cover

མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

པོད་ལྔ་པ། ཅ༽

མཁས་གྲུབ་ཀརྨ་ཆགས་མེད།

Nitartha international
Images scanned by TBRC

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

གསང་སྔགས་རྙིང་མ་སྤྱིའི་སྐྱབས་སེམས་སྔོན་འགྲོའི་འདོན་ཆ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ།


CMR005_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་རྙིང་མ་སྤྱིའི་སྐྱབས་སེམས་སྔོན་འགྲོའི་འདོན་ཆ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་བཞུགས་སོ།


CMR005_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་འགྲོ་ནི། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ། །ལྟ་བ་སྒོམ་པ་སྤྱོད་པ་གསུམ་ལ་སྐྱབས་སུ་མཆིའོ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ་སྐྱབས་སུ་མཆིའོ། །གཞི་དང་ལམ་དང་འབྲས་བུ་གསུམ་ལ་སྐྱབས་སུ་མཆིའོ། །རྩ་དང་རླུང་དང་ཐིག་ལེ་གསུམ་ལ་སྐྱབས་སུ་མཆིའོ། །བདེ་དང་གསལ་དང་མི་རྟོག་གསུམ་ལ་སྐྱབས་སུ་མཆིའོ། །ངོ་བོ་


CMR005_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཐུགས་རྗེ་གསུམ་ལ་སྐྱབས་སུ་མཆིའོ། །བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ། །བློ་མ་མི་འགྱུར་རྡོ་རྗེའི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་མངོན་པར་བྱང་ཆུབ་སྐུ་ལ་སྐྱབས་སུ་མཆིའོ། །རྩ་བའི་བླ་མ་བཀའ་དྲིན་ཅན་ལ་སྐྱབས་སུ་མཆིའོ། །བརྒྱུད་པའི་བླ་མ་བྱིན་རླབས་ཅན་ལ་སྐྱབས་སུ་མཆིའོ། །འདྲེན་པའི་བླ་མ་ཐུགས་རྗེ་ཅན་ལ་སྐྱབས་སུ་མཆིའོ། །སེམས་བསྐྱེད་པ་ནི། དེང་བཟུང་བྱང་ཆུབ་མ་ཐོབ་བར། །འགྲོ་དྲུག་


CMR005_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ལ། །མ་དང་བུ་ཡི་འདུ་ཤེས་ཀྱིས། །མ་བརྒལ་བསྒྲལ་དང་མ་གྲོལ་སྒྲོལ། །དབུགས་དབྱུང་མྱ་ངན་འདས་ལ་འགོད། །སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ། །དེང་བཟུང་བྱང་ཆུབ་མ་ཐོབ་བར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །མ་དང་བུ་ཡི་འདུ་ཤེས་ཀྱིས། །མ་བརྒལ་བསྒྲལ་དང་མ་གྲོལ་སྒྲོལ། །དབུག་དབྱུང་མྱ་ངན་འདས་ལ་འགོད། །འཇུག་པ་བྱང་ཆུབ་སེམས་བསྐྱེད་དོ། །རྡོ་དྲིལ་བྱིན་རླབས་ནི། རྡོར་དྲིལ་ལག་ཏུ་བླངས་ལ། ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཐབས་ཀྱི་རང་བཞིན། རྡོ་རྗེ་ཐུགས་ཀར་གསོར་ལ། ཧཱུཾ་བཛྲ་ཏིཥྛ་ཛ་ན་ས་མ་ཡ་ཧཱུྃ། ཨོྃ་ལས་དྲིལ་བུ་ཤེས་རབ་ཀྱི་རང་བཞིན། ཧྲཱིཿ མུ་གུ་ལན་རི་ཀ་ཏ་ཧཱུཾ། དྲིལ་བུ་དཀྲོལ། རྫ་བྱིན་གྱིས་བརླབ་པ་ནི། རྔ་ལྕགས་ལག་ཏུ་ཐོགས་ལ། ཨཱཿ ལས་བྱུང་བའི་རྔ་ཀུན་བཟང་ཡབ་ཡུམ་སྦྱོར་བས་བླ་མེད་ཆོས་ཀྱི་སྒྲས་ཁམས་གསུམ་ཁྱབ་པར་གྱུར། དྷཱི༔ དྷརྨ་དྷཱཏུ་ཧཱུྃ་ཨཱཿ སྔགས་གསུམ་དང་། རྫ་གསུམ་བརྡེག །བསང་ཆུ་བྱིན་གྱིས་བརླབ་པ་ནི། རིན་པོ་ཆེའི་སྣོད་དུ་ཨ་ལས་བྱུང་བའི་ཁྲོ་མོ་དབྱིངས་ཕྱུག་མ་འོད་དུ་ཞུ་བའི་བདུད་རྩིར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ སརྦ་དྲ་བྱི་ཤོ་དྷ་ནི་ཧཱུྃ་ཕཊ༔


CMR005_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཆུ་དེས་བདུད་རྩི་དང་མཆོད་པ་ཐམས་ཅད་ལ་བྲན། བདུད་རྩི་དང་གཏོར་མ་བྱིན་གྱིས་བརླབས་པ་ནི། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཡཾ་རཾ་ཀེ་ལས་རླུང་མེ་ཐོད་སྐྱེད་ཀྱི་སྟེང་དུ་ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་སྨན་དང་གཏོར་མ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཞུ་བ་ལས་དམ་ཚིག་གི་བདུད་རྩི་དང་ཡེ་ཤེས་ཀྱི་བདུད་རྩི་གཅིག་ཏུ་འདྲེས་པའི་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ༔ མ་ཧཱ་བ་ལིཾ་ཏ་ཏེ་ཛ་བྷ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ཧྲི་ཤཱ་ས་མ་ཡེ་སྭཱ་ཧཱ། གསུམ། ཨོཾ་ཨཱཧཱུཾ། མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲིཋ། གསུམ། བདུད་རྩི་དཀྲུག་ཅིང་ལན་གསུམ་འཕྱར་ལ་མཆོད་པ་ཐམས་ཅད་བྲན། དེ་ནས་རཀྟ་བྱིན་གྱིས་བརླབ་པ་ནི། དེ་ནས། ར་ལས་བྱུང་བའི་ལྷ་མོའི་མཁའ་ལ་རིགས་དྲུག་འཁོར་བའི་རྒྱུ་ཐམས་ཅད་ཐིམ་པས་རཀྟའི་རྒྱུན་བབ། ཉོན་མོངས་འཇོམས་པའི་རཀྟས་འཁོར་བའི་རྒྱ་མཚོ་སྟོང་། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧཱི། གསུམ། རཀྟ་ལན་གསུམ་དཀྲུག་ཅིང་ཕྱར། ཕྱི་མཆོད་བྱིན་གྱིས་བརླབ་པ་ནི། ཨ་ལས་ཐོད་པར་ཧཱུྃ་ལས་ཕྱི་ནང་གསང་བའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་བཛྲ་པུཥྛ་དྷུཧྥེ་ཨཱ་ལོ་ཀེ་གནྡྷེ་ནེ་ཝི་ཏྱཱ་ཤབྡ་ཨཱཿཧཱུྃ། གུ་རུ་དྷེ་ཝ་དྷཀྐི་ནཱི་སརྦ་


CMR005_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

པཱུ་ཛ་ཧོ༔ དེ་ནས་དཀར་གཏོར་བྲན་ལ། ཧཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ལས་གཏོར་མ་བདུད་རྩིར་གྱུར། ཨོཾ་ཨཱཧཱུཾ། གསུམ། ཨོ་པྲི་ཐི་ཝི་དེ་ཝི་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ཨོ་པྲི་ཐི་ཝི་དེ་ཝི་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ། ཨོཾ་པྲི་ཐི་ཝི་དེ་ཝི་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ༔ ལྷ་ཀླུ་གནོད་སྦྱིན་རྒྱལ་པོ་གཟའ་བཙན་དང་། །དྲི་ཟ་གྲུལ་བུམ་མིའམ་ཅི་ལ་སོགས། །བདུད་དང་སྲིན་པོ་མ་མོ་གཟའ་སྨན་དང་། །དམུ་དང་ཐེའུ་རང་གྲོང་སྲིན་འདྲེ་མོར་བཅས། །ཡུལ་ལྷ་གཞི་བདག་གནས་བདག་གཏེར་བདག་དང་། །དཀོར་བདག་ལ་སོགས་ལྷ་སྲིན་འབྱུང་པོའི་ཚོགས། །བཀའ་དང་དམ་ལ་གནས་པའི་དགེ་བསྙེན་ཀུན། །གཙང་སྦྱར་གཏོར་མ་གསེར་སྐྱེམས་འདི་བཞེས་ལ། །གནོད་ཅིང་གདུག་པའི་བསམ་པ་རབ་ཞི་ནས། །རྟག་ཏུ་བདག་གི་དགེ་བའི་སྡོང་གྲོགས་མཛོད། །ཡུལ་རིས་རྒྱལ་ཁམས་ས་ཕྱོགས་འདི་དག་ཀུན། །བདག་གིས་བླ་མེད་བྱང་ཆུབ་མཆོག་བསྒྲུབ་ཅིང་། །སེམས་ཅན་རྣམས་ཀྱི་དོན་རབ་བརྩོན་པ་ལ། །ཁྱེད་རྣམས་བདག་གི་མཐུན་རྐྱེན་བསྒྲུབ་ཏུ་


CMR005_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ས་ཡི་ལྷ་མོ་བརྟན་མ་ལ་སོགས་པའི། །ས་བདག་རྒྱལ་བློན་འཁོར་དང་བཅས་པ་ཡིས། །གཙང་སྦྱར་གཏོར་མ་གསེར་སྐྱེམས་འདི་བཞེས་ལ། །བདག་གིས་བསམ་པའི་དོན་རྣམས་བསྒྲུབ་པ་ལ། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར། །རིན་ཆེན་གཏེར་གྱི་ས་འདི་སྩལ་དུ་གསོལ། །ཁྱེད་ཅག་བསམ་པ་སྒྲུབས་ལ་རེ་བ་སྐོངས། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །དཀར་གཏོར་འབུལ་ལ་བགེགས་གཏོར་བྲན། བྷཾ། ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ལས་གཏོར་མ་བདུད་རྩིར་གྱུར། ཨོཾ་ཨཱཧཱུྃ། གསུམ། ཧཱུྃ། ཕྱོགས་བཞི་མཚམས་བཞི་སྟེང་འོག་ཐམས་ཅད་དང་། །ས་འོག་ས་སྟེང་ས་བླར་རྒྱུ་བ་ཡི། །བགེགས་དང་ལོག་འདྲེན་ལན་ཆགས་འབྱུང་པོའི་ཚོགས། །བགེགས་འདུལ་ཁྲོ་རྒྱལ་འབར་བའི་བཀའ་བྱུང་གིས། །སྐད་ཅིག་ཡུད་ཙམ་ཞིག་གིས་འདིར་འདུས་ཤིག །བདག་གིས་བསྒོ་བའི་བཀའ་ལ་ཉན་པར་གྱིས། །ཨོཾ་བཛྲ་ཊཱ་ཀི་ཧཱུྃ་ཛ༔ ཛཧཱུྃ་བཾ་ཧོ༔ ཨོཾ་བཛྲ་ཨཾ་ཀུ་ཤ་ཛ༔ ཨོཾ་སརྦ་བིབྷཱན་ས་པཱ་རི་ཝ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ། ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ། ཉོན་ཅིག་


CMR005_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་དང་ལན་ཚགས་འབྱུང་པོའི་ཚོགས། །ཚེ་རབས་ལས་ཀྱིས་མནར་བའི་ལན་ཆགས་རྣམས། །འདོད་ཡོན་གླུད་དང་གཏོར་མས་ཚིམ་པར་བྱོས། །གནས་སྐབས་རྐྱེན་གྱིས་བསྒྱུར་བའི་གདོན་བགེགས་རྣམས། །གཏོར་ཀྱུ་ཆངས་བུ་མར་མེ་ཞལ་ཟས་དང་། །འབྲས་ཆན་འབྲས་བུ་ཤ་ཆང་ལ་སོགས་པས། །ཚིམ་པར་གྱིས་ལ་རང་རང་གནས་སུ་དེངས། །གལ་ཏེ་མི་འགྲོ་འདི་རུ་འཚེ་བྱེད་ན། །ཡེ་ཤེས་རོལ་པའི་ཁྲོ་རྒྱལ་རིབ་ཁྲོས་ནས། །རྡུལ་ཕྲན་ཕྲ་མོ་བཞིན་དུ་བརླག་པར་འགྱུར། །སརྦ་བིགྷཱན་གཙྪ། ཅེས་བརྗོད་བགེགས་གཏོར་ཕྱི་རོལ་དོར། དྲག་སྔགས་རོལ་མོས་མཚམས་དྲག་ཏུ་བཅད། ཅེས་པ་རྙིང་མ་སྤྱིའི་སྔོན་འགྲོའི་རིམ་པ་ཁྱེར་བདེ་བ་རཱ་ག་ཨ་སྱས་བཀོད་པ་དགེའོ། །གསང་སྔགས་བསྟན་པ་དར་རྒྱས་ཤོག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

རྩ་གསུམ་དྲིལ་སྒྲུབ་ཀྱི་རྩ་ཚིག


CMR005_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་དྲིལ་སྒྲུབ་ཀྱི་རྩ་ཚིག་བཞུགས་སོ། །དཀོན་མཆོག་གསུམ་དངོས་རྩ་གསུམ་གཅིག་དྲིལ་བ། །ཀརྨ་པ་ལ་གུས་པས་སྐྱབས་སུ་མཆི། །འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་དེ་ཉིད་བསྒྲུབ། །སྟོང་པའི་རང་སྒྲ་ཧཱུཾ་ཡིག་སྔོ་དམར་འཕྲོས། །སྔོན་པོ་རྡོ་རྭ་དམར་པོར་མེ་རི་གྱུར། །དེ་ནང་བྷཾ་གྱི་སྒྲ་ལས་གཞལ་ཡས་ཁང་། །དེ་ནང་རྨ་བྱ་པདྨ་ཟླ་བའི་སྟེང་། ཧྲཱིཿཡིག་དམར་པོ་ལས་གྱུར་བདག་མདུན་ལྷ། །ཞལ་གསུམ་ཕྱག་དྲུག་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །རྩ་ཞལ་ཚེ་དཔག་མེད་དམར་ཆགས་པའི་ཉམས། །གཡས་ཞལ་སྤྱན་རས་གཟིགས་དཀར་ཞི་བའི་ཞལ། །གཡོན་ཞལ་མ་ཧཱ་ཀཱ་ལ་ཁྲོས་པའི་ཞལ། །སྐུ་མདོག་དམར་གསལ་པད་འབྱུང་གར་དབང་ཕྱུག །དང་པོས་ཕྱག་གཉིས་དཔག་བསམ་ཚེ་བུམ་བརྒྱན། །བར་པས་གྲི་གུག་ཐོད་ཁྲག་ཕག་མོ་ཡུམ། །ཐ་མས་ཕྲེང་དམར་པད་སྡོང་ཐུགས་རྗེའི་བདག །རྒྱལ་བ་རྒྱ་མཚོའི་ངོ་བོར་བཞུགས་པ་སྟེ། །དར་དང་རིན་ཆེན་དུ་མས་རྣམ་པར་བརྒྱན། །ཐམས་ཅད་གཅིག་འདུས་རྒྱལ་བ་ཀརྨ་པ། །ཡེ་ནས་དམ་ཡེ་དབྱེར་མེད་དྲན་རྫོགས་གསལ། །སྔགས་ཕྲེང་ཞལ་ནས་ཐོན་ནས་མདུན་བསྐྱེད་


CMR005_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །ཞལ་ཞུགས་ཐུགས་བརྒྱུད་རང་གི་ཐུགས་ཀར་འཁོར། །ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་རཱ་ག་ཨཀྵ་བྷུ་བཛྲ་ས་མཱ་ཛ༔ བཛྲ་ཨཱ་ཡུ་ཥེ་ཧཱུཾ་ཧཱུཾ་ཏྲཾ་ཛ༔ ཚེ་བསོད་རྒྱས་དབང་དུ་གྱུར་ཅིག །འདོད་གསོལ་འདི་རྒྱུན་དུ་མ་བྱས་ཀྱང་རུང་། སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཨོཾ་བཛྲ་ཨརྒྷཾ། པུལླེ་སོགས་ཤསྡ། རཱུ་པ་སོགས་ནས། སྤརྙེ། མཱ་ཏངྒེ་ཨཱཙྪེཧཱུཾ་སྭཱ་ཧཱ། གཏོར་མ་ཡོད་ན་རྩ་སྔགས་ལ། བ་ལིནྟ་ཁཱ་ཧི། བཅོམ་ལྡན་པདྨ་ཚེ་དཔག་མེད། །རང་བྱུང་རོལ་པའི་རྡོ་རྗེ་སྟེ། །དཔའ་བོ་རྣལ་འབྱོར་མ་བཅས་རོལ། །རྡོ་རྗེ་དབྱངས་ཅན་བཟང་པོར་བསྟོད། །རང་གི་ལྟེ་བར་རྡོ་རྗེ་ཟླ་བ་ཡི། །ཁ་ཆོད་ཅན་གྱི་བྷནྡྷ་བདུད་རྩིས་གང་། །རྡོ་རྗེའི་ཁོང་སེང་དབུ་མ་མཚན་ཉིད་ལྡན། །ཨོཾ་བཛྲ་ཨཀྵ་བྷ་ཧཱུྃ་ཞེས་པ་ཡི། །སྒྲ་ཡིས་རླུང་རྔུབ་ལྟེ་བའི་བདུད་རྩིར་གྱུར། །དབུ་མ་ནས་བརྒྱུད་ལུས་གང་འཆི་མེད་ཐོབ། །མདུན་བསྐྱེད་ལས་འཕྲོས་དེ་འདྲ་སྤྱན་དྲངས་ནས། །སྤྱི་བོར་བཞུགས་ལ་ཡིད་ཀྱིས་གསོལ་བ་གདབ། །རྩ་སྔགས་ལ། བཛྲ་ཀཱ་ཡ་ཝཱཀ་ཙིཏྟ་ཛྷཱ་ན་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། དེ་ཡི་དཔྲལ་མགྲིན་ཐུགས་ཀ་ལྟེ་བ་ནས། །འོད་ཟེར་དང་འདྲེས་བདུད་རྩི་དཀར་དམར་མཐིང་། །རང་གི་གནས་བཞིར་ཐིམ་


CMR005_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལུས་ཀུན་གང་། །སྐད་ཅིག་ཉིད་ལ་ཕག་མོ་དང་འཁྱུད་པ། །སྤྱི་བོའི་ལྷ་དེ་ཡབ་ཡུམ་ཞལ་སྦྱོར་གྱུར། །སྦྱོར་མཚམས་བྱང་སེམས་རྒྱུན་བབས་རྩ་གནས་གང་། །ཡུམ་ལས་ཡུམ་འཕྲོས་བདག་དང་འཁྱུད་བྱས་པས། །དགའ་བ་བཞི་ཡི་ཡེ་ཤེས་ཉམས་སུ་མྱོང་། །སྐྱེ་མེད་འཆི་བ་བྲལ་བ་ལ། །སྤྲོས་ན་སྤྲོས་མེད་གཟི་བརྗིད་ཅན། །བསྡུས་ན་བདག་གཞན་གཉིས་མ་དམིགས། །གཉིས་སྤངས་དབྱེར་མེད་ལུ་གུ་རྒྱུད། །བརྟན་ཅིང་མི་འགྱུར་ཆོས་ཀྱི་དབྱིངས། །རང་རིག་གསེར་གྱི་རྡོ་རྗེ་ལུས་ཚད་ཀྱི། །ལྟེ་བར་ཧཱུྃ་ཡིག་དམར་པོ་ལས། །རང་མིང་རྒྱ་སྐྱེགས་བྲིས་འདྲ་གསལ། །དེ་ནས་དམིགས་མེད་ངང་དུ་བཞག །ཅེས་རཱ་ག་ཨ་སྱས་བསྙེན་པ་ཚར་ཉིན་སྦྱར་བའོ། །མངྒ་ལཾ། ། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

རྒྱུད་འདེབས་ཐོག་མའི་མགོན་པོ་ཞེས་པ།


CMR005_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་། །དྲུག་པའི་བདག་ཉིད་རྒྱལ་བ་རྡོ་རྗེ་འཆང་། །འདྲེན་པའི་གཙོ་བོ་ཐུགས་མཆོག་རྡོར་སེམས་ཞབས། །རྒྱལ་བ་དགོངས་བརྒྱུད་བླ་མར་གསོལ་བ་འདེབས། །བར་དོ་དབྱིངས་སུ་གྲོལ་བར་བྱིན་གྱིས་རློབས། །སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ་དང་། །རྒྱལ་བའི་སྲས་མཆོག་གུ་རུ་ཤྲཱི་སེང་། རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང་གནས་ཞབས། །རིག་འཛིན་བརྡ་བརྒྱུད་བླ་མར་གསོལ་བ་འདེབས། །བར་དོ་དབྱིངས་སུ་གྲོལ་བར་བྱིན་གྱིས་རློབས། །ཟབ་གཏེར་མངའ་བདག་ཀརྨ་གླིང་པ་དང་། །ཐུགས་ཀྱི་སྲས་མཆོག་ཆོས་རྗེ་གླིང་པ་དང་། །སྙིགས་དུས་འགྲོ་མགོན་སུརྱ་ཙནྡའི་ཞབས། །གང་ཟག་སྙན་བརྒྱུད་བླ་མར་གསོལ་བ་འདེབས་། །བར་དོ་དབྱིངས་སུ་གྲོལ་བར་བྱིན་གྱིས་རློབས། །ཕྲིན་ལས་བཀའ་བབས་ནམ་མཁའ་རྒྱ་མཚོ་དང་། །ཐུགས་རྗེའི་བཀའ་བབས་བསོད་ནམས་འོད་ཟེར་དང་། །སྨོན་ལམ་བཀའ་བབས་པུཎྱ་ཤྲཱིའི་ཞབས། །བཀའ་བབས་བརྒྱུད་པའི་བླ་མར་གསོལ་བ་འདེབས། །བར་དོ་དབྱིངས་སུ་གྲོལ་བར་བྱིན་གྱིས་རློབས། །འབྲེལ་ཚད་དོན་ལྡན་རྩ་


CMR005_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་བླ་མ་དང་། །སྣང་སྟོང་དབྱེར་མེད་ཡི་དམ་ཞི་ཁྲོ་དང་། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས། །ཟབ་ཆོས་དགོངས་པ་རང་གྲོལ་ལ་གསོལ་བ་འདེབས། །བར་དོ་དབྱིངས་སུ་གྲོལ་བར་བྱིན་གྱིས་རློབས། །སྐྱེ་གནས་བར་དོ་ཀུན་གཞི་རང་གྲོལ་དང་། །རྨི་ལམ་བར་དོ་འཁྲུལ་པ་རང་གྲོལ་དང་། །བསམ་གཏན་བར་དོ་རིག་པ་རང་གྲོལ་ནས་།བར་དོ་དབྱིངས་སུ་གྲོལ་བར་བྱིན་གྱིས་རློབས།་།འཆི་ཁ་བར་དོ་འཕོ་བ་རང་གྲོལ་དང་། །ཆོས་ཉིད་བར་དོ་མཐོང་བ་རང་གྲོལ་དང་། །སྲིད་པ་བར་དོ་འགྲོ་དྲུག་རང་གྲོལ་ནས། །བར་དོ་དབྱིངས་སུ་གྲོལ་བར་བྱིན་གྱིས་རློབས། །ཐུན་མོང་མ་ཡིན་ཁྱད་པར་ཐེག་དགུའི་མཛོད།་།ཡང་ཟབ་རྡོ་རྗེ་ཐེག་པའི་ཡང་བཅུད་ལས། །ཡང་སྙིང་བསྡུས་ནས་འགྲོ་དྲུག་མི་རྣམས་ཀུན། །བར་དོ་དབྱིངས་སུ་གྲོལ་བར་བྱིན་གྱིས་རློབས། །ཡ་ཀི་སྟོང་སྡེ་བཙན་པོ་མན་ཆད་ནས། །མ་ཀི་ཉམ་ཆུང་བདག་ཉིད་ཡན་ཆད་ལ། །ནམ་ཞིག་ཚེ་ཡི་སྣང་བ་ནུབ་པའི་ཚེ། །བར་དོ་དབྱིངས་སུ་གྲོལ་བར་བྱིན་གྱིས་རློབས། །སྒྲ་འོད་ཟེར་གསུམ་བདག་ལ་དུས་གཅིག་འཆར། །སྒྱུ་ལུས་ཕུང་པོ་གཏད་མེད་མཁའ་ལ་ཡལ། །


CMR005_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་ཡེ་ཤེས་ཌཱཀྐིའི་སྦུབས་སུ་ཚུད། །བར་དོ་དབྱིངས་སུ་གྲོལ་བར་བྱིན་གྱིས་རློབས། །བར་དོ་བར་མཚམས་མེད་པ་ཀུན་བཟང་ཀློང་། །འགྲོ་དྲུག་རང་གྲོལ་ཆོས་སྐུའི་ཞིང་ཁམས་སུ། །གདོད་མའི་རང་སྣང་རྒྱལ་ས་ཟིན་པར་ཤོག །བར་དོ་དབྱིངས་སུ་གྲོལ་བར་བྱིན་གྱིས་རློབས། །ཞེས་པ་འདི་ཨ་རཱ་གས་སོ། །དགེའོ།། ༧ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཞི་ཁྲོའི་ཉམས་ལེན།


CMR005_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཨཿ ཆོས་རྣམས་དམིགས་མེད་ཡེ་ནས་རྫོགས་པ་ཆེ༔ དེ་ཡི་རང་མདངས་མཁའ་ལ་འཇའ་ལྟར་ཤར༔ རང་ཉིད་རྡོ་རྗེ་སེམས་དཔའ་ཤེལ་གྱི་མདོག༔ དར་།དང་རིན་ཆེན་རྒྱན་སྤྲས་འཛུམ་པའི་ཞལ༔ ཕྱག་གཉིས་རྡོ་རྗེ་དྲིལ་འཛིན་ཕྱེད་སྐྱིལ་བཞུགས༔ དེ་ཡི་ཐུགས་ཀར་ཞི་བ་བཞི་བཅུ་གཉིསམགྲིན་པར་རིག་འཛིན་སྡེ་ལྔ་ཡབ་ཡུམ་འཁྲིལ༔ སྤྱི་བོར་ཁྲག་འཐུང་འབར་བ་ལྔ་བཅུ་བརྒྱད༔ མེ་ལོང་གཟུགས་བརྙན་ལྟ་བུར་བཀྲ་ལམ་མེ༔ དམ་ཚིག་ཡེ་ཤེས་དབྱེར་མེད་གདོད་ནས་གསལ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷ་ཏུ་ཨཱཿ ཨོ་རུ་ལུ་རུ་ལུ་ཧཱུྃ་བྷོ་ཧཱུྃ༔ ཅེས་དང་། འཨཤསམསཿ འདི་ནི་བཏགས་གྲོལ་སྙིང་པོ་སྟེ། ཞི་ཁྲོའི་ཉམས་ལེན་ཚང་བའོ།། ༧ ཨ་རཱ་གས་སོ། །བཀྲ་ཤིས།།

སྤྱོད་བག་ཆགས་རང་གྲོལ་གྱི་དོན་བསྡུས་རང་གྲོལ་སྙིང་པོ།


CMR005_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་བག་ཆགས་རང་གྲོལ་གྱི་དོན་བསྡུས་རང་གྲོལ་སྙིང་པོ་ནི༔ ཨོཾ་ཨཱཧཱུྃ༔ རང་ཉིད་སྐད་ཅིག་རྡོ་རྗེ་སེམས་དཔའ་ཡི༔ ཙིཏྟ་རིན་ཆེན་སྙིང་གི་གཞལ་ཡས་སུ༔ སངས་རྒྱས་ཞི་བ་བཞི་བཅུ་རྩ་གཉིས་ལ༔ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ མགྲིན་པ་ལོངས་སྤྱོད་འཁོར་ལོའི་གཞལ་ཡས་སུ༔ རིག་འཛིན་དཔའ་བོ་མཁའ་འགྲོའི་ལྷ་ཚོགས་ལ༔ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཀླད་པ་དུང་ཁང་འབར་བའི་གཞལ་ཡས་སུ༔ ཁྲག་འཐུང་འབར་བ་ལྔ་བཅུ་རྩ་བརྒྱད་ལ༔ ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཞི་བ་སངས་རྒྱས་བཞི་བཅུ་གཉིས༔ གཅིག་ཏུ་དྲིལ་བའི་དགོངས་པ་འདིས༔ རྟོག་ཚོགས་ཕུང་པོ་ཀ་དག་ཏུ༔ ཡེ་ཤེས་ཆེན་པོའི་ཀློང་དུ་གྲོལ༔ ཡིག་འབྲུ་བཅུ་དྲུག་རྡོ་རྗེའི་སྒྲ༔ འཇའ་འོད་རིང་བསྲེལ་དཔག་མེད་འབྱུང་༔ ཨོཾ་ཨཱཧཱུྃ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་


CMR005_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་བྷོ་ཧཱུྃ༔ ཁྲག་འཐུང་དྲུག་ཅུ་ཐམ་པ་ཡི༔ གཅིག་ཏུ་དྲིལ་བའི་སྙིང་པོ་འདིས༔ ཉོན་མོངས་རྟོག་པ་ཀ་དག་ཏུ༔ ཡེ་ཤེས་ཆེན་པོའི་ཀློང་དུ་གྲོལ༔ རུ་ལུ་འབྲུ་བརྒྱད་རྡོ་རྗེའི་སྒྲ༔ མེ་འོད་དཀར་གསལ་གཡོ་མེད་གནས༔ འཿཨཿཧཿཤཿསཿམ༔ སྐྱེ་འགགས་མེད་པའི་དགོངས་པ་འདི༔ འབྲུ་དྲུག་རིགས་དྲུག་ཀློང་ནས་གྲོལ༔ རང་བྱུང་ཐིག་ལེ་དྲུག་པའོ༔ རིང་བསྲེལ་ཕྲ་ཞིང་མང་བ་དང་༔ འཇའ་འོད་སྣ་ཚོགས་འབྱུང་བར་འགྱུར༔ རཱ་ག་ཨ་སྱས་རྒྱུད་ནས་བསྡུས༔ འདི་ལ་འབྲེལ་ཐོགས་སེམས་ཅན་རྣམས༔ ཐོག་མའི་མགོན་པོ་དབྱེར་མེད་ཤོག༔

ངག་གི་རྡོར་སེམས་སྒོམ་བཟླས།


CMR005_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ངག་གི་རྡོར་སེམས་སྒོམ་བཟླས་ནི། །ཞི་ཁྲོ་ཐུགས་ཀྱི་ན་རཀ་དོང་སྤྲུགས་ཏེ། །དེ་ནས་ལས་བྱང་ལ་སོགས་གཞུང་ལྟར་ལས། །རྣམ་པར་སྣང་མཛད་བུདྡྷ་ཁྲག་འཐུང་གཉིས། །ཤར་དུ་བསྒོམ་ཞིང་རྣམ་པར་སྣང་མཛད་ལ། །རྡོ་རྗེ་རིགས་ཀྱི་སེམས་དཔའ་སེམས་མས་བསྐོར། །རྡོར་སེམས་རྣམ་སྣང་གཉིས་པོ་གོ་བརྗེ་བ། །རྫོགས་ཆེན་རྒྱུད་གཞུང་ཕལ་ཆེར་རྣམས་ལས་གསུངས། །ལྷ་ཚོགས་དམ་པ་རིགས་བརྒྱའི་ཐུགས་ཀ་རུ། །རང་རང་ས་བོན་རང་རང་སྔགས་ཀྱིས་བསྐོར། །འཁོར་ནི་མི་དགོས་སྔགས་ཕྲེང་བཀོད་པ་ཡིན། །དཀྱིལ་འཁོར་གཙོ་བོ་རྡོར་སེམས་ཐུགས་ཀ་རུ། །ཧཱུྃ་ཡིག་དཀར་ལ་སྔོ་མདངས་ཆགས་པའི་མཐར། །ཡིག་བརྒྱ་མུ་ཏིག་མདོག་འདྲ་གཡས་སུ་འཁོར། །བདག་མདུན་ལྷ་ཚོགས་ཀུན་གྱིས་ཡིག་བརྒྱ་སྒྲོག །བདག་བསྐྱེད་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ། །མདུན་བསྐྱེད་སྐུ་ལས་འོད་ཟེར་ཉི་ཟེར་འདྲ། །རེ་རེའི་རྩེ་ལ་རྡོ་རྗེ་སེམས་དཔའ་རེ། །ཐུགས་ཀར་ཟླ་སྟེང་སྔགས་ཕྲེང་དང་བཅས་པ། །སྦྱིན་བདག་ཚེ་འདས་ལ་སོགས་དམིགས་ཡུལ་ནི། །རེ་རེའི་སྤྱི་བོར་རྡོར་སེམས་ཡབ་ཡུམ་རེ། །སྦྱོར་མཚམས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས། །ཚངས་བུག་ནས་ཞུགས་ལུས་ཀྱི་ཕྱི་ནང་བཀྲུས། །སྒྲིབ་པ་ཀུན་དག་ཤེལ་སྒོང་ལྟ་བུར་


CMR005_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །ཡི་གེ་བརྒྱ་པ་ཅི་ནུས་བཟླས་རྗེས་སུ། །བོདྷི་ཙིཏྟ་ཅུང་བྱེད་བསྙེན་པ་བྱ། །ཞི་ཁྲོ་ན་རཀ་དོང་སྤྲུགས་དཀྱིལ་འཁོར་ཡིན། །ཚེ་འདས་དོན་དང་གསོན་པོའི་སྒྲིབ་སྦྱོང་ལ། །ཞི་ཁྲོ་བླུག་ཆེད་འདི་ཉིད་བྱ་བ་གཅེས། །དབང་སྐུར་གནས་སྤར་འགྲོ་དྲུག་རང་གྲོལ་དང་། །རིགས་དྲུག་གནས་འདྲེན་དུས་སུ་འདི་ཡིན་ཏེ། །རྒྱས་པར་གྲུབ་ན་རྒྱུད་ནས་གསུངས་པ་ལྟར། །རིགས་དྲུག་ཡིག་བརྒྱ་དྲུག་ཀྱང་ཅི་ནུས་བཟླས། །རིགས་དྲུག་ཡིག་བརྒྱ་སྔགས་དམིགས་འདི་ལྟར་བྱ། །ཚེ་ལས་འདས་པ་རྗེས་ཐོག་དྲངས་རང་རེ་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལྔ་ཚོམ་གྱི་དབུས་སུ་བུདྡྷཱ་རིགས་ཀྱི་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། ཤར་དུ་རྡོ་རྗེ་རིགས་ཀྱི་རྡོ་རྗེ་སེམས་དཔའ་སྔོན་པོ། ལྷོར་རིན་ཆེན་རིགས་ཀྱི་རྡོ་རྗེ་སེམས་དཔའ་སེར་པོ། ནུབ་ཏུ་པདྨ་རིགས་ཀྱི་རྡོ་རྗེ་སེམས་དཔའ་དམར་པོ། བྱང་དུ་ལས་ཀྱི་རིགས་ཀྱི་རྡོ་རྗེ་སེམས་དཔའ་ལྗང་གུ།། གཙོ་བོའི་དབུ་སྟེང་དུ་དེ་བཞིན་རིགས་ཀྱི་རྡོ་རྗེ་སེམས་དཔའ་འོད་ལྔའི་ཁ་དོག་ཅན། ཐམས་ཅད་ཀྱང་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ་དར་དང་རིན་པོ་ཆེས་བརྒྱན་ཅིང་མཚན་དཔེ་འབར་བ། དེ་རྣམས་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ས་བོན་ཨོཾ་ཧཱུྃ་སྭཱ་ཨོཾ་ཧ་ཧྲིརྣམས་ལ་རིགས་སོ་


CMR005_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

སོའི་ཡིག་བརྒྱས་བསྐོར་བ་ལས་འོད་འཕྲོས་པས་རྡོ་རྗེ་སེམས་དཔའ་རིགས་དྲུག་གི་ལྷ་ཚོགས་འཁོར་དང་བཅས་པ་སྤྱན་དྲངས་གཉིས་སུ་མེད་པར་ཐིམ་པས་རྡོ་རྗེ་སེམས་དཔའ་རིགས་དྲུག་གི་ཞལ་ནས་འདི་སྐད་གསུང་པའི་མོས་པ་མཛོད། བདག་གིས་ཀྱང་ཡི་གེ་བརྒྱ་པ་ཞེས་བྱ་བ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་ཉམས་ཆག་དང་སྡིག་སྒྲིབ་དག་པར་བྱེད་པ་འདི་བརྗོད་ཀྱི་རྣལ་འབྱོར་པ་སྡིག་སྒྲིབ་ཅན་ཉམས་ཆག་ཅན་བསོགས་འཇོག་ཅན། བག་ཆགས་ངན་པ་ཅན་ཁྱོད་ཉོན་ཅིག །ཧཱུྃ་བཛྲ་སཏཱ་ས་མ་ཡ་སོགས། སཏྭ་ཨཱཿ ཞེས་རྡོ་རྗེ་རིགས་ཀྱི་ཡིག་བརྒྱ་དང་། སྲ་རཏྣ་སཏཱ་སོགས། རཏྣ་སཏཱ་ཨ། ཨོཾ་པདྨ་སཏཱ་སོགས། པདྨ་སཏྭ་ཨ། ཧྭ་ཀརྨ་སཏཱ་སོགས། ཀརྨ་སཏྭ་ཨ། ཨོཾ་བུདྡྷ་སཏཱ་སོགས། བུདྡྷ་སཏྭ་ཨ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་སཏྭ་ས་མ་ཡ་སོགས༔ རེ་རེ་བཞིན་དུ་གསུམ་ལྔ་བདུན་བཟླས་ནས། རིགས་སོ་སོའི་སྐུ་ལས་བདུད་རྩིའི་རྒྱུན་བབས་རང་གཞན་ཐམས་ཅད་ཀྱི་ཚངས་བུག་ནས་ཞུགས་ལུས་ཐམས་ཅད་གང་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་མྱོང་བའི་རྒྱུ་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་ནས་ལུས་ཤེལ་སྒོང་ལྟར་གྱུར། སླར་ཡང་སེམས་དཔའ་དྲུག་གི་


CMR005_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལས་འོད་ཟེར་ནམ་མཁའི་མཐར་ཁྱབ་པར་འཕྲོས། གསུང་ཡི་གེ་བརྒྱ་པ་འབྲུག་ལྟར་སྒྲོགས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་ནས་ངན་སོང་གསུམ་དང་རིགས་དྲུག་གི་སྡུག་བསྔལ་དོང་ནས་སྤྲུགས་ཏེ་རིག་འཛིན་རྒྱལ་བའི་ཞིང་དུ་སྐྱེ་བར་གྱུར། ཨོཾ་སྙམ་པས་རྡོ་རྗེ་སེམས་དཔའི་སྙིང་པོ་འདི་ལྟ་བུར་འདོན་ཝིག་མཛོད། ཨོཾ་བཛྲ་སཏྭ་ཧཱུཾ། བརྒྱ་རྩ་བརྒྱད་བཟླས། ད་འདི་ཡི་རྗེས་ཟློས་མཛོད། ཚེ་འདས་ལུས་ཀྱི་ལས་ནི་རྣམ་པ་གསུམ། །ངག་གི་རྣམ་པ་བཞི་དག་དང་། །གང་ཡང་ཡིད་ཀྱི་རྣམ་གསུམ་པོ། །མི་དགེ་བཅུ་པོ་སོ་སོར་བཤགས། །ཚིག་མཇུག་དེ་ལ་ལན་གསུམ་རྗེས་ཟློས་མཛོད། བདག་ནི་མི་ཤེས་གཏི་མུག་རྨོངས་པ་ཡིས། །དམ་ཚིག་སྲུང་མཚམས་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོ་ཁྱོད་ཀྱིས་སྐྱབས་མཛོད་ཅིག ། གཙོ་བོ་དཔལ་ལྡན་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོ་བརྩེ་བའི་བདག་ཉིད་ཅན། །འགྲོ་བའི་མགོན་པོས་བདག་སོགས་སྐྱབས་མཛོད་ཅིག་།བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་བཅས་ཀུན། །མ་ལུས་བྱང་ཞིང་དག་པར་མཛད་དུ་གསོལ། །དགེ་བ་འདི་ཡིས་མྱུར་དུ་བདག་ཉིད་ཀྱང་། །རྡོ་རྗེ་སེམས་


CMR005_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་དེང་འདིར་འགྲུབ་གྱུར་ནས། །འགྲོ་བ་སེམས་ཅན་གཅིག་ཀྱང་མ་ལུས་པ། །ཐམས་ཅད་དེ་ཡི་ས་ལ་འགོད་པར་ཤོག །རྡོ་རྗེ་སེམས་དཔའ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །དེ་ལྟར་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་རིགས་དྲུག་པོ་འོད་དུ་ཞུ་ནས་བདག་ལ་ཐིམ་པས་རྡོ་རྗེ་སེམས་དཔའ་རིགས་དྲུག་གི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་པའི་མོས་པ་མཛོད། ཨོཾ་ཨཱཿ ཧཱུཾ་སྭ་ཧཱ་ཨོཾ་བཛྲ་སཏཱ་སོགས་བཟླ་བ་རིགས་ལྔ་གཅིག་བསྡུས་ཡིག་བརྒྱ་ཡིན། དེ་དོན་ན་རཀ་དོང་སྤྲུགས་རྒྱུད་ན་གསལ། །གསར་རྙིང་ཡིག་བརྒྱ་ཅུང་ཟད་མི་འདྲ་སྟེ། །ཧྲི་ད་ཡ་འབྱར་རྙིང་མའི་ཡིག་བརྒྱ་ཡིན། །ཡིག་བརྒྱ་རིགས་དྲུག་དེ་ཡི་ལུགས་སུ་དགོས། །རྩ་བའི་ཡིག་བརྒྱ་གསར་མ་དང་མཚུངས་ཆོག །ཅེས་པ་ཨ་རཱ་གས་ཟིན་བྲིས་ལས་ཁོལ་དུ་ཕྱུང་བའོ། ༈ །རྒྱུད་ནས་གསུང་པའི་རིགས་དྲུག་ཡིག་བརྒྱ་བཞུགས་སོ། །རྡོ་རྗེ་སེམས་དཔས་འདི་སྐད་གསུངས། །ཞིང་ཁམས་རྒྱལ་བ་རྒྱ་མཚོ་དགོངས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཚན་ནས་བརྗོད་ཅིང་ཕྱག་འཚལ་ན། །མཚམས་མེད་ཉེས་བྱས་རྣམ་སྨིན་བྱང་། །གསང་སྔགས་དམ་ཚིག་སོར་དུ་


CMR005_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཆུད། །མི་དགེ་ཕལ་པ་སྨོས་ཅི་དགོས། །སྡིག་སྒྲིབ་ཐམས་ཅད་དག་བྱེད་པའི། །ཡི་གེ་བརྒྱ་པ་ངག་གིས་བརྗོད། །ཉམས་ཆག་ཐམས་ཅད་འདི་ཡིས་སྐོང་། །ངན་སོང་དོང་སྤྲུགས་འདི་སྐད་བརྗོད། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་སཏཱ་ས་ཡ་སོགས། ཉི་ཤུ་རྩ་གཅིག་བརྒྱ་རྩ་བརྒྱད། །ལྷ་བསྒོམ་གསལ་བར་བརྗོད་བྱས་ན། །ཉམས་ཆག་ཐམས་ཅད་སྐོང་བར་བྱེད། །ངན་སོང་གསུམ་ལས་ཐར་བར་འགྱུར། །ཡི་དམ་ངག་ཏུ་འདི་བརྗོད་ན། །དུས་གསུམ་རྒྱལ་བའི་སྲས་སུ་འགྱུར། །ཞེས་གསུངས་སོ། །དུད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ༔ ཧཱུྃ་བཛྲ་སཏཱ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏི། དྲནྟོ་མེ་བྷ་ཝ། སུ་ཏོཏྟོ་མེ་བྷ་ཝ། ཨ་ནུ་རཀྟ་མེ་བྷ་ཝ། སུ་པོཁྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡ༔ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲ་བྷ་ཝ། མ་ཧཱ་ས་མ་ཡ་བཛྲ་སཏྭ་ཨཱཿ ཅེས་བརྗོད་ན་རཀ་དོང་སྤྲུགས་འགྱུར། པྲཔ་ཙ་པ་ཙ་སརྦ་པྲ་ཏ་ཀ་ག་ཏེ་ཧེ་ཏུན་ཧཱུཾ་ཕཊ། ཨོཾ་པདྨ་སཏཱ་ས་མ་ཡ༔ མ་ནུ་པཱ་ལ་ཡ། ཝཱཀྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀཏྟོ་མེ་བྷ་ཝ། སུ་ཏོཁྱོ་མེ་བྷ་ཝ། ཨ་ནུ་རཀྟ་མེ་བྷ་ཝ། སུ་པོཁྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། །


CMR005_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཤྲི་ཡ༔ ཀུ་རུ་ཧཱུཾ་ཧཱུཾ། ཨོཾ་ཨཾ། ཨ་ཨ། ཧཱུཾ་ཧོ་ཧོ། བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏེ། པདྨ་མཱ་མེ་མུཉྩ། ཝཱཀ་བྷ་ཝ། མ་ཧཱ་ས་མ་ཡ་ཝཱཀ་སཏྭ་ཨཱཿ ཞེས་བརྗོད་ཡི་དྭགས་ལས་གྲོལ་ལོ། །སུ་མ་ཐ་མ་ཐ་སརྦ་ཏིརྨ་ཀ་ག་ཏེ་ཧེ་ཏུན་ཧཱུཾ་ཕཊ། ཨོཾ་བུདྡྷ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བུདྡྷ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲིབྷོ་མེ་བྷ་ཝ། སུ་ཏོཊོ་མེ་ཝ། ཨ་ནུ་རཀྟ་མེ་བྷ་ཝ། སུ་པོཁྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། བུདྡྷ་ཤི་ཡ། ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝན་སརྦ་ཏ་ཐཱ་ག་ཏ། བུདྡྷཱ་མཱ་མེ་མུཉྩ༔ བུདྡྷ་བྷ་ཝ། མ་ཧཱ་ས་མ་ཡ་བུདྡྷ་སཏྭ་ཨཱཿ ཞེས་བརྗོད་དུད་འགྲོ་ལས་གྲོལ་ལོ། །ཏྲི་སརྦ་དུཁ་སརྦ་ཀརྨ་པྲ་ཝེ་ཤ་ཡ་ཧཱུྃ་ཕཊ། ཀརྨ་སཏཱ་ས་མ་ཡ། མ་ནུ་པཱ་ལ་ཡ། ཀརྨ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲིནྟོ་མེ་བྷ་ཝ། སུ་ཏོོ་མེ་བྷ་ཝ། ཨ་ནུ་རཀྟ་མེ་བྷ་ཝ། སུ་པོཔྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཀརྨ་ཤྲཱི་ཡཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། ཀརྨ་མཱ་མེ་མུཉྩ། ཀརྨ་བྷ་ཝ་མ་ཧཱ་ས་མ་ཡ་ཀརྨ་སཏྭ་ཨཱཿ དེ་ཡིས་ལྷ་མིན་སྡུག་བསྔལ་ལས་གྲོལ་ལོ། །ཨ་སརྦ་ཏ་ཐཱ་ག་ཏ་བི་དྷུ་ནན་ཁཥྛ་ཚིནྡྷ་ཚིནྡྷ་


CMR005_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཕཊ། སྭརཏྣ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། རཏྣ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲིཏྟོ་མེ་བྷ་ཝ། སུ་ཏོཊོ་མེ་བྷ་ཝ། ཨ་ནུ་རཀྟ་མེ་བྷ་ཝ། སུ་པོཏྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། རཏྣ་ཤྲི་ཡཀུ་རུ་ཧཱུྃ་ཕཊ། ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། རཏྠ་མ་མེ་མུཉྩ། རཏྣ་བྷ་ཝ། མ་ཧཱ་ས་མ་ཡ་རཏྭཱ་སཏཱ་ཨཱཿ ཞེས་བཟླས་ལྷ་ཕམ་ལྟུང་ལས་གྲོལ་ལོ། །ཧཱུཾ་ནི་བི་ཤྭ་མུ་ཙ་ལ་ཙྪིན་ཙྪིན་ཧཱུྃ་ཕཊ། ཧཱུཾ་བཛྲ་སཏཱ་ས་མཱ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲིནྟོ་མེ་བྷ་ཝ། སུ་ཏོཊོ་མེ་བྷ་ཝ། ཨ་ནུ་རཀྟ་མེ་བྷ་ཝ། སུ་པོཁྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡ། ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛཱི་བྷ་ཝ། མ་ཧཱ་ས་མ་ཡ་བཛྲ་སཏྭ་ཨཱཿ དེ་བཟླས་མི་ཡི་གནས་ལས་གྲོལ་ལོ། །ཡིག་བརྒྱ་འདི་དག་འདྲ་མིན་འགའ་ཞིག་མཆིས་ཀྱང་འདི་ནི་རྙིང་རྒྱུད་སྡེ་པར་ནང་ནས་ཞུས་དག་བྱས་པས་ཡིད་ཆེས་པའི་གནས་སུ་ཡོད་ལགས། དམ་པ་རིགས་བརྒྱ་ལྷར་གསལ་བས། །གསང་ཆེན་རིགས་ཀྱི་རྒྱུད་དུ་ཟུངས། །དེ་ཉིད་རིགས་ལྔ་ལྷར་བསྡུས་ན། །ཡི་གེ་བརྒྱ་པའི་སྔགས་བརྗོད་པས། །ཡི་གེ་བརྒྱ་པའི་རྒྱུད་དུ་ཟུངས། །ཉམས་ཆག་ཐམས་ཅད་འདིས་བསྐངས་བས། །བཤགས་པ་ཆེན་པོའི་


CMR005_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཟུངས། །འགྲོ་དྲུག་གནས་ནས་འདིས་དྲངས་པས། །འཁོར་བ་དོང་སྤྲུགས་རྒྱུད་དུ་ཟུངས། །ཐམས་ཅད་སྒྱུ་མར་ལ་བཟླས་ནས། །སྒྱུ་མ་མཉམ་ཉིད་རྒྱུད་དུ་ཟུངས། །ཉམས་ཆག་ཐམས་ཅད་འདིས་དག་པས། །དམ་ཚིག་ཁྲུས་ལུང་རྒྱུད་དུ་ཟུངས། །འཁོར་ཚོགས་འདུས་པ་ཁྱེད་རྣམས་ཀྱིས། །གཟུངས་མཆོག་རྒྱལ་པོའི་རྒྱུད་འདི་ནི། །དུས་ངན་ཐ་མའི་དུས་དག་ཏུ། །སྔགས་པས་དམ་ཚིག་མི་སྲུང་བས། །ལས་ཀྱི་འབྲས་བུ་ངན་སོང་འཁོར། །ཟང་ཟིང་ནོར་གྱིས་མིག་སྦྲིད་ནས། །ན་རཀ་གནས་སུ་འཁོར་བྱེད་པས། །དེ་དུས་ང་ཡི་རྒྱུད་འདི་ཟུངས། །དཔེར་ན་ནོར་བུ་རིན་ཆེན་འདྲ། །དབུལ་དང་ནད་དང་འཇིགས་པ་སེལ། །ཐར་བའི་ལམ་སྐས་བྱེད་པར་ངེས། །གསང་སྔགས་དམ་ཚིག་ཉམས་པ་ལ། །ན་རཀ་དོང་ནས་སྤྲུགས་པ་ཡིས། །འགྱོད་ཚངས་བཤགས་པའི་རྒྱལ་པོ་སྒྲོགས། །རྒྱུད་དྲུག་གནས་ནས་ངེས་པར་དྲོངས། །ཡེ་ཤེས་ལྔ་ལྡན་ཆོས་སྐུ་འོ། །ཞེས་སོགས་ཕན་ཡོན་རྒྱ་ཆེར་གསུངས་སོ། །ཞེས་པ་འདི་ནི་ཨ་རཱ་གས་ཁོལ་དུ་ཕྱུང་བའོ། །ཤུ་བྷཾ། ། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ཆོས་སྤྱོད་བག་ཆགས་རང་གྲོལ་དང་བསྒོམ་རིམ་ལྷན་སྐྱེས་ཡེ་ཤེས་གཉིས་ཀྱི་ཟིན་བྲིས་ཞལ་ཤེས།


CMR005_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ཆོས་སྤྱོད་བག་ཆགས་རང་གྲོལ་དང་བསྒོམ་རིམ་ལྷན་སྐྱེས་ཡེ་ཤེས་གཉིས་ཀྱི་ཟིན་བྲིས་ཞལ་ཤེས་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR005_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཧཱུཾ། ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ། །དེ་ཡི་དབང་བསྐུར་ལེགས་པར་ཐོབ་པའི་མིས། །ཨ་ནུ་ཡོ་གའི་རྒྱུད་ཀྱི་དགོངས་པ་ལྟར། །ནང་སྒྲུབ་ལུས་ཀྱི་དཀྱིལ་འཁོར་བསྒོམ་པའི་ཚུལ། །དེ་ལ་ཕྱི་ནང་གསང་བ་གསུམ་ཡིན་ཏེ། །ཕྱི་ལྟར་ཆོས་སྤྱོད་བག་ཆགས་རང་གྲོལ་ནི། །དང་པོ་རང་ཉིད་ཐ་མལ་པར་གནས་པ། །དད་པ་རྩེ་གཅིག་མོས་པའི་གདུང་ཤུགས་ཀྱིས། །ཞི་ཁྲོའི་ལྷ་ཚོགས་ནམ་མཁར་སྤྱན་དྲངས་ཏེ། །ཡན་ལག་བཅུ་པ་ཕུལ་ནས་ཚོགས་བསགས་བྱ། །ལྷ་ཚོགས་རང་གི་སྙིང་གར་ཐིམ་པའི་མཐུས། །རང་ལུས་རྡོ་རྗེ་སེམས་དཔའི་སྐུར་གྱུར་ཏེ། །


CMR005_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཟླ་སྟེང་ཨོ་ཡིག་དཀར་པོའི་མཐར། །ཡིག་བརྒྱའི་སྔགས་ཕྲེང་གཡས་སུ་འཁོར་བ་ལས། །བདུད་རྩི་འོ་མ་ལྟ་བུའི་རྒྱུན་བབས་པས།་།བདག་ལུས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ནི། །འོག་སྒོ་རྐང་མཐིལ་བ་སྤུའི་བུ་ག་ནས། །དུད་ཁུ་སོལ་ཁུ་བཞིན་དུ་ཕྱིར་ཐོན་ནས། །བདག་ལུས་དྲི་མེད་ཤེལ་སྒོང་ལྟ་བུར་བསྒོམ། །ཡི་གེ་བརྒྱ་པ་ཅི་ནུས་བཟླས་པ་བྱ། །དེ་གཉིས་ཚོགས་བསགས་སྒྲིབ་སྦྱངས་མཆོག་ཏུ་གསུངས། །དེ་ནས་བདག་ལུས་རྡོ་རྗེ་སེམས་དཔའ་ཡི། །སྙིང་གར་ཞི་བ་བཞི་བཅུ་རྩ་གཉིས་དང་། །མགྲིན་པར་དག་པ་རིག་འཛིན་ལྷ་ཚོགས་


CMR005_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཀླད་པའི་ནང་དུ་ཁྲག་འཐུང་ལྔ་བཅུ་བརྒྱད། །རྩ་གནས་དྲུག་ལ་སྤྲུལ་སྐུ་ཐུབ་པ་དྲུག །ཡེ་ནས་རྩ་རླུང་ཐིག་ལེའི་ངོ་བོར་བཞུགས། །དེ་ཉིད་སྐུ་མདོག་ཕྱག་མཚན་ཚོ་ལུགས་བཅས། །བག་ཆགས་རང་གྲོལ་གཞུང་ལས་བྱུང་བ་ལྟར། །དང་པོ་མོས་པ་ཙམ་དུ་ཐམས་ཅད་ཀུན། །དུས་གཅིག་གསལ་བཏབ་དེ་ནས་རིམ་པ་ལྟར། །བག་ཆགས་རང་གྲོལ་འདོན། ཚེ་དམིགས་རིམ་ནི། །རང་ལུས་རྡོ་རྗེ་སེམས་དཔར་གསལ་བ་དང་། །ལུས་དཀྱིལ་ཞི་ཁྲོའི་ལྷ་ཚོགས་གསལ་བ་དེ། །རང་ལུས་གདོད་ནས་དམ་ཚིག་སེམས་དཔའ་ཡིན། །རང་སེམས་ཡེ་ནས་ཡེ་ཤེས་སེམས་དཔའ་ཉིད། །དེ་བས་ལྷག་པའི་ལྷ་གཞན་མེད་པའི་ཕྱིར། །སྤྱན་འདྲེན་བཞུགས་གསོལ་ལ་སོགས་མི་དགོས་སོ། །ཨ་ཏི་ཡོ་གའི་རྒྱུད་ཀྱི་དགོངས་པ་ལྟར། །རང་གི་ཐུགས་ལས་སྤྲུལ་པའི་ལྷ་མོ་ནི། །བྱེ་བ་དུང་ཕྱུར་དཔག་མེད་ཕྱིར་སྤྲོས་ལ། །རང་ལུས་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་ཕུལ་བ་དང་། །བར་དོའི་འཇིགས་སྐྱོབ་གསོལ་བ་འདེབས་པར་བསྒོམ། །བག་ཆགས་རང་གྲོལ་རྫོགས་པར་འདོན་པར་བྱ། །དེ་ནི་ལུས་དཀྱིལ་ཕྱི་སྒྲུབ་གསོལ་འདེབས་ལུགས། །


CMR005_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ནང་སྒྲུབ་སྒོམ་ལུགས་ལྷན་སྐྱེས་ཡེ་ཤེས་ནི། །མངོན་རྟོགས་གཞུང་བཞིན་ཚར་གཅིག་ངག་ཏུ་འདོན། །བཏོན་པ་བཞིན་དུ་ཡིད་ཀྱིས་གསལ་བཏབ་སྟེ། །འདི་ལ་ཡེ་ཤེས་སྤྱན་འདྲེན་མི་དགོས་པ། །ཡེ་ནས་ཀུན་བཟང་ཞི་ཁྲོ་རིགས་བརྒྱ་ནི། །ལུས་དང་སེམས་ལ་ལྷུན་གྱིས་གྲུབ་པར་བཞུགས། །ལྷ་ཚོགས་ཕྱི་ན་མེད་དེ་ནང་ན་ཡོད། །དེ་ཕྱིར་གསང་སྔགས་ནང་གི་རྒྱུད་ཅེས་བྱ། །ཕྱི་ནང་དཀྱིལ་འཁོར་བྲིས་ཤིང་བསྒོམ་པ་ནི། །དཀྱིལ་འཁོར་མིན་ལ་ཡིན་པར་བསྒོམ་པའི་ཕྱིར། །ཀུན་བརྟགས་དཀྱིལ་འཁོར་ཞེས་བྱ་ཟབ་པ་མིན། །རྩ་རླུང་ཐིག་ལེ་ཡེ་ནས་དཀྱིལ་འཁོར་དངོས། །ཡིན་ལ་ཡིན་བཞིན་བསྒོམས་པས་ཟབ་པ་སྟེ། །ཡོངས་གྲུབ་དཀྱིལ་འཁོར་ཞེས་བྱ་ཨེ་མ་ཧོ། །གཙོ་བོའི་སྙིང་དབུས་ཀུན་ཏུ་བཟང་པོ་ཡི། །ཐུགས་ཀར་ཟླ་སྟེང་ཧཱུཾ་ཡིག་སྔོན་པོའི་མཐར། །བཟླ་བྱའི་སྔགས་ཀྱིས་གཡས་སུ་བསྐོར་བར་བསྒོམ། །རྩ་གནས་ལྷ་ཚོགས་དེ་དག་ཐམས་ཅད་ཀྱང་། །སྔགས་སྒྲ་དིར་དིར་སྒྲོགས་པར་བསྒོམ་བྱ་ཞིང་། །བོ་དྷི་ཙིཏྟའི་བསྙེན་པ་བྱེད་པ་ནི། །ཞི་ཁྲོའི་ནང་སྒྲུབ་ལུས་ཀྱི་དཀྱིལ་འཁོར་ཡིན། །ན་རཀ་དོང་སྤྲུགས་ལུས་དཀྱིལ་སྒྲུབ་ཐབས་ནི། །རིག་འཛིན་མ་


CMR005_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་རིགས་བརྒྱ་སྔོན་ལྟར་བསྒོམ། །ཀུན་ཏུ་བཟང་པོའི་ཐུགས་ཀར་ཡི་གེ་ཨོ། །སྒོ་མ་སྦྲུལ་གདོང་ཐུགས་ཀར་མཇུག་གི་ཨཱ། །ཡིག་འབྲུ་བརྒྱ་པོ་རིགས་བརྒྱའི་ཐུགས་ཀར་བསྒོམ་། །སྔགས་ཕྲེང་ལ་སོགས་འཁོར་རྒྱུ་མེད་པ་དེ། །ལྷ་ཚོགས་ཀུན་གྱིས་ཡིག་བརྒྱ་གསུངས་པར་བསྒོམ། །ཡིག་བརྒྱ་ཅི་ནུས་བསྙེན་པ་བྱ་བ་སྟེ། །སྒྲིབ་སྦྱངས་ཉམས་ཆག་བསྐང་བའི་མཆོག་ཏུ་གསུངས། །ཨྠྀི། །དེ་ནས་ལུས་དཀྱིལ་གསང་བའི་སྒྲུབ་ཐབས་ནི། །སེམས་ཀྱི་དམིགས་པ་ཁོ་ན་བསྒོམ་པ་ལས། །ངག་ཏུ་མངོན་རྟོགས་ཙམ་ཡང་འདོན་མི་བྱ། །རང་ལུས་རྡོར་སེམས་རིགས་བརྒྱའི་རིག་འཛིན་བཅས། །དྲན་རྫོགས་ཉིད་དུ་སྔོན་ལྟར་གསལ་བཏབ་ནས། །རླུང་ནི་ནང་དུ་འཇུག་པའི་ཡི་གེ་ཨོ། །ཁོག་ཏུ་གནས་པ་ཡི་གེ་ཨཱཡིན་ཏེ། །ཕྱི་རུ་དབྱུང་བ་ཡི་གེ་ཧཱུྃ་དུ་བསམ། །དེ་དག་ཡིན་པ་ཤེས་པར་བྱ་བ་ལས། །ངག་ཏུ་བཟླ་དང་ཡིག་དྲུག་བསྒོམ་རྒྱུ་མིན། །ད་ནངས་ཐུན་འགོར་བདུན་ནམ་ཉེར་གཅིག་ཙམ། །ཉལ་ཁ་དེ་ཙམ་བརྩི་བས་ཆོག་པ་སྟེ། །ཉིན་གྱི་དུས་དང་ནུབ་མོ་གཉིད་པའི་དུས། །རླུང་གི་འབྱུང་འཇུག་གནས་པ་གསུམ་པོ་དེ། །ཡིག་འབྲུ་གསུམ་པོ་ཡིན་པའི་འདུ་ཤེས་བསྐྱེད། །


CMR005_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་གཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྟེ། །དེ་ཕྱིར་སྔགས་བཟླ་མི་དགོས་བསྙེན་སྒྲུབ་འགྲུབ། །དེ་ལ་འབྲུ་གསུམ་རྡོ་རྗེའི་བཟླས་པ་ཟེར། །གསར་རྙིང་རྒྱུད་སྡེ་ཀུན་ནས་རྒྱ་ཆེར་གསུངས། །ལག་པ་ཡེ་ནས་དགང་གཟར་བླུགས་གཟར་ཏེ། །ཁ་ནི་ཡ་ནས་སྦྱིན་སྲེག་ཐབ་ཀྱི་ཁུང་། །ལྟེ་འོག་གཏུམ་མོ་མེ་ཡིན་ལྕེ་མེ་ལྕེ། །བཟའ་བཏུང་བསྲེག་རྫས་ལ་དམིགས་ལྷ་ལ་འབུལ། །དེ་ནི་ནང་གི་སྦྱིན་སྲེག་ཡིན་པར་གསུངས། །ཕོར་སྡེར་རང་བྱུང་ཀ་པཱ་ལ་རུ་བསམ། །བཟའ་བཏུང་ཤ་ལྔ་བདུད་རྩི་ལྔ་རུ་དམིགས། །ཡིག་འབྲུ་གསུམ་གྱིས་ཡེ་ཤེས་བདུད་རྩིར་བསྒྱུར། །ལུས་ལྷ་མཆོད་ཕྱིར་མཆོད་གཏོར་གཞན་མི་དགོས། །རང་གི་སེམས་ཉིད་ཆོས་སྐུ་ཀུན་ཏུ་བཟང་། །ཕུང་ཁམས་སྐྱེ་མཆེད་དམ་པ་རིགས་བརྒྱའི་ལྷ། །ཡིན་ལ་ཡིན་བཞིན་བརྟན་པ་ཐོབ་པའི་མིས། །ཕྱི་རོལ་རྟེན་ལ་ཕྱག་སྐོར་མི་རུང་གསུངས། །ཅི་ཕྱིར་ཕྱི་རོལ་ཀུན་རྫོབ་མཆོད་པ་ཙམ། །ནང་གི་ལྷ་ནི་དོན་དམ་ལྷུན་གྲུབ་ཡིན། །འོན་ཀྱང་རང་རེ་བརྟན་པ་མ་ཐོབ་པས། །ཕྱག་སྐོར་བྱེད་ཚེ་ལུས་དཀྱིལ་མི་བསྒོམ་མོ། །དེ་ལྟར་ཞི་ཁྲོ་དམ་པ་རིགས་བརྒྱ་ཡི། །ལུས་དཀྱིལ་ཕྱི་ནང་གསང་གསུམ་སྒོམ་པའི་ཐབས། །


CMR005_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་རྒྱུད་སྡེ་རྣམས་ནས་གསུངས་པའི་དོན། །གསང་སྔགས་ནང་པ་ཨ་ནུ་ཡོ་གའི་ལུགས། །སྤྲོས་མེད་བྱ་བཏང་རྣལ་འབྱོར་ཆེན་པོའི་ལམ། །འཇའ་དང་རིང་བསྲེལ་སྐུ་གདུང་འབྱུང་བའི་རྒྱུད། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི། །ཆོས་སྤྱོད་བག་ཆགས་རང་གྲོལ་ཞེས་བྱ་དང་། །བསྒོམ་རིམ་ལྷན་སྐྱེས་ཡེ་ཤེས་ཞེས་བྱ་དང་། །དེ་གཉིས་དར་ཆ་ཆེ་ཞིང་ཁ་གསལ་བས། །ཟིན་བྲིས་ལ་སོགས་དགོས་པ་མི་སྣང་ཡང་། །གང་ཟག་བློ་དམན་གསར་བུ་འགའ་ཞིག་ལ། །ཕན་པའི་བསམ་པས་རཱ་ག་ཨ་སྱ་ཡིས། །ཐུན་མཚམས་གཅིག་ཏུ་རྫོགས་པར་སྨྲས་པ་སྟེ། །རིག་སྔགས་འཆང་བ་པདྨ་མཐར་ཕྱིན་གྱིས། །ལག་པ་རླུང་གི་རྟ་ལ་ཞོན་ནས་བྲིས། །འདི་ལ་སྦ་འོས་གསལ་བཀོད་ཉེས་མཆིས་ན། །སྡེ་བདུན་དབང་ཕྱུག་ཉེར་བརྒྱད་ཚོགས་ལ་བཤགས། །དགེ་བས་དཔེ་མེད་བྱ་བྲལ་སྤྱང་པོ་འགའ། །འཆི་ཁ་རིང་བསྲེལ་ཐར་རེ་འགྲོ་བར་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལས་བྱང་རྒྱས་བསྡུས་གཉིས་ཀྱི་འཛབ་དམིགས་བཟླས་ཚད་རང་གྲོལ།


CMR005_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལས་བྱང་རྒྱས་བསྡུས་གཉིས་ཀྱི་འཛབ་དམིགས་བཟླས་ཚད་རང་གྲོལ་བཞུགས་སོ།།


CMR005_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱང་རྒྱས་བསྡུས་གང་རུང་ཚར་གཅིག་གིས། །བདག་མདུན་བུམ་གསུམ་གཏོར་མ་བཞི་པོ་ལ། །དུས་གཅིག་དཀྱིལ་འཁོར་ཆ་ཚང་བསྐྱེད་པ་སྟེ། །སོ་སོར་འདོན་མི་དགོས་པ་རྙིང་མ་ཡི། །ཁྱད་ཆོས་ཡིན་པས་ཐེ་ཚོམ་མི་བྱ་འཚལ། །ལས་བྱང་བསྟོད་པ་རྫོགས་ནས་འཛབ་བསྙེན་ནི། །བདག་མདུན་ལྷ་ཚོགས་དམ་པ་རིགས་བརྒྱ་ཡི། །ཞི་བའི་ཐུགས་ཀར་ཟླ་བ་ཁྲོ་བོ་ཡི། །ཐུགས་ཀར་ཉི་སྟེང་རང་རང་ས་བོན་མཐར། །རང་རང་སོ་སོའི་སྔགས་ཀྱིས་བསྐོར་བར་བསྒོམ། །ཡབ་རྣམས་གཡས་བསྐོར་ཡུམ་རྣམས་གཡོན་དུ་འཁོར། །ཀུན་བཟང་ཐུགས་ཀར་ཟླ་སྟེང་ཨ་མཐིང་དང་། །ཆེ་མཆོག་ཐུགས་ཀར་ཉི་སྟེང་ཧཱུྃ་སྨུག་མཐར། །


CMR005_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་དང་ཁྲོ་བོའི་སྔགས་ཀྱིས་གཡས་སུ་བསྐོར། །བདག་མདུན་བུམ་པའི་ལྷ་ཚོགས་ཐམས་ཅད་ཀྱིས། །བཟླས་བྱའི་སྔགས་འདི་འུར་འུར་དིར་དིར་སྒྲོག །སྔགས་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །རྒྱལ་བ་ཀུན་མཆོད་སྐུ་གསུང་ཐུགས་བྱིན་རྣམས། །སྐུ་དང་སྔགས་ཕྲེང་ཕྱག་མཚན་སྣ་ཚོགས་པ། །ཆར་བཞིན་བབ་ནས་བདག་མདུན་བུམ་ལྷར་ཐིམ། །བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན་བབ་བསམ། །འོད་ཟེར་འཕྲོ་བ་སྣོད་བཅུད་ཀུན་ལ་ཕོག །སྣོད་ཀྱི་འཇིག་རྟེན་ཞི་ཁྲོའི་གཞལ་ཡས་ཁང་། །བཅུད་ཀྱི་སེམས་ཅན་དམ་པ་རིགས་བརྒྱའི་ལྷ། །


CMR005_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱིས་འཛབ་དབྱངས་སྒྲོགས་པས་འཇིག་རྟེན་གཡོ། །སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱང་བར་བསྒོམ། །ཞི་ཁྲོའི་འཛབ་བསྙེན་སོ་སོའི་སྙིང་པོ་ནི། །རྒྱས་པར་ལས་བྱང་ཆེ་བའམ་བཏགས་གྲོལ་ལྟར། །བསྡུ་ན་བོ་དྷི་ཙིཏྟ་བསྙེན་པ་ཡིན། ༈ །ཁྱད་པར་ན་རཀ་དོང་སྤྲུགས་ཆོ་ག་ལ། །བདག་མདུན་བུམ་ལྷའི་དཀྱིལ་འཁོར་གཙོ་བོ་ནི། །རྡོར་སེམས་ཡབ་ཡུམ་མཐིང་གའི་ཐུགས་ཀ་རུ། ཧཱུཾ་མཐར་ཡི་གེ་བརྒྱ་པས་གཡས་བསྐོར་དང་། །དེ་བཞིན་རྣམ་སྣང་ལ་སོགས་རིགས་བཞི་ཡི། །ཐུགས་ཀར་རིགས་ལྔ་སོ་སོའི་ཡིག་བརྒྱས་བསྐོར། །དེ་ལས་རང་མདོག་འོད་ཟེར་འཕྲོས་པ་ཡིས། །ཚེ་འདས་གཙོར་བྱས་འགྲོ་བའི་སྡིག་སྒྲིབ་རྣམས། །བ་མོར་ཉི་ཟེར་ཕོག་ལྟར་དག་པར་བསྒོམ། །རིགས་ལྔའི་ཡིག་བརྒྱ་རྒྱས་པ་རྒྱུད་ལྟར་རམ། །འབྲིང་པོ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་བཛྲ་སཏྭ་ས་མ་ཡ་སོགས། ཞེས་སོགས་རིགས་ལྔའི་སྤྱི་དྲིལ་ཡིག་བརྒྱའམ། །བསྡུས་ན་རྡོར་སེམས་ཡིག་བརྒྱ་ཅི་ནུས་འབད། ༈ །སྔགས་དམིགས་འདི་ཉིད་ཤིན་ཏུ་གལ་ཆེ་འོ། །ཞེས་ཀརྨ་ཨ་རཱ་གས་སོ། དཀྱིལ་འཁོར་གཙོ་བོ་རྡོར་སེམས་ཐུགས་ཀ་རུ། །ཧཱུཾ་མཐར་ཡི་གེ་བརྒྱ་པས་གཡས་བསྐོར་དང་། །དེ་བཞིན་རྣམ་སྣང་ལ་སོགས་རིགས་བཞི་ཡི། །ཐུགས་ཀར་རིགས་ལྔ་སོ་སོའི་ཡིག་བརྒྱས་བསྐོར། །


CMR005_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་རང་མདོག་འོད་ཟེར་འཕྲོས་པ་ཡིས། །ཚེ་འདས་གཙོར་བྱས་འགྲོ་བའི་སྡིག་སྒྲིབ་རྣམས། །བ་མོར་ཉི་ཟེར་ཕོག་ལྟར་དག་པར་བསྒོམ། །ཡིག་བརྒྱ་ཅི་ནུས་།བཟླས་པའི་རྗེས། །བོ་དྷི་ཙིཏྟ་ཅུང་ཟད་བཟླས་པར་བྱ། །ཞི་ཁྲོ་ན་རཀ་དོང་སྤྲུགས་དཀྱིལ་འཁོར་ཡིན། །ཀརྨ་ཨ་རཱ་གས་བྲིས་པའོ། །ཨོཾ་བུདྡྷ་སཏྭ་ས་མ་ཡ༴ ཧཱུྃ་བཛྲ་སཏཱ་ས་མ་ཡ༴ སྭ་རཏྟཱ་སཏཱ་ས་མ་ཡ༴ ཨཱཿཔདྨ་སཏཱ་ས་མ་ཡ༴ ཧྭ་ཀརྨ་སཏཱ་ས་མ་ཡ༴ ཨོཾ་ཤྲཱི་ཧེ་རུ་ཀ་སཏཱ་ས་མ་ཡ༴ ཡོད་ན་གསོན་པོའི་གཤིན་སྒོ་བཅད་ཐབས་དང་། །གཤིན་པོ་ཡིན་ན་རིགས་དྲུག་གནས་སྦྱང་ནི། །ཞི་ཁྲོ་སྤྲུལ་སྐུའི་སྒྲུབ་པ་ལྟར་དུ་བྱ། །དེ་ནས་གཤིན་དོན་སྐྱེ་སྒོ་གཅོད་བྱེད་སྔགས། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཨ་བྷེ་རྒྱ་ཏཾ་ཀེ་ཆེའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤིནཾ་ཀུ་རུ་ཡེ་སྭཱ་ཧཱ། གང་མང་འདོན་ཅིང་ངན་སོང་དོང་སྤྲུགས་སྔགས། མ་མ་ཀོ་ལིང་ས་མནྟཆ་འི་ལས་དང་བག་ཆགས་ངན་པ་ཐམས་ཅད་ཤིནཾ་ཀུ་རུ་ཡེ་སྭཱ་ཧཱ། གང་འགྲུབ་བཟླས་ནས་བྱེ་མ་སྔགས་པར་བྱ། །དེ་ནས་དབྱངས་གསལ་ཡིག་བརྒྱས་ལྷག་ཆད་གསོ། །ཨབྷཾ་གྱིས་མཆོད་ཆོས་སྐུ་ནམ་མཁས་བསྟོད། །དེ་ནས་ཡི་དམ་ལྷར་གསལ་མ་ཡེངས་ཏིང་ངེ་འཛིན་ངང་། རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་


CMR005_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གྱིས་མི་ཁྱབ་པ་མངའ་བས་བདག་གཞན་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཞི་ནས་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཅེས་འདོད་དོན་གསོལ་བ་གདབ་ནས་གཤིན་དོན་དང་། ཁྱད་པར་དུ་ཚེ་ལས་འདས་པ་ཆེ་ཞེས་བྱ་བ་འཁོར་བ་དང་ངན་སོང་གི་འཇིགས་པ་ཆེན་པོ་ལས་སྐྱོབས་ཤིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་མཛད་དུ་གསོལ། ཅེས་ཕྲིན་ལས་བཅོལ་བར་གྱུར་ནས་ནི། དགེ་བ་འདི་ཡིས་མྱུར་དུ་བདག །རྒྱལ་བ་ཞི་ཁྲོ་འགྲུབ་སོགས་བྱའོ། །དབང་སྐུར་སོགས་ལ་འདི་སྐབས་ལས་བུམ་བསྒྲུབ། །གྲོལ་ཁ་འདི་ནི་དབང་སྐུར་གནས་འདྲེན་ལ། །མདུན་བསྐྱེད་གནས་ལྔ་ནས་འཕྲོས་ཐིག་ལེ་ནི། །དཀར་མཐིང་སེར་དམར་ལྗང་གུ་བཀྲག་མདངས་ཅན། །ཨོཾ་ཨཱཿ ཧཱུྃ་སྭཱ་ཧཱའི་ཡི་གེས་མཚན་པ་ཅན། །རང་གི་གནས་ལྔར་ཐིམ་པས་དངོས་གྲུབ་ཐོབ། །རྩ་སྔགས་མཇུག་ཏུ། ཀཱ་ཡ་སིདྡྷི་ཨོ། ཝཀཱ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། སརྦ་སིདྡྷི་ཧཱུྃ། ཞེས་སོགས་སྦྱར་ཞིང་བུམ་གཏོར་གནས་ལྔར་གཏུགས་ཤིང་དབང་བཞི་བླང་། ཆོ་ག་ཕྱི་མ་ཆོས་སྲུང་ལས་བྱང་བཏོན། །ན་རཀ་ཆོ་གར་ལུས་ཀྱིས་བརྒྱ་ཕྱག་དང་། །ངག་གིས་ཡིག་བརྒྱ་རྒྱས་བསྡུས་


CMR005_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

གང་འགྲུབ་བཟླས། །ཡིད་ཀྱིས་མ་བཅོས་གནས་ལུགས་ཉམས་ལེན་ངང་། །ཀློང་བཤགས་བརྗོད་ཅིང་བསྐང་བཤགས་བྱ་བ་སྟེ། །དེ་ནས་ལུས་ཀྱིས་བརྒྱ་ཕྱག་འཚལ་བ་ནི། །སྤྲོ་ན་ཕྱག་གི་ཕན་ཡོན་བརྗོད་བྱས་ནས། །མདུན་གྱི་ནམ་མཁར་སངས་རྒྱས་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་བཅོམ་ལྡན་འདས་ཤཱི་ཧེ་རུ་ཀ་དྲག་པོའི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པའི་དྲུང་དུ། ཚེ་ལས་འདས་པ་རྗེས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བཤགས་སྙམ་པའི་འདུན་པ་རྩེ་གཅིག་གི་ངང་ནས་དེ་རྣམས་ཀྱི་ཕྱག་འཚལ་ཡུལ་གྱི་བདེ་བར་གཤེགས་པ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་གསལ་འདེབས་པའི་ཚིག་གསུམ་པོ་བརྗོད་ཚེ་ཉོན་ལ་ཡིད་ཡུལ་དུ་གསལ་ཐོབ། ཚིག་བཞི་པའི་སྐབས་སུ་མཚན་ནས་བརྗོད་པའི་རྗེས་ཟློས་དང་མཉམ་དུ་ཕྱག་འཚལ་བ་དང་། ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བ་ཙམ་གྱིས་ཚེ་རབས་འཁོར་བ་ཐོག་མ་མ་མཆིས་པ་ནས་བསགས་པའི་ལས་དང་ཉོན་མོངས་པའི་རྟོག་སྒྲིབ་བག་ཆགས་ངན་པ་དང་། གནས་སྐབས་ཀྱི་མི་མཐུན་པའི་ཕྱོགས་ངན་པ་


CMR005_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སང་སང་དག་པར་བསམས་ལ། ཞེས་སམ། དེ་ལས་བསྡུ་ན། དེ་ནས་རང་རང་མདུན་གྱི་ནམ་མཁའ་ལ། །དཀྱིལ་འཁོར་ལྷ་ཚོགས་བཞུགས་པའི་སྤྱན་སྔ་རུ། །ཚེ་འདས་གཙོར་བྱས་འགྲོ་ཀུན་ཕྱག་འཚལ་དམིགས། །ན་མོ་དང་པོའི་སངས་རྒྱས་སོགས། བརྒྱ་ཕྱག་འཚལ་ཏེ། མཇུག་ཏུ། ཞི་བ་བཞི་བཅུ་རྩ་གཉིས་དང་། །འབར་བ་ཁྲག་འཐུང་དྲུག་ཅུ་ལ། །དད་ཅིང་གུས་པས་ཕྱག་འཚལ་མཐུས། །ཚེ་འདས་ཐོག་དྲངས་སེམས་ཅན་ཀུན། །ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག །རྟོག་སྒྲིབ་ཐམས་ཅད་བྱང་གྱུར་ཅིག ། ལས་ངན་སྡིག་སྒྲིབ་དག་གྱུར་ཅིག །ཁམས་གསུམ་འཁོར་བ་སྟོང་གྱུར་ཅིག །འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། །སིལ་བུར་བརྗོད་དོ། །ཞེས་པ་ཨ་རཱ་གས་བགྱིས་སོ། །མངྒ་ལཾ།། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

བརྒྱ་ཕྱག་འོག་ཡིག་ཆུང་།


CMR005_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ཕྱག་འོག་ཡིག་ཆུང་མཚམས་སུ། ཡང་ཁྱེད་ཁྲོམ་པ་ཚོ་ཡུད་ཙམ་གསན་པར་ཞུ༔ སྤྱིར་ཞི་ཁྲོ་འདི་ཕན་ཡོན་གང་ཆེ་ཆེའི་ཆོས་ཐམས་ཅད་འདི་ལ་ཚང་༔ མར་མེ་བརྒྱ་རྩ་ཚང་བའི༔ མར་མེ་བརྒྱ་རྩ་བལྟམས་པ་དང་འདྲ༔ ཚོགས་བརྒྱ་རྩ་ཡོད༔ ལྷ་ཡང་བརྒྱ་རྩ་ཡོད་པས་ཚོགས་བརྒྱ་ཚང་༔ མཆོད་པ་སྣ་ཁ་སྟོང་ཕྲག་གཅིག་ཡོད་པས༔ སྟོང་མཆོད་ཚང་༔ ཚོགས་ཆེན་དང་ཇོ་ཧུབ་ཡོད་པས༔ ཚོགས་ཆེན་དང་དགེ་ཧུབ་ཚང་༔ ཇོ་རྒྱུན་ཡོད་པས་ཡིག་དྲུག་ཞོར་ལ་འགྲོ༔ བསྐང་བ་ཡིན་པས་རིམ་གྲོ་ཡང་ཞོར་ལ་འོང་བ་ཡིན། འདས་ལོག་ཀུ་སུ་ལུ་པས་ཆོས་ཀྱི་རྒྱལ་པོ་ལ་ཕན་ཡོན་གང་ཆེ་ཞུས་པ་ལ་ཡང་༔ ཞི་ཁྲོ་དང་ཡིག་དྲུག་ཕན་ཡོན་ཆེ་གསུངས་པར་གདལ༔ ཁྱད་པར་དུ་འགྲོ་མགོན་སཱུརྱ་ཙནྡའི་མཆེད་ཡ༔ རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ་གཞོན་ནུ་ཤི་ནས༔ ནུ་བོ་གར་སྐྱེས་འདྲ་ཕྱིར་རྨི་ལམ་བཟུང་བས༔ མཆེད་ཡ་བར་དོ་ན་འཁྱམས་པ་དང་འཕྲད༔ ཁོང་རྣམ་གཉིས་གླེང་ལང་མང་དུ་བྱུང་སྟེ༔ ཁོ་ན་རེ༔ ངེད་རང་གི་ས་ཕྱོགས་ཀྱི་མི་རྣམས་ཕལ་ཆེར་བར་དོ་ཐོས་གྲོལ་སྤྱོད་པས་གཞན་ཚོ་བས་སྐྱིད་དོ༔ ན་རཀ་བསྐང་བཤགས་འདི་ང་ལ་ཕན་པར་སྣང་


CMR005_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བས༔ འབད་འབུང་ཐོན་ཟེར་བའི་ལོ་རྒྱུས་རྒྱས་པ་ཡོད་དོ༔ ད་ལམ་སྐབས་སུ་བབས་པས༔ ན་རཀ་དོང་སྤྲུགས་རྒྱུད་ལས༔ ལུས་ཀྱི་སྒོ་ནས་ཀྱང་ཕྱག་འཚལ༔ ངག་གི་སྒོ་ནས་ཀྱང་ཕྱག་འཚལ་ཞིང་༔ དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་མཚན་ཐོན་ཅིག༔ ཅེས་གསུངས་པའི་དོན༔ བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ་འཚལ་བ་ཡིན་པས༔ མདུན་གྱི་ནམ་མཁར་དཀྱིལ་འཁོར་འདི་དང་ཐ་དད་མེད་པའི་ཞི་བའི་ལྷ་ཚོགས་བུདྡྷ་བཞི་བཅུ་རྩ་གཉིས༔ ཁྲག་འཐུང་ཧེ་རུ་ཀ་དྲག་པོའི་ལྷ་ཚོགས་སུམ་ཅུ་ཐམ་པ༔ ཐུབ་པ་དྲུག་ཐུགས་རྗེ་དྲག་པོར་ཁྲོས་ནས༔ རིགས་དྲུག་གི་གནས་ནས་སངས་རྒྱས་ཀྱི་ཞིང་དུ་རང་དབང་མེད་པར་འཕེན་པའི་ཁྲོ་བོ་སྤོར་བྱེད་ཆེན་པོ་བརྒྱད༔ བཀའི་སྲུང་མ་ཞིང་སྐྱོང་ཤ་ཟའི་མཁའ་འགྲོ་མ༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་བཅས་པ༔ མངོན་སུམ་དུ་བཞུགས་པའི་མོས་པ་མཛོད་ལ༔ དེ་རྣམས་ཀྱི་དྲུང་དུ་ཚེ་འདས་ཀྱིས་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི་དོན་དུ༔ རང་གི་ལུས་གཅིག་ལ་བྱེ་བ་དུང་ཕྱུར་སྤྲུལ་ཏེ༔ ཕྱག་འཚལ་བའི་མོས་པ་གྱིས་ལ༔ དམ་པ་རིགས་བརྒྱའི་སྐུ་མདོག་དང་ཆ་ལུགས་ངེད་ཀྱིས་བརྗོད་ཚེ༔ ཁྱེད་རང་རྣམས་ཀྱི་ཡིད་


CMR005_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དུ་གསལ་ཐོབ༔ ཚིག་མཇུག་ཏུ་མཚན་བརྗོད་ཆེད་མཉམ་དུ་རྗེས་ཟློས་གྱིས་ལ༔ ཕྱག་འཚོལ་ཞེས༔ མགོ་བོ་འདུད་པ་དང་བཅས་ཕྱག་འཚོལ་ཅིག༔ བརྒྱ་ཕྱག་མཇུག་ཏུ༔ བརྡ་ཡིག འོ་དེས་ལུས་ཀྱི་སྒོ་ནས་བཤགས་པ་ཡིན༔ ད་ངག་གི་སྒོ་ནས་བཤགས་པ་ནི༔ རྒྱུད་གསང་བ་འདུས་པ་ལས༔ སྔགས་བཟླས་སྐྱོན་མཐོལ་ངག་ཉམས་བཤགས༔ རྡོ་རྗེ་སེམས་དཔའ་གཙུག་ཏུ་དམིགས༔ ལས་གྲིབ་ཉམས་གྲིབ་དག་བྱེད་པའི༔ འཁོར་བ་དོང་སྤྲུགས་ཡང་སྙིང་བཟླས༔ ཞེས་གསུངས་པས༔ ཚེ་ལས་འདས་པ་རྗེས་ཐོག་དྲངས༔ རང་ཅག་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཞིག་བསྒོམ༔ དེའི་སྐུ་ལུས་བདུད་རྩིའི་རྒྱུན་བབས་པས་སྡིག་སྒྲིབ་ཐམས་ཅད་ནག་ནུ་རུ་རུ་དག་ནས་ལུས་ཤེལ་སྒོང་ལྟར་གྱུར་པར་བསྒོམས་ལ༔ རྡོ་རྗེ་སེམས་དཔའི་ཡང་སྙིང་འབྲུ་དྲུག་པ་འདི་ལ་འུར་འདོན་ཞིག་མཛོད༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཅེས་ཕྲེང་སྐོར་ཙམ་སོང་ནས་འུར་རྒྱག༔ ད་འདིའི་རྗེས་ཟློས་མཛོད༔ བདག་སོགས་སམ་ཚེ་འདས༔ ལུས་ཀྱི་ལས་ནི་རྣམ་པ་གསུམ༔ ངག་གི་རྣམ་པ་བཞི་དག་དང་༔ གང་ཡང་ཡིད་ཀྱི་


CMR005_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གསུམ་པོ༔ མི་དགེ་བཅུ་པོ་སོ་སོར་བཤགས༔ ཞེས་གསུམ་མམ་གཅིག་བྱའོ༔ དེ་ལྟར་གསོལ་བ་བཏབ་པས༔ རྡོ་རྗེ་སེམས་དཔའི་ཞལ་ནས་ཁྱོད་རྣམས་ཀྱི་སྡིག་སྒྲིབ་དག་པར་ཡོད་དོ༔ ཞེས་གསུང་བྱོན་ནས༔ རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་རང་ལ་ཐིམ་པར་སྒོམས་ཤིག༔ དེས་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག་པ་ཡིན་ནོ༔ འོ་ཡིད་ཀྱི་སྒོ་ནས་བཤགས་པ་ནི༔ རྒྱུད་གསང་བ་འདུས་པ་ན་རཀ་དོང་སྤྲུགས་ལེ་འུ་ནས༔ ཡིད་ཀྱི་དམ་ཉམས་ལྟ་བས་བཤགས༔ དེ་ཡང་ཀུན་གཞི་བྱང་ཆུབ་སེམས༔ ཞེས་སོགས་དང་༔ དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས༔ ཨོཾ༔ ཆོས་ཉིད་དུས་གསུམ་སྤྲོས་པ་མེད་པ་ལ༔ འཛིན་རྟོག་མེད་པའི་རང་རིག་ཡེ་ཤེས་ཀྱིས༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལ༔ ཡུལ་དང་དབང་པོ་གཉིས་སུ་མེད་པར་བཤགས༔ ཞེས་གསུངས་པའི་དོན༔ ཞི་ཁྲོ་རིག་པ་གཅེར་མཐོང་ངོ་སྤྲོད་ལས༔ ཨེ་མ་ཧོ༔་སེམས་ཞེས་བྱ་བའི་རིག་རིག་ཏུར་ཏུར་པོ༔ ཡོད་ནི་གཅིག་ཀྱང་ཡོད་པ་མ་ཡིན་ལ༔ འབྱུང་ནི་འཁོར་འདས་བདེ་སྡུག་སྣ་ཚོགས་འབྱུང་༔ ཞེས་དང་༔ རང་གིས་རང་ལ་གཅེར་གྱིས་བལྟས་པའི་ཚེ༔ བལྟས་


CMR005_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཐོང་རྒྱུ་མེད་པའི་ས་ལེ་བ༔ རིག་པ་མངོན་སུམ་རྗེན་པར་ཧྲིག་གེ་བ༔ གྲུབ་པ་མེད་པའི་སྟོང་དང་སང་ངེ་བ༔ གསལ་སྟོང་གཉིས་སུ་མེད་པར་ཡེ་རེ་བ༔ ཞེས་གསུངས་པ་ལྟར་མཉམ་པར་ཞོག༔ དེ་ལྟར་མི་ཤེས་པ་རྣམས་ཀྱིས་དམ་པ་རིགས་བརྒྱའི་སྙིང་པོ་ལ་འུར་འདོན་ཞིག་མཛོད༔ ཨོཾ་ཨཱཿ ཧཱུྃ༔ བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷོ་ཧཱུྃ༔ དེ་ནས་ཡིག་དྲུག་བསྐུལ་བཅུག་ཅེས་ཨ་རཱ་གས་འཕྲལ་དུ་སྦྱར་བའོ༔ བཀྲ་ཤིས་པར་ཤོག༔ བདག་གི་སྤྱི་གཙུག་སོགས༔ ཡིག་བརྒྱ་བཟླ༔ བདག་སོགས་ལུས་ཀྱི་ལས་ནི་སོགས་བརྗོད།།

ཞི་ཁྲོ་དགོངས་པ་རང་གྲོལ་གྱི་མགྱོགས་དབང་གི་དབང་སྒྲུབ་བསྡུས་པ་རིན་ཆེན་སྒྲོམ་བུ།


CMR005_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་དགོངས་པ་རང་གྲོལ་གྱི་མགྱོགས་དབང་གི་དབང་སྒྲུབ་བསྡུས་པ་རིན་ཆེན་སྒྲོམ་བུ་ཞེས་བྱ་བ༔ ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ༔ ཞི་ཁྲོའི་མགྱོགས་དབང་།བསྡུས་པ་ལ༔ རས་བྲིས་དཀྱིལ་འཁོར་ཡོད་པ་རབ༔ མ་འབྱོར་ན་འབྲུའི་ཚོམ་བུ་ལྔའི་སྟེང་དུ་བུམ་པ་དང་༔ གཏོར་མ་བཤམས་ཉེར་སྤྱོད་སྨན་རཀ་སོགས་མཆོད་པ་བཤམས་ཤིང་བདག་མདུན་བུམ་ནང་གཏོར་མའི་རྩེར་དཀྱིལ་འཁོར་ཆ་ཚང་༔ ཏིང་ངེ་འཛིན་བསྒོམ་སྟེ་རྩ་ཚིག་བསྡུས་པས་གསལ་འདེབས་པ་ནི༔ སྐྱབས་སེམས་ཀྱི་ཀུན་སློང་བཅོས་ལ༔ ཧཱུྃ༔ ང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ མཆོད་པའི་མདངས་འཕྲོག་མ་རིག་བགེགས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཁྲོ་ཚོགས་སྤྲུལ་པ་དཔག་མེད་ཀྱིས༔ རབ་ཏུ་གཏམས་ཤིང་མཚམས་བཅད་དོ༔ རྟོག་གཉིས་དག་ནས་སྣོད་བཅུད་རྣམས༔ འདོད་པའི་ཡོན་ཏན་དུ་མར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ རྟོག་བྲལ་བསྒོམ་མེད་དེ་བཞིན་ཉིད༔ ཀུན་ཁྱབ་རང་གསལ་ཀུན་ཏུ་སྣང་༔ འགགས་མེད་རྒྱུ་ཡི་ཨ་མཐིང་གསལ༔ ཨ་ལས་ཧཱུྃ་འཕྲོས་གཞལ་ཡས་ཁང་༔ རྒྱལ་བ་ཞི་ཁྲོའི་བཞུགས་གནས་སོ༔ རྟོག་མེད་སྐད་ཅིག་དྲན་རྫོགས་སུ་ཀུན་བཟང་ཡབ་ཡུམ་རོལ་པ་ལས༔ ཞི་བ་བཞི་བཅུ་རྩ་གཉིས་དང་༔ དེ་ཡི་ཡེ་ཤེས་མདངས་ཆ་ལས༔ ཁྲོ་


CMR005_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ལྔ་བཅུ་རྩ་བརྒྱད་རྣམས༔ མ་ཡིངས་ཡིད་ཡུལ་གསལ་བར་བསྒོམ༔ ཧཱུྃ༔ འོག་མིན་ཆོས་དབྱིངས་མཉམ་ཉིད་ལས༔ ཞི་ཁྲོ་ཡོངས་རྫོགས་སྐུ་བཞེངས་ལ༔ བདག་ཅག་ཁྱེད་ལྟར་བསྒྲུབ་པའི་ཕྱིར༔ དེང་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྒྲུབ་གཞི་དམ་ཚིག་སེམས་དཔའ་དང་དབྱེར་མེད་བརྟན་པར་བཞུགས་སུ་གསོལ༔ ཕྱི་ནང་གསང་བ་བླ་མེད་ཀྱི༔ མཆོད་པའི་བྱེ་བྲག་ཇི་སྙེད་འབུལ༔ ཧཱུྃ༔ ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ལ༔ ལོངས་སྐུ་འཇའ་ཚོན་ལྟ་བུར་སོ་སོར་གསལ༔ སྤྲུལ་སྐུ་ཆུ་ཟླ་ལྟ་བུར་འགྲོ་དོན་མཛད༔ རྒྱལ་བ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་བསྟོད༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་གྱུར་པ་ཀུན༔ མི་གསང་མི་སྦེད་གནོང་འགྱོད་མཐོལ་ལོ་བཤགས༔ ཡིག་བརྒྱ་བརྗོད༔ ཧཱུྃ༔ དངོས་གྲུབ་མཆོག་སྩོལ་རྒྱལ་བ་ཞི་ཁྲོའི་ལྷ༔ རྨད་བྱུང་ཏིང་འཛིན་འཛབ་ཀྱི་འཕྲོ་འདུ་ཡིས༔ དགོངས་སྤྱོད་དག་པའི་ཡེ་ཤེས་རབ་བསྐུལ་གྱི༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཨོ་ཨཱཧཱུྃ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷརྟ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷོ་ཧཱུྃ༔ ཞེས་བཟླས་སོ༔ དེ་ནས་དབང་བཞི་འབྲིང་པོའམ༔ གཏོར་དབང་གང་རུང་བསྐུར་རོ༔ ཞེས་རཱ་ག་ཨ་སྱས་སྦྱར་བའོ༔ སརྦ་མངྒ་ལཾ།། །།

བསླབ་བྱ་བསྟན་པ།


CMR005_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྡོ་རྗེ་སློབ་དཔོན་གྱི་སྒྲུབ་མཆོད་རྣམས་ལ་བསླབ་བྱ་བསྟན་པའི་རྒྱུད་ལས། ཐམས་ཅད་གྲལ་འདུག་བསླབ་བྱ་བསྟན༔ ཅེས་གསུངས་པས། འདི་ལྟར་དུ་བསྟན་པར་བྱའོ། །འོ་སྐལ་པ་དང་ལྡན་པའི་རྣལ་འབྱོར་ཕོ་མོ་མཆེད་ལྕམ་དྲལ་འདིར་འདུས་པ་དཀྱིལ་འཁོར་དང་མར་མེ་གཅིག་ལ་ལྟ་བ་རྣམས་ཉོན་ཅིག་གསང་སྔགས་རྡོ་རྗེ་ཐེགས་པ་འདི་འབྲས་བུ་ཆོས་ཡིན་པས་བཀའ་གཉན་ཅིང་དམ་ཚིག་དང་ལྡན་པས་སྒྲུབ་བསླའོ༔ དེ་ཡང་སྒྲུབ་པ་ཆེན་པོས་དཀྱིལ་འཁོར་འདི་ལྟ་བུར་ཞུགས་ནས༔ རྡོ་རྗེ་སློབ་དཔོན་ནི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ༔ དཀྱིལ་འཁོར་ཀུན་གྱིས་གཙོ་བོར་བཟུང་ཞིང་༔ མཆེད་དང་ལྕམ་དྲལ་རྣམས་ལྷ་དང་ལྷ་མོར་ཟུངས་ཤིག༔ འདོད་ཡོན་ཀུན་གྱིས་ལོངས་སྤྱོད་རྣམས་ནི་ཚོགས་འཁོར་དུ་ཟུངས་ཤིག༔ གནས་མཆོག་འདི་ནི་འོག་མིན་གྱི་གནས་སངས་རྒྱས་ཀྱི་ཞིང་དུ་མོས་པ་གྱིས་ཤིག༔ གནས་ཁང་འདི་ཡང་རིན་པོ་ཆེའི་ཡེ་ཤེས་ལྔའི་གཞལ་ཡས་ཁང་རྒྱ་ཁྱོན་ཕུན་སུམ་ཚོགས་པར་ཤེས་པར་གྱིས་ཤིག༔ སྤྱོད་ལམ་ལུས་ངག་གི་རྣམ་འགྱུར་ཇི་ལྟར་མཐོང་ཡང་འགགས་མེད་ཡེ་ཤེས་ཀྱི་རོལ་པ་ཆོས་སྐུ་སྐྱེ་མེད་ཀྱི་རང་རྩལ་དུ་ཤེས་པར་གྱིས་ཤིག༔ མདོར་ན་ཇི་ལྟགྲགས་ཐམས་


CMR005_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྔགས་ཀྱི་རོལ་པ་ལས་མ་ཡེངས་པར་ཟུངས་ཤིག༔ གྲགས་སྟོང་ཆོས་ཉིད་ཀྱི་རོལ་པ་ལས་མ་འདའ་བར་ཟུངས་ཤིག༔ ཐ་མལ་གྱི་འཁྲུལ་སྣང་ལུང་མ་བསྟན་ངན་རྟོག་གི་བསམས་པ་མ་དག་པ་ཐམས་ཅད་སྤོངས་ཤིག༔ བདུད་དང་བར་ཆད་ཀྱིས་གླག་ཚོལ་བ་ནི་མང་ངོ་༔ དངོས་གྲུབ་ཐོབ་ཁར་སད་ལ་མ་བསྐུར་ཅིག༔ སློབ་དཔོན་དང་རྒྱལ་ཐེབས་རྣམས་ཀྱིས་ཀྱང་ཡབ་ལྟ་བུར་འདུ་ཤེས་བསྐྱེད་ལ་བརྩེ་བའི་ཐུགས་རྗེའི་མི་ཤེས་པ་རྣམས་ལ་ལེགས་པར་སློབ་ཅིག༔ མཆེད་ལྕམ་རྣམས་ཀྱིས་ཀྱང་སློབ་དཔོན་གཙུག་གི་ནོར་བུ་ལྟར་ཁུར་ལ་ཅི་གསུངས་རྣམས་བསྒྲུབ་ལ་ལུས་ངག་ཡིད་གསུམ་ཚུལ་དང་མཐུན་པར་གྱིས་ཤིག༔ མཆེད་ལྕམ་དྲལ་རྣམས་ཀྱིས་དགེས་མཛའ་དགེས་མཐུན་དང་༔ ནང་བརྡེགས་དང་༔ ཕྱོགས་རིས་དང་༔ ཉེ་རིང་དང་༔ ཟུར་ཟ་དང་། འགྲན་སེམས་དང་༔ ལོག་ལྟ་དང་༔ ཕྲག་དོག་དང་༔ ལྐོག་འབུག་དང་། ངན་སེམས་དང་། འཐབ་རྩོད་དང་། མདོར་ན་ཆོས་དང་མི་མཐུན་ཞིང་དམ་ཚིག་དང་འགལ་བའི་ལས་ཐམས་ཅད་མ་བྱེད་ཅིག༔ གཟུངས་མ་རྣམས་ཀྱང་མཛའ་སྡུག་དང་། མཉམ་འགྲོགས་དང་། དམྱལ་སེམས་


CMR005_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྤོངས་ལ། ངོས་དགའ་དང་། ཆགས་སེམས་དང་། མིག་སེར་དང་། ཕྲག་དོག་རྣམས་སྤོང་ལ། གང་དགའ་གང་དགྱེས་ཀྱི་བཞེད་པ་རྣམས་སྐོངས་ཤིག །གཞན་ཡང་འཛབ་ཀྱི་སྒྲ་མ་ཆག་ཅིག །ཆང་དང་། གཉིད་དབང་དང་ལེ་ལོ་དང་། ཚོད་ཡོད་དང་། བྲེ་མོའི་གཏམ་དང་། འཁྲུལ་རྟོགས་ལོགས་རྟོགས། ངན་རྟོགས། བྱང་ཆུབ་སྒྲུབ་པའི་བར་ཆད་ཡིན་པས། དབང་དུ་མི་བཏང་བར་ཉིན་མཚན་མེད་པར་སྒྲུབ་པ་ལ་བརྩོན་པར་གྱིས་ཤི །དུས་སྐད་ཅིག་ཀྱང་། རྟེན་གྱི་འདུན་མ་སྒྲུབ་པའི་དུས་ཡིན་པས་བརྩོན་འགྲུས་དང་སྙིང་རུས་དང་དད་མོས་ཆེ་བ་རྣམས་དངོས་གྲུབ་ཐོབ་ཅིང་འཚེང་བ་ཡིན་པས་འབད་པ་ཐོན་ཅིག༔ རྒྱ་གར་དུ་ཚོམ་བུ་ཚོགས་སྒྲུབ་བྱ་བ་དང་། །བོད་དུ་སྒྲུབ་ཆེན་དབང་སྒྲུབ་པོ་ཐམས་ཅད་འདུལ་ཞིང་ཟབ་ལ་མྱུར། བྱིན་རླབས་དང་དངོས་གྲུབ་ཆེ་བ་དཀྱིལ་འཁོར་གཅིག་ཏུ་མཆེད་ལྕམ་མང་པོ་སངས་རྒྱས་གཅིག་ཏུ་སྒྲུབ་པ་ཐོན་། དབང་བཞི་གདན་ཐོགས་གཅིག་ཏུ་བསྐུར་བས་སྨིན་གྲོལ་དུས་གཅིག་འཛོམ་ཞིང་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་པ་དབང་པོ་ཡང་རབས་རྒྱལ་པོ་ཨིནྡ་བྷོ་དྷི་ལྟ་བུ་འཁོར་བ་


CMR005_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྤངས་སྐད་ཅིག་ལ་སངས་རྒྱས་པའི་སྒྲུབ་པ་དང་ཆོས་ཡིན་པས། ལུས་ངག་ཡིད་གསུམ་དད་པའི་ཤུགས་ཕྱུང་ནས་བརྩོན་འགྲུས་ཀྱི་ལྕགས་གིས་བྲབ་བོ། །སྙིང་རུས་ངར་བསྐྱེད། དུས་ནམ་ཡང་དབང་སྒྲུབ་ཟབ་མོ་འདི་ལྟ་བུ་དང་འཕྲད་པར་དཀའོ། །ད་ལེན་འབད་པ་སྙིང་ནས་ཐོན་ཅིག༔ གལ་ཏེ་བདག་གི་བརྩེ་བའི་སེམས་ཀྱི་བཀའ་བསྒོ་བ་ལ་སུ་འདའ་བ་དེ་ནི་ཚོགས་མ་བསགས་ཤིང་བསྐལ་པ་མེད་པས་བདུད་ཀྱི་དབང་དུ་གྱུར་ཅིང་དངོས་གྲུབ་མི་ཐོབ་པས་ལུས་ངག་ཡིད་གསུམ་བསྒྲིམས་ཤིག༔ སློབ་དཔོན་བྱམས་པའི་ངག་དང་བདེ་གཤེགས་རྒྱལ་བའི་བཀའ་ལ་ཉན་པ་རྣམས་ནི་འདི་ཕྱི་གཉིས་ཀ་འཚོང་པ་ཡིན་པས༔ མི་བརྗེད་པའི་དྲན་པ་ཟུངས་ལ་སྙིང་ལ་ཞོག་ཅིག༔ ཅེས་ཡང་དང་ཡང་ནས་བཀའ་ནན་ཆེ་བར་བྱའོ། །རྒྱུད་ལས་མཎྜལ་འབུལ་ལ་ཞུ་བ་ནི་དཀྱིལ་འཁོར་བསྐོར་ལ་སྒོ་བཞི་དབྱེ་ཅེས་གསུངས་པས། མངྒ་ལཾ།། །།


CMR005_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་དགོངས་པ་རངགྲོལ་གྱི་ཆོས་བཤད་ལོ་རྒྱུས།

ཞི་ཁྲོ་དགོངས་པ་རངགྲོལ་གྱི་ཆོས་བཤད་ལོ་རྒྱུས་བཞུགས་སོ།


CMR005_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ད་ལམ་འདིར་འདུས་པའི་ཁྲོམ་པ་རྣམས་ཡུད་ཙམ་བློ་གཞན་དུ་མ་ཡེངས་པར་གསན་པར་ཞུ། ཞི་ཁྲོ་འདི་ཡི་ལོ་རྒྱུས་ནི། །སྔོན་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་དུ་སངས་རྒྱས་དང་སེམས་ཅན་རིས་སུ་མ་བྱེ་བའི་དུས། ཀུན་ཏུ་བཟང་པོ་རང་ངོ་རང་གིས་ཤེས། འཁྲུལ་མ་མྱོང་བར་ཡེ་ནས་སངས་རྒྱས་པས། སངས་རྒྱས་ཐམས་ཅད་ཀྱི་སྤྱི་མྱེས་ཡིན་ཏེ། དེ་ལས་གཞན་ན་སངས་རྒྱས་མེད་དོ། །སེམས་ཅན་རྣམས་རང་ངོ་རང་གིས་མ་ཤེས་པས་འཁོར་བར་འཁྱམས་པའི་སེམས་ཅན་དེ་རྣམས་ཀྱི་དོན་དུ་སངས་རྒྱས་ཀུན་ཏུ་བཟང་པོས། རྫོགས་པ་ཆེན་པོའི་


CMR005_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས། རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞི་གསུངས་པས། རྒྱུད་སྡེ་དེ་ལ་བརྟེན་ནས་སྔོན་གྱི་སངས་རྒྱས་ཐམས་ཅད་སངས་རྒྱས་པ་ཡིན་ནོ། །རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་སྙིང་པོ་བསྡུས་པ་ནི། ཞི་ཁྲོ་དགོངས་པ་རང་གྲོལ་འདི་ཡིན་ནོ། །ཁྱད་པར་ཞི་ཁྲོ་ན་རཀ་དོང་སྤྲུག་གི་བསྐང་ཆོག་འདིའི་ལོ་རྒྱུས་ནི། སྔོན་འཇིག་རྟེན་གྱི་ཁམས་མི་འཇེད་འདི་ན། བྲམ་ཟེ་དུང་ཕྲེང་ཅན་ཞེས་བྱ་བ། །རིགས་པའི་གནས་ཐམས་ཅད་ལ་མཁས་པ་ཞིག་ཡོད་པ་ལ། རྒྱལ་པོའི་བུ་གཅིག་གིས་དེའི་སློབ་མ་བྱས་ཏེ། རིགས་པའི་གནས་ཐམས་ཅད་ལ་


CMR005_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པར་གྱུར་པ་དང་རྒྱལ་པོས་བུས་བསམ་པ། སློབ་དཔོན་འདི་མེད་ན་རང་བས་མཁས་པ་གཞན་མེད་པ་གཅིག་འོང་བསམས་ནས། སློབ་དཔོན་དེ་བསད་ཐབས་ངན་པ་སྣ་ཚོགས་ཀྱིས་དངན་གསོད་བྱས་ནས། རྒྱལ་པོས་བུ་དེ་ཤི་མ་ཐག་ཏུ་མནར་མེད་པའི་དམྱལ་བར་ལྟུང་སྟེ། འགྲོ་བ་རིགས་དྲུག་གི་སྡུག་བསྔལ་དུས་གཅིག་མྱོང་བར་གྱུར་ཏོ། །དེར་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི། རྡོ་རྗེ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། རྡོ་རྗེ་འཆང་ལ་དམ་ཚིག་ཉམས་པའི་སེམས་ཅན་དེ་ངན་སོང་ལས་ཐར་བའི་ཐབས་ཞུས་པས། །ཞི་ཁྲོ་ན་རཀ་དོང་སྤྲུག་གི་རྒྱུད་ཀ་འདི་གནང་ནས། བྱང་ཆུབ་སེམས་དཔའ་གཉིས་ཀྱིས་ཀྱང་། སེམས་ཅན་དེའི་དྲུང་དུ་སོང་ནས། ཞི་ཁྲོའི་ལྷ་ཚོགས་ཀྱི་མཚན་རྣ་བར་བསྒྲགས་ཤིང་། ཕྱག་འཚལ་བ་སོགས་བྱེད་བཅུག་པས། དེ་ངན་སོང་ལས་ཐར་ནས་ལྷ་ཡི་གནས་ན་རིག་འཛིན་མི་ཡི་ཐོད་པ་ཅན་ཞེས་བྱ་བར་སྐྱེས་ཏེ་རིམ་གྱིས་ས་བཅུ་ཐོབ་པར་གྱུར་ཏོ། །དེ་ནས་ཆོས་འདི་ཇི་ལྟར་བརྒྱུད་པའི་རིམ་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། དྲུག་པ་རྡོ་རྗེ་འཆང་ཆེན། སྟོན་པ་རྡོ་རྗེ་སེམས་དཔའ་སྟེ། དེ་གསུམ་གཅིག་གིས་གཅིག་


CMR005_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགོངས་པ་གཏད་ཙམ་གྱིས་ཆོག་པས། རྒྱལ་བ་དགོངས་པ་བརྒྱུད་པ་ཟེར། དེས་རྒྱ་གར་གྱི་རིག་འཛིན་དགའ་རབ་རྡོ་རྗེ། དེས་རྒྱ་ནག་གི་པན་ཊི་ཏ་ཤྲཱི་སེང་ཧ། དེས་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ལ་གནང་སྟེ། དེ་གསུམ་གཅིག་གིས་གཅིག་ལ་བརྡ་སྟོན་པ་ཙམ་གྱིས་ཆོག་པས། རིག་འཛིན་བརྡ་ཡི་བརྒྱུད་པ་ཟེར། དེ་ནས་ཨོ་རྒྱན་རིན་པོ་ཆེའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལྷ་ལྕམ་གང་འབུམ། ལོ་ཙཱ་ཀླུའི་རྒྱལ་མཚན་སོགས་ལ་གནང་སྟེ། ཆོས་རྣ་བར་བཤད་དགོས་པས། གང་ཟག་སྙན་ཁུང་བརྒྱུད་པ་ཞེས་བྱའོ། །དེ་ཡང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གནས་ལ་མ་སོང་ཆོས་བྲོས་ལ་བྱོན་དུས། ཡབ་རྒྱལ་པོའི་བློན་པོ། བདུད་བློན་ཤ་ཏ་བྱ་བས། ཡེ་ཤེས་མཚོ་རྒྱལ་ལ་ཆད་པ་མང་པོ་བཅད་པས། དེའི་རྣམས་སྨིན་གྱི་བློན་པོ་མནར་མེད་པའི་དམྱལ་བར་སྐྱེས། དེ་འདྲེན་པའི་ཕྱིར་ཡེ་ཤེས་མཚོ་རྒྱལ་དམྱལ་བར་ཕྱིན་པས། བློན་པོ་ལྕགས་སྲེག་ཁང་པའི་ནང་དུ་བཙུད་ནས་ལས་མཁན་གྱི་སྒོ་ཡང་ཕྱེ་ཁས་མ་ཉན། ལས་མཁན་དེ་ལ་དྲིས་ནས། འདི་ཇི་ལྟར་བྱས་ན་འདྲེན་ཐུབ་སྨྲས་པས། ཞི་ཁྲོའི་ཆོ་ག་བྱས་ན་མ་


CMR005_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་ཐར་ཐབས་མེད་ཟེར། དེར་ཡེ་ཤེས་མཚོ་རྒྱལ་གྱིས་ཞི་ཁྲོའི་ཆོ་ག་ཚར་གཅིག་མཛད་པས། ལྕགས་སྲེག་གི་ཁང་པ་རང་ཞིག་སོང་ནས། བློན་པོ་ལ་སོགས་པའི་འབུམ་ཚོ་ལྔ་དྲངས་སོ། །དེ་ནས་ཞི་ཁྲོའི་དཔང་ཀོང་ལ་སོགས་བཀའ་མ་དང་། རིག་འཛིན་རྒོད་ལྡེམ་ཅན་སངས་རྒྱས་གླིང་སོགས་ཀྱི་གཏེར་མ་མང་དུ་ཡོད་དེ། འདི་ནི་ལོ་ཙཱ་ཀླུ་ཡི་རྒྱལ་མཚན་གྱི་སྐྱེ་བ། གྲུབ་ཐོབ་ཀརྨ་གླིང་པས། དྭག་ལ་སྒམ་པོའི་རྒྱབ་རི་ནས་གཏེར་བཏོན་པའོ། །མི་རབས་གསུམ་དུ་གཅིག་བརྒྱུད་མཛད་ནས། ལྷ་ལྕམ་གང་འབུམ་གྱི་སྐྱེ་བ། བཀའ་བབ་ཆོས་ཀྱི་རྒྱལ་མཚན་ལ་བཀའ་བབས་ནས་བོད་ཡུལ་དུ་དར་བ་ཡིན། འདིའི་ཕྱག་ལེན་ལའང་། ཀཿཐོག་ལུགས། འབྲི་གུང་པའི་ལུགས། ཟུར་མང་བའི་ལུགས་མར་ཐང་མཁར་དྲུང་བའི་ལུགས་སོགས་མང་ནའང་། འདི་བཀའ་བབ་ཆོས་ཀྱི་རྒྱལ་མཚན་གྱི་ཕྱག་ལེན་མ་འཆུག་པ་ཡིན། བཀའ་ཆད་ལུང་སྡུམ་མ་ཡིན་ཏེ། དབང་གི་བརྒྱུད་པ། ཁྲིད་ཀྱི་བརྒྱུད་པ། ཕྱག་ལེན་བརྒྱུད་པ་མ་ཆད་པ་ཡིན་པས་ཁུངས་བཙུན། ཕྱི་པ་དང་ནང་པ། བན་དང་བོན། གསར་མ་དང་རྙིང་མ་ཐམས་ཅད་ཀྱི་ཕུག །


CMR005_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ་ཀུན་ཏུ་བཟང་པོའི་བཀའ་ཡིན་པས་ཡིད་ཆེས། སྡིག་པ་དང་སྒྲིབ་པ་ཉེས་པ་དང་ལྟུང་བ། དམ་ཚིག་ཉམས་ཆགས་དག་གང་དཀའ་བ་ཐམས་ཅད་དག་པའི་ཆོ་ག །ན་རཀ་དོང་སྤྲུག་ཕན་ཡོན་ཆེ། ལྷ་འདི་རྣམས་གཞན་ནས་སྤྱན་འདྲེན་མི་དགོས། ངེད་རང་རྣམས་ཀྱི་ལུས་ལ་ཚང་བར་བཞུགས་པས། ཐུགས་རྗེ་དང་བྱིན་རླབས་མྱུར། མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ་དང་། སྐྱེ་བོ་འཇིག་རྟེན་མིའི་ཁྲིམས་འགལ་བ་དང་། མནའ་ཟོས་པ་དང་། བཙུན་པ་དང་བཙུན་མ་འདུལ་བའི་སྡོམ་པ་དང་འགལ་བ་དང་། སྔགས་ཀྱི་སྡོམ་པ་དང་འགལ་བ་དང་། སྔགས་ཀྱི་དམ་ཚིག་ཉམས་པ་ཐམས་ཅད་འདིས་མི་འདག་པ་མེད་པར་གསུངས་ཏེ། དཔལ་རྒྱུད་ཀྱི་རྒྱལ་པོ་གསང་བ་འདུས་པ་ལས། གང་གི་རྒྱལ་བ་ཞི་ཁྲོ་ཡི། །དཀྱིལ་འཁོར་མཚན་ཐོས་ཕྱག་འཚལ་ན། །ཉམས་ཆགས་མ་ལུས་ཀུན་བྱང་ནས། །མཚམས་མེད་ལྔ་ནི་སྨོས་ཅི་དགོས། །ན་རཀ་གནས་ཀྱང་དོང་སྤྲུག་སྟེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཅེས་གསུངས་པ་དང་། དྲི་མེད་རྒྱལ་པོ་བཤད་པའི་རྒྱུད་ལས། གལ་ཏེ་རྣལ་


CMR005_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་གང་ཞིག་གིས། །དཀྱིལ་འཁོར་གྱི་ལྷ་དེ་རྣམས་ཀྱི་མཚན་ལན་གཅིག་ཐོས་པ་ཙམ་གྱིས་དམྱལ་བ་ཆེན་པོར་མི་ལྟུང་ངོ་། །དེ་བས་གུས་པས་ཕྱག་འཚལ་ལོ། །རང་གཞན་སྒྱུ་འཕྲུལ་དཀྱིལ་འཁོར་ལ། །གང་གིས་གུས་པས་ཕྱག་འཚལ་ནས། །ཉམས་ཆགས་ཀུན་ཀྱང་བྱང་བར་འགྱུར། །དམ་ཚིག་བསྐང་ནས་དངོས་གྲུབ་ཐོབ། །ཅེས་གསུངས་པ་དང་༔ འགྲོ་དྲུག་དོང་སྤྲུག་ལས་ཀྱི་སྤྱི་ཁྲུས་འགྱོད་ཚངས་རྒྱལ་པོ་བཤགས་པའི་རྒྱུད་ལས། ཞི་བའི་ལྷ་ཚོགས་བུདྡྷ་བཞི་བཅུ་ཞེ་གཉིས་ཀྱི་ལྷ་ཚོགས་ཀྱི་མཚན་ནས་བརྗོད་པས། མཚམས་མེད་པ་ལྔ་དང་། སྡིག་སྒྲིབ་ཐམས་ཅད་བྱང་བར་འགྱུར་རོ། །ཁྲག་འཐུང་གི་ལྷ་ཚོགས་སུམ་ཅུ་ཡི་མཚན་བརྗོད་ཅིང་། ཕྱག་འཚལ་བས་མཚམས་མེད་པ་ལྔ་དང་། སྡིག་པ་ལྕི་བ་ཐམས་ཅད་བྱང་བར་འགྱུར། ཞེས་གསུངས་པ་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། འདི་དང་འཕྲད་པ་སྐལ་པ་ཤིན་ཏུ་བཟང་བ་ཡིན་ནོ། །ཚོགས་བསགས་ཤིང་སྒྲིབ་པ་བྱང་བ་རྣམས་མ་གཏོགས་འདི་དང་འཕྲད་པར་དཀའ་འོ། །གལ་ཏེ་འཕྲད་ན་ཡང་བློར་ཤོང་བ་དཀའ་འོ། །འདི་ཐོས་ནས་ལོག་ལྟ་མ་སྐྱེས་པ་ཁོ་ནས་ཀྱང་གྲོལ་བར་


CMR005_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་སོ། །དེའི་ཕྱིར་འདི་ལ་ཤིན་ཏུ་གཅེས་སྤྲས་སུ་བྱའོ། །འདི་ནི་ཆོས་ཐམས་ཅད་ཀྱི་བཅུད་ཡིན་ནོ། །བར་དོའི་གདམས་པ་ཐོས་པ་ཙམ་གྱིས་གྲོལ་བ། བལྟས་པ་ཙམ་གྱིས་གྲོལ་བའི་ཐོས་གྲོལ་ཆེན་མོ་ཞེས་བྱ་བ། མ་བསྒོམ་པར་སངས་རྒྱས་པའི་ཆོས། ཐོས་པ་ཙམ་གྱིས་གྲོལ་བའི་ཆོས། སྡིག་པོ་ཆེ་གསེང་ལམ་དུ་ཁྲིད་པའི་ཆོས་། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་པའི་ཆོས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་པའི་ཆོས་ཟབ་མོ་ཡིན་ཏེ། འདིས་སླེབས་པའི་སེམས་ཅན་ངན་སོང་དུ་སོང་བ་མི་སྲིད་དོ། །ཞེས་གསུངས། དེ་ལྟར་བྱིན་རླབས་ཆེ་ཞིང་ཐུགས་རྗེ་མྱུར་བའི་ལྷ། དམ་པ་རིགས་བརྒྱའི་དཀྱིལ་འཁོར་འདིའི་དྲུང་དུ་ཁྱེད་རྣམས་ཀྱིས་དགེ་བ་ཁས་ལེན་རེ་མཛད་ན། འགྱུར་དང་ཕན་ཡོན་ཆེ་བས། གདན་གཅིག །ཡིག་དྲུག །མར་མེ། ཚེ་ཐར། བཛྲ་གུ་རུ། དགེ་ཧུབ། ཇོ་དར། མ་ཎི་རྒྱུ་མཁར་ལ་སོགས་དགེ་བ་ཁས་ལེན་རེ་མཛོད། ཅེས་བླ་མ་ཀརྨ་དོན་གྲུབ་ཀྱིས་བསྐུལ་ནས་རཱ་ག་ཨ་སྱས་བྲིས་པའོ། །ཡང་ཁྱེད་ཁྲོམ་ཚོ་ཡུད་ཙན་གསན་པར་ཞུ། སྤྱིར་ཞི་ཁྲོ་འདི་ཕན་ཡོན་གང་ཆེ་བའི་ཆོས་ཐམས་


CMR005_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་འདི་ལ་ཚང་། མར་མེ་བརྒྱ་རྩ་ཚང་བས་མར་མེ་བརྒྱ་ཚར་བལྟམས་པ་དང་འདྲ། ཚོགས་བརྒྱ་རྩ་ཡོད། ལྷ་ཡང་བརྒྱ་རྩ་ཚང་བས་ཚོགས་བརྒྱ་ཚང་། མཆོད་པ་སྣ་ཁ་སྟོང་ཕྲག་གཅིག་ཡོད་པས། སྟོང་མཆོད་ཚང་། ཚོགས་ཆེན་དང་ཇོ་ཧུབ་ཡོད་པས་ཚོགས་ཆེན་དང་དགེ་ཧུབ་ཚང་། ཇོ་རྒྱུན་ཞོར་དུ་ཡོད་པས་ཡིག་དྲུག་ཞོར་ལ་འགྲོ། བསྐང་བ་ཡིན་པས་རིམ་གྲོ་ཡང་ཞོར་ལ་འགྲོ་བ་ཡིན། །འདས་ལོགས་ཀུ་སུ་ལི་པས་ཆོས་ཀྱི་རྒྱལ་པོ་ལ་ཕན་ཡོན་གང་ཆེ་ཞུས་པ་ལའང་། ཞི་ཁྲོ་དང་ཡིག་དྲུག་ཕན་ཡོན་ཆེ་གསུངས་པར་གདའ། ཁྱད་པར་དུ་འགྲོ་མགོན་སུརྱ་ཙནྡའི་མཆེད་ཡ་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ་གཞོན་ནུ་ནས་ཤི་ཞིང་། ནུ་བོ་གར་སྐྱེས་ལྟ་ཕྱིར་རྨི་ལམ་བཟུང་བས། མཆེད་ཡ་བར་དོ་ན་འཁྱམས་པ་དང་འཕྲད། ཁོང་རྣམས་གཉིས་གླེང་ལང་མང་དུ་བྱུང་སྟེ། ཁོང་ན་རེ། ངེད་རང་གི་ས་ཕྱོགས་ཀྱི་མི་རྣམས་ཕལ་ཆེར་བར་དོ་ཐོས་གྲོལ་རྣ་བར་ཐོས་ཡོད་པས་གཞན་ཚོ་བས་སྐྱིད་དོ། །ན་རཀ་བསྐང་བཤགས་འདིས་ཕན་པར་སྣང་བས་འབད་འབུང་ཐོང་ཟེར་བའི་ལོ་རྒྱུས་རྒྱས་པར་ཡོད་དོ། །ད་ལམ་སྐབས་སུ་བབ་པ། ན་རཀ་དོང་སྤྲུག་རྒྱུད་


CMR005_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ལུས་ཀྱི་སྒོ་ནས་ཀྱང་ཕྱག་ངག་གི་སྒོ་ནས་ཀྱང་ཕྱག་འཚལ་ཞིང་། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་མཚན་ནས་ཐོན་ཅིག །ཅེས་གསུངས་པའི་དོན་བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ་འཚལ་བ་ཡིན་པས། མདུན་གྱི་ནམ་མཁར་འཁོར་དཀྱིལ་འཁོར་འདི་དང་ཐ་དད་མེད་པའི་ཞི་བའི་ལྷ་ཚོགས་བུདྡྷ་བཞི་བཅུ་རྩ་གཉིས། ཁྲག་འཐུང་ཧེ་རུ་ཀ་དྲག་པོའི་ལྷ་སུམ་ཅུ་ཐམས་པ། ཐུབ་པ་དྲུག་ཐུགས་རྗེ་དྲག་པོར་ཁྲོས་ནས་རིགས་དྲུག་གི་གནས་ནས་སངས་རྒྱས་ཞིང་དུ་རང་དབང་མེད་པར་འཕེན་པའི་ཁྲོ་བོ་སྤྱོར་བྱེད་ཆེན་པོ་བརྒྱད། བཀའ་ཡི་སྲུང་མ་ཞིང་སྐྱོང་ཤ་ཟའི་མཁའ་འགྲོ་མ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དང་བཅས་པ། མངོན་སུམ་དུ་བཞུགས་པའི་མོས་པ་མཛོད་ལ། དེ་རྣམས་ཀྱི་དྲུང་དུ་ཚེ་འདས་ཀྱི་ཐོགས་དྲངས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་གི་ལུས་གཅིག་ལ་ལུས་བྱེ་བ་དུང་ཕྱུར་དུ་སྤྲུལ་ཏེ། ཕྱག་འཚལ་བའི་མོས་པ་གྱིས་ལ། དམ་པ་རིགས་བརྒྱའི་སྐུ་མདོག་དེ་དང་ཆ་ལུགས་ངེད་ཀྱིས་བརྗོད་ཚེ་ཁྱེད་རང་རྣམས་ཡིད་ཡུལ་དུ་གསལ་ཐོབ། ཚིག་འཇུག་ཏུ་མཚན་བརྗོད་ཚེ་མཉམ་དུ་རྗེས་ཟློས་གྱིས་ལ། ཕྱག་འཚལ་ཞིང་། མགོ་བོ་


CMR005_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

འདུད་པ་དང་བཅས་པས་ཕྱག་འཚོལ་ཞིག །ཅེས་པ་རཱ་ག་ཨ་སྱས་སོ། །མངྒ་ལཾ།། །།༧ཁམས་སྟོདནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་གྱི་ལོ་རྒྱུས་ཕན་ཡོན་དང་བཅས་པ།


CMR005_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་གྱི་ལོ་རྒྱུས་ཕན་ཡོན་དང་བཅས་པ་བཞུགས་སོ༔


CMR005_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ད་ལམ་དཀྱིལ་འཁོར་འདི་ཡི་ལོ་རྒྱུས་ཟུར་ཙམ་ཞུ་ན༔ ཡེ་ཐོག་དང་པོ་སངས་རྒྱས་དང་སེམས་ཅན་ཞེས་རིས་སུ་མ་བྱེ་བའི་དུས་ན་སེམས་ཅན་ཐམས་ཅད་ང་མེད་པ་ལ་ང་དང་བདག་མེད་པ་ལ་བདག་ཏུ་བཟུང་༔ རང་ངོ་རང་གིས་མ་ཤེས་ཏེ་འཁོར་བར་འཁྱམས་སོ༔ དཔལ་ཀུན་ཏུ་བཟང་པོ་ནི་འཁྲུལ་མ་མྱོང་བར་གཞི་གདོད་མའི་གནས་སུ་མངོན་པར་བྱང་ཆུབ་སྟེ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་ཚེས་དང་པོའི་སངས་རྒྱས་ཞེས་བྱའོ༔ དེ་ཉིད་གནས་ཕུན་སུམ་ཚོགས་པ་ཆོས་སྐུའི་ཞིང་ན༔ སྟོན་པ་ཕུན་སུམ་ཚོགས་པ་ཀུན་ཏུ་བཟང་པོ༔ འཁོར་ཕུན་སུམ་ཚོགས་པ་ཡེ་ཤེས་རྒྱ་


CMR005_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་ཚོགས་ལ༔ དུས་ཕུན་སུམ་ཚོགས་པ་ཆོས་ཉིད་འཕོ་འགྱུར་མེད་པའི་ཚེ༔ ཆོས་ཕུན་སུམ་ཚོགས་པ་རང་བཞིན་རྫོགས་པ་ཆེན་པོ་རང་ཆས་ལྷུན་གྲུབ་ཀྱི་ངང་དུ་འོད་གསལ་ལོ༔ དེ་ཉིད་ལས་མ་གཡོས་བཞིན་དུ་རྣམ་དག་འཐུག་པོ་བཀོད་པའི་ཞིང་ཡེ་ཤེས་ཀྱི་རང་མདངས་ལས་གྲུབ་པའི་འོད་ཁྱིམ་རིན་པོ་ཆེའི་གཞལ་ཡས་ཁང་ན༔ དཔལ་ཀུན་ཏུ་བཟང་པོའི་ཡེ་ཤེས་ལྔའི་རང་མདངས་ལས་རིགས་ལྔ་དང་༔ ཁམས་ལྔ་རྣམ་པར་དག་པའི་རང་མདངས་ཡུམ་ལྔ་དང་༔ ཚོགས་བརྒྱད་རྣམ་པར་དག་པའི་རང་མདངས་ལས་སེམས་དཔའ་བརྒྱད་དང་༔ ཡུལ་བརྒྱད་རྣམ་པར་དག་པའི་


CMR005_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

རང་མདངས་ལས་སེམས་མ་བརྒྱད་དང་༔ མཐའ་བཞི་དང་སྐྱེ་གནས་བཞི་རྣམ་པར་དག་པའི་རང་མདངས་ལ་སྒོ་བ་ཡབ་ཡུམ་བརྒྱད་དུ་སྣང་སྟེ༔ དེ་དག་གི་སྐུ་ལ་ཡང་རིགས་ལྔའི་སྐུ་བསམ་གྱིས་མི་ཁྱབ་པ་འཕྲོ་ཞིང་༔ མངོན་པར་དགའ་བ་དང་༔ དཔལ་ལྡན་དང་༔ བདེ་བ་ཅན་དང་༔ ལས་རབ་རྫོགས་པ་ལ་སོགས་ལོངས་སྐུ་དག་པའི་ཞིང་དཔག་ཏུ་མེད་པར་ཞི་བའི་ལྷ་ཚོགས་དེ་རྣམས་ཆ་ཚང་བ་གཙོ་བོ་འཕོ་བའི་རིགས་པས་ཉི་མ་དང་འོད་ཟེར་ལྟར་འདུ་འབྲལ་མེད་པར་སྣང་ཞིང་༔ ཟ་འོག་གི་བེར་ཁྱིམ་བཀྲམ་པ་ལྟར་བཀོད་ལེགས་ཤིང་ཁ་དོག་ལྔར་འབར༔ ལྗགས་ཀྱི་འོད་ཟེར་ལས༔ ༢ཨཤསམསཿཞེས་འབྲུ་དྲུག་གི་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བར་གྱུར་ཏོ༔ དེའི་ཚེ་གནས་ཕུན་སུམ་ཚོགས་པ་སྟུག་པོ་བཀོད་པའི་ཞིང་ཁམས་སུ༔ སྟོན་པ་ཕུན་སུམ་ཚོགས་པ་རིགས་ལྔའི་སངས་རྒྱས་ལ༔ འཁོར་ཕུན་སུམ་ཚོགས་པ་སངས་རྒྱས་དཔག་ཏུ་མེད་པས་བསྐོར་བ་ལ༔ དུས་ཕུན་སུམ་ཚོགས་པ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཚེ༔ ཆོས་ཕུན་སུམ་ཚོགས་པ་ཡེ་ཤེས་འོད་གསལ་བའི་དགོངས་པ་བརྗོད་དུ་མེད་པར་སྟོན་ཏེ༔ དེའི་ཐུགས་རྗེ་མ་འགག་པའི་རང་རྩལ་ལ་འགྲོ་བ་རིགས་དྲུག་གི་གནས་


CMR005_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཐུབ་པ་དྲུག་ཏུ་ཤར་ནས་སོ་སོའི་སྐད་དུ་ཆོས་བསྟན་ཏོ༔ དེ་ལྟར་ཆོས་སྐུ་ཀུན་ཏུ་བཟང་པོ་ནི་འཁོར་འདས་ཐམས་ཅད་ལ་ཁྱབ་པར་རང་བཞིན་ལྷུན་གྲུབ་ཏུ་བཞུགས་སོ༔ རིགས་ལྔ་སོགས་ཞི་བའི་ལྷ་རྣམས་ནི་ཕྱི་ལྟར་ན་དག་པའི་ཞིང་ཁམས་ལྔར་འཁོར་ཚོམ་བུ་བཅས་ཏེ་བཞུགས་སོ༔ ནང་ལྟར་ཙིཏྟ་རིན་ཆེན་སྙིང་གི་གནས་དྭངས་མ་ལྔའི་ཐིག་ལེ་ཐིག་ཕྲན་གྱི་རྣམ་པར་བཞུགས་སོ༔ གཞན་ཡང་ཞི་ཁྲོའི་དཀྱིལ་འཁོར་བཞེངས་ཤིང་བཤམས་པ་ནི༔ མེ་ལོང་ལ་གཟུགས་བརྙན་དང་ཆུ་ཟླ་ལྟར་སྣང་བར་མཛད་དེ་གང་ཞིག་སངས་རྒྱས་ཡིད་བྱེད་པ༔ དེ་ཡི་མདུན་ན་ཐུབ་པ་བཞུགས༔ ཞེས་གསུངས་སོ༔ འོ་ན་ཞི་བའི་ལྷ་ཚོགས་དེ་ལྟར་ན་ཁྲོ་བོའི་ལྷ་ཚོགས་ཇི་ལྟར་བྱུང་ཞེ་ན༔ སྔོན་གྱི་དུས་ན་རྨོངས་པ་དག་གིས་གསང་སྔགས་ཡང་དག་པའི་དོན་ནི་མ་རྟོགས༔ ལས་རྒྱུ་འབྲས་འཆོལ་པར་སྤྱད་པས༔ དམྱལ་ཁམས་བརྒྱད་དང་བཅུ་དྲུག་དང་ངན་འགྲོའི་སྐྱེ་གནས་གྲངས་མེད་པར་འཁྱམས་ཏེ༔ ལས་སྒྲིབ་ཅུང་ཟད་སྲབ་པ་དང་ཡི་དྭགས་ཀྱི་སྲིན་པོ་ཆེན་པོ་གདུག་ཅིང་གཏུམ་པ་ལུས་གཅིག་ལ་མགོ་བརྒྱ་དང་མགོ་སྣ་ཚོགས་དང་༔ ལུས་བརྒྱ་ལ་མགོ་གཅིག་དང་༔ ལུས་སྣ་ཚོགས་དང་༔


CMR005_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་མང་པོ་སྣ་ཚོགས་ཅན༔ གདུག་པའི་ལག་ཆ་སྣ་ཚོགས་ཐོགས་པ་འཁོར་རབ་ཏུ་མང་པོ་འཇིགས་པའི་གཟུགས་སྣ་ཚོགས་དང་ང་རོ་འཇིགས་པ་དང་༔ རླུང་ནག་དང་ཚ་བ་དང་གྲང་བའི་དབུགས་ཀྱིས་ཕྱོགས་འཁྲུག་ཅིང་༔ ནད་བཞི་བརྒྱ་རྩ་བཞི་འདེབས་པར་བྱེད་པས་མྱོས་ཤིང་ཉམས་པར་བྱེད་པའི་མཐུས༔ ལྷ་དང་ཀླུ་དང་ལྷ་མ་ཡིན་དང་ལྷ་གནས་འབྲས་བུ་ཆེ་བ་མན་ཆད་དབང་དུ་བསྡུས་སོ༔ དེ་འདུལ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག་པོ་ཁྲོ་བོའི་དཀྱིལ་འཁོར་སྤྲུལ་ཏེ༔ དེ་བཞིན་ཉིད་ཀྱི་དབྱིངས་ལས་ཁྲོ་མོ་དབྱིངས་ཕྱུག་མ་བྱུང་སྟེ་འཁྲིལ་བའི་མཁའ་གསང་ནས་ཁྲོ་བོའི་དཀྱིལ་འཁོར་སྟོང་གསུམ་གང་བ་ཐོན་ཏེ༔ འཇིག་རྟེན་ཐམས་ཅད་གཡོ་ཞིང་ལྟས་ཆེན་པོ་བཅོ་བརྒྱད་བྱུང་ངོ་༔ འཇིག་རྟེན་ན་དབང་དང་མཐུ་ཆེ་བའི་དབང་ཕྱུག་ཆེན་པོ་ལ་སོགས་པ་ཡང་བརྒྱལ་ལོ༔ དེ་ནས་བཅོམ་ལྡན་འདས་ཉིད་འབར་བའི་ཁྲག་འཐུང་སྐུ་སྨུག་ནག་ཅིར་ཡང་འགྱུར་བ་དབུ་དང་ཕྱག་དང་ཞབས་སྟོང་ཁམས་ཞིང་གི་རྡུལ་སྙེད་འཛིན་པ་ཞིག་ཏུ་སྤྲུལ་ལོ༔ སླར་ཡང་དབུ་གསུམ་ཕྱག་དྲུག་ཞབས་བཞི་པར་གྱུར་ཏེ༔ དབང་ཕྱུག་ཆེན་པོ་དང་དྲག་པོ་ཁྱོ་ཤུག་གི་གདན་ལ་བརྐྱང་


CMR005_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུམ་གྱིས་བཞུགས་ནས་ཕྱོགས་བཞིར་སླར་ཡང་ཁྲག་འཐུང་རིགས་བཞིར་སྤྲུལ་ལོ༔ བཙུན་མོ་ཁྲག་འཐུང་ཆེན་མོ་རྣམས་སྐུ་ལ་འཁྲིལ་ལོ༔ དེར་དྲག་པོ་ཁྱོ་ཤུག་ལ་།སོགས་པ་གདུག་པ་ཅན་རྣམས་ཀྱི༔ ཐོང་ཐོང་སྙིང་རྗེའི་བདག་པོས་འདི་ལྟར་བྱེད་དམ་ཟེར་ནས་གདུག་རྩུབ་རྣམས་བསྟན་ཏོ༔ དེ་ནས་བཅོམ་ལྡན་འདས་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བརྒྱད་དུ་བསྟན་ནས་ཧཱུྃ་ཧཱུྃ་ཞེས་དབང་ཕྱུག་ཆེན་པོ་ལ་སོགས་གདུག་པ་ཅན་ཐམས་ཅད་ཀྱི་སྙིང་དང་དབང་པོ་ནང་ཁྲོལ་དྲངས་ཏེ༔ ཡན་ལག་གཏུབས་ནས་ཁྲག་འཐུང་རུས་པ་འཆོས་སོ༔ འཇིག་རྟེན་གྱི་ཁམས་ནམ་མཁའ་དང་མཉམ་པ་ཐམས་ཅད་ཡུངས་འབྲུ་གཅིག་གི་ནང་དུ་བསྡུས་སོ༔ འབྱུང་པོ་མ་ལུས་པ་བརྒྱལ་ལོ༔ དྲག་པོ་ཆེན་པོ་ལ་སོགས་པའི་ཆུང་མ་འབྱུང་མོ་ཐམས་ཅད་ཀྱི་ཡང་རྗེ་མོ༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ་དབང་དུ་བསྡུས་སོ༔ དགྱེས་པར་རོལ་ལོ༔ སྦྱོར་མཚམས་ནས་ཀེ་སེང་སྒོ་མའི་ཚོགས་སྤྲུལ་ལོ༔ དེ་ནས་བདུད་རྩི་འཁྱིལ་པའི་སྔགས་གསུངས་པས༔ ཞལ་དུ་གསོལ་བས་དབང་ཕྱུག་ཆེན་པོ་སོགས་གདུག་པ་ཅན་རྣམས་ཕྱིར་ཐོན་ཏེ༔ མི་གཙང་བའི་རྒྱ་མཚོར་ཚུད་དོ༔


CMR005_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

སྣམ་ཕྲག་ནས་ཁྲོ་བོ་རྨེ་བརྩེགས་ཐོན་ནས་མི་གཙང་བ་དེ་ཐམས་ཅད་འཐུང་ནས་དབང་ཕྱུག་ལ་སོགས་གདུག་པ་ཅན་རྣམས་དྲན་པ་རྙེད་དེ༔ ཁྲོ་བོ་ཆེན་པོའི་ཞལ་མཐོང་སྟེ་དེའི་ཚེ་ཕྱོགས་བཅུའི་དྲེགས་པ་དབང་ཕྱུག་ཐམས་ཅད་ཐབས་སྣ་ཚོགས་ཀྱིས་དུས་གཅིག་ཏུ་བཏུལ་ལོ༔ དེར་ཁོང་རྣམས་འདར་ཞིང་འབངས་སུ་མཆིའོ་འབངས་སུ་ནན་ཏན་མ་བགྱིས་ན༔ ལུས་དུམ་བུ་བརྒྱར་འགས་ཤིང་སྙིང་གཏུབ་སྟེ་དམྱལ་བར་ལྟུང་བར་གྱུར་ཅིག༔ ཞེས་དམོད་བོར་རོ༔ དཀྱིལ་འཁོར་གྱི་གདན་དུ་བཞག་ནས༔ འཁོར་གཡོག་དང་བཅས་པ་ཕུལ་ལོ༔ བདག་ཅག་སོ་སོ་འཁོར་བཅས་ཀྱི༔ ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར༔ མིང་ཙམ་འཛིན་པར་བྱེད་པ་ཡང་༔ གཙུག་གི་ནོར་བུ་འབར་བ་ལྟར༔ གཡོ་སྒྱུ་མེད་ཅིང་གུས་ལྡན་པས༔ སེམས་ཀྱིས་བླངས་ཏེ་སྤྱི་བོ་ཡི༔ གཙུག་ཏུ་བཞག་སྟེ་བཀུར་བར་བགྱི༔ དེ་ཡི་དགོངས་པ་ཅི་ཡང་རུང་༔ མ་ལུས་རྫོགས་པར་བྱང་ཆུབ་སྒྲུབ༔ གལ་ཏེ་དཔའ་བོའི་སྤྱན་སྔ་འདིར༔ སྨྲས་པ་བཞིན་དུ་མ་བསྒྲུབས་ན༔ བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་༔ བཀས་གཏུབ་དུམ་བུར་བཏུལ་བར་བགྱི༔ ཞེས་དམ་བཅས་སོ༔ དེ་དག་གི་ཆུང་མ་དང་སྲིང་མོ་དང་བུ་མོའི་


CMR005_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དབང་ཕྱུག་ཉེར་བརྒྱད་ཐམས་ཅད་མགྲིན་གཅིག་ཏུ༔ བདག་ཅག་འཁོར་བཅས་ཐམས་ཅད་ཀུན༔ དཔའ་བོ་ཆེན་པོའི་འབངས་སུ་མཆི༔ དཔའ་བོ་ཆེན་པོས་།བདག་ཅག་རྣམས༔ ལས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཞེས་ཞུས་པས༔ ལག་ཏུ་རྡོ་རྗེ་བྱིན་ལྕེ་ལ་བདུད་རྩི་བཞག༔ དབང་བསྐུར་ཏེ་དཀྱིལ་འཁོར་གྱི་ཕྱི་རིམ་དུ་བཀོད་ནས་བཀའི་སྲུང་མར་བཞག་གོ༔ དེ་ལྟར་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་དེ་རྣམས་ཕྱི་ལྟར་ན་ཞི་བ་གནས་འགྱུར་ཏེ་འོག་མིན་གསང་ཆེན་རོལ་པའི་གནས་ན་བཞུགས་སོ༔ ནང་ལྟར་ན་ཀླད་པ་དུང་ཁང་གི་ནང་ན་ལུས་ལྷའི་ཚུལ་དུ་བཞུགས་སོ༔ གཞན་དུ་ཞི་ཁྲོའི་དཀྱིལ་འཁོར་བཤམས་པའི་ཚེ༔ ཆུ་ཟླ་བཞིན་དུ་དེར་སྣང་བར་མཛད་དེ༔ ཆུ་ཟླ་བཞིན་དུ་གར་དམིགས་དེར་སྣང་བ༔ ཞེས་གསུངས་སོ༔ འོ་ན་དམ་པ་རིགས་བརྒྱའི་དཀྱིལ་འཁོར་བྱུང་ཚུལ་དེ་ལྟར་ན༔ འདི་དག་གི་རྒྱུད་ཇི་ལྟར་གསུངས་ཞེ་ན༔ དེ་ལྟར་ཀུན་ཏུ་བཟང་པོ་ཆོས་སྐུ་སྟོང་པ་ཉིད་ཀྱི་ངང་ལ་དུས་གསུམ་དུས་མེད་དུ་བཞུགས་པས་སྨྲ་བརྗོད་དང་བྲལ༔ ལོངས་སྐུ་རིགས་ལྔ་ཐམས་ཅད་རང་སྣང་དག་པའི་ཞིང་དུ་བརྡའི་སྒོ་ནས་འཁོར་རྣམས་ཀྱིས་ཆོས་ཀྱི་དོན་གོ་བར་མཛད་པ་


CMR005_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ལས༔ དེའི་ངང་ལས་སྤྲུལ་པ་ཆུ་ཟླ་ལྟ་བུས་གང་ལ་གང་འདུལ་དུ་ཤར་ནས་འགྲོ་དོན་མཛད་དེ༔ ས་བཅུ་པོ་ལ་གནས་པའི་སེམས་དཔའ་རྣམས་ལ་རིགས་ལྔ་སོ་སོར་སྣང་ངོ་༔ ཕྱོགས་བཅུའི་འཇིག་རྟེན་མཐའ་ཡས་མུ་མེད་པ་ན་འགྲོ་བ་རིགས་དྲུག་སོ་སོའི་ཐུབ་པར་སྣང་ནས་ཆོས་ཀྱི་འཁོར་ལོ་བསྐོར་རོ༔ དེ་ལ་འཇིག་རྟེན་གྱི་ཁམས་འདི་ན་སྤྲུལ་པས་འགྲོ་དོན་མཛད་ཚུལ་ནི༔ བྱིན་རླབས་མཆོག་གི་སྤྲུལ་པ་གསུམ་སྟེ༔ རིན་པོ་ཆེ་བརྒྱ་རྩ་གཅིག་ལས་བྱུང་བའི་སྐུ་དང་༔ རང་བྱུང་བསྟན་པ་བུ་གཅིག་གི་རྒྱུད་ཀྱི་གླེགས་བམ་དང་༔ ཆོས་ཉིད་ཀྱི་རྡོ་རྗེ་རྩེ་ལྔ་པ་སོགས་རང་བྱུང་དུ་སྤྲུལ་ནས༔ རྡོ་རྗེ་གདན་གྱི་ནམ་མཁའ་ལ་སོགས་སུ་བཞུགས་ཏེ་བསྟན་པའི་བཙས་གཏེར་ཞེས་བྱའོ༔ དེ་ཡང་ཞིང་འདིའི་བསྐལ་པ་དང་པོ་ལ་སྤྲུལ་པའི་སྐུ་རྡོ་རྗེ་འཆང་ཆེན་པོ་དགའ་ལྡན་བརྩེགས་པ་པདྨའི་སྟེང་དུ་བྱོན་ནས་རྡོ་རྗེ་སེམས་དཔའ་དང་ཕྱག་ན་རྡོ་རྗེ་ལ་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཚིག་ཡི་གེ་ལས་འདས་པ་དགོངས་པས་གོ་བར་མཛད་དོ༔ དེའི་ཚེ་རྡོ་རྗེ་འཆང་ཉིད་ཁྱེའུ་སྣང་བ་དམ་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་སྟོན་པ་ཕུན་སུམ་ཚོགས་པ་རང་བྱོན་ནས༔ འཁོར་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ལ་སྒྲ་ཐལ་


CMR005_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རྩ་བའི་རྒྱུད་ལ་སོགས་པ་རྒྱུད་བཅུ་བདུན་གསུངས་སོ༔ དེ་ནས་གནས་མི་མཇེད་དུ་སྟོན་པ་ཁྱེའུ་འོད་མི་འཁྲུགས་པ་དང་༔ གནས་འོད་ཀྱི་ཕུང་པོར་སྟོན་པ་འཇིགས་སྐྱོབས་དང་གནས་ཆགས་འབྱུང་མངལ་དུ་སྣང་བར་སྟོན་པ་གཞོན་ནུ་རོལ་པའི་རྣམ་པར་བརྩེ་བ་དང་༔ གནས་འཚོ་བྱེད་གཞོན་ནུའི་སྡུམ་རར་སྟོན་པ་རྡོ་རྗེ་འཆང་དང་། གསང་ཆེན་རོལ་པའི་དུར་ཁྲོད་དུ་སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་དང་༔ གནས་སྲིན་པོ་རུ་ལུའི་སྒྲ་ལྡན་ན་སྟོན་པ་དྲང་སྲོང་ཁྲོས་པའི་རྒྱལ་པོ་དང་༔ བྱ་རྒོད་ཕུང་པོར་སྟོན་པ་གསེར་འོད་དམ་པ་དང་༔ སོག་པོ་གཡུའི་སྨིན་མ་ཅན་གྱི་གནས་སུ་སྟོན་པ་བརྩེ་བར་རོལ་པའི་བློ་གྲོས་དང་༔ བྱ་རྒོད་ཕུང་པོའི་རི་བོར་སྟོན་པ་འོད་སྲུང་བསྒྲེས་པོ་དང་༔ རྡོ་རྗེ་གདན་དུ་སྟོན་པ་མངོན་རྫོགས་རྒྱལ་པོ་དང་༔ སེར་སྐྱའི་གནས་སུ་སྟོན་པ་ཤཱཀྱ་ཐུབ་པའི་བར་དུ་རིམ་པར་བྱོན་ནས༔ བཀའ་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་འདིའི་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལ་སོགས་པ་གསུངས་ཏེ༔ ཚེ་ལོ་དཔག་ཏུ་མེད་པ་ནས་བརྒྱ་པའི་བར་དུ་འགྲོ་བའི་དོན་མཛད་དོ༔ དེ་ཡང་རྡོ་རྗེ་འཆང་ཆེན་པོ་དང་༔ ཁྱེའུ་སྣང་བ་དམ་པ་དང་༔ འོད་མི་འཁྲུགས་པ་


CMR005_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ འཇིགས་སྐྱོབས་དང་་གཞོན་ནུ་རོལ་པ་དང་༔ རྡོ་རྗེ་འཆང་དང་༔ དཔའ་བོ་སྟོབས་ལྡན་དང་དྲང་སྲོང་ཁྲོས་པའི་རྒྱལ་པོ་དང་༔ གསེར་འོད་དམ་པ་དང་༔ བརྩེ་བར་རོལ་བའི་བློ་གྲོས་དང་༔ འོད་སྲུང་བསྒྲེས་པོ་དང་༔ མངོན་རྫོགས་རྒྱལ་པོ་དང་༔ ཤཱཀྱ་ཐུབ་པ་དང་༔ བཅུ་གསུམ་པོ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཆུང་ངུ་དང་༔ ཧེ་རུ་ཀའི་སྐུར་བསྟན་ནས་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རིག་འཛིན་ཌཱཀི་རྣམས་ལ་ཆོས་གསང་སྔགས་བླ་ན་མེད་པ་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ༔ འདུལ་བ་ལ་སོགས་ཐེག་པ་ཐུན་མོང་བ་ནི་མ་གསུངས་པས༔ འཁོར་ཉན་ཐོས་ཀྱང་མེད་པའི་ཕྱིར་སངས་རྒྱས་དེ་རྣམས་བསྐལ་པ་འདི་ལ་བྱོན་ཀྱང་བསྐལ་བཟང་སངས་རྒྱས་སྟོང་གི་གྲར་མ་བརྩིས་པའོ༔ སྟོན་པ་འཇིགས་སྐྱོབས་ནི་འཁོར་བ་འཇིག༔ གསེར་འོད་དམ་པ་ནི་གསེར་ཐུབ༔ འོད་སྲུང་བསྒྲེས་པོ་ནི་འོད་སྲུང་༔ ཤཱཀྱ་ཐུབ་པ་དང་བཞི་པོས་ནི་སྡེ་སྣོད་གསུམ་གདུལ་བྱ་ཐུན་མོང་བ་ལ་གསུངས་པས་འཁོར་ཉན་ཐོས་དགྲ་བཅོམ་པ་ཡང་ཡོད་ལ༔ མི་མངོན་སྦས་ཚུལ་དུ་འཁོར་བྱང་ཆུབ་སེམས་དཔའ་དང་ཌཱཀི་རྣམས་ལ་གསང་སྔགས་བླ་


CMR005_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་རྒྱུད་སྡེ་ཡང་གསུངས་སོ༔ མ་འོངས་པ་ན་བྱམས་པ་ནས་ཐ་མ་མོས་པའི་བར་གྱི་བསྐལ་བཟང་གི་སངས་རྒྱས་སྟོང་གིས་ནི་ཐུན་མོང་དུ་སྡེ་སྣོད་གསུམ་གསུངས་ཤིང་༔ གསང་སྔགས་བླ་མེད་རྫོགས་པ་ཆེན་པོ་ནི་ཤིན་ཏུ་ལྐོག་ཏུ་རིག་འཛིན་ཊཀི་རྣམས་ལ་སྦས་ཐབས་སུ་གསུངས་ཤིང་གསང་སྔགས་འདི་ཡོད་ཀྱང་ཀུན་གྱིས་ནི་ཐོས་པར་མི་འགྱུར་བར་བཤད་དོ༔ དེ་བཞིན་དུ་མདོ་སྡེ་ལ་ལ་ནས་བསྐལ་བཟང་འདི་ལ་སངས་རྒྱས་སྟོང་བས་ཀྱང་ཆེས་མང་བར་འབྱོན་པར་གསུངས་པ་དང་༔ དེ་བཞིན་དུ་སྡེ་སྣོད་གསུམ་སོགས་བསྟན་པ་ཡོངས་རྫོགས་གསུངས་པ་ནི་སྟོང་རྩ་གཉིས་པོ་སོགས་སུ་ངེས་ལ༔ གཞན་བླ་མེད་གསང་སྔགས་རྫོགས་པ་ཆེན་པོ་ཁོ་ན་སྟོན་པའི་སངས་རྒྱས་ནི་མང་དུ་འབྱོན་པ་ལ་དགོངས་པའོ༔ དེ་ལྟར་བྱམས་པ་ནས་བཟུང་སྟེ་མོས་པའི་བར་གྱི་སྟོན་པ་དེ་ཐམས་ཅད་དཔལ་ཀུན་ཏུ་བཟང་པོ་གཅིག་པུ་ཁོ་ནའི་རྣམ་པར་འཕྲུལ་པ་ཡིན་པས་རྒྱལ་བ་དགོངས་པའི་བརྒྱུད་པ་ཞེས་བྱའོ༔ དེ་ལྟར་སྔོན་བྱོན་སྟོན་པ་བཅུ་གཉིས་ཀྱིས་གསུངས་པའི་བཀའ་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་རྒྱུད་འདི་རྣམས་བྱང་ཆུབ་སེམས་དཔའ་དང་༔ དཔའ་བོ་


CMR005_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཌཱ་ཀིའི་ཐུགས་ལ་བཞུགས་ཀྱིས་མི་ཡུལ་འདི་ན་ཡི་གེ་བྲིས་པ་མེད་ལ༔ སྟོན་པ་ལྔ་མྱ་ངན་ལས་འདས་རྗེས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ན་ལྷའི་བུ་ཀུན་དགའ་སྙིང་པོའི་སྐྱེ་བ༔ སློབ་དཔོན་དགའ་རབ་རྡོ་རྗེ་ཞེས་བྱ་བ་འཁྲུངས་པ༔ དགུང་ལོ་གཅིག་ནས་སངས་རྒྱས་ཀྱི་ཆོས་མང་པོ་རང་བྱུང་དགོངས་གཏེར་ལ་བཏོན༔ དགུང་ལོ་བདུན་པ་ལ་རྡོ་རྗེ་སེམས་དཔའ་ཞལ་གཟིགས་ནས༔ བཀའ་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞི་གནང་བ་ཐུགས་ལ་ཆུད༔ དགུང་ལོ་བདུན་པ་དེ་པཎྜི་ཏ་ལྔ་བརྒྱ་དང་བརྩད་པས་མ་ཐུབ༔ སངས་རྒྱས་ཀྱི་སྤྲུལ་པར་ཐག་བཅད་དེ༔ པཎྜི་ཏ་རྣམས་ཀྱིས་ཞབས་སྤྱི་བོར་བླང་སྟེ་ཆོས་ཞུས༔ ལོ་སུམ་ཅུ་རྩ་གཉིས་ལ་རྫོགས་པ་ཆེན་པོ་བསྒོམ་རྒྱུད་རྣམས་ཡི་གེར་བཀོད་ནས་མཁའ་འགྲོ་རྣམས་ལ་གཏད༔ ནམ་མཁའ་ལ་འཕུར་བ་ལ་སོགས་རྫུ་འཕྲུལ་གྱིས་མུ་སྟེགས་ཀྱི་རྒྱལ་པོ་བཏུལ་ལོ༔ རྒྱལ་པོ་དང་བློན་པོ་དང་བྲམ་ཟེ་སོགས་མང་པོ་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་ཆོས་ཀྱིས་གྲོལ་བར་མཛད༔ ཁྱད་པར་རྒྱ་གར་ནུབ་ཕྱོགས་ནས་པཎྜི་ཏ་འཇམ་དཔལ་བཤེས་གཉེན་ལ་འཇམ་དཔལ་གྱིས་ལུང་བསྟན་པ་དང་རྒྱ་ནག་གི་པཎྜི་ཏ་ཤྲཱི་སེང་


CMR005_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ལ་སྤྱན་རས་གཟིགས་ཀྱིས་ལུང་བསྟན་པ་དང་དགའ་རབ་རྡོ་རྗེ་མཇལ་ནས་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་ཆོས་ཐམས་ཅད་གསན༔ དེ་ནས་དགའ་རབ་རྡོ་རྗེ་འཇའ་ལུས་འོད་ཕུང་དུ་གཤེགས་པ་དང་འཁོར་རྣམས་སྨྲེ་སྔགས་བཏོན་པས༔ རིན་པོ་ཆེའི་གའུ་སེན་གང་པའི་ནང་ནས་རྫོགས་པ་ཆེན་པོའི་ཞལ་གདམས་ཚིག་གསུམ་གནད་དུ་བརྡེག་པའི་ཞལ་ཆེམས་ནམ་མཁའ་ནས་བབ༔ དེ་ནས་འཇམ་དཔལ་བཤེས་གཉེན་དང་ཤྲཱི་སེང་ཧ་གཉིས་ཀྱིས་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་ཆོས་རྣམས་ལ་ལ་གཏེར་དུ་སྦས༔ ལ་ལ་སྙན་བརྒྱུད་དུ་སྤེལ༔ ཁོང་གཉིས་ཀྱང་མཆོག་གི་དངོས་གྲུབ་ཐོབ་ནས་རྫུ་འཕྲུལ་མངོན་ཤེས་ཐོགས་པ་མེད་པར་གྱུར་ཏོ༔ དེ་ནས་སྐྱེ་བ་ལྔ་བརྒྱར་པཎྜི་ཏའི་སྐྱེ་བ་རྒྱུན་མ་ཆད་པར་པཎྜི་ཏ་བི་མ་མི་ཏྲ་དང་༔ ཨོ་རྒྱན་རིན་པོ་ཆེ་དང་༔ པཎྜི་ཏ་ཛྙཱ་ན་སུ་ཏྲ་གསུམ་གྱིས་བྲི་སེང་ཧ་ལ་བཀའ་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་ཆོས་ཐམས་ཅད་ཞུས༔ དེ་ནས་ཤྲཱི་སེང་ཧ་འཇའ་ལུས་འོད་ཕུང་དུ་གཤེགས་ནས་འཁོར་རྣམས་སྨྲེ་སྔགས་བཏོན་པས༔ རིན་པོ་ཆེའི་གའུ་ནང་ན་གཟེར་བུ་བདུན་པ་ཞེས་བྱ་བ་རྫོགས་ཆེན་གྱི་ཞལ་གདམས་ཀྱི་ཡི་གེ་ནམ་མཁའ་ནས་བབ་བོ༔ དེ་


CMR005_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ཆད་རིག་འཛིན་བརྡའི་བརྒྱུད་པ་ཞེས་བྱའོ༔ དེ་ནས་ཨོ་རྒྱན་རིན་པོ་ཆེ་དང་བི་མ་མི་ཏྲ་གཉིས་བོད་དུ་ཕེབས་ནས༔ རྗེ་འབངས་ཉི་ཤུ་རྩ་ལྔ་དང་ཉང་ཏིང་འཛིན་བཟང་པོ་སོགས་ལ་བཀའ་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་ཆོས་རྣམས་གསུངས་པས་འཇའ་ལུས་མཁའ་སྤྱོད་ཐོབ་པ་ཁྲི་ཕྲག༔ བསྐྱེད་རྫོགས་ཟུང་དུ་འཇུག་པ་འབུམ་ཕྲག་གཅིག༔ གྲུབ་རྟགས་དངོས་སུ་བསྟན་པ་ཉི་ཤུ་རྩ་ལྔ༔ ས་བརྒྱད་ནོན་པའི་རིག་འཛིན་བརྒྱད་ལ་སོགས་པ་བྱུང་སྟེ༔ ཏིང་འཛིན་བཟང་པོ་དང་༔ བེ་རོ་ཙ་ན༔ སངས་རྒྱས་ཡེ་ཤེས་ལ་སོགས་ལས་བརྒྱུད་པའི་བཀའ་མ་དང་༔ ཀརྨ་གླིང་པ་དང་༔ སངས་རྒྱས་གླིང་པ་དང་༔ རྒོད་ཀྱི་ལྡེམ་འཕྲུལ་ཅན་ལ་སོགས་པས་གཏེར་ནས་བཏོན་པའི་ཞི་ཁྲོ་གཏེར་མ་སོགས་མང་དུ་དར་རོ༔ དེ་རྣམས་ནི་གང་ཟག་སྙན་ཁུང་བརྒྱུད་པ་ཞེས་བྱའོ༔ དེ་ལ་ད་རེས་ཀྱི་དཀྱིལ་འཁོར་འདི་ནི་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་སྐྱེ་བ་གྲུབ་ཆེན་ཉི་ཟླ་སངས་རྒྱས་ཀྱི་སྲས་པོ་གྲུབ་ཐོབ་ཀརྨ་གླིང་པས་ཤར་དྭགས་ལྷ་སྒམ་པོའི་རྒྱབ་རི་ནས་བཏོན་པའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ཞེས་བྱ་བ་དེ་ཡིན་ལ༔ ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་ལས༔ མི་རབས་གསུམ་དུ་གཅིག་བརྒྱུད་གྱིས༔ དེ་


CMR005_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འགྲོ་དོན་དཔག་མེད་འབྱུང་༔ ཞེས་གསུངས་པ་ལྟར༔ གཏེར་སྟོན་ཀརྨ་གླིང་པ༔ དེའི་སྲས་པོ་ཉི་ཟླ་ཆོས་རྗེ༔ འགྲོ་མགོན་སཱུརྱ་ཙནྡྲ་གསུམ་གྱི་རིང་ལ་གཅིག་བརྒྱུད་མཛད༔ དེ་ནས་དར་གྲགས་ནས་ཕྱག་ལེན་རྒྱས་བསྡུས་དང་འདོན་ལུགས་མི་གཅིག་པ་མང་དུ་བྱུང་ན་ཡང་༔ འདི་ནི་ལྷ་ལྕམ་གང་འབུམ་གྱི་སྐྱེ་བ་བཀའ་བབ་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བ༔ ཞི་ཁྲོ་འདིའི་བཀའ་བབ་ཆོས་ཀྱི་བདག་པོར་ཨོ་རྒྱན་ཆེན་པོས་གཞུང་ནས་ལུང་བསྟན་པ་དེའི་ཕྱག་ལེན་མ་འཆུག་པ་དེ་ཡིན་ནོ༔ འགྲོ་མགོན་སཱུརྱ་ཙནྡ༔ བཀའ་བབ་ཆོས་ཀྱི་རྒྱལ་མཚན༔ སྤྲུལ་སྐུ་ཐུགས་རྗེ་འོད་ཟེར༔ འཁྲུལ་ཞིག་བུདྡྷཱ་མངྒ༔ རིག་འཛིན་ཀུན་དགའ་གྲགས་པ༔ གར་དབང་ཀུན་དགའ་བསྟན་འཛིན༔ རིག་འཛིན་ཀརྨ་དོན་ཡོད༔ དེས་བདག་རཱ་ག་ཨ་སྱའི་བར་དུ་བཀའ་རྫོགས་ལུང་རྫོགས་ཕྱག་ལེན་དང་བཅས་པ་རྒྱུན་མ་ཆད་དེ༔ བརྒྱུད་པ་དེ་དག་ཀྱང་ལུང་བསྟན་ཆེན་པོ་བཀའ་རྒྱ་མ་ལས༔ དེ་ནས་བརྒྱུད་མར་རིམ་བཞིན་དུས་མཐའི་བར༔ ལས་ཅན་སྐྱེས་མཆོག་བརྒྱ་རྩ་བརྒྱད་སོགས་ཀུན༔ རྣམ་གྲོལ་རིམ་བཞིན་བསྟན་པ་འཛིན་བྱེད་ཅིང་༔ འགྲོ་རྣམས་སྐྱོང་ཞིང་འབྲེལ་པ་དོན་


CMR005_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན༔ ཐོག་མཐའ་བར་གསུམ་གང་དང་གང་ཚེ་ཡང་༔ རྒྱལ་བའི་བསྟན་པ་འཛིན་པའི་བཤེས་གཉེན་འབྱུང་༔ གང་ཡང་མི་འགྱུར་བརྡའ་རྟགས་གསུམ་དང་ལྡན༔ ལུས་ལ་ལྟ་སྨེ་སྙིང་གར་ཤ་མཚན་ནི༔ སྨེ་བ་དཀར་དམར་ཐིག་ལེས་སྤྲས་པ་ཞིག༔ ངག་ནས་སྙན་འགྱུར་སྔགས་ཚིག་རྩོལ་བ་ཅན༔ ཡང་ན་མགྲིན་པར་ཤ་མཚན་ཐིག་ལེ་འམ༔ པདྨ་ལས་བྱུང་པདྨའི་མིང་ཅན་གཉིས༔ ཡིད་ནི་རྩེ་གཅིག་གདུང་ཤུགས་ང་ཉིད་དྲན༔ ཕུར་ཚུགས་འདི་མན་ཡིད་ལ་མི་བྱེད་གསུམ༔ དེ་གསུམ་གསུམའཛོམས་རབ་ཡིན་གཉིས་འཛོམས་འབྲིང་གཅིག་འཛོམས་ཐ་མ་གང་ཡང་ལས་ཅན་ཏེ༔ ལ་ལ་རང་ཉིད་རྩེ་གཅིག་ཉམས་ལེན་བརྩོན༔ དོན་འབྲས་འགྲུབ་ནས་གཞན་དོན་རླབས་ཆེན་སྐྱོང་༔ ལ་ལ་འཕྲད་གྲོལ་གཞན་ཕན་བརྩོན་པར་འགྱུར༔ ལ་ལ་རང་གཞན་གཉིས་དོན་ལྷན་ཅིག་སྐྱོང་༔ དེ་རྣམས་ངེས་མེད་གང་ཡང་སྤྲུལ་པའི་སྐུ༔ རྒྱལ་བའི་དགོངས་པ་ཡོངས་ཟིན་ཨེ་མ་ཧོ༔ ཞེས་དང་༔ མ་ཅིག་ཡེ་ཤེས་མཚོ་རྒྱལ་གྱི་ཞལ་ནས༔ མ་འོངས་གཏེར་ལ་མོས་པའི་གང་ཟག་རྣམས༔ དེང་སང་གུ་རུའི་ཞལ་མཐོང་འབྲེལ་པ་ཐོབ༔ ཐམས་ཅད་ལས་ཅན་ཡིན་པས་དགའ་བ་སྒོམ༔ ཁོ་


CMR005_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་ཚིག་འདི་རིན་ཆེན་གསེར་བས་དཀོན༔ ཞེས་གསུངས་པ་དང་མཚུངས་པའོ༔ བརྒྱུད་པ་དེ་དག་གི་འགྲོ་དོན་ཇི་ལྟར་འབྱུང་ཞེ་ན༔ ལུང་བསྟན་ཆེན་པོ་བཀའ་རྒྱ་མ་ལས༔ བླ་མེད་ཐེག་ཆེན་སྙིང་པོའི་དོན་རྣམས་དང་༔ གང་འབྲེལ་ཐམས་ཅད་སངས་རྒྱས་འགྲུབ་པའི་ཕྱིར༔ འདི་གྲོལ་འདི་མ་གྲོལ་ཞེས་རྣམ་དབྱེ་བྲལ༔ འབྲེལ་ཚད་དོན་དང་ལྡན་ཞེས་དེ་ལ་བརྗོད༔ ཅེས་དང་༔ དེང་སང་སྐྱེ་འགྲོ་འབུམ་ཕྲག་དོན་བྱེད་པས༔ སྙིགས་དུས་སེམས་ཅན་རེ་རེའི་དོན་བྱེད་དཀའ༔ སྙིགས་དུས་ལས་ངན་གདེང་ཚད་ཆེ་བའི་ཕྱིར༔ བཅུ་དྲུག་རེ་རེའི་ཁ་ལོ་བསྒྱུར་ནུས་པའི༔ སྐྱེས་མཆོག་དེ་དག་འཕགས་པའི་སྤྲུལ་པར་ངེས༔ བརྒྱ་ཕྲག་ཡན་ཆད་ཁ་ལོ་བསྒྱུར་མཛད་ནས༔ དེ་དག་རྒྱལ་བའི་སྤྲུལ་པ་གདོན་མི་ཟ༔ ཞེས་དང་༔ མདོར་ན་ཨོ་རྒྱན་ངས་བསྟན་ཆོས་རྣམས་ལ༔ གཞུང་བཞིན་སུ་དང་སུ་ཡིས་སྤྱོད་པ་ཀུན༔ ཐམས་ཅད་ང་ཡི་སྤྲུལ་པ་ཡིན་པར་ངེས༔ ཕྱི་རབས་ཀུན་གྱིས་ཐེ་ཚོམ་ཡིད་གཉིས་སྤོང་༔ གུས་པས་བཀུར་སྟི་ཕུ་དུད་འབྲེལ་པ་ཐོགས༔ ཞེས་གསུངས་པ་ལྟར༔ བདག་གི་སློབ་དཔོན་ཡན་ཆད་ཐམས་ཅད་ལ༔ ཀུན་དགའ་གྲགས་པ་ལ་སོགས་པ་


CMR005_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལ་རྩེ་གཅིག་ཏུ་སྒྲུབ་པ་མཛད་པ་དང་༔ ཀུན་དགའ་བསྟན་འཛིན་སོགས་འགྲོ་དོན་རླབས་ཆེན་དང་༔ སྒྲུབ་པ་གཉིས་ཀ་མཛད་པ་དང་༔ ལ་ལས་འགྲོ་དོན་མི་མཛད་སྦས་ཚུལ་དུ་བཞུགས་པ་མང་དུ་བྱོན་པ་ཡང་༔ ཐམས་ཅད་ཨོ་རྒྱན་གྱི་གསུང་བཞིན་སྒྲུབ་མཁན་རྒྱུན་མ་ཆད་པ་དང་༔་བླ་མ་དེ་རྣམས་སོ་སོར་རྗེ་འབངས་རྣམས་ཀྱི་སྤྲུལ་པ་དང་ཡང་སྤྲུལ་ཤ་སྟག་ཡིན་ཚུལ་ཡང་དགོངས་གཏེར་སོགས་ན་གསལ་ལོ༔ དེ་ལྟར་རྒྱལ་བ་དགོངས་བརྒྱུད༔ རིག་འཛིན་བརྡའ་བརྒྱུད༔ གང་ཟག་སྙན་བརྒྱུད༔ མཁའ་འགྲོ་གཏད་རྒྱའི་བརྒྱུད་པ༔ གཏེར་ཆོས་སྨོན་ལམ་བརྒྱུད་པ༔ བཀའ་བབ་དོན་གྱི་བརྒྱུད་པ་དང་དྲུག་ལས་བརྒྱུད་པའི་ཆོས༔ ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་གྱི་ཆོ་ག་འདི་ནི༔ རྒྱུད་གང་ལས་བཤད་ཅེ་ན་རྫོགས་པ་ཆེན་པོའི་རྒྱུད་བཅུ་བདུན༔ རྒྱུད་བུ་ཆུང་བཅུ་བདུན༔ སྒྱུ་འཕྲུལ་སྡེ་བརྒྱད༔ མདོ་དགོངས་འདུས༔ ཡེ་ཤེས་རྔམ་གློག༔ མན་ངག་སྙིང་དགོངས༔ ན་རཀ་དོང་སྤྲུགས༔ དྲི་མེད་བཤགས་རྒྱུད་རྣམས་དང་༔ མདོར་ན་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས༔ ཆོས་རྫོགས་པ་ཆེན་པོ་དང་༔ ལྷ་དམ་པ་རིགས་བརྒྱའི་དཀྱིལ་


