷ་ར་དྷ་ར། ས་མནྟ་ཨ་ཝ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ནི་ཚུལ་ཁྲིམས་ཡོངས་སུ་དག་པའི་སྔགས་ཡིན་པས། གོང་དུ་དོན་ཡོད་གྲུབ་པའི་སྙིང་པོ་བཟླ་གསུངས་པས། དོན་ཡོད་ཞགས་པའི་སྙིང་པོ་འདིའི་རྗེས་ཟློས་མཛོད། ཨོ་ཧཱིཏྲེ་ལོཀྱ་བི་ཛ་ཡ། ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧཱི༔ཧ་ཧཱུྃ་ཕཊ་སྭཱ་ཧཱ། ད་སྨོན་ལམ་བཏབ་པ་ནི་ཁྱེད་རང་རྣམས་ཀྱིས་ཕྱིན་ཆད་སྨྱུང་གནས་སྲུང་བ་ཐམས་ཅད་ཆུད་མི་ཟ་བར་བྱང་ཆུབ་ཀྱི་རྒྱུར་བསྔོ་བའི་ཕྱིར་འདིའི་རྗེས་ཟློས་མཛོད། སེམས་ཅན་ཐམས་ཅད་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག །ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག །ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག །རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག །ཡང་ན། བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག །ཉོན་མོངས་པས་ཚུལ་ཁྲིམས་འཆལ་བ་ལས་བྱུང་བའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་


CMR004_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཅིག །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱི་སྐལ་པ་དང་ལྡན་པར་གྱུར་ཅིག །ཉོན་མོངས་པའི་ལྟུང་བས་མི་བརྫི་བར་རྣམ་པར་གྲོལ་བའི་བདེ་བ་ལ་གནས་པར་གྱུར་ཅིག །ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པ། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །དེ་ནི་དཀར་ཕྱོགས་བསྲུང་བ་རབ་ཡིན་ཀྱང་། སྨྱུང་གནས་རེ་རེ་ཡན་ཆོད་གང་བསྲུངས་ཀྱང་རྣམ་པར་དག་པར་འགྱུར་བ་ཡིན་ལ། དེ་ཡང་སྨྱུང་གནས་བསྲུང་རུང་མི་རུང་གི་ས་མཚམས། བསྲུང་བའི་ཕན་ཡོན་གཉིས་ཏེ། ཕ་གཅིག་དམ་པ་སངས་རྒྱས་ཀྱི་ཞལ་ནས། །གཞོན་པའི་དུས་སུ་དཀའ་ཐུབ་སྙིང་རུས་གྱིས། །རྒས་ནས་འབྱུང་བས་མི་ཐུབ་དིང་རི་བ། །ཞེས་གསུངས་པ་ལྟར། གཞོན་ནུ་ནད་མེད་པས་བསྲུངས་ན། ཉོན་མོངས་པ་ཐམས་ཅད་ཞི། སེམས་ལས་སུ་རུང་། རབ་བྱུང་དང་བཙུན་པའི་རིགས་ཡིན་ན། །


CMR004_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དུལ་ཞིང་ལས་སུ་རུང་བས་སྡོམ་པ་དམ་ཚིག་མཐར་ཕྱིན་པར་གྲོགས་བྱེད་པས་ལེགས། རྒས་ཤིང་འཁོག་པ་དང་རླུང་ནད་ཅན་གྱིས་བསྲུང་བར་མི་བྱ་ཞིང་། །ལུས་ཀྱི་འབྱུང་བས་མི་ཐུབ་པས། ཚེ་སྲོག་གི་བར་ཆད་འོང་བས། དེ་བས་དགེ་སྦྱོར་གཞན་བྱས་ན་ལེགས། འདི་བྱ་རྒྱུད་ཡིན་པས་གཙང་སྦྲ་གལ་ཆེ་བས། སྨྱུང་གནས་བྱས་པས་ལུས་ཀྱི་མི་གཙང་བ་ཐམས་ཅད་ཤུགས་ཀྱིས་ཉུང་བ་དང་། །རང་ལུས་ཐ་མལ་པའི་འདུ་ཤེས་ཡིན་པས། ལུས་སྒྲིབ་སྦྱང་ཕྱིར་ཡིན་པས། བྱ་རྒྱུད་དང་སྤྱོད་རྒྱུད་ཉམས་སུ་ལེན་ན། སྨྱུང་གནས་འདི་མེད་ཀ་མེད་དུ་གལ་ཆེན་ཡིན། འོན་ཀྱང་རྣལ་འབྱོར་བླ་མེད་ལ་ཉམས་ལེན་གཙོར་བྱེད་པ་རྣམས་ཀྱིས་སྨྱུང་གནས་མི་བསྲུང་སྟེ། ཕུང་ཁམས་སྐྱེ་མཆེད་ལྷའི་དཀྱིལ་འཁོར་དུ་ངོ་སྤྲོད་ནས་བསྒོམ་པ་ཡིན་པས། ཤིན་ཏུ་ལྟོགས་པའི་དཀའ་ཐུབ་བྱས་པས་ལྷ་དེར་བརྙས་བཅོས་བྱས་པའི་ལྟུང་བ་སྟེ། ཕུང་པོ་སངས་རྒྱས་ལ་བརྙས་བྱེད་ལྟུང་བའོ། །དེ་ལྟར་བླ་མེད་ཀྱི་ཉམས་ལེན་ཅན་དང་། རྒས་པ་དང་རླུང་ནད་ཅན་མ་ཡིན་པས། འདི་ཉམས་ལེན་བྱས་ན་ཕན་ཡོན་ཆེན་པོ་ཡོད་དོ། །འཕགས་པ་བཅུ་གཅིག་ཞལ་


CMR004_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཟུངས་ལས། སྤྱན་རས་གཟིགས་ཀྱིས་གསུངས་པ། སུ་ཞིག་བདག་གི་སླད་དུ། ཚེས་བཅུའམ། བཅོ་ལྔར་སྨྱུང་བར་བགྱིས་ན་དེའི་བསྐལ་པ་བཞི་ཁྲིའི་འཁོར་བ་ཕྱིར་བསྙིལ་བར་འགྱུར་ལགས་སོ། །ཞེས་དང་། སྤྱན་རས་གཟིགས་དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོ་ཞེས་བྱ་བ་ལས། འཕགས་པ་སྤྱན་རས་གཟིགས་ཀྱིས་གསུངས་པ། ལག་ན་རྡོ་རྗེ་གང་ཞིག་གིས་ཞག་གཅིག་གམ། ལན་གསུམ་སྨྱུང་བར་གནས་ཏེ་བཟླས་པ་དང་བཅས་པ་བྱེད་ན། ལག་ན་རྡོ་རྗེ་དེ་ནི་ཚེ་འདི་ཉིད་ལ་མི་བདག་བདག་ཉིད་ཀྱི་ངོ་བོ་སྒྲིབ་པ་དང་བྲལ་ནས། དོན་ཡོད་པ་ཆེན་པོ་དྲི་མ་མེད་ཅེས་བྱ་བའི་ཏིང་ངེ་འཛིན་འཐོབ་བོ། །པདྨ་གསལ་བ་རྣམ་པར་འཕྲུལ་པའི་ཏིང་ངེ་འཛིན་འཐོབ་བོ། །དོན་ཡོད་པ་དྲི་མ་མེད་པར་སྣང་བའི་ཏིང་ངེ་འཛིན་འཐོབ་བོ། །དོན་ཡོད་པ་རྣམ་པར་གཟིགས་པའི་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་བོ། །པདྨ་གཙུག་ཏོར་མཐར་ཕྱིན་པའི་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་བོ། །དོན་ཡོད་པ་འབར་བའི་གཙུག་ཏོར་གྱི་སྙིང་པོ་གསང་བ་སྒྲུབ་པ་འཐོབ་བོ། །དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་དགུ་བཅུ་རྩ་གཉིས་དང་། དེ་


CMR004_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར། ཚེ་བརྗེས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་པདྨ་ལ་བརྫུས་ཏེ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པ་དང་། སྨྱུང་གནས་ལོ་རྒྱུས་ཆེན་མོ་སོགས་ནས། བཅུ་གཅིག་ཞལ་གྱི་གཟུངས་ཐུང་བ་དྲུག་འབུམ། སྨྱུང་གནས་ལན་བདུན། བཅུ་གཅིག་ཞལ་ཡིད་བཞིན་འཁོར་ལོའི་གཟུངས་སྟོང་ཕྲག་གཅིག །ས་བཅུ་པའི་གཟུངས་དང་། སྒོ་མཐའ་ཡས་པའི་གཟུངས་ཅི་རིགས་བཟླས་པ་ནི་བཅུ་གཅིག་ཞལ་གྱི་བསྙེན་ཚད་ཡིན་ལ། གྲངས་བསྙེན་ཐེམ་པའི་མི་དེ་རི་བོའི་རྩེར་ཕྱིན་ན་དེ་མཐོང་ཚད་ངན་སོང་དུ་མི་འགྲོ་བ་དང་། མི་དེས་ཆུ་བརྒལ་བའི་ཆུ་འཐུང་བ་དང་། དེའི་གྲིབ་མ་ཕོག་པ་དང་། དེའི་ལུས་ལ་རེག་པ་ཐམས་ཅད་ངན་སོང་དུ་མི་འགྲོ། བུད་མེད་སྨྱུང་གནས་ལན་གཅིག་བྱས་ན་ཤི་འཕོས་ནས། ས་དང་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྐྱེས་པར་གྱུར་ནས་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་སོ། །སྨྱུང་གནས་བྱས་པས་ལུས་ཀྱི་སྒྲིབ་པ་དག །ངག་སྨྲ་བཅད་པས་ངག་གི་སྒྲིབ་པ་དག །


CMR004_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ཡིད་བཟླས་བྱས་པས་ཡིད་ཀྱི་སྒྲིབ་པ་དག །ཡང་སྨྱུང་གནས་བྱས་པས་ཡི་དྭགས་ཀྱི་སྐྱེ་སྒོ་ཁོག །སྨྲ་བཅད་བྱས་པས་དུད་འགྲོའི་སྐྱེ་སྒོ་ཁོག །གཟུངས་ཡིད་བཟླས་བྱས་པས་དམྱལ་བའི་སྐྱེ་སྒོ་ཁོག་པར་བཤད་དོ། །གལ་ཏེ་གཟུངས་མི་ཤེས་ན་ཡིག་དྲུག་འདོན་པས་འཐུས་ཏེ། པདྨ་ཅོད་པན་གྱི་རྒྱུད་ལས། གཟུངས་བསྡུས་པ་ཡིག་དྲུག་ཡིན་པར་གསུངས་སོ། །སྨྱུང་གནས་བྱ་བའི་ཕྱི་ཉིན་ཇ་སོགས་དུས་རུང་བའི་ཟས། གུང་ཚིགས་དྲང་ན་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་བྱིན་པ་དང་བསོད་ནམས་མཉམ། ངན་སོང་དུ་མི་སྐྱེ་ལ། སྐྱེ་བ་ཀུན་ཏུ་མི་ཟད་པའི་གཏེར་དང་འཕྲད་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བཤད་དོ། །དེས་ན་ཁྱེད་རང་རྣམས་དང་ད་ཕྱིན་ཆད་སྨྱུང་གནས་བསྲུང་བས་བཅུ་གཅིག་ཞལ་གྱི་ཆོ་ག་འདོན་ཤེས་ན་རབ་ཡིན། དེ་མི་ཤེས་ན་རང་ཉིད་ཀྱི་མདུན་གྱི་ནམ་མཁར་བཅུ་གཅིག་ཞལ་བཞུགས་པར་བསྒོམ། རང་གི་སྤྱི་བོར་པདྨ་ཟླ་བའི་སྟེང་དུ་དགེ་སློང་མ་དཔལ་མོ་རབ་ཏུ་བྱུང་བའི་ཆ་བྱད་ཅན། ཕྱག་གཉིས་ཐལ་མོ་སྦྱར་བས་ངོ་ཆེན་མཛད་ནས་གསོལ་བ་འདེབས་རོགས་མཛད་པར་བསྒོམས་ནས། ཐུགས་


CMR004_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོའི་པོ་བསྟོད་ཚར་བདུན་སོགས་པ་དང་གཟུངས་འདོན། དེ་ཡང་མི་ཤེས་ན་རང་ཐུགས་རྗེ་ཆེན་པོ་ཕྱག་གཉིས་པའམ་བཞི་པར་བསྒོམ། ནམ་མཁར་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་བཞུགས་པར་བསྒོམ། གདན་གཅིག་ཉིན་བརྒྱ་ཕྱག་གམ་ཅི་ནུས་འཚལ། ངག་བཅད་ཉིན་ཡིག་དྲུག་ཡིད་འདོན་བྱེད་པ་ཡིན་ལ། ཡང་མདུན་གྱི་ནམ་མཁར་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་བཞུགས་པར་མོས་ནས་ཕྱག་འཚལ་བ་དང་། ཨོ་པདྨོ་ཨུཏྟཱི་ཥ་བི་མ་ལེ་ཧཱུཾ་ཕཊ། ཞེས་པ་བཅུ་གཅིག་པའི་གཟུངས་འདི་བཟླས་ན་ནི། །དོན་ཡོད་ཞགས་པའི་སྨྱུང་གནས་སུ་འགྱུར་བས་ཕན་ཡོན་ལྷག་པར་ཆེ་བ་ཡིན་ནོ། །ཆོས་བཤད་པ་ལས་བྱུང་བ་ཡི། །དགེ་བ་བསྒྲུབ་པ་གང་ཡིན་པ། །དེ་ཡིས་འཇིག་རྟེན་མ་ལུས་པ་། །ཐུབ་དབང་གོ་འཕང་མྱུར་ཐོབ་ཤོག །ས་གཞི་སོགས། མཎྜལ་ཕུལ། ཞེས་པ་འདི་ནི་དོན་ཡོད་ཞགས་པ་དང་བཅུ་གཅིག་ཞལ་གྱི་རྒྱུད་རྣམས་དང་། སྨྱུང་གནས་ཀྱི་ལོ་རྒྱུས་ཆེན་པོ་ཤིན་ཏུ་རྒྱས་པ། རྗེ་དཀོན་མཆོག་འབངས་དང་། སོག་དབོན་ནམ་མཁའ་བཟང་པོས་མཛད་པ་དང་། ས་ལུགས་མང་དུ་མཐོང་བས་དེ་དག་དང་མི་འགལ་ཞིང་། ཁྲོམ་ལ་སྡོམ་པ་འབོགས་པས་ཕན་ཡོན་ཆེ་བར་བསམས་ནས་རཱ་ག་ཨ་སྱས་བསྒྲིགས་པའོ། །སྡོམ་