CMR005_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདི་ཁོ་ན་བརྗོད་བྱའི་གཙོ་བོར་གསུངས་པ་ཡིན་ནོ༔ སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ༔ ཤྲཱི་སེང་ཧ༔ རྒྱ་གར་གྱི་རིག་འཛིན་ཆེན་པོ་བརྒྱད་དང་༔ བོད་ཀྱི་རྗེ་འབངས་ཉི་ཤུ་རྩ་ལྔ་སྔོན་བྱོན་གྱི་གཏེར་སྟོན་བརྒྱ་རྩ་རྣམས་ཀྱི་ཐུགས་དམ་ཡང་འདི་ཡིན་ནོ༔ སྔོན་གསང་སྔགས་རྙིང་མའི་གྲུབ་ཆེན་ཉང་ཏིང་འཛིན་བཟང་པོ༔ གྲུབ་ཐོབ་གཙང་པ་མི་བདུན༔ ལྕོག་རོ་སྒོམ་ཆེན་སྒོམ་ཆུང་ལ་སོགས་འཇའ་ལུས་མཁའ་སྤྱོད་དུ་གཤེགས་པ་དཔག་ཏུ་མེད་པ་བྱུང་བ་ཐམས་ཅད༔ ཆོས་འདི་ལ་བརྟེན་ནས་གྲུབ་པ་ཐོབ་པ་ཤ་སྟག་ཡིན་ནོ༔ དང་པོ་དེ་ལྟར་བྱུང་ཡང་བར་སྐབས་སུ་རྟོག་གེ་བ་ཐ་སྙད་མཁན་རྣམས་ཀྱིས་ཐས་བརྒྱབ་པས༔ མི་རྣམས་ཐེ་ཚོམ་སྐྱེས་ཏེ་རྫོགས་ཆེན་ཅུང་ཞིག་ནུབ་པར་བྲི་སེང་ཧས་ལུང་བསྟན་པ་ལྟར་བྱུང་ན་ཡང་༔ ཚེ་ལོ་བཞི་བཅུ་ཁ་རལ་ནས་ཚེ་ལོ་བཅུ་པའི་བར་འདིར་ཀུན་ཏུ་བཟང་པོ་ཐུགས་ཀྱི་བསྟན་པ་དར་བའི་དུས་ཡིན་པས༔ ཆོས་རྫོགས་པ་ཆེན་པོ་རྟོགས་པ་སྐྱེ་སླ་བ་དང་༔ ཨོ་རྒྱན་གྱི་ཆོས་དར་ནས་གྲུབ་ཐོབ་གནམ་གྱི་སྐར་མ་ཙམ་འབྱུང་བར་ཨོ་རྒྱན་ཆེན་པོས་ལུང་བསྟན་མང་པོ་ཡོད་པ་ནས་བཀའ་སྩལ་ཏོ༔ དེ་ཡང་ཐེག་པ་བླ་ན་མེད་པ་བཀའ་རྫོགས་


CMR005_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་འདིའི་ཕན་ཡོན་ནི༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ རིགས་ཀྱི་བུ་དད་པ་ཅན་གྱི་སྐྱེ་བོས་བླ་མ་འཁོར་དང་བཅས་པ་དང་༔ གསང་བའི་ཐེག་པ་འདི་ལ་མོས་ཤིང་དད་པ་དང་༔ རྣ་བའི་དབང་པོས་ཉན་ཅིང་གཡོ་སྒྱུ་དང་བསོག་འཇོག་སྤང་བ་དང་དེའི་ཕན་ཡོན་ཡང་དག་པར་བརྗོད་ཅིང་ཚད་བཟུང་བར་དཀའ་འོ༔ ལ་ལ་དག་སོ་སོའི་སྐྱེ་བོས་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བ་ལ་སྦྱིན་པ་བྱིན་པའམ༔ སྲོག་གཏོང་པའམ༔ དགེ་བ་བཅུ་དང་ཚད་མེད་པ་བཞི་དང་༔ བསྡུ་བའི་དངོས་པོ་བཞི་དང་༔ རྒྱུའི་ཐེག་པའི་སྒོ་ནས་འགྲོ་བའི་དོན་བྱས་པ་བས་ནི༔ བླ་མ་འཁོར་དང་བཅས་པ་དང་༔ གསང་བའི་ཐེག་པའི་སྒོ་ནས་སྐད་ཅིག་ཙམ་འགྲོ་བ་གཅིག་གི་དོན་བྱས་པའི་བསོད་ནམས་དགེ་བའི་རྩ་བ་འབུམ་གྱི་ཆར་ཡང་མི་ཕོད་དོ༔ རིགས་ཀྱི་བུ་ལ་ལ་ཞིག་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བའི་ཉན་ཐོས་སམ༔ རང་སངས་རྒྱས་སམ༔ བྱང་ཆུབ་སེམས་དཔའི་ཐེག་པ་དེ་ཉིད་ལ་རིམ་གྲོ་དང་བཀུར་སྟི་ཚུལ་བཞིན་དུ་བསྐལ་པ་གྲངས་མེད་པའི་ཡུན་དུ་བྱས་པའི་བསོད་ནམས་ཀྱིས་ནི༔ གསང་བའི་ཐེག་པ་འདི་ལ་གནས་པའི་གང་ཟག་རྣལ་འབྱོར་པ་གཅིག་ལ་


CMR005_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་ན་གྲོ་གཅིག་གམ་སྐད་ཅིག་ཙམ་དུ་བཀུར་སྟི་ཚུལ་བཞིན་དུ་བྱས་པའི་བསོད་ནམས་འབུམ་གྱི་ཆར་ཡང་མི་ཕོད་དོ༔ དེ་ཅིའི་ཕྱིར་ཞེ་ན༔ དེ་ནི་གསང་བའི་ཐེག་པ་འདི་ཉིད་ལས་ཉན་ཐོས་དང་༔ རང་རྒྱལ་བ་དང་༔ བྱང་ཆུབ་སེམས་དཔའི་ཐེག་པ་རྣམས་འབྱུང་ཞིང་༔ གསང་བའི་ཐེག་པ་ཉིད་ལ་འགྲོ་བ་བཙུད་པའི་བསྟི་གནས་སུ་གསུངས་པ་ཡིན་གྱི་གཏན་དུ་བཞག་པ་ནི་མ་ཡིན་ནོ༔ དེ་བས་ན་ང་ཉིད་ཀྱི་སྤྲུལ་པས་ཀྱང་ཆོས་རྣམ་པ་སྣ་ཚོགས་ཇི་ལྟར་འདུལ་བ་ཡིན་ནོ༔ དེ་བས་གསང་སྔགས་ཀྱི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་པའོ༔ རིགས་ཀྱི་བུ་གང་ཟག་ལ་ལ་ཞིག་གིས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་རྒྱུའི་ཐེག་པའི་སྒོ་ནས་དགེ་བའི་རྩ་བ་རྒྱས་པར་སྤྱད་པ་བས་ནི༔ གསང་བའི་ཐེག་པ་འདིའི་དོན་སྐད་ཅིག་ཡིད་ལ་བྱས་པ་བསོད་ནམས་འཕགས་ཏེ༔ འབུམ་གྱི་ཆར་ཡང་མི་ཕོད་དོ༔ རིགས་ཀྱི་བུ་གང་ལ་ལ་ཞིག་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སོ་སོ་སྐྱེ་བོའམ༔ ཉན་ཐོས་སམ༔ རང་རྒྱལ་བའམ༔ བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བ་སྙེད་ལ༔ མེ་ཏོག་དང་༔ ཕྲེང་བ་དང་༔ བདུག་སྤོས་དང་༔ བླ་བྲེ་


CMR005_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ རྒྱལ་མཚན་དང་༔ བ་དན་དང་༔ ལྷབ་ལྷུབ་དང་༔ རོལ་མོའི་ཆ་བྱད་ལ་སོགས་པས༔ སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བར་བྱས་ཏེ་ཕུལ་བ་བས༔ ཐ་ན་གསང་བའི་ཐེག་པ་ལ་གནས་པའི་རྣལ་འབྱོར་པ་གཅིག་ཙམ་ལ་ཡང་༔ གཡོ་སྒྱུ་དང་གསོག་འཇོག་སྤང་པའི་སྒོ་ནས་འདོད་པའི་ཡོན་ཏན་གྱི་ཚོགས་ལ་སྐད་ཅིག་ཙམ་བསྟེན་ཅིང་ལོངས་སྤྱོད་པའི་བསོད་ནམས་ཁྱད་པར་འཕགས་ཏེ་འབུམ་གྱི་ཆར་ཡང་མི་ཕོད་དོ༔ དེ་ཅིའི་ཕྱིར་ཞེ་ན༔ སོ་སོ་སྐྱེ་བོའམ༔ ཉན་ཐོས་སམ་རང་རྒྱལ་བའམ་བྱང་ཆུབ་སེམས་དཔའི་བསོད་ནམས་སམ༔ ཡེ་ཤེས་ཀྱི་ཕུང་པོ་དེ་དག་པས༔ གསང་བའི་ཐེག་པ་ལ་གནས་པའི་རྣལ་འབྱོར་པ་གཅིག་གི་བ་སྤུའི་ཆ་ཙམ་བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་ཁྱད་པར་དུ་འཕགས་ཏེ༔ འབུམ་གྱི་ཆར་ཡང་མི་ཕོད་དོ༔ དེ་བཞིན་དུ་གང་ཟག་ལ་ལ་ཞིག་གིས་མེ་ཏོག་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བའི་བསོད་ནམས་དང་་ཡེ་ཤེས་ཀྱི་ཕུང་པོ་གང་ཡིན་པ་དེ་བས་འདོད་པའི་ཡོན་ཏན་གྱི་ཚོགས་ཆེན་པོ་གཅིག་གི་རྡུལ་ཕྲ་རབ་ཀྱི་ཆ་ཙམ་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་ཁྱད་པར་དུ་འཕགས་ཏེ་འབུམ་གྱི་ཆར་ཡང་མི་ཕོད་དོ༔ རིགས་ཀྱི་བུ་དེ་


CMR005_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་གསང་བའི་ཐེག་པ་འདི་ཉིད་ལ་དད་པ་ཅན་གྱི་སྐྱེ་བོས་གསང་བའི་ཐེག་པ་ལ་གནས་པའི་བླ་མ་འཁོར་དང་བཅས་པ་ལ་དད་པའི་སེམས་ཀྱིས་གཡོ་སྒྱུ་དང་གསོག་འཇོག་སྤང་བ་དེའི་བསོད་ནམས་ཀྱི་ཕུང་པོ་ནི་ཚད་མེད་དོ༔ དེའི་བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་ནི་ཐམས་ཅད་མཁྱེན་པའི་སངས་རྒྱས་རྣམས་ཀྱིས་ཀྱང་བགྲང་བར་མི་ནུས་སོ༔ ཞེས་བཀའ་སྩལ་པ་དང་༔ རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་གློག་ལས༔ འདི་ལ་དགའ་ཞིང་མོས་པ་དང་འདུན་པ་བསྐྱེད་པའི་གང་ཟག་དམ་པ་དེ་ནི་རིག་འཛིན་རྒྱལ་བའི་སྲས་དམ་པར་འགྱུར་བ་གདོན་མི་ཟའོ༔ ཞེས་དང་༔ སོ་སོའི་སྐྱེ་བོའམ༔ ཉན་ཐོས་སམ༔ རང་རྒྱལ་ལམ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བ་སྙེད་ལ་སྦྱིན་མཆོད་སངས་རྒྱས་ཀྱི་ཞིང་ཡོངས་སུ་གཏམས་པའི་བསྐལ་པའམ་བསྐལ་པ་བགྲང་བར་བྱིན་པའི་བྱིན་རླབས་ཀྱིས་ནི༔ རྣལ་འབྱོར་པ་གཅིག་ལ་ཚོགས་ཅིག་སྐད་དུ་མཆོད་པ་རྒྱས་པར་རྒྱ་ཆེར་བྱས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འབུམ་གྱི་ཆར་ཡང་མི་ཕོད་དོ༔ ཞེས་དང་༔ རྣལ་འབྱོར་ནང་པའི་ཚོགས་རྒྱུད་ཆེན་པོ་ལས༔ བཅོམ་ལྡན་འདས་རྡོ་རྗེ་


CMR005_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔས་བཀའ་སྩལ་པ༔ དེ་ལ་ཚོགས་མཆོད་པའི་འབྲས་བུ་ནི༔ རྒྱུ་མཚན་ཉིད་ཀྱི་ཐེག་པ་ལྟར་དཀའ་བ་སྤྱད་ནས་འབྲས་བུ་ཕྱིས་འོང་དུ་རེ་བ་མ་ཡིན་ཏེ༔ ཚོགས་ཀྱི་འབྲས་བུ་ནི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་ས་བཅུ་རིམ་གྱིས་བགྲོད་མི་དགོས་ཏེ༔ ད་ལྟ་ཉིད་ནས་རིགས་ལྔའི་སངས་རྒྱས་དང་མཉམ་པར་སངས་རྒྱས་པར་འགྱུར་རོ༔ ཚོགས་ཀྱི་མཆོད་པའི་འབྲས་བུ་ནི༔ ཕུང་པོ་མི་གནས་མྱ་ངན་འདས༔ རིག་འཛིན་ས་ལ་བདེ་བར་གནས༔ ཕྱོགས་བཅུའི་སངས་རྒྱས་ཀུན་གནས་ཏེ༔ བྱིན་གྱིས་བརླབས་ནས་དབང་བསྐུར་ཏེ༔ དངོས་གྲུབ་དམ་པ་གསོལ་བར་མཛད༔ ཆོས་ཀྱི་སྐུ་དང་གཉིས་སུ་མེད༔ ཅེས་པ་དང་༔ ཚོགས་ཀྱི་མཆོད་པ་ཕུལ་བྱས་ནས༔ རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར༔ སངས་རྒྱས་བྱང་ཆུབ་ཐག་མི་རིང་༔ དེ་ལ་ཚོགས་ཕུལ་བའི་བསོད་ནམས་ནི༔ འཇིག་རྟེན་གྱི་ཁམས་འདིར་ཡང་རྒྱལ་བ་སྲས་དང་བཅས་པའི་ཞལ་མཐོང་བར་འགྱུར་བ་དང་༔ མ་མོ་མཁའ་འགྲོ་ཐམས་ཅད་སྤྲིན་ཕུང་བཞིན་དུ་གཏིབས་ཏེ༔ ཅི་བསྒོ་བའི་བཀའ་ཉན་ཅིང་༔ དངོས་གྲུབ་ཀྱི་སྟོངས་གྲོགས་བྱེད་ཅིང་མཐུ་དང་དབང་དང་དངོས་གྲུབ་ཕུན་སུམ་ཚོགས་པ་བྱིན་ཏེ༔ ཐམས་ཅད་བདེ་


CMR005_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིད་ཕུན་སུམ་ཚོགས་པ་དང་ལྡན༔ ལོངས་སྤྱོད་ཐམས་ཅད་འཕེལ་བ་དང་༔ འཁོར་ཐམས་ཅད་འདུ་ཞིང་ནད་ཐམས་ཅད་མི་འབྱུང་བ་དང་༔ འཇིག་རྟེན་གྱི་ལྷ་སྲིན་།ཐམས་ཅད་ཀྱིས་ཀྱང་ཉན་ཅིང་བྱིན་ཆེ་བ་དང་༔ དེ་ལ་གར་གྱི་སྤྱི་གཙུག་ལྟར་ལེན་པ་དང་༔ སེམས་ཅན་གྱིས་ཀྱང་མིག་གི་འབྲས་བུ་ལྟར་མཐོང་བ་དང་༔ ཡིད་དུ་འོང་ཞིང་དགའ་བར་འགྱུར་བ་དང་༔ འཇིག་རྟེན་ཕྱི་མར་རིག་འཛིན་ཐམས་ཅད་ཀྱིས་མདུན་བསུ་སྟེ་ལྕང་ལོ་ཅན་གྱི་གནས་སུ་ཕྱིན་པར་སྐྱེ་བར་འགྱུར་རོ༔ ཞེས་དང་ཚོགས་ཕུལ་བའི་ཡོན་ཏན་ནི༔ རྒྱུ་དེ་ལ་བརྟེན་ནས་དམྱལ་བ་དང་བྱོལ་སོང་དང་ཡི་དྭགས་དང་གཤིན་རྗེའི་འཇིགས་རྟེན་ལ་སོགས་པའི་སྒོ་བཀག་སྟེ༔ རིམ་གྱིས་བླ་ན་མེད་པའི་ལམ་ལ་འགོད་པར་བྱེད་དོ༔ གང་གིས་མཚམས་མེད་པ་ལྔའི་ལས་བྱས་ཏེ༔ དམྱལ་བར་འགྲོ་ངེས་པ་ཡང་རྣལ་འབྱོར་ཚོགས་ཀྱི་གཞུང་བཞིན་དུ་ཕུལ་ན༔ མནར་མེད་པའི་དམྱལ་བའི་གནས་སུ་མི་ལྟུང་སྟེ་བདེ་འགྲོའི་གནས་སུ་སྐྱེ་བར་འགྱུར་རོ༔ གང་གི་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཡང་གཞན་གྱིས་མི་བསྐང་སྟེ༔ རྣལ་འབྱོར་ཚོགས་ཀྱི་མཆོད་པ་ཆེན་པོ་འདི་ཕུལ་ན་གང་ཕན་གདམས་ངག་འདིས་


CMR005_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་འགྱུར་རོ༔ གང་གིས་བར་དུ་གཅོད་པ་བསྒྲལ་བར་འདོད་ན་ཡང་༔ རྣལ་འབྱོར་ཚོགས་ཀྱི་མཆོད་པ་འདི་ཕུལ་ན་ཡིད་ལ་བསམ་པ་བཞིན་འགྲུབ་པར་འགྱུར་རོ༔ གང་གིས་འཇིག་རྟེན་འདིའི་བདེ་བ་དང་མཐུ་དབང་ཕུན་སུམ་ཚོགས་པར་འདོད་ན་ཡང་༔་རྣལ་འབྱོར་གྱི་ཚོགས་མཆོད་གཞུང་བཞིན་དུ་ཕུལ་ན་ཡང་གང་འདོད་དེ་ཐོབ་པར་འགྱུར་རོ་ཞེས་གསུངས་སོ༔ རྣལ་འབྱོར་པའི་ཚོགས་རྒྱུད་ཆེན་པོ་ནས་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་གསུངས་པ་ཡང་ཞི་ཁྲོའི་དཀྱིལ་འཁོར་ཆེན་པོ་འདི་ཉིད་ཡིན་ནོ༔ དེ་ཡང་ཡེ་ཤེས་རྔམ་གློག་འཁོར་ལོའི་མདོ་དང་༔ ཡོ་ག་རྩ་རྒྱུད་མ་ཧཱཏན་ཞེས་པའི་རྒྱུད་ཆེན་པོ་ལས༔ དཀྱིལ་འཁོར་འདི་ཡི་ཕན་ཡོན་གྱི་ལོ་རྒྱུས་མང་པོ་རྒྱ་ཆེར་གསུངས་པའི་ཚིག་བསྡུས་གོ་བདེ་བར་བཤད་ན༔ དེ་ཡང་དང་པོ་འོག་མིན་གྱི་གནས་སུ་དཔལ་ཀུན་ཏུ་བཟང་པོ་ལ༔ འཁོར་དཔག་ཏུ་མེད་པས་ཏིང་འཛིན་གྱི་མཆོད་ཚོགས་ཕུལ་བས་ཐམས་ཅད་ཆོས་སྐུར་སངས་རྒྱས་ཏེ༔ རྡོ་རྗེ་སེམས་དཔའ་ཡང་རྣལ་འབྱོར་གྱི་མཆོད་པ་ཕུལ་བས་སངས་རྒྱས་པས༔ འདི་དག་ཐམས་ཅད་ཚོགས་ཀྱི་མཆོད་པ་ལས་བྱུང་བའོ༔ ཞེས་གསུངས་ཤིང་དེ་འདོད་ཁམས་ལྷའི་གནས་སུ་ལྷའི་ལོངས་སྤྱོད་


CMR005_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཀྱིས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ལ་ཚོགས་མཆོད་རྒྱ་ཆེན་པོ་ཕུལ་བས་ལྷ་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་མངོན་པར་རྫོགས་པར་སངས་རྒྱས་སོ༔ དེ་ནས་དྲང་སྲོང་རྣམས་ཀྱི་འབྱོར་བའི་ལོངས་སྤྱོད་སྣ་ཚོགས་པས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ་ཚོགས་མཆོད་ཕུལ་བས༔ དྲང་སྲོང་རྣམས་རིམ་གྱིས་མངོན་པར་རྫོགས་པར་སངས་རྒྱས་སོ༔ དེ་ནས་ཀླུའི་རྒྱལ་པོ་འཇོག་པོའི་གནས་སུ་ཀླུའི་རྒྱལ་པོ་འཇོག་པོ་དང་རྒྱ་མཚོའི་བུ་མོ་ལ་སོགས་པས་ཀླུའི་ལོངས་སྤྱོད་སྣ་ཚོགས་ཀྱིས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ་མཆོད་པ་རྒྱ་ཆེན་པོ་ཕུལ་བས༔ ཀླུ་རིགས་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་ལུས་མ་བོར་བར་སངས་རྒྱས་སོ༔ དེ་ནས་ལས་འཕྲོ་སྨོན་ལམ་དང་ལྡན་པའི་མིའི་རྒྱལ་པོ་དང་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་གསང་བ་ཞི་ཁྲོའི་དཀྱིལ་འཁོར་བཞེངས་ཏེ༔ མིའི་ལོངས་སྤྱོད་སྣ་ཚོགས་ཀྱིས་རྣལ་འབྱོར་ཚོགས་ཀྱི་མཆོད་པ་ཆེན་པོ་ཕུལ་བས་འཕགས་པའི་ཞལ་མངོན་སུམ་དུ་མཐོང་སྟེ་ཚོམ་བུའི་གྲངས་བརྒྱ་སྟོང་ལ་སོགས་པ་ཕོ་མོ་བསམ་གྱིས་མི་ཁྱབ་པ་ལུས་མ་བོར་བར་མངོན་པར་རྫོགས་པར་སངས་རྒྱས་སོ༔ བྲམ་ཟེའི་བུ་གསལ་ལྡན་དང་དགེ་དང་ལྡན་པ་གཉིས་ཁ་ཆད་སྤར་


CMR005_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གསལ་ལྡན་གསང་སྔགས་ལ་དད་ནས་ཚོགས་ཀྱི་མཆོད་པ་རྒྱ་ཆེར་བྱས་པས་ཚེ་དེ་ཉིད་ལ་མངོན་པར་རྫོགས་པར་སངས་རྒྱས་སོ༔ བྲམ་ཟེའི་བུ་གཅིག་ཤོས་དེ་ཉིད་རྒྱུའི་ཐེག་པ་ལ་དད་ནས་མཆོད་པ་དང་སྦྱིན་པ་རྒྱ་ཆེན་པོ་བྱས་པས་བསྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བ་དུ་མ་སྤྱད་ནས་མཐར་འབྲས་བུ་ཐོབ་བོ༔ ཡང་རྟོགས་པ་མཐོན་པོ་མེད་ན་ཡང་དབང་ལུང་ཐོབ་ཕྱག་ལེན་ཤེས་ནས་དཀྱིལ་འཁོར་བཤམས་ཤིང་མཆོད་ན་ཚེ་འདི་ཉིད་དུ་སངས་རྒྱས་མི་འཐོབ་ན་ཡང་༔ བསོད་ནམས་དཔག་ཏུ་མེད་ཅིང་ཚེ་རབས་ཐམས་ཅད་དུ་ལོངས་སྤྱོད་རྒྱ་ཆེན་པོ་ཐོབ་སྟེ༔ རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ ཕལ་ཆེར་ལྟ་བ་དང་མི་ལྡན་པར་འབྱོར་པ་སྣ་ཚོགས་ཀྱིས་མཆོད་ཅིང་འབུལ་བར་བྱེད་ན་ཡང་དོན་མེད་པ་ནི་མ་ཡིན་ནོ༔ འབྱོར་པའི་ཚོགས་རྒྱས་པར་འགྱུར་བ་དང་༔ བསོད་ནམས་ཀྱི་ཚོགས་བསྐྱེད་པ་ཙམ་ལ༔ འདི་ཉིད་དུ་སངས་མི་རྒྱ་བ་ཡང་འབྱུང་ངོ་༔ ཞེས་བཀའ་སྩལ་ཏོ༔ དབང་ལུང་མ་ཐོབ་པ་དང་དམ་ཚིག་ཉམས་པ་རྣམས་ཀྱིས་འདི་ལྟ་བུའི་དཀྱིལ་འཁོར་བཤམས་ཤིང་ཚོགས་མཆོད་བྱས་ཀྱང་ཕན་ཡོན་མེད་དོ༔ ཚོགས་རྒྱུད་ཆེན་པོ་ལས་རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ དམ་ཚིག་འདི་དག་


CMR005_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པར་གྱུར་ན་ཚོགས་ཀྱི་མཆོད་པ་དང་ལོངས་སྤྱོད་རྫས་ཕུལ་ཡང་བཞེས་སུ་མི་གནང་ཞིང་མཉེས་པར་མི་འགྱུར་རོ༔ དེ་ཅིའི་ཕྱིར་ཞེ་ན༔ དེ་ལ་བསོད་ནམས་མེད་ཅིང་འབྲས་བུ་མི་འཐོབ་པའི་ཕྱིར་རོ༔ ཞེས་གསུངས་སོ༔ གལ་ཏེ་དཀྱིལ་འཁོར་འདི་ལ་མཆོད་པཆེན་པོ་མ་འབྱོར་ནའང་ཅི་འབྱོར་ཙམ་ཞིག་ཁ་འདེབས་ཙམ་ཞིག་བྱས་ཀྱང་བསམ་པའི་ཁྱད་པར་གྱི་ཕན་ཡོན་སྟོབས་ཆེ་སྟེ༔ རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ ཕལ་ཆེར་ཁུངས་ཙམ་དང་འབྱོར་པ་མ་འཚོགས་པ་འབུལ་བ་དག་ཀྱང་ཡོད་ན་དམིགས་པའི་སྟོབས་ཙམ་དུ་འགྱུར་བ་ཡང་ཡོད་དོ༔ ཞེས་གསུངས་སོ༔ རྣལ་འབྱོར་པ་དམ་ཚིག་ལྟ་སྒོམ་ལྡན་པས་ཞི་ཁྲོའི་ཚོགས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་པ་ལ་འབྱོར་ཚོགས་རྒྱས་པར་ཕུལ་བ་ལྟ་ཅི་སྨོས༔ འབྲེལ་བ་ཅུང་ཟད་ཙམ་བྱས་ན་ཡང་གཏན་དུ་མཆོད་པ་རྒྱ་ཆེན་པོ་ཕུལ་བ་དང་མཉམ་པར་གསུངས་ཏེ༔ རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ གང་གི་དགོངས་པ་ལྷུན་གྱིས་གྲུབ་ཅིང་ལྟ་བ་དང་མན་ངག་དུ་མ་དང་ལྡན་པ་ལ་རྣལ་འབྱོར་ཚོགས་ཀྱི་མཆོད་པ་ཕུལ་བ་ལྟ་ཅི་སྨོས་ཀྱི༔ སློབ་དཔོན་ཉིད་ལ་གོ་མ་ཏཱ་ར་ཡ་དྲངས་པ་ཡང་རྣལ་འབྱོར་ཚོགས་ཀྱི་མཆོད་པ་ཆེན་པོ་ཕུལ་བ་དང་


CMR005_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བར་སྐལ་བ་མཉམ་པར་འགྱུར་རོ༔ དེ་ཅིའི་ཕྱིར་ཞེ་ན༔ དེ་སངས་རྒྱས་ཀྱི་རང་བཞིན་ཡིན་ནོ༔ ཞེས་གསུངས་སོ༔ དེ་ལྟར་དཀྱིལ་འཁོར་འདི་ལ་ཚོགས་དང་མཆོད་པ་ཕུལ་པའི་ཕན་ཡོན་ཆེ་བའི་དོན་ཇི་ལྟར་ཡིན་ཞེ་ན༔ སྟོན་པ་རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ སངས་རྒྱས་རྣམས་ལ་བསེར་བ་དང་སྒྲིབ་པ་དང་སྐྱེམས་པ་དང་ལྷུང་བ་དང་ཆགས་པ་མི་མངའ་བ་ལགས་ན༔ དཔེར་ན་རྒྱལ་པོ་ཆེན་པོ་ལ་དཀོར་དང་ལོངས་སྤྱོད་ཀྱི་མི་བྲེལ་ཞིང་མི་འཕང་ན་ཡང་༔ འབངས་ལ་སོགས་པས་དཀོར་དང་ལོངས་སྤྱོད་ཕུལ་ན་འཕྲལ་གྱི་ཕན་པ་དང་ཡུན་གྱི་བདེ་བ་དང་བདག་ལ་ཡིད་དད་པ་ལ་སོགས་པ་དང་འདྲ་བར༔ སངས་རྒྱས་རྣམས་ལ་ཞེན་པ་མི་མངའ་ཡང་ཕྱི་རབས་ཀྱི་རྣལ་འབྱོར་པས་ཚོགས་མཆོད་པ་ཆེན་པོ་འབྱོར་པ་ཙམ་དཀོན་པ་བཙལ་མོས་པ་དང་དད་པས་ཕུལ་ན༔ འདི་དང་ཕ་རོལ་གཉིས་ཀ་བདེ་བ་ལ་སོགས་པ་མཛད་ཅིང་༔ ཆོས་ཉིད་ཀྱི་ལོངས་སྤྱོད་དགའ་བ་བདེ་བ་ཆེན་པོ་ད་ལྟ་ཉིད་དུ་འགྲུབ་པར་རྩོལ་བར་མཛད་པས༔ དེའི་ཕྱིར་འདོད་པའི་ཡོན་ཏན་ལྔ་པོ་གཞུང་བཞིན་བཤམས་པར་བྱ་སྟེ༔ ཞེས་གསུངས་སོ༔ ཡང་འདི་ལྟ་བུས་དཀྱིལ་འཁོར་ཆོ་ག་ཅི་ལྟ་བ་བཞིན་མི་ཤེས་པར་ཤེས་ལོས་


CMR005_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་བསྐོར་ན་རང་ཉིད་ངན་སོང་དུ་ལྟུང་སྟེ༔ བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ འདི་ལ་ཡིད་ཆེས་མེད་པར་གཡོ་སྒྱུས་ཚུལ་འཆོས་ན་ངན་འགྲོར་ལྟུང་སྟེ༔ སྔོན་རྣལ་འབྱོར་དུ་ཁས་ཆེ་བ་ཅིག་གིས་མི་ཤེས་བཞིན་དུ་ཚུལ་འཆོས་སུ་བཤད་པས༔ འཁོར་ལྔ་བརྒྱ་དོན་ལས་གོལ་ཞིང་ངན་འགྲོར་སོང་༔ འདི་དོན་རང་རང་གིས་མི་ཤེས་པས་གཞན་ཤེས་པ་ལ་སྨོད་ན་མནར་མེད་དུ་ལྟུང་སྟེ༔ བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ རང་དོན་མི་ལྡན་པར་གཞན་དོན་དང་ལྡན་པ་སྨོད་ན་མནར་མེད་དུ་ལྟུང་སྟེ༔ སྔོན་དཔལ་བྱིན་བྱ་བས་རང་གིས་དོན་མ་རྟོགས་ནས་ངེས་པའི་རྣལ་འབྱོར་པ་ལ་སྨོད་ཅིང་རང་ལ་བསྟོད་པས༔ མནར་མེད་དུ་བསྐལ་པ་བཅུ་གཉིས་འཁྱམ་མོ༔ འདིའི་དབང་ལུང་མ་ཐོབ་པ་དང་༔ བསྐྱེད་རྫོགས་ཀྱི་མན་ངག་ལྟ་སྒོམ་ལྟ་ཅི་སྨོས༔ ཆོ་ག་ཕྱག་ལེན་ཙམ་ཡང་ངེས་མེད་པར་ཟང་ཟིང་ཚོལ་ཕྱིར་བྱེད་པ་ནི་སྔགས་ལོག་རྭ་ཏྲར་སྐྱེ་སྟེ༔ དཔལ་རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ སྔོན་དགེ་སློང་དྲི་མེད་སྤྱོད་ཀྱིས་མི་ཤེས་བཞིན་དུ་ཚུལ་འཆོས་ཀྱིས་བླ་མའི་ས་བཟུང་ནས༔ འཁོར་དགེ་སློང་འབུམ་དང་བཅས་པ་དྲེགས་པ་ཆེན་པོ་རྭ་ཏྲར་བསྐལ་


CMR005_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

པ་གྲངས་མེད་པར་སྐྱེས་སོ༔ ཡང་ཕྱོགས་རིས་ཀྱི་དབང་གིས་ཆགས་སྡང་བྱས་ཏེ་འདི་བཀག་ན་འབྱུང་པོ་ཤོ་གམ་ཅན་གྱི་རིགས་སུ་སྐྱེ་སྟེ༔ རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ སྔོན་དགེ་སློང་ཞི་གནས་བྱ་བ་འཁོར་ལྔ་བརྒྱ་དང་བཅས་པ་དོན་མི་ཤེས་པར་ཀུན་གྱིས་བསྙེན་བཀུར་བ་ལ༔ དགེ་སློང་གྲོལ་བའི་བློ་གྲོས་ཞེས་བྱ་བ་དོན་དང་ལྡན་པ་ཞིག་བྱོན་ནས་ཡང་དག་པའི་དོན་སྟོན་པར་བཞེད་པ་ལ༔ དགེ་སློང་ཞི་གནས་ཀྱིས་ཕྱོགས་རིས་བྱས་ཏེ༔ བཤད་མ་བཅུགས་པས་འཁོར་ལྔ་བརྒྱ་དང་བཅས་པ་ལྟུང་སྟེ་ཤོ་གམ་ཅན་གྱི་རིགས་སུ་གྱུར་ཏོ༔ འདི་ལྟ་བུའི་དཀྱིལ་འཁོར་དང་མཆོད་པ་ལ་ཕྲག་དོག་གིས་འབར་ཤ་བྱས་ན་གནོད་སྦྱིན་ཁ་ལ་མེ་འབར་དུ་སྐྱེ་སྟེ༔ རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ སྔོན་དགེ་སློང་ལྷས་བྱིན་བྱ་བས༔ རྣལ་འབྱོར་པ་མང་པོ་འཚོགས་ནས་དོན་དམ་གླེང་པ་ལ་མ་དགའ་ནས་ངན་སེམས་ཕྲག་དོག་སྐྱེས་ནས་བྱོལ་ཏེ༔ མི་སྙན་པ་བརྗོད་པོས་གནོད་སྦྱིན་ཁ་ལ་མེ་འབར་དུ་སྐྱེས་སོ༔ རང་ཉིད་ལ་ཉམས་ལེན་བསྐྱེད་རྫོགས་བཟང་པོ་ཡོད་ཀྱང་འདི་ལ་ཆགས་སྡང་བྱས་ན་སྲིན་པོར་སྐྱེས་ཏེ༔ རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ སྔོན་དགེ་སློང་དེ་བྱིན་ཞེས་པས་སྔགས་སྤྱོད་ཅིང་ཆགས་


CMR005_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་བྱས་པས་འཁོར་སྟོང་དང་བཅས་པ་སྲིན་པོར་སྐྱེས་སོ༔ ཡང་རང་གིས་མི་ཤེས་གནད་ཀྱིས་འདི་ཤེས་པ་ལ་སྐུར་པ་བཏབ་ན་མནར་མེད་དུ་སྐྱེ་སྟེ༔ བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ སྔོན་རྣལ་འབྱོར་པ་དོན་དང་ལྡན་པ་རྣམ་པར་དག་པའི་བློ་གྲོས་འཁོར་མང་པོ་སྐྱོང་བར༔ དོན་དང་མི་ལྡན་པ་མི་འཇིགས་བློ་གྲོས་བྱ་བ་འོང་སྟེ༔ ངན་སེམས་ཀྱིས་སྒྲོ་སྐུར་བཏབ་པས་མནར་མེད་དུ་ལྟུང་ནས༔ ལྕེ་ལ་ཐོང་གཤོལ་ལྔ་བརྒྱས་རྨོ་བར་གྱུར་ཏོ༔ ཡང་འདི་མི་ཤེས་པར་རྫུན་བྱས་ན་ཉེས་དམིགས་ཆེ་སྟེ༔ རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ སྔོན་གསལ་འཛིན་མཚན་མའི་རྣལ་འབྱོར་ཅན་དོན་དམ་མ་རྟོགས་པར་རྣལ་འབྱོར་གྱི་ཚུལ་བཟུང་བས་ལོག་པའི་ལམ་ལ་ལྟུང་བར་གྱུར་ཏོ༔ ཞེས་གསུངས་སོ༔ དེ་བཞིན་དུ་བཀའ་བརྐུ་བ་ཞེས་བླ་མ་མི་བསྟེན་དབང་ལུང་མ་ཐོབ་པར་ཕྱག་ལེན་རྐུ་ཐབས་སུ་བྱས་ནས་རིགས་རུས་སོགས་ཀྱི་ང་རྒྱལ་གྱིས་འདི་བྱེད་པ་ནི་མུ་སྟེགས་དང་དུད་འགྲོར་སྐྱེ་སྟེ༔ རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ སྔོན་དགེ་སློང་པྲ་མ་དེ་བྱ་བའི་ལྟ་སྤྱོད་པས་འཚོགས་པ་སྐྱོང་༔ བཀའ་བརྐུ་ཞིང་ཁྲོ་གཏུམ་སྡིག་པ་སྤྱོད་པས་མུ་སྟེགས་སྤྱོད་པའི་ཁམས་སུ་ལྟུང་


CMR005_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་༔ སྔོན་དྲང་སྲོང་པྲ་སེ་ན་བྱ་བ་དམ་ཚིག་ཉམས་དོན་ལ་རླུག་ཡང་ང་རྒྱལ་གྱིས་སྔགས་སྤྱོད་པས་འཁོར་བརྒྱ་དང་བཅས་པ་ཕག་ཏུ་སྐྱེས་སོ༔ ཞེས་གསུངས་སོ༔ ཡོན་བདག་གི་དཀྱིལ་འཁོར་ནི་ཡོན་བདག་བྱས་པ་ལ༔ ཉེ་དུ་དང་ཕྱག་ཚང་བ་རྣམས་ཀྱིས་སེར་སྣ་དང་ཕྲི་བ་བྱས་ན་ཡི་དྭགས་བྲེལ་ཕོངས་ཅན་དུ་སྐྱེ་སྟེ༔ རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ སྔོན་རྣལ་འབྱོར་བདེ་ལྡན་འཁོར་འབུམ་དང་བཅས་པས་གསང་སྔགས་སྤྱོད་པར༔ བུ་མོ་བཟང་ལྡན་མ་བྱ་བའི་རྣལ་འབྱོར་མ་ཞིག་གིས་ཚོགས་སྦྱོར་བའི་གན་དུ་བཀོས་པས་ཡོ་བྱད་ལ་སེར་སྣ་གསོག་འཇོག་བྱས་པས་ཡི་དྭགས་ཁྱི་མགོ་ཅན་དུ་སྐྱེས་ནས་བྲེལ་ཕོངས་ཅན་དུ་གྱུར་ཏོ༔ ཞེས་གསུངས་སོ༔ དཀྱིལ་འཁོར་འདིའི་ལོ་རྒྱུས་ཕན་ཡོན་ཉེས་དམིགས་འདི་རྣམས་བཤད་ན་ཡང་ཕན་ཡོན་ཆེ་སྟེ༔ སྟོན་པ་རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ འདིའི་དོན་རྟོགས་ནས་གཞན་སྣོད་ལྡན་ལ་བསྟན་ཏེ་བཤད་དམ་བརྗོད་པས་ཆོས་ཀྱི་རྒྱལ་པོར་གྱུར་ཏེ༔ ང་ཉིད་དང་འདྲ་བར་འགྱུར་རོ༔ སྔོན་དྲང་སྲོང་རྣལ་འབྱོར་པ་ཀ་ལ་ཡ་ནས༔ དྲང་སྲོང་མང་པོ་ལ་འདིའི་དོན་བཤད་ཅིང་བཀྲོལ་བས༔ དྲང་སྲོང་མང་པོར་རིག་འཛིན་ཐོབ༔ སྟོན་པའི་དྲང་སྲོང་དེ་གསང་


CMR005_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཆོག་གི་བདག་པོར་འགྱུར་རོ༔ ཞེས་གསུངས་སོ༔ གསང་སྔགས་ཀྱི་ཆོས་གཞན་ནི་ཁྲོམ་ཆོས་སུ་མི་རུང་སྟེ༔ འདི་ནི་ཐམས་ཅད་ལ་བསྟན་རུང་བ་སྟེ༔ དཔལ་ཀུན་ཏུ་བཟང་པོའི་བཀའ༔ གང་གི་སྒྱུ་འཕྲུལ་ཞི་ཁྲོ་ཡི༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན༔ ཉམས་ཆག་ཀུན་ཀྱང་བྱང་བར་འགྱུར༔ མཚམས་མེད་ལྔ་ཡི་སྡིག་ཀྱང་དག༔ ན་རཀ་གནས་ཀྱང་དོང་སྤྲུགས་ནས༔ རིག་འཛིན་རྒྱལ་བའི་ཞིང་དུ་དྲོངས༔ ཞེས་དང་༔ དཀྱིལ་འཁོར་གྱི་ལྷ་འདི་རྣམས་ཀྱི་མཚན་ལན་གཅིག་རྣ་བར་ཐོས་ཀྱང་༔ ན་རཀ་ཆེན་པོར་མི་ལྟུང་ངོ་༔ ཞེས་དང་༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ འདི་ཐོས་གྲོལ་ཆེན་པོ་ཡིན་པས༔ མཚམས་མེད་ལྔ་བྱས་པའི་རྣ་ལམ་ན་ཐོས་ཀྱང་ངེས་པར་གྲོལ་བར་འགྱུར་རོ༔ དེའི་ཕྱིར་ཁྲོམ་ཆེན་པོའི་ནང་དུ་ཀླག་པར་བྱའོ༔ རྒྱ་ཆེར་སྤེལ་བར་བྱའོ༔ ནད་པ་ཐམས་ཅད་ཀྱི་སྔས་སུ་ཀླག་པར་བྱའོ༔ ཤི་བའི་རོ་ཐམས་ཅད་ཀྱི་སྔས་སུ་ཀློག་པར་བྱའོ༔ རྒྱ་ཆེར་སྤེལ་བར་བྱའོ༔ འདི་དང་འཕྲད་པ་ནི་སྐལ་བ་ཤིན་ཏུ་བཟང་བ་ཡིན་ནོ༔ ཚོགས་བསགས་ཤིང་སྒྲིབ་པ་བྱང་བ་མ་གཏོགས་པ་འདི་དང་འཕྲད་པར་དཀའོ༔ འདི་དང་འཕྲད་ནས་ལོག་ལྟ་མ་


CMR005_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་ཁོ་ནས་གྲོལ་བར་འགྱུར་རོ༔ དེ་ཅིའི་ཕྱིར་ན་འདི་ལ་ཤིན་ཏུ་གཅེས་སྤྲས་བྱའོ༔ འདི་ནི་ཆོས་ཐམས་ཅད་ཀྱི་བཅུད་ཡིན་ནོ༔ ཞེས་དང་༔ སྒོམ་སྒྲུབ་བྱ་མི་དགོས་པའི་ཆོས༔ བལྟས་པས་གྲོལ་བ༔ ཐོས་པས་གྲོལ་བ༔ བཀླག་པས་གྲོལ་བའི་གདམས་པ་ཟབ་མོ༔ སྡིག་པོ་ཆེ་གསེང་ལམ་ལ་ཁྲིད་པའི་གདམས་པ་ཟབ་མོ་འདི༔ ཁྱི་བདུན་གྱི་བརྡས་ཀྱང་ཚིག་དང་ཐ་སྙེད་མ་བརྗེད་པར་བྱས་པས༔ འཆི་ཁ་སངས་རྒྱས་པའི་གདམས་ངག༔ དུས་གསུམ་གྱི་སངས་རྒྱས་ཀྱིས་བཙལ་ཡང་འདི་ལས་ཟབ་པའི་ཆོས་རྙེད་པར་མི་སྲིད་དོ༔ ཞེས་གསུངས་པ་ལྟར་ཡིན་པས༔ དད་གུས་ཀྱིས་འབྲེལ་པ་གང་ཐོགས་དང་དབང་ཞུ་བ་སོགས་མཛོད་ཅིག༔ ཅེས་པ་འདི་བདག་རཱ་ག་ཨ་སྱས་རྙིང་མའི་རྒྱུད་གཞུང་ཚད་ལྡན་རྣམས་ནས་བཏུས་ཏེ་སྦྱར་བ་ཡིན་པས་ཕྱི་རབས་ཀུན་ཡིད་ཆེས་པར་མཛོད་ཅིག༔ མངྒ་ལཾ། ཤུ་བྷཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དཀྱིལ་འཁོར་ངོ་སྤྲོད།


CMR005_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

འོ་རིགས་ཀྱི་བུ་བརྒྱུད་པ་དམ་ཚིག་དང་ལྡན་པ་རྣམས་དཀྱིལ་འཁོར་འདི་ལ་ལྟོས་ལ་ཉོན་ཅིག༔ སེམས་ཅན་དང་སངས་རྒྱས་རྒྱུད་གཅིག་པའི་རྟགས་སུ་དཀྱིལ་འཁོར་འཇམ་ཞིང་སྲུབ་མེད་པའོ༔ ཆོས་སྐུ་འགྱུར་བ་མེད་པའི་རྟགས་སུ་དཀྱིལ་འཁོར་གྱི་གཞི་མཐིང་ནག་ཏུ་ཡོད་པའོ༔ ལོངས་སྐུ་གསལ་ལ་མ་འགག་པའི་རྟགས་སུ༔ དཀྱིལ་འཁོར་ཁྲ་བོར་འདུག་པའོ༔ ཐུགས་རྗེ་སྤྲུལ་སྐུས་འགྲོ་དོན་མཛད་པའི༔ ཁ་དོག་མ་འདྲེས་སོ་སོར་གསལ་ཞིང་ཤར་བའོ༔ ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པའི་དབུས་སུ་ཐིག་ལེ་མུ་ཁྱུད་ལྔ་ལྡན་དུ་ཡོད་པའོ༔་ཤར་ཕྱོགས་ཐམས་ཅད་དཀར་པོར་འདུག་པ་ནི༔ ཀ་ཤི་ཀ་ཤེལ་ལས་གྲུབ་པའི་རྟགས་སོ༔ ལྷོ་ཕྱོགས་ཐམས་ཅད་སེར་པོར་འདུག་པ་ནི༔ རིན་པོ་ཆེ་གསེར་ལས་གྲུབ་པའི་རྟགས་སོ༔ ནུབ་ཕྱོགས་ཐམས་ཅད་དམར་པོར་འདུག་པ་ནི༔ པདྨ་རཱ་ག་ལས་གྲུབ་པའི་རྟགས་སོ༔ བྱང་ཕྱོགས་ཐམས་ཅད་ལྗང་གུར་འདུག་པ་ནི༔ ཨིནྡྲ་ནཱི་ལ་ལས་གྲུབ་པའི་རྟགས་སོ༔ དབུས་ཕྱོགས་ཐམས་ཅད་མཐིང་ཀར་འདུག་པ་ནི༔ བཻཌཱུརྱ་ལས་གྲུབ་པའི་རྟགས་སོ༔ པདྨ་མུ་ཁྱུད་སུམ་ལྡན་གྱིས་བསྐོར་བ་ནི༔ སྐུ་གསུམ་འདུ་འབྲལ་མེད་པའི་རྟགས་སོ༔ ཚད་


CMR005_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་བཞི་དང་ལྡན་པའི་རྟགས་སུ་གྲུ་ཆད་བཞིར་འདུག་པའོ༔ ཆོས་སྐུ་སྐྱེ་བ་མེད་པའི་ཕོ་བྲང་དུ་འགྲོ་བའི་རྟགས་སུ༔ རྣམ་པར་ཐར་བའི་སྒོ་བཞི་རུ་འདུག་པའོ༔ ཡབ་ཡུམ་གཉིས་སུ་མེད་པའི་རྟགས་སུ༔ གྲུ་ཆད་མཛེས་ཚོན་དུ་འདུག་པའོ༔ ཞི་ཁྲོ་རིགས་ལྔའི་ཞིང་ཁམས་སོ་སོར་ཡོད་པའི་རྟགས་སུ༔ སྒོ་བཞི་ཕྱོགས་ཚོན་དུ་འདུག་པའོ༔ རིགས་ལྔའི་དགོངས་པ་འཁྱེར་བའི་རྟགས་སུ༔ པདྨ་རཱ་གའི་རྩིག་པ་ལྔ་རུ་འདུག་པའོ༔ རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པའི་རྟགས་སུ༔ ལྷ་ཆེན་བརྒྱད་ཀྱི་ཀ་བ་བརྒྱད་དུ་འདུག་པའོ༔ རྣམ་ཤེས་ཡུལ་བརྒྱད་གནས་སུ་དག་པའི་རྟགས་སུ༔ རུས་སྦལ་བརྒྱད་ཀྱི་ཀ་གདན་དུ་ཡོད་པའོ༔ འཇིག་རྟེན་གྱི་ཚུལ་བརྒྱད་གནས་སུ་དག་པའི་རྟགས་སུ༔ ཆུ་སྲིན་གྱི་ཁ་རུ་རྡོ་རྗེ་བྱུང་བའོ༔ བཀྲ་ཤིས་ཡོན་ཏན་གྱི་རྟགས་བརྒྱད་དང་ལྡན་པའི་རྟགས་སུ༔ གཟའ་ཆེན་བརྒྱད་ཀྱི་ཀ་ཞུར་འདུག་པའོ༔ རྣམ་ཐར་ཆེན་པོ་བརྒྱད་དང་ལྡན་པའི་རྟགས་སུ༔ ཀ་རྒྱན་རྣམ་པ་བརྒྱད་དུ་ཡོད་པའོ༔ འབྱུང་བ་ཆེན་པོ་བཞི་གནས་སུ་དག་པའི་རྟགས་སུ༔ ལྷ་ཚངས་པའི་གདུང་མ་བཞི་རུ་འདུག་པའོ༔ ཉི་ཤུ་རྩ་བཞིའི་ཉོན་མོངས་པ་ཐམས་ཅད་གནས་ཡུལ་གཉིས་མེད་དུ་དག་


CMR005_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟགས་སུ༔ ལྷ་དང་ལྷ་བྲན་གྱི་དྲལ་ཕྱམ་བྱས་པའོ༔ ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའི་རྟགས་སུ༔ རིམ་པ་ལྔའི་ཐོག་ཕུབ་ནས་ཡོད་པའོ༔ ཐུགས་རྗེས་།སེམས་ཅན་ལ་རྒྱུན་དུ་གཟིགས་པའི་རྟགས་སུ༔ ཉི་ཟླའི་མཐོང་ཁུང་བཞིར་ཡོད་པའོ༔ ཐུགས་གཡོ་འགུལ་མེད་པའི་རྟགས་སུ༔ བདུད་རྩིའི་གར་སྦྱིན་གྱིས་སྦྱར་ནས་ཡོད་པའོ༔ འགྱུར་མེད་དོན་གྱི་དགོངས་པ་མཐའ་རུ་ཕྱིན་པའི་རྟགས་སུ༔ གནམ་ལྕགས་ཁྲོ་ཆུའི་འཛེར་གྱིས་གདབ་ནས་ཡོད་པའོ༔ འདོད་པའི་ཡོན་ཏན་ལྔ་མི་སྤང་བའི་རྟགས་སུ༔ འདོད་ཡོན་གྱི་ལྷ་མོ་རྣམས་དམར་པོར་འདུག་པའོ༔ ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པའི་རྟགས་སུ༔ རིན་པོ་ཆེའི་ཕ་གུ་སེར་པོར་འདུག་པའོ༔ སྐྱོན་བྲལ་ཡོན་ཏན་ལྔ་དང་ལྡན་པའི་རྟགས་སུ༔ ད་རུ་ཀང་དམར་ལྗང་དུ་ཡོད་པའོ༔ བྱང་ཆུབ་ཀྱི་ཆོས་རྣམ་པར་དག་པའི་རྟགས་སུ༔ དྲ་བ་དང་དྲ་ཕྱེད་ཀྱིས་བརྒྱན་པའོ༔ མཚན་དང་དཔེ་བྱད་བརྒྱ་རྩ་བརྒྱད་དང་ལྡན་པའི་རྟགས་སུ། མཆོད་རྟེན་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བའོ༔ དམ་པའི་ཆོས་མི་ནུབ་པའི་རྟགས་སུ༔ རྒྱལ་མཚན་བརྒྱད་དང་ལྡན་པའོ༔ ཉོན་མོངས་པའི་རྣམ་རྟོག་དབེན་པའི་རྟགས་སུ༔ རི་དྭགས་


CMR005_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གཉིས་ཀྱིས་བརྒྱན་པའོ༔ སེམས་ཅན་ལ་ཆོས་སྟོན་པའི་རྟགས་སུ༔ ཆོས་ཀྱི་འཁོར་ལོ་བཞིས་མཚན་པའོ༔ བྱམས་པ་ཆེན་པོ་དང་ལྡན་པའི་རྟགས་སུ༔ རིན་པོ་ཆེའི་གདུགས་ཕུབ་ནས་ཡོད་པའོ༔ ཐབས་དང་ཤེས་རབ་འདུ་འབྲལ་མེད་པའི་རྟགས་སུ༔ དར་གྱི་ཆུན་འཕྱང་ཟུར་བཞི་དང་ལྡན་པའོ༔ རྣམ་རྟོག་འགྱུ་བ་དྲན་རིག་དང་བྲལ་བའི་རྟགས་སུ་རླུང་རྡོ་རྗེ་རྒྱ་གྲམ་ཕྱོགས་བཞིར་གསལ་བའོ༔ རྣམ་པར་ཤེས་པ་བརྒྱད་རང་སར་དག་པའི་རྟགས་སུ༔ དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའོ༔ འགྲོ་བ་ཀུན་གྱི་དོན་བྱེད་ཅིང་བག་ཆགས་དྲི་མ་དྭངས་པའི་རྟགས་སུ༔ སྣ་ཚོགས་ཀྱི་པདྨས་བསྐོར་བའོ༔ ཆོས་ཉིད་སྐྱེ་འཇིག་དང་བྲལ་བའི་རྟགས་སུ༔ ཕྱི་རིམ་རྡོ་རྗེའི་རྭ་བས་བསྐོར་བའོ༔ ཕྱིན་ཅི་ལོག་པའི་རྣམ་རྟོག་ཐམས་ཅད་བསྲེག་པའི་རྟགས་སུ་སྣ་ཚོགས་མེ་རིས་བསྐོར་བའོ༔ དེའི་རྗེས་སུ་ལྷའི་སྣམ་དག་ངོ་སྤྲད་པ་ནི༔ དབུས་སུ་ཀུན་བཟང་ཡབ་ཡུམ་གཉིས་སུ་སྣང་བ་ཡིན་ཡང་༔ ཀ་དག་ལྷུན་གྲུབ་གཉིས་སུ་མེད་པས་ཐབས་དང་ཤེས་རབ་གཉིས་སྟོང་ངམ༔ ཡིད་ཆོས་གཉིས་རྣམ་པར་དག་པའི་རྟགས་སོ༔ རིགས་ཀྱི་ཡབ་ལྟར་སྣང་བ་འདི་ཡང་༔ ཕུང་པོ་ལྔ་རྣམ་པར་དག་པའི་


CMR005_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་སོ༔ རིགས་ཀྱི་ཡུམ་ལྔར་སྣང་བ་འདི་ཡང་འབྱུང་བ་ལྔ་རྣམ་པར་དག་པའི་རྟགས་སོ༔ ཟུང་སྦྱོར་དུ་སྣང་བ་འདི་ཡང་༔ འཁོར་བ་ཟིལ་གྱིས་གནོན་ཅིང་སྐྱོན་གྱིས་མ་གོས་པ་བདེ་བ་ཆེན་པོར་གཅིག་པའི་རྟགས་སོ༔ སེམས་དཔའ་བརྒྱད་དུ་སྣང་བ་འདི་ཡང་རྣམ་ཤེས་ཚོགས་བརྒྱད་རྣམ་པར་དག་པའི་རྟགས་སོ༔ སེམས་མ་བརྒྱད་དུ་སྣང་བ་འདི་ཡང་༔ ཡུལ་བརྒྱད་རྣམ་པར་དག་པའི་རྟགས་སོ༔ ཐུབ་པ་དྲུག་ཏུ་སྣང་བ་འདི་ཡང་༔ འགྲོ་དྲུག་དབྱིངས་སུ་འདྲེན་ཞིང་ཉོན་མོངས་དྲུག་རྣམ་པར་དག་པའི་རྟགས་སོ་སྒོ་བ་ཡབ་ཡུམ་བརྒྱད་ཟུང་སྦྱོར་དུ་སྣང་བ་འདི་ཡང་༔ རྟག་ཆད་མུ་བཞི་རྣམ་པར་དག་ཅིང་ཚད་མེད་པ་བཞིས་འགྲོ་དོན་མཛད་པའི་རྟགས་སོ༔ དེ་དག་སོ་སོར་སྐུ་མདོག་ལྔར་སྣང་བ་འདི་ཡང་། ཉོན་མོངས་པ་ལྔ་མ་སྤང་གནས་སུ་དག་ཅིང་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པ་ལ༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དགོངས་པ་འདུས་པའི་རྟགས་སོ༔ ཐམས་ཅད་སྐྱིལ་ཀྲུང་དུ་མཛད་པ་འདི་ཡང་༔ བདུད་ཀྱིས་ཡིད་མི་འཕྲོག་ཅིང་དུས་གསུམ་འཕོ་འགྱུར་མེད་པའི་དགོངས་པ་ལ་བཞུགས་པའི་རྟགས་སོ༔ རྒྱན་ཆ་སྣ་ཚོགས་པས་བརྒྱན་པ་འདི་ཡང་༔ ཡོན་ཏན་ཕུན་


CMR005_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པའི་རྟགས་སོ༔ རིག་སྟོང་༔ གསལ་སྟོང་༔ ཤར་སྟོང་༔ བདེ་སྟོང་༔ སྣང་སྟོང་ཟུང་འཇུག་གི་རྟགས་སུ༔ རིགས་ལྔའི་ཕྱག་མཚན་སོ་སོར་གསལ་བའོ༔ སྣང་སྲིད་ཐམས་ཅད་ཡེ་སྟོང་རྩ་བ་དང་བྲལ་བའི་རྟགས་སུ༔ འཁོར་རྣམས་ཀྱིས་ཕྱག་མཚན་འཛིན་པའོ༔ རིག་འཛིན་ཡབ་ཡུམ་བཅུ་ཟུང་སྦྱོར་དུ་སྣང་བ་འདི་ཡང་༔ བག་ཆགས་དབྱིངས་སུ་དག་པའི་རྟགས་སོ༔ སྐུ་མདོག་ལྔ་ལྡན་དཀར་སེར་དམར་ལྗང་དུ་སྣང་བ་འདི་ཡང་༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་འོད་ལྔ་ཁ་དོག་ལྔ་ལྡན་པའི་རྟགས་སོ༔ ཞལ་གཅིག་ནི་དུ་མ་རོ་གཅིག་གོ༔ སྤྱན་གསུམ་ནི་སྐུ་གསུམ་མོ༔ ཕྱག་གཉིས་ནི་ཐབས་དང་ཤེས་རབ་བོ༔ ཞབས་གཉིས་ནི་བདེན་གཉིས་ཟུང་འཇུག་གོ༔ བརྐྱང་བསྐུམ་ནི་སྲིད་ཞིའི་མཐའ་ལ་མི་གནས་པའོ༔ གྲི་གུག་དང་ཐོད་ཁྲག་ནི་ཤེས་རབ་དང་སྙིང་རྗེའི་རྟགས་སོ༔ ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་གཉིས་སུ་སྣང་བ་འདི་ཡང་༔ མ་རིག་ཉོན་མོངས་མ་སྤང་གནས་སུ་དག་པའི་རྟགས་སོ༔ ཁྲག་འཐུང་གཙོ་བོ་ཡབ་ཡུམ་བཅུ་རུ་སྣང་བ་འདི་ཡང་༔ ཉོན་མོངས་དུག་ལྔའི་ཡུལ་ཆེན་མ་སྤང་གནས་སུ་དག་པའི་རྟགས་སོ༔ ཀེའུ་རི་བརྒྱུད་དུ་སྣང་བ་འདི་ཡང་༔ རྣམ་ཤེས་ཚོགས་བརྒྱད་


CMR005_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྤང་གནས་སུ་དག་པའི་རྟགས་སོ༔ སེང་ཧ་མ་བརྒྱད་དུ་སྣང་བ་འདི་ཡང་༔ ཡུལ་བརྒྱད་མ་སྤང་གནས་སུ་དག་པའི་རྟགས་སོ༔ སྒོ་མ་བཞི་རུ་སྣང་བ་འདི་ཡང་། སྐྱེ་གནས་བཞི་མ་སྤང་གནས་སུ་དག་པའི་རྟགས་སོ༔ དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དུ་སྣང་བ་འདི་ཡང་༔ ཉོན་མོངས་རྟོག་ཚོགས་ཉི་ཤུ་རྩ་བརྒྱད་མ་སྤང་གནས་སུ་དག་པའི་རྟགས་སོ༔ ཁྲག་འཐུང་གཙོ་འཁོར་འཇིགས་པའི་སྐུ་རུ་སྣང་བ་འདི་ཡང་༔ གདུལ་བྱ་ཞི་བས་མི་འདུལ་བའི་བདུད་དང་དགྲ་བགེགས་རྣམས་འདུལ་བའི་རྟགས་སོ༔ གར་གྱི་ཉམས་དགུ་མཛད་པ་འདི་ཡང་ཐེག་པ་རིམ་དགུ་ཡོངས་སུ་རྫོགས་པའི་རྟགས་སོ༔ དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བ་འདི་ཡང་༔ བདུད་དང་མུ་སྟེགས་གདུག་པ་ཅན་རྣམས་འདུལ་བའི་རྟགས་སོ༔ མགོ་བརྙན་སྣ་ཚོགས་སུ་སྣང་བ་འདི་ཡང་སྤྲུལ་སྐུའི་མཛད་པ་ཅི་ཡང་མ་ངེས་པར་སྟོན་པའི་རྟགས་སོ༔ དེ་དག་ཕྱི་ལྟར་ན་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་སུ་ཡོད༔ ནང་ལྟར་ན་ཁྲག་འཐུང་གི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་དུ་ཡོད༔ གསང་བ་ལྟར་ན་མཁའ་འགྲོ་སྡེ་ལྔའི་ལྷ་ཚོགས་སུ་ཡོད༔ ཡང་གསང་ལྟར་ན་ལྷུན་གྲུབ་རྫོགས་ལྡན་གྱི་ལྷ་ཚོགས་སུ་ཡོད༔ བླ་མེད་ལྟར་ན་རིག་


CMR005_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐིག་ལེ་ཉག་གཅིག་གི་སྐུ་རུ་ཡོད༔ ངོ་བོ་འགྱུར་བ་མེད་པ་ཆོས་ཀྱི་སྐུ་རུ་ཡོད༔ རང་བཞིན་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ་རུ་ཡོད༔ ཐུགས་རྗེ་རང་གྲོལ་དུ་ཡོད་པ་སྤྲུལ་པའི་སྐུ་རུ་ཡོད༔ ལྟ་སྒོམ་ཡིད་ཡུལ་དུ་གསལ་བ་ཟུང་འཇུག་གི་སྐུ་རུ་ཡོད༔ དེ་ནས་བུམ་པ་དང་རྒྱན་ངོ་སྤྲད་པ་ནི༔ འོ་རིགས་ཀྱི་བུ་དད་པ་རྣམས་ཉོན་ཅིག༔ ཆོས་སྐུ་སྤྲོས་དང་བྲལ་བའི་རྟགས་སུ༔ དབང་གི་བུམ་པ་ཟླུམ་པོར་འདུག་པའོ༔ ལོངས་སྐུ་ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སུ༔ བུམ་པ་ཁ་དོག་ལྔ་ལྡན་དུ་འདུག་པའོ༔ ཐུགས་རྗེའི་སྤྲུལ་སྐུ་འོད་ཟེར་ཞི་ཁྲོའི་ཚུལ་དུ་ཡོད་པའི་རྟགས་སུ༔ བུམ་པའི་ཁ་རྒྱན་དཔག་བསམ་ཤིང་ལས་བྱས་པའོ༔ ནང་གི་རིག་པ་འགྱུར་བ་མེད་པའི་རྟགས་སུ་༔ གཟུངས་ཐག་གི་སྣེ་ལ་རྡོ་རྗེ་བཏགས་པའོ༔ ཉོན་མོངས་པ་ལྔ་སྣང་ཡུལ་དག་པའི་རྟགས་སུ༔ མགུལ་ཆིངས་ཁ་དོག་ལྔ་ལྡན་དུ་འདུག་པའོ༔ ཐུགས་རྗེས་འགྲོ་བ་གནས་ནས་འདྲེན་པའི་རྟགས་སུ་གཟུངས་ཐག་ལྔ་སྒྲིལ་དུ་ཡོད་པའོ༔ རང་གི་རིག་པ་ཡེ་ཤེས་ལ་དྲི་མ་མེད་པའི་རྟགས་སུ༔ ཤེལ་དཀར་དང་མེ་ལོང་གཉིས་ཀྱིས་བརྒྱན་པའོ༔ སྟོང་གསལ་མི་འགྱུར་མདངས་ལྔ་དང་ལྡན་པའི་རྟགས་སུ༔ རིན་པོ་


CMR005_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ལྔ་བུམ་སྙིང་དུ་ཡོད་པའོ༔ སྒྲོན་བཞི་མིག་ཡུལ་དུ་གསལ་བའི་རྟགས་སུ༔ རྨ་བྱའི་སྒྲོ་མདངས་གཟུགས་པའོ༔ རིག་པ་ལུ་གུ་རྒྱུད་དུ་གནས་པའི་རྟགས་སུ༔ རྒྱན་དྲྭ་བ་རིས་སུ་བྲིས་ནས་ཡོད་པའོ༔ སངས་རྒྱས་ཀྱི་བསྟན་པ་མི་ནུབ་པའི་རྟགས་སུ༔ རྒྱལ་མཚན་དང་བ་དན་ཕྱར་བའོ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་མཉེས་པར་བྱ་བའི་རྟགས་སུ༔ མཆོད་གཏོར་དང་ཚོགས་འཁོར་བཤམས་པའོ༔ རྒྱབ་བརྟེན་དཀོན་མཆོག་གསུམ་དང་མི་འབྲལ་བའི་རྟགས་སུ༔ ཡོལ་བ་དང་བླ་རེ་གཉིས་ཀྱིས་བརྒྱན་པའོ༔ བདུད་བཞི་ཟིལ་གྱིས་གནོན་པའི་རྟགས་སུ༔ གདན་ཁྲི་བཀོད་པ་དང་བཅས་པ་བརྩེགས་པའོ༔ ཉོན་མོངས་པའི་བག་ཆགས་དྲི་མས་མ་གོས་པའི་རྟགས་སུ༔ སྤར་གཡོབ་དང་རྡུལ་ཁག་གི་གཡོགས་ནས་ཡོད་པའོ༔ ཆོས་ཀྱི་སྒྲ་ཕྱོགས་བཅུར་སྒྲོགས་པའི་རྟགས་སུ༔ ལྷ་ཆ་རོལ་མོ་སྣ་ཚོགས་སུ་ཡོད་པའོ༔ ཐེག་པ་ཆེན་པོའི་ཆོས་རྒྱུན་མི་འཆད་པའི་རྟགས་སུ༔ སྨན་ཕུད་དང་རཀྟས་བྲན་ཞིང་གཏམས་པའོ༔ དབང་བསྐུར་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་རྟགས་སུ༔ མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་ལྡན་པའོ༔ དབང་བསྐུར་བྱིན་འབེབས་པའི་


CMR005_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་སུ༔ བདག་རྡོ་རྗེ་སློབ་དཔོན་ཁྲི་ལ་བཞུགས་པའོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དབང་གི་སྟ་གོན།


CMR005_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཤིང་ཚོམ་བུའི་སྟེང་དུ་དོར་བ་ན༔ རྗེས་ཟློས། ཧོ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང་༔ ཞི་ཁྲོ་རིགས་ལྔ་ཐམས་ཅད་དགོངས། བདག་གིས་རིགས་ལྔ་དངོས་གྲུབ་ལྗ༔ གང་ཐོབ་མི་ཐོབ་བསྟན་དུ་གསོལ༔ བཛྲ་ཧ་ས་ཧ༔ སྲུང་སྐུད་ལ་རྩ་སྔགས་ཤམ་དུ༔ བཛྲ་རཀྵ་རཀྟ་ཧཱུྃ༔ ཧཱུྃ༔ ལུས་ཀྱི་བར་ཆད་བསྲུང་བའི་ཕྱིར༔ སྲུང་སྐུད་རྡོ་རྗེའི་མདུད་པ་ཅན༔ རྒྱལ་བ་ཞི་ཁྲོའི་ཕོ་བྲང་ཡིན༔ རྡོ་རྗེའི་གོ་ཆ་འདི་བསྒོས་པས༔ བསྒྲུབ་ལ་བར་ཆད་ཐམས་ཅད་བསྲུངས༔ རྩ་སྔགས་ཤམ་བུར༔ བཛྲ་རཀྟ་རཀྟ་ཧཱུྃ༔ ཀུ་ཤ་བུམ་ཆུས་བསང་། སྭ་བྷ་ཝས་སྦྱངས། འབྲུ་གསུམ་གྱིས་བྱིན་བརླབས་ནས༔ ཧཱུྃ༔ སྔོན་ཡང་སྟོན་པ་བཅོམ་ལྡན་འདས༔ རྩྭ་མཆོག་ལ་ནི་སྟན་བྱས་ནས༔ བདུད་བཏུལ་ཆོས་ཀྱི་འཁོར་ལོ་བསྐོར༔ བྱང་ཆུབ་རྡོ་རྗེའི་སྐུ་བརྙེས་ལྟར༔ ཁྱོད་ཀྱང་རྟེན་འབྲེལ་ལ་གནས་མཛོད༔ བཛྲ་ཏིཀྵ་ཐཾ༔ ཅེས་སྦྱིན་ནོ༔ སློབ་བུས། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱིས༔ བདག་ལ་དགེ་དང་མི་དགེ་རྣམས༔ རྨི་ལམ་དུ་ནི་གསལ་བར་སྟོན༔ མེ་ཏོག་གཏད༔ ཅེས་སྨོན་ལམ་བོར་ཏེ་བཟང་ངན་བརྟག༔ ༈


CMR005_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་དབབ་པ་ནི༔ བླ་མས༔ འོ་བུ་རྣམས་ཡར་ལངས༔ ལག་པ་སྙིང་གར་ཐལ་མོ་སྦྱར་མིག་བཙུམ་ལ༔ སྐད་ཅིག་གིས་ཁྱེད་རང་རྡོ་རྗེ་ཕག་མོ་མཐིང་ནག་བཅུ་དྲུག་གི་ན་ཚོད་ཙམ༔ ཞལ་གཅིག་ཕྱག་གཉིས་ཅང་ཏེའུ་དང་དྲིལ་བུ་བསྣམས་པ༔ རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ༔ གར་ཐབས་ཁྱུག་ཁྱུག་མཛད་པ་ཞིག་བསྒོམ༔ མདུན་གྱི་ནམ་མཁར་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་དང་༔ ཁྱད་པར་ཞི་ཁྲོའི་ལྷ་ཚོགས་དཔག་ཏུ་མེད་པ་རྣམས་བྱོན་ནས༔ ཁྱེད་རང་ལ་སིབ་སིབ་ཐིམ་པར་སྒོམས་ཤིག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་སིདྡྷི་ཕ་ལ་ཧཱུྃ༔ ཅེས་དང་བྷོ་དྷི་ཙིཏྟ་འདི་འཛབ་བཟླས༔ དེ་ནས་མེ་ཏོག་ཕུལ་ལ་གསང་མཚན་བཏགས་སོ༔

ཞི་ཁྲོའི་སྤྲོས་བཅས་བུམ་དབང་།


CMR005_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོའི་སྤྲོས་བཅས་བུམ་དབང་བཞུགས་སོ༔ དབང་བསྒྲུབ་ནི་ལས་བྱང་ཚོགས་ཡན་བཏོན་ནས༔ བདག་མདུན་བུམ་གཅིག་བསྐྱེད་ལ་བསྙེན་པ་ཅི་འགྲུབ་བྱའོ༔


CMR005_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱུད་དེ་ཉིད་ལས༔ གླུད་གཏོར་བྱིན་ལ་མེ་ཆུས་བསྐྲད༔ ཅེས་པ་བླ་མ་ཁྲི་མཐོ་བའི་ཁར་རྒྱན་དང་བཅས་པས་ཏིང་ངེ་འཛིན་ལ་བཞུགས༔ གླུད་གཏོར་སྭ་བྷ་ཝས་འདོད་ཡོན་ལྔར་བྱིན་གྱིས་བརླབས་ལ་བསྔོ་ཞིང་༔ ལན་གསུམ་གཡོན་བསྐོར་བྱས་ལ༔ དབང་ལྡན་གྱི་ཕྱོགས་སམ་གང་འཐད་དུ་དོར༔ ཕྱི་སྒོ་ཐེམ་པའི་རྩར་དྲག་པོའི་སྦྱིན་སྲེག་བྱེད་ཅིང་མེ་ཞགས་འཕང་ངོ་༔ རྒྱལ་ཐེབ་ཀྱིས་བུམ་ཆུ་དང་གུ་གུལ་གྱིས་བདུག་པ་རྣམས་མཉམ་དུ་བྱས་ལ༔ ཧཱུྃ༔ རྒྱུད་དྲུག་ནད་གདོན་སྡིག་སྒྲིབ་སྦྱང་བའི་ཕྱིར༔ བུམ་ཆུ་བཀྲ་ཤིས་ཆུ་རྒྱུན་གྱིས༔ སྐལ་ལྡན་བུ་ཡི་སྒོ་གསུམ་བཀྲུ༔ མི་མཐུན་ཞི་ནས་སྣོད་རུང་ཤོག་ཅེས་རྩ་སྔགས་བརྗོད༔ ཡོང་རྒྱུད་ལས༔ ཞུ་


CMR005_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཞུས་ལན་ཁྲུས་དབྱུང་བྱ༔ ཞེས་པས་ཁྲུས་གོང་དུ་སོང་ནས་ཕྱི་ནང་ཐམས་ཅད་ཀྱིས་ལག་པ་སྤྲེལ་ལ་འདི་སྐད་ཞུའོ༔ རྗེས་ཟློས་མཛོད༔ ཧཱུྃ༔ སྒོ་སྲུང་ཕོ་མོ་ཐམས་ཅད་གསོན༔ བདག་ཅག་འཁོར་བའི་སྡུག་བསྔལ་ལས༔ ཐར་ཕྱིར་དཀྱིལ་འཁོར་འདིར་འཇུག་པས༔ སྒོ་བས་སྒོ་ཕྱེས་ནང་བཏང་འཚལ༔ རྟག་ཏུ་ཁྱེད་དྲིན་བདག་གིས་ཁུར་ཞེས་ལན་གསུམ་བརྗོད༔ དེ་ནས་གང་ཕོ་མོས་ཁྲོ་འབག་དང་ཀུན་སྡིགས་པའི་ཆས་རོལ་མོ་དང་༔ མཚོན་ཆ་གུ་གུལ་གྱི་དུད་པ་དང་༔ ཐོད་པ་སྐམ་རློན་དང་མེ་ཆུའི་ཐུན་དང་བཅས་པས༔ ང་རོ་དྲག་པོས་འདི་སྐད་དོ༔ ཧོ༔ ཁྱེད་རྣམས་སྒོ་འདིར་འཇུག་པ་ལ༔ དགེ་བཅུ་


CMR005_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་ཅིང་མི་དགེ་སྤངས༔ དཀོན་མཆོག་གསུམ་པོ་ཡིད་ལ་གྱིས་ཁས་ལེན་མེད་པ་ཕྱིར་དེངས་ཤིག༔ སློབ་བུས་རྗེས་ཟློས་མཛོད༔ བདག་ཅག་ཁྱོད་ཀྱི་བཀའ་བཞིན་བགྱི༔ དགེ་སྒྲུབ་སྡིག་སྤངས་སྐྱབས་སུ་འགྲོ༔ ངེས་པར་ནང་དུ་བཏང་དུ་གསོལ༔ ཞེས་བརྗོད༔ ཐེག་པ་ཐུན་མོང་གི་སྐྱབས་འགྲོ་བརྗོད་ཅིང་༔ ལས་ཀྱི་རྡོ་རྗེས་རེ་རེ་ཁྲིད་ལ་རིམ་པ་བཞིན་དུ་བཏང་ཞིང་མེ་ཆུ་ཡི་ཐུན་དང་མཚོན་ཆ་དང་༔ རོལ་མོའི་སྡིགས་པར་བྱའོ༔ ཡང་རྒྱུད་ལས༔ དྲང་དོན་བློས་བསྒྱུར་གྲལ་དུ་བཞག༔ ཅེས་ཕོ་ཐམས་ཅད་གཡས་གྲལ༔ མོ་ཐམས་ཅད་གཡོན་གྲལ༔ མཆོད་གཡོག་པ་ཐམས་ཅད་མདུན་གྲལ་གར་བདེ་འདུག་ཅིང་༔ མཎྜལ་ལན་གསུམ་འབུལ་ལོ༔ དེ་ནས་བླ་མས་དྲང་དོན་དལ་འབྱོར་རྙེད་པར་དཀའ་བ༔ འཆི་བ་མི་རྟག་པ་ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་ཐར་བའི་ཕན་ཡོན༔ དད་པའི་རྩ་བ༔ དགེ་བཅུ་བསྒྲུབ་པ་མི་དགེ་སྤང་བ༔ ལག་ལེན་བསངས་སྦྱངས༔ མདོར་ན་རྒྱས་བསྡུས་མཇུག་གི་ལོ་རྒྱུས་རྣམས་བསྟན་པར་བྱ༔ ས་མ་ཡ༔ དེ་ནས་ཡང་རྒྱུད་ལས༔ གསང་སྔགས་དབང་གི་ཁྱད་ཆེ་བས༔ དབེན་པར་ཡིད་འོང་གནས་མཆོག་དེར༔ དམ་ཚིག་ལྡན་པའི་སློབ་མ་དེས༔ མཚན་ལྡན་བླ་མ་དེ་ཉིད་ལ༔ གུས་པར་ཕྱག་འཚལ་མཎྜལ་འབུལ༔ ཞེས་


CMR005_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ས་གནས་ཡིད་དུ་འོང་བའམ༔ རྒྱུད་ལས་གསུངས་པ་ལྟར་དུ་སློབ་མ་སྣོད་ལྡན་གསུམ་མམ༔ བདུན་ནམ༔ ཉི་ཤུ་རྩ་གཅིག་ལས་མི་མང་བར་མཚན་ཉིད་ལྡན་པའི་བླ་མ་ལ༔ གསེར་གཡུ་མཎྜལ་བདུན་ཚན་དུ་འབུལ༔ རྒྱུད་ལས༔ ལོ་གསུམ་གོང་ནས་དབང་ཞུ་བའི༔ ནན་ཏན་བྱས་ནས་སྙན་པའི་དབྱངས་ཀྱིས་ཞུ༔ ཅེས་པས་ལོ་གསུམ་གྱི་གོང་ངམ་གཉིས་སམ༔ གཅིག་གམ༔ ཟླ་བ་གསུམ་མམ་གཅིག་གམ། ཐ་ན་ཞག་གསུམ་མམ༔ བདུན་གྱི་གོང་ནས༔ བདག་ཅག་རྣམས་ལ༔ དབང་བཞི་ཡོངས་རྫོགས་བསྐུར་དུ་གསོལ༔ ཞེས་ཞུ་བ་ཡང་ཡང་ཕུལ༔ འོན་ཏེ་གནས་སྐབས་དེར་ཡང་རུང་ལ་སློབ་བུ་རྣམས་ལག་གཡོན་མཎྜལ་ཐོགས་ལ་ཐལ་མོ་སྦྱར་ནས་འདི་སྐད་བརྗོད༔ རྗེས་ཟློས་མཛོད༔ འོ༔ ཁྱེད་ཞབས་སྐུ་དྲིན་སྤངས་ནས་ནི༔ བདག་ནི་སྐྱབས་གཞན་མ་མཆིས་པས༔ བླ་མ་གཙོ་མཆོག་འགྲོ་བའི་མགོན༔ སློབ་མ་བདག་ཅག་བསྐྱབ་ཏུ་གསོལ༔ ཅེས་ལན་གསུམ་ཞུ༔ དེ་ནས་བླ་མས༔ བདག་ལ་ཡོན་ཏན་ཚོགས་མཆིས་ཀྱི༔ ཁྱེད་རྣམས་ཅི་འདོད་གང་ཡིན་ཨང་༔ ཞེས་དྲིའོ༔ དེ་ནས་སློབ་བུའི་རྗེས་ཟློས༔ ཧོ༔ དུས་གསུམ་རྒྱལ་བའི་དགོངས་དྲིལ་བའི་ཐབས་ཤེས་དབྱེར་མེད་བདག་ཉིད་ཅན༔ གསང་སྔགས་ཐབས་ཀྱི་བདག་


CMR005_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མཆོག༔ དབང་བཞི་རྫོགས་པར་བདག་ལ་སྩོལ༔ ཅེས་ཞུས་སོ༔ དེ་ནས་བླ་མས༔ ཧོ༔ མཆོད་པ་ལ་སོགས་ཚོགས་མཆོད་རྣམས༔ ཁྱོད་ཀྱིས་ཐམས་ཅད་འབྱོར་གྱུར་རམ༔ རྣམ་འབྱོར་བདག་ནི་རིག་མ་ལ་དགའ་བས༔ གུས་པའིསེམས་ཀྱིས་འབུལ་ནུས་སམ༔ ཞེས་བརྗོད་དོ༔ སློབ་བུས་རྗེས་ཟློས་མཛོད༔ ཧོ༔ ནུས་པ་མཆིས་པས་བདག་མཆིས་སོ། དཔའ་བོས་བདག་ལ་བསྟན་དུ་གསོལ༔ ཅེས་ཞུས་ནས་ཡོན་འབུལ་ལོ༔་དེ་ནས་རྒྱུད་ལས་སློབ་བུས་མོས་བསྐོར་གནང་བ་སྦྱིན༔ སྐྱབས་འགྲོ་སེམས་བསྐྱེད་གདམས་པ་འབོགས༔ ཅེས་པས་སློབ་བུ་རྣམས༔ སློབ་དཔོན་གྱི་དྲུང་དུ་ཐལ་མོ་སྦྱར་ནསཾ༔ སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད༔ མོས་གུས་མཆི་མ་ཕྲུ་ལུ་ལུ་ཕྱུངས་ཏེ་འདུག་ལ༔ དེ་ནས་བླ་མས༔ ཀྱི་རིགས་ཀྱི་བུ་ཡོན་ཏན་ཐམས་ཅད་ཀྱི་གཞི་མ༔ དམ་པའི་ཆོས་ཐེག་པ་ཆེན་པོ་འདི་ཉིད༔ སྡོམ་པ་གསུམ་ལས་བྱུང་བས༔ དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ངམ༔ སོ་སོར་ཐར་པའི་སྡོམ་པ་ལ་བརྟེན་ནས༔ བྱང་ཆུབ་སེམས་དཔའི་བསླབ་བྱ་ལ་སྤྱོད་དམ༔ གསང་སྔགས་ཀྱི་དམ་ཚིག་བསྲུང་ངམ༔ དེ་ཕྱིར་མི་ལྡོག་པའི་བློ་ཡོད་


CMR005_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

དམ༔ ཞེས་དྲི༔ སློབ་བུས་རྗེས་ཟློས་མཛོད༔ བཀའ་བཞིན་བསྒྲུབ་བོ༔ གསུངས་བཞིན་བྱེད་དོ༔ བདག་ཅག་རྣམས་ལ་གནང་དུ་གསོལ༔ ཅེས་ཞུའོ༔ དེ་ནས་སྔར་ཐོབ་པ་ཡིན་ནའང་གསོའོ༔ མ་ཐོབ་པ་རྣམས་ལ་ཇི་ལྟར་འོས་པ་སྦྱིན་པའམ༔ བསྡུས་ཏེ་འབོགས་པ༔ ཐལ་སྦྱར་གུས་པས་འདིའི་རྗེས་ཟློས་མཛོད༔ ན་མོ༔ རྣམ་མཁྱེན་གཙོ་བོ་དཀོན་མཆོག་གསུམ༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ ཐར་བའི་ལམ་སྐས་དཀོན་མཆོག་གསུམ༔ ངན་སོང་དག་ལས་བསྐྱབ་ཏུ་གསོལ༔ མ་རིག་མུན་སེལ་དཀོན་མཆོག་གསུམ༔ མུན་པ་དག་ལས་བསྐྱབ་ཏུ་གསོལ༔ འགྲོ་བ་འདྲེན་མཛད་དཀོན་མཆོག་གསུམ༔ འགྲོ་དྲུག་དག་ལས་བསྐྱབ་ཏུ་གསོལ༔ འགྲོ་དྲུག་སྐྱབས་གནས་དཀོན་མཆོག་གསུམ༔ འཁོར་བའི་འདམས་ནས་དྲང་དུ་གསོལ༔ བར་ཆད་རྐྱེན་སེལ་དཀོན་མཆོག་གསུམ༔ འདི་ཕྱི་གཉིས་ལས་བསྐྱབ་ཏུ་གསོལ༔ དངོས་གྲུབ་ཆར་འབེབས་དཀོན་མཆོག་གསུམ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རང་ངོ་ཤེས་པར་བྱིན་གྱིས་རློབས༔ རང་རྒྱུད་གྲོལ་བར་མཛད་དུ་གསོལ༔ གཞན་སྣང་འདུལ་བར་བྱིན་གྱིས་


CMR005_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

རློབས༔ བདག་གཞན་སྨིན་པར་མཛད་དུ་གསོལ༔ ཅེས་ལན་གསུམ་དང་༔ སྐྱབས་འགྲོ་སེམས་བསྐྱེད་དངོས་གཞི་ནི༔ རྗེས་ཟློས་མཛོད༔ ཀྱེ༔ ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང་༔ ཞི་བ་ཆགས་བྲལ་དམ་པའི་ཆོས། ཚོགས་མཆོག་ཕྱིར་མི་ལྡོག་པའི་ལམ༔ བདག་ནི་གུས་པར་སྐྱབས་སུ་མཆི༔ བྱིན་རླབས་འབྱུང་བའི་བླ་མ་རྗེ༔ དངོས་གྲུབ་སྟེར་བའི་ཡི་དམ་ལྷ༔ བར་ཆད་སེལ་བའི་མཁའ་འགྲོ་མ༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ བརྡལ་ཁྱབ་ཆེན་པོ་ཆོས་ཀྱི་སྐུ་གསལ་དངས་ཆེན་པོ་ལོངས་སྤྱོད་རྫོགས༔ སྣ་ཚོགས་འཛིན་གྲོལ་སྤྲུལ་པའི་སྐུ༔ བདག་སོགས་འགྲོ་ཀུན་བསྐྱབ་ཏུ་གསོལ༔ ཅེས་ལན་གསུམ་བརྗོད༔ དེ་ནས་སོ་ཐར་སྡོམ་པ་བླངས་པ་ནི་རྗེས་ཟློས་སོ༔ བླ་མ་མཆོག་གི་སྤྱན་སྔ་རུ་ལུས་ངག་ཡིད་གསུམ་འགྲོ་བ་ལ༔ གནོད་པ་སྤངས་ཤིང་དགེ་བ་བསྒྲུབ་དགེ་བསྙེན་དགེ་ཚུལ་དགེ་སློང་གསུམ༔ ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས༔ སོ་སོར་ཐར་པའི་སྡོམ་པ་ལ༔ བདག་ནི་རྒྱུན་དུ་གནས་ཤིང་སྲུང་༔ ཞེས་ལན་


CMR005_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་༔ བྱང་ཆུབ་སེམས་དཔའི་སྨོན་པ་བླངས་པ་ནི༔ རྗེས་ཟློས་མཛོད༔ ཧོ༔ དུས་གསུམ་བླ་མ་དགོངས་མཛོད་ཅིག༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཕ་མའི་འདུ་ཤེས་ཉེར་བཞག་སྟེ༔ མ་བརྒལ་བ་རྣམས་བསྒྲལ་བ་དང་༔ མ་གྲོལ་བ་རྣམས་དགྲོལ་བ་དང་། དབུགས་མ་དབྱུང་རྣམས་དབུགས་དབྱུང་ཞིང་༔་སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ༔ ཞེས་ལན་གསུམ་བརྗོད༔ དེ་ནས་འཇུག་པ་སེམས་བསྐྱེད་བླངས་པ་ནི༔ རྗེས་ཟློས་མཛོད༔ ཧོ༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱི༔ སྡོམ་པ་ལ་ནི་གནས་པ་ལྟར༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་ལ་སློབ་ཅིང་བསྒྲུབ༔ བརྩོན་འགྲུས་དག་གིས་ཐམས་ཅད་བསྒྲལ༔ ཀུན་དོན་ཚུལ་ཁྲིམ་གསུམ་ཡང་བསྲུང་༔ མ་གྲོལ་དགྲོལ་དང་མ་བརྒལ་བསྒྲལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ ཅེས་ལན་གསུམ་བྱའོ༔ རིགས་ལྔའི་སྡོམ་བཟུང་ནི༔ རྗེས་ཟློས་མཛོད༔ ཧོ༔ དཀོན་མཆོག་གསུམ་བཟུང་མི་བཏང་བསྒྲུབ༔ བླ་མ་ཡི་དམ་མི་སྤང་


CMR005_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་༔ སངས་རྒྱས་དཀོན་མཆོག་དམ་ཚིག་ཏུ། ཡང་དག་སྙིང་པོའི་དོན་ལ་འཇུག༔ དམ་ཆོས་དཀོན་མཆོག་དམ་ཚིག་ཏུ༔ ཐེག་པའི་ཆོས་རྣམས་ངོ་བོར་དྲིལ༔ དགེ་འདུན་དཀོན་མཆོག་དམ་ཚིག་ཏུ༔ རིག་པ་དྲི་མེད་དོན་ལ་ལྟ༔ བླ་མ་ཡི་དམ་དམ་ཚིག་ཏུ༔ རང་སེམས་གཙང་མར་དཔང་དུ་འཛུགས༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་༔ བྱང་ཆུབ་སེམས་ནི་སྤངས་མི་བྱ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ་སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། རིན་ཆེན་རིགས་ཀྱི་དམ་ཚིག་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་གྱི་ཆོས་རྣམས་བཤད༔ པདྨ་རིགས་ཀྱི་དམ་ཚིག་ཡིན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཡིན། དེ་བཞིན་རིགས་ཀྱི་དམ་ཚིག་ཏུ༔ དཀྱིལ་འཁོར་གསུམ་དང་འབྲལ་མི་བྱ༔་དེ་བཞིན་རིགས་ཀྱི་དམ་ཚིག་ཡིན༔ བདག་ནི་དཔལ་ཆེན་རིགས་མཆོག་ཆེ༔ བླ་མ་ཡིད་མ་མཁའ་འགྲོ་དང་༔ སྐྱབས་གནས་དཀོན་མཆོག་གསུམ་རྣམས་དང་༔ མི་འདའ་རྡོ་རྗེའི་


CMR005_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ལ་གནས༔ ཡར་མཆོད་གུས་ཤིང་མར་ལ་བརྩེ༔ རྩ་བ་ཡན་ལག་དམ་ཚིག་སྲུང་༔ རྩ་བ་བཞི་སོགས་དམ་ཚིག་རྣམས༔ ནམ་ཡང་མི་འདའ་གཟུང་བར་བྱ༔ ཞེས་བརྗོད་དེ༔ དེ་ནས་རྒྱུད་ནས༔ རྡོ་རྗེ་མགོར་བཞག་དམ་ཚིག་འབོགས༔ ཞེས་པས༔ དམ་ཚིག་གི་རྡོ་རྗེ་མགོར་བཞག་ལ༔ ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེ་ཡིན་སྐུ་ཡི་དམ་ཚིག་ལུས་ཀྱིས་སྲུངས༔ ཉམས་ན་ན་རག་དམྱལ་བར་ཚུད༔ བསྲུངས་ན་སྐུ་ཡི་འགྲོ་དོན་ནུས༔ དེ་རིང་ཕྱིན་ཆད་ཁྱོད་ཀྱི་བླ་མ་ང་ཡིན་པས༔ སྐུ་ཡི་དམ་ཚིག་ལུས་ཀྱིས་སྲུངས་ཤིག༔ གཅིག༔ རྡོ་རྗེ་སློབ་དཔོན་ལ་སྲོག་གི་དངས་མར་སོམས་ཤིག༔ ཡི་དམ་གྱི་ལྷ་མིག་གི་འབྲས་བུ་ལྟར་སྒོམས་ཤིག༔ གལ་ཏེ་ཉམས་ན་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་ཏ་རེ༔ ཞེས་བརྗོད༔ ཡང་རྒྱུད་ལས༔ བདུད་རྩི་ངག་བླུད་གསུང་དམ་འབོགས་ཞེས་པས་དམ་ཚིག་གི་རྡོ་རྗེ་དང་བདུད་རྩི་ཆོས་སྨན་སྦྱར་ནས་ལྕེ་ལ་བཞག༔ ཧཱུྃ༔ དེ་རིང་བདུད་རྩིའི་ཆུ་འདི་ཉིད༔ ཁྱོད་ཀྱི་ངག་ཏུ་བླུད་པར་བྱ༔ གསུང་གི་དམ་ཚིག་ངག་གིས་སྲུངས༔ ཉམས་ན་བྱོལ་སོང་གནས་སུ་སྐྱེ༔ བསྲུངས་ན་ཆོས་སྨྲའི་


CMR005_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོར་སྐྱེ༔ འོ་གསུང་གི་དམ་ཚིག་ངག་གིས་སྲུངས༔ ངག་གི་བཟླས་པ་རྒྱུན་མི་བཅད༔ གལ་ཏེ་དམ་ཚིག་ཉམས་ན་ནི༔ གླེན་ལྐུགས་བྱོལ་སོང་སྐྱེ་བར་འགྱུར༔ ཞེས་བརྗོད༔ ཡང་རྒྱུད་ལས༔ ཡེ་ཤེས་སྙིང་བཅུད་ཐུགས་དམ་འབོགས༔ ཅེས་པས་གཙོ་བོའི་སྐུ་མེ་ལོང་ལ་བསྟན་ལ་སྙིང་ཁར་བཞག་ལ༔ ཧཱུྃ༔ འདི་ནི་ཡེ་ཤེས་སེམས་དཔའ་སྟེ༔ ཐུགས་ཀྱི་དམ་ཚིག་སེམས་ཀྱིས་སྲུངས༔ ཉམས་ན་སྨྱོ་འབོགས་ཅན་དུ་སྐྱེ༔ བསྲུངས་ན་ཆོས་སྐུ་གཉིས་ལྡན་འཐོབ་འོ། ཐུགས་ཀྱི་དམ་ཚིག་སེམས་ཀྱིས་སྲུངས་ཤིག༔ རྫོགས་རིམ་གསལ་སྟོང་སྤྲོས་པ་མེད་པའི་ངང་ལ་རྒྱུན་དུ་གནས་པར་མཛོད་ཅིག༔ གལ་ཏེ་ཉམས་ན་སྨྱོ་འབོགས་ཀྱི་གནས་སུ་སྐྱེ་བར་འགྱུར་ཏ་རེ༔ ཅེས་བརྗོད་དོ༔་ཡང་རྒྱུད་ལས༔ དྲི་བ་དྲིས་ལན་བཀའ་རྟགས་དབབ༔ ཅེས་པས་སློབ་བུའི་ལག་ཏུ་རྡོ་རྗེ་གཏད༔ ལྕེ་ལ་ཨ་མྲྀ་ཏ་བྱིན༔ སྙིང་ཁར་དྲི་ཡིས་ཐིག་ལེ་བྱས་ལ༔ ཧོ༔ བུ་ཁྱོད་འདི་ལྟར་བསྲུངས་བར་གྱིས༔ ཡབ་ཡུམ་སྐུ་ཡི་དམ་ཚིག་ཏུ༔ བློ་ཆེ་ཁོག་ཡངས་བསྐྱེད་པ་དང་༔ གསང་སྔགས་མི་འཆལ་ཤེས་པ་དང་༔ མཚན་མ་མི་འགོངས་རིགས་མི་སྨད༔ རྡོ་རྗེ་


CMR005_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་མལ་ཆ་དང་༔ ཡོ་བྱད་ཕྱག་རྒྱ་སྤྱད་ལ་སོགས༔ མ་གནང་བར་དུ་མི་སྤྱོད་ཅིང་༔ མོས་གུས་སྐུ་གསུང་ཐུགས་མ་དཀྲུག༔ སྤུན་གྲོགས་ལྷན་འཐབ་རྩོད་པ་སྤངས༔ ཁྱད་པར་དམན་པ་སྐྱོང་བར་གྱིས༔ དེ་ནས་སློབ་མས་ཁས་བླངས་པ་ནི༔ རྗེས་ཟློས༔ ཧོ༔ དཔའ་བོའི་གསུངས་བཞིན་བདག་གིས་སྒྲུབ༔ སངས་རྒྱས་ཞིང་དུ་བསྒྲལ་བར་མཛོད༔ ཅེས་བརྗོད་དོ༔ བླ་མས༔ རྒྱུ་མཚན་ཉིད་ཀྱི་ཐེག་པ་ནི༔ ནོར་བུ་ཆུང་ངུ་དང་འདྲ་སྟེ༔ འབྲས་བུ་གསང་སྔགས་ཀྱི་ཐེག་པ་ནི་ནོར་བུ་རིན་པོ་ཆེ་དང་འདྲ་བས༔ དབང་སྒྲུབ་འདི་མ་ཐོན་གྱི་བར་དུ༔ ཐག་རིང་དང་ཕྱོགས་གང་དུའང་མ་འགྲོ་ཞིག༔ ནང་ནུབ་ཐམས་ཅད་དུ་བླ་མ་དང་བདེ་བར་གཤེགས་པ་ཐམས་ཅད་ལ་འབོད་ཅིང་གསོལ་བ་རྒྱུན་དུ་ཐོབ་ཅིག༔ བདག་གིས་ཀྱང་ཡེ་ཤེས་ཀྱི་ལྷ་ལ་བསྙེན་པ་བྱས་ནས༔ དེ་ནས་ཁྱེད་རྣམས་ལ་དབང་རྣམས་རིམ་པ་ལྟར་བསྐུར་བར་བྱའོ༔ ཞེས་བརྗོད་དོ༔ ཡང་རྒྱུད་ལས༔ བླ་མས་བརྟག་པ་རིམ་གསུམ་བྱ༔ ཞེས་པ་དང་༔ རང་གི་ཁམས་ལ་དྲི་བར་བྱ༔ བསྟན་ནས་གནང་བ་སྦྱིན་པར་བྱ༔ དེར་འདུས་པ་རྣམས་ལ་དམ་ཚིག་གི་རྣམ་དབྱེ་


CMR005_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བསྡུས་འབྲིང་གསུམ་རྒྱུད་ནས་འབྱུང་བ་བཞིན་བཤད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་གཟའ་སྐར་བཟང་པོའི་སྔ་དྲོ་ལ༔་ཡང་སློབ་བུ་རྣམས་ཀྱིས་མཎྜལ་ཕུལ་ནས༔ རྗེས་ཟློས་མཛོད༔ ཀྱེ་ཧོ༔་རྡོ་རྗེ་སློབ་དཔོན་མཆོག༔ དེ་རིང་རྣལ་འབྱོར་ཕོ་མོ་ལ༔ ཡང་དག་མཆོག་གི་ལམ་སྟོན་འཚལ༔ དཀྱིལ་འཁོར་ཆོ་ག་གནང་བར་མཛོད༔ ཅེས་པ་དང་༔ སློབ་དཔོན་གྱིས༔ ཧོ༔ དེ་རིང་ཁྱེད་སོགས་རིག་མ་ཡང་༔ བདག་གིས་མ་སྨིན་གཞན་མི་སྨིན༔ དེ་ཕྱིར་ཚུར་ཤོག་རིགས་ཀྱི་བུ༔ དཀྱིལ་འཁོར་ཆོ་ག་བདག་གིས་བཙལ༔ ཅེས་གནང་བ་སྦྱིན་ནོ༔ དེ་ནས་རྒྱུད་ལས༔ སོ་ཤིང་དོར་ལ་སྲུང་སྐུད་བཏག༔ ཀུ་ཤ་སྦྱིན་ལ་སྦྱིན་སྲེག་བྱ༔ ཞེས་པས་ནས་ཀྱི་ཚོམ་བུ་ལྔ་ལ༔ རིགས་ལྔའི་སྐུར་བསམས་ལ་བསྐྱེད་བསྟིམ་བྱ༔ མཆོད་བསྟོད་བསྡུས་པ་གཅིག་ཕུལ་ཙནྡན་དྲི་བཟང་གི་ཤིང་མགོ་མཇུག་མ་ལོག་པ་སོར་བཅུ་གཉིས་པའི་རྩེ་ལ་མེ་ཏོག་ཅོད་པན་དང་བཅས་པ་ལ༔ རྡོ་རྗེ་ཐལ་མོས་བཟུང་ལ༔ དམིགས་པ་དང་བཅས་པས་ཕུལ་ཞིང་༔ རྗེས་ཟློས་མཛོད༔ ཧོ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང་༔ ཞི་ཁྲོ་རིགས་བརྒྱའི་ཚོགས་རྣམས་དགོངས༔ བདག་གིས་རིག་པའི་མེ་ཏོག་འདི༔ ཀུན་བཟང་


CMR005_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོའི་ལྷ་ལ་འབུལ༔ སྔོན་གྱི་ལས་འཕྲོ་གང་ཡོད་པ༔ གང་ཐོབ་མི་ཐོབ་བསྟན་དུ་གསོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནི་བཛྲ་ཧཱ་སཱ་ཧཱ༔ ཞེས་བརྗོད་ལ་ཚོམ་བུའི་སྟེང་དུ་།དོར༔ དབུས་སུ་བབས་ན་བདེ་གཤེགས་རིགས་དང་མཆོག་གི་དངོས་གྲུབ་འཐོབ༔ དེ་བཞིན་དུ་ཤར་དུ་རྡོ་རྗེའི་རིགས་དང་ཞི་བའི་དངོས་གྲུབ་འཐོབ༔ ལྷོར་རིན་ཆེན་རིགས་དང་རྒྱས་པའི་དངོས་གྲུབ་འཐོབ༔ ནུབ་ཏུ་པདྨའི་རིགས་དང་དབང་གི་དངོས་གྲུབ་འཐོབ། བྱང་དུ་ལས་ཀྱི་རིགས་དང་དྲག་པོའི་དངོས་གྲུབ་འཐོབ༔ མཚམས་བཞིར་དངོས་གྲུབ་ཕྲན་ཚེགས་རེ་ཐོབ༔ རྩ་བ་ཚུར་བསྟན་འགྱེལ་ན་དངོས་གྲུབ་མེད༔ ལན་གསུམ་བསྐྱར་རོ༔ འགྱེལ་ན་བར་ཆད་འབྱུང་བས་ཚོགས་དང་བསྐང་བཤགས་ཟློག་པ་རྣམས་བྱའོ༔ དེ་ནས་བར་ཆད་བསྲུང་ཕྱིར་སྲུང་སྐུད་ལྔ་སྒྲིལ་ལ༔ རྡོ་རྗེའི་མདུད་པ་བྱས་ལ་རྩ་སྔགས་ཤམ་དུ༔ བཛྲ་རཀྵ་རཀྵཧཾ༔ ཞེས་པ་དང་༔ ཧཱུྃ༔ ལུས་ལ་བར་ཆད་བསྲུང་བའི་ཕྱིར༔ སྲུང་སྐུད་རྡོ་རྗེའི་མདུད་པ་ཅན༔ ཞི་ཁྲོ་རིགས་བརྒྱའི་ཕོ་བྲང་ཡིན༔ རྡོ་རྗེའི་གོ་ཆ་འདི་གྱོན་པས་རླུང་མཁྲིས་བད་ཀན་འདུས་པ་སོགས༔ ནད་རྣམས་ཐམས་ཅད་བསྲུང་བར་


CMR005_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བྱ༔ བརྒྱད་ཅུ་རྩ་གཅིག་ལ་སོགས་པའི༔ ལྟས་ངན་ཐམས་ཅད་བསྲུང་བར་བྱ༔ འདོད་ཆགས་ཞེ་སྡང་ལ་སོགས་པའི༔ ཉོན་མོངས་ཐམས་ཅད་བསྲུང་བར་བྱ༔ བྱད་ཕུར་རྨི་ལྟས་ངན་པ་སོགས༔ བསྒྲུབ་པའི་བར་ཆད་བསྲུང་བར་བྱ་སྲུང་བ་རྡོ་རྗེའི་གུར་ཆེན་འདིས༔ དབང་སྣོད་བུ་རྣམས་རྡོ་རྗེའི་གུར༔ རྡོ་རྗེའི་ལྟེ་བར་ཕོ་བྲང་བཅས༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ དབང་བཞིའི་ཆུ་བོ་གསལ་བར་སྟོན་གོང་གི་རྩ་སྔགས་བརྗོད་ཕོ་ཡི་གཡོན༔ མོ་ཡི་གཡས་སུ་བཏགས་ལ༔ རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་གདབ་བོ༔ དེ་ནས་ཀུ་ཤ་གཏད་ཅིང་ལེགས་ཉེས་རྨི་ལམ་བརྟགས་པ་ནི༔ ཀུ་ཤ་སྤོས་ཆུས་བསངས་ཏེ༔ སྭ་བྷ་ཝའི་སྔགས་བརྗོད༔ ཨོཾཨཱཧཱུྃ༔ གིས་བྱིན་གྱིས་བརླབས་ནས༔ སྔགས་འདི་བརྒྱ་སྟོང་ཅི་འགྲུབ་བཟླ༔ ཨོཾ་བཛྲ་རྗེ་ཏྲི་བྷི་ཤ་གེ་རུ་སྭཱ་ཧཱ༔ པྲ་ནི་སྟོན་ཅིག༔ ཅེས་གདབ་བོ༔ དེ་བསྣོལ་མར་བྱིན་ལ་འདི་སྐད་དོ༔ ཧཱུྃ༔ སྔོན་ཡང་སྟོན་པ་བཅོམ་ལྡན་འདས༔ རྩྭ་མཆོག་འདི་ལ་བརྟེན་བྱས་ནས༔ ཉོན་མོངས་བདུད་བཏུལ་ཆོས་ཀྱི་འཁོར་ལོ་བསྐོར༔ བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྐུ་བརྙེས་ལྟར༔ ཁྱོད་ཀྱི་རྟེན་འབྲེལ་འདི་ལ་གནས་པར་མཛོད༔ ཨོཾ་བཛྲ་ཏིཀྟ་ཐཾ༔ ཞེས་


CMR005_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་ནོ༔ སློབ་བུས་རྗེས་ཟློས་མཛོད༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱིས༔ བདག་ལ་དགེ་དང་མི་དགེ་རྣམས༔ རྨི་ལམ་དུ་ནི་གསལ་བར་སྟོན༔ ཞེས་པས་དོར༔ བླ་མ་དང་དཀྱིལ་འཁོར་གྱི་ཕྱོགས་སུ་མགོ་གཏོད་ལ༔ སེང་གེའི་ཉལ་སྟབས་ཀྱིས་རྨི་ལམ་བརྟག་གོ༔ ངན་ན་ཟློག་པ་དང་དྲག་པོའི་སྦྱིན་སྲེག་རྣམས་བྱའོ༔ ས་མ་ཡ༔ ཡང་རྒྱུད་ལས༔ མཎྜལ་འབུལ་དང་ཞུ་བ་འབུལ༔ དཀྱིལ་འཁོར་བསྐོར་ལ་སྒོ་བཞི་དབྱེ་ཅེས་པས་མཎྜལ་ཕུལ་ལ་འདི་སྐད་ཞུས༔ རྗེས་ཟློས་མཛོད༔ འགྲོ་བའི་མགོན་པོ་བླ་མ་རྗེ་བདག་ཅག་སྐལ་ལྡན་བུ་རྣམས་ནི༔ དཀྱིལ་འཁོར་གཉེན་པོར་གཞུག་ཏུ་གསོལ༔ ཅེས་ལན་གསུམ་ཞུས༔ དེར་རྒྱལ་ཐེབ་ཀྱིས་རྡོ་རྗེ་བཟུང་༔ སྲིན་ལག་སྦྲེལ་ལ་ལུ་གུ་རྒྱུད་ཀྱིས་དཀྱིལ་འཁོར་བསྐོར་ལ་རྗེས་ཟློས༔ ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་ཤར་གྱི་སྒོ༔ ཞེ་སྡང་སྒྲིབ་པས་བཅད་ལགས་ན༔ སྙིང་རྗེའི་སྒོ་མ་རྟ་གདོང་མ༔ སྒོ་བ་ཁྲོ་བོ་རྣམ་པར་རྒྱལ༔ སྒོ་མ་ལྷ་མོ་ལྕགས་ཀྱུ་མ༔ ཐབས་ཤེས་ལྕགས་ཀྱུ་ཕྱག་རྒྱ་ཡིས༔ མེ་ལོང་ཡེ་ཤེས་ཤར་སྒོ་ཕྱེས༔ བདག་ཅག་དད་པས་འཇུག་པར་བགྱི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔


CMR005_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅིག་གུས་པས་ཕྱག་འཚལ་ལོ༔ ཡི་དམ་ལྷ་དང་མཇལ་བར་ཤོག༔ ཤར་སྒོ་དབྱེ་བར་བསྒོམ་རྡོ་རྗེ་བྱིན༔ ཞི་བའི་ལས་འགྲུབ༔ རྗེས་ཟློས་མཛོད༔ ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་ལྷོ་ཡི་སྒོ་ང་རྒྱལ་སྒྲིབ་པས་བཅད་ལགས་ན༔ བྱམས་པའི་སྒོ་མ་ཕག་གདོང་མ༔ སྒོ་བ་ཁྲོ་བོ་གཤིན་རྗེ་གཤེད༔ སྒོ་མ་ཁྲོ་མོ་ཞགས་པ་མ༔ ཐབས་ཤེས་ཞགས་པའི་ཕྱག་རྒྱ་ཡིས༔ མཉམ་ཉིད་ཡེ་ཤེས་ལྷོ་སྒོ་ཕྱེས༔ བདག་ཅག་དད་པས་འཇུག་པར་བགྱི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ བདག་ཅག་གུས་པས་ཕྱག་འཚལ་ལོ༔ ཡི་དམ་ལྷ་དང་མཇལ་བར་ཤོག་ལྷོ་སྒོ་དབྱེ་བར་བསྒོམ༔ རིན་ཆེན་བྱིན༔ རྒྱས་པའི་ལས་འགྲུབ༔ རྗེས་ཟློས་མཛོད༔ ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་ནུབ་ཀྱི་སྒོ༔ འདོད་ཆགས་སྒྲིབ་པས་བཅད་ལགས་ན༔ དགའ་བའི་སྒོ་མ་སེང་གདོང་མ༔ སྒོ་བ་ཁྲོ་བོ་རྟ་མགྲིན་རྒྱལ༔ སྒོ་མ་ཁྲོ་མོ་ལྕགས་སྒྲོག་མ༔ ཐབས་ཤེས་ལྕགས་སྒྲོག་ཕྱག་རྒྱ་ཡིས༔ སོར་རྟོག་ཡེ་ཤེས་ནུབ་སྒོ་ཕྱེས༔ བདག་ཅག་དད་པས་འཇུག་པར་བགྱི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ བདག་ཅག་གུས་པས་ཕྱག་འཚལ་ལོ༔ ཡི་དམ་


CMR005_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་དང་མཇལ་བར་ཤོག༔ ནུབ་སྒོ་དབྱེ༔ པདྨ་བྱིན༔ དབང་གིས་ལས་འགྲུབ༔ རྗེས་ཟློས་མཛོད༔ ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་བྱང་སྒོ་ནས༔ ཕྲག་དོག་སྒྲིབ་པས་བཅད་ལགས་ན༔ བཏང་སྙོམས་སྒོ་མ་སྦྲུལ་གདོང་མ༔ སྒོ་བ་ཁྲོ་བོ་བདུད་རྩི་འཁྱིལ་སྒོ་མ་ཁྲོ་མོ་དྲིལ་བུ་མ༔ ཐབས་ཤེས་དྲིལ་བུའི་ཕྱག་རྒྱ་ཡིས༔ བྱ་གྲུབ་ཡེ་ཤེས་བྱང་སྒོ་ཕྱེས༔ བདག་ཅག་དད་པས་འཇུག་པར་བགྱི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ བདག་ཅག་གུས་པས་ཕྱག་འཚལ་ལོ༔ ཡི་དམ་ལྷ་དང་མཇལ་བར་ཤོག༔ པྲ་ཝེ་ཤ་ཡ་ཕཊ༔ བྱང་སྒོ་ཕྱེས༔ རྒྱ་གྲམ་བྱིན༔ དྲག་པོའི་ལས་འགྲུབཿ༔ རྒྱུད་ལས་བརྡའ་བཞིའི་དངོས་གྲུབ་བླང་བར་བྱ༔ ཞེས་པ་དང་ཕྱག་མཚན་བཞི་གཏད་ལ༔ སྒོ་བཞི་ནས་ཕྱག་གྲངས་མེད་འཚལ་བར་བྱའོ༔ ཡང་རྒྱུད་ལས༔ དཀྱིལ་འཁོར་བླ་མར་གཞུག་ཏུ་གསོལ༔ རླུང་གི་འབྱིན་འཇུག་ལན་གསུམ་གྱིས༔ སློབ་མ་སྲས་སུ་སྟ་གོན་བྱ༔ ཞེས་པས༔ བླ་མས་རླུང་གི་འབྱིན་འཇུག་བྱས་ལ༔ བླ་མ་ཀུན་བཟང་ཡབ་ཡུམ་དུ་བསྐྱེད་ལ༔ སྦྱོར་བ་བྱེད་པར་བསམས་ལ༔ རང་གི་ཐུགས་ཀར་སློབ་མ་བསྟིམ༔ རྡོ་རྗེའི་བུ་ག་ནས་ཐོན་ནས༔ པདྨར་ཞུགས་ཡུམ་གྱི་རྩིབ་


CMR005_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གོ་བར་ནས་ཐོན་ནས༔ མདུན་གྱི་བར་སྣང་ལ་དཀྱིལ་འཁོར་གྱི་གཙོ་བོ་གང་ཡིན་པའི་སྲས་སུ་གྱུར་པར་བསྒོམས་ལ༔ བླ་མས༔ ཨེ་མ་རིགས་ཐམས་ཅད་འདུས་པའི་ངོ་བོ༔ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་དང་བཅས་པ་སྣང་ལ་རང་བཞིན་མེད་པར་བསྒོམ༔ དེ་ཡང་སྙིང་ནང་ན་སངས་རྒྱས་བཞི་བཅུ་རྩ་གཉིས། ཀླད་པ་དུང་ཁང་ནང་ན་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་རྣམས་གསལ་བར་བསྒོམས་ལ༔ ཧོ༔ བུ་ཁྱོད་དེང་ནས་རིག་འཛིན་རྒྱལ་བའི་སྲས༔ གསང་སྔགས་དབང་གི་སྣོད་ཡིན་ནོ༔ ཞེས་བརྗོད་དོ༔ ཡང་རྒྱུད་ལས༔ བདུད་རྩི་བླུད་ལ་སྤྲོ་བ་བསྐྱེད༔ ཅེས་པས་བདུད་རྩི་ལ་སྔགས་བཏབ་སྟེ༔ མཆེད་ལྕམ་རྣམས་ཀྱི་ངག་ཏུ་གཏད་ལ་སྙིང་ཁར་ཡི་གེ་ཧཱུྃ་རེ་རེ་བྲིས་ལ་མཚན་པར་བསྒོམས་ལ་འདི་སྐད་བརྗོད་དོ༔ འོ། སློབ་མ་ཁྱེད་རྣམས་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འདི་འབྲས་བུ་ལམ་དུ་བྱེད་པ་སྨིན་བྱེད་ཀྱི་དབང་བསྐུར་ཞིང་༔ གྲོལ་བྱེད་ཀྱི་གདམས་པ་ཉམས་སུ་ལེན་པ་འདི༔ ཉན་ཐོས་ལྟར་བསྐལ་པ་གྲངས་མེད་གསུམ་ལ་སངས་རྒྱས་རེ་བ་ཡིན༔ གསང་སྔགས་ཕྱི་བ་ཀྲི་ཡོག་སྡེ་གསུམ་ལྟར་མི་ཚེ་བདུན་དང་ལྔའམ་གསུམ་དུ་སངས་རྒྱས་འདོད་


CMR005_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པས༔ ད་ལེན་གསང་སྔགས་བླ་ན་མེད་པའི་དབང་ཆོས་ཟབ་མོ་བསྐྱེད་རྫོགས་ཟུང་འཇུག༔ སྨིན་གྲོལ་དུས་མཉམ་ཚེ་གཅིག་དུས་གཅིག་གི་གནས་ཁང་འདིའམ༔ འདུག་ས་འདིའམ༔ གདན་ཐོག་གཅིག་གམ༔ སྐད་ཅིག་ཉིད་ལ་སངས་རྒྱས་པའི་གདམས་པ༔ དབང་སྒྲུབ་སྦྲག་མ༔ རྒྱུ་འབྲས་ལས་འདས་པའི་ཆོས་ཡིན་པས༔ བློ་ཆེ་བར་བསྐྱེད༔ སྙིང་ནས་དགའ་བ་སྒོམས་ཤིག༔ བསྐལ་པ་དཔག་ཏུ་མེད་པ་ནས་ཚོགས་བསགས་སྒྲིབ་པ་སྦྱངས་པ་རྣམས་མིན་པ༔ བློ་ཆུང་ཐེག་དམན་གང་རུང་རྣམས་དང་ཆོས་འདི་མི་འཕྲད༔ གལ་ཏེ་འཕྲད་ཀྱང་མོས་པ་དང་དད་པ་དང་༔ བློ་ལ་ཤོང་དཀའ་བས༔ སྙིང་གི་དཀྱིལ་ཞེ་ཐག་པ་ནས་སྤྲོ་བ་སྐྱེད་མཛོད་ཅིག༔ དགའ་བ་ཡང་ཡང་དུ་བསྒོམ་མཛོད་ཅིག༔ དེ་ནས་བར་དེར་བསྙེན་པའི་དམིགས་པ་འབོགས་ཏེ༔ ལུས་བསྐོར་བ་དང་འཆམ་སྟབས་བྱ༔ ངག་སྙིང་པོ་འཛབ་དབྱངས་བཟླ་བ་ནི༔ ཨོཾ་ཨཱཧཱུྃ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷརྟ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷོ་ཧཱུྃ༔ ཞེས་ཞི་ཁྲོ་སྤྱི་དྲིལ་བཟླས་ཤིང་སེམས་ནི་ལྷ་ཡི་ཁྱེར་སོ་གསུམ་དང་མ་བྲལ་བར་རྒྱུན་དུ༔ ལུས་སྣང་སྟོང་༔ ངག་གྲག་སྟོང་༔ སེམས་རིག་སྟོང་དང་མ་བྲལ་བར་


CMR005_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ༔ ཡང་རྒྱུད་ལས༔ བར་མཚམས་སུ་འཛབ་དབྱངས་ཁྲི་འབུམ་བཟླ༔ ཉམས་སྐྱོང་ཤེས་པ་ཧུར་ཕྱུང་འཆམ་སྟབས་བྱ༔ ཞེས་གསུངས་པས༔ དཀྱིལ་འཁོར་གྱི་གཙོ་བོ་གང་བྱེད་དམ་ཞི་ཁྲོ་སྦྲེལ་མ་གང་རུང་སྙིང་པོ་འཛབ་དབྱངས་སུ་འཁྲབས་པ་དང་༔ ལྡིང་བ་དང་ཉམས་སྐྱོང་བར་བྱ་ཞིང་ཐམས་ཅད་ཀྱི་རྟགས་ལུས་ངག་ཡིད་གསུམ་ལ་ཕེབས་པའི་དུས་སུ༔ རྒྱུད་ལས་མཎྜལ་ཕུལ་ལ་ཡེ་ཤེས་དབབ༔ ཅེས་པས༔ མཎྜལ་དྲིལ་འདུས་བྱས་ལ་ཕུལ༔ བདུད་རྩི་ལ་ཨ་མྲྀཏ་ཡི་ཁ་ཚར་བྱིན༔ རྒྱན་དྲུག་ལ་སོགས་ཆས་རྣམས་བརྒྱན༔ ཡེ་ཤེས་དབབ་པའི་རྫས་དང་དྲི་ཞིམ་སྤོས་ཀྱིས་བདུག༔ ཏིང་ངེ་འཛིན་དང་རོལ་མོ་སྣ་ཚོགས་དང་༔ ཕྱག་རྒྱའི་སྤྱོད་ལམ་ངོ་མཚར་ཅན་གྱི་ཡེ་ཤེས་དབབ་པ་ནི༔ བླ་མས་དམིགས་པ་གསལ་གདབ་ཅིང་༔ མཎྜལ་ཕུལ༔ སློབ་བུ་རྣམས་ཡར་ལངས་ལ༔ ལག་པ་གཉིས་སྙིང་ཁར་ཐལ་མོ་སྦྱར་ཏེ་མིག་བཙུམ་ལ༔ སྐད་ཅིག་གིས་ལུས་སེམས་རྡོ་རྗེ་ཕག་མོ་མཐིང་ག་བུ་མོ་བཅུ་དྲུག་ལོན་པའི་ན་ཚོད་ཙམ༔ ནུ་མ་འབུར་བ༔ བྷ་ག་རྒྱས་པ༔ དབུ་སྐྲ་ལྕང་ལོ་སིལ་བུར་བསིལ་བ༔ རུས་པའི་རྒྱན་དྲུག་གིས་བརྒྱན་པ༔ ཕྱག་གཡས་ཅང་ཏེའུ་དང་གཡོན་དྲིལ་བུ་འཛིན་པ༔ སྐུ་གར་སྟབས་ཁྱུག་ཁྱུག་མཛད་པ་གཅིག་སྒོམས་ཤིག༔ གཞན་ཡང་མདུན་གྱི་ནམ་མཁར་རྩ་


CMR005_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བ་གསུམ་གྱི་ལྷ་ཚོགས་རྣམས་དང་༔ ཁྱད་པར་དུ་ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པ་རྣམས༔ མཚོ་ལ་ཁ་བ་བབ་པ་ལྟར་སིབ་སིབ་ཐིམ་པར་བསྒོམས་ལ༔ ལུས་ཀྱི་རྒྱན་གོས་ཕུད་ལ༔ གཅེར་བུར་ཕྱུང་ངོ་ཚ་དང་ཕྲལ་ལོ༔ གཅེས་འཛིན་དང་ཕྲལ་ལོ༔ འདི་ནས་བྱིན་འབེབས་མིག་དར་བཅིངས༔ ངག་ཏུ༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དྷེ་ཝ་ཌཱ་ཀི་སིདྡྷི་ཧཱུྃ༔ ཅེས་པས༔ བྷོ་དྷི་ཙིཏྟའི་འཛབ་ཟློས་ཤིག༔ དམིགས་པ་གཏད་མེད་དུ་སྤོར་ཅིག༔ རོལ་མོ་རྣམས་དྲག་ཏུ་ལྡིར་ལ༔ དྲི་ཞིམ་པོའི་སྤོས་ཀྱིས་བདུག༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཨ་ཙ་ར་པཎྜི་ཏ་གིང་ཕོ་མོ་ལ་སོགས་ཆ་ལུགས་བསམ་གྱིས་མི་ཁྱབ་པ་སྤྲོས་པས་ཉམས་གསུམ་འཆར་ཏེ༔ ལུས་འདར་བ༔ འཕར་བ་འཁྲབ་པ༔ ངག་ཏུ་མགུར་བྱེད་པ༔ གླུ་དབྱངས་ལེན་པ༔ སེངྒེའི་སྐད་འདོན་པ༔ སེམས་ལ་ཕེབས་ན་བདེ་གསལ་མི་རྟོག་པའི་ཉམས་འཆར་རོ༔ ཕེབས་རྟགས་མ་ངེས་པ་མང་པོ་འབྱུང་ངོ་༔ དབང་གི་དངོས་གཞི་ཡང་འདི་ཡིན་པས༔ འདི་ལ་བྱིན་མ་ཕེབས་ཀྱི་བར་དུ་བསྐྱར་ཞིང་དབབ་པར་བྱའོ༔ དེ་ཡང་རྒྱུད་ལས། བདུད་རྩི་བྱིན་ལ་དམིགས་པ་བསྐྱར༔ རྒྱན་དྲུག་ལ་སོགས་ཆེས་དག་དང་༔ ཏིང་འཛིན་རྫས་དང་རོལ་མོ་སྒྲོག༔ ཕྱག་རྒྱའི་སྤྱོད་ལམ་ངོ་མཚར་གྱིས༔ ཡེ་ཤེས་མ་ཕེབས་


CMR005_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་དབབ༔ རྟགས་སུ་ཤར་ནས་ཀློད་ལ་བཞག༔ ཅེས་པས༔ དེའི་རྗེས་སུ་སེམས་མ་བཅོས་པ་རང་ལུགས་སུ་ལྷོད་ཀྱིས་ཀློད་ངོ་བོ་རྗེན་པའི་སྟེང་དུ་ཞོག་ཅིག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཡང་རྒྱུད་ལས༔ དེ་ནས་མིག་དར་བཅས་པ་ཡི༔ ཕྱག་རྒྱ་ཐལ་མོ་སྙིང་ཁར་སྦྱར༔ མེ་ཏོག་དཀྱིལ་འཁོར་དབུས་སུ་དོར༔ རིགས་ཀྱི་མཚན་བཏག་མིག་དར་དབྱེ༔ བླ་མས་གཟེངས་བསྟོད་བསྒྲུབ་ལུང་འབོགས༔ ཞེས་པས༔ དཀྱིལ་འཁོར་ཤར་སྒོ་ནས་ཕྱག་འཚལ༔ ལངས་ནས་ཐལ་མོ་སྦྱར་བའི་བར་དུ་མེ་ཏོག་ཐོགས་ལ༔ དཀྱིལ་འཁོར་གྱི་དབུས་ཀྱི་གཙོ་བོ་ལ་གཏད་ལ་འབུལ་བ་ནི༔ རྗེས་ཟློས་མཛོད༔ ཀྱེ༔ ཚེ་རབས་ཐོག་མེད་དུས་ཉིད་ནས༔ ཐ་མ་ད་ལ་ཐུག་གི་བར༔ བསྙེན་སྒྲུབ་བསྒོམ་པའི་ཡི་དམ་ལྷ༔ གང་ཡིན་དེ་ལ་ཕོག་པར་ཤོག༔ ཅེས་བརྗོད་ནས་གང་ཕོག་དེ་ཡི་གསང་མཚན་བཏགས༔ དབུས་སུ་བབ་ན་དུག་ལྔ་རང་གྲོལ༔ ཆོས་དབྱིངས་རང་གྲོལ༔ དྲི་མེད་ཀུན་ཁྱབ་རྒྱལ་བ་སྤྱི་བླུགས༔ ཡེ་ནས་འགྱུར་མེད་སྤྲོས་མེད་ཁྱབ་བརྡལ༔ དམིགས་མེད་རང་དབབ༔ རྩོལ་མེད་བྱ་བྲལ༔ འཁོར་འདས་སྤྱི་དཔལ༔ མ་བཅོས་ལྷུན་གྲུབ༔ བསམ་རྫོགས་སོ་མ༔ རང་ཆེས་ཀུན་བཟང་༔ རིགས་པ་ཡེ་ཤེས༔ ཐིག་ལེ་འགྱུར་མེད༔ ཀུན་


CMR005_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་རྒྱལ་པོ༔ དམིགས་མེད་མཚན་བྲལ༔ དེ་ལ་སོགས་པའི་ཆོས་སྐུ་འགྱུར་བ་མེད་པའི་མིང་བཏགས༔ ཤར་དུ་བབས༔ གདོད་མའི་རང་མདངས༔ རྡོ་རྗེ་རང་གསལ༔ རྡོ་རྗེ་སེམས་དཔའ༔ འགྱུར་མེད་རྡོ་རྗེ༔ རྡོ་རྗེ་པྲ་འབར༔ རྡོ་རྗེ་སྙིང་པོ༔ འོད་གསལ་རྡོ་རྗེ༔ རྡོ་རྗེ་ལེགས་གྲུབ༔ གསལ་སྟོང་འཛིན་མེད༔ རང་བྱུང་རང་རྩལ༔ ལྷུན་གྲུབ་སྙིང་པོ༔ དྲི་མེད་འོད་གསལ༔ རྡོ་རྗེ་རིགས་མཆོག་ལ་སོགས་ཏེ་རྡོ་རྗེའི་རིགས་ལས་གྲས་ལ་བཏགས་སོ༔ ལྷོར་བབ་ན་རིན་ཆེན་རྒྱལ་པོ༔ རིན་ཆེན་འབྱུང་གནས༔ སྲེད་མེད་ལྷུན་གྲུབ༔ འདོད་ཡོན་རང་རྩལ༔ དཔལ་འབྱོར་ཕུན་ཚོགས༔ ཡོན་ཏན་རང་ཤར༔ ཚོགས་གཉིས་རྒྱལ་པོ༔ ཡིད་བཞིན་རྩེ་མོ༔ དགོས་འདོད་ཀུན་འབྱུང་༔ དགོངས་པ་ཡེ་མཉམ༔་ཡེ་ཤེས་རང་རྒྱལ༔ གང་མཉམ་ཉིད༔ འབད་མེད་རང་གྲོལ༔ ཡོན་ཏན་རྒྱལ་པོ༔ དེ་ལ་སོགས་རིན་ཆེན་རིགས་ལས་གྲས་ལ་བཏགས་སོ༔ ནུབ་ཏུ་བབ་ན༔ པདྨ་ཀུན་འབྱུང་༔ པདྨ་དྲི་མེད༔ པདྨ་འདོད་རྒྱལ༔ པདྨ་གླང་ཆེན༔ པདྨ་གསལ་ཡངས༔ པདྨ་རྒྱལ་པོ༔ བདེ་ཆེན་དྲི་མེད༔ བདེ་ཆེན་ཀུན་བཟང་༔ བདེ་ཆེན་ཀུན་ཁྱབ༔ བདེ་ཆེན་ཆགས་མེད༔ བདེ་ཆེན་ལྷུན་གྲུབ༔ ཀློང་གསལ་དྲི་མེད༔ བདེ་ཆེན་རོལ་ཁྱབ༔ སོར་རྟོགས་དོན་ཤར༔ མཐའ་བྲལ་བློ་འདས༔ སྐུ་གསུམ་རང་ཆེས༔ རང་གྲོལ་བརྡལ་པ༔ པདྨ་རིགས་རྩལ༔ སྣང་བ་


CMR005_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས༔ དེ་ལ་སོགས་པདྨའི་རིགས་ལས་གྲས་པ་བཏགས་སོ༔ བྱང་དུ་བབས་ན༔ ཚོགས་དྲུག་རང་གྲོལ༔ ཀརྨ་དོན་གྲུབ༔ ཕྲིན་ལས་ཐོགས་མེད༔ རང་ཤར་ལྷུན་གྲུབ༔ རང་བྱུང་རང་རྩལ༔ བྱ་རྩོལ་འབད་མེད༔ བྱ་གྲུབ་རོལ་པ༔ བདག་གཞན་དོན་གྲུབ༔ མ་སྤངས་ལྷུན་རྫོགས༔ ཀརྨ་རིགས་རྩལ༔ ཀརྨ་ཕྲིན་ལས་དོན་ཡོད་གྲུབ་པ༔ སྣ་ཚོགས་རང་གྲོལ༔ དེ་ལ་སོགས་ཏེ་ཀརྨའི་རིགས་ལས་གྲས་པ་བཏགས་སོ༔ གཞན་ཡང་ལྷ་ཡི་རིགས་དང་སྦྱར་ལ་ཕོ་མོ་རྣམས་ལ་གང་འོས་སུ་བཏགས་ཤེས་པར་གྱིས་ཤིག༔ དེ་ནས་བླ་མས་རྡོ་རྗེ་ཐོགས་ལ༔ བཛྲ་ཙཀྲ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་མིག་དར་དབྱེའོ༔ ཅོད་པན་མགོ་ནས་བླངས་ཤིང་འདི་སྐད་དོ༔ བདག་ནི་མ་རིག་མིག་འབྱེད་ཡིན༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ རང་རིག་དཀྱིལ་འཁོར་འདི་མཐོང་རྟགས༔ ཅོད་པན་བཟང་པོ་འདི་ཡང་ཐོགས༔ གསང་མཚན་གང་ཡིན་མ་བརྗེད་ཅིག༔ ཅེས་བརྗོད་ལ༔ འོ༔ རིགས་ཀྱི་བུ་དང་བུ་མོ་ཁྱེད་རྣམས་ཀྱི་མེ་ཏོག་ཅོད་པན་ཕྱོགས་བཞི་དབུས་དང་ལྔ་ཡིན་གྱིས༔ ཕྱག་མཚན་དབུས་སུ་འཁོར་ལོ༔ ཤར་དུ་རྡོ་རྗེ༔ ལྷོར་རིན་ཆེན༔ ནུབ་ཏུ་པདྨ༔ བྱང་དུ་རྒྱ་གྲམ༔ ཞོལ་མདོག་ཡང་དབུས་སུ་མཐིང་ཀ༔ ཤར་དུ་དཀར་པོ་ལྷོར་


CMR005_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོ༔ ནུབ་ཏུ་དམར་པོ༔ བྱང་དུ་ལྗང་གུ༔ རིགས་ནི་བུདྡྷ༔ རྡོ་རྗེ༔ རིན་ཆེན༔ པདྨ༔ ལས་ཀྱི་རིགས་སོ༔ གང་རུང་རུང་མ་ཡིན་པ་ཕྱོགས་དང་གསང་མཚན་མཐུན་པའི་ལྷ་སྒོམ་བཅུག་གོ༔ སྙིང་པོ་ཡང་ཐ་དད་པའམ༔ ཞི་ཁྲོ་ཀུན་འདུས་ཀྱི་བྷོ་དྷི་ཙིཏྟ་འམ༔ ཡི་གེ་བརྒྱ་པ་ཧཱུཾ་སྒྲུབ་ལྟ་བུ་འདི་ལྟར་ཟློས་ཤིག༔ འདི་ནས་གལ་ཏེ་ཚེ་འཕོས་ན༔ དབུས་ཕྱོགས་སྟུག་པོ་བཀོད་པ་འམ༔ ཤར་ཕྱོགས་མངོན་པར་དགའ་བ༔ ལྷོ་ཕྱོགས་དཔལ་ལྡན་མཛེས་པ༔ ནུབ་ཕྱོགས་བདེ་བ་ཅན༔ བྱང་ཕྱོགས་ལས་རབ་རྫོགས༔ བཀོད་པ་ཞེས་བྱ་བའི་ཞིང་ཁམས་རྣམ་པར་དག་པ་ན་སངས་རྒྱས་ནས༔ འཁོར་བ་མ་སྟོངས་བར་དུ་འགྲོ་བ་སེམས་ཅན་རྣམས་ཀྱི་དོན༔ འབད་མེད་ལྷུན་འགྲུབ་ཏུ་འབྱུང་བར་འགྱུར་རོ༔ ཞེས་ལུང་བསྟན་བརྗོད༔ ཡང་རྒྱུད་ལས༔ ལྷ་ཡི་རྣམ་དག་དཀྱིལ་འཁོར་གྱི༔ རྣམ་དག་ལ་སོགས་རྒྱུད་མཐུན་བཤད༔ ཅེས་པས༔ ལྷ་གང་ཡིན་རྣམ་དག་དང་༔ དཀྱིལ་འཁོར་གང་ཡིན་གྱི་རྣམ་དག་མཐོང་བ་རང་རྩོལ་ལྟར༔ ཅི་རིགས་པའི་དབང་བཤད་བྱ་ཞིང་༔ རབ་འབྲིང་ཐ་མ་གསུམ་སྣོད་ཀྱི་དབང་པོ་དང་སྦྱར་ཏེ་བཤད་པར་བྱའོ༔ འདི་ལྷ་ངོ་བློ་ནས་ཧྲག་བསྡུས་ཆོག༔ རྒྱུད་ལས་


CMR005_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་༔ རྒྱས་བསྡུས་འགྲོ་བའི་བློ་དང་སྦྱར༔ ཞེས་གསུངས་སོ༔ ཨོཾ༔ ཡང་རྒྱུད་དེ་ཉིད་ལས༔ བླ་མ་ཉིད་ལ་ཕྱག་འཚལ་ནས༔ དྲིན་བརྗོད་སྐྱེམས་དྲངས་མཎྜལ་ཕུལ༔ ཞེས་པས་ཀུན་གྱིས་མཎྜལ་ཕུལ༔ ཞལ་སྐྱེམས་དྲངས་པར་བྱ་བའམ༔ དེ་ནས་བླ་མས༔ འོ༔ ཁྱེད་རྣམས་དེ་སྔ་ཕན་ཆད་དཀྱིལ་འཁོར་འདི་འདྲ་མ་མཐོང་བས༔ ཁམས་གསུམ་དུ་འཁོར་ཞིང་རིགས་དྲུག་ཏུ་འཁྱམས་པ་ཡིན༔ དེ་སྔ་ཕན་ཆད་ཤིན་ཏུ་བཅོལ་ཆུང་༔ མི་ཚེ་སྟོང་ཟད་བྱས་པ་དོན་མེད་དུ་སོང་༔ ད་ནི་དཀྱིལ་འཁོར་འདི་ལྟ་བུ་དང་མཇལ༔ ད་ལྟ་ཤི་ཡང་བདེ་བ་ཆེན་པོར་སངས་རྒྱས་པ་ཡིན་པས་སྤྲོ་བ་བསྐྱེད་མཛོད༔ ཅེས་བརྗོད་ལ་དབང་གི་དངོས་གཞི་ལ་འཇུག་པར་བྱའོ༔ ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ བདག་ཅག་སྐལ་ལྡན་བུ་སློབ་ལ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི༔ དབང་བཞི་ཡོངས་རྫོགས་བསྐུར་དུ་གསོལ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ དབང་བཞི་འཕྲད་ཚད་རང་གྲོལ་གྱི༔ སྤྲོས་བཅས་བུམ་དབང་ཆེན་མོའོ༔ ཏཾ༔ ཞི་ཁྲོ་རང་གྲོལ་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་ཡེ་ཤེས་མཚོ་རྒྱལ་གྱིས༔ དབང་བཞི་འཕྲད་ཚད་རང་གྲོལ་ལས༔ དངོས་གཞིའི་གདམས་པ་བསྟན་པར་བྱ༔


CMR005_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རབས་རྣམས་ཀྱིས་འདི་ལྟར་སྤྱོད༔ ས་མ་ཡཱ༔ དེ་ཡང་རྒྱུད་ལས༔ དེ་ནས་སྔོན་འགྲོ་ཚར་བ་དང་༔ མཎྜལ་ཚོགས་གཉིས་མཉེས་པར་བྱ༔ གུས་པས་གསོལ་བཏབ་བརྒྱུད་པ་ཡི༔ ལོ་རྒྱུས་ཆེན་པོ་བཤད་པར་བྱ༔ ཞེས་པས༔ མཎྜལ་ཕུལ༔ ཡོན་ཕུལ་ཞུ་བ་བྱ༔ དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ་རྗེས་སུ་སྐུ་དྲིན་བཏང་རག་བྱ༔ དཀྱིལ་འཁོར་དུ་སྒོ་དབྱེ་ལ་སྙན་གསན་དབབ་དུས་ཞུ་རྟེན་བྱ༔ དེ་བཞིན་དུ་མེད་ན་མོས་གུས་བརྟགས༔ སྣོད་མིན་ལ་བླ་མེད་མཆོག་དབང་བསྐུར་མི་རུང་ཞེས་གསུངས་པས༔ དེ་རྣམས་གལ་ཆེ་བས་སྐལ་ལྡན་རྣམས་ཀྱི་ལག་ཏུ་མཎྜལ་ཐོགས་ལ་འདི་སྐད་ཞུའོ༔ རྗེས་ཟློས་མཛོད༔ ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ བདག་ཅག་སྐལ་ལྡན་བུ་སློབ་ལ༔ དབང་བཞིའི་ཆུ་བོ་བསྐུར་དུ་གསོལ༔ བརྒྱུད་པའི་དབབ་ཚུལ་གང་ལྟར་ལགས༔ ཞེས་ཞུ་བ་ཕུལ་བ་ལ༔ བླ་མས༔ བུ་སློབ་ལས་ཅན་མ་ཡེངས་ཉོན༔ བླ་མེད་གནད་ཀྱི་གདམས་ངག་འདི༔ སྣོད་མིན་རྣམས་ལ་བསྐུར་མི་རུང་༔ སྣོད་ལྡན་མོས་གུས་གདུང་བ་བསྐྱེད༔ ཅེས་བརྗོད་དོ༔ སློབ་བུ་རྣམས་བླ་མའི་དྲུང་དུ་མོས་གུས་བསྐྱེད་ནས་འདུག་གོ༔ དེ་ནས་བླ་མ་བརྒྱུད་པའི་རྣམ་ཐར་རྒྱས་བསྡུས་སྐབས་དང་བསྟུན་ལ་བཤད་བརྒྱུད་པའི་བླ་མ་ལ་མོས་གུས་གདུང་


CMR005_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་བསྐྱེད་ལ༔ གསོལ་བ་མཆི་མ་མ་བྱུང་གི་བར་དུ་གདབ་བོ༔ ཡང་རྒྱུད་ལས༔ དེ་ནས་དཀྱིལ་འཁོར་ཤར་སྒོ་རུ༔ བུམ་དབང་བསྐུར་བར་ཞུ་བ་ཕུལ༔ ཡུམ་གྱིས་བུམ་པ་ཐོགས༔ བླ་མས་རྡོ་རྗེ་དྲིལ་བུ་བཟུང་༔ ཀུན་གྱི་གནས་ལྔའི་ཚིག་དང་བཅས༔ ལྷ་དབང་ལུས་ལ་བསྐུར་བར་བྱ༔ ཞེས་གསུངས༔ བླ་མས་དཀྱིལ་འཁོར་གྱི་ཤར་སྒོའི་ཁྲི་མཐོན་པོའི་ཁར༔ རྒྱན་གྱིས་བརྒྱན་ནས་བཞུགས་ལ༔ སློབ་མ་རྣམས་མུ་གེའི་བསྐལ་པ་ལས་ཐར་བར་བྱ་བའི་ཕྱིར༔ འབྲུ་ལྔ་ཡི་མཎྜལ་ཕུལ་ཞིང་ཞུ་བ་ནི༔ རྗེས་ཟློས་མཛོད༔ ཀྱེ་ཧོ༔ བླ་མ་ཡི་དམ་འགྲོ་བའི་མགོན༔ བདག་ཅག་སྐལ་ལྡན་སློབ་བུ་རྣམས༔ དཀྱིལ་འཁོར་ཆེན་པོའི་ཤར་ཕྱོགས་ནས༔ བུམ་པའི་དབང་མཆོག་བསྐུར་དུ་གསོལ༔ ཅེས་ལན་གསུམ་ཞུའོ༔ དེ་ནས་བླ་མས༔ ཚུར་ཤོག་སྐལ་ལྡན་རིགས་ཀྱི་བུ༔ ད་ནི་བདག་གིས་ཁྱོད་སྨིན་བྱ༔ ཞེས་བརྗོད་ལ་ཞི་ཁྲོ་རྩ་བ་གསུམ་གང་ཡིན་བསྐྱེད་བསྟིམ་བྱ༔ རང་གིས་བརྟེན་ཡུམ་ཡིན་ན་མི་དགོས༔ གསར་པ་ཡིན་ན་འཇིག་རྟེན་པའི་ཆོས་ཀྱི་མ་གོས་པའི་བུ་མོ་གཙང་མ་རིགས་བཟང་ལ་གཞན་ནས་བྱུང་བའི་དབང་ཆོག་ལྟར་བྱ༔ བུམ་འཛིན་དུ་མངའ་གསོལ་ཏེ་གཡོན་དུ་བཞག །བླ་མས་རྡོ་རྗེ་དྲིལ་བུ་ཐོགས་ཏེ་ཡབ་ཡུམ་གཉིས་རུས་པའི་རྒྱུན་གྱིས་


CMR005_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན། དཀྱིལ་འཁོར་ཤར་སྒོ་ནས་དབུས་འདབ་བཞིའི་ལྟེ་བ་ལ་རིན་ཆེན་སྣ་ལྔ་བཞུགས་པའི་བུམ་པ་སློབ་བུའི་སྙིང་ཁར་བཞག་ལ༔ རོལ་མོ་དྲག་ཏུ་ལྡིར་ཞིང་དབྱངས་དང་བཅས་པས༔ ཧཱུྃ༔ བུམ་པའི་རང་བཞིན་ཆོས་ཀྱི་སྐུ༔ བུམ་བཅུད་འདི་ནི་ལོངས་སྤྱོད་རྫོགས༔ གཟུངས་ཐག་ཁ་རྒྱན་སྤྲུལ་པའི་སྐུ༔ རིན་ཆེན་ལྔ་ཡི་དབང་བསྐུར་བས༔ ཡེ་ཤེས་ལྔ་ལྡན་དབང་ཐོབ་ཤོག༔ འོ༔ རིགས་ཀྱི་བུ་ཁྱེད་རྣམས་ལ་དབུས་ཀྱི་བུམ་པ་འདིའི་ནང་ན་རིན་པོ་ཆེ་སྣ་ལྔ་ཡོད་པ་འདིས་དབང་བསྐུར་བས་སྙིང་པོ་ཡེ་ཤེས་ལྔ་མྱུར་དུ་རྟོགས་ནས༔ ཕུང་པོ་ལྔ་སྐུ་ལྔར་གྲོལ་བའི་དབང་ཐོབ་པར་གྱུར་ཅིག༔ ཅེས་རོལ་མོ་སྦིར་མེ་ཏོག་འཐོར་བ་ཀུན་ལ་འགྲེས་སོ༔ དེ་ནས་ཤར་གྱི་སྨན་ལྔའི་བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ བུམ་པའི་རང་བཞིན་ཆོས་ཀྱི་སྐུ༔ བུམ་བཅུད་འདི་ནི་ལོངས་སྤྱོད་རྫོགས༔ གཟུངས་ཐག་ཁ་རྒྱན་སྤྲུལ་པའི་སྐུ༔ སྨན་མཆོག་ལྔ་ཡི་དབང་བསྐུར་བས༔ དུག་ལྔའི་ནད་ལས་གྲོལ་བར་ཤོག༔ འོ༔ རིགས་ཀྱི་བུ་རྣམས་ལ་ཤར་གྱི་བུམ་པ་འདིའི་ནང་ན་སྨན་རྣམ་པ་ལྔ་ཡོད་པས། ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་ཉོན་མོངས་པ་དུག་ལྔ་དང་དུག་གསུམ་ལས་མྱུར་དུ་གྲོལ་ནས༔ སྐུ་


CMR005_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལྷུན་གྲུབ་ཀྱི་འབྲས་བུ་ཐོབ་པར་གྱུར་ཅིག༔ སེམས་ཅན་ཐམས་ཅད་ནད་ཀྱི་བསྐལ་བ་ལས་ཐར་བར་གྱུར་ཅིག༔ ཅེས་རོལ་མོ་སྦིར་མེ་ཏོག་འཐོར་དེ་ནས་ལྷོའི་སྙིང་པོ་ལྔ་ཡི་བུམ་པ་མགྲིན་པར་བཞག་ལ༔ ཧཱུྃ༔ བུམ་པའི་རང་བཞིན་ཆོས་ཀྱི་སྐུ༔ བུམ་བཅུད་འདི་ནི་ལོངས་སྤྱོད་རྫོགས༔ གཟུངས་ཐོག་འདི་ནི་སྤྲུལ་པའི་སྐུ༔ སྙིང་པོ་ལྔ་ཡི་དབང་བསྐུར་བས༔ རིགས་མཆོག་ལྔ་པོ་ཐོབ་པར་ཤོག༔ འོ༔ རིགས་ཀྱི་བུ་ཁྱེད་རྣམས་ལ༔ ལྷོ་ཡི་བུམ་པ་འདིའི་ནང་ན་སྙིང་པོ་ལྔ་ཡོད་པས༔ ཁྱེད་རྣམས་ལ་དབང་བསྐུར་བས༔ བདེ་གཤེགས་རིགས་ལྔའི་དབང་ཐོབ་ནས༔ གཞན་དོན་ཆོས་སྒོ་དབང་ལྔ་ཐོབ་པར་གྱུར་ཅིག༔ ཅེས་རོལ་མོ་སྦིར་མེ་ཏོག་འཐོར༔ ཡང་ནུབ་ཀྱི་འབྲུ་སྣ་ལྔ་ཡི་བུམ་པ་ལྟེ་བར་བཞག་ལ༔ ཧཱུྃ༔ བུམ་པའི་རང་བཞིན་ཆོས་ཀྱི་སྐུ༔ བུམ་བཅུད་འདི་ནི་ལོངས་སྤྱོད་རྫོགས༔ གཟུངས་ཐག་ཁ་རྒྱན་སྤྲུལ་པའི་སྐུ༔ འབྲུ་སྣ་ལྔ་ཡི་དབང་བསྐུར་བས༔་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ༔ ཉི་ཤུ་རྩ་ལྔའི་དབང་ཐོབ་ཤོག༔ འོ༔ རིགས་ཀྱི་བུ་ཁྱེད་རྣམས་ལ༔ ནུབ་ཀྱི་བུམ་པ་འདི་ཡི་ནང་ན་འབྲུ་ལྔ་ཡོད་པས་ཁྱེད་རྣམས་ལ་དབང་བསྐུར་བས༔


CMR005_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡོན་ཏན་ལྔ་ཕྲིན་ལས་ལྔ་ཡི་དབང་ཐོབ་པར་གྱུར་ཅིག༔ རོལ་མོ་སོགས་བྱ༔ ཡང་བྱང་གི་དྲི་ལྔའི་བུམ་པ་གནས་གསུམ་དུ་བཞག་ལ༔ ཧཱུྃ༔ བུམ་པའི་རང་བཞིན་ཆོས་ཀྱི་སྐུ༔ བུམ་བཅུད་འདི་ནི་ལོངས་སྤྱོད་རྫོགས༔ གཟུངས་ཐག་ཁ་རྒྱན་སྤྲུལ་པའི་སྐུ༔ དྲི་མཆོག་ལྔ་ཡི་དབང་བསྐུར་བས༔ ཕ་རོལ་ཕྱིན་དྲུག་མཐར་ཕྱིན་ནས༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་ཤོག༔ འོ༔ རིགས་ཀྱི་བུ་ཁྱེད་རྣམས་ལ་བྱང་གི་བུམ་པ་འདིའི་ནང་ན༔ དྲི་རྣམ་པ་ལྔ་ཡོད་པས་ཁྱེད་རྣམས་ལ་དབང་བསྐུར་བས༔ ཕ་རོལ་ཕྱིན་དྲུག་གསུང་དང་ལྡན་ནས་འགྲོ་བའི་རེ་འདོད་ཚིམ་པའི་དབང་ཐོབ་པར་གྱུར་ཅིག༔ ཅེས་བརྗོད༔ དེ་ནས་བུམ་པ་ཐམས་ཅད་ཀྱི་བུམ་ཆུ་གཙོ་བུམ་དུ་བསྡུས་ནས་སློབ་མའི་སྤྱི་བོར་བཞག་ལ༔ ཧཱུྃ༔ བུམ་པ་འདི་ནི་གཞལ་ཡས་ཁང་༔ ནང་ན་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཕྱི་ནང་གསང་བའི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས༔ ཕྱི་ནང་གསང་བའི་དབང་མཆོག་རྣམས༔ སྐལ་ལྡན་རྣམས་ལ་ཕབ་ནས་ཀྱང་༔ ཕུང་ཁམས་ལྷ་དང་ལྷ་མོ་གྱུར༔ བསྐྱེད་རིམ་ལྷ་དབང་ཐོབ་པར་ཤོག


CMR005_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུྃ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཧཱུྃ་ཧཱིསཱ་ཧཱ༔ འོ༔ རིགས་ཀྱི་བུ་ཁྱེད་རྣམས་ལ་བུམ་པ་འདིས་དབང་བསྐུར་བས༔ ཕྱི་སྣོད་ཐམས་ཅད་གཞལ་ཡས་ཁང་དུ་ཤེས་པའི་དབང་ཐོབ་པར་གྱུར་ཅིག༔ བུམ་ཆུ་འདིའི་དབང་བསྐུར་བས་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོར་ཤེས་པའི་དབང་ཐོབ་པར་གྱུར་ཅིག༔ ཕྱག་མཚན་ལྔ་ཡི་དབང་བསྐུར་བས༔ བདུད་བཞི་ཟིལ་གྱིས་ནོན་པའི་དབང་ཐོབ་པར་གྱུར་ཅིག༔ རིགས་ཀྱི་བུ་ཁྱེད་རྣམས་ལ་ཁ་རྒྱན་གྱི་དབང་བསྐུར་བས༔ འབྲས་བུ་མྱུར་དུ་སྨིན་པའི་དབང་ཐོབ་པར་གྱུར་ཅིག༔ མགུལ་ཆིངས་ཀྱི་དབང་བསྐུར་བས༔ གཞན་དོན་དཔག་མེད་འགྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ གཟུངས་ཐག་དང་རྡོ་རྗེའི་དབང་བསྐུར་བས༔ སྡོམ་པ་དང་དམ་ཚིག་མཐར་ཕྱིན་པའི་དབང་ཐོབ་པར་གྱུར་ཅིག༔ བུམ་རྫས་ཀྱི་དབང་བསྐུར་བ་ལ་བརྟེན་ནས་རྩ་ཐིག་རླུང་གསུམ་གྱི་ཁམས་དག་ནས་བསྐྱེད་རྫོགས་ཟུང་དུ་འབྲེལ་བའི་དབང་ཐོབ་པར་གྱུར་ཅིག༔ འོ་མ་བུམ་རྫས་དང་བཅས་པས་དབང་བསྐུར་བ་ལ་བརྟེན་ནས་རང་དོན་ཆོས་སྐུ་མཐར་ཕྱིན་ནས་གཞན་དོན་དུ་


CMR005_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སྐུ་རྣམ་གཉིས་ཀྱི་བསྐལ་པ་མ་སྟོང་གི་བར་དུ་འགྲོ་བ་སེམས་ཅན་འདྲེན་པའི་དཔལ་མགོན་དམ་པར་གྱུར་ཅིག༔ གཟུངས་ཐག་རྣམ་ལྔའི་དབང་བསྐུར་བས༔ སེམས་ཅན་ཐམས་ཅད་ཉོན་མོངས་པའི་སྡུག་བསྔལ་ལས་སྐྱོབ་པར་གྱུར་ཅིག༔ ཆུ་གཙང་མས་དབང་བསྐུར་བས༔ ཐུགས་རྗེས་འཛིན་པའི་ཆུ་རྒྱུན་མི་འཆད་ཅིང་༔ སྟོང་ཉིད་སྙིང་པོ་ཡ་མ་བྲལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བུམ་པའི་རྒྱན་བཀོད་པ་གཟི་བརྗིད་ཅན༔ བླ་མ་ཡབ་ཡུམ་རོལ་མོ་དང་བཅས་པས་དབང་བསྐུར་བ་ལ་བརྟེན་ནས་ཞི་རྒྱས་དབང་དྲག་གི་ཕྲིན་ལས་རྣམ་བཞི་མཐར་ཕྱིན་པའི་དབང་དང་དངོས་གྲུབ་དམ་པ་ཐོབ་པར་གྱུར་ཅིག༔ དབང་ལྡན་རྣམས་ལ་དབང་ཐིམ་པར་གྱུར་ཅིག༔ གསལ་བར་གྱུར་ཅིག༔ མཆེད་པར་གྱུར་ཅིག༔ འབར་བར་གྱུར་ཅིག༔ རྒྱས་པར་གྱུར་ཅིག༔ དབང་དུ་གྱུར་ཅིག༔ སྨིན་ཅིང་གྲོལ་བར་གྱུར་ཅིག༔ བརྟན་པར་གྱུར་ཅིག༔ རེག་ཅིང་གྲོལ་བར་གྱུར་ཅིག༔ བརྟན་པར་གྱུར་ཅིག༔ གྲོལ་བར་གྱུར་ཅིག༔ མེ་ཏོག་གང་ལ་ཕོག་པའི་ལྷ་དང་དབྱེར་མེད་པར་སངས་རྒྱས་པར་གྱུར་


CMR005_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག༔ ཅེས་མེ་ཏོག་འཐོར༔ སྨོན་ལམ་དང་བཀྲ་ཤིས་བརྗོད༔ དེ་ནས་ཐུན་མོང་རིགས་པའི་དབང་ལྔ་བསྐུར་བ་ནི༔ རྒྱུད་ལས༔ ཞེ་སྡང་མེ་བསད་ཆུ་ཡི་དབང་༔ ང་རྒྱལ་རི་བསྙིལ་དབུ་རྒྱན་དབང་འདོད་ཆགས་དུག་འཇོམས་རྡོ་རྗེའི་དབང་༔ ཕྲག་དོག་ཞེན་ཁྲོལ་དྲིལ་བུའི་དབང་༔ གཏི་མུག་མུན་སེལ་མིང་གི་དབང་༔ ཞེས་དང་༔ ཆུ་དང་རྡོར་དྲིལ་དབུ་རྒྱན་མིང་༔ བུ་ཁྱོད་རྣམས་ལ་བསྐུར་བར་བྱ༔ ཞེས་པ་དང་༔ དང་པོ་མི་བསྐྱོད་པ་ཆུ་ཡི་དབང་བསྐུར་བ་ནི་བུམ་པ་སྤྱི་བོར་བཞག་ཆུ་ཐིག་གཅིག་ངག་ཏུ་བླུད་ལ་འདི་སྐད་དོ༔ ཧཱུྃ༔ སྐུ་གསུམ་དམ་ཚིག་ལས་བྱུང་ཞིང་༔ ཉོན་མོངས་ཞེ་སྡང་འཇོམས་མཛད་པ༔ ལྷ་ཡི་བདུད་རྩི་དག་པ་ཡི༔ མི་བསྐྱོད་པ་རུ་དབང་བསྐུར་རོ༔ ཨོ་བཛྲ་དྷ་ར་ཨ་ནུ་ཛྙཱ་ན་ཨ་བྷི་ཥིཉྩམཾ༔་གཉིས་པ་རིན་ཆེན་འབྱུང་ལྡན་གྱི་དབང་བསྐུར་བ་ནི༔ དབུ་རྒྱན་མགོ་ལ་བསྐོན༔ བུམ་པ་རྣ་ལྟག་གཡས་སུ་བཞག་ལ༔ ཧཱུྃ༔་སངས་རྒྱས་ཀུན་གྱི་རྒྱལ་སྲིད་དབང་༔ ང་རྒྱལ་རྟོག་པ་རྣམ་པར་འཇོམས༔ ཆགས་མེད་འབྱེད་པའི་དབུ་རྒྱན་འདིས༔ རྫོགས་སངས་རྒྱས་སུ་དབང་བསྐུར་རོ༔ སྦ་རཏྟ་ཛྷཱ་ན་སྭ་བྷ་ཝ་ཨ་བྷི་ཥིཉྩ་མཾ་གསུམ་པ་སྣང་བ་མཐའ་ཡས་རྡོ་རྗེའི་དབང་


CMR005_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བ་ནི༔ རྡོ་རྗེ་མགོར་བཞག་བུམ་པ་ལྟག་པར་བཞག་ལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་༔ མི་ཕྱེད་རྡོ་རྗེ་གསང་བ་ཡིས༔ འདོད་ཆགས་རྟོག་པ་རྣམ་པར་འཇོམས༔ རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ༔ ཨཱཔདྨ་པྲ་ཛྷཱ་ཨ་བྷི་ཥིཉྩམཾ༔ བཞི་པ་དོན་ཡོད་གྲུབ་པ་དྲིལ་བུའི་དབང་བསྐུར་བ་ནི༔ དྲིལ་བུ་བསིལ་ཞིང་ལག་ཏུ་གཏད༔ བུམ་པ་རྣ་ལྟག་གཡོན་དུ་བཞག་ལ༔ ཧཱུྃ༔ བུམ་པ་ཐབས་ཤེས་ལྡན་པ་ཡི༔ འགྲོ་དོན་མཉམ་མེད་དྲིལ་བུ་འདིས༔ ཕྲག་དོག་རྟོག་པ་རྣམ་པར་འཇོམས༔ གཉིས་སུ་མེད་པར་དབང་བསྐུར་རོ༔ ཧཱ་ཏིཥྛ་ཨ་ནུ་ཏེ་ཛ་ན་ས་ཏི་བཛྲ་ཀརྨ་ཨ་བྷི་ཥིཉྩམཾ༔ རྣམ་སྣང་སྐུ་བསྟན་ལ་བུམ་པ་དཔྲལ་བར་བཞག༔ གསང་མཚན་ཡིད་ལ་བྱེད་ཅིང་༔ ཧཱུྃ༔ རྣམ་སྣང་མིང་གིས་དབང་བསྐུར་བས༔ གཏི་མུག་རྟོག་པ་རྣམ་པར་འཇོམས་མིང་ཡང་མི་ཆོད་མི་ཤིགས་པའི༔ རྡོ་རྗེའི་མིང་དུ་རབ་ཏུ་གྲགས༔ ཨོཾ་ཏྲི་ཙཀྲ་མ་ཏི༔ ཨ་མི་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩམཾ༔ ཞེས་དབང་བསྐུར་བས༔་འོ༔ རིགས་ཀྱི་བུ་དང་བུ་མོ་སྐལ་པ་དང་ལྡན་པ་ཁྱེད་རྣམས་ལ་འདི་ལྟར་ཐུན་མོང་རིག་པའི་དབང་ལྔ་བསྐུར་ནས༔ ཉོན་མོངས་དུག་ལྔ་དང་ཕུང་པོ་ལྔ་གནས་སུ་དག་ནས༔ ཡེ་


CMR005_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལྔ་དང་སྐུ་ལྔ་ལྷུན་གྱིས་གྲུབ་ནས༔ ཞིང་ཁམས་ལྔ་ལ་དབང་བསྐུར་ནས༔ སེམས་ཅན་གྱི་དོན་ཐོགས་པ་མེད་པར་བྱེད་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་ཞི་ཁྲོའི་ལྷ་དབང་བསྐུར་བ་ནི༔ ཡང་སློབ་བུས་ཐལ་མོ་སྦྱར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི༔ ལྷ་དབང་ཡོངས་རྫོགས་བསྐུར་དུ་གསོལ༔ ཅེས་ལན་གསུམ་བརྗོད་༔ ཞི་ཁྲོའི་ལྷ་དབང་ལ་འདི་སྐད་དོ༔ ཧཱུྃ༔ མཐིང་གསལ་ཐིག་ལེའི་དཀྱིལ་འཁོར་དུ་ཀུན་ཏུ་བཟང་པོ་ཆེ་བའི་མཆོག༔ ངོ་བོ་མི་འགྱུར་རྡོ་རྗེའི་སྙིང་པོ་ཅན༔ ཡུམ་མཆོག་ཀུན་ཏུ་བཟང་མོ་སྟེ༔ དབྱིངས་ཕྱུག་རྣམ་དག་ངོ་བོ་ཉིད༔ ཕུང་ཁམས་ཆོས་ཀྱི་ཕུང་པོ་སྟེ༔ ས་ནི་ཟག་པ་མེད་པའི་ས༔ རིག་པ་ཀ་དག་ཟང་ཐལ་ཉིད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སེམས་ཉིད་རྣམ་པར་དག་ནས་ཀྱང་༔ ཀུན་བཟང་ཡབ་ཡུམ་དབང་ཐོབ་ཤོག༔ ཨོཾ་ཨཱ་ཨ་བྷི་ཥིཉྩ་ཧཱུྃ༔ ངོ་སྤྲོད་ནི༔ འོ༔ སྐལ་ལྡན་བུ་རྣམས་ལ་ཀུན་བཟང་ཡབ་ཡུམ་གྱི་དབང་བསྐུར་བས༔ ཡིད་ཆོས་ཀྱི་ཁམས་རྣམ་པར་དག་


CMR005_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ༔ ཆོས་སྐུ་རབ་འབྱམས་ཀྱི་དབང་ཐོབ་པར་གྱུར་ཅིག༔ འོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ཀུན་བཟང་ཡབ་ཡུམ་ཞེས་བྱ་བ་དེ་གཞན་ཞིག་ནས་ཡིན་མ་སྙམ་ཞིག༔ རང་གི་ཀུན་གཞི་བྱང་ཆུབ་ཀྱི་སེམས་ཡིད་བྱེད་པ་པོ་ད་ལྟའི་ཤེས་རིག་མ་འགགས་པ་ས་ལེ་ཧྲིག་གེ་བ་འདི་ཀ༔ ཆོས་སྐུ་ཀུན་ཏུ་བཟང་པོ་ཡེ་ཐོག་མའི་མགོན་པོ་འོད་མི་འགྱུར་བ་ཞེས་བྱ་བ་འདི་ཡིན་ནོ༔ རང་གི་ཤེས་རིག་དངོས་པོ༔ གདོས་བཅས་སུ་གྱུར་པ་མེད་པ་ཅི་ཡི་ངོ་བོར་མ་གྲུབ་པའི་སྟོང་པ་སང་ངེ་བ་འདི༔ ཡུམ་ཀུན་ཏུ་བཟང་མོ་ཡིན་ནོ༔ འདིའི་རང་རྩལ་འགགས་མེད་ཆོས་ཉིད་ཅེས་བྱ་བ༔ ཆོས་ཉིད་ཀྱི་མདངས་སྣ་ཚོགས་སུ་ཤར་བ་འདི་ཀུན་ཏུ་བཟང་མོ་ཡིན་པར་ཤེས་པར་གྱིས་ཤིག་ཅེས་བརྗོད་དོ༔ ཧཱུྃ༔ མཐིང་གསལ་ཐིག་ལེའི་དཀྱིལ་འཁོར་དུ༔ རྣམ་པར་སྣང་མཛད་བཅོམ་ལྡན་འདས༔ ཆོས་དབྱིངས་ཡེ་ཤེས་སྙིང་པོ་ཅན༔ ཡུམ་ནི་མཁའ་དབྱིངས་དབང་ཕྱུག་མ༔ འབྱུང་བ་ནམ་མཁའ་རྣམ་པར་དག༔ རྣམ་ཤེས་ཕུང་པོ་རང་གྲོལ་ནས༔ ས་ནི་བྱ་བ་རྫོགས་པའི་ས༔ རིགས་ནི་དེ་བཞིན་གཤེགས་པའི་རིགས༔ སྐལ་ལྡན་བུ་ལ་དབང་


CMR005_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བས༔ གཏི་མུག་རྣམ་པར་དག་གྱུར་ནས༔ ཞི་ཁྲོའི་སྐུ་ཡི་དབང་ཐོབ་ཤོག༔ ཨོ་ཛི་ན་ཛིཀྲ༔ ཧཱུཾ་དྷ་ཏུ་ཤྭ་རི་ཧཱུཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དཀར་གསལ་ཐིག་ལེའི་དཀྱིལ་འཁོར་དུ༔ རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས༔ མེ་ལོང་ཡེ་ཤེས་སྙིང་པོ་ཅན༔ ཡུམ་ཆེན་སངས་རྒྱས་སྤྱན་མར་བཅས༔ འབྱུང་བ་ཆུ་ཁམས་རྣམ་པར་དག༔ གཟུགས་ཀྱི་ཕུང་པོ་རྣམས་གྲོལ་ནས༔ ས་ནི་བྱ་བ་རྫོགས་པའི་ས༔ རིགས་ནི་རྡོ་རྗེའི་རིགས་ཡིན་ཏེ༔ སྐལ་ལྡན་བུ་ལ་དབང་བསྐུར་བས་ཞེ་སྡང་རྣམ་པར་དག་གྱུར་ནས༔ ཞི་ཁྲོའི་ཐུགས་ཀྱི་དབང་ཐོབ་ཤོག༔ ཧཱུྃ་བཛྲ་དྷིཀྲ༔ ལཱི་ཏེ་ཤྭ་རི་སིཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སེར་གསལ་ཐིག་ལེའི་དཀྱིལ་འཁོར་དུ་རིན་ཆེན་འབྱུང་ལྡན་བཅོམ་ལྡན་འདས་མཉམ་ཉིད་ཡེ་ཤེས་སྙིང་པོ་ཅན༔ ཡུམ་ནི་མ་ཀཱི་ཆེན་མོ་སྟེ༔ འབྱུང་བ་ས་ཁམས་རྣམ་པར་དག༔ ཚོར་བའི་ཕུང་པོ་རང་གྲོལ་ནས༔ ས་ནི་སྣ་ཚོགས་འབྱུང་བའི་ས༔ རིགས་ནི་རིན་ཆེན་རིགས་ཡིན་ཏེ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ང་རྒྱལ་རྣམ་པར་དག་ནས་ཀྱང་༔ ཞི་ཁྲོའི་ཡོན་ཏན་དབང་ཐོབ་


CMR005_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག༔ སྦ་རཏྣ་དྷིཀ༔ ཚྭ་མོ་ཧ་ར་ཏི་སིཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དམར་གསལ་ཐིག་ལེའི་དཀྱིལ་འཁོར་དུ༔ སྣང་བ་མཐའ་ཡས་བཅོམ་ལྡན་འདས་སོར་རྟོག་ཡེ་ཤེས་སྙིང་པོ་ཅན༔ ཡུམ་མཆོག་གོས་དཀར་ཆེན་མོ་ཉིད་འབྱུང་བ་མེ་ཁམས་རྣམ་པར་དག༔ འདུ་ཤེས་ཕུང་པོ་རང་གྲོལ་ནས༔ ས་ནི་རྣམ་པ་རྟོག་མེད་ས་རིགས་ནི་པདྨའི་རིགས་ཡིན་ཏེ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འདོད་ཆགས་རྣམ་པར་དག་ནས་ཀྱང་༔ ཞི་ཁྲོའི་གསུང་གི་དབང་ཐོབ་ཤོག༔ ཨོཾ་ཨ་རོ་ལིཀྲ༔ ཧཱུཾ་རཱ་ག་ར་ཏི་སྭཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལྗང་གསལ་ཐིག་ལེའི་དཀྱིལ་འཁོར་དུ་དོན་ཡོད་གྲུབ་པ་བཅོམ་ལྡན་འདས༔ བྱ་གྲུབ་ཡེ་ཤེས་སྙིང་པོ་ཅན༔ ཡུམ་ནི་དམ་ཚིག་སྒྲོལ་མ་སྟེ༔ འབྱུང་བ་རླུང་ཁམས་རྣམ་པར་དག༔ འདུ་བྱེད་ཕུང་པོ་རང་གྲོལ་ནས༔ ཕྲག་དོག་རྣམ་པར་དག་ནས་ཀྱང་༔ ཞི་ཁྲོའི་ཕྲིན་ལས་དབང་ཐོབ་ཤོག༔ ཧཱ་པྲཛྙཱ་དྷིཀ་སྟེ༔ ཏྭཾ་བཛྲ་ར་ཏི་སིཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ངོ་སྤྲད་པ་ནི༔ འོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས༔ རྒྱལ་བ་རིགས་ལྔ་ཞེས་བྱ་བ་དེ་གཞན་ཞིག་ཡིན་


CMR005_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་དུ་མ་སེམས་ཤིག༔ རང་གི་ཕུང་པོ་ལྔའི་གཟུགས་མ་འགགས་པར་ཤར་བ་འདི་རྣམ་པར་སྣང་མཛད་དོ༔ ཚོར་བ་འགགས་པ་མེད་པར་གསལ་བ་དེ་འདི་ཀ་རིན་ཆེན་འབྱུང་ལྡན༔ འདུ་ཤེས་ཏུང་ངེ་བ་འདི་ཀ་སྣང་བ་མཐའ་ཡས༔ འདུ་བྱེད་ཁྱུག་གེ་བ་འདི་དོན་ཡོད་གྲུབ་པ༔ རྣམ་པར་ཤེས་པ་འགགས་མེད་དུ་གསལ་བ་འདི་ཀ་རྡོ་རྗེ་སེམས་དཔའ་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ཧཱུྃ༔ ཡུམ་ཆེན་ནམ་མཁའི་དབྱིངས་ཕྱུག་མ༔ འབྱུང་བ་ནམ་མཁའ་རྣམ་པར་དག༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བུདྡྷ་རིགས་ཀྱི་དབང་ཐོབ་ཤོག༔་ཚུ་དྷ་ཏུ་ཤྭ་རི་སྟཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡུམ་ཆེན་སངས་རྒྱས་སྤྱན་མ་ནི༔ འབྱུང་བ་ས་ཁམས་རྣམ་པར་དག༔ སྐལ་ལྡན་རྣམས་ལ་དབང་བསྐུར་བས་རྡོ་རྗེ་རིགས་ཀྱི་དབང་ཐོབ་ཤོག༔ ལཱི་ཏེ་ཤྭ་ར་ཏི་སིཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡུམ་ཆེན་མ་ཀི་ཆེན་མོ་ནི༔ འབྱུང་བ་ཆུ་ཁམས་རྣམ་པར་དག་སྐལ་ལྡན་བུ་ལ་དབང་བསྐུར་བས༔ རིན་ཆེན་རིགས་ཀྱི་དབང་ཐོབ་ཤོག༔ ཨོྃ་མོ་ཧ་ར་ཏི་སིཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡུམ་ཆེན་གོས་དཀར་ཆེན་མོ་ནི༔


CMR005_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་མེ་ཁམས་རྣམ་པར་དག༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ པདྨ་རིགས་ཀྱི་དབང་ཐོབ་ཤོག༔ ཙཱ་རཱ་ག་ར་ཏི་སིཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡུམ་ཆེན་དམ་ཚིག་སྒྲོལ་མ་ནི༔ འབྱུང་བ་རླུང་ཁམས་རྣམ་པར་དག༔ སྐལ་ལྡན་རྣམས་ལ་དབང་བསྐུར་བས༔་ལས་ཀྱི་རིགས་ཀྱི་དབང་ཐོག་ཤོག༔ ཏཱི་བཛྲ་ར་ཏི་སིཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ འོ༔ སྐལ་ལྡན་བུ་རྣམས་ཡུམ་ལྔ་ཞེས་བྱ་བ་དེ་ནི་གཞན་ན་མེད་དེ་ཕྱི་ནང་གི་འབྱུང་བ་ལྔ་མ་འགགས་པར་སྣང་བ་འདི་ཀ༔ ཡུམ་ལྔའི་རང་བཞིན་ནོ༔ ཞེས་རྒྱས་པར་ངོ་སྤྲོད་དོ༔ སར་སྣང་བ་ནི་སངས་རྒྱས་སྤྱན་མའོ༔ ཆུར་སྣང་བ་ནི་མ་མཱ་ཀི༔ མེར་སྣང་བ་ནི་གོས་དཀར་མོ༔ རླུང་དུ་སྣང་བ་ནི་དམ་ཚིག་སྒྲོལ་མ༔ ནམ་མཁར་སྣང་བ་ནི་དབྱིངས་ཕྱུག་མའི་རང་བཞིན་ནོ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ས་ཡི་སྙིང་པོའི་དབང་བསྐུར་བས༔ མིག་གི་རྣམ་ཤེས་གནས་དག་ནས༔ གཟུགས་སྣང་ཐམས་ཅད་རང་གྲོལ་ཤོག༔ ཀྱི་ཧི་རཱ་ཙ་ཡ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ བྱམས་པ་མེ་ཏྲིའི་དབང་བསྐུར་


CMR005_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བས༔ རྣ་བའི་རྣམ་ཤེས་གནས་དག་ནས༔ སྒྲ་གྲག་ཐམས་ཅད་རང་གྲོལ་ཤོག་མེ་ཏྲི་དྷཱ་ར་ནི་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་ཀུན་ཏུ་བཟང་པོའི་དབང་བསྐུར་བས༔ སྣ་ཡི་རྣམ་ཤེས་གནས་དག་ནས༔ དྲི་སྣང་ཐམས་ཅད་རང་གྲོལ་ཤོག༔ ཧཱུྃ་སྭཱ་རཱ་ཙ་ཡ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ནམ་མཁའི་སྙིང་པོའི་དབང་བསྐུར་བས༔ ལྕེའི་རྣམ་ཤེས་གནས་དག་ནས༔ རང་སྣང་ཐམས་ཅད་རང་གྲོལ་ཤོག༔ ཏཱཾ་ཨ་གནྡྷ་ཡ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་སྤྱན་རས་གཟིགས་ཀྱི་དབང་བསྐུར་བས༔ ལུས་ཀྱི་རྣམ་ཤེས་གནས་དག་ནས༔ གཟུགས་སུ་སྣང་བ་རང་གྲོལ་ཤོག༔ ཧཱིཧ་ཧཱུཾ་པདྨ་བྷ་ཏ་མ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ འཇམ་དཔལ་གཞོན་ནུའི་དབང་བསྐུར་བས༔ ཡིད་ཀྱི་རྣམ་ཤེས་གནས་དག་ནས༔ ཆོས་འཛིན་འཁྲུལ་པ་རང་གྲོལ་ཤོག༔ ཡུཾ་ཤྲཱི་ཨ་རཾ་གྷ་ཡ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་སྒྲིབ་པ་རྣམ་སེལ་