CMR004_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་འདིའི་སྡོམ་རྒྱུན་ནི། ཀརྨ་བསྟན་འཕེལ་ནས་བདག་ཆུང་ངུ་དུས་ཐོབ་འདུག་པའི་བརྒྱུད་པ་ནི། བཅུ་གཅིག་ཞལ་གྱི་དབང་གི་བརྒྱུད་པ་དང་མཐུན་ནོ།། མངྒ་ལཾ།། །ཨོ་དི་བྱ་ཡེན་ས་མཱ་དྷི་ངྷ་ན་པྲ་ན་ནི་སྭཱ་ཧཱ། རྣམས་བྱ་རྒྱུད་ལ་བཟའ་མི་རུང་བས་སྔགས་འདི་ལན་བདུན་གྱིས་བསྔགས་ནས་སྤྱད་པས་དངོས་གྲུབ་ཀྱི་རྫས་སུ་འགྱུར་བས་དེ་ལྟར་གཅེས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ཕྱག་ཆེན་སྔོན་འགྲོ་བསྡུས་པའི་འདོན་འགྲིགས།


CMR004_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ཆེན་སྔོན་འགྲོ་བསྡུས་པའི་འདོན་འགྲིགས་བཞུགས་སོ།།


CMR004_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་དལ་འབྱོར་རྙེད་དཀའ་བསྒོམ་པ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། །མིར་གྱུར་པ་ནི་དཀའ་བ་སྟེ། །མི་སྲོག་ཐོབ་པ་དཀའ་བ་ཡིན། །དམ་པའི་ཆོས་ཐོབ་དཀའ་བ་སྟེ། །སངས་རྒྱས་འབྱུང་བའང་དཀའ་བ་ཡིན། །ཅེས་གསུངས་སོ། །གཉིས་པ་འཆི་བ་མི་རྟག་པ་བསྒོམ་པ་ནི། སྤྱོད་འཇུག་ལས། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་འོང་གཏོལ་མེད་པས། །སང་གི་ཚིས་ལ་མི་འབད་པར། །ཕྱི་མའི་དོན་ལ་འབད་པར་རིགས། །ཞེས་གསུངས་སོ། །གསུམ་པ་ལས་རྒྱུ་འབྲས་བསྒོམ་པ་ནི། མདོ་དྲན་པ་ཉེར་བཞག་ཆུང་བ་ལས། དགེ་བ་ཡིས་ནི་བདེ་བ་ཐོབ། །མི་དགེ་


CMR004_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་སྡུག་བསྔལ་འབྱུང་། །དེ་ལྟར་དགེ་དང་མི་དགེ་བའི། །ལས་ཀྱི་འབྲས་བུ་གསལ་བར་བསྟན། །ཅེས་སོ། །བཞི་པ་འཁོར་བའི་ཉེས་དམིགས་བསྒོམ་པ་ནི། ཡབ་སྲས་མཇལ་བའི་མདོ་ལས། འཁོར་བའི་ཉེས་དམིགས་མཐོང་བ་ན། །སྐྱོ་བའི་སེམས་ནི་རབ་ཏུ་བསྐྱེད། །ཁམས་གསུམ་བཙོན་རར་འཇིགས་པས་ན། །བརྩོན་པའི་སེམས་ཀྱིས་སྤང་བར་བྱ། །དེ་ནས་སྐྱབས་ཡུལ་བསྒོམ་པ་ནི། མདུན་དུ་མཚོ་དབུས་དཔག་བསམ་ལྗོན་ཤིང་གི །སྡོང་པོ་རྩ་བ་གཅིག་ལ་ཡལ་ག་ལྔར། །གྱེས་པའི་དབུས་མར་སེང་ཁྲི་པདྨ་དང་། །ཉི་ཟླའི་སྟེང་དུ་རྩ་བའི་བླ་མ་ནི། །


CMR004_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་ལ་བཀའ་བརྒྱུད་བླ་མས་བསྐོར། །མདུན་དུ་ཡི་དམ་གཡས་སུ་སངས་རྒྱས་དང་། །རྒྱབ་ཏུ་དམ་ཆོས་གཡོན་དུ་དགེ་འདུན་དང་། །གདན་ཁྲིའི་འོག་ཏུ་ཆོས་སྐྱོང་སྲུང་མ་རྣམས། །སོ་སོའི་རིགས་མཐུན་འཁོར་ཚོགས་རྒྱ་མཚོས་བསྐོར། །མཚོ་མཐའ་ནེའུ་སེང་སྟེང་དུ་མཁའ་ཁྱབ་ཀྱི། །མ་རྒན་ཐམས་ཅད་འཁོད་པར་གྱུར་པ་ལ། །རྩེ་གཅིག་སེམས་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་གྱུར། །ཅེས་བསྒོམས་ནས་སྐྱབས་འགྲོ་སེམས་བསྐྱེད་ནི། འདི་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །བླ་མ་སངས་རྒྱས་ཆོས་དང་དགེ་འདུན་ལ། །དང་བའི་ཡིད་ཀྱིས་སྐྱབས་སུ་གསོལ་བར་བགྱི། །ཇི་ལྟར་སྔོན་གྱི་རྒྱལ་བས་བྱང་ཆུབ་ཏུ། །ཐུགས་བསྐྱེད་སྤྱོད་པ་སྤྱད་པར་མཛད་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་ཕྱིར་སེམས་བསྐྱེད་ཅིང་། །བྱང་ཆུབ་སྤྱོད་པ་རྒྱ་ཆེན་སྤྱད་པར་བགྱི། །ཚིག་བདུན་ལན་གསུམ། བདག་ཚེ་འབྲེལ་ཡོད་དེང་འདིར་རྒྱལ་སྲས་གྱུར། །ལྷ་མི་ལ་སོགས་འགྲོ་བ་ཁྱོན་ཀུན་ཡང་། །བདེ་ལ་མགྲོན་དུ་བོས་ཟིན་དགའ་བར་གྱིས། །ཐ་མལ་སྐྱབས་ཡུལ་འོད་ཞུ་བདག་དང་འདྲེས། །།དེ་ནས་སྡིག་སྒྲིབ་དག་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། རང་གི་སྤྱི་


CMR004_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བོར་པད་ཟླའི་གདན་གྱི་སྟེང་། །བླ་མ་རྡོ་རྗེ་སེམས་དཔའ་རྒྱན་ལྡན་དཀར། །ཞལ་གཅིག་ཕྱག་གཉིས་གཡས་པས་རྡོ་རྗེ་དང་། །གཡོན་པས་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས། །ཐུགས་ཀར་ཟླ་སྟེང་ཧཱུཾ་མཐར་སྔགས་ཀྱིས་བསྐོར། །གསོལ་བ་བཏབ་པས་སྐུ་ལས་བདུད་རྩི་བབ། །བདག་གི་ཚངས་བུག་ནས་ཞུགས་ལུས་གང་བས། །སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པར་གྱུར། །ཨོཾ་བཛྲ་སཏཱ་ས་མ་ཡ། སོགས་ཡིག་བརྒྱ་དང་ཡང་སྙིང་། ཨོཾ་བཛྲ་སཏྭ་ཧཱུཾ། །བསྙེན་པ་ཅི་ནུས་བྱའོ། །རྡོ་རྗེ་སེམས་དཔས་བདག་ལ་དབུགས་དབྱུང་ཞིང་། །འོད་ཞུ་བདག་ལ་ཐིམ་པས་གཉིས་མེད་གྱུར། །དེ་ནས་ཚོགས་རྫོགས་ཕྱིར་མཎྜལ་འབུལ་བ་ནི། །མདུན་གྱི་ནམ་མཁའི་དབུས་སུ་བླ་མ་དང་། །མདུན་གཡས་རྒྱབ་དང་གཡོན་དུ་རིམ་པ་བཞིན། །ཡི་དམ་སངས་རྒྱས་ཆོས་དང་དགེ་འདུན་དང་། །རིགས་མཐུན་འཁོར་བཅས་གཞན་ཡང་གདན་མཚམས་སུ། །ཆོས་སྐྱོང་རྒྱ་མཚོ་ལ་སོགས་དཀོན་མཆོག་རྣམས། །ཚོགས་ཀྱི་ཞིང་མཆོག་དམ་པ་བཞུགས་པའི་དྲུང་། །ལག་གཉིས་མཎྜལ་གྱི་ཕྱག་རྒྱ་བྱས་ལ། མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་


CMR004_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་མི་འབྱུང་ཞིང་། །དུས་གསུམ་བདེ་གཤེགས་དགོངས་པ་རྟོགས་པ་དང་། །སྲིད་ཞིར་མི་གནས་འགྲོ་རྣམས་སྒྲོལ་བར་ཤོག །བདག་གཞན་མཁའ་ཁྱབ་བདོག་པ་ཀུན་ཕུལ་བས། །འགྲོ་ཀུན་ཚོགས་གཉིས་རབ་ཏུ་རྫོགས་གྱུར་ཏེ། །ཚོགས་ཞིང་འོད་ཞུ་བདག་དང་རོ་མཉམ་གྱུར། །།དེ་ནས་བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་བསྒོམ་པ་ནི། རང་གི་སྤྱི་བོར་པད་ཟླའི་གདན་སྟེང་དུ། །རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ། །རྒྱན་ལྡན་རྡོར་དྲིལ་འཛིན་པའི་ཕྱག་རྒྱ་བསྣོལ། །རྡོ་རྗེའི་གདན་བཞུགས་བརྒྱུད་པའི་བླ་མ་དང་། །དཀོན་མཆོག་རྒྱ་མཚོ་ཐོ་བརྩེགས་ཁྲོམ་དུ་འཚོགས། །སྐབས་འདིར་རྒྱས་པར་བྱེད་ན་དངོས་ཀུན་ཁྱབ་བདག་མ་འདོན། འབྲིང་དུ་བྱེ་ད་ན་རྡོ་རྗེ་འཆང་ཆེན་མ་འདོན། བསྡུས་པ་བྱེད་ན་མ་ནམ་བཞི་སྐོར་འདོན། ཤིན་ཏུ་བསྡུས་ན་གཞུང་རང་འདིས་ཆོག །བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །བདག་འཛིན་བློ་ཡིས་ཐོངས་བར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཆོས་མིན་རྣམ་རྟོག་འགགས་པར་བྱིན་གྱིས་རློབས། །རང་སེམས་སྐྱེ་མེད་རྟོགས་པར་བྱིན་གྱིས་རློབས། །འཁྲུལ་པ་རང་སར་ཞི་བར་བྱིན་གྱིས་རློབས། །སྣང་སྲིད་ཆོས་སྐུར་འཆར་


CMR004_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱིན་གྱིས་རློབས། །ཞེས་རྒྱང་འབོད་ཀྱི་ཚུལ་དུ་བྱའོ། །དེ་ནས་དབང་བཞི་ལེན་པ་ནི། རྩེ་གཅིག་གུས་པས་དད་པ་ཕུལ་བ་ཡིས། །འཁོར་རྣམས་འོད་དུ་ཞུ་ནས་གཙོ་བོར་ཐིམ། །དེ་ཡང་འོད་ཞུ་བདག་ལ་ཐིམ་པ་ལས། །སྐུ་དང་བདག་ལུས་འདྲེས་པས་བུམ་དབང་ཐོབ། །དེ་ནས་གསུང་དང་ཐུགས་དང་ཡེ་ཤེས་ནི། །བདག་གི་ངག་ཡིད་ཡེ་ཤེས་དང་འདྲེས་པའི། །གསང་བ་ཤེས་རབ་ཡེ་ཤེས་བཞི་པའི་དབང་། །ཐོབ་ཅིང་སྒོ་གསུམ་དྲི་མ་དག་པར་གྱུར། །སྐུ་བཞིའི་ས་བོན་རྒྱུད་ལ་བཞག་པར་མཛད། །དེ་ནས་ལུས་གནད་རྣམ་སྣང་ཆོས་བདུན་བཅའ། ངོ་སྤྲོད་པ་ནི། རྒྱུད་སམྦུ་ཊི་ལས། འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་གཞན་ནས་རྙེད་མི་འགྱུར། །སེམས་འདི་རྫོགས་པའི་སངས་རྒྱས་ཡིན། །ཅེས་གསུངས་པ་དང་། རྗེ་རྒོད་ཚང་པས། རང་གི་སེམས་ལ་གཅེར་གྱིས་ལྟོས། །བལྟས་པས་མི་མཐོང་དངོས་པོ་མེད། །ཅེས་དང་། གྲུབ་ཆེན་ས་ར་ཧས། འཁོར་འདས་ཀུན་གྱི་རྩ་བར་གྱུར་པའི་སེམས། །རྟོགས་ནས་བསྒོམ་དུ་མེད་པས་ལྷུག་པར་ཞོག །རང་ལ་བཞག་ནས་གཞན་དུ་ཚོལ་བ་ཨ་རེ་འཁྲུལ། །འདི་ཡིན་འདི་མིན་མེད་དེ་ཐམས་ཅད་གཉུག་


CMR004_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ངང་། །ཞེས་གསུངས་སོ། །དགེ་བ་འདི་ཡིས་མྱུར་དུ་བདག །ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་པ་འདི་ཞག་རེ་ལྟ་བུ་ཐུན་བཞིར་འདོན་བསྒོམ་སྦྲག་ན་ཉམས་རྟོགས་སྐྱེ་ཞིང་ཕན་ཡོན་དཔག་ཏུ་མེད། ཅེས་རྗེ་ཐམས་ཅད་མཁྱེན་པ་དྲུག་པ་ཆོས་ཀྱི་དབང་ཕྱུག་གིས་མཛད་པ་ལ་ཕྱག་ལེན་གྱིས་བརྒྱན་ཏེ་ཨ་རཱ་གས་འཕྲལ་དུ་བྲིས་པས་གྲྭ་པ་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