CMR005_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བས༔ ཀུན་ཡིད་རྣམ་ཤེས་གནས་དག་ནས༔ གྲག་སྟོང་ཆོས་ཀྱི་སྒྲ་སྒྲོག་ཤོག༔ བློ་ས་རཾ་པ་ཡ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཕྱག་ན་རྡོ་རྗེའི་དབང་བསྐུར་བས༔ ཉོན་ཡིད་རྣམ་ཤེས་རང་གྲོལ་ནས༔ རིག་སྟོང་ཉིད་དུ་གྲོལ་བར་ཤོག༔ དྲྀ་ཀུ་རུ་པཱ་ཎི་ཧིསྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ འོ༔ སྐལ་ལྡན་རྣམས་སེམས་དཔའ་བརྒྱད་ཀྱང་གཞན་ན་མེད་དེ༔ རང་གི་རྣམ་པར་ཤེས་པའི་ཚོགས་བརྒྱད་འགགས་མེད་དུ་གསལ་བ་འདི་ཀ་ཡིན་ནོ༔ མིག་གི་རྣམ་པར་ཤེས་པ་འགགས་མེད་དུ་མཐོང་མཁན་གྱི་ཤེས་པ་འདི་ནི་ས་ཡི་སྙིང་པོའོ༔ རྣ་བའི་རྣམ་པར་ཤེས་པ་སྒྲ་འགགས་མེད་དུ་མཐོང་མཁན་གྱི་ཤེས་པ་འདི་ནི་ནམ་མཁའི་སྙིང་པོའོ༔ སྣའི་རྣམ་པར་ཤེས་པ་དྲི་ཚོར་མཁན་གྱི་ཤེས་པ་འདི་ནི་སྤྱན་རས་གཟིགས་སོ༔ ལྕེའི་རྣམ་པར་ཤེས་པ་རོ་འགགས་མེད་དུ་མྱོང་མཁན་གྱི་ཤེས་པ་འདི་ནི་ཕྱག་ན་རྡོ་རྗེའོ༔ ལུས་ཀྱི་རྣམ་པར་ཤེས་པ་རེག་བྱ་འགགས་མེད་དུ་ཚོར་མཁན་གྱི་ཤེས་པ་འདི་ནི་བྱམས་པའོ༔ ཡིད་ཀྱི་རྣམ་པར་ཤེས་པ་ཀུན་ལ་ཐོགས་མེད་དུ་གསལ་བའི་ཡིད་ཤེས་འདི་


CMR005_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་སྒྲིབ་པ་རྣམ་སེལ་ལོ༔ ཉོན་མོངས་པའི་ཡིད་ཅན་རང་འཛིན་གྱི་ཤེས་པ་ཧུར་རེ་བ་འདི་ཀ་ཀུན་ཏུ་བཟང་པོ་ཡིན་ནོ༔ ཀུན་གཞིའི་རྣམ་པར་ཤེས་པ་ཁྱབ་བརྡལ་དུ་གསལ་བ་འདི་ཀ་འཇམ་དཔལ་གྱི་རང་བཞིན་ནོ༔ ཞེས་གསུངས་སོ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སེམས་མ་ལཱ་སྱ་མ་ཡི་དབང་བསྐུར་བས༔ མིག་གི་ཡུལ་སྣང་དག་པ་ཡི༔ གཟུགས་སུ་འཛིན་པ་རང་གྲོལ་ནས༔ དམིགས་མེད་ཆོས་ཉིད་རང་གྲོལ་ཤོག༔ ཧཱུྃ་ལཱ་སྱ་ས་མ་ཡ་སིཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སེམས་མ་མཱ་ལྕེའི་དབང་བསྐུར་བས༔་རྣ་བའི་ཡུལ་སྣང་དག་པའི་ཕྱིར་སྒྲ་གྲག་ཡུལ་སྣང་རང་གྲོལ་ནས༔ ཆོས་རྣམས་རང་བྱུང་དབྱིངས་ལྡན་ཤོག༔ ཏཱཾ་མཱ་མྱེ་ས་མ་ཡ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སེམས་མ་གཱིརྟི་མ་ཡི་དབང་བསྐུར་བས༔ སྣ་ཡི་ཡུལ་སྣང་དག་ཕྱིར་བསྐུར༔ དྲི་ཡི་ཡུལ་སྣང་རང་གྲོལ་ངང་༔ འདུ་ཤེས་སྤངས་བླང་བྲལ་བར་ཤོག༔ ཧཱིཝགཱིརྟི་རཱ་ག་ཡ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སེམས་མ་ནཱིརྟི་མ་ཡི་


CMR005_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བས༔ ལྕེ་ཡི་ཡུལ་སྣང་དག་ཕྱིར་བསྐུར༔ རོ་ཡུལ་རང་སྣང་རང་གྲོལ་ནས༔ རོ་མཆོག་བརྒྱད་ལྡན་ཐོབ་པར་ཤོག༔ ཨ་ནཱིརྟི་རཱ་ག་ཡ་མི་སྟྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ བཛྲ་པཋེ་མ་ཡི་དབང་བསྐུར་བས༔ འདས་པའི་རྟོག་པ་དག་ཕྱིར་བསྐུར༔ བདག་འཛིན་དྲི་མ་དག་གྱུར་ཅིག༔ ཧཱུྃ་པུཧྥེ་ཨ་ཝེ་ཤ་ཡ་སྟཱ༔ ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སེམས་མ་དྷ་པེ་མ་ཡི་དབང་བསྐུར་བས༔ སྣ་ཡི་རྟོག་པ་སྤང་ཕྱིར་བསྐུར༔ དྲི་ཡུལ་རྟོག་པ་རང་གྲོལ་ཤོག༔ ཛདྷུ་པེ་པྲ་ཝེ་ཤ་ཡ་སྟཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་སེམས་མ་ཨཱ་ལོ་ཀེ་ཡི་དབང་བསྐུར་བས། མ་འོངས་སྡུག་བསྔལ་སྤང་ཕྱིར་བསྐུར༔ ༸ རྣམ་རྟོག་དྲི་མ་དག་གྱུར་ཅིག༔་བོ་དྷི་པཾ་སུ་ནི༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ བཛྲ་གནེ་མ་ཡི་དབང་བསྐུར་བས༔ དུས་གསུམ་མཉམ་པ་ཉིད་དུ་བསྐུར༔ དུས་བཞི་འཕོ་འགྱུར་དག་གྱུར་ཅིག༔ ཧོ༔གནེ་ཙིཏྟ་ཡ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་


CMR005_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུ་རྣམས་ལ༔ སེམས་མ་བརྒྱད་ཀྱི་དབང་བསྐུར་བས༔ ཡུལ་བརྒྱད་མ་སྤངས་གནས་སུ་དག་ནས་བྱང་ཆུབ་སེམས་མའི་ཚུལ་གྱིས་འགྲོ་བའི་དོན་བྱེད་པར་གྱུར་ཅིག །ངོ་སྤྲོད་ནི༔ འོ༔ སྐལ་ལྡན་རྣམས༔ བྱང་ཆུབ་སེམས་མ་བརྒྱད་ཀྱང་གཞན་ན་མེད་དེ༔ ཕྱི་ཡི་ཡུལ་བརྒྱད་རྟོག་པ་རང་སར་དག་པ་ཉིད་བྱང་ཆུབ་སེམས་མ་བརྒྱད་དོ༔ དེ་ཡང་མིག་གི་ཡུལ་དུ་གཟུགས་སུ་སྣང་བ་རྣམ་པར་དག་པ་ཉིད་ལཱ་སྱེ་མ་དཀར་མོའོ༔ དེ་བཞིན་དུ་རྣ་བའི་ཡུལ་དུ་སྒྲ་རྣམ་པར་དག་པ་མཱ་མྱེ་མ་སེར་མོའོ༔ སྣ་ཡི་ཡུལ་དུ་དྲི་རྣམ་པར་དག་པ་གཱིརྟི་མ་དམར་མོའོ༔ ལྕེའི་ཡུལ་དུ་རོ་རྣམ་པར་དག་པ་ནཱིཏི་མ་ལྗང་མོའོ༔ འདས་པའི་རྟོག་པ་གནས་སུ་དག་པ་པུལླེ་མ་དཀར་མོའོ༔་ད་ལྟར་གྱི་རྟོག་པ་གནས་སུ་དག་པ་དྷ་པེ་མ་སེར་མོའོ༔ མ་འོངས་པའི་རྟོག་པ་གནས་སུ་དག་པ་ཨཱ་ལོ་ཀེ་དམར་མོའོ༔ འབྱུང་བ་མ་ངེས་པ་དང་ཆོས་ཅན་གྱི་རྟོག་པ་གནས་སུ་དག་པ་ནི་ལྷ་མོ་གྷནེ་ལྗང་མོའི་རང་བཞིན་ཡིན་པ་ཤེས་པར་གྱིས་ཤིག༔ ཅེས་ངོ་སྤྲོད༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ལྷ་ཡི་ཐུབ་པས་དབང་བསྐུར་བས༔ ང་རྒྱལ་དྲི་མ་རྣམ་དག་ནས༔


CMR005_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཕམ་ལྟུང་སྡུག་བསྔལ་གྲོལ་བར་ཤོག༔ ཨོཾ་མུ་ནེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་ལྷ་མིན་ཐུབ་པས་དབང་བསྐུར་བས༔ ཉོན་མོངས་ཕྲག་དོག་རང་གྲོལ་ནས༔ འཁྲུག་རྩོད་སྡུག་བསྔལ་ཞི་བར་ཤོག༔ ཨོཾ་མུ་ནེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ མི་ཡི་ཐུབ་པས་དབང་བསྐུར་བས༔ འདོད་ཆགས་དྲི་མ་རང་དག་ནས༔ སྐྱེ་འཆིའི་སྡུག་བསྔལ་ཞི་བར་ཤོག༔ ཨོཾ་མུ་ནེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ བྱོལ་སོང་ཐུབ་པས་དབང་བསྐུར་བས༔ ཉོན་མོངས་གཏི་མུག་རང་གྲོལ་ནས༔ གླེན་ལྐུགས་སྡུག་བསྔལ་ཞི་བར་ཤོག༔ ཨོཾ་མུ་ནེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་ཡི་དྭགས་ཐུབ་པས་དབང་བསྐུར་བས༔ ཉོན་མོངས་སེར་སྣ་རང་གྲོལ་ནས༔ བཀྲེས་སྐོམ་སྡུག་བསྔལ་ཞི་བར་ཤོག༔ ཨོཾ་མུ་ནེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དམྱལ་བའི་ཐུབ་པས་དབང་བསྐུར་བས༔ ཉོན་མོངས་ཞེ་སྡང་རང་གྲོལ་ནས༔ ཚ་གྲང་སྡུག་བསྔལ་ཞི་བར་ཤོག༔ ཨོཾ་མུ་ནེ་


CMR005_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྤྲུལ་སྐུ་ཐུབ་པ་དྲུག་གི་དབང་བསྐུར་བས༔ འགྲོ་དྲུག་གི་སྡུག་བསྔལ་རང་སར་གྲོལ་ནས༔ སྤྲུལ་སྐུ་རབ་འབྱམས་རིགས་དྲུག་གི་དབང་ཐོབ་པར་གྱུར་ཅིག༔ ངོ་སྤྲོད་ནི༔་འོ༔ སྐལ་ལྡན་རྣམས་ཐུབ་པ་དྲུག་ཀྱང་གུད་ན་མེད་དེ༔ ང་རྒྱལ་རྣམ་པར་དག་པ་ལྷ་ཡི་ཐུབ་པ་ཚངས་པ་བརྒྱ་བྱིན༔ ཕྲག་དོག་རྣམ་པར་དག་པ་ལྷ་མིན་ཐུབ་པ་ཐགས་བཟང་རིས་འདོད་ཆགས་རྣམ་པར་དག་པ་མི་ཡི་ཐུབ་པ་ཤཱཀྱ་ཐུབ་པ༔ གཏི་མུག་རྣམ་པར་དག་པ་བྱོལ་སོང་ཐུབ་པ་སེངྒེ་རབ་བརྟན༔ སེར་སྣ་རྣམ་པར་དག་པ་ཡི་དྭགས་ཐུབ་པ་ཁ་འབར་མ༔ ཞེ་སྡང་རྣམ་པར་དག་པ་དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོ་ཆེན་པོའོ༔ ཅེས་ངོ་སྤྲད་དོ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ རྣམ་པར་རྒྱལ་བའི་དབང་བསྐུར་བས༔ རྟག་པར་ལྟ་བ་གནས་དག་ནས༔ སྙིང་རྗེ་ཆེན་པོའི་དབང་ཐོབ་ཤོག༔ ཛཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ གཤིན་རྗེ་གཤེད་ཀྱི་དབང་བསྐུར་བས་ཆད་པར་ལྟ་བ་གནས་དག་ནས༔ བྱམས་པ་ཆེན་པོའི་དབང་ཐོབ་ཤོག༔


CMR005_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ རྟ་མགྲིན་རྒྱལ་པོའི་དབང་བསྐུར་བས༔ བདག་ཏུ་ལྟ་བ་གནས་དག་ནས༔ དགའ་བོ་ཆེན་པོའི་དབང་ཐོབ་ཤོག༔ བཻ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ བདུད་རྩི་འཁྱིལ་བའི་དབང་བསྐུར་བས༔ མཚན་མར་ལྟ་བ་གནས་དག་ནས༔ བཏང་སྙོམས་ཆེན་པོའི་དབང་ཐོབ་ཤོག༔ ཧོ༔ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཁྲོ་ཆེན་སྒོ་བ་བཞི་ཡི་དབང་བསྐུར་བས༔ རྟག་ཆད་མུ་བཞི་གནས་དག་ནས༔ ཕྲིན་ལས་རྣམ་བཞིའི་འགྲོ་བའི་དོན་བྱེད་པའི་དབང་ཐོབ་པར་གྱུར་ཅིག༔ ངོ་སྤྲོད་ནི༔ འོ༔ སྐལ་ལྡན་རྣམས་སྒོ་བ་བཞི་ཡང་གུད་ན་མེད་དེ༔ རྟག་པར་ལྟ་བ་གནས་སུ་དག་པ་སྒོ་བ་རྣམ་པར་རྒྱལ་བའོ༔ ཆད་པར་ལྟ་བ་གནས་སུ་དག་པ་ནི་གཤེད་རྗེ་གཤེད་དོ༔ བདག་ཏུ་ལྟ་བ་གནས་སུ་དག་པ་རྟ་མགྲིན་ནོ༔ མཚན་མར་ལྟ་བ་མ་སྤངས་གནས་སུ་དག་པ་ནི་སྒོ་བ་བདུད་རྩི་འཁྱིལ་བའི་རང་བཞིན་ནོ༔ ཞེས་ངོ་སྤྲོད་དོ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྒོ་མ་ལྕག་ཀྱུ་མ་ཡི་དབང་བསྐུར་


CMR005_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བས༔ བརྫུས་སྐྱེས་རྟོག་པ་གནས་དག་ནས་ཞི་བའི་ཕྲིན་ལས་འགྲུབ་གྱུར་ཅིག༔ བཛྲ་ཨང་ཀུ་ཤ་ཛ་ཤཱནྟིཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཞགས་པ་མ་ཡི་དབང་བསྐུར་བས་མངལ་སྐྱེས་རྟོག་པ་རང་གྲོལ་ནས༔ རྒྱས་པའི་ཕྲིན་ལས་འགྲུབ་གྱུར་ཅིག༔ བཛྲ་པཱ་ཤ་ཧཱུྃ༔ པུཏྟིཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ལྕགས་སྒྲོག་མ་ཡི་དབང་བསྐུར་བས༔ སྒོང་སྐྱེས་རྟོག་པ་གནས་དག་ནས༔ དབང་གི་ཕྲིན་ལས་འགྲུབ་གྱུར་ཅིག༔ བཛྲ་སྤྲོ་ཊ་ཐཾ༔་པ་ཤཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དྲིལ་བུ་མ་ཡི་དབང་བསྐུར་བས༔ དྲོད་སྐྱེས་རྟོག་པ་གནས་དག་ནས་དྲག་པོའི་ཕྲིན་ལས་འགྲུབ་གྱུར་ཅིག་ཨོ་བཛྲ་གྷནྡྷེ་ཧོཿ མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ སྐྱེ་བ་རྣམ་བཞིའི་སྒོ་བཅད་ནས༔ ཚད་མེད་བཞི་རྒྱུད་ལ་སྐྱེས་ནས་ཀྱང་༔ ཕྲིན་ལས་རྣམ་བཞིས་སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག༔ ངོ་སྤྲོད་ནི༔ འོ།


CMR005_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་ལྡན་རྣམས༔ སྒོ་མ་བཞི་ཡང་གུད་ན་མེད་དེ༔ སྐྱེ་གནས་ཀྱི་རྟོག་པ་བཞི་གནས་སུ་དག་པ་ནི༔ སྒོ་མ་བཞིའི་རང་བཞིན་ཏེ༔ བརྫུས་སྐྱེས་རྟོག་པ་མ་སྤངས་གནས་སུ་དག་པ་ལྕགས་ཀྱུ་མ༔་མངལ་སྐྱེས་རྟོག་པ་གནས་སུ་དག་པ་ཞགས་པ་མ༔ སྒོང་སྐྱེས་རྟོག་པ་གནས་སུ་དག་པ་ལྕགས་སྒྲོག་མ༔ དྲོད་གཤེར་ལས་སྐྱེས་པའི་རྟོག་པ་མ་སྤུངས་གནས་སུ་དག་པ་ནི་དྲིལ་བུ་མའི་རང་བཞིན་ཡེ་ནས་ཡིན་ཏེ། སྐལ་ལྡན་རྣམས་ཀྱིས་ཀྱང་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་དང་ལྡན་པར་མཛོད་ཅིག༔ ཅེས་ངོ་སྤྲོད་དོ༔ ཀྱེེ༔ རིགས་ཀྱི་བུ་དད་པ་དང་ལྡན་པ་རྣམས་ཉོན་ཅིག༔ དེ་ལྟར་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་དབང་བསྐུར་བས༔ རང་རང་ཐམས་ཅད་ཀྱི་ཕུང་པོ་ལྔ་སངས་རྒྱས་རིགས་ལྔར་གྲོལ༔ ཁམས་ལྔ་ཡུམ་ལྔར་གྲོལ༔ སྐྱེ་མཆེད་བཅུ་དྲུག་ནི་ཡུལ་གྱི་སེམས་དཔའ་དང་སེམས་མ་བཅུ་དྲུག་ཏུ་གྲོལ༔ དུག་ལྔ་སེར་སྣ་དང་དྲུག་ནི་ཐུབ་པ་དྲུག་ཏུ་གྲོལ། རྟག་ཆད་མུ་བཞི་ནི་ཚད་མེད་བཞི་དང་སྒོ་བ་བཞི་རུ་གྲོལ༔ སྐྱེ་གནས་བཞི་ནི་སྒོ་མ་བཞི་དང་ཕྲིན་ལས་བཞིར་ལྷུན་གྱིས་གྲུབ་སྟེ༔ དུག་ལྔ་ཡེ་ཤེས་ལྔ་རུ་དག༔


CMR005_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སྐྱེ་བ་མེད་པར་གྲོལ༔ མ་དག་འཁྲུལ་པའི་སྣང་བ་ཐམས་ཅད་རྟོག་ཚོགས་ཞི་བ་བཞི་བཅུ་རྩ་གཉིས་སུ་གྲོལ༔ དེ་ལྟར་ལྷ་དབང་ལུས་ལ་བསྐུར་བས༔ ལུས་ཐ་མལ་དུ་འཛིན་པའི་རྟོག་པ་གནས་འགྱུར༔ འདོད་ཆགས་ཀྱི་དྲི་མ་རང་སར་དག་ནས༔ ལོངས་སྐུ་རྒྱལ་བའི་དཀྱིལ་འཁོར་དུ་གྲོལ༔ ཚིག་དབང་ངག་ལ་བསྐུར་བས༔ ངག་གི་སྨྲ་བརྗོད་ཆད་ནས༔ སྒྲ་གྲག་ཨཱ་ལི་ཀཱ་ལི་ཆོས་ཉིད་ཀྱི་སྒྲ་ཆོས་ཉིད་གྲག་སྟོང་དུ་གྲོལ༔ གྲག་སྟོང་སེམས་ལ་བསྐུར་བས༔ སེམས་གཉིས་འཛིན་གྱི་དྲི་མ་དག་ནས༔ འཕྲོ་འདུའི་དམིགས་པ་བྱར་མེད་ཆེན་པོར་གྲོལ་ནས༔ སེམས་སངས་རྒྱས་སུ་རྟོགས་པས་དེ་ལྟར་ལུས་ལྷ་སྐུ༔ ངག་སྔགས༔ སེམས་ཆོས་ཉིད་དུ་གྲོལ༔ ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཡེ་ཤེས་གསུམ་ལྡན་དུ་གྲོལ༔ སྣང་བ་ཐམས་ཅད་འགགས་མེད་དུ་གྲོལ༔ སྟོང་པ་ཐམས་ཅད་ཤེས་རབ་སྐྱེ་མེད་དུ་གྲོལ༔ སྣང་སྟོང་ཐམས་ཅད་གཉིས་མེད་སྤྲོས་བྲལ་ཆེན་པོར་གྲོལ༔ དེ་ལྟར་ཞི་ཁྲོ་ཡང་གསང་བླ་མེད་འདི༔ དབང་བཀའ་རང་བྱུང་རང་བབས་སུ་བསྐུར་བས༔ འཛིན་མེད་དུ་ཁྲོལ་ལེ་བཏང་༔ དེ་


CMR005_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ཆད་ཞི་བའི་དབང་བསྐུར་བའི་རིམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཆེ་མཆོག་ཡབ་ཡུམ་དབང་བསྐུར་བས༔ ཉོན་མོངས་མ་སྤངས་གནས་དག་ནས༔ ཁྲག་འཐུང་རབ་འབྱམས་དབང་ཐོབ་ཤོག༔ ཨོཾ་མ་ཧཱ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ༔ མ་ཧཱ་ཀྲོ་ཏི་ཤྭ་རི་སྟཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་གྱི་དབང་བསྐུར་བས༔ ཉོན་མོངས་མ་སྤངས་གནས་སུ་དག་ནས༔ ཁྲག་འཐུང་ཧེ་རུ་ཀ་ཡབ་ཡུམ་དང་གཉིས་མེད་དུ་སངས་རྒྱས་པར་གྱུར་ཅིག༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ གཏི་མུག་རྣམ་པར་དག་པའི་ཕྱིར༔ བུདྡྷ་ཧེ་རུ་ཀ་ཡབ་ཡུམ་དབང་བསྐུར་བས༔ མ་རིག་སྟོང་པའི་ཡུལ་ལ་བསྐུར༔ རིག་པ་རང་གྲོལ་དབང་ཐོབ་ཤོག༔ ཨོཾ་བུདྡྷ་ཀྲོ་ཏི་མ་ཧཱ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་ཏི་ཤྭ་རི་ཧཱུཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཞེ་སྡང་རྣམ་པར་དག་པའི་ཕྱིར༔ བཛྲ་ཧེ་རུ་ཀ་ཡབ་ཡུམ་དབང་བསྐུར་བས༔ ཁོང་ཁྲོ་ཞེ་སྡང་དག་པར་བསྐུར༔ ཉོན་མོངས་གཅོང་ནད་བྱང་གྱུར་ཅིག༔ ཨོཾ་བཛྲ་


CMR005_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ༔ བཛྲ་ཀྲོ་ཏི་ཤྭ་རི་སྟཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ང་རྒྱལ་རྣམ་པར་དག་པའི་ཕྱིར༔ རཏྣ་ཧེ་རུ་ཀ་ཡབ་ཡུམ་དབང་བསྐུར་བས༔ བྱམས་པ་ཆེན་པོའི་ཡུལ་དུ་བསྐུར་ང་བདག་འགོང་པོ་ཞི་གྱུར་ཅིག༔ ཨོ་རཏྣ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ༔ རཏྣ་ཀྲོ་ཏི་ཤྭ་རི་སྟེ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ འདོད་ཆགས་རྣམ་པར་དག་པའི་ཕྱིར༔ པདྨ་ཧེ་རུ་ཀ་ཡབ་ཡུམ་དབང་བསྐུར་བས༔ འདོད་པའི་རྒྱལ་པོ་ཁྱོད་ལ་བསྐུར༔ ཆགས་ཞེན་རང་རྒྱུད་གྲོལ་གྱུར་ཅིག༔ ཨོཾ་པདྨ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ༔ པདྨ་ཀྲོ་ཏི་ཤྭ་རི་སྟཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཀརྨ་ཧེ་རུ་ཀ་ཡབ་ཡུམ་དབང་བསྐུར་བས་གཟུང་འཛིན་བདག་པོ་ཁྱོད་ལ་བསྐུར༔ ཉོན་མོངས་ཕྲག་དོག་གྲོལ་གྱུར་ཅིག༔ ཨོཾ་ཀརྨ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ༔ ཀརྨ་ཀྲོ་ཏི་ཤྭ་རི་སྟཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཁྲག་འཐུང་རིགས་ལྔའི་དབང་བསྐུར་བས༔ དུག་ལྔ་མ་སྤངས་གནས་དག་ནས༔ ཧེ་རུ་ཀ་སྐུ་ལྔའི་དབང་ཐོབ་པར་གྱུར་


CMR005_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

རྟེག༔ དབྱིངས་ཕྱུག་ཡུམ་ལྔའི་དབང་བསྐུར་བས༔་ཡུལ་ལྔའི་རྟོག་པ་གནས་སུ་དག་ནས༔ ཀྲོ་ཏི་ཤྭ་རི་ཡུམ་ལྔའི་དབང་དང་དངོས་གྲུབ་ཐོབ་པར་གྱུར་ཅིག༔ ཧཱུྃ༔ མིག་གི་རྣམ་ཤེས་ཀོ་རིམ༔ སྣང་བ་དཀར་དམར་ཡུལ་གྱི་སེམས༔ རྟོག་ཚོགས་རང་སྣང་དབྱིངས་སུ་གྲོལ༔ ཀོ་རཱི་མ་ཡི་དབང་ཐོབ་ཤོག༔ ཀོ་རཱི་ཧ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྣ་བའི་རྣམ་ཤེས་ཅོ་རི་མ༔ སྣ་ཚོགས་རང་གྲོལ་ཡུལ་གྱི་སེམས་གྲགས་པ་རང་གྲོལ་དབྱིངས་སུ་གྲོལ༔ ཅོ་རཱི་སེར་མོའི་དབང་ཐོབ་ཤོག༔ ཙོ་རཱི་ཧ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྣ་ཡི་རྣམ་ཤེས་ཡུལ་གྱི་སེམས༔ དྲི་རྟོག་སྣ་ཚོགས་ཚོར་བའི་ཡུལ༔ འཛིན་མེད་ཤེས་པ་དབྱིངས་སུ་གྲོལ༔ པྲ་མོ་དམར་མོའི་དབང་བསྐུར་རོ༔ པྲ་མོ་ཧ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལྕེ་ཡི་རྣམ་ཤེས་བེ་ཏཱ་ལི༔ རོ་སྣང་རྟོག་ཚོགས་གསལ་བའི་ཡུམ༔ འཛིན་མེད་ཤེས་པ་དབྱིངས་སུ་གྲོལ༔ བེ་ཏཱ་ལྗང་གུའི་དབང་ཐོབ་ཤོག༔ བེ་ཏཱ་ལི་ཧ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཟུགས་ཀྱི་རྣམ་ཤེས་པུས་སཱི༔ རང་སྣང་སྣ་ཚོགས་རང་གྲོལ་ཞིང་༔ དངོས་པོ་འཛིན་པ་དབྱིངས་སུ་གྲོལ་


CMR005_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

པུསྐ་དམར་སེར་དབང་ཐོབ་ཤོག༔ པུས་སཱི་ཧ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡིད་ཀྱི་རྣམ་ཤེས་གྷསྨཱ་རི༔ འཁོར་བའི་རྟོག་ཚོགས་གཟུང་འཛིན་རྣམས༔ ཉོན་མོངས་བཞི་བཅུ་དབྱིངས་སུ་གྲོལ༔ གྷསྨ་ལྗང་གུའི་དབང་ཐོབ་ཤོག༔ གྷསྨ་རཱི་ཧ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཉོན་མོངས་རྣམ་ཤེས་ཙཎྜ་ལཱི༔ ཡིད་ཀྱི་འགྱུ་བ་དྲན་རྟོག་རྣམས༔ དངོས་མེད་ཆོས་ཉིད་དབྱིངས་སུ་གྲོལ༔ ཙཎྜ་ལཱི་སེར་སྐྱའི་དབང་ཐོབ་ཤོག༔ ཙཎྜ་ལཱི་ཧ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཀུན་གཞིའི་རྣམ་ཤེས་སྨེ་ཤ་ནི༔ མ་འགགས་རང་རྩལ་སྣ་ཚོགས་ངང་༔ དུག་ལྔ་རྣམ་དག་དབྱིངས་སུ་གྲོལ༔ སྨེ་ཤ་མཐིང་ནག་དབང་ཐོབ་ཤོག༔ སྨེ་ཤ་ནཱི་ཧ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཀོ་རི་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་ཀྱི་རྟོགས་པ་མ་སྤངས་དབྱིངས་སུ་དག་ནས༔ མཁའ་འགྲོ་དང་མ་མོ་རབ་འབྱམས་དབང་དུ་བསྡུ་བར་གྱུར་ཅིག༔ ཧཱུྃ༔ གཟུགས་ཕུང་རྣམ་དག་སེང་ཧ་ཕྲ་མེན་མ༔ མ་འགགས་རང་རྩལ་རང་བྱུང་གཟུགས༔ རྩལ་སྣང་རང་དག་དྲི་མ་མེད༔ སེང་ཧ་སྨུག་ནག་དབང་བསྐུར་བས༔ བར་དོའི་འཁྲུལ་སྣང་ཆོད་


CMR005_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤོག༔ སེང་ཧ་མུ་ཁ་ཧེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཚོར་ཕུང་རྣམ་དག་བྱ་ཁྲི་མ༔ ཞི་ཁྲོ་ཆོས་ཉིད་རང་བཞིན་སྒྲ༔ འབྲུག་སྟོང་སྣ་ཚོགས་རང་སྒྲ་སྒྲོག༔ བྱ་ཏྲི་དམར་མོའི་དབང་བསྐུར་བས༔ བར་དོའི་སྒྲ་དོན་རྟོགས་པར་ཤོག༔ བྱ་ཏྲི་མུ་ཁ་ཧེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔་དྲི་ཕུང་རྣམ་དག་སྲི་ལ་མ༔ ཡེ་ཤེས་དྲོད་རླན་སྤྲིན་ཕུང་གཏིབ་ཞི་ཁྲོ་དྲི་སྣང་ངོད་དང་ལྡན༔ སྲི་ལ་མུ་ཁའི་དབང་བསྐུར་བས༔ རྟོག་པའི་དྲི་མ་དང་བྲལ་ཤོག༔ སྲི་ལ་མུ་ཁ་ཧེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རོ་ཕུང་རྣམ་དག་ཤྭ་ན་མཐིང་༔ འབྱུང་བ་ལྔ་འདུས་རོ་མཆོག་བརྒྱདེ༔ ཡེ་ཤེས་ལྔ་ལྡན་འབྱུང་བ་ཆུ་ཤྭ་ན་མཐིང་ནག་དབང་བསྐུར་རོ༔ རོ་མཆོག་བརྒྱད་ལྡན་དབང་ཐོབ་ཤོག༔ ཤྭ་ན་མུ་ཁ་ཧེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རེག་ཕུང་རྣམ་དག་ཀྲི་ཏ་མ༔ རྡོ་རྗེ་རིན་ཆེན་པདྨ་གྲི༔ ཡེ་ཤེས་མཚོན་ཆ་སྔོན་དམར་ཐོགས༔ སྣང་བ་རེག་བྱ་དག་པའི་ཕྱིར༔ ཀྲི་ཏ་མུ་ཁའི་དབང་ཐོབ་ཤོག༔ ཀྲི་ཏ་མུ་ཁ་ཧེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་ཕུང་རྣམ་དག་ཀང་མ༔ ཡིད་དང་རྟོག་ཚོགས་རང་སར་གྲོལ༔ རང་བྱུང་རང་ཤར་རོལ་པ་ཆེ༔ ཆོས་


CMR005_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བརྡལ་བ་ཆེན་པོའི་ངང་༔ ཀངྐ་དམར་ནག་དབང་ཐོབ་ཤོག༔ ཀངྐ་མུ་ཁ་ཧེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡིད་ཆོས་རྣམ་དག་ཁ་ཁཱ་མ༔ འཁོར་བའི་གཅོང་སྙིང་གཏན་ནས་འབྱིན༔ རྒྱུད་དྲུག་ཡེ་ཤེས་དྲུག་ལ་སྦྱོར༔ ཁ་ཁུ་མུ་ཁའི་དབང་བསྐུར་རོ༔ ཁ་ཁཱ་མུ་ཁ་ཧེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཀུན་གཞིའི་ཕུང་པོ་ཧུ་ལུ་མཐིང་༔ བྱར་མེད་རང་བྱུང་རང་ཤར་ཉིད༔ ཤར་གྲོལ་སྣ་ཚོགས་རོ་གཅིག་ངང་༔ ཧུ་ལུ་མུ་ཁའི་དབང་བསྐུར་བས༔ ཉག་གཅིག་ཟངས་ཐལ་དབང་ཐོབ་ཤོག༔ ཧུ་ལུ་མུ་ཁ་ཧེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཧེ་ཧི་ཧི་ཧི༔ ཧོ༔ སྐལ་ལྡན་རྣམས་ལ་ཕྲ་མེན་སེང་ཧ་བརྒྱད་ཀྱི་དབང་བསྐུར་བས༔ ཡུལ་བརྒྱད་ཀྱི་རྟོག་པ་མ་སྤངས་གནས་སུ་དག་ནས༔ ཕྲ་མེན་རབ་འབྱམས་དབང་དུ་འདུ་བར་གྱུར་ཅིག༔ དེ་ནས་སྒོ་མ་བཞི་ཡི་དབང་བསྐུར་བ་ནི༔ ཛཿ སྙིང་རྗེ་ཚད་མེད་ལྕགས་ཀྱུ་མ༔ ཐུགས་རྗེས་ཉེ་རིང་མེད་པར་བཟུང་༔ འཁོར་བའི་སྡུག་བསྔལ་འདམ་ནས་འདྲེན༔ རྟ་གདོང་དཀར་མོའི་དབང་ཐོབ་ཤོག༔ ཛཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ བྱམས་པ་ཚད་མེད་ཞགས་པ་མ༔ མ་རིག་ལོག་རྟོག་འཆིངས་བར་བྱེད༔


CMR005_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པའི་ཞགས་པས་ཁམས་གསུམ་བཅིངས༔ ཕག་གདོང་སེར་མོའི་དབང་ཐོབ་ཤོག༔ ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ བཾ༔ དགའ་བ་ཚད་མེད་ལྕགས་སྒྲོག་མ་མ་རིག་ཉོན་མོངས་བསྡོམས་པར་བྱེད༔ ཁམས་གསུམ་འཁོར་བ་རྩད་ནས་གཅོད༔ སེང་གདོང་དམར་མོའི་དབང་ཐོབ་ཤོག༔ བཻ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ བཏང་སྙོམས་ཚད་མེད་དྲིལ་བུ་མ་སེམས་ཅན་མ་རིགས་ཡུལ་ཕྱུངས་ནས༔ ཀྱེ༔ ཚད་མེད་བཞི་ལྡན་དབྱིངས་སུ་གྲོལ༔ སྦྲུལ་གདོང་དྲིལ་བུའི་དབང་ཐོབ་ཤོག༔ ཧོ༔ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རྣམས་ལ་རྟ་གདོང་སྒོ་མ་བཞིའི་དབང་བསྐུར་བས༔ སྐྱེ་གནས་བཞི་པོ་རྣམ་པར་དག་ནས༔ ཕྲིན་ལས་རྣམ་བཞིས་སེམས་ཅན་གྱི་དོན་ཐོགས་པ་མེད་པར་བྱེད་ནུས་པར་གྱུར་ཅིག༔ དེ་ནས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་དབང་བསྐུར་བ་ནི༔ ཧཱུྃ༔ མིག་གི་རང་བཞིན་སྲིན་མོ་སྨུག༔ གཡག་གདོང་ཕྱག་ན་རྡོ་རྗེ་བསྣམས༔ ཐབས་དང་ཤེས་རབ་གཉིས་སུ་མེད༔ རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ༔ བྷོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྣ་བའི་རང་བཞིན་ཚངས་པ་སེར༔ སྦྲུལ་གདོང་ཕྱག་ན་པདྨ་


CMR005_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས༔ དྲི་མེད་དག་པ་དབྱིངས་སུ་སྦྱོར༔ རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ༔ བྷྱོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྣ་ཡི་རང་བཞིན་ལྷ་ཆེན་དཀར༔ གཟིག་གདོང་ཕྱག་ན་ཏྲི་ཤུལ་འཛིན༔ ཉོན་མོངས་བཞི་བཅུ་རྩད་ནས་གཅོད༔ རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ༔ བྷྱོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལྕེ་ཡི་རང་བཞིན་གཏོགས་འདོད་སྔོ༔ སྲེ་གདོང་ཕྱག་ན་འཁོར་ལོ་བསྣམས༔ འཁོར་བའི་ལས་མཐའ་རྩད་ནས་གཅོད༔ རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ༔ བྷྱོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལུས་ཀྱི་རང་བཞིན་གཞོན་ནུ་དཀར༔ དྲེད་གདོང་ཕྱག་ན་མདུང་ཐུང་བསྣམས༔་སྐྱེ་ཤི་རྩད་གཅོད་ཉོན་མོངས་སྒྲོལ༔ རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ༔ བྷོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སེམས་ཀྱི་རང་བཞིན་བརྒྱ་བྱིན་དཀར༔ དོམ་གདོང་ཕྱག་ན་རྒྱུ་ཞགས་འཛིན༔ འཁོར་བའི་ལོག་རྟོག་འདྲེན་པར་བྱེད༔ རྣལ་འབྱོར་དབང་ཕྱུག་དབང་བསྐུར༔ བྷྱོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཀུན་གཞིའི་རང་བཞིན་རྡོ་རྗེ་སེར༔ ཕ་ཝང་ཕྱག་ན་སྤུ་གྲི་བསྣམས༔་མ་རིག་ཉོན་མོངས་རྩད་ནས་གཅོད༔ རྣལ་འབྱོར་དབང་ཕྱུག་


CMR005_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་རོ༔ བྷྱོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཟུགས་ཀྱི་རང་བཞིན་ཞི་བ་དམར༔ ཆུ་སྲིན་ཕྱག་ན་བུམ་པ་འཛིན༔ བདུད་རྩིའི་དངོས་གྲུབ་སྟེར་བར་མཛད༔ རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ༔ བྷོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྒྲ་ཡི་རང་བཞིན་བདུད་རྩི་སེར༔ སྡིག་གདོང་ཕྱག་ན་པདྨ་བསྣམས༔ འདོད་པའི་ཆགས་པ་དབྱིངས་སུ་སྒྲོལ༔ རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ༔ དྷཱི༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྲིད་པའི་རང་བཞིན་ཟླ་བ་དཀར༔ ཁྲ་མགོ་ཕྱག་ན་རྡོ་རྗེ་འཛིན༔ ཉོན་མོངས་འདོད་ཆགས་འཇོམས་པར་བྱེད༔ རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ༔ བྷོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དྲི་ཡི་རང་བཞིན་བེ་ཅོན་ལྗང་༔ ཝ་གདོང་ཕྱག་ན་དབྱུག་ཏོ་འཛིན༔ ཉོན་མོངས་ང་རྒྱལ་འཇོམས་པར་བྱེད༔ རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ༔ བྷོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རོ་ཡི་རང་བཞིན་སྲིན་མོ་ནག༔ སྟག་གདོང་ཕྱག་ན་ཐོད་ཁྲག་འཛིན༔ ཉོན་མོངས་རྣམ་རྟོག་ཞལ་དུ་གསོལ༔ རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ༔ བྷྱོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རེག་བྱའི་རང་བཞིན་


CMR005_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་བ་ལྗང་༔ བྱ་རྒོད་ཕྱག་ན་བེ་ཅོན་བསྣམས༔ འདོད་ཆགས་རྩད་ནས་འཇོམས་པར་བྱེད༔ རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ༔ བྷོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལུས་ཀྱི་རང་བཞིན་དགའ་བ་དམར༔ རྟ་གདོང་ཕྱག་ན་ཁོག་ཆེན་བསྣམས༔ འཁོར་བའི་ལོག་རྟོག་ཕྲལ་བར་བྱེད༔ རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ༔ བྷོ༔ ཨ་བྷི་ཥིཉྩཧཱུྃ་ཧཱུྃ༔ སེམས་ཀྱི་རང་བཞིན་སྟོབས་ཆེན་སྔོ༔ ཁྱུང་གདོང་ཕྱག་ན་དབྱུག་ཏོ་བསྣམས༔ རྣམ་རྟོག་རྩད་ནས་གཅོད་པར་བྱེད༔ རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ༔ བྷོ༔ ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ མིག་གི་རང་བཞིན་སྲིན་མོ་དམར༔ ཁྱི་གདོང་ཕྱག་ན་རྡོ་རྗེ་འཛིན་དཀྱིལ་འཁོར་གསུམ་གྱི་མེལ་ཚེ་བྱེད༔ རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ༔ བྷྱོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྣ་ཡི་རྣམ་ཤེས་འདོད་པ་དམར༔ པུ་ཤུད་ཕྱག་ན་མདའ་གཞུ་འཛིན༔ འཁོར་བའི་ལོག་རྟོག་ཞེ་ལ་གནོན༔ རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ༔ བྷྱོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྣ་བའི་རང་བཞིན་ནོར་སྲུང་ལྡང་༔ ཤཱ་ཝའི་མགོ་ཅན་བུམ་པ་འཛིན༔ འདོད་པའི་རོ་ལ་ཆགས་པ་


CMR005_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

མོ༔ རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ༔ བྷོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལྕེ་ཡི་རྣམ་ཤེས་རླུང་ལྷ་ལྗང་༔ སྤྱང་ཀིའི་མགོ་ཅན་བ་དན་ཕྱར༔ མ་རིག་བསྐལ་བའི་རླུང་བཞིན་བརྗོད༔ རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ༔ བྷོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལུས་ཀྱི་རྣམ་ཤེས་མི་མོ་དམར་སྐྱིན་གྱི་མགོ་ཅན་གསལ་ཤིང་ནི༔ ལོག་པར་ལྟ་བ་སྒྲོལ་བར་བྱེད༔ རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ༔ བྷྱོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡིད་ཀྱི་རྣམ་ཤེས་ཕག་གདོང་ནག༔ ཕག་གི་མགོ་ཅན་མཆེ་ཞགས་འཛིན༔ མ་རིག་ཉོན་མོངས་ཟ་བར་བྱེད༔ རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ༔་བྷོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཀུན་གཞིའི་རྣམ་ཤེས་རྡོ་རྗེ་དམར་ལུ་གདོང་ཕྱག་ན་ཞིང་ཆུང་བསྣམས༔ གཞན་སྣང་ཐམས་ཅད་ཟིལ་གྱིས་གནོན༔ རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ༔ བྷོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རོ་ཁམས་ཕུང་པོ་སྣ་ཆེན་ལྗང་༔ གླང་གི་མགོ་ཅན་བཻ་ཆེན་འཛིན༔ མཁའ་ལ་རང་བཞིན་ཤུགས་ཀྱིས་འགྲོ༔ རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ༔ བྷྱོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དྲི་


CMR005_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་རྣམ་དག་ཆུ་ལྷ་སྔོ༔ སྦྲུལ་གདོང་ཕྱག་ན་སྦྲུལ་ཞགས་བསྣམས༔ ཉོན་མོངས་ཞེ་སྡང་གནས་སུ་གྲོལ༔ རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ༔ བྷྱོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྙིང་རྗེའི་རང་བཞིན་རྡོ་རྗེ་དཀར༔ ཁུ་བྱུག་མགོ་ཅན་ལྕགས་ཀྱུ་འཛིན༔ མ་རིག་སེམས་ཅན་འདྲེན་པར་བྱེད༔ རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ༔ བྷྱོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བྱམས་པའི་རང་བཞིན་རིན་ཆེན་སེར༔ ར་ཡི་མགོ་ཅན་ཞགས་པ་འཛིན༔ ལོག་པར་ལྟ་བ་འཆིང་བར་བྱེད༔ རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ༔ བྷོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དགའ་བའི་རང་བཞིན་པདྨ་དམར༔ སེངྒེའི་མགོ་ཅན་ལྕགས་སྒྲོག་འཛིན་༔ བདག་ཏུ་ལྟ་བ་སྡོམ་པར་བྱེད༔ རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ༔ བྷོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཏང་སྙོམས་རང་བཞིན་རྒྱ་གྲམ་ལྗང་༔ སྦྲུལ་གདོང་ཕྱག་ན་དྲིལ་བུ་འཛིན་མཚན་མར་ལྟ་བ་སྒྲོལ་བར་བྱེད༔ རྣལ་འབྱོར་དབང་ཕྱུག་དབང་བསྐུར་རོ༔ བྷྱོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི་དབང་བསྐུར་བས་


CMR005_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་རྟོག་ཚོགས་གནས་སུ་དག་ནས་མ་མོ་རབ་འབྱམས་དང་དམ་ཅན་རྣམས་ཀྱི་སྲོག་དབང་ཐོབ་པར་གྱུར་ཅིག༔ འོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ཁྲག་འཐུང་དྲུག་ཅུའི་ལྷ་ཚོགས་དེ་རྣམས་ཀྱང་༔ གཞན་དུ་གུད་དུ་མི་དམིགས་ཏེ༔ རང་གི་ཉོན་མོངས་པའི་རྟོག་ཚོགས་མ་སྤངས་གནས་སུ་དག་ནས་རང་བཞིན་མེད་པར་ཤེས་པ་ཉིད་ཁྲག་འཐུང་དྲུག་ཅུའི་སྣང་བ་ཡིན་ནོ༔ དེ་མཚོན་པའི་བརྡར་རང་གི་ཀླད་པ་དུང་ཁང་གི་གཞལ་ཡས་ན༔ ཁྲག་འཐུང་གི་ལྷ་ཚོགས་ཐམས་ཅད་སྐུ་ཚོམ་བུ་རུ་ཤིགས་སེ་དངོས་སུ་བཞུགས་ནས་ཡོད་དོ༔ ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་རྣམས་སྙིང་ཁ་ཆོས་ཀྱི་འཁོར་ལོ་ན་འོད་ཀྱི་སྐུ་རུ་བུམ་སྐུའི་ཚུལ་དུ་དངོས་སུ་བཞུགས་ནས་ཡོད་དོ་གཞན་ཡང་རྩ་ཐམས་ཅད་དཔའ་བོའི་རང་བཞིན་ནོ༔ རླུང་ཐམས་ཅད་དཔའ་མོའི་རང་བཞིན་དུ་གནས་སོ༔ ཐིག་ལེ་དཀར་ཆ་ཐམས་ཅད་ལོངས་སྐུ་ཞི་ཁྲོ་ཡབ་ཀྱི་ཚུལ་དུ་གནས་སོ༔་རཀྟ་དམར་ཆ་ཐམས་ཅད་ལོངས་སྐུ་ཞི་ཁྲོ་ཡུམ་གྱི་ཚུལ་དུ་གནས་སོ༔ བ་སྤུ་བྱེ་བ་ས་ཡ་ནི་མཁའ་འགྲོ་མ་བྱེ་བ་ས་ཡའི་རང་བཞིན་དུ་གནས་སོ༔ དེ་བས་ན་རང་གི་ལུས་འདི་ཉིད་རྒྱལ་


CMR005_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་ཡིན་པས་འདི་ལ་བརྙས་པ་དང་༔ མནར་བ་དང་༔ བསད་པ་དང་༔ བརྡུང་བ་དང་༔ དཀའ་ཐུབ་ལ་སོགས་པས་རྒུད་དུ་ཡང་མ་བཅུག་པར༔ བཟའ་བཏུང་ཐམས་ཅད་ཚོགས་འཁོར་གྱི་ཚུལ་དུ་མཆོད་ཅིག༔ རྒྱན་དང་གོས་རྣམས་མཛེས་ཤིང་ཡིད་དུ་འོང་བ་རྣམས་ཀྱང་༔ ཞེན་པ་མེད་པའི་ཚུལ་གྱིས་མཆོད་པ་རྒྱུན་མི་འཆད་པར་གྱིས་ཤིག༔ དེ་ནས་རང་ཉིད་འཆི་བའི་ཚེ་ན་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་རང་གི་ལུས་ལས་ཐོན་ཏེ་ནམ་མཁའ་དང་བར་སྣང་ལ་འཆར་བར་འགྱུར་རོ༔ དེའི་དུས་སུ་སྒྲ་འོད་ཟེར་གསུམ་ལ་མ་འཇིགས་མ་སྔངས་མ་སྐྱག་པར་ད་ལྟ་དབང་བསྐུར་བའི་ཡི་དམ་གྱི་ལྷ་ཡིན་པས༔ ཡིན་པར་ངོ་ཤེས་པར་གྱིས་ཤིག༔ དེ་དུས་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་དུ་འོང་ངོ་༔ ཞེས་ངོ་སྤྲོད་རྒྱས་པར་བྱའོ༔ དེ་ནས་རྒྱལ་སྲིད་སྣ་བདུན་གྱི་དབང་བསྐུར་བ་ནི༔ ཧཱུྃ༔ འཁོར་ལོ་རིན་ཆེན་རྣམ་བཅུ་ལྡན༔ འཁོར་བའི་འཁོར་ཚོགས་རྒྱུན་བཅད་ནས༔ ཆོས་ཀྱི་འཁོར་ལོ་སྐོར་བྱེད་དབང་༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ༔ བཙུན་མོ་རིན་ཆེན་བསོད་


CMR005_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་གཏེར༔ ཕ་རོལ་ཕྱིན་བཅུའི་གཟུགས་དང་ལྡན༔ ཚེ་དང་ལོངས་སྤྱོད་རྒྱས་པའི་དབང་༔ ཡིད་བཞིན་དཔལ་འབྱོར་ཐོབ་པར་ཤོག༔ པྲཛྙཱ་པཱ་ར་མི་ཏ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ༔ ནོར་བུ་རིན་ཆེན་མཆོག་གསུམ་གནས༔ བསོད་ནམས་ཚོགས་གཉིས་མྱུར་རྫོགས་ཤིང་༔ དངོས་གྲུབ་ཐམས་ཅད་འབྱུང་བའི་གནས༔ ལྷན་ཅིག་ནོར་བདུན་ཕྱུག་པར་ཤོག༔ ཨོཾ་མ་ཧཱ་རཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྱིམ་བདག་རིན་ཆེན་སྣ་བདུན་ལྡན༔ གང་ལ་ཅི་འདོད་དཔག་བསམ་འདྲ༔ གཞན་དོན་ཚོགས་གཉིས་མྱུར་རྫོགས་ཤིང་༔ ཤེས་བྱ་ཐོགས་མེད་དབང་ཐོབ་ཤོག༔ མ་ཧཱ་མ་ནི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བློན་པོ་རིན་ཆེན་དམག་དཔོན་མཆོག༔ བརྩོན་འགྲུས་གོ་གྱོན་འཁོར་བ་འཇོམས༔ ཐབས་ལྡན་སྐྱབས་མཆོག་དབང་མཆོག་འདི༔ འཇིགས་ཚོགས་ལྟ་བ་འཇོམས་པར་ཤོག༔ མ་ཏི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྟ་མཆོག་རིན་ཆེན་ས་ལམ་བགྲོད༔ འཁོར་བའི་རྒྱ་མཚོ་སྤྲིན་བསྡུས་འཆང་༔ བདེ་ཆེན་ཐར་ལམ་ཞིང་དུ་བགྲོད༔ རྫུ་འཕྲུལ་རྐང་པའི་དབང་ཐོབ་ཤོག༔ ཀ་ལ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ༔ གླང་པོ་རིན་


CMR005_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཐེག་པ་ཆེ༔ བདུད་སྡེ་འཇོམས་པའི་དཔུང་དང་ལྡན༔ སྟོབས་དག་གཞན་གྱི་དོན་བྱེད་ཅིང་༔ ཡང་དག་སྙིང་པོའི་དོན་རྟོགས་ཤོག༔ ཧ་ཏི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ རྒྱལ་སྲིད་སྣ་བདུན་གྱི་དབང་བསྐུར་བས༔ བདེ་ལེགས་ཕུན་སུམ་ཚོགས་པ་དང་༔ འཕགས་པའི་ནོར་བདུན་དང་ལྡན་ནས༔ གཞན་དོན་དཔག་མེད་འགྲུབ་པའི་དབང་ཐོབ་པར་གྱུར་ཅིག༔ དེ་ནས་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་བསྐུར་བ་ནི༔ མེ་ཏོག་གི་ཆར་ཕབ་རོལ་མོ་སྣ་ཚོགས་སྦིར་ལ༔ ཧཱུྃ༔ སྐྱོབས་པ་གསེར་གདུགས་བླ་ན་མེད༔ འགྲོ་དྲུག་ཚ་གདུང་སེལ་བར་ཤོག༔ གསེར་ཉ་ཤེས་རབ་མིག་དང་ལྡན༔ ༔ འཁོར་འདས་ཆོས་རྣམས་འབྱེད་པར་ཤོག༔ དུང་དཀར་གསུང་དབྱངས་ང་རོ་ལྡན༔ ཆོས་ཀྱི་སྒྲ་དབྱངས་ཀུན་ཐོབ་ཤོག༔ པདྨ་དྲི་མེད་མདངས་དང་ལྡན༔ ཆོས་རྣམས་ཀྱིས་ནི་ཆར་འབེབས་ཤོག༔ བུམ་པ་དགོས་འདོད་ཀུན་འབྱུང་བས། སེམས་ཅན་སྨིན་ཅིང་གྲོལ་བར་ཤོག༔ དཔལ་བེའུ་ཇི་ལྟ་ཇི་སྙེད་མཁྱེན༔ ཐོས་བསམ་སྒོམ་གསུམ་མཐར་ཕྱིན་ཤོག༔ རྒྱལ་མཚན་ཐེག་ཆེན་རྩེ་མོར་སྟོན༔ བསྟན་པ་མི་


CMR005_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་དབང་ཐོབ་ཤོག༔ འཁོར་ལོ་འགྲོ་དྲུག་སྡུག་བསྔལ་སྐྱོབས༔ འཁོར་བ་དོང་སྤྲུགས་དབང་ཐོབ་ཤོག༔ རིགས་ཀྱི་བུ་ཁྱེད་རྣམས་ལ་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་བསྐུར་བས༔ རྒྱལ་བུ་རྒྱལ་སར་ཐོན་པས་རྒྱལ་འབངས་འཁོར་རྣམས་མངའ་འོག་ཏུ་ཚུད་པ་ལྟར་དབང་བཞི་ཡོངས་རྫོགས་ཐོབ་པས། གཞན་དོན་དཔག་ཏུ་མེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་གནས་གསུམ་དུ་གཏུག་ཅིང་མེ་ཏོག་འཐོར༔ དེ་ནས་བླ་མ་ལ་སྐྱེམས་དྲངས་མཆོད་པ་ཕུལ་ལ་འདི་སྐད་ཞུ༔ ཀྱཻ་ཧོ༔ བླ་མ་རིན་པོ་ཆེ༔ དེ་ལྟར་དབང་བསྐུར་ཡོན་ཏན་གང་༔ བདག་ཅག་རྣམས་ལ་བསྟན་དུ་གསོལ༔ ཅེས་ལན་གསུམ་ཞུའོ༔ དེ་ནས་བླ་མས༔ རྒྱུད་ལས་འདི་སྐད་གསུངས༔ དེ་ལྟར་དབང་བསྐུར་ཡོན་ཏན་གྱི༔ བསྐྱེད་རིམ་ལྷ་སྐུ་སྒོམ་ལ་དབང་༔ འབྲས་བུ་སྤྲུལ་པའི་སྐུ་ཡང་ཐོབ༔ དྲི་མ་ལུས་ཀྱི་དྲི་མ་དག༔ ཡོན་ཏན་ལུས་ལ་བདེ་བ་རྒྱས༔ ས་ཡང་བརྒྱུད་པ་མན་ཆད་ཐོབ༔ ཕྲིན་ལས་བཞི་པོ་ལྷུན་གྲུབ་གྱུར༔ བླ་མ་ཡོན་གྱིས་མཉེས་པར་བྱ༔ སྨན་དང་འབྲུ་ཡི་མཎྜལ་འབུལ༔ ཞེས་བརྗོད༔ ཚོགས་འཁོར་བསྐོར་ཞིང་ལྷག་ཆད་བསྐང་༔ བསྔོ་བ་སྨོན་ལམ་རྒྱས་


CMR005_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གདབ་བཀྲ་ཤིས་བརྗོད༔ དམིགས་མེད་ངང་ལ་ལྷོད་ལ་བཞག༔ རྒྱུད་ཚོགས་དགའ་སྟོན་བཀྲ་ཤིས་བརྗོད༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ དབང་བཞི་འཕྲད་ཚད་རང་གྲོལ་གྱི༔ སྤྲོས་བཅས་བུམ་དབང་ཆེན་མོ་བསྐུར་བའི་ལེའུའོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔་སརྦ་མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་དབང་བཞི་འཕྲད་ཚད་རང་གྲོལ་གྱི་མགྱོགས་དབང་སྐུར་བའི་ཕྱག་ལེན།


CMR005_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། དབང་བཞི་འཕྲད་ཚད་རང་གྲོལ་གྱི་མགྱོགས་དབང་སྐུར་བའི་ཕྱག་ལེན་བསྒྲིགས་ཆོག་ཏུ་བཀོད་པ་བཞུགས།


CMR005_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །འདིར་ཞི་ཁྲོའི་སྒྲུབ་ཆེན་ནམ། ན་རཀ་བཤགས་བསྐང་ལས་བྱང་ཚོར་བ་རང་གྲོལ་སོགས་རྒྱས་བསྡུས་གང་རུང་ལ་བརྟེན་པའི་དབང་རྫས་སོགས་འདུ་བྱས་ལ་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་ཚོགས་པར་བྱས་ལ། རྒྱས་པར་ན་སྟ་གོན་རྣམས་བུམ་དབང་ཆེན་མོ་ལྟར་བྱ་དགོས་ལ། བསྡུས་པར་ན་ལས་བྱང་རྒྱས་བསྡུས་གང་རུང་སྔོན་དུ་སོང་ནས། སློབ་མ་རྣམས་མདུན་དུ་འཁོད། ཁྲུས་བྱ། མེ་ཏོག་བཀྲམ་བསྡུ། བགེགས་ལ་གཏོར་མ་སྦྱིན་པ་ནི། ཨ་ཀཱ་རོ་སོགས། འདོད་པའི་ཡོན་ཏན་ལྔར་བྱིན་བརླབས། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། མཆོད་སྦྱིན་གྱི་གླུད་གཏོར་རྒྱ་ཆེན་པོ་འདི་བསྔོ་ཞིང་སྦྱིན་པའི་གནས་ནི། འདིར་འདུས་ཤིང་


CMR005_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

འཚོགས་པ་ཐམས་ཅད་ཀྱི་ཚེ་རབས་ཐོག་མེད་ནས་ལན་ཆགས་པའི་མགྲོན་རྣམས་དང་། ཁྱད་པར་དུ་བདག་ཅག་གི་དབང་ཟབ་མོ་བསྐུར་བ་ལ་བར་དུ་གཅོད་པར་བྱེད་པའི་གནོད་བྱེད་གདོན་བགེགས་འབྱུང་པོ་རྣམས་ལ་སྦྱིན་ནོ༔ བསྔོའོ་ཚིམ་པར་གྱིས་ལ་བདག་ཅག་དཔོན་སློབ་དགོན་སྡེ་གྲྭ་ཚང་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་མ་བྱེད་ལ་སོ་སོ་རང་རང་གནས་སུ་བྱེར་ཞིག་དེངས་ཤིག ། སརྦ་བིགྷཾ་ཨུཙྪཱ་ཏ་ཡ་གརྫ་གརྫ་ཧཱུྃ་ཕཊ༔ གཏོར་མ་ཕྱིར་དོར་མེ་ཆུ་ཡི་ཐུན་བརྡེག །ཡུངས་ཀར་བྲབ་གུ་གུལ་བདུག །བཀའ་བསྒོ་མཚམས་བཅད་བསྲུང་བའི་གུར་ཁང་དང་ལྡན་


CMR005_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །དེ་ནས་མཎྜལ་ཕུལ་ནས། གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ རིགས་དྲུག་གནས་སུ་ལྟུང་བ་ཡི༔ སྐྱབས་བྲལ་མགོན་མེད་སེམས་ཅན་ལ༔ ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ༔ ལན་གསུམ་གྱི་རྗེས་སུ། དབང་གི་ལོ་རྒྱུས་རྒྱས་བསྡུས་གསུམ་གང་རིགས་ལ་འཇུག་གོ །བསྡུས་པར་ན། འོ་ན་ད་ལམ་ཁྱེད་རང་རྣམས་ཐོབ་དཀའ་བའི་མི་ལུས་རིན་ཆེན་འདི་ཐོབ་པའི་དུས་འདིར་ཚུལ་བཞིན་དུ་ཉམས་སུ་ལེན་མ་ནུས་ན་ཡང་། ལན་གཅིག་ཐོས་པ་ཙམ་གྱིས་ཀྱང་བར་དོའི་འཇིགས་སྐྲག་ཐམས་ཅད་ལས་གྲོལ་ནུས་པའི་ཆོས་ཟབ་མོ་བར་དོ་ཐོས་གྲོལ་ཆེན་མོའི་དབང་བསྐུར་རྒྱས་པ་འཕྲད་ཚད་རང་གྲོལ། འབྲིང་པོ་འགྲོ་དྲུག་རང་གྲོལ། བསྡུས་པ་གཏོར་དབང་རེག་པ་དོན་ལྡན་ནམ། ཞེས་བྱ་བ་ཞུ་བས་ཆོག་པ་ཡིན་པས་འདི་སྐལ་པ་ཤིན་ཏུ་བཟང་བ་ཡིན། དེ་ཡང་སྔོན་རྒྱལ་པོའི་བུ་ཞིག་གིས་ཕྲག་དོག་བྱས་ནས་རང་གི་སློབ་དཔོན་བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ་རིག་པའི་གནས་ལྔ་ལ་མཁས་པ་དེ་ཆད་པ་དུ་མ་བཅད་ནས་བསད་པས། དེའི་རྣམ་སྨིན་གྱིས་རྒྱལ་པོ་ཡི་བུ་དེ་ཉིད་སེམས་ཅན་ལུས་སྲུལ་པོ་ཅན་ཞེས་བྱ་བ་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་


CMR005_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གཅིག་ལ་མྱོང་བ་ཞིག་ཏུ་སྐྱེས་པའི་ཚེ། དེ་ཐར་བའི་ཐབས་ལ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་རྒྱུད་གསུངས་ཤིང་སེམས་ཅན་དེ་ཡི་རྣ་བར་ཁྲོ་བོའི་མཚན་སྔགས་དང་གསང་སྔགས་བསྒྲིག་ཅིང་དབང་བསྐུར་ན་ཐར་གསུངས་ནས། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་སོགས་ཀྱིས་དེ་ལྟར་མཛད་པས། སེམས་ཅན་དེ་དམྱལ་བ་ནས་ཐར་ཏེ་ལྷ་ཡི་གནས་སུ་རིག་འཛིན་མི་ཡི་ཐོད་པ་ཅན་ཞེས་བྱ་བར་སྐྱེས་སོ། །དེ་ནས་ཆོས་འདི་ཡི་བརྒྱུད་ཚུལ་ནི༔ ཆོས་སྐུ་ཀུན་ཏུ་བཟང་པོ༔ དྲུག་པ་རྡོ་རྗེ་འཆང་ཆེན༔ དེས་སྟོན་པ་རྡོ་རྗེ་སེམས་དཔའ་ལ་དགོངས་པས་བྱིན་གྱིས་བརླབས་པས༔ རྒྱལ་བ་དགོངས་པའི་བརྒྱུད་པ་ཞེས་བྱའོ༔ དེས་རྒྱ་གར་གྱི་རིག་འཛིན་དགའ་རབ་རྡོ་རྗེ༔ དེས་རྒྱ་ནག་གི་རིག་འཛིན་ཤྲཱི་སེང་ཧ༔ དེས་ཨོ་རྒྱན་ཡུལ་གྱི་རིག་འཛིན་པདྨ་འབྱུང་གནས་ལ་བརྡའ་ཡི་སྒོ་ནས་བསྟན་པས་རིག་འཛིན་བརྡའ་ཡི་བརྒྱུད་པ་ཞེས་བྱའོ༔ དེ་ནས་ཨོ་རྒྱན་རིན་པོ་ཆེ་བོད་དུ་བྱོན་ནས༔ ལོ་ཙཱ་བ་ཀླུ་ཡི་རྒྱལ་མཚན་ལ་སོགས་པ་རྗེ་འབངས་རྣམས་ལ་ཆོས་འདི་སྙན་བརྒྱུད་དུ་གནང་ངོ་༔ དེ་ཡི་ཚེ་སྡིག་བློན་ཤ་ཏ་ཞེས་བྱ་བས་


CMR005_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཆོས་བྲོས་ལ་བྱོན་ནས༔ གནས་ལ་མ་སོང་བ་ལ་ཆད་པ་མང་པོ་བཅད་པའི་རྣམ་སྨིན་གྱིས་བློན་པོ་དམྱལ་བ་ཆེན་པོ་མནར་མེད་དུ་སྐྱེས་པའི་ཚེ༔ དེ་འདྲེན་པའི་ཕྱིར་ཡེ་ཤེས་མཚོ་རྒྱལ་དམྱལ་བར་བྱོན་པས་ཇི་ལྟར་བྱས་ཀྱང་བློན་པོ་འདྲེན་མ་ཐུབ་པས༔ ཇི་ལྟར་བྱས་ན་ཐར་བའི་ཐབས་ཡོད༔ ཅེས་གཤིན་རྗེའི་ལས་མཁན་ལ་དྲིས་པས་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེས་ན་ཐར༔ གཞན་ཇི་ལྟར་བྱས་ཀྱང་ཐར་ཐབས་མེད་ཟེར་བ་ལ་བརྟེན་ནས༔ ལྷ་ལྕམ་གྱིས་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེས་པ་ཙམ་གྱིས་ལྕགས་སྲེག་གི་ཁང་པ་ཡང་ཞིག༔ ལྕགས་སྲེགས་ཀྱི་ས་གཞི་ཡང་སིལ་བུར་གྱུར་ནས༔ བདུད་བློན་ཤ་ཏས་གཙོར་བྱས་པའི་འབུམ་ཚོ་ལྔ་དྲངས་སོ༔ དེ་ལྟར་ཆོས་འདི་ཤིན་ཏུ་ཟབ་པས༔ ནུབ་ཀྱིས་དོགས་ནས་ཞི་ཁྲོའི་དཔང་ཀོང་སོགས་བཀའ་མ་ཡང་དར་བར་མཛད༔ གཏེར་ཁ་ཡང་མང་དུ་སྦས་སོ༔ འདི་ནི་ལོ་ཙཱ་བ་ཀླུ་ཡི་རྒྱལ་མཚན་གྱི་སྤྲུལ་པ་གྲུབ་ཐོབ་ཀརྨ་གླིང་པས་དྭགས་ལྷ་སྒམ་པོའི་རྒྱབ་རི་ནས་གཏེར་ནས་བཏོན་ཏེ་མི་རབས་གསུམ་དུ་གཅིག་བརྒྱུད་སྙན་བརྒྱུད་དུ་མཛད༔ དེ་ནས་ཨོ་རྒྱན་རིན་པོ་ཆེས་ལུང་བསྟན་པ་ལྟར་བཀའ་


CMR005_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བབས་ཆོས་ཀྱི་རྒྱལ་མཚན་གྱིས་ཐམས་ཅད་ལ་རྒྱ་ཆེར་སྤེལ་བ་ཡིན་པས༔ གང་ཟག་སྙན་ཁུང་བརྒྱུད་པ་ཞེས་བྱའོ༔ གཏེར་བཏོན་ནས་ད་ལྟའི་བར་བརྒྱུད་པ་བཅུ་གཅིག་པ་ཡིན་ལ་མཐར་ཞི་ཁྲོའི་ཆོས་འདི་བྱང་ཕྱོགས་སུ་དར་ཞིང་རྒྱས་པར་ལུང་བསྟན་ཅིང་༔ དེ་ཡང་ཨོ་རྒྱན་རིན་པོ་ཆེའི་ཆོས་ཉིད་རྡོ་རྗེའི་གསུང་ལས༔ ཐོས་གྲོལ་འདི་ནི་མ་བསྒོམ་པར་སངས་རྒྱས་པའི་ཆོས༔ ཐོས་པ་ཙམ་གྱིས་གྲོལ་བ་ཐོབ་པའི་ཆོས༔ ཐོས་གྲོལ་ཆེན་མོ༔ སྡིག་པོ་ཆེ་གསེང་ལམ་ལ་ཁྲིད་པའི་ཆོས༔ སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་པའི་ཆོས༔ སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་པའི་ཆོས་ཟབ་མོ་ཡིན་ཏེ༔ ཆོས་འདིས་སླེབ་པའི་སེམས་ཅན་ངན་སོང་དུ་འགྲོ་བར་མི་སྲིད་དོ༔ མཚམས་མེད་པ་ལྔ་བྱས་པའི་མི་ཡི་རྣ་ལམ་དུ་ཐོས་ན་ཡང་ངེས་པར་གྲོལ་བར་འགྱུར་རོ༔ འཆི་ཁར་སངས་རྒྱས་པའི་མན་ངག་དུས་གསུམ་གྱི་སངས་རྒྱས་ཀྱི་བཀའ་སྩལ་ཡང་འདི་ལས་ལྷག་པའི་ཆོས་རྙེད་པ་མི་སྲིད་དོ༔ ཞེས་གསུངས་སོ༔ དེ་ལྟ་བུའི་སྐབས་སུ་འདིར་སློབ་མ་རྗེས་སུ་འཛིན་པར་བབས་པས༔ མཎྜལ༔ དེ་ལྟ་བུའི་དབང་ཟབ་མོ་ཞུ་བའི་དོན་དུ་གསོལ་བ་འདེབས་པ་


CMR005_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡི་རྗེས་ཟློས་མཛོད༔ ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་སོགས་འགྲོ་བ་མ་ལུས་པ༔ ལོག་པའི་ལམ་དུ་ཞུགས་པ་རྣམས༔ བདེ་ཆེན་ཐར་བའི་ལམ་སྟོན་འཚལ། ལན་གསུམ༔ སློབ་དཔོན་གྱིས་འདི་སྐད་དོ༔ ཨེ་མ་འདིར་འདུས་སྐལ་ལྡན་ལས་ཅན་རྣམས༔ སྔོན་ཚད་མ་རིག་རྨོངས་པའི་ལས་དབང་གིས༔ དུག་གསུམ་གྱིས་བཅིངས་ངན་སོང་གསུམ་དུ་མནར༔ དེང་ནས་བརྩམས་ཏེ་རྒྱལ་བའི་ཐུགས་རྗེ་ཡི༔ ཕོ་ཉས་བཟུང་ནས་དཀྱིལ་འཁོར་གྲལ་དུ་འཁོད༔ དོན་འབྲས་འདོད་ཕྱིར་དད་པའི་ཤུགས་བསྐྱེད་ལ༔ སྐུ་གསུམ་ཞིང་ཁམས་ཕོ་བྲང་འདིར་ཤོག་ཅིག༔ བླ་མེད་དོན་གྱི་སྙིང་པོ་སྦྱིན་པར་བྱ༔ ༈ མདུན་གྱི་ནམ་མཁར་དཀོན་མཆོག་གསུམ་དང་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་མངོན་སུམ་དུ་བཞུགས་པའི་དྲུང་དུ་སྐྱབས་སུ་འགྲོ་བ་ཞུ་སྙམ་པས་རྗེས་ཟློས་མཛོད༔ ཨེ་མ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ རྐང་གཉིས་གཙོ་བོ་སངས་རྒྱས་དང་༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་འཕགས་པའི་དགེ་འདུན་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ གསུམ་དང་༔ ཀུན་བཟང་ཞི་


CMR005_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོའི་ལྷ་ཚོགས་དང་༔ དམ་པ་རིགས་བརྒྱའི་ལྷ་ཚོགས་ལ༔ དེང་བཟུང་བླ་མེད་བྱང་ཆུབ་བར༔ གུས་པས་སྐྱབས་སུ་ཉེ་བར་མཆི༔ གསུམ། དེས་སྡོམ་པ་ཐམས་ཅད་གྱི་གཞི་རྟེན་སྐྱབས་སུ་འགྲོ་བའི་སྡོམ་པ་ལེགས་པར་ཐོབ་པ་དེས་བསླབ་བྱ་རྣམས་ལ་ཡང་བསླབ་པར་བྱས་ན་ཕན་ཡོན་དཔག་ཏུ་མེད་པར་གསུངས་སོ༔ ད་སྔགས་ཀྱི་ཐེག་པ་ལ་ཞུགས་པ་ལ་ཐེག་ཆེན་གྱི་སེམས་བསྐྱེད་པ་གལ་ཆེ་བས་འདི་ཡི་རྗེས་ཟློས་མཛོད༔ བླ་མ་ཀུན་བཟང་དགོངས་སུ་གསོལ༔ དེང་བཟུང་བྱང་ཆུབ་མ་ཐོབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ མ་དང་བུ་ཡི་འདུ་ཤེས་ཀྱིས༔ མ་སྒྲལ་བ་རྣམས་བསྒྲལ་བ་དང་༔ མ་གྲོལ་བ་རྣམས་དགྲོལ་བ་དང་༔ དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ གསུམ། དེ་དག་གིས་སེམས་བསྐྱེད་པ་སྔར་མ་ཐོབ་པ་ཡིན་ན་ཐོབ༔ ཐོབ་པ་གོང་དུ་འཕེལ་ཞིང་ཉམས་པ་སོར་ཆུད་པ་ཡིན་ནོ༔ བསྡུས་པའི་སྐབས་སློབ་མ་ལྷ་བསྐྱེད་ལ་འཇུག་གོ །ཡང་རིགས་ལྔའི་སྡོམ་པ་བཟུང་བའི་དོན་དུ་རྗེས་ཟློས་མཛོད༔ ཧོ༔ དཀོན་མཆོག་གསུམ་ཡང་མི་གཏོང་བསྒྲུབ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔


CMR005_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ དེ་བཞིན་རིགས་ཀྱི་དམ་ཚིག་ཏུ༔ དཀྱིལ་འཁོར་གསུམ་དང་འབྲལ་མི་བྱ༔ རྩ་བ་ཡན་ལག་དམ་ཚིག་ནི༔ མ་ལུས་བདག་གིས་ཡོངས་སུ་བཟུང་༔ ལན་གསུམ། དེ་ནས་དམ་ཚིག་རྡོ་རྗེ་མགོར་བཞག་ལ། ཧོ༔ འདི་ནི་རྡོ་རྗེའི་དམ་ཚིག་ཡིན༔ སྐུ་ཡི་དམ་ཚིག་ལུས་ཀྱིས་བསྲུང་༔ ཉམས་ན་ན་རཀ་དམྱལ་བར་ལྟུང་༔ བསྲུངས་ན་སྤྲུལ་སྐུའི་འགྲོ་དོན་འབྱུང་༔ གསུང་གི་དམ་ཚིག་ངག་གིས་བསྲུང་༔ ཉམས་ན་བྱོལ་སོང་གནས་སུ་སྐྱེ༔ བསྲུང་ན་ཆོས་སྐུ་གཉིས་ལྡན་ཐོབ༔ དམ་ཚིག་འབོག་པར་བྱའོ༔ དེ་ནས་དངོས་གྲུབ་པྲ་བརྟག་སོ་ཤིང་དོར་བ་འཁྱོར་ཆུ་བླུད་པ་དཔུང་སྐུད་གདབ་པ་རྨི་ལམ་བརྟག་པ་ཀུ་ཤ་གཏད་པ་འཛབ་དབྱངས་སྒྲོག་པ་དཀྱིལ་འཁོར་ཆེན་མོའི་སྟ་གོན་སྐབས་ཐོབ་སོགས་སྦྱར་བ་སྤྲོ་ན་བྱའོ༔ དེ་ནས་དཀྱིལ་འཁོར་དུ་འཇུག་པའི་ཡོན་དུ་མཎྜལ་ཕུལ༔ ས་གཞི་སྤོས་ཆུས་སོགས་རས་སྔོན་པོས་བཅིངས་ཏེ༔ ཨོཾ་ཙཀྵ་བྷནྡྲ་ཝ་ར་མ་ན་ཡ་


CMR005_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ མེ་ཏོག་གཏད་ལ། ཨ་ཁཾ་བཱི་ར་ཧཱུྃ༔ དེ་ནས་སློབ་མ་ལྷར་བསྐྱེད་པ་ལ་རྒྱས་པར་ན་ཚོར་བ་རང་གྲོལ་ལྟར་སྤྱན་འདྲེན་ཡན་ཆོད་དང་༔ བསྡུས་པར་ན༔ ཨོ་བཛྲ་ཨ་མྲྀ་ཏ་སོགས། སྲ་བྷུ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་པཾ་ལས་པདྨ་མ་ལས་ཉི་མ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བླ་མ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ཀ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་མཛད་པ་དེའི་པང་དུ་ཡུམ་ཀུན་ཏུ་བཟང་མོ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པས་ཡབ་ལ་འཁྱུད་པ་གཉིས་ཀ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་དཔྲལ་བར་ཨོ་མགྲིན་པར་ཨཱཿཐུགས་ཀར་ཧཱུཾ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཤར་ཕྱོགས་མངོན་པར་དགའ་བ༔ ལྷོ་ཕྱོགས་དཔལ་དང་ལྡན་པ༔ ནུབ་བདེ་བ་ཅན༔ བྱང་ཕྱོགས་ལས་རབ་རྫོགས་པ༔ དབུས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གཞན་ཡང་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པས་བསྐོར་བ་སྤྱན་དྲངས་ནས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་གཉིས་སུ་མེད་པར་གྱུར་པའི་མོས་པ་མཛོད་


CMR005_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག༔ ཨོ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ སྤོས་དང་རོལ་མོ་འབུལ་ལ་བྱིན་དབབ་པར་བྱའོ༔ དེ་ལྟར་དབབ་པའི་ཡེ་ཤེས་པ་དེ་ཉིད་མི་ཉམས་ཤིང་བརྟན་པར་བྱ་བའི་ཆེད་དུ་ཏིཥྛ་བཛྲ༔ མེ་ཏོག་དཀྱིལ་འཁོར་དུ་འབུལ་བསྡུས་པར་ན༔ པྲ་ཝེ་ཤ་ཡ་ཕཊ་པྲ་ཏིཙྪ་ཧོ༔ ཀྱེ་པདྨ་དྲི་མེད་ཅེས་བྱ་བའི་དེ་བཞིན་གཤེགས་པའོ༔ མིག་དར་བསལ་ལ༔ ཨོཾ་བཛྲ་ཛྷཱ་ན་ཙཀྟ་པྲ་ཝེ་ཤ་ཡ་ཕཊ༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ལུས་ངག་ཡིད་ཀྱི་དད་པ་བསྐྱེད༔ རྡོ་རྗེ་སེམས་དཔའི་རིགས་སུ་སྐྱེས༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་རློབས༔ དངོས་གྲུབ་ཐམས་ཅད་ཁྱོད་ཀྱིས་ཐོབ༔ དམ་ཚིག་སྔགས་ལ་བརྩོན་པར་གྱིས༔ ༈ དེ་ནས་དཀྱིལ་འཁོར་མཐོང་བ་རང་གྲོལ་བཤད་པའི་ཡོན་དུ་མཎྜལ་ཕུལ༔ ད་དཀྱིལ་འཁོར་ལ་བརྟེན་ནས་དཀྱིལ་འཁོར་གྱི་ལྷ་ངོ་བསྟན་པ་ལ་ཕྱི་རོལ་དུ་སྣ་ཚོགས་ཀྱི་མེ་རི་སོགས་དང་། གཏོར་དབང་ལ༔ ད་གཏོར་མ་ལ་བརྟེན་ནས་དབང་བཞི་རྫོགས་པར་བསྐུར་བ་ཡིན་པས་གཏོར་མ་འདི་ལྟ་བུ་མ་ཡིན་པར༔ ཕྱི་རོལ་དུ་སྣ་ཚོགས་ཀྱི་མེ་རི་དང་རྡོ་རྗེའི་ར་བ་པདྨ་སྣ་ཚོགས་ཀྱི་ར་བ༔ དེའི་ནང་རབ་འཇིགས་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སུ༔ ནང་རིན་པོ་


CMR005_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་ལྡན་པའི་དབུས་སུ་པཾ་ལས་པདྨ་མ་ལས་ཉི་མ་ཨ་ལས་ཟླ་བའི་སྟེང་དུ་བླ་མ་ཀུན་ཏུ་བཟང་པོ་ཡབ་ཡུམ༔ མདུན་དུ་བུདྡྷཱ་ཧེ་རུ་ཀ་ཡབ་ཡུམ༔ གཡས་སུ་རྣམ་སྣང་ཡབ་ཡུམ༔ རྒྱབ་ཏུ་ཆེ་མཆོག་ཡབ་ཡུམ༔ གཡོན་དུ་རྣམ་པར་སྨིན་པའི་རིག་འཛིན་ཡབ་ཡུམ༔ དེའི་ཕྱི་རོལ་པད་འདབ་བརྒྱད་ལ༔ ཤར་དུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ༔ ལྷོར་རིན་ཆེན་འབྱུང་ལྡན་ཡབ་ཡུམ༔ ནུབ་ཏུ་སྣང་བོ་མཐའ་ཡས་ཡབ་ཡུམ༔ བྱང་དུ་དོན་ཡོད་གྲུབ་པ་ཡབ་ཡུམ༔ ཤར་ལྷོར་བཛྲ་ཧེ་རུ་ཀ་ཡབ་ཡུམ༔ ལྷོ་ནུབ་ཏུ་རཏྣ་ཧེ་རུ་ཀ་ཡབ་ཡུམ་༔ ནུབ་བྱང་དུ་པདྨ་ཧེ་རུ་ཀ་ཡབ་ཡུམ༔ བྱང་ཤར་དུ་ཀརྨ་ཧེ་རུ་ཀ་ཡབ་ཡུམ༔ དེའི་ཕྱི་རོལ་དུ་པད་འདབ་བཅུ་དྲུག་ལ་སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བརྒྱད༔ ལ་སྱ་མ་ལ་སོགས་པའི་སེམས་མ་ཆེན་མོ་བརྒྱད་དང་བཅུ་དྲུག་བཞུགས་པ༔ དེའི་ཕྱི་རོལ་པད་འདབ་བཅུ་ལ་ཐུབ་ཆེན་དྲུག་རིག་འཛིན་ཡབ་ཡུམ་བརྒྱད་བཞུགས་པ༔ དེའི་ཕྱི་རིམ་རྩིབས་བཅུ་དྲུག་ལ༔ ཀོའུ་རི་ལ་སོགས་མ་མོ་བརྒྱད༔ སེང་ཧ་ལ་སོགས་ཕྲ་མེན་མ་བརྒྱད་དང་བཅུ་དྲུག་བཞུགས་


CMR005_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

པ༔ དེའི་ཕྱོགས་བཞིའི་སྒོ་བཞིའི་གཡས་སུ་སྒོ་བ་ཡབ་ཡུམ་བརྒྱད༔ སྒོ་བཞིའི་གཡོན་དུ་རྟ་གདོང་མ་བཞི་བཞུགས་པ༔ དཀྱིལ་འཁོར་ཕྱི་ཡི་འཁོར་ཡུག་ལ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ལ་སོགས་པའི་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་བསམ་གྱིས་མི་ཁྱབ་པས་བསྐོར་ནས་བཞུགས་པ༔ སྟེང་དུ་བརྒྱུད་པའི་བླ་མ་རིག་འཛིན་དཔའ་བོ་ཌཱཀྐིའི་ཚོགས་ཐམས་ཅད་སྤྲིན་འཁྲིགས་པ་ལྟར་བཞུགས་པ༔ ཞི་བའི་ལྷ་ཚོགས་ཐམས་ཅད་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ༔ ཐུབ་པ་དྲུག་ནི་སྤྲུལ་སྐུའི་ཆ་ལུགས་ཅན༔ ཆོས་གོས་གསུམ་གྱིས་བཀླུབས་པ༔ ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་གར་གྱི་ཉམས་དགུ་དང་ལྡན་ཞིང་དུར་ཁྲོད་ཀྱི་ཆས་བརྒྱད་དང་དཔལ་གྱི་ཆས་བཅུས་བརྒྱན་པ༔ བསྐལ་པའི་མེ་དཔུང་འབར་བའི་ཀློང་ནས་ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཀྱི་སྒྲ་འབྲུག་ལྟར་སྒྲོགས་པས་སྟོང་གསུམ་གཡོ་བར་བྱེད་པ་གསལ་ཐོབ༔ དེ་དག་ནི་ཕྱི་ལྟར་ན་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས༔ ནང་ལྟར་ན་ཁྲག་འཐུང་གི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད༔ གསང་བ་ལྟར་ན་མཁའ་འགྲོ་སྡེ་ལྔ༔ ཡང་གསང་ལྟར་ན་ལྷུན་


CMR005_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་རྫོགས་ལྡན་གྱི་ལྷ་ཚོགས༔ བླ་མེད་ལྟར་ན་རིག་པ་ཐིག་ལེ་ཉག་གཅིག་གི་སྐུ༔ ངོ་བོ་འགྱུར་བ་མེད་པ་ཆོས་སྐུ༔ རང་བཞིན་རང་གིས་གསལ་བ་ལོངས་སྐུ་།ཐུགས་རྗེ་རང་གྲོལ་དུ་ཡོད་པ་སྤྲུལ་སྐུ༔ ལྟ་སྒོམ་སྤྱོད་གསུམ་དུ་གསལ་བ་ཟུང་འཇུག་གི་སྐུ་ཡི་དཀྱིལ་འཁོར་འདིར་རང་ངོ་འཕྲོད༔ འདིར་ཆུད་ནས་དབང་སྐུར་ཐོབ་ན་ད་ལྟ་ཤི་ཡང་སངས་རྒྱས་པ་ཡིན་ངེས་པའི་མོས་འདུན་དྲག་པོས་སྤྲོ་བ་བསྐྱེད་ལ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་གྲོལ་ནས་ཞིང་ཁམས་རྣམ་པར་དག་ནས་སངས་རྒྱས་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་ཐོགས་པ་མེད་པར་འབད་མེད་དུ་འབྱུང་བར་འགྱུར་རོ༔ དེ་ནས་དངོས་གཞིའི་དབང་ལ༔ འོ་རིགས་ཀྱི་བུ་ཁྱེད་རྣམས་ལ་རིགས་དྲུག་གི་ཐུབ་པ་དྲུག་གི་ཕྱག་མཚན་དྲུག་དང་དཀྱིལ་འཁོར་གྱི་ཤར་ནུབ་དབུས་བྱང་ལྷོ་ཡི་བུམ་པ་དཀར་དམར་མཐིང་ལྗང་སེར་པོའི་ནང་དུ་སྨན་ལྔ་དང་༔ དྲི་ལྔ་དང་༔ འབྲུ་ལྔ་དང་༔ སྙིང་པོ་ལྔ་དང་༔ རིན་པོ་ཆེ་ལྔས་གང་བའི་བུམ་པ་ལ་ཕྱི་གཞལ་ཡས་ཁང་གི་ནང་དུ་རིགས་ལྔ་དང་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱང་སྤུང་ངེ་ཐེབས་སེ་བཞུགས་པས་ཁྱོད་ལ་དབང་རྣམས་


CMR005_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱིས་བསྐུར་བ་ཙམ་གྱིས་ཉོན་མོངས་པ་དྲུག་གི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་བྱང་ཞིང་དག་ནས་རིགས་དྲུག་ཏུ་སྐྱེ་བའི་སྒོ་བཅད་དེ་དུག་ལྔ་དང་སེར་སྣ་དང་དྲུག་གི་ཉེས་པ་ལས་གྲོལ་ནས༔ ཤར་ཕྱོགས་མངོན་པར་དགའ་བ༔ ནུབ་བདེ་བ་ཅན༔ དབུས་འཐུག་པོ་བཀོད༔ བྱང་ལས་རབ་རྫོགས་པ༔ ལྷོ་ཕྱོགས་དཔལ་ལྡན་ཞིང་དུ་སྐྱེ་བའི་སྒོ་ཕྱེས་ནས༔ ཞིང་ཁམས་ལྔ་རིམ་གྱིས་མཇལ་ནས་རིགས་ལྔའི་དབང་རྣམས་རིམ་གྱིས་ཐོབ་པ་ཡིན་སྙམ་དུ་མོས་པ་དུང་དུང་མཛོད་ལ༔ དེ་ནས་ཐོག་མར་ན་རཀ་དམྱལ་བའི་གནས་ནས་སྤར་ཞིང་རིག་འཛིན་གྱི་གྲལ་དུ་འཁོད་པར་བྱ་བའི་ཕྱིར་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད༔ ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་སོགས་འཁོར་བའི་སྡུག་བསྔལ་ལས༔ སྐྱབས་ཕྱིར་བརྩེ་བས་རབ་བཟུང་ནས་དབང་དང་བྱིན་རླབས་བསྩལ་དུ་གསོལ༔ ལན་གསུམ༔ མེ་ཆུ་གཏད་ལ༔ ཧཱུྃ༔ ཚ་གྲང་སྐྱོབས་མཛད་མེ་ཆུ་བསིལ་དྲོད་ལྡན༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་པས༔ དམྱལ་བ་ཚ་གྲང་སྡུག་བསྔལ་ལས་གྲོལ་ནས༔ ན་ར་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ དུ་ད་ཧ་ད་ཧ་སརྦ་ན་


CMR005_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཤར་བུམ་གྱིས་དབང་བསྐུར༔ ཧཱུྃ༔ ཀུན་བཟང་ཡབ་ཡུམ་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དམྱལ་བའི་སྐྱེ་སྒོ་བཅད་ནས་ནི༔ ན་རཀ་སྡུག་བསྔལ་བྲལ་བར་ཤོག༔ ཧཱུྃ་བཛྲ་སཏཱ་སོགས་ཨོ་བཛྲ་ཨ་བྷི་ཥིཉྩ་ཨཱཿ བུམ་ཆུ་བླུད༔ ཤར་སྒོ་ཕྱེས་ལ༔ རྡོ་རྗེ་གཏད་ལ༔ ཧཱུྃ༔ ཤར་ཕྱོགས་རིག་པ་རང་གསལ་གྱི༔ མེ་ལོང་ལྟ་བུའི་སྒོ་ཕྱེས་ཤིག༔ བྷཾ་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ ཤར་ནས་བཀྲ་ཤིས་གང་ལགས་པ༔ རྡོ་རྗེ་སེམས་དཔའི་བཀྲ་ཤིས་ལྷ༔ ཞི་བ་འགྲུབ་པའི་བཀྲ་ཤིས་དེ༔ འདིར་ཚོགས་རྣམས་ལ་བཀྲ་ཤིས་ཤོག༔ མེ་ཏོག་རོལ་མོ་བྱ༔ གཉིས་པ་ཡི་དྭགས་གནས་ནས་སྤར་བའི་དོན་དུ་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད༔ ཀྱེ་མ་ཀྱེ་ཧུད་མགོན་པོ་ཡིས༔ ཐུགས་རྗེས་བཟུང་ལ་བདག་སྐྱོབས་ཤོག༔ བདག་ལུས་སྒྲོལ་ལ་བདེ་ལ་འཁོད༔ མགོན་པོས་མྱུར་དུ་བསྐྱབ་ཏུ་གསོལ༔ ལན་གསུམ༔ སྒྲོམ་བུ་གཏད་ལ༔ རིན་ཆེན་སྒྲོམ་གྱི་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ སྲེ་ཏ་ཀ་ཡི་སྡུག་བསྔལ་བྲལ་


CMR005_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཤོག༔ སྲེ་པ་ཙ་པ་ཙ་སརྦ་པྲ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ནུབ་ཀྱི་བུམ་པས་དབང་བསྐུར༔ ཧཱུྃ༔ བདུད་རྩི་དྲི་ལྔའི་བུམ་པ་འདིར༔ བདེ་གཤེགས་གསུང་གི་ལྷ་ཚོགས་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཡི་དྭགས་སྐྱེ་སྒོ་བཅད་ནས་ནི༔ བདེ་བ་ཅན་དུ་སྐྱེ་བར་ཤོག༔ ཨོཾ་པདྨ་སཏཱ་སོགས། ཨཱཿཔདྨ་ཨ་བྷི་ཥིཉྩ་ཨཱཿ བུམ་ཆུ་བླུད༔ ནུབ་སྒོ་ཕྱེས་ནས་པདྨ་གཏད༔ ཧཱུྃ༔ ནུབ་ཕྱོགས་མ་འདྲེས་གསལ་བ་ཡི༔ སོར་རྟོག་ཡེ་ཤེས་སྒོ་ཕྱེས་ཤིག༔ བྷཾ་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ ནུབ་ནས་བཀྲ་ཤིས་གང་ལགས་པ༔ སྣང་བ་མཐའ་ཡས་བཀྲ་ཤིས་ལྷ༔ དབང་སྡུད་འགྲུབ་པའི་བཀྲ་ཤིས་དེ༔ འདིར་ཚོགས་རྣམས་ལ་བཀྲ་ཤིསཾ་ཤོག༔ མེ་ཏོག་རོལ་མོ་བྱ༔ གསུམ་པ་དུད་འགྲོའི་གནས་ནས་སྤར་བའི་དོན་དུ་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོདི༔ ཀྱེ་མ་ཀྱེ་ཧུད་བདག་འདྲ་སོགས༔ ལས་ཀྱི་རྣམ་སྨིན་རང་ལ་སྨིན༔ མགོན་པོ་ཐུགས་རྗེ་ཆེན་པོ་ཡིས༔ གནས་ངན་འདི་ལས་བདག་སྒྲོལ་ཅིག༔ ལན་གསུམ༔ པུ་ཏི་གཏད་ལ༔ ཨ། ཤེས་རབ་རིག་པའི་པུཏི་འདི༔ དུས་གསུམ་རྒྱལ་བ་ཞི་ཁྲོའི་ལྷ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཏིརླ་ཀ་ཡི་


CMR005_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་བྲལ་བར་ཤོག༔ སུ་མ་ཐ་མ་ཐ་སརྦ་ཏིརྱ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ དབུས་བུམ་ཐོགས་ལ༔ ཧཱུྃ༔ རིན་ཆེན་འབྲུ་ལྔའི་བུམ་པ་འདིར༔ བདེ་གཤེགས་སྐུ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དུད་འགྲོའི་སྐྱེ་སྒོ་བཅད་ནས་ནི༔ འཐུག་པོ་བཀོད་ཞིང་སྐྱེ་བར་ཤོག༔ ཨོཾ་བུདྡྷ་སཏཱ་སོགས། ཨོཾ་བུདྡྷ་ཨབྷི་ཥིཉྩ་ཨཿ དབུས་སྒོ་ཕྱེས་ལ་འཁོར་ལོ་གཏད༔ ཧཱུྃ༔ ལྷུན་གྲུབ་གཞལ་ཡས་ཆེན་པོ་ཡི༔ ཆོས་དབྱིངས་ཡེ་ཤེས་སྒོ་ཕྱེས་ཤིག་བྷཾ་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ དབུས་ནས་བཀྲ་ཤིས་གང་ལགས་པ༔ རྣམ་པར་སྣང་མཛད་བཀྲ་ཤིས་ལྷ༔ ལྷུན་གྱིས་གྲུབ་པའི་བཀྲ་ཤིས་དེ༔ འདིར་ཚོགས་རྣམས་ལ་བཀྲ་ཤིས་ཤོག༔ མེ་ཏོག་རོལ་མོ་བྱ༔ བཞི་པ་ལྷ་མིན་གནས་ནས་སྤར་བའི་དོན་དུ་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད༔ ཀྱེ་མ་བདག་འདྲའི་སེམས་ཅན་ལ༔ སྔོན་གྱི་ལས་ངན་དབང་གྱུར་པས༔ ཀྱེ་མ་ཀྱེ་ཧུད་མགོན་པོ་ཡིས་བདག་ལུས་ངན་པ་བསྒྲལ་དུ་གསོལ༔ ལན་གསུམ༔ གོ་མཚོན་གཏད་ལ༔ ཧཱཿ ཤེས་རབ་དོན་མཚོན་རལ་གྲི་དང་༔ བདུད་ཀྱི་མཚོན་སྲུང་གོ་ཆ་འདི༔ དུས་གསུམ་རྒྱལ་བའི་


CMR005_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་སྒྲོལ་ཏེ༔ ཞི་ཁྲོ་རྒྱལ་བའི་ཕྱག་མཚན་ཏེ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཧེ་ས་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ ཏྲི་སརྦ་དུ་ལ་སརྦ་ཀརྨ་པྲ་ཝེ་ཤ་ཡ་ཕཊ༔ བྱང་བུམ་ཐོགས་ལ༔ ཧཱུྃ༔ སྙིང་པོ་ལྔ་ཡི་བུམ་པ་འདིར༔ བདེ་གཤེགས་ཕྲིན་ལས་ལྷ་ཚོགས་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལྷ་མིན་སྐྱེ་སྒོ་བཅད་ནས་ནི༔ ལས་རབ་ཞིང་དུ་སྐྱེ་བར་ཤོག༔ ཧ་ཀརྨ་ས་ཏཱ་སོགས་ཧ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ བྱང་སྒོ་ཕྱེས་ལ་རྒྱ་གྲམ་གཏད༔ ཧཱུྃ༔ བྱང་ཕྱོགས་ལས་རབ་གྲུབ་པ་ཡི༔ ནན་ཏན་ཡེ་ཤེས་སྒོ་ཕྱེས་ཤིག་བྷཾ་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ བྱང་ནས་བཀྲ་ཤིས་གང་ལགས་པ༔ དོན་ཡོད་གྲུབ་པའི་བཀྲ་ཤིས་ལྷ༔ དགྲ་བགེགས་ཚར་གཅོད་བཀྲ་ཤིས་དེ༔ འདིར་ཚོགས་རྣམས་ལ་བཀྲ་ཤིས་ཤོག༔ མེ་ཏོག་རོལ་མོ་བྱ༔ ལྔ་པ་ལྷ་ཡི་གནས་ནས་སྤར་བའི་དོན་དུ་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད༔ ཀྱེ་མ་ཀྱེ་ཧུད་ཐུགས་རྗེ་ཅན༔ བདག་འདྲ་རྨོངས་པའི་འཛིན་པ་ཅནི༔ དམ་ཚིག་རྩ་བ་ཉམས་པའི་སྐྱོན༔ ངན་སོང་མཐོ་རིས་གནས་ནས་འཁོར༔ མི་འཆབ་མཐོལ་བཤགས་མེ་ཏོག་བཞེས༔ དབང་བསྐུར་ལྷ་ཡི་གནས་སུ་དྲོངས༔


CMR005_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ༔ པི་ཝཾ་གཏད་ལ༔ སྭཱ༔ ལོངས་སྤྱོད་བདུད་ཀྱི་གཡེངས་འཇོམ་པའི༔ པི་ཝཾ་སྙན་པའི་དོན་བྱེད་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ སྐྱེ་བ་གཅིག་གིས་ལས་རྫོགས་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་བདུ་ཁང་ཙིར་ཙིན་ཧཱུྃ་ཕཊ༔ ལྷོ་བུམ་ཐོགས་ལ༔ ཧཱུྃ༔ རིན་ཆེན་སྣ་ལྔའི་བུམ་པ་འདིར༔ བདེ་གཤེགས་ཡོན་ཏན་ལྷ་ཚོགས་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལྷ་ཡི་སྐྱེ་སྒོ་བཅད་ནས་ནི༔ དཔལ་ལྡན་ཞིང་དུ་སྐྱེ་བར་ཤོག༔ སཱ་རཏྣ་སཏཱ་སོགས། སཱ་རཏྣ་ཨ་བྷི་ཥིཉྩ་ཨཱཿ ལྷོ་སྒོ་ཕྱེས་ལ་རིན་ཆེན་གཏད་ལ༔ ཧཱུྃ༔ ལྷོ་ཕྱོགས་དགོངས་པ་མཉམ་ཉིད་ཀྱི་ཡེ་ཤེས་ཆེན་པོའི་སྒོ་ཕྱེས་ཤིག༔ བྷཾ་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ ལྷོ་ནས་བཀྲ་ཤིས་གང་ལགས་པ༔ རིན་ཆེན་འབྱུང་ལྡན་བཀྲ་ཤིས་ལྷ༔ ཡོན་ཏན་འགྲུབ་པའི་བཀྲ་ཤིས་དེ༔ འདིར་ཚོགས་རྣམས་ལ་བཀྲ་ཤིས་ཤོག༔ མེ་ཏོག་རོལ་མོ་བྱ༔ དྲུག་པ་མི་ཡི་གནས་ནས་སྤར་བའི་དོན་དུ་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད༔ ཀྱེ་མ་བླ་མ་རྡོ་རྗེ་འཛིན༔ བདག་ཅག་རིགས་དྲུག་གནས་སུ་འཁྱམས༔ དམ་ཚིག་ཉམས་ཆག་དཔག་མེད་བསགས༔ འགྲོ་མགོན་ཐུགས་


CMR005_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཅན་ཁྱོད་ཀྱིས༔ ཉམས་ཆག་བསྐང་ལ་དངོས་གྲུབ་སྩོལ༔ དབང་མཆོག་རྣམས་ཀུན་དུས་འདིར་སྩོལ༔ ལན་གསུམ༔ སྤར་བུ་གསེག་ཤང་གཏད་ལ༔ ཧཱུྃ༔ རིན་ཆེན་སྤར་བུ་ལྷུང་བཟེད་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ གསེག་ཤང་དྲང་སྲོང་སྒྲ་སྒྲོགས་པ༔ ཐུགས་རྟགས་ཞི་ཁྲོ་ལྷ་ཡི་རྟགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཨ་ཝ་དྷུ་ཏིའི་དབང་ཐོབ་ཤོག༔ ཨོྃ་ཚིནྡྷ་ཚིནྡྷ་སརྦ་ཨ་ཝ་ར་ཎ་ནི་ཧཱུྃ་ཕཊ༔ དབུས་བུམ་ཐོགས་ལ༔ ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང་༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལྷ་དབང་ལུས་ལ་ཐོབ་པར་ཤོག༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨཱཿ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨཱཿ སྭ་རཏྣ་ཨ་བྷི་ཥིཉྩ་ཨཱཿ ཨོཾ་པདྨ་ཨ་བྷི་ཥིཉྩ་ཨཱ་ཧཱ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ དེ་ནས་ཐུན་མོང་རིག་པའི་དབང་བསྡུས་པ་ནི༔ དབང་ཤིན་ཏུ་བསྡུས་པ་སོགས་ལ་ཡང་འདིས་ཆོག་པ་ལས༔ བུམ་པ་ཐོགས་ལ༔ ཧཱུྃ༔ བུམ་པ་འདི་ནི་གཞལ་ཡས་ཁང་༔ ནང་ན་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཕྱི་ནང་གསང་བའི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས༔ ཕྱི་ནང་གསང་བའི་དབང་མཆོག་རྣམས༔ སྐལ་ལྡན་རྣམས་ལ་བབ་


CMR005_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང་༔ ཕུང་ཁམས་ལྷ་དང་ལྷ་མོར་གྱུར༔ བསྐྱེད་རིམ་ལྷ་དབང་ཐོབ་པར་ཤོག༔ ཨོཾ་ཨཱཧཱུྃ་སརྦ་ཏ་ཐཱ་ག་ཏ་ཨོཾ་ཨཱཧཱུྃ་ཧཱི༔ པུ་ཏི་ཐོགས་ལ༔ ཨཱུ༔ ཤེས་རབ་རིག་པའི་པུ་ཏི་འདི༔ དུས་གསུམ་རྒྱལ་བ་ཞི་ཁྲོའི་གསུང་༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ གསུང་དབང་ཡོངས་རྫོགས་ཐོབ་པར་ཤོག་སྙིང་པོའི་མཐར༔ ཝཀ་ཨ་བྷི་ཥིཉྩ་རིགས་ལྔའི་ཕྱག་མཚན་ཐོགས་ལ༔ ཧཱུྃ༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རྒྱ་གྲམ་ཐུགས་ཀྱི་རྟགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཁོར་ལོ་ལྔ་ཡི་དབང་ཐོབ་ཤོག༔ བཛྲ་ཙཀྲ་རཏྣ་པདྨ་ཁངྒ་ཨ་བྷི་ཥིཉྩ་ཨཱམེ་ཆུ་དབུ་རྒྱན་རྡོར་དྲིལ་ཐོགས་ལ༔ ཧཱུྃ༔ ཞེ་སྡང་མེ་གསོད་ཆུ་ཡི་དབང་༔ ང་རྒྱལ་རི་བསྙིལ་དབུ་རྒྱན་དབང་༔ འདོད་ཆགས་དུག་འཇོམས་རྡོ་རྗེའི་དབང་༔ ཕྲག་དོག་ཞེན་ཁྲོལ་དྲིལ་བུའི་དབང་༔ གཏི་མུག་མུན་སེལ་མིང་གི་དབང་༔ བུ་ཁྱོད་རྣམས་ལ་དབང་བསྐུར་བས༔ ཧཱུྃ་བཛྲ་ཨ་དན་ཛྷཱ་ན་ཨ་བྷི་ཥིཉྩ་མིཾ༔ སཱ་རཏ་ས་མ་ཏ་ཛྷཱ་ན་ཨབྷི་ཥིཉྩ་མཱི༔ ཨོཾ་པདྨ་པྲ་ཏུ་བཀྐི་ཛྷཱ་ན་ཨ་བྷི་ཥིཉྩ་མཱི༔ ཧྭ་ཀརྨ་ཀྲི་ཏུ་ནུཊྛ་ཛྷཱ་ན་ཨ་བྷི་ཥིཉྩ་མཱི༔ ཨོཾ་བུདྡྷ་ཤུ་ནྱ་ཏཱ་ཛྙཱ་ན་ཨ་བྷི་ཥིཉྩ་མཱི༔ སྐལ་ལྡན་


CMR005_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུ་རྣམས་ལ་ཐུབ་དྲུག་གི་ཕྱག་མཚན་རིགས་ལྔའི་བུམ་དབང་ལྔ་དང་ཐུན་མོང་རིག་པའི་དབང་རྣམས་ཡོངས་སུ་རྫོགས་པར་བསྐུར་བས༔ ཉོན་དྲུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཀྱི་ཕུང་པོ་གཏན་ནས་དག་ནས་དུག་ལྔའི་ཉེས་པ་ལས་གྲོལ༔ སྒྲིབ་པ་ལྔ་དག༔ ཡེ་ཤེས་ལྔ་དང་སྐུ་ལྔ་ལྷུན་གྱིས་གྲུབ་ཅིང་ཞིང་ཁམས་ལྔ་མཐོང་བ་ལ་དབང་བསྒྱུར་བས༔ འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་ཐོགས་པ་མེད་པར་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག༔ དེ་ནས་ཞི་ཁྲོའི་ལྷ་དབང་ཆེན་མོ་བསྐུར་བའི་དོན་དུ་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད༔ ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི༔ ལྷ་དབང་ཡོངས་རྫོགས་བསྐུར་དུ་གསོལ༔ ལན་གསུམ༔ རྒྱས་པར་འཕྲད་ཚད་རང་གྲོལ་ལྟར་དམ་པ་རིགས་བརྒྱ་རེ་རེ་ནས་སྐུ་དབང་བསྐུར༔ ངོ་སྤྲད་རྣམས་རྒྱས་པར་བྱ༔ འབྲིང་འགྲོ་དྲུག་རང་གྲོལ་ལ་གཙོ་འཁོར་སྤྱི་བསྡུས་ལྟར་དང་མགྱོགས་དབང་ལ་གཞུང་དབང་བསྐུར་ལ་ངོ་སྤྲོད་མ་བྱས་པས་ཆོག་གོ༔ ཀུན་བཟང་ཡབ་ཡུམ་སྐུ་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཀུན་བཟང་ཡབ་ཡུམ་དབང་བསྐུར་བས༔ ཡིད་ཆོས་རྣམ་པར་


CMR005_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་ཡི༔ ཆོས་སྐུ་རབ་འབྱམས་དབང་ཐོབ་ཤོག༔ ཡིག་འབྲུ་བཅུ་དྲུག་རྡོ་རྗེའི་སྒྲ་བརྗོད༔ དྷརྨ་ཀཱ་ཡ་ཨ་བྷིཥིཉྩ་ཨོཾ་ཨཱཿཧཱུྃ་ཧི་སྨོན་ལམ་ནི༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་ཀུན་བཟང་ཡབ་ཡུམ་གཉིས་ཀྱི་དབང་བསྐུར་བས་ཡིད་ཆོས་ཀྱི་ཁམས་རྣམ་པར་དག་ནས་ཆོས་སྐུ་རབ་འབྱམས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག༔ རིགས་ལྔའི་སྐུ་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ རིགས་ལྔ་ཡབ་ལྔའི་དབང་བསྐུར་བས༔ ཕུང་པོ་ལྔ་པོ་གནས་དག་ནས༔ ལོངས་སྐུ་རིབ་འབྱམ་དབང་ཐོབ་ཤོག༔ ཨོཾ་ཧཱུྃ་སྭཱ་ཨཱ་ཧ་སཾ་བྷོ་ཀཱ་ཡ༔ ཨ་བྷི་ཥིཉྩ་ཨཱཿ སྐལ་ལྡན་རྣམས་ལ་རྒྱལ་བ་རིགས་ལྔའི་དབང་བསྐུར་བས་ཕུང་པོ་ལྔ་པོ་གནས་སུ་དག་ནས་ལོངས་སྐུ་རབ་འབྱམས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག༔་ཡུམ་ལྔ་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ བདེ་གཤེགས་ཡུམ་ལྔའི་དབང་བསྐུར་བས༔ ཡུམ་ལྔ་མ་སྤང་གནས་སུ་དག༔ རིགས་ལྔ་ཡུམ་ལྔའི་དབང་ཐོབ་ཤོག༔ ཚྭ་ལཱ་མཱ་པཱ་ཏཱཾ༔ ཨ་བྷི་ཥིཉྩ་མཱི༔ སྐལ་ལྡན་རྣམས་ལ་ཡུམ་ལྔའི་དབང་བསྐུར་བས་འབྱུང་བ་ལྔ་པོ་གནས་སུ་དག་ནས༔ རྒྱལ་བ་ཐམས་ཅད་བསྐྱེད་པའི་དབང་དམ་པར་


CMR005_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་གྱུར་ཅིག༔ སེམས་དཔའ་བརྒྱད་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སེམས་དཔའ་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་མ་སྤང་གནས་དག་ནས༔ སེམས་དཔའ་རབ་འབྱམས་དབང་ཐོབ་ཤོག༔ ཀྱི་ཧུཾ་ཧཱུྃ་ཏྲཾ་ཧྲིམཾ་བྷཱི་ཛི༔ བྷོ་དྷི་སཏྭ་ཨ་བྷི་ཥིཉྩ་མཱི༔ སྐལ་ལྡན་རྣམས་ལ་སེམས་དཔའ་བརྒྱད་ཀྱི་དབང་བསྐུར་བས༔ རྣམ་ཤེས་ཚོགས་བརྒྱད་མ་སྤང་གནས་སུ་དག་ནས་བྱང་ཆུབ་སེམས་དཔའི་ཚུལ་གྱིས་འགྲོ་བའི་དོན་རྒྱ་ཆེན་པོ་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ སེམས་མ་བརྒྱད་ཀྱི་སྐུ་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སེམས་མ་བརྒྱད་ཀྱི་དབང་བསྐུར་བས༔ ཡུལ་བརྒྱད་མ་སྤང་གནས་དག་ནས༔ སེམས་མ་རབ་འབྱམས་དབང་ཐོབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་ཛ༔ཧིཔཾ་ཧོ་ཨཱཿ ཨ་བྷི་ཥིཉྩ་མཱི༔ སྐལ་ལྡན་རྣམས་ལ་སེམས་མ་བརྒྱད་ཀྱི་དབང་བསྐུར་བས་ཡུལ་བརྒྱད་མ་སྤང་གནས་སུ་དག་ནས་བྱང་ཆུབ་སེམས་མའི་ཚུལ་གྱིས་འགྲོ་བའི་དོན་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཐུབ་པ་དྲུག་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཐུབ་ཆེན་དྲུག་གི་དབང་བསྐུར་བས༔ ཉོན་མོངས་དྲུག་པོ་


CMR005_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དག་ནས༔ སྤྲུལ་སྐུ་རབ་འབྱམས་དབང་ཐོབ་ཤོག༔ ཀྱེ་བྲེ་ཧཱུྃ་ཁཾ་ཧཱུཾ་ཡེ༔ ནིརྨ་ཀཱ་ཡ་ཨ་བྷི་ཥིཉྩ་མཱི༔ སྐལ་ལྡན་རྣམས་ལ་སྤྲུལ་སྐུ་ཐུབ་པ་དྲུག་གི་དབང་བསྐུར་བས་དུག་ལྔ་དང་སེར་སྣ་གནས་སུ་དག་ནས་སྤྲུལ་སྐུ་རབ་འབྱམས་རིགས་དྲུག་འདུལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ སྒོ་བ་བཞི་ཐོགས༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྒོ་བ་བཞི་ཡི་དབང་བསྐུར་བས༔ རྟག་ཆད་མུ་བཞི་གནས་དག་ནས༔ ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཤཱིནཾ་པུཊྚི་པ་ཤཾ་མཱ་ར་ཡ་ཨ་བྷི་ཥིཉྩ་མིཾ༔ སྐལ་ལྡན་རྣམས་ལ་སྒོ་བ་བཞི་ཡི་དབང་བསྐུར་བས་རྟག་ཆད་མུ་བཞི་གནས་སུ་དག་ནས་ཕྲིན་ལས་རྣམ་པ་བཞིས་འགྲོ་བའི་དོན་ཐོགས་པ་མེད་པར་བྱེད་པའི་དབང་དམ་པ་ཐོབ་པར་གྱུར༔ སྒོ་མ་བཞི་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ སྐྱེ་གནས་བཞི་པོ་གནས་དག་ནས༔ ཕྲིན་ལས་བཞི་ཡི་དབང་ཐོབ་ཤོག༔ ཛཧཱུྃ་བཾ་ཧོ༔ བཛྲ་ཨཾ་ཀུ་ཤ་ཛ༔ པཱ་ཤ་སྤོ་ཊ་གནྡྷེ་ཨ་བྷི་ཥིཉྩམཱི༔ སྐལ་ལྡན་རྣམས་ལ་སྒོ་མ་བཞི་ཡི་དབང་བསྐུར་བས་སྐྱེ་བ་རྣམ་བཞིའི་སྒོ་བཅད་དེ་ཚད་མེད་རྣམ་


CMR005_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་རྒྱུད་ལ་སྐྱེས་ནས་ཕྲིན་ལས་བཞིས་སེམས་ཅན་གྱི་དོན་ཐོགས་པ་མེད་པར་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་ཁྲོ་བོའི་ལྷ་ཚོགས་རྣམས་ཀྱི་དབང་བསྐུར་བ་ནི༔ ཆེ་མཆོག་ཡབ་ཡུམ་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཆེ་མཆོག་ཡབ་ཡུམ་དབང་བསྐུར་བས༔ ཉོན་མོངས་མ་སྤང་གནས་དག་ནས༔ ཁྲག་འཐུང་རབ་འབྱམས་དབང་ཐོབ་ཤོག༔ སྙིང་པོ་འབྲུ་བརྒྱད་བརྗོད༔ མ་ཧཱ་ཤྲཱི་ཧེ་རུ་ཀ༔ མ་ཧཱ་ཀྲོ་ཏི་ཤྭ་རི་ཧཱུྃ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་རྣམས་ལ་ཆེ་མཆོག་ཡབ་ཡུམ་གཉིས་ཀྱི་དབང་བསྐུར་བས་ཉོན་མོངས་མ་སྤང་རང་སར་དག་ནས་ཁྲག་འཐུང་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་གྱི་གོ་འཕང་ཐོབ་ནས་ལོག་པར་ལྟ་བ་རྣམས་འདུལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཁྲོ་ཆེན་ལྔ་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཁྲག་འཐུང་ཡབ་ལྔའི་དབང་བསྐུར་བས༔ དུག་ལྔ་མ་སྤང་གནས་དག་ནས༔ ཁྲག་འཐུང་ཡབ་ལྔའི་དབང་ཐོབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་རྣམས་ལ་ཁྲག་འཐུང་ཡབ་ལྔའི་དབང་བསྐུར་བས་དུག་ལྔ་མ་སྤང་གནས་སུ་དག་ནས་ཧེ་རུ་ཀ་སྐུ་ལྔའི་དབང་དང་དངོས་གྲུབ་


CMR005_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་ཐོབ་པར་གྱུར་ཅིག༔ ཀྲོ་དྷི་ཡུམ་ལྔ་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དབྱིངས་ཕྱུག་ཡུམ་ལྔའི་དབང་བསྐུར་བས༔ ཡུལ་ལྔའི་རྟོག་པ་རང་གྲོལ་ནས༔ ཀྲོ་དྷི་ཡུམ་ལྔའི་དབང་ཐོབ་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཀྲོ་དྷི་ཤྭ་རི་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་རྣམས་ལ་དབྱིངས་ཕྱུག་ཡུམ་ལྔའི་དབང་བསྐུར་བས་ཁམས་ལྔའི་རྟོག་པ་རང་སར་གྲོལ་ནས་ཀྲོ་དྷི་ཡུམ་ལྔའི་དབང་དང་དངོས་གྲུབ་དམ་པ་ཐོབ་པར་གྱུར་ཅིག༔ ཀོའུ་རི་བརྒྱད་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཀོའུ་རི་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱུད་མ་སྤུངས་གནས་དག་ནས༔ མ་མོ་རབ་འབྱམས་དབང་ཐོབ་ཤོག༔ ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་རྣམས་ལ་མ་མོ་གོ་རི་མ་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་ཀྱི་རྟོག་པ་མ་སྤང་གནས་སུ་དག་ནས་མཁའ་འགྲོ་མ་མོ་རབ་འབྱམས་དབང་དུ་འདུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ སིང་ཧ་མ་བརྒྱད་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སེང་ཧ་བརྒྱད་ཀྱི་དབང་བསྐུར་བས༔ ཡུལ་བརྒྱད་མ་སྤང་གནས་དག་ནས༔ ཕྲ་མེན་རབ་འབྱམས་དབང་ཐོབ་


CMR005_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག༔ ཧེ་ཧེ་ཧེ་ཧེ༔ ཧེ་ཧེ་ཧེ་ཧེ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་རྣམས་ལ་སིང་ཧ་ཕྲ་མེན་བརྒྱད་ཀྱི་དབང་བསྐུར་བས་ཡུལ་བརྒྱད་མ་སྤང་གནས་སུ་དག་ནས་ཕྲ་མེན་རབ་འབྱམས་དབང་དུ་འདུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ རྟ་གདོང་མ་བཞི་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ སྐྱེ་གནས་བཞི་པོ་གནས་དག་ནས༔ ཕྲིན་ལས་བཞི་ཡི་དབང་ཐོབ་ཤོག་ཛཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་རྣམས་ལ་རྟ་གདོང་སྒོ་མ་བཞིའི་དབང་བསྐུར་བས་སྐྱེ་གནས་བཞི་པོ་གནས་སུ་དག་ནས་ཕྲིན་ལས་སྒོ་མ་བཞིས་སེམས་ཅན་གྱི་དོན་ཐོགས་པ་མེད་པར་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དབང་ཕྱུག་ཉེར་བརྒྱད་ཐོགས་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དབང་ཕྱུག་ཉེར་བརྒྱད་དབང་བསྐུར་བས༔ ཉོན་མོངས་རྟོག་ཚོགས་གནས་དག་ནས༔ མ་མོ་རབ་འབྱམས་དབང་ཐོབ་ཤོག༔ བྷོ༔ ཉེར་བརྒྱད་བརྗོད༔ ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་རྣམས་ལ་དབང་ཕྱུག་མ་ཉེར་བརྒྱད་ཀྱི་དབང་བསྐུར་བས་ཉོན་མོངས་པའི་རྟོག་ཚོགས་ཐམས་ཅད་མ་སྤང་གནས་སུ་དག་ནས་མ་མོ་དང་དམ་ཅན་གྱི་སྲོག་ལ་དབང་དམ་


CMR005_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐོབ་པར་གྱུར་ཅིག༔ རྡོར་སེམས་སྐུའམ་རིགས་བརྒྱའི་སྐུ་ཐམས་ཅད་ཐོགས་ལ༔ ཧཱུྃ༔ རིགས་གཅིག་རྡོ་རྗེ་སེམས་དཔའ་ཡི༔ སྐུ་ལ་དམ་པ་རིགས་བརྒྱ་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཞི་ཁྲོའི་ལྷ་དབང་ཡོངས་རྫོགས་ནས༔ ལོངས་སྐུའི་ཞིང་དུ་གྲོལ་བར་ཤོག༔ སརྦ་ཤིནྟཾ་ཀྲོ་དྷ་ཨོཾ་ཨཱཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ བདུད་རྩི་ཐོགས་ལ་ཧཱུྃ༔ ཐོད་པ་མཚན་ལྡན་ཀ་པ་ལ༔ ཡེ་ཤེས་བདུད་རྩི་ལྔ་ལྡན་བཅུད༔ སྐལ་ལྡན་བུ་ཡི་ངག་ལ་བླུད༔ རྩ་གསུམ་འཁོར་ལོ་བཞི་ལྡན་པས༔ ཐིག་ལེ་རང་དབང་ཐོབ་པ་དང་༔ ཐོགས་མེད་བདེ་ཆེན་མཐར་ཕྱིན་ཤོག༔ བྷོ་དྷི་ཙིཏྟ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཁྱོད་རྣམས་རྟ་ཕག་ཡབ་ཡུམ་བསྒོམ༔ དབབ་བཟུང་འདྲེན་བཀྲམ་ཚོད་སྦྱར་ལ༔ དགའ་བ་བཞི་པོའི་ངོ་བོ་བཟུང་༔ ཤེས་རབ་ཤེས་དབང་ཐོབ་པར་ཤོག༔ པྲ་ཛྙཱ་ཛྷཱ་ན་ཨ་བྷི་ཥིཉྩམཾ༔ ཤེལ་རྡོ་ཐོགས་ལ༔ ཧཱུྃ༔ རྨ་བྱ་ལུག་རྒྱུད་མིག་ཏུ་ཕྱར༔ དཀྱིལ་འཁོར་ལྷ་ཚོགས་སྣང་བ་གཏད༔ ཤེལ་མིག་སྦྱར་བ་འདི་ལ་ལྟོས༔ འོད་ལྔ་ཡེ་ཤེས་རྣམ་ལྔ་སྟེ༔ སྣང་སྲིད་སེམས་སུ་མ་གྱུར་མེད༔ ཀ་དག་ཚིག་དབང་ཐོབ་པར་ཤོག༔ དྷརྨ་ཀཱ་ཡ་ཨ་


CMR005_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བྷི་ཥིཉྩ་མཱཾ༔ ༈ དེ་ནས་རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྟགས་བརྒྱད་བཅས་རྒྱས་བསྡུས་སྐབས་ཐོབ་དང་སྦྱར་ལ་ངོ་སྤྲོད་རྗེས་རིམ་བྱ་བ་རྣམས་རིམ་པར་བྱའོ༔ ༈ བསྡུས་པ་གཏོར་དབང་སྐབས་གོང་གི་ད་གཏོར་མ་ལ་བརྟེན་ནས་དབང་བཞི་རྫོགས་པར་བསྐུར་བ་ཡིན་པས་གཏོར་མ་འདི་ལྟ་བུ་སོགས་ནས། འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར༔ ད་དངོས་གཞིའི་གཏོར་དབང་བསྐུར་བའི་དོན་དུ་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད༔ ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་སོགས་འཁོར་བའི་སྡུག་བསྔལ་ལས༔ སྐྱབས་ཕྱིར་བརྩེ་བས་རབ་བཟུང་ནས་དབང་དང་བྱིན་རླབས་བསྩལ་དུ་གསོལ༔ ལན་གསུམ༔ ཡང་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་ཡི་དཔྲལ་བ་ནས་འོད་ཟེར་དཀར་པོ་འཕྲོས་པ་ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་པས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་བྱང་ཞིང་དག་ནས་སྐུ་བུམ་པའི་དབང་ཐོབ་སྙམ་པའི་མོས་པ་མཛོད༔ བུམ་པས་དབང་བསྐུར་ལ༔ ཧཱུྃ༔ བླ་མ་ཀུན་བཟང་ཡབ་ཡུམ་དང་༔ བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ འགྱུར་མེད་སྐུ་ཡི་དབང་བསྐུར་བས༔ བུམ་པའི་དབང་མཆོག་ཐོབ་ནས་ཀྱང་༔ རིག་


CMR005_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྲལ་དུ་འཁོད་པར་ཤོག༔ ཨོཾ་ཨཱཧཱུྃ་བོ་དྷི་ཙིཏྟ་སོགས། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྐུ་བུམ་པས་དབང་བསྐུར་བས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་བྱང་ཞིང་དག་ནས་ལུས་སྤྲུལ་པའི་སྐུ་ཐོབ་ནས་འགྲོ་བ་དཔག་ཏུ་མེད་པའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག༔ ཨོྃ༔ སྟོང་ཞིང་བདག་མེད་ཀ་དག་ལྷུན་གྱིས་གྲུབ༔ ཀུན་ཏུ་བཟང་པོའི་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ མེ་ཏོག་འཐོར་སྐུ་དབང་ངོ་༔ ཡང་ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་འོད་ཟེར་འཕྲོས་པ་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་ངག་གི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་བྱང་ཞིང་དག་ནས་གསུང་གསང་བའི་དབང་ཐོབ་སྙམ་པའི་མོས་པ་མཛོད༔ བདུད་རྩིའི་གསུང་དབང་བསྐུར་ནས་བླུད༔ ཧཱུྃ༔ བླ་མ་ཀུན་བཟང་ཡབ་ཡུམ་དང་༔ བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ འགགས་མེད་གསུང་གི་དབང་བསྐུར་བས༔ གསང་བའི་དབང་མཆོག་ཐོབ་ནས་ཀྱང་༔ རིག་འཛིན་གྲལ་དུ་འཁོད་པར་ཤོག༔ སྙིང་པོའི་མཐར༔ ཝཱཀ་


CMR005_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་གསུང་གསང་བའི་དབང་བསྐུར་བས་ངག་གི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་བྱང་ཞིང་དག་ནས་ངག་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་ནས་འགྲོ་བའི་དོན་དཔག་ཏུ་མེད་པའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག༔ ཨཱ་གསལ་འཚེར་ལྷུན་སྡུག་གཟི་བརྗིད་འོད་ཟེར་འབར༔ རིགས་ལྔ་ཡབ་ཡུམ་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ མེ་ཏོག་དོར༔ གསུང་དབང་ངོ་༔ ཡང་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁྱེད་རང་གི་སྙིང་གར་ཐིམ་པས་སེམས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་བྱང་ཞིང་དག་ནས་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སྙམ་པའི་མོས་པ་མཛོད་ཅིག༔ མེ་ལོང་ཤེལ་རྡོ་ཐོགས་ལ༔ ཧཱུྃ༔ བླ་མ་ཀུན་བཟང་ཡབ་ཡུམ་དང་༔ བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ འཁྲུལ་མེད་ཐུགས་ཀྱི་དབང་བསྐུར་བས༔ ཤེར་རབ་ཡེ་ཤེས་དབང་མཆོག་ཐོབ་ནས་ཀྱང་༔ རིག་འཛིན་གྲལ་དུ་འཁོད་པར་ཤོག༔ སྙིང་པོའི་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཨཱཿ སྐལ་ལྡན་རིགས་ཀྱི་བུ་


CMR005_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་སེམས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་བྱང་ཞིང་དག་ནས་སེམས་ཆོས་སྐུ་ཐོབ་ནས་འགྲོ་བ་དཔག་ཏུ་མེད་པའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག༔ ཧཱུྃ༔ ཐུགས་རྗེའི་རྒྱུན་གྱིས་རིགས་དྲུག་གནས་ནས་འདྲེན༔ སྤྲུལ་སྐུ་ཐུབ་དྲུག་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ མེ་ཏོག་དོར་ཐུགས་དབང་ངོ་༔ ཡང་ལྷ་ཚོགས་དེ་དག་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ལས་ཀྱི་ས་བོན་དང་བཅས་པ་བྱང་ཞིང་དག་ནས་ཚིག་དབང་རིན་པོ་ཆེ་ཐོབ་སྙམ་པའི་མོས་པ་མཛོད་ཅིག༔ ཞི་ཁྲོའི་པོ་ཏིའི་དབང་བསྐུར༔ ཧཱུྃ༔ བླ་མ་ཀུན་བཟང་ཡབ་ཡུམ་དང་༔ བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས༔ ཚིག་གི་དབང་མཆོག་ཐོབ་ནས་ཀྱང་༔ རིག་འཛིན་གྲལ་དུ་འཁོད་པར་ཤོག༔ སྙིང་པོའི་མཐར༔ ཀཱ་ཡ་ཝཀཱ་


CMR005_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཙིཏྟ་དྷ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་བས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་བྱང་ཞིང་དག་ནས་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་ཐོབ་ནས་ཕྲིན་ལས་རྣམ་པ་བཞིས་འགྲོ་བ་དཔག་ཏུ་མེད་པའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག༔ ཧྲཱིཿ སྟོང་ཉིད་སྙིང་རྗེས་འཁོར་བཞི་འགྲོ་བ་སྐྱོབ༔ སེམས་དཔའ་སེམས་མའི་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་བཀྲ་ཤིས་བདེ་ལེགས་ཤོག༔ མེ་ཏོག་དོར༔ སྐུ་གསུམ་དབང་ངོ༔ དེ་ནས་གཏོར་མ་འདི་ཉིད་བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་བརྒྱུད་པའི་བླ་མ་རིག་འཛིན་དཔའ་བོ་ཌཱཀྐིའི་ཚོགས་དང་བཅས་པ་དེ་རྣམས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་དབང་བསྐུར་ཞིང་བྱིན་གྱིས་བརླབས་ནས་འོད་དུ་ཞུ་ནས་ཁྱེད་རང་གི་ལུས་ལ་གདོད་མ་ནས་བཞུགས་པའི་ཞི་ཁྲོའི་ལྷ་ཚོགས་དང་དབྱེར་མེད་དུ་ཐིམ་པས་ཤེས་བྱའི་སྒྲིབ་པ་ཕྲ་མོ་ཡན་ཆད་དག་ནས་རིག་པའི་རྩལ་དབང་དང་བཅས་པ་ཐོབ༔ བར་དོ་ཐམས་ཅད་ལས་གྲོལ་ནས་བདེ་བ་ཆེན་པོའི་སྐུ་ཐོབ་པའི་


CMR005_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པ་མཛོད་ཅིག༔ གཏོར་མ་ཐོགས་ལ༔ ཨོཾ་ཨཱཿཧཱུྃ་ཧྲི༔ སྐྱེ་མེད་དབྱིངས་ཀྱི་གཏོར་གཞོང་དུ༔ མོ་བྲིས་དཀྱིལ་འཁོར་གཏོར་ཆེན་བཤམས༔ རིག་རྩལ་ཐོགས་མེད་གཏོར་རྒྱན་སྤྲས༔ བླ་མ་རྒྱལ་བ་ཞི་ཁྲོ་དང་༔ ཌཱཀྐི་དམ་ཅན་ཐམས་ཅད་ཀྱི༔ དབང་མཆོག་ཁྱོད་ལ་སྦྱིན་པར་བྱ༔ དབང་མཆོག་འདི་ཐོབ་བྱིན་རླབས་ཀྱིས༔ སྐྱེ་གནས་བར་དོ་འདི་ཀ་རུ༔ སྣང་བཞི་གདོད་མར་ཕྱིན་པར་ཤོག༔ འཆི་ཁའི་སྡུག་བསྔལ་བར་དོ་རུ༔ སྐུ་གསུམ་དབྱིངས་སུ་འཕོ་བར་ཤོག༔ ཆོས་ཉིད་ཞི་ཁྲོའི་བར་དོ་རུ༔ རང་སྣང་ལྷུན་གྲུབ་སངས་རྒྱས་ཤོག༔ སྲིད་པ་ལས་ཀྱི་བར་དོ་རུ༔ སྤྲུལ་སྐུའི་ཞིང་དུ་བརྫུས་སྐྱེས་ནས༔ སྐུ་བཞི་ལྷུན་གྲུབ་སངས་རྒྱས་ཏེ་བདག་གཞན་དོན་གཉིས་མཐར་ཕྱིན་ཤོག༔ ཆོས་སྐུ་ཀུན་ཏུ་བཟང་པོ་ཡབ་ཡུམ༔ ལོངས་སྐུ་རྒྱལ་བ་རིགས་ལྔ༔ སྤྲུལ་སྐུ་རྡོ་རྗེ་སེམས་དཔའ༔ རིག་འཛིན་དགའ་རབ་རྡོ་རྗེ༔ མཁས་པ་ཤྲཱི་སེང་ཧཱཿ སློབ་དཔོན་པདྨ་འབྱུང་གནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༔ གཏེར་སྟོན་ཀརྨ་གླིང་པ༔ ཐུགས་སྲས་ཉི་ཟླ་ཆོས་རྗེ༔ བཀའ་བབ་ཉི་ཟླ་འོད་ཟེར༔ ནམ་མཁའ་ཆོས་ཀྱི་རྒྱ་


CMR005_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ༔ སྤྲུལ་སྐུ་ཐུགས་རྗེའི་འོད་ཟེར༔ འཁྲུལ་ཞིག་བྷུདྡྷ་མངྒ༔ རིག་འཛིན་ཀུན་དགའ་གྲགས་པ༔ གར་དབང་ཀུན་དགའ་བསྟན་འཛིན༔ སྔགས་འཆང་པདྨ་དབང་གྲགས༔ མཁས་གྲུབ་ཀརྨ་ཆགས་མེད༔ ཐུགས་སྲས་པདྨ་ཀུན་དགའ༔ མཆོག་སྤྲུལ་ཕྲིན་ལས་དབང་འབྱུང་། ཀུན་མཁྱེན་ཤེས་རབ་གྲགས་པ། ཀརྨ་ཐུབ་བསྟན་རབ་འཕེལ། ཁྱབ་བདག་བསྟན་འཛིན་ཕྲིན་ལས། ཁ་སྤྲུལ་སྨོན་ལམ་ཡོངས་གྲུབ། མཚུངས་མེད་གསང་སྔགས་བསྟན་འཛིན། སངས་སྤྲུལ་ཀརྨ་སངས་རྒྱས༔ མཆན༔ དྲིན་ཆེན་རྩ་བའི་བླ་མ༔ ཞི་བ་བཞི་བཅུ་རྩ་གཉིས༔ འབར་བ་ཁྲག་འཐུང་ལྔ་བཅུ༔ དག་པ་རིག་འཛིན་ལྷ་ཚོགས༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་སྐལ་ལྡན་རིགས་ཀྱི་བུ་འདི་རྣམས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་དབང་བསྐུར་ཞིང་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཉོན་མོངས་པ་དུག་ལྔས་ཀུན་ནས་བསླང་བའི་སྡིག་པ་དང་སྒྲིབ་པ་ལས་ཀྱི་ས་བོན་ཕྲ་མོ་དང་བཅས་པ་བྱང་ཞིང་དག་ནས་འབྲས་བུ་བདེ་བ་ཆེན་པོ་འཕོ་འགྱུར་མེད་པའི་སྐུ་ཐོབ་པར་མཛད་དུ་གསོལ༔ ཚེ་འདི་ཡི་ནད་གདོན་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ༔ ཉམས་དང་


CMR005_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་འཕེལ་བར་མཛད་དུ་གསོལ༔ འཆི་བ་ཆོས་སྐུར་སངས་རྒྱས་པར་མཛད་དུ་གསོལ༔ རིགས་དྲུག་སྐྱེ་སྒོ་ཆོད་པར་མཛད་དུ་གསོལ༔ བར་དོ་ལོངས་སྤྱོད་རྫོགས་སྐུར་སངས་རྒྱས་པར་མཛད་དུ་གསོལ༔ སྐྱེ་བ་སྤྲུལ་པའི་སྐུར་སངས་རྒྱས་པར་མཛད་དུ་གསོལ༔ སྙིང་པོ་མཐའ་དག་བརྗོད་ལ་གཏོར་དབང་བསྐུར་རོ༔ ཛ༔ ཕྲིན་ལས་རྣམ་བཞིས་གདུལ་བྱའི་རེ་བ་བསྐང་༔ སྒོ་བ་སྒོ་མའི་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ རྒྱལ་སྲིད་སྣ་བདུན་ཐོགས་ལ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ རྒྱལ་སྲིད་སྣ་བདུན་དབང་བསྐུར་བས༔ བདེ་ལེགས་ཕུན་སུམ་ཚོགས་པ་དང་༔ འཕགས་པའི་ནོར་བདུན་ལྡན་ནས་ཀྱང་༔ གཞན་དོན་དཔག་མེད་འགྲུབ་པར་ཤོག༔ ཨོཾ་སྭ་སྟི་རཏྟ་ཨ་བྷི་ཥིཉྩ་མཱི༔ བཀྲ་ཤིས་རྟགས་བརྒྱད་ཐོགས་ལ༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ བཀྲ་ཤིས་རྟགས་བརྒྱད་དབང་བསྐུར་བས༔ རྒྱལ་བུ་རྒྱལ་སར་ཐོབ་ནས་ཀྱང་༔ རྒྱལ་འབངས་མངའ་འོག་ཚུད་པ་ལྟར༔ དབང་བཞི་ཡོངས་རྫོགས་ཐོབ་ནས་ཀྱང་༔ གཞན་དོན་དཔག་མེད་དབང་ཐོབ་ཤོག༔ ཨཥཱ་མངྒ་ལཾ་ཧེ་ཏུ་ཨ་བྷི་ཥིཉྩ་


CMR005_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ ཧཱུྃ༔ སྣ་ཚོགས་ཐབས་ཀྱིས་ལོག་འདྲེན་རུ་ཏྲ་འདུལ༔ ཁྲག་འཐུང་ལྔ་བཅུའི་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདི་བདེ་ལེགས་ཤོག༔ མེ་ཏོག་དོར༔ འོ་ཁྱེད་རང་རྣམས་ཀྱི་སྙིང་ག་ཆོས་ཀྱི་འཁོར་ལོ་ན་ཞི་བ་བཞི་བཅུ་རྩ་གཉིས་བཞུགས་སོ༔་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་དག་པ་རིག་འཛིན་གྱི་ལྷ་ཚོགས་བཞུགས་སོ༔ སྤྱི་བོ་བདེ་ཆེན་ཀྱི་འཁོར་ལོ་ན་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་བཞུགས་སོ༔ གཞན་ཡང་རྩ་ཐམས་ཅད་ནི་དཔའ་བོ་དང་རླུང་ཐམས་ཅད་ནི་དཔའ་མོའི་རང་བཞིན་དུ་གནས་སོ༔ ཐིག་ལེ་དཀར་ཆ་རཀྟ་དམར་ཆ་ཐམས་ཅད་ལོངས་སྐུ་ཞི་ཁྲོ་རབ་འབྱམས་ཀྱི་ཚུལ་དུ་གནས་སོ༔ བ་སྤུ་བྱེ་བ་ས་ཡ་ནི་མཁའ་འགྲོ་མ་བྱེ་བ་ས་ཡའི་རང་བཞིན་དུ་གནས་སོ༔ དེས་ན་རང་གི་ལུས་འདི་ཉིད་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་ཡིན་པས༔ འདི་བསད་པ་དང་༔ བརྡུང་བ་དང་༔ དཀའ་ཐུབ་ལ་སོགས་པ་རྒུད་དུ་མ་བཅུག་པར་བཟའ་བཏུང་ཐམས་ཅད་ཚོགས་འཁོར་གྱི་ཚུལ་དུ་མཆོད་ཅིག༔ རྒྱན་དང་གོས་ཀྱི་རྣམ་པ་མཛེས་ཤིང་ཡིད་དུ་འོང་བ་རྣམས་ཀྱང་ཞེན་པ་མེད་པའི་ཚུལ་གྱིས་མཆོད་པ་རྒྱུན་མི་


CMR005_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པར་གྱིས་ཤིག༔ དེ་ནས་རང་ཉིད་འཆི་བའི་ཚེ་ན་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་རང་གི་ལུས་ནས་ཐོན་ཏེ༔ ནམ་མཁའ་བར་སྣང་གང་བར་བར་དོར་འཆར་བར་འགྱུར་རོ༔ དེའི་དུས་སུ་སྒྲ་འོད་ཟེར་གསུམ་ལ་མ་འཇིགས་མ་སྐག་མ་དངངས་བར་ད་ལྟ་དབང་བསྐུར་བའི་ཡི་དམ་གྱི་ལྷ་འདི་རྣམས་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ དེ་ལྟར་ངོ་འགྱུར་རོ༔ དེའི་དུས་སུ་སྒྲ་འོད་ཟེར་གསུམ་ལ་མ་འཇིགས་མ་སྐྲག་མ་དངངས་བབར་ད་ལྟ་དབང་བསྐུར་བའི་ཡི་དམ་གྱི་ལྷ་འདི་རྣམས་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ དེ་ལྟར་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་དུ་འོང་བས༔ བར་དོའི་འཇིགས་སྐྲག་ལས་གྲོལ་ནས་དག་པའི་ཞིང་དུ་སྐྱེ་བའི་གནད་ཟབ་མོ་ཡོད་ཅིང་ངོ་ཤེས་པ་ཁོ་ནས་ཆོག་གོ༔ དེ་ལྟར་དཀྱིལ་འཁོར་གྱི་དབང་བསྐུར་བའི་བྱིན་རླབས་ལ་བརྟེན་ནས་ཞེས་དང་གཏོར་དབེང་ལ། དེ་ལྟར་གཏོར་མའི་བརྡའི་དབང་བསྐུར་བའི་བྱིན་རླབས་ལ་བརྟེན་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་ནས་རིག་འཛིན་གྱི་གོ་འཕང་མྱུར་དུ་ཐོབ་པའི་རྟེན་འབྲེལ་ཟབ་མོ་ཡོད་ཅིང་དེ་དག་རྡོ་རྗེ་སློབ་དཔོན་གྱི་མཐུ་གནད་ཟབ་མོ་ཡིན་པས་བཀའ་དྲིན་དྲན་པའི་ཕྱིར་འདི་ཡི་རྗེས་ཟློས་མཛོད༔ ཨེ་མ་རྒྱལ་བའི་གདུང་འཚོབ་བཀའ་དྲིན་ཆེན་པོའི་དཔལ༔ བདག་སོགས་འགྲོ་ལ་ཐུགས་རྗེས་ཉེར་བཟུང་ནས༔ གཅོང་རོང་ཟབ་མོའི་ནང་དུ་གཏོང་བ་ལ༔


CMR005_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གསང་ཟབ་མོའི་གཞུང་ལ་བརྟེན་ནས་ནི༔ ཕྲིན་ལས་རྨད་པོ་ཆེ་ཡིས་དྲངས་བྱས་ཏེ༔ ཉོན་མོངས་རྟོག་སྒྲིབ་དྲི་མ་ཀུན་བྱང་ནས༔ ཐར་པའི་ལམ་མཆོག་བླ་ན་མེད་པའི་ཞིང་༔ ཀུན་བཟང་ཀློང་དུ་བསྐྱལ་བ་བཀའ་དྲིན་ཆེ༔ དེ་ལྟར་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་གཏོར་མའི་དབང་སྐུར་ཟབ་མོ་ཐོབ་པས་རྩ་བ་དང་ཡན་ལག་གི་དམ་ཚིག་ཚུལ་བཞིན་དུ་བསྲུང་སྙམ་པས་འདི་ཡི་རྗེས་ཟློས་མཛོད༔ གཙོ་བོའི་ཇི་ལྟར་བཀའ་སྩལ་པ༔ དེ་དག་ཐམས་ཅད་བདག་གིས་བགྱི༔ སོགས་མཎྜལ་ཕུལ༔ རྗེས་རིམ་སྤྱི་ལྟར་རོ༔ རྗེས་ཀྱི་ལས་རིམ་རྒྱས་བསྡུས་སྐབས་དང་བསྟུན་ལ་རྗེས་ཆོག་སོགས་དེ་ལྟར་བྱའོ༔ མི་དམིགས་པར་བཞག་པ་ཁོ་ནས་ཆོག་གོ༔ འཕྲོས་དོན་གཏོར་དབང་ནི་གཏེར་གཞུང་ནས་ཉུང་དུ་མི་གསལ་བ་གཅིག་ཁ་འཕང་བར་མཛད་འདུག༔ དེ་ལྟར་གཏོར་དབང་ཡོངས་གྲགས་འདི་ནི་ཆོས་ཀྱི་རྒྱལ་པོས་མཛད་པ་ཡིན་ཅིང་ལྷ་བསྐྱེད་ལུགས་མང་འདུག་པ་ལས་གཏེར་གཞུང་དུ་རྒྱས་བསྡུས་ཡང་རབ་ལ་ཕྱག་ལེན་གབ་སྦས་འདུག་པ་ཁྱེར་བདེ་བར་བྱས་པ་འདི་ནི་ཆོས་དབང་ཀུན་བཟང་གིས་བསྐུལ་བ་ལྟར༔ རྣལ་འབྱོར་ཨ་རཱ་གས་ཚིག་མི་བདེ་བ་ཅུང་ཟད་འདུག་པ་འདོན་བདེ་བར་བསྒྲིགས་ཆགས་སུ་རྒྱས་བསྡུས་སྐབས་ཐོབ་ཏུ་ཕན་པའི་བློས་གྲོ་ཞུན་ཟླ་བའི་ཡར་ཚེས་གསུམ་ནས་རྫོགས་པར་སྦྱར་བའོ༔ བཀྲ་ཤིས་ཤོག༔

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ དབང་བཞི་འབྲེལ་ཚད་རང་གྲོལ་གྱི་དོན་བསྡུས༔ དབང་བཞིའི་དོན་དབང་ཐོབ་ཚད་རང་གྲོལ༔


CMR005_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ དབང་བཞི་འབྲེལ་ཚད་རང་གྲོལ་གྱི་དོན་བསྡུས༔ དབང་བཞིའི་དོན་དབང་ཐོབ་ཚད་རང་གྲོལ༔ འདི་ནི་དཔེ་མཁྱུད་མི་བྱ་ཀུན་ལ་སྤེལ༔ ཁྱེར་བདེ་ལ་ཕན་ཡོན་ཆེ་བ་ཡོད་ལགས༔


CMR005_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ནས༔ ཞི་ཁྲོའི་དབང་བཞི་འཕྲད་ཚད་རང་གྲོལ་གྱི༔ སྤྲོས་བཅས་བུམ་དབང་བསྐུར་ཐབས་བསྡུས་པ་བྲི༔ ཆོས་བདག་སྲུང་མས་བཀའ་གནང་བྱིན་གྱིས་རློབས༔ ཞི་ཁྲོ་བླུག་ཞོར་ཡིན་ན་རབ་ཡིན་ཞིང་༔ མིན་ན་དཀྱིལ་ཐང་མེད་ན་ཚོམ་བུ་དང་༔ བུམ་པ་གཏོར་མ་མཆོད་པ་རྣམ་ལྔ་བཤམས༔ ཞི་ཁྲོའི་ལས་བྱང་ཉུང་བ་ཚར་གཅིག་གིས༔ བདག་མདུན་བུམ་པ་གཏོར་མ་དུས་གཅིག་བསྐྱེད༔ བོ་དྷི་ཙིཏྟ་བསྙེན་པ་ཅི་འགྲུབ་བཟླས༔ ཁྲོམ་པ་ཡོད་ན་འཛབ་བསྙེན་འུར་འདོན་བཅུག༔ ལས་བུམ་ནང་དུ་བདུད་རྩི་འཁྱིལ་པ་བསྐྱེད༔ ཡང་ན་རྡོར་སེམས་གཙོ་རྐྱང་དྲན་རྫོགས་བསྒོམ༔ གང་ཡིན་སྔགས་དེ་ཅུང་ཟད་བཟླས་པས་འཐུས༔ སློབ་མ་


CMR005_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

འཚོགས་ནས་བགེགས་གཏོར་སྤྱི་ལྟར་བསྔོས༔ ལས་བྱང་ནང་ལྟར་བཀའ་བསྒོ་མཚམས་གཅོད་ནི༔ རྔ་དང་རོལ་མོ་དང་བཅས་ནས་ཀྱིས་བྲབ༔ དབང་བཤད་རྒྱས་བསྡུས་སྐབས་དང་བསྟུན་ལ་བྱ༔ ཉུང་ན་ཆབ་བཏང་མང་ན་མེ་ལོང་ངོས་ལ་ཁྲོམ་པ་འཆར་བར་བྱས་ལ་ལས་བུམ་གྱིས་ཁྲུས་བྱ་སྟེ༔ ཧཱུྃ༔ རྒྱུ་དྲུག་ནད་གདོན་སྒྲིབ་སྦྱོང་ཕྱིར་བུམ་ཆུ་བཀྲ་ཤིས་ཆུ་རྒྱུན་གྱིས༔ སྐལ་ལྡན་བུ་ཡི་སྒོ་གསུམ་བཀྲུ༔ མི་མཐུན་ཞི་ནས་སྣོད་རུང་ཤོག༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤུད་དྷོ་ཤུད་དྷེ་བི་ཤུདྡྷེ་སྭཱ་ཧཱ༔ ད་ཁྱེད་རྣམས་ཕོ་བྲང་གི་ཕྱི་སྒོ་ནས་གསོལ་བ་འདེབས་པའི་མོས་པས་རྗེས་ཟློས་མཛོད༔


CMR005_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ སྒོ་སྲུང་ཁྲོ་མོ་ཐམས་ཅད་གསོན༔ བདག་ཅག་འཁོར་བའི་སྡུག་བསྔལ་ལས༔ ཐར་ཕྱིར་དཀྱིལ་འཁོར་འདིར་འཇུག་པས༔ སྒོ་བས་སྒོ་ཕྱེས་ནང་གཏོང་འཚལ༔ རྟག་ཏུ་ཁྱེད་དྲིན་བདག་གིས་ཁུར༔ དེ་ལྟར་གསོལ་བ་བཏབ་པས་སྒོ་སྲུང་ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀྱིས་མེ་རླུང་མཚོན་ཆ་འཚུབ་པའི་ཀློང་ན་ང་རོ་དྲག་པོ་དང་བཅས་ཏེ༔ ཧོ༔ ཁྱེད་ཅག་སྒོ་འདིར་འཇུག་པོ་ལ༔ དགེ་བཅུ་སྒྲུབ་ཅིང་མི་དགེ་སྤངས༔ དཀོན་མཆོག་གསུམ་པོ་ཡིད་ལ་གྱིས༔ ཁས་ལེན་མེད་རྣམས་ཕྱིར་དེངས་ཤིག༔ ཅེས་གསུངས་པའི་ལན་དུ་ཞུ་བ་འདིའི་རྗེས་ཟློས་མཛོད༔ བདག་ཅག་ཁྱེད་ཀྱི་བཀའ་བཞིན་བགྱི༔ དགེ་སྒྲུབ་སྡིག་སྤངས་སྐྱབས་སུ་འགྲོ༔ ངེས་པར་ནང་དུ་བཏང་དུ་གསོལ༔ ཅེས་བརྗོད་པས་ལས་ཀྱི་རྡོ་རྗེས་ཁྲིད་ནས་ཕོ་བྲང་གི་ནང་དུ་བསླེབས་ནས་བླ་མ་ལ་ཕྱག་དང་མཎྜལ་ཕུལ་བར་བསྒོམ་ལ༔ ས་གཞི་སྤོས་ཆུས་སོགས། དེ་ནས་སློབ་དཔོན་ལ་འདོད་དོན་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ ཧོཿ ཁྱེད་ཞབས་བཀའ་དྲིན་སྤང་ནས་ནི༔ བདག་ནི་སྐྱབས་གཞན་མ་མཆིས་པས༔ བླ་མ་གཙོ་མཆོག་འགྲོ་བའི་མགོན༔ སློབ་མ་བདག་ལ་བསྐྱབ་ཏུ་གསོལ༔


CMR005_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གམ་གསུམ། བླ་མས༔ བདག་ལ་ཡོན་ཏན་ཚོགས་མཆིས་ཀྱི༔ ཁྱེད་རྣམས་ཅི་འདོད་གང་ཡིན་ཨང་༔ རྗེས་ཟློས་མཛོད༔ ཧོ༔ དུས་གསུམ་རྒྱལ་བའི་དགོངས་དྲིལ་བའི༔ ཐབས་ཤེས་དབྱེར་མེད་བདག་ཉིད་ཅན༔ གསང་སྔགས་ཐབས་ཀྱི་བདག་ཉིད་མཆོག༔ དབང་བཞི་རྫོགས་པར་བདག་ལ་སྩོལ༔ གཅིག་གམ་གསུམ༔ འོ་ན་སྡོམ་པ་གསུམ་ལ་བརྟེན་དགོས་པས་སྡོམ་པའི་གཞི་སྐྱབས་སུ་འགྲོ་བའི་སྡོམ་པ་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ ན་མོ༔ རྣམ་མཁྱེན་གཙོ་བོ་དཀོན་མཆོག་གསུམ༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ ཐར་པའི་ལམ་མཁན་དཀོན་མཆོག་གསུམ༔ ངན་སོང་དག་ལས་བསྐྱབ་ཏུ་གསོལ༔ མ་རིག་མུན་སེལ་དཀོན་མཆོག་གསུམ༔ མུན་པ་དག་ལས་བསྐྱབ་ཏུ་གསོལ༔ འགྲོ་བ་འདྲེན་མཛད་དཀོན་མཆོག་གསུམ༔ འགྲོ་དྲུག་དག་ལས་བསྐྱབ་ཏུ་གསོལ༔ འགྲོ་དྲུག་སྐྱབས་གནས་དཀོན་མཆོག་གསུམ༔ འཁོར་བའི་འདམ་ནས་དྲང་དུ་གསོལ༔ བར་ཆད་རྐྱེན་སེལ་དཀོན་མཆོག་གསུམ༔ འདི་ཕྱི་གཉིས་ལས་བསྐྱབ་ཏུ་གསོལ༔ དངོས་གྲུབ་ཆར་འབེབ་དཀོན་མཆོག་གསུམ༔ མཆོག་དང་ཐུན་མོང་དངོས་གྲུབ་


CMR005_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ༔ རང་ངོ་ཤེས་པར་བྱིན་གྱིས་རློབས༔ རང་རྒྱུད་གྲོལ་བར་མཛད་དུ་གསོལ༔ གཞན་སྣང་འདུལ་བར་བྱིན་གྱིས་རློབས༔ བདག་གཞན་སྨིན་པར་མཛད་དུ་གསོལ༔ ལན་གསུམ༔ མ་ལྕོག་ན་གཅིག་གི་ས་ཆོག་སྟེ༔ འོག་ནས་འབྱུང་བས་ཚར་གསུམ་དོན་ལ་འགྲོ་བར་ཡོད་པས་ཆོག་གོ༔ དེ་ནས་ཕྱི་ནང་གསང་བའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་རྗེས་ཟློས་མཛོད། ཀྱེ༔ ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང་༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་ཕྱིར་མི་ལྡོག་པ་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ བྱིན་རླབས་འབྱུང་བའི་བླ་མ་རྗེ༔ དངོས་གྲུབ་སྟེར་བའི་ཡི་དམ་ལྷ༔ བར་ཆད་སེལ་བའི་མཁའ་འགྲོ་མ༔ བདག་སོགས་གུས་པས་སྐྱབས་སུ་མཆི༔ ཁྱབ་གདལ་ཆེན་པོ་ཆོས་ཀྱི་སྐུ༔ གསལ་མདངས་ཆེན་པོ་ལོངས་སྤྱོད་རྫོགས༔ སྣ་ཚོགས་འཛིན་གྲོལ་སྤྲུལ་པའི་སྐུ༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ གསུམ་མམ་ཚིག་རྗེས་མ་ལན་གསུམ་གྱིས་འཐུས༔ འདུལ་བ་ནས་གསུངས་པའི་དགེ་སློང་དགེ་ཚུལ་སོགས་ཀྱི་སྡོམ་པ་ནི་མ་ཡིན་ཀྱང་༔ སོ་སོར་ཐར་པའི་དོན་བསྡུ་


CMR005_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ན༔ གཞན་ལ་གནོད་པ་གཞི་དང་བཅས་པ་སྤང་ན༔ སྐྲ་རིང་ཞིང་གོས་དཀར་ན་ཡང་དོན་གྱི་དགེ་སློང་ཡིན་པས༔ དེའི་སྡོམ་པ་ཞུ་བའི་ཕྱིར་རྗེས་ཟློས་མཛོད། བླ་མ་མཆོག་གི་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་འགྲོ་བ་ལ༔ གནོད་པ་བསལ་ཞིང་དགེ་བ་བསྒྲུབ༔ དགེ་བསྙེན་དགེ་ཚུལ་དགེ་སློང་གསུམ༔ ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས༔ སོ་སོར་ཐར་པའི་སྡོམ་པ་ལ༔ བདག་རྒྱུན་དུ་གནས་ཤིང་སྲུང་༔ ཚིག་རྗེས་མ་གསུམ༔ ད་བྱང་ཆུབ་སེམས་བསྐྱེད་བསམ་པ་གྱིས་ལ་རྗེས་ཟློས་མཛོད༔ ཧོ༔ དུས་གསུམ་བླ་མ་མཆོག་དགོངས་ཤིག༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཕ་མའི་འདུ་ཤེས་ཉེར་བཞག་སྟེ་མ་སྒྲལ་བ་རྣམས་བསྒྲལ་བ་དང༔ མ་གྲོལ་བ་རྣམས་དགྲོལ་བ་དང་༔ དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང༔ སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ༔ ཚིག་རྗེས་མ་གསུམ༔ དེ་ལྟར་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་བསམས་པས་འཇུག་པ་སེམས་བསྐྱེད་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ ཧོ༔ སྔོན་གྱི་རྒྱལ་བ་ཐམས་ཅད་


CMR005_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས༔ སྡོམ་པ་ལ་ནི་གནས་པ་ལྟར༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་ལ་སློབ་ཅིང་འཇུག༔ བརྩོན་འགྲུས་དག་གིས་ཐམས་ཅད་བསྒྲལ་ཀུན་དོན་ཚུལ་ཁྲིམས་གསུམ་ཡང་བཟུང་༔ མ་གྲོལ་སྒྲོལ་དང་མ་བརྒལ་བསྒྲལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ ཚིག་རྗེས་མ་ལན་གསུམ༔ དེ་ལྟར་ཐེག་པ་ཐུན་མོང་པའི་སྡོམ་པ་བཟུང་ནས༔ གསང་སྔགས་རིག་འཛིན་གྱི་སྡོམ་པ་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ ཧོ༔ དཀོན་མཆོག་གསུམ་བཟུང་མི་གཏོང་སྒྲུབ༔ བླ་མ་ཡི་དམ་མི་སྤང་ངོ་༔ སངས་རྒྱས་དཀོན་མཆོག་དམ་ཚིག་ཏུ༔ ཡང་དག་སྙིང་པོའི་དོན་ལ་འཇུག༔ དམ་ཆོས་དཀོན་མཆོག་དམ་ཚིག་ཏུ༔ ཐེག་པ་གསུམ་རྣམས་ངོ་བོར་དྲིལ༔ དགེ་འདུན་དཀོན་མཆོག་དམ་ཚིག་ཏུ༔ རིག་པ་དྲི་མེད་དོན་ལ་ལྟ༔ བླ་མ་ཡི་དམ་དམ་ཚིག་ཏུ༔ རང་སེམས་གཙང་མ་དཔང་དུ་འཛུགས༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན༔་རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔


CMR005_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་དང་ཆོས་རྣམས་འཆད༔ པདྨ་རིགས་ཀྱི་དམ་ཚིག་ཡིན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཡིན༔ དེ་བཞིན་རིགས་ཀྱི་དམ་ཚིག་ཏུ༔ དཀྱིལ་འཁོར་གསུམ་དང་འབྲལ་མི་བྱ༔ དེ་བཞིན་རིགས་ཀྱི་དམ་ཚིག་ཡིན༔ བདག་ནི་དཔལ་ཆེན་རིགས་མཆོག་ཆེ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སྐྱབས་ཆེན་དཀོན་མཆོག་རྣམ་གསུམ་དང་༔ མི་འདའ་རྡོ་རྗེའི་དམ་ལ་གནས༔ ཡར་མཆོད་གུས་ཤིང་མར་ལ་བརྩེ༔ རྩ་བ་ཡན་ལག་དམ་ཚིག་བསྲུང་༔ རྩ་བཞི་ལ་སོགས་དམ་ཚིག་རྣམས༔ ནམ་ཡང་མི་འདའ་བཟུང་བར་བྱའོ༔ ཚིག་རྗེས་མ་གསུམ་བྱ༔ དེ་ནས་ཉུང་ན་རྡོ་རྗེ་སྤྱི་བོར་བཞག༔ མང་ན་ཕྱོགས་སུ་བསྟན་ཅིང་སྤྱི་བོར་བཞག་པར་བསྒོམ༔ ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེ་ཡིན༔ སྐུ་ཡི་དམ་ཚིག་ལུས་ཀྱིས་སྲུངས༔ ཉམས་ན་ན་རཀ་དམྱལ་བར་ཚུད༔་བསྲུང་ན་སྐུ་ཡི་འགྲོ་དོན་ནུས༔ བདུད་རྩི་བུམ་ཆུ་བསྲེ་དུང་ཆོས་ཀྱིས་བླུད༔ མང་ན་སྲིན་ལག་གིས་གཏོར༔ དུང་ཆོས་བསྟན་ལ་བླུད་པར་བསྒོམ


CMR005_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ དེ་རིང་བདུད་རྩིའི་ཆུ་འདི་ཉིད༔ ཁྱོད་ཀྱི་ངག་ཏུ་བླུད་པར་བྱ༔ གསུང་གི་དམ་ཚིག་ངག་གིས་བསྲུང་༔ ཉམས་ན་བྱོལ་སོང་གནས་སུ་སྐྱེ༔ བསྲུང་ན་ཆོས་སྨྲའི་རྒྱལ་པོར་སྐྱེ༔ དེ་ནས་གཙོ་བོའི་སྐུ་མེ་ལོང་བསྟན་ལ་སྙིང་གར་བཞག་གམ་བཞག་པར་བསྒོམ་ལ༔ ཧཱུྃ༔ འདི་ནི་ཡེ་ཤེས་སེམས་དཔའ་སྟེ༔་ཐུགས་ཀྱི་དམ་ཚིག་ཡིད་ཀྱིས་སྲུངས༔ ཉམས་ན་སྨོ་འབོག་ཅན་དུ་སྐྱེ༔ བསྲུང་ན་ཆོས་སྐུ་གཉིས་ལྡན་ཐོབ༔ དེ་ནས་རྡོ་རྗེ་ལག་ཏུ་གཏད་པར་བསྒོམ་ལ་མིག་ལམ་དུ་ཕྱར༔ ལྕེ་ལ་བདུད་རྩི་བྱིན་པར་བསྒོམ་ལ་སྲིན་ལག་གིས་གཏོར༔ སྙིང་གར་དྲིའི་ཐིག་ལེ་བྱས་པར་བསྒོམ་ལ་བྲིས་པ་བསྟན༔ སྲིན་ལག་རྩེ་ལ་སྤོས་ཆུ་རེག་པ་བསྟན༔ དེ་ནས་སློབ་དཔོན་གྱིས་གོང་གི་དབང་རྫས་རྡོ་རྗེ་དང་མེ་ལོང་གཙོ་བོའི་སྐུ་དྲིའི་ཐིག་ལེ་བྲིས་པ་དམ་ཚིག་རྡོ་རྗེ་རྩེ་ལྔ་པ་དང་བཅས་པ་ཉུང་ན་མགོ་དང་མགྲིན་དང་སྙིང་གར་གཏུག༔ མང་ན་སྤྱི་བོར་འགྲིམ་ཞིང་མཆོད་གཡོགས་པས་བུམ་པ་ནས་དམ་ཆུ་བསྲེས་པ་འགྲིམ་ཞིང་བླུད་དོ༔ དེ་བྱེད་ཁ་དམ་བསྒྲག་ལ༔ ཧོ༔ བུ་ཁྱོད་འདི་ལྟར་སྲུང་བར་གྱིས༔ ཡབ་ཡུམ་སྐུ་ཡི་དམ་ཚིག་ཏུ༔ བློ་ཆེ་ཁོག་ཡངས་བསྐྱེད་པར་གྱིས༔ གསང་སྔགས་མི་འཆལ་ཤེས་པ་དང་༔ མཚན་མ་མི་འགོག་རིགས་མི་སྨད༔ རྡོ་རྗེ་སློབ་དཔོན་མལ་ཆ་དང་༔ ལྟ་སྤྱོད་ཕྱག་རྒྱ་ལ་སོགས་


CMR005_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པ༔ མ་གནང་བར་དུ་མི་སྤྱོད་ཅིང་༔ མོས་གུས་སྐུ་གསུང་ཐུགས་དམ་སྲུང་༔ སྤྱན་གྲོགས་ལྷན་ཅིག་འཐབ་རྩོད་སྤངས༔ ཁྱད་པར་དམན་པ་སྐྱོང་བར་གྱིས༔ དམ་ཚིག་དེ་དག་ཁས་ལེན་པའི་ཕྱིར་རྗེས་ཟློས་མཛོད༔ ཧོ༔ དཔའ་བོས་གསུངས་བཞིན་བདག་གིས་སྒྲུབ༔ སངས་རྒྱས་ཞིང་དུ་བསྒྲལ་བར་མཛོད༔ ཅེས་བརྗོད་རྗེས༔ གོང་གི་དམ་ཆུ་རྡོ་རྗེ་སོགས་ཀྱང་སྐབས་འདིར་འགྲིམ་མོ༔ སྐབས་འདིར་སྤྱིར་རྡུལ་ཚོན་མེད་ན་སྟ་གོན་མི་དགོས་མི་འབྱར་ཟེར་བ་དགེ་བཤེས་ཐམས་ཅད་གསུངས་མཐུན་ལ༔ ཁྱད་པར་སྒྲུབ་ཆེན་མིན་པའི་མགྱོགས་དབང་ལ་ནི་གཏན་ནས་སོ་ཤིང་དཔུང་སྐུད་སོགས་མི་འབྱར་ཞེས་བདག་གི་བླ་མ་གསར་རྙིང་གཉིས་ལ་མཁས་པ་རབ་འབྱམས་སྨྲ་བ་ངག་གི་དབང་པོས་བདག་ལ་ཞལ་ཁྲིད་མཛད་དོ༔ དེ་སྔོན་ཞི་ཁྲོའི་དཀྱིལ་འཁོར་མ་མཐོང་བ་དང་མ་རིག་པ་འགལ་བའི་བརྡ་ཆོས་སུ་མིག་དར་ཆིངས་ཞེས་མིག་དར་བཀྱེ༔ ད་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་མཎྜལ་ཕུལ་ས་གཞི་སྤོས་ཆུས་སོགས། རྗེས་ཟློས་མཛོད༔ ཀྱེ་ཧོ་འགྲོ་བའི་མགོན་པོ་བླ་མ་རྗེ༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ དཀྱིལ་འཁོར་གཉན་པོར་གཞུག་ཏུ་གསོལ༔ རྗེས་མ་ལན་གསུམ༔ ད་དཀྱིལ་འཁོར་གྱི་སྒོ་སྲུང་ལ་གསོལ་བ་འདེབས་པའི་མོས་པས་


CMR005_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཟློས་མཛོད༔ ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་སྒོ་བཞི་ན༔ ཉོན་མོངས་སྒྲིབ་པས་བཅད་ལགས་ན༔ སྒོ་བ་ཁྲོ་བོ་ཆེན་པོ་བཞི༔ སྒོ་མ་ཁྲོ་མོ་བཞི་རྣམས་ཀྱི༔ ཐབས་ཤེས་ཕྱག་རྒྱ་བཞི་པོ་ཡིས༔ ཡེ་ཤེས་བཞི་ཡི་སྒོ་ཕྱེས་ལ༔ བདག་ཅག་དད་པས་འཇུག་པར་བགྱི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ བདག་ཅག་གུས་པས་ཕྱག་འཚལ་ལོ༔ ཡི་དམ་ལྷ་དང་མཇལ་བར་ཤོག༔ པྲ་ཝེ་ཤ་ཡ་ཕཊ༔ སྒོ་བཞི་ཕྱེས་ནས་བསྐོར་བ་ལན་གསུམ་བྱས་ཏེ༔ ཕྲིན་ལས་བཞི་སྒྲུབ་པའི་ཕྱིར་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་རྣམས་ལག་ཏུ་བྱིན་པས་དངོས་གྲུབ་བཞི་ཐོབ་པར་བསྒོམ༔ ཞེས་ཙཀྐི་བསྟན་ཙམ་བྱའོ༔ ཉུང་ན་ལག་ཏུ་བཞག༔ སློབ་དཔོན་གྱིས་རླུང་རོ་བུས་ཏེ༔ ད་ཁྱེད་རང་རྣམས་དཀྱིལ་འཁོར་ཤར་སྒོའི་ཁྱམས་སུ་གནས་པ༔ ལ༔ སློབ་དཔོན་ཀུན་བཟང་ཡབ་ཡུམ་འཁྲིལ་སྦྱོར་གྱི་ཤངས་ནས་རླུང་བྱུང་བས་ཁྱེད་རང་རྣམས་འོད་དུ་ཞུ་བ་རླུང་གིས་རྔུབ་སྟེ༔ ཤངས་བུག་གཡོན་ནས་ཞུགས༔ སྐུའི་དབྱིབས་བརྒྱུད༔ རྡོ་རྗེའི་སྦུབ་ནས་ཐོན༔ ཡུམ་གྱི་པདྨར་བབ་པས་སྲས་སུ་གྱུར་ཏེ༔ ཡུམ་གྱི་རྩིབ་མའི་གོ་བར་ནས་ཐོན་ནས༔ མདུན་གྱི་བར་སྣང་ལ་རིགས་ཐམས་ཅད་འདུས་པའི་ངོ་


CMR005_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བོ་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་དང་བཅས་པ་སྣང་ལ་རང་བཞིན་མེད་པར་གྱུར་ཏེ༔ དཀྱིལ་འཁོར་ཤར་སྒོའི་ཁྱམས་ལ་སེངྒེའི་ཁྲི་ལ་བཞུགས་པར་གྱུར་པའི་སྙིང་ནང་ན་སངས་རྒྱས་བཞི་བཅུ་རྩ་གཉིས་ཀླད་པ་དུང་ཁང་ན་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད༔ མགྲིན་པ་ནི་དག་པ་རིག་འཛིན་གྱི་ལྷ་ཚོགས་གསལ་བར་སྒོམས་ཤིག༔ ཧོ༔ བུ་ཁྱོད་དེང་ནས་རྒྱལ་བའི་སྲས༔ གསང་སྔགས་དབང་གི་སྣོད་ཡིན་ནོ༔ སྤྲོ་བ་དང་དགའ་བ་བསྐྱེད་ཅིག༔ ད་ཡེ་ཤེས་པ་དབབ་པའི་ཕྱིར་ཁྱེད་རང་རྣམས་བཞེངས་ནས་ཐལ་མོ་སྙིང་གར་སྦྱར་བའི་མོས་པ་གྱིས་ལ༔ སྐད་ཅིག་གིས་ཁྱེད་རང་རྣམས་རྡོ་རྗེ་ཕག་མོ་མཐིང་ནག་བུ་མོ་བཅུ་དྲུག་ལོན་པའི་ན་ཚོད་ཙམ༔ ནུ་མ་འབུར་ཞིང་བྷ་ག་རྒྱས་པ༔ དབུ་སྐྲ་ལྕང་ལོ་སིལ་བུ་བསིལ་བ༔ རུས་པའི་རྒྱན་དྲུག་གིས་སྤྲས་པ༔ ཕྱག་གཡས་ཅང་ཏེའུ་དང་གཡོན་དྲིལ་བུ་འཛིན་པ༔ སྐུ་གར་སྟབས་ཁྱུག་ཁྱུག་མཛད་པ་ཞིག་སྒོམས་ཤིག༔ གཞན་ཡང་མདུན་གྱི་ནམ་མཁའ་ནས་མར་ལ་འོག་མིན་ནས་རྩ་བ་གསུམ་གྱི་ལྷ་ཚོགས་དང་༔ ཁྱད་པར་ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པ་


CMR005_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས༔ མཚོ་ལ་ཁ་བ་བབ་པ་ལྟར་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་མིག་ཚུམ་ལ་སྒོམས་ཤིག༔ སྤོས་འགྲིམ་ལ་རྔ་རོལ་མོ་དང་བཅས༔ ཧཱུྃ༔ དཔལ་ལྡན་ནུབ་ཕྱོགས་ཨོ་རྒྱན་ཡུལ༔ དྷ་ན་ཀོ་ཤའི་མཚོ་གླིང་དུ་ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ལྷུན་གྲུབ་དབྱིངས་ཀྱི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་འདུས༔ ཞི་ཁྲོའི་ལྷ་ཚོགས་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ཧེ་རུ་ཀ་ཡི་གནས་བཅུ་ནས༔ ལེགས་ཉེས་དམ་ཚིག་རྗེས་གཅོད་པའི་ཀེ་སེང་དབང་ཕྱུག་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀི་ནི་སིདྡྷི་ཧཱུྃ༔ བོ་དྷི་ཙིཏྟ་དང་༔ བཛྲ་ཨཱ་ཝེ་ཤ་ཡ་ཧཱུྃ༔ ཅེས་ཡུན་རིང་དུ་བརྗོད་ནས༔ ད་སེམས་མ་བཅོས་པར་རང་ལུགས་སུ་ལྷོད་ཀྱིས་ཀློད༔ ངོ་བོ་རྗེན་པའི་སྟེང་དུ་ཞོག་ཅིག༔ སྐལ་བ་དང་ལྡན་ན་སྐབས་འདིར་རྟོགས་པ་གཤའ་མ་ཞིག་སྐྱེ་བ་ཡིན་ནོ༔ ད་མེ་ཏོག་ཕྲེང་བ་འདི་ཚེ་རབས་ལས་ཀྱི་ལྷ་ལ་འབུལ་བསམ་པ་གྱིས་ལ་རྗེས་ཟློས་མཛོད༔ ཀྱེ་ཚེ་རབས་ཐོག་མེད་དུས་ཉིད་ནས༔ ཐ་མ་ད་ལ་ཐུག་གི་བར༔ བསྙེན་སྒྲུབ་བསྒོམ་