བཀའ་བརྒྱུད་སྤྱིའི་གསོལ་འདེབས།


CMR004_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱུད་སྤྱིའི་གསོལ་འདེབས་བཞུགས། ན་མོ་མ་ཧཱ་མུ་དྲ་ཡེ། མི་བདག་གི་སྤྱི་བོའི་གཙུག་རོལ་ན། །གདན་ཉི་ཟླ་པདྨ་བརྩེགས་པའི་སྟེང་། །རང་བཀའ་དྲིན་ཐོབ་པའི་བླ་མ་རྣམས། །དེ་གཅིག་བསྡུས་ཆོས་སྐུ་རྡོ་རྗེ་འཆང་། །སྐུ་མཐིང་གསལ་ནམ་མཁའ་ལྟ་བུའི་མདོག །ཕྱག་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། །ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །མཚན་དཔེ་བྱད་དར་དང་རིན་ཆེན་བརྒྱན། །འཇའ་འོད་ཟེར་སྤྲིན་ཕུང་ཀློང་ན་བཞུགས། །རྗེ་དེ་ཡི་སྤྱི་གཙུག་ནམ་མཁའ་ལ། །ཆོས་ཕྱག་ཆེན་བརྒྱུད་པའི་བླ་མ་རྣམས། །དཔེ་མུ་ཏིག་སྟར་ལ་བརྒྱུས་པ་བཞིན། །ཆོས་སྒྲུབ་བརྒྱུད་བླ་མ་སྤྲིན་ལྟར་འཁྲིགས། །ལྷ་དེ་དག་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་པས་ཞིང་ཁམས་རབ་འབྱམས་ནས། །ལྷ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། །དེ་རྒྱལ་བ་ཀུན་དང་དབྱེར་མེད་གྱུར། །གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །དཔལ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །ཤར་ཟ་ཧོར་ནོར་བུའི་དགོན་པ་ན། །དཔལ་ཏེ་ལོ་སངས་རྒྱས་ལ་གསོལ་བ་འདེབས། །བྱང་པུལླ་ཧ་རིའི་དགོན་པ་ན། །མཁས་པ་ནཱ་རོ་པཎ་


CMR004_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ལ་གསོལ་བ་འདེབས། །ལྷོ་གྲོ་བོ་ལུང་གི་སྨན་ལྗོངས་ན། །སྒྲ་སྒྱུར་མར་པ་ལོ་ཙཱ་ལ་གསོལ་བ་འདེབས། །ནུབ་ལ་ཕྱི་གངས་ཀྱི་ར་བ་ན། །རྗེ་རས་པ་ཆེ་ཆུང་ལ་གསོལ་བ་འདེབས། །ཤར་དྭགས་ལ་དཔལ་གྱི་སྒམ་པོ་ན། །རྗེ་ལྷ་རྗེ་ཁུ་དབོན་ལ་གསོལ་བ་འདེབས། །དཔལ་ཕག་མོ་གྲུ་ཡི་ནགས་ཁྲོད་ན། །བདེ་གཤེགས་ཁམས་པ་རྡོར་རྒྱལ་ལ་གསོལ་བ་འདེབས། །མཚུར་མདོ་བོ་ལུང་གི་དགོན་པ་ན། །རྗེ་ཁམས་པ་དབུ་སེ་ལ་གསོལ་བ་འདེབས། །འབྲུག་ར་ལུང་གཉིས་ཀྱི་དགོན་པ་ན། །གྲུབ་ཐོབ་གླིང་རྗེ་རས་པ་ལ་གསོལ་བ་འདེབས། །གནས་སྟག་ལུང་རྡོ་རྗེ་གདན་སྟེང་ན། །ཆོས་སྐུ་སྟག་ལུང་ཐང་པ་ལ་གསོལ་བ་འདེབས། །འབྲི་གུང་དཔལ་གྱི་ཡང་དགོན་ན། །སྐྱོབ་པ་འཇིག་རྟེན་མགོན་པོ་ལ་གསོལ་བ་འདེབས། །གནས་མར་ཐང་དཔལ་གྱི་རི་བོ་ན། །ཆོས་སྐུ་ཨོ་རྒྱན་མགོན་པོ་ལ་གསོལ་བ་འདེབས། །གནས་སྤྱི་གཙུག་པད་ཟླའི་གདན་སྟེང་ན། །འཇམ་དབྱངས་བཀྲ་ཤིས་དཔལ་གྲུབ་ལ་གསོལ་བ་འདེབས། །དག་སྣང་ཕྱོགས་མེད་ཀྱི་གཞལ་ཡས་ན། །བསྟན་འཛིན་སྐྱེས་བུ་དམ་པ་ལ་གསོལ་བ་འདེབས། །རྗེ་བཀའ་བརྒྱུད་


CMR004_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་བྱིན་རླབས་ཅན། །རྗེ་བྱིན་རླབས་ཅན་ལ་གསོལ་བ་འདེབས། །མི་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །ཐོབ་དཀའ་བའི་དལ་འབྱོར་མི་ལུས་འདི། །དེ་དོན་མེད་སྟོང་ལོག་མི་བྱེད་པར། །ལུས་སྙིང་པོ་ལོན་པར་བྱིན་གྱིས་རློབས། །ཚེ་མི་རྟག་ནམ་མཇུག་སྦྲང་བུ་འདྲ། །ད་ཡུན་རིང་འདུག་ཚོས་མི་བྱེད་པར། །བདག་འཆི་བ་དྲན་པར་བྱིན་གྱིས་རློབས། །ལས་རྒྱུ་འབྲས་མེ་ལོང་གཟུགས་བརྙན་བཞིན། །ཁས་བཙན་པོ་གཤིན་རྗེའི་ཁྲིམས་ར་ན། །བདག་ངོ་གནོང་མེད་པར་བྱིན་གྱིས་རློབས། །གནས་རིགས་དྲུག་སྡུག་བསྔལ་བཙོན་ར་ན། །སྐྱོབས་ངེས་པའི་བླ་མ་དཀོན་མཆོག་གསུམ། །བདག་སྐྱབས་སུ་མཆིའོ་ཐུགས་རྗེས་ཟུངས། །མ་འགྲོ་དྲུག་བདེ་ལ་འགོད་པའི་ཕྱིར། །བདག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སྔོན་ཐོག་མེད་དུས་ཀྱི་སྡིག་སྒྲིབ་རྣམས། །རྗེ་ཁྱེད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས། །ལུས་ལོངས་སྤྱོད་དགེ་རྩ་ཅི་མཆིས་པ། །རྗེ་བཀའ་བརྒྱུད་རྣམས་ཀྱི་སྤྱན་སྔར་འབུལ། །སྙིང་རུས་པའི་གཏིང་ནས་གསོལ་བ་འདེབས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །བདག་དེ་ལྟར་རྩེ་


CMR004_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གསོལ་བཏབ་པས། །ཕ་བཀའ་བརྒྱུད་བླ་མ་འོད་དུ་ཞུ། །མི་བདག་དང་དབྱེར་མེད་གཅིག་ཏུ་འདྲེས། །དོན་རང་སེམས་ཆོས་སྐུ་རྗེན་དུ་བུད། །ཆོས་ཀུན་གྱི་རྩ་བ་རང་གི་སེམས། །བུ་མ་ཡེངས་རང་གི་སེམས་ལ་ལྟོས། །སེམས་བལྟས་པས་གཟུགས་དང་ཁ་དོག་མེད། །ཆོས་སྟོང་ཉིད་ཟེར་བ་ལོགས་ན་མེད། །སེམས་མེད་པ་མ་མཆིས་གར་ཡང་འགྲོ། །དེ་རིག་ན་རང་རིག་ཡེ་ཤེས་ཡིན། །ལུས་ཕྱི་རུ་བཙལ་ཡང་སེམས་མ་མཆིས། །ཕྱི་སྟོང་པ་ཉིད་དེ་དེ་ལ་ཟེར། །ལུས་ནང་དུ་བཙལ་ཡང་སེམས་མ་མཐོང་། །ནང་སྟོང་པ་ཉིད་ཅེས་དེ་ལ་བརྗོད། །འདི་ཤེས་ན་ཤེས་བྱ་ཀུན་གྱི་རབ། །བཀའ་ཤེས་རབ་ཕར་ཕྱིན་རང་གི་སེམས། །སེམས་གར་འགྲོ་ཐོངས་ལ་རྒྱངས་སོ་ཚུགས། །དོན་ཕྱག་རྒྱ་ཆེན་པོ་ལོགས་ན་མེད། །སེམས་གསལ་ན་གསལ་བའི་ངོ་བོར་ལྟོས། །དོན་གསལ་སྟོང་ཡེ་ཤེས་ཨེ་མ་ཧོ། །བུ་འགྲོ་ཞིང་འགྲོ་ཞིང་སེམས་ལ་ལྟོས། །དོན་དམ་པའི་སྐོར་བ་ཨེ་མ་ཧོ། །བུ་ཟ་ཤིང་ཟ་ཤིང་སེམས་ལ་ལྟོས། །དོམ་དམ་པའི་ཚོགས་འཁོར་ཨེ་མ་ཧོ། །བུ་ཉལ་ཞིང་ཉལ་ཞིང་སེམས་ལ་ལྟོས། །གཉིད་འོད་གསལ་གདམས་པ་ཨེ་མ་ཧོ།


CMR004_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གསོལ་འདེབས་དགེ་སྦྱོར་སྐྱོང་བ་སོགས། །དུས་གསུམ་གྱི་དགེ་བ་ཅི་བསགས་མཐུས། །ཚེ་འདི་ལ་ཚེ་རིང་ནད་མེད་ཅིང་། །དཔལ་འབྱོར་པའི་མཐུན་རྐྱེན་རབ་འཕེལ་ཞིང་། །དོན་འོད་གསལ་ཆོས་སྐུ་རྟོགས་པར་ཤོག །དུས་ནམ་ཞིག་མི་གནས་འཕོ་བའི་ཚེ། །ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ། །ལུས་རྫུས་སྐྱེས་སྤྲུལ་སྐུ་མྱུར་ཐོབ་ནས། །ས་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །བདག་བྱང་ཆུབ་མངོན་དུ་བྱེད་པར་ཤོག །རྗེ་རྒྱལ་བ་སྲས་བཅས་ཐུགས་རྗེ་དང་། །གཞི་གདོད་ནས་སྐྱེ་བ་མེད་པ་དང་། །ལམ་རྟེན་འབྲེལ་བསླུ་མེད་བདེན་པའི་མཐུས། །བདག་སྨོན་ལམ་བཏབ་ཀུན་འགྲུབ་གྱུར་ཅིག །ཅེས་ཨ་མཆོད་སེར་གཟུགས་འཛིན་པས་བསྐུལ་ངོར། ཨ་རཱ་གས་འཕྲལ་དུ་བྲིས་སོ།། །། ༧ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


CMR004_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷརྨ་ཤྭ་ར་ཡེ། དཔལ་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །རྗེ་སྟོབས་བཅུའི་མངའ་བདག་ཏེ་ལོ་པ། །གནས་འཕགས་ཡུལ་གཙོ་བོ་ནཱ་རོ་པ། །བོད་གངས་ཅན་སྒྲོན་མེ་ལྷོ་བྲག་པ། །ཆོས་སྒྲུབ་པའི་སྲོག་ཤིང་མི་ལ་རྗེ། །དོན་སྙིང་པོའི་མངའ་བདག་སྒམ་པོ་པ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཆོས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི། །ད་བསྟན་པ་དར་བར་ཁྱེད་རང་མཁྱེན། །རྗེ་བསྐལ་བཟང་སངས་རྒྱས་དུས་གསུམ་མཁྱེན། །དཔལ་མ་ཧཱ་ཀཱ་ལ་རས་ཆེན་པ། །ཕ་ཧཱུྃ་ཆེན་ཀ་ར་སྤོམ་བྲག་པ། །དཔལ་རྟ་མཆོག་རྒྱལ་པོ་པཀཱིའི་ཞབས། །དཔལ་ནག་པོ་སྤྱོད་པ་ཨོ་རྒྱན་པ། །སྐྱབས་པད་འབྱུང་དངོས་ཉིད་རང་བྱུང་བ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཆོས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི། །ད་བསྟན་པ་དར་བར་ཁྱེད་རང་མཁྱེན། །རྗེ་དགའ་རབ་རྡོ་རྗེ་གཡུང་སྟོན་མཚན། །དཔལ་སྤྱན་རས་གཟིགས་དབང་རོལ་པའི་མཚན། །རྗེ་འོད་དཔག་མེད་མགོན་མཁའ་སྤྱོད་དབང་། །དཔལ་ཤཱཀྱ་ཐུབ་དངོས་དེ་བཞིན་གཤེགས། །རྗེ་གྲུབ་ཆེན་ནམ་མཁའི་རྒྱལ་མཚན་ལ། །སྲས་


CMR004_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་ཆོས་ཀྱི་རྒྱལ་མཚན་པ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཆོས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི། །ད་བསྟན་པ་དར་བར་ཁྱེད་རང་མཁྱེན།། དཔལ་ཡི་དམ་འཁོར་ལོ་བདེ་བའི་མཆོག །བཱི་མ་ཧཱ་ཀཱ་ལ་བྱ་རོག་མཚན། །བཀའ་བསྟན་པ་སྲུང་མཛད་རྡོ་རྗེ་ལེགས། །ཀླུ་གྷ་ཡ་དྷ་ར་བྱིས་སྦའི་གཟུགས། །ཁྱེད་ཐམས་ཅད་མཐུ་དང་དཔུང་བསྐྱེད་ལ། །བདག་སྒོ་གསུམ་ཆོས་ལ་འགྱུར་བ་དང་། ཆོས་སྒྲུབ་བརྒྱུད་བསྟན་པ་དར་ནས་ཀྱང་། །ཕ་མཁའ་སྤྱོད་ནམ་མཁའ་རྒྱལ་མཚན་པའི། །ཐུགས་དགོངས་པ་ཡོངས་སུ་རྫོགས་པ་ཞིག །ད་འགྲུབ་པར་ལྷ་སྲུང་ཁྱེད་རྣམས་མཁྱེན། །ཅེས་རྣམ་རྒྱལ་དགོན་གྱི་གདན་ས་དེར་བཞུགས་པའི་ཕྱིར་ཉིན་རཱ་ག་ཨ་སྱས་བྲིས་པའོ།། །༧ ཁམས་སྟོདནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ཕྱག་རྒྱ་ཆེན་པོའི་བོགས་འདོན་གསོལ་འདེབས་རྡོ་རྗེ་འཆང་ཆུང་མའི་དམིགས་རིམ།


CMR004_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོའི་བོགས་འདོན་གསོལ་འདེབས་རྡོ་རྗེ་འཆང་ཆུང་མའི་དམིགས་རིམ་བཞུགས་སོ།།


CMR004_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་མུ་དྲ་ཡ། །ཕྱག་རྒྱ་ཆེན་པོའི་ཁྲིད་དང་ལུང་གི་རིགས། །མང་དུ་ཐོབ་ཅིང་གནས་འགྱུ་སྲུང་ཕྱོགས་ཤེས། །དེ་ལ་མོས་འདུན་ཆེ་ཕྱིར་མ་བརྗེད་ཙམ། །རྒྱུན་དུ་བསྐྱངས་ཀྱང་བོགས་སྐྱེད་ཅི་ཡང་མེད། །ཡུན་རིང་སོང་ནས་འཁྲེབ་སྟེ་བསྐྱུར་ཉེན་ཆེ། །དེ་ལ་བོགས་འདོན་གདམས་ངག་གལ་ཆེ་བས། །ཕྱག་རྒྱ་ཆེན་པོ་ཟེར་བའི་ཡེ་ཤེས་དེ། །གསར་རྙིང་རྒྱུད་སྡེ་ཀུན་ནས་རྒྱ་ཆེར་གསུངས། །རྒྱ་བོད་གྲུབ་ཆེན་ཐམས་ཅད་གཤེགས་པའི་ལམ། །འགྲན་མེད་ཉི་ཟླ་ལྟ་བུར་ཡོངས་སུ་གྲགས། །དེ་ནི་ཤེས་རབ་ཆེ་བས་གོ་བ་མིན། །གཞུང་ལུགས་རྒྱ་ཆེར་ཤེས་ཀྱང་དེ་མ་