CMR005_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡི་དམ་ལྷ༔ གང་ཡིན་དེ་ལ་ཕོག་པར་ཤོག༔ མེ་ཏོག་གམ་ནས་དེ་དཀྱིལ་འཁོར་ལ་གཏོར༔ པྲ་ཏིཙྪ་ཧོ༔ རིགས་དང་མཐུན་པའི་མིང་ངམ༔ བཏགས་པའི་མིང་ནི༔ ད་ལམ་སྒྲིབ་པ་དག་པའི་རྟེན་འབྲེལ་དུ་མེ་ཏོག་དེ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་ཕོག་པའི་མོས་པ་གྱིས༔ སྐྱེས་པ་རྣམས་ལ་རྡོ་རྗེ་སེམས་དཔའ་བུད་མེད་རྣམས་ལ་རྡོ་རྗེ་སེམས་མའི་མིང་བཏགས་པ་ཡིན་པས༔ མ་བརྗེད་ན་དམྱལ་བ་ན་ཕྱིན་ན་ཡང་དེ་མ་ཐག་གསང་མཚན་བརྗོད་པས་ཐར་བ་དང་༔ མ་འོངས་པ་ན་མཚན་དེ་འདྲའི་སངས་རྒྱས་སུ་འགྱུར་བ་གསང་སྔགས་ཀྱི་ནུས་པ་ཡིན་གསུངས༔ ད་མ་རིག་པའི་སྒྲིབ་པ་དང་མིག་དར་ལྷན་ཅིག་ཏུ་བསལ་བར་སྒོམས་ཤིག༔ ཀུན་བཟང་རིགས་ལྔ་རྡོ་རྗེ་སེམས༔ ཁྱོད་ཀྱི་མ་རིག་ལིང་ཏོག་མིག༔ ཡེ་ཤེས་སྤྱན་དུ་དབྱེ་བར་བྱའོ༔ ཨོཾ་བཛྲ་ཙཀྟ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་རྡོ་རྗེས་བཤུ་ཚུལ་བྱས་ལ་མིག་དར་བསྡུ་བཅུག༔ མཆོད་གཡོག་པས་ལྷ་ངོ་སྟོན་ཚུལ་བྱ༔ བདག་ནི་མ་རིག་མིག་འབྱེད་ཡིན༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ དེ་རིང་དཀྱིལ་འཁོར་འདི་མཐོང་བས༔ ཅོད་པན་བཟང་པོ་འདི་ཡང་ཐོགས༔ གསང་མཚན་གང་ཡིན་མ་བརྗེད་ཅིག་ཅེས་ཙམ་པ་ཀ་མིག་


CMR005_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུ་བསྟན་ནས་དབུ་བརྒྱན་པར་བཅུག་ལ༔ དབུ་རྒྱན་དུ་འགྲིམས་པས་འཐུས་སོ༔ འོ་རིགས་ཀྱི་བུ་མེ་རི་རྡོ་ར་དུར་ཁྲོད་བརྒྱད་ཀྱི་དབུས་ན་ཕྱི་རིན་པོ་ཆེའི་གཞལ་ཡས་ཁང་ལ༔ ནང་ཐོད་པའི་གཞལ་ཡས་ཁང་ཞི་ཁྲོ་སྦྲག་མའི་དཀྱིལ་འཁོར་འདིའི་ནང་ཡ་ཀི་ན༔ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ཀྱི་སྟེང་བར་སྣང་གི་ནང་དུ་ཞི་བའི་ལྷ་ཚོགས་དབུ་རྒྱན་གྱི་ཚུལ་དུ་བཞུགས་པ་དང་༔ ཕྱི་ཁྱམས་ལ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་སྤོར་བྱེད་ཆེན་པོ་བརྒྱད༔ རིག་འཛིན་དཔའ་བོ་མཁའ་འགྲོ་སྤྲིན་གཏིབས་པ་ལྟ་བུའི་ཞལ་མངོན་སུམ་མཐོང་བའི་མོས་པ་མཛོད་ལ་སྨོན་ལམ་འདིའི་རྗེས་ཟློས་མཛོད༔ ཀྱེ་མ་བག་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ སྔངས་སྐྲག་འཇིགས་སྣང་སྤངས་པའི་འོད་ལམ་ལ༔ བཅོམ་ལྡན་ཞི་ཁྲོའི་ཚོགས་ཀྱིས་ལམ་སྣ་དྲོངས༔ དབྱིངས་ཕྱུག་ཁྲོ་མོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ དེས་དཀྱིལ་འཁོར་དུ་འཇུག་པ་སོང་ནས༔ དངོས་གཞི་དབང་ཞུ་བའི་ཕྱིར་འབྲུ་ལྔའི་མཎྜལ་ཕུལ༔ ས་གཞི་སྤོས་ཆུས་སོགས༔ རྗེས་ཟློས་མཛོད༔ ཀྱེ༔ མ་བླ་མ་རྡོ་རྗེ་འཛིན་པ་


CMR005_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ༔ བདག་ཅག་སྐལ་ལྡན་བུ་སློབ་ལ༔ དབང་བཞིའི་ཆུ་བོ་བསྐུར་དུ་གསོལ་བརྒྱུད་པའི་བབ་ཚུལ་གང་ལྟར་ལགས༔ ཞུས་པས༔ བུ་སློབ་ལས་ཅན་མ་ཡེངས་ཉོན༔ བླ་མེད་གསང་བའི་གདམས་ངག་འདི༔ སྣོད་མིན་རྣམས་ལ་བསྐུར་མི་རུང་༔ སྣོད་ལྡན་མོས་གུས་གདུང་ཤུགས་བསྐྱེད༔ འོ་ན་ཆོས་སྐུ་ཀུན་ཏུ་བཟང་པོ༔ དྲུག་པ་རྡོ་རྗེ་འཆང་ཆེན༔ སྟོན་པ་རྡོ་རྗེ་སེམས་དཔའི་རྣམས་གཅིག་གིས་གཅིག་ལ་དགོངས་པ་གཏད་པ་ཙམ་གྱིས་ཆོག་པས༔ རྒྱལ་བ་དགོངས་པའི་བརྒྱུད་པའོ༔་རིག་འཛིན་དགའ་རབ་རྡོ་རྗེ༔ གུ་རུ་ཤྲཱི་སེང་ཧ༔ འཆི་མེད་པདྨ་འབྱུང་གནས་གསུམ་ནི་གཅིག་ལ་གཅིག་བརྡ་བསྟན་པ་ཙམ་གྱིས་ཆོག་པས༔ རིག་འཛིན་བརྡའི་བརྒྱུད་པའོ༔ ཨོ་རྒྱན་རིན་པོ་ཆེས་དྭགས་པོ་གདལ་གྱི་རི་ལ་གཏེར་དུ་སྦས་ཤིང་སྨོན་ལམ་བཏབ་པས༔ ཅོག་རོ་ཀླུའི་རྒྱལ་མཚན་གྱི་སྐྱེ་བ་གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱི་སྲས་པོ༔ གྲུབ་ཐོབ་ཀརྨ་གླིང་པ་ལ༔ ཡེ་ཤེས་མཚོ་རྒྱལ་ལ་སོགས་ཆོས་བདག་མཁའ་འགྲོས་ལུང་བསྟན་ཁ་བྱང་གཏད་པས༔ མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་དང་༔ གཏེར་ནས་བཏོན་པས་གཏེར་ཆོས་སྨོན་ལམ་བརྒྱུད་པ་


CMR005_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་ཡིན༔ དེ་ནས་ཐུགས་སྲས་ཉི་ཟླ་ཆོས་རྗེ༔ འགྲོ་མགོན་སཱུརྱ་ཙནྡྲ་གཉིས་ཀྱི་རིང་ལ་དབང་བཞི་འདི་གཅིག་བརྒྱུད་ལས་མེད་ཅིང་༔ མ་སྤེལ་བར་ཉམས་སུ་བླངས་ནས༔ གཏེར་སྒྲུབ་མཆོག་ཏུ་གྱུར་ནས་བྱིན་རླབས་དང་ལྡན་པས་ཐུགས་རྗེ་བྱིན་རླབས་བརྒྱུད་པ་ཡིན༔ དེ་ནས་ལུང་བསྟན་ལྟར་ལྷ་ལྕམ་གང་འབུམ་གྱི་སྐྱེ་བ་བཀའ་བབས་ཆོས་ཀྱི་རྒྱལ་མཚན་ལ་བཀའ་བབས༔ ལོ་དྲུག་ཉམས་སུ་བླངས་ནས་ཕྱག་ལེན་རྒྱས་བསྡུས་ཐམས་ཅད་གཏན་ལ་ཕབ་པས་བཀའ་བབས་དོན་གྱི་བརྒྱུད་པ་ཡིན༔ དེས་སྤྲུལ་སྐུ་ཐུགས་རྗེ་འོད་ཟེར༔ འཁྲུལ་ཞིག་བུདྡྷཱ་མངྒ་༔ དེས་རཏྣའི་གདུང་རྒྱུད་རིག་འཛིན་ཀུན་དགའ་གྲགས་པ༔ སྲས་ཀུན་དགའ་བསྟན་འཛིན་ནས༔ རིག་འཛིན་ཀརྨ་དོན་ཡོད༔ དེས་བདག་རཱ་ག་ཨ་སྱ་ལ་དབང་བཞི་འདི་ལན་གཉིས་གནང་སྟེ༔ ལུང་བསྟན་ཆེན་པོ་བཀའ་རྒྱ་མ་ལས༔ མདོར་ན་ཨོ་རྒྱན་ངས་བསྟན་ཆོས་རྣམས་ལ༔ ཚུལ་བཞིན་སུ་དང་སུ་ཡིས་ཉམས་བླངས་པ༔ ཐམས་ཅད་ང་ཡི་སྤྲུལ་པ་ཡིན་པ་སྟེ༔ ཕྱི་རབས་ཀུན་གྱི་ཐེ་ཚོམ་ཡིད་གཉིས་སྤོངས༔ གུས་པས་བཀུར་སྟི་ཕུ་དུད་འབྲེལ་བ་ཐོགས་ཞེས་དང་༔ གསང་


CMR005_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ཞུས་ལན་ལས༔ མ་འོངས་གཏེར་ལ་མོས་པའི་གང་ཟག་རྣམས༔ དེང་སང་གུ་རུའི་ཞལ་མཐོང་འབྲེལ་པ་ཐོགས༔ ཐམས་ཅད་ལས་ཅན་ཡིན་པས་དགའ་བ་བསྒོམ༔ ཁོ་མོའི་ཚིག་འདི་རིན་ཆེན་གསེར་བས་དཀོན༔ ཞེས་པ་ལྟར་བརྒྱུད་པའི་བླ་མ་རྣམས་ཐེ་ཚོམ་མེད་པར་གཏེར་ལ་མོས་ཤིང་ཚུལ་བཞིན་ཉམས་སུ་ལེན་པ་ཤ་སྟག་སྟེ། གང་ཟག་སྙན་ཁུང་བརྒྱུད་དང་བརྒྱུད་པ་དྲུག་དང་ལྡན་པ་ཡིན་ནོ༔ དེ་ལྟར་ཁུངས་བཙུན་པའི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ ཀྱེ་ཧོ༔ བླ་མ་འགྲོ་བའི་མགོན༔ བདག་ཅག་སྐལ་ལྡན་སློབ་བུ་ལ༔ དཀྱིལ་འཁོར་ཆེན་པོའི་ཤར་ཕྱོགས་ནས༔ བུམ་པའི་དབང་སྐུར་སྩལ་དུ་གསོལ༔ གསུམ་ཚུར་ཤོག་ཚུར་ཤོག་རིགས་ཀྱི་བུ༔ ད་ནི་བདག་གིས་ཁྱོད་སྨིན་བྱ༔ བདག་བསྐྱེད་དཀྱིལ་འཁོར་གཙོ་བོའི་ཐུགས་ཀ་ནས་སློབ་དཔོན་རྡོར་སེམས་དཀར་པོ་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན་ཅིང་༔ སྐུ་ལ་ཞི་ཁྲོའི་ལྷ་ཚོགས་རྫོགས་པ་ཞིག་བྱོན་ནས་མདུན་བསྐྱེད་དཀྱིལ་འཁོར་ཤར་སྒོའི་ཕྱི་ཁྱམས་སེངྒེའི་ཁྲི་ལ་བཞུགས་ནས་དབང་གི་བྱ་བ་མཛད༔ དེའི་མདུན་དུ་ཁྱེད་རྣམས་ཀྱང་ཟླ་བའི་གདན་དབང་སྟེགས་ལ་འཁོད་


CMR005_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མོས་གུས་བྱས་པས༔ སློབ་དཔོན་གྱི་དབང་ཚིག་གསུང་པ་ཙམ་གྱིས་མདུན་བསྐྱེད་ལྷ་ཚོགས་བསྐུལ་བས་ཀུན་བཟང་རིགས་ལྔས་དབང་བསྐུར་བའི་དགོངས་པ་མཛད༔ ཡུམ་ལྔའི་ཐུགས་ཀ་ནས་མཁའ་འགྲོ་ལྔ་སྤྲུལ་ནས་བུམ་པ་དང་༔ དབང་རྫས་ཐོགས་ནས་བར་སྣང་ཁམས་སུ་རྒྱང་ངེ་བྱོན་པས་སྤྱི་བོ་ལ་སོགས་དབང་བསྐུར་བས༔ སེམས་དཔའ་སེམས་མ་བཅུ་དྲུག་གིས་བཀྲ་ཤིས་བརྗོད༔ ཁྲག་འཐུང་ཁྲོ་བོ་རྣམས་ཀྱིས་ཧཱུྃ་ཕཊ་ཀྱི་སྒྲས་བགེགས་བསྐྲད༔ དེ་ཡང་བུམ་པ་ལྔའམ་གཅིག་གི་ནང་དུ་རྡོར་སེམས་རིགས་ལྔ་ཞུ་བ་ཡེ་ཤེས་ལྔའི་ཆུས་ལུས་ཀྱི་གནས་ལྔའམ༔ སྤྱི་བོའི་གནས་ལྔར་དབང་བསྐུར་བར་སྒོམས་ཤིག༔ ཅེས་བརྡ་སྤྲད་ནས༔ ཉུང་ན་བུམ་པ་ལྔ་པོ་མགོ་བོའི་དབུས་དང་ཕྱོགས་བཞིར་རིམ་པར་བཞག་པ་རྒྱས་པའོ༔ བུམ་པ་ལྔ་ཚིག་བརྗོད་ཅིང་ཕྱུར་ཙམ་བྱས་ནས་ལན་ལྔར་སྤྱི་བོའི་གནས་ལྔར་བཞག་ཅིང་འགྲིམ་པ་དེ་ནི་འབྲིང་༔ ཁྲོམ་ལ་ནི་བུམ་པ་ལྔ་སོ་སོར་ཕྱར་ཙམ་བྱས་ལ་དུས་གཅིག་རེག་ཙམ་རེ་འགྲིམ་པས་བསྡུས་པ༔ བུམ་པ་ལྔ་ཕྱར་ཙམ་བྱས་ནས་རྗེས་བུམ་དབང་རྒྱས་པ་དང་དྲུག་ཀ་གཅིག་ཏུ་བསྡུས་ནས་འགྲིམ་པ་ཤིན་ཏུ་བསྡུས་པ་ཡིན་ནོ༔ བུམ་པ་གཅིག་བས་མེད་ན་གཅིག་པོ་དེ་བསྟན་ཝིག་བྱའོ༔ ཧཱུྃ༔ བུམ་པའི་རང་བཞིན་ཆོས་ཀྱི་སྐུ༔ བུམ་བཅུད་འདི་ནི་ལོངས་


CMR005_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་རྫོགས༔ གཟུངས་ཐག་ཁ་རྒྱུན་སྤྲུལ་པའི་སྐུ༔ རིན་ཆེན་ལྔ་ཡི་དབང་བསྐུར་བས༔ ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག༔ ཚིག་ལྷུག་མི་དགོས་དོན་ཚིགས་བཅད་ལ་ཚང་།བའོ༔ ཧཱུྃ་བཛྲ་དྷིཀ་ཚུ་དྷརྟ་ཤྭ་རི་ཧཱུཾ༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ འདིར་རྡོར་སེམས་དབུས་སུ་བསྒོམ་པ་ན་རཀ་དོང་སྤྲུགས་དབང་དུ་ཡིན་ལ༔ རྣམ་སྣང་དབུས་སུ་བསྒོམ་ན་སྔགས་བརྗེ༔ སྤྱི་བོར་བཞག་པར་བྱའོ༔ ཁྲོམ་ལ་སོ་སོར་འགྲིམ་ན་སློབ་དཔོན་གྱི་རིགས་ལྔ་སོ་སོའི་ཡིག་བརྒྱ་འདོན༔ ཁྲོམ་ལ་རྡོར་སེམས་རིགས་ལྔ་སོ་སོའི་སྙིང་པོ་འབྲུ་དྲུག་འུར་འདོན་ཕྱག་ལེན་ཡིན་ནོ༔ དེ་ནས་ཤར་བུམ༔ ཧཱུྃ༔ བུམ་པའི་རང་བཞིན་ཆོས་དབྱིངས་སྐུ༔ བུམ་ཆུ་འདི་ནི་ལོངས་སྤྱོད་རྫོགས༔ གཟུངས་ཐག་ཁ་རྒྱན་སྤྲུལ་པའི་སྐུ༔ སྨན་མཆོག་ལྔ་ཡི་དབང་བསྐུར་བས༔ དུག་ལྔའི་ནད་ལས་གྲོལ་བར་ཤོག༔ དཔྲལ་བར་བཞག༔ ཨོ་ཛི་ན་ཛིཀ༔ ལྭ་དྷ་སྟི་ཤྭ་རི་སིཾ༔ བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ ལྷོའི་བུམ་པ༔ ཧཱུྃ༔ བུམ་པའི་རང་བཞིན་ཆོས་ཀྱི་སྐུ༔ བུམ་བཅུད་འདི་ནི་ལོངས་སྤྱོད་རྫོགས༔ གཟུངས་ཐག་ཁ་རྒྱན་སྤྲུལ་པའི་སྐུ༔ སྙིང་པོ་ལྔ་ཡི་དབང་བསྐུར་བས༔ རིགས་མཆོག་ལྔ་པོ་ཐོབ་པར་ཤོག༔ རྣ་ལྟག་གཡས༔ སྦ་རཏྣ་དྷིཀ༔ ཚྭ་མོ་ཧཱ་ར་ཏི་སིཾ༔ རཏྣ་ཨ་བྷི་ཥིཉྩ་སྭཱ༔ ནུབ་ཀྱི་


CMR005_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ༔ ཧཱུྃ༔ བུམ་པའི་རང་བཞིན་ཆོས་ཀྱི་སྐུ༔ བུམ་བཅུད་འདི་ནི་ལོངས་སྤྱོད་རྫོགས༔ གཟུངས་ཐག་ཁ་རྒྱན་སྤྲུལ་པའི་སྐུ༔ འབྲུ་སྣ་ལྔ་ཡི་དབང་བསྐུར་བས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ༔ ཉི་ཤུ་རྩ་ལྔའི་དབང་ཐོབ་ཤོག༔ ལྟག་ཁུང་༔ ཨ་རོ་ལིཀྲ༔ པཱ་ར་ག་ར་ཏི་སིཾ༔ པདྨ་ཨ་བྷི་ཥིཉྩ་ཨཱཿ བྱང་བུམ༔ ཧཱུྃ༔ བུམ་པའི་རང་བཞིན་ཆོས་ཀྱི་སྐུ༔ བུམ་བཅུད་འདི་ནི་ལོངས་སྤྱོད་རྫོགས༔ གཟུངས་ཐག་ཁ་རྒྱན་སྤྲུལ་པའི་སྐུ༔ དྲི་མཆོག་ལྔ་ཡི་དབང་བསྐུར་བས༔ ཕ་རོལ་ཕྱིན་དྲུག་མཐར་ཕྱིན་ནས༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་ཤོག༔ རྣ་ལྟག་གཡོན༔ ཧཱ་པྲཛྙཱ་དྷིཀྲ༔ ཧཱུཾ་བཛྲ་ར་ཏི་སྟེ༔ ཨ་བྷི་ཥིཉྩ་ཧཱ༔ ཅེས་བུམ་པ་ལྔ་ཡོད་ན་བུམ་ཆུ་གཙོ་བུམ་དུ་བསྡུ་ལ༔ འོ་དེ་ལྟར་རིགས་ལྔའི་དབང་བསྐུར་བས༔ དུག་ལྔའི་སྒྲིབ་པ་དག༔ འགྲོ་བ་ལམ་རྒྱུད་ལྔའི་སྐྱེ་སྒོ་ཆོད༔ ཕུང་པོ་ལྔ་གནས་འགྱུར༔ རིགས་ལྔའི་ས་བོན་བཞག༔ ཡེ་ཤེས་ལྔ་རྒྱུད་ལ་སྐྱེས༔ ཞིང་ཁམས་ལྔ་ལ་དབང་བསྒྱུར་བའི་སྐལ་བ་ཅན་དུ་བྱས་པའོ༔ ད་རྣམ་རྒྱལ་བུམ་པ་འདིའི་ནང་ན་དམ་པ་རིགས་བརྒྱ་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ ལུས་ཐམས་ཅད་གང་བར་


CMR005_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམས་ཤིག༔ ཧཱུྃ༔ བུམ་པ་འདི་ནི་གཞལ་ཡས་ཁང་༔ ནང་ན་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཕྱི་ནང་གསང་བའི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས༔ ཕྱི་ནང་གསང་བའི་དབང་མཆོག་རྣམས༔ སྐལ་ལྡན་རྣམས་ལ་ཕབ་ནས་ཀྱང་༔ ཕུང་ཁམས་ལྷ་དང་ལྷ་མོ་གྱུར༔ བསྐྱེད་རིམ་ལྷ་དབང་ཐོབ་པར་ཤོག་ཨོ་ཨཱཧཱུྃ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཧཱུྃ་སྭཱ་ཧཱ༔ དམ་པ་རིགས་བརྒྱའི་དབང་དང་དངོས་གྲུབ་དམ་པ་ཐོབ་པར་གྱུར་ཅིག༔་དབང་ལྡན་རྣམས་ལ་དབང་ཐིམ་པར་གྱུར་ཅིག་གསལ་བར་གྱུར་ཅིག༔ མཆེད་པར་གྱུར་ཅིག༔ འབར་བར་གྱུར་ཅིག༔ རྒྱས་པར་གྱུར་ཅིག༔ དབང་དུ་གྱུར་ཅིག༔ སྨིན་ཅིང་གྲོལ་བར་གྱུར་ཅིག༔་རིག་ཅིང་གྲོལ་བར་གྱུར་ཅིག༔ བརྟན་པར་གྱུར་ཅིག༔ གྲོལ་བར་གྱུར་ཅིག༔ མེ་ཏོག་གང་ལ་ཕོག་པའི་ལྷ་དང་དབྱེར་མེད་པར་སངས་རྒྱས་པར་གྱུར་ཅིག༔ འདི་ཡན་ཆད་བུམ་པ་དྲུག་སྟོན་ཙམ་བྱས་ནས་འདིར་ལན་གཅིག་སློབ་དཔོན་གྱིས་བུམ་པ་སྤྱི་བོར་འགྲིམ༔ བོདྷི་ཙིཏྟ་འདོན༔ མཆོད་གཡོག་པས་བུམ་ཆུ་བཀྱེ་བ་རང་གིས་འཐུས་སོ༔ ཁྲོམ་པ་ལ་བོདྷི་ཙིཏྟ་བསྐུལ༔ དེ་ནས་བཀྲ་ཤིས་གང་རུང་ཤོ་ལོ་ཀ་གཅིག་སྟེ༔ ཧྲི༔


CMR005_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་འཆི་གཉིས་སྤང་ཚེ་ཡི་རིག་འཛིན་བརྙེས༔ པདྨ་འབྱུང་གནས་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ དེ་ནས་རིག་པའི་དབང་ལྔ་ཡང་སོ་སོར་སྟོན་ཙམ་བྱས་ནས་དུས་གཅིག་འགྲིམ་པས་ཆོག་སྟེ༔ བུམ་པ༔ ཧཱུྃ༔ སྐུ་གསུམ་དམ་ཚིག་ལས་བྱུང་ཞིང་༔ ཉོན་མོངས་ཞེ་སྡང་འཇོམས་མཛད་པ༔ ལྷ་ཡི་བདུད་རྩི་དག་པ་ཡི༔ མི་བསྐྱོད་པ་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་དྷ་ར་ཨ་ནུ་ཛྷཱ་ན་ཨ་བྷི་ཥིཉྩ་མཱི༔ དབུ་རྒྱན༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རྒྱལ་སྲིད་དབང་༔ ང་རྒྱལ་རྟོག་པ་རྣམ་པར་འཇོམས༔ ཆགས་མེད་འབྱིན་པའི་དབུ་རྒྱན་འདིས༔ རྫོགས་སངས་རྒྱས་སུ་དབང་བསྐུར་རོ༔ སྦ་རཏྣ་ཛྷཱ་ན་སྭ་བྷ་ཝ་ཨ་བྷི་ཥིཉྩ་མཱི༔ རྡོ་རྗེ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་༔ མི་ཕྱེད་རྡོ་རྗེ་གསང་བ་ལས་འདོད་ཆགས་རྟོག་པ་རྣམ་པར་འཇོམས༔ རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ༔ ཧཱ་པདྨ་པྲཛྙཱ་ཛྷཱ་ན་ཨ་བྷི་ཥིཉྩམཾ༔ དྲིལ་བུ་ཧཱུྃ༔ ཐབས་དང་ཤེས་རབ་ལྡན་པ་ཡི༔ འགྲོ་དོན་མཉམ་ཉིད་དྲིལ་བུ་འདིས༔ ཕྲག་དོག་རྟོག་པ་རྣམ་པར་འཇོམས༔ གཉིས་སུ་མེད་པར་དབང་བསྐུར་རོ༔ ཧཱ་ཏིཥྛ་ཨཱ་ནུ་ཏེ་ཛྷཱ་ན་སཱ་ཏེ་བཛྲ་ཀརྨ་ཨ་བྷི་ཥིཉྩ་མཱི༔


CMR005_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྣམ་སྣང་གི་ཙཀ་ལི་བསྟན་ལ༔ ཧཱུྃ༔ རྣམ་སྣང་མིང་གི་དབང་བསྐུར་བས༔ གཏི་མུག་རྟོག་པ་རྣམ་པར་འཇོམས༔ ཅིས་ཀྱང་མི་ཆོད་མི་ཤིགས་པ༔ རྡོ་རྗེའི་མིང་དུ་།རབ་ཏུ་གྲགས༔ ཨོཾ་ཏྲི་ཙཀྲ་མ་ཏི་ཨ་མི་ཛྙཱ་ན་ཨ་བྷི་ཥིཉྩ་མཱི༔ ཅེས་དཔྲལ་བར་ཚད་ནས༔ འོ་ཁྱེད་རྣམས་ལ་བྱ་སྤྱོད་རྣལ་འབྱོར་རྒྱུད་རྣམས་དང་༔ ཐུན་མོང་རིག་པའི་དབང་ལྔ་བསྐུར་བས༔ རྒྱུད་ཐམས་ཅད་ལ་བལྟ་བ་དང་ཉན་པར་དབང་བ་ཡིན་ནོ༔ དབུ་རྒྱན་ནང་དུ་བུམ་པ་གཙུག་ཁ་རྒྱན་ལ་རྣམ་སྣང་གི་སྐུ་བཙུགས་པ་རྡོ་རྗེ་དང་བཅས་པ་ལག་གཡས་པས་མགོ་ལ་བཞག་པ་དང་༔ རྡོར་དྲིལ་སྦྲེལ་བ་ལག་གཡོན་དུ་འཕྱང་བ་ལ་རེག་ཙམ་བྱེད་འཇུག་ཅིང་འགྲོ༔ བྷོ་དྷི་བསྐུར་འདོན་བྱ༔ མཆོད་གཡོག་གིས་བུམ་ཆུ་བའོ༔ ད་ལྷ་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད༔ ཀྱི་བླ་མ་རྡོ་རྗེ་འཛིན་པ་ཆེ་བདག་ཅག་སྐལ་ལྡན་བུ་རྣམས་ལ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི༔ ལྷ་དབང་ཡོངས་རྫོགས་བསྐུར་དུ་གསོལ༔ གསུམ༔ འོ་དེ་ལྟར་གསོལ་བ་བཏབ་པས༔ མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་རྣམས་ལ་རང་རང་གི་སྐུ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་ཁྱེད་རང་རྣམས་རྡོར་སེམས་སུ་གསལ་བའི་ཐུགས་ཀར་ཞི་བ་དང་ཀླད་པར་ཁྲག་


CMR005_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

འཐུང་གི་ལྷ་ཚོགས་ལུས་ལྷའི་ཚུལ་དུ་བཞུགས་པ་ལ༔ དམ་ཚིག་སེམས་དཔའ་ལ་ཡེ་ཤེས་སེམས་དཔའ་ཐིམ་པའི་ཚུལ་གྱིས་སོ་སོར་ཐིམ་པར་སྒོམས་ཤིག༔ འདིར་རྒྱས་པར་འདོད་ན་སྤྲོས་བཅས་བུམ་དབང་ཆེན་མོའི་ལྷ་དབང་ཡོངས་རྫོགས་གཞུང་ལྟར་བསྐུར་རོ༔ འབྲིང་པོར་འདོད་ན་དབང་བསྐུར་གནས་སྤར་འགྲོ་དྲུག་རང་གྲོལ་གྱི་ལྷ་དབང་ཡོངས་རྫོགས་བསྐུར་ཏེ༔ དེ་གཉིས་གང་ལའང་བར་སྐབས་ཀྱི་ངོ་སྤྲོད་ཚིག་ལྷུག་མི་འབྱར་ཏེ༔ འདི་བསྡུས་པའི་སྐབས་ཡིན་པས་སོ༔ བསྡུས་པ་རང་འདོད་ན་ཞི་བའི་དབང་ཙཀ་དུས་གཅིག༔ ཁྲོ་བོའི་དབང་ཙཀ་དུས་གཅིག་བཞག༔ མེད་ན་ཀུན་བཟང་ཆེ་མཆོག་གཉིས་ཁོ་ནས་ཆོག་སྟེ༔ དེ་ཡང་རྒྱས་པར་བྱེད་ན་ཚན་པ་ཚན་པ་གཏོར་མ་ལ་བཙུག་པ་ཕྱག་ལེན་ནོ༔ བསྡུ་ན༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཞི་བའི་ལྷ་ཚོགས་དབང་བསྐུར་བས༔ ཕུང་ཁམས་སྐྱེ་མཆེད་གནས་དག་ནས༔ ཞི་བ་རབ་འབྱམས་དབང་ཐོབ་ཤོག༔ ཨོཾ་ཨཱཧཱུྃ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱཏུ་ཨཱཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨཱཧཱུྃ་ཧཱི༔ ཅེས་ཞི་བ་དང་༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཁྲག་འཐུང་ལྷ་ཚོགས་དབང་བསྐུར་བས༔ ཉོན་མོངས་རྟོག་ཚོགས་གནས་དག་ནས༔ ཁྲག་འཐུང་རབ་འབྱམས་དབང་ཐོབ་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷོ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་


CMR005_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་ཁྲོ་བོ་དང་༔ འོ་སྐལ་ལྡན་རྣམས་ལ་ཞི་བའི་ལྷ་ཚོགས་དེ་རྣམས་ཀྱང་གུད་ན་མེད་དེ༔ རང་གི་ཕུང་པོ་ལྔ་རིགས་ལྔ༔ ཁམས་ལྔ་ཡུམ་ལྔ༔ ཚོགས་བརྒྱད་སེམས་དཔའ་བརྒྱད༔ ཡུལ་བརྒྱུད་སེམས་མ་བརྒྱད༔ དུག་ལྔ་སེར་སྣ་དང་དྲུག་ཐུབ་པ་དྲུག༔ རྟག་ཆད་མུ་བཞི་སྐྱེ་གནས་བཞི་སྒོ་བ་ཡབ་ཡུམ་བརྒྱད༔ ཉོན་མོངས་རྟོག་ཚོགས་རྣམས་ཁྲག་འཐུང་དྲུག་ཅུ་ཡེ་ནས་ཡིན་ཀྱང་དེ་དོན་མ་རྟོགས་པས་འཁོར་བར་འཁྱམས་པ་ཡིན༔ ད་ནི་དབང་བསྐུར་བས་རྒྱུད་སྨིན་ངོ་འཕྲོད་ནས༔ སྤྱིར་ཕྱི་ནང་སྣོད་བཅུད་ཐམས་ཅད་ཞི་ཁྲོའི་དཀྱིལ་འཁོར་དག་པ་རབ་འབྱམས་ཀྱི་བསྐྱེད་རིམ་བསྒོམ་པ་དང་༔ ཁྱད་པར་སྙིང་ག་ན་ཞི་བའི་ལྷ་ཚོགས༔ མགྲིན་པ་ན་རིག་འཛིན་ལྷ་ཚོགས་ཀླད་པ་ན་ཁྲག་འཐུང་གི་ལྷ་ཚོགས༔ རྩ་རླུང་ཐིག་ལེ་ལྷ་ཡི་དཀྱིལ་འཁོར་དུ་གསལ་ཐོབ་ལ༔ ཟ་འཐུང་རྣམས་ཚོགས་འཁོར་དང་༔ ཞྭ་གོས་རྣམས་རྒྱུན་དང་ན་བཟའ་རུ་སྒོམས་ཤིག༔ རླུང་འབྱུང་འཇུག་གནས་གསུམ་འབྲུ་གསུམ་རྡོ་རྗེའི་བཟླས་པར་ཤེས་པར་གྱིས་ཤིག༔ དེ་ནས་རང་ཉིད་འཆི་བའི་ཚེ༔ ཞི་ཁྲོའི་ལྷ་ཚོགས་རང་གི་ལུས་ལས་ཐོན་ནས་ནམ་མཁའ་བར་སྣང་


CMR005_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

གང་བར་འཆར་བའི་ཚེ༔ སྒྲ་འོད་ཟེར་གསུམ་ལ་མ་འཇིགས་མ་སྐག་མ་སྔངས་བར་ད་ལྟ་དབང་བསྐུར་བའི་ཡི་དམ་ལྷ་འདི་རྣམས་ཡིན་པ་ངོ་ཤེས་པར་གྱིས་ཤིག༔ དེས་དག་པའི་ཞིང་ཁམས་སུ་བསུ་བར་ངེས་ཏེ༔ ཧེ་རུ་ཀའི་རྒྱུད་རྣམས་ནས༔ རྣལ་འབྱོར་པ་རྣམས་འཕོ་ཚེ་ཡང་དཔལ་ལྡན་ཁྲག་འཐུང་ལ་སོགས་པས༔ མེ་ཏོག་ལ་སོགས་ལག་ན་ཐོགས༔ འཆི་བ་ཞེས་བྱ་རྣམ་རྟོག་སྟེ༔ མཁའ་སྤྱོད་གནས་སུ་ཁྲིད་པར་འགྱུར༔ ཞེས་གསུངས་པ་དང་མཐུན་པ་ཡིན་ནོ༔ དེ་ནས་སྐབས་འདིར་མཆོག་དབང་གསུམ་བསྐུར་བ་ཡིན་ཀྱང་༔ རྒྱས་པ་ནི་ཐོད་པ་ལྔ་སོགས་ཆེས་དཀའ་བ་དང་༔ ཚོགས་བརྒྱ་མང་པོ་སོགས་བཀའ་རྒྱ་དམ་པས༔ སུ་ཡིན་ལ་བསྐུར་ན་རང་ཡང་གསང་དམ་ཉམས་པས་ལྟུང་བར་འགྱུར་བས་སྤྲོས་པ་སྐྱུངས༔ འདིར་མཆོག་དབང་བསྡུས་པ་ཙམ་འདི་ཡང་ཁྲོམ་ཉོབ་ལ་མི་རུང་གསང་སྒྲོག་གི་ལྟུང་བ་དང་བཀའ་སྲུང་གི་ཕྲག་དོག་འབྱུང་༔ བཙུན་པ་དང་ཞི་ཁྲོའི་ཉམས་ལེན་མཁན་དང་༔ མི་ནག་ཡིན་རུང་བག་ཆགས་རང་གྲོལ་ཆག་མེད་བྱེད་པ་རྣམས་ལ་འདི་མ་ཐོབ་ན་དབང་མི་ཚང་བས་གལ་ཤིན་ཏུ་ཆེ་བ་ཞིག་ཡོད་པ་དང་༔ ནད་པ་འཆི་ཁ་ལ་བསྐུར་ཡང་དམ་ཚིག་ཆག་ལོང་མེད་ཅིང་དབང་ཚང་ཕྱིར་ཕན་ཡོན་ཤིན་ཏུ་ཆེའོ༔ དབང་རྫས་ལ་བྷནྡྷ་བདུད་རྩི་མེ་ལོང་ཤེལ་སོགས་དང་པོ་ནས་བཤམས་ལ༔ བསྙེན་པའི་སྐབས་སུ་ཡབ་ཡུམ་སྦྱོར་


CMR005_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

མཚམསས་ནས་བྱང་སེམས་བྷནྡྷའི་བདུད་རྩི་ལ་ཐིམ་པར་བསྒོམས་པས་འཐུས་སོ༔ མིག་དོར་བཀབ་པ་ཕྱེ་བའི་ཚུལ་ཙམ་གྲུབ་ན་ལེགས་སོ༔ ད་བླ་མ་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གྱི་འགྲམ་དུ་ལྷོ་སྒོ་ལ་བྱོན་ནས་སེང་ཁྲི་ལ་བཞུགས་པ་ལ༔ གསོལ་བ་འདེབས་པར་བསྒོམ་ལ་རྗེས་ཟློས་མཛོད༔ ཀྱཻ་ཧོཿ བླ་མ་སངས་རྒྱས་འགྲོ་བའི་མགོན༔ བདག་སོགས་སྐལ་ལྡན་བུ་སློབ་ལ༔ དཀྱིལ་འཁོར་ཆེན་པོའི་ལྷོ་ཕྱོགས་སུ༔ གསང་བའི་དབང་མཆོག་བསྐུར་དུ་གསོལ༔ ཚིག་རྗེས་མ་ལན་གསུམ༔ འོ་ཐོད་པ་འདིའི་ནང་ན་ཀུན་བཟང་རིགས་ལྔ་ཆེ་མཆོག་རིགས་དྲུག་གི་བྱང་ཆུབ་ཀྱི་སེམས་བདུད་རྩི་དཀར་དམར་གྱི་རང་བཞིན་དེ་ཁྱེད་རང་གི་སྤྱི་བོར་བཞག་པས༔ ཐོད་པའི་ཚངས་བུག་ཏུ་ཞུགས༔ ལུས་ཀྱི་རྩ་འཁོར་ལོ་ལྔ་གང་བས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་མངོན་སུམ་དུ་བསྐྱེད་པར་སྒོམས་ཤིག༔ ཧོ༔ ཐོད་པ་མཚན་ལྡན་ཀ་པཱ་ལ༔ ཡེ་ཤེས་བདུད་རྩི་ལྔ་ལྡན་བཅུད༔ སྐལ་ལྡན་བུ་ཡི་ངག་ཏུ་བླུད༔ རྩ་གསུམ་འཁོར་ལོ་ལྔ་ལྡན་ནས༔ ཐིག་ལེ་རང་དབང་ཐོབ་པ་དང་༔ ཐོགས་མེད་བདེ་ཆེན་མཐར་ཕྱིན་ཤོག༔ བྷོ་དྷི་ཙིཏྟ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཨོཾ༔ བདུད་རྩི་བླུད༔ དེས་ངག་གི་


CMR005_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པ་བྱང་༔ རྩ་རླུང་བསྒོམ་པར་དབང་༔ དབང་གི་ལས་འགྲུབ༔ ས་དགུ་པ་མན་ཆད་ནོན༔ འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་བ་ཅན་དུ་གྱུར་པས༔ ལུས་དཀྱིལ་མཐོང་བའི་མོས་པས་མིག་དར་ཁྲོལ༔ གཏང་རག་གི་མཎྜལ་ཕུལ༔ ས་གཞི་སོགས། ད་བླ་མ་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གྱི་ནུབ་སྒོའི་འགྲམ་དུ་སེང་ཁྲི་ལ་བཞུགས་པ་ལ་གསོལ་བ་འདེབས་པའི་རྗེས་ཟློས་མཛོད༔ མིག་དར་གྱོན༔ ཀྱེ་ཧོ༔ བླ་མ་འགྲོ་བའི་མགོན༔ ཐུགས་རྗེ་ཆེན་པོས་བརྩེར་དགོངས་ལ༔ ཤེས་རབ་དབང་ཞིག་བསྐུར་བར་མཛོད༔ བདག་གི་ཤེས་རབ་རིག་མ་རྣམས༔ རིགས་ཀྱི་ཚད་ལྡན་བདེ་བ་བསྐྱེད༔ འདི་འབུལ་བཞེས་ལ་བདག་རྒྱུད་ཁྲོལ༔ ཞེས་ཌཱཀིའི་ཙཀྐི་ཡར་ཕུལ་བཅུག༔ ཧོཿ བདེ་བས་སེམས་བཟུང་སྟོང་པར་སྦྱངས༔ འབེབ་འདྲེན་བཀྲམ་ལྡོག་བཞི་ཡིས་བཟླུམ༔ འདི་ཉིད་བདེ་གཤེགས་བླ་མེད་མཆོག༔ ཕྲིན་ལས་འབྲས་བུ་ཨ་ལ་ལ༔ ཞེས་ཙཀྲི་གཏད་ལ་ལག་ཏུ་འགྲིམ་ནས༔ ཁྱེད་རང་རྣམས་སྐད་ཅིག་གིས་རྟ་ཕག་ཡབ་ཡུམ་འཁྲིལ་སྦྱོར་དུ་གྱུར་པས༔ སྤྱི་བོའི་ཧཾ་ལས་བྱང་སེམས་བབ་པས༔ རྩ་འཁོར་བཞི་རིམ་པར་གང་སྟེ༔ སྤྱི་བོ་དང་


CMR005_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པར་བབ་བས་དགའ་བ༔ སྙིང་གར་མཆོག་དགའ༔ ལྟེ་བར་དགའ་བྲལ༔ གསང་བར་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེས༔ གྱེན་དུ་ལྡོག་ནས་ལུས་ཀུན་ཁྱབ་པས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྟོགས་པར་སྒོམས་ཤིག༔ དེ་གསང་བའི་དཀྱིལ་འཁོར་མཐོང་བའི་མོས་པས་མིག་དར་ཁྲོལ༔ དེས་ཡིད་སྒྲིབ་དག༔ ཡིད་རིག་ཡེ་ཤེས་ཕྱག་རྒྱ་སོགས་རྩ་རླུང་ཐིག་ལེ་སྒོམ་པར་དབང་༔ རྒྱས་པའི་ལས་ཐམས་ཅད་འགྲུབ༔ ས་བཅུ་པ་ཐོབ་ཅིང་འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས་པས་མཎྜལ་ཕུལ༔ ས་གཞི་སོགས། ཡང་བླ་མ་རྡོ་རྗེ་སེམས་དཔའ་བྱོན་ནས་དཀྱིལ་འཁོར་བྱང་གི་སྒོ་དྲུང་དུ་སེང་ཁྲི་ལ་བཞུགས་པ་ལ་གསོལ་བ་འདེབས་པའི་རྗེས་ཟློས་མཛོད༔ ཀྱེ་ཧོ༔ བླ་མ་སངས་རྒྱས་འགྲོ་བའི་མགོན༔ ཐུགས་རྗེས་བདག་ལ་དགོངས་མཛོད་ལ༔ སྙིང་པོའི་དོན་མཆོག་བྱ་བའི་ཕྱིར༔ རིན་ཆེན་གསེར་གཡུའི་མཎྜལ་འབུལ༔ ཡེ་ཤེས་ལྔ་པོ་ངོ་སྤྲོད་ལ༔ ཚིག་དབང་རིན་ཆེན་བདག་ལ་སྩོལ༔ འོ་ན་ཁྱེད་རྣམས་ལུས་རྣམ་སྣང་གི་ཆོས་བདུན་བཅས་ལ་ཤེལ་འདི་ལ་ལྟོས་ཤིག༔ ཤེལ་ཕྱར༔ བུ་ཁྱོད་ཐེག་པ་ཆེན་པོའི་སྣོད༔ འཁོར་བའི་


CMR005_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ལས་སྒྲོལ་བའི་ཕྱིར༔ ཡང་དག་དོན་ལ་ད་ཞུགས་ཤིག༔ རིགས་ཀྱི་བུ་ཁྱོད་ཉོན་ཅིག༔ ཁྱོད་ལུས་བྱ་བ་དང་བྲལ་ལོ༔ ངག་བརྗོད་པ་དང་བྲལ་ལོ༔ སེམས་རྟོག་པ་དང་བྲལ་ལོ༔ རང་གི་རིག་པ་གཉིས་ཀྱི་འདུག་ཚུལ་འདི་ཤེལ་འདི་དང་འདྲ་སྟེ༔ ཤེལ་ཕྱི་ནང་མི་སྒྲིབ་པ་ལྟར༔ སེམས་ཉིད་ངོ་བོ་སྟོང་པ་ཉིད་དོ༔ ཤེལ་གདན་གར་བཞག་གི་ཁ་དོག་ཏུ་འགྱུར་བ་ལྟར་སེམས་ལ་ཅིར་ཡང་འཆར་རོ༔ ཤེལ་ཁ་དོག་སྣ་ཚོགས་སུ་འགྱུར་ཡང་ཤེལ་དང་དབྱེར་མེད་པ་ལྟར༔ སེམས་ལ་ཅིར་ཤར་ཡང་སྟོང་པ་ཉིད་དང་དབྱེར་མེད་དོ༔ ཤེལ་འདི་རྡོ་རྗེ་སེམས་དཔའི་ཐུགས་རྗེའི་འོད་ཟེར་གྱི་བྱིན་རླབས་ལས་བྱུང་བའི་ལོ་རྒྱུས་ལྟར་སེམས་ཉིད་འདི་ཡེ་ནས་ཆོས་སྐུའི་ངོ་བོར་གནས་སོ༔ རང་གི་སེམས་ཉིད་མ་ཡེངས་ཙམ་དུ་མ་བཅོས་རང་བབས་སུ་བཞག་པ་ནི་རྫོགས་པ་ཆེན་པོ་གཞི་ཁྲེགས་ཆོད་ཀྱི་ཉམས་ལེན་ཡིན་པས་དེང་ཕྱིན་ཆད་དེ་ལྟར་བསྒོམ་དུ་མེད་པའི་ངང་ལ་སྒོམས་ཤིག༔ ཤེལ་སྤྱི་བོར་བཞག༔ སྣང་སྲིད་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་མཐོང་བའི་བརྡར་མིག་དར་ཁྲོལ་ལ་མཎྜལ་ཕུལ༔ ད་ཁྱེད་རང་རྣམས་ལུས་གནད་ཙོག་པུར་སྡོད་ཅིག༔ སློབ་དཔོན་གྱི་ཤར་


CMR005_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་དཀྱིལ་འཁོར་ནས་རྡོ་རྗེ་ལུ་གུ་རྒྱུད་བྲིས་པ་བསྟན༔ ལྷོ་ནས་དབྱིངས་རྣམ་པར་དག་པའི་སྒྲོན་མའི་དཔེ་རྨ་བྱའི་མདོངས་བསྟན༔ ནུབ་ནས་མེ་ལོང་ལ་དཀྱིལ་འཁོར་ཤར་བ་བསྟན་ནས་ལྷ་སྐུ་འཆར་བའི་དཔེ༔ བྱང་ནས་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལྔའི་གཟུགས་བརྙན་བསྟན་པས༔ རྫོགས་པ་ཆེན་པོའི་དོན་རྟོགས་པའི་མོས་པ་མཛོད༔ ཅེས་ཤེལ་དང་འཇའ་རིས་བྲིས་པ་འདོད་ཡོན་ལྔ་བྲིས་པ་རྨ་བྱའི་སྒྲོ་མེ་ལོང་རྡོ་དྲིལ་སོགས་དུས་གཅིག་ཕྱར་ནས༔ རྨ་བྱ་ལུག་རྒྱུད་ལག་ཏུ་ཕྱར༔ དཀྱིལ་འཁོར་ལ་སོགས་སྣང་བ་གཏད༔ ཤེལ་མིག་སྦྱར་བ་འདི་ལ་ལྟོས༔ ཀ་དག་རྩལ་དབང་ཐོབ་པར་ཤོག༔ བོ་དྷི་བརྗོད་ཅིང་སྤྱི་བོར་བཞག་བསྟན་པས་འཐུས༔ དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩམཾ༔ འོ་རིགས་ཀྱི་བུ་དག་ཙིཏྟ་ཤའི་སྒྲོན་མ་ན་ཞི་བའི་ལྷ་ཚོགས་བཞུགས་པའི་འོད༔ དཀར་འཇམ་རྩའི་སྒྲོན་མ་ནས་བརྒྱུད་དེ༔ རྒྱང་ཞག་ཆུའི་སྒྲོན་མ་ལ་བྱུང་ནས༔ དབྱིངས་རྣམ་པར་དག་པའི་སྒྲོན་མ་ནམ་མཁར་གསལ་ཞིང་༔ དེ་ལ་ཐིག་ལེ་སྟོང་པའི་སྒྲོན་མ་ཉམས་སུ་བླངས་ནས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཞི་ཁྲོའི་ལྷ་ཚོགས་དངོས་སུ་འཆར་བར་འགྱུར་བའི་གདམས་པ་ཉམས་སུ་ལེན་རུང་བར་བྱས་པས༔ སྣང་


CMR005_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཞི་མཐར་ཕྱིན་ནས༔ སངས་རྒྱས་གཞོན་ནུ་བུམ་སྐུའི་ཀློང་དུ་འཚང་རྒྱ་བ་དང་༔ དེ་བར་དུ་ཡང་ས་བཅུ་གཅིག་གམ་བཅུ་དྲུག་ཡེ་ཤེས་བླ་མའི་ས་ནོན་པའི་སྐལ་ལྡན་དུ་བྱས་པ་ཡིན་པས་མཎྜལ་ཕུལ༔ ས་གཞི་སྤོས་ཆུས་སོགས། དེ་ལྟར་མཆོག་དབང་བསྐུར་རམ་མ་བསྐུར་ཡང་རུང་སྟེ༔ དེ་ལྟར་དབང་རྒྱས་པར་བསྐུར་ཡང་གཏོར་དབང་མ་བསྐུར་ན་དངོས་གྲུབ་ཕྱིར་འགྱང་བར་གསུངས་པས༔ དམ་པ་རིགས་བརྒྱའི་དབང་ཐོབ་ཀྱང་རིག་འཛིན་དང་སྤོར་བྱེད་སོགས་ཀྱི་དབང་མ་འདུས་པས་གཏོར་དབང་ཞུ་བའི་དོན་དུ༔ གཏོར་མ་འདི་ཉིད་ཞི་ཁྲོ་དམ་པ་རིགས་བརྒྱ་ལ་རིག་འཛིན་དཔའ་བོ་ཌཱཀི༔ རྩ་བརྒྱུད་བླ་མ༔ སྤོར་བྱེད་བརྒྱད༔ ཡེ་ཤེས་ཀྱི་ཆོས་སྐྱོང་སྲུང་མའི་ཚོགས་སྤྲིན་འཁྲིགས་པ་ལྟར་སྤྱི་བོར་བྱོན་ནས་བླ་མ་རིག་འཛིན་ཐམས་ཅད་སྤྱི་བོར་ཐིམ༔ བདེ་གཤེགས་ཡི་དམ་ཐམས་ཅད་མགྲིན་པར་ཐིམ༔ མ་རྒྱུད་ཌཱཀི་ཐམས་ཅད་སྙིང་གར་ཐིམ༔ གཏེར་བདག་ནོར་ལྷ་ཐམས་ཅད་ལྟེ་བར་ཐིམ༔ བཀའ་སྲུང་གཏེར་སྲུང་རྣམས་ཀྱིས་སྤུན་དང་གྲོགས་སུ་དགོངས་པར་གྱུར་སྙམ་པས་མོས་པ་རྩེ་གཅིག་ཏུ་མཛོད༔ ཨོཾ་ཨཱཧཱུྃ༔ དབྱིངས་རིག་དབྱེར་མེད་གཏོར་གཞོང་དུ༔ གསལ་


CMR005_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དབྱེར་མེད་རྩ་གསུམ་བཞུགས༔ རིག་རྩལ་དབྱེར་མེད་སྲུང་མས་བསྐོར༔ དབང་མཆོག་དམ་པ་འདི་བསྐུར་བས༔ ལྷུན་གྲུབ་རང་དབང་ཐོབ་པར་ཤོག། ཨོ་ཨཱཧཱུྃ་གུ་རུ་དྷེ་ཝ་ཌཱཀི་ནཱི་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧོ༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ༔ ལོངས་སྐུ་རིགས་ལྔ་ཡབ་ཡུམ༔ སེམས་དཔའ་ཡབ་ཡུམ་བཅུ་དྲུག༔ སྒོ་བ་ཡབ་ཡུམ་བརྒྱད༔ སྤྲུལ་སྐུ་ཐུབ་པ་དྲུག༔ ཁྲག་འཐུང་ཆེ་མཆོག་ཡབ་ཡུམ༔ ཀེ་སིང་ཕྲ་མེན་བཅུ་དྲུག༔ སྒོ་སྐྱོང་ཕྱག་རྒྱ་རྣམ་བཞི༔ ཐུབ་པ་ཁྲོས་པའི་སྤྱོར་བྱེད་བརྒྱད༔ རིག་འཛིན་ཡབ་ཡུམ་བཅུ༔ རིག་འཛིན་བརྒྱུད་པའི་བླ་མ༔ བཀའ་སྲུང་དབང་ཕྱུག་ཉེར་བརྒྱད༔ ལ་སོགས་པ་ཞི་ཁྲོ་རབ་འབྱམས་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག༔ རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་བར་ཆད་ཐམས་ཅད་བསལ་དུ་གསོལ༔ སྡིག་སྒྲིབ་ཐམས་ཅད་དག་པར་མཛད་དུ་གསོལ༔ ནད་ཐམས་ཅད་ཞི་བར་མཛད་དུ་གསོལ༔ གདོན་ཐམས་ཅད་བཟློག་པར་མཛད་དུ་གསོལ༔ ཚེ་བསྲིང་བར་མཛད་དུ་གསོལ༔ དཔལ་བསྐྱེད་པར་མཛད་དུ་གསོལ༔ དབང་ཐང་ཆེ་བར་མཛད་དུ་གསོལ༔ ལོངས་སྤྱོད་རྒྱས་པར་མཛད་དུ་


CMR005_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ བསོད་ནམས་འཕེལ་བར་མཛད་དུ་གསོལ༔ ཉམས་རྟོགས་སྐྱེ་བར་མཛད་དུ་གསོལ༔ ཚེ་འདིར་སྣང་བཞི་མཐར་ཕྱིན་པར་མཛད་དུ་གསོལ༔ དུས་ལ་བབ་པའི་ཚེ་འཆི་བ་ཆོས་སྐུར་ངོ་འཕྲོད་པར་མཛད་དུ་གསོལ༔་ཆོས་ཉིད་བར་དོ་རང་ངོ་འཕྲོད་ནས་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་མཛད་དུ་གསོལ། སྲིད་པ་བར་དོར་རིག་འཛིན་རྣམ་ཀྱིས་ལམ་སྣ་དྲངས་ནས༔ བདེ་ཆེན་དག་པའི་ཞིང་དུ་བརྫུས་སྐྱེས་སྤྲུལ་བའི་སྐུ་ཐོབ་པར་མཛད་དུ་གསོལ༔ ཅེས་བརྗོད་ཅིང་༔ བྷོ་དྷི་ཙིཏྟ་འདོན་ཅིང་གཏོར་མ་མགོ་ལ་འགྲིམ་སྟེ༔ རྒྱས་པར་ན་རེ་རེའི་མགོ་ཐོག་ཏུ་བྷོ་དྷི་ཚར་རེ་ལ༔ ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྦྱར་རོ༔ དེ་ནས་མཐའ་བརྟེན་རྒྱལ་སྲིད་སྣ་བདུན་དང་རྟགས་བརྒྱད་ནི་མི་དགོས་ཏེ་འདི་བསྡུས་པ་ཡིན་པས་མི་དགོས༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སོགས་ཀྱི་དོན་ནི་ཤིས་བརྗོད་ཡིན་པས་བཀྲ་ཤིས་ལ་འདུས་པས༔ ལས་བྱང་མང་ཉུང་གང་འདོད་ཀྱི་བཀྲ་ཤིས་བརྗོད་ནས་མེ་ཏོག་འཐོར༔ འོ་དེས་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་བཞི་འཕྲད་ཚད་རང་གྲོལ་ཞེས་བྱ་བ་ལེགས་པར་ཐོབ་པ་ཡིན་པས༔ དམ་ཚིག་ས་ཡ་འབུམ་སྡེ་གསུངས་ཀྱང་༔ བླ་མ་ཨོ་རྒྱན་དབྱེར་མེད་དུ་བསྒོམ་པ་དང་༔ ཡི་དམ་ཞི་ཁྲོ་ལུས་དཀྱིལ་ལུས་ལྷར་མོས་


CMR005_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

པས༔ ཟ་འཐུང་ཐམས་ཅད་མཆོད་པར་དམིགས་པ་དང་༔ ངག་བཛྲ་གུ་རུའམ་བྷོ་དྷི་ཙིཏྟའམ༔ རིགས་དྲུག་སྐྱེ་སྒོ་ཆོད་པ་བཏགས་གྲོལ་སྙིང་པོ་འབྲུ་དྲུག་འཨཤསམཧཞེས་པ་དེ་ཅི་ནུས་འདོན་ཅིང་༔ མཐར་གྱི་རྟོགས་པ་ཇེ་མཐོ་ལ་སོང་བ་དང་རིམ་པར་དམ་ཚིག་ཐམས་ཅད་གཙང་མར་སྲུང་བསམ་པ་གྱིས་ལ༔ གཙོ་བོས་ཇི་ལྟར་སོགས༔ འོ་དེ་ལྟར་དབང་ཐོབ་ནས་ཉམས་སུ་བླངས་ན་རབ་ཚེ་འདི༔ འབྲིང་བར་དོར་སངས་རྒྱས༔ དབང་ཐོབ་ནས་ཉམས་སུ་མ་བླངས་ཀྱང་༔ དམ་ཚིག་མ་ཉམས་ན་སྐྱེ་བ་བདུན་ནས་སངས་རྒྱ་བར་གསར་རྙིང་གི་རྒྱུད་སྡེ་ཞལ་མཐུན་ཅིང་༔ ཁྱད་པར་དབང་བཞིའི་སྐབས་སྟ་གོན་སྐབས་ནས༔ ཨོ་རྒྱན་རིན་པོ་ཆེས༔ འོ་ཁྱེད་དེ་སྔ་ཕན་ཆད་དཀྱིལ་འཁོར་འདི་འདྲ་བ་མི་མཐོང་བས༔ ཁམས་གསུམ་དུ་འཁོར་ཞིང་རིགས་དྲུག་ཏུ་འཁྱམས་པ་ཡིན༔ དེ་སྔ་ཕན་ཆད་ཤིན་ཏུ་ཅོལ་ཆུང་༔ མི་ཚེ་སྟོང་ཟད་བྱས་པ་དོན་མེད་དུ་སོང་༔ ད་ནི་དཀྱིལ་འཁོར་འདི་ལྟ་བུ་དང་མཇལ༔ ད་ལྟ་ཤི་ཡང་བདེ་བ་ཆེན་པོ་ན་སངས་རྒྱས་པ་ཡིན་པས་སྤྲོ་བ་བསྐྱེད་མཛོད་གསུངས་ཏེ༔ དཀྱིལ་འཁོར་དུ་ཞུགས་པ་ཙམ་ལ་ཡང་ཕན་


CMR005_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་དེ་ལྟར་ན༔ ད་ལམ་དབང་ཡོངས་རྫོགས་ཐོབ་པ་ལ་སྨོས་ཅི་དགོས༔ དེས་ན་ཡིད་དགའ་བ་བསྒོམ་ལ་མཎྜལ་ཕུལ༔ ས་གཞི་སྤོས་ཆུས་སོགས། དེ་ནས་སློབ་མ་གྱེས༔ ཞི་ཁྲོ་བླུག་ཞོར་ཡིན་ན་གཞུང་ལྟར༔ མིན་ཀྱང་ལས་བྱང་ཆེ་ཆུང་གང་རུང་གི་ཚོགས་དང་ཆད་ཐོ་སོགས་རྗེས་ཚང་བར་བྱའོ༔ མདུན་བུམ་གྱི་དཀྱིལ་འཁོར་ལྷ་ཚོགས་གསལ་གདབ་ལ་བསྙེན་པ་ཅུང་ཟད་བྱས་ན་སློབ་དཔོན་རང་གི་ནུས་པ་མི་ཉམས༔ བུམ་ཆུ་བདུད་རྩི་ཡང་ལྕེ་ལ་བཞག་པར་བྱའོ༔ གོང་དུ་བདག་འཇུག་ཡང་མདུན་བུམ་ལྷའི་གནས་ལྔ་ནས་འོད་ཟེར་ཁ་དོག་ལྔ་རང་གི་གནས་ལྔར་ཐིམ་པར་བསྒོམ་ཞིང་བསྙེན་པ་བྱས་པས་འཐུས༔ གསར་མ་ལྟར་བདག་འཇུག་ལེན་སྲོལ་མེད་དོ༔ རྗེས་ནས་མདུན་བུམ་གྱི་ཡེ་ཤེས་པ་ཙཀ་ལི་སོགས་རྟེན་ལ་ཐིམ་པར་བསྒོམ་ཞིང་༔ བདག་བསྐྱེད་ཡེ་ཤེས་པ་ནམ་ཡང་མི་གཤེགས་པ་ནི་རྙིང་མའི་ཁྱད་ཆོས་སོ༔ ཨེ་མ་ཧོ༔ ཞི་ཁྲོ་དར་ཆ་ཆེ་ཞིང་གྲགས་ཆེ་ཡང་༔ དབང་བཞི་དཔེ་སྣ་མང་བས་གུང་འགྲིགས་དཀའ༔ སྒྲུབ་ཆེན་ཁོ་ནའི་ལུགས་སུ་གསུངས་པའི་ཕྱིར༔ དེ་ཡི་ནང་ནས་མགྱོགས་དབང་ཤབ་ཤེས་དཀའ༔ དེ་ཕྱིར་དབང་བཞི་ཐོབ་པ་ཤིན་ཏུ་ཉུང་༔་དེ་ལ་ཕན་ཕྱིར་སྤྱིལ་ཕུད་དགོན་པ་ནས༔ བླ་མ་ཆོས་སྨན་གཉིས་ཀྱིས་མཎྜལ་བཅས༔ གཉེར་པ་བརྫངས་ནས་དོན་ཆེན་བསྐུལ་བའི་ཕྱིར༔ ཕྱི་རབས་འགྲོ་ལ་ཕན་པའི་སེམས་བསྐྱེད་ཀྱིས་རཱ་ག་ཨ་སྱས་འཕྲལ་དུ་བྲིས་པ་ལ༔ ཉེས་འགལ་མཆིས་ན་ཆོས་བདག་རྣམས་ལ་བཤགས༔ དགེ་བས


CMR005_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དར་རྒྱས་ཆེར་འཕེལ་ནས༔ འགྲོ་ཀུན་ཀ་དག་ཀློང་དུ་གྲོལ་བར་ཤོག༔ མངྒ་ལཾ༔ ༈ འདིའི་དབང་རྒྱུན་ནི། ཆགས་མེད་རིན་པོ་ཆེ་ཡན་གོང་ལྟར་ལ། ཀུན་འགའ། དབང་འབྱུང་། སངས་རྒྱས། །ཐུབ་བསྟན་རབ་འཕེལ། ཀརྨ་ཉི་མ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཞི་ཁྲོའི་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་དབང་གི་བཤད་པ།


CMR005_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོའི་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་དབང་གི་བཤད་པ་བཞུགས་སོ༔


CMR005_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལམ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་དབང་བསྐུར་བ་ཡིན་ཏེ༔ དེ་ཡང་སྔོན་འདས་པའི་བསྐལ་པ་བཟང་པོ་རྫོགས་ལྡན་གྱི་དུས་འཁོར་ལོས་བསྒྱུར་བའི་སྲས་མོ་བུད་མེད་ཀྱི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ༔ བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་པ་ཉི་ཤུ་རྩ་བརྒྱད་ཡོད་པས༔ འཇིག་རྟེན་གྱི་ཁམས་ཀྱི་ལེགས་ཉེས་སྐྱིད་སྡུག་ལ་དབང་ཆེ་བའི་ལྷ་མོ་མཐུ་སྟོབས་ཅན་ཉི་ཤུ་རྩ་བརྒྱད་དུ་སྐྱེ་བའི་སྨོན་ལམ་རྒྱ་ཆེན་པོ་བཏབ་པས༔ ནམ་མཁའ་ལ་འཕགས་ཏེ་ཕྱི་ལྟར་འཇིག་རྟེན་གྱི་སྐྱིད་སྡུག་དབང་ཆེ་བའི་རྒྱུ་སྐར་གྱི་ལྷ་མོ་ཉི་ཤུ་རྩ་བརྒྱད་དུ་གྱུར་ཏེ༔ བར་སྣང་


CMR005_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རི་རབ་ལ་བསྐོར་ཞིང་༔ ཞག་དུས་ཚེས་གྲངས་ལ་དབང་བ༔ ནང་ལྟར་ན་དབང་ཕྱུག་ཉི་ཤུ་རྩ་བརྒྱད་དུ་གྱུར་ནས་འཇིག་རྟེན་སྐྱོང་བ་རྣམས་ཀྱི་གྲོགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་སྲུང་མ་བྱེད་པ༔ གསང་བ་ལྟར་ན་མཁའ་འགྲོ་མ་ཉི་ཤུ་རྩ་བརྒྱད་དུ་གྱུར་ནས་ཕྱི་ཡི་གནས་ཆེན་དང་དུར་ཁྲོད་ཆེན་པོ༔ ནང་གི་རྩ་རླུང་ཐིག་ལེ་ལ་དབང་བྱེད་པར་གྱུར་ཏོ༔ དེ་ནས་དཔལ་ཆེ་མཆོག་རིགས་ལྔ་ལ་སོགས་པས་དམ་ལ་བཏགས་ནས༔ གསང་སྔགས་བླ་ན་མེད་པའི་དཀྱིལ་འཁོར་དུ་དབང་བསྐུར༔ ཕྲིན་ལས་བཞི་དང་མངོན་སྤྱོད་ཀྱི་ཕྲིན་ལས༔ ཐོགས་པ་མེད་


CMR005_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལས་བྱེད་ཀྱི་མཁའ་འགྲོ་ཆེན་མོར་བྱིན་གྱིས་བརླབས་ནས༔ མ་འོངས་པ་ན་མངོན་པར་འཚང་རྒྱ་བར་ལུང་བསྟན༔ དེའི་ཚེ་གཞན་གྱིས་མ་བཅོལ་བར་ཁོ་རང་རྣམས་ཀྱིས་དམ་བཅའི་ཁས་བླངས་ཞལ་གྱིས་བཞེས་པ་ནི༔ ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར༔ མིང་ཙམ་འཛིན་པར་བྱེད་པར་ཡང་༔ གཡོ་རྒྱུ་མེད་པར་གུས་ལྡན་པས༔ སེམས་ཀྱིས་བླངས་ཏེ་སྤྱི་བོ་ཡི༔ གཙུག་ཏུ་བླངས་ཏེ་ཁུར་བར་བྱ༔ ཞེས་སོགས་དམ་བཅའི་ཐ་ཚིག་ཕུལ༔ སྤྱི་བོར་རྡོ་རྗེ་བཞག༔ ངག་ཏུ་བདུད་རྩི་བྱིན་ནས་བཀའ་ཡི་སྲུང་མར་བསྐོས༔ དེའང་ཤར་གྱི་དཀར་མོ་བདུན་ནི་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་ཡིན་པས་བྱམས་པ་ཚད་མེད་པས་འགྲོ་བའི་དོན་མཛད། དཀྱིལ་འཁོར་འདིར་དབང་ཐོབ་པ་ལ་མའི་ཚུལ་གྱིས་ཞི་ཞིང་བྱམས་པས་ནད་གདོན་བར་ཆད་ཞི་བའི་ལས་བྱེད་ལ། བར་དོའི་དུས་ནའང་མདུན་ནས་བསུ་ཞིང་དག་པའི་ཞིང་དུ་ཁྲིད་པར་བྱེད་དོ། །དེ་ལ་ཐོག་མར་སྲིན་མོ་གཡག་གི་མགོ་ཅན་མ་འདི་ནི་དཔལ་ལྡན་ལྷ་མོ་རེ་མ་ཏིའི་སྤྲུལ་པ་ཡིན་ཏེ། མ་མོ་བྱང་ཆུབ་ཀྱི་སེམས་གསང་བའི་རྒྱུད་ཆེན་མོ་ལས༔ ཕུང་བྱེད་ཉི་ཤུ་རྩ་བརྒྱད་ཀྱི་ནང་ན་བཞུགས་པའི་ཚེ། མི་བསྲུན་གཡག་མགོ་ཐོད་རློན་


CMR005_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་༔ ཁ་ཆུ་ཉན་ཅིང་སྒྲུབ་མཆོག་སྐྱོང་༔ དེ་ཡང་དཔལ་ལྡན་རེ་མ་ཏི༔ ཞེས་གསུངས་སོ། །དེ་ཡང་རྒྱ་གར་སྐད་དུ་མ་ནུ་རཀྵ་སི༔ ཞེས་བྱ་བ་སྟེ། རྒྱ་མཚོ་ཆེན་པོའི་ངོས་ན་བཞུགས་ཚེ༔ སྨུག་ནག་རལ་པ་ཅན་དུ་སྤྲུལ་ནས༔ སྲིན་པོའི་རྒྱལ་པོའི་བཙུན་མོ་བྱེད་པས། བུ་སྲིན་ཕྲུག་ལྔ་བརྒྱ་དང་འཁོར་སྲིན་པོ་བྱེ་བ་འབུམ་གྱིས་བསྐོར་བ་རྣམས་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཁྱབ་པར་རྒྱུག་ཅིང་ཤ་ཁྲག་གི་དྲི་ཚོར་བར་བྱེད་དོ༔ འདིའི་དབང་ཐོབ་ན་རིམས་ནད་དང་སྲིན་པོའི་གནོད་པ་ཞི་བར་བྱེད་དོ༔ རྒྱ་གར་སྐད་དུ༔ པྲ་མ་ནི། ཞེས་བྱ་བ། ཚངས་པ་སྦྲུལ་མགོ་མ་འདི་ལྷ་ཆེན་ཚངས་པའི་ཡུམ་ཡིན་ཏེ་ལག་ན་བེ་ཅོན་བསྣམས་ནས་སྲིད་པ་གསུམ་གྱི་སེམས་ཅན་རྡུལ་དུ་བརླག་པར་ནུས་ལ༔ ཚངས་རིགས་ལྷའི་འཁོར་བྱེ་བ་འབུམ་གྱིས་བསྐོར་ཞིང་སེར་མོ་དབུ་བཞི་རལ་པའི་ཐོད་ཕྲེང་ཅན་དུ་སྤྲུལ་ནས༔ མི་མཇེད་འཇིག་རྟེན་གྱི་ཁམས་ལ་དབང་བསྒྱུར་བའི་མཁའ་འགྲོ་མ་སྟེ་འདིའི་དབང་ཐོབ་ན་གཙང་མའི་རིས་ཀྱི་ལྷའི་བུའི་བདུད་དང་སྟེང་གདོན་ལྷའི་དལ་གཟེར་ཐམས་ཅད་ཞི་བ་ཡིན་ནོ༔ རྒྱ་གར་སྐད་དུ༔ རེ་ཏྲི་རེའུ་ཏྲེ་མ་ཞེས་བྱ་བ༔ ལྷ་ཆེན་གཟིག་མགོ་མ་


CMR005_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ལྷ་ཆེན་དབང་ཕྱུག་ཆེན་པོའི་ཡུམ་ཡིན་ཏེ༔ ཕྱག་ན་ཏྲི་ཤུ་ལ་ཐོགས་ནས་ཁམས་གསུམ་སེམས་ཅན་རྡུལ་དུ་བརླག་ནུས་པའི་སྟོབས་དང་ལྡན་ཞིང་༔ དཀར་ལྗང་རལ་པ་འབར་བའི་ཐོད་ལྡེང་ཅན་དུ་སྤྲུལ་ནས་འབྱུང་པོའི་འཁོར་བྱེ་བ་འབུམ་དང་བཅས་པས་བསྟན་པ་སྲུང་བ་ཡིན་པས༔ འདིའི་དབང་ཐོབ་ན་འབྱུང་པོའི་གནོད་པ་ཐམས་ཅད་ཞི་བ་ཡིན་ནོ༔ རྒྱ་གར་སྐད་དུ༔ བ་ན་བེ་ཞེས་བྱ་བ་གཏོགས་འདོད་སྲེ་མོང་གི་མགོ་ཅན་འདི་ནི་ལྷ་ཆེན་པོ་ཁྱབ་འཇུག་གི་ཡུམ་ཡིན་ཏེ། འཁོར་འདོད་ཁམས་ཀྱི་ལྷ་བྲན་བྱེ་བ་འབུམ་གྱིས་བསྐོར་ཞིང་། མཐུ་སྟོབས་ཅན་ཐམས་ཅད་ཀྱི་མཐུ་སྟོབས་ཐམས་ཅད་བསྡུས་ནས་འཁོར་ལོ་གཅིག་ཏུ་བྱས་ཏེ། ཕྱག་ན་འཁོར་ལོ་འཛིན་པས་བདུད་བཞིའི་ཚོགས་ཐམས་ཅད་འཇོམས་པར་བྱེད་པ་སྟེ། འདིའི་དབང་ཐོབ་ན་བདུད་བཞིའི་གནོད་པ་དང་བར་ཆད་ཐམས་ཅད་ཞི་བ་ཡིན་ནོ། །རྒྱ་གར་སྐད་དུ༔ ཀེའུ་མ་རི་ཞེས་བྱ་བ་གཞོན་ནུ་དྲེད་གདོང་མ་འདི་ནི། ལྷ་ཆེན་པོ་གཞོན་ནུ་གདོང་དྲུག་གི་ཡུམ་ཡིན་ཏེ། འཇིག་རྟེན་ལ་དབང་ཆེ་བའི་ལྷ་འདྲེ་ཐམས་ཅད་ཀྱི་དབང་ཐང་གཅིག་ཏུ་བསྡུས་ནས་མདུང་ཐུང་གཅིག་ཏུ་བྱས་ནས་འཛིན་པས་དགྲ་བགེགས་ཐམས་ཅད་བསྒྲལ་


CMR005_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་ཅིང་། འདོད་ལྷའི་འཁོར་བྱེ་བ་འབུམ་གྱིས་བསྐོར་ཅིང་བསྟན་པ་སྲུང་བ་ཡིན་པས། འདིའི་དབང་ཐོབ་ན་དགྲ་བགེགས་བསྒྲལ་བ་ཞིང་བཅུ་བསྒྲལ་ནུས་པ་ཡིན་ནོ། །རྒྱ་གར་སྐད་དུ༔ ཨིནྡ་མ་ཞེས་བྱ་བ་བརྒྱ་བྱིན་དོམ་མགོ་མ་འདི་ནི་ལྷའི་དབང་པོ་བརྒྱ་བྱིན་གྱི་ཡུམ་ཡིན་ཏེ༔ འཁོར་ལྷ་བྲན་བྱེ་བ་འབུམ་གྱིས་བསྐོར་ཞིང་དཀར་མོ་རལ་པ་འབར་བའི་ཐོད་ལྡེང་ཅན་དུ་སྤྲུལ་ནས། ལག་ན་རྒྱུ་ཞགས་བསྣམས་ནས་སུམ་ཅུ་རྩ་གསུམ་པའི་ལྷ་ཐམས་ཅད་དབང་དུ་བསྡུས་པ་ཡིན་པས་འདིའི་དབང་ཐོབ་ན་ལྷའི་རྩུབ་རིམས་ཞི་ཞིང་དབང་ཐང་སྐྱེ་བ་ཡིན་ནོ༔ ད་ནི་ལྷོའི་དབང་ཕྱུག་སྲིང་བདུན་གྱི་དབང་བསྐུར་བ་ཡིན་ཏེ༔ འདི་རྣམས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ་སྙིང་རྗེའི་དབང་གིས་སེམས་ཅན་གྱི་དོན་མཛད་ཅིང་༔ དཀྱིལ་འཁོར་ཆེན་པོ་འདི་ལྟ་བུའི་དབང་ཐོབ་པ་རྣམས་ལ་སྲིང་མོའི་འདུ་ཤེས་ཀྱིས་ཤིན་ཏུ་བརྩེ་གདུང་དང་ལྡན་པས་ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པའི་ཕྲིན་ལས་སྒྲུབ་ཅིང་བར་དོའི་སྐབས་སུ་ཡང་རྒྱབ་ནས་བསྐྱོར་ནས་ངན་སོང་དུ་ལྟུང་མི་འཇུག་པ་ཡིན་པས་རྣལ་འབྱོར་པ་ཀུན་གྱི་སྲིང་མོ་ཡིན་ནོ། །དེའི་ནང་ནས། རྒྱ་གར་སྐད་དུ༔ སིང་ག་ལཾ་ཞེས་བྱ་བ་


CMR005_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕ་ཝང་གི་མགོ་ཅན་འདི་ནི་དཔལ་རྡོ་རྗེ་ནག་པོའི་ཡུམ་ཡིན་ཞིང་། ཕྱག་ན་སྤུ་གྲི་འཛིན་པས་མཚམས་བཞིའི་གདོན་བཞི་འདུལ་ཞིང་༔ འཁོར་བའི་འདོད་ཆགས་འཇོམས་པར་བྱེད་པ་སྟེ་དམར་མོ་ཉི་ཟླ་འབར་བའི་ལྡིང་ཅན་སྤྲུལ་པའི་འཁོར་དུར་ཁྲོད་ཀྱི་མ་མོ་དང་མགོན་པོའི་རིགས་བྱེ་བ་འབུམ་གྱིས་བསྐོར་ནས་བསྟན་པ་སྲུང་བར་བྱེད་པ་ཡིན་པས་འདིའི་དབང་ཐོབ་ན་བྱད་ཁ་དྲོད་གཏོང་གི་གནོད་པ་དང་ཉོན་མོངས་པ་ཆགས་པའི་ཉེས་པ་སེལ་བ་ཡིན་ནོ། །རྒྱ་གར་སྐད་དུ༔ པཀྵ་སི་ཞེས་བྱ་བ་ཞི་བ་ཆུ་སྲིན་གྱི་མགོ་ཅན་མ་ནི་ལས་ཀྱི་གཤིན་རྗེའི་ཡུམ་ཡིན་ཏེ། བདུད་རྩིའི་བཅུད་ཀྱིས་རྣལ་འབྱོར་པའི་ཚེ་བསྲིང་ཏེ་འཁོར་གསོད་བྱེད་བྱེ་བ་འབུམ་གྱིས་བསྐོར་ནས་བསྟན་པ་ལ་གནོད་པ་ཐམས་ཅད་ཞི་བར་བྱེད་པ་ཡིན་པས༔ འདིའི་དབང་ཐོབ་ན་དམ་པའི་ཆོས་སྒྲུབ་པའི་བར་ཆད་ཐམས་ཅད་ཞི་བ་ཡིན་ནོ༔ རྒྱ་གར་སྐད་དུ༔ ཨ་མྲྀ་ཏ་ཞེས་བྱ་བ་བདུད་རྩི་སྡིག་གདོང་མ་འདི་ནི་ལྷའི་བུ་ཉི་མའི་ཡུམ་ཡིན་ཏེ༔ ཕྱག་ན་པདྨ་འཛིན་ནས་འཁོར་བའི་སྡུག་བསྔལ་ཐམས་ཅད་སེལ་ཞིང་དམར་སེར་རལ་པ་འབར་བའི་ཐོད་ལྡིངས་ཅན་དུ་སྤྲུལ་ནས་འཁོར་རྟ་ལྷའི་ཚོགས་ཀྱིས་བསྐོར་ནས་སྡོང་གྲོགས་བྱེད་


CMR005_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པས༔ འདིའི་དབང་ཐོབ་ན་རྟ་ནད་ཐམས་ཅད་ཞི་བ་དང་འཁོར་བའི་སྡུག་བསྔལ་ཐམས་ཅད་ཞི་བ་ཡིན་ནོ། །རྒྱ་གར་སྐད་དུ༔ སེའུ་མེ་ཞེས་བྱ་བ་ཟླ་བ་ཁྲ་མགོ་མ་འདི་ནི་ལྷའི་བུ་ཟླ་བའི་ཡུམ་ཡིན་ཏེ། དཀར་མོ་རལ་པ་འབར་བའི་ཐོད་ལྡིངས་ཅན་དུ་སྤྲུལ་ནས་གཤིན་རྗེའི་འཁོར་བྱེ་བ་འབུམ་གྱིས་བསྐོར་ཞིང་ཕྱག་ན་རྡོ་རྗེ་བསྣམས་ནས་གཟའ་དང་རྒྱུ་སྐར་གྱི་གདུག་པ་ཐམས་ཅད་རྡུལ་དུ་རླག་པར་བྱེད་པ་སྟེ། འདིའི་དབང་ཐོབ་ན་གཟའ་དང་རྒྱུ་སྐར་གནོད་པ་ཐམས་ཅད་ཞི་བ་ཡིན་ནོ། །རྒྱ་གར་སྐད་དུ༔ དན་དྷ་ཧ་ཞེས་བེ་ཅོན་ཝ་མགོ་མ་འདི་ནི་གཤིན་རྗེ་བེ་ཅོན་ཅན་གྱི་ཡུམ་ཡིན་ཏེ། ལྗང་ནག་རལ་པ་འབར་བའི་ཐོད་ལྡིངས་ཅན་དུ་སྤྲུལ་ནས་ཕྱག་ན་དབྱུག་པ་འཛིན་པས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་རྡུལ་དུ་བརླག་པར་མཛད་ཅིང་། སྲིན་མོ་བེ་ཅོན་ཐོགས་པ་བྱེ་བ་འབུམ་གྱིས་བསྐོར་ནས་བསྟན་པ་སྲུང་བ་ཡིན་པས། འདིའི་དབང་ཐོབ་ན་དགྲ་བགེགས་ཀྱི་གནོད་པ་ཐམས་ཅད་ཞི་བ་ཡིན་ནོ། །རྒྱ་གར་སྐད་དུ༔ རཀཱ་སི་ཞེས་བྱ་བ་སྲིན་མོ་སྟག་གདོང་མ་འདི་ནི་ལས་ཀྱི་སྲིན་པོའི་ཡུམ་ཡིན་ཏེ། མཐིང་ནག་རལ་པ་འབར་བའི་ཐོད་ལྡིངས་ཅན་དུ་སྤྲུལ་


CMR005_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཕྱག་ན་བྷན་ཁྲག་གིས་བཀང་བ་དཀྲུག་ཅིང་གསོལ་ནས་དམ་ཚིག་ལས་འདས་པ་རྣམས་ཀྱི་སྙིང་ཁྲག་དྲོན་མོ་འཐུང་བར་བྱེད་ཅིང་སྲིན་མོ་ཟ་བྱེད་མ་བྱེ་བ་འབུམ་གྱིས་བསྐོར་ནས་བསྟན་པ་སྲུང་བ་ཡིན་པས། འདིའི་དབང་ཐོབ་ན་སྲིན་མོ་ཟ་བྱེད་ཀྱི་གནོད་པ་ཐམས་ཅད་ཞི་བ་ཡིན་ནོ། །དེ་ནི་ནུབ་ཀྱི་དབངཕྱུག་མ་མཛའ་བདུན་ནི་པདྨ་རིགས་ཀྱི་མཁའ་འགྲོ་མ་སྟེ་དཀྱིལ་འཁོར་འདི་ལྟ་བུའི་དབང་ཐོབ་པ་རྣམས་ལ་གྲོགས་ཀྱི་འདུ་ཤེས་ཀྱིས་དུས་རྟག་ཏུ་ཕྲིན་ལས་སྒྲུབ་ཅིང་སྡོང་གྲོགས་བྱེད་དེ༔ བར་དོ་ནའང་མཐའ་ནས་བརྟེན་ནས་ངན་སོང་དུ་ལྟུང་མི་འཇུག་པ་ཡིན་ལ༔ དེའི་ནང་ནས་ཀྱང་། རྒྱ་གར་སྐད་དུ༔ ར་ཏྲི་བཛྲ་མ་ཞེས་བྱ་བ་ཟ་བ་བྱ་རྒོད་ཀྱི་མགོ་ཅན་མ་འདི་ནི་གཤིན་རྗེའི་ཡུམ་ཡིན་པས་དམར་ལྗང་རལ་པ་འབར་བའི་ཐོད་ལྡིངས་ཅན་དུ་སྤྲུལ་ནས་ལག་ན་བེ་ཅོན་ཐོགས་པས་དགྲ་བགེགས་རྩད་ནས་གཅོད་ཅིང་གཤིན་རྗེའི་འཁོར་བྱེ་བ་འབུམ་གྱིས་བསྐོར་ནས་བསྟན་པ་སྲུང་བ་ཡིན་ནོ། །འདིའི་དབང་ཐོབ་ན་དགྲ་བགེགས་གནོད་པ་ཐམས་ཅད་ཞི་བ་ཡིན་ནོ། །རྒྱ་གར་སྐད་དུ༔ ཨེ་ཀ་པ་ར་མ་ཞེས་པ་དགའ་བ་རྟ་གདོང་མ་ནི་རྣམ་ཐོས་སྲས་ཀྱི་ཡུམ་ཡིན་ཏེ། དམར་མོ་རལ་ཅན་


CMR005_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་ཐོད་ལྡིངས་ཅན་དུ་སྤྲུལ་ནས་གནོད་སྦྱིན་གྱི་འཁོར་བྱེ་བ་འབུམ་གྱིས་བསྐོར་ཞིང་༔ ཞིང་གི་ཁོག་པ་འཛིན་པས་དངོས་གྲུབ་སྟེར་བ་དང་གནོད་བྱེད་སྒྲོལ་བར་བྱེད་པ་སྟེ་འདིའི་དབང་ཐོབ་ནི་དངོས་གྲུབ་ཐམས་ཅད་འབྱུང་བ་ཡིན་ནོ༔ རྒྱ་གར་སྐད་དུ༔ རུ་ཏྲི་ར་མ་ཏྲི་ཞེས་བྱ་བ་སྟོབས་ཆེན་ཁྱུང་གདོང་མ་འདི་ནི་ལྷ་ཆེན་སྟོབས་བཟང་གི་ཡུམ་ཡིན་ཏེ། དཀར་མོ་རལ་པ་འབར་བའི་ཐོད་ལྡིངས་ཅན་དུ་སྤྲུལ་ནས་ཕྱག་ན་ཐོང་གཤོལ་དང་དབྱུག་ཐོ་འཛིན་ནས་ཉོན་མོངས་པའི་ཐ་བ་མ་ལུས་པ་བཟློག་པར་བྱེད་ཅིང་སྟོབས་ཆེན་ཁྲག་འཐུང་བྱེ་བ་འབུམ་གྱིས་བསྐོར་ནས་བསྟན་པ་སྲུང་བར་བྱེད་པ་སྟེ། འདིའི་དབང་ཐོབ་ན་ལྷ་མ་ཡིན་གྱི་རྒྱུ་འཐབ་ཞི་ཞིང་ཉོན་མོངས་པ་ཐལ་བར་བརླགས་པར་བྱེད་པ་ཡིན་ནོ། །རྒྱ་གར་སྐད་དུ༔ ཨེ་ཀ་ཙ་རཀློ་ཞེས་པ་ནི་སྲིན་པོའི་ཡུམ་ཁྱི་ཡི་མགོ་ཅན་མ་སྟེ། ལག་ན་རྡོ་རྗེ་འཛིན་པས་སྐྱེ་ཤི་རྩད་ནས་གཅོད་ཅིང་སྲིན་མོ་བྱེ་བ་འབུམ་གྱིས་བསྐོར་ནས་བསྟན་པ་སྲུང་བ་ཡིན་པས། འདིའི་དབང་ཐོབ་ན་སྲིན་པོའི་གནོད་པ་ཞི་ནས་སྐྱེ་ཤིའི་སྡུག་བསྔལ་རྩད་ནས་གཅོད་པ་ཡིན་ནོ། །རྒྱ་གར་སྐད་དུ༔ མ་ནུ་ཧ་ར་ཞེས་འདོད་པ་ཕུག་ཤུད་ཀྱི་མགོ་


CMR005_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མ་ནི་འདོད་པའི་ལྷ་བདུད་སྡིག་ཏོ་ཅན་ཞེས་བྱ་བ་དགའ་རབ་དབང་ཕྱུག་གི་ཡུམ་ཡིན་ཏེ༔ བདུད་ཀྱི་ཁ་གནོན་དམར་མོ་རལ་པ་འབར་བའི་ཐོད་ལྡིངས་ཅན་དུ་སྤྲུལ་ནས། འདོད་ཁམས་ལྷའི་ཚོགས་བྱེ་བ་མང་པོས་བསྐོར་ནས་ལག་ན་མདའ་གཞུ་ཐོགས་ཏེ་དམ་ལས་འདས་པའི་སྙིང་ཁྲག་དྲོན་མོ་འཐུང་བར་བྱེད་པའི་བདུད་མོ་སྟེ། འདིའི་དབང་ཐོབ་ན་བདུད་སྡིག་ཏོ་ཅན་གྱིས་རླག་མི་རྙེད་དོ།་རྒྱ་གར་སྐད་དུ༔ སིད་ཏི་ཀ་ཡ་མ་ཞེས་པ་ནོར་སྲུང་གནོད་སྦྱིན་གྱི་ཡུམ་ཡིན་ཏེ་སྔོན་མོ་རལ་པ་འབར་བའི་ཐོད་ལྡིངས་ཅན་དུ་སྤྲུལ་ནས། འཁོར་ནོར་ལྷ་བྱེ་བ་འབུམ་གྱིས་བསྐོར་ནས། ལག་ན་གཏེར་གྱི་བུམ་པ་འཛིན་ནས་སེམས་ཅན་རྣམས་ཀྱི་རེ་བ་ཡིད་བཞིན་དུ་བཀང་བ་སྟེ། འདིའི་དབང་ཐོབ་ན་གོད་ཁ་ཞི་ནས་ནོར་ཕྱུགས་འཕེལ་བའོ། །དེ་ནས་བྱུང་གི་དབང་ཕྱུག་མ་བྲན་བདུན་གྱི་དབང་བསྐུར་བ་སྟེ། དྲུག་ཡེ་ཤེས་དབྱིངས་ན་བཞུགས་པའི་ཀརྨ་རིགས་ཀྱི་ཌཀི་ཡིན་ཅིང་དཀྱིལ་འཁོར་དབང་ཐོབ་པ་རྣམས་བྲན་དང་ཕོ་ཉ་བྱེད་ཅིང་དགྲ་བགེགས་གནོད་བྱེད་ཐམས་ཅད་འདུལ་ཞིང་ཚར་གཅོད་པའི་ཕྲིན་ལས་མཛད་པ་ཡིན་པའི་ནང་ནས། རྒྱ་གར་སྐད་དུ། བྷ་ཡ་བྷེ་ཞེས་པ་རླུང་ལྷ་སྤྱང་གདོང་


CMR005_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདི་ནི་རླུང་ལྷའི་ཡུམ་ཡིན་ཏེ། སྔོན་མོ་རལ་པ་འབར་བའི་ཐོད་ལྡིང་ཅན་དུ་སྤྲུལ་ནས་ལག་ན་བ་དན་བསྣམས་ནས་རླུང་ལྷའི་འཁོར་ཚོགས་བྱེ་བ་ས་ཡ་ཐམས་ཅད་དབང་དུ་བསྡུས་པར་བྱེད་དོ། འདིའི་དབང་ཐོབ་ན་རླུང་ལས་གྱུར་པའི་ནད་དང་གནོད་པ་ཐམས་ཅད་ཞི་བ་ཡིན་ནོ། རྒྱ་གར་སྐད་དུ། ཨཀ་ནེ་ཡེ་མ་ཞེས་པ་མི་མོ་སྐྱིན་མགོ་མ་ཞེས་པ་འདི་ནི་མེ་ལྷའི་ཡུམ་ཡིན་ཏེ། དམར་མོ་རལ་པ་འབར་བའི་ཐོད་ལྡིང་ཅན་དུ་སྤྲུལ་ནས་འཁོར་དྲང་སྲོང་བྱེ་བ་འབུམ་གྱིས་བསྐོར། ལག་ན་གསལ་ཤིང་བསྣམས་ནས་འཁོར་བའི་བག་ཆགས་བསྲེགས་པ་དང་། བསྐལ་པའི་མེ་དཔུང་ཆེན་པོ་ཡང་ཐལ་བར་བརླག་པར་བྱེད་དོ༔ འདི་ཡི་དབང་ཐོབ་ན་འཁོར་བའི་བག་ཆགས་སེལ་བ་དང་ཐན་པ་དང་མེའི་གནོད་པ་མི་འབྱུང་ངོ་༔ རྒྱ་གར་སྐད་དུ༔ བྷ་ར་ཧི་ཞེས་པ་ཕག་མོ་ཕག་གདོང་མ་ནི་ས་བདག་དབང་ཆེན་ཤི་བྷ་དྲའི་ཡུམ་ཡིན་ཏེ། འཁོར་ས་བདག་གི་འཁོར་བྱེ་བ་འབུམ་གྱིས་བསྐོར་ཞིང་། ནག་མོ་རལ་པ་འབར་བའི་ཐོད་ལྡིངས་ཅན་དུ་བྱས་ནས། ལག་ན་ཕག་རྒོད་ཀྱི་མཆེ་བ་དང་ཞགས་པ་ཐོགས་ནས་སྐྱེ་ཤི་རྩད་ནས་གཅོད་པར་བྱེད་པ་སྟེ༔ འདིའི་


CMR005_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐོབ་པས་ས་བདག་གི་གནོད་པ་དང་འགྲམ་འཁྲུག་ཞི་ཞིང་སྐྱེ་ཤིའི་རྩ་བ་ཆོད་པ་ཡིན་ནོ༔ རྒྱ་གར་སྐད་དུ༔ མ་ཧཱ་ར་ན་ཞེས་པ་རྡོ་རྗེ་ཁྭ་ཏའི་མགོ་ཅན་མ་འདི་ནི་བདུད་ཡབ་རྗེ་ནག་པོའི་ཡུམ་ཡིན་ཏེ༔ སྨུག་ནག་རིལ་པ་འབར་བའི་ཐོད་ལྡིངས་ཅན་དུ་བྱས་ནས༔ བདུད་ཀྱི་འཁོར་ཚོགས་བྱེ་བ་འབུམ་གྱིས་བསྐོར་ཏེ༔ ལག་ན་རྡོ་རྗེ་འཛིན་ནས་སེམས་ཅན་རྣམས་ཀྱི་སྐྱེ་ཤི་རྩད་ནས་གཅོད་པར་བྱེད་པ་སྟེ༔ འདི་ཡི་དབང་ཐོབ་ན་བདུད་ཀྱི་ཁྲམ་ཁ་ཐམས་ཅད་བཟློག་སྐྱེ་ཤི་རྩད་ནས་ཆོད་པ་ཡིན་ནོ༔ རྒྱ་གར་སྐད་དུ༔ ཨུ་ཏ་ན་ཞེས་པ་སྣ་ཆེན་གླང་ཆེན་གྱི་མགོ་ཅན་འདི་ནི་བགེགས་རྒྱལ་བྱི་ན་ཡ་ཀའི་ཡུམ་ཡིན་ཅིང་། དཀར་མོ་རལ་པ་འབར་བའི་ཐོད་ལྡིངས་ཅན་བགེགས་རིགས་དང་ལོག་འདྲེན་བྱེ་བ་འབུམ་གྱིས་བསྐོར་ཞིང་ལག་ན་མི་རོ་བམ་འཛིན་ནས་བགེགས་རིགས་ཐམས་ཅད་འཇོམས་པར་བྱེད་པ་སྟེ༔ འདི་ཡི་དབང་ཐོབ་ན་བགེགས་ཀྱི་གནོད་པ་ཐམས་ཅད་ཞི་བ་ཡིན་ནོ༔ རྒྱ་གར་སྐད་དུ། ཝ་རུ་ཎ་ཞེས་པ་ཆུ་ལྷ་སྦྲུལ་གདོང་མ་འདི་ནི་ཀླུའི་རྒྱལ་པོ་ཆུ་བདག་ཝ་རུ་ཎ་སའི་ཡུམ་ཡིན་ཏེ། སྔོན་མོ་རལ་པ་འབར་བའི་ཐོད་ལྡིང་ཅན་དུ་སྤྲུལ་ནས་ལག་ན་སྦྲུལ་ཞགས་འཛིན་ནས་


CMR005_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་དམ་དུ་འཆིང་ཞིང་ཀླུའི་གདུགས་པ་ཐམས་ཅད་རྡུལ་དུ་བརླག་ཅིང་ཀླུའི་འཁོར་དཔག་ཏུ་མེད་པས་བསྐོར་བ་བྱེད་དེ། འདིའི་དབང་ཐོབ་ན་འཁོར་བར་ཕྱིར་མི་ལྡོག་པ་དང་ཀླུའི་གནོད་པ་དང་ཆུའི་འཇིགས་པ་ཞི་བ་ཡིན་ནོ། །ད་ནི་སྒོ་མ་བཞིའི་དབང་བསྐུར་བ་ནི་ཤར་གྱི་དབང་ཕྱུག་མ་དྲུག་ནི་ཡེ་ཤེས་ཀྱི་དབྱིངས་ན་བཞུགས་པས་དབྱིངས་ཀྱི་ཊཱ་ཀི་མ་ཡིན་ལ་གཅིག་ནི་ཐབས་ཀྱི་སྒོ་མ་མཛད༔ ཅེས་གསུངས་པས་ཞི་བའི་ཕྲིན་ལས་དངོས་སུ་མཛད་དེ༔ རྒྱ་གར་སྐད་དུ༔ མ་ཧཱ་ཀ་ལ་མ་ཞེས་པ་རྡོ་རྗེ་ཁུ་བྱུག་གི་མགོ་ཅན་མ་འདི་ནི་དཔལ་ལྡན་མ་ཧཱ་ཀ་ལའི་ཡུམ་ཡིན་ཏེ༔ དྲི་ཟ་ཐམས་ཅད་ཟིལ་གྱིས་གནོན་ཅིང་ཞི་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་བྱེད་ཅིང་༔ འདིའི་དབང་བསྐུར་བས་ཤར་ཕྱོགས་དྲི་ཟའི་གནོད་པ་ཞི་ཞིང་ནད་གདོན་བར་ཆད་ཞི་བ་ཡིན་ནོ༔ ལྷོའི་དབང་ཕྱུག་མ་དྲུག་ནི་ཡེ་ཤེས་དར་གདོང་མ་འདི་ནི་གནོད་སྦྱིན་སྤངས་རའི་མགོ་ཅན་གྱི་ཡུམ་ཡིན་པས་སེར་མོ་རལ་པ་འབར་བ་དབྱིངས་ན་བཞུགས་པའི་ཌཱ་ཀི་མ་ཡིན་ལ། རྒྱ་གར་སྐད་དུ༔ ཙ་ཀ་མ་ཞེས་པ་རྡོ་རྗེ་ར་གདོང་མ་འདི་ནི་གནོད་སྦྱིན་སྲིད་སྤངས་རའི་མགོ་ཅན་གྱི་ཡུམ་ཡིན་པས་སེར་མོ་རལ་པ་


CMR005_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་ཐོད་ལྡིངས་ཅན་དུ་སྤྲུལ་ནས་ཕྱག་ན་ཞགས་པ་ཐོགས་ནས་དམ་ཚིག་ཉམས་པ་ཐམས་ཅད་འཆིང་བར་བྱེད༔ འདིའི་དབང་ཐོབ་ན་ལྷོ་ཕྱོགས་གཤིན་རྗེའི་གནོད་པ་ཞི་བ་དང་ཚེ་དང་བསོད་ནམས་རྒྱས་པ་ཡིན་ནོ༔་ནུབ་ཀྱི་དབང་ཕྱུག་མ་དྲུག་ནི་ཡེ་ཤེས་དབྱིངས་ན་བཞུགས་པའི་ཌཱ་ཀི་མ་ཡིན་ལ། རྒྱ་གར་སྐད་དུ༔ ཀུ་མ་ནི་ཞེས་བྱ་བ་རྡོ་རྗེ་སེང་གདོང་མ་འདི་ནི་ཐབས་ཀྱི་སྒོ་མ་མཛད་དེ༔ ཉི་མ་འབར་བའི་སྤྱན་དང་ལྡན་པས་ཀླུ་ཐམས་ཅད་འདུལ་བ་དང་ཕྱག་ན་ལྕགས་སྒྲོགས་བསྣམས་ཏེ༔ འདིའི་དབང་ཐོབ་ན་ཀླུའི་གནོད་པ་ཞི་ཞིང་དབང་གི་ཕྲིན་ལས་འགྲུབ་པ་ཡིན་ནོ༔ བྱང་གི་དབང་ཕྱུག་མ་དྲུག་ནི་དབྱིངས་ན་བཞུགས་པའི་ཌཱཀི་མ་ཡིན་ལ༔ རྒྱ་གར་སྐད་དུ༔ ལམ་པོ་དྷ་ར་ཡེ་ཞེས་པ་རྡོ་རྗེ་སྦྲུལ་གདོང་མ་འདི་ནི་ཕོ་ཉ་སྒོ་མའི་ཚུལ་དུ་བཞུགས་ནས་ཕྱག་ན་དྲིལ་བུ་འཛིན་ནས་གནོད་སྦྱིན་གྱི་ཚོགས་འཇོམས་པ་འདིའི་དབང་ཐོབ་ན་བྱང་ཕྱོགས་གནོད་སྦྱིན་གྱི་གནོད་པ་ཞི་བ་དང་དྲག་པོའི་ཕྲིན་ལས་འགྲུབ་པ་ཡིན་ནོ། །ཞེས་པ་ཞི་ཁྲོའི་དབང་རྒྱས་པའི་ལྷན་ཐབས་སུ་༧ རཱ་ག་ཨ་སྱས་སྦྱར་བའོ།། །།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་གཏོར་དབང་རེག་པ་དོན་ལྡན།


CMR005_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་གཏོར་དབང་རེག་པ་དོན་ལྡན་བཞུགས་སོ།།


CMR005_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །ཞི་ཁྲོའི་གཏོར་དབང་མདོར་བསྡུས་བྱ་འདོད་ན། །རབ་ནི་གཏོར་མ་དཔེའུ་ཆུང་ལྟ་བུ་ལ། །འབྲིང་དུ་རིན་ཆེན་འབར་བ་དབང་ཙཀ་བརྒྱན། །མ་འབྱོར་ཟླུམ་གཏོར་ལ་སོགས་གང་ཡང་རུང་། །དཀྱིལ་འཁོར་ཚོམ་བུ་ལ་སོགས་ཡོད་ན་ལེགས། །མེད་ཀྱང་གཏོར་མ་ཉིད་ལ་བསྐྱེད་པས་འཐུས། །ལས་བྱང་གང་རུང་གཞུང་བསྲང་བཟླས་པ་བྱ། །དེ་ནས་སློབ་མ་ཁྲུས་བྱས་མཎྜལ་ཕུལ། །འོ་ན་ད་ལམ་ཁྱེད་རྣམས་ཐོབ་པར་དཀའ་བའི་མི་ལུས་རིན་པོ་ཆེ་ཐོབ་པའི་དུས་འདིར་ཚུལ་བཞིན་ཉམས་སུ་ལེན་མ་ནུས་ན་ཡང་། ལན་གཅིག་རྣ་བར་ཐོས་པ་ཙམ་གྱིས་ཀྱང་། བར་དོའི་འཇིགས་སྐྲག་ཐམས་ཅད་ལས་གྲོལ་


CMR005_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པའི་ཆོས་ཟབ་མོ། བར་དོའི་ཐོས་གྲོལ་ཆེན་པོའི་གཏོར་དབང་རེག་པ་དོན་ལྡན་ཞེས་བྱ་བ་འདི་ཞུ་ཆོག་པ་ནི་སྐལ་པ་ཤིན་ཏུ་བཟང་བ་ཡིན། དེ་ཡང་སྔོན་རྒྱལ་པོའི་བུ་ཞིག་གིས་ཕྲག་དོག་བྱས་ནས་རང་གི་སློབ་དཔོན་བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ་རིག་པའི་གནས་ལྔ་ལ་མཁས་པ་དེ་ཆད་པ་དུ་མ་བཅད་ནས་བསད་པས། དེའི་རྣམ་སྨིན་གྱིས་རྒྱལ་པོའི་བུ་དེ་ཉིད་སེམས་ཅན་ལུས་སྲུལ་པོ་ཅན་ཞེས་བྱ་བ་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་དུས་གཅིག་ལ་མྱོང་བ་ཞིག་ཏུ་སྐྱེས་པ་དེ་ཐར་པའི་ཐབས། བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་ཞི་ཁྲོ་ན་རཀ་དོང་


CMR005_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུགས་ཀྱི་རྒྱུད་གསུངས་ཤིང་སེམས་ཅན་དེའི་རྣ་བར་ཞི་ཁྲོའི་མཚན་དང་སྔགས་བསྒྲགས་ཤིང་དབང་བསྐུར་ན་ཐར་བར་གསུངས་ནས། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སོགས་ཀྱིས་མཛད་པས་སེམས་ཅན་དམྱལ་བ་ནས་ཐར་ཏེ་ལྷའི་གནས་སུ་རིག་འཛིན་མིའི་ཐོད་པ་ཅན་ཞེས་བྱ་བར་སྐྱེས་སོ། །དེ་ནས་ཆོས་འདི་ཆོས་སྐུ་ཀུན་ཏུ་བཟང་པོས་དྲུག་པ་རྡོ་རྗེ་འཆང་ཆེན་ལ། དེས་སྟོན་པ་རྡོ་རྗེ་སེམས་དཔའ་ལ་དགོངས་པས་བྱིན་གྱིས་བརླབས་པས་རྒྱལ་བ་དགོངས་པའི་བརྒྱུད་པ་ཞེས་བྱའོ། །དེས་རྒྱ་གར་གྱི་རིག་འཛིན་དགའ་རབ་རྡོ་རྗེ། དེས་རྒྱ་ནག་གི་རིག་འཛིན་ཤྲཱི་སེང་ཧ། དེས་ཨོ་རྒྱན་ཡུལ་གྱི་རིག་འཛིན་པདྨ་འབྱུང་གནས་ལ་བརྡ་ཡི་སྒོ་ནས་བསྟན་པས་རིག་འཛིན་བརྡ་ཡི་བརྒྱུད་པ་ཞེས་བྱའོ། །དེ་ནས་ཨོ་རྒྱན་རིན་པོ་ཆེ་བོད་དུ་བྱོན་ནས་ལོ་ཙཱ་བ་ཀླུ་ཡི་རྒྱལ་མཚན་ལ་སོགས་རྗེ་འབངས་རྣམས་ལ་ཆོས་འདི་སྙན་བརྒྱུད་དུ་གནང་ངོ་། །དེའི་ཚེ་སྡིག་བློན་ཤ་ཏ་ཞེས་བྱ་བས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཆོས་བྲོས་ལ་བྱོན་ནས་གནས་ལ་མ་སོང་བ་ལ་ཆད་པ་མང་པོ་བཅད་པའི་རྣམ་སྨིན་གྱིས་བློན་པོ་དམྱལ་བ་ཆེན་པོ་མནར་མེད་དུ་སྐྱེས་པ་དེ་འདྲེན་པའི་ཕྱིར་མཁའ་འགྲོ་ཡེ་ཤེས་མཚོ་


CMR005_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དམྱལ་བར་བྱོན་པས་ཇི་ལྟར་བྱས་ཀྱང་བློན་པོ་འདྲེན་མ་ཐུབ་ནས། འདི་ཇི་ལྟར་བྱས་ན་ཐར་བའི་ཐབས་ཡོད་ཅེས་གཤིན་རྗེའི་ལས་མཁན་རྣམས་ལ་དྲིས་པས། ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེས་ན་ཐར། གཞན་ཅི་བྱས་ཀྱང་ཐར་ཐབས་མེད་ཟེར་བ་ལ་བརྟེན་ནས། ལྷ་ལྕམ་གྱིས་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེས་པ་ཙམ་གྱིས་ལྕགས་སྲེག་གི་ཁང་བ་ཡང་ཞིག །ལྕགས་སྲེག་གི་ས་གཞི་ཡང་བསིལ་བར་གྱུར་ནས་བདུད་བློན་ཤ་ཏས་གཙོར་བྱས་པའི་འབུམ་ཚོ་ལྔ་དྲངས་སོ། །དེ་ནས་ཆོས་འདི་ཤིན་ཏུ་ཟབ་པས་ནུབ་ཀྱིས་དོགས་ནས་ཞི་ཁྲོ་དཔང་ཀོང་སོགས་བཀའ་མ་ཡང་དར་བར་མཛད་། གཏེར་ཁ་ཡང་མང་དུ་སྦས་སོ། །འདི་ནི་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་སྤྲུལ་པ་གྲུབ་ཐོབ་ཀརྨ་གླིང་པས་དྭགས་ལྷ་སྒམ་པོའི་རྒྱབ་རི་ནས་གཏེར་ནས་བཏོན་ཏེ། མི་རབས་གསུམ་དུ་གཅིག་བརྒྱུད་སྙན་བརྒྱུད་དུ་མཛད། །དེ་ནས་ཨོ་རྒྱན་ཆེན་པོས་ལུང་བསྟན་པ་ལྟར། བཀའ་བབས་ཆོས་ཀྱི་རྒྱལ་མཚན་གྱིས་ཐམས་ཅད་ལ་སྤེལ་བ་ཡིན་པས། གང་ཟག་སྙན་ཁུང་བརྒྱུད་པ་ཞེས་བྱའོ། །གཏེར་སྟོན་ནས་ད་ལྟ་བརྒྱུད་པ་བཅུ་གཅིག་གི་བར་དུ་ཡིན་ལ་མཐར་ཞི་ཁྲོའི་


CMR005_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འདི་ཕྱོགས་སུ་དར་ཞིང་རྒྱས་པར་ལུང་བསྟན། དེ་ཡང་ཨོ་རྒྱན་རིན་པོ་ཆེ་ཉིད་ཀྱི་རྡོ་རྗེའི་གསུང་ལས། །ཐོས་གྲོལ་འདི་ནི་བསྒོམ་མི་དགོས་པར་སངས་རྒྱས་པའི་ཆོས༔ ཐོས་པ་ཙམ་གྱིས་གྲོལ་བ་ཐོབ་པའི་ཆོས༔ སྡིག་པོ་ཆེ་གསེང་ལམ་ལ་ཁྲིད་པའི་ཆོས༔ སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་པའི་ཆོས༔ སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་པའི་ཆོས་ཟབ་མོ་ཡིན་ཏེ༔ འདིས་སླེབས་པའི་སེམས་ཅན་ངན་སོང་དུ་འགྲོ་བ་མི་སྲིད་དོ༔ མཚམས་མེད་པ་ལྔ་བསགས་པའི་མིའི་རྣ་ལམ་དུ་ཐོས་ན་ཡང་ངེས་པར་གྲོལ་བར་འགྱུར་རོ༔ འཆི་ཁར་སངས་རྒྱས་པའི་མན་ངག་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བཙལ་ཡང་འདི་ལས་ལྷག་པའི་ཆོས་རྙེད་པར་མི་འགྱུར་རོ༔ ཞེས་གསུངས་པས། དེ་ལྟ་བུའི་དབང་ཟབ་མོ་ཞུ་བའི་ཕྱིར་འདིའི་རྗེས་ཟློས་མཛོད། ཨེ་མ་མགོན་པོ་ཐུགས་རྗེ་ཅན། །བདག་སོགས་འགྲོ་བ་མ་ལུས་པ། །ལོག་པའི་ལམ་དུ་ཞུགས་པ་རྣམས། །བདེ་ཆེན་ཐར་བའི་ལམ་བསྟན་འཚལ། །ལན་གསུམ། མདུན་གྱི་ནམ་མཁར་དཀོན་མཆོག་གསུམ་དང་ཞི་ཁྲོ་རབ་འབྱམས་ཀྱི་ལྟ་ཚོགས་མངོན་སུམ་དུ་བཞུགས་པའི་དྲུང་དུ་སྐྱབས་སུ་འགྲོ་བ་ཞུ་སྙམ་པས་


CMR005_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་རྗེས་ཟློས་མཛོད། ཨེ་མ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་། །བླ་མ་ཡི་དམ་མཁའ་འགྲོ་དགོངས། །རྐང་གཉིས་གཙོ་བོ་སངས་རྒྱས་དང་། །ཞི་བ་ཆགས་བྲལ་དམ་པའི་ཆོས། །ཚོགས་མཆོག་འཕགས་པའི་དགེ་འདུན་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །ལན་གསུམ། དེས་སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་འགྲོའི་སྡོམ་པ་ལེགས་པར་ཐོབ་པས་དེའི་བསླབ་བྱ་རྣམས་ལ་ཡང་བསླབ་པར་བྱས་ན་ཕན་ཡོན་དཔག་ཏུ་མེད་པར་གསུངས་སོ། །ད་སྔགས་ཀྱི་ཐེག་པར་ཞུགས་པ་ལ། ཐེག་ཆེན་གྱི་སེམས་བསྐྱེད་པ་གལ་ཆེ་བས་འདིའི་རྗེས་ཟློས་མཛོད། བླ་མ་ཀུན་བཟང་དགོངས་སུ་གསོལ། །འདི་བཟུང་བྱང་ཆུབ་མ་ཐོབ་བར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །མ་དང་བུ་ཡི་འདུ་ཤེས་ཀྱིས། །མ་སྒྲལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་དགྲོལ་བ་དང་། །དབུགས་མ་དབྱུང་བ་དབུགས་དབྱུང་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལན་གསུམ། དེ་དག་གིས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔར་མ་ཐོབ་པ་ཡིན་ན་ཐོབ། ཐོབ་པ་གོང་དུ་འཕེལ། ཉམས་པ་རྣམས་སོར་ཆུད་པ་ཡིན། །


CMR005_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞི་དབང་བསྐུར་བའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་མགོན་པོ་ཐུགས་རྗེ་ཅན། །བདག་སོགས་འཁོར་བའི་སྡུག་བསྔལ་ལས། །སྐྱབས་ཕྱིར་བརྩེ་བས་རབ་བཟུང་ནས། །དབང་དང་བྱིན་རླབས་བསྩལ་དུ་གསོལ། །ལན་གསུམ། ད་ཁྱེད་རང་རྣམས་གླང་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་ལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུ་བསྒོམས་པའི་ཐུགས་ཀར་ཞི་བའི་ལྷ་ཚོགས། མགྲིན་པར་རིག་འཛིན་ལྷ་ཚོགས། སྤྱི་བོར་ཁྲག་འཐུང་གི་ལྷ་ཚོགས། དེ་རྣམས་ཀྱི་ཐུགས་ཀར་ཀུན་ཏུ་བཟང་པོའི་ཐུགས་ཀར་ཨོ་ལས། སྒོ་མ་སྦྲུལ་གདོང་མའི་ཐུགས་ཀར་ཨའི་བར་ཡིག་བརྒྱའི་ཡིག་འབྲུ་རེ་རེ་གནས་པ་ལས་འོད་ཟེར་འཕྲོས་པས། འོག་མིན་གྱི་གནས་ནས་དམ་པ་རིགས་བརྒྱའི་ཡེ་ཤེས་པ་ཆར་བབས་པ་ལྟར་བྱོན་ནས་ཁྱེད་རང་གི་ལུས་ལྷ་ལ་ཐིམ་པར་སྒོམས་ཤིག་།བོ་དྷི་ཙིཏྟ་མ་ཧཱ་སོགས་ནས། ཨཱ་བེ་ཤ་ཡ་ཨ་ཨཱཿ རོལ་མོ་བྱ། རྡོ་རྗེ་མགོར་བཞག་གམ་བཞག་ཚུལ་གྱིས། ཏིཥྛ་བཛྲ། ཞེས་བརྟན་པར་བྱའོ། །ད་གཏོར་མ་ལ་བརྟེན་ནས་དབང་བཞི་རྫོགས་པར་བསྐུར་བ་ཡིན་པས། གཏོར་མ་འདི་ཉིད་ཕྱི་རིན་པོ་ཆེ་སྣ་ཚོགས་ལ་ནང་


CMR005_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ཀྱི་ཁང་པ་གྲུ་བཞི་སྒོ་བཞི་རྟ་བབས་དང་ལྡན་པ། དུར་ཁྲོད་རྡོ་ར་མེ་རི་དང་བཅས་པའི་དབུས་སུ། བུདྡྷཱ་ཧེ་རུ་ཀ་སྨུག་ནག་ཞལ་གསུམ་ཕྱག་དྲུག་པ། །ཕྱོགས་བཞིར་རིགས་བཞིའི་ཁྲག་འཐུང་། ཕྱོགས་མཚམས་བརྒྱད་དུ་ཀོ་རི་བརྒྱད་དང་སི་ཧ་བརྒྱད། སྒོ་བཞིར་སྒོ་བ་ཡབ་ཡུམ་བརྒྱད་དང་སྒོ་མ་བཞི། བུདྡྷ་ཧེ་རུ་ཀའི་སྟེང་ཕྱོགས་ནམ་མཁར་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ། དེའི་སྤྱི་བོར་རྣམ་སྣང་ཡབ་ཡུམ། དེའི་སྤྱི་བོར་ཆོས་སྐུ་ཀུན་ཏུ་བཟང་པོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་མཉམ་གཞག་མཛད་པ། །ཡུམ་ཀུན་ཏུ་བཟང་མོ་དང་གཉིས་སུ་མེད་པར་འཁྲིལ་བ། ཕྱོགས་བཞིར་རིགས་བཞིའི་སངས་རྒྱས་ཡབ་ཡུམ་འཁོར་བྱང་ཆུབ་སེམས་དཔའ་སེམས་མའི་ཚོགས་དང་བཅས་པ། དེའི་ཕྱི་རོལ་བར་མཚམས་སུ་ཐུབ་པ་དྲུག་དང་། བརྒྱུད་པའི་བླ་མ་རིག་འཛིན་དཔའ་བོ་ཌཱཀིའི་ཚོགས་ཐམས་ཅད་སྤྲིན་འཁྲིགས་པ་ལྟར་བཞུགས་པ། དཀྱིལ་འཁོར་གྱི་ཕྱི་ཁྱམས་སུ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ལ་སོགས་པ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ། ཞི་བའི་ལྷ་ཚོགས་ཐམས་ཅད་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་


CMR005_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

དང་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཐུབ་པ་དྲུག་ནི་སྤྲུལ་སྐུའི་ཆ་ལུགས་ཀྱིས་ཆོས་གོས་གསུམ་གྱིས་བཀླུབས་པ། ཁྲོ་བོའི་ལྷ་ཚོགས་ཐམས་ཅད་གར་གྱི་ཉམས་དགུ་དང་ལྡན་ཞིང་དུར་ཁྲོད་ཀྱི་ཆས་བརྒྱད་དང་དཔལ་གྱི་ཆས་བཅུས་བརྒྱན་ནས་བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཀྱི་སྒྲ་འབྲུག་ལྟར་སྒྲོགས་པས་སྟོང་གསུམ་གཡོ་བར་བྱེད་པ་གསལ་ཐོབ། ལྷ་ཚོགས་དེ་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་དཀར་པོ་བྱུང་ནས་ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ་པས། ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་དག་ནས་སྐུ་བུམ་པའི་དབང་ཐོབ་པའི་མོས་པ་མཛོད་ཅིག །ཧཱུྃ། བླ་མ་ཀུན་བཟང་ཡབ་ཡུམ་དང་། །བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཀྱིས། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །འགྱུར་མེད་སྐུ་ཡི་དབང་བསྐུར་བས། །བུམ་པའི་དབང་མཆོག་ཐོབ་ནས་སུ། །རིག་འཛིན་གྲལ་དུ་འཁོད་པར་ཤོག །བོ་དྷི་ཙིཏྟ་སོགས། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུཾ། འོ་སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་སྐུ་བུམ་པའི་དབང་བསྐུར་བས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་བྱང་ཞིང་དག་ནས་ལུས་སྤྲུལ་པའི་སྐུ་ཐོབ་


CMR005_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འགྲོ་བ་དཔག་ཏུ་མེད་པའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག །སྨོན་ལམ་འདི་མི་ཉུང་ན་ཚང་བར་རེ་རེ་བརྗོད་ནས། ཁྲོམ་དབང་ལ་འགྲིམ་ནས་ཚར་རེ་རེ་བརྗོད་པས་འཐུས། དེ་ནས་མེ་ཏོག་གཏོར་ཞིང་། ཨོ། སྟོང་ཞིང་བདག་མེད་ཀ་དག་ལྷུན་གྱིས་གྲུབ། །ཀུན་ཏུ་བཟང་པོའི་བཀྲ་ཤིས་གང་ལགས་པོ། །དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེས་སྐུ་ཡི་དབང་ཐོབ་པ་ཡིན།། ཡང་ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་མགྲིན་པ་ནས་འོད་ཟེར་དམར་པོ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས། ངག་གི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས་གསུང་གསང་བའི་དབང་ཐོབ་སྙམ་པའི་མོས་པ་མཛོད་ཅིག །ཧཱུྃ། བླ་མ་ཀུན་བཟང་ཡབ་ཡུམ་དང་། །བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཀྱིས། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །འགག་མེད་གསུང་གི་དབང་བསྐུར་བས། །གསང་བའི་དབང་མཆོག་ཐོབ་ནས་ཀྱང་། །རིག་འཛིན་གྲལ་དུ་འཁོད་པར་ཤོག །བོ་དྷི་ཙིཏྟ་སོགས། ཝཱཀ་ཨ་བྷི་ཥིཉྩ་ཧཱུཾ། སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། གསུང་གསང་བའི་དབང་བསྐུར་བས། ངག་གི་སྒོ་ནས་བསགས་


CMR005_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་བྱང་ཞིང་དག་ནས་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་ནས་འགྲོ་བ་དཔག་ཏུ་མེད་པའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག །ཨཱཿ གསལ་འཚེར་ལྷུན་གྲུབ་གཟི་བརྗིད་འོད་ཟེར་འཕྲོ། །རིགས་ལྔ་ཡབ་ཡུམ་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཡང་ལྷ་ཚོགས་དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་མཐིང་ག་བྱུང་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས། སེམས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སྙམ་པའི་མོས་པ་མཛོད་ཅིག །ཧཱུྃ། བླ་མ་ཀུན་བཟང་ཡབ་ཡུམ་དང་། །བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཀྱིས། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །འཁྲུལ་མེད་ཐུགས་ཀྱི་དབང་བསྐུར་བས། །ཤེས་རབ་ཡེ་ཤེས་དབང་ཐོབ་ནས། །རིག་འཛིན་གྲལ་དུ་འཁོད་པར་ཤོག །བོ་དྷི་ཙིཏྟ་སོགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། །སྐལ་ལྡན་རིགས་ཀྱི་བུ་འདི་རྣམས་ལ་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས། ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་བྱང་ཞིང་དག་ནས། སེམས་ཆོས་སྐུ་ཐོབ་སྟེ་འགྲོ་བ་


CMR005_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག །མེ་ཏོག་གཏོར། ཧཱུྃ། ཐུགས་རྗེའི་རྒྱུན་གྱིས་རིགས་དྲུག་གནས་ནས་འདྲེན། །སྤྲུལ་སྐུ་ཐུབ་དྲུག་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཡང་ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་ནས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཐིམ་པས། ལུས་ངག་ཡིད་གསུམ་ཆ་སྙོམས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ལས་ཀྱི་ས་བོན་ཕྲ་མོ་དང་བཅས་པ་བྱང་ཞིང་དག་ནས། ཚིག་དབང་རིན་པོ་ཆེ་ཐོབ་སྙམ་པའི་མོས་པ་མཛོད། ཧཱུྃ། བླ་མ་ཀུན་བཟང་ཡབ་ཡུམ་དང་། །བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཀྱིས། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས། །ཚིག་གི་དབང་མཆོག་ཐོབ་ནས་ཀྱང་། །རིག་འཛིན་གྲལ་དུ་འཁོད་པར་ཤོག །བོ་དྷི་ཙིཏྟ་སོགས། ཀཱ་ཡ་ཝཱཀ་ཙིཏྟ་དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཧཱུཾ། སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་བས། ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་


CMR005_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་དང་སྒྲིབ་པ་མ་ལུས་པ་བྱང་ཞིང་དག་ནས། སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་ཐོབ་སྟེ། ཕྲིན་ལས་རྣམ་པ་བཞིས་འགྲོ་བ་དཔག་ཏུ་མེད་པའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག །མེ་ཏོག་འཐོར། །ཧཱུྃ༔ སྟོང་ཉིད་སྙིང་རྗེས་འཁོར་བའི་འགྲོ་བ་སྐྱོབས། །སེམས་དཔའ་སེམས་མའི་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེ་ནས་གཏོར་མ་འདི་ཉིད་བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་བརྒྱུད་པའི་བླ་མ་རིག་འཛིན་དཔའ་བོ་ཌཱཀིའི་ཚོགས་དང་བཅས་པ་དེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་དབང་བསྐུར་ཞིང་བྱིན་བརླབས་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ཀྱི་ལུས་ལ་གདོད་མ་ནས་བཞུགས་པའི་ཞི་ཁྲོའི་ལྷ་ཚོགས་ལ་དབྱེར་མེད་དུ་ཐིམ་པས་ཤེས་བྱའི་སྒྲིབ་པ་ཕྲ་མོ་ཡན་ཆད་དག་ནས་རིག་པའི་རྩལ་དབང་ཐོབ། བར་དོ་ཐམས་ཅད་ལས་གྲོལ་བདེ་བ་ཆེན་པོའི་སྐུ་ཐོབ་པའི་མོས་པ་མཛོད་ཅིག །ཨོཾ་ཨཱཿཧཱུྃ། སྐྱེ་མེད་དབྱིངས་ཀྱི་གཏོར་གཞོང་དུ། །མ་བྲིས་དཀྱིལ་འཁོར་གཏོར་ཆེན་བཤམས། །རིག་རྩལ་ཐོགས་མེད་གཏོར་རྒྱན་སྤྲས། །བླ་མ་རྒྱལ་བ་ཞི་ཁྲོ་


CMR005_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དྷཱ་ཀི་དམ་ཅན་ཐམས་ཅད་ཀྱི། །དབང་མཆོག་ཁྱེད་ལ་སྦྱིན་པར་བྱ། །དབང་མཆོག་འདི་ཐོབ་བྱིན་རླབས་ཀྱིས། །སྐྱེ་གནས་བར་དོ་འདི་ཉིད་དུ། །སྣང་བཞི་གདོད་མར་ཕྱིན་པར་ཤོག །འཆི་ཁ་སྡུག་བསྔལ་བར་དོ་རུ། །སྐུ་གསུམ་དབྱིངས་སུ་འཕོ་བར་ཤོག །ཆོས་ཉིད་ཞི་ཁྲོའི་བར་དོ་རུ། །རང་སྣང་ལྷུན་གྲུབ་སངས་རྒྱས་ཤོག །སྲིད་པ་ལས་ཀྱི་བར་དོ་རུ། །སྤྲུལ་སྐུའི་ཞིང་དུ་བརྫུས་སྐྱེས་ཏེ། །སྐུ་བཞི་ལྷུན་གྲུབ་སངས་རྒྱས་ནས། །བདག་གཞན་དོན་གཉིས་མཐར་ཕྱིན་ཤོག །ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་རྡོ་རྗེ་འཆང་ཆེན། སྤྲུལ་སྐུ་རྡོ་རྗེ་སེམས་དཔའ། སྟོན་པ་དགའ་རབ་རྡོ་རྗེ། རིག་འཛིན་ཤྲཱི་སེང་ཧ། འཆི་མེད་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གཏེར་སྟོན་ཀརྨ་གླིང་པ། ཐུགས་སྲས་ཉི་ཟླ་ཆོས་རྗེ། འགྲོ་མགོན་ཉི་ཟླ་འོད་ཟེར། ནམ་མཁའ་ཆོས་ཀྱི་རྒྱ་མཚོ། སྤྲུལ་སྐུ་ཐུགས་རྗེ་འོད་ཟེར། །འཁྲུལ་ཞིག་བུདྡྷཱ་མངྒ། རིག་འཛིན་ཀུན་དགའ་གྲགས་པ། གར་དབང་ཀུན་དགའ་བསྟན་འཛིན། སྔགས་འཆང་པདྨ་དབང་གྲགས། མཁས་གྲུབ་ཀརྨ་ཆགས་མེད། ཐུགས་


CMR005_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་པདྨ་ཀུན་དགའ། མཆོག་སྤྲུལ་ཕྲིན་ལས་དབང་འབྱུང་། ཀུན་གཟིགས་ཤེས་རབ་གྲགས་པ། རྣལ་འབྱོར་བསྟན་འཛིན་དོན་གྲུབ། ཀརྨ་ཐེག་མཆོག་བསྟན་འཕེལ། །དྲིན་ཆེན་རྩ་བའི་བླ་མ་ལ་སོགས་རིག་འཛིན་བརྒྱུད་ཚུལ་དྲུག་ལྡན་གྱི་བླ་མ་དམ་པ་རྣམས་དང་། བཅོམ་ལྡན་འདས་ཞི་བ་བཞི་བཅུ་རྩ་གཉིས། འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད༔ དག་པ་རིག་འཛིན་ལྷ་ཚོགས། བཀའ་སྲུང་དམ་ཅན་ལ་སོགས་པ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་བྱིན་གྱིས་རློབས་ཤིག ། སྐུ་གསུང་ཐུགས་ཀྱིས་དབང་བསྐུར་དུ་གསོལ། ཉམས་ཆག་སྡིག་སྒྲིབ་དག་པར་མཛད་དུ་གསོལ། ནད་གདོན་བར་ཆད་ཞི་བར་མཛད་དུ་གསོལ། ཚེ་བསོད་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ། །ཉམས་རྟོགས་ཡོན་ཏན་ཐམས་ཅད་འཕེལ་ཞིང་ཚེ་འདིར་སྣང་བཞི་མཐར་ཕྱིན་པར་མཛད་དུ་གསོལ། འཆི་བ་ཆོས་ཀྱི་སྐུར་སངས་རྒྱས་པར་མཛད་དུ་གསོལ། རིགས་དྲུག་གི་སྐྱེ་སྒོ་ཆོད་པར་མཛད་དུ་གསོལ། ཆོས་ཉིད་བར་དོ་རང་ངོ་འཕྲོད་ནས་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པར་མཛད་དུ་གསོལ། སྲིད་པ་བར་དོ་


CMR005_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྣ་དྲངས་ནས་སྐྱེ་བ་སྤྲུལ་པའི་སྐུར་སངས་རྒྱས་པར་མཛད་དུ་གསོལ། ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་སོགས། ཨོ་རུ་ལུ་རུ་ལུ་སོགས་དང་། སྤྲོ་ན་འདིར་བླ་མ་བརྒྱུད་པ་དང་ལྷ་རགས་རིམ་གྱི་མཚན་དང་བྱིན་གྱིས་རློབས་ཤིག་བརྗོད་པར་བྱའོ། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། སྐུ་གསུང་ཐུགས་ཡོན་ཏན་རིག་པའི་རྩལ་དབང་དང་བཅས་པ་བསྐུར་བས། དུག་ལྔས་ཀུན་ནས་བསླངས་པའི་སྡིག་པ་དང་སྒྲིབ་པ་ལས་ཀྱི་ས་བོན་ཕྲ་མོ་དང་བཅས་པ་བྱང་ཞིང་དག་ནས། འབྲས་བུ་བདེ་བ་ཆེན་པོ་འཕོ་འགྱུར་མེད་པའི་སྐུ་ཐོབ་པར་གྱུར་ཅིག །བོ་དྷི་ཙིཏྟ་སོགས་དང་བཅས་སྤྲོ་ན་སྔགས་རགས་རིམ་བརྗོད། མེ་ཏོག་གཏོར། ཧཱུྃ། སྣང་ཚོགས་ཐབས་ཀྱིས་ལོག་འདྲེན་རུ་དྲ་འདུལ། །ཁྲག་འཐུང་ལྔ་བཅུའི་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འོ་ཁྱེད་རང་རྣམས་ཀྱི་སྙིང་ག་ཆོས་ཀྱི་འཁོར་ལོ་ན་ཞི་བ་བཞི་བཅུ་རྩ་གཉིས་བཞུགས་སོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་དག་པ་རིག་འཛིན་གྱི་ལྷ་ཚོགས་བཞུགས་སོ། །སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་བཞུགས་སོ། །དེ་ནས་རང་ཉིད་འཆི་བའི་ཚེ། ཞི་ཁྲོའི་ལྷ་


CMR005_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཐམས་ཅད་རང་གི་ལུས་ལས་ཐོན་ནས། ནམ་མཁའ་དང་བར་སྣང་གང་བར་འཆར་རོ། །དེའི་དུས་སུ་སྒྲ་འོད་ཟེར་གསུམ་ལ་མ་འཇིགས་མ་སྐྲག་མ་སྔངས་པར། ད་ལྟ་དབང་བསྐུར་བའི་ཡི་དམ་གྱི་ལྷ་ཡིན་པར་ངོ་ཤེས་པར་གྱིས་ཤིག །དེ་ལྟར་ངོ་ཤེས་ན་བར་དོའི་འཇིགས་སྐྲག་ཐམས་ཅད་ལས་གྲོལ་ནས་དག་པའི་ཞིང་ཁམས་སུ་སྐྱེ་བའི་གནད་ཟབ་མོ་ཡོད་ཅིང་། དེ་དག་ནི་ངོ་ཤེས་པ་ཁོ་ནས་ཆོག་གོ །དེ་ལྟར་གཏོར་མའི་བརྡ་དབང་གིས་བྱིན་གྱིས་བརླབ་པ་ལ་བརྟེན་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་ནས་རིག་འཛིན་གྱི་གོ་འཕང་མྱུར་དུ་ཐོབ་པའི་རྟེན་འབྲེལ་ཟབ་མོ་ཡོད་ཅིང་། དེ་དག་ནི་རྡོ་རྗེ་སློབ་དཔོན་གྱི་མཐུ་ཡིན་པས་བཀའ་དྲིན་དྲན་པའི་ཕྱིར་འདིའི་རྗེས་ཟློས་མཛོད། ཨེ་མ་རྒྱལ་བའི་གདུང་འཚོབ་བཀའ་དྲིན་ཆེན་པོའི་དཔལ། །བདག་སོགས་འགྲོ་ལ་ཐུགས་རྗེས་ཉེར་བཟུང་ནས། །གཅོང་རོང་ཟབ་མོའི་ནང་དུ་ལྟུང་བ་ལ། །བཀའ་གསང་ཟབ་མོའི་གཞུང་ལ་བསྟེན་ནས་ནི། །ཕྲིན་ལས་རྨད་པོ་ཆེ་ཡིས་དྲངས་བྱས་ཏེ། །ཉོན་མོངས་རྟོག་སྒྲིབ་དྲི་མ་ཀུན་སྦྱངས་ཏེ། །ཐར་པའི་ལམ་མཆོག་བླ་ན་མེད་པའི་ཞིང་། །ཀུན་བཟང་ཀློང་དུ་


CMR005_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱལ་བ་བཀའ་དྲིན་ཆེ། ཁྱེད་རང་རྣམས་ལ་ལོ་ཙཱ་བ་ཅོག་རོ་ཀླུ་ཡི་རྒྱལ་མཚན་གྱིས་སྐྱེས་མཐའ་གཏེར་སྟོན་ཀརྨ་གླིང་པས་གཏེར་ནས་གདན་དྲངས་པའི་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་ཐོབ་པ་ཡིན། དེ་ཡང་དབང་ཐོབ་པ་ཁོ་ནས་མི་ཆོག་ཅིང་། བསྲུང་བྱའི་དམ་ཚིག་རྣམས་མིག་འབྲས་བཞིན་དུ་སྲུང་དགོས་པ་ཡིན་ཏེ། ཇི་སྐད་དུ། །དམ་ཚིག་བསྲུང་ན་དངོས་གྲུབ་ཐོབ། ཉམས་ན་ན་རཀ་དམྱལ་བར་འགྲོ། ཞེས་གསུངས་པ་ལྟར། མི་ཉམས་པར་བསྲུང་བ་གལ་ཆེའོ། །དེ་ཡང་དམ་ཚིག་ས་ཡ་འབུམ་སྡེ་དང་ཡན་ལག་ཉི་ཤུ་རྩ་ལྔ་ལ་སོགས་པ་མང་དུ་གསུངས་ཀྱང་། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་འདུས་པས། སྐུ་ཡི་དམ་ཚིག་རང་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་རང་བཞིན་ཡེ་ནས་ཡིན་པ་ལྟར་དུ་གསལ་གདབ་ཅིང་ལུས་ལྷར་བསྒོམ། གསུང་གི་དམ་ཚིག་ཏུ་ངག་རྩ་བ་གསུམ་གྱི་བསྙེན་སྒྲུབ་བཟླས་བརྗོད་ལ་བརྩོན་པ་དང་། ཐུགས་ཀྱི་དམ་ཚིག་ཡིད་སྤྲོས་བྲལ་ཀ་དག་གི་ངོ་བོ་ལ་ཡེངས་མེད་ཆུ་བོའི་རྒྱུན་བཞིན་སྐྱོང་བར་བྱ་ཞིང་། ཁྱད་པར་དབང་འདི་ཞུས་ཀྱི་བླ་མ་ལ་ལོག་ལྟ་སྐད་ཅིག་ཙམ་ཡང་སྐྱེ་མི་རུང་ལ། དག་སྣང་མོས་གུས་ཁ་ཙམ་ཚིག་ཙམ་མེ་


CMR005_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་སྙིང་ཁུང་རུས་པའི་སྟེང་ནས་བྱའོ། །དེ་ལྟ་བུའི་བསྲུང་བྱའི་དམ་ཚིག་རྣམས་མི་ཉམས་པ་བསྲུང་བསྙམས་པའི་སྒོ་ནས་འདི་ཡི་རྗེས་ཟློས་མཛོད། གཙོ་བོའི་ཇི་ལྟར་བཀའ་རྩལ་པ་སོགས། ལན་གསུམ་བྱའོ། །ས་གཞི་སྤོས་སོགས་མཎྜལ་ཕུལ། དེ་ནས་སློབ་མ་གྱེས། རབ་ཏུ་ཞི་ཁྲོའི་ལས་བྱང་ལྟར་ཚོགས་ཆད་ཐོ་རྗེས་ཆོག་རང་གཞུང་ལྟར་འགྲུབ་ན་ལེགས། མ་གྲུབ་ན་རང་གི་ཡི་དམ་གྱི་རྗེས་ཆོག་བྱས་པས་ཆོག །མ་གྲུབ་ཀྱང་མདུན་བསྐྱེད་དབང་ལྷ་རྣམས་སློབ་མ་ལ་བསྟིམ་ཚར་རྗེས། བདག་བསྐྱེད་ཞི་ཁྲོའི་ལྷ་རྣམས་ལུས་ལྷ་འབྲལ་བ་མེད་པར་ཡིན་པས་མི་དམིགས་པར་བཞག་པ་ཁོ་ན་མ་གཏོགས་རྗེས་ཆོག་མ་གྲུབ་ཀྱང་འགལ་བར་མི་འགྱུར་རོ། །འཕྲོས་དོན་ནི། གཏོར་དབང་འདི་གཞུང་ན་ཉུང་ངུ་མི་གསལ་ཙམ་གཅིག་ཡོད་པར་འདུག་ཅིང་གཞུང་ནས་ཀྱང་ཁ་འཕང་བར་མཛད་འདུག །ད་ལྟ་གཏོར་དབང་ཡོངས་གྲགས་འདི་ཆོས་ཀྱི་རྒྱ་མཚོས་མཛད་པ་ཡིན་ཞིང་། །འདིའི་ལྷ་བསྐྱེད་ལུགས་འདིར་སྔར་གྱི་ཞི་ཁྲོ་བཀའ་མ་དང་གྲུབ་ཐོབ་མེ་ལོང་རྡོ་རྗེའི་ལུགས་ལྟར་ཡིན་པར་སྣང་ཡང་། དེ་ལྟར་བྱེད་ན་ཆོ་ག་ཡང་དེ་དང་བསྟུན་དགོས་པར་མངོན་ལ། འདིར་ཀརྨ་གླིང་པའི་གཏེར་ཁ་ལྟར་ལས་བྱང་རྒྱས་བསྡུས་གང་རུང་གི་ཆོ་ག་དབང་སྒྲུབ་པའི་ཚེ་ན་དབང་ལྷ་བསྐྱེད་ལུགས་ནི་ལས་བྱང་དང་བསྟུན་པ་འདི་ལེགས་སོ། །གཞན་ཚིག་གི་གབ་ཅུང་ཟད་སྤྲོད་བཀྲ་ཤིས་སོགས་ཕྱག་ལེན་གྱིས་བརྒྱན། ཡིག་ཆ་མ་དག་པས་དོན་འཆུག་སྐྱོན་བྱུང་བ་ཅུང་ཟད་


CMR005_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

དུག་པ་ལ། ཚིག་གི་གོ་བདེ་བ་དོན་མི་འཆུགས་པ་ཁྱེར་བདེ་བར་བྱས་པ་འདི་ནི་ཆོས་དབང་ཀུན་བཟང་གིས་བསྐུལ་བ་ལྟར། རྣལ་འབྱོར་པ་ཀརྨ་ཨ་རཱ་གས་གྲོ་བཞིན་ཟླ་བའི་ཡར་ཚེས་གསུམ་གྱི་ཉིན་པར་ཁོ་ནར་རྫོགས་པར་སྦྱར་བའོ། །འདི་ལ་འགལ་འཁྲུལ་གང་མཆིས་པ། །དམ་པ་རིགས་བརྒྱའི་ལྷ་ཚོགས་དང་། །བཀའ་སྲུང་ཆོས་བདག་རྣམས་ལ་བཤགས། །དགེ་བས་འགྲོ་བ་མ་ལུས་པ། །བར་དོ་གསུམ་པོ་ཤར་བའི་ཚེ། །སྐུ་གསུམ་མངོན་ཏུ་འགྱུར་བར་ཤོག །མ་ཚོགས་དབང་ཕྱུག་ཉེར་བརྒྱད་དང་། །བཀའ་སྲུང་དམ་ཅན་སྡེ་བདུན་གྱིས། །ཆོས་འདི་དར་ཞིང་རྒྱས་པ་དང་། བཀྲ་ཤིས་བདེ་ལེགས་འགྲུབ་པར་མཛོད། །སརྦ་མངྒ་ལཾ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གཏེར་ཁ་གསར་རྙིང་གང་ལ་ཡང་སྦྱར་རུང་བའི་ཞི་ཁྲོའི་དབང་བསྐུར་ཚང་མ་ངན་སོང་རང་གྲོལ།


CMR005_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཁ་གསར་རྙིང་གང་ལ་ཡང་སྦྱར་རུང་བའི་ཞི་ཁྲོའི་དབང་བསྐུར་ཚང་མ་ངན་སོང་རང་གྲོལ་ཞེས་བྱ་བ་བཞུགས་སོ།། གནམ་ཆོས་དང་བཀའ་མ་དང་།


CMR005_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དེ་ཝ་ཌཱཀི་ནི་ཧཱུྃ། ཞི་ཁྲོའི་མགྱོགས་དབང་ནི། རབ་ཞི་ཁྲོ་བླུགས་ཞོར། འབྲིང་རྗེས་གནང་གི་ཆས་རྣམས་སྤྱི་ལྟར་དང་ཚོམ་བུ་བཀོད། ལས་བྱང་ཉུང་བ་ཚར་གཅིག་འདོན་པས་དབང་བསྙེན་བྱ། ཤིན་ཏུ་བསྡུ་ན་དྲན་རྫོགས་སུ་བསྒོམ་པ་བསམ་གཏན་ཆོ་ག་ལྟར་བསྒྲུབ་ལ་དབང་བསྙེན་བྱའོ། །དེ་ནས་སློབ་མ་རྣམས་འདུས། ཆབ་དང་མེ་ཏོག་བཀྱེ། །སྤྲོ་ན་འདིར་བགེགས་གཏོར་བཏང་། ལས་བྱང་ལྟར་མཚམས་བཅད་དོ། །དེ་མ་གྲུབ་ཀྱང་རུང་ངོ་། །མཎྜལ་ཕུལ་ནས། འོ་ན་ད་ལམ་ཁྱེད་རྣམས་ལ་ཞི་ཁྲོ་དམ་པ་རིགས་བརྒྱའི་དབང་མདོར་བསྡུས་ཞིག་བསྐུར་བ་ཡིན་ཏེ། ལོ་རྒྱུས་ནི། སངས་རྒྱས་ཐམས་ཅད་ཀྱི་སྔོན་དུ་སངས་རྒྱས་པ་དང་པོའི་ཀུན་ཏུ་བཟང་


CMR005_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པོས། རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་གསུངས་པའི་སྙིང་པོ་ནི་ཞི་ཁྲོ་འདི་ཡིན་པས་ཁྱད་པར་དུ་སྔོན་བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ་རིག་པའི་གནས་ལྔ་ལ་མཁས་པ་གཅིག་ཡོད་པ་ལ། རྒྱལ་པོའི་བུ་གཅིག་གིས་སློབ་མ་བྱས་པས་མཁས་པར་གྱུར་པ་དང་། སློབ་དཔོན་འདི་མེད་ན་ང་རང་ལས་མཁས་པ་གཞན་ན་མེད་པ་ཅིག་འོང་བསམས་ནས། སློབ་དཔོན་དེ་བསད་ཐབས་ངན་པ་སྣ་ཚོགས་ཀྱིས་བསད་པས། རྒྱལ་བུ་དེ་ཤི་མ་ཐག་ཏུ་མནར་མེད་པའི་དམྱལ་བར་ལྟུང་སྟེ། འགྲོ་བ་རིགས་དྲུག་གི་སྡུག་བསྔལ་དུས་གཅིག་ལ་མྱོང་བར་


CMR005_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཏོ། །དེར་ཕྱག་ན་རྡོ་རྗེ་དང་། རྡོ་རྗེ་སེམས་དཔའ་གཉིས་ཀྱིས། ཀུན་ཏུ་བཟང་པོ་དང་། རྡོ་རྗེ་འཆང་ལ། དམ་ཚིག་ཉམས་པ་རྣམས་ངན་སོང་ལས་ཐར་བའི་ཐབས་ཞུས་པས། ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་རྒྱུད་བཀས་གནང་ནས། བྱང་ཆུབ་སེམས་དཔའ་གཉིས་དམྱལ་བར་བྱོན་ནས་དབང་བསྐུར་བ་དང་། ཞི་ཁྲོའི་མཚན་རྣ་བར་བསྒྲག་ཅིང་ཕྱག་འཚལ་དུ་བཅུག་པས་ངན་སོང་ལས་ཐར་ཏེ། ལྷའི་གནས་སུ་རིག་འཛིན་མིའི་ཐོད་པ་ཅན་ཞེས་བྱ་བར་སྐྱེས་སོ། །རིམ་པར་ས་བཅུ་ཐོབ་བོ། །དེ་ནས་བོད་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གནས་ལ་མ་སོང་ཆོས་བྲོས་ལ་བྱོན་པས། ཡབ་རྒྱལ་པོའི་བློན་པོ་བདུད་བློན་ཤ་ཏ་བྱ་བས། ཡེ་ཤེས་མཚོ་རྒྱལ་ལ་ཆད་པ་མང་པོ་བཅད་པས། བློན་པོ་མནར་མེད་པའི་དམྱལ་བར་སྐྱེས་སོ། །དེ་འདྲེན་པའི་ཕྱིར་ཡེ་ཤེས་མཚོ་རྒྱལ་དམྱལ་བར་བྱོན་པས། ལྕགས་སྲེག་ཁང་པའི་སྒོ་ཡང་ཕྱེ་མ་ཐུབ། འདི་ལ་ཅིའི་ཕན་ལས་མཁན་ལ་དྲིས་པས། །ཞི་ཁྲོའི་ཆོ་ག་བྱས་ན་མ་གཏོགས་ཐར་ཐབས་མེད་ཟེར། དེར་ཞི་ཁྲོའི་ཆོ་ག་ཚར་གཅིག་མཛད་པས། ལྕགས་སྲེག་གི་ཁང་པ་རང་ཞིག་ལ་སོང་ནས་བློན་པོ་སོགས་འབུམ་ཚོ་ལྔ་དྲངས་


CMR005_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ནས་ཞི་ཁྲོ་བཀའ་མ་དང་། ཞི་ཁྲོ་སྤང་ཀོང་། ན་རཀ་དོང་སྤྲུགས། དྲི་མེད་བཤགས་རྒྱུད་སོགས་དང་། རིག་འཛིན་རྒོད་ལྡེམ། སངས་རྒྱས་གླིང་པ་ཀརྨ་གླིང་པ། འཇའ་ཚོན་སྙིང་པོ་སོགས་ཀྱི་གཏེར་མ་དང་། མི་འགྱུར་རྡོ་རྗེའི་གནམ་ཆོས་སོགས་ཞི་ཁྲོ་རྒྱས་བསྡུས་མང་དུ་དར་རོ། །དེའི་ཕན་ཡོན་ནི་ཤིན་ཏུ་འདག་དཀའ་བའི་མཚམས་མེད་པ་ལྔ་དང་། སྡོམ་པ་ཤོར་བ་དང་དམ་ཚིག་ཆག་ཉམས་དང་། མནའ་ཟོས་པ་སོགས་ཞི་ཁྲོའི་ཆོ་ག་དང་དབང་ཐོབ་ན་དག་པར་བཤད་དེ། སྒྱུ་འཕྲུལ་གསང་བ་སྙིང་པོའི་རྒྱུད་ལས། གང་གིས་རྒྱལ་བ་ཞི་ཁྲོ་ཡི། །དཀྱིལ་འཁོར་མཚན་ཐོས་ཕྱག་འཚལ་ན། །ཉམས་ཆག་མ་ལུས་ཀུན་བྱང་ན། །མཚམས་མེད་ལྔ་ལ་སྨོས་ཅི་དགོས་། །ན་རཀ་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་གསུངས་པ་དང་། དྲི་མེད་བཤགས་རྒྱུད་ལས། གལ་ཏེ་རྣལ་འབྱོར་ཕོ་མོ་གང་ཞིག་གིས་དཀྱིལ་འཁོར་གྱི་ལྷ་དེ་དག་གི་མཚན་ལན་གཅིག་ཐོས་པ་ཙམ་གྱིས་དམྱལ་བ་ཆེན་པོར་མི་ལྟུང་ངོ་། །དེ་བས་གུས་པས་ཕྱག་འཚལ་ལོ། །རང་བཞིན་སྒྱུ་འཕྲུལ་དཀྱིལ་


CMR005_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལ། །གང་གིས་གུས་པས་ཕྱག་འཚལ་ན། །ཉམས་ཆག་ཀུན་ཀྱང་བྱང་བར་འགྱུར། །དམ་ཚིག་བསྐངས་ནས་དངོས་གྲུབ་ཐོབ། །ཅེས་གསུངས་པ་དང་། འགྲོ་དྲུག་དོང་སྤྲུགས་ལས་ཀྱི་སྤྱི་ཁྲུས་འགྱོད་ཚངས་རྒྱལ་པོའི་བཤགས་པའི་རྒྱུད་ལས། ཞི་བའི་ལྷ་ཚོགས་བུདྡྷ་བཞི་བཅུ་ཞེ་གཉིས་ཀྱི་མཚན་ནས་བརྗོད་པས་མཚམས་མེད་པ་ལྔ་དང་སྡིག་སྒྲིབ་ཐམས་ཅད་བྱང་བར་འགྱུར་རོ། །ཁྲག་འཐུང་གི་ལྷ་དྲུག་ཅུའི་མཚན་ནས་བརྗོད་ཅིང་ཕྱག་འཚལ་བས་མཚམས་མེད་པ་ལྔ་དང་སྡིག་པ་ལྕི་བ་ཐམས་ཅད་བྱང་བར་འགྱུར་རོ། །ཞེས་གསུངས་པ་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། འདི་དང་འཕྲད་པར་དཀའོ། །སྐལ་བ་ཤིན་ཏུ་བཟང་བ་ཡིན་ནོ། །ཚོགས་བསགས་ཤིང་སྒྲིབ་པ་བྱང་བ་རྣམས་མ་གཏོགས་འདི་དང་ཕྲད་པར་དཀའོ། །གལ་ཏེ་འཕྲད་ན་ཡང་བློར་ཤོང་བ་དཀའོ། །འདི་ཐོས་ནས་ལོག་ལྟ་མ་སྐྱེས་པ་ཁོ་ནས་ཀྱང་གྲོལ་བར་ནུས་སོ།། །དེའི་ཕྱིར་འདི་ལ་ཤིན་ཏུ་གཅེས་སྤྲས་སུ་བྱའོ། །འདི་ནི་ཆོས་ཐམས་ཅད་ཀྱི་བཅུད་ཡིན་ནོ། །བར་དོའི་གདམས་པ་ཐོས་པ་ཙམ་གྱིས་གྲོལ་བ། བལྟས་པ་ཙམ་གྱིས་གྲོལ་བ། ཐོས་གྲོལ་ཆེན་མོ་ཞེས་བྱ་བ་མ་བསྒོམ་


CMR005_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པར་སངས་རྒྱས་པའི་ཆོས། ཐོས་པ་ཙམ་གྱིས་གྲོལ་བའི་ཆོས། སྡིག་པོ་ཆེ་གསེང་ལམ་དུ་ཁྲིད་པའི་ཆོས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་པའི་ཆོས་ཟབ་།མོ་ཡིན་ཏེ། འདིས་སླེབས་པའི་སེམས་ཅན་ངན་སོང་དུ་སོང་བ་མི་སྲིད་དོ། །ཞེས་གསུངས་སོ། །མཐོང་བ་དང་ཐོས་པ་ཙམ་གྱིས་ཕན་ཡོན་དེ་ལྟར་ན་འདིའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་ཟབ་མོ་ཐོབ་ན་ཕན་ཡོན་བརྗོད་པར་ག་ལ་ལོངས། དེ་ལྟ་བུའི་དབང་བསྐུར་བ་ལ་སློབ་དཔོན་གྱི་བྱ་བ་དབང་སྒྲུབ་སྔོན་དུ་སོང་བ་ཡིན་པས་སློབ་མའི་བྱ་བ་མཎྜལ་ཞིག་ཕུལ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་མགོན་པོ་ཐུགས་རྗེ་ཅན། །རིགས་དྲུག་གནས་སུ་ལྟུང་བ་ཡི། །སྐྱབས་བྲལ་མགོན་མེད་སེམས་ཅན་ལ། །ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ། །ཞེས་གསུམ་མམ་ཚིག་རྗེས་མ་ལན་གསུམ་བྱའོ། །ད་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་འདིའི་རྗེས་ཟློས་མཛོད། ཨེ་མ་མགོན་པོ་ཐུགས་རྗེ་ཅན། །བདག་སོགས་འགྲོ་བ་མ་ལུས་པ། །ལོག་པའི་ལམ་དུ་ཞུགས་པ་རྣམས། །བདེ་ཆེན་ཐར་བའི་ལམ་བསྟན་འཚལ། །གསུམ་མམ་གཅིག་བྱ། དེ་ནས་སློབ་དཔོན་གྱིས། ཨེ་


CMR005_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདིར་འདུས་སྐལ་ལྡན་ལས་ཅན་རྣམས། །སྔོན་ཆད་མ་རིག་རྨོངས་པའི་ལས་དབང་གིས། །དུག་གསུམ་གྱིས་བཅིངས་ངན་སོང་གསུམ་དུ་མནར། །དེང་ནས་བཟུང་སྟེ་རྒྱལ་བའི་ཐུགས་རྗེ་ཡི། །ཕོ་ཉས་བཟུང་སྟེ་དཀྱིལ་འཁོར་གྲལ་དུ་འཁོད། །དོན་འབྲས་འདོད་ཕྱིར་དད་པའི་ཤུགས་བསྐྱེད་ལ། །སྐུ་གསུམ་ཕོ་བྲང་ཞིང་ཁམས་འདིར་ཤོག་ཅིག །བླ་མེད་དོན་གྱི་སྙིང་པོ་སྦྱིན་པར་བྱའོ། །གཅིག་གིས་ཆོག་གོ །ད་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་མཛོད། ཨེ་མ་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་ཡི་དམ་མཁའ་འགྲོ་དགོངས་སུ་གསོལ། །རྐང་གཉིས་གཙོ་བོ་སྟོན་པ་སངས་རྒྱས་དང་། །ཞི་བ་ཆགས་བྲལ་དམ་པའི་ཆོས། །ཚོགས་མཆོག་འཕགས་པའི་དགེ་འདུན་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་དང་། །དམ་པ་རིགས་བརྒྱའི་ལྷ་ཚོགས་ལ། །དེང་བཟུང་བླ་མེད་བྱང་ཆུབ་བར། །གུས་པས་སྐྱབས་སུ་ཉེ་བར་མཆི། །གསུམ་མམ་ཚིག་རྗེས་མ་གསུམ་བྱའོ། །ད་ནི་སོ་སོར་ཐར་པའི་དོན་བསྡུས་པ་གཞན་ལ་གནོད་པ་གཞི་དང་བཅས་པ་སྤངས་སྙམ་པས་རྗེས་ཟློས་མཛོད། ཧོ༔ བླ་མ་


CMR005_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་སྤྱན་སྔ་རུ། །ལུས་ངག་ཡིད་ཀྱིས་གཞན་རྣམས་ལ། །གནོད་པ་ལས་བཟློག་དགེ་བ་སྒྲུབས། །དགེ་བསྙེན་དགེ་ཚུལ་དགེ་སློང་སོགས། །སོ་སོར་།ཐར་པའི་སྡོམ་པ་ལ། །རྒྱུན་དུ་གནས་ཤིང་དགའ་བར་བསྒོམ། །སྡོམ་པ་ཡོངས་སུ་བཟུང་བར་བགྱི། །གཅིག་གམ་གསུམ། ད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་རྗེས་ཟློས་མཛོད་། ཧོ༔ བླ་མ་ཀུན་བཟང་དགོངས་སུ་གསོལ། །འདི་བཟུང་བྱང་ཆུབ་མ་ཐོབ་པར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །མ་དང་བུ་ཡི་འདུ་ཤེས་ཀྱིས། །མ་སྒྲལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་དགྲོལ་བ་དང་། །དབུགས་མ་དབྱུང་རྣམས་དབུགས་དབྱུང་ཕྱིར། །སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ། །བླ་མེད་འཇུག་པའི་བྱང་ཆུབ་སེམས། །དེ་བཞིན་བདག་གིས་བསྐྱེད་པར་བགྱི། །ཕར་ཕྱིན་དྲུག་ལ་བསླབ་ཅིང་བསྒྲུབ། །འགྲོ་ཀུན་མྱ་ངན་འདས་ལ་འགོད། །གསུམ་མམ་ཚིག་རྗེས་མ་གསུམ། ༈ ། ད་སྔགས་ཀྱི་སྡོམ་པ་བླང་བ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ནི་མི་སྤང་ངོ་། །རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་། །བྱང་ཆུབ་སེམས་


CMR005_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྤང་མི་བྱ། །རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །པདྨ་རིགས་ཀྱི་དམ་ཚིག་ཏུ། །ཐེག་པ་གསུམ་དང་ཆོས་རྣམས་བཤད། །ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །འགྲོ་བའི་དོན་ལ་བརྩོན་པར་བྱ། །རྩ་བ་ཡན་ལག་དམ་ཚིག་ཀུན། །མ་ལུས་བདག་གིས་ཡོངས་སུ་བཟུང་། །ཚིག་རྗེས་མ་གསུམ། མིག་དར་དམར་པོས་གཡོགས་ཤིང་ལག་ཏུ་མེ་ཏོག་གི་ཕྲེང་བ་བྱིན་པར་སྒོམས་ཤིག༔ ཨོ་ཨ་ཁཾ་བཱི་ར་ཧཱུཾ། ཞེས་མིག་དར་བྱིན་མེ་ཏོག་གཏད་དེ། མང་ན་མིག་དར་གཅིག་ལ་བཀབ་པས་འཐུས། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཨུ་ཙ་ཏ་ཡ་ཕཊ། སྐད་ཅིག་གིས་སློབ་མའི་ཆ་འཛིན་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལུས་ལྷ་ཞི་ཁྲོའི་ལྷ་ཚོགས་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བ། ཐུགས་དབུས་ཟླ་སྟེང་ཧཱུྃ་ལ་ཡི་གེ་བརྒྱ་པས་བསྐོར་བ་ལས་འོད་ཟེར་འཕྲོས། འོག་མིན་གྱི་གནས་ནས་དམ་པ་རིགས་བརྒྱའི་ལྷ་ཚོགས་ཆར་བབ་པ་ལྟར་བྱོན་ནས་ལུས་ལྷ་སོ་སོ་ལ་ཐིམ་པར་སྒོམས་ཤིག །སྤོས་དང་རོལ་མོ་དབྱངས་དང་བཅས། ཧཱུྃ༔ བྱིན་ཆེན་ངོ་མཚར་མཆོག་གི་གནས། །ལྷུན་གྲུབ་དབྱིངས་ཀྱི་དཀྱིལ་འཁོར་ནས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་འདུས། །ཞི་ཁྲོའི་ལྷ་


CMR005_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བྱིན་ཕོབ་ཅིག །བྱིན་ཆེན་ངོ་མཚར་ཁྱད་པར་གནས། །དཔལ་ཆེན་ཧེ་རུ་ཀ་ཡི་གནས་བཅུ་ནས། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི། །ཀེའུ་སེང་དབང་ཕྱུག་བྱིན་ཕོབ་ཅིག །བོ་དྷི་ཙིཏྟ་དང་། བཛྲ་ཨ་ཝེ་ཤ་ཡ་ཨ་ཨཱཿ དམིགས་པ་མ་གསལ་བར་དུ་དྲག་ཏུ་བརྗོད། རྡོ་རྗེ་སྤྱི་བོར་བཞག་ཚུལ་བྱ། ཏིཥྛ་བཛྲ། ད་སྒོ་སྲུང་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་ཕྱོགས་བཞིའི་སྒོ། །ཉོན་སྒྲིབ་བཞི་པོས་བཅད་ལགས་ན། །སྒོ་སྲུང་ཁྲོ་བོ་ཆེན་པོ་བཞི། །སྒོ་མ་ལྷ་མོ་ཕྱག་རྒྱ་བཞི། །ཐབས་ཤེས་ཕྱག་རྒྱ་རྣམ་བཞི་ཡིས། །ཡེ་ཤེས་བཞི་ཡི་སྒོ་བཞི་ཕྱེས། །བདག་ཅག་དད་པས་འཇུག་པར་བགྱི། །ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ། །གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཡི་དམ་ལྷ་དང་མཇལ་བར་ཤོག །པྲ་ཝེ་ཤ་ཡ་ཕཊ༔ གཅིག་བརྗོད། སྒོ་སྲུང་རྣམས་ཀྱིས་སྒོ་ཕྱེས་ནས་དཀྱིལ་འཁོར་ནང་དུ་ཁྲིད་པས་མེ་ཏོག་འབུལ་བའི་མོས་པས་རྗེས་ཟློས་མཛོད། བདག་ཅག་རིག་པའི་མེ་ཏོག་འདི། །ཡི་དམ་ཞི་ཁྲོའི་ལྷ་ལ་འབུལ། །སྔོན་ནས་ལས་འཕྲོ་གང་ཡོད་པའི། །ཡི་དམ་ལྷ་ལ་འབབ་པར་


CMR005_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །པྲ་ཏི་ཛ་ཧོ༔ མེ་ཏོག་གམ་ནས་འབྲུ་དཀྱིལ་འཁོར་ལ་གཏོར་བཅུག །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །མ་རིག་ལིང་ཐོག་གསལ་བ་ལྟར། །དེ་བཞིན་ཁྱོད་ཀྱི་མ་རིག་པའི། །ཉོན་མོངས་དྲུག་གིས་སྒྲིབ་པ་ཡི། །མ་རིག་ལིང་ཐོག་བསལ་བར་བྱ། །ཙཀ་པྲ་ཝེ་ཤ་ཡ་ཕཊ༔ མིག་དར་བསལ། ཡང་ན་རྡོ་རྗེས་ཕྱེ་ཚུལ་བྱ་སྟེ། ད་བཅོམ་ལྡན་འདས་དམ་པ་རིགས་བརྒྱའི་དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པ་ཞལ་མངོན་སུམ་དུ་མཐོང་བའི་མོས་པ་མཛོད་ཅིག །དེ་ནས་འདིའི་རྗེས་ཟློས་མཛོད། ཨེ་མ་མགོན་པོ་ཐུགས་རྗེ་ཅན། །བདག་སོགས་འཁོར་བའི་སྡུག་བསྔལ་ལས། །སྐྱབས་ཕྱིར་བརྩེ་བས་རྗེས་བཟུང་ནས། །དབང་དང་བྱིན་རླབས་སྩལ་དུ་གསོལ། །ལན་གསུམ། །ད་བུམ་པ་འདིའི་ནང་ན་ཀུན་ཏུ་བཟང་པོ་དང་། རྡོ་རྗེ་སེམས་དཔའ་རིགས་ལྔའམ་རྒྱལ་བ་རིགས་ལྔའི་ལྷ་ཚོགས་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབ། ཚངས་བུག་ནས་ཞུགས། ཉོན་མོངས་དྲུག་གི་སྒྲིབ་པ་དག །རིགས་དྲུག་གི་སྐྱེ་སྒོ་ཆོད་པར་སྒོམས་ཤིག །རྒྱས་པར་བུམ་པ་ལན་དྲུག་མགོ་བོའི་གནས་ལྔ་དབུས་རྣམས་སུ་བཞག་རྒྱུ་སྟེ། འདིར་བུམ་པ་ཐོགས་ལ་བཞག་ཚུལ་རེ་བྱས་ལ་ལན་གཅིག་འགྲིམ་པས་འཐུས་སོ། ཧཱུྃ༔ ཀུན་


CMR005_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ཡབ་ཡུམ་བུམ་པ་ན། །རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །དམྱལ་བའི་སྐྱེ་སྒོ་བཅད་ནས་ནི། །ན་རཀ་སྡུག་།བསྔལ་བྲལ་བར་ཤོག །ཧཱུྃ་བཛྲ་སཏཱ་ས་མ་ཡ། རྒྱས་པར་ཡིག་བརྒྱ་ཚང་མ་བསྡུ་ན་འདིས་ཆོག །ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ༔ བདུད་རྩི་དྲི་ལྔའི་བུམ་པ་ན། །བདེ་གཤེགས་གསུང་གི་ལྷ་ཚོགས་བཞུགས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ཡི་དྭགས་སྐྱེ་སྒོ་བཅད་ནས་ནི། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་པདྨ་སཏྭ་ས་མ་ཡ༴ ཨོཾ་པདྨ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ༔ རིན་ཆེན་འབྲུ་ལྔའི་བུམ་པ་ན། །བདེ་གཤེགས་སྐུ་ཡི་ལྷ་ཚོགས་བཞུགས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །དུད་འགྲོའི་སྐྱེ་སྒོ་བཅད་ནས་ནི། །མངོན་དགའི་ཞིང་དུ་སྐྱེ་བར་ཤོག །ཨོཾ་བུདྡྷ་སཏྭ་ས་མ་ཡ༔ ཨོཾ་བུདྡྷ་ཨ་བྷིཥིཉྩ་ཨཱཿ ཧཱུྃ༔ སྙིང་པོ་ལྔ་ཡི་བུམ་པ་ན། །བདེ་གཤེགས་ཕྲིན་ལས་ལྷ་ཚོགས་བཞུགས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ལྷ་མིན་སྐྱེ་སྒོ་བཅད་ནས་ནི། །ལས་རབ་ཞིང་དུ་སྐྱེ་བར་ཤོག །ཧ་ཀརྨ་སཏྭ་ས་མ་ཡ༴ ཀརྨ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ༔ རིན་ཆེན་འབྲུ་ལྔའི་བུམ་པ་འདིར། །


CMR005_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་ཡོན་ཏན་ལྷ་ཚོགས་བཞུགས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ལྷ་ཡི་སྐྱེ་སྒོ་བཅད་ནས་ནི། །དཔལ་ལྡན་ཞིང་དུ་སྐྱེ་བར་ཤོག །སཱ་རཏྣ་སཏྭ་ས་མ་ཡ། སཿརཏྟ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང་། །རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས། །རིགས་ཀྱི་བུ་ལ་དབང་བསྐུར་བས། །ལྷ་དབང་ལུས་ལ་ཐོབ་པར་ཤོག །བོ་དྷི༴ ཨོ་རུ་ལུ༴ ཨོཾ་བཛྲ་བུདྡྷཱ་རཏྣ་པདྨ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ སྐབས་འདིར་བོ་དྷི་བསྐུལ་ཞིང་བུམ་པ་འགྲིམས་པར་བྱའོ། །དེས་ནི་སྐུ་བུམ་པའི་དབང་དྲུག་ཐོབ་པས་ཉོན་མོངས་པ་དྲུག་གི་སྒྲིབ་པ་སྦྱང་བ་ཡིན། མདུན་གྱི་ནམ་མཁར་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་སྡིག་པ་བཤགས་པའི་དཔང་པོར་བཞུགས་པའི་དྲུང་དུ་ཁྱེད་རང་རྣམས་རྡོ་རྗེ་སེམས་དཔར་གསལ་བའི་ཐུགས་ཀར་ཧཱུྃ་ལ་ཡི་གེ་བརྒྱ་པས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབ་པས་ལུས་ཐམས་ཅད་གང་སྡིག་སྒྲིབ་ཐམས་ཅད་ནག་ནུ་རུ་རུ་རྐང་མཐིལ་དང་འོག་སྒོ་ནས་ཐོན་ཏེ་ས་རིམ་པ་དགུའི་འོག་ཏུ་སོང་བར་བསྒོམ་ལ། ཤེས་པ་རྣམས་ཀྱི་རིགས་ལྔའི་ཡིག་བརྒྱ་ཐོན། མི་ཤེས་པ་ཚོས་འདིའི་རྗེས་ཟློས་བུར་འདོན་ཞིག་མཛོད། ཨོཾ་བཛྲ་སཏྭ་ཧཱུཾ། ཨོཾ་བུདྡྷ་སཏྭ་ཧཱུཾ། ཨོཾ་རཏྣ་སཏྭ་ཧཱུྃ། ཨོཾ་པདྨ་


CMR005_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

སཏྭ་ཧཱུཾ། ཨོཾ་ཀརྨ་སཏྭ་ཧཱུཾ། རེ་རེ་ལ་བདུན་ལས་མི་ཉུང་བ་བྱའོ། །དེ་ནས་བཤགས་ཚིག་འདིའི་རྗེས་ཟློས་མཛོད། ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པས། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཚིག་རྗེས་མ་གསུམ། དེས་ངག་གི་སྒོ་ནས་རིགས་དྲུག་གི་སྐྱེ་སྒོ་ཆོད་པ་ཡིན། ད་ནི་རྒྱུད་སྡེ་དྲུག་པོ་ཐུན་མོང་བ་རིག་པའི་དབང་ལྔ་བསྐུར་བ་ཡིན་ཏེ། བུམ་པ་ཐོགས་ལ། ཧཱུྃ༔ སྐུ་གསུམ་དམ་ཚིག་ལས་བྱུང་ཞིང་། །ཉོན་མོངས་ཞེ་སྡང་འཇོམས་མཛད་པ། །ལྷ་ཡི་བདུད་རྩི་དག་པ་ཡི། །མི་བསྐྱོད་ཆུ་རྒྱུན་དབང་བསྐུར་རོ། །ཧཱུཾ་བཛྲ་ཨཱ་དདྷ་ཛྷཱ་ཏ་ཛྷཱ་ན་ཨ་བྷི་ཥིཉྩམཾ། ཞེས་བུམ་པ་ཉུང་ན་འགྲིམ། མང་ན་སྟོན་ཙམ་བྱ། ཧཱུྃ༔ སངས་རྒྱས་ཀུན་གྱི་རྒྱལ་སྲིད་དབང་། །ང་རྒྱལ་རྟོག་པ་རྣམ་པར་འཇོམས། །ཆགས་མེད་སྦྱིན་པའི་དབུ་རྒྱན་འདིས། །རྫོགས་སངས་རྒྱས་སུ་དབང་བསྐུར་རོ། །སཱ་རཏྣ་ས་མནྟ༔ ཛྷཱ་ན་རཏཱ་སྭ་བྷ་ཝ་ཨ་བྷི་ཥིཉྩ་མཱི༔ མགོ་ལ་བསྐོན་ཚུལ་བྱ། ཧཱུྃ༔ སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །མི་ཕྱེད་རྡོ་རྗེ་གསང་བ་ཡིས། །འདོད་ཆགས་རྟོག་པ་རྣམ་པར་འཇོམས། །རྡོ་རྗེ་ཆོས་


CMR005_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབང་བསྐུར་རོ། །ཨོཾ་པདྨ་པྲཏུ་བེཀྐཱ་ཎ་ཨ་བྷི་ཥིཉྩ་མཱི། རྡོ་རྗེ་སྤྱི་བོ་དང་ལག་ཏུ་བཞག་ཚུལ་བྱ། ཧཱུྃ༔ ཐབས་དང་ཤེས་རབ་ལྡན་པ་ཡི། །འགྲོ་དོན་མཉམ་མེད་དྲིལ་བུ་འདིས། །ཕྲག་དོག་རྟོག་པ་རྣམ་པར་འཇོམས། །གཉིས་སུ་མེད་པར་དབང་བསྐུར་རོ། །ཧ་ཀྲྀ་ཏྱཱ་ནུཥཱ་ཛྷ་ན་ས་ཏི༔ ཀརྨ་ཨབྷི་ཥིཉྩ་མཾ༔ དྲིལ་བུ་བསིལ་ཞིང་ལག་ཏུ་གཏད་ཚུལ་བྱ། རྣམ་སྣང་གི་སྐུ་བསྟན་ལ། སྐྱེས་པ་རྣམས་རྡོ་རྗེ་སེམས་དཔའ་འམ། བུད་མེད་རྣམས་རྡོ་རྗེ་སྙེམ་མ་གསང་མཚན་ཡིན་པས་དྲན་པར་གྱིས།་ཧཱུཾ། རྡོ་རྗེའི་མིང་གིས་དབང་བསྐུར་བས། །གཏི་མུག་རྟོག་པ་རྣམ་པར་འཇོམས། །ཅིས་ཀྱང་མི་ཆོད་མི་ཤིགས་པའི། །རྡོ་རྗེ་མིང་དུ་རབ་ཏུ་གྲགས། །ཨོ་ཏྲ་ཙ་ཀྲ་མ་ཏུ༔ ཨ་མི་ཛྙཱ་ན་ཨ་བྷི་ཥིཉྩམཾ༔ དེ་ནས་བུམ་པ་དབུ་རྒྱན་དུ་བཅུག་པ་སྤྱི་བོར་འགྲིམ། རྡོར་དྲིལ་སྦྲེལ་བ་གཡོན་དུ་འཛིན་པ་ལ། རེག་ཙམ་བཅུག །མཆོད་གཡོག་པས་བུམ་ཆུ་བཀྱེའོ། ད་ཐུབ་པ་དྲུག་གི་ཕྱག་མཚན་འདི་རྣམས་ཀྱིས་དབང་བསྐུར་བས། རིགས་དྲུག་གི་སྐྱེ་སྒོ་ཆོད། རིགས་ལྔའི་ཕྱག་མཚན་འདིས་དབང་བསྐུར་བས། ཞི་ཁྲོའི་ཐུགས་ཀྱི་དབང་ཐོབ་པར་སྒོམས་ཤིག །ཧཱུྃ། ཚ་གྲང་སྐྱོབ་བྱེད་མེ་ཆུ་བསིལ་དྲོད་ལྡན། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་


CMR005_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བས། །དམྱལ་བའི་སྐྱེ་སྒོ་ཆོད་ནས་ནི། །ན་རཀ་སྡུག་བསྔལ་བྲལ་བར་ཤོག །དུད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨཱཿ རིན་ཆེན་སྒྲོམ་བུའི་བུམ་པ་ན། །རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས། སྐལ་ལྡན་བུ་ལ་དབང་བསྐུར་བས། །སྲེ་ཏ་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག །པྲཔ་ཙ་པ་ཙ་སརྦ་པྲ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ༔ ཨོཾ༔ ཤེས་རབ་རིག་པའི་པོ་ཏི་འདི། །དུས་གསུམ་རྒྱལ་བ་ཞི་ཁྲོའི་གསུང་། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །ཧེ་རུ་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག །སུ་མ་ཐ་མ་ཐ་སརྦ་ཏིར་ཀ་ག་ཏེ་ཧེ་དུན་ཧཱུྃ་ཕཊ༔ ཧཿ ཤེས་རབ་དོན་མཚོན་རལ་གྲི་དང་། །བདུད་ཀྱི་མཚོན་སྲུང་གོ་ཆ་འདི། །དུས་གསུམ་རྒྱལ་བའི་སྦྱོར་སྒྲོལ་ཏེ། །ཞི་ཁྲོ་རྒྱལ་བའི་ཕྱག་མཚན་འདིས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །ཧེ་ས་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག །ཏྲེ་དུ་ལ་སརྦ་ཀརྨ་པྲ་ཝེ་ཤ་ཡ་ཧཱུྃ་ཕཊ༔ སྭཿ ལོངས་སྤྱོད་བདུད་ཀྱི་གཡེངས་འཇོམས་པའི། །པི་ཝཾ་སྙན་པའི་དོན་མཛད་འདིས། །དེ་རིང་ཁྱོད་ལ་དབང་བསྐུར་བས། །སྐྱེ་བ་གཅིག་གིས་ལས་རྫོགས་ཤོག །ཨ་སརྦ་ཏ་ཐཱ་ག་ཏ་བྷི་དན་ཁངྒ་ཚིན་