CMR004_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས། །རིག་པའི་གནས་ལྔར་མཁས་ཀྱང་དེ་མི་ཤེས། །འདོད་པ་ཆེན་པོ་བྱས་ཀྱང་ཕན་པ་མེད། །དེ་ཉིད་མ་རྟོགས་རྟོགས་པར་བྱ་བ་དང་། །རྟོགས་པ་དེ་ཉིད་འཕེལ་བར་བྱ་བ་དང་། །འཕེལ་བ་དེ་ཉིད་བརྟན་པ་ཐོབ་པའི་ཐབས། །བླ་མའི་མོས་གུས་མ་གཏོགས་གཅིག་ཀྱང་མེད། །གསང་སྔགས་བྱིན་རླབས་ལམ་ཞེས་བྱ་བ་སྟེ། །བྱིན་རླབས་འཇུག་ཐབས་མོས་གུས་ལས་གཞན་མེད། །མོས་གུས་གསོལ་བ་འདེབས་པ་ཁོ་ན་སྟེ། །མོས་གུས་གསོལ་བ་འདེབས་པའི་ལམ་ཞེས་བྱ། །གསོལ་བ་འདེབས་ཡུལ་གང་རུང་མི་ཆོག་སྟེ། །བརྐོས་ཕོར་རི་མོ་སཱཙྪར་དོད་པ་


CMR004_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་། །ཕྱག་རྒྱ་ཆེན་པོར་བཀའ་བབས་བླ་མ་དགོས། །དེང་སང་གང་ཟག་ཚིག་བརྒྱུད་བླ་མ་ལས། །ཕྱག་ཆེན་ཁྲིད་དང་ལུང་རྣམས་ཐོབ་ཕྱིན་ནས། །གསོལ་བ་དོན་བརྒྱུད་བླ་མར་འདེབས་ཆོག་སྟེ། །དྭགས་པོ་དུས་མཁྱེན་རྒོད་ཚང་པ་རྣམས་ཀྱིས། །མ་འོངས་ཕྱག་ཆེན་ཁྲིད་ལུང་ཐོབ་ཕྱིན་ནས། །ཁོང་རྣམས་རྩ་བའི་བླ་མར་ཟུངས་མཛོད་ལ། །གསོལ་བ་ཐོབ་དང་བྱིན་གྱིས་རློབས་པ་དང་། །ཉམས་རྟོགས་སྐྱེ་ཞེས་ཞལ་གྱིས་བཞེས་པ་ཡིན། །དེ་ཕྱིར་མོས་གུས་སྒོམ་གྱི་མགོ་བོ་ཡིན། །གྲུབ་མཐའ་སོ་སོའི་འདོད་གཏམ་མི་གཅིག་ཀྱང་། །པདྨ་དཀར་དང་ཏིང་འཛིན་རྒྱལ་པོ་སོགས། །མདོ་སྣ་གསུམ་ནས་མཉམ་མེད་དྭགས་པོ་འདི། །སྟོང་ཉིད་ཏིང་འཛིན་སྟོན་པའི་སྐྱེས་ཆེན་དུ། །ཐུབ་པས་ལུང་བསྟན་གསལ་ཕྱིར་འཁྲུལ་པ་མེད་། །དེ་བཞིན་དུས་མཁྱེན་དྲུག་པ་སེང་གེའི་སྒྲ། །ཐུབ་པ་ཨུ་རྒྱན་གཉིས་ཀའི་ལུང་བསྟན་གསལ། །ཕྱག་ཆེན་རྒྱ་གཞུང་བོད་དུ་མང་འགྱུར་ཀྱང་། །གྲུབ་པ་ཐོབ་པ་ཧ་ཅང་མང་བ་མིན། །ཕྱག་ཆེན་ལ་བརྟེན་དྭགས་པོ་ལྷ་རྗེའི་རྒྱུད། །གྲུབ་ཐོབ་གནམ་གྱི་སྐར་མ་ལས་ཀྱང་མང་། །དེ་ཕྱིར་བཀའ་བབས་བྱིན་རླབས་ཚན་ཁ་ཆེ། །མར་པོས་མི་ལ་རས་པར་ལུང་


CMR004_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ནས། །སངས་རྒྱས་བསྟན་པ་ཇི་སྲིད་གནས་ཀྱི་བར། །ཉམས་དང་རྟོགས་པའི་བརྒྱུད་པ་མི་ཆད་གསུངས། །དེ་ཕྱིར་བརྒྱུད་པའི་བྱིན་རླབས་ཡལ་རྒྱུ་མེད། །དེ་ཕྱིར་སེམས་རྩ་མ་ཞུམ་སྤྲོ་བ་བསྐྱེད། །མོས་གུས་སྒོམ་གྱི་མགོ་བོར་གསུངས་པ་བཞིན། །དམིགས་པ་འདི་བསྒོམ་གསོལ་འདེབས་འདི་ཉིད་ཀྱིས། །རང་ཉིད་ཡི་དམ་ལྷའམ་ཐ་མལ་པའི། །སྤྱི་གཙུག་ཁྲུ་གང་ཙམ་གྱི་ནམ་མཁའ་ལ། །སྣ་ཚོགས་པད་མ་ཟླ་བའི་གདན་གྱི་སྟེང་། །དྲིན་ཐོབ་བླ་མ་དེ་དང་དབྱེར་མེད་པའི། །ཆོས་རྗེ་དཔལ་ལྡན་དུས་གསུམ་མཁྱེན་པ་ནི། །སྐུ་མདོག་སྔོ་སྐྱ་བསྒྲེས་ཚུལ་དབུ་སྐྲ་དཀར། །དགེ་སློང་ཆ་ལུགས་ཞྭ་ནག་གསེར་མདོངས་ཅན། །དེ་ཡི་དབུ་གཙུག་དྭགས་པོ་ལྷ་རྗེ་ནི། །བསྒྲེས་ཚུལ་དབུ་སྐྲ་དཀར་ཞིང་དྭགས་ཞུ་གསོལ། །དེ་སྟེང་རྗེ་བཙུན་མི་ལ་རས་ཆེན་ནི། སྔོ་སྐྱ་དབུ་སྐྲ་ཕོད་ཀ་ལིང་ངེ་བ། །སྐུ་ལ་དར་དཀར་ན་བཟའ་གསོལ་བའོ། །དེ་སྟེང་མར་པ་སྐུ་མདོག་དམར་སྨུག་ལ། །དབུ་སྐྲ་རལ་པ་ཨག་ཚོམ་བཅས་པ་སྟེ། །རལ་གུ་སྨུག་པོ་བེར་ཕྱམ་དམར་པོ་ཅན། །དེ་སྟེང་ནཱ་རོ་སྐུ་མདོག་སྨུག་ནག་དང་། །དེ་སྟེང་ཏེ་ལོ་སྐུ་མདོག་མཐིང་ག་གཉིས། །ཐོར་ཚུགས་རུས་


CMR004_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་གྲུབ་ཐོབ་ཆ་ལུགས་ཅན། །དེ་སྟེང་རྡོ་རྗེ་འཆང་ཆེན་སྐུ་མདོག་མཐིང་། །རྡོར་དྲིལ་ཐུགས་ཀར་བསྣོལ་ཞིང་ལོངས་སྤྱོད་རྫོགས། །དུས་གསུམ་མཁྱེན་པའི་མཐའ་སྐོར་ཐམས་ཅད་དུ། །ཕག་གྲུ་དྭགས་པོ་སྒོམ་ཚུལ་འབའ་རམ་པ། །སྐྱོབ་པ་ཐང་པ་གླིང་རས་རྒྱུ་རས་དང་། །སྐྱེ་མེད་ཞང་དང་ཆོས་རྗེ་གཡའ་བཟང་བ། །རྒྱལ་བ་རྒོད་ཚང་བ་དང་ཡང་དགོན་པ། །མཁའ་སྤྱོད་དབང་པོ་གྲུབ་ཆེན་རྨ་སེ་དང་། །སངས་རྒྱས་དབོན་པོ་ངོམ་པ་མཁའ་སྤྱོད་པ། །ཚེར་ལུང་ཀུན་དགའ་རྣམ་རྒྱལ་ལ་སོགས་པའི། །འོད་གསལ་ཕྱག་རྒྱ་ཆེན་པོར་མངའ་བརྙེས་པའི། །བཀའ་བརྒྱུད་བླ་མ་ཁྲོམ་ཚོགས་བཞིན་དུ་བསྒོམ། །དབུ་ལ་སྒོམ་ཞྭ་སྐུ་ལ་ཆོས་གོས་གསོལ། །ཐམས་ཅད་ཕྱག་གཉིས་མཉམ་གཞག་སྤྱན་ཟིམ་མེ། །སངས་རྒྱས་ཞིང་ཁམས་རབ་འབྱམས་ཐམས་ཅད་ནས། །བསྒོམས་པ་ལྟ་བུ་ཡིད་ཀྱིས་སྤྱན་དྲངས་བསྟིམ། །རྡོ་རྗེ་འཆང་ཆེན་ཏེ་ལོ་ནཱ་རོ་དང་། །མར་པ་མི་ལ་ཆོས་རྗེ་སྒམ་པོ་པ། །དུས་གསུམ་ཤེས་བྱ་ཀུན་མཁྱེན་ཀརྨ་པ། །ཆེ་བཞི་ཆུང་བརྒྱད་བརྒྱུད་པ་འཛིན་རྣམས་དང་། །འབྲི་སྟག་ཚལ་གསུམ་དཔལ་ལྡན་འབྲུག་པ་སོགས། །ཟབ་ལམ་ཕྱག་རྒྱ་ཆེ་ལ་མངའ་བརྙེས་པའི། །


CMR004_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་མེད་འགྲོ་མགོན་དྭགས་པོ་བཀའ་བརྒྱུད་ལ། །གསོལ་བ་འདེབས་སོ་བཀའ་བརྒྱུད་བླ་མ་རྣམས། །བརྒྱུད་པ་འཛིན་ནོ་རྣམ་ཐར་བྱིན་གྱིས་རློབས། །ཞེན་ལོག་སྒོམ་གྱི་རྐང་པར་གསུངས་པ་བཞིན། །ཟས་ནོར་ཀུན་ལ་ཆགས་ཞེན་མེད་པ་དང་། །ཚེ་འདིའི་གདོས་ཐག་ཆོད་པའི་སྒོམ་ཆེན་ལ། །རྙེད་བཀུར་ཞེན་པ་མེད་པར་བྱིན་གྱིས་རློབས། །མོས་གུས་སྒོམ་གྱི་མགོ་བོར་གསུངས་པ་བཞིན། །མན་ངག་གཏེར་སྒོ་འབྱེད་པའི་བླ་མ་ལ། །རྒྱུན་དུ་གསོལ་བ་འདེབས་པའི་སྒོམ་ཆེན་ལ། །བཅོས་མིན་མོས་གུས་སྐྱེ་བར་བྱིན་གྱིས་རློབས། །ཡེངས་མེད་སྒོམ་གྱི་དངོས་གཞིར་གསུངས་པ་བཞིན། །གང་ཤར་རྟོག་པའི་ངོ་བོ་སོ་མ་དེ། །མ་བཅོས་དེ་ཀར་འཇོག་པའི་སྒོམ་ཆེན་ལ། །བསྒོམ་བྱའི་བློ་དང་བྲལ་བར་བྱིན་གྱིས་རློབས། །རྣམ་རྟོག་ངོ་བོ་ཆོས་སྐུར་གསུངས་པ་བཞིན། །ཅི་ཡང་མ་ཡིན་ཅིར་ཡང་འཆར་བ་ཡི། །མ་འགགས་རོལ་པར་འཆར་བའི་སྒོམ་ཆེན་ལ། །འཁོར་འདས་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། །སྐྱེ་བ་ཀུན་དུ་ཡང་དག་བླ་མ་དང་། །སོགས་བརྗོད། ཅེས་པའང་བན་སྒར་འཇམ་དཔལ་བཟང་པོས་མཛད་པའོ། །དེ་ལྟར་


CMR004_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་པའི་དུས་སུ་ཡང་། །དམིགས་པ་རྩེ་གཅིག་དད་འདུན་དྲག་པོ་ཡིས། །བླ་མ་རྒྱང་འབོད་ཚུལ་དུ་གསོལ་བ་བཏབ། །གསོལ་བ་ཁྱི་སྐད་མ་རུ་གདབ་གསུངས་པས། །བསླབ་པའི་གྱེར་དབྱངས་ལེགས་པོ་མི་ཤེས་ཀྱང་། །རྣལ་འབྱོར་རང་གདངས་གང་ཤེས་གྱེར་དབྱངས་བྱ། །གསོལ་བ་འདེབས་དུས་བླ་མར་མོས་གུས་ཀྱིས། །བ་སྤུ་གཡོ་ཞིང་མཆི་མ་འཁྲུགས་པ་དང་། །ཡུས་ཀྱིས་མནངས་ནས་ཅི་དྲག་གང་དྲག་གི །ཉམས་འབར་འཁྲབ་ཅིང་རྒྱུག་མཆོང་བླ་མར་འབོད། །དེ་ནི་མོས་གུས་སྒོམ་གྱི་མགོ་བོ་ཡིན། །དེ་ནས་སྤྱི་བོའི་བླ་མ་ཐམས་ཅད་ནི། །འོད་ཞུ་གཙོ་བོ་དུས་གསུམ་མཁྱེན་པར་ཐིམ། །དུས་གསུམ་མཁྱེན་པ་འོད་ཞུ་བདག་ལ་ཐིམ། །བཀའ་བརྒྱུད་བླ་མ་དེ་རྣམས་སྐུ་གསུང་ཐུགས། །རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ། །ཆུ་ནང་འོ་མ་བླུགས་བཞིན་འདྲེས་པར་བསྒོམ། །དེ་ནས་གང་ཤར་སེམས་ཀྱི་ངོ་བོར་བལྟ། །ཅི་ལྟར་ཤར་ཡང་བཟོ་བཅོས་མ་བྱས་པར། །མ་བཅོས་དེ་གར་མ་ཡེངས་ཙམ་དུ་སྐྱོང་། །ཡག་འདོད་ཉེས་སུ་དོགས་པ་རྩད་ནས་སྤང་། །མོས་གུས་སྟོབས་ཀྱིས་སྐྱེས་པའི་ཉམས་རྟོགས་ལ། །གེགས་དང་གོལ་ས་གཅིག་ཀྱང་ཡོད་མ་


CMR004_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་། །རྣམ་རྟོག་འཕྲོ་རྒོད་སྤྲིན་སྤྱན་ཅི་བྱུང་ཡང་། །ཆུ་དང་ཆུ་རླབས་བཟང་ངན་མེད་པ་ལྟར། །གནས་དང་བདེ་དང་གསལ་བས་ལེགས་རྒྱུ་མེད། །འཕྲོ་རྒོད་སྤྱན་སྤུན་བྱུང་ཡང་ཞན་རྒྱུ་མེད། །ཡེ་ནས་སེམས་ཉིད་ཆོས་སྐུ་རྗེན་པ་ཡིན། །ངོ་ཤེས་མ་ཡེངས་དྲན་རྫིས་བསྐྱངས་བས་ཆོག །གང་ཤར་ངོ་ལྟ་རང་གྲོལ་ལ་སོགས་པ། །དང་པོ་ཡིན་གྱི་རྒྱུན་དུ་དེ་མི་དགོས། །མ་ཡེངས་དྲན་པའི་རྒྱང་སོ་གཅིག་པུས་ཆོག །དེ་ནི་ཡེངས་མེད་སྒོམ་གྱི་དངོས་གཞི་ཡིན། །།ཚེ་འདི་མི་རྟག་རླུང་གསེབ་མར་མེ་འདྲ། །མངའ་ཐང་ལོངས་སྤྱོད་ཡོད་ཀྱང་འཁྱེར་དབང་མེད། །མཐུན་གྲོགས་འཁོར་འབངས་མང་ཡང་འཁྲིད་དབང་མེད། །དེ་ཕྱིར་སེམས་ལ་ཆགས་ཞེན་འཁྲི་བ་བཅད། །ཟས་ནོར་ལོངས་སྤྱོད་བསྙེན་བཀུར་ལ་སོགས་པ། །བཟང་པོ་ཆེན་པོ་བྱུང་ཡང་ཆགས་འཛིན་སྤང་། །སྒྲིབ་དག་བྱང་ཆུབ་ཐོབ་ཕྱིར་བསྔོ་སྨོན་བྱ། །ཤུགས་ཀྱིས་བྱུང་ན་ཆེད་དུ་སྤང་མི་དགོས། །དགེ་ཕྱོགས་གང་འགྲུབ་རང་ལུས་དཀྱིལ་འཁོར་མཆོད། །ཡོད་ཀྱང་ཟས་མི་ཟ་བའི་དཀའ་ཐུབ་དང་། །ངོ་སྲུང་མེད་ཅེས་ཀུན་དང་འཁོན་པའང་སྤང་། །འཕྲལ་དུ་འཇིག་རྟེན་མི་དང་བློ་བསྟུན་ཀྱང་། །


CMR004_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལ་ལྷ་མི་འཁོར་བའི་བདེ་སྐྱིད་འདིས། །མི་འཚེངས་ཕན་ཆུང་གནོད་པ་ཆེ་བར་བསམ། །འཁོར་བ་སྡུག་བསྔལ་རྒྱ་མཚོ་འདིར་སྐྲག་ནས། །ཕྱིར་མི་ལྡོག་པར་བདེ་ཆེན་ཞིང་ཁམས་སུ། །འགྲོ་བའི་ཐབས་ལ་ཅི་དྲག་གང་དྲག་བྱ། །དེས་ནི་རིགས་དྲུག་འཁོར་བར་ཞེན་པ་ལོག །ཞེན་ལོག་སྒོམ་གྱི་རྐང་པ་དེ་རང་ཡིན། །ཕྱི་མ་མི་ལུས་བདེ་སྐྱིད་སྨོན་ལམ་འདེབས་། །དེ་འདྲ་ཞེན་པ་ལོག་པ་ག་ལ་ཡིན། །མོས་གུས་མགོ་དང་ཡེངས་མེད་ལུས་པོ་དང་། །ཞེན་ལོག་སྒོམ་གྱི་རྐང་པ་ཚང་བ་ན། །སྒོམ་གྱི་མགོ་རྐང་ཚང་བས་འདོད་དོན་འགྲུབ་། །དེ་གསུམ་གཅིག་མ་ཚང་ཡང་དོན་མི་འགྲུབ། །བོགས་སྐྱེད་མེད་པ་དེ་གསུམ་མ་ཚང་རྟགས། །དྭགས་པོ་བཀའ་བརྒྱུད་ལུགས་ཀྱི་ཕྱག་ཆེན་གྱི། །དོན་གྱི་གནད་འགགས་གསོལ་འདེབས་འདི་ལ་ཚང་། །ཞྭ་ནག་ཅོད་པན་འཛིན་པ་དྲུག་པ་ཡི། །སྲས་ཀྱི་ཐུ་བོ་འཇམ་དཔལ་བཟང་པོ་དེ། །གཉན་ཆེན་ཐང་ལྷའི་རི་མགུལ་ཕུག་པའི་ནང་། །ལོ་གྲངས་བཅོ་བརྒྱད་མཚམས་བསྡམས་མཛད་པ་ཡིན། །དེ་ཕྱིར་གསོལ་འདེབས་འདི་ཉིད་བྱིན་རླབས་ཆེ། །བཀའ་བརྒྱུད་སྤྱི་ཡི་གསོལ་འདེབས་འཐུས་ཀྱང་ཆེ། །དམིགས་པ་གསལ་ཞིང་གསོལ་


CMR004_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་འདི་བྱས་ན། །ཉམས་རྟོགས་བོགས་སྐྱེད་འོང་བ་ཐེ་ཚོམ་མེད། །དེ་ཡང་མོས་གུས་དྲག་པོ་བསྐྱེད་གལ་ཆེ། །རཱ་ག་ཨ་སྱས་གྲྭ་པ་སྤྱི་རྣམས་ལ། །ཕན་པའི་བསམས་པས་ཐུན་སྐབས་ཤིག་ལ་སྨྲས། །སྒོམ་ཆེན་པདྨ་མཐར་ཕྱིན་ཞེས་པས་བྲིས། །འདིས་ནི་གཞན་ཕན་རྒྱ་ཆེར་འབྱུང་བར་ཤོག །སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ཐུན་བཞིའི་གསོལ་འདེབས་ཀྱི་དམིགས་རིམ་ཟིན་བྲིས་ཤིན་ཏུ་གསལ་བ།


CMR004_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་བཞིའི་གསོལ་འདེབས་ཀྱི་དམིགས་རིམ་ཟིན་བྲིས་ཤིན་ཏུ་གསལ་བ་བཞུགས་སོ།།


CMR004_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཀརྨ་ཀ་ར་ཡེ། རྩ་བའི་བླ་མ་མི་བསྐྱོད་རྡོ་རྗེ་ནི། །ངོ་བོ་སྤྱན་རས་གཟིགས་དབང་དངོས་ཡིན་ཞིང་། །གུ་རུ་མཚན་བརྒྱད་ཞང་གི་སྐུ་བརྒྱུད་དང་། །ཀརྨ་རབས་བརྒྱད་ངོ་བོ་གཅིག་པར་བཤད། །དེ་ཕྱིར་ཞིང་གི་བཀའ་འབུམ་བཀའ་རྒྱ་ནས། །བསྡུས་ཤིང་ཅུང་ཟད་སྣོན་ཁ་བཏབ་ནས་ཀྱང་། །མི་བསྐྱོད་རྡོ་རྗེས་ཐུན་བཞི་འདི་ཉིད་མཛད། །འདི་ཡི་དམིགས་རིམ་དབང་ཕྱུག་རྡོ་རྗེ་ལ། །ཡང་རི་དྲུང་པ་བསོད་ནམས་བཟང་པོ་ཡིས། །ཞུས་ནས་མཛད་པའི་རྒྱས་པ་ཡོད་མོད་ཀྱང་། །གཞུང་འདིའི་དམིགས་རིམ་ཁོ་ན་མ་ཡིན་ཞིང་། །ཕྱག་ཆེན་ཆོས་དྲུག་མོས་གུས་


CMR004_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ཆེན་གསུམ། །དོན་བསྡུས་དམིགས་རིམ་ཧ་ཅང་མང་དྲགས་ཤིང་། །བར་སྐབས་འདོན་ཆ་སབ་རྒྱུ་མང་བའི་ཕྱིར། །འདི་ཉིད་འདོན་པའི་སྲོལ་ནི་མ་བྱུང་ངོ་། །མགོ་འདིར་མ་ནམ་བཞི་སྐོར་འདོན་སྲོལ་སྣང་། །འདི་ཡི་གཞུང་ཚིག་ཡིད་ཀྱིས་བསྒོམ་བྱ་ནི། །རང་ཉིད་ཐ་མལ་གནས་པའི་སྤྱི་བོའི་ཐད། །མཁའ་འགྲོ་གཅེར་བུ་མཛེས་ཤིང་ཡིད་དུ་འོང་། །དབུ་སྐྲ་སིལ་བུ་སྤྱན་གསུམ་ནམ་མཁར་གཟིགས། །སེང་ལྡེང་ཊཱ་རུ་བྷནྡྷ་བདུད་རྩི་བསྣམས། །རྒྱན་མེད་གཅེར་བུ་གཟི་མདངས་འོད་དུ་འབར། །ཟག་མེད་བདེ་བ་ཆེན་པོ་རྒྱས་པའི་ཕྱིར། །གར་སྟབས་རྣམ་འགྱུར་


CMR004_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཅིར་ཡང་སྣ་ཚོགས་སྟོན། །དཀར་མོ་སེར་མོ་དམར་མོ་ལྗང་མོ་དང་། །སྔོན་མོ་ནག་མོ་ཁྲ་མོའི་སྐུ་མདོག་ཅན། །དེ་འདྲ་གྲངས་མེད་བྱེ་བ་དུང་ཕྱུར་རྣམས། །ནམ་མཁའ་བར་སྣང་གང་བར་རྡུལ་བཞིན་འཚུབ། །དེ་དབུས་སྤྱི་གཙུག་ཐད་ཀྱི་ནམ་མཁའ་ལ། །འཇའ་གུར་འོད་ཕུང་འཁྲིགས་པའི་གུར་ནང་ན། །པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་དུ། །མི་བསྐྱོད་རྡོ་རྗེ་ཆོས་དབྱིངས་རྡོ་རྗེ་སོགས། །རང་གི་གང་མོས་རྒྱལ་བ་ཀརྨ་པ། །ཆོས་གོས་ངུར་སྨིག་ཞྭ་ནག་གསེར་མདོངས་ཅན། །ཕྱག་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་བསྒོམ། །ན་མོ་གུ་རུ་ཞེས་པ་ནས་བཟུང་སྟེ། །གསོལ་བ་འདེབས་པའི་དུས་བར་དམིགས་པ་ཡིན། །དེ་ནས་སྣང་ཞིང་སྟོང་ལ་ཞེས་པ་ནས། །ཐུགས་ཀྱིས་བྱིན་གྱིས་རློབས་ཞེས་བྱ་བའི་བར། །སྐུ་གསུང་ཐུགས་ལ་རྩེ་གཅིག་གསོལ་བཏབ་པས། །བླ་མའི་སྐུ་གསུང་ཐུགས་ལས་འོད་ཟེར་ནི། །ཁ་དོག་སྣ་ཚོགས་ནམ་མཁའ་ཁྱབ་པར་འཕྲོས། །སྟོང་གསུམ་འཛམ་གླིང་བྱེ་བ་ཕྲག་བརྒྱ་ན། །ཀརྨ་པ་ཉིད་བྱེ་བ་ཕྲག་བརྒྱ་སོགས། །ཞིང་ཁམས་ཐམས་ཅད་སྤྲུལ་པས་ཁྱབ་


CMR004_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་། །སངས་རྒྱས་བྱང་སེམས་ཀུན་གྱི་ཐུགས་རྗེ་བསྐུལ། །ཐམས་ཅད་ཀརྨ་པ་ཡི་སྐུར་གྱུར་ཏེ། །དགེ་སློང་ཚ་ལུགས་ཞྭ་ནག་གསེར་མདོངས་ཅན། །ཕྱག་ཞབས་བཞི་པོ་བྱིན་རླབས་ཕྱག་རྒྱ་མཛད། །འཇའ་འོད་མེ་ཏོག་ཆར་དང་སྤོས་དྲི་བཅས། །ནམ་མཁའ་བར་སྣང་གང་བར་བྱོན་ནས་ཀྱང་། །ཐམས་ཅད་སྤྱི་བོའི་ཀརྨ་པ་ལ་ཐིམ། དེ་ལྟར་བསྒོམ་ཞིང་གུ་རུ་རཏྣ་ནས། །ཞི་བར་མཛོད་བར་དབྱངས་དང་བཅས་པས་འདོན། །འདི་ནི་སྤྱན་འདྲེན་བྱིན་འབེབས་གཉིས་ཀ་ཡིན། །འདི་ལྟར་དངོས་སུ་བྱོན་པ་སི་ཏུ་ཡིས། །ཞལ་གཟིགས་ཐང་ཀ་ཡང་ནི་བྲི་སྲོལ་བྱུང་། །དེ་ནས་ནམ་མཁའ་བར་སྣང་གང་བ་ཡི། །མཁའ་འགྲོ་ཐམས་ཅད་གཅིག་ལ་གཅིག་ཐིམ་ནས། །ཁ་དོག་ལྔ་དང་ནག་མོ་ཁྲ་མོ་བདུན། །སྤྱི་བོའི་ཀརྨ་པ་ལ་བསྐོར་ནས་བཞུགས། །ལས་ཀྱི་མཁའ་འགྲོ་སྐུ་མདོག་ལྗང་མོ་ལས། །འོད་ཟེར་ལྗང་གུ་བདག་དང་བསྲུང་བྱ་ལ། །ཕོག་པས་ཕྲག་དོག་ལས་གྱུར་ནད་གདོན་གྲིབ། །ཐམས་ཅད་བ་མོར་ཉི་ཟེར་ཕོག་ལྟར་བསལ། །ཚེ་རབས་ཐོག་མ་མེད་ནས་ད་ལྟ་ཡན། །ཕྲག་དོག་ལས་གྱུར་སྡིག་སྒྲིབ་ཉེས་ལྟུང་རྣམས། །ལས་ཀྱི་མཁའ་འགྲོའི་དྲུང་