CMR005_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཚིནྡྷ་ཧཱུྃ་ཕཊ༔ ཧཱུྃ༔ རིན་ཆེན་པར་བུའི་ལྷུང་བཟེད་ནང་། །རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས། །གསེག་ཤང་དྲང་སྲོང་སྒྲ་སྒྲོག་འདིས། །ཐུགས་རྟགས་ཞི་ཁྲོའི་ལྷ་ཡི་རྟགས། །རིགས་ཀྱི་བུ་ལ་དབང་བསྐུར་བས། །ཨ་ཝ་དྷུ་ཏིའི་དབང་ཐོབ་ཤོག །ཨོཾ་མུ་ནེ་ཨ་བྷི་ཥིཉྩ་ཧཱུཾ་ཧཱུཾ། རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རྒྱ་གྲམ་ཐུགས་ཀྱི་རྟགས། །༧རིགས་ཀྱི་བུ་ལ་དབང་བསྐུར་བས། །འཁོར་ལོ་ལྔ་ཡི་དབང་ཐོབ་ཤོག །བཛྲ་ཙཀྲ་རཏྣ་པདྨ་ཁངྒ་ཨ་བྷི་ཥིཉྩ་ཨཱཿ ཞེས་ཕྱག་མཚན་རྣམས་དུས་གཅིག་འགྲིམ་སྟེ། བོ་དྷི་འདོན་ཞིང་སྤྱི་བོ་དང་ལག་ཏུ་བཞག །ད་ནི་མདུན་བསྐྱེད་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་ལས་ལྷ་སོ་སོའི་སྐུ་འཕྲོས་ཏེ། ཁྱེད་རང་རྣམས་ཀྱི་ལུས་ལ་ཡེ་ནས་བཞུགས་པའི་ལྷ་ཚོགས་ལ་ཐིམ་པར་སྒོམས་ཤིག ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །ཀུན་བཟང་ཡབ་ཡུམ་དབང་བསྐུར་བས། །ཡིད་ཆོས་རྣམ་པར་དག་པ་ཡི། །ཆོས་སྐུ་རབ་འབྱམས་དབང་ཐོབ་ཤོག །ཨོཾ་ཨཱཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷ་ཏུ་ཨཱཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ་ཨཱཧཱུྃ་ཧཱི༔ ཉུང་ན་སྤྱི་བོར་རྡོ་རྗེ་དང་བཅས་མང་ན་ཁྲོམ་ལ་བསྟན་ནས། ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །ཆེ་མཆོག་ཡབ་ཡུམ་


CMR005_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བས། །ཉོན་མོངས་མ་སྤངས་གནས་དག་ནས། །ཁྲག་འཐུང་རབ་འབྱམས་དབང་ཐོབ་ཤོག །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷོ་ཧཱུྃ༔ ཀཱ་ཡ་ཨཱ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཞེས་སྤྱི་བར་བཞག་པའམ་ཁྲོམ་ལ་སྟོན། དེ་ནས་ཙཀ་ལི་གཉིས་གཏོར་མར་བཙུགས་ནས་བཟུང་སྟེ། ཨོ་ཨཱཎཱཧཱུྃ་ཧཱུྃ༔ སྐྱེ་མེད་དབྱིངས་ཀྱི་གཏོར་གཞོང་དུ། །མ་བྲིས་དཀྱིལ་འཁོར་གཏོར་ཆེན་བཤམས། །རིག་རྩལ་ཐོགས་མེད་གཏོར་རྒྱན་སྤྲས། །བླ་མ་རྒྱལ་བ་ཞི་ཁྲོ་དང་། །ཌཱ་ཀི་དམ་ཅན་ཐམས་ཅད་ཀྱི། །དབང་མཆོག་ཁྱོད་ལ་སྦྱིན་པར་བྱ། །དབང་མཆོག་འདི་ཐོབ་བྱིན་རླབས་ཀྱིས། །སྐྱེ་གནས་བར་དོ་འདི་ཉིད་དུ། །སྣང་བཞི་གདོད་མར་ཕྱིན་པར་ཤོག །འཆི་ཁ་སྡུག་བསྔལ་བར་དོ་རུ། །སྐུ་གསུམ་དབྱིངས་སུ་འཕོ་བར་ཤོག །།ཆོས་ཉིད་ཞི་ཁྲོའི་བར་དོ་རུ། །རང་སྣང་ལྷུན་གྲུབ་སངས་རྒྱས་ཤོག །སྲིད་པ་ལས་ཀྱི་བར་དོ་རུ། །སྤྲུལ་སྐུའི་ཞིང་དུ་རྫུས་སྐྱེས་ཏེ། །སྐུ་བཞི་ལྷུན་གྲུབ་སངས་རྒྱས་ནས། །བདག་གཞན་དོན་གཉིས་མཐར་ཕྱིན་ཤོག །ཆོས་སྐུ་ཀུན་ཏུ་བཟང་པོ། དྲུག་པ་རྡོ་རྗེ་འཆང་ཆེན། །སྟོན་པ་རྡོ་རྗེ་སེམས་དཔའ། རིག་འཛིན་དགའ་རབ་རྡོ་རྗེ། གུ་རུ་ཤྲཱི་སེང་ཧ། །


CMR005_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། རྗེ་འབངས་ཉི་ཤུ་རྩ་བདུན། གཏེར་སྟོན་བརྒྱ་དང་རྩ་བརྒྱད། ལ་སོགས་པ་རིག་འཛིན་བརྒྱུད་པའི་བླ་མ་དམ་པ་རྣམས་དང་། ཞི་བ་བཞི་བཅུ་རྩ་གཉིས། །འབར་བ་ཁྲག་འཐུང་ལྔ་བཅུ། དག་པ་རིག་འཛིན་ལྷ་ཚོགས། བཀའ་སྲུང་དམ་ཅན་རྒྱ་མཚོ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག ། སྐུ་གསུང་ཐུགས་ཀྱི་དབང་བསྐུར་དུ་གསོལ། ཉམས་ཆག་སྡིག་སྒྲིབ་ཐམས་ཅད་དག་པར་མཛད་དུ་གསོལ། ནད་གདོན་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། ཉམས་དང་རྟོགས་པ་འཕེལ་བར་མཛད་དུ་གསོལ། འཆི་ཁ་ཆོས་ཀྱི་སྐུར་སངས་རྒྱས་པར་མཛད་དུ་གསོལ། །རིགས་དྲུག་གི་སྐྱེ་སྒོ་ཆོད་པར་མཛད་དུ་གསོལ། བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་འཚང་རྒྱ་བར་མཛད་དུ་གསོལ། སྐྱེ་བ་སྤྲུལ་པའི་སྐུར་འཚང་རྒྱ་བར་མཛད་དུ་གསོལ། བོ་དྷི་ཙིཏྟ་བརྗོད་ཅིང་གཏོར་མ་འགྲིམ་མོ། །འདིར་སྤྲོ་ན་ལས་བྱང་ཆུང་བའི་བཀྲ་ཤིས་བརྗོད། བསྡུ་ན་མི་དགོས་སོ། །འོ་དེས་ཞི་ཁྲོའི་དབང་བསྐུར་འགྲོ་དྲུག་རང་གྲོལ་གྱི་དོན་བསྡུས་ངན་སོང་རང་གྲོལ་ཞེས་བྱ་བ་ཐོབ་པ་ཡིན་པས། རང་གི་སྙིང་ག་ན་ཞི་བའི་ལྷ་ཚོགས། མགྲིན་པ་ན་རིག་


CMR005_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ལྷ་ཚོགས། ཀླད་པ་ན་ཁྲག་འཐུང་གི་ལྷ་ཚོགས། ལུས་ལྷའི་ཚུལ་དུ་བཞུགས་པ་ཡིན་པས་ཟས་གོས་ཀྱང་དེ་རྣམས་མཆོད་པའི་ཚུལ་དུ་སྤྱོད་ཅིག །རང་འཆི་བའི་ཚེ་ཞི་ཁྲོའི་ལྷ་ཚོགས་རང་གི་ལུས་ལས་ཐོན་ནས། ནམ་མཁའ་བར་སྣང་གང་བར་འཆར་རོ། །དེའི་དུས་སུ་སྒྲ་འོད་ཟེར་གསུམ་ལ་མ་སྐྲག་མ་སྔངས་པར། ད་ལྟར་དབང་བསྐུར་བའི་ཡི་དམ་གྱི་ལྷ་ཡིན་པ་ངོ་ཤེས་པར་གྱིས་ཤིག །ངོ་ཤེས་པ་དང་གྲོལ་བ་དུས་མཉམ་དུ་འོང་ངོ་། །དེ་ལྟར་རིགས་དྲུག་སྐྱེ་སྒོ་ཆོད་པའི་དབང་ཟབ་མོ་ཐོབ་ནས། དུས་རྒྱུན་དུ་རང་ལུས་རྡོ་རྗེ་སེམས་དཔའི་སྐུ་ལ་ཞི་ཁྲོའི་ལྷ་ཚང་བ་ཞིག་ཏུ་སྒོམས་ཤིག །རིགས་དྲུག་གི་སྐྱེ་སྒོ་ཆོད་པའི་སྔགས་འདི་བཟླས་ན། སྡིག་ཆེན་ཡིན་ཀྱང་ངན་སོང་དུ་མི་འགྲོ་བ་ཀུན་ཏུ་བཟང་པོས་གསུངས་པས། ད་ལྟ་རྗེས་ཟློས་ལན་གསུམ་དང་། འུར་འདོན་གྱིས་ལ། རྒྱུན་དུ་ཡང་ཐོན་ཅིག །འཨཤཿསཿམསཿ དེ་ནས་སྔགས་འདི་དང་། བག་ཆགས་རང་གྲོལ་བར་དོ་རྩ་ཚིག་སོགས་ཁས་ལེན་འོང་བར་གདའ་ན་བྱའོ། །དེ་ལྟར་དབང་ཐོབ་པས་ཞི་ཁྲོ་དམ་པ་རིགས་བརྒྱ་ཡི་དམ་དུ་བཟུང་བའི་མོས་པས་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ་


CMR005_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། འདི་ནི་ཀརྨ་གླིང་པའི་གཏེར་ཁ་ཞི་ཁྲོའི་དབང་འབྲིང་པོའི་དོན་བསྡུས་མགྱོགས་དབང་དུ་བསྡུས་པ་ཡིན་ཀྱང་། ཞི་ཁྲོ་བཀའ་མ་དང་། གཏེར་ཁ་གསར་རྙིང་གནམ་ཆོས་སོགས་ལ་སྦྱར་ཆོག་ཅིང་། དབང་ཚང་མ་ཡིན་པས་ཕན་ཡོན་ཤིན་ཏུ་ཆེ་བ། བླ་མ་ངག་དབང་དོན་གྲུབ་ཀྱིས་བསྐུལ་ནས་སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་པ་ལ། ཉེས་འགལ་མཆིས་ནི་བཀའ་སྲུང་རྣམས་ལ་བཤགས་ཤིང་དགེ་བས་འབྲེལ་ཚད་བར་དོའི་འཇིགས་སྐྲག་ལས་གྲོལ་ནས་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ངག་ཁྲིད་ཟིན་བྲིས་རྩ་ཐོ་རྣམས་ཚིག་ཉུང་བ་དོན་གསལ་བ།


CMR005_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ངག་ཁྲིད་ཟིན་བྲིས་རྩ་ཐོ་རྣམས་ཚིག་ཉུང་བ་དོན་གསལ་བ་བཞུགས་སོ།


CMR005_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ནས༔ ན་རཀ་དོང་སྤྲུགས་ལ་སོགས་ཕྱག་ལེན་གྱི༔ ཞལ་ཤེས་གལ་ཆེན་ངག་ཁྲིད་མདོར་བསྡུས་ནི༔ ཉུང་ངུའི་ཚིག་གིས་དོན་གསལ་གོ་བདེར་བཀོད༔ ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལ༔ རྫོགས་ཆེན་སྟོན་པ་ཆོས་སྐུ་ཀུན་ཏུ་བཟང་༔ འཁྲུལ་མ་མྱོང་བའི་རང་བྱུང་སངས་རྒྱས་ཏེ༔ དེ་ལ་ཚོགས་མ་བསགས་པའི་སངས་རྒྱས་སོ༔ རྟོག་གེ་བ་ཡིས་བཀག་པ་བྱེད་མོད་ཀྱིས༔ རྒྱུད་ཀྱི་རྒྱལ་པོས་བསྟོད་པ་གླུར་བླངས་ནས༔ དང་པོའི་སངས་རྒྱས་རྒྱུ་མེད་པ༔ ཞེས་གསུངས་དེ་བཞིན་ངན་སོང་སྦྱོང་རྒྱུད་དང་༔ དེ་ཉིད་བསྡུས་


CMR005_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་རྒྱུད་རྣམས་བཤད༔ སངས་རྒྱས་ཀུན་བས་སྔར་སངས་རྒྱས༔ ཞེས་གསུངས་རྡོ་རྗེ་སེམས་དཔའ་ཕྱག་རྡོར་ཉིད༔ དང་པོའི་སངས་རྒྱས་ཉིད་དུ་གསལ་བར་གསུངས༔ དེས་ན་ཀུན་བཟང་མངོན་རྫོགས་རྒྱལ་པོ་སོགས༔ སྔོན་བྱོན་རྫོགས་ཆེན་སྟོན་པ་བཅུ་གཉིས་ཏེ༔ དུས་དང་འཁོར་དང་མཚན་ནི་ཐ་དད་དེ༔་དོན་ལ་ཕྱག་ན་རྡོ་རྗེ་ཡིན་པ་སྟེ༔ ཅི་ཕྱིར་སྔགས་ཀྱི་སྟོན་པ་ཕྱག་རྡོར་ཡིན༔ སྟོན་པ་དེས་གསུངས་རྫོགས་པ་ཆེན་པོའི་རྒྱུད༔ འབུམ་ཕྲག་དྲུག་ཅུ་རྩ་བཞི་གསུངས་པར་བཤད་དེང་སང་མཐོང་བ་བཅུ་བདུན་རྒྱུད་དང་ནི༔ རྒྱུད་ཕྲན་བཅུ་བདུན་སྒྱུ་


CMR005_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་སྡེ་བརྒྱད་སོགས༔ ཀུན་ནས་གསུངས་པའི་ཡི་དམ་དཀྱིལ་འཁོར་ནི༔ ཞི་ཁྲོ་དམ་པ་རིགས་བརྒྱ་འདི་ཉིད་ལགས༔ ཁྱད་པར་ན་རཀ་དོང་སྤྲུགས་རྒྱུད་དང་ནི༔ དྲི་མེད་བཤགས་རྒྱུད་བཀའ་མ་གཏེར་མ་གཉིས༔ མན་ངག་སྙིང་དགོངས་རྒྱུད་དང་དཔང་སྐོང་བཞི༔ ཞི་ཁྲོ་འདི་ཡི་གེལ་རྒྱུད་དང་པོ་ཡིན༔ གཞན་ཡང་བཀའ་བརྒྱད་གསང་བ་འདུས་རྒྱུད་དང་༔ རྫོགས་ཆེན་ཀློང་གསལ་འབར་མ་ཉི་མའི་རྒྱུད༔ ལྟ་བ་ཀློང་ཡང་རྒྱུད་སོགས་མང་པོ་ནས༔ ཞི་ཁྲོའི་དཀྱིལ་འཁོར་འདི་ཉིད་གསལ་བར་བསྟན༔ ལས་བྱང་དེ་དག་ཀུན་གྱིས་དོན་བསྡུས་ཏེ༔ བརྒྱ་ཕྱག་ཞི་ཁྲོ་དཔང་སྐོང་དོན་བསྡུས་ཏེ༔ ན་རཀ་དོང་སྤྲུགས་རྩ་བ་འདུས་པའོ་ཀློང་བཤགས་དྲི་མེད་བཤགས་རྒྱུད་དོན་བསྡུས་དང་༔ སྒོམ་རིམ་ལྷན་སྐྱེས་བག་ཆགས་རང་གྲོལ་གཉིས༔ མན་ངག་སྙིང་དགོངས་རྒྱུད་ཀྱི་དོན་བསྡུས་ལགས༔ བསྐང་བཤགས་དེ་དག་ཀུན་དང་ཁྱད་པར་དུ༔ གསང་བ་འདུས་པའི་རྒྱུད་ནས་བསྡུས་པ་ས༔ དེ་དག་བསྡུ་མཁས་གུ་རུ་པད་མ་ཉིད༔ བསྐང་བཤགས་དབང་བསྐུར་རྒྱས་འབྲིང་བསྡུས་པ་གསུམ༔ རིགས་དྲུག་གནས་འདྲེན་སྦྱིན་སྲེག་སྐོར་ལ་སོགས༔ བསྐྱེད་པ་མ་ཧཱ་ཡོ་


CMR005_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གའི་ཉམས་ལེན་ལགས༔ མཆོག་དབང་སྐོར་གསུམ་ལུས་དཀྱིལ་བསྒོམ་རིམ་དང་༔ བག་ཆགས་རང་གྲོལ་འོག་སྒོ་བདེ་ཆེན་ཁྲིད༔ ཨ་ནུ་ཡོ་གའི་ལུགས་ཀྱི་ཉམས་ལེན་ཡིན༔ སྐྱེ་གནས་བར་དོ་བསམ་གཏན་བར་དོའི་ཁྲིད༔ དེ་དོན་ངོ་སྤྲོད་རིག་པ་གཅེར་མཐོང་རྣམས༔ ཕྱག་རྫོགས་ཟུང་འཇུག་ཁྲེགས་ཆོད་ཉམས་ལེན་བསྐོར༔ ཨ་ཏི་ཡོ་ག་སེམས་སྡེའི་ཉམས་ལེན་སྐོར༔ སྐུ་གསུམ་ངོ་སྤྲོད་སྒྲོན་མ་དྲུག་གི་ཁྲིད༔ སྤྱི་ཏི་ཡང་ཏི་མན་ངག་སྡེ་ཡི་ལུགས༔ ཐེག་པའི་ཡང་རྩེ་ནོར་བུའི་ཏོག་ལྟ་བུ༔ དེ་དག་ཉམས་ལེན་བརྟན་པ་མ་ཐོབ་ན༔ འཕོ་བ་ལམ་གྱི་སྐྱེལ་མ་དྲན་པས་གྲོལ༔ འཕོ་རུང་མི་རུང་འཆི་བ་བརྟག་དང་བསླུ༔ འཕོ་བ་མ་ཐེབ་སུན་མ་ལྟ་བུའི་ཆོས༔ བར་དོའི་ངོ་སྤྲོད་ཆེན་མོ་ཚན་གཉིས་སོགས༔ ཉམས་ལེན་མི་ཤེས་ཐ་མལ་སྐྱེ་བོ་ལ༔ བཏགས་གྲོལ་གདམས་པ་རྒྱས་བསྡུས་བཅང་ཐབས་བཅས༔ དེ་དག་མ་ཐོབ་ཐ་མལ་ཚེ་འདས་ལ༔ རིགས་དྲུག་གནས་འདྲེན་བྱང་བུ་སྨོན་ལམ་བཅས༔ ཕུང་པོ་བསྲེག་སྦྱང་ལས་བཞིའི་སྦྱིན་སྲེག་ཡོད༔ དེ་ཡང་སྤྲོས་བཅས་བུམ་དབང་ཆེཊ་མོ་ནི༔ སྒྲུབ་ཆེན་སྤྱི་ལྟར་བཅས་ནས་དབང་བསྐུར་ཞིང་༔ དེ་དང་བར་


CMR005_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

དོའི་ངོ་སྤྲོད་ཆེན་མོ་སྦྲགས༔ རྒྱས་པར་ལྕོགས་ན་སོ་སོའི་འབག་འཆམ་བཅས༔ བར་དོའི་ངོ་སྤྲོད་ལག་ལེན་དུ་སྦྱར་བ༔ ཐོས་པས་གྲོལ་བ་ཐོས་གྲོལ་ཁྲིད་ཅེས་བྱ༔ ལན་གཅིག་ཐོས་པས་བར་དོ་ཆོད་པར་གསུངས༔ བསྒོམ་མི་དགོས་པའི་ཟབ་ཆོས་ཨེ་མ་ཧོ༔ དེ་དང་འབྲེལ་པ་ཐོད་རྒལ་ཁྲིད་ཡིན་པས༔ འཇའ་འོད་ཐིག་ལེ་ལ་སོགས་ངོ་སྤྲོད་པས༔ བར་དོ་ངེས་པར་ཆོད་པ་རྒྱུད་ནས་གསུངས༔ བསྒོམ་མི་དགོས་པར་བལྟས་པས་གྲོལ་བ་ཡིན༔ སྤྲུལ་སྐུ་ཤཱཀྱ་ཐུབ་པས་སྡེ་སྣོད་གསུམ༔ བསྟན་པ་འཛིན་པའི་རྟགས་ཙམ་འཛིན་ལ་ཉེ༔ དལ་ལ་མ་སྨིན་གྲོལ་བ་དཀའ་བར་བཤད༔ ཆོས་སྐུ་ཀུན་བཟང་བསྟན་པ་རྫོགས་པ་ཆེ༔ ལྔ་བཅུ་ནས་བཟུང་ཚེ་ལོ་བཅུ་པའི་བར༔ ཀུན་ཏུ་བཟང་པོའི་ཐུགས་ཀྱི་བསྟན་པའི་སྐབས༔ ཡིན་ཕྱིར་རྫོགས་ཆེན་བསྒོམས་ན་གྲོལ་བར་སླ༔ ཚེ་ཐུང་ནད་མང་བར་ཆད་རྐྱེན་མང་དུས༔ སྒོམ་པའི་ཆོས་ཀྱིས་གྲོལ་དཀའ་བསྒོམ་ལོང་མེད༔ མ་བསྒོམ་སངས་རྒྱས་ཐབས་ནི་དྲུག་གསུངས་པ༔ ཟོས་པས་འཚང་རྒྱ་སྐྱེ་བདུན་ཤའི་རིལ་བུ༔ རེག་པས་འཚང་རྒྱ་ཕྱག་རྒྱ་པདྨ་ཅན༔ རེག་གྲོལ་ཕྱག་རྒྱ་པདྨ་ཅན་ཞེས་པཾ༔ མཚོ་རྒྱལ་ལབ་སྒྲོན་ལྟ་བུ་ཡིན་པའོ༔


CMR005_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པས་སངས་རྒྱས་རྒྱུད་མཆོག་བཏགས་གྲོལ་དང་༔ བལྟས་པས་སངས་རྒྱས་རྫོགས་ཆེན་ཐོད་རྒལ་ཁྲིད༔ དྲན་པས་སངས་རྒྱས་འཕོ་བའི་གདམས་པ་དང་༔ ཐོས་པས་སངས་རྒྱས་བར་དོའི་ངོ་སྤྲོད་ཁྲིད༔ སྡིག་ཆེན་གསེང་ལམ་ཁྲིད་པའི་གདམས་པ་ཡིན༔ དེ་ལྟར་མ་ཡིན་བསྒོམ་པར་ནུས་པ་ལ༔ སྔོན་འགྲོའི་ཁྲིད་ཀྱིས་རང་རྒྱུད་ལེགས་པར་སྦྱངས༔ སྐྱེ་གནས་བར་དོའི་ཁྲིད་ཀྱི་ཞི་གནས་བསྐྱེད༔ རིག་པ་གཅེར་མཐོང་ལྷག་མཐོང་ངོ་སྤྲོད་དེ༔ བསམ་གཏན་བར་དོའི་ཁྲིད་ཀྱི་ཉམས་ལེན་སྐྱོངས༔ དེ་ནི་རྫོགས་ཆེན་ཁྲེགས་ཆོད་གཞི་ཡིན་ལ༔ ལམ་ནི་ཐོད་རྒལ་སྒྲོན་མ་དྲུག་གི་ཁྲིད༔ ཆོས་ཉིད་མངོན་སུམ་ཡེ་ཤེས་མིག་གིས་མཐོང་༔ ཉམས་ལེན་གོང་འཕེལ་འཇའ་འོད་ཐིག་ལེ་འཕེལ༔ རིག་པ་ཚད་ཕེབས་ཞི་ཁྲོའི་ལྷ་ཚོགས་མཇལ༔ དེ་ཉིད་ཉམས་ལེན་སྟོང་ཉིད་ལྟ་བས་བསྲེ་གསལ་སྟོང་ཟུང་འཇུག་ཁྲེགས་ཆོད་ཟུང་འཇུག་དང་༔ ཕྱག་རྫོགས་ཟུང་འཇུག་དེ་ལས་གོང་ན་མེད༔ དེ་ཙམ་དེང་སང་མང་དུ་འབྱུང་བ་ནི༔ མྱོང་བས་གྲུབ་ཕྱིར་ཚིག་རིས་སྐམ་པོ་མིན༔ དེ་ནི་གསལ་ཀའི་ངང་གིས་བོགས་འདོན་ནོ༔ བདེ་བའི་བོགས་འདོན་འོག་སྒོ་བདེ་ཆེན་


CMR005_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད༔ རྩ་རླུང་ཉམས་ལེན་རླུང་དང་འཁྲུལ་འཁོར་སྦྱངས༔ རབ་བྱུང་ཡིན་ན་རང་ལུས་ཐབས་ལྡན་བསྟེན༔ བསྒོམ་པ་ཡེ་ཤེས་ཡིད་རིག་ཕྱག་རྒྱ་བསྟེན༔ འདི་ཡིས་རྒྱས་བཤད་གསར་མའི་རྒྱུད་འབུམ་ན༔ གསལ་བ་ཐིག་ལེ་ནོར་བུའི་རྒྱུད་ཅེས་པ༔ ས་པཎ་གྱིས་བསྒྱུར་གསེར་འོད་ཙམ་ཞིག་ཡོད༔ ཁྱིམ་པ་ཡིན་ན་གཞན་ལུས་རིག་མ་བསྟེན༔ རིགས་རྒྱུད་སྐྱེས་ཆེན་དམ་པ་འཇོག་པ་དང་༔ རིགས་རྒྱུད་འཆུགས་དོགས་སྲིད་བཅས་ལ་སོགས་གསུངས༔ དཔེར་ན་ས་འབྲིའི་གདུང་རྒྱུད་ལྟ་བུའོ༔ བརྩོན་འགྲུས་བསྐུལ་ཕྱིར་ནམ་འཆི་ནམ་མཁར་བལྟ༔ བར་ཆད་སེལ་ཕྱིར་འཆི་བ་བསླུ་བ་དང་༔ མ་བསླུས་འཕོ་བ་དྲན་པ་རང་གྲོལ་བསྒོམ༔ མི་རྟོགས་ངང་ནས་བོགས་འདོན་རྨི་ལམ་ཁྲིད༔ འོད་གསལ་བསྒོམས་པས་གཏི་མུག་ལམ་དུ་ཁྱེར༔ ཁྱད་པར་ཁྲེགས་ཆོད་ཐོད་རྒལ་ངོ་སྤྲོད་ནི༔ ལག་ལེན་རིམ་པ་སུམ་ཅུ་རྩ་གཉིས་སོགས༔ འཆི་ཆས་ཆ་ལག་འཛོམས་ན་ངོ་མཚར་ཆེ༔ ཐེག་དགུའི་ཉམས་ལེན་ཡོངས་རྫོགས་ཨེ་མ་ཧོ༔ དེ་ནི་ཞི་ཁྲོའི་ཆོས་སྐོར་ཁོག་ཁྲོལ་བའི༔ སྤྱི་བཤད་ཡིན་ཏེ་རྩ་ཐོ་ས་བོན་ཙམ༔ སྤྱི་བཤད་ལེའུ་སརྒ་དང་པོའོ༔ ༔ ༈ དེ་ནས་ཞི་ཁྲོའི་བྱེ་བྲག་དབྱེ་བ་ནི༔ ཧཱུྃ་


CMR005_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཀ་ར་ནམ་མཁའི་སྙིང་པོ་ནས༔ བརྒྱུད་པའི་ཞི་ཁྲོ་བཀའ་མའི་ལུགས་དང་ནི༔ རིག་འཛིན་རྒོད་ལྡེམ་ཅན་གྱི་གཏེར་མ་དང་༔ སངས་རྒྱས་གླིང་པའི་གཏེར་མ་དགོངས་འདུས་ལུགས༔ ཡང་ཟབ་ལུགས་ཀྱི་ཞི་ཁྲོ་རིགས་འདུས་དང་༔ འཇའ་ཚོན་སྙིང་པོའི་གཏེར་མ་ལ་སོགས་པ༔ གཞན་ཡང་རྫོགས་ཆེན་ཀློང་གསལ་སྙིང་ཐིག་དང་༔ ལྟ་བ་ཀློང་ཡངས་ལ་སོགས་རྫོགས་ཆེན་རིགས༔ ཀུན་ལ་ཞི་ཁྲོའི་དཀྱིལ་འཁོར་རེ་རེ་སྟེ༔ ཅི་ཕྱིར་དབང་བསྐུར་བ་ཡི་དཀྱིལ་འཁོར་དུ༔ གྲགས་ཆེ་ཆ་ཚང་ཀརྨ་གླིང་པའི་ལུགས༔ བཀའ་ཐང་ནང་དུ་ལུང་བསྟན་མེད་པ་ནི༔ གསང་གཏེར་ཡིན་པའི་གནད་ནི་ཡིན་ཞེས་ཐོས༔ གླིང་པ་ལྔ་ཡི་ཡ་གྱལ་རྩོད་པ་མེད༔ ཡབ་ནི་གཏེར་སྟོན་ཉི་ཟླ་སངས་རྒྱས་ཏེ༔ དགུང་ལོ་མཐར་ཕྱིན་བརྒྱ་དང་ཉི་ཤུར་བཞུགས༔ སྲས་ནི་གཏེར་སྟོན་ཀརྨ་གླིང་པ་སྟེ༔ གཏེར་ཤོག་བསྟན་སྔས་སྐུ་ཚེའི་བར་ཆད་ཀྱིས༔་ཡབ་ཉིད་བཞུགས་པའི་དུས་ནས་གཞོན་ནུར་འདས་ཡབ་སྲས་གཉིས་ཀ་གཏེར་སྟོན་ཚད་ལྡན་ཕྱིར༔ དུས་གཅིག་གཏེར་སྟོན་གཉིས་མི་འབྱུང་གསུངས་པ༔ གཏེར་ཆོས་གཅིག་པ་མིན་པས་བཀག་པ་མེད༔ འདི་ལ་གོ་བ་ཕྱི་རབས་རྣམས་


CMR005_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ལོངས༔ མ་ཇོས་ཟངས་གྲི་འཕངས་པ་ཐུགས་ཀར་ཕོག༔ སྲས་ལ་དབང་ལུང་གནང་ལོང་མ་བྱུང་བར༔ ཤོག་སེར་དབུར་བཞག་བཀའ་གཏད་བྱས་ནས་འདས༔ ཟེར་བ་ངག་འཆལ་ཐོས་པ་རྫུན་ཡིན་ཏེ༔ ཀརྨ་གླིང་པ་ལུང་ནས་བསྟན་པ་ཡི༔ གཏེར་གྱི་དངོས་སློབ་བཅུ་བཞི་བྱུང་བ་ལ་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་སྤེལ༔ ཁྱད་པར་བར་དོ་དྲུག་གི་ཁྲིད་དྲུག་ནི༔ ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་དང་༔ ཞི་ཁྲོ་དགོངས་པ་རང་གྲོལ་གཉིས་ཀ་ཡི༔ ཐུན་མོང་སྤྱི་ཡི་རྫོགས་རིམ་སྐོར་ཡིན་པས༔ གཏེར་སློབ་བཅུ་བཞི་ཀུན་གྱིས་ཐོབ་ན་ཡང་༔ ཞི་ཁྲོ་དགོངས་པ་རང་གྲོལ་བཀའ་རྒྱ་དགོས༔ འདས་པར་དགོངས་ནས་ལུང་བསྟན་མང་པོ་བྱུང་༔ སྲས་ལ་དགོངས་པ་རང་གྲོལ་དབང་ལུང་གནང་༔ དབང་བཞི་ཡོངས་རྫོགས་འོག་སྒོ་བདེ་ཆེན་སྐོར༔ གཅིག་བརྒྱུད་ཁོ་ན་ལས་ནི་མི་རུང་ཕྱིར༔ ལུང་བསྟན་གཏེར་སློབ་མཆོག་ཏུ་གྱུར་པ་ཡི༔ དངོས་གྲུབ་རྒྱ་མཚོ་ཞེས་བྱ་གཅིག་པུར་གནང་༔ དེ་དག་གཉིས་ཀ་བརྒྱུད་པ་གསུམ་གྱི་བར༔ གཅིག་བརྒྱུད་མ་གཏོགས་གནང་བའི་དབང་མེད་དེ༔ ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོའི་སྐོར༔ སྲས་དང་གཏེར་སློབ་རྣམས་ཀྱིས་ཀུན་ལ་སྤེལ༔ ཉི་ཟླ་ཆོས་རྗེ་གཏེར་


CMR005_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་སྐུ་སྲས་ཡིན༔ དེ་ལ་ཡབ་ཀྱིས་ལུང་བསྟན་ཡོད་པ་ལྟར༔ བླ་མ་ཉི་ཟླ་འོད་ཟེར་དེ་ལ་གནང་༔ དེ་ཡིས་བཀའ་བབས་ཆོས་ཀྱི་རྒྱ་མཚོ་འམ༔ ཆོས་ཀྱི་རྒྱལ་མཚན་ཞེས་བྱ་དེ་ལ་གནང་༔ བླ་མའི་བཀའ་ལྟར་གཞན་ལ་མ་བསྟན་པར༔ ལོ་དྲུག་ཉམས་བླངས་དེ་ནས་ཅུང་ཟད་སྤེལ༔ ཁྱད་པར་དགུང་ལོ་ལྔ་བཅུ་ལོན་པའི་དུས༔ སྤྲེལ་ལོར་མཚམས་བསྡམས་སྒྲུབ་པ་བྱེད་པའི་སྐབས༔ ངོ་མཚར་རྨིས་ལྟས་དག་སྣང་དང་བཅས་དུས༔ གཏེར་སློབ་གྲུབ་ཐོབ་དངོས་གྲུབ་རྒྱ་མཚོ་ལ༔ ཞི་ཁྲོའི་དབང་བཞི་འཕྲད་ཚད་རང་གྲོལ་དང་༔ འོག་སྒོ་བདེ་ཆེན་ལ་སོགས་གཅིག་བརྒྱུད་རྣམས༔ ཁྱེད་ལ་བཀའ་བབས་སྐྱེལ་དུ་འོང་གསུངས་ནས༔ ཙཱ་རི་བསྐོར་ཞོར་གསང་ཐབས་མཚམས་ཁུང་གནང་༔ དེ་ཡན་གཅིག་བརྒྱུད་སུ་ལའང་མཐོང་ཐོས་མེད༔ དེ་ཕྱིར་བཀའ་བབས་ཆོས་ཀྱི་རྒྱ་མཚོ་ཡི༔ གཏེར་ནས་ཐོན་པ་རེད་ཟེར་འཆལ་གཏམ་བྱུང་༔ དེ་ནས་བརྒྱུད་པ་གསུམ་རྫོགས་བཀའ་རྒྱ་གྲོལ་སྤེལ་བའི་ལུང་བསྟན་ཁོང་ལ་ཡོད་པའི་ཕྱིར༔ སྐུ་ཚེའི་སྟོད་ལ་ཉིད་ལའང་དབང་ལུང་ནི༔ གཅིག་བརྒྱུད་བསྐོར་རྣམས་ད་རུང་མ་ཐོབ་སྐབས༔ གཏོར་དབང་རེག་པ་དོན་ལྡན་ཙམ་དང་


CMR005_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ནི༔ ཞི་ཁྲོའི་དབང་ཆོག་ཕྱག་ལེན་བསྡུས་པ་སྤེལ༔ དེ་ཡི་བརྒྱུད་པ་ཟུར་མང་ལུགས་འདི་བྱུང་༔ སྐུ་ཚེའི་སྐེད་ལ་དབང་ལུང་འབྲིང་པོ་སྤེལ༔ ཕྱག་ལེན་འབྲིང་པོ་མཛད་པའི་རྒྱུན་ལ་ནི༔ དེང་སང་ཀཐོག་ལུགས་ཀྱི་ཞི་ཁྲོ་འཕེལ༔ སྐུ་ཚེའི་སྨད་ལ་ཉིད་ཀྱིས་ཡོངས་རྫོགས་ཐོབ༔ དབང་བཞི་རྒྱས་པ་ཁྲིད་དང་སྤེལ་བ་དང་༔ ཕྱག་ལེན་རྒྱས་པ་མཛད་ནས་ཡོངས་རྫོགས་སྤེལ༔ དེ་ཡི་ལུགས་ནི་དེང་སང་ངེད་ཀྱིས་བྱེད༔ དེ་ཡང་དེ་ཡི་བརྒྱུད་པ་གང་ཞེ་ན༔ བཀབ་བབས་ཉིད་ཀྱིས་རྒྱལ་ཚབ་སློབ་མའི་གཙོ༔ སྤྲུལ་སྐུ་ཐུགས་རྗེ་འོད་ཟེར་ཞེས་བྱ་བ༔ དེས་སློབ་འཁྲུལ་ཞིག་བུདྨ་མངྒ་ཞེས༔ དེ་གཉིས་བཀའ་བབས་ཉིད་ཀྱི་གདན་ས་ཡིན༔ སྨན་མོ་དགོན་སོགས་ཀོང་ཡུལ་ས་ཕྱོགས་དེར༔ བཀའ་བབས་ཉིད་ཀྱིས་དགོན་པ་བརྒྱད་བཏབ་སྐད༔ རཏྣའི་གདུང་རྒྱུད་ཀུན་དགའ་གྲགས་པ་ཡིས༔ བུད་མངྒ་དེ་ལ་ཡོངས་རྫོགས་གསན༔ ཀུན་དགའ་གྲགས་པའི་སྲས་ནི་སྟོད་སྒོག་གཅིག༔ མཚན་ནི་ཀུན་དགའ་བསྟན་འཛིན་ཞེས་བྱ་བ༔ སྟོད་སྒྲོག་ཡིན་ཕྱིར་རཏྣའི་གདན་ས་རྣམས༔ མ་ཐོབ་ཡབ་ཀྱིས་དབང་ལུང་ཐམས་ཅད་གནང་༔ ཁམས་སུ་སྒར་པ་བྱས་ནས་འབུལ་སྡུད་བྱོན༔ དེ་དུས་ངོམ་


CMR005_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡུན་རིང་བཞུགས་པ་ལ༔ ང་ཡི་སློབ་དཔོན་སྐུ་ན་ཕྲ་དུས་ཐོབ༔ སློབ་དཔོན་ཁུ་བོ་བཀྲ་ཤིས་དབང་ཕྱུག་ཅེས༔ སྔགས་འཆང་སྐུ་ཡོན་ཆེན་པོ་ཅན་ཡོད་པས། ཕྱག་ལེན་གྱེར་དབྱངས་བཅས་པ་ལེགས་པར་བསླབས༔ ཞི་ཁྲོའི་དཀྱིལ་འཁོར་ཕོ་བྲང་མར་དབུབ་ཀྱང་༔ ཀུན་དགའ་བསྟན་འཛིན་དེ་ལ་དཔེ་བྱས་བཞེངས༔ ཆུང་དུས་ཐོབ་པས་གོ་ཡང་མ་བཅད་པར༔ སླར་ཡང་ཁོ་བོའི་དྲུང་ནས་རྫོགས་པར་ཞུས༔ དེ་ལ་བདག་གིས་དབང་ལུང་ཡོངས་རྫོགས་དང་༔ དབང་ནི་བསྐྱར་ནས་དག་ཆ་ལན་གཉིས་ཞུས༔ དེ་ཕྱིར་ངེད་ཀྱི་ཕྱག་ལེན་རྒྱས་པ་འདི༔ བཀའ་བབས་ཉིད་ཀྱིས་ཕྱག་ལེན་ངེས་པ་ཡིན༔ ཀུན་དགའ་བསྟན་འཛིན་སྤུ་བོ་སྨན་ཆུ་དགོན༔ དེ་ཡི་སྤྱི་བླ་མཛད་ནས་བཞུགས་པ་ལ༔ སློབ་མ་དབོན་པོ་བཀའ་བརྒྱུད་བཀྲ་ཤིས་དང་༔ ཨོ་རྒྱན་བསྟན་འཛིན་ཞེས་བྱ་ཁམས་ཆེན་བྱོན༔ དེ་ལ་འབྲི་གུང་ཞབས་དྲུང་འཇའ་ཚོན་པ༔ སྐྱེས་ཆེན་དུ་མས་དབང་ལུང་ཞུས་སོ་སྐད༔ ཕྱག་ལེན་རྒྱས་པ་འདི་ཡི་ལུགས་ལ་ཡང་སྤུ་ཀོང་ཕྱོགས་སུ་དར་ཆ་ཆེ་བ་ཡིན༔ དེ་ལྟར་བཀའ་བབས་ཆོས་ཀྱི་རྒྱལ་པཚན་པས༔ ཞི་ཁྲོའི་ཆོས་སྐོར་མང་དུ་མཛད་པ་རྣམས༔ ཧ་ཅང་བརྩམས་


CMR005_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལེགས་པོ་མི་འདུག་ཀྱང་༔ ལུང་ནས་བསྟན་པའི་བཀའ་བབས་རྩོད་མེད་ཕྱིར༔ མཛད་ཆོས་རྣམས་ཀྱང་པོ་ཏིའི་གཞུང་དུ་བརྩི༔ དེ་ཕྱིར་ཀཿཐོག་བླ་མ་སྔ་རབས་དང་༔ དུས་ཕྱིས་ཧེ་པ་བླ་མ་ཆོས་འབྱུང་གནས༔ པད་མ་བློ་གྲོས་ལ་སོགས་མང་པོ་ཡིས༔ ཆོ་གའི་འགྲིགས་དང་ལྷན་ཐབས་མང་དུ་མཛད༔ རི་བོ་ཆེ་རུ་དགོངས་འདུས་ཞི་ཁྲོ་ནི༔ དེང་སང་བར་དུ་རྒྱུན་དུ་བླུག་དར་ཡང་༔་ཀརྨ་གླིང་པའི་ལུགས་ཀྱི་ཆོ་གའི་འགྲིགས༔ མཁར་དྲུང་ཉིད་ཀྱིས་མཛད་པའང་བདག་གིས་མཐོང་༔ དུས་ཕྱིས་ཆོས་སྒོ་བ་ཡིས་མཛད་པ་དང་༔ ཚེར་ལུང་གོང་མས་ཆོག་བསྒྲིགས་རྩ་ཐོ་ནི༔ མཛད་ཀྱང་དེང་སང་དེ་ལུགས་མ་དར་སྐད༔ དེ་བཞིན་དགོངས་འདུས་ལུགས་དང་འཇའ་ཚོན་ལུགས༔ སོ་སོར་བཅའ་ཚོགས་འདོན་ཆ་དུ་མ་སྣང་༔ གང་ལྟར་བྱས་ཀྱང་འགལ་བ་མེད་མོད་ཀྱང་༔ དེང་སང་ཡོངས་གྲགས་གསར་མ་ཤུགས་ཆེ་བས༔ རྙིང་མ་རང་ལུགས་དེ་ཡིས་མ་ཚིམ་པར༔ གསར་མའི་མིག་ལྟོས་བདག་མདུན་བུམ་པ་སོགས༔ མི་འགྲིགས་བཞིན་དུ་བསྒྲིགས་པ་མང་བ་མཐོང་༔ དཀྱིལ་འཁོར་ཡར་འདིང་བྲི་བའི་ལུགས་འདི་ལ༔ གཏོར་དབང་རེག་པ་དོན་ལྡན་མངོན་རྟོགས་ལྟར་


CMR005_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་ཀུན་བཟང་མདུན་དུ་བུདྡྷ་ཧེ༔ གཡས་སུ་རྣམ་སྣང་ལ་སོགས་བཀོད་པ་ནི༔ སློབ་དཔོན་ཧཱུྃ་ཀཱ་ར་ནས་བརྒྱུད་པ་ཡི༔ ཞི་ཁྲོ་བཀའ་མའི་ལུགས་ཡིན་འདིར་མི་འཐད༔ ཅི་ཕྱིར་ཞི་ཁྲོའི་ལས་བྱང་རྒྱས་བསྡུས་གཉིས༔ རིག་འཛིན་ལྔ་སོགས་ཡོད་པ་མ་ཡིན་ཞིང་༔ རྣམ་སྣང་ལྷོ་རུ་བཞུགས་པ་ལ་སོགས་པ༔ འདོན་ཆ་ཉིད་དང་མངོན་སུམ་འགལ་ཕྱིར་རོ༔ མཐའ་ཡི་བྷན་རཀྟ་གཏོར་མ་སོགས་རི་རབ་བང་རིམ་འདྲ་བ་བྱེད་པ་ནི༔ བྱས་ཀྱང་མཆོད་སྟེགས་ཡིན་པས་མི་འགལ་ཞེས༔ མ་བྱས་ཤིང་ལེབ་ཐོག་སོགས་བསྒྲིག་ཀྱང་རུང་༔ དེ་སྐད་གྲུབ་ཐོབ་མེ་ལོང་རྡོ་རྗེས་བཞེད༔ དགོངས་འདུས་ལུགས་ལ་མེ་ཏོག་ཕྲེང་མཛེས་སོགས༔ དགོངས་འདུས་ཆོ་ག་རྒྱས་བསྡུས་གཞུང་བསྲངས་ནས༔ པདྨ་བཛྲ་ཐུགས་ཀར་ཞི་བ་དང་༔ ཞི་ཁྲོའི་ལྷ་ཚོགས་ཕྱི་ནང་སྦྲགས་མར་བསྒོམ༔ འཇའ་ཚོན་ལུགས་ལ་པདྨ་འོད་འབར་བཏང་༔ འོད་འབར་གནས་ལྔར་ཞི་ཁྲོ་རིག་འཛིན་དང་༔ ཕུར་པ་ཊྛཀི་ལ་སོགས་བསྒོམ་པར་བཤད༔ ཞི་ཁྲོ་བཀའ་མར་བཀའ་བརྒྱད་ལ་སོགས་པ༔ ཡི་དམ་གང་རུང་གཞུང་བསྲང་བདག་བསྐྱེད་ནས༔ མདུན་དུ་ཞི་ཁྲོའི་ལྷ་ཚོགས་བསྒོམ་པར་


CMR005_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བཤད༔ མཁར་དྲུང་ཕྱག་ལེན་ཐུགས་སྒྲུབ་གཞུང་བསྲངས་ནས༔ དེ་ནས་དགོངས་འདུས་ཞི་ཁྲོ་འདོན་སྲོལ་འཇིགས༔ ལ་ལས་ལས་བྱང་ཏིང་འཛིན་རྣམ་གསུམ་ནས༔ བདག་བསྐྱེད་བསྒོམ་རིམ་ལྷན་སྐྱེས་ཡེ་ཤེས་བྱེད༔ ལ་ལས་བདག་བསྐྱེད་བག་ཆགས་རང་གྲོལ་འདོན༔ མདུན་བསྐྱེད་ལས་བྱང་གཞུང་ནི་མངོན་རྟོགས་ལྟར༔ བུམ་བསྐྱེད་ཞི་བ་རིགས་ལྔ་སོ་སོ་ཡི༔ མངོན་རྟོགས་ཙམ་ཞིག་བསྒོམ་པའི་ལུགས་ཀྱང་སྣང་༔ དེ་དག་རྣམས་ཀྱང་གསར་མའི་མིག་ལྟོས་བྱེད༔ དགོས་པའི་དཀའ་སྲུང་སྡེ་བདུན་ཕར་སྐྱུར་ནས༔ མི་དགོས་གསར་མའི་ཆོས་སྐྱོང་མང་པོ་སབ༔ དེ་ལྟར་མཛད་པ་དཀྱུས་ལ་འཇགས་པ་མང་༔ ཆོས་སྒོ་བ་སོགས་མཛད་པ་འགའ་ཞིག་གིས༔ ཚོར་ཆེན་ལས་བྱང་ཆེ་ཆུང་བསྲེས་ནས་བྲིས༔ རྒྱས་བསྡུས་མཚལ་སེར་མཛད་ཀྱང་འགལ་བ་མེད༔ ཀཿཐོག་བླ་མ་ཆོས་འབྱུང་ལ་སོགས་ཀྱིས༔ ཞི་ཁྲོ་གཉིས་པོ་དཀྱིལ་འཁོར་གཉིས་བརྩེགས་བསྒོམ༔ འོག་མ་ཞི་བའི་དཀྱིལ་འཁོར་དེ་ཡི་སྟེང་༔ ཁྲོ་བོའི་དཀྱིལ་འཁོར་བསྒོམ་པར་བྱེད་པ་ནི༔ མར་མེ་དང་ནི་འོད་ལྟར་བསྒོམ་གསུངས་པ༔ འདི་ནི་མེ་ལོང་རྡོ་རྗེས་མཛད་ཆོས་ལ༔ ཞི་ཁྲོ་བཀའ་མའི་ལུགས་སུ་དེ་འདྲ་


CMR005_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་༔ དགོངས་པ་ཕྱི་ནང་གཉིས་ཀ་དོན་གཅིག་པས༔ ལུས་ལྷ་ཞི་བ་སྙིང་དང་ཁྲོ་བོ་ནི༔ སྤྱི་བོར་བཞུགས་པས་དེ་ལ་དགོངས་པར་སྣང་༔ འདི་ནི་ནམ་ཡང་འཐད་པར་མ་མཐོང་སྟེ༔ ཚད་ལྡན་གསར་རྙིང་གཞུང་ལུགས་གང་ལ་ཡང་༔ དཀྱིལ་འཁོར་ཕྱི་ནང་སྦྲགས་པ་མང་ན་ཡང་༔ དཀྱིལ་འཁོར་བརྩེགས་མར་ཡོད་པར་མ་མཐོང་ངོ་༔ ལས་བྱང་གཉིས་ལ་དེ་ཡི་སྒྲོས་ཙམ་མེད༔ ལ་ལས་རིག་འཛིན་ལྔ་དང་སྤོར་བྱེད་བརྒྱད༔ ལས་བྱང་ནང་མེད་ལྷ་དབང་ནང་ན་མེད༔ མ་ཚང་འདུག་སྙམ་རྣམ་པར་རྟོག་བྱེད་པ༔ ཨོ་ནས་ཨཱབར་ཡི་གེ་བརྒྱ་པོ་ནི༔ དམ་པ་རིགས་བརྒྱའི་ས་བོན་ཡི་གེར་གསུངས༔་དམ་པ་རིགས་བརྒྱར་རིག་འཛིན་སྤོར་བྱེད་མེད༔ འོན་ཀྱང་དོན་ལ་ཚང་བར་ཡོད་པ་སྟེ༔ ཐུབ་དྲུག་ཁྲོས་པ་སྤོར་བྱེད་བརྒྱད་ཡིན་ཏེ༔ རིག་འཛིན་ལྔ་ནི་བརྒྱུད་པའི་བླ་མ་གཅིག༔ དེ་ཕྱིར་དོན་ལ་མ་ཚང་མེད་པར་ངེས༔ དཀྱིལ་འཁོར་མཐའ་ལ་བྷནྡཱ་རཀྟ་དང་༔ ཟུར་གསུམ་ཚོགས་དང་མར་མེ་བརྒྱ་རྩ་ནི༔ ཤིན་ཏུ་བསྡུས་པའི་བཅའ་ཚོགས་ཡིན་པ་སྟེ༔ བྷན་རཀྟ་ཟུར་གསུམ་ལྷ་བཤོས་དང་༔ ཚོགས་ཆུང་ཤ་ཟན་མར་མེ་བརྒྱ་རྩ་བརྒྱད༔ དེ་ནི་བཅའ་ཚོགས་འབྲིང་


CMR005_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཡིག་ཆུང་འཐུས༔ རྨད་བྱུང་གཏོར་མ་བཞི་བཅའ་ཕྱོགས་བཞི་ནས༔ བཀྱག་པ་ཀཿཐོག་ལུགས་ལ་དར་བར་སྣང་༔ མར་འབུབ་འཛོམས་ན་ལེགས་ཤིང་མ་འཛོམ་རུང་༔ དེ་དག་གཞན་ལུགས་རྣམ་གྲངས་ཐོ་ཙམ་མོ༔ རྣམ་གྲངས་དབྱེ་བའི་སརྒ་གཉིས་པའོ༔ ༈ དེ་ནས་རང་ལུགས་ཕྱག་ལེན་བཤད་བྱ་བ༔ སྒྲུབ་ཆེན་དབང་ཁྲིད་སྦྲེལ་མར་འཇུག་པ་ན༔ དང་པོ་ས་དང་ཐིག་ཆོག་ས་འདུལ་འཚམས༔ དེ་ནས་དཀྱིལ་འཁོར་བཀོད་ཅིང་རྒྱན་བཀོད་འདོན་རྒྱལ་ཐོ་སྒོ་བྱང་དམ་སྲི་མནན་པ་སོགས༔ གཞུང་ནས་ཁ་འཕང་ཙམ་ལས་མ་གསུངས་ཀྱང་༔ གཏེར་ཁ་གཞན་ནས་ཁ་བཀང་རྒྱས་བྱས་ཏེ༔ རྒྱལ་ཐོ་ལ་ཡང་དེ་ཡི་འཆམ་དང་སྦྲགས༔ དམ་སྲི་མནན་ལ་རྟ་བྲོ་བརྡུངས་བྱས་ཤིང་༔ ཆོ་གའི་གཞུང་བསྲང་བཀའ་སྲུང་མཆོད་པ་དང་༔ བསྙེན་པ་ལ་སོགས་ཅི་ནུས་སྐབས་དང་བསྟན༔ འཛབ་བསྙེན་དབྱངས་བཅས་ཁྲོམ་ལ་བསྐུར་བས་འཐུས༔ སྔོན་འགྲོ་སྐྱབས་སེམས་སྐབས་སུ་སྐྱབས་སྡོམ་དང་༔ སེམས་བསྐྱེད་སྡོམ་པ་རྒྱས་པར་སྤྱི་ལྟར་འབོག༔ དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་པ༔ ལས་འབྲས་བཤད་སྐབས་བསྙེན་གནས་ངག་བཅད་ཀྱི༔ སྡོམ་པ་འབོག་ཅིང་དེ་


CMR005_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་བསླབ་བྱ་བཤད༔ དཀྱིལ་འཁོར་བྱིན་འབེབས་སློབ་མ་བྱིན་འབེབས་དང་༔ ཕུར་འཆམ་ཉུལ་ལེ་ལ་སོགས་གཞུང་ཉིད་ནས༔ ཁ་འཕང་མ་གཏོགས་གསལ་བར་མེད་པ་ནི༔ གཞན་ནས་ཁ་སྐོང་འཆམ་དང་བཅས་པ་བྱ༔ དངོས་གཞི་བུམ་དབང་བུམ་འཛིན་ལྷ་མོ་ལྔ༔ འཆམ་དང་བཅས་ཏེ་བུམ་དབང་རྒྱས་པ་དང་༔ ལྷ་དབང་སྐབས་ནས་ཆོས་ཉིད་བར་དོ་ཡི༔ ངོ་སྤྱོད་ཆེན་མོ་དང་བཅས་དབང་རྣམས་བསྐུར༔ བུམ་དབང་རྫོགས་ནས་གཏོར་དབང་མཐའ་བརྟེན་ཞིང་༔ ཚེ་དབང་གཞན་རྣམས་ཁ་བཀང་ཚེ་འགུགས་མཚམས༔ ཉུང་ཆོས་ཚུལ་དུ་ཐོད་རྒལ་ངོ་སྤྲད་དེ༔ མཐར་ནི་རྒྱལ་ཐོ་བསྡུ་འཆམ་ཆད་མདོ་དང་༔ འཛོམ་ན་ཚོགས་འཁོར་ཚོགས་འཆམ་བཅས་པ་བྱ༔ མ་འཛོམ་རྒྱུན་དུ་ཚོགས་ཆུང་བྱས་པས་འཐུས༔ རྗེས་ནས་བསྔོ་བ་སྨོན་ལམ་བཀྲ་ཤིས་བྱ༔ འདི་ནི་དབང་དང་སྒྲུབ་ཆེན་ཉམས་ཁྲིད་གསུམ༔ སྦེལ་མ་ཐོས་པས་གྲོལ་བའི་གདམས་པའོ༔ བསྡུས་པ་མགྱོགས་དབང་དཀྱིལ་འཁོར་དབང་རྫས་བཤམས༔ ལས་བྱང་གཞུང་བསྲང་བསྙེན་པ་ཅི་ནུས་བྱ༔ འཕྲལ་དུ་ཉིན་གཅིག་ལ་སོགས་དབང་རྫོགས་བསྐུར༔ དེ་ལྟར་རྒྱས་བསྡུས་དབང་ནི་གང་བསྐུར་ཀྱང་༔


CMR005_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱང་རྒྱས་བསྡུས་གང་ལྕོགས་ཚར་གཅིག་གིས༔ བདག་མདུན་བུམ་པ་གཏོར་མ་བཞི་པོ་ལ༔ དུས་གཅིག་དཀྱིལ་འཁོར་ཆ་ཚང་བསྐྱེད་པ་སྟེ༔ སོ་སོར་འདོན་མི་དགོས་པ་རྙིང་མ་ཡི༔ ཁྱད་ཆོས་ཡིན་པས་ཐེ་ཚོམ་མི་བྱ་འཚལ༔ དབང་བསྐུར་རྒྱས་བསྡུས་གང་རུང་མ་ཐོབ་བར༔ ཐོད་རྒལ་བཤད་ན་བར་ཆད་རིན་གྱིས་ཉོས༔ ཐོད་རྒལ་བཀའ་སྲུང་མ་གཟའ་དམ་གསུམ་སྟེ༔ ཀོ་ལོང་ཕྲག་དོག་ཆེ་ཞིང་རྩུབ་པ་ཡིན༔ ཞི་ཁྲོ་དང་ནི་ན་རཀ་དོང་སྤྲུགས་གཉིས༔ ཆོ་ག་གཅིག་ལ་དཀྱིལ་འཁོར་གཉིས་སུ་འགྱུར༔ གཙོ་བོ་འཕོ་བའི་ཁྱད་པར་ཡིན་པ་སྟེ༔ སྤྲོས་བཅས་བུམ་དབང་རྒྱས་པ་ཞི་ཁྲོའི་དབང་༔ དེ་ཡི་མཇུག་གི་མཆོག་དབང་སྐོར་གསུམ་ནི༔ དམ་ལྡན་མིན་ན་བསྐུར་ན་ཉེས་པ་ཚེ༔ ན་རཀ་དོང་སྤྲུགས་རིགས་དྲུག་སྐྱེ་བའི་སྒོ༔ གཅོད་པའི་དབང་ནི་འབྲིང་པོ་ཉིད་དུ་ངེས༔ ཞི་ཁྲོའི་འཛབ་བསྙེན་སོ་སོའི་སྙིང་པོ་ནི༔ རྒྱས་པར་ལས་བྱང་ཆེ་བའམ་བཏགས་གྲོལ་ལྟར༔ བསྡུས་པ་བོ་དྷི་ཙིཏྟས་ཆོག་པ་ཡིན༔ ན་རཀ་དོང་སྤྲུགས་འཛབ་བསྙེན་རྒྱས་པ་ནི༔་ན་རཀ་དོང་སྤྲུགས་རྒྱུད་ནས་གསུངས་པ་ལྟར༔ རྡོ་རྗེ་སེམས་དཔའ་རིགས་ལྔའི་ཡིག་བརྒྱ་བཟླ༔ བསྡུས་ན་བཛྲ་སཏྭ་ཧཱུྃ་ཞེས་


CMR005_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

སམ༔ རཏྣ་པདྨ་ཀརྨ་བུདྡྷཱ་སོགས༔ ༀ་དང་སཏྭ་ཧཱུྃ་གི་བར་བཅུག་ལ༔ བཟླ་དང་ཁྲོམ་ལ་བསྐུར་བ་ཕྱག་ལེན་ནོ༔ བྱང་བུ་ལ་ཡང་རྒྱས་པར་སྤྲོ་ན་ནི༔ དབང་བསྐུར་གནས་སྤར་འགྲོ་དྲུག་རང་གྲོལ་བསྐུར༔ བྱང་བུ་ལམ་བསྟན་སྐབས་སུ་བྱང་བུ་ནི༔ མདེའུ་རྩེར་བཏགས་ལ་གཞུ་བཀང་འཕེན་ཚུལ་བྱ༔ མེ་སྦར་ལ་སོགས་གཞུང་ལྟར་བྱས་ནས་ནི༔ བྱང་ཐལ་ལ་ནི་སཱཙྪ་བཏབ་པ་ཡིན༔ རིགས་དྲུག་གནས་འདྲེན་གཞུང་ལྟར་རྒྱས་པ་ནི༔ རིགས་དྲུག་དལ་དང་དབང་གདན་ལ་སོགས་དང་༔ གླུད་བསྔོ་ཁྲུས་བྱས་གནས་སྤར་གཞུང་ལྟར་རོ༔ དེ་དག་དབང་དང་བྱང་བུའི་རིམ་པ་སྟེ༔ རང་ལུགས་སརྒ་དེ་ནི་གསུམ་པའོ༔ ༈ ཞི་ཁྲོ་བླུགས་པའི་ཕྱག་ལེན་རྒྱས་བསྡུས་གཉིས༔ བཅའ་ཚོགས་རྒྱས་བསྡུས་འདོན་ཆ་རྒྱས་བསྡུས་སོ༔ རས་བྲིས་ཡིན་པས་ས་ཐིག་མི་དགོས་ཏེ༔ སྟེགས་བུའམ་ནི་གཡང་དུག་བཏིང་ཡང་རུང་༔ འདོམ་གང་ཁྲུ་གང་གྲུ་བཞི་ཚད་ཡིན་ཏེ༔ དབུས་སུ་རས་བྲིས་དཀྱིལ་འཁོར་བཤམས་པ་ནི༔ མེ་རི་རྡོ་ར་དུར་ཁྲོད་བརྒྱད་ཀྱི་དབུས༔ གྲུ་བཞི་སྒོ་བཞི་རྟ་བབས་བཞི་པའོ༔ དབུས་སུ་ཐིག་ལེ་སྨུག་པོ་ཆེན་པོ་ནི༔ བུདྡྷ་ཧེ་རུ་ཡབ་ཡུམ་མཚོན་པ་


CMR005_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ༔ དེ་སྟེང་སྨུག་ནག་ཆེ་མཆོག་ཡབ་ཡུམ་ཡིན༔ དེ་སྟེང་དཀར་པོ་རྣམ་སྣང་ཡབ་ཡུམ་གཉིས༔ དེ་སྟེང་ཐིག་ལེ་ཕྱེད་སྔོ་ཕྱེད་དཀར་བ༔ གཙོ་བོ་ཀུན་བཟང་ཡབ་ཡུམ་གཉིས་ཡིན་ནོ༔ ཤར་དུ་ཐིག་ལེ་སྔོན་པོ་གཉིས་བརྩེགས་ནི༔ བཛྲ་ཧེ་རུ་ཀ་དང་རྡོ་རྗེ་སེམས༔ གལ་ཏེ་ན་རཀ་དོང་སྤྲུགས་ལུགས་བྱེད་ན༔ དབུས་སུ་ཐིག་ལེ་བརྗེ་བ་རིག་པས་ཤེས༔ རྡོར་སེམས་མདུན་རྒྱབ་གཡས་གཡོན་བཞི་པོ་ལ༔ ཤར་གྱི་སེམས་དཔའ་སེམས་མ་བཞི་པོའོ༔ དེ་བཞིན་ལྷོ་དང་ནུབ་དང་བྱང་བཞི་རུ༔ གཙོ་བོ་རིགས་བཞི་ཁྲག་འཐུང་རིགས་བཞི་དང་༔ ཕྱོགས་བཞིར་རིགས་ཀྱི་སེམས་དཔའ་ཡབ་ཡུམ་བཞི༔ མཚམས་བཞིར་ཐུབ་པ་བཞི་དང་ཤར་ནུབ་ཏུ༔ ཐུབ་པ་དྲུག་པོ་རང་མདོག་ཐིག་ལེ་དང་༔ དེ་རྒྱབ་འདབ་བརྒྱད་དམ་ནི་རྩིབས་བརྒྱད་ལ༔ ཀོའུ་རི་བརྒྱུད་བཀོད་རྩིབས་མཆན་སིང་ཧ་བརྒྱད༔ སྒོ་བཞིའི་གཡས་སུ་ཁྲོ་བོ་ཡབ་ཡུམ་དང་༔ གཡོན་དུ་རྟ་གདོང་སྒོ་མ་བཞི་པོ་སྟེ༔ ཡང་ན་སྒོ་ནང་ཁྲོ་བོ་བཞི་པོ་ལ༔ སྒོ་ཡི་དཀྱིལ་དུ་རྟ་གདོང་སྒོ་མ་བཞི༔ དཀྱིལ་འཁོར་ཕྱི་རིམ་དུར་ཁྲོད་བརྒྱད་ཀྱི་ནང་༔ བར་ཁྱམས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་རྣམས༔ ཐམས་ཅད་རང་མདོག་ཐིག་ལེ་བཀོད་པ་


CMR005_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན༔ ལ་ལས་དབུས་ཀྱི་ཐིག་ལེའི་འོག་ཏུ་ནི༔ རྡོ་རྗེ་སྔོན་པོ་ཨ་དཀར་མཚན་པ་ནི༔ བྲི་སྲོལ་ཡོད་ཀྱང་མ་བྲིས་འགལ་བ་མེད༔ དཀྱིལ་འཁོར་མེ་རི་ཕྱི་ཡི་ཟུར་།།བཞི་ལ༔ བུམ་པ་ཁ་རྒྱན་ལྡན་པ་བཞི་བྲི་བ༔ རྟ་བུམ་ཞེས་བྱ་དཀྱིལ་འཁོར་རྒྱུན་ཡིན་ཏེ༔ ཡོད་ན་དངོས་སུ་བཤམས་པ་དགོས་རྒྱུར་སྣང་༔ རས་བྲིས་དཀྱིལ་འཁོར་དབུས་སུ་བུམ་པ་ནི༔ ཕྱོགས་བཞི་དབུས་ལྔར་རིགས་ལྔའི་བུམ་པ་བཤམས༔ མེད་ན་གཅིག་ཆོག་ཀུན་ཀྱང་རྒྱུན་ལྡན་བཤམས༔ དཀྱིལ་འཁོར་གཡས་སུ་བདུད་རྩི་གཡོན་རཀྟ༔ རྨད་བྱུང་གཏོར་མ་རིན་ཆེན་འབར་བ་མདུན༔ དེ་རྒྱབ་ཤར་དུ་ཞི་བའི་གཏོར་མ་ཟླུམ༔ ལྷོ་རུ་རྒྱས་པ་སྟོད་ཟུར་བཞི་པའོ༔ ནུབ་ཏུ་དབང་གི་གཏོར་མ་སྟོད་ཟུར་གཉིས༔ བྱང་དུ་དྲག་པོའི་གཏོར་མ་སྟོད་ཟུར་གསུམ༔ ལས་དང་མཐུན་པའི་མར་རྒྱན་དེ་ཡི་དབྱིབས༔ མཚམས་བཞིར་ཟུར་གསུམ་ཤ་མར་བརྒྱན་པ་བཤམས༔ བར་མཚམས་ལྷ་བཤོས་རྒྱན་ལྡན་བཅུ་དྲུག་བཀོད༔ ནུབ་དངོས་གཏོར་ཆུང་མི་བསྒྲིག་སྟོང་པ་ལ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་༔ གཏོར་མགྲོན་ཕུགས་གཏོར་ཆེ་ཞིང་བཟང་བ་བསྒྲིགས༔ དེ་མིན་ཕྱོགས་གསུམ་ནང་ནས་རིམ་པ་


CMR005_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར༔ བདུད་རྩི་ཟུར་གསུམ་རཀྟ་ལྷ་བཤོས་དང་༔ མེ་ཏོག་བདུག་སྤོས་དྲི་ཆབ་ཚོགས་ཆུང་དང་༔ མཐེབ་སྐྱུ་ཤ་དུམ་སྦྱར་བ་མར་མེ་རྣམས༔ རེ་རེ་བཞིན་དུ་བརྒྱ་རྩ་ཚང་བ་དང་༔ རྣམ་གྲངས་སྟོང་ཕྲག་གཅིག་ནི་འོང་བ་ཡིན༔ དེ་རྒྱབ་ཟུར་བཞིར་རྒྱལ་མཚན་བཞི་དང་ནི༔ རལ་གྲི་བཞི་དང་མདའ་དར་འཕན་བཅས་བཞི༔ མེ་ལོང་བཞི་དང་ཚོན་སྐུད་དྲ་བ་དང་༔ འོག་ཏུ་སྟག་གི་སྒབ་བསྐོར་ཕུར་བཅུ་གཉིས༔ སྟེང་དུ་ཕོ་བྲང་ཙཀ་གདུགས་བླ་བྲེ་བཅས༔ ཟུར་བཞིར་མཚན་ཐུབ་བཞི་དང་རྐང་ཕྲན་བཞི༔ མཆོད་པ་རྣམ་ལྔ་བཀྱག་རྒྱུ་སྡེར་མ་འམ༔ ཡང་ན་རམ་ཆུང་སྟེང་དུ་བསྒྲིགས་པ་དང་༔ བཀའ་སྲུང་གཏོར་མ་དམར་གཏོར་གཙོ་འཁོར་བཅས༔ ཆད་མདོ་བརྟན་སྐྱོང་གཉིས་ལ་དམར་གཏོར་གཉིས་གཞི་བདག་གཏོར་མ་དཀར་གཏོར་ལེགས་པ་གཅིག༔ གཏོར་དབང་བསྐུར་ན་དབང་གཏོར་མཆོད་རྟེན་དབྱིབས༔ སྔོན་འགྲོ་དཀར་བགེགས་ལ་སོགས་རྙིང་ལུགས་ལྟར༔ དཀྱིལ་འཁོར་ཞལ་ནི་འགྲོ་དོན་གཙོ་བོ་སྟེ༔ རང་ལ་མི་སྟོན་ཁྲོམ་ལ་སྟོན་པ་ཡིན༔ མདུན་དུ་སྟེགས་བུར་ཚོགས་འཁོར་རྒྱས་པར་བཤམས༔ དེ་ནི་བཅའ་ཚོགས་ཤིན་ཏུ་རྒྱས་པའོ༔ བསྡུ་ན་ནུབ་ངོས་ཕུགས་གཏོར་མི་བྱ་


CMR005_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བར༔ གཏོར་ཆུང་ཐམས་ཅད་ཕྱོགས་བཞིར་ཁྱབ་པར་བཤམས༔ ཞི་བའི་གཏོར་མ་བླ་མའི་གོ་ཆོད་དང་རྒྱས་པའི་གཏོར་མར་ཡི་དམ་ཐམས་ཅད་བསྔོ༔ དབང་གི་གཏོར་མར་མཁའ་འགྲོ་ཐམས་ཅད་དང་༔ དྲག་པོའི་གཏོར་མར་ཆོས་སྐྱོང་ཐམས་ཅད་བསྔོ༔ ཟུར་གཏོར་བཞི་ལ་བཀའ་སྲུང་དམ་ཅན་ཚོགས༔ ཆད་མདོ་བརྟན་སྐྱོང་དཀར་གཏོར་དམར་གཏོར་གཉིས༔ དེ་མིན་བཅའ་ཚོགས་སྔོན་ལྟར་བྱ་བ་ཡིན༔ དེ་གཉིས་ཞི་ཁྲོ་བླུགས་པའི་བཅའ་ཡིན་ལ༔ མི་བླུགས་མགྱོགས་དབང་བསྐུར་ན་དཀྱིལ་འཁོར་བཤམས་དབང་གཏོར་སྨན་རཀ་མཆོད་པ་རྣམ་ལྔས་ཆོག༔ དེ་ནས་འདོན་ལུགས་རྒྱས་བསྡུས་གཉིས་ཡིན་ཏེ༔ རྒྱས་པར་སྐྱབས་སེམས་དཀར་བགེགས་མཆོད་བྱིན་རླབས༔ དེ་ལྟར་རྙིང་མ་སྤྱི་ལྟར་བྱས་པ་ནས༔ ཐུགས་སྒྲུབ་རྒྱས་བསྡུས་པདྨ་འོད་འབར་གསུམ༔ གང་རུང་དང་པོ་འདོན་པ་བླ་མ་ཡིན༔ དེ་ནས་ལས་བྱང་རྒྱས་པ་འཛབ་དགོངས་བར༔ ལས་བྱང་ཆེན་པོ་ཚོར་བ་རང་གྲོལ་ལྟར༔ སྤྱན་འདྲེན་སྐབས་སུ་ཁྲོམ་སྡུད་དང་སྦྲགས་ལ༔ ཁྲོམ་འབག་ལ་སོགས་འཆམས་ཤིག་བྱེད་པའོ༔ དེ་ནས་གུར་དྲག་རྟ་མགྲིན་ལ་སོགས་པ༔ རང་གི་ཡི་དམ་གང་


CMR005_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གཏོར་བསྔོས་དང་༔ དེ་ནས་མ་ནིང་གཏེར་མགོན་ལ་སོགས་པ༔ བཀའ་སྲུང་ཆོས་སྐྱོང་ནོར་ལྷའི་གཞུང་རྣམས་འདོན༔ དེ་ལྟར་ལས་བྱང་ལྷ་གཞུང་ཚར་བ་དང་༔ ཁྲོམ་ལ་ཆོས་བཤད་བྲམ་ཟེའི་ལོ་རྒྱུས་དང་༔ ཕྱག་གི་ཕན་ཡོན་བརྗོད་ཅིང་ནམ་མཁའ་ན༔ དཀྱིལ་འཁོར་ལྷ་ཚོགས་བཞུགས་པའི་སྤྱན་སྔ་རུ༔ ཚེ་འདས་གཙོར་བྱས་འགྲོ་ཀུན་ཕྱག་འཚལ་དམིགས༔ ཁྲོམ་གྱིས་པུས་བཙུགས་ཐལ་སྦྱར་འཁོད་པ་ལས༔ བརྒྱ་ཕྱག་ལྷ་ནི་སོ་སོའི་མཚན་གྱི་མཇུག་ཀུན་ཏུ་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ༔ ཞེས་སོགས་ཀུན་གྱིས་བརྗོད་བཅུག་ཕྱག་འཚལ་བཅུག༔ མང་ན་མཆོད་པ་བརྟུལ་བས་པུས་བཙུགས་འཚལ༔ དེ་བཞིན་སྦྲུལ་གདོང་མ་ཡི་བར་དུའོ༔ ཞི་བ་བཞི་བཅུ་རྩ་གཉིས་དང་༔ འབར་བ་ཁྲག་འཐུང་ལྔ་བཅུ་ལ༔ དད་ཅིང་གུས་པས་ཕྱག་འཚལ་ན༔ ཚེ་འདས་ཐོག་དྲངས་སེམས་ཅན་ཀུན༔ ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག༔ ཞེས་སོགས་བསྔོ་བྱང་སིལ་བུར་བརྗོད༔ དེ་ནས་རྡོར་སེམས་རིགས་ལྔའམ༔ ཡང་ན་གཙོ་བོ་རྐྱང་པ་ཡི༔ བསྒོམ་བཟླས་དམིགས་པ་ཁྲོམ་ལ་སྤྲད༔ བཛྲ་སཏཱ་འུར་འདོན་བཅུག༔ མཇུག་ཏུ་བཤགས་ཚིག་རྗེས་ཟློས་དང་༔


CMR005_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་སེམས་རང་ཐིམ་དམིགས་པ་སྤྱད༔ དེ་ལྟར་ཕྱག་འཚལ་ལུས་སྒྲིབ་དག༔ རྡོར་སེམས་སྒོམ་བཟླས་ངག་སྒྲིབ་དག༔ ཡིད་ཀྱི་སྒྲིབ་པ་དག་པའི་ཕྱིར༔ ཕྱག་རྒྱ་།ཆེན་པོའི་ངོ་སྤྲོད་བྱ༔ ན་རཀ་དོང་སྤྲུགས་རྒྱུད་དོན་ཡིན༔ དེ་ལྟར་བསྒོམ་པར་མི་ཤེས་ཀུན༔ དམ་པ་རིགས་བརྒྱའི་སྙིང་པོ་འདི༔ འུར་འདོན་མཛོད་ཅིག་བོ་དྷི་ཙི༔ འཛབ་དབྱངས་ཚུལ་དུ་ལན་གསུམ་བསྐུལ༔ དེ་ལྟར་ཆོས་བཤད་ཚེ་མ་གཏོགས༔ ཁྲོམ་ལ་ཡི་གེ་དྲུག་པ་བསྐུལ༔ དེ་ནས་ཀློང་བཤགས་ཚར་གཅིག་འདོན༔ དེ་ནས་བསྐང་བ་བཀྱག་པ་ནི༔ མཆོད་གཡོག་དབུ་རྒྱན་ཕོད་ཁ་ཅན༔ གཅིག་གིས་མཆོད་པ་རྣམ་ལྔ་བཀྱག༔ སློབ་དཔོན་དུ་ཡོད་དབུ་རྒྱན་དང་༔ ཕོད་ཁ་ཡོད་ན་ཀུན་གྱིས་གྱོན༔ བླ་མས་པད་ཞྭ་ཆོས་གོས་བྱས༔ ཐམས་ཅད་རོལ་མོ་ཡོད་ཚད་ཐོགས༔ དཀྱིལ་འཁོར་ལ་ནི་བསྐོར་བ་བྱས༔ སྟོང་གསུམ་འདིའམ་ཞེས་སོགས་ཀྱི༔ ཚིག་མཚམས་རོལ་མོ་བསྐོར་བ་བྱ༔ ཕྱི་མཆོད་རྫོགས་ནས་རོལ་མོ་དང་༔ མཆོད་པ་བཀྱག་པ་དེ་སྒྱུར་ལ༔ མཆོད་གཡོག་པ་ཡིས་རིམ་པ་ལྟར༔ བདུད་རྩི་རཀྟ་གཏོར་མ་དང་༔ མར་མེ་བཀྱག་ཅིང་དཔོན་སློབ་ཀུན༔ དཀྱིལ་འཁོར་སྐོར་བ་བྱེད་


CMR005_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ༔ སོ་སོའི་བསྐང་བ་གྱེར་བ་ཡི༔ ཚིག་མཚམས་ཚིག་སླད་ཨོཾ་ཨཱཿཧཱུྃ༔ སྦྱར་བ་དགའ་རབ་རྡོ་རྗེས་གསུངས༔ བཀའ་བབས་ཉིད་ཀྱི་ཕྱག་བཞེས་སོ༔ ཁྱད་པར་བདུད་རྩི་མཆོད་པའི་མཇུག༔ བརྒྱུད་པའི་བླ་མའི་མཚན་རྣམས་ཏེ༔ ཆོས་སྐུ་ཀུན་ཏུ་བཟང་པོ་དེ་མཆོད་དོ༔ ཨོཾ་ཨཱཿཧཱུྃ༔ རྩ་བའི་བླ་མའི་བར་དུ་དང་༔ ཞི་བ་བཞི་བཅུ་རྩ་གཉིས་དང་༔ འབར་བ་ཁྲག་འཐུང་ལྔ་བཅུ་དང་༔ དག་པ་རིག་འཛིན་ལྷ་ཚོགས་དང་༔ བཀའ་སྲུང་དམ་ཅན་རྒྱ་མཚོ་དེ་མཆོད་དོ༔ ཞེས་སྦྱར་བདུད་རྩི་རཀྟ་ཡི༔ མཆོད་པའི་མཇུག་དང་ཕུགས་གཏོར་རམ༔ ལས་བཞིའི་གཏོར་མ་བྲན་པར་བྱ༔ མར་མེའི་བསྐང་བའི་མཇུག་ཏུ་ནི༔ འཛབ་དབྱངས་འཛབ་བྲོ་བརྡུང་བ་ཡང་༔ བཛྲ་གུ་རུ་ལན་གསུམ་གྱི༔ རྒྱབ་མ་གཉིས་ལ་ཨོ་མེད་པ༔ སྔོན་མ་གཡས་བསྐོར་རྒྱབ་གཡོན་བསྐོར༔ བོ་དྷི་ཙིཏྟ་གཡས་བསྐོར་དང་༔ རུ་ལུ་ལན་གསུམ་གཡོན་དུ་བསྐོར༔ དེ་ལྟར་བོ་དྷི་ལན་གསུམ་ལ༔ དེ་ནས་བཛྲ་ཐོད་ཕྲེང་རྩལ༔ རྐང་སྟབས་ལག་སྟབས་བྲོ་ཁོད་ཅིག༔ དེ་རྗེས་གུ་རུ་དྷེ་ཝའི་སྔགས༔ འཛབ་དབྱངས་ལན་བདུན་འཛབ་བྲོ་འཁྲབ༔ དེ་ཡང་བཀའ་བབས་ཕྱག་སྲོལ་ལོ༔ དེ་ནས་ཚོགས་


CMR005_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཚོགས་ཕུད་ཕུལ༔ གོང་དུ་གཏོར་བསྔོས་མ་སོང་ན༔ འདི་རུ་གཏོར་བསྔོས་བསྡུས་པ་བྱ༔ དེ་ནས་བར་པས་བཤགས་པ་གསོ༔ རྣམ་ཤེས་ཕུང་པོ་ལ་སོགས་པའི༔ ཞི་ཁྲོའི་བསྐང་བ་དངོས་དང་ནི༔ ཕུར་པའི་བསྐང་བ་བཅས་པ་འདོན༔ དེ་ནས་ཚོགས་ཟན་བསྒྲལ་ནས་བྲན༔ བཀུག་གཞུག་ཁྲོ་འབག་འཆམས་དང་བཅས༔ བསྒྲལ་ལ་ལིང་རོ་ཕུགས་གཏོར་རམ༔ དྲག་པོའི་གཏོར་མའི་དྲུང་དུ་འབུལ༔ དེ་ཡང་དཀྱིལ་འཁོར་བསྐོར་ཞིང་འཆམས༔ དེ་ནས་ཞལ་དུ་འབུལ་ཚུལ་བསྟབ་སློབ་དཔོན་ཉིད་ལ་ཚོགས་དྲངས་ཤིང་༔ དེ་ནས་ལྷག་མའི་ཆོ་ག་བྱ༔ ལྷག་འཆམས་འབག་བཅས་འཆམས་ལ་འབུལ༔ ཁྲོམ་ལ་ཐུག་པ་ཚོགས་ཆང་བཀྱེ༔ ཚོགས་བགོ་ཚོགས་ཤ་དང་བཅས་པ༔ ཐམས་ཅད་ཀུན་ལ་ངོམ་པར་བཀྱེ༔ དེ་ནས་མར་མེ་གཏམས་བྱས་ལ༔ དཔོན་སློབ་ཐམས་ཅད་རྒྱན་བཅས་བཞེངས༔ དེ་ནས་ཁྲོམ་པ་ཐམས་ཅད་ལ༔ སྨོན་ལམ་མཉམ་དུ་བཏབ་པ་ཡི༔ མོས་པ་མཛོད་ཅེས་སྨོན་ལམ་གྱེར༔ དེ་ནས་དཔོན་སློབ་ཐང་ལ་འདུག༔ ཚེ་འདས་ལ་སོགས་བསྔོ་བ་བྱ༔ སྤྲོ་ན་སྐབས་འདིར་ཁྲོམ་པ་ལ༔ ཞི་ཁྲོའི་གཏོར་དབང་བསྐུར་བ་དང་༔ དགེ་


CMR005_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཁས་ལེན་ལ་སོགས་བྱ༔ དེ་ནས་བཀའ་སྲུང་སྡེ་བདུན་དང་༔ ཆད་མདོ་བརྟན་སྐྱོང་ལ་སོགས་བྱ༔ ཕྱིར་ནངས་ནམ་མཁའ་མ་ལོང་བར༔ མར་མེ་མི་ཟད་དེ་ཡི་ཕྱིར༔ ཕྱིར་ནངས་དཀྱིལ་འཁོར་བསྡུ་ཆོག་བྱ༔ དེ་ནི་འདོན་ཆ་རྒྱས་པ་སྟེ༔ ཡུལ་པས་ཉིན་རིང་ཞི་ཁྲོ་བཅའ༔ མཚན་མོ་ཇོ་རྒྱུན་དང་སྦྲགས་ནས་ནམ་ནི་དཀར་གསལ་ཉ་བུད་བྱེད༔ ཚོགས་ཆང་ཐུག་པ་གཉིས་གསུམ་བཀྱེ༔ དེ་འདྲ་སྔར་ནས་སྲོལ་འཇག་པ༔ ཡོན་བདག་འགྲོ་སྒོ་ཆེ་བ་དང་༔ དཔོན་སློབ་བསིལ་ཞིང་གཉིད་ཆག་པས༔ ཕྱག་ལེན་མ་འཆུགས་བྱ་བའི་ཕྱིར༔ ཚེ་སྟོད་དེ་འདྲའི་ངང་ལ་སོང་༔ བསྡུས་པ་སྔོན་འགྲོ་དཀར་བགེགས་དང་༔ མཆོད་པ་བྱིན་རླབས་སོགས་བྱེད་དམ༔ ཕག་མོ་རྒྱལ་བ་རྒྱ་མཚོ་སོགས༔ ཡི་དམ་བདག་བསྐྱེད་བྱས་ཀྱང་འཐུས༔ དེ་ནས་ལས་བྱང་ཚོར་ཆུང་བཏང་༔ མར་མེ་མི་འཛད་དགོས་པ་ཡི༔ མར་མེ་སྨོན་ལམ་མར་མེ་སྦར༔ དེ་ནས་ཀློང་བཤགས་བགོ་ནས་འདོན༔ མི་རེས་ལེའུ་རེ་རེ་འདོན༔ སྐབས་སུ་གཏོར་བསྔོས་ཧྲུག་ཙམ་བྱ༔ དེ་ནས་བརྒྱ་ཕྱག་བསྐང་བ་བཀྱག༔ ཚོགས་དང་གཏོར་འབུལ་ཚོར་ཆུང་ལྟར༔ བསྡུ་ཆོག་ཉིན་སྐོར་བསྡུས་པའོ༔ བསྐང་བ་ཀློང་


CMR005_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་ཚོགས་ལས་དང་༔ མར་མེ་སྨོན་ལམ་དང་བཅས་པ༔ དལ་ཁོམ་དབང་གིས་འོག་དང་གོང་༔ ཁྲིག་ཁྲིག་མི་དགོས་ཚང་བས་ཆོག༔ བག་ཆགས་རང་གྲོལ་རྩ་ཚིག་སོགས༔ དལ་ན་འདོན་ལ་མ་ཐོན་རུང་མ་ཚང་ཉེས་པ་འབྱུང་བ་མིན༔ ཞི་ཁྲོ་བླུགས་ཞེས་བྱ་བ་ཡི༔ ན་རཀ་དོང་སྤྲུགས་ཆོ་ག་ལ༔ ལས་བྱང་རྒྱས་བསྡུས་གང་འདོད་དང་༔ བརྒྱ་ཕྱག་བསྐང་བཤགས་ཀློང་བཤགས་བཞི༔ ཚར་རེ་ངེས་པར་འགྲོ་དགོས་སོ༔ དེ་ཡང་བརྒྱ་ཕྱག་སྐོང་བཤགས་གཙོ༔ ཀློང་བཤགས་བགོས་ནས་བཏོན་པས་འཐུས༔ འཛབ་བསྙེན་བོ་དྷི་ཕྲེང་སྐོར་ཙམ༔ ཡིག་བརྒྱ་ཅི་ནུས་གལ་ཆེའོ༔ དེ་ནི་བཅའ་ལུགས་སྟ་གོན་དང་༔ འདོན་ལུགས་དངོས་གཞི་རྒྱས་དང་བསྡུས༔ བཅའ་ཚོགས་འདོན་འགྲིག་སརྒ་བཞི་པའོ༔ ༈ སྤྱིར་གྱི་ཞི་ཁྲོ་བསྐང་ཆོག་བྱེད་པ་སྟེ༔ བསྐྱེད་པ་མ་ཧཱ་ཡོ་ག་གཙོ་ཆེ་བས༔ བཅའ་ཚོགས་མཆོད་གཏོར་གྱེར་དབྱངས་ལ་སོགས་པ༔ ཇི་ལྟར་རྒྱས་བཞིན་ཚོགས་རྫོགས་བྱིན་རླབས་ཚེ༔ རྔ་དང་པི་ཝང་དག་ལས་སྒྲ་འབྱུང་བ༔ རྒྱུ་རྐྱེན་རྟེན་འབྲེལ་ཚོགས་ལས་འབྱུང་བ་ལྟར༔ དཀྱིལ་འཁོར་རྒྱན་དང་ཕོ་བྲང་བཀོད་པ་སོགས༔ སྒྲུབ་


CMR005_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གཞུང་ལྟར་འཛོམས་ན་བསོད་ནམས་ཚེ༔ མ་འཛོམ་ན་ཡང་ཐབས་མི་ཆག་པ་སྟེ༔ རྒྱས་བསྡུས་འབྱོར་བ་དལ་ཁོམ་སྐབས་བསྟུན་རུང་༔ མེད་དུ་མི་རུང་ཅིས་ཀྱང་དགོས་ངེས་པ༔ འདི་ནི་གསང་སྔགས་ནང་པའི་རྒྱུད་ཡིན་པས་ནང་གི་བསྐྱེད་རྫོགས་ཏིང་འཛིན་མེད་མི་རུང་༔ བཅའ་ཚོགས་རྒྱས་ཤིང་ཆོ་ག་ཚང་བ་དང་༔ གྱེར་དབྱངས་ལེགས་ཤིང་ཕྱག་ལེན་མཁས་ན་ཡང་༔ ཏིང་ངེ་འཛིན་དང་མི་ལྡན་མ་ཚང་ངེས༔ དེ་ཕྱིར་ཏིང་འཛིན་ཐོ་ཙམ་འདིར་བཀོད་བྱ༔ སྐྱབས་སེམས་སྔོན་འགྲོ་ལ་སོགས་ཏིང་འཛིན་ནི༔ སྤྱི་དང་མཐུན་ཕྱིར་འདི་རུ་ཡི་གེར་འཇིགས༔ སྤྱིར་གྱིས་རྙིང་མ་གྱེར་བསྒོམ་ཡིན་པའི་ཕྱིར༔ ངག་གི་འདོན་བྱ་ཡིད་ཀྱིས་བསྒོམ་རྒྱུ་སྟེ༔ རང་གཞུང་གསལ་ཕྱིར་འདི་རུ་བྲིར་མི་ལོང་༔ གནད་འགའ་གཞུང་ན་མི་གསལ་སྙན་བརྒྱུད་པ༔ འགའ་ཞིག་གསལ་བར་བརྗོད་པར་བྱ་བ་སྟེ༔ དེ་ཡང་དེང་སང་དར་ཆ་ཆེ་བའི་ཕྱིར༔ ལས་བྱང་ཉུང་བ་ཚོར་གྲོལ་སྙིང་པོ་ཡི༔ གཞུང་ཚིག་མི་གསལ་བ་ཡི་གསལ་བྱེད་ནི༔ རང་ཉིད་སྐད་ཅིག་དྲན་རྫོགས་རྡོ་རྗེ་སེམས༔ དཀར་པོ་རྡོ་རྗེ་དྲིལ་འཛིན་སྤྱི་ལྟར་ལས༔ ཐུགས་ཀར་ཕྱག་རྡོར་ཁྲོ་བོ་ཕྱག་གཉིས་པ་ཞི་བ་ཀུན་འདུས་རྡོ་རྗེ་སེམས་དཔའ་


CMR005_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ༔ དེ་ཉིད་ཁྲོས་པ་ཁྲོ་བོ་ཀུན་འདུས་པ༔ བཛྲ་ཧེ་རུ་ཕྱག་རྡོར་དོན་གཅིག་པས༔ ཞི་ཁྲོ་གཅིག་དྲིལ་སྐུར་གསལ་ང་རྒྱལ་གྱིས༔ ཧཱུྃ༔ ང་ཉིད་ལྷ་ཡི་ང་རྒྱལ་གྱེས༔ ཞེས་སོགས་བརྗོད་པས་བགེགས་ལ་བཀའ་བསྒོའོ༔ བཀའ་བསྒོ་ཙམ་གྱིས་མི་ཉན་ནག་པོའི་ཕྱོགས༔ ཨུ་ཙ་ཏ་ཡའི་སྔགས་ཀྱིས་དབང་མེད་བསྐྱེད༔ སྔོན་ལྟར་བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཕྱག་མཚན་དྲུག་པོ་བུ་ཡུག་འཚུབ་བཞིན་སྤྲོས༔ བགེགས་རྣམས་རྒྱ་མཚོའི་ཕར་མཐར་བསྐད་བྱས་ནས༔ ཚུལ་འདུས་སྲུང་བའི་འཁོར་ལོ་རིམ་པ་དྲུག་ཕྱི་རོལ་མེ་རི་ཁ་དོག་ལྔ་ལྡན་གུར༔ ཕྱོགས་མཚམས་སྟེང་འོག་ཀུན་ཁྱབ་སྒོ་ངའི་དབྱིབས༔ དེ་ནང་འཁོར་ལོའི་གུར་ལ་རིགས་གསུམ་ཡོད༔ འཁོར་ལོ་ཆུང་ངུ་མང་པོ་འཁོར་བ་ཡི༔ རྩིབས་བར་གནོད་བྱེད་དམྱལ་དམྱལ་གཏུབ་པ་དང་༔ གནམ་ས་གའུ་ཁ་སྦྱོར་འདྲ་བ་ཡི༔ གསེར་དང་གནམ་ལྕགས་འཁོར་ལོ་ཁ་སྦྱོར་བའི༔ སྟེང་མ་གཡས་དང་འོག་མ་གཡོན་དུ་འཁོར༔ རྩིབས་གཉིས་སོ་འཐབ་བར་དུ་གནོད་བྱེད་གཏུབས༔ འཁོར་ལོ་ཆེན་པོ་སྦྱབ་ཆོལ་ཁ་སྦྱོར་བཞིན༔ ནང་དུ་རང་དང་བསྲུང་བྱ་གནས་པ་ལ༔ གནམ་ལྕགས་ཡིན་ཀྱང་ཁ་དོག་དཀར་བ་


CMR005_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ མཐའ་ཡི་སྟེང་འོག་རྩིབས་རྣམས་གཉིས་གྱུར་པ༔ རལ་གྲི་སོ་གཉིས་རྩེ་མོ་ལྟ་བུ་ཡི༔ རྩིབས་ནི་བྱེ་བ་དུང་ཕྱུར་གྲངས་མེད་དེ༔ སྔ་དྲོ་གཡས་དང་ཕྱི་དྲོ་གཡོན་དུ་འཁོར༔ གནོད་བྱེད་ཐམས་ཅད་ཕྲུལ་ཕྲུལ་རྩིབས་ཀྱིས་གཏུབས༔ གཏུབས་པ་ཐམས་ཅད་ཕྱི་རོལ་མེ་ཡིས་བསྲེག༔ དེ་ལྟར་གསུམ་ལས་ཕྱི་མ་གཙོ་བོ་བཟུང་༔ དེ་ནང་གནམ་ལྕགས་རྡོ་རྗེ་རྒྱ་གྲམ་ནི༔ དྲག་པོས་རྡོ་རྗེ་རྩེ་གསུམ་ཁ་གདེངས་བ༔ མང་པོ་གསོར་ལྟར་འཁོར་བའི་གུར་མདོག་ལྗང་༔ དེ་ནང་པདྨ་དམར་པོའི་གུར་དང་ནི༔ དེ་ནང་རིན་ཆེན་སེར་པོའི་གུར་ཡིན་ལ༔ དེ་ནང་རྡོ་རྗེ་སྔོན་པོའི་གུར་རྣམས་ཏེ༔ འདི་སྐབས་མདུན་བསྐྱེད་གཙོ་ནི་ཆེ་བའི་ཕྱིར༔ མདུན་གྱི་དཀྱིལ་འཁོར་རྡོ་ར་མེ་རི་དང་༔ དང་པོ་དཀྱིལ་འཁོར་གཅིག་ལ་བསྒོམ་པར་འཐད༔ དེ་ནས་གོང་ལྟར་རང་ཉིད་ལྷར་གསལ་བའི༔ ཐུགས་ལས་རཾ་ཡཾ་ཁཾ་གསུམ་འཕྲོས་པ་ཡིས༔ མེ་ཆུ་རླུང་འཕྲོས་མཆོད་རྫས་མ་དག་སྦྱངས༔ མེ་ཆུ་རླུང་ཞུ་སྨན་གཏོར་རཀྟ་དང་༔་ཕྱི་མཆོད་ལ་སོགས་སོ་སོའི་སྔགས་བརྗོད་པས༔ སོ་སོར་བསྒོམ་ཚུལ་མཆོད་པ་བྱིན་བརླབ་ནི༔ རྒྱས་པ་རྣམས་ནས་འབྱུང་ལྟར་སོ་སོར་དམིགས༔ དེ་ནས་རྙིང་མའི་ཆོས་ཀྱི་


CMR005_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་ནི༔ ཏིང་འཛིན་རྣམ་གསུམ་ཚིག་འབྲུ་གསུམ་ལ་འདུས༔ ཡེ་ནས་འཁོར་འདས་ཆོས་ཀུན་སྟོང་པ་ཉིད༔ རྟོགས་དང་མ་རྟོགས་མེད་དེ་ཕྱག་རྒྱུ་ཚེ༔ དེ་ལ་དམིགས་གཏད་བསྒོམ་རྒྱུ་སྤུ་ཙམ་མེད༔ ཡིན་ལུགས་སྟེང་དུ་དེ་བཞིན་ཤེས་པར་བཞག༔ ཧཱུྃ༔ རྟོག་བྲལ་ལ་སོགས་ཚིག་གཅིག་ལྟ་བའི་དོན༔ དེ་ལྟར་མ་རྟོགས་འགྲོ་དྲུག་སེམས་ཅན་རྣམས༔ ཀུན་ལ་ཁྱབ་པའི་ཤུགས་འབྱུང་སྙིང་རྗེ་བསྒོམ༔ ཀུན་ཁྱབ་རང་གསལ་ཞེས་སོགས་སྙིང་རྗེའི་དོན༔ སྟོང་པའི་རྩལ་ལས་སྙིང་པོ་ཤར་བ་སྟེ༔ འགྲོ་དོན་མཛད་པ་གཟུགས་སྐུའི་རྒྱུ་ཡིན་པས༔ ནམ་མཁའ་སྟོང་པའི་ངང་ནས་སྤྲིན་བྱུང་ལྟར༔ རང་སེམས་ཨ་མཐིང་རྒྱུ་ཡི་ཏིང་ངེ་འཛིན༔ དེ་ནས་བདག་མདུན་ཐ་མི་དད་པར་བསྒོམ༔ འདི་ལ་བསྒོམ་ལུགས་རིགས་ནི་གསུམ་མཆིས་ཀྱང་༔ གཞན་ལུགས་ཡི་གེར་འཇིགས་པས་རང་ལུགས་བཤད༔ མངོན་རྟོགས་ཚར་གཅིག་འདི་ནི་དབྱངས་སུ་འདོན༔ དབྱངས་སུ་གྱེར་བ་བསྒོམ་ལོང་ཡོད་ཕྱིར་ཡིན༔ བདག་བསྐྱེད་དཀྱིལ་འཁོར་ཆ་ཚང་བསྒོམ་པ་དང་༔ མདུན་བསྐྱེད་རས་བྲིས་དཀྱིལ་འཁོར་ཆ་ཚང་གཅིག༔ དབང་གཏོར་དཀྱིལ་འཁོར་ཆ་ཚང་གཅིག་དང་ནི༔ བུམ་


CMR005_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཅིག་ཡིན་ཕྱི་ནི་བུམ་པ་ལ༔ ནང་དུ་དཀྱིལ་འཁོར་ཆ་ཚང་གཅིག་བསྒོམ་སྟེ༔ བུམ་པ་ལྔ་ཡོད་བུམ་ནང་དཀྱིལ་འཁོར་ལ༔ ཕྱོགས་བཞི་དབུས་ལྔའི་ལྷ་ནི་བགོ་ནས་བསྒོམ༔ དཀྱིལ་འཁོར་འབྱུང་བ་རིམ་བརྩེགས་གོ་སླ་སྟེ་ཞི་ཁྲོ་སྦྲག་མའི་དཀྱིལ་འཁོར་ཡིན་པའི་ཕྱིར༔ ཕྱི་ནི་ཞི་བ་རིན་ཆེན་གཞལ་ཡས་ཁང་༔ ནང་ནི་ཐོད་པ་སྐམ་རློན་བརྩེགས་པ་སྟེ༔ ཞིབ་པར་ལས་བྱང་རྒྱས་པའི་ནང་ན་གསལ༔ ལྷ་བརྒྱད་ཀ་བ་ལ་སོགས་ཁྲོ་བོ་ཡི༔ རྩིག་པ་ཕྱི་ནང་ཡིན་པ་མ་རྟོགས་པར༔ ཕྱི་ནང་དཀྱིལ་འཁོར་གཉིས་ནི་མ་ཡིན་ནོ༔ དེ་ནས་ཤིན་ཏུ་གནད་ཆེ་ལྷ་བསྒོམ་ཐབས༔ དང་པོ་རང་ཉིད་ཀུན་བཟང་ཡབ་ཡུམ་བསྒོམ༔ ཡབ་ཡུམ་སྦྱོར་མཚམས་བྱང་སེམས་ལས་གྲུབ་པའི༔ ས་བོན་སོ་སོར་སྤྲོས་ནས་གདན་ལ་བཞུགས༔ དེ་དོན་རྒྱས་པར་ལས་བྱང་རྒྱས་པར་ལྟོས༔ ལས་བྱང་བསྡུས་ཀྱང་བསྒོམ་ལུགས་དེ་དགོས་སོ༔ རྣམ་སྣང་དང་ནི་བུདྡྷ་ཧེ་རུ་ཀ༔ དབུས་སུ་བསྒོམ་པ་ཞི་ཁྲོའི་དཀྱིལ་འཁོར་ཡིན༔ རྣམ་སྣང་བུདྡྷ་ཧེ་རུ་ཤར་དུ་བུད༔ རྡོར་སེམས་བཛྲ་ཧེ་རུ་དབུས་བསྒོམ་པ༔ ན་རཀ་དོང་སྤྲུགས་ཆོ་གར་འགྱུར་བ་ཡིན༔ སྒྲིབ་སྦྱོང་གཙོ་བོ་ཡིན་ན་འདི་བྱ་དགོས༔ རྣམ་སྣང་རྡོར་སེམས་


CMR005_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གང་རུང་ཐུགས་ནས་སྤྲོས༔ དཀྱིལ་འཁོར་དབུས་བཞུགས་ཀུན་བཟང་ཡར་ལ་བཏེག༔ རིགས་བདག་ཚུལ་དུ་དབུ་ཡི་གཙུག་ཏུ་བཞུགས༔ འདི་ནི་ལས་བྱང་ཆེ་བའི་ཡིག་ཆུང་གསལ༔ དེ་ནས་ཞི་བའི་ལྷ་ཚོགས་ཀུན་བསྐྱེད་པ༔ དཀྱིལ་འཁོར་ནང་གི་ནམ་མཁར་ཡར་ལ་བཏེག༔ ཀུན་བཟང་ཐུགས་ལས་ས་བོན་མར་འཕྲོས་པས༔ ཁྲོ་བོའི་ལྷ་ཚོགས་འོག་ཏུ་བསྒོམ་པ་སྟེ༔ ཁྲག་འཐུང་རིགས་ལྔའི་སྟེང་གི་དབུ་གཙུག་ཐད༔ ཞི་བ་རིགས་ལྔ་རིགས་བདག་ཚུལ་ཡིན་ཏེ༔ འདི་དོན་བཀའ་བརྒྱད་གཞུང་ན་ཤིན་ཏུ་གསལ༔ འདི་མིན་གཞན་དུ་འདོད་ན་འཁྲུལ་ཚབས་ཆེ༔ དེ་བཞིན་ཞི་བ་ཁྲོ་བོའི་སྒོ་སྲུང་ཡང་༔ བྲི་དུས་གཡས་གཡོན་ཕྱོགས་སུ་བྲིས་ན་ཡང་༔ བསྒོམ་དུས་ཐོ་བརྩེགས་བསྒོམ་པ་ལེགས་པ་ཡིན༔་། སྟེང་གི་བརྒྱ་བྱིན་ཀུན་བཟང་དབུར་མི་བསྒོམ༔ མདུན་ཐད་བར་སྣང་ཙམ་དུ་བསྒོམ་པ་ཡིན༔ འོག་གི་ཆོས་རྒྱལ་དཀྱིལ་འཁོར་འོག་ན་མིན༔ ཞི་བའི་འོག་སྟེ་ཁྲག་འཐུང་གཙོ་བོའི་རྒྱབ༔ ལས་བྱང་བསྡུས་པ་ཕལ་ཆེར་ཡིག་ཆ་ལ༔ ཆེ་མཆོག་མེད་ཀྱང་བུདྡྷ་ཧེ་རུ་དང་༔ དོན་གཅིག་ཕྱིར་ན་མ་ཚང་སྐྱོན་མེད་དེ༔ སབ་པར་འདོད་ན་སབ་ཀྱང་འགལ་བ་མེད།


CMR005_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཕྱི་དང་རྡོ་ར་དུར་ཁྲོད་ནང་༔ བར་ཁྱམས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་བསྒོམ༔ སྒོ་མ་བཞི་ཡང་སྒོ་ཐད་ཕྱོགས་བཞིའོ༔ དེ་ཡན་བདག་མདུན་བུམ་པ་གཏོར་མ་འདྲ༔ ཁྱད་པར་མདུན་བསྐྱེད་དཀྱིལ་འཁོར་དེ་ཡི་ཕྱི༔ རྡོ་ར་དུར་ཁྲོད་ནང་དུ་དབང་ཕྱུག་མ༔ དབང་ཕྱུག་མ་ཡི་ནང་ལ་དཀྱིལ་འཁོར་ཕྱི༔ བར་ཁྱམས་ཤིན་ཏུ་རྒྱ་ཆེ་ཡངས་པའི་ནང་༔ རིག་འཛིན་ལྔ་དང་སྤོར་བྱེད་ཆེན་པོ་བརྒྱད༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཡི་ཚོགས༔ གཏོར་མགྲོན་ཆོས་སྐྱོང་ཐམས་ཅད་བསྒོམ་པ་སྟེ༔ འདི་དོན་ཐུགས་སྒྲུབ་ལ་སོགས་གཞུང་ཀུན་གསལ༔ དེ་བཞིན་བདག་བསྐྱེད་དཀྱིལ་འཁོར་བར་ཁྱམས་ལའང་༔ རང་གི་ཡི་དམ་བདག་བསྐྱེད་གང་དགོས་རྣམས༔ དཀྱིལ་འཁོར་སོ་སོར་མི་བསྡུ་བཞག་པ་སྟེ༔ དཔེར་ན་གུར་ལ་ཅོག་བུས་བསྐོར་བ་བཞིན༔ འདི་ལྟར་བྱས་པའི་དགོས་ཆེད་ཅི་ཞེ་ན༔ བསྐང་བ་ཚོགས་འཁོར་མཆོད་པ་གཏོར་འབུལ་སོགས༔ དེ་དག་ཀུན་ལ་བྱས་པར་འགྱུར་བ་སྟེ༔ ཞི་ཁྲོའི་ཆོ་ག་གཅིག་གི་ཁོག་དེ་ན༔ ཡི་དམ་ཆོས་སྐྱོང་ཀུན་གྱི་ཆོ་ག་རྫོགས༔ དེ་དག་ཆོག་པའི་ལུང་ཡང་གང་ཞེ་ན༔ བདེ་གཤེགས་གཅིག་གི་དཀྱིལ་འཁོར་དུ༔ བདེ་གཤེགས་ཀུན་གྱི་ལས་


CMR005_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་བསྲངས༔ རྒྱལ་བ་གཅིག་བསྒྲུབ་ཀུན་གྱི་ངང་༔ ཚིག་དེ་རྒྱུད་ཀྱི་ལུང་ཞིག་ཡིན་འདུག་པས༔ ཨོ་རྒྱན་ཆེན་པོས་ཡང་ཡང་ལུང་འདྲེན་མཛད༔ འདི་ནི་བསྐང་གསོ་མདོས་དང་རྒྱུན་ཁྱེར་སོགས༔ ཀུན་ལ་རྩ་བའི་ཡི་དམ་གཙོར་བཟུང་ནས༔ གཞན་རྣམས་སྔ་མ་བསྡུ་ཆོག་མི་དགོས་པར༔ ཡི་དམ་མང་པོའི་ལྷ་གཞུང་བསྲང་ཐབས་ཡིན༔ ༈ དེ་ནས་ཡེ་ཤེས་སྤྱན་འདྲེན་བྱ་བ་ཡང་༔ སྤྱན་འདྲེན་གྱུར་པས་འོག་མིན་གནས་སོགས་ནས༔ ཁ་བ་བབས་ལྟར་མང་པོ་སྤྱན་དྲངས་ཏེ༔ བདག་མདུན་བུམ་པར་སོ་སོར་ཐིམ་བསྒོམས་པས༔ སོ་སོར་སྤྱན་འདྲེན་མི་དགོས་གཅིག་གིས་འཐུས༔ རང་སེམས་ལས་སྤྲུལ་མཆོད་པའི་ལྷ་མོ་ནི༔ བྱེ་བ་དུང་ཕྱུར་གྲངས་མེད་སྤྲོས་བྱས་ཏེ༔ བདག་མདུན་བུམ་པ་གཏོར་བསྐྱེད་ལྷ་རྣམས་ལཿ་སོ་སོར་ཕྱག་འཚལ་མཆོད་པ་འབུལ་བ་དང་༔ བསྟོད་པ་བྱེད་དམིགས་ལས་བྱང་རྫོགས་པར་གྱེར༔ དེ་ནས་བོ་དྷི་ཙིཏྟ་ཕྲེང་སྐོར་ཙམ༔ ཁྱད་པར་ན་རཀ་དོང་སྤྲུགས་ཆོ་ག་ལ༔ བདག་མདུན་བུམ་ལྷའི་དཀྱིལ་འཁོར་གཙོ་བོ་ཡི༔ རྡོར་སེམས་ཡབ་ཡུམ་མཐིང་ཀའི་ཐུགས་ཀ་རུ༔ ཧཱུཾ་མཐར་ཡི་གེ་བརྒྱ་པ་གཡས་བསྐོར་དང་༔ དེ་


CMR005_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རྣམ་སྣང་ལ་སོགས་རིགས་བཞི་ཡི༔ ཐུགས་ཀར་རིགས་ལྔ་སོ་སོའི་ཡིག་བརྒྱས་བསྐོར༔ དེ་ལས་རང་མདོག་འོད་ཟེར་འཕྲོས་པ་ཡི༔ ཚེ་འདས་གཙོར་བྱས་འགྲོ་བའི་སྡིག་སྒྲིབ་རྣམས༔ བ་མོ་ལ་ནི་ཉི་ཟེར་ཕོག་པ་ལྟར༔ དག་པར་བསྒོམ་ལ་རིགས་ལྔའི་ཡིག་བརྒྱ་ལྔ༔ རྒྱས་པར་ན་རཀ་དོང་སྤྲུགས་རྒྱུད་ལྟར་རམ༔ འབྲིང་པོ་ཨོཾ་ཨཱཧཱུྃ་སྭཱ་ཧཱ༔ ཨོཾ་བཛྲ་སཏྭ་ཞེས་སོགས་རིགས་ལྔ་སྤྱི་དྲིལ་ཡིག་བརྒྱའམ༔ བསྡུས་པ་རྡོར་སེམས་ཡིག་བརྒྱ་ཅི་ནུས་འབད༔ སྔགས་དམིགས་འདི་ནི་ཤིན་ཏུ་གལ་ཆེའོ༔ མདོར་ན་ན་རཀ་དོང་སྤྲུགས་ཆོ་ག་ཡང་༔ རྡོར་སེམས་ཞི་ཁྲོའི་ཆོ་ག་རྒྱས་པ་སྟེ༔ བཛྲ་ཧེ་རུ་རྡོར་སེམས་ཁྲོས་པའོ༔ དེ་ནས་རང་གི་ཡི་དམ་ཆོས་སྐྱོང་སོགས༔ ཆག་མི་རུང་བ་གསར་རྙིང་ཁྱད་མེད་པ༔ སྐབས་འདིར་སྦྱར་ཞིང་གཏོར་བསྔོས་ལ་སོགས་བྱ༔ དམིགས་པ་བསྒོམ་ཚུལ་གོང་དུ་བཤད་ལྟར་རོ༔ དམ་ཅན་སྡེ་བདུན་སྦྱར་ན་བཀྲ་ཤིས་དགེ༔ ཅི་ཕྱིར་ཆོས་འདིའི་བདག་པོ་ཁོང་རྣམས་ཡིན༔ བརྒྱ་ཕྱག་དམིགས་པ་གོ་སླ་བྲི་མི་དགོས༔ འོན་ཀྱང་ད་ནངས་བསྒོམ་པའི་སྲུང་འཁོར་དང་༔ མདུན་བསྐྱེད་རྡོ་ར་མེ་རི་དོན་གཅིག་པར༔ གུར་ཆེན་ཕུབ་པ་ལྟ་བུར་གྱུར་པའི་ནང་༔ བདག་


CMR005_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་བུམ་བསྐྱེད་གཏོར་མ་ལྷར་བསྐྱེད་ཅིང་༔ དཀྱིལ་འཁོར་རྣམས་ཀྱི་རྡོ་ར་མེ་རི་ནི༔ དགོན་པ་རྣམས་ཀྱི་ལྕགས་རི་ལྟ་བུ་སྟེ༔ སྟེང་ནི་ཧད་པོར་ཡོད་པར་བསྒོམས་བྱས་ནས༔ དཀྱིལ་འཁོར་མུན་སྣམ་དྲྭ་བ་དྲྭ་ཕྱེད་བར༔ དེ་ནི་སྟོང་པ་ཧད་པོ་ཡིན་པ་ནི༔ བདག་མདུན་བུམ་པའི་གཙོ་བོ་ཕན་ཚུན་རྣམས༔ སྤྱན་གྱིས་གཟིགས་ཤིང་ཞལ་ནི་ཐད་ཐད་འོང་༔ འོད་ཟེར་སྤྲོ་བསྡུའི་ལམ་ཡང་གསེང་ངེ་ཡིན༔ རྙིང་ལུགས་བུམ་པ་དཀྱིལ་འཁོར་དབུས་བཞག་པ༔ འདི་ལ་བསྒོམ་ལུགས་རྣམ་པ་གཉིས་སུ་ཡོད༔ གཏོར་མ་ལྷར་བསྐྱེད་ཀྱང་ནི་དེ་དང་འདྲ༔ རྙིང་ལུགས་སྒྲུབ་པ་མདོར་བསྡུས་འགའ་ཞིག་ལ༔ བུམ་པ་དང་ནི་དཀྱིལ་འཁོར་དབྱེར་མེད་གཅིག༔ མདུན་བསྐྱེད་ལྷ་དང་བུམ་པ་དབྱེར་མེད་གཅིག་དེ་དག་རྣམས་དང་སྒྲུབ་གཏོར་དབྱེར་མེད་གཅིག༔ བདག་མདུན་དཀྱིལ་འཁོར་གཉིས་ལས་མི་བསྒོམ་པར༔ སྒྲུབ་པ་བསྡུས་པ་འགེའ་ལ་ཡོད་མོད་ཀྱི༔ དབང་བསྐུར་སོགས་ལ་དེ་ལྟར་མི་རུང་སྟེ༔ བུམ་པ་དང་ནི་གཏོར་མ་ལ་སོགས་པ༔ མདུན་བསྐྱེད་གཙོ་བོའི་མདུན་དང་འཁོར་བཞི་ཡི༔ མཚམས་བཞིར་བུམ་པ་དེ་ནང་ལྷ་བསྐྱེད་ཅིང་༔ གཏོར་མའང་གཙོ་བོའི་


CMR005_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་གཏོར་ལྷ་བསྐྱེད༔ བཤམས་དུས་དཀྱིལ་འཁོར་བུམ་པ་གཏོར་མ་རྣམས༔ བརྩེགས་མར་བཤམས་ཀྱང་བསྒོམ་དུས་བརྩེགས་མ་མིན༔ ཅི་ཕྱིར་ཞེ་ན་མདུན་བསྐྱེད་གཞལ་ཡས་སྟེང་༔ བུམ་པ་གསེར་འཕྲུ་བཙུགས་འདྲ་མི་རུང་སྟེ༔ ཕོ་བྲང་དབུས་ཀྱི་གདུགས་ཏོག་སོ་སོར་ཡོད༔ བར་སྣང་ཁམས་སུ་སུམ་བརྩེགས་རུང་བ་མེད༔ ཅི་ཕྱིར་བདག་བསྐྱེད་ལས་ནི་ཧ་ཅང་མཐོ༔་སྔགས་ཕྲེང་འཕྲོ་འདུ་ལ་སོགས་མི་བདེའོ༔ མདུན་བསྐྱེད་དཀྱིལ་འཁོར་ཕྱོགས་བཞིའི་མཚམས་རྣམས་སུ༔ བུམ་པ་ཐོད་པ་ཡོད་པ་ཀུན་ལ་གསལ༔་དེ་ཕྱིར་སྔ་མ་འཐད་པར་ངེས་པའོ༔ མདུན་གྱི་དཀྱིལ་འཁོར་རྡོ་ར་དུར་ཁྲོད་ནང་༔་གཞལ་ཡས་ཁང་གི་ཕྱི་ཡི་ཁྱམས་དེ་རུ༔ བདག་བསྐྱེད་དཀྱིལ་འཁོར་བསྒོམས་ནས་ཡོད་པའི་ཕྱིར༔ མདུན་བསྐྱེད་དཀྱིལ་འཁོར་ཁྱམས་དེར་ཡོན་བདག་དང་༔ ཁྲོམ་པ་ཀུན་བསྒོམ་མདུན་གྱི་དཀྱིལ་འཁོར་ལ༔ ཕྱག་འཚལ་དམིགས་ལ་བརྒྱ་ཕྱག་འཚལ་བའོ༔ དེ་ནས་ཞི་ཁྲོ་བླུགས་ཞེས་ཡོངས་གྲགས་པ༔ ན་རཀ་དོང་ནས་སྤྲུགས་པའི་ཆོ་ག་སྟེ༔ རྩ་བ་བསྐང་བཤགས་ཉམས་ཆག་རང་གྲོལ་ཡིན༔ རྒྱུད་ཚིག་ཁ་སྦྲམ་ཧ་ཅང་གོ་དཀའ་སྟེ༔ འདི་ཡི་བསྒོམ་བྱ་དམིགས་རིམ་ཤེས་པར་


CMR005_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

དཀ༔ ཡོ་ག་གསུམ་གྱི་དགོངས་པ་བསྡུས་པ་ཡིན༔ དེ་ལ་ཕྱི་མཆོད་གོ་ནི་སླ་བ་སྟེ༔ ཆོས་སྐུའི་ཞིང་ཁམས་ཆོས་དབྱིངས་ཕོ་བྲང་སྟེ༔ ནམ་མཁས་གར་ཁྱབ་ཆོས་སྐུའི་ཞིང་ཁམས་ཡིན༔ དེ་དག་སངས་རྒྱས་ཀུན་གྱི་ཐུགས་ཀྱིས་ཁྱབ༔ སངས་རྒྱས་ཐམས་ཅད་ཆོས་སྐུ་གཅིག་ཡིན་པས༔ དེ་ནི་ཆོས་སྐུ་རབ་འབྱམས་ཞེས་བྱའོ༔ འཐུག་པོ་བཀོད་དང་རིགས་ལྔའི་ཞིང་ཁམས་ལྔ༔ ཆགས་པ་ཡོད་ལ་འཇིག་པ་མི་མངའ་བ༔ དེ་ནི་རིགས་ལྔ་ཡབ་ཡུམ་ལ་སོགས་པ༔ དེ་བཞིན་གཤེགས་པ་གཤེགས་མ་གང་བཞུགས་ཚད་ཐམས་ཅད་ཞི་བ་རབ་འབྱམས་ཁོངས་སུ་གཏོགས༔ འོག་མིན་འཐུག་པོ་བཀོད་པའི་ཞིང་ཁམས་ན༔ བརྟན་གཡོ་སྲིད་པའི་དུར་ཁྲོད་ཆེན་པོ་ན༔ ཡེ་ཤེས་ཁྲོ་བོ་ཁྲོ་མོ་ཐམས་ཅད་བཞུགས༔ དེ་བཞིན་མཁའ་སྤྱོད་གནས་ནི་ཆེ་ཆུང་ན༔ གནས་སྐབས་གདུལ་བྱའི་དོན་དུ་ཁྲོ་བོ་དང་༔ ཁྲོ་མོ་དུ་མ་སྤྲུལ་ཞིང་དབྱིངས་སུ་ཐིམ༔ རི་རབ་བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས༔ ཨོ་རྒྱན་རང་བྱུང་དུར་ཁྲོད་མ་ལ་ཡ༔ རྒྱ་གར་རང་བྱུང་དུར་ཁྲོད་བརྒྱད་སོགས་སུ༔ ཡེ་ཤེས་ཆོས་སྐྱོང་ཁྲོ་བོ་ཐམས་ཅད་བཞུགས༔ དེ་ཀུན་ཁྲོ་བོ་རབ་འབྱམས་དཀྱིལ་འཁོར་


CMR005_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན༔ དེ་ནི་ཕྱི་ཡི་ཞི་ཁྲོའི་དཀྱིལ་འཁོར་ཏེ༔ གདོད་ནས་གྲུབ་པ་ལྷུན་གྲུབ་ཞི་ཁྲོའོ༔ རང་གི་རང་ལུས་རྩ་རླུང་ཐིག་ལེ་ལ༔ ཞི་ཁྲོ་བཞུགས་པ་ནང་གི་དཀྱིལ་འཁོར་ཡིན༔ གཞན་དུ་མདུན་དུ་རས་བྲིས་རྡུལ་ཚོན་སོགས༔ བཤམས་ཤིང་བསྒོམས་ནས་སྤྱན་འདྲེན་ཕྱག་མཆོད་ཚེ༔ གཤེགས་དང་བཞུགས་པའི་རྟོག་པ་མི་མངའ་ཡང་ཆུ་ཟླ་ལྟ་བུར་གར་དམིགས་དེར་སྣང་བ༔ དེ་ནི་གཞན་གྱི་དཀྱིལ་འཁོར་ཡིན་པ་སྟེ༔ དེ་དག་རྣམས་ལ་མ་འདུས་ལྷ་གཅིག་མེད༔ དེ་ལ་ཞི་ཁྲོ་རབ་འབྱམས་ཟེར་བ་ཡིན༔ སྟོང་གསུམ་རི་རབ་གླིང་བཞི་བྱེ་བ་བརྒྱ༔ དེ་ལས་གཞན་པའི་དག་དང་མ་དག་གིས༔ སངས་རྒྱས་ཞིང་ཁམས་འཇིག་རྟེན་ཐམས་ཅད་ན༔ ངོ་མཚར་ལྷ་རྫས་ལས་གྲུབ་མཆོད་ཡོན་དང་༔ མེ་ཏོག་ལ་སོགས་ཕྱི་མཆོད་རྣམ་པ་ལ༔ གདོད་ནས་གྲུབ་པ་ཐམས་ཅད་བློ་ཡིས་བླང་༔ ཡིད་ཀྱིས་ནམ་མཁའ་བར་སྣང་གང་བར་སྤྲུལ༔ དངོས་འབྱོར་ལག་ཏུ་མཆོད་པ་རྣམ་ལྔ་བཀྱག༔ ཐུགས་ལས་སྤྲུལ་པའི་ལྷ་མོ་གྲངས་མེད་ཀྱིས༔ མདུན་གྱི་དཀྱིལ་འཁོར་དེ་ཉིད་ཁོ་ནར་མིན༔ ནམ་མཁས་གར་ཁྱབ་སངས་རྒྱས་ཞིང་ཀུན་ཏུ་མཆོད་པའི་སྤྲིན་གྱིས་ཁྱབ་པར་རབ་ཏུ་སྤྲོས༔ ནམ་མཁས་གར་


CMR005_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་སངས་རྒྱས་ཞིང་ཀུན་གྱི༔ ཞི་བ་རབ་འབྱམས་ཁྲོ་བོ་རབ་འབྱམས་དང་༔ བཀའ་སྲུང་དམ་ཅན་རྒྱ་མཚོར་བཅས་པ་ལ༔ མཆོད་པའི་སྤྲིན་གྱིས་སོ་སོར་མཆོད་།དམིགས་ལ༔ ཧཱུྃ༔ སྟོང་གསུམ་འདིའམ་ཞེས་སོགས་བསྐང་བ་གྱེར༔ དེ་ལྟར་མཆོད་པས་འདོད་གསོལ་སྨོན་ལམ་ནི༔ ཉམས་ཆག་ཐམས་ཅད་བསྐང་གྱུར་ཅིག་ཅེས་ནས་དབང་དང་དངོས་གྲུབ་སྩོལ་བར་བརྗོད་པའོ༔ དེ་ནི་བསྐྱེད་པ་མ་ཧཱ་ཡོ་གའི་ལུགས༔ སྣང་བ་ལྷ་དང་ལྷ་མོར་བཀོད་བྱས་ནས༔ བུམ་པའི་དབང་གིས་ཉམས་ཆག་བསྐང་བ་དང་༔ བསོད་ནམས་ཚོགས་བསགས་མདོ་ཡི་དགོངས་པ་འདུས༔ དེ་ནས་བདུད་རྩི་སྨན་གྱི་བསྐང་བ་ནི༔ རྫས་ནི་ཆང་ཕུད་གཙང་མ་མ་ཉམས་པར༔ རྩ་བརྒྱད་སྟོང་སྦྱར་རིལ་བུ་བདར་བ་ཡི༔ ཆང་མ་འཛོམས་ན་འོ་མས་ཆོག་པ་སྟེ༔ སྣོད་ནི་མཚན་བཟང་བྷནྡའི་ནང་དུ་བླུགས༔ འཛོམ་ན་རིགས་བཟང་བུ་མོས་བཀྱག་པ་སྟེ༔ མ་འཛོམ་མཆོད་གཡོག་པ་ཡིས་བཀྱག་པ་ཡང་ཌཀིའི་ཆ་ལུགས་གྱོན་སྐྱ་དབུ་རྒྱན་བཅས༔ འདི་དག་རྟེན་འབྲེལ་རྫ་ས་ཏེ་གལ་ཆེའོ༔ བདུད་ནི་མ་རིག་དུག་ལྔ་བདག་འཛིན་ཏེ༔ རྩི་ནི་རང་རིག་ཡེ་ཤེས་ལྔ་པོའོ༔ དེས་ནི་རིགས་


CMR005_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་སྡུག་བསྔལ་ཀུན་འཇོམས་པས༔ འཁོར་བའི་གཅོང་ནད་སེལ་ཕྱིར་སྨན་ཞེས་བྱ༔ བདུད་རྩི་གཏོར་ཞིང་མཆོད་པའི་ཡོན་ཏན་ཡང་༔ ལྷ་དང་སྲུང་མར་ཕོག་ན་ཐུགས་དམ་བསྐང་༔ མཆེད་ལྕམ་རྣམས་ལ་ཕོག་ན་ཉམས་ཆག་དག༔ དགྲ་བགེགས་རྣམས་ལ་ཕོག་ན་རྡུལ་དུ་བརླག༔ མཆོད་པའི་རྫས་ལ་ཕོག་ན་བདུད་རྩིར་གྱུར༔ གསེར་འགྱུར་རྩི་དང་དངུལ་ཆུས་ནུས་པ་ལྟར༔ ཀུན་རྫོབ་རྗེས་ཀྱི་ནུས་པ་བསམ་མི་ཁྱབ༔ དེ་དོན་བདུད་རྩི་སྨན་སྒྲུབ་གཞུང་རྣམས་གསལ༔ ཀུན་རྫོབ་རྫས་ཀྱི་བདུད་རྩི་ལ་བརྟེན་ནས༔ དོན་དམ་ཆོས་ཀྱི་བདུད་རྩི་རྟོགས་པར་འགྱུར༔ ཀུན་གཞིའི་རྣམ་ཤེས་བྷན་རང་བྱུང་སྣོད༔ བྱང་ཆུབ་སེམས་གཉིས་བདུད་རྩིས་རབ་ཏུ་བཀང་༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་བདུད་རྩི་དེས༔ ཆོས་སྐུའི་ཐུགས་དམ་བསྐངས་ནས་ཆོས་སྐུ་ཐོབ༔ རང་བློའི་མདངས་ནི་རང་གསལ་བྷན་དྷ་རུ༔ རྟོག་པ་གང་ཤར་རང་གྲོལ་ཡེ་ཤེས་ཀྱི༔ བདུད་རྩིས་བསྐངས་ནས་རང་གསལ་ལོངས་སྐུ་ཐོབ༔ མཆོག་གི་འོད་གསལ་ཐོད་རྒལ་བྷནྡྷ་རུ༔ ཐིག་ལེ་ཐིག་ཕྲན་འབར་བའི་བདུད་རྩིས་བསྐངས༔ སྤྲུལ་སྐུ་ཞི་ཁྲོའི་ལྷ་ཚོགས་དངོས་སུ་འཆར༔ ཡེ་ཤེས་རྩ་ནི་བྷ་སེན་བྷནྡྷ་རུ༔


CMR005_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མེད་ཨ་དཀར་ངོ་བོ་རྗེན་པས་བཀང་༔ རྫས་དེས་ཉོན་མོངས་ཀུན་ཞི་ཞི་བ་བསྐང་༔ དུག་ལྔ་མ་སྤང་ཡེ་ཤེས་བྷནྡྷ་རུ༔ ཤེས་རབ་རང་རིག་རང་གསལ་བདུད་རྩིས་བཀང་༔ རྫས་དེས་ཁྲོ་བོ་བསྐང་ཕྱིར་ཁྲག་འཐུང་འགྲུབ༔ སྟོང་གསུམ་འཇིག་རྟེན་སྣོད་ཀྱི་སྙན་རུ༔ རང་རྩལ་སྣང་སེམས་གཅིག་འདྲེས་བདུད་རྩིས་བཀང་༔ གོང་ལྟར་ཕྱི་དང་གཞན་བཀྲམ་ལྷ་ཚོགས་བསྐང་༔ དེ་དག་དོན་དེ་རྟོགས་པར་བྱས་ནས་ཀྱང་༔ ཉམས་ལེན་ལྟ་བའི་ངང་ནས་གྱེར་བྱ་ཡིན༔ བྷན་བདུད་རྩི་དམིགས་པ་བསྒོམ་རྒྱུ་མིན༔ དམིགས་མེད་ལྟ་བ་བསྒོམ་པ་བདུད་རྩི་ཡིན༔ ཨ་ཏི་ཡོ་གའི་ལུགས་ཀྱི་བསྐང་བ་དེ༔ དྲི་མེད་བཤགས་རྒྱུད་ལེའུ་དང་པོའི་དོན༔ དེ་ནས་གོང་ལྟར་བསྔོ་བྱང་སྨོན་ལམ་བྱ༔ སྐབས་འདིར་རྩ་བརྒྱུད་བླ་མའི་མཚན་ཞབས་སུ༔ མཆོད་བསྟོད་བརྗོད་ཅིང་བདུད་རྩི་གཏོར་ཚུལ་བྱ༔ དེ་ཚེ་མཆོད་པའི་ལྷ་མོ་དཔག་མེད་ཀྱིས༔ བྷནྡྷའི་སྣོད་དེ་བདུད་རྩི་རྒྱ་མཚོ་ནས༔ ཕྱག་ན་བྷནྡའི་སྐྱོགས་བསྣམས་བདུད་རྩི་བཅུས༔ རྩ་བརྒྱུད་བླ་མའི་དཀྱིལ་འཁོར་ལྷ་ཚོགས་ལ༔་སོ་སོར་བདུད་རྩི་ཞལ་དུ་དྲངས་བར་དམིགས༔ དེ་ཡི་ཐུགས་ཀྱི་དམ་ཚིག་བཞི་པའི་ཉམས་ཆག་


CMR005_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་༔ ༈ དེ་ནས་རཀྟའི་བསྐང་བ་བྱ་བ་ནི༔ འཛོམས་ན་བྷནྡར་སྐྲ་ཡི་ལེན་བུ་བཏགས༔ མེད་ན་བྷནྡྲར་རཀྟ་གཙང་མའི་ནང་༔ བསྒྲུབ་པའི་དམ་རྫས་རཀྟའི་རུ་རྩི་བཏབ༔ རཀྟ་མེད་ན་འབྲི་མོག་ཇ་རྒོད་སོགས༔ འབྱུང་བའི་ཁྲག་གིས་རཀྟའི་གོ་ཆོད་དོ༔ གཡོན་པས་རཀྟ་བཟུང་ཞིང་གཡས་པ་ཡིས༔ རྐང་གི་གཟར་བུའམ་མེད་ན་ཕུད་སྐྱོགས་ཀྱིས༔ ཕྱིར་ཞིང་དཀྱིལ་འཁོར་སྐོར་བ་བྱེད་པ་སྟེ༔ དེ་ནི་ཀུན་རྫོབ་རྫས་ཀྱི་རཀྟ་སྟེ༔ དོན་ལ་སྣོད་ཀྱི་འཇིག་རྟེན་བྷན་སྟེ༔ རིགས་དྲུག་འཁོར་བ་སྡུག་བསྔལ་ཁྲག་གི་མཚོན༔ ཁྲག་འཐུང་ཞལ་དུ་བསྟབས་པས་འཁོར་བ་སྟོང་༔ ཐམས་ཅད་དག་པ་རབ་འབྱམས་མངོན་སངས་རྒྱས༔ རཀྟ་མཆོད་དང་ཁྲག་འཐུང་ཟེར་བའི་དོན༔ སྤྱི་ཡི་དོན་ནི་དེ་ལྟར་ཤེས་བྱ་སྟེ༔ ཁྱད་པར་འདི་སྐབས་བསྒོམ་བྱའི་དམིགས་པ་ནི༔ རང་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས༔ ཐ་མལ་གདོས་བཅས་ལུས་གཅིག་ཕྱི་ལ་སྤོས༔ དེ་བཞིན་ཚེ་འདས་སམ་ནི་ཡོན་བདག་གི༔ གཅོད་ལྟར་རྣམ་ཤེས་སྤར་བའི་ཐིག་ལེ་དེ༔ ལྟ་བ་མཐོ་ན་རང་གི་ཐུགས་ཀར་བསྟིམ༔ དེ་ཙམ་མེད་ན་མདུན་བསྐྱེད་ཐུགས་ཀར་བསྟིམ༔ རང་དང་སྦྱིན་བདག་ཚེ་


CMR005_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཕུང་པོ་ཡི༔ སྤྱི་མགྲིན་སྙིང་ལྟེ་གསང་གནས་ལྔ་པོ་ཡི༔ རྩ་གནས་ལྔ་པོ་བྷནྡ་ལྔ་རུ་བསྒྱུར༔ གཞུང་ཚིག་ལྟར་དུ་རཀྟ་ལྔ་ཡིས་བཀང་༔ དེ་འདྲ་རེ་རེ་ལ་ཡང་གྲངས་མེད་སྤྲོས༔ ལྷ་མོ་དམར་མོ་དཔག་ཏུ་མེད་པ་ཡིས༔ རཀྟ་ཐོགས་ནས་ལྷ་ཚོགས་ཀུན་ལ་མཆོད༔ འདི་ནི་ཨ་ནུ་ཡོ་གའི་བསྐང་བའོ༔ གསུང་གི་དམ་ཚིག་གསང་དབང་ཉམས་ཆག་བསྐང་༔ འདི་འདྲ་ཐམས་ཅད་མི་འཐད་ཐེ་ཚོམ་ནི༔ སྒྲུབ་པ་བཀའ་བརྒྱད་བདེ་གཤེགས་མདོས་ཆེན་གྱི༔ ཁྲོ་བོ་རོལ་པའི་གཏོར་ཟློག་དམིགས་རིམ་ནི༔ མངའ་བདག་ཉང་གི་གཏེར་མ་བསླད་མེད་ལས༔ ནང་གི་གཏོར་ཟློག་དམིགས་རིམ་སྐབས་སུ་གསལ༔ ༈ དེ་ནས་གཏོར་མས་ཐུགས་དམ་བསྐང་བ་ནི༔ རྨད་བྱུང་གཏོར་མ་ཕྱོགས་བཞིར་བཀྱག་གསུངས་པ༔ ཀཿཐོག་ལུགས་ལ་རྨད་བྱུང་གཏོར་མ་བཞི༔ མཆོད་གཡོག་བཞི་ཡིས་ཕྱོགས་བཞི་ནས་བཀྱག་སྐད༔ བཀའ་བབས་ལུགས་འདིར་རྨད་བྱུང་གཏོར་མ་གཅིག༔ བཟུང་ནས་དཀྱིལ་འཁོར་བསྐོར་ཞིང་ཕྱོགས་བཞི་རུ༔ བཀྱགས་ནས་འཆམས་ཏེ་འདུག་ནས་གྱེར་བ་ཡིན༔ གང་ལྟར་རང་དང་ཡོན་བདག་ཚེ་འདས་སོགས༔ རྣམ་ཤེས་སྤར་བའི་ཐ་


CMR005_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

མལ་ལུས་དེ་ཡི༔ ཕུང་པོ་གཏོར་མར་དམིགས་ཏེ་ལྷ་ལ་མཆོད༔ ཐོད་པ་བྷན་ཤངས་ནི་གཏོར་མ་ལ༔ རྣ་བ་འཁོར་ལོ་འབར་བ་མཐེབ་སྐྱུ་དང་༔ མིག་ཚིལ་མིག་ཆུ་རང་བྱུང་ཛ་གད་དང་༔ ཛ་གད་ཅེས་པ་ཆུང་ལ་འཇུག་པ་དང་༔ རྒོག་པ་འུ་སུ་ཚྭ་དང་སྒ་སྐྱ་སོགས༔ དབུས་ལུགས་ཟན་དཔག་ལ་ཡང་འཇུག་པ་དང་༔ དེ་བཞིན་ཞིམ་མངར་རྫས་སྣ་དྲི་ཞིམ་པ༔ མང་པོ་བསྡུས་པ་ལ་ཡང་འཇུག་པ་ཡོད༔ འདིར་ནི་ཆང་དང་རྫ་ས་སྣ་ཀུན་ལ་འཇུག༔ དབང་པོ་ལྔ་ཡི་ཁྲག་ནི་རཀྟས་བྲན༔ ཞི་ཁྲོའི་ལྷ་ཚོགས་ལ་ཕུལ་ཐུགས་དམ་བསྐང་༔ སྙིང་ཚིལ་ཉི་ཟླ་གའུ་གཏོར་གཞོང་བསྒོམ༔ སྙིང་ནི་གཏོར་མ་སྙིང་གི་རྩ་འདབ་བརྒྱད༔ མཐེབ་སྐྱུ་རྣམ་ཤེས་ཚོགས་བརྒྱད་ཛ་གད་བསྒོམ༔ ལུས་ཀྱི་རྩ་ཆེན་བཞི་ཡི་རཀྟས་བྲན༔ འབུལ་ཞིང་བསྐང་བ་གཅོད་ཀྱི་ལུས་སྦྱིན་མཚུངས༔ ལྕོགས་པ་གཏོར་གཞོང་རུས་པ་གཏོར་མར་བསྒོམ༔ ཤ་ནི་མཐེབ་སྐྱུ་བཀྲག་མདངས་ཛ་གད་དེ༔ ཁྲག་དང་ཆུ་སེར་རཀྟས་བྲན་དམིགས་འབུལ༔ ཁོག་པ་གཏོར་གཞོང་མཆིན་པ་གཏོར་མ་དང་༔ གློ་མཆེར་མཁལ་མ་མཐེབ་སྐྱུས་བསྐོར་བར་བསྒོམ༔ གུ་ཧྱ་ཞེས་བྱ་གསང་བའི་མིང་ཡིན་ཏེ༔ གསང་གནས་དང་ནི་ནང་


CMR005_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོལ་ཛ་གད་དང་༔ མཁྲིས་པ་རཀྟས་བྲན་དམིགས་འབུལ་བའོ༔ དེ་ནས་བསྔོ་བྱང་གོང་ལྟར་བྱ་བའོ༔ ༈ དེ་ནས་མཆོད་གཡོག་པ་ཡིས་མར་མེ་བཀྱག༔ གོང་ལྟར་བདག་དང་ཡོན་བདག་ཚེ་འདས་རྣམས༔ བེམ་རིག་བྲལ་ནས་ཕུང་པོ་མར་མེར་དམིགས༔ ཚེ་འདས་ལུས་ནི་མེད་པས་ཅི་ཞེ་ན༔ ལུས་ངག་ཡིད་གསུམ་ནམ་ཡང་མི་འབྲལ་ཏེ༔ སངས་རྒྱས་ཐོབ་ཚེ་སྐུ་གསུང་ཐུགས་སུ་འགྱུར༔ མ་ཤི་ཉིན་པར་རྣམ་སྨིན་ཤ་ཁྲག་ལུས༔ རྨི་ལམ་སྐབས་སུ་བག་ཆགས་འཁྲུལ་བའི་ལུས༔ བར་དོའི་སེམས་ཅན་རྣམས་ལ་ཡིད་ཀྱི་ལུས༔ རིགས་དྲུག་སྐྱེས་ན་གར་སྐྱེས་དེ་ཡི་ལུས༔ བཀུག་གཞུག་མི་དགོས་གར་ཡོད་དེར་དམིགས་ཏེ༔ དམིགས་པ་དགོས་ཚད་རིགས་དྲུག་གར་ཡོད་ཀྱང་༔ དཀྱིལ་འཁོར་ཁྱམས་དེར་ཡོད་པར་དམིགས་པས་འཐུས༔ ལྤགས་པ་རང་བྱུང་ཀོང་བུ་རྒྱ་ཆེར་བསྒོམ༔ ཁྲག་དང་ཆུ་སེར་མར་ཁུའི་རྒྱ་མཚོ་ལ༔ ཤ་རུས་སྡོང་བུ་བཀྲག་མདངས་སྒྲོན་མེ་ཉིད༔ ཐོད་པ་རྐང་བུ་ཀླད་པ་མར་ཁུ་དང་༔ མིག་གིས་གསལ་བྱེད་རྩ་ཡི་སྡོང་བུ་ལ༔ དབང་པོ་ལྔ་ནི་གསལ་བའི་སྒྲོན་མེའོ༔ ཙིཏྟ་ཀོང་བུ་སྙིང་ཚིལ་མར་ཁུ་དང་༔ སྙིང་གི་རྩ་འདབ་བརྒྱད་ནི་


CMR005_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སྡོང་བུ་ལ༔ རྣམ་ཤེས་ཚོགས་བརྒྱད་སྒྲོན་མེར་དམིགས་ནས་འབུལ༔ སྙིང་ནང་འབྱུང་ལྔའི་དྭངས་མ་ཀོང་བུ་དང་༔ དེ་རུ་འོད་ལྔ་ཡོད་པར་མར་ཁུ་དང་༔ དོན་སྙིང་ལྔ་ནི་སྡོང་བུར་དམིགས་བྱས་ལ༔ ཕྱི་ནང་འགྱུ་བའི་དབུགས་ནི་སྒྲོན་མེར་དམིགས༔ ལུས་དབུས་དབུ་མར་དྷུ་ཏིའི་ཀོང་བུ་ལ༔ རང་གསལ་སྲོག་གི་རླུང་ནི་མར་ཁུར་དམིགས༔ རྩ་འཁོར་ལྔ་དང་གསང་གནས་རྩེ་མོ་དང་༔ སྤྱི་བོའི་གཙུག་ཏོར་རྩ་འཁོར་དང་བཅས་བདུན༔ འཁོར་ལོ་བདུན་བརྩེགས་རྩ་འཁོར་སྡོང་བུར་བསམ༔ ཡར་མར་ཨ་ཧཾ་བྱང་སེམས་སྒྲོན་མེར་དམིགས་སྙིང་དབུས་མི་ཤིགས་ཐིག་ལེ་སྲོག་གི་རྟེན༔ དེ་ནི་ཀོང་བུ་རང་རིག་ཡེ་ཤེས་ནི༔ མར་ཁུ་སྙིང་གི་རྩ་བྲན་སྡོང་བུ་བཅུ༔ རང་སེམས་རིག་པ་རང་གསལ་སྒྲོན་མེར་དམིགས༔ རྗེས་མ་འདི་ནི་བེམ་རིག་མ་ཕྲལ་བའི༔ ལུས་སེམས་ཟུང་འཇུག་ཉིད་ལ་དམིགས་པ་སྟེ༔ ལྷ་མོས་མཆོད་སོགས་མི་དགོས་ཡིད་ཀྱིས་འབུལ༔ འདི་དོན་བཀའ་བརྒྱད་ཁྲོ་བོ་རོལ་པ་ཡི༔ གསང་བ་དུག་ལྔ་ཡེ་ཤེས་ལྔར་བཟློག་པའི་ཞི་བཟློག་དམིགས་རིམ་སྐབས་ནས་དོན་གྱིས་གསལ༔ དེ་རྣམས་རྫོགས་ཆེན་སྤྱི་ཏི་ཡང་ཏིའི་ལུགས༔ སྙིང་དབུས་ཡེ་ཤེས་རྩ་ནི་བྷ་


CMR005_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སནྟ༔ ཀོང་བུར་དམིགས་ཤིང་དེ་ནང་ཡེ་ཤེས་ནི༔ སྐྱེ་མེད་ཨ་དཀར་རྩ་གཅིག་མར་ཁུ་ལ༔ ཡེ་ཤེས་འོད་ཟེར་སྟེང་ཕྱོགས་བར་སྣང་ལ༔ གསལ་བར་འགྱུར་བ་དེ་ནི་སྡོང་བུར་བསམ༔ ཤེས་རབ་འབྲས་བུ་སྟོང་གསལ་མངོན་སུམ་དུ༔ རྟོགས་པར་འགྱུར་བ་སྒྲོན་མེར་དམིགས་ཏེ་འབུལ༔ མཆོག་གི་འོད་གསལ་ཐོད་རྒལ་ཀོང་བུ་ལ༔ མདངས་ནི་གསལ་བ་དེ་ནི་མར་ཁུར་བསམ༔ ཐིག་ལེ་ཐིག་ཕྲན་འོད་གསལ་སྡོང་བུ་ལ༔ ཡེ་ཤེས་ལྔ་ནི་དངོས་མཐོང་སྒྲོན་མེར་བསྒོམ༔ ཀུན་གཞི་འཁོར་འདས་སྤྱི་གཞི་ཀོང་བུར་དམིགས་ཆོས་དབྱིངས་ཀུན་ལ་ཁྱབ་པ་མར་ཁུ་སྟེ༔ སྨོན་འཇུག་བྱང་ཆུབ་སེམས་ཀྱི་སྡོང་བུ་ལ༔ སྐུ་ལྔ་ལྷུན་གྲུབ་སྒྲོན་མེ་སྦར་དམིགས་ཕུལ༔ འདི་ནི་སྣང་སྲིད་མར་མེ་སྦར་བ་ཡིན༔ གཏེར་གཞུང་ཚིག་ལ་དེ་བས་མ་མཆིས་ཀྱང་༔ བླ་མ་བརྒྱུད་པའི་ཕྱག་སྲོལ་འདི་སྦྱར་ཏེ༔ རིན་ཆེན་སྣ་ལྔའི་ཀོང་བུ་རུ༔ འབྲུ་མར་རྩི་མར་མར་ཁུས་གཏམས༔ རས་བལ་ཤིང་བལ་སྡོང་བུ་བཙུགས༔ སྣང་གསལ་མེ་ཡི་སྒྲོན་མེ་སྦར༔ འདི་ཡང་རང་བྱུང་ཞུན་མར་ཏེ༔ བསྐང་བའི་རྫས་མཆོག་བླ་ན་མེད༔ ཞེས་སོགས་སྦྱར་བ་འདི་ནི་ཕྱག་ལེན་ཡིན༔ དངོས་སུ་བཤམས་


CMR005_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

པ་མར་མེ་བརྒྱ་རྩ་དེ༔ པད་ཟླའི་སྟེང་དུ་ཨ་འོ་དྷི་ཡིག་ལས༔ བྱུང་བའི་ལྷ་མོ་དམར་མོ་རབ་མཛེས་པ༔ དར་དང་རིན་ཆེན་རྒྱན་ལྡན་བརྒྱ་རྩ་བརྒྱད༔ ཀུན་གྱིས་ཕྱག་ན་མར་མེ་རེ་རེ་བསྣམས༔ དེ་ལས་རང་འདྲའི་ལྷ་མོ་མར་མེ་མ༔ བྱེ་བ་ཁྲག་ཁྲིག་དུང་ཕྱུར་གྲངས་མེད་འཕྲོས༔ ནམ་མཁའི་མཐར་ཐུག་སངས་རྒྱས་ཞིང་ཀུན་གྱི༔ ཞི་དང་ཁྲོ་བོའི་ལྷ་ཚོགས་རབ་འབྱམས་ལ༔ རྒྱུན་ཆད་མེད་པར་མར་མེ་འབུལ་བར་བསྒོམ༔ དེ་ནི་ཕྱི་ཡི་མར་མེ་ཡིན་པ་སྟེ༔ བསྐྱེད་པ་མ་ཧཱ་ཡོ་གའི་ལུགས་ཡིན་ལ༔ སྔོན་མ་རྣམས་ཀྱི་ནང་དང་གསང་བ་དང་༔ དེ་ཁོ་ན་ཉིད་མར་མེ་ཡིན་པ་སྟེ༔ ཨ་ནུ་ཨ་ཏི་སྤྱི་ཏི་ཡང་ཏིའི་ལུགས༔ དེ་ཡི་ཤེས་རབ་ཡེ་ཤེས་རྩལ་དབང་ཐོབ༔ རྩ་བ་ཡན་ལག་ཉམས་ཆག་ཐམས་ཅད་བསྐང་༔ དེ་ལྟར་མར་མེ་ཕུལ་བའི་བསོད་ནམས་ཀྱིས༔ སྦྱིན་བདག་ཚེ་འདས་ཐོག་དྲངས་འགྲོ་བ་ཀུན༔ ཉམས་ཆག་ཐམས་ཅད་ཅེས་སོགས་བསྔོ་བྱང་བྱ༔་༈ དེ་ལྟར་སྨན་རཀ་གཏོར་མ་མར་མེ་བཞི༔ ཡོ་ག་གསུམ་གྱི་དོན་འདུས་རྒྱུད་ཀྱི་ཚིག༔ གནད་ཆེ་གོ་དཀའ་རྡོ་རྗེའི་གསུངས་ཡིན་ཏེ༔ གསང་སྔགས་ཆོས་རྣམས་བརྡ་ཡི་ཚིག་གིས་སྟོན༔ དེ་ཕྱིར་འདི་ལ་འཇུག་པ་གཉིས་རེ་སྟེ༔


CMR005_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་གའི་དུས་སུ་དམིགས་པ་བསྒོམ་བྱ་ནི། གོང་དུ་བཤད་པ་དེ་ལྟར་ངེས་པའོ༔ མདུན་བསྐྱེད་ཐུགས་དང་སྦྱིན་བདག་རྣམ་ཤེས་སོགས༔ སོ་སོ་ལ་ནི་ཕྱིར་ལ་བསྟིམ་པར་བྱ༔ ཁྲིད་ཀྱི་དུས་སུ་གོ་བ་བླང་བྱ་ནི༔ དེ་ལྟར་དམིགས་པ་བསྒོམ་པ་མ་ཡིན་ཏེ༔ བསྒོམ་རིམ་ལྷན་སྐྱེས་བག་ཆགས་རང་གྲོལ་སོགས༔ ལུས་ལ་དཀྱིལ་འཁོར་བསྒོམ་པའི་དུས་དག་ཏུ༔ སྨན་རཀ་གཏོར་མ་མར་མེའི་མཆོད་པ་རྣམས༔ བཤམས་མི་དགོས་པར་ལུས་ལ་ཚང་འདུག་སྟེ༔ དེ་དག་རྒྱས་པར་བྲི་བར་མི་ལོང་ངོ་༔ བཀའ་དགོངས་ལ་སོགས་རྙིང་མའི་གཞུང་ཆེན་ལྟོས༔ མདོར་བསྡུས་དོན་གྱི་ཁོག་ཁྲོལ་བཤད་པ་ནི༔ ཕྱི་ཡི་མ་ཧཱ་ཡོ་གའི་ཆོ་ག་ནི༔ མཚམས་གཅོད་ནས་བཟུང་གཤེགས་བསྡུའི་བར་རྣམས་ནི༔ ལུས་དཀྱིལ་ཚར་གཅིག་བསྒོམ་ལ་ཚང་བ་དང་༔ དེ་བཞིན་རྩ་རླུང་གཏུམ་མོ་ཐུན་གཅིག་ལ༔ ཆོ་ག་དེ་དག་ཐམས་ཅད་ཚང་ཚུལ་དང་༔ རང་སེམས་ངོ་བོ་ཐུན་གཅིག་སྐྱོང་བ་ལ༔ ཆོ་ག་དེ་དག་དོན་ལ་ཚང་ཚུལ་ཏེ༔ ཕྱི་ཡི་དཀྱིལ་འཁོར་རྡུལ་ཚོན་རས་བྲིས་དང་༔ ནང་དུ་རྩ་རླུང་ལུས་ཀྱི་དཀྱིལ་འཁོར་དང་གསང་བ་ཏིང་འཛིན་སེམས་ཀྱི་དཀྱིལ་འཁོར་གསུམ༔ དོན་ལ་མཚུངས་པས་གོ་


CMR005_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལེན་པའོ༔ དེ་བཞིན་ཕྱི་ཡི་དཀྱིལ་འཁོར་རྡུལ་ཚོན་དང་༔ སྣོད་ཀྱི་འཇིག་རྟེན་ཆགས་འཇིག་སྟོང་གསུམ་མཚུངས༔ ནང་གི་དཀྱིལ་འཁོར་ལུས་དཀྱིལ་བསྒོམ་པ་ཡང་༔ སྐྱེ་དང་གནས་དང་འཆི་བ་དོན་མཚུངས་ཚུལ༔ གསང་བའི་དཀྱིལ་འཁོར་ཏིང་ངེ་འཛིན་ལ་བཞུགས༔ གནས་དང་རྗེས་ཐོབ་དོན་རྣམས་མཚུངས་ཚུལ་དང་༔ དེ་དག་གསུམ་ལ་འོག་མིན་བཞུགས་པ་ཡི༔ ཡེ་ཤེས་དཀྱིལ་འཁོར་དོན་ལའང་དབྱེར་མེད་པར༔ དྭངས་བའི་མཚོ་ལ་ཟླ་བའི་དཀྱིལ་འཁོར་བཞིན༔ བརྟེན་པ་ཀུན་རྫོབ་དཀྱིལ་འཁོར་དེ་རྣམས་ལ༔ རྟེན་གྱི་ཡེ་ཤེས་དཀྱིལ་འཁོར་བཞུགས་པ་སོགས༔ རྒྱས་པར་ནང་དོན་རྩ་འགྲེལ་ལ་སོགས་པ༔ གསར་རྙིང་སྔགས་གཞུང་ཆེན་པོ་རྣམས་སུ་ཤེས༔ དགོས་པ་དེ་ལྟར་ཆོ་ག་ཚར་རེ་ཡིས་བསྐལ་པ་ཆེན་པོ་རེ་རེར་ཚོགས་བསགས་དང་སྒྲིབ་སྦྱོང་བྱས་པའི་བསོད་ནམས་ཐོབ་པའི་ཕྱིར༔ མདོ་ལུགས་བསྐལ་པ་གྲངས་མེད་གསུམ་ལ་ནི༔ སངས་རྒྱས་ཐོབ་པ་གསང་སྔགས་བླ་མེད་ལ༔ ཚེ་གཅིག་ཉིད་ལ་ཐོབ་པའི་གནད་ཟབ་ལགས༔ དེ་ལྟར་ཁྲིད་དུས་གོ་བ་ཐེབ་པར་བྱ༔ དེ་ནས་མར་མེའི་སྨོན་ལམ་བྱ་བ་འདི༔ རྫོགས་ཆེན་ཆོས་ལ་ཐོས་བསམ་བྱས་ན་


CMR005_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས༔ གསར་མ་སོར་བཞག་མཁས་ཀྱང་གོ་བ་ཀུན༔ འདི་ལ་དམིགས་པ་བསྒོམ་རྒྱུ་གཞན་མེད་དེ༔ དཔོན་སློབ་རྣམས་དང་སྦྱིན་བདག་ཚེ་འདས་བཅས༔ ངན་སོང་རྣམས་སུ་ནམ་ཡང་མི་ལྟུང་བར༔ ཀུན་ཏུ་བཟང་པོའི་གོ་འཕང་མ་ཐོབ་བར༔ ནམ་ཡང་འབྲལ་མེད་འགྲོགས་པར་གྱུར་ཅིག་ཅེས༔ ཀུན་གྱིས་ཡིད་ལ་བསམ་ཞིང་གྱེར་བ་སྟེ༔ འཛོམས་ན་ཀུན་གྱི་ལག་ཏུ་མར་མེ་རེ༔ མ་འཛོམ་དཀྱིལ་འཁོར་མཐའ་ཡི་མར་མེ་དེ༔ ཐོག་མར་སྦྱིན་བདག་ཉིད་ལ་སྔར་བཅུག་ནས༔ དེ་ནས་སུ་བདེས་སྦར་ལ་འདོན་བྱའོ༔ དེ་ནས་ཚིག་རིས་གོ་དཀའ་ཅུང་ཟད་བཀྲོལ༔ དུར་ཁྲོད་གསང་བ་མཆོག་དེ་གང་ཞེ་ན༔ ཕྱི་ཡི་དུར་ཁྲོད་འོག་མིན་འཐུག་པོ་བཀོད༔ རྒྱབ་ཏུ་བརྟན་གཡོ་སྲིད་པའི་དུར་ཁྲོད་དེ༔ ཕྲིན་ལས་རྒྱ་མཚོའི་རྒྱུད་ལས་རྒྱ་ཆེར་གསུངས༔ དེ་དང་ཆ་མཐུན་བསིལ་བ་ཚལ་ལ་སོགས་རྒྱ་གར་རང་བྱུང་དུར་ཁྲོད་བརྒྱད་ལ་སོགས༔ ནང་གི་དུར་ཁྲོད་མིག་སོགས་དབང་པོ་ཡི་ཚོགས་བརྒྱད་རྣམ་ཤེས་འགྱུ་བའི་གནས་རྣམས་སོ༔ གསང་བའི་དུར་ཁྲོད་སེམས་ཉིད་ཡིན་པ་སྟེ༔ ཉོན་མོངས་རྣམ་རྟོག་ཤ་ཟ་རོ་ལངས་རྒྱུ༔ གཞན་དུ་མདུན་དུ་བཤམས་པའི་རྡུལ་ཚོན་


CMR005_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས༔ དཀྱིལ་འཁོར་མཐའ་ལ་བྲིས་པའི་དུར་ཁྲོད་བརྒྱད༔ ཕྱི་ནང་གཞན་གསུམ་ངོ་བོ་གཅིག་པས་ན༔ གསང་བ་ཡིན་ཏེ་ཕལ་གྱིས་མ་ཐོས་སོ༔ མཆོག་གི་དཀྱིལ་འཁོར་དེ་གསུམ་དབྱེར་མེད་དུ༔ རྟོགས་པའི་སློབ་དཔོན་ཉིད་ཀྱི་མདུན་བཤམས་པའི༔ དཀྱིལ་འཁོར་དམ་ཡེ་དབྱེར་མེད་དེ་ལགས་སོ༔ སློབ་དཔོན་དབུ་བྱས་མཆེད་ལྕམ་ཚེ་འདས་དང་༔ ཡོན་བདག་བཅས་པ་རྣམས་ནི་གོ་སླའོ༔ ནམ་ཞིག་བྱང་ཆུབ་ལྷུམས་སུ་ཞུགས་པ་ནི༔ འཆི་བ་རྫོགས་རིམ་ཆོས་སྐུར་དོན་གཅིག་པས༔ ནམ་ཞིག་འཆི་དུས་བྱང་ཆུབ་ལྷུམ་ཞུགས་ཡིན༔ འཁོར་བའི་གཡང་སར་མི་ལྟུང་སྨོན་ལམ་སྤྱི༔ བྱེ་བྲག་མ་རིག་གཏི་མུག་གཟུགས་མེད་ཁམས༔ གཅོང་རོང་ཟབ་མོ་ཡི་དྭགས་གནས་ཡིན་ཏེ༔ དམྱལ་ཟངས་ལ་སོགས་དམྱལ་ཁམས་བཅོ་བརྒྱད་དང་༔ གཅན་གཟན་སྒྲ་སྐད་ཐོས་པ་དུད་འགྲོ་སྟེ༔ ལས་ཀྱི་མཚོན་རྣོན་ལྷ་མ་ཡིན་གྱི་ལུས༔ དེ་དག་རྣམས་སུ་མི་འགྱུར་སྨོན་ལམ་དང་༔ བཤེས་གཉེན་བཀའ་དྲིན་ཆེ་བ་སློབ་དཔོན་ཏེ༔ དམ་ཚིག་གཅིག་པ་དབང་བསྐུར་མཉམ་དུ་ཞུས༔ ཆགས་ལམ་ཡིན་ན་རིགས་ལྡན་གཟུང་མ་སྟེ༔ དེ་བཞིན་ཚེ་འདས་རྒྱུ་སྦྱོར་ཡོན་བདག་བཅས༔ ཚེ་རབས་ཀུན་ཏུ་


CMR005_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཡང་མི་འབྲལ་བར༔ ཚོགས་ལམ་ཆུང་ངུ་འབྲིང་དང་ཆེན་པོ་དང་༔ སྦྱོར་ལམ་དྲོད་དང་རྩེ་མོ་བཟོད་པ་དང་༔ ཆོས་མཆོག་བགྲོད་ནས་རབ་དགའི་ས་ཐོབ་སྟེ༔ དྲི་མ་མེད་དང་འོད་འཕྲོ་འོད་བྱེད་དང་༔ སྦྱང་དཀའ་མངོན་དུ་ཕྱོགས་དང་རིང་དུ་སོང་༔ དེ་དག་མ་དག་པ་ཡི་ས་བདུན་ཏེ༔ དག་ས་དང་པོ་ས་བརྒྱད་མི་གཡོ་བ༔ ལེགས་པའི་བློ་གྲོས་བཅུ་པ་ཆོས་ཀྱི་སྤྲིན༔ དེ་དག་རིམ་གྱིས་བགྲོད་པའི་སྨོན་ལམ་སྟེ༔ ཁྱད་པར་ཞེས་བྱ་མདོ་ལུགས་ས་ལམ་ལྟར༔ གྲངས་མེད་གསུམ་སོགས་ཡུན་ལ་མི་ལྟོས་ཤིང་༔ ལུས་སྲོག་སྦྱིན་སོགས་སྲོག་ལ་མི་ལྟོས་ཤིང་༔ ལུས་སྲོག་སྦྱིན་སོགས་དཀའ་སྤྱད་མི་དགོས་པར༔ བདེ་ཞིང་མྱུར་དུ་ཚེ་འདིར་ཐོབ་པའོ༔ གལ་ཏེ་ཚེ་འདིར་དང་པོའི་ས་མ་ནོན༔ ནམ་ཞིག་ཚེ་འཕོས་ལུས་བརྗེས་དུས་བྱུང་ནས༔ འཁོར་བའི་གཡང་ས་ཆེན་པོར་ལྷུང་སྲིད་ན༔ རྟེན་འབྲེལ་གསལ་བྱེད་མར་མེ་ཕུལ་བ་ཡི༔ རྒྱུ་དང་ཞི་ཁྲོའི་ལྷ་ཚོགས་ཐུགས་རྗེ་ཡིས༔ རྐྱེན་བྱས་རྒྱུ་རྐྱེན་རྟེན་འབྲེལ་འཛོམ་པ་ལ༔ སྨོན་ལམ་རྣམ་དག་འདི་ཡིས་མཚམས་སྦྱར་ཏེ༔ མར་མེ་ཕུལ་བའི་བསོད་ནམས་དཔག་མེད་པ༔ མར་མེའི་མདོ་ལས་ཐུབ་པས་གསུངས་པ་ལྟར༔


CMR005_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་པོ་དང་ཚེ་འདས་སྦྱིན་བདག་དེའི༔ ཤུལ་མཚོན་ཞེས་བྱ་རྗེས་སུ་འབྲང་པ་སྟེ༔ ངན་སོང་གསུམ་དང་ལྷ་མ་ཡིན་སོགས་ཀྱིས༔ སྐྱེ་སྒོ་མར་མེས་ཆོད་པའི་སྨོན་ལམ་མོ༔ དེ་ལྟར་ཚེ་འདིར་ས་བཅུ་མ་ནོན་ཡང་༔ འབྲིང་གིས་བར་དོ་ཐ་མ་སྐྱེ་བ་རྒྱབ༔ ཡང་མཐའ་སྐྱེ་བ་བདུན་ལས་མི་འགྱང་བར༔ ས་བཅུ་ཐོབ་ནས་ཉོན་མོངས་བག་ཆགས་བྱང་༔ སྐད་ཅིག་ལག་པ་བརྐྱང་བསྐུམ་ཙམ་རེ་ལ༔ སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཆ་གཉིས་འགྱེད༔ དག་པའི་ཞིང་དུ་སངས་རྒྱས་ཆོས་ཉན་དང་༔ མ་དག་ཞིང་དུ་གང་ལ་གང་འདུལ་དུ༔ སྤྲུལ་ནས་འགྲོ་དོན་ཐོགས་པ་མེད་པའོ༔ འདི་མན་ས་ལམ་མིང་དང་དབྱེ་བ་སོགས༔ མདོ་དང་མཚུངས་ཕྱིར་བསྡུས་ཏེ་གསུངས་པའོ༔ ས་བཅུ་ཐོབ་ཚེ་སེམས་དཔའ་སེམས་མ་ཡིས༔ མདུན་བསུས་རྒྱབ་ནས་སྐྱེལ་ཞེས་བྱ་བའི་དོན༔ བྱང་ཆུབ་སེམས་དཔས་འགྲོ་དོན་བྱེད་པའི་དོན༔ བྱང་ཆུབ་སེམས་དཔའ་མང་པོས་སྤྲུལ་པ་དང་༔ ཡང་སྤྲུལ་ཉིས་སྤྲུལ་སུམ་སྤྲུལ་མང་པོ་དང་༔ སློབ་དཔོན་མཆེད་གྲོགས་སློབ་མ་ཡོན་བདག་སྤྲུལ༔ འགྲོ་དོན་བྱེད་པའི་གྲོགས་ནི་བྱེད་པའོ༔ དཔེར་ན་སྤྱན་རས་གཟིགས་སྤྲུལ་སྲོང་བཙན་དུས༔ འཇམ་དབྱངས་སྤྲུལ་པ་ཐོན་མི་སམ་བྷོ་ཊ༔


CMR005_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྡོར་སྤྲུལ་པ་མགར་བློན་ལ་སོགས་པ༔ སྲས་དང་བློན་པོ་ཕལ་ཆེར་སེམས་དཔའི་སྤྲུལ༔ དེ་བཞིན་དེང་སང་རྒྱལ་བའི་དབང་པོ་ལ༔ འོད་དཔག་འཇམ་དབྱངས་ཕྱག་རྡོར་བྱམས་པ་སོགས༔ སེམས་དཔའ་གཞན་གྱི་སྤྲུལ་པས་བསྟན་པ་འཛིན༔ བྱང་ཆུབ་སེམས་མས་མཐའ་བརྟེན་ཞེས་པ་ཡང་༔ རྒྱ་བཟའ་བལ་བཟའ་སྒྲོལ་མ་དཀར་སྔོན་དང་༔ ཡེ་ཤེས་མཚོ་རྒྱལ་དབྱངས་ཅན་ལྷ་མོ་སྟེ༔ སྲོང་བཙན་པད་འབྱུང་འགྲོ་དོན་གྲོགས་མཛད་ལྟར༔ དེ་དོན་འཇམ་དཔལ་རྩ་བའི་རྒྱུད་ཆེན་ལས༔ པོ་ཊ་ལ་ནས་རྗེ་བཙུན་སྒྲོལ་མ་ཡི༔ སྤྲུལ་པ་འཛམ་གླིང་ཆུ་བཞིའི་རྒྱུན་ཁྱབ་པར༔ བྱང་ཆུབ་སེམས་དཔའ་ཀུན་གྱི་རྗེས་སུ་འབྲང་༔ སྲུང་སྐྱོབ་སྦ་བ་བྱེད་ཅེས་གསུངས་པའོ༔ ཁྲོ་བོ་ཁྲོ་མོས་མཐའ་བརྟེན་ཞེས་པའི་དོན་གསང་བ་བསྟན་པའི་མདོ་ལས་གསུངས་པ་ལྟར༔ སངས་རྒྱས་བྱང་སེམས་ཀུན་གྱིས་སྤྲུལ་པ་ནི༔ ཅི་ཙམ་སྤྲུལ་པ་དེ་ཡི་གྲངས་མཉམ་པའི༔ ཕྱག་རྡོར་སྤྲུལ་པ་ཕྱི་བཞིན་འབྲངས་ནས་ཀྱང་༔ རྡོ་རྗེ་བསྣམས་ནས་བར་ཆད་བསྲུང་བར་འགྱུར༔ སུ་ཞིག་སྡེ་སྣོད་གསུམ་པོ་ཐོས་བསམ་བསྒོམ༔ དེ་ཚེ་དཔལ་ལྡན་ལྷ་མོས་དུས་རྟག་ཏུ༔ བུ་བཞིན་སྐྱོང་ཞེས་


CMR005_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་མ་བསྲུངས་ན༔ ལྷ་མོ་ཉིད་ཀྱང་ལུས་སྲོག་རབ་བསྲེགས་ནས༔ མནར་མེད་དམྱལ་བར་སྐྱེ་བའི་དམོད་བོར་བ༔ དཔལ་ལྡན་ལྷ་མོ་རྩ་བའི་རྒྱུད་ལས་གསལ༔ དེ་དག་རྣམས་དང་མཚུངས་པར་རང་ཅག་རྣམས༔ སེམས་དཔའ་སེམས་མས་གྲོགས་ནི་བྱེད་པ་དང་༔ ཁྲོ་བོ་ཁྲོ་མོས་བསྲུང་བའི་སྨོན་ལམ་ཡིན༔ དུར་འགྲོ་ཆེན་པོ་ནད་པ་ཟུངས་ཟད་ལྟར༔ འདེད་ཁྲིད་སྐྱོལ་ཞིང་འགྲོ་བ་མ་ཡིན་ནོ༔ དེ་དོན་འོག་མ་ཀུན་ལའང་འགྲེས་ཤེས་བྱ༔ མདོ་ཡི་ལུགས་ལ་བཅུ་གཅིག་སངས་རྒྱས་ས༔ གསར་མའི་ལུགས་ལ་བཅུ་གསུམ་སངས་རྒྱས་ས༔ དེ་བས་ཡན་ལ་བརྩི་བ་མ་མཆིས་ཀྱང་༔ དུས་འཁོར་ལུགས་ལ་དེ་བས་མང་གསུངས་ལྟར༔ རྫོགས་ཆེན་ལུགས་ལ་བཅུ་དྲུག་ཡེ་ཤེས་ས༔ ཡང་ན་ས་ནི་ཉི་ཤུ་གསུངས་པ་ལྟར༔ ཀུན་ཏུ་འོད་དང་རྡོ་རྗེ་འཛིན་པ་དང་༔ པདྨ་ཅན་དང་འཁོར་ལོ་ཚོགས་ཆེན་དང་༔ བཀོད་པ་རབ་རྫོགས་དེ་ཝ་ཀོ་ཤའི་ས༔ ཐར་པ་ཆེན་པོ་རྡོ་རྗེ་འཛིན་པའི་ས༔ ལྕང་ལོ་ཅན་དང་རྫོགས་པ་བླ་མེད་ས༔ སྲིད་གསུམ་ངང་རྫོགས་བྱ་རྩོལ་གཉིས་ཀྱི་ས༔ དེ་ལྟར་ཐུན་མོང་མིན་པའི་ས་བཅུ་གཉིས༔ ཐུན་མོང་དགུ་དང་ཉི་ཤུ་རྩ་གཅིག་སྟེ༔ ཕྱག་རྫོགས་ཟུང་འཇུག་གདམས་


CMR005_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣལ་འབྱོར་པ༔ གྲུབ་ཐོབ་ཆེན་པོ་ཀརྨ་པཀྴི་ཡི༔ གདམས་ངག་རྒྱ་མཚོ་མཐའ་ཡས་གཞུང་ཆེན་ལས༔ གནས་ལུགས་ཀུན་བཟང་ཆོས་ཀྱི་དབྱིངས༔ རྫོགས་ཆེན་ཨ་ཏི་ཡོ་ག་ནི༔ ཐེག་པ་དགུ་ལས་འདས་པ་སྟེ༔ ས་ལམ་རིམ་པ་བཅུ་དྲུག་སྟེ༔ ཡང་དག་དོན་གྱི་འོག་མིན་དུ༔ གདོད་ནས་ཐམས་ཅད་རང་བཞིན་རྫོགས༔ ཞེས་སོགས་རྒྱ་ཆེར་གསུངས་པ་དང་༔ ཐེག་དགུའི་སྒྲ་དོན་རྟོགས་པ་དང་༔ ནཱ་རོའི་བརྒྱུད་པའི་བྱིན་རླབས་ཤིང་༔ རྣལ་འབྱོར་རང་བྱུང་རྡོ་རྗེ་ཡང་༔ དག་སྣང་ས་ར་ཧ་དང་མཇལ༔ སངས་རྒྱས་རྣམས་ཀྱི་བསྟན་པ་ནི༔ རྒྱ་མཚོ་མཐའ་ཡས་གཏིང་དཔག་དཀའ༔ དབང་པོ་རབ་འབྲིང་ཐ་མ་རྣམས༔ འགའ་ཞིག་བགྲོད་ནས་མངོན་སངས་རྒྱས་གཅིག་ཆར་བ་ཡི་གང་ཟག་རྣམས༔ རྟོགས་ཐོབ་དུས་མཚུངས་ཀུན་ཏུ་བཟང་༔ ས་ལམ་བགྲོད་དང་མི་བགྲོད་པའི༔ འཁོར་འདས་ཀུན་ལ་ཁྱད་པར་ཡང་༔ ས་ལམ་རིམ་པ་ཉི་ཤུ་གཅིག༔ ཡང་དག་དོན་གྱི་འོག་མིན་དུ༔ ཐམས་ཅད་རྫོགས་པ་སྤྱི་ཡི་ས༔ ཞེས་སོགས་ཀརྨ་པཀཱིས་གསུངས༔ རང་བྱུང་རྡོ་རྗེས་གསུངས་པ་ནི༔ པཀྵི་ཉིད་ཀྱི་གསང་མཚན་དེ༔ ཕྱག་རྫོགས་དབྱེར་མེད་ལམ་


CMR005_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ༔ བརྟེན་ན་རྗེ་ཉིད་ཚེ་གཅིག་ལ༔ སངས་རྒྱས་གོ་འཕང་ཐོབ་པར་བཞེད༔ གྲུབ་ཐོབ་མང་ཡང་པཀི་འདྲ་བ་ཡི༔ གྲུབ་པ་ཐོབ་པ་རྒྱ་བོད་ཀུན་ལ་དཀོན༔ དེ་ཕྱིར་འདི་གསུངས་ཐེ་ཚོམ་སྤངས༔ ༈ དེ་ནས་ཧཱུྃ་རྣམ་ཤེས་ཕུང་པོ་ཞེས་སོགས་བསྐང་བའི་དོན༔ ཏིང་འཛིན་མཆོག་ཏུ་གྱུར་པའི་རྒྱུད་ཆེན་ལས༔ བསྐྱེད་རྫོགས་གོལ་ས་དཔག་ཏུ་མེད་པ་དང་༔ ཁྱད་པར་དམ་པ་རིགས་བརྒྱ་རེ་རེ་ཡི༔ བསྐྱེད་རིམ་གོལ་ས་རེ་རེ་ཡོད་པ་སྟེ༔ གོལ་ས་བརྒྱ་ནི་ཐམ་པ་ཡོད་པར་གསུངས༔ དེ་དོན་མདོར་བསྡུས་བསྐྱེད་རིམ་ཐམས་ཅད་ལ༔ ཨ་འཐས་ཐེར་ཟུག་ལྡེར་སོ་ལྟ་བུ་རུ༔ བསྒོམས་ན་གོལ་ས་ཆེན་པོ་ཡོད་པ་སྟེ༔ ཞི་བ་བསྒོམས་པས་འདོད་ཁམས་ལྷ་རུ་གོལ༔ ཁྲོ་བོ་བསྒོམས་པས་བདུད་དང་གཤིན་རྗེར་གོལ༔ མགོ་བརྙན་ཅན་བསྒོམ་ཤ་ཟ་ཕྲ་མེན་གོལ༔ གོལ་ས་གཅོད་པ་གསང་སྔགས་ལྷ་ཚོགས་ཀུན༔ ངོ་བོ་དོན་ལུ་ཆོས་སྐུ་རྗེན་པ་སྟེ༔ སྐུ་མདོག་ཕྱག་མཚན་ཞལ་ཕྱག་གྲུབ་པ་མེད༔ འོན་ཀྱང་ལོངས་སྤྱོད་རྫོགས་པའི་ཞིང་ཁམས་སུ༔ ཞལ་ནས་འཁོར་ལ་ཆོས་གསུངས་མི་དགོས་པར༔ ཞལ་ཕྱག་སྐུ་མདོག་བཞུགས་ཚུལ་མཐོང་ཙམ་གྱི༔ འཁོར་རྣམས་ཀུན་