CMR004_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཤགས་པར་བསྒོམ། །དེ་བཞིན་རིན་ཆེན་མཁའ་འགྲོ་སེར་མོ་ལས། །འོད་ཟེར་གསེར་མདོག་འཕྲོས་པས་ང་རྒྱལ་ལས། །གྱུར་པའི་ནད་གདོན་གྲིབ་སོགས་བསལ་བ་དང་། །དེ་ཡི་དྲུང་དུ་ང་རྒྱལ་སྡིག་སྒྲིབ་བཤགས། །པདྨ་མཁའ་འགྲོ་དམར་མོའི་འོད་ཟེར་གྱིས། །འདོད་ཆགས་ལས་གྱུར་ནད་གདོན་གྲིབ་སོགས་བསལ། །ནད་གདོན་ཉེས་སྒྲིབ་དེ་ཡི་དྲུང་དུ་བཤགས་། །སངས་རྒྱས་མཁའ་འགྲོ་དཀར་མོའི་འོད་ཟེར་གྱིས། །གཏི་མུག་ལས་གྱུར་ནད་གདོན་གྲིབ་སོགས་བསལ། །དེ་ཡི་དྲུང་དུ་གཏི་མུག་ཉེས་ལྟུང་བཤགས། །དམ་ཚིག་མཁའ་འགྲོ་ནག་མོའི་འོད་ཟེར་ནི། །མཐིང་ནག་འཕྲོས་པས་དམ་ཚིག་ཉམས་ཆག་བསལ། །ནག་མོ་འདི་ནི་དཔལ་ལྡན་ལྷ་མོར་གཅིག །དེ་ཡི་དྲུང་དུ་དམ་ཚིག་ཉམས་ཆག་བཤགས། །རྡོ་རྗེ་མཁའ་འགྲོ་སྔོན་མོའི་འོད་ཟེར་གྱིས། །ཞེ་སྡང་ལས་གྱུར་ནད་གདོན་གྲིབ་སོགས་བསལ། །དེ་ཡི་དྲུང་དུ་ཞེ་སྡང་སྡིག་སྒྲིབ་བཤགས། །སྣ་ཚོགས་མཁའ་འགྲོ་སྐུ་མདོག་ཁྲ་མོ་ལས། །འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་པ་ཡིས། །དུག་གསུམ་ཆ་མཉམ་སྒོ་ནས་བསགས་པ་ཡི། །ནད་གདོན་གྲིབ་སོགས་མ་ལུས་ཐམས་ཅད་བསལ། །འགལ་


CMR004_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་ཉེས་ལྟུང་ཐམས་ཅད་དེ་ལ་བཤགས། །འདི་ནི་སྒྲིབ་སྦྱོང་མཆོག་ཏུ་གྱུར་པ་སྟེ། །སྤྲོས་མེད་དམིགས་པའི་མཁའ་འགྲོའི་གྲིབ་སེལ་ཡིན། །འདི་ཉིད་འདི་རུ་དགོས་དོན་ཅི་ཞེ་ན། །ཉམས་ཆག་སྡིག་སྒྲིབ་ལྡན་པའི་མི་དེ་ལ། །བླ་མའི་བྱིན་རླབས་འཇུག་པར་དཀའ་བ་སྟེ། །བྱིན་རླབས་མ་ཞུགས་ཉམས་རྟོགས་སྐྱེ་མི་སྲིད། །དེ་ཕྱིར་ཐོག་མར་སྡིག་སྒྲིབ་སྦྱང་ཕྱིར་ཡིན། །ནད་པ་སོགས་ལ་གྲིབ་སེལ་བྱེད་པ་ཡང་། །དཔལ་འབར་གཙང་མ་མཐོ་ཚད་བདུན་བྱས་ལ། །དགེ་འདུན་པ་རྣམས་ཞྭ་ཁྲ་ཆོས་གོས་བྱ། །བླ་མས་ཕྱག་གཉིས་རྡོ་རྗེ་རྩེ་གཅིག་གི །ཕྱག་རྒྱས་དཔལ་འབར་ནད་པའི་ཐོག་ཏུ་བཟུང་། །དེ་ཉིད་གོང་ལྟར་མཁའ་འགྲོ་མར་བསྒོམ་སྟེ། །དེ་ཡི་འོད་ཀྱིས་ནད་དང་གྲིབ་བསལ་བསྒོམ། །མཁའ་འགྲོ་རེ་རེའི་ཤོ་ལོ་ཀ་དེ་ལ། །མེ་རུ་ཟད་ལ་ཁད་བར་ཝིག་ལ་འདོན། །མེ་རུ་ཟད་ནས་དེ་ཉིད་ཕྱིར་ལ་བོར། །དེ་འདྲ་དཔལ་འབར་བདུན་པོ་རིམ་བཞིན་བྱ། །གོང་འོག་ཐུན་བཞི་གཞུང་ལྟར་ཚང་མ་འདོན། །མཇུག་ཏུ་བཀྲ་ཤིས་བརྗོད་ཅིང་མེ་ཏོག་གཏོར། །འདི་ཡི་ལུགས་ཀྱི་མཁའ་འགྲོའི་གྲིབ་སེལ་གྱི། །ཕྱག་ལེན་ཡིན་ཞེས་སློབ་དཔོན་རྣམས་ཀྱིས་


CMR004_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་། །དེ་ནི་ཞར་བྱུང་ཙམ་དུ་བཤད་པ་ཡིན། །དངོས་གཞི་མཁའ་འགྲོའི་གསོལ་འདེབས་ཚར་བའི་རྗེས། །མཁའ་འགྲོ་བདུན་པོ་མཁའ་འགྲོ་དམར་མོར་ཐིམ། །དེ་ཉིད་འོད་ཞུ་རང་ལ་ཐིམ་པ་ཡིས། །རང་ལུས་ཐ་མལ་ལུས་འདི་གནས་གྱུར་ནས། །རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ལ། །གཅེར་བུ་དབུ་སྐྲ་སིལ་མས་སྐུ་རྒྱབ་ནོན། །རྒྱན་ཆ་གཞན་མེད་མེ་ཏོག་དམར་པོས་བརྒྱན། །གྲི་གུག་བདུད་རྩིས་གང་བའི་བྷནྡ་ཐོགས། །ཕག་ཞལ་མེད་ཅིང་སྤྱན་གསུམ་ནམ་མཁར་གཟིགས། །ཁ་ཊཾ་མེད་ཅིང་གཡས་བརྐྱང་གཡོན་བསྐུམ་ཚུལ། །འོད་ཕུང་དཀྱིལ་དུ་པད་ཉིའི་གདན་ལ་བཞུགས། །དེ་ནས་སྤྱི་གཙུག་བཞུགས་པའི་ཀརྨ་པ། །མདུན་དུ་བྱོན་པས་བདེ་མཆོག་སྐུར་གྱུར་ཏེ། །སྐུ་མདོག་སྔོན་པོ་སྤྱན་གསུམ་ཁྲོ་ཞིང་འཛུམ། །དབུ་སྐྲ་ཐོར་ཚུགས་ཟླ་ཕྱེད་རྡོ་རྗེས་བརྒྱན། །སྟག་ལྤགས་ཤམ་ཐབས་གླང་ཆེན་ཀོ་རློན་གསོལ། །རུས་པའི་རྒྱན་དྲུག་གསོལ་ཞིང་མེ་དཔུང་འབར། །ཕྱག་གཉིས་ཆོས་འབྱུང་ཕྱག་རྒྱ་སྤྱི་བོར་བཀོད། །ཞབས་གཡས་བརྐྱང་ཞིང་གཡོན་པས་གར་སྟབས་མཛད། །དེ་ལ་རང་ཉིད་མཁའ་འགྲོའི་ཕྱག་གཡོན་གྱིས། །བདུད་རྩི་དྲངས་བས་ཡེ་ཤེས་མེ་རབ་འབར། །དེ་ནས་


CMR004_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་མཁའ་འགྲོའི་འོད་ཟེར་གྱིས། །དེ་ཉིད་བྷ་གའི་ནང་ནས་སྤྱན་དྲངས་ཏེ། །རང་ཉིད་མཁའ་འགྲོའི་ཐུགས་ཀར་པད་ཉིར་བཞུགས། །སྐབས་འདིར་རང་ཉིད་གཅིག་པུ་ཡིན་ན་ནི། །བུམ་པ་ཅན་གྱི་རླུང་ནི་དྲག་ཏུ་བསྒོམ། །གཅིག་པུ་མིན་ན་བར་རླུང་བཟུང་བས་འཐུས། །དེ་ནས་སྙིང་ཁའི་ཧེ་རུ་ཀ་དེ་ཡི། །དཔྲལ་བར་ཨོ་དཀར་མགྲིན་པར་ཨཱདམར་པོ། །ཐུགས་ཀར་ཧཱུཾ་སྔོན་ལྟེ་བར་ཧོསེར་པོ། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་དང་ནི། །ཡེ་ཤེས་བཞི་ཡི་ངོ་བོ་ཡིན་པར་བསྒོམ། །ནམ་མཁའ་གང་ནས་ཨོ་ཞེས་བྱ་བའི་བར། །ཚིག་འབྲུ་བཞི་དེ་ལན་གསུམ་གྱེར་བར་བྱ། །དེ་ནས་སྙིང་ཁའི་སངས་རྒྱས་ཀུན་འདུས་པའི། །ཧེ་རུ་ཀ་དཔལ་ཀརྨ་པ་དེ་ལ། བཟོད་བླག་མེད་པའི་དད་གུས་རྩེ་གཅིག་གིས་། །རྗེ་བཙུན་དམ་པ་ཞེས་པ་ནས་བཟུང་སྟེ། །ཐམས་ཅད་མཁྱེན་པའི་བར་དུ་ཚར་གཅིག་འདོན། །ཀརྨ་པ་མཁྱེན་དེ་ལ་བསྙེན་པ་བྱ། །སྙིང་ནས་བྱིན་གྱིས་རློབས་ཤིག་ཟེར་སྐབས་དེར། །སྙིང་ཁའི་ཀརྨ་པ་དེ་འོད་དུ་ཞུ། །ཀརྨ་པ་ཡི་སྐུ་གསུང་ཐུགས་དང་ནི། །རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་འདྲེས། །རང་ཉིད་མཁའ་འགྲོ་མ་ཡང་འོད་དུ་ཞུ། །


CMR004_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ནམ་མཁར་འཇའ་ཚོན་ཡལ་བཞིན་ཡལ། །ཅི་ཡང་མི་དམིགས་ཕྱག་ཆེན་ཉམས་ལེན་ངང་། །དཔལ་ལྡན་བླ་མ་དམ་པ་ཞེས་པ་ནས། །མི་འབྲལ་ཤོག་ཅེས་བར་དུ་བརྗོད་པ་ཡིན། །འཁོར་གསུམ་ཡོངས་དག་དམིགས་མེད་བསྔོ་བ་ཡིན། །མོས་གུས་གསོལ་འདེབས་བྱིན་རླབས་ལ་བརྟེན་ནས། །འཕྲལ་དུ་གང་ཤར་ངོ་བོ་སྐྱོང་དེ་ལ། །གེགས་དང་གོལ་ས་གཅིག་ཀྱང་མི་འབྱུང་བ། །མོས་གུས་ཕྱག་ཆེན་གསང་སྔགས་ཉེ་ལམ་ཡིན། །སྐྱེ་བ་ཀུན་ཏུ་དཔལ་ལྡན་ཀརྨ་པ། །ཞེས་སོགས་སྨོན་ལམ་འདི་ལ་འཇུག་སྒོ་གཉིས། །གལ་ཏེ་མི་ནས་མི་རུ་སྐྱེས་ན་ནི། །སངས་རྒྱས་སྟོང་གི་བསྟན་པ་མ་རྫོགས་བར། །ཀརྨ་པ་ཡི་སྤྲུལ་པ་མི་རྫོགས་པས། །དེ་དག་བླ་མར་བསྟེན་པའི་སྨོན་ལམ་འདེབས། །གལ་ཏེ་བདེ་བ་ཅན་དུ་སྐྱེ་འདོད་ན། །ཀརྨ་པ་དངོས་འཕགས་པ་སྤྱན་རས་གཟིགས། །འོད་དཔག་མེད་ཀྱི་ཉེ་གནས་ཚུལ་དུ་བཞུགས། །དེ་ཉིད་བླ་མར་བསྟེན་པའི་སྨོན་ལམ་ཡིན། །དེ་དོན་འབྲེལ་པ་ཐོགས་ཆོག་མཇུག་ཏུ་གསལ། །ཐུན་བཞི་འདི་ཉིད་བླ་སྒྲུབ་མཆོག་ཡིན་ཏེ། །རྫོགས་རིམ་བསྐལ་པ་དུ་མའི་བར་དག་ཏུ། །འདུ་འཛི་རྣམ་གཡེང་སྤངས་ནས་བསྒོམས་པ་དང་། །ཡི་དམ་


CMR004_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བྱེ་བ་བསྒོམས་པ་བས། །བླ་མ་ལན་གཅིག་བསྒོམས་པ་ལྷག་པ་དང་། །ཡི་དམ་བསྙེན་སྒྲུབ་ས་ཡ་བྱས་པ་བས། །བླ་མའི་གསོལ་འདེབས་གཅིག་ནི་ལྷག་པའི་ཚུལ། །གསང་སྔགས་རྒྱུད་སྡེ་རྣམས་ལས་གསུངས་པའི་ཕྱིར། །ཡང་ཟུར་གྲྭ་གསུམ་སྒོམ་གྲྭ་ལ་སོགས་སུ། །ཉིན་གསུམ་མཚན་གསུམ་འདི་ལ་ཐུན་བཟུང་སྟེ། །གསོལ་འདེབས་ཚོགས་པ་ལྷག་པར་མཛད་སྲོལ་ཡོད། །སྲོད་དང་ཐོ་རངས་ནམ་ཕྱེད་ལན་གསུམ་དུ། །འཁར་རྔ་གཏོང་རྗེས་ཆོས་ཁྲིམས་པ་དེ་ཡིས། །སྒར་པ་བསྐོར་ཞིང་ཅོག་པུ་ཐམས་ཅད་ཉུག །མ་བཏོན་གཉིད་ནི་བསྡད་ན་ཆད་པ་ཡོད། །ཀཾ་ཚང་ཉམས་ལེན་གཙོ་བོ་འདི་རང་ཡིན། །འདི་ལྟར་གསོལ་བ་འདེབས་པར་བྱེད་པའི་ཡུལ། །གསོལ་བ་ཁྱི་བཏབ་ཕག་བཏབ་སངས་མི་རྒྱ། །བླ་མ་མིན་པ་བླ་མར་མ་བཅོས་པ། །བླ་མ་ཡིན་པ་བླ་མར་བྱོན་པ་ཡི། སངས་རྒྱས་མཉན་པ་འདྲ་ཞིག་དགོས་ཞེས་གསུངས། །དེ་དོན་ཤཱཀྱ་ཐུབ་པས་ལུང་བསྟན་ཅིང་། །ཨོ་རྒྱན་པདྨས་མཚན་རྣམས་བཏགས་པ་ཡིན། །དང་པོ་དུས་གསུམ་མཁྱེན་པ་ནས་བཟུང་སྟེ། །ཆོས་དབྱིངས་རྡོ་རྗེ་ཡེ་ཤེས་རྡོ་རྗེ་དང་། །བྱང་ཆུབ་རྡོ་རྗེ་བདུད་འདུལ་རྡོ་རྗེ་