CMR005_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་དེ་དོན་ཆོས་ཀུན་རྟོགས༔ དེ་བཞིན་ཞི་ཁྲོའི་ལྷ་ཚོགས་ཆ་ལུགས་ཀུན་དམ་ཆོས་བརྡ་ཡི་སྒོ་ནས་སྟོན་པ་ཡིན༔ ངེས་ཤེས་གཟུགས་སུ་གྲུབ་པ་མིན་ཤེས་བྱ༔ བཅོམ་ལྡན་ཆོས་སྐུ་ཀུན་ཏུ་བཟང་པོ་ཡི༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཉོན་མོངས་ཚོགས༔ མ་སྤང་ཡེ་ནས་རྣམ་པར་དག་པ་ལ༔ རང་གཟུགས་དམ་པ་རིགས་བརྒྱའི་ལྷ་ཚོགས་ཤར༔ དེ་ནི་འབྲས་བུ་དམ་པ་རིགས་བརྒྱ་ཡིན༔ བསྐྱེད་རྫོགས་ཟུང་འཇུག་རྟོགས་པའི་རྣལ་འབྱོར་གྱིས༔ ཕུང་ཁམས་སྐྱེ་མཆེད་དེ་བཞིན་རིགས་བརྒྱར་གསལ༔ དེ་ནི་ལམ་དུས་དམ་པ་རིགས་བརྒྱ་ཡིན༔ དལ་འབྱོར་ཆོས་ལྡན་མི་ལུས་ཐོབ་རྣམས་ཀྱིས༔ ལུས་ལྷའི་ཚུལ་དུ་དམ་པ་རིགས་བརྒྱར་གནས༔ དེ་ནི་གཞི་དུས་དམ་པ་རིགས་བརྒྱ་ཡིན༔ དེ་ལྟར་ཕུང་པོ་ལྔ་པོ་རིགས་ལྔ་དང་༔ ཁམས་ལྔ་ཡུམ་ལྔ་ཚོགས་བརྒྱད་སེམས་དཔའ་བརྒྱད༔ ཡུལ་བརྒྱད་སེམས་མ་ཉོན་དྲུག་ཐུབ་པ་དྲུག༔ ལུས་ཀྱི་རྣམ་ཤེས་ལ་སོགས་ཁྲོ་བོ་བཞི༔ རྟག་ཆད་བཞི་པོ་སྒོ་མ་ཡུམ་བཞི་དང་༔ ཉོན་མོངས་རྟོག་པ་ལ་སོགས་ཁྲག་འཐུང་ལྷ༔་བསྐང་བའི་གཞུང་ལྟར་ངོ་སྤྲོད་ངེས་ཤེས་ཐོབ༔ དེ་ཡི་བསྐང་བ་མཆོག་ཏུ་གྱུར་པ་དང་༔ མཆོག་ཆེན་མི་


CMR005_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཆོག་ཕྲན་རྐང་དུང་དང་༔ མཚན་ལྡན་བུད་མེད་ཌ་ཀི་མཚན་རྟགས་ཅན༔ ཙ་ར་ར་སྐྱེས་མཁའ་ལྡིང་བྱ་མོ་ནག༔ དེ་སོགས་བསྐང་རྫས་དངོས་སོགས་ཡིད་སྤྲུལ་འབུལ༔ བསྐང་རྫས་འབུལ་བ་ཀུན་རྫོབ་རྫས་ཀྱིས་བསྐང་༔ བསྐྱེད་རྫོགས་གོལ་ས་གཅོད་པ་དོན་དམ་བསྐང་༔ འདི་རུ་ཕུར་པའི་བསྐང་བ་བྱུང་བའི་དོན༔ ཞི་ཁྲོ་འདི་ཡི་ཞི་བ་རྡོ་རྗེ་དབྱིངས༔ ཁྲོ་བོ་ཡང་དག་ཐུགས་ཀྱི་དཀྱིལ་འཁོར་ཏེ༔ དེ་གཉིས་སྦགས་པས་ཞི་ཁྲོ་ཞེས་བྱའོ༔ སྔོན་དུས་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཡང་ལེ་ཤོད་དུ་ཡོང་དག་ཐུགས་ཀྱིས་ནི༔ དཀྱིལ་འཁོར་བཞེངས་ནས་མཆོག་གི་དངོས་གྲུབ་བསྒྲུབསཿ་དེ་ཚེ་ཀླུ་སྲིན་གྱོང་པོ་ཀློག་མ་སྤྲིན༔ གནོད་སྦྱིན་རྒོད་མ་ཁ་ཡིས་བར་ཆད་བརྩམས༔ ཐན་པས་རྩྭ་ཤིང་ཆུ་མིག་ཐམས་ཅད་སྐམ༔ མི་ཕྱུགས་ཐམས་ཅད་ནད་ཀྱིས་དམྱལ་ཐག་བཅད༔ དེ་ཚེ་བར་ཆད་སེལ་བའི་ཆོས་བསྐུར་ཞེས༔ རྒྱ་གར་ཡུལ་དུ་གསེར་ཕྱེ་མང་དུ་བསྐུར༔ པཎྜི་ཏ་པ་བདུན་བརྒྱས་བཀའ་བགྲོས་ནས༔ ཕུར་པའི་རྒྱུད་ནི་མི་ཁུར་གཉིས་བསྐུར་བ༔ སླེབས་པ་ཙམ་གྱིས་ཆར་བབས་ནད་ཡམས་ཆད༔ བསྒྲུབས་པས་གདུག་པ་ཅན་རྣམས་དམ་ལ་ཐོགས༔ ཡང་དག་དངོས་


CMR005_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེ་ཡང་བར་ཆད་རྒོད༔ ཕུར་པ་སྐྱེལ་མ་དང་ནི་འདྲ་བར་དགོངས༔ དེ་ཕྱིར་ཡང་ཕུར་སྦྲག་མའི་སྒྲུབ་པ་མཛད༔ ཞི་ཁྲོ་འདི་དང་ཡང་དག་དོན་གཅིག་པས༔ བར་ཆད་སེལ་ཕྱིར་ཕུར་པའི་བསྐང་བ་སྦྱར༔ འདི་ནི་གེགས་སེལ་ཡིན་པ་ཤེས་པར་བྱ༔ བསྒོམ་བྱ་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས༔ བཀའ་སྲུང་ཚུལ་དུ་ཞི་ཁྲོའི་དཀྱིལ་འཁོར་གྱི༔ ཕྱི་ཡི་ཁྱམས་ལ་དྲན་རྫོགས་གསལ་བཏབ་ཆོག༔ འདི་སྐབས་ཆོ་ག་དང་པོ་བསྐྱེད་མི་དགོས༔ དྲན་རྫོགས་དམ་ཡེ་དབྱེར་མེད་བསྒོམ་པ་ལ༔ སྤྱན་འདྲེན་ལ་སོགས་དགོས་པ་མ་ཡིན་ཏེ༔ ཆུ་ཟླ་བཞིན་དུ་གར་དམིགས་དེར་སྣང་ངོ་༔ གཞན་ཡང་བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་བསྐང་བོ་མང་དུ་བྱ་གསུངས་པ༔ དེ་ཡིས་འགྲེ་ཞིང་ཁྱད་པར་ཆོས་སྐྱོང་བ་དམ་ཅན་སྡེ་བདུན་བསྐང་བ་སྦྱར་ན་ལེགས༔ དེ་ནས་དེ་ཁོ་ན་ཉིད་ཀྱི་བསྐང་བ་ནི༔ རུས་རྒྱན་ལ་སོགས་སྔགས་ཆས་བྱ་གསུངས་པ༔ གོང་དུ་བྱས་པ་དེ་ཡིས་འཐུས་པ་སྟེ༔ ཕྱག་རྒྱ་གར་སྟབས་གསུངས་པ་གོང་གིས་འཐུས༔ དངོས་པོ་ཆོས་ཉིད་ཡངས་པ་ཞེས་སོགས་དོན༔ དྲི་མེད་བཤགས་རྒྱུད་དབུ་ནས་འབྱུང་བ་ལྟར༔ བཤགས་བྱ་བཤགས་བྱེད་བསྐང་བྱ་སྐོང་


CMR005_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་བྲལ༔ ལྟ་བ་འཁོར་འདས་གཉིས་མེད་ཉམས་ལེན་སྐྱོངས༔ དེ་ཉིད་གསལ་འདེབས་གཞུང་གི་ཚིག་རྣམས་བརྗོད༔ དེ་ནས་ཨ་ལ་ལ་སོགས་བསྔོ་སྨོན་བརྗོད༔ བརྒྱ་ཕྱག་ཀློང་བཤགས་ཚོགས་དང་ཆད་མདོ་དང་༔་བསྡུ་ཆོག་ལ་སོགས་གོ་སླ་བཀྲོལ་མི་དགོས༔ ༈་དེ་ནས་རྣལ་འབྱོར་རང་གི་ཉམས་ལེན་ཚུལ༔ ཐོ་ཙམ་འདི་རུ་བརྗོད་པར་བྱ་བ་ནི༔ འབྱོར་པ་འཛོམ་ཞིང་སྤྲོས་པ་ལ་དགའ་ན༔ མ་ཧཱ་ཡོ་ག་ལྟར་དུ་ཉམས་ལེན་བྱ༔ དེ་ལ་རྒྱས་བསྡུས་རིགས་གསུམ་ཡིན་པ་སྟེ༔ ས་སློང་ཐིག་ཆོག་དཀྱིལ་འཁོར་ལས་རིམ་སོགས་དབང་གི་སྟ་གོན་རྒྱ་སྐད་ཅན་དེ་ལ། རྙིང་མ་གཞན་ནས་ཁ་སབ་རྒྱས་པར་བྱས༔ དམ་ལྡན་རྣལ་འབྱོར་ཉེར་བརྒྱད་ཡན་ཆད་ནས་བརྒྱ་སྟོང་གང་འཛོམས་འཚོགས་ནས་སྒྲུབ་ཆེན་བྱ༔ ལས་བྱང་དུས་བཞིར་བོ་དྷི་ཙིཏྟ་དང་༔ འཛབ་དབྱངས་སྔགས་རྒྱུན་ཉིན་མཚན་མ་ཆད་པར༔ ཞག་བདུན་ཡན་ཆད་བྱ་ཞིང་དབང་བསྐུར་རམ༔ རང་དོན་ཡིན་ན་དངོས་གྲུབ་བླང་ཆོག་བྱ༔ དེ་ནི་ཚོམ་བུ་འབུམ་བསྒྲུབ་ཅེས་བྱའོ༔ དེར་འཚོགས་ཀུན་གྱི་ཞི་ཁྲོའི་བསྙེན་པ་ཐེམ༔ གཞན་དུ་གཅིག་པུར་ལོ་གཅིག་བསྒྲུབ་པ་དང་༔ དེ་རུ་ཞག་བདུན་སྒྲུབ་པའི་ཕན་ཡོན་


CMR005_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ༔ རྟགས་དང་མཚན་མ་དེ་བཞིན་མཉམ་པའོ༔ ༈ རྣལ་འབྱོར་གཅིག་གིས་སྒྲུབ་ཆེན་ཅི་བཞིན་བྱ༔ སྔགས་རྒྱུན་མ་གཏོགས་ཐམས་ཅད་བྱ་བ་ནི༔ ཡུན་ནི་ཟླ་གཅིག་ཡན་ཆོད་གང་ཐོན་བྱ༔ དེ་ནི་དཔའ་བོ་གཅིག་བསྒྲུབ་བྱ་བ་སྟེ༔ འདི་ནི་གཉིས་ཀ་སྒྲུབ་ཆེན་ཡིན་པ་སྟེ༔ རྒྱལ་ཐོ་བསྡུ་བཀྲམ་ལ་སོགས་གཞུང་ལྟར་རོ༔ ༈ ཡང་ན་རས་བྲིས་ཚོམ་བུ་ལ་སོགས་པ༔ སྨན་རཀ་གཏོར་གསུམ་མཆོད་གཏོར་མདོར་བསྡུས་བཤམས༔ དེ་ལ་བརྟེན་ནས་བདུན་གསུམ་ཡན་ཆོད་དུ༔ བསྙེན་པ་བྱེད་པ་སྒྲུབ་ཕྲན་ལུགས་ཡིན་ཏེ༔ དེ་དག་ཀུན་ལ་ལས་བྱང་རྒྱས་བསྡུས་གཅིག༔ གང་འདོད་དུས་བཞིར་བཏང་བར་བྱ་བ་སྟེ༔ བསྙེན་པ་བོ་དྷི་ཙིཏྟ་ཐུན་བཟུང་སྟེ༔ གལ་ཏེ་ན་རཀ་དོང་སྤྲུགས་བསྒྲུབ་པ་ན༔ བསྙེན་པ་ཡིག་བརྒྱ་ཉིད་ལ་བྱ་བའོ༔ བདག་མདུན་ལྷ་ཚོགས་ཐམས་ཅད་སོ་སོ་ཡི༔ ཐུགས་ཀར་ཞི་བ་ཟླ་བ་ཁྲོ་བོ་ལ༔ ཉི་སྟེང་རང་རང་ས་བོན་ཐ་མ་ལ༔ རང་སྔགས་ལས་བྱང་རྒྱས་པའམ་བཏགས་གྲོལ་ལྟར༔ ཕོ་རྣམས་གཡས་དང་མོ་རྣམས་གཡོན་འཁོར་དམིགས༔ བོ་དྷི་བཟླས་པ་སྤྱི་བསྡུས་སྔགས་ཡིན་པ༔ དེ་ནི་ཞི་ཁྲོ་བསྙེན་པའི་དམིགས་པའོ༔ དེ་


CMR005_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས༔ སངས་རྒྱས་ཀུན་མཆོད་བྱིན་རླབས་རང་ལ་བསྡུ༔ འགྲོ་དྲུག་ལ་ཕོག་སྒྲིབ་སྦྱངས་གྱུར་དམིགས་ལ༔ དེ་ནི་ཉེ་བར་བསྙེན་པ་ཞེས་བྱའོ༔ བདག་བསྐྱེད་ཐུགས་ལས་དང་པོ་འོད་ཟེར་དང་ཕྱིས་ནས་སྔགས་ཕྲེང་འཕྲོས་ནས་ཞལ་ནས་ཐོན༔ མདུན་བསྐྱེད་གཙོ་བོ་ཀུན་བཟང་ཞལ་དུ་ཞུགས༔ སྐུ་ལས་འོད་འཕྲོས་འཁོར་ཚོགས་ཐམས་ཅད་ཁྱབ༔ རང་རང་ཐུགས་ཀའི་སྔགས་ཕྲེང་དྲག་ཏུ་འཁོར༔ ཐུགས་རྒྱུད་བསྐུལ་ནས་བྱིན་རླབས་འོད་ཟེར་ཚུལ༔ གཙོ་བོར་བསྡུས་ནས་གཙོ་བོའི་ཐུགས་ཀ་ནས༔ བྱིན་རླབས་སྔགས་ཕྲེང་ཐུགས་ཀ་ནས་འཕྲོས་པས༔ སྦྱོར་མཚམས་ནས་ཐོན་རང་གི་སྦྱོར་མཚམས་ནས༔ རྡོ་རྗེའི་སྦུ་གུ་ནས་བརྒྱུད་ཐུགས་ཀར་ཐིམ༔ དེ་ལྟར་རྒྱུན་དུ་འཁོར་དམིགས་སྔགས་བཟླས་པ༔ འདི་ནི་སྒྲུབ་པའི་དམིགས་རིམ་ཡིན་པ་སྟེ༔ དེ་ལྟར་བར་དུ་འཁོར་ཚེ་སྔགས་ཕྲེང་ལས༔ འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས་པ་ཡིས༔ རྒྱལ་བ་ཀུན་མཆོད་སྐུ་གསུང་ཐུགས་བྱིན་རླབས༔ སྐུ་དང་སྔགས་ཕྲེང་ཕྱག་མཚན་སྣ་ཚོགས་པ༔ ཆར་ལྟར་བབས་ནས་རང་དང་མདུན་བསྐྱེད་ཐིམ༔ འོད་ཟེར་འགྲོ་བ་སྣོད་བཅུད་ཀུན་ལ་ཕོག༔ སྣོད་ཀྱི་


CMR005_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཞི་ཁྲོའི་གཞལ་ཡས་ཁང་༔ བཅུད་ཀྱི་སེམས་ཅན་དམ་པ་རིགས་བརྒྱའི་ལྷ༔ ཀུན་གྱིས་འཛབ་དབྱངས་སྒྲོགས་པས་འཇིག་རྟེན་གཡོ༔ དེ་ནི་སྒྲུབ་པ་ཆེན་པོའི་དམིགས་པའོ༔ དེ་ནས་སྔགས་ཕྲེང་འོད་ཟེར་དཀར་པོ་ཡིས༔ རང་དང་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཞི༔ སེར་པོས་ཚེ་དང་བསོད་ནམས་ཡེ་ཤེས་རྒྱས༔ དམར་པོས་སྣང་སྲིད་རླུང་སེམས་དབང་དུ་བྱས༔ མཐིང་ནག་དགྲ་བགེགས་བདུད་བཞི་ཚར་གཅོད་བསྒོམ༔ དེ་ནི་ལས་བཞིའི་ཕྲིན་ལས་དམིགས་པའོ༔ དེ་དག་བསྒྲུབ་པའམ་རྒྱུན་ཁྱེར་དུས་སུ་རུང་༔ སྒྲུབ་པ་གྲོལ་ཁ་རྒྱུན་དུ་ཐུན་མཚམས་སུ༔ མདུན་བསྐྱེད་གནས་ལྔ་ནས་འཕྲོས་ཐིག་ལེ་ནི༔ དཀར་དམར་མཐིང་སེར་ལྗང་གུ་བཀྲག་མདངས་ཅན༔ ཨོཾ་ཨཱཧཱུྃ་སྭཱ་ཧཱ་ཡི་གེས་མཚན་པའོ༔ རང་གི་གནས་ལྔར་ཐིམས་པས་དངོས་གྲུབ་བླངས༔ བདག་འཇུག་གོ་ཡང་དེ་ཡིས་ཆོག་པ་སྟེ༔ སྔགས་མཇུག་ཀཱ་ཡ་སིདྡྷི་ཨོ་སོགས་སྦྱར༔ གལ་ཏེ་བསྒྲུབ་ཐོན་རབ་ཡིན་མ་ཐོན་ཡང་༔ ལས་བྱང་ཆུང་བ་ཆག་མེད་རྒྱུན་ཁྱེར་དང་༔ དམིགས་པ་དང་བཅས་བོ་དྷི་ཡིག་བརྒྱ་བསྙེན༔ ཡང་ན་རང་གི་དགོངས་ཞག་ལ་དམིགས་ནས༔ ཞེ་དགུའི་བར་གྱི་ལས་


CMR005_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཐུན་གསུམ་དང་༔ ཡིག་བརྒྱ་བོ་དྷི་བསྙེན་ན་ཕན་ཡོན་ཆེ༔ དེ་དག་བསྐྱེད་པ་མ་ཧཱ་ཡོ་གའི་ལུགས༔ ཐུན་མཚམས་བརྒྱ་ཕྱག་འཚལ་ན་ཤིན་ཏུ་ལེགས༔ དམ་ཚིག་ཉམས་ཆག་བསྐང་བའི་མཆོག་ཏུ་འགྱུར༔ ༈ དེ་ནས་ཨ་ནུ་ཡོ་གའི་ཉམས་ལེན་ནི༔ སྤྲོས་བཅས་ཆོས་སྤྱོད་བག་ཆགས་རང་གྲོལ་འདོན༔ དང་པོ་ཡན་ལག་བདུན་པ་འདོན་ལྟར་བསྒོམ༔ དེ་ནས་རྡོར་སེམས་བདག་བསྐྱེད་ཡིག་བརྒྱ་བསྙེན༔ དེ་ནས་ལུས་ལྷ་གཞུང་ལྟར་གསལ་བཏབ་སྟེ༔ རང་ལས་སྤྲུལ་པའི་མཆོད་པའི་ལྷ་མོའམ༔ ཐ་མལ་རང་ལུས་བྱེ་བ་དུང་ཕྱུར་སྤྲུལ༔ བདག་བསྐྱེད་དཀྱིལ་འཁོར་ལྷ་ལ་ཕྱག་མཆོད་འབུལ༔ སྤྲོས་མེད་བསྒོམ་རིམ་ལྷན་སྐྱེས་ཡེ་ཤེས་ལྟར༔ ངག་ཏུ་གསལ་བཏབ་བྱས་རུང་བསྒོམ་ཡང་ཆོག༔ མཆོད་པ་བཟའ་བཏུང་ཐམས་ཅད་བདུད་རྩིར་དམིགས༔ སྤྱན་འདྲེན་མི་དགོས་དམ་ཡེ་དབྱེར་མེད་ཡིན༔ བསྙེན་པ་ཡིག་བརྒྱའམ་བོ་དྷི་ཙིཏྟ་བགྲང་༔ ཡང་ན་འབྲུ་གསུམ་རྡོ་རྗེའི་བཟླས་པ་བྱ༔ ཕྱི་ཡི་རྟེན་གསུམ་རྡུལ་ཚོན་རས་བྲིས་ལགས༔ མིན་ལ་ཡིན་པར་རྟོག་པས་བཏགས་པ་ཙམ༔ ཀུན་བརྟག་དཀྱིལ་འཁོར་ཞེས་བྱ་ངོ་མཚར་ཆུང་༔ ལུས་དཀྱིལ་གདོད་ནས་ཡི་དམ་དཀྱིལ་


CMR005_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཉིད༔ ཡིན་ལ་ཡིན་བཞིན་གསལ་བཏབ་བྱིན་རླབས་ཆེ༔ དེ་ཕྱིར་ཡོངས་གྲུབ་བསྐྱེད་རིམ་ཞེས་བྱའོ༔ དེ་ལ་བརྟན་པ་ཐོབ་པའི་གང་ཟག་གི༔ རྟེན་གསུམ་དཀྱིལ་འཁོར་གཞན་ལ་ཕྱག་མི་བྱ༔ བྱས་ན་མཆོག་དམན་ཐེ་ཚོམ་དམ་ཚིག་ཉམས༔ བི་མ་མི་ཏྲས་བསམ་ཡས་ལྷ་ཆེན་ལ༔ ཕྱག་མ་མཛད་ཅིང་ཕྱག་ཡ་གདེངས་ཙམ་གྱིས༔ བྱང་ཆུབ་ཆེན་པོ་གས་པ་དེ་ལྟར་རོ༔ ཉམས་ལེན་རྩ་བ་རླུང་བཟུང་འཁྲུལ་འཁོར་ཡིན༔ ཉོན་མོངས་མི་སྤངས་ལམ་དུ་ཁྱེར་བ་སྟེ༔ འོག་སྒོ་བདེ་ཆེན་ཁྲིད་ལས་གསུངས་པ་ལྟར༔ རབ་བྱུང་ཡིན་ན་རང་ལུས་ཐབས་ལྡན་དང་༔ བསྒོམ་པའི་རིག་མ་ཡེ་ཤེས་ཕྱག་རྒྱ་བརྟེན༔ ཁྱིམ་པ་ཡིན་ན་རིགས་ལྡན་ལས་རྒྱ་བརྟེན༔ དགའ་བཞི་ངོས་བཟུང་བདེ་སྟོང་ཏིང་འཛིན་བསྲེ༔ བསྟན་པའི་བརྒྱུད་འཛིན་སྐྱེས་ཆེན་སྲས་འཁྲུངས་པ༔ ཀློང་ཆེན་སྲས་པོ་ཟླ་བ་གྲགས་པ་བཞིན༔ རང་ལས་ལྷག་པའི་བསྟན་འཛིན་བཞག་པར་གསུངས༔ གཞན་གྱི་རིག་མར་སྦྱོར་ན་ངན་བརྒྱུད་འཕེལ༔ དེ་ཕྱིར་སྲིད་གཅོད་གདམས་པ་གསུངས་པ་ལགས༔ དེ་དག་ཨ་ནུ་ཡོ་གའི་ཉམས་ལེན་ཡིན༔ ཨ་ཏི་ཡོ་ག་སེམས་ཀྱི་དཀྱིལ་འཁོར་ཏེ༔ བློས་བྱས་བསྐྱེད་རིམ་ལྷ་


CMR005_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་བསྒོམ་པ་མིན༔ ལྷ་ཡི་ངོ་བོ་ཆོས་སྐུ་ཉིད་ཡིན་ཏེ༔ རང་སེམས་ངོ་བོ་རྗེན་པར་སྐྱོང་བ་དང་༔ བོགས་འདོན་ཐོད་རྒལ་འཇའ་འོད་ཐིག་ལེར་བལྟ༔ དབྱིངས་རིག་ཡེ་ཤེས་མངོན་སུམ་མིག་གིས་མཐོང༔ ངོ་བོ་དང་བསྲེས་གསལ་སྟོང་ཟུང་འཇུག་འཆར་ཉམས་ལེན་གོང་འཕེལ་ཐོག་ལེ་དབྱིངས་རིག་འཕེལ༔ རིག་པ་ཚད་ཕེབ་ལྷ་ཚོགས་དཔག་མེད་མཇལ༔ དེ་ཙམ་དེང་སང་མང་དུ་འོང་བར་སྣང་༔ ཆོས་ཉིད་ཟད་སར་འཁྱོལ་ན་འཇའ་ལུས་འགྲུབ༔ པད་འབྱུང་བི་མ་ལྟ་བུར་སྐྱེ་འཆི་བྲལ༔ འཕོ་བ་ཆེན་པོ་རྡོ་རྗེའི་སྐུ་ཐོབ་ནས༔ གཞོན་ནུ་བུམ་སྐུའི་ཀློང་དུ་འཚང་རྒྱ་གསུངས༔ དེ་ཡིས་རང་གི་ཉམས་ལེན་གནད་འགགས་ཚང་༔ ཚོགས་རྒྱུད་ཆེན་པོ་ཞེས་བྱའི་རྒྱུད་སྡེ་ནས༔ ཚོགས་ཀྱི་དཀྱིལ་འཁོར་གསུངས་པའི་དཀྱིལ་འཁོར་ནི༔ ཞི་ཁྲོའི་དཀྱིལ་འཁོར་འདི་ཉིད་ཡིན་པར་གསལ༔ དཔེར་ན་སངས་རྒྱས་རྣམས་ཀྱིས་ཡོངས་གང་བའི་སོ་སོ་སྐྱེ་བོ་ཉན་རང་བྱང་སེམས་ལ༔ བཀུར་སྟི་ཕུན་སུམ་ཚོགས་པ་བྱས་པ་བས༔ དཀྱིལ་འཁོར་འདི་ཉིད་ཞི་ཁྲོའི་ཆོ་ག་འདི༔ ལན་གཅིག་བྱས་པ་བསོད་ནམས་ཆེ་བའི་ཚུལ༔ རྒྱ་ཆེར་རྒྱུད་སྡེ་དེ་ལས་གསལ་མོད་ཀྱིས་འདི་ལ་མཆོད་པ་སྣ་ཁ་སྟོང་


CMR005_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་གཅིག༔ ཚོགས་ཆུང་བརྒྱ་རྩ་མར་མེ་རྩ་བརྒྱ་སོགས༔ ཚང་བར་ཡོད་ཀྱང་ཀུན་རིག་སྟོང་ཆོག་དང་༔ ཕག་ཁྲོས་ལ་སོགས་ཚོགས་བརྒྱ་བྱེད་པ་ཡི༔ གོ་ཆོད་ཟེར་བ་དཔེ་རྒྱུད་གང་ལའང་མེད༔ དེ་ཕྱིར་དེ་འདྲ་བཤད་པའང་ག་ལ་རུང་༔ སྦྱོང་རྒྱུད་ཕག་ཁྲོས་ནུབ་རྐྱེན་བསྟན་ལ་གནོད༔ ཚེ་འདས་དོན་དུ་ཞི་ཁྲོ་བླུགས་པ་ཡང་༔ ཞི་ཁྲོ་ལ་དམིགས་བཤས་བྱེད་མི་རུང་སྟེ༔ བྱས་ན་ཞི་ཁྲོའི་ཕན་ཡོན་དུད་འགྲོས་ཐོབ༔ བསད་པའི་སྡིག་པ་ཚེ་འདས་དེ་ཡིས་ཐོབ༔ དེ་དོན་སྲོང་བཙན་སྒམ་པོའི་གསུངས་དང་ནི༔ འཇའ་ཚོན་པ་ཡི་རྣམ་ཐར་ནང་ན་གསལ༔ གནད་འདི་སྦྱིན་བདག་རྣམས་ཀྱི་ཐོས་གལ་ཆེ༔ འཛོམས་ན་གཏོར་རྒྱན་ཚོགས་ཤ་དགོས་མོད་ཀྱིས༔ མེད་ན་ཁྲག་གཏོར་ཁྲག་ཤ་ལ་སོགས་རུང་མཆོད་པ་ཤ་བས་ཁྲག་ནི་གལ་ཆེ་སྟེ༔ སྨན་རཀ་གཏོར་གསུམ་རྙིང་མའི་མཆོད་རྫས་གཙོ༔ གལ་ཏེ་ཤ་ནི་དངོས་སུ་མ་འབྱོར་ན༔ ཡིད་ཀྱིས་བསྒོམས་པས་འཐུས་པ་རྒྱུད་ནས་གསུངས༔ ཤ་བས་ཆང་ནི་གལ་ཆེ་ཡིན་ནོ་གསུངས༔ འོ་མས་ཆིང་གོ་ཆོད་པའི་བཤད་པ་མང་༔ དེ་ལྟར་ཀུན་རིག་སྟོང་ཆོག་ཁ་མི་འགགས༔ བསྔོས་ཤ་མ་སོང་ཞི་ཁྲོ་བླུགས་པ་ན།


CMR005_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

རང་གཞན་ཀུན་ཕན་འགྲོ་དོན་ལམ་དུ་འགྲོ༔ དེ་ཡང་ཞི་ཁྲོ་བླུགས་མཁན་སློབ་དཔོན་དེ༔ བསྐྱེད་རྫོགས་ལྟ་བ་རྣམ་དག་ལྡན་པ་ནི༔ ཕན་ཡོན་བསམ་འདས་མཆོག་གི་དངོས་གྲུབ་ཐོབ༔་ལྟ་བ་ཇི་བཞིན་རྟོགས་པ་མེད་ན་ཡང་༔ དབང་ལུང་ཐོབ་ཅིང་ཕྱག་ལེན་ཤེས་པ་ན༔ བསོད་ནམས་ཚོགས་ཙམ་རྫོགས་པར་འགྱུར་བ་དང་༔ བར་ཆད་སེལ་ཞིང་ཐུན་མོང་དངོས་གྲུབ་ཐོབ༔ དབང་ལུང་མ་ཐོབ་ཕྱག་ལེན་ཇི་བཞིན་མེད༔ ཟང་ཟིང་སྡུད་པའི་ཕྱིར་དུ་བྱེད་པ་ནི༔ ཡོན་བདག་ཚེ་འདས་རྣམས་ལ་ཕན་ཡོན་ཆུང་༔ རང་ཉིད་དམྱལ་བ་རིན་གྱིས་ཉོས་པ་ཡིན༔ དེ་དག་ཞི་ཁྲོ་བླུགས་པའི་གེགས་སེལ་ཡིན༔ ༈ ཚེ་འདས་ཕུང་པོ་སྦྱངས་ཚུལ་ཞི་བ་ཡི༔ སྦྱིན་སྲེགས་སྤྱོད་གཞུང་གསལ་བར་ཡོད་མོད་ཀྱི༔ ཁྱད་པར་སྔགས་འབྲུ་སྤྱི་ལྟར་སབ་དགོས་སོ༔ མེ་ལྷའི་ཐུགས་ཀར་ཞི་ཁྲོའི་དཀྱིལ་འཁོར་བསྐྱེད༔ གནས་ཡིག་བཏགས་གྲོལ་རྒྱས་བསྡུས་གང་རུང་ངམ༔ མ་འཛོམ་ཡིག་བརྒྱ་བོ་དྷི་ཙིཏྟ་གཉིས༔ ཚར་གསུམ་མགོ་དང་དཔུང་པ་གཉིས་ལ་བཏག༔ ལས་བྱང་རྒྱས་པར་བྱེད་ན་ལྷ་སོ་སོའི༔ སྔགས་ཀྱིས་འབུལ་དང་མཆོད་བསྟོད་ཚན་པ་ནི༔ ཀུན་རིག་བཞིན་དུ་བགོ་བ་ཤེས་པར་བྱ༔


CMR005_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱང་ཆུང་བ་བྱེད་ན་བོ་དྷི་ཙིཏྟའི༔ སྔགས་ཀྱིས་སྤྱིར་འབུལ་མཆོད་བསྟོད་སྤྱི་ལ་བྱ༔ རྙིང་ལུགས་སྦྱིན་སྲེག་ལ་ཡང་ཚོགས་མཆོད་འབུལ༔ དེ་ཚེ་ཚོགས་ཕུད་སོགས་ཀྱང་ཐབ་ཏུ་འབུལ༔ ཚོགས་མ་འཛོམ་ཡང་འགལ་བ་མེད་པ་ཡིན༔ ཚེ་འདས་དེ་ཉིད་བླ་མ་སོགས་ཡིན་ན༔ ཞི་ཁྲོའི་ལྷ་དང་བླ་མའི་ཕུང་ཁམས་ཀྱི་ལྷ་ཚོགས་དབྱེར་མེད་དེ་ལ་བསྲེག་རྫས་འབུལ༔ བླ་མ་དེ་ལ་འབྲེལ་ཐོགས་སེམས་ཅན་གྱིས༔ གཙོར་བྱས་སེམས་ཅན་ཀུན་གྱི་སྒྲིབ་སྦྱོངས་དམིགས༔ ཐ་མལ་ཚེ་འདས་ཡིན་ན་སྦྱིན་སྲེག་ནི༔ དཀྱིལ་འཁོར་ཁྱམས་སུ་ཐལ་སྦྱར་གུས་འདུད་དམིགས༔ དེ་ཡི་ཤ་ཁྲག་མཆོད་རྫས་དབྱེར་མེད་པར༔ ལྷ་ལ་ཕུལ་བས་ཚོགས་རྫོགས་ལྷ་ཚོགས་ཀྱི༔ འོད་ཟེར་དཀར་པོས་དེ་ཡི་སྒྲིབ་པ་སྦྱོངས༔ འཛོམ་ན་སྐབས་དེར་ཁྲུས་དང་ཕྱིར་ལྡོག་བྱ༔ མ་ལྕོགས་ཟས་བསྔོ་ཏིང་འཛིན་དབང་བསྐུར་ནས༔ ལམ་བསྟན་ཚེ་འདས་རྣམ་པར་ཤེས་པ་ནི༔ དཀྱིལ་འཁོར་ནུབ་ཀྱི་སྣང་མཐའི་ཐུགས་ཀར་བསྟིམ༔ གཤེགས་སུ་གསོལ་དུས་བདེ་ཆེན་ཞིང་གཤེགས་བསྒོམ༔ རུས་པ་སཱཙྪ་ལ་སོགས་སྤྱི་དང་མཚུངས༔ རྒྱུན་དུ་འམ་ནི་ཁྲོམ་སོགས་ཚོགས་འཁོར་དུས༔ ལྷག་མ་ཁྲོམ་ལ་


CMR005_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་སོགས་མི་བྱ་བར༔ ལྷ་ལ་ཕུལ་ཚར་ཁྲོམ་ལ་མ་བཀྱེས་སྐབས༔ ཁྲོམ་གྱིས་ཕུད་ལ་ལྷ་ཡི་ལྷག་མ་དེ༔ རང་ཉིད་ངེས་པར་དམ་ཚིག་གཙང་ན་ནི༔ ཁ་ཆུས་བྲན་རུང་དེ་མིན་བདུད་རྩིས་བྲན༔ ལྷག་མའི་བདག་པོ་དབང་ཕྱུག་ཉེར་བརྒྱད་དེ༔ ངོ་བོ་དཔལ་ལྡན་ལྷ་མོའི་སྤྲུལ་པ་ཉིད༔ དེ་ལ་མི་གཙང་བསྔོས་ན་རིམས་ནད་འབྱུང་༔ དེ་ཕྱིར་ལྷག་མ་གཙང་བ་གལ་ཆེའོ༔ འདི་ལྟར་ཞི་ཁྲོའི་གཞུང་པོད་ཡོངས་རྫོགས་ཀྱི༔ ཟིན་བྲིས་ཞིབ་ཆ་བྲི་བར་མི་ལོང་ཡང་༔ ཕལ་ཆེར་གཞུང་དུ་གསལ་ཕྱིར་བྲི་མི་དགོས༔ གཞུང་དུ་མི་གསལ་གོ་བར་དཀའ་བ་རྣམས༔ འདིར་ནི་ཤིན་ཏུ་གསལ་བར་བཀོད་པ་སྟེ༔ དཔེ་མང་མ་བལྟས་འཕྲལ་དུ་གང་དྲན་རྣམས༔ བྲིས་པས་གོང་འོག་འཆོལ་དང་མ་འབྲེལ་སོགས༔ བརྩམས་ཉེས་འགལ་འཁྲུལ་ནོངས་པ་གང་མཆིས་དང་༔་སྦ་འོས་གསལ་བར་བཀོད་པའི་ཉེས་མཆིས་ན༔ དམ་ཅན་སྡེ་བདུན་དབང་ཕྱུག་ཉེར་བརྒྱད་དང་༔ མཁྱེན་པའི་སྤྱན་ལྡན་རྣམས་ལ་ནོངས་པས་བཤགས༔ འདི་བྲིས་དགེ་བས་དགོངས་པ་རང་གྲོལ་གྱི༔ ཆོས་འདི་དར་རྒྱས་འགྲོ་བ་འདྲེན་པར་ཤོག༔ ཅེས་པ་འདི་ནི་མཁས་གྲུབ་ལུགས་གཉིས་ཀྱི༔ ཡོན་ཏན་རྒྱ་མཚོ་ལྟ་བུས་


CMR005_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་པ་དང་༔ རིགས་རུས་རྣམ་དཔྱོད་ཕུན་སུམ་ཚོགས་པ་ཡི༔ འབའ་རོམ་བཀའ་བརྒྱུད་བསྟན་པའི་བདག་པོ་མཆོག༔ ཤོར་ཕུ་བླ་མས་ཡང་ཡང་བསྐུལ་བ་ཡིས༔ ཤིང་སྦྲུལ་ཁྲུམས་ཟླའི་ཉེར་གཅིག་ནས་བརྩམས་ཏེ༔ ཉེར་ལྔ་ཚེས་བཅུའི་ཉི་ཤར་དུས་ཆེན་ལ༔ རྫོགས་པར་སྔགས་འཆང་རཱ་ག་ཨ་སྱས་བྲིས༔ ཕྱི་རབས་ཞི་ཁྲོ་ཉམས་ལེན་ཐམས་ཅད་ལ༔ ཕན་ཐོགས་རྒྱ་མཚོ་ལྟ་བུར་འབྱུང་བར་ཤོག༔ འདི་ནི་གསང་སྔགས་ཡིན་ཀྱང་སྦ་མི་བྱ༔ ཞི་ཁྲོ་བླུགས་པའི་བླ་མ་ཐམས་ཅད་དང་༔ ཞི་ཁྲོའི་རམ་བུ་བཀྱག་པའི་གྲྭ་པ་དང་༔ ཞི་ཁྲོ་ཐུགས་དམ་འདོད་པའི་སྔགས་པ་སོགས༔ ཕྱོགས་རིས་མེད་པར་ཀུན་ལ་སྤེལ་བ་དང་༔ བཤད་དང་སྟོན་སོགས་ཁྱབ་ནི་གང་ཆེ་མཛོད༔ འདི་མཐོང་ཞི་ཁྲོར་ཐོས་བསམ་མ་བྱས་ཀྱང་༔ ཞི་ཁྲོར་མཁས་པའི་ཡོན་ཏན་ལྡན་པར་འགྱུར༔ བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱུན་དུ་ཤོག༔ ༈ ཁྱད་པར་ཞི་ཁྲོའི་བསྐང་ཆོག་དུས༔ སྟོང་གསུམ་འདི་འམ་ཞེས་སོགས་དང་༔ རབ་འབྱམས་རྒྱ་མཚོ་དང༔ ཇི་སྙེད་སུ་དག་མ་རྣམས་དོན་གཅིག་པས་གོ་བར་སླ༔ ཀུན་གཞི་ཀློང་ཡང་སོགས་བདུད་རྩིའི་དུས༔ ཉམས་ལེན་སྐྱོང་ཞིང་


CMR005_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་པས་འཐུས་པ་སྟེ༔ བདུད་ཅེས་པ་ནི་རང་ངོ་རང་གིས་མ་རིག་པ༔ བདུད་དེ་འདུལ་བའི་རྩི་ནི་རང་རིག་པའི་ཡེ་ཤེས༔ ཉམས་ལེན་སྐྱོང་བ་དོན་དམ་པའི་བདུད་རྩི་ཡིན་ཚུལ༔ རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་དགོངས་པ་ཡིན༔ རཀྟ་དང་གཏོར་མ་མར་མེ་གསུམ་གྱི་ཚེ༔ རང་ངམ་ཚེ་འདས་ཡོན་བདག་གང་ཡིན་གྱི༔ རྣམ་སྨིན་གདོས་བཅས་ཀྱི་ལུས་ཀྱི་རྣམ་ཤེས་སྤར་ཏེ༔ རྣམ་ཤེས་དེ་མཆོད་པའི་ལྷ་མོ་དཔག་ཏུ་མེད་པར་སྤྲུལ་ནས༔ ཕུང་པོ་དེ་རཀྟ་དང་གཏོར་མ་མར་མེ་དཔག་ཏུ་མེད་པར་སྤྲུལ་ནས་འབུལ་བ་ཡིན་ཏེ༔ གཅོད་ཀྱི་དམིགས་པ་དང་འདྲ༔ དེ་ཡི་དོན་བཀའ་བརྒྱད་བདེར་གཤེགས་འདུས་ཆེན་གྱི་ནང་དང་༔ གསང་བའི་གཏོར་བཟློག་སྐབས་སུ་གསལ༔ མར་མེ་སྨོན་ལམ་ནི༔ དཀྱིལ་འཁོར་གཅིག་གི་དྲུང་དུ་མར་མེ་གཅིག་ལ་ལྟ་ཞིང་སྨོན་ལམ་བཏབ་པས༔ འཁོར་བ་རིགས་དྲུག་གི་སྐྱེ་སྒོ་ཆོད་ཅིང་༔ མདོ་ལུགས་གི་ས་བཅུ་གཅིག་ཅིག་ཆར་དུ་བསྒྲོད་ནས༔ སླར་རྫོགས་ཆེན་ལུགས་ཀྱི་ས་བཅུ་དང་བསྒྲོད་དེ༔ དེའི་རིང་ལ་མཆེད་ལྕམ་དང་སྦྱིན་བདག་ཚེ་འདས་སོགས་མི་འབྲལ་བ་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་སྟེ་གཞོན་ནུ་བུམ་སྐུའི་ཀློང་དུ་སངས་རྒྱས་པའི་སྨོན་ལམ་ཡིན་ནོ།


CMR005_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡང་ཞི་ཁྲོ་ལྷ་བསྐྱེད་ཀྱི་སྐབས་སུ་གལ་ཆེ་བ་ནི༔ ཞི་ཁྲོ་བཀའ་མ་དང་གྲུབ་ཆེན་མེ་ལོང་རྡོ་རྗེས་མཛད་པ་དང་༔ ཀཿཐོག་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པ་རྣམས་ལ༔ ཕོ་བྲང་གཉིས་བརྩེགས་སྟེང་ཁྲོ་བོའི་དཀྱིལ་འཁོར་འོག་ཞི་བའི་དཀྱིལ་འཁོར་བསྐྱེད་པ་ནི༔ ཞི་ཁྲོ་བཀའ་མའི་ལུགས་ཡིན་འདིར་མི་འཐད༔ ཀརྨ་གླིང་པའི་ལུགས་འདི་ནི་དཀྱིལ་འཁོར་གཅིག་ཡིན༔ ཕྱི་རིན་པོ་ཆེ་ལ་ནང་ཐོད་པའི་མཁར་ཡིན༔ དེའི་ནང་དུ་དང་པོ་ཞི་བའི་ལྷ་བསྐྱེད་ནས༔ དེ་ཡར་བར་སྣང་ལ་བཏེགས་ནས་དེའི་འོག་ཏུ་ཁྲོ་བོའི་ལྷ་བསྐྱེད་པ་ཡིན༔ ཁྲོ་བོའི་དབུ་རྒྱན་གྱི་ཚུལ་དུ་ཞི་བ་བསྒོམ་པ་ཡིན༔ དེ་གང་ལས་གསལ་ན་བཀའ་བརྒྱད་ཀྱི་གཞུང་ཐམས་ཅད་ནས་གསལ༔ དེ་ཡང་གཙོ་བོ་རྣམ་སྣང་བསྒོམས་པས་ཞི་ཁྲོའི་དཀྱིལ་འཁོར༔ གཙོ་བོ་རྡོར་སེམས་བསྒོམས་པས་ན་རཀ་དོང་སྤྲུགས་ཟེར་བ་ཡང་ཤེས་པར་བྱ༔ ཞི་ཁྲོ་དམ་པ་རིགས་བརྒྱ་ཟེར་ན་བོ་དྷི་ཙིཏྟ་དང་༔ ན་རཀ་དོང་སྤྲུགས་ཟེར་ན་ཡིག་བརྒྱ་བསྙེན་རྒྱུ་ཡིན་ནོ༔ ཞེས་པ་འདི་ཡང་རཱ་ག་ཨ་སྱས་སྦྱར་བའོ༔ སརྦ་མངྒ་ལཾ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ཆོ་ག་གཅིག་ལ་དཀྱིལ་འཁོར་བཞི་བཅུ་ཞེ་གཉིས་སུ་འགྱུར་ཚུལ་གྱི་ཞལ་གདམས།


CMR005_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ཆོ་ག་གཅིག་ལ་དཀྱིལ་འཁོར་བཞི་བཅུ་ཞེ་གཉིས་སུ་འགྱུར་ཚུལ་གྱི་ཞལ་གདམས་ཡོད་དོ།།


CMR005_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ནས། །གནད་ཀྱི་མན་ངག་རྒྱ་ཆེན་འདི་དགྲོལ་གྱིས། །དབང་ཕྱུག་ཉེར་བརྒྱད་དམ་ཅན་སྡེ་བདུན་གྱིས། །བཀའ་ཡི་གནང་བ་སྩོལ་ལ་སྟོངས་གྲོགས་མཛོད། །གསར་མའི་རྡོར་ཕྲེང་ཕ་རྒྱུད་གསང་འདུས་དང་། །རྙིང་མའི་ཞི་ཁྲོའི་རྒྱུད་གཞུང་ཐམས་ཅད་ནས། །གཙོ་བོ་འཕོ་བའི་གདམས་པ་ཞེས་བྱ་བ། །རྒྱ་ཆེར་གསུངས་ཤིང་ཡོངས་སུ་གྲགས་ན་ཡང་། །ཞལ་ཤེས་མེད་པ་རྣམས་ཀྱིས་དོན་མ་རྟོགས། །ཞི་ཁྲོའི་དབང་བསྐུར་རྒྱས་པ་ཐོབ་ཕྱི་ནས། །བསྐྱེད་པ་མ་ཧཱ་ཡོ་གའི་རྒྱུད་ཀྱི་ལུགས། །ཞི་ཁྲོའི་ལས་བྱང་རྒྱས་བསྡུས་གང་འདོད་


CMR005_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །མངོན་རྟོགས་གཙོ་བོ་འཕོ་བའི་དམིགས་པ་ཡི། །དཀྱིལ་འཁོར་ཉི་ཤུ་རྩ་གཅིག་འབྱུང་བ་རྣམས། །ལས་བྱང་འབྲིང་པོའི་ནང་དུ་བཅུག་རྒྱུ་ཡིན། །འབྲིང་བར་མངོན་རྟོགས་མེད་པ་དེ་ཡི་དོན། །ཡང་ན་ལས་བྱང་རྒྱས་བསྡུས་གཉིས་པོ་ཡི། །མངོན་རྟོགས་དཀྲུགས་ནས་གཞུང་ལྟར་བཏོན་ཀྱང་རུང་། །བཅའ་ཚོགས་ལས་བྱང་འདོན་ཚུལ་སྤྱི་དང་མཐུན། །མངོན་རྟོགས་དཀྲུགས་དང་གཙོ་བོའི་སྔགས་ཀྱིས་བསྒྱུར། །དང་པོ་ལས་བྱང་གཏེར་གཞུང་ཡོད་ལྟར་འདོན། །ཀུན་བཟང་ཡབ་ཡུམ་ཐུགས་ཀར་ཟླ་བའི་སྟེང་། །ཡབ་ཀྱི་ཐུགས་ཀར་ཧཱུཾ་མཐར་


CMR005_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་གཡས་འཁོར། །ཡུམ་གྱི་ཐུགས་ཀར་ཨ་ཡིག་སྔགས་གཡོན་བསྐོར། །དེ་ལྟར་བསྒོམས་ཤིང་བསྙེན་པ་བྱེད་པའི་སྐབས། །སྔགས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། །རྒྱལ་བ་ཀུན་མཆོད་ཐུགས་ཀྱི་ཡེ་ཤེས་བསྡུས། །འོད་ཟེར་མཐིང་གའི་རྣམ་པར་བདག་ལ་ཐིམ། །འོད་ཀྱིས་སེམས་ཅན་ཀུན་གྱི་མ་རིག་བསལ། །རང་རིག་ཆོས་སྐུ་ཡེ་ཤེས་དོན་རྟོགས་བསྒོམས། །བདག་མདུན་བུམ་པའི་ལྷ་ཚོགས་ཐམས་ཅད་ཀྱིས། །སྔགས་སྒྲ་འུར་འུར་དིར་དིར་སྒྲོག་པར་བསམ། །ཧཱུྃ་བཛྲ་ཙིཏྟ་ཨཱཿ བཛྲ་ས་མནྟ་བྷ་དྲ་ཨོ། ཞེས་པ་དེ་ལ་ཅི་ནུས་བསྙེན་པ་འབད། །རྒྱས་པར་སྤྲོ་ན་བཏགས་གྲོལ་དབུར་ཡོད་པའི། །ཨེ་མ་ཀི་རི་ཀི་རི་ལ་སོགས་པའི། །ཡབ་ཡུམ་དགོངས་པ་ཚར་ནི་བདུན་ཙམ་བརྗོད། །བསྡུ་ན་བཏགས་གྲོལ་འབྲུ་དྲུག་ཕྲེང་སྐོར་བཟླས།་།དེ་རྗེས་བོ་དྷི་ཙིཏྟ་ཅུང་ཟད་བརྗོད། །དེ་ནི་ཀུན་བཟང་ཞི་ཁྲོའི་སྒྲུབ་པ་སྟེ། །ཉམས་རྟོགས་འཕེལ་བྱེད་ཆོས་སྐུའི་སྒྲུབ་པ་ཡིན། །ཨྠྀི། ༡ དེ་ནས་ཞི་ཁྲོ་ལོངས་སྐུའི་སྒྲུབ་པ་ནི། །ཡང་ནི་མངོན་རྟོགས་བཅོས་མེད་གཏེར་གཞུང་ལྟར། །རང་རང་ཐུགས་ཀར་རང་རང་ས་བོན་མཐར། །རང་རང་སོ་སོའི་སྔགས་ཀྱིས་བསྐོར་


CMR005_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསྒོམས། །ཡབ་རྣམས་གཡས་བསྐོར་ཡུམ་རྣམས་གཡོན་དུ་འཁོར། །ཞི་བར་ཟླ་གདན་ཁྲོ་བོར་ཉི་གདན་བསྒོམས། །བདག་མདུན་བུམ་པའི་ལྷ་ཚོགས་ཐམས་ཅད་ཀྱིས། །བཟླ་བྱའི་སྔགས་འདི་འུར་འུར་དིར་དིར་སྒྲོག །འོད་འཕྲོས་རྒྱལ་བ་ཀུན་མཆོད་བྱིན་རླབས་བསྡུས། །སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱངས་བར་བསྒོམས། །བོ་དྷི་ཙིཏྟ་ཁོ་ན་བསྙེན་པ་བྱ། །ཞི་ཁྲོ་དམ་པ་རིགས་བརྒྱའི་སྤྱི་བསྒྲུབ་ཡིན།། །ཨྠྀི། ༢ ཡང་ན་མངོན་རྟོགས་སྔོན་དང་འདྲ་བ་ལས། །རྣམ་སྣང་ཞབས་ནི་སེམས་དཔའི་སྐྱིལ་ཀྲུང་བཞུགས་།རྣམ་སྣང་ཐུགས་ཀར་ཟླ་སྟེང་ཨོཾ་གྱི་མཐར། །བུདྡྷཱ་རིགས་ཀྱི་ཡིག་བརྒྱ་གཡས་སུ་འཁོར། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། །སངས་རྒྱས་བདེ་གཤེགས་རིགས་ཀུན་ཐམས་ཅད་མཆོད། །སྐུ་ཡི་བྱིན་རླབས་ཚུར་འདུས་བདག་མདུན་ཐིམ། །སླར་ཡང་འོད་འཕྲོས་འགྲོ་བའི་གཏི་མུག་སྦྱངས། །ཁྱད་པར་དུད་འགྲོའི་འཇིག་རྟེན་སྒྲིབ་སྦྱངས་ནས། །འགྲོ་ཀུན་རྣམ་སྣང་སྐུར་གྱུར་སྔགས་སྒྲ་སྒྲོག །ཨོ་བུདྡྷ་སཏཱ་ས་མ་ཡ། །ཞེས་སོགས་བདེ་གཤེགས་རིགས་ཀྱི་ཡིག་བརྒྱ་བཟླས། །ཡིག་བརྒྱ་མི་ཤེས་ཁྲོམ་ཚོགས་སོགས་ཡོད་


CMR005_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ན། །ཨོ་བུདྡྷ་སཏྭ་ཧཱུཾ། ཞེས་པ་དེ་ཉིད་འདོན་དུ་བཅུག །གཏི་མུག་སྒོ་ནས་སྡིག་སྒྲིབ་ཆེར་བསགས་ནས། །དཀྱིལ་འཁོར་འདི་ཉིད་བསྒོམ་བཟླས་བྱས་པས་དག །དུད་འགྲོའི་ན་རཀ་དོང་སྤྲུགས་ཆོ་ག་ཡིན། ༣ ཡང་ན་མངོན་རྟོགས་གཞུང་དང་འདྲ་བ་ལས། །རྣམ་སྣང་ཞབས་གཉིས་སྐྱིལ་ཀྲུང་བཞུགས་པ་ཡི། །ཐུགས་ཀར་ཟླ་སྟེང་ཨོ་ཡིག་དཀར་པོའི་མཐར། །སྔགས་ཕྲེང་དཀར་པོ་གཡས་སུ་འཁོར་བ་དང་། །ཡུམ་གྱི་ཐུགས་ཀར་མཾ༔ཡིག་སྔགས་གཡོན་འཁོར། །དེ་ལས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས། །སངས་རྒྱས་ཀུན་གྱི་སྐུ་ལ་མཉེས་མཆོད་འབུལ། །འགྱུར་མེད་སྐུ་ཡི་དངོས་གྲུབ་བདག་ལ་བསྡུ། །འོད་འཕྲོས་སེམས་ཅན་ཀུན་གྱི་ལུས་སྒྲིབ་སྦྱངས། །ཀུན་ཀྱང་སྐུ་མཆོག་རྣམ་སྣང་གོ་འཕང་ཐོབ། །ལྷ་ཚོགས་ཀུན་གྱིས་སྔགས་སྒྲ་སྒྲོགས་པར་བསྒོམ། །ༀ་ཛི་ན་ཛིཀ྄། ལཾ་ཏེ་ཤྭ་ར་ཏི་ནཱཾ། དེ་ལྟར་བསྒྲུབས་པས་སྐུ་ཡི་དངོས་གྲུབ་ཐོབ། །དེ་ནི་ཞི་ཁྲོ་སྐུ་ཡི་བསྒྲུབ་པ་ཡིན།། །ཨྠྀི། ༤ ཡང་ནི་མངོན་རྟོགས་གཏེར་གཞུང་བསླད་མེད་ལ། །ལས་བྱང་ཉུང་བར་བྱེད་ན་ཆེ་མཆོག་སབ། །ཆེ་མཆོག་ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་མཐར། །ཡབ་


CMR005_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྔགས་ནི་གཡས་སུ་འཁོར་བར་བསམ། །ཡུམ་གྱི་ཐུགས་ཀར་ཧཱུཾ་མཐར་སྔགས་གཡོན་འཁོར། །དེ་ལས་འོད་ཟེར་སྨུག་ནག་སྟེང་དུ་འཕྲོས། །སྟེང་ཕྱོགས་དུར་ཁྲོད་མེ་རི་འབར་བ་ནས། །ཆེ་མཆོག་ཁྲག་འཐུང་དྲུག་ཅུ་ཐམ་པའི་ལྷ། །སྐུ་དང་སྔགས་ཕྲེང་ཕྱག་མཚན་སྣ་ཚོགས་པ། །ཆར་བཞིན་བབས་ནས་བདག་མདུན་བུམ་པར་བསྟིམ། །ཨོ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མ་ཧཱ་ཀྲོ་ཏི་ཤྭ་རི་ཧཱུཾ། ཞེས་པ་ཅི་ནུས་བསྙེན་པ་བྱས་པའི་རྗེས། །བོ་དྷི་ཙིཏྟ་ཅུང་ཟད་བཟླ་བ་ནི། །ཆེ་མཆོག་ཞི་ཁྲོའི་དཀྱིལ་འཁོར་བསྒྲུབ་པ་ཡིན།། ཨྠྀི། ༥ ཡང་ན་མངོན་རྟོགས་གཏེར་གཞུང་སྔོན་ལྟར་ལས། །གཙོ་བོ་བུདྡྷ་ཁྲག་འཐུང་ང་རྒྱལ་བཟུང་། །ཡབ་ཡུམ་ཐུགས་ཀར་ཧཱུྃ་ཡིག་རང་མདོག་མཐར། །སྔགས་ཕྲེང་གཡས་དང་གཡོན་དུ་འཁོར་བར་བསམ། །ཡབ་ཀྱི་སྔགས་ལས་སྔགས་ཕྲེང་གཅིག་འཕྲོས་ཏེ། །བཟླ་བྱའི་སྔགས་ཕྲེང་ཡབ་ཀྱི་ཞལ་ནས་ཐོན། །ཡུམ་གྱི་ཞལ་ཞུགས་སྐུ་ཡི་དབྱིབས་བརྒྱུད་ནས། །རྡོ་རྗེའི་སྦུབས་ནས་ཡབ་ཀྱི་ཐུགས་ཀར་ཐིམ། །དེ་ལྟར་མགལ་མེའི་འཁོར་ལོ་ལྟར་འཁོར་བས། །ཡབ་ཡུམ་སྦྱོར་མཚམས་རང་འདྲ་དཔག་མེད་སྤྲོས། །རྒྱལ་བ་ཀུན་ལ་སྐུ་


CMR005_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་མཉེས་མཆོད་ཕུལ། །འགྲོ་བའི་ལུས་སྒྲིབ་གཏི་མུག་ཐམས་ཅད་བསྲེགས། །སྐུ་ཡི་བྱིན་རླབས་འགྲོ་བའི་གཟི་བརྗིད་བསྡུས། །ཡུམ་གྱི་ཐུགས་ཀར་ཐིམ་པས་འོད་དུ་ཞུ། །བྷ་གར་འཁྱིལ་བས་རྡོ་རྗེའི་སྦུབས་ནས་དྲངས། །རང་ལ་ཐིམ་པས་བཀྲག་མདངས་མཐུ་སྟོབས་རྒྱས། །བདག་མདུན་ལྷ་ཚོགས་ཀུན་གྱིས་སྔགས་སྒྲ་སྒྲོག །ཨོཾ་བུདྡྷ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ བུདྡྷ་ཀྲོ་ཏི་ཤྭ་རི་སྟེ། ཞེས་པ་ཅི་ནུས་བཟླས་རྗེས་བོ་དྷི་བཟླས། །ཞི་ཁྲོ་བུདྡྷ་ཁྲག་འཐུང་བསྒྲུབ་པ་ཡིན།། །ཨྠྀི། ༦ ཡང་ནི་མངོན་རྟོགས་གཏེར་གཞུང་ཡོད་ཚུགས་ལ། །ཞི་བའི་ཐུགས་ཀར་ཟླ་སྟེང་ས་བོན་མཐར། །རང་རང་སྙིང་པོས་གཡས་སུ་ཡབ་སྔགས་འཁོར། །ཡུམ་རྣམས་གཡོན་འཁོར་ཁྲོ་བོ་རྣམས་ཀྱི་ནི། །ཐུགས་ཀར་སྔགས་ཕྲེང་དེ་ལྟར་འཁོར་བ་ལས། །འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས། །ཕྱོགས་བཅུའི་རྒྱལ་བ་ཞི་ཁྲོ་རབ་འབྱམས་མཆོད། །དེ་རྣམས་སྐུ་ལས་དམ་པ་རིགས་བརྒྱའི་སྐུ། །གསུང་ལས་བཏགས་གྲོལ་སྔགས་ཕྲེང་གསེར་གྱི་མདོག །ཐུགས་ལས་མཆོད་རྟེན་རིང་བསྲེལ་ཁ་དོག་ལྔ། །འཇའ་འོད་ཐིག་ལེ་ཐིག་ཕྲན་དང་བཅས་པ། །ཆར་བཞིན་བབས་ནས་རང་ལ་སིབ་


CMR005_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

སིམ་ཐིམ། །སླར་ཡང་འོད་འཕྲོས་འགྲོ་དྲུག་སྒྲིབ་པ་སྦྱངས། །ཀུན་ཀྱང་ཀ་དག་ཀློང་དུ་གྲོལ་བར་བསྒོམ། །བཏགས་གྲོལ་ཕུང་པོ་རང་གྲོལ་དེ་ཉིད་ཀྱི། །ཡབ་ཡུམ་དགོངས་པ་ཉི་ཤུ་རྩ་གཅིག་རེ། །རིགས་ལྔ་ཡབ་ཡུམ་ལྔ་ལ་བརྒྱ་ཕྲག་རེ། །གཞན་རྣམས་སྔགས་ལ་ཚར་ནི་བདུན་བདུན་རེ། །སྒྲུབ་པ་བྱེད་ན་ཐུན་རེར་དེ་ཙམ་སྟེ། །ཞག་རེ་ལའང་ཐུན་ནི་བཞི་འམ་གསུམ། །ཞག་ནི་བདུན་ནམ་བཅུ་བཞི་ཉེར་གཅིག་བསྒྲུབ། །རྒྱུན་ཁྱེར་བྱེད་ན་བཏགས་གྲོལ་ཚང་མ་དེ། །ཚར་ནི་གསུམ་ལྔ་བདུན་སོགས་ཅི་ལྕོགས་བཟླས་། །བཏགས་གྲོལ་བྲིས་པ་ཡོད་ན་ཕུ་བཏབ་སྔགས། །བཏགས་གྲོལ་རབ་གནས་བྱེད་པའི་དུས་སུ་ཡང་། །དཀྱིལ་འཁོར་དབུས་སུ་བཏགས་གྲོལ་བཞག་བྱས་ལ། །རྗེས་ནས་མདུན་བསྐྱེད་ལྷ་རྣམས་བཏགས་གྲོལ་བསྟིམ། །དེ་ནི་ཞི་ཁྲོ་བཏགས་གྲོལ་བསྒྲུབ་པ་ཡིན།། ཨྠྀི། ༧ ཡང་ནི་མངོན་རྟོགས་སྔོན་བཞིན་གོང་ལྟར་ལས། །རང་ཉིད་གཙོ་བོ་ཀུན་བཟང་ང་རྒྱལ་བཟུང་། །དང་པོ་བོ་དྷི་ཙིཏྟ་ཅུང་ཟད་བཟླ། །དེ་ནས་བདག་མདུན་བུམ་པའི་ལྷ་ཚོགས་ཀྱི། །འོག་ཕྱོགས་བཞུགས་པའི་ཆོས་རྒྱལ་ཐུགས་ཀ་རུ། །ཟླ་སྟེང་ཨེ་ཡིག་


CMR005_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་ནག་མཐའ་སྐོར་དུ། །སྔགས་ཕྲེང་གཡས་བསྐོར་འོད་ཟེར་མཐིང་ནག་འཕྲོས། །བདག་དང་འབྲེལ་ཐོགས་གསོན་པོ་ཐམས་ཅད་ཀྱི། །རྐང་མཐིལ་གཡས་གཡོན་ཚ་དམྱལ་གྲང་དམྱལ་དུ། །སྐྱེ་བའི་ས་བོན་དུཡིག་ནག་པོ་དེ། །བ་མོར་ཉི་ཟེར་ཕོག་ལྟར་བཅོམ་པར་བྱས། །སླར་ཡང་འོད་ཟེར་དམྱལ་བའི་གནས་སུ་འཕྲོས། །ཚ་དམྱལ་བརྒྱད་པོ་བསིལ་ཞིང་གྲང་བས་བཅོམ། །གྲང་དམྱལ་བརྒྱད་པོ་དྲོད་ཕེབས་བདེ་བར་ལྡན། །སྡུག་བསྔལ་ཀུན་བྲལ་མངོན་དགའི་ཞིང་ལྟར་གྱུར། །ཨོཾ་མུ་ནེ་ཡེ་སྭཱ་ཧཱ། ཞེས་པ་དེ་ལ་ཅི་ཙམ་ནུས་པ་བཟླ་། བདག་ཉིད་ཀུན་བཟང་ཐུགས་ལས་འོད་འཕྲོས་པས། །ཁ་འབར་ཐུགས་ཀར་ཟླ་སྟེང་ཧཱུྃཡིག་མཐར། །སྔགས་ཕྲེང་འཁོར་ལས་འོད་ཟེར་དམར་པོ་འཕྲོས། །བདག་སོགས་དམིགས་ཡུལ་རྣམས་ཀྱི་གསང་བར་ཕོག །ཡི་དྭགས་ས་བོན་པྲ་ཡིག་དམར་པོ་བཅོམ། །སླར་ཡང་འོད་ཟེར་ཡི་དྭགས་ཡུལ་དུ་འཕྲོས། །བཟའ་བཏུང་ཟས་གོས་ལ་སོགས་ཆར་ཆེན་བབ། །དཔལ་ལྡན་ཞིང་ལྟར་ལོངས་སྤྱོད་ཕུན་ཚོགས་གྱུར། །ཨོཾ་མུ་ནེ་ཧཱུཾ་སྭཱ་ཧཱ། །རང་ཉིད་ཀུན་བཟང་ཐུགས་ལས་འོད་ཟེར་འཕྲོས། །བདག་མདུན་སེང་གེ་རབ་བརྟན་སྐུ་


CMR005_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕོག །ཐུགས་ཀར་ཟླ་སྟེང་ཀྱི་མཐར་སྔགས་ཕྲེང་འཁོར། །དེ་ལས་འོད་ཟེར་སྨུག་ནག་འཕྲོས་པ་ཡིས། །བདག་སོགས་ལྟེ་བར་དུད་འགྲོའི་ས་བོན་ནི། །ཡི་གེ་ཏྲཿཡིག་དུད་ཀ་བཅོམ་པར་བྱས། །སླར་ཡང་འོད་འཕྲོས་དུད་འགྲོ་ཀུན་ལ་ཕོག །གཏི་མུག་བཅོམ་པས་ཤེས་རབ་ཕུན་སུམ་ཚོགས། །འཐུག་པོ་བཀོད་ལྟར་དག་པའི་ཞིང་དུ་བསྒྱུར། །ཨོཾ་མུ་ནེ་ཀྵ་སྭཱ་ཧཱ། བདག་ཉིད་ཀུན་བཟང་ཐུགས་ལས་འོད་ཟེར་འཕྲོས། །ཤཱཀ་ཐུབ་ཐུགས་ཀར་ཟླ་སྟེང་ཧཱུྃ་གི་མཐར། །སྔགས་ཕྲེང་འཁོར་ལས་འོད་ཟེར་གསེར་མདོག་འཕྲོས། །སྟོང་གསུམ་གླིང་བཞིའི་མི་རྣམས་ཀུན་ལ་ཕོག །ཁྲེལ་འཕོངས་སྐྱེ་འཆི་བཅོམ་ནས་བདེ་བར་བཀོད། །ཨོཾ་མུ་ནེ་ཏུཾ་སྭཱ་ཧཱ། ཀྲྀ་ཡིག་སྦྱོངས་བར་མི་བསྒོམ་ཚེ་ལ་གནོད། །བདག་ཉིད་ཀུན་བཟང་ཐུགས་ལས་འོད་ཟེར་འཕྲོས། །ལྷ་མིན་ཐུབ་པའི་སྐུ་ལ་ཕོག་པ་ཡིས། །ཐུགས་ཀར་བྲི་མཐར་སྔགས་ཕྲེང་གཡོན་དུ་འཁོར། །དེ་ལས་འོད་ཟེར་ལྗང་གུ་འཕྲོས་པ་ཡིས། །བདག་སོགས་མགྲིན་པར་ལྷ་མིན་ས་བོན་ནི། །སུ་ཡིག་དམར་པོ་ཡོད་པས་དངོས་མེད་བཅོམ། །སླར་ཡང་འོད་འཕྲོས་ལྷ་མིན་གནས་སུ་ཕོག །ཕྲག་དོག་འཐབ་རྩོད་ཞི་


CMR005_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བྱང་སེམས་ལྡན། །ལས་རབ་ཞིང་ལྟར་བདེ་སྐྱིད་ལྡན་པར་གྱུར། །ཨོཾ་མུ་ནེ་བྲེ་སྭཱ་ཧཱ། བདག་ཉིད་ཀུན་བཟང་ཐུགས་ཀྱི་འོད་ཟེར་གྱིས། །བདག་མདུན་ལྷ་ཡི་ཐུབ་པ་བསྐུལ་བྱས་ཏེ། །ཐུགས་ཀར་ཀྲི་མཐར་སྔགས་ཕྲེང་གཡས་སུ་འཁོར། །དེ་ལས་འོད་འཕྲོས་བདག་དང་དམིགས་ཡུལ་གྱི། །སྤྱི་གཙུག་ཨ་དཀར་ལྷ་ཡི་ས་བོན་བཅོམ། །སླར་ཡང་འོད་ཟེར་དཀར་པོ་སྟེང་དུ་འཕྲོས། །ཕམ་ལྟུང་ལྷ་ཡི་སྡུག་བསྔལ་ཀུན་སྦྱངས་ནས། །དཔལ་དང་ལྡན་པའི་ཞིང་ཁམས་ལྟ་བུར་གྱུར། །ཨོཾ་མུ་ནེ་ཀྲེ་སྭཱ་ཧཱ། ཞེ་སྡང་ཤས་ཆེ་དམྱལ་བའི་རྒྱུ་ཡིན་ཏེ། །འདོད་ཆགས་སེར་སྣ་ཡི་དྭགས་སྐྱེ་བའི་རྒྱུ། །མི་ཤེས་བླུན་རྨོངས་སྐུར་འདེབས་དུད་འགྲོའི་རྒྱུ། །དགེ་བ་འདོད་ཆགས་སེར་སྣ་འདྲེས་པའི་མི། །དགེ་བ་ཕྲག་དོག་འདྲེས་པ་ལྷ་མ་ཡིན། །དགེ་བ་ཆེར་བྱས་ང་རྒྱལ་འདྲེས་པ་ལྷ། །དེ་དག་རང་གི་རྒྱུད་ལ་ལེགས་པར་བརྟག །སོ་སོའི་སྐྱེ་སྒོ་གཅོད་པ་ཐུབ་པའི་སྔགས། །དེ་ནི་ཅི་མང་གཞན་རྣམས་ཅུང་ཟད་བཟླ་། །དེ་ནས་བཏགས་གྲོལ་འབྲུ་དྲུག་ཅུང་ཟད་བཟླ། །དེ་ནི་ཞི་ཁྲོ་སྤྲུལ་སྐུའི་བསྒྲུབ་པ་སྟེ། །གསོན་པོ་རྣམས་ཀྱི་སྐྱེ་སྒོ་གཅོད་ཐབས་དང་། །གཤིན་པོ་ཡིན་ན་རིགས་དྲུག་གནས་


CMR005_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་ཟབ། །གར་སྐྱེ་ཤེས་ན་དེ་ཡི་སྔགས་དམིགས་འབད།། །ཨྠྀི། ༨ དེ་ནས་ལས་བྱང་ལ་སོགས་གཞུང་ལྟར་ལས། །རྣམ་པར་སྣང་མཛད་བུདྨ་ཁྲག་འཐུང་གཉིས། །ཤར་དུ་བསྒོམ་ཞིང་རྣམ་པར་སྣང་མཛད་ལ། །རྡོ་རྗེ་རིགས་ཀྱི་སེམས་དཔའ་སེམས་མས་བསྐོར། །རྡོར་སེམས་བཛྲ་ཁྲག་འཐུང་དབུས་སུ་བསྒོམ། །རྡོར་སེམས་རྣམ་སྣང་གཉིས་པོ་གོ་བརྗེ་བ། །རྫོགས་ཆེན་རྒྱུད་གཞུང་ཕལ་ཆེར་རྣམས་ནས་གསུངས། །ལྷ་ཚོགས་དམ་པ་རིགས་བརྒྱའི་ཐུགས་ཀ་རུ། །རང་རང་ས་བོན་རང་རང་སྔགས་ཀྱིས་བསྐོར། །འཁོར་ནི་མི་དགོས་སྔགས་ཕྲེང་བཀོད་པ་ཡིན། །དཀྱིལ་འཁོར་གཙོ་བོ་རྡོར་སེམས་ཐུགས་ཀ་རུ། །ཧཱུྃ་ཡིག་དཀར་ལ་སྔོ་མདངས་ཆགས་པའི་མཐར། །ཡིག་བརྒྱ་མུ་ཏིག་མདོག་འདྲ་གཡས་སུ་འཁོར། །བདག་མདུན་ལྷ་ཚོགས་ཀུན་གྱིས་ཡིག་བརྒྱ་སྒྲོག །བདག་བསྐྱེད་ཐུགས་ཀའི་འོད་ཟེར་མདུན་བསྐྱེད་བསྐུལ། །མདུན་བསྐྱེད་སྐུ་ལས་འོད་ཟེར་ཉི་ཟེར་འདྲ། །རེ་རེའི་རྩེ་ལ་རྡོ་རྗེ་སེམས་དཔའ་རེ། །ཐུགས་ཀར་ཟླ་སྟེང་སྔགས་ཕྲེང་དང་བཅས་པ། །སྦྱིན་བདག་ཚེ་འདས་ལ་སོགས་དམིགས་ཡུལ་ནི། །རེ་རེའི་སྤྱི་བོར་རྡོར་སེམས་ཡབ་ཡུམ་རེ། །


CMR005_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་མཚམས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས། །ཚངས་བུག་ནས་ཞུགས་ལུས་ཀྱི་ཕྱི་ནང་བཀྲུས། །སྡིག་སྒྲིབ་ཀུན་དག་ཤེལ་སྒོང་ལྟ་བུར་གྱུར། །ཡི་གེ་བརྒྱ་པ་ཅི་ནུས་བཟླས་པའི་རྗེས། །བོ་དྷི་ཙིཏྟ་ཅུང་ཟད་བཟླ་བར་བྱ། །ཞི་ཁྲོ་ན་རཀ་དོང་སྤྲུགས་དཀྱིལ་འཁོར་ཡིན། །ཚེ་འདས་དོན་ནམ་གསོན་པོའི་སྒྲིབ་སྦྱོངས་ལ། །ཞི་ཁྲོ་བླུགས་ཚེ་འདི་ཉིད་བྱ་བ་གཅེས་།་།དབང་བསྐུར་གནས་སྤར་འགྲོ་དྲུག་རང་གྲོལ་ལ། །རིགས་དྲུག་གནས་འདྲེན་དུས་སུ་འདི་ཡིན་ཏེ། །རྒྱས་པར་གྲུབ་ན་རྒྱུད་ནས་གསུངས་པ་ལྟར། །རིགས་དྲུག་ཡིག་བརྒྱ་དྲུག་ཀྱང་ཅི་འགྲུབ་བཟླ། །ཡིག་བརྒྱ་ལྔ་པོ་གཅིག་བསྡུས་ཡིག་བརྒྱ་ནི། །ཨོཾ་ཨཱཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་སཏྭ་ས་མ་ཡ། ཞེས་སོགས་བཟླ་བ་གཅིག་བསྡུས་ཡིག་བརྒྱ་ཡིན། །དེ་དོན་ན་རཀ་དོང་སྤྲུགས་རྒྱུད་ན་གསལ། །གསར་རྙིང་ཡིག་བརྒྱ་ཅུང་ཟད་མི་འདྲ་སྟེ། །ཧྲི་ད་ཡ་འབྱར་རྙིང་མའི་ཡིག་བརྒྱ་སྟེ། །ཡིག་བརྒྱ་རིགས་དྲུག་དེ་ཡི་ལུགས་སུ་དགོངས།་།རྩ་བའི་ཡིག་བརྒྱ་གསར་མ་དང་མཚུངས་ཆོག། །ཨྠྀི། ༩ ཡང་ན་གཙོ་བོ་རྡོར་སེམས་ཐུགས་ཀ་རུ། །ཟླ་སྟེང་ཧཱུཾ་མཐིང་ཐ་མར་སྔགས་གཡས་འཁོར། །ཡུམ་གྱི་ཐུགས་ཀར་ཚུ་


CMR005_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་སྔགས་གཡོན་འཁོར། །དེ་ལས་འོད་ཟེར་མཐིང་ནག་ཕྱོགས་བཅུར་འཕྲོས། །བདེ་གཤེགས་ཀུན་གྱི་ཐུགས་ལ་མཆོད་པ་འབུལ། །ཐུགས་ཀྱི་བྱིན་རླབས་།དངོས་གྲུབ་ཚུར་འདུས་བསྟིམ། །འོད་འཕྲོས་སེམས་ཅན་ཀུན་གྱི་ཡིད་སྒྲིབ་སྦྱོངས། །རྡོ་རྗེ་སེམས་དཔའི་གོ་འཕང་ལ་བཀོད་བསྒོམ། །ཧཱུྃ་བཛྲ་དྷིཀ྄ ཧུཾ་དྷ་ཏུ་ཤྭ་རི་ཧཱུྃ། ཅི་ནུས་བཟླས་རྗེས་བྷོ་དྷི་ཅུང་ཟད་བཟླས། །དེ་ནི་ཞི་ཁྲོ་ཐུགས་ཀྱི་དཀྱིལ་འཁོར་ཡིན།།་།ཨྠྀི། ༡༠ ཡང་ནི་མངོན་རྟོགས་གོང་དང་འདྲ་བ་ལ། །རྡོར་སེམས་ཞབས་ནི་སེམས་དཔའི་སྐྱིལ་ཀྲུང་ཅན། །ཐུགས་ཀའི་སྔགས་ཕྲེང་འོད་ཟེར་འཕྲོས་པ་ཡིས། །བདག་དང་འགྲོ་བའི་ཞེ་སྡང་སྒྲིབ་པ་བཅོམ། །འོད་ཟེར་མཐིང་ག་དམྱལ་བའི་གནས་སུ་འཕྲོས། །དམྱལ་བའི་འཇིག་རྟེན་མངོན་དགའི་ཞིང་དུ་བསྒྱུར། །དམྱལ་བའི་སེམས་ཅན་རྡོར་སེམས་ཡབ་ཡུམ་བསྒྱུར། །ཀུན་ཀྱང་སྔགས་བཟླས་དམྱལ་བ་དོང་ནས་སྤྲུགས། །ཧཱུྃ་བཛྲ་སཏཱ་ས་མ་ཡ། །ཞེས་སོགས་རྡོ་རྗེ་རིགས་ཀྱི་ཡིག་བརྒྱ་བཟླ། །ཞི་ཁྲོ་སོགས་ཡིག་བརྒྱ་བཟླ་མི་ཤེས་པ་ལ། ཨོཾ་བཛྲ་སཏྭ་ཧཱུཾ། ཞེས་འདོན་དུ་བཅུག །དམྱལ་བའི་ན་རཀ་དོང་སྤྲུགས་ཞི་ཁྲོ་ཡིན།། །


CMR005_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི། ༡༡ དཀྱིལ་འཁོར་གཙོ་བོ་བཛྲ་ཧེ་རུ་ཀ །ཡབ་ཡུམ་ཐུགས་ཀར་པད་ཟླ་ཉི་མའི་སྟེང་། །ཡབ་ཀྱི་ཐུགས་ཀར་ཧཱུཾ་ནི་ལོག་པ་སྟེ།་།ཡུམ་གྱི་ཐུགས་ཀར་ཧཱུྃ་དང་དེ་གཉིས་ཀྱི། །ཧ་གཉིས་ཁ་སྤྲོད་ཞལ་སྦྱོར་ཚུལ་དུ་བསྒོམ། །ཡབ་ཀྱི་ཐུགས་ཀར་ཧཱུཾ་མཐར་སྔགས་གཡས་འཁོར། །ཡུམ་གྱི་ཐུགས་ཀར་ཧཱུཾ་མཐར་སྔགས་གཡོན་འཁོར། །དེ་གཉིས་དྲག་ཏུ་འཁོར་བའི་འོད་ཟེར་ལས། །ཡབ་ཡུམ་སྔགས་རྣམས་འབྲེལ་བའི་སྔགས་ཕྲེང་བྱུང་། །བདག་བསྐྱེད་རྐྱང་པར་ཡབ་ཡུམ་ཞལ་དུ་འཁོར། །མདུན་བསྐྱེད་ཡོད་ན་བདག་གི་ཞལ་ནས་ཐོན། །མདུན་གྱི་ཞལ་ཞུགས་སྐུ་ཡི་དབྱིབས་བརྒྱུད་ནས། །སྦྱོར་མཚམས་ནས་ཐོན་རང་གི་སྦྱོར་མཚམས་ནས། །ཡར་ཞུགས་ཐུགས་ཀའི་སྔགས་ཐིམ་དངོས་གྲུབ་ཐོབ། །ཕར་ལ་མཆོད་པ་ཚུར་ལ་དངོས་གྲུབ་ཚུལ། །བར་དུ་འཁོར་ཚེ་སྔགས་ཀྱི་འོད་ཟེར་གྱིས། །རྒྱལ་བ་ཀུན་མཆོད་ཐུགས་ཀྱི་རྒྱུད་བསྐུལ་ནས། །སྐུ་དང་སྔགས་ཕྲེང་ཕྱག་མཚན་ཆར་བཞིན་བབ། །འོད་ཞུ་རང་ལ་ཐིམ་པས་དངོས་གྲུབ་ཐོབ། །སྔགས་ཀྱི་འོད་ཟེར་མེ་དཔུང་ཚྭ་ཚྭ་འཕྲོས། །བདུད་བགེགས་གནོད་བྱེད་གཞོབ་ཏུ་བསྲེག་པར་བསྒོམ། །དམིགས་པ་འདི་ནི་


CMR005_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མ་ཀུན་ལ་འགྲེ། །སྔགས་ཕྲེང་ཁ་དོག་ལྷ་ཡི་ཁ་དོག་ཡིན། །བདག་བསྐྱེད་རྐྱང་པའི་སྔགས་འཁོར་བསྒོམ་པའི་ཚེ། །སྔགས་ཕྲེང་ཡབ་ཀྱི་ཞལ་ནས་ཡུམ་ཞལ་ཞུགས། །སྐུ་ཡི་དབྱིབས་བརྒྱུད་ཡུམ་གྱི་བྷ་ག་ནས། །རྡོ་རྗེའི་སྦུབ་ནས་ཡར་ལ་ཐུགས་ཀར་ཐིམ། །དེ་ལྟར་བསྒོམས་པས་ཐིག་ལེ་མི་ཉམས་ཤིང་། །ཐིག་ལེ་རང་དབང་ཐོབ་ནས་ཉམས་རྟོགས་འཕེལ། །སྔགས་ཕྲེང་ཡུམ་གྱི་ཞལ་ནས་ཡབ་ཞལ་ཞུགས། །སྐུ་ཡི་དབྱིབས་བརྒྱུད་རྡོ་རྗེའི་སྦུབ་ནས་ཐོན། །ཡུམ་གྱི་བྷ་ག་ནས་ཞུགས་སྐུ་ལུས་བརྒྱུད། །ཡུམ་གྱི་ཞལ་ནས་ཚུར་ལ་ཞུགས་བསྒོམས་པས། །རླུང་ལ་དབང་ཐོབ་རླུང་གི་གེགས་སྐྱོན་སེལ། །སྔགས་ཀྱི་འཁོར་ལུགས་དམིགས་པའི་འཕྲོ་འདུ་དེ། །ཆེ་མཆོག་ཁྲག་འཐུང་དྲུག་པོ་མཚུངས་པ་ཡིན། །ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ བཛྲ་ཀྲོ་ཏི་ཤྭ་རི་ཧཱུཾ། ཞེས་པ་དེ་ལ་ཅི་ནུས་འབད་བྱ་ཞིང་། །བོ་དྷི་ཙིཏྟ་ཅུང་ཟད་བཟླ་བར་བྱ། །དེ་ནི་ཡང་དག་ཐུགས་ཀྱི་བསྒྲུབ་པ་སྟེ། །ཞི་ཁྲོ་རྡོ་རྗེ་ཁྲག་འཐུང་དཀྱིལ་འཁོར་ཡིན།། །ཨྠྀི། ༡༢ ཡང་ནི་གཏེར་གཞུང་ལས་བྱང་ནས་བྱུང་བའི། །རྡོར་སེམས་བཛྲ་ཁྲག་འཐུང་ཤར་དུ་བཀོད། །རྣམ་སྣང་


CMR005_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བུདྡྷ་ཁྲག་འཐུང་ལྷོ་རུ་བཀོད། །རིན་ཆེན་སེམས་དཔའ་སེམས་མ་རྣམ་སྣང་བཀོད། །རིན་འབྱུང་རཏྣ་ཁྲག་འཐུང་དབུས་སུ་བཞུགས། །གཙོ་བོ་རིན་འབྱུང་ཐུགས་ཀར་ཟླ་བའི་སྟེང་། །སཱ་ཡིག་སེར་པོ་སྔགས་ཕྲེང་གཡས་སུ་འཁོར། །ཡུམ་གྱི་ཐུགས་ཀར་མཾ་ཡིག་སྔགས་གཡོན་བསྐོར། །དེ་ལས་འོད་ཟེར་གསེར་མདོག་ཕྱོགས་བཅུར་འཕྲོས། །སངས་རྒྱན་ཀུན་གྱི་ཡོན་ཏན་མཉེས་མཆོད་འབུལ། །ཡོན་ཏན་དངོས་གྲུབ་བྱིན་བརླབས་ཚུར་འདུས་ཐིམ། །སེམས་ཅན་ཀུན་གྱི་ང་རྒྱལ་སྒྲིབ་པ་སྦྱངས། །བདག་མདུན་ལྷ་ཚོགས་ཀུན་གྱིས་སྔགས་སྒྲ་སྒྲོག །སཱ་རཏྣ་དྷིཀ྄ །མཾ་མོ་ཧཱ་ར་ཏི་སིཾ། ཅི་ནུས་བཟླས་རྗེས་བོ་དྷི་ཅུང་ཟད་བཟླ། །དེ་ནི་ཞི་ཁྲོ་ཡོན་ཏན་དཀྱིལ་འཁོར་ཡིན།། །ཨྠྀི། ༡༣ ཡང་ནི་མངོན་རྟོགས་གོང་དང་མཐུན་པ་ལས། །རིན་ཆེན་འབྱུང་ལྡན་སེམས་དཔའི་སྐྱིལ་ཀྲུང་བསྒོམ། །ཐུགས་ཀར་བཟླ་བྱའི་སྔགས་ནི་གཡས་སུ་འཁོར། །དེ་ལས་འོད་ཟེར་སེར་པོའམ་སྣ་ཚོགས་འཕྲོས། །ང་རྒྱལ་སྒོ་ནས་བསགས་པའི་སྡིག་སྒྲིབ་སྦྱངས། །འོད་ཟེར་ལྷ་དང་མི་རྣམས་ཀུན་ལ་ཕོག །ཕམ་ལྟུང་སྐྱེ་འཆི་འགྱུར་བའི་སྡུག་བསྔལ་སྦྱངས། །དཔལ་ལྡན་ཞིང་ལྟར་བདེ་སྐྱིད་ལྡན་པར་


CMR005_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་། །མདུན་བསྐྱེད་ཐུགས་ལས་རིན་ཆེན་སེམས་དཔའ་སྤྲོས། །དམིགས་ཡུལ་རྣམས་ཀྱི་སྤྱི་བོར་རེ་རེ་བཞུགས། །སྦྱོར་མཚམས་བདུད་རྩིའི་རྒྱུན་བབ་སྡིག་།སྒྲིབ་སྦྱངས། །སྭཱ་རཏྣ་སཏཱ་ས་མཱ་ཡ། ཞེས་སོགས་རིན་ཆེན་རིགས་ཀྱི་ཡིག་བརྒྱ་བཟླས། ཨོཾ་རཏྣ་སཏྭ་ཧཱུཾ། ཁྲོམ་པ་ཡོད་ན་དེ་ཉིད་བཟླས་སུ་བཅུག །ལྷ་དང་མི་ཡི་ན་རཀ་དོང་སྤྲུགས་ཡིན།། །ཨྠྀི། ༡༤ དཀྱིལ་འཁོར་དབུས་ཀྱི་རཏྣ་ཧེ་རུ་ཀ །ཡབ་ཡུམ་ཐུགས་ཀར་ཧཱུཾ་ཡིག་སེར་པོའི་མཐར། །སྔགས་ཕྲེང་འཁོར་དང་འོད་ཟེར་སྤྲོ་བསྡུ་བྱ། །ཨོ་རཏྣ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ རཏྣ་ཀྲོ་ཏི་ཤྭ་རི་སྟེ། ཅི་ནུས་བཟླས་རྗེས་བོ་དྷི་ཅུང་ཟད་བཟླ། །ཞི་ཁྲོ་རཏྣ་ཁྲག་འཐུང་དཀྱིལ་འཁོར་ཡིན། །ཨྠྀི། ༡༥ རྣམ་སྣང་བུདྡྷ་ཁྲག་འཐུང་ནུབ་ཏུ་བསྒོམ། །རྣམ་སྣང་སེམས་དཔའ་སེམས་མ་མང་པོས་བསྐོར། །སྣང་མཐའ་པདྨ་ཁྲག་འཐུང་དབུས་སུ་བསྒོམ། །སྣང་མཐའ་ཡབ་ཡུམ་ཐུགས་ཀར་ཟླ་བའི་སྟེང་། །ཡབ་ལ་ཨཱདང་ཡུམ་ལ་པཾགྱི་མཐར། །ཡབ་སྔགས་གཡས་དང་ཡུམ་སྔགས་གཡོན་དུ་འཁོར། །དེ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། །སངས་རྒྱས་ཀུན་གྱི་


CMR005_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ལ་མཉེས་མཆོད་འབུལ། །སེམས་ཅན་ཀུན་གྱི་འདོད་ཆགས་ངག་སྒྲིབ་སྦྱངས། །གསུང་གི་བྱིན་བརླབས་དངོས་གྲུབ་ཚུར་བསྡུས་བསྟིམ། །ཨོཾ་ཨ་རོ་ལིཀ །པྱོ་རཱ་ག་ར་ཏི་ནྟཾ༔ ཅི་ནུས་བཟླས་རྗེས་བོ་དྷི་ཅུང་ཟད་བཟླ། །དེ་ནི་ཞི་ཁྲོ་གསུང་གི་དཀྱིལ་འཁོར་ཡིན། །ཨྠྀི། ༡༦ སྣང་བ་མཐའ་ཡས་སེམས་དཔའི་སྐྱིལ་ཀྲུང་བསྒོམ། །ཐུགས་ཀར་བཟླ་བྱའི་སྔགས་ཕྲེང་གཡས་སུ་འཁོར། །དེ་ལས་འོད་ཟེར་འཕྲོས་པའི་རྩེ་མོ་རེར། །པདྨ་སེམས་དཔའ་ཡབ་ཡུམ་རེ་རེ་སྟེ། །ཚེ་འདས་ལ་སོགས་དམིགས་ཡུལ་སྤྱི་བོར་བཞུགས། །སྦྱོར་མཚམས་བྱང་སེམས་བདུད་རྩིའི་རྒྱུན་བབ་པས། །འདོད་ཆགས་སེར་སྣའི་སྒྲིབ་པ་ཐམས་ཅད་སྦྱངས། །འོད་ཟེར་ཡི་དྭགས་ཡུལ་དུ་འཕྲོས་པ་ཡིས། །དགོས་འདོད་ཕུན་ཚོགས་བདེ་ཆེན་ཞིང་ལྟར་བསྒྱུར། །བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན་བབ་བསྒོམ། །ཨཱཔདྨ་སཏཱ་ས་མཱ་ཡ། ཞེས་སོགས་པདྨ་རིགས་ཀྱི་ཡིག་བརྒྱ་བཟླ། །ཨོཾ་པདྨ་སཏྭ་ཧཱུཾ། དེ་ནི་ཡི་དྭགས་ན་རཀ་དོང་སྤྲུགས་ཡིན། ཨྠྀི། ༡༧ གཙོ་བོ་པདྨ་ཁྲག་འཐུང་ཡབ་ཡུམ་གྱི། །ཐུགས་ཀར་ཧཱུཾ་མཐར་སྔགས་ཀྱིས་བསྐོར་བ་ལས། །སྔགས་འཁོར་འོད་ཟེར་སྤྲོ་བསྡུ་གོང་


CMR005_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཚུངས། །ཨོཾ་པདྨ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ པདྨ་ཀྲོ་ཏི་ཤྭ་རི་ཧཱུཾ། ཅི་ནུས་བཟླས་རྗེས་བོ་དྷི་ཅུང་ཟད་བཟླ། །ཞི་ཁྲོ་པདྨ་ཁྲག་འཐུང་དཀྱིལ་འཁོར་ཡིན།། །ཨྠྀི། ༡༨ དེ་ནས་པདྨ་ཁྲག་འཐུང་རང་མལ་བཞུགས། །རྣམ་སྣང་བུདྡྷ་བྱང་བཞུགས་སེམས་དཔས་བསྐོར། །དོན་གྲུབ་ཀརྨ་ཁྲག་འཐུང་དབུས་སུ་བཞུགས། །ཡབ་ཀྱི་ཐུགས་ཀར་ཧ་ལྗང་སྔགས་གཡས་བསྐོར། །ཡུམ་གྱི་ཐུགས་ཀར་ཏཾ་ལྗང་སྔགས་གཡོན་བསྐོར། །དེ་ལས་འོད་ཟེར་ལྗང་གུ་ཕྱོགས་བཅུར་འཕྲོས། །རྒྱལ་བ་ཀུན་གྱི་ཕྲིན་ལས་མཉེས་མཆོད་འབུལ། །ཕྲིན་ལས་འགྲོ་འདུལ་དངོས་གྲུབ་ཚུར་འདུས་བསྟིམ། །འགྲོ་བ་ཀུན་གྱི་ཕྲག་དོག་སྒྲིབ་པ་སྦྱངས། །དོན་ཡོད་གྲུབ་པའི་གོ་འཕང་ལ་བཞག་གྱུར། །ཧ་པྲཛྙཱ་དྷིཀ། །ཏཾ་བཛྲ་ར་ཏི་སྟེ། ཅི་ནུས་བཟླས་རྗེས་བོ་དྷི་ཅུང་ཟད་བཟླ། །དེ་ནས་ཞི་ཁྲོའི་ཕྲིན་ལས་དཀྱིལ་འཁོར་ཡིན། །ཨྠྀི། ༡༩ དོན་གྲུབ་ཞབས་ནི་སེམས་སྐྱིལ་བཞུགས་པར་བསྒོམ་། །ཐུགས་ཀར་བཟླ་བྱའི་སྔགས་ཕྲེང་གཡས་སུ་འཁོར། །འོད་འཕྲོས་བུམ་ལྷའི་སྐུ་ལས་བདུད་རྩི་བབ། །མདུན་བསྐྱེད་ཐུགས་ལས་སྤྲུལ་པའི་འོད་ཟེར་རྩེར། །ཀརྨ་སེམས་


CMR005_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཡབ་ཡུམ་སྔགས་ཕྲེང་བཅས། །ཚེ་འདས་ལ་སོགས་དམིགས་བྱའི་སྤྱི་བོར་བཞུགས། །སྦྱོར་མཚམས་བྱང་སེམས་རྒྱུན་བབ་ཕྲག་དོག་སྦྱངས། །སླར་ཡང་འོད་འཕྲོས་ལྷ་མིན་འཇིག་རྟེན་ཁམས། །འཐབ་རྩོད་སྦྱངས་ནས་ལས་རབ་ཞིང་དུ་བསྒྱུར། །ཧ་ཀརྨ་སཏཱ་ས་མཱ་ཡ། ཞེས་སོགས་ཀརྨ་རིགས་ཀྱི་ཡིག་བརྒྱ་བཟླ། །ཨོ་ཀརྨ་སཏྭ་ཧཱུཾ། དེ་ནི་ལྷ་མིན་ན་རཀ་དོང་སྤྲུགས་ཡིན། །ཚེ་འདས་སམ་ནི་གསོན་པོ་གང་ཡིན་ཏེ། །དུག་ལྔའི་སྒྲིབ་པ་གང་ཡིན་བརྟགས་བྱས་ལ། །དོང་སྤྲུགས་ལྔ་པོ་གང་དགོས་སྦྱར་ལ་བྱ། །སྤྱི་ཁྱབ་ཡོངས་ལ་དོང་སྤྲུགས་ཆེན་མོ་བྱ། །ཨྠྀི། ༢༠ ཀརྨ་ཁྲག་འཐུང་ཡབ་ཡུམ་ཐུགས་ཀ་རུ། །ཧཱུྃ་ཧཱུྃ་མཐའ་ལ་སྔགས་ཕྲེང་གཡས་སུ་འཁོར། །སྤྲོ་བསྡུ་སྔགས་ཕྲེང་དམིགས་པ་གོང་ལྟར་བྱ། །ཨོ་ཀརྨ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཀརྨ་ཀྲོ་ཏི་ཤྭ་རི་ཧཱུྃ། ཅི་ནུས་བཟླས་རྗེས་བོ་དྷི་ཅུང་ཟད་བཟླ། །ཞི་ཁྲོ་ཀརྨ་ཁྲག་འཐུང་དཀྱིལ་འཁོར་ཡིན། ༢༡ དེ་ལྟར་བསྐྱེད་པ་མ་ཧཱ་ཡོ་གའི་ལུགས། །རྡུལ་ཚོན་རས་བྲིས་ཚོམ་བུ་གང་ཡིན་ལ། །བརྟེན་ནས་ཞི་ཁྲོ་སྤྱི་ལྟར་བསྒྲུབ་པའི་ཚུལ། །ལས་བྱང་གསུམ་པོ་གང་རུང་ཁོག་ཕུབ་ནས། །མཆོད་གཏོར་བཤམས་


CMR005_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གྱེར་སྒོམ་བྱེད་པ་ཡིན། །ཨ་ནུ་ཡོ་གའི་རྒྱུད་ཀྱི་དགོངས་པ་ལྟར། །ལུས་དཀྱིལ་རིགས་གསུམ་ཞི་ཁྲོའི་ནང་སྒྲུབ་སྟེ། །ཟིན་བྲིས་གསལ་བར་ལོགས་སུ་བཀོད་ལྟར་རོ། །ཨ་ཏི་ཡོ་གའི་རྒྱུད་ཀྱི་དགོངས་པ་ལྟར། །སྤྲོས་མེད་སེམས་ཀྱི་དཀྱིལ་འཁོར་གསང་སྒྲུབ་སྟེ། །མཆོད་གཏོར་མི་དགོས་ལས་བྱང་འདོན་མི་དགོས། །དྲན་རྫོགས་ཉིད་དུ་དཀྱིལ་འཁོར་སོ་སོར་བསྒོམས། །གོང་ལྟར་སོ་སོའི་བསྙེན་པ་བྱེད་པ་སྟེ། །གོང་དུ་བཤད་པའི་དཀྱིལ་འཁོར་ཉེར་གཅིག་པོ། །སྐད་ཅིག་དྲན་རྫོགས་དམ་ཡེ་དབྱེར་མེད་བསྒོམ། །དེ་ཡང་ཉམས་ལེན་རྩི་དང་མ་བྲལ་བ། །བསྙེན་པ་གོང་བས་ཐོས་ཙམ་ཤུབ་བུར་བཟླ། །དེ་ནི་གསང་བ་སེམས་ཀྱི་དཀྱིལ་འཁོར་ཉེར་གཅིག་གོ །འདི་དག་གཞུང་ལས་དོན་གྱིས་གསལ་བ་དང་། །གཙོ་བོ་འཕོ་བའི་རིག་པ་ཞེས་བྱ་བ། །གསར་རྙིང་ཀུན་ལ་ཉི་ཟླ་ལྟར་གྲགས་ཀྱང་། །རྨོངས་པ་ཕལ་གྱིས་དེ་དོན་རྟོགས་དཀའ་བས། །ཞི་ཁྲོ་འདི་ཉིད་དར་ཆ་ཆེ་བའི་ཕྱིར། །མ་འོངས་འགྲོ་ལ་ཕན་པའི་སེམས་བསྐྱེད་ཀྱིས། །དུས་མཐའི་སྔགས་འཆང་རཱ་ག་ཨ་སྱ་ཡིས། །གབ་ཅིང་གབ་པའི་རྒྱུད་དོན་མན་ངག་བཀྲོལ། །མ་འོངས་ཞི་ཁྲོའི་ཆོས་ལ་


CMR005_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པ་རྣམས། །བཀའ་དྲིན་བཞག་པ་ཆེན་པོ་བྱས་ཡོད་དོ། །འོན་ཀྱང་གསང་སྔགས་ཤིན་ཏུ་གཉན་པའི་ཕྱིར། །སྦ་འོས་གསལ་བར་བཀོད་པའི་ཉེས་མཆིས་ན། །བཀའ་ཡི་སྲུང་མ་དབང་ཕྱུག་ཉེར་བརྒྱད་དང་། །མ་ནིང་སྡེ་བདུན་འཁོར་དང་བཅས་ལ་བཤགས། །ཆོས་འདིས་འགྲོ་དོན་རྒྱ་ཆེན་འབྱུང་བ་ཡི། །གཉེར་ཁ་གཏད་དོ་འཕེལ་ཞིང་རྒྱས་པར་མཛོད། །འདི་བྲིས་དགེ་བས་བདག་ལ་འབྲེལ་ཐོགས་རྣམས། །རིགས་དྲུག་འཁོར་བའི་སྐྱེ་སྒོ་ཆོད་གྱུར་ནས། །བདེ་ཆེན་དག་པའི་ཞིང་དུ་སྐྱེ་བར་ཤོག །ཡི་གེའི་མཁན་པོ་པདྨ་མཐར་ཕྱིན་གྱིས། །འདིར་འབད་གུས་པས་བྲིས་པའི་བསོད་ནམས་ཀྱིས། །ཞི་ཁྲོའི་བཀའ་བབ་བསྟན་པ་འཛིན་གྱུར་ཅིག །མངྒ་ལཾ།། །།༧ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

བཏགས་གྲོལ་གྱི་མན་ངག་ཞལ་ཤེས་བཏགས་ཚད་རང་གྲོལ།


CMR005_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་གྲོལ་གྱི་མན་ངག་ཞལ་ཤེས་བཏགས་ཚད་རང་གྲོལ་ཞེས་བྱ་བ་བཞུགས་སོ།


CMR005_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཀུན་གྱི་སྤྱི་མེས་ཀུན་ཏུ་བཟང་། །དང་པོའི་སངས་རྒྱས་དེ་ལ་ཕྱག་འཚལ་ནས། །ཆོས་རྣམས་ཀུན་གྱི་ས་བོན་བཏགས་གྲོལ་རྒྱུད། །ཉམས་ལེན་མི་དགོས་བཏགས་པས་གྲོལ་བའི་ཐབས། །དེ་ཡི་མན་ངག་ཞལ་ཤེས་འདིར་བཀོད་བྱ། །ཆོས་བདག་སྲུང་མས་བཀའ་ཡིས་གནང་བ་སྩོལ། །ཞི་ཁྲོ་གསང་འདུས་ཡང་སྙིང་འདུས་པ་དང་། །ཆེ་རྒྱུད་རྡོར་ཕྲེང་ཀློང་གསལ་ལ་སོགས་པ། །བཏགས་གྲོལ་རྒྱས་བསྡུས་རྣམས་གྲངས་མང་བ་དང་། །སྔགས་ལ་འདྲ་མིན་ཞུ་དག་མ་བཏུས་ཀྱང་། །ཡབ་ཡུམ་དགོངས་པ་ཞེན་བཟློག་ཉེར་ལྔ་དང་། །ཁྲོ་


CMR005_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བཞི་ཡི་སྙིང་པོ་རྩ་བ་ཡིན། །སྔགས་ལ་འདྲ་མིན་གཏེར་ཁ་སོ་སོའི་ལུགས། །ཞུ་དག་མི་ཉན་ཀློང་གསལ་རྒྱུད་ནས་གསུངས། །དེ་ལ་ཙཀྲ་མ་དང་གླེགས་བམ་གཉིས། །ཙཀྲ་མ་ནི་རིག་འཛིན་རྣམས་ཀྱིས་མཛད། །བྲི་ཚུལ་སོ་སོའི་གཞུང་དུ་གསལ་ལྟར་ལགས། །གླེགས་བམ་མ་ནི་རྒྱུད་ཀྱི་དགོངས་པ་ཟབ། །འབྲི་མཁན་རབ་ནི་རྫོགས་ཆེན་རྣལ་འབྱོར་པ། །འབྲིང་ནི་དབང་ཐོབ་དམ་ཚིག་མ་ཉམས་པ། །ཐ་མ་འབྲི་མཁན་དམ་ཉམས་མིན་པས་རུང་། །བྲི་གཞི་རབ་ནི་མཐིང་ཤོག་སྲབ་ལ་མཁྲེགས། །འབྲིང་ནི་ཤོག་ནག་ཐ་མ་ཤོག་


CMR005_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་རུང་། །སྣག་ཚ་སྟོན་པའི་ཁ་དོག་རིན་ཆེན་ཏེ། །སྔགས་ཀྱི་སྟོན་པ་རྒྱལ་བ་རིགས་ལྔའི་མདོག །བེཌུར་གསེར་ཟངས་གཡུ་དང་དུང་ཡང་རུང་། །རབ་ནི་ཐུབ་པའི་སྐུ་མདོག་གསེར་ནི་མཆོག །འབྲིང་དངུལ་མཚལ་དང་ཐ་མ་རྒྱ་སྣག་ལ། །ཆོས་སྨན་བདུད་རྩི་རིལ་བུ་བསྲེས་པས་རུང་། །བཏགས་གྲོལ་མང་པོ་ཕྱོགས་གཅིག་བཏགས་པ་ན། །ཤོག་ཚད་རྩེ་སོར་བརྒྱུད་ཀྱི་ཚད་རུང་སྟེ། །མཁའ་འགྲོ་སྙིང་ཐིག་ལ་སོགས་འགའ་ནས་གསལ། །མང་ཞིག་བཏགས་ན་ཁུག་སོར་བཞི་ཡི་ཚད། །གཅིག་ཙམ་ཡིན་ན་རྩེ་སོར་བཞི་ཡི་ཚད། །དེ་དག་ཞིང་དང་དཀྱུས་མཉམ་གྲུ་བཞིར་བཏགས། །གྲུ་བཞི་དེ་ལ་ཚོན་ནི་ཁ་དོག་ལྔ། །གྲུ་བཞི་ཉིད་དུ་རི་མོ་འཇའ་འདྲ་འཐེན། །དེ་ནང་ལིང་ཚེ་རེ་རེའི་ནང་དུ་ནི། །ཡབ་ཡུམ་དགོངས་པ་ནས་བཟུང་བཏགས་གྲོལ་གྱི། །སྔགས་རྣམས་བགོ་ནས་རིམ་པར་འབྲི་བ་སྟེ། །གཅིག་ནས་ནང་དུ་སྔགས་རྣམས་མི་རྫོགས་པས། །དེ་འཕྲོས་དེ་མཆན་ལིང་ཙེའི་ནང་དུ་བྲི། །སྔགས་རྣམས་ཐམས་ཅད་བྲི་བ་མ་གཏོགས་པ། །བོད་སྐད་ཚིག་ནི་གཅིག་ཀྱང་བྲི་སྲོལ་མེད། །ཞི་ཁྲོའི་མཇུག་ཏུ་ལས་བཞིའི་འདོད་གསོལ་བྲི། །


CMR005_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

འདི་འཆང་བ་པོ་དམ་པ་རིགས་བརྒྱ་འམ། །ཐུགས་རྗེ་ཆེན་པོ་འམ་ཚེ་དཔག་མེད་པའམ། ཀུན་ཏུ་བཟང་པོ་སོགས་མཚན་བསྒྱུར། ལྷ་ཚོགས་དབྱེར་མེད་དུ་།སངས་རྒྱས་པར་གྱུར་ཅིག །ཞེས་པ་དེ་ནི་བཏགས་གྲོལ་མཇུག་ཏུ་བྲིས། །པོད་བོང་ཆེའམ་ཤོག་གུ་དཀོན་པ་ན། །ལོགས་གཅིག་ཞི་ཁྲོ་ལོགས་གཅིག་གསང་འདུས་བྲི། །མགོ་མཇུག་བསྣོལ་བ་འདྲ་སྟེ་སྐྱོན་མེད་དོ། །ཡིག་མགོ་ཐམས་ཅད་ཕྱོགས་གཅིག་བསྟན་པས་འཐུས། །བཏགས་གྲོལ་གཅིག་ལ་མགོ་མ་སྟོང་པ་ཡིན། །སྔགས་མཇུག་ཕྱི་ན་ཁྲི་བར་མི་རུང་ངོ་། །མགོ་མཇུག་མ་ནོར་ཕྱི་ནང་ཁྱད་པར་མེད། །བྲི་ཚར་ཞག་མང་བར་ནི་མཆོད་པར་བཤམས། །བཏགས་གྲོལ་འབྲུ་དྲུག་སྔགས་ཀྱིས་ཕུ་སུ་བྱ། །ས་རྗེན་མི་བཞག་མི་ལག་མང་མི་འགྲིམ། །མེ་ཁར་མི་ཁྱེར་རླུང་ཁར་གཡུག་མི་བྱ། །ཞུ་དག་བྱེད་ན་ཡིད་འདོན་རུང་མོད་ཀྱི། །དེ་ཉིད་ཀློག་པར་བྱ་བ་མ་ཡིན་ནོ། །རབ་གནས་རབ་ནི་སོ་སོའི་དཀྱིལ་འཁོར་གྱི། །དབུས་སུ་མཉྫིའི་སྟེང་དུ་རིན་ཆེན་སྣོད། །འབྲུས་བཀང་ནང་དུ་བཏགས་གྲོལ་དེ་ཉིད་བཞག །མདུན་བསྐྱེད་རྟེན་བྱ་སོ་སོའི་ལས་བྱང་བཏགས། །ཚོགས་


CMR005_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཆོད་གཏོར་ལ་སོགས་བཟང་དུ་འབུལ། །སོ་སོའི་བསྙེན་པ་ཅི་འགྲུབ་བྱས་པའི་རྗེས། །བཏགས་གྲོལ་བརྒྱའམ་ཉེར་གཅིག་བདུན་སོགས་འདོན། །དེ་ཡི་བཏགས་གྲོལ་ཉིད་ལ་ཕུ་ཡིས་བཏབ། །རྟེན་འབྲེལ་སྙིང་པོ་བརྒྱའམ་ཉེར་གཅིག་གིས། །ཕུ་བཏབ་མེ་ཏོག་འཐོར་ཞིང་བཀྲ་ཤིས་བརྗོད། །བླ་མ་འཛོམས་ན་བཏགས་གྲོལ་དབང་བསྐུར་ཞུ། །མ་འཛོམ་མདུན་བསྐྱེད་བླ་མ་དབྱེར་མེད་དམིགས། །བཏགས་གྲོལ་དབང་ཚིག་གཞུང་ལྟར་རང་གིས་བླངས། །རབ་གནས་འབྲིང་དུ་རྟོག་པ་མཐོན་པོ་ཡི། །བླ་མ་མཇལ་དུས་ཕྱག་ནས་ཞལ་ཕུ་ཞུ། །བཏགས་གྲོལ་འབྲུ་དྲུག་སྟོང་ངམ་ཁྲི་ཡིས་སྲེགས། །རབ་གནས་བསྡུས་པ་རྟེན་འབྲེལ་མེ་ཏོག་འཐོར། །དམ་པ་རིགས་བརྒྱ་ཡིད་ཀྱིས་སྤྱན་དྲངས་བསྟིམ། །ན་བཟའ་རབ་ནི་དར་སྣ་ལྔ་ཡིས་བཏུམ། །བྱིན་རླབས་རྟེན་ནི་གང་རྙེད་ནང་དུ་བཏུམ། །འབྲིང་ནི་མན་རྩེ་དུམ་བུ་གཅིག་གིས་གཏུམ། །ཐ་མ་དར་སྣས་སྐུད་པ་ཁ་དོག་ལྔས། །རྒྱ་གྲམ་ཉིད་དུ་བཅིངས་པས་འཐུས་པ་ཡིན། །རབ་ནི་ཟངས་སམ་ལྕགས་ཀྱི་གའུར་བཅུག །འབྲིང་ནི་བསེ་ཡིས་གཡོགས་པར་བྱ་བ་ཡིན། །ཐ་མ་རྔ་ཤུན་ལ་


CMR005_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མཁྲིགས་པོས་གཡོགས། །དེ་རྒྱབ་ལྷས་གེ་ལ་སོགས་གང་རུང་གི །མདོར་ན་ཡིག་འབྲུ་མི་ཉམས་ཐབས་གཅིག་བྱ། །དམ་ཚིག་རབ་གནས་དུས་མིན་།ལུས་མི་འབྲལ། །བཏགས་གྲོལ་བཏགས་པ་ཀུན་གྱིས་ཤེས་ནའང་། །གསང་སྔགས་གསང་བའི་དམ་ཚིག་རྟེན་འབྲེལ་དུ། །བཏགས་གྲོལ་ཡོད་ཅེས་མི་སྨྲ་མིར་མི་སྟོན། །སྒྲུབ་པའམ་ནི་ཚེས་བཅུ་ལ་སོགས་དུས། །དཀྱིལ་འཁོར་དབུས་བཤམས་མདུན་བསྐྱེད་དེ་ལ་བསྟིམ། །འཆི་ཁ་མི་འབྲལ་རོ་དང་འབྲལ་མི་བྱ། །ཕུང་པོ་བསྲེག་ན་བཏགས་གྲོལ་ཚར་གཅིག་བཀླགས། །དུམ་བུ་གསུམ་བྱས་དཔྲལ་མགྲིན་སྙིང་ག་རུ། །མར་ཁུ་སོགས་ཀྱིས་ཡིག་འབྲུ་ཤ་བསྟན་སྦྱར། །དོང་དུ་སྦ་ནའང་དེ་ལྟར་བྱ་བ་ཡིན། །རི་ལ་བསྐྱལ་ན་ཕུང་པོ་གན་རྐྱལ་གྱི། །མེ་རུ་སྦར་བས་སྙིང་གར་འཁོར་ལོ་བསྲེགས། །ཐལ་བ་དེ་ནས་དཔྲལ་མགྲིན་སྙིང་གར་བྱུག །དེ་ལྟར་བྱས་པས་གཞུང་ནས་བཤད་པ་ལྟར། །ནམ་མཁའ་གཡའ་དག་འཇའ་ཟུག་འཇའ་སྤྲིན་འཁྲིགས། །མེ་ཏོག་ཆར་འབེབས་རླུང་དང་སེར་བུ་མེད། །རིང་བསྲེལ་སྐུ་གཟུགས་ཡིག་འབྲུ་ལ་སོགས་པ། །སྣ་གཅིག་མི་འབྱུང་སྲིད་པར་མི་


CMR005_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། །མ་བྱུང་ན་ནི་ཁོ་ཉིད་བཏགས་གྲོལ་ལ། །ངེས་ཤེས་མེད་པར་ཐེ་ཚོམ་ཤོར་བའི་རྟགས། །ཐེ་ཚོམ་མེད་པར་ཉམས་ལེན་བཟང་བའི་རིགས། །བཟང་རྟགས་མེད་པར་གནམ་གཡུལ་ངན་པ་ནི། །དེ་ཉིན་སྡིག་ཅན་གྲིབ་ཅན་གཞན་འགའ་ཞིག །ཤིའོམ་བསྲེག་པའི་གྲིབ་ནི་ཡིན་པར་བཤད། །འདི་ཉིད་བཏགས་པས་གྲོལ་བ་བདེན་མི་བདེན། །སྙམས་པའི་ཐེ་ཚོམ་མེད་པ་གལ་ཆེའོ། །ཤོར་ལུང་སྔགས་འཆང་སྤྱན་གསུམ་ལྡན་པ་དེས། །བསྐུལ་ཕྱིར་ལུག་ལོ་སྨིན་དྲུག་ཟླ་བ་ཡི། །བཅུ་གསུམ་ཉིན་གུང་ཐུན་གྱི་མཚམས་ཉིད་དུ། །༧རཱ་ག་ཨ་སྱས་ཇི་ལྟར་སྨྲས་པ་དེ། །མུ་པའི་དགེ་བཤེས་པདྨ་དད་པས་བྲིས། །འགལ་འཁྲུལ་མཆིས་ན་མཁྱེན་ལྡན་རྣམས་ལ་བཤགས། །དགེ་བས་འགྲོ་དོན་རླབས་ཆེན་འབྱུང་བར་ཤོག །འདི་ནི་མ་སྦས་ཀུན་ལ་བསྟན་པར་གྱིས། །སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ཆོས་ཉིད་བར་དོའི་ཁྲིད་ཡིག་མཐོང་བ་རང་གྲོལ་གྱི་ངོ་སྤྲོད་ཅར་ཕོག་ཁྱེར་བདེ་བ་ཞིག


CMR005_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ཆོས་ཉིད་བར་དོའི་ཁྲིད་ཡིག་མཐོང་བ་རང་གྲོལ་གྱི་ངོ་སྤྲོད་ཅར་ཕོག་ཁྱེར་བདེ་བ་ཞིག་བཞུགས་སོ།།


CMR005_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་བཟང་པོ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །འོ་ན་ཁྱེད་རྣམས་ལ་བཀའ་རྫོགས་པ་ཆེན་པོའི་ཆོས་འབྲེལ་ཅུང་ཟད་བྱེད་ན། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་ཐེག་པ་རིམ་པ་དགུ་ལ་འདུས་ཏེ། ཨ་ཏི་བཀོད་པའི་རྒྱུད་ལས། ཉན་ཐོས་རང་རྒྱལ་བྱང་སེམས་གསུམ། །གང་ཟག་དབང་པོ་དམན་ལ་དགོངས། །ཀྲི་ཡ་ཨུ་པ་ཡོ་ག་གསུམ། །གང་ཟག་དབང་པོ་འབྲིང་ལ་དགོངས། །མ་ཧཱ་ཨ་ནུ་ཨ་ཏི་གསུམ། །གང་ཟག་དབང་པོ་རབ་ལ་དགོངས། །ཞེས་གསུངས་ཏེ། རང་ཉིད་ངན་སོང་ལ་སྐྲག་ནས། ཕྱི་མ་ལྷ་


CMR005_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

མིའི་བདེ་སྐྱིད་ཐོབ་འདོད་ནས་ཆོས་བྱས་ན་གང་འདོད་དེར་སྐྱེ་སྟེ། ལྷ་དང་མི་ཡི་རྒྱལ་པོར་གྱུར་ཀྱང་། བསོད་ནམས་ཟད་ནས་འཆི་སྟེ་ངན་སོང་དུ་ལྟུང་བས་དགོས་པ་ཆུང་། རང་ཉིད་འཁོར་བའི་སྡུག་བསྔལ་ལས་ཐར་འདོད་ནས། སྡོམ་པ་བསྲུང་ཞིང་ཕར་ཕྱིན་དྲུག་ལ་ཉམས་ལེན་བྱས་ན། བསྐལ་པ་ཉི་ཤུ་དང་བསྐལ་པ་བརྒྱ་ཙམ་ལ་ཉན་ཐོས་དགྲ་བཅོམ་པ་དང་།་རང་སངས་རྒྱས་ཀྱི་གོ་འཕང་ཐོབ་སྟེ་ཐེག་པ་དམན་པ་ཡིན་པས་གཞན་དོན་མི་འབྱུང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བཅུ་


CMR005_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་རྒྱུན་མ་ཆད་པར་བྱས་ན། བསྐལ་པ་གྲངས་མེད་གསུམ་ན་རྫོགས་པའི་སངས་རྒྱས་ཐོབ་སྟེ། ལམ་ཧང་ཐག་རིང་ཞིང་དཀའ་ཚེགས་ཆེ། དེ་ལྟ་བུའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས།་གསང་སྔགས་བྱ་རྒྱུད་སྤྱོད་རྒྱུད་ཉམས་སུ་བླངས་ན་སྐྱེ་བ་དྲུག་ཅུས་སངས་རྒྱས། རྣལ་འབྱོར་རྒྱུད་ཉམས་སུ་བླངས་ན་སྐྱེ་བ་བཅུ་དྲུག་གིས་སངས་རྒྱས། བླ་མེད་རྒྱུད་ཉམས་སུ་བླངས་ན། རབ་ཚེ་འདིར། འབྲིང་བར་དོ། ཐ་མ་སྐྱེ་བ་བརྗེས་ནས་སངས་རྒྱས། བླ་མེད་དེ་ལ་གསར་མ་ལུགས་ཀྱི་ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད་དང་གསུམ། རྙིང་མ་ལུགས་ཀྱི་བསྐྱེད་པ་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་དང་གསུམ་སྟེ་དོན་ལ་འདྲ་བར་བཤད། དེ་ལ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་དེ་ལ། ཨ་ཏི་སྤྱི་ཏི་ཡང་ཏི་ཞེས་ཀྱང་བྱ། སེམས་སྡེ་ཀློང་སྡེ་མན་ངག་གི་སྡེ་དང་གསུམ་དུ་ཡོད། རྫོགས་ཆེན་སེམས་སྡེ་ཕྱག་རྒྱ་ཆེན་པོ་དང་དོན་གཅིག །གཞི་ཁྲེགས་ཆོད་ཀྱི་སྐོར་ཞེས་བྱ་བ་ཡིན། །ཀློང་སྡེ་དང་མན་ངག་གི་སྡེ་གཉིས་ནི་ཕྱག་ཆེན་ལས་ཀྱང་ལྟ་བ་མཐོ་སྟེ་ཐེག་པ་དགུའི་ཡང་རྩེ་ཡིན། ཕྱག་ཆེན་རྫོགས་ཆེན་སེམས་སྡེ་མན་ངག་བསྒོམ་དགོས། རྒྱ་བོད་ཀྱི་གྲུབ་ཆེན་ཚོ་ཡང་


CMR005_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཕལ་ཆེར་ལོ་བཅུ་གཉིས་ཙམ་བསྒོམས་ནས་གྲུབ་པ་ཐོབ་པ་ཁོ་ན་སོ་སོའི་རྣམ་ཐར་ན་གསལ། དེ་ལ་བཀའ་རྫོགས་པ་ཆེན་པོ་ལ་མ་བསྒོམས་པར་འཚང་རྒྱ་བའི་།གདམས་ངག་བཞིའམ་དྲུག་ཡོད་པར་བཤད་དེ། ཟོས་པས་འཚང་རྒྱ་བ་སྐྱེ་བདུན་ཤའི་རིལ་བུ། བཏགས་པས་འཚང་རྒྱ་བ་རྒྱུད་བཏགས་གྲོལ། ཐོས་པས་འཚང་རྒྱ་བ་བར་དོ་ཐོས་གྲོལ་གྱི་དབང་ཁྲིད་སྦྲགས་མ། བལྟས་པས་འཚང་རྒྱ་བ་ཐོད་རྒལ་གྱི་ཁྲིད་འདི། དྲན་པས་འཚང་རྒྱ་བ་འཕོ་བ་དྲན་པ་རང་གྲོལ། རེག་པས་འཚང་རྒྱ་བ་དྷཱ་ཀི་པདྨ་ཅན་དང་དྲུག་གོ །ཆོས་འདི་ལས་ཟབ་པ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་ཡང་ཡང་མ་གསུངས་མི་གསུངས་གསུངས་བར་མི་འགྱུར་ཞིང་། ཆོས་སྐུ་ཀུན་ཏུ་བཟང་པོ་དང་། རྡོ་རྗེ་འཆང་དང་འོད་མི་འཁྲུགས་པ་ལ་སོགས་སྟོན་པ་བཅུ་གཉིས་ཀྱིས་གསུངས་པའི་བཀའ། རིག་འཛིན་དགའ་རབ་རྡོ་རྗེ། ཤྲཱི་སེ་ཧ། ཧཱུཾ་ཆེན་ཀཱ་ར། བི་མ་ལ་མི་ཏྲ། འཇམ་དཔལ་བཤེས་གཉེན་སྔ་ཕྱི་གཉིས་སོགས་རྒྱ་གར་གྱི་གྲུབ་ཆེན་རྣམས་ཀྱིས་ཐུགས་དམ་མཛད་ཅིང་། རྒྱ་དཀར་ནག་ཨོ་རྒྱན་ཡུལ་སོགས་སུ་འབུམ་ཕྲག་མང་པོ་འཇའ་ལུས་མཁའ་སྤྱོད་དུ་གཤེགས། བོད་དུ་ཡང་ཨོ་


CMR005_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་རིན་པོ་ཆེ་དང་། བི་མ་ལ་མི་ཏྲས་གསུངས་པས། རྗེ་འབངས་ཕལ་ཆེར་དང་། ཡེར་པ་ནས་གྲུབ་ཆེན་བརྒྱད་ཅུ་དུས་གཅིག་ལ་མཁའ་སྤྱོད་དུ་གཤེགས། དེ་བཞིན་ཏུ་ཉང་ཏིང་འཛིན་བཟང་པོ། ལྕོག་རོ་སྒོམ་ཆེན་སྒོམ་ཆུང་། གྲུབ་ཐོབ་གཙང་པ་མི་བདུན་ལ་སོགས་པ་འཇའ་ལུས་མཁའ་སྤྱོད་གྲུབ་པ་ཁྲི་ཕྲག་མང་པོ་བྱུང་བར་སྣང་ལ། རྗེ་དུས་གསུམ་མཁྱེན་པས་བླ་མ་བྲག་དཀར་བ་ལས་རྫོགས་ཆེན་ཨ་རོ་སྙན་བརྒྱུད་ཞུས། རྗེ་ཀརྨ་པཀྴིས་ཀཿཐོག་བྱམས་པ་འབུམ་ལས་རྫོགས་ཆེན་ཞུས་ནས་ཕྱག་རྒྱ་ཆེན་པོ་དང་རྫོགས་པ་ཆེན་པོ་གཉིས་མིང་ལ་ཁྱད་པར་ཡོད། དོན་ལ་ཁྱད་པར་མེད་གསུངས། རྗེ་རང་བྱུང་རྡོ་རྗེས་པདྨ་ལས་འབྲེལ་རྩལ་ལས་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་ཞུས་ནས་ཐུགས་དམ་མཛད། སློབ་མ་བཞི་ལ་དབང་ལུང་གནང་ནས། ཆོས་ཟབ་མོ་འདི་འདྲ་ནུབ་པར་ཕངས་གསུངས་ནས། བོད་ཀྱི་ཕྱོགས་བཞི་ནས་དར་བར་གྱིས་གསུངས་ཏེ་སློབ་མ་བཞི་བརྫངས། ཁ་རག་སྒོམ་ཆུང་བཀའ་གདམས་པའི་བྱམས་སྙིང་རྗེ་དང་། རྫོགས་ཆེན་གཉིས་ཁོ་ནས་གྲུབ་པ་ཐོབ་པ་ཡིན། འོན་ཀྱང་གུ་རུ་ཤྲཱི་སེང་ཧས་བེ་རོ་ཙཱ་ན་ལ་བོད་དུ་དང་པོ་རྫོགས་ཆེན་དར། བར་སྐབས་སུ་རྟོག་གེ་པ་རྣམས་


CMR005_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཐལ་བརྒྱབ་པས། མི་རྣམས་ཐེ་ཚོམ་སྐྱེས་ནས་ཅུང་ཞིག་ནུབ། མཐར་དར་ཞིང་རྒྱས་པར་ལུང་བསྟན་པ་ལྟར། བར་སྐབས་སུ་ཅུང་ཞིག་ཁྲིད་སྟོན་པ་ཉུང་ན་ཡང་། དེང་ནས་བཟུང་སྟེ་ཚེ་ལོ་བཅུ་པའི་བར་དུ་ཀུན་ཏུ་བཟང་པོའི་ཐུགས་ཀྱི་བསྟན་པའི་དུས་ཡིན་པས་རྫོགས་ཆེན་བསྒོམས་ན་རྟོགས་སླ། ཡུན་རིང་བསྒོམ་མི་དགོས། དུས་ཇི་ཙམ་སྙིགས་བཞིན་དུ། བདུད་དང་ལྷ་སྲིན་སྡེ་བརྒྱད་ཁ་ཕྱུར། དེ་ཇི་ལྟར་ཕྱུར་བ་བཞིན་ཨོ་རྒྱན་རིན་པོ་ཆེ་ཐུགས་རྗེ་ཆེ། བྱིན་རླབས་མྱུར། དེའི་གནད་ཀྱིས་ཆོས་རྙིང་མ་དང་རྫོགས་ཆེན་དེང་སང་ནས་ཇེ་དར་ཇེ་ཟབ་ཏུ་འགྲོ་བར་ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་མང་པོ་ལ་ཡོད་པས། དེང་སང་བླ་མ་སུ་ཆེ་ཆེ་ཐམས་ཅད་ཀྱིས་རྙིང་མ་ལ་གཙོ་བོ་མཛད་པ་འདི་དག་ཡིན། དེ་ལ་བཀའ་རྫོགས་པ་ཆེན་པོ་འདི་ལ། དབང་པོ་ཐ་མའི་གང་ཟག་རིམ་གྱིས་ཁྲིད་ལུགས་དང་། དབང་པོ་རབ་དབང་ལ་བརྟེན་ནས་ཅར་ཕོགས་སུ་ངོ་སྤྲད་པའི་ལུགས་གཉིས་ཡོད་དེ། ཤར་ཀཿཐོག་པའི་འཁྲུལ་ཞིག་དབང་དྲག་རྒྱ་མཚོ་སོགས་དང་། ཀོང་པོའི་རྫོགས་ཆེན་པ་བསོད་ནམས་བཟང་པོ་སོགས་ཀྱི་ཕྱག་སྲོལ། བླ་མ་དང་ཁྲིད་ཞུ་བ་རྣམས་སོ་སོར་མཚམས་བསྡམས་


CMR005_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཚམས་ཁང་ནས་མི་རེ་རེ་ལ་གཅིག་ཁྲིད་དུ་བཤད། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས། སྐྱབས་འགྲོ་སེམས་བསྐྱེད། །བྱམས་སྙིང་རྗེ། རྡོར་སེམས་སྒོམ་བཟླས། མཎྜལ། བླ་མའི་རྣལ་འབྱོར། ཡི་དམ་བསྐྱེད་རིམ། རླུང་འཁྲུལ་འཁོར། གཞི་ཁྲེགས་ཆོད་ཕྱག་རྒྱ་ཆེན་པོ། ལུས་ངག་ཡིད་གསུམ་འཁོར་བ་དང་རུ་ཤན་ཕྱེ་བ་དེ་ཐམས་ཅད་བྱས་ནས་སོ་སོར་རྟགས་ཐོན་ངེས་བྱས་ཏེ། དེ་ནས་ཐོད་རྒལ་ངོ་སྤྱད་ནས་ལོ་གསུམ་བར་ཁྲིད་མི་རྫོགས། དེ་བར་ཁྲིད་ཕྲུག་འགྲོ་དབང་མེད་དེ་མཚམས་ལ་སྡོད་བཅུག །དེ་ནས་རྟོགས་པ་བཟང་པོ་འཁྲུངས་ན་གཞན་ལ་ཁྲིད་སྟོན་པར་བསྐོ། འབྲིང་ཙམ་ལ་དབང་བཀའ་རྗེས་གནང་ཙམ་བྱེད་ཆོག་པར་ལུང་གནང་། ཐ་མ་ལ་ད་རུང་མཚམས་ལོ་གསུམ་ཡིག་དྲུག་དུང་གི་ཁས་ལེན་འཇུག །ཡང་མཐའ་ལ་ད་རུང་ཁྱོད་རི་ཁྲོད་མི་ཟིན། འགྲོ་དབང་མེད་གསུངས་ནས་སྒོམ་འཇུག་པའི་སྲོལ་ཡོད་པར་གདའ། དེ་ལྟ་བུ་ནི་མཆོག་ཡིན་ཡང་།་འདི་ཕྱོགས་སུ་སྲོལ་མེད་ཅིང་། བླ་མ་དང་ཁྲིད་ཕྲུག་སུས་ཀྱང་མི་འཁྱོངས་པ་ཡིན། དེ་ལ་ད་རེས་དབང་ལ་བརྟེན་ནས་ངོ་སྤྱད་པ་ནི་གཞུང་ལས་བཤད་པ་


CMR005_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་དབང་མ་ཐོབ་པར་ཉན་པ་དང་བཤད་པར་མི་རུང་། དབང་ཡང་ཞི་ཁྲོ་ལ་སོགས་རྫོགས་ཆེན་དང་འབྲེལ་བའི་དབང་ཞིག་དགོས། དབང་གང་རུང་གིས་མི་ཆོག་་དེ་ལ་ཡང་སྔོན་འགྲོ་ས་བཅད་མ་སྟོང་ཙམ་ཞིག་མ་བཤད་ན་མི་རུང་། སློབ་མ་ལ་བྱིན་རླབས་མི་འཇུག །སློབ་དཔོན་ལ་ལྟུང་བ་འབྱུང་བ་ཡིན། ཨོ། དེ་ལ་སྔོན་འགྲོ་ཅུང་ཟད་བཤད་ན། ཞི་ཁྲོའི་གཞུང་ཚིག་རྣམས་བྱིན་རླབས་ཆེ་བས་འཆད་དེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། དམྱལ་བ་ནི་ས་གཞིའི་རྡུལ་ཙམ་ཡོད་དོ། །ཡི་དྭགས་ནི་གངྒའི་ཀླུང་གི་བྱེ་མ་ཙམ། །དུད་འགྲོ་ནི་ཆང་གི་སྦང་མ་ཙམ་ཡོད་དོ། །ལྷ་མ་ཡིན་ཁ་བ་བུ་ཡུག་ཙམ་ཡོད་དོ། །ལྷ་མི་གཉིས་ནི་སེན་མོའི་རྡུལ་ཆགས་པ་ཙམ་ཞིག་ཡོད་དོ། །ཞེས་གསུངས་སོ། །དལ་འབྱོར་མི་ལུས་ཐོབ་དཀའ་བ་མིག་གིས་བལྟ་རྒྱུ་ཡོད་དེ། རྒྱལ་པོ་ཆེན་པོའི་དམག་ལ་དུ་ཙམ་ཡོད། གྲོག་ཚང་ཆེ་བ་ལ་འབུམ་ཕྲག་གསུམ། འབྲིང་བ་ལ་ཁྲི་ཚོ་གསུམ༔ ཆུང་བ་ལ་སྟོང་ཚོ་གསུམ་ཡོད་པར་རྔ་བོ་ཆེའི་མདོ་ནས་གསུངས་སོ། །གྲོང་པའམ་རུ་བ་རེ་ལ་མི་དུ་ཙམ་ཡོད། དེའི་ས་སྐོར་ན་དབྱར་ཁ་འབུ་སྲིན་ཅི་གདའ་ལྟོས་དང་། ད་


CMR005_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

རེས་ལུས་འདི་ལ་སྙིང་པོ་ཞིག་ལེན་བསམ་པ་གྱིས་ལ་རྗེས་ཟློས་མཛོད། ཀྱེ་མ་ཀྱི་ཧུད། །མི་ལུས་རིན་ཆེན་ཐོབ་པ་ད་རེས་ཙམ། །འདི་ལ་ཆོས་ཤིག་ཅིས་ཀྱང་མ་འགྲུབ་ན། །ཕྱིས་ནས་མི་ལུས་ཐོབ་པར་དཀའ་བར་གདའ། །དཀའ་འམ་མི་དཀའ་སེམས་ཅན་གྲངས་ལ་ལྟོས། །ངན་སོང་གསུམ་དུ་སྐྱེས་ན་སྙིང་རེ་རྗེ། །ཞེས་བརྗོད་དོ། །དེ་ཡང་ངེད་རང་རྣམས་འཆི་ངེས་པའི་སྟེང་དུ་ནམ་འཆི་ཆ་མེད། ཚེ་ལ་འདི་ཙམ་ཐུབ་ཀྱི་ངེས་པ་མེད་པས་ནམ་འཆི་ཆ་མེད། ཤི་བའི་རྐྱེན་ཤིན་ཏུ་མང་བས་ནམ་འཆི་ཆ་མེད། ལུས་ལ་སྙིང་པོ་མེད་པས་ཀྱང་ནམ་འཆི་ཆ་མེད། བདག་ཤི་ཙམ་ན་སུས་ཀྱང་བཟུང་དུ་མེད། བསྲུང་དུ་མེད། སུས་ཀྱང་མི་ཕན་ཏེ། བསགས་པའི་ནོར་གྱིས་ཀྱང་ཤི་བ་ལ་མི་ཕན། བུ་དང་ཆུང་མ་འདུས་པའི་གཉེན་གྱིས་ཀྱང་འཆི་བ་ལ་མི་ཕན། རང་གི་ལུས་ཀྱིས་ཀྱང་འཆི་བ་ལ་མི་ཕན་ཏེ་ལུས་ཉིད་ཀྱང་ཤུལ་དུ་བསྒྱུར། མེ་ལ་བསྲེགས་ན་ཐལ་བ་སྤར་གང་དུ་འགྲོ། བསགས་པའི་ནོར་ཤུལ་དུ་ལུས་ཏེ་ཁབ་གཅིག་ཀྱང་ཁྱེར་དབང་མེད། འདུས་པའི་གཉེན་དང་སོ་སོར་བྲལ་ཏེ། དེ་ཕྱིན་ཆད་འཕྲད་པར་མི་འོང་བའི་ས་ཐག་རིང་པོ་ཞིག་ལ་ད་ནས་མགྱོགས་པར་འགྲོ་དགོས།


CMR005_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་ཟླ་བོ་གཅིག་ཀྱང་ཁྲིད་དབང་མེད། རང་གཅིག་པུར་འགྲོ་དགོས་པའི་དུས་ལ་སླེབ་ལ་ཁད་བསམ་པ་གྱིས་ལ་རྗེས་ཟློས་མཛོད། ཀྱེ་མ་ཀྱི་ཧུད། འདུས་བྱས་ནི་མི་རྟག་པའོ། །ཉིན་མཚན་གཉིས་ཀྱིས་ཚེ་ལ་རྐུའོ། །ནམ་འཆི་ཆ་མེད་དོ། །དེ་སྔ་མ་ཤི་བ་ནི་ཁ་རྗེ་ཆེའོ། །ད་ནི་ཤི་བ་ལ་སླེབ་ལ་ཁད་དོ། །ཞེས་བརྗོད་བཙུག །དེ་ལྟར་ཤི་ནས་རང་གར་འགྲོ་རང་ལ་དབང་མེད། ལས་དགེ་སྡིག་གིས་གར་ཁྲིད་ཡིན་ཏེ། དྲན་པ་ཉེར་བཞག་ཆུང་བ་ལས། དགེ་བ་ཡིས་ནི་བདེ་བ་ཐོབ། །མི་དགེ་བ་ལས་སྡུག་བསྔལ་འབྱུང་། །དེ་ལྟར་དགེ་དང་མི་དགེ་བའི། །ལས་ཀྱི་འབྲས་བུ་གསལ་བར་བསྟན། །ཞེས་དང་། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །ལས་ཀྱི་རྣམ་སྨིན་བསླུ་མི་སྲིད། །ཅེས་གསུངས་པས། དགེ་བའི་ལས་སྐྱེ་བ་གཏན་གྱི་སོ་ནམ་ཡིན་པས་ཅི་འགྲུབ་འབད། སྡིག་པ་རང་གིས་རང་ཕུང་བ་ཡིན་པས་སྤང་ཅི་ཐུབ་བྱེད་བསམ་པ་གྱིས་ལ་འདིའི་རྗེས་ཟློས་གྱིས། ཐམས་ཅད་འགྲིམ་པའི་འཕྲང་འགགས་དོགས་མོ་དེར། །ལས་ཀྱི་གཤིན་རྗེའི་ཁྲིམས་རར་ཚུད་ཙམ་ན། །ཁས་དྲག་


CMR005_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་ཀྱང་དེ་རུ་བྱ་ཐབས་མེད། །སྡིག་པོ་ཆེ་རྣམས་གློ་སྙིང་གས་ལ་ཁད།་།མི་དགེ་སྤྱོད་པའི་ལས་ཀྱི་བརྡ་དེད་དེ། །ནམ་མཁའི་ཐོག་ལས་མགྱོགས་ཤིང་ཤུགས་ཆེ་བ། །དཀར་ནག་ལས་ཀྱི་གྲངས་རྩིས་ཞིབ་ལུགས་རེ། །ཕྲ་ཞིང་ཕྲ་བའི་སྡིག་ཀྱང་མི་བརྗེད་ན། །སྡིག་པ་མི་འཛེམ་མི་རྣམས་ཅི་དྲན་ཨང་། །ཐར་ལམ་དཀར་པོའི་ལམ་གྱི་བདེ་ལུགས་དང་། །ངན་སོང་ནག་པོའི་ལམ་གྱི་སྡུག་བསྔལ་དེ། །ལས་ནི་ལུས་དང་གྲིབ་མ་བཞིན་ཏུ་འགྲོགས། །དཀར་པོ་དགེ་བའི་སྟངས་ནི་གཤིན་རྗེས་འཛིན། །ནག་པོ་སྡིག་པའི་ཆད་པ་གཤིན་རྗེས་གཅོད་། །སེམས་ཅན་ལས་ལ་སྤྱོད་པར་རྒྱལ་བས་གསུངས། །ཞེས་བརྗོད། དེ་ནས་སྟབས་འགྲིགས་མི་ཉུང་ན་མྱ་ངན་གྱི་འདུག་སྟངས་བྱེད་བཅུག་ལ། ཨ་ཙ་མ། འཁོར་བ་མེ་ཡི་དོང་ཆེན་པོ། ཚ་བའི་ངར་དང་ལྡན་པ། གཏིང་ཟབ་པ་རྒྱ་ཆེ་བ། འཕང་མཐོ་བ་ལྟ་བུ། དེའི་ནང་ན་སེམས་ཅན་དམྱལ་བའི་སྡུག་བསྔལ་ཙི་ཏི་རི་རི་ཡོད་པ། ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ངུ་འབོད་རིང་རིང་པ། དུད་འགྲོ་གླེན་ལྐུགས་གཅིག་གིས་གཅིག་གསོན་པོར་ཟ་བ། ལྷ་དང་མི་དང་ལྷ་མ་ཡིན་གསུམ་ཡང་གནས་སྐབས་ཡུད་ཙམ་སྐྱིད་ཀྱང་། མྱུར་དུ་མི་


CMR005_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ག་ངན་སོང་དུ་ལྷུང་ལ་ཁད་པ། འདི་ལས་ཐར་བའི་ཐབས་ཤིག་ད་རེས་མི་བྱེད་ན་ནམ་བྱེད་བསམ་པ་གྱིས་ལ་རྗེས་ཟློས་མཛོད། ཀྱེ་མ་ཀྱེ་ཧུད། འཁོར་བ་འདི་ནི་སྡུག་བསྔལ་བའོ། །མྱ་ངན་ལས་འདས་པ་ནི་བདེ་བའོ། །ཨ་ཙ་མ། འཁོར་བའི་སྡུག་བསྔལ་མེའི་དོང་རིང་འདིར་ཚུད་པ་འདི་ནི་འཇིགས་པ་ལ། ཨ་ཙ་མ་འདི་ཡི་ནང་ནས་ད་ལན་འབྲོས་པའི་དུས་ལ་བབ་པོའོ། །ངན་སོང་གསུམ་གྱི་སྡུག་བསྔལ་ནི་བཟོད་པའི་བླགས་མེད་ཅིང་མཐའ་ལས་འདས་ཏེ། བདེ་བའི་གོ་སྐབས་སྐད་ཅིག་ཀྱང་མི་འདུག་པ་ད་ནི་མྱུར་དུ་འབྲོས་པའི་གྲབས་བྱ་རན། ཀྱེ་མ་འཁོར་བ་སྐྱིད་མེད་མེ་དོང་འོབ་ལྟ་བུ། །འདི་ལས་བཟློག་དུས་ད་ལན་དུས་གཅིག་ཡིན། །ངན་སོང་གསུམ་གྱི་སྡུག་བསྔལ་མཐའ་ལས་འདས། །བདེ་བའི་གོ་སྐབས་སྐད་ཅིག་མ་མཆིས་སོ། །ད་ནི་མེ་དོང་འོབ་ནས་འབྲོས་རེ་རན། །ཞེས་བརྗོད། དེས་ཐུན་མོང་གི་སྔོན་འགྲོ་བཞི་མཚོན་ཙམ་སོང་། ཨཱཿ སྔོན་འགྲོ་གཉིས་པ་ནི། །འདིར་ཐུན་མོང་མ་ཡིན་པའི་སྔོན་འགྲོ་བཞི་གཅིག་ཏུ་བསྡོམས་པ་འདི་ལྟར་བསྒོམ། ཁྱེད་རང་རྣམས་ཀྱི་སྤྱི་བོར་པདྨ་དཀར་པོ་དང་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོ་ལས་བཅོམ་ལྡན་འདས་རྡོ་རྗེ་


CMR005_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཞབས་རོལ་བའི་སྟབས་ཀྱིས་བཞུགས་པ། དེའི་ཐུགས་ཀར་ཆོས་སྐུ་ཀུན་ཏུ་བཟང་པོ་ལ་བདེ་གཤེགས་ཞི་བའི་ལྷ་ཚོགས་། མགྲིན་པར་ཐུགས་རྗེ་ཆེན་པོ་པདྨ་གར་གྱི་དབང་ཕྱུག་ལ་དག་པ་རིག་འཛིན་གྱི་ལྷ་ཚོགས། དབུའི་ནང་དུ་ཆེ་མཆོག་ཧེ་རུ་ཀ་ལ་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ཀྱིས་བསྐོར་བ། དབུ་གཙུག་ན་ཨོ་རྒྱན་རིན་པོ་ཆེ་ལ་རྫོགས་ཆེན་བརྒྱུད་པའི་བླ་མ་ཐམས་ཅད་སྤྲིན་འཁྲིགས་པ་ལྟ་བུར་བསྒོམས་ལ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཁ་བ་བུ་ཡུག་ལྟར་བྱོན་ནས་སྤྱི་བོའི་དེ་ལ་ཐིམ་པས་དཀོན་མཆོག་ཀུན་འདུས་སུ་བསྒོམས་ལ། དེའི་དྲུང་དུ་སྐྱབས་འགྲོ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་སྙམ་པས་རྗེས་ཟློས་མཛོད། བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་སྐྱབས་སུ་མཆིའོ། །ན་མོ་བདག་དང་མཐའ་ཡས་སེམས་ཅན་རྣམས།་།ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་


CMR005_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལན་གསུམ་བྱ།། རྡོ་རྗེ་སེམས་དཔའི་སྐུའི་ལྷ་ཚོགས་དམ་པ་རིགས་བརྒྱའི་ཐུགས་ཀར་ཀུན་བཟང་ཐུགས་ཀར་ཨོ་ནས་སྒོ་མ་སྦྲུལ་གདོང་མའི་ཐུགས་ཀར་ཨཱའི་བར་ཡིག་བརྒྱ་འབྲུ་རེ་རེ་གནས་པ་ལས། བདུད་རྩིའི་རྒྱུན་བབས་པས་སྐུ་གང་། ཞབས་གཡས་པའི་མཐེ་བོང་ནས་ངང་རྒྱང་རྒྱང་བབ། སྤྱི་བོ་ཚངས་བུག་ནས་ཞུགས་པས་ལུས་གང་། སྡིག་སྒྲིབ་ཐམས་ཅད་ནག་ནུ་རུ་རུ་འོག་སྒོ་དང་རྐང་མཐིལ་ནས་ཐོན། འོག་གཞི་གསེར་གྱི་ས་གཞིའི་འོག་ཏུ་སོང་། །ལུས་ཤེལ་སྒོང་གཡའ་དག་པ་ལྟར་གྱུར་པར་བསྒོམས་ལ། ཤེས་ན་ཡིག་བརྒྱ་ཐོན། མི་ཤེས་པ་རྣམས་ཀྱིས། ཨོཾ་བཛྲ་སཏྭ་ཧཱུྃ། འདི་ལ་འུར་འདོན་ཡུད་ཙམ་བྱས་ལ་ད་འདིའི་རྗེས་ཟློས་མཛོད། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ཞེས་རྗེས་ཟློས། ད་རང་གི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ། གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱར་སྤྲུལ་པ་དང་།


CMR005_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཁམས་ཀྱི་ལྷ་མིའི་ལོངས་སྤྱོད་ཐམས་ཅད་བླ་མ་རྡོ་རྗེ་སེམས་དཔའ་ལ་མཎྜལ་དུ་ཕུལ་བའི་མོས་པས་རྗེས་ཟློས་མཛོད། ཨོཾ་ཨཱཧཱུཾ། ཕྱི་ནང་སྣོད་བཅུད་སྟོང་གསུམ་གཞལ་ཡས་ཁང་། །རི་རབ་གླིང་བཞི་རྡུལ་རྙེད་མཆོད་སྤྲིན་གཏིབས། །ལྷ་མིའི་ལོངས་སྤྱོད་དཔལ་འབྱོར་ཕུན་ཚོགས་འདི། །བླ་མ་དཀོན་མཆོག་སྤྲུལ་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །འགྲོ་ཀུན་སྤྲུལ་སྐུའི་ཞིང་དུ་སྐྱེ་བར་ཤོག །ཨོཾ་ཨཱཧཱུཾ། རང་ལུས་རྩ་ཁམས་དག་པའི་གཞལ་ཡས་སུ། །དབང་པོ་རྣམ་ལྔ་བཀྲག་མདངས་རྒྱན་གྱིས་བརྒྱན་། །ཁམས་དང་སྐྱེ་མཆེད་ཡོངས་སུ་རྫོགས་པ་འདི། །བླ་མ་དཀོན་མཆོག་ལོངས་སྐུའི་ཞིང་དུ་འབུལ། །ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །འགྲོ་ཀུན་ལོངས་སྐུའི་ཞིང་དུ་སྐྱེ་བར་ཤོག །ཨོཾ་ཨཱཧཱུྃ། སེམས་ཉིད་ཆོས་སྐུར་དག་པའི་གཞལ་ཡས་སུ། །དམིགས་མེད་སྟོང་གསལ་འཛིན་མེད་ངང་དུ་གནས། །གདོད་ནས་དག་པ་གཉུག་མའི་ཡེ་ཤེས་འདི་༔ །བླ་མ་དཀོན་མཆོག་ཆོས་སྐུའི་ཞིང་དུ་འབུལ། ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་ནས་ཀྱང་། །འགྲོ་ཀུན་ཆོས་སྐུའི་ཞིང་དུ་སྐྱེ་བར་ཤོག །ཨོ་གུ་རུ་རཏྣ་མཎྜལ་པཱུ་ཛ་མེ་


CMR005_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་བརྗོད་དོ། །ད་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ལ། དད་གུས་རྩེ་གཅིག་གིས་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས་སོ། །དྲུག་པ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས་སོ། །སྟོན་པ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས་སོ། །རིག་འཛིན་དགའ་རབ་རྡོ་རྗེ་ལ་གསོལ་བ་འདེབས་སོ། །གུ་རུ་ཤྲཱི་སེང་ཧ་ལ་གསོལ་བ་འདེབས་སོ། །རྒྱ་གར་རིག་འཛིན་བརྒྱད་པོ་ལ་གསོལ་བ་འདེབས་སོ། །འཆི་མེད་པདྨ་འབྱུང་གནས་ལ་གསོལ་བ་འདེབས་སོ། །ལྷ་ལྕམ་མནྡཱ་ར་བ་ལ་གསོལ་བ་འདེབས་སོ། །རྗེ་འབངས་ཉི་ཤུ་རྩ་ལྔ་ལ་གསོལ་བ་འདེབས་སོ། །གཏེར་སྟོན་བརྒྱ་དང་རྩ་བརྒྱད་ལ་གསོལ་བ་འདེབས་སོ། །དྲིན་ཆེན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས་སོ། །ཞི་བ་བཞི་བཅུ་རྩ་གཉིས་ལ་གསོལ་བ་འདེབས་སོ། །འབར་བ་ཁྲག་འཐུང་ལྔ་བཅུ་ལ་གསོལ་བ་འདེབས་སོ། །དག་པ་རིག་འཛིན་ལྷ་ཚོགས་ལ་གསོལ་བ་འདེབས་སོ། །བཀའ་སྲུང་དམ་ཅན་རྒྱ་མཚོ་ལ་གསོལ་བ་འདེབས་སོ། །ཆོས་ཉིད་མངོན་སུམ་མཐོང་བར་བྱིན་གྱིས་རློབས་ཤིག །ཉམས་སྣང་


CMR005_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དུ་འཕེལ་བར་བྱིན་གྱིས་རློབས་ཤིག །རིག་པ་ཚད་ལ་ཕེབ་པར་བྱིན་གྱིས་རློབས་ཤིག །ཆོས་ཉིད་ཟད་སར་འཁྱོལ་བར་བྱིན་གྱིས་རློབས་ཤིག །འཇའ་ལུས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས་ཤིག །ཅེས་དབྱངས་སུ་གྱེར་རམ་རྗེས་ཟློས་བྱས་ནས། དེ་ལྟར་གསོལ་བ་བཏབ་པས།། སྤྱི་བོའི་རྡོ་རྗེ་སེམས་དཔའ་རྩ་བརྒྱུད་ཀྱི་བླ་མ་དང་བཅས་པ་འོད་དུ་ལྟེམ་གྱིས་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས། དབང་དང་བྱིན་རླབས་དངོས་གྲུབ་ཐོབ་པར་བསྒོམས་ལ། སེམས་མ་བཅོས་པར་རང་ལུགས་སུ་ལྷོད་དེ་ཀློད་ལ་ཞོག་ཅིག །དེའི་ཚེ་སེམས་ཀྱིས་སེམས་ལ་བལྟས་པས། ཅིའི་ཡང་ངོ་བོར་མ་གྲུབ་པའི་སྟོང་སང་ངེ་བ་ཞིག་འཆར་ཏེ། ཕ་རོལ་ཏུ་ཕྱིན་པ་ལས། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་དང་། རང་གི་ཤེས་རིག་འདི་ཉིད་གསལ་སྟོང་གཉིས་སུ་མེད་པའི་མཚན་ཉིད། འདི་ལ་རང་བཞིན་མེད་པས་སྟོང་པ། སྟོང་པ་དེ་ཉིད་སྟོང་པ་ཕྱལ་ཆད་དུ་མ་སོང་བར། སྟོང་པའི་ངོ་བོ་རིག་པ་རང་བཞིན་གྱིས་གསལ་བས། གསལ་སྟོང་གཉིས་སུ་མེད་པའི་མཚན་ཉིད་ཅན་དེ། ངོ་བོ་སྟོང་པའི་ཆ་ནས་རྟག་པ་མཐར་འཛིན་གྱི་ཕྱོགས་སུ་མ་ལྷུང་།


CMR005_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གསལ་བའི་ཆ་ནས་ཆད་པ་མཐར་འཛིན་གྱི་ཕྱོགས་སུ་མ་ལྷུང་སྟེ། མུ་ཏིག་ཕྲེང་རྒྱུད་ལས། སྟོང་གསལ་རིག་ཅིང་འགྱུར་བ་མེད། །ཅེས་སོ། །ཐུགས་རྗེས་ཀུན་ལ་ཁྱབ་ཅིང་མཚན་ཉིད་གཉིས་སུ་མེད་པས། རྟག་ཆད་གཉིས་ཀྱི་མཐའ་ལས་འདས་པའི་མཚན་ཉིད་ཅན་ཏེ། སྒྲོན་མ་འབར་བའི་རྒྱུད་ལས། ཐོག་མའི་ཀ་དག་ཆེན་པོ་ལས། །རང་བཞིན་ཉིད་ནི་འདི་ལྟ་བུ། །སུས་ཀྱང་མ་བྱས་རང་གསལ་བ། །ཡེ་ཉིད་ནས་ནི་རང་བཞིན་ནོ། །ཞེས་དང་། ངོ་བོ་དེའི་མཚན་ཉིད་ནི། རང་ཤར་གྱི་རྒྱུད་ལས། །རྟག་ཆད་གཉིས་ཀྱི་རྒྱུ་ལས་འདས། ཞེས་གསུངས་པ་དང་། རང་གྲོལ་གྱི་རྒྱུད་ལས། མཐའ་བཞིའི་དྲི་མ་རང་སང་ཉིད། ཅེས་གསུངས་ཏེ། རང་གི་ཤེས་རིག་གི་ངོ་བོ་ཝ་ལེར་གསལ་བ། དང་པོ་རྒྱུས་མ་བསྐྱེད་པ། བར་དུ་རྐྱེན་གྱིས་མི་འཇིག་པ། མེད་བཞིན་དུ་སྟོང་པའི་རང་རྩལ་སྣ་ཚོགས་སུ་འཕྲོ་བ་འདི་ཁོ་ན་སྒྲོན་མའི་ངོ་བོ་སྟེ། སྒྲོན་མའི་རང་བཞིན་ནི༔ རང་གི་ཤེས་རིག་གི་ངོ་བོ་འདི་ལ་རང་བཞིན་གྲུབ་པ་མེད་པའི་ཕྱིར་སྟོང་པ་ཉིད་དེ། དེ་ཡང་ཤེས་རིག་ཟེར་བ་ནི་རང་གི་སེམས་ལ་ཟེར་བ་ཡིན་ཏེ། དེ་ཡང་ཕྱོགས་ཀྱི་སྟོང་པ་ནི། །


CMR005_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཤེས་རིག་འདི་ལ་བལྟས་པས་ཤར་ཕྱོགས་སུ་མི་གནས་ཤིང་མ་གྲུབ། དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་དང་མཚམས་དང་སྟེང་འོག་དང་། ཕྱོགས་བཞི་ཞེས་བྱ་བར་རང་བཞིན་གྲུབ་པ་མེད་ལ། དབྱིབས་ཀྱིས་སྟོང་པ་ནི། རང་སེམས་རང་གིས་ཤེས་རིག་འདི་ལ་བལྟས་པས། ཟླུམ་པོའི་དབྱིབས་སུ་མ་གྲུབ། གྲུ་བཞི་དང་ཟླ་གམ་དང་གྲུ་གསུམ་ལ་སོགས་པ་གང་གི་ཡང་དབྱིབས་སུ་མ་གྲུབ། མ་མཐོང་བའི་ཕྱིར་སྟོང་པ་ཉིད་དོ། །དེ་བཞིན་དུ་ཁ་དོག་གིས་སྟོང་པ་ནི། རང་སེམས་ད་ལྟའི་ཤེས་རིག་འདི་ལ། ཁ་དོག་དཀར་པོའི་རང་བཞིན་དུ་མི་གནས། དམར་པོ་དང་། སེར་པོ་དང་།། མཐིང་ག་དང་། ལྗང་གུ་དང་། ཁྲ་བོ་ལ་སོགས་ཁ་དོག་གང་དུ་ཡང་མ་མཐོང་མ་གྲུབ།་གྲུབ་པ་མི་འདུག་པའི་ཕྱིར་སྟོང་པ་ཉིད་དོ། །དེ་བཞིན་དུ་རང་སེམས་རང་གི་ཤེས་རིག་འདི་ལ་ཆོས་ཅན་མཚན་མར་གྲུབ་པ་སྤུ་ཙམ་ཡང་མི་འདུག་ཅིང་། མ་མཐོང་བས་ན་རང་བཞིན་གྱིས་སྟོང་པའི་སྟོང་པ་ཉིད་དོ། །ཤེས་རབ་སྙིང་པོ་ལས། ཕུང་པོ་ལྔ་པོ་དེ་དག་ལ། རང་བཞིན་གྱིས་སྟོང་པ་རྣམ་པར་བལྟའོ། །ཞེས་དང་། རང་ཤར་གྱི་རྒྱུད་ལས། ཆོས་ཉིད་རྟོགས་པར་བྱེད་པ་ནི། །བྱར་མེད་ངང་


CMR005_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཤེས་པར་བྱ། །དེ་ལྟར་སྐྱེ་མེད་དོན་རྟོགས་ནས། །ཆོས་ཉིད་ལྟ་བས་ལྟ་བར་འདོད། །ཅེས་གསུངས་པ་དང་། ཡི་གེ་མེད་པའི་རྒྱུད་ལས། ལྟ་བ་མེད་པས་ད་ལ་བལྟ་རྒྱུ་མད། །ལྟ་བའི་དོན་ལ་འདི་ཡིན་ངང་གིས་མེད། །དེ་ཡོད་མ་ཡིན་དེའི་ངང་གནས་པར་བྱ། །ཞེས་གསུངས་པ་དང་། རིག་པ་གཅེར་མཐོང་ལས། སྔར་རྗེས་མི་གཅོད་འདས་པའི་འདུ་ཤེས་དོར། །ཕྱི་མདུན་མི་བསུ་ཡིད་ཀྱི་འབྲེལ་ཐག་བཅད། །ད་ལྟ་འཛིན་མེད་ནམ་མཁའི་ངང་ལ་བཞག །བསྒོམ་རྒྱུ་མེད་པས་ཅིར་ཡང་མི་སྒོམ་ཞིང་། །ཡེངས་སུ་མེད་ཅིང་ཡེངས་མེད་དྲན་པ་བསྟེན། །བསྒོམ་མེད་ཡེངས་མེད་ངང་ལ་ཅེར་གྱིས་ལྟོས། །རང་རིག་ཤེས་པ་རང་གསལ་ལྷང་ངེ་བ། །ཤར་བ་དེ་ཉིད་བྱང་ཆུབ་ཅེས་བྱའོ། །ཞེས་གསུངས་པ་ལྟར། ཡིད་ལ་འདི་བསྒོམ་གྱི་གཏད་སོ་མི་བྱེད། སྔ་ཕྱི་བསམ་བློ་མི་བཏང་། བསྒོམ་སྐྱེ་བའི་རེ་བ་དང་མ་སྐྱེས་ཀྱིས་དོགས་པ་མི་བྱ། འདི་བསྒོམ་ཡིན་ནམ་མིན་ནམ་གྱི་ཐེ་ཚོམ་མི་བྱ། ལུས་པོ་བསྲང་ཞིང་བག་ལྷོད་ལ་སེམས་ཀྱིས་སེམས་ལ་ལྟོས་ལ་སྡོད་དང་། གཟུགས་དང་ཁ་དོག་དང་དངོས་པོ་ཅི་ཡང་མཐོང་རྒྱུ་མེད་ན་ཡང་། ཅི་ཡང་མེད་པའི་སྟོང་


CMR005_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་པར། ཡིད་ཀྱི་ཡུལ་དུ་རིག་རྒྱུ་དང་མྱོང་རྒྱུ་ཞིག་ཡོད་དེ། དེ་ལ་ལྐུགས་པས་བུ་རམ་མུར་བ་ལྟ་བུ་ཟེར། རང་གི་ཡིད་ཡུལ་དུ་མཐོང་རྒྱུ་ཞིག་ཡོད་དེ། དེ་ཁ་ནས་བརྗོད་མི་ཤེས་པས་སྨྲ་བསམ་བརྗོད་མེད་ཟེར། དེ་ལ་གཟུགས་དང་ཁ་དོག་དང་དངོས་པོ་མེད་པས་སྟོང་པ་ཉིད་ཟེར། དེ་ཤེས་ན་ཤེས་བྱའི་རབ་ཡིན་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟེར། སེམས་དེ་ཡོད་པ་དང་མེད་པའི་མཐའ་དང་བྲལ་བས་དབུ་མ་ཆེན་པོ། འཁོར་འདས་ཐམས་ཅད་དེ་ལས་འདའ་བ་མེད་པས་ཕྱག་རྒྱ་ཆེན་པོ། ཆོས་ཐམས་ཅད་དེ་ལ་མ་འདུས་པ་མེད་པས་རྫོགས་པ་ཆེན་པོ། དེ་རང་ལ་ཡེ་ནས་རང་ཆས་སུ་ཡོད་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ཏེ། རིག་པ་ཅེར་མཐོང་ལས། ཨེ་མ་ཧོ༔ སེམས་ཞེས་བྱ་བའི་རིག་རིག་ཏུར་ཏུར་པོ། །ཡོད་ནི་གཅིག་ཀྱང་ཡོད་པ་མ་ཡིན་ཏེ། །འབྱུང་ནི་འཁོར་འདས་བདེ་སྡུག་སྣ་ཚོགས་འབྱུང་། །འདོད་ནི་ཐེག་པ་བཅུ་གཅིག་ལྟར་དུ་འདོད། །མིང་ནི་བསམ་གྱིས་མི་ཁྱབ་སོ་སོར་བཏགས། །ལ་ལ་དག་གིས་སེམས་ཉིད་སེམས་ཉིད་ཟེར། །མུ་སྟེགས་ལ་ལས་བདག་ཅེས་མིང་དུ་བཏགས། །ཉན་ཐོས་པས་ནི་གང་ཟག་བདག་མེད་ཟེར། །སེམས་ཙམ་པས་


CMR005_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སེམས་ཞེས་མིང་དུ་བཏགས། །ལ་ལས་དབུ་མ་ཞེས་པའི་མིང་དུ་བཏགས། །ལ་ལས་ཤེས་རབ་ཕ་རོལ་ཕྱིན་པ་ཟེར། །ལ་ལས་བདེ་གཤེགས་སྙིང་པོ་མིང་དུ་།བཏགས། །ལ་ལས་ཕྱག་རྒྱ་ཆེན་པོའི་མིང་དུ་བཏགས། །ལ་ལས་ཐ་མལ་ཤེས་པའི་མིང་དུ་བཏགས། །ལ་ལས་ཐིག་ལེ་ཉག་གཅིག་མིང་དུ་བཏགས། །ལ་ལས་ཆོས་ཀྱི་དབྱིངས་ཞེས་མིང་དུ་བཏགས། །ལ་ལས་ཀུན་གཞི་ཞེས་པའི་མིང་དུ་བཏགས། །འདི་ཉིད་མངོན་སུམ་མཛུབ་ཚུགས་ངོ་སྤྲད་ནས། །འདས་པའི་རྟོག་པ་རྗེས་མེད་ཡལ་བའི་སྟེང་། །མ་འོངས་རྟོག་པ་མ་སྐྱེས་སོ་མ་ལ། །ད་ལྟར་བཟོ་མེད་རང་ལུགས་གནས་པའི་དུས། །ཐ་མལ་རང་ཁའི་དུས་ཀྱི་ཤེས་པ་ལ། །རང་གིས་རང་ལ་ཅེར་གྱིས་ལྟ་བའི་ཚེ། །བལྟས་པས་མཐོང་རྒྱུ་མེད་པའི་ས་ལེ་བ། །རིག་པ་མངོན་སུམ་རྗེན་པར་ཧྲིག་གེ་བ། །གྲུབ་པ་མེད་པའི་སྟོང་དང་སང་ངེ་བ། །གསལ་སྟོང་གཉིས་སུ་མེད་པར་ཡེ་རེ་བ། །རྟག་པ་མ་ཡིན་ཅིར་ཡང་གྲུབ་པ་མེད་། །ཆད་པ་མ་ཡིན་ས་ལེ་ཧྲིག་གེ་བ། །གཅིག་ཏུ་མ་ཡིན་དུ་མར་རིག་ཅིང་གསལ། །དུ་མར་མ་གྱུར་དབྱེར་མེད་རོ་གཅིག་པས། །གཞན་ན་མེད་དེ་རང་སེམས་འདི་ཉིད་དོ། །


CMR005_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞི་གནས་ལུགས་དོན་གྱི་ངོ་སྤྲོད་དེ། །འདི་ལ་སྐུ་གསུམ་ངོ་བོ་ཅི་ཡང་ཚང་། །ཅི་ཡང་མ་གྲུབ་སྟོང་པ་ཆོས་ཀྱི་སྐུ། །སྟོང་པའི་རང་མདངས་གསལ་བ་ལོངས་སྐུ་ཡིན། །འགགས་མེད་ཅིར་ཡང་ཤར་བ་སྤྲུལ་སྐུ་ཡིན། །རང་སེམས་གཅིག་ཏུ་ཚང་བ་ངོ་བོ་ཉིད། །འདི་ཉིད་མཛུབ་ཚུགས་བཙན་ཐབས་ངོ་སྤྲད་ན། །ད་ལྟ་རང་གི་ཤེས་པ་འདི་ཀ་ཡིན། །མ་བཅོས་རང་གསལ་འདི་ཀ་ཡིན་པ་ལ། །སེམས་ཉིད་མ་རྟོགས་བྱ་བ་ཅི་ལ་ཟེར། །འདི་ལ་བསྒོམ་རྒྱུ་ཅི་ཡང་མེད་པ་ལ། །བསྒོམ་ལ་མ་བྱུང་བྱ་བ་ཅི་ལ་ཟེར། །རིག་པ་མངོན་སུམ་འདི་ཀ་ཡིན་པ་ལ། །རང་སེམས་མ་རྙེད་བྱ་བ་ཅི་ལ་ཟེར། །གསལ་རིག་རྒྱུན་ཆད་མེད་པ་འདི་ཀ་ལ། །སེམས་ངོ་མ་མཐོང་བྱ་བ་ཅི་ལ་ཟེར། །ཡིད་ཀྱིས་བསམ་མཁན་ཁོ་རང་ཡིན་པ་ལ། །བཙལ་བས་མ་རྙེད་བྱ་བ་ཅི་ལ་ཟེར། །འདི་ལ་བྱ་རྒྱུ་ཅི་ཡང་མེད་པ་ལ།་།བྱས་པས་མ་བྱུང་བྱ་བ་ཅི་ལ་ཟེར། །མ་བཅོས་རང་སར་བཞག་པས་ཆོག་པ་ལ། །གནས་སུ་མ་བཏུབ་བྱ་བ་ཅི་ལ་ཟེར། །བྱར་མེད་ཅོག་གེར་བཞག་པས་ཆོག་པ་ལ། །དེ་ལ་མ་ནུས་བྱ་བ་ཅི་ལ་ཟེར། །གསལ་རིག་སྟོང་གསུམ་ལྷུན་གྲུབ་དབྱེར་མེད་ལ། །གྲུབ་དང་མ་གྲུབ་བྱ་བ་


CMR005_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལ་ཟེར། །རྒྱུ་རྐྱེན་མེད་པར་རང་བྱུང་ལྷུན་གྲུབ་ལ། །རྩོལ་བས་མ་ནུས་བྱ་བ་ཅི་ལ་ཟེར། །རྟོག་པ་ཤར་གྲོལ་དུས་མཉམ་ཡིན་པ་ལ། །གཉེན་པོས་མ་བྱུང་བྱ་བ་ཅི་ལ་ཟེར། །ད་ལྟའི་ཤེས་པ་འདི་ཀ་ཡིན་པ་ལ། །འདི་ལ་མི་ཤེས་བྱ་བ་ཅི་ལ་ཟེར། །སེམས་ཉིད་སྟོང་པ་གཞི་མེད་ཡིན་པར་ངེས། །རང་སེམས་དངོས་མེད་ནམ་མཁའ་སྟོང་པ་འདྲ་།་།འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །སྟོང་པ་ཕྱལ་ཆད་ལྟ་བ་མ་ཡིན་པར། །རང་བྱུང་ཡེ་ཤེས་ཡེ་ནས་གསལ་བར་ངེས། །རང་བྱུང་རང་གསལ་ཉི་མའི་སྙིང་པོ་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །རིག་པ་ཡེ་ཤེས་རྒྱུན་ཆད་མེད་པར་ངེས། །རིག་པ་རྒྱུན་ཆད་མེད་པ་ཆུ་བོའི་གཞུང་དང་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །རྣམ་རྟོག་འགྱུ་དྲན་ངོས་བཟུང་མེད་པར་ངེས། །འགྱུ་བ་དངོས་པོ་མེད་པ་སེར་བུ་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །ཞེས་གསུངས་པ་ལྟར་བསྒོམ་རྒྱུ་དམིགས་པ་ཅི་ཡང་མེད་པར་སེམས་ཀྱིས་སེམས་ལ་བལྟས་ནས་འདུག་པ་དེ། ཕྱག་རྒྱ་ཆེན་པོའི་ངོ་བོ་སྐྱོང་བ་ཡིན་ལ། རྫོགས་ཆེན་གཞི་ཁྲེགས་ཆོད་ཀྱི་ཉམས་ལེན་ཡིན། དེ་བསྒོམ་ཡུན་ཤི་དང་མཉམ་


CMR005_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

པར་ནུས་ན། འཆི་དུས་ཕྱི་དབུགས་ཆད་ཙམ་ན། གཞིའི་འོད་གསལ་ངོས་ཟིན་ནས། དེ་ལ་ཞག་བདུན་གནས་ན་བར་དོ་མེད་པར་ཡར་གྱི་ཟང་ཐལ་དུ་འཚང་རྒྱ་བར་གསུངས་པས། །ཉམས་སུ་ཅི་ལོན་མཛོད་ཅིག །ཧཱུྃ། དངོས་གཞི་འདི་གཅིག་པུས་ཀྱང་ཆོག །ལམ་ཐོད་རྒལ་ཞེས་བྱ་བ་སྟོན་པ་ལ། སྒྲ་ཐལ་འགྱུར་རྒྱུད་ལས། སྔོན་དུ་འགྲོ་བ་རྩལ་ཉིད་སྦྱང་། །ལུས་དང་ངག་དང་ཡིད་གསུམ་པོ། །འཁོར་འདས་རུ་ཤན་འབྱེད་པར་བཤད། །འཁོར་འདས་རུ་ཤན་མ་ཕྱེས་ན། །འཁོར་འདས་ལུས་ངག་ཡིད་གསུམ་གྱི། །འབྲེལ་པ་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་ཕྱེ་བར་བྱ། །ཞེས་གསུངས་པས། རྒྱས་པ་འདིར་མ་ལྕོགས་ན་ཡང་། བརྡ་ཙམ་ཞིག་བྱ་དགོས་པས། ཐལ་འགྱུར་ལས། རྡོ་རྗེའི་སྐྱིལ་ཀྲུང་དྲང་བཅས་པས། །དེ་ལྟར་ལུས་སྦྱངས་སེམས་ལ་ཕན། །ཞེས་དང་། འདས་རྗེས་ལས། སྐྱིལ་ཀྲུང་མཐིལ་སྤྲད་དྲང་པོར་བསྲང་། །སྤྱི་བོར་ཐལ་མོ་སྦྱར་བར་བྱ། །དེ་ལྟར་ལུས་ཀྱིས་སུས་བྱས་པ། །ལུས་དེ་མི་ལྡོག་བར་ཆད་ཞི། །ཞེན་པ་ལོག་ཅིང་སྡིག་པ་དག །ལུས་དེ་སྤྲུལ་པའི་སྐུར་གྲོལ་ནས། །ལྷག་མེད་ཉིད་དུ་བུདྡྷ་འོ། །ཞེས་གསུངས་པས། རྐང་


CMR005_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

མཐིལ་གཉིས་སྤྲད་ལ་དྲང་པོར་བསྲང་། ལག་པ་སྤྱི་བོར་ཐལ་མོ་སྦྱར་ལ་ཡུད་ཙམ་ཞིག་སྡོད་ཅིག །ད་ངག་རུ་ཤན་ཕྱེ་བ་ནི། འདས་རྗེས་ལས། ངག་གི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྒྲ་སྐད་སྣ་ཚོགས་བརྗོད། །ཞི་ཁྲོའི་སྒྲ་དང་འབྱུང་བའི་སྒྲ། །རྣམ་པ་སྣ་ཚོགས་ངག་ལ་སྤྱད། །ཅེས་གསུངས་པས་འདིའི་རྗེས་ཟློས་མཛོད། ན་ར་ཀ །བྲེ་ཏ་ཀ །ཏཱིརྱཀ །ཨ་སུ་ར། མ་ནུ་ཥ། དྷེ་ཝ་ཨ། ཤཱནྟི་ཀ །ཀྲོ་ཏ་ཀ །ཨེ་ཡཾ་རཾ་བཾ་ལཾ་སུཾ༔ ད་སེམས་ལ་ལྟོས་ཤིག །ཡང་ཐལ་འགྱུར་ལས། ངག་ནི་ཧཱུྃ་ཞེས་གནས་པ་ལ། །རྒྱས་གདབ་པ་དང་རྩལ་ཉིད་སྦྱང་། །མཉེན་བཙལ་ལམ་དུ་གཞུག་པ་ཡིས། །དེ་ལྟར་ངག་སྦྱངས་སེམས་ལ་ཕན། །ཅེས་གསུངས་པས། ད་རང་གི་སྙིང་གར་ཧཱུྃ་མཐིང་ནག་གཅིག་སྒོམས། དེ་ལས་ཧཱུྃ་མང་པོ་མཆེད་ནས་ལུས་གང་། བ་སྤུའི་ཁུང་བུ་ནས་ཧཱུྃ་གི་ཐག་པ་འཕྲོས། ཕྱོགས་བཞི་མཚམས་བརྒྱད་དང་། འཇིག་རྟེན་ཐམས་ཅད་ཧཱུཾ་སྔོན་པོས་གང་བར་སྒོམས། དང་པོ་ཧཱུྃ་རིང་དབྱངས་གཅིག་དང་དེ་ནས་ཧཱུྃ་ཐུང་དྲག་ཏུ་བརྗོད་པའི་མཉམ་དུ་རམ་བུ་ཁྱོག །ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཐུང་ལ་དྲག་ཏུ་བརྗོད། ད་


CMR005_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་འདི་ན་ཧཱུཾ་སྔོན་པོ་ཁྲུ་གང་ཙམ་ཞིག་ལ་རིག་པ་ཡུད་ཙམ་གཏོད་ཅིག །འདས་རྗེས་ལས། ཡིད་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྡུག་བསྔལ་བློ་ལ་བླང་། །རྗེས་ཀྱི་ཤེས་པ་རྩད་བཅད་ཀྱང་། །ཞེས་གསུངས་པས། ཁྱེད་རང་རྣམས་ངན་སོང་གསུམ་དུ་སྐྱེས་ནས་སྡུག་བསྔལ་ཚད་མེད་པར་སྒོམས་ཤིག །ཡང་ཁྱེད་རང་རྣམས་ལྷ་དང་ལྷ་མ་ཡིན་དང་མི་ཡི་རྒྱལ་པོར་སྐྱེས་ནས། བདེ་སྐྱིད་ཚད་མེད་པར་སྒོམས་ཤིག །འོ་དེ་ལྟར་སྐྱིད་བསམ་མཁན་དེ་དང་སྡུག་བསྔལ་བསམ་མཁན་གྱི་སེམས་ལ་ལྟོས་དང་། ངོ་བོ་སྟོང་པ་ལ་ཁྱད་པར་མེད། །སེམས་ཀྱི་རྣམ་པར་རྟོག་པ་དེ་དང་པོ་བྱུང་ས་མེད་པས་ཆོས་སྐུ། བར་དུ་གནས་ས་མེད་པས་ལོངས་སྐུ། ཐ་མ་འགྲོ་ས་མེད་པས་སྤྲུལ་སྐུ། ཞེས་ལུང་ལས་གསུངས་ཏེ། ཐལ་འགྱུར་ལས་དང་པོ་སེམས་ཀྱི་བྱུང་ས་དང་། །བར་དུ་གནས་དང་ཐ་མ་འགྲོ། །གསུམ་ལ་ངེས་པར་བརྟགས་དཔྱད་ནས། །སེམས་སྦྱངས་སེམས་ལ་ཕན་པའོ། །ཞེས་གསུངས་པའི་དོན་ཡིན་། འདས་རྗེས་ལས། ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་གསུམ་དུ་ཤར། །


CMR005_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་རྩལ་སྦྱང་རུ་ཤན་དབྱེ། །ཞེས་གསུངས་པས། ཁྱེད་རང་རྣམས་ཀྱི་ལུས་འདི་རྒྱུ་མ་རིག་པ་ལས་གྲུབ་ཅིང་། རིགས་དྲུག་ཏུ་སྐྱེ་བའི་ས་བོན་རྩ་མདུད་ཡི་གེའི་གཟུགས་སུ་ཡོད་དེ་འདི་ལྟར་སྒོམས། སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། མགྲིན་པར་ལྷ་མ་ཡིན་གྱི་ས་བོན་སུ་སེར་པོ། སྙིང་ཁར་མིའི་ས་བོན་ཀྲྀ་ལྗང་གུ། ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་ནག །གསང་བར་ཡི་དྭགས་ཀྱི་ས་བོན་དྲེ་དམར་ནག །རྐང་མཐིལ་གཉིས་སུ་ཚ་གྲང་དམྱལ་ཁམས་གཉིས་ཀྱི་ས་བོན་དུ་ནག་པོ་རེ་རེ་སྒོམས་ཤིག །དེ་རྣམས་ལ་རིགས་དྲུག་ཏུ་སྐྱེ་བའི་སྡིག་སྒྲིབ་ཐམས་ཅད་སིབས་སེ་ཐིམ་པར་སྒོམས་ཤིག །དེ་ནས་དཔྲལ་བར་སངས་རྒྱས་ཐམས་ཅད་ཀྱི་སྐུའི་ངོ་བོ་ཨོ་དཀར་པོ། མགྲིན་པར་གསུང་གི་ངོ་བོ་ཨཱདམར་པོ། སྙིང་གར་ཐུགས་ཀྱི་ངོ་བོ་ཧཱུྃ་མཐིང་ག་གསུམ་སྒོམས་ཤིག །དེ་གསལ་གདབ་བའི་ཕྱིར་རྗེས་ཟློས་ལན་གསུམ་གྱིས། ཨོ་ཨོ་ཨོ། ཨ་ཨཱཿ ཨཱཿ ཧཱུཾ་ཧཱུཾ་ཧཱུཾ། དེ་ནས་ཡིག་འབྲུ་གསུམ་ལས་ཡེ་ཤེས་ཀྱི་མེ་འབར་བས་རིགས་དྲུག་གི་ས་བོན་ཡི་གེ་དྲུག་བསྲེགས་པས་རིགས་དྲུག་སྐྱེ་སྒོ་ཆོད་པར་བསྒོམས་ལ། བཏགས་གྲོལ་གྱི་སྙིང་པོ་རིགས་དྲུག་གི་སྐྱེ་སྒོ་བཅད་པའི་སྔགས་འདི་འུར་


CMR005_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་ཞིག་མཛོད། འ༔ཨ༔ཤ༔ས༔མ༔ཧ༔ དམིགས་པ་དེ་རྣམས་ཀྱིས་ཁམས་གསུམ་འཁོར་བའི་རུ་ཤན་ཕྱེས་ནས། རིགས་དྲུག་གི་སྐྱེ་སྒོ་ངེས་པར་ཆོད་པར་གསུངས་སོ། །སྒྲོན་མ་འབར་བ་ལས། འཁོར་འདས་རུ་ཤན་ཕྱེས་ནས་ནི། །ལུས་ངག་ཡིད་གསུམ་རྣལ་དུ་དབབ། །ཅེས་གསུངས་པས་ཡུད་ཙམ་ཞིག་ལུས་བསྲངས་ལ་བག་ལྷོད། ངག་གིས་ཅིའང་མ་སྨྲ། ཡིད་ལ་བསམ་བློ་མ་བཏང་བར་སེམས་ལ་ལྟོས་ནས་སྡོད་ཅིག །ཀློང་གསལ་ལས། དེ་ལྟར་རྣལ་དུ་སུས་ཕབ་པ། །རླུང་འཁྲུགས་ནད་རྐྱེན་ཞི་བ་དང་། །འཛིན་པ་རང་གྲོལ་ཉིད་དུ་འགྱུར། །ཞེས་པའི་དོན་ནོ། །འདས་རྗེས་ལས། ཉན་ཐོས་བྱང་སེམས་ཁྲོ་བོ་ཡི། །ལྟ་སྟངས་ཉིད་ཀྱིས་སོར་ཡང་འཇུག །ཅེས་གསུངས་པས། ད་ལུས་ཀྱི་སྐྱིལ་ཀྲུང་ལག་པ་ས་གནོན་མཉམ་གཞག་གྱིས་ལ། སེམས་ཀྱི་སེམས་ལ་ལྟ་ཞིང་། མིག་བར་སྣང་ལ་འདོམ་གང་གི་སར་ལྟོས་ཤིག །དེ་ཉན་ཐོས་ཀྱི་ལྟ་སྟངས་ཡིན།་མིག་གྱེན་ལ་ལྡོག་ནས་ནམ་མཁའ་ལ་ལྟོས། ཕར་ཧྲིག་ཚུར་ཧྲིག་གྱིས། དེ་ཁྲོ་བོའི་ལྟ་སྟངས་ཡིན། མིག་སྣ་རྩེའི་ཐད་དུ་ལྟོས། མིག་སྣ་རྩེ་སེམས་རྩེ་གཅིག་ཏུ་གྱིས་ལ་ལྟོས་ཤིག །དེ་བྱང་ཆུབ་སེམས་དཔའི་


CMR005_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་སྟངས་ཡིན། ཁྱེད་རང་སེམས་ངོ་ཡོད་པ་རྣམས་ཀྱིས། རྗེས་ནས་ཀྱང་ལྟ་སྟངས་དེ་གསུམ་གང་དགའ་གྱིས་ལ་སེམས་ངོ་ལྟོས་དང་བོགས་འདོན་གྱི་མཆོག་ཡིན་ནོ། །དེ་རྣམས་ཀྱིས་ནི་ཐོད་རྒལ་ཁྲིད་ཀྱི་སྔོན་འགྲོ་ས་བཅད་མ་བཏང་ཙམ་སོང་བ་ཡིན་ནོ། །ད་ནི་རྫོགས་པ་ཆེན་པོ་མ་བསྒོམས་པར་འཚང་རྒྱ་བའི་གདམས་ངག་དྲུག་གི་ནང་ནས། །བལྟས་པས་འཚང་རྒྱ་བ་ཡེ་ཤེས་མངོན་སུམ་དུ་མིག་གིས་ལྟ་ཆོག་པ། ཆུ་བུར་མིག་གིས་བལྟས་ན་ཡེ་ཤེས་ཀྱི་སྤྱན་ཤར་བའི་གདམས་ངག །གསལ་སྟོང་ཐིག་ལེ་ཉག་གཅིག །ཡེ་ཤེས་ལྔ་མངོན་སུམ་དུ་སྟོན་པ་ཞི་ཁྲོའི་ལྷ་ཚོགས་ད་ལྟ་མཇལ་བའི་གདམས་ངག །ངོ་སྤྲོད་པའི་རྒྱུད་ལས། དོན་དང་རང་གི་ལུས་ཀྱི་དཀྱིལ། །སྙིང་ན་ཡེ་ཤེས་ཆེན་པོར་གནས། །ཞེས་དང་། སྙིང་གི་མེ་ལོང་གི་རྒྱུད་ལས། གནས་ནི་སྙིང་གི་དབུས་ན་གསལ། འོད་ཁ་དོག་ལྔའི་དབུས་ན་ཞི་བའི་སྐུ་ཡུངས་འབྲུ་ཙམ། འོད་ཀྱི་ཚུལ་དུ་གནས་སོ། །ཞེས་དང་། །ཐིག་ལེ་འདུས་པའི་རྒྱུད་ལས། །སེམས་ཅན་དྲན་བྱེད་ཙིཏྟའི་དཀྱིལ། །ཆོས་གསུམ་སེམས་ཀྱི་ངོ་བོར་གནས། །ཞེས་དང་། གཞན་ཡང་མན་ངག་སྙིང་དགོངས་ཀྱི་རྒྱུད་ལས་རྒྱས་


CMR005_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུངས་ཏེ། ཙིཏྟ་ཤའི་སྒྲོན་མ་ཞེས་བྱ་བ་རང་གི་སྙིང་གི་ནང་ན། ཞི་བ་བཞི་བཅུ་རྩ་གཉིས་ལུས་ལྷའི་ཚུལ་དུ་བཞུགས་སོ། །ཐིག་ལེ་འདུས་པའི་རྒྱུད་ལས། རྩ་ཡི་རྒྱལ་པོ་ཤེལ་གྱི་སྦུ་གུ་ཅན། །ཉི་མ་ཟླ་བའི་ནང་ན་ཟུག་པར་གནས། །ཞེས་དང་། སྒྲོན་མ་འབར་བའི་རྒྱུད་ལས། ཀླད་པ་དུང་ཁང་དཀར་པོ་ན། །གཡས་སུ་འཁྱིལ་པ་གསུམ་ཡོད་པའི། །རྩ་ནི་བ་མེན་རྭ་འདྲའི་དབྱིབས། །འབྱུང་བའི་དྭངས་མ་ཀུན་འདུས་ནས། །དབང་པོ་ཡུལ་ལ་འཆར་བྱེད་པའི། །རྩ་ཡི་ནང་ནས་འདི་ཉིད་མཆོག །ཅེས་གསུངས་པས། སྙིང་དང་མིག་གཉིས་འབྲེལ་བའི་རྩ། དེ་ལ་དཀར་འཇམ་རྩ་ཡི་སྒྲོན་མ་ཞེས་བྱའོ། །སྒྲ་ཐལ་འགྱུར་གྱི་རྒྱུད་ལས། ཡེ་ཤེས་འཆར་བའི་སྒོ་ཉིད་ནི། །ལུས་བཅུད་དྭངས་མ་ཀུན་འདུས་པའི། །ཙཀྵཞེས་པའི་སྒོ་ནས་ཐོན། །ཅེས་དང་། སངས་རྒྱས་རང་ཆས་ཀྱི་རྒྱུད་ལས། ཡེ་ཤེས་ཀྱི་སྐུའམ་ཡེ་ཤེས་ཟང་ཐལ་གྱི་བརྟེན་པ་དེ་རང་གི་མིག་ལ་བརྟེན་ནོ། །གནས་པ་རང་གི་མིག་ནི་འབྲས་བུའི་དཀྱིལ་ན་གནས་སོ། །གསལ་བ་མཐོང་བ་མི་འགག་པར་གསལ་ལོ། །རང་གི་མིག་གི་འབྲས་བུའི་དཀྱིལ་ན་མ་འགག་ཟང་ཐལ་བ་འདི། སངས་རྒྱས་ཡེ་ཤེས་ཟང་ཐལ་


CMR005_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐུ་ཡིན་ནོ། །ཞེས་གསུངས་པས། མིག་ཆུའི་དཀྱིལ་འཁོར་ནས། མཐོང་བ་མ་འགག་པར་གསལ་བ་རང་གི་མིག་འདི་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱ་བ་ཡིན་ནི། །མུ་ཏིག་ཕྲེང་བ་ལས། ལུས་ཀྱི་ལས་ནི་རྣམ་གསུམ་སྟེ། །སེང་གེའི་ཚུལ་དང་གླང་ཆེན་དང་། །དྲང་སྲོང་ཙོག་པུར་གནས་པ་དང་། །ཞེས་བཞུགས་སྟངས་གསུམ་གྱིས་ལྟ་བར་བཤད་ན་ཡང་། གཉིས་པོ་སྟབས་མི་བདེ་བས་དྲང་སྲོང་གི་འདུག་སྟངས་བྱ་སྟེ། ཐལ་འགྱུར་ལས། དྲང་སྲོང་ཙོག་པུར་ལ་བརྟེན་ནས། །ཆོས་ཉིད་རྣམས་ལས་རང་སྤྲུལ་ནས། །ཆོས་ཀྱི་མིག་གིས་མཐོང་བར་འགྱུར། །ཞེས་གསུངས་པས། ཁྱེད་རང་རྣམས་ཀྱིས་ལུས་ཙོག་པུར་བྱས་ལ་རྐང་པའི་ལོང་བུ་གཉིས་གཤིབ། རྐང་མཐིལ་གཉིས་ས་ལ་ཕབ། །ལུས་པོ་བསྲང་། པུས་མོ་གཉིས་བྲང་ལ་སྦྱར། ལག་པའི་མཁྲིག་མ་གཉིས་བསྣོལ་ལ། པུས་མོ་ལ་འཁྱུད། རྒལ་ཚིགས་དྲང་པོར་བསྲང་། འདས་རྗེས་ལས། རླུང་གནས་ཤིན་ཏུ་དལ་བར་བསྟེན། །ཅེས་གསུངས་པས་ངག་གིས་མི་སྨྲ། རླུང་མི་བསྡམ་པར་རང་བབས་སུ་ཁ་སྣ་ནས་འགྲོ་བཅུག །མིག་དང་སེམས་རྩེ་གཅིག་ཏུ་ནམ་མཁའི་ཉི་མ་ལ་མིག་ཟིམ་བུས་ལྟོས། །


CMR005_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་སྤྲིན་མེད་པའི་ཉི་མ་ལ་ལྟོས། ཐལ་འགྱུར་ལས། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཞེས་དང་། ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་ཁམས་སུ་བལྟ། །ཞེས་དང་། འདས་རྗེས་ལས། སྒོ་གནད་ལྡོག་ཕབ་ཟུར་གྱིས་བལྟ། །ཞེས་གསུངས་པའི་དོན་ཡིན་ནོ། །དེ་ལྟར་ཉི་མ་ལ་བལྟས་པས། རང་ཤར་རྒྱུད་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འགྲོ་དང་འོང་པ་དང་། །འགུལ་བ་དང་ནི་འཕྲིགས་པའོ། །ཞེས་དང་། ཞི་ཁྲོའི་ཆོས་ཉིད་བར་དོའི་ངོ་སྤྲོད་མཐོང་བ་རང་གྲོལ་ལས། ལྔ་པ་ཉི་ཟེར་འོད་ཟེར་ངོ་སྤྲོད་ཀྱི། སྐུ་གསུམ་དག་པའི་ཞིང་ཁམས་ངོ་སྤྲོད་བྱ། །ཞེས་གསུངས་པ་ནི། སྔ་དྲོའམ་དགོང་མོ་ནམ་མཁའ་དང་ཉི་ཟེར་གསལ་བའི་དུས་སུ། །སློབ་བུ་རྣམས་ཕྱེད་སྙེས་སུ་ཉི་མ་ལ་མིག་ཟིམ་བུས་བལྟས་ནས། རིགས་ཀྱི་བུ་རྣམས་ཉི་མའི་སྙིང་པོ་འདི་དག་ཅིང་དྲི་མ་མེད་པ་བཞིན་དུ་ཆོས་སྐུ་དག་པ་གཉིས་ལྡན་ཀ་ནས་དག་ཅིང་། དྲི་མ་མེད་པར་ཤེས་པར་གྱིས་ཤིག །ཉི་མའི་མདངས་འཇའ་འོད་ཁ་དོག་ལྔ་དང་ལྡན་པ། སུས་ཀྱང་མ་བྱས་པར་རང་གསལ་བ་བཞིན་དུ། ཆོས་སྐུ་ཀ་ནས་དག་པའི་ངང་ལས། ལོངས་


CMR005_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལྷུན་གྲུབ་ངེས་པ་ལྔ་དང་ལྡན་པ། འཇའ་འོད་ཐིག་ལེ་ལྔ་ལྡན། མ་བྲིས་པ་ཡི་དཀྱིལ་འཁོར། རང་བཞིན་གྱིས་འོད་གསལ་བར་ཤེས་པར་གྱིས་ཤིག །དེ་ཡང་འཇའ་འོད་ཁ་དོག་སྣ་ཚོགས་ལྔ་དང་ལྡན་པ་ནི། སངས་རྒྱས་ཐམས་ཅད་རིགས་ལྔའི་རང་བཞིན་དུ་ཤེས་པར་གྱིས་ཤིག །དེ་ཡང་སྐད་ཅིག་མ་བསྒྲིབས་པར། འགག་མེད་ཟང་ཐལ་དུ་ནམ་མཁར་གནས་པ་ནི། སངས་རྒྱས་ཡེ་ཤེས་ལུས་ཅན་གྱི་སྐུ་སྣང་ལ་རང་བཞིན་མེད་པ། སྐུ་ལ་མདུན་རྒྱབ་མེད་པ། དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་སྐུར་ཤེས་པར་གྱིས་ཤིག །དེ་དག་ཀྱང་རྨ་བྱའི་མདོངས་ལྟ་བུའམ། ཕུབ་ཀྱི་སྦ་འཁོར་ལྟ་བུའམ། འཇའ་འོད་མུ་ཁྱུད་ལྔ་ལྡན་ནང་ན་བཞུགས་པ་ནི། རྣམ་དག་ཆོས་དབྱིངས་སྒྲོན་མ་དག་པ་རང་གསལ་གྱི་ཞིང་ཁམས་སུ་བཞུགས་པར་ཤེས་པར་གྱིས་ཤིག །དེ་དག་གི་ཟེར་དང་མདངས་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་ཤིང་གསལ་བ་འདི་ནི། ལོངས་སྐུ་ངེས་པ་ལྔ་ལྡན་གྱི་རྩལ་ལས། །སྤྲུལ་སྐུ་མ་ངེས་ལྔ་ལྡན་གང་ལ་གང་འདུལ་རྒྱུན་མི་ཆད་པར་ཤེས་པར་གྱིས་ཤིག །ཟེར་དེ་དག་གི་ནང་ན་ཐིག་ཕྲན་བསམ་གྱིས་མི་ཁྱབ་པས་ཉ་མིག་ལྟ་བུ་དང་མུ་ཏིག་གི་དྲྭ་བ་ལྟ་བུའི་བར་


CMR005_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དུ། དྲ་བ་དང་དྲྭ་ཕྱེད་ལུ་གུ་རྒྱུད་དང་འབྲེལ་ཞིང་འགུལ་བ་དང་འཕྲིགས་པར་སྣང་བ་འདི་ཐུགས་རྗེ་སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱ་བསམ་གྱིས་མི་ཁྱབ་པར་འགྲོ་བའི་དོན་རྒྱུན་མི་ཆད་པར་ཤེས་པར་གྱིས་ཤིག་།དེ་དག་ཀྱང་སྣང་ཚུལ་ཐ་དད་ཀྱང་ཉི་མ་དང་འཇའ་འོད་ཐིག་ལེ་སྟོང་ཉིད་རང་གསལ་གྱི་ངང་ལ་དབྱེར་མེད་པ་ལྟར། དོན་སྐུ་གསུམ་སྣང་ཚུལ་ཐ་དད་ཀྱང་། ངོ་བོ་ཆོས་ཉིད་ངང་ལ་དབྱེར་མེད་པར་ཤེས་པར་གྱིས་ཤིག །ཅེས་ངོ་སྤྱད་ལ་བལྟ་བཅུག །སྐབས་འདིར་ཡེ་ཤེས་འོད་ལམ་གྱི་སྨོན་ལམ་གདབ་པར་བྱའོ། །ཞེས་གསུངས་པས། ད་ཁྱེད་རང་རྣམས་ཐལ་མོ་སྦྱོར་ལ། ད་རེས་མཐོང་བའི་འོད་དེ་རྣམས་ཡེ་ཤེས་ལྔའི་འོད་ལམ་ཡིན། དོན་རྒྱལ་བ་རིགས་ལྔའི་འོད་ཟེར་ཡིན་པས། བར་དོ་ན་ཡང་འོད་འདི་བས་ཆེ་ཞིང་གསལ་བའི་ནང་ནས་ཞི་ཁྲོའི་ལྷ་ཚོགས་འཆར་དུས་ངོ་ཤེས་པར་བྱེད་བསམ་པ་གྱིས་ལ་རྗེས་ཟློས་མཛོད། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །བརྩེ་བ་ཆེན་པོས་ལམ་སྣ་དྲང་དུ་གསོལ། །བདག་ནི་འཁྲུལ་པས་འཁོར་བར་འཁྱམས་པའི་ཚེ། །ཐོས་བསམ་སྒོམ་གསུམ་མ་ཡེངས་འོད་ལམ་ལ། །བཀའ་བརྒྱུད་བླ་མ་རྣམས་ཀྱིས་ལམ་སྣ་དྲོངས། །ཡུམ་


CMR005_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོལ། །བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། །ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ། །འོད་སྔོན་པོ་དེ་མེ་ལོང་ཡེ་ཤེས་ཀྱི་འོད་ལམ་ཡིན་པས་རྗེས་ཟློས་མཛོད། ཞེ་སྡང་དྲག་པོས་འཁོར་བར་འཁྱམས་པའི་ཚེ། །མེ་ལོང་ཡེ་ཤེས་གསལ་བའི་འོད་ལམ་ལ། །བཅོམ་ལྡན་རྡོ་རྗེ་སེམས་དཔས་ལམ་སྣ་དྲོངས། །ཡུམ་མཆོག་སངས་རྒྱས་སྤྱན་མས་རྒྱབ་ནས་སྐྱོལ། །བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། །ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ། །ད་འོད་སེར་པོ་མཐོང་ན་མཉམ་ཉིད་ཡེ་ཤེས་ཀྱི་འོད་ལམ་ཡིན་པས་རྗེས་ཟློས་གྱིས། ང་རྒྱལ་དྲག་པོས་འཁོར་བར་འཁྱམས་པའི་ཚེ། །མཉམ་ཉིད་ཡེ་ཤེས་གསལ་བའི་འོད་ལམ་ལ། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་ལམ་སྣ་དྲོངས། །ཡུམ་མཆོག་མཱ་མ་ཀཱི་ཡིས་རྒྱབ་ནས་སྐྱོལ། །བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། །ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ། །འོད་དམར་པོ་མཐོང་ན་དེ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་འོད་ལམ་ཡིན་པས་རྗེས་ཟློས་གྱིས། བག་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ། །སོར་


CMR005_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་ཡེ་ཤེས་གསལ་བའི་འོད་ལམ་ལ། །བཅོམ་ལྡན་སྣང་བ་མཐའ་ཡས་ལམ་སྣ་དྲོངས། །ཡུམ་མཆོག་གོས་དཀར་མོ་ཡིས་རྒྱབ་ནས་སྐྱོལ། །བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། །ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ། །འོད་ལྗང་གུ་མཐོང་ན་བྱ་གྲུབ་ཡེ་ཤེས་ཀྱི་འོད་ལམ་ཡིན་པས་རྗེས་ཟློས་མཛོད། ཕྲག་དོག་དྲག་པོས་འཁོར་བར་འཁྱམས་པའི་ཚེ། །བྱ་གྲུབ་ཡེ་ཤེས་གསལ་བའི་འོད་ལམ་ལ། །བཅོམ་ལྡན་དོན་ཡོད་གྲུབ་པས་ལམ་སྣ་དྲོངས། །ཡུམ་མཆོག་དམ་ཚིག་སྒྲོལ་མས་རྒྱབ་ནས་སྐྱོལ། །བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། །ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ། །འོད་དཀར་པོ་མཐོང་ན་ཆོས་དབྱིངས་ཡེ་ཤེས་ཀྱི་འོད་ལམ་ཡིན་པས་སྨོན་ལམ་འདི་ཐོབ། གཏི་མུག་དྲག་པོས་འཁོར་བར་འཁྱམས་པའི་ཚེ། །ཆོས་དབྱིངས་ཡེ་ཤེས་གསལ་བའི་འོད་ལམ་ལ། །བཅོམ་ལྡན་རྣམ་པར་སྣང་མཛད་ལམ་སྣ་དྲོངས། །ཡུམ་མཆོག་དབྱིངས་ཕྱུག་མ་ཡིས་རྒྱབ་ནས་སྐྱོལ། །བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། །ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ། །འོ་བར་དོ་ནས་འཇའ་འོད་འདི་འདྲ་བས་འཇིག་རྟེན་ཐམས་ཅད་གང་


CMR005_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ནང་ནས་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་འཆར་རོ། །དེ་དུས་ངོ་ཤེས་པར་བྱེད་བསམ་པ་གྱིས་ལ་རྗེས་ཟློས་གྱིས། བག་ཆགས་དྲག་པོས་འཁོར་བར་འཁྱམས་པའི་།ཚ། །སྔངས་སྐྲག་འཇིགས་སྣང་སྤངས་བའི་འོད་ལམ་ལ། །བཅོམ་ལྡན་ཞི་ཁྲོའི་ཚོགས་ཀྱིས་ལམ་སྣ་དྲོངས། །དབྱིངས་ཕྱུག་ཁྲོ་མོའི་ཚོགས་ཀྱིས་རྒྱབ་ནས་སྐྱོལ། །བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། །ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ། །འོ་འོད་ཁྲ་ཁྱུག་ཁྱུག་པ་མཐོང་ན་ལྷན་སྐྱེས་ཡེ་ཤེས་ཀྱི་འོད་ལམ་ཡིན་པས་སྨོན་ལམ་འདི་ལྟར་ཐོབ། །འཁྲུལ་སྣང་དྲག་པོས་འཁོར་བར་འཁྱམས་པའི་ཚེ། །ལྷན་སྐྱེས་ཡེ་ཤེས་གསལ་བའི་འོད་ལམ་ལ། །དཔའ་བོ་རིག་འཛིན་རྣམས་ཀྱིས་ལམ་སྣ་དྲོངས། །ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོལ། །བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། །ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ། །འོད་ཁ་དོག་ལྔ་ལྡན་མཐོང་ན་ཡེ་ཤེས་བཞི་སྦྱོར་གྱི་འོད་ལམ་ཡིན་པས་རྗེས་ཟློས་མཛོད། དུག་ལྔ་དྲག་པོས་འཁོར་བར་འཁྱམས་པའི་ཚེ། །ཡེ་ཤེས་བཞི་སྦྱོར་གསལ་བའི་འོད་ལམ་ལ། །བཅོམ་ལྡན་རྒྱལ་བ་རིགས་ལྔས་ལམ་སྣ་


CMR005_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

དྲོངས། །ཡུམ་མཆོག་རིགས་ལྔའི་མཁའ་འགྲོས་རྒྱབ་ནས་སྐྱོལ། །བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ། །ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ། །འོ་ན་འོད་ཁ་དོག་ལྔ་འདི་མ་དག་ན་འབྱུང་བ་ལྔ། འདི་ལྔ་དགྲ་རུ་ལངས་ན་དུག་ལྔ་སྟེ། འཁོར་བའི་ལམ་རྒྱུད་ལྔར་སྐྱེ་བར་བྱེད། འདི་ངོ་ཤེས་ཤིང་དག་ན། རྒྱལ་བ་རིགས་ལྔའི་ཞིང་ཁམས་ལྔ་ཡིན་པས། སྨོན་ལམ་འདི་ཡི་རྗེས་ཟློས་མཛོད། ནམ་མཁའི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་། །སངས་རྒྱས་མཐིང་གའི་ཞིང་ཁམས་མཐོང་བར་ཤོག །ཆུ་ཡི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་། །སངས་རྒྱས་དཀར་པོའི་ཞིང་ཁམས་མཐོང་བར་ཤོག །ས་ཡི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་། །སངས་རྒྱས་སེར་པོའི་ཞིང་ཁམས་མཐོང་བར་ཤོག །མེ་ཡི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་། །སངས་རྒྱས་དམར་པོའི་ཞིང་ཁམས་མཐོང་བར་ཤོག །རླུང་གི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་། །སངས་རྒྱས་ལྗང་གུའི་ཞིང་ཁམས་མཐོང་བར་ཤོག །ཡང་ཞི་ཁྲོའི་ངོ་སྤྲོད་ལས། ཉེར་ལྔ་པ་རྒྱ་མཚོ་ཨར་གཏད་ངོ་སྤྲོད་ནི། མིག་གཉིས་མཛུབ་མོས་མནན་པས་འོད་དཀར་པོ་འབྱུང་སྟེ། ད་ལྟ་སྙིང་གི་དཀྱིལ་ན་ཞི་བའི་སྐུ་འཇའ་


CMR005_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱི་ར་བ་ན་ཡོད་པའི་རྟགས་ཡིན་པས་ཤེས་པར་གྱིས་ཤིག་བྱས་ལ་གནོན་བཅུག །ཉེར་དྲུག་རྒྱ་མཚོ་རྦ་རླབས་ངོ་སྤྱོད་ནི། རྣ་བ་གཉིས་མཛུབ་མོས་མནན་པས་།གཏིང་ནས་འུར་ཏིང་གི་སྒྲ་འབྱུང་སྟེ། ཆོས་ཉིད་བར་དོ་ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ་འོང་བའི་རྟགས་ཡིན་ནོ་བྱས་ལ་མཛུབ་བུས་གནོན་བཅུག །ཉེར་བདུན་ཆོས་ཉིད་ཟེར་གྱི་ངོ་སྤྲོད་ནི། མིག་གཉིས་ཡུན་རིང་མཛུབ་མོས་བཙིར་བས། ཟེར་དང་ཐིག་ལེ་ལུ་གུ་རྒྱུད་རྒྱ་ཆེ་བར། འགུལ་འཕྲིགས་ཡམ་ཡམ་ཤིག་ཤིག་འཕྲོ་བ་འོང་སྟེ། ཆོས་ཉིད་བར་དོར་ཟེར་གྱི་སྣང་བ་འཆར་བས་དེའི་རྟགས་ཡིན་པར་ངོ་ཤེས་པར་གྱིས་ཤིག་བྱས་ལ་དེ་བཞིན་བྱེད་བཅུག །ཉེར་བརྒྱད་ཉི་ཟེར་རྩིབས་ཤར་ངོ་སྤྲོད་ནི། ནམ་མཁའ་དྭངས་ཤིང་ཉི་ཟེར་གསལ་བའི་དུས་སུ། སློབ་མ་རྣམས་ཀྱིས་ཉི་མ་ལ་མིག་ཟིམ་བུས་བལྟས་པས། ཉི་མའི་ཟེར་མཚོན་ཆ་གཤིབས་པ་ལྟ་བུ་དང་། མདུང་རྩེ་གཤིབས་པ་དང་འདྲ་བ་དང་། བ་ཐག་གཟེང་བ་དང་འདྲ་བ་འོང་སྟེ། དེ་ནི་ཆོས་ཉིད་བར་དོར་འོད་ཟེར་མཚོན་ཆའི་ཆར་བབ་པ་འདྲ་བ། རང་གི་ཐོག་ཏུ་ཟུག་ནས་འོང་བའི་སྣང་བ་འཆར་བ་འོང་སྟེ། དེ་ནི་མཚོན་ཆ་མ་ཡིན་ཏེ། ཡེ་ཤེས་གསལ་


CMR005_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཟེར་ཡིན་ཏེ། དེ་ལ་མ་སྐྲག་པར་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག །དེ་ནས་སྨོན་ལམ་འདིའི་རྗེས་ཟློས་མཛོད། སྒྲ་འོད་ཟེར་གསུམ་དགྲ་རུ་མི་ལྡང་ཞིང་། །ཞི་ཁྲོ་རབ་འབྱམས་ཞིང་ཁམས་མཐོང་བར་ཤོག །འཇའ་ཚོན་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་། །སངས་རྒྱས་སྣ་ཚོགས་ཞིང་ཁམས་མཐོང་བར་ཤོག །འོ་ད་ཁྱེད་རང་རྣམས་ནམ་མཁའ་དྭངས་དུས་ཉི་མ་རྩེ་ཤར་དང་ཉི་མ་ནུབ་ཁ་རྒྱུན་དུ་ལྟོས་དང་ངོ་མཚར་ཅན་མཐོང་རྒྱུ་ཡོད་དེ། དབང་དང་ཁྲིད་མ་ཐོབ་པ་ལ་བཤད་མི་རུང་། འདི་གསང་སྔགས་ཟབ་མོ་ཡིན་པས་མཁའ་འགྲོའི་བཀའ་ཆད་འོང་། ད་རྒྱུན་དུ་བལྟ་བར་མཛོད་ཅིག །དང་པོའི་ངོ་སྤྲོད་རྫོགས་སོ། །དེས་ཀྱང་བསྡུས་པ་ལ་ཆོག །འོ་དེ་ལྟར་རྫོགས་ཆེན་ཐོད་རྒལ་ངོ་སྤྲོད་འཇའ་འོད་དང་ཐིག་ལེ་ཐིག་ཕྲན་མཐོང་བ་དེ། ཉི་མ་རྩེ་ཤར་དང་ཐལ་ཁ་དེ་གཉིས་ལ་སྤྲིན་མེད་དུས་རྒྱུན་དུ་ལྟོས་དང་། ཉམས་སྣང་བཞི་རིམ་པར་འཆར་ཏེ། རང་གི་སྨིན་ཕྲག་ཏུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བ་འཇའ་ཚོན་ལྟ་བུའམ་རྨ་བྱའི་མདོངས་ལྟ་བུ་འཆར་རོ། །དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ་བ་ཀོ་མོག་ནང་རྡོ་བསྐྱུར་བའི་ཆུའི་གཉེར་མ་ལྟ་བུའམ། ཕུབ་ཀྱི་སྦ་འཁོར་ལྟ་བུའི་


CMR005_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ། ཐིག་ལེ་ཡུངས་འབྲུ་ཙམ་མམ། སྲན་མ་ཙམ་འཆར་རོ། །དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ། ཕྲ་བ་རྟ་རྔའི་མདུད་པ་ལྟ་བུ་དང་། མུ་ཏིག་ཙར་ལ་བརྒྱུས་པ་ལྟ་བུ་དང་། ལྕགས་ཐག་ལྟ་བུ་དང་། མུ་ཏིག་གི་དྲ་བ་རླུང་གིས་བསྐྱོད་པ་ལྟ་བུ་ལ་སོགས་ཏེ་དེ་དག་ཐམས་ཅད་ཀྱང་གཉིས་འབྲེལ་དང་གསུམ་འབྲེལ་ལ་སོགས་པ་འཆར་ཏེ། དེ་ནི་ནང་གི་རིག་པ་ལུ་གུ་རྒྱུད། ཐིག་ལེ་ཉག་གཅིག་བྱ་བ་དེ་ཡིན་ནོ། །དེ་ཡང་དབྱིངས་དང་རིག་པ་འདུ་འབྲལ་མེད་པ་ཉི་མ་དང་ཟེར་གྱི་ཚུལ་དུ་གནས་སོ། །དེ་ཡང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། རིག་པ་སྐུའི་རྟགས་སུ་ལུ་གུ་རྒྱུད། དེ་རྣམས་གནས་ལུགས་ཙིཏྟའི་དཀྱིལ་ན་གནས། ལམ་དབང་པོའི་མིག་ལ་མངོན་སུམ་དུ་འཆར་རོ། །སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ནས་ངེས་པར་ཐོན། །སྤྲིན་མེད་པ་ཡི་མཁའ་ལ་གསལ། །ཞེས་དང་། ཀློང་གསལ་རྒྱུད་ལས། རྐྱེན་བྲལ་ནམ་མཁའ་དག་པ་ལ། །གཟིགས་སྟངས་གཅུན་ནས་ངོ་སྤྱོད་པས། །དབང་པོའི་སྒོ་ལ་སྒྲོན་མ་ནི། །མཛེས་པ་རྨ་བྱའི་མདོངས་ལྟ་


CMR005_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

བུ། །ཐིག་ལེ་ལུ་གུ་རྒྱུད་འབྲེལ་ལ། །འགུལ་འཕྲིགས་འགྱུ་བའི་རྣམ་པར་འགྱུར། །ཞེས་དང་། རིག་པ་རང་ཤར་རྒྱུད་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འོད་དང་འགྲོ་བ་དང་། །འགུལ་བ་དང་ནི་འཕྲིགས་པའོ། །ཞེས་དང་། སེང་གེ་རྩལ་རྫོ་གས་ཀྱི་རྒྱུད་ལས། རང་སྣང་རིག་པའི་དངོས་པོ་འདི། །ཡེ་ཤེས་ལུ་གུ་རྒྱུད་དུ་གསལ། །ཅེས་དང་། ནོར་བུ་ཕྲ་བཀོད་རྒྱུད་ལས། རྒྱང་ཞགས་ཆུ་ཡི་སྒྲོན་མ་ལས། །ཡང་དག་རྫོགས་པའི་སངས་རྒྱས་ཀྱང་། །རིག་པ་ལུ་གུ་རྒྱུད་ཀྱི་སྐུ། །ཡོངས་སུ་གསལ་བའི་རྣམ་པ་ཅན། །ཅེས་དང་། རྒྱུད་ཀློང་གསལ་ལས། དེ་ཡང་ངོ་བོ་ཀ་དག་ལ། །རང་བཞིན་ལྷུན་གྲུབ་ཉིད་གནས་ཏེ། །ཐུགས་རྗེས་ཀུན་ལ་ཁྱབ་པ་ཉིད། །ཙིཏྟ་དང་ནི་རྩ་ལ་ཤར། །ངོ་བོ་དབང་པོའི་སྒོ་ལ་འཆར། །རིག་པ་མངོན་སུམ་ཞེས་སུ་བརྗོད། །ཡིད་དཔྱོད་རྣམས་དང་བྲལ་བའོ། །ཞེས་དང་། སངས་རྒྱས་འདས་རྗེས་ཞལ་ཆེམས་ཡི་གེ །ནམ་མཁའ་ནས་བབས་པ་ལས། མངོན་སུམ་སྣང་བ་འདི་སུས་མཐོང་བ། །ཁམས་གསུམ་ལོག་པ་མ་ཡིན་ནོ། །ཞེས་དང་། རྒྱུད་ཀློང་གསལ་ཀུན་ཏུ་བཟང་པོའི་གསུངས་ལས།


CMR005_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་མངོན་སུམ་མཐོང་བ་ནི། །བདེན་པ་མཐོང་བའི་གནད་ཀྱིས་སུ། །ཁམས་གསུམ་འཁོར་བར་ལོག་པ་མེད། །ཅེས་གསུངས་ལ། ཆོས་ཉིད་མངོན་སུམ་གྱི་སྣང་བ་ཆ་ཕྲ་ལ་དྭངས་པ། གསལ་ལ་འཚེར་བ། རང་བཞིན་བཀྲ་བ། མངོན་སུམ་དུ་འཆར་ཏེ། དག་པ་དབྱིངས་ཀྱི་སྒྲོན་མ། གྱེན་འགྲེང་དང་། རྩིབས་ཤར་དང་། མདའ་དང་མདུང་རྩེ་ལྟ་བུ་དང་། ཉ་མིག་ལྟ་བུ་དང་། མིག་ཚགས་ལྟ་བུ་དང་། དྲྭ་མིག་ལྟ་བུ་དང་། རིན་པོ་ཆེ་འབར་བ་ལྟ་བུ་དང་། མཆོད་རྟེན་ལྟ་བུ་དང་། ཐིག་ལེ་དང་ཐིག་ཕྲན་གྱིས་འཕྲིགས་པ། འཇའ་ཚོན་ཁ་དོག་ལྔ་ལྡན་མངོན་སུམ་དུ་འཆར་རོ། །དེ་རྣམས་ཀྱི་ནང་ནས་བར་ཐམས་ཅད་དུ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་དུ་གསལ་ལོ། །དེ་ངོས་ཟིན་པར་བྱས་ལ་འགུལ་འཕྲིག་མེད་པར་ཉམས་སུ་བླང་ངོ་། །དེ་ཡང་རྒྱུད་ལས། ལུ་གུ་རྒྱུད་ཀྱི་རང་བཞིན་ནི། རྣམ་པར་དག་པ་ཡེ་དག་པ། །མ་འཁྲུལ་པ་ཡི་སངས་རྒྱས་སོ། །ཞེས་གསུངས་པས། འདི་ཙམ་ངོ་འཕྲོད་སླ་བས། འདི་ཁོ་ནས་ཀྱང་བར་དོ་ངོས་ཟིན་ནས་ཁམས་གསུམ་འཁོར་བའི་སྐྱེ་སྒོ་ཆོད་པར་གོང་གི་རྒྱུད་ཀྱི་ལུང་དེ་རྣམས་ལས་གསལ་བས། ཕན་


CMR005_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཆེན་པོ་བསམ་ལས་འདས་པ། སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱས་པའི་ཆོས་ཟབ་མོ་ཡིན་པས། ཆོས་ཉིད་བར་དོ་ན་ཡང་འདི་ལྟ་བུའི་འོད་དང་ཐིག་ལེའི་ནང་དུ་ཞི་ཁྲོ་ལྷ་ཚོགས་འཆར་དུས། སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་ངོ་ཤེས་ཏེ་སྐྲག་འཇིགས་མེད་པས་ཞི་ཁྲོའི་ལྷ་ཚོགས་ཀྱིས་ལམ་སྣ་འདྲེན་ནས་དག་པའི་ཞིང་དུ་སྐྱེ་བར་གསུངས་པས། ཁམས་གསུམ་འཁོར་བར་མི་ལྡོག །ཕྱག་ཆེན་སེམས་ངོ་འཕྲོད་ཙམ་བས་འདི་མཐོང་བ་ལྷག་སྟེ། སེམས་ངོ་མཐོང་ཡང་རིག་རྒྱུ་ནི་མེད་པས་ཡིད་མི་ཆེས་ཏེ། ལྟ་བ་ཡིད་དཔྱོད་འཛིན་པ་ཡིན། འདི་མིག་གིས་དངོས་སུ་མཐོང་ནས་ཡིན་མིན་ཐེ་ཚོམ་མེད་པས། ཡིད་དཔྱོད་འཛིན་པ་ལས་གྲོལ་བ་ཡིན་ནོ། །རྫོགས་ཆེན་ཉམས་དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བའི་ངོ་སྤྲོད་ཡིན་ནོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། སྣང་ཉམས་དང་ཤེས་ཉམས་གཉིས་ལས། ཤེས་ཉམས་ནི་བདེ་ཉམས་གསལ་ཉམས་སྟོང་ཉམས་ལ་སོགས་པ་སྣ་ཚོགས་སུ་འཆར་ཞིང་མི་བརྟན་ལ་འགྱུར་བ་ཡིན་པས་གཙོ་ཆུང་། དེར་མ་ཟད་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྣམས་ཀྱང་། ཤེས་པའི་ཉམས་ནི་ན་བུན་དང་འདྲ་ཞེས་ཉམས་མཐོ་དམན་ལ་ཡིད་ཆེས་མི་བྱེད་ཅིང་།


CMR005_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་མཐོ་དམན་ལ་གཙོ་བོར་བྱེད་པའི་ཕྱིར་རོ། །འདིར་རྟོགས་པ་མཐོ་དམན་གྱི་ཚད་སྣང་ཉམས་ཀྱིས་བཟུང་ཞིང་སྣང་བ་མི་འགྱུར་བས་སྣང་ཉམས་གཙོ་ཆེའོ། །དེ་ལྟར་སྣང་བ་ཉམས་སུ་བླངས་པས་དབྱིངས་རིག་རེས་གསལ་རེས་མི་གསལ་བ་འབྱུང་ངོ་། །ད་རུང་ཉམས་སུ་བླངས་པས་དབྱིངས་རིག་སྨིན་མཚམས་དང་འབྲེལ་ཏེ། ཐིག་ལེ་སྟོང་པའི་སྒྲོན་མ་རྩོལ་བ་མེད་པར་འཆར་ནས་འོང་ངོ་། །ཐིག་ལེ་རྣམས་སྲན་མ་ཙམ་དུ་འགྲོ། རིག་པ་ནི་འདབ་ཆགས་འཕུར་སྐྱེན་ཙམ་དུ་འགྲོའོ། །ད་རུང་ཉམས་སུ་བླངས་པས། འོད་ལྔའི་སྣང་བ་དུམ་བུར་སྣང་བ་དང་། གྱེན་འགྲེང་དང་། རྩིབས་ཤར་དང་། མདུང་རྩེ་ལྟ་བུ་དང་། རེ་ལྡེའི་རྣམ་པ་ལྟ་བུ་དང་། གྲུ་ཆད་ཀྱི་རྣམ་པ་ལྟ་བུར་འགྱུར་ཞིང་། འོད་དེ་དག་རང་མདུན་ཙམ་དུ་ཁྱབ་པར་འཆར། ཐིག་ལེ་ཡང་མེ་ལོང་ཙམ་དུ་འགྱུར་ཞིང་། རིག་པ་ནི་རི་དྭགས་རྒྱུག་པ་ཙམ་དུ་འཆར་རོ། །ད་རུང་ཉམས་སུ་བླངས་པས། དབྱིངས་ཀྱི་སྣང་བ་དེ་ལས་རིན་པོ་ཆེའི་དྲྭ་བ་དང་། འོད་ཀྱི་དྲྭ་བ་དྲྭ་ཕྱེད་དང་། མིག་མང་རེས་ལྟ་བུ་དང་། མིག་ཚགས་དང་། མདུང་རྩེ་ལྟ་བུ་དང་། མཆོད་རྟེན་བརྩེགས་པ་ལྟ་བུ་དང་། པདྨ་སྟོང་


CMR005_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དང་། གུར་ཁྱིམ་དང་། ཉི་ཟླ་དང་། རི་དང་། མཁར་ཐབས་རིས་དང་། ཐིག་ལེ་མཁར་ཕོར་ཙམ་དུ་འགྱུར་ཞིང་། རིག་པ་ནི་བུང་བ་བཅུད་ལ་ལྡིང་བ་ལྟ་བུ་ཙམ་དུ་འགྱུར་རོ། །ད་རུང་ཉམས་སུ་བླངས་པས། འོད་ཀྱིས་ཡུལ་ཁམས་ཙམ་ཁེངས། ཐིག་ལེ་ཡང་བསེ་ཕུབ་ཙམ་དུ་འགྱུར་རོ། །འོད་བལྟས་ཚད་ལ་ཁྱབ། དབྱིངས་རིག་ཉིན་མཚན་མེད་པར་འཆར་རོ། །ཐིག་ལེའི་ནང་དུ་ལྷ་སྐུ་རྐྱང་པ་རེ་རེ་སྣང་། རིག་པའི་བར་དུ་ཡང་སྐུ་ཕྲ་མོ་རེ་རེ་འབྱུང་ངོ་། །རིག་པ་འགུལ་འཕྲིགས་མེད་པར་སྡོད། དེ་ལྟར་ཤར་བའི་དུས་ན། བར་དོའི་སྣང་བ་ད་ལྟ་གཏན་ལ་ཕེབས་པས། ཕྱིས་བར་དོ་མེད་དོ། །དེས་ན་ཆོས་ཉིད་བར་དོའི་ཉམས་ལེན་དངོས་གཞི་འདི་ཁོ་ནའོ། །སྒྲ་ཐལ་འགྱུར་རྒྱུད་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་དབྱིབས་འགྱུར་ནས། །གྱེན་འགྲེང་དང་ནི་རྩིབས་ཤར་དང་། །ཐིག་ལེ་སྣ་ཚོགས་སྐུ་གཉིས་དང་། །རིག་པའི་སྣང་བ་ཡུལ་ལ་གསལ། །ཅེས་དང་། སངས་རྒྱས་འདས་རྗེས་ཞལ་ཆེམས་ཡི་གེ་གནམ་ནས་བབས་པ་ལས། ཉམས་སྣང་གོང་དུ་འཕེལ་བ་ཡིས། །བར་དོའི་ཡེ་ཤེས་མངོན་དུ་བྱས། །ཞེས་དང་། སྒྲ་ཐལ་འགྱུར་


CMR005_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ལས། གོང་དུ་འཕེལ་བའི་ཉམས་སྣང་གིས། །འཁྲུལ་བའི་སྣང་བ་ནུབ་པར་བྱེད། །ཅེས་གསུངས་པས་འདི་ཙམ་མཐོང་ན། བར་དོར་འཁྲུལ་སྣང་འཇིགས་།སྐྲག་གཅིག་ཀྱང་མི་འབྱུང་བར་གསུངས་སོ། །རྫོགས་ཆེན་ཉམས་གཉིས་པའི་ངོ་སྤྲོད་དོ། །གསུམ་པ་རིག་པ་ཚད་ཕེབ་ཀྱི་སྣང་བ་ནི། དེ་ནས་ཡང་ཉམས་སུ་བླངས་པས། གོང་གི་ཐིག་ལེ་རེ་རེའི་ནང་དུ། སྐུ་ཡབ་ཡུམ་ལྔ་ལྔ་འཆར། དེ་དག་ཀྱང་གྲངས་ལས་འདས་པ་ལས་འགྱུར་བ་མེད་པ་བྲེ་ཚད་སྲང་ཚད་འཕེལ་བ་ལྟར་ཚད་ཕེབ། །ཐིག་ལེ་རེ་རེའི་ནང་དུ་རིགས་ལྔ་ཡབ་ཡུམ་གྱི་ཚོམ་བུ་རྫོགས་པ་དང་། སྟོང་གསུམ་ཐམས་ཅད་ལུ་གུ་རྒྱུད་དུ་ཁྲ་ཤིག་ཤིག་པ་དང་། རང་སྣང་རིག་པའི་འཆར་ཚུལ་ལ་དབང་ཐོབ་པའོ། །སྒྲ་ཐལ་འགྱུར་གྱི་རྒྱུད་ལས་། རིག་པ་ཚད་ཕེབ་སྣང་བ་ནི། །ལོངས་སྐུ་མཚན་དཔེའི་སྣང་བ་ནི། །མ་ངེས་ཁ་དོག་འཇའ་ཚོན་ལ། །རིགས་ལྔ་ཡབ་དང་ཡུམ་དུ་སྣང་། །དེ་ལས་ལྔ་ལྔ་ཡུམ་དུ་སྣང་། །དེ་ལས་ལྔ་ལྔ་ཟུང་དུ་བཅས། །རབ་ཏུ་གསལ་བའི་ཐིག་ལེ་འབྲེལ། །ཡབ་ཡུམ་སྐུ་ཡི་སྣང་བ་ཅན། །འཁྲུལ་སྣང་ཟད་ནས་ཞིང་ཁམས་སོ། །ཞེས་དང་། འདས་རྗེས་ཞལ་ཆེམས་


CMR005_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ལས། རིག་པ་ཚད་ཕེབ་སྣང་བ་ཡིས། །ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན། །ཅེས་དང་། ཐལ་འགྱུར་ལས། རིག་པ་ཚད་ཕེབ་སྣང་བ་ནི། །སྐུ་གསུམ་རྟོགས་པ་ལམ་སྣང་འགྲུབ། །ཅེས་གསུངས་པས། ད་ནས་མ་བསྒོམས་ན་ཡང་ཆོག་པར་གསུངས་ཏེ། ཕྱི་དབུགས་ཆད་མ་ཐག་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་འོད་ཟེར་མིག་ལ་ཟུག །འོད་ཀྱི་སྦུ་གུ་རིག་པ་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ་ནས་འཚང་རྒྱུ་བར་གསུངས་སོ། །དེ་ལྟར་རྫོགས་ཆེན་གྱི་ཉམས་གསུམ་པོ་དེ་ནི་ད་ལྟ་ཡང་འཆར་མཁན་མང་དུ་འོང་བར་གདའ་བས། ཁྱེད་རྣམས་ཞི་ཁྲོའི་ལྷ་ཚོགས་ནམ་མཁར་དངོས་སུ་མ་མཇལ་བར་དུ་མ་སྐྱུར་བར་ལྟོས་ཤིག །དེ་ནས་མ་བལྟས་ཀྱང་ཆོག །དབུགས་ཆད་མ་ཁད་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ་ནས་འཚང་རྒྱ་བ་ནི་ཀུན་ཏུ་བཟང་པོ་དང་། ཨོ་རྒྱན་པདྨའི་བཀའ་ཡིན། སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བའི་གདམས་ངག་ཡིན། དེ་ལ་བེམ་སྒོག་ལུས་ཏེ་འཇའ་ཟུག་པ་དང་རྟེན་རིང་བསྲེལ་འོང་བར་བཤད། ད་རུང་ཡང་བསྒོམས་ན་ཆོས་ཉིད་ཟད་པའི་སྣང་བ་འཆར་ཏེ་ལུས་འཇའ་ལུས་ཆོས་སྐུ་ཐོབ་ནས། ཕུང་པོ་བཞག་མི་དགོས་པར་བཤད་དེ། དེ་འདྲ་སྔར་ནི་མང་


CMR005_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བྱུང་བའི་ལོ་རྒྱུས་ཡོད་དེ། ད་དུས་སྙིགས་པས་འོང་མི་ཐུབ་སྟེ། སྙིང་རུས་དད་པ་དམ་ཚིག་ཅན། རྩེ་གཅིག་ཏུ་བསྒོམས་ན་མི་འོང་བའི་ངེས་པ་ཡང་མེད་དེ། རྗེ་ཞྭ་དམར་དྲུག་པའི་ཆིབས་ཆུང་བ་སྟག་ཚང་ཡང་དག་ཟེར་བ་ཞིག་དང་། ཀརྨ་སྨོན་ལམ་ཟེར་བ་ཆུ་བར་ནས་དགེ་སློང་ཞིག་དང་གཉིས་ནི་དུས་ཕྱིས་འཇའ་ལུས་ཐོབ་ནས་ཕུང་པོ་མ་བཞག་གོ །དེ་ཡན་ཆད་རྫོགས་ཆེན་གྱི་ངོ་སྤྲོད་དངོས་གཞི་རྫོགས་ལ། རྗེས་དམ་ཚིག་གི་བཀའ་རྒྱ་ནི། ཆོས་འདིའི་བཀའ་སྲུང་ནི། མ་མོ་སྲིད་པའི་རྒྱལ་མོ་ཨེ་ཀ་ཛཱ་ཊི་དང་། དམ་ཅན་རྡོ་རྗེ་ལེགས་པ་དང་། གཟའ་རཱ་ཧུ་ལ་གསུམ་ཡིན། རྫོགས་ཆེན་འདི་སྒོམ་པ་ལ་ཁ་འཛིན་བྱེད། དམ་ཚིག་མ་བསྲུངས་ན་ཆད་པ་གཅོད་པས། དམ་ཚིག་ནི་ཆོས་འདི་ལ་ཐེ་ཚོམ་མི་བྱ་དད་པ་བྱ། རང་གི་བླ་མ་དང་ཁྲིད་ཐོབ་མྱོང་བའི་མི་མ་གཏོགས་ལ་བཤད་མི་རུང་། གསང་དགོས། ལྷའི་ཞལ་མཇལ་ན་ཡང་གསང་དགོས། མ་གསང་ན་ཁྱེད་རང་རྣམས་ནད་ཀྱིས་མནར་བ་སོགས་འབྱུང་བས་གསང་ཞིང་ཉམས་སུ་ལོངས་ཤིག །ཅེས་རྫོགས་ཆེན་ལ་མོས་པ་རཱ་ག་ཨ་སྱས་འགྲོ་དོན་བསམ་པ་བཟང་པོས་བྲིས་པ་ལ་ཉེས་པ་གང་མཆིས་བཀའ་སྲུང་རྣམས་ལ་བཟོད་པར་གསོལ། དགེ་བས་


CMR005_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་མང་པོ་གྲོལ་བར་གྱུར་ཅིག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །།༧ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་དམིགས་རིམ་དང་ཕྱག་ལེན་གསལ་བ་མུ་ཏིག་རྩ་ཕྲེང་མཐོང་བ་རབ་གསལ།


CMR005_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་དམིགས་རིམ་དང་ཕྱག་ལེན་གསལ་བ་མུ་ཏིག་རྩ་ཕྲེང་མཐོང་བ་རབ་གསལ་བཞུགས་སོ།།


CMR005_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཤནྟི་ཀྲོ་ཏ་ཡེ། ཞི་ཁྲོ་དགོངས་པ་རང་གྲོལ་འདི་གཏེར་སྟོན་ནས་བརྒྱུད་པ་གསུམ་དུ་གཅིག་བརྒྱུད་དེ་ནས་བཀའ་བབས་ཆོས་ཀྱི་རྒྱལ་མཚན་པས་ལོ་དྲུག་སུ་ལའང་མ་སྤེལ་ཉམས་སུ་བླངས། དེ་ནས་སྐུ་ཚེའི་སྟོད་ལ་ཕྱག་ལེན་བསྡུས་པ་ཙམ་དང་ཅུང་ཟད་སྤེལ་བའི་རྒྱུན་ཟུར་མང་ལུགས་། སྐུ་ཚེའི་སྐེད་ལ་ཕལ་ཆེར་སྤེལ་ཞིང་ཕྱག་ལེན་འབྲིང་པོ་མཛད་པ་ཀཿཐོག་ལུགས། ཕྱིས་སྐུ་ཚེའི་སྨད་ལ་བཀའ་རྒྱ་ཐམས་ཅད་གྲོལ་བས། འོག་སྒོ་མན་ཆད་གསང་དབང་ཡན་ཆད་སྤེལ། གཏེར་གཞུང་ལ་མི་གསལ་བ་རྣམས་ཐུགས་རྩོམ་པོ་ཏི་ལོང་བ་མཛད། ཕྱག་ལེན་རྒྱས་པར་གཏན་ལ་


CMR005_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཕབ་པ་བཀའ་བབས་ལུགས་སོ། །ངེད་ཀྱི་ལུགས་འདི་ནི་བཀའ་བབས་ཆོས་ཀྱི་རྒྱལ་མཚན་པའི་ཕྱག་ལེན་རྒྱས་པ་གུ་རུ་ཀུན་དགའ་བསྟན་འཛིན་གྱི་ཕྱག་བཞེས་མ་འཆུགས་པ་ལགས་སོ། །བཅའ་ལུགས་མཐོང་བ་བརྒྱུད་པར་གཟིགས་ལྟར་རོ། །འདོན་ལུགས་སྐྱབས་སེམས་དཀར་བགེགས་མཆོད་པ་བྱིན་རླབས་རྒྱས་བསྡུས་སྐབས་དང་བསྟུན་ཏེ་སྤྱི་ལྟར་རོ། །དེ་ནས་ལོང་སྐབས་ཡོད་ན་ཐུགས་སྒྲུབ་བམ་པད་མ་འོད་འབར་སོགས་བླ་མའི་ལས་བྱང་བཏང་། དེ་ནས་ཡི་དམ་ཞི་ཁྲོའི་ལས་བྱང་རྒྱས་བསྡུས་གཉིས་གང་རུང་དེལ་ཁོམ་བསྟུན་ཏེ། མངོན་རྟོགས་ཚར་གཅིག་དེས་བདག་


CMR005_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཆ་ཚང་གཅིག །མདུན་དཀྱིལ་འཁོར་ཆ་ཚང་གཅིག་དང་བུམ་པ་ལྔའམ་གཅིག་གི་ནང་དུ་ལྷ་ཚང་མ། གཏོར་མ་དབང་གཏོར་དེ་དཀྱིལ་འཁོར་ཚང་མ་གཅིག་རྣམས་དུས་གཅིག་ལ་བསྒོམ། སྤྱན་འདྲེན་དུས་ཡེ་ཤེས་པ་དཔག་མེད་དུས་གཅིག་སྤྱན་དྲངས་པ་དཀྱིལ་འཁོར་བཞི་པོ་སོ་སོར་བསྟིམ། དེ་ཡང་གཞལ་ཡས་ཁང་གི་ནང་དུ་ཞི་བ་བསྐྱེད་ནས་ཡར་བཏེག༔ ཁྲོ་བོའི་དཀྱིལ་འཁོར་འོག་ཏུ་ཡོད་པ། ཞི་བ་རྣམས་ཁྲོ་བོའི་དབུ་རྒྱན་གྱི་ཚུལ་དུ། བར་སྣང་ལ་བཞུགས་པ་ཡིན་གྱིས། དཀྱིལ་འཁོར་ཁང་པ་ལྟར་རྩག་གཉིས་ཡོད་པ་ནི༔ ཁོ་བོས་མི་འདོད་དེ་ཚད་ལྡན་རྒྱུད་གཞུང་གང་ལ་ཡང་མ་མཐོང་ངོ་། །ལུས་དཀྱིལ་དང་མི་གཅིག་པའི་ཕྱིར་རོ། །མཆོད་པ་དུས་སྤྲུལ་པའི་ལྷ་མོ་མང་པོས་བདག་མདུན་སོ་སོར་མཆོད་བསྟོད་བྱེད་པར་བསམ་མོ། །ལས་བྱང་བསྟོད་པའི་རྗེས་དེར་བསྙེན་པ་བྱ། དེ་ནས་ལོང་སྐབས་ཡོད་ན། དྲག་པོ་རྟ་མགྲིན། མ་ནིང་ངམ་སྡེ་བདུན་སོགས་གཏོར་མགྲོན་བསྔོས་འདོན། ལོང་མེད་ན་མི་དགོས། དེ་ནས་བརྒྱ་ཕྱག་ཀློང་བཤགས། བསྐང་བའི་ཕྱི་མཆོད་སྨན་རཀ །མར་མེའི་བསྐང་བ་དེ་རྣམས་གོ་རིམ་མ་ངེས་ཁྲོམ་སོགས་སྟབས་དང་


CMR005_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བསྟུན་ཆོག །མར་མེ་ཡང་འདིར་བལྟམས་ནས་མར་མེ་སྨོན་ལམ་བྱ་བའམ། རྗེས་ནམ་གང་རུང་སྐབས་དང་བསྟུན་རུང་། ཉིན་ཆོག་ལ། ཟད་མི་ཐུབ་ན། སྤྱན་འདྲེན་གཅིག་མཆོད་པའི་སྐབས་སུ་བལྟམས་ལ། སྨོན་ལམ་རྗེས་སུ་རུང་། དེ་ནས་ཚོགས་བྱ། ཚོགས་ཕུད་ཕུལ་ལ་གཏོར་བསྔོས་བྱ་རྒྱུ་ཡིན་རུང་། ཡི་དམ་ཆོས་སྐྱོང་གི་ལས་བྱང་མཚམས་སུ་རུང་། བར་པ་བཤགས་པས་གཏོར་མ་གསོས་ལ། ཧཱུྃ། དངོས་པོ་ཆོས་ཉིད་སོགས། བསྐང་བ་འདོན་རྒྱུ་ཡིན། བསྐང་བ་གཞན་སྦྱར་རུང་། ཚོགས་གོང་དུ་བཏོན་ཡང་མི་འགལ། གཏོར་འབུལ་སྤྱི་བསྐུལ་དང་། ཆད་མདོའི་བར་དུ་སྡེ་བདུན་གྱི་བསྐུལ་པ་སྦྱར་རྒྱུ་ཡིན་ཏེ། ཆོས་སྐྱོང་དུ་ཡོད་བསྐུལ་པ་སྦྱར་རུང་། མ་བྱས་ཀྱང་གཞུང་གིས་འཐུས། རྟ་བྲོ་མན་གཞུང་ལྟར་རོ། །རྩ་བའི་ལས་བྱང་དང་གཅིག །བརྒྱ་ཕྱག་དང་གཉིས། བསྐང་བཤགས་དང་གསུམ། ཀློང་བཤགས་དང་བཞི་ཚང་བ་གལ་ཆེ། ཞི་ཁྲོ་དང་ན་རཀ་དོང་སྤྲུགས་ཆོ་ག་གཉིས་བཅའ་ལུགས་སོགས་ཐམས་ཅད་འདྲ་སྟེ། རྣམ་སྣང་དང་བུ་ཧེ་རུ་ཀ་དབུས་ན་ཡོད་པ་དེ་ཞི་ཁྲོ་ཡིན། རྣམ་སྣང་བུདྡྷ་ཧེ་རུ་ཀ་ཤར་དུ་བསྒོམས་ནས། རྡོར་


CMR005_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བཛྲ་ཧེ་རུ་ཀ་གཉིས་དབུས་སུ་བསྒོམ། སྔགས་ཀྱང་ཡིག་བརྒྱ་ལ་བསྙེན་པ་གཙོ་བོ་དང་། བུདྡྷ་སཏཱ་སོགས། རིགས་བཞིའི་ཡིག་བརྒྱ་ཅི་ནུས་བཟླས་བ་ན་རཀ་དོང་སྤྲུགས་ཀྱི་ཆོ་ག་སྟེ། ཚེ་འདས་གནས་འདྲེན་དང་། རིགས་དྲུག་གནས་སྤར་ལ་འདི་གལ་ཆེ། བག་ཆགས་རང་གྲོལ་རྩ་ཚིག་བཏོན་ཀྱང་ལེགས། མ་ཐོན་ཡང་ཆད་པའི་སྐྱོན་མི་འགྱུར་རོ། །དེ་རང་ལུགས་ཡིན། གཞན་གྱི་ལུགས་མང་པོ་སྣང་སྟེ་བྲི་མ་ཐུབ། ཅེས་གོ་འཇོ་བླ་མས་བསྐུལ་ནས་རཱ་ག་ཨ་སྱས་བསམ་འགྲུབ་གཞུང་དུ་མར་མེའི་ངོས་ལ་བྲིས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་འདོན་འགྲིགས།


CMR005_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་འདོན་འགྲིགས་བཞུགས་པའི་དབུ་ཕྱོགས་ལགས།།


CMR005_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། །ཞི་ཁྲོའི་བཅའ་ཚོགས་མཐོང་བ་བརྒྱུད་པ་ལྟར། །འདོན་ལུགས་ཕྱག་ལེན་མི་འདྲ་སྣ་ཚོགས་ཏེ། །ཞི་ཁྲོའི་རང་གཞུང་བཀའ་བབས་ཀྱིས་མཛད་ལུགས། །སྐྱབས་སེམས་དཀར་བགེགས་ལ་སོགས་སོང་བའི་རྗེས། །ལས་བྱང་རྒྱས་བསྡུས་གང་འདོད་ཚང་བར་འདོན། །སྐབས་དེར་བོ་དྷི་ཙིཏྟ་ཅི་ནུས་བསྙེན། །དེ་ནས་ལོ་རྒྱུས་བཤད་ཅིང་བརྒྱ་ཕྱག་འཚལ། །རྡོར་སེམས་སྒོམ་བཟླས་ཡིག་བརྒྱ་འུར་འདོན་བྱ། །དེ་ནས་ཀློང་བཤགས་ཚང་བར་བཏོན་པའི་རྗེས། །མཆོད་པ་བཀྱགས་ཤིང་འཛབ་བྲོ་ལ་སོགས་བྱ། །དེ་ནས་


CMR005_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བྱས་དབུས་ནས་བེ་རོ་སོགས། །ཚིགས་བཅད་དེ་ཉིད་འདོན་ཞིང་ཚོགས་བཀྱགས་ལ། །དེ་ནས་ཚོགས་ཚར་ཚོགས་ཕུད་གཏོར་མར་བྲན། །རང་གིས་གཏོར་བསྔོས་རྒྱས་བསྡུས་གང་ཡོད་འདོན། །བར་པ་བཤགས་པ་བསྐང་བ་གསོས་བྱས་ལ། །རྣམ་ཤེས་ཕུང་པོ་ལ་སོགས་བསྐང་བ་འདོན། །དེ་ནས་བསྒྲལ་ལས་བསྟབ་པ་གཞུང་ལྟར་བྱ། །མར་མེ་སྦར་ལ་མར་མེའི་སྨོན་ལམ་གྱེར།་།དེ་ནས་ཚོགས་ལ་རོལ་ཏེ་ལྷག་མ་བསྔོ། །སྐབས་འདིར་དབང་དང་ཕྱིར་ལྡོག་དགོས་ན་བྱ། །དེ་ནས་གཞི་བདག་དཀར་གཏོར་བསྔོས་བྱས་ལ། །དམར་གཏོར་བྲན་ལ་དགུག་


CMR005_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག་ཅུང་ཟད་རྗེས། །ལས་བྱང་བསྐུལ་དང་དེ་རྗེས་སྡེ་བདུན་བསྐུལ། །དེ་རྗེས་ཆད་མདོ་བརྟན་སྐྱོང་བྲན་ལ་འབུལ། །རྟ་བྲོ་རྗེས་ཆོག་ལ་སོགས་གཞུང་ལྟར་རོ། །དེ་ནི་བཀའ་བབས་ལུགས་ཀྱི་ཕྱག་ལེན་ཡིན། །གུ་རུ་ཀུན་དགའ་བསྟན་འཛིན་ཕྱག་ལེན་དང་། །གོང་མ་རྣམས་ཀྱི་མིག་ལྟོས་ལྟར་བྱེད་ན། །དང་པོ་གུ་རུ་ཞི་བ་འདོན་པར་བྱེད། །ཞི་ཁྲོའི་ལས་བྱང་རྗེས་ནས་གུར་དྲག་སོགས། །རང་གིས་གཏོར་མགྲོན་ལས་བྱང་ཤེས་ཚད་འདོན། །ཆོས་བཤད་བྱས་ལ་བརྒྱ་ཕྱག་ཕུལ་བའི་རྗེས། །ཡི་གེ་ཤེས་ཚད་རྣམས་ཀྱིས་སོ་སོ་རུ། །ཀློང་བཤགས་སངས་རྒྱས་སྟོང་གི་མཚན་འབུམ་དང་། །དགོངས་འདུས་ཕྱག་འཚལ་ཁ་བཀང་བརྒྱ་པའང་འདོན། །བག་ཆགས་རང་གྲོལ་བར་དོའི་རྩ་ཚིག་དང་། །ཞི་དྲག་ལ་སོགས་བསྐང་བ་གང་ཡོད་དང་། །བསྐང་འབུམ་བཤགས་འབུམ་དྲི་མེད་བཤགས་རྒྱུད་སོགས། །ཡི་གེ་ཤེས་ཚད་རྣམས་ལ་འདོན་བཅུག་གོ །མར་མེ་བལྟམས་ནས་མར་མེའི་སྨོན་ལམ་གྱེར། །བསྔོ་བ་བྱས་ནས་དེ་རྗེས་ཚོགས་བྱ་སྟེ། །ཚོགས་དང་ལྷག་མ་ལ་སོགས་བཏོན་ཚར་རྗེས། །ཚོགས་ནི་མི་སྤེལ་གཏོར་འབུལ་བྱ་བའི་སྐབས། །དམར་གཏོར་གཉིས་ནི་མཉམ་དུ་བྲན་


CMR005_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ། །གཅིག་ལ་རང་གི་ཆོས་སྐྱོང་ཡོད་ཚད་ཀྱི། །གཏོར་འབུལ་བསྐུལ་ཐུང་ཐམས་ཅད་དེ་ལ་འདོན། །གཅིག་ལ་ཞི་ཁྲོའི་གཞུང་གི་བསྐུལ་པ་དང་། །ཚད་མདོ་བརྟན་སྐྱོང་ལ་སོགས་འདོན་བྱ་སྟེ། །གཞི་བདག་དཀར་གཏོར་དང་བཅས་གཏོར་མ་གསུམ། །མེ་རི་བཙུགས་ལ་མཆོད་གཡོག་པ་ཡིས་བཀྱགས། །བཟློག་ཐུང་བཏོན་ལ་གསུམ་པོ་དུས་གཅིག་ཕུལ། །དེ་རྗེས་ཚོགས་སྤེལ་ཚོགས་ལ་རོལ་བའི་རྗེས། །རྟ་བྲོ་མན་ཆད་རྗེས་ཆོག་ལས་བྱང་ལྟར། །དེ་ནི་ཉ་འུད་དགོན་པའི་འདོན་ལུགས་སོ།། ༈ འབྲོག་པ་ལ་སོགས་ཉིན་སྐོར་མགྱོགས་དགོས་ན། །སྐྱབས་སེམས་དཀར་བགེགས་ལས་བྱུང་ཚར་བའི་རྗེས། །མར་མེ་སྦྱར་ལ་མར་མེའི་སྨོན་ལམ་འདོན། །དེ་ནས་བསྐང་བ་འདོན་ལ་བརྒྱ་ཕྱག་འཚལ་། །དེ་ནས་བསྐང་བ་བཀྱགས་ལ་ཚོགས་བྱའོ། །ཚོགས་དང་བསྐང་བའི་མཚམས་སུ་བྱང་བུ་དང་། །དབང་བསྐུར་ལ་སོགས་གང་དགོས་སྦྱར་བར་རུང་། །སྔོན་དུ་རྒྱལ་བ་རྒྱ་མཚོ་བཏོན་ན་ནི། །རྙིང་མའི་སྔོན་འགྲོ་དེ་དག་མི་དགོས་སོ། །ལས་བྱང་མགོ་རུ་རྩ་གསུམ་མཆོད་ཕྲེང་ངམ། །པདྨ་འོད་འབར་གང་རུང་བཏོན་ན་ལེགས།་།ལས་བྱང་སྨན་མཆོད་


CMR005_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་སྨན་མཆོད་དང་། །གཏོར་བསྔོས་སྐབས་དེར་ལྷ་ཚོགས་ཐམས་ཅད་ཀྱི། །སྔགས་ལ་ཁཱ་ཧི་སྦྱར་བ་ཀཿཐོག་ལུགས།། ༈ རང་ལུགས་སྨན་མཆོད་བདུད་རྩི་བཀྱགས་པའི་མཇུག །གཏོར་བསྔོས་ལས་བྱང་ཚར་བའི་སྐབས་ཤིག་ཏུ། །རང་གི་རྒྱུན་ཁྱེར་གཏོར་བསྔོས་གང་དགོས་བྱ། །མདོར་ན་སྐྱབས་སེམས་སྔོན་འགྲོ་དཀར་བགེགས་དང་། །ལས་བྱང་བསྟོད་པ་ཡན་ནི་མགོ་ཡིན་ལ། །གཏོར་འབུལ་རྟ་བྲོ་རྗེས་ཆོག་མཇུག་ཡིན་ཏེ། །མགོ་མཇུག་དེ་གཉིས་གོ་རིམ་ངེས་པ་ཡིན། །དེ་གཉིས་བར་དུ་བརྒྱ་ཕྱག་ཀློང་བཤགས་དང་། །བསྐང་བ་བཀྱག་དང་བསྐང་བ་ཚོགས་ལས་དང་། །དབང་དང་ཕྱིར་ལྡོག་རྣམས་ལ་གོ་རིམ་མེད། །སྐབས་སུ་གང་བབ་ཅི་བདེ་བྱས་པས་ཆོག །བླ་མ་འོད་གསལ་ཞེས་བྱས་བསྐུལ་བྱས་ནས། །རཱ་ག་ཨ་སྱས་འཕྲལ་དུ་སྨྲས་པ་ལྟར། །པདྨ་ཐབས་མཁས་ཞེས་བྱས་མགྱོགས་པར་བྲིས།། མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཞི་ཁྲོ་བརྒྱ་མཆོད་ན་རཀ་དོང་སྤྲུགས་ཀྱི་བསྐང་ཆོག་ཉམས་ཆག་རང་གྲོལ་གྱི་ལོ་རྒྱུས་མདོར་བསྡུས་པ་ཐོས་པས་ཡིད་འཕྲོག་ལྷའི་རྔ་ཆེན།


CMR005_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་བརྒྱ་མཆོད་ན་རཀ་དོང་སྤྲུགས་ཀྱི་བསྐང་ཆོག་ཉམས་ཆག་རང་གྲོལ་གྱི་ལོ་རྒྱུས་མདོར་བསྡུས་པ་ཐོས་པས་ཡིད་འཕྲོག་ལྷའི་རྔ་ཆེན་ཞེས་བྱ་བ་བཞུགས་སོ། །


CMR005_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ཁྱེད་འདིར་འདུས་ཤིང་འཚོགས་པ་རྣམས་ཐུགས་གཞན་དུ་མ་ཡེངས་པར་གསན་པར་འཚལ། ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་བསྐང་བཤགས་ཉམས་ཆག་རང་གྲོལ་འདི་ཡི་སྐབས་སུ་བྲམ་ཟེ་དུང་ཕྲེང་ཅན་གྱི་ལོ་རྒྱུས་དང་། ན་རཀ་དོང་སྤྲུགས་ཀྱི་ལོ་རྒྱུས་མ་བཤད་ན་ཆོ་གའི་ཡན་ལག་ཉམས་ཤིང་ཕྱག་ལེན་འཆུགས་པའི་སྐྱོན་དུ་འགྱུར་བས། ལོ་རྒྱུས་ཅུང་ཟད་ཅིག་ཞུ་ན། གནས་འོག་མིན་ཆོས་དབྱིངས་ཀྱི་ཕོ་བྲང་ན་བཅོམ་ལྡན་འདས་ཆོས་སྐུ་ཀུན་ཏུ་བཟང་པོ་ཉིད་གཞི་གདོད་མའི་གནས་སུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེའི་སྣང་ཆ་ལས་འོག་མིན་འཐུག་པོ་བཀོད་པའི་ཞིང་


CMR005_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་སུ་ལོངས་སྐུ་རྣམ་སྣང་གངས་ཅན་མཚོ་རིགས་ལྔའི་སངས་རྒྱས་སུ་མངོན་པར་སྣང་ངོ་། །དེའི་སྤྲུལ་པ་ནི་རིམ་པ་བཞིན་དུ་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་དང་། སྟོན་པ་ཁྱེའུ་སྣང་བ་དམ་པ་དང་། སྟོན་པ་ཁྱེའུ་འོད་མི་འཁྲུགས་པ་དང་། སྟོན་པ་འཇིགས་པ་སྐྱོབས་པ་དང་། སྟོན་པ་གཞོན་ནུ་རོལ་པ་དང་། སྟོན་པ་རྡོ་རྗེ་འཆང་དང་། སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་དང་། སྟོན་པ་དྲང་སྲོང་ཁྲོས་པའི་རྒྱལ་པོ་དང་། །སྟོན་པ་གསེར་འོད་དམ་པ་དང་། སྟོན་པ་བརྩེ་བའི་རོལ་པའི་བློ་གྲོས་དང་། སྟོན་པ་འོད་སྲུང་བགྲེས་པོ་དང་། སྟོན་པ་མངོན་རྫོགས་རྒྱལ་པོ་


CMR005_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྣམས་སུ་སྤྲུལ་ནས་ཆོས་སྒོ་དཔག་ཏུ་མེད་པ་དང་། །ཁྱད་པར་དུ་རྫོགས་པ་ཆེན་པོའི་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞི་གསུངས་པ་ཐམས་ཅད་ཀྱིས་བཅུད་བསྡུས་པ་ནི། ཞི་ཁྲོ་དགོངས་པ་རང་གྲོལ་འདི་ཉིད་ཡིན་ལ། མ་འོངས་པ་ན་ཡང་སྟོན་པ་བྱམས་པ་མགོན་པོ་ནས་བཟུང་སྟེ་སངས་རྒྱས་མོས་པའི་བར་གྱི་བསྐལ་བཟང་གི་སངས་རྒྱས་དེ་དག་ཐམས་ཅད་ཀྱང་སྟོན་པ་ཀུན་ཏུ་བཟང་པོ་ཉིད་ཀྱི་སྤྲུལ་པ་ཡིན་ནོ། །ཁྱད་པར་ན་རཀ་དོང་སྤྲུགས་ཀྱི་ལོ་རྒྱུས་ནི། སྔོན་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ན་བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ་རིག་པའི་གནས་ལྔ་ལ་མཁས་པ། སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་བྱས་པ་བྱང་ཆུབ་སེམས་དཔའི་རིགས་ཅན་ཞིག་དུར་ཁྲོད་ན་བསྒྲུབ་པ་མཛད་ཅིང་བཞུགས་པ་ལ། ཡུལ་ཁམས་དེའི་རྒྱལ་པོའི་བུ་གཅིག་སློབ་མར་བྱས་ཏེ། སྒྲ་དང་ཚད་མ་དང་། བཟོ་རིགས་དང་། གསོ་དཔྱད་དང་། ནང་རིག་པ་སོགས་རིག་པའི་གནས་ལྔ་དང་། སྙན་ངག་དང་སྡེབ་སྦྱོར་དང་ཚིག་རྒྱན་ལ་སོགས་པ་རིག་པའི་གནས་བཅོ་བརྒྱད་ལ་མཁས་པར་གྱུར་ཏོ། །དེར་རྒྱལ་པོའི་བུ་དེ་ཡི་བསམ་པ་ལ། སློབ་དཔོན་འདི་མེད་ན་རང་བས་མཁས་པ་


CMR005_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་བུ་གླིང་ན་མེད་པ་གཅིག་འོང་སྙམ་ནས། སློབ་དཔོན་ལ་འབྲས་ཆང་གིས་མྱོས་སུ་བཅུག་ནས་ལུས་ལ་རུས་སྦལ་གྱི་ཁྲག་བྱུགས་ཏེ་ཆུ་བུར་དང་རྨ་མཛེ་འོང་བར་བྱས། །བུད་མེད་མང་པོར་བརྫི་བསྣག་བྱེད་དུ་བཅུག །མིག་ཁབ་ཀྱིས་བཙག །ལྕེ་ལྕགས་ཀྱུས་དྲངས། སྐྱིད་པ་ཡང་བཅད་དེ་བཞག་གོ །དེར་བྲམ་ཟེ་འབྲས་ཆང་གིས་མྱོས་པ་སང་ནས་སློབ་མས་ཕྲག་དོག་བྱས་པར་ཤེས་ནས། སློབ་མ་ལ་ཡིད་ཀྱིས་དམོད་པ་བོར་ནས་ཚེའི་དུས་བྱས་སོ། །དེ་ནས་རྒྱལ་པོའི་བུ་ལ་སྲས་གཅིག་ཡོད་པ་ཡི་མགོ་ལ་ལྕགས་ཀྱི་འཛེར་པ་གཅིག་སྐྱེས་ཏེ་ཐབས་གང་གིས་ཀྱང་མ་ཕན་ཏེ། རྒྱལ་པོའི་བུ་རིག་གནས་མཁན་དེ་ཉིད་ཀྱིས་ལྕེས་ལྡག་པས་ཕན་པར་སྣང་ནས། འཛེར་པ་ལྡག་པས་འཛེར་པར་ཕན་པ་དང་མཉམ་དུ་ལྕེ་ཆད་ནས་ཤི་སྟེ། སེམས་ཅན་ལུས་སྲུལ་པོ་གཅེར་བུ་ཅན་ཞེས་བྱ་བ་ནད་སྣ་ཚོགས་དང་ལུས་ལ་ཤ་ཟ་བ་སྟོང་གིས་ཚང་བཅའ་བ་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་དུས་གཅིག་ལ་མྱོང་བ་གཅིག་ཏུ་སྐྱེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་རྡོ་རྗེ་སེམས་དཔའ་གཉིས་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་སེམས་ཅན་ལུས་སྲུལ་པོ་དེ་ངན་སོང་ལས་ཐར་ཐབས་


CMR005_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་དུ་གསོལ་ཞུས་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཞལ་ནས། སྡིག་སྒྲིབ་ཐམས་ཅད་སློབ་དཔོན་གྱི་གདམས་ངག་ལ་བརྟེན་ནས་སྦྱངས་དགོས་པ། སློབ་མས་སློབ་དཔོན་བསད་པའི་སྡིག་སྒྲིབ་དག་པའི་ཐབས་མེད་གསུངས། དེར་བྱང་ཆུབ་སེམས་དཔའ་གཉིས་སྙིང་རྗེའི་དབང་གི་རེ་ཞིག་བརྒྱལ་ལོ། །བརྒྱལ་སངས་ནས་སངས་རྒྱས་ཐམས་ཅད་ཀྱི་སྤྱི་མེས་དཔལ་ཀུན་ཏུ་བཟང་པོ་ལ་ཞུས་པས། ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་མཚན་ནས་བརྗོད་ལ་ཕྱག་འཚོལ་ཞིག །ཅེས་པ་ལ་སོགས་པ་ན་རཀ་དོང་སྤྲུགས་ཀྱི་རྒྱུད་ཆེན་པོ་དགོངས་པའི་རྗེས་སུ་གནང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་གཉིས་ལུས་སྲུལ་པོའི་དྲུང་དུ་བྱོན་ནས་ཞི་ཁྲོའི་དཀྱིལ་འཁོར་དུ་བཅུག་ཅིང་། རང་སྣང་ཞི་ཁྲོའི་ལྷ་ཚོགས་ཀྱི་མཚན་རྣ་བར་བསྒྲིག་ཅིང་ཕྱག་འཚལ་དུ་བཅུག་ནས་ངན་སོང་ལས་ཐར་ནས། དག་པ་མཁའ་སྤྱོད་ཀྱི་གནས་སུ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རིག་འཛིན་ལྔ་ཡི་གོ་འཕང་ཐོབ། གཞན་ཡང་དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་དང་ལྷ་མ་ཡིན་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་དོང་ནས་སྤྲུགས་ཏེ་སྟོངས་པར་གྱུར་ཏོ། །ལྷ་དང་མི་ཡི་འཇིག་རྟེན་དོང་ནས་


CMR005_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུགས་ཏེ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་དང་འདྲ་བར་གྱུར་ཏོ། །དེ་ནས་ཡང་སྟོན་པ་ཀུན་ཏུ་བཟང་པོ་ལ་འཁོར་རིགས་ལྔའི་སངས་རྒྱས་དང་རྣལ་འབྱོར་ཕོ་མོ་དཔག་ཏུ་མེད་པས་དམ་ཚིག་ཆག་ཉམས་སྦྱངས་བའི་ཐབས་གསུངས་པར་ཞུས་པས། ཞི་ཁྲོ་གསང་བའི་དཔང་ཀོང་ཕྱག་རྒྱ་པ་ཞེས་བྱ་བ་གསུངས་སོ། །དེ་ནས་ཡང་རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་རྩེ་མོ་ནས། དཔལ་ཕྱག་ན་རྡོ་རྗེ་ལ་འཁོར་དཔག་ཏུ་མེད་པ་དང་བཅས་ཏེ་བཞུགས་པའི་ཚེ་རིག་འཛིན་གྱི་རྒྱལ་པོ་ཀུན་ཛ་རས། དམ་ཚིག་ཉམས་ཆག་བཤགས་པའི་ཐབས་ཞུས་པས། ལྟ་བའི་ཀློང་བཤགས་རུ་ཏྲའི་སྨེ་བཤགས་ལ་སོགས་པའི་དྲི་མེད་རྒྱལ་པོའི་བཤགས་པའི་རྒྱུད་གསུངས་སོ། །དེ་ལ་སོགས་པའི་རྒྱུད་མན་ངག་གོང་མས་བརྒྱུད་པའི་རིམ་པ་ནི། ཀུན་ཏུ་བཟང་པོས་རྡོ་རྗེ་འཆང་ལ། རྡོ་རྗེ་འཆང་གིས་རྡོ་རྗེ་སེམས་དཔའ་ལ་དགོངས་པས་བྱིན་གྱིས་རླབས་པའི་རྒྱལ་བ་དགོངས་པའི་བརྒྱུད་པ་ཞེས་བྱའོ། །དེ་ནས་རྒྱ་གར་ནུབ་ཕྱོགས་རྒྱལ་པོ་ཨུ་པ་ར་ཛའི་སྲས་རོ་ལངས་བདེ་བ་ཞེས་བྱ་བ་གཅིག་འཁྲུངས་ཏེ་དགུང་ལོ་གཅིག་ནས་སངས་རྒྱས་ཀྱི་ཆོས་མང་པོ་ཐུགས་ལ་འཁྲུངས། དགུང་ལོ་བདུན་ན་


CMR005_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

པཎྜི་ཏ་ལྔ་བརྒྱ་དང་ཆོས་ཀྱི་རྩོད་པ་བྱས་པས་ཁོང་རྒྱལ་ནས། པཎྜི་ཏ་ཐམས་ཅད་དད་ནས་ཞབས་སྤྱི་བོར་བླངས། ཡབ་རྒྱལ་པོ་དགའ་བས་དགའ་རབ་རྡོ་རྗེར་བཏགས། རི་བོ་ཉི་མ་སྣང་མཛད་དུ་ལོ་སུམ་ཅུ་སོ་གཅིག་ལ་ཏིང་ངེ་འཛིན་ལ་མཉམ་པར་གཞག་པས། རྡོ་རྗེ་སེམས་དཔའ་ནམ་མཁར་བྱོན་ནས་རྫོགས་པ་ཆེན་པོའི་རྒྱུད་མན་ངག་ཐམས་ཅད་གནང་སྟེ་མཁས་པར་གྱུར་ནས། ནམ་མཁའ་ལ་གཤེགས་པ་སོགས་རྫུ་འཕྲུལ་མང་པོས་མུ་སྟེགས་ཀྱི་རྒྱལ་པོ་བཏུལ་བ་སོགས་སངས་རྒྱས་གཉིས་པ་ལྟ་བུར་གྱུར་ཏོ། །དེ་ནས་རྒྱ་ནག་གི་ཡུལ་དུ་མཁས་པ་བྲི་སེང་ཧ་ཞེས་བྱ་བ་ལ་སྤྱན་རས་གཟིགས་ཀྱིས་ལུང་བསྟན་པ་ལྟར་རྫུ་འཕྲུལ་གྱིས་རྒྱ་གར་དུ་བྱོན་ནས། དགའ་རབ་རྡོ་རྗེ་དང་མཇལ་ནས་རྒྱུད་དང་མན་ངག་ཐམས་ཅད་གནང་ངོ་། །དེ་ནས་ཤྲཱི་སེང་ཧ་དུར་ཁྲོད་སོ་ས་གླིང་དུ་བཞུགས་པ། དྲུང་དུ་སློབ་དཔོན་པདྨ་འབྱུང་གནས་དང་། པཎ་ཆེན་བི་མ་ལ་མི་ཏྲ་དང་། པཎྜི་ཏ་རྒྱལ་བ་ཡེ་ཤེས་མདོ་ཞེས་བྱ་བ་དང་གསུམ་ལ་གནང་སྟེ། དེ་དག་ནི་རིག་འཛིན་བརྡ་ཡི་བརྒྱུད་པའོ། །དེ་ནས་ཨོ་རྒྱན་ཆེན་པོ་བོད་དུ་བྱོན་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་ལོ་ཙཱ་བ་ཀླུའི་རྒྱལ་མཚན་སོགས་ལ་འདིའི་དབང་ལུང་


CMR005_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་དང་བཅས་པ་གནང་ངོ་། །ཡེ་ཤེས་མཚོ་རྒྱལ་ལ་ཧེ་རུ་ཀས་ལུང་བསྟན་པ་ལྟར། སྡིག་བློན་ཤ་སྟ་འདྲེན་པའི་ཕྱིར་དམྱལ་བའི་ཡུལ་དུ་བྱོན་པས་ས་གཞི་མེ་འབར་བའི་ལྕགས་སྲེག་གི་ཁང་པ་སྒོ་མེད་པ་གཅིག་འདུག་པའི་ནང་ན་སྡིག་བློན་ཤ་སྟ་ཡོད་ཟེར་བས། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ་ཞུས་པ། སྡིག་བློན་ཤ་སྟའི་མལ་དུ་ང་ཞོག །ཤ་སྟ་བཏང་བར་ཞུ་ཞུས་པས། སེམས་ཅན་རང་གིས་བྱས་པའི་ལས་རང་ལ་མ་གཏོགས་གང་ལ་ཡང་མི་སྨིན། ཁྱོད་ཁོའི་མལ་དུ་བསྡད་ཀྱང་སྡུག་བསྔལ་མི་ཡོང་། སླར་ཁོ་རང་ལ་སྡུག་བསྔལ་ཆེར་འགྲོ་གསུངས། འོ་ན་གང་གིས་ཕན་ལགས་ཞུས་པས། ཞི་ཁྲོ་སྤྲུལ་པའི་ཆོ་ག་ཤེས་ན་ཁོ་རང་ལ་ཕན་སྟོབས་ཆེ་གསུངས། དེ་ནས་ལྷ་ལྕམ་ཡེ་ཤེས་མཚོ་རྒྱལ་མས་ལྕགས་སྲེག་ཁང་པའི་སྒོ་དྲུང་དུ་ཞི་ཁྲོ་སྤྲུལ་པའི་དཀྱིལ་འཁོར་ཞལ་ཕྱེས་པས། ཚ་ངར་དང་ལྡན་པའི་མེའི་ས་གཞི་དང་མཚོན་ཆ་རྣམས་ཀྱང་དངོས་མེད་དུ་བརླགས་ནས། བསིལ་དྲོད་ཁོད་སྙོམ་ཞིང་ལུས་ངག་ཡིད་གསུམ་བདེ་བ་དང་ལྡན་པར་གྱུར་ཏོ། །ལྕགས་སྲེག་གི་ཁང་པ་དེ་ཡང་ཞིག་ནས་གཤིན་རྗེ་རྣམས་ཞི་བའི་འཛུམ་བསྟན་ཏེ། བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་དང་


CMR005_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ལྕམ་ལ་ཕྱག་འཚལ་ལོ། །སྡིག་བློན་ཤ་སྟ་ལ་སོགས་པ་འབུམ་ཚོ་བཅུ་གཅིག་དྲངས་སོ། །ན་རཀ་གནས་དེ་དོང་ནས་སྤྲུགས་སོ། །དེ་ནས་ཨོ་རྒྱན་རིན་པོ་ཆེ་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་དྲི་མེད་བཤགས་རྒྱུད་དང་ན་རཀ་དོང་སྤྲུགས་ཀྱི་རྒྱུད་དང་ལྟ་བ་ཀློང་ཡང་གི་རྒྱུད་དང་། མན་ངག་སྙིང་དགོངས་ཀྱི་རྒྱུད་དང་། སྒྱུ་འཕྲུལ་གསང་བའི་སྙིང་པོ་ལ་སོགས་པ་རྫོགས་པ་ཆེན་པོའི་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཐམས་ཅད་ཀྱིས་བཅུད་ཕྱུངས་ཏེ། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་འདི་ཉིད་ལེགས་པར་བསྡེབས་ནས། ལས་ཀྱི་དཔའ་བོ་ཀརྨའི་མིང་ཅན་གཅིག །འགྲོ་དོན་རླབས་ཆེན་སྤྱོད་གྱུར་ཅིག །ཅེས་སྨོན་ལམ་བཏབ་ནས་གཏེར་དུ་སྦས་སོ། །དེ་ཡང་སྤྱི་དོན་ཡོན་ཏན་གསལ་བ་ལས། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་འདི། །སྤེལ་བར་འཕོངས་ནས་རིན་ཆེན་གཏེར་དུ་སྦས། །ཨེ་མ་འདི་ཉིད་འདོན་པའི་སྐལ་ལྡན་རིགས་ཀྱི་བུ། །མདོག་དཀར་གཟུགས་རིང་སྨྲ་མེད་ཁྲོ་བོའི་དབྱིབས། །རེས་འགའ་ངམ་ནག་གླེན་པ་ལྟ་བུ་ལ། །རེས་འགའི་གཏད་མེད་བྱིས་པའི་རྣམ་པ་ཅན། །མ་དང་མཁའ་འགྲོ་འདུ་བའི་རིགས་ཀྱི་བུ། །དད་པའི་སྟོབས་ཆེ་ཤེས་རབ་རིག་པ་རྣོ། །མི་


CMR005_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་མི་འཛིན་དཔའ་བོའི་ཚུལ་འཛིན་པ། །འབྲུག་གམ་སྦྲུལ་གྱི་ལོ་པ་ལས་ཀྱི་མིང་ཅན་འབྱུང་། །འདི་ཉིད་ལོ་ཙཱ་ཀླུ་ཡི་རྒྱལ་མཚན་ཞེས། །འདི་དང་འཕྲད་ཀྱིས་ཆོས་ལ་ཟོང་མ་བྱེད། །མཐོང་ཐོས་འབྲེལ་པས་སྐྱེ་བ་མཐའ་ཅན་ཡིན། །དེ་ལ་འདུན་བྱེད་སློབ་བུ་བཅུ་གཅིག་འབྱུང་། །ཞེས་གསུངས་པ་ལྟར། གྲུབ་ཆེན་ཉི་ཟླ་སངས་རྒྱས་ཀྱི་སྲས་པོ་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་སྐྱེ་བ་གཏེར་སྟོན་ཀརྨ་གླིང་པས་དྭགས་ལྷ་སྒམ་པོའི་རྒྱབ་རི་རི་ལྷ་བྲན་གར་བྱེད་པ་འདྲ་བ་ནས་གཏེར་ནས་བཏོན་པའོ། །དེ་ཉིད་ཀྱིས་ཐུགས་སྲས་ཉི་ཟླ་ཆོས་རྗེ་ལ་གནང་། དེས་འགྲོ་མགོན་སཱུརྱ་རསྨི་ལ། དེ་ཡན་ཆད་དབང་བཞི་གཅིག་བརྒྱུད་དུ་མཛད་དོ། །དེ་ནས་ཞི་ཁྲོ་འདིའི་བཀའ་བབས་ཆོས་ཀྱི་རྒྱལ་མཚན་ལ་གནང་ཞིང་། དེ་ཉིད་ཀྱི་རྒྱ་ཆེར་སྤེལ་ནས་དར་བར་མཛད་དེ། བརྒྱུད་པ་གསུམ་གྱི་བར་དུ་ཆིག་བརྒྱུད་གྱིས། བརྒྱུད་པ་གསུམ་ནས་འགྲོ་དོན་རྒྱ་ཆེན་པོར་འབྱུང་། ཞེས་ལུང་བསྟན་ཡོད་པ་དང་མཐུན་ཞིང་། འདི་ཡན་ཆད་ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་པའི་སྐྱེས་བུ་ཤ་སྟག་ཡིན་ནོ། །དེ་ནས་སྤྲུལ་སྐུ་ཐུགས་རྗེའི་འོད་ཟེར། འཁྲུལ་ཞིག་བུདྡྷ་མངྒ། རིག་འཛིན་ཀུན་དགའ་གྲགས་


CMR005_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

པ། གར་དབང་ཀུན་དགའ་བསྟན་འཛིན། སྦས་པའི་རྣལ་འབྱོར་ཨ་མོ་གྷའི་མཚན་གྱི་བར་དུ་བརྒྱུད་དེ། བརྒྱུད་པའི་བླ་མ་དེ་རྣམས་ཀྱང་དངོས་སུ་ལུང་གིས་མ་ཟིན་ན་ཡང་། ཤུགས་ཀྱིས་ལུང་གིས་ཟིན་པའི་ལས་ལྡན་ཁོ་ན་ཡིན་ཏེ། མ་གཅིག་ཡེ་ཤེས་མཚོ་རྒྱལ་གྱི་གསུངས་ལས། སྙིགས་དུས་གཏེར་ལ་མོས་པའི་སྐལ་ལྡན་རྣམས། །དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ། །ཐམས་ཅད་ལས་ཅན་ཡིན་པས་དགའ་བ་སྒོམས། །ཁོ་མོའི་ཚིག་འདི་རིན་ཆེན་གསེར་བས་དཀོན། །སྤྱིར་ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་ཆོ་ག་འདི་ལ་ཕྱག་ལེན་མི་འདྲ་བ་མང་དུ་བྱུང་བའི་ནང་ནས། ཀཿཐོག་ལུགས་དང་བཀའ་བབས་ལུགས་དང་ཟུར་མང་ལུགས། བཀའ་བབས་ལུགས་གསུམ་དུ་གྲགས་ཆེ་བ་ལས། འདི་ནི་བཀའ་བབས་ཆོས་ཀྱི་རྒྱལ་མཚན་པའི་ཕྱག་བཞེས་མ་འཆུགས་པ་ཡིན་པ་ལས་བཀའ་བབས་ཆོས་ཀྱི་རྒྱལ་མཚན་ནི་ལྷ་ལྕམ་གང་འབུམ་གྱི་སྐྱེ་བ་ཡིན་ཅིང་འདིའི་ཞི་ཁྲོའི་ཆོས་སྐོར་ཐམས་ཅད་ཀྱི་གབ་འཁྲུགས་བསལ་ཏེ་ཕྱག་ལེན་གཏན་ལ་ཕབ་ནས། འགྲོ་དོན་དང་བསྟན་པ་མཐའ་རྒྱས་སུ་གྱུར་པའི་ལུང་བསྟན་ཡོད་པ་ཡིན་ནོ། །འོ་ན་ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་ཆོ་ག་འདི་ལ་ཕན་ཡོན་དང་དགོས་ཆེད་ཇི་


CMR005_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ཡོད་ཅེ་ན། ན་རཀ་དོང་སྤྲུགས་ཀྱི་རྒྱུད་ལས། ཞི་བའི་ལྷ་ཚོགས་བུདྡྷ་བཞི་བཅུ་ཞེ་གཉིས་ཀྱི་མཚན་ནས་བརྗོད་པས་མཚམས་མེད་པ་ལྔ་དང་སྡིག་སྒྲིབ་ཐམས་ཅད་བྱང་བར་འགྱུར་རོ། །ཁྲག་འཐུང་གི་ལྷ་ཚོགས་སུམ་ཅུའི་མཚན་བརྗོད་ཅིང་། ཕྱག་འཚལ་བས་མཚམས་མེད་པ་ལྔ་དང་སྡིག་པ་ལྕི་བ་རྣམས་བྱང་བར་འགྱུར་རོ། །ཞེས་རྡོ་རྗེ་སེམས་དཔའི་ཞལ་ནས་གསུངས་སོ། །དཔལ་སྒྱུ་འཕྲུལ་གསང་བ་འདུས་པའི་རྒྱུད་ཀྱི་ན་རཀ་དོང་སྤྲུགས་ཀྱི་ལེའུ་ཉེར་གསུམ་པ་ལས། གང་གིས་རྒྱལ་བ་ཞི་ཁྲོ་ཡི། །དཀྱིལ་འཁོར་མཚན་ཐོས་ཕྱག་འཚལ་ན། །ཉམས་ཆག་མ་ལུས་ཀུན་བྱང་ན། །མཚམས་མེད་ལྔ་ལ་སྨོས་ཅི་དགོས། །ན་རཀ་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་གསུངས་སོ། །སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་འདི་རྣམས་ཀྱི་མཚན་རྣམས་རྣ་བར་ལན་གཅིག་ཐོས་པས་ཀྱང་ངན་སོང་གི་སྐྱེ་སྒོ་ཆོད་པར་བཤད། དཔལ་ཀུན་ཏུ་བཟང་པོའི་གསུངས་ཞི་ཁྲོ་གསང་བའི་དཔང་ཀོང་ལས། གལ་ཏེ་རྣལ་འབྱོར་པ་གང་ཞིག་གིས། དཀྱིལ་འཁོར་གྱི་ལྷ་དེ་རྣམས་ཀྱི་མཚན་རྣ་བས་ལན་གཅིག་ཐོས་པ་ཙམ་གྱིས་ཀྱང་ན་རཀ་ཆེན་པོར་མི་ལྟུང་ངོ་། །


CMR005_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །ལྷ་འདི་རྣམས་ལ་ཕྱག་འཚལ་ན་སོ་སོར་ཐར་པའི་སྡོམ་པ་འདུལ་ཁྲིམས་ཉམས་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་སེམས་བསྐྱེད་ཉམས་པ་དང་། གསང་སྔགས་ཀྱི་སྡོམ་པ་དམ་ཚིག་ཆིག་པ་དང་། ཉམས་པ་ཐམས་ཅད་བྱང་ཞིང་དག་ནས་སོར་ཆུད་པར་བཤད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་བཀའ་ཕྱག་རྒྱ་པ་ལས། རང་བཞིན་སྒྱུ་འཕྲུལ་ལྷ་རྣམས་ལ། །གང་ཞིག་གུས་པས་ཕྱག་འཚལ་ན། །ཉམས་ཆག་ཀུན་ཀྱང་བྱང་བར་འགྱུར། །དམ་ཚིག་བསྐངས་ནས་དངོས་གྲུབ་ཐོབ། །ཅེས་གསུངས་སོ། །གཞན་ཡང་འཇིག་རྟེན་མིའི་ཁྲིམས་དང་འགལ་བའི་ལས་མནའ་ཟོས་པའི་སྡིག་པ་ཡང་དཀྱིལ་འཁོར་འདི་ཡི་མདུན་དུ་བཤགས་ན་དག་སྟེ། རྒྱུད་ལས། འཇིག་རྟེན་པའི་ཁྲིམས་དང་མནའ་ལ་སོགས་པ་དང་འགལ་བའི་ལས་བགྱིས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ། །ཞེས་གསུངས་སོ། །གཞན་ཡང་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕྱག་འཚལ་ན། ཕ་བསད་པ་དང་། མ་བསད་པ་དང་། རྡོ་རྗེ་སློབ་དཔོན་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། རྒྱལ་བའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་ལྔ་སྟེ། ཤི་མ་ཐག་ཏུ་སྐྱེ་བ་གཞན་


CMR005_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བར་མཚམས་མི་ཆོད། བར་དོ་ཡང་བགྲོད་ལོང་མེད་པར་དམྱལ་བ་མནར་མེད་པར་འགྲོ་ངེས་པའི་སྡིག་པ་དེ་ལྔ་ཡང་དག་ནས། རིག་འཛིན་རྒྱལ་བའི་ཞིང་ཁམས་།སུ་སྐྱེས་ན་སྡིག་པ་གཞན་རྣམས་དག་པར་སྨོས་ཅི་དགོས་ཏེ། ཚེ་འདས་ཀྱི་དོན་དུ་ཡིན་ན་ཡང་ན་རཀ་རིགས་དྲུག་གི་གནས་དོང་ནས་སྤྲུགས་ཏེ། རིག་འཛིན་རྒྱལ་བའི་ཞིང་ཁམས་སུ་སྐྱེ་བར་ཐེ་ཚོམ་མེད་དེ། སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། གང་གིས་སྒྱུ་འཕྲུལ་ཞི་ཁྲོ་ཡི། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན། །ཉམས་ཆག་ཀུན་ཀྱང་བྱང་གྱུར་ཏེ། །མཚམས་མེད་ལྔ་ཡི་སྡིག་ཀྱང་བྱུང་། །ན་རཀ་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་ཞི་ཁྲོ་དཔང་ཀོང་ལས་གསུངས་སོ། །དེར་མ་ཟད་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་འདི་རྣམས་ཀྱི་མཚན་ཐོས་པ་ཙམ་གྱིས། རྩ་བའི་ལྟུང་བ་བཅུ་བཞི། སྦོམ་པོ་བརྒྱད། ཡན་ལག་ཉི་ཤུ་རྩ་ལྔ། རྒྱས་པར་ས་ཡ་འབུམ་སྡེ། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་ཆག་ཉམས་ཅི་ཡོད་པ་ཐམས་ཅད་བྱང་ཞིང་དག་ནས་སོར་ཆུད་པར་གསུངས་ཏེ། དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ལས། དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་


CMR005_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་། རྣལ་འབྱོར་ཕོ་མོ་རྣམས་ཀྱིས་ཐོས་པ་ཙམ་གྱིས་རྩ་བ་དང་ཡན་ལག་གི་དམ་ཚིག་ཆག་ཉམས་ཐམས་ཅད་བསྐངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་ཏེ། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་ལྷུན་གྱིས་གྲུབ་པར་འགྱུར་རོ། །ཞེས་ཕྱག་ན་རྡོ་རྗེའི་ཞལ་ནས་གསུངས་སོ། །ཨོ་རྒྱན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་ཞལ་ནས། འདི་ནི་ཐོས་གྲོལ་ཆེན་མོ་ཞེས་བྱ་བ་ཡིན་པས། མཚམས་མེད་པ་ལྔ་བསགས་པའི་རྣ་ལམ་དུ་ཐོས་ན་ངེས་པར་གྲོལ་བར་འགྱུར་རོ། །དེའི་ཕྱིར་ཁྲོམ་ཆེན་པོའི་ནང་དུ་ཡང་བཀླགས་པར་བྱའོ། །སྤེལ་བར་བྱའོ། །ད་ལྟ་ལན་གཅིག་ཚོར་བས་དོན་མ་རྟོགས་ཀྱང་། །བར་དོར་རིག་པ་དགུ་འགྱུར་གྱིས་གསལ་དུ་འགྲོ་བས། དེའི་དུས་སུ་ཚིག་གཅིག་ཀྱང་མི་བརྗེད་པར་དྲན་པར་འགྱུར་རོ། །དེའི་ཕྱིར་ན་གསོན་པོའི་དུས་སུ་ཀུན་གྱིས་རྣ་བར་བསྒྲགས་པར་བྱའོ། །ནད་པ་ཐམས་ཅད་ཀྱི་སྔས་སུ་བཀླགས་པར་བྱའོ། །ཤི་བའི་རོ་ཐམས་ཅད་ཀྱི་སྔས་སུ་བཀླགས་པར་བྱའོ། །ཤི་བའི་རོ་ཐམས་ཅད་ཀྱི་རྩར་བཀླགས་པར་བྱའོ། །རྒྱ་ཆེར་སྤེལ་བར་བྱའོ། །འདི་དང་འཕྲད་


CMR005_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་སྐལ་བ་ཤིན་ཏུ་བཟང་བ་ཡིན་ནོ། །ཚོགས་བསགས་ཤིང་སྒྲིབ་པ་བྱང་བ་རྣམས་མ་གཏོགས་པ་འདི་དང་འཕྲད་པར་དཀའོ། །གལ་ཏེ་འཕྲད་ཀྱང་བློར་ཤོང་བར་དཀའོ། །འདི་ཐོས་ནས་ལོག་ལྟ་མ་སྐྱེས་པ་ཁོ་ནས་ཀྱང་གྲོལ་བར་ནུས་སོ། །དེའི་ཕྱིར་འདི་ལ་ཤིན་ཏུ་གཅེས་སྤྲས་སུ་བྱའོ། །འདི་ནི་ཆོས་ཐམས་ཅད་ཀྱི་བཅུད་ཡིན་ནོ། །ཞེས་གསུངས་སོ། །ཡང་ཞི་ཁྲོའི་ལྷ་ཚོགས་འདི་རྣམས་ཀྱི་སྐུ་གཟུགས་འདི་རྣམས་མཇལ་བ་དང་། མཆོད་པ་དང་མར་མེ་སོགས་ཀྱིས་འབྲེལ་བ་བཞག་ན། བར་དོར་ངོ་འཕྲོད་ནས་གྲོལ་བར་གསུངས་ཏེ། ཆོས་ཉིད་བར་དོའི་གསོལ་འདེབས་ཐོས་གྲོལ་ཆེན་མོ་ལས། དེ་ཡང་མི་ཡུལ་དུ་ཁྲག་འཐུང་གི་སྐུ་འདི་རྣམས་མངོན་རྟོགས་བསྒོམ་པ་དང་། མཆོད་བསྟོད་བྱས་པ་དང་། །ཐ་ན་སྐུ་གཟུགས་རིས་སུ་བྲིས་པ་དང་། འབུར་དུ་དོད་པ་སོགས་ཁོ་ནས་ཀྱང་འདིར་སྐུ་གཟུགས་ཤར་བ་དང་ངོ་ཤེས་ནས་གྲོལ་བ་ཐོབ་པའི་གནད་ཀྱང་དེ་ལྟར་ཡིན་ནོ། །ཞེས་གསུངས་སོ་།ཡང་ཨོ་རྒྱན་རིན་པོ་ཆེ་ཡི་ཞལ་ནས། འདི་ནི་སྒོམ་བསྒྲུབ་བྱ་མི་དགོས་པའི་ཆོས། བལྟས་པས་གྲོལ་བ། ཐོས་པས་གྲོལ་བ། བཀླགས་པས་གྲོལ་བའི་གདམས་ངག་ཟབ་


CMR005_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

མོའོ། །སྡིག་པོ་ཆེ་གསེང་ལམ་ལ་ཁྲིད་པའི་གདམས་པ་ཟབ་བོ། །དུས་གསུམ་སངས་རྒྱས་ཀྱིས་བཙལ་ཡང་འདི་ལས་ལྷག་པའི་ཆོས་རྙེད་མི་སྲིད་དོ། །ཞེས་གསུངས་སོ། །གསང་སྔགས་ཀྱི་ཆོས་གཞན་རྣམས་ཁྲོམ་ཆོས་མི་རུང་ཡང་། ཞི་ཁྲོ་འདི་ནི་ཐོས་གྲོལ་དང་མཐོང་གྲོལ་ཡིན་པས། ཁྲོམ་ཆེན་པོའི་དཀྱིལ་དུ་བཀླགས་པར་བྱའོ། །གསུངས་པ་ཡིན་ནོ། །འདི་ནི་ཞི་ཁྲོའི་བརྒྱ་མཆོད་ཅེས་བྱ་སྟེ་ཕྱི་ཡི་མཆོད་པ་ལྔ་དང་ནང་གི་མཆོད་པ་གསུམ་ལ་བརྒྱ་རྩ་བརྒྱད་ཚར་མང་པོ་ཡོད་དེ། དང་པོ་ནང་འདི་ན་བདུད་རྩི་སྨན་མཆོད་དངོས་དང་གཟུགས་བརྙན་བརྒྱ་རྩ་བརྒྱད་ཡོད་པའི་དོན་དང་ཕན་ཡོན་ནི། བདེར་གཤེགས་དྲེགས་པ་ཀུན་སྒྲོལ་གྱི་རྒྱུད་ལས། རྒྱལ་བ་རྒྱ་མཚོ་མཉེས་བྱེད་པའི། །བདུད་རྩི་སྨན་གྱི་མཆོད་པ་བྱ། །ལྷ་རྣམས་མཉེས་པར་བྱེད་པ་ཡིས། །བར་ཆད་བགེགས་ཚོགས་ཞི་བ་དང་། །ཐུགས་དམ་གཉན་པོ་བསྐང་བ་དང་། །འདོད་པའི་དོན་ཀུན་བསྒྲུབ་པའི་ཕྱིར། །བདུད་རྩི་སྨན་གྱི་མཆོད་པ་བྱ་།ཞེས་གསུངས་པའི་དོན་ཡིན། དེའི་ཕྱི་ལ་དྲག་པོའི་གཏོར་མ་བརྒྱ་རྩ་བརྒྱད་ཡོད་པ་དང་། །ནང་གི་ཟུར་བཞིར་དྲག་པོའི་གཏོར་ཆེན་བཞི་ཡོད་པ་ནི། ཁྲག་འཐུང་ཁྲོ་བོའི་ལྷ་


CMR005_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལ་ཕུལ་བས་ཡོན་མཆོད་རྣམས་ཀྱི་བར་ཆད་སེལ་བ་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེས། རྣལ་འབྱོར་གཏོར་མར་བརྩོན་པ་ན། །དེ་ལ་བར་ཆད་སུ་ཡིས་ནུས། །རྣལ་འབྱོར་གཏོར་མར་མི་བརྩོན་ན། །དེ་ཡི་བར་ཆད་སུ་ཡིས་སེལ། །ཅེས་གསུངས་སོ། །དེའི་ཕྱི་ལ་རཀྟའི་མཆོད་པའི་གཟུགས་བརྒྱ་རྩ་བརྒྱད་དང་། ནང་དུ་དངོས་སུ་བཤམས་པ་ནི། རྒྱུད་དེ་ཉིད་ལས། དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྒྲུབ་པ་དང་། །ཁམས་གསུམ་མ་ལུས་དབང་དུ་སྡུད་པ་དང་། །སྲིད་གསུམ་མ་ལུས་ཟིལ་གྱིས་གནོན་པའི་ཕྱིར། །ཁམས་གསུམ་རཀྟ་གཏོར་མ་འབུལ་བ་ནི། །ཞེས་པདྨ་ཧེ་རུ་ཀས་གསུངས་པའི་དོན་ནོ། །དེའི་ཕྱིར་ལྷ་བཤོས་བརྒྱ་དང་རྩ་བརྒྱད་དང་ནང་དུ་ཕྲིན་ལས་བཞིའི་གཏོར་ཆེན་དང་མཆོད་པའི་ལྷ་མོ་བཅུ་དྲུག་གི་ངོ་བོ་ལྷ་བཤོས་བཅུ་དྲུག་བཤམས་པ་ནི་བར་ཆད་སེལ་ཞིང་ཚོགས་རྫོགས་པའི་དོན་དུ་ཡིན་ཏེ། ལག་ལེན་གསལ་བའི་སྒྲོན་མེ་ལས། གཏོར་མ་གཏོང་བའི་དགོས་པ་ནི་བགེགས་སེལ་བའོ། །དོན་གྱིས་བགེགས་ཆོས་སྐུ་མི་རྟོགས་པ་དང་། རྟགས་ཀྱིས་བགེགས་རྒྱུ་བསོད་ནམས་ལ་བར་དུ་གཅོད་པ་


CMR005_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མཚོན་པའི་བགེགས་འཇིག་རྟེན་གྱི་ཚེ་དང་བསོད་ནམས་ལ་བར་དུ་གཅོད་པ་དང་གསུམ་པོ་དེ། དོན་རྟགས་མཚོན་པའི་གཏོར་མ་བཏང་བས་ལེ་ལོ་ཞེས་དང་། གཏོར་མའི་འབྲས་བུ་ནི་དོན་རྟོགས་མཚོན་པའི་གཏོར་མ་གསུམ་བཏང་བས། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ཐོབ། ཞེས་ཨོ་རྒྱན་རིན་པོ་ཆེས་གསུངས། དེའི་རྒྱབ་ཏུ་མེ་ཏོག་གི་གཟུགས་བརྒྱ་རྩ་བརྒྱད་བཤམས་པའི་ཕན་ཡོན་ནི། སྙིང་རྗེ་པདྨ་དཀར་པོའི་མདོ་ལས། ཀུན་དགའ་བོ་གལ་ཏེ་སེམས་ཅན་མྱ་ངན་ལས་འདའ་བའི་བསྐལ་པ་མེད་པ་ཞིག་གིས་སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་འཐོར་ན་ཡང་། ཀུན་དགའ་བོ་དགེ་བའི་རྩ་བ་དེ་ཡང་མྱ་ངན་ལས་འདས་པའི་འབྲས་བུ་ཡིན་ཏེ། མྱ་ངན་ལས་འདས་པའི་ཀླས་པ་དང་། མྱ་ངན་ལས་འདས་པའི་མཐས་གཏུག་པར་ང་སྨྲའོ། །ཞེས་གསུངས་སོ། །ཡང་མེ་ཏོག་བརྒྱ་རྩབརྒྱད་བསྒྲིགས་པ་མེ་ཏོག་གི་ཕྲེང་བ་ཡང་ཡིན་ཏེ། སྤྱན་རས་གཟིགས་ཀྱི་མདོ་ལས། །མཆོད་རྟེན་ཕྲེང་བ་ཕུལ་བྱེད་པ། །དེ་ཡིས་འཁོར་ལོས་སྒྱུར་རྒྱལ་འགྱུར། །བརྒྱ་བྱིན་ལས་ཀྱི་དབང་ཕྱུག་འགྱུར། །ཞེས་གསུངས་སོ། །དེའི་ཕྱི་རིམ་དུ་བདུག་སྤོས་བརྒྱ་རྩ་བརྒྱད་


CMR005_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གཟུགས་དང་དངོས་སུ་འབུལ་ཏེ། དེ་ཡི་ཕན་ཡོན་ནི། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན། །དྲི་མི་ཞིམ་དང་མི་གཅང་སྨད་པ་རྣམས། །རྟག་ཏུ་སྤངས་ཤིང་ཚུལ་ཁྲིམས་ཕུང་པོར་གནས། །དེ་ཡིས་རྟག་ཏུ་ཚངས་སྤྱོད་མཆོག་འདི་སྤྱོད། །ཅེས་དང་། རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན། །དེ་ཡི་ངན་སོང་གནས་རྣམས་མ་ལུས་སྤངས། །དེ་བཞིན་གཤེགས་དང་ཉེ་བར་འཐོབ་པར་འགྱུར། །ཅེས་གསུངས་སོ། །དེའི་རྒྱབ་ཏུ་དྲི་ཆབ་ཀྱི་གཟུགས་བརྒྱ་རྩ་བརྒྱད་དང་དངོས་སུ་ཡང་བཤམས་པའི་ཕན་ཡོན་ནི། མདོ་སྡེ་ལས། གང་གི་སྤོས་ཆུ་ཡུངས་འབྲུ་ཙམ་བླངས་ཏེ། །བཅོམ་ལྡན་མཆོད་རྟེན་དག་ལ་བདུག་བྱེད་པ། །དེ་ཡི་ཕན་ཡོན་བརྗོད་ན་སེམས་དང་ཞིང་། །རྡུལ་དང་དྲི་མ་སྤངས་ལ་མཉན་པར་གྱིས། །དེ་ཡི་བསོད་ནམས་ལྡན་ཞིང་ཕྱོགས་ཀུན་རྒྱུ། །ནད་མེད་འགྱུར་ཞིང་བློ་ལྡན་བག་ཡོད་ལྡན། །སྤྱོད་པ་རྣམ་པ་སྤྱོད་ཅིང་མྱ་ངན་དུལ། །སྐྱེ་བོ་མང་པོ་དགའ་ཞིང་ཡིད་དུ་འོང་། །རྒྱལ་སྲིད་ཐོབ་ནས་རྒྱལ་བ་ཀུན་མཆོག་འགྱུར། །མཐུ་ཆེན་རབ་མཁས་འཁོར་ལོས་སྒྱུར་རྒྱལ་འགྱུར། །གསེར་


CMR005_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མདོག་ལྡན་མཚན་གྱི་གོ་ཆ་ཅན། །འཇིག་རྟེན་ཀུན་ན་ཡིད་འོང་དྲི་ལྡན་འཐོབ། །ཅེས་གསུངས་སོ། །དེའི་རྒྱབ་ཏུ་ཚོགས་ཆུང་བརྒྱ་རྩ་བརྒྱད་བཤམས་པས་ཚོགས་བརྒྱ་ཞོར་ལ་འགྲུབ་ཅིང་། མདུན་དུ་ཚོགས་ཆེན་བཤམས་པས་ཚོགས་ཆེན་ཞོར་ལ་འགྲུབ་སྟེ། །དེ་ཡི་ཕན་ཡོན་ནི། འཁོར་ལོ་སྡོམ་པའི་རྒྱུད་ལས། ཨེ་མ་ཧོ་ཡེ་ཤེས་ཆེན་པོ་ཉིད། །ཚོགས་ཆེན་འབར་བས་ཉོན་མོངས་བསྲེག །ཅེས་དང་། གཤིན་རྗེ་དགྲ་ནག་གི་རྒྱུད་ལས། བསོད་ནམས་མཐར་ཐུག་ཚོགས་ཀྱི་འཁོར། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་པས་རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད་པའི་ཐབས་ཀྱི་མཐར་ཐུག་པ། ཚོགས་ཀྱི་འཁོར་ལོ་འདི་ལྟ་བུ་ནི་འདས་པའི་སངས་རྒྱས་འཁོར་བ་འཇིག་གསེར་ཐུབ་འོད་སྲུང་རྣམས་ཀྱི་བསྟན་པ་ལ་ཡང་མ་བྱུང་། མ་འོངས་པའི་སངས་རྒྱས་བྱམས་པ་ནས་སྣང་མཛད་ཀྱི་བར་དུ་ཡང་མི་འབྱུང་། ད་ལྟར་ཤཱཀྱའི་བསྟན་པ་ལ་ངེད་རང་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོ་ལ་ལོངས་སྤྱོད་ཆོག་པ་འདིར་རང་རེ་ཚེ་བསོད་ནམས་བསགས་པ་ཡིན་ཏེ། ཌོམྦི་ཧེ་རུ་ཀའི་ཞལ་ནས། ཨེ་མ་ཧོ་རྣལ་འབྱོར་པ་རྣམས། རྩོད་པའི་དུས་སུ་བྱུང་བར་གྱུར་ཀྱང་། ཚེ་གཅིག་ཕྱག་


CMR005_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱེད་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཚོགས་ཀྱི་འཁོར་ལོ་དམ་པ་འདི་དག་ལོངས་སྤྱོད་དུ་ཡོད་པ་དག་ནི། ཐུན་མོང་མ་ཡིན་པའི་བསོད་ནམས་ཀྱི་མཐུ་ལས་གྲུབ་པ་སྟེ། རྡོ་རྗེ་འཛིན་པ་རྣམ་དག་ཏུ་གྱིས་ཤིག །ཅེས་གསུངས་སོ། །རྗེ་མར་པ་ལོ་ཙཱའི་ཞལ་ནས་ཀྱང་། སྤྱིར་ཚོགས་ཀྱི་འཁོར་ལོ་བསྐོར་བ་དེ། །སྨིན་ལམ་དབང་བཞི་བསྐུར་ཙམ་ནས། །ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན། །མཁའ་འགྲོའི་བྱིན་རླབས་ཞུ་ཙམ་ན། །ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན། །རྒྱུད་སྡེའི་ཉན་བཤད་བྱེད་ཙ་ན། །ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན། །ཟབ་མོའི་གདམས་ངག་ཞུ་ཙ་ན། །ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན། །ཉམས་དང་རྟོགས་པ་སྤེལ་འདོད་ན། །ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན། །ཕྱི་ནང་གི་བར་ཆད་སེལ་ཙ་ན། །ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན། །ཕྲིན་ལས་རྣམ་བཞི་བསྒྲུབ་ཙ་ན། །ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན། །ཅེས་གསུངས་པ་ལྟ་བུ་ཡིན་ཏེ། བསོད་ནམས་ཀྱི་ཚོགས་རྫོགས་པས་ཚོགས། སྡིག་པ་དང་སྒྲིབ་པ་ཐམས་ཅད་གཅོད་པས་འཁོར་ལོ་ཞེས་བྱ་བ་ཡིན་ནོ། །གཞན་ཡང་དམ་ཚིག་ཆག་


CMR005_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་བསྐང་བ་ལ་ཡང་ཚོགས་ཀྱི་འཁོར་ལོ་འདི་ཟབ་སྟེ། བསྐང་རྒྱུད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉམས་པ་རྣམས་ནི་ཚོགས་ཀྱིས་བསྐང་། །ཞེས་གསུངས་སོ། །དེ་ཡི་རྒྱབ་ཏུ་ཐབས་ཤེས་མཚོན་པའི་ཤ་ཟན་བརྒྱ་རྩ་བརྒྱད་ནི་གསང་བའི་མཆོད་པ་ཡིན་ཅིང་། ནང་དུ་འབྲས་བུ་ཡི་ཕུང་པོ་བཀོད་པ་ཡང་མེ་ཏོག་བཀྲམ་པའི་མཚོན་བྱེད་མཆོད་པའི་ཡན་ལག་ཡིན་ཏེ། དེའི་ཕན་ཡོན་ནི། སྤྱིར་མཆོད་པའི་ཕན་ཡོན་ཏེ། སྤྱན་རས་གཟིགས་ཀྱི་མདོ་ལས། སངས་རྒྱས་དམ་པ་སྦྱིན་གནས་མཚུངས་མེད་གྱུར་པ་ལ། །སྤྱོད་པ་དམ་པ་བསྐྱེད་ནས་ཁྱད་པར་བརྙེས་གྱུར་པ། །མི་ཡི་ཁྱུ་མཆོག་དེ་ལ་འདིར་ནི་མཆོད་བྱས་ན། །རྣམ་པར་སྨིན་པས་དམ་པ་མཚུངས་མེད་རང་བཞིན་འགྱུར། །མི་ཡི་ནང་ནས་ཤི་འཕོས་ནས། །སུམ་ཅུ་གསུམ་དུ་འགྲོ་བར་གྱུར། །དེར་ནི་རིན་ཆེན་སྣ་ཚོགས་ཀྱི། །གཞལ་མེད་ཁང་པ་ཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་ཡང་ཆོ་ག་འདི་ཡི་དོན་དུ་མར་མེ་བླུགས་ཟེར་བའི་དོན། མར་མེ་མཚན་ཐུབ་གཅིག་ཟུར་བཞིར་མར་མེ་ཆེ་བ་བཞི། ཕྱི་རིམ་དུ་མར་མེ་བརྒྱ་དང་རྩ་བརྒྱད། ཀུན་འདུས་མར་མེ་བརྒྱ་རྩ་བརྒྱད་ཡོད་པས། མར་མེའི་


CMR005_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཡོན། སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཡུངས་ཀར་གྱི་འབྲས་བུ་དག་གིས་ཕྱུར་བུར་གང་བ་ནི་བགྲང་བར་ནུས་ཀྱི། དཀྱིལ་འཁོར་ལྷ་ལ་མར་མེ་གཅིག་ཕུལ་བའི་བསོད་ནམས་ནི་བགྲང་བར་མི་ནུས། གཞན་ཡང་མར་མེ་གཅིག་ཕུལ་བའི་བསོད་ནམས་ནི་ལུས་མདོག་ངན་པར་མི་སྐྱེ། ཤ་རྒྱས་ཤིང་སྟོབས་དང་ལྡན་པ་ལུས་ལ་འོད་ཡོད་ཅིང་། འཇིག་རྟེན་གྱི་ཁམས་གར་འདོད་པར་རྫུ་འཕྲུལ་གྱིས་བགྲོད་ནུས་པར་འགྱུར་བ་སྟེ། དེ་ཡི་བསོད་ནམས་ཀྱི་དཔེ་ནི་ཅི་འདྲ་ན། མི་མཇེད་འཇིག་རྟེན་གྱི་ཞིང་འདི་སྲིད་པའི་རྩེ་མོའི་བར་དུ་འཛམ་བུ་ཆུ་བོའི་གསེར་གྱིས་ཕྱུར་བུར་བཀང་བ་དང་འདྲ་བར་བསོད་ནམས་དེ་ཟད་མི་ནུས་པར་གསུངས་ཏེ། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། སངས་རྒྱས་མཚན་ལ་མར་མེ་གཅིག་ཕུལ་ན། །འདི་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་བར། །སངས་རྒྱས་ཞིང་ནི་འཛམ་གླིང་གསེར་གྱིས་གང་། །དེ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས། །བཅོམ་ལྡན་མཆོད་རྟེན་མར་མེ་ཕུལ་བྱས་ན། །དེ་ཡི་ལུས་ནི་མདོག་ངན་ཡོངས་མི་འགྱུར། །གཟུགས་མཆོག་སྲ་ཞིང་ལག་པ་གཟུ་བ་འདྲ། །སྣང་བ་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ། །གལ་


CMR005_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཁྲག་ཁྲིག་བརྒྱ་སྟོང་སངས་རྒྱས་ཞིང་། །ཡུངས་འབྲུ་དག་གིས་ཕྱུར་བུར་གང་གྱུར་པ། །བགྲང་བ་དང་ནི་གཞལ་ཞིང་བརྗོད་པར་ནུས། །བདེ་གཤེགས་མར་མེ་གཅིག་ཕུལ་དེ་ལྟར་ཡིན། །ཞེས་གསུངས་སོ། །རྔ་དང་དུང་དང་ཌཱ་དྲིལ་གླིང་བུ་སོགས། །རོལ་མོའི་མཆོད་པ་བྱེད་པའི་ཕན་ཡོན་ནི། མདོ་སྡེ་དེ་ཉིད་ལས། རོལ་མོ་སྒྲ་ཡིས་མི་མཆོག་མཆོད་བྱས་ན། །མྱ་ངན་མེད་ཅིང་དབང་ལྡན་རྒྱལ་པོ་འོང་། །མི་ཡི་འཇིག་རྟེན་ཡིད་འོང་སྒྲ་ལྡན་འགྱུར། །དེ་སྒྲ་ཡན་ལག་ཚང་ཞིང་དག་པར་འོང་། །བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན། །ཤེས་བཞིན་ལྡན་ཞིང་མིག་ནི་རྣམ་དག་འགྱུར། །རྣ་བ་རྣམ་པར་དག་ཅིང་སེམས་ཀྱང་རྣམ་པར་དག །སྣ་ཡི་དབང་པོ་མཆོག་དང་ལྡན་པར་འགྱུར། །དེ་ཡི་ལྕེ་ནི་རབ་མཛེས་ལྟ་ན་སྡུག །ཐོག་མར་རབ་མཉེས་མཛེས་ཤིང་སྒྲ་ཡིད་འོང་། །དཔེར་ན་ལྷ་ཡི་རིན་ཆེན་ནོར་བུ་འདྲ། །སྒྲ་སྐད་ཡག་པ་བྱེ་བ་དཔག་མེད་འབྱིན། །བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན། །ནམ་ཡང་སྦྲུལ་དུ་མི་འགྱུར་ལྕེ་མེད་མིན། །ཞར་བ་སྐུར་པོ་ཡ་ཡོ་ཅན་མི་འགྱུར། །ལུས་ནི་ཁྱད་པར་འཕགས་ཤིང་ཤིན་ཏུ་མཛེས། །བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་


CMR005_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན། །ལྷ་འམ་ཀླུ་འམ་མི་འམ་ལྟོ་འཕྱེ་ཆེ། །སུ་ཡང་དེ་ལ་མ་དད་སྐྱེ་མི་འགྱུར། །དབུགས་འབྱིན་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ། །ཞེས་གསུངས་སོ། །བདུད་བཞིའི་གཡུལ་ལས་རྒྱལ་བའི་རྟེན་འབྲེལ་དུ་ཟུར་བཞིར་རྒྱལ་མཚན་བཞི་བཙུགས་པའི་ཕན་ཡོན་ནི། མདོ་སྡེ་དེ་ཉིད་ལས། རྡུལ་བྲལ་ཉོན་མོངས་བསལ་ལ་རྒྱལ་མཚན་ཕུལ། །རིང་པོར་མི་ཐོག་ནོར་མང་རྙེད་པར་འགྱུར། །ཤེས་རབ་མཐའ་ཡས་མཛོད་ནི་མང་ལྡན་འོང་། །སེམས་ཆུང་མི་འགྱུར་དམན་པའི་སེམས་མི་འགྱུར། །དེ་ནི་གཞན་ལ་གནོད་པའི་སེམས་མི་སྐྱེ། །སེམས་ནི་རབ་དང་རྟག་ཏུ་བག་ཡོད་ལྡན། །དེ་ལ་མེ་དང་དུག་དང་མཚོན་མི་ཚུགས། །སྐྱེ་བོའི་ཚོགས་ཆེན་རྣམས་ཀྱིས་བལྟ་བར་འགྱུར། །ཅེས་གསུངས་སོ། །ཕོ་བྲང་འདི་ཡི་གོང་ཤམ་དར་དང་གོས་ཆེན་གྱིས་བྱས་པའང་མཛེས་ཆོས་ཙམ་མ་ཡིན་ཏེ། དེའི་དགོས་པ་ཡང་མདོ་སྡེ་ཆེན་པོ་དེ་ཉིད་ལས། འཇིག་རྟེན་མགོན་པོ་སྐྱོབ་པ་ལ། །དར་གྱིས་དབུལ་བ་ཕུལ་བྱས་ན། །ལྷ་ཡི་དག་དང་མི་རྣམས་ཀྱི། །དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཅེས་དང་། གང་ཞིག་གོས་ཀྱིས་བཅོམ་ལྡན་མཆོད་རྟེན་དང་། །འདྲེན་པ་


CMR005_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་མེད་རྣམས་ལ་མཆོད་བྱེད་པ། །དེང་འདིར་མཚུངས་པ་མེད་པའི་ལུས་ཐོབ་སྟེ། །སུམ་ཅུ་རྩ་གཉིས་མཚན་གྱི་མེ་ཏོག་རྒྱས། །ཞེས་གསུངས་སོ། །ཚོན་སྐུད་དྲྭ་བ་འདི་ཡང་རྙིང་མའི་དཀྱིལ་འཁོར་ཆེན་པོ་ཐམས་ཅད་ཀྱི་ཕྱག་ལེན་ལ་ཡོད་ཅིང་། བར་དོར་འོད་ལྔའི་དྲྭ་བ་དང་གུར་ཁྱིམ་གྱི་ནང་ནས་ཞི་ཁྲོའི་ལྷ་ཚོགས་འཆར་བ་ངོ་འཕྲོད་པའི་ཆེད་ཡིན་ནོ། །གོང་དུ་རྩ་བ་གསུམ་གྱི་གཏོར་མ་ལྷ་གྲངས་བཤམས་པ་ནི། ཨོ་རྒྱན་རིན་པོ་ཆེ་ཡི་ཞལ་ནས། རྒྱལ་བ་གཅིག་གི་དཀྱིལ་འཁོར་དུ། །རྒྱལ་བ་ཀུན་གྱི་ཕྲིན་ལས་བྱ། །རྒྱལ་བ་གཅིག་སྒྲུབ་ཀུན་གྱི་ངང་། །འགྲོ་འདུལ་སྤྲོས་པ་ལ་དགའ་ན། །རྒྱལ་བ་ཀུན་གྱི་ལས་གཞུང་བསྲང་། །ཞེས་གསུངས་པའི་དོན་ཡིན། ངེད་རྣམས་ཀྱི་དབུ་རྒྱན་དང་མ་རལ་དང་པད་ཞྭ་སོགས་རྒྱན་ཆས་སྨྲས་པ་འདི་ཡང་སྣང་ཤེས་དང་མཛེས་མཛེས་ཙམ་མ་ཡིན་ཏེ། བཅོམ་ལྡན་འདས་འབར་བའི་རྒྱལ་པོ་གཞན་གྱིས་མི་ཐུབ་པ་དཔལ་ཧེ་རུ་ཀའི་གོ་འཕང་འགྲུབ་པའི་དགོས་པ་ཡོད་དེ། སྒྱུ་འཕྲུལ་དྲ་བ་རྩ་བའི་རྒྱུད་གསང་བ་སྙིང་པོ་ལས། རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས། །འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ། །ཅེས་གསུངས་སོ། །ཕྱི་མཆོད་རྣམས་དང་སྨན་རཀ་


CMR005_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་གསུམ་མར་མེའི་མདངས་བསྐང་གྱེར་ཞིང་སྐོར་བ་བྱེད་པའི་ཕན་ཡོན་ནི། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །མི་གང་བསྐོར་བ་བྱས་པ་ཡིས། །བསྔགས་པ་བསྐལ་པ་བྱེ་བར་ཡང་། །བརྗོད་པས་ཟད་པར་བྱ་མི་ནུས། །ཞེས་དང་། མཆོད་རྟེན་བསྐོར་བ་བྱས་ན་ནི། །བརྩོན་འགྲུས་བརྟན་ཞིང་མཐུ་བརྟན་ལ། །བརྟན་ཞིང་རྣམ་པར་གནོན་བརྟན་དང་། །དེ་ནས་མྱུར་དུ་མཁས་པར་འགྱུར། །ཅེས་གསུངས་སོ། །འོ་ན་དཀྱིལ་འཁོར་འདི་བདེ་གཤེགས་མཆོད་རྟེན་མིན་ནོ་སྙམ་ན་ཤིན་ཏུ་ཡིན་ཏེ། བདེ་བར་གཤེགས་པ་བཅོམ་ལྡན་འདས་བུདྡྷ་བཞི་བཅུ་ཞེ་གཉིས་དང་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་དྲག་པོའི་ལྷ་ཚོགས། ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པ། རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་གང་ཟག་སྙན་བརྒྱུད་བླ་མ་དང་མཁའ་སྤྱོད་དག་པ་རིག་འཛིན་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་གཟུགས་དངོས་སུ་བཤམས། ཡིད་ཀྱིས་དམིགས་པས་དད་པས་སྤྱན་དྲངས་བའི་དཀྱིལ་འཁོར་ཆེན་པོ་འདི་ནི། མཆོད་པའི་རྟེན་མཆོག་ཏུ་གྱུར་པ་ཡིད་ཀྱིས་ཤེས་པར་བྱའོ། །གཞན་ཡང་དཀོན་


CMR005_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་པོ་དངོས་སུ་བཞུགས་པ་དང་དངོས་སུ་མི་བཞུགས་པ་ལ་ཡིད་ཀྱིས་དམིགས་ནས་མཆོད་པ་ཡང་བསོད་ནམས་མཉམ་པར་གསུངས་ཏེ། མདོ་སྡེ་རྒྱན་ལས། སངས་རྒྱས་རྣམས་ལ་གོས་ལ་སོགས། །མངོན་སུམ་མངོན་སུམ་ཡིན་པར་མཆོད། །ཅེས་གསུངས་སོ། །སྨན་རཀ་གཏོར་གསུམ་མདངས་བསྐང་དང་བཅས་པའི་ཚིག་མཚམས་སུ་ཨོ་ཨཱཧཱུཾ་སྦྱར་བ་ཡང་ཚིག་སླད་མ་ཡིན་ཏེ། སྐུ་གསུང་ཐུགས་ཀྱི་ཉམས་ཆག་བསྐང་བ་དང་། བླ་མ་ཡི་དམ་སྤྲིན་ལྟར་འདུ་བ་སོགས་དགོས་ཆེད་དུ་མ་ཡོད་པ་ཡིན་ཏེ། སྤྲུལ་སྐུ་དགའ་རབ་རྡོ་རྗེའི་ཞལ་ནས། ཡི་གེ་འབྲུ་གསུམ་པོ་འདི་སྔགས་སུ་བཟླས་ན་གསང་སྔགས་ཕྱི་ནང་གི་དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར་རོ། །འདི་དབྱངས་སུ་བཟླས་ན་བླ་མ་ཡི་དམ་སྤྲིན་ལྟར་འདུ། མཁའ་འགྲོ་ཆོས་སྐྱོང་དངོས་སུ་འདུ་ཞིང་ཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་འགྱུར་རོ། །ཞེས་གསུངས་སོ། །སློབ་དཔོན་པདྨའི་ཞལ་ནས། ཨེ་མ་ཧོ། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི་ཞི་ཁྲོའི་ལྷ་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་སློབ་དཔོན་ལ་རྫོགས་པས། དེ་ཡིག་འབྲུ་གསུམ་གྱིས་འགྲུབ་པ་འདི་ཁོ་ནའོ། །ཞེས་གསུངས་སོ། །སྔགས་གླུ་ཡི་དབྱངས་སུ་


CMR005_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

གྱེར་ཞིང་གཡས་སྐོར་གཡོན་སྐོར་སྟངས་སྟབས་བྲོ་ཡི་རྣམ་པ་བྱེད་པ་འདི་ཡང་། ཕལ་པའི་གླུ་དང་བྲོ་དང་། རྩེད་མོའི་ཕྱིར་མ་ཡིན་ཏེ། གསང་སྔགས་བརྟུལ་ཞུགས་སྤྱོད་པའི་གླུ་དང་བྲོ་གར་བྱས་པས། རི་བྲག་ལ་ཐོགས་པ་མེད་པ་དང་། ནམ་མཁར་འཕུར་བ་དང་ཆོས་ཀྱི་དངོས་གྲུབ་ཐོབ་པའི་ཕན་ཡོན་བཤད་དེ། རྒྱུད་གསང་བ་སྙིང་པོ་ལས། །བྲོ་གར་འདུ་འཕྲོའི་ཕྱག་རྒྱ་ཡིས། །འཛུལ་ལམ་ནམ་མཁར་འགྲོ་བར་འགྱུར། །གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཅེས་གསུངས་པ་དང་། དེར་མ་ཟད་གསང་སྔགས་བརྟུལ་ཞུགས་སྤྱོད་པའི་བྲོ་བརྡུངས་བས་གཉེན་པོ་ཡིན་ཡང་ས་འདྲེ་ས་སྲིན་ཐམས་ཅད་འདུལ་བ་དང་། བགེགས་དང་འབྱུང་པོ་ཞུགས་པ་ཐམས་ཅད་ཕྱིར་འབྲོས་སོ། །ལྷ་འདྲེ་འཁྲུག་པ་ཐམས་ཅད་ཞི། ཕྲིན་ལས་རྣམ་བཞི་འགྲུབ་པའི་དགོས་ཆེད་ཡོད་དོ། །བདེ་གཤེགས་འདུས་པའི་དྲེགས་པ་ཀུན་སྒྲོལ་གྱི་རྒྱུད་ལས། གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་ཐུགས་རྗེ་ཅན། །རྣལ་འབྱོར་ལྟ་སྤྱོད་གདེང་ལྡན་ཏེ། །བརྟུལ་ཞུགས་སྤྱོད་པའི་བྲོ་དང་གླུ། །གསང་མཛད་ཆེན་པོ་བསྟན་དུ་གསོལ། །


CMR005_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མ་རུངས་འབྱུང་པོ་འདུལ་བ་དང་། དགེ་འདུན་སྡེ་འཇིག་སྔགས་པ་དགྲས་འཇིག་གང་། །གཙུག་ལག་ཁང་ལ་བགེགས་ཆེན་ཞུགས་པ་དང་། །འཇིག་རྟེན་ལྷ་འདྲེ་འཁྲུག་ནས་མ་རུངས་དང་། །གདུག་པའི་དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར། །བརྟུལ་ཞུགས་སྤྱོད་པ་འདི་ལྟར་བགྱི། །ཞེས་པ་ནས། དགྲ་བགེགས་ཐལ་བར་བརླག་པའི་བྲོ། །བདུད་དཔུང་ཕྱེ་མར་བརླག་པའི་བྲོ། །རྒྱུ་དྲུག་གནས་སུ་གཅོད་པའི་བྲོ། །ཁམས་གསུམ་དབང་དུ་སྡུད་པའི་བྲོ། །སྟོང་གསུམ་ཟིལ་གྱིས་གནོན་པའི་བྲོ། །གདུག་པ་གཏན་ནས་བརླག་པའི་བྲོ། །ཞེས་པའི་བར་རྒྱས་པར་གསུངས་པས་ཐ་མལ་པའི་གླུ་དང་བྲོ་དང་འདྲ་བར་མ་ཡིན་ཏེ། དོན་ཆེན་པོ་དང་ལྡན་པ་ཡིན་ནོ། །སྐབས་སྐབས་སུ་འབག་འཆམས་བྱེད་པ་འདི་ཡང་མཚར་འདོད་དང་བྱིས་པ་བསྡིག་པའི་རྩེད་མོ་མ་ཡིན་ཏེ། ད་ལྟ་ཁྲག་འཐུང་ཁྲོ་བོའི་འབག་མཐོང་པས། བར་དོར་ཞི་ཁྲོའི་ལྷ་ངོ་སྤྱོད་པའི་ཕན་ཡོན་ཡོད་དེ། ཆོས་ཉིད་བར་དོའི་ངོ་སྤྲོད་མཐོང་བ་རང་གྲོལ་ལས། བཅོ་བརྒྱད་ཁྲོ་འབོག་ཆེན་པོའི་ངོ་སྤྲོད་ཀྱིས། །ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ངོ་སྤྱོད་བྱ། །ཞེས་གསུངས་སོ། །


CMR005_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོམ་བསྡུས་ནས་ཡིག་དྲུག་འདོན་པ་འདི་ཡང་རང་གར་ཇོ་རྒྱུན་བྱེད་པ་དང་མི་འདྲ་སྟེ། ཞི་ཁྲོ་ལ་ཡིག་དྲུག་རྒྱུན་པའི་དོན་ནི་གུ་རུ་ཆོས་ཀྱི་དབང་ཕྱུག་དེ་ཉིད་རྨང་ལམ་དག་པའི་སྣང་བ་ལ། ཟངས་མདོག་དཔལ་རིར་བྱོན་དུས། ཨོ་རྒྱན་རིན་པོ་ཆེས་ཞི་ཁྲོ་གསང་བ་ཡོངས་རྫོགས་ཀྱི་སྒྲུབ་ཆེན་མཛད་ཅིང་འདུག་པ་ལ། ཡང་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གཅིག་ཀྱང་བཞེངས་ནས། སློབ་དཔོན་དཔལ་དབྱངས་ཀྱིས། ཐུགས་རྗེ་ཆེན་པོ་ཁོ་ནའི་ལས་བྱང་སྐྱོངས་ཀྱིས་འདུག །དེ་ཅི་ལགས་ཞུས་པས། གུ་རུའི་ཞལ་ནས་སྲིན་པོ་སྡིག་ཤས་ཆེ་བས་སྒྲིབ་སྦྱོང་ཐུགས་རྗེ་ཆེན་པོ་དང་སྤེལ་མ་ཡིན། ཁྱེད་བོད་ལ་སྒྲིབ་པ་ཆུང་རྒྱུ་མེད་པས་འདི་ལྟར་མཛོད་གསུངས་པ་དང་། རཏྣ་གླིང་པ་ཟངས་མདོག་དཔལ་རིར་དག་པའི་སྣང་བ་ལ་བྱོན་དུས། ཨོ་རྒྱན་རིན་པོ་ཆེས་སྒྲུབ་ཆེན་གྱི་དཀྱིལ་འཁོར་སོགས་དཀྱིལ་འཁོར་མང་པོ་ཞལ་ཕྱེས་ནས་སྣང་བ་ལ། ཇོ་མོ་རྣམས་ནི་གཙོ་བོ་མ་ཎི་རང་ལ་འཁྲབས་ཤིང་འདུག །ཅེས་གསུངས་པས། འདིར་ཡང་གཙོ་བོ་སྒྲིབ་སྦྱོང་ཡིན་པས་ཞི་ཁྲོ་དང་ཐུགས་རྗེ་ཆེན་པོ་སྤེལ་བ་ཡིན་ཅིང་། ཞི་ཁྲོའི་ཆོས་སྐོར་པོད་གཞུང་ཕལ་ཆེར་ཡང་ཞི་ཁྲོ་དགོངས་པ་རང་གྲོལ་དང་། །


CMR005_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་གཉིས་ཀའི་ཆོས་ཐུན་མོང་བ་ཡིན་པ་དང་། དཀྱིལ་འཁོར་འདི་ཡི་ནང་ན་ཡང་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་ལྷ་ཚོགས་རྣམས་བཞུགས་པས་འབྲེལ་ཆེ་བ་ཡིན་ནོ། །ཡིག་དྲུག་འདོན་པའི་ཕན་ཡོན་ཡང་ཟ་མ་ཏོག་བཀོད་པའི་མདོ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ངས་རྡུལ་ཕྲ་རབ་ཀྱི་ཚད་ནི་བགྲང་བར་ནུས་ཀྱི། རིགས་ཀྱི་བུ་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་ལན་གཅིག་བཟླས་པའི་བསོད་ནམས་ཀྱི་ཕུང་པོ་བགྲང་བར་མི་ནུས་སོ། །ཞེས་གསུངས་པ་དང་། རིགས་ཀྱི་བུ། འདི་ལྟ་སྟེ་དཔེར་ན། གླིང་ཆེན་པོ་བཞི་ན་གནས་པའི་སྐྱེས་པ་དང་། བུད་མེད། ཁྱེའུ་དང་། བུ་མོ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའི་ས་བདུན་པ་ལ་གནས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཕུང་པོ་དེ་བས། ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་ལན་གཅིག་བཟླས་པའི་བསོད་ནམས་ཀྱི་ཕུང་པོ་ནི་ཤིན་ཏུ་ཆེའོ། །ཞེས་གསུངས་པ་དང་། ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་རྒྱུད་ལས། ཨོཾ་མ་ཎི་པདྨེ་ཧཱུཾ། ཐེབ་གཅིག་མོས་པས་བརྗོད་པ་ནི། །སེམས་ཅན་དམྱལ་བའི་ནད་ལས་ཐར། །ཐེབ་གཉིས་བརྗོད་པས་ཡི་དྭགས་ཀྱི། །འགྲོ་བའི་སྒོ་ཡང་


CMR005_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

འགག་པར་འགྱུར། །གསུམ་བརྗོད་ངན་འགྲོ་བའི་འགག །ཅེས་གསུངས་པ་དང་། བཀའ་ཐང་ཚིག་ལྷུག་མ་ལས། ཨོཾ་མ་ཎི་པདྨེ་ཧཱུྃ། ཅེས་ཡི་གེ་དྲུག་པ་འདི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་ཡིན་པས། ཞག་རེར་བརྒྱ་རེ་བཟླས་ན་ངན་སོང་དུ་མི་སྐྱེ་བར་ཕྱི་མ་མི་ལུས་ཐོབ་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་མཇལ་བར་འགྱུར་རོ། །ལན་ཉི་ཤུ་རྩ་གཅིག་རེ་རྟག་ཏུ་བཟླས་བརྗོད་བྱས་ན་གཞུངེས་པར་འགྱུར་རོ། །དབྱངས་སྙན་པར་འགྱུར་རོ། །ཆོས་ཐམས་ཅད་ཀྱི་དོན་ལ་མཁས་པར་འགྱུར་རོ། །ཞག་རེ་ལ་ལན་བདུན་བདུན་བཟླས་བརྗོད་བྱས་ན་སྡིག་པ་ཐམས་ཅད་ཟད་པར་འགྱུར་རོ། །སྒྲིབ་པ་ཐམས་ཅད་དག་པར་འགྱུར་རོ། །ཚེ་རབས་གང་དང་གང་དུ་སྐྱེས་ཀྱང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་མི་འབྲལ་བར་འགྱུར་རོ། །རྟག་ཏུ་བཟླས་བརྗོད་བྱས་ན་སྐྱེ་བ་འདི་ཉིད་ལ་སངས་རྒྱས་པར་འགྱུར་རོ། །ཞེས་གསུངས་སོ། །ཨོ་རྒྱན་པདྨ་འབྱུང་གནས་ལྷོ་ནུབ་སྲིན་པོའི་ཁ་གནོན་ལ་བྱོན་ཁར། བོད་ལ་ཞལ་ཆེམས་བཞག་པ་ལས་ཀྱང་། ཕྱི་རབས་ཀྱི་རྗེ་འབངས་ཐམས་ཅད་ཐུགས་རྗེ་ཆེན་པོ་ཟུངས་ཤིག །ཡི་གེ་དྲུག་པ་ཟློས་


CMR005_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །ངན་སོང་དུ་མི་འགྲོ་བའི་དགོས་པ་ཡོད་དེ། བོད་ཁ་བ་ཅན་གྱི་ལྷ་སྐལ་ཡིན་པས་དད་གུས་མོས་པས་གསོལ་བ་ཐོབ་ཅིག །བྱིན་རླབས་དངོས་སུ་འབྱུང་ངོ་། ཡིད་གཉིས་ཐེ་ཚོམ་མ་བྱེད་ཅིག །ཆོས་འདི་ལས་ཟབ་པ་ནི་དུས་གསུམ་སངས་རྒྱས་རྣམས་ཀྱིས་ཀྱང་མ་གསུངས་ཏེ། སློབ་དཔོན་པདྨ་འབྱུང་གནས་བདག་གིས་ཀྱང་མ་གསུངས་མི་ཤེས་སོ། །ད་ལྟ་བཞུགས་དང་སླད་ནས་འབྱོན་པ་རྣམས་ཀྱིས་གསུང་བར་མི་འགྱུར་བས། བོད་ཀྱི་རྗེ་འབངས་ཐམས་ཅད་ཐུགས་ལ་དེ་ལྟར་ཞོག །ཅེས་གསུངས་སོ། ཁྱད་པར་དུ་ཐམས་ཅད་འཚོགས་ནས་ཡི་གེ་དྲུག་པ་འདོན་པ་འདི་རིམ་གྲོ་རྣམས་ཀྱི་མཆོག་ཀྱང་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེ་ཡི་ཞལ་ནས། ཁྱད་པར་ནད་ཡམས་མུ་གེ་འཁྲུག་རྩོད་དང་། །ཆག་ཆེན་ཉམས་ང་རྨིས་ལྟས་མཚན་མ་ངན། །ལོ་ཀག་ཟླ་ཀག་མོ་རྩིས་མཚན་མ་ངན། །ཡིག་བདུན་འཛབ་ཀྱིས་ལུང་པ་ཆོས་སྒྲས་བཀང་། །གཞན་ལ་མ་རེ་བློ་སེམས་གཅིག་ཏུ་དྲིལ། །དེ་ཚེ་བར་ཆད་ཞི་ནས་ལྟས་བཟང་འགྱུར།་།མཆོག་དང་ཐུན་མོང་དངོས་གྲུབ་གང་བཏབ་འགྲུབ། །ཅེས་གསུངས་སོ། །འོ་ན་ཐུགས་རྗེ་ཆེན་པོ་དང་ཞི་ཁྲོ་སྦྲེལ་བའི་ཚུལ་གྱིས་ཡིག་དྲུག་རྒྱུན་པ་ནི། ཞི་ཁྲོའི་


CMR005_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་འཛབ་བསྙེན་མ་ཡིན་པས་ཡིག་དྲུག་བསྐུལ་འདོན་མི་རུང་ངམ་སྙམ་ན་རུང་སྟེ། དུས་རེ་ཤིག་གི་ཚེ་ན་གྲུབ་ཆེན་ཀརྨ་པཀྵིའི་མདུན་དུ། གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་འཁོར་མཁའ་འགྲོ་བརྒྱ་རྩ་དང་བཅས་པས་གར་མཛད་ཅིང་བྱོན་ནས་ཁྱོད་ཀྱིས་མ་ཎི་པདྨེ་བགྲངས་མི་ཤེས་གསུངས། འོ་ན་ཇི་ལྟར་བཟླ་ཞུས་པས། མཁའ་འགྲོ་མ་བཞིས་མགྲིན་གཅིག་ཏུ་བསྡེབས་ནས་དབྱངས་སུ་གྱེར་ཞིང་འདུག །ད་ཕྱིན་ཆད་འདི་ལྟར་དབྱངས་སུ་བླངས་ན་གང་ཐོས་བྱིན་གྱིས་བརླབས་ཤིང་འགྲོ་དོན་ཤིན་ཏུ་ཆེ་བ་ཡིན་གསུངས། དེ་ཕྱིན་ཆད་ཡིག་དྲུག་བསྐྱལ་འདོན་དར་བ་ཡིན་ཏེ། འདི་མཁའ་འགྲོས་ལུང་བསྟན་ཡིན་པས་བྱིན་བརླབས་ཆེ་བ་ཡིན་ནོ། །ཁྲོམ་ལ་ཆང་དང་ཐུག་པ་སོགས་སྦྱིན་པ་འདི་ཡང་། རང་གར་དགེ་ཧུབ་དང་ཆང་ཚུལ་བྱེད་པ་བས་ཞི་ཁྲོའི་དཀྱིལ་འཁོར་གྱི་དྲུང་དུ་བྱེད་པ་འགྱུར་ཤིན་ཏུ་ཆེ་སྟེ། ཡིད་བཞིན་ནོར་བུ་རིན་ཆེན་འབྱུང་ལྡན་དང་། དཔལ་ཆེན་བདུད་རྩི་འཁྱིལ་བའི་གོ་འཕང་ཐོབ་པའི་ཕན་ཡོན་ཡོད་དོ། །སྒྱུ་འཕྲུལ་ཞི་ཁྲོའི་རྒྱུད་གསང་བ་སྙིང་པོ་ལས། བཟའ་དང་བཏུང་བའི་ཕྱག་རྒྱ་ཡིས། །ཡིད་བཞིན་སྐུ་དང་བདུད་རྩི་འགྲུབ། །ཅེས་གཾསུངས་སོ། །


CMR005_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་སྦྱིན་པའི་ཕན་ཡོན་ནི། ཐར་རྒྱན་ལས། སྦྱིན་པའི་འབྲས་བུས་མཐར་ཐུག་དང་། །གནས་སྐབས་གཉིས་སུ་ཤེས་པར་བྱའོ། །དེ་ལ་མཐར་ཐུག་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་སྟེ། ཞེས་པ་དང་། གནས་སྐབས་སུ་ཟང་ཟིང་གི་སྦྱིན་པ་བཏང་བས་མི་འདོད་ཀྱང་རང་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར་རོ། །ཞེས་གསུངས། གཞན་ཡང་ཟས་ཀྱི་སྦྱིན་པས་ཡི་དྭགས་ཀྱི་སྐྱེ་སྒོ་ཆོད་པ་དང་། དབུལ་པོར་མི་སྐྱེ་ཞིང་སྟོབས་ཆེན་རྣམས་སུ་སྐྱེས་ཏེ། བྱང་ཆུབ་སེམས་དཔའི་ས་ལས། ཟས་སྦྱིན་པ་ནི་སྟོབས་ཆེན་འགྱུར། །ཅེས་གསུངས་པ་དང་།། འཕགས་པ་སྡུད་པ་ལས། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། །དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད། །སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པ་ཐོབ་པར་འགྱུར། །སྦྱིན་ལས་སྡུག་བསྔལ་གྱུར་བའི་སེམས་ཅན་ཡོངས་སྨིན་བྱེད། །ཅེས་གསུངས་སོ། །བླ་མེད་ཐེག་ཆེན་སྙིང་པོ་བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་འདི་ལ། འབྲེལ་པ་ཁ་འདེབས། ཕྱག་བསྐོར་བ། དད་པ་དག་སྣང་བྱེད་པ་ཐམས་ཅད་ཀྱང་ཕན་ཡོན་དཔག་ཏུ་མེད་དེ། ཨུ་རྒྱན་རིན་པོ་ཆེའི་ཞལ་


CMR005_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ནས་། བླ་མེད་ཐེག་ཆེན་སྙིང་པོའི་དོན་རྣམས་དང་། །གང་འབྲེལ་ཐམས་ཅད་སངས་རྒྱས་འགྲུབ་པའི་ཕྱིར། །འདི་གྲོལ་འདི་མ་གྲོལ་གྱི་རྣམ་དབྱེ་བྲལ། །འབྲེལ་ཚད་དོན་དང་ལྡན་ཞེས་དེ་ལ་བརྗོད། །ཅེས་གསུངས་སོ། དེ་ལྟར་ཞི་ཁྲོའི་བསྐང་བཤགས་འདི་ནི་ཕན་ཡོན་གང་ཆེ་ཆེའི་ཆོས་ཐམས་ཅད་གཅིག་ཏུ་བསྡུས་པ་ལྟ་བུ། ཆོས་སྐུ་ཀུན་ཏུ་བཟང་པོའི་དགོངས་པ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བཀའ། དཔལ་ཕྱག་ན་རྡོ་རྗེའི་གསུང་། རིག་འཛིན་དགའ་རབ་རྡོ་རྗེའི་མན་ངག །ཨོ་རྒྱན་པདྨ་འབྱུང་གནས་ཀྱི་ཕྱག་བཞེས་༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཐུགས་དམ་མ་འཆུགས་པ་ཡིན་པས། དཀྱིལ་འཁོར་འདི་ལྟ་བུའི་དྲུང་དུ་ཁྱེད་རྣམས་ཀྱིས་དགེ་བ་ཁས་ལེན་རེ་མཛད་པར་ཞུ། ཞེས་བྱ་བ་འདི་ནི་དོན་གཉེར་ཅན་འགའ་ཞིག་གིས་བསྐུལ་བ་ལ་བརྟེན་ནས་བཀའ་རྫོགས་པ་ཆེན་པོའི་རྒྱུད་གཞུང་རྣམས་ལ་མོས་པ་ལམ་དུ་བྱེད་པའི་རྣལ་འབྱོར་པ་༧ ཀརྨ་ཨ་རཱ་གས་སྦྱར་བའོ། །འདི་བྲིས་ཉེས་པ་གང་མཆིས་མཐོལ་བཤགས་ཤིང་། །དེ་བས་ལོ་རྒྱུས་འདི་ཉིད་སུས་ཐོབ་པ། །ཚེ་འདིར་དགེ་བའི་ཕྱོགས་ལ་བློ་འགྱུར་ཞིང་། །འདི་ནས་ཚེ་འཕོས་ནུབ་ཕྱོགས་བདེ་ཆེན་དུ། །པདྨ་མཆོག་ལ་བརྫུས་ཏེ་སྐྱེ་བར་ཤོག །མངྒ་ལཾ། །བཀྲ་ཤིས། བྷ་ཝནྟུ།།

ཚོགས་ཁ་སྐོང་།


CMR005_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ ཀ་དག་ཆེན་པོའི་གཞལ་ཡས་ནས༔ ཀུན་བཟང་ཡབ་ཡུམ་སྐུ་བཞེངས་ཤིག༔ འཁོར་དུ་ཞི་ཁྲོའི་ཚོགས་དང་བཅས༔ དབུ་ལ་ཐོར་ཙུགས་རྒྱན་གྱིས་བརྒྱན༔ རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ༔ གསེར་གྱི་གདུ་བུ་སི་ལི་ལི༔ རྒྱན་ཆ་མང་པོ་པུ་རུ་རུ༔ སྒྲ་སྙན་མང་པོ་སྐྱུ་རུ་རུ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ ངོ་བོ་སྤྲོས་པ་མེད་མཛོད་ཀྱང་༔ གདུལ་བྱའི་སྣང་ངོར་ཅིར་ཡང་སྟོན༔ གྲག་སྟོང་འབྲུག་སྒྲ་འུ་རུ་རུ༔ མི་འགྱུར་གར་སྟབས་ལམས་སེ་ལམ༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ༔ མོས་གུས་གདུང་བའི་གཞལ་ཡས་ནས༔ རྩ་བརྒྱུད་བླ་མ་སྐུ་བཞེངས་ལ༔ འཁོར་དུ་རིག་འཛིན་ཚོགས་དང་བཅས༔ དབུ་ལ་ཐོར་ཙུགས་རྒྱན་གྱིས་བརྒྱན༔ རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ༔ གསེར་གྱི་གདུ་བུ་སི་ལི་ལི༔ རྒྱན་ཆ་མང་པོ་པུ་རུ་རུ༔ སྒྲ་སྙན་མང་པོ་སྐྱུ་རུ་རུ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ ངོ་བོ་སྤྲོས་པ་མེད་མཛོད་ཀྱང་༔ གདུལ་བྱའི་སྣང་ངོར་ཅིར་ཡང་སྟོན༔ གྲག་སྟོང་འབྲུག་སྒྲ་འུ་རུ་རུ༔ མི་འགྱུར་གར་སྟབས་ལམས་སེ་ལམ༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔


CMR005_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ དུར་ཁྲོད་གནས་བརྒྱད་གཞལ་ཡས་ནས༔ དཔའ་བོ་རྟ་མཆོག་ཡབ་ཡུམ་ལ༔་འཁོར་དུ་ཌཱ་ཀིའི་ཚོགས་དང་བཅས༔ དབུ་ལ་ཐོར་ཙུགས་རྒྱན་གྱིས་བརྒྱན༔ རིན་ཆེན་རྒྱན་ཆ་ཁྲོ་ལོ་ལོ༔ གསེར་གྱི་གདུ་བུ་སི་ལི་ལི༔ རྒྱན་ཆ་མང་པོ་པུ་རུ་རུ༔ སྒྲ་སྙན་མང་པོ་སྐྱུ་རུ་རུ༔ གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག༔ ངོ་བོ་སྤྲོས་པ་མེད་མཛོད་ཀྱང་༔ གདུལ་བྱའི་སྣང་ངོར་ཅིར་ཡང་སྟོན༔ གྲག་སྟོང་འབྲུག་སྒྲ་འུ་རུ་རུ༔ མི་འགྱུར་གར་སྟབས་ལམས་སེ་ལམ༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བླ་མ་ཡི་དམ་མཁའ་འགྲོ་རྣམས༔ དགོངས་པ་མཁའ་ལྟར་ཡ་ལ་ལ༔ རྒྱན་ཆ་སྐར་ཚོགས་ཤིགས་སེ་ཤིག༔ བྱིན་རླབས་སྤྲིན་ཚོགས་ཐིབས་སེ་ཐིབ༔ ཐུགས་རྗེའི་ཉི་ཟེར་ཏ་ལ་ལ༔ ཐུགས་ཉིད་འཇའ་ཚོན་ཝ་ལ་ལ༔ བཀའ་བདེན་འབྲུག་སྒྲ་འུ་རུ་རུ༔ སྙིང་རྗེའི་གློག་དམར་ཁྱུགས་སེ་ཁྱུག༔ གཟི་བརྗིད་སེར་ཆེན་ཤ་ར་ར༔ སྡུག་བསྔལ་མེ་ཆེན་འབར་བ་ལ༔ ཡེ་ཤེས་ཆར་ཆེན་ཀྱི་ལི་ལི༔ ཀུན་གཞིའི་ཞིང་ས་གཤིན་པོ་ལ༔ རྫོགས་ཆེན་ས་བོན་ཤ་ར་ར༔ ཐོས་བསམ་རོལ་གར་ཕྲེངས་སེ་བྲེང་༔ བྱམས་པའི་ཆར་ཆེན་སི་ལི་ལི༔ ང་རྒྱལ་ཐ་


CMR005_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

རྒོད་རིང་བ་ལ༔ མཉམ་ཉིད་ཆུ་བོ་ཕྲེངས་སེ་བྲེང་༔ བྱང་ཆུབ་མྱུ་གུ་རངས་སེ་རང་༔ དབང་བཞིའི་ཆུ་རྒྱུན་ཉི་ལི་ལི༔ སྣང་བཞིའི་ཉམས་ལེན་གཞོ་ལོ་ལོ༔ གདིང་བཞིའི་མིག་འབྲས་ཁྲོ་ལོ་ལོ༔ སྐུ་གསུམ་འབྲས་བུ་ཤ་ར་ར༔ འདིར་བྱོན་འཁོར་བའི་གདོས་ཐག་ཆོད༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཚོགས་བཀྱག༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ ཞལ་ཟས་ཚོགས་འབུལ་མཉེས་པས་བསྐང་བ་ནི༔ ཞོ་དང་འོ་མ་མར་ཐུད་ཕྲུམ་ལ་སོགས༔ དཀར་གསུམ་ཟླུམ་པོ་མཉེས་པའི་ཚོགས་མཆོད་འབུལ༔ འཇིགས་པ་བརྒྱད་སོགས་སྡིག་སྒྲིབ་ཞི་བར་མཛོད༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ ཞལ་ཟས་ཚོགས་འབུལ་མཉེས་པས་བསྐང་བ་ནི༔ འབྲས་ཆེན་འབྲུ་མཆོག་འབྲུ་རིགས་སྣ་ཚོགས་དང་༔ བྲ་ཁུར་གྲོ་ཁུར་ཟས་དང་བཤོས་ལ་སོགས༔ བཟའ་བ་ཟས་ཀྱི་ཟླ་གམ་རོ་མཆོག་འབུལ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་འབུལ་ལོ༔ འབྱོར་པ་དྲུག་ལྡན་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ བླ་མ་


CMR005_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ ཞལ་ཟས་ཚོགས་འབུལ་མཉེས་པས་བསྐང་བ་ནི༔ འབྲུ་ཆང་འབྲས་ཆང་ནས་ཆང་རྒུན་ཆང་དང་༔ བུ་རམ་སྦྲང་རྩི་ཀ་ར་ཁུར་བ་སོགས༔ སྣ་ཚོགས་ཕུད་ཀྱིས་རྩ་གསུམ་ལྷ་ཚོགས་མཆོད༔ ཁམས་གསུམ་དབང་སྡུད་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ ཞལ་ཟས་ཚོགས་འབུལ་མཉེས་པས་བསྐང་བ་ནི༔ ཤ་ཁྲག་རློན་པ་བཙོས་པ་ཡིབ་པ་དང་༔ རི་སྒོག་ཀླུང་སྒོག་ཤ་མོང་སྣ་ཚོགས་དང་༔ ལྷ་དང་ལན་ཚྭ་ཙོང་སྒོག་ལ་ཕུག་སོགས༔ ཁ་དང་མངར་བ་རྩུབ་མོ་སྐྱུར་བ་དང་༔ སྣ་ཚོགས་རོ་མཆོག་རྩ་གསུམ་ལྷ་ཚོགས་མཆོད༔ དྲག་པོའི་ཚོགས་ཀྱི་མཆོད་པ་འདི་བཞེས་ལ༔ དགྲ་བགེགས་ཚར་གཅོད་དངོས་གྲུབ་བསྩལ་དུ་གསོལ༔ ཨོ་གྷ་ན་ཙཀྲ་པཱུ་ཛ་ལ་ཁཱ་རཾ་ཁཱ་ཧི༔ ཞེས་པ་འདི་ནི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཞི་ཁྲོ་རྩ་བ་གསུམ་གྱི་ལས་བྱང་ལས་ཁོལ་དུ་ཕྱུངས་ཏེ༔ ཚིག་རིང་ཐུང་ཅུང་ཟད་ཙམ་བདེ་རུ་བཏང་ན་མ་གཏོགས་གཞུང་རང་ལས་བྱུང་བ་སྟེ༔ ལས་བྱང་ཆེ་བའི་ཚོགས་ཀྱི་ཁ་བསྐང་དུ༔ ཆོས་དབང་ཀུན་བཟང་གིས་བསྐུལ་ནས༔ ཨ་རཱ་གས་བྲིས་པ་མངྒ་ལཾ༔ བྷ་ཝནྟ༔

ཚོགས་ཀྱི་ཁ་སྐོང་།


CMR005_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ མ་བཅོས་ཆོས་དབྱིངས་ཞིང་ཁམས་ནས༔ བླ་མ་ཀུན་བཟང་ཡབ་ཡུམ་ལ༔ རྒྱལ་བ་ཞི་ཁྲོའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ་དག་པ་དབྱིངས་ཀྱི་གཞལ་ཡས་ནས༔ ཡི་དམ་རྒྱལ་བའི་དཀྱིལ་འཁོར་ལ༔ རྒྱལ་བ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཟངས་མདོག་དཔལ་རིའི་རྩེ་མོ་ནས༔ ཨོ་རྒྱན་པདྨ་འབྱུང་གནས་ལ༔ རིག་འཛིན་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོ་རྒྱན་རང་བྱུང་དུར་ཁྲོད་ནས༔ མཁའ་འགྲོ་རྡོ་རྗེ་ཕག་མོ་ལ༔ མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔་དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ བཀའ་སྲུང་དམ་ཅན་རྒྱ་མཚོ་ལ༔ སོ་སོའི་རིགས་ཀྱི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཚོགས་བཀྱག་ལ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ ཞལ་ཟས་ཚོགས་འབུལ་མཉེས་པས་བསྐང་བ་ནི༔ ཞོ་དང་འོ་མ་མར་ཐུད་ཕྲུམ་ལ་སོགས༔ དཀར་གསུམ་ཟླུམ་པོ་མཉེས་ཚོགས་མཆོད་པ་