CMR004_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་། །རིམ་བྱོན་འདི་དག་སྤྱན་རས་གཟིགས་དབང་དངོས། །དེ་དག་ནོར་འཁྲུལ་འོང་བའི་སྐབས་མེད་དེ། །གོང་མས་རྒྱབ་མ་གར་འཁྲུངས་བཀའ་ཤོག་བཞག །མཆོག་གི་སྤྲུལ་སྐུས་ཙཱ་རི་མཚོ་དཀར་དུ། །སྐུ་མཚམས་མཛད་ཅིང་ཐུགས་དམ་བརྟག་པའི་སྲོལ། །དེ་ཚེ་ཡི་དམ་མཁའ་འགྲོའི་ལུང་བསྟན་གསལ། །དེ་ཕྱིར་བརྒྱུད་པ་འདི་རུ་ཞུགས་ཕྱིན་ནས། །དམ་ཆོས་ཚུལ་བཞིན་ཉམས་སུ་མ་ལོན་ཀྱང་། །བླ་མའི་ཕྱོགས་སུ་མགོ་བོ་བསྟན་བྱས་ནས། །ཉལ་ནས་བསྡད་ཀྱང་དོན་ཆེན་འགྲུབ་བོ་གསུངས། །ཞེས་པ་གྲྭ་སློབ་རྣམས་ལ་ཕན་པའི་ཕྱིར། །རཱ་ག་ཨ་སྱས་ཚིག་ཉུང་དོན་འདུས་སྨྲས། །བཤེས་གཉེན་མཐར་ཕྱིར་ཞེས་བྱས་ཡི་གེར་བཀོད། །འདི་ལ་འགལ་འཁྲུལ་ཉེས་པ་གང་མཆིས་བཤགས། །དགེ་བས་འདི་ཉིད་མཐོང་ཐོས་དྲན་རེག་རྣམས། །མོས་གུས་ཕྱག་ཆེན་ཡེ་ཤེས་རབ་འབར་ཤོག །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR004_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་ཧོ། དག་པའི་ཞིང་མཆོག་རྔ་ཡབ་དཔལ་རིའི་རྩེ། །ཕོ་བྲང་པདྨ་འོད་ཀྱི་གཞལ་གཡས་སུ། །རྒྱལ་བ་ཀུན་འདུས་གུ་རུ་པདྨ་འབྱུང་། །རྒྱལ་བའི་ཡུམ་མཆོག་ལྷ་ལྕམ་མནྡ་ར། །ཤེས་རབ་རང་མདངས་ཌཱཀྐི་མཚོ་རྒྱལ་མ། །སྙིང་ཁུངས་རུས་པའི་གཏིང་ནས་གསོལ་བ་འདེབས། །བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི། །ལུས་ཀྱི་ན་ཚ་ཞི་བར་བྱིན་གྱིས་རློབས། །སེམས་ཀྱི་སྡུག་བསྔལ་ཞི་བར་བྱིན་གྱིས་རློབས། །ཚེ་ཡི་བར་ཆད་ཞི་བར་བྱིན་གྱིས་རློབས། །གནས་སྐབས་བདེ་སྐྱིད་ལྡན་པར་བྱིན་གྱིས་རློབས། །མཐར་ཐུག་མངོན་སངས་རྒྱས་པར་བྱིན་གྱིས་རློབས། །འཕོས་ཚེ་བདེ་ཆེན་ཞིང་དུ་ལམ་སྣ་དྲོངས། །ཞེས་ཨ་རཱ་གས་སོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

བསྐྱེད་རིམ་གསོལ་འདེབས་མོས་པ་རང་གྲོལ།


CMR004_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རིམ་གསོལ་འདེབས་མོས་པ་རང་གྲོལ་ཞེས་བྱ་བ་བཞུགས་སོ། །ན་མོ་པྲ་ཝ་ཀཱ་ར་ཡེ། མི་བདག་གི་སྤྱི་བོའི་གཙུག་རོལ་ན། །གདན་པདྨ་ཉི་ཟླ་སུམ་བརྩེགས་སྟེང་། །འཇའ་འོད་ཕུང་འཁྲིགས་པའི་གུར་ཁང་ནང་། །ཕ་དྲིན་ཆེན་རྩ་བའི་བླ་མ་དང་། །དོན་དབྱེར་མེད་གུ་རུ་པདྨ་འབྱུང་། །སྐུ་དཀར་དམར་མདངས་ལྡན་མཚན་དཔེས་སྤྲས། །ཞལ་མཛེས་འཛུམ་སྤྱན་གཉིས་ཞི་མ་ཁྲོ། །དབུ་པད་ཞྭ་རྒོད་ཀྱི་ལྡེམ་འཕྲུ་ཅན། །ཕྱག་རྡོ་རྗེ་བྷནྡྷ་ཚེ་བུམ་འཛིན། །ཡུམ་ཌཱཀྐི་སྦས་ཚུལ་ཁ་ཊཾ་བརྟེན། །བེར་ཕོད་ཁ་ཆོས་གོས་ངུར་སྨྲིག་གསོལ། །ཞབས་རྡོ་རྗེས་སྐྱིལ་མོ་ཀྲུང་གིས་བཞུགས། །ཞིང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས། །དེ་ཐམས་ཅད་སྤྱན་དྲངས་དབྱེར་མེད་ཐིམ། །རྗེ་སངས་རྒྱས་ཐམས་ཅད་འདུས་པའི་ཐུགས། །བཀའ་དམ་ཆོས་ཐམས་ཅད་འདུས་པའི་གསུང་། །ཚོགས་དགེ་འདུན་ཐམས་ཅད་འདུས་པའི་སྐུ། །སྐྱབས་དཀོན་མཆོག་ཀུན་འདུས་པདྨ་འབྱུང་། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུང་། །དུས་དེང་སང་སྙིགས་མ་ལྔ་བརྒྱའི་མཐར། །རྗེ་སངས་རྒྱས་ཀུན་གྱི་ཐུགས་རྗེ་དང་། །བཀའ་དམ་ཆོས་ཀུན་གྱི་ངད་


CMR004_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསལ་ངང་དུ་རྗེན་ནེར་ཞོག །སེམས་གར་འགྲོ་ལྷོད་ལ་རྒྱང་སྲུང་གྱིས། །དེ་ཆུ་རླབས་ཆུ་ལ་ཐིམ་པ་བཞིན། །སེམས་འཕྲོ་རྒོད་སྟོང་ཉིད་དབྱིངས་སུ་ཞི། །རང་སེམས་ཀྱིས་སེམས་ལ་བལྟ་བ་དེ། །རྗེ་པདྨ་འབྱུང་གནས་ལྟ་བ་ཡིན། །དེ་མ་ཡེངས་གོམས་འདྲིས་བྱེད་པ་དེ། །སྒོམ་ཉམས་ལེན་མིང་དུ་བཏགས་པ་ཡིན། །ལས་དགེ་སྒྲུབ་སྡིག་སྤང་བྱེད་པ་དེ། །ལྷ་པད་འབྱུང་དགྱེས་པའི་སྤྱོད་པ་ཡིན། །དོན་ཚོགས་གཉིས་མཐའ་རུ་ཕྱིན་པ་དེ། །དུས་ནམ་ཞིག་འབྲས་བུ་སངས་རྒྱས་འཐོབ། །མི་བདག་གིས་གསོལ་འདེབས་དགེ་སྦྱོར་སོགས། །དུས་གསུམ་དུ་བསགས་པའི་དགེ་བ་འདིས། །ཚེ་འདི་ལ་ཚེ་རིང་ནད་མེད་ཅིང་། །དཔལ་འབྱོར་པ་ཡར་ངོའི་ཟླ་ལྟར་འཕེལ། །དུས་ནམ་ཞིག་མི་གནས་འཕོ་བའི་ཚེ། །ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ། །ལུས་རྫུས་སྐྱེས་སྤྲུལ་སྐུ་ཐོབ་ནས་ཀྱང་།། །རྟེན་དེ་ལ་ས་བཅུ་རབ་བགྲོད་ནས། །དོན་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག། གཞི་ཆོས་ཉིད་སྐྱེ་བ་མེད་པ་དང་། །ལམ་རྟེན་འབྲེལ་བསླུ་བ་མེད་པ་དང་། །འབྲས་པད་འབྱུང་ཐུགས་རྗེ་ཚད་མེད་མཐུས། །བདག་སྨོན་ལམ་བཏབ་བཞིན་འགྲུབ་པར་ཤོག


CMR004_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་རིམ་གསོལ་འདེབས་མོས་པ་རང་གྲོལ་འདི་ནི། བླ་མ་དྲུང་གི་ཐུགས་དམ་བྱ་ཕྱིར། ༧ རྣལ་འབྱོར་དབང་ཕྱུག་ཀརྨ་རཱ་ག་ཨ་སྱས་མཛད་པའོ།། །། གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །།༧ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR004_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། གནས་སྤྱི་བོའི་གཙུག་གི་ནམ་མཁའ་ལ། །འཇའ་འོད་ཕུང་འཁྲིགས་པའི་གུར་ཁང་ན། །སྐྱབས་དཀོན་མཆོག་ཀུན་འདུས་པདྨ་འབྱུང་། །ཞལ་དཀར་དམར་མདངས་ལྡན་ཁྲོ་ཞིང་འཛུམ། །དབུ་པད་ཞྭ་རྒོད་ལྡེམ་ཉི་ཟླས་བརྒྱན། །ཕྱག་རྡོ་རྗེ་བྷནྡྷ་ཚེ་བུམ་འཛིན། །སྐུ་ཟབ་བེར་ཆོས་གོས་རྣམ་གསུམ་གསོལ། །ཡུམ་སྦས་ཚུལ་ཁ་ཊཾ་མཆན་དུ་བཅུག །ཞབས་རྡོ་རྗེའི་སྐྱིལ་ཀྲུང་གཟི་བརྗིད་འབར། །ཞིང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས། །དཔེ་ཁ་བ་བུ་ཡུག་འཚུབ་བཞིན་བྱོན། །དེ་ཐམས་ཅད་པད་འབྱུང་སྐུ་ལ་ཐིམ། །སྐྱབས་བསླུ་མེད་ཨོ་རྒྱན་རིན་པོ་ཆེ། །ཚེ་འདི་དང་ཕྱི་མ་བར་དོ་གསུམ། །ང་རེ་ས་གཞན་མེད་ཁྱེད་རང་མཁྱེན། །དུས་དེང་སང་དུས་ངན་སྙིགས་མའི་མཐར། །བདུད་ལྷ་སྲིན་སྡེ་བརྒྱད་ཁ་དར་བས། །སྔར་མེད་པའི་ནད་མཚོན་མུ་གེ་དར། །རྐྱེན་བར་ཆད་རླུང་ལྟར་འཚུབ་ཅིང་རྒོད། །ལྷ་གཞན་གྱི་ཐུགས་རྗེ་རྡུགས་པའི་དུས། །ཆོས་གཞན་གྱི་བྱིན་རླབས་ཡལ་བའི་དུས། །འདྲེ་འབྱུང་པོ་མངོན་རྒྱུག་བྱེད་པའི་དུས། །ཚེ་ལོང་མེད་དགུན་ཉི་འདྲ་བའི་དུས། །བློ་ཕ་བུ་གཉིས་ཀྱང་མི་མཐུན་


CMR004_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དུས། །མི་སུ་ལའང་ཡིད་ཆེས་མེད་པའི་དུས། །ཁྱེད་ཐུགས་རྗེ་དང་བྱིན་རླབས་ཆེ་གསུངས་ན། །ད་ཆེ་བའི་དུས་ལ་བབས་ནས་གདའ། །མི་བདག་དང་རེ་ལྟོས་འཁོར་བཅས་རྣམས། །རྐྱེན་ཕྱི་ནང་བར་ཆད་ཀུན་སེལ་ཞིང་། །དོན་བསམ་པ་ལྷུན་གྱིས་འགྲུབ་པ་ཞིག །ཕ་པདྨ་འབྱུང་གནས་ཁྱེད་རང་མཁྱེན། །མི་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ལུས་ནད་མེད་བདེ་བའི་དངོས་གྲུབ་སྩོལ། །མི་བདག་གི་ངག་ལ་བྱིན་གྱིས་རློབས། །ངག་ནུས་པ་འབར་བར་བྱིན་གྱིས་རློབས། །མི་བདག་གི་སེམས་ལ་བྱིན་གྱིས་རློབས། །སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །ཚེ་འདི་ལ་ཚེ་རིང་ནད་མེད་ཅིང་། །དཔལ་བསོད་ནམས་མངའ་ཐང་འཕེལ་ཞིང་རྒྱས། །དུས་ནམ་ཞིག་མི་གནས་འཕོ་བའི་ཚེ། །ནུབ་བདེ་བ་ཅན་དུ་ལམ་སྣ་དྲོངས། །ཕ་ཨོ་རྒྱན་འོད་ཞུ་བདག་ལ་ཐིམ། །དོན་རང་སེམས་གཉིས་མེད་ཆོས་སྐུར་རྟོགས། །མི་བདག་གིས་དུས་གསུམ་དགེ་བསགས་པ། །ལྷ་པདྨ་འབྱུང་གནས་འགྲུབ་གྱུར་ཅིག །ཅེས་ཀརྨ་རཱ་ག་ཨ་སྱས་མཛད་པའོ།། །།

གསང་སྔགས་སྔ་འགྱུར་རྙིང་མའི་བླ་མ་གྲུབ་ཐོབ་རྣམས་དང་ཡི་དམ་ཆོས་སྐྱོང་ལ་གསོལ་བ་འདེབས་པ་བྱིན་རླབས་ཆར་རྒྱུན།


CMR004_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་སྔ་འགྱུར་རྙིང་མའི་བླ་མ་གྲུབ་ཐོབ་རྣམས་དང་ཡི་དམ་ཆོས་སྐྱོང་ལ་གསོལ་བ་འདེབས་པ་བྱིན་རླབས་ཆར་རྒྱུན་བཞུགས་སོ།།