CMR005_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ༔ འཇིགས་པ་བརྒྱད་སོགས་སྡིག་སྒྲིབ་ཞི་བར་མཛོད༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ ཞལ་ཟས་ཚོགས་འབུལ་མཉེས་པས་བསྐང་བ་ནི༔ འབྲས་ཆེན་འབྲུ་མཆོག་འབྲུ་རིགས་སྣ་ཚོགས་དང་༔ བྲ་ཁུར་གྲོ་ཁུར་ཟས་དང་བཤོས་སྣ་ཚོགས༔ བཟའ་བ་ཟས་ཀྱི་ཟླ་གམ་རོ་མཆོག་འབུལ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་འབུལ་ལོ༔ འབྱོར་བ་དྲུག་ལྡན་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ ཞལ་ཟས་ཚོགས་འབུལ་མཉེས་པས་བསྐང་བ་ནི༔ འབྲུ་ཚང་འབྲས་ཆང་ནས་ཆང་རྒུན་ཆང་དང་༔་བུ་རམ་སྦྲང་རྩི་ཀ་ར་ཁུར་བ་སོགས༔ སྣ་ཚོགས་ཕུད་ཀྱིས་རྩ་གསུམ་ལྷ་ཚོགས་མཆོད༔ ཁམས་གསུམ་དབང་སྡུད་དངོས་གྲུབ་བསྩལ་དུ་གསོལ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ ཞལ་ཟས་ཚོགས་འབུལ་མཉེས་པས་བསྐང་བ་ནི༔ ཤ་ཁྲག་རློན་པ་བཙོས་པ་ཡིབ་པ་དང་༔ རི་སྒོག་ཀླུང་སྒོག་ཤ་མོང་སྣ་ཚོགས་དང་༔ ལྷ་དང་ལན་ཚྭ་གཙང་སྒོག་ལ་ཕུག་སོགས༔ ཁ་དང་མངར་བ་རྩུབ་མོ་སྐྱུར་བ་དང་༔ སྣ་ཚོགས་རོ་མཆོག་རྩ་གསུམ་


CMR005_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཚོགས་མཆོད༔ གསུམ་ཞི་ཁྲོའི་ལས་བྱང་ནས་ཁོལ་དུ་ཕྱུངས་ཏེ། དྲག་པོའི་ཚོགས་ཀྱི་མཆོད་པ་འདི་བཞེས་ལ༔ དགྲ་བགེགས་ཚར་གཅོད་དངོས་གྲུབ་བསྩལ་དུ་གསོལ༔ ལས་བྱང་ཆེ་བའི་ཚོགས་ཀྱི་ཁ་སྐོང་དུ། ༧ རཱ་ག་ཨ་སྱས་སྦྱར་བའོ།། །།

སྡེ་བདུན་གསོལ་ཀ


CMR005_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། ལས་ལ་ཆས་ཚེ་སྲོག་བདུད་ཆ་ལུགས་ནི། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །སྲིད་གསུམ་གཟིགས་ཕྱིར་སྤྱན་གསུམ་བྲང་ལས་ཤད། །དམག་དཔོན་བཞི་འགྱེད་སྤྱན་བཞིས་ལྷུ་ཚིགས་བརྒྱན། །སྟག་རལ་གཟིག་ཤུབས་བཏགས་ནས་རྟ་ནག་ཞོན། །བདུད་མདས་དགྲ་སྙིང་གཟེར་འདེབས་གླིང་བཞིར་རྒྱུག །སྤྱན་ནས་ཁྲག་འཛག་མེ་ཡི་ཁ་རླངས་འཕྲོ། །ཁ་ཊཾ་གྲི་གུག་ལྕགས་པར་ཐོགས་ནས་སུ། །སྣང་སྲིད་ཕོ་རྒྱུད་ཐམས་ཅད་ཕོ་ཉར་འགྱེད། །སྣང་སྲིད་མོ་རྒྱུད་ཐམས་ཅད་དབང་དུ་སྡུད་།་ཅི་བཅོལ་ལས་རྣམས་སྐད་ཅིག་ཉིད་ལ་སྒྲུབས། །རྟག་ཏུ་གྲོགས་མཛད་མགོན་པོ་ནག་པོ་ཆེ། །མ་བསྐུལ་བར་ཡང་བརྣག་པའི་དགྲ་བགེགས་སྒྲོལ། །གར་བསྐུལ་ས་རུ་མི་རོའི་ཚར་མ་བརྩེགས། །བཟློག་པས་མི་བཟློག་སྔགས་བཟློག་ཀུན་གྱི་གཤེད། །ལྟག་ན་སྤྱན་གཅིག་མ་ཚོགས་དབང་དུ་སྡུད། །སྡེ་བརྒྱད་བྲན་ཁོལ་སྟག་ཤམ་མི་ལྤགས་བརྒྱན་། །གཙུག་ལག་ཁང་སྲུང་དཀོར་རྐུན་རྩད་ནས་གཅོད། །དྲེགས་པ་ཀུན་འདུལ་སྐུ་ལ་ཕྱག་འཚལ་བསྟོད། །གཏེར་བདག་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད། །ལྷ་ཆེན་


CMR005_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འབར་སྐུ་ལ་ཕྱག་འཚལ་བསྟོད། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གཏེར་མགོན་བསྐུལ་ཉུང་ངོ་།། ༈ ཧཱུྃ། གནོད་སྦྱིན་དྲག་པོ་ཤན་པ་དམར་ནག་ནི། །ཆིབས་སུ་ཟངས་ཀྱི་ཁྱུང་དམར་འཇིགས་ལ་བཅིབས། །ཕྱག་བཞི་འབར་བས་རལ་གྲི་གྲི་གུག་དང་། །སྙིང་དང་ཞགས་པ་ཐོད་ཕྲེང་བྷནྡྷ་བསྣམས། །དམར་ནག་ཁྲག་གི་རལ་པ་རབ་ཏུ་གཟེངས། །ཞིང་གི་སྟོད་གཡོགས་སྟག་ལྤགས་ཤམ་ཐབས་གསོལ། །ཞལ་གདངས་མཆེ་གཙིགས་དྲག་པོའི་ཧ་ཧ་རྒོད། །འཇིགས་བྱེད་དམར་པོ་མི་བཟད་ཁྱོད་ལ་བསྟོད། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །༈ ཧཱུྃ༔ དཔལ་ལྡན་གཙོ་མོ་ཨེ་ཀ་ཙ་ཏི་མ། །བསྐལ་པ་ཞིང་གི་རྡུལ་སྙེད་འཁོར་དང་བཅས། །རུ་ལུའི་སྒྲ་སྐད་ནམ་མཁའི་འབྲུག་ལྟར་སྒྲོག །ཡེ་ཤེས་ལས་ཀྱི་གཙོ་མོ་ཁྱེད་ལ་བསྟོད། །སྨུག་ནག་ཁྲོས་མ་ཞལ་གཅིག་ཕྱག་གཉིས་མ། །རལ་པ་གཅིག་འཕྱང་མིག་གཅིག་སྟོང་ཁམས་གཟིགས། །ཚེམས་གཅིག་ནུ་གཅིག་ཞིང་དབྱུག་སྙིང་ཞགས་


CMR005_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་།སྔགས་ཀྱི་སྲུང་མ་ཁྱོད་ལ་ཕྱག་འཚལ་བསྟོད། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད་། ༈ ཧཱུྃ། དྲང་སྲོང་ཆེན་པོ་གཟའ་མཆོག་རཱ་ཧུ་ལ། །སྐུ་མདོག་དུད་ཁ་དབུ་དགུ་སྤྱན་སྟོང་འབར། །ཕྱག་བཞི་རལ་གྲི་མདའ་གཞུ་ཆུ་སྲིན་ཞགས། །བསྐལ་པའི་མེ་འབར་ཁྱོད་ལ་ཕྱག་འཚལ་བསྟོད། །དཔའ་བོ་ཁྱོད་ཀྱི་སྲིན་མོ་གདོང་མོ་བཞི། །གཟའ་བརྒྱད་སྡེ་བརྒྱད་རྒྱུ་སྐར་ཉི་ཤུ་བརྒྱད། །ཁྱི་དང་ལྕེ་སྤྱང་བདུད་བྱ་ལ་སོགས་པ། །ཕོ་ཉ་ལས་མཁན་ཚོགས་ལ་ཕྱག་འཚལ་བསྟོད། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ༈ ཧཱུྃ། དམ་ཅན་སྐྱེས་བུ་བཛྲ་ཐིག་ལེ་རྩལ། །ལྷ་མིའི་འཇིག་རྟེན་ཁམས་ནི་དབང་ཕྱུག་བཙན། །དབང་རྟགས་རྡོ་རྗེ་དགྲ་བོའི་ཙིཏྟ་བསྣམས། །དགེ་བསྙེན་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །སེང་གེ་དང་ནི་ར་སྐྱེས་བཅིབས་ནས་ནི། །དར་དམར་གསོལ་ཞིང་རྫུ་འཕྲུལ་སྣ་ཚོགས་འགྱེད། །བཙན་དང་བརྟན་མ་འཁོར་གཡོག་བསམ་མི་ཁྱབ། །མཐུ་སྟོབས་རྫུ་འཕྲུལ་ཅན་ལ་


CMR005_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་བསྟོད། །དམ་རྫ་ས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ཨ་རཱ་གས་སྦྱར་བའོ།།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ ཚེ་འདས་གནས་འདྲེན་འགྲོ་དྲུག་རང་གྲོལ་ཁྲིགས་སུ་བཀོད་པ།


CMR005_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ ཚེ་འདས་གནས་འདྲེན་འགྲོ་དྲུག་རང་གྲོལ་ཁྲིགས་སུ་བཀོད་པ་བཞུགས་སོ༔


CMR005_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་སེམས་དམ་པ་རིགས་བརྒྱའི་ཞབས་ལ་འདུད༔ དཀྱིལ་འཁོར་ལྷ་ཚོགས་ཞི་ཁྲོ་སྤྱི་ལྟར་ལས༔ དཀྱིལ་འཁོར་དབུས་སུ་ཡོད་ན་བུམ་པ་ལྔ༔ ལས་བུམ་གཅིག་དང་དྲུག་བཤམས་མེད་ན་ནི༔ རྣམ་རྒྱལ་ལས་བུམ་གཉིས་ཀྱིས་ཆོག་པ་ཡིན༔ ཆོ་ག་གཅིག་གིས་བདག་མདུན་བུམ་གསུམ་བསྒོམ༔ རབ་ཏུ་རིགས་ལྔའི་ཡིག་བརྒྱ་བསྙེན་པའམ༔ བསྡུ་ན་ཡིག་བརྒྱ་གཅིག་པོ་བོ་དྷི་བསྙེན༔ ཁྱད་པར་སྐྱེ་སྒོ་གཅོད་པར་བྱེད་པའི་སྔགས༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་པ་རྒྱལ་བ་རིགས་ལྔའི་ས་བོན་དང་༔ ཨོ་ཨ་བྷ་རྒྱ་ཏཾ་ཀཾ་ཚེའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤིནཾ་ཀུ་རུ་ཡེ་སྭཱ་ཧཱ༔ ངན་སོང་དོང་ནས་སྤྲུགས་པའི་སྔགས་འདི་ནི༔ ཀུན་གྱིས་འུར་འདོན་ཅི་ལྕོགས་བྱ་བ་གཅེས༔ མ་མ་ཀོ་ལི་ས་མན་ཚེའི་ལས་དང་


CMR005_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆགས་ཐམས་ཅད་ཤིན་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པས་བྱེ་མ་སྔགས་པར་བྱ་བའོ༔ དེ་ནས་རིགས་དྲུག་དལ་དང་བྱང་བུ་བཅས༔ དཔེའུ་རིས་ལྟར་མདུན་དུ་བཀྲམ་པར་བྱ༔ དང་པོ་དཀྱིལ་འཁོར་ལྷོ་ངོས་བྱང་བུ་བཞག༔ ཚེ་འདས་ལྷོ་ཕྱོགས་གཤིན་རྗེས་ཁྲིད་སོང་བ༔ དེ་ལ་དཀོན་མཆོག་གསུམ་གྱི་ར་མདའ་སྦྲན༔ ཐམས་ཅད་ཐལ་མོ་སྦྱར་ལ་འདི་སྐད་བརྗོད༔ ཡོད་ན་སྤོས་ཐུར་བཟུང་ཞིང་མེད་ན་ཡང་༔ སྤོས་ཤིག་ཕུལ་ལ་དད་པ་རྩེ་གཅིག་གི་ས༔ ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔ༢༔ ཐུགས་རྗེ་དང་ལྡན་པ༔ མཁྱེན་པ་དང་ལྡན་པ༔ སྤྱན་དང་ལྡན་པ༔ བརྩེ་བ་དང་ལྡན་པ་འགྲོ་བའི་སྐྱབས་སུ་གྱུར་པ་རྣམས་ཐུགས་


CMR005_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་དབང་གིས་གནས་འདིར་བྱོན་ཅིག༔ དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་བཞེས་ཤིག༔ ཐུགས་རྗེ་ཅན་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས༔ བརྩེ་བའི་ཐུགས་རྗེ༔ མཛད་པའི་ཕྲིན་ལས༔ སྐྱོབས་པའི་ནུས་མཐུ༔ བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས༔ ཐུགས་རྗེ་ཅན་ཁྱེད་རྣམས་ཀྱིས་ཚེ་ལས་འདས་པ་རྗེ་ཞེས་བྱ་བ་འདི་ནི༔ འཇིག་རྟེན་འདི་ནས་ཕ་རོལ་དུ་ནི་འགྲོ༔ འཇིག་རྟེན་འདི་ནི་བོར་སྐྱས་ཆེན་པོ་ནི་འདེགས༔ གྲོགས་ནི་མེད༔ སྡུག་བསྔལ་ནི་ཆེ༔ སྐྱབས་ནི་མེད༔ མགོན་ནི་མེད༔ དཔུང་གཉེན་ནི་མེད༔ ཚེ་འདིའི་སྣང་བ་ནི་ནུབ༔ འགྲོ་བ་གཞན་དུ་ནི་འགྲོ༔ མུན་ནག་འཐུག་པོར་ནི་འཇུག༔ གཡང་ས་ཆེན་པོར་ནི་ལྟུང་༔ ནགས་ཁྲོད་འཐུག་པོར་ནི་འཇུག༔ ལས་ཀྱི་དབང་གིས་ནི་དེད༔ དགོན་པ་ཆེན་པོར་ནི་འགྲོ༔ རྒྱ་མཚོ་ཆེན་པོས་ནི་ཁྱེར༔ ལས་ཀྱི་རླུང་གིས་ནི་བདས་ས་ཚུགས་མེད་པའི་ཕྱོགས་སུ་ནི་འགྲོ༔ གཡུལ་ངོ་ཆེན་པོར་ནི་འཇུག༔ གདོན་ཆེན་པོས་ནི་ཟིན༔ གཤིན་རྗེའི་ཕོ་ཉ་ལ་ནི་འཇིགས་ཤིང་སྐྲག༔ ལས་ཀྱི་སྲིད་པ་ན་ཡང་སྲིད་པ་ལ་ནི་འཇུག༔ དབང་ནི་


CMR005_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

མེད༔ གཅིག་པུར་འགྲོ་དགོས་པའི་དུས་ལ་བབ་ན༔ ཐུགས་རྗེ་ཅན་ཁྱེད་རྣམས་ཀྱིས་ཚེ་ལས་འདས་པ་རྗེ་སྐྱབས་མེད་པ་ལ་སྐྱབས་མཛོད་ཅིག༔ མགོན་མེད་པ་ལ་མགོན་མཛོད་ཅིག༔ དཔུང་གཉེན་མེད་པ་ལ་དཔུང་གཉེན་མཛོད་ཅིག༔ བར་དོའི་མུན་ནག་ཆེན་པོ་ལས་སྐྱོབས་ཤིག༔ ལས་ཀྱི་རླུང་དམར་ཆེན་པོ་ལས་ཟློག་ཅིག༔ གཤིན་རྗེའི་འཇིགས་སྐྲག་ཆེན་པོ་ལས་སྐྱོབས་ཤིག༔ བར་དོའི་འཕྲང་རིང་ཆེན་པོ་ལས་སྒྲོལ་ཅིག༔ ཐུགས་རྗེ་ཅན་ཁྱེད་རྣམས་ཐུགས་རྗེ་མ་ཆུང་ཞིག༔ ར་མདའ་མཛོད་ཅིག༔ ངན་སོང་གསུམ་དུ་མ་གཏོང་ཞིག༔ སྔོན་གྱི་དམ་བཅའ་མ་གཡེལ་བར་ཐུགས་རྗེའི་ཤུགས་མྱུར་དུ་ཕྱུངས་ཤིག༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྗེ་འདི་ལ་ཐུགས་རྗེ་དང་ནུས་པ་མ་ཆུང་ཞིག༔ ཐུགས་རྗེས་ཟུངས་ཤིག༔ སེམས་ཅན་ལས་ངན་པའི་དབང་དུ་མ་བཏང་ཞིག༔ དཀོན་མཆོག་གསུམ་གྱིས་བར་དོའི་སྡུག་བསྔལ་ལས་བསྐྱབ་ཏུ་གསོལ༔ རབ་ལན་གསུམ་འབྲིང་གཅིག༔ བསྡུས་པ་ལ་འདི་མི་དགོས་སོ༔ དེ་ནས་ལས་བུམ་གྱི་ཀུ་ཤས་བྱང་བུ་ལ་བྲན་ཚུལ་བྱས་ཏེ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་སོགས་བསང་སྦྱངས་བྱས་ལ། སྟོང་པའི་


CMR005_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ལས་ཡི་གེ་ནི་ཡིག་ལས་ཚེ་འདས་དེ་ཉིད་གསོན་པོའི་གནས་སྐབས་དང་འདྲ་བ་ལ༔ བཀྲག་མདངས་འོད་དང་ལྡན་པ༔ ལག་ན་མེ་ཏོག་པདྨ་འདབ་བརྒྱད་བསྣམས་ནས༔ ཕྱོགས་བཅུའི་བླ་མ་དཀོན་མཆོག་ལ་སྐྱབས་ཞུ་བའི་འདུན་པ་བྱེད་པར་གྱུར༔ སློབ་དཔོན་གྱིས་ལྕགས་ཀྱུའི་ཕྱག་རྒྱ་དང་བྱམས་སྙིང་རྗེ་བསྒོམ་ཞིང་༔ ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི་བཀའ་བདེན་པ་དང་༔ བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པས༔ ཚེ་ལས་འདས་པ་སྒེའི་རྣམ་པར་ཤེས་པ་ས་སྟེང་ས་འོག་ས་བླ་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་སྲིད་པ་བར་མ་དོ༔ གར་ཡོད་པའི་ས་ནས་མཚན་བྱང་འདི་ལ་ཁུག་ཅིག༔ རྒྱས་པར་ལན་གསུམ༔ བསྡུ་ན་གཅིག་གིས་ཆོག་སྟེ༔ འོག་ཏུ་ཡོད་པས་གསུམ་འགྲོ་བ་ཡིན་ནོ༔ ཧཱུྃ༔ བདག་ཉིད་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས༔ ཧཱུྃ་ལས་འོད་འཕྲོས་ཚེ་འདས་རྣམ་ཤེས་དེ༔ རིགས་དྲུག་གང་ན་ཡོད་པའི་ས་དེ་ནས༔ བདག་གི་འོད་ཀྱིས་རེག་མ་ཐག་ཏུ་ནི༔ རྣམ་ཤེས་ནི༔དེ་ཨ་དཀར་གཅིག་ཏུ་གྱུར༔ མདུན་ཏུ་བཀུག་ནས་མཚན་བྱང་རྟེན་ལ་ཐིམ༔ ཚེ་


CMR005_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཀྱང་༔ མཛའ་སྡུག་བརྩེ་བའི་གཉེན་བཤེས་གྲོགས་རྣམས་དང་༔ རྟག་ཏུ་འགྲོགས་པའི་སྐལ་དང་དབང་མེད་པས༔ མི་ལུས་ཚེ་འཕོས་འཇིག་རྟེན་སྣང་བ་ནུབ༔ རྣམ་ཤེས་སེམས་ནི་མི་རྟག་ཚུལ་བསྟན་ཏེ༔ ལས་ཀྱི་དབང་གིས་ཕ་རོལ་ལུས་ཤིག་བླངས༔ ཉོན་མོངས་འཁོར་བའི་སྡུག་བསྔལ་བསྐྱེད་པ་ཡི༔ སྐྱེ་གནས་བཞི་པོར་ལྟུང་བའི་སར་སྐྱེས་ཀྱང་༔ གར་སྐྱེས་གང་ན་གནས་པའི་ས་ཕྱོགས་ནས༔ བརྩེ་གདུང་ཡིད་ལ་བཅགས་པའི་གཉེན་འབྲེལ་གྱིས༔ དཀོན་མཆོག་གསུམ་ལ་སྐྱབས་གསོལ་མཐུ་རྩལ་དང་༔ སངས་རྒྱས་མཐུ་སྟོབས་ཆེན་པོའི་བྱིན་རླབས་དང་༔ ཆོས་ཉིད་རྣམ་པར་དག་པའི་བདེན་པོ་དང་༔ སྔགས་འཆང་རྩེ་གཅིག་བསྒྲུབས་པའི་བྱིན་རླབས་དང་༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་ཐུགས་རྗེ་ཡིས༔ ལུས་མེད་སྟོང་གཟུགས་བར་དོའི་རྣམ་ཤེས་ཁྱོད༔ ལས་དང་ཉོན་མོངས་དབང་གིས་གར་འཁྱམས་ཀྱང་༔ དཀོན་མཆོག་གསུམ་གྱི་བདེན་པས་འདིར་ཁུག་ཅིག༔ ཧཱུྃ༔ ཚེ་འདས་ལུས་རྗེས་བར་དོའི་རྣམ་ཤེས་ཁྱོད༔ གར་སྐྱེས་གང་ན་གནས་པའི་ས་ཕྱོགས་ནས༔ ཀུན་


CMR005_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ཞི་ཁྲོ་རབ་འབྱམས་ཐུགས་རྗེ་ཡིས༔ འོག་མིན་གནས་སུ་སངས་རྒྱས་སྐུར་བསྐྱེད་ཀྱིས༔ ལུས་དང་སེམས་སུ་བྲལ་བའི་ཚེ་འདས་ཁྱོད༔ མིང་ཡིད་ཕུང་པོ་ཐོགས་པ་མེད་པའི་ལུས༔ དངོས་པོ་གཟུགས་མེད་གནས་སུ་ཕྱིན་པ་དེར༔ རྒྱལ་བའི་འོད་ཟེར་ལྕགས་ཀྱུ་རྣོན་པོ་ཡིས༔ མི་ལུས་ཉམས་དགའི་གནས་སུ་འགུགས་བྱེད་པས༔ རེ་དོགས་མེད་པའི་སེམས་ཀྱིས་འདིར་ཤོག་ཅིག༔ ཨོཾ་བཛྲ་སཏཱ་ས་མ་ཡ༔ སོགས་ཡིག་བརྒྱ་ཚར་གཅིག་བརྗོད་ནས༔ ཧཱུྃཡཾ་ཛ༔ བཛྲ་ཨཾ་ཀུ་ཤ་ཛ༔ ཨ་ནྲྀ་སུ་ཏྲི་པྲ་དུ་མ་མ་ཨངྐུ་ཤ་ཛཿཛཿ ཞེས་བཀུག་ནས༔ ཉེ་འབྲེལ་ལམ་མཆོད་གཡོག་པས༔ བྱང་བུ་དེ་ལག་པ་གཉིས་ཀྱིས་བཀྱག་བཅུག་ལ༔ ཀྱེ་མཿ དབང་མེད་ལས་ཀྱི་ཕ་རོལ་ཚེ་འཕོས་ཁྱོད༔ མི་ཡི་ཡུལ་དུ་སྐྱེ་བ་གྲངས་མེད་ཀྱང་༔་ལུས་ཀྱི་འབྲེལ་བའི་འདུག་ས་འདི་ཡིན་པས༔ འཕན་ཕྲན་མཛེས་པ་འདི་ནི་ལུས་ཀྱི་རྟེན༔ གསེར་བྱང་མིང་བྲིས་འདི་ནི་ངག་གི་རྟེན༔ མེ་ལོང་གསལ་བ་འདི་ནི་སེམས་ཀྱི་རྟེན༔ རས་ཕྲུག་དྲི་མེད་འདི་ནི་གོས་ཀྱི་རྟེན༔ གདུགས་ཆེན་འབར་བ་འདི་ནི་གཞལ་ཡས་ཁང་༔ ལེབ་ཕྱིང་དཀར་པོ་འདི་ནི་འདུག་པའི་གདན༔ སྦ་སྨྱུག་ལྡེམ་པ་འདི་ནི་འཇུ་བའི་ཤིང་།


CMR005_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་མེད་འཇའ་ཚོན་འདྲ་བའི་ཡིད་ལུས་ཁྱོད༔ དམིགས་པའི་རྟེན་འཛུགས་འདི་ལ་གནས་པར་གྱིས་ཚེ་འདས་རྗེ་ཏིཥྛ་བཛྲ་ས་མ་ཡ་ལྷན༔ བྱང་བུ་སློབ་དཔོན་གྱི་མདུན་ཕྱིང་དཀར་གྱི་གདན་ལ་བཞག༔ དེ་ཡི་མདུན་དུ་ཏིལ་དང་གཡས་སུ་མེ༔ གཡོན་དུ་ཆུ་བཤམས་ནས༔ ཚེ་འདས་རྣམ་ཤེས་ཨ་ཡིག་དཀར་པོ་དེ༔ ཧྲི༔ཡིག་སྔོ་སྐྱ་ཀ་ཡིག་དམར་སྐྱ་ཡི༔ དྲ་བས་རུས་པ་ལྤགས་པའི་ཚུལ་དུ་བཏུམ༔ བདག་གི་ཐུགས་ལས་ཧཱུྃ་ཡིག་དཀར་པོ་དང་༔ ཕཊཡིག་དམར་སེར་དཔག་མེད་འཕྲོས་པ་ཡིས༔ ནཱིཅདང་ཀ་ཡིག་དྲ་བ་དངོས་མེད་བཤིག༔ ཏིལ་ལམ་ཡུངས་དཀར་མིང་བྱང་ལ་བསྐོར་ཞིང་མེ་ཆུ་ལ་དོར་ནས༔ ཨ་ནཱིཀྟ་ཧཱུྃ་ཕཊ༔ བརྒྱ་རྩ་བརྒྱད་དམ་བདུན་སོགས་བརྗོད༔ དཀོན་མཆོག་གསུམ་དང་ཞི་ཁྲོ་རབ་འབྱམས་ཀྱི༔ བདེན་པ་ཆེན་པོས་ཚེ་འདས་འདི་ཉིད་ཀྱི༔ འཆི་ཁའི་མཚམས་སྦྱོར་གནད་གཅོད་འཇིགས་སྐྲག་གི བག་ཆགས་ངན་པའི་དྲི་ལྕགས་བྲལ་གྱུར་ཅིག༔ སོར་མོ་བསྣོལ་བ་ཕྱིར་བཀྲོལ་བའི་ཕྱག་རྒྱས༔ ཨོཾ་བཛྲ་བྷན་ཏྲ་ཐཱ༔ ཨོཾ་བཛྲ་བིད་ཏྲ་ཐཱ༔ དེ་ནས་ལས་བུམ་ཀུ་ཤས་མཚན་བྱང་ལ་གཏོར་ཞིང་༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ དེ་ནས་མར་མེ་ཆུ་ནང་དུ་བླུགས་ལ༔ བྱང་བུ་ལན་གསུམ་བསྐོར་ཞིང་༔ ཨོཾ་བཛྲ་བྷིད་


CMR005_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲ་ཐཱ༔ ཞེས་ཕྱིར་དོར༔ དྲི་གོས་མཚན་བྱང་ཚེ་འདས་ལུས་སུ་གསལ༔ པྲ་ཝེ་ཤ་ཡ་ཕཊཅེས་ལུས་སྒོ་ཕྱེས༔ ཧཱུྃཨ་ཝེ་ཤ་ཡ་ཨ་ཞེས་བརྗོད་པ་ཡིས༔ རྣམ་པར་ཤེས་པ་ཨ་ཡིག་དངུལ་ཆུའི་མདོག༔ ལུས་ལ་ཞུགས་པས་ཚེ་འདས་དངོས་གྱུར་པས༔ སྙིང་གར་ཡེ་ཤེས་རྡོ་རྗེ་རྩེ་ལྔ་པ༔ ལྟེ་བར་ཧཱུྃ་ཡིག་དཀར་པོས་མཚན་པ་ལ༔ ཛཧཱུྃ་བཾ་ཧོས་མི་འགྱུར་༧རྒྱས་བཏབ་གྱུར༔ རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་མིང་བྱང་སྤྱི་བོར་བཞག་ལ༔ ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་བཀོན་པར་གྱུར༔ ཨོཾ་བཛྲ་ཀཱ་ལ་ཤ་རཀྟ་རཀྟ་ཧཱུྃ༔ མིང་བྱང་སྤྱི་བོར་རྡོ་རྗེ་བཞག་ལ༔ ཕྱི་རྡོ་རྗེའི་གུར་ཆེན་པོར་གྱུར༔ བཛྲ་རཀྵ་རཀྵ་ཧཱུྃ༔ དེ་རྣམས་ནི་ཤི་ལུགས་ངན་ན་ནན་ཏན་བྱ༔ གཞན་ལ་མ་བྱས་ཀྱང་རུང་༔ དེ་ནས་གླུད་གཏོར་བཤམས་ལ་བྲན་ནས༔ ཨོཾ་ཨཱཧཾ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ ཧཱུྃ༔ གཏོར་མ་འདོད་ཡོན་ལྔ་དང་ལྡན་པོ་འདི༔ ཚེ་འདས་སྲོག་གི་ལན་ཆགས་བསྙགས་པ་ཡི༔ གསོན་བདུད་གཤིན་ལྕགས་ལན་ཆགས་ཁྱོད་ལ་སྦྱིན༔ གཏོར་མ་འདི་ཡིས་མགུ་ཞིང་ཚིམས་གྱིས་ལ༔ ཚེ་འདས་འདི་ཡི་ཐར་པའི་གེགས་མ་བྱེད༔ བྱང་བུ་ལ་ལན་གསུམ་གཡས་གཡོན་བསྐོར་ཞིང་༔ ན་མསརྦ་ཏ་ཐ་ག་ཏ་


CMR005_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

བྷོ་བི་ཤྭ་མུ་ཁེ་བྷསརྦ་ཏད་ཁཾ་ཨུཏྤ་ཏེ༔ སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲིཉྩ་དཾ་བ་ལྱཱ་ད་སྭཱ་ཧཱ༔ གཅིག་ལ་བཟུང་བཅོལ་ལ༔ ནས་ལྕགས་གཏོར་བ་དང་ཕྱིར་དོར་བཅུག་སྟེ༔ ཧཱུྃ༔ ང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ རང་རིག་སྟོང་གསལ་རིག་པའི་མདངས༔ ཀུན་བཟང་རིགས་ལྔ་རྡོ་རྗེ་སེམས༔ རབ་འཇིགས་ཁྲག་འཐུང་སྤྲུལ་པའི་ཚོགས༔ སྣང་ལ་རང་བཞིན་མེད་པ་ཡིས༔ རབ་ཏུ་གང་ནས་འོད་འཕྲོས་པས༔ ཚེ་འདས་འདི་ལ་གནོད་བྱེད་ཅིང་༔ སྲོག་གཅོད་མདངས་འཕྲོག་གཤིན་ལྕགས་བགེགས༔ ཉོན་མོངས་མ་རིག་རྒྱུ་ལས་བྱུང་༔ རྒྱུ་དྲུག་འཁོར་བའི་ལམ་དགག་ཕྱིར༔ འདི་རུ་མ་འདུག་གཞན་དུ་དེངས༔ ས་དང་ལམ་ལ་བར་དུ་གཅོད་པ་ཡི༔ སྲོག་གཅོད་མདངས་འཕྲོག་གཤེད་མའི་ཚོགས་རྣམས་ཀུན༔ མཐུ་སྟོབས་བྱིན་རླབས་མཐུ་ཡིས་གཞན་དུ་དེངས༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊ༔ ཨོ་སུམྦྷ་ནི་སོགས་དྲག་ཏུ་བརྗོད་ཅིང་ཡུངས་ཀར་རམ་ནས་ལྕགས་ཀྱིས་བྲབ་བོ༔ མཚོན་ཆ་ལྔ་ཡི་གུར་དུ་གྱུར་ནས་གཤེད་དང་བགེགས་ཀྱིས་སྐལ་བར་མི་མཐོང་བར་གྱུར༔ ཨོཾ་བཛྲ་ཙཀྲ་ཏིཀཱ་ཆ་ཀརྨ་ཀཱི་


CMR005_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡ་ཛྭ་ལ་རཾ་རཾ་ཧཱུྃ་ཧཱུྃ༔ དེ་ནས་ཉུང་ན་སློབ་དཔོན་རང་མང་ན་མཆོད་གཡོག་པས༔ རྣམ་རྒྱལ་བུམ་པས་དཀྱིལ་འཁོར་ལ་མེ་ལོང་བསྟན་ལ་ཁྲུས་གསོལ་ཏེ༔ ཧཱུྃ༔ བདག་གི་དྲི་ལྡན་དྲི་ཆབ་ཀྱིས༔ ཞི་ཁྲོའི་ལྷ་ལ་སྐུ་ཁྲུས་གསོལ༔ ལྷ་ལ་དྲི་མ་མི་མངའ་ཡང་༔ སྡིག་སྒྲིབ་དག་པའི་རྟེན་འབྲེལ་བགྱི༔ ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཇི་ལྟར་བལྟམས་པ་ཙམ་གྱིས་ནི༔ ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར༔ ལྷ་ཡི་ཆུ་ནི་དག་པ་ཡིས༔ དེ་བཞིན་བདག་གིས་སྐུ་ཁྲུས་གསོལ༔ ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཧཱུྃ༔ ཡེ་ནས་སྐུ་གསུམ་རྣམ་པར་དག༔ སྲེད་སོགས་དྲི་མའི་སྐྱོན་བྲལ་ཡང་༔ ཚེ་འདས་ལས་སྒྲིབ་དག་བྱའི་ཕྱིར༔ དག་བྱེད་ཁྲུས་མཆོག་འདི་ཡིས་ནི༔ བག་ཆགས་སྒྲིབ་པ་ཀུན་བྱང་ནས༔ དྲི་བྲལ་སྐུ་གསུམ་ཐོབ་པར་ཤོག༔ ཨོཾ་ན་མསརྦ་ཏ་ཐཱ་ག་ཏ་ཀ་པ་ཙ་སུ་པྲ་ཧ་ན་སུ་ཏི་ཐ་རེ་སྭཱ་ཧཱ༔ ཀ་ཡ་བི་ཤྭ་དྷ་ནེ་སྭཱ་ཧཱ༔ ཞེས་བཀྲུ་རས་ཐོགས་ལ༔ ཧཱུྃ༔ རས་འཇམ་དྲི་ངད་ལྡན་པ་ཡིས༔ ཞི་ཁྲོའི་སྐུ་ཉིད་ཕྱི་བར་བགྱི༔ སྐུ་ལ་དྲི་མ་མི་མངའ་ཡང་༔ སྡུག་བསྔལ་བྲལ་བའི་རྟེན་འབྲེལ་བགྱི༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀ་པ་ཙ་སུ་པྲ་ཧ་ན་


CMR005_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཏེ་རེ་སྭཱ་ཧི༔ མེ་ལོང་ཕྱི་ཚུལ་བྱ༔ རྟེན་ཁེབས་སམ་ན་བཟའ་བཀྲམས་ལ༔ དང་པོ་ཐུབ་པ་དྲུག་ལ༔ ཧཱུྃ༔ ན་བཟའ་མཛེས་ལྡན་ངུར་སྨྲིག་འདི༔ རྒྱལ་བའི་སྐུ་ལ་གསོལ་བར་བགྱི༔ སྐུ་ལ་བསིལ་བ་མི་མངའ་ཡང་༔ བཀྲག་མདངས་འཕེལ་བའི་རྟེན་འབྲེལ་བགྱི༔ ཞི་ཆས་ཐོགས་ལ༔ ཧཱུྃ༔ རྒྱལ་བའི་སྐུ་ལ་བསིལ་བ་མི་མངའ་ཡང་༔ འགྲོ་ཀུན་བཟོད་དང་བསམ་གཏན་གོས་མང་ཕྱིར༔ དྲི་མེད་སྐུ་ལ་ན་བཟའ་འདི་གསོལ་བས༔ འཇིགས་བྲལ་གཟི་བརྗིད་ཕུན་སུམ་ཚོགས་པར་ཤོག༔ ཨ་ཏི་པ་ཏྲ་སུ་ཡ་སྭཱ་ཧཱ༔ ཞེས་ཞི་བ་དང་༔ ཁྲོ་བོ་ལ་སྟག་ལྤགས་སོགས་ཕུལ་བར་བསྒོམ་ཞིང་༔ ཧཱུྃ༔ རྒྱལ་བའི་སྐུ་ལ་དཔའ་སེམས་མི་མངའ་ཡང་༔ འགྲོ་ཀུན་ཉེས་སྐྱོན་ཐར་ལམ་ཐོབ་བྱའི་ཕྱིར༔ རབ་འཇིགས་སྐུ་ལ་དཔའ་ཆས་འདི་གསོལ་བས༔ འཇིགས་བྲལ་བར་ཆད་བདུད་ལས་རྒྱལ་བར་ཤོག༔ ཨོཾ་ཤྲཱི་བྷི་ཡོ་ཏི་པྲ་སུ་ཡ་སྭ་ཧྭ༔ དེ་ནས་ཁྲུས་ཆུ་ལས་བུམ་དུ་བླུགས་ལ་སློབ་དཔོན་ལ་གཏད༔ མེ་ལོང་ངོས་ནས་བྱང་བུ་ལ་ཁྲུས་བྱ་ཞིང་༔ ཧཱུྃ༔ འདི་ནི་ཕ་རོལ་ཕྱིན་དྲུག་ནུ༔ ཉོན་དྲུག་དྲི་མ་སྦྱོང་མཛད་པ༔ ཕར་ཕྱིན་དྲུག་ལ་ལེགས་འགོད་ཆུ༔ ཕར་ཕྱིན་ཆུ་ཡིས་དག་གྱུར་ཅིག༔ ཁྲུས་ལེགས་


CMR005_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ལ་ཚེ་འདས་ཁྱོད་ཕྱག་འཚལ༔ རྒྱས་པར་ཡིག་བརྒྱ་དང་བསྡུ་ན་བོ་དྷིའི་མཇུག༔ ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤིནཾ་ཀུ་རུ་ཡེ་སྭཱ་ཧཱ། འདི་ནི་ཐབས་ཀྱི་རང་བཞིན་ནུ༔ ཐབས་ཀྱི་དྲི་མ་སྦྱོང་མཛད་པ༔ ཐབས་ཆེན་ཉིད་ལ་ལེགས་འགོད་ཚུ༔ ཐབས་ཀྱི་ཆུ་ཡིས་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཚེ་འདས་ཁྱོད་ཕྱག་འཚལ༔ རྒྱས་པར་ཡིག་བརྒྱ་དང་བསྡུ་ན་བོ་དྷིའི་མཇུག༔ ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། འདི་ནི་སྟོབས་ཀྱི་རང་བཞིན་ཆུ༔ སྟོབས་ཀྱི་དྲི་མ་སྦྱོང་མཛད་པ༔ སྟོབས་བཅུ་ཉིད་ལ་ལེགས་འགོད་ཆུ༔ སྟོབས་ཀྱི་ཆུ་ཡིས་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཚེ་འདས་ཁྱོད་ཕྱག་འཚལ༔ རྒྱས་པར་ཡིག་བརྒྱ་དང་བསྡུ་ན་བོ་དྷིའི་མཇུག༔ ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ འདི་ནི་སྨོན་ལམ་རང་བཞིན་ཆུ༔ སྨོན་ལམ་དྲི་མ་སྦྱོང་མཛད་པ༔ སྨོན་ལམ་ཉིད་ལ་ལེགས་འགོད་ཚུ༔ སྨོན་ལམ་ཆུ་ཡིས་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཚེ་འདས་ཁྱོད་ཕྱག་འཚལ༔ རྒྱས་པར་ཡིག་བརྒྱ་དང་བསྡུ་ན་བོ་དྷིའི་མཇུག༔ ཚེ་ལས་འདས་པའི་སྡིག་སྒྲིབ་


CMR005_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ འདི་ནི་ཡེ་ཤེས་རང་བཞིན་ཆུ༔ ཡེ་ཤེས་དྲི་མ་སྦྱོང་མཛད་པ༔ ཡེ་ཤེས་ཉིད་ལ་ལེགས་འགོད་ཆུ༔ ཡེ་ཤེས་ཆུ་ཡིས་དག་རྒྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཚེ་འདས་ཁྱོད་ཕྱག་འཚལ༔ རྒྱས་པར་ཡིག་བརྒྱ་དང་བསྡུ་ན་བོ་དྷིའི་མཇུག༔ ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་རྨ་བྱའི་སྒྲོས་བྱབ་ཚུལ་བྱ་ཞིང་༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ བཅོམ་ལྡན་སངས་རྒྱས་དུག་མི་མངའ༔ སངས་རྒྱས་བདེན་པས་དུག་བཅོམ་མོ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ སྐྱོབས་པའི་དམ་ཆོས་དུག་མི་མངའ༔ དམ་ཆོས་བདེན་པས་དུག་བཅོམ་མོ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ འཕགས་པའི་དགེ་འདུན་དུག་མི་མངའ༔ དགེ་འདུན་བདེན་པས་དུག་བཅོམ་མོ༔ དེ་ནས་བྱེ་མས་བྲབ་ཅིང་༔ བདེན་པའི་བདེན་ཚིག་འདི་དག་གིས༔ ཁྱོད་ལུས་དུག་གིས་མི་ཚུགས་ཤོག༔ གཤིན་གང་དུག་དང་བཅས་པ་རྣམས༔ དེ་ཀུན་འདོད་ཆགས་དུག་


CMR005_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་༔ འདོད་ཆགས་དུག་ནི་དུག་གི་མཆོག༔ དྲག་པོའི་དུག་ནི་དུག་བཅོམ་མོ༔ གཤིན་གང་དུག་དང་བཅས་པ་རྣམས༔ དེ་ཀུན་ཞེ་སྡང་དུག་ལས་བྱུང་༔ ཞེ་སྡང་དུག་ནི་དུག་གི་མཆོག༔ དྲག་པོའི་དུག་ནི་དུག་བཅོམ་མོ༔ གཤིན་གང་དུག་དང་བཅས་པ་རྣམས༔ དེ་ཀུན་གཏི་མུག་དུག་ལས་བྱུང་༔ གཏི་མུག་དུག་ནི་དུག་གི་མཆོག༔ དྲག་པོའི་དུག་ནི་དུག་བཅོམ་མོ༔ རྒྱས་པར་ཀཾ་ཀ་དང་བསྡུ་ན་བོ་དྷི་དང་༔ མ་མ་ཀོ་ལིང་ས་མནྟ༔ ཚེ་ལས་འདས་པའི་ལས་དང་བག་ཆགས་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བྱེ་མས་བྲབ་བོ༔ དེ་ནས་ཐེབ་ཙེར་ས་ཆུ་མེ་རླུང་ཡང་བཤམས༔ རིམ་བཞིན་བྱང་བུ་ལ་བསྐོར་ཞིང་༔ ས་ནི་དུག་གི་ཕ་ཡིན་ཏེ༔ ས་ནི་དུག་གི་མ་ཡང་ཡིན༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ དུག་རྣམས་ས་ཡི་ནང་དུ་སོང་༔ གང་བའི་སྣོད་དུ་དུག་སོངས་ཤིག༔ ཁྱོད་ཀྱི་དུག་ནི་དུག་མེད་ཤོག༔ ཆུ་ནི་དུག་གི་ཕ་ཡིན་ཏེ༔ ཆུ་ནི་དུག་གི་མ་ཡང་ཡིན༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ དུག་རྣམས་ཆུ་ཡི་ནང་དུ་སོང་༔ གང་བའི་སྣོད་དུ་དུག་སོངས་ཤིག༔ ཁྱོད་ཀྱི་དུག་ནི་དུག་མེད་ཤོག༔ མེ་ནི་དུག་གི་ཕ་ཡིན་ཏེ༔ མེ་ནི་དུག་གི་མ་


CMR005_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡིན༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ དུག་རྣམས་མེ་ཡི་ནང་དུ་སོང་༔ གང་བའི་སྣོད་དུ་དུག་སོངས་ཤིག༔ ཁྱོད་ཀྱི་དུག་ནི་དུག་མེད་ཤོག༔ རླུང་ནི་དུག་གི་ཕ་ཡིན་ཏེ༔ རླུང་ནི་དུག་གི་མ་ཡང་ཡིན༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ དུག་རྣམས་རླུང་གི་ནང་དུ་སོང་༔ གང་བའི་སྣོད་དུ་དུག་སོངས་ཤིག༔ ཁྱོད་ཀྱི་དུག་ནི་དུག་མེད་ཤོག༔ ཅེས་རླུང་གཡབ་ཀྱིས་གཡབ་སངས་རྒྱས་རྣམས་ཀྱིས་དུག་བཅོམ་པས༔ རྫོགས་སངས་རྒྱས་ལ་སྐྱབས་སུ་སོང་༔ དམ་ཆོས་རྣམས་ཀྱིས་དུག་བཅོམ་པས༔ དམ་ཆོས་རྣམས་ལ་སྐྱབས་སུ་སོང་༔ དགེ་འདུན་རྣམས་ཀྱིས་དུག་བཅོམ་པས༔ དགེ་འདུན་རྣམས་ལ་སྐྱབས་སུ་སོང་༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ ཏིང་འཛིན་སྔགས་ཀྱི་བྱིན་རླབས་ཀྱིས༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱི༔ དུག་རྣམས་གཏན་ནས་དག་གྱུར་ཅིག༔ རྒྱས་པར་ཀཾ་ཀ་ནི་བསྡུ་ན་བོ་དྷི་ཙིཏྟ་སོགས༔ ཨོ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་ཨ་བྷ་རྒྱ་ཏཾ་ཀེ༔ ཚེ་ལས་འདས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བྱེ་མས་བྲབ་བོ༔ དེ་ནས་ཆོས་བཤད་པ་ནི༔ ཀྱེ་མ་ཚེ་འདས་ཁྱོད་ཉིད་


CMR005_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུར་ཤི་སྙམ་སྟེ༔ ཐམས་ཅད་མི་རྟག་འཆི་བའི་ཆོས་ཅན་ཡིན༔ བར་དོར་འཁྱམས་པའི་རྟེན་མེད་རྣམ་ཤེས་ཁྱོད༔ བླ་མ་ལྷ་དང་བག་ཆགས་དྲན་པར་གྱིས༔ ཐུགས་རྗེས་བཟུང་བའི་གནས་འདིར་མྱུར་དུ་ཤོག༔ དགའ་དང་མགུ་བའི་བསམ་པ་རབ་ཏུ་བསྐྱེད༔ དགེ་སྡིག་ཆོས་ལ་སྤང་ལེན་ཤེས་པར་གྱིས༔ བདག་འཛིན་འཁོར་བའི་རྩ་བ་རང་སར་གྲོལ་ཀྱེ་མ་ཁྱོད་ལ་ཆོས་ཉིད་བར་དོ་འཆར་དུས་འདིར༔ ཀུན་ལ་སྔངས་སྐྲག་འཇིགས་སྣང་སྤང་བྱས་ཏེ༔ གང་ཤར་རང་སྣང་རིག་པ་ངོ་ཤེས་བྱ༔ བར་དོའི་སྣང་ཚུལ་ཡིན་པ་ཤེས་པར་བྱ༔ དོན་ཆེན་འགག་ལ་ཐུག་པའི་དུས་ཚོད་འདིར༔ རང་སྣང་ཞི་ཁྲོའི་ཚོགས་ལ་འཇིགས་མི་བྱ༔ ཀྱེ་མ་ཁྱོད་ལ་སྲིད་པ་བར་དོ་འཆར་དུས་འདིར༔ འདུན་པ་རྩེ་གཅིག་སེམས་ལ་བཟུང་བྱས་ནས༔ བཟང་པོ་ལས་ཀྱི་འཕྲོ་ལ་ནན་གྱིས་མཐུད༔ མངལ་སྒོ་དགག་ནས་རུ་ལོག་དྲན་པར་གྱིས༔ སྙིང་རུས་དག་སྣང་དགོས་པའི་དུས་ཤིག་ཡིན༔ མིག་སེར་སྤངས་ནས་བླ་མ་ཡབ་ཡུམ་བསྒོམ༔ སངས་རྒྱས་ཆོས་དང་དགེ་འདུན་དྲན་པར་གྱིས༔ བླ་མ་ཡི་དམ་ཏིང་འཛིན་དྲན་པར་གྱིས༔ དུག་ལྔ་སྤོངས་ལ་དགེ་བ་ཡིད་ལ་


CMR005_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས༔ ཆོས་ཞུས་དབང་ཞུས་གསང་མཚན་དྲན་པར་གྱིས༔ སྒྲ་འོད་ཟེར་གསུམ་རང་སྣང་ངོ་ཤེས་མཛོད༔ སརྦ་དྷརྨ་ཀཱ་ཡ་ཨཱཿ དེ་ཡིས་ཁྲུས་དང་ཕྱིར་ཟློག་ཚང་བ་ཡིན༔ ༈ དེ་ནས་རིགས་དྲུག་དལ་དང་གླུད་ལྷ་བཤོས་རྣམས་སོ་སོར་བཤམས་ནས་ཉེ་འབྲེལ་གཅིག་གིས་བྱང་བུ་དེ་བཟུང་ལ༔ རྗེས་ཟློས་བཅུག་གམ་ཚེ་འདས་ཀྱིས་ཟེར་བར་བསྒོམ་ཡང་ཆོག་སྟེ༔ ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ རིགས་དྲུག་གནས་སུ་ལྷུང་བ་ཡི༔ སྐྱབས་བྲལ་མགོན་མེད་སེམས་ཅན་ལ༔ ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ༔ གསུམ་མམ་གཅིག་བརྗོད་པས༔ བླ་མས༔ འོ་སྔོན་ཚེ་མོའུ་འགལ་གྱི་མ་རིགས་དྲུག་ཏུ་རིམ་པར་སྐྱེས་པ་དང་༔ རྒྱལ་བུ་དགེ་མཐོང་ན་རཀ་ཏུ་སྐྱེས་པ་དང་༔ སེམས་ཅན་ལུས་སྲུལ་པོ་རིགས་དྲུག་གི་སྡུག་བསྔལ་དུས་གཅིག་མྱོང་བ་རྣམས་ཀྱང་༔ ཐབས་དང་རྟེན་འབྲེལ་ཟབ་མོའི་ཆོ་ག་ལ་བརྟེན་ནས་མཐོ་རིས་དང་ཐར་པའི་གནས་སུ་དྲངས་པ་ལྟར༔ ཚེ་འདས་ཁྱོད་རིགས་དྲུག་གི་གནས་ནས་འདྲེན་པའི་ཆོ་ག་བྱེད་པ་ཡིན་པས༔ དད་པ་དང་གུས་པས་སྤྲོ་བ་སྐྱེད་ཅིག༔ འོག་ནས་གསོལ་འདེབས་ཀྱི་ཚིག་རྣམས་ལ་རྗེས་ཟློས་གྱིས་ཤིག༔ ཅེས་ཆོས་བཤད་ནས་མཉམ་དུ་གྱེར༔ ཨེ་མ་ཧོ༔ ཚེ་


CMR005_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

འཕོས་ལུས་བརྗེས་བར་དོའི་ཡིད་ལུས་ཁྱོད༔ སྔོན་ཆད་མ་རིག་རྨོངས་པའི་ལས་དབང་གིས༔ དུག་གསུམ་གྱིས་བཅིངས་ངན་སོང་གསུམ་དུ་མནར༔ དེང་ནས་བརྩམས་ཏེ་རྒྱལ༔ བའི་ཐུགས་རྗེ་ཡི༔་ཕོ་ཉས་བཟུང་ནས་རིགས་དྲུག་གནས་ནས་དྲོངས༔ དོན་འབྲས་འདོད་ཕྱིར་དད་པའི་ཤུགས་བསྐྱེད་ལ༔ འདྲེན་པ་ཐུབ་ཆེན་དྲུག་ལ་གསོལ་བ་ཐོབ༔ ཅེས་གདམས་ངག་བསྟན་ནས༔ དེ་ནས་རིགས་དྲུག་གི་དལ་ལ་ལས་བུམ་གྱི་ཀུ་ཤས་བྲན་ཚུལ་དང་༔ གླུད་དྲུག་ལྷ་བཤོས་དྲུག་པོ་ཆུ་གཙང་གིས་བྲན་ནས༔ ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ༔ ཀྱིས་བསང་། ཨོཾ་སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་རིགས་དྲུག་གི་དལ་རྣམས་རིགས་དྲུག་གི་གནས་དང་དབྱེར་མེད་པ༔ དེ་དག་གི་གཙོ་བོ་ཐུབ་པ་དྲུག་པོ་ཡང་དཀྱིལ་འཁོར་ནང་གི་ཐུབ་དྲུག་དང་ཐ་དད་མེད་པ་ཕོ་བྲང་ནང་གི་དཀྱིལ་འཁོར་ནི་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་དབྱེར་མེད་པ༔ སློབ་དཔོན་བདག་ཉིད་རྡོ་རྗེ་སེམས་དཔའི་སྐུ་ལ་ཞི་ཁྲོའི་ལྷ་ཚོགས་རྫོགས་པའི་ཐུགས་ཀ་ནས་འོད་ཟེར་ཛདམར་པོ་ཁ་བརྒྱད་པའི་སྣེ་ལ་ལྕགས་ཀྱུས་མཚན་པས༔ ཚེ་འདས་དེ་ཡི་ཐུགས་ཀ་ནས་བཟུང་སྟེ་བྱམས་པ་དང་ལྡན་པས་སྐད་ཅིག་ཀྱང་འཆུགས་དབང་མེད་པར་རིགས་དྲུག་གི་


CMR005_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ནས་རིམ་པར་འདྲེན་པ༔ ཞལ་ཟས་རྣམས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་པ༔ གླུད་གཏོར་འདོད་པའི་ཡོན་ཏན་སྣ་ཚོགས་པ་འཇིག་རྟེན་གང་བས་ལན་ཆགས་བུ་ལོན་སོད་ནུས་པའི་རང་བཞིན་དུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ༔ གསུམ་མམ་བདུན་གྱིས་བྱིན་གྱིས་བརླབས་ནས༔ གསོལ་འདེབས་རྣམས་ཉེ་དུ་གཅིག་གིས་རྗེས་ཟློས་བཅུག་པའམ༔ ཚེ་འདས་ཀྱིས་རྗེས་ཟློས་བྱ་བར་བསྒོམ་ཡང་རུང་སྟེ༔ ཀྱེ་མ་བདག་འདྲའི་སེམས་ཅན་ལ༔ ཞེ་སྡང་དྲག་པོའི་ལས་དབང་གིས༔ ནི་རིཀ་དམྱལ་བའི་གནས་སུ་སྐྱེས༔ བཙོ་བསྲེག་སྡུག་བསྔལ་བརྗོད་ལས་འདས་སྡུག་བསྔལ་འདི་ལས་བདག་སྒྲོལ་མཛོད༔ བརྩེ་བ་ཆེན་པོས་བཟུང་དུ་གསོལ༔ མཚམས་མེད་བྱས་པའི་སྡིག་ཅན་ནི་ངན་སོང་མི་བགྲོད་པའི་ཐབས་ནི་མེད་དེ༔ ལྷ་སྔགས་ཏིང་ངེ་འཛིན་གྱི་མཐུས་རྨི་ལམ་ལྟར༔ སྐད་ཅིག་ལ་ངན་སོང་ནས་ཐར་ཏེ་རྒྱལ་པོ་མ་སྐྱེས་དགྲ་ལྟ་བུའོ༔ དེས་ན་ཡུད་ཙམ་དམྱལ་བར་སྐྱེས་པ་དེ་ལ༔ ཧཱུྃ༔ གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་འདི༔ ཚེ་འདས་སྲོག་གི་ལན་ཆགས་བསྙག་པ་ཡི༔ གསོན་བདུད་གཤིན་ལྕགས་ལན་ཆགས་ཁྱོད་ལ་སྦྱིན༔ གཏོར་མ་


CMR005_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡིས་མགུ་ཞིང་ཚིམས་གྱིས་ལ༔ ཚེ་འདས་འདི་ཡི་ཐར་པའི་གེགས་མ་བྱེད༔ ཨོཾ་སརྦ་བྷུ་ཏ་བ་ལིཾ་ཏ་ཁཱ་ཧི༔ གླུད་དེ་བྱང་བུ་ལ་གཡས་གཡོན་དུ་བསྐོར་ཞིང་༔ ན་མསརྦ་ཏ་ཐཱ་ག་ཏ་བྷོ་བི་ཤྭ་མུ་ཁེ་བྷསརྦ་ཏངྑཾ་ཨུཏྟ་ཏེ༔ སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲིདྡྷཾ་དཾ་བ་ལུ་དེ་སྭཱ་ཧཱ༔ བརྗོད་ལ་ཕྱིར་དོར་རོ༔ དེ་ནས་ལས་བུམ་ཐོགས་ལ་མེ་ལོང་ངོས་སུ་ཁྲུས་བྱས་ཏེ༔ འདི་ནི་བཟོད་པའི་རང་བཞིན་ནུ༔ ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིང་༔ བྱམས་པ་ཆུ་ཡིས་ལེགས་བཀྲུས་པས༔ ཁོང་ཁྲོའི་དྲི་མ་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཡིག་བརྒྱའམ་བོ་དྷིའམ་ཨོཾ་ཨ་བྷ་རྒྱ་ཏཾ་ཀཾ་ཚེ་ལས་འདས་པ་དམྱལ་བའི་ལས་ངན་དང་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བཀྲུ་ཞིང་དེ་ནས་བྲབ་རྫས་བྱེ་མ་ཐོགས་ལ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ རྡོ་རྗེ་སེམས་དཔའ་དུག་མི་མངའ༔ ཐུགས་མཆོག་རྡོ་རྗེས་དུག་བཅོམ་མོ༔ ཞེ་སྡང་སྒྲིབ་པ་དག་གྱུར་ཅིག༔ ཧཱུྃ་བཛྲ་དྷིཀཿ མ་མ་ཀོ་ལིང་ས་མནྟ༔ ཚེ་འདས་དམྱལ་བའི་ལས་ངན་དང་སྡིག་སྒྲིབ་ཐམས་ཅད་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ༔ བྱེ་མ་དཀྱིལ་འཁོར་ལྷ་ཡི་འོད་ཟེར་མེ་ལྟ་བུས་དམྱལ་བའི་ས་བོན་དུནག་པོ་བསྲེགས་ནས་དངོས་མེད་དུ་


CMR005_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ༔ ཀྱེ་མ་ཚེ་འདས་ལུས་རྗེས་རིགས་ཀྱི་བུ༔ ཞེ་སྡང་དྲག་པོས་ཀུན་ནས་བསླངས་ནས་སུ། མི་དགེ་བཅུ་དང་ཁྱད་པར་སྲོག་གཅོད་ཀྱིས༔ ན་རཀ་དམྱལ་བའི་གནས་སུ་སྐྱེ་སྲིད་ན༔ དེ་ན་མགོན་དང་སྐྱབས་སུ་གྱུར་པ་ནི༔ དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོ་བཞུགས༔ དེ་ལ་སྐྱབས་སུ་འགྲོ་བའི་ཚིག་འདི་སྨོས༔ ཞེ་སྡང་གཟུང་འཛིན་ཀུན་སྤང་བདེ་བར་གཤེགས༔ བཟོད་པའི་ཆོས་ཐོབ་ཞེ་སྡང་རྣམ་པར་དག༔ དམྱལ་བའི་ཐུབ་པ་མེ་ཆུ་བསིལ་དྲོད་ལྡན༔ དམྱལ་བ་ཚ་གྲང་སྡུག་བསྔལ་སྦྱང་དུ་གསོལ༔ ཆོས་ཀྱི་རྒྱལ་པོ་ཁྱེད་ལ་སྐྱབས་སུ་མཆི༔ ཚིག་རྗེས་མ་ལན་གསུམ་བྱའོ༔ ཉེ་དུ་ཡོད་ན་ཕྱག་གསུམ་ཕུལ་བཅུག༔ དེ་ནས་བུམ་པ་དབུས་མ་ཐོགས་ལ༔ ཧཱུྃ༔ ཀུན་བཟང་ཡབ་ཡུམ་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ དམྱལ་བའི་སྐྱེ་སྒོ་བཅད་ནས་ནི༔ ན་རཀ་སྡུག་བསྔལ་བྲལ་བར་ཤོག༔ ཧཱུྃ་བཛྲ་སཏཱ་ས་མ་ཡ་སོགས་རྒྱས་པར་ཡིག་བརྒྱ་ཚང་བ༔ བསྡུ་ན་འདི་རང་ཆོག༔ བཛྲ་ཨ་བྷི་ཥིཉྩ་ཨཱཿ བུམ་ཆུ་ཡེ་ཤེས་ལྔ་ཡི་ཆུ་རྒྱུན་གྱི་ས་བཀྲུ་བར་བསམ༔ སླར་ཡང་བུམ་པ་བྱང་བུའི་སྤྱི་བོར་བཞག་ཚུལ་དང་བྱང་བུའི་གཟུགས་བརྙན་མེ་ལོང་དུ་འཆར་བར་ཁྲུས་བྱ་


CMR005_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་༔ ཨ་ཨ་ཨ༔ ཨ་ཨ་ཨ༔ ཨ་ཨ་ཨ༔ མེ་ཆུ་ཐོགས་ལ༔ ཧཱུྃ༔ ཚ་གྲང་སྐྱོབས་བྱེད་མེ་ཆུ་བསིལ་དྲོད་ལྡན༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དམྱལ་བ་ཚ་གྲང་སྡུག་བསྔལ་ལས་གྲོལ་ནས༔ ན་ར་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ དུ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཅེས་ཕྱག་མཚན་ནས་དབང་བསྐུར་འགྲེའོ༔ དེ་ནས་ཐུབ་པ་ལ་གཏང་རག་གི་ཞལ་ཟས་མཆོད་གཡོག་པས་བཀྱགས་ལ༔ ཧཱུྃ༔ བཅོམ་ལྡན་ཆོས་ཀྱི་རྒྱལ་པོ་ལ༔ དྲི་མེད་དག་པའི་ཞལ་ཟས་དང་༔ འདོད་ཡོན་རྒྱན་གྱི་མཆོད་གཏོར་འབུལ༔ ཚེ་འདས་ཚ་གྲང་སྦྲང་དུ་གསོལ༔ ཨོཾ་མུ་ནེ་ཡེ་སྭཱ་ཧཱ༔ སརྦ་ནི་ཝི་དྱ་པཱཙྪ་ཁ་ཁ་ཁཱ་ཧི༔ ཞེས་ཡར་ཐུབ་པའི་མདུན་དུ་བཞག་གོ༔ ཧཱུྃ༔ ས་འདི་བཅད་པ་མན་ཆད་ནི༔ ན་རཀ་དམྱལ་བའི་གནས་ཡིན་པས༔ བོར་རོ་སྤང་ངོ་རིགས་ཀྱི་བུ༔ ས་འདི་བཅད་པ་ཡན་ཆད་ནི༔ མཐོ་རིས་བདེ་བའི་ས་ཡིན་པས༔ འདོང་ངོ་གཤེགས་སོ་རིགས་ཀྱི་བུ༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ རིགས་དྲུག་རིམ་གྱིས་བསྒྲལ་བའི་ཕྱིར༔ ཡ་སིང་ར་རླུང་པ་ལ་ཡཱ༔ རྡོ་རྗེ་བཞག་ཅིང་༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ ཨེ་ཀ་ར་ཎ་བྷེ་ཙག་ཤཱ༔ ཞེས་བརྗོད་དམྱལ་བའི་དལ་


CMR005_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཏེ་ཕྱིར་དོར་ཚུལ་དང་བར་རྡོ་རྗེས་བཅད་ཚུལ་བྱའོ༔ དེ་བཞིན་འགྲེའོ༔ ༈ བྱང་བུ་ཡི་དྭགས་ཀྱི་དལ་དུ་སྤོས་ནས༔ ཀྱེ་མ་བདག་འདྲའི་སེམས་ཅན་ལ༔ སེར་སྣ་དྲག་པོའི་ལས་དབང་གིས༔ པྲ་ཏ་ཡི་དྭགས་གནས་སུ་སྐྱེས༔ བཀྲེས་སྐོམ་སྡུག་བསྔལ་བསམ་ལས་འདས༔ སྡུག་བསྔལ་འདི་ལས་བདག་གྲོལ་མཛོད༔ བརྩེ་བ་ཆེན་པོས་བཟུང་དུ་གསོལ༔ ཧཱུྃ༔ གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་འདི༔ ཚེ་འདས་རྐུ་འཕྲོག་ལན་ཆགས་བསྙག་པ་ཡི༔ གསོན་བདུད་གཤིན་ལྕགས་ལན་ཆགས་ཁྱོད་ལ་སྦྱིན༔ གཏོར་མ་འདི་ཡིས་མགུ་ཞིང་ཚིམ་གྱིས་ལ༔ ཚེ་འདས་འདི་ཡི་ཐར་པའི་གེགས་མ་བྱེད༔ ཨོཾ་སརྦ་བྷུ་ཏ་བ་ལིང་ཏ་ཁཱ་ཧི༔ ཨོཾ་ན་མསརྦ་ཏ་ཐཱ་ག་ཏ་བློ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏངྑཾ་ཨུཏྟ་ཏེ༔ སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲི༔་དཾ་བ་ལུ་དེ་སྭཱ་ཧཱ༔ གླུད་གཏོར་ཕྱིར་དོར༔ འདི་ནི་སྦྱིན་པའི་རང་བཞིན་ཆུ༔ སེར་སྣའི་དྲི་མ་སྦྱོང་མཛད་པ༔ སྦྱིན་པའི་ཆུ་ཡིས་ལེགས་བཀྲུས་པས༔ སེར་སྣའི་དྲི་མ་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཡིག་བརྒྱའམ་བོ་དྷི༔ ཨོཾ་ཨ་བྷ་རྒྱ་ཏཾ་ཀེ༔ ཚེ་འདས་ཡི་དྭགས་ཀྱི་ལས་ངན་དང་སྡིག་སྒྲིབ་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་


CMR005_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ༔ ༈ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ སྣང་བ་མཐའ་ཡས་དུག་མི་མངའ༔ གསུང་མཆོག་རྡོ་རྗེས་དུག་བཅོམ་མོ༔་འདོད་ཆགས་སྒྲིབ་པ་དག་གྱུར་ཅིག༔ ཨོཾ་ཨ་རོ་ལིཀྲ༔ མ་མ་ཀོ་ལིང་ས་མནྟ༔ ཚེ་འདས་ཡི་དྭགས་ཀྱི་ལས་དང་བག་ཆགས་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ བྱེ་མ་དཀྱིལ་འཁོར་ལྷའི་འོད་ཟེར་མེ་ལྟ་བུས་ཡི་དྭགས་ཀྱི་ས་བོན་པྲ་དམར་པོ་རང་བཞིན་མེད་པར་བསྲེག་པར་བསམ༔ ཀྱེ་མ་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ སེར་སྣ་དྲག་པོས་ཀུན་ནས་བསླངས་ནས་སུ༔ མི་དགེ་བཅུ་དང་སེར་སྣ་འཇུར་གེགས་ཀྱིས༔ བཀྲེས་སྐོམ་ཡི་དྭགས་གནས་སུ་སྐྱེ་སྲིད་ཀྱི༔ དེ་ན་མགོན་དང་སྐྱབས་སུ་གྱུར་པ་ནི༔ ཡི་དྭགས་ཐུབ་པ་ཁ་འབར་ཞེས་བྱ་བཞུགས༔ དེ་ལ་སྐྱབས་སུ་འགྲོ་བའི་ཚིག་འདི་སྨོས༔ འདོད་ཆགས་གཟུང་འཛིན་ཀུན་སྤང་བདེ་བར་གཤེགས༔ སྦྱིན་པའི་ཆོས་ཐོབ་སེར་སྣ་རྣམ་པར་དག༔ ཡི་དྭགས་ཐུབ་པ་ཁ་འབར་རིན་ཆེན་སྒྲོམ༔ ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་སྦྱང་དུ་གསོལ༔ བཅོམ་ལྡན་ཁ་འབར་མ་ལ་སྐྱབས་སུ་མཆི༔ ནུབ་ཀྱི་བུམ་པ་ཐོགས་ལ༔ ཧཱུྃ༔ བདུད་རྩི་དྲི་ལྔའི་བུམ་པ་འདིར༔ བདེ་


CMR005_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་གསུང་གི་ལྷ་ཚོགས་བཞུགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཡི་དྭགས་སྐྱེ་སྒོ་བཅད་ནས་ནི༔ བདེ་བ་ཅན་དུ་སྐྱེ་བར་ཤོག༔ ༀཔདྨ་སཏཱ་ས་མ་ཡ་སོགས། པདྨ་ཨ་བྷི་ཥིཉྩ་ཨཱ་བུམ་ཆུ་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་བཀྲུས་པར་བསམ༔ བུམ་པ་མགྲིན་པར་བཞག་ཚུལ་དང་ཁྲུས་བྱ་ཞིང་༔ བྷྱ་བྷྱ་བྷྱ༔ བྷྱ་བྷྱ་བྷྱ༔ བྷྱ་བྷྱ་བྷྱ༔ སྒྲོམ་བུ་ཐོགས་ལ༔ ཨཱཿ རིན་ཆེན་སྒྲོམ་བུའི་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ སྲེ་ཏ་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ སྲེ་པ་ཙ་པ་ཙ་སརྦ་སྦེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཞལ་ཟས་བཀྱགས་ལ༔ ཧཱུྃ༔ བཅོམ་ལྡན་ཁ་འབར་རྒྱལ་པོ་ལ༔ དྲི་མེད་དག་པའི་ཞལ་ཟས་དང་༔ འདོད་ཡོན་རྒྱན་གྱི་མཆོད་གཏོར་འབུལ༔ ཚེ་འདས་བཀྲེས་སྐོམ་སྦྱང་དུ་གསོལ༔ ཨོཾ་མུ་ནེ་ཧཱུྃ་སྭཱ་ཧཱ༔ སརྦ་ནི་ཝི་དྱ་པཱཙྪ་ཁ་ཁ་ཁཱ་ཧི༔ ཡར་ཐུབ་པའི་དྲུང་དུ་བཞག་གོ༔ ཧཱུྃ༔ ས་འདི་བཅད་པ་མན་ཆད་ནི༔ བཀྲེས་སྐོམ་ཡི་དྭགས་གནས་ཡིན་པས༔ བོར་རོ་སྤྱང་ངོ་རིགས་ཀྱི་བུ༔ ས་འདི་བཅད་པ་ཡན་ཆད་ནི༔ མཐོ་རིས་བདེ་བའི་ས་ཡིན་པས༔ འདོང་ངོ་གཤེགས་སོ་རིགས་ཀྱི་བུ༔ ཕྱིར་མི་ལྡོག་


CMR005_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ས་ཐོབ་ཤོག༔ རིགས་དྲུག་རིམ་གྱིས་བསྒྲལ་བའི་ཕྱིར༔ ཡ་སིང་ར་རླུང་པ་ལ་ཡ༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ ཨེ་ཀ་ར་ན་བྷེ་ཙག་ཤ༔ བྱང་བུ་དུད་འགྲོའི་དལ་དུ་བཞག༔ ཀྱེ་མ་བདག་འདྲའི་སེམས་ཅན་ལ༔ གཏི་མུག་དྲག་པོའི་ལས་དབང་གིས༔ ཏིརླ་དུད་འགྲོའི་གནས་སུ་སྐྱེས༔ བཀོལ་སྤྱོད་གླེན་ལྐུགས་བརྗོད་ལས་འདས༔ སྡུག་བསྔལ་འདི་ལས་བདག་སྒྲོལ་མཛོད༔ བརྩེ་བ་ཆེན་པོས་བཟུང་དུ་གསོལ༔ ཧཱུྃ༔ གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་འདི༔ ཚེ་འདས་བཀོལ་སྤྱོད་ལན་ཆགས་བསྙག་པ་ཡི༔ གསོན་བདུད་གཤིན་ལྕགས་ལན་ཆགས་ཁྱོད་ལ་སྦྱིན༔ གཏོར་མ་འདི་ཡིས་མགུ་ཞིང་ཚིམ་གྱིས་ལ༔ ཚེ་འདས་འདི་ཡི་ཐར་བའི་གེགས་མ་བྱེད༔ སརྦ་བྷུ་ཏ་བ་ལིངྐ་ཁ་ཁ་ཁཱ་ཧི༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷོ་བི་ཤྭ་མུ་ཁེ་བྷྱསརྦ་ཏངྑཾ་ཨུཏྟ་ཏེ༔ སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲིཉྩ་དཾ་བ་ལུ་དེ་སྭཱ་ཧཱ༔ འདི་ནི་ཤེས་རབ་རང་བཞིན་ཆུ༔ མི་ཤེས་དྲི་མ་སྦྱོང་མཛད་པ༔ ཡེ་ཤེས་ཆུ་ཡིས་ལེགས་བཀྲུས་པས༔ གཏི་མུག་དྲི་མ་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཡིག་བརྒྱའམ་བོ་དྷི༔ ཨོ་ཨ་བྷ་རྒྱ་ཏཾ་ཀེ་ཚེ་འདས་དུད་


CMR005_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་ལས་ངན་དང་སྡིག་སྒྲིབ་ཐམས་ཅད་ཤཱནྟི་ཀུ་རུ་སྭཱ་ཧཱ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ རྣམ་པར་སྣང་མཛད་དུག་མི་མངའ༔ སྐུ་མཆོག་རྡོ་རྗེས་དུག་བཅོམ་མོ༔ གཏི་མུག་སྒྲིབ་པ་དག་གྱུར་ཅིག༔ ཨོ་ཛི་ན་ཛིཀ྄༔ མ་མ་ཀོ་ལི་ས་མ་ཚེ་འདས་དུད་འགྲོའི་ལས་དང་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ བྱེ་མ་དཀྱིལ་འཁོར་ལྷའི་འོད་ཟེར་མེ་ལྟ་བུས་དུད་འགྲོའི་ས་བོན་སུ་སྨུག་ནག་རང་བཞིན་མེད་པར་བསྲེགས་པར་བསམ༔ ཀྱེ་མ་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ གཏི་མུག་རྨོངས་པས་ཀུན་ནས་བསླངས་ནས་སུ༔ མི་དགེ་བཅུ་སྤྱོད་ཆོས་ལ་མི་མོས་ཤིང་༔ བླུན་རྨོངས་དབང་གིས་དུད་འགྲོར་སྐྱེ་སྲིད་དོ༔ དེ་ན་མགོན་དང་སྐྱབས་སུ་གྱུར་པ་ནི་བྱོལ་སོང་ཐུབ་པ་སེང་གེ་རབ་བརྟན་བཞུགས༔ དེ་ལ་སྐྱབས་སུ་འགྲོ་བའི་ཚིག་འདི་སྨྲོས༔ གཏི་མུག་གཟུང་འཛིན་ཀུན་སྤང་བདེ་བར་གཤེགས༔ ཤེས་རབ་མཚོན་ཐོགས་གཏི་མུག་རྣམ་པར་དག༔ བྱོལ་སོང་ཐུབ་པ་སེང་གེ་པོ་ཏི་འཛིན༔ དུད་འགྲོ་གླེན་ལྐུགས་སྡུག་བསྔལ་སྦྱང་དུ་གསོལ་བཅོམ་ལྡན་འདས་སེང་གེ་ཁྱེད་ལ་སྐྱབས་སུ་མཆི༔ ཤར་གྱི་བུམ་


CMR005_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐོགས་ལ༔ ཧཱུྃ༔ རིན་ཆེན་འབྲུ་ལྔའི་བུམ་པ་འདིར༔ བདེ་གཤེགས་སྐུ་ཡི་ལྷ་ཚོགས་བཞུགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ དུད་འགྲོའི་སྐྱེ་སྒོ་བཅད་ནས་ནི༔ མངོན་དགའི་ཞིང་ཁམས་མཇལ་བར་ཤོག༔ ཨོཾ་བུདྡྷ་སཏཱ་ས་མ་ཡ་སོགས། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་བཀྲུས་པར་བསམས་ལ༔ བུམ་པ་གསང་གནས་སུ་བཞག་ཚུལ་དང་ཁྲུས་བྱ་ཞིང་༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ པུ་སྟི་ཐོགས་ལ༔ ཨ༔ ཤེས་རབ་རིག་པའི་པོ་ཏི་འདི༔ དུས་གསུམ་རྒྱལ་བ་ཞི་ཁྲོའི་གསུང་༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཏིརུ་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ སུ་མ་ཐ་མ་ཐ་སརྦ་ཏིརྱ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཧཱུྃ༔ བཅོམ་ལྡན་སེང་གེ་རབ་བརྟན་ལ༔ དྲི་མེད་དག་པའི་ཞལ་ཟས་དང་༔ འདོད་ཡོན་རྒྱན་གྱི་མཆོད་པ་འབུལ༔ ཚེ་འདས་གླེན་ལྐུགས་སྦྱང་དུ་གསོལ༔ ཨོཾ་མུ་ནེ་ཀྵ་སྭཱ་ཧཱ༔ སརྦ་ནི་ཝི་དྱ་པུཙྪ་ཁ་ཁ་ཁཱ་ཧི༔ ཧཱུྃ༔ ས་འདི་བཅད་པ་མན་ཆད་ནི༔ གླེན་ལྐུགས་དུད་འགྲོའི་གནས་ཡིན་པས༔ བོར་རོ་སྤང་ངོ་རིགས་ཀྱི་བུ༔ ས་འདི་བཅད་པ་ཡན་ཆད་ནི༔ མཐོ་རིས་བདེ་བའི་ས་ཡིན་པས༔ འདོང་ངོ་གཤེགས་སོ་


CMR005_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུ༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ རིགས་དྲུག་རིམ་གྱིས་བསྒྲོལ་བའི་ཕྱིར༔ ཡ་སིང་ར་རླུང་པ་ལ་ཡ༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ ཨེ་ཀ་ར་ན་བྷེ་ཙག་ཤ༔ ༈ བྱང་བུ་ལྷ་མིན་དལ་དུ་བཙུགས༔ ཀྱེ་མ་བདག་འདྲའི་སེམས་ཅན་ལས་ངན་པས༔ ཕྲག་དོག་དྲག་པོའི་ལས་དབང་གིས༔ གདུག་རྩུབ་ལྷ་མིན་གནས་སུ་སྐྱེས༔ འཐབ་རྩོད་སྡུག་བསྔལ་བརྗོད་ལས་འདས༔ སྡུག་བསྔལ་འདི་ལས་བདག་སྒྲོལ་མཛོད༔ བརྩེ་བ་ཆེན་པོས་བཟུང་དུ་གསོལ༔ ཧཱུྃ༔ གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་འདི༔ ཚེ་འདས་འཐབ་རྩོད་ལན་ཆགས་བསྙག་པ་ཡི་གསོན་བདུད་གཤིན་ལྕགས་ལན་ཆགས་ཁྱོད་ལ་སྦྱིན༔ གཏོར་མ་འདི་ཡིས་མགུ་ཞིང་ཚིམ་གྱིས་ལ༔ ཚེ་འདས་འདི་ཡི་ཐར་བའི་གེགས་མ་བྱེད༔ ཨོཾ་སརྦ་བྷུ་ཏ་བ་ལིང་ཏ་ཁཱ་ཧི༔ ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏ་བྷོ་བི་ཤྭ་འགྲེའོ། འདི་ནི་ཚུལ་ཁྲིམས་རང་བཞིན་ཚུ༔ ཕྲག་དོག་དྲི་མ་སྦྱོང་མཛད་པ༔ ཚུལ་ཁྲིམས་ཆུ་ཡིས་ལེགས་བཀྲུས་པས༔ ཕྲག་དོག་དྲི་མ་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ རྒྱས་པར་ཡིག་བརྒྱའམ༔ བསྡུ་ན་བོ་དྷི༔ ཨོ་ཨ་བྷ་རྒྱ་ཏཾ་ཀེ༔ ཚེ་འདས་


CMR005_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མ་ཡིན་གྱི་ལས་ངན་དང་སྡིག་སྒྲིབ་ཐམས་ཅད་ཤཱནཾ་ཀུ་རུ་སྭཱ་ཧཱ༔ ང་རྒྱལ་ལོག་ལྟ་ཐེ་ཚོམ་གསུམ༔ འདི་དག་རྩ་བའི་དུག་གསུམ་ཡིན༔ དོན་ཡོད་གྲུབ་པ་དུག་མི་མངའ༔ ཕྲིན་ལས་རྡོ་རྗེས་དུག་བཅོམ་མོ༔ ཕྲག་དོག་དྲི་མ་དག་གྱུར་ཅིག༔ ཧ་པྲཛྙཱ་དྷིཀ༔ མ་མ་ཀོ་ལི་ས་མནྟ༔ ཚེ་འདས་ལྷ་མ་ཡིན་གྱི་ལས་དང་བག་ཆགས་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ བྱེ་མ་དཀྱིལ་འཁོར་ལྷའི་འོད་ཟེར་མེ་ལྟ་བུས་ལྷ་མ་ཡིན་གྱི་ས་བོན་ཏཱི༔ལྗང་གུ་རང་བཞིན་མེད་པར་བསྲེགས་པར་བསམ༔ ཀྱེ་མ་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ ཕྲག་དོག་དྲག་པོས་ཀུན་ནས་བསླངས་ནས་སུ༔ མི་དགེ་བཅུ་དང་འཐབ་རྩོད་ལས་དབང་གིས༔ གདུག་རྩུབ་ལྷ་མིན་གནས་སུ་སྐྱེ་སྲིད་ན༔ དེ་ན་མགོན་དང་སྐྱབས་སུ་གྱུར་པ་ནི༔ ལྷ་མིན་ཐུབ་པ་ཐགས་བཟང་ཞེས་བྱ་བཞུགས༔ དེ་ལ་སྐྱབས་སུ་འགྲོ་བའི་ཚིག་འདི་སྨོས༔ ཕྲག་དོག་གཟུང་འཛིན་ཀུན་སྤང་བདེ་བར་གཤེགས༔ ཚུལ་ཁྲིམས་ཆོས་ཐོབ་ཕྲག་དོག་རྣམ་པར་དག་ལྷ་མིན་ཐུབ་པ་སྐྱོབས་བྱེད་གོ་མཚོན་འཛིན༔ ལྷ་མིན་འཐབ་རྩོད་སྡུག་བསྔལ་སྦྱང་དུ་གསོལ༔ བཅོམ་ལྡན་ཐགས་བཟང་རིས་ལ་སྐྱབས་སུ་མཆི༔ དེ་ནས་བྱང་གི་བུམ་པ་ཐོགས་ལ༔


CMR005_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ སྙིང་པོ་ལྔ་ཡི་བུམ་པ་ན༔ བདེར་གཤེགས་ཕྲིན་ལས་ལྷ་ཚོགས་བཞུགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ལྷ་མིན་སྐྱེ་སྒོ་བཅད་ནས་ནི༔ ལས་རབ་ཞིང་དུ་སྐྱེ་བར་ཤོག༔ ཧ་ཀརྨ་སཏཱ་ས་མ་ཡ་སོགས། ཀརྨ་ཨ་བྷི་ཥིཉྩ་ཧ༔ བུམ་ཆུ་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་བཀྲུས་པར་བསམས་ལ༔ བུམ་པ་བྱང་བུའི་མཆན་ཁུང་གཡོན་དུ་བཞག་ཚུལ་དང་ཁྲུས་བྱ་ཞིང་༔ ཀོ་ཀེ་ཀེ༔ ཀེ་ཀེ་ཀེ༔ ཀེ་ཀེ་ཀེ༔ ཞེས་མེ་ལོང་ལ་ཁྲུས་བྱའོ༔ གོ་མཚོན་ཐོགས་ལ༔ ཧཱ་ཤེས་རབ་དོན་མཚོན་རལ་གྲི་དང་༔ བདུད་ཀྱི་མཚོན་སྲུང་གོ་ཆ་འདི༔ དུས་གསུམ་རྒྱལ་བའི་སྦྱོར་སྒྲོལ་ཏེ༔ ཞི་ཁྲོ་རྒྱལ་བའི་ཕྱག་མཚན་འདིས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཧེ་ས་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ ཏྲེ་སརྦ་དུ་ལ་སརྦ་ཀརྨ་པྲ་ཝེ་ཤ་ཧཱུྃ་ཕཊ༔ ཧཱུྃ༔ བཅོམ་ལྡན་ཐགས་བཟང་རིས་མཆོག་ལ༔ དྲི་མེད་དག་པའི་ཞལ་ཟས་དང་༔ འདོད་ཡོན་རྒྱན་གྱི་མཆོད་གཏོར་འབུལ༔ ཚེ་འདས་འཐབ་རྩོད་སྦྱང་དུ་གསོལ༔ ཨོཾ་མུ་ནེ་ཏྲེ་སྭཱ་ཧཱ༔ སརྦ་ནེ་ཝི་དྱ་པཱཙྪ་ཁ་ཁ་ཁཱ་ཧི༔ ཧཱུྃ༔ ས་འདི་བཅད་པ་མན་ཆད་ནི༔ འཐབ་རྩོད་ལྷ་མིན་གནས་ཡིན་པས༔ བོར་རོ་སྤང་ངོ་རིགས་ཀྱི་བུ༔


CMR005_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ས་འདི་བཅད་པ་ཡན་ཆད་ནི༔ མཐོ་རིས་བདེ་བའི་ས་ཡིན་པས་འདོང་ངོ་གཤེགས་སོ་རིགས་ཀྱི་བུ༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ རིགས་དྲུག་རིམ་གྱིས་བསྒྲལ་བའི་ཕྱིར༔ ཡ་སིང་ར་རླུང་པ་ལ་ཡ༔ ཕྱིར་མི་ལྡོག་པའི་ས་ཐོབ་ཕྱིར༔ ཨེ་ཀ་ར་ན་བྷེ་ཙཀ་ཤ༔ ༈ བྱང་བུ་ལྷ་ཡི་དལ་དུ་བཙུགས༔ ཀྱེ་མ་བདག་འདྲའི་སེམས་ཅན་ལས་ངན་པས༔ ང་རྒྱལ་དྲག་པོའི་ལས་དབང་གིས༔ འདོད་ཁམས་ལྷ་ཡི་གནས་སུ་སྐྱེས༔ ལྟུང་བའི་སྡུག་བསྔལ་བརྗོད་ལས་འདས༔ སྡུག་བསྔལ་འདི་ལས་བདག་སྒྲོལ་མཛོད༔ བརྩེ་བ་ཆེན་པོས་བཟུང་དུ་གསོལ༔ ཧཱུྃ༔ གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་འདི༔ ཚེ་འདས་ཕམ་ལྟུང་ལན་ཆགས་བསྙག་པ་ཡི༔ གསོན་བདུད་གཤིན་ལྕགས་ལན་ཆགས་ཁྱོད་ལ་སྦྱིན༔ གཏོར་མ་འདི་ཡིས་མགུ་ཞིང་ཚིམས་གྱིས་ལ༔ ཚེ་འདས་འདི་ཡི་ཐར་པའི་གེགས་མ་བྱེད༔ སརྦ་བྷུ་ཏ་བ་ལིནྟ་ཁཱ་ཧི༔ ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏ་བྷོ་བྷི་ཤྭ་སོགས། འདི་ནི་བསམ་གཏན་རང་བཞིན་ཆུ་ལྟུང་བའི་དྲི་མ་སྦྱོང་མཛད་པ༔ ཏིང་འཛིན་ཆུ་ཡིས་ལེགས་བཀྲུས་པས༔ ང་རྒྱལ་དྲི་མ་སྦྱང་དུ་གསོལ༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་


CMR005_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ལོ༔ རྒྱས་པར་ཡིག་བརྒྱའམ༔ བསྡུ་ན་བོ་དྷི༔ ཨོ་ཨ་ཧྥུ་རྒྱ་ཏཾ་ཀེ༔ ཚེ་འདས་ལྷར་ལྟུང་བའི་ལས་ངན་སྡིག་སྒྲིབ་ཐམས་ཅད་ཤཱནཾ་ཀུ་རུ་སྭཱ་ཧཱ༔ ང་རྒྱལ་ལོག་ལྟ་ཐེ་ཚོམ་གསུམ༔ འདི་དག་རྩ་བའི་དུག་གསུམ་སྟེ༔ རིན་ཆེན་འབྱུང་ལྡན་དུག་མི་མངའ༔ ཡོན་ཏན་རྡོ་རྗེས་དུག་བཅོམ་མོ༔ ང་རྒྱལ་སྒྲིབ་པ་དག་གྱུར་ཅིག༔ སཱ་རཏྣ་དྷིཀཿ མ་མ་ཀོ་ལི་ས་མནྟ༔ ཚེ་འདས་ལྷ་ཡི་ཕམ་ལྟུང་གི་ལས་དང་བག་ཆགས་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བྱེ་མ་དཀྱིལ་འཁོར་ལྷའི་འོད་ཟེར་མེ་ལྟ་བུས༔ ལྷ་ཡི་ས་བོན་ཨདཀར་པོ་བསྲེགས་པར་བསམས་ལ། ཀྱེ་མ་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ ང་རྒྱལ་དྲག་པོས་ཀུན་ནས་བསླངས་ནས་སུ༔ མི་དགེ་བཅུ་དང་ཕ་རོལ་ཁྱད་བསད་པའི༔ འདོད་ཁམས་ལྷ་ཡི་གནས་སུ་སྐྱེ་སྲིད་པས༔ དེ་ཡང་འཇིག་རྟེན་འཁོར་བའི་གནས་ཡིན་པས༔ དེ་ལ་མ་ཆགས་བྱང་ཆུབ་སེམས་བསྐྱེད་ལ༔ དེ་ན་མགོན་དང་སྐྱབས་སུ་གྱུར་པ་ནི༔ ལྷ་ཡི་ཐུབ་པ་དབང་པོ་བརྒྱ་བྱིན་བཞུགས༔ དེ་ལ་སྐྱབས་སུ་འགྲོ་བའི་ཚིག་འདི་སྨོས༔ ང་རྒྱལ་གཟུང་འཛིན་ཀུན་སྤང་བདེ་བར་གཤེགས༔ བསམ་གཏན་ཆོས་ཐོབ་ལྟ་བ་རྣམ་པར་དག༔ ལྷ་ཡི་ཐུབ་


CMR005_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྒྱ་བྱིན་པི་ཝང་བསྣམས༔ འཆི་འཕོ་ལྟུང་བྱེད་སྡུག་བསྔལ་སྦྱང་དུ་གསོལ༔ ལྷ་དབང་བརྒྱ་བྱིན་ཁྱེད་ལ་སྐྱབས་སུ་མཆི༔ དེ་ནས་ལྷོ་ཡི་བུམ་པ་ཐོགས་ལ༔ ཧཱུྃ༔ རིན་ཆེན་ལྔ་ཡི་བུམ་པ་འདིར༔ བདེ་གཤེགས་ཡོན་ཏན་ལྷ་ཚོགས་བཞུགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ལྷ་ཡི་སྐྱེ་སྒོ་བཅད་ནས་ནི༔ དཔལ་ལྡན་ཞིང་དུ་སྐྱེ་བར་ཤོག༔ སྦ་རཏྣ་སཏཱ་ས་མ་ཡ་སོགས། རཏྟ་ཨ་བྷི་ཥིཉྩ་སྭཱ༔ བུམ་ཆུ་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་བཀྲུས་པར་བསམས་ལ༔ དེ་ནས་བུམ་པ་སྤྱི་བོ་དང་ལྟེ་བར་བཞག་ཚུལ་དང་ཁྲུས་བྱ་ཞིང་༔ ཏཾ་ཏཾ་ཏཾ༔ ཏཾ་ཏཾ་ཏཾ༔ ཏཾ་ཏཾ་ཏཾ་པི་ཝཾ་ཐོགས་ལ༔ སྭ༔ ལོངས་སྤྱོད་བདུད་ཀྱི་གཡེངས་འཇོམས་པའི༔ པི་ཝང་སྙན་པའི་དོན་བྱེད་འདིས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ སྐྱེ་བ་གཅིག་གིས་ལས་རྫོགས་ཤོག༔ ཨ་སརྦ་ཏ་ཐཱ་ག་ཏ་བྷི་དན་ཁངྒ་ཚིན་དྷ་ཚིན་དྷ་ཧཱུྃ་ཕཊ༔ ཧཱུྃ༔ བཅོམ་ལྡན་དབང་པོ་བརྒྱ་བྱིན་ལ༔ དྲི་མེད་དག་པའི་ཞལ་ཟས་དང་༔ འདོད་ཡོན་རྒྱན་གྱི་མཆོད་གཏོར་འབུལ༔ ཚེ་འདས་ཕམ་ལྟུང་སྦྱང་དུ་གསོལ༔ ཨོཾ་མུ་ནེ་ཀྲེ་སྭཱ་ཧྭ༔ སརྦ་ནི་ཝི་ཏྱཱ་པཱཙྪ་ཁ་ཁ་ཁཱ་ཧི༔ ཧཱུྃ༔ ས་འདི་བཅད་པ་མན་ཆད་ནི༔ རིགས་དྲུག་འཁོར་བའི་


CMR005_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཡིན་པས༔ བོར་རོ་སྤང་ངོ་རིགས་ཀྱི་བུ༔ ས་འདི་བཅད་པ་ཡན་ཆད་ནི༔ ཐར་ལམ་བདེ་བའི་ས་ཡིན་པས༔ འདོང་ངོ་གཤེགས་སོ་རིགས་ཀྱི་བུ༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ རིགས་དྲུག་རིམ་གྱིས་བསྒྲལ་བའི་ཕྱིར༔ ཡ་སིང་ར་རླུང་པ་ལ་ཡ༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ ཨེ་ཀ་ར་ན་བྷེ་ཙཀ་ཤ༔ ༈ བྱང་བུ་མི་ཡི་དལ་དུ་བཙུགས༔ ཀྱེ་མ་བདག་འདྲའི་སེམས་ཅན་ལས་ངན་པ༔ ཉོན་མོངས་འདོད་པའི་ལས་དབང་གིས༔ འདོད་ཁམས་མི་ཡི་གནས་སུ་སྐྱེས༔ བྲེལ་ཕོངས་སྡུག་བསྔལ་བརྗོད་ལས་འདས༔ སྡུག་བསྔལ་འདི་ལས་བདག་སྒྲོལ་མཛོད༔ བརྩེ་བ་ཆེན་པོས་བཟུང་དུ་གསོལ༔ ཧཱུྃ༔ གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་འདི༔ ཚེ་འདས་བྲེལ་ཕོངས་ལན་ཆགས་བསྙག་པ་ཡི༔ གསོན་བདུད་གཤིན་ལྕགས་ལན་ཆགས་ཁྱོད་ལ་སྦྱིན༔ གཏོར་མ་འདི་ཡིས་མགུ་ཞིང་ཚིམ་གྱིས་ལ༔ ཚེ་འདས་འདི་ཡི་ཐར་བའི་གེགས་མ་བྱེད༔ ཨོཾ་སརྦ་བྷུ་ཏ་བ་ལིཏྟ་ཁཱ་ཧི༔ ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏ་བྷོ་བྷི་ཤྭ་སོགས། འདི་ནི་བརྩོན་འགྲུས་རང་བཞིན་ཆུ༔ ཡིད་གཉིས་དྲི་མ་སྦྱོང་མཛད་པ༔ སྤྲོ་དགའ་ཆུ་ཡིས་ལེགས་བཀྲུས་པས༔


CMR005_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཐེ་ཚོམ་དྲི་མ་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཡིག་བརྒྱའམ༔ བོ་དྷི༔ ཨོ་ཨ་བྱུ་རྒྱ་ཏཾ་ཀེ༔ ཚེ་འདས་མི་བྲེལ་ཕོངས་ཀྱི་ལས་ངན་དང་སྡིག་སྒྲིབ་ཐམས་ཅད་ཤཱནྟཾ་ཀུ་རུ་སྭཱ་ཧཱ༔ ང་རྒྱལ་ལོག་ལྟ་ཐེ་ཚོམ་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ ཀུན་བཟང་ཞི་ཁྲོ་དུག་མི་མངའ༔ སངས་རྒྱས་བདེན་པས་དུག་བཅོམ་མོ༔ ཚེ་ལས་འདས་པ་འདི་ཉིད་ཀྱི༔ ཐེ་ཚོམ་དྲི་མ་དག་གྱུར་ཅིག༔ ཨོཾ་ཨཱཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷོ་ཧཱུྃ༔ ཞེས་རྩ་སྔགས་དང་༔ མ་མ་ཀོ་ལི་ས་མནྟ༔ ཚེ་འདས་མི་བྲེལ་ཕོངས་ཀྱི་ལས་དང་བག་ཆགས་ངན་པ་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ བྱེ་མ་དཀྱིལ་འཁོར་ལྷའི་འོད་ཟེར་མེ་ལྟ་བུས༔ མི་ཡི་ས་བོན་ནཱི༔ལྗང་གུ་རང་བཞིན་མེད་པར་བསྲེགས་པར་བསམ༔ ཀྱེ་མ་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ ཉོན་མོངས་འདོད་པས་ཀུན་ནས་བསླངས་ནས་སུ༔་ཟག་བཅས་འདོད་པའི་དགེ་བཅུ་སྤྱད་གྱུར་ཀྱང་༔ འདོད་ཁམས་གླིང་བཞི་མི་རུ་སྐྱེ་སྲིད་དེ་ཡང་འཇིག་རྟེན་འཁོར་བའི་གནས་ཡིན་པས༔ འཁོར་བ་འདི་ན་ཁབ་ཀྱི་རྩེ་ཙམ་ཡང་༔ བདེ་བ་ནམ་ཡང་ཡོད་པ་མ་ཡིན་གསུངས༔ ཅུང་ཟད་ཡོད་ཀྱང་འགྱུར་བའི་


CMR005_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ཡོད༔ ཁྱོད་ཀྱི་ཉེ་དྲུང་འོ་དོད་འབོད་བྱེད་ཅིང་༔ ཕ་མ་བུ་ཚ་ཉེ་དུ་ང་ཡིན་ཞེས༔ ཁང་ཁྱིམ་གནས་མལ་ཡོ་བྱད་ནོར་རྫས་དང་༔ ཁྱོད་ཀྱི་མིང་ནས་འབོད་པའི་སྒྲ་སྐད་ཀྱང་༔ བྱང་ཆུབ་ལམ་ལ་བར་ཆད་བྱེད་པའི་བདུད༔ དེ་ལ་མ་ཉན་མ་ལྟ་མ་སེམས་པར༔ དེ་ལ་མ་ཆགས་བྱང་ཆུབ་སེམས་བསྐྱེད་ལ༔ འདི་ན་མགོན་དང་སྐྱབས་སུ་གྱུར་པ་ནི༔ མི་ཡི་ཐུབ་པ་ཤཱཀྱ་ཐུབ་པ་བཞུགས༔ དེ་ལ་སྐྱབས་སུ་འགྲོ་བའི་ཚིག་འདི་སྨོས༔ ཐེ་ཚོམ་གཟུང་འཛིན་ཀུན་སྤངས་བདེ་བར་གཤེགས༔ བརྩོན་འགྲུས་ཆོས་ཐོབ་ཐེ་ཚོམ་རྣམ་པར་དག༔ ཤཱཀྱ་ཐུབ་པས་གསེག་ཤང་པར་བུ་འཛིན༔ སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྦྱང་དུ་གསོལ༔ རྒྱལ་བ་ཐུབ་པ་ཁྱེད་ལ་སྐྱབས་སུ་མཆི༔ སླར་ཡང་གཙོ་བོའི་བུམ་པར་བུམ་ཆུ་བསྡུས་ལ༔ ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང་༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ལྷ་དབང་ལུས་ལ་ཐོབ་པར་ཤོག༔ བུམ་པ་མགོ་ཡི་ཕྱོགས་ལྔར་བཞག་ཚུལ་གྱིས༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨཱཿ འདི་ལ་བུདྡྷ་ཤར་ཡིན་ནོ༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨཱཿ སཱ་རཏྣ་ཨ་བྷི་ཥིཉྩ་ཨཱཿ ཨོཾ་པདྨ་ཨ་བྷི་ཥིཉྩ་ཨཱཿ ཧྭ་ཀརྨ་ཨ་


CMR005_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

བྷི་ཥིཉྩ་ཨཱཿ བུམ་ཆུ་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་བཀྲུས་པར་བསམས་ལ༔ བུམ་པ་སྙིང་ག་དང་རྣ་ལྟག་གཡོན་དུ་བཞག་ཚུལ་དང་ཁྲུས་བྱ་ཞིང་༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ལན་གསུམ་བརྗོད་དོ༔ གསེག་པར་ཐོགས་ལ༔ ཧཱུྃ༔ རིན་ཆེན་པར་བུའི་ལྷུང་བཟེད་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ གསེག་ཤང་དྲང་སྲོང་སྒྲ་སྒྲོག་འདི༔ ཐུགས་རྟགས་ཞི་ཁྲོ་ལྷ་ཡི་རྟགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཨ་ཝ་དྷུ་ཏའི་དབང་ཐོབ་ཤོག༔ ཨོྃ་ཚིན་དྷ་ཚིན་དྷ་སརྦ་ཨ་ཝ་ར་ཎ་ནི་ཧཱུྃ་ཕཊ༔ ཧཱུྃ༔ བཅོམ་ལྡན་ཤཱཀྱ་ཐུབ་པ་ལ༔ དྲི་མེད་དག་པའི་ཞལ་ཟས་དང་༔ འདོད་ཡོན་རྒྱན་གྱི་མཆོད་གཏོར་འབུལ༔ ཚེ་འདས་བྲེལ་ཕོངས་སྦྱང་དུ་གསོལ༔ ཨོཾ་མུ་ནེ་ཧཱུྃ་སྭཱ་ཧཱ༔ སརྦ་ནི་ཝི་ཏྱཱ་པཱཙྪ་ཁ་ཁ་ཁཱ་ཧི༔ ཧཱུྃ༔ ས་འདི་བཅད་པ་མན་ཆད་ནི༔ རིགས་དྲུག་འཁོར་བའི་གནས་ཡིན་པས༔ བོར་རོ་སྤང་ངོ་རིགས་ཀྱི་བུ༔ ཡུལ་དང་ཁང་ཁྱིམ་ནོར་རྫས་ཀུན༔ སྒྱུ་མ་རྨི་ལམ་ཅི་བཞིན་དུ༔ མི་རྟག་འགྱུར་བའི་ཆོས་ཅན་ཡིན༔ རྟག་པར་གནས་པ་གཅིག་ཀྱང་མེད༔ མ་ཆགས་མ་ཞེན་རིགས་ཀྱི་བུ༔ ཕ་མ་བུ་ཚ་ཉེ་དུ་ཀུན༔ རྨི་ལམ་སྐྱེས་བུ་ཇི་བཞིན་དུ༔ མི་རྟག་འབྲལ་བའི་ཆོས་ཅན་ཡིན༔ ཁྱོད་ཀྱི་


CMR005_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

མིང་ནས་འབོད་བྱེད་ཅིང་༔ ཕ་མ་ཉེ་དུ་ང་ཡིན་ཞེས༔ སྨྲེ་སྔགས་འོ་དོད་འབོད་པ་ཀུན༔ ཐར་ལམ་བར་ཆད་གེགས་ཡིན་པས༔ དེ་ལ་མ་ཉན་རིགས་ཀྱི་བུ༔ ཆགས་པར་མ་བྱེད་རིགས་ཀྱི་བུ༔ ས་འདི་བཅད་པ་ཡན་ཆད་ནི༔ ཐར་པ་བདེ་བའི་ས་ཡིན་པས༔ འདོང་ངོ་གཤེགས་སོ་རིགས་ཀྱི་བུ༔ དགའ་ཞིང་སྤྲོ་བའི་སེམས་བསྐྱེད་ལ༔ ཞིང་མཆོག་གཙང་མའི་གནས་མཆོག་ཏུ༔ བདག་གིས་ཁྱོད་ཉིད་གཞུག་བྱ་ཡི༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ ཡུལ་ཀུན་ཞེན་པ་བཟློག་པའི་ཕྱིར༔ བུ་ག་རི་ལ་བྷ་རུ་ཏྲི༔ ཞེན་པའི་ཕྲེང་ཐག་བཅད་པའི་ཕྱིར༔ ར་མི་སི་པི་ཁེ་ཏ་པ༔ བྱང་བུ་དཀྱིལ་འཁོར་དྲུང་དུ་བཞག་ཚུལ་ཙམ་བྱས་སློབ་དཔོན་གྱི་མདུན་དུ་དབང་སྟེགས་ལ་བཞག་གོ༔ དེ་ནས་ཉེ་དུས་རྗེས་ཟློས་སམ༔ ཡང་ན༔ ཚེ་འདས་ཀྱིས་རྗེས་ཟློས་བྱས་པར་བསྒོམས་ལ༔ ཧྲུག་འདོན་བྱ༔ ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་འདྲའི་སེམས་ཅན་འཁོར་བར་འཁྱམས༔ ལོག་པའི་ལམ་དུ་ཞུགས་ལགས་པས༔ བདེ་ཆེན་ཐར་པའི་ལམ་བསྟན་འཚལ༔ དཀྱིལ་འཁོར་ཆེན་པོར་འཇུག་ཏུ་གསོལ༔ ཞུས་པས་སློབ་དཔོན་གྱིས༔ ཀྱེ་མ་ཚེ་འདས་བུ་ཁྱོད་ལེགས་པར་ཉོན༔ འཁོར་བའི་གནས་ནས་


CMR005_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པའི་གྲོང་འཇུག་ན༔ ཚེ་འདིའི་འབྲས་བུ་དོན་དུ་གཉེར་མི་བྱ༔ འཇིག་རྟེན་ཚེ་འདིའི་དོན་དུ་གཉེར་བས་ན༔ ཕ་རོལ་ཐར་པའི་འབྲས་བུ་ཐོབ་མི་འགྱུར༔ འཇིག་རྟེན་ཕ་རོལ་གཞན་དོན་དོན་གཉེར་ན༔ འབད་པ་མེད་པར་འདི་འབྲས་རང་དོན་འགྲུབ༔ དེ་ཕྱིར་ཕ་རོལ་གཞན་དོན་དོན་གཉེར་གྱིས༔ ཡང་ཚེ་འདས་ཀྱིས་ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་དང་༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ རྡོ་རྗེ་ཐེག་པའི་དམ་ཚིག་གང་༔ བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ༔ ཐུན་མོང་དང་ནི་ཁྱད་པར་གྱི་སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ༔ རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་དུ༔ མགོན་པོས་བདག་ནི་འཇུག་པར་འཚལ། སློབ་དཔོན་གྱིས་རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི༔ ཤིན་ཏུ་བསམ་པ་བཟང་པོས་ལེགས་པར་ཉོན༔ བརྗེད་ངས་བློ་ལ་རྡོ་རྗེ་སེམས་ལ་སོགས༔ དུས་གསུམ་སངས་རྒྱས་རྣམས་ཀྱིས་བྱིན་མི་རློབས༔ ཞེས་ཉན་པར་བསྐུལ་ནས་སྤྲོ་བ་བསྐྱེད་པ་ནི༔ བུ་ཁྱོད་སྐལ་བ་ཤིན་ཏུ་བཟང་༔་གང་གིས་སྒྱུ་འཕྲུལ་ཞི་ཁྲོ་ཡི༔ དཀྱིལ་འཁོར་ལྷ་ཚོགས་ཕྱག་འཚལ་ན༔ ཉམས་ཆག་ཀུན་ཀྱང་བྱང་འགྱུར་ཞིང་༔ མཚམས་མེད་ལྔ་ཡི་


CMR005_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་ཀྱང་བྱང་༔ ན་རཀ་གནས་ཀྱང་དོང་སྤྲུགས་ཏེ༔ རིག་འཛིན་རྒྱལ་བའི་ཞིང་དུ་དྲང་༔ སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་ལ༔ གང་གིས་གུས་པས་ཕྱག་འཚལ་ན༔ ཉམས་ཆག་ཀུན་ཀྱང་བྱང་བར་འགྱུར༔ དམ་ཚིག་བསྐངས་ནས་དངོས་གྲུབ་ཐོབ༔ དེ་ཕྱིར་སྤྲོ་བའི་སེམས་ཀྱིས་ལེགས་པར་ཉོན༔ ཁྱད་པར་སྐྱབས་སུ་འགྲོ་བའི་སྡོམ་པ་ནི༔ ཚེ་འདས་ཁྱོད་ཀྱིས་ཐལ་སྦྱར་སྐྱབས་སྡོམ་ཟུངས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས༔ ཚེ་འདས་བདག་ལ་དགོངས་སུ་གསོལ༔ རྐང་གཉིས་གཙོ་བོ་སངས་རྒྱས་དང་༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་འཕགས་པའི་དགེ་འདུན་ལ༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ ཚེ་འདས་གུས་པས་སྐྱབས་སུ་མཆི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ འདི་བཟུང་བླ་མེད་བྱང་ཆུབ་བར༔ ཚེ་འདས་གུས་པས་སྐྱབས་སུ་མཆི༔ དཔའ་བོ་དཔའ་མོ་ཆོས་སྐྱོང་བཅས༔ བྱང་སེམས་རྡོ་རྗེ་སློབ་དཔོན་དང་༔ བྱང་ཆུབ་སེམས་དཔའི་དགེ་འདུན་ལ༔ ཚེ་འདས་གུས་པས་སྐྱབས་སུ་མཆི༔་ཚིག་རྗེས་མ་ལན་གསུམ༔ སྡོམ་གསུམ་རིམ་པར་བཟུང་སྙམ་པས༔ ཚེ་འདས་ཁྱོད་ཀྱི་རྗེས་


CMR005_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཟློས་མཛོད༔ བླ་མ་ཀུན་བཟང་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་གཞན་རྣམས་ལ༔ གནོད་པ་ལས་བཟློག་དགེ་བ་བསྒྲུབ༔ དགེ་ཚུལ་དགེ་སློང་བྱུང་ཆུབ་སེམས༔ སོ་སྦྱོར་ཐར་པའི་སྡོམ་པ་ལ༔ རྒྱུན་དུ་གནས་ཤིང་དགེ་བ་བསྒྲུབ༔ སྙོམ་པ་ཡོངས་སུ་བཟུང་བཚུ་བགྱི༔ ཧོ༔ བླ་མ་ཀུན་བཟུང་དགོངས་སུ་གསོལ༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ མ་དང་བུ་ཡི་འདུ་ཤེས་ཀྱིས༔ མ་བསྒྲལ་བ་རྣམས་སྒྲོལ་བ་དང་། མ་གྲོལ་བ་རྣམས་དགྲོལ་བ་དང་༔ དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་༔ སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ འཇུག་པ་ལ་ནི་གནས་པ་ལྟར༔ འདི་བཟུང་འཁོར་བ་མ་སྟོངས་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ ཚེ་འདས་བདག་གི་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་ལ་བསླབ་ཅིང་བསྒྲུབ༔ བརྩོན་འགྲུས་དག་གིས་ཐམས་ཅད་བསྒྲལ༔ ཀུན་དོན་ཚུལ་ཁྲིམས་གསུན་ཡང་བཟུང་༔ བདག་གིས་སེམས་བསྐྱེད་སྡོམ་བཟུང་ནས༔ མ་གྲོལ་དགྲོལ་དང་མ་བརྒལ་བསྒྲལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ དཀོན་


CMR005_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་ནི་མི་སྤང་ངོ་༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་༔ བྱང་ཆུབ་སེམས་ནི་སྤང་མི་བྱ་རིན་ཆེན་རིགས་ཀྱི་དམ་ཚིག་ཏུ་སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་གྱི་ཆོས་རྣམས་བཤད༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ དེ་བཞིན་རིགས་ཀྱི་དམ་ཚིག་ཏུ༔ དཀྱིལ་འཁོར་གསུམ་དང་འབྲལ་མི་བྱ༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ མ་ལུས་བདག་གིས་ཡོངས་སུ་བཟུང་༔ མཇུག་གི་ཚིག་གཉིས་ལན་གསུམ་བྱ༔ དེ་ནས་མཆོད་གཡོག་པས་ཐལ་སྦྱར་བྱང་བུ་ཐོགས་ལ༔ ཕྱོགས་བཞི་ནས་ཚིག་དང་བསྟུན་ལ་བྱང་བུ་དཀྱིལ་འཁོར་ནང་དུ་འཇུག་ཚུལ་རེ་དང་༔ ཉེ་དུ་གཅིག་གིས་ཕྱག་འཚལ་བ་སྤྱད་དེ༔ ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་ཤར་གྱི་སྒོ༔ ཞེ་སྡང་སྒྲིབ་པས་བཅད་ལགས་ན༔ སྙིང་རྗེའི་སྒོ་མ་རྟ་གདོང་མ༔ སྒོ་བ་ཁྲོ་བོ་རྣམ་པར་རྒྱལ༔ སྒོ་མ་ཁྲོ་མོ་ལྕགས་ཀྱུ་མ༔ ཐབས་ཤེས་ལྕགས་ཀྱུའི་ཕྱག་རྒྱ་ཡིས༔ མེ་ལོང་ཡེ་ཤེས་ཤར་སྒོ་ཕྱེས༔ ཚེ་འདས་དད་པས་འཇུག་པར་བགྱི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ ཚེ་འདས་དད་པས་ཕྱག་འཚལ་ལོ༔ ཡི་དམ་ལྷ་དང་མཇལ་


CMR005_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཤོག༔ པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་ལྷོ་ཡི་སྒོ༔ ང་རྒྱལ་སྒྲིབ་པས་བཅད་ལགས་ན༔ བྱམས་པའི་སྒོ་མ་ཕག་གདོང་མ༔ སྒོ་བ་ཁྲོ་བོ་གཤིན་རྗེའི་གཤེད༔ སྒོ་མ་ཁྲོ་མོ་ཞགས་པ་ཐབས་ཤེས་ཞགས་པའི་ཕྱག་རྒྱ་ཡིས༔ མཉམ་ཉིད་ཡེ་ཤེས་ལྷོ་སྒོ་ཕྱེས༔ ཚེ་འདས་དད་པས་འཇུག་པར་བགྱི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ ཚེ་འདས་གུས་པས་ཕྱག་འཚལ་ལོ༔ ཡི་དམ་ལྷ་དང་མཇལ་བར་ཤོག༔ པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་ནུབ་ཀྱི་སྒོ༔ འདོད་ཆགས་སྒྲིབ་པས་བཅད་ལགས་ན༔ དགའ་བའི་སྒོ་མ་སེང་གདོང་མ༔ སྒོ་བ་ཁྲོ་བོ་རྟ་མགྲིན་རྒྱལ༔ སྒོ་མ་ཁྲོ་མོ་ལྕགས་སྒྲོག་མ༔ ཐབས་ཤེས་ལྕགས་སྒྲོག་ཕྱག་རྒྱ་ཡིས༔ སོར་རྟོག་ཡེ་ཤེས་ནུབ་སྒོ་ཕྱེས༔ ཚེ་འདས་དད་པས་འཇུག་པར་བགྱི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ ཚེ་འདས་གུས་པས་ཕྱག་འཚལ་ལོ༔ ཡི་དམ་ལྷ་དང་མཇལ་བར་ཤོག༔ པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་བྱང་གི་སྒོ༔ ཕྲག་དོག་སྒྲིབ་པས་བཅད་ལགས་ན༔ བཏང་སྙོམས་སྒོ་མ་སྦྲུལ་གདོང་༔ སྒོ་བ་ཁྲོ་བོ་བདུད་རྩི་འཁྱིལ༔ སྒོ་མ་


CMR005_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་མོ་དྲིལ་བུ་མ༔ ཐབས་ཤེས་དྲིལ་བུའི་ཕྱག་རྒྱ་ཡིས༔ བྱ་གྲུབ་ཡེ་ཤེས་བྱང་སྒོ་ཕྱེས༔ ཚེ་འདས་དད་པས་འཇུག་པར་བགྱི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ ཚེ་འདས་གུས་པས་ཕྱག་འཚལ་ལོ༔ ཡི་དམ་ལྷ་དང་མཇལ་བར་ཤོག༔ པྲ་ཝེ་ཤ་ཡ་ཕཊ༔ བསྡུས་པ་འདིས་ཆོག༔ རྒྱས་པ་ལ་ཡང་བརྗོད་ཅིང་དབུས་སུ་འཇུག་སྟེ༔ ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་ཕྱོགས་བཞིའི་སྒོ༔ ཉོན་སྒྲིབ་བཞི་པོས་བཅད་ལགས་ན༔ སྒོ་བ་ཁྲོ་བོ་ཡབ་ཡུམ་བརྒྱད༔ ཚད་མེད་སྒོ་མ་གདོང་ཅན་བཞི༔ ཐབས་ཤེས་ཕྱག་རྒྱ་བཞི་པོ་ཡིས༔ ཡེ་ཤེས་བཞི་ཡི་སྒོ་བཞི་ས༔ ཚེ་འདས་དད་པས་འཇུག་པར་བགྱི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ ཚེ་འདས་གུས་པས་ཕྱག་འཚལ་ལོ༔ ཡི་དམ་ལྷ་དང་མཇལ་བར་ཤོག༔ པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་བྱང་བུར་མིག་དར་བཀབ་ཅིང་༔ ཨོཾ་ཙཀྵ་བྷནྡ་ཝཱ་ར་མཱ་ཎ་ཡེ་སྭཱ་ཧཱ༔ ཚེ་འདས་ཀྱིས་མེ་ཏོག་ཕུལ་བར་བསམས་ལ་ཉེ་དུའམ་མཆོད་གཡོག་པས་ནས་སམ་མེ་ཏོག་དཀྱིལ་འཁོར་ལ་གཏོར་ཞིང་༔ ཧཱུྃ༔ ཚེ་འདས་རིག་པའི་མེ་ཏོག་འདི༔ ཡི་དམ་ཞི་ཁྲོའི་ལྷ་ལ་འབུལ༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ཡི་དམ་ལྷ་ལ་འབབ་པར་ཤོག༔ པྲ་ཏིཙྪ་ཧོ༔ མེ་


CMR005_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་བྱང་བུའི་སྤྱི་བོར་བཞག། དཀྱིལ་འཁོར་ཁ་དོག་གང་མཐོང་ལས་གྲུབ་ཅིང་༔ གསང་མཚན་པདྨ་དྲི་མེད་དེ་བཞིན་གཤེགས༔ ཚེ་འདས་ཁྱོད་ཀྱི་མིང་ཡིན་མ་བརྗེད་ཅིག༔ དེ་ནས་ཐུར་མས་མིག་འབྱེད་ཚུལ་གྱིས། ཀུན་བཟང་རིགས་ལྔ་རྡོ་རྗེ་སེམས༔ ཁྱོད་ཀྱི་མ་རིག་ལོང་བའི་མིག༔ ཡེ་ཤེས་སྤྱན་དུ་དབྱེ་བར་བྱ༔ དེ་བཞིན་ཁྱོད་ཀྱིས་འགྲོ་བ་རྣམས༔ ཡེ་ཤེས་སྤྱན་དུ་དབྱེ་བར་ཤོག༔ ཨོཾ་བཛྲ་ཙཀ་པྲ་ཝེ་ཤ་ཡ་ཕཊ༔ མིག་དར་བསལ་ནས༔ ཀྱེ་མ་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔་དེ་བཞིན་ཁྱོད་ཀྱི་འགྲོ་བ་རྣམས༔ ཁྱོད་ནི་སྡིག་པ་ཀུན་ལས་གྲོལ༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ལུས་ངག་ཡིད་ཀྱིས་དད་པ་བསྐྱེད༔ རྡོ་རྗེ་སེམས་དཔའི་རིགས་སུ་སྐྱེས༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་རླབས༔ དངོས་གྲུབ་ཐམས་ཅད་ཁྱོད་ཀྱིས་ཐོབ༔ དམ་ཚིག་སྔགས་ལ་བརྩོན་པར་གྱིས༔ དེ་ནས་ཉེ་དུས་བྱང་བུ་ཐལ་མོའི་བར་དུ་བཟུང་༔ དཀྱིལ་འཁོར་དྲུང་དུ་པུས་བཙུགས་འདུག་པ་ལ༔ མཆོད་གཡོག་པས་ལྷ་ཐུར་གྱིས་ལྷ་ངོ་སྟོན་ཚུལ་བྱ་ཞིང་༔ ཀྱེ་མ་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ འདི་ལྟར་སྣང་ལ་རང་བཞིན་མེད་པ་ཡི༔ ཕོ་བྲང་གཞལ་ཡས་དཀྱིལ་འཁོར་ཆེན་པོ་འདིར༔ རྒྱལ་བ་ཞི་ཁྲོའི་


CMR005_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཚོགས་བཞུགས་པ་ཡང་༔ ཁྱོད་རང་ཤི་ནས་བར་དོའི་སྐབས་འདིར་འཆརཿ༔ ཞི་ཁྲོའི་ལྷ་ཚོགས་མདུན་གྱི་ནམ་མཁའ་ལ༔ འཇའ་འོད་ཀློང་ནས་གསལ་སྟོང་འོད་ལྔའི་སྐུ༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འོད་ཟེར་འཕྲོ༔ མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཞི་བའི་སྐུ༔ མཚན་དང་དཔེ་བྱད་རྒྱན་རྣམས་མཛེས་ཚུལ་ལྡན༔ ཁྱོད་ལ་བར་དོའི་སུན་མ་འབྱོན་པར་འགྱུར༔ དེ་ཚེ་གཙོ་བོ་རིགས་ལྔའི་ཐུགས་ཀ་ནས༔ ཡེ་ཤེས་ལྔ་ཡི་འོད་ལམ་ཞེས་བྱ་བ༔ དཀར་སེར་དམར་ལྗང་མཐིང་མདངས་ཐིག་ལེས་སྤྲས༔ དེ་དང་མཉམ་དུ་རིགས་དྲུག་འོད་ལམ་དྲུག༔ དཀར་ནག་དམར་དང་ལྗང་སེར་དུད་ཁ་དྲུག༔ གཤིབས་ཏེ་ཁྱོད་ཀྱི་སྙིང་གར་ཟུག་པར་འགྱུར༔ དེ་ཚེ་རིགས་དྲུག་འོད་ལ་མ་ཆགས་པར༔ ཡེ་ཤེས་ལྔ་ཡི་འོད་ལམ་གསལ་བ་ལ༔ འདུན་པ་གཏོད་ལ་སྨོན་ལམ་འདི་སྐད་ཐོབ༔ ཀྱེ་མ་དུག་ལྔ་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ ཡེ་ཤེས་རྣམ་ལྔ་གསལ་བའི་འོད་ལམ་ལ༔ ཞི་བ་ཡབ་རྣམ་ཀུན་གྱིས་ལམ་སྣ་དྲོངས༔ དབྱིངས་ཕྱུག་ཡུམ་རྣམས་ཀུན་གྱིས་རྒྱབ་ནས་སྐྱོར༔ མ་དག་རིགས་དྲུག་ལམ་ལས་བསྒྲལ་དུ་གསོལ༔


CMR005_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་ནས་ཀྱང་༔ དག་པའི་ཞིང་ཁམས་མཆོག་ཏུ་བསྐྱལ་དུ་གསོལ༔ དེ་བཞིན་དག་པ་མཁའ་སྤྱོད་ཅེས་བྱ་ནས༔ རིག་འཛིན་དཔའ་བོ་མཁའ་འགྲོའི་སུན་མ་འབྱོན༔ གཙོ་བོ་ལྔ་པོ་རིགས་ལྔའི་མདངས་དང་ལྡན༔ དཔའ་བོ་དཔའ་མོ་མཁའ་འགྲོའི་ཚོགས་དང་བཅས༔ དེ་ཡང་ཁྱོད་ཀྱི་ཡི་དམ་ལྷ་ཡིན་ཏེ༔ ཁྱོད་ལ་བར་དོའི་སུན་མ་འབྱོན་པར་འགྱུར༔ དེ་ཚེ་དུད་འགྲོའི་འོད་ལ་མ་ཆགས་པར༔ ལྷན་སྐྱེས་ཡེ་ཤེས་འོད་ལ་རྩེ་གཅིག་ཏུ༔ འདུན་པ་གཏོད་ལ་སྨོན་ལམ་འདི་སྐད་ཐོབ༔ ཀྱཻ་མ་རིག་འཛིན་དཔའ་བོ་མཁའ་འགྲོའི་ལྷ་ཚོགས་ཐུགས་རྗེ་ཅན༔ ཐུགས་རྗེ་ཅན་རྣམས་ཐུགས་རྗེ་འདིར་མ་ཆུང་༔ གཏི་མུག་དུད་འགྲོའི་ལམ་ནས་བཟློག་ཏུ་གསོལ༔ ལྷན་སྐྱེས་ཡེ་ཤེས་ལམ་ལ་འགྲོ་བ་དྲོངས༔ བར་དོ་རང་ངོ་ཤེས་པར་ཐུགས་རྗེས་ཟུངས༔ རིག་འཛིན་རྒྱལ་བའི་སྲས་སུ་དབང་བསྐུར་ཅིག༔ དེ་བཞིན་ཁྲོ་བོའི་ལྷ་ཚོགས་འཇིགས་སུ་རུང་ཞི་བ་གནས་འགྱུར་མགོན་པོ་ནག་པོར་འཆར༔ ཁྲོ་བོ་རྣམས་ནི་གཤིན་རྗེའི་སྐུ་རུ་མཐོང་༔ འཇིགས་སྐྲག་བསྔངས་ཤིང་བརྒྱལ་ནས་རང་དབང་མེད༔ ཧཱུྃ་ཕཊ་རྒྱོབ་སོད་འབྲུག་


CMR005_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་ཀླད་པ་འགེམས༔ མ་སྐག་མ་འཇིགས་རང་གི་ཡི་དམ་ཡིན༔ དད་ཅིང་གུས་པས་གསོལ་བ་འདིར་ལྟར་ཐོབ༔ ཀྱེ་མ་བག་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ སྔངས་སྐྲག་འཇིགས་སྣང་སྤངས་པའི་འོད་ལམ་ལ༔ བཅོམ་ལྡན་ཞི་ཁྲོའི་ཚོགས་ཀྱིས་ལམ་སྣ་དྲོངས༔ དབྱིངས་ཕྱུག་ཁྲོ་མོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ དགའ་བའི་གྲོགས་དང་བྲལ་ནས་གཅིག་པུར་འཁྱམས༔ རང་སྣང་སྟོང་པའི་གཟུགས་བརྙན་འཆར་དུས་འདིར༔ སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་ཤུགས་ཕྱུང་ནས༔ སྔངས་སྐྲག་བར་དོའི་འཇིགས་པ་མི་འབྱུང་ཤོག༔ ཡེ་ཤེས་གསལ་བའི་འོད་ལྔ་འཆར་དུས་འདིར༔ མི་འཇིགས་མི་སྐྲག་རང་ངོ་ཤེས་གྱུར་ཅིག༔ ཞི་དང་ཁྲོ་བོའི་སྐུ་གཟུགས་འཆར་དུས་འདིར༔ མི་འཇིགས་གདེང་ཐོབ་བར་དོ་ངོ་ཤེས་ཤོག༔ ལས་ངན་དབང་གིས་སྡུག་བསྔལ་མྱོང་ཙམ་ན༔ ཡི་དམ་ལྷ་ཡིས་སྡུག་བསྔལ་སེལ་བར་ཤོག༔ ཆོས་ཉིད་རང་སྒྲ་འབྲུག་སྟོང་ལྡིར་ཙ་ན༔ ཐམས་ཅད་ཡིག་དྲུག་སྒྲ་རུ་འགྱུར་བར་ཤོག༔ སྐྱབས་མེད་


CMR005_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་རྗེས་སུ་འབྲང་དུས་འདིར༔ ཐུགས་རྗེ་ཆེན་པོས་ཚེ་འདས་བསྐྱབ་ཏུ་གསོལ༔ བག་ཆགས་ལུས་ཀྱིས་སྡུག་བསྔལ་མྱོང་དུས་འདིར༔ འོད་གསལ་བདེ་བའི་ཏིང་འཛིན་འཆར་བར་ཤོག༔ འབྱུང་ལྔའི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་རིགས་ལྔའི་ཞིང་ཁམས་མཐོང་བར་ཤོག༔ དཀྱིལ་འཁོར་ལྷ་ངོ་རང་གྲོལ་བྱང་བུ་ལ་དགོས་པར་གསུངས་པའི་དོན་བསྡུས་སོ༔ དེ་ནས་བྱང་བུས་དཀྱིལ་འཁོར་ལ་ཕྱག་གསུམ་འཚལ་ཚུལ་བྱས་ཏེ༔ སློབ་དཔོན་གྱི་མདུན་དབང་སྟེགས་ལ་བཞག་ནས༔ ལས་བུམ་ཀུ་ཤས་བྲན་ཚུལ་བྱས་ལ༔ ཧཱུཾ་ལས་ཚེ་འདས་རྡོ་རྗེ་སེམས་དཔའི་སྐུ་དཀར་གསལ་ཞལ་གཅིག་ཕྱག་གཉིས་འཛུམ་བཅས་བཞད༔ ཕྱག་གཡས་རིག་སྟོང་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པས་སྣང་སྟོང་དྲིལ་བུ་དཀུ་ལ་བརྟེན༔ ལོངས་སྤྱོད་རྫོགས་སྐུ་དར་དང་རིན་ཆེན་བརྒྱན༔ གཡས་བརྐྱང་གཡོན་བསྐུམ་རོལ་པའི་སྟབས་ཀྱིས་བཞུགས༔ ཐུགས་ཀར་རྡོ་རྗེ་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ བདུད་རྩིའི་རྒྱུན་བབ་ཉམས་ཆག་སྡིག་སྒྲིབ་ཀུན༔ མ་ལུས་དག་ནས་ཤེལ་སྒོང་ལྟ་བུར་གྱུར༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡིག་བརྒྱ༔ དེ་ནས་གཙོ་བུམ་གྱིས༔ ཧཱུྃ༔ བུམ་པ་འདི་ནི་གཞལ་ཡས་ཁང་༔ ནང་ན་ཞི་ཁྲོའི་ལྷ་


CMR005_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བཞུགས༔ ཕྱི་ནང་གསང་བའི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས༔ ཕྱི་ནང་གསང་བའི་དབང་མཆོག་རྣམས༔ སྐལ་ལྡན་ཁྱོད་ལ་ཕབ་ནས་ཀྱང་༔ ཕུང་ཁམས་ལྷ་དང་ལྷ་མོར་གྱུར༔ བསྐྱེད་རིམ་ལྷ་དབང་ཐོབ་པར་ཤོག༔ ཨོཾ་ཨཱཧཱུྃ་སརྦ་ཏ་ཐཱ་ག་ཏ་ཨོཾ་ཨཱཿཧཱུྃ་ཧཱུྃ་སྭཱ་ཧཱ༔ ཨཱཿ ཤེས་རབ་རིག་པའི་པོ་ཏི་འདི༔ དུས་གསུམ་རྒྱལ་བ་ཞི་ཁྲོའི་གསུང་༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ གསུང་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷོ་ཧཱུྃ༔ ཝཱཀྲ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རྒྱ་གྲམ་ཐུགས་ཀྱི་རྟགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཁོར་ལོ་ལྔ་ཡི་དབང་ཐོབ་ཤོག༔ བཛྲ་ཙཀྲ་རཏྣ་པདྨ་ཀརྨ་ཁད་ག་ཨ་བྷི་ཥིཉྩ་ཨཱཿ ཞེ་སྡང་མེ་གསོད་ཆུ་ཡི་དབང་༔ ང་རྒྱལ་རི་བསྙིལ་དབུ་རྒྱན་དབང་༔ འདོད་ཆགས་དུག་འཇོམས་རྡོ་རྗེའི་དབང་ཕྲག་དོག་ཞེན་ཁྲོལ་དྲིལ་བུའི་དབང་༔ གཏི་མུག་མུན་སེལ་མིང་གི་དབང་༔ ཚེ་འདས་ཁྱོད་ལ་བསྐུར་བར་བྱ༔ ཧཱུྃ་བཛྲ་ཨ་དྷར་ཤཱ་ཛྷ་ན༔ ས་མ་ཡ་ཨ་བྷི་ཥིཉྩ་མཱི༔ བུམ་ཆུའོ༔


CMR005_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

སཱ་རཏྟ་ཛྷཱ་ན་སྭ་བྷ་ཝ་ཨ་བྷི་ཥིཉྩ་མཾ༔ དབུ་རྒྱན་ནོ། ཨཱི་པདྨ་པྲཛྙཱ་ཨ་བྷི་ཥིཉྩམཾ༔ རྡོ་རྗེའོ།། ཧཱ་ཏིཥྛ་ཨ་ནུ་ཛྙཱ་ན་སཏཱ་བཛྲ་ཀརྨ་ཨ་བྷི་ཥིཉྩམཾ༔ དྲིལ་བུའོ། ཨོ་ཏྲི་ཙིཏྟ་མ་ཏི་ཨ་མི་ཛྷཱ་ན་བཛྲ་བྷི་ཥིཉྩནྟཾ༔ ཞེས་རྡོར་དྲིལ་ལོ།། རྒྱས་པར་སོ་སོ།། བསྡུ་ན་ཙཀླུ་གཅིག༔ ཧཱུྃ༔ རིགས་གཅིག་རྡོ་རྗེ་སེམས་དཔའ་ཡི༔ སྐུ་ལ་དམ་པ་རིགས་བརྒྱ་རྫོགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཞི་ཁྲོའི་ལྷ་དབང་ཡོངས་རྫོགས་ནས༔ ལོངས་སྐུའི་ཞིང་དུ་གྲོལ་བར་ཤོག༔ དཀྱིལ་འཁོར་ལྷ་ཚོགས་ལས་སོ་སོའི་སྐུ་འཕྲོས་ཚེ་འདས་ལ་ཐིམ་པས༔ ཚེ་འདས་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཞི་བ༔ མགྲིན་པར་རིག་འཛིན༔ ཀླད་པ་ཁྲག་འཐུང་གི་ལྷ་ཚོགས་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར༔ བཀྲ་ལམ་གྱིས་གསལ་བར་བསྒོམས་ནས༔ སརྦ་ཤཱནྟི་ཀྲོ་དྷ་ཨོཾ་ཨཱཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཐོད་པ་མ་ཚན་ལྡན་ཀ་པཱ་ལ༔ ཡེ་ཤེས་བདུད་རྩི་ལྔ་ལྡན་བཅུད༔ ཚེ་འདས་ཁྱོད་ཀྱི་ངག་ཏུ་བླུད༔ རྩ་གསུམ་འཁོར་ལོ་ལྔ་ལྡན་ནས༔ ཐིག་ལེ་རང་དབང་ཐོབ་པ་དང་༔ ཐོགས་མེད་བདེ་ཆེན་མཐར་ཕྱིན་ཤོག༔ བོ་དྷི་ཙིཏྟ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཚེ་འདས་རྡོར་སེམས་ཡུམ་བཅས་བསྒོམ༔ དབབ་བཟུང་འདྲེན་བཀྲམ་ཚོད་སྦྱར་ལ༔ དགའ་བ་བཞི་པོ་


CMR005_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་ཡིས་ཟུངས༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ པྲཛྙཱ་ཛྷཱ་ན་ཨ་བྷི་ཥིཉྩ་མཱི༔ ཤེལ་དང་མེ་ལོང་༔ ཧཱུྃ༔ རྨ་བྱ་ལུག་རྒྱུད་ལག་ཏུ་ཕྱར༔ དཀྱིལ་འཁོར་ལ་།སོགས་སྣང་བ་གཏད༔ ཤེལ་མིག་སྦྱར་བ་འདི་ལ་ལྟོས༔ འོད་ལྔ་ཡེ་ཤེས་རྣམ་ལྔ་སྟེ༔ སྣང་སྲིད་སེམས་སུ་མ་གྱུར་མེད་ཀ་དག་ཚིག་དབང་ཐོབ་པར་ཤོག༔ དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་མཱི༔ ཧོ༔ ཚེ་འདས་རིགས་ཀྱི་བུ་རྣམས་ལ༔ རྒྱལ་སྲིད་སྣ་བདུན་དབང་བསྐུར་བས༔ བདེ་ལེགས་ཕུན་སུམ་ཚོགས་པ་དང་༔ འཕགས་པའི་ནོར་བདུན་ལྡན་ནས་ཀྱང་༔ གཞན་དོན་དཔག་མེད་འགྲུབ་པར་ཤོག༔ ཨོ་ཌ་བེ་རཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔་ཚེ་འདས་རིགས་ཀྱི་བུ་ཁྱོད་ལ༔ བཀྲ་ཤིས་རྟགས་བརྒྱད་དབང་བསྐུར་བས༔ རྒྱལ་བུ་རྒྱལ་སར་ཐོབ་ནས་ཀྱང་༔ རྒྱལ་འབངས་མངའ་འོག་ཚུད་པ་ལྟར༔ དབང་བཞི་ཡོངས་སུ་རྫོགས་ཐོབ་པས༔ གཞན་དོན་དཔག་མེད་དབང་ཐོབ་ཤོག༔ ཨཊྚ་མངྒ་ལཾ༔ ཨ་བྷི་ཥིཉྩ་མཱི༔ ཞེས་དབང་བཞི་ཡོངས་རྫོགས༔ དབང་ཆོག་ཆེན་མོ་ལྟར་བསྐུར་བར་གསུངས་པའི་དོན་བསྡུས་སོ༔ སིཾ༔ དེ་ནས་ཟས་བསྔོ་འདོད་ཡོན་ལྔ་དང་ཟས་སྣ་ཅི་འབྱོར་བཤམས་པ་བྲན༔ ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་


CMR005_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ༔ འཇིག་རྟེན་འདི་ནས་ཚེ་ལས་འདས་པ་འདི་ཉིད་ལ་སྦྱིན་ནོ༔ བསྔོའོ༔ མིག་གི་ཡུལ་དུ་གཟུགས་མཛེས་པ༔ རྣ་བའི་ཡུལ་དུ་སྒྲ་སྙན་པ༔ སྣ་ཡི་ཡུལ་དུ་དྲི་ཞིམ་པ༔ ལྕེ་ཡི་ཡུལ་དུ་རོ་བྲོ་བ༔ ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ༔ ཡིད་ཀྱི་ཡུལ་དུ་བདེ་བས་ཚིམ་པ༔ བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་གྱུར་ཅིག༔ དེ་ནས་མཆོད་གཡོག་གིས་ལག་གཡས་གཟུང་ལ་རྡོ་རྗེ་སོགས་དང་༔ གཡོན་མེ་ལོང་ཐོགས༔ སློབ་དཔོན་གྱིས་མེ་ལོང་དང་བྱང་བུ་ལ་སེམས་དཔའ་ལྔ་ཡི་སྐུ་རིམ་པར་བསྟན་ཞིང་༔ སྒྲིབ་པ་སོ་སོ་སྦྱངས་ཏེ༔ ཀྱེ་མ་མུན་པ་ལྟ་བུའི་འཇིག་རྟེན་ཁམས་སུ་འཁྱམས་སྡུག་བསྔལ་ཉམ་ཐག་འོ་དོད་འབོད་པ་ཁྱོད༔ རྒྱས་སྲས་ཐུགས་རྗེ་ཅན་གྱིས་སྐྱོབ་པར་ཤོག༔ མེ་ལོང་ཡེ་ཤེས་ངང་ལས་སྐུ་སྤྲུལ་པའི་རྒྱལ་སྲས་ས་ཡི་སྙིང་པོའི་ཐུགས་རྗེ་ཡིས༔ ཚེ་འདས་མིག་གི་དབང་པོའི་སྐྱོན་བསལ་ནས༔ རབ་རིབ་ནད་བསལ་གཟུགས་ལ་བལྟ་བར་ཤོག༔ སྔོན་ཚེ་ཉིད་ནས་བསྙེན་པའི་ལྷ༔ ཡི་དམ་ལྷ་ཚོགས་འཁོར་བའི་སྐྱབས༔ རྒྱལ་སྲས་བྱང་སེམས་ས་ཡི་སྙིང་༔ ལྷ་མཆོག་ཁྱེད་ལ་སྐྱབས་སུ་མཆི༔ ཐུགས་རྗེས་ཚེ་འདས་བྱིན་


CMR005_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རློབས༔ ཀིཾ་ཧི་ར་ཙ་ཡེ་སྭཱ་ཧཱ༔ དྲིལ་བུའམ་མེ་ལོང་དང་ཏིང་ཤག་ཐོགས་ནས༔ མཉམ་ཉིད་ཡེ་ཤེས་ངང་ལས་སྐུ་སྤྲུལ་པ༔ རྒྱལ་སྲས་ནམ་མཁའི་སྙིང་པོའི་ཐུགས་རྗེ་ཡིས༔ ཚེ་འདས་རྣ་བའི་དབང་པོའི་སྐྱོན་བསལ་ནས༔ འོན་པའི་ནད་བསལ་གསུང་མཆོག་ཉན་པར་ཤོག༔ སྔོན་ཚེ་ཉིད་ནས་བསྙེན་པའི་ལྷ༔ ཡི་དམ་ལྷ་མཆོག་འཁོར་བའི་སྐྱོབ༔ རྒྱལ་སྲས་བྱང་སེམས་ནམ་མཁའི་སྙིང་༔ ལྷ་མཆོག་ཁྱོད་ལ་སྐྱབས་སུ་མཆི༔ ཐུགས་རྗེས་ཚེ་འདས་བྱིན་གྱིས་རློབས༔ ཧཱུྃ་ཨཱཋགནྡྷཱ་ཡ་སྭཱ་ཧཱ༔ དྲི་ཆབ་སྟེ་ཇ་ཐོགས་ལ༔ སོར་རྟོག་ཡེ་ཤེས་ངང་ལས་སྐུ་སྤྲུལ་པའི༔ རྒྱལ་སྲས་སྤྱན་རས་གཟིགས་དབང་ཐུགས་རྗེ་ཡིས༔ ཚེ་འདས་སྣ་ཡི་དབང་པོའི་སྐྱོན་བསལ་ནས༔ འཚུབས་པའི་ནད་བསལ་དྲི་ལ་སྣོམ་པར་ཤོག༔ སྔོན་ཚེ་ཉིད་ནས་བསྙེན་པའི་ལྷ༔ ཡི་དམ་ལྷ་ཚོགས་འཁོར་བའི་སྐྱོབ༔ རྒྱལ་སྲས་བྱང་སེམས་སྤྱན་རིས་གཟིགས༔ ལྷ་མཆོག་ཁྱེད་ལ་སྐྱབས་སུ་མཆི༔ ཐུགས་རྗེས་ཚེ་འདས་བྱིན་གྱིས་རློབས༔ ཧྲིཧ་ཧཱུཾ་པདྨ་བྷ་ཏ་མ་སྭཱ་ཧཱ༔ ཕྱེ་མར་ཐོགས་ལ༔ བྱ་གྲུབ་ཡེ་ཤེས་ངང་ལས་སྐུ་སྤྲུལ་པའི༔ རྒྱལ་སྲས་ཕྱག་ན་རྡོ་རྗེའི་ཐུགས་རྗེ་ཡིས༔ ཚེ་


CMR005_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ལྕེ་ཡི་དབང་པོའི་སྐྱོན་བསལ་ནས༔ དིག་པའི་ནད་བསལ་རོ་མཆོག་མྱོང་བར་ཤོག༔ སྔོན་ཆེ་ཉིད་ནས་བསྙེན་པའི་ལྷ༔ ཡི་དམ་ལྷ་མཆོག་འཁོར་བའི་སྐྱོབ༔ རྒྱལ་སྲས་ཕྱག་ན་རྡོ་རྗེ་འཛིན༔ ལྷ་མཆོག་ཁྱེད་ལ་སྐྱབས་སུ་མཆི༔ ཐུགས་རྗེས་ཚེ་འདས་བྱིན་གྱིས་རློབས༔ ཛི་ཀུ་རུ་པཱ་ཎི་ཧཱུྃ་སྭཱ་ཧཱ༔ རས་ཐོགས་ལ༔ ཆོས་དབྱིངས་ཡེ་ཤེས་ངང་ལས་སྐུ་སྤྲུལ་པ༔ རྒྱལ་སྲས་སྒྲིབ་པ་རྣམ་སེལ་ཐུགས་རྗེ་ཡིས༔ ཚེ་འདས་ལུས་ཀྱི་དབང་པོའི་སྐྱོན་བསལ་ནས༔ ཚ་གྲང་ནད་སེལ་རེག་བྱ་མྱོང་བར་ཤོག༔ སྔོན་ཚེ་ཉིད་ནས་བསྙེན་པའི་ལྷ༔ ཡི་དམ་ལྷ་མཆོག་འཁོར་བའི་སྐྱོབ༔ རྒྱལ་སྲས་བྱང་སེམས་སྒྲིབ་པ་སེལ༔ ལྷ་མཆོག་ཁྱེད་ལ་སྐྱབས་སུ་མཆི༔ ཐུགས་རྗེས་ཚེ་འདས་བྱིན་གྱིས་རློབས༔ བློ་ས་ར་པ་ཡ་སྭཱ་ཧཱ༔ ཟས་གཏད་རྒྱས་པ་ག་ཏད་ཡར་ཆོ་ག་དང་༔ འབྲིང་གསང་འདུས་ནས་ཟས་གཏད་སྦྱར་འདོད་ན་སྐབས་འདིར་སྦྱར༔ བསྡུས་པ་ནི་གསུར་བྱས་ལ༔ ཟས་སྣ་རྣམས་ཉེ་དུས་བྱང་བུ་ངོས་སུ་བཀྱགས་ལ༔་ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ ཡང་དག་ངེས་པའི་ལུང་འདི་ཉོན༔ རིན་ཆེན་རྟེན་དང་ཕུང་པོའི་དཀྱིལ༔ རང་རིག་གསལ་བའི་སྒོ་ཕྱེ་བས༔ འདི་ནི་སངས་རྒྱས་ཞིང་ཁམས་ཏེ༔ འདི་


CMR005_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བུ་གཅིག་མ་གཡོ་ཞིག༔ ལོངས་སྤྱོད་ཚོགས་འདི་རབ་ཏུ་ལོངས༔ སྟོང་ཉིད་གསལ་བའི་སྒོ་ཕྱེ་བས༔ རིག་པ་རང་བྱུང་རྟོགས་པ་མཉམ༔ ཟས་འདི་ལོངས་ལ་རང་སྣང་ལྟོས༔ འདི་ནི་ཁྱོད་ཀྱི་གཏན་སྲིད་ཡིན༔ འདི་ན་བུ་དང་བུ་མོ་དང་༔ ཕ་མ་སྤུན་ཟླ་བཟའ་རོག་དང་༔་ཇོ་ཇོ་མིང་པོ་ལྕམ་སྲིང་དང་༔ ཞང་པོ་མ་སྲུ་གྲོགས་པོ་དང་༔ ཉེ་རིང་བརྩེ་བ་ཐམས་ཅད་ཀྱིས༔ རོ་མཆོག་ལྡན་པའི་ཟས་མང་ཐོགས༔ གདུང་བའི་ཤུགས་ཀྱིས་མཆི་མ་ཕྱུངས༔ ཟས་ཀྱི་ཐ་མ་འདི་ཡིན་པས༔ སྐྱེ་བ་གཏན་གྱི་ལོངས་སྤྱོད་ཟས༔ མི་འཛད་ནམ་མཁའི་མཛོད་ལ་སྤྱོད༔ སྦྱིན་པའི་ཕ་རོལ་ཡོངས་རྫོགས་པའི༔ ཟས་གཏད་འདི་ནི་དགའ་བས་ལོངས༔ གསོན་ཡང་གཤིན་ལ་མི་འཕྲེང་ངོ་༔ གཤིན་ཡང་གསོན་ལ་མ་ཆགས་པར༔ བདེ་ཆེན་དག་པའི་ཞིང་དུ་གཤེགས༔ འཁོར་བ་འདི་ན་སྡུག་བསྔལ་ཆེ༔ བྱས་པས་མི་ཟིན་ལས་ཡོད་པས༔ འཁོར་བ་འདི་རུ་མ་གནས་པར༔ རང་གི་ཆོས་ཉིད་འདི་རིག་པས༔ བདེ་བ་ཅན་གྱི་ཞིང་ཁམས་ན༔ སྟོང་པ་ཆེན་པོའི་ཡུལ་རེ་ཡང་༔ འཁོར་བ་རིགས་དྲུག་གཅོང་རོང་ཆེ༔ པདྨ་བཀོད་པའི་


CMR005_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཁམས་ན༔ ཆོས་ཉིད་འོད་གསལ་ལྷུན་རེ་འཐུག༔ སེམས་དཔའ་སེམས་མ་གྲོགས་རེ་བཟང་༔ དེ་བས་ཚེ་འདིས་སྒེ་ཁྱོད༔ ཟས་འདི་ལོངས་ལ་བདེ་བར་གཤེགས༔ ཨོ་ཨཱཿཧཱུཾ་སྭཱ་ཧཱ༔ ལཾ་བྷ་ཏཿ བྷ་དུ་ཡ་ཡཱ༔ ཨ་ལི་ཨུ་ལི༔ ཏ་ལི་ཏ་ལི་ཨནྡྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ དེ་ནས་ཉེ་དུའམ༔ མཆོད་གཡོག་པས་མར་མེ་ཞིག་བྱང་བུའི་མདུན་དུ་བཟུང་ནས༔ བཻ་དྷི་པཾ་སུ་ཀི་ནི༔ མར་མེ་མ་རིག་པའི་མུན་པ་སེལ་བའི་སྒྲོན་མེར་གྱུར༔ ཧཱུྃ༔ རང་བཞིན་ཤུགས་ཀྱིས་དྲངས་པའི་དྲན་པས་ཉོན༔ འཁོར་བའི་རྦ་རླབས་མུན་ལྟར་འཁྱམས་པ་ལ༔ ཐུགས་རྗེའི་ཤུགས་ཀྱིས་སྒྲོན་མེ་འདི་བསྟན་པས༔ ཡེ་ཤེས་འོད་ལ་རྟག་ཏུ་འདེ་བར་ཤོག༔ ཐར་པའི་ཞིང་དུ་འགྲོ་བ་ལ་གལ་ཏེ་མུན་པ་འཐིབ་ན་ཡང་༔ སྒྲོན་མེ་འདི་ཡིས་གསལ་གྱུར་ཅིག༔ གལ་ཏེ་མ་རིག་རྨོངས་ན་ཡང་༔ སྒྲོན་མེ་འདི་ཡིས་གསལ་གྱུར་ཅིག༔ གལ་ཏེ་མ་ཤེས་འཁྲུལ་ན་ཡང་༔ སྒྲོན་མེ་འདི་ཡིས་གསལ་གྱུར་ཅིག༔ གལ་ཏེ་དག་པའི་ལམ་སྟོར་ན༔ ཡེ་ཤེས་འདི་ཡིས་རྙེད་གྱུར་ཅིག༔ ཡེ་ཤེས་སྣང་བ་ཆེན་པོ་ཡིས༔ སྔགས་འཆང་རྒྱལ་པོས་སྒྲོན་མེ་སྦྱིན༔ འདི་ལ་བརྟེན་ནས་ཚེ་འདས་ཁྱོད༔ འོག་མིན་ཆོས་


CMR005_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཞིང་ཁམས་སུ༔ ཡི་དམ་ལྷ་དང་མཇལ་བར་ཤོག༔ ལྷ་ཡི་ཕྱག་རྒྱ་བལྟ་བའི་ཕྱིར༔ ས་མ་ཉི་ཝ་དྷེ་ར་པ༔ དེ་ནས་མཆོད་གཡོག་གམ་ཡོན་བདག་གིས་ཐལ་སྦྱར་བྱང་བུ་བཟུང་ནས༔ དཀྱིལ་འཁོར་ལ་གདོང་ཕྱོགས་པུས་བཙུགས་འདུག་སྟེ༔ ཧཱུྃ༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ༔ ཚེ་འདས་ཕུང་པོ་ཡོན་དུ་འབུལ༔ ཐར་པའི་ལམ་སྣ་དྲང་དུ་གསོལ༔ བཅོམ་ལྡན་རིགས་ལྔ་ཡབ་ཡུམ་ལ༔ ཕུང་པོ་ཁམས་ལྔ་ཡོན་དུ་འབུལ༔ ཐར་པའི་ལམ་སྣ་དྲང་དུ་གསོལ༔ སེམས་དཔའ་སེམས་མ་བཅུ་དྲུག་ལ༔ ཚོགས་བརྒྱད་ཡུལ་བརྒྱད་ཡོན་དུ་འབུལ༔ ཐར་པའི་ལམ་སྣ་དྲང་དུ་གསོལ༔ བཅོམ་ལྡན་རྒྱལ་བ་ཐུབ་དྲུག་ལ༔ ཉོན་མོངས་དྲུག་པོ་ཡོན་དུ་འབུལ༔ ཐར་པའི་ལམ་སྣ་དྲང་དུ་གསོལ༔ སྒོ་སྐྱོང་ཁྲོ་བོ་ཡབ་ཡུམ་ལ༔ ཡན་ལག་ལྷུ་བརྒྱད་ཡོན་དུ་འབུལ༔ ཐར་པའི་ལམ་སྣ་དྲང་དུ་གསོལ༔ ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ལ༔ ཉོན་མོངས་རྟོག་ཚོགས་ཡོན་དུ་འབུལ་ཐར་པའི་ལམ་སྣ་དྲང་དུ་གསོལ༔ འདི་ནས་ནུབ་ཀྱི་ཕྱོགས་རོལ་ན༔ བདེ་བ་ཅན་གྱི་ཞིང་ཁམས་ཡོད༔ ཐམས་ཅད་འོད་ཀྱི་རང་བཞིན་ལ༔ འོད་དང་འོད་ཟེར་འགྱུར་བ་མེད༔


CMR005_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་སྲོག་ནི་རླུང་སེམས་ཡིན༔ དེ་ཡི་སྙིང་པོ་ཡི་གེ་ཨ༔ དེ་ལ་བརྟེན་ནས་ཚེ་འདས་ཁྱོད༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཞིང་མཆོག་དེ་རུ་སྐྱེས་གྱུར་ཏེ་སྤྱན་རས་གཟིགས་དང་དབྱེར་མེད་ཤོག༔ ཕུང་པོའི་ཞེན་པ་བཟློག་པའི་ཕྱིར༔ བྷེ་ག་ར་ན་སོ་གད་གླིང་༔ དེ་ནས་ཉེ་བ་གཅིག་གིས་བྱང་བུ་དར་རས་དཀར་པོ་ཤལ་མའི་སྟེང་དུ་བཟུང་༔ དེའི་སྣ་མཆོད་གཡོག་པས་དཀྱིལ་འཁོར་དབུས་སུ་བཟུང་ལ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ས་འདི་མན་ཆད་འཁོར་བའི་གནས༔ རིགས་དྲུག་སྡུག་བསྔལ་རྒྱུན་ཆད་མེད༔ འཁོར་བ་སྤོངས་ཤིག་རིགས་ཀྱི་བུ༔ རིགས་དྲུག་གནས་ལ་ཐར་དུས་མེད༔ ས་འདི་ཡན་ཆད་སྐྱིད་པའི་གནས༔ བདེ་ཆེན་དག་པའི་ཕོ་བྲང་ཡིན༔ འོག་མིན་ཆོས་དབྱིངས་ཞིང་ཁམས༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ བུ་ཁྱོད་བདེ་ཆེན་གནས་དེར་སོང་༔ སེམས་དཔའ་སེམས་མ་ཁྱོད་ཀྱི་གྲོགས༔ ཟས་ཀྱི་དམ་པ་བསམ་གཏན་ཟས༔ ཏིང་འཛིན་ཡན་ལག་བཏུང་བར་ལྡན༔ སྐྱེ་རྒ་ན་འཆིའི་མིང་ཡང་མེད༔ རྟག་པར་ཆོས་ཀྱི་འཁོར་ལོ་བསྐོར༔ ཐོགས་མེད་སྟོང་བའི་བདེ་ཆེན་རྟ༔ ཆོས་དབྱིངས་ཡངས་པའི་ཀློང་ན་རྒྱུག༔ ལྷ་ཡི་


CMR005_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་མོ་ལྡར་ལྡིར་དང་༔ རིན་ཆེན་དར་ཟབ་ལྷབ་མ་ལྷུབ༔ ལྷ་ཡི་སིལ་སྙན་སྒྲ་དང་ལྡན༔ དྲི་བསུང་སྤོས་ཀྱི་ངད་པ་འཐུལ༔ སྙན་པའི་དབྱངས་ཀྱི་ཆོས་སྒྲ་སྒྲོག༔ བྱང་ཆུབ་ལམ་དེར་ཁྱོད་ཞུགས་ལ༔ ཕོ་བྲང་གཞལ་ཡས་དེ་ཟུངས་ཤིག༔ ཅེས་བྱང་བུ་དཀྱིལ་འཁོར་ནང་དུ་འགྲོ་ཚུལ་བྱས་ནས༔ སླར་སློབ་དཔོན་གྱི་སྣ་ཡི་ཐད་དུ་མཆོད་གཡོག་གིས་བཟུང་༔ སློབ་དཔོན་སྣ་གཡོན་ནས་རླུང་ལན་གསུམ་བྱས་ནས༔ བྱང་བུ་ཚེ་འདས་དངོས་སུ་གསལ་བའི་སྙིང་ག་ནས་རིག་པ་ནི༔ཡིག་གི་མིག་ཏུ་ཨ་དཀར་པོས་མཚན་པ་དེ༔ དབུ་མའི་ལམ་ནས་ཚངས་བུག་ཏུ་རྒྱངས་སེ་ཐོན་ཏེ་སོང་ནས༔ མདུན་བསྐྱེད་ཀུན་ཏུ་བཟང་པོའི་ཞལ་དུ་ཞུགས༔ སྐུ་ཡི་དབྱིབས་བརྒྱུད་ནས་ཤེས་བྱའི་སྒྲིབ་པ་གཏན་ནས་བྱང་སྟེ༔ ཡུམ་ཆེན་ཀུན་ཏུ་བཟང་མོའི་མཁའ་ལ་བབ་ནས༔ སྤྲུལ་སྐུ་སྣང་བ་མཐའ་ཡས་སྐུ་ཆུང་ལ་ཡན་ལག་དོད་པར་ཡུམ་གྱི་རྩིབ་ལོགས་གཡོན་ནས་ཐོན་ཏེ་བར་སྣང་དུ་ཟླ་བའི་གདན་ལ་འཁོད་པར་གྱུར༔ དེ་ནས་མདའ་གཞུའི་གཞུ་མཆོག་དར་གྱིས་བརྒྱན་ལ༔ ལས་བུམ་ཆུས་བྲན་ནས༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷསྭ་བྷ་ཝ་ཤུདྡྷོཉཧཾ༔ སྟོང་པའི་ངང་ལས་མདའ་གཞུ་


CMR005_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་ཡབ་ཡུམ་དུ་སྐད་ཅིག་གིས་གསལ་བ་འོད་དུ་ཞུ་ནས༔ སངས་རྒྱས་ཐམས་ཅད་ཀྱི་ཐབས་བརྩེ་བའི་སྙིང་རྗེ་ཆེན་པོའི་ངོ་བོ་ལ༔ རྣམ་པ་གཞུ་ཡི་དབྱིབས་ཤེས་རབ་སྟོང་ཉིད་ཕྱག་རྒྱ་ཆེན་པོའི་ངོ་བོ་ལ་རྣམ་པ་མདའ་ཡི་གཟུགས་སུ་གྱུར༔ ཨ་ཨ་ཨ༔་ཨོ་ཨཱཧཱུྃ་སྭཱ་ཧི༔ དེ་ནས་བྱང་བུ་མདའ་ཡི་མདེའུ་རྩེར་སྦྱར་ནས༔ རྩེ་ལྟོང་སྤྱད་ལ་བཟུང་ནས༔ ནུབ་ཕྱོགས་ཀྱི་ནམ་མཁའ་ལ་མདེའུ་རྩེ་གཏད་ལ༔ འོ་ཚེ་ལས་འདས་པ་རྒེ་ཁྱོད་ཉོན་ཅིག༔ འདི་ནས་ངེས་པར་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཞེས་བྱ་བ་ན༔ བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ཚོགས་དང་འཕགས་པའི་དགེ་འདུན་དཔག་ཏུ་མེད་པས་བསྐོར་ནས་རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེར༔ རིགས་ཀྱི་བུའམ་བུ་མོ་ཁྱོད། སེང་གེའི་འགྲོས་སྟངས་ཀྱིས་སོང་ཞིག༔ གླང་ཆེན་གྱི་ལྟ་སྟངས་ཀྱིས་ལྟོས་ཤིག༔ ཞིང་ཁམས་དེ་ཡིད་ལ་དུང་དུང་བའི་ངང་ནས༔ རིག་པ་མ་འཁྲུལ་བར་སྐད་ཅིག་ལ་མདའ་འཕང་བ་ལྟར་བཞུད་ཅིག༔ རྩེ་གཅིག་ཏུ་བཞུད་ཅིག༔ བདེ་ཆེན་གཏན་གྱི་ཞིང་ཁམས་དམ་པ་དེ་ཟུངས་ཤིག༔ འདི་ནས་ནུབ་ཕྱོགས་བདེ་ཆེན་ན༔ མགོན་པོ་སྤྱན་རས་


CMR005_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་དབང་དང་༔ སངས་རྒྱས་སྣང་བ་མཐའ་ཡས་བཞུགས༔ བྱང་ཆུབ་སེམས་དཔའ་འཁོར་དང་བཅས༔ སྲིད་པའི་སྡུག་བསྔལ་ཀུན་ལས་གྲོལ༔ ཞིང་དེའི་ཡོན་ཏན་བརྗོད་ལས་འདས༔ སུ་ཞིག་དེ་ཡི་མཚན་འཛིན་པ༔ མོས་ཤིང་གུས་པའི་སེམས་བསྐྱེད་ན༔ ཞིང་མཆོག་དེ་རུ་སྐྱེ་བར་གསུངས༔ དེ་ཕྱིར་ཁྱོད་ཀྱིས་གུས་ཆེན་བསྐྱེད༔ ང་ནི་རྡོ་རྗེ་སེམས་དཔའ་སྟེ༔ ཁྱོད་ཀྱི་ལམ་མཆོག་འདྲེན་པ་ཡིན༔ འདི་དང་ཞིང་དེའི་བར་ལམ་དུ༔ ཁྱོད་ཀྱི་ཕ་མ་ང་ཡིན་ཟེར༔ ཁྱོད་ཀྱི་ཟླ་གྲོགས་ང་ཡིན་ཟེར་འོ་དོད་ལྷང་ལྷང་འབོད་པ་ལ༔ དེ་ལ་སྐད་ལན་མ་སྦྱིན་ཅིག༔ དེ་ལ་ཕྱི་མིག་མ་ལྟ་ཞིག༔ ཉེ་འཁོར་ཡུལ་ལ་མ་ཆགས་ཤིག༔ སྡུག་བསྔལ་སེམས་ལ་མ་འཕྲེང་ཞིག༔ བདེ་བ་ཅན་གྱི་ཞིང་དུ་བཞུད༔ ཞེན་པའི་ཕྲེང་ཐག་བཅད་པའི་ཕྱིར༔ ར་མི་སི་པི་ཁེ་པཾ་ཏི༔ ཞིང་ཁམས་འདི་ནས་ནུབ་ཀྱི་ཕྱོགས་རོལ་ན༔ བདེ་བ་ཅན་གྱི་ཞིང་ཁམས་ཞེས་བྱ་ཡོད༔ དེ་ན་སངས་རྒྱས་སྣང་བ་མཐའ་ཡས་བཞུགས༔ ཡུམ་ཆེན་ལྷ་མོ་ན་བཟའ་དཀར་མོ་ཡོད༔ གཡས་སུ་སེམས་དཔའ་སྤྱན་རས་གཟིགས་དབང་ཡོད༔ གཡོན་དུ་སེམས་


CMR005_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་འཇམ་དཔལ་གཞོན་ནུ་ཡོད༔ མདུན་དུ་སེམས་མ་གིརྟི་དམར་མོ་ཡོད༔ རྒྱབ་ཏུ་སེམས་མ་དྷི་པཾ་དམར་མོ་ཡོད༔ པདྨ་རིགས་ཀྱི་གཙོ་འཁོར་རྣམ་པ་དྲུག༔ སྤྲུལ་པའི་སངས་རྒྱས་གྲངས་ལས་འདས་པ་ཡོད༔ བདེ་སྐྱིད་ངོ་མཚར་བསམ་གྱིས་མི་ཁྱབ་ཡོད༔ དེ་ཕྱིར་བདེ་བ་ཅན་གྱི་ཞིང་ཞེས་བྱ༔ ཞིང་ཁམས་གཙང་མའི་གནས་རིབ་དམ་པ་དེར༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཀྱང་༔ རྫོགས་པའི་སངས་རྒྱས་དེ་ཡི་སྲས་མཆོག་ཏུ༔ རྩལ་ཆེན་མདའ་འཕང་བཞིན་དུ་སྐྱེ་བར་ཤོག༔ ས་ལམ་ཐམས་ཅད་དུས་གཅིག་ཆོད་པར་ཤོག༔ བྷེ་པ་སུ་གྷཎ་མ་ཡེ་སྭཱ་ཧཱ༔ ཕཊ༔ ཚེ་འདས་ཀྱི་རྣམ་ཤེས་ཨ་དཀར་པོ་དྲི་མ་མེད་པ་ཞིག་ཏུ་གྱུར་ཏེ་རྩལ་པོ་ཆེས་མདའ་འཕང་བ་ལྟ་བུར་སངས་རྒྱས་འོད་དཔག་ཏུ་མེད་པའི་ཐུགས་ཀར་ཐིམ་ནས་རྒྱལ་བའི་སྲས་སུ་སངས་རྒྱས་པར་གྱུར་ཅིག༔ སནྟྲི་མ་མ་ཀརྨ་ཏ༔ ཕཊ༔ ཕཊ༔ ཕཊ༔ སླར་ཡང་ཞིང་དེར་པདྨོ་ལ་བརྫུས་ཏེ་སྐྱེས་ནས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག༔ ཀརྨ་ཨེ་ཀ་ཨ་ནུ་ས༔ ཞེས་ནུབ་ཕྱོགས་སུ་འཕང་བའི་ཚུལ་བྱའོ༔ དེ་ནས་དཀྱིལ་འཁོར་གྱི་


CMR005_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་མར་མེ་བཞག་ལ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཀོང་བུ་མེ་ཏོག་པདྨ་དཀར་པོ་ཁ་བྱེ་བ་ཙམ་གྱི་ནང་དུ༔ མར་ཁུ་ཟླ་བའི་དཀྱིལ་འཁོར་ལ་ཀཾ་ཀའི་གཟུངས་ཀྱིས་བསྐོར་བའི་དབུས་སུ༔ སྡོང་བུ་ཡི་གེ་ཧཱུྃ་སྔོན་པོ་ལ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ལྔ་ཡི་མེ་ཁ་དོག་ལྔ་འཕྲོས་ནས་སྡོང་བུ་ལ་ཡེ་ཤེས་ལྔ་ཡི་མེ་ཁ་དོག་ལྔ་ལྡན་འུ་རུ་རུ་འབར་ནས༔ བྱང་བུ་ཚེ་འདས་ཀྱི་ལུས་རྙིང་པ་གོས་རུལ་བསྐྱུར་བ་ལྟ་བུ་ལ༔ ཚེ་རབས་ཐམས་ཅད་དུ་བསགས་པའི་སྡིག་སྒྲིབ་དང་༔ མ་དག་པའི་ཕུང་ཁམས་སྐྱེ་མཆེད་ལྷན་ཅིག་ཏུ་གནས་པ་སྐད་ཅིག་ལ་བསྲེགས་པར་གྱུར༔ བྱང་བུ་སློབ་དཔོན་གྱིས་སྨྱུག་རྒོད་ཀྱི་རྩེར་བཏགས་ནས་བཟུང་སྟེ༔ ཧཱུྃ༔ སྟོང་པ་ཉིད་ཀྱི་ཧོམ་ཁུང་དུ༔ ཚེ་འདས་མ་དག་ཕུང་པོ་ལྔར༔ ཡེ་ཤེས་ལྔ་ཡི་མེ་སྦར་ནས༔ ལས་དང་སྒྲིབ་པ་ཛྭ་ལ་རཾ༔ རྣམ་མཁྱེན་སངས་རྒྱས་མྱུར་ཐོབ་ཤོག༔ ཧཱུྃ༔ ཤར་ཕྱོགས་ཚོམ་བུའི་དཀྱིལ་འཁོར་ནས༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ༔ མེ་ལོང་ལྟ་བུའི་མེ་འབར་ནས༔ ཚེ་འདས་ཞེ་སྡང་ཛྭ་ལ་རཾ༔ རྡོ་རྗེ་རིགས་ཀྱི་སྐུ་ཐོབ་ཤོག༔ ཧཱུྃ༔ ལྷོ་ཕྱོགས་ཚོམ་བུའི་


CMR005_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ནས༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་ལ༔ མཉམ་པ་ཉིད་ཀྱི་མེ་འབར་ནས༔ ཚེ་འདས་ང་རྒྱལ་ཛྭ་ལ་རཾ༔ རིན་ཆེན་རིགས་ཀྱི་སྐུ་ཐོབ་ཤོག༔ ཧཱུྃ༔ ནུབ་ཕྱོགས་ཚོམ་བུའི་དཀྱིལ་འཁོར་ནས༔ བཅོམ་ལྡན་སྣང་བ་མཐའ་ཡས་ལ༔ སོ་སོར་རྟོག་པའི་མེ་འབར་ནས༔ ཚེ་འདས་འདོད་ཆགས་ཛྭ་ལ་རཾ༔ པདྨ་རིགས་ཀྱི་སྐུ་ཐོབ་ཤོག༔ ཧཱུྃ༔ བྱང་ཕྱོགས་ཚོམ་བུའི་དཀྱིལ་འཁོར་ནས༔ བཅོམ་ལྡན་དོན་ཡོད་གྲུབ་པ་ལ༔ བྱ་གྲུབ་ཡེ་ཤེས་མེ་འབར་ནས༔ ཚེ་འདས་ཕྲག་དོག་ཛྭ་ལ་རཾ༔ ལས་ཀྱི་རིགས་ཀྱི་སྐུ་ཐོབ་ཤོག༔ ཧཱུྃ༔ དབུས་ཕྱོགས་ཚོམ་བུའི་དཀྱིལ་འཁོར་ནས༔ བཅོམ་ལྡན་རྣམ་པར་སྣང་མཛད་ལ༔ ཆོས་དབྱིངས་ཡེ་ཤེས་མེ་འབར་ནས༔ ཚེ་འདས་གཏི་མུག་ཛྭ་ལ་རཾ༔ དེ་བཞིན་རིགས་ཀྱི་སྐུ་ཐོབ་ཤོག༔ ཕྱོགས་མཚམས་ཚོམ་བུའི་དཀྱིལ་འཁོར་ནས༔ བཅོམ་ལྡན་དམ་པ་རིགས་བརྒྱ་ལ༔ རིག་པ་ཡེ་ཤེས་མེ་འབར་ནས༔ མ་རིག་འཁྲུལ་པ་ཛྭ་ལ་རཾ༔ ཉོན་མོངས་སྒྲིབ་པ་ཀུན་དག་ནས༔ ཚེ་འདས་ལྷ་ཡི་ངོ་བོར་གྱུར༔ ལྷ་ལ་ལྷ་ཐིམ་ངོ་མཚར་ཆེ༔ ཕུང་པོའི་ཞེན་པ་བཟློག་པའི་ཕྱིར༔ བྷེ་ག་ར་ནི་སོ་གད་གླིང་


CMR005_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་པའི་རྒྱུད་ཁུང་བཅད་པའི་ཕྱིར༔ ཡ་རི་མུ་ཏྲ་ས་གྷ་ལི༔ སྐུ་ལྔ་ཡེ་ཤེས་མཐར་ཕྱིན་ཤོག༔ ཐུགས་དགོངས་བསྲེ་བའི་དམིགས་པས་ལྟ་བའི་ངང་ནས༔ པདྨ་འབྱུང་གནས་མཁྱེན་ན༔ གཟུགས་མེད༔ སྒྲ་མེད༔ ནས༔ ཆོས་མེད་བར་བརྗོད༔ བླ་མ་རྒྱང་འབོད་ལན་གསུམ་དང་༔ ཀཾ་ཀ་ནི་དང་༔ བོ་དྷི་ཙིཏྟ་སོགས་བཟླས་ཤིང་བསྲེགས་ལ༔ ཐལ་བར་སཱཙྪ་གདབ་ནས་ཆུས་མི་འཇིགས་སར་བསྐྱལ༔ སྐབས་དེར་བསྔོ་བ་བྱའོ༔ རྗེས་ནས་ཆད་མདོ་སོགས་མཇུག་རྣམས་གཞུང་ལྟར་རོ༔ དེ་ལྟར་ཞག་མང་དུ་བྱས་ནས་མཇུག་ལ་བྱང་བུ་བཞུ་བ་ཡིན་ཏེ༔ ཁུག་ཅིང་དྲངས་པའི་རྟགས་སུ་རྨི་ལམ་དང་ཉམས་སྣང་ལ་མིག་གིས་མཐོང་བར་འགྱུར་རོ༔ རྨི་ལམ་དུ་སློབ་དཔོན་དང་ཉེ་བའི་ཕྱོགས་སུ་གོས་དཀར་པོ་གྱོན་པ་དང་༔ ཁྲུས་བྱེད་པ༔ ཐོད་བཅིངས་སམ༔ འོན་ཏེ་གཅེར་བུར་བྱུང་ན་ངེས་པར་དྲངས་སོ༔ ཚེ་འདས་དེས་གསོན་དུས་དབང་རེ་ཙམ་ཐོབ་པ་དང་༔ བསྐྱེད་རྫོགས་ལ་བློ་དུམ་རེ་ངེས་པ༔ བསྙེན་སྒྲུབ་སྣ་རེ་བསྐྱལ་བ༔ དགེ་བའི་ལས་ལ་བརྩོན་འགྲུས་བསྐྱེད་ཅིང་༔ ཕྱིན་དྲུག་སྣ་རེ་ལ་འབྲེལ་པ་སྣ་རེ་བཞག་པ་རྣམས་ལ་ཆོ་ག་རང་གིས་ངེས་པར་དྲངས་ཤིང་༔ འོན་ཏེ་ཚེ་འདས་དགེ་བ་གཏན་ནས་མེད་དམ༔ སྡིག་ཅན་ཡིན་ན༔ ན་རཀ་དོང་སྤྲུགས་ཀྱི་བསྐང་བཤགས་ལ་ནན་ཏན་བསྐྱེད་ཅིང་༔ རིགས་དྲུག་གནས་ནས་དྲངས་པའི་སྔགས་དང་ཏིང་འཛིན་དམིགས་པ་གསལ་བར་བྱའོ༔ དེ་ནས་དྲངས་བར་ངེས་སོ༔


CMR005_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་ལྟར༔ སྡིག་ཅན་མིན་ན་རིགས་དྲུག་གནས་འདྲེན་མི་དགོས་སོ༔ ཕན་ཡོན་ནི༔ ཚེ་འདས་བདེ་བ་ཅན་དུ་སྐྱེ་སྟེ་ཐེག་ཆེན་དོན་ལ་སྤྱོད་པར་འགྱུར་ཞེས་གསུངས་སོ༔ ཞེས་པ་ཞི་ཁྲོ་རང་གཞུང་ལ་གབ་འཁྲུགས་བསལ་ཁ་སབ་དགོས་པ་རྣམས་ཨོ་རྒྱན་གསུངས་གཏེར་ཁ་གཞན་ནས་ཅུང་ཟད་ཁ་བཀང་བ་སྟེ༔ འཚོ་མཛད་དྲག་ལུ་ཚེ་ལས་འདས་དུས༔ དབོན་པོ་རྒྱལ་མཚན་གྱིས་བསྐུལ་ནས༔ ༧ བདག་རཱ་ག་ཨ་སྱས་ཤིང་སྦྲུལ་ལོ་སྨིན་དྲུག་གི་ཟླ་བའི་ཉི་ཤུ་སྐོར་ནས་བརྩམས་ཏེ་མགོ་ཟླའི་ཚེས་གཉིས་ལ་ཚང་བར་བྲིས་པ་ལ༔ ཉེས་པ་མཆིས་ན་ལྷ་ལ་བཤགས་ཤིང་༔ དམ་ཅན་སྡེ་བདུན་དང་དབང་ཕྱུག་ཉེར་བརྒྱད་ཀྱིས་བཀའ་འདི་སྲུངས་ལ༔ བཅོས་བསླད་མེད་པར་དར་ཞིང་རྒྱས་ནས༔ ཚེ་འདས་དཔག་ཏུ་མེད་པ་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག༔ མངྒ་ལཾ༔ ༈ འདི་ཐམས་ཅད་འདོན་པ་ནི་རྒྱས་པ་ཡིན་ནོ༔ སེར་མ་རྣམས་བཞག་པ་འབྲིང་༔ འབྲིང་པོ་ལ་རིགས་དྲུག་གནས་འདྲེན་བསྒྱུར་བ་ནི་ཤིན་ཏུ་བསྡུས་པའོ༔ ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅིག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།།


CMR005_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

༧ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།