CMR004_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་གྲགས་ལ་རྗེ་འབངས་ཉེར་ལྔ། རྗེ་ཉིད་དང་ལ་ལར་ཉེར་བདུན་ཡིན་གསུངས་སོ། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཧཱུྃ། དད་པ་ལན་གཅིག་སྐྱེས་པའི་བསོད་ནམས་ཀྱིས། །བྱང་ཆུབ་ལམ་ལས་ཕྱིར་མི་ལྡོག་མཛད་པ། །ཆོས་སྐུ་སྣང་བ་མཐའ་ཡས་ཚེ་དཔག་མེད། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །སངས་རྒྱས་གངྒའི་བྱེ་སྙེད་ཕྱག་འཚལ་བས། །ཁྱེད་ལ་ཕྱག་གཅིག་འཚལ་བ་བསོད་ནམས་ཆེ། །ལོངས་སྐུ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་རིགས་དྲུག་སྐྱེ་སྒོ་ཆོད། །དུས་ངན་སྙིགས་མར་ལྷ་གཞན་ཐུགས་རྗེ་རྡུགས། །ཁྱེད་ནི་ཐུགས་


CMR004_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་སྟོབས་ཆེ་བྱིན་རླབས་མྱུར། །སྤྲུལ་སྐུ་འཆི་མེད་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་རྐྱེན་ངན་བར་ཆད་ཟློག །འཇམ་དཔལ་འགྲུབ་པས་ཉི་ཟླ་གདན་དུ་བཏིང་། །སྐུ་ཡི་རིག་འཛིན་སངས་རྒྱས་ཡེ་ཤེས་ལ། །གསོལ་བ་འདེབས་སོ་དུས་མིན་འཆི་བ་ཟློག །ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས། །རྟ་མགྲིན་འགྲུབ་པས་རྟ་སྐད་འཛམ་གླིང་ཁྱབ། །གསུང་གི་རིག་འཛིན་རྒྱལ་བ་མཆོག་དབྱངས་ལ། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །ངག་ལ་ནུས་པ་འབར་བར་བྱིན་གྱིས་རློབས། །ཡང་དག་འགྲུབ་པས་ཉི་ཟླ་གདན་ལ་


CMR004_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བཏིང་། །ཐུགས་ཀྱི་རིག་འཛིན་ནམ་མཁའི་སྙིང་པོ་ལ། །གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ། །སེམས་ལ་རྟོགས་པ་འཆར་བར་བྱིན་གྱིས་རློབས། །ཆེ་མཆོག་འགྲུབ་པས་བྲག་ལས་བདུད་རྩི་བཏོན། །ཡོན་ཏན་རིག་འཛིན་གཉགས་ཆེན་ཛྷཱ་ན་ལ། །གསོལ་བ་འདེབས་སོ་ནད་མེད་དངོས་གྲུབ་སྩོལ། །ལུས་སེམས་བདེ་སྐྱིད་ལྡན་པར་བྱིན་གྱིས་རློབས། །ཕུར་པ་འགྲུབ་པས་བསད་པའི་མི་རོ་བསླངས། །ཕྲིན་ལས་རིག་འཛིན་ཡེ་ཤེས་མཚོ་རྒྱལ་ལ། །གསོལ་བ་འདེབས་སོ་བདེ་སྟོང་དངོས་གྲུབ་སྩོལ། །སྟོང་ཉིད་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས། །བླ་མེད་འགྲུབ་པས་མ་སྲིང་བྲན་དུ་ཁོལ། །མ་མོའི་རིག་འཛིན་དཔལ་གྱི་ཡེ་ཤེས་ལ། །གསོལ་བ་འདེབས་སོ་རིགས་རྒྱུད་དངོས་གྲུབ་སྩོལ་། །ཡམས་ནད་རིམས་ནད་ཞི་བར་བྱིན་གྱིས་རློབས། །གསང་བདག་འགྲུབ་པས་དྲེགས་པ་ཕོ་ཉར་འགྱེད། །མཆོད་བསྟོད་རིག་འཛིན་དཔལ་གྱི་སེང་གེ་ལ། །གསོལ་བ་འདེབས་སོ་དཔལ་འབྱོར་དངོས་གྲུབ་སྩོལ། །སྡེ་བརྒྱད་གནོད་པ་ཞི་བར་བྱིན་གྱིས་རློབས། །སྟོབས་ལྡན་འགྲུབ་པས་ཡེ་ཤེས་སྤྱན་དང་ལྡན། །དྲག་སྔགས་རིག་འཛིན་བེ་རོ་ཙཱ་ན་


CMR004_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །གསོལ་བ་འདེབས་སོ་ནུས་མཐུའི་དངོས་གྲུབ་སྩོལ། །བྱེད་ཁ་དྲོད་གཏོང་ཞི་བར་བྱིན་གྱིས་རློབས། །བཀའ་བརྒྱུད་འགྲུབ་པས་ས་བརྒྱད་མི་གཡོ་ཐོབ་། །ལྷུན་གྲུབ་རིག་འཛིན་ཁྲི་སྲོང་ལྡེའུ་བཙན་ལ། །གསོལ་བ་འདེབས་སོ་དབང་དང་དངོས་གྲུབ་སྩོལ། །སྣང་སྲིད་ཟིལ་གྱིས་གནོན་པར་བྱིན་གྱིས་རློབས། །བར་སྣང་ཁམས་སུ་ཐོགས་མེད་རླུང་ལྟར་རྒྱུག །རྡོ་རྗེ་རྣམ་འཇོམས་ཞབས་ལ་གསོལ་བ་འདེབས། །དག་པ་མཁའ་སྤྱོད་ཞིང་ཀུན་ཐོགས་མེད་བགྲོད། །ཡེ་ཤེས་དབྱངས་ཆེན་ཞབས་ལ་གསོལ་བ་འདེབས། །སྟག་མོ་ཅེ་སྤྱང་ཕྱག་གིས་ལུག་ལྟར་འཛིན། །སོག་པོ་ལྷ་དཔལ་ཞབས་ལ་གསོལ་བ་འདེབས། །ནམ་མཁའི་དབྱིངས་སུ་ཐོགས་མེད་བྱ་ལྟར་ལྡིང་། །སྣ་ནམ་ཡེ་ཤེས་ཞབས་ལ་གསོལ་བ་འདེབས། །རྟོགས་པ་མཆོག་ཐོབ་གསེར་གྱི་རྡོ་རྗེར་སྤྲུལ། །གཡུ་སྒྲ་སྙིང་པོའི་ཞབས་ལ་གསོལ་བ་འདེབས། །ཕུར་པ་ཚད་ཙམ་དགྲ་བགེགས་སྐད་ཅིག་བསྒྲལ། །དཔལ་གྱི་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །སྡིགས་མཛུབ་མཛད་པས་གཙང་པོ་གྱེན་དུ་ཟློག །ཤུད་བུ་དཔལ་སེང་ཞབས་ལ་གསོལ་བ་འདེབས། །


CMR004_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེ་གཅིག་གིས་ཡུལ་ཁམས་གསལ་བར་མཛད། །ལྡན་མ་རྩེ་མང་ཞབས་ལ་གསོལ་བ་འདེབས། །གཞན་རྒྱུད་ཅི་བསམ་ཐམས་ཅད་ས་ལེར་མཁྱེན། །སྐ་བ་དཔལ་བརྩེགས་ཞབས་ལ་གསོལ་བ་འདེབས། །གདུག་པའི་རོ་ལངས་བཏུལ་ནས་གསེར་དུ་བསྒྱུར། །རྒྱལ་བའི་བློ་གྲོས་ཞབས་ལ་གསོལ་བ་འདེབས། །རྫུ་འཕྲུལ་ནམ་མཁའི་བྱ་རྣམས་འཛིན་མཛད་པ། །ཁྱེའུ་ཆུང་ལོ་ཙཱའི་ཞབས་ལ་གསོལ་བ་འདེབས། །འབྲོང་གཡག་དར་མ་བཀུག་ནས་མི་ལྟར་བཟུང་། །དྲན་པ་ནམ་མཁའི་ཞབས་ལ་གསོལ་བ་འདེབས། །ཆུ་ལ་ཐོགས་མེད་ཉ་ལྟར་འཁྱུག་ཅིང་ལྡིང་། །འོ་བྲན་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །ཕ་བོང་འདམ་ལྟར་བསྣག་ཅིང་ཟན་ལྟར་གསོལ། །རྨ་ཐོག་རིན་ཆེན་ཞབས་ལ་གསོལ་བ་འདེབས། །སྡིགས་མཛུབ་མཛད་པས་ཐོག་རྒོད་མདའ་ལྟར་འཕེན། །ལང་གྲོ་དཀོན་མཆོག་ཞབས་ལ་གསོལ་བ་འདེབས། །རི་དང་བྲག་ལ་ཐོགས་མེད་རླུང་ལྟར་རྒྱུག །དཔལ་གྱི་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །ནམ་མཁའི་དབྱིངས་སུ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །རྒྱལ་བ་བྱང་ཆུབ་ཞབས་ལ་གསོལ་བ་འདེབས། །ཆོས་ཀྱི་སྤྱན་ཐོབ་


CMR004_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རབ་བོད་དུ་བསྒྱུར། །ཀླུ་ཡི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །ཀླུ་ཡི་དབང་པོ་ལ་སོགས་རབ་བྱུང་ཚོགས། །ཚུལ་ཁྲིམས་རྣམ་དག་བྱེ་བ་འབུམ་ཕྲག་ལ། །གསོལ་བ་འདེབས་སོ་བསྟན་པ་དར་མཛད་གསོལ། །ཤཱཀྱ་པྲ་བྷ་ལ་སོགས་ལོ་ཙཱ་བ། །སྒྲ་བསྒྱུར་མཁས་པ་བརྒྱ་དང་རྩ་བརྒྱད་ལ། །གསོལ་བ་འདེབས་སོ་ཤེས་རབ་རྩ་ཁ་ཕྱེས། །ཏིང་འཛིན་བཟང་པོ་ལ་སོགས་རྫོགས་ཆེན་པ། །འཇའ་ལུས་མཁའ་སྤྱོད་འགྲུབ་པ་ཁྲི་ཕྲག་ལ། །གསོལ་བ་འདེབས་སོ་ཐར་པའི་ལམ་སྣ་དྲོངས། །གྱིམ་ཤང་ནག་པོ་ལ་སོགས་སྔགས་པའི་ཚོགས། །བསྐྱེད་རྫོགས་ཟུང་འཇུག་འབུམ་ཚོ་བཅོ་བརྒྱད་ལ། །གསོལ་བ་འདེབས་སོ་བར་ཆད་རྐྱེན་ངན་ཟློག །ཤེལ་དཀར་རྡོ་རྗེ་མཚོ་སོགས་མཁའ་འགྲོ་མ། །འཇའ་ལུས་འགྲུབ་པ་ཉི་ཤུ་རྩ་ལྔ་ལ། །གསོལ་བ་འདེབས་སོ་མཁའ་འགྲོའི་སུན་མ་ཟློག །དཔལ་དབྱངས་ལ་སོགས་བསྟན་པ་སྲུང་ནུས་པའི། །གྲུབ་ཐོབ་སྔགས་འཆང་བརྒྱད་ཅུ་རྩ་ལྔ་ལ། །གསོལ་བ་འདེབས་སོ་སྲུང་སྐྱོབ་བྱིན་གྱིས་རློབས། །རྒྱལ་བ་དགོངས་འདུས་རྩ་གསུམ་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་རླབས་


CMR004_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་སྩོལ། །ཞི་ཁྲོ་ཡོངས་རྫོགས་བཀའ་བརྒྱད་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་སྲུང་སྐྱོབ་དངོས་གྲུབ་སྩོལ། །བདུད་འདུལ་རྡོ་རྗེ་ཕུར་པའི་ལྷ་ཚོགས་ལ། །།གསོལ་བ་འདེབས་སོ་བར་ཆད་ཐམས་ཅད་སོལ། །རིག་འཛིན་ཁྲོས་པ་གུར་དྲག་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་སྡེ་བརྒྱད་གནོད་པ་ཟློག །དཔལ་མགོན་མ་ནིང་དམ་ཅན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བསྟན་པའི་རྒྱལ་མཚན་ཚུགས། །འཛམ་ལྷ་རིགས་ལྔ་ནོར་རྒྱུན་མཆེད་ལྔ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་ཆར་ལྟར་ཕོབ། །བླ་མ་སྐུ་གསུམ་རྗེ་འབངས་ཉི་ཤུ་བདུན། །རིག་འཛིན་རྒྱ་མཚོ་ཡི་དམ་ཆོས་སྐྱོང་ལ། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས་། །འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །ནད་མེད་བདེ་བའི་དངོས་གྲུབ་བསྩལ་དུ་གསོལ། །དཔལ་དང་འབྱོར་པའི་དངོས་གྲུབ་བསྩལ་དུ་གསོལ། །ཉམས་དང་རྟོགས་པའི་དངོས་གྲུབ་བསྩལ་དུ་གསོལ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྩལ་དུ་གསོལ། །ནམ་ཞིག་དུས་ལ་བབ་སྟེ་འཆི་བའི་དུས། །བར་དོ་འཇིགས་པའི་འཕྲང་ནས་ཐུགས་


CMR004_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཟུངས། །རིགས་དྲུག་འཁོར་བའི་སྐྱེ་སྒོ་ངན་པ་ཁོག །རིག་འཛིན་དཔའ་བོ་མཁའ་འགྲོས་མདུན་ནས་སུས། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་དུ་དྲོངས། །ཞིང་དེར་པདྨའི་སྒྲུབ་ལས་བརྫུས་སྐྱེས་ནས། །ཆོས་སྐུ་སྣང་བ་མཐའ་ཡས་ཞལ་མཐོང་སྟེ། །ལུས་རྟེན་དེ་ལ་ས་བཅུ་རབ་བགྲོད་ནས། །སྤྲུལ་པས་ཕྱོགས་བཅུའི་འགྲོ་བ་འདྲེན་པ་ལ། །སྤྱན་རས་གཟིགས་དང་དབྱེར་མེད་གཅིག་པར་ཤོག །ཅེས་པ་འདི་དགེ་རྒྱལ་དཔོན་སྐུ་མཆེད་ཀྱི་སྤྱན་སྔ་དེར་སླེབས་དུས། རྗེ་འབངས་ཉེར་ལྔའི་གསོལ་འདེབས་ཞིག་དགོས་གསུངས་པ་ཡིད་ལ་བཀོད་པས། དང་པོ་དེ་ཕྱོགས་སུ་དབོན་པོ་བླ་མ་རྒྱལ་མཚན་པ་ལྡོམ་བུ་ལ་བྱོན་པར་ཤར་ནས། འཕྲལ་དུ་དགེ་སློང་རཱ་ག་ཨ་སྱས་རྟ་ལོ་རྒྱལ་ཟླ་བའི་ཡར་ཚེས་ལྔའི་ཐུན་སྐབས་ཤིག་ཏུ་བྲིས་པས། འདི་འཕེལ་ཞིང་འགྲོ་དོན་རྒྱ་ཆེན་པོར་གྱུར་ཅིག །སརྦ་མངྒ་ལཾ།། །།གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །།