cover

མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

པོད་དགུ་པ། ཏ༽

མཁས་གྲུབ་ཀརྨ་ཆགས་མེད།

Nitartha international
Images scanned by TBRC

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

བྱང་གཏེར་དྲག་མཐིང་གི་བྱིན་རླབས་དབང་ལྔ་ཁྱེར་བདེར་བཀོད་པ།


CMR009_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་གཏེར་དྲག་མཐིང་གི་བྱིན་རླབས་དབང་ལྔ་ཁྱེར་བདེར་བཀོད་པ་བཞུགས་སོ༔


CMR009_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དྲག་པོ་རྩལ་ལ་ཕྱག་འཚལ་ལོ༔ གདེང་དང་ལྡན་པའི་སྐྱེས་བུ་ཡིས༔ དད་ལྡན་སློབ་བུ་སྣོད་ལྡན་ལ༔ ལམ་གྱི་བར་ཆད་བསྒྲལ་བའི་ཕྱིར༔ བྱིན་རླབས་ཐུགས་རྗེའི་དབང་ལྔ་བསྟན༔ ཡར་ངོ་ཚེས་བཅུ་མཆོད་པའི་དུས༔ མཎྜལ་པདྨ་འདབ་བརྒྱད་ལ༔ སྒོ་བཞི་རྒྱན་དང་ལྡན་པར་ནི༔ དབུས་སུ་གཏོར་མ་རིན་ཆེན་དབྱིབས༔ སིན་རའམ་འབྲི་མོག་བྱུག༔ སྨན་དང་རཀྟའི་ཕུད་ཀྱིས་བྲནུ༔ དེ་སྟེང་རྡོ་རྗེ་དྲག་པོ་རྩལ༔ འགྱིང་བག་ལྡན་པ་བཞུགས་སུ་གསོལ༔ དེ་ཡི་གཡོན་དུ་གསང་བའི་སྔགས༔ ཡི་གེ་ཧཱུྃ་ཆེན་མཐིང་ག་བྲི༔ མེ་ལོང་གཙང་མར་སིནྡྷཱརས༔ ཐིག་ལེ་ལྔ་ཡིས་མཚན་པ་དང་༔ ཧཱུྃ་ལྔ་འོད་ཟེར་ལྔ་ལྡན་པ༔ མཆོད་པའི་ཕྲིན་ལས་རྒྱས་པར་འབུལ༔ བསྙེན་པ་སུམ་བརྒྱ་ཉེར་གཅིག་གིས༔ དབང་


CMR009_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

གི་བྱིན་རླབས་ནུས་པར་ལྡན༔ ཚོགས་མཆོད་འབུལ་ཞིང་བསྐང་བ་བྱ༔ ཞེས་པ་ལྟར་དུ་སྒྲུབ་ན་ལེགས༔ བསྡུ་ན་དབང་རྫས་སྤྱི་ལྟར་བཤམས༔ སྐད་ཅིག་དྲན་རྫོགས་ལྷར་གསལ་གདབ༔ སུམ་བརྒྱ་ཉེར་གཅིག་ཧཱུྃ་ལ་བསྙེན༔ ཨེ་མ༔ བདག་ཉིད་སྒྲུབ་པའི་རྣལ་འབྱོར་པས༔ དབེན་པའི་གནས་སུ་མཎྜལ་བཤམས༔ མདུན་དུ་པདྨ་ང་ཉིད་སྐུ༔ རབ་གནས་ལྡན་པ་བཞུགས་སུ་གསོལ༔ ཐུགས་སྒྲུབ་སེམས་ལ་ལོངས་སྤྱོད་ཕྱིར༔ སྒྲུབ་རྫས་མཆོད་གཏོར་བཤམས་མི་འཚལ༔ སྤྱན་འདྲེན་མཆོད་བསྟོད་བསྐུལ་མི་དགོས༔ དཀྱིལ་འཁོར་གསུམ་གྱི་བསྒྲུབ་པ་བྱ༔ དེ་ལ་བསྙེན་པའི་རྟགས་རྫོགས་ནས༔ དངོས་གྲུབ་བླང་བའི་ཆོ་ག་བྱ༔ ཞེས་གསུངས་སྔོན་འགྲོ་ཁྲུས་བྱས་བཤམས༔ ཞེས་པས་ཆབ་བླངས་མེ་ཏོག་བཀྱེ༔ བཛྲ་ས་ཏཱ་


CMR009_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བསྐུལ་ལོ༔ དེ་ནས་དབང་བཤད་ནི༔ འོ་ན་ད་ལམ་ཁྱེད་རྣམས་ལ༔ གུ་རུ་དྲག་མཐིང་གི་བྱིན་རླབས་དབང་ལྔ་ཞེས་བྱ་བ་བསྐུར་བ་ཡིན་ཏེ༔ དེ་ལ་དྲག་མཐིང་འདིའི་རྒྱུད་ཇི་ལྟར་གསུངས་ཤིང་ལུང་བསྟན་ཚུལ༔ ལུང་བསྟན་དང་མཐུན་པར་སྤྲུལ་པ་བྱོན་ནས་འགྲོ་དོན་མཛད་ཚུལ༔ སྒྲུབ་ཐབས་གསུངས་ཤིང་གཏེར་ནས་ཐོན་ཏེ་རིམ་པར་བརྒྱུད་ཚུལ༔ ཕན་ཡོན་དགོས་ཆེད་བསྟན་པའོ༔ དང་པོ་ནི་སྔོན་སངས་རྒྱས་མར་མེ་མཛད་ཀྱི་བསྟན་པ་རྫོགས༔ ཤཱཀྱ་ཐུབ་པའི་བསྟན་པ་མ་བྱུང་གི་བར་དུ༔ བདུད་མ་ཏྲཾ་རུ་ཏྲ་ཞེས་བྱ་བ་ཤིན་ཏུ་འཇིགས་ཤིང་མ་རུངས་པ་ཞིག་བྱུང་ནས་འཇིག་རྟེན་གསུམ་ཕུང་བར་བྱས་སོ༔ དེའི་ཚེ་བདེ་བར་གཤེགས་པ་ཐམས་ཅད་བཀའ་བགྲོས་ནས༔ རུ་ཏྲ་བསྒྲལ་ཏེ་ཕུང་པོ་ཚལ་པར་བཏང་ནས་རི་རབ་ཀྱི་རྩེ་ནས་གླིང་བཞིར་འཕང་ངོ་༔ དེའི་ཚེ་ན་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ལ་འཁོར་ཁྲོ་བོ་རྣམས་ཀྱིས༔ ཁྲོ་བོའི་གདུལ་བྱ་དྲག་པོ་འདི་ལ་བརྟེན་ནས༔ ཐུགས་ཀྱི་སྙིང་པོ་གསང་སྔགས་འདི་སྤྱོད་པའི་སྐྱེས་བུ་སུ་ཞིག་མཆིས༔ གང་དུ་དར་ཞེས་ཞུས་པས༔ དཔལ་ཆེན་ཧེ་རུ་ཀས་བཀའ་སྩལ་པ༔ ཉོན་ཅིག་རིགས་བཞིའི་ཁྲོ་རྒྱལ་


CMR009_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས༔ ཤཱཀྱ་ཐུབ་པའི་བསྟན་པ་ཤར༔ སྤྲུལ་སྐུའི་འགྲོ་བའི་དོན་མཛད་ནས༔ མྱ་ངན་འདའ་བའི་ཚུལ་བསྟན་ཚེ༔ དེ་མ་ཐག་ཏུ་རྒྱལ་བའི་ཚབ༔ ལྷོ་ཕྱོགས་འཛམ་བུའི་གླིང་འདི་རུ༔ དཔལ་གྱི་སྤྲུལ་པ་རྣམ་བརྒྱད་བྱུང་༔ ཁྱད་པར་ལྷོ་ནུབ་ཨོ་རྒྱན་དུ༔ རྡོ་རྗེ་འཆང་འཁྲུངས་སྤྲུལ་པའི་སྲས༔ མངལ་གྱིས་མ་གོས་བརྡ་ཡིས་འཁྲུངས༔ ཐུབ་པའི་བསྟན་པ་མཐའ་རུ་རྒྱས༔ གསང་སྔགས་སྙིང་པོ་དར་བར་འགྱུར༔ ཞེས་གཏེར་རྒྱུད་ཆེན་པོ་ལ་སོགས་མན་ངག་གི་རྒྱུད་བདུན༔ ཏནྟ་ཆེན་པོ་བཅོ་བརྒྱད་གསུངས་ཏེ༔ ལྕང་ལོ་ཅན་དུ་རིན་པོ་ཆེའི་གའུར་གཞུག་པ༔ ཕྱིས་ཕྱག་ན་རྡོ་རྗེས་རྒྱལ་པོ་ཛའི་ཕོ་བྲང་གི་སྟེང་དུ་གླེགས་བམ་གྱི་ཆར་བབ་པས༔ རྒྱུད་སྡེ་དེ་རྣམས་མི་ཡུལ་དུ་དར་རོ༔ དེ་ལྟར་རྒྱུད་སྡེ་རྣམས་ནས་ལུང་བསྟན་པ་ལྟར༔ སྟོན་པ་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་རྗེས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་གཅིག་ཏུ་དྲིལ་བ༔ འཇའ་འོད་ཀྱི་ཀློང་ནས་ཧཱུྃ་མཐིང་ནག་ཅིག་འཛམ་བུ་གླིང་དུ་སྤྲོས་པས༔ སིན་དྷུ་རོལ་པའི་མཚོ་གླིང་དུ༔ ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་བརྡའི་ཚུལ་དུ་འཁྲུངས་ཏེ༔


CMR009_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་ཆེ་མཆོག་ཧེ་རུ་ཀའི་སྲས་ལ་སོང་༔ དེའི་ཚེ་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་དང་མཆོད་པའི་སྤྲིན་ཆེན་པོ་གཏིབ༔ མ་མོ་མཁའ་འགྲོ་ཐམས་ཅད་ཀྱིས་དུས་གཅིག་ལ་ཕྱག་གྱང་འགྱེལ་བ་ལྟར་འཚལ༔ ནམ་མཁའི་གཟའ་བྲན་དང་རྒྱལ་མཚོའི་ཀླུ་ཐམས་ཅད་དམ་ལ་བཏགས་པས༔ མཚན་རྡོ་རྗེ་རྒྱལ་པོ་རྩལ་དུ་བཏགས༔ དེར་གསང་སྔགས་ཀྱི་རྒྱུད་སྡེ་དཔག་ཏུ་མེད་པ་གསུངས་པ་ཐམས་ཅད་ཕལ་ཆེར་མཁའ་འགྲོས་གདན་དྲངས༔ མི་ཡུལ་དུ་ནི་དྲག་མཐིང་འདི་ཙམ་མ་གཏོགས་ཆེ་བར་མེད་གསུངས་སོ༔ དེ་ནས་རིམ་པར་དུས་གཅིག་ཏུ་ཡང་སྐུའི་བཀོད་པ་དང་རྫུ་འཕྲུལ་སྣ་ཚོགས་ཀྱིས་རྒྱ་དཀར་ནག༔ ལྷ་ཀླུ་མཁའ་འགྲོའི་ཡུལ༔ ལི་ཡུལ་ཤམ་བྷ་ལ༔ སྟག་གཟིག་ཞང་ཞུང་ཡུལ་སོགས་སུ་ལོ་སུམ་སྟོང་འགྲོ་དོན་མཛད༔ དེ་ནས་བོད་དུ་ཕེབས་ནས་བོད་ཡུལ་སངས་རྒྱས་ཀྱི་ཞབས་ཀྱིས་མ་བཅགས་འདྲེ་སྲིན་གྱིས་གང་བ་ཐམས་ཅད་དམ་ལ་བཏགས༔ མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་རྣམས་དང་༔ གནས་ཆེན་ཐམས་ཅད་བྱིན་གྱིས་བརླབས༔ གཏེར་ཁ་བྱེ་བ་ས་ཡ་སྦས་སོ༔ དེའི་ཚེ་སྣ་ནམ་རྡོ་རྗེ་བདུད་འཇོམས་སོགས་ཐུགས་སྲས་རྣམས་ལ་


CMR009_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པ་ཟབ་དགུ་གནང་སྟེ༔ ཁྱད་པར་དུ་རྡོ་རྗེ་ཁྲག་འཐུང་རོལ་པའི་རྩ་རྒྱུད་ལས༔ རྒྱ་གར་སྟོན་པ་ཤཱཀྱ་ཐུབ་པ་ལ༔ བོད་ཀྱི་སྟོན་པ་ཨོ་རྒྱན་ཉིད༔ ཨོ་རྒྱན་པདྨ་ཞེས་བྱ་བ༔ ཀུན་ཏུ་བཟང་པོའི་ངོ་བོ་ཉིད༔ རྡོ་རྗེ་འཆང་ཆེན་སྤྲུལ་པའི་སྐུ༔ རིགས་ལྔའི་སངས་རྒྱས་འདུས་པའི་དཔལ༔ རིགས་གསུམ་མགོན་པོའི་རང་བཞིན་ཏེ༔ སྣང་བ་མཐའ་ཡས་སྤྲུལ་པའི་སྐུ༔ ཐུགས་རྗེ་ཆེན་པོ་མངོན་སུམ་ཉིད༔ བདག་ཅག་ཐུབ་པ་དྲུག་གི་སྐུ༔ གཅིག་ཏུ་སྤྲུལ་པའི་སྲས་གཅིག་པུ༔ མ་འོངས་སེམས་ཅན་མགོན་གཅིག་ཡིན༔ སངས་རྒྱས་སྟོང་གི་གདུང་གཅིག་པོ༔ དུས་གསུམ་སངས་རྒྱས་སྤྱི་འདུས་ཉིད༔ བདེ་གཤེགས་རྣམས་ཀྱི་སྐུ་གསུམ་རྫོགས༔ སངས་རྒྱས་ཀུན་གྱི་རང་བཞིན་ཏེ༔ ཞེས་ཐུབ་པ་ཆེན་པོས་གསུངས་པ་ལྟར༔ སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱང་༔ ཨོ་རྒྱན་ཉིད་ཀྱི་རྣམ་ཤེས་ཚོགས་བརྒྱད་ཀྱི་ངོ་བོ་ཡིན་པར་གསུངས་ནས༔ རྡོ་རྗེ་དྲག་པོ་ཁྲག་འཐུང་རོལ་པའི་རྩ་རྒྱུད་ལ་བརྟེན་ནས་ཐུགས་སྒྲུབ་ཟབ་མོ་འདི་ཉིད་མཛད་ནས་གནང་ངོ་༔ ཨོ་རྒྱན་མཁའ་འགྲོའི་གླིང་ན་ཟབ་པའི་བཀའ༔ བསམ་གྱིས་མི་ཁྱབ་


CMR009_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཀྱང་སྙིང་གི་ཐིག༔ དྲག་པོ་ཐུགས་ཀྱི་སྒྲུབ་པ་འདི་བརྩམས་ནས༔ གཏེར་དུ་སྦས་ནས་ནམ་ཞིག་བསྟན་པའི་མཐར༔ ལས་ཅན་ང་ཡི་བུ་དང་འཕྲད་པར་ཤོག༔ ལྔ་བརྒྱ་ཐ་མ་ཤར་བའི་ཚེ༔ རི་བོ་བཀྲ་བཟང་ཤར་འདབས་སུ༔ ལས་ཅན་སྦས་པའི་རྣལ་འབྱོར་པ༔ རྒོད་ཀྱི་ལྡེམ་འཕྲུ་ཅན་ཞེས་འབྱུང་༔ དེ་ཕྱིར་ང་ཡི་ཐུགས་སྒྲུབ་གཞུག༔ ཅེས་གསུངས་ནས་བྲག་རི་དུག་སྦྲུལ་སྤུངས་པ་འདྲ་བའི་རྐེད་པར་གཏེར་དུ་སྦས་པ་ལ༔ ཕྱིས་སྣ་ནམ་བདུད་འཇོམས་ཀྱི་སྐྱེ་བ༔ རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས༔ མེ་ཕོ་རྟའི་ལོ་ས་ག་ཆེན་པོའི་ཚེས་བརྒྱད་ལ་གཏེར་ནས་བཏོན་པས༔ དབུས་བསེ་སྒྲོམ་སྨུག་པོ་ལ་སོགས་ཤོག་སེར་གྱི་སྒྲོམ་ལྔ་བྱོན་པའི་ནང་ནས། བྱིན་རླབས་བླ་མའི་སྒྲུབ་པ་དྲག་པོ་མཐིང་ག་འདི་འགྲོ་དོན་ཆེ་ཞིང་དར་ཆེ་བར་གྱུར་པའོ༔ དེ་ནས་གཏེར་སྟོན་ནས་བརྒྱུད་པ་མང་དུ་གྱེས་པ་ཐམས་ཅད་རྒྱ་མཚོ་ལ་ཆུ་བོ་བཞིན་དུ་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་ལ་འདུས་གཏེར་སྟོན་བཀྲ་ཤིས་སྟོབས་རྒྱལ་བོ་དང་༔ སྲས་རིག་འཛིན་ངག་གི་དབང་པོ་གཉིས་ཀ་ལ༔ འོ་བྲན་དཔལ་གྱི་དབང་ཕྱུག་གི་གདུང་རྒྱུད༔ བླ་མ་ངག་དབང་འཇིགས་མེད་


CMR009_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པས་གསན༔ དེ་ལས་བདག་རཱ་ག་ཨ་སྱས་ཐོབ་པའོ༔ བཞི་པ་འདི་ཡི་ཕན་ཡོན་དགོས་ཆེད་བཤད་པ་ནི༔ ཨོ་རྒྱན་ཉིད་ཀྱི་བཀའ་འདི་ཉིད་ཀྱི་གཞུང་ལས༔ ཚེ་སྒྲུབ་ལྕགས་ཀྱི་སྡོང་པོ་ཡིན༔ ནོར་སྒྲུབ་རིན་ཆེན་སྤུང་པ་ཡིན༔ སྡེ་བརྒྱད་འདུལ་བའི་གཉེན་པོ་ཡིན༔ སྒྲུབ་ཆེན་བཀའ་བརྒྱད་འདུས་པ་ཡིན༔ པདྨ་འབྱུང་གནས་སྙིང་ཐིག་ཡིན༔ མཁའ་འགྲོ་རྣམས་ཀྱི་སྙིང་ཁྲག་ཡིན༔ ཀུན་བཟང་ཐུགས་ཀྱི་དགོངས་པ་ཡིན༔ ལས་ཆེན་བུ་ཡི་དངོས་གྲུབ་ཡིན༔ ང་ཡི་རྗེས་འཇུག་རྣལ་འབྱོར་པ༔ མན་ངག་འདི་དང་འཕྲད་པའི་ཚེ༔ བརྩོན་འགྲུས་དྲག་པོས་བར་ཆད་སྤངས༔ ཉམས་ལེན་དྲག་པོས་དངོས་གྲུབ་ཐོབ༔ ཐེ་ཚོམ་མེད་པར་སྒྲུབ་པ་མཛོད༔ བུ་ཁྱོད་ཡི་དམ་འདི་ལ་མཛོད༔ བདག་དང་ཞལ་མཇལ་ལུང་བསྟན་ངེས༔ སེམས་ཀྱིས་རྩེ་གཅིག་ཉམས་ལེན་འདི་ལ་མཛོད༔ ཚེ་ལུས་འདི་ལ་མཆོག་གི་དངོས་གྲུབ་ཐོབ༔ རྣམ་སྨིན་སྒྱུ་ལུས་འཇིགས་མེད་རྡོ་རྗེར་འགྱུར༔ ཚེ་གཅིག་སྒྲུབ་པ་ཐུགས་རྗེའི་སྙིང་པོ་འདི༔ བཟླས་པ་ཙམ་གྱིས་ཕྱི་ནང་བར་ཆད་འཇོམས༔ ཁམས་གསུམ་སྲིད་གསུམ་མ་ལུས་ཀུན་གྱི་སེམས༔ འདི་


CMR009_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བཟླས་པས་སྐྱེ་འགྲོ་དབང་དུ་འདུ༔ ལྷ་སྲིན་སྡེ་བརྒྱད་དྲེགས་པ་ཀུན་གྱི་སྲོག༔ འདི་ཉིད་བཟླས་པས་ཁམས་གསུམ་དབང་དུ་བསྡུ༔ རྒྱལ་པོ་བཞིན་དུ་སྟོང་གསུམ་ཟིལ་གྱིས་གནོན༔ འབྲུག་སྒྲ་བཞིན་དུ་སྙན་པ་ཕྱོགས་བཅུར་ཁྱབ༔ དུས་གསུམ་རྒྱལ་བའི་ཐུགས་ཀྱི་སྙིང་པོ་འདི༔ བཟླས་པ་ཙམ་གྱིས་ཆོས་ཉིད་རང་སྒྲ་རྡོལ༔ དམིགས་མེད་ཡུལ་བྲལ་རྒྱལ་བའི་དགོངས་པ་རྙེད༔ རྣམ་སྨིན་རང་ལུས་འབྱུང་བཞིའི་ནད་དང་བྲལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བརྙེས་པར་འགྱུར༔ དུས་གསུམ་རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ ཐུགས་དགོངས་གཏིང་མཐའ་མེད་དེ་རྒྱ་མཚོ་ལས༔ བཀའ་གསང་རབ་འབྱམས་རྒྱ་མཚོའི་ཆོས་གསུངས་ཀྱང་༔ ཆོས་རྣམས་བསྡུས་པས་ཐེག་པ་ཕྱི་ནང་གཉིས༔ དེ་ཡི་བཅུད་དྲིལ་གསང་སྔགས་སྙིང་པོ་ལ༔ རིག་སྔགས་གསང་སྔགས་གྲུབ་མཐའ་མཐའ་ཡས་ཀྱང་༔ སྙིང་པོས་བསྡུས་པ་ལྷ་གཅིག་བསྒོམ་པ་དང་༔ སྔགས་གཅིག་བཟླས་དང་བསམ་གཏན་རྩེ་གཅིག་བསྒོམ༔ ཀུན་གྱི་སྙིང་པོ་འདི་ཉིད་གསུམ་ལ་འདུས༔ ལྷ་ཡི་ཏིང་འཛིན་བྱེ་བ་བསམ་ཡས་ཀྱང་༔ སྐུ་ཡི་ངོ་བོ་རྡོ་རྗེ་སློབ་དཔོན་ཡིན༔ ཡི་དམ་ལྷ་ཚོགས་མ་འདུས་གང་


CMR009_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མེད༔ སྔགས་ཀྱི་སྒྲ་སྐད་བྱེ་བ་བསམ་ཡས་ཀྱང་༔ སྔགས་ཀྱི་སྙིང་པོ་ཡི་གེ་ཧཱུྃ་ལ་འདུས༔ བདེ་གཤེགས་སྙིང་པོ་མ་འདུས་གང་ཡང་མེད་༔ ཐུགས་ཀྱི་དགོངས་པ་བརྗོད་བྲལ་ཆེན་པོ་ལ༔ ཀུན་བཟང་དགོངས་པ་སྟོང་གསལ་འཛིན་པ་མེད༔ ཆོས་ཉིད་ཀློང་ཆེན་མ་འདུས་གང་ཡང་མེད༔ སྐུ་ཡི་རིགས་ཉིད་རང་རིག་བླ་མ་ལ། དུས་གསུམ་རྒྱལ་བ་རིག་འཛིན་ཐམས་ཅད་ཀྱི༔ དབང་བསྐུར་རྗེས་གནང་རྡོ་རྗེ་དྲག་པོ་རྩལ༔ པདྨ་འབྱུང་གནས་བདག་ཉིད་བསྒོམ་པར་བྱ༔ ཞི་ཁྲོ་རབ་འབྱམས་ལྷ་ཚོགས་བདག་ལ་རྫོགས༔ ཏིང་འཛིན་ཉམས་མྱོང་ཐམས་ཅད་རྒྱུད་ལ་འཆར༔ དུས་ག༔ སུམ་རིག་འཛིན་མ་ལུས་བདག་ལ་རྫོགས༔ དབྱིངས་རིག་འཛིན་བྲལ་མ་ལུས་བདག་ལ་རྫོགས༔ དབྱིངས་རིག་རྣམ་དག་ཚེ་ཡི་རིག་འཛིན་བརྙེས༔ བྱང་སེམས་འཕགས་པའི་སྤྲུལ་སྐུ་བདག་ལ་རྫོགས༔ ཐུགས་རྗེའི་འགྲོ་དོན་སྙིང་རྗེ་རྒྱུད་ལ་འཆར༔ གསུང་གི་སྙིང་པོ་ཡི་གེ་ཧཱུྃ་བརྗོད་པས༔ གསང་སྔགས་ཕྱི་ནང་སྙིང་པོ་འདི་ལ་རྫོགས༔ ངག་གི་བདེན་པས་མཐུ་རྩལ་འགྲུབ་པ་དང་༔ ལྷ་ནད་གདོན་འཚེ་གཟའ་རྣམས་མ་ལུས་འཇོམས༔


CMR009_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་རྗེན་པར་རང་སེམས་ཆོས་ཉིད་རྟོགས༔ དུས་གསུམ་རྒྱལ་བའི་ཐུགས་ཀྱི་སྙིང་པོ་འདི༔ གྲུབ་ཐོབ་རིག་འཛིན་རྣམས་ཀྱི་སྙིང་པོ་ཡིན༔ རྣམ་སྨིན་སྒྱུ་ལུས་འཇིགས་པའི་ནད་དང་བྲལ༔ ཞེས་སོགས་རྒྱ་ཆེར་གསུངས་སོ༔ དེ་ལྟ་བུའི་དབང་ཟབ་མོ་ཞུ་བ་ལ༔ མཎྜལ་ཕུལ་ཞིང་གསོལ་བ་གདབ་ཅེས་གསུངས་པས་མཎྜལ་ཕུལ༔ ས་གཞི་སྤོས་ཆུས་བྱུག་ཅིང་མེ་ཏོག་བཀྲམ༔ རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི༔ སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས༔ འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག༔ ད་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད༔ ཀྱི་མ་གུ་རུ་སྤྲུལ་པའི་སྐུ༔ སྐུ་གསུང་ཐུགས་དང་ཡོན་ཏན་དང་། ཕྲིན་ལས་ཆེན་པོ་འགྲོ་བའི་དོན༔ གདུལ་བྱ་རྒྱས་པར་མཛད་དུ་གསོལ༔ བདག་འདྲ་དད་པའི་སློབ་བུ་ལ༔ ཐུགས་རྗེ་ཆེན་པོས་བཟུང་དུ་གསོལ༔ ཅེས་བརྗོད་མེ་ཏོག་གཏོར་ནས་ཀྱང་༔ དེ་ནས་བླ་མས་གནང་བ་བྱིན༔ མ་ཧཱ་གུ་རུའི་ནུས་པའི་དབང་༔ རིགས་ཀྱི་བུ་ལ་སྦྱིན་པར་བྱ༔ སྙིགས་མའི་སེམས་ཅན་དུག་ལྔ་རགས༔ དེ་ཡིས་དབང་སྒྱུར་ངན་སོང་ལྟུང་༔ རྐྱེན་རྣམས་བར་ཆད་མེད་པ་ཡི༔ དམ་ཚིག་ཉམས་ན་གཉིས་ཀ་


CMR009_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བརླག༔ ལུས་སྲོག་བྲལ་ལ་ཐུག་གྱུར་ཀྱང་༔ དམ་ཚིག་བསྲུང་ན་དབང་སྐུར་སྦྱིན༔ དེ་ནས་སློབ་མ་ལྷར་བསྐྱེད་ཅིང་གཏོར་མར་གསལ་འདེབས་བཅུག་སྟེ༔ ཁྱེད་རང་རྣམས་ཀྱང་གུ་རུ་དྲག་པོའི་སྐུ༔ གཏོར་མ་སྐུ་གཟུགས་དང་བཅས་པ་ཡང་གུ་རུ་དྲག་པོའི་སྐུ་སོ་སོར་འདི་ལྟར་དུ་གསལ་ཐོབ་ཅིག༔ ཧཱུྃ༔ རྒྱུ་ཡི་ཡི་གེ་འོད་འཕྲོས་འདུས་པ་ལས༔ མ་ཆགས་པདྨ་ཐབས་ཤེས་ཉི་ཟླའི་སྟེང་༔ སྲིན་པོ་རུ་ཏྲ་བརྫིས་པའི་གདན་སྟེང་དུ༔ མ་ཧཱ་གུ་རུ་རྡོ་རྗེ་དྲག་པོ་རྩལ༔ རང་རིག་རང་བྱུང་རང་ཤར་གསལ་བར་བསྒོམ༔ པདྨ་ཙནྡྲ་སཱུརྱ་མཎྜལ་རུ་ཏྲ་ཏི་ར་ནན༔ ཧཱུྃ༔ སྐུ་མདོག་མཐིང་ནག་འཇིགས་པའི་ཆ་ལུགས་ལ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་བསྣམས༔ ཕྱག་གཡོན་གསེར་གྱི་དྲིལ་བུ་དཀུ་ལ་བརྟེན༔ རིན་ཆེན་རུས་རྒྱན་ཟབ་ཆེན་བེར་ལ་སོགས༔ མཁའ་འགྲོ་དམ་ཅན་དབང་སྡུད་རྒྱན་གྱིས་བརྒྱན༔ དུར་ཁྲོད་ཆས་བརྒྱད་འཇིགས་པའི་གར་དགུ་ལྡན༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ ལྷ་ཚོགས་ཐམས་ཅད་ཉིད་ཀྱི་སྐུ་ལ་རྫོགས༔ འོད་ཟེར་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ༔ ཞབས་གཉིས་གྱད་ཀྱི་འགྱིང་བག་སྟབས་སུ་


CMR009_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས༔ དེ་ཝ་བཛྲ་ཧཱུྃ༔ ཧཱུྃ༔ སྤྱི་བོ་ཚངས་པའི་བུ་གའི་པད་འདབ་སྟེང་༔ མགོན་པོ་ཚེ་དཔག་མེད་ཀྱི་ལྷ་ཚོགས་རྫོགས༔ ཨོཾ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱ༔ ཧཱུྃ༔ ཀླད་པ་དུང་ཁང་རྩ་བའི་དཀྱིལ་འཁོར་ལ༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐམས་ཅད་རྫོགས༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ༔ ཧཱུྃ༔ མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་འདབ་ལ༔ པདྨ་གསུང་གི་ལྷ་ཚོགས་ཐམས་ཅད་རྫོགས༔ ཨོཾ་རྒྱ་གྲི་ཝ་ཧཱུྃ༔ ཧཱུྃ༔ སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་ལ༔ རྡོ་རྗེ་ཐུགས་ཀྱི་ལྷ་ཚོགས་ཐམས་ཅད་རྫོགས༔ ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཧཱུྃ༔ ཧཱུྃ༔ ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་ལ༔ བདུད་རྩི་ཡེ་ཤེས་ལྷ་ཚོགས་ཐམས་ཅད་རྫོགས༔ ཨོཾ་པཉྩ་ཨ་མྲྀ་ཏ་ཧཱུྃ༔ ཧཱུྃ༔ གསང་བ་བདེ་སྐྱོང་འཁོར་ལོའི་རྩ་འདབ་ལ༔ ཆེ་མཆོག་མ་མོའི་ལྷ་ཚོགས་ཐམས་ཅད་རྫོགས༔ ཨོཾ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཧ་ཧ་མ་མ་ཕཊ་བྷོ༔ ཧཱུྃ༔ རྩ་ཆེན་རྩ་བྲན་སྟོང་གི་འཁོར་ལོ་ལ༔ མཁའ་འགྲོ་འབུམ་སྡེའི་ལྷ་ཚོགས་ཐམས་ཅད་རྫོགས༔ ཧ་རི་ནི་ས་ཧཱུྃ༔ ཧཱུྃ༔ སྐུ་ནི་རྡོ་རྗེ་ཁྲོས་པའི་སྐུ་གསུང་ཐུགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ དབུ་ལ་རྒྱལ་བ་རིགས་ལྔའི་དབང་སྐུར་མཛད༔ ཧཱུྃ་ཨོཾ་སྭཱ་


CMR009_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཨཱ༔ ཧཱུྃ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་བསྣམས༔ འཇིགས་བྱེད་ཁྲོ་བོ་བཅུ་ཡི་ལྷ་ཚོགས་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཕྱག་གཡོན་གསེར་གྱི་དྲིལ་བུ་བསྣམས་པ་ལ༔ འཇིགས་བྱེད་ཁྲོ་མོ་བཅུ་ཡི་ལྷ་ཚོགས་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞབས་གཉིས་བརྐྱང་བསྐུམས་རུ་ཏྲ་བརྫིས་པ་ལ༔ ཕྱོགས་སྐྱོང་སྡེ་བརྒྱད་དྲེགས་པའི་སྲོག་རྩ་འདུས༔ མ་མ་རཱ་ཛ་དུ་ཏྲི་སརྦ་ཏྲིག་ནན༔ དེ་ནས་རོལ་མོའི་སྒྲ་དང་སྤོས་དུད་བཅས་པས༔ དེ་ནས་བླ་མའི་ཐུགས་ཀ་ནས༔ ཧཱུྃ་ལས་འོད་འཕྲོས་སྤྱན་དྲངས་པ༔ ཟངས་མདོག་དཔལ་རིའི་རྩེ་མོ་ནས༔ གུ་རུ་དྲག་མཐིང་ལྷ་ཚོགས་རྣམས༔ ཁ་བ་བུ་ཡུག་བཞིན་དུ་བྱོན༔ སློབ་མ་རྣམས་དང་དབང་རྫས་ལ༔ མཚོ་ལ་ཆར་པ་བབ་བཞིན་ཐིམ༔ དེ་ལྟར་མ་ཡེངས་རྩེ་གཅིག་བསྒོམ༔ ཧཱུྃ༔ བཞེངས་ཤིག་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས༔ དགོངས་ཤིག་ཕྱོགས་བཅུ་དུས་གསུམ་བདེ་གཤེགས་རྣམས༔ རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ རིག་འཛིན་མཁའ་འགྲོའི་གནས་ནས་གཤེགས་སུ་གསོལ༔ དབུ་སྐྲ་མཛེས་པའི་ཐོར་ཚུགས་ཤིགས་སེ་ཤིག༔ རིན་ཆེན་རྒྱན་ཆ་


CMR009_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་སི་ལི་ལི༔ དུར་ཁྲོད་རོལ་པའི་རྒྱན་ཆ་ཁྲོ་ལོ་ལོ༔ སྒྲ་དང་རོལ་མོ་མང་པོ་འུ་རུ་རུ༔ ཡི་དམ་ལྷ་ཚོགས་ཧཱུྃ་སྒྲ་དི་རི་རི༔ མཁའ་འགྲོ་སྡེ་ལྔའི་གར་བྱེད་ཤིགས་སེ་ཤིག༔ གིང་ཆེན་དཔའ་བོའི་བྲོ་བརྡུང་ཁྲབས་སེ་ཁྲབ༔ མ་མོ་མཁའ་འགྲོ་སྤྲིན་ལྟར་ཐིབས་སེ་ཐིབ༔ ཆོས་སྐྱོང་སྡེ་བརྒྱད་ལས་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཆེན་སྟོང་གི་སྒྲ་སྐད་དི་རི་རི༔ གཡས་ན་ཕོ་རྒྱུད་ཐམས་ཅད་ཤ་ར་ར༔ གཡོན་ན་མོ་རྒྱུད་ཐམས་ཅད་ཤ་ར་ར༔ བར་སྣང་ཐམས་ཅད་དར་གདུགས་ལྷབས་སེ་ལྷབ༔ དྲི་ཞིམ་སྤོས་ཀྱི་ངད་ལྡང་ཐུ་ལུ་ལུ་༔ མཁའ་འགྲོ་གསང་བའི་བརྡ་སྐད་དི་རི་རི་གིང་ཆེན་དཔའ་བོའི་ཤུགས་གླུ་ཀྱུ་རུ་རུ༔ ཧཱུྃ་གི་སྣ་གླུ་མང་པོ་དི་རི་རི༔ ཕཊ་ཀྱི་བརྡ་སྐད་དྲག་པོ་སངས་སེ་སང་༔ བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཐུགས་རྗེས་གཟིགས་ལ་གནས་འདིར་གཤེགས་སུ་གསོལ༔ གནས་འདིར་ཐུགས་རྗེས་དགོངས་ཏེ་གཤེགས་ནས་ཀྱང་༔ བདག་གིས་བྱང་ཆུབ་སྙིང་པོ་མ་ཐོབ་བར༔ བགེགས་དང་ལོག་འདྲེན་བར་ཆད་འདུལ་བ་དང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་ཨེ་ཧྱ་ཧི་བྷ་ག་ཝན༔ མ་ཧཱ་ཀ་རུ་ཎི་ཀ་དྲི་ཤྱ་ཧོ༔


CMR009_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡ་སྟོ༔ རོལ་མོ་ཡུན་རིང་བྱ༔ སྔགས་བརྗོད་གཏོར་མ་དང་སློབ་མར་བསྟིམ་ལ་ཉུང་ན་སྤྱི་བོར་རྡོ་རྗེ་བཞག༔ མང་ན་བཞག་ཚུལ་བྱས་པས་ཆོག་སྟེ་གཞུང་ན་མེད་དོ༔ ཏིཥྛ་བཛྲ༔ དེ་ནས་གཏོར་མ་སྐུ་བཅས་ཐོགས་ལ༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན་ནས༔ གུ་རུའི་ལྷ་ཚོགས་སྤྱན་དྲངས་ཏེ༔ རིག་འཛིན་དངོས་ཀྱི་ཐུགས་ཀར་ཐིམ༔ སྐུ་བཀྲག་མདངས་དང་གཟི་བརྗིད་ལྡན༔ སྤྱན་གསུམ་ཞལ་བསྒད་འགྱིང་བག་ལྡན༔ མཚན་དང་དཔེ་བྱད་ལྡན་པར་བསྒོམ་སློབ་མའི་སྤྱི་བོར་ལྷའི་སྐུ་བཞག་ལ་དབང་བསྐུར་བྱིན་གྱིས་བརླབས་པར་བསམ༔ སྒྲ་ཆེན་གདང་གིས་འདི་སྐད་བརྗོད༔ ཨོཾ༔ བདེ་གཤེགས་ཀུན་འདུས་རྡོ་རྗེ་དྲག་པོ་རྩལ༔ གཟི་བརྗིད་འོད་འཕྲོ་མཚན་དང་དཔེ་བྱད་ལྡན༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བདག་ཅག་ལུས་ཀྱི་ཉེས་པ་སྦྱང་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་ས་མ་ཡ་གུ་རུ་པདྨ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ མགྲིན་པར་ཧཱུྃ་གི་ཡི་གེ་བཞག་ལ༔ ཨཱཿ སྒྲ་ཡི་སྙིང་པོ་ཀུན་འདུས་ཡི་གེ་ཧཱུྃ༔ དྲག་ལ་ངར་ལྡན་གདང་ཆེན་ཆེ་བའི་མཆོག༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཆལ་ཚིག་ངག་གི་ཉེས་པ་སྦྱང་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་ས་མ་ཡ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་སྙིང་


CMR009_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཁར་གཏད་ལ༔ ཧཱུྃ༔ བདེ་གཤེགས་མ་ལུས་ཀུན་གྱི་སྙིང་པོ་ནི༔ མ་བཅོས་རང་བྱུང་གསལ་འཚེར་སྐྱོན་དང་བྲལ༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཁྲུལ་པ་ཡིད་ཀྱི་ཉེས་པ་སྦྱང་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་ས་མ་ཡ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ལྟེ་བར་འཁོར་ལོ་གཏད་ལ༔ སྭཱ༔ འདོད་པའི་ཡོན་ཏན་ཤེས་རབ་རིན་པོ་ཆེ༔ དགོས་འདོད་ཀུན་འབྱུང་བླ་མ་མཆོད་པའི་རྫས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཛིན་བྱེད་ཞེན་སྣང་ཉེས་པ་སྦྱང་དུ་གསོལ༔ ཨོཾ་ཨཱཧཱུཾ་བཛྲ་ས་མ་ཡ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ལྔ་ཡན་ལག་ལྔ་ལ་གཏད་ནས༔ རྒྱལ་བའི་མཛད་ཕྲིན་ཕྲིན་ལས་སྟོབས་ཆེན་མཛད༔ ཕྲིན་ལས་རྣམ་བཞི་གང་ལ་གང་འདུལ་སྟོན༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཐུགས་རྗེའི་གདུལ་བྱ་ཕྱོགས་བཅུར་རྒྱས་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་ས་མ་ཡ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏོར་མ་ཐོགས་བཞིན་དུ། འོ་དེས་བྱིན་རླབས་ཐུགས་རྗེའི་དབང་ལྔ་དངོས་གཞི་སོང་ནས༔ ད་གཏོར་མ་འདི་ཉིད་གུ་རུ་དྲག་མཐིང་རིག་འཛིན་བརྒྱུད་པའི་བླ་མ་དང་བཅས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས༔


CMR009_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་པ་ལྟ་བུར་བྱིན་གྱིས་བརླབས་ནས༔ འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ལ་སིབ་ཀྱིས་ཐིམ་པར་བསྒོམ་ལ༔ སེམས་མ་བཅོས་པར་ཀློད་ལ་ཞོག་མཛོད༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ༔ རང་བྱུང་རྣམ་དག་གཞལ་ཡས་སུ༔ ཡེ་ཤེས་ལྔ་ལྡན་རྒྱལ་བ་ལྔ༔ ལྕང་ལོ་ཅན་གྱི་ཕོ་བྲང་དུ༔ གསང་བདག་ཕྱག་ན་རྡོ་རྗེ་ཡང་༔ འགྲོ་བའི་དོན་དུ་སྐུ་བཞེངས་ལ༔ ཆོས་ཉིད་སྟོང་པའི་རང་སྒྲ་སྒྲོགས༔ བདག་ཅག་ཁྱེད་ཀྱི་རྗེས་སུ་འཇུག༔ རིག་འཛིན་དེ་ཡིས་བྱིན་གྱིས་རློབས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ བྱང་ཆུབ་སེམས་ཀྱི་གནས་མཆོག་ཏུ༔ སྨུག་ནག་དབང་གི་མཁའ་འགྲོ་དང་༔ རི་རྒྱལ་ལྷུན་པོའི་རྩེ་མོ་རུ༔ ཚངས་པའི་རྒྱལ་པོ་གདོང་གསུམ་དང་༔ རྣམ་པར་རྒྱལ་བའི་ཁང་བཟང་དུ༔ རིག་འཛིན་ལྷ་དབང་བརྒྱ་བྱིན་དང་༔ སིནྡྷ་རྒྱ་མཚོའི་མཚོ་གླིང་དུ༔ རིག་འཛིན་ཀླུ་རྒྱལ་འཇོག་པོ་ཡང་༔ འགྲོ་བའི་དོན་དུ་སྐུ་བཞེངས་ལ༔ ཆོས་ཉིད་སྟོང་པའི་རང་སྒྲ་སྒྲོགས༔ བདག་ཅག་ཁྱེད་ཀྱི་རྗེས་སུ་འཇུག༔ རིག་འཛིན་དེ་ཡིས་བྱིན་གྱིས་རློབས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ མ་ལ་ཡ་ཡི་རྩེ་མོ་རུ༔


CMR009_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་བསགས་པའི་རྒྱལ་པོ་དང་༔ ཟ་ཧོར་ཡུལ་གྱི་གནས་མཆོག་ཏུ༔ མཁས་མཆོག་ཤཱཀྱ་པྲ་བྷ་དང་༔ ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ རིག་འཛིན་པདྨ་འབྱུང་གནས་དང་༔ ཆུ་བོ་གངྒའི་རྩ་བ་རུ༔ རིག་འཛིན་བི་མ་མི་ཏྲ་དང་༔ མན་ར་བའི་ནགས་ཁྲོད་དུ༔ བལ་པོ་ཤྲཱི་ལ་མཉྫ་དང་༔ མོན་ཁ་སེང་གེའི་ཡང་རྫོང་དུ༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་ཡང་༔ འགྲོ་བའི་དོན་དུ་སྐུ་བཞེངས་ལ༔ ཆོས་ཉིད་སྟོང་པའི་རང་སྒྲ་སྒྲོགས༔ བདག་ཅག་ཁྱེད་ཀྱི་རྗེས་སུ་འཇུག༔ རིག་འཛིན་དེ་ཡིས་བྱིན་གྱིས་རློབས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ རང་གི་སྐྱེད་ཚལ་དབེན་གནས་སུ༔ སྣ་ནམ་རྡོ་རྗེ་བདུད་འཇོམས་དང་༔ རི་བོ་བཀྲ་བཟང་ཤར་འདབས་སུ༔ གཏེར་སྟོན་རིག་འཛིན་ཡབ་སྲས་དང་༔ སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ༔ དྲིན་ཆེན་རྩ་བརྒྱུད་བླ་མ་དང་༔ རང་ལུས་འབྱུང་བཞིའི་ཕོ་བྲང་ནས༔ ཡི་དམ་བདེ་གཤེགས་ཀུན་འདུས་དང་༔ གཏེར་མཛོད་བསེ་སྒྲོམ་སྨུག་པོ་ནས༔ གསང་སྔགས་སྙིང་པོ་མཐར་ཐུག་དང་༔ སྨུག་ནག་གྲུ་གསུམ་གཞལ་ཡས་ནས༔ བཀའ་སྲུང་ཨེ་ཀ་ཛཱ་ཊི་ཡང་༔ འགྲོ་བའི་དོན་དུ་སྐུ་བཞེངས་ལ༔ ཆོས་ཉིད་སྟོང་པའི་རང་སྒྲ་


CMR009_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོག༔ བདག་ཅག་ཁྱེད་ཀྱི་རྗེས་སུ་འཇུག༔ རིག་འཛིན་དེ་ཡིས་བྱིན་གྱིས་རློབས༔ ལུས་ལ་བདེ་དྲོད་འབར་བ་དང་༔ ངག་ལ་ནུས་པ་བསྐྱེད་པ་དང་༔ སེམས་ལ་རྟོགས་པ་འཆར་བ་དང་༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ བཅོམ་ལྡན་གུ་རུ་དྲག་མཐིང་དྲག་པོ་རྩལ༔ སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་འཁོར་དང་བཅས་པས་སློབ་མ་འདི་རྣམས་ལ་དབང་བསྐུར་ཅིང་བྱིན་གྱིས་བརླབ་ཏུ་གསོལ༔ གཟའ་ཀླུ་སྡེ་བརྒྱད་རྒྱལ་བསེན་དམ་སྲིའི་གནོད་པས་མི་ཚུགས་པར་སྲུངས་ཤིག༔ སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་གྱུར་པའི་ནད་དང་གནོད་པ་ཐམས་ཅད་ཞི་བར་མཛོད་ཅིག༔ འདི་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ་ལྷག་པའི་ལྷ་མཛད་ནས་རྗེས་སུ་བཟུང་བར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་ས་མ་ཡ་གུ་རུ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་ཧཱུྃ་དབྱངས་དང་བཅས་ཏེ་གཏོར་མ་མགོར་འགྲིམ་མོ༔ དེ་ནས་སློབ་བུ་དད་པ་ཅན༔ བླ་མའི་ཞབས་ལ་སྤྱི་བོས་བཏུད༔ དམ་ཚིག་གསུམ་ལ་གནས་པར་བྱ༔ ཡར་ངོའི་ཚེས་བཅུ་མཆོད་པ་གཟབ༔ པདྨ་འབྱུང་གནས་བདག་གིས་ཀྱང་༔ བྱིན་རླབས་དབང་གི་མན་ངག་


CMR009_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

འདི༔ རང་བྱུང་རང་ཤར་རྒྱུད་ནས་བཏུས༔ མ་འོངས་ཕྱི་མའི་དོན་ཕྱིར་དུ༔ བསེ་སྒྲོམ་སྨུག་པོའི་དབུས་སུ་སྦས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་གསུངས་པས༔ ལུས་གུ་རུ་དྲག་མཐིང་གི་སྐུར་བསྒོམ༔ ངག་ནས་ཧཱུྃ་བསྙེན༔ སེམས་རྫོགས་པ་ཆེན་པོའི་དོན་བསྒོམ༔ ཚེས་བཅུ་ལ་མཆོད་པ་ཅི་འབྱོར་གཟབ་པ༔ དེ་རྣམས་དམ་ཚིག་ཡིན་པས་སྲུང་སྙམ་པས་འདིའི་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་བཀའ་སྩལ་པ༔ སོགས་བརྗོད༔ གཏོར་མ་བཏང་ཞིང་དཀྱིལ་འཁོར་བསྡུས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བྲག་རི་དུག་སྦྲུལ་སྤུངས་པ་འདྲ་བའི་སྐེད་པ་ནས་མེ་ཕོ་རྟའི་ལོ་ས་ག་ཆེན་པོའི་ཟླ་བའི་ཚེས་བརྒྱད་ལ། རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་བཏོན་པའོ༔ ཞེས་པ་འདི་ནི་ལོ་རྒྱུས་དང་བཅས་ཁ་སབ་དགོས་པ་རྣམས་ནི་༧ རཱ་ག་ཨ་སྱས་བསྒྲིགས༔ མངྒ་ལཾ།། དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གུ་རུ་དྲག་པོའི་ལུས་དཀྱིལ་རྒྱུན་ཁྱེར་ཉུང་ངུར་བསྡུས་པ།


CMR009_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོའི་ལུས་དཀྱིལ་རྒྱུན་ཁྱེར་ཉུང་ངུར་བསྡུས་པ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་རབ་འབྱམས་ཁྱབ་པའི་སྐུ༔ དམར་ནག་ཞལ་གསུམ་ཕྱག་དྲུག་པ༔ དབུས་དམར་གཡོས་དཀར་གཡོན་མཐིང་ནག༔ གཡས་གསུམ་རྡོ་རྗེ་གྲི་ཁུག་གྲི༔ གཡོན་གསུམ་བྷནྡྲ་ཁ་ཊཾ་སྡིག༔ ཐབས་ཤེས་དབྱེར་མེད་གཤོག་པ་གདེངས༔ ཁྲོས་མ་ནག་མོ་དབྱེར་མེད་འཁྲིལ༔ ཞབས་བཞི་འདོར་ཐབས་བདུད་བཞི་མནན༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ ཡེ་ཤེས་མེ་དཔུང་ཀློང་ན་འགྱིང་༔ སྤྱི་བོར་རིག་འཛིན་ཐོད་ཕྲེང་རྩལ༔ མཐིང་ནག་ཁ་ཊཾ་ཐོད་པ་འཛིན༔ དེ་སྟེང་གནམ་ལྕགས་བྱ་ཁྱུང་ནི༔ དཀར་པོ་མེ་ཡི་གཤོག་པ་རྡེབ༔ ནོར་བུ་རིགས་བདག་འོད་དཔག་མེད༔ དམར་པོ་མཉམ་བཞག་ཚེ་བུམ་འཛིན༔ དཔྲལ་བར་འཇམ་དཔལ་གཤིན་རྗེའི་གཤེད༔ སེར་ནག་རལ་གྲི་པོ་ཏི་འཛིན༔ མགྲིན་པར་རྟ་མགྲིན་པདྨ་དབང་༔ དམར་ནག་དབྱུག་ཐོ་སྡིགས་མཛུབ་བསྒྲེང་༔ ཐུགས་ཀར་གསང་བདག་རྡོ་རྗེ་འཛིན༔ མཐིང་ནག་རྡོ་རྗེ་སྡིགས་མཛུབ་མཛད་༔ ལྟེ་བར་ཡེ་ཤེས་མཁའ་འགྲོ་ལྔ༔ དཀར་སེར་དམར་ལྗང་གྲི་ཐོད་འཛིན༔ གསང་བར་ཡཀཱ་མེ་དབལ་ནི༔


CMR009_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

སྨུག་ནག་རྡོ་རྗེ་ཐོ་བ་འགེང་༔ མ་འདྲེས་ཡོངས་རྫོགས་གསལ་བར་བསྒོམ༔ འཁོར་དང་བཅས་པའི་ཐུགས་ཀར་ཧཱུྃ༔ དེ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ ནེར་ཅིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ ཅེས་བཟླས༔ མེ་རླུང་འཁྱིལ་པའི་རྒྱུན་ཁྱེར་ཆག་མེད་ཙམ་དུ་བྱ་བ་ལ་རཱ་གས་སྦྱར་བའོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གུ་རུ་དྲག་ཁྲོས་ཧཱུྃ་ནག་མེ་འབར།


CMR009_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་ཁྲོས་ཧཱུྃ་ནག་མེ་འབར་བཞུགས་སོ།


CMR009_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་རབ་འབྱམས་ཁྱབ་པའི་སྐུ༔ དམར་ནག་ཞལ་གསུམ་ཕྱག་དྲུག་ལྡན༔ དབུས་དམར་གཡས་དཀར་གཡོན་མཐིང་ནག༔ གཡས་གསུམ་རྡོ་རྗེ་གྲི་གུག་གྲི༔ གཡོན་གསུམ་བྷནྡྲ་ཁ་ཊཾ་སྡིག༔ ཐབས་ཤེས་དབྱེར་མེད་གཤོག་པ་གདེངས༔ ཁྲོས་མ་ནག་མོ་དབྱེར་མེད་འཁྲིལ༔ ཞབས་བཞི་འདོར་ཐབས་བདུད་བཞི་མནན༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ༔ ཡེ་ཤེས་མེ་ཡི་ཀློང་ན་འགྱིངས༔ སྤྱི་བོར་རིག་འཛིན་ཐོད་ཕྲེང་རྩལ༔ མཐིང་ནག་ཁ་ཊཾ་ཐོད་པ་འཛིན༔ དེ་སྟེང་གནམ་ལྕགས་བྱ་ཁྱུང་ནི༔ དཀར་པོ་མེ་ཡི་གཤོག་པ་རྡེབ༔ ནོར་


CMR009_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བུ་རིགས་བདག་འོད་དཔག་མེད༔ དམར་པོ་མཉམ་བཞག་ཚེ་བུམ་འཛིན༔ དཔྲལ་བར་འཇམ་དཔལ་གཤིན་རྗེའི་གཤེད༔ སེར་ནག་རལ་གྲི་པོ་ཏི་འཛིན༔ མགྲིན་པར་རྟ་མགྲིན་པདྨ་དབང་༔ དམར་ནག་དབྱུག་ཏོ་སྡིགས་མཛུབ་བསྒྲེང་༔ ཐུགས་ཀར་གསང་བདག་རྡོ་རྗེ་འཛིན༔ མཐིང་ནག་རྡོ་རྗེ་སྡིགས་མཛུབ་ཅན༔ ལྟེ་བར་ཡེ་ཤེས་མཁའ་འགྲོ་ལྔ༔ དཀར་སེར་དམར་ལྗང་གྲི་ཐོད་འཛིན༔ གསང་བར་ཡཀྵ་མེ་དབལ་ནི༔ སྨུག་ནག་རྡོ་རྗེ་ཐོ་བ་འགེངས༔ མ་འདྲེས་ཡོངས་རྫོགས་གསལ་བར་བསྒོམ༔ འཁོར་དང་བཅས་པའི་ཐུགས་ཀར་ཧཱུྃ༔ དེ་


CMR009_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ ཨོཾ་ཨཱཙྪཱཧཱུྃ་ཨ་རྩིག་ནིར་ཅིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་ཨཱཙྪཱཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་ཨཱཧཱུྃ་ཨ་རྩིག་ནི་རྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་ཨ་མི་དྷེ་ཝ་ཨཱ་ཡུ་སིདྡྷི་ཧཱུྃ༔ ཨོཾ་ཧྲིལླི་ཝི་ཀྲི་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་པདྨནྟ་ཀྲྀཏ་མ་ཧཱ་ཀྲོ་ཏ་ཧྱ་གྲྭ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཁྲོ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ༔ ཌཱཀི་ནི་ཧཱ་རི་ནི་ས་ཧཱུྃ་ཕཊ༔ བཛྲ་ཧཱུཾ་ཡཀྵ་ཧཱུཾ་རཀྵ་ཧཱུཾ་ཡ་མ་ར་ཙ་བྷ་ར་ཧི་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་སིདྷ་མུ་ཁ་ཧཱུྃ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བཟླས་མེ་རླུང་འཁྱིལ་པའི་རྒྱུན་ཁྱེར་ཆག་མེད་ཙམ་དུ་བྱ་བ། རཱ་ག་ཨ་སྱས་སྦྱར་བའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

བླ་མ་དྲག་པོའི་ཚོགས་ཀྱི་འདོན་འགྲིགས།


CMR009_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དྲག་པོའི་ཚོགས་ཀྱི་འདོན་འགྲིགས་བཞུགས་ལགས་སོ༔


CMR009_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚོགས་དང་བསྲེ་བ་སྐབས་འདིར་ཚོགས་བྱས་ལ་ཚོགས་ཕུད་ཕུལ༔ བར་པས་བསྐང་བ་གསོས་ལ་བླ་མ་དྲག་པོའི་བསྐང་བ་འདོན༔ དེ་ནས་ཐ་མ་བསྒྲལ་རྒྱུ་ཚོགས་དུམ་དང་ལིངྒ་བསྒྲལ་ལས་རྒྱས་པ་འདིར་བྱའོ༔ ཡང་ཟློག་ཁ་བཀང་ལ་ཚོགས་མ་བྱས་ཀྱང་འདོན་རུང་ངོ་༔ མདུན་དུ་ལྕགས་ཁང་དུ་ཟན་ལིང་བཤམས་ལ༔ བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ སརྦ་དྲ་བྱི་ཤ་དྷ་ནི་ཧཱུཾ་ཕཊ་རཾ་ཡཾ་ཁཾ་སྭཱ་ཧཱ༔ ཧཱུྃ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ སྐྱེ་བའི་ཆོ་འཕྲུལ་འབྲུ་གསུམ་གྱིས༔ དངོས་འཛིན་མཚན་མའི་བག་ཆགས་སྦྱངས༔ དག་པར་མ་གྱུར་གང་ཡང་མེད༔ དག་པའི་ངང་ལ་གནས་གྱུར་ཅིག་ཨོཾ་ཨཱཧཱུྃ་ཧཱུྃ༔ ཧཱུྃ༔ ཆོས་དབྱིངས་རོལ་པའི་དཀྱིལ་


CMR009_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ནས༔ བྱིན་རླབས་འཕྲོ་འདུས་འོད་ཟེར་གྱིས༔ དཔག་མེད་ནམ་མཁའི་མཐར་གྱུར་པའི༔ འདོད་ཡོན་ལོངས་སྤྱོད་སྤྲིན་ལྟར་གཏིབས༔ ཧཱུྃ་གིས་རྣམ་རྟོག་དབྱིངས་སུ་སྦྱངས༔ ཨཱཡིས་དྲི་མེད་བདུད་རྩིར་གྱུར༔ ཨོཾ་གྱིས་འདོད་ཡོན་སྤྲིན་ཚོགས་གཏིབས༔ དྷཱི༔ཡིས་སྣང་སྲིད་མཆོད་པས་བཀང་༔ མཆོད་པའི་ལྷ་མོ་དཔག་མེད་ཀྱིས༔ གསེར་དངུལ་གཡུ་ཡི་གཞོང་པ་ནང་༔ ལོངས་སྤྱོད་དཔག་མེད་ཚོགས་ཀྱིས་བཀང་༔ གར་དང་ཕྱག་རྒྱ་བསྒྱུར་ཞིང་མཆོད༔ ཨ་ལ་ལ་སྟེ་མཆོད་པར་བཞེས༔ དགྱེས་བསྐང་བདག་ལ་དངོས་གྲུབ་སྩོལ༔ ཧཱུྃ༔ བདེ་


CMR009_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དག་པའི་ཞིང་ཁམས་ནས༔ རིགས་བདག་སྣང་བ་མཐའ་ཡས་ལ༔ རིགས་ལྔ་བུདྡྷ་བཞི་བཅུ་གཉིས༔ ཕྱོགས་བཅུ་དུས་གསུམ་རྒྱལ་བའི་ཚོགས༔ བྱང་སེམས་ཉན་རང་དགྲ་བཅོམ་བསྐོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ གནས་ཁང་འདི་ལ་བྱིན་གྱིས་རློབས༔ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ༔ འདིར་ཚོགས་སྐལ་ལྡན་བདག་ཅིག་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ པོ་ཊ་ལ་ཡི་གནས་མཆོག་ནས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ༔ རིགས་ལྔ་སེམས་དཔའ་བཅུ་དྲུག་དང་༔ ཐུབ་པ་དྲུག་དང་སྒོ་བ་བཞི༔ བསྐལ་བཟང་སངས་རྒྱས་སྟོང་གིས་བསྐོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས་གནས་ཁང་འདི་ལ་བྱིན་གྱིས་རློབས༔ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ༔ འདིར་ཚོགས་སྐལ་ལྡན་བདག་ཅག་ལ་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ པདྨ་འོད་ཀྱི་གཞལ་ཡས་ནས༔ གུ་རུ་པདྨ་ཐོད་ཕྲེང་ལ༔ རིག་འཛིན་ལྔ་དང་རིག་འཛིན་བརྒྱད༔ རྗེ་འབངས་ཉེར་ལྔ་གྲུབ་ཆེན་བརྒྱད༔ གཏེར་སྟོན་བརྒྱ་རྩ་བརྒྱད་ཀྱིས་བསྐོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ གནས་ཁང་འདི་ལ་བྱིན་


CMR009_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རློབས༔ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ༔ འདིར་ཚོགས་སྐལ་ལྡན་བདག་ཅག་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རཀྵ་སྲིན་པོའི་ཡུལ་དབུས་ནས༔ དམར་ནག་མེ་ཕྲེང་ཡབ་ཡུམ་ལ༔ དྲག་པོ་རིགས་བཞི་བྷཱཀི་བཞི༔ ཚེ་བདག་ཁྲོས་ནག་སེང་གདོང་མ༔ རྡོ་རྗེ་གཞོན་ནུ་སོགས་ཀྱིས་བསྐོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ གནས་ཁང་འདི་ལ་བྱིན་གྱིས་རློབས༔ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ༔ འདིར་ཚོགས་སྐལ་ལྡན་བདག་ཅག་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སྲིད་པའི་རི་རབ་རྩེ་མོ་ནས༔ ཡེ་ཤེས་ཁྱུང་ཆེན་འབར་བ་ལ༔ སྤྲུལ་པའི་ཁྱུང་ཆེན་ཉི་ཤུ༔ ཏ་ཀྲིཏ་ཁྲོ་བོ་ལྔ་བཅུ་དྲུག༔ ཡང་སྤྲུལ་མ་མོའི་ཚོགས་ཀྱིས་བསྐོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས་གནས་ཁང་འདི་ལ་བྱིན་གྱིས་རློབས༔ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ༔ འདིར་ཚོགས་སྐལ་ལྡན་བདག་ཅག་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ལྷོ་ཕྱོགས་འོག་མིན་གནས་མཆོག་ནས༔ འཇམ་དཔལ་གཤིན་རྗེའི་གཤེད་པོ་ལ༔ སྲས་མཆོག་རིགས་བཞི་ཡབ་དང་


CMR009_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ༔ ཕྱོགས་བཅུའི་གཤིན་རྗེ་ཡབ་ཡུམ་སོགས༔ འཇམ་དཔལ་ལྷ་ཚོགས་འཁོར་གྱིས་བསྐོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ གནས་ཁང་འདི་ལ་བྱིན་གྱིས་རློབས༔ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ༔ འདིར་ཚོགས་སྐལ་ལྡན་བདག་ཅག་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ རྟ་མགྲིན་པདྨ་དབང་ཆེན་ལ༔ དབང་ཆེན་རིགས་བཞི་ཡབ་དང་ཡུམ༔ ཟིལ་གནོན་ཡབ་ཡུམ་ལ་སོགས་པའི༔ པདྨ་གསུང་གི་འཁོར་གྱིས་བསྐོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ གནས་ཁང་འདི་ལ་བྱིན་གྱིས་རློབས༔ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ༔ འདིར་ཚོགས་སྐལ་ལྡན་བདག་ཅག་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ གསང་བདག་རྡོ་རྗེ་གཏུམ་པོ་ལ༔ ཁྲག་འཐུང་རིགས་ལྔ་ཡབ་དང་ཡུམ༔ ཐུགས་སྲས་རིགས་བཞི་ཀེ་སེང་སོགས༔ ཡང་དག་ལྷ་ཚོགས་འཁོར་གྱིས་བསྐོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ གནས་ཁང་འདི་ལ་བྱིན་གྱིས་རློབས༔ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ༔ འདིར་


CMR009_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་སྐལ་ལྡན་བདག་ཅག་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ནུབ་ཕྱོགས་ཨོ་རྒྱན་གཞལ་ཡས་ནས༔ ཡུམ་མཆོག་རྡོ་རྗེ་ཕག་མོ་ལ༔ སྤྲུལ་པ་འབུམ་ཕྲག་ཉི་ཤུ་དང་རིགས་བཞི་སྡེ་བརྒྱད་མཁའ་འགྲོའི་ཚོགས༔ དྲོད་གཏོང་མ་མོའི་འཁོར་གྱིས་བསྐོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ གནས་ཁང་འདི་ལ་བྱིན་གྱིས་རློབས༔ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ༔ འདིར་ཚོགས་སྐལ་ལྡན་བདག་ཅག་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་གྲུ་གསུམ་ཨེ་ཡི་དཀྱིལ་འཁོར་ནས༔ ཁྲོ་རྒྱལ་ཡཀཱ་མེ་དབལ་ལ༔ ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་བཅས༔ ཕུར་སྲུང་བཅུ་དྲུག་ལ་སོགས་པ༔ ཕྲིན་ལས་ལྷ་ཚོགས་འཁོར་གྱིས་བསྐོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ གནས་ཁང་འདི་ལ་བྱིན་གྱིས་རློབས༔ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ༔ འདིར་ཚོགས་སྐལ་ལྡན་བདག་ཅག་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕོ་བྲང་མཁའ་སྤྱོད་ཙཱ་རི་ནས༔ བདུད་མགོན་སེང་གདོང་ཡབ་ཡུམ་ལ༔ ནག་པོ་སྟོང་དང་ཤ་ཟ་འབུམ༔ མ་མོ་བྱེ་བ་གནོད་སྦྱིན་ཁྲི༔ དམ་ཅན་རྒྱ་མཚོའི་


CMR009_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱིས་བསྐོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ༔ བཙན་བདུད་ཀླུ་ཡི་སྐུ་མཁར་ནས༔ བཀའ་སྲུང་སྤུ་གྲི་མཆེད་གསུམ་ལ༔ ཕྱི་ནང་གསང་བའི་སྡེ་བརྒྱད་དང་༔ སྔགས་བདག་དྲེགས་པ་བཅོ་བརྒྱད་སོགས༔ གཏེར་སྲུང་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ དགྲ་བགེགས་བྱད་མ་རྡུལ་དུ་རློགས༔ མི་མཇེད་འཇིག་རྟེན་ཞིང་ཁམས་ནས༔ གཏེར་སྲུང་དགེ་བསྙེན་སྨྱོ་ཁ་དང་༔ སྡེ་དཔོན་སུམ་ཅུ་སྡེ་འཁོར་བཅས༔ དགེ་བསྙེན་ཉེར་གཅིག་བརྟན་མའི་ཚོགས༔ སློབ་དཔོན་པདྨའི་བཀའ་ཉན་རྣམས༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད༔ དེ་ནས་ཚོགས་བཀྱགས་ཤིང་འཆམ་སྟབས་བྱེད་ཅིང་༔ ཧཱུྃ༔ དྲག་པོ་པདྨའི་ལྷ་ཚོགས་ལ༔ ཚོགས་ཀྱི་མཆོད་པ་འབུལ་བ་ནི༔ གཟུགས་ཀྱི་ལྷ་མོས་མེ་ལོང་འཛིན༔ སྤྱན་ལ་ཚོགས་འབུལ་བཞེས་སུ་གསོལ༔ སྒྲ་ཡི་ལྷ་མོས་པི་ཝཾ་འཛིན༔ སྙན་ལ་ཚོགས་འབུལ་བཞེས་སུ་གསོལ༔ དྲི་ཡི་ལྷ་མོས་སྤོས་ཕོར་འཛིན༔ ཤངས་ལ་ཚོགས་འབུལ་བཞེས་སུ་གསོལ༔ རོ་


CMR009_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ལྷ་མོས་ཞལ་ཟས་འཛིན༔ ལྗགས་ལ་ཚོགས་འབུལ་བཞེས་སུ་གསོལ༔ རེག་གི་ལྷ་མོས་ན་བཟའ་འཛིན༔ སྐུ་ལ་ཚོགས་འབུལ་བཞེས་སུ་གསོལ༔ ཆོས་ཀྱི་ལྷ་མོས་ཆོས་འབྱུང་འཛིན༔ ཐུགས་ལ་ཚོགས་འབུལ་བཞེས་སུ་གསོལ༔ ཐབས་དང་ཤེས་རབ་རྫས་ཀྱི་མཆོག༔ ཏིང་འཛིན་སྔགས་ཀྱིས་བྱིན་བརླབས་ནས༔ དད་པའི་སེམས་ཀྱིས་འབུལ་ལགས་ན༔ དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ༔ བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ག་ཎ་ཙཀྲ་ལ་ཁཱ་ཧི༔ དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ག་ཎ་ཙཀྲ་ལ་ཁཱ་ཧི༔ ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ག་ཎ་ཙཀྲ་ལ་ཁཱ་ཧི༔ དེ་ནས་ཚོགས་ཕུད་འབུལ་བ་ནི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ༔ དགྱེས་པ་ཆེན་པོས་རོལ་ནས་ཀྱང་༔ འདོད་པའི་དངོས་གྲུབ་ཐམས་ཅད་སྩོལ༔ གུ་རུ་དྷེ་ཝ་ཌཱཀི་ནཱི་གྷ་ན་ཙཀྲ་པཱུ་ཛ་ཁཱ་ཧི༔ རྒྱས་པར་འདོད་ན་འདིར་གཏོར་བསྔོས་བྱའོ༔ དེ་ནས་ཚོགས་བར་པས་བསྐང་བ་གསོས་ལ་བསྐང་བ་རྒྱས་པར་འདོན༔ གལ་ཏེ་བསྡུས་པ་བྱེད་ན༔ ཧཱུྃ་ཧཱུྃ༔ པདྨ་རིགས་ཀྱི་བདག་པོ་སྟེ༔ སྣང་བ་མཐའ་ཡས་ཐུགས་དམ་


CMR009_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་༔ བུདྡྷ་ཞེ་གཉིས་དུས་གསུམ་དང་༔ ཕྱོགས་བཅུའི་སངས་རྒྱས་ཐུགས་དམ་བསྐང་༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་དང་༔ སངས་རྒྱས་སྟོང་གི་ཐུགས་དམ་བསྐང་༔ པདྨ་ཐོད་ཕྲེང་རིག་འཛིན་ལཿ༔ གྲུབ་ཆེན་བརྒྱད་ཅུའི་ཐུགས་དམ་བསྐང་༔ རྗེ་འབངས་ཉེར་ལྔ་རིག་འཛིན་བརྒྱད༔ གཏེར་སྟོན་བརྒྱ་རྩའི་ཐུགས་དམ་བསྐང་༔ གཏི་མུག་འདུལ་བྱེད་ཁྲོ་བོའི་རྒྱལ༔ དམར་ནག་མེ་ཕྲེང་ཐུགས་དམ་བསྐང་༔ མ་རིག་འདུལ་མཛད་ཁྲོ་མོའི་རྒྱལ༔ རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང་༔ འཆི་བདག་གཤིན་རྗེ་འདུལ་མཛད་པ༔ འཇམ་དཔལ་ལྷ་ཚོགས་ཐུགས་དམ་བསྐང་༔ ཀླུ་གདོན་ས་བདག་འདུལ་མཛད་པ༔ རྟ་མགྲིན་ལྷ་ཚོགས་ཐུགས་དམ་བསྐང་༔ སྟེང་ཕྱོགས་གཟའ་གདོན་འདུལ་འཛད་པ༔ གསང་བདག་ལྷ་ཚོགས་ཐུགས་དམ་བསྐང་༔ དངོས་གྲུབ་སྣ་ཚོགས་སྩོལ་མཛད་པ༔ མཁའ་འགྲོའི་ལྷ་ཚོགས་ཐུགས་དམ་བསྐང་༔ དགྲ་བགེགས་གདུག་པ་འདུལ་མཛད་པ༔ མེ་དབལ་ལྷ་ཚོགས་ཐུགས་དམ་བསྐང་༔ ཀླུ་གཉན་གདུག་པ་ཚར་གཅོད་པའི༔ ཁྱུང་གི་ལྷ་ཚོགས་ཐུགས་དམ་བསྐང་༔ ཉོན་མོངས་བདུད་བཞི་འདུལ་མཛད་པ༔ དྲག་པོ་རིགས་


CMR009_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་ཐུགས་དམ་བསྐང་༔ ཕྲིན་ལས་རྣམ་བཞི་སྒྲུབ་མཛད་པའི༔ མཁའ་འགྲོ་སྡེ་བཞིའི་ཐུགས་དམ་བསྐང་༔ བྱད་མ་རང་གཤེད་འབེབས་མཛད་པའི༔ ཚེ་བདག་ནག་པོའི་ཐུགས་དམ་བསྐང་༔ བརྟུལ་ཞུགས་རྫུ་འཕྲུལ་དབང་སྒྱུར་བའི༔ ཁྲོས་མ་ནག་མོའི་ཐུགས་དམ་བསྐང་༔ བྱེད་ཁ་དྲོད་གཏོང་ཟློག་བྱེད་པའི༔ སེང་གདོང་མ་ཡི་ཐུགས་དམ་བསྐང་༔ བདུད་དང་དམ་སྲི་འདུལ་མཛད་པའི༔ རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང་༔ ཕྱོགས་བཅུའི་གདོན་ཚོགས་འདུལ་མཛད་པའི༔ ཁྲོ་བོ་བཅུ་ཡི་ཐུགས་དམ་བསྐང་༔ འགུགས་འཆིང་སྡོམ་དགྱེས་ལས་མཛད་པའི༔ སྒོ་སྲུང་བཞི་ཡི་ཐུགས་དམ་བསྐང་༔ བཀའ་ཡི་བསྟན་པ་སྐྱོང་བྱེད་པའི་སེང་གདོང་ཡབ་ཡུམ་ཐུགས་དམ་བསྐང་༔ སྡང་དགྲ་རྩད་ནས་གཅོད་བྱེད་པའི༔ སྤུ་གྲི་མཆེད་གསུམ་ཐུགས་དམ་བསྐང་༔ སྒྲུབ་པ་པོ་ཡི་གྲོགས་མཛད་པའི༔ དགེ་བསྙེན་སྨྱོ་ཁའི་ཐུགས་དམ་བསྐང་༔ གང་བཅོལ་ཕྲིན་ལས་བསྒྲུབ་པའི་ཕྱིར༔ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ ག་ན་ཚོགས་ཀྱིས་ཐུགས་དམ་བསྐང་༔ བྷ་ལི་གཏོར་མས་ཐུགས་དམ་བསྐང་༔ རཀྟ་དམར་གྱིས་ཐུགས་དམ་


CMR009_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་༔ བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་༔ ལྟ་སྒོམ་སྤྱོད་པས་ཐུགས་དམ་བསྐང་༔ ཐུགས་དམ་བསྐངས་བའི་བྱིན་རླབས་ཀྱིས༔ ཕྱི་ནང་བར་ཆད་བཟློག་ཏུ་གསོལ༔ ཆག་ཆེན་ཉམ་ང་བཟློག་ཏུ་གསོལ༔ ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ༔ ཨོཾ་ས་མ་ཡ༔ ཨཱས་མ་ཡ༔ ཧཱུྃ་ས་མ་ཡ༔ ཨོཾ་ག་ཎ་ཙཀྲ་སཏཱ་སཱ་མ་ཡ་སོགས་ནས་ཡིག་བརྒྱ་སཏྭ་ཨཱཿ ཞེས་པའི་བར་དང་༔ དཔང་གྱུར་སྐྱབས་མཆོག་མ་ལུས་རྣམས༔ ཚེ་རབས་སྔོན་ནས་ད་ལྟའི་བར༔ འགལ་གྱུར་ཉམས་ཆག་མ་ལུས་པ༔ ཚོགས་ཀྱིས་བསྐང་ཞིང་བཤགས་པར་བགྱི༔ གུ་རུ་དྷེ་ཝ་དྷཀྐི་ནི་གྷ་ན་ཙཀྲ་ཁཱ་ཧི་ཤུདྡྷེ་ཨཱཿ དེ་ནས་གཏོར་ཟློག་ཡིན་ན་བསྒྲལ་ལས་རྒྱས་པར་བྱའོ༔ ཡང་ཟློག་པ་ཁ་སྐོང་མ་བྱས་ཀྱང་འདི་ལྟར་འདོན་རུང་ངོ་༔ མདུན་དུ་ལྕགས་ཁང་དུ་ཟན་ལིང་བཤམས་ལ༔ ཕཊ༔ ཨེ་ཡཾ་རཾ་ཁཾ༔ རང་གི་མདུན་དུ་ཨེ་ལས་དུག་གསུམ་ལས་གྲུབ་པའི་བཙོན་ཁང་༔ དུས་མཐའི་ཆར་སྤྲིན་ལྟར་ནག་པའི་ཕྱི་ལ་ཞེ་སྡང་བསྐལ་པའི་མེ་འབར་བ༔ ཁ་དོག་ཅིང་མཐིལ་ཡངས་བ༔ ཟིན་ནས་ཐར་བ་མེད་པའི་ནང་དུ༔ འདོད་ཆགས་ཁྲག་གི་རྒྱ་མཚོ་ཁོལ་བ༔ གཏི་མུག་གི་མུན་པ་འཐིབས་པ༔ ཕྲག་དོག་གི་རླུང་དམར་འཚུབ་


CMR009_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

པ༔ སྟེང་དུ་ཐོག་དང་མཚོན་ཆའི་ཆར་འབེབས་པའི་ཕྱི་རོལ་དུ་ལས་བྱེད་ཀྱི་ཕོ་ཉ་མི་སྡུག་པའི་ཚུལ་ཅན་གྱིས༔ ལག་ན་འགུགས་སྒྲོལ་གྱི་མཚོན་ཆ་འཛིན་པ་དཔག་ཏུ་མེད་པས་དགྲ་བགེགས་ཀྱི་བླ་འཁྱམས་རང་དབང་མེད་པར་འགུགས་པར་བརྩོན་པས་ས་གཞི་གང་བའི་ནང་དུ༔ ཧཱུྃ༔དང་ཏྲིལས་སྐྱེས་པའི་དགྲ་བགེགས་ཁ་དུ་བ༔ མིག་ཤི་མིག་ལག་པ་གཡས་པས་བྲང་བརྡུང་ཞིང་གཡོན་པས་སྐྲ་འབལ་བ༔ རྐང་ལག་ལྕགས་སུ་བཅུགས་པ༔ བུ་ག་དགུ་ནས་ཁྲག་འཛག་པ༔ ཉམ་ཐག་དབུགས་དང་ཕྲལ་ལ་ཁད་འདར་ཕྲི་ལི་ལི་བྱེད་པ་ཞིག་ཏུ་གྱུར༔ ན་མོ༔ བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀའ་བདེན་པ་དང་༔ དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང་༔ བདག་ཉིད་གུ་རུ་དྲག་པོ་ཐོད་ཕྲེང་རྩལ་གྱི་བཀའ་བདེན་པ་དང་༔ སྐུ་མཆོག་འཇམ་དཔལ་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ གསུང་མཆོག་རྟ་མགྲིན་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ ཐུགས་མཆོག་ཕྱག་ན་རྡོ་རྗེའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་


CMR009_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ ཡོན་ཏན་མཁའ་འགྲོ་སྡེ་ལྔའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ ཕྲིན་ལས་ཡཀྵ་མེ་དབལ་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ སྤྲུལ་པ་ཁྱུང་ཆེན་འབར་བའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ སྟོབས་ལྡན་སྡིག་པ་ནག་པོ་ཕོ་ཉ་ཟ་བྱེད་གསོད་བྱེད་བསྟན་སྲུང་དམ་ཅན་རྒྱ་མཚོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ སྔགས་འཆང་རྣལ་འབྱོར་པ་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བྱིན་རླབས་ལ་བརྟེན་ནས༔ སྤྱིར་ཞིང་བཅུ་ཚང་བ་བསྟན་པའི་སྤྱི་དགྲ༔ དོ་བསྔོ་ཞིང་འགྲས་ཚོལ་བ༔ རྣལ་འབྱོར་པ་བདག་གི་སྒོས་དགྲ༔ བསམ་ངན་འཆང་བའི་བྱད་མ༔ ཁྱད་པར་དུ་རྣལ་འབྱོར་པ་བདག་ཅག་དཔོན་སློབ་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་ལ༔ གནོད་ཅིང་འཚེ་བའི་གདོན་བགེགས༔ བཀའ་དང་དམ་ལ་མི་གནས༔ འགྱུ་ལོག་འཕར་ལྡང་མགོ་གཡོག་མགོ་སྐོར་བྱེད་པ་ཐམས་ཅད་ཀྱི༔ བླ་སྲོག་རྣམ་པར་ཤེས་པ་ས་འོག་ས་སྟེང་ས་བླ་སྲིད་པ་གསུམ་གར་གནས་ཀྱང་གཟུགས་ལིངྒ་འདི་ལ་ཁུག་ཅིག༔ དགྲ་བགེགས་ནི་ཏྲ་ཨཾ་ཀུ་ཤ་ཛ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྤོ་ཊ་ཐཾ༔ བཛྲ་གྷནྡྷེ་ཧོ༔ ནི་ཏྲ་ཛ་ཛ༔ ཨཱ་ཝེ་ཤ་


CMR009_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཨ་ཨཱ༔ ཧཱུྃ༔ དྲག་པོའི་ལྷ་ཚོགས་བདེན་པའི་མཐུས༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བར་ཆད་བྱེད་པའི་དམ་སྲི་རྣམས༔ ཚོགས་སུ་བསྒྲལ་ཕྱིར་ཚོགས་ལ་ཁུག༔ ཛལས་རྟ་གདོང་ལྕགས་ཀྱུ་མ༔ གཅིག་ལས་བརྒྱ་སྟོང་བྱེ་བ་འབུམ༔ ལྕགས་ཀྱུ་འབར་བས་ཁུག་ལ་ཤོག༔ ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཛ༔ ཧཱུྃ་ལས་ཕག་གདོང་ཞགས་པ་མ༔ གཅིག་ལས་བརྒྱ་སྟོང་བྱེ་བ་འབུམ༔ ཞགས་པ་འབར་བས་ཆིངས་ལ་ཤོག༔ ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ༔ བཾ་ལས་སྤྲེལ་གདོང་ལྕགས་སྒྲོག་མ༔ གཅིག་ལས་བརྒྱ་སྟོང་བྱེ་བ་འབུམ༔ ལྕགས་སྒྲོག་འབར་བས་སྡོམས་ལ་ཤོག༔ སྡོམས་ཤིག་བཛྲ་སྤོ་ཊ་ཐཾ༔ ཧོལས་སྤྱང་གདོང་དྲིལ་བུ་གཅིག་ལས་བརྒྱ་སྟོང་བྱེ་བ་འབུམ༔ དྲིལ་བུ་འབར་བས་གཟུགས་ལ་ཕོབ༔ མྱོས་བར་གྱིས་ཤིག་གནྡྷེ་ཧོ༔ ཅེས་བཀུག༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ དྲག་པོ་བདེར་འདུས་དཀྱིལ་འཁོར་ལྷ་ཡི་ཚོགས༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་དམ་ཅན་ཚོགས༔ ཡུལ་ལྷ་གཞི་བདག་ལྷ་སྲུང་དགོངས་སུ་གསོལ༔ དམ་ཉམས་དགྲ་བགེགས་གནོད་བྱེད་གདུག་པ་ཅན༔ བསྒྲལ་བའི་


CMR009_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བཅུ་ཚང་བ་འདི་ཡིན་པས༔ འདི་ལ་ཡེ་ཤེས་འཇིག་རྟེན་གང་གིས་ཀྱང་༔ ཁ་འཛིན་རྒྱབ་རྟེན་མགོན་སྐྱབས་མ་མཛད་ཅིག༔ གལ་ཏེ་མ་ཉན་མགོན་ཞིང་སྐྱབས་གྱུར་ན༔ ཡེ་ཤེས་ལྷ་ཡང་ཐུགས་དམ་ཉམས་པར་འགྱུར༔ འཇིག་རྟེན་ལྷ་རྣམས་རྡུལ་དུ་རློག་པར་བྱེད༔ དེ་བས་ཐམས་ཅད་རང་རང་གནས་སུ་དེངས༔ ཨཱ་ཡུ་ཛྷཱ་ན་ཤེ་དགྲ་བོའི་ལྷ་སྲུང་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ༔ མཱ་ར་ཡ་ཕྱེས་ཕྱེས་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཕུར་པ་ཐོགས་ལ༔ ཧཱུྃ༔ ང་ནི་པདྨ་ཐོད་ཕྲེང་རྩལ༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ དྲག་པོ་ཐོད་ཕྲེང་དུས་ལ་བབ༔ གཡས་ཀྱི་ཕྱག་ན་རྡོ་རྗེ་བསྣམས༔ གཡོན་གྱི་ཕྱག་ན་ཁཊཾ་བསྣམས༔ རྩ་ཕྱག་ཕུར་པ་ལྕགས་ཀྱུ་འདེབས༔ མཐའ་གཉིས་རལ་གྲི་ལྕགས་སྡིག་འདེབས༔ དགྲ་བགེགས་ལྔ་ཕུང་རླག་པར་བྱེད༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ ཨོཾ་ཨཱཧཱུྃ་ཨ་ཙིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ བཛྲ་ཧཱུྃ༔ ཡཀྵ་ཧཱུྃ༔ རཀྟ་ཧཱུྃ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་གནོད་བྱེད་དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་ནི་ཏྲི་ཤ་ཧཱུཾ་མཱ་ར་ཡ་རྦད༔ ཧཱུྃ་སྤ་ར་ཎ་ཕཊ༔ ཕུར་པ་བཏབ་ལ༔ དེ་ནས་


CMR009_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་ཐོགས་ལ༔ ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་འགྱེད༔ གཡས་ཀྱི་ཕྱག་ན་།རལ་གྲི་བསྣམས༔ གཡོན་གྱི་ཕྱག་ན་ལྕགས་ཀྱུ་འདེབས༔ ལྕགས་ཀྱུས་ཟུངས་ལ་རལ་གྲིས་གཏུབ༔ དགྲ་བགེགས་ལྔ་ཕུང་རླག་པར་བྱེད༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ ཨོཾ་ཨཱ༔ ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ དགྲ་བགེགས་ལུས་ངག་ཡིད་གསུམ་མཱ་ར་ཡ་རྦད༔ རལ་གྲི་བཏབ༔ དེ་ནས་དབྱུག་ཐོ་ཐོགས་ལ༔ ཧཱུྃ༔ ང་ནི་དབང་ཆེན་རྟ་མགྲིན་རྒྱལ༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ གཡས་ཀྱི་ཕྱག་ན་དབྱུག་ཐོ་བསྣམས༔ གཡོན་གྱི་ཕྱག་ན་ལྕགས་སྒྲོག་བསྣམས༔ ལྕགས་སྒྲོག་སྡོམ་ལ་དབྱུག་ཐོས་འཇོམས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ ཨོཾ་བཛྲ་པདྨ་ཀྲོ་ཏ་ཧྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དགྲ་བགེགས་ལུས་ངག་ཡིད་གསུམ་མཱ་ར་ཡ་རྦད༔ རྡོ་རྗེ་ཐོགས་ལ༔ ཧཱུྃ༔ ང་ནི་གསང་བདག་རྡོ་རྗེ་འཛིན༔ སྲས་དང་སྤྲུལ་པ་བྱེ་བ་འབུམ་༔ བཀའ་སྡོད་རབ་འཇིགས་ཕོ་ཉར་


CMR009_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བཅས༔ གཡས་ཀྱི་ཕྱག་ན་རྡོ་རྗེ་བསྣམས༔ གཡོན་གྱི་ཕྱག་ན་སྦྲུལ་ཞགས་བསྣམས༔ རྡོ་རྗེས་བརྡུངས་ལ་སྦྲུལ་ཞགས་ཆིངས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ དགྲ་བགེགས་ལུས་ངག་ཡིད་གསུམ་མཱ་ར་ཡ་རྦད༔ གྲི་གུག་ཐོགས་ལ༔ ཧཱུྃ༔ ང་ནི་ཡེ་ཤེས་མཁའ་འགྲོ་སྟེ༔ ཕྲིན་ལས་སྤྲུལ་པ་མཁའ་འགྲོའི་ཚོགས༔ མ་སྲིང་མཁའ་འགྲོ་ཤུགས་འགྲོར་བཅས༔ གཡས་ཀྱི་ཕྱག་ན་གྲི་གུག་བསྣམས༔ གཡོན་གྱི་ཕྱག་ན་ཐོད་ཁྲག་བསྣམས༔ གྲི་གུག་གཏུབས་ལ་ཐོད་ཁྲག་མྱོས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ ཧྲིམ་ཧ་རི་ནི་ས་དགྲ་བགེགས་ལུས་ངག་ཡིད་གསུམ་མཱ་ར་ཡ་ཆད་ཕུར་པ་ཐོགས་ལ༔ ཧཱུྃ༔ ཡཀཱ་མེ་དབལ་ཁྲོ་བོའི་སྐུ༔ ཁྲོ་རྒྱལ་སྟོབས་འདུས་ངོ་བོ་ཉིད༔ མཐུ་སྟོབས་རྫུ་འཕྲུལ་ཐོགས་པ་མེད་༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉ་འགྱེད༔ ཞིང་བཅུ་རུ་ཏྲ་ཐལ་བར་རློགས༔ ཨོཾ་བཛྲ་ཀྲོ་ཏ་ཡཀྵ་ཧཱུྃ་རཀྟ་ཧཱུྃ༔ དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་མཱ་ར་ཡ་རྦད༔ དེ་ནས་རལ་གྲི་ཐོགས་ལ་


CMR009_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ ང་ནི་ཁྲོ་རྒྱལ་སྤྲུལ་པའི་སྐུ༔ སྲས་དང་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ གནམ་ལྕགས་མཆུ་སྡེར་ཁྲོ་ཆུའི་རཱ༔ དམ་ཅན་ཕྱུག་མཚན་མཚོན་ཆ་ཡི༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ༔ ཨོཾ་ཁྲོ་ག་རུ་ཊ་ས་མ་ཡ་ཧཱུྃ་ཕཊ༔ དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་མཱ་ར་ཡ་རྦད༔ ཧཱུྃ༔ ཆེ་མཆོག་དྲག་པོ་ཐོད་ཕྲེང་རྩལ༔ རྔམ་བྱེད་འབར་བའི་ཁྲོ་ཚོགས་བཅས༔ རྡོ་རྗེ་ཕུར་པ་ལྕགས་ཀྱུ་དང་༔ ཞགས་པ་ཐོ་ཆེན་འབར་བ་ཐོགས༔ དགྲ་བགེགས་གདུག་པའི་ལྔ་ཕུང་འདི༔ ལྕགས་ཀྱུས་ཟུངས་ལ་ཕུར་པས་ཐོབ༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ གུ་རུ་བཛྲ་ཀྲོ་ཏ་ནྲྀ་ཏྲི་ཤ་ཏུཾ་མཱ་ར་ཡ་རྦད༔ དེ་ནས་ཐུན་སོ་སོར་བརྡེག་སྟེ༔ ཧཱུྃ༔ རྡོ་རྗེ་ཕུར་པ་ཀཱི་ལ་ཡ༔ སངས་རྒྱས་ཡོངས་རྫོགས་ཕྲིན་ལས་སྐུ༔ དྲག་པོའི་ཐོག་སེར་དྲག་པོ་ཡིས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ༈ ཡུངས་དཀར་རྒྱལ་པོ་ཤ་རི་རམ༔ ཁྲོ་རྒྱལ་ཡོངས་རྫོགས་གྱད་ཀྱི་སྐུ༔ དྲག་སྔགས་ཐོག་སེར་དྲག་པོ་ཡིས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་


CMR009_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

རློགས༔ ༈ རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས༔ མ་མོ་ཡོངས་རྫོགས་གྱད་ཀྱི་སྐུ༔ ནད་ཡམས་དལ་ཁ་ཆར་བཞིན་ཕོབ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ༈ མཚེ་མདའ་དྲག་པོ་སྐར་ལྟར་འཁྲུགས༔ དྲེགས་པ་འཇོམས་མཛད་རྩལ་གྱི་སྐུ༔ མཚེ་ཡི་མདའ་འཕེན་སེར་ལྟར་འདྲིལ༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ༈ འབྱུང་བ་དུག་ཐུན་རླུང་ལྟར་འཚུབས༔ གདུག་པའི་དུག་སྣ་ཡོངས་རྫོགས་པ༔ ལྔ་ཕུང་འཇིགས་བྱེད་དུག་རླང་གིས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ༈ ཐོགས་མེད་དྲག་པོ་ལས་ཀྱི་ཐུན༔ ཕྱག་མཚན་ཡོངས་རྫོགས་མཚོན་གྱི་ཆར་རལ་གྲི་ལོ་མ་ཆར་ལྟར་འབེབས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ༈ སྟོབས་ཆེན་འདུལ་བ་མདའ་ཡི་ཐུན། དྲེགས་འཇོམས་ཡོངས་རྫོགས་གྱད་ཀྱི་སྐུ༔ མི་བཟད་ཐོག་ཆེན་ལྟར་འབེབས་ཀྱིས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ༈ སྟོབས་ཆེན་བརྡུང་བ་རྡོ་ཡི་ཐུན༔ དྲེགས་པ་འཇོམས་མཛད་གཏུམ་པའི་སྐུ༔ དྲག་པོ་གནམ་ལྕགས་ཐོག་སེར་གྱིས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས༔ ༈ རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔ བཀའ་ལས་འདའ་


CMR009_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་སྡིག་ཅན་འདི༔ རྡོ་རྗེ་མེ་འབར་སྙིང་བསྲེགས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློགས༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ རྡོ་རྗེ་ཐོ་བས་བརྡུངས་བྱས་ནས༔ ལྷའམ་འོན་ཏེ་བརླག་པར་འགྱུར༔ རྡུལ་ཕྲན་བཞིན་དུ་རླག་པར་བྱེད༔ མངོན་སྤྱོད་དྲག་པོའི་ལས་མཛོད་ཅིག༔ ཨོཾ་ཨཱཧཱུྃ་བཛྲ་གུ་རུ་པདྨ་ཀྲོ་ཏ༔ ཡ་མ་ཐ་ཏུ༔ རཀཱ་ཡ་ས་ཏྲི༔ ཕུ་ཏྲི་ཤ་ཏྲི་ག་ནིཾཨ་བྷོ་ཛ་ཛ༔ གནོད་བྱེད་དགྲ་བགེགས་ཀྱི་སྲོག་རྩ་དམར་པོ་ལ་མཱ་ར་ཡ་རྦད་རྦད༔ དེ་ནས་ལིང་རོ་གཏོར་མར་བསྟབས་བྱས་ཏེ༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཞལ་ཕྱེས་ཤིག༔ ཁམས་གསུམ་ཡོངས་སྒྲོལ་དགྲ་བགེགས་ཞལ་དུ་བསྟབ༔ རྔམ་བྱེད་ཧོ་ཁུང་ཡངས་པའི་མགུལ་དུ་བསྟིམ༔ འཁོར་འདས་མཉམ་ཉིད་ངང་དུ་མཆོད་པར་བཞེས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བྱང་ཆུབ་བསྒྲུབ་ལ་བར་ཆད་བྱེད་པ་ཡི༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ལ་སོགས༔ དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས་པའི་ཚོགས༔ དབང་དྲག་པདྨའི་ལྷ་ཚོགས་རྣམས་ལ་འབུལ༔ ཐུགས་རྗེའི་དབང་གིས་བཞེས་ནས་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་དགྲ་


CMR009_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དགྲ་བགེགས་ཀྱི་ཚྭ་ས་ལ་ཁཱ་ཧི༔ རཀྟ་ལ་ཁཱ་ཧི༔ ཙིཏྟ་ལ་ཁཱ་ཧི༔ བཱ་སུ་ཏ་ལ་ཁཱ་ཧི༔ ཀིཾ་ནི་རི་ཏ་ལ་ཁཱ་ཧི༔ ཞེས་མདོས་ནང་ཕུལ༔ དེ་ནས་སླར་ཡང་གཏོར་མདོས་ནང་དུ་གཏོར་ཆུང་འབུལ་རྒྱུ་རྣམས་བདུད་རྩིས་བྲན་ལ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨཱ༔ པྲ་བྷ་ཤུདྷོཉཧཾ༔ གཏོར་ཆེན་གྱི་མདུན་གྱི་གཏོར་མ༔ དགྲ་བགེགས་བསྒྲལ་བའི་ལིང་རོ་གཏོར་ཆུང་དང་བཅས་པ་མི་དམིགས་པ་སྟོང་པའི་ངང་ལས༔ བདག་གི་ཐུགས་ཀ་ནས་ཡཾ་འཕྲོས་པ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་ཡཾ་ཡིག་གིས་མཚན་པ༔ དེའི་སྟེང་དུ་རཾ་འཕྲོས་པ་ལས་མེ་ཡི་དཀྱིལ་འཁོར་གྲུ་གསུམ་རཾ་གྱིས་མཚན་པ༔ ཟུར་གསུམ་དུ་ཀཾ་སྐྱ་བོ་གསུམ་འཕྲོས་པ་ལས༔ ཐོད་པའི་སྐྱེད་པུ་གསུམ་གྱི་ནང་དུ༔ ཨ་དཀར་པོ་གཅིག་འཕྲོས་པ་ལ༔ ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ་དཔྲལ་བ་རང་ལ་བསྟན་པ༔ ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དགྲ་བགེགས་བྱད་མ་བསྒྲལ་བའི་ཤ་ཁྲག་དམར་ལྟེམ་གྱིས་གང་བ༔ དེའི་སྟེང་དུ་ཨ་འཕྲོས་པ་ལས་ཟླ་བའི་དཀྱིལ་འཁོར༔ དེའི་སྟེང་དུ་ཨོཾ་ཨཱཧཱུཾ་སུམ་བརྩེགས་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པ་


CMR009_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ལས༔ ཡཾ་ལས་རླུང་གཡོས་རཾ་ལས་མེ་སྦར་མེ་ཡིས་ཐོད་པ་དྲོས་ནས༔ ནང་གི་ཤ་ཁྲག་ཐམས་ཅད་ཞུ་ཞིང་ཁོལ༔ མི་གཙང་བའི་དྲི་མ་ཐམས་ཅད་ལྦུ་བའི་ཚུལ་དུ་ཕྱིར་ཐོན་ནས༔ བཅུད་ཡེ་ཤེས་ཀྱི་བདུད་རྩིར་གྱུར༔ ཨོཾ་མ་ཧཱ་བ་ལིང་ཏ་གུ་བྱ་ན་མ་ཡེ་སྭཱ་ཧཱ༔ ཞེས་བདུན་བརྗོད༔ སྟེང་གི་ཡི་གེ་གསུམ་ཟླ་བ་བཅས་པ༔ འོད་དུ་ཞུ་ནས་ཐོད་པའི་བདུད་རྩི་ལ་ཐིམ་པས་རོ་བརྒྱ་ནུས་པ་སྟོང་དང་ལྡན་པར་གྱུར༔ ཧཱུྃ༔ དྲག་པོ་པདྨའི་ལྷ་ཚོགས་འཁོར་བཅས་ཀྱིས༔ དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ་བྱང་ཆུབ་བསྒྲུབ་ལ་བར་དུ་གཅོད་པ་ཡི༔ དགྲ་བགེགས་ཐམས་ཅད་ཐལ་བར་བརླག་པ་དང་༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ ཚེ་འདིར་གནོད་པ་ཐམས་ཅད་ཞི་བ་དང་༔ ཕྱི་མ་བྱང་ཆུབ་གོ་འཕང་ཐོབ་པར་མཛོད༔ བསྡུ་ན་སྐབས་འདིར་གཏོར་ཆུང་ཐམས་ཅད་སྔགས་ཀྱིས་འབུལ༔ རྒྱས་ན་སོ་སོའི་བསྟོད་བསྐུལ་རེ་རེ་སྤྲད་ལ་ཕུལ༔ དེ་ནས་ཟློག་གཞུང་འདོན་ནོ༔ ཞེས་པ་དོན་གྲུབ་ལ་ཕན་ཕྱིར་ཨ་རཱ་གས་བསྡུས་ཏེ་བྲིས་པ་ལ་ཉེས་པ་ཐམས་ཅད་དྲག་པོའི་ལྷ་ཚོགས་བཀའ་སྲུང་བཅས་ལ་བཤགས༔ དགེ་བས་སེམས་ཅན་ཐམས་ཅད་བདུད་བཞིའི་གཡུལ་ལས་རྒྱལ་བར་གྱུར་ཅིག༔ མངྒ་ལཾ༔

གུ་རུ་དྲག་པོ་དམར་ནག་མེའི་ཕྲེང་བ་ཅན་གྱི་ཚོགས་ཀྱི་འདོན་འགྲིགས་ཤིན་ཏུ་གསལ་བ།


CMR009_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོ་དམར་ནག་མེའི་ཕྲེང་བ་ཅན་གྱི་ཚོགས་ཀྱི་འདོན་འགྲིགས་ཤིན་ཏུ་གསལ་བ་བཞུགས་སོ༔


CMR009_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཤམཐཐཾ༔ ཐཐརྐྱམྱཊ༔ དེ་ནས་མཆོད་པ་རྒྱ་ཆེན་ཚོགས་པའི་རིམ་པ་བྱ་སྟེ༔ ཞིང་ངམ་སྤྱན་གཟན་གྱི་པགས་པའི་སྟེང་དུ༔ ཚོགས་ཀྱི་ཡོ་བྱད་རྒྱས་པར་བཤམས༔ བསང་ཆུ་གཏོར༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ སརྦ་དྲ་བྱི་ཤཱ་དྷ་ནི་ཧཱུྃ་ཕཊ༔ རཾ་ཡཾ་ཁཾ་སྭཱ་ཧཱ༔ ཧཱུྃ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ སྐྱེ་བའི་ཆོ་འཕྲུལ་འབྲུ་གསུམ་གྱིས༔ དངོས་འཛིན་མཚན་མའི་བག་ཆགས་སྦྱངས༔ དག་པར་མ་གྱུར་གང་ཡང་མེད༔ དག་པའི་ངང་ལ་གནས་གྱུར་ཅིག༔ ཨོཾ་ཨཱཧཱུྃ་ཧཱུྃ༔ ཧཱུྃ༔ ཆོས་དབྱིངས་རོལ་པའི་དཀྱིལ་འཁོར་ནས༔ བྱིན་རླབས་འཕྲོ་འདུས་འོད་ཟེར་གྱིས༔ དཔག་མེད་ནམ་


CMR009_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་མཐར་གྱུར་པའི༔ འདོད་ཡོན་ལོངས་སྤྱོད་སྤྲིན་ལྟར་གཏིབས༔ ཧཱུཾ་གིས་རྣམ་རྟོག་དབྱིངས་སུ་སྦྱངས༔ ཨཱཡིས་དྲི་མེད་བདུད་རྩིར་གྱུར༔ ཨོཾ་གྱིས་འདོད་ཡོན་སྤྲིན་ཚོགས་གཏིབས༔ ཧཱིཝཡིས་སྣང་སྲིད་མཆོད་པས་བཀང་༔ མཆོད་པའི་ལྷ་མོ་དཔག་མེད་ཀྱིས༔ གསེར་དངུལ་གཡུ་ཡི་གཞོང་པ་ནང་༔ ལོངས་སྤྱོད་དཔག་མེད་ཚོགས་ཀྱིས་བཀང་༔ གར་དང་ཕྱག་རྒྱ་བསྒྱུར་ཞིང་མཆོད༔ ཨ་ལ་ལ་སྟེ་མཆོད་པར་བཞེས༔ དགྱེས་བསྐང་བདག་ལ་དངོས་གྲུབ་སྩོལ༔ ཧཱུྃ༔ བདེ་ཆེན་དག་པའི་ཞིང་ཁམས་ནས༔ རིགས་བདག་སྣང་བ་མཐའ་ཡས་ལ༔


CMR009_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔ་བུདྡྷ་བཞི་བཅུ་གཉིས༔ ཕྱོགས་བཅུ་དུས་གསུམ་རྒྱལ་བའི་ཚོགས༔ བྱང་སེམས་ཉན་རང་དགྲ་བཅོམ་བསྐོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ གནས་ཁང་འདི་ལ་བྱིན་གྱིས་རློབས༔ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ༔ འདིར་ཚོགས་སྐལ་ལྡན་བདག་ཅག་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ པོ་ཊ་ལ་ཡི་གནས་མཆོག་ནས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ༔ རིགས་ལྔ་སེམས་དཔའ་བཅུ་དྲུག་དང་༔ ཐུབ་པ་དྲུག་དང་སྒོ་བ་བཞི༔ བསྐལ་བཟང་སངས་རྒྱས་སྟོང་གིས་བསྐོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ གནས་ཁང་འདི་ལ་བྱིན་གྱིས་རློབས༔ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ༔ འདིར་ཚོགས་སྐལ་ལྡན་བདག་ཅག་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ པདྨ་འོད་ཀྱི་གཞལ་ཡས་ནས༔ གུ་རུ་པདྨ་ཐོད་ཕྲེང་ལ༔ རིག་འཛིན་ལྔ་དང་རིག་འཛིན་བརྒྱད༔ རྗེ་འབངས་ཉེར་ལྔ་གྲུབ་ཆེན་བརྒྱད༔ གཏེར་སྟོན་བརྒྱ་རྩ་བརྒྱད་ཀྱིས་བསྐོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ གནས་ཁང་འདི་ལ་བྱིན་གྱིས་རློབས༔ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ༔ འདིར་ཚོགས་


CMR009_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་ལྡན་བདག་ཅག་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རཀཱ་སྲིན་པོའི་ཡུལ་དབུས་ནས༔ དམར་ནག་མེ་ཕྲེང་ཡབ་ཡུམ་ལ༔ དྲག་པོ་རིགས་བཞི་ཌཀི་བཞི༔ ཚེ་བདག་ཁྲོས་ནག་སེང་གདོང་མ༔ རྡོ་རྗེ་གཞོན་ནུ་སོགས་ཀྱིས་བསྐོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ གནས་ཁང་འདི་ལ་བྱིན་གྱིས་རློབས༔ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ༔ འདིར་ཚོགས་སྐལ་ལྡན་བདག་ཅག་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སྲིད་པའི་རི་རབ་རྩེ་མོ་ནས༔ ཡེ་ཤེས་ཁྱུང་ཆེན་འབར་བ་ལ༔ སྤྲུལ་པའི་ཁྱུང་ཆེན་ཉི་ཤུ་གཅིག༔ ཏ་ཀྲི་ཁྲོ་བོ་ལྔ་བཅུ་དྲུག༔ ཡང་སྤྲུལ་མ་མོའི་ཚོགས་ཀྱིས་བསྐོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ གནས་ཁང་འདི་ལ་བྱིན་གྱིས་རློབས༔ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ༔ འདིར་ཚོགས་སྐལ་ལྡན་བདག་ཅག་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ལྷོ་ཕྱོགས་འོག་མིན་གནས་མཆོག་ནས༔ འཇམ་དཔལ་གཤིན་རྗེའི་གཤེད་པོ་ལ༔ སྲས་མཆོག་རིགས་བཞི་ཡབ་དང་ཡུམ༔ ཕྱོགས་བཅུའི་གཤིན་རྗེ་ཡབ་ཡུམ་སོགས༔ འཇམ་དཔལ་ལྷ་ཚོགས་


CMR009_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱིས་བསྐོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ གནས་ཁང་འདི་ལ་བྱིན་གྱིས་རློབས༔ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ༔ འདིར་ཚོགས་སྐལ་ལྡན་བདག་ཅག་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ རྟ་མགྲིན་པདྨ་དབང་ཆེན་ལ༔ དབང་ཆེན་རིགས་བཞི་ཡབ་དང་ཡུམ༔ ཟིལ་གནོན་ཡབ་ཡུམ་ལ་སོགས་པའི༔ པདྨ་གསུང་གི་འཁོར་གྱིས་བསྐོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ གནས་ཁང་འདི་ལ་བྱིན་གྱིས་རློབས༔ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ༔ འདིར་ཚོགས་སྐལ་ལྡན་བདག་ཅག་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ གསང་བདག་རྡོ་རྗེ་གཏུམ་པོ་ལ༔ ཁྲག་འཐུང་རིགས་ལྔ་ཡབ་དང་ཡུམ༔ ཐུགས་སྲས་རིགས་བཞི་ཀེ་སེང་སོགས༔ ཡང་དག་ལྷ་ཚོགས་འཁོར་གྱིས་བསྐོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། གནས་ཁང་འདི་ལ་བྱིན་གྱིས་རློབས༔ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ༔ འདིར་ཚོགས་སྐལ་ལྡན་བདག་ཅག་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ནུབ་ཕྱོགས་


CMR009_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་གཞལ་ཡས་ནས༔ ཡུམ་མཆོག་རྡོ་རྗེ་ཕག་མོ་ལ༔ སྤྲུལ་པ་འབུམ་ཕྲག་ཉི་ཤུ་དང་རིགས་བཞི་སྡེ་བརྒྱད་མཁའ་འགྲོའི་ཚོགས༔ རྦོད་གཏོང་མ་མོའི་འཁོར་གྱིས་བསྐོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ གནས་ཁང་འདི་ལ་བྱིན་གྱིས་རློབས༔ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ༔ འདིར་ཚོགས་སྐལ་ལྡན་བདག་ཅག་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གྲུ་གསུམ་ཨེ་ཡི་དཀྱིལ་འཁོར་ནས༔ ཁྲོ་རྒྱལ་ཡཀཱ་མེ་དབལ་ལ༔ ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་བཅས༔ ཕུར་སྲུང་བཅུ་དྲུག་ལ་སོགས་པ༔ ཕྲིན་ལས་ལྷ་ཚོགས་འཁོར་གྱིས་བསྐོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ གནས་ཁང་འདི་ལ་བྱིན་གྱིས་རློབས༔ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ༔ འདིར་ཚོགས་སྐལ་ལྡན་བདག་ཅག་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕོ་བྲང་མཁའ་སྤྱོད་ཙཱ་རི་ནས༔ བདུད་མགོན་སེང་གདོང་ཡབ་ཡུམ་ལ༔ ནག་པོ་སྟོང་དང་ཤ་ཟ་འབུམ༔ མ་མོ་བྱེ་བ་གནོད་སྦྱིན་ཁྲི༔ དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ ཕྲིན་ལས་རྣམ་བཞི་བསྒྲུབ་


CMR009_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གསོལ༔ བཙན་བདུད་ཀླུ་ཡི་སྐུ་མཁར་ནས༔ བཀའ་སྲུང་སྤུ་གྲི་མཆེད་གསུམ་ལ༔ ཕྱི་ནང་གསང་བའི་སྡེ་བརྒྱད་དང་༔ སྔགས་བདག་དྲེགས་པ་བཅོ་བརྒྱད་སོགས༔ གཏེར་སྲུང་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ དགྲ་བགེགས་བྱད་མ་རྡུལ་དུ་རློགས༔ མི་མཇེད་འཇིག་རྟེན་ཞིང་ཁམས་ནས༔ གཏེར་སྲུང་དགེ་བསྙེན་སྨྱོ་ཁ་དང་༔ སྡེ་དཔོན་སུམ་ཅུ་སྡེ་འཁོར་བཅས་དགེ་བསྙེན་ཉེར་གཅིག་བརྟན་མའི་ཚོགས༔ སློབ་དཔོན་པདྨའི་བཀའ་ཉན་རྣམས༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད༔ དེ་ནས་ཚོགས་བཀྱགས་ཤིང་འཆམ་སྟབས་བྱེད་ཅིང་༔ ཧཱུྃ༔ དྲག་པོ་པདྨའི་ལྷ་ཚོགས་ལ༔ ཚོགས་ཀྱི་མཆོད་པ་འབུལ་བ་ནི༔ གཟུགས་ཀྱི་ལྷ་མོས་མེ་ལོང་འཛིན༔ སྤྱན་ལ་ཚོགས་འབུལ་བཞེས་སུ་གསོལ༔ སྒྲ་ཡི་ལྷ་མོས་པི་ཝཾ་འཛིན༔ སྙན་ལ་ཚོགས་འབུལ་བཞེས་སུ་གསོལ་་དྲི་ཡི་ལྷ་མོས་སྤོས་ཕོར་འཛིན༔ ཤངས་ལ་ཚོགས་འབུལ་བཞེས་སུ་གསོལ༔ རོ་ཡི་ལྷ་མོས་ཞལ་ཟས་འཛིན༔ ལྗགས་ལ་ཚོགས་འབུལ་བཞེས་སུ་གསོལ༔ རེག་གི་ལྷ་མོས་ན་བཟའ་


CMR009_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན༔ སྐུ་ལ་ཚོགས་འབུལ་བཞེས་སུ་གསོལ༔ ཆོས་ཀྱི་ལྷ་མོས་ཆོས་འབྱུང་འཛིན༔ ཐུགས་ལ་ཚོགས་འབུལ་བཞེས་སུ་གསོལ༔ ཐབས་དང་ཤེས་རབ་རྫས་ཀྱི་མཆོག༔ ཏིང་འཛིན་སྔགས་ཀྱིས་བྱིན་བརླབས་ནས༔ དད་པའི་སེམས་ཀྱིས་འབུལ་ལགས་ན༔ དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ༔ བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ག་ཎ་ཙཀྲ་ལ་ཁཱ་ཧི༔ དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ག་ཎ་ཙཀྲ་ལ་ཁཱ་ཧི༔ ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ག་ཎ་ཙཀྲ་ལ་ཁཱ་ཧི༔ དེ་ནས་ཚོགས་ཕུད་འབུལ་བ་ནི༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ༔ དགྱེས་པ་ཆེན་པོས་རོལ་ནས་ཀྱང་༔ འདོད་པའི་དངོས་༈ གྲུབ་ཐམས་ཅད་སྩལ་དུ་གསོལ༔ གུ་རུ་དྷེ་ཝ་ཌཱཀི་ནི་གྷ་ན་ཙཀྲ་པཱུ་ཛ་ཁཱ་ཧི༔ རྒྱས་པར་འདོད་ན་འདིར་གཏོར་བསྔོས་བྱའོ༔ དེ་ནས་ཚོགས་བར་པས་བསྐང་བ་གསོས་ལ༔ བསྐང་བ་རྒྱས་པར་འདོན༔ གལ་ཏེ་བསྡུས་པ་བྱེད་ན༔ ཧཱུྃ་ཧཱི༔ པདྨ་རིགས་ཀྱི་བདག་པོ་སྟེ༔ སྣང་བ་མཐའ་ཡས་ཐུགས་དམ་བསྐང་༔ བུདྡྷ་ཞེ་གཉིས་དུས་གསུམ་དང་༔ ཕྱོགས་བཅུའི་སངས་རྒྱས་ཐུགས་དམ་


CMR009_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་དང་༔ སངས་རྒྱས་སྟོང་གི་ཐུགས་དམ་བསྐང་༔ པདྨ་ཐོད་ཕྲེང་རིག་འཛིན་ལྔ༔ གྲུབ་ཆེན་བརྒྱད་ཅུའི་ཐུགས་དམ་བསྐང་༔ རྗེ་འབངས་ཉེར་ལྔ་རིག་འཛིན་བརྒྱད༔ གཏེར་སྟོན་བརྒྱ་རྩའི་ཐུགས་དམ་བསྐང་༔ གཏི་མུག་འདུལ་བྱེད་ཁྲོ་བོའི་རྒྱལ༔ དམར་ནག་མེ་ཕྲེང་ཐུགས་དམ་བསྐང་༔ མ་རིག་འདུལ་མཛད་ཁྲོ་མོའི་རྒྱལ༔ རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང་༔ འཆི་བདག་གཤིན་རྗེ་འདུལ་མཛད་པ༔ འཇམ་དཔལ་ལྷ་ཚོགས་ཐུགས་དམ་བསྐང་༔ ཀླུ་གདོན་ས་བདག་འདུལ་མཛད་པ༔ རྟ་མགྲིན་ལྷ་ཚོགས་ཐུགས་དམ་བསྐང་༔ སྟེང་ཕྱོགས་གཟའ་གདོན་འདུལ་འཛད་པ༔ གསང་བདག་ལྷ་ཚོགས་ཐུགས་དམ་བསྐང་༔ དངོས་གྲུབ་སྣ་ཚོགས་སྩོལ་མཛད་པ༔ མཁའ་འགྲོའི་ལྷ་ཚོགས་ཐུགས་དམ་བསྐང་༔ དགྲ་བགེགས་གདུག་པ་འདུལ་མཛད་པ༔ མེ་དབལ་ལྷ་ཚོགས་ཐུགས་དམ་བསྐང་༔ ཀླུ་གཉན་གདུག་པ་ཚར་གཅོད་པའི༔ ཁྱུང་གི་ལྷ་ཚོགས་ཐུགས་དམ་བསྐང་༔ ཉོན་མོངས་བདུད་བཞི་འདུལ་མཛད་པ༔ དྲག་པོ་རིགས་བཞིའི་ཐུགས་དམ་བསྐང་༔ ཕྲིན་ལས་རྣམ་བཞི་སྒྲུབ་མཛད་པའི༔


CMR009_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་སྡེ་བཞིའི་ཐུགས་དམ་བསྐང་༔ བྱད་མ་རང་གཤེད་འབེབས་མཛད་པའི༔ ཚེ་བདག་ནག་པོའི་ཐུགས་དམ་བསྐང་༔ བརྟུལ་ཞུགས་རྫུ་འཕྲུལ་དབང་སྒྱུར་བའི་ཁྲོས་མ་ནག་མོའི་ཐུགས་དམ་བསྐང་༔ བྱད་ཁ་རྦོད་གཏོང་ཟློག་བྱེད་པའི༔ སེང་གདོང་མ་ཡི་ཐུགས་དམ་བསྐང་༔ བདུད་དང་དམ་སྲི་འདུལ་མཛད་པའི༔ རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང་༔ ཕྱོགས་བཅུའི་གདོན་ཚོགས་འདུལ་མཛད་པའི༔ ཁྲོ་བོ་བཅུ་ཡི་ཐུགས་དམ་བསྐང་༔ འགུགས་འཆིང་སྡོམ་དགྱེས་ལས་མཛད་པའི༔ སྒོ་སྲུང་བཞི་ཡི་ཐུགས་དམ་བསྐང་༔ བཀའ་ཡི་བསྟན་པ་སྐྱོང་བྱེད་པའི༔ སེང་གདོང་ཡབ་ཡུམ་ཐུགས་དམ་བསྐང་༔ སྡང་དགྲ་རྩད་ནས་གཅོད་བྱེད་པའི༔ སྤུ་གྲི་མཆེད་གསུམ་ཐུགས་དམ་བསྐང་༔ སྒྲུབ་པ་པོ་ཡི་གྲོགས་མཛད་པའི༔ དགེ་བསྙེན་སྨྱོ་ཁའི་ཐུགས་དམ་བསྐང་༔ གང་བཅོལ་ཕྲིན་ལས་བསྒྲུབ་པའི་ཕྱིར༔ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ གྷ་ན་ཚོགས་ཀྱིས་ཐུགས་དམ་བསྐང་༔ བྷ་ལི་གཏོར་མས་ཐུགས་དམ་བསྐང་༔ རཀྟ་དམར་གྱིས་ཐུགས་དམ་བསྐང་༔ བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་༔ ལྟ་སྒོམ་སྤྱོད་


CMR009_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཐུགས་དམ་བསྐང་༔ ཐུགས་དམ་བསྐངས་བའི་བྱིན་རླབས་ཀྱིས༔ ཕྱི་ནང་བར་ཆད་བཟློག་ཏུ་གསོལ༔ ཆག་ཆེན་ཉམ་ང་བཟློག་ཏུ་གསོལ༔ ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ༔ ཨཱ་ས་མ་ཡ༔ ཨཱས་མ་ཡ༔ ཧཱུྃ་ས་མ་ཡ༔ ཨོཾ་ག་ཎ་ཙཀྲ་སཏཱ་སཱ་མ་ཡ་སོགས་ནས་ཡིག་བརྒྱ་སཏྭ་ཨཱཿ ཞེས་པའི་བར་དང་༔ དཔང་གྱུར་སྐྱབས་མཆོག་མ་ལུས་རྣམས༔ ཚེ་རབས་སྔོན་ནས་ད་ལྟའི་བར༔ འགལ་གྱུར་ཉམས་ཆག་མ་ལུས་པ༔ ཚོགས་ཀྱིས་བསྐང་ཞིང་བཤགས་པར་བགྱི༔ བྷུ་རུ་དྷེ་ཝ་དྷཀྐི་ནཱི་གྷ་ན་ཙཀྲ་ཁཱ་ཧི་ཤུདྡྷེ་ཨཱཿ དེ་ནས་གཏོར་ཟློག་ཡིན་ན་བསྒྲལ་ལས་རྒྱས་པར་བྱའོ༔ བསྡུ་ན་ཆོགས་ཟན་ལིངྒ་བྱ་བའམ་མ་ལྕོགས་ན་ཟན་དུམ་ཤ་དུམ་བྲན་ལ༔ ཧཱུྃ༔ དྲག་པོའི་ལྷ་ཚོགས་བདེན་པའི་མཐུས༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བར་ཆད་བྱེད་པའི་དམ་སྲི་རྣམས༔ ཚོགས་སུ་བསྒྲལ་ཕྱིར་ཚོགས་ལ་ཁུག༔ ཛལས་རྟ་གདོང་ལྕགས་ཀྱུ་མ༔ གཅིག་ལས་བརྒྱ་སྟོང་བྱེ་བ་འབུམ༔ ལྕགས་ཀྱུ་འབར་བས་ཁུག་ལ་ཤོག༔ ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཛ༔ ཧཱུྃ་ལས་ཕག་གདོང་ཞགས་པ་མ༔ གཅིག་ལས་བརྒྱ་སྟོང་བྱེ་བ་འབུམ་ཞགས་པ་འབར་བས་ཆིངས་ལ་ཤོག༔ ཆིངས་ཤིག་བཛྲ་པཱ་ཤ་


CMR009_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ པཾ་ལས་སྤྲེལ་གདོང་ལྕགས་སྒྲོག་མ༔ གཅིག་ལས་བརྒྱ་སྟོང་བྱེ་བ་འབུམ༔ ལྕགས་སྒྲོག་འབར་བས་སྡོམ་ལ་ཤོག༔ སྡོམས་ཤིག་བཛྲ་སྤོ་ཊ་བཾ༔ ཧོལས་སྤྱང་གདོང་དྲིལ་བུ་མ༔ གཅིག་ལས་བརྒྱ་སྟོང་བྱེ་བ་འབུམ༔ དྲིལ་བུ་འབར་བས་གཟུགས་ལ་ཕོབ༔ མྱོས་པར་གྱིས་ཤིག་གྷནྡྷེ་ཧོ༔ ཧཱུྃ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ རྔམ་བྱེད་འབར་བའི་ཁྲོ་ཚོགས་བཅས༔ རྡོ་རྗེ་ཕུར་པ་ལྕགས་ཀྱུ་དང་༔ ཞགས་པ་ཐོ་ཆེན་འབར་བ་ཐོགས༔ དགྲ་བགེགས་གདུག་པའི་ལྔ་ཕུང་འདི༔ ལྕགས་ཀྱུས་ཟུངས་ལ་ཕུར་པས་ཐོབ༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར༔ གུ་རུ་བཛྲ་ཀྲོ་དྷ་ནི་ཏྲི་དགྲ་བགེགས་ཤ་ཧཱུཾ་མཱ་ར་ཡ་རྦད༔ ཅེས་བསྒྲལ་ནས་བསྟབ་པ་བྱ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཞལ་ཕྱེས་ཤིག༔ ཁམས་གསུམ་ཡོངས་སྒྲོལ་དགྲ་བགེགས་ཞལ་དུ་བསྟབ༔ རྔམ་བྱེད་ཧོ་ཁུང་ཡངས་པའི་མགུལ་དུ་བསྟིམ༔ འཁོར་འདས་མཉམ་ཉིད་ངང་དུ་མཆོད་པ་བཞེས༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་རྡོ་རྗེ་སློབ་དཔོན་ནས་རིམ་པར་དྲངས་ཏེ༔ གཟིགས་ཤིག་


CMR009_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་ལྡན་དམ་པའི་ཆོས༔ འདི་ལ་ཐེ་ཚོམ་བྱར་མི་རུང་༔ བྲམ་ཟེ་ཁྱི་དང་གདོལ་པ་ཕག༔ རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔ ལག་པ་གཉིས་པདྨའི་ཕྱག་རྒྱས་བླངས་ཏེ༔ ཧོ་རིན་ཐང་མེད་པ་ལེགས་འོང་ཆོས༔ གཟུང་འཛིན་མཚན་མ་ཀུན་སྤངས་པའི༔ བླང་དོར་ཆོས་ཀུན་བྲལ་བ་ཡི༔ དེ་བཞིན་ཉིད་ལ་བདག་ཕྱག་འཚལ༔ ཨ་ལ་ལ་ཧོ༔ ཞེས་རོལ་ལ༔ དེ་ནས་ལྷག་མ་བྲན་ལ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་སོགས། ཚོགས་གཞོང་བྷནྡའི་སྣོད་ཡངས་ཤིང་རྒྱ་ཆེ་བར༔ ལྷག་མའི་ངོ་བོ་དེ་ཉིད༔ འདོད་ཡོན་གྱི་ལོངས་སྤྱོད་ཤ་ཆེན་གྱི་ཕུང་པོ༔ རཀྟའི་རྒྱ་མཚོ་སྟོང་གསུམ་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ སྔགས་དེ་ལན་གསུམ་གྱིས་བྱིན་གྱིས་བརླབས་ནས༔ ཧཱུྃ༔ ཆོས་དབྱིངས་རོལ་པ་ཆེན་པོ་ལས་སྤྲུལ་པའི་ཁྲོ་རྒྱལ་ཆེན་པོ་ཤར༔ འཁོར་འདས་སྣང་སྲིད་ང་ཡི་དབང་༔ ང་ནི་ཆེ་མཆོག་ཧེ་རུ་ཀ༔ དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔ དྲག་པོའི་ལྷ་ཚོགས་ཕུད་ལ་དགྱེས༔ བར་དུ་ལྷག་མ་མི་བསྲེ་རྒྱུ༔ དམ་ཅན་མཁའ་འགྲོ་ལྷག་ལ་དགྱེས༔ ལྷག་མ་ཁ་ཆུས་མི་བྲན་རྒྱུ༔ རྣལ་འབྱོར་བདག་དང་གཡར་དམ་གཅིག༔ དཀྱིལ་འཁོར་མཐའ་


CMR009_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་བཞག་རྒྱུ༔ བྲན་གཡོག་ཕོ་མོའི་ཚུལ་དུ་གནས༔ དྲག་པོའི་བཀའ་ཉན་ལས་བྱེད་ཚོགས༔ ཤར་གྱི་ཕྱོགས་ཀྱི་གཏོར་ལེན་ནི༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོའི་ཚོགས༔ ལྷོ་ཡི་ཕྱོགས་ཀྱི་གཏོར་ལེན་ནི༔ རིན་ཆེན་རིགས་ཀྱི་མཁའ་འགྲོའི་ཚོགས༔ ནུབ་ཀྱི་ཕྱོགས་ཀྱི་གཏོར་ལེན་ནི༔ པདྨ་རིགས་ཀྱི་མཁའ་འགྲོའི་ཚོགས༔ བྱང་གི་ཕྱོགས་ཀྱི་གཏོར་ལེན་ནི༔ ལས་ཀྱི་རིགས་ཀྱི་མཁའ་འགྲོའི་ཚོགས༔ གིང་དང་ལང་ཀ་དུར་ཁྲོད་བདག༔ ཀེའུ་སེང་དབང་ཕྱུག་ཉེར་བརྒྱད་སོགས༔ དཔལ་གྱི་བཀའ་ཉན་ལྷག་སྡུད་རྣམས༔ དར་གྱི་ཅོད་པན་པུ་རུ་རུ༔ རྒྱན་ཆ་མང་པོ་ཁྲོ་ལོ་ལོ༔ དཔའ་བོའི་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་མོའི་གླུ་ལེན་ཀྱུ་རུ་རུ༔ གནས་བཟང་དུར་ཁྲོད་ཉམས་རེ་དགའ༔ གོས་བཟང་ཞིང་ལྤགས་བརྗིད་རེ་ཆེ༔ སྐྱོགས་བཟང་བྷནྡྷ་མཚན་རེ་བཟང་༔ སྐྱེམས་བཟང་རཀྟ་བཅུད་རེ་ཆེ༔ ཟས་བཟང་མཾ་ས་རོ་རེ་ཞིམ༔ རྟག་ཏུ་དུར་ཁྲོད་གནས་རྣམས་ཉུལ༔ དམ་ཚིག་སྲུང་ཞིང་མཁའ་ལ་འགྲོ༔ ལས་སུ་གསོད་དང་གཅོད་ལ་བརྩོན༔ ཟས་སུ་ཤ་དང་ཁྲག་ལ་དགྱེས༔ ཡང་དག་དོན་ལ་སངས་རྒྱས་ཀྱང་༔ ཐབས་


CMR009_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དྲག་པོའི་ཕྲིན་ལས་མཛོད༔ རྒྱན་གྱི་མཆོད་གཏོར་འདི་བཞེས་ལ༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ལས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་བཛྲ་བྷ་ར་ཧི་ཡོ་གི་ནི་དྷ་ཀ་དྷ་ཀི་ནི་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཅེས་ཚོགས་གཏོར་ལྷག་མ་བཏང་ངོ་༔ ཞེས་ཚོགས་ཀྱི་འདོན་འགྲིགས་རཱ་ག་ཨ་སྱས་སྦྱར་བ་ལ་ཉེས་པ་གང་མཆིས་ལྷ་དང་སྲུང་མ་རྣམས་ལ་བཤགས་ཤིང་དགེ་བས་སེམས་ཅན་ཐམས་ཅད་ཚོགསགཉིས་རྫོགས་པར་གྱུར་ཅིག༔ ཅེས་དོན་འགྲུབ་ཀྱི་དོན་དུ་རྟ་ལོ་ས་གའི་ཚེས་བཅུ་ལའོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གུ་རུ་དྲག་པོ་མཚོན་ཆ་འཁོར་ལོའི་བསྟོད་བསྐུལ་རྔམས་བརྗིད་སྟོབས་ལྡན།


CMR009_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོ་མཚོན་ཆ་འཁོར་ལོའི་བསྟོད་བསྐུལ་རྔམས་བརྗིད་སྟོབས་ལྡན་བཞུགས་ལགས་སོ༔


CMR009_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཕྲིན་ལས་བཅོལ་བ་ལ་གཉིས་ཏེ། ཡེ་ཤེས་པ་ལས་ལ་བསྐུལ་བ་དང་། འཇིག་རྟེན་པ་བསྐུལ་བའོ། །དང་པོ་གཏོར་མ་སྨན་རཀ་གིས་བྲན་ཞིང་། ཐོད་རྔ་དང་རྔ་ཆེན་དུང་གླིང་ལ་སོགས་འཇིགས་པའི་དབྱངས་དང་བཅས་པས་འདི་སྐད་དོ།། ཧཱུྃ། དུར་ཁྲོད་འཇིགས་སུ་རུང་བའི་ཕོ་བྲང་ནས། །རྔམ་བརྗིད་སྟོབས་ལྡན་པདྨ་ཐོད་ཕྲེང་རྩལ། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །བསྐུལ་ལོ་བསྐུལ་ལོ་འགྲོ་བའི་དོན་ལ་བསྐུལ། །མ་གཡེལ་མ་གཡེལ་ཐུགས་དམ་དུས་ལ་བབ། །དྲག་པོ་པདྨའི་ལྷ་ཚོགས་བཀའོ་མ་གཡེལ། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཐུགས་དམ་


CMR009_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུཾ། དྲེགས་པ་ཚར་གཅོད་དུར་ཁྲོད་གཞལ་ཡས་དབུས། །ཐམས་ཅད་ཟིལ་གནོན་སྲིན་པོ་ཕོ་མོའི་གདན། །ཆགས་པའི་སྐྱོན་སྤངས་པདྨའི་ལྟེ་བའི་སྟེང་། །ཐུགས་རྗེ་རྨད་བྱུང་ཟླ་བའི་དཀྱིལ་འཁོར་གསལ། །ཉོན་མོངས་འདམ་སྐེམ་ཉི་མའི་དཀྱིལ་འཁོར་འབར། །མ་བཅོས་རང་བྱུང་ཧཱུྃ་གི་འཕྲོ་འདུ་ལས། །བདེན་པའི་སྟོབས་རྒྱས་བྱིན་རླབས་ཚྭ་ཚྭ་འཕྲོ། །འཇིག་རྟེན་དྲེགས་པའི་ཚོགས་རྣམས་ཚར་བཅད་ནས། །གསུང་གི་དབང་ཕྱུག་ཧེ་རུ་ཀ་ཡི་སྐུ། །དཔའ་ལ་སྒེག་པའི་ཆ་ལུགས་གསལ་བར་ལྡན། །རྔམ་


CMR009_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྗིད་པའི་ཁྲོ་བོ་གཡུལ་ལས་རྒྱལ། །གཏུམ་ལ་འཇིགས་པའི་ཁྲག་འཐུང་ཧེ་རུ་ཀ །བདུད་ཀྱི་དཔུང་རྣམས་འཇོམས་པའི་མཐུ་སྟོབས་ཅན། །བགེགས་འདུལ་པདྨའི་ཐུགས་དམ་དབྱིངས་ནས་བསྐུལ། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། ཐུགས་ཉིད་ཀློང་ཡངས་འཇིག་རྟེན་ལྟོ་བར་བཅུག་།དམ་ལས་འགལ་བའི་དགྲ་བགེགས་འབྱུང་པོ་རྣམས། །རང་དབང་མེད་པར་དབང་དུ་བསྡུས་ནས་ཀྱང་། །བསད་བཅད་གཏུབས་ནས་ཤ་ཁྲག་རུས་པ་གསོལ། །ཁྱེད་ནི་དུས་ངན་བསྟན་པའི་རྒྱལ་མཚན་ཏེ། །བསྟན་ལ་སྡང་བ་ཐམས་ཅད་རྡུལ་དུ་རློགས། །བགེགས་འདུལ་པདྨའི་ཐུགས་དམ་དབྱིངས་ནས་བསྐུལ། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །སྐུ་མཆོག་ནམ་མཁའི་ཁམས་གང་འཇིགས་པ་ལ། །ལྟ་བས་ཆོག་མི་ཤེས་པའི་མཚན་དཔེར་ལྡན། །སྐུ་མདོག་དམར་པོ་བསྐལ་པའི་མེ་ལྟར་འབར། །དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་བརྗེས། །སྤྱན་རྩ་དམར་པོ་སྡང་མིག་


CMR009_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུར་གཟིགས། །བར་སྣང་ཁམས་ཀྱི་གདོན་ཚོགས་རླག་པར་བྱེད། །ཞལ་བགྲད་མཆེ་གཙིགས་ཨག་ཚོམ་མེ་ལྟར་འབར། །གཟི་བརྗིད་འོད་ཀྱིས་སྟོང་གསུམ་མ་ལུས་བསྲེགས། །ཁྲོས་པའི་སྐད་སྒྲས་རི་རབ་ཐང་ལ་བསྙིལ། །རྔམ་པའི་སྟོབས་ཀྱིས་རྒྱ་མཚོ་ཧུབ་ཀྱིས་འདེབས། །ཐུགས་རྗེའི་ཤུགས་ཀྱིས་འགྲོ་དྲུག་ཞལ་དུ་གསོལ། །རྔམ་བརྗིད་པདྨའི་ཐུགས་དམ་དབྱིངས་ནས་བསྐུལ། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ༔ དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །ཆོས་ཉིད་མི་འགྱུར་ཕྱག་གཡས་རྡོ་རྗེ་འཕྱར། །འདྲེ་གདོན་འདུལ་ཕྱིར་ཕྱག་གཡོན་སྡིག་པ་བསྣམས། །གླང་ཆེན་ཀོ་རློན་ཞིང་ལྤགས་གཡང་གཞི་གསོལ། །སྟག་གི་ཤམ་ཐབས་སྦྲུལ་གྱིས་ཡན་ལག་བརྒྱན། །ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་བྱས། །ཁྲག་གི་ཐིག་ལེ་ཞག་གི་ཟོ་རིས་བརྒྱན། །ཐལ་ཆེན་ཚོམ་བུས་གནས་གསུམ་བྱུགས་པས་མཚན། །ཉོན་མོངས་སྲེག་བྱེད་མེ་དཔུང་ཀློང་ནས་འགྱིངས། །ཆོས་ལྡན་པདྨའི་ཐུགས་དམ་དབྱིངས་ནས་བསྐུལ། །དུག་གསུམ་ཤ་ཁྲག་གཏོར་མ་


CMR009_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །སྐུ་དབང་རྫོགས་ཕྱིར་འཇམ་དཔལ་དབུ་ལ་བཞུགས། གསུང་དབང་རྫོགས་ཕྱིར་རྟ་མགྲིན་མགྲིན་པར་བཞུགས། །ཐུགས་དབང་རྫོགས་ཕྱིར་གསང་བདག་ཐུགས་ཀར་བཞུགས། །ཡོན་ཏན་འདོད་པའི་དོན་རྣམས་ལྷུན་གྲུབ་ཕྱིར། །མཁའ་འགྲོ་སྡེ་ལྔའི་དཀྱིལ་འཁོར་ལྟེ་བར་བཞུགས། །ཕྲིན་ལས་རྫུ་འཕྲུལ་ཐོགས་པ་མེད་པའི་ཕྱིར། །སྤྱི་བོའི་གཙུག་ནས་ལྷ་འདྲེའི་གཉེན་པོར་ལྡིང་། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་ཚར་བཅད་ཕྱིར། །སྐུ་ཡི་སྤྲུལ་པ་ཡཀྵ་མེ་དབལ་འགྱེད། །རྣམ་དག་པདྨའི་ཐུགས་དམ་དབྱིངས་ནས་བསྐུལ། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུཾ། དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །སྐུ་ཡི་གཟི་བརྗིད་འབར་བའི་འོད་ཟེར་གྱིས།་།སྲིད་པ་གསུམ་ཡང་ཟིལ་གྱིས་གནོན་པར་བྱེད། །གསུང་གི་གདངས་སྐད་རྔམ་པའི་ང་རོ་ཡིས། །ཁམས་གསུམ་མ་ལུས་དབང་དུ་བསྡུ་བར་མཛོད། །ཐུགས་ཉིད་བྱམས་པའི་ཐུགས་རྗེ་ཚད་མེད་ཀྱིས། །འགྲོ་


CMR009_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་མ་ལུས་འཁོར་བའི་གཏིང་ནས་འདྲེན། །ཨ་ར་ལི་ཡི་སྒྲ་ཆེན་སྒྲོགས་པ་ཡིས། །མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་བསྡུས། །ཧཱུཾ་དང་ཕཊ་ཀྱི་སྒྲ་ཆེན་སྒྲོགས་པ་ཡིས། །དྲེགས་པ་ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས། །སྟོབས་ལྡན་པདྨའི་ཐུགས་དམ་དབྱིངས་ནས་བསྐུལ། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །སྤྱི་བོའི་གཙུག་ནས་བྱ་ཁྱུང་སྤྲུལ་པ་འགྱེད། །ཡང་སྤྲུལ་ཁྱུང་གིས་སྟོང་ཁམས་འཇིག་རྟེན་གང་། །ག་རུ་ཎ་ཡི་ཐུགས་དམ་དུས་ལ་བབ། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། །དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །དུང་ཁང་ནང་ནས་འཇམ་དཔལ་སྤྲུལ་པར་འགྱེད། །ཡང་སྤྲུལ་ཁྲོ་བོས་སྟོང་གསུམ་འཇིག་རྟེན་གང་། །ཡ་མཱནྟ་ཀའི་ཐུགས་དམ་དུས་ལ་བབ་། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །མགྲིན་པའི་གནས་


CMR009_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྟ་མགྲིན་སྤྲུལ་པ་འགྱེད། །ཡང་སྤྲུལ་ཁྲོ་བོས་སྟོང་གསུམ་འཇིག་རྟེན་འགེངས། །རྒྱ་གྲི་ཝའི་ཐུགས་དམ་དུས་ལ་བབ། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །ཐུགས་ཀྱི་དཀྱིལ་ནས་གསང་བདག་སྤྲུལ་པ་འགྱེད། །ཡང་སྤྲུལ་ཁྲོ་བོས་སྟོང་གསུམ་འཇིག་རྟེན་གང་། །བཛྲ་པཱ་ཎིའི་ཐུགས་དམ་དུས་ལ་བབ། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ༔ དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །ལྟེ་བའི་གནས་ནས་མཁའ་འགྲོའི་སྤྲུལ་པ་འགྱེད། །ཡང་སྤྲུལ་མཁའ་འགྲོས་སྟོང་གསུམ་འཇིག་རྟེན་འགེངས། །མཁའ་འགྲོ་སྡེ་ལྔའི་ཐུགས་དམ་དུས་ལ་བབ། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །སྐུ་གསུང་ཐུགས་ལས་མེ་དབལ་སྤྲུལ་པ་འགྱེད། །ཡང་སྤྲུལ་ཁྲོ་བོས་སྟོང་གསུམ་འཇིག་རྟེན་གང་། །ཡཀཱ་མེ་དབལ་ཐུགས་དམ་དུས་ལ་བབ། །དུག་གསུམ་ཤ་ཁྲག་གཏོར་མ་འདི་


CMR009_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །སྡིགས་མཛུབ་རྩེ་ནས་སྡིག་པའི་སྤྲུལ་པ་འགྱེད་། །ཡང་སྤྲུལ་སྡིག་པས་སྟོང་གསུམ་འཇིག་རྟེན་འགེང་། །འཇིགས་བྱེད་སྡིག་པའི་ཐུགས་དམ་དུས་ལ་བབ། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ། དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །བསྟན་པ་སྲུང་ཕྱིར་ལས་མཁན་སྤྲུལ་པ་འགྱེད། །ཡང་སྤྲུལ་ཆོས་སྐྱོང་སྟོང་གསུམ་འཇིག་རྟེན་འགེང་། །བདུད་བཙན་ཀླུ་མགོན་ཐུགས་དམ་དུས་ལ་བབ། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཐུགས་དམ་དུས་ལ་བབ་བོ་ས་མ་ཡཱ། །ཧཱུྃ། དྲག་པོ་པདྨ་རྡོ་རྗེ་ཐོད་ཕྲེང་རྩལ། །ཁྱེད་ནི་འགྲོ་བའི་མགོན་གྱུར་སྐྱབས་ཀྱི་མཆོག །བདག་གི་སྒོ་གསུམ་དད་པས་ཁྱེད་སྒྲུབ་ཅིང་། །དཀའ་བ་དང་བླངས་ལྗི་བ་ཁུར་དུ་ཁུར། །ལུས་སྲོག་འབེན་བཙུགས་ཤ་ཁྲག་གཟན་དུ་བོར། །མོས་གུས་གཏིང་ནས་ཁྱེད་ལ་སྐྱབས་གསོལ་ན། །ཐུགས་རྗེ་མ་ཆུང་སྔོན་གྱི་ཐུགས་དམ་དགོངས། །སྨོན་ལམ་འབྲེལ་བ་འདི་ཡིས་


CMR009_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སྦྱར་ནས། །དུས་ངན་སྙིགས་མའི་དུས་འདིར་བདག་སྐྱེས་ནས། །ཁྱེད་ཀྱི་ཐུགས་རྗེས་བདག་ལ་བྱིན་གྱིས་རློབས། །བདག་སོགས་བླ་མེད་བྱང་ཆུབ་སྒྲུབ་པ་ལ། །ལམ་ལ་བར་དུ་གཅོད་པའི་དགྲ་བགེགས་རྣམས། །དབང་དྲག་པདྨ་འཁོར་དང་བཅས་པ་ཡིས། །ཐུགས་རྗེ་དྲག་པོའི་སྟོབས་ཀྱིས་བསྒྲལ་ནས་ཀྱང་། །གྲུ་གསུམ་མཐིང་ནག་འབར་བའི་ཞལ་དུ་སྦྱོངས། །གསུང་དབྱངས་དྲུག་ཅུར་ལྡན་པའི་མགུལ་དུ་སྒྲིམས། །དོན་དམ་སྐྱེ་མེད་ཐུགས་ཀྱི་དབྱིངས་སུ་བསྟིམ། །རྣལ་འབྱོར་བདག་གིས་འདོད་པའི་དོན་རྣམས་ཀུན། །དབང་དྲག་པདྨ་འཁོར་དང་བཅས་པ་ཡིས། །འགྲུབ་པར་མཛོད་ཅིག་བཛྲ་ས་མ་ཡཱ། །རྒྱུན་དུ་བསྟོད་བསྐུལ་འདི་བྱ། རྣམ་རྒྱལ་འབར་མ་གཉན་པས་ཞག་དུ་བྱེད་ཀྱང་འབུལ་ཉིན་ཚར་གཅིག་ལས་མི་འདོན་ནོ། །གཏོར་རྫོངས་བྱའོ། །བསྡུ་ན་མི་དགོས་སོ། །སྔགས་འཆང་བྱིན་ཆེན་ན་གལ་ཆེ་བའི་དུས་ལ། རྣམ་རྒྱལ་འབར་མ་མཇུག་ནས་ཡར་འདོན་ལ་ཡོན་བདག་ལ་གཏོར་རྒྱབ་བྱའོ། །བདག་དམ་ཚིག་ལ་མ་འགལ་བ་གལ་ཆེའོ།་།ཞེས་ཨ་རཱ་གས་གསུངས་པའོ། །འདི་ཞལ་གདམས་ཡིན་ནོ་གཞུང་མིན་ནོ། །མངྒ་ལཾ། བྷ་ཝནྟུ། །

སྔགས་བསྔོས།


CMR009_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཆོས་སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ༔ སྤྲུལ་སྐུ་པདྨ་འབྱུང་གནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༔ གཏེར་སྟོན་རཏྣ་གླིང་པ༔ རྒྱལ་སྲས་ཚེ་དབང་གྲགས་པ༔ ལ་སོགས་པ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་རྣམས་ཀྱི་ཞལ་དུ་འབུལ་ལོ༔ བྱིན་གྱིས་བརླབ་ཏུ་གསོལ་ལོ༔ ཨོཾ་ཨཱཧཱུྃ་ཨ་ཙིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱ་ཧཱུྃ་ཧཱུྃ་ཕཊ༔ གུ་རུ་དྲག་པོ་དམར་ནག་མེ་ཕྲེང་ཅན་གྱི་ལྷ་ཚོགས༔ འཇམ་་དཔལ་སྐུ་ཡི་ལྷ་ཚོགས༔ རྟ་མགྲིན་གསུང་གི་ལྷ་ཚོགས༔ ཕྱག་རྡོར་ཐུགས་ཀྱི་ལྷ་ཚོགས༔ ཌཱཀྐི་ཡོན་ཏན་གྱི་ལྷ་ཚོགས་༔ མེ་དབལ་ཕྲིན་ལས་ཀྱི་ལྷ་ཚོགས༔ དྲག་པོ་ཁྱུང་གི་ལྷ་ཚོགས༔ འཆི་མེད་ཚེའི་ལྷ་ཚོགས༔ དྲག་པོ་ལྷ་བཞི༔ དཔའ་བོ་གིང་བཞི༔ མཁའ་འགྲོ་སྡེ་བཞི༔ གཤིན་རྗེ་ཚེ་བདག་ནག་པོ༔ ཐུགས་རྗེ་ཁྲོས་མ་ནག་མོ༔ དྲག་མོ་སེངྒེའི་གདོང་ཅན༔ རྡོ་རྗེ་ཕུར་པའི་ལྷ་ཚོགས༔ ཁྲོ་བོ་བཅུ་སྒོ་མ་བཞི་ལ་སོགས་པ་དབང་དྲག་པདྨའི་ལྷ་ཚོགས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་འབུལ་ལོ༔ མཆོག་ཐུན་མོང་


CMR009_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གི་དངོས་གྲུབ་བསྩལ་དུ་གསོལ༔ དུ་བཻ་ཏྲི་ཤུ་ལ་ནཱ་ག་ར་ཙ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བདུད་ནག་ལས་ཀྱི་སྤུ་གྲི༔ བཙན་དམར་སྲོག་གི་སྤུ་གྲི༔ ཀླུ་བདུད་དུག་གི་སྤུ་གྲི༔ བཀའ་སྲུང་སྤུ་གྲི་མཆེད་གསུམ་གྱི་ཞལ་དུ་འབུལ་ལོ༔ ནཱ་ག་ར་ཙ་ཀྲོ་ཏ་པ་ཙ་ལ་ཏི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གཏེར་སྲུང་ཀླུ་བདུད་སྨྱོ་ཁ་འཁོར་དང་བཅས་པའི་ཞལ་དུ་འབུལ་ལོ༔ ཨོཾ་ཨཱཧཱུྃ་གཏོར་མ་དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་བྷུ་མི་པ་ཏི་ཨི་དཾ་བ་ལི་ཏཁ་ཁ་ཁཱ་ཧི་ཁཱ་ཧི༔ གནས་བདག་གཞི་བདག་ཡུལ་བདག་གྲོང་བདག་གཉུག་མར་གནས་པ་ཐམས་ཅད་ལ་འབུལ་ལོ༔ བར་ཆད་སོལ༔ མཐུན་རྐྱེན་བསྒྲུབ༔ རྐྱེན་ཕྱི་ནང་གི་བར་ཆད་ཞི་བའི་ཕྲིན་ལས་མཛོད་ཅིག༔ ཅེས་པ་ཨོ་རྒྱན་རིག་འཛིན་གྱི་འདོད་དོན་ལྟར་ཨ་རཱ་གས་སོ༔ སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

བསྐང་བ།


CMR009_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་འདོན་ན་འདིར་གཏོར་བསྔོས་བྱའོ། །དེ་ནས་ཚོགས་བར་པས་བསྐང་བ་གསོས་ལ། བསྐང་བ་རྒྱས་པར་འདོན། གལ་ཏེ་བསྡུས་པ་བྱེད་མ༔ ཧཱུྃ་ཧྲཱིཿ པདྨའི་རིགས་ཀྱི་བདག་པོ་སྟེ༔ སྣང་བ་མཐའ་ཡས་ཐུགས་དམ་བསྐང་༔ བུདྡྷ་ཞེ་གཉིས་དུས་གསུམ་དང་༔ ཕྱོགས་བཅུའི་སངས་རྒྱས་ཐུགས་དམ་བསྐང་༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་དང་༔ སངས་རྒྱས་སྟོང་གི་ཐུགས་དམ་བསྐང་༔ པདྨ་ཐོད་ཕྲེང་རིག་འཛིན་ལྷ༔ གྲུབ་ཆེན་བརྒྱད་ཅུའི་ཐུགས་དམ་བསྐང་༔ རྗེ་འབངས་ཉེར་ལྔ་རིག་འཛིན་བརྒྱད༔ གཏེར་སྟོན་བརྒྱ་རྩའི་ཐུགས་དམ་བསྐང་༔ གཏི་མུག་འདུལ་བྱེད་ཁྲོ་བོའི་རྒྱལ༔ དམར་ནག་མེ་ཕྲེང་ཐུགས་དམ་བསྐང་༔ མ་རིག་རྩད་གཅོད་ཁྲོ་མོའི་རྒྱལ༔ རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང་༔ འཆི་བདག་གཤིན་རྗེ་འདུལ་མཛད་པ༔ འཇམ་དཔལ་ལྷ་ཚོགས་ཐུགས་དམ་བསྐང་༔ ཀླུ་གདོན་ས་བདག་འདུལ་མཛད་པ༔ རྟ་མགྲིན་ལྷ་ཚོགས་ཐུགས་དམ་བསྐང་༔ སྟེང་ཕྱོགས་གཟའ་གདོན་འདུལ་མཛད་པ༔ གསང་བདག་ལྷ་ཚོགས་ཐུགས་དམ་བསྐང་༔ དངོས་གྲུབ་སྣ་ཚོགས་སྩོལ་མཛད་མ༔ མཁའ་འགྲོའི་ལྷཚོགས་ཐུགས་དམ་བསྐང་༔ དགྲ་བགེགས་


CMR009_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པ་འདུལ་མཛད་པ༔ མེ་དབལ་ལྷ་ཚོགས་ཐུགས་དམ་བསྐང་༔ ཀླུ་གཉན་གདུག་པ་ཚར་གཅོད་པའི༔ ཁྱུང་གི་ལྷ་ཚོགས་ཐུགས་དམ་བསྐང་༔ ཉོན་མོངས་བཞི་པོ་འདུལ་མཛད་པའི༔ དྲག་པོ་རིགས་བཞིའི་ཐུགས་དམ་བསྐང་༔ ཕྲིན་ལས་རྣམ་བཞི་སྒྲུབ་བྱེད་པའི༔ མཁའ་འགྲོ་སྡེ་བཞིའི་ཐུགས་དམ་བསྐང་༔ བྱད་མ་རང་གཤེད་འབེབས་མཛད་པའི༔ ཚེ་བདག་ནག་པོའི་ཐུགས་དམ་བསྐང་༔ བརྟུལ་ཞུགས་རྫུ་འཕྲུལ་དབང་སྒྱུར་བའི༔ ཁྲོས་མ་ནག་མོའི་ཐུགས་དམ་བསྐང་༔ བྱད་ཁ་རྦོད་གཏོང་ཟློག་བྱེད་པའི༔ སེང་གདོང་མ་ཡི་ཐུགས་དམ་བསྐང་༔ བདུད་དང་དམ་སྲི་འདུལ་བྱེད་པའི༔ རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང་༔ ཕྱོགས་བཅུའི་གདོན་ཚོགས་འདུལ་བྱེད་པའི༔ ཁྲོ་བོ་བཅུ་ཡི་ཐུགས་དམ་བསྐང་༔ འགུགས་འཆིང་སྡོམ་དགྱེས་ལས་མཛད་ཕྱིར༔ སྒོ་མ་བཞི་ཡི་ཐུགས་དམ་བསྐང་༔ བཀའ་ཡི་བསྟན་པ་སྐྱོང་བྱེད་པའི་སེང་གདོང་ཡབ་ཡུམ་ཐུགས་དམ་བསྐང་༔ སྡང་དགྲ་རྩད་ནས་གཅོད་བྱེད་པའི༔ སྤུ་གྲི་མཆེད་གསུམ་ཐུགས་དམ་བསྐང་༔ སྒྲུབ་པ་པོ་ཡི་གྲོགས་མཛད་པའི༔ དགེ་བསྙེན་སྨྱོ་ཁའི་ཐུགས་དམ་བསྐང་༔ གང་


CMR009_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

བཅོལ་ཕྲིན་ལས་སྒྲུབ་བྱེད་པའི༔ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ ག་ཎ་ཚོགས་ཀྱིས་ཐུགས་དམ་བསྐང་༔ བྷ་ལིང་གཏོར་མས་ཐུགས་དམ་བསྐང་༔ རཀྟ་དམར་གྱིས་ཐུགས་དམ་བསྐང་༔ བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་༔ ལྟ་སྒོམ་སྤྱོད་པས་ཐུགས་དམ་བསྐང་༔ ཐུགས་དམ་བསྐངས་བའི་བྱིན་རླབས་ཀྱིས༔ ཕྱི་ནང་བར་ཆད་བཟློག་ཏུ་གསོལ༔ ཆག་ཆེན་ཉམ་ང་བཟློག་ཏུ་གསོལ་༔ ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ༔ ཨོཾ་ས་མ་ཡ༔ ཨཱས་མ་ཡ༔ ཧཱུྃ་ས་མ་ཡ༔ ཨོཾ་ག་ཎ་ཙཀྲ་སཏཱ་ས་མ་ཡ༔ ནས་ཡིག་བརྒྱ་དང་སཏྭ་ཨཱཿ ཅེས་པའི་བར་དང་༔ དཔང་གྱུར་སྐྱབས་མཆོག་མ་ལུས་རྣམས༔ ཚེ་རབས་སྔོན་ནས་ད་ལྟའི་བར༔ འགལ་གྱུར་ཉམས་ཆག་མ་ལུས་པ༔ ཚོགས་ཀྱིས་བསྐང་ཞིང་བཤགས་པར་བགྱི༔ གྷ་རུ་དྷེ་ཝ་ཌཱཀྐི་ནི་གྷ་ན་ཙཀྲ་ཁཱ་ཧི་ཤུདྡྷེ་ཨཱཿ དེ་ནས་གཏོར་ཟློག་ཡིན་ན་བསྒྲལ་ལས་རྒྱས་པར་བྱའོ༔ དྲག་པོའི་ཚོགས་ཀྱི་འདོན་འགྲིགས་ཨ་རཱ་གས་སྦྱར་བ་ལ་ཉེས་པ་གང་མཆིས་ལྷ་དང་སྲུང་མ་ལ་བཤགས་ཤིང་དགེ་བས་སེམས་ཅན་ཐམས་ཅད་ཚོགས་རྫོགས་པར་གྱུར་ཅིག༔ ཅེས་པ་དོན་གྲུབ་གྱི་དོན་དུ་རྟ་ལོ་ས་གའི་ཚེས་བཅུ་ལའོ༔

གུ་རུ་དྲག་པོ་མེ་རླུང་འཁྱིལ་བའི་དབང་རྒྱས་འབྲིང་གི་བཤད་པ་ཡིད་ཆེས་ལུང་གི་བང་མཛོད།


CMR009_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོ་མེ་རླུང་འཁྱིལ་བའི་དབང་རྒྱས་འབྲིང་གི་བཤད་པ་ཡིད་ཆེས་ལུང་གི་བང་མཛོད་ཅེས་བྱ་བ་བཞུགས།།


CMR009_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ད་ལམ་ཁྱེད་རྣམས་ལ༔ གུ་རུ་དྲག་པོ་མེ་རླུང་འཁྱིལ་བའི་དབང་བསྐུར་བ་ཡིན་ཏེ༔ དེ་ལ་ཡིད་ཆེས་པའི་ལོ་རྒྱུས་ཅུང་ཟད་ཞུ་བ་ནི༔ ལྷའི་ངོ་བོ་གང་ཡིན་པ་དང་༔ རྒྱུད་ཇི་ལྟར་གསུངས་ཚུལ་དང་༔ མན་ངག་ཇི་ལྟར་བྱུང་ཚུལ་དང་༔ ཕན་ཡོན་དགོས་ཆེད་དང་བཞིའོ༔ དང་པོ་ལྷའི་ངོ་བོ་ནི༔ དྲག་པོ་བདེར་འདུས་གཞུང་ལས༔ ཧཱུྃ༔ ཁམས་གསུམ་གནས་ན་སྟོབས་ལྡན་རྫུ་འཕྲུལ་ཅན༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ སྣང་བ་མཐའ་ཡས་སྐུ་གསུང་ཐུགས་ལས་སྤྲུལ༔ ངོ་མཚར་རྨད་བྱུང་པདྨ་ཧེ་རུ་ཀཿ དྲག་པོ་པདྨའི་སྐུ་


CMR009_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་འཚལ་བསྟོད༔ ཅེས་གསུངས་པས་ངོ་བོ་སྣང་བ་མཐའ་ཡས་ཉིད་ཡིན་ནོ༔ རྒྱུད་གསུངས་ཚུལ་ནི༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སངས་རྒྱས་འོད་དཔག་ཏུ་མེད་པས་གུ་རུ་དྲག་པོ་ཞལ་གསུམ་ཕྱག་དྲུག་ཕྲིན་ལས་ཀྱི་རྒྱུད་དྲེགས་པའི་སྙིང་འབྱིན་ཞེས་བྱ་བ་གསུངས༔ གཞན་ཡང་དྲག་པོ་ཁྲག་འཐུང་རོལ་བ་རྩ་རྒྱུད་སོགས་རྩ་རྒྱུད་བརྒྱ་དང་རྩ་བརྒྱད༔ སྒོས་རྒྱུད་སུམ་འབུམ་ཉི་ཁྲི༔ སྤྱི་རྒྱུད་འབུམ་སྡེ་ས་ཡ་གསུངས་སོ༔ ཁྱད་པར་ལྷ་མ་སྲིན་དང་སྡེ་བརྒྱད་འཁྲུགས་ནས་རླུང་ལྟར་རྒྱུག་ཅིང་གློག་ལྟར་མྱུར་བའི་ཚེ༔ གུ་རུ་དྲག་པོ་ཞལ་གསུམ་ཕྱག་


CMR009_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཏུ་སྤྲུལ་ནས༔ ལྷ་སྲིན་གཟིར་ནས༔ ཧཱུྃཞེས་དབང་ཆེན་ང་རོའི་བཀའ་སྩལ་པས༔ སྡེ་བརྒྱད་བརྒྱལ་ལོ༔ བརྒྱལ་སངས་ནས་ས་མཱ་ཡ་ཧཱུྃ་ཕཊ༔ ཅེས་དམ་ལ་བཏགས་ནས་སངས་རྒྱས་འདུས་པའི་ཁྲོ་བོ་ལས༔ ནུས་པ་ཆེ་བ་གཞན་གར་ཡོད༔ བདེར་གཤེགས་ཀུན་གྱི་རྩལ་བསྡུས་པས༔ མཐུ་སྟོབས་མི་ཆེ་ཀ་མེད་ཡིན༔ སྡེ་བརྒྱད་ཀྱི་སྙིང་འདོད་ཁྲག་འདོད༔ ཙིག་གཏུམ་ཞེས་པས་སྡེ་བརྒྱད་ཐམས་ཅད་ཀྱི་ཙིཏྟ་ཐང་ལ་བྲུལ་ནས་བརྒྱལ་ལོ༔ ཡང་སོས་ནས་གདུག་པའི་སྡེ་བརྒྱད་མི་མ་ཡིན༔ ངེད་ཟས་ནི་ཕོ་འདྲེའི་ཤ་ལ་བྲ༔ སྐོམ་དུ་མོ་འདྲེའི་ཁྲག་ལ་འཐུང་༔ ལས་སུ་མ་ནིང་རུ་ཏྲ་སྒྲོལ༔ ཅིག་ཧཱུྃ༔ ཞེས་པས་སྡེ་བརྒྱད་འགལ་བྱེད་ཀྱི་ཙིཏྟ་གསོལ་ཏེ༔ ཤ་རུས་ཀྱི་ཕུང་པོ་སྡིག་པའི་ཟས་སུ་བསྟབ་སྟེ༔ ཉིན་མཚན་དུ་སྡེ་བརྒྱད་གྲངས་མེད་པ་བསྒྲལ་ནས་གསོལ་བས༔ སླར་སྡེ་བརྒྱད་སྐྱབས་སུ་གསོལ་ནས༔ ཉིན་མཚན་རེ་ལ་སྡེ་བརྒྱད་གསུམ་གསུམ་གྱི་ཤ་ཁྲག་ཚོགས་སུ་ཕུལ་ནས་གཞན་མི་གསོད་པར་ཞུས་སོ༔ སྡེ་བརྒྱད་ཀྱི་ཤ་ཁྲག་སྤྱོད་དུས་སྡེ་བརྒྱད་འཚོགས་ཏེ༔ ཤོ་རྒྱན་བྱེད་དེ༔ སྡེ་བརྒྱད་གཞན་གྱི་མི་གསོད་པ་དབང་མེད་པར་གསོད་ཅིང་


CMR009_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་གཙོ་འཁོར་གྱི་ཟས་སུ་སྤྲད་དོ༔ སྡེ་བརྒྱད་དམ་ལ་སུ་འགལ་རེ༔ གྲངས་མེད་སྡིག་པས་གསོན་ཟོས་བྱེད་པས་སྡེ་བརྒྱད་འཚོགས་ཤིང་ཤོ་རྒྱན་བྱེད་པ་དང་༔ ཉེས་པ་ཡོད་པས་སྡེ་བརྒྱད་བཀའ་ལས་འགལ་བ་དེ་ཟས་སུ་སྤྱོད༔ སུས་ཀྱང་སྐྱབས་མགོན་མ་རྙེད་ནས་ངུའོ༔ ངུས་ནས་ཀུ་ཅོ་ལྷང་ལྷང་འདོན་ཏེ༔ དབང་མེད་དུ་སྡེ་བརྒྱད་ཟླ་བོས་ཁྲིད་ནས༔ ཡཀཱ་མེ་དབལ་ལ་སྤྱོད་ཅིང་ཌཀི་རཱ་ཛས་བཟུང་ནས༔ ཁྲག་འཐུང་གཙོ་བོར་ཚོགས་འཁོར་བྱེད་དོ༔ དུས་གཉན་བཞི་ལ་སྡེ་བརྒྱད་འཚོགས་ཏེ༔ དབང་དྲག་གིས་སྡེ་བརྒྱད་རྣམས་ལ་ཉེས་པ་སུ་ལ་འདུག་སེམས་ཅན་ལ་གནོད་པ་སུས་བྱས༔ རྣལ་འབྱོར་པ་ལ་བར་ཆད་སུས་བྱས༔ དམ་ལས་སུ་འགལ༔ བཀའ་ལས་སུ་འདས་རྣམས་ལྟ་ཞིང་༔ རྩིས་མགོ་ལ་མཁས་པ་འཇམ་དཔལ་གྱིས་རྡེའུ་འགྲིམ༔ སྨྲ་བརྗོད་ལ་གཙོ་བོ་རྟ་མགྲིན་གྱིས་ཤག་འདེབས༔ མཐུ་སྟོབས་ལ་གཙོ་བོ་ཕྱག་ན་རྡོ་རྗེས་ཆད་པ་གཅོད་དེ༔ བསྟན་པ་ལ་གནོད་པ་ཐམས་ཅད་གསོན་སྲེག་བྱེད༔ ཆོས་ལ་བར་དུ་གཅོད་པ་ཐམས་ཅད་སྡིག་པས་གསོན་ཟོས་བྱེད༔ རྣལ་འབྱོར་པ་ལ་བར་དུ་གཅོད་པ་ཐམས་ཅད་


CMR009_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོས་གཏུབས༔ མཚོན་ཆས་གསོད༔ སྡིག་པས་ཟ་ཞིང་སེམས་ཅན་ལ་གནོད་པ་ཐམས་ཅད་སྡིག་པས་བཟུང་གསོད་བྱེད་པ་ལ༔ དེ་ནས་སྡེ་བརྒྱད་ཐམས་ཅད་འདུས་ཏེ་བཀའ་ལས་མི་འདའ་བའི་དམ་བཅའ་བྱས༔ དམ་ལ་མི་འགལ་བའི་བྲོ་བོར་རོ༔ ཆོས་སྒྲུབ་པ་ལ་བར་ཆད་མི་བྱེད་པར་ཁས་བླངས༔ རྣལ་འབྱོར་པའི་བྲན་དུ་བཅས༔ སེམས་ཅན་རྣམས་ལ་མི་གནོད་པའི་ཁྲིམས་བྱས༔ ཚེས་བཅུ་ལ་གུ་རུ་དྲག་པོའི་མདུན་དུ་ཆོས་ཞུ་ཞིང་༔ ཆོས་ཀྱི་འཁོར་ལོ་བསྐོར་བ་དྲག་པོ་ཁྲག་འཐུང་རོལ་པའི་རྩ་རྒྱུད་ལས་བཤད་དེ༔ ད་ལྟ་ཡང་ཟངས་མདོག་དཔལ་གྱི་རིའི་ངོས་སུ་གུ་རུ་དྲག་པོའི་སྐུར་བཞེངས་ནས༔ ལྷ་འདྲེ་དང་སྲིན་པོ་ཐམས་ཅད་དེ་ལྟར་བཏུལ་བར་གསུངས་པས༔ གུ་རུ་དྲག་པོ་འདི་ཡི་དབང་ཐོབ་ན་ལས་ཀྱི་རྣམ་པར་སྨིན་པ་ཡོད་ན་མ་གཏོགས་སོ༔ སྣང་སྲིད་ལྷ་འདྲེའི་གནོད་མི་ནུས་པའི་རྒྱུད་དེ་ལྟར་ཡིན་ནོ༔ ཁྱད་པར་དུ་སྔོན་བསམ་ཡས་སུ་གུ་རུ་དྲག་པོའི་སྐུར་བཞེངས་ནས་རྒྱལ་པོ་པེ་དཀར་བཏུལ་དུས༔ པེ་དཀར་གྱིས་སྲོག་སྙིང་ཕུལ་ཏེ༔ ཕྱི་རབས་ཀྱི་ཆོས་བྱེད་བུ་བཞིན་སྐྱོང་བ་དང་༔ སངས་རྒྱས་ཀྱི་བསྟན་པ་བསྲུང་བ་དང་༔ ཁྱད་པར་


CMR009_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་སྐྱོང་བ་དང་༔ སྔགས་པའི་སྲུང་མ་བྱེད་དེ་ཕྲིན་ལས་སྒྲུབ་པ་དང་༔ ཁྱད་པར་གསང་སྔགས་རྙིང་མ་དང་༔ ཨོ་རྒྱན་ཆེན་པོའི་བརྒྱུད་འཛིན་ལ་འཁུ་ལྡོག་མི་བྱེད་བུ་བཞིན་སྐྱོང་༔ ཕྲིན་ལས་གང་བཅོལ་སྒྲུབ་པར་སྲོག་འཕྲོག་སྟེ་བྲོ་བོར་དམ་ལ་བཞག་གོ༔ དེའི་ཕྱིར་འདིའི་དབང་ཐོབ་ན་རྒྱལ་བོ་པེ་དཀར་འཁོར་བཅས་ཀྱི་གནོད་པ་མི་འབྱུང་བའོ༔ སྙིགས་མའི་དུས་སུ་རྒྱ་འདྲེ་འགོང་པོ་བོད་དུ་དར་ཚུལ་ལུང་བསྟན་ལས་ཀྱང་༔ དམ་སྲི་གདུག་པ་ཅན་འདིས་སྙིགས་མའི་འགྲོ་བ་དབུགས་སྡུད་པར་འགྱུར་ཏེ༔ པདྨ་ང་ཡི་བརྒྱུད་འཛིན་ལ་འཕྲལ་དུ་གནོད་པ་མི་ནུས་ཏེ༔ གལ་ཏེ་གནོད་ཚབས་ཆེ་ན་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དང་༔ བོད་ཀྱི་བརྟན་མ་རྣམས་ཁོའི་གཤེད་དུ་འབབ་པ་བྱེད་དོ༔ ཞེས་གསུངས་པའི་ཕྱིར༔ འདིའི་དབང་ཐོབ་ན་རྒྱ་འདྲེ་དང་འགོང་པོའི་གནོད་པ་ཡང་ཞིའོ༔ དུས་ཀྱི་ཐ་མ་ལྔ་བཅུ་ཁ་རལ་དུས༔ མི་རྣམས་ཆོས་ལོག་མི་དགེ་སྣ་ཚོགས་བྱེད༔ སྣང་སྲིད་ལྷ་འདྲེའི་གདུག་རྩུབ་རླུང་ལྟར་འཚུབ༔ རྒྱལ་བསེན་གཟའ་ཀླུའི་འགྲོ་བའི་དབུགས་སྡུད་ཚེ༔ ལོ་ཉེས་དུས་འཁྲུག་ནད་ཀྱིས་མི་ཐོག་འབུད༔ དེ་ལྟའི་དུས་ན་


CMR009_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་རྟགས་མཚན་ཆེ༔ ལྷ་སྲིན་གདུག་པའི་སྲོག་འཕྲོག་མཐུ་རྩལ་ལྡན༔ ཅེས་དང་༔ གདོན་དུ་རྒྱལ་པོ་དང་གཟའ་དང་༔ ཀླུ་བདུད་བསེན་མོའི་གདོན་ཅིང་མི་རྣམས་ཀྱི་སྙིང་དུ་འདི་དག་ཞུགས་ཏེ༔ རྒྱལ་ཁམས་ཐེའུ་རང་གི་ཁྲོམ་ལྟར་འཁྲུག་པ་འབྱུང་སྟེ༔ དེའི་དུས་སུ་ཞི་བས་མི་ཐུལ་ཏེ༔ སྣང་སྲིད་ལྷ་འདྲེའི་གཉེན་པོར་པདྨ་ང་ཉིད་དྲག་པོར་སྒྲུབ་པ་ཉི་ཤུ་ཤིན་ཏུ་ཟབ་གསུངས་ཏེ༔ ལྷོ་བྲག་མཁར་ཆུ་དེ་ཝི་ཀོ་ཊའི་གནས་སུ་གཏེར་དུ་སྦས༔ ཕྱིའི་གཏེར་སྲུང་དགེ་བསྙེན་སྨྱོ་ཁ༔ ནང་གི་བཀའ་སྲུང་སྤུ་གྲི་མཆེད་གསུམ༔ གསང་བའི་བཀའ་སྲུང་མཁའ་འགྲོ་སྡེ་ལྔ་ལ་གཏད་དོ༔ དེ་ནས་སློབ་དཔོན་སྲིན་ཡུལ་དུ་བྱོན་རྗེས་སུ༔ རྗེ་འབངས་ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱི་སྐྱེས་མཐའ༔ གཏེར་སྟོན་རཏྣ་གླིང་པ་གཏེར་འདི་འདོན་དུ་བྱོན་པས་དགེ་བསྙེན་སྨྱོ་ཁས་མཚོན་ཆའི་འཁོར་ལོ་བསྐོར་ནས་འདོན་མ་བཅུག༔ ང་གཏེར་གྱི་བདག་པོ་ཡིན་སྨྲས་པས༔ ད་དུང་དུས་ཚོད་ལོ་གཉིས་ལ་མ་ཐེམ་ཟེར་སྐད༔ དེ་ནས་ལོ་གཉིས་ཐེམ་ནས་བྱོན་པས༔ གཏེར་ཐོན་ཀྱང་འདི་ཤིན་ཏུ་གཉན་པས་འཁུ་ལྡོག་གིས་གཏེར་གཡོག་པའི་ལྟག་ལ་ལྷོག་པ་བརྒྱབ༔ གཏེར་སྟོན་ཡུན་


CMR009_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

རིང་བསྙུང་༔ རྟ་མགོ་ཅན་དང་གཡག་མགོ་ཅན་གྱིས་སྒར་གང་བ་བྱུང་༔ དེའི་ཚེ་ཨོ་རྒྱན་དང་བི་མ་ལ་དང་སྒྲོལ་མ་གསུམ་བྱོན་ནས་བར་ཆད་བསལ༔ ཤིན་ཏུ་གཉན་པའི་ཕྱིར་ལོ་བཅུ་གཉིས་ཀྱི་བར་དུ་མ་སྤེལ་བ་བཀའ་རྒྱས་གདམས༔ དེ་ལྟར་གཉེན་ཞིང་སློང་ཆེ་བར་བྱུང་ཡང་༔ རྗེས་ནས་བཀྲ་ཤིས་ཤིང་དར་རྒྱས་ཆེ་བར་ལུང་བསྟན་ཕྱིས་བཀའ་རྒྱ་བཀྲོལ་ནས་བོད་ཀྱི་སྡེ་པ་སྣེའུ་གདུང་རྩེར་གདན་དྲངས་ནས་རྒྱལ་པོའི་ཕོ་བྲང་དེར་ཤོག་སེར་རྣམས་ཕབ༔ དུས་དེང་སང་གི་བར་དུ་སྣེའུ་གདུང་རྩེར་འདིའི་སྒྲུབ་མཆོད་ཀྱང་བཙུགས༔ དེ་ནས་སྲས་སློབ་བརྒྱུད་རྣམས་ནས་བརྒྱུད་དེ་རྒྱ་ཆེར་འཕེལ་ལོ༔ བཞི་པ་འདིའི་ཕན་ཡོན་དགོས་ཆེད་ནི༔ གུ་རུ་དྲག་པོ་ཞལ་གསུམ་ཕྱག་དྲུག་ཕྲིན་ལས་ཀྱི་རྒྱུད་དྲེགས་པ་སྙིང་འབྱིན་ལས༔ དངོས་གྲུབ་གཞན་བས་འདི་དག་ཆེ༔ འགྲུབ་ཐག་གཞན་བས་མྱུར་བ་སྟེ༔ མཆོག་དང་ཐུན་མོང་དངོས་གྲུབ་རྣམས༔ ཞག་བདུན་འགྲུབ་འགྱུར་ཐེ་ཚོམ་མེད༔ ཅེས་དང་༔ དྲག་པོ་ཁྲག་འཐུང་རོལ་པའི་རྩ་རྒྱུད་མན་ངག་གི་ཏན་ལས༔ ཅིག་ཧཱུྃ༔ རྡོ་རྗེ་ཁྲག་འཐུང་ཐོད་ཕྲེང་ཁྲོས༔ འབྱུང་པོ་འདུལ་བྱེད་བཀའ་སྩལ་པ༔ ང་


CMR009_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དུས་གསུམ་སངས་རྒྱས་དང་༔ བདེ་གཤེགས་ཐམས་ཅད་འདུས་པའི་སྐུ༔ སངས་རྒྱས་ཀུན་འདུས་ལྷ་གཅིག་ཡིན༔ སྔགས་ཀྱང་བདེར་གཤེགས་སྤྱི་སྒྲུབ་ལས༔ ང་ལ་སྒོས་སུ་རྡུལ་ཙམ་མེད༔ ཨོཾ་དང་ཨཱདང་ཧཱུྃ་དང་གསུམ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཨཱནི་སྐྱེ་མེད་ཡིག་འབྲུ་ནི༔ ཙིག་གིས་ཆོ་འཕྲུལ་སྡེ་བརྒྱད་འདུལ༔ ནེར་ཙིག་ཆོས་ཉིད་རང་བྱུང་གསུང་༔ ན་མོ་གུས་པའི་བློ་བསྐྱེད་ལ༔ བྷ་ག་ཝ་ཏེ་བཅོམ་ལྡན་འདས༔ ཧཱུྃ་གཉིས་སྔགས་ཀྱི་ང་རོ་སྒྲོགས༔ སྡེ་བརྒྱད་ལྷ་སྲིན་དབང་དུ་གནོན༔ ཨ་ནི་སྐྱེ་མེད་ཆོས་སྒྲ་སྒྲོགས༔ ཧཱུྃ་ཧཱུྃ་ཕཊ་ཕཊཐོག་མདའ་འཕེན༔ སྣང་སྲིད་དྲེགས་པ་འདར་དང་ཆུམ་ཉི་ཤུ་རྩ་གཅིག་རྩ་སྔགས་འདི༔ སངས་རྒྱས་འདུས་པའི་ཡང་སྙིང་ཡིན༔ བདེ་གཤེགས་འདུས་པའི་སྙིང་པོ་ཡིན༔ ཡི་དམ་འདུས་པའི་རྩ་བ་ཡིན༔ ཁྲོ་བོ་འདུས་པའི་རང་སྒྲ་ཡིན༔ ལྷ་འདྲེ་འདུས་པའི་གཉའ་གནོན་ཡིན༔ སྡེ་བརྒྱད་འདུས་པའི་སྙིང་གཟེར་ཡིན༔ ཙིག་ཧཱུྃ་ཁྲི་ཕྲག་གཅིག་གིས་སྡེ་བརྒྱད་ཐུལ༔ སྟོང་ཕྲག་གཅིག་གིས་དམ་སྲི་ཆོམས༔ བརྒྱ་ཕྲག་གཅིག་གིས་རྒྱལ་བསེན་ཆུན༔ མཆོག་ལ་འབུམ་ལས་མི་དགོས་


CMR009_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སོ༔ འབུམ་ཕྲག་ཉི་ཤུ་སོང་བའི་མི༔ རྟོགས་ལྡན་རྣལ་འབྱོར་དབང་ཕྱུག་ཡིན༔ ལྷ་སྲིན་སྡེ་བརྒྱད་དེ་ལ་སྐྱོབས༔ སྲ་བའི་གོ་གྱོན་བཙན་མཁར་ཟིན་དབང་ཆེན་རྒྱུན་ཁྱེར་ཉམས་ལེན་སྲིད༔ དེ་ལས་སྒྲུབ་པར་མ་གསུངས་སོ༔ རྩ་རྒྱུད་དེ་ཉིད་ལས༔ སྔགས་ཀྱི་ཤམ་བུ་གསུངས་ནས༔ དེ་ལྟར་བསམ་ན་སྡེ་བརྒྱད་འཆི༔ དེ་ལྟར་བསམ་ན་སྡེ་བརྒྱད་བརླག༔ གཟའ་གདོན་རྒྱལ་བསེན་སྨོས་ཅི་དགོས༔ ཏྲཀ་ཤད་བེང་མ་སྐད་ངན་འདོན༔ སྡེ་བརྒྱད་གུ་ལོང་ར་ལྟར་གསོད༔ རྒྱལ་བསེན་དམ་སྲི་ཕྱེ་མར་བཏང་༔ ཁ་བ་ཅན་གྱི་དྲག་སྔགས་ལ༔ འདི་ཉིད་དོ་བ་མི་གདའ་འོ༔ ཞེས་གསུངས༔ རྩ་རྒྱུད་མན་ངག་གི་ཏན་ལས༔ ང་ཡི་མཐའ་རྒྱས་དྲག་སྔགས་ལས༔ སངས་རྒྱས་ཀྱིས་ཀྱང་ཚད་མི་ཟིན༔ ལས་ལ་སྟོང་ཕྲག་བཅུ་གཅིག་ཡོད༔ བནྡེ་བུ་ཆུང་བཀོལ་མི་ཟིན༔ འཁོར་ལོ་ཁྲི་ཕྲག་བཅོ་བརྒྱད་ཡོད༔ བན་ཆུང་དཔུང་མེད་བཀོལ་མི་ཟིན༔ དྲག་སྔགས་བྱེ་བྲག་སོ་བརྒྱད་ཡོད༔ ཐོས་ཆུང་གསར་བུས་གྲངས་མི་ཟིན༔ དམིགས་པའི་ལྷ་སྐུ་བརྗོད་ལས་འདས༔ དགེ་སློང་ཕལ་བས་བསམ་མི་ཚལ༔ ཞེས་གསུངས༔ གུ་རུ་


CMR009_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་དྲེགས་པ་སྙིང་འབྱིན་གྱི་རྒྱུད་ལས༔ ལས་ཚོགས་མཐའ་རྒྱས་དེ་ལྟར་ཏེ༔ གཞན་བས་ཟབ་ཅིང་མྱུར་བར་འོང་༔ ཞེས་གསུངས་སོ༔ གུ་རུ་དྲག་པོའི་སྒོ་ནས་དགྲ་བགེགས་བསད་པ་རྣམས་ཀྱང་འདྲེན་པ་ཡིན་ཏེ༔ པདྨ་དྲག་པོ་ཁྲག་འཐུང་རོལ་པའི་རྩ་རྒྱུད་ལས༔ སེམས་ཅན་དོན་དུ་ལྷ་སྲིན་བཅོམ༔ སྡེ་བརྒྱད་ཁྱོད་རྣམས་སྙིང་རེ་རྗེ༔ རྗེས་སུ་བཟུང་ནས་འདྲེ་ཡིན་ཀྱང་༔ མཐར་ཐུག་བདེ་བ་ཆེན་པོའི་སྐུ༔ གཉིས་མེད་ངང་དུ་སངས་རྒྱའོ༔ ཞེས་གསུངས་སོ༔ ཁྲོ་རྒྱལ་སྟོབས་འདུས་ལས༔ མདོར་ན་ཁྲི་ཕྲག་གཅིག་གིས་དྲེགས་པ་སྡེ་བརྒྱད་ཐུལ་ཞིང་༔ སྐུ་གསུང་ཐུགས་ལ་འབུམ་ཕྲག་རེ་རེ་ནས་གསུམ་བཟླས་ན༔ མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་ཅིང་༔ ཐོས་དང་དྲན་པ་ཙམ་གྱིས་ཀྱང་༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་འཁོལ་ཞིང་ལས་བྱེད་དོ༔ སྤྲིངས་ཡིག་གིས་སྡེ་བརྒྱུད་བཀའ་ཉན་པར་འགྱུར་རོ༔ ཞེས་དང་༔ སྲིད་གསུམ་ཟིལ་གནོན་ལས༔ དེ་ནི་ཚེ་འདི་ལ་བླ་མ་དྲག་པོའི་བྱིན་རླབས་བདག་དང་དབྱེར་མེད་དུ་འགྱུར་ཏེ༔ མཆོག་ཐུན་མོང་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་རོ༔ ལུས་རྗེས་རྣམ་ཤེས་འཕོས་མ་ཐག་ཏུ་ཨོཾ་


CMR009_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་བདག་གིས་ལམ་སྣ་དྲངས་ཏེ༔ རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་སུ༔ རིག་འཛིན་རྣམས་ཀྱི་གཞི་ཐོབ་པར་འགྱུར་ཏེ༔ མི་བསླུ་བའི་ཐ་ཚིག་ཅེས་གསུངས་སོ༔ དྲག་པོའི་ཕྱི་སྒྲུབ་ལས་དྲག་པོའི་སྔགས་རྒོད་འདི་ཉིད་ལ༔ ཁྲི་ཚོ་གཅིག་བཟླས་ན༔ དྲེགས་པ་སྡེ་བརྒྱད་ཐུལ་བར་འགྱུར་རོ༔ འབུམ་ཕྲག་གཅིག་བཟླས་པར་གྱུར་པས་ན༔ མཆོག་གི་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་ལ༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་བཀའ་ཉན་སྲོག་སྙིང་འབུལ༔ ཅི་བཅོལ་དགོས་པའི་བཀའ་ཉན་པར་འགྱུར་ཏེ༔ མཐུ་དང་ནུས་པ་བསམ་གྱིས་མི་ཁྱབ་བོ༔ ཞེས་དང་༔ དམིགས་པ་ངར་དང་ལྡན་པར་བཟླས་པས༔ སྡེ་བརྒྱད་ཐམས་ཅད་ཐལ་བར་བརླག་པར་འགྱུར་ཏེ༔ བདག་མཐོང་བ་ཙམ་གྱིས་བརྒྱལ་བར་འགྱུར་རོ༔ ཞེས་དང་༔ དྲག་པོའི་ནང་སྒྲུབ་ལས༔ འདི་ལ་འབུམ་ཕྲག་གཅིག་བསྙེན་ན༔ མཐུ་དང་ནུས་པ་པདྨ་ཧེ་རུ་ཀ་དང་མཉམ་སྟེ༔ ཀླུ་དང་རྒྱལ་བསེན་བཀའ་ཉན་དམ་ལ་འདུ་ཞིང་༔ ལྷ་སྲིན་སྡེ་བརྒྱད་བྲན་ལྟར་ཉན་པར་འགྱུར༔ ཞེས་དང་༔ ཡང་གསང་བླ་མེད་སྒྲུབ་པ་ལས༔ འབུམ་ཕྲག་བདུན་བཟླས་ན་མཆོག་གི་


CMR009_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཐོབ་ཅིང་༔ ཐུན་མོང་གི་དངོས་གྲུབ་ཞོལ་ལ་འགྲུབ་བོ༔ ཞེས་དང་༔ ཀུན་དྲིལ་ཡིད་བཞིན་ནོར་བུ་ལས༔ སུ་ཡིས་སྒྲུབ་ཀྱང་བར་དོའི་ས་མཚམས་ནས༔ ཨོ་རྒྱན་རྗེ་ཡི་ཐུགས་རྗེས་མི་འཛིན་རེ༔ ཞེས་དབུ་བསྙུང་བཞེས་སོ༔ ཨོ་རྒྱན་ཐུགས་སྒྲུབ་དྲག་པོའི་སྒྲུབ་ཁོག་ལས༔ སྔགས་ཨ་ཙིག་འདི་གསུངས་ནས་ཞེས་པ་འབུམ་ཕྲག་གཅིག་བཟླས་ན༔ པདྨ་དངོས་སུ་མཇལ་བར་འགྱུར་རོ༔ དང་པོ་རྟགས་ནི་འོད་དང་མེ་ཆེན་འབར༔ ཉམས་དགའ་རིག་པ་འུར་བ་དང་༔ སྣང་བ་འགྱུར་དང་ཤེས་པ་འཕྱོ༔ དགའ་སྤྲོ་ལྷག་པའི་བསམ་པ་འབྱུང་༔ དེ་ནི་ཨོ་རྒྱན་ཐུགས་སྒྲུབ་ཀྱི༔ བྱིན་རླབས་སྙིང་ལ་ཞུགས་པའི་རྟགས༔ གཉིས་པའི་རྟགས་སུ་སྨྲ་བརྗོད་བདེ༔ ངག་བཙུན་མགྲིན་པ་བདེ་བ་དང་༔ གསུང་མི་འགག་ཅིང་ཅི་ཡང་སྨྲ༔ ངག་གི་ཚིག་ལས་གཞན་མི་གད༢༔ གླུ་ལེན་རྒོད་བྲོ་ཉམས་འཆར་ཞིང་༔ མ་བསླབས་ཆོས་སྒོ་སྨྲ་བར་ནུས༔ སྒྲ་དང་བསྟན་བཅོས་ལ་མཁས་ཤིང་༔ འཛིན་བཟང་སྨྲ་བརྗོད་ཤེས་རབ་རྣོ༔ དེ་ནི་ཨོ་རྒྱན་ཐུགས་སྒྲུབ་ཀྱི༔ བྱིན་རླབས་ངག་ལ་ཞུགས་པའི་རྟགས༔ གསུམ་པའི་རྟགས་སུ་གཟི་བརྗིད་ཆེ༔ ནད་མེད་ཚེ་


CMR009_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

རིང་གཞོན་ཤ་ཆགས༔ བཀྲག་ལེགས་མདངས་མཚར་དབང་པོ་རྣོ༔ སྤྱན་གསལ་ཤ་རྒྱས་མགུལ་པ་དང༔ སྐྲ་དཀར་ནག་ཅིང་ཚེམས་དང་ལྡན༔ རླུང་གི་ཤུགས་ལྡན་རྐང་མགྱོགས་འགྲུབ༔ དྲེགས་པ་ཅན་རྣམས་ཟིལ་གནོན་ཞིང་༔ གཟུགས་མཛེས་གཞན་གྱི་ཡིད་དུ་འོང་༔ རྩལ་དང་ལྡན་ཞིང་སྟོབས་རྒྱས་འགྱུར༔ དེ་ནི་ཨོ་རྒྱན་ཐུགས་སྒྲུབ་ཀྱི༔ བྱིན་རླབས་ལུས་ལ་ཤར་བའི་རྟགས༔ ཁྱད་པར་མཆོག་ལ་རྟགས་རྣམས་འབྱུང་༔ བག་ཆགས་བྱང་ཞིང་རྨི་ལམ་འཆད༔ འཁྲུལ་སྣང་བཟློག་ཕྱིར་འདི་ལྟར་འོང་༔ རང་བྱུང་ཡེ་ཤེས་ཤར་རྟགས་སུ༔ ལུས་ལ་ཇི་ལྟར་ཤར་བ་དང་༔ གཞན་དོན་འགྲུབ་རྟགས་ཚོགས་དཔོན་བྱེད༔ ལྷ་སྲིན་སྡེ་བརྒྱད་བྲན་ཁོལ་རྟགས༔ དམག་ཚོགས་མང་པོའི་དཔོན་བྱེད་དང་༔ སེམས་ཅན་གཞན་དོན་འགྲུབ་རྟགས་སུ༔ ཆུ་ཆེན་ལས་སྒྲོལ་མཉེན་པ་བྱེད༔ མཆོག་དང་ཐུན་མོང་ཐོབ་པའི་རྟགས༔ མེ་ཏོག་དཀར་དམར་ཐུ་བ་དང་༔ མཁའ་འགྲོ་འགྲུབ་རྟགས་བུད་མེད་འདུ༔ དཔའ་བོ་འགྲུབ་རྟགས་སྐྱེས་པ་དགའི༔ སྒྲིབ་པ་བག་ཆགས་བྱང་བའི་རྟགས༔ རང་གི་ལུས་ལས་རྣག་ཁྲག་འཛག༔


CMR009_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཐུལ་རྟགས་སུ་ཁྱུང་ལ་ཞོན༔ ས་བཅུ་ནོན་རྟགས་གླང་ཆེན་ཆིབས༔ ཐར་ལམ་བགྲོད་རྟགས་ཟམ་པ་བཙུགས༔ འཁོར་བ་བསྒྲལ་ཕྱིར་ཆུ་ཆེན་སྒྲོལ༔ ཉོན་མོངས་ལས་ཐར་གངས་ལ་འཛེག༔ གདེང་ཚད་ལྡན་ཕྱིར་ཆུ་བོ་བསྒྱུར༔ རིགས་ལྡན་བུད་མེད་ལུང་ཡང་སྟོན༔ རྨི་ལམ་པདྨའི་ཞལ་མཇལ་སོགས༔ སྒྲུབ་རྟགས་ལ་སོགས་རྨི་ལམ་འབྱུང་༔ དེ་ལྟར་བསྒྲུབས་པའི་རྟགས་མཐོང་ནས༔ དམ་ལ་གནས་ཤིང་གཏོར་མ་བརྩོན༔ རྒྱུན་དུ་བཟླས་པས་སྒྲིབ་བྱང་ནས༔ བླ་མ་ཉིད་དང་འབྲལ་བ་མེད༔ དུས་གསུམ་རྒྱལ་བ་སྤྲིན་ལྟར་འདུ༔ མ་ཚོགས་མཁའ་འགྲོའི་བསྒོ་བ་ཉན༔ འབྱུང་པོ་དྲེགས་པ་བརྒྱལ་ཞིང་འབྲོས༔ ལྷ་སྲིན་སྡེ་བརྒྱད་བྲན་གཡོག་བྱེད༔ དེ་བས་དམ་ཅན་རྒྱ་མཚོའི་ཚོགས༔ ལུང་བསྟན་ཆོས་འཆད་ལེགས་ཉེས་སྨྲ༔ འདྲེ་གདོན་ཀུན་ལ་སྤྲིངས་ཡིག་ཐེང་༔ དགྲ་བགེགས་གཉིས་ལ་ཁྲོས་པས་སྒོལ༔ ལོག་པར་ལྟ་བ་དྲན་པས་འདུལ༔ འདི་ལ་དངོས་གྲུབ་བརྗོད་མི་ལང་༔ ཕྱི་མ་ཨོ་རྒྱན་ཡུལ་དུ་སྐྱེ༔ གུ་རུ་ཡབ་ཡུམ་བུ་བཞིན་སྐྱོང་༔ དེ་སོགས་ཡོན་ཏན་བསམ་མི་ཁྱབ༔ དངོས་གྲུབ་སྤྲིན་ལྟར་འཐིབ་པར་འགྱུར༔


CMR009_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལས་ཟབ་པ་ཡོད་རེ་ཀན༔ དགྲ་ལ་རྣོ་ཞིང་བགེགས་ལ་མྱུར༔ འགྲུབ་ཐག་ཉེ་ཞིང་དམ་ཚིག་སླ༔ རྫས་ཉུང་མཐུ་ཆེ་ཡོན་ཏན་མང་༔ འདི་དང་ལྡན་པའི་རྣལ་འབྱོར་ལ༔ ལྷ་སྲིན་རྣམས་ཀྱི་སྲོག་སྙིང་འབུལ༔ འགྲོ་བ་མི་རྣམས་དབང་དུ་འགྱུར༔ བསོད་ནམས་ཆེ་ཞིང་བཀྲ་ཤིས་ཕྱུག༔ བསམ་པ་ཀུན་འགྲུབ་ཐེ་ཚོམ་མེད༔ གཞན་ཡང་ཐུགས་སྒྲུབ་འདི་དག་ནི༔ འགྲུབ་རྟགས་ཐེའུ་རང་ལས་མྱུར༔ སྟོབས་ནི་ཧེ་རུ་ཀ་ལས་ཆེ༔ འགྲུབ་རྟགས་ཉེ་ཕྱིར་སྔགས་ཁྲིས་འགྲུབ༔ སྟོན་ཆེ་ཕྱིར་ན་ཡ་ཀི་ཡི༔ ཀུན་བཟང་ཡབ་ཡུམ་མན་ཆད་ནས༔ རྣོ་ཚད་ཕྱིར་ན་མ་ཀི་ཡི༔ གྲོང་རྒྱུན་ཐེའུ་རང་གཅིག་ལའང་ཕེབས༔ ཟབ་དང་མི་ཟབ་འགྲན་ཟླ་མེད༔ འདི་ཡི་ཐུན་མོང་དངོས་གྲུབ་ནི༔ བནྡེས་འདྲེ་བརྡུངས་བྱས་གྱུར་ཀྱང་༔ ཕྱི་མ་ཕྱག་རྒྱ་ཆེན་པོ་བརྙེས༔ འདི་འདྲའི་སྒྲུབ་པ་གཞན་ན་མེད༔ ཡིད་ལ་ཨེ་འདུག་ལྟོས་ལ་གྱིས༔ སྒྲུབ་མྱུར་སྟོབས་ཆེ་འདི་འདྲ་དཀོན༔ ལས་སླ་དོན་ཆེན་འདི་འདྲ་དཀོན༔ རུ་ང་ཁུང་མེད་འདི་འདྲ་དཀོན༔ མཆོག་སྒྲུབ་མཐུ་ཡོད་འདི་འདྲ་དཀོན༔ ཐུན་མོང་ལས་མེད་མཆོག་སྒྲུབ་པའི༔ མཆོག་ཐུན་


CMR009_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲག་པའི་སྒྲུབ་སྡེ་ནི༔ རྣལ་འབྱོར་སྐྱིད་འདོད་ཅན་གྱིས་ཉམས་སུ་ལོངས༔ སྔགས་འཆང་འདོད་ཁ་ཅན་གྱིས་ཉམས་སུ་ལོངས༔ བྱང་སེམས་འགྲོ་དོན་ཅན་གྱིས་ཉམས་སུ་ལོངས༔ མཐུ་དགོས་ཆོས་འདོད་ཅན་གྱིས་ཉམས་སུ་ལོངས༔ བནེ་གྲགས་འདོད་ཅན་གྱིས་ཉམས་སུ་ལོངས༔ དད་ཅན་མོས་གུས་ཅན་གྱིས་ཉམས་སུ་ལོངས༔ འཚོགས་འདུལ་འཚོགས་པ་ཅན་གྱིས་ཉམསསུ་ལོངས༔ སྲན་མེད་སྐྱིད་འདོད་ཅན་གྱིས་ཉམས་སུ་ལོངས༔ ཁས་ཉན་དགྲ་བརྙས་ཅན་གྱིས་ཉམས་སུ་ལོངས༔ དེ་དག་རྣམས་ལ་གཏེར་སྲུང་སྤུན་གསུམ་གྱིས༔ བཀའ་འདི་ཀློད་ལ་སྤེལ་གཅིག་ས་མ་ཡཱ༔ དམ་མེད་སྡིག་སྤྱོད་མཁན་ལ་ཤོར་ར་རེ༔ བློ་མང་དཀྲུགས་ཤིང་མཁན་ལ་ཤོར་ར་ར༔ ལོག་ལྟ་སྐུར་འདེབས་མཁན་ལ་ཤོར་ར་རེ༔ རྣམ་རྟོག་ཐེ་ཚོམ་ཅན་ལ་ཤོར་ར་རེ༔ ངན་པ་ལྐོག་སྨྲས་ཅན་ལ་ཤོར་ར་རེ༔ དམ་མེད་དཔེ་ཀུན་མཁན་ལ་ཤོར་ར་རེ༔ ཆོས་དྲེད་སྡིག་སྤྱོད་མཁན་ལ་ཤོར་ར་རེ༔ སློབ་མ་དམ་མེད་མཁན་ལ་ཤོར་ར་རེ༔ དེ་རྣམས་ཀུན་ལ་མ་གཏད་བཀའ་འདི་སྲུངས༔ སྐྱེས་བུ་ལེགས་རྩལ་སྤྱན་གསུམ་མ་གཡེལ་ཅིག༔ ཅེས་


CMR009_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་དང་༔ དྲག་པོའི་ཐུགས་ཁྲིད་ལས༔ མ་འོངས་ཁམས་དང་གཙང་ཕྱོགས་སུ༔ བསྟན་པ་དར་ཞིང་རྒྱས་པར་འགྱུར༔ ཞེས་པའི་ཕྱིར༔ གུ་རུ་དྲག་པོ་ལ་ཡང་རིགས་མང་ན་ཡང་༔ རཏྣ་ལུགས་འདི་ཁམས་ཕྱོགས་སུ་བཀའ་བབས་པས་བྱིན་རླབས་ཁྱད་པར་ཆེ་བ་ཡིན༔ དེ་ལྟར་གདོན་དང་ལྷ་སྲིན་ཐམས་ཅད་འདུལ་ཞིང་༔ ཚུལ་གང་གིས་མི་ཚུགས་པ༔ རྡོ་རྗེ་ཕ་ལམ་ལྟ་བུ་ཟབ་ལ་རྒྱ་ཆེ་བའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ༔ ཞེས་པ་དབོན་པོ་བླ་མ་རྒྱལ་མཚན་གྱིས་རིང་ནས་བསྐུལ་བས༔ མེ་འབར་ལུག་གི་ལོ་དབྱར་ཟླ་ཐ་ཆུང་ཚ་ངད་རྒྱས་པའི་དུས་ཀྱི་དམར་པོའི་ཕྱོགས༔ དྲག་པོའི་ལས་ཐམས་ཅད་འགྲུབ་པ་དྲག་ཅིང་རྩུབ་པའི་ཉིན༔ སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་པའི་ཡི་གེ་པ་ནི་བླ་མ་མུ་པ་པདྨ་དད་པའོ༔ འདི་ལ་ཉེས་འགལ་མཆིས་ན་བཀའ་སྲུང་རྣམས་ལ་བཤགས་ཤིང་༔ དགེ་བས་མཐོང་ཐོས་དྲན་རེག་བདུད་བཞིའི་གཡུལ་ལས་རྒྱལ་བར་གྱུར་ཅིག༔ སརྦ་མངྒ་ལཾ།། དགེའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གུ་རུ་མེ་འཁྱིལ་གྱི་གཏོར་དབང་བྱིན་རླབས་སྤྲིན་ཕུང་།


CMR009_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་མེ་འཁྱིལ་གྱི་གཏོར་དབང་བྱིན་རླབས་སྤྲིན་ཕུང་བཞུགས་སོ།


CMR009_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་མེ་ཏོག་ཚོམ་བུ་བརྟེན་ནོ༔ གཏོར་མ་རིན་ཆེན་འབར་བ་ཤ་ཁྲག་གིས་བརྒྱན༔ གཞན་ཡང་སྨན་རཀ་གཏོར་མ་གང་དགོས་བཤམས༔ ལས་བུམ་བཤམས༔ གུ་རུ་ཞི་དྲག་གི་ལས་བྱང་གང་རུང་བྱ༔ དེ་ནས་སྐད་ཅིག་ལ་གནས་འགྱུར་ནས༔ བདག་དང་གཏོར་མ་གཉིས་ཀ་དྲག་པོ་ཕྱག་གཉིས་པ་གསལ་གདབ་ལ་བསྙེན་པ་ཅི་འགྲུབ་བྱ༔ ལས་བུམ་དུ་དྲན་རྫོགས་བདུད་རྩི་འཁྱིལ་པ་ལྗང་ཁུ་རྒྱ་གྲམ་དང་སྡིགས་མཛུབ་ཅན་བསྐྱེད་ལ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བཟླས༔ དེ་ནས་སློབ་མ་ཁྲུས་བྱས་མཎྜལ་ཕུལ་ལ༔ བགེགས་གཏོར་སྤྱི་ལྟར་བཏང་༔ དེ་ནས་རོལ་མོ་དང་བཅས་ཏེ༔ ཧཱུྃ༔ ང་ནི་ཁྲོ་རྒྱལ་འཇིགས་པའི་སྐུ༔ ཞེས་སོགས་ནས༔ ཨོཾ་སུཾ་བྷ་ནི་སོགས་བརྗོད་ཅིང་ནས་


CMR009_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བྲབ༔ ཧཱུྃ༔ བདག་ནི་འབར་བ་དབང་གི་བདག་ཉིད་དེ༔ ཞེས་སོགས་ནས༔ ཨོཾ་བཛྲ་ཙཀྲ་ཏིག་སོགས་བརྗོད་པས་སྲུང་འཁོར་བསྒོམ༔ འོ་ན་ད་ལམ་ཁྱེད་རྣམས་ལ་གུ་རུ་དྲག་པོའི་དབང་བསྡུས་པ་གཏོར་དབང་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ་བསྐུར་བ་ཡིན་ཏེ༔ འདི་ནི་ཏིང་ངེ་འཛིན་ནོར་བུ་ལུགས་སུ་བསྐུར་བ་ཞེས་བྱ་བ་ཤིན་ཏུ་གཉན་པས་དམ་ལྡན་བདུན་ལས་མང་བར་བསྐུར་དུ་མི་རུང་ཞེས་དང་༔ ཏིང་ངེ་འཛིན་གྱི་གཏོར་དབང་ནོར་བུ་ལུགས་སུ་བསྐུར་བ་ཞེས་བྱ་བ་འདི༔ ཤིན་ཏུ་བྱིན་རླབས་ཆེ་ཞིང་༔ བཀའ་གཉན་པས་སྣོད་མིན་ལ་གསང་ངོ་༔ གར་ཐོད་ཐོད་དུ་མི་བྱའོ༔


CMR009_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ༔ དྲེགས་པ་འདུལ་བྱེད་ཐོད་ཕྲེང་རྩལ༔ ལྷ་སྲིན་གདུག་པ་དམ་ལ་བཏགས༔ ཁྲོ་རྒྱལ་དཔལ་ལ་ཕྱག་འཚལ་ལོ༔ རྗེ་བཙུན་ཨོ་རྒྱན་པདྨ་ལ༔ བདག་འདྲ་ཡེ་ཤེས་མཚོ་རྒྱལ་གྱིས༔ མཁར་ཆུ་དགོངས་པ་ཡང་ཕུག་རུ༔ ཐུགས་སྒྲུབ་དྲག་པོ་གཏེར་གཅིག་མ༔ ཀུན་གྱི་ཡང་ཞུན་རྩོད་བྲལ་འདི༔ གུས་པས་ཞུས་ཏེ་ཡི་གེར་བྲིས༔ ལྷོ་གཏེར་འབྲས་བུའི་ཚུལ་དུ་སྦས༔ དུས་ཀྱི་ཐ་མར་སྐྱེས་བུ་སྙིང་སྟོབས་ཅན༔ ཆོས་བདག་བུ་དང་འཕྲད་ནས་སྤྱོད་པར་འགྱུར༔ དུས་ཀྱི་སྙིགས་མ་ལ༔ པྲ་ཏ་བོད་ཀྱི་རྒྱལ་ཁམས་འདིར༔ ལོག་ཆོས་འདྲ་མིན་མང་དུ་དར་ཞིང་༔ རང་འདོད་ཀྱིས་ལྟ་བ་ཁ་བདག་བྱས་ཏེ༔ གཞན་ཕྱོགས་རྣམས་དགག་ལ༔ ཁྱད་པར་པདྨ་ངའི་བཀའ་ལ་རལ་ཆོད་བྱེད༔ ལྷར་འགོང་པོ་དང་དམ་སྲི་མཆོད༔ དེར་བོད་ཀྱི་བརྟན་མ་དང་དགེ་བསྙེན་འཁྲུགས་ཏེ༔ དུས་འཁྲུགས་ལོ་ཉེས་ནད་ཡམས་ཀྱིས་མི་ཐོག་འབུད་པ་འབྱུང་ངོ་༔ དཔོན་འོག་གཡོག་མི་འདུ་བར་བཙན་རྫོང་གིས་འགེང་༔ མི་རྣམས་སླ་ངར་བརྗོ༔ བདེ་བའི་གོ་སྐབས་མེད་པར་འོང་ཞིང་༔ གདོན་དུ་རྒྱལ་པོ་དང་གཟའ་དང་ཀླུ་བདུད་དང་བསེན་མོས་གདོན་ཅིང་༔


CMR009_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཡི་སྙིང་དུ་འདི་དག་ཞུགས་ཏེ༔ རྒྱལ་ཁམས་ཐེའུ་རང་གི་ཁྲོམ་ལྟར་འཁྲུག་པ་འབྱུང་སྟེ༔ དེའི་དུས་སུ་ཞི་བས་མི་ཐུལ་ཏེ༔ སྣང་སྲིད་ལྷ་འདྲེའི་གཉན་པོ་པདྨ་བདག་དྲག་པོར་སྒྲུབ་པ་ཁག་ཆེ་ཞིང་༔ ཤིན་ཏུ་ཟབ་གསུངས་ཏེ༔ མཚོ་རྒྱལ་བདག་གིས་གུ་རུའི་གསུང་བཞིན་ཐུགས་སྒྲུབ་དྲག་པོའི་གཏེར་ཁ་ལྔ་ཙམ༔ བོད་མཐའ་དབུས་ཕྱོགས་མཚམས་སུ་སྦས་ཏེ༔ དེ་ཡང་ལྷོ་གཏེར་འབྲས་བུའི་ཚུལ་དུ་སྦས་པ་འདི༔ ས་འོག་ཀུན་གྱི་གཏེར་གཅིག་མའོ༔ མ་འོངས་པ་ན་གདོལ་པ་ཅན་ཟོག་པོས་དྲག་བསྒྲུབ་ཟེར་ཞིང་༔ གཏེར་རྫུན་མང་པོ་འབྱུང་སྟེ༔ བར་ཆད་ཀྱི་སྣང་བ་ལ་འགུགས་པས་བཀྲ་མི་ཤིས༔ སྨོན་ལམ་དག་པའི་སྐྱེས་བུ་རྣམས་ཀྱིས་འདི་ལ་སྤྱོད་པར་འགྱུར་རོ༔ ཞེས་གསུངས་པའི་དྲག་སྒྲུབ་འདི་ལ་དབང་གི་རིགས་ལྔ་སྟེ༔ དབང་ཆེན་མོ་རྡོ་རྗེ་ཕྲེང་བ་དྲེགས་པའི་སྲོག་ཏིག་དམར་ནག༔ འབྲིང་བ་གཏོར་དབང་ནོར་བུ་ལུགས་སུ་བསྐུར་བ༔ བསྡུས་པ་གཏོར་དབང་བྱིན་རླབས་སྤྲིན་ཕུང་༔ གསང་དབང་བདེ་ཆེན་འཁོར་ལོ༔ དྲེགས་པའི་སྲོག་དབང་དམར་ནག་མེའི་འཁོར་ལོ་དང་ལྔ་ལས༔ ད་ལམ་གཏོར་དབང་བྱིན་རླབས་སྤྲིན་ཕུང་ཞུ་བའི་


CMR009_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རྗེས་ཟློས་མཛོད༔ ན་མོ༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ འཁྲོས་པའི་རྒྱལ་པོ་ཧེ་རུ་ཀ༔ འཇིགས་བྱེད་དྲག་པོའི་དཀྱིལ་འཁོར་དུ༔ བདག་ཅག་ཡང་དག་གཞུག་ཏུ་གསོལ་༔ དྲག་པོའི་དབང་བཞི་རྫོགས་པ་དང་༔ བྱིན་རླབས་འཇུག་པར་མཛད་དུ་གསོལ༔ ལན་གསུམ་ཞུས་ནས༔ བླ་མས༔ ཚུར་ཤོག་བླ་མེད་གསང་བ་ཡི༔ སྣོད་དང་ལྡན་ན་རྗེས་སུ་བཟུང་༔ མཆོག་གི་དངོས་གྲུབ་དམ་པ་ཐོབ༔ ཁྱེད་ཅག་ལས་སད་སྐལ་བར་ལྡན༔ ཞེས་བརྗོད༔ སྐྱབས་སེམས་ནི༔ གཞུང་ན་མེད་དེ་གཏེར་གཞུང་ནས་སབ་པར་བྱ་དགོས་པ་སྟེ༔ སྐྱབས་སེམས་འདིའི་རྗེས་ཟློས་མཛོད༔ ན་མོ༔ བདེ་གཤེགས་རྒྱལ་བ་འདུས་པའི་སྐུ༔ རྩ་བ་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དྲུག་སྒྲོལ་བར་དམ་བཅའ་འོ༔ ཞེས་ལན་གསུམ༔ དེ་ནས་ལས་བུམ་ཐོགས་ལ༔ ཧཱུྃ༔ ཡེ་ཤེས་གསང་བ་མཆོག་གི་ནི༔ དམ་ཚིག་ཆེན་པོ་མཆོག་ཐོབ་འགྱུར༔ འདི་ཉིད་ཉམས་ན་སྲེག་བྱེད་ཅིང་༔ བསྲུང་ན་དངོས་གྲུབ་


CMR009_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཐོབ་འགྱུར༔ བུམ་ཆུ་སྦྱིན་ཏེ༔ ས་མ་ཡ་ཨི་དན་ཧཱུྃ༔ ཅེས་བྱིན་ལ༔ ལག་ཏུ་རྡོ་རྗེ་གདེངས་ཤིང་༔ ཧཱུྃ༔ དེང་ནས་བརྩམ་སྟེ་བུ་ཁྱོད་ཀྱིས༔ རྡོ་རྗེ་འཛིན་པ་ང་ཡིན་པ༔ བཀའ་ལས་འདའ་བར་མི་རུང་ངོ་༔ རྡོ་རྗེ་སྤྱི་བོར་བཞག༔ བཛྲ་ས་མ་ཡ༔ ཡང་རྡོ་རྗེ་གདེངས་ཐབས་སུ་འཛིན་ཏེ༔ ཧཱུྃ༔ དེ་རིང་དྲག་པོ་ཁྲོས་པའི་རྒྱལ༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ ཚུལ་འདི་སྨྲས་ན་ཉམས་འགྱུར་ཏེ༔ ཤིན་ཏུ་གསང་ངོ་རིགས་ཀྱི་བུ༔ སྙིང་གར་བཞག་ལ༔ བཛྲ་ས་མ་ཡ་ཧཱུྃ༔ དཔྲལ་བར་སྐུའི་ས་བོན་ཨོཾ་དཀར་པོ༔ མགྲིན་པར་གསུང་གི་ས་བོན་ཨཱཋདམར་པོ༔ སྙིང་གར་ཐུགས་ཀྱི་ས་བོན་ཧཱུྃ་མཐིང་ནག་གིས་མཚན་པར་གྱུར༔ རྡོ་རྗེ་གནས་གསུམ་དུ་གཏུག་ཅིང་༔ ཨོཾ་ཨཱཿཧཱུྃ༔ བརྗོད་དེ༔ ས་བོན་བཞག་གོ༔ དེ་ནས་དབང་བསྐུར་བ་ནི་སློབ་བུ་རྣམས་ལ་ལུང་གསལ་བར་འབོགས་ལ་བསྐུར་ཞེས་གསུངས་པས༔ ངེད་བླ་མ་རང་དང་ཁྱེད་རང་སློབ་བུ་རྣམས་དང་༔ དབང་རྫས་གཏོར་མ་དང་གསུམ་ཁ་བསྐྱེད་པའི་རིམ་པ་ནི་འདི་ལྟར་གསལ་བར་སྒོམས་ཤིག༔ སྟོང་པའི་ངང་ལས་ཨེ་ལས་གྲུ་གསུམ་དམར་ནག་འབར་བའི་ཀློང་དུ༔ ཉི་ཟླ་པདྨ་བདུད་བཞི་བསྣོལ་བའི་སྟེང་


CMR009_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

དུ༔ ཧཱུྃ་དམར་ནག་ལས་འོད་ཟེར་ཕར་འཕྲོས༔ འཕགས་པ་མཆོད་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས༔ དགྲ་བགེགས་ཚར་བཅད༔ ཚུར་འདུས་ཡོངས་སུ་གྱུར་པ་ལས་བདག་ཉིད་གུ་རུ་དྲག་པོ་སྐུ་མདོག་དམར་ནག་མེ་ཡི་འོད་ཟེར་འཕྲོ་བ༔ སྤྱན་གསུམ་སྡང་མིག་ཏུ་བསྒྲད་པ༔ ཞལ་གདངས་མཆེ་བ་བཞི་གཙིགས་པ༔ ལྗགས་འདྲིལ་བ༔ སྨིན་མ་དང་སྨྲ་རའི་རྩེ་ལ་མེ་སྟག་གིས་ཚྭ་ཚྭ་འཕྲོ་བ༔ དབུ་སྐྲ་ཁམ་སེར་སྤྱི་བོར་འཁྱིལ་ཞིང་རྒྱབ་ནས་འཕྱང་བ༔ གཡས་གནམ་ལྕགས་ཀྱི་རྡོ་རྗེ་ཁ་གདེངས་བ་ནམ་མཁའ་ལ་ཕྱུར་བ་ཕྱག་གཡོན་པས་ལྕགས་ཀྱིས་སྡིག་པ་མགོ་དགུ་པས་གནོད་བྱེད་གདོན་བགེགས་ཀྱི་སྙིང་ཁྲག་འཇིབ་ཅིང་སྐན་སྒྲ་རྡེབ་པ༔ གླང་ཆེན་གྱི་ཀོ་རློན༔ ཞིང་ཆེན་གྱི་གཡང་གཞི༔ སྟག་ལྤགས་ཀྱི་ཤམ་ཐབས༔ སྦྲུལ་རིགས་ལྔའི་སྐུ་ལ་བརྒྱན་ཅིང་༔ ཐོད་སྐམ་ལྔ་ཡི་དབུ་ལ་རྒྱན་པ༔ མི་མགོ་ལྔ་བཅུའི་དོ་ཤལ་བྱས་པ༔ དཔའ་བོའི་གར་གྱི་ཉམས་དགུ་དང་ལྡན་པ༔ སྐུ་ཆེ་ཞིང་ཡན་ལག་རགས་པ༔ འཇིགས་སུ་རུང་བ༔ སྐུ་ལ་ཁྲོ་ཆུང་མཚོན་ཆའི་ཆར་འབེབས་པའོ༔ དེ་ལ་སྐུའི་དཀྱིལ་འཁོར་ལ་གོ་ཆའི་ལྷ་བསྐྱེད་པ་ནི༔ སྤྱི་གཙུག་


CMR009_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་རིགས་བདག་སྣང་བ་མཐའ་ཡས་དམར་པོ་མཉམ་བཞག་མཛད་པ༔ དེའི་འོག་ཏུ་བླ་མ་གསང་འདུས་མཐིང་ག་ཁཊཾ་དང་ཐོད་ཁྲག་འཛིན་པ༔ དེའི་འོག་ཏུ་།གནམ་ལྕགས་ཀྱི་བྱ་ཁྱུང་མཐིང་ནག་མེའི་གཤོག་པ་རྡེབ་པ༔ དེའི་འོག་དྲག་པོའི་དཔྲལ་བར་སྐུའི་ལྷ་འཇམ་དཔལ་སེར་པོ་དབྱུག་ཐོ་གདེངས་བ༔ མགྲིན་པར་གསུང་གི་ལྷ་རྟ་མགྲིན་དམར་པོ་རལ་གྲི་ཕྱར་བ༔ ཐུགས་ཀར་གསེར་གྱི་མཆོད་རྟེན་སེར་པོའི་བུམ་པར༔ ཐུགས་ཀྱི་ལྷ་ཕྱག་ན་རྡོ་རྗེ་མཐིང་ག༔ རྡོ་རྗེ་སྡིགས་མཛུབ་མཛད་པ༔ ལྟེ་བར་པདྨ་འདབ་བཞིའི་དབུས་སུ་སངས་རྒྱས་མཁའ་འགྲོ་མཐིང་ག༔ ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར་མོ༔ ལྷོར་རིན་ཆེན་མཁའ་འགྲོ་སེར་མོ༔ ནུབ་ཏུ་པདྨ་མཁའ་འགྲོ་དམར་མོ༔ བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་གུ༔ ཀུན་ཀྱང་གཡས་ཀྱིས་གྲི་གུག་གཡོན་ཐོད་ཁྲག་བསྣམས་པ༔ གསང་གནས་སུ་ཕྲིན་ལས་ཁྲོ་བོ་ཡཀཱ་མེ་དབལ༔ ཕྱག་གཡས་རྡོ་རྗེ་དབྱུག་ཐོ་གཡོན་ལྕགས་ཀྱུ་ཞགས་པ༔ སྐུ་མདོག་ཕྱག་མཚན་ཁྲོ་ཆུང་མང་པོ་འཕྲོ་བ་གསལ་བར་གྱུར༔ རང་དང་སློབ་བུ་གཏོར་མ་གསུམ་དེ་ལྟར་གསལ་བའི༔ གོང་གི་བསྐྱེད་རིམ་ལྟར་ནུབ་ཕྱོགས་བདེ་


CMR009_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་འབར་བའི་དཀྱིལ་འཁོར་ནས༔ དྲག་པོའི་ལྷ་ཚོགས་ཐམས་ཅད་ནམ་མཁའ་ལ་བྱོན་རྩེ་སྔགས་དང་ཧ་ཧ་་སྒྲ་དི་རི་རི་སློབ་མའི་སྤྱི་བོ་ནས་མར་སིབ་སིབ་ཐིམ་པར་གྱུར༔ དབང་བསྐུར་བའི་གོང་དུ་བྱིན་འབེབས༔ ཤ་ཆེན་དང་གུ་གུལ་ལམ་སྤོས་བསྲེགས་ཤིང་རོལ་མོ་རྣམས་དྲག་ཏུ་ལྡིར་ཏེ༔ ཧཱུྃ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་༔ གདུག་པ་འདུལ་ཕྱིར་ཁྲོ་ཆེན་འབར་བའི་ཚོགས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ སྐལ་ལྡན་བདག་ཅག་བསྒྲུབ་པའི་དཀྱིལ་འཁོར་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་དབབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཐུགས་རྗེའི་མངའ་དབང་དུས་འདིར་སྩལ་དུ་གསོལ༔ ཨོཾ་བཛྲ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་ས་མ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷོ་ཧཱུྃ༔ ཞེས་ལན་གསུམ་བཞི་བརྗོད་ཚེ་རོལ་མོ་དྲག་ཏུ་བྱའོ༔ ཡེ་ཤེས་པ་དེ་བརྟན་པར་གྱུར་ཅིག༔ ཏིཥྛ་བཛྲ༔ ཞེས་རྡོ་རྗེ་སྤྱི་བོར་བཞག༔ དེ་ཡང་སློབ་མ་དམ་ཚིག་པར་གསལ་བ༔ གཏོར་མ་དང་བླ་མ་ཡེ་ཤེས་པར་གསལ་བས་དབང་བསྐུར་བའི་ཚེ༔ གཏོར་མ་དྲག་པོའི་ལྷ་ཚོགས་ཐམས་ཅད་སློབ་བུའི་སྤྱི་བོར༔ འུར་འུར་


CMR009_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཆེམ་ཆེམ་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཕོ་ཕོ་སྒྲ་དང་རྩ་སྔགས་ཏི་རི་རི་དབང་བསྐུར་བས༔ ལྷ་ཚོགས་ཐམས་ཅད་ཀྱི་སྐུ་ལས་སྐུ་ཆེ་ཕྲ་སྣ་ཚོགས་ཁ་བ་བུ་ཡུག་ལྟར་བྱོན་ནས་ཁྱེད་རང་གི་ལུས་ལ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ དྲག་པོ་ཆེན་པོ་ཁྲོ་བོའི་རྒྱལ༔ འཇིགས་བྱེད་འབར་བ་དབང་གི་སྐུ༔ པདྨ་འབར་བའི་དབུས་ནས་བཞེངས༔ གསང་བའི་དཀྱིལ་འཁོར་འདི་ཉིད་དུ༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ སྐུ་ཡི་སྒོ་ནས་བྱིན་ཆེན་ཕོབ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར༔ ཨོཾ་ཨཱཧཱུྃ་ཨ་རྩིག་ནིར་ཅིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོ༔ གཏོར་མ་སྤྱི་བོར་བཞག༔ རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་སྐུ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ལས་སྤྲུལ༔ མཐུ་རྩལ་རྨད་བྱུང་པདྨ་ཧེ་རུ་ཀ༔ ལྷ་སྲིན་དྲག་པོ་འདུལ་བའི་སྟོབས་མངའ་བ༔ དབང་དྲག་པདྨའི་སྐུ་ཡི་བཀྲ་ཤིས་ཤོག་ཅེས་མེ་ཏོག་འཐོར༔ འོ་དེས་ལུས་ཀྱི་སྒྲིབ་པ་དག༔ ལུས་ལ་གནོད་པའི་གདོན་བགེགས་ཞི༔ སྐུ་ཡི་བྱིན་རླབས་ཞུགས༔ ལུས་ལ་སྐུ་རྡོ་རྗེའི་ས་བོན་ཐེབ་པ་ཡིན་ནོ༔ ཡང་གཏོར་མ་དྲག་པོའི་ལྷ་ཚོགས་ཐམས་ཅད་སློབ་མའི་སྤྱི་བོར་འུར་འུར་ཆེམ་


CMR009_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཆེམ་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཕོ་ཕོ་སྒྲ་དང་རྩ་སྔགས་དི་རི་རི་དབང་བསྐུར་བས་ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས༔ ལྷ་སོ་སོའི་སྔགས་ཕྲེང་བྱོན་ནས་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པར་སྒོམས་ཤིག༔ གཏོར་མ་བཟུང་དབྱངས་དང་བཅས༔ ཧཱུྃ༔ དྲག་པོ་ཆེན་པོ་ཁྲོ་བོའི་རྒྱལ༔ འཇིགས་བྱེད་འབར་བ་དབང་གི་སྐུ༔ པདྨ་འབར་བའི་དབུས་ན་བཞེངས༔ གསང་བ་དཀྱིལ་འཁོར་འདི་ཉིད་དུ༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ གསུང་གི་སྒོ་ནས་བྱིན་ཆེན་ཕོབ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར༔ ཨོཾ་ཨཱཧཱུྃ་ཨ་ཙིར་ནིར་ཅིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ བཛྲ་ཝཱཀྐ་ཨ་བྷི་ཥིཉྩ་ཨཱ༔ ཞེས་མགྲིན་པར་བཞག༔ རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་སྐུ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ལས་སྤྲུལ༔ མཐུ་རྩལ་རྨད་བྱུང་པདྨ་ཧེ་རུ་ཀ༔ ལྷ་སྲིན་དྲག་པོ་འདུལ་བའི་སྟོབས་མངའ་བ༔ དབང་དྲག་པདྨའི་གསུང་གི་བཀྲ་ཤིས་ཤོག༔ མེ་ཏོག་འཐོར༔ དེས་ངག་གི་སྒྲིབ་པ་དག༔ ངག་གི་དིག་ལྷུགས་ཞི༔ གསུང་གི་བྱིན་རླབས་ཞུགས༔ ངག་ལ་གསུང་རྡོ་རྗེའི་ས་བོན་ཐེབ་པ་ཡིན་ནོ༔ ཡང་གཏོར་མ་དྲག་པོའི་ལྷ་ཚོགས་ཐམས་ཅད་སློབ་བུའི་སྤྱི་བོར་འུར་འུར་ཆེམ་


CMR009_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཆེམ་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཕེ་ཕོ་གྱི་སྒྲ་དང་རྩ་སྔགས་དི་རི་རི་དབང་བསྐུར་བས༔ ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀ་ནས་ལྷ་སོ་སོའི་ཕྱག་མཚན་རང་རང་གི་ས་བོན་གྱིས་མཚན་པ་འཕྲོས༔ འོད་སྔོན་པོར་ཞུ་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་སྒོམས་ཤིག༔ གཏོར་མ་ཐོགས་དབྱངས་དང་བཅས༔ ཧཱུྃ༔ དྲག་པོ་ཆེན་པོ་ཁྲོ་བོའི་རྒྱལ༔ འཇིགས་བྱེད་འབར་བ་དབང་གི་སྐུ༔ པདྨ་འབར་བའི་དབུས་ན་བཞེངས༔ གསང་བའི་དཀྱིལ་འཁོར་འདི་ཉིད་དུ༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ ཐུགས་ཀྱི་སྒོ་ནས་བྱིན་ཆེན་ཕོབས༔ ཡེ་ཤེས་ལྔའི་དབང་མཆོག་བསྐུར༔ ཨོཾ་ཨཱཧཱུྃ་ཨ་ཙིག་ནེར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ བཛྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་སྙིང་གར་གཏོར་མ་གཏུག༔ རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་སྐུ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ལས་སྤྲུལ༔ ལྷ་སྲིན་དྲག་པོ་འདུལ་བའི་སྟོབས་མངའ་བ༔ དབང་དྲག་པདྨའི་ཐུགས་ཀྱི་བཀྲ་ཤིས་ཤོག །མེ་ཏོག་འཐོར༔ དེས་སེམས་ཀྱི་སྒྲིབ་པ་དག༔ སེམས་ཀྱི་སྨྱོ་འབོག་བརྒྱལ་ནད་ཞི༔ ཐུགས་ཀྱི་བྱིན་རླབས་ཞུགས༔ སེམས་ལ་ཐུགས་རྡོ་རྗེའི་ས་བོན་ཐེབ་པ་ཡིན་ནོ༔ དབང་མང་པོ་


CMR009_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ན་མཚམས་འདིར༔ ད་གཏོར་མ་འདི་ཉིད་གུ་རུ་དྲག་པོའི་ལྷ་ཚོགས༔ རིག་འཛིན་བརྒྱུད་པའི་བླ་མ་དང་བཅས་པའི་ལྷ་ཚོགས་ཐམས་ཅད་སློབ་བུའི་སྤྱི་བོར་འུར་འུར་ཆེམ་ཆེམ་ཧ་ཧ་ཧཱུཾ་ཧཱུྃ་ཕཊ་ཕཊ༔ ཕོ་ཕོ་གྱི་སྒྲ་དང་རྩ་སྔགས་དི་རི་རི་བྱོན་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ཡོངས་སུ་རྫོགས་པ་བསྐུར་ནས༔ ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་ཁྱེད་རང་ལ་དབྱེར་མེད་པར་ཐིམ་པར་སྒོམས་ཤིག་གཏོར་མ་ལག་ཏུ་ཐོགས་ལ༔ ཧཱུྃ༔ དྲག་པོ་ཆེན་པོ་ཁྲོ་བོའི་རྒྱལ༔ འཇིགས་བྱེད་འབར་བ་དབང་གི་སྐུ༔ པདྨ་འབར་བའི་དབུས་ནས་བཞེངས༔ གསང་བའི་དཀྱིལ་འཁོར་འདི་ཉིད་དུ༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ ཡོན་ཏན་ཕྲིན་ལས་བྱིན་ཆེན་ཕོབ༔ ཡེ་ཤེས་དབང་བཞི་ཡོངས་རྫོགས་བསྐུར༔ ཆོས་སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ༔ སྤྲུལ་སྐུ་པདྨ་འབྱུང་གནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༔ རྗེ་འབངས་ཉི་ཤུ་རྩ་ལྔ༔ གཏེར་སྟོན་རཏྣ་གླིང་པ༔ རྒྱས་སྲས་ཚེ་དབང་གྲགས་པ༔ ཆོས་བདག་བཀའ་བབ་བུ་ལ༔ ཉེ་བའི་ཐུགས་སྲས་བཞི༔ རིགས་ལྡན་མཆོག་གི་བུ་ལྔ༔ དཀྱིལ་འཁོར་འཛིན་པའི་བུ་བརྒྱད༔ ལས་


CMR009_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཆོས་བདག་ཉི་ཤུ་རྩ་ལྔ༔ གྲུབ་ཐོབ་རྟོགས་ལྡན་བརྒྱ་ཕྲག་ལ་སོགས་པ༔ རིག་འཛིན་བརྒྱུད་པའི་བླ་མ་དམ་པ་རྣམས་དང་༔ བཅོམ་ལྡན་འདས་གུ་རུ་དྲག་པོ་དམར་ནག་མེའི་ཕྲེང་བ་ཅན༔ འཆི་མེད་ཚེ་ཡི་ལྷ་ཚོགས༔ དྲག་པོ་ཁྱུང་གི་ལྷ་ཚོགས༔ གསང་འདུས་ཞི་བའི་ལྷ་ཚོགས་འཇམ་དཔལ་སྐུ་ཡི་ལྷ་ཚོགས༔ རྟ་མགྲིན་གསུང་གི་ལྷ་ཚོགས༔ ཕྱག་རྡོར་ཐུགས་ཀྱི་ལྷ་ཚོགས༔ ཌཱཀྐི་ཡོན་ཏན་གྱི་ལྷ་ཚོགས་༔ མེ་དབལ་ཕྲིན་ལས་ཀྱི་ལྷ་ཚོགས༔ དྲག་པོ་ལྷ་བཞི༔ དཔའ་བོ་གིང་བཞི༔ མཁའ་འགྲོ་སྡེ་ལ༔ ཕྲིན་ལས་སྒྲུབ་པའི་ལྷ་བཞི༔ ཟིལ་གནོན་ཁྲོ་བོ་བཅུ༔ སྒོ་སྲུང་ཕྲ་མེན་མ་བཞི་རྣམས་ཀྱིས༔ རྡོ་རྗེའི་སློབ་མ་འདི་ལ༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་བྱིན་གྱིས་རླབས་པ་དང་༔ དབང་བསྐུར་བར་མཛད་དུ་གསོལ༔ གཟའ་ཀླུ་རྒྱལ་བསེན་སྡེ་བརྒྱད་ཀྱི་གནོད་པས་མི་ཚུགས་པར་སྲུང་བ་དང་སྐྱོབ་པར་མཛད་དུ་གསོལ༔ བརྒྱལ་ནད་སྨྱོ་འབོག་གག་ལྷོག་གཟེར་གསུམ༔ ཞ་གྲུམ་ནད་ཡམས་ལ་སོགས་པའི་ནད་ཐམས་ཅད་ཞི་བར་མཛད་དུ་གསོལ༔ དུས་འདི་ནས་བཟུང་སྟེ་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་


CMR009_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་བཟུང་བ་དང་ལྷག་པའི་ལྷར་མཛད་དུ་གསོལ༔ སྔགས་ཐོད་ཕྲེང་རྩལ་དང་ཨ་ཙིག་དང་རྒྱས་པར་ལས་བྱང་གི་སྔགས་ཐམས་ཅད་བརྗོད་རྗེས༔ ཀཱ་ཡ་ཝཱཀྐ་ཙིཏྟ་གུ་ཎ་སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད༔ ཧོ་རིགས་ཀྱི་བུ་ཁྱོད་ལ་བླ་མ་དྲག་པོའི་དབང་འདི་བསྐུར་བས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་པའི་དབང་བཞི་ཐོབ་པ་ཡིན་ནོ༔ དེ་ནས་ཕྲེང་བ་རིམ་པར་སྦྱིན་ལ་རྩ་སྔགས་ཀྱི་རྗེས་གནང་སྦྱིན་ཞེས་གསུངས་པས༔ མེ་ཏོག་དམར་པོའི་ཕྲེང་བ་ཞིག་ཕུལ་བའི་རྗེས་ཟློས་མཛོད༔ བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི༔ བདག་ལ་འགོ་བར་མཛད་དུ་གསོལ༔ སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཕྲེང་བྱུ་རུའི་ཕྲེང་བ་ལྟ་བུར་འཕྲོས༔ ཁྱེད་རང་གི་ཞལ་དུ་ཞུགས༔ ཐུགས་ཀར་ཧཱུྃ་དམར་པོའི་མཐར་འཁོད་པར་བསྒོམས་ལ་རྗེས་ཟློས་མཛོད༔ ཅེས་ཕྲེང་བར་འཇུ་ཆུག་ལ༔ སྔགས་ཐོད་ཕྲེང་རྩལ་དང་༔ ཨ་ཙིག་རྗེས་ཟློས་བཅུག༔ ད་སྔགས་ཕྲེང་མེ་ཏོག་གི་ཕྲེང་བར་གྱུར་ནས་སྤྱི་བོར་བཅིངས་བའི་མོས་པ་མཛོད༔ རྡོ་རྗེ་མེ་ཏོག་སྤྱི་བོར་བཞག་ལ༔ བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས༔ འདི་ལ་འགོ་བར་མཛད་དུ་གསོལ༔ རྡོ་རྗེ་སློབ་མ་འདི་ལ་བཅོམ་ལྡན་འདས་གུ་རུ་དྲག་


CMR009_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཇུག་ཅིང་བརྟན་པར་གྱུར་ཅིག༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཞེས་མེ་ཏོག་གཏོར༔ དེས་གུ་རུ་དྲག་པོའི་གཏོར་དབང་བྱིན་རླབས་སྤྲིན་ཕུང་ཕྱག་ལེན་གྱིས་བརྒྱན་ཏེ་རྒྱས་པར་ཐོབ་པ་ཡིན་པས༔ དེང་ཕྱིན་ཆད་ཡི་དམ་དུ་འཛིན་སྙམ་པས་རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་བཀའ་བསྩལ་པ༔ སོགས་དང་༔ ས་གཞི་སྤོས་སོགས། མཎྜལ་ཕུལ་སློབ་མ་གྲོལ༔ འདི་ནི་གཏེར་གཞུང་གི་དབང་ཡིན་པས༔ འདི་ཁོ་ན་བས་མ་ཐོབ་ན་ཡང་གུར་དྲག་འདོན་རུང་བས༔ སྔགས་པ་གསར་བུ་སོགས་ལ་ཕན་ནོ༔ ལར་འདི་བཀའ་གཉན་པར་གསུངས་པས༔ ཁྲོམ་དབང་ལ་མི་བྱ༔ ཡང་རང་ལ་རེ་ལྟོས་བཅས་པའི་ནད་པ་གདོན་ཆེན་ལ་དབང་བརྒྱ་སོགས་བྱེད་ན༔ ཉིན་རེ་ལ་སྐུ་གསུང་ཐུགས་ཀྱི་དབང་ཡན་ཆད་གཅིག་བྱས་ལ༔ བཀའ་བསྒོའི་དབང་མ་བྱས་མཚམས༔ གཏོར་མ་གུ་རུ་དྲག་པོའི་ལྷ་ཚོགས་ཐམས་ཅད་སློབ་བུའི་སྤྱི་བོར་འུར་འུར་ཆེམ་ཆེམ་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཕེ་ཕོ་གྱི་སྒྲ་དང་རྩ་སྔགས་དི་རི་རི་བྱོན་ནས་དབང་བསྐུར་བར་སྒོམས་ཤིག༔ གཏོར་མ་ལག་ཏུ་བཟུང་ལ༔ ཧཱུྃ༔ དྲག་པོ་ཆེན་པོ་ཁྲོ་བོའི་རྒྱལ༔ འཇིགས་བྱེད་འབར་བ་དབང་གི་སྐུ༔ པདྨ་འབར་བའི་དབུས་ནས་བཞེངས༔ གསང་


CMR009_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དཀྱིལ་འཁོར་འདི་ཉིད་དུ༔ སྐལ་ལྡན་རིགས་ཀྱི་བུ་འདི་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར༔ ཨོཾ་ཨཱཧཱུྃ་ཨ་ཙིག་ནེར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ༔ བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོ༔ ཝཀྐ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་རིམ་པར་གནས་གསུམ་དུ་གཏོར་མ་གཏུག༔ གོང་དུ་ཨ་ཡ་མ་སྔགས་དེ་སྦྱར་ན་ཤིན་ཏུ་གཉན་པས་ལན་གཅིག་ཙམ་མ་གཏོགས་རྒྱུན་དུ་མི་སྦྱར་རོ༔ ཧོ༔ རིགས་ཀྱི་བུ་ཁྱོད་ལ་བླ་མ་དྲག་པོའི་དབང་འདི་བསྐུར་བས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པའི་དབང་བཞི་ཐོབ་པ་ཡིན་ནོ༔ ཞེས་དངོས་གཞི་དེ་ལ་ཉིན་རེ་དུ་ཐོན་གྱི་གྲངས་ཀ་བཟུང་༔ ཉིན་རེ་དུ་ཐོན་གྱི་མཇུག་ཏུ་གོང་གི་བཀའ་བསྒོ་དང་སྔགས་ཀྱི་བཟླས་ལུང་སོགས་བྱའོ༔ འདི་ཤིན་ཏུ་གཉན་གསུངས་གདའ་བས་དབང་བརྒྱ་མི་རུང་སྙམ་ན༔ གཉན་གསུངས་པ་སྔགས་ཨ་ཡ་མ་དེ་སྦྱར་བས་དོན་ལ་སྡེ་བརྒྱད་སྲོག་དབང་ཚང་བས་གཉན་པ་ཡིན་ལ༔ མ་སྦྱར་ན་དེ་ཙམ་མི་གཉན་པས་རུང་ངོ་༔ དབང་བརྒྱའི་མཚམས་མཚམས་ན་ལས་བྱང་འདོན་ནས་དབང་སྒྲུབ་ཝིག་སྟེ་རྩ་སྔགས་ཅི་མང་བསྙེན་པ་བྱའོ༔ དཔོན་སློབ་མང་ན་དབང་བསྐུར་ཚེ་ཡང་ཐོད་ཕྲེང་རྩལ་དང་ཨ་ཙིག་སྔགས་འུར་འདོན་བྱས་ན་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་ནོ༔ བདག་གིས་ཀྱང་འདི་ཡི་དབང་བརྒྱ་ལན་གསུམ་ཙམ་བྱས་


CMR009_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་དབོན་པོ་པདྨ་ནམ་མཁའ་སོགས་གསར་བུ་རྣམས་ལ་ཕན་ཕྱིར་རཱ་ག་ཨ་སྱས་བྲིས་པ་ལ་ཉེས་པ་གང་མཆིས་བཀའ་སྲུང་གཏེར་སྲུང་རྣམས་ལ་བཤགས་ཤིང་༔ དགེ་བས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་གྱུར་ཅིག༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

བཅོམ་ལྡན་འདས་གུ་རུ་དྲག་པོའི་དམར་ནག་མེའི་ཕྲེང་བ་ཅན་གྱི་ལས་བྱང་མེ་རླུང་འཁྱིལ་པའི་ཟིན་བྲིས།


CMR009_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་གུ་རུ་དྲག་པོའི་དམར་ནག་མེའི་ཕྲེང་བ་ཅན་གྱི་ལས་བྱང་མེ་རླུང་འཁྱིལ་པའི་ཟིན་བྲིས་བཞུགས་སོ༔


CMR009_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲ་ཝཱ་ཀ་ར་ཀྲོ་དྷ་ཡེ༔ རིག་འཛིན་ཁྲོས་པའི་རྒྱལ་ལ་ཕྱག་འཚལ་ནས༔ དེ་ཡི་ཞལ་ཤེས་མན་ངག་ཅུང་ཟད་བཀོད༔ ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལ༔ དེ་ཡང་འདི་ཡི་བཤད་པ་རྒྱས་པ་ནི༔ ཡི་གེར་འཇིགས་ཕྱིར་སྤྲོས་པ་སྐྱུངས་ནས་དོན་རྩ་ཚིག་གསུམ་ཞུ་ན༔ གནས་ཕུན་སུམ་ཚོགས་པ་བདེ་བ་ཅན་གྱི་ཞིང་ཁམས་ན༔ སྟོན་པ་ཕུན་སུམ་ཚོགས་པ་སངས་རྒྱས་སྣང་བ་མཐའ་ཡས་ལ༔ འཁོར་ཕུན་སུམ་ཚོགས་པ་པདྨ་རིགས་ཀྱི་སེམས་དཔའ་རྣམས་ལ༔ དུས་ཕུན་སུམ་ཚོགས་པ་སྣང་མཐའི་ཐུགས་ཀ་ནས༔ ཨོ་རྒྱན་པདྨ་འབྱུང་གནས་དང་པོར་


CMR009_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་མཛད་པའི་ཚེ༔ སྤྱན་རས་གཟིགས་ཀྱིས་ཞུས་པའི་ངོར༔ གུ་རུ་ཞི་བ་སྐུ་གསུམ་གྱི་རྒྱུད་སུམ་བརྒྱ་དང་ཉེར་བཞི༔ དེ་ཚུར་བསྡུས་པ་པད་སྡོང་རྩ་བའི་རྒྱུད་དང་༔ རྩ་རྒྱུད་པད་སྡོང་བརྩེགས་པ་དང་༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་ལྔ་རྣམས་གསུངས་རྗེས༔ རིག་འཛིན་དྲག་པོར་ཁྲོས་པའི་རྒྱུད་གང་ཡིན་ཞེ་ན༔ ཞེས་སོགས་ཞུས་ངོར༔ གུ་རུ་དྲག་པོ་ཞལ་གསུམ་ཕྱག་དྲུག་ཕྲིན་ལས་ཀྱི་རྒྱུད་དྲེགས་པ་སྙིང་འབྱིན་ཞེས་བྱ་བའི་རྒྱུད་རྒྱས་བསྡུས་རྣམས་བཀའ་སྩལ་པ༔ སྤྱན་རས་གཟིགས་ཀྱིས་བཀའ་ཡི་བསྡུ་བ་མཛད་ནས་མཁའ་འགྲོ་མ་གསང་བ་ཡེ་ཤེས་ལ་


CMR009_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

གཏད༔ དེས་བྲག་ཕུག་མ་ར་ཏི་ཀར་ཨོ་རྒྱན་ཉིད་ལ་གཏད་དོ༔ སྤྱིར་གུ་རུ་ཞི་དྲག་གི་སྐོར་ཐམས་ཅད་རྒྱུད་དེ་རྣམས་ལ་བརྟེན་པ་ཡིན་མོད་ཀྱང་༔ བྱེ་བྲག་དགོས་པ་རེ་ལ་བརྟེན་ནས་མཛད་པའི་ལོ་རྒྱུས་སོ་སོར་ཡོད་པ་ལས༔ འདི་ནི་བསམ་ཡས་སུ་རྒྱལ་པོ་བེ་ཀར་གྱི་སྡིག་པ་ར་ཙ་ཆེན་པོར་སྤྲུལ་ནས་བསམ་ཡས་ཧས་པོ་རི་ཁར་བཅུག་འཇིག་རྟེན་གཡོ་ཞིང་འགུལ་བའི་ཆོ་འཕྲུལ་བསྟན་དུས༔ གུ་རུ་ཉིད་དྲག་པོའི་སྐུར་བཞེངས་ཏེ༔ ཕྱག་གཡོན་པས་སྡིག་པ་དེའི་སྐེ་ནས་བཟུང་སྟེ༔ ཡར་ལྷ་གནས་སུ་ཕྱུར་ནས་ས་ལ་བརྡབས་ཏེ་དམ་ལ་བཏགས༔ སྲོག་སྙིང་ཕུལ་དུས་མཛད་པ་ཡིན་ནོ༔ སྤྱིར་བོད་དུ་གཏེར་ཁ་བྱེ་བ་སྦས་པ་ཐམས་ཅད་ལ་དྲག་པོའི་རྐྱང་སྒྲུབ་རེ་རེ་སྦས་ཀྱང་༔ དྲག་པོའི་ཐུགས་སྒྲུབ་ལྔ་ལས་མ་སྦས༔ འདི་ལྷོ་གཏེར་འབྲས་བུའི་ཚུལ་ཐུགས་ཀྱི་སྒྲུབ་པ་ཡིན་པས་ཟབ་གསུང་༔ དེ་སྔ་གཏེར་ཆེན་བཞི་བཅུ༔ སྤྱིར་གཏེར་སྟོན་བརྒྱ་རྩ་བརྒྱད༔ གཏེར་རྫུན་བཅུ་གསུམ་བྱུང་བ་ལས༔ རཏྣ་གླིང་པ་ནི་གཏེར་སྟོན་གྱི་མཆོག་ཡིན་ཏེ༔ སྔོན་གྱི་གཏེར་ཁ་གོང་མ་བརྒྱད་ནས་རཏྣ་གླིང་པ་ལུང་བསྟན་གསལ་བ་དང་གཅིག༔ རཏྣ་གླིང་པ་ལ་གཏེར་རྫུན་ཡིན་ཟེར་མཁན་གཅིག་ཀྱང་མ་བྱུང་བས་


CMR009_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཐུན་སྣང་གྲུབ་པ་དང་གཉིས༔ གནམ་སྐས་བྲག་ནས་རྟ་མགྲིན་གསང་འདུས་བཏོན་དུས༔ ཁྲོམ་ཆེན་པོ་བསྡུས་ནས་བྲག་བཤིགས་ནས་ཐམས་ཅད་ཀྱིས་མཐོང་བར་བཏོན་ནས་བོད་ཁམས་ཡིད་ཆེས་པ་དང་གསུམ༔ ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་བུམ་བསྒྲུབས་བྱས་ནས་སྐྱེ་བདུན་རིལ་བུ་དང་པོ་བཀྱེས་དུས་ཁྲོམ་ཁྲི་ཕྲག་བདུན་འཚོགས་པ་ཐམས་ཅད་ཀྱིས་མཐོང་སར༔ མེ་ཏོག་གི་ཆར་ཆུང་གྲ་ཡང་སེ་བའི་མེ་ཏོག་ཙམ་དཔག་ཏུ་མེད་པ་ཉིན་ཕྱེད་བར་དུ་བབས་པས་ཁྲོམ་ཐམས་ཅད་དད་པའི་ཤུགས་ཀྱིས་ངུ་སྒྲ་འབྱིན་ཅིང་སྙན་གྲགས་ཀྱིས་ཁྱབ་པ་དང་བཞི༔ རྟེན་འབྲེལ་གྱི་ཆ་ཅུང་ཟད་ཙམ་འཕྱུགས་མ་ཤོར་བས༔ སྐུ་ཚེ་ཡང་བདུན་ཅུ་དོན་ལྔ་ཐུབ༔ སྲས་ཀྱིས་ཚེ་ཆུ་གསོལ་བས་ལོ་བརྒྱ་དང་བཅུ་ཐུབ༔ རྟེན་འབྲེལ་འགྲིགས་པས་ཆོས་དར་ཆ་ཆེ་ལ་བཀྲ་ཤིས་པ་དང་ལྔ༔ ཁྱད་པར་ཆོས་འདི་ཡང་སློབ་དཔོན་གྱི་རྗེས་སློབ་མའི་དུས་ལ་དར་རྒྱས་ཆེ་བར་ལུང་བསྟན་པ་དུས་དེང་སང་ཡིན་པ་དང་དྲུག༔ གུ་རུ་དྲག་པོ་འདི་ཡང་གཙང་དང་ཁམས་ཕྱོགས་སུ་དར་ཆེ་བར་གསུངས༔ དང་པོ་གཏེར་ནས་ཐོན་དུས་རྩུབ་ཆ་ཆེན་པོ་བྱུང་དུས༔ རྗེས་ནས་ཇེ་འཇམ་ཇེ་འཛམ་མཐར་ཤིན་ཏུ་


CMR009_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་པའི་ལུང་བསྟན་ཡོད་པ་དང་༔ གཏེར་ཆོས་གཞན་ལས་ཀྱང་འདི་ཁྱད་པར་དུ་འཕགས་པ་ཡིན༔ ཁྱད་པར་རཏྣ་གླིང་པ་ལ་ཨོ་རྒྱན་ཉིད་ཀྱི་ལུང་བསྟན་པའི་སྤྲུལ་པའི་ཁྱེའུ་ལྔའི་རང་བཞིན་དོན་ལ་སྤྱོད་ཅེས་གསུངས་པ་ལྟར༔ སྐུའི་སྲས་ལྔ་ཡོད་པའི་ནང་ནས་གཅིག་དགེ་ལུགས་ཀྱི་བསྙེན་རྫོགས་མཛད་ནས༔ དམྱལ་སྡེ་དྲུག་ཅེས་པའི་དགེ་ལུགས་ཀྱི་དགོན་པ་དྲུག་ཙམ་ཡོད་པ་འདྲ་བའི་བླ་མ་མཛད་ནས༔ ར་ལུགས་དང་དགེ་ལུགས་པ་འདི་ཤིན་ཏུ་མཐུན་པ་ཡིན་སྐད༔ གཞན་ཞིག་པོ་གླིང་པ་སོགས་གཏེར་སྟོན་མང་ཞིག༔ ལ་ལས་ཚད་ལྡན་དུ་བྱེད་ནས་གཏེར་ཆོས་ཉམས་སུ་ལེན༔ འགའ་རེས་གཏེར་རྫུན་དུ་བཟུང་ནས་གཤེ༔ རྒྱ་ཞང་ཁྲོམ་དང་ལྷ་བཙུན་སྔོན་པོ་དང་༔ རཀྴ་གཏེར་སྟོན༔ ལས་འབྲེལ་རྩལ༔ ཨོ་རྒྱན་གླིང་པ་སོགས་ཚད་ལྡན་རྣམས་ཀྱང་རྟེན་འབྲེལ་འཕྱུགས་ནས༔ རྒྱ་ཞང་ཁྲོམ་ངན་སྔགས་སྤེལ་བས་ཐམས་ཅད་དད་པ་ལོག་ནས་འགྲོ་དོན་མ་བྱུང་༔ ལྷ་བཙུན་སྔོན་མོས་པེ་ཀར་བསྒྲུབས་པས་ཐམས་ཅད་མ་དད༔ རཀཱ་གཏེར་སྟོན་མདོས་ཀྱང་བཅོས་པས་སྒོམ་པར་སོང་ནས་ཆོས་མ་འཕེལ༔ ར་མོ་ཤེལ་སྨན་པས་སྨན་ལ་འབྱོངས་པས་ཆོས་ཆེར་མ་འཕེལ༔ ལས་འབྲེལ་རྩལ་


CMR009_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ལམ་ནོར་བས་སྐུ་ཚེའི་བར་ཆད་བྱུང་༔ ཨོ་རྒྱན་གླིང་པའི་གཉེར་པ་དབང་ཆེ་བས་གཏེར་ཤོག་མ་བཤུས་པ་མཁའ་འགྲོས་གདན་དྲངས༔ བཀའ་ཆད་ཁོ་རང་སྲས་ཀྱིས་བཀྲོངས༔ ཀརྨ་གླིང་པས་ཆོས་ཕྱེད་ཙམ་ཐོན་པ་ལས་འདས༔ པདྨ་གླིང་པས་བཏོན་པས་གཏེར་ཤོག་ཕྱེད་ཙམ་ཆུ་ལ་ཤོར་ནས༔ ཕྱེད་ཙམ་ཁོ་རང་གི་ཉམས་ཐོག་ནས་རྩོམ་དགོས་པ་བྱུང་༔ འཇའ་ཚོན་སྙིང་པོས་རབ་བྱུང་མཛད་པས་རྟེན་འབྲེལ་མ་ལེགས༔ གཏེར་ཆེན་འདོན་རྒྱུ་གཏེར་ཕྲན་ལས་མ་ཐོན༔ གུ་རུ་ཆོས་དབང་རང་གིས་ངན་སྔགས་ཀྱི་ཤོག་སེར་བཤུས་དུས་ཨོ་རྒྱན་ལ་ལོག་ལྟ་ཅུང་ཟད་ཙམ་ཤོར་བས་ཤོག་སེར་འབྲི་བདོ་ཨོ་རྒྱན་ཉིད་ཀྱིས་བསྣམས་ནས་བྱོན༔ རྟེན་འབྲེལ་འཕྱུགས་པས་གདམས་ངག་གང་ཡང་མི་རྣོ༔ དེ་ལྟར་གཏེར་སྟོན་ལ་བར་ཆད་མ་ཞུགས་པ་རཏྣ་གླིང་པ་ཙམ་ཡིན༔ དེས་ན་ཆོས་འདི་གསེར་དང་འདྲ་བས་བཟང་ངོ་༔ དགེ་བཤེས་ལ་ལ་དག་གཏེར་སྤྱི་ལ་ཡང་ཡིད་མི་གཏོད་པ་དག་ནི་ཅུང་ཞིག་ཐོས་པ་ཆུང་བ་སྟེ༔ མདོ་སྡེ་མཛངས་བླུན་ནས་བསྙེན་གནས་ཡན་ལག་བརྒྱད་པ་གཏེར་ནས་བཏོན་ཚུལ༔ ཕྱག་ན་རྡོ་རྗེ་རིག་པ་མཆོག་གི་རྒྱུད་ལས་གཏེར་སྒོ་ཡོད་ཚུལ༔ གཏེར་འདོན་ལུགས་


CMR009_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེར་གསུངས་པ༔ ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་འཛིན་གྱི་མདོ་སྡེ་ལས༔ མདོ་སྡེ་གཏེར་དུ་སྦས་ཚུལ༔ མཐར་གཏེར་ནས་འདོན་ཏེ་བྱང་ཕྱོགས་སུ་དར་ཚུལ་ལུང་བསྟན་པ་དང་༔ ཇོ་བོ་རྗེས་ལྷ་ས་ནས་བཀའ་ཆེམས་གཏེར་ནས་བཏོན་པ་སོགས་དང་༔ རྗེ་ཐམས་ཅད་མཁྱེན་པ་ན་རིམ་གྱིས་ཉང་གི་གཏེར་མ་རྟ་མགྲིན་ལྕགས་རལ་ཅན་ལ་ཐུགས་དམ་མཛད་པ་ལ་ཡང་བསམ་སྟེ༔ སྤྱིར་བཀའ་ཆོས་ཕལ་ཆེར་གཏེར་དུ་མ་སོང་བ་མེད་ཚུལ་བརྟག་སྟེ་ཡིད་ཆེས་པར་བྱའོ༔ ཆོས་འདི་བསྟན་པ་སྔ་དར་ཆོས་ཀྱི་གྲ་མ་ཉམས་དུས་ཀྱི་ཆོས་ཡིན་པ་དང་༔ སྦྱིན་བདག་སྤྲུལ་པའི་རྒྱལ་པོ་ཡིན་པ་དང་༔ མཎྜལ་གསེར་ཤ་བའི་ཁ་ཤུས་སོགས་ཕུལ་བ་དང་༔ བླ་མཆོད་སྤྲུལ་པའི་པཎྜི་ཏ་ལོ་ཙཱ་བ་ཡིན་པ་དང་༔ ཨོ་རྒྱན་གྱིས་བོད་སྐད་དུ་གསུངས་པས་ལོ་ཙཱ་བའི་ཚིག་ལྷག་ཆད་མ་ཞུགས་པ་དང་༔ བརྒྱུད་པ་ཉེ་བ་དང་༔ ཨོ་རྒྱན་གྱི་གསུང་ཚུགས་ལ་བཅོས་སླད་མེད་པ་སོགས་གཏེར་མ་ཟབ་པའི་རྒྱུ་མཚན་རྣམས་ཀྱང་ཡིད་ཆེས་བྱེད་དེ༔ སྒྲུབ་པ་རྣམས་ནི་མ་ལྕོགས་ཀྱང་ལས་བྱང་ཁོ་ན་ལ་བརྟེན་ཏེ༔ བསྙེན་སྒྲུབ་བྱ་བར་འདོད་པའི་གང་ཟག་གིས༔ དེ་ཡང་བདག་བསྐྱེད་ཁོ་ན་བྱེད་ན་དཀྱིལ་


CMR009_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་མི་དགོས་གཏོར་མཆོད་ཙམ་གྱིས་ཆོག༔ མདུན་བསྐྱེད་ལ་བརྟེན་ན་རབ་རྡུལ་ཚོན་འབྲིང་རས་བྲིས་དཀྱིལ་ཐང་༔ ཐ་མ་འབྲུའི་ཚོམ་བུ་ལྷ་གྲངས༔ མ་འཕྲོད་ན་ཐང་སྐུའམ་མེད་ན་ཡི་དམ་གཏོར་མའི་སྟོད་ཆ་མདུན་བསྐྱེད་ལ་བརྟེན་པར་བྱ༔ དབང་བསྐུར་རམ་སྒྲུབ་པ་བྱེད་ན་གཏོར་མ་རིན་ཆེན་འབར་བ་གཅིག་བཤམ༔ དེ་ཡང་མདུན་བསྐྱེད་གྱི་རྟེན་བྱ༔ རྒྱུན་དུ་གསོ་མི་དགོས༔ ཡང་སྤྲོ་ན་བུམ་པ་ཡང་བཤམ་མོ༔ ཕུགས་གཏོར་སྤྱི་དང་འདྲ་བས་ཡི་དམ་གཏོར་མ་དེས་ཆོག༔ ལོགས་སུ་བཅའ་མི་དགོས༔ སྒྲུབ་པ་མ་གྲོལ་བར་སྟན་བསྒུལ་བ་དང་སྤྲུག་པར་མི་རུང་༔ དེའི་ཕྱིར་སྟན་བདེ་བར་བཤམ༔ གོས་དང་མལ་སྟན་སྤོས་ཀྱིས་བདུག༔ སྐྱབས་འགྲོ་སེམས་བསྐྱེད་བྱ༔ སྔོན་འགྲོ་ད་ནངས་ཆོ་ག་གཞན་གྱི་སྔོན་འགྲོ་གཏོར་མ་བཏང་ན་དེས་ཆོག༔ མཚམས་ལ་འདུག་ཁ་ལྟ་བུ་ལ༔ དང་པོ་ལ་གཞི་བདག་གཏོར་མ་གཅིག་གནས་བདག་ལ་བསྔོ་ལ་ཕྲག་དོག་མ་བྱེད་ཅིག་ཅེས་བཀའ་བསྒོ༔ དེ་ནས་ཆ་གསུམ་གཏོར་མ་ལྟ་བུ་བགེགས་གཏོར་བཏང་ལ་བགེགས་བསྐྲད༔ གུ་གུལ་བདུག་མཚམས་གཅོད༔ རྒྱུན་དུ་སྔོན་འགྲོ་མི་དགོས༔ སྐྱབས་འགྲོ་སེམས་བསྐྱེད་ཡང་ད་ནངས་


CMR009_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་སོང་ན་དེས་འཐུས་སོ༔ དེ་ནས་རང་ཉིད་ཀརྨ་དྲག་པོ་རྩལ་ལྗང་ལ་དམར་མདངས་ཅན་དུ་སྐད་ཅིག་ལ་བསྐྱེད༔ ཧཱུཾ་ང་ནི་ཁྲོ་རྒྱལ་འཇིགས་པའི་སོགས༔ བགེགས་ལ་བཀའ་བསྒོ༔ སུམྦྷ་ནི་ཤར༔ བྷཾཏྟཱ་ལྷོ༔ གྷིཥྛ་པ་ཡ་ནུབ༔ ཨཱ་ན་ཡའི་བྱང་གི་བགེགས་བསྐྲད་པར་བསམ༔ དེ་ལྟར་བཀའ་བསྒོས་པས་མི་ཉན་མི་འགྲོ་བ་རྣམས་དྲག་པོའི་བསྐྱེད་དེ༔ རང་གི་སྐུ་ལས་ཁྲོ་བོའི་ཚོགས་དང་མཚོན་ཆ་སྣ་ཚོགས་ཀྱི་ཆར་དང་འཚུབ་མ་ཆེན་པོ་བྱུང་ནས༔ གནོད་བྱེད་ཐམས་ཅད་བྱ་སྤྱི་ལ་བསྐལ་པའི་རླུང་ཐོག་བརྒྱབས་པ་ལྟར་རྒྱ་མཚོའི་ཕར་འགྲམ་དུ་རང་དབང་མེད་པར་བརྡས་ནས༔ དེ་དག་ཚུར་འདུས་པ་ལས་སྲུང་བའི་གུར་ཁང་རིམ་པ་དྲུག་སྟེ༔ བཛྲ་ཞེས་པ་རྡོ་རྗེའི་གུར་ས་གཞི་དྲྭ་བ་ར་བ་བཞིར༔ ཙཀྲ་ཞེས་པ་འཁོར་ལོའི་གུར་ཏ༔ འཁོར་ལོ་གཉིས་ཁ་སྦྱོར་དུ་རྩིབས་བྱེ་བ་གྲངས་མེད་ཅན་ནམ༔ འཁོར་ལོ་ཆུང་ངུ་མང་པོ་གསོར་ལོ་ལྟར་འཁོར་བའི་གུར་གང་རུང་༔ ཏིག་རྣ་རལ་གྲི་སྣ་རེ་རྒྱ་གྲམ་དུ་འཁོར་བའོ༔ ཀརྨ་ནི་སྣ་ཚོགས་རྡོ་རྗེ་སྟེ་ཁ་གདེངས་བ་དྲག་ཏུ་འཁོར་བའི་གུར༔ ཀཱི་ལ་ཡ་ཕུར་པ་སྟེ་ཐམས་ཅད་སོ་ཕྱིར་བསྟན་པའི་གུར༔ ཛྭ་ལ་རཾ་རཾ་མེ་སྟེ་མེ་ཁ་དོག་ལྔ་ལྡན་བར་མཚམས་


CMR009_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་དུམ་བུ་གཅིག་ཏུ་གྱུར་པ༔ བྷི་ཤྭ་ཀྲོ་དྷ་ནི་ཁྲོ་བོ་སྣ་ཚོགས་སྟེ་སྲུང་འཁོར་དེ་དག་གི་བར་མཚམས་སུ་ཁྲོ་ཆུང་མང་པོ་སྐར་ལྟར་འཁྲུགས་རླུང་ལྟར་འཚུབ༔ ཧཱུྃ་དང་ཕཊ་ཀྱི་སྒྲ་འབྲུག་ལྟར་སྒྲོག་ཅིང་ལ་ལས་ནང་དུ་ཞལ་གཟིགས་ནས་སྲུང་བའི་ལས་མཛད༔ ལ་ལས་ཞལ་ཕྱིར་གཟིགས་ནས་ཟློག་པའི་ལས་མཛད་པར་བསྒོམ་ཞིང་༔ སྦྱིན་བདག་སོགས་བསྲུང་བྱ་ཐམས་ཅད་སྲུང་འཁོར་དེའི་ནང་དུ་དང་པོ་ནས་ཚུད་པར་བྱས༔ དམིགས་པ་སྲུང་འཁོར་དེ་དག་བསྒོམ་ཞིང་༔ ཧཱུྃ་བདག་ནི་འབར་བ་དབང་གི་སོགས༔ དབྱངས་བྱེད་དམིགས་པ་མ་ཟིན་བར་དུ་རྔ་རོལ་མོ་སོགས་རྒྱུན་རིང་བྱ༔ དེ་ནས་དམ་བཅའ་བཟུང་བ་ནི་གསང་སྔགས་བླ་མེད་ཀྱི་ལུགས་ལ༔ རང་གི་ལུས་རང་སེམས་ལས་གཞན་དུ་མ་གྲུབ་པའི་ལྷ་ཡེ་ཤེས་པ་མེད་དེ༔ ཡ་ཀི་བདེ་གཤེགས་རྒྱལ་བ་ཐམས་ཅད་དང་༔ མ་ཀི་འགྲོ་དྲུག་སེམས་ཅན་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ངོ་བོ་གཅིག་ཅིང་དབྱེར་མེད༔ དེ་ཡང་རིག་པ་སེམས་ཉིད་འདིའི་ཀློང་དུ་འདུས༔ རང་གི་ལུས་འདི་ཡང་ཕུང་པོ་ལྔ་དྲག་པོ་རིགས་ལྔ་དང་༔ ཁམས་ལྔ་མཁའ་འགྲོ་སྡེ་ལྔ༔ ལུས་ཀྱི་རྩ་འཁོར་ལྔ་གོ་ཆ་ལྷ་ལྔ་སོགས་ཡེ་ནས་ལྷུན་གྱིས་གྲུབ་པས༔


CMR009_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་བུའི་གསང་སྔགས་བླ་ན་མེད་པའི་ལྟ་སྒོམ་སྤྱོད་གསུམ་ལ་དུས་ནམ་ཡང་འདའ་རེ་ཀན་སྙམ་དུ༔ ཧཱུྃ་བདེ་གཤེགས་རྒྱལ་བ་ནས། ས་མ་ཏི་ཛའི་བར་བརྗོད་དོ༔ དེ་ལྟ་བུའི་ལྟ་སྒོམ་ལ་གནས་ན་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་ཆོས་ཉིད་ཡིན་མོད༔ འོན་ཀྱང་ཐུགས་རྗེའི་བྱིན་རླབས་བསྐུལ་ཞིང་བྱིན་ཕབ་པ་ནི༔ གནས་དང་གང་ཟག་དང་སྒྲུབ་རྫས་ཐམས་ཅད་ལ༔ བྱིན་རླབས་མ་ཕེབས་ན་ཉེས་སྐྱོན་སོ་སོར་ཡོད༔ བར་ཆད་ཀྱི་བགེགས་ཀྱང་འཇུག་སྲིད་པས༔ སྤོས་དང་རོལ་མོ་དབྱངས་དང་བཅས་ཏེ༔ རང་གི་ཐུགས་ཀ་ནས་འོད་ཟེར་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་པར་འཕྲོས་པས༔ ཐུགས་རྗེ་དང་ཐུགས་དམ་བསྐུལ་ནས་ཁྱད་པར་ནུབ་ཕྱོགས་དབང་དྲག་རོལ་པའི་དཀྱིལ་འཁོར་ལ་སོགས་པའི་ཞིང་ཁམས་ཐམས་ཅད་ནས༔ བླ་མ་ཡི་དམ་དཔའ་བོ་ཌཱཀི་ཐམས་ཅད་སྐུ་གར་སྟབས་ལིང་ལིང་༔ ཕྱག་རོལ་མོ་དིར་དིར༔ ཐུགས་བྱིན་རླབས་ཀྱི་ཏིང་ངེ་འཛིན་དང་བཅས༔ ནམ་མཁའ་བར་སྣང་ཐམས་ཅད་གང་བར་བྱོན་ཏེ༔ སྒྲུབ་པ་པོ་དང་སྒྲུབ་པའི་དཀྱིལ་འཁོར་དམ་རྫས་དང་བཅས་པ་ལ་བྱིན་རླབས་ཆེན་པོ་མཛད༔ རྣལ་འབྱོར་པ་རྣམས་ལ་ཡེ་ཤེས་ལྔའི་དབང་བསྐུར་


CMR009_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ནས༔ ཐམས་ཅད་བདག་དང་དཀྱིལ་འཁོར་ལ་ཐིམ་པར་བྷེ་ཞིང་༔ ཧཱུྃ་དབང་དྲག་རོལ་པའི་སོགས་ནས་ཨ་ཝེ་ཤ་ཡ་ཨ་ཨཱའི་བར་དུ་གྱེར་རོ༔ དེ་ནས་སྐབས་འདིར་གཏོར་མ་བྱིན་རླབས་དང་བདུད་རྩི་མཆོད་པ་བྱིན་རླབས་གཞན་ནས་ཁ་སབ་སྲོལ་ཡོད་ཀྱང་༔ གཏེར་གཞུང་འདི་མ་བཅོས་པ་རང་ཟབ༔ བཅོས་པ་ལེགས་ལེགས་འདྲ་ཡང་བྱིན་རླབས་ཉམས་པར་གསུངས་པས༔ གཞུང་སྔགས་ཀྱི་མཆོད་པ་བྱིན་རླབས་འདི་རང་གིས་ཆོག༔ དམིགས་པ་ཟིན་དཀའ་ན་སྔགས་གསུམ་རེའམ་བདུན་རེ་བརྗོད་དོ༔ དེ་ཡང་སྭ་བྷ་ཝ་བརྗོད་པས་མཆོད་པ་རྣམས་རང་བཞིན་སྟོང་པ་ཉིད་དུ་བསམ༔ ནང་མཆོད་སྤྱི་ལྟར་རླུང་མེ་ཐོད་སྐྱེད་སྟེང་དུ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཞུ་བའི་བདུད་རྩི་རྒྱ་མཚོ་ཆེན་པོར་བསྒོམས་ལ༔ སརྦ་པཉྩ་སོགས་བརྗོད་གཏོར་མ་ཡང་བསྐྱེད་ལུགས་བདུད་རྩི་དང་འདྲ་བས༔ རླངས་པ་ལ་མཆོད་པའི་ལྷ་མོ་དཔག་ཏུ་མེད་པས་མཆོད་རྫས་དུ་མ་ཐོགས་པ་མཆོད་པའི་སྤྲིན་ཕུང་ཆེན་པོར་བསྒོམས་ལ༔ མ་ཧཱ་བྷ་ལིང་སོགས་བརྗོད༔ ར་ལས་ལྷ་མོ་གིརྟི་མ་དམར་མོའི་མཁའ་གསང་ནས་རིགས་དྲུག་འཁོར་བའི་རྒྱུ་ཐམས་ཅད་ཐིམ༔ དེ་ནས་རཀྟའི་རྒྱུན་བབས་པས་བྷནྡྲ་ལྕང་


CMR009_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཅན་དུ་གནས་པའི་རཀྟའི་རྒྱ་མཚོ་ཆེན་པོར་གྱུར་ཏེ༔ ལྷ་མོ་ཡང་རཀྟ་ལ་ཐིམ་པར་བསམས་ནས༔ མ་ཧཱ་རཀྟ་སོགས༔ དེ་ནས་སྨན་རཀ་གཏོར་གསུམ་གྱི་རླངས་པ་ལས་སྐུ་གསུང་ཐུགས་ཀྱི་རིག་མ་ལྔ༔ མཆོད་པའི་ལྷ་མོ་རིན་པོ་ཆེའི་གཞོང་པ་ཐོགས་པ་བྱེ་བ་དུང་ཕྱུར་ཚོགས་ཀྱི་ཡོ་བྱད་སྣ་ཚོགས་དང་༔ མེ་ཏོག་བདུག་སྤོས་སོགས་མཆོད་པའི་ཡོ་བྱད་དུ་མ་ཐོགས་པར་བསྒོམ་སྟེ༔ བྷོ་དྷི་ཙིཏྟ་སོགས་དང་༔ པུལླེ་སོགས་བརྗོད་པས་བྱིན་གྱིས་བརླབས་སོ༔ རང་གི་སེམས་འདི་ཡི་ཐོག་མ་ནས་ཆོས་སྐུ་ཡིན་ཀྱང་༔ དེ་ངོ་མ་ཤེས་པས་དབུལ་བའི་ཁྱིམ་དུ་རིན་པོ་ཆེའི་གཏེར་ཡོད་པ་ལྟར་དེ་སྔ་ཕན་མ་ཐོགས་ནས་ཐོག་མ་མེད་པའི་དུས་ནས་འཁོར་བར་འཁྱམས་པའི་ཚེ༔ སྡིག་སྒྲིབ་ཅི་བགྱིས་པ་ཐམས་ཅད་བཤགས་སྙམ་པས༔ ཧཱུྃ༔ ལྷག་པའི་ལྷ་མཆོག་སོགས་ནས་ཤུདྡྷེ་ཨཱཿ དེ་ནས་རྙིང་མའི་ལུགས་ཀྱི་ཏིང་ངེ་འཛིན་ཐམས་ཅད་ཏིང་ངེ་འཛིན་རྣམ་གསུམ་དུ་འདུས༔ དེར་མ་ཟད་གསང་སྔགས་རྙིང་མའི་ཆོས་ཐམས་ཅད་འདི་ལ་འདུས་པ་ཡིན་ཏེ་བཤད་པ་རྒྱ་ཆེ་བ་བྲིར་མི་ལོང་༔ དབུ་མ་དང་གཅིག་ལག་ཏུ་བླང་བྱ་རབ་སྟོང་ཉིད་ངོ་བོ་མཐོང་བ་ཡོད་ན་དེའི་སྟེང་དུ་བཞག༔ འབྲིང་སྟོང་ཉིད་ཀྱི་གོ་བ་བཟང་པོ་ཡོད་


CMR009_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ན་གོ་བ་དེ་ཡིད་ལ་བཀོད༔ ཐ་མ་ཆོས་ཐམས་ཅད་རང་བཞིན་གྱི་སྟོང་ཞིང་བདག་མེད་པ་ཡིན་བསམ་པ་ཙམ་བྱས་ལ༔ ཧཱུྃ༔ ཆོས་རྣམས་ཞེས་པ་ནས་ཤུདྡྷོཉཧཾ་ཞེས་པའི་བར་བརྗོད༔ དེ་ལྟར་ཆོས་ཐམས་ཅད་ཡེ་ནས་ཡེ་ཤེས་ཀྱི་སྙིང་པོ་ཅན༔ སྟོང་ཉིད་ཆོས་སྐུ་རྗེན་པ་ཡིན་ཀྱང་༔ དེ་མ་ཤེས་པར་འཁོར་བར་འཁྱམས་པའི་སེམས་ཅན་སྙིང་རེ་རྗེ་སྙམ་དུ་བསྒོམ༔ འདི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཟེར་བ་དང་དོན་གཅིག་པས༔ ཧཱུྃ༔ ཆོས་རྣམས་ཡེ་ཤེས་སྙིང་པོ་ཅན་ཞེས་ནས་ཤུདྡྷོཉཧཾ་བར་བརྗོད༔ ཆོས་ཐམས་ཅད་ངོ་བོ་སྟོང་པའི་ངང་ལས༔ རྒྱུ་འབྲས་མི་བསླུ་བ་རྟེན་འབྲེལ་སྒྱུ་མ་ཙམ་དུ་ཅིར་ཡང་སྣང་བ་སྟེ༔ ཐམས་ཅད་རྒྱུ་ལ་འབྲས་བུ་འབྱུང་བ་ཤ་སྟག་ཡིན་པས༔ རང་གི་སེམས་རྒྱུ་རྡོ་རྗེ་འཛིན་པའི་ངོ་བོ་ཡི་གེ་ཧཱུྃ་དམར་པོ་གཅིག་ཏུ་བསྒོམས་ལ༔ ཧཱུཾ་ཐམས་ཅད་རྟེན་འབྲེལ་རྒྱུ་ནས་ས་མ་ཏི་ཧཱུྃ་གི་བར་བརྗོད༔ ཧཱུྃ་དེ་ལས་ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས་པས་མེ་ཆུ་རླུང་གསུམ་བྱུང་སྟེ༔ ཕྱི་སྣོད་ཀྱི་འཇིག་རྟེན་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱིས་དངོས་པོར་འཛིན་པའི་མ་རིག་པ་ཐམས་ཅད་བསྲེགས༔ གཟུང་བ་དང་འཛིན་པའི་འདོད་ཆགས་གཏོར༔ ཐ་མལ་དུ་འཛིན་པའི་


CMR009_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆགས་དང་ཞེ་སྡང་བཀྲུས༔ ནམ་མཁའ་སྤྲིན་མེད་པ་ལྟ་བུའི་ཆོས་ཀྱི་དབྱིངས་ཀྱི་མཁའ་ཀློང་རྡོ་རྗེ་བཙུན་མོའི་བྷ་གའི་རང་བཞིན་དུ་གྱུར༔ ཧཱུྃ་དེ་ལས་ཨེ་ཡཾ་ར་སུཾ་ཀེ་རཾ་ཧཱུྃ་འཕྲོས་པས་འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་༔ དུར་ཁྲོད་བརྒྱད་རྡོ་ར་མེ་རི་དབུས་ཉི་ཟླ་པདྨ་རོ་གདན་དང་བཅས་པ་སྒོམ་ལུགས་དཀྱིལ་འཁོར་སྤྱི་དང་འདྲའོ༔ ཧཱུྃ་བྷི་ཤྭ་སོགས་ཀྱིས་གཞལ་ཡས་ཁང་གདན་དང་བཅས་པ་བྱིན་གྱིས་བརླབས་སོ༔ དེ་ནས་རྒྱུའི་ཡི་གེ་ཧཱུྃ་དེ་ནམ་མཁའ་ནས་གདན་སྟེང་དུ་བབས་པ་ལས་འོད་ཟེར་གྱིས་འཕགས་པ་མཆོད་པ་སོགས༔ དོན་གཉིས་བྱས་ནས་གཙོ་བོ་བསྐྱེད་པ་གཞུང་ལྟར༔ གོ་ཆའི་ལྷ་བསྐྱེད་པ་རྒྱུན་གྱི་ཤོག་དྲིལ་ལྟར༔ འཁོར་ཐམས་ཅད་གཞུང་ལྟར་བསྐྱེད་དེ༔ དེ་ཡང་བདག་མདུན་བུམ་གསུམ༔ དབང་དུས་གཏོར་མ་ལྷར་བསྐྱེད་པ་དང་བཞི་ཁ༔ མངོན་རྟོགས་ཚར་གཅིག་གིས་དུས་གཅིག་ལ་བསྐྱེད་པ་ནི་རྙིང་མའི་ཁྱད་ཆོས་ཡིན་ནོ༔ དེ་ཡང་བསྙེན་པ་དུས་དང་རྒྱུན་དུ་བདག་བསྐྱེད་གཙོ་ཆེ་བས༔ བདག་བསྐྱེད་ཀྱི་དུར་ཁྲོད་ནང་དཀྱིལ་འཁོར་ཕྱིའི་ཁྱམས་དེར་མདུན་བསྐྱེད་སོགས་ལྷ་མགྲོན་གཏོར་མགྲོན་ཐམས་ཅད་བསྐྱེད༔ སྒྲུབ་པ་དབང་དང་རྡུལ་ཚོན་ཡོད་ནི་མདུན་བསྐྱེད་


CMR009_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་ཆེ་བས༔ མདུན་བསྐྱེད་ཀྱི་ཤར་སྒོའི་དྲུང་དུ་བདག་བསྐྱེད་ཀྱི་དཀྱིལ་འཁོར་བསྐྱེད༔ དེ་ཡང་གཙོ་གང་ཆེ་བའི་རྡོ་ར་མེ་རི་ནི་གུར་ཕུབ་པ་ལྟར་བར་མཚམས་མེད་པ༔ དཀྱིལ་འཁོར་ཁྱམས་ཀྱི་དཀྱིལ་འཁོར་གཞན་རྣམས་ཀྱི་རྡོ་ར་མེ་རི་ནི་དགོན་པའི་ལྕགས་རི་ལྟར་སྟེང་ཧད་པོར་ཡོད་པར་བསྒོམ་པ་མན་ངག་གོ༔ དེ་མ་བྱས་ན་བདག་མདུན་བར་སྲུང་འཁོར་གྱིས་ཆོད་ནས་སྔགས་འཁོར་སོགས་མི་བདེའོ༔ ལྷ་བསྐྱེད་ཚར་ནས་གནས་གསུམ་བྱིན་རླབས་སོགས་ཀྱི་དོད་ལ༔ འདིར་བཛྲ་གུ་རུ་ཀྲོ་ཏ་ནས་ས་མ་ཡ་ཧཱུྃ་གི་བར་བརྗོད་པས་ཐམས་ཅད་བྱིན་གྱིས་བརླབས་ཏེ༔ སྐད་ཅིག་ལ་རང་རང་གི་ཐུགས་ཀར་རང་རང་གི་ས་བོན་ལ་རང་རང་གི་སྔགས་ཀྱིས་བསྐོར་བ་མོས་པ་ཙམ་དུ་བསྒོམས་ལ༔ རང་གི་ས་བོན་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ལྟ་བུ་རང་རང་གི་ཞིང་ཁམས་སུ་འཕྲོས་པས༔ རང་རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཕོག༔ སྐུ་ཆེ་ཕྲ་སྣ་ཚོགས་ཁ་བ་བུ་ཡུག་ལྟར་བྱོན་ནས་རང་རང་སོ་སོའི་སྐུ་ལ་སིབ་སིབ་ཐིམ་པར་བྷེ༔ ཚིག་རེ་དང་དམིགས་པ་རེ་སྤྲད་དེ༔ དེ་ཡང་འོད་ཟེར་ཟངས་མདོག་དཔལ་རིར་ཨོ་རྒྱན་གྱི་ཐུགས་ཀར་ཕོག་པས༔ སྐད་ཅིག་ལ་གུ་རུ་དྲག་པོའི་སྐུར་


CMR009_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འགྱུར་ནས་བྱོན༔ བདེ་བ་ཅན་ནས་འོད་དཔག་མེད༔ རི་རབ་འབར་བའི་རྩེ་མོ་ནས་བྱ་ཁྱུང་༔ འོག་མིན་ཕོ་བྲང་ནས་འཇམ་དཔལ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས་པདྨ་དབང་ཆེན༔ ལྕང་ལོ་ཅན་ནས་གསང་བདག་སོགས་བྱོན་ཅིང་རང་རང་ལ་ཐིམ་པར་བསྒོམ༔ སླར་ཡང་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ནས་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་ཐམས་ཅད་གུ་རུ་དྲག་པོའི་ལྷ་ཚོགས་སུ་གྱུར་ནས༔ ནམ་མཁའ་བར་སྣང་གང་བར་བྱོན་ཏེ༔ ཆ་ལུགས་ནི་རྒྱན་ཆ་མང་པོ་ཁྲོ་ལོ་ལོ་ཞེས་སོགས་གཞུང་ཚིག་དང་མཐུན་པར་བྱོན་ནས༔ ནམ་མཁའ་བར་སྣང་ཐམས་ཅད་སྤྲིན་ལྟར་འཁྲིགས་སེར་བཞུགས་པར་བསམས་ལ༔ ཛཞེས་དཀྱིལ་འཁོར་ནང་དུ་བྱོན༔ ཧཱུྃ་ཞེས་དམ་ཚིག་པ་ལ་ཞུགས༔ བོ་ཞེས་གཉིས་སུ་མེད་པར་འདྲེས༔ ཧོཞེས་ཐུགས་དགྱེས་པར་གྱུར༔ དེ་རྣམས་བསྒོམ་ཞིང་༔ ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང་༔ སོགས་དབྱངས་དང་རོལ་མོ་བྱེད༔ དེ་ནས་བཞུགས་གསོལ་དང་ཕྱག་འཚལ་གཉིས་བདག་བསྐྱེད་ཀྱིས་མདུན་བསྐྱེད་ལ་བྱེད༔ མདུན་བསྐྱེད་ཀྱིས་བདག་བསྐྱེད་ལ་བྱེད་པར་སྒོམ་པ་དྲག་ཆེ་ནའང་༔ འདིར་མན་ངག་གི་བདག་གི་ཐུགས་ཀ་ནས་


CMR009_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཐ་མལ་པའི་ལུས༔ ལྷའི་གྲངས་དང་མཉམ་པར་སྤྲུལ་ནས༔ བདག་མདུན་གྱི་དཀྱིལ་འཁོར་གྱི་ནང་གི་བར་ཁྱམས་སུ་འཁོད་དེ༔ ལག་ན་པདྨ་དང་ཟླ་བ་དང་ཉི་མ་གསུམ་བརྩེགས་ཀྱི་གདན་རེ་རེ་བཟུང་ནས༔ ལྷ་སོ་སོར་ཕུལ་བས་སོ་སོའི་གདན་ལ་ཐིམ་པས་སྔར་ལས་ཅུང་ཟད་ཆེ་ཞིང་གཟི་མདངས་ཆེ་བར་བསྒོམས་ལ༔ ཧཱུཾ་དུར་ཁྲོད་ཆེན་པོ་སོགས༔ ཏིཥྛ་ལྷན་བར་བརྗོད༔ དེ་ནས་བདག་བསྐྱེད་རྣམས་ལས་སྤྲུལ་པ་མང་དུ་འཕྲོས་ཏེ༔ བདག་ལུས་གྲངས་མེད་པ་དེ་དག་གིས་ལ་ལས་ཆོས་གོས་རྣམ་གསུམ་གསོལ་ཏེ། ཕྱི་ཉན་ཐོས་ཆ་ལུགས་སུ་ཡན་ལག་ལྔ་ས་ལ་བཙུགས་ཏེ་ཕྱག་འཚལ༔ ལ་ལས་ཕོད་ཁ་དང་རྒྱན་དྲུག་གྱོན་ཏེ་བརྐྱང་བསྐུམ་སྲིན་པོའི་གར་དང་བཅས༔ ནང་སྔགས་ལུགས་སུ་ཕྱག་འཚལ༔ ལ་ལས་ལུས་གཅེར་བུར་བྱས་ནས་ལུས་འཕར་ཞིང་ས་ལ་རྡེག་པའི་བརྐྱང་ཕྱག་འཚལ་བར་བྷེ་ལ༔ ཧཱུྃ༔ དྲག་པོ་པདྨའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ སོགས་ནས་ཕྱག་འཚལ་བའི་བར་དང་༔ ཨ་ཏི་པཱུ་ཧོ༔ ཞེས་བདག་བསྐྱེད་ཀྱི་དཀྱིལ་འཁོར་ལ་ཕྱག་འཚལ་བར་བསྒོམ༔ པྲ་ཏི་ཛ་ཧོ༔ མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་ཕྱག་འཚལ་བར་བསྒོམ༔ དེ་


CMR009_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བདག་ལུས་དེ་དག་སྐད་ཅིག་ལ་མཆོད་པའི་ལྷ་མོ་དཔག་ཏུ་མེད་པར་གྱུར་ཏེ་ཕྱི་མཆོད་མེ་ཏོག་བདུག་སྤོས་སོགས༔ ནང་མཆོད་འདོད་ཡོན་ལྔ༔ གསང་བ་བདེ་སྟོང་གི་མཆོད་པ༔ ཕྱག་ན་བྷན་ཐོགས་པས་ནང་མཆོད་བདུད་རྩིའི་རྒྱ་མཚོ་ནས་བཅུས་ཏེ་སོ་སོར་མཆོད་པར་བསྒོམ༔ སྐབས་འདིར་ལ་ལས་སྨན་མཆོད་དང་གཏོར་བསྔོས་གཉིས་ཡང་ཕྱེ་མ་ཤེས་པའི་ཉབ་ཉོབ་ཚིགས་བཅད་མང་པོ་སྦྱར་སྲོལ་འདུག་ཀྱང་འདིར་མ་སྦྱར་ཡང་མ་ཚང་བར་མི་འགྱུར༔ སྦྱར་ན་ཚེས་བཅུ་མཁན་ཐམས་ཅད་ལ་གྲགས་པའི་སྨན་མཆོད་དབྱངས་དང་བཅས་ཏེ་སྦྱར་ན་བཅོས་པའི་སྐྱོན་ཡང་མེད་དོ༔ གཞུང་རང་ནས་སྦྱོར་གསུངས་ཡོད༔ ལ་ལས་འདིར་གཏོར་བསྔོས་བཙུད༔ དེ་བཙུད་པ་ཅུང་ཟད་འཕྱུགས་པ་ཡིན༔ སྨན་མཆོད་ནི༔ ཆོས་སྐུ་སྣང་བ་མཐའ་ཡས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ལོངས་སྐུ་ཐུགས་རྗེ་ཆེན་པོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ སྤྲུལ་སྐུ་པདྨ་འབྱུང་གནས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ གཏེར་སྟོན་རཏྣ་གླིང་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ རྒྱལ་སྲས་ཚེ་དབང་གྲགས་


CMR009_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ བཀའ་བབས་ཆོས་བདག་ཉེར་ལྔའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ དྲིན་ཆེན་རྩ་བརྒྱུད་བླ་མའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཡི་དམ་དབང་དྲག་པདྨའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཆོས་བདག་མཁའ་འགྲོ་སྡེ་ལྔའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཆོས་སྐྱོང་བདུད་མགོན་ལྕམ་དྲལ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ བཀའ་སྲུང་སྤུ་གྲི་མཆེད་གསུམ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ གཏེར་སྲུང་དགེ་བསྙེན་སྨྱོ་ཁའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ བྱིན་རླབས་ཀྱི་རྩ་བ་རིག་འཛིན་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ དངོས་གྲུབ་རྩ་བ་ཡི་དམ་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཕྲིན་ལས་ཀྱི་རྩ་བ་བཀའ་སྲུང་དམ་ཅན་རྒྱ་མཚོ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཅེས་བདུད་རྩི་ནམ་མཁའ་བར་སྣང་ས་གཞིར་མཐེབ་སྲིན་གྱིས་གཏོར༔ བདག་བསྐྱེད་མཆོད་ཕྱིར་ཐིགས་པ་ལྕེ་ལབཞག༔ དེ་ནས་གཏོར་མ་ནི༔ ལྷ་རྣམས་ཀྱི་ལྗགས་འོད་ཀྱི་སྦྲ་གུས་གཏོར་མའི་བདུད་རྩི་དྲངས་ཏེ་གསོལ་


CMR009_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསྒོམ་པ་ནི༔ ཚེས་བཅུ་སོགས་གཏོར་མ་དེ་སླར་བསྔོ་མི་དགོས་ན་བྱའོ༔ གཏོར་མ་བཞག་རྒྱུ་ལ་དེ་བྱས་ན་དེ་རིང་འཁོར་ལྷའི་གསོལ་ལྷག༔ སང་གཙོ་བོ་ལ་མཆོད་པ་མི་ལེགས་པས༔ མཆོད་པའི་ལྷ་མོ་མང་པོས་ཕྱག་ན་བྷནྡྷའི་སྐྱོགས་ཐོགས་ནས་གཏོར་མ་བདུད་རྩི་རྒྱ་མཚོ་ནས་བཅུས་ནས་ལྷ་སོ་སོ་ལ་མཆོད་དོ༔ གཞུང་ཚིག་ལས་འདོད་ཡོན་ལྷ་མོའི་ཚོགས་ཀྱི་སྤྱས་ཞེས་སོ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧིའི་མཇུག་འདི་ན༔ གཏོར་བསྔོས་བཙུད་པ་ཡིན༔ གཏོར་བསྔོས་མ་བཙུད་ཀྱང་ཚིགས་བཅད་སྔགས་དང་བཅས་པ་འདི་ཁོ་ནས་འཐུས་པས་མ་ཚང་བའི་སྐྱོན་དུ་མི་འགྱུར་མོད༔ འོན་ཀྱང་གུ་རུ་དྲག་པོ་ཁོ་ན་གཙོ་བོ་བྱེད་རྒྱུ་ཡིན་ན་སྐབས་འདིར་བླ་མ་ཡི་དམ་ཆོས་སྐྱོང་ཐམས་ཅད་ཀྱི་གཏོར་བསྔོས་མང་ཉུང་རན་པ་ཞིག་བཙུད་ནས༔ སྤྱན་འདྲེན་མཆོད་བསྟོད་ཐམས་ཅད་གུ་དྲག་གི་གཞུང་འདིས་ཐམས་ཅད་ཀྱི་གོ་ཆོད་པས་ལེགས་པར་འོང་༔ ཡང་གུ་དྲག་ཁོ་ན་གཙོ་བོ་མིན་ན་གཞན་ཡི་དམ་ཆོས་སྐྱོང་གཙོ་ཆེ་བ་ཡོད་ན༔ གཏོར་བསྔོས་ལོགས་སུ་བྱས་པས་འདིར་མི་བསྲེ་བ་ལེགས་སོ༔ ཡང་རྣལ་འབྱོར་པས་རིགས་དྲུག་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་མཐར་ཡི་དམ་ལྷར་གསལ་བས་ནང་མཆོད་འབུལ་བ་


CMR009_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ གཞི་བདག་གཏོར་མ་ཡང་ཕུགས་གཏོར་གྱི་མཇུག་ཏུ་བསྔོ་རུང་གི༔ གཞི་བདག་ཐ་མལ་རང་གཟུགས་ཅན་དུ་དམིགས་ན་གཏོར་བསྔོས་ཀྱི་གྲ་རུ་མི་རུང་༔ ཕྱི་གཏོར་ཞེས་པ་ཕྱི་རོལ་དུ་ཕུལ་མི་དགོས་ཏེ༔ ཏིང་ངེ་འཛིན་གྱི་ཁྱད་ཙམ་སྟེ་གནད་ཆེ་བར་བརྩི་སྲོལ་གདའོ༔ བར་སྣང་ལ་དགྲ་བགེགས་ཀྱི་ངོ་བོ་ཁྲག་གི་རྐྱལ་པ་ནི་ཡིག་གིས་མཚན་པ་ལ༔ སྤྲུལ་པའི་ཁྲོ་བོས་ཕུར་པ་བཏབ་པས་ཁྲག་གི་རྒྱུན་བབས་པས་བྷན་ཁེངས༔ དེ་ནས་མཆོད་པའི་ལྷ་མོ་དེ་དག་དམར་མོ་ཁོ་ནར་གྱུར་ཏེ་བྷནྡྲ་ལྕང་ལོ་ཅན་དེས་རཀྟ་བཅུས་ཏེ་ཁྲོ་བོ་ཐམས་ཅད་ལ་མཆོད་པ་དང་༔ ལྷ་མོ་དེ་དག་ཁྲོ་བོ་ཁྲོ་མོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་མང་པོར་གྱུར་ཏེ༔ ཕྱིའི་དགྲ་བགེགས་དང་བདུད་བཞི༔ ནང་གི་ཉོན་མོངས་པའི་རྣམ་རྟོག་ཐམས་ཅད་བྱམས་པའི་ལྕགས་ཀྱུས་བཀུག༔ སྙིང་རྗེའི་ཞགས་པས་བཅིངས༔ དགའ་བའི་ལྕགས་སྒྲོག་གིས་བསྡམས༔ བཏང་སྙོམས་དྲིལ་བུས་མྱོས་པར་བྱས་ནས་མདུན་བསྐྱེད་རྣམས་ཀྱི་ཞལ་དུ་བསྟབས་པས་ལུས་ཤ་ཁྲག་ཆེམ་ཆེམ་གསོལ༔ སེམས་ཐུགས་བསྐྱེད་སྐྱེ་མེད་ཆོས་སྐུའི་ཀློང་དུ་བསྟིམས་ནས་སངས་རྒྱས་པར་བསྒོམ་པ་ནི་སྙིང་རྗེས་གཞན་


CMR009_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སྒོལ་བ་ཡིན༔ འཁོར་བར་འཁྱམས་པའི་རྩ་བ་ང་དང་བདག་ཏུ་འཛིན་པ་ཁོ་ན་ཡིན༔ དེ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སྒྲོལ་བ་རྟོགས་པས་བདག་སྒྲོལ་བ་སྟེ༔ དེ་བདག་མེད་ཀྱི་སྒོལ་མཆོད་ཡིན་ཏེ༔ དོན་ཉམས་སུ་ལེན་ཚུལ་རབ་སེམས་ངོ་ལ་གཅེར་གྱིས་བལྟས་པས་རང་བཞིན་མེད་པར་ལྷང་གི་མཐོང་༔ ཐོ་མ་ཡང་ཆོས་ཐམས་ཅད་བདག་མེད་པའོ་སྙམ་དུ་དྲན་པར་བྱའོ༔ འདི་ལ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཡང་ཟེར༔ དེ་ལྟར་བསྒོམ་ཞིང་གཞུང་གི་སྨན་རཀ་གཏོར་གསུམ་བསྒྲལ་མཆོད་རྣམས་དབྱངས་དང་བཅས་པས་གྱེར་ཏེ༔ དབྱངས་བྱེད་ཆེ་དམིགས་པ་སྒོམ་ལོང་ཡོད་པའི་གནད་དང་དབྱངས་དེ་ཡང་གླུའི་མཆོད་པ་ཡིན་ནོ༔ དེ་ཡང་དངོས་སུ་བཤམས་པའི་མཆོད་པ༔ ཡིད་ལས་སྤྲུལ་པའི་མཆོད་པ༔ ངག་གིས་བརྗོད་པའི་མཆོད་པ༔ སྔགས་དང་ཕྱག་རྒྱའི་མཆོད་པ༔ འཇིག་རྟེན་གཞན་ན་ཡོད་པ་བློས་བླངས་བའི་མཆོད་པ༔ ཐམས་ཅད་འདི་ལ་ཚང་བ་ཡིན་ནོ༔ དེ་ཡང་སྤྲུལ་པའི་མཆོད་པའི་ལྷ་མོ་དེ་དག་སྐད་ཅིག་ལ་གནས་འགྱུར་ཏེ༔ ལ་ལ་ནི་ཚངས་པ་གདོང་བཞི་པ་དང་༔ ལ་ལ་ནི་བརྒྱ་བྱིན་ཏེ་ལྷའི་དབང་པོ་དང་༔ ལ་ལ་ནི་འདོད་པའི་དབང་ཕྱུག་བདུད་ཀྱི་རྒྱལ་པོ་དང་༔ ལ་


CMR009_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་༔ ལ་ལ་དགའ་བོ་དང་འཇོག་པོ་དང་༔ སྟོབས་ཀྱི་རྒྱུ་སོགས་ཀླུའི་རྒྱལ་པོ་དང་༔ ལ་ལ་རབ་དགའ་ལ་སོགས་དྲི་ཟ་དང་༔ ནམ་མཁའ་ལྡིང་དང་མིའམ་ཅིའི་རྒྱལ་པོ་ལ་སོགས་པ་མདོར་ན་འཇིག་རྟེན་ན་ཆེ་ཞིང་ཆེ་བར་གྲགས་པ་ཐམས་ཅད་ཀྱིས་ལུས་གྲངས་མེད་པར་སྤྲུལ་ནས༔ རོལ་མོ་སྣ་ཚོགས་དང་བཅས་ནས་མགྲིན་གཅིག་ཏུ་བདག་མདུན་གཙོ་བོ་སོ་སོ་ལ་བསྟོད་པ་བྱེད་ཅིང་ཁམས་གསུམ་སྲིད་གསུམ་གྱི་བདག་པོར་མངའ་གསོལ་བར་བསྒོམས་ལ༔ ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་སོགས་ནས༔ བསྟོད་པ་ཐམས་ཅད་ཚང་བར་བྱའོ༔ དེ་ནས་ལྷ་ཚོགས་རྣམས་ལ་བོས་ནས་ཞུས་པ་ནི༔ བསྐལ་པ་གྲངས་མེད་པའི་སྔོན་ནས་ད་ལྟ་ཡི་བར་དུ༔ ཡེ་ཤེས་ཀྱི་ལྷ་ཚོགས་ཁྱེད་རྣམས་རང་གི་རིག་པ་སེམས་ཉིད་སྐྱེ་བ་མེད་པ་འདི་དང་དབྱེར་མེད་དུ་བཞུགས་པ་འདི་མ་ཤེས༔ མ་རྟོགས་པས་འཁོར་བར་འཁྱམས་པས༔ བདག་མེད་པ་ལ་བདག་ཏུ་བཟུང་བས་ཞེན་ཅིང་ཆགས༔ སེམས་ལས་གཞན་དུ་གྲུབ་པ་མེད་པ་ལས་གཞན་དུ་བཟུང་ནས་སྡང་སྟེ༔ དེ་ལྟར་གཉིས་འཛིན་འཁྲུལ་པའི་རྟོག་པ་དེས་ལས་ངན་པ་ཅི་བྱས་ཅི་བསགས་པ་ཐམས་ཅད༔


CMR009_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གཞན་དབྱེར་མེད་པ་ཆོས་དབྱིངས་སྟོང་པ་ཉིད་ཀྱི་ཀློང་དུ་བཟོད་པར་གསོལ་སྙམ་པས་བཤགས་པའི་ཚིག་དང་བླ་མའི་ཡིག་བརྒྱ་བཟླའོ༔ དེ་ནས་དྲག་པོའི་ཕྱི་ནང་གསང་བ་ཡང་གསང་ཟིལ་གནོན་སོགས་སྒྲུབ་པའི་དུས་ཡིན་ན༔ ལས་བྱང་གི་སྔགས་འདི་རྣམས་སྔགས་མཆོད་ཀྱི་ཚུལ་དུ་ཚར་གཅིག་བཏོན་ནས་སྒྲུབ་ཐབས་སོ་སོ་ཡི་སྔགས་དམིགས་རིམ་པར་བྱ་རྒྱུ་ཡིན་རུང་༔ ལས་བྱང་འདི་ཁོ་ན་ལ་བརྟེན་ནས་བསྙེན་པ་བྱེད་ཚུལ༔ འདི་ལྟ་སྟེ༔ གོ་ཆ་ལྷ་ལྔའི་རྒྱན་གྱི་ཤོག་དྲིལ་ལྟར༔ རང་གི་སྤྱི་གཙུག་དབུ་སྐྲའི་གསེབ་ཏུ་ཨོ་རྒྱན་མཐིང་ནག་ཏུ་བསྒོམ་པ་དེའི་ཐུགས་ཀར་ཟླ་བའི་དབུས་སུ་ཧཱུྃ་མཐིང་ནག་གི་མཐར༔ ཐོད་ཕྲེང་རྩལ་གྱི་སྔགས་གཡས་སུ་འཁོར་བས་མ་བཟོད་པ་ལྟར༔ སྤྱན་གསུམ་ནམ་མཁའ་ལ་ཧྲིག་ཧྲིག༔ ཕྱག་ཞབས་གར་སྟབས་ཁྱུགས་ཁྱུག༔ ཞལ་ནས་ཧཱུྃ་སྒྲ་ཕཊ་སྒྲ་བྷོ་སྦྲུ༔ ཨེ་ཨཱ་རལླི་ཕོ་ཕོ་ཞེས་གསུངས་པ་ཙམ་གྱིས་ཕྱོགས་བཅུའི་ཞིང་རབ་འབྱམས་ནས༔ རིག་འཛིན་བརྒྱད༔ མཆོག་གི་གྲུབ་ཆེན་བརྒྱད་རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུ༔ རྗེ་འབངས་ཉི་ཤུ་རྩ་ལྔ༔ གཏེར་སྟོན་བརྒྱ་རྩ་བརྒྱད་ལ་སོགས་པ་རྩ་བརྒྱུད་ཀྱི་བླ་མ་རིག་འཛིན་གྲུབ་ཐོབ་ཐམས་ཅད་དང་༔ ཡི་


CMR009_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཞི་བ་དང་ཁྲོ་བོ་ཐམས་ཅད་དང་༔ དཔའ་བོ་ཉི་ཤུ་རྩ་བཞི༔ དཔའ་མོ་ཉི་ཤུ་རྩ་བཞི༔ གོ་རི་ལྷ་མོ་བརྒྱད༔ ལ་སོགས་པ་གནས་དང་ཡུལ་གྱི་དཔའ་བོ་མཁའ་འགྲོ་ཐམས་ཅད་དང་༔ མགོན་ཆེན་སྡེ་བཞི༔ ལྷ་མོ་དཔོན་གཡོག་ལ་སོགས་པ༔ ཡེ་ཤེས་ཀྱི་ཆོས་སྐྱོང་ཐམས་ཅད༔ རང་དབང་མེད་པར་ཤོག་གུ་བཀྲམ་པ་རླུང་ཆེན་པོས་བསྐྱོད་པ་ལྟར་ཆི་ལི་ལི་བྱོན་ནས༔ བླ་མ་ཐམས་ཅད་གུ་རུ་པདྨའི་དཔྲལ་བའི་ཨོཾ་ལ་ཐིམ༔ ཡི་དམ་ཐམས་ཅད་མགྲིན་པའི་ཨཱལ་ཐིམ༔ དཔའ་བོ་མཁའ་འགྲོ་ཐམས་ཅད་ཐུགས་ཀའི་ཧཱུྃ་ལ་ཐིམ༔ ཆོས་སྐྱོང་ཐམས་ཅད་ལྟེ་བའི་ཧྲིལ་ཐིམ་པས༔ སྤྱི་བོར་པདྨ་འབྱུང་གནས་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་གྱུར༔ དེ་ལྟར་བྱིན་རླབས་བསྡུ་བའི་དམིགས་པ་དེ་བྱེད་ཅིང་སྔགས་ཐོད་ཕྲེང་རྩལ་ཅི་ནུས་བཟླའོ༔ ༈ དེ་ནས་དབང་བླང་བ་ནི༔ ཨོ་རྒྱན་མཐིང་ག་དེའི་དཔྲལ་བའི་ཨོཾ་ལས་འོད་ཀྱི་ཐིག་ལེ་དཀར་པོ་ཨོཾ་ཡིག་གིས་མཚན་པ་གྲངས་མེད་པ་བྱུང་ནས་རང་གི་དཔྲལ་བར་ཐིམ༔ ལུས་ཀྱི་སྒྲིབ་པ་དག༔ བུམ་པའི་དབང་ཐོབ༔ སྐུའི་བྱིན་རླབས་ཞུགས༔ ལམ་བསྐྱེད་རིམ་བསྒོམ་པར་དབང་ཞིང་༔ འབྲས་བུ་སྤྲུལ་སྐུ་འགྲུབ་པའི་


CMR009_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ས་བོན་རྒྱུད་ལ་བཞག༔ ཡང་ཨོ་རྒྱན་དེའི་མགྲིན་པའི་ཨཱཙྪཡིག་ལས༔ འོད་ཀྱི་ཐིག་ལེ་དམར་པོ་ཨཱཡིག་གིས་མཚན་པ་མང་པོ་བྱུང་ནས་རང་གི་མགྲིན་པར་ཐིམ་པས༔ ངག་གི་སྒྲིབ་པ་དག༔ གསང་བའི་དབང་ཐོབ༔ ལམ་རྩ་རླུང་བསྒོམ་པར་དབང་༔ འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ས་བོན་ཐོབ༔ ཡང་ཐུགས་ཀའི་ཧཱུཾ་ལས་ཐིག་ལེ་སྔོན་པོ་ཧཱུྃ་ཡིག་གིས་མཚན་པ་གྲངས་མེད་པ་བྱོན་ནས༔ རང་གི་སྙིང་ཁར་ཐིམ་པས་ཡིད་ཀྱི་སྒྲིབ་པ་དག་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ལམ་རྩ་རླུང་ཐིག་ལེ་རྫོགས་རིམ་བསྒོམ་པར་དབང་༔ འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས༔ ཡང་ལྟེ་བའི་ཧིལས་ཐིག་ལེ་ལྗང་ཁུ་ཧཱུྃཡིག་ལྗང་ཁུས་མཚན་པ་དུ་མ་འཕྲོས༔ རང་གི་ལྟེ་བར་ཐིམ་སྒོམ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག༔ ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པར་དབང་༔ འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་ས་བོན་རྒྱུད་ལ་བཞག་པར་བསྒོམ་ཞིང་སྔགས་འདི་བཟླས་ཏེ༔ སྔགས་དོན་ནི༔ ཨོཾ་ཨཱཿཧཱུྃ་ནི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་ཡིན་ནོ༔ བཛྲ་གུ་རུ་ནི་རྡོ་རྗེ་སློབ་དཔོན་ཡིན་ནོ༔ དེ་ཡང་གུ་རུ་ཟེར་བ་ནི་འགའ་


CMR009_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཧུ་རུ་ཟེར་བ་འོང་སྟེ༔ ཟུར་ཆགས་སྐད༔ གྷ་རུ་ཟེར་བ་ཟུར་ཆགས་སྐདི༔ འགུ་རུ་ལེགས་སྦྱར་སྐད་ཡིན་ཏེ༔ དཔེ་ཆ་ལ་ཅི་ཡང་ཡོད་དེ༔ གུ་རུ་ཟེར་བ་ལེགས་སོ༔ པདྨ་ཐོད་ཕྲེང་རྩལ་ནི་བོད་སྐད་ཡིན་ཏེ༔ ཨོ་རྒྱན་གྱི་གསང་མཚན་ཡིན་ནོ༔ བཛྲ་ས་མ་ཡ་ནི་རྡོ་རྗེའི་དམ་ཚིག༔ ཛ་ནི་སྤྱན་འདྲེན༔ སིདྡྷི་ཕ་ལ་ཧཱུྃ་ནི་དངོས་གྲུབ་བཟང་པོ་སྩོལ༔ ཨཱཙྪནི་སྐྱེ་བ་མེད་པ་མཆོག་གི་དངོས་གྲུབ་སེམས་ལ་རྟོགས་པ་འཆར་བའོ༔ དེ་ཡང་སྔགས་གྲངས་ཅི་ཙམ་བཟླ་བ་ནི༔ ཐུན་རེ་རེ་ལ་སྔགས་ཐམས་ཅད་མང་ཉུང་ཅི་ཙམ་འདོན་པ་དེ་ཆ་བཞི་བྱས་ལ༔ ཆ་གཅིག་ལ་ཞི་བ་ཐོད་ཕྲེང་རྩལ་འདི་འདོན༔ ཆ་གཅིག་ལ་ཚེ་དཔག་མེད་འདོན༔ དེ་ལྟར་ཕྱེད་དེ་ཞི་བ་ཡིན་པས༔ ཞི་བ་བསྙེན་ཅིང་ཁྲོ་བོར་བསྒྲུབ་པའི་མན་ངག་གོ༔ གོང་ནོན་ཡིན་པས་འཇམ་ཞིང་བར་ཆད་མི་འབྱུང་བའི་གནད་དོ༔ དེ་ནས་ཆ་གཅིག་ཨ་ཙིག་རྐྱང་པ་འདོན༔ ཆ་གཅིག་དེ་ལ་ཆ་བཅུ་བགོས་ལ༔ ཨ་ཙིག་མེ་དབལ་སྡེ་བརྒྱད་ཤམ་བུ་དང་བཅས་པ་ཆ་གཅིག༔ ཁྱུང་ཆ་གཅིག༔ འཇམ་དཔལ་ཆ་གཅིག་རྟ་མགྲིན་ཆ་གཅིག༔ ཕྱག་རྡོར་ཆ་གཅིག༔ མཁའ་འགྲོ་ཆ་གཅིག༔ ཚེ་བདག་ཁྲོས་མ་


CMR009_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཆ་གཅིག༔ ཕུར་པ་སེང་གདོང་མ་གཉིས་ཆ་གཅིག༔ ཁྲོ་བོ་བཅུ་ཆ་གཅིག༔ ཧཱུྃ་སྒྲུབ་ཆ་གཅིག་དང་ཆ་བཅུའོ༔ དེ་ནས་རང་དྲག་པོའི་དབུ་གཙུག་ཏུ་ཁྱུང་༔ ཁྱུང་གི་སྤྱི་གཙུག་ཏུནོར་བུའི་སྟེང་དུ་པདྨ་འདབ་མ་སྟོང་ལྡན་གྱི་ཟེའུ་འབྲུའི་ཚེ་དཔག་མེད་རིགས་བདག་གི་ཚུལ་འདབ་མ་སྟོང་ལ་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་ཐམས་ཅད་གསེར་མདོག་མཚན་དཔེ་རྫོགས་ཤིང་ཆོས་གོས་རྣམ་གསུམ་གྱིས་བཀླུབས་པ༔ ཕྱག་གཡོན་ཐམས་ཅད་མཉམ་བཞག་ལ༔ གཡས་ཐམས་ཅད་བསྙེན་སྒྲུབ་དང་སྲུང་བའི་དུས་བདག་དང་བསྲུང་བྱ་སྐྱབས་པའི་ཚུལ་དུ་སྐྱབས་སྦྱིན་གྱི་ཕྱག་རྒྱ༔ ཟློག་པ་དང་དྲག་ལས་དུས་བདུད་འདུལ་བའི་ཕྱག་རྒྱ་སྟེ་ས་གནོན་མཛད་པར་བསྒོམ༔ ཡང་གཙོ་བོ་ཚེ་དཔག་མེད་ཀྱི་ཐུགས་ཀར་ཟླ་བའི་གདན་ལ་ཧྲིདམར་པོ་ལ་བཟླ་བྱའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པས༔ རང་གི་ཚེ་ཡར་བ་དང་གཞན་གྱི་བརྐུས་པ་འཕྲོག་པ་ཐམས་ཅད༔ ས་ཆུ་མེ་རླུང་འབྱུང་བའི་བཅུད་དང་ལྷ་ཀླུ་མིའི་ཚེ་བསོད་ནམས༔ རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཚེའི་དངོས་གྲུབ་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་ཀྱི་རྣམ་པར་བསྡུས་ནས་ཕྱག་གི་བུམ་པར་ཐིམ་པས༔ འཆི་


CMR009_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་ཁོལ་ཞིང་ལུད་ནས༔ རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས༔ ལུས་ཐམས་ཅད་འཆི་མེད་བདུད་རྩིས་ངང་ལྟེམས་ཀྱིས་གང་བས་འཆི་མེད་ཚེའི་རིག་འཛིན་ཐོབ་པར་བསྒོམ་ཞིང་༔ སྔགས་བཟླས་ཏེ༔ ཨོཾ་ནི་སྐུ་ལྔའི་ངོ་བོ་སྟེ་སངས་རྒྱས་སྟོང་གི་སྙིང་པོ༔ ཨ་མི་དྷེ་ཝ་ནི་འོད་དཔག་མེད༔ ཨཱ་ཡུ་སིདྡྷི་ཧཱུཾ་ནི་ཚེའི་དངོས་གྲུབ་སྩོལ༔ ཧཱུྃནི་ཐུགས་སྲོག་ས་བོན་ནོ༔ དེ་ནས་རང་དྲག་པོའི་ཐུགས་ཀར་གསེར་གྱི་མཆོད་རྟེན༔ དེའི་བུམ་པའི་ནང་དུ་ཕྱག་ན་རྡོ་རྗེ༔ དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་བཛྲ་ཧེ་རུ་ཀ་མཐིང་ནག་སྤྱན་གསུམ་མཆེ་བ་ཅུང་ཟད་གཙིགས་པ༔ ཕྱག་གཡས་ན་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ༔ ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན༔ དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ་རྩེ་ལྔ་འགྲེང་ཐབས་སུ་གནས་པའི་ལྟེ་བར༔ ཐབས་ཤེས་རབ་གཉིས་ཀྱི་ངོ་བོ་ཉི་ཟླའི་གའུ་ཁ་སྦྱོར་བའི་ནང་དུ་ཧཱུྃ་ཡིག་དམར་པོ་འགྲེང་ཐབས༔ དེའི་མཐར་ཨ་ཙིག་གི་ཡིག་ངོ་ཕྱིར་བསྟན་པ་མདུན་ནས་བརྩམ་སྟེ༔ གཡོན་དུ་བསྐོར་ནས་སྔགས་མཇུག་མདུན་ངོས་སུ་ཡོད་པར་བསྒོམ༔ ཆེ་ཆུང་གཙོ་བོ་རང་ལུས་འདི་ཙམ་


CMR009_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་ན༔ ཡེ་ཤེས་སེམས་དཔའ་ཚོན་གང་ཉི་ཟླའི་གའུ་སྲན་མ་ཙམ༔ སྔགས་སྤུས་བྲིས་པ་ཙམ་སྟེ༔ ལྷ་ཆེན་པོ་བསྒོམ་ཚེ་དེ་ལ་དཔག་པའི་ཧཱུཾ་ཡིག་ཆེན་པོ་བསྒོམ་མོ༔ དཔེར་ན་ལྷའི་སྐུ་སྟོང་གསུམ་ཁྱབ་པར་བསྒོམ་ན་ཧཱུྃ་ཡིག་རི་རབ་ཙམ་མོ༔ དེ་ནས་སྔགས་ཕྲེང་དེ་ཀློག་པའི་ཚུལ་དུ་ཅུང་ཟད་བཟླས་པས་སྔགས་ལས་འོད་ཟེར་ཁ་དོག་ལྔ་བྱུང་བས་ཡི་གེ་འབྲུ་མི་འཁོར་འོད་ཟེར་འཁོར་བ་དང་༔ དེ་ནས་ཡིག་འབྲུ་གཡས་སུ་ཀྱི་ལི་ལི་འཁོར་ཏེ༔ དབུས་སུ་ཧཱུཾ་ཡིག་གཡོ་འགུལ་མེད་པ་གལ་ཆེ༔ དེ་འཁོར་ན་སྨྱོ་བ་དང་རིག་པ་མི་ནོན་ནོ༔ དེ་ནས་སྔགས་ཕྲེང་ཤིན་ཏུ་མགྱོགས་པར་འཁོར༔ དེ་ནས་འཁོར་བཞིན་པ་དེའི་འོད་ཟེར་ལས་སྔགས་ཕྲེང་བྱུང་ནས་རང་གི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས༔ སྐུའི་དབྱིབས་བརྒྱུད་བྷ་ག་ནས་རྡོ་རྗེའི་སྦུབས་སུ་ཞུགས་ནས་ཐུགས་ཀའི་ཧཱུཾ་ལ་ཐིམ་པས༔ དེ་ལྟར་རྒྱུན་དུ་འཁོར་བར་བསྒོམ་པ་བདག་བསྐྱེད་རྐྱང་པའི་དུས་ཡིན༔ མདུན་བསྐྱེད་ཡོད་ན་རང་གི་ཞལ་ནས་སྔགས་ཕྲེང་མཆོད་པའི་ཚུལ་དུ་མདུན་བསྐྱེད་ཞལ་དུ་ཞུགས༔ སྐུའི་དབྱིབས་བརྒྱུད་པས་གོ་ཆའི་ལྷ་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ༔ གསང་གནས་ནས་སྔགས་ཕྲེང་ཚུར་བྱོན་རང་གི་གསང་གནས་ནས་


CMR009_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས༔ ཐུགས་ཀར་ཐིམ་པས་དངོས་གྲུབ་ཐོབ༔ དེ་ལྟར་མགལ་མེའི་འཁོར་ལོ་ལྟར་དམར་ཀྱི་ལི་ལི་འཁོར་བར་བསྒོམ་མོ༔ ༈ སྔགས་དོན་ནི་མི་འདྲ་བའི་བཤད་པ་མང་ན་ཡང་འདི་སཾ་སྐྲ་ཏའི་སྐད་རྐྱང་པ་མ་ཡིན་པས་སྒྲ་བཀླག་ཐབས་ཀྱི་ཐོབ་ཆ་ཅིར་མི་གཏུབ་སྟེ་འདིར་རྣམ་བཅད་མི་ཐོབ་པ་ཐམས་ཅད་ན་རྣམ་བཅད་ཡོད་པའི་ཕྱིར་རོ༔ ཨོཾ་ཨཱཿཧཱུྃ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས༔ ཨ་ཙིག་ནིརྩིག་ནི་འཁྲོས་པའམ་ཤིན་ཏུ་འཁྲོས་པའི༔ དྲག་པོ་དྲག་བྱེད་ལ་ཡང་འཇུག་གོ༔ བྷ་ག་ཝ་ཏེ་བྱས་ན་དེ་བཞིན་གཤེགས་པ་སྟེ་བྷ་ག་ཝ་ཏི་དེ་བཞིན་གཤེགས་མ་སྟེ༔ ཡུམ་གྱི་སྔགས་ཡིན་པར་བཤད་པ་གཉིས་གང་བྱས་ཀྱང་འགལ་བ་མེད་ཀྱང་༔ འདིར་བྷ་ག་ཝ་ཏེ་བྱས་ན་ལེག༔ ཧཱུྃ་གཅིག་ནི་ཐུགས་སྲོག་ཧཱུྃ་གཅིག་ནི་སྡུད་པ་ཕཊ་ཚར་གཅོད་པ༔ ཨ་དང་ཧཱུཾ་གཉིས་ནི་ཆོས་ཉིད་སྐྱེ་བ་མེད་པའི་ཐུགས༔ ཧཱུྃ་ཕཊ་སྡུད་ཅིང་ཚར་གཅོད་པ་སྟེ༔ གོང་འོག་གི་ཧཱུྃ་བཞི་སྐུ་བཞི་ཡིན་པར་གསུངས་པ་ཡང་ཡོད༔ འདིར་སྒྲ་ཐད་སོར་བསྒྱུར་བ་དང་ཐད་ལོག་ཏུ་བསྒྱུར་བ་དང་གཉིས་ལས་ཐད་ལོག་ཏུ་བསྒྱུར་ན༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཁྲོས་པ་


CMR009_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་ཁྲོས་པའི་ཐུགས་ཀྱིས་དབང་དུ་བསྡུས་ཚར་ཆོད༔ ཆོས་ཉིད་སྐྱེ་བ་མེད་པའི་ཐུགས་ཀྱི་དབང་དུ་བསྡུས་ལ་ཚར་ཆོད་ཅེས་པ་ཞིག་དོན་ལ་འོང་བའོ༔ སྔགས་འབྲུ་ཉི་ཤུ་འདི༔ ཨོཾ་ཨཱཿཧཱུྃ་གསུམ་གསར་མ་དང་འདྲ་ལ་རིང་ཆ་ཚེག་དྲག་ཡོད༔ ཨར་ཅིག་ཟེར་བ་དཔེ་ཕལ་ཆེར་ལ་བྱུང་ཡང་ར་ལྷག་པ་འདྲ་བས་པར་མ་ལ་ཨ་ཙིག་བྱུང་༔ ཝ་ཏི་བྱུང་ཡང་སྐབས་འདིར་འགྲེང་བུ་ལེགས༔ ཨ་ཧཱུྃ་ཧཱུྃ་ནི་སྐྱེ་མེད་ཀྱི་དོན་ལ་བསམས་ནས་རིང་ཆ་མེད༔ ལུགས་འགའ་རེ་ལ་ཨཱཿ གསུང་རང་བཞིན་ཁྲོ་བོ་ཟེར་བ་ཡོད་པས་དེ་ལྟར་བྱེད་ན་རིང་ཆ་ཐོབ་བོ༔ དེ་ནས་མེ་དབལ་སྡེ་བརྒྱད་ཤམ་བུ་ཅན་འདི་ལས་སྦྱོར་ཡིན་པས་མཇུག་ཏུ་འདོན་ནོ༔ ཁྱུང་ཡང་ལས་སྦྱོར་ཡིན་པས་རྗེས་ལ་བྱའོ༔ དེ་ནས་རང་དྲག་པོའི་དཔྲལ་བར་འཇམ་དཔལ་བསྒོམ་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཨོཾ་ཡིག་སེར་པོའི་མཐར་འཇམ་དཔལ་གྱི་སྔགས་འདི་གཡས་སུ་འཁོར་བ་ལས༔ འོད་ཟེར་དཀར་སེར་ཕྱོགས་བཅུར་འཕྲོས་པས་སྐུ་བདེ་གཤེགས་རིགས་ཀྱི་ལྷ་ཚོགས་ཐམས་ཅད་མཆོད༔ དེ་ཐམས་ཅད་འཇམ་དཔལ་གྱི་སྐུ་ཤ་སྟག་ཏུ་གྱུར་ནས་ཁ་བ་བུ་ཡུག་ལྟར་བྱོན་ནས་དཔྲལ་བའི་འཇམ་དཔལ་ལ་ཐིམ་པས་བདག་གི་ལུས་སངས་རྒྱས་ཐམས་


CMR009_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོར་གྱུར༔ ལུས་ལ་བདེ་སྟོང་གི་ཡེ་ཤེས་འབར་བར་བསམ་ཞིང་༔ ཨོཾ་ཧྲིདྡྷིའི་ཝི་ཊིའི་སྔགས་བཟླས་སོ༔ རང་དྲག་པོའི་མགྲིན་པར་རྟ་མགྲིན་གྱི་ཐུགས་ཀར་པདྨ་དམར་པོའི་གདན་ལ་ཨཱདམར་པོའི་མཐར་རྟ་མགྲིན་གྱི་སྔགས་གཡས་སུ་འཁོར་བ་ལས་འོད་ཟེར་དམར་པོ་འཕྲོས་པས༔ གསུང་པདྨ་རིགས་ཐམས་ཅད་ལ་མཆོད་པ་ཕུལ་བས་དེ་ཐམས་ཅད་རྟ་མགྲིན་གྱི་སྐུ་ཤ་སྟག་ཏུ་གྱུར་ཏེ༔ ཆར་བཞིན་བབས་ནས༔ མགྲིན་པའི་རྟ་མགྲིན་ལ་ཐིམ་པས་བདག་གི་ངག་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་རང་བཞིན་དུ་གྱུར༔ ངག་ལ་ནུས་པ་འབར་ཏེ་བདེན་ཚིག་གི་དམོད་པ་འགྲུབ་པར་བསྒོམ་ཞིང་ཨོཾ་པདྨ་ཏ་ཀྲི་ཏ་སོགས༔ རྟ་མགྲིན་གྱི་སྔགས་བཟླས་སོ༔ རང་དྲག་པོའི་ཐུགས་ཀར་ཕྱག་རྡོར་གྱི་ཐུགས་ཀའི་སྟོད་དུ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཆ་སྨད་དུ་ཉི་ཟླའི་གདན་ལ་ཧཱུཾ་མཐིང་ནག་གི་མཐར་ཕྱག་རྡོར་གྱི་སྔགས་གཡས་སུ་འཁོར་བ་ལས་འོད་ཟེར་མཐིང་ག་ཕྱོགས་བཅུར་འཕྲོས་པ་ལས་ཐུགས་རྡོ་རྗེའི་རིགས་ཀྱི་ལྷ་ཚོགས་ཐམས་ཅད་ལ་མཆོད་པ་ཕུལ་བས་དེ་ཐམས་ཅད་ཕྱག་རྡོར་གྱི་སྐུ་ཤ་སྟག་ཏུ་གྱུར་ནས་ཚར་ལྟར་བབས་ནས༔ ཐུགས་ཀའི་ཕྱག་རྡོར་ལ་ཐིམ་པས༔ བདག་


CMR009_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

གི་སེམས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ངོ་བོར་གྱུར༔ སེམས་ལ་ཡེ་ཤེས་ཆེན་པོའི་རྟོགས་པ་འཆར་བར་བསྒོམས་ལ་ཕྱག་རྡོར་གྱི་སྔགས་འདོན༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ རང་གི་ལྟེ་བར་མཁའ་འགྲོ་སྡེ་ལྔའི་གཙོ་མོའི་ཐུགས་ཀར་ཆོས་འབྱུང་གི་དབུས་སུ་ཧཱི༔ལྗང་སྔོན༔ ཟུར་དུ་དྷཱ་ཀི་བཞི་རྡོ་རྗེ་མཁའ་འགྲོའི་ཐུགས་ཀར་ཧ༔ རིན་ཆེན་མཁའ་འགྲོའི་ཐུགས་ཀར་རི༔ པདྨ་མཁའ་འགྲོའི་ཐུགས་ཀར་ནི༔ ལས་ཀྱི་མཁའ་འགྲོའི་ཐུགས་ཀར་ས༔ དེ་རྣམས་ལས་འོད་ཟེར་སྣ་ཚོགས་འཕྲོས་པས་ཡེ་ཤེས་ཀྱི་ལྷ་མོ་ཐམས་ཅད་དང་༔ གནས་གསུམ་གྱི་དྷ་ཀི་ཐམས་ཅད་མཆོད་པས་མཉེས་པས༔ དེ་ཐམས་ཅད་མཁའ་འགྲོ་སྡེ་ལྔའི་སྐུ་ཁོ་ནར་གྱུར་པ་ཁ་བ་བུ་ཡུག་བཞིན་དུ་བྱོན་ནས༔ ལྟེ་བའི་མཁའ་འགྲོ་སྡེ་ལྔ་ལ་ཐིམ་པས༔ བདག་སངས་རྒྱས་ཐམས་ཅད་ཀྱི་བྲལ་བ་དང་རྣམ་པར་སྨིན་པའི་རྟེན་འབྲེལ་ཡོན་ཏན་དྲུག་ཅུ་རྩ་བཞིའི་ངོ་བོར་གྱུར༔ མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བྷེ་ལ་མཁའ་འགྲོ་སྡེ་ལྔའི་སྔགས་འདོན༔ དྷཱ་ཀི་ནཱི་ཧ་རི་ནི་ས་བཟླས་སོ༔ མཁས་པ་ལ་ལས་ཌཱ་ཀི་ཟེར་དགོས༔ དྷ་ཀི་མ་དག་པར་གསུངས་ཀྱང་༔ སཾ་སྐྲྀ་ཏའི་སྐད་ལ་དེ་ལྟར་ཡིན་ཀྱང་༔ རྙིང་མའི་སྐབས་


CMR009_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དྷཱ་ཀི་ཞེས་སྒྲ་འཐུག་པོར་བཟླས་ན་བྱིན་རླབས་ཆེ་བར་དྷ་ཀི་གསང་བའི་རྒྱུད་ལས་བཤད་དོ༔ འདི་ལ་ཨོཾ་མེད་དེ་མགོ་མེད་ཀྱི་སྔགས་ཞེས་བྱའོ༔ ཨོཾ་མེད་པའི་སྔགས་བཤད་དོ༔ དེ་ནས་དབུ་གཙུག་བྱ་ཁྱུང་ལ་ཉེ་སྲས་བརྒྱད་སོགས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ༔ ཐུགས་ཀར་ཁྲོ་ལ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་མ་དག་པ་ས་བདུན་དག་པ་ས་གསུམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད༔ དེ་ཐམས་ཅད་ཀྱི་མཐུ་སྟོབས་འོད་ཟེར་གྱི་རྣམ་པར་བསྡུས་ནས་ཁྱུང་ལ་ཐིམ་མ་ཐག་ཏུ༔ བྱ་ཁྱུང་དཀར་སེར་དམར་ལྗང་ནམ་མཁའ་བར་སྣང་གང་བོར་འཕྲོས་ཏེ༔ གནོད་བྱེད་ཀླུ་གཉན་ས་བདག་ཐམས་ཅད་བསད་གཏུབ་ཟོས༔ གཤོག་པའི་གསེབ་ནས་བྱེ་ཚན་གྱི་ཆར་བབས་པས་གནོད་བྱེད་ས་བདག་ནག་པོའི་ཕྱོགས་ཀྱི་ཀླུ་ཐམས་ཅད་བསྲེགས་ཏེ༔ ཕྱིན་ཆད་གནོད་པ་མི་བྱེད་པའི་མནའ་བགགས༔ ཁྱད་པར་ལྟས་ངན་པ་དང་རྨི་ལམ་ངན་པ་ཐམས་ཅད་སྡེར་མོས་བྱེད་རེས་བརྡུང་གཤོག་པས་བརྡབ་ཅིང་རྒྱ་མཚོའི་ཕ་རོལ་དུ་བསླད་པར་བསྒོམ་ཞིང་ཁྱུང་གི་སྔགས་བཟླས་སོ༔ ག་རུ་ཊ་ཙ་ལེ་སོགས༔ ག་རུ་ཊ་ལེགས་སྦྱར་སྐད་དོ༔ གྷ་རུ་ན་ཟུར་


CMR009_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཆག་སྐད་ཡིན་མི་འགལ༔ ཀ་རུ་ཎ་ནི་མ་དག་གོ༔ ཨོཾ་མེད་བྱའོ༔ དེ་ནས་འཁོར་ལྷའི་བསྙེན་པ་ནི༔ དྲག་པོ་རིགས་བཞི་གཙོ་བོ་དང་དོན་གཅིག་པ་དང་༔ མཁའ་འགྲོ་སྡེ་བཞི་ནི་ལྟེ་བའི་ལྷ་དང་དོན་གཅིག༔ སྒོ་མ་བཞི་ཕྲིན་ལས་ཀྱི་བསྒྲལ་མཆོད་དང་ཚོགས་ཀྱི་བསྒྲལ་ལས་སྐབས་སུ་ཚང་བས་གཞན་དུ་མི་དགོས་ལ༔ ཤར་ལྷོའི་གཤིན་རྗེ་ཚེ་བདག་སོགས་ལྷ་བཞིའི་ཐུགས་ཀར་ཧཱུྃ་མཐིང་ནག་ལ་རང་སྔགས་ཀྱིས་འཁོར་བར་བསྒོམས་ལ༔ བདག་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས༔ འཁོར་བཞི་ལ་སོ་སོར་ཕོག་སྟེ༔ དང་པོའི་ཚེ་བདག་ལས་རང་འདྲ་བའི་ཁྲོ་བོ་གྲངས་མེད་པ་འཕྲོས༔ གནོད་བྱེད་ཕོ་གདོན་ཟ་འདྲེ་ཤི་གཤེད་ཤི་སྲི་ཆེ་སྲི་ཆུང་སྲི་ཐམས་ཅད༔ ཕྱག་གཡོན་ལྕགས་ཀྱུས་སྙིང་ནས་བཟུང་ཞགས་པས་སྐེ་ནས་བཅིང་༔ ཕྱག་གཡས་འཁོར་ལོ་བསྐོར་ཞིང་བརྒྱབས་པས་ལུས་ངག་ཡིད་གསུམ་དུམ་བུར་གཏུབས་ཤ་ཁྲག་ཐམས་ཅད་ལྷག་མེད་དུ་ཟོས་ནས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྟིམ་ས༔ དེ་ཐམས་ཅད་ཚུར་འདུས་ཤར་ལྷོའི་ཚེ་བདག་ལ་ཐིམ་པར་བསྒོམ་ཞིང་སྔགས་བཟླས་སོ༔ དེ་ཡང་འཁོར་བཞིའི་སྔགས་ལ་ཨོཾ་མེད་དེ༔ ཧཱུྃ་ཕཊ་ཐུན་མོང་ཡིན་པས་ཚར་གཅིག་


CMR009_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་མཆོད་བྱེད་དུས་གཅིག་གིས་ཆོག་གཞུང་ལྟར༔ སོ་སོར་བསྙེན་དུས་སོ་སོར་སྦྱར་དགོས་ཏེ༔ ཡ་མ་ར་ཙ་ཧཱུྃ་ཕཊ༔ ཅེས་བཟླས་སོ༔ དེ་ནས་འོད་ཟེར་གྱིས་བསྐུལ་ཏེ༔ ལྷོ་ནུབ་ཁྲོས་མ་ལས་ཁྲོས་མ་གྲངས་མེད་པ་འཕྲོས༔ ཕག་སྐད་ངུར་ཞིང་ལྟས་ངན་པ་དང་༔ མོ་གདོན་བསེན་མོ་དུར་སྲི་དུར་འདྲེ་ལ་སོགས་གནོད་བྱེད་ཐམས་ཅད་གྲི་གུག་གིས་གཏུབ་ཅིང་ཐོད་ཁྲག་གིས་ཞལ་དུ་བསྟབས་ནས་རྣམ་ཤེས་མཁའ་སྤྱོད་གནས་སུ་སྤར༔ ཐམས་ཅད་ཚུར་འདུས་འོད་ཟེར་ལྷོ་ནུབ་ཁྲོས་མ་ལ་ཐིམ་པར་བསྒོམ་ཞིང་བཛྲ་ཝཱ་རཱ་ཧི་ཧཱུྃ་ཕཊ༔ ཅེས་བཟླས་སོ༔ ནུབ་བྱང་རྡོ་རྗེ་གཞོན་ནུ་ལོས་རང་འདྲ་བ་གྲངས་མེད་པ་འཕྲོས༔ གཤོག་པས་བྱ་ལྟར་འཕུར་ནས་ཕྱག་གིས་ཕུར་པ་འདྲིལ་ཞིང་གནོད་བྱེད་དམ་སྲི་བགེགས་དང་འབྱུང་པོ་ཐམས་ཅད་ཀྱི་སྤྱི་བོ་ནས་ཕུར་པ་བཏབ་སྟེ༔ ལུས་ངག་ཡིད་གསུམ་གྱི་ནུས་པ་བཅོམ་ནས་ཁྲོ་བོ་ཐམས་ཅད་ཚུར་འདུས་ནུབ་བྱང་བཛྲ་ཀཱི་ལ་ཡ་ལ་ཐིམ་པར་བསྒོམ་ཞིང་༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་བཟླས་སོ༔ བྱང་ཤར་སེང་གདོང་མ་ལས་སེང་གདོང་མ་བྱེ་བ་དུང་ཕྱུར་དམག་དཔུང་གི་རྣམ་པ་ཧཱུྃ་ཕཊཀྱི་སྒྲ་འབྲུག་ལྟར་སྒྲོག་པ་འཕྲོས་ཏེ༔ གནོད་བྱེད་བྱད་ཁ་ཕུར་


CMR009_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་བསམ་ངན་སྦྱོར་རྩུབ་རྦོད་གཏོང་རྦད་འདྲེ་ཐམས་ཅད་བྱ་སྤུ་རླུང་གིས་གཏོར་བ་ལྟར་ཕྱི་རོལ་ནམ་མཁའི་ཕར་མཐར་རང་དབང་མེད་པར་དེད་པར་བསྒོམ་ཞིང་སླར་ཐམས་ཅད་སྤྲུལ་གཞི་སེང་གདོང་མ་ལ་ཐིམ་པར་བསམ་སྟེ༔ བཛྲ་སེང་ཧ་མུ་ཁ་ཧཱུྃ་ཕཊ༔ ཅེས་བཟླས་སོ༔ དེ་ནས་རང་དྲག་པོའི་ཐུགས་ཀའི་འོད་ཟེར་འཁོར་ཁྲོ་བོ་བཅུ་ལ་ཕོག༔ ཁྲོ་བོ་བཅུའི་ཐུགས་ཀར་ཉི་མའི་གདན་ལ་ཧཱུཾ་མཐིང་ནག་རེ་རེ་ཡོད་པ་ལ་བསྙེན་སྒྲུབ་དུས་ཧཱུྃ་རིང་དབྱངས་སུ་སྒྲོགས་པས་བྱིན་རླབས་ཡེ་ཤེས་འབེབས་པར་བསྒོམ༔ སྲུང་བའི་དུས་ཁྲོ་བོ་བཅུ་ཞལ་ནང་དུ་གཟིགས་ནས༔ ཧཱུྃ་དལ་ལ་འཇམ་པར་གསུང་ཞིང་ཕྱོགས་བཅུ་ནས་སྲུང་བའི་ལས་བྱེད། ཟློག་པའི་དུས་ཞལ་ཕྱིར་གཟིགས་ནས་ཧཱུྃ་སྒྲ་འབྲུག་ལྟར་སྒྲོགས་པས་ཕྱོགས་བཅུ་ནས་གདོན་བཟློག་པའི་ལས་མཛད༔ བསད་པ་དང་དྲག་ལས་དུས་ཁྲོ་བོ་བཅུ་རབ་ཏུ་འཁྲོས་པས་ཧཱུྃ་སྒྲ་གནམ་ལྕགས་ཀྱི་ཐོག་སྒྲ་ལྟར་སྒྲོགས་པས་ཕྱོགས་བཅུའི་གནོད་བྱེད་ཐམས་ཅད་ཚར་བཅད་པར་བསྒོམས་ལ༔ ཧཱུྃ་བཅུ་སྦྲེལ་ཞིང་བཟླས་སོ༔ བཟླ་ལུགས་ཧཱུཾ་ཧཱུཾ་ཞེས་གཉིས་སྦྲེལ་དུ་ལྔ་རེ་ཚར་གཅིག་སྟེ༔ ཕྲེང་རྡོག་གཅིག་བཅད་དོ༔ དེ་ནས་རང་དྲག་པོའི་གསང་གནས་ཡཀྵ་མེ་དབལ་གྱི་


CMR009_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཧཱུྃ་དམར་ནག་གི་མཐར་བཛྲ་ཧཱུྃ༔ ཡཀྵ་ཧཱུྃགིས་བསྐོར་བ་རང་དྲག་པོའི་ཕྱག་གཡོན་ལྕགས་སྡིག་གི་སྙིང་ཁར་ཧཱུྃ་ནག་པོའི་མཐར་རཀྵ་ཧཱུྃ་གིས་བསྐོར་བར་བསྒོམས་ལ༔ མེ་དབལ་གྱི་ཐུགས་ཀ་ནས་འོད་ཟེར་ལྗང་ནག་དམར་མདངས་ཅན་འཕྲོས༔ ལས་ཀྱི་རིགས་ཀྱི་ལྷ་ཚོགས་ཐམས་ཅད་མཆོད་དེ་ཐམས་ཅད་མེ་དབལ་གྱི་སྐུ་ཤ་སྟག་ཏུ་གྱུར་ནས་གསང་གནས་མེ་དབལ་ལ་ཐིམ་པས་བདག་ནི་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བདག་ཉིད་དུ་གྱུར་པར་བསྒོམས་ལ༔ ཨ་ཙིག་ལ་སྔགས་དེ་གསུམ་བཏགས་ལ་ཅུང་ཟད་བཟླས་དམིགས་པ་ཟིན་ན༔ བདག་ཉིད་ཀྱི་སྐུ་ལས་མེ་དཔུང་གི་ཚོགས་འཕྲོས་པ༔ མེ་དབལ་ལས་རང་འདྲ་བའི་ཁྲོ་བོ་གྲངས་མེད་པ་ཕྱག་གི་ལྕགས་སྡིག་ལས་གྲངས་མེད་པ་འཇིག་རྟེན་ཁྱབ་པར་འཕྲོས་པས༔ བདག་དང་བསྲུང་བྱའི་མི་ནོར་ལ་གནོད་ཅིང་འཚེ་བའི་རྒྱལ་བསེན་དམ་སྲི་བདུད་དང་ལོག་འདྲེན་ཐམས་ཅད༔ ཡཀཱ་མེ་དབལ་གྱི་ཕྱག་གཡས་གནམ་ལྕགས་རྡོ་རྗེ་དང་། གཡོན་ཐོ་བས་བརྡུང་བས་ཇར་ཇར་ཀླད་ཁྲག་བཅོམ་ནས༔ ལྕགས་སྡིག་རྣམས་ཀྱིས་ཧབ་ཧབ་ཟོས༔ ལྷག་མ་མེ་དཔུང་གིས་ཐུལ་ཐུལ་བསྲེགས་ནས་རྗེས་མེད་དུ་སོང་བར་


CMR009_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ལ༔ ཨ་ཙིག་མཇུག་ཏུ་བཛྲ་ཧཱུྃ༔ ཡཀྵ་ཧཱུྃ༔ རཀཱ་ཧཱུྃ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་སྡེ་བརྒྱད་སྤྱི་ལ་དེ་ལྟར་ཡིན་ལ༔ དེ་ཡང་ཞིབ་པར་ན་ཨ་ཙིག་ནི་གུ་དྲག་བཛྲ་ཧཱུྃ་སོགས་གཉིས་པོ་ལས་མཁན་གནོད་སྦྱིན་མེ་དབལ༔ རཀཱ་ཧཱུཾ་ནི་རྣོན་པོ་སྤྲུལ་པའི་ལྕགས་སྡིག༔ མཱ་ར་ཡ་ཧཱུྃ་ཕཊ༔ སོད་ཅིག་ཚར་ཆོད་ཅིག་བཅས་པ་སྟེ༔ སྡེ་བརྒྱད་སྤྱིའི་གནོད་པའམ་གང་ཡིན་མ་ཤེས་ན་ཡི་གེ་བརྒྱད་ཁ་སྟེམ་ཤེས་ན༔ ལྷ་གདོན་གནོད་ན་རཀཱ་ཧཱུྃ་ཨ་མཱ་ར་ཡ་ཧཱུྃ་ཕཊ༔ ཞེས་ལྟ་བུ་སྟེ་ལྷ་ཐམས་ཅད་ཀྱི་སྲོག་སྙིང་ཨ། གཤིན་རྗེ་ཡ། མ་མོ་མ། བདུད་དུ། བཙན་རུ། རྒྱལ་པོ་ཙ། གནོད་སྦྱིན་ཤ། ཀླུ་ནའོ། རང་རང་གིས་སྙིང་ཁར་དེའི་དམིགས་པ་དང་སྔགས་དེ་ནི་སྡེ་བརྒྱད་གཅུན་པའི་ལས་སྦྱོར་ཡིན་ལ༔ ཡང་སྡེ་བརྒྱད་རང་ལ་ཕྲིན་ལས་བཅོལ་སྐབས་སུ་ནི་ཁྲོ་བོ་དང་སྡིག་པ་དང་མེའི་ཕོ་ཉ་མི་སྤྲོ་བར༔ གསང་གནས་མེ་དབལ་གྱི་ཐུགས་ཀ་ནས་འོད་ཟེར་དམར་ནག་ལྕགས་ཀྱུའི་དབྱིབས་ཅན་འཇིག་རྟེན་ཁྱབ་པར་འཕྲོས༔ སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་རང་དབང་མེད་པར་སྦྱར་མ་རླུང་གིས་བསྡུས་པ་བཞིན་དུ་བཀུག་ནས༔ དཀྱིལ་འཁོར་ཕྱིའི་བར་ཁྱམས་སུ་རང་རང་གི་


CMR009_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཡིག་དང་བཅས་པ༔ འདར་ཡད་ཡད་དཔའ་བོ་ཆེན་པོ་བདག་གིས་ལས་ཅི་བསྒྲུབ་བཀའ་སྩོལ་ཅིག་ཅེས་པའི་སྒྲ་དང་བཅས་ཏེ༔ འཁོད་པ་ལ་ཞི་རྒྱས་དབང་དྲག་གི་ཕྲིན་ལས་གང་འདོད་ཀྱི་བཀའ་བསྒྲུབ་པའི་ཚུལ་དུ༔ ཡང་སྡེ་བརྒྱད་སྤྱིར་ཆ་ལུགས་ལ་ངེས་པ་མེད་རུང་༔ གཙོ་བོ་ནི་ལྷ་མི་དཀར་རྟ་དཀར་དར་དཀར་གྱི་བེར་ཆེན་ཅན་ཤེལ་གྱི་རལ་གྲི་དང་མདུང་དར་ཅན་ལྷ་གཡག་དཀར་པོ་ཞོན་པ་འདི་ཡར་ལྷ་ཤམ་པོ་དང་གཅིག་གོ༔ འཁོར་ལྷ་རིགས་ཐམས་ཅད་ཆ་ལུགས་དཀར་པོ་ཅན་འབུམ་ཕྲག་ཅན་ནོ༔ གཤིན་རྗེ་མཐིང་ནག་སྟག་ལྤགས་གྱོན་པ༔ བེ་ཅོན་ཐོད་ཁྲག་མ་ཧེ་ཞོན་པ་ཡ་མ་རཱ་ཙ༔ འཁོར་འཇིགས་ཚུལ་ཅན་འབུམ་ཕྲག་ཅན་ནོ༔ མ་མོ་སྲིད་པའི་རྒྱལ་མོ་དཀར་མོ་དར་དཀར་གྱོན་པ༔ མདའ་དར་མེ་ལོང་བསྣམས་ནས་འབྲུག་ལ་ཆིབས་པ༔ འཁོར་བུད་མེད་འབུམ་སྟེ་འདི་ཨེ་ཀ་ཙ་ཏི་དང་གཅིག་གོ༔ བདུད་པོ་རྐང་རྗེ་དྲང་དཀར་མི་ནག་རྟ་ནག་ཁྲམ་ཤིང་ཞགས་པ་ཅན་འཁོར་ནག་པོ་འབུམ༔ བཙན་སྲོག་ཟན་དམར་པོ་མི་དམར་རྟ་དམར་མདའ་གཞུ་ཐོགས་པ་དམར་པོ་འབུམ༔ རྒྱལ་པོ་པེ་ཧར་སག་ཞུ་ཆོས་གོས་ཅན་འཁར་གསིལ་ལྷུང་བཟེད་ཐོགས་ནས་སེངྒེ་ཆིབས་པ་


CMR009_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་སེར་གཟུགས་ཅན་འབུམ༔ གནོད་སྦྱིན་ཀ་ལ་ཡཀཱ་ནག་པོ་སྟག་ལྤགས་གྱོན་པ་རལ་གྲི་ནོར་བུ་ཐོགས་ནས་སྟག་ལ་ཆིབས་པ་འཁོར་ཚོང་དཔོན་ཆ་ལུགས་འབུམ་སྟེ་འདི་གང་བ་བཟང་པོ་དང་གཅིག་གོ༔ ཀླུ་འཆི་བདག་མགོ་དགུ་སྦྲུལ་མགོ་སྦྲུལ་མཇུག་ཅན་དུད་ཁ་ཀླུ་གཟུགས་འབུམ་སྟེ་འདི་སྨྱོ་ཁ་དང་མཁར་ནག་རྣམས་ངོ་བོ་གཅིག་གོ༔ དེ་ལྟར་དེ་རྣམས་ལས་མཁན་དུ་དམིགས་ལ༔ འདིར་དམིགས་པ་དང་སྔགས་བཟླས་ལ་དོ་དགོང་ཚད་མདོའི་གཏོར་མ་བཟང་པོ་བསྔོས་པས་ཕྲིན་ལས་ཐམས་ཅད་ཁོང་རྣམས་ཀྱིས་བསྒྲུབ་པར་འགྱུར་རོ༔ སྔགས་ནི་ཨ་ཚིག་མེ་དབལ་སྡེ་བརྒྱད་སྔགས་དང་བཅས་པའི་མཐར༔ ནད་གདོན་བར་ཆད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སམ༔ ཡམས་ནད་རིམས་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དུས་མ་ཡིན་འཆི་བ་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནད་རིགས་བཞི་བརྒྱ་རྩ་བཞིའི་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པ་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ མི་ཁ་བྲ་མཆུ་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ མེའི་འཇིགས་པ་བརྒྱད་དང་བཅུ་དྲུག་ལ་སོགས་གང་ཞི་འདོད་པ་ལ་བསྒྱུར་ཁ་བྱ༔ བདག་གཙོ་བོའི་ཐུགས་ཀ་ནས་


CMR009_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་དཀར་པོ་འཕྲོས་པས༔ འཁོར་སྡེ་བརྒྱད་ཐམས་ཅད་ལ་ཕོག༔ དེ་རྣམས་ལས་ཀྱང་འོད་ཟེར་དཀར་པོ་འཕྲོས་པས་གནོད་པ་གང་ཡིན་པ་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་བསྒོམ་མམ་སྔགས་བཟླས་སོ༔ རྒྱས་པའི་ལས་བསྒྲུབ་ན་སྔགས་མཐར་ཚེ་དང་བསོད་ནམས་ཐམས་ཅད་སརྦ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་སམ༔ ཨཱ་ཡུ་པུཎྱེ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་སམ༔ ནོར་རྒྱས་པ་ལ་བཱ་སུ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ༔ ཟས་ལ་ན་ན་ཁ་དྷེ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་རྒྱས་པ་ལ་ཨཱ་ཡུ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ༔ བསོད་ནམས་རྒྱས་པ་ལ་པུརྱ་པུཊྛི་ཀུ་རུ་ཡེ་སྭཱ་ཧཱ༔ སོགས་གང་འདོད་སྦྱར༔ རྒྱ་སྐད་མི་ཤེས་ན་ཉམས་དང་རྟོགས་པ་པུཎྚི་ཀུ་རུ་ཡེ་སྭཱ་ཧཱ༔ ཟེར་བ་ལྟ་བུ་བོད་སྐད་དུ་སྤེལ་ཆོག༔ རང་གི་ཐུགས་ཀ་ནས་འོད་ཟེར་སེར་པོ་འཕྲོས་འཁོར་ལྷ་ཐམས་ཅད་དང་སྡེ་བརྒྱད་ལ་ཕོག༔ དེ་རྣམས་ལས་གསེར་བཙོ་མ་ལྟ་བུའི་འོད་ཟེར་སེར་པོ་འཕྲོས་པས་བདེ་ལེགས་གང་ཡིན་པ་ཐམས་ཅད་ཟླ་བ་ཡར་ངོ་ལྟར་འཕེལ་རྒྱས་སུ་གྱུར་པར་བསྒོམ་མོ༔ དབང་ལ་སྣང་སྲིད་འཁོར་འདས་ཐམས་ཅད་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་ལྟ་བུ་སྦྱར་རོ༔ དྲག་པོ་ལ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་སྦྱར་ཏེ་དབང་ལ་


CMR009_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་དམར་པོའི་འཕྲོ་འདུ་བྱའོ༔ དྲག་པོ་ནི་གོང་དུ་བསྟན་པ་དེ་ཉིད་དོ༔ དེ་ནས་བསྙེན་པ་མང་ཉུང་ཅི་ཙམ་བྱེད་པ་ཐོན་ནས༔ ཐུན་མཚམས་དེར་ཧཱུྃ་སྒྲུབ་བྱ་བ་ནི༔ སྐབས་སུ་དྲག་པོའི་ཧཱུྃ་བསྒྲུབ་བྱ་ཅེས་གསུངས་པ་གུ་རུ་ཞི་དྲག་གང་བསྒྲུབ་ཀྱང་གེགས་སེལ་དང་ངར་འདོན་ཧཱུཾ་སྒྲུབ་ཡིན༔ ཧཱུྃ་སྒྲུབ་རྒྱས་པ་ལོགས་སུ་ཡོད་ཀྱང་༔ འདི་ལ་ལས་བྱང་གི་ཧཱུཾ་སྒྲུབ་ནི༔ ཆབ་བསིལ་ལ་སོགས་ལངས་འདུག་སྤྱོད་ལམ་སྐབས་སུ་ལུས་ཅུང་ཟད་འཆམ་སྟབས་ལྟ་བུར་འགྲོ༔ ངག་ནས་ཧཱུྃ་གླུ་ཆུང་ལྟར་གྲེ་ཁུང་ནས་འདོན་ཅིང་༔ དམིགས་པ་རང་གི་སྤྱི་བོའི་ཨོ་རྒྱན་མཐིང་ནག་དེའི་ཕྱག་གཡས་གྲུ་མོ་ནས་ཐོད་པའི་རྔ་ཆུང་གཅིག་བཀལ་བ་དེ་ལ་ཧཱུྃ་གི་སྒྲ་རང་གྲག་ཏུ་བྱུང་བས་བདག་མདུན་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཧཱུཾ་སྒྲ་སྒྲོག་ཅིང་གར་སྟབས་སུ་འགྱུར་བས༔ སྟོང་གསུམ་ཐམས་ཅད་ཧཱུྃ་སྒྲ་འབྲུག་སྟོང་གྲག་པ་ཙམ་དུ་དི་རི་རི་བསྒྲོགས་པས་འཇིག་རྟེན་ཐམས་ཅད་ས་རྣམ་པ་དྲུག་ཏུ་གཡོས༔ སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བདག་ལ་གཟིགས་ཤིང་དགྱེས་པའི་མདངས་བསྟན༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་སྤྲིན་ལྟར་འདུས༔ གདོན་བགེགས་འབྱུང་པོ་ཐམས་ཅད་བྲོས༔ སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་


CMR009_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲག་ཅིང་བསྔངས་ནས་སྲོག་སྙིང་ཕུལ་བར་བསྒོམས་ལ༔ ཧཱུྃ་རེ་ལ་ཕྲེང་རྡོག་རེ་གཅོད་ཆོག༔ དེ་ཡན་བསྐྱེད་པ་མ་ཧཱ་ཡོ་ག་ལྟར་ཉམས་སུ་ལེན་པའི་དམིགས་རིམ་སྟེ༔ སྔགས་པ་གསར་བུས་དེ་ལྟར་བསྒོམ་ཞིང་སྔགས་བཟླ་བ་གལ་ཆེ༔ ༈ དེ་ནས་ལུང་ཨ་ནུ་ཡོ་ག་ལྟར་ཉམས་སུ་ལེན་པ་ནི༔ རང་གི་ལུས་འདི་ནི་ཡེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་སྟེ༔ ལག་པ་བརྐྱངས་པས་འདོམ་གང་གྲུ་བཞི༔ ཁ་སྣ་གསང་བཤང་བཞི་སྒོ་བཞི༔ ཕུང་པོ་ལྔ་དྲག་པོ་རིགས་ལྔ༔ ཁམས་ལྔ་མཁའ་འགྲོ་སྡེ་ལྔ༔ རྩ་ཐམས་ཅད་ཡུམ༔ རླུང་ཐམས་ཅད་ཡབ༔ དཀར་ཆའི་བྱང་སེམས་དཔའ་བོ་ཡབ༔ དམར་ཆའི་རཀྟ་དཔའ་མོ་ཡུམ་དུ་ངོ་ཤེས་པར་བྱས་ལ༔ གོང་དུ་ལས་བྱང་གི་བསྐྱེད་རིམ་བསྒོམ་སྐབས་སུ༔ བདག་དྲག་པོའི་སྐུ་ཕྱི་དར་དམར་གྱི་གུར་ཕུབ་པ་ལྟ་བུ༔ ནང་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟ་བུར་བསྒོམ་པའི་ནང་དུ༔ རྩ་ཨ་ཝ་དྷུ་ཏི་མཐིང་གསལ༔ མར་སྣེ་གསང་གནས༔ ཡར་སྣེ་སྤྱི་གཙུག་ཏུ་ཟུག་པ༔ ཡར་སྣེ་ཧོམ་ཡིག་དཀར་པོ་མགོ་ཐུར་བསྟན་གྱིས་བསྒག་པ༔ མར་སྣེ་ལྟེ་འོག་ཏུ༔ ཨ་ཡིག་ལྕགས་སྲེག་ལྟ་བུ་མེ་འབར་ལ་ཁད་པ༔ གཡས་སུ་རོ་མ་དམར་པོ༔


CMR009_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་རྐྱང་མ་དཀར་པོ་གཉིས་ཡར་སྣེ་སྣ་བུག་གཉིས་དང་༔ མར་སྣེ་ལྟེ་འོག་ཨ་ཐུང་ལ་ཐུག་ལ་ཁད་བྱས་པ་ཁ་གཏད་ནས་དབུ་མ་དང་གཅིག་ཏུ་གྱུར་པ༔ དེ་གསུམ་གཙོ་མོ་གསུམ་སྟེ་སྐུ་གསུམ་མཚོན༔ དེ་ནས་སྤྱི་བོ་བདེ་ཆེན་འཁོར་ལོ་རྩ་འདབ་སུམ་ཅུ་སོ་གཉིས་དཀར་པོ་ཁ་ཐུར་བསྟན་གདུགས་ཀྱི་རྩིབས་མ་ལྟ་བུའི་ལྟེ་བར་སྐུའི་ལྷ་འཇམ་དཔལ་གཞུང་ལྟར་བསྐྱེད༔ འདབ་སོ་གཉིས་ལ་འཇམ་དཔལ་ཆུང་ངུ་སོ་གཉིས་དང་འཁོར་རྣམས་ལ་ཟླ་གདན་རྐྱང་པ་རེའོ༔ མགྲིན་པ་ལོངས་སྤྱོད་འཁོར་ལོ་ཁ་གྱེན་བསྟན་འཁོར་ལོ་རྩ་འདབ་བཅུ་དྲུག་གི་དབུས་སུ་རྟ་མགྲིན་དང་༔ རྩ་འདབ་རེ་ལ་རྟ་མགྲིན་རེ༔ ཐུགས་ཀར་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཅུང་ཟད་ཐུར་དུ་ལྟ་བའི་ལྟེ་བའི་རྩ་མདུད་དབུ་མའི་ནང་ཕྱག་རྡོར་ཕྱི་ལ་མཆོད་རྟེན་ནོར་བུ་འདབ་མ་བརྒྱད་ལ་ཕྱག་རྡོར་བརྒྱད༔ ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས་སུ་མཁའ་འགྲོ་སྡེ་ལྔ་རྩ་འདབ་རེ་བཞི་ལ་ཆ་ཀི་རེ་བཞི་སྟེ༔ ཤར་གྱི་རྩ་འདབ་བཅུ་དྲུག་ལ་དཀར་མོ་བཅུ་དྲུག༔ ལྷོར་སེར་མོ་བཅུ་དྲུག༔ ནུབ་ཏུ་དམར་མོ་བཅུ་དྲུག༔ བྱང་དུ་ལྗང་མོ་བཅུ་དྲུག༔ གསང་གནས་ལྟེ་བར་མེ་དབལ་ནས་རྩ་འདབ་ཉེར་བརྒྱད་ལ་མེ་དབལ་ཉེར་


CMR009_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་བསྒོམ༔ དེ་ནས་སྤྱན་འདྲེན་མཆོད་བསྟོད་སྔགས་ཀྱི་བཟླ་ལུགས་དམིགས་པ་ཐམས་ཅད་གོང་དང་འདྲ་ལ༔ ཁྱད་པར་སྔགས་ཕྲེང་བདག་མདུན་ཡབ་ཡུམ་ཞལ་ནས་ཞལ་དུ་འཁོར་དུས་གོ་ཆའི་ལྷ་ཐམས་ཅད་ཀྱི་སྐུའི་དབྱིབས་རིམ་པར་བརྒྱུད་དེ༔ གོ་ཆའི་ལྷ་ཐམས་ཅད་ཀྱི་ཐུགས་ཀར་ལྷ་སོ་སོའི་སྔགས་ཕྲེང་ཡང་དུས་གཅིག་ལ་སོ་སོར་ཀྱི་ལི་ལི་འཁོར་བར་བསྒོམ་པར་བྱའོ༔ དེ་ནས་མཐེ་བོང་གིས་སྲིན་ལག་རྩ་བ་མནན་ནས་ཁུ་ཚུར་བཅངས་ནས་བགེགས་འཇུག་པའི་རྩ་བསྒག༔ སྡིགས་མཛུབ་ཀྱིས་སྣ་བུག་རེས་མོས་བསྒག་ལ༔ རླུང་རོ་སྣ་གཡས་ནས་ལན་གསུམ༔ གཡོན་ནས་ལན་གསུམ༔ གཉིས་ཀ་ནས་གསུམ་བུད་ལུས་སྟོང་སང་ངེ་བར་བསམས་ལ༔ རླུང་སྣ་རྩེའི་ཐད་སོར་བཅུ་གཉིས་ཙམ་ནས་འོད་ཁ་དོག་སྣ་ལྔའི་གཟུགས་སུ་བྱུང་བར་བསྒོམ་ལ་རླུང་དལ་བུས་རྡུབ་ལ་མཆིལ་མ་ཞིག་མིད་པ་དང་མཉམ་དུ་ལྟེ་འོག་ཏུ་སྒྱུར། རོ་རྐྱང་གཉིས་ནས་དབུ་མའི་ནང་དུ་སྔོ་སིབ་སིབ་སོང་བར་བསྒོམས་ལ༔ སྟེང་རླུང་འོག་རླུང་གཉིས་བསྡམ་ལ་ཅི་ཐུབ་མནན༔ མ་ཐུབ་ན་ད་རུང་རྔུབ་ཆུང་ཞིག་བྱས་ལ་མནན༔ དེ་ནས་ཐུབ་དཀའ་ན་སྣ་ནས་སང་གིས་བུས་སོ༔ དེ་ནས་ཡང་རླུང་བཟུང་བས་ལྟེ་


CMR009_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

འོག་གི་ཨཱཿདང་སྙིང་དབུས་ཧཱུྃ་དམར་པོ་ལས་མེ་འབར་ལུས་ཐམས་ཅད་གང་༔ མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བསྲེགས་ནས་ཡེ་ཤེས་ཀྱི་ལུས་སུ་གྱུར༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་གཞོབ་བུན་ནེ་བསྲེག༔ ལུས་ཀྱི་ནང་ཐམས་ཅད་ལྕགས་བསྲེགས་ལྟར་དམར་ལྷང་ངེ་མེ་ལྕེ་བ་སྤུའི་བུ་ག་ནས་དམར་སི་རི་རི་བསྒོམ༔ འདིར་གུ་རུ་དྲག་པོའི་བླ་མ་མེ་སྦྱོར་ཡང་ཟེར་རོ༔ རང་ཉིད་ལུས་ལ་ནད་གདོན་ཡོད་ན་འདོན་ཐབས་ཟབ་མོ་ཡང་ཡིན་ནོ༔ དེ་ནས་ལུས་མེས་གང་བས་སྤྱི་བོའི་ཧཾ་ཡིག་ཞུ་བ་དང་བྱང་སེམས་དཀར་པོའི་རྒྱུན་བབ༔ སྤྱི་པོའི་རྩ་འདབ་ཐམས་ཅད་གང་འཇམ་དབྱངས་སོ་གསུམ་པོའི་སྐུ་ལུས་གང་བས་བདེ་བས་ཐུགས་དགྱེས༔ བདག་གི་ད་ལ་དགའ་བའི་ཡེ་ཤེས་སྐྱེས༔ དེ་བཞིན་དུ་མགྲིན་པའི་རྟ་མགྲིན་བཅུ་བདུན་གང་བས་མཆོག་གི་དགའ་བ་སྐྱེས༔ སྙིང་ཁ་དང་གསང་བདག་དགུ་ཡེ་ཤེས་སེམས་དཔའ་དང་བཅས་པ་གང་༔ ཁྱད་པར་གྱི་དགའ་བ་སྐྱེས༔ ལྟེ་བའི་རྩ་དང་མཁའ་འགྲོ་དྲུག་ཅུ་སོགས་གང་༔ གསང་གནས་ཀྱི་རྩ་འདབ་དང་མེ་དབལ་ཉི་ཤུ་རྩ་དགུ་གང་༔ ལུས་རྐང་མཐིལ་ཡན་ཆད་གང་ནས་ལྷན་ཅིག་སྐྱེས་དགའ་རྒྱུད་ལ་སྐྱེས༔ རྡོ་རྗེའི་རྩེར་ཧཱུྃ་དམར་པོས་


CMR009_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་བྱང་སེམས་འཛག་པ་བཅིངས་ནས༔ དྭངས་མ་གྱེན་དུ་ལོག་པས་མས་བསྟན་གྱི་དགའ་བ་བཅུ་དྲུག་མྱོང་སྟེ༔ དྭངས་མ་སྤྱི་བོའི་ཧཾ་ཡིག་ལ་ཐིམ་པར་བསྒོམ༔ ཐིག་ལེའི་རྣལ་འབྱོར་འདིའི་དམ་ཚིག་ཐིག་ལེ་མ་ཉམས་པར་བསྲུང་དགོས་ཏེ༔ གལ་ཏེ་མི་ཐུབ་ན་ཐིག་ལེའི་དམིགས་པ་སྒྱུར་བར་བྱ་བསྒོམས་ཀྱང་འབྲས་བུ་མི་འབྱུང་ངོ་༔ དེ་ནས་ལུས་ལ་བདེ་བ་སྐྱེས་པ་དེའི་ངོ་བོར་བལྟས་པས་སྟོང་པར་འདུག༔ སྟོང་པའི་ངང་ལས་བདེ་བ་འཆར་བ་བདེ་སྟོང་ཟུང་འཇུག་གི་ཉམས་སྐྱོང་ཞིང་༔ རླུང་བཟུང་བ་གཙོ་ཆེར་བྱ་སྟེ་སྔགས་ཡིད་བཟླས་བྱ་ཞིང་༔ གོ་ཆའི་ལྷ་རྣམས་ལས་འོད་ཟེར་སྤྲོ་བསྡུ་གོང་དང་འདྲ་སྟེ༔ རླུང་ཕར་བཏང་དུས་འོད་ཟེར་སྤྲོ༔ ཚུར་རྔུབ་དུས་སོ་སོའི་སྐུར་ཚུར་བསྡུས་ཏེ༔ ལྷ་སོ་སོ་ལ་བསྟིམ་པར་བྱའོ༔ ༈ དེ་ནས་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལྟར་ཉམས་སུ་བླང་ལུགས་ལ་གཉིས་ཏེ༔ བསྐྱེད་རྫོགས་ཟུང་འཇུག་དང་༔ ཨ་ཏིའི་བློ་འདས་གཉིས་སོ༔ དང་པོ་ནི་རྩ་ཐིག་དང་རྩ་འདབ་གཉིས་ཀྱི་ལྷ་སྒོམ་མི་བསྒོམ་གང་བྱེད་ཀྱང་རུང་སྟེ༔ ལས་བྱང་གཏོང་༔ སྒོམ་བཟླས་པ་ཅུང་ཟད་བྱས་ལ༔ སྤྱིར་འཁོར་འདས་ཀྱི་ཆོས་ཐམས་ཅད་ཟུང་འཇུག་ཁོ་ནར་ཡེ་


CMR009_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གནས་ལ༔ ཁྱད་པར་ལྷ་སྒོམ་མཁན་ནི་སེམས་ཡིན༔ སེམས་སྟོང་པ་ཡིན་པས་དང་པོ་ནས་ཟུང་འཇུག་ཏུ་ཡོད༔ བསྐྱེད་རིམ་གསལ་བའི་ཚེ་རང་ན་ཡང་ངོ་བོ་སྟོང་པར་ཡོད༔ ངོ་བོ་སྟོང་པ་དེ་ཉིད་རྣམ་པ་སྣ་ཚོགས་སུ་གསལ་བར་འཆར་ཏེ༔ དཔེར་ན་འཇའ་ཚོན་བཀྲ་བའི་དུས་ཉིད་ནའང་༔ ངོ་བོ་བར་སྣང་སྟོང་པ་ཉིད་ལས་ལོགས་སུ་མ་གྲུབ༔ བར་སྣང་སྟོང་པ་སྟོང་བཞིན་པའི་ངང་ནས་འཇའ་ཁ་དོག་སྣ་ཚོགས་འཆར་རུང་བ་ལྟར༔ ཟུང་འཇུག་གི་གོ་བ་བླངས༔ དེ་ལྟར་གོ་བ་ཁོ་ནས་ཀྱང་མི་ཆོག་པས༔ བསྐྱེད་རིམ་སྒོམ་མཁན་གྱི་སེམས་ལ་ཧྲིག་གེ་བལྟས་པས༔ ངོ་བོ་ངོས་ཟུང་མེད་པར་སྟོང་གསལ་དུ་འཆར༔ སྟོང་པའི་གཤིས་ཀྱིས་ཉམས་དེ་མ་ཤོར་བའི་ངང་ནས་ལྷའི་སྐུར་གསལ་ཐེབས་ན་ཟུང་འཇུག་ཡིན་ཏེ༔ བསྐྱེད་རྫོགས་ཟུང་འཇུག་ཅི་ལྟ་བ་ནི་ཐ་ནའང་སྤྲོས་བྲལ་ཆུང་ངུ་ཙམ་མ་གཏོགས་པར་མི་འབྱུང་ངོ་༔ དེ་དུས་ཇི་ལྟར་འཆར་ཞེ་ན༔ བསྐྱེད་རིམ་ཁོ་ནར་མ་ལྟོས་སོ༔ ས་རྡོ་རི་བྲག་སྣོད་བཅུད་འདི་ཐམས་ཅད་ཆུ་ནང་གི་ཟླ་བའི་གཟུགས་བརྙན་ལྟར༔ རྣམ་པ་བཀྲ་ལམ་མེར་གསལ་ཡང་ངོ་བོ་སྟོང་པ་ཉིད༔ གསལ་བ་དང་སྟོང་པ་གཉིས་ཐ་མི་དད་པ་གཅིག༔ བཅོས་ནས་ནན་གྱིས་


CMR009_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་མི་དགོས་ཤུགས་ལ་འཆར་བ་ཞིག་འབྱུང་ངོ་༔ འོན་ཀྱང་ཉམས་བཟང་དུས་དེ་ལྟར་འཆར་འོང་ཡང་རྒྱུན་དུ་ནི་འཆར་དཀའོ༔ གཉིས་པ་ཨ་ཏི་བློ་འདས་ནི་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་ལ་ཐིམ༔ དེ་འཁོར་ལ་ཐིམ༔ འཁོར་རང་ལ་ཐིམ༔ རང་མཆོད་རྟེན་ལ་ཐིམ༔ དེ་ཕྱག་རྡོར་ལ་ཐིམ༔ ཕྱག་རྡོར་ཡེ་ཤེས་སེམས་དཔའ་ལ་ཐིམ༔ དེ་རྡོ་རྗེ་ལ་ཐིམ་རྡོ་རྗེ་སྔགས་ཕྲེང་ལ་ཐིམ༔ དེ་ཧཱུྃ་ལ་ཐིམ༔ ཧཱུྃ་གྱེན་རྫོགས་སུ་ཡལ་ནས་སྟོང་པ་ཉིད་དུ་གྱུར༔ དེ་ནས་ཡིད་ལ་ཅི་ཡང་མི་བསམ་པར༔ རང་གི་སེམས་ལ་སེམས་ཀྱིས་མ་ཡེངས་ཙམ་དུ་བལྟའོ༔ དེ་ཡང་གུ་རུ་དྲག་པོ་འདི་ཉིད་ཀྱི་དབང་བཞི་པའི་ངོ་སྤྲོད་ཨོ་རྒྱན་ཉིད་ཀྱི་གསུངས་པ་ལས༔ བུ་མ་ཡེངས་པར་ལྟོས་ཤིག༔ དེ་ཚེ་དངོས་པོ་མཐོང་བ་མེད་པ་ལ༔ ས་ལེ་ཧྲིག་གེ་རྗེན་ནེ་ཉམས་སུ་མྱོང་དུ་ཡོད་པ་ལ༔ ཚིག་གི་སྨྲ་མི་ཤེས་པའི་ཉམས་འབྱུང་༔ འོ་བུ་དག་སེམས་ཀྱི་ངོ་བོ་ནི་སྟོང་སང་ངེ་༔ རང་བཞིན་ནི་གསལ་སེང་ངེ་༔ གནས་ལུགས་ནི་སྨྲ་བསམ་བརྗོད་དུ་མེད་པ༔ རང་རྩལ་གྱི་འཆར་སྒོ་མ་འགགས་པ༔ བརྗོད་དུ་སངས་རྒྱས་ཀྱིས་ཀྱང་མེད༔ བཅོས་སུ་སེམས་ཅན་གྱིས་ཀྱང་


CMR009_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

མེད༔ རིག་ཙམ་ཝལ་ཙམ་རྗེན་ནེ་བ་སེང་ངེ་བ༔ ཧྲིག་གེ་བ་དེ་ངོ་ཤེས་པར་གྱིས་ལ༔ དུས་དང་རྣམ་པ་ཀུན་ཏུ་བསྒོམ་རྒྱུ་སྤུ་ཙམ་ཡང་མེད་པ༔ ཡེངས་སུ་སྐད་ཅིག་ཀྱང་མེད་པའི་དོན༔ སྐལ་ལྡན་ཁྱེད་རྣམས་རྒྱུན་དུ་ཉམས་སུ་ལོངས་ཤིག༔ རྟོགས་པ་བརྟན་ཅིང་གོམས་ན༔ རྟོགས་ལྡན་ནམ་མཁའི་རྣལ་འབྱོར་མྱུར་དུ་འགྲུབ་པར་འགྱུར་རོ༔ ཞེས་གསུངས་པ་དང་༔ གུ་རུ་དྲག་པོའི་ཐུགས་ཁྲིད་ཡིད་བཞིན་ནོར་བུ་ལས་ཀྱང་༔ རྣམ་རྟོག་བྱུང་ཚེ་ལྟ་སྟངས་མི་གཡོ་བར༔ རིག་པ་རྩ་བའི་ཉམས་གསལ་སྟོང་དང་མ་བྲལ་བའི་ངང་ནས༔ གང་ཤར་སྐྱེས་གྲོལ་འགྱུ་བ་རང་དྭངས་སུ་བཞག་གོ༔ དེའི་ཚེ་གནས་ན་ཡང་སྟོང་པ་དངོས་མེད༔ འགྱུ་ནའང་གསལ་སྟོང་རྗེན་པ༔ རྟོགས་པ་ཡུལ་ཕྱིར་མི་འབྲང་བའི་ཕྱིར༔ གནས་འགྱུ་དབྱེར་མེད་དུ་ངོ་བོ་སྟོང་པ་རང་བཞིན་གསལ་བ༔ རྩལ་མ་འགགས་པར་འཕྲོས་ཡང་ཤར་གྲོལ་སྐྱེ་མེད་འཁོར་ཡུག་ཏུ་སྐྱོང་༔ ཞེས་གསུངས་པ་དང་གཞན་ཡང་བཀའ་མདོ་རྒྱུད་གྲུབ་ཐོབ་རྣམས་ཀྱི་གསུངས་པ་ཐམས་ཅད་མཐུན་པར་ཡོད་པ་ལྟར་ཡིན༔ མི་མཐུན་པར་མཐོང་བ་ནི་རང་གི་སྟོང་ཉིད་ཀྱི་ལྟ་བ་མ་རྟོགས་པའི་གནད་ཡིན་པར་ཤེས་པར་བྱའོ༔ དེ་ཇི་ལྟར་ཞེ་ན་


CMR009_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་ཨ་རུ་ར་ཟ་མ་མྱོང་བ་གཅིག་ལ་ཨ་རུ་རའི་རོ་ནི་ཁ་བ་དང་བསྐ་བ་དང་མངར་བའོ༔ སྨྲས་ན་དེ་འདྲ་བ་མི་སྲིད་དེ༔ ཁ་བ་དང་མངར་བ་འགལ༔ བསྐ་བ་ནི་ཐུག་པའི་བསྐ་སླ་ལྟ་བུ་ཆུ་མང་ཉུང་ལ་ཟེར་གྱིས་རོ་ལ་བསྐ་སླ་མེད་ཟེར་བས་ཡིད་མི་ཆེས༔ ཨ་རུ་ར་ཟོས་པའི་མིས་ཁྱོད་ཀྱི་དེ་ཡང་བདེན་བདེན་འདྲ་ན་ཡང་༔ ཨ་རུ་ར་ཁ་བ་དང་བསྐ་བ་མངར་བ་གསུམ་ཁ་ཡང་བདེན་ནོ་སྙམ་མོ༔ དེ་བཞིན་དུ་སྟོང་ཉིད་ཉམས་སུ་མྱོང་ན་བཤད་ལུགས་ཇི་ལྟར་བྱས་ཀྱང་མི་འགལ་བདེན་ཏེ༔ སྟོང་ཉིད་དངོས་ནི་སྨྲ་བསམ་བརྗོད་ལས་འདས་སོ་སྙམ་དུ་འགྱུར་རོ༔ དེ་ལག་ཏུ་ཇི་ལྟར་ལེན་ན༔ རང་གི་སེམས་ལ་སེམས་ཀྱི་ཧྲིག་གེ་བལྟ༔ གཟུགས་ཁ་དོག་འདི་ལྟར་རོ་ཞེས་སྨྲ་མི་ཤེས་ཀྱང་༔ སེམས་ལ་འདི་ལྟར་རོ་ཉམས་སུ་མྱོང་རྒྱུ་འོང་བ་དེ་ཡིན༔ དེ་ཡང་ཐ་མལ་ལས་དང་པོ་པས་སེམས་ལ་རྣམ་རྟོག་སོ་མ་དྲན་པ་ཞིག་འཕྲོས་ཙ༔ དེ་དང་པོ་གང་ནས་བྱུང་གི་སྐྱེས་པ༔ བར་དུ་གང་ནས་འདུག་གི་གནས་པ༔ ཐ་མ་གང་དུ་འགྲོ་བའི་འགག་པ༔ དེ་བཙལ་བས་མི་རྙེད་སྟོང་པ་ཉིད་དུ་འཆར༔ དེ་སྐྱེ་འགག་གནས་གསུམ་དང་བྲལ་བ་ལ་ཟེར་རོ༔ འབྲིང་འབུར་འཇོམས་བྱ་སྟེ༔ རྣམ་རྟོག་


CMR009_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་འབུར་ཏེ་བྱུང་༔ དེའི་ངོ་བོ་ལ་གཅེར་གྱིས་བལྟས་པས་སྟོང་པ་ཉིད་དུ་ལྷང་ངེ་ཞིའོ༔ རབ་རྣམ་རྟོག་བསྒོམ་དུ་འཆར་ཏེ་ཆུ་རླབས་ཆུར་ཐིམ་པ་དང་འདྲའོ༔ དེ་ལྟར་རྒྱུན་དུ་བསྒོམས་ན་དྲག་པོའི་དཀྱིལ་འཁོར་ཡང་དེ་ཡིན་ཏེ༔ སེམས་ངོ་བོ་སྟོང་པར་འདུག་པ་རིགས་བདག་སྣང་བ་མཐའ་ཡས་སོ༔ སེམས་ཀྱི་རང་བཞིན་གསལ་སེང་ངེ་འདུག་པ་ལོངས་སྐུ་དྲག་པོ་ཐོད་ཕྲེང་རྩལ་ལོ༔ སེམས་མ་འགག་ཅིར་ཡང་འཆར་བ་ནི་སྤྲུལ་སྐུ་པདྨ་ཐོད་ཕྲེང་རྩལ་ལོ༔ སེམས་གཏི་མུག་གི་རྟོག་པ་དེའི་ངོ་བོ་ལ་བལྟས་པས་སྟོང་གསལ་དུ་འཆར་བ་གཙོ་བོ་བུདྡྷ་ཐོད་ཕྲེང་རྩལ་ལོ༔ ཞེ་སྡང་གི་ངོ་བོ་ལ་བལྟས་པས་རང་སར་ཞི་ནས་གསལ་སྟོང་དུ་འཆར་བ་རྡོ་རྗེ་དྲག་པོའོ༔ སེམས་ང་རྒྱལ་གྱི་ངོ་བོ་ལ་བལྟས་པས་ཚོར་སྟོང་དུ་འཆར་བ་རཏྣ་དྲག་པོ་འདོད་ཆགས་ཀྱི་ངོ་བོ་ལ་བལྟས་པས་བདེ་སྟོང་དུ་འཆར་བ་པདྨ་དྲག་པོ༔ ཕྲག་དོག་གི་ངོ་བོ་ལ་བལྟས་པས་རང་བཞིན་མེད་པར་འཆར་བ་ཀརྨ་དྲག་པོ་རྩལ༔ གཟུགས་མཛེས་མི་མཛེས་ཀྱི་རྟོག་པ་གང་ཤར་ངོ་བོ་ལ་བལྟས་པས་རང་བཞིན་མེད་པར་སྣང་སྟོང་དུ་འཆར་བ་སྐུ་རྡོ་རྗེ་འཇམ་དཔལ༔ སྒྲ་སྙན་མི་སྙན་གྱི་རྟོག་པ་གང་ཤར་སོ་སོར་བལྟས་པས་གྲག་སྟོང་དུ་འཆར་བ་


CMR009_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རྡོ་རྗེ་རྟ་མགྲིན༔ སེམས་བདེ་སྡུག་གི་རྟོག་པ་གང་ཤར་གྱི་ངོ་བོ་ལ་བལྟས་པས་བདེ་སྡུག་གཉིས་པོ་ཁྱད་པར་མེད་པར༔ རང་བཞིན་དུ་འཆར་བ་ཐུགས་རྡོ་རྗེ་ཕྱག་རྡོར༔ དེས་མཚོན་ཞིབ་པར་ཤུགས་ལས་ཤེས་སོ༔ དེ་ལྟར་དུས་ཐམས་ཅད་དུ་རང་གི་སེམས་ལ་བྱ་ར་གཏོང་བ་དེ་ལ་ཨ་ཏི་རྫོགས་པ་ཆེན་པོ༔ སེམས་ལ་ཆོས་ཐམས་ཅད་རྫོགས་པས་རྫོགས་པ་ཆེན་པོ་ཞེས་བྱའོ༔ དེ་ལྟར་ལྟ་བ་རྟོགས་ནས་སེམས་ངོ་བོ་སྐྱོང་ཞིང་སྔགས་ཤུབ་བུར་བཟླས་པ་སྤྲོས་མེད་ཀྱི་བཟླས་པའོ༔ དེ་ལྟར་ལས་བྱང་མགོ་ནས་གཏོང་༔ བསྙེན་པ་བྱེད་དུས་སྟོང་ཉིད་དུ་བསྡུ་བའི་བར་མཐུན་གཅིག་སྟེ༔ ཐུན་མཚམས་སུ་ངག་བཏང་དགོས་བྱུང་ན་བཏང་༔ གཞན་ཆོས་སྤྱོད་སོགས་བྱ་བ་གང་དགོས་བསྒྲུབས་ནས༔ སླར་ཡང་སྔར་ལྟར་མཐུན་བཟུང་སྟེ༔ ཞོགས་པ༔ སྔ་དྲོ༔ ཉིན་ཕྱེད༔ དགོང་ཁ༔ སྲོད༔ ཐོ་རངས་ཏེ་ཐུན་དྲུག་གོ༔ སྔ་དྲོ་གཉིས་ཕྱི་དྲོ་གཉིས་སྲོད་ལ་གཞན་ཡི་དམ་ཆོས་སྐྱོང་ཐམས་ཅད་བྱ་སྟེ་ཐུན་ལྔའོ༔ ཉིན་གསུམ་མཚན་གཅིག་དང་བཞིའོ༔ སྔ་དྲོ་ཕྱི་དྲོ་གཉིས་སྲོད་དང་གསུམ་མམ༔ ཉིན་ཐུན་གཅིག་མཚན་ཐུན་གཅིག་སྟེ་གཉིས་སམ༔ གང་འདོད་བྱ་བའི་ལས་དང་པོ་


CMR009_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཐུན་མང་བར་བྱའོ༔ དེ་ནས་བསྐྱེད་རིམ་ཇི་ཙམ་བརྟན་བཞིན་ཐུན་ཉུང་ཆོག་སྟེ༔ རང་གི་ཡི་དམ་འདི་ཡིན་ནས་ཞག་རེ་ལ་ལས་བྱང་གཞུང་བསྲང་ཐུན་རེ་རེ་མ་ཆག་པར་བྱའོ༔ མཚམས་ཡིན་ན་ཐུན་བཞི་བཅད་ན་བསྙེན་སྒྲུབ་ཀྱི་གོ་ཆོད་པ་ཡིན་ནོ༔ དེ་ཡང་རབ་ཟླ་བ་དྲུག༔ འབྲིང་གསུམ༔ ཐ་མ་ཟླ་བ་གཅིག༔ གྲངས་རབ་བྱེ་བ༔ འབྲིང་བདུན་འབུམ༔ ཐ་མ་སུམ་འབུམ་གྱིས་ལས་སྦྱོར་རུང་ངོ་༔ རྟགས་ནི་རབ་དངོས༔ འབྲིང་ཉམས༔ ཐ་མ་རྨི་ལམ་དུ་ཞལ་མཇལ་ལུང་བསྟན་པ༔ ཆོས་བཤད་དབང་བསྐུར་བ་མེ་ཏོག་གི་ཆར་འབེབས་པ༔ མེ་ཏོག་གི་གླིང་དུ་ཕྱིན་པ་སོགས་བྱིན་རླབས་ཞུགས་ལྟས༔ ལུས་ལ་མེ་འབར་བ་རང་ཉིད་ལྷའི་སྐུར་གྱུར་པ༔ རྨི་ལམ་དུ་བསྐྱེད་རྫོགས་ཟིན་པ༔ འདྲེ་གདོན་ཐུལ་བ་སོགས་ནུས་པའི་ལྟས༔ རྫོང་བཟུང་བ་གོ་ཁྲབ་གྱོན་པ་སོགས་བསྲུང་བའི་རྟགས༔ ཉི་ཟླ་ཤར་ལོ་ལེགས་བདུད་རྩི་ཆང་དང་འོ་མ་འཐུང་བ་སོགས་ཚེ་རིང་བའི་ལྟས༔ སྒྲོགས་འཕངས་སེར་བ་ཟློག་གཡུལ་ལས་རྒྱལ་བ་སོགས་ཟློག་པའི་རྟགས༔ མི་དང་གཅན་གཟན་བསད་རྦབ་འཕང་མཚོན་རྣོན་པོ་ཐོགས་དམག་ཇག་འགྱེད་པ་སོགས་ནུས་མཐུའི་ལྟས༔ རྔ་རྡུང་དུང་བུད་དར་ཕྱུར་


CMR009_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྙན་གྲགས་ཀྱི་ལྟས༔ གོས་བཟང་དང་རྒྱུན་བཟང་པོས་བརྒྱན་ཁྲི་ལ་འདུག་པ་སོགས་བསོད་ནམས་རྒྱས་པའི་རྟགས༔ བུམ་པ་རྙེད་ཕྲེང་བའི་གྲངས་ཀ་རྩིས་ཚེ་ཚད་ལུང་བསྟན་སོགས་ཚེ་སྒྲུབ་རྟགས༔ རལ་གྲི་པོ་ཏི་རྙེད་སྣག་ཚ་འཐུང་ཞིང་རྨོ་བ་སོགས་འཇམ་དབྱངས་རྟགས༔ རྟ་སྐད་ཐོན་ལུས་ལ་མེ་འབར་གོས་བཟང་དམར་པོ་གྱོན་ཡིག་དྲུག་བསྐུལ་བ་རྟ་མགྲིན་རྟགས༔ མེ་ཏོག་སྔོན་པོ་འཐུ་རྡོ་དྲིལ་རྙེད་ནམ་མཁའ་ལ་འཕུར་ལུས་ལ་སྦྲུལ་གྱིས་བརྒྱན་པ་སོགས་ཕྱག་རྡོར་རྟགས༔ བུད་མེད་རྒྱུན་བཟང་འདུ་བ་ཆང་དང་བདུད་རྩི་སྟེར་གསང་ཚིག་སྨྲ་བ་མཁའ་འགྲོའི་རྟགས༔ སེམས་ཅན་བརྡུང་བཏག་བསད་གཏུབས་བྱས་པ་མེ་དབལ་རྟགས༔ ཆུ་གནས་བསད་པ་རུས་སྦལ་སྐམ་པ་ཤི་བ་རྒྱ་མཚོ་དང་ཆུ་བོ་སྐམ་པ་ལུས་ལ་གཤོག་པ་སྐྱེས་པ་བྱ་ཆེན་པོ་མང་པོ་ལྡིང་བ་ཁྱུང་གི་རྟགས་སོ༔ བནེ་བུད་མེད་ཁྱི་དཀར་ནག་བྱི་ལ་རྣམས་བརྡུངས་བ་ལས་སྔགས་རྟགས༔ ལྷ་ཁང་དང་མཆོད་རྟེན་བཤིག་པ་ནགས་ཚལ་བསྲེགས་པ་སོགས་གདོན་ཐུབ་རྟགས་སོ༔ དེ་བཞིན་དུ་སྡེ་བརྒྱད་སོ་སོའི་གང་གནོད་པའི་ཐུབ་རྟགས་དཔྱད་ཤེས་པར་བྱའོ༔ དངོས་སུ་མར་མེ་འཛིན་པ༔ ཡོན་ཆབ་མི་


CMR009_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

འཁེང་བ༔ གཏོར་མ་དབྱར་མི་རུལ་བ་དགུན་མི་འཁེང་བ༔ སྤོས་དྲི་ངེས་མེད་དུ་འཐུལ༔ རོལ་མོའི་སྒྲ་གྲག༔ བདེ་གསལ་མི་རྟོག་པའི་ཉམས་ངེས་མེད་དུ་འཆར༔ དད་པ་དག་སྣང་ཤེས་རབ་རྣམས་སྔར་བས་ཆེ་བ༔ མི་རྟག་པ་དང་བྱམས་སྙིང་རྗེ་ཤུགས་ལ་སྐྱེ༔ འཇའ་ཚོན་འཐིབས་པ་འོད་འཁྱུག་པ་སོགས་འབྱུང་ངོ་༔ བཟང་པོ་བྱུང་ཡང་ཧ་ཅང་དགའ་བྲོད་མི་བྱ༔ ངན་པ་བྱུང་ཡང་རྣམ་རྟོག་མི་བྱ་བར༔ ཐུན་མཚམས་སུ་གུ་རུའི་ཡིག་བརྒྱ་འགའ་རེ་བཟླ༔ ཚོགས་དང་བསྐང་བཤགས་རེ་བྱའོ༔ བཟའ་བཏུང་གི་ཚེ་སྔར་ལྟར་ལྟེ་བའི་མེ་སྦར་ལ་གོ་ཆའི་ལྷ་ཐམས་ཅད་ཡེ་ཤེས་ཀྱི་མེ་ལྷ༔ ཁ་ཐབ་ཁུང་ལག་པ་དགང་གཟར་བླུག་རང་བྱུང་དུ་ཤེས་པས༔ ཨོཾ་ཨཱཿཧཱུྃ་གིས་བཟའ་བཏུང་བདུད་རྩིར་གསལ་བ་སྦྱིན་སྲེག་གི་ཚུལ་དུ་བཟའོ༔ འདིས་སྦྱིན་སྲེག་གི་གོ་ཡང་ཆོད་པར་བཤད་དོ༔ གཉིད་དུས་སྙིང་དབུས་ཡེ་ཤེས་སེམས་དཔའ་གསལ་བཏབ་ལ་ཐུགས་སྲོག་ཧཱུྃ་དམར་པོ་མེ་ཤེལ་ལྟ་བུ་འོད་ཟེར་འབར་བ་ལ་སེམས་བཟུང་ནས༔ འོད་གསལ་ཨེ་ཟིན་ཚད་དོ༔ འོད་གསལ་ནི་གཉིད་དུ་སོང་༔ རྨི་ལམ་མ་རྨིས་པའི་བར་དེར༔ སེམས་ངོའི་སྟེང་དུ་གསལ་སྟོང་རྗེན་ནེ་བྱུང་ན་ཡིན་ནོ༔ རྨི་ལམ་རྨིས་


CMR009_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་རྗེས་རྨི་ལམ་དུ་བསྒོམས་བྱས་པས་ད་ལྟ་བས་ཀྱང་གསལ་བ་འདྲ་བ་བྱུང་ན་རྨི་ལམ་འོད་གསལ་ལོ༔ འོད་གསལ་ལན་བདུན་ཟིན་ན་འཆི་དུས་ཐུགས་དམ་ཟིན༔ རྨི་ལམ་ལན་བདུན་ཟིན་ན་བར་དོ་ཆོད་པར་གསུངས་སོ༔ དེ་ནས་མཚམས་ཡིན་ན་དང་པོ་ནུབ་དང་གྲོལ་ནུབ༔ ཚོགས་དང་གཏོར་འབུལ་བྱ༔ རྒྱུན་དུ་ཚེས་བཅུ་དགུ་གཏོར་སོགས་སམ༔ སྤྲོསབའི་དུས་ཚོགས་འཁོརབྱེད་ན་ཤ་ཆང་ཟན་གསུམ་བཤམ་མོ༔ ཡང་བཀའ་གདམས་པའི་ལུགས་བྱེད་ན༔ ཇོ་བོ་རྗེ་དང་ཁ་ཆེ་པཎ་ཆེན་སོགས་ཀྱི་ཕྱག་སྲོལ༔ དུས་སྔ་དྲོ་ལ་རྫས་དཀར་གསུམ་གྱི་ཚོགས་བྱའོ༔ ཆུ་གཙང་མའི་གསང་ཆུ་བྱིན་བརླབས་བྱས་པ་གཏོར་ཞིང་ཨ་མྲི་ཏ་སོགས་བརྗོད༔ དེ་ནས་རོལ་མོ་དབྱངས་དང་བཅས་རང་དྲག་པོའི་ཐུགས་ཀ་ནས་མེ་ཆུ་རླུང་གསུམ་འཕྲོས་པས་མི་གཙང་བའི་དྲི་མ་དངོས་འཛིན་ཐམས་ཅད་བསྲེགས་གཏོར་བཀྲུས་པས་དག་ཅིང་གཙང་བར་བྱས༔ བདུད་རྩི་བྱིན་རླབས་སྤྱི་ལྟར༔ རླུང་མེ་ཐོད་སྐྱེད་སྟེང་དུ་ཀ་པཱ་ལ་སྟོང་གསུམ་ཙམ་དུ་ཤ་ལྔ་བདུད་རྩི་ལྔ་ཡི་གེ་ལྔ་ཞུ་བའི་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོ་ལ༔ དེ་ཡང་ཧཱུྃ་གི་སྒྲས་ཤ་ཆང་བཟའ་རུང་ངམ་མི་རུང་༔ དགོང་མོའི་ཁ་ཟས་ཟ་རུང་


CMR009_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ངམ་མི་རུང་༔ ཤ་ལྔ་སོགས་གཙང་ངམ་མི་གཙང་ཞེས་སོགས་ཀྱི་རྣམ་རྟོག་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་སྦྱང་༔ ཨཱཡི་སྒྲས་དྲི་མེད་ཀྱི་བདུད་རྩི་ཟོས་པ་ཙམ་གྱིས་བདེ་སྟོང་གི་ཡེ་ཤེས་རང་དབང་མེད་པར་འབར་བའི་བདུད་རྩི་དངོས་གྲུབ་ཀྱི་དམ་རྫས་ཆེན་པོར་གྱུར༔ ཨོཾ་གྱི་སྒྲས་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པའི་མཆོད་པའི་སྤྲིན་ཕུང་ཆེན་པོར་གྱུར༔ ཧྲིབརྗོད་པ་ཙམ་གྱིས་བདུད་རྩི་དེའི་ཟེགས་མའི་ཚུལ་དུ་མཆོད་པའི་ལྷ་མོ་བྱེ་བ་དུང་ཕྱུར་ནམ་མཁའ་བར་སྣང་ཁྱབ་སྟེ༔ རིན་ཆེན་གསེར་དངུལ་གཡུ་བྱི་རུ་ལ་སོགས་པའི་གཞོང་པ་ན་ཚོགས་སྣ་ཚོགས་ཀྱིས་བཀང་སྟེ༔ བདག་མདུན་གྱི་དཀྱིལ་འཁོར་ལྷ་མགྲོན་དང་བཅས་པ་ཐམས་ཅད༔ ཁྱད་པར་མདུན་བསྐྱེད་ཀྱི་དབུ་གཙུག་ཚེ་དཔག་མེད་ཀྱི་འཁོར་སངས་རྒྱས་སྟོང་༔ བྱ་ཁྱུང་གི་འཁོར་ཉེ་སྲས་བརྒྱད་ལ་སོགས་པ་དང་༔ ལམ་ལ་གནས་པའི་རྒྱལ་སྲས་ཐམས་ཅད༔ སྐུ་གསེབ་གུ་རུ་ཐོད་ཕྲེང་རྩལ་གྱི་འཁོར་དུ་གྲུབ་ཆེན་བརྒྱད་ཅུ་རྗེ་འབངས་ཉེར་ལྔ་སོགས་ཐམས་ཅད་བཞུགས་པ་ལ༔ སོ་སོར་ཚོགས་ཀྱི་ཡོ་བྱད་གང་ལ་ཅི་དགྱེས་སུ་མཆོད༔ དཀྱིལ་འཁོར་ལྷ་ཚོགས་ཆོས་སྐྱོང་དང་བཅས་པ་ལ་སྨོས་ཅི་དགོས་སངས་རྒྱས་ཀྱི་ཞིང་


CMR009_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཐམས་ཅད་ཀྱང་མཆོད་པའི་ལྷ་མོས་ཁྱབ་སྟེ་མཆོད་པར་བསྒོམ༔ དབྱངས་སྙན་པོས༔ ཧཱུཾ་ངང་ཉིད་ནས་དངོས་གྲུབ་སྩོལ་གྱི་བར་དམིགས་པ་ཟིན་དཀའ་ན་ལན་གསུམ་བྱའོ༔ འདིར་སྤྱན་འདྲེན་བླ་མ་དགོངས་འདུས་ནས་བྱས་པ་སོགས་མང་དུ་སྦྱར་སྲོལ་གདའ་ནའང་གཞུང་འདི་རང་གིས་ཀྱང་ཆོག༔ སྦྱར་ཀྱང་འགལ་བ་ནི་མེད་ཙམ་མོ༔ དེ་ནས་ཚོགས་ཕུད་དང་པོ་ཕུལ་ལ་ཚིགས་བཅད་དང་སྔགས་བརྗོད་བདུད་རྩིས་བྲན་པ་ཙམ་གྱིས་ཆོག༔ འདིར་གཏོར་བསྔོས་བྱེད་པ་ནི་གསར་མའི་ལུགས་ཏེ༔ རྙིང་མ་ལ་མི་དགོས་སོ༔ དེ་ནས་ཚོགས་ཕུད་བར་པས་བསྐང་བ་ཡོད་ན་གསོ་ལ་སྐབས་འདིར་བསྐང་བ་འདོན༔ མེད་ན་ཡི་དམ་གཏོར་མ་གསོ་ལ་བཤགས་ཚིག་དང་ཤུདྡྷེ་ཨ་སོགས་བརྗོད༔ དེ་ནས་ཚོགས་ཕུད་ཐ་མ་ལ་ལིངྒ་བཅའ་མ་ཐོན་ན་ཤ་དུམ་བཞག་བྱིན་བརླབས་མ་བྱས་པའི་ཕུད་ཀྱིས་བྲན་ལ༔ བཀུག་གཞུག་ཉུང་དུ་བྱ་སྟེ༔ རང་དྲག་པོའི་ཐུགས་ཀའི་འོད་ཟེར་སྒོ་མ་བཞི་ལ་ཕོག་པས་རང་འདྲ་བ་གྲངས་མེད་པ་འཕྲོས་ནས༔ སྟག་གདོང་དཀར་མོས་དགྲ་བགེགས་སྙིང་ནས་ལྕགས་ཀྱུས་བཟུང་༔ ཕག་གདོང་སེར་མོས་ཞགས་པས་མགུལ་ནས་བཅིངས་ཏེ་རང་དབང་མེད་པར་


CMR009_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བཀུག༔ སྤྲེལ་གདོང་དམར་མོས་ལྕགས་སྒྲོག་གིས་ཡན་ལག་བཅིང་༔ སྤྱང་གདོང་ལྗང་མོས་དྲིལ་བུས་གཟུགས་བརྙན་ལ་ཕབ་ཅིང་མྱོས་པར་བྱས༔ བདག་དང་མདུན་བསྐྱེད་དྲག་པོ་ཐོད་ཕྲེང་རྩལ་དུ་གསལ་བའི་ཐུགས་ཀ་ནས་རྔམ་བྱེད་འབར་བའི་ཁྲོ་བོ་གིང་དཀར་པོ་ཕུར་པ་ལྕགས་ཀྱུ་ཐོགས་པ༔ ནག་པོ་ཞགས་པ་ཐོ་བ་ཐོགས་པ་གཉིས་བྱུང་ནས༔ ལྕགས་ཀྱུས་བཟུང་ལ་ཕུར་པ་སྙིང་ཁར་བཏབ་ནས་རྣམ་ཤེས་སྤར༔ ཞགས་པས་བཅིངས་ནས་ཐོ་བས་ཤ་སྐྱོ་ཁྲག་སྐྱོ་རུ་བརྡུང་རུས་པ་ཡང་རྡུལ་ཙམ་དུ་སོང་བར་བསྒོམས་ལ༔ ཧཱུཾ་ཆེ་མཆོག་ནས་མཱ་ར་ཡ་རྦད༔ ཅེས་ཕུར་པ་བཏབ་འདིར་ཐུགས་སྒྲུབ་ཀྱི་ཞལ་བསྟབ་སྦྱར་སྲོལ་གདའ་ན་སྦྱར་རུང་མོད༔ གུ་རུ་བཛྲ་ཀྲོ་ཏ་ནི་ཏྲི་ཤ་ཧཱུཾ་མཱ་ར་ཡ་ཁཱ་ཧི༔ ཞེས་བརྗོད་ཀྱང་ཆོག་སྟེ༔ ཁྲོ་བོ་གཉིས་དང་སྒོ་མ་རྣམས་ཀྱི་ལྷ་ཚོགས་ཀྱི་ཞལ་དུ་བསྟབས་པར་བསམས་ལ་མཁའ་འགྲོའི་གཏོར་མ་གསོའོ༔ དེ་ནས་སྒོ་མ་གིང་རྣམས་སྤྲུལ་གཞི་ལ་ཐིམ་པར་བསྒོམ་མོ༔ དེ་ནས་གཟིགས་མཛེས་སོགས་བརྗོད་ཅིང་བླང་སྟེ༔ གྲུབ་པ་ཐོབ་པ་མ་གཏོགས་པའི་ཚོགས་ཆང་བྷན་གང་བས་མང་བ་བཏུང་ན་ཆང་འཐུང་བའི་ཉེས་པའི་སྟེང་དུ་མཁའ་འགྲོའི་བཀའ་ཆད་འབབ༔ དགེ་སློང་དང་


CMR009_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་གནས་སོགས་ཡིན་ཀྱང་ཐིགས་པ་གཅིག་མ་མྱོང་ན་རྩ་ལྟུང་བཅུ་གསུམ་པ་ཕོག༔ ཤ་ཡང་སྲེད་ཞེན་གྱིས་ཆེན་པོ་ཟོས་ན་དུར་ཁྲོད་ཀྱི་ཅེ་སྤྱང་དུ་སྐྱེ༔ ཁམ་བུ་གཅིག་གམ་ཅུང་ཟད་གཅིག་མ་ཟོས་ན་རྩ་ལྟུང་ཕོག༔ ཚོགས་ཟན་ལྷག་པ་བླངས་ན་ཡི་དྭགས་མཆུ་བཅིངས་སུ་སྐྱེ༔ མ་གུས་པས་ས་རྗེན་ལ་བཞག་ན་བཀའ་ཆད་འོང་༔ དེ་ནས་ཚོགས་འབབ་སྦྱིན་མི་རུང་༔ ཟས་འཕྲོ་ལྷག་མརདོར་རམ་དེར་སྐྱུར༔ གསོག་འཇོག་རྗེས་ནས་བཟའ་མི་རུང་༔ ཟ་རུང་ངམ་མི་རུང་རྣམ་རྟོག་བྱེད་ཅིང་ཟོས་ན་དམྱལ་བ་ཆུ་བུར་ཅན་དུ་སྐྱེ་རབ་ལྟ་བའི་ངང་འབྲིང་བསྐྱེད་རིམ་ངང་༔ ཐ་མ་དད་གུས་དག་སྣང་གིས་ས་ན་དངོས་གྲུབ་ཐོབ༔ ལྷག་མ་ནི་ཚོགས་བགོ་དུས་ནས་སྐལ་བ་གཅིག་གཙང་མར་བཞག་པ་ལེགས༔ ལྷག་མ་བསྡུ་བ་རྣལ་འབྱོར་དམ་ཚིག་ཅན་ཁོ་ན་འཚོགས་ན་རུང་དེ་བས་མི་རུང་ངོ་༔ རང་ཡང་ལྟ་སྒོམ་གདེང་ཐོབ་དམ་ཚིག་ལ་གནོང་འགྱོད་མེད་ན་ཁ་ཕྲུ་བཏབ་དེ་མིན་ན་བདུད་རྩིས་བྲན་པ་ལེགས་སོ༔ བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས༔ དཀྱིལ་འཁོར་གྱི་མཐའ་འམ་དུར་ཁྲོད་བརྒྱད་ནས༔ རྡོ་རྗེ་རིགས་སོགས་རིགས་བཞིའི་མཁའ་འགྲོ་བརྒྱད་བཞི་སུམ་


CMR009_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཅུ་སོ་གཉིས་གིང་ཆེན་བཅོ་བརྒྱད༔ ལང་ཀ་ཌཱཀི་དུར་ཁྲོད་བདག་མོ་བརྒྱད༔ ཀེའུ་རི་བརྒྱད་སེང་ཧ་བརྒྱད༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་རེ་རེའི་འཁོར་འབུམ་འབུམ་དང་བཅས་པ་བྱོན་ཏེ༔ ཕོ་བྲང་གི་ཕྱིའི་ཁྱམས་ན༔ ཆ་ལུགས་ནི་དར་གྱི་ཅོད་པན་པུ་རུ་རུ་ཞེས་སོགས༔ ཚིག་དང་མཐུན་པར་ལྷག་གཏོར་བདུད་རྩི་ལོངས་སྤྱོད་ནས་ཕྲིན་ལས་ཐམས་ཅད་བསྒྲུབ་པར་ཁས་བླངས་ནས་སོ་སོའི་མལ་དུ་འཁོད་པར་བསྒོམས་ལ་ཕྱིར་གཙང་སར་དོར་རོ༔ ཆུའམ་ཆང་གིས་སྣོད་བཤལ་ལ་སྟེང་དེར་བླུག་གོ༔ དེ་ནས་དཀར་གཏོར་དམར་གཏོར་གཉིས་བཤམས་སོ་སོར་བྱིན་གྱིས་བརླབས་ལ་དམར་གཏོར་ལ་བཀུག་གཞུག་རེ་བྱ༔ དགྲ་བགེགས་ཀྱི་ཤ་ཁྲག་ཏུ་བསམ་མོ༔ དཀར་གཏོར་གཞི་བདག་སྤྱི་གཏོར་ལྟར་བསྔོས་ཀྱང་རུང་༔ མ་བསྔོས་ཀྱང་དཀར་དམར་གཉིས་པོ་སོ་སོར་གང་ལ་གང་དགྱེས་སུ་གསོལ་བར་བསམ་སྟེ༔ སྔར་བསྙེན་དུས་དམིགས་པ་ལྟར་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་བརྟན་མ་ཐམས་ཅད་དཀྱིལ་འཁོར་གྱི་བར་ཁྱམས་སུ་རང་རང་གི་འཁོར་ཚོགས་དུ་མ་དང་བཅས་གཏོར་མ་གསོལ་ཞིང་ཕྲིན་ལས་བསྒྲུབ་པར་བསྒོམ་སྟེ༔ དུ་བཻ་ཏྲི་ཤུ་ལ་ནཱ་ག་རཱ་ཙ་ཧཱུྃ་ཧཱུྃ་ཛཧཱུྃ་བཾ་ཧོ༔ ཨི་དཾ་བ་ལི་ཏ་ཁཱ་ཧི༔ ནཱ་


CMR009_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ག་རཱ་ཙ་ཀྲོ་ཏ་པ་ཙ་ལ་ཏི་ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ ཞེས་སྤུ་གྲི་དང་སྨྱོ་ཁ་ལ་བསྔོས༔ སྡེ་བརྒྱད་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཅེས་བརྗོད་ནས་བསྔོ༔ ཧཱུྃ༔ སྔོན་གྱི་སོགས་ཆད་མདོ་གྱེར་ཏེ༔ ལྷ་འདྲེ་ཐམས་ཅད་ལ་དམ་ཚིག་གི་བདུད་རྩི་བྱིན་པ་དེ་སྙིང་དབུས་སུ་གནམ་ལྕགས་ཀྱི་སྡིག་པ་ནས་འབྲས་ཙམ་དུ་བྱིན་གྱིས་བརླབས་ཏེ༔ དམ་ཚིག་སྲུང་ན་མཐུ་སྟོབས་གཟི་བརྗིད་འཕེལ་བའི་བྱ་བ་བྱེད༔ དམ་ཚིག་ཉམས་ན་སྙིང་དཀྱིལ་ནས་ཟ་བས་སྡུག་བསྔལ་དྲག་པོ་འཕྲལ་དེ་ཉིད་དུ་འབྱུང་བས༔ ངེད་རིང་མི་རྣམས་ནད་ཐུ་མོ་ལ་ཟས་འཛེམ་བྱེད་པ་དང་འདྲ་བར་ལྷ་འདྲེས་ཨོ་རྒྱན་གྱི་དམ་ཚིག་མི་བསྲུང་བའི་དབང་མེད་པ་ཡིན་སྐད་དོ༔ དེ་ནས་རང་གི་ཐུགས་ཀའི་འོད་ཟེར་འཇིག་རྟེན་ཁྱབ་པར་འཕྲོས༔ བོད་ཡུལ་སྐྱོང་བའི་ཞིང་སྐྱོང་གི་མཁའ་འགྲོ་ཨོ་རྒྱན་ཆེན་པོའི་བཀའ་ལ་ལྷག་པར་གནས་པའི་བརྟན་མ་བཅུ་གཉིས་མཛེས་སྡུག་མཚུངས་པ་མེད་པ་འཁོར་སྨན་ཕྲན་འབུམ་འབུམ་དང་བཅས་པ་སྐད་ཅིག་དཀྱིལ་འཁོར་གྱི་བར་ཁྱམས་དེར་ལྷགས་ཏེ༔ ཁྲོ་བོ་ཆེན་པོའི་གཟི་བརྗིད་མ་བཟོད་པར་གདོང་ཕན་ནས་ཟུར་མིག་ཏུ་ལྟ་ཞིང་གཏོར་མ་ལེན་པར་བསྒོམས་ལ༔ ཧཱུཾ་


CMR009_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་བོད་ཁམས་སོགས་བརྗོད་ཁཱ་ཧི༔ ཞེས་གཏོར་མ་ཕྱི་རོལ་དུ་ཕུལ༔ གཏོར་སྣོད་བདུད་རྩིས་བཤལ་ལ་ཨོཾ་ལོ་ཀ་ལོ་ཀི་ནི་སོགས་བརྗོད་ཅིང་དེ་ཕྱོགས་སུ་མཆོད་གྲུབ་ན་ལེགས་སོ༔ དེ་ནས་རྟ་བྲོ་ཐུགས་སྒྲུབ་ལྟར་རམ་ཡང་ན་གཏོར་གཞོང་དེ་རི་རབ་འབར་བར་གྱུར་པའི་འོག་ཏུ་སྒྲུབ་པའི་བར་ཆད་དམ་སྲི་ཐམས་ཅད་མནན་པར་བསྒོམས་ནས་གཏོར་སྣོད་ཁ་སྦུབ་ལ༔ ཨོཾ་པདྨ་ཏ་ཀྲྀ་ཏ་མ་ཧཱ་ཀྲོ་དྷ་ཧྱ་གྷི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔གནོད་བྱེད་སརྦ་ཤ་ཏུཾ་སུཾ་བྷ་ཡ་ནན༔ ཅེས་བརྗོད་པས་འཐུས་སོ༔ གཞན་རྗེས་ཀྱི་བྱ་བ་ཐམས་ཅད་གསང་སྔགས་སྤྱི་ལྟར་ཤེས་པར་བྱའོ༔ འཇིག་རྟེན་པ་ཐམས་ཅད་རང་གནས་སུ་གཤེགས༔ མདུན་བསྐྱེད་ཡེ་ཤེས་པ་གཤེགས་སམ་རྟེན་ལ་བསྟིམ༔ བདག་བསྐྱེད་ཀྱི་ཡེ་ཤེས་པ་ནི་བྱང་ཆུབ་མ་ཐོབ་བར་དུ་མི་གཤེགས་ཏ༔ ཕྱག་རྒྱ་སྒོ་བཅད་ཀྱི་སྒྲུབ་པ་ཞེས་བྱའོ༔ དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱི་ལས་བྱང་ཚར་གཅིག་གི་ཚེ༔ སྐད་ཅིག་ཀྱང་མ་ཡེངས་པར་སོ་སོའི་དམིགས་རིམ་དེ་ངག་གིས་འདོན་པ་དང་སེམས་ལ་བསྒོམ་བྱ་གཉིས་ཁྲིག་ཁྲིག་འཕྲོད་ཐུབ་ན༔ ཆོ་ག་ཚར་གཅིག་གིས་བསྐལ་པ་ཆེན་པོ་གཅིག་གི་ཆགས་འཇིག་སྟོང་གསུམ་གྱི་ཡུན་ལ་ཚོགས་བསགས་སྒྲིབ་སྦྱངས་བྱས་པ་དང་


CMR009_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་མཉམ་པར་གསར་རྙིང་ཞལ་མཐུན་ནོ༔ དེ་ལྟར་ཆོ་ག་ཚང་བ་ཞིག་མི་ཤེས་ན་བསྙེན་པ་མང་དུ་བསག་ཀྱང་མི་ནག་སྔགས་འདོན་ཞེས་བྱ་སྟེ་ཕན་ཡོན་ཆེན་པོ་མི་འབྱུང་༔ དེའི་ཕྱིར་དེང་སང་དུང་མང་པོ་བཏོན་ཀྱང་རྨིས་ལྟས་དག་སྣང་ཙམ་ཡང་མེད་པ་དེས་ལེན་ནོ༔ དེའི་དོན་གསང་བ་སྤྱི་རྒྱུད་དུ་ཡང་གསུངས་སོ༔ དབང་མ་ཐོབ་པའི་སྒྲུབ་པ་ཆོ་ག་མེད་པའི་སྔགས༔ སྔགས་བསྙེན་མ་བྱས་པའི་ཆོ་ག་སྦྱིན་སྲེག་མ་བྱས་པའི་སྒྲུབ་པ༔ དམིགས་རིམ་མེད་པའི་གྱེར་རྣམས་གསང་བ་སྤྱི་རྒྱུད་ནས་བཀག་གོ༔ ཆོ་ག་མི་ཤེས་པར་བསྙེན་པ་དང་༔ དང་པོ་ཆོ་ག་ཤེས་ཤིང་སྒྲུབ་པ་དེ་མཐར་ཕྱིན་ནས་བསྐྱེད་རིམ་རང་དབང་འདུས་ཏེ༔ ཆོ་ག་སོགས་ཀྱི་རིམ་པར་བསྐྱེད་མི་དགོས་པར་སྐད་ཅིག་ལ་དཀྱིལ་འཁོར་རྫོགས་པར་བསྒོམ་ཐུབ་པའི་རྣལ་འབྱོར་པས་ནི༔ ཆོ་ག་གཞུང་བསྲངས་མ་བསྲང་ལ་མ་ལྟོས་པར༔ རྟག་ཏུ་བསྐྱེད་རྫོགས་གང་རུང་དང་མི་འབྲལ་ལོ༔ ངག་སིལ་བུའི་བཟླས་པའམ་རླུང་རྡོ་རྗེའི་བཟླས་པ་གང་རུང་དང་མི་འབྲལ་ཏེ༔ དེ་ལྟར་མི་ནག་སྔགས་འདོན་མ་ནོར་བར་བྱ་སྟེ༔ དེ་ལྟ་བུས་རྒྱུན་དུ་ལས་བྱང་མ་བཏོན་ཀྱང་སྐད་ཅིག་གིས་ལྷར་བསྐྱེད་ནས་བྷ་ལི་ཏ་ཁཱ་


CMR009_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཧི་ཙམ་བྱའོ༔ ཤིན་ཏུ་རྟོགས་པ་མཐོ་ན་ལུས་འདི་དམ་ཚིག་ལྷར་གྲུབ་པས་བསྐྱེད་མི་དགོས༔ སེམས་ཡེ་ཤེས་པ་ཡིན་པས་སྤྱན་འདྲེན་མི་དགོས༔ བཟའ་བཏུང་མཆོད་པ་ཡིན་པས་གཏོར་མཆོད་མི་དགོས༔ དབུགས་འབྱུང་རྔུབ་རྡོ་རྗེའི་བཟླས་པ་ཡིན་པས་སྔགས་བཟླ་མི་དགོས༔ སྣང་སྲིད་ཐམས་ཅད་ལྷའི་དཀྱིལ་འཁོར་ཡིན་པས་དཀྱིལ་འཁོར་བྲི་མི་དགོས༔ གང་ཤར་ཐམས་ཅད་ཆོས་སྐུའི་རོལ་པ་ཡིན་པས་གང་ལའང་དགག་བསྒྲུབ་མེད་དོ༔ རང་སེམས་སངས་རྒྱས་སུ་ཐག་ཆོད་པས་སངས་རྒྱས་ཐོབ་འདོད་ཀྱི་རེ་བ་མེད་དོ༔ འཁོར་བ་རང་བཞིན་མེད་པར་རྟོགས་པས་འཁོར་བ་དང་ངན་སོང་དུ་ལྟུང་དོགས་ཀྱིས་སྐྲག་པ་མེད་དོ༔ རྩ་བའི་བླ་མ་རང་ལ་དབང་ལུང་གདམས་པ་སྦྱིན་མཁན་དེ་ཆ་ལུགས་སྤྱོད་ལམ་བཟང་ངན་ཇི་ལྟར་སྣང་ཡང་༔ རང་གི་ངོས་ནས་སངས་རྒྱས་སུ་ཐག་ཆོད་པས་བརྒྱུད་པ་ལ་ཉེ་རིང་མེད་དོ༔ དེ་ལྟ་བུའི་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་དེ་ལ་ཡང་གསུམ་ཡོད་དེ༔ ཐ་མ་ནི་ཡེངས་མ་ཡེངས་ཡོད་དོ༔ ཡེངས་ན་འཁྲུལ་པ་ཡིན་ནོ༔ མ་ཡེངས་ན་ཡེ་ཤེས་ཡིན༔ འབྲིང་ལ་དྲན་ཙམ་གྱིས་ཆོག་ས༔ དྲན་ན་ནི་ཡེ་ཤེས༔ མ་དྲན་ནི་འཁྲུལ་པ་ཡིན་ནོ༔ རབ་ལ་ནི་དྲན་མ་དྲན་


CMR009_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྒོམ་པའི་དྲན་རྫི་ཡང་མི་དགོས་ཐམས་ཅད་སེམས་ཀྱི་རྦ་རླབས་གཅིག་ཏུ་འགྱུར་བ་ཡིན་གསུངས༔ དེ་ལྟར་གུ་རུ་དྲག་པོའི་བསྐྱེད་རྫོགས་ཀྱི་ལམ་བསྒྲོད་ཚུལ་ཟུར་ཙམ་བཤད་ནས༔ ༈ ད་ནི་གུ་རུ་དྲག་པོ་འདི་ལ་བསྙེན་སྒྲུབ་བྱས་པའི་ཕན་ཡོན་དང་འབྲས་བུ་ཟུར་ཙམ་ནི༔ བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་བཀའ་དྲི་མ་མེད་པ་གུ་རུ་དྲག་པོ་ཞལ་གསུམ་ཕྱག་དྲུག་ཕྲིན་ལས་ཀྱི་རྒྱུད་དྲེགས་པའི་སྙིང་འབྱིན་ལས་དངོས་གྲུབ་གཞན་བས་འདི་དག་ཆེ༔ འགྲུབ་རྟགས་གཞན་བས་མྱུར་བ་སྟེ༔ མཆོག་དང་ཐུན་མོང་དངོས་གྲུབ་རྣམས༔ ཞག་བདུན་འགྲུབ་འགྱུར་ཐེ་ཚོམ་མེད༔ ཅེས་དང་༔ བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་རྒྱུད་པད་སྡོང་བརྩེགས་པ་ལས༔ རྟག་ཆད་ཡིད་གཉིས་ལས་གྲོལ་ཏེ༔ འབྲས་བུ་སྐུ་གསུམ་རྒྱུད་དུ་སྨིན༔ རང་གཞན་ཀུན་དོན་ལས་བྱེད་ཅིང་༔ དོན་གཉིས་ཡང་དག་ཚད་དུ་ལོང་༔ ཕ་རོལ་རྒོལ་བ་སུན་འབྱིན་ནས༔ སྣ་ཚོགས་ལས་ལ་དབང་འབྱོར་ཏེ༔ ཡང་དག་ས་ལ་འགོད་པ་དང་༔ ཡང་ན་དབྱིངས་སུ་སྒྲོལ་བར་བྱེད༔ དབང་པོ་གསུམ་གྱི་ཁྱད་པར་ལས༔ འདི་ཉིད་དང་ནི་བར་དོ་དང་༔ ཐིག་ལེ་རྒྱུད་དེ་ས་ཆོད་ནས༔ ཡང་


CMR009_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

དག་བསྟན་པ་མི་གཡོ་འགྱུར༔ གདོས་བཅས་ཉིད་དང་བྲལ་བའི་ཚེ༔ རྡུལ་བྲལ་མཁའ་དང་འོད་ཟེར་འཇའ༔ ཡིག་འབྲུ་སྐུ་གདུང་རིང་བསྲེལ་སོགས༔ སྐུ་གསུམ་ཐོབ་རྟགས་ཡང་འབྱུང་འགྱུར༔ འབད་པ་དོན་ཡོད་གཅིག་ཆོག་ཉིད༔ འདི་ནི་དུས་གསུམ་རྒྱལ་བའི་བཀའ༔ ལ་ལས་རྣ་བའི་དབང་པོ་རུ༔ ལན་གཅིག་ཐོས་ཀྱང་དོན་ཆེན་འགྲུབ༔ ཅེས་གསུངས༔ གསུང་གི་བདག་ཉིད་ཆོས་སྐུ་སྣང་བ་མཐའ་ཡས་ཀྱི་བཀའ་སྐུ་རྒྱུད་ཤེལ་གྱི་རི་བོ་ལས༔ གཞིར་སྣང་དག་པ་ཆོས་ཀྱི་དབྱིངས༔ ལྷག་མེད་ཉིད་དུ་མྱ་ངན་འདས༔ སྒྲ་དང་འོད་དུ་བཅས་ནས་ཀྱང་༔ སྐུ་གསུམ་ཞིང་དུ་མངོན་བྱུང་བ༔ གདུལ་བྱ་རྣམས་ལ་ལྷག་མར་བཅས༔ སྐུ་གདུང་རིང་བསྲེལ་བཞག་ནས་ཀྱང་༔ གཞན་ཕན་ཐབས་ཀྱིས་འགྲོ་བ་རྣམས༔ རིམ་གྱིས་འདྲེན་པར་དེས་བྱེད་དོ༔ ཡང་ཐ་བར་དོ་ཉིད་དུ་ཡང་༔ རང་སྣང་ཡེ་ཤེས་ལྷ་དང་འཕྲད༔ རང་ངོ་ཤེས་ནས་རྣམ་པར་གྲོལ༔ དེ་ཡང་རྒྱུ་འབྲས་དེ་ཡི་ཡིན༔ སྤྲུལ་པ་ལས་ཀྱང་སྤྲུལ་པའི་སྐུ༔ སྐུ་དང་མཚན་དཔེས་རབ་སྤྲས་ཤིང་༔ ལས་དག་ཞིང་ལ་རབ་སྣང་བས༔ བྱང་ཆུབ་མངོན་དུ་དེ་འགྱུར་ཞིང་༔ དེ་ལ་སོགས་པ་ཡང་དག་ལྡན༔ སྤྱི་


CMR009_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཕུད་ཉིད་དུ་སྣང་བ་བྱེད༔ ཅེས་གསུངས༔ དེ་ནས་ཨོ་རྒྱན་རིན་པོ་ཆེ་ཉིད་ཀྱི་བཀའ་གཏེར་གཞུང་ཚད་ལྡན་རྣམས་ནས་རྒྱ་མཚོ་ཙམ་དུ་གསུངས་པའི་ནང་ནས་ཆུ་ཐིགས་ཙམ་ཞིག་འདིར་བརྗོད་ན༔ དེ་ཡང་དུས་ཀྱི་ཐ་མ་ལྔ་བཅུ་ཁ་རལ་ནས་བཟུང་སྟེ༔ ཚེ་ལོ་བཅུ་པའི་མཐར་ཐུག་སྟེ༔ མཚོན་གྱི་བསྐལ་པ་ཞག་བདུན་བྱུང་སྟེ༔ མི་བརྒྱ་ལས་རེ་རེ་ཙམ་བས་མ་ལུས་པར་གསུང་པའི་བར་དུ༔ གདོན་དུ་རྒྱལ་པོ་དང་གཟའ་དང་བདུད་དང་ཀླུ་དང་བསེན་མོས་གདོན་ཅིང་༔ མིའི་སྙིང་དུ་ཡང་འདི་དག་ཞུགས་ཏེ༔ རྒྱལ་ཁམས་ཐམས་ཅད་ཐེའུ་རང་གི་ཁྲོམ་ལྟར་འཁྲུག་པ་བྱུང་སྟེ༔ དེའི་དུས་སུ་ཞི་བས་མི་ཐུལ་ཏ༔ སྣང་སྲིད་ལྷ་འདྲེའི་གཉེན་པོར་པདྨ་ང་ཉིད་དྲག་པོར་སྒྲུབ་པ་ཁག་ཆེ་མ༔ ཤིན་ཏུ་ཟབ་གསུངས་པ་དང་༔ དུས་ཀྱི་ཐ་མ་ལྔ་བཅུ་ཁ་རལ་དུས༔ མི་རྣམས་ལོག་ཆོས་མི་རུངས་སྣ་ཚོགས་བྱེད༔ སྣང་སྲིད་ལྷ་འདྲེའི་གདུག་རྩུབ་རླུང་ལྟར་འཚུབས༔ རྒྱལ་བསེན་གཟའ་ཀླས་འགྲོ་བའི་སྲོག་དབུགས་སྡུདི༔ ལོ་ཉེས་དུས་འཁྲུགས་ནད་ཀྱིས་མི་ཐོག་འབུད༔ དེ་ལྟའི་དུས་ན་བྱིན་རླབས་རྟགས་མཚན་ཆེ༔ ལྷ་སྲིན་གདུག་པའི་སྲོག་འཕྲོག་མཐུ་རྩལ་ལྡན༔ ཅེས་དང་༔ བསྟན་པའི་


CMR009_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

སྙིགས་མ་འབྱུང་བའི་ཚེ༔ དཀར་པོའི་ཕྱོགས་ཀྱི་ལྷ་རྣམས་ཁྲོས༔ རི་རབ་ནང་ན་ཞལ་ཕར་གཟིགས༔ དེ་ཡི་སྟོབས་ཀྱི་འདྲེ་སྲིན་རྣམས༔ ཁ་ཕྱིར་བསྟན་ནས་ཀུན་ལ་འཚེ༔ ནད་དང་དམག་འཁྲུག་སད་སེར་མང་༔ སེམས་ཅན་ཚེ་ཐུང་ནད་མང་བསོད་ནམས་ཟད༔ དེ་དུས་ལྷ་སྲིན་འདུལ་བའི་གཉེན་པོ་རུ༔ པདྨ་ང་ཡི་རྒྱུད་འཛིན་སྔགས་འཆང་གིས༔ དྲག་པོའི་ཐུགས་སྒྲུབ་ཡང་གསང་འདི༔ སྒྲུབ་ཅིང་གདུག་པ་ཅན་རྣམས་འདུལ༔ ལྷ་སྲིན་དྲེགས་པ་ཅན་རྣམས་ཀྱང་༔ མནན་དང་བསྐྲད་དང་གཏུབ་པར་བྱེད༔ སྲུང་དང་རེང་དང་འདུལ་བར་བྱེད༔ ཅེས་དང་༔ མ་འོངས་སྙིགས་མ་ལྔ་བདོའི་དུས༔ སྡེ་བརྒྱད་ཀུན་གྱིས་སེམས་དཀྲུགས་ནས༔ སྒྲུབ་ཐབས་ཀུན་ཀྱང་ཁ་འཚལ་ཏེ༔ སྔགས་དང་རྫ་ས་ལ་ལྷག་ཆད་མང་། བནྡེ་ཁ་རྡུགས་ཉམ་ཆུང་དུས༔ སྒྲུབ་འདོད་མང་ཀྱང་འགྲུབ་པ་ཉུང་༔ སྡེ་བརྒྱད་ཀུན་གྱིས་བར་ཆད་བརྩམས༔ དེ་དུས་དྲག་སྒྲུབ་ཡང་གསང་བཅུད༔ པདྨ་ང་ཡི་སྒྲུབ་པ་འདི༔ རྡོ་རྗེ་ཕ་ལམ་རལ་གྲི་འདྲ༔ འདི་ལ་བར་ཆེད་ག་ལ་ཚུགས༔ འདི་མིན་སྒྲུབ་པ་བྱེད་པ་རྣམས༔ གཅེར་བུས་གྲི་ཁ་བྱེད་པ་འདྲ༔ འདི་ཡོད་གསང་སྔགས་སྒྲུབ་པ་པོ༔ དཔའ་བོ་གཡུལ་དུ་


CMR009_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ་འདྲ༔ འདི་འདྲའི་གདམས་པ་ལེན་པའི་མི༔ སུ་ཡི་ཆས་འཛིན་ང་རང་དངོས༔ དཔལ་རི་འོད་ཀྱི་གཞལ་ཡས་ནས༔ ང་ཡིས་ཡེངས་བ་མེད་པར་སྐྱོབ༔ ཅེས་དང་༔ ཁྱད་པར་བྱིན་རླབས་དངོས་གྲུབ་མྱུར་འདོད་ན༔ རྡོ་རྗེ་དྲག་རྩལ་པདྨ་ང་ཉིད་བསྒོམ༔ དུས་གསུམ་སངས་རྒྱས་ཡོན་ཏན་བདག་ལ་རྫོགས༔ རྒྱལ་བ་ཞི་ཁྲོ་གསང་སྔགས་ཕྱི་ནང་དང་༔ དཔའ་བོ་མཁའ་འགྲོའི་བྱིན་རླབས་དངོས་གྲུབ་རྣམས༔ ནོར་བུ་རིན་ཆེན་ཡོན་ཏན་ཀུན་ལྡན་ལྟར༔ དེ་དག་ཐམས་ཅད་མ་ལུས་བདག་ལ་རྫོ་གས༔ ང་ཉིད་བསྒོམ་དང་དྲན་པ་ཙམ་གྱིས་ཀྱང་༔ རྒྱལ་བ་སྲས་བཅས་ཐུགས་རྗེས་དེ་ལ་གཟིགས༔ གསང་སྔགས་ཕྱི་ནང་ལྷ་ཚོགས་ཐམས་ཅད་ཀྱིས༔ དབང་བསྐུར་བྱིན་རླབས་དངོས་གྲུབ་སྟེར་བར་བྱེད༔ མ་མོ་མཁའ་འགྲོའི་ཚོགས་རྣམས་སྤྲིན་ལྟར་འདུ༔ བཀའ་སྲུང་ཆོས་སྐྱོང་ཐམས་ཅད་བྲན་ལྟར་ཉན༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་བཀའ་བཞིན་བསྒྲུབ༔ ཡོན་ཏན་ཐམས་ཅད་ང་ཉིད་བསྒོམས་པས་འབྱུང་༔ དངོས་གྲུབ་ཐམས་ཅད་ང་ཉིད་བསྐྱེད་པས་འགྲུབ༔ ཕྲིན་ལས་ཐམས་ཅད་ང་ཉིད་བསྐྱེད་པས་འགྲུབ༔ ཅེས་དང་༔ སྔགས་ལ་ཨ་ཙིག་གི་ཕན་ཡོན་ཡང་།


CMR009_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཤུ་ཐམ་པ་སྔགས་ཀྱི་རྒྱལ་པོ་འདི༔ དབང་དྲག་པདྨ་ཁྲོས་པའི་དྲག་སྔགས་ཡིན༔ བཟླས་པ་ཙམ་གྱིས་སྲིད་པ་གསུམ་ཡང་འདར༔ མི་མིན་འབྱུང་པོ་བསྔངས་སྐྲག་བརྒྱལ་བར་འགྱུར༔ ཅེས་དང་༔ དྲག་པོ་བླ་མའི་ཐུགས་སྒྲུབ་ཡང་སྙིང་འདི༔ དུས་གསུམ་སངས་རྒྱས་ཀུན་གྱིས་བྱིན་བརླབས་ཤིང་༔ དཀྱིལ་འཁོར་ཕྱི་ནང་ལྷ་ཚོགས་ཐམས་ཅད་ཀྱི༔ མཐུ་དང་ནུས་པ་བསྡུས་པའི་སྙིང་པོ་ཡིན༔ བརྒྱ་ཙམ་བཟླས་པས་ལས་ངན་སྒྲིབ་པ་བྱང་༔ སྟོང་ཙམ་བཟླས་ན་ཕྱི་ནང་བར་ཆད་སེལ༔ ཁྲི་ཙམ་བཟླས་ན་སྡེ་བརྒྱད་བྲན་དུ་འགྱུར༔ འབུམ་ཙམ་བཟླས་པས་མཆོག་གི་དངོས་གྲུབ་ཐོབ༔ ཐོས་དང་དྲན་དང་བརྗོད་པ་ཙམ་གྱིས་ཀྱང་༔ སྣང་སྲིད་ལྷ་འདྲེ་ལས་ལ་ཁོལ་བར་འགྱུར༔ ཅེས་དང་༔ སྟོང་ཕྲག་གཅིག་གིས་སྒྲིབ་པ་དག་པར་འགྱུར༔ ཁྲི་ཕྲག་གཅིག་གིས་དྲེགས་པ་ལས་ལ་ཁོལ༔ འབུམ་ཕྲག་གཅིག་གིས་དངོས་གྲུབ་ཐོབ་པར་འགྱུར༔ ཐོས་བསམ་དྲན་ཅིང་འཆང་ངམ་འབྲི་ཀློག་པ༔ ཡོན་ཏན་གཞན་ལས་འབུམ་འགྱུར་ལྷག་པར་འགྱུར༔ ཞེས་དང་༔ གོ་ཆ་ལྷ་ལྔའི་སྔགས་གསུངས་ནས༔ ལྷ་ལྔ་ལུས་ལ་བཀོད་པའི་སྙིང་པོ་ཡིན༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཐམས་ཅད་


CMR009_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི༔ དངོས་གྲུབ་ཐམས་ཅད་བཟླས་པ་ཙམ་གྱིས་འགྲུབ༔ ཅེས་དང་༔ མེ་དབལ་གྱི་སྔགས་སྨོས་ནས༔ ཁྲོ་རྒྱལ་ཡཀཱ་མེ་དབལ་སྙིང་པོ་ཡིན༔ བཟླས་པས་འཇིག་རྟེན་དྲེགས་པ་རྡུལ་དུ་བརླག༔ མངོན་སྤྱོད་ལས་རྣམས་ཐོག་པ་མེད་པར་འགྲུབ༔ ཅེས་དང་༔ ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་སྙིང་པོ་འདི་བགྲང་བས༔ རང་གི་ལུས་ངག་ཡིད་གསུམ་གྱི་དྲི་མ་སྦྱང་ཞིང་༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པའོ༔ འོད་དཔག་མེད་ཀྱི་སྙིང་པོའི་སྨིན་པར་བྱེད༔ དྲག་པོ་བླ་མའི་སྙིང་པོས་ཕྱིའི་དགྲ་བགེགས་པ་ཅན་ཐམས་ཅད་དང་༔ ནང་གི་ཉོན་མོངས་ཐམས་ཅད་འཇོམས་པར་བྱེད་དོ༔ གཤིན་རྗེ་གཤེད་ཀྱིས་སྐུའི་གཟི་བརྗིད་བསྐྱེད་དོ༔ རྟ་མགྲིན་གསུང་གིས་ངག་ལ་ནུས་པ་སྦྱར་རོ༔ ཕྱག་ན་རྡོ་རྗེས་སེམས་ལ་རྟོགས་པ་འཆར་རོ༔ མཁའ་འགྲོ་སྡེ་ལྔས་རྩ་ཁམས་རླུང་ཐིག་བྱིན་གྱིས་བརླབས་སོ༔ ནམ་མཁའ་ལྡིང་གིས་ཕྲིན་ལས་མཐར་ཕྱིན་པར་བྱེད་དོ༔ སྡེ་བརྒྱད་དམ་དུ་གཟིར་བས་དགྲ་བགེགས་ཐམས་ཅད་གཅུན་པར་བྱེད་དོ༔ ཡཀཱ་མེ་དབལ་གྱིས་གནོད་བྱེད་ཐམས་ཅད་སྒྲོལ་བར་


CMR009_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ༔ དེ་ལྟ་བས་ན་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་དྲིལ་ནས༔ དྲག་པོ་བླ་མའི་གསང་སྔགས་སུ་བྱིན་གྱིས་བརླབས་པ་འདི་ནི༔ ཡོན་ཏན་གཞན་ལས་འབུམ་འགྱུར་གྱིས་ལྷག་ཅིང་བྱིན་རླབས་མྱུར༔ ཞེས་དང་༔ ཨ་ཡ་མ་དུ་རུ་ཙ་ཤ་སོགས་སྡེ་བརྒྱད་སྔགས་གསུངས་ནས༔ དྲེགས་པ་སྡེ་བརྒྱད་གཅུན་པའི་སྙིང་པོ་ཡིན༔ བཟླས་པས་སྡེ་བརྒྱད་སྲོག་ལ་མེ་ལྟར་འབར༔ བཀའ་ཉན་གསུང་སྡོད་དམ་ལས་མི་འདའ་འགྱུར༔ ཞེས་གསུངས་སོ༔ ལས་ཚོགས་གང་སྒྲུབ་ཀྱང་འདིའི་སྒོ་ནས་མྱུར་ཏེ༔ གུ་རུ་དྲག་པོ་ཕྲིན་ལས་ཀྱི་རྒྱུད་དྲེགས་པའི་སྙིང་འབྱིན་ལས༔ ལས་ཚོགས་མཐའ་རྒྱས་དེ་ལྟར་ཏེ༔ གཞན་ལས་ཟབ་སྟེ་མྱུར་བར་འོང་༔ ཞེས་བཀའ་བསྩལ་ཏོ༔ འོན་ཀྱང་གུ་རུ་དྲག་པོ་ཡིན་ཟེར་བའི་མངོན་རྟོགས་དང་སྔགས་ཨ་ཙིག་ཡོད་པ་ཙམ་གང་བྱུང་ལ་ཡིད་བརྟན་མི་བྱ་སྟེ༔ དྲག་པོ་རཏྣ་ལུགས་འདི་ཉིད་ཀྱི་ལོ་རྒྱུས་གསང་བ་སྙིང་གི་ཏི་ཀ་ལས༔ བདག་འདྲ་བུད་མེད་མཁར་ཆེན་བཟས༔ དྲག་པོ་ཐུགས་ཀྱི་སྒྲུབ་པ་ནི༔ བོད་ཡུལ་མཐའ་དབུས་ཀུན་ཏུ་ཡང་༔ གཏེར་ཁ་ལྔ་ལས་སྦས་པ་མེད༔ མ་འོངས་ལོག་པའི་དམ་


CMR009_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ཀྱིས༔ དྲག་སྒྲུབ་ཟེར་ཞིང་འདྲ་མིན་བཅོས༔ དེ་ལ་ཡིད་གཏད་བྱ་མི་རུང་༔ ལྔ་པོའི་ནང་ནས་མཆོག་གྱུར་པ༔ སྙིང་པོའི་ཡང་ཞུན་དམ་པ་འདི༔ དུས་ལ་དགོས་པའི་གཏེར་ཡིན་པས༔ ཐུགས་སྒྲུབ་དྲག་པོ་གཏེར་གཅིག་མ༔ བོད་ཡུལ་གཏེར་གྱི་སྙིང་ཁྲག་གོ༔ ཞེས་དང་༔ མདོར་ན་བོད་ཡུལ་དུ་གཏེར་ཁ་བྱེ་བ་སྦས་ཀྱང་༔ དྲག་པོ་ཐུགས་ཀྱི་སྒྲུབ་པ་ནི༔ ལྔ་ལས་སྦས་པ་མེད༔ མ་འོངས་པ་ན་གཏེར་རྫུན་ལོག་ཤེས་ཅན་གྱིས་བཅོས་ལོག་མང་པོར་འོང་བར་སྣང་སྟེ༔ དར་རྒྱས་མེད་བསྒྲུབ་ན་བར་ཆད་ཁྱི་ཟན་ལ་བོས་པ་ལྟར་ཕུང་༔ རླུང་གིས་ཁྱེར་ཏེ་ཅིའི་ཕྱིར་ན་བཀའ་བབ་ཀྱི་བྱིན་རླབས་རྟགས་མཚན་མེད་པ་ཡིན་ནོ༔ ཞེས་དང་༔ རཏཱ་ལུགས་ཀྱི་ཕྱི་སྒྲུབ་ལས༔ མཚོ་རྒྱལ་བདག་གིས་གུ་རུས་གསུང་བཞིན་དྲག་པོ་ཐུགས་སྒྲུབ་དྲག་པོའི་གཏེར་ཁ་ལྔ་ཙམ་བོད་ཡུལ་མཐའ་དབུས་ཕྱོགས་མཚམས་སུ་སྦས་ཏེ༔ དེའང་ལྷོ་གཏེར་འབྲས་བུའི་ཚུལ་འདི་ས་འོག་ཀུན་གྱི་གཏེར་གཅིག་མའོ༔ མ་འོངས་པ་ན་གདོལ་ཅན་ཟོག་པོས་དྲག་སྒྲུབ་ཟེར་ཞིང་གཏེར་རྫུན་མང་པོ་འབྱུང་སྟེ༔ བར་ཆད་ཀྱི་སྣང་བ་ལ་འགུགས་པས་བཀྲ་མི་ཤིས༔ སྨོན་ལམ་དག་པའི་སྐྱེས་བུ་རྣམས་


CMR009_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་ལོངས་སྤྱོད་པར་འགྱུར་རོ༔ ཞེས་གསུངས་སོ༔ ཁྱད་པར་དུ་ཡང་འདི་ཉིད་ཁམས་ཕྱོགས་སུ་འདིའི་བཀའ་བབས་ལུང་བསྟན་པའི་ཆོས་ཀྱང་ཡིན་ཏེ༔ དྲག་པོ་རཏྣ་ལུགས་འདིའི་ཐུགས་ཁྲིད་ཡིད་བཞིན་ནོར་བུའི་མཇུག་ནས༔ སྙིགས་མ་ལྔ་བདོའི་ཐ་མ་ལ༔ སྐལ་ལྡན་སྐྱེས་བུ་གཅིག་དང་འཕྲད་ནས་ཀྱང་༔ ཡོན་ཏན་བསྟན་པ་མཐའ་རྒྱས་ཤིང་༔ ཆོས་འདི་དྲག་བསྒྲུབ་ཀུན་གྱི་སྙིང་༔ མ་འོངས་ཁམས་དང་གཙང་ཕྱོགས་སུ༔ བསྟན་པ་དར་ཞིང་རྒྱས་པར་འགྱུར༔ ཞེས་ལུང་བསྟན་ཏོ༔ ཀཿཐོག་པདྨ་སེང་གེས་གཏེར་ཁ་བརྒྱད་ཀྱི་འགུར་དྲག་ཡོངས་སུ་རྫོགས་པ་ཐོབ་ཅིང་མཁས་པར་སྦྱངས་བས༔ དོན་ལ་ཐམས་ཅད་ཁྱད་ཆེར་མི་འདུག་གསུང་ཞིང་རཏྣ་ལུགས་འདི་ཟབ་པར་དགོངས་ནས༔ ཕྱག་ལེན་ཟིན་བྲིས་མཛད་ཅིང་ཐུགས་དམ་དུ་མཛད་པ་དང་༔ ཆོས་རྗེ་མཁར་དྲུང་གིས་རྙིང་མའི་ཆོས་ཐམས་ཅད་ཀྱི་དབང་ལུང་གི་རྒྱུན་རི་བོ་ཆེར་བཞུགས་ཡོད་པར་དགོངས་ནས༔ ཚེ་ཆོག་པ་པདྨ་དབང་ཕྱུག་ཅེས་པ་ཤེས་རབ་ཕུན་སུམ་ཚོགས་པ་དེ་ཤར་ཀཐོག་དང་སྤྱི་ཀོང་སོགས་ཐམས་ཅད་དུ་བཏང་ནས་དབང་ལུང་ཞུ་བཅུག༔ གསང་ཐབས་སུ་ཚེ་ཆོག་པ་ལས་ཁོང་རང་གིས་གསན༔ ཕྱིས་ཚེ་ཆོག་པ་


CMR009_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྗེ་དྲུང་མཚོ་སྐྱེས་རྡོ་རྗེའི་ཀྱང་དབང་ལུང་ཕལ་ཆེར་གསན་པར་མཛད་དེ༔ ཚེ་ཆོག་པ་དེས་རྙིང་མའི་ཆོས་ཕལ་ཆེར་དང་འགུར་དྲག་རིགས་དུ་མ་དགོངས་ནའང་༔ རྒྱུན་གྱི་ཐུགས་དམ་ཆག་མེད་དེ་རཏྣ་ལུགས་ཀྱི་དྲག་པོའི་ལས་བྱང་འདི་མ་གཏོགས་ཅི་ཡང་མི་འདོན་སྐད༔ དེ་ཇི་ལྟར་ལགས་ཞུས་པས་འདི་འཐུས་ཆེ་བས་དཀྱིལ་འཁོར་འདི་ལ་མ་འདུས་པའི་ལྷ་མི་སྣང་གསུང་སྐད༔ དེ་ཤིན་ཏུ་བདེན་ཏེ་སྤྱིར་བཀའ་བརྒྱད་ལ་མ་འདུས་པའི་གསར་རྙིང་གི་ལྷ་མེད་དེ༔ དེའི་ཕྱིར་ཞི་ཁྲོ་ཡོངས་རྫོགས་ཟེར་རོ༔ བཀའ་བརྒྱད་ཀྱང་འདི་ལ་མ་འདུས་པ་མེད་དེ༔ འཇམ་དཔལ་སྐུའི་རིགས་ཐམས་ཅད་དཔྲལ་བར་འདུས༔ པདྨ་གསུང་གི་རིགས་ཐམས་ཅདམགྲིན་པར་འདུས༔ ཡང་དག་ཐུགས་ཀྱི་རིགས་ཐམས་ཅད་ཐུགས་ཀར་འདུས༔ མ་མོ་རྦོད་གཏོང་གི་རིགས་ཐམས་ཅད་ལྟེ་བར་འདུས༔ ཕྲིན་ལས་གནོད་སྦྱིན་གོས་སྔོན་ཅན་གྱི་རིགས་ཐམས་ཅད་གསང་བར་འདུས༔ གཞན་ཡང་བསྐལ་བཟང་བདེ་བ་ཅན་གྱི་མདོ་སྡེ་གཉིས༔ ཚེ་མདོ་གཟུངས༔ ད་ལྟར་གྱི་སངས་རྒྱས་ཏིང་ངེ་འཛིན་གྱི་མདོ༔ པདྨ་དཀར་པོ་ལ་སོགས་པའི་དོན་ནི་དབུ་གཙུག་ན་འོད་དཔག་མེད་ལ་སངས་རྒྱས་སྟོང་གིས་བསྐོར་བ་


CMR009_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པ་ལ་འདུས་ཏེ༔ ཐེག་པ་ཆེ་ཆུང་གི་མདོ་སྡེ་ཐམས་ཅད་ནས་སངས་རྒྱས་རྗེས་སུ་དྲན་པའི་ཕན་ཡོན༔ སངས་རྒྱས་ཀྱི་མཚན་ནས་བརྗོད་པའི་ཕན་ཡོན༔ སངས་རྒྱས་ཡིད་ལ་བྱས་པའི་ཕན་ཡོན༔ སངས་རྒྱས་ལ་མཆོད་པ་ཕུལ་བའི་ཕན་ཡོན༔ ཇི་སྐད་གསུངས་པ་ཐམས་ཅད་འདི་ལ་འདུས་སོ༔ དེའི་འོག་ཏུ་བྱ་ཁྱུང་ལ་ཉེ་སྲས་སོགས་བྱང་ཆུབ་སེམས་དཔས་བསྐོར་བར་བསྒོམ་ཞིང་མཆོད་པ་དང་སྔགས་བཟླས་པས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པའི་ཕན་ཡོན་ཐམས་ཅད་དང་༔ ཁྱུང་གི་ལས་རྒྱུད་མཆུ་སྡེ་ལྔ་སོགས་ཀྱི་དོན་འདུས་སོ༔ སྐུ་གསེབ་ཏུ་པདྨ་འབྱུང་གནས་གྲུབ་ཐོབ་ཆ་ལུགས་ཅན་ལ་རྩ་བརྒྱུད་བླ་མ་ཐམས་ཅད་བསྟིམ་ཞིང་དབང་ཞུ༔ མདུན་བསྐྱེད་དུས་རྩ་བརྒྱུད་བླ་མ་གྲུབ་ཆེན་བརྒྱད་ཅུ་སོགས་ཀྱིས་བསྐོར་བར་ནས་མཆོད་པ་ཕུལ་བས༔ གསར་རྙིང་གི་མདོ་རྒྱུད་དུ་མ་ནས་བླ་མ་མཆོད་པའི་ཕན་ཡོན༔ བླ་མ་སྒྲུབ་པའི་ཕན་ཡོན༔ བླ་མའི་རྣལ་འབྱོར་ཐམས་ཅད་འདུས་སོ༔ དཔྲལ་བར་འཇམ་དཔལ་གཤིན་རྗེ་གཤེད་བྷེ་ཞིང་མཆོད་བསྟོད་བྱས་སྔགས་ཧཱིཤྲཱི་བགྲངས་བས༔ རྙིང་མའི་ཚེ་བདག༔ ཁ་ཐུན༔ ནཱ་ག་རཀྵ༔ འཆར་ཁ༔ ཀིང་ཀང་དམར་ནག༔ ཁྲོ་ཆུ་འཇིགས་


CMR009_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད༔ གསར་མའི་དགྲ་ནག་གདོང་དྲུག་གཤེད་དམར་མཐར་བྱེད་སོགས་མདོར་ན་འཇམ་དཔལ་རྩ་རྒྱུད་དང་དམར་ནག་འཇིགས་གསུམ་གྱི་རྒྱུད༔ རྙིང་མའི་འཇམ་དཔལ་རོལ་པའི་རྒྱུད་ཆ་ལག་དང་བཅས་པའི་དོན་འདུས་སོ༔ དེ་ཅིའི་ཕྱིར་ཞེ་ན༔ རྒྱུད་དེ་དག་གི་དོན་རྩ་ལྷ་གཤིན་རྗེ་གཤེད་བྷེ་ཞིང་༔ སྔགས་ཧཱིཏྠི་བགྲང་བ་ལས་ལྷག་པ་མེད་པའོ༔ མགྲིན་པར་རྟ་མགྲིན་བྷི་སྔགས་རྒྱ་ཤྲཱི་ཝ་བགྲོངས་བས༔ རྟ་མགྲིན་གནམ་བཀོད་ཀྱི་མདོ༔ རྒྱ་གྷི་ཝའི་གཟུངས༔ རྟ་མཆོག་རོལ་པའི་རྒྱུད༔ གསང་འདུས་རྒྱུད་ལ་བརྟེན་ནས་ཇོ་བོ་རྗེས་མཛད་པའི་ཤྭ་ན་བཞི་སྐོར༔ ཡང་གསང་ཁྲོས་པ་ལ་སོགས་མདོར་ན་གསར་རྙིང་གི་རྟ་མགྲིན་མཐའ་དག་འདུས་སོ༔ སྤྱན་རས་གཟིགས་བྱ་གྷི་ཝ་ཞེས་འདི་ཐུགས་རྗེ་ཆེན་པོའི་རིགས་ཡིན་པས་ཐུགས་རྗེ་ཆེན་པོའི་བྷེ་བཟླས་ཡང་ཚང་ངོ་༔ ཐུགས་ཀར་ཕྱག་རྡོར་བསྒོམས་ནས་སྔགས་ཙཎྜ་མ་ཧཱ་བགྲངས་བས༔ གསར་མའི་གཏུམ་ཆེན་གཏུམ་ཆུང་འབྱུང་འདུལ་གོས་སྔོན་ཅན༔ རྙིང་མའི་ཕྱག་རྡོར་དྲེགས་པ་ཀུན་འདུལ༔ འཇིག་རྟེན་མཆོད་བསྟོད་དམོད་པ་དྲག་སྔགས་ཀྱི་རྩ་རྒྱུད་ཆེན་པོ་དང་ནཱ་ག་ཀླུ་འདུལ་རྒྱུད༔ གསར་མའི་རིག་པ་


CMR009_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་རྒྱུད་ཆེན་པོ༔ ཕྱག་རྡོར་དབང་བསྐུར་བའི་རྒྱུད༔ ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་རྒྱུད༔ གསང་བ་བསྟན་པའི་མདོ་སྡེ་ལ་སོགས་པའི་དོན་འདུས་སོ༔ ལྟེ་བར་ཕག་མོ་བདུད་འདུལ་ལྷ་ལྔ་བསྒོམ་ཞིང་༔ སྔགས་ཧ་རི་ནི་ས་བགྲང་བས་རྙིང་མའི་ཕག་མོ་མངོན་འབྱུང་རྒྱུད་ལེའུ་གསུམ་ཡོད་པར་གསུངས་པ་དང་༔ མ་མོ་རྦོད་གཏོང་གི་རྒྱུད་ཐམས་ཅད༔ གསར་མའི་ཕག་མོ་མངོན་འབྱུང་རྒྱུད་དང་༔ བདེ་མཆོག་གི་རྒྱུད་ཐམས་ཅད་ཀྱི་ཕྱེད་དེ་ཕག་མོ་ཡིན་པ་དང་༔ དགྱེས་རྡོར་གྱི་རྒྱུད་ནས་བདག་མེད་མའི་སྒྲུབ་ཐབས་གསུངས་པ་དང་༔ དུས་འཁོར་རྒྱུད་ནས་སྣ་ཚོགས་ཡུམ་གྱི་སྒྲུབ་ཐབས་གསུངས་པ༔ མ་ཅིག་གི་གཅོད་ལུགས་ཀྱི་སྒྲུབ་ཐབས་དུ་མ་གསུངས་པ་ཐམས་ཅད་འདུས་སོ༔ ཡཀཱ་མེ་དབལ་གསང་བར་བསྒོམ་ཞིང་ཡཀྵ་ཧཱུྃ་གི་སྔགས་བརྗོད་པས༔ རྙིང་མའི་སྟོབས་ལྡན་ནག་པོའི་རྒྱུད་ཐམས་ཅད་དང་༔ གསར་མའི་གནོད་སྦྱིན་ཡཀྵ་ནག་པོའི་རྒྱལ་པོ་ཞེས་བྱ་བ༔ ཞལ་གསུམ་ཕྱག་དྲུག་མགོ་བརྙན་ཅན་གིག་གི་རྒྱུད་སྒྲུབ་ཐབས་གསུངས་པ་དང་༔ གནོད་སྦྱིན་གོས་སྔོན་ཅན་དང་༔ རྣམ་འཇོམས་ཕུར་པ༔ སྦྱོང་རྒྱུད་ནས་རྡོ་རྗེ་གནོད་སྦྱིན་རྣམས་ཀྱི་དོན་འདུས་སོ༔ ཐུགས་


CMR009_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་མཆོད་རྟེན་བསྒོམས་པས་མཆོད་རྟེན་བདེ་གཤེགས་སྐུ་གདུང་ལ་དད་གུས་དང་ཡིད་ལ་སྒོམ་པའི་ཕན་ཡོན་ཚང་༔ དེའི་དབུས་ཡེ་ཤེས་སེམས་དཔའ་བཛྲ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་རྡོ་དྲིལ་འཛིན་པ་དེ་ནི༔ བདེ་མཆོག༔ དགྱེས་རྡོར༔ གསང་འདུས༔ མི་བསྐྱོད་པ༔ རྡོ་རྗེ་འཆང་ཆེན༔ ཀུན་ཏུ་བཟང་པོ༔ བླ་མེད་ཧེ་རུ་ཀ༔ རྡོ་རྗེ་སེམས་དཔའ༔ ཆེ་མཆོག་ཧེ་རུ་ཀ༔ ཡང་དག་རྣམས་ཀྱི་དོན་འདུས༔ སྐུའི་ངོ་བོ་དེ་ཡིན༔ ཐུགས་ཀྱི་ངོ་བོ་ཡང་དེ་དག་གཅིག་པར་བཀའ་བརྒྱད་ཀྱི་རྒྱུད་གསང་བ་འདུས་པ་ནས་ཀྱང་གསུངས་སོ༔ སྙིང་དབུས་རྡོ་རྗེ་དང་ཉི་ཟླ་ཧཱུྃ་ཡིག་བསྒོམ་པ་དེས་ཞི་གནས་ཀྱི་སེམས་འཛིན་ཁྲིད་ཐམས་ཅད་ནས་གསུངས་པའི་དོན་འདུས་སོ༔ དྲག་པོ་རིགས་ལྔ་མཁའ་འགྲོ་སྡེ་ལྔ་ནི༔ དོན་ལ་རྒྱལ་བ་རིགས་ལྔ་ཡབ་ཡུམ་ལྔའི་ངོ་བོ་ཡིན་པས་དཀྱིལ་འཁོར་ཐམས་ཅད་ཀྱང་འདུས་ལ༔ ཁྱད་པར་རྡོ་རྗེ་གཞོན་ནུ་ཁྲོ་བོ་བཅུ་དང་བཅས་པ་ཡོད་པས༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་རྫོགས་པར་ཚང་༔ སྤྱིར་གསར་རྙིང་ཐམས་ཅད་ལ་གཤིན་རྗེ་ཚེ་བདག་ཁྲོས་ནག་སེང་གདོང་མ་དང་གསུམ༔ ལས་ཚོགས་ཕྱུག་ཤོས་ཡིན༔ གདམས་ངག་ཡང་རྣོ་བར་བྱེད་པ་


CMR009_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས༔ དེ་གསུམ་འཁོར་ལྷ་བྱས༔ ལྷ་དེ་གསུམ་བསྒོམ༔ དེ་གསུམ་མཆོད་བསྟོད་སྔགས་བཟླས་ནས༔ དེ་གསུམ་གྱི་ལས་ཚོགས་ཐམས་ཅད་དྲག་པོ་འདི་ལ་སྦྱར་ཆོག་པའི་གནད་ཡིན་ནོ༔ དེ་ལྟར་ཐམས་ཅད་འདུས་པ་ཅིའི་ཕྱིར་ཞེ་ན༔ ཨོ་རྒྱན་རིན་པོ་ཆེས་མི་མཁྱེན་པ་མེད་པས༔ ཁོང་ལ་བློ་གཏད་ལིང་སྐྱུར་དྲག་པོ་འདི་སྒྲུབ་པ་རྣམས་ལ༔ དེ་ཐམས་ཅད་ཀྱི་བྱིན་རླབས་འདུས་ཤིང་༔ ཟབ་པ་ཞིག་དགོས་པར་དགོངས་ནས༔ དེ་ཐམས་ཅད་ཀྱི་དོན་ལ་མན་ངག་གི་བསྡུས་ནས་གཅིག་ཏུ་འདྲིལ་བ་ཡིན་ནོ༔ དེ་ཐམས་ཅད་སོ་སོ་ནས་གཅིག་ཏུ་བསྡུས་རུང་ངམ་ཞེ་ན་རུང་སྟེ༔ ནཱ་རོ་པས་ཕ་རྒྱུད་མ་རྒྱུད་ཐམས་ཅད་ནས་ནཱ་རོ་ཆོས་དྲུག་བསྡུས་པ་ལྟ་བུའོ༔ འོ་ན་དེ་ཐམས་ཅད་ཀྱང་བསྟན་པ་སྤྱིའི་བཤད་པ་དང་མཐུན་པར་རྒྱུད་ལུང་མན་ངག་དང་བསྟན་པ་ནི༔ གདུལ་བྱ་ཐེ་ཚོམ་སེལ་བའི་ཕྱིར་དྲང་དོན་ཙམ་ཡིན་གྱི༔ ངེས་པའི་དོན་ལ་ཨོ་རྒྱན་རིན་པོ་ཆེའི་གསུང་རྣམས་རྒྱུད་གཞུང་ནས་ཐུ་བ་དང་ལུང་འདྲེན་པ་མི་དགོས་ཏེ༔ ངོ་བོ་སངས་རྒྱས་ཚེ་དཔག་མེད་དངོས་ཡིན་པས༔ གསུང་ཐམས་ཅད་རྒྱུད་ཚིག་རྡོ་རྗེའི་གསུངས་ཡིན་པས༔ ཤཱཀྱ་སེང་གེ་དངོས་ཡིན་པས་མདོའི་ཚིག་ཀྱང་འདི་ག་ཡིན༔


CMR009_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་པུརྩི་ཞེས་བྱ་ཡིན་པས༔ བྱང་ཆུབ་སེམས་འགྲེལ་ཡང་འདི་ཉིད་ཡིན༔ གྲུབ་ཆེན་བརྒྱད་ཀྱི་ཡ་གྱལ་པདྨ་བཛྲ་ཡིན་པས་གྲུབ་ཐོབ་ཀྱི་མཛད་པའི་རྒྱ་གཞུང་ཡང་འདི་ཉིད་ཡིན༔ རྒྱུད་ཐམས་ཅད་ཀྱི་དོན་རྒྱུད་ཀྱི་བདག་པོས་བསྡུས་ཕྱིར་བསྡུས་རྒྱུད་ཡང་ཡིན༔ མན་ངག་ཐམས་ཅད་འདིར་འདུས་པས་མན་ངག་ཟབ་མོ་ཡང་ཡིན༔ ཆོ་གའིཆ་ལག་ཚང་བས་ལས་བྱང་ཆོ་ག་ཡང་ཡིན༔ འདི་སྒྲུབ་ཐབས་ཐམས་ཅད་ཀྱི་མ་ཁོག་རྩ་བ་ཡིན་པས་སྒྲུབ་ཐབས་ཀྱང་ཡིན༔ ཚེ་དཔག་མེད་དང་དྲག་པོ་སྦྲག་སྟེ་སྒྲུབ་པས་ཚེ་གུར་སྦྲག་མ་ཡང་ཡིན༔ ཚེ་དཔག་མེད་དང་རྟ་མགྲིན་གཉིས་ཀའི་སྒོམ་བཟླས་ཚང་བས་ཚེ་རྟ་མགོ་འབྲེལ་ཡང་ཡིན༔ སྔགས་ཐོད་ཕྲེང་རྩལ་དང་ཨ་ཙིག་གཉིས་ཀ་ཡོད་པས་ཞི་དྲག་སྦྲག་མ་ཡང་ཡིན༔ ཞི་བ་འོད་དཔག་མེད་སངས་རྒྱས་སྟོང་༔ ཁྲོ་བོ་བཅུ་སོགས་ཡོད་པས་ཞི་དྲག་སྦྲག་སྒྲུབ་ཀྱང་ཡིན༔ ཐུགས་ཀ་ན་བཛྲ་ཧེ་རུ་ཀ༔ ཕྱིའི་དུར་ཁྲོད་ལ་གོ་རིའམ་ཀོའུ་རི་མ་བརྒྱད་ཡོད་པས་ཡང་དག་མར་མེ་དགུ་པ་དང་༔ དགྱེས་རྡོར་ལྷ་དགུ་ཡང་ཚང་༔ དེས་ན་འདི་ཉིད་ཉམས་སུ་ལེན་ནུས་ན་དེ་ཁོ་ནས་ཆོག་པར་གདའོ་སྐལ་ལྡན་རྣམས༔ ཞེས་བྱ་བ་འདི་ནི་


CMR009_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གདམས་འཛིན་པའི་དགེ་བའི་བཤེས་གཉེན་གསང་སྔགས་བླ་ན་མེད་པའི་དཀྱིལ་འཁོར་ཆེན་པོ་དུ་མ་ལ་མཁས་ཤིང་བྱང་བ་རིག་པའི་གནས་དུ་མ་ལ་བློའི་པདྨོ་རབ་ཏུ་བཞད་པ༔ དེ་ཝ་ཨ་ཙཎྜ་ཞེས་བྱ་བའི་གསུང་གིས་བསྐུལ་བ་ལ་བརྟེན་ནས༔ ཆོས་འདི་ཉིད་ལ་ཡི་དམ་དུ་བྱེད་པའི་རྣལ་འབྱོར་པ་རཱ་ག་ཨ་སྱས༔ ཤིང་ཕོ་རྟའི་ལོ་ས་ག་ཟླ་བའི་ཡར་ཚེས་བཞི་ནས་བརྒྱད་ཀྱི་བར་དུ་ཐུན་མཚམས་སུ་བྲིས་པ་ལ་འགལ་འཁྲུལ་སྦ་འོས་གསལ་བཀོད་གསང་སྒྲོག་སོགས་ཉེས་པ་གང་མཆིས་བླ་མ་དྲག་པོའི་ལྷ་ཚོགས་བཀའ་སྲུང་དང་བཅས་པ་རྣམས་ལ་བཤགས་སོ༔ འདི་ཕྱིར་སྒྲིབ་པར་མ་གྱུར་ཅིག༔ འདི་བྲིས་དགེ་བའི་རྩ་བ་དེས༔ འདི་ཉིད་མཐོང་ཐོས་དྲན་རེག་གིས་གཙོར་བྱས་བདག་སོགས་སེམས་ཅན་ཐམས་ཅད་འདི་ནས་འཕོས་མ་ཐག་ཏུ་སྐྱེ་བ་གཞན་གྱིས་བར་མ་ཆོད་པར་ཨུ་རྒྱན་ཆོས་ཀྱི་སྐུའི་ཞིང་ཁམས་བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་གྱུར་ཅིག༔ འདི་ཉིད་ཉམས་སུ་སུས་བླངས་བ་ཐམས་ཅད་བཀའ་སྲུང་སྤུ་གྲི་མཆེད་གསུམ་དགེ་བསྙེན་སྨྱོ་ཁ་རྣམས་ཀྱིས་སྲུང་ཞིང་སྐྱོང་བ་དང་ཕྲིན་ལས་ཐོགས་མེད་དུ་སྒྲུབས་ཤིག༔ མངྒ་ལཾ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཤམཉརྒྱརྒྱརྒྱ། ཤུ་བྷཾ།། །།


CMR009_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་།ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་།། བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་བཟོ་རིག་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གུ་རུ་དྲག་པོའི་ལས་བྱང་མེ་རླུང་འཁྱིལ་པའི་སྒོམ་ཁོག་དོན་འགྲེལ་གོ་བདེར་བཀོད་པ་བཞུགས་པའི་དབུ་ཡི་གཟིགས།


CMR009_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོའི་ལས་བྱང་མེ་རླུང་འཁྱིལ་པའི་སྒོམ་ཁོག་དོན་འགྲེལ་གོ་བདེར་བཀོད་པ་བཞུགས་པའི་དབུ་ཡི་གཟིགས་ཕྱོགས་ལགས་སོ༔


CMR009_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་ཀྲོ་ཏ་ཡེ༔ བླ་མ་དྲག་པོའི་ལྷ་ཚོགས་ཐམས་ཅད་ལ༔ ཕྱག་འཚལ་བཀའ་གནང་བྱིན་གྱིས་བརླབ་ཏུ་གསོལ༔ གུ་རུ་དྲགཱ་པོའི་ལས་བྱང་མེ་རླུང་འཁྱིལ་པ་ཞེས་བྱུ་བ༔ རཏྣ་གླིང་པའི་ཐུགས་ཏིག༔ འདིའི་དོན་འགྲེལ་སྒོམ་ཁོག་བཤད་པ་ལ༔ སྤྱི་དང་བྱེ་བྲག་གཉིས༔ སྤྱིར་ནི་ལྷའི་ངོ་བོ་གང་ཡིན་པ་དང་༔ རྒྱུད་གང་ནས་བཤད་པ་དང་༔ མན་ངག་འདི་གང་གིས་མཛད་པ་དང་གསུམ་མོ༔ དེ་ལ་ལྷ་འདིའི་ངོ་བོ་ནི་སངས་རྒྱས་སྣང་བ་མཐའ་ཡས་ཉིད་ཡིན་ཏེ༔ དྲག་པོ་བདེར་འདུས་ཀྱི་གཞུང་ལས༔ ཧཱུྃ༔ ཁམས་གསུམ་གནས་ནས་སྟོབས་


CMR009_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་རྫུ་འཕྲུལ་ཅན༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནི༔ སྣང་བ་མཐའ་ཡས་སྐུ་གསུང་ཐུགས་ལས་སྤྲུལ༔ ངོ་མཚར་རྨད་བྱུང་པདྨ་ཧེ་རུ་ཀ༔ ཞེས་སོགས་ནས༔ དྲག་པོ་པདྨའི་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་གསུངས་སོ༔ རྒྱུད་གང་ལས་གསུང་ན༔ སྤྱིར་ནི་གསང་སྔགས་རྙིང་མའི་དབང་དུ་བྱས་ན༔ རིག་འཛིན་རོལ་པའི་རྩ་རྒྱུད་ནི་གུ་རུ་ཞི་དྲག་གཉིས་ཀའི་རྒྱུད་ཡིན་ཏེ༔ རྙིང་མ་བཀའ་མ་སྟེ་གཏེར་དུ་མ་སོང་བ་གསང་སྔགས་རྒྱུད་འབུམ་ན་བཞུགས༔ གཏེར་མའི་དབང་དུ་བྱས་ན༔ དགོངས་འདུས་རྩ་བའི་རྒྱུད་ལྔ་ནི་གུ་རུ་ཞི་དྲག་གཉིས་


CMR009_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་རྒྱུད་ཡིན་ཅིང་༔ གུ་དྲག་གི་དཀྱིལ་འཁོར་སྔགས་ཨ་ཙིག་དང་བཅས་པ་གསལ་བར་གསུངས༔ གསར་མའི་རྒྱུད་སྒྲོལ་མ་རལ་པ་གྱེན་བརྫེས་ཅན་གྱི་རྒྱུད་གླེགས་བམ་ཤིན་ཏུ་ཆེ་བ་ལས༔ པདྨ་དཀར་པོས་བརྒྱན་པ་ལ་སོགས་པ༔ རིག་འཛིན་གྱི་རྒྱལ་པོ་བཅོ་བརྒྱད་འཁོར་སྟོང་ཕྲག་བཅོ་བརྒྱད་མཐུ་ཆེན་པོ་བཅོ་བརྒྱད་དང་ལྡན་ཅིང་༔ བུད་མེད་རྣམས་དང་ལྷན་ཅིག་ཏུ་བརྩེ་བར་བྱེད་པ་ཞེས་དང་༔ དེའི་སྙིང་པོ་ནི༔ ཨོཾ་པདྨ་བཛྲ་ཧཱུྃ༔ ཞེས་གསུངས་པ་ནི་གུ་རུ་ཞི་བ་ཡིན་ལ༔ སངས་རྒྱས་ཐོད་པའི་རྒྱུད་ཅེས་བྱ་བ་རྒྱུད་ཆེན་པོ་བཞུགས་པ་ནི༔ གུ་རུ་དྲག་པོ་ཡིན་ཏེ༔ སངས་རྒྱས་ཐོད་པ་དང་༔ པདྨ་ཐོད་ཕྲེང་རྩལ་དང་༔ ཐོད་པ་རྩལ་ཆེན་དང་༔ རིག་འཛིན་ཆེན་པོ་ཐོད་པ་རྩལ་རྣམས་དོན་གཅིག་སྟེ༔ ཨོ་རྒྱན་གྱི་གསང་མཚན་ཡིན་པར་དགོངས་འདུས་ནས་གསུངས་སོ༔ དཔེར་ན་དབང་རྡོ་རྗེ་ཕྲེང་བ་དང་༔ མི་ཏྲ་བརྒྱ་རྩ་ནས༔ སངས་རྒྱས་ཐོད་པའི་དཀྱིལ་འཁོར་གསུངས་པ་རྣམས་ཀྱང་༔ གསར་མའི་ལུགས་གུ་དྲག་གི་དཀྱིལ་འཁོར་ཡིན་པ་ཤེས་པར་བྱ༔ མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་བསྒྱུར་བའི་ཕྱག་དྲུག་གི་ཆོས་བསྐོར་བཀའ་བསྒོ་


CMR009_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་ཚིག་གི་འཁོར་ལོ་ཞེས་བྱ་བའི་རྒྱ་གཞུང་ལས༔ སྔགས་ལ་ཨ་ཅིག་ཀྱང་འབྱུང་བས༔ གསར་མའི་རྒྱུད་གཞུང་ནས་གུ་དྲག་མ་གསུངས་པ་མ་ཡིན་ནོ༔ འོ་ན་གླུ་དྲག་དངོས་ཀྱི་རྒྱུད་དེ་གང་ཡིན་ཞེ་ན༔ སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་གསུངས་པའི་གུ་རུ་དྲག་པོ་ཞལ་གསུམ་ཕྱག་དྲུག་ཕྲིན་ལས་ཀྱི་རྒྱུད༔ དྲེགས་པ་སྙིང་འབྱིན་ཞེས་བྱ་བ༔ སངས་རྒྱས་གླིང་པའི་གཏེར་མ་དང་༔ དྲག་པོ་ཁྲག་འཐུང་རོལ་པའི་རྩ་རྒྱུད་ཅེས་བྱ་བ་རིག་འཛིན་རྒོད་ལྡེམ་གྱི་གཏེར་མ་གཉིས་སྔར་ནས་ཡོད་ལ༔ རྩ་རྒྱུད་བརྒྱ་དང་རྩ་བརྒྱད༔ སྒོས་རྒྱུད་སུམ་འབུམ་ཉི་ཁྲི༔ སྤྱི་རྒྱུད་འབུམ་སྡེ་ས་ཡ་ཡོད་པར་གསུངས་ཏེ༔ ཕལ་ཆེར་གཏེར་དུ་བཞུགས༔ འགའ་ཞིག་མཁའ་འགྲོའི་ཕྱག་ཏུ་བཞུགས་པ་ལས། དུས་ཕྱིས་གནམ་ཆོས་ལས༔ གུ་རུ་དྲག་པོའི་རྒྱུད་འོད་ཟེར་འབྱུང་གནས་ཞེས་བྱ་བ་འབྱུང་བ་དང་༔ གཏེར་སྟོན་ཀློང་གསལ་སྙིང་པོའི་གཏེར་ཁ་ལས༔ གུ་རུ་དྲག་པོ་ཡེ་ཤེས་རབ་འབར་ཞེས་བྱ་བའི་རྒྱུད་རྒྱས་བསྡུས་གསུམ་བྱུང་ངོ་༔ མན་ངག་གང་གིས་མཛད་པ་ནི༔ རྒྱུད་ལ་བརྟེན་ནས་གཞན་གྱིས་འགྲེལ་བ་སྒྲུབ་ཐབས་མཛད་པ་ལ་ནི༔ འཁྲུལ་པ་ཅུང་ཟད་


CMR009_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་སྲིད་དེ༔ བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་༔ འཁྲུལ་པ་ཡེ་ཤེས་དུམ་བུར་གནས༔ ཞེས་གསུངས་སོ༔ རྒྱ་གར་ནས་པཎྜི་ཏ་དང་ལོཙྪ་བས་བསྒྱུར་བའི་རྒྱུད་རྒྱ་གཞུང་ལ་ནི༔ གསེར་འདོད་པས་པཎྜི་ཏས་རྒྱུད་རྒྱ་གཞུང་ལ་བཅོས་བརྒྱབ་པ་ཡང་ཡོད༔ པཎྜི་ཏ་ཡོན་ལ་མ་མགུ་ནས་མན་ངག་བཅད་པ་ཡང་ཡོད༔ ལོཙྪ་བའི་ཚིག་ལྷད་ཀྱང་འདྲེས༔ ཨོ་རྒྱན་ཉིད་ཀྱིས་མཛད་པ་ལ་སྐྱོན་དེ་རྣམས་མེད་པས་ཟབ་སྟེ་ཨོ་རྒྱན་ཉིད་ཀྱིས་བོད་སྐད་དུ་གསུང་པ་ཡིན༔ དཔེར་ན་སྤུ་གྲི་གླད་གཟེར་གྱི་རྒྱུད་མགོན་པོ་ཕྱག་བཞི་པ་ཉིད་ཀྱིས་གསུངས༔ ཕྱག་རྡོར་གྱི་རྒྱུད་རྣམས་ཕྱག་རྡོར་ཉིད་ཀྱིས་གསུངས༔ དེ་བཞིན་ལྷ་ཕལ་ཆེར་གྱི་རྒྱུད་ལྷ་སོ་སོའི་གསུངས་པ་ལྟར༔ ལས་བྱང་འདི་ཡང་ཨོ་རྒྱན་ཉིད་ཀྱིས་གསུངས་པས་ལས་བྱང་འདི་དོན་ལ་རྒྱུད་ཀྱང་ཡིན༔ རྒྱ་གར་གྱི་པཎྜི་ཏ་ཡན་ལག་མེད་པའི་རྡོ་རྗེ་ཞེས་ཀྱང་བྱ༔ པདྨ་སཾ་བྷ་ཝ་ཞེས་ཀྱང་བྱ༔ གྲུབ་ཆེན་པདྨ་བཛྲ་ཞེས་ཀྱང་བྱ་བ་དེས་མཛད་པའི་རྒྱ་གཞུང་ཡང་ལས་བྱང་འདི་ཀ་ཡིན༔ མཛད་པ་ནི་བསམ་ཡས་སུ་མཛད་པའི་བོད་གཞུང་ཡང་འདི་ཀ་ཡིན༔ དེས་ན་ལས་བྱང་འདི་འཆད་པ་ལ༔ རྒྱུད་དང་རྒྱ་གཞུང་གཞན་


CMR009_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལུང་འདྲེན་མི་དགོས་སོ༔ སྔོན་གྱི་གཏེར་ཁ་བརྒྱད་ནས་རཏྣ་གླིང་པ་ལུང་བསྟན་གསལ་བར་ཡོད་པ་དང་༔ ཀརྨ་པ་ཆོས་གྲགས་རྒྱ་མཚོ༔ འབྲུག་པ་རྒྱལ་དབང་ཆོས་རྗེ༔ སྣེལ་སྡོང་གོང་མ་ཆེན་པོ༔ དེ་དུས་དེ་གསུམ་ལས་ལྷག་པ་བོད་ན་མེད༔ དེ་གསུམ་གྱིས་གཏེར་ཆོས་ཀྱི་དབང་ལུང་རྣམས་ཞུས་པ་དང་༔ བུམ་སྒྲུབ་བཙུགས་ཤིང་ཁྲོམ་དབང་བསྐུར༔ རིལ་བུ་བཀྱེ་དུས་མེ་ཏོག་གི་ཆར་ཆུང་གྲ་ཡང་སེ་བའི་མེ་ཏོག་ཙམ་ཉི་མ་ཕྱེད་བར་དུ་བབ་པ་དང་༔ གཏེར་ཁྲོམ་གཏེར་བྱས་ནས་བཏོན་དུས༔ དགེ་བསྙེན་མཁའ་རི་ཁྲོམ་གྱིས་མཐོང་བར་དངོས་སུ་འོང་ནས་བྲག་ལ་ལྕག་ཚན་བཙུགས་ནས་གཏེར་འདི་ན་ཡོད༔ ཕ་ནོར་བུ་ལ་འཕྲོད་དོ་ཟེར་བ་ཀུན་གྱིས་ཐོས༔ དེའི་ཕྱིར་རཏྣ་གླིང་པ་ལ་སུས་ཀྱང་ཐེ་ཚོམ་མེད༔ དེ་སྔོན་དེང་སང་ཡན་ཆད་གཏེར་སྟོན་ཕྱེད་ཉིས་བརྒྱ་ལྷག་ཙམ་བྱོན་པར་སྣང་སྟེ༔ རྟེན་འབྲེལ་འཆུག་པ་དང་བར་ཆད་ཀྱི་དབང་དུ་ཤོར་བ་མང་༔ རཏྣ་གླིང་པ་ལ་རྟེན་འབྲེལ་མ་འགྲིགས་པ་དང་བར་ཆད་གཅིག་ཀྱང་མ་བྱུང་༔ དགུང་ལོ་ཡང་བདུན་ཅུ་དོན་ལྔ་ཙམ་བཞུགས་པས༔ སྐྱེ་བ་གསུམ་གྱི་གཏེར་ཁ་སྐྱེ་བ་གཅིག་


CMR009_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐོ༔ རཏྣ་གླིང་དང་འགྲོ་འདུལ་ཞིག་པོ་གླིང་༔ གཏེར་སྟོན་གཅིག་ལ་གླིང་པ་གསུམ་དུ་གྲགས༔ ཚེ་ཆུ་གཏེར་ནས་བཏོན་པ༔ སྲས་ཚེ་དབང་གྲགས་པ་ལ་དྲངས་པས༔ དགུང་ལོ་བརྒྱ་དང་བཅུ་ཐོབ༔ དེས་ན་རཏྣ་ལུགས་འདི་བཀྲ་ཤིས༔ བར་ཆད་མེད་པ་ཡིན༔ ཉང་དང་ཆོས་དབང་གི་གཏེར་ཁ་ཡང་མི་རབས་བརྒྱད་དུ་བྱིན་རླབས་འགྲོ་དོན་ཆེ་ཞིང་༔ དེ་ནས་དབང་ལུང་གི་བརྒྱུད་པ་ཡོད་ཀྱང་བྱིན་རླབས་ཅུང་ཞིག་ཉམས་པར་བཤད༔ པདྨ་གླིང་པའི་གཏེར་ཁ་ཡང་༔ ཚེ་ལོ་སུམ་ཅུ་ཁ་རལ་ནས་ནུབ་པར་བཤད་དེ༔ རཏྣ་ལུགས་ལ་བསྟན་པའི་རྫོགས་མཚམས་མེད་པས༔ སློབ་མ་ལས་ཀྱང་ཡང་སློབ་རྗེས་སློབ་ཀྱི་དུས་སུ་བསྟན་པ་མཐའ་རྒྱས་སུ་འགྲོ་བར་གསུངས་པའི་ཕྱིར་བྱིན་རླབས་ཀྱི་བཀའ་མི་ཡལ་ཞིང་བསྟན་པའི་བརྒྱུད་རིང་བ་ཡིན༔ བྱང་གཏེར་གྱི་དྲག་མཐིང་ནི་དབུས་གཙང་དུ་དར་སྲོལ་ཆེ་ཡང་༔ མངའ་རིས་པཎ་ཆེན་དང་མངའ་རིའི་རིག་འཛིན་ཆེན་པོ་སྐུ་མཆེད་ཀྱི་བར་ན་དམ་ཚིག་གི་སེལ་ཆེན་པོ་བྱུང་བ་ཡིན་ཞེས༔ ཞིག་པོའི་ཆོས་བརྒྱུད་རྣམས་ཀྱིས་འཛེམ་སྲོལ་སྣང་༔ རཏྣའི་ཆོས་བརྒྱུད་ལ་དེ་སྔོན་དམ་སེལ་གྱིས་མ་ཆོད་པས་ཁུངས་བཙུན།


CMR009_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཀཿཐོག་པ་པདྨ་སེངྒེའི་ཞལ་ནས༔ འགུར་དྲག་རིགས་མི་འདྲ་བའི་གཏེར་ཁ་བརྒྱད་ཀྱི་དབང་ལུང་རྫོགས་པར་ཐོབ་སྟེ༔ དོན་ལ་ཁྱད་པར་མི་འདུག་གསུངས་པ་ལྟར༔ ལར་འགུར་དྲག་མང་ཡང་མ་འོངས་ཁམས་དང་གཙང་ཕྱོགས་སུ༔ བསྟན་པ་དར་ཞིང་རྒྱས་པར་འགྱུར༔ ཞེས་གསུངས་པ་ལྟར༔ རཏྠའི་གུ་དྲག་འདི་ཁམས་ཕྱོགས་སུ་བཀའ་བབས་པས༔ ཤར་ཀཿཐོག་གི་བླ་མ་རྣམས་ལ་འགུར་དྲེག་གི་རིགས་ཐམས་ཅད་ཀྱི་དབང་ལུང་བཞུགས་ཀྱང་༔ བཅའ་རྒྱུ་དང་འདོན་རྒྱུ་ནི་རཏྣ་ལུགས་འདི་ཡིན་པའི་ཕྱིར་ཤར་ཀཿཐོག་དགོན་དང་དགོན་ལག༔ བླ་མ་བརྒྱ་ཕྲག་སྒོམ་ཆེན་སྟོང་ཕྲག་ད་ལྟ་ཡང་ཡོད་པར་འདུག་པ་རྣམས་ཀྱིས་ཀྱང་འགུར་དྲག་རཏྣ་ལུགས་འདི་དར༔ རི་བོ་ཆེའི་ཆོས་རྗེ་མཁའི་དྲུང་གི་བླ་མཆན་ཚེ་ཆོག་པ་པདྨ་དབང་ཕྱུག་དེ༔ ཕྱོགས་ཐམས་ཅད་དུ་རྙིང་མའི་དབང་ལུང་ཞུར་བཏང་ནས༔ རྙིང་མའི་དབང་ལུང་ཐམས་ཅད་ཞུས་ཤིང་མཁར་དྲུང་པ་ལ་ཡར་ཕུལ༔ ཁོང་གིས་རྙིང་མའི་དབང་ལུང་མ་ཐོབ་པ་མེད་པ་ལྟ་བུ་ཡིན་པར་འདུག་པ་ལ༔ ཁོང་གིས་རཏྣ་ལུགས་ཀྱི་འགུར་དྲག་མིན་པ་གཞན་ཅི་ཡང་མི་འདོན་པ་ཡིན་སྐད༔ ཁྱེད་


CMR009_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དབང་ལུང་རྒྱ་མཚོ་ལྟ་བུ་ཐོབ་པ་ལ༔ མེ་རླུང་འཁྱིལ་པ་མ་གཏོགས་གཞན་ཅི་ཡང་མི་འདོན་པ་ཅི་ལགས་ཞུས་པས༔ འདི་འཐུས་ཆེ་འདི་ལ་མ་འདུས་པ་གཅིག་ཀྱང་མི་འདུག་གསུངས་སྐད༔ རི་བོ་ཆེ་ཟུར་མང་གྲྭ་རིས་དང་བཅས་པ༔ ཤར་རྒྱལ་མོ་རོང་ཚུན་ཆད་དུ་འགུར་དྲག་རཏཱ་ལུགས་འདི་དར་བ་ཡིན༔ སྤྱིར་འདི་ནི་དྲག་པོ་ཐུགས་ཀྱི་སྒྲུབ་པ་ཡིན་ཏེ་ཟབ་ཅིང་དཀོན༔ དྲག་པོའི་རྐྱང་སྒྲུབ་དང་དྲིལ་སྒྲུབ་ནི་ཤིན་ཏུ་མང་༔ སྙིགས་མའི་དུས་སུ་སའི་གཏེར་མི་ཐུབ་རང་རྡོལ་དུ་འབྱུང་བར་གསུངས་པ་ལྟར་དྭགས་པོར་ས་ལ་སྒང་པ་ཟེར་བའི་སྔགས་པ་ཞིག་གིས༔ གད་པ་ཆད་པའི་ནང་ནས༔ བསེ་སྒམ་ཞིག་རྙེད༔ དེའི་ནང་ནས་ཤོག་སེར་ཕབ་པ་གུ་རུ་ཞི་དྲག་བྱུང་བ་ལྟ་བུ་ལ་རྡོལ་ཆོས་ཟེར༔ པདྨ་གླིང་པས་མཚོ་ནང་ནས་གཏེར་བཏོན་དུས་གཏེར་ཤོག་ཕྱེད་ཙམ་ཆུ་ལ་ཤོར་ནས་གཏེར་སྟོན་རང་གིས་ཉམས་ཐོག་ནས་བརྩམ་དགོས་བྱུང་ཟེར་བ་ལ་རང་གཏེར་མ་ཆོག་པ་ཟེར༔ ཉང་ལུགས་དྲག་པོ་ལ་ལས་བྱུང་པོད་གཞུང་ནས་དུམ་བུ་མང་པོ་བསྒྲིག་དགོས་པ་ཞིག་ཡོད་པས༔ བླ་མ་ལ་ལས་མང་པོ༔ ལ་ལས་ཉུང་ངུ་སྣ་ཚོགས་བསྒྲིགས་པ་ལ་བཅོས་བསླད་ཟེར༔ དེ་དག་གི་


CMR009_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡང་རིཉྩ་ལུགས་ཀྱི་ཐེམ་དྲག་པོའི་བྱང་ལས༔ བོད་ཡུལ་མཐའི་དབུས་གཏེར་ཁ་དཔག་མེད་ཀྱང་༔ ཐུགས་སྒྲུབ་དྲག་པོ་ལྔ་ལས་སྦས་པ་མེད༔ རྐྱང་སྒྲུབ་དྲག་པོར་བཏགས་པའི་དྲིལ་སྒྲུབ་ནི༔ འགའ་རེ་སྦས་ཏེ་གང་ཟག་འགའ་རེའི་དོན༔ ཡིན་ཕྱིར་ཧཱུྃ་སྒྲུབ་ལ་སོགས་ཁ་འཐོར་རེ༔ མ་འོངས་དུས་ན་དམ་ཉམས་རྡོལ་ཅན་གྱིས༔ དྲག་སྒྲུབ་ཟེར་ཞིང་རིག་ཚད་ཁེངས་བར་འབྱུང་༔ དེ་ལ་བློ་གཏད་མི་རུང་རྟོག་ལ་དཔྱོད༔ གཏེར་ཆོས་ཟེར་ཞིང་རྡོལ་ཆོས་ཟོག་པོས་གང་༔ གཏེར་སྟོན་འགའ་ཡང་རང་གཏེར་མ་ཆོག་པར༔ ཁྱད་འདོད་དབང་གིས་བཅོས་སླད་སྣ་ཚོགས་འཆོར༔ ནས་གསེབ་ཕུབ་མ་བཏང་བཞིན་ང་ཡི་བཀའ་ལ་བསླད༔ ཤིན་ཏུ་དར་ཡང་ནམ་ཕུགས་བཀྲ་མི་ཤིས༔ བཀའ་ལུང་རྫོགས་ནས་གདུལ་བྱ་སོགས་བྱུང་ཚེ༔ མ་མོའི་ཆད་པས་བར་ཆད་དབང་དུ་མཆིས༔ བྱིན་རླབས་མི་ལྡན་ཉེས་པའི་རྩ་བ་ཡིན༔ ཚད་ལྡན་མིན་ན་ང་ཡི་བཀའ་མ་བསླད༔ ལུང་བཞིན་སྒྲུབ་ལ་དོན་དང་ལྡན་པར་སྤེལ༔ བཀྲ་ཤིས་བྱིན་རླབས་བསྟན་ལ་ཕན་པ་ཡིན༔ ཞེས་གསུངས་པ་ལྟར་རོ༔ འདི་ལ་ནི་གོང་གི་སྐྱོན་དེ་དག་མེད་ཅིང་གཏེར་གཞུང་


CMR009_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་བསླད་མེད་པ་ཡིན་ནོ༔ དེ་ལ་ཡང་དག་གསང་བའི་སྐད་དུ༔ ཨོ་རྒྱན་མཁའ་འགྲོའི་ཡི་གེར་བྲིས་པ་ནི༔ གཤཱཊཊིན།ནཊ་གནཊཏབ།ཤཛྷ༔ མནཏྲཀཱཧཱུ༔ རྒྱ་གར་སྐད་དུ༔ ཤྲཱི་ཧེ་རུ་ཀ་ཀྲོ་དྷ་རཱ་ཛ་ཀ་པཱ་ལ་མཱ་ལ་ནཱ་མ༔ བོད་སྐད་དུ༔ དཔལ་ཁྲག་འཐུང་ཁྲོས་པའི་རྒྱལ་པོ་པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ ཞེས་པ་ནི་ཤོག་སེར་བྲི་བའི་ཐོག་མར་མཚོ་རྒྱལ་གྱིས་མཆོད་བརྗོད་མཛད་པའོ༔ དེ་ལ་སྤྱིར་ཐེག་པ་ཆེ་ཆུང་གཉིས་ལས་ཐེག་པ་ཆེན་པོ་དེ་ལ་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ལས༔ འབྲས་བུའི་ཐེག་པ་དེ་ལ་གསང་སྔགས་ཕྱི་པའི་རྒྱུད་གསུམ༔ ནང་པའི་རྒྱུད་གསུམ་དང་དྲུག་ལས་འདི་ནང་པའི་རྒྱུད༔ དེ་ལ་མ་ཧཱ་ཨ་ནུ་ཨ་ཏི་གསུམ་ལས༔ འདི་བསྐྱེད་པ་མ་ཧཱ་ཡོ་གའི་རྒྱུད༔ དེ་ལ་ཞི་དྲག་གཉིས་ལས་འདི་དྲག་སྒྲུབ༔ དེ་ལའང་རྩ་བ་གསུམ་ལས་འདི་བྱིན་རླབས་ཀྱི་རྩ་བ་བླ་མའི་སྒྲུབ་པ༔ དེ་ལ་རིགས་མཐའ་ཡས་པ་ཐམས་ཅད་ཀྱི་ཡང་སྙིང་༔ ཨོ་རྒྱན་རིན་པོ་ཆེའི་ཐུགས་ཀྱི་ཏཱི་ཀཱ་སྣོད་མིན་ལ་གསང་བའི་རྒྱ་ཅན༔ མན་ངག་ཟབ་མོའི་ཡང་ཞུན་འདི༔ ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་ཡང་གསང་གི་སྒྲུབ་པ་ཉམས་སུ་བླངས་བའམ༔ གོ་ཆ་ལྷ་


CMR009_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་སྒྲུབ་པའི་རིམ་པ༔ གཏོར་ཟློག་བསྐང་བ་གྲིབ་སེལ་བྱབས་ཆོག་སོགས་ནི་མངོན་རྟོགས་དང་བསྟོད་པ་སོགས་སོ་སོའི་སྐབས་ལྟར་ལས་བྱུང་འདི་ཉིད་ཀྱི་གཞུང་བསྲུང་བ་ཆོ་གའི་རིམ་པ་འདི་ལ་བརྟེན་དགོས་པ་ལ་དོན་གསུམ་སྟེ༔ སྔོན་འགྲོ་སྟ་གོན་དང་དངོས་གཞི་བསྐྱེད་རྫོགས་ཀྱི་ཉམས་ལེན་རྗེས་ཀྱི་བྱ་བ་དང་གསུམ་མོ༔ དང་པོ་སྔོན་འགྲོ་དཀྱིལ་འཁོར་གྱི་ལས་རིམ་ནཱི༔ རབ་བྱིན་གྱིས་བརླབས་པའི་གནས༔ འབྲིང་བླ་མ་གོང་མས་ཞབས་ཀྱིས་བཅགས་པ༔ ཐ་མ་རང་གི་ཡིད་དང་མཐུན་པའི་གནཱས་ཁང་༔ མཛེ་ཅན་དང་དམ་ཉམས་སོགས་ཀྱི་ཤུལ་མ་ཡིན་པ་གཙང་མར༔ ལས་བྱང་འདི་ཁོ་ན་ལ་བརྟེན་ནས་སྒྲུབ་པ་བྱེད་ན་འབྱོར་པ་རབ་དང་དབང་པོ་ཐ་མའི་གང་ཟག་གིས༔ ས་ཐིག་ཆོག་སོགས་ཐུགས་སྒྲུབ་ཀྱི་སྒྲུབ་ཆེན་ལྟར་བྱས་ལ༔ དཀྱིལ་འཁོར་འབྲིང་མདའ་གང་༔ རབ་འདོམ་གང་༔ ཐ་མ་གྲུ་གང་ལ་སོགས་ཆེ་ཆུང་གནས་དང་བསྟུན་ཏེ༔ རབ་ཏུ་དབང་ཆོག་ནས་འབྱུང་བ་ལྟར༔ སྒྲུབ་པའི་དཀྱིལ་འཁོར་གཞུང་ལྟ་བུ་རྡུལ་ཚོན་གྱིས་བྲི༔ དབང་པོ་རབ་དང་འབྱོར་པ་འབྲིང་ལ༔ རས་བྲིས་སམ་འགྲིམ་དཀྱིལ་དུ༔ དབུས་


CMR009_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཆོས་འབྱུང་དམར་པོ༔ ཟླ་གམ་དམར་པོ་སྒོ་གཅིག་པ༔ དེ་རྒྱབ་ཐོད་སྐམ་གྱི་ཕྲེང་བས་བསྐོར་བྲཱ༔ དེ་རྒྱབ་རྩིབས་བཞི་ནི་དྲག་པོ་རིགས་བཞི༔ དེ་རྒྱབ་རྩིབས་བརྒྱད་ནི་མཁའ་འགྲོ་བཞི་དང་ཕྲིན་ལས་བསྒྲུབ་པའི་ལྷ་བཞི༔ དེ་རྒྱབ་རྩིབས་བཅུ་ནི་ཁྲོ་བོ་བཅུ་སྟེ༔ རྩིབས་ཐམས་ཅད་ཀྱང་ལྷ་སོ་སོའི་ཁ་དོག༔ དེ་དག་ཏུ་ལྷ་སོ་སོའི་ས་བོན་ཡིག་འབྲུའམ༔ རང་མདོག་གི་ཐིག་ལེ་རེ་བཀོད༔ དེ་རྒྱབ་ཟླུམ་སྐོར་བྲིས་པས་ཀྱང་འཐུས་ལ༔ སྒོ་རྫོགས་དུར་ཁྲོད་རྡོ་ར་མེ་རི་དང་བཅས་པ་གྲུབ་ནཱ་ལེགས༔ དབང་པོ་རབ་དང་འབྱོར་པ་ཐ་མ་ལ༔ གཞི་དམར་པོའི་སྟེང་དུ༔ དྲི་བཟང་གི་ཆུས་སྦག་པའི་འབྲུའི་ཚོམ་བུ་ལྷ་སོ་སོའི་སྙིང་པོ་བརྗོད་ཅིང་ལྷ་གྲུངས་དང་མཉམ་པའི་ཚོམ་བུ་དབུས་མ་གཞན་ལས་སུམ་འགྱུར་གྱིས་ཆེ་བ་ལ་བརྟེན་ནོ༔ དེའི་དབུས་སུ་བུམ་པ་རྫས་ལྡན་ཁ་རྒྱན་མགུལ་ཆིངས་གཟུངས་ཐག་རྡོ་རྗེ་དང་བཅས་པ༔ དེའི་སྟེང་དུ་ཤིང་ཁྲིའམ་མདའ་གསུམ་གྱིས་ཨོཾ་བྱས་པའི་ཁར༔ སྒྲུབ་གཏོར་རིན་ཆེན་འབར་བ་ལ་གཙོ་བོའི་ཙཀླུ་དང་དར་གདུགས་དམར་པོ་བཙུགས༔ གཡས་གཡོན་གཉིས་སུ་མཉྫགཉིས་ཀྱི་ཁར༔ བྷནྡྲ་གཉིས་སུ་གཡས་སུ་བདུད་རྩི་


CMR009_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡོན་དུ་རཀྟ་བཤམས༔ སྨན་རཀ་གཏོར་གསུམ་སོ་སོའི་རུ་རྩི་བཏབ༔ ཁྱད་པར་སྒྲུབ་གཏོར་ལ་སྤྱོད་ཀྱིས་བྲན་ཟེར་བ་ནི༔ གོ་སྙོད་ཀྱི་འབྲས་བུ༔ སྒོག་སྐྱ༔ གཡེར་མ༔ ཚྭ༔ སྒ་སྐྱ༔ འུ་སུ་དེ་རྣམས་ཞིབ་པར་བཏུལ་ནས་གཏོར་མ་ལ་བསྲེའོ༔ དང་པོ་སྔོན་འགྲོ་མཆོད་རྫས་བཤམས་པ་ནཱི༔ ཕྱི་རོལ་མཐའ་སྐོར་དུ༔ ཤར་དུ་མཆོད་ཡོན༔ ཤར་ལྷོར་ཞབས་བསིལ༔ ལྷོར་མེ་ཏོག༔ ལྷོ་ནུབ་ཏུ་བདུག་སྤོས༔ ནུབ་ཏུ་མར་མེ༔ ནུབ་བྱང་དྲི་ཆབ༔ བྱང་དུ་ཞལ་ཟས༔ བྱང་ཤར་དུ་ཏིང་ཤག༔ མེད་ན་ནས་ཏིང་གང་བཞག་པ་མཚམས་འཛིན་མེ་ཏོག་ཟེར༔ དེ་ནི་ཕྱིའི་མཆོད་པ་ཡིན་ལ༔ ནང་གི་མཆོད་པ་ནི༔ དྲག་པོའི་མཆོད་པ་སྟེ་དེ་དག་གི་དྲུང་དུ་བཤམས་ཏེ༔ ཁྲག་གི་མཆོད་ཡོན༔ བོང་ང་བཏབ་པའི་དུག་ཆུའི་ཞབས་བསིལ༔ དབང་པོ་རྣམ་ལྔའི་གཟུགས་བཟོས་པའི་མེ་ཏོག༔ ཚིལ་ཆེན་གྱི་སྤྲོས་མེད་ན་ཟན་ལ་སྤོས་ཀྱི་བཤོས་བུ་བྱས་ལ་ཚིལ་སྦྱར༔ རྐང་དང་ཚིལ་བཞུས་པའི་མར་མེ༔ ཁྲག་དང་ཞིག་བསྲེས་པའི་དྲི་ཆབ༔ ཤ་ཆེན་གྱི་ཞལ་ཟས༔ མེད་ན་ལྷ་བཤོས་དམར་པོ་ཟུར་གསུམ་ལ་ཤ་སྦྱར༔ ཐོད་པའི་ཌཱ་མ་


CMR009_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

རུ་དང་རྐང་གླིང་བཤམས་པའི་རོལ་མོ་སྟེ༔ དེ་དག་དང་པོ་བྲན་ནས་གསོ་མི་དགོས་སྒྲུབ་རྫས་ལྟ་བུ་ཡིན༔ སྐབས་སུ་ཁ་དམའ་ན་གསོ༔ དེ་དག་ནི་རཏྣ་ལུགས་ཀྱི་སྒྲུབ་པ་གང་བྱེད་ཀྱང་བཤམས་ལུགས་འདྲའོ༔ དེ་ནས་རྒྱས་པར་འཛོམས་ན་མདའ་བཞི་གྲི་བཞི་ཚོན་སྐུད་དྲྭ་བ་སྟག་གི་སྒབ་སྐོར༔ སྟེང་དུ་བླ་བྲེ༔ དེ་རྣམས་ཀྱི་རྒྱབ་ནས་ཡོལ་བས་བཏུམ་པ་སོགས་གཞུང་རང་ནས་མ་བཤད་ཀྱང་རྙིང་མ་ཐམས་ཅད་ལ་དགོས༔ མ་ཧཱ་ཡོ་གའི་རྒྱུད་འདི་ལ་སྤྲོས་པ་དེ་དག་རྒྱས་ན་ཤིན་ཏུ་བསོད་ནམས་ཆེ་བས་རྒྱས་པར་བཤམས༔ མེད་ན་གང་འཛོམ་ཙམ་གྱིས་ཆོག་པས་སྐབས་དང་བསྟུན༔ ཕུགས་གཏོར་ལོགས་སུ་ཡོད་ན་ལྷ་གྲངས་དང་བསྐང་གཏོར་སོགས་གཞུང་ལྟར་ལོགས་སུ་གཏོར་སྒམ་མེད་ན་དཀྱིལ་འཁོར་གྱི་ཕྱི་མཆོད་པ་སྣ་བདུན་གྱི་ནང་དེར༔ ཤར་དུ་བླ་མ༔ ལྷོར་ཡི་དམ༔ ནུབ་ཏུ་མཁའ་འགྲོ༔ བྱང་དུ་ཆོས་སྐྱོང་སྤྱི་གཏོར༔ བྱང་ཤར་དུ་ནོར་ལྷ་སྤྱི་གཏོར༔ ནུབ་བྱང་དུ་སྨྱོ་ཁ༔ ལྷོ་ནུབ་ཏུ་སྤུ་གྲི་མཆེད་གསུམ༔ ཤར་ལྷོར་ཕྱི་རྒྱུད་དཀར་གཏོར་རྣམས་བཤམས༔ དཀྱིལ་འཁོར་གྱི་མདུན་དུ་ཅོག་ཙེ་སོགས་མཆོད་སྟེགས་ཀྱི་སྟེང་དུ་རྒྱུན་དུ་བརྗེ་རྒྱུའི་མཆོད་


CMR009_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྣ་བདུན༔ ཚོགས་གཏོར་འབུལ་ཆད་མདོ་བརྟན་སྐྱོང་༔ དེ་དག་བྲན་པའི་ནང་མཆོད་རྣམས་བཤམས༔ དེ་དག་གི་སྒྲུབ་པ་བྱེད་དུས་ཀྱི་བཤམས་ལུགས་ཡིན་ལ༔ རྒྱུན་ཁྱེར་དང་བསྐང་ཟློག་སོགས་ལ༔ དཀྱིལ་འཁོར་དང་སྒྲུབ་རྫས་དེ་དག་གང་ཡང་མི་དགོས་སོ༔ ཕུགས་གཏོར་སྤྱི་ལྟར་བཤམས༔ ཞལ་ཐང་སོགས་ཡོད་ན་བཤམས༔ མེད་ན་ཕུགས་གཏོར་རྩེར་མདུན་བསྐྱེད་བསྒོམ༔ རྣལ་འབྱོར་པ་དཀར་གཏོར་དུས་སྤྱན་རས་གཟིགས་སོགས༔ ལྷ་ཞི་བའི་བསྐྱེད་རིམ་སྐད་ཅིག་གིས་བསྒོམ་པ་དང་ལྡན་པས༔ དཀར་གཏོར་བསྔོའོ༔ བདེ་བའི་སྟན་ལ་འདུག་སྟེ་ཞེས་པ༔ སྒྲུབ་པ་མ་གྲོལ་བར་དུ་གདན་འགུལ་བ་དང་སྤྲུགས་པ་མི་རུང་ངོ་༔ དེའི་ཕྱིར་སྟན་བདེ་བར་བཤམས༔ གོས་དང་མལ་སྟན་སྤོས་ཀྱིས་བདུག༔ སྐྱབས་འགྲོ་སེམས་བསྐྱེད་ཐུགས་སྒྲུབ་ལྟར་རམ༔ སྔོན་དུ་སྤྱི་འགྲོ་ད་ནངས་སོང་བས་ཡང་དེས་འཐུས༔ ལ་ལས་པད་གླིང་དྲག་པོ་ནས་ཉུང་བསྡུས་སབ་སྲོལ་ཡང་འདུག༔ འབྱུང་གཏོར་བཏང་ལུ་ཞེས་པ༔ བགེགས་གཏོར་སྤྱི་མཚམས་བཏང་སྟེ༔ མཚམས་བསྡམས་ན་དང་པོ་དཀར་བགེགས་རྒྱས་པར་བཏང་ལ་རྒྱུན་དུ་མི་


CMR009_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དགོས༔ བསྐང་བ་ཟློག་པ་དུས་ཀྱང་དེ་དང་འདྲ༔ རྒྱུན་ཁྱེར་ལ་ནི་སྐྱབས་སེམས་ཡང་ད་ནངས་སྤྱི་མཚམས་སོང་བས་འཐུས༔ སྔོན་འགྲོ་སྟ་གོན་གྱི་རིམ་པའོ༔ དེ་ནས་བགེགས་ལ་བཀའ་བསྒོ་བ་ནི༔ འདི་མན་ཆད་རྙིང་མ་གྱེར་སྒོམ་ཡིན་པས་དལ་བུས་དབྱངས་དང་བཅས་ཏེ༔ ཧཱུྃ༔ ཞེས་ཐུགས་སྲོག་བརྗོད་པས་རང་ཉིད་འགུར་དྲག་ཞལ་གཅིག་ཕྱག་གཉིས་པ་ཡིན་པའི་ང་རྒྱལ་ནི་ཤིན་ཏུ་བརྟན་པས་ཁྲོ་བོའི་རྒྱལ་པོ་ཤིན་ཏུ་འཇིགས་པའི་སྐུར་བསྒོམས་ལ༔ གསུང་འབྲུག་སྒྲ་ལྟ་བུས་ཉོན་ཅིག་ཅེས་དཔུང་བཟང་གི་རྒྱུད་ལས་གསུངས་པའི་བགེགས༔ སྒྲུབ་པ་ལ་མི་དགའ་ཞིང་གླགས་ཚོལ་བ་བྱེ་བ་ཕྲག་བདུན༔ ཝ་ཡི་རིགས་བྱེ་བ་བཅོ་བརྒྱད༔ གཙུག་ཕུད་ཅན་བྱེ་བ་ཕྲག་དྲུག་ཅུ༔ ནེའུ་ལེའི་རིགས་ཁྲི་ཕྲག་བྱེ་བ་ཐེར་འབུམ༔ མེ་ཏོག་བདུག་སྤོས་མར་མེ་གསུམ་ལ་འཇུག་པའི་བགེགས་དཔུང་བཟང་གིས་ཞུས་པ་ལས་གསུངས་པའི་བགེགས་ཀྱི་རིགས་མང་པོ་དང་༔ རིག་པ་མཆོག་གི་རྒྱུད་ལས་གསུངས་པའི་ལོག་འདྲེན་པའི་སྤྱི་ཕུད་སོགས༔ ལོ་སྟོང་དུ་བསྒྲུབས་པའི་བསོད་ནམས་དང་༔ སྔགས་ཀྱི་ནུས་པ་མེད་པར་བྱེད་པ༔ གསང་སྔགས་རྙིང་མའི་རྒྱུད་ནས་


CMR009_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་སྒྲུབ་པ་བྱེད་པ་ལ་ཞག་རེ་ལ་དུས་བཅུར་ཉུལ་ནས་བར་ཆད་བྱེད་པ་བཅུ་སོགས་ལོག་འདྲེན་ཀྱི་ཚོགས་ཁྱེད་རྣམས༔ དུ་དྲག་པོའི་སྐུར་གསལ་བའི་བཀའ་ལས་འདའ་བར་མ་བྱེད་ཅིག༔ གལ་ཏེ་བདག་ཁྲོ་རྒྱལ་འབར་བའི་བཀའ་བསྒོས་པ་འདི་ལས་ནི༔ བགེགས་དང་ལོག་འདྲེན་འབྱུང་པོ་གཱང་ཞིག་གིས་འདའ་བར་བྱེད་པ་ན༔ ཁྱེད་རྣམས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱིས་ཀྱང་ཟློག་པར་མི་ནུས་མོད་ཀྱི༔ སྟོང་གསུམ་འཇིག་རྟེན་གྱི་ཁམས་འདི་ན་སྟོབས་དང་དྲག་ཤུལ་ཆེ་བ་དབང་ཕྱུག་ཁྲོས་པའི་དྲག་པོ་འཇིགས་བྱེད་ནག་པོ་ནི་དྲག་པོ་ཆུང་ངུ་ཙམ་ཡིན་ལ༔ དེ་ལས་ཀྱང་སྟོབས་ཤུགས་ཆེ་བ་དྲག་པོ་ཆེན་པོ་དྲག་ཤུལ་བསམ་གྱིས་མི་ཁྱབ་པ་ཅན༔ སྐུ་མདོག་དམར་ནག་མེའི་ཕྲེང་བ་ཅན་འཕྲོས་པའི་ཚུལ་བསྟན་ནས་ནི༔ སྤྲུལ་པའི་ཁྲོ་བོ་རང་འདྲ་བའི་ཚོགས་ཀྱིས་ནཱམ་མཁའ་གང་༔ ཁྲོ་མོ་ཁྲོས་མ་ནག་མོའི་ཚོགས་ཀྱིས་ས་གཞི་གང་༔ བགེགས་དང་ལོག་འདྲེན་གྱི་ཚོགས་ཡེ་ཤེས་ཀྱི་མེས་བསྲེགས་ནས༔ ལུས་ངག་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་སྟེ། འཇིག་རྟེན་འདིར་ཁྱེད་ཅག་མིང་ཡང་གྲག་པར་མི་འགྱུར་བའི་ཕྱིར་ནཱ༔ དེ་བས་ད་ལྟ་ཉིད་དུ་


CMR009_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཚད་རྒྱང་གྲགས་སུ་ཡང་མ་གནས་པར་ཕྱིར་དེངས་ཤིག༔ ཅེས་པའི་གསུངས་བགེགས་ཐམས་ཅད་ཀྱི་ཐོས་པར་བསྒོམས་ལ༔ ཕྱག་ན་རྡོ་རྗེ་ཁམས་གསུམ་རྣམ་རྒྱལ་ཞལ་བཞི་དང་ལྡན་པའི་སྔགས༔ ཧཱུཾ་བཞིས་ཕྱོགས་བཞིའི་བགེགས་མི་འགྲོ་བ་དེ་དག་རང་དབང་མེད་པར་བསྙད་པར་བསྒོམ་ཞིང་༔ ཨོཾ་དང་ཧཱུཾ་གཉིས་ལ་འཇུག་སྒོ་མང་སྟེ༔ རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་རྩེ་མོ་ལས༔ ཨོཾ་ནི་ཅི་ཞིག་ཡིན་པར་བརྗོད༔ མཆོག་དང་ནོར་སྟེར་དཔལ་དང་གཡང་༔ བསྐལ་བཟང་རྣམ་པ་དང་ལྡན་ཞིང་༔ དམ་བཅའ་བ་དག་བཀྲ་ཤིས་དོན༔ ནོར་བུ་འཛིན་པའི་སྙིང་པོ་ཡིན༔ ཡི་གེ་ཧཱུཾ་ནི་ཅི་ཡིན་བརྗོད༔ སྡུག་བསྔལ་འཆོས་ཤིང་འཇོམས་པར་བྱེད༔ སྲིད་པའི་ཞགས་པ་གཅོད་བྱེད་ཅིང་༔ གདུག་པ་བསྔངས་ཤིང་གཅོད་བྱེད་པའི༔ ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ༔ ཞེས་གསུངས་པས་སྐབས་ཐོག་དང་སྦྱར་དགོས༔ འདིར་ཨོཾ་ནི་ཡེ་ཤེས་ལྔ༔ གནོད་མཛེས་དང་༔ ངེས་པར་གནོད་མཛེས་ནི་ཕྱག་རྡོར་གྱི་མཚན་ཡིན་པས༔ འདིའི་སྐབས་ཀྱི་ཧཱུྃ་ནི་གདུག་པ་ཅན་སྔངས་བར་གྱིས༔ ཕཊ་ནི་ཚར་གཅོད་ཟེར་བ་སྟེ༔ སུམ་བྷ་ནི་སུམ་བྷ་གནོད་མཛེས་ངེས་པར་


CMR009_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་མཛེས༔ བྷིནྡྷ་བྷིནྡྷ་ཟུང་ཟུང་༔ བྷིསྭཱ་པ་ཡ་གྷིནྡྷ་པ་ཡ་འཛིན་པར་གྱིས་འཛིན་པར་གྱིས༔ ཨཱ་ན་ཡ་ཧོ༔ བྷ་ག་ཝཱན་བིཅུ་རཱ་ཛ་ཁུག་ཅིག་བཅོམ་ལྡན་རྣམ་པར་རྒྱལ༔ ཀྲོ་ཏཱ་ཡ་ཧཱུྃ་ཕཊ་ནི༔ ཁྲོ་མཆོག་གི་མཚམས་ཆོད་ཅིག་ཅེས་པའོ༔ ཞེས་བཀའ་བསྒོས་ནས་བགེགས་ཕལ་ཆེར་འགྲོ་ལ༔ གལ་ཏེ་གདུག་པ་ཅན་འགའ་ཞིག་མི་འགྲོ་ན༔ ཁྲོ་ཆེན་འབར་བའི་ཏིང་ངེ་འཛིན་གྱིས་མཚམས་གཅོད་པ་ནི༔ ཧཱུྃ་ཞེས་བརྗོད་པ་ཙམ་གྱིས་བདག་ནི་གུ་རུ་དྲག་པོའི་སྐུ་ལས་ཡེ་ཤེས་ཀྱི་མེ་འབར་བ༔ ཁམས་ག༔ སུམ་དབང་དུ་བསྡུས་པའི་དབང་གི་བདག་ཉིད་ཅན་དེ་ཁྲོས་པའི་ཚུལ་བསྟན་པའི་ངང་ལས༔ སྐུ་ལས་ཁྲོ་བོའི་ཚོགས་དང་མཚོན་ཆ་སྣ་ཚོགས་ཀྱི་ཆུར་སེར་རྒོད་བབ་པ་ལྟར་འཕྲོས་ཏེ༔ དེ་ཡང་རྡོ་རྗེ་ཁ་གདེངས་བ༔ འཁོར་ལོ་དམ་བཅའ་བཞི་ལྡན༔ རལ་གྲི་བསམ་ཆོད༔ ཕུར་བུ་མེ་འབར་བ་དང་རྒྱ་གྲམ་ཁ་གདེངས་བ༔ མེ་དཔུང་དང་ཁྲོ་བོའི་ཚོགས་རླུང་ལྟར་དུ་འཚུབུ༔ གློག་ལྟར་དུ་འཁྱུགས༔ སྟེང་དང་༔ འོག་དང་༔ ཕྱོགས་བཞི་དང་མཚམས་ཀུན་ཏུ་ཁྱབ་པར་བསྒོམས་ནས༔ ད་ནི་སྲུང་འཁོར་སྒོམ་པ་འདི་ལ༔ བདུད་དང་


CMR009_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱི་སྡེ་དང་བདུད་ཀྱི་དཔུང་དང་བཅས་པ་མ་རུངས་པ་གདུག་པའི་གཟུགས་ཅན་གྱི་ཚོགས་ཐམས་ཅད་སྲུང་བའི་འཁོར་ལོ་སྒོམ་ཞིང་མཚམས་བཅད་པ་ཚུན་ཆད་ཀྱི་ནང་འདིར་ཁྱེད་ཅག་འདུག་པའི་གནས་མེད་ཀྱིས་མ་འདུག་ཅིག༔ གསང་བའི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་འོད་ཟེར་གྱིས་དཀྱིལ་འཁོར་འདི་ལ་འདས་ན༔ ཡེ་ཤེས་ཀྱི་རྡོ་རྗེས་མགོ་བོ་དུམ་བུར་འགེམས་ཤིང་དམྱལ་བ་ཆེན་པོར་ལྟུང་བས༔ དེང་ཕྱིན་ཆད་འདའ་བར་མ་བྱེད་ཅིག༔ ཅེས་བགེགས་བསྐྲད་པ་དེ་དག་སྲུང་འཁོར་སྒོམ་པའི་ཚུན་ཆད་དུ་མི་འོང་བར་བཀའ་བསྒོས་ནསཿ༔ ཁྲོ་ཚོགས་མེ་དཔུང་མཚོན་ཆ་དེ་དག་ཚུར་འདུས་ནས་སྲུང་བའི་འཁོར་ལོ་སྒོམ་སྟེ༔ སྟེང་འོག་ཐམས་ཅད་རྡོ་རྗེའི་གུར་ས་གཞི་སྲུབ་མེད་པ༔ དེ་རྒྱབ་སྟེང་གསེར་གྱི་འཁོར་ལོ་རྩིབས་སྟོང་ཐུར་དུ་སྦུབ་པ་གཡས་སུ་འཁོར༔ འོག་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་གྱེན་དུ་ཁ་ཟེད་པ་གཡོན་དུ་འཁོར་བ༔ དེ་གཉིས་སོ་འཐབ་ཀྱི་བར་དུ་གནོད་བྱེད་དྲུག་ཧྲུག་གཏུབ་པ༔ དེ་རྒྱབ་རལ་གྲི་དང་༔ ཆུ་གྲི་དང་སྤུ་གྲི་དང་དགྲ་སྟ་དང་དབྱུག་པ་དང་༔ ཐོ་བ་ལ་སོགས་པ་རྩེ་ཕྱིར་བསྟན་ནས་རྩ་བ་གཅིག་ཏུ་གྱུར་པ་གཡས་ཕྱོགས་སུ་འཁོར་


CMR009_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བ༔ དེའི་རྒྱབ་ཏུ་རྡོ་རྗེ་རྒྱ་གྲམ་ཁ་གདེངས་བ་གསོར་ལྟར་འཁོར་བ་ཆེན་པོ་བཞི་རེའི་བར་དུ་ཆུང་ངུ་རེ་འཁོར་བས་བར་མཚམས་མེད་པར་འཁོར་བ༔ དེའི་རྒྱབ་ཏུ་ཕུར་པ་དབལ་ཕྱིར་བསྟན་པའི་གུར༔ དེ་རྒྱབ་མེ་ཁ་དོག་ལྔ་ལྡན་གྱི་གུར་སྲུབ་དང་བར་མཚམས་མེད་པ་སྒོ་ང་ལྟ་བུ༔ དེ་ལྟར་སྲུང་འཁོར་དྲུག་རིམ་གྱི་བར་མཚམས་རྣམས་སུ༔ འཆོལ་བའི་ཁྲོ་ཆུང་སྨུག་ནག་མཚོན་ཆ་སྣ་ཚོགས་ཐོགས་ཤིང་སྐར་ལྟར་འཁྲུག་ཅིང་རླུང་ལྟར་འཚུབ་པར་བསྒོམ༔ དེ་ལྟར་སྲུང་འཁོར་གྱི་ཏིང་ངེ་འཛིན་དེ་སྔགས་ཀྱི་བསྟན་པར་བྱ་བ་ནི༔ ཨོཾ་ཡེ་ཤེས་ལྔ༔ བཛྲ་རྡོ་རྗེ༔ ཙཀྲ་འཁོར་ལོ༔ ཏིག་རྣ་མཚོན་ཆ་ཀརྨ་ནི་ལས་ཏེ་རྒྱ་གྲམ༔ ཀཱི་ལ་ཡ་ཕུར་པ༔ ཛྭ་ལ་རཾ་རཾ་མེ་དཔུང་༔ བཛྲ་བྷི་ཤྭ་ཀྲོ་དྷ་ནི༔ རྡོ་རྗེ་ཁྲོ་བོ་སྣ་ཚོགས༔ ཛཱ་ལ་མ་དྷ་ལ་ཧཱུྃ་ཕཊ་ནི་འབར་བའི་དཀྱིལ་འཁོར་མཆོག་གིས་མཚམས་ཆོད༔ དེ་ནས་སྒྲུབ་པའི་དམ་བཅའ་བརྟན་པོར་བཟུང་བ་ནི༔ ཐུགས་སྲོག་ཧཱུྃ་གིས་ཚིག་མགོས་དྲངས་ཏེ༔ དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་རྒྱལ་བ་འདུས་པའི་ངོ་བོ༔ ཞི་བ་ཆོས་སྐུ་སྣང་བ་མཐའ་ཡས༔ དེ་ནི་རང་གི་སེམས་ཉིད་ངོ་བོ་སྟོང་པ༔


CMR009_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོ་དྲག་པོ་རིགས་ལྔ་སོགས་ལྷ་ཚོགས་མ་ལུས་པ་རྣམས་ནི༔ ཐམས་ཅད་ཆོས་ཀྱི་དབྱིངས་ནས་ཡེ་ཤེས་ལྔ་ཡི་རང་གཟུགས་ཤར་བ་སྟེ༔ དེ་ཐམས་ཅད་རིག་པའི་ཀློང་དུ་མ་བཅོས་ལྷུན་གྲུབ་ཏུ་རང་ལ་རྫོགས་ནས་འདུག་པའི་ཕྱིར༔ གནད་ཀྱི་གསང་འདི་བདག་གིས་མཐོང་ཕྱིར༔ ད་ནི་ནམ་ཡང་འདི་ལས་མི་འདའ་བའི་རྡོ་རྗེའི་དམ་ཚིག་བཟུང་བར་བྱའོ་བསམས་ལ༔ དམ་བཅའ་བརྟན་པའི་སྔགས༔ ཙིཏྟ་བཛྲ་ཧཱུྃ་ནི་མཆོག་གི་རྡོ་རྗེའི་སྙིང་པོ༔ ས་མ་ཏི་ཛ་ཧཱུྃ་ཏིང་ངེ་འཛིན་མཆོག་ཁུག༔ དེ་ནས་བྱིན་དབབ་པ་ནི༔ ཤ་ཆེན་དང་གུ་གུལ་སོགས་བསྲེགས་ན་བགེགས་འབྲོས་ཤིང་ལྷ་འབྱོན༔ རྔ་དུང་སོགས་རོལ་མོ་བསྒྲག་པ་ནི་བྱིན་དབབ་ཀྱི་རྫས་ཡིན༔ དད་མོས་གདུང་ཤུགས་དྲག་པོས་གྱེར་དབྱངས་འཐེན་ཅིང་༔ ཧཱུྃ་ཞེས་ཐུགས་སྲོག་ནས་བོས་ཏེ༔ སྟེང་ཕྱོགས་དུར་ཁྲོད་མེ་རི་འབར་བ་ཞེས་ཀྱང་བྱ༔ མགོན་པོའི་སྤྱི་རྒྱུད་ཁྲག་མཚོ་ཁོལ་ཆེན་ནས༔ རྣམ་པར་སྣང་མཛད་ཀྱི་དུར་ཁྲོད་ཅེས་ཀྱང་བཤད་དེ༔ དེ་ན་དབང་དྲག་རོལ་པའི་དཀྱིལ་འཁོར་ཏེ༔ ཁྲོ་བོའི་དཀྱིལ་འཁོར་དངོས་སུ་ཡོད་པ་ནི་ཁྲོ་བོའི་དཀྱིལ་འཁོར་ཆེན་པོ་དེ་ནས༔ སངས་རྒྱས་ཐམས་ཅད་


CMR009_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཆོས་ཉིད་ཞི་བའི་ངང་ལས་ནམ་ཡང་མ་གཡོས་ཀྱང་༔ བདུད་དང་ལོག་འདྲེན་གདུག་པ་ཅན་འདུལ་བའི་ཕྱིར་དུ༔ འབར་བའི་ཚོགས་ཁྱེད་རྣམས༔ ཁྲོ་བོ་ཆེན་པོ་སྐུ་ལས་ཡེ་ཤེས་ཀྱི་མེ་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ དབང་གིས་རྒྱུད་སྨིན་དམ་ཚིག་དང་ལྡན་པའི་སྤྲུལ་ལྡན་བདག་ཅག་རྣམས་ཀྱིས་སྒྲུབ་པ་བྱེད་པའི་དཀྱིལ་འཁོར་དང་རྫས་འདི་རྣམས་ལ༔ སྐུ་གསུང་ཐུགས་ཀྱི་སྒོ་ནས་བྱིན་རླབས་ཆེན་པོ་དབབ་ཏུ་གསོལ༔ བདག་སྒྲུབ་པ་པོ་རྣམས་ལ་ཡང་ཡེ་ཤེས་ལྔ་ཡི་དབང་མཆོག་དམ་པ་བསྐུར་དུ་གསོལ༔ ཁྱེད་རྣམས་ལ་ཚད་མེད་པའི་ཐུགས་རྗེ་ཆེན་པོ་མངའ་བས༔ དབང་བཅུའི་དབང་དང་སྟོབས་བཅུའི་སྟོབས་མངའ་བས༔ བདག་ཅག་ལས་འཕྲོ་ཡོད་མེད་སོགས་ལ་མ་ལྟོས་པར༔ དུས་འདིར་ད་ལྟ་ཉིད་དུ་བྱིན་རླབས་དངོས་གྲུབ་ཐམས་ཅད་བསྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས་སྟེང་ཕྱོགས་མེ་རི་འབར་བའི་ཞིང་ཁམས་ནས་ཡེ་ཤེས་ཀྱི་ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀྱི་སྐུ་ལས་འོད་ཀྱི་ཐིག་ལེ་ཁ་དོག་སྣ་ཚོགས་ཆར་ལྟར་བབས་ནས༔ བདག་དང་དཀྱིལ་འཁོར་


CMR009_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་རྫས་རྣམས་ལ་ཐིམ་པར་བསྒོམས་ལ་བྱིན་འབེབས་ཀྱི་སྔགས་བརྗོད་དེ༔ གུ་རུ་དྷེ་ཝ་དྷཀྐི་ནཱི་ས་མ་ཡ་ནི་བླ་མ་ཡི་དམ་མཁའ་འགྲོའི་དམ་ཚིག༔ རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ནི་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ཐམས་ཅད་ཀྱི་སྙིང་པོ༔ ཨཱ་ཝེ་ཤ་ཡ་ནི་འབེབས་པ༔ ཨ་ཨཱ་ནི་སྐྱེ་བ་མེད་པ༔ དེ་ནས་མཆོད་པ་བྱིན་གྱིས་བརླབ་པ་ནི༔ བསང་ཆུ་གཏོར་ཟེར་བ་དུང་ཆོས་ཀྱི་ཆུས་བྲན་པར་བཤད་པ་དང་༔ ཆུ་གཉིས་བར་གྱི་ཆང་ཞེས་པ་དང་པོ་ཆུ་གཙང་༔ དེ་ནས་ཆང་དེ་ནས་ཡང་ཆུས་བྲན་སྲོལ་ཡང་འདུག༔ མཆོད་རྫས་དངོས་པོར་འཛིན་པ་ཐམས་ཅད་སྟོང་པར་བསམས་ལ། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨཱསཱ་བྷ་ཝ་ཤུདྡྷོཉཧཾ༔ དེ་བོད་སྐད་དུ་བསྒྱུར་ན༔ ཨོཾ་རང་བཞིན་གྱི་རྣམ་པར་དག་པའི་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའོ༔ དེ་ནས་བདུད་རྩིས་བྱིན་གྱིས་བརླབ་པ་ནི་ཨོཾ་བརྗོད་པས་སྟོང་པར་གྱུར༔ ཨཱབརྗོད་པས་རླུང་མེ་ཐོད་སྐྱེད་ཀྱི་སྟེང་དུ་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བར༔ ཧཱུྃ་བརྗོད་པས་ཤ་ལྔ་བདུད་རྩི་ལྔའི་ཡེ་ཤེས་ལྔ་ཞུ་བ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ དེ་ནས་སྔགས་འདིས་བྱིན་གྱིས་བརླབས་ཏེ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲི་ཏྟཱ༔ སྔགས་འདིས་དོན་


CMR009_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ནི༔ བདུད་རྩི་ལྔ་ཐམས་ཅད་བདུད་རྩི་ཆེན་པོ་མཆོག་གི་སྙིང་པོར་བྱིན་གྱིས་བརླབས་སོ༔ དེ་ནས་གཏོར་མ་བྱིན་གྱིས་བརླབ་པ་ནི༔ ཨོཾ་བརྗོད་པས་སྟོང་པར་གྱུར༔ ཨཱབརྗོད་པས་བྷནྡྷ་ཕྱི་དཀར་ལ་ནང་དམར་བ་སྟོང་གསུམ་དང་མཉམ་པ༔ ཧཱུྃ་བརྗོད་པས་གཏོར་མ་ངོ་བོ་ཤ་ལྔ་བདུད་རྩི་ལྔའི་རྣམ་པ་དཔལ་གྱི་གཏོར་མ་རི་རབ་ཙམ༔ རླངས་པ་མཆོད་པའི་སྤྲིན་ཕུང་དཔག་ཏུ་མེད་པ་འཕྲོ་བར་བསྒོམས་ལ༔ མ་ཧཱ་བ་ལིཾ་ཏ་ཏེ་ཛཱ་བ་ལིཾ་ཏ་བ་ལ་བ་ཏེ་གླུ་ཧུ་ཧྲི་ཤུ་ས་མ་ཡེ་ཧཱུྃ་སྭཱ་ཧཱ༔ འདིའི་ཏེ་ཛུ་དང་བ་ལ་བ་ཏེ༔ བོད་སྐད་དུ་ཅིར་འགྱུར་གྱིས་གསལ་ཆ་མ་མཐོང་༔ དོན་འགྱུར་གྱི་དབང་དུ་ནི༔ མཆོག་གི་དམ་ཚིག་སྣ་ཚོགས་སྙིང་པོ་གསང་བའི་དམ་རྫས་གསང་བའི་གཏོར་མ་ཆེན་པོ་འབར་བས་གཞི་ཚུགས་ཞེས་པའོ༔ རཀྟ་བྱིན་བརླབ་ནི༔ ཨོཾ་བརྗོད་པས་སྟོང་པར་བསམ༔ ཨཱབརྗོད་པས་བྷནྡྲ་ལྕང་ལོ་ཅན་ཡངས་ཤིང་རྒྱ་ཆེ་བར༔ ཧཱུྃ་བརྗོད་པས་རིགས་དྲུག་འཁོར་བའི་རྒྱུ་ཁྲག་གི་རྒྱ་མཚོ་མ་ཧཱ་རཀྟ་ཛྭ་ལ་མཱ་དྷུ་ལ་ཧཱུྃ་ཧཱིཋཱ༔ ཞེས་བརྗོད་པས་དུག་གསུམ་འཇོམས་པའི་རཀྟ་འཁོར་བའི་རྒྱ་མཚོ་སྟོང་བྱེད་དུ་བསམ་སྟེ༔ སྔགས་དོན་ནི་ཁྲག་ཆེན་


CMR009_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་དཀྱིལ་འཁོར་མཆོག་གི་གྱུར་ཅིག༔ དེ་ནས་དབང་པོ་ལྔའི་མེ་ཏོག་དང་ཐོད་རྔ་སོགས་སྐུ་གསུང་ཐུགས་ཀྱི་རིག་མ་ལ་སོགས་རེ་རེ་ལ་ཡང་གྲངས་མེད་པར་འཕྲོས་པར་བསམས་ལ༔ ཨོཾ་བྷོ་དྷི་ཙིཏྟ་གྷ་ན་གྷ་ཡ་ས་མ་ཡ་ཧཱུྃ༔ སྔགས་དོན་ནི༔ ཡེ་ཤེས་བྱང་ཆུབ་སྙིང་པོའི་ཚོགས་གསང་བའི་དམ་ཚིག་མཆོག་ཏུ་གྱུར་ཅིག༔ དེ་ནས་མེ་ཏོག་མ་མེ་ཏོག་འཛིན་པ་སོགས་མཆོད་པའི་ལྷ་མོ་རྣམས་རང་རང་གི་ཕྱག་མཚན་ཐོགས་པ་དེ་དག་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་པར་འཕྲོ་བར་བསྒོམས་ལ༔ ཨོཾ་བཛྲ་པུཥཱི་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནེ་ཝིདྱ་ཤབྡ་ཨཱཿཧཱུྃ༔ སྔགས་དོན་ནི་ཡེ་ཤེས་ཀྱི་རྡོ་རྗེའི་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་མཆོག་ཏུ་བྱིན་གྱིས་རློབས་ཞེས་པའོ༔ ཨོཾ་བཛྲ་ཤབྡ་སརྦ་པཱུ་ཙ་ཨཱཧཱུྃ༔ འདིའི་སྐབས་སུ་རོལ་མོ་བྱ་སྟེ༔ ཞེས་ཕྱི་ནང་གསང་གསུམ་བྱིན་གྱིས་བརླབས་པའོ༔ ཨོཾ་བཛྲ་ཤབྡ་ནི་ཡེ་ཤེས་ཀྱི་རྡོ་རྗེའི་རོལ་མོ༔ སརྦ་པཉྩནི་ནང་མཆོད༔ པུ་ཙ་ནི་མཆོད་པ་ཐམས་ཅད་དང་ཕྱི་མཆོད༔ ཨཱཧཱུྃ་ནི་ཟག་མེད་མཆོག་ཏུ་བྱིན་གྱིས་བརླབས་པའོ༔ དེ་ནས་དཀྱིལ་འཁོར་འགའ་ཞིག་ལ་རྡོར་སེམས་སྒོམ་བཟླས་བྱ་བའི་ཚབ་བཤགས་པ་བྱ་བ་ནི་


CMR009_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་བཤགས་པའི་རྟེན་གྱི་སྟོབས་སོ༔ ཧཱུྃ་ཞེས་ལྷའི་སྙིང་པོའི་ཐོག་དྲངས་ཏེ་སངས་རྒྱས་ཀུན་གྱི་ཐུགས་རྗེ་ལྷག་པའི་ལྷ་ནི་སྤྱན་རས་གཟིགས༔ ཁྱད་པར་སྙིགས་མའི་དུས་འདིར་མཆོག་ཏུ་ཐུགས་རྗེ་ཆེ་བ་པདྨ་འབྱུང་གནས༔ དེ་ཡང་དབང་དྲག་ཁྲོས་པའི་སྐུ་བཞེངས་པ༔ དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྙན་གསན་ཕབ་ནས༔ བདག་ཅག་འཁོར་བ་ཐོག་མ་མེད་པའི་དུས་ནཱས༔ རང་གི་སེམས་ཉིད་ཆོས་སྐུ་རྗེན་པ་ཡིན་ཀྱང་༔ དེ་རང་ངོ་རང་གི་མ་ཤེས་པས༔ མཐའ་མེད་འཁོར་བར་འཁྱམས་པའི་ཚེ༔ མ་རིག་འཁྲུལ་པའི་དབང་གི་ལས༔ མི་དགེ་བཅུ་དང་མཚམས་མེད་པ་ལྔ་དང་༔ དེ་དང་ཉེ་བ་ལྔ་སོགས་རང་བཞིན་གྱིས་ཁ་ན་མ་ཐོ་བའི་སྡིག་པ་དང་༔ ཡང་བསྟན་པའི་སྒོར་ཞུགས་ཀྱང་བག་མེད་པའི་དབང་གིས༔ སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་དང་༔ བྱང་ཆུབ་སེམས་དཔའི་བསླབ་བྱ་དང་འགལ་བ་དང་༔ གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་ཅི་བགྱིས་པ་ཐམས་ཅད་ཡིད་ལ་དམིགས་ཏེ༔ དེ་རྣམས་རྣམ་པར་སུན་འབྱིན་པའི་སྟོབས་ནི་དེ་དག་ལ་རང་ངོ་གནོང་ཞིང་དུག་ཁོང་དུ་སོང་བ་ལྟར་འགྱོད་པའི་སེམས་ཀྱིས་མཐོལ་ལོ་


CMR009_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བཤྭགས་སོ༔ ཚེ་འདིའི་བར་ཆད་ཀྱི་རྐྱེན་དུ་མི་འགྱུར་ཞིང་༔ ཕྱི་མ་ས་ལམ་ཐོབ་པ་ལ་སྒྲིབ་པར་མ་གྱུར་ཅིག༔ སྡིག་པ་ཐམས་ཅད་དག་ཅིང་སྡོམ་པ་དམ་ཚིག་རྣམས་ཚང་པའི་དངོས་གྲུབ་བསྩལ་དུ་གསོལ༔ གསེར་འོད་ལས། ལན་གཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་དག་པར་འགྱུར་གསུངས། །བཛྲ་ས་མ་ཡ་ཤུདྡྷེ་ཨ་ནི༔ རྡོ་རྗེའི་དམ་ཚིག་དམ་པ་སྐྱེ་མེད་ཆོས་ཀྱི་དབྱིངས༔ གཤམཤཱ༔ བརྡའ་ཡིག་འདི་ནི་ཨོ་རྒྱན་མཁའ་འགྲོའི་ཡི་གེ་སྟེ༔ གསང་སྔགས་ཀྱི་ཆོས་ཐམས་ཅད་ཀྱི་འབྱུང་ཁུངས་ནི་མཁའ་འགྲོའི་ཡུལ་ཡིན་ཏེ༔ དེ་ནས་མཁའ་འགྲོའི་བརྡའ་ཡིག་འདི་སྐབས་སྐབས་སུ་ཡོད་པ་རྣམས་ནི་ཁུངས་བཙུན་པར་སྟོན་པ་སྟེ༔ འདི་བཀྲོལ་དགོས་པ་ནི་མ་ཡིན་ནོ༔ དེ་ནས་ཏིང་ངེ་འཛིན་རྣམ་པ་གསུམ་ལས་གསར་མའི་ཆོ་ག་རྣམས་ལ་ཚད་མེད་བཞི་སྒོམ་པའི་དོན་ནོ༔ ཚད་མེད་པ་བཞི་པོ་ཡང་དོན་འདི་ལ་འཐུས་པ་ཡིན་པས༔ དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཧཱུྃ་ཞེས་ཡེ་ཤེས་ལྔ་ཡི་ངོ་བོ་མགོས་དྲངས་ཏེ༔ དོན་ཡིད་ལ་བསྒོམ་ཞིང་ཚིག་གིས་གསལ་གདབ་པ་ནི༔ ཆོས་རྣམས་ཐམས་ཅད་ཀྱི་ཆོས་ཉིད་ནི་སྤྲོས་པའི་མཐའ་


CMR009_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་བྲལ་བ༔ སྨྲ་བསམས་ཀྱང་བརྗོད་དུ་མེད་པ་དེ་ཁོ་ན་ཉིད་ཀྱི་དེ་བཞིན་ཉིད་ཡེ་ནས་མ་བཅོས་པ༔ རང་བྱུང་ཆོས་ཀྱི་སྐུ་དེ་ནི་འཁོར་བར་འཁྱམས་པས་ངན་དུ་མ་སོང་༔ མྱ་ངན་ལས་འདས་ཀྱང་བཟང་དུ་མ་སོང་༔ འཁོར་འདས་མཉམ་པ་ཉིད་དུ་བརྡལ་བ་ཆེན་པོར་ལྷུན་གྱིས་གྲུབ་པའི་ལྟ་བ་འཁོར་འདས་དབྱེར་མེད་གཞི་ཕྱག་རྒྱ་ཆེན་པོ་ཀུན་ཏུ་བཟང་པོའི་དགོངས་པ་དེ་དག་གསལ་བཏབ་ནས་ཨོཾ་དབྱིངས་དང་ཡེ་ཤེས་ཆེན་པོ་རྡོ་རྗེའི་གདོད་ནས་དག་པའོ༔ ཞེས་བྱིན་གྱིས་བརླབས་པ་ལ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛཱ་ནཱ་བཛྲ་སྭ་བྷཱ་ཝ་ཤུདྡྷོཉཧཾ༔ གཉིས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི༔ བརྩེ་བ་སྙིང་རྗེ་ཆེན་པོ་ཡིན་ཏེ་སྙིང་རྗེ་ནི་སྤྲུལ་སྐུ་འབྱུང་བའི་རྒྱུ༔ འབྲུ་གསུམ་གྱི་ནང་ནས་ཧཱུྃ་ནི་སྤྲུལ་སྐུ་འབྱུང་བའི་རྒྱུ༔ ཆོས་རྣམས་ཐམས་ཅད་ནི་ཅི་ཡང་མེད་པའི་སྟོང་པ་ཕྱལ་ཆད་མ་ཡིན་ཏེ༔ ཡེ་ཤེས་ཀྱི་སྙིང་པོ་ཅན་ཡིན་ཡེ་ནུས་ཕུང་པོ་ལྔ་རིགས་ལ༔ ཁམས་ལྔ་ཡུམ་ལྔ་སོགས་ཕྱི་ནང་སྣོད་བཅུད་ཐམས་ཅད་སངས་རྒྱས་ཀྱི་ངོ་བོ་ཉིད་ཡིན་ཀྱང་༔ དེའི་དོན་རང་གིས་མ་ཤེས་པ་དང་༔ ཤེས་ཀྱང་བརྟན་པ་མ་ཐོབ་པས༔ འཁྲུལ་པའི་དབང་གིས་


CMR009_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་མཐའ་མེད་དུ་འཁྱམས་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ་བསམས་པ་བྱས་ལ༔ དྷརྨ་དྷཱ་ཏུ་སྭ་བྷ་ཝ་ཤུདྡྷོཉཧཾ༔ ཆོས་ཀྱི་དབྱིངས་རང་བཞིན་གྱིས་དག་པའོ༔ གསུམ་པ་རྒྱུ་ཡི་ཏིང་ངེ་འཛིན་ནི༔ རྒྱུ་ཡི་ཡི་གེ་ཧེ་རུ་ཀའི་ས་བོན་ཧཱུྃ་ཡིན་པས་སྣ་དྲངས་ཏེ༔ ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུ་དང་འབྲས་བུའི་ངང་ཚུལ་ཅན་ཏེ་རྒྱུ་ལས་མ་བྱུང་བའི་འབྲས་བུ་ནི་གང་ཡང་མེད་པས༔ རྟེན་འབྲེལ་སྙིང་པོའི་སྔགས་དོན་ཡང་༔ ཆོས་རྣམས་ཐམས་ཅད་རྒྱུ་ལས་རབ་ཏུ་བྱུང་ཞེས་གསུངས༔ དང་པོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སྒོམ་པས༔ དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ཤུགས་ཀྱིས་སྐྱེ༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་རང་གཟུགས་རང་གི་སེམས་ཉིད་ཧཱུཾ་ཡིག་དམར་པོ་བསྒོམ་པ་ནི༔ གཞལ་ཡས་དང་ལྷ་ཐམས་ཅད་བསྐྱེད་པའི་རྟེན་རྒྱུའི་ས་བོན་ཉིད་ཡིན་ཏེ༔ དེ་ཡང་རང་བྱུང་དུ་ཐིག་ལེ་ཟླ་ཚེས་ཧ་ཁོག་འ་ཆུང་ཞབས་ཀྱུ་ལྔ་ལ་ཡེ་ཤེས་ལྔ་ཚང་བས་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོར་བསྒོམས་ལ༔ ཧཱུྃ་ཙིཏྟ་བཛྲ་ས་མ་ཏཱི་ཧཱུྃ༔ ཞེས་བྱིན་གྱིས་བརླབས་ཏེ༔ ཡེ་ཤེས་རྡོ་རྗེའི་སྙིང་པོ་ཏིང་ངེ་འཛིན་མཆོག་ཅེས་པའོ༔ དེ་ནས་རཾ་ཡཾ་ཁྲི་བརྗོད་


CMR009_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

པས་འཇིག་རྟེན་འཇིག་པ་དང་སྒོ་བསྟུན་ནས༔ བར་སྣང་དུ་རང་སེམས་རྒྱུའི་ཡི་གེ་ཧཱུཾ་ལས་རཾ་འཕྲོས་པས་མེའི་བསྐལ་པས་འཇིག་རྟེན་གྱི་དངོས་འཛིན་ཐམས་ཅད་བསྲེགས༔ ཡཾ་འཕྲོས་པས་རླུང་གི་བསྐལ་པས་རྣམ་རྟོག་གཟུང་འཛིན་ཐམས་ཅད་གཏོར༔ ཁཾ་འཕྲོས་པས་ཆུའི་བསྐལ་པས་བག་ཆགས་ཞེན་སྣང་ཐམས་ཅད་བཀྲུས༔ དེ་ལྟར་མ་དག་པ་དག་པར་བྱེད་པའི་ཡི་གེ་འབྲུ་གསུམ་འོད་ཟེར་གྱིས་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་དངོས་འཛིན་ནང་བཅུད་སེམས་ཅན་གྱི་དུག་གསུམ་གྱི་དྲི་མ་ཐམས་ཅད་རྣམ་པར་དག་ནས་ནམ་མཁའ་སྟོང་པའི་ཀློང་༔ རྣམ་པར་དག་པའི་ཆོས་ཀྱི་དབྱིངས་སུ་གྱུར་པར་བསྒོམས༔ མཁའ་ཀློང་རྣམ་པར་དག་པའི་དབྱིངས༔ དེ་ནས་རང་བྱུང་རྒྱུའི་ཡི་གེ་བར་སྣང་གི་ཧཱུཾ་དེ་ལས༔ ཡེ་ཤེས་ལྔའི་ངང་ལས་ཡུམ་ལྔའི་ངོ་བོ༔ རང་བྱུང་དུ་འབྱུང་བ་ཆེན་པོ་ལྔའི་ས་བོན་ཨེ་ཡཾ་ར་སུཾ་ཀེ་རོ་བྷཾ༔ ཐུར་དུ་ཆད་པས༔ ཨེ་ལས་ནམ་མཁའ་ཆོས་འབྱུང་གྲུ་གསུམ་མཐིང་ནག་གདེང་ཀ་ཆེ་བ་གྱེན་དུ་བསྟན་པ༔ རང་གི་སེམས་ཉིད་རྣམ་པར་དག་པའི་ངོ་བོ་དེ་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་ལྗང་གུ༔ དབུགས་དག་པའི་ངོ་བོ༔ ར་


CMR009_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རཀྟའི་རྒྱ་མཚོ་ཟླུམ་པོ་ཁྲག་དག་པའི་ངོ་བོ་བསྟན༔ སུཾ་ལས་གསེར་གྱི་ས་གཞི་གྲུ་བཞི་ས༔ ཤ་རྣམ་པར་དག་པའི་ངོ་བོ༔ ཀེ་ལས་རུས་པའི་རི་རབ་བང་རིམ་བཞི་པ༔ རུས་པ་དག་པའི་ངོ་བོ༔ རཾ་ལས་བསྐལ་པའི་མེ་ཆེན་འབར་བ་དྲོད་དག་པའི་ངོ་བོའི་དབུས་སུ་ཧཱུཾ་ལས་རི་རབ་ཀྱི་སྟེང་དུ་ཡེ་ཤེས་ཀྱི་གཞལ་ཡས་ཁང་ཕོ་བྲང་ཕྱི་ནཱང་གི་བཀོད་པ་ཐམས་ཅད་ཡོངས་སུ་རྫོགས་པ༔ དབུས་སུ་ཆོས་འབྱུང་དམར་པོ་འབར་བ་ཨེ་ཡི་དབྱིབས་ཅན་དབུས་ཀྱི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མ་དམ་སྲི་སྲིན་པོ་ཕོ་མོ་བསྣོལ་བའི་གདན༔ དེའི་ཕྱི་རོལ་དུ་དཀྱིལ་འཁོར་ཟླ་གམ་དམར་པོ་སྒོ་གཅིག་པ༔ དེའི་ཕྱི་རོལ་ཐོད་སྐམ་གྱི་ཕྲེང་བས་བསྐོར་བ༔ དེ་རྒྱབ་རྩིབས་བཞི༔ དེ་རྒྱབ་རྩིབས་བརྒྱད༔ ཕྱི་ནང་གི་ཕྱོགས་བཞིར་རྩིབས་ཕྱོགས་མདོག་དང་༔ མཚམས་བཞི་ལྗང་གུ༔ དེའི་ཕྱི་རོལ་རྩིབས་བཅུ་མཐིང་ག་རྩིབས་མཆན་དམར་པོ༔ དེ་རྒྱབ་ཐོད་སྐམ་གྱི་ར་བ༔ ནང་གམ་གསུམ་དང་༔ རྩིབས་བཞིའི་རྩིབས་མཆན་མཐིང་ག་ཕྱིའི་དཀྱིལ་འཁོར་ནི་གྲུ་བཞི་སྒོ་བཞི༔ རྟ་བབས་བང་རིམ་བཞི་པའི་སྟེང་དུ་གདུགས་དང་ཆོས་འཁོར་རི་དྭགས་ཕོ་མོ་དང་


CMR009_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ༔ རིན་པོ་ཆེ་སྣ་ལྔའི་རྩིག་པ་ལ་ནང་ནས་རིམ་བཞིན་པདྨ་རཱ་ག་དང་བཻཌཱུརྱ་དང་གསེར་དང་ཤེལ་དང་མར་གད་ལས་གྲུབ་པ༔ རྩིག་པ་རེ་ལ་ཞེང་དུ་ཁྲུ་རེ་འཕངས་སུ་འདོམ་ཕྱེད་གསུམ་ལྷགས་པའི་སྟེང་ན༔ ཐོད་པ་སྐམ་རློན་རྙིང་པ་གསུམ་གྱིས་རྩིག་པ་ལ༔ བར་མཚམས་ཁྲག་ཞག་གིས་བསྡམས་ཤིང་༔ གནམ་ལྕགས་འབར་བའི་གཟེར་གྱིས་བསྣམས་པ༔ ལྟ་བརྒྱད་ཀྱི་ཀ་བ༔ ཀླུ་བརྒྱད་ཀྱི་ཀ་གདན༔ ཉི་མ་ཟླ་བ་ལ་སོགས་པའི་གཟའ་ཆེན་པོ་བརྒྱད་ཀྱི་གདུང་མ༔ གཟའ་བྲན་དང་རྒྱུ་སྐར་གྱི་དྲལ་འཕྱམ༔ རུ་ཏྲའི་ཞིང་ལྤགས་ཀྱིས་ཐོག་ཕུབ་པ༔ སྦྲུལ་ནཱག་གི་སྒོ་སྐྱེས་བུར་རིང་པོར་བཙུགས་པ༔ རིན་པོ་ཆེའི་ཕ་གུའི་སྟེང་དུ་མུན་ཁང་ལས་ཆུ་སྲིན་པ་ཏྲའི་ཁ་ནས་བྱུང་བའི་ཐོད་ཚལ་དང་མུ་ཏིག་གི་ཟ་ར་ཚག༔ དྲིལ་བུ་དང་རྔ་ཡབ་མེ་ལོང་དང་ཟླ་བ་རླུང་གིས་བསྐྱོད་པས་བརྒྱན་པ༔ ཐོག་གི་སྟེང་དུ་ཤེལ་གྱི་མཆོད་རྟེན་རྩ་བརྒྱད་ཀྱིས་བསྐོར་བའི་བར་རྣམས་སུ་གདུགས་དང་རྒྱལ་མཚན་དང་བ་དན་དང་རྔ་ཡབ་དང་ཟུར་བཞིར་ཞིང་གི་རྒྱལ་མཚན༔ བྱ་འདབ་ལས་ཐུར་དུ་འཕྱང་བའི་རིན་པོ་ཆེའི་ཤར་བུ༔ སྒོ་ཁང་གི་སྟེང་དུ་ཞིང་ལྤགས་ཀྱི་


CMR009_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་བརྒྱད༔ ཕོ་བྲང་གི་སྟེང་མཆོད་རྟེན་བུམ་པ་སུལ་བརྒྱད་བྲེ་དང་བཅས་པའི་སྟེང་དུ་གདུགས་ཏོག་ཆོས་འཁོར་ཉི་ཟླ་དར་དཔྱང་གིས་སྤྲས་པ༔ ཕོ་བྲང་གི་ཕྱི་རོལ་དུ་ཤར་དུ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ༔ ལྷོར་སྐུ་ལ་རྫོགས་པ༔ ནུབ་ཏུ་ལང་ཀ་བརྩེགས་པ༔ བྱང་དུ་པདྨ་བརྩེགས་པ༔ ཤར་ལྷོར་ལྷུན་གྲུབ་གཏེར༔ ལྷོ་ནུབ་ཏུ་གསང་ཆེན་རོལ་པ༔ ནུབ་བྱང་དུ་ཧེ་ཆེན་གདལ་བ༔ བྱང་ཤར་དུ་འཇིག་རྟེན་བརྩེགས་པ༔ དེ་བརྒྱད་ན་ཤིང་བརྒྱད་ཀྱི་རྩ་བར་ཞིང་སྐྱོང་བརྒྱད་རང་རང་གི་ཕྱག་མཚན་བཞོན་པ་དང་བཅས་པ། ཤིང་བརྒྱད་ལ་གནས་པའི་ཞིང་སྐྱོང་བརྒྱད་ནི༔ ལུས་ཀྱི་སྨད་ཤིང་ལོའི་ནང་དུ་ནུབ་ཅིང་༔ ཁོག་སྟོད་གྲི་གུག་ཐོད་ཁྲག་འཛིན་ཅིང་སོ་སོའི་ཕྱོགས་སྐྱོང་གི་བཞོན་པའི་མགོ་ཅན་ནོ༔ དུར་ཁྲོད་བརྒྱད་དང་ལྡན་པའི་ཁོར་ཡུག་ཏུ་བསྐོར་བའི་བར་མཚམས་བཅད་པའི་ཆུ་བརྒྱད༔ དེ་ལ་གནས་པའི་ཀླུ་བརྒྱད༔ དེའི་སྟེང་གི་ནམ་མཁའ་ལ་སྤྲིན་བརྒྱད་རང་བྱུང་གི་མཆོད་རྟེན་བརྒྱད༔ དེ་ལ་གནས་པའི་མ་མོ་བརྒྱད་ནི་ཀོའུ་རི་མ་བརྒྱད༔ མཆོད་རྟེན་བརྒྱད་ལ་སྐུ་རྒྱབ་གཏད་པའི་གྲུབ་ཐོབ་བརྒྱད་ནི་བཀའ་བརྒྱད་ཀྱི་རིག་འཛིན་བརྒྱད་


CMR009_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན༔ རང་བྱུང་གི་མེ་བརྒྱད་ལ་གནས་པའི་ཕྲ་མེན་བརྒྱད་ནི་སེང་ཧ་མ་བརྒྱད་དོ༔ གཞན་ཡང་དཔའ་བོ་དང་མཁའ་འགྲོ་མ་དཔག་ཏུ་མེད་པ༔ རོ་ལངས་དང་འདྲེ་དང་སྲིན་པོ་དང་ཤ་ཟའི་ཚོགས༔ བྱ་གཅན་དང་རོ་གསར་རྙིང་དང་ཀེང་རུས་ཀྱི་ཚོགས་དང་བཅས་པའོ༔ པདྨའི་ར་བ་དུར་ཁྲོད་ཀྱི་ཕྱིར་བྱེད་པ་དང་ནང་དུ་བྱེད་པའི་ལུགས་གཉིས་ཡོད་དེ༔ འདིར་དཀྱིལ་འཁོར་གྱི་འོག་ནི་མཚོ་ཡིན་ལ༔ མཚོ་དཀྱིལ་ནས་མེ་ཏོག་པདྨ་འདབ་མ་འབུམ་ལྡན་ཞིག་སྐྱེས༔ དེའི་ཟེའུ་འབྲུའི་སྟེང་ནས་ཉི་མའི་དཀྱིལ་འཁོར་གཅིག་བཀབ་པས༔ ཉི་མ་མེ་ཤེལ་དྭངས་བས་འོག་ཟེའུ་འབྲུའི་མདོག་ལྗང་གུར་གྱུར་པ་ནི༔ དཀྱིལ་འཁོར་གྱི་ཁྱམས་ལྗང་གུར་གྱུར་པ་དེ་ཡིན་ལ༔ དེ་རྒྱབ་པདྨའི་རྭ་བ་ནི་འོག་གི་མེ་ཏོག་དེའི་འདབ་མ་འབུམ་རྣམས་ཡིན་པས༔ དེ་ཅུང་ཞིག་མཐོ་དུར་ཁྲོད་དམའ་བ་སྟེ༔ འོག་མཚོ་ཡིན་པ་ལ༔ སྤང་ཐིག་བརྒྱད་ཡར་བུད་པ་ནི་དུར་ཁྲོད་བརྒྱད༔ ཆུ་བརྒྱད་ནི་གཙང་ལག་བརྒྱད་ཀྱིས་དུར་ཁྲོད་བརྒྱད་ཀྱི་མཚམས་ཕྱེས་པ་ལྟ་བུ༔ དེ་རྒྱབ་རྡོ་རྗེའི་རྭ་བ་ནི་ལྕགས་རི་ལྟ་བུ༔ དེ་རྒྱབ་མེ་རི་ནི་འོད་ཀྱི་ཕྲེང་བ་སྟེ་མེ་ཁ་དོག་ལྔའི་ཕུང་པོ་ཕྲེང་བར་


CMR009_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིགས་པའོ༔ དེ་རྒྱབ་ཏུ་རིན་པོ་ཆེའི་བྲགཱ་རི་ཆེན་པོས་ལྕགས་རི་ལྟར་བསྐོར་བ༔ དེ་རྒྱབ་རི་རབ་ཀྱི་ཟུར་བཞིའི་སྟེང་དུ་གཏེར་གྱི་བུམ་པ་ཆེན་པོ་བཞིའི་ཁ་ནས་སྐྱེས་པའི་དཔག་བསམ་གྱི་ཤིང་ལོ་མ་མེ་ཏོག་རྒྱས་ཤིང་འབྲས་བུ་རིན་པོ་ཆེ་སྣ་ཚོགས་པ་སྨིན་པས་མཛེས་པའོ༔ དེ་ཡང་ཆོ་ག་རྒྱས་པ་རྣམས་ལ་ནི་དང་པོའི་སྲུང་འཁོར་དེ་བསྡུས་ནས་མེད་ཀྱང་འདི་ཆོ་ག་བསྡུས་པ་ཡིན་པས༔ དང་པོ་མཚམས་གཅོད་དུས་ཀྱི་སྲུང་འཁོར་དྲུག་རིམ་དེ་མ་བསྡུས་པར་བཞག་ནས༔ དེའི་ནང་དུ་འབྱུང་བ་རིམ་བརྩེགས་སོགས་བདག་མདུན་རྣམས་སྒོམ་པ་ཡིན༔ དེ་ཡང་མདུན་དུ་དཀྱིལ་འཁོར་རྒྱས་པར་བསམ་ཡོད་ན༔ མདུན་བསྐྱེད་གཙོ་ཆེ་བས་མདུན་བསྐྱེད་ཀྱི་ཤར་སྒོའི་ཁྱམས་སུ་བདག་བསྐྱེད་དཀྱིལ་འཁོར་སྒོམ༔ མདུན་དུ་དཀྱིལ་འཁོར་རྒྱས་པ་མེད་ན་བདག་བསྐྱེད་གཙོ་ཆེ་བས་བདག་བསྐྱེད་ཀྱི་དཀྱིལ་འཁོར་གྱི་ཤར་གྱི་ཁྱམས་སུ་མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསྒོམ༔ མདུན་བསྐྱེད་གཙོ་བོའི་མདུན་གཡས་གཡོན་གཉིས་སུ་སྒྲུབ་གཏོར་དཀྱིལ་འཁོར་ཆ་གཅིག༔ བུམ་པའི་ནང་དུ་བུམ་ལྷ་དཀྱིལ་འཁོར་ཆ་གཅིག༔ བུམ་པའི་སྟེང་དུ་ཐོད་པའི་སྟེང་གི་མེ་ལོང་ལ་བུམ་ལྷའི་འོད་ལས་


CMR009_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་དཀྱིལ་འཁོར་ཆ་གཅིག༔ དེ་ལྟར་སྒྲུབ་པ་དང་དབང་དུས་དཀྱིལ་འཁོར་ཆ་ལྔ་མངོན་རྟོགས་གཅིག་གིས་སྒོམ༔ བསྐང་བ་དང་ཟློག་པའི་དུས་བདག་མདུན་གཉིས་ཀྱིས་ཆོག༔ དེ་ཐམས་ཅད་ཕྱི་ནས་བལྟས་ན་ནང་གསལ་བ་ནཱང་ནས་བལྟས་ན་ཕྱི་གསལ་བའི་སྲུང་འཁོར་གྱི་བར་དུ་ཟང་ཐལ་དུ་གསལ་བ༔ འཇའ་དང་འོད་ཕུང་ཐིག་ལེ་ཐིག་ཕྲན་གྱི་ཀློང་བཀྲག་མདངས་གསལ་ཞིང་དྲི་མ་མེད་པ༔ གདོས་བཅས་མ་ཡིན་པར་ཡེ་ཤེས་ལྔ་ཡི་རང་མདངས་ལས་གྲུབ་པ༔ རྒྱལ་བ་ཐམས་ཅད་ཀྱི་ཞིང་ཁམས་ཀྱི་བཞུགས་གནས་དང་དབྱེར་མེད་པ༔ ཞི་བའི་ཕོ་བྲང་རིན་པོ་ཆེའི་གཞལ་ཡས་ཁང་ཡང་ཡིན་པ༔ ཁྲོ་བོའི་དཀྱིལ་འཁོར་ཐོད་པ་སྐམ་རློན་བརྩེགས་པའི་གཞལ་ཡས་ཀྱང་ཡིན༔ འོད་ཀྱི་ཕུང་པོ་འབར་བའི་ཕོ་བྲང་དེ་ལྟར་གསལ་བཏབ་ནས་སྔགས་ཀྱིས་བྱིན་གྱིས་བརླབ་པ་ནི༔ བྷྱཱ་ས་བོན་དང་བྷི་ཤྭ་བྷི་ཤུདྡྷེ༔ དུག་ལྔ་རྣམ་པར་དག་པ༔ ཨེ་ཛྙཱ་ན་ཙཀྲ་མཎྜ་ལཱ་ནི་དབྱིངས་ཡེ་ཤེས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་ཧཱུཾ་ཞེས་པ་ས་བོན་གྱིས་བྱིན་གྱིས་བརླབས་པ༔ བཻ་ནི་བམ་རོའི་ས་བོན༔ རུ་ཏཱ་ཏི་ར་བ་ནི་བདུད་ཀྱི་རོ་བསྣོལ་བ༔ མ་ཉི་མའི་ས་


CMR009_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བོན༔ སཱུརྱ་མ་དྷ་ལ་ཉི་མའི་དཀྱིལ་འཁོར༔ ཨ་ཟླ་བའི་ས་བོན༔ ཙཎཱ་མ་དྷུ་ལ་ནི་ཟླ་བའི་དཀྱིལ་འཁོར༔ པཾ་པདྨའི་ས་བོན༔ པདྨ་མ་དྷུ་ལ་ནི༔ པདྨའི་དཀྱིལ་འཁོར་རམ་གདན༔ བྷཾ་གྱིས་བྱིན་གྱིས་བརླབས༔ ཧཱུྃ་གིས་སྡུག་བསྔལ་འཇོམས་པ༔ སྤུ་ར་ན་སྤྲོ་བ༔ ཕཊཀྱིས་ཚར་གཅོད་པ་སྟེ༔ གདན་དེ་ལས་འོད་ཟེར་འཕྲོས་པས་བདུད་བཞི་དང་ལོག་འདྲེན་ཐམས་ཅད་ཀྱི་སྟོབས་དང་ནུས་པ་ཐམས་ཅད་འཕྲོག༔ སཾ་ཧཱ་ར་ནཱ་བསྡུ་བ་སྟེ་འོད་ཟེར་གྱིས་བསྡུས་ནས་གདན་ལ་བསྟིམ༔ ཧཱུྃ་ནི་དེ་དག་བསྔངས་ཤིང་གཟིར་བར་བྱེད་པའོ༔ དེ་ནས་དཀྱིལ་འཁོར་བདག་བསྐྱེད་རྩ་བའི་ལྷ་དང་མདུན་བསྐྱེད་དང་བུམ་པ་གཏོར་མ་ལྷར་བསྐྱེད་པ་མངོན་རྟོགས་གཅིག་འདི་བཏོན་པས་ཐམས་ཅད་དུས་གཅིག་ལ་བསྐྱེད་པ་ཡིན༔ བདག་མདུན་ཐ་མི་དད་སྟོན་ཏེ༔ དེ་ཡང་ཁུངས་བཙུན་པར་སྟོན་ཕྱིར་མཁའ་འགྲོའི་བཀའ་རྟགས་ཀྱི་ཡིག་འབྲུ་བཅུ་གཉིས་ནི༔ དན་ནུ༔ གཤཊ༔ བར་ཤཱ༔ ཧཱུྃ༔ ཞེས་བརྗོད་པས་དང་པོ་རྒྱུའི་ཏིང་ངེ་འཛིན་དུས་བསྒོམ་པ་ལྟར༔ ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ནམ་མཁའ་སྟོང་པའི་མཁའ་ཀློང་ནས༔ བདག་མདུན་


CMR009_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་སོགས་སྤྱི་ལྟར་དཀྱིལ་འཁོར་གྱི་ཕོ་བྲང་གི་ཆོས་འབྱུང་ཨེ་ཡི་སྟེང་༔ བདུད་བཞི་དམ་སྲི་ཕོ་མོ་དང་པདྨ་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ༔ ནམ་མཁའ་ནས་རང་གི་སེམས་ཉིད་ཀྱི་ངོ་བོ་རྒྱུ་ཡི་ཡི་གེ་ཧཱུྃ་དམར་པོ་འོད་ཀྱི་རང་བཞིན་དེ་བབས་ནས་བཞུགས་པ་ལས་འོད་ཟེར་ཕྱོགས་བཅུར་སྤྲོས༔ སངས་རྒྱས་ཐམས་ཅད་མཆོད་སེམས་ཅན་རྣམས་ཀྱི་སྒྲིབ་པ་སྦྱངས་ཏེ་དྲེགས་པ་ཅན་ཐམས་ཅད་ཚར་བཅད༔ རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་སེམས་ཅན་རྣམས་ཀྱི་ཚེ་བསོད༔ དྲེགས་པ་ཅན་རྣམས་ཀྱི་མཐུ་སྟོབས་བསྡུས༔ ཧཱུྃ་དམར་པོ་ལ་ཐིམ་པས་སྦྱོར་བའི་སྟོབས་དེ་ལས་མདུན་བསྐྱེད་བུམ་བསྐྱེད་གཏོར་བསྐྱེད་རྣམས་ཀྱང་༔ ཁྲོ་བོའི་རྒྱལ་པོ་དྲག་པོའི་སྐུ་བདག་ཉིད་རིག་པའི་ངོ་བོ་ཧཱུཾ་དེ་ལས་ཀྱང་འཇིག་རྟེན་པའི་འཇིགས་བྱེད་དགུ་དང་དྲག་པོ་འཇིགས་བྱེད་ལ་སོགས་པ་ཐམས་ཅད་འཇིགས་པར་བྱེད་ཅིང་སྐག་པར་བྱེད་པ་འཇིག་རྟེན་ཆེན་པོ་རྡོ་རྗེ་ཐོད་ཕྲེང་རྩྭ་ལ༔ པདྨའི་རིགས་ཀྱི་འགྲོ་ལ་རྗེས་སུ་ཆགས་པས་སྐུ་མདོག་དམར་ནག་མེའི་མདོག་ཅན༔ སྐུ་གསུམ་མཚོན་པའི་ཞལ་གསུམ༔ ཕ་རོལ་ཕྱིན་དྲུག་རྫོགས་པའི་ཕྱག་དྲུག་པ༔ ཐེག་པ་རིམ་


CMR009_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

དགུར་རྟོགས་པའི་བརྡར་སྤྱན་དགུ་གྱེན་ཐུར་ཐད་དཀར་གཟིགས་པ༔ གཡས་ཞལ་དཀར་པོ་བཞད་པ༔ གཡོན་ཞལ་སྔོན་པོ་རྔམ་པ༔ དབུས་ཞལ་དམར་པོ་གཤེ་བ༔ ཕྱག་གཡས་གསུམ་གྱི་དང་པོས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་ལྷ་ཚངས་པའི་གྲུ་གང་པ་ནམ་མཁའ་ལ་ཕྱར་བ༔ ཧཱུྃ་དགུ་ཕཊ་དགུ་རཾ་དགུས་མཚན་པ་ཀླད་ལ་བསྐོར་བ༔ བར་པས་རྡོ་རྗེས་མཚན་པའི་གྲི་གུག་ཐུར་དུ་འཕྱང་བ༔ ཐ་མས་རལ་གྲི་མེ་འབར་བ་ཕྱར་བ༔ གཡོན་གསུམ་དང་པོས་བྷནྡྷ་ཁྲག་གིས་བཀང་བ་ཐུགས་ཀར་འཛིན་པ༔ བར་པས་ཁཊུ་ཕྱར་ཐབས་སུ་འཛིན་པ༔ ཐ་མས་གནམ་ལྕགས་ཀྱི་སྡིག་པ་འགྱེད་ཐབས་འཛིན་པ༔ ཞབས་བཞི་གཡོན་གཉིས་བརྐྱང་ཞིང་གཡས་གཉིས་བསྐུམ་པའི་འདོར་ཐབས་སུ་བསྒྲད་པས༔ བདུད་བཞི་དང་དམ་སྲི་སྲིན་པོ་ཕོ་མོ་མནན་པ༔ རྡོ་རྗེ་དང་རིན་པོ་ཆེའི་གཤོག་པ་གཡས་གཡོན་དུ་གདེངས་བ༔ དབུ་ལ་ཐོད་སྐམ་ལྔའི་རྩེར་རིན་པོ་ཆེའི་པྲོག་ཞུ་འོད་འབར་བ་ལྔའི་ནང་དུ་ཁྲག་འཐུང་རིགས་ལྔ་གསལ་བ༔ དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ༔ མཁུར་བར་ཁྲག་གི་ཐིག་ལེ༔ ཨོག་མར་ཞག་གི་ཟོ་རིས་ཏེ་བྱུག་པའི་རྫས་གསུམ་བྱུག་པ་ཐོད་


CMR009_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

རློན་གྱི་དོ་ཤལ༔ སྦྲུལ་གྱི་ཆུན་འཕྱང་༔ རུས་པའི་རྒྱན་དྲུག་སྟེ་བཏགས་པའི་རྒྱན་དྲུག་བཏགས་པ༔ སྐུ་སྟོད་ལ་གླང་ཆེན་གྱི་ཀོ་བའི་སྟོད་གཡོགས༔ ཞིང་ཆེན་གྱི་པགས་པའི་རྐེད་དཀྲིས༔ སྟག་གི་པགས་པའི་ཤམ་ཐབས་ཏེ་བགོ་བའི་གོས་གསུམ་མནབས་པ༔ དེ་ལྟར་བྱུག་པའི་རྫས་གསུམ་གཅིག་ཏུ་བརྩིས་པས་དུར་ཁྲོད་ཀྱི་ཆས་བརྒྱད༔ སོ་སོར་བརྩིས་པའི་དཔལ་གྱི་ཆས་བཅུས་རྫོགས་པར་གྱུར་པ༔ སྐུ་སྒེག་པ་དང་དཔའ་བ་དང་འཇིགས་སུ་རུང་བ༔ གསུང་རྒོད་པ་དང་གཤེ་བ་དང་རྔམ་པ༔ ཐུགས་སྙིང་རྗེ་ཆེ་བ་དང་ཞི་བ་དང་འབར་བ་སྟེ་གར་གྱི་ཉམས་དགུ་གསལ་བ༔ སྐུ་ལ་རྡོ་རྗེའི་གོ་ཁྲབ་གསོལ་བའི་བར་མཚམས་ན་ལྕགས་ཀྱི་སྡིག་པ་ནག་པོ་ཕྲ་མོས་གཏམས་པ༔ རང་འོད་ཀྱི་རིག་མ་ཡུམ་ཆེན་རྡོ་རྗེ་ཕག་མོ་མཐིང་ནག་འཁྲིལ་བ༔ ཕྱག་གཡས་གྲི་གུག་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་གཡོན་པས་ཐོད་ཁྲག་ཡབ་ཀྱི་ཞལ་དུ་སྟོབ་པ༔ ཞབས་གཡས་བརྐྱང་ཞིང་གཡོན་བསྐུམས་པས་ཡབ་དང་ཞལ་སྦྱོར་བ༔ དེ་ལྟར་ཡབ་ཡུམ་གྱི་སྐུར་གསལ་བའི་ཡབ་ཀྱི་སྐུ་ཕྱི་དར་དམར་གྱི་གུར་ཕུབ་པ་ལྟ་བུ་ལ་ནང་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟ་བུར་


CMR009_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ༔ དེ་ཡང་ལས་བྱང་འདི་རང་གི་བསྐྱེད་པ་མ་ཧཱ་ཡོ་གའི་ལུགས་ཡིན་པས༔ སྐུ་ལུས་ཀྱི་ནང་དུ་རྩ་འཁོར་སོགས་སྒོམ་དགོས་པ་ནི་མ་ཡིན་ནོ༔ དེ་གཏེར་སྟོན་སྐུ་ཚེའི་སྟོད་ལ༔ མཁར་ཆུ་དཔལ་གྱི་ཕུག་རིང་ནས་དྲག་པོའི་ཆོས་སྐོར་རྣམས་གཏེར་ནས་བཏོན་ཏེ༔ དེ་ལ་ལས་བྱང་ལ་སབ་རྒྱུའི་གོ་ཆ་ལྷ་ལྔ་ནི་མེད་པར་འདུག་པས་གཏེར་སྟོན་ཉིད་ཀྱིས་མཛད་པའི་ཉུང་ངུ་ཞིག་དང་༔ ཡང་ཟུར་མང་གི་བླ་མ་ཞིག་གིས་མཛད་པ་དེ་ལས་མང་ཙམ་ཡོད་པ་ཟུར་མང་གི་ཆོས་རྒྱུད་རྣམས་ལ་དར༔ གཏེར་སྟོན་སྐུ་ན་བགྲེས་པོའི་དུས༔ ཙཱ་རིའི་དམར་ནག་རཀྟ་མཚོ་ནས་ཤོག་དྲིལ་གཅིག་ཐོན་པ་གོ་ཆ་ལྷ་ལྔ་རྒྱན་གྱི་ཤོག་དྲིལ་འདི་ཡིན༔ འདིའི་ཡིག་ཆུང་རྣམས་ནི་དོན་གསལ་བས་བཀྲོལ་མ་དགོས༔ དཔལ་ཆེན་ཧེ་རུ་ཀཱ་ཁྲོས་པའི་རྒྱལ་པོ་པདྨ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ སྲུ་བཙའི་གོ་ཆ་བཙན་པའི་རྫོང་ཆེན་བསྟན༔ དཔའ་བའི་ངར་ཆེན་རྣོ་བའི་མཚོན་ཆ་ཐོགས༔ གུ་རུ་དྲུག་པོ་མེ་ཀློང་འཁྱིལ་པ་ཡི༔ ཁོག་པའི་སྙིང་འདུ་གྲོ་ཆུ་ལྷ་ལྟ་འདཱི༔ གཞོ་སྟོད་ཏི་སྒྲོ་གསང་བའི་གནས་མཆོག་ཏུ༔ སྣང་སྲིད་སྤྱི་འདུལ་པདྨ་འབྱུང་གནས་ལ༔ བདག་འདྲ་བུད་མེད་ཡེ་


CMR009_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་མཚོ་རྒྱལ་གྱིས༔ མ་འོངས་སྐལ་ལྡན་ལས་འཕྲོ་ཅན་གྱི་དོན༔ གསེར་གྱི་མཎྜལ་ཕུལ་ནས་ཡང་ཡང་ཞུས༔ ཡི་གེ་མི་དགོས་སྙན་བརྒྱུད་དྲུག་ཏུ་འཛིན༔ ཅེས་གསུངས༔ བདག་ཉིད་མངོན་རྫོགས་རྒྱལ་པོར་བསྒོམ་དགོས་པ་ལ༔ དཔེར་ན་ས་མདོར་རྫོང་བཙུན་པོ་དངའདུ་བ་ལ༔ དེ་ལ་གཅེས་པའི་རྫོང་དེ་སྲུང་བའི་དཔའ་བོ་གྲྭ་ཁྲུབ་ཅན་ཞིག་དགོས༔ དེའི་ཕྱིར་ན་གུ་རུ་དྲག་པོའི་ལྷན་ཐབས་སུ་བཀྲད༔ ཅེས་པ་ནས༔ བདག་ཉིད་དྲག་པོ་སྐུ་སྟོང་ཞིང་གསལ་བའི་ཐུགས་ཀ་རུ༔ ཐུགས་རིན་པོ་ཆེ་འབར་བ་འོད་ཀྱི་གུར་ཁང་གི་རྣམ་པའི་དབུས་ཉིད་དུ༔ གསེར་གྱི་མཆོད་རྟེན་སེར་པོར་སྒོམ་པ་ནི༔ འོག་ཏུ་རི་རབ་ཀྱི་བང་རིམ་སེང་ཁྲི༔ དེ་སྟེང་བང་རིམ་བཞི་བུམ་གདན་བུམ་པ་བྲཱ༔ ཆོས་ཀྱི་འཁོར་ལོ་གདུགས་ཏོག་དང་བཅས་པ༔ བྱང་ཆུབ་ཆེན་པོའི་མཆོད་རྟེན་འོད་ཟེར་ཉི་མ་ལྟར་འབར་བ༔ དེའི་བུམ་པའི་དབུས་ཉི་མ་དང་ཟླ་བའི་གདན་གྱི་སྟེང་དུ༔ ཡེ་ཤེས་སེམས་དཔའ་བཛྲ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཞལ་གཅིག་སྤྱན་གསུམ་ཁྲོ་ཞིང་འཛུམ་པ་དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་བ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་


CMR009_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ༔ སྐུ་ལ་རུས་པ་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ༔ འདི་དང་ཆེ་མཆོག་དང་བཛྲ་ཧེ་རུ་ཀ་རྡོ་རྗེ་འཆང་རྣམས་དོན་གཅིག༔ དེའི་ཐུགས་ཀ་རུ་པདྨ་ཉི་ཟླའི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་ལྟ་པ་གྱེན་དུ་འགྲེང་བའི་ལྟེ་བ་ལ༔ ཐིག་ལེ་དཀར་དམར་མཚོན་པས་ཉི་མ་འོག་དང་ཟླ་བ་སྟེང་དུ་སྒྲུབ་པའི་གའུ་ཁ་སྦྱོར༔ དེའི་དབུས་སུ་ཡང་ཉི་མའི་གདན་གྱི་སྟེང་དུ་དྲག་པོའི་ཐུགས་སྲོག་ཧཱུྃ་དམར་པོ་བྱི་རུའི་མདོག་ཅན༔ ཡིག་མགོའི་ངོས་དེ་མདུན་ཡིན་པས་སྔོན་དུ་བསྟན༔ ཧ་ཡི་ཁུགས་སོ་སྒལ་ཚིགས་ངོས་ལ་བསྟན་ཏེ༔ སྤང་ལ་ཕུར་པ་བཏབ་པ་ལྟར་གཡོ་འགུལ་མེད་པར་འགྲེང་སྟེ་གནས་པར་བསྒོམ་པས་སེམས་རླུང་སོགས་མི་འོང་བའི་གནད༔ ཧཱུྃ་གི་ཐིག་ལེའི་ནང་དུ་བླ་མ་རྡོ་རྗེ་འཆང་གི་ཆ་ལུགས་སུ་བསྒོམ་པས་རང་ལ་བྱིན་རླབས་འཇུག་པའི་གནད༔ དེའི་འཁོར་དུ་རང་ལ་དྲིན་ཆེ་བའི་བླ་མ་རྣམས་ཀྱིས་བསྐོར་བར་བསྒོམ་པས་ཁོང་རྣམས་ཀྱི་སྐུ་རིམ་དུ་འགྱུར་བའི་གནད༔ ཧཱུྃ་གི་ཟླ་ཚེས་ཀྱི་ནང་དུ་སྤྱན་རས་གཟིགས་སོགས་རང་གི་ཡི་དམ་གཙོ་བོ་གཞན་ཞིག་ལ་རང་གི་ཡི་དམ་ཐམས་ཅད་ཀྱིས་


CMR009_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་བར་བསྒོམས་པས་ཡི་དམ་སྤྱོང་བློང་མི་འོང་ཞིང་དངོས་གྲུབ་མྱུར་དུ་ཐོབ་པའི་གནད༔ ཧཱུྃ་ཡིག་ནི་དཔེར་ན་ཟངས་སྨྲའི་སྦྲ་གུ་ཀུག་ནས་ཧཱུྃ་ཡིག་བཟོས་པ་ལྟ་བུའི་ནང་སྟོང་པ་ཡིན་ཏེ༔ ཧཱུྃ་གི་མགོ་སྐྱེའི་ནང་དུ་ཕག་མོ་སོགས་མཁའ་འགྲོ་རིགས་ཀྱི་ཡི་དམ་བསྒོམ་ཡང་རུང་༔ ཧ་ཁོག་པའི་ནང་དེར་རང་གི་བླ་སྲོག་རྣམ་ཤེས་ཀྱི་ངོ་བོ་ནཱཾ་ཡིག་ལྗང་གུའི་ནི་མིག་ཏུ་ཨ་ཡིག་དཀར་པོས་མཚན་པ་ནི་རང་བསྲུང་བའི་གནད༔ དེའི་མཐའ་བསྐོར་དུ་རང་གི་བུ་སློབ་དང་གཉེན་འདུན་ཡོན་བདག་སོགས་དམ་ཚིག་ལ་སེལ་མེད་ཅིང་ངོ་ལོག་བྱེད་དོགས་མེད་པ་རྣམ་བསྒོམ་སྟེ༔ དེ་དག་ཀྱང་ཡི་དམ་ལྷའི་སྐུར་སྒོམ་པ་དང་༔ མིང་ཡིག་དང་པོ་བསྒོམས་ནས་དེ་ལ་བསྟིམ་པ་དང་༔ ཐ་མལ་པའི་གཟུགས་དངོས་སུ་སྒོམ་པ་གསུམ་ལས་ཐ་མལ་པ་སྒོམ་པ་དེ་ཕན་ཆེ༔ ཕོ་ཐམས་ཅད་གཡས་མོ་ཐམས་ཅད་གཡོན་ཞིང་ཁང་སྦྲ་གུར་སོགས་རྒྱབ༔ ཟས་ནོར་རྣམས་ནི་ཡིག་གི་མདུན་དུ་སྒོམ་པའོ༔ ཧཱུྃ་གི་འ་ཆུང་གི་ནང་དུ་རང་གི་ཆོས་སྐྱོང་གལ་ཆེ་རིམ་རྣམས་སྒོམ་པས་ལྷ་དབྱེའི་མི་ཚུགས༔ ཧཱུྃ་གི་ཞབས་ཀྱུའི་ནང་དུ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཡིག་མགོ་ཐུར་བསྟན་སྤུས་བྲིས་པ་ཙམ་བསྒོམས་


CMR009_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

པས་འཁུ་ལྡོག་མི་འོང་བའི་གནད་དེ༔ སྡེ་བརྒྱད་ཀྱི་སྲོག་རང་གི་ཐུགས་ཀར་ཡོད་པས་རང་སྲོག་རང་གིས་མི་གཅོད་པ་བུ་རྟིས་བཟུང་བ་ལྟ་བུའོ༔ དེ་ལྟར་ཧཱུཾ་ཡིག་གི་ནང་དུ་དེ་རྣམས་མི་ཤོང་སྙམ་ན༔ དངོས་པོ་གཟུགས་ཅན་སྣོད་དུ་བཅུག་པ་ལྟ་བུ་ཡིན་ན་མི་ཤོང་བ་བདེན་ཏེ༔ འདི་ཡིད་ལ་བསམ་པས་ཆོག་པས་བསམ་མི་རུང་བ་ཅི་ཡོད༔ བསམས་པས་ཆོག་གམ་ཞེ་ན༔ རྒྱ་གཞུང་གི་སྒྲུབ་ཐབས་རྣམས་ལའང་སྒོམ་ཟེར་བ་ལ་བསམ་ཟེར་བ་ཡོད་པས་སྒོམ་པ་དང་བསམ་པ་དོན་གཅིག་སྟེ༔ དེ་ལྟར་དངོས་སུ་མི་ཤོང་བ་རྣམས་ཤོང་བར་བསྒོམ་པས་ཅི་འོང་སྙམ་ན་སྟོང་གསུམ་ཡུངས་འབྲུར་ཚུད་པ་དང་ནམ་མཁའ་ལག་མཐིལ་མཉམ་པའི་རྫུ་འཕྲུལ་དེ་འཐོབ་པའི་རྒྱུར་འགྱུར་རོ༔ དེ་ནས་ཧཱུྃ་ཡིག་དམར་པོའི་མཐར་ཉི་མའི་སྟེང་དུ་རྩ་བའི་སྔགས་ཨ་ཅིག་གི་ཡི་གེའི་ངོ་ཕྱིར་བསྟན་གཡོན་སྐོར་གྱིས་བསྐོར་བ༔ ཡི་གེ་ཐམས་ཅད་ལངས་ཏེ་གནས་པ༔ དཔེར་ན་བྱི་རུའི་ལག་རྩ་སྐོར་རྡོག་པོ་ཉི་ཤུ་རྩ་གཅིག་ཧཱུྃ་གི་མཐའ་སྐོར་དུ་བཞག་པ་ལྟ་བུ་གཅིག་བསམ༔ ཡབ་ཀྱི་དབུས་ཞལ་སྤྱི་གཙུག་རལ་པ་སྤྲིན་ལྟར་གཏིབས་པའི་སྐྲ་གསེབ་ཏུ༔ པདྨ་འབྱུང་གནས་སྐུ་མདོག་མཐིང་


CMR009_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ནག༔ སྤྱན་གསུམ་དབུ་སྐྲ་ཐོར་ཅོག་ལ་མཆེ་བ་ཅུང་ཟད་གཙིགས་པ༔ ཕྱག་གཡས་ཁུཊཾ་ནཱམ་མཁའ་ལ་གཡུག་ཅིང་༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྐྱིལ་བ༔ གྲུ་མོ་གཡས་པ་ན་གསེར་གྱི་ཌཱ་མ་རུ་བཀལ་བ་སྐུ་གཅེར་བུར་སྟག་གི་ཤམ་ཐབས༔ ཞབས་གཉིས་བཞེངས་པའི་སྟབས་སུ་བཞུགས་པ་སྐུ་ལ་རུས་པའི་རྒྱན་དྲུག་གསོལ་བ་ཞལ་ནཱས་ཧཱུྃ་ཧཱུྃ་ཕཊ་ཕཊབློ་བྷོ་དང་ནི༔ ཕོ་ཝེ་ཨ་ར་ལིའི་སྒྲ་སྒྲོག་ཅིང་དེའི་འཁོར་དུ་རང་གི་དད་མོས་གང་ཡོད་ཀྱི་བླ་མ་ཐམས་ཅད་དང་༔ རྒྱ་གར་གྱི་རིག་འཛིན་བརྒྱད་སོགས་གྲུབ་ཆེན་བརྒྱད་ཅུ༔ རྗེ་འབངས་ཉེར་ལྔ་གཏེར་སྟོན་བརྒྱ་རྩ༔ དབང་ལུང་ཁྲིད་རིམ་གང་ལས་ཐོབ་པའི་རྩ་བ་དང་བརྒྱུད་པར་བཅས་པ༔ ལྷ་ཡི་དམ་ཞི་བ་དང་ཁྲོ་བོ་རབ་འབྱམས་ཐམས་ཅད་དང་༔ ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་ཉི་ཤུ་རྩ་བཞི་དཔའ་མོ་ཉི་ཤུ་རྩ་བཞི་སོགས་འབུམ་ཕྲག་ཙམ་མོས་པ་ཙམ་དུ་བསྒོམ་སྟེ༔ སྤུ་གྲི་སྲོག་གཅོད་ལས༔ ནམ་མཁར་དགའ་རབ་རྡོ་རྗེ་ཤྲཱི་སེངྷ་ཁྲི་སྲོང་ལྡེའུ་བཙན་སོགས་བསྒོམ་གསུངས་པ་དང་དོན་གཅིག༔ བླ་མའི་རྣལ་འབྱོར་གྱི་དོན་ཚང་བས་ཉམས་རྟོགས་སྐྱེ་བ་དང་༔ དྲག་པོའི་སྒྲུབ་པ་


CMR009_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དྲག་སྔགས་ཡིན་པས་ནོན་དཀའ་བ་ནོན་པའི་གནད་ཡིན༔ གོ་ཆའི་མངོན་རྟོགས་རྣམས་ཀྱི་ཚིག་མཇུག་འདིར༔ སྤྲོ་བསྡུའི་དམིགས་པ་རེ་བཤད་པ་ནི༔ འདིར་ཚར་གཅིག་འདོན་ཆེ་སྒོམ་ལུང་མེད་པས་རྗེས་ནས་སོ་སོའི་བསྙེན་པའི་སྐབས་སུ་སྒོམ་པ་ཕྱག་ལེན་ཡིན་པས་འདིར་མི་བཤད༔ ཐོད་ཕྲེང་རྩལ་གྱི་སྤྱི་གཙུག་པད་ཉིའི་སྟེང་དུ༔ མཁའ་ལྡིང་ག་རུ་ཊ་སྐུ་མདོག་དཀར་པོ་གནམ་ལྕགཱས་འབར་བ་སྟེ་ཐོག་ལས་གྲུབ་པའི་མཆུ་དང་སྡེར་མོ་ཅན༔ ཡེ་ཤེས་ཀྱི་མེ་ལས་གྲུབ་པའི་གཤོག་པ་རྡེབ་ཅིང་རང་ལ་གནོད་པའི་ཀླུ་རིགས་ཐམས་ཅད་སྦྲུལ་རིགས་ལྔ་ཡི་རྣམ་པར་ཟས་སུ་ཟ་བ༔ སྤུ་རྣམས་སྤུ་གྲིའི་རྣམ་པ་སྤྲུགས་པས་རྡོ་རྗེའི་ཐོག་གིས་ཆར་ཆེན་པོ་འབེབས་པ་རྫུ་འཕྲུལ་སྟོབས་ཀྱིས་རི་ཡི་རྒྱལ་པོ་རི་རབ་ཀྱང་བསྙིལ་ཞིང་༔ ཉི་ཟླ་ཡང་ཚོགས་པོར་འཕེན་པའི་སྟོབས་དང་ལྡན་ཞིང་ཡེ་ཤེས་ཀྱི་ཁྲོ་རྒྱལ་ཆེན་པོ་བཅུ་དྲུག་དང་དགོངས་པ་མཉམ་པ༔ ཉེ་བའི་སྲས་བརྒྱད་སོགས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ༔ དེའི་སྤྱི་གཙུག་རྭ་བར་ནོར་བུའི་ཏོག་གིས་རྩེར་པདྨ་དམར་པོ་འདབ་མ་སྟོང་ལྡན་གྱི་ལྟེ་བ་དང་༔ འདབ་མ་རྣམས་ལ་ཉི་


CMR009_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཟླའི་གདན་རེ་རེའི་སྟེང་དུ༔ བཅོམ་ལྡན་འདས་པདྨ་རིགས་ཀྱི་བདག་པོ༔ སྣང་བ་མཐའ་ཡས་ནི་ཞལ་གཅིག་ཕྱག་གཉིས་སྐུ་མདོག་པདྨ་རཱ་ག་ལྟར་དམར་བ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་༔ ཕྱག་གཉིས་མཉམ་བཞག་གི་སྟེང་དུ་ཚེ་བུམ་འཛིན་པ་ལ་ལོངས་སྐུ་ཚེ་དཔག་མེད་པའམ་སྤྲུལ་སྐུ་ཆོས་གོས་ཅན་བསྒོམ་ཡང་རུང་བར་གསང་སྒྲུབ་ནས་གསུངས༔ འདབ་མ་སྟོང་ལ་བསྐལ་བཟང་གི་སངས་རྒྱས་སྟོང་གི་འཁོར་གྱིས་བསྐོར་བ་ཐམས་ཅད་ཀྱང་སྤྲུལ་སྐུ་གསེར་མདོག་གཡས་སྐྱབས་སྦྱིན་དང་གཡོན་ཚེ་བུམ་འཛིན་པ༔ དྲག་པོའི་ཞལ་དབུས༔ ཀླད་པ་དུང་ཁང་གི་གཞུལ་ཡས་སུ་གསེར་གྱི་འཁོར་ལོ་རྩིབས་བཞི་པའི་གདན་གྱི་དབུས་སུ༔ སྐུའི་ལྷ་འཕགས་པ་འཇམ་དཔལ་སྐུ་མདོག་སེར་པོ༔ ཁྲོ་བོའི་ཆ་ལུགས་ཞབས་གཉིས་བརྐྱང་བསྐུམ་འདོར་ཐབས་སུ་བཞེངས་པ༔ ཕྱག་གཡས་ཤེས་རབ་ཀྱི་རལ་གྲི་ནམ་མཁར་ཕྱུར་ཞིང་༔ གཡོན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་ཐུགས་ཀར་འཛིན་པ༔ དཔལ་གྱི་ཆས་བཅུ་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ༔ དེའི་དཔྲལ་བར་སངས་རྒྱས་ཐམས་ཅད་ཀྱི་སྐུའི་ངོ་བོ་ཨཱོཾ་


CMR009_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོས་མཚན་པར་བསྒོམ༔ དྲག་པོའི་མགྲིན་པ་སྟེ༔ རྐན་ཕུག་ཏུ་པདྨ་འདབ་བཞིའི་དབུས་སུ༔ པདྨ་གསུང་གི་ལྷ་མཆོག་རྟ་མགྲིན་ནི༔ སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་དབུའི་གཙུག་ན་རྟ་མགོ་ལྗང་ཞུར་རྟ་སྐད་ཕྱོགས་བཅུར་འཚེར་བ༔ རྟོག་མ་ལེ་བརྒན་ཏེ་དམར་སྨུག་ལ་མེ་དཔུང་འབར་བ༔ ཕྱག་གཡས་རྡོ་རྗེས་མཚན་པའི་མི་མགོའི་དབྱུག་པ་ཕྱར་བ༔ གཡོན་པས་སྡིགས་མཛུབ་དང་བཅས་པའི་སྦྲུལ་ཞགས་བསྣམས་པ༔ ཞབས་གཉིས་གཡོན་བརྐྱང་གཡས་བསྐུམ་པའི་འདོར་ཐབས་སུ་བཞེངས་པ༔ མི་ལྤགས་ཀྱི་གཡང་གཞི་དང་སྟག་ལྤགས་ཀྱི་ཤཱམ་ཐབས་དང་རུས་པའི་རྒྱན་དྲུག་སོགས་ཀྱིས་སྤྲས་པ༔ དེའི་མགྲིན་པར་པདྨ་དམར་པོའི་ཟེའུ་འབྲུ་ལ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེའི་ངོ་བོ་ཨཱཙྪདམར་པོས་མཚན་པ༔ དྲག་པོའི་ཐུགས་ཀར་མཆོད་རྟེན་གྱི་བུམ་པའི་ནང་དུ༔ ཡེ་ཤེས་སེམས་དཔའི་ཕྱི་ཡེ་ཤེས་སེམས་དཔའ་ནི་གསང་བདག་གི་ནང་དུ་བཞུགས་པ་སྟེ༔ ཕྱག་ན་རྡོ་རྗེ་ཐུགས་ཀྱི་ལྷ་ནི་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་ནམ་མཁར་གསོར་ཞིང་གཡོན་པས་སྡིགས་མཛུབ་


CMR009_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་བསྒྲེངས་བའི་རྩེ་ནས་བྱ་ཁྱུང་ཁྲ་ཐབས་སུ་འགྱེད་པ༔ ཞབས་འདོར་ཐབས་སུ་བསྒྲད་ཅིང་༔ ཀླུ་བརྒྱད་ཀྱི་ངོ་བོ་སྤྲུལ་བརྒྱུད་ཀྱི་ཡན་ལག་བརྒྱན་ཅིང་། དོ་ཤལ་དང་དར་སྔོན་པོའི་སྟོད་གཡོགས་དང་༔ སྟག་གི་ཤཱམ་ཐབས་ཅན༔ ཐོད་སྐམ་དང་རིན་པོ་ཆེའི་དབུ་བརྒྱན་ཅན༔ ཤིན་ཏུ་ཁྲོ་ཞིང་གཏུམ་པའི་ཆ་ལུགས་ལ༔ སྐུ་གནོད་སྦྱིན་ཁྲོས་པའི་ཆ་ལུགས་ཐུང་ལ་སྒེག་པ༔ དེའི་ཐུགས་ཀའི་སྟོད་དུ་ཡེ་ཤེས་སེམས་དཔའ་བཞུགས་པའི༔ ཐུགས་ཀའི་ཆ་སྨད་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ངོ་བོ་ཧཱུྃ་མཐིང་ནག་གིས་མཚན་པར་བསྒོམ༔ དྲག་པོའི་ལྟེ་བར་སྤྲུལ་པའི་འཁོར་ལོ་ཆོས་འབྱུང་དམར་པོ་ཟུར་དྲུག་གི་སྟེང་དུ༔ པདྨ་འདབ་མ་བཞི་པའི་ཟེའུ་འབྲུ་དང་བཅས་པའི་འདབ་མ་བཞིར་ཉི་མའི་གདན་རེ་རེ་སྟེ༔ དབུས་སུ་རྣམ་རྟོག་མེད་པ་མཚོན་པའི་རོ་མགོ་བོ་གཡས་སུ་བསྟན་པའི་གདན་སྟེང་དུ༔ བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ཉན་ཐོས་དང་རང་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་བསྐྱེད་པའི་ཡུམ་ནི་སྐུ་མདོག་མཐིང་ནག་ཞལ་གཅིག་སྤྱན་གསུམ་


CMR009_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་སྐྲ་ཐོར་ཚུགས་ལ་ཕག་ཞལ་མཐིང་ནག༔ ཕག་ཟེ་ལ་མེ་འབར་ཞིང་ངུར་སྒྲ་འབྲུག་ལྟར་སྒྲོག་པ༔ ཕྱག་གཡས་རྣམ་རྟོག་གཅོད་པར་བྱེད་པའི་གྲི་གུག་ཕྱུར་ཞིང་༔ གཡོན་པས་ཐོད་ཁྲག་ཐུགས་ཀར་དངོས་གྲུབ་བཅུད་ཀྱི་ངོ་བོར་རྒྱ་མཚོར་བསྐྱིལ་བ༔ གྲུ་མོར་ཡབ་ཧེ་རུ་ཀའི་ངོ་བོར་ཁ་ཊཾ་གྱེན་དུ་བསླང་བ༔ ཞབས་གཡས་བསྐུམ་པ་འཁོར་བའི་སྒོ་བཀག་པའི་ཕྱིར་རྟིང་པ་བྷ་གར་གཏད་པ༔ རང་དོན་ཞི་བདེར་མི་གནས་པའི་ཕྱིར་ཞབས་གཡོན་བརྐྱང་པ་རོའི་སྙིང་ཁར་བརྫི་ས་པ་སྐྱིལ་ཀྲུང་ཕྱེད་པའི་གར་ཐབས་སུ་བཞེངས་པས༔ སྐུ་ལ་རུས་པའི་རྒྱན་ཆ་དྲུག་དང་དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བ༔ དེའི་ཤར་དུ་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་དཀར་མོ་གཡས་རྡོ་རྗེས་མཚན་པའི་གྲི་གུག་ནཱམ་མཁའ་ལ་ཕྱར་བ༔ ལྷོར་རིན་ཆེན་མཁའ་འགྲོ་མ་སྐུ་མདོག་སེར་མོ་གཡས་རིན་པོ་ཆེས་མཚན་པའི་གྲི་གུག༔ ནུབ་ཏུ་པདྨ་མཁའ་འགྲོ་མ་སྐུ་མདོག་དམར་མོ་གཡས་པདྨས་མཚན་པའི་གྲི་གུག༔ བྱང་དུ་ལས་ཀྱི་མཁའ་འགྲོ་མ་སྐུ་མདོག་ལྗང་མོ་གཡས་རྒྱ་གྲམ་གྱིས་མཚན་པའི་གྲི་གུག༔ འཁོར་བཞི་ཀའང་རྒྱནཱ་དང་ཆ་ལུགས་གཙོ་མོ་དྭང་མཐུན་པར་བསྒོམ༔ རང་


CMR009_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཀྱི་སྙིང་པོ་ནི༔ གཙོ་མོའི་ཐུགས་ཀར་ཧཱུྃ་ཧི༔ མཾ་བ་བཞི་པོ་གང་རུང་བསྒོམ་ཡང་རུང་མོད་ཀྱི༔ མ་མཐིང་ནག༔ རྡོ་རྗེ་མཁའ་འགྲོ་ལ་ཧ་དཀར་པོ༔ རིན་ཆེན་མཁའ་འགྲོ་ལ་རི་སེར་པོ༔ པདྨ་མཁའ་འགྲོ་ལ་ནི་དམར་པོ༔ ལས་ཀྱི་མཁའ་འགྲོ་ལ་ས་ལྗང་གུ་བསམ༔ དྲག་པོའི་གསང་གནས་བདེ་སྐྱོང་གི་འཁོར་ལོ་གྲུ་གསུམ་ཨེ་ཡི་དབྱིབས་གདན་ཐབས་ཀྱི་དབུས་སུ༔ ཁྲོ་བོ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་རང་བཞིན་ཕྱག་ན་རྡོ་རྗེའི་སྐུའི་སྤྲུལ་པ་གནོད་སྦྱིན་གོས་སྔོན་ཅན་ཞེས་ཀྱང་བྱ༔ གནོད་སྦྱིན་རྡོ་རྗེ་འཆང་བ་ཞེས་ཀྱང་བྱ༔ རི་རབ་ཀྱི་རྩེའི་ཕྱོགས་བཞི་ན་ལྔ་བརྒྱ་ཚན་བཞི་གནས་པར་བཤད་པ་ངོ་བོ་དེ་ཉིད་ཡིན་པ་ལ༔ ཟུར་ཆག་གི་སྐད་དུ་ཡཀྵ༔ བོད་སྐད་དུ་གནོད་སྦྱིན་གདུག་རྩུབ་ཆེ་བས་མེའི་དབལ་དང་ལྡན་པ་ནི༔ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་ཞལ་གདངས་ཤིང་ལྗགས་འདྲིལ་བ་མཆེ་བ་སྟག་གཟིག་གི་སོ་ལྟར་གཙིགས་པ༔ ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་ཁ་གདེངས་པ་ནམ་མཁའ་ལ་ཕྱར་ཞིང་༔ གཡོན་པས་ཁྲོ་ཆུའི་ཐོ་བས་གནོད་བྱེད་ཀྱི་ཀླད་པ་འཇོམས་པ༔ མེའི་ཞགས་པ་བསྣམས་པས་གནོད་བྱེད་


CMR009_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

འཆིང་བ༔ སྐུ་སྟོད་ལ་བསྐལ་པའི་མེ་དཔུང་འབར་ཞིང་མཆེད་པ༔ སྐུ་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས་ལ་སོགས་པ་སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བ༔ སྐུ་ལས་སྤྲུལ་པའི་ཁྲོ་ཚོགས་སེར་རྒོད་ལྟར་འབེབས་པ༔ དེའི་ཐུགས་ཀར་ཧཱུྃ་མཐིང་ནག་གིས་མཚན་པར་བསམ༔ དེ་ལྟར་གོ་ཆའི་ལྷ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་གསལ་བར་སྒོམ་པ་ནི་བདག་མདུན་བུམ་པ་གཏོར་མ་ལྷར་བསྐྱེད་པ་སོ་སོར་དུས་གཅིག་ལ་གསལ་བཏབ༔ དེ་ལྟར་རྣམ་པ་གསལ་བར་བསྒོམ་ཞིང་༔ ཁྱད་པར་བདག་བསྐྱེད་ལ་རྣམ་དག་དྲན་པ་གལ་ཆེ་བས༔ རང་གི་རྣམ་ཤེས་དང་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ཀྱི་ཕུང་པོ་ལྔ་ནི༔ གདོད་མ་ནས་དཔའ་བོ་དྲག་པོ་རིགས་ལྔའི་ངོ་བོ་ཡིན་ལ༔ རང་གི་ཤ་དང་ཁྲག་དང་དྲོད་དང་དབུགས་དང་ཁམས་བཞི་ལུས་ཀྱི་སྦྱབ་སྟོང་པ་དང་ལྔ་ནི༔ ཡུམ་ཁྲོས་མ་ལ་སོགས་པ་དཔའ་མོ་ལྔའི་ཚོགས་ཡིན་པར་ཤེས་པས༔ ཁྲག་དང་ཆུ་ཁམས་ཀྱིས་ཞི་བ༔ ཤ་དང་ས་ཁམས་ཀྱིས་རྒྱས་པ༔ དྲོད་དང་མེ་ཁམས་ཀྱིས་དབང་༔ དབུགས་དང་རླུང་ཁམས་ཀྱིས་དྲག་པོའི་ཕྲིན་ལས་ལྷུན་གྱིས་གྲུབ་པ་སྟེ༔ གཞུང་ཚིག་ནི༔ ཕུང་པོ་ལྔ་དང་


CMR009_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་བསྡུས་པ་རྣམས༔ དེ་བཞིན་རྡོ་རྗེ་རིན་ཆེན་པདྨ་དང་༔ ལས་ཀྱི་རིགས་ཀྱི་དཔའ་བོ་དཔའ་མོའི་ཚོགས༔ གདོད་ནས་མ་སྐྱེས་རང་བཞིན་ལྷུན་གྱིས་གྲུབ༔ ཞི་རྒྱས་དབང་དྲག་ཕྲིན་ལས་ལྷུན་གྱིས་གྲུབ༔ ཞི་རྒྱས་དབང་དྲག་ཕྲིན་ལས་ལྷུན་གྱིས་གྲུབ༔ དེ་ལྟར་རང་གི་ལུས་ལ་དཀྱིལ་འཁོར་གྱི་ལྷ་ཡང་ཚང་བ་ཡིན༔ གཞལ་ཡས་ཁང་ཡང་ཚང་སྟེ་ལུས་འདོམ་གང་ནི་གྲུ་བཞི༔ ཁ་སྣ་གསང་བཤང་བཞི་ནི་སྒོ་བཞི་པགས་པ་ནི་ཡེ་ཤེས་ལྔའི་རང་བཞིན་རྩིག་པ་རིམ་པ་ལྟ་དང་འཇའ་དང་འོད་ཀྱི་རང་བཞིན་མེ་རི་ཁ་དོག་ལྟ༔ ལུས་འདི་སྐུ་གསུམ་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་རྒྱན་རྟ་བབས་ཡོངས་སུ་རྫོགས་པ༔ སྟེང་ན་སྐུ་གདུང་མཆོད་རྟེན་འབར་བའི་དབྱིབས་ལ་བ་སྤུ་རྣམས་ཆོས་ཀྱི་འཁོར་ལོ༔ རི་དྭགས་ཆོས་ཉན་དང་གདུགས་ཀྱི་སྟེང་དུ་ནོར་བུའི་ཏོག་འོད་འབར་བ༔ དེ་རྣམས་ཀྱི་དོན་ལུས་ལ་ཚང་བར་ཤེས་པར་བྱ་ཞིང་༔ དེ་དང་དེར་སྒོམ་དགོས་རྒྱུ་ནི་མིན༔ དེ་ལྟར་བདག་བསྐྱེད་དྲག་པོའི་སྐུར་གསལ་བའི་བ་སྤུའི་རྩེ་ནས༔ མེའི་ཚྭ་ཚྭ་སེར་བ་འབེབས་པ་ལྟར་འཕྲོས་པས་ཕྱོགས་བཅུ་རྣམས་ཀུན་ཏུ་འཁྲིགས་པ་སྟེ༔ སྒྲུབ་པ་ལ་བར་ཆད་བྱེད་པའི་བགེགས་དང་ཉུལ་ལེ་


CMR009_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཉེ་མི་ནུས་པས་རང་གི་སྐུ་ལ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་གོ་ཁྲབ་ཧཱུྃ་ཡིག་དམར་པོའི་ཐག་པས་རྒྱུན་པར་གསོལ་བའི༔ རྒྱུ་གྲམ་གྱི་དྲྭ་མིག་རྣམས་སུ་ལྕགས་ཀྱི་སྡིག་པ་ནག་པོ་ཕྲ་མོ་ནས་འབྲས་ཙམ་གྱིས་གཏམས་པ་ནི༔ ནང་གི་བར་ཆད་བསྲུང་བའོ༔ ཞེས་པ་ནཱས༔ གུ་རུ་དྲག་པོ་མེ་རླུང་འཁྱིལ་བ་ཡི༔ ཐུགས་ཀྱི་ཡང་སྙིང་རྡོ་རྗེའི་ཕྲེང་བ་འདི་བདག་འདྲ་བུད་མེད་མཁར་ཆེན་མཚོ་རྒྱལ་གྱིས༔ སྐལ་ལྡན་ལས་ཅན་དོན་དུ་གཏེར་དུ་སྡུས༔ སྤུ་གྲི་མཆེད་གསུམ་གཏེར་གྱི་སྲུང་མར་བཅོལ༔ དགེ་བསྙེན་མཁའ་རི་ཕྱི་ཡི་བྱུ་ར་བ༔ ཐུབ་པར་སྲུངས་ཤིག་དུས་ལ་མ་བབ་བར༔ ས་མཱ་ཡ༔ རྒྱ་རྒྱ་རྒྱ༔ དུས་མཐུའི་གཏེར་སྟོན་འགྲོ་འདུལ་གླིང་ལ་གཏོད༔ ཀུན་ལ་གཅེས་པ་ལུས་ཡིན་ཏེ༔ ལུས་ལ་གཙེས་པ་སྙིང་ཡིན་ནོ༔ སྙིང་གི་དྭངས་མ་ཁྲག་དྭང་འདྲ༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མཱ་ཡ༔ གཏེར་སྟོན་རཏྣ་གླིང་པས་ཙཱ་རིའི་གསང་མཚོ་དམར་ནག་རཀྟའི་གཏེར་མའོ༔ ་༈ དེ་ནས་འཁོར་གྱི་ལྷ་བསྐྱེད་པ་ནི༔ བུམ་བསྐྱེད་དང་མདུན་བསྐྱེད་ཀྱི་ཚེ་འཁོར་རྣམས་གཞུང་ལྟར་དྲན་རྫོགས་སུ་སྒོམ་པས་ཆོག༔ བདག་བསྐྱེད་ཀྱི་ཚེ་


CMR009_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དེས་མི་ཆོག་སྟེ༔ གཞུང་ཚིག་ལས༔ ཡབ་ཡུམ་གསལ་བའི་ཐུགས་ཀ་ནས༔ ཕྱོགས་བཞི་འཁོར་ལོ་རྩིབས་བཞིའི་སྟེང་༔ ཞེས་པ་འདི་ལ་དོན་རྒྱས་འབྲིང་བསྡུས་གསུམ་ཡོད་དེ༔ གཙོ་བོ་ཡབ་ཡུམ་གཉིས་སྦྱོར་བ་བྱས་པས༔ བདེ་བའི་སྒྲ་ཧ་ཧ་སི་སི་ཀུན་ཏུ་བཛྲ་དྷིཀ་ཅེས་པའི་སྒྲས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཁྲོ་བོ་ཁྲོ་མོ་ཐམས་ཅད་སྤྱན་དྲངས་ནས༔ ཡབ་རྣམས་ཡབ་ཞལ་དང་ཡུམ་རྣམས་ཡུམ་ཞལ་དུ་ཞུགས༔ བྱང་སེམས་དཀར་དམར་གྱི་ངོ་བོར་ཞུ༔ ཡབ་ཀྱི་རྡོ་རྗེའི་སྲུབ་ནས་ཡུམ་གྱི་གསང་བའི་པདྨར་བབས་པས༔ བྱང་སེམས་དཀར་དམར་འདྲེས་པའི་འཁོར་གྱི་ལྷ་རྣམས་སུ་གྱུར་པ༔ སྲས་ཀྱི་ཚུལ་དུ་གསང་བའི་སྦྱོར་མཚམས་ནས་སྤྲོས་ཏེ༔ ཕྱིའི་སོ་སོའི་གདན་ལ་བཞུགས་པར་སྒོམ་པ་ནི༔ རྒྱས་པ་མངལ་འབྱིན་གྱི་ལུགས་ཏེ་བླ་མེད་རྒྱུད་ཀྱི་དགོངས་པའོ༔ འབྲིང་གིས་རང་གཙོ་བོའི་ཐུགས་ཀ་ནས༔ འཁོར་ལྷ་རྣམས་རིམ་པར་སྤྲོས་ཏེ་གདན་ལ་འཁོད་པ་ནི་རྣལ་འབྱོར་རྒྱུད་ཀྱི་དགོངས་པའོ༔ བསྡུས་པ་སྦྱོར་མཚམས་ནས་སྤྲོའམ་ཐུགས་ཀ་ནས་སྤྲོ་ཡང་རུང་སྟེ༔ ས་བོན་སོ་སོའི་ཡིག་འབྲུ་སྤྲོ་བ་ལས་ལྷ་དེ་དང་དེའི་སྐུར་སྒོམ་


CMR009_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཏེ༔ མཁའ་འགྲོ་སྡེ་བཞི་ལ་ཧ་རི་ནི་ས་སྒོ་མ་བཞི་ལ་ཛཧཱུྃ་བཾ་ཧོ༔ གཞན་ཐམས་ཅད་ཧཱུྃ་རང་མདོག་ཡིན་ནོ༔ དབུས་ཀྱི་གཙོ་བོ་ཡབ་ཡུམ་ནི་གཟུགས་ཀྱི་ཕུང་པོ་དང་ནམ་མཁའ་རྣམ་པར་དག་པ༔ རྣམ་པར་སྣང་མཛད་དང་དབྱིངས་ཕྱུག་མའི་ངོ་བོ་ཡིན་ལ༔ དེ་ནི་དཀྱིལ་འཁོར་གྱི་དབུས་ཆོས་འབྱུང་པད་ཉི་རོའི་སྟེང་ན་བཞུགས་པ༔ དེ་རྒྱབ་ཏུ་དཀྱིལ་འཁོར་ཟླ་གམ་དམར་པོ་སྒོ་ཅིག་པ༔ དེ་ནི་གཟིམ་ཆུང་ལྟ་བུ་སྟེ༔ དཀྱིལ་འཁོར་དབུས་མ་ཟླ་གམ་སྒོ་གཅིག་གི་ནང་ན་གཙོ་བོ་ཡབ་ཡུམ་གཉིས་ལས་གཞན་མེད༔ དེ་རྒྱབ་དེའི་རྩིག་པའི་རྩ་བར་ཐོད་པའི་ཕྲེང་བས་བསྐོར་བ༔ དེ་རྒྱབ་རྩིབས་བཞི་དང་༔ བརྒྱད་དང་བཅུ་རྣམས་ནང་མ་རྣམས་ཅུང་ཟད་མཐོ་ཞིང་ཕྱི་མ་རྣམས་རིམ་གྱིས་དམའ་བ༔ སྟན་ཆེ་ཆུང་གསུམ་བརྩེགས་པ་ལྟ་བུའོ༔ འཁོར་ལོ་རྩིབས་བཞིའི་སྟེང་༔ ཤཱར་དུ་རྣམ་ཤེས་ཀྱི་ཕུང་པོ་དང་ཞེ་སྡང་རྣམ་པར་དག་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ངོ་བོ་རྡོ་རྗེ་དྲག་པོ་རྟུལ་སྐུ་མདོག་དཀར་པོ༔ ཕྱག་གཡས་ཞེ་སྡང་འཇོམས་པའི་རྡོ་རྗེ་ཕྱར་ཞིང་༔ གཡོན་ཞེ་སྡང་ལས་གྱུར་པའི་གདོན་རྣམས་འདུལ་བའི་གནམ་ལྕགས་ཀྱི་སྡིག་པ་གདེངས་ཐབས


CMR009_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འཛིན་པ༔ ལྷོར་ཚོར་བའི་ཕུང་པོ་དང་ང་རྒྱལ་རྣམ་པར་དག་པ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ར་དྲག་པོ་རྩལ༔ སྐུ་མདོག་སེར་ལ་ཅུང་ཟད་ནག་པའི་མདངས་ཅན༔ གཡས་ང་རྒྱལ་འཇོམས་པའི་རྡོ་རྗེ་ཕྱར་ཞིང་༔ གཡོན་ང་རྒྱལ་ལས་གྱུར་པའི་གདོན་རྣམས་འདུལ་བའི་སྡིག་པ་གདེངས་ཐབས་སུ་འཛིན་པ༔ ནུབ་ཏུ་འདུ་ཤེས་ཀྱི་ཕུང་པོ་དང་འདོད་ཆགས་རྣམ་པར་དག་པ་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་ངོ་བོ་པདྨ་དྲག་པོ་རྩལ༔ སྐུ་མདོག་དམར་པོ་གཡས་འདོད་ཆགས་འཇོམས་པའི་རྡོ་རྗེ་ཕྱར་ཞིང་༔ གཡོན་འདོད་ཆགས་ལས་གྱུར་པའི་གདོན་འདུལ་བའི་སྡིག་པ་གདེངས་ཐབས་སུ་འཛིན་པ༔ བྱང་དུ་འདུ་བྱེད་ཀྱི་ཕུང་པོ་དང་ཕྲག་དོག་རྣམ་པར་དག་པ་བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་ངོ་བོ་ཀརྨ་དྲག་པོ་རྩལ༔ སྐུ་མདོག་ལྗང་ནག་གཡས་ཕྲག་དོག་འཇོམས་པའི་རྡོ་རྗེ་ཕྱར་ཐབས་སུ་འཛིན་ཅིང་༔ གཡོན་ཕྲག་དོག་ལས་གྱུར་པའི་གདོན་འདུལ་བའི་སྡིག་པ་གདེངས་ཐབས་སུ་འཛིན་པ༔ དེ་ལྟར་དྲག་པོ་ལྷ་བཞི་ཀུན་ཀྱང་ཁྲོ་བོའི་ཆ་ལུགས་དང་ལྡན་ཞིང་༔ གཏུམ་ལ་རྔམ་ཞིང་བརྗིད་པ་སོགས་འབར་བའི་གར་དགུ་


CMR009_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་ཞིང་༔ དུར་ཁྲོད་ཀྱི་ཆས་བརྒྱད་དང་དཔལ་གྱི་ཆས་བཅུ་རྫོགས་པ་ཡེ་ཤེས་ཀྱི་མེ་འབར་བའི་སྐུར་བསྒོམ༔ དེའི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ༔ ཤཱར་དུ་ཆུ་ཁམས་དང་ཁྲག་རྣམ་པར་དག་པ་མེ་ལོང་ཡེ་ཤེས་ཀྱི་ངོ་བོ༔ རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་དཀར་མོ་གཡས་རྡོ་རྗེའི་ཡུ་བ་བྱས་པའི་གྲི་གུག་དང་༔ གཡོན་ཐོད་ཁྲག་འཛིན་པ༔ ལྕོར་ས་ཁམས་དང་ཤ་རྣམ་པར་དག་པ༔ མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་རིན་ཆེན་མཁའ་འགྲོ་མ་སྐུ་མདོག་སེར་མོ༔ གཡས་རིན་པོ་ཆེས་ཡུ་བ་བྱས་པའི་གྲི་གུག་དང་༔ གཡོན་ཐོད་ཁྲག་འཛིན་པ༔ ནུབ་ཏུ་མེ་ཁམས་དང་དྲོད་རྣམ་པར་དག་པ་སོར་རྟོག་ཡེ་ཤེས་ཀྱི་ངོ་བོ་པདྨ་མཁའ་འགྲོ་མ༔ སྐུ་མདོག་དམར་མོ་གཡས་པདྨས་ཡུ་བ་བྱས་པའི་གྲི་གུག་དང་༔ གཡོན་ཐོད་ཁྲག་འཛིན་པ༔ བྱང་དུ་རླུང་ཁམས་དང་དབུགས་རྣམ་པར་དག་པ་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ༔ ཀརྨ་མཁའ་འགྲོ་མ་སྐུ་མདོག་ལྗང་ནཱག་གཡས་རྡོ་རྗེ་རྒྱ་གྲམ་གྱིས་ཡུ་བ་བྱས་པའི་གྲི་གུག་དང་༔ གཡོན་ཐོད་ཁྲག་འཛིན་པ༔ རིགས་བཞིའི་མཁའ་འགྲོ་དེ་དག་ཀུན་ཀྱང་དབུ་སྐྲ་སིལ་མས་སྐུ་རྒྱབ་ནོན་པོ༔ བཅུ་དྲུག་ལོན་པའི་ན་ཚོད་སྒྲིག་ཅིང་བཞད་པ་ཁྲོ་ཞིང་


CMR009_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

འཛུམ་པ༔ ཞབས་གཡས་བརྐྱང་ཞིང་གཡོན་བསྐུམས་པས་པད་ཉི་དང་རོའི་གདན་ལ་འདོར་ཐབས་སུ་བསྒྲད་པ༔ སྐུ་སྟོད་ལ་མི་ལྤགས་ཀྱི་གཡང་གཞིའི་ན་བཟའ་དང་༔ སྐུ་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས་གཉིས་ནི༔ གསར་པ་ཁྲག་དང་བཅས་པ༔ སྐུ་ལ་རུས་པའི་རྒྱན་དྲུག་ཁྲ་ཆེམས་སེ་སྤྲས་པར་བསྒོམ༔ ཤར་ལྷོར་དུས་མིན་འཆི་བ་དང་གཤིན་རྗེའི་ཕོ་ཉ་ཟློག་པའི་ལྷ༔ གཤིན་རྗེའི་གཤེད་ཚེ་བདག་སྐུ་མདོག་སེར་ལ་ནཱག་པའི་མདངས་ཅན་འོད་འབར་བ༔ ཕྱག་གཡས་འཁོར་ལོ་རྩིབས་བརྒྱད་བསྐོར་བས་གནོད་བྱེད་དུམ་བུར་གཏུབ་ཅིང་༔ གཡོན་ལྕགས་ཀྱུས་གནོད་བྱེད་ཀྱི་སྙིང་ནས་བཟུང་ཞིང་༔ ཞགས་པས་མགུལ་ནས་འཛིན་པ༔ ལྷོ་ནུབ་ཏུ་སྣང་སྲིད་ལྷ་འདྲེ་ཟིལ་གྱིས་གནོན་མཛད་ཐུགས་རྗེ་ཁྲོས་མ་ནག་མོ་སྒོམ་པ་ནི༔ སྐུ་མདོག་མཐིང་ནག་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་ཅིང་ཁུཊཾ་ག་ལ་འཁྱུད་ནས་གར་མཛད་པ༔ དབུ་སྐྲ་སྤྲིན་ལྟར་འཁྲིགས་པའི་གསེབ་ནས་ཕག་སྐད་ངུར་བས་སྣང་སྲིད་གཡོ་ཞིང་འགུལ་བར་བསྒོམ༔ ནུབ་བྱང་དུ་བདུད་དང་དམ་སྲི་འདུལ་བའི་ལྷ་རྡོ་རྗེ་གཞོན་ནུ་བཛྲ་ཀཱི་ལ་ཡ་སྐུ་མདོག་ལྗང་ནག་ཕྱག་གཉིས་


CMR009_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ་འདྲིལ་ཞིང་གནོད་བྱེད་ལ་འདེབས་པ༔ བྱང་ཤར་དུ་བྱད་ཁ་རྦོད་གཏོང་ཟློག་པའི་ལྷ༔ མཁའ་འགྲོ་སེང་གདོང་མ་སྐུ་མདོག་མཐིང་ནཱག་གྲི་གུག་ཐོད་ཁྲུག་འཛིན་ཅིང་ཁའི་ག་ལ་འཁྱུད་ནས་གར་སྟབས་སུ་བཞུགས་པ༔ དེ་ལྟར་ཕྲིན་ལས་བསྒྲུབ་པའི་ལྷ་བཞི་ཀ་ཀུན་ཀྱང་༔ པད་ཉི་བམ་གྱི་གདན་ལ་བཞུགས་ཤིང་སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་ནས་ཡེ་ཤེས་ཀྱི་མེ་དཔུང་གི་ཀློང་དུ་བཞུགས་པར་བསྒོམ༔ དེའི་ཕྱི་རིམ་རྩིབས་བཅུ་ལ་སངས་རྒྱས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅུའི་རང་གཟུགས༔ རང་གི་རྐང་ལག་གི་ལྷུ་བརྒྱད་མགོ་དང་གསང་གནས་ཏེ་བཅུ་རྣམ་པར་དག་པའི་རང་གཟུགས་ལས་བྱུང་བ༔ ཟིལ་གནོན་ཁྲོ་བོའི་རྒྱལ་པོ་བཅུ་བསྒོམ་པ་ནི༔ ནང་སྒྲུབ་ཀྱི་ཁྲོ་བཅུ་ནི་འདིར་སྦྱར་བར་མི་འཐད་དེ༔ གཙོ་བོ་ཞལ་གཅིག་ཕྱག་གཉིས་ཡིན་པའི་ཕྱིར༔ འདིར་གསང་སྒྲུབ་ལས་བྱུང་བ་ལྟར་ཁྲོ་བཅུ་བསྐྱེད་དེ༔ ཤར་སྟོད་དུ་ཧཱུྃ་ཀཱ་ར་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་མདའ་གཞུ་འཛིན་པ༔ ཤར་སྨད་དུ་རྣམ་རྒྱལ་དཀར་པོ་གཡས་འཁོར་ལོ་དང་གཡོན་ཁཊྭཱྃ་འཛིན་པ༔ ཤར་ལྷོར་དབྱུག་སྔོན་ཅན་སྔོན་པོ་གཡས་དབྱུག་ཏོ་དང་གཡོན་མེ་དཔུང་


CMR009_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ༔ ལྷོར་གཤིན་རྗེའི་གཤེད་སྔོན་པོ་གཡས་བེ་ཅོན་དང་གཡོན་སྣ་མོ་འཛིན་པ༔ ལྷོ་ནུབ་ཏུ་མི་གཡོ་མགོན་པོ་སྨུག་ནག་གཡས་རལ་གྲི་དང་གཡོན་སྦྲུལ་ཞགས་འཛིན་པ༔ ནུབ་ཏུ་རྟ་མགྲིན་དམར་པོ་གཡས་དབྱུག་ཏོ་དང་གཡོན་ལྕགས་སྒྲོག་འཛིན་པ༔ ནུབ་བྱང་དུ་འདོད་རྒྱལ་དམར་སྐྱ་རྡོ་རྗེ་དང་ནེའུ་ལེ་འཛིན་པ༔ བྱང་དུ་བདུད་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པ༔ བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ་སྔོ་སྐྱ་འཁོར་ལོ་དང་ཞགས་པ་འཛིན་པ༔ བྱང་ཤར་སྨད་དུ་སྟོབས་པོ་ཆེ་ལྗང་ནག་གཡས་སྟ་རེ་དང་གཡོན་ཐོད་དབྱུག་འཛིན་པ༔ ཀུན་ཀྱང་ཁྲོ་བོའི་ཆས་བཅུ་དང་ལྡན་པ༔ གཡས་བསྐུམ་གཡོན་བརྐྱང་ཕྱོགས་སྐྱོང་གི་གདན་ལ་བཞུགས་པའོ༔ ཞེས་གསུངས་པ་ལྟར་སྒོམ་སྟེ༔ གལ་ཏེ་སོ་སོར་དམིགས་པ་ཟིན་དཀའ་ན་ཡང་༔ འདིའི་རྡུལ་ཚོན་གྱི་སྐབས་སུ་རྩིབས་བཅུ་ཐམས་ཅད་སྔོན་པོར་གསུངས་པ་ལྟར༔ གཏེར་གོང་མའི་ཁྲོ་བཅུ་ཐམས་ཅད་མཚུངས་པའི་སྐུ་མདོག་མཐིང་ནག་རྡོ་རྗེའི་ཐོ་བ་དང་ལྕགས་ཀྱུ་འཛིན་པར་གསུངས་པ་ལྟར་ཁྲོ་བོ་བཅུ་ཀ་སྐུ་མདོག་མཐིང་ནག་རབ་ཏུ་འཇིགས་པ༔ ཁྲོ་བོའི་རྒྱལ་པོའི་ཆས་རྣམས་


CMR009_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྫོགས་ཤིང་༔ ཡེ་ཤེས་ཀྱི་མེ་དཔུང་འབར་བའི་སྐུ་གོང་དུ་བཤད་པའི་རང་རྟགས་ཀྱི་ཕྱག་མཚན་སྣ་ཚོགས་འཛིན་པའམ༔ བསྡུ་ན་གཡས་ཐམས་ཅད་རྡོ་རྗེ་ཐོ་བ་དང་གཡོན་ཐམས་ཅད་ལྕགས་ཀྱུ་འཛིན་པ༔ ཁྲོ་བོ་བཅུ་ཀ་ཀུན་ཀྱང་ཧཱུྃ་གི་སྒྲ་འབྲུག་སྟོང་དུས་གཅིག་ལྡིར་བ་ལྟར་སྒྲོག་ཅིང་སྲུང་བའི་དུས་སུ་ཞལ་ནང་དུ་གཟིགས༔ ཟློག་པའི་དུས་སུ་ཞལ་ཕྱིར་གཟིགས་ནས་བཞུགས་པར་བསྒོམ༔ དཀྱིལ་འཁོར་ཆེན་པོའི་སྒོ་བཞི་རུ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཞེས་པ་ནི༔ ཤར་སྒོར་སྟག་གདོང་མ་དཀར་མོ་ལྕགས་ཀྱུ་འཛིན་པ༔ ལྷོ་སྒོར་ཕག་གདོང་མ་སེར་མོ་ཞགས་པ་འཛིན་པ༔ ནུབ་སྒོར་སྤྲེལ་གདོང་མ་དམར་མོ་ལྕགས་སྒྲོག་འཛིན་པ༔ བྱང་སྒོར་སྤྱང་གདོང་མ་ལྗང་གུ་དྲིལ་བུ་འཛིན་པ་ཕྲིན་ལས་བཞི་ལ་མངའ་བརྙེས་པའི་ཚུལ་དུ་བསྐྱེད་དོ༔ གཞན་ཡང་ལྷ་དང་རིག་འཛིན་ཚོགས༔ དཔག་མེད་སྤྲིན་ཚོགས་ལྟ་བུར་གཏིབས༔ ཞེས་པ་འདི་ལ་གནད་ཆེན་པོ་ཡོད་དེ༔ གསར་མ་སོགས་ཕལ་ཆེར་གྱི་ལུགས་ལ༔ ཡི་དམ་གཅིག་གི་དཀྱིལ་འཁོར་དང་མངོན་རྟོགས་བསྒོམས་ན༔ དེའི་ཆོ་ག་རྫོགས་ནས་མ་བསྡུས་ཀྱི་བར་དུ་གཞན་འདོན་


CMR009_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སྲོལ་མེད༔ འདི་ཡི་ལུགས་ལ་རྩ་བའི་ཡི་དམ་གུར་དྲག་ལྟ་བུའི་དཀྱིལ་འཁོར་བསྐྱེད་ནས༔ མཆོད་བསྟོད་དང་བསྙེན་པ་ཚར་རྗེས༔ རང་ཉིད་དྲག་པོའི་བདག་བསྐྱེད་ཀྱི་དཀྱིལ་འཁོར་གྱི་ཕྱི་རྡོ་ར་དུར་ཁྲོད་ཀྱི་ནང་གི་མཚམས་དེར་ཕུར་པ་བཀའ་བརྒྱད་རྟ་མགྲིན་སོགས་ཡི་དམ་གཞན་མང་པོའི་བདག་བསྐྱེད་ཀྱི་དཀྱིལ་འཁོར་བསྒོམ་སྟེ༔ དེ་ཡང་རྩ་བའི་དཀྱིལ་འཁོར་གྱི་ལྷོ་སྨད་དང་༔ ནུབ་དང་བྱང་སྟོད་ངོས་སུ་བདག་བསྐྱེད་མང་པོ་ཛྷེ༔ མདུན་བསྐྱེད་གཙོ་བོ་དྲག་པོའི་དཀྱིལ་འཁོར་གྱི་མཐའ་བསྐོར་དུ་ཡང་༔ དེ་རྣམས་ཀྱི་མདུན་བསྐྱེད་ཀྱི་དཀྱིལ་འཁོར་རྣམས་དང་ཆོས་སྐྱོང་གཏོར་མགྲོན་རྣམས་བྷེ༔ དེ་ལྟར་བྱས་པས་གུར་དྲག་ལྟ་བུ་རྩ་བའི་ཡི་དམ་གྱིས་ཁོག་ནས་ཡི་དམ་ཆོས་སྐྱོང་མང་པོའི་ལས་བྱང་འདོན༔ དེ་ནས་རྩ་བའི་ཡི་དམ་གུར་དྲག་ལྟ་བུའི་ཚོགས་བྱས་པས་ཐམས་ཅད་ཀྱི་ཚོགས་གོ་ཆོད༔ བསྐང་བ་བྱིན་བརླབས་གཅིག་བྱས་ལ་བསྣང་བ་མཐའ་དག་འདོན་ཆོག༔ གཏོར་འབུལ་གཅིག་བཤམས་བཀུག་གཞུག་བྱས་ལ་ཆོས་སྐྱོང་གང་ཡོད་ཀྱི་གཏོར་འབུལ་འདོན་ཅིང་༔ རྩ་བའི་གུར་དྲག་གི་ཆད་མདོ་གཏོར་སྐྱོང་བྱས་པས་ཆད་མདོ་གཏོར་


CMR009_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་ཐམས་ཅད་ཀྱི་གོ་ཆོད༔ མཐར་རྩ་བའི་ཡི་དམ་གཅིག་གི་རྗེས་ཆོག་བྱས་པས་རྗེས་ཆོག་ཐམས་ཅད་ཀྱི་གོ་ཆོད་པ་སྟེ༔ ཐུགས་སྒྲུབ་ལས་ཀྱང་༔ ཕྱི་རིམ་བར་ཁྱམས་འཁོར་ཡུག་ལ༔ བདག་སྐྱོབ་ལྷ་དང་རིག་འཛིན་ཚོགས༔ ཞེས་དང་༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ རྒྱལ་བ་གཅིག་གི་དཀྱིལ་འཁོར་དུ༔ རྒྱལ་བ་ཀུན་གྱི་ལས་གཞུང་བསྲང་བདེ་གཤེགས་གཅིག་བསྒྲུབ་ཀུན་གྱི་ངང་༔ ཞེས་གསུངས་པའི་དོན་ཡིན་ཏེ༔ གུ་རུ་ཆོས་དབང་དང་རཏྣ་གླིང་པ་ཟངས་མདོག་དཔལ་རིར་བྱོན་དུས༔ སྒྲུབ་ཆེན་གྱི་དཀྱིལ་འཁོར་རེ་རེ་ལ་ཡང་དེ་ལྟར་ལྷ་མང་པོའི་དཀྱིལ་འཁོར་གཏོང་ཞིང་འདུག་གསུངས༔ འོ་ན་མདུན་བསྐྱེད་ནི་དེ་ལྟར་ལྷ་མང་པོ་བྷེ་རུང་གི༔ བདག་བསྐྱེད་ནི་སྐད་ཅིག་སྐད་ཅིག་ལ་གནས་འགྱུར་བ་ཡིན་གྱི༔ བདག་བསྐྱེད་མང་པོ་གཅིག་བསྒོམ་པ་གང་ལས་བཤད་ཅེ་ན༔ བཀའ་བརྒྱད་བདག་བསྐྱེད་ཀྱི་སྐབས་སུ་དཔལ་དགུ་ཀ་བདག་བསྐྱེད་ཡིན་པ་དང་༔ དགོངས་འདུས་བདག་བསྐྱེད་ཀྱི་སྐབས་སུ་གཙོ་བོ་བཅུ་ཀ་བདག་བསྐྱེད་ཡིན་པ་དང་༔ ཞི་ཁྲོ་བདག་བསྐྱེད་ཀྱི་སྐབས་སུ་ཀུན་བཟང་རིགས་ལྔ་ཁྲག་འཐུང་རིགས་དྲུག་རྣམས་བདག་བསྐྱེད་ཡིན་


CMR009_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་༔ གསར་མའི་ཀུན་རིག་བདག་བསྐྱེད་ཀྱི་སྐབས་སུ་ཡང་ལྷ་ཐམས་ཅད་བདག་ཉིད་ཡིན་པར་བསྒོམས་ནས་སྔགས་བཟླ་བར་བཤད་པ་དང་༔ བདག་བསྐྱེད་མང་པོ་བསྒོམ་ཞིང་བསྙེན་པའི་ཚེ་ལྷ་དེ་དང་དེའི་ང་རྒྱལ་བཟུང་བ་ཡིན་ནོ༔ དེ་དག་ཐམས་ཅད་ཀུན་ཀྱང་སོ་སོར་མ་འདྲེས་པ་འཇའ་ཚོན་ལྟ་བུར་གསལ་བས༔ དེ་དག་སོ་སོར་དཀྱིལ་འཁོར་ཡོངས་སུ་རྫོགས་པར་ཆ་རེ་རེ༔ དེ་ཡང་གཙོ་བོ་དྲག་པོའི་དཀྱིལ་འཁོར་ནི༔ གུར་ཆེན་པོ་ཕུབ་པ་ལྟ་བུ་ལ༔ གཞན་དཀྱིལ་འཁོར་རྣམས་གུར་དེ་ལ་ཅོག་པུ་མང་པོས་བསྐོར་བ་ལྟ་བུ༔ བདག་མདུན་གཉིས་ནི་དེ་འདྲ་གཉིས་ཕན་ཚུན་སྒོ་སྤྲོད་དུ་སྒར་བརྒྱབ་པ་ལྟ་བུར་བསྒོམ༔ དེའི་གནད་ཀྱིས་རྙིང་མ་པ་རྣམས་ཀྱིས་སྔར་ནས་ལས་བྱང་མང་པོ་དུས་གཅིག་འདོན་ཆོག་པ་དེའི་དོན་ཡིན་ནོ༔ གསར་མ་བ་རྣམས་ཀྱིས་ནི་ཡི་དམ་གང་ཡིན་གཅིག་གི་བདག་བསྐྱེད་འདོན་ནས༔ དེ་ལ་མདུན་བསྐྱེད་ཆོས་སྐྱོང་གི་གཏོར་མགྲོན་སྦྱར་བ་ཙམ་ལས༔ ཡི་དམ་གཅིག་གི་དཀྱིལ་འཁོར་བསྡུ་ཆོག་མ་ཚར་བར་ཡི་དམ་གཞན་འདོན་སྲོལ་མེད༔ བཏོན་ན་ལྷ་རྒྱབ་མས་སྔོན་མ་མནན་པ་འདྲ་ཞིག་འོང་ཟེར༔ དེ་ནི་ཅུང་


CMR009_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་རྟོགས་པ་དམའ་བའི་དབང་དུ་ཡིན༔ རྟོགས་པ་མཐོ་བས་ལྷ་སྔོན་མ་རྒྱབ་མའི་སྐུར་གནས་འགྱུར་རུང་ཟེར༔ འོན་ཀྱང་གྲྭ་ས་ཆེན་པོ་རྣམས་སུ་ནི་དཀྱིལ་འཁོར་གཅིག་གི་བསྡུ་ཆོག་མ་ཚར་བར་ལྷ་གཞན་འདོན་སྲོལ་མེད་དོ༔ དེ་ནས་འདིའི་ལུགས་ལ་དེ་ལྟར་མངོན་རྟོགས་གཅིག་གིས་བདག་མདུན་ཆ་གཉིས་སམ་བུམ་བསྐྱེད་གཏོར་བསྐྱེད་སོགས་ཆ་བཞི་དུས་གཅིག་ལ་བསྐྱེད་ལ་བསྐྱེད་པ་དེ་བརྟན་པའི་ཕྱིར་སྔགས་ཀྱིས་བྱིན་གྱིས་བརླབ་པ་ནི༔ བཛྲ་གུ་རུ་ཀྲོ་དྷ་ནི་རྡོ་རྗེ་སློབ་དཔོན་ཁྲོས་པ༔ སརྦ་ས་མ་ཡ་ནི་དམ་ཚིག་ཐམས་ཅད༔ ཨ་མི་དྷེ་ཝཱ་འོད་ཀྱི་ལྷ༔ ཁྲོ་གྲྭ་རུ་ཏུ་བྱ་ཁྱུང་༔ ཡ་མཱནྟ་ཀྲྀ་གཤིན་རྗེ་མཐར་བྱེད༔ བྱཱ་གྷི་ཝ་རྟ་མགྲིན༔ བཛྲ་པཱ་ཎི་ལག་ན་རྡོ་རྗེ༔ ཧ་རི་ནི་ས་མཁའ་འགྲོ་སྡེ་བཞིའི་སྲོག་ཡིག༔ བཛྲ་ཡཀྵ་རྡོ་རྗེ་གནོད་སྦྱིན༔ ཡ་མ་རཱ་ཛ་གཤིན་རྗེའི་རྒྱལ་པོ༔ བཛྲ་བྷ་ར་ཧཱི་ནི་རྡོ་རྗེ་ཕག་མོ༔ བཛྲ་ཀཱི་ལ་ཡ་ཕུར་པ༔ སེང་ཧ་མུ་ཁ་སེང་གདོང་མ༔ བཛྲ་ས་མ་ཡ་ཧཱུྃ་ནི་རྡོ་རྗེའི་དམ་ཚིག་མཆོག༔ དེ་ལྟར་ལྷ་བྷི་པ་དེ་བྱིན་གྱིས་བརླབས་ནས༔ ལུང་ཨ་ནུ་ཡོ་ག་དང་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལྟར་ན༔ རང་གི་སེམས་ཉིད་ལྷ་ཡེ་ཤེས་པ་ཡིན་གྱི༔


CMR009_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ནས་སྤྱན་འདྲེན་རྒྱུ་མེད༔ ལྷ་ཡེ་ཤེས་པ་ལ་རྣམ་པར་རྟོག་པ་མེད་པས་སྤྱན་འདྲེན་བྱས་ཀྱང་གཤེགས་པ་དང་བཞུགས་པའི་མཚན་མ་མི་མངའ་བས༔ ཆུ་ཟླ་ན་དུ་གར་དམིགས་དེར་སྣང་བ༔ ཞེས་གསུངས༔ དྲན་རྫོགས་སུ་ལྷའི་སྐུར་གསལ་བཏབ་པ་ཙམ་གྱིས་དམ་ཡེ་དབྱེར་མེད་ཡིན་པར་བཞེད་པས༔ རྫོགས་ཆེན་ལུགས་འགའ་ཞིག་ལ་སྤྱན་འདྲེན་མེད་པ་མང་ན་ཡང་༔ འདི་ནི་བསྐྱེད་པ་མ་ཧཱ་ཡོ་གའི་ལུགས༔ གསང་སྔགས་ཕྱི་པའི་རྒྱུད་གསུམ་དང་ཡང་སྒོ་བསྟུན་ཏེ༔ སྤྱན་འདྲེན་པ་ནི༔ དེ་ནས་ཤ་ཆེན་དང་གུ་གུལ་སོགས་སྤོས་བསྲེགས་ཤིང་༔ རྔ་དང་རོལ་མོས་བྱིན་ཕབ་ཅིང་༔ སྙན་པའི་དབྱངས་ཀྱིས་སྤྱན་འདྲེན་པ་ནི༔ དེ་ཡང་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་ཉིན་ལན་གསུམ་མཚན་ལན་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་སོ་སོར་གཟིགས་པས༔ དཀྱིལ་འཁོར་དང་མཆོད་གཏོར་བཤམས་པ་ཡང་གཟིགས་སོ༔ རྡོ་རྗེའི་སྙན་གྱིས་དུས་རྟག་ཏུ་སེམས་ཅན་ཐམས་ཅད་ཀྱི་ངག་ནས་ཅི་སྨྲས་ཚད་མ་འདྲེས་པར་སོ་སོར་གསན་པས༔ སྤྱན་འདྲེན་གྱི་ཚིག་འདི་རྣམས་ཀྱང་གསན་ནོ༔ རྡོ་རྗེའི་ཐུགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་


CMR009_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་རྣམ་རྟོག་ཅི་འགྱུས་ཚད་མ་འདྲེས་པ་སོ་སོར་དགོངས་པས༔ དད་གུས་ཀྱིས་སྤྱན་འདྲེན་མཆོད་བསྟོད་བྱེད་པ་ཡང་དགོངས་སོ༔ དེས་ན་བདག་མདུན་ལྷ་ཐམས་ཅད་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་ཁ་དོག་སྣ་ཚོགས་དམར་པོ་ཤས་ཆེ་བ་ཉི་མའི་ཟེར་ལྟ་བུ་རྩེ་མོ་ལྕགས་ཀྱུའི་དབྱིབས་སུ་ཡོད་པ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཁྱབ་པར་འཕྲོས་པས༔ ལྷ་སོ་སོའི་ཐུགས་ཀར་འོད་ཟེར་དེས་རེག་པ་ཙམ་གྱིས༔ སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་དང་ཐུགས་དམ་གྱི་དམ་ཚིག་རྗེས་སུ་དྲན་ནས༔ རང་རང་གི་འཁོར་ཚོགས་དཔག་ཏུ་མེད་པ་དང་བཅས་ཏེ་མདུན་གྱི་ནམ་མཁར་བྱོན་པར་བྷོ་ཞིང་༔ ཧཱུྃ་ཞེས་ཐུགས་སྲོག་ནས་བོས་ཏེ༔ ཡུལ་གྱི་མིང་ནི་ཐུབ་པས་མདོ་ལང་ཀར་གཤེགས་པ་ནས་གསུངས་པའི་ལངྐའི་ཡུལ་ཞེས་ཀྱང་བྱ༔ ནུབ་ཕྱོགས་ཨོ་རྒྱན་ཡུལ་དང་ཐག་ཉེ་བར་རྒྱ་མཚོས་ཆོད་པའི་ཕར་ཀ་དེ་ཡིན་པས༔ ཨོ་རྒྱན་ཟངས་གླིང་ཞེས་ཀྱང་བྱ༔ འཛམ་བུ་གླིང་གི་གླིང་གཡོག་ཡིན་པས༔ རྔ་ཡབ་གླིང་ཞེས་ཀྱང་བྱ༔ གླིང་དེའི་མི་ཐམས་ཅད་ནི་སྲིན་པོ་ཁོ་ན་ཡིན་པས༔ རཀྵ་སྲིན་པོའི་ཡུལ་ཞེས་ཀྱང་བྱ༔ སྲིན་པོའི་ཡུལ་གླིང་ཆེན་པོ་དགུའི་དབུས་སུ་མཚོ་ཆེན་པོ་གཡུའི་


CMR009_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་འདྲ་བ་ཞིག་ཡོད༔ དེའི་དབུས་ན་ཟངས་ཀྱི་མདོག་ཅན་དཔལ་གཏོར་ཟུར་གསུམ་རྩེ་མོ་བྲེག་པ་འདྲ་བའི་རི༔ དེ་ནི་སྔོན་དུས་རུ་ཏྲ་བསྒྲལ་དུས་གསང་སྔགས་གང་དུ་འབྱོན་པའི་གནས་དམོད་བོར་ནས༔ རུ་དྲའི་ཤ་ཁྲག་དོན་སྙིང་རྣམས་ནམ་མཁའ་ལ་གཏོར་ནས༔ རུ་དྲའི་སྙིང་དེར་བབ་པ་ནི་རི་དེ་ཡིན་པས༔ གསང་སྔགས་འབྱོན་པའི་གནས་ཀྱི་མཆོག་ཏུ་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པར་ཡིན་པར་ཁ་ཅིག་གིས་འདོད༔ ཙིཏྟ་ཨོ་རྒྱན་ཡུལ་དུ་བབ་པ་ལས་ཞེས་པའི་དོན་ཡིན་ཏེ༔ ཨོ་རྒྱན་ཟངས་གླིང་གི་ཡུལ་ཡིན་པའོ༔ ཁ་ཅིག་གིས་དེ་ནི་མ་ཡིན་ཏེ༔ སྙིང་རྒྱ་གར་རྡོ་རྗེ་གདན་དུ་བབ་པ་ཡིན༔ ཙིཏྟ་མ་ཡིན་ཅི་ཏ་ཡིན་ཏེ་ཅི་ཏ་ནི་རུ་ཏྲའི་གསང་རྡོར་གྱི་མིང་ཡིན་པས༔ རི་དེ་རུ་ཏྲའི་གསང་རྡོར་ཡིན་ཞེས་གསུངས་ཏེ༔ གང་ལྟར་རི་དེའི་རྩེར་སྲིན་པོའི་ཕོ་བྲང་ཐོད་མཁར་ཡོད་པ་བཤིགས་ནས༔ ཕོ་བྲང་པདྨ་འོད་ཀྱི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི༔ གུ་རུ་ཞི་བའི་དཀྱིལ་འཁོར་དངོས་སུ་བཞེངས་ནས༔ དེ་ལ་ཡང་ཕོ་བྲང་རིམ་པ་གསུམ་གྱི་སྟེང་ཁང་དུ་གུ་རུ་ཆོས་སྐུ་རྡོ་རྗེ་འཆང་གི་ཆ་ལུགས་སུ་བཞུགས༔ བར་ཁང་དུ་གུ་རུ་ལོངས་སྐུ་ཐོད་


CMR009_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་སྡེ་ལྔའི་ཆ་ལུགས་སུ་བཞུགས༔ རེ་རེ་ལ་འཁོར་འབུམ་ཕྲག་རེ་རེ༔ འོག་ཁང་དུ་གུ་རུ་སྤྲུལ་སྐུའི་ཆ་ལུགས་སུ་བཞུགས༔ དེ་ལ་རྗེ་འབངས་ཉེར་ལྔ་སོགས་རིག་འཛིན་དཔག་ཏུ་མེད་པ་དང་༔ སྲིན་པོའི་ཁྲོམ་ཆེན་པོ་ལ་རྟག་ཏུ་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་ཞིང་བཞུགས་པའི་གཞལ་ཡས་ནས༔ གུ་རུ་ཐོད་ཕྲེང་རྩལ་གྱི་ཆ་ལུགས་འཁོར་རིག་འཛིན་གྲུབ་ཐོབ་རྩ་བརྒྱུད་ཀྱི་བླ་མ་དང་བཅས་པས་བསྐོར་བ་སྤྱན་དྲངས༔ ཕོ་བྲང་དེའི་བྱང་ཕྱོགས་སུ་ཁྲག་འཐུང་ཁྲོ་བོ་རོལ་པའི་དཀྱིལ་འཁོར་དུ་སྤྲུལ་ནས༔ དམར་ནཱག་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དཀྱིལ་ནས༔ བཀའ་ལ་མི་ཉན་དམ་ལ་མི་གནས་པའི༔ སྲིན་པོ་དང་ལྷ་སྲིན་གདུག་པ་ཅན་མ་ལུས་པ་བསྒྲལ་ནས་ཤ་ཁྲག་ཚོགས་སུ་རོལ་ནས༔ རྣམ་ཤེས་དབྱིངས་སུ་སྤར་ཏེ་འདུལ་བར་མཛད་པའི་ཕྱིར༔ རྗེ་བཙུན་ཨོ་རྒྱན་ཉིད་གུ་རུ་དྲག་པོ་པདྨ་ཐོད་ཕྲེང་རྩལ་གྱི་སྐུར་བཞེངས་ནས་བཞུགས་པ་དེ༔ གནས་འདིར་སྤྱན་འདྲེན་གྱིས་ཁྱེད་ཀྱི་བཞེད་དགོངས་དང་ཐུགས་དམ་ནི་ལྷ་སྲིན་གདུག་པ་ཅན་ཁོ་ན་འདུལ་བ་ཡིན་ན༔ ཁྱེད་ཀྱི་འདུལ་ཞིང་ཡང་འདི་ན་ཡོད་ཀྱིས་གཤེགས་སུ་གསོལ༔ ནུབ་ཕྱོགས་བདེ་བ་ཅན་གྱི་


CMR009_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཁམས་ཆགས་པ་ཡོད་ལ་འཇིག་པ་མེད་པ་ལོངས་སྤྱོད་ཕུན་སུམ་ཚོགས་པའི་དབྱིངས་ཀྱི་དབུས༔ བྱང་ཆུབ་ཀྱི་ཤིང་དཔག་ཚད་སྟོང་དྲུག་བརྒྱ་པའི་དྲུང་༔ རིན་ཆེན་སྣ་ཚོགས་ལས་གྲུབ་པའི་ཕོ་བྲང་ནས༔ པདྨའི་རིགས་ཐམས་ཅད་ཀྱི་བདག་པོ་ཆོས་སྐུ་སྣང་བ་མཐའ་ཡས་ཞེས་ཀྱང་བྱ༔ ཀུན་བཟང་སྣང་བ་མཐའ་ཡས་དང་༔ འོད་དཔག་མེད་དང་༔ དཔག་མེད་རྒྱལ་པོ་དང་༔ ཚེ་དཔག་མེད་དང་༔ འོད་ཀྱི་ལྷ་དང་༔ གསུང་རྡོ་རྗེ་དང་༔ པདྨ་གར་གྱི་དབང་ཕྱུག་དང་༔ འོད་མཐའ་ཡས་དང་༔ སྐུ་ཚེ་དཔག་མེད་དང་༔ འཆི་མེད་དབང་པོ་ཞེས་བྱ་བ་དེ་གཤེགས་སུ་གསོལ༔ གླིང་བཞི་བྱེ་བ་ཕྲག་བརྒྱའི་དབུས་སུ་རི་རབ་འབར་བ་བྱེ་བ་ཕྲག་བརྒྱའི་བྱང་ཤར་ན༔ ཡོངས་འདུས་ཤིང་བྱེ་བ་ཕྲག་བརྒྱ་ཡོད་པས་རྩེ་མོ་ནས་སྤྲུལ་པའི་ཁྱུང་ནཱག་འབར་བ་བྱེ་བ་ཕྲག་བརྒྱ་ཡོད་པ་བྱ་ཁྱུ་འགྲོགས་པ་ལྟར་གཤེགས་སུ་གསོལ༔ འོག་མིན་ལ་ཆེ་ཆུང་གཉིས་ཏེ༔ ཆེན་པོ་ནི་འཐུག་པོ་བཀོད་པའི་ཞིང་ཁམས་དེ་ན་སངས་རྒྱས་རྣམ་པར་སྣང་མཛད་ཆེན་པོའི་ཕྱག་མཉམ་བཞག་གི་ཕྱག་མཐིལ་སྤོས་ཆུའི་རྒྱ་མཚོ་ཆེན་པོའི་དབུས་ན་མེ་ཏོག་ཆེན་པོ་ཉི་ཤུ་རྩ་ལྔ་


CMR009_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་མར་སྐྱེས་པའི་བཅུ་གསུམ་པའི་སྟེང་ན་འཇིག་རྟེན་འདི་ཆགས་ནས་ཡོད༔ འཐུག་པོ་བཀོད་པ་ནི་ལོངས་སྐུ་ཞིང་ཁམས་ཡིན་ཏེ༔ དེ་ན་འཇམ་དབྱངས་སོགས་ས་བཅུའི་སེམས་དཔའ་བཞུགས་པས་སྐུ་ཚད་ཀྱང་རི་རབ་ལས་ཆེ་བ་ཡོད༔ འོག་མིན་ཆུང་ངུ་སྟེང་ཕྱོགས་གཟུགས་ཁམས་ཀྱི་ལྷ་གནས་ན་ཆོས་སྐུ་རྡོ་རྗེ་འཆང་བཞུགས་པའི་འཁོར་དུ་འཇམ་ད་བྱངས་གཅིག་བཞུགས༔ ཆོས་ཀྱི་དབྱིངས་ནི་ནམ་མཁས་ཁྱབ་ཚད་ཡིན་ལ་དེར་སངས་རྒྱས་ཀྱི་ཞིང་ཁམས་གྲངས་མེད་ཚད་མེད་པ་ཡོད་དེ༔ དེ་དག་རྣམས་སུ་ཡང་འཇམ་དབྱངས་ཀྱི་སྐུའི་སྤྲུལ་པ་རེ་རེ་ཡོད༔ འཛམ་གླིང་བྱེ་བ་ཕྲག་བརྒྱ་རྒྱ་ནག་རི་བོ་རྩེ་ལྔ་བྱེ་བ་ཕྲག་བརྒྱའི་རྩེ་ལྔ་ན་ལས་མ་དག་པས་བལྟས་ན་གངས་རི༔ དག་པས་བལྟས་ན་མཆོད་རྟེན་ལྔ་མཐོང་དེའི་བུམ་པའི་ནང་ན་ཕོ་བྲང་ལྔ་ཡོད་པ་ནཱ༔ སྐུ་མཆོག་འཇམ་དཔལ་རིགས་ལྔ་བཞུགས་པ་འདིར་གཤེགས་སུ་གསོལ༔ སྟེང་ཕྱོགས་དུར་ཁྲོད་མེ་རི་འབར་བ་ཞེས་ཀྱང་བྱ༔ རྣམ་པར་སྣང་མཛད་ཀྱི་དུར་ཁྲོད་ཅེས་ཀྱང་བྱ༔ ཁྲོ་བོའི་ཞིང་ཁམས་འཇིགས་སུ་རུང་བ་སྔགས་ཀྱི་རིག་འཛིན་གྲུབ་པ་ཐོབ་པ་མ་གཏོགས་ཉན་ཐོས་དགྲ་བཅོམ་པ་དང་རང་སངས་རྒྱས་


CMR009_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དང་ས་གནས་ཀྱི་སེམས་དཔའ་རྣམས་དེར་ཕྱིན་ན་སྐྲག་ཅིང་འབྲོས་པར་བྱེད་པ་ཞིག་ཡོད༔ དེའི་དབུས་ན་ཁྲོ་བོའི་དཀྱིལ་འཁོར་དགུ་གླིང་དུ་ཡོད་པའི་ནུབ་ཕྱོགས་སུ་དབང་དྲག་རོལ་པའི་དཀྱིལ་འཁོར་ཡོད་པ་ནས༔ པདྨ་ཧེ་རུ་ཀ་ཞེས་ཀྱང་བྱ༔ རྟ་མཆོག་རྒྱལ་པོ་ཧེ་རུ་ཀ་པདྨ་དབང་ཆེན་གནས་འདིར་གཤེགས་སུ་གསོལ་ལྕང་ལོ་ཅན་ལ་ཆེ་ཆུང་གཉིས་ཏེ༔ ཆེ་བ་དུར་ཁྲོད་མེ་རི་འབར་བ་དེ་ཉིད་ཀྱི་ཤར་ཕྱོགས་སུ་ཁྲོ་བོའི་དཀྱིལ་འཁོར་ཡོད་པ་ནས༔ ཕྱག་ན་རྡོ་རྗེ་སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་ཞེས་ཀྱང་བྱ་བཛྲ་ཧེ་རུ་ཀ་ཞེས་ཀྱང་བྱ༔ ཧེ་རུ་ཀའི་ཆ་ལུགས་སུ་བཞུགས་པ་དང་༔ རི་རབ་ཀྱི་བྱང་ཕྱོགས་བྱེ་བ་ཕྲག་བརྒྱ་ན༔ གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་སྲས་ཀྱི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་བྱེ་བ་ཕྲག་བརྒྱ་ཡོད་པ་ནས༔ གནོད་སྦྱིན་གྱི་སྡེ་དཔོན་གྱི་ཚུལ་དུ་གསང་བདག་གཏུམ་པོ་བྱེ་བ་ཕྲག་བརྒྱ་བཞུགས་པ་འདིར་གཤེགས་སུ་གསོལ༔ གསར་མའི་ལུགས་ལ་རྒྱ་གར་རྡོ་རྗེ་གདན་གྱི་ཕྱོགས་མཚམས་བརྒྱད་དུ་ཡོད་པས་དུར་ཁྲོད་བརྒྱད་ཡིན་ལ༔ འདིར་ནི་ནུབ་ཕྱོགས་ཨོ་རྒྱན་ཡུལ་གྱི་ཕྱོགས་མཚམས་བརྒྱད་དུ་ཡོད་པས་དུར་ཁྲོད་ཆེན་པོའི་གནས་


CMR009_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ནས་སྤྱན་འདྲེན་ཏེ༔ མཁའ་འགྲོ་ཞེས་པ་ནམ་མཁའ་ལ་རྫུ་འཕྲུལ་གྱིས་ཐོགས་མེད་དུ་འགྲོ་བས་མཁའ་འགྲོ་ཞེས་བྱ༔ མཁའ་འགྲོ་ནི་ལྷ་ཕོ་ཡིན་ཏེ༔ དཔེར་ན་བདེ་མཆོག་རྡོ་རྗེ་མཁའ་འགྲོ་ཟེར་བ་ལྟར༔ དེ་བཞིན་དུ་སཾ་བྷུ་ཊི་སོགས་ལས༔ རྒྱལ་བ་རིགས་ལྔ་ལ་མཁའ་འགྲོ་ལྔ་ཡི་དཀྱིལ་འཁོར་ཞེས་པ་འབྱུང་༔ མཁའ་འགྲོ་མ་ནི་ལྷ་མོ་ཡིན་པ་ཀུན་གྱིས་ཤེས༔ གིང་ཞེས་པ་ནི་ལས་བྱེད་པའི་མིང་སྟེ༔ དེ་ལ་ཡང་གིང་ཕོ་གིང་མོ་གཉིས་ཡོད༔ ཤར་ཕྱོགས་གཏུམ་དྲག་དུར་ཁྲོད་ན་རྡོ་རྗེ་མཁའ་འགྲོ་དང་རྡོ་རྗེ་གིང་ཆེན་བཞུགས༔ ལྷོ་ཕྱོགས་གད་རྒྱངས་དུར་ཁྲོད་ན་རིན་ཆེན་མཁའ་འགྲོ་དང་རིན་ཆེན་གིང་ཆེན་བཞུགས༔ ནུབ་ཕྱོགས་པདྨ་འཁྱིལ་པའི་དུར་ཁྲོད་ན་པདྨ་མཁའ་འགྲོ་དང་པདྨ་གིང་ཆེན་བཞུགས༔ བྱང་ཕྱོགས་ཀཱི་ལ་ཡའི་དུར་ཁྲོད་ན་ལས་ཀྱི་མཁའ་འགྲོ་དང་ལས་ཀྱི་གིང་ཆེན་བཞུགས༔ ཤར་ལྷོ་རབ་ཏུ་འཇིགས་པའི་དུར་ཁྲོད་དུ་དམ་ཚིག་མཁའ་འགྲོ༔ ལྷོ་ནུབ་གཏུམ་པའི་དུར་ཁྲོད་དུ་སྣ་ཚོགས་མཁའ་འགྲོ༔ ནུབ་བྱང་རབ་རྒྱུའི་དུར་ཁྲོད་དུ་ཐམས་ཅད་མཁའ་འགྲོ༔ བྱང་ཤར་རྒྱུག་བྱེད་དུར་ཁྲོད་དུ་འཇིག་རྟེན་མཁའ་འགྲོ༔ དེ་བཞི་པོ་ལ་


CMR009_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་འགྲོ་ཞེས་ཀྱང་བྱ་སྟེ༔ ནམ་མཁའ་བར་སྣང་ལ་རང་བཞིན་ཤུགས་ཀྱིས་འགྲོ་བས་ཤུགས་འགྲོ་ཟེར༔ རིགས་བཞི་མཁའ་འགྲོའི་གཡོག་མོ་ཡིན་པ་དང་བཅས་པ༔ དེ་རྣམས་འདིར་གཤེགས་སུ་གསོལ༔ འཛམ་བུ་གླིང་འདིའི་ལྷོ་ཕྱོགས་དཔག་ཚད་བརྒྱད་ཁྲི་འདས་པའི་ཕ་རོལ་རིམ་དགུ་སའི་འོག་ཏུ༔ རབ་ཏུ་འཇིགས་པ་གཤིན་རྗེའི་ཡུལ་གཤིན་རྗེའི་ལས་མཁན་གཏུམ་པོ་བྱེ་བ་དུང་ཕྱུར་གྱིས་གང་བའི་དབུས༔ ལྕགས་སྲེག་གི་ས་གཞི་ན་སྡིག་ཅན་རྣམས་སྲེག་ཅིང་གཏུབས་པའི་དུར་ཁྲོད་ནས༔ ངོ་བོ་ཀུན་ཏུ་བཟང་པོ་དང་འཇམ་དབྱངས་ཀྱི་སྤྲུལ་པ་ཡིན་ཀྱང་༔ རྣམ་པ་ས་བརྒྱད་ཀྱི་སེམས་དཔའ་གཤིན་རྗེའི་སྡེ་དཔོན་གྱི་ཚུལ་བཟུང་ནས་དགེ་སྡིག་གིས་དྲང་ཤན་ཕྱེ་ཞིང་རྒྱུ་འབྲས་ཀྱི་ཆོས་སྟོན་པ༔ སྐུའི་ཆ་ལུགས་ཅིར་ཡང་སྟོན་ཅིང་འཆི་བདག་ནག་པོ་དང་སྲོག་བདག་ནག་པོ་དང་ཆོས་ཀྱི་རྒྱལ་པོ་དང་༔ ཚེ་བདག་ནག་པོ་ཞེས་ཀྱང་བྱ་བ་དེ་འདིར་གཤེགས་སུ་གསོལ༔ བདེ་ཆེན་གསང་བའི་གནས་འདི་ལ་ཆེ་ཆུང་འཇུག་པ་མང་ན་ཡང་༔ ཆེ་བ་ནི་འོག་མིན་དུར་ཁྲོད་མེ་རི་འབར་བའི་ཤར་ལྷོ་མཚམས་ཀྱི་གནས་མཆོག་ནས༔ ཆོད་གཏོང་མ་མོའི་གཙོ་མོ་ཉིར་


CMR009_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་མུ་ཁ་ལེ་དང་༔ ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དབུས་ཨོ་རྒྱན་གནྡྷོའི་གཙུག་ལག་ཁང་ཞེས་བྱ་བ་རང་བྱུང་རྡོ་ལས་གྲུབ་པའི་ལྷ་ཁང་གི་དབུས་ན་ཡུམ་རྡོ་རྗེ་ཕག་མོ་མཁའ་འགྲོ་རྣམས་ལ་ཆོས་སྟོན་ཅིང་བཞུགས་པ་དེ་འདིར་གཤེགས་སུ་གསོལ༔ སྟེང་ཕྱོགས་མེ་རི་འབར་བའི་ཞིང་ཁམས་ཀྱི་བྱང་ཕྱོགས་མེ་དཔུང་འབར་བའི་ཀློང་དཀྱིལ་ནས༔ ལྷ་མཆོག་རྡོ་རྗེ་གཞོན་ནུ་བཛྲ་ཀཱི་ལཱ་ཡ་འདིར་གཤེགས་སུ་གསོལ༔ ཨོ་རྒྱན་ཡུལ་གྱི་གསང་ཆེན་རོལ་པའི་དུར་ཁྲོད་ཅེས་ཀྱང་བྱ༔ རབ་འབར་འཁྲིགས་པའི་དུར་ཁྲོད་ནས༔ མཁའ་འགྲོ་སེང་གདོང་མ་འདིར་གཤེགས་སུ་གསོལ༔ རི་བོ་མཆོག་རབ་ཀྱི་སྟེང་སུམ་ཅུ་རྩ་གསུམ་ལྷའི་གནས་ཡོད༔ དེའི་ཕྱོགས་བཞི་ན་རི་རབ་རྩེ་བཞི་དཔག་ཚད་ལྔ་བརྒྱ་རེ་གྱེན་དུ་འཕག་པ་ཡོད་པ་ནི༔ སྒོ་སྲུང་གནོད་སྦྱིན་གྱི་གནས་ཡིན་པས༔ རྩུབ་འགྱུར་མེ་བས་ཚ༔ མེའི་ཚྭ་ཚྭ་དང་གློག་འོད་འཁྲུགས་པའི་ཀློང་ནས་ཕྱག་རྡོར་གྱི་སྤྲུལ་པ་ལྔ་བརྒྱ་ཚན་བཞི་བཞུགས་པ་གནོད་སྦྱིན་གོས་སྔོན་ཅན་ནག་པོ་གནོད་སྦྱིན་ཞེས་ཀྱང་བྱ༔ གནོད་སྦྱིན་གསང་བ་པ་ཞེས་ཀྱང་བྱ༔ གནོད་སྦྱིན་ཡཀཱ་མེའི་དབལ་ཅན་གནས་འདིར་གཤེགས་སུ་གསོལ༔ རང་


CMR009_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་བཞུགས་གནས་ནི་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཡིན་ལ༔ ཁྱད་པར་འཛམ་བུ་གླིང་འདིའི་ཡུལ་ཉི་ཤུ་རྩ་བཞི༔ གནས་སུམ་ཅུ་སོ་གཉིས་ཐམས་ཅད་ནས༔ ས་ལ་གནས་པའི་རིག་འཛིན་ས་ཐོབ་པ་ཐམས་ཅད་ཡིན་ནོ༔ ཚེ་ལ་དབང་བའི་རིག་འཛིན་ནི་འཆི་མེད་གྲུབ་པ་ཐོབ་པ་ཡིན་ནོ༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ནི་རྟོགས་པ་མཆོག་ཐོབ་པའི་གྲུབ་ཆེན་ཐམས་ཅད་ཡིན༔ ལྷུན་གྱིས་གྲུབ་པའི་རིག་འཛིན་ནི་གསང་སྔགས་ཀྱི་སྒོ་ནས་སངས་རྒྱས་ཐོབ་པ་ཐམས་ཅད་ཡིན༔ རིག་འཛིན་ཞེས་པའི་དོན་ནི་དང་པོ་གསང་སྔགས་ཀྱི་རིག་པ་དེ་ཉམས་སུ་བླང་བས་གྲུབ་པ་ཐོབ་ནས་ཀྱང་གསང་སྔགས་ཀྱི་རིག་པ་དེ་འཛིན༔ རང་དོན་འགྲུབ་ནས་ཀྱང་གསང་སྔགས་ཀྱི་རིག་པ་དེས་གཞན་རྗེས་སུ་འཛིན་པས་ན་རིག་འཛིན་ཟེར༔ རྒྱ་གར་གྱི་རིག་འཛིན་བརྒྱད་རྗེ་འབངས་ཉི་ཤུ་ལྔ་གཏེར་སྟོན་བརྒྱ་རྩ་བརྒྱད་སོགས་རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་དང་གཞན་ཡང་ཡི་དམ་རྒྱུད་སྡེ་དྲུག་གི་ལྷ་ཚོགས༔ མཁའ་འགྲོ་གོང་དུ་སོང་བ་ནི་དཀྱིལ་འཁོར་གྱི་ནང་ཡིན་ལ༔ འདིར་མཁའ་འགྲོ་ཟེར་བ་གུ་དྲག་གསང་བའི་བཀའ་སྲུང་མཁའ་འགྲོ་སྡེ་ལྔ་ཡིན་ཏེ༔ གཙོ་


CMR009_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ནི་རྡོ་རྗེ་ཕག་མོ་འཁོར་བཞི་ནི་མཁའ་འགྲོ་བདུད་འདུལ་མ་ཞི་བ་འཚོ་སོགས་རྒྱ་མཚོའི་གླིང་གི་མཁའ་འགྲོ་བཞི་ཡིན༔ གོང་དུ་གིང་ཞེས་པ་ཡེ་ཤེས་ཀྱི་གང་ཡིན་ལ༔ འདིར་གིང་ཞེས་པ་ནི་ལས་དང་འཇིག་རྟེན་གྱི་གིང་ཡིན་ཏེ༔ ལས་ཀྱི་གིང་ནི་རྒྱལ་ཆེན་སྡེ་བཞི་ཁྲོ་བོའི་སྐུར་བཞེངས་པ་ཡིན༔ འཇིག་རྟེན་གྱི་གིང་ནི་མགར་ནག་འཁོར་གྱི་གིང་ཆེན་སྡེ་བཞི་དང་གཅིག་སྟེ༔ ཆ་ལུགས་ནི་ཁྲོ་བོ་གཅེར་བུ་གྲི་ཐོད་ཅན་ཡིན༔ དམ་ཅན་ཆོས་སྐྱོང་ནི་སྤྱིར་བསྟན་པ་སྲུང་བའི་དམ་ཚིག་ཅན་ཐམས་ཅད་ཡིན༔ ཁྱད་པར་འདིའི་བཀའ་སྲུང་མགོན་པོ་སེང་གདོང་ཡབ་ཡུམ་ཡིན༔ བཀའི་སྲུང་མ་སྤུ་གྲི་མཆེད་གསུམ༔ གཏེར་སྲུང་དགེ་བསྙེན་སྨྱོ་ཁ་དང་བཅས་པ་མ་ལུས་ཐམས་ཅད་གཤེགས་སུ་གསོལ༔ ཞེས་སྤྱན་འདྲེན་བྱས་པས་ཐམས་ཅད་ནམ་མཁའ་ལ་སྤྲིན་འཁྲིགས་པ་ལྟར་བྱོན་ཏེ༔ ཞི་བ་རྣམས་ནི་རིན་པོ་ཆེའི་རྒྱན་ཆ་མང་པོ་དང་ཕྱག་གདུབ་ཞབས་གདུབ་རོལ་མོ་རྣམས་ཁྲོ་ལོ་ལོ༔ རིན་པོ་ཆེའི་ཅོད་པན་དང་དར་དཔྱངས་རྣམས་རླུང་གིས་བསྐྱོད་ཅིང་པུ་རུ་རུ༔ ཁྲོ་བོ་རྣམས་ནི་རང་གི་སྐུ་ལུས་ལས་སྐྱེས་པའི་བསྐལ་པ་འཇིག་དུས་ཀྱི་མེ་ལྟར་བྱིན་རླབས་ཀྱི་མེ་དཔུང་འུ་རུ་རུ༔ དུར་


CMR009_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་ཀྱི་རྒྱན་ཆུ་མང་པོ་སྤུངས་སེ་སྤུང་༔ ཞལ་ནས་ཧཱུྃ་ཧཱུྃ་གི་སྒྲ་འབྲུག་སྟོང་དུས་གཅིག་ལྡིར་བའི་སྒྲ་ལྟར་དི་རི་རི༔ བདག་དང་སློབ་མ་དང་སྒྲུབ་པའི་གྲོགས་དང་༔ དཀྱིལ་འཁོར་དམ་རྫས་དང་བཅས་པ་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་བཛྲ་ཀྲོ་ཏ་ནི་བླ་མ་རྡོ་རྗེ་ཁྲོ་བོ༔ དྷེ་ཝ་དྷཱ་ཀི་ནཱི་ཡི་དམ་མཁའ་འགྲོ༔ སརྦ་ས་མཱ་ཡ་ནི་ཐམས་ཅད་དམ་ཚིག༔ སྔགས་དེ་བརྗོད་པ་ཙམ་གྱིས་སྤྱན་དྲངས་པའི་ལྷ་ཐམས་ཅད་དྲག་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཆ་བཞིའམ་གཉིས་སུ་གྱུར་ཏེ༔ བདག་མདུན་བུམ་གསུམ་གཏོར་མ་ལྷར་བསྐྱེད་པ་བཞིའི་ཐད་ཀྱི་བར་སྣང་ལ་ཛཞེས་པས་སྤྱན་དྲངས༔ ཧཱུྃ་ཞེས་པས་དམ་ཚིག་པ་ལ་ཡེ་ཤེས་པ་རྣམས་གཞུག༔ བྲོ་ཞེས་པས་དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་ཆུ་དང་འོ་མ་ལྟར་འདྲེས༔ ཧོ༔ ཞེས་པས་ཡེ་ཤེས་པ་དེ་ཐུགས་མི་དགྱེས་པ་མེད་ཅིང་མཉེས་པར་བསྒོམ༔ ཧཱུྃ་དུར་ཁྲོད་ཆེན་པོ་བརྒྱད་དང་མེ་དཔུང་འབར་བས་བསྐོར་བའི་དབུས༔ པདྨ་དབང་ཆེན་དྲག་པོ་རོལ་པའི་དཀྱིལ་འཁོར་དངོས་སུ་བཤམས་པ་དང་ཡིད་ཀྱིས་བྷོ་པའི་ཕོ་བྲང་ཆེན་པོ་འདིར༔ ཁྲོ་བོའི་རྒྱལ་པོ་དྲེགས་པ་སྡེ་བརྒྱད་འཇོམས་པ་


CMR009_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོའི་ལྷ་ཚོགས་རྣམས་ཐབས་དང་ཤེས་རབ་མཚོན་པ་ཉི་མ་དང་ཟླ་བ༔ འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡར་པདྨའི་གདན་ལ་བཞུགས་སུ་གསོལ༔ གུ་རུ་བཛྲ་ཀྲོ་ཏ་དྷེ་ཝ་དྷཱ་ཀི་ནི་བླ་མ་རྡོ་རྗེ་ཁྲོ་བོ་ཡི་དམ་མཁའ་འགྲོ༔ ས་མ་ཡ་ཏིཥྛ་ལྷན༔ དམ་ཚིག་པ་བརྟན་པར་བཞུགས༔ ཕྱག་འཚལ་འདི་ལ་གཏེར་ཤོག་ལས་ཚིག་གསུམ་ལས་མེད་པ་ལས་ཧཱུྃ་སྒྲ་སྒྲོག་ཅིང་ཞེས་པ་ཚིག་གཅིག་གཏེར་སྟོན་གྱིས་བསྣན་པ་ཡིན་སྐད༔ ཧཱུྃ་ནི་མཆོག་གུ་རུ་དྲག་པོ་པདྨ་ཐོད་ཕྲེང་རྩལ་གྱིས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཧཱུཾ་ཧཱུཾ་གིས་སྒྲ་སྒྲོག་ཅིང་བར་ཆད་ཀྱི་བགེགས་རྣམས་མ་ལུས་འདུལ་བར་མཛད་པའི་ལྕུ༔ འབར་བའི་གར་དགུ་དང་ལྡན་པའི་ཁྲོ་བོའི་རྒྱལ་པོ་འཁོར་དང་བཅས་པ་ལ༔ ཞེས་པ་བསྟོད་དབྱངས་གླུ་ཡི་མཆོད་པ་ཡིན་ལ༔ གཡས་བརྐྱང་གཡོན་བསྐུམ་པ་ནི་དཔའ་བོའི་གར༔ གཡོན་བརྐྱང་གཡས་བསྐུམ་ནི་དཔའ་མོའི་གར༔ རྔམ་ཞིང་རྐང་པ་ས་ལ་རྡེག་པ་ནི་སྲིན་པོའི་གྲྭར་ཡིན་གྱི༔ དེ་ལྟར་གླུ་བྲོ་གར་དང་བཅས་ཏེ་ཕྱག་འཚལ་བ་སྟེ༔ ཨ་ཏི་པཱུ་ཧོ༔ ཞེས་བདག་བསྐྱེད་ཀྱིས་མདུན་བསྐྱེད་ལ་ཕྱག་འཚལ་བས་པྲ་ཏི་ཛ་ཧོ༔ ཞེས་མདུན་བསྐྱེད་ཀྱིས་


CMR009_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བསྐྱེད་ལ་ཕྱག་ལན་མཛད་པར་བྷེ༔ དེའི་དོན་བདག་ཐ་མལ་པ་ལ་ལྷ་ཡེ་ཤེས་པ་མདུན་དུ་དཔོན་གཡོག་གི་ཚུལ་དུ་བསྒོམ་པ་བྱ་རྒྱུད་ཀྱི་ལུགས༔ ལྷ་ཡེ་ཤེས་པ་མདུན་དུ་བྷེ་རང་དམ་ཚིག་པ་རྒྱལ་བློན་གྱིས་ཚུལ་དུ་བྷོ་པ་སྤྱོད་རྒྱུད་ཀྱི་ལུགས༔ བདག་མདུན་དམ་ཚིག་པ་ལ་ཡེ་ཤེས་པ་བསྟིམས་ནས་ཕྱག་རྒྱ་བཞིའི་རྒྱས་བཏབ་སྟེ༔ ནུབ་མོ་ཞག་རེ་བཞིན་གཤེགས་དགོས་པ་རྣལ་འབྱོར་རྒྱུད་ཀྱི་ལུགས༔ འདིར་ནི་གསང་སྔགས་རྙིང་མ་ཡོ་ག་གསུམ་གྱི་ལུགས་ཡིན་པས༔ བདག་བསྐྱེད་ནམ་ཡང་མི་གཤེགས་ཕྱག་རྒྱ་སྒོ་བཅད་ཀྱི་སྒྲུབ་པ༔ མདུན་བུམ་སོགས་སྒྲུབ་པ་ནི་དབང་དེ་ཚར་དུས་གཤེགས་པ་ཡིན་ལ༔ བསྐྱེད་རིམ་བསྒོམ་པའི་དོན༔ ལུས་ཐ་མལ་དུ་ཞེན་པ་འདི་སྤངས་བའི་ཆེད་དུ་ཡིན་པས༔ མདུན་དུ་བྷོ་པ་འདི་ལྷ་ཡིན༔ རོང་ཐ་མལ་པ་ཡིན་བསམ་པའི་ཞེན་པ་དེ་སེལ་བའི་ཕྱིར་དུ་ཚུར་ཕྱག་ལེན་འཚལ་བ་ཡིན༔ དེ་ཡང་རུང་ངམ་སྙམ་ན༔ མདུན་བསྐྱེད་རྡུལ་ཚོན་དང་རས་བྲིས་ཀྱི་དཀྱིལ་འཁོར་ནི༔ ལྷ་མིན་པ་ལ་ལྷར་བྷོ་པ་ཀུན་བརྟགས་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ་ཁམས་ཆུང་༔ རང་གི་ལུས་ཀྱི་ཕུང་ཁམས་སྐྱེ་མཆེད་རྩ་རླུང་ཐིག་ལེའི་


CMR009_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ནི༔ ཡེ་ནས་ལྷའི་དཀྱིལ་འཁོར་ཡིན་པ་ལ་ཡིན་པར་གསལ་བཏབ་པ་ནི་ཡོངས་གྲུབ་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ་མདུན་བསྐྱེད་ལས་ལྷག་པ་ཡིན་ནོ༔ དེ་ནས་ཕྱི་ནང་གསང་བའི་མཆོད་པ་རྣམ་པ་གསུམ་འབུལ་བ་ནི༔ དང་པོ་ཕྱི་མཆོད་ལ་དངོས་སུ་ཅི་འབྱོར་བཤམས་པའི་མཆོད་པ་དང་༔ ངག་ནས་བརྗོད་པ་ཚིག་གི་མཆོད་པ་དང་༔ ཡིད་ཀྱིས་དཔག་མེད་སྤྲུལ་ནས་མཆོད་པ་དང་༔ འཇིག་རྟེན་གྱི་ཁམས་གཞན་ན་ཡོད་པའི་མཆོད་པ་རྣམས་བློས་བླངས་ཏེ་འབུལ་པའི་མཆོད་པ་དང་༔ སྔགས་ཀྱི་མཆོད་པ་དང་༔ ཕྱག་རྒྱའི་མཆོད་པ་དང་དྲུག་ཚང་བ་ཡིན་ཏེ༔ ཧཱུྃ་ཞེས་ཐུགས་སྲོག་ནས་བོས་ཏེ་མཆོད་ཡུལ་བདག་མདུན་བུམ་པ་གཏོར་མ་ལ་བསྒོམ་པའི་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ལ་མཆོད་པ་འབུལ་བའི་སྙན་གསན་དབབ་ནས་མདུན་དུ་བཤམས་པའི་མཆོད་པ་དམིགས་རྟེན་ཙམ་དུ་བྱས་ཏེ༔ རང་གི་ཐུགས་ཀ་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་མེ་ཏོག་མ་དཀར་མོས་ཕྱག་ན་མེ་ཏོག་འཛིན་པ་དང་༔ བདུག་སྤོས་མ་སྔོན་མོས་སྤོས་ཕོར་ནས་སྤོས་སྤྲིན་སྤྲོ་བ་དང་༔ མར་མེ་མ་དམར་མོས་མར་མེ་འཛིན་པ་དང་༔ དྲི་ཆབ་མ་ལྗང་གུས་ཕྱག་གཡོན་དུང་ཆོས་ནས་གཡས་


CMR009_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

པས་བྱུག་པ་འབུལ་བ་དང་༔ ཞལ་ཟས་མ་སེར་མོས་མཁར་གཞོང་ནང་དུ་རོ་བརྒྱ་པའི་ཞལ་ཟས་འཛིན་པ་དང་༔ རོལ་མོ་མ་སྔོན་མོས་སིལ་སྙན་དཀྲོལ་བ༔ དེ་ཐམས་ཅད་མཛེས་ཤིང་ཡིད་དུ་འོང་བ་ལག་ཏུ་ཐོགས་པའི་མཆོད་པ་དེ་དག་ལས་མཆོད་པའི་སྤྲིན་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་པར་སྤྲོ་བ༔ ལྷ་མོ་དེ་རྣམས་ནི་བྱེ་བ་དུང་ཕྱུར་སྤྲོས་པས་བདག་མདུན་བུམ་པའི་ལྷ་ལ་སོ་སོར་དུས་གཅིག་ཏུ་མཆོད༔ གཞན་ཡང་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་སྟེ༔ རིན་པོ་ཆེའི་རྒྱན་ཕྲེང་ལྷའི་ན་བཟའ་སྤོས་ཕྱེའི་ཐུམ་པོ་རི་རབ་དང་མཉམ་པ་དག་པའི་ཞིང་ཁམས་རྣམས་ན་ཡོད་པའི་མཆོད་པ་ལྟ་བུ༔ དེ་བས་ལྷག་པའི་མཆོད་པ་ནི་མེད་པས་ན་བླ་ན་མེད་པའི་མཆོད་པའི་སྤྲིན་གྱིས་མཆོད་ཅིང་༔ དེ་ལྟར་མཆོད་པའི་ལྷ་མོ་མཆོད་པ་དང་བཅས་པ་རྣམས་མཆོད་ཡུལ་རྣམས་ཀྱི་སྐུ་གསུང་ཐུགས་ལ་ཐིམ༔ མེ་ཏོག་མ་སྤྱན༔ བདུག་སྤོས་མ་ཤངས༔ ཞལ་ཟས་མ་ལྗགས༔ དྲི་ཆབ་མ་ཞབས༔ མར་མེ་མ་ཐུགས་ཀར༔ རོལ་མོ་མ་སྙན་ལ་ཐིམ་དེ་ལྟར་མཆོད་པ་དང་༔ མཆོད་པ་འབུལ་མཁན་ལྷ་མོ་ཡང་ཐིམ་པས་ཟག་མེད་ཀྱི་བདེ་བས་


CMR009_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དགྱེས་པར་བསྒོམ༔ ཨོཾ་བཛྲ་པུཥཱ་སོགས་ཀྱིས་མཆོད་ཅེས་པས༔ སྔགས་སོ་སོ་དང་མཉམ་དུ་མཆོད་པའི་ཕྱག་རྒྱ་རྣམས་བྱས་ན་མཆོད་པ་དྲུག་ཚང་བར་གྱུར༔ རྣལ་འབྱོར་རྒྱུད་ལ་སྔགས་དང་ཕྱག་རྒྱ་གང་ཆད་འདྲ་ནའང་༔ འདི་བླ་མེད་རྒྱུད་ཡིན་པས་ཕྱག་རྒྱ་གྲུབ་ན་ལེགས་མ་གྲུབ་ཀྱང་ཆད་པའི་སྐྱོན་ནི་མེད༔ སྔགས་དོན་ནི༔ ཨོཾ་རྡོ་རྗེའི་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་མཆོད་པ་ཨཱ༔ ཧཱུྃ༔ ཧཱུྃ་ཞེས་བརྗོད་པས་རང་གི་ཐུགས་ཀ་ནས་གཟུགས་རྡོ་རྗེ་མ་དཀར་མོས་མེ་ལོང་ཐོགས་པ༔ སྒྲ་རྡོ་རྗེ་མ་སྔོན་མོས་པི་ཝཾ་ཐོགས་པ༔ དྲི་རྡོ་རྗེ་མ་སེར་མོས་སྤོས་ཕོར་ཐོགས་པ༔ རོ་རྡོ་རྗེ་མ་དམར་མོས་ཞལ་ཟས་ཐོགས་པ༔ རེག་བྱ་རྡོ་རྗེ་མ་ལྗང་གུས་ན་བཟའ་ཐོགས་པ༔ ཆོས་དབྱིངས་རྡོ་རྗེ་མ་དཀར་མོས་ཆོས་འབྱུང་ཐོགས་པ༔ བྱེ་བ་དུང་ཕྱུར་དཔག་ཏུ་མེད་པ་སྤྲོས་ཏེ༔ དེ་རྣམས་ཀྱིས་གར་སྟབས་སྣ་ཚོགས་བྱེད་ཅིང་ཤིན་ཏུ་སྙན་པའི་དབྱངས་ཀྱིས༔ ཕུང་པོ་ལྟ་ཉིད་ཡེ་ཤེས་ལ༔ འདོད་ཡོན་གླུ་གར་མཆོད་ཡིད་ཚིམ༔ རྣམ་དག་མཆོད་པ་བཞེས་སུ་གསོལ༔ ཞེས་པའི་གླུ་དབྱངས་ལེན་ཅིང་གཟུགས་རྡོ་རྗེ་མ་སྤྱན༔ སྒྲ་རྡོ་རྗེ་མ་སྙན༔ དྲི་རྡོ་རྗེ་


CMR009_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཤངས༔ རོ་རྡོ་རྗེ་མ་ལྗགས༔ རེག་རྡོ་རྗེ་མ་སྐུ༔ ཆོས་དབྱིངས་རྡོ་རྗེ་མ་ཐུགས་ཀར་ཐིམ་པར་བསྒོམས་ལ༔ མ་ཧཱ་པཉྩ་པཱུ་ཙ་ཧོ༔ སྔགས་དོན་ནི་ཆེན་པོ་མཆོད་པ་ལྔ་ཡིས་དགྱེས༔ འདི་ནི་ཕྱི་མཆོད་ཀྱི་ནང་མཆོད་ཡིན་ནོ༔ ཧཱུྃ་ཞེས་བརྗོད་པས་སྐུའི་རིག་མ་དཀར་མོ་མེ་ལོང་དང་པདྨ་འཛིན་པ༔ གསུང་གི་རིག་མ་དམར་མོ་རྔ་ཟླུམ་འཛིན་པ༔ ཐུགས་ཀྱི་ལྷ་མོ་མཐིང་ཁ་པི་ཝཾ་སྒྲོག་པ༔ ཡོན་ཏན་གྱི་རིག་མ་སེར་མོ་གླིང་བུ་འབུད་པ་ཕྲིན་ལས་ཀྱི་རིག་མ་ལྗང་མོ་སིལ་སྙན་བཀྲོལ་བ༔ ཐམས་ཅད་ཀྱང་བཅུ་དྲུག་ན་ཚོད་དབུ་སྐྲ་སིལ་བུར་བསིལ་ཞིང་༔ རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ༔ བྱེ་བ་དུང་ཕྱུར་དཔག་ཏུ་མེད་པ་སྤྲོས་ཏེ༔ ཐབས་ཀྱི་རང་བཞིན་ལྷ་ཡབ་རྐྱང་རྣམས་ཀྱི་གནས་ལྔར་ཐིམ་པ་དང་༔ ཤེས་རབ་ཀྱི་རང་བཞིན་ལྷ་ཡུམ་རྐྱང་རྣམས་ནི་གཡོན་གྱི་ཁཊཾ་ལ་ཐིམ༔ གཉིས་སུ་མེད་པའི་རང་བཞིན་ལྷ་ཞལ་སྦྱོར་རྣམས་ཀྱི་ཡུམ་ལ་ཐིམ་པས་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བའི་སྦྱོར་མཚམས་ནས་འོད་ཟེར་འཕྲོས་༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་བཀུག་ནས་འདུས་ཏེ༔ ཡབ་ཡུམ་གྱི་ཞལ་དུ་


CMR009_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ཞུ་བ་ལས་ཡབ་ཡུམ་གྱི་པདྨར་བབ་པ་ལས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་དེ་ལས་གུ་རུ་དྲག་པོའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཞིག་ཏུ་གྱུར༔ དེ་ཉིད་འོད་ཟེར་གྱི་ཚུལ་དུ་ཕྱིར་འཕྲོས་པས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་ཐིམ༔ ལྷ་ཐམས་ཅད་ཐབས་ཤེས་གཉིས་སུ་མེད་པ་བདེ་བ་ཆེན་པོའི་ངོ་བོར་གྱུར༔ དེ་ནི་གསང་བའི་མཆོད་པ་ཡིན་པས་བཞེས་ཤིག༔ མ་ཧཱ་མུ་དྲུ་སུ་མཱ་ཡཱ་ནི་ཕྱག་རྒྱ་ཆེན་པོའི་དམ་ཚིག་སྟེ༔ ལྷ་ཡབ་ཡུམ་ཞལ་སྦྱོར་བ་ནི་ཕྱག་རྒྱ་ཆེན་པོ་ཡིན་ཏེ༔ ཡབ་ནི་ཐབས༔ ཡུམ་ནི་ཤེས་རབ༔ ཞལ་སྦྱོར་བ་ནི་ཟུང་འཇུག་གོ༔ གུ་ཧུ་པཱུ་ཙ་ཧོ་ནི་གསང་བའི་མཆོད་པས་དགྱེས༔ བརྡའ་རྙིང་པ་ལ་པཱུ་ཙ་དང་༔ གསར་མ་ལ་པཱུ་ཛ་སྟེ་གསར་རྙིང་གི་ཁྱད་དོ༔ ཧཱུྃ་ཞེས་མཆོག་གི་སྙིང་པོ་བརྗོད་པས༔ སྣོད་རང་བྱུང་ནི་བྷནྡྷ༔ བཅུད་རང་བྱུང་བདུད་རྩི་ལྔ་སྟེ༔ གདོད་ནས་རིགས་ལྔ་ཡེ་ཤེས་ལྔའི་ངོ་བོ་རྣམ་པར་དག་པ༔ ནང་གི་རྩྭ་བ་བརྒྱད་ཀྱང་མིའི་ལུས་ལ་ཚང་ཕྱིའི་རྩ་བ་བརྒྱད་ནི་ཙན་དན་དམར་པོ་ལ་ཚང་༔ དེ་ལས་གཞན་རྫས་སྣ་སྟོང་ལ་སྦྱར་བའི་བདུད་རྩི་ཆོས་སྨན་ནི༔ རྡོ་རྗེ་དང་༔ རིན་ཆེན་དང་༔ པདྨ་དང་༔ ལས་


CMR009_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ དེ་བཞིན་གཤེགས་པ་རིགས་ལྟའི་བཟའ་བའི་དམ་ཚིག་སོགས༔ དམ་ཚིག་ལྟ་བསྲུང་བའི་དངོས་གཞི༔ ཆོས་དབྱིངས་ཡེ་ཤེས༔ མེ་ལོང་ཡེ་ཤེས༔ མཉམ་ཉིད་ཡེ་ཤེས༔ བྱ་གྲུབ་ཡེ་ཤེས༔ སོར་རྟོག་ཡེ་ཤེས༔ ལྟ་རྫོགས་པར་གྲུབ་པའི་རྫས༔ ངན་སོང་གསུམ༔ ལྷ་མ་ཡིན་ནི་ལྷ་ངན་པ་ཡིན་པས་ལྷར་རྩི༔ མི་དང་འགྲོ་བ་ལམ་རྒྱུད་ལྔའི་སེམས་ཅན་ཀུན་རིགས་ལྔའི་གོ་འཕང་ལ་བསྒྲལ་བའི་ཕྱིར་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་སྟེ་དུག་ལྔ་ནི་བདུད་ཡིན་པས༔ དེ་སེལ་བའི་རྩི་ནི་འདི་ཡིན་པས་བདུད་རྩི་ཆེན་པོ༔ ཉན་རང་སོགས་ཀྱི་བསྐལ་པ་དུ་མར་སྒྲུབ་པའི་དངོས་གྲུབ་ཀྱང་འདི་ལྕེ་ལ་རེག་པ་ཙམ་གྱིས་ཐོབ་པར་ངོ་མཚར་ཆེ༔ ཟེགས་མ་འཐོར་བ་ལྷ་ལ་ཕོག་ན་ཐུགས་དམ་བསྐང་༔ མཆེད་ལྕམ་ལ་ཕོག་ན་ཉམས་ཆག་དག༔ འདྲེ་གདོན་ལ་ཕོག་ན་རྡུལ་དུ་བརླགས་པས་རྗད་དུ་བྱུང་༔ ཚོགས་དང་མཆོད་རྫས་ལ་ཕོག་ན་ཟག་མེད་ཡེ་ཤེས་ཀྱི་མཆོད་པ་མཆོག་ཏུ་གྱུར་པའི་བདུད་རྩི་འདི༔ རིགས་ཀྱི་བདག་པོ་རྒྱལ་བ་འོད་དཔག་ཏུ་མེད་པ་མན་ཆད་དཀྱིལ་འཁོར་གྱི་མཐའི་དུར་ཁྲོད་དུ་བཞུགས་པའི་ཤ་ཟ་ཞིང་སྐྱོང་


CMR009_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ཆད༔ བདག་མདུན་བུམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱ་མཚོའི་ཚོགས་རྣམས་ལ༔ ཆེ་ཆུང་ཕམ་རྒྱལ་མེད་པར་མཉམ་ཉིད་ཆེན་པོར་བདུད་རྩི་འབུལ་ལགས་ན༔ དེ་བཞེས་ནས་དངོས་གྲུབ་མ་སྩལ་ནི་ལྷ་རང་རང་སོ་སོའི་དམ་ཚིག་ཉམས་པར་གྱུར་ནའང་༔ དེ་མི་བཞེས་པར་མ་མཛད་ལ༔ ཐུགས་རྗེ་ཆེན་པོའི་བདག་ལ་ཕན་པའི་ཕྱིར༔ ཐུགས་བརྩེ་བས་དགོངས་ཏེ་བཞེས་སུ་གསོལ༔ བཞེས་ནས་རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ༔ འགྱུར་མེད་སྐུ༔ འགག་མེད་གསུང་༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་སྩོལ་ཅིག༔ ཨོཾ་ཨཱཿཧཱུྃ་ནི་སྐུ་གསུང་ཐུགས༔ སརྦ་པཉྩ་ཐམས་ཅད་ལ༔ ཨ་མཱི་ཏཱ་བདུད་རྩི༔ ཧཱུྃ་ཧཱིཏྟ་ནི་མཆོག་གི་སྙིང་པོ་དམ་པ༔ ཞེས་ལྷ་དང་སྲུང་མ་ཐམས་ཅད་ལ་མཚན་དོན་སྦྱར་ལ་འབུལ་ལོ༔ ཞེས་པའི་དོན༔ རྒྱས་པར་སྤྲོ་ན་ལག་གཡོན་དུ་བདུད་རྩི་ཐོགས༔ གཡས་པའི་མཐེབ་སྲིན་གྱིས་བླ་མ་རྣམས་ནམ་མཁའ༔ ཡི་དམ་རྣམས་བར་སྣང་༔ ཆོས་སྐྱོང་རྣམས་ས་གཞིའི་ཕྱོགས་སུ་གཏོར་ཞིང་༔ བདུད་རྩི་ཟེགས་མ་རེ་རེ་ལ་ཡང་མཆོད་པའི་ལྷ་མོ་ལག་ན་བྷནྡྷ་བདུད་རྩིའི་གང་བ་ཐོགས་པ་དཔག་ཏུ་


CMR009_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་གྱུར་ནས༔ ལྷ་སོ་སོའི་ཞལ་དུ་བདུད་རྩི་དྲངས་པར་བྷེ་ཞིང་དབྱངས་དང་བཅས་པས༔ ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ལོངས་སྐུ་ཐུགས་རྗེ་ཆེན་པོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ སྤྲུལ་སྐུ་པདྨ་འབྱུང་གནས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ གཏེར་སྟོན་རཏྣ་གླིང་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ དྲིན་ཆེན་རྩ་བརྒྱུད་བླ་མའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཡི་དམ་དྲག་པོའི་ལྷ་ཚོགས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཆོས་བདག་མཁའ་འགྲོ་སྡེ་ལྔའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཆོས་སྐྱོང་སེང་གདོང་ཡབ་ཡུམ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ བཀའ་སྲུང་སྤུ་གྲི་མཆེད་གསུམ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ གཏེར་སྲུང་དགེ་བསྙེན་སྨྱོ་ཁའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཞེས་སམ་བསྡུ་ན༔ བྱིན་རླབས་ཀྱི་རྩ་བ་སྐུ་གསུམ་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ༔ དངོས་གྲུབ་ཀྱི་རྩ་བ་ཡི་དམ་དབང་དྲག་པདྨའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་


CMR009_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧཱུྃ༔ ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ༔ གཞན་ཡང་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཡི་དམ་ལྷར་གསལ་བའི་ཞལ་དུ་ཨོཾ་ཨཱཿཧཱུྃ༔ དེ་ལྟར་མཆོད་པས་ལྷ་ཐམས་ཅད་ཀྱི་མཆོག་ཐུན་མོང་གི་དངོས་གྲུབ་ཆར་ལྟར་བབས་ནས་བདུད་རྩི་ལ་ཐིམ་པས༔ ཨོཾ་དཀར་དམར་ཧཱུྃ་མཐིང་གའི་རྣམ་པར་འདུག་པ་རང་གི་གནས་གསུམ་དུ་ཐིམ་པར་བྷོ་ལོ༔ ཀཱ་ཡ་སིདྡྷི་ཨོ༔ ཝཀྐ་སིདྡྷི་ཨཱཿ ཙིཏྟཱ་སིདྡྷི་ཧཱུྃ༔ ཞེས་གནས་གསུམ་དུ་ཐིག་ལེ་བྱ༔ ཐིགས་པ་ལྕེ་ལ་བཞག་པས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ༔ དེ་དག་ཚེས་བཅུའི་དུས་སམ༔ ཆང་ཕུད་འཛོམ་དུས་ཡིན་གྱི་རྒྱུན་དུ་མི་དགོས་སོ༔ ཧཱུྃ༔ རྣལ་འབྱོར་པས་དཱམ་ཚིག་བསྲུང་བའི་རྫས་གཏོར་མ་རིན་ཆེན་འབར་བ་འདི༔ རི་རབ་ལྟར་ཆེ་ཞིང་གཟི་བརྗིད་དང་ལྡན་པ་རོ་མཆོག་བརྒྱ་དང་ལྡན་ཞིང་༔ རྣམ་པ་ནི་བདུད་རྩི་རྒྱ་མཚོའི་རླངས་པ་ལ་གཟུགས་མཛེས་པའི་མཆོད་པའི་ལྷ་མོ་དུ་མ་འཕྲོ་བ་མཚོའི་རླབས་ལ་སྒྲ་སྙན་པ་དཔག་ཏུ་མེད་པའི་སྒྲ་གྲག་པ༔ དྲི་ཞིམ་པོ་དུ་མའི་ངད་ལྡང་བ་ཀ་ར་སྦྲང་རྩི་ལྟར་རོ་མངར་བ་ཟོས་ན་ལུས་སེམས་ལ་ཟག་མེད་ཀྱི་བདེ་བ་བསྐྱེད་པ༔ དེ་


CMR009_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འདོད་ཡོན་ལྔ་ཚང་ཞིང་༔ མཆོད་པའི་ལྷ་མོའི་ཚོགས་རྒྱན་གྱིས་སྤྲས་ཤིང་༔ ལག་ན་བྷནྡྷའི་སྐྱོགས་ཐོགས་ནས་ཡེ་ཤེས་ཀྱི་བདུད་རྩི་རྒྱུ་མཚོ་དེ་ལས་བཅུས་ནས༔ མཆོད་པའི་ལྷ་མོ་སྤྲིན་ལྟར་འཐིབས་པ་འདི་རྣམས་ཀྱིས༔ བྱིན་རླབས་ཀྱི་རྩ་བ་བླ་མ༔ དངོས་གྲུབ་ཀྱི་རྩ་བ་ཡི་དམ༔ ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྐྱོང་གསུམ་གྱི་ལྷ་ཚོགས་རྣམས་ལ་འབུལ་བས༔ ཤིན་ཏུ་མཉེས་ནས་ཐུགས་དམ་བསྐང་༔ ཐུགས་དམ་བསྐངས་བར་གྱུར་ན་དབང་བཞི་ཡི་དབང་དོན་གྱི་ཡེ་ཤེས་དང་༔ མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་ཅིག༔ མ་ཧཱ་བ་ལིཾ་ཏཱ་ལ་ཁ་རཾ་ཁཱ་ཧི་ནི༔ གཏོར་མ་ཆེན་པོ་ཟོ་ཟོ་ཤིག༔ དེ་རང་གིས་ཀྱང་གཏོར་བསྔོས་བསྡུས་པ་ཚང་བས༔ གཏོར་བསྔོས་གཞན་མ་བྱས་ཀྱང་རུང་༔ གུ་དྲག་རང་གཙོ་བོར་བྱེད་ན་གཏོར་བསྔོས་བྱེད་པ་འདིར་ཡིན་ཀྱང་༔ གུ་དྲག་རྐྱང་པའི་གཏོར་བསྔོས་ཡིན་ན་འདིར་རུང་གི༔ གསར་རྙིང་བསྲེས་མའི་གཏོར་བསྔོས་མང་པོ་ཡོད་ན་འདིར་མི་རུང་སྟེ། གཏེར་གཞུང་གི་ལས་བྱང་འདི་ལ་བཅོས་སླད་མི་རུང་བའི་ཕྱིར༔ ལས་བྱང་ཚར་བའི་ཐུན་སྐབས་ཤིག་ཏུ་གཏོར་བསྔོས་རྒྱས་པ་ཡོད་ན་


CMR009_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ༔ སྨན་རཀ་གཏོར་གསུམ་ནི་ནང་མཆོད་ཡིན་ལ༔ སྦྱོར་མཆོད་སྒྲོལ་མཆོད་གཉིས་ནི་གསང་མཆོད་ཡིན་ཀྱང་༔ གཞུང་ཡོད་ཚུགས་ལས་གོ་རིམ་བསྒྲིག་མི་ཕོད་དེ་བཅོས་སླད་དུ་འགྱུར་བའི་ཕྱིར་རོ༔ ཧཱུྃ་ཞེས་གདུག་པ་ཅན་འདུལ་བའི་སྔགས་བརྗོད་ནས༔ རང་ངོ་རང་གིས་མ་རིག་སྟེ༔ ལོག་པར་རྟོག་པའི་འཁྲུལ་བའི་དབང་གིས༔ བསྒྲལ་བའི་ཞིང་བཅུ་ཚང་བ་བསྟན་པའི་སྤྱི་དགྲ་དང་༔ བསྟན་པ་དང་སེམས་ཅན་ལ་གནོད་པའི་གདུག་པའི་རུ་ཏུ་རྣམས་བསྒྲལ་བའི༔ ཐོད་པ་རློན་པ་ལྕང་ལོ་དང་བཅས་པའི་བྷན་ཡངས་ཤིང་རྒྱ་ཆེ་བ་རུ༔ འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྐུ་གསུམ་གྱི་ཞིང་ཁམས་སུ་བསྒྲལ་བའི་དུག་ལྔ་དང་༔ ཉོན་མོངས་པ་རྣམས་རཀྟའི་རྒྱ་མཚོར་བསྐྱིལ་བར་བསྒོམས་ནས༔ རྒྱ་གར་སྐད་དུ༔ ཧེ་རུ་ཀ༔ བོད་སྐད་དུ་ཁྲུག་འཐུང་ཡེ་ཤེས་ཀྱི་མེ་འབར་བའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་འཁོར་བ་ཁྲག་གི་རྒྱ་མཚོ་འདི་བསྟབ་བོ་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ ཁྲག་ཆེན་པོ་ཟོ་ཟོ་ཤིག༔ ཧཱུྃ་ལ་ཡེ་ཤེས་ལྔ་ཚང་༔ ཡང་དག་པར་ན༔ རང་གི་སེམས་ཉིད་ཆོས་སྐུ་རྗེན་པ་ཡིན་པའི་


CMR009_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

དོན་རྟོགས་པའི་ཤེས་རབ་ཀྱི་རལ་གྲི༔ གཟུང་བའི་ཡུལ་དང་འཛིན་པའི་སེམས་སྟོང་པ་ཉིད་དུ་རྟོགས་པས་བདག་བསྒྲལ་དེ་ལྟར་མ་རྟོགས་པའི་སེམས་ཅན་ལ༔ སྙིང་རྗེ་དྲག་པོས་གདུག་པའི་སེམས་དང་ལྡན་པའི་གཟུགས་ཅན་གྱི་དགྲ་བསྟན་པ་ལ་གནོད་པ༔ གཟུགས་མེད་ཀྱི་བགེགས་བྱང་ཆུབ་སྒྲུབ་པ་ལ་བར་ཆད་བྱེད་པ་རྣམས་བསྒྲལ་ན་རྒྱལ་བའི་ཚོགས་རྣམས་ཐམས་ཅད་དེ་ལ་དགྱེས་པས༔ ཆོས་དབྱིངས་རོལ་པའི་མཆོད་པ་ཆེན་པོ་ཡིན་པས་བདག་གིས་ཀྱང་དེ་ལྟར་བྱ་ཡི་མཆོད་པ་ཆེན་པོ་བཞེས་ཤིག་མ་ཏྲཾ་རུ་ཏུ་པྲ་བྷུན་ཙཀྲ་ནི་བདུད་ཀྱི་འཁོར༔ པྲ་ཝེ་ཤཱ་ཡ༔ ཁཱ་ཧཱི་ནི་རྣམ་ཤེས་གནས་སུ་སྤར་ཏེ་ཟོ་ཞིག༔ ཅེས་ཕྱི་ནང་གསང་གསུམ་སྨན་གཏོར་རཀྟ་ལ་སོགས་པ་གཏེར་གཞུང་ནས་བྱུང་བ་ལྟར་རིམ་པར་མཆོད་ནས༔ རྔ་དུང་སིལ་སྦུབ་སོགས་རོལ་མོའི་ཚོགས་ཀྱིས་ཀྱང་མཆོད༔ ཅེས་པས་རྒྱུན་དུ་རྔ་རྡུང་བའམ་མིན་ན་ཐུན་མཚམས་སུ་རྔ་རོལ་མོ་འུར་རྡུང་མཆོད་རོལ་དགོས་པའི་དོན་ནོ༔ ཤམཤཋཱ༔ མཊམ་། བརྡ་ཡིག་ཚན་གཉིས་ནི་དང་པོ་མཆོད་པའི་མཇུག་དང་༔ རྗེས་མ་བསྟོད་པའི་མགོ་སྟེ༔ འདི་ལ་སྣོན་


CMR009_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲི་མི་རུང་བའི་ཕྱག་དམ་བཀའ་རྟགས་མཁའ་འགྲོའི་ཡི་གེའོ༔ དེ་ནས་བསྟོད་པ་རྒྱས་པ་རྣམ་རྒྱལ་འབར་མ༔ བསྡུས་པ་འདི༔ བསྐུལ་ནི་རྣམ་རྒྱལ་འབར་མའི་མཇུག་གི་ལེའུ་དང་༔ སྤུ་གྲིའི་བསྐུལ་པ་དང་གསུམ་ལས༔ དང་པོ་གཙོ་བོ་ལ་དོན་རྟགས་དྭང་མཐུན་པར་བསྟོད་པ་ནི་༔ ཧཱུྃ་ནི་མཆོག་བསྐལ་པ་འཇིག་དུས་ཀྱི་མེ་ལྟར༔ ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དཀྱིལ་ནས༔ ཏཱི་ར་ནི་དྲེགས་པ་ཅན་རྣམས་རོ་ལྟར་མནན་པའི་ཁྲི་ནི་ཉི་ཟླ་དང་པདྨའི་གདན་སྟེང་དུ༔ སྣང་སྲིད་ཀུན་གྱི་ཆེ་བཙན་འགྲན་ཟླ་དང་བྲལ་བ༔ ཁྲོ་བོ་ཀུན་ལས་ཆེ་བའི་ཆེ་མཆོག་དྲག་པོ་པདྨ་ཐོད་ཕྲེང་རྩལ༔ དེའི་སྐུ་མདོག་ཆ་ལུགས་ཕྱག་མཚན་རྣམས་སླར་ཡང་བསྟོད་པའི་ཚིག་གིས་གསལ་བཏབ་སྟེ༔ སྐུ་མདོག་ནི་དམར་ནག་མེའི་མདོག་འདྲ་ཞིང་༔ དམར་དཀར་སྔོ་བའི་ཞལ་གསུམ་ཕྱག་དྲུག་པ༔ ཞལ་རེ་རེ་ལ་སྤྱན་གསུམ་གསུམ་སྟེ་སྤྱན་དགུ་སྡང་མིག་ཏུ་བསྒྲད་པ༔ དབུ་སྐྲ་དམར་སེར་གྱེན་དུ་བརྗེས་པ་མཐོ་སྲིད་པའི་རྩེ་མོར་སླེབས་པ༔ དབུ་ལ་ཐོད་སྐམ་ལྔའི་ནང་ན་ཁྲག་འཐུང་རིགས་ལྟ་བཞུགས་ཤིང་༔ དེའི་རྩེ་མོར་རིན་པོ་ཆེའི་རྩེ་ཕྲན་ལྔའི་ནང་ན་རྒྱལ་བ་རིགས་ལྔ་


CMR009_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ཤིང་༔ འཁོར་རིགས་ལྔའི་སངས་རྒྱས་བྱང་སེམས་སྤྲིན་ལྟར་གཏིབས་པ༔ ཞལ་གསུམ་གདུངས་ཤིང་ལྗགས་འདྲིལ་བ༔ རྣོ་དབལ་དང་ལྡན་པའི་མཆེ་བ་ཟླ་བ་ཚེས་པ་ལྟར་བཅུ་གཉིས་གཙིགས་པ༔ ཕྱག་གཡས་དང་པོས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ལྷ་ཚངས་པའི་གྲུ་གང་བ༔ སངས་རྒྱས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པའི་བདེན་མཐུ་ལས་གྲུབ་པ༔ དེ་ཚད་པ་ཙམ་གྱིས་དབུས་ཀྱི་རི་བོ་མཆོག་རབ་ཀྱང་ཐལ་བར་བརླག་པའི་ནུས་པ་ཅན་ཕྱིར་ཐབས་སུ་འཛིན་པ༔ ཕྱག་བར་པས་རྡོ་རྗེས་མཚན་པའི་གྲི་གུག་བདག་འཛིན་གཅིག་པུ་གཅོད་པའི་མཚོན་སོ་གཅིག་པ༔ རྣོ་ངར་རབ་ཏུ་འབར་བས་སྤུ་གྲི་རེག་གཅོད་ལྟ་བུ་གདེངས་ཐབས་སུ་འཛིན་པས་འཁོར་བའི་སྡུག་བསྔལ་སྐྱེ་ཤི་འཁྲུལ་འཁོར་རྩོད་ནས་གཅོད་པ༔ ཕྱག་ཐ་མས་ཤེས་རབ་ཀྱི་རལ་གྲི་མེ་འབར་བ་ཕྱར་བས་གཟུགས་ཅན་གྱི་དགྲ་དང་གཟུགས་མེད་ཀྱི་བགེགས་ཐམས་ཅད་དུམ་བུར་གཏུབ་པ༔ ཕྱག་གཡོན་གྱི་ཐ་མས་ལྕགས་ཀྱི་སྡིག་པ་ཁ་དགུ་མིག་དགུ་རྭ་བཅོ་བརྒྱད་པ་འགྱེད་ཐབས་སུ་འཛིན་པ་དེ་ལས་དེ་འདྲ་གྲངས་མེད་པ་འཕྲོས་པས་གནོད་བྱེད་རྒྱལ་བསེན་དམ་སྲི་རྣམས་ཀྱི་


CMR009_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཁྲག་འཐུང་བར་བྱེད་པ༔ ཕྱག་གཡོན་བར་པས་བྷནྡྷ་འབར་བས་ཡངས་ཤིང་རྒྱ་ཆེ་བར་ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་དུག་ལྔ་དུག་གསུམ་ཐམས་ཅད་ཁྲག་ཏུ་བྱིན་གྱིས་བརླབས་ཏེ་རོལ་པས་འཁོར་བའི་རྒྱ་མཚོ་སྐེམ་པར་མཛད་པ༔ ཕྱག་གཡོན་དང་པོས་ཁཊཾ་རྩེ་གསུམ་པ་འཛིན་པས་ཉོན་མོངས་པ་དུག་གསུམ་མ་སྤངས་གནས་སུ་དག་ནས་སྐུ་གསུམ་གྱི་དབྱིངས་སུ་སྦྱོར་བར་མཛད་པ༔ ཐབས་ཤེས་མཚོན་པའི་གཤོག་པ་གཉིས་ཏེ་ཐིལ་ཕྲན་རྡོ་རྗེས་མཚན་པའི་གཤོག་པ་གཡས་སུ་གདེངས་ཤིང་༔ རིན་པོ་ཆེས་མཚན་པའི་གཤོག་པ་གཡོན་དུ་གདེངས་བ༔ སྟོབས་བཅུ་རྫོགས་པའི་ཕྱིར་གླང་ཆེན་གྱི་ཀོ་བ་རློན་པས་སྟོད་གཡོགས་པ༔ བདུད་དང་སྲིན་པོ་འདུལ་བའི་ཕྱིར་མི་ལྤགས་ཀྱི་གཡང་བཞི་རྐེད་ལ་དཀྲིས་པ༔ བདུད་བཞིའི་གཡུལ་ལས་རྒྱལ་བའི་ཕྱིར༔ སྟག་གི་པགས་པའི་ཤཱམ་ཐབས་སོགས་ཁྲག་འཐུང་འབར་བའི་ཆས་ཀྱིས་བཀླུབས་པ༔ ཀླུ་རིགས་ལྔ་འདུལ་བའི་ཕྱིར༔ སྦྲུལ་རིགས་ལྟས་ཡན་ལག་དཀྲིས་པ་དང་སྦྲུལ་ནཱག་དང་ཐོད་ཕྲེང་གི་དོ་ཤལ་བརྒྱན་པ༔ ཞབས་བཞི་ཀློང་ཆེན་རབ་འབྱམས་པས་ནི་གཡས་བརྐྱང་གཡོན་བསྐུམ་དུ་


CMR009_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་ཀྱང་༔ དེང་སང་ཀུན་གྱི་ཡོངས་གྲགས་ལ་གཡོན་བརྐྱང་གཡས་བསྐུམ་གྱད་ཀྱི་འདོར་ཐབས་ཀྱིས་ནི་གྱད་སྟོབས་པོ་ཆེ་རྣམས་ཀྱི་ཤེད་བགྲད་དུས་ཀྱི་རྐང་སྟབས་ལྟར་བགྲད་པ༔ སྐུའི་བ་སྤུའི་རྩེ་མོ་ཐམས་ཅད་ལ་གནམ་ལྕགས་རྡོ་རྗེའི་རང་བཞིན༔ མེའི་ཚྭ་ཚྭ་མགར་གྱི་སོལ་མེ་ནས་བྱུང་བའི་ལྕགས་སྲེག་གི་ཚྭ་ཚྭ་ལྟར་སིལ་སྒྲ་དང་བཅས་ཏེ་འཕྲོ་བ༔ སྐུ་ལས་སྤྲུལ་པའི་ཁྲོ་བོ་སྐུ་ཆུང་ལ་ཡན་ལག་དོད་པ༔ ཆ་ལུགས་ཡཀཱ་མེ་དབལ་འདྲ་བ་གྲངས་མེད་པ་མང་པོ་སྐར་ལྟར་འཁྲུག་པ༔ གློག་ལྟར་འཁྱུག་པ་རླུང་ལྟར་འཚུབ་པ་ཁྲོ་བོ་རྣམས་ཀྱི་ཞལ་ནས་གསུང་པ་དང་༔ རང་བཞིན་གྱི་སྒྲ་གྲག་པའི་ཧཱུཾ་ཧཱུཾ་དང་ཕཊ་ཕཊ་ཀྱི་སྒྲ་ཆེན་པོས་སྟོང་གསུམ་སྟོང་གི་འཇིག་རྟེན་གྱི་ཁམས་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་གང་སྟེ༔ ས་རྣམ་པ་དྲུག་ཏུ་གཡོས་ཤིང་རི་རབ་འགུལ་རྒྱ་མཚོ་འཁྱོམ༔ གཙོ་བོའི་སྐུ་ལས་སྤྲུལ་པའི་ཁྲོ་ཚོགས་ནི་མེ་དཔུང་ཆེན་པོ་དང་བཅས་ཏེ༔ ནམ་མཁའི་ཐོག་ལྟར་གནོད་བྱེད་ཀྱི་སྟེང་དུ་འབེབས་པ༔ དེ་ལྟར་བཅོམ་ལྡན་ཁྲོ་བོ་ཆེན་པོ་འབར་བའི་གར་དགུ་དང་ལྡན་པ་ལ་ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་བསྟོད༔ ཁྱེད་ཀྱི་


CMR009_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ནི་རྡོ་རྗེའི་ལྗགས་ཀྱིས་ཀྱང་བརྗོད་པར་མི་ནུས་ན༔ བདག་ལྟ་བུས་བརྗོད་པར་ག་ལ་ནུས་ཏེ༔ འོན་ཀྱང་སྐུའི་ཆ་ལུགས་ལ་ཟུར་ཙམ་བསྟོད་པ་ནི༔ བདག་དང་སེམས་ཅན་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་གོ་འཕང་ཐོབ་པའི་ཕྱིར་དུ་ཕྱག་འཚལ་བསྟོད་དོ༔ ཡུམ་ཁྲོས་མ་ནག་མོའི་ཐུགས་སྲོག་ཧཱུྃ་ཞེས་བོས་ནས་ཐབས་ཀྱི་རང་བཞིན་ཡབ་ཀྱི་སྐུ་མཆོག་དེ་ལ་དགྱེས་པར་སྦྱོར་བའི་ཤེས་རབ་ཀྱི་རང་བཞིན་ཡུམ་ནི༔ ཐུགས་ཀྱི་ཕག་མོ་མཐིང་ནག་ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པའི་སྟབས་ཀྱིས་སྦྱོར་བ་ནི། ཐབས་ཤེས་ཟུང་འཇུག༔ བདེ་སྟོང་ཟུང་འཇུག༔ གསལ་སྟོང་ཟུང་འཇུག༔ སྣང་སྟོང་ཟུང་འཇུག༔ བདེན་གཉིས་ཟུང་འཇུག་གི་བརྡའ་སྟོན་པ་སྟེ་ཆགས་པ་སྤྱད་པ་ལྟ་བུ་ནི་མ་ཡིན་ནོ༔ སྤྱི་གཙུག་ན་ཕག་ཞལ་མཐིང་ནག་ཕག་སྐུད་ངུར་སྒྲ་འབྲུག་ལྟར་སྒྲོགས་པས༔ དཔའ་བོ་མཁའ་འགྲོ་ཐམས་ཅད་དབང་དུ་བསྡུ་ཞིང་༔ ཕྱག་གཡས་རྣམ་རྟོག་གཅོད་པའི་གྲི་གུག་ཡབ་ཀྱི་མགུལ་ནས་འཁྱུད་པ༔ གཡོན་འཁོར་བའི་རང་བཞིན་ཐོད་ཁྲག་ཡབ་ཀྱི་གཡས་ཞལ་ཆོས་སྐུའི་ཞལ་ལ་སྟོབས་པ༔ འཕོ་མེད་བདེ་བ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་


CMR009_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་བདག་མོ་ཆོས་སྐུ་ཡུམ་ཆེན་མོ་དེ་ལ་ཕྱག་འཚལ་བསྟོད་དོ༔ ཧཱུྃ་ཞེས་མཆོག་གི་ས་བོན་ནས་བོས་ཏེ༔ པདྨའི་རིགས་ཀྱི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ནི༔ ཐུགས་རྗེས་འགྲོ་ལ་ཆགས་པས་སྐུ་མདོག་དམར་གསལ༔ སྐྱོན་ཐམས་ཅད་དང་བྲལ་བས་དྲི་མ་མེད་པ་དཔེར་ན་རིན་པོ་ཆེ་པདྨ་རཱ་གའི་མདོག་ལྟ་བུ༔ ཆོས་སྐུ་ཉག་གཅིག་མཚོན་པའི་ཞལ་གཅིག་ཞི་ཞིང་འཛུམ་པ༔ ཐབས་ཤེས་ཟུང་དུ་འཇུག་པའི་ཕྱུག་གཉིས་མཉམ་བཞུག་བསྣོལ་བའི་སྟེང་ན་ཚེའི་བུམ་པ་འཆི་མེད་བདུད་རྩིའི་བཀང་བ་འཛིན་པ༔ སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་དང་ཐུགས་རྗེའི་རང་བཞིན་གྱི་བྱིན་རླབས་ནི་སྤྲིན་གྱི་ཚོགས་ཆེན་པོ་ལྟར་གཏིབས་པ༔ སེམས་ཅན་གང་ཡང་རུང་བས་སྐུ་དེ་ཡིད་ལ་དྲན་ཅིང་མོས་པ་དང་༔ གུས་པས་དེའི་སྙིང་པོ་བཟླས་ན་ཚེའི་དངོས་གྲུབ་སྩོལ་བ་ལ་ཐེ་ཚོམ་མེད་པ༔ གུ་རུ་དྲག་པོའི་དབུ་གཙུག་ན་རིགས་ཀྱི་བདག་པོར་བཞུགས་པའི་སངས་རྒྱས་འོད་དཔག་མེད་འཁོར་བསྐལ་བཟང་གི་སངས་རྒྱས་སྟོང་གིས་བསྐོར་བ་ལ་ཕྱག་འཚལ་བསྟོད་དོ༔ ཧཱུྃ་ཞེས་འཇམ་


CMR009_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གཤིན་རྗེའི་གཤེད་ཀྱི་ཐུགས་སྲོག་ནས་བོས་ཏེ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་སྤྲུལ་པ་འཇམ་དཔལ་གཞོན་ནུར་གྱུར་པ་དེ་ཉིད༔ འཆི་བདག་གཤིན་རྗེ་འདུལ་བའི་ཕྱིར་ཁྲོ་བོར་བཞེངས་པ་གཤིན་རྗེའི་གཤེད་ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར་ལ་ཅུང་ཟད་ནཱག་པའི་མདངས་ཅན་འོད་འབར་བའི་སྐུ༔ ཕྱག་གཡས་པས་ཤེས་རབ་ཀྱི་རལ་གྲི་ནམ་མཁའ་ལ་ཕྱར་བས་བདག་འཛིན་འཁོར་བའི་རྩ་བ་གཅོད་པ༔ གཡོན་པས་སྡིགས་མཛུབ་དང་བཅས་པའི་ཤེར་ཕྱིན་གྱི་པོ་ཏི་ཐུགས་ཀར་འཛིན་པས་ཤེར་ཕྱིན་གྱི་དོན་སེམས་ལ་འཆར་བར་བྱེད་པ༔ རབ་ཏུ་འཇིགས་པའི་སྐུ་འཆི་བདག་གཤིན་རྗེ་རྣམས་ཀྱང་སྐྲག་པར་བྱེད་པའི་ཁྲོ་བོའི་རྒྱལ་པོ་འབར་བའི་གྲྭར་དགུ་དང་ལྡན་པ༔ དཔལ་ཆེན་ཆེ་མཆོག་གཙོ་དགུའི་ནང་ནས་འཇམ་དཔལ་སྐུའི་དཀྱིལ་འཁོར་གྱི་གཙོ་བོ་ཚེ་བདག་འཆི་བདག་དང་སྲོག་བདག་དང་ཁ་ཐུན་དང་དགྲ་ནག་དང་གདོང་དྲུག་དང་གཤེད་དམར་ནག་དང་མཐར་བྱེད་དང་རྡོ་རྗེ་འཇིགས་བྱེད་ལ་སོགས་པ་དོན་གཅིག་ལ༔ ཆ་ལུགས་དང་མཚན་མི་འདྲ་བ་མང་པོ་ཅན༔ སྐུའི་རིགས་ཀྱི་ཁྲོ་བོའི་རྒྱལ་པོ་དེ་ལ་ཕྱག་འཚལ་བསྟོད་དོ༔ རྟ་


CMR009_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་གྱི་ཐུགས་སྲོག་ཧཱུྃ་ཞེས་བོས་ནས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྤྲུལ་པ་པདྨ་དབང་ཆེན་རྩྭ་མགྲིན་ནི༔ སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཡེ་ཤེས་ཀྱི་མེ་དཔུང་དམར་ནག་འབར་བའི་ཀློང་ན་བཞུགས་པ༔ དབུ་གཙུག་ན་རྟ་མགོ་ལྗང་ཞུར་རྟ་སྐད་ནམ་མཁའི་དབྱིངས་སུ་འཚེར་བས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ༔ ཞལ་ནས་ཧཱུཾ་ཧཱུཾ་དང་ཕཊ་ཕཊ་ཀྱི་སྒྲ་སྒྲོག་པ༔ གཡས་པས་པདྨས་མཚན་པའི་དབྱུག་ཐོ་ནམ་མཁའ་ལ་ཕྱར་བས༔ གདོན་བགེགས་ཀྱི་གླད་པ་འཇོམས་ཤིང་༔ གཡོན་པས་སྡིགས་མཛུབ་བསྒྲེང་བ་ལས་མེ་འབར་བས་གནོད་བྱེད་བསྲེགས་པ༔ སྤྲུལ་གྱི་ཆུན་པོ་དང་ཐོད་པ་སྐམ་རློན་གྱི་ཕྲེང་བ་དང་ཞིང་གི་གཡང་གཞི་སྟག་ཤུམ་ལ་སོགས་པ་ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་པ༔ པདྨ་ཧེ་རུ་ཀ་དང་རྟ་མཆོག་རྒྱལ་པོ་དང་པདྨ་དབང་ཆེན་ཞེས་ཀྱང་བྱ༔ འཕགས་པ་སྤྱན་རས་གཟིགས་ཁྲོས་པའི་རྒྱལ་པོ་དེ་ལ་ཕྱག་འཚལ་བསྟོད་དོ༔ ཧཱུྃ་ཞེས་ཕྱག་རྡོར་གྱི་ཐུགས་སྲོག་ནས་བོས་ཏེ༔ སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་སྤྲུལ་པ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བ་


CMR009_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གྱིས་མི་ཁྱབ་པའི་བདག་པོ༔ གཏུམ་པོ་ཆེན་པོ་དང་གཏུམ་ཆུང་དང་གོས་སྔོན་ཅན་དང་འཁོར་ཆེན་དང་འབྱུང་འདུལ་དང་ལྕགས་སྨྱུག་ཅན་དང་འགྲོ་བཟང་དང་༔ བཛྲ་ཧེ་རུ་ཀ་ལ་སོགས་པ་དོན་གཅིག་མཚན་གྱི་རྣམ་གྲངས་ནི༔ སྐུ་མདོག་མཐིང་ནག་འབར་བ་ཁྲོ་བོ་ཞལ་གཅིག་པ་ཕྱག་གཉིས་པ་གར་དགུའི་ཉམས་དང་ལྡན་ཞིང་གོས་སྔོན་པོའི་སྟོད་གཡོགས་དང་༔ ཁྲོ་བོའི་རྒྱན་ཐམས་ཅད་ཡོངས་སུ་རྫོགས་པ༔ སངས་རྒྱས་གངྒཱའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་རྙེད་ཀྱི་མཐུ་སྟོབས་ཀྱི་བདག་པོར་དབང་བསྐུར་བའི་དབང་རྟགས་ཕྱག་གཡས་རྡོ་རྗེ་ཕྱར་བ༔ གཡོན་པས་སྡིགས་མཛུབ་ཐུགས་ཀར་གདེངས་བའི་རྩེ་མོ་ན་ཁྱུང་ཁྲ་ཐབས་སུ་འཕྲོ་བ༔ ཞབས་གཉིས་པད་ཉིའི་སྟེང་དུ་འདོར་ཐབས་སུ་བསྒྲད་ཅིང་༔ གདུག་པ་ཅན་གྱི་གཟའ་ཀླུ་དང་སྡེ་བརྒྱད་ཐམས་ཅད་འདུལ་ཞིང་འཇོམས་པར་མཛད་པ༔ ཡང་དག་ཐུགས་མཆོག་འགྱུར་བ་མེད་པའི་ལྷ་དེ་ལ་ཕྱག་འཚལ་སྟོད་དོ༔ ཧཱུྃ་ཞེས་གདུག་པ་ཅན་འདུལ་བའི་སྙིང་པོ་བརྗོད་ནས༔ ཁྲོ་བོ་ཐམས་ཅད་ཀྱི་ཡོན་ཏན་གྱི་ཆ་ལས་སྤྲུལ་པའི་བྱུ་ཁྱུང་གསར་མ་བ་རྣམས་ཀྱིས་ལེགས་སྦྱར་གྱི་སྐད་ལ་གྷ་རུ་ཊ་བྱ་ཁྱུང་༔ ཀ་རུ་


CMR009_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཎ་སྙིང་རྗེར་འཇུག་པས་མ་དག་ཟེར་ཀྱང་འདི་ནི་ཀ་རུ་ཎ་དག་སྟེ༔ བྱ་ཁྱུང་ཞེས་པ་བོད་སྐད་སྔོན་དུ་སོང་ནས༔ སེམས་ཅན་གདུག་པ་ཅན་གྱི་ཀླུ་དང་དེའི་ནད་ཀྱིས་ཉེན་པའི་སེམས་ཅན་སྙིང་རྗེ་ཆེན་པོས་ཁྱུང་གི་སྐུར་སྤྲུལ་པ་ཡིན་པའི་ཕྱིར༔ བྱ་ཁྱུང་གི་ངོ་བོ་སྙིང་རྗེ་ཡིན་པའོ༔ ཁྱུང་རིགས་ལྔ་འདི་སྐུའི་བྱ་ཁྱུང་སྐུ་མདོག་དཀར་པོ་གནམ་ལྕགས་ཏེ་ཐོག་གི་རྒྱུ་ལས་གྲུབ་པའི་མཆུ་སྡེར་ཅན༔ རལ་གྲི་མེ་འབར་བ་གཤིབས་པའི་གཤོག་པ་རྔུབ་ཅིང་༔ ཀླུ་མངལ་སྐྱེས་དང་སྒོང་སྐྱེས་དྲོད་གཤེར་ལས་སྐྱེས་པ་དང་བརྫུས་སྐྱེས་ཏེ་ཀླུ་རིགས་བཞི་ཀ་ཟས་སུ་ཟ་བ༔ ཐིལ་ཕྲན་སྤུ་གྲི་འབར་བ་རྣམས་སྤྲུགས་པས་བྱེ་ཚན་གྱི་ཆར་དང་རྡོ་རྗེའི་ཐོག་དང་སེར་བ་འབེབས་པས་ཀླུ་རྣམས་ཀྱི་ཤ་རུས་འབྱེད་པ༔ གལ་ཏེ་ཁྲོས་ནས་རི་རབ་ཀྱང་རྩད་ནས་བཤིག་ཅིང་༔ ཉི་མ་དང་ཟླ་བ་ཡང་དཔག་ཚད་དུ་ཚོགས་པོར་འཕེན་པའི་ནུས་པ་ཅན༔ ཁྲོ་རྒྱལ་ཐམས་ཅད་ཀྱི་ཡོན་ཏན་གྱི་ཆ་ལས་སྤྲུལ་པའི་ཁྲོ་རྒྱལ་ཁྱུང་གི་སྐུ་ལ་ཕྱུག་འཚལ་བསྟོད་དོ༔ ཧཱུཾ་ཞེས་ནག་མོ་ཐུགས་ཀྱི་སྒྲུབ་པའི་ས་བོན་ནས་བོས་ཏེ༔ མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཀུན་གྱི་འབྱུང་གནས་ཕྱི་ལྟར་ན་འབྱུང་བ་


CMR009_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ནང་ལྟར་ན་ཁམས་ལྔ་གསང་བ་ལྟར་ན་ཡེ་ཤེས་ལྔ༔ དེ་ཉིད་གཟུགས་ཀྱི་སྐུར་བཞེངས་པ་མཁའ་འགྲོ་སྡེ་ལྟའི་ཚོགས༔ རང་རྟགས་མཐིང་དཀར་སེར་དམར་ལྗང་བའི་སྐུ་མདོག་ཕྱག་མཚན་རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ་རྒྱ་གྲམ་གྱིས་མཚན་པའི་གྲི་ཐོད་འཛིན་ཅིང་༔ ཞབས་གཡོན་བརྐྱང་གཡས་བསྐུམ་དཔའ་མོའི་གར་སྟབས་ཀྱིས་ཡབ་དཔའ་བོ་ཁཊཾ་དུ་བསྒྱུར་ནས་མཆན་ཁུང་དུ་བཅུག་པ༔ རུས་པའི་རྒྱན་དྲུག་དང་༔ མེ་ལོང་གི་ཤར་བུ་དང་དྲིལ་བུ་གཡེར་ཁའི་སྒྲ་སིལ་སིལ་ཆེམ་ཆེམ་དུ་སྒྲོག་ཅིང་ནད་གདོན་བར་ཆད་ཐམས་ཅད་ཞི་བ་དང་༔ ཚེ་དང་བསོད་ནམས་རྒྱས་པ༔ ཁམས་གསུམ་དབང་དུ་སྡུད་པ༔ དྲག་པོས་དགྲ་བགེགས་ཚར་གཅོད་པའི་ཕྲིན་ལས་རྣམ་པ་བཞི་པོ་ཐོག་པ་མེད་པར་བསྒྲུབ་པའི་ལྷ་ནི༔ ཡེ་ཤེས་དང་ལས་དང་འཇིག་རྟེན་གྱི་མཁའ་འགྲོ་སྡེ་ལྔའི་ཚོགས་ཡིན་པ་དེ་ལ་ཕྱག་འཚལ་བསྟོད་དོ༔ ཧཱུྃ་ཞེས་མེ་དབལ་གྱི་ཐུགས་སྲོག་ནས་བོས་ཏེ༔ ཁྲོ་བོ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་སྤྲུལ་པ་སྒྲ་སྔ་འགྱུར་ལ་ཡཀྵ༔ ཕྱི་འགྱུར་ལ་ཡཀྵ་སྟེ་གནོད་སྦྱིན༔ རྣོ་མྱུར་ཚ་ངར་མེ་དང་འདྲ་བའི་ཕྱིར་གནོད་སྦྱིན་མེ་དབལ་ཞེས་ཀྱང་བྱ་བ་ནི༔ སྐུ་མདོག་མཐིང་ནག་


CMR009_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་འཇིགས་པ་གནོད་སྦྱིན་ཁྲོས་པའི་ཚུལ༔ ཡན་ལག་རིགས་ཤིང་ལྟོ་བ་འཕྱང་བ༔ མིག་དམར་ཞིང་མཆེ་བ་སྤུ་གྲི་ལྟར་རྣོ་བའི་བར་ནས་མེའི་ཁ་རླངས་འཕྲོ་བ༔ ཕྱག་གཡས་གནཱམ་ལྕགས་ཀྱི་རྡོ་རྗེ་ཁ་གདེངས་བ་ནཱམ་མཁའ་ལ་གསོར་ཞིང་༔ གཡོན་པས་ཐོ་བས་གནོད་བྱེད་རྒྱལ་གསེན་གྱི་ཀླད་པ་བཅོམ་པར་བྱེད་པ༔ སྐུ་ལས་ཁྲོ་ཆུང་གི་ཚྭ་ཚྭ་དང་མེའི་ཕུང་པོ་འབར་བས་གནོད་བྱེད་གདུག་པ་ཅན་ཐམས་ཅད་འདུལ་བར་མཛད་པ༔ སྐུའི་རིགས་ཀྱི་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རིགས་སུ་གཏོགས་པ༔ གནོད་སྦྱིན་ཡཀྵ་རྒྱལ་པོ་དེ་ལ་ཕྱག་འཚལ་བསྟོད་དོ༔ ཧཱུྃ་ཞེས་གདུག་པ་འཇོམས་པའི་ས་བོན་བརྗོད་དེ༔ གཤིན་རྗེ་ཚེ་བདག་འབར་བ་དང་༔ ཐུགས་རྗེ་ཁྲོས་མཱ་ནཱག་མོ་དང་ལྷ་མཆོག་བཛྲ་ཀཱི་ལ་ཡ་དང་༔ མཁའ་འགྲོ་སེང་གེའི་གདོང་མ་སྟེ༔ ཕྲིན་ལས་སྒྲུབ་པའི་ལྷ་བཞི་ནི༔ རབ་ཏུ་འཇིགས་པའི་སྐུ་ཅན་འབར་བའི་གར་དགུ་དང་ལྡན་ཞིང་རང་རང་གི་ཕྱག་མཚན་སྣ་ཚོགས་སོ་སོར་འཛིན་པ༔ གནོད་བྱེད་ཐམས་ཅད་ཟ་བར་བྱེད་ཅིང་རབ་ཏུ་རྔམ་པ་དང་གསོད་པར་བྱེད་ཅིང་ཁྲོས་པའི་ཐུགས་རྗེས་མ་རུངས་པ་ཐམས་ཅད་འདུལ་བར་


CMR009_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པས༔ དགྲ་དང་བགེགས་ཀྱི་གཉན་པོར་ཆེར་བསྔགས་པ༔ གང་ལ་གང་འདུལ་གྱི་ཕྲིན་ལས་རབ་འབྱམས་མཛད་པ་ལ་ཕྱག་འཚལ་བསྟོད་དོ༔ ཧཱུྃ་ཞེས་ཐུགས་སྲོག་ནས་བོས་ཏེ༔ ཕྱོགས་སྐྱོང་བཅུའི་གདོན་འདུལ་བའི་ཕྱིར༔ སངས་རྒྱས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅུ་ལས་རང་བྱུང་དུ་སྤྲུལ་པའི་ཁྲོ་བོའི་རྒྱལ་པོ་ཆེན་པོ་བཅུ༔ སྟེང་ཚངས་པ་དང་འོག་ས་བདག་གཉིས་ཤར་ནུབ་ཏུ་བྱས་པའི་ཕྱོགས་མཚམས་གདོན་གྱི་གཙོ་བོ་ཕྱོགས་སྐྱོང་བཅུ་བསྣོལ་བའི་གདན་སྟེང་དུ༔ སྐུ་མདོག་ཕྱག་མཚན་མ་ངེས་ཏེ༔ རྒྱས་པར་གསང་སྒྲུབ་ལྟར་རམ༔ བསྡུས་པར་ན་ཐམས་ཅད་མཐིང་ནག་རྡོ་རྗེ་ཐོ་བ་ཅན༔ དེ་ལྟར་སྣ་ཚོགས་འཛིན་པ་དུར་ཁྲོད་ཀྱི་ཆས་བརྒྱད་སྐུའི་རྒྱན་དུ་རྫོགས་པ༔ ཧཱུཾ་ཧཱུཾ་དང་ཕཊཙཝ་ཕཊ་ཀྱི་སྒྲ་ཆེན་པོ་འབྲུག་སྒྲ་སྟོང་ལྟར་སྒྲོགས་པས༔ ཕྱོགས་བཅུའི་གདོན་ཐམས་ཅད་ནམ་མཁའི་ཕ་མཐར་བསྐྲད་པར་མཛད་པ༔ ཁྲོ་བོའི་རྒྱལ་པོ་ཆེན་པོ་མེ་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད་དོ༔ ཧཱུྃ་ཞེས་གདུག་པ་འདུལ་བའི་སྙིང་པོ་བརྗོད་ནས་ཕྱི་དཀྱིལ་འཁོར་གྱི་སྒོ་བཞི་སྐྱོང་༔ ནང་ལུས་ཀྱི་སྒོ་བཞི་སྲུང་༔ གསང་བ་རྟག་ཆད་མུ་བཞིའི་མཐའ་སྲུང་


CMR009_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛད་པ༔ སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེ་བྱམས་པ་དགའ་བ་བཏང་སྙོམས་བཞིའི་ངོ་བོ༔ ལྕགས་ཀྱུ་ཞགས་པ་དང་ལྕགས་སྒྲོག་དྲིལ་བུ་འཛིན་པའི་སྒོ་སྲུང་བཞི་ལ་སོགས་པ་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ལྷ༔ འགྲོ་བ་གང་ལ་གང་འདུལ་དུ་ཞི་བས་འདུལ་བ་ལ་ཞི་བ་དང་༔ ཁྲོ་བོས་འདུལ་བ་ལ་ཁྲོ་བོ་དང་༔ ཞི་མ་ཁྲོ་དང་རོལ་པའི་གཱར་སྣ་ཚོགས་སུ་སྤྲུལ་པ༔ དེ་ཐམས་ཅད་ཀྱང་ཐེར་ཟུག་མ་ཡིན་པ༔ མ་འགག་ཆོས་དབྱིངས་རོལ་པའི་ཀློང་ནས་ནམ་མཁའ་ལ་འཇའ་ཤར་བ་ལྟར་སྐུ་མདོག་ཕྱག་མཚན་དང་ཆ་ལུགས༔ གསུང་ཡིག་འབྲུ་དང་སྔགས་ཀྱི་རང་སྒྲ༔ ཐུགས་གདོད་ནས་ཆོས་སྐུ་སྐྱེ་བ་མེད་པ་སྟེ༔ སྐུ་གསུམ་ཡོངས་སུ་རྫོགས་པའི་ལྷ་ལ་ཕྱག་འཚལ་བསྟོད་དོ༔ ཞེས་བསྟོད་པར་བྱའོ༔ དེ་ནས་གཙོ་འཁོར་ཐུན་མོང་དུ་བཤགས་པ་བྱ་བ་ནི༔ སྲིད་པའི་ཞགས་པ་གཅོད་པའི་ས་བོན་ཧཱུྃ་བརྗོད་ནས༔ བཅོམ་ལྡན་འདས་དྲག་པོ་ཐོད་ཕྲེང་རྩལ་གྱི་ལྷ་ཚོགས་རིག་འཛིན་བརྒྱུད་པའི་བླ་མ་གཞན་ཡང་ལྷ་དང་སྲུང་མའི་ཚོགས་ཐམས་ཅད་དགོངས་སུ་གསོལ་ལོ༔ བདག་ཅག་བསྐལ་པ་གྲངས་མེད་པའི་སྔོན་ནས་དུས་ད་ལྟའི་བར་དག་ཏུ༔ རང་


CMR009_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་གདོད་མ་ནས་ཆོས་ཀྱི་སྐུར་བཞུགས་པ་འདི་དང་དབྱེར་མེད་པའི་ལྷ་ཁྱེད་རྣམས་དང་མ་མོཇལ་ཏེ༔ བདག་མེད་པ་ལ་བདག་དང་གཞན་གཉིས་སུ་འཛིན་པའི་འཁྲུལ་པའི་རྟོག་པས་བསྒྲིབས་ཏེ༔ རང་གིས་རང་མ་རིག་པའི་དབང་གིས་བཅས་པ་དང་༔ རང་བཞིན་གྱི་ཁ་ན་མ་ཐོ་བའི་སྡིག་ལྟུང་ཉམས་ཆག་ཏུ་གྱུར་པའི་ལས་ཅི་བགྱིས་པ་ཐམས་ཅད༔ ལྟ་བ་འཁོར་འདས་དབྱེར་མེད་ཆོས་དབྱིངས་སྟོང་པ་ཉིད་ཀྱི་ཀློང་དུ་བཟོད་པར་གསོལ༔ ཨོཾ་གུ་རུ་བཛྲ་སཏྭ༔ ཡེ་ཤེས་ལྔའི་བླ་མ་རྡོ་རྗེ་སེམས་དཔའ༔ ཞེས་ཡི་གེ་བརྒྱ་པ་བཟླའོ༔ ས་མ་ཡ་མ་ནུ་པཱ་ལ་ཡ༔ དམ་ཚིག་རྗེས་སུ་སྐྱོངས་ཤིག༔ གུ་རུ་ཏེ་ནོ་པ་ཏིཥྛ༔ བླ་མ་ཉིད་ཀྱིས་ཉེ་བར་གནས༔ དྲི་དྷོ་མེ་བྷ་ཝཱ༔ བདག་ལ་བརྟན་པར་མཛོད༔ སུ་ཏོ་ཁྱོ་མེ་བྷ་བ༔ བདག་ལ་ཤིན་ཏུ་དགྱེས་པར་མཛོད༔ ཨ་ནུ་རཀྟ་མེ་བྷཱུ་པ༔ བདག་ལ་རྗེས་སུ་ཆགས་པར་མཛོད༔ སུ་པོོ་མེ་བྷ་བ༔ བདག་ལ་ཤིན་ཏུ་རྒྱས་པར་མཛོད༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ དངོས་གྲུབ་ཐམས་ཅད་བདག་ལ་སྩོལ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤེ་ཡཿཀུ་རུ་ཧཱུྃ༔ ལས་རྣམས་ཐམས་ཅད་ལའང་བདག་གི་སེམས་ལ་


CMR009_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལེགས་མཛོད༔ ཧ་ཧ་ཧ་ཧ་ཧོ༔ ཧཱ་བཞི་ནི་ཚད་མེད་པ་བཞིའམ་དགའ་བ་བཞི༔ ཧོནི་དགྱེས་པ༔ བྷ་ག་ཝཱན༔ བཅོམ་ལྡན་འདས་གུ་རུ་བླ་མ༔ སརྦ་ཏུ་ཐཱ་གཱ་དྷྱ༔ དེ་བཞིན་གཤེགས་པ་ཀུན་གྱི༔ མཱ་མེ་མུཉྩ་གུ་རུ་བྷུ་ཝུ༔ བདག་མ་འདོར་བླ་མ་མཛོད༔ མ་ཧཱ་ས་མ་ཡ་ས་ཏྭ་ཨཱ༔ དམ་ཚིག་སེམས་དཔའ་ཆེན་པོ་སྐྱེ་བ་མེད་པའོ༔ སྐབས་འདིར་དྲག་པོར་སྒྲུབ་ཅིང་ཞི་བར་བསྙེན་པ་དང་༔ དྲག་པོར་སྒྲུབ་ཅིང་དྲག་པོར་བསྙེན་པ་དང་༔ ཞི་དྲག་སྦྲེལ་མར་སྒྲུབ་པའི་ཐབས་གསུམ་གང་ཡང་རུང་བ་སྟེ༔ རྒྱུན་ཁྱེར་ལ་ནི་འཛབ་ཞི་དྲག་སྦྲེལ་ཏེ་སྔགས་རྣམས་ཚར་གཅིག་གམ་བདུན་གསུམ་སོགས་བཟླས་པས་སྔགས་མཆོད་ཡིན་ལ༔ སྔོན་དུ་ཞི་བའི་བསྙེན་པ་མ་སོང་བའི་གསར་བུས༔ འདིའི་རྒྱུན་ཁྱེར་བསྙེན་པ་བྱེད་ན༔ ཞི་བ་ཐོད་ཕྲེང་རྩལ་དང་དྲག་པོ་ཨ་ཙིག་ཨ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཡན་སྦྲེལ་ཏེ་ལས་བྱང་གི་མཇུག་འདིར་འཛབ་བརྒྱ་སྟོང་ལ་སོགས་པ་བཟླས་པ་བྱའོ༔ དེས་གསར་བུ་ཡིན་ཀྱང་སློང་དང་འཁུ་ལྡོག་མི་འབྱུང་བའི་གནད་དོ༔ སྔོན་དུ་བསྙེན་སྒྲུབ་མང་དུ་ཐེམས་པས་ནི༔ སྦྲེལ་མི་དགོས་ཏེ་ཨ་ཙིག་སྔགས་འབྲུ་ཉི་ཤུ་པ་རང་


CMR009_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པས་ཆོག་གོ༔ དེ་ཡང་ལས་བྱང་འདི་ཁོ་ན་ལ་བརྟེན་ནས་སྒྲུབ་པ་བྱེད་ན༔ དང་པོ་ཆོས་སྐུ་སྣང་བ་མཐའ་ཡས་སྒྲུབ་སྟེ༔ གུར་དྲག་གི་ལས་བྱང་ཚར་རྗེས༔ སྤྱི་གཙུག་ཁྱུང་གི་ར་བར་ནོར་བུའི་ཏོག་གི་རྩེར་སྣང་བ་མཐའ་ཡས་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱིཡིག་དམར་པོ་འགྲེངས་ཏེ་གནས་པའི་མཐར་སྔགས་ཕྲེང་དམར་པོ་གཡས་ཕྱོགས་སུ་འཁོར་བ་དང་༔ འཁོར་སངས་རྒྱས་སྟོང་གི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་ཚེའི་དངོས་གྲུབ༔ ལྷ་ཀླུ་མི་གསུམ་གྱི་ཚེ་དང་བསོད་ནམས་འབྱུང་བ་ལྔའི་བཅུད་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་ཀྱི་རྣམ་པར་བསྡུས་ཏེ༔ ཕྱག་གི་ཚེ་བུམ་གྱི་ནང་དུ་ཐིམ་པས་འཆི་མེད་ཀྱི་བདུད་རྩིར་གྱུར་པ་ཕྱུར་ཞིང་ལུད་པས༔ རང་དྲག་པོར་གསལ་བའི་སྤྱི་བོ་ཚངས་བུག་ནས་ཞུགས༔ ལུས་ཀྱི་རྩ་གནས་ཐམས་ཅད་འཆི་མེད་བདུད་རྩིས་གང་བས་འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་སྟེ༔ སྐྱེ་འཆི་མེད་པ་རྡོ་རྗེའི་སྐུར་གྱུར་པར་བྷེ་ཞིང་༔ ཨོཾ་ཨ་མི་དྷེ་ཝ་ཨཱ་ཡུ་སིདྡྷི་ཧཱུྃ་ཧཱུྃ༔ ཡེ་ཤེས་འོད་ཀྱི་ལྷ་ཚེའི་དངོས་གྲུབ་མཆོག་གི་སྙིང་པོ༔ དེ་ལ་ཅི་ཙམ་བཟླས་པའི་


CMR009_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མཇུག་ཏུ༔ སྣང་བ་མཐའ་ཡས་སངས་རྒྱས་སྟོང་དང་བཅས་པའི་དཔྲལ་བ་ནས་འོད་ཟེར་དཀར་པོ་འཕྲོས༔ རང་གི་དཔྲལ་བར་ཐིམ་སྐུའི་དབང་དང་བྱིན་རླབས་ཐོབ༔ མགྲིན་པ་ནས་འོད་ཟེར་དམར་པོ་འཕྲོས༔ རང་གི་མགྲིན་པར་ཐིམ་གསུང་གི་དབང་དང་བྱིན་རླབས་ཐོབ༔ ཐུགས་ཁ་ནས་འོད་ཟེར་སྔོན་པོ་འཕྲོས༔ རང་གི་སྙིང་ཁར་ཐིམ་ཐུགས་ཀྱི་དབང་དང་བྱིན་རླབས་ཐོབ༔ སྐུའི་ཆ་ཐམས་ཅད་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས༔ རང་ཉིད་དྲག་པོའི་སྐུའི་ཆ་ཐམས་ཅད་ལ་ཐིམ་པས་སྐུ་བཞི་ཡོངས་རྫོགས་ཀྱི་དབང་དང་བྱིན་རླབས་ཐམས་ཅད་ཐོབ་པར་བསྒོམ་སྟེ༔ འཆི་མེད་ཚེའི་དངོས་གྲུབ་སྩོལ༔ བདག་ལ་དབང་བསྐུར་བྱིན་གྱིས་རློབས༔ ཞེས་པའི་དོན་ཡིན་ཏེ༔ འདི་མིན་གྱི་དམིགས་པ་རྣམས་ཀྱང་གོ་ཆ་ལྷ་ལྔ་རྒྱན་གྱི་ཤོག་དྲིལ་གྱི་གཞུང་ཚིག་གི་དོན་བཀྲོལ་བ་ཡིན་པས༔ གཞན་ནས་ཁ་སབ་པ་དང་རིག་བཟོ་སོགས་མ་ཡིན་པའི་ཕྱིར༔ ཐེ་ཚོམ་སྤངས་ཏེ་ཉམས་སུ་བླང་བར་བྱའོ༔ སྔགས་འདི་ནི་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ལས་གསུངས་ཤིང་ཚེ་སྒྲུབ་ཀྱི་མཆོག་ཡིན་པས༔ ལས་ཚོགས་ཀུན་གྱི་ཐོག་མར་ནི༔ རིག་


CMR009_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཚེ་ཉིད་བསྒྲུབ་པར་བྱ༔ མཆོག་ཐུན་མོང་རང་དོན་གཞན་དོན་གང་བསྒྲུབས་ཀྱང་༔ རྣལ་འབྱོར་པ་ཚེ་རིང་ན་དོན་འགྲུབ་པས༔ ཚེ་སྒྲུབ་ལ་ནན་ཏན་བྱ་བ་ནི་པདྨ་རྒྱལ་པོ་ང་ཡི་ཐ་ཚིག་གོ༔ ཞེས་གསུངས་པས་སྔགས་འདི་དང་དམིགས་པ་འདི་ལ་ནན་ཏན་བྱ༔ གསང་སྒྲུབ་ནས་གསུངས་པ་ལྟར་སྤྲུལ་སྐུ་འོད་དཔག་མེད་བསྒོམ་ན༔ བདུད་རྩི་ལྷུང་བཟེད་དུ་བསྡུ་བ་མ་གཏོགས་དམིགས་པ་གོང་དང་འདྲ༔ འོད་དཔག་མེད་དེ་སྤྱི་བོར་བྷེ་ནས་མཆོད་བསྟོད་དང་ཚེགས་མཆོད་འབུལ་བས་བསོད་ནམས་ཚད་མེད་པ་ཐོབ༔ སྔགས་པ་གསར་བུ་ཡིན་ན་འདི་ལ་ཐོག་མར་བྱེ་བ་ཙམ་བསྙེན་པར་བྱའོ༔ ཡང་མཚམས་སྒྲུབ་བྱེད་ན་གུར་དྲག་གི་ལས་བྱང་ཐུན་བཞིར་བཏང་ལ༔ སྔགས་གཞན་རྣམས་སྔགས་མཆོད་ཀྱི་ཚུལ་དུ་ཚར་འགའ་ཟུང་བཏོན་རྗེས་འོད་དཔག་ཁོ་ན་བསྙེན་པར་བྱའོ༔ རྒྱུན་ཁྱེར་བྱེད་ན་ལས་བྱང་ཚར་གཅིག་གི་རྗེས་སུ་འདི་ཅི་ནུས་བསྙེན་པར་བྱའོ༔ དེ་ལྟར་བྱས་པས་དངོས་ཉམས་རྨི་ལམ་དུ་སྒྲིབ་པ་དག་པ་དང་༔ ཚེ་འཕེལ་བའི་རྟགས་ཀྱང་འབྱུང་ངོ་༔ དེ་ནས་ལོངས་སྐུ་ཐོད་ཕྲེང་རྩལ་བསྙེན་པ་ནི༔ རང་དྲག་པོའི་སྐྲ་གསེབ་པད་འབྱུང་མཐིང་ཀའི་ཐུགས་ཀའི་བཟླ་


CMR009_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་སྔགས་གཡས་སུ་འཁོར་བ༔ གྲུ་མོར་གསེར་གྱི་ཌཱ་མ་རུ་བཀལ་བ་ལས་ཧཱུྃ་གི་སྒྲ་རང་གྲག་ཏུ་གྲགས་པས༔ སྟོང་གསུམ་ཐམས་ཅད་ཧཱུྃ་གི་སྒྲ་དི་རི་རི་བསྐལ་པའི་འབྲུག་སྒྲ་ལྟར་གྲགས་པས༔ བླ་མ་སྐུ་གསུམ་རྒྱ་བོད་ཀྱི་རིག་འཛིན་བརྒྱུད་པ་དང་བཅས་པ་ཡི་དམ་རྒྱུད་སྡེ་དྲུག་གི་ལྷ་ཚོགས༔ ལྷ་ཞི་བ་དང་ཁྲོ་བོ་རབ་འབྱམས་སྲིད་ཚད་དང་༔ ཡུལ་ཉི་ཤུ་རྩ་བཞི་གནས་སུམ་ཅུ་རྩ་གཉིས་ཀྱི་དཔའ་བོ་དཔའ་མོ་ཐམས་ཅད༔ ཡེ་ཤེས་ཀྱི་ཆོས་སྐྱོང་བའི་སྲུང་མ་མ་ལུས་པ་ཀུན་གྱིས༔ ཧཱུྃ་གི་སྒྲ་དེ་ཐོས་པ་ཙམ་གྱིས་ཤོག་སྐྱ་རླུང་གིས་སྐྱོད་པ་བཞིན་དུ་སྟེང་འོག་ཕྱོགས་མཚམས་ཀུན་ནས་ཀྱི་ལི་ལི་འུ་རུ་རུ༔ རང་དབང་མེད་པར་བྱོན་ནས་ནི༔ སྤྱི་གཙུག་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱི་སྐུ་ལ་ཐིམ་པས༔ རྩ་བ་གསུམ་གྱི་ལྷ་ཚོགས་ཀུན་འདུས་ཀྱི་སྐུར་གྱུར༔ དེའི་དཔྲལ་བའི་ཨོཾ་ལས་འོད་ཀྱི་ཐིག་ལེ་དཀར་པོ་ཨོཾ་གྱིས་མཚན་པ་འཕྲོས༔ རང་གི་དཔྲལ་བར་ཐིམ༔ སྐུའི་དབང་བསྐུར་ལུས་སྐུ་རྡོ་རྗེར་བྱིན་གྱིས་བརླབས༔ དེ་ནས་མགྲིན་པའི་ཨཱཋལས་འོད་ཀྱི་ཐིག་ལེ་དམར་པོ་ཨཱ༔ ས་མཚན་པ་འཕྲོས༔ རང་གི་མགྲིན་པར་ཐིམ༔ གསུང་གི་དབང་བསྐུར་ངག་གསུང་རྡོ་རྗེར་


CMR009_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབས༔ ཐུགས་ཀའི་ཧཱུྃ་ལས་འོད་ཀྱི་ཐིག་ལེ་མཐིང་ཀ་ཧཱུྃ་གིས་མཚན་པ་འཕྲོས༔ རང་གི་ཐུགས་ཀར་ཐིམ༔ ཐུགས་ཀྱི་དབང་བསྐུར་སེམས་ཐུགས་རྡོ་རྗེར་བྱིན་གྱིས་བརླབས༔ ལྟེ་བའི་ཧི༔ལྗང་གུ་ལས་འོད་ཀྱི་ཐིག་ལེ་ལྗང་གུ་ཧཱིས་མཚན་པ་འཕྲོས༔ རང་གི་ལྟེ་བར་ཐིམ༔ ཡོན་ཏན་གྱི་དབང་བསྐུར་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་རྡོ་རྗེར་བྱིན་གྱིས་བརླབས༔ ཕྱག་ཞབས་བཞི་ཡི་ཧ་རི་ནི་ས་ར་ཙ་ཧཱིཡའི་ཡིག་འབྲུ་བརྒྱད་ལས་འོད་ཀྱི་ཐིག་ལེ་ཁ་དོག་སྣ་ཚོགས་འཕྲོས༔ བདག་གི་ཕྱག་ཞབས་རྣམས་ལ་ཐིམ་པས་ཕྲིན་ལས་ཀྱི་དབང་བསྐུར༔ ཕྲིན་ལས་གང་བརྩམ་ཐོགས་པ་མེད་པར་བྱིན་གྱིས་བརླབས་པར་བསྒོམ་ཞིང་༔ ཨོཾ་ཨཱཿཧཱུྃ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྲོག་སྔགས༔ བཛྲ་གུ་རུ་པདྨ་ནི་རྒྱ་གར་སཾ་སྐྲྀ་ཏའི་སྐད་དེ༔ བོད་སྐད་དུ༔ རྡོ་རྗེ་སློབ་དཔོན་པདྨ་སྟེ༔ ཨོ་རྒྱན་གྱི་མཚན་སྔགས༔ ཐོད་ཕྲེང་རྩལ་ནི་བོད་སྐད་དེ༔ ཨོ་རྒྱན་གྱི་གསང་མཚན༔ དེ་ཡང་པདྨ་ཞེས་པ་ནི་རྒྱ་སྐད་ཡིན་ཏེ༔ བོད་སྐད་སྒྲ་འགྱུར་ལ་མེ་ཏོག་གི་བྱེ་བྲག་གཅིག་ཡིན༔ མེ་ཏོག་པདྨ་དངོས་ནི་རྒྱ་གར་ན་ཡོད༔ དེའི་རིགས་ཐོབ་པ་ནི་མེ་ཏོག་རྒྱ་ཉེས་ཡང་


CMR009_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ༔ ཉི་མ་ཤར་དུས་ཁ་བྱེ་ཞིང་ཟླ་བ་ཤར་དུས་ཁ་ཟླུམ་པ་པདྨའི་རིགས༔ ཟླ་བ་ཤར་དུས་ཁ་བྱེ་ཞིང་༔ ཉི་མ་ཤར་དུས་ཁ་ཟླུམ་པ་ནི༔ ཀུ་མུཏྟའི་རིགས་ཡིན་ནོ༔ དོན་གྱི་དབང་དུ་ནི༔ མེ་ཏོག་པདྨ་ནི་མི་གཙང་ལུད་ཀྱི་ནང་དུ་འཁྲུངས་ན་ཡང་༔ མི་གཙང་བས་མ་གོས་པ་ལྟར༔ ཨོ་རྒྱན་རིན་པོ་ཆེའི་སེམས་ཅན་གྱི་དོན་ལ་འཁོར་བའི་གནས་འདིར་བཞུགས་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པ་པདྨ་སྟེ༔ སྤྱན་རས་གཟིགས་ཀྱི་མཚན་དངོས་ཀྱང་པདྨ་ཡིན་ནོ༔ ཐོད་ཕྲེང་རྩལ་ནི་ཨོ་རྒྱན་གྱི་གསང་མཚན་བོད་སྐད་ཡིན་ཏེ་སྐུ་ལ་ཐོད་པའི་ཕྲེང་བས་བརྒྱན་ཅིང་༔ མཐུ་སྟོབས་རྫུ་འཕྲུལ་གྱི་རྩལ་དང་ལྡན་པ༔ སྒྲ་དོན་ཡིན་ལ༔ སངས་རྒྱས་ཐོད་པ་དང་༔ ཐོད་པ་རྩལ་ཆེན་དང་༔ ཐོད་ཕྲེང་རྩལ་རྣམས་དོན་གཅིག༔ སངས་རྒྱས་ཐོད་པ་ནི་མཚན་ཡིན་ལ༔ རྩལ་ནི་རིག་པ་རྩལ་གྱི་དབང་ལ་མངའ་བརྙེས་པའོ༔ བཛྲ་ས་མཱ་ཡ་ནི་རྡོ་རྗེའི་དམ་ཚིག༔ ཛནི་ཚིག་འགྱུར་ལ་ཤོག་ཟེར༔ འདིར་དོན་འགྱུར་ལ་སྤྱན་འདྲེན༔ སིདྡྷི་དངོས་གྲུབ༔ ཕ་ལ་དོན་འགྱུར་ལ་བཟང་པོ༔ ཚིག་འགྱུར་ལ་ཁམས་ཆེན་པོ་ཞིག་ལ་འཇུག་པར་སྣང་༔ ཧཱུྃ་


CMR009_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿའཇུག་པ་མང་ཡང་༔ འདིར་སྩོལ་ཅིག་ཅེས་པར་འགྱུར་བས༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སློབ་དཔོན་པདྨ་ཐོད་ཕྲེང་རྩལ་རྡོ་རྗེ་དམ་ཚིག་འདིར་བྱོན་དངོས་གྲུབ་བཟང་པོ་སྩོལ་ཅིག༔ ཅེས་པའོ༔ སྔོན་དུ་གུ་རུ་ཞི་བའི་བསྙེན་པ་མ་སོང་ན༔ འདི་ལ་རབ་བྱེ་བ་འབྲིང་བདུན་འབུམ་ཐ་ན་ཡང་སུམ་འབུམ་ཐེམ་པར་བྱའོ༔ དེ་ནས་ཨ་ཙིག་བསྙེན་ཀྱང་སློང་དང་ཆོ་འཕྲུལ་མི་འབྱུང་བས་འཇམ་མོ༔ ཨོ་རྒྱན་ཉིད་ཀྱི་གསུངས་པའི༔ གུ་དྲག་གི་བསྟོད་པ་ལས༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ན༔ སྣང་བ་མཐའ་ཡས་སྐུ་གསུང་ཐུགས་ལས་སྤྲུལ༔ ངོ་མཚར་རྨད་བྱུང་པདྨ་ཧེ་རུ་ཀ༔ ཞེས་གསུངས་པས༔ གུ་དྲག་ནི་སྤྲུལ་སྐུ་ཡིན་པས་སྤྲུལ་སྐུ་གུར་དྲག་གི་སྒྲུབ་པ་ནི༔ ཐུགས་དབུས་ཧཱུྃ་དམར་པོའི་མཐར་ཨ་ཅིག་གི་སྔགས་ཕྲེང་དེ་ཀློག་པའི་ཚུལ་གྱིས་ཅུང་ཞིག་བཟླ༔ དེ་ནས་ཕྲེང་བ་མི་འཁོར་ཕྲེང་ལུང་འཁོར་བ་ལྟར་ཡིག་འབྲུ་མི་འཁོར་འོད་ཟེར་ཁ་དོག་ལྔ་ལྡན་གཡས་ཕྱོགས་སུ་ཀྱི་ལི་ལི་འཁོར་བར་བྷེ་ལ་ཅུང་ཞིག་བཟླ༔ དེ་ནས་དཔེར་ན་མཆོད་རྟེན་གཅིག་ལ་མི་ཉི་ཤུས་སྐོར་བ་བྱེད་པ་ལྟར༔ དབུས་ཀྱི་ཧཱུྃ་གཡོ་འགུལ་མེད་པར་ཨ་ཙིག་ཡིག་འབྲུ་ཉི་ཤུ་པ་ཐམས་ཅད་


CMR009_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེངས་ཏེ་གནས་པ༔ གཡས་ཕྱོགས་སུ་དང་པོ་དལ་བུ་རྗེས་ནས་ཇེ་མགྱོགས་སུ་འཁོར་བར་བྷེ་དག་ནི་བསྙེན་པ་ཡིན་ལ༔ སྔགས་ཕྲེང་འཁོར་བཞིན་པ་ལས་འོད་ཟེར་འཕྲོས་པས་རྔ་ཡབ་གླིང་དུ་ཨོ་རྒྱན་རིན་པོ་ཆེའི་ཐུགས་ཀར་ཕོག༔ སྐད་ཅིག་གིས་གུ་རུ་དྲག་པོའི་སྐུར་གྱུར་པ་ལས༔ དེའི་སྐུ་ལས་གུ་རུ་དྲག་པོའི་སྐུ་ཆེ་ཆུང་སྣ་ཚོགས་པ༔ གསུང་སྔགས་ཕྲེང་བྱི་རུའི་ཕྲེང་བ་ལྟ་བུ༔ ཐུགས་གནམ་ལྕགས་ཀྱི་རྡོ་རྗེ་ཁ་གདེངས་བ་ཧཱུྃ་དམར་པོའི་མཚན་པ་དཔག་ཏུ་མེད་པ་ཆར་ལྟར་བབ༔ རང་གི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པར་བྷེ་ཞིང་བཟླ་བ་ཉེ་བའི་བསྙེན་པ༔ དེ་ནས་རང་གི་ཐུགས་ཀར་སྔགས་ཕྲེང་ས་བོན་ལ་འཁོར་བར་བྷེ་པ་ནི༔ ཟླ་དཀར་ཕྲེང་བ་ལྟ་བུའི་བཟླས་པ་ཟེར༔ མགལ་མེ་ཀླད་ལ་བསྐོར་བ་ལྟ་བུའི་བཟླས་པ་ནི༔ རང་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་ཁ་དོག་ལྔ་ལྡན་སྟོང་སྐུད་བསྒྲིམས་པ་ལྟར་འཕྲོས༔ རང་གི་ཞལ་ནས་ཐོན༔ བདག་བསྐྱེད་རྐྱང་པ་ཡིན་ན་ཡུམ་གྱི་ཞལ་དུ་ཞུགས༔ སྐུ་ལུས་བརྒྱུད་པདྨ་ནས་ཐོན་རང་གི་རྡོ་རྗེའི་སྦུག་ནས་ཡར་ཐུགས་ཀར་ཐིམ་མདུན་བསྐྱེད་ཡོད་ན་མདུན་བསྐྱེད་ཀྱི་


CMR009_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོའི་ཞལ་དུ་ཞུགས༔ གོ་ཆའི་ལྷ་རྣམས་ཀྱིས་ཀྱང་སྐུ་ལུས་བརྒྱུད་སྦྱོར་མཚམས་ནས་ཐོན༔ རང་གི་སྦྱོར་མཚམས་ནས་ཡར་ཞུགས༔ ཐུགས་ཀར་ཐིམ་དེ་ཡང་དང་པོ་འོད་ཟེར་དང་ཕྱིས་ནས་འོད་ཟེར་སྔགས་ཕྲེང་དུ་བསྒྱུར་ཏེ༔ ཕར་འཕྲོས་དུས་མཆོད་པའི་ཚུལ་དང་ཚུར་འོང་དུས་དངོས་གྲུབ་ཀྱི་ཚུལ་ལོ༔ དེ་ལྟར་ཡབ་ཡུམ་མམ་བདག་མདུན་གྱི་བར་སྔགས་ཕྲེང་ཀྱི་ལི་ལི་འཁོར་བ་དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས་པས༔ ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་འོད་ཟེར་དེས་མཆོད་པར་གྱུར་པས་ཤིན་དུ་མཉེས༔ དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལས་གུ་རུ་དྲག་པོའི་སྐུ་ཆེ་ཆུང་སྣ་ཚོགས་པ༔ གསུང་སྔགས་ཕྲེང་ཐུགས་རྡོ་རྗེ་ཧཱུྃ་ཡིག་གིས་མཚན་པ་རྩེ་ལྔ་པའི་རྣམ་པ་ཆར་ལྟར་བབས་ནས་བདག་མདུན་རྣམས་ལ་ཐིམ་པར་བསྒོམ༔ དེ་ནི་སྒྲུབ་པའི་དམིགས་པ་དངོས་གཞི་ཡིན༔ དེ་ནས་རྒྱལ་པོའི་ཕོ་ཉ་འགྱེད་པ་ལྟ་བུའི་འཛབ་དགོངས་ནི་བདག་གཙོ་བོའི་ཐུགས་ཀའི་སྔགས་ཕྲེང་གཡས་སུ་འཁོར་བ་ལས་འོད་ཟེར་འགྲོ་བ་རིགས་དྲུག་གི་གནས་སུ་འཕྲོས༔ རིགས་དྲུག་སོ་སོའི་སྡུག་བསྔལ་དང་སྡིག་སྒྲིབ་ཐམས་ཅད་བ་མོ་


CMR009_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཉི་ཟེར་ཕོག་པ་ལྟར་དག་ནས༔ དམྱལ་བ་ཐམས་ཅད་རྡོ་རྗེ་དྲག་པོ༔ ཡི་དྭགས་ཐམས་ཅད་པདྨ་དྲག་པོ༔ དུད་འགྲོ་ཐམས་ཅད་བུདྡྷ་དྲག་པོ༔ ལྷ་དང་མི་གཉིས་རིཏྟ་དྲག་པོ༔ ལྷ་མ་ཡིན་ཀརྨ་དྲག་པོ་རྩལ་གྱི་སྐུ་ཤ་སྟག་ཏུ་གྱུར༔ སྣོད་ཀྱི་འཇིག་རྟེན་ཡང་གདོད་ནས་རྣམ་པར་དག་པའི་གཞལ་ཡས་ཁང་གི་རང་བཞིན་དུ་གྱུར་ཏེ་སེམས་ཅན་ཐམས་ཅད་དྲག་པོ་རིགས་ལྔའི་སྐུར་གྱུར་པ་རང་གི་རམ་བུ་བཀྱག་པའི་ཚུལ་དུ་སྔགས་ཟིར་དི་རི་རི་འདོན་རོགས་བྱེད་པར་བསྒོམ་པ་ནི་བུང་བ་ཚང་ཞིག་པ་ལྟ་བུའི་བཟླས་པ་སྟེ༔ སྒྲུབ་པ་ཆེན་པོའོ༔ དེ་ལྟར་མཚམས་བྱེད་ན་ལས་བྱང་ཐུན་བཞི་དང་དམིགས་པ་དེ་རྣམས་ཐུན་བཞི༔ རྒྱུན་ཁྱེར་ཡིན་ན་ལས་བྱང་ཚར་གཅིག་དང་དམིགས་པ་དེ་རྣམས་ཐུན་རེ་བྱ༔ ཐུན་མཚམས་ནུབ་མོ་ཉལ་ཁ་འཁོར་འདས་སྣོད་བཅུད་ལྷར་གསལ་བ་དེ་འོད་དུ་ཞུ་ནས་གཞལ་ཡས་ཁང་ལ་ཐིམ༔ གཞལ་ཡས་ཁང་འཁོར་ལ༔ འཁོར་གཙོ་བོ་ལ༔ གཙོ་བོ་དབུ་ཞབས་ནས་འདུས་ཏེ་ཐུགས་ཀའི་ཧཱུྃ་ལ༔ ཧཱུྃ་ཞབས་ཀྱུ་ནས་གྱེན་རྫོགས་སུ་སྟོང་པར་ཡལ་ཏེ༔ ཅི་ཡང་མི་དམིགས་པར་ཉམས་ལེན་ངོ་བོའི་སྟེང་དུ་བཞག༔ ནུབ་མོ་གཉིད་དུས་


CMR009_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དེའི་ངང་ལ་ཉལ་ན་འོད་གསལ་ཟིན་པར་བཤད༔ སྔགས་ཨར་ཙིག་ནི༔ ཨར་ཅིག་མ་ཡིན༔ ཨ་ཙིག་ཡིན་ཏེ༔ མཁར་དྲུང་གི་པར་མ་ལ་ཡང་ཨ་ཅིག་ཡོད༔ དྲག་པོ་ཁྲག་འཐུང་རོལ་པའི་རྩ་རྒྱུད་ལས༔ ང་ནི་དུས་གསུམ་སངས་རྒྱས་དང་༔ བདེ་གཤེགས་ཐམས་ཅད་འདུས་པའི་སྐུ༔ སངས་རྒྱས་ཀུན་འདུས་ལྷ་གཅིག་ཡིན༔ སྔགས་ཀྱང་བདེ་གཤེགས་སྤྱི་སྒྲུབ་ལས༔ ང་ལ་སྒོས་སུ་རྡུལ་ཙམ་མེད༔ ཨཱི་དང་ཨཱདང་ཧཱུྃ་དང་གསུམ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཨ་ནི་སྐྱེ་མེད་ཡིག་འབྲུ་གཅིག་ཙིག་ནི་སྡེ་བརྒྱད་ཆོ་འཕྲུལ་འདུལ༔ ནིར་སྨྲིག་ཆོས་ཉིད་རང་བྱུང་གསུང་༔ ན་མོ་གུས་པའི་བློ་བསྐྱེད་ལ༔ བྷ་ག་ཝཱ་ཏེ་བཅོམ་ལྡན་འདས༔ ཧཱུཾ་གཉིས་སྔགས་ཀྱི་ང་རོ་སྒྲོག༔ སྡེ་བརྒྱད་ལྷ་སྲིན་དབང་དུ་གནོན༔ ཕཊ་ཀྱིས་དྲེགས་པ་ཚར་བཅད་པ༔ ཨ་ནི་སྐྱེ་མེད་ཆོས་སྒྲ་སྒྲོག༔ ཧཱུྃ་ཧཱུྃ་ཕཊ་ཕཊ་ཐོག་མདའ་འཕེན༔ སྣང་སྲིད་དྲེགས་པ་འདར་ཞིང་ཆུམ༔ ཉི་ཤུ་རྩ་གཅིག་རྩ་སྔགས་འདི༔ སངས་རྒྱས་འདུས་པའི་ཡང་སྙིང་ཡིན༔ བདེར་གཤེགས་འདུས་པའི་སྙིང་པོ་ཡིན༔ ཡི་དམ་འདུས་པའི་རྩ་བ་ཡིན༔ ཁྲོ་བོ་འདུས་པའི་རང་སྒྲ་


CMR009_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན༔ ལྷ་སྲིན་འདུས་པའི་གཉའ་གནོན་ཡིན༔ སྡེ་བརྒྱད་འདུས་པའི་སྙིང་གཟེར་ཡིན༔ ཙིག་ཧུ་ཁྲི་ཕྲག་གཅིག་གིས་སྡེ་བརྒྱད་ཐུལ༔ སྟོང་ཕྲག་གཅིག་གིས་དམ་སྲི་ཆོམ༔ བརྒྱ་ཕྲག་གཅིག་གིས་རྒྱལ་བསེན་ཆུན༔ མཆོག་ལ་འབུམ་ལས་མི་དགོས་སོ༔ འབུམ་ཕྲག་ཉི་ཤུ་སོང་བའི་མི༔ རྟོགས་ལྡན་རྣལ་འབྱོར་དབང་ཕྱུག་ཡིན༔ ལྷ་སྲིན་སྡེ་བརྒྱད་དེ་ལ་སྐྱོབས༔ སྲ་བའི་གོ་གྱོན་བཙན་མཁར་ཟིན༔ དད་ཅན་རྒྱུན་ཁྱེར་ཉམས་ལེན་སྲིད༔ དེ་ལས་བསྒྲུབ་པར་མ་གསུངས་སོ༔ འོན་ཀྱང་དངོས་གྲུབ་དེ་ལས་ཀྱང་༔ མཆོག་དང་ཐུན་མོང་སྦྲག་མ་ཡིན༔ ཉིད་ལས་མི་ཞན་རྣལ་འབྱོར་ཐོབ༔ ཅེས་གསུངས༔ ཨོ་རྒྱན་རིན་པོ་ཆེའི་ཞལ་ནས༔ ཁྱད་པར་དུ་གསང་སྔགས་ཐམས་ཅད་ཀྱི་སྙིང་པོ་འདི༔ བརྒྱ་ཙམ་བཟླས་པས་ལས་ངན་སྒྲིབ་པ་བྱུང་༔ སྟོང་ཙམ་བཟླས་པས་ཉམས་ཆག་ཐམས་ཅད་བསྐང་༔ ཁྲི་ཚོ་བཟླས་ན་སྡེ་བརྒྱད་དམ་ལ་འདུས༔ འབུམ་ཚོ་བཟླས་ན་པདྨ་ཉིད་དང་མཇལ༔ འབུམ་ཕྲག་དྲུག་གིས་མཆོག་གི་དངོས་གྲུབ་ཐོབ༔ ཐོས་དང་དྲན་པ་ཙམ་གྱི་ལྷ་འདྲེ་ལས་ལ་ཁོལ༔ དྲེགས་པ་སྡེ་བརྒྱད་ལ་བཀའ་བཙན་པར་


CMR009_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར༔ ཡོན་ཏན་ཐམས་ཅད་འདི་ལ་ཚང་༔ སྐྱོན་རྣམས་ཐམས་ཅད་འདི་ཡིས་སེལ༔ དངོས་གྲུབ་ཐམས་ཅད་འདི་ལས་འབྱུང་༔ དཔེར་ན་ཡིད་བཞིན་ནོར་བུ་འདྲ༔ ལུས་ལ་བདེ་དྲོད་མེ་ལྟར་འབར༔ མི་ནོར་ཟས་གསུམ་ཆར་ལྟར་འབབ༔ དཔའ་བོ་མཁའ་འགྲོ་སྤྲིན་ལྟར་འདུ༔ ཕྱི་ནང་ཆོས་སྐྱོང་བྲན་ལྟར་ཉན༔ ཕྲིན་ལས་ཅི་སྒྲུབ་ཐོགས་རྡུགས་མེད༔ གང་འདོད་སྔགས་ཀྱི་ཤམ་བུ་བསྒྱུར༔ འདོད་པའི་དོན་རྣམས་ཐམས་ཅད་འགྲུབ༔ ཚེ་འདིར་ཐུན་མོང་དངོས་གྲུབ་ཐོབ༔ འགྲོ་བ་མ་ལུས་འདུལ་བར་འགྱུར༔ ཕྱི་མ་སློབ་དཔོན་པདྨ་ཡི༔ ཐུགས་རྗེའི་ལྕགས་ཀྱུས་བཟུང་ནས་ཀྱང་༔ བདེ་གཤེགས་འདུས་པ་བླ་མའི་གོ་འཕང་ཐོབ༔ ཅེས་གསུངས་སོ༔ སྔགས་འབྲུ་ཉི་ཤུ་པ་དེ་རྒྱུན་དུ་བཟླ་རྒྱུ་ཡིན་ལ༔ མེ་དབལ་སྡེ་བརྒྱད་ཀྱི་ཤམ་བུ་ནི༔ ལས་སྦྱོར་དགོས་དུས་མ་གཏོགས་བཟླ་མི་རུང་ངོ་༔ དེ་ནས་གོ་ཆ་སོ་སོའི་ལྷའི་བཟླས་པ་ནི༔ རང་གི་དཔྲལ་བར་འཇམ་དཔལ་གྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཨོཾ་དཀར་སེར༔ དེའི་མཐར་སྔགས་ཕྲེང་གཡས་སུ་འཁོར་དེ་ལས་འོད་ཟེར་དཀར་ལ་སེར་བའི་མདོག་ཅན་ཕྱོགས་བཅུར་འཕྲོས་པས༔ འདས་


CMR009_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མ་བྱོན་པ་དང་ད་ལྟར་གྱི་དུས་གསུམ་གྱི་སངས་རྒྱས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་སྐུ་ལ་མཉེས་པའི་མཆོད་པ་ཕུལ༔ སྐུའི་བྱིན་རླབས་ཐམས་ཅད་མ་ལུས་པ་ཀུན་འོད་ཟེར་དེས་བསྡུས་ནས༔ འཕགས་པ་འཇམ་དཔལ་གྱི་སྐུ་ལ་ཐིམ་པས་སྐུའི་ནུས་པ་བསྐྱེད་དེ་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོར་གྱུར་པར་བསམ༔ ཨོཾ་ཧྲིལླི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ༔ སྔགས་འདི་བཟླ་ལུགས་མི་འདྲ་བ་མང་ཡང་༔ ཧྲིས་ཁ་དྲི་དང་༔ ཧྲིས་ཏྲ་རི་དང་༔ ཧྲིས་ཁ་དྲི་དང་༔ ཧྲིས་ཏྲེ་རྣམས་ལས་ཕྱི་མ་འདི་དག་གོ༔ ཧྲི་ཡིག་བཅུ་འདི་ནི༔ འཇམ་དབྱངས་རྡོ་རྗེ་འཇིགས་བྱེད་སྐུར་བཞེངས་པའི་དུས༔ ཕྱོགས་སྐྱོང་བཅུ་རང་རང་གི་སྲོག་གི་སྙིང་པོ་ཡི་གེ་འབྲུ་རེ་རེ་ཕུལ་བས༔ ཉིད་ཀྱི་ཐུགས་ཀར་བསྡུས་ཏེ་སྙིང་པོར་བྱིན་གྱིས་བརླབས་པ་ཡིན༔ མཚན་སྔགས་མ་ཡིན་སྲོག་སྔགས་ཡིན་པའི་ཕྱིར༔ བོད་སྐད་དུ་ནི་བཀྲོལ་རྒྱུ་མེད༔ གསར་རྙིང་གཏེར་གསུམ་གྱི་རྒྱུད་སྡེ་ཐམས་ཅད་ནས་གཤིན་རྗེའི་གཤེད་ཀྱི་སྙིང་པོ་མཆོག་ཏུ་གྱུར་པ་ཡིན་གསུངས་ཤིང་༔ རྡོ་རྗེ་འཇིགས་བྱེད་མེའི་སྤུ་གྲིའི་སྒྲུབ་སྔགས་ཀྱང་འདི་ཡིན་པས༔ འདི་བཟླས་པས་རྡོ་རྗེ་འཇིགས་


CMR009_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱི་བསྙེན་པ་ཡང་ཐེམ་པར་འགྱུར་ཞིང་༔ ས་བླ་ས་འོག་ས་སྟེང་གི་སེམས་ཅན་ཐམས་ཅད་ཀྱི་འཁྲུལ་པའི་དྲི་མ་ཐམས་ཅད་སྦྱངས་ནུས་ཏེ༔ རྒྱུད་ལས༔ ཁྱོད་ཀྱི་ཧྲིའི་གསང་སྔགས་གང་༔ ས་གསུམ་པ་ཡི་འཁྲུལ་པ་སེལ༔ ཅེས་གསུངས༔ རང་ཉིད་དྲག་པོའི་མགྲིན་པར་རྟ་མགྲིན་གྱི་ཐུགས་ཀར་པདྨ་དམར་པོའི་ཟེའུ་འབྲུར་ཨཱཿཡིག་དམར་པོ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ འདས་པ་དང་མ་བྱོན་པ་དང་ད་ལྟར་གྱི༔ དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསུང་ལ་མཉེས་པའི་མཆོད་པ་ཕུལ༔ དེ་དག་ཐམས་ཅད་མ་ལུས་པ་ཀུན་གྱིས༔ གསུང་གི་བྱིན་རླབས་དང་བདེན་ཚིག་གིས་ནུས་པ་བསྡུས་ནས༔ མགྲིན་པའི་དབང་ཆེན་རྟ་མགྲིན་གྱི་གསུང་ལ་ཐིམ་པས༔ རང་གི་གསུང་གི་ནུས་པ་བསྐྱེད་དེ༔ ངག་བདེན་ཚིག་འགྲུབ་པར་བསམ༔ ཨོཾ་ནི་ཡེ་ཤེས༔ པདྨ་ནི་རྒྱ་སྐད་རང་ཡིན་ཏེ༔ མེ་ཏོག་གི་བྱེ་བྲག་ཏ་ཀྲྀཏཱ་ནི་མཐར་བྱེད༔ མ་ཧཱ་ཆེན་པོ་ཀྲོ་དྷ་ཁྲོ་བོ༔ དྷུ་གྷི་ཝ་རྟ་མགྲིན༔ ཧུ་ལུ་ཧུ་ལུ་ཞུགས་ཤིག་ཞུགས་ཤིག༔ ཧཱུཾ་ནི་མཆོག༔ ཕཊནི་ཚར་གཅོད་པ༔ དོན་འགྱུར་གྱི་དབང་དུ་བྱས་ན༔ ཡེ་ཤེས་པདྨ་མཐར་བྱེད་ཁྲོ་བོ་ཆེན་པོ་རྟ་མགྲིན་


CMR009_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ལ་སྡུག་བསྔལ་ཚར་ཆོད༔ ཅེས་པའོ༔ རྟ་མགྲིན་རྣམ་པར་བཀོད་པའི་མདོ་ལས༔ རྟ་མགྲིན་གྱི་མཚན་དང་སྔགས༔ བྱ་དང་རི་དྭགས་ཀྱི་རྣ་བར་གྲག་ཀྱང་༔ ངན་སོང་གི་སྐྱེ་སྒོ་ཆོད་ནས་ཕྱི་མ་བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་བྱེད་ནུས་པར་འགྱུར་བར་གསུངས་ན༔ འདི་ཡི་བསྙེན་པ་བྱས་ན་ཕན་ཡོན་སྨོས་ཅི་དགོས༔ དྲག་པོའི་ཐུགས་ཁའི་ཕྱག་རྡོར་གྱི་ཐུགས་ཀའི་སྟོད་དུ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཆ་སྨད་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་གི་མཐར་སྔགས་གཡོན་དུ་བཀོད་ནས་གཡས་སུ་འཁོར་བར་བསྒོམ་སྟེ༔ ཨོཾ་ནི་ཡེ་ཤེས༔ བཛྲ་རྡོ་རྗེ༔ ཙཎྜ་གཏུམ་པོ༔ ཙནྡྲ་ནི་ཟླ་བ་ཡིན་པས་མི་དག༔ མ་ཧཱ་ཆེན་པོ༔ རོ་ཥ་ཎ་འཇིགས་རུང་༔ རོ་ཤ་ན་ནི་བརྡ་རྙིང་པ་ཡིན་ཏེ་མ་དག་རྒྱུ་ཡང་མིན༔ ཧཱུྃ་ནི་མཆོག༔ ཕཊ་ནི་ཚར་ཆོད༔ དོན་འགྱུར་ལ༔ ཡེ་ཤེས་ཀྱི་རྡོ་རྗེ་གཏུམ་པོ་འཇིགས་རུང་ཆེན་པོ་མཆོག་གིས་ཚར་ཆོད༔ ཅེས་པའོ༔ སྔགས་འདི་ཕྱག་རྡོར་ནག་པོ་ཀླུ་འདུལ་གྱི་རྒྱུད་ནས་གསུངས་ཤིང་༔ དུས་མ་ཡིན་པའི་འཆི་བ་དང་༔ གཤིས་ངན་གྱི་འཆི་བ་བཅུ་གསུམ་གྱིས་དུས་བྱེད་པར་མི་འགྱུར་ཞིང་༔ ཕྱི་མ་


CMR009_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཅན་དུ་སྐྱེ་བར་གསུངས༔ སྔགས་དེ་བཟླ་ཚེ་ཐུགས་ཀའི་ཧཱུཾ་དེ་ལས་འོད་འཕྲོས་པས༔ འདས་པ་དང་མ་བྱོན་པ་ད་ལྟར་གྱི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ལ་མཉེས་པའི་མཆོད་པ་ཕུལ༔ དེ་རྣམས་ཀྱི་ཐུགས་ཀྱི་ཡེ་ཤེས་དང་མཁྱེན་པ་ཐམས་ཅད་མ་ལུས་པ་ཀུན་འོད་མཐིང་ཀའི་རྣམ་པར་བསྡུས་ནས༔ རང་གི་ཐུགས་ཀའི་ཕྱག་ན་རྡོ་རྗེའི་ཐུགས་ཀར་ཐིམ་པས་ཐུགས་མཁྱེན་པ་དང་བརྩེ་བ་རྣམས་ཀྱི་ནུས་པ་བསྐྱེད་དེ༔ རྟོགས་པ་མཆོག་ཏུ་གྱུར་པ་ཐོབ་པར་བསམ༔ ལྟེ་བའི་མཁའ་འགྲོ་སྡེ་ལྔ་ལས་འོད་ཁ་དོག་སྣ་ཚོགས་འཕྲོས༔ འདས་པ་དང་མ་བྱོན་པ་དང་ད་ལྟར་གྱི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ དེ་རྣམས་ཀྱིས་བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་དྲུག་ཅུ་རྩ་བཞི་ཐམས་ཅད་མ་ལུས་པ་ཀུན་འོད་ཟེར་གྱི་རྣམ་པར་བསྡུས་ནས༔ མཁའ་འགྲོ་སྡེ་ལྔའི་སྐུ་ལ་ཐིམ་པས༔ རང་གི་ཡོན་ཏན་གྱི་ནུས་པ་བསྐྱེད་དེ༔ ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའི་དངོས་གྲུབ་ཐོབ་པར་བསམ༔ དྷཱ་ཀི་ནཱི་མཁའ་འགྲོའི་མཚན༔ ཧཱ་རི་ནི་ས་རིགས་བཞིའི་མཁའ་འགྲོའི་སྲོག་སྙིང་༔ ཧཱུྃ་ནི་སྡུག་བསྔལ་བདེ་ལ་བསྒྱུར་བ་སྟེ༔ ཕཊ་


CMR009_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཚར་གཅོད་པ་སྟེ༔ མཁའ་འགྲོ་སྡེ་ལྔས་སྡུག་བསྔལ་ཚར་ཆོད་བདེ་བར་བསྒྱུར༔ ཞེས་དོན་འགྱུར་རོ༔ ཡཀཱ་མེ་དབལ་གྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ལྗང་ནག་འཕྲོས་པས༔ འདས་པ་དང་མ་བྱོན་པ་དང་ད་ལྟར་གྱི༔ དུས་གསུམ་གྱི་སངས་རྒྱས་དང་ཁྲོ་བོ་ཐམས་ཅད་ལ་འོད་ཟེར་དེས་མཉེས་པའི་མཆོད་པ་ཕུལ༔ དེ་ཐམས་ཅད་མ་ལུས་པ་ཀུན་གྱི་ཕྲིན་ལས་ཀྱི་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས༔ ཁྲོ་བོ་ཡཀྵ་མེ་དབལ་གྱི་སྐུ་ལ་ཐིམ་པས༔ རང་གི་ཕྲིན་ལས་ཀྱི་ནུས་པ་བསྐྱེད་དེ༔ ཕྲིན་ལས་གང་བརྩམ་ཐོགས་པ་མེད་པའི་དངོས་གྲུབ་ཐོབ་པར་བསམ༔ ཨོཾ་བཛྲ་ཧཱུྃ་ནི་ཡེ་ཤེས་རྡོ་རྗེ་མཆོག༔ ཡཀྵ་ཧཱུྃ་ནི་གནོད་སྦྱིན་གདུག་པ་འཇོམས་པ་སྟེ༔ གནོད་སྦྱིན་གོས་སྔོན་ཅན་གྱི་སྙིང་པོའོ༔ རཀྟ་ཧཱུྃ་ནི་སྲིན་པོ་གདུག་པ་ཅན་བསྔངས་བར་བྱེད་པ་སྟེ༔ ལྕགས་སྡིག་གི་སྙིང་པོའོ༔ དེ་ནས་ཕྲིན་ལས་བསྒྲུབ་པའི་ལྷ་བཞིའི་སྔགས་འདི་ལས་བྱང་གི་མཇུག་ཏུ་སྔགས་མཆོད་ཀྱི་ཚུལ་དུ་ཚར་འགའ་ཟུང་ལས་མི་འདོན་ན༔ གཞུང་ལྟར་སྔགས་བཞི་པོ་སྦྲེལ་ལ་འདོན༔ སོ་སོར་ཅུང་ཟད་བསྙེན་ན་རང་གི་ཐུགས་ཀ་ནས་འོད་ཟེར་སེར་


CMR009_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ནག་འཕྲོས༔ ཤར་ལྷོར་གཤིན་རྗེ་ཚེ་བདག་གི་ཐུགས་ཀར་ཕོག་པས༔ ཧཱུྃ་གི་མཐར་སྔགས་ཕྲེང་གཡས་སུ་འཁོར༔ སྐུ་ལས་རང་འདྲའི་གཤིན་རྗེ་དཔག་ཏུ་མེད་པ་འཕྲོས་པས་འཇིག་རྟེན་གང་༔ བདག་ལ་གནོད་པར་བྱེད་པའི་བགེགས་རིགས་སུམ་བརྒྱ་དྲུག་ཅུ༔ དུས་མ་ཡིན་པར་འཆི་བ་ཕོ་གདོན་གཤིན་རྗེའི་ཕོ་ཉ༔ བཀའ་སྲུང་གིས་འཁུ་ལྡོག་གི་གནོད་པ་ཐམས་ཅད༔ བྱ་སྤུ་རླུང་གིས་གཏོར་བ་ལྟར་ནམ་མཁའི་ཕ་མཐར་བསྐྲད༔ སྤྲུལ་པའི་ཁྲོ་བོ་རྣམས་ཚུར་འདུས་ཏེ༔ གདོན་མི་འགྲོ་བའི་གདུག་པ་ཅན་རྣམས་ལྕགས་ཀྱུས་སྙིང་ནས་བཟུང་ཞགས་པས་མགུལ་ནས་ཁྲིད༔ སྤྲུལ་པའི་ཁྲོ་བོ་སྤྲུལ་གཞི་ཚེ་བདག་ལ་ཐིམ༔ ཚེ་བདག་ཞབས་འོག་ཏུ་གདོན་དེ་མནན་ནས༔ ལྕགས་ཀྱུ་དང་ཞགས་པས་བཟུང་བཞིན་དུ༔ གཡས་གསེར་གྱི་འཁོར་ལོ་སྤུ་གྲི་ལྟར་རྣོ་བ་བསྐོར་བས༔ ཀླད་ཁྲག་འཐོར་ལ་ཁད་དུ་གྱུར་ནས་སྐྲག་ཅིང་བསྔངས་ཏེ༔ གནོད་པ་མི་བྱེད་པར་ཁས་བླངས་ཤིང་། སྲོག་སྙིང་ཕུལ་བར་བསྒོམ་ཞིང་༔ ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཡ་མ་ནི་གཤིན་རྗེ༔ བརྡ་རྙིང་མ་ལོ་ར་ཙ་ཟེར༔ གསར་མ་ལ་རཱ་ཛ་ཏེ་རྒྱལ་པོའོ༔ སྔགས་དོན་ནི༔ གཤིན་རྗེའི་


CMR009_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་མཆོག་གིས་ཚར་ཆོད༔ ཅེས་པའོ༔ ཡང་རང་གི་ཐུགས་ཀ་ནས་འོད་ཟེར་མཐིང་ཀ་འཕྲོས༔ ལྷོ་ནུབ་ཁྲོས་མའི་ཐུགས་ཀར་ཕོག༔ ཐུགས་ཀའི་ཧཱུྃ་གི་མཐར་སྔགས་ཕྲེང་གཡོན་དུ་འཁོར༔ སྐུ་ལས་ཁྲོ་མོ་རང་འདྲ་བ་འཇིག་རྟེན་ཁྱབ་པར་འཕྲོས་ཏེ༔ མོ་དང་རྨི་ལམ་དང་མཚན་མ་དང་ལྟས་ངན་པ་ཐམས་ཅད་བྱ་སྤུ་རླུང་གིས་གཏོར་བ་བཞིན་དུ༔ ཕྱིའི་རྒྱ་མཚོའི་ཕར་མཐར་བསྐྲད༔ ཚུར་འདུས་ཁྲོ་མོ་རྣམས་ཁྲོས་མ་ལ་ཐིམ་པར་བསྒོམ༔ བཛྲ་བྷ་ར་ཧཱི་ནི་རྡོ་རྗེ་ཕག་མོ༔ ཧཱུྃ་ཕཊ་ནི་མཆོག་གིས་ཚར་ཆོད༔ ཡང་རང་གི་ཐུགས་ཀ་ནས་འོད་ཟེར་ལྗང་ནག་འཕྲོས༔ ནུབ་བྱང་གི་རྡོ་རྗེ་གཞོན་ནུ་ལ་ཕོག༔ ཐུགས་ཀའི་ཧཱུྃ་ལྗང་སྔོན་གྱི་མཐར་སྔགས་ཕྲེང་གཡས་སུ་འཁོར་བས་སྐུ་ལས་རང་འདྲ་བའི་ཁྲོ་བོ་དཔག་ཏུ་མེད་པ་འཕྲོས༔ ཀུན་གྱིས་ཕྱག་ན་ཕུར་པ་འདྲིལ་བས་བདག་གིས་བྱང་ཆུབ་སྒྲུབ་པ་ལ་བར་ཆད་བྱེད་པའི་བདུད་དང་དམ་སྲི་ཐམས་ཅད་ཀྱི་སྤྱི་བོ་དང་སྙིང་གར་ཕུར་པ་བཏབ་ནས་བསྒྲལ༔ སྤྲུལ་པའི་ཁྲོ་བོ་རྣམས་ཚུར་འདུས་ནུབ་བྱང་གི་ཁྲོ་བོ་ལ་ཐིམ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ནི་རྡོ་རྗེ་ཕུར་པ༔ ཧཱུྃ་ཕཊ་ནི་མཆོག་གིས་ཚར་ཆོད༔ ཡང་རང་གི་


CMR009_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀ་ནས་འོད་ཟེར་མཐིང་ག་འཕྲོས༔ བྱང་ཤར་གྱི་མཁའ་འགྲོ་སེང་གདོང་མ་ལ་ཕོག༔ ཐུགས་ཀར་ཉི་སྟེང་ཧཱུྃ་གི་མཐར་སྔགས་ཕྲེང་གཡོན་དུ་འཁོར་བ་ལས༔ སྐུ་ལས་རང་འདྲ་བའི་ཁྲོ་མོ་སེར་རྒོད་བབ་པ་ལྟར་འཇིག་རྟེན་ཁྱབ་པར་འཕྲོས༔ བྱད་ཁ་ཕུར་ཁ་ཟོར་ཁ་གཏད་སེལ་ངག་མནན་རླུང་འཁོར་ཕྲ་མེན་ལ་སོགས་པའི་གནོད་པ་ཐམས་ཅད༔ བྱ་སྤུ་རླུང་གིས་གཏོར་བ་ལྟར་ཕྱིའི་ནམ་མཁའི་ཕར་མཐར་བསྐྲད༔ ཁྲོ་མོ་རྣམས་ཚུར་འདུས་སེང་གདོང་མ་ལ་ཐིམ་པར་བསྒོམ༔ བཛྲ་སེང་ཧ་མུ་ཁ་ཧཱུྃ་ཕཊ་ནི་རྡོ་རྗེ་སེང་གདོང་མ་མཆོག་གིས་ཚར་ཆོད༔ དེ་ལྟར་སོ་སོར་བསྙེན་ཚེ་སྔགས་ཚན་བཞི་ཀ་ལ་ཧཱུྃ་ཕཊ་སྦྱར༔ ཨོཾ་མེད་པ་ནི་གོང་གནོན་མེད་ཕྱིར་སྔགས་ཁ་ཡན་རྣོ་བར་བཤད༔ ཕྲིན་ལས་སྒྲུབ་པའི་ལྷ་བཞི་འདི་ལ་འཁོར་ནི་མཁོ་དུས་ཡོད་པས༔ ཚེ་བདག་གི་གཏོར་ཟློག༔ ཁྲོས་མའི་གཏོར་ཟློག༔ ཕུར་ཟློག༔ ཕུར་མདོས༔ སེང་གདོང་མའི་གཏོར་ཟློག་ལ་སོགས་སོ་སོར་བཅས་ན་ཡང་༔ དེ་དག་གི་ལས་བྱང་འདོན་མི་དགོས་པར༔ བདག་བསྐྱེད་གུ་དྲག་གིས་ཆོག་ཅིང་༔ དེ་རྣམས་མདུན་བསྐྱེད་བྱེད་ནས་འདོན་ཆོག་པ་དང་༔ ཚེ་བདག་ཁྲོས་ནག་ཕུར་པ་


CMR009_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གདོང་མ་བཞི་པོ་འདི༔ ལས་ཚོགས་ཕྱུག་པའི་ལྷ་བཞི་ཡིན་པས༔ འདི་བཞིའི་ལས་ཚོགས་ཐམས་ཅད་འགུར་དྲག་ལ་སྦྱར་ཆོག་པའི་ཕྱིར༔ ཕྲིན་ལས་སྒྲུབ་པའི་ལྷ་བཞི་ཞེས་བྱ་སྟེ༔ སྔོན་མར་ཐང་གི་བླ་མ་ཚེ་ཆོག་པ་པདྨ་དབང་ཕྱུག་དེས༔ རྙིང་མའི་དབང་ལུང་མ་ཐོབ་པ་མེད་པ་ལྟ་བུ་ཡིན་པ་ལ༔ ཁོང་གི་རྒྱུན་གྱི་ཐུགས་དམ་རིཏྟ་ལུགས་ཀྱི་གུ་དྲག་ལས་གཞན་ཅི་ཡང་མི་གསུངས་སྐད༔ དེ་ཅི་ལགས་ཞུས་པས༔ འདི་འཐུས་ཆེ་འདི་ལ་མ་འདུས་པའི་ལྷ་གཅིག་ཀྱང་མེད་གསུངས་སྐད༔ ལེགས་པར་དཔྱད་ན་དེ་ཤིན་ཏུ་ཐུགས་བདེན་པར་འདུག༔ ཁྱུང་གི་བསྙེན་པ་འདི་ཀླུའི་གནོད་པ་ཡོད་ན་མང་བཅུག༔ དེ་མིན་ཅུང་ཟད་རེས་ཆོག༔ སྤྱི་གཙུག་བྱ་ཁྱུང་གི་ཐུགས་ཀར་ཉི་མའི་སྟེང་དུ་ཁྲོ་ཡིག་གི་མཐར་སྔགས་ཕྲེང་གཡས་སུ་འཁོར་བ༔ དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས་པས༔ ས་དང་པོ་ནས་བཅུ་པའི་བར་གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ༔ དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད༔ འོད་ཟེར་ཁ་དོག་སྣ་ཚོགས་ཀྱི་རྣམ་པར་བསྡུས་ནས་བདག་ལ་ཐིམ་པས༔ སྐུ་གསུང་


CMR009_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བསྐུར་བྱིན་གྱིས་བརླབས་པར་བསྒོམ་པ་ནི༔ སྒོམ་རིམ་བསྙེན་པའི་དམིགས་པ་དང་༔ ཡང་ཁྱུང་ལས་སྤྲུལ་པའི་ཁྱུང་ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་གང་སྟེ༔ ལ་ལ་ལྡིང་༔ ལ་ལ་འཇུམ༔ ལ་ལ་འཕུར་ཞིང་ཀྲང་ཀྲང་ཀྲིང་ཀྲིང་གི་སྒྲ་དང་བཅས་ཏེ༔ རང་ལ་གནོད་ཅིང་འཚེ་བའི་ཀླུ་གཉན་ས་བདག་ཐམས་ཅད་སྦྲུལ་གྱི་རྣམ་པར་ས་འོག་ནས་ཇུར་ཇུར་བཏོན་ཞིང་ཟོས༔ གཏད་སེལ་དུ་བཅུག་པ་ཐམས་ཅད་སྡེར་མོས་བྲུས༔ ཐན་དང་ལྟས་ངན་ཐམས་ཅད་རྭ་ཅོས་བརྡུང་༔ གཤོག་པ་བརྡབས་པས་ནམ་མཁའི་ཕར་མཐར་བསྐྲད༔ སྤུ་གསེབ་ནས་བྱེ་ཚན་གྱི་ཆར་བབས་པས་གནོད་བྱེད་ཀླུ་ས་བདག་རྣམས་ཀྱི་ཤ་རུས་ཕྱེས༔ ཐམས་ཅད་ཚུར་འདུས་རྩ་བའི་ཁྱུང་ལ་ཐིམ༔ ཨོཾ་ནི་ཡེ་ཤེས༔ ཁྲོ་ནི་ཁྱུང་གི་ས་བོན༔ གྷ་རུ་ནི་བརྡ་རྙིང་༔ ག་རུ་ཊ་བརྡ་གསར་པ་སྟེ་ཁྱུང་ལ་འཇུག༔ ཙ་ལེ་ཙ་ལེ་ནི་སྲོག་སྔགས་ཡིན་པར་སེམས་སོ༔ ཧཱུྃ་ཕཊནི་གདུག་པ་འཇོམས་ཤིང་ཚར་གཅོད་པའོ༔ དེ་ནས་འཁོར་གྱི་ཁྲོ་བཅུ་ལ་དམིགས་པ་གཏད་དེ༔ ཁྲོ་བོ་བཅུའི་ཐུགས་ཀར་ཧཱུྃ་མཐིང་ནག་རེ་རེ་གསལ༔ ཁྲོ་བོ་བཅུ་ལས་རང་འདྲའི་ཁྲོ་


CMR009_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཕྱོགས་བཅུར་བར་མཚམས་མེད་པར་གང་བར་སྤྲོས་ནས༔ ཐམས་ཅད་ཀྱིས་ཧཱུྃ་སྒྲ་འབྲུག་ལྟར་དུ་ལྡིར་བས༔ ཕྱོགས་བཅུའི་གདོན་ཐམས་ཅད་ནམ་མཁའི་ཕར་མཐར་བྲོས་པར་བྷེ་ལ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ དེ་ལྟར་ཧཱུྃ་དབྱངས་གཅིག་དང་ཧཱུྃ་ཐུང་ཅི་མང་བཟླས༔ ཞེས་འཛབ་བརྒྱ་སྟོང་ལ་སོགས་ཅི་འགྲུབ་བཟླའོ༔ ཞེས་པ་ནི༔ རྒྱུན་ཁྱེར་ཡིན་ལ༔ དེ་ལྟར་མཚམས་སྒྲུབ་བྱེད་པའམ༔ རྒྱུན་ཁྱེར་ཡིན་ཀྱང་རུང་སྟེ༔ དྲག་པོའི་མཚན་ལྟས་གསལ་བའི་མེ་ལོང་ལས༔ དྲོད་ཚད་རྟགས་ཀྱི་མཚན་མ་འདི་ལྟར་འབྱུང་༔ རབ་ནི་ཞལ་མཐོང་དབང་བསྐུར་བྱིན་གྱིས་བརླབས༔ ཐོད་རྔ་རྐང་དུང་སྒྲ་སྒྲོག་ལུང་བསྟན་འབྱུང་༔ ཞིང་སྐྱོང་མཁའ་འགྲོས་དངོས་སུ་གཏོར་མ་ལེན༔ བཀའ་སྲུང་ཆོས་སྐྱོང་ཐམས་ཅད་སྤྲིན་བཞིན་འདུ༔ སྣང་སྲིད་ལྷ་འདྲེ་ཀུན་གྱིས་རང་སྲོག་འབུལ༔ གང་བརྩམས་ལས་རྣམས་ཐོགས་མེད་འགྲུབ་པར་འགྱུར༔ འབྲིང་ནི་ཉམས་དགའ་བག་དྲོ་བྱིན་ཆེན་འབེབས༔ སྨན་རཀ་གཏོར་མ་ཁོལ་དང་རླངས་པ་འབྱུང་༔ རང་ལུས་སྦྲིད་ཅིང་འཕར་འདར་རང་དབང་མེད༔ དབེན་གནས་དྲིས་གང་འཁོར་དུ་མཁའ་འགྲོ་


CMR009_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

འབབ༔ ལེགས་ཉེས་སྨྲ་ཞིང་སྒྲ་སྐད་སྣ་ཚོགས་འབྱིན༔ ཐ་མ་རྨི་ལམ་མཚན་མ་འདི་ལྟར་འབྱུང་༔ ལུས་ལས་མི་གཙང་རྣག་ཁྲག་འབབ་པ་དང་༔ ཁྲུས་བྱེད་ཆས་གོས་གསར་པ་གྱོན་པ་དང་༔ ཉི་ཟླ་འཆར་དང་མེ་ཏོག་སྣ་ཚོགས་བཏ༔ རི་བོའི་རྩེར་འདུག་རི་གཞན་མཐོང་ལ་སོགས༔ ལས་ངན་སྒྲིབ་པ་དག་པའི་མཚན་མ་ཡིན༔ མེ་ཏོག་ཆར་བབ་བདུད་རྩིའི་རྫིང་ལ་འཐུང་༔ དར་ཕྱར་དུང་འབུད་ཆོས་འཆད་ཁྲི་ལ་འདུག༔ བུད་མེད་ཚོགས་ཀྱིས་ཕྱག་བྱེད་ཟས་ནོར་སྟེར༔ དངོས་གྲུབ་བྱིན་རླབས་ཞུགས་པའི་མཚན་ལྟས་ཡིན་གོ་གྱོན་མཚོན་ཐོགས་དམག་ཆེན་ཁ་ལོ་བསྒྱུར་༔ རི་ལུང་མེར་བསྲེགས་སེམས་ཅན་སྣ་ཚོགས་བསྒྲལ༔ བཙན་པོའི་རྫོང་ཞུགས་ང་རྒྱལ་སྒྲ་ཆེན་འདེབས༔ བར་ཆད་བགེགས་ལས་རྒྱལ་བའི་མཚན་མ་ཡིན་རྨི་ལམ་དག་ཏུ་བླ་མ་མཁའ་འགྲོའི་ཚོགས༔ ཞལ་སྟོན་ཆོས་འཆད་ལུང་བསྟན་བྱེད་པ་དང་༔ རང་ཉིད་རུས་རྒྱན་ཐོགས་ནས་ནམ་མཁར་འཕུར༔ ལྷ་ཡི་གནས་སོགས་ཨོ་རྒྱན་ཡུལ་དུ་ཕྱིན༔ ཞིང་ཁམས་བཀོད་པ་ཁྱད་འཕགས་མཐོང་བ་ནི༔ ཨོ་རྒྱན་པདྨ་འགྲུབ་པའི་མཚན་མ་ཡིན༔ རལ་གྲི་ཨུཏྤལ་ཆོས་ཀྱི་པོ་ཏི་རྙེད༔ སེང་གེ་


CMR009_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གླང་ཆེན་ཁྲི་ལ་འདུག་པ་རྣམས༔ འཇམ་དཔལ་ཡ་མཱན་ཀའི་མཚན་མ་ཡིན༔ གོས་དམར་གྱོན་དང་མེ་ཏོག་དམར་པོས་བརྒྱན༔ རྟ་སྐད་འབྱིན་དང་ལུས་ལ་མེ་ཆེན་འབར༔ གསུང་གི་ལྷ་མཆོག་རྟ་མགྲིན་མཚན་མ་ཡིན༔ རི་རབ་ཀླད་བསྐོར་རྒྱ་མཚོ་ཧུབ་ཀྱིས་འདེབས༔ རྡོ་རྗེ་དྲིལ་འཁྲོལ་མེ་ཏོག་སྔོན་པོ་འཐུ༔ གསང་བདག་ཕྱག་ན་རྡོ་རྗེའི་མཚན་མ་ཡིན༔ བུད་མེད་ཚོགས་འདུ་ཟས་གོས་དངོས་གྲུབ་སྟེར༔ མ་སྲིང་མཛའ་མོར་སྤྲུལ་ནས་གསང་ཚིག་ཡོན་ཏན་མཁའ་འགྲོ་སྡེ་ལྔའི་མཚན་མ་ཡིན༔ ལུས་ལ་འདབ་རྒྱས་ནམ་མཁར་འཕུར་བ་དང་༔ རྒྱ་མཚོ་སྐམ་དང་སྦལ་སྦྲུལ་ཟ་བ་རྣམས༔ ཕྲིན་ལས་བྱ་ཁྱུང་འགྲུབ་པའི་མཚན་མ་ཡིན༔ ལག་ན་སྣ་ཚོགས་མཚོན་ཆའི་འཁོར་ལོ་འཕེན༔ དུད་འགྲོ་སེམས་ཅན་སྣ་ཚོགས་བསད་པ་དང་༔ བརྡུང་དང་བཏག་དང་མགོ་ལུས་ཕྲལ་ལ་སོགས༔ སྤྲུལ་པ་ཡཀྵ་མེ་དབལ་མཚན་མ་ཡིན༔ ཞེས་གསུངས་སོ༔ དེ་ལྟར་གང་དུ་སྒྲུབ་པའམ་རྒྱུན་བསྙེན་ཡིན་ཀྱང་རུང་སྟེ༔ སྒྲུབ་པའི་རྟགས་དེ་རྣམས་ཐོན་པར་བྱ༔ གང་ཟག་འགའ་ཞིག་བསྙེན་སྒྲུབ་ཚན་ཆེར་བྱས་ཀྱང་རྟགས་མི་འོང་བའི་རིགས་ཡོད་


CMR009_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

པས༔ ཨ་ཙིག་བྱེ་བ་གཉིས་ཡན་ཆད་ཐོན་ན་ལས་སྦྱོར་ནི་རུང་༔ ལས་སྦྱོར་ནི་རང་ངམ་གཞན་ལ་སྡེ་བརྒྱད་ལྷ་འདྲེའི་གནོད་པ་བྱུང་ན་བྱ་བ་སྟེ༔ དུས་མ་ཡིན་པར་ནི་བྱ་མི་རུང་ངོ་༔ གུར་དྲག་གི་ལས་བྱང་སྔོན་དུ་སོང་ནས༔ ཞི་དྲག་གོ་ཆ་དང་བཅས་པའི་བསྙེན་པ་ཅུང་ཞིག་བྱས་རྗེས༔ རང་ཉིད་དྲག་པོའི་དཀྱིལ་འཁོར་དུ་གསལ་བའི་ཕྱི་རོལ་དུ༔ གནམ་གསེར་གྱི་འཁོར་ལོ་རྩིབས་སྟོང་རྩིབས་རྣམས་ཐུར་དུ་གུག་པ་གཡས་སུ་འཁོར་བ༔ འོག་གི་ས་གཞི་ལྕགས་སྲེག་གི་འཁོར་ལོ་རྩིབས་སྟོང་ཕྲག་གྱེན་དུ་ཟིང་བ་གཡོན་དུ་འཁོར་བ༔ ཐམས་ཅད་རལ་གྲི་སོ་གཉིས་མའི་སོ་ལྟར་རྣོ་བ་གཡས་གཡོན་དུ་འཁོར་བ་སོ་འཐབ་པའི་བར་དུ་གནོད་བྱེད་རྣམས་ཀྱི་སྐེ་རྡོག་རྡོག་ལུས་དུམ་བུར་ཧྲུག་ཧྲུག་གཏུབ་པ༔ སྤྲུལ་པའི་ལྕགས་སྡིག་རྣམས་ཀྱིས་ཧབ་ཧབ་ཟ་བ་དང་༔ སྤྲུལ་པའི་ཡཀྵ་མེ་དབལ་བྱེ་བ་དུང་ཕྱུར་གྱི་འཇིག་རྟེན་ཐམས་ཅད་གང་ནས༔ གནོད་བྱེད་ཐམས་ཅད་ཀྱི་མགོ་ལུས་ཐོ་བས་བརྡུངས་པས་ཤ་སྐྱོ་ཁྲག་སྐྱོར་གྱུར་པ༔ སྐུ་ལས་འབར་བའི་ཡེ་ཤེས་ཀྱི་མེས་བསྲེགས་ནས་རྗེས་མེད་པར་བསྒོམ་ཞིང་༔ ཨ་ཙིག་མེ་དབལ་དང་སྡིག་པའི་སྔགས་ཤམ་བུ་དང་༔ དཀར་པོ་


CMR009_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རིགས་དང་ཡུལ་ལྷ་ཐམས་ཅད་ཀྱི་སྲོག་ཨ༔ འཆི་བདག་གཤིན་རྗེ་ཐམས་ཅད་ཀྱི་སྲོག་ཡ༔ ནད་བདག་མ་མོ་ཐམས་ཅད་ཀྱི་སྲོག་མ་ནག་པོ་བདུད་རིགས་ཐམས་ཅད་ཀྱི་སྲོག་དུ༔ དམར་པོ་བཙན་རིགས་ཐམས་ཅད་ཀྱི་སྲོག་རུ༔ དཀོར་བདག་རྒྱལ་པོ་ཐམས་ཅད་ཀྱི་སྲོག་ཙ༔ གཏེར་བདག་གནོད་སྦྱིན་ཐམས་ཅད་ཀྱི་སྲོག་ཤ༔ ཀླུ་ས་བདག་རྣམས་ཀྱི་སྲོག་ན༔ མཱ་ར་ཡ་ཕཊ་འདི་སྒྲ་འགྱུར་ལ་བདུད་ཟེར་བ་ཞིག་འོང་༔ དོན་འགྱུར་ལ་སོད་ཡིན༔ གཞུང་གི་སྔགས་འདི་ཤིན་ཏུ་ནུས་པ་ཅན་དག་གིས་སྡེ་བརྒྱད་སྤྱི་འདུལ་ལ་བཟླ་རྒྱུ་ཡིན་ཏེ༔ དུས་འཁྲུག་དང་༔ ནད་ཡམས་དང་མུ་གེ་དང་༔ མཐའ་དམག་ལ་སོགས་པའི་སྡེ་བརྒྱད་ཀྱི་གཡོས་ཆེན་པོ་བྱུང་དུས་བཟླས་ན་སྡེ་བརྒྱད་ཟིལ་གྱིས་གནོན་པས་སྤྱི་ལ་ཕན་ནོ༔ ནུས་པ་མེད་པས་དེ་ལྟར་བྱས་ན་རང་ཉིད་ལ་བར་ཆད་ཆེན་པོ་འབྱུང་བས་མི་བྱའོ༔ ནའི་མཇུག་དེར་གནོད་བྱེད་མཱ་ར་ཡ་ཕཊ༔ ཅེས་སྦྱར་བ་སྡེ་བརྒྱད་ལ་མི་ཕོག་སྡེ་བརྒྱད་ལས་མཁན་དུ་གྱུར་ནས་གནོད་བྱེད་གང་ཡིན་པ་བསད་པར་གྱུར་ཏེ༔ དཔེར་ན༔ ཟ་འདྲེ་ཤི་གཤེད་ཅེས་པའམ༔ ཆུང་སྲི་གོད་འདྲེ༔ ནད་འདྲེ་གཅོང་སྲི༔


CMR009_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱོ་འདྲེ་སྒབ་འདྲེ༔ དམ་སྲི་དེ་ལ་སོགས་པའི་གང་གནོད་ཀྱི་མིང་སྦྱར་བར་བྱ༔ དམིགས་པ་ནི་གོང་ལྟར་རོ༔ ཐུལ་བའི་རྟགས་བྱུང་ན་ཚོད་བཟུང་བ་གལ་ཆེའོ༔ །ཤམཐ། ཐཾ༔ བརྡ་ཡིག་འདི་ནི་མཁའ་འགྲོའི་བཀའ་རྟགས་ཀྱི་ཡི་གེ་སྟེ་བསྒྱུར་ན༔ ས་མ་ཡ་ཁ་ཐཾ༔ དེ་ཡན་གྱི་ལས་བྱང་དངོས་གཞིའི་རིམ་པ་ཚར༔ ཀརྟ།རྐཙམ༔ དེ་ནས་བསོད་ནམས་རྒྱ་ཆེན་པོ་ཐོབ་པ་དང་༔ དམ་ཚིག་ཉམས་ཆག་ཐམས་ཅད་བསྐང་བའི་ཐབས༔ ཚོགས་ཀྱི་རིམ་པ་འདི་ལ༔ ཚོགས་ཀྱི་འཁོར་ལོ་དང་དཔའ་བོའི་དགའ་སྟོན་དང་༔ དཔའ་མོའི་དགའ་སྟོན་སོགས་ནི༔ སྔར་རྒྱ་གར་དང་༔ སྔོན་བོད་ཀྱི་རྗེ་འབངས་རྣམས་ཀྱི་མཛད་མོད་ཀྱིས༔ དེང་སང་ནི་འབྱོར་པ་ཆུང་བ་དང་༔ གྲུབ་པ་ཐོབ་པའི་རྣལ་འབྱོར་ཕོ་མོ་ཡང་ཉུང་བས༔ ཇི་ལྟ་བ་ཕྱག་ལེན་ལ་མི་ཐེབས་པའི་ཕྱིར༔ འདིར་བཤད་པ་ལ་ཡང་དགོས་པ་མེད༔ དེང་སང་ཚོགས་ཀྱི་མཆོད་པ་བྱ་སྟེ༔ འདི་ལ་ཡང་ཚོགས་མཆོད་དང་༔ ལྷ་ཚོགས་དང་༔ ཟས་ཚོགས་གསུམ་དུ་ཡོད༔ རས་སོགས་ལ་ཞིང་ལྤགས་གཉིས་བྲི༔ གཅིག་གི་དཀྱིལ་དུ་དགའ་བ་འཁྱིལ་བ་བྲིས་པའི་སྟེང་དུ་༔ ཚོགས་དང་


CMR009_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་སོགས་ཐབས་ཀྱི་རྫས་དཀྱིལ་འཁོར་གྱི་གཡས་སུ་བཞག༔ ཞིང་ལྤགས་གཅིག་གི་སྟེང་དུ་གཡུང་དྲུང་བྲིས་པར༔ ཚོགས་ཆང་སོགས་བཏུང་བའི་རིགས་ཤེས་རབ་ཀྱི་རྫས་གཡོན་དུ་བཞག༔ ཡང་ན་གཅན་གཟན་གྱི་པགས་པའམ་སྟན་ཁེབས་ཀྱི་སྟེང་དུ་མདུན་དུ་བཤམས༔ ཚོགས་ཀྱི་ཡོ་བྱད་རབ་ཟས་སྣ་བརྒྱ་རྩ་བརྒྱད༔ འབྲིང་ཉི་ཤུ་རྩ་གཅིག་རྒྱས་པར་བཤམས༔ ཐ་ན་ཡང་ཤ་ཆང་ཟན་གསུམ་འཛོམ་པར་བྱ༔ བསང་ཆུ་ནི་དུང་ཆོས་ནང་དུ་ཆུ་གཙང་བླུག་པ་གཏོར་ཞིང་བྲན་ཏེ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ནི་རྡོ་རྗེ་བདུད་རྩི་འཁྱིལ་པ་མཆོག་གིས་ཚར་ཆོད༔ སརྦ་པྲ་བྱི་ཤོ་དྷ་ནི་ཧཱུྃ་ཕཊ༔ འདིའི་དོན་འགྱུར་ལ༔ མ་དག་པ་ཐམས་ཅད་བཅོས་ཤིང་ཚར་ཆོད༔ ཅེས་པའི་སྔགས་ཀྱིས་མི་གཙང་བ་སྦྱངས༔ རང་ཉིད་དྲག་པོའི་ཐུགས་ཀ་ནས་ཡི་གེ་གསུམ་འཕྲོས་པར་བསམས་ལ༔ རཾ་ཡཾ་ཁཾ་སྭཱ་ཧཱ་ཞེས་བརྗོད༔ ཧཱུྃ་ཞེས་སྲིད་པའི་ཉེས་སྐྱོན་གཅོད་པའི་སྙིང་པོ་བརྗོད་ནས༔ ཆོས་ཐམས་ཅད་སྐྱེ་བ་མེད་པའི་ངང་ཉིད་ཐུགས་རྡོ་རྗེ་ཆོས་ཀྱི་དབྱིངས་ལས༔ རིག་པའི་རང་རྩལ་ལས་སྐྱེ་བའི་ཆོ་འཕྲུལ་རཾ་ཡཾ་ཁཾ་གསུམ་གྱི་ཡིག་འབྲུ་གསུམ་


CMR009_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས༔ རཾ་ལས་ཡེ་ཤེས་ཀྱི་མེ་འབར་བས་ཚོགས་རྫས་དངོས་པོར་འཛིན་པ་བསྲེགས་ནས་རྣམ་པ་གསལ་ཡང་ངོ་བོ་སྟོང་པར་བྱས༔ ཡཾ་ལས་རླུང་འཕྲོས་ཏེ་ཚོགས་རྫས་ཐ་མལ་པར་འཛིན་པའི་མཚན་མ་གཏོར༔ ཁཾ་ལས་ཆུ་འཕྲོས་པས་ཚོགས་རྫས་ཐ་མལ་དུ་འཛིན་པའི་བག་ཆགས་སྦྱངས༔ ཚོགས་རྫ་ས་ཁོ་ནར་མ་ཟད༔ བདག་དང་མཆོད་པ་དང་གནས་ཁང་དང་བཅས་པ་ཐམས་ཅད༔ ཡེ་ནས་སྣང་སྟོང་སྒྱུ་མ་ལྟ་བུར་རྣམ་པར་དག་པར་མ་གྱུར་པ་ནི་གང་ཡང་མེད་དེ༔ དེ་ལྟར་ལྟ་བ་རྣམ་པར་དག་པའི་ངང་དུ་གནས་པར་གྱུར་ཅིག༔ དེ་ནས་རང་གི་ཐུགས་ཀ་ནས་ཨོཾ་ཨཱཿཧཱུྃ་ཧཱིའཕྲོས་པས༔ ཧཱུཾ་ཞེས་མཆོག་གི་སྙིང་པོ་བརྗོད་ནས༔ བདག་བསྐྱེད་ཆོས་དབྱིངས་རོལ་པའི་དཀྱིལ་འཁོར་གྱི་ཐུགས་ཀ་ནས༔ ཚོགས་རྫས་བྱིན་གྱིས་བརླབས་པའི་ཡི་གེ་དེ་བཞི་འཕྲོས་ཏེ༔ འདུས་པའི་འོད་ཟེར་གྱིས་སངས་རྒྱས་ཀྱི་ཞིང་ཁམས་དཔག་ཏུ་མེད་ཅིང་༔ ནམ་མཁའི་མཐར་ཐུག་པར་གང་བར་གྱུར་པའི་ཚོགས་རྫས་འདོད་པའི་ལོངས་སྤྱོད་སྣ་ཚོགས་པ་སྤྲིན་ལྟར་འཐིབས་པར་བསྒོམ་སྟེ༔ དེ་ཡང་ཡི་གེ་ཧཱུཾ་གི་འོད་ཟེར་གྱིས་བཤམས་པའི་མཆོད་རྫས་དང་༔ ཡིད་ཀྱིས་སྤྲུལ་པའི་ཚོགས་རྫས་


CMR009_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སོ་སོ་མ་ཡིན་པའི་རྣམ་རྟོག་དབྱིངས་སུ་སྦྱངས༔ ཨཱཡི་འོད་ཟེར་གྱིས་དེ་ཐམས་ཅད་དྲི་མ་མེད་པའི་བདུད་རྩི་ཆེན་པོར་བསྒྱུར༔ ཨོཾ་གྱི་འོད་ཟེར་གྱིས་ཚོགས་རྫས་འདོད་ཡོན་སྤྲིན་ཚོགས་བཞིན་དུ་གཏིབས་པར་བསྒོམ༔ ཧཱི༔ཡི་འོད་ཟེར་གྱིས་སྣང་སྲིད་འཁོར་འདས་ཐམས་ཅད་མཆོད་རྫས་དེ་འདྲ་བས་བཀང་༔ རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་གྲངས་མེད་དཔག་ཏུ་མེད་པ་རྣམས་ཀྱིས༔ གསེར་དང་དངུལ་དང་གཡུ་ལ་སོགས་པའི་གཞོང་པ་ན༔ ཚོགས་རྫས་ལོངས་སྤྱོད་དཔག་ཏུ་མེད་པའི་ཚོགས་ཀྱིས་བཀང་བར་བསྣམས་ཏེ༔ ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་གང་ནས༔ རྐང་པས་གར་སྟབས་དང་ལག་པས་ཕྱག་རྒྱ་སྣ་ཚོགས་བསྒྱུར་ཞིང་ལྷ་སོ་སོ་ལ་མཆོད༔ ཨ་ལ་ལ་ནི་ངོ་མཚར་བའི་ཚིག་སྟེ༔ ལྷ་རྣམས་ཀྱིས་མཆོད་པ་དེ་དག་དགྱེས་པར་བཞེས༔ དགྱེས་པས་ཐུགས་དམ་དབྱིངས་སུ་བསྐང་སྟེ༔ བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྩོལ་བར་བསམ༔ དེ་ནས་རིམ་པ་གསུམ་དུ་བཅད་དེ༔ དང་པོས་བླ་མ་ཡི་དམ་རྣམས་ཀྱི་གཏོར་མ་གསོ་ལ་བྲན་པ་མཆོད་པ༔ བར་དུ་བཤགས་པས་བསྐང་བ་གསོ་ལ་བྲན༔ ཐ་མ་


CMR009_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ་བར་བྱ་སྟེ༔ ལིངྒ་བཅས་པ་བྲན་པའམ༔ མ་གྲུབ་ན་ཟན་དུམ་ཤ་དུམ་སྦགས་ལ་བྲན༔ དང་པོ་མཆོད་པ་ནི༔ རྒྱས་པར་སྤྲོ་ན་གཏོར་བསྔོས་བྱ༔ བླ་མ་ཐོད་ཕྲེང་རྩལ་དང་རིགས་བདག་གི་གཙོར་བྱས་པའི༔ རྩ་བརྒྱུད་ཀྱི་བླ་མ་ཡི་དམ་དྲག་པོ་རིགས་ལྔ་ཁྲོ་བོ་བཅུ་སོགས༔ མཁའ་འགྲོ་མ་ཁྲོས་མ་ནག་མོ་མཁའ་འགྲོ་སྡེ་ལྔ་སོགས༔ བདག་མདུན་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ༔ འདོད་པའི་ཡོན་ཏན་ལྔ་དང་ལྡན་པའི་ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་འདི་འབུལ་ལོ༔ ཡེ་ཤེས་ཀྱི་ལྷ་ལ་བཀྲེས་པ་དང་སྐྱེམས་པ་མི་མངའོ་ཡང་༔ བདག་བསོད་ནམས་ཀྱི་ཚོགས་རྫོགས་པའི་ཕྱིར༔ དགྱེས་པ་ཆེན་པོས་བཀྲེས་པ་ཟས་དང་འཕྲད་པ་ལྟར་རོལ་ནས་ཀྱང་༔ བདག་ལ་འདོད་པའི་དངོས་གྲུབ་ཐམས་ཅད་ད་ལྟ་ཉིད་དུ་སྩལ་དུ་གསོལ༔ གུ་རུ་དྷེ་ཝ་ཌཱཀྐི་ནི་བླ་མ་ཡི་དམ་མཁའ་འགྲོ༔ ག་ཎ་ཙཀྲ་ཚོགས་ཀྱི་འཁོར་ལོ༔ པཱུ་ཙ་ལ་ཁཱ་ཧི་མཆོད་པ་གསོལ༔ བར་པས་བཤགས་པ་ནི༔ རྒྱས་པར་ན་བསྐང་བ་འདོན༔ ཧཱུྃ་ཞེས་སྲིད་པའི་ཞགས་པ་གཅོད་པའི་སྔགས་བརྗོད་ནས༔ བདག་དང་སེམས་ཅན་ཐམས་ཅད་ཀྱི་མི་དགེ་བ་དང་༔ དགེ་བའི་ལས་གང་


CMR009_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་ཐུགས་རྗེས་གསལ་བར་མཁྱེན་པའི་མངོན་པར་ཤེས་པ་དང་ལྡན་པར་གྱུར་པའི་དཔང་པོ་དུ་གྱུར་ལ༔ སྲིད་པ་འཁོར་བའི་སྡུག་བསྔལ་ཐམས་ཅད་དང་༔ ཞི་བ་ཕྱོགས་གཅིག་ཏུ་གོལ་བའི་ལམ་ལས་སྐྱོབས་པའི་སྐྱབས་ཀྱི་མཆོག༔ ཡི་དམ་དྲག་པོའི་ལྷ་ཚོགས་མ་ལུས་པ་རྣམས་དགོངས་སུ་གསོལ༔ བདག་དང་སེམས་ཅན་ཐམས་ཅད་ཚེ་རབས་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་དུས་ད་ལྟའི་བར་དུ༔ སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་དང་༔ བྱང་ཆུབ་སེམས་དཔའི་བསླབ་བྱ་དང་འགལ་བར་གྱུར་པ་དང་༔ གསང་སྔགས་ཀྱི་དམ་ཚིག་ཉམས་པ་དང་༔ ཆག་པ་ཅི་ཡོད་པ་མ་ལུས་པ༔ ཟབ་མོ་ཚོགས་ཀྱི་མཆོད་པ་འདིས༔ དམ་ཚིག་ཉམས་ཆག་ཐམས་ཅད་བསྐང་ཞིང་༔ བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་ཐམས་ཅད་བཤགས་པར་བགྱིའོ༔ གུ་རུ་དྷེ་ཝ་ཌཱཀྐི་ནཱི༔ བླ་མ་ཡི་དམ་མཁའ་འགྲོ༔ ག་ཎ་ཙཀྲ་ཁཱ་ཧི༔ ཚོགས་ཀྱི་འཁོར་ལོ་བཞེས་པའོ༔ ཤུདྡེ་ཨ་ནི༔ དག་པ་སྐྱེ་བ་མེད་པ༔ ཐ་མ་བསྒྲལ་བ་ནི༔ ཟློག་པ་དུས་ཡིན་ན་ཚོགས་དུམ་རེ་དང་ལིངྒ་རེ་སྦྲགས་ལ༔ འགུགས་བསྟིམ་བསྒྲལ་ལས་ལས་འགྲིག་ལྟར་


CMR009_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ༔ དཔོན་སློབ་ཤིན་ཏུ་མང་བར་ཡོད་ན༔ མཆོད་གཡོག་པ་གཉིས་གིང་དཀར་ནག་གི་ཆས་སུ་ཞུགས་ཏེ༔ ཕོད་ཁ་དཀར་ནག་ཁྲོ་འབག་སོགས་གྱོན་ལ༔ ལྕགས་ཀྱུས་འགུགས་ཚུལ་ཞགས་པས་བཅིངས་ཚུལ༔ ཕུར་བུས་འདེབས་ཚུལ་ཐུན་བྲབ་པ་སོགས་ལས་འགྲིག་གི་ཚིག་དང་བསྒྲིག་ཅིང་བྱ༔ བསྡུས་པ་རྒྱུན་ཁྱེར་ལ་གཞུང་ཚིག་དང་དམིགས་པ་ཙམ་གྱིས་འགྲུབ་སྟེ༔ ཧཱུྃ་ཞེས་གདུག་པ་འདུལ་བའི་སྔགས་བརྗོད་ནས༔ བདག་མདུན་ཆེ་མཆོག་དྲག་པོ་ཐོད་ཕྲེང་རྩལ་དུ་གསལ་བའི་སྐུ་ལས་རྔམ་བྱེད་འབར་བའི་ཁྲོ་བོ་ཡཀྵ་མེ་དབལ་གྱི་ཚོགས་གྲངས་མེད་པ་མེ་དཔུང་འབར་བ་དང་བཅས་པ་འཕྲོས༔ དེ་དག་གི་ཕྱག་ན་ལ་ལས་རྡོ་རྗེ༔ ལ་ལས་ཕུར་པ༔ ལ་ལས་ལྕགས་ཀྱུ༔ ལ་ལས་ཞགས་པ༔ ལ་ལས་ཐོ་ཆེན་མེ་འབར་བ་ཐོགས་ཏེ༔ བསྟན་པའི་སྤྱི་དགྲ་རྣལ་འབྱོར་པའི་སྒོས་དགྲ༔ བདག་དང་བསྲུང་བྱའི་ལུས་དང་སྲོག་དང་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་གདུག་པའི་སེམས་དང་ལྡན་པ༔ ཞེ་སྡང་མེ་ལྟར་འབར་བ༔ འདོད་ཆགས་ཆུ་ལྟར་ཁོལ་བ༔ གཏི་མུག་མུན་ལྟར་གཏིབས་པ༔ ཕྲག་དོག་རླུང་ལྟར་འཚུབ་པ༔ ང་རྒྱལ་བྲག་


CMR009_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རི་ལྟར་གཟིང་བ༔ དེ་ལྟར་དུག་ལྔ་འདུས་པའི་ཕུང་པོ༔ བསྒྲལ་བའི་ཞིང་དུ་གྱུར་པ་འདི༔ ལྕགས་ཀྱུ་ཐོགས་པ་རྣམས་ཀྱིས་སྙིང་ནས་ཟུངས་ལ༔ ཚོགས་རྫས་ལིངྒ་འདི་ལ་ཁུག་ཅིག༔ ཕུར་པས་སྙིང་དཀར་ནག་མཚམས་སུ་ཐོབ་ལ་སོད་ཅིག༔ ཐོ་བ་ཅན་གྱིས་སྤྱི་བོ་ནས་ཆོམ་ལ་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད་ཅིག༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་ཀུན་ཏུ་བཟང་མོའི་མཁའ་ཀློང་དུ་སྤོར་ལ་སངས་རྒྱས་པར་མཛོད་ཅིག༔ གུ་རུ་བཛྲ་ཀྲོ་ཏ་ནི་བླ་མ་རྡོ་རྗེ་ཁྲོ་བོ༔ ཧྲི་དགྲ་བོའི་སྲོག༔ ཏྲི་བགེགས་ཀྱི་སྲོག༔ ཤ་ཏུཾ་ཚར་ཆོད༔ མཱ་ར་ཡ་རྦད་སོད་ཆོད༔ ཅེས་བསྒྲལ་ནས༔ ཤ་ཁྲག་ལས་མཁན་རྣམས་དང་༔ མདུན་གྱི་ཡི་དམ་ཆོས་སྐྱོང་རྣམས་ཀྱི་ཞལ་དུ་བསྟབ་པར་དམིགས་ལ༔ གཏོར་ཟློག་མེད་ན་ཡི་དམ་ཆོས་སྐྱོང་གི་གཏོར་མ་གསོ་བར་བྱའོ༔ དེ་ནས་མཆོད་གཡོག་པས་ལག་པ་གཡས་སུ་ཚོགས་དུམ་དང་ཤ༔ གཡོན་དུ་ཚོགས་ཆང་ཐོགས་ལ༔ རྡོ་རྗེ་སློབ་དཔོན་ནས་བཟུང་རིམ་པར་དྲངས་ཏེ༔ གཟིགས་ཤིག་ཅེས་བོས་ནས༔ ཚོགས་ཀྱི་དམ་རྫས་མཛེས་ཤིང་ཡིད་དུ་འོང་བ་རོ་བཅུད་དང་ལྡན་པ་དོན་དམ་པའི་བདུད་རྩིའོ༔ འདི་ཟོས་པས་


CMR009_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ་ཕྱག་རྒྱ་ཆེན་པོ་རྟོགས་པའི་རྫས་ཡིན་པས༔ འདི་ལ་བསྙེན་གནས་དང་༔ སྨྱུང་གནས་དང་འདུལ་ཁྲིམས་བསྲུང་བ་ཡིན་ཀྱང་༔ འདི་བདུད་རྩི་དངོས་ཡིན་སྙམ་པ་ལས། ཤ་ཆང་ཡིན་སྙམ་པའི་ཐེ་ཚོམ་བྱར་མི་རུང་སྟེ༔ ཐེ་ཚོམ་བྱས་ན་ཡི་དྭགས་མཆུ་བཅིངས་སུ་སྐྱེ་བར་བཤད་པའི་ཕྱིར༔ བྲམ་ཟེ་གཙང་སྦྲ་ལ་དགའ་བ་དང་༔ གདོལ་པ་ཤ་ཁྲག་ལ་དགའ་བ་དང་༔ ཁྱི་དང་ཕག་མི་གཙང་བ་ལ་དགའ་བ་རྣམས་མི་མཚུངས་ན་ཡང་༔ དེ་རྣམས་རང་བཞིན་གྱི་སྟོང་པ་ཉིད་དུ་རོ་གཅིག་ཏུ་དགོངས་ཏེ༔ བཞེས་ཤིག་རོལ་ཅིག །ཅེས་དྲངས་པ་དང་༔ ལག་པ་གཉིས་པད་ཀོར་བྱས་ལ༔ པདྨའི་ཕྱག་རྒྱས་བླངས་ཏེ༔ ཧོཞེས་ཐུགས་དགྱེས་པའི་སྔགས་བརྗོད་ནས༔ ཚོགས་ཀྱི་བདུད་རྩི་འདིའི་རིན་ཐང་ནི་གསེར་སྲང་བརྒྱ་རེ་བའི་ཟས་ཀྱིས་ཀྱང་འགྲན་དུ་མེད་པའི༔ རྒྱུད་སྡེ་ཟབ་མོ་རྣམས་ལས་ལེགས་པར་འོང་བའི་ཆོས་ཀྱི་བདུད་རྩི་བཟུང་ཡུལ་བཟའ་བཏུང་འདི་དང་༔ དེར་འཛིན་པའི་སེམས་དང་༔ ང་དང་བདག་ཏུ་འཛིན་པའི་སེམས་དངོས་པོར་འཛིན་པའི་མཚན་མ་ཀུན་སྤངས་བ༔ འདི་ནི་བླངས་བར་བྱའོ༔ འདི་ནི་དོར་བར་མི་བྱའོ༔ ཞེས་འཁོར་


CMR009_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱི་ཆོས་ཀུན་གང་ཤར་བཅོས་བསླད་དང་བྲལ་བའི་དེ་ཁོ་ན་ཉིད་དེ་བཞིན་གཤེགས་པའི་དགོངས་པ་འདི་ཉིད་ལ་བདག་ཀྱང་དད་ཅིང་གུས་པས་ཕྱག་འཚལ་ཞིང་༔ ལྟ་བ་དེ་ལྟ་བུའི་ངང་ནས་ལོངས་སྤྱོད་དོ༔ ཨ་ལ་ལ་ཧོ་ནི་དམ་རྫས་འདི་ལྟ་བུ་ནི་ངོ་མཚར་ཆེ་བས་བདག་བསྐྱེད་གོ་ཆའི་ལྷ་རྣམས་དགྱེས་པ་བསྐྱེད་པའོ༔ ཞེས་བདག་བསྐྱེད་ཀྱི་ལྷ་མཆོད་པར་དམིགས་ལ་རོལ་ལོ༔ དེ་ནས་ལྷ་རྣམས་མཆོད་ལྷག༔ རྣལ་འབྱོར་པ་རྣམས་ལ་མ་དྲངས་པའི་བར་དེ་ནས་བཞག་པ་ནི་གཙང་ལྷག་ཡིན༔ སློབ་དཔོན་ལ་དྲངས་མང་མ་ལ་མ་དྲངས་བའི་བར་དེར་ལྷག་མ་བཞག་ན་ཕུད་ལྷག་ཟེར༔ མང་མའི་ལྷག་མ་ནི་བཙོག་ལྷག་ཡིན་པས་བསྡུས་ཏེ༔ ལྷག་མའི་ཆོ་ག་བྱ་སྟེ༔ སློབ་དཔོན་གྱིས་ལག་པ་གཉིས་མཐེབ་མཛུབ་ལུ་གུ་རྒྱུད་དུ་སྤེལ༔ གུང་མོ་གཉིས་རྩེ་གཏུགས་ལག་པ་ནོར་བུ་མཁའི་གསང་གི་ཕྱག་རྒྱའི༔ ནང་ནས་ཚོགས་ཆང་གི་ཁ་ཕྲུ་བཏབ་སྟེ་བྲན༔ དེའི་སྟེང་དུ་སྔོན་བཞག་པའི་ཕུད་ལྷག་བསྲེས་ལ༔ མི་རྐང་གི་གཟར་བུས་རཀྟ་གཏོར་ཏེ་དམར་པོ་བྱས་ཤིང་༔ སྒྲུབ་ཆེན་དུས་སོགས་ཡིན་ན༔ མཆོད་གཡོག་པ་དང་རྣལ་འབྱོར་པ་མང་པོ་རྣམས་


CMR009_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྔགས་ཆས་གྱོན་ལ༔ དཀྱིལ་འཁོར་ལ་བསྐོར་ཞིང་འཆམ་སྟབས་དང་བསྟུན་ཏེ༔ དབྱངས་རོལ་མོ་དང་བཅས་པ་བྱ༔ ཡེ་ཤེས་འཇིག་རྟེན་ཀུན་གྱི་ཐུགས་སྲོག་ཧཱུྃ་ཞེས་བརྗོད་པས༔ ཆོས་ཀྱི་དབྱིངས་སྟོང་ཉིད་རོལ་པ་ཆེན་པོ་གཟུགས་དང་དངོས་པོ་མེད་པ༔ ནམ་མཁའ་གཡའ་དག་པ་ལྟ་བུའི་ངང་ལ༔ རིག་པའི་རང་རྩལ་སྤྲུལ་པའི་ཁྲོ་རྒྱལ༔ དྲག་པོའི་དཀྱིལ་འཁོར་ཆེན་པོ་ནམ་མཁའ་ལ་འཇའ་ཤར་བ་ལྟ་བུར་གསལ༔ དེ་ལྟར་སྣང་སྟོང་ཟུང་འཇུག་གི་བསྐྱེད་རིམ་གསལ་བས་སྣང་སྲིད་འཁོར་འདས་ཐམས་ཅད་ང་ཡི་དབང་དུ་འདུས་ཏེ༔ ང་ནི་ལམ་དུས་ཀྱི་ཆེ་མཆོག་ཧེ་རུ་ཀ་དངོས་ཡིན་ནོ༔ ཞེས་ང་རྒྱལ་བསྐྱེད་ནས༔ ལྷག་མ་ལ་དབང་བ་ཐམས་ཅད་ཁྲོམ་ལྟར་འཁྲིགས་པར་བསམ་སྟེ༔ དེ་དག་ལ་ཚོགས་ཀྱི་དོན་དང་དགོས་ཆེད་བཤད་པ་ནི༔ དང་པོ་ཚོགས་ཕུད་ཀྱི་མི་མཆོད་མི་རུང་པ་མཆོད་པའི་རྒྱུ་མཚན༔ བཅོམ་ལྡན་འདས་གུ་རུ་དྲག་པོའི་ལྷ་ཚོགས་ཐམས་ཅད་ཕུད་ལ་དབང་ཞིང་ཕུད་ལ་དགྱེས་སོ༔ བར་དུ་ལྷ་ལ་ཕུལ་བའི་ལྷག་མ་མི་རྣམས་ཀྱི་ཕུད་ལྷག་དེས་མི་མཆོད་མི་རུང་པར་མཆོད་པའི་རྒྱུ་མཚན་ནི༔ ཡེ་ཤེས་ཀྱི་ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་


CMR009_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་རྣམས་ཕུད་ལྷག་དེ་ལ་དགྱེས་སོ༔ བཙོག་ལྷག་མང་མའི་ལྷག་མ་ལ་ཁ་ཆུས་མི་བྲན་མི་རུང་བར་བྲན་པའི་རྒྱུ་མཚན་ནི༔ འཇིག་རྟེན་གྱི་དཔའ་བོ་མཁའ་འགྲོ་དེ་དག་དང་༔ རྣལ་འབྱོར་པ་བདག་དང་དམ་ཚིག་གཡར་དམ་གཅིག་སྟེ༔ གསང་སྔགས་ཀྱི་ལམ་འདི་ལ་བརྟེན་ནས༔ སངས་རྒྱས་ཐོབ་འདོད་པ་མཉམ་པའི་ཕྱིར་རིགས་མི་གཅིག་ཀྱང་དམ་ཚིག་གཅིག་པའི་མཆེད་གྲོགས་ཡིན༔ སྐྱེ་བ་མཐོ་དམན་མཉམ་ཞིང་ཡིད་མཐུན་པ་རྣམས་ཆང་ལྟར་འཐུང་བྱེད་པ་ལྟ་བུའོ༔ ལྷག་མགྲོན་འདི་དག་ཕལ་ཆེ་བ་ནི༔ ཤ་ཟ་དང་འབྱུང་པོ་ནད་བདག་རིམས་བདག་གདུག་པ་ཅན་རྣམས་ཡིན་ཀྱང་༔ དཀྱིལ་འཁོར་གྱི་མཐའ་མར་མི་བཞག་པར་མི་རུང་བར་འཛག་པའི་རྒྱུ་མཚན་ནི༔ ཡེ་ཤེས་ལྷའི་བྲན་གཡོག་ཕོ་དང་གཡོག་མོའི་ཚུལ་དུ་གནས་པ་ཡིན་ནོ༔ གུ་རུ་དྲག་པོའི་བཀའ་ཉན་ཅིང་གང་བཅོལ་གྱི་ལས་ཐོགས་པ་མེད་པར་བྱེད་པའི་ལྷག་མགྲོན་གྱི་ཚོགས་ནི་འདི་ལྟ་སྟེ༔ དཀྱིལ་འཁོར་གྱི་མཐའི་ཤར་ལ་སོགས་པའི་དུར་ཁྲོད་བརྒྱད་དུ་ཡང་གནས་ཤིང་༔ རྒྱ་གར་དང་ཨོ་རྒྱན་ཡུལ་གྱི་དུར་ཁྲོད་བརྒྱད་ལ་བརྟེན་བཅས་ཏེ་ཚོགས་མཆོད་གང་དུ་བྱས་པའི་ཕྱོགས་


CMR009_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་བརྒྱད་ནས་འོངས་ནས་གཏོར་མ་ལེན་ཏེ༔ ཤར་གྱི་ཕྱོགས་ཀྱི་ལྷག་གཏོར་ལེན་མི་ནི༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོའི་ཚོགས་དང་མཁའ་འགྲོ་མ་བྱེ་བ་འབུམ་སྡེ༔ ལྷོའི་ཕྱོགས་ཀྱི་ལྷག་གཏོར་ལེན་མི་ནི༔ རིན་ཆེན་རིགས་ཀྱི་མཁའ་འགྲོའི་ཚོགས་དང་མཁའ་འགྲོ་མ་བྱེ་བ་འབུམ་སྡེ༔ ནུབ་ཀྱི་ཕྱོགས་ཀྱི་ལྷག་གཏོར་ལེན་མི་ནི༔ པདྨ་རིགས་ཀྱི་མཁའ་འགྲོའི་ཚོགས་དང་མཁའ་འགྲོ་མ་བྱེ་བ་འབུམ་སྡེ༔ བྱང་གི་ཕྱོགས་ཀྱི་ལྷག་གཏོར་ལེན་མི་ནི༔ ལས་ཀྱི་རིགས་ཀྱི་མཁའ་འགྲོའི་ཚོགས་དང་མཁའ་འགྲོ་མ་བྱེ་བ་འབུམ་སྡེ་སྟེ༔ དེ་རྣམས་ནི་གནས་ཉི་ཤུ་རྩ་བཞི༔ ཡུལ་སུམ་ཅུ་སོ་གཉིས༔ དུར་ཁྲོད་ཆེན་པོ་བརྒྱད་ལ་གནས་པའི༔ ཡེ་ཤེས་དང་ལས་ལ་གྲུབ་པའི་མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་ཡིན་ཏེ༔ མདོ་དང་གཟུངས་རྣམས་ནས་མཁའ་འགྲོའི་གདོན་གསུང་པ་དེ་ཡིན་ཏེ་གདོན་གྱི་རིགས་སུ་གཏོགས༔ དཀྱིལ་འཁོར་གྱི་ནང་དང་ལུས་ལྷར་བཀོད་པའི་མཁའ་འགྲོ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔ་ཡིན་ཏེ༔ མིང་དང་ཆ་ལུགས་གཅིག་ཀྱང་དོན་མི་གཅིག༔ འོན་ཀྱང་ཡེ་ཤེས་པ་རྣམས་ཀྱིས་འཇིག་རྟེན་པ་དེ་རྣམས་བྱིན་གྱིས་བརླབས་པས་དེའི་


CMR009_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཐོབ་པའམ༔ བྱིན་གྱིས་བརླབས་པའི་སྤྲུལ་པར་འཇོག་པ་ཙམ་ཡིན་ཏེ༔ དཔེར་ན་ཡེ་ཤེས་ཀྱི་སྒྲོལ་དཀར་ཡིད་བཞིན་འཁོར་ལོ༔ འཇིག་རྟེན་གྱི་སྒྲོལ་དཀར་བཀྲ་ཤིས་ཚེ་རིང་མ༔ ཡེ་ཤེས་ཀྱི་སྒྲོལ་སྔོན་སེང་ལྡེང་ནགས་ཀྱི་སྒྲོལ་མ༔ འཇིག་རྟེན་གྱི་སྒྲོལ་སྔོན་རྡོ་རྗེ་གཡུ་སྒྲོན་མ་ཡིན་པ་ལྟ་བུའོ་གིང་དང་ཞེས་པ་ཡེ་ཤེས་ཀྱི་གང་དཔའ་བོ་སྡེ་བཞི་ནི༔ དཀྱིལ་འཁོར་གྱི་ནང་ན་བཞུགས་པ་དྲག་པོ་སྡེ་བཞི་དང་དོན་གཅིག་པ་དེ་འདི་ཡིན༔ ལས་ཀྱི་གིང་བཞི་ནི་རྒྱལ་ཆེན་སྡེ་བཞི་དང་ངོ་བོ་གཅིག༔ འཇིག་རྟེན་གྱི་གིང་ནི་སྲོག་བདག་གཤིན་རྗེ་བཙན་བདུད་རྣམས་ཡིན༔ ལང་ཀ་ནི་དུར་ཁྲོད་ལ་གནས་པའི་སྲིན་པོ༔ དུར་ཁྲོད་བདག་པོ་ཀེང་རུས་ཀྱི་གཟུགས་ཅན༔ ཀེ་སེང་དབང་ཕྱུག་རྣམས་ནི་ཞི་ཁྲོའི་འཁོར་དང་དོན་གཅིག༔ སྡེ་བརྒྱད་ནི་སྡེ་བརྒྱད་ཀྱི་གཙོ་བོ་བརྒྱད་དེ་ངོས་བཟུང་ན༔ ཡར་ལྷ་ཤམ་པོ༔ ཆོས་རྒྱལ་སྲིད་པའི་རྒྱལ་མོ༔ རྐོས་རྗེ་དྲང་དཀར་ཡམ་ཤུད་དམར་པོ༔ བེ་གར༔ གང་བ་བཟང་པོ༔ ཀླུ་བདུད་མགོ་དགུ་ལ་སོགས་པའམ༔ དཔལ་ཆེན་གྱི་བཀའ་ཉན་ཅིང་ལྷག་མི་སྡུད་པ་དེ་ཐམས་ཅད་དཔའ་བོ་མཁའ་འགྲོའི་


CMR009_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ལུགས་སུ་འབྱུང་སྟེ༔ དབུ་སྐྲ་ཐོར་ཅོག་ལ་དར་གྱི་ཅོད་པན་པུ་རུ་རུ་རླུང་གིས་བསྐྱོད་པ༔ སྐུ་ལ་རུས་པའི་རྒྱན་ཆ་མང་པོ་དང་༔ རིན་པོ་ཆེའི་ཕྱག་གདུབ་ཞབས་གདུབ་རྣམས་ཁྲོ་ལོ་ལོ༔ དཔའ་བོའི་ཆ་ལུགས་རྣམས་གཡས་སྐོར་དུ་ཐབས་ཀྱི་བྲོ་བརྡུང་ཁྲིགས་སེ་ཁྲིག༔ དཔའ་མོའི་ཆ་ལུགས་རྣམས་གཡོན་སྐོར་དུ་གླུ་ལེན་ཀྱུ་རུ་རུ༔ དེ་ལྟ་བུའི་སྤྱོད་འགྲོས་ཀྱི་གནས་རི་བཟང་པོ་རྣམས་དང་༔ དུར་ཁྲོད་ཆེན་པོ་རྣམས་སུ་གསང་སྔགས་ཀྱི་སྤྱོད་པས་དུས་རྟག་ཏུ་རོལ་བ༔ ཚོགས་ཁང་འདི་ཡང་དུར་ཁྲོད་ཉམས་རེ་དགའ་བར་སྒོམ་ཞིང་བྱིན་གྱིས་བརླབས་པའོ༔ གོས་བཟང་པོ་ཞིང་ལྤགས་ཀྱི་གཡང་གཞི་དང་༔ སྟག་ལྤགས་ཀྱི་ཤམ་ཐབས་རྣམས་བརྗིད་རེ་ཆེ༔ ཞལ་སྐྱོགས་ནི་ཕོར་པའི་མིང་ཡིན་ལ༔ རང་བྱུང་གི་སྣོད་བཟང་པོ་བྷནྡྷ་མཚན་རེ་བཟང་སྟེ༔ ཐོད་པ་མཚན་ལྡན་ནི་མི་ཡི་ནོར་བུ་ཡིན་པའི་ཕྱིར༔ སྐྱེམས་བཟང་ནི་བཏུང་བ་བཟང་པོ་སྟེ་པདྨ་རཀྟས་བདེ་དྲོད་བསྐྱེད་པ་དང་༔ མ་ཧཱ་རཀྟ་སྟེ་བསྟན་དགྲའི་སྙིང་ཁྲག་འཐུང་བས་བསྟན་པ་རྒྱས་པ་དང་༔ རཀྟ་བཅུད་རེ་ཆེ་སྟེ་བརྡའ་དོན་མང་པོ་ཡོད་པའི་ཕྱིར་རོ༔ ཟས་བཟང་ཚྭ་ས་སྟེ་མི་ཤ་ཁྱི་ཤ་རྟ་ཤ་བ་གླང་གི་


CMR009_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་བྱ་ཤ་སྟེ༔ རོ་རེ་ཞིམ་པའི་ཤ་ཆེན་ལྔ་ནི་དངོས་གྲུབ་ལྔ་འབྱུང་བའི་རྫས་ཏེ་ལྕགས་ཀྱུ་ལྔ་ཞེས་བྱའོ༔ རྟག་ཏུ་རྒྱ་གར་གྱི་དུར་ཁྲོད་ཆེན་པོའི་གནས་བརྒྱད་རྣམས་ཉུལ་ཞིང་༔ ཚོགས་འཁོར་བསྐོར་ཏེ་དུར་ཁྲོད་དེ་རྣམས་སུ་འདུས་ཤིང་ཚོགས་པ་ཐམས་ཅད་ནི༔ དཔལ་ཆེན་ཧེ་རུ་ཀའི་བྱིན་རླབས་ཀྱིས་ལོག་པར་མི་ལྟུང་བ་ཆོས་ཉིད་ཡིན་པའི་ཕྱིར་རོ༔ ལྷག་སྡུད་ཀྱི་མགྲོན་དེ་རྣམས་གསང་སྔགས་ཀྱི་དམ་ཚིག་སྲོག་ལྟར་བསྲུང་ཞིང་ནམ་མཁའ་བར་སྣང་ལ་སྐར་མདའ་དང་རླུང་ལྟར་ཐོགས་མེད་དུ་འགྲོ་སྟེ༔ ལས་སུ་ནི་བསྟན་དགྲ་དམ་ཉམས་རྣམས་གསོད་པ་དང་གཅོད་པ་ལ་བརྩོན༔ ཟས་སུ་ནི་ཤ་ལ་དགའ་བ་དང་ཁྲག་ལ་དགྱེས་སོ༔ དེ་དག་འགའ་ཞིག་ནི་འཇིག་རྟེན་ལས་འདས་པའི་ས་ལམ་མཐོན་པོ་ཐོབ་ཀྱང་༔ འཇིག་རྟེན་པའི་ཚུལ་བཟུང་ནས་བསྟན་པ་སྲུང་བའང་ཡོད་ལ༔ འཇིག་རྟེན་རང་རྒྱུད་པ་རྣམས་ཀྱང་ཡང་དག་པའི་དོན་ལ༔ འགྲོ་དྲུག་ཡི་དམ་ལྷའི་ཡང་སྤྲུལ་དུ་གསུང་པའི་ཕྱིར༔ མ་འོངས་པའི་སངས་རྒྱས་ཀྱང་ཡིན༔ བསྟན་པ་སྲུང་ཞིང་རང་རང་གི་དམ་ཚིག་བསྲུང་བའམ༔ ཐབས་ཀྱིས་དྲག་པོའི་དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད༔


CMR009_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དམ་རྫས་བརྒྱན་པའི་མཆོད་པ་ལྷག་གཏོར་འདི་བཞེས་ལ༔ ནད་གདོན་བར་ཆད་ཞི་བ༔ ཚེ་བསོད་དཔལ་འབྱོར་རྒྱས་པ༔ སྣང་སྲིད་དབང་དུ་འདུ་ལ༔ དྲག་པོ་མངོན་སྤྱོད་ཀྱི་ལས་ཀྱིས་དགྲ་བགེགས་ཚར་གཅོད་པ་སོགས༔ བདག་གི་གང་བཅོལ་བའི་ཕྲིན་ལས་འདི་མྱུར་དུ་འགྲུབ་པར་མཛོད་ཅིག༔ ཨོཾ་ནི་བསྐལ་བཟང་༔ བཛྲ་བྷི་ར་ཡོ་ཀི་ནི༔ རྡོ་རྗེ་འཇིགས་མ་རྣལ་འབྱོར་མ༔ དྷ་ཀ་དྷ་ཀི་ནི༔ མཁའ་འགྲོ་མཁའ་འགྲོ་མ༔ བ་ལིཾ་ཏ་གཏོར་མ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བྲོ་ཟོ་ཟོ་ཞིག་ཟོ་ཞིག༔ ཅེས་གཏོར་མའི་ལྷག་མ་ཕྱི་རོལ་གཙང་སར་སྤྱོགས་སེ་བླུག༔ དེའི་སྟེང་དུ་བཤལ་ཆུ་བླུགས་ལ་བཏང་ངོ་༔ ལྷག་མ་གཏོར་ན་འཐབ་མོ་འོང་༔ ས་མི་གཙང་སར་བླུགས་ན་ནད་རིམས་འོང་༔ ཕྱོགས་བརྩི་མ་འཕྲོད་ཀྱང་འགལ་བ་མེད༔ དེ་ནི་ཚོགས་མཆོད་བྱ་ཚུལ་ལོ༔ ཤ་ཆང་སོགས་མེད་ན་ཚོགས་ཕུད་རིམ་པ་གསུམ་དང་ལྷག་མ་སོགས་གཞུང་ལྟར་བྱས་ལ༔ ཚོགས་སྤེལ་རྒྱུ་མེད་པ་ནི་ལྷ་ཚོགས་ཞེས་བྱའོ༔ ཡང་ཚོགས་གཏོར་མེད་ཀྱང་གློ་བུར་དུ་ཤ་ཆང་སོགས་ལོངས་སྤྱོད་རྒྱུ་བྱུང་དུས༔ བྱིན་བརླབས་མ་བྱས་པའི་ཤ་ཆང་ལ་ལོངས་སྤྱོད་ནི་འདུལ་ཁྲིམས་ཞུས་པ་


CMR009_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་ལྟུང་བ༔ སྔགས་པ་ཡིན་ཀྱང་ཞག་གསུམ་བར་སྔགས་ཀྱི་ནུས་པ་ཉམས་པར་གསུངས་པས་བྲན་ལ་ཚོགས་བྱ་སྟེ༔ གཞན་འདོན་ལུགས་གཞུང་ལྟར་ལས་ལྷག་མ་གཙང་ལྷག་བཞག་ལ༔ ལྷག་མའི་སྔགས་ཁོ་ནས་བསྔོ་ཆོག་གིས་ཚང་མ་འདོན་མི་དགོས་སོ༔ ཞེས་ལྷག་མའི་གཏོར་མ་བཏང་ངོ་ཞེས་པའི་དོན་ནོ༔ དེ་ནས་གཏོར་མ་རྣམས་དཀྱིལ་འཁོར་ནས་གོམ་པ་བདུན་ཅུའི་སར་དཔག་ལ་ཞེས་པ༔ གཏོར་ཟློག་ལ་སོགས་པ་གཏོར་འབུལ་དུས་དེ་བས་ཉེ་ན་འཁོར་ལ་གནོད་པར་བཤད་པས་དེ་ཕུལ་ས་ཡིན་གྱི། དེ་ན་འགྲོ་ནི་འདོན་དགོས་པ་ཡང་མིན༔ ཕུད་དང་རཀྟ་ཕྱོགས་བཅུར་གཏོར་ཞེས་པ༔ ཕུད་ཕྱོགས་བཅུར་གཏོར་བ་ནི་གསེར་སྐྱེམས་ཡིན་ལ༔ རཀྟས་གཏོར་མ་ལ་བྲན་གྱིས་གཏོར་བ་ནི་མ་ཡིན་ནོ༔ དེ་ཡང་དཀར་གཏོར་དམར་གཏོར་གཉིས་བཤམས་ན་ལེགས་ཏེ༔ ཀླུ་ལ་སོགས་པ་དཀར་གསུམ་ལ་དགྱེས་པ་དང་༔ བཙན་བདུད་ལ་སོགས་པ་དམར་ལ་དགྱེས་པ་རིགས་གཉིས་ཡོད་པའི་ཕྱིར་རོ༔ རོལ་མོ་བསྒྲགས་ཤིང་འདི་སྐད་དོ༔ ཧཱུྃ་ཞེས་གདུག་པ་ཟིལ་གྱིས་གནོན་པའི་སྔགས་བརྗོད་ནས༔ དུས་གསུམ་ལས་སྔོན་གྱི་དུས་


CMR009_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་འབྱོན་པའི་དུས༔ བཞི་པ་ཤཱཀྱ་ཐུབ་པའི་བསྟན་པའི་དཀྱིལ་སྐེད་ཙམ་དུ༔ བོད་ཁ་བ་ཅན་གྱི་ཡུལ་འདིར་སངས་རྒྱས་ཀྱི་བསྟན་པ་ཡོངས་རྫོགས་དང་པོ་བོད་ལ་བསྒྱུར་བའི་དུས་ལ༔ བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་ཀྱིས་བར་ཆད་བརྩམས་པས༔ འཇམ་དབྱངས་ཀྱི་སྤྲུལ་པ་བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ རྒྱུ་གར་རྡོ་རྗེ་གདན་དུ་སློབ་དཔོན་པདྨ་འབྱུང་གནས་བཞུགས་པ་སྤྱན་དྲངས་པའི་བང་ཆེན་ལ་གསེར་ཕྱེ་མང་པོའི་སྐྱེས་དང་བཅས་པ་བཏང་བའི་ཚེ༔ ཨོ་རྒྱན་རིན་པོ་ཆེ་ཚུར་ཕེབས་ནས་བལ་ཡུལ་ཡང་ལེ་ཤོད་དུ་རྡོ་རྗེ་ཕུར་པའི་བསྒྲུབས་པ་མཛད༔ ཕུར་སྲུང་བཅུ་དྲུག་དམ་ལ་བཏགས༔ རྒྱ་གར་གྱི་ལྷ་འདྲེ་ཐམས་ཅད་ནི་སྔར་ནས་བསིལ་བ་ཚལ་ནས་དམ་ལ་བཏགས་ཚར༔ ཨ་སུ་རའི་བྲག་ཕུག་སོགས་སུ་བལ་ཡུལ་གྱི་ལྷ་འདྲེ་ཐམས་ཅད་བཏུལ་ནས༔ བོད་ཡུལ་གྱི་ཕྱོགས་སུ་ཕེབས་ཏེ༔ མང་ཡུལ་གྱི་ལ་ཁ་ནས་མར་བྱོན་པའི་ཚེ༔ བོད་ཀྱི་ལྷ་སྲིན་ཐམས་ཅད་རིམ་པར་དམ་ལ་བཏགས་ཤིང་བྱོན་ཏེ༔ བདག་ནི་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་དེ་དུས་བྱོན་པའི་དེའི་ཆོས་ཀྱི་གདུང་འཛིན་པའི་གདུང་འཛིན༔ རིག་པ་


CMR009_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའི་རིག་འཛིན༔ བཀའ་ནས་བཀའ་རུ་བརྒྱུད་པའི་བཀའ་བརྒྱུད༔ རྗེས་སུ་སློབ་པའི་སློབ་བརྒྱུད༔ རྗེས་སུ་འབྲང་པའི་རྗེས་འབྲང་ཡིན་པས༔ སྔོན་སྡེ་བརྒྱད་དམ་ལ་བཏགས་པ་ལྟར༔ ད་ཡང་སློབ་དཔོན་ཁྱེད་ཀྱིས་ཏིང་ངེ་འཛིན་བསྒོམ་ཞིང་སྔགས་བཟླ་བ་སོགས་བྱེད་པས༔ སྡེ་བརྒྱད་གདུག་པ་ཅན་གྱི་བར་ཆད་ཀྱི་དབང་དུ་མི་གཏོང་འཚལ༔ བདག་དང་བསྲུང་བྱ་ལ་གདུག་པའི་སེམས་དང་ལྡན་པའི་སྡེ་བརྒྱད་ཐུལ་བར་མཛོད་ཅིག༔ ཅེས་གསོལ་བ་བཏབ་པ་ཙམ་གྱིས་བདག་མདུན་དྲག་པོའི་ཐུགས་ཀ་ནས༔ འོད་ཟེར་དམར་པོ་ཉི་མའི་ཟེར་ལྟ་བུ་རྩེ་མོ་ལྕགས་ཀྱུའི་དབྱིབས་ལྟར་གུག་པ༔ དཔག་ཏུ་མེད་པ་འཇིག་རྟེན་ཁྱབ་པར་འཕྲོས་པས་ལྷ་འདྲེ་ཐམས་ཅད་ཀྱི་སྙིང་ཁར་ཕོག་པ་ཙམ་གྱིས་སྔོན་གྱི་ཁས་བླངས་དམ་ཚིག་དྲན་ནས་སྐད་ཅིག་གློག་འགྱུ་བ་ཙམ་དུ་འདུས་ཏེ༔ དཀྱིལ་འཁོར་གྱི་མཐའ་དུར་ཁྲོད་ཀྱི་ནང་བར་ཁྱམས་དེར་ཁྲོམ་ཆེན་པོ་ལྟར་འཚོགས་ཏེ༔ ཐམས་ཅད་ཀྱིས་ལུས་ཐལ་མོ་སྦྱར་བས་དཔའ་བོ་ཆེན་པོས་ཅི་གསུངས་བཀའ་སྒྲུབ་པར་བགྱི་ཞེས་ཞུ་བ་འབུལ་བར་བསྒོམ༔ དེ་དག་གི་ཆ་ལུགས་ནི་བན་སྐྱེ་བུད་མེད་ཆས་བཟང་ཁྲོམ་


CMR009_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་བསྒོམས་པས་འཐུས་ཏེ༔ དེ་དག་སོ་སོར་གང་ལ་གང་དགྱེས་ཀྱི་གཏོར་མ་དཀར་དམར་སོ་སོར་གསོལ་བས་ཤིན་ཏུ་མཉེས་པར་བསམ་དྲག་ལས་དུས་ཡིན་ན་བཀུག་གཞུག་གཅིག་བྱས་ལ༔ ངོ་བོ་དགྲ་བགེགས་ཀྱི་ཤ་ཁྲག་ལ་རྣམ་པ་སོ་སོའི་གང་ལ་ཅི་འདོད་ཀྱི་ལོངས་སྤྱོད་དུ་བསམས་ལ༔ གུར་དྲག་གི་ཆོས་སྐྱོང་གི་རྩ་བ་ཡིན་པས་ཞིང་སྐྱོང་ཡབ་ཡུམ་དང་༔ བཀའ་སྲུང་སྤུ་གྲི་མཆེད་གསུམ༔ གཏེར་སྲུང་དགེ་བསྙེན་སྨྱོ་ཁ་རྣམས་ཀྱི་བསྐུལ་པ་ཉུང་ངུ་རེ་འདོན་པའམ༔ མ་ལྕོགས་ན་སྔགས་བསྔོས་རེ་བྱ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ལན་གསུམ་མམ་བདུན་གྱིས་བསྔོས་ནས༔ དེ་ནས་སྔོན་གྱི་དམ་བརྡར་བ་ནི༔ ཧཱུཾ་སྔོན་གྱི་བསྐལ་པ་ཞེས་སོགས་ནས༔ ཚིག་འབྲུ་དགུའི་དོན་ནི་སྔར་བཤད་པ་ལྟར་ཡིན་ལ༔ ཁྱེད་འདིར་བྱོན་གཏོར་ལེན་ལ་ཚོགས་པ་རྣམས་ཀྱང་༔ དེ་དུས་ཨོ་རྒྱན་ཕེབས་དུས་དམ་ལ་བཏགས་པའི་ལྷ་འདྲེ་རྣམས་ཀྱི་རིགས་ཡིན༔ དེ་ཡང་ཁྱོད་ལྷ་འདྲེ་འགའ་ཞིག་ནི་བསྐལ་པ་འདི་མ་འཇིག་གི་བར་དུ་མི་འཆི་བ་ཡང་ཡོད་དེ། དཔེར་ན་ཀམ་པོ་རྡོ་རྗེ་དཔལ་བརྩེགས་བྱང་ཆུབ་སེམས་དཔའ་བསྐལ་པའི་ཚེ་ཅན་ཡིན་པར་


CMR009_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ལྟ་བུར༔ འགའ་ཞིག་ནི་སངས་རྒྱས་བྱམས་པའི་བསྟན་པ་མ་བྱུང་གི་བར་དུ་མི་འཆི་བ་ཡང་ཡོད་དེ༔ ཀླུ་སྔགས་བདག་བྱམས་པའི་བསྟན་པ་ལ་ས་དྲུག་པའི་བྱང་ཆུབ་སེམས་དཔར་སྐྱེ་བར་གསུངས་པ་ལྟ་བུ༔ འགའ་ཞིག་ནི་ཚེ་འཕོས་ཀྱང་ལུས་མི་བརྗེ་བ་ཡོད་དེ༔ བརྒྱ་བྱིན་སྔོན་མ་ཚེ་འཕོས་དུས་རྒྱབ་མའི་རྣམ་ཤེས་ཞུགས་པ་ལས་ལུས་མི་བརྗེ་བ་ལྟ་བུ༔ ཡང་ཚེ་འཕོས་ཀྱང་དེའི་སྤྲུལ་པའི་ཆ་ཤས་ཀྱིས་ལུས་རྙིང་པ་བཟུང་བ་ཡོད་དེ༔ དཔེར་ན་ཕྱག་རྡོར་གྱིས་ལྷ་དབང་ཕྱུག་ཆེན་པོ་བསྒྲལ་བའི་སྤྲུལ་པའི་ཆ་ཤས་ཀྱིས་ལུས་རྙིང་པ་བཟུང་ནས༔ སྡེ་བརྒྱད་ཀྱི་དཔོན་བྱེད་པའི་ཚུལ་ལྟ་བུ་དང་༔ ཨོ་རྒྱན་སྲིན་ཡུལ་དུ་ཕེབས་ནས་ལོ་བདུན་བརྒྱ་ནས་མཁའ་རི་སྨྱོ་ཁ་གཉིས་ཚེ་འཕོས་ཏེ་རྔ་ཡབ་གླིང་དུ་སྲིན་པོའི་བུར་སྐྱེ་བར་བཤད་ཅིང་༔ ལོ་བདུན་བརྒྱ་རེད་རྟིང་པདྨ་གླིང་པ་མཁའ་རིའི་གདན་དྲངས་ནས་བསྙེན་བཀུར་བྱས་པའི་ལོ་རྒྱུས་བྱུང་བས༔ དེ་ཡང་སྤྲུལ་པའི་ཆ་ཤས་ཀྱིས་ལུས་བཟུང་བར་འདུག༔ ལྷ་འདྲེ་ཆེ་རིམ་རྣམས་ནི་རྒྱལ་ཆེན་སྡེ་བཞིའི་འཁོར་དུ་གཏོགས་པས༔ མིའི་ལོ་བཅུ་གཉིས་ལ་རྒྱལ་ཆེན་སྡེ་བཞིའི་ཞག་གཅིག་ཏུ་བརྩི་བའི་རང་ལོ་ལྔ་


CMR009_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ཚེ་ཚད་ཡིན་པས་མི་ལོ་ཁྲི་ཕྲག་དུ་མ་སྟེ་ད་རུང་ཡང་ཚེ་མ་འཕོས༔ ཚེ་འཕོས་པ་རྣམས་ཀྱང་དེའི་བུ་གཟུགས་དང་མིང་སྔོན་མ་འདྲ་བ་རེ་ཡོད༔ དེས་ན་ད་ལྟའི་ལྷ་འདྲེ་ཐམས་ཅད་ཀྱང་དེ་དུས་དམ་ལ་བཏགས་པའི་ལྷ་འདྲེ་དེ་དག་དངོས་སམ་དེའི་རིགས་རྒྱུད་ཡིན་པས༔ དེ་དུས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ བཀའ་སྩལ་པའི་བཀའ་དེ་མ་བཅིག༔ སློབ་དཔོན་གྱིས་བཀའ་ཇི་སྐད་སྩལ་ཞེ་ན༔ སློབ་དཔོན་རྡོ་རྗེ་གྲོ་ལོད་ཀྱིས༔ ལྷ་སྲིན་ཀུན་ལ་བཀའ་ནན་གསུངས༔ ཕྱི་མ་མ་འོངས་དུས་དག་ཏུ༔ སློབ་དཔོན་པདྨ་འབྱུང་གནས་ཀྱི༔ མཚན་ཙམ་འཛིན་ཅིང་སྨོས་པ་ཡང་༔ ལྷ་སྲིན་གཏེར་སྲུང་ཐམས་ཅད་ཀྱི༔ གཡོ་སྒྱུ་མེད་ཅིང་གུས་ལྡན་པའི༔ སེམས་ཀྱིས་བླངས་ཏེ་སྤྱི་བོ་ཡི༔ གཙུག་ཏུ་བཞག་སྟེ་ཁུར་བར་བྱོས༔ དེ་ཡི་དགོས་པ་གང་ཡང་རུང་༔ མ་ལུས་རྫོགས་པར་བསྒྲུབ་པར་བྱོས༔ གལ་ཏེ་བཀའ་བཞིན་མ་བྱས་ན༔ ལྷ་སྲིན་ཁྱོད་ཀྱི་མགོ་ལུས་སྙིང་བཀའ་གཏུབ་དུམ་བུར་རྡུལ་མྱག་གྱུར་༔ ཡཀཱ་མེ་དབལ་ཁྲོ་བོ་ཡིས༔ སྙིང་ཁྲག་འཇིབས་ཏེ་འཐུང་བར་འགྱུར༔ ཕྱི་མ་རབ་ཏུ་ཚ་བ་སོགས༔ དམྱལ་བར་ལྟུང་སྟེ་འབོད་དོ་


CMR009_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས༔ བཀའ་སྩལ་རང་གིས་ཁས་བླངས་པའི་སྔོན་གྱི་ཐུགས་དམ་དྲན་པར་མཛོད༔ དམ་མནོས་བཞིན་དུ་དམ་ལ་འདུས༔ ཞེས་གསུངས་པ་ལྟར༔ དམ་རྫས་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ༔ སྔོན་གྱི་ཐུགས་དམ་སློབ་དཔོན་གྱིས་གསུངས་བའི་བཀའ་དེ་དང་༔ ཁྱེད་རང་ལྷ་འདྲེ་རྣམས་ཀྱི་དམ་བཅས་པའི་དམ་ཚིག་དེ་ལས་མ་འདའ་བར༔ བདག་གིས་བཅོལ་བའི་ལས་འདི་མྱུར་མགྱོགས་སུ་སྒྲུབས་ཤིག༔ དེ་ལྟར་ཚིག་བདུན་པོ་དེ་འོག་མ་རྣམས་ལ་འགྲེས་ཡིན་པས་ཤེས་པར་བྱའོ༔ བྲེལ་བ་དུས་འགྲེས་མ་བཤང་བར་བཏོན་ཀྱང་དོན་ཚང་བར་འགྱུར་རོ༔ གཙང་གི་ཤང་འོ་ཡུག་གི་ཆུ་གཉིས་འདུས་པའི་དཀྱིལ་འཁོར་དུ༔ ཕ་ཝང་ལོང་བུའི་མཁར་དངོས་སུ་ཡོད༔ རི་ལ་དམ་ཅན་གྱི་སྐུ་རང་གྲུབ་ཡོད༔ སྤྱིར་རི་ལུས་མཚོ་སྙིང་ཆུ་མིག་སྲོག་ཅེས་བྱ་བ་སྟེ༔ ཆུ་མིག་ནི་ཤིན་ཏུ་གཉན་པ་ཡིན་ལ༔ ཁྱད་པར་གཙང་གི་གམ་པ་ཆུ་མིག་ཅེས་བྱ་བ་ཤིན་ཏུ་གཉན་ས་དེར༔ དགེ་བསྙེན་རྡོ་རྗེ་ལེགས་པ༔ དགེ་བསྙེན་སུམ་བརྒྱ་དྲུག་ར༔ དགེ་བསྙེན་ཉི་ཤུ་རྩ་གཅིག་རྣམས་དམ་ལ་བཏགས༔ གཙང་གི་རོང་གནུབས་ཀྱི་ཡུལ་གྱི་བྲག་དམར་


CMR009_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ མངར་རི་རུ་ཐོག་བྲག་དམར་དང་༔ འཕན་ཡུལ་གྱི་སྒོ་མོ་བྲག་དམར་དང་དེར་དྲི་ཟ་ཕོ་མོ་དམ་ལ་བཏགས༔ མ་ཕམ་གཡུ་མཚོ༔ གཙང་ར་གཡུ་མཚོ༔ རྨ་རྐུང་ལུང་གཡུ་མཚོ༔ ཡར་འབྲོག་མཚོ་མོ་ཆེ༔ གནམ་མཚོ་འབྲུག་མོའམ་ཕྱུག་མོའི་ནང་ཤེད་དེར༔ སྲིད་པ་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་དམ་ལ་བཏགས༔ འབྲོག་ཅེས་པ་ནི་བྱང་ཐང་གི་མིང་ཡིན་ཏེ༔ བྱང་ནམ་ར་མཆེད་བརྒྱད་ཅེས་ཀྱང་བྱ༔ ཐང་ལྷའི་རྒྱབ་ཕ་ཟད་དེར་ཡོད། འབྲོག་གི་ན་དམར་རྒོད་གོང་དེར་ལྷ་བཙན་གྱི་རིགས་ཐམས་ཅད་དམ་ལ་བཏགས། མ་དྲོས་ཀུན་གྱི་རྒྱ་མཚོ་ནི༔ མེ་གྲོའི་ཕུ་ན་མཚོ་ཆུང་ཞིག་ཡོད༔ དེར་བཀའ་གདམས་པའི་དགེ་བཤེས་འཆད་ཀ་བས༔ བྱམས་སྙིང་རྗེ་བསྒོམས་ནས་ཀླུ་དམ་ལ་བཏགས་ནས་གནས་དེ་ཕུལ་བས༔ མཚོ་བཀབ་པའི་སྟེང་ན་ལྷ་ཁང་བཞེངས༔ ཀླུའི་བླ་ཤིང་ཙན་དན་དཀར་པོའི་སྡོང་པོ་ཞིག་ཡོད་པ་སྐམ་ནས་ཆག་པའི་ཁེ་ཚེ༔ བཀྲ་ཤིས་ཁ་བཏགས་ཀྱིས་བཏུམ་ནས་ནང་རྟེན་གྱི་ཚུལ་དུ་ཡོད་ཟེར༔ དངོས་ནི་ཡིན་ཀྱང་དེང་སང་ལུང་པ་དེའི་མདའ་སྐྱི་ཤོད་གཙང་པོའི་མཚོ་ཁུག་ཆུ་འདུས་དེ་ཡིན་པར་བྱེད་ནས་ཆར་འབོད་སོགས་དེར་བྱེད་པ་


CMR009_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ༔ རི་ནི་རི་བོ་དགའ་ལྡན་གྱི་རི་དེ་ཡིན་པས༔ དེར་ཀླུའི་རྒྱལ་པོ་མ་དྲོས་དང་གཟི་ཆེན་གཉིས་བཞུགས་པའི་གནད་ཀྱིས༔ རི་དང་ས་ཕྱོགས་དེར་སྣུམ་བག་ཆགས་པ་ཡོད༔ དེར་ཀླུ་རིགས་ཐམས་ཅད་དམ་ལ་བཏགས༔ བསྐལ་པ་དང་པོ་དུས༔ མིའི་མིང་ལ་ཤད་བུ་དང་༔ ཤེད་བདག་དང་༔ ཤེད་ལས་སྐྱེས་དང་༔ སེམས་ཅན་དང་མི་རྣམས་རིམ་པར་འགྱུར་བ་ལྟར༔ ས་ཡི་མིང་ཡང་འགྱུར་བར་འདུག་སྟེ༔ རུ་དམ་ལུང་པ་ནག་པོ་དང་༔ རོ་ཧམ་ལུང་པ་ཁྲ་མོ་དང་༔ དེང་སང་ནི་རོག་སྟོམ་ཟེར༔ ཟིལ་ཁྲོམ་ཟེར་བའི་རི་གཉན་པོ་ཞིག་གི་རྒྱབ༔ བྱང་ཐང་ཞིག་ན་ཕ་བོང་མང་པོ་ལ་རྒྱ་ཡིག་དང་ཁྲོ་ཡི་ཐེལ་ཡོད་པའི་ཨོ་རྒྱན་གྱི་གཏེར་གནས་ཆེན་པོ་ཞིག་ཡོད་འདུག་པ་དེར་མ་ཡམས་ཐམས་ཅད་དམ་ལ་བཏགས༔ ཟིལ་ཕྲོམ་དེ་ལའང་ལྷ་མོའི་གཟུགས་ཤིག་ཡོད་འདུག་པས་མ་ཡམས་ཀྱི་རིགས་ཤིག་ཡིན་པར་འདུག༔ བསིལ་མ་ནི་གཙང་སེལ་མ་ལ༔ གཙང་གི་གངས་དཀར་ནི་ཇོ་མོ་གངས་དཀར་ཏེ༔ དེར་ཨོ་རྒྱན་གྱི་སྒྲུབ་གནས་ངོ་མཚར་ཅན་ཞིག་ཡོད༔ དེ་རུ་སྨན་དང་ལྷ་སྨན་ཐམས་ཅད་དམ་ལ་བཏགས༔ གཙང་གི་ཇོ་མོ་ཁ་རག་གང་


CMR009_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལྷོ་ཕྱོགས་དེར༔ ཨོ་རྒྱན་གྱི་སྒྲུབ་གནས་ཡོད་པ་དང་དེའི་གནས་ཞིག་གུང་ཐང་ཁ་ལ་རོང་སྒོ་ཞེས་བྱ་བ་ཡོད་པ་དང་༔ དེ་ཡི་གནས་ཕྲན་ཞིག་རྫ་སྟོད་ན་ཁ་ལ་རོང་སྒོ་ཟེར་བའི་ཨོ་རྒྱན་གྱི་གཏེར་གནས༔ ཨོ་རྒྱན་གྱི་ཞབས་རྗེས་དང་༔ དམ་ལ་བཏགས་དུས་བརྟན་མ་རྣམས་ཀྱི་ཞབས་རྗེས་མང་པོ་ཡོད་པ་ཞིག་ཡོད་པ་དེར༔ བརྟན་མ་བཅུ་གཉིས་དམ་ལ་བཏགས༔ གཙང་གི་ཁ་རགོ་དཔུང་གངས་དང་༔ ཧ་འོ་གངས༔ ལྷ་རྒོད་གངས་སོགས་གངས་ཉི་ཤུ་རྩ་གཅིག་རྣམས་དེར༔ འབྲོག་གནས་ཐམས་ཅད་དམ་ལ་བཏགས༔ བསམ་ཡས་དབུ་རྩེ་རིམ་གསུམ་དང་༔ ཡར་ལུང་ཤེལ་བྲག་དང་༔ མཆིམས་ཕུ་དང་༔ ཏི་སྒྲོ་བྲག་དང་༔ ཀོ་བ་བྲག་རྣམས་དེར་རྒྱལ་བསེན་ཐམས་ཅད་དམ་ལ་བཏགས༔ འགོས་གྱི་གླུ་བ་རྐང་གཅིག་ནི་ལོ་ཙཱ་བ་འགོས་ཀྱི་ཡབ་ཡུམ་གླ་བ་རྐང་གཅིག་དངོས་ནི་དེར་ཡོད་འདུག༔ ཤིང་གླ་བའི་སྡོང་པོ་ཆེན་པོ་རྐང་གཅིག་ཁེར་སྐྱེས་ཤིག་ཡོད་རྒྱུར་སྣང་༔ དེའི་གནས་འདྲ་ཞིག་འདན་གྱི་གླ་བ་རྐང་གཅིག་ཨོ་རྒྱན་གྱི་སྒྲུབ་གནས་ཀྱང་ཡིན་པའི་གཉན་པོ་ཞིག་ཡོད༔ རྟོགས་ལྡན་བཟང་པོ་མ་གཏོགས་དེར་འདུག་མི་ཕོད༔ ཆོ་འཕྲུལ་ཆེན་པོ་འོང་


CMR009_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཞིག་ཡོད་ཟེར༔ རི་བོ་ཆེའི་འོག་འདི་ན་ཝ་སྦེ་ཐེའུ་རང་རྐང་གཅིག་ཟེར་བའི་རི་གཉན་པོ་ཞིག་ཡོད་པ་དེ༔ ཁོ་རང་ཚོས་གླ་བ་རྐང་གཅིག་ཡིན་པར་བྱེད༔ ནམ་མཁའ་མཛོད་ཀྱི་བྲག་ཕུག་དང་ཡང་དོན་གཅིག་པར་འདོད་པས༔ ཡེལ་ཕུག་མདུན་མཛོད་ཅེས་བྱ་བའི་གཏེར་གནས་ཤིག་ཡོད་པ༔ དེ་ནམ་མཁའ་མཛོད་ཀྱི་བྲག་ཕུག་ཡིན་པར་འབྲི་གུང་བས་གསུངས་འདུག༔ ཚ་བའི་སྨད་དངུལ་ཆུའི་ཕར་ཀ༔ སྤོ་བོ་ལུང་པའི་ཚུར་རྒྱབ་མངར་སྒང་༔ དེར་ཨོ་རྒྱན་གྱི་སྒྲུབ་གནས་ནམ་མཁའ་མཛོད་ཀྱི་བྲག་ཕུག་ཤིན་ཏུ་ཆེ་བ་དཀྱིལ་འཁོར་མར་ཕུབ་རང་བྱོན་དང་ཞབས་རྗེས་མང་པོ་ཡོད་ས་དེར༔ ཐེའུ་རང་ཐམས་ཅད་དམ་ལ་བཏགས༔ གཞན་ཚིག་བདུན་པོའི་དོན་སྔར་ལྟར་ཡིན་ལ༔ ད་ལྟ་ནི་བདག་གི་དབང་ལུང་གདམས་པ་ཐོབ་ཅིང་དམ་ཚིག་དང་ལྡན༔ ལུས་ལྷའི་སྐུར་གསལ་ངག་སྔགས་བཟླས༔ སེམས་ཏིང་ངེ་འཛིན་འཆང་བའི་དམ་ཚིག་འདི་མ་བཀྲལ༔ ངས་ཁྱེད་ཅག་ལ་གཏོར་མ་འབུལ་བར་དམ་བཅའ༔ ཁྱེད་ཅག་གིས་དམ་ཚིག་གི་རྫས་གཏོར་མ་ལེན་པར་ཁས་བླངས༔ དེ་ནས་བརྒྱན་གྱི་མཆོད་གཏོར་འདི་བཞེས་ལ༔ ཨོ་རྒྱན་གྱི་བཀའ་


CMR009_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོས་པ་བཞིན་དུ་ཕྲིན་ལས་སྒྲུབས་ཤིག༔ གཏོར་མ་བླངས་ནས་ཕྲིན་ལས་མ་བསྒྲུབས་ན༔ གཏོར་མ་དེ་ཡང་དུག་ཧ་ལར་འགྱུར་ཞིང་སྡུག་བསྔལ་བསྐྱེད་ལ༔ ཕྲིན་ལས་བསྒྲུབ་ན་བདུད་རྩི་འགྱུར་ནས་ཁྱེད་ཅག་གཟི་བརྗིད་བསྐྱེད་པ་ཡིན་པས༔ བཀའ་དང་དམ་ལས་མ་འདའ་ཞིག༔ བདག་གིས་བཅོལ་བའི་ཕྲིན་ལས་མྱུར་མགྱོགས་སུ་འགྲུབ་པར་མཛོད༔ ཅེས་ཐ་ཚིག་གནད་ནས་བསྐུལ་ཞིང་ཆད་མདོ་བྱའོ༔ ཆད་མདོ་ནི་སྔོན་ཁ་མཆུ་གཏམ་པའི་ཡི་གེ་ཕྱིས་བཏོན་པ་ལྟ་བུ་ཡིན་ནོ༔ དེ་ནས་ཕྱིར་ལ་བརྟན་མ་སྐྱོང་སྟེ་ཞེས་པ་ནི༔ སྔོན་དུ་ཆད་མདོའི་གཏོར་མ་གཉིས་ཕུལ་ནས་དེ་ནས་གཏོར་སྣོད་ཆང་ཕུད་ཀྱིས་བཀང་ནས་འདོན་རྒྱུ་ཡིན་ཀྱང་༔ དེང་སང་ནི་གཏོར་མ་རང་ལ་འདོན་སྲོལ་དར༔ བྷོཋཞེས་མ་མོ་སྤྱིའི་སྲོག་སྙིང་ནས་བོས་ཏེ༔ འཇིག་རྟེན་སྤྱི་དང་འཛམ་བུ་གླིང་ཐམས་ཅད་སྐྱོང་བའི་ཕྱིར་འཛམ་གླིང་བརྟན་མ་བཅུ་གཉིས་ཟེར༔ ལྷ་མོ་རྫུ་འཕྲུལ་ཅན་འདི་དག་གི་བླ་མཚོ་རྒྱ་གར་ན་ཡང་ཡོད་ཅིང་༔ རྡོ་རྗེ་གདན་གྱི་སྲུང་མ་ཡིན་པར་ཇོ་བོས་གསུངས༔ བླ་རི་རྣམས་ནི་བོད་ན་ཡོད་པས༔ ཁྱད་པར་བོད་ཁམས་སྐྱོང་བར་མཛད་པའི་ལྷ་མོ་ཡིན་ཏེ༔ བརྟན་མ་བཅུ་


CMR009_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས༔ སྐྱོང་མ་བཅུ་གཉིས༔ ཡ་མ་བཅུ་གཉིས་དང་སུམ་ཅུ་སོ་དྲུག་ནི་དཔོན་མོ་འདྲ་འདྲ་ཡིན༔ དེ་དག་ལ་ལ་ནི་མཆེད་གསུམ༔ ལ་ལ་ནི་མཆེད་ལ༔ ལ་ལ་ནི་མཆེད་བདུན༔ ལ་ལ་ནི་མཆེད་དགུ་རེ་ཡོད་པ་དང་༔ དེ་དག་རེ་རེ་ལ་ཡང་འཁོར་བདུད་མོ་བཙན་མོ༔ གནོད་སྦྱིན་མོ་ཀླུ་མོ་སྨན་མོ་འབུམ་ཕྲག་རེ་རེ་ཡོད་དེ༔ མདོར་ན་གཞི་བདག་མོ་རིགས་དང་སྨན་རིགས་བསྟན་མའི་འཁོར་དུ་མ་གྱུར་པ་མེད་པ་ནི་གཡོག་མོ་ཡིན་ལ༔ དེའི་ནང་ན་ལས་ལ་རྒྱུག་མཁན་གྱི་གདུག་པ་ཅན་རེ་རེ་ཡང་ཡོད་དེ་ལ་ཐུགས་སྒྲུབ་སོགས་ལས་བྱང་གཞན་རྣམས་ལ་ནི༔ བདུད་མོ་བཞི་གནོད་སྦྱིན་མོ་བཞི་སྨན་མོ་བཞི་སྟེ་གོ་རིམ་ཡོད་པ་ནི་བརྟན་མ་བཅུ་གཉིས་ཁོ་ནའི་དབང་དུ་ཡིན་ལ༔ འདིར་གོ་རིམ་མེད་པ་ནི་བརྟན་མ་བཅུ་གཉིས་རྐྱང་པ་མ་ཡིན་ཏེ༔ འདིར་ཀོང་ལྷ་ནི་ཀོང་བཙུན་དེ་མོ༔ གཙང་གི་ཁ་རག་ཁྱུང་བཙུན་མ༔ གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་བཟང་མ༔ ཀླུ་མོ་གཟི་འབར་ནི་དབྱར་མོ་ཐང་གི་དབྱར་མོ་བསིལ་ཏེ༔ ཁྲི་ཤོར་རྒྱལ་མོའི་མཚོ་བདག་དེ་ཡིན༔ དེ་བཞི་པོ་ནི་བརྟན་མ་བཅུ་གཉིས་ཀྱི་གྲ་ཡིན༔ དཔལ་གནས་མ་དང་ཡང་དག་


CMR009_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས༔ མེ་སྟག་མ་ཟླ་འོད་མ་བཞི་པོ་སྐྱོང་མའི་གྲ་ཡིན༔ གཡུ་བུན་མ་ནི་ལྷོའི་སྤྱི་མཐིང་ཡ་མ་སྐྱོང་ཡིན་ལ༔ བྱང་རྒྱལ་མ་གསེར་ཐང་མ་ཤན་ཏིང་སྨན་བཞི་པོ་ནི་ཡ་མ་བཅུ་གཉིས་ཀྱི་གྲ་ཡིན༔ དེ་རྣམས་ལ་སོགས་པ་བརྟན་མ་སྐྱོང་མཛད་འཁོར་དང་བཅས་པ་སྨྲས་པས༔ དེ་ལྟ་བུ་སུམ་ཅུ་སོ་དྲུག་པོ་འཁོར་དང་བཅས་པ་ཚང་བ་ཡིན༔ ཁྱེད་རྣམས་སྔོན་དམ་ལ་བཏགས་དུས་དམ་ཚིག་གི་གཡར་དམ་བཅས་པ་ཡིན་ཏེ༔ སྔོན་ཨ་སུ་རའི་བྲག་ཕུག་སོགས་སུ་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་དང་༔ སློབ་མ་མཐུ་ཆེན་གླང་ཆེན་དཔལ་སེང་གིས༔ དཀྱིལ་འཁོར་གྱི་མཐའ་ཞིང་ཆེན་བརྡལ་བའི་གདན་གྱི་སྟེང་དུ་རིག་འཛིན་རྣལ་འབྱོར་རྣམས་ཀྱི་ཚོགས་ཀྱི་གྲལ་དུ་བཞག༔ མ་འོངས་པ་ན་འབྲས་བུ་སངས་རྒྱས་པར་ཡང་ལུང་བསྟན༔ གསང་སྔགས་ཀྱི་དབང་ཟབ་མོ་རྣམས་བསྐུར་ཅིང་ཅོད་པན་སྤྱི་བོར་བཏགས༔ དབང་རྟགས་རྡོ་རྗེ་ཕུར་པ་ལག་ཏུ་གཏད༔ ལྕེ་ལ་དམ་ཚིག་བདུད་རྩི་བཞག༔ དམ་ཚིག་གཉེན་པོ་སྲུང་བའི་ཆོས་སྐྱོང་རྣམས་ཀྱི་གྲལ་དུ་བཞག་པ་ཡིན་པས༔ ད་རུང་ཁྱེད་རྣམས་འཇིག་རྟེན་ལས་འདས་པའི་གོ་འཕང་ནི་མ་ཐོབ་པས༔ ནམ་ཞིག་འཇིག་རྟེན་ལས་


CMR009_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདས་བར་དུ༔ སྔོན་ཚེ་ཞལ་གྱིས་བཞེས་པའི་དམ་ཚིག་ལ་གནས་བཞིན་དུ༔ དམ་རྫས་བཀའ་ཡི་གཏོར་མ་འདི་ལོངས་ལ༔ བདག་གིས་བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད་ཅིག༔ ཨོྃ་ནི་བཀྲ་ཤིས་པའི་སྔགས༔ ལོ་ཀ་ལོ་ཀི་ནི༔ འཇིག་རྟེན་འཇིག་རྟེན་མ༔ མ་མ་ཧྲིང་ཧྲིང་ནི༔ མ་མོའི་སྲོག་སྤྱན་དྲངས༔ ཨི་དམ་བ་ལི་ཏ་ནི་གཏོར་མ་ཟུངས༔ ཁ་ཁ་ཁཱ་ཧི་ཁཱ་ཧི་ནི༔ ཟོ་ཟོ་ཟོ་ཞིག་ཟོ་ཞིག༔ ཅེས་བརྗོད་ལ་སླར་གཏོར་གཞོང་བདུད་རྩིས་བཤལ་ཏེ་མཆོད་གྲུབ་ན་ལེགས༔ ཞེས་པ་ནི་ལས་བྱང་ཁ་རྐྱང་ཉམས་སུ་ལེན་ཚུལ་ཡིན་ལ༔ གཏོར་ཟློག་དང་རྡོ་ཟློག་དང་བྱབ་ཆོག་དང་རྣམ་རྒྱལ་འབར་བ་དང་༔ གྲིབ་སེལ་ཤེལ་གྱི་མེ་ལོང་སོགས་བྱེད་ན་ཡང་༔ ཚོགས་ཀྱི་སྐབས་སུ་སྦྱར་རྒྱུ་ཡིན་ཅིང་༔ ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་པ་དང་༔ གོ་ཆ་ལྷ་ལྔའི་སྒྲུབ་པ་སོགས་ལའང་ལས་བྱང་གིས་ཁོག་ཕུབ་སྟེ༔ མངོན་རྟོགས་བརྗེ་ཚུལ་ཟིན་བྲིས་སོ་སོར་བཀོད་པ་ལྟར་ཡིན༔ དེ་ནས་རྟ་བྲོ་ནི་ལས་བྱང་གང་རུང་ལྟར་བྱའོ༔ ཞེས་པ་རྒྱས་འདོད་ན་ཐུགས་སྒྲུབ་ལྟར༔ བསྡུས་པ་འདོད་ན་ཐུགས་རྗེ་ཆེན་པོ་གསང་འདུས་ལྟར་བྱ༔ ནང་


CMR009_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལོག་ནས་ཚེ་འགུགས་ནི་རྒྱས་པར་འདོད་ན་ཚེ་སྒྲུབ་གསང་འདུས་ལྟར༔ བསྡུ་ན་ཐུགས་སྒྲུབ་ལྟར་བྱའོ༔ བཀྲ་ཤིས་དང་སྨོན་ལམ་ནི་ཐུགས་སྒྲུབ་ལྟར་བྱའོ༔ སྨོན་ལམ་གཞན་འདོད་ན་བདེ་སྨོན་སོགས་རྒྱས་བསྡུས་གང་རུང་བྱའོ༔ དེ་ནས་མདུན་བསྐྱེད་ཀྱི་ལྷ་ཡེ་ཤེས་པ་རྣམས་གཤེགས་པའམ་རྟེན་ལ་ཐིམ་པར་བསམ༔ དམ་ཚིག་པ་བདག་ལ་ཐིམ་པར་བསམ༔ བདག་བསྐྱེད་ཕྱི་སྣོད་གཞལ་ཡས་ཁང་དང་༔ ནང་བཅུད་ལྷར་གསལ་བ་དེ་བདག་བསྐྱེད་དཀྱིལ་འཁོར་ལ་ཐིམ༔ དཀྱིལ་འཁོར་རྣམས་འཁོར་ལ་ཐིམ༔ འཁོར་རྣམས་ཡུམ་ལ་ཐིམ༔ ཡུམ་ཡབ་ལ་ཐིམ༔ ཡབ་དབུ་ཞབས་ནས་འདུས་ཏེ་ཐུགས་ཀའི་ཧཱུཾ་ལ་ཐིམ༔ ཧཱུྃ་གྱེན་རྫོགས་སུ་ཡལ་ནས་ཉམས་ལེན་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག༔ འདིའི་གཞུང་ནས་བདག་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས་པར་མཛད་པ་ནི༔ ཆོ་ག་སྤྱིའི་ལུགས་ལྟར་ཡིན་ཀྱང་༔ བདག་བསྐྱེད་ཀྱི་ཡེ་ཤེས་པ་ནམ་ཡང་མི་གཤེགས་པ་ཕྱག་རྒྱ་སྒོ་བཅད་ཀྱི་སྒྲུབ་པ་རྙིང་མའི་ཟབ་ཁྲིད་ཡིན་པས་དེ་ལྟར་བྱའོ༔ དེ་ནས་སྟོང་པའི་ངང་ལས་ལུས་ལྷའི་དཀྱིལ་འཁོར་གཙོ་བོ་རྐྱང་པ་དམ་ཚིག་སེམས་དཔའ་ཞལ་གཅིག་ཕྱག་གཉིས་རྒྱན་


CMR009_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྱག་མཚན་མེད་པར་གསལ་བས༔ ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་གྱོན་པར་བསམ་སྟེ༔ རྒྱུན་གྱི་རྣལ་འབྱོར་ཆོས་སྤྱོད་ལ་སོགས་སམ༔ བྱ་བ་གཞན་གང་དགོས་ལ་འཇུག་པར་བྱའོ༔ ཀྱེ་མ༔ དུས་ཀྱི་ཐ་མ་ལྔ་བཅུ་ཁ་རལ་དུས༔ སངས་རྒྱས་བསྟན་པ་དར་ལ་མ་སྨིན་པ༔ གསང་སྔགས་ཟེར་ཞིང་བཅོས་པའི་ཆོས་ཀྱིས་གང་༔ ཞེས་པའི་དོན་བཤད་ན༔ གཞན་ལ་ཟུར་ཟར་འགྲོ་བས་སྨྲ་མི་སྤོབས༔ ལྟར་སྣང་ལེགས་ཀྱང་གྲུབ་རྟགས་ཐོན་པ་མེད༔ དེ་འདྲའི་དུས་ན་རྒྱ་འགྱུར་མ་འཕྱུགས་པ༔ པདྨའི་ཐུགས་གཏེར་ཡིན་གྱིས་ཉམས་སུ་ལོངས༔ ཞེས་གསུངས་པའི་དོན་ནི༔ གཞན་ལས་འདི་ཟབ་ཅིང་ནུས་པ་ཆེ་བ་ཡིན་ཏེ༔ དྲག་པོ་ཁྲག་འཐུང་རོལ་པའི་རྩ་རྒྱུད་ལས༔ ཨ་ཙིག་མེ་དབལ་སྡེ་བརྒྱད་དང་བཅས་པའི་ལས་སྔགས་དེ་གསུངས་ནས༔ དེ་ལྟར་བསད་ན་སྡེ་བརྒྱད་འཆི༔ དེ་ལྟར་བསད་ན་སྡེ་བརྒྱད་བརླག༔ དེ་ལྟར་རྦད་ན་སྡེ་བརྒྱད་འགུམ༔ ཅིག་ཧཱུྃ་མ་ནིང་ཡེ་མགོན་ཡིན་ཀྱང་བསྒྲལ༔ ཏེ་རི་དུང་སྐྱོང་གཉིས་ཀྱང་འཆི༔ སྔགས་སྲུང་དེ་གར་རྣམས་ཀྱང་བརླག༔ གཟའ་གདོན་རྒྱལ་བསེན་སྨོས་ཅི་དགོས་ཏྲཀྴད་བེང་


CMR009_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྐད་ངན་འདོན༔ སྡེ་བརྒྱད་གུ་ལང་ར་ལྟར་གསོད༔ རྒྱལ་བསེན་དམ་སྲིན་ཕྱེ་མར་གཏོང་༔ ཁ་བ་ཅན་གྱི་དྲག་སྔགས་ལ༔ འདི་ཉིད་དོ་བ་མི་གདའ་འོ༔ ཞེས་གསུངས༔ རྩ་རྒྱུད་མན་ངག་གི་ཏན་ལས༔ ང་ཡི་མཐའ་རྒྱས་དྲག་སྔགས་ལ༔ སངས་རྒྱས་ཀྱིས་ཀྱང་ཚད་མི་ཟིན༔ ལས་ལ་སྟོང་ཕྲག་བཅུ་གཅིག་ཡོད༔ བནྡེ་བུ་ཆུང་བཀོལ་མི་ཟིན་༔ འཁོར་ལོ་ཁྲི་ཕྲག་བཅོ་བརྒྱད་ཡོད༔ བན་ཆུང་དཔུང་མེད་བཀོལ་མི་ཟིན༔ དྲག་སྔགས་བྱེ་བ་སོ་བརྒྱད་ཡོད༔ ཐོས་ཆུང་གསར་བུས་བསྲུང་མི་ཟིན༔ དམིགས་པའི་ལྷ་སྐུ་བརྗོད་ལས་འདས༔ དགེ་སློང་གསར་བུས་བསམ་མི་ཚར༔ ཅེས་གསུངས་སོ༔ གུ་རུ་དྲག་པོའི་དྲེགས་པ་སྙིང་འབྱིན་རྒྱུད་ལས༔ ལས་ཚོགས་མཐའ་རྒྱས་དེ་ལྟར་། ཏེ༔ གཞན་ལས་ཟབ་ཅིང་མྱུར་བར་འོང་༔ ཞེས་གསུངས༔ གུ་རུ་དྲག་པོའི་སྒོ་ནས་དགྲ་བགེགས་བསད་པ་རྣམས་ཀྱང་འདྲེན་པ་ཡིན་ཏེ༔ པདྨ་ཐོད་ཕྲེང་རྩལ་དང་་དྲག་པོ་ཁྲག་འཐུང་རོལ་པའི་རྩ་རྒྱུད་ལས༔ སེམས་ཅན་དོན་དུ་ལྷ་སྲིན་བཅོམ༔ སྡེ་བརྒྱད་ཁྱེད་རྣམས་སྙིང་རེ་རྗེ༔ རྗེས་སུ་བཟུང་བས་འདྲེ་ཡིན་ཀྱང་༔ མཐར་ཐུག་བདེ་བ་ཆེན་པོའི་


CMR009_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ༔ གཉིས་མེད་ངང་དུ་སངས་རྒྱའོ༔ ཞེས་གསུངས༔ ཁྲོ་རྒྱལ་སྟོབས་འདུས་ལས༔ མདོར་ན་ཁྲི་ཕྲག་གཅིག་གིས་དྲེགས་པ་སྡེ་བརྒྱད་ཐུལ་ཞིང་༔ སྐུ་གསུང་ཐུགས་ལ་འབུམ་ཕྲག་རེ་རེ་ནས་གསུམ་བཟླས་ན༔ མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་ཅིང་༔ ཐོས་པ་དང་དྲན་པ་ཙམ་གྱིས་ཀྱང་ལྷ་སྲིན་བྲན་དུ་ཁོལ་ཞིང་ལས་བྱེད༔ སྤྲིངས་ཡིག་གིས་སྡེ་བརྒྱད་བཀའ་ལ་ཉན་པར་འགྱུར་རོ༔ ཞེས་དང་༔ སྲིད་གསུམ་ཟིལ་གནོན་ལས༔ དེ་ནི་ཚེ་འདི་ལ་བླ་མ་དྲག་པོའི་བྱིན་རླབས་བདག་དང་དབྱེར་མེད་དུ་གྱུར་ཏེ༔ མཆོག་ཐུན་གི་དངོས་གྲུབ་ཚེ་འདི་ཉིད་ལ་འཐོབ་པར་འགྱུར་རོ༔ ལུས་བརྗེས་རྣམ་ཤེས་འཕོས་མ་ཐག་ཏུ་ཨོ་རྒྱན་བདག་གིས་ལམ་སྣ་དྲངས་ཏེ༔ རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་སུ་རིག་འཛིན་རྣམས་ཀྱི་གཞི་འཐོབ་པར་འགྱུར་ཏེ་མི་བསླུ་བའི་ཐ་ཚིག་གོ༔ ཞེས་གསུངས་སོ༔ དྲག་པོའི་ཕྱི་སྒྲུབ་ལས༔ དྲག་པོའི་སྔགས་རྒོད་འདི་ཉིད་ལ༔ ཁྲི་ཚོ་གཅིག་བཟླས་ན་དྲེགས་པ་སྡེ་བརྒྱད་ཐུལ་བར་འགྱུར་རོ༔ འབུམ་ཕྲག་གཅིག་བཟླས་པར་འགྱུར་བ་ནི༔ མཆོག་གི་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་ལ༔ ལྷ་སྲིན་སྡེ་བརྒྱད་ཐམས་


CMR009_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བཀའ་ཉན་སྲོག་སྙིང་འབུལ༔ ཅི་བཅོལ་དགོས་པའི་བཀའ་ཉན་པར་འགྱུར་ཏེ༔ མཐུ་དང་ནུས་པ་ཡོན་ཏན་བསམ་གྱིས་མི་ཁྱབ་བོ༔ ཞེས་དང་༔ དམིགས་པ་ངར་དང་ལྡན་པར་བྱས་ཏེ་བཟླས་པས༔ སྡེ་བརྒྱད་ཐམས་ཅད་ཐལ་བར་བརླག་པར་འགྱུར་ཏེ༔ བདག་མཐོང་བ་ཙམ་གྱིས་བརྒྱལ་བར་འགྱུར་རོ༔ ཞེས་དང་དྲག་པོའི་ནང་སྒྲུབ་ལས༔ འདི་ལ་འབུམ་ཕྲག་གཅིག་བསྙེན་ན་མཐུ་དང་ནུས་པ་པདྨ་ཧེ་རུ་ཀ་དང་མཉམ་སྟེ༔ ཀླུ་དང་རྒྱལ་བསེན་བཀའ་ཉན་དམ་ལ་འདུ་ཞིང་༔ ལྷ་སྲིན་སྡེ་བརྒྱད་བྲན་ལྟར་ཉན་པར་འགྱུར་རོ༔ ཞེས་དང་༔ ཡང་གསང་བླ་མེད་སྒྲུབ་པ་ལས༔ འབུམ་ཕྲག་བདུན་བཟླས་ན་མཆོག་གི་དངོས་གྲུབ་ཐོབ་ཅིང་༔ ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཞོར་ལ་འགྲུབ་བོ༔ ཞེས་དང་༔ ཀུན་དྲིལ་ཡིད་བཞིན་ནོར་བུ་ལས༔ སུས་བསྒྲུབ་ཀྱང་བར་དོའི་ས་མཚམས་ནས༔ ཨོ་རྒྱན་རྗེའི་ཐུགས་རྗེས་མི་འཛིན་རེ༔ ཞེས་དབུ་བསྙུང་བཞེས་སོ༔ ཨོ་རྒྱན་ཐུགས་སྒྲུབ་དྲག་པོའི་སྒྲུབ་ཁོག་ལས༔ སྔགས་ཨ་ཙིག་གསུངས་ནས༔ ཞེས་པ་འབུམ་ཕྲག་གཅིག་ཏུ་བཟླས་ན༔ པདྨ་དངོས་དང་མཇལ་བར་འགྱུར༔ དང་པོ་


CMR009_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ནི་འོད་དང་མེ་ཆེན་འབར༔ ཉམས་དགའ་རིག་པ་འུར་བ་དང་༔ སྣང་བ་འགྱུ་དང་ཤེས་པ་འཕྱོ༔ དགའ་བྲོད་ལྷག་པའི་བསམ་པ་འབྱུང་༔ དེས་ནི་ཨོ་རྒྱན་ཐུགས་སྒྲུབ་ཀྱི༔ བྱིན་རླབས་སྙིང་ལ་ཞུགས་པའི་རྟགས༔ གཉིས་པའི་རྟགས་སུ་སྨྲ་བརྗོད་བདེ༔ ངག་བཙན་མགྲིན་པ་བདེ་བ་དང་༔ གསུང་མི་འགག་ཅིང་ཅིར་ཡང་སྨྲ༔ ངག་གི་ཚིག་ལས་གཞན་མི་འདའ༔ གླུ་ལེན་རྒོད་བྲོའི་ཉམས་འཆར་ཞིང་༔ མ་བསླབས་ཆོས་སྒོ་སྨྲ་བར་ནུས༔ སྒྲ་དང་བསྟན་བཅོས་རྩོམ་མཁས་ཤིང་༔ འཛིན་བཟང་སྨྲ་བདེ་ཤེས་རབ་རྣོ༔ དེ་ནི་ཨོ་རྒྱན་ཐུགས་སྒྲུབ་ཀྱི༔ བྱིན་རླབས་ངག་ལ་ཞུགས་པའི་རྟགས༔ གསུམ་པའི་རྟགས་སུ་གཟི་བརྗིད་ཆེ༔ ནད་མེད་ཚེ་རིང་གཞོན་ཤ་ཆགས༔ བཀྲག་ལེགས་མདངས་འཚེར་དབང་པོ་རྣོ༔ སྤྱན་གསལ་ཤ་རྒྱས་སྣུམ་པ་དང་༔ སྐྲ་དཀར་ནག་ཅིང་ཚེམས་དང་ལྡན༔ རླུང་གི་ཤུགས་ལྡན་རྐང་མགྱོགས་འགྲུབ༔ དྲེགས་པ་ཅན་རྣམས་ཟིལ་གནོན་ཞིང་༔ གཟུགས་མཛེས་གཞན་གྱི་ཡིད་དུ་འོང་༔ རྩལ་དང་ལྡན་ཞིང་སྟོབས་རྒྱས་འགྱུར༔ དེ་ནི་ཨོ་རྒྱན་ཐུགས་སྒྲུབ་ཀྱི༔ བྱིན་རླབས་ལུས་ལ་ཞུགས་


CMR009_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟགས༔ ཁྱད་པར་མཆོག་ལ་རྟགས་རྣམས་འབྱུང་༔ བག་ཆགས་བྱང་ཞིང་རྨི་ལམ་ཆད༔ འཁྲུལ་སྣང་བཟློག་ཕྱིར་འདི་ལྟར་འོང་༔ རང་བྱུང་ཡེ་ཤེས་ཤར་རྟགས་སུ༔ ལུས་ལ་ཉི་ཟླ་ཤར་བ་དང་༔ གཞན་དོན་འགྲུབ་རྟགས་ཚོང་དཔོན་བྱེད༔ ལྷ་སྲིན་སྡེ་བརྒྱད་བྲན་ཁོལ་རྟགས༔ དམག་ཚོགས་མང་པོའི་དཔོན་བྱེད་དང་༔ སེམས་ཅན་གཞན་དོན་འགྲུབ་རྟགས་སུ༔ ཆུ་བོ་ལས་སྒྲོལ་མཉེན་པ་བྱེད༔ མཆོག་དང་ཐུན་མོང་ཐོབ་པའི་རྟགས༔ མེ་ཏོག་དཀར་དམར་འཐུ་བ་དང་༔ མཁའ་འགྲོ་འགྲུབ་རྟགས་བུད་མེད་འདུ༔ དཔའ་བོ་འགྲུབ་རྟགས་སྐྱེས་པ་དགའ༔ སྒྲིབ་པ་བག་ཆགས་བྱང་བའི་རྟགས༔ རང་གི་ལུས་ལས་རྣག་ཁྲག་འཛག༔ བདུད་ཐུལ་རྟགས་སུ་ཁྱུང་ལ་ཞོན༔ ས་བཅུ་ནོན་རྟགས་གླང་ཆེན་ཆིབས༔ ཐར་ལམ་བགྲོད་རྟགས་ཟམ་པ་བཙུགས༔ འཁོར་བ་སྒྲོལ་ཕྱིར་ཆུ་ཆེན་སྒྲོལ༔ ཉོན་མོངས་ལས་ཐར་གངས་ལ་འཛེགས༔ གདེང་ཚད་ལྡན་ཕྱིར་ཆུ་བོ་བསྒྱུར༔ རིགས་ལྡན་བུད་མེད་ལུང་ཡང་སྟོན༔ རྨི་ལམ་པདྨའི་ཞལ་མཇལ་སོགས༔ གྲུབ་རྟགས་ལ་སོགས་རྨི་ལམ་འབྱུང་༔ དེ་ལྟར་འགྲུབ་པའི་རྟགས་མཐོང་ནས༔ དམ་ལ་


CMR009_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཤིང་གཏོར་མ་བརྩོན༔ རྒྱུན་དུ་བཟླས་པས་སྒྲིབ་བྱང་ནས༔ བླ་མ་ཉིད་དང་འདུ་འབྲལ་མེད༔ དུས་གསུམ་རྒྱལ་བ་སྤྲིན་ལྟར་འདུ༔ མ་ཚོགས་མཁའ་འགྲོའི་བསྒོ་བ་ཉན༔ འབྱུང་པོ་དྲེགས་པ་བརྒྱལ་ཞིང་འབྲོས༔ ལྷ་སྲིན་སྡེ་བརྒྱད་བྲན་གཡོག་བྱེད༔ དེ་བས་དམ་ཅན་རྒྱ་མཚོའི་ཚོགས༔ ལུང་སྟོན་ཆོས་འཆད་ལེགས་ཉེས་སྨྲ༔ འདྲེ་གདོན་ཀུན་ལ་སྤྲིང་ཡིག་ཐེངས༔ དགྲ་བགེགས་གཉིས་ལ་ཁྲོས་པས་སྒྲོལ༔ ལོག་པར་ལྟ་བ་དྲན་པས་འདུལ༔ འདི་ལ་དངོས་གྲུབ་བརྗོད་མི་ལོངས༔ ཕྱི་མ་ཨོ་རྒྱན་ཡུལ་དུ་སྐྱེ༔ གུ་རུ་ཡབ་ཡུམ་བུ་བཞིན་སྐྱོང་༔ དེ་སོགས་ཡོན་ཏན་བསམ་མི་ཁྱབ༔ དངོས་གྲུབ་སྤྲིན་ལྟར་འཐིབས་པར་འགྱུར༔ འདི་ལས་ཟབ་པ་ཡོད་རེ་ཀན༔ དགྲ་ལ་རྣོ་ཞིང་བགེགས་ལ་མྱུར༔ སྒྲུབ་ཐག་ཉེ་ཞིང་དམ་ཚིག་སླ༔ རྫས་ཉུང་མཐུ་ཆེ་ཡོན་ཏན་མང་༔ འདི་དང་ལྡན་པའི་རྣལ་འབྱོར་ལ༔ ལྷ་སྲིན་རྣམས་ཀྱིས་སྲོག་སྙིང་འབུལ༔ འགྲོ་བ་མི་རྣམས་དབང་དུ་འགྱུར༔ བསོད་ནམས་ཆེ་ཞིང་བཀྲ་ཤིས་ཕྱུག༔ བསམ་པ་ཀུན་འགྲུབ་ཐེ་ཚོམ་མེད༔ གཞན་ཡང་ཐུགས་སྒྲུབ་འདི་དག་ནི༔ འགྲུབ་རྟགས་ཐེའུ་རང་


CMR009_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱང་མྱུར༔ སྟོབས་ནི་ཧེ་རུ་ཀ་ལས་ཆེ༔ སྒྲུབ་ཐག་ཉེ་ཕྱིར་སྔགས་ཁྲིས་འགྲུབ༔ སྟོབས་ཆེ་ཕྱིར་ན་ཡ་ཀི་ཡི༔ ཀུན་བཟང་ཡབ་ཡུམ་མན་ཆད་ཐུལ༔ རྣོ་ཚད་ཕྱིར་ན་མ་ཀི་ཡི༔ གྲོགས་རྒྱུན་ཐེའུ་རང་ལའང་ཕེབས༔ ཟབ་དང་མི་ཟབ་འགྲན་ཟླ་མེད༔ འདི་ཡི་ཐུན་མོང་དངོས་གྲུབ་ནི༔ བནྡེས་འདྲེ་བརྡུངས་བྱས་གྱུར་ཀྱང་༔ ཕྱི་མ་ཕྱག་རྒྱ་ཆེན་པོ་བརྙེས་འདི་འདྲའི་སྒྲུབ་པ་གཞན་ན་མེད༔ ཡོད་པ་ཨེ་འདུག་ལྟོས་ལ་གྱིས༔ སྒྲུབ་མྱུར་སྟོབས་ཆེ་འདི་འདྲ་དཀོན༔ ལས་སླ་དོན་ཆེ་འདི་འདྲ་དཀོན༔ རུ་ང་འཁུ་མེད་འདི་འདྲ་དཀོན༔ མཆོག་འགྲུབ་མཐུ་ཡོད་འདི་འདྲ་དཀོན༔ ཐུན་མོང་ལས་མེད་མཆོག་འགྲུབ་པའི༔ མཆོག་ཐུན་སྦྲག་པའི་སྒྲུབ་སྡེ་ནི༔ རྣལ་འབྱོར་སྐྱིད་འདོད་ཅན་གྱིས་ཉམས་སུ་ལོངས༔ སྔགས་འཆང་འདོད་ཁ་ཅན་གྱིས་ཉམས་སུ་ལོངས༔ བྱམས་སེམས་འགྲོ་དོན་ཅན་གྱིས་ཉམས་སུ་ལོངས༔ མཐུ་དགོས་ཆོས་འདོད་ཅན་གྱིས་ཉམས་སུ་ལོངས༔ བརྗེ་གྲགས་འདོད་ཅན་གྱིས་ཉམས་སུ་ལོངས༔ དད་ཅན་མོས་གུས་ཅན་གྱིས་ཉམས་སུ་ལོངས༔ ཚོགས་འདུལ་འཚོགས་པ་རྣམས་ཀྱིས་ཉམས་སུ་ལོངས༔ བསྲན་མེད་སྐྱིད་འདོད་ཅན་


CMR009_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཉམས་སུ་ལོངས༔ ཁས་ཉེན་དགྲས་བརྙས་ཅན་གྱིས་ཉམས་སུ་ལོངས༔ དེ་དག་རྣམས་ལ་གཏེར་སྲུང་སྤུན་གསུམ་གྱིས༔ བཀའ་འདི་ཀློད་ལ་སྤེལ་ཅིག་ས་མ་ཡ༔ དམ་མེད་སྡིག་སྤྱོད་མཁན་ལ་ཤོར་ར་རེ༔ བློ་མང་དཀྲུགས་ཤིང་མཁན་ལ་ཤོར་ར་རེ༔ ལོག་ལྟ་སྐུར་འདེབས་མཁན་ལ་ཤོར་ར་རེ༔ རྣམ་རྟོག་ཐེ་ཚོམ་མཁན་ལ་ཤོར་ར་ར༔ ངན་པ་ལྐོག་སྨྲས་མཁན་ལ་ཤོར་ར་རེ༔ དམ་མེད་དཔེ་རྐུན་མཁན་ལ་ཤོར་ར་རེ༔ ཆོས་དྲེད་སྡིག་སྤྱོད་མཁན་ལ་ཤོར་ར་རེ༔ སློབ་མ་དམ་མེད་རྣམས་ལ་ཤོར་ར་རེ༔ དེ་རྣམས་ཀུན་ལ་མ་བསྟན་བཀའ་འདི་སྲུངས༔ སྐྱེས་བུ་ལེགས་རྩལ་སྤྱན་གསུམ་མ་གཡེལ་ཅིག༔ ཅེས་གསུངས༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་ནས་ཀྱང་༔ ཞེས་པ་དངོས་བསྟན་ནི་རཏྣ་གླིང་པ་དང་འཕྲད་པའི་སྨོན་ལམ་ཡིན་ཀྱང་༔ ཤུགས་བསྟན་ནི་འདིའི་དཔེ་གང་ཞིག་གིས་མཐོང་ནས་དད་པ་སྐྱེས་ཏེ་ཉམས་སུ་ལེན་འདོད་ཆེན་པོ་བྱུང་བ་ནི༔ མཁའ་འགྲོའི་གཏད་རྒྱ་བརྒྱུད་པ་སྟེ༔ དེ་ཡང་སྐལ་ལྡན་ཡིན་པར་ཨོ་རྒྱན་དྲི་མེད་ཀུན་དགས་བཞེད༔ དེ་དང་མཐུན་པར་ཡེ་ཤེས་མཚོ་རྒྱལ་གྱི་གསུངས་ལས༔ མ་འོངས་གཏེར་


CMR009_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མོས་པའི་གང་ཟག་རྣམས༔ དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ༔ ཐམས་ཅད་ལས་ཅན་ཡིན་པས་དགའ་བ་སྒོམས༔ ཁོ་མོའི་ཚིག་འདི་རིན་ཆེན་གསེར་ལས་དཀོན༔ ཞེས་གསུངས་པས༔ དེ་དུས་གཟུགས་ཅན་གྱི་འབུ་སྲིན༔ གཟུགས་མེད་ཀྱི་རྣམ་ཤེས་འཁྱམས་པོ་ཡན་ཆད༔ ཨོ་རྒྱན་རིན་པོ་ཆེའི་ཞལ་མཐོང་བ་ཞིག་མིན་ན་དེང་སང་གཏེར་ཆོས་ལ་ཞེ་ཐག་པ་ནས་བློ་གཏད་པ་ཞིག་མི་འོང་བ་ཡིན་ནོ༔ དེ་ལྟར་ལས་འཕྲོ་ཅུང་ཞིག་ཡོད་པ་ཞིག་དང་འཕྲད་ནས་ཀྱང་༔ མདོའི་བསྟན་པ་ནི་རྟགས་ཙམ་འཛིན་པ་ལ་ཉེ་ཞིང་༔ ལོ་ལྔ་བརྒྱ་ཕྲག་བཅུ་ལ་བསྟན་པ་མི་གནས་ཀྱང་༔ སྔགས་ཀྱི་བསྟན་པ་ནི་དེ་ལས་ཡུན་རིང་དུ་གནས་པ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང་༔ གྲི་གུག་བརྩེགས་པའི་རྒྱུད་ནས་བཤདི༔ དེ་ལྟར་སྤྱིར་མདོ་དང་སྔགས་གང་ལ་ཡང་ལྟར་སྣང་གི་བསྟན་པ་ཤིན་ཏུ་དར་ཏེ༔ སྲོང་བཙན་སྒམ་པོས༔ རྟགས་ཙམ་འཛིན་པའི་དུས་ན་ཡང་༔ བསྟན་པ་ཤིན་ཏུ་དར་བར་འབྱུང་༔ ཞེས་གསུངས་སོ༔ དེའི་ཚེ་སྒྲུབ་པ་ཚུལ་བཞིན་བྱེད་པ་དཀོན་ཞིང་༔ བྱས་ཀྱང་བསྒྲུབས་པའི་རྟགས་གཞུང་ནས་གསུངས་པ་རྣམས་ཐོན་པ་ནི་དཀོན་ཏེ་


CMR009_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྣང་ལེགས་ཀྱང་བསྒྲུབས་རྟགས་ཐོན་མི་མེད་གསུངས་པའི་དོན་ནོ༔ དེ་ལ་ཚེ་ལོ་དྲུག་ཅུ་ནས་བཅུ་པའི་བར་དུ༔ ཀུན་ཏུ་བཟང་པོའི་ཐུགས་ཀྱི་བསྟན་པའི་དུས་ཡིན་པས༔ རྫོགས་པ་ཆེན་པོ་བསྒོམ་ན་གྲོལ་སླ་བར་རྫོགས་ཆེན་གྱི་རྒྱུད་རྣམས་ནས་བཤད་པ་དང་༔ ཨོ་རྒྱན་རིན་པོ་ཆེས༔ སངས་རྒྱས་བསྟན་འཇུག་ང་ཡི་གཏེར་གྱིས་སྐྱོངས༔ ཞེས་གསུངས་པ་ལྟར༔ འདི་ཉིད་ཚུལ་བཞིན་ཉམས་སུ་བླངས་བས་དུས་ཀྱི་མཐའ་ལ་ཡང་བསྐྱེད་རྫོགས་ལ་རྟགས་ཐོན་པའི་རྣལ་འབྱོར་པ་མང་པོ་འབྱུང་བས༔ གསང་སྔགས་མི་ནུབ་བསྟན་པའི་མཐའ་རྒྱས་ཤོག༔ ཅེས་ཨོ་རྒྱན་གྱིས་སྨོན་ལམ་བཏབ་ཅིང་༔ རཏྣའི་གཏེར་ཁ་རྣམས་སློབ་མ་བས་ཀྱང་ཡང་སློབ་རྗེས་སློབ་ཀྱི་དུས་སུ་བསྟན་པ་མཐའ་རྒྱས་སུ་འགྲོ་བར་ལུང་ཡང་བསྟན་ཏོ༔ མཁར་ཆུ་དཔལ་གྱི་ཕུག་རིང་ཨ་ཐོ་རྒྱ༔ ཞེས་པ་ནི་གཏེར་སྦས་པའི་ཚིག༔ རྒྱ་ཡིག་འདི་དག་ནི་བྲིས་པ་རྣམས་ཀྱི་རྒྱ་ཡིག་མི་ཤེས་པའི་སྟབས་ཀྱིས་ཅུང་ཞིག་མ་དག་པ་ཡང་འདུག་སྟེ༔ བརྡ་ཡིག དེ་ནི་ས་མ་ཡ་ཁ་ཐཾ༔ བྱགོཥཱ༔ དེ་ནི་མར༔ ག༔ དེ་ནི་གུ་ཧྱ༔ ཨྠྀི༔ ས་མ་ཡ་ནི་དམ་


CMR009_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག༔ ཁ་ཐཾ་ནི་སྣོད་མིན་ལ་གསང་དགོས་པའི་དོན༔ མན་ཏྲ་ནི་སྔགས་དེ་ཡིས་སྐྱོབ་པ༔ གུ་ཧུ་ནི་གསང་བ་སྟེ༔ གསང་སྔགས་གསང་བར་བསྔགས་པའི་དོན༔ ཨྠྀི༔ ནི་ཟབ་པའི་དོན༔ རྒྱ་རྒྱ་རྒྱ༔ ནི་སྐུ་གསུང་ཐུགས་ཀྱི་རྒྱས་བཏབ་ནས་གཏེར་དུ་སྦས་པའི་དོན༔ རྒྱ་ཞེས་པ་ནི་ཁ་རྒྱ་བྱས་ནས་ཐིལ་བརྒྱབ་པ་ལྟ་བུ་གཞན་གྱིས་ཀློག་དབང་མེད༔ བདག་པོས་ཁ་རྒྱ་བཀྲོལ་ནས་ཀློག་ཆོག་པ་ལྟར༔ ཆོས་རྒྱལ་རཏྣ་གླིང་པས་བྱི་བའི་ལོ་ལ་མཁར་ཆུ་དཔལ་གྱི་ཕུག་རིང་ནས་རྒྱ་བཀྲོལ་ཏེ་གདན་དྲངས་པའོ༔ ཤིན་ཏུ་གཉན་པའི་ཕྱིར་ལོ་བཅུ་ལ་བཀའ་རྒྱས་བཏབ་སྟེ་གཏེར་ཤོག་མ་ཕབ༔ བྱ་ལོ་ལ་བོད་ཀྱི་ས་བདག་རྒྱལ་པོ་གོང་མ་ཆེན་པོའི་ཕོ་བྲང་སྣེའུ་གདོང་དུ༔ ཤོག་སེར་ཞེང་འཁྱུད་གང་དཀྱུས་མཐོ་གསུམ་པ་ཞིག་ལ་འབྲུ་བཤུས་པའི་ཡི་གེ་པ་ནི་རྗེ་གཏེར་སྟོན་ཉིད་ཀྱི་སྲས་དབང་ཆེན་བཟང་པོའོ༔ རཏྣའི་གཏེར་ཤོག་འདི་རྣམས་རྒྱ་ཡིག་ཏུ་མེད་ཅིང་བོད་ཡིག་ཚེག་མེད་པ༔ བར་མཚམས་སུ་རྒྱ་ཡིག་ཀྱང་ད་ལྟའི་ཚིག་བསྟར་དུ་ཡོད་པས་ཕབ་སླ་ཞིང་རྒྱ་ཡིག་ཕབ་མ་ཐུབ་པའི་སྐྱོན་གྱིས་མ་དག་པ་ཟུར་ཙམ་ཡང་མེད་པ་ཡིན་སྐད༔ ཤོག་སེར་ནི་དམར་སེར་མདོག༔


CMR009_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་བུ་ཤིན་ཏུ་འཐུགས་པས༔ ཡི་གེ་གར་ཡོད་ཀྱི་ཐད་ཀྱི་ཤོག་བུ་རྣམས་ཤིན་ཏུ་སྣུམ་ཕ་ལ་ལ་བྱེད་པ༔ དེང་སང་རཏྣའི་གཏེར་ཤོག་ཤོག་དྲིལ་རེ་རེ་ཞལ་ཕྱེས་ནའང་༔ སྤོས་དྲི་བཟང་པོས་ཁྱིམ་དེ་ཁྱབ་ནས་འོང་བ་ཞིག་འདུག་ཅེས་བདག་གི་སློབ་དཔོན་གྱིས་གསུངས༔ གཏེར་ཤོག་གི་དུམ་བུ་མཇལ་བ་ལ་ཡང་བོད་ཡིག་ཏུ་སྣང་༔ དེ་ནས་འདི་རྩོམ་པའི་དོན་ནི༔ ལག་རྩེད་དང་མཁས་འདོད་ཀྱིས་རང་གར་བྱས་པ་ནི་མ་ཡིན་ཏེ༔ རིག་འཛིན་ཆེན་པོ་ཀརྨ་འདུལ་བ༔ ཁོང་གིས་གུ་དྲག་སྔར་ནས་འགྲུབ་ཚར་བས་དེའི་འགྲེལ་པ་སོགས་དགོས་པ་མེད་ནའང་༔ ཕྱི་རབས་འདི་ལ་མོས་པའི་དགེ་བཤེས་གསར་བུ་དང་སྔགས་ཆུང་རྣམས་ལ་ཕན་པར་དགོངས་ནས་གལ་ཆེན་ནན་གྱིས་བསྐུལ༔ དེ་ཡང་འདི་བཀའ་གཉན་པའི་བཀའ་རྒྱ་བཀྲོལ་བའི་ཕྱིར་དང་༔ ཆོས་ལ་ཆེ་བ་མེད་ན་ཆོས་ཤི་བའི་རོ་དང་འདྲ་གསུངས་པའི་དོན་ལ་དགོངས་ནས༔ ཁོང་གི་མཆོད་རྟེན་མདའ་ཚད་ཙམ་འགའ་ཟུང་དངུལ་གྱིས་གཡོགས་པ་བཞེངས་པ་དང་༔ སངས་རྒྱས་སྟོང་སྐུ་ཁྲི་ར་ཅན་འབུར་དོད་ཚོན་བརྩི་དངུལ་སོགས་ལེགས་པར་གསོལ་བ་དང་༔ མདོ་འབུམ་བསྐལ་བཟང་


CMR009_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བརྒྱ་ཚར་རེ་ཀློག་པ་དང་༔ དེ་རྣམས་བླ་མ་དྲག་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མཎྜལ་དུ་དམིགས་ནས་འབུལ་གྱིས༔ ལས་བྱང་མེ་རླུང་འཁྱིལ་པ་འདི་ལ་འབྲུ་འགྲེལ་ཞིག་དགོས་ཞེས་བཀའ་ཤོག་བྱུང་༔ ཁོང་ནི་དྲག་པོའི་པོད་གཞུང་ནས་ལུག་གི་ལོ་པ་དྲག་པོའི་བསྙེན་སྒྲུབ་ཚད་དུ་ཕྱིན་པ་ཞིག་འབྱུང་བར་ལུང་བསྟན་པ་ནི༔ ཁོང་ཡིན་པར་ངེས་ཏེ༔ དྲག་པོ་འདིའི་གསང་སྒྲུབ་འདི་ཁོ་ན་ལ་ངག་མཚམས་བསྡམས་ནས་ཨ་ཙིག་དུང་ཕྱུར་གཅིག་འགྲུབ༔ སླར་ཡང་དེའི་ངང་ནས་གསང་འདུས་ཡིག་བདུན་དུང་ཕྱུར་གཅིག་འགྲུབ༔ དེ་ལྟར་ལོ་ཉི་ཤུ་རྩ་ལྔ་ཙམ་ལ་སྐུ་མཚམས་ལ་ཡང་བར་ཆད་མ་བྱུང་བས༔ ཁོང་ཆོས་འདིའི་བདག་པོ་རིག་འཛིན་ཆེན་པོར་འདུག་པས་བསྐུལ་མི་བཟང་བ་དང་༔ ཁོང་ལ་དབང་འབྲེལ་ཞིག་ཞུས་ན༔ ལོ་བདུན་གྱི་བར་ཆད་སེལ་ཟེར་བའི་རྨི་ལམ་དུ་ལུང་བསྟན་ཡང་བྱུང་བས༔ གུ་དྲག་དང་གསང་འདུས་ཀྱི་དབང་རྒྱས་པ་ཁོང་ལ་ཞུ་ཝིག་བྱས༔ གཞན་ལུང་ཡང་འགའ་ཞིག་ཞུས་པའི་བླ་མ་ཡིན་པས༔ བླ་མའི་བཀའ་བཅག་མི་རུང་བའི་ཕྱིར༔ བཀའ་གཉན་པའི་བཀའ་རྒྱ་ཡང་དེས་གྲོལ་སྙམ་སྟེ་བརྩམས་པ་ཡིན༔ དེ་ལ་གཞུང་གི་


CMR009_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དང་ས་བཅད་དང་༔ ཚིག་གི་དོན་དང་༔ འབྲུའི་དོན་དང་༔ རང་ལུགས་བཞག་པ་དང་༔ གཞན་ལུགས་བཀག་པ་རྣམས་བྱས་ན༔ པོ་ཏི་ཆེན་པོ་འོང་ཞིང་ཡི་གེར་འཇིགས་པ་དང་༔ གསར་བུ་རྣམས་ཀྱིས་ཚར་གཅིག་ཀྱང་ཀློག་པར་ཡང་མི་ནུས་ན༔ ཉམས་སུ་ལེན་པར་ལྟ་ཅི་སྨོས༔ དེ་ལ་བརྡའ་རྙིང་པ་ལ་ཏི་ཀ་ཟེར༔ གསར་པ་ལ་ཊི་ཀ་ཟེར༔ ཡང་ཤོག་ལྡེབ་ངོས་རེ་ལ་གཞུང་གི་ཚིག་འབྲུ་བཞི་རེ་ཙམ་ཡི་གེ་དབུ་ཅན་དུ་བྲིས་ནས་དེའི་དོན་རྣམས་ཡིག་ཆུང་བྱས་ནས༔ ཚག་ཐོ་ཁྲིད་པ་ལ་མཚན་བརྒྱབ་པ་ཟེར༔ དེ་ལྟར་བྱས་ན་འབྲི་དཀའ་ཞིང་འདོན་མི་བདེ་བ་ཞིག་འོང་༔ དགོངས་འདུས་ཀྱི་གཞུང་ལས་ཨོ་རྒྱན་གྱི་ཞལ་གདམས༔ གསང་སྔགས་ཟབ་མོ་ལ་མཆན་དང་ཁྲི་ཀ་མ་རྩོམ་གསུང་འདུག་པས༔ དེ་གཉིས་མ་བྱས༔ དེ་གཉིས་མིན་པས་སྤྱི་བཤད་རྒྱས་པ་ལ་སྤྱི་དོན་ཟེར༔ དེ་བྱས་ན་གོ་བདེ་ཞིང་མང་ཉུང་མཚམས་པ་ཞིག་འོང་ཡང་༔ སྔོན་རབ་འབྱམས་པ་དཀར་པོ་ཝ་ཞེས་བྱ་བ་དང་པོ་ནས་མཚན་ཉིད་ལ་ཤིན་ཏུ་མཁས་པར་སྦྱངས་ནས༔ ཕྱིས་དགོངས་འདུས་ལ་མཁས་ཤིང་རྩ་རླུང་རྡོ་རྗེའི་དྲ་མིག་ལ་རྟགས་ཐོན་པས།


CMR009_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཆས་མཛད་པ་ཞིག་གིས༔ དགོངས་འདུས་ཀྱི་ལས་བྱང་མེ་ཏོག་ཕྲེང་མཛེས་ལ༔ སྤྱི་དོན་ལྡེབ་མ་བརྒྱ་ལྷག་ཙམ་ཞིག་བརྩམས༔ རྩོམ་ཤིན་ཏུ་ལེགས་པས༔ འབྲི་གུང་ཞབས་དྲུང་སོགས་ཀྱིས་ཐུགས་རྩིས་ཆེན་པོ་མཛད་སྐད་ཀྱང་༔ རྩོམ་ཚར་མ་ཐག་སྨྱུག་གྲི་ཟུགས་ནས་ཁོང་རང་འདའ་རྐྱེན་བྱུང་འདུག་པས༔ འདིར་ཡང་སྤྱི་དོན་མ་བྱས༔ འབྲུ་འགྲེལ་ནི་བཀའ་བརྒྱད༔ ཐུགས་སྒྲུབ་སོགས་ལ་སྔར་ནས་དར་འདུག་པ་དང་༔ གུ་དྲག་འདིའི་འབྲུ་འགྲེལ་ཞིག༔ གཏེར་སྟོན་ཉིད་ཀྱིས་མཛད་ནས་ཡོད་པ་ཐོས་ཀྱང་ཁམས་ཕྱོགས་སུ་མི་སྣང་༔ འདི་ལ་ཡང་བཤད་པའི་ལུགས་དང་ཉམས་ལེན་གྱི་ལུགས་གཉིས་ཡོད་དེ༔ གསར་མའི་མཚན་ཉིད་པོ་ཏི་ལྔ༔ ནང་རྟགས་རྒྱུད་གསུམ༔ སྡོམ་གསུམ་དགོངས་གཅིག་རྣམས་ལ་བཤད་པ་དར༔ རྙིང་མའི་མཛོད་བདུན༔ སྒྱུ་འཕྲུལ་གསང་བའི་སྙིང་པོ་ལ་བཤད་པ་དར༔ གུ་དྲག་ནི་རྙིང་མ་བ་ཐམས་ཅད༔ གསར་མ་བ་ཕལ་ཆེར་གྱིས་ཀྱང་ཉམས་སུ་ལེན་གྱིས༔ བཤད་པ་ནི་མི་དར་བས༔ འདིར་ཡང་ཉམས་ལེན་གྱི་ལུགས་སུ་བྱས་ཏེ༔ ༧ ཁོ་བོ་རཱ་ག་ཨ་སྱ་མཚམས་ཀྱི་བཅད་རྒྱ་དམ་ཅིང་སྒྲུབ་ཁང་ཕྱི་ན་


CMR009_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྲོ་ཡང་༔ ཕུག་སྒོར་ཆོས་བཤད་ཀྱི་དབང་ལུང་ཞུ་མི་བར་མི་ཆད་པས༔ རྣམ་གཡེང་ཆེ་བ་དང་༔ སློབ་མ་རྣམས་ཀྱིས་ནན་ཏན་གྱིས་བསྐུལ་བས་དབང་རྡོ་རྗེ་ཕྲེང་བ་ལ་སོགས་རྔོག་དཀྱིལ་བདུན་སྒྲུབ་ཐབས་རྒྱ་མཚོ་སོགས༔ གབ་འཁྲུགས་བསལ་ནས་བཀོད་དགོས་ཟེར་བ་རྩོམ་སྐབས་དང་ཐུག་པས༔ དཔེ་མང་ལ་བལྟ་བ་དང་༔ བསམ་བློ་བཏང་ལོང་མེད་པར་ཐུན་སྐབས་ཐུན་སྐབས་སུ་གང་དྲན་སྨྲས་པས༔ ནོར་འཁྲུལ་དུ་གྱུར་པ་དང་༔ གཞུང་གི་འབྲུ་མ་ནོན་པ་དང་བྲིས་མཁན་དགེ་སློང་བརྩོན་འགྲུས་ཀྱིས་ཀྱང་དད་གུས་བསམ་པ་རྣམ་པར་དག་པས་བྲིས་ཀྱང་༔ ཆད་ལྷག་དང་ཐོབ་ཆ་མི་ཤེས་པའི་སྐྱོན་བྱུང་བ་རྣམས༔ གུ་རུ་དྲག་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས༔ ཆོས་བདག་སྲུང་མ་དང་བཅས་པ༔ གང་ཟག་མཁས་པ་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱི་དྲུང་དུ་མཐོལ་ལོ་བཤགས་སོ༔ ཚེ་འདིའི་བར་ཆད་ཀྱི་རྐྱེན་དང་༔ ཕྱི་མའི་ས་ལམ་ཐོབ་པ་ལ་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ༔ ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔ༔ མགོན་པོ་སེང་གདོང་ལྕམ་དྲལ༔ བཙན་བདུད་ཀླུ་གསུམ༔ ཀླུ་བདུད་སྨྱོ་ཁ་འཁོར་དང་བཅས་པ་རྣམས་ཀྱིས་


CMR009_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་༔ ཆོས་འདི་མི་ནུབ་འཕེལ་ཞིང་རྒྱས་པ་དང་༔ འདི་ཉིད་ཉམས་སུ་ལེན་པ་ལ་སྡོང་གྲོགས་མེལ་རྩེ་མ་གཡེལ་ཅིག༔ འདི་རྩོམ་བསམ་པ་ཡིད་ལ་མེད་ཀྱང་༔ རིག་འཛིན་ཆེན་པོ་ཀརྨ་འདུལ་བའི་བཀའ་ཡིས་བསྐུལ་བའི་སྟབས་ཀྱིས་བྱུང་བ་སྟེ༔ གུ་དྲག་མེ་རླུང་འཁྱིལ་པ་ཉམས་སུ་ལེན་པའི་ཕྱི་རབས་ཀྱི་དགེ་བཤེས་དང་སྔགས་ཆུང་གསར་བུ་རྣམས་ལ་ལོང་བ་ལ་མིག་བྱིན་པ་ལྟ་བུ་ཡིན་པས་དགའ་བར་སོམ༔ འདི་ཉིད་མཐོང་ཐོས་དྲན་རེག་ཐམས་ཅད་ཚེ་འདིར་བསྐྱེད་རྫོགས་ལ་བརྟན་པ་ཐོབ་ནས༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང་༔ ཚེ་འཕོས་ནས་གུ་རུ་དྲག་པོའི་སྤྲུལ་གཞི་ཆོས་སྐུ་སྣང་བ་མཐའ་ཡས་ཀྱི་ཞབས་དྲུང་དུ་མེ་ཏོག་པདྨའི་སྒྲུབ་ལ་བརྫུས་ཏེ་སྐྱེ་བར་གྱུར་ཅིག༔ མངྒ་ལཾ་བྷ་ཝནྟུ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་ག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གུ་རུ་དྲག་པོའི་ལས་བྱང་མེ་རླུང་འཁྱིལ་པའི་ངག་ཁྲིད་ཟིན་བྲིས།


CMR009_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོའི་ལས་བྱང་མེ་རླུང་འཁྱིལ་པའི་ངག་ཁྲིད་ཟིན་བྲིས་བཞུགས་པའི་དབུའོ༔ མ་ཧཱ་ཡོ་གའི་ལུགས་སྤྱིའི་ཐུན་མོང་ངོ་༔


CMR009_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་ཀྲོ་དྷ་ཡེ༔ འདིར་གུ་རུ་དྲག་པོ་མེ་རླུང་འཁྱིལ་བའི་ངག་ཁྲིད་ཅུང་ཟད་གཅིག་བཀོད་ན༔ སྤྱིར་གསང་སྔགས་རྙིང་མའི་ལུགས་ལ༔ ལས་བྱང་ཆོ་གའི་རིགས་ཐམས་ཅད་ལ༔ རིགས་བཞིར་ངེས་ཏེ༔ མ་ཧཱ་ཡོ་གའི་ལུགས་ཀྱི་ཆོ་ག༔ ཨ་ནུ་ཡོ་གའི་ལུགས་ཀྱི་ཆོ་ག། ཨ་ཏི་ཡོ་གའི་ལུགས་ཀྱི་ཆོ་ག༔ གསུམ་ཀ་འདྲེས་མའི་ལུགས་ཀྱི་ཆོ་ག་དང་བཞིར་འོང་ངོ་༔ དེ་ལ་ཨ་ཏི་ཡོ་ག་ནི་ཉམས་ལེན་རྫོགས་པ་ཆེན་པོ་ཡིན་པས་སྤྲོས་བཅས་མེད་མོད་ཅིང་དེའི་ལུགས་ཀྱི་ཆོ་ག་ཡང་གསུངས་པས༔ ཆོ་ག་འགའ་ཞིག་མཚམས་གཅོད་ཡང་ལྟ་བའི་མཚམས་གཅོད༔ བགེགས་


CMR009_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྲད་རྒྱུ་ཡང་ང་བདག་གཟུང་འཛིན་སོགས་སུ་བྱས་ནས༔ དངོས་གཞི་ལྷ་ཡང་སྐད་ཅིག་ལ་གཤིས་སྟོང་ཉིད་ལྟ་བའི་རྩལ་དེ་ཉིད་རྣམ་པ་ལྷའི་སྐུར་སྣང་ཙམ༔ དེ་ལ་སྤྱན་འདྲེན་སོགས་མི་དགོས་རང་སེམས་དེ་ལས་གཞན་དུ་ཡེ་ཤེས་པ་མེད་ཀྱང་༔ དེ་ལྟར་མ་རྟོགས་པའི་རྟོག་པ་སྦྱང་ཕྱིར་སྤྱན་འདྲེན་བྱས་ཀྱང་མི་འགལ༔ མཆོད་པ་ཐམས་ཅད་ཀྱང་དུག་ལྔ་ཡེ་ཤེས་ལྔར་མཆོད་པ༔ འདོད་ཡོན་ལྔ་རིག་སྟོང་ཚོར་སྟོང་སོགས་སུ་མཆོད་པ༔ བསྟོད་པ་ཡང་དུག་ལྔ་རང་གྲོལ་ཡེ་ཤེས་ལྔར་བསྟོད་པ༔ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་སྐུ་གསུམ་དུ་བསྟོད་པ༔ བསྐུལ་པ་ཡང་རིགས་


CMR009_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་དང་ཡེ་ཤེས་ལྔ་བསྐུལ་ཏེ་དུག་ལྔ་འདུལ་བ༔ རྟ་བྲོ་ཡང་དུག་ལྔའི་མགོ་ལ་ཡེ་ཤེས་ལྔས་མནན་པ་སོགས་མདོར་ན་ཉམས་ལེན་རྫོགས་ཆེན་གྱི་དོན་གཅིག་པུ་ལ་དཀྱིལ་འཁོར་ཆོ་གའི་རྣམ་པར་གསུང་པ་སྟེ༔ དཔེར་ན་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལས་བྱང་འབྲིང་པོ་ལྟ་བུ་ཡིན་པས༔ དེ་འདྲ་བའི་ཆོ་ག་ལ་བསྐྱེད་རིམ་གྱི་དམིགས་པ་རྒྱུ་གུ་ཕྲེང་བྱ་མི་དགོས༔ ལྟ་བ་ཉམས་ལེན་གྱི་ངང་ནས་ཆོ་གའི་གཞུང་ཐམས་ཅད་བསྲུང་བར་བྱ་བ་ཡིན་ནོ༔ ༈ ཨ་ནུ་ཡོ་ག་ནི་རྩ་རླུང་གཙོ་ཆེ་བས་དེ་ལ་ཡང་ཆོ་ག་གཙོ་མི་ཆེ་མོད་ཀྱིས༔ འོན་ཀྱང་ཆོ་ག་གསུངས་པ་ཡོད་པ་ནི་ལུས་དཀྱིལ་གཙོ་ཆེ་བས༔ དེའི་རིགས་ལ་དཀྱིལ་འཁོར་དང་བུམ་པ་སོགས་གཙོ་ཆུང་༔ རང་ལུས་ཕུང་ཁམས་སྐྱེ་མཆེད་རྩ་རླུང་ཐིག་ལེ་ཐམས་ཅད་དཔའ་བོ་ཌཱཀྐིའི་རང་བཞིན་ཡིན་པར་ཤེས་པའི་གོ་བ་བཟང་པོ་སྔོན་དུ་སོང་ནས༔ ཡིན་ལ་ཡིན་བཞིན་དུ་དེ་དང་དེར་གསོལ་གདབ་ཙམ་བྱ་བ་ཡིན་གྱིས༔ འདི་ལ་ཡང་མངོན་རྟོགས་སོགས་རྒྱུ་གུ་ཕྲེང་གི་བསྐྱེད་རིམ་མི་དགོས༔ དཔེར་ན་རང་ལུས་གྲུ་བཞི་འདོམ་གང་པ་དཀྱིལ་འཁོར་གྲུ་བཞི༔ ཁ་སྣ་གསང་བཤང་སྒོ་བཞི༔ སྙིང་པདྨ་འདབ་བརྒྱད༔ ཨ་ཧོ་ཡབ་ཡུམ་སོགས་ཏེ་དཔེར་ན་དགོངས་འདུས་


CMR009_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་ཕྲེང་མཛེས་ལྟ་བུ་ཡིན་ནོ༔ དེ་ལྟར་ལུགས་གཉིས་པོ་དེ་དག་ནང་གི་ཏིང་ངེ་འཛིན་ཁོ་ན་གཙོ་ཆེ་བས༔ མངོན་རྟོགས་ངག་ཏུ་མ་བརྗོད་ཀྱང་ཆོག༔ ཏིང་ངེ་འཛིན་གསལ་མ་ཐེབས་ན་ཆོ་ག་བཏོན་ཀྱང་ཚང་བར་མི་འགྱུར་རོ༔ ཨ་ཏི་ལུགས་ལ་རང་གི་ལུས་དམ་ཚིག་སེམས་དཔའ༔ རང་སེམས་ཡེ་ཤེས་སེམས་དཔའ༔ རླུང་འབྱུང་འཇུག་རྡོ་རྗེའི་བཟླས་པ་ཡིན་པས་ཡིན་པ་ལ་ཡིན་པར་གསལ་འདེབས་ཙམ་ཡིན༔ ཨ་ཏིའི་ལུགས་ལ་སྣང་སྲིད་འཁོར་འདས་ཐམས་ཅད་རང་གི་སེམས་ཡིན༔ ལྷ་སྔགས་དཀྱིལ་འཁོར་ཡང་རང་སེམས་ལས་གཞན་དུ་མ་གྲུབ་པར་འདོད་པས༔ དེ་རང་ངོ་ཤེས་ཤིང་གོམས་འདྲིས་སུ་བྱ་བ་ཁོ་ན་ལྷ་སྔགས་དཀྱིལ་འཁོར་ཐམས་ཅད་ཀྱི་མཆོག་ཡིན༔ དེ་གསལ་འདེབས་ཕྱིར་དཀྱིལ་ཆོག་ལ་སྦྱར་ནས་ཆོ་གའི་རྣམ་པར་མཛད་པ་ཡིན་ནོ༔ ལུགས་གསུམ་ཀ་འདྲེས་མ་ནི་དེང་སང་པདྨ་འོད་འབར་ལྟ་བུ༔ མཚམས་གཅོད་ཨ་ནུ་ལྟར༔ ཡན་ལག་བཅུ་པ་སོགས་ཨ་ཏི་ལྟར༔ དེ་མན་མ་ཧྭ་ལྟར་ཡིན་པ་ཡང་༔ སོ་སོའི་ཐམས་ཅད་ཀྱི་ལུགས་བཞིན་སྣ་ཚོགས་ཏེ༔ དཔེར་ན་ཡན་ལག་བཅུ་པ་དུས་ངོ་བོ་སྐྱོང་བ་ཁོ་ནས་འཐུས་པ་ལྟ་བུའོ༔ ༈ མ་ཧཱ་


CMR009_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་གའི་ལུགས་རཏྣ་ལུགས་ཀྱི་གུ་རུ་ཞི་དྲག་ཕུར་པ༔ ཆོས་དབང་ལུགས་ཀྱི་བཀའ་བརྒྱད་སོགས་ཡིན་ཏེ༔ དེ་ཡང་གསར་རྙིང་བསྲེ་མར་བྱེད་ན་བདེ་དགྱེས་ཕག་མོ་རྒྱལ་བ་རྒྱ་མཚོ་སོགས་ཀྱིས་ཁོག་ཕུབ་ན་དེའི་ནང་མཆོད་བྱིན་རླབས་དང་སྔོན་འགྲོ་སྐྱབས་སེམས་བདག་བསྐྱེད་སྔོན་དུ་བཏང་རྗེས༔ གུ་རུ་ཞི་དྲག་སོགས་འདོན་ན་སྔོན་འགྲོ་མི་དགོས་སོ༔ རྙིང་མ་ཁ་རྐྱང་བྱེད་ན་མཁར་དྲུང་ལུགས་ཀྱི་ཐུགས་སྒྲུབ་སྐྱབས་སེམས་དཀར་བགེགས་སམ༔ དྲག་པོ་བདེ་གཤེགས་འདུས་པའི་སྔོན་འགྲོའམ༔ བཀའ་བརྒྱད་ཀྱི་སྔོན་འགྲོའམ༔ དགོངས་འདུས་སྔོན་འགྲོའམ༔ ཉང་ལུགས་རྟ་མགྲིན་ནག་པོའི་སྔོན་འགྲོ་སོགས་གང་བྱས་རུང་མོད་ཀྱིས༔ དེ་ཡང་ཞི་བར་ན་སྐྱབས་སེམས་བྱ༔ རང་ཉིད་ཡི་དམ་གཙོ་རྐྱང་སྐད་ཅིག་ལ་གསལ་བས༔ དུང་ཆོས་ནང་གི་ཆུ་གཙང་བྱིན་བརླབ་བྱ༔ དེས་མཆོད་པ་ཐམས་ཅད་བྲན་ལ༔ དང་པོ་བདུད་རྩི་བྱིན་རླབས་ཏེ་བདུད་རྩིའི་སྔགས་ལན་གསུམ་བརྗོད་ཚེ་མཆོད་གཡོག་པས་ཕུད་སྐྱོགས་ཀྱིས་བདུད་རྩི་དཀྲུག་ཅིང་ལན་གསུམ་ཕྱར་ནས་བདུད་རྩི་དེས་མཆོད་པ་ཐམས་ཅད་བྲན་ལ༔ རཀྟ་བྱིན་རླབས་ནས་རཀྟའི་སྔགས་བརྗོད་ཚེ་མཆོད་གཡོག་པས་རཀྟ་དཀྲུག་ཅིང་ཕུད་སྐྱོགས་ཀྱིས་


CMR009_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་གི་གཟར་བུས་ལན་གསུམ་ཕྱར་ལ་བཞག༔ གཏོར་མ་དང་ཕྱི་མཆོད་ཡང་བྱིན་བརླབས་ནས༔ མཆོད་པ་འབྱུང་པོས་བརླམ་དོགས་ཀྱིས༔ གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་པཱུ་ཙ་ཧོ༔ ཞེས་རྩ་བ་གསུམ་ལ་སྔགས་མཆོད་བྱ༔ དེ་ནས་དཀར་གཏོར་གསེར་སྐྱེམས་གཉིས་མཆོད་གཡོག་པས་བཟུང་སྟེ་བསྔོས་ཏེ་ཕུལ༔ བགེགས་གཏོར་ཡང་དེ་བཞིན་བསྔོས་ལ་ཕུལ་ལོ༔ ༈ འདིར་མ་ཧཱ་ཡོ་གའི་ལུགས་ཀྱི་ལས་བྱང་ཐམས་ཅད་རྒྱས་བསྡུས་ཁྱོད་ཅུང་ཟད་མ་གཏོགས་ཐམས་ཅད་དབྱིབས་འདྲ་བས༔ ད་ལམ་རཏྣའི་གུར་དྲག་ལ་སྦྱར་ཏེ་བཤད༔ འདི་དག་གི་སྐབས་སུ་ལུང་འདྲེན་དང་ཞལ་རྒྱུན་དང་འཐད་མི་འཐད་དགག་སྒྲུབ་མཐའ་ཡས་པ་ཡོད་མོད་ཀྱང་ཡི་གེས་འཇིགས་པ་དང་༔ ལས་དང་པོ་པ་རྣམས་ལུང་འདྲེན་མང་ན་དེས་བསྒྲིབས་ནས་མི་གོ་བའི་སྐྱོན་དུ་འགྱུར་བ་དང་༔ གསར་མའི་བསྟན་བཅོས་འདྲ་ཡིན་ན་དེ་ལ་ཡིད་ཆེས་ཕྱིར་མདོ་རྒྱུད་ཀྱི་ལུང་རྒྱབ་མང་པོ་འདྲེན་དགོས་ཀྱི༔ འདིར་གུ་རུ་ཉིད་ཀྱི་སྒྲུབ་ཐབས་ཉིད་ཀྱིས་མཛད་པ་འདི་རྒྱ་གཞུང་རྩོད་པ་མེད་ཅིང་༔ དོན་དམ་པར་ན་རྒྱུད་ཀྱང་ཡིན་པའི་ཕྱིར་ལུང་འདྲེན་གཞན་མི་དགོས་ལས་བྱང་གི་གཞུང་ཚིག་རང་རྡོ་རྗེའི་གསུངས་


CMR009_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་སོ༔ དེ་ལ་འབྲུ་འགྲེལ་དང་བཤད་པའི་ན་ཡམ་མང་ན་ཡི་གེ་མང་ལ༔ ལག་ཐོག་ཏུ་ཉམས་སུ་མི་ལོན་པ་ཞིག་འབྱུང་བས་འདིར་བསྒོམ་བྱ་རགས་རིམ་ཙམ་བརྗོད་ཀྱི༔ ཕལ་ཆེར་གཞུང་ཉིད་ནས་འདོན་སྒོམ་གསལ་ཕྱིར༔ གསལ་པོ་རྣམས་མི་བཀྲོལ༔ ཅུང་ཟད་གོ་དཀའ་བ་རྣམས་བཤད་དོ༔ ༈ དེ་ལ་ཧཱུྃ་ཞེས་བརྗོད་པ་ཙམ་གྱིས་རང་ཉིད་དྲག་པོ་དཔའ་གཅིག་གམ་ཀརྨ་དྲག་པོ་རྩལ་དུ་བསྒོམས་ལ༔ ཉོན་ཅིག་སོགས་བརྗོད་པས་བགེགས་རྣམས་སྐྲག་ཅིང་འདར་ལ་ཐལ་མོ་སྦྱར་ནས་ཉན་ཏེ༔ དེངས་ཤིག་ཅེས་པས་སྐད་ཅིག་ལ་སོ་སོར་བྱེར་བར་བསམས་ལ༔ ཧཱུྃ་བཞིའི་སྔགས་ཀྱིས་ཕྱོགས་བཞིའི་བགེགས་བསྐྲད་པར་བསམ་མོ༔ དེ་ཡང་གཏོར་མ་བྱིན་པ་ཞི་བ་བཀའ་བསྒོ་ཞི་དྲག་ཕྱེད་མ༔ སུམ་བྷ་ནི་དྲག་པོས་བགེགས་བསྐྲད་པའོ༔ ཧཱུྃ་བདག་ནི་ཞེས་སོགས་སྐབས་སུ་བདག་ཉིད་ལས་ཁྲོ་ཆུང་དང་མཚོན་ཆ་སྣ་ཚོགས་བུ་ཡུག་དང་སེར་རྒོད་ལྟར་སྤྲོས་པས༔ གང་དག་ཤིན་ཏུ་མི་སྲུན་པའི་བདུད་བགེགས་ཐམས་ཅད་རང་དབང་མེད་པར་བྱ་སྤུ་རླུང་གིས་གཏོར་བ་ལྟར་ནམ་མཁའི་ཕར་མཐར་བསྐྲད་ནས༔ དེ་རྣམས་ཚུར་འདུས་པ་ལས༔ རྡོ་རྗེའི་གུར་ཁང་ས་གཞི་དེ་རྒྱབ་འཁོར་ལོ་


CMR009_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

རྩིབས་བྱེ་བ་བརྒྱ་སྟོང་ཞྭ་ཐེབས་ཁ་སྦྱོར་ལྟ་བུའམ༔ འཁོར་ལོ་ཆུང་ངུ་མང་པོ་སོ་འཐབ་འཁོར་བའི་གུར༔ དེ་རྒྱབ་རལ་གྲི་སོ་འཐབ་གུར༔ དེ་རྒྱབ་སྣ་ཚོགས་རྡོ་རྗེ་ཁ་གདེངས་བ་རྩེ་འཐབ་འཁོར་བ་མང་པོའི་གུར༔ དེ་རྒྱབ་ཕུར་པ་སོ་ཕྱིར་བསྟན་གུར༔ དེ་རྒྱབ་མེ་རི་ཁ་དོག་ལྔ་ལྡན་གྱི་གུར་ཟླུམ་པོ་སྒོ་ང་ལྟ་བུ་རླུང་ཡང་མི་ཐར་བ༔ གུར་དེ་དག་གི་བར་མཚམས་སུ་ཁྲོ་བོ་འཆོལ་པ་སྟེ་ཁྲོ་ཆུང་སྐར་ལྟར་འཁྲུག་ཅིང་ཧཱུྃ་ཕཊསྒྲོག་པར་བསྒོམ་སྟེ༔ མ་དྷ་ལ་ཧཱུྃ་ཕཊ་ཡིན་ནོ༔ ཧཱུྃ་བདེ་གཤེགས་སོགས༔ ཡི་དམ་ཞི་བ་དང་ཁྲོ་བོ་མ་ལུས་པ་ཐམས་ཅད་རང་གི་ལུས་སེམས་ལ་ཡེ་ནས་རྫོགས་པའི་དོན་འདི༔ གསང་སྔགས་དབང་གི་ཐབས་ཟབ་མོ་དང་༔ སློབ་དཔོན་གྱི་ཐུགས་རྗེས་བདག་གི་དོན་ཟབ་མོ་འདི་འདྲ་བ་རྟོགས་ཕྱིན་ཆད་༔ ད་ནི་རྡོ་རྗེའི་དམ་ཚིག་མི་འདའ་བར་མི་སྒྲུབ་རེ་ཞེས་དམ་བཅའ་སྟེ༔ ཞེ་མནའ་ལྟ་བུའོ༔ དེ་ནས་རང་སྔོན་ནས་ལྷ་དཔའ་གཅིག་ཏུ་གསལ་བ་དེའི་ཧཱུྃ་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་ཁྱད་པར་ཕྱི་ལྟར་ཟངས་མདོག་དཔལ་རི༔ ནང་ལྟར་བདེ་བ་ཅན་གྱི་ཞིང་༔ གསང་བ་དབང་དྲག་རོལ་


CMR009_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཀྱིལ་འཁོར༔ འོག་མིན་ཆོས་ཀྱི་དབྱིངས༔ ཡུལ་ཉེར་བཞི་སོགས་ནས་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་རོལ་མོའི་སྒྲ་དང་སྤོས་ཀྱི་དྲི་ངད༔ དར་གྱི་ན་བཟའ་ལྷབ་ལྷུབ་སོགས་ནམ་མཁའ་གང་བར་བྱོན་ནས༔ རྣལ་འབྱོར་པ་རྣམས་དང་སྒྲུབ་རྫས་གནས་ཁང་མཆོད་གཏོར་ཐམས་ཅད་བྱིན་བརླབས་ཏེ༔ གནས་ནི་ཨོ་རྒྱན་གྱི་ཡུལ༔ གནས་ཁང་གཞལ་ཡས་ཁང་༔ གྲོགས་དཔའ་བོ་ཌཱཀྐི༔ མཆོད་རྫས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་བརླབས་ཏེ༔ དེ་རྣམས་སྐུ་གསུང་ཐུགས་རྟེན་རྣམས་ལ་ཐིམ་པར་བསྒོམ་ཞིང་བྱིན་འབེབས་འདོན་ནོ། འདི་ལ་མོས་གུས་དང་རོལ་མོ་དབྱངས་སྤོས་དུད་བཏང་བ་གནད་ཆེའོ༔ འདིར་མཆོད་པ་བྱིན་རླབས་མང་དུ་ཁ་སབ་མཁན་མང་བར་སྣང་སྟེ༔ སྔོན་འགྲོའི་དུས་བྱིན་བརླབས་བྱས་པས་ཆོག་པ་དང་༔ ཆོ་ག་ཉུང་ངུ་ལ་མང་པོ་སབ་པས་མི་མཛེས་པ་དང་༔ བཅོས་སླད་མི་རུང་བས༔ འདིར་གསང་སྔགས་ཀྱི་བྱིན་རླབས་ཁོ་ནས་ཆོག༔ རྒྱས་པར་འདོད་ན་སྔགས་རྣམས་གསུམ་རེའམ༔ བདུན་རེ་ཙམ་བརྗོད་ཅིང་དམིགས་པ་བཟུང་ངོ་༔ དམིགས་པ་ནི༔ རླུང་མེ་ཐོད་སྐྱེད་སྟེང་དུ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་རྣམས་ཞུ་བ་དམ་ཚིག་གི་བདུད་རྩི་ལ་སངས་


CMR009_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྣམས་ཀྱི་ཐུགས་ཀ་དང་སྦྱོར་མཚམས་ནས་བདུད་རྩི་བྱང་སེམས་ཀྱི་རྒྱུན་སྤྱན་དྲངས་ནས་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་ཤེལ་འདྲ་བ༔ རོ་སྦྲང་རྩི་འདྲ་བ༔ ཟག་མེད་ཀྱི་བདེ་བ་བསྐྱེད་པའི་ནུས་པ་ཅན་དང་༔ བྷནྡྷའི་སྣོད་སྟོང་གསུམ་ཙམ་གྱི་ནང་དུ་གཏོར་མ་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་རོ་བརྒྱ་ནུས་པ་སྟོང་དང་ལྡན་པ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པའོ༔ སྐད་ཅིག་གིས་ལྷ་མོ་གིརྟི་མའི་མཁའ་གསང་དུ་རིགས་དྲུག་འཁོར་བའི་རྒྱུ་ཐམས་ཅད་ཐིམ་པས་རཀྟའི་རྒྱུན་བབས་པས་བྷན་སྟོང་གསུམ་ཙམ་ལྕང་ལོ་ཅན་གྱི་ནང་དུ་འཁྱིལ་བ་རཀྟའི་རྒྱ་མཚོའོ༔ ལྷ་མོ་ཡང་རཀྟ་ལ་ཐིམ་པས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩིར་བསམ༔ གཟུགས་སྒྲ་དྲི་རོའི་ལྷ་མོ་སོགས་ལང་ཚོ་ཕུན་སུམ་ཚོགས་ཤིང་མཐོང་ངམ་རེག་པ་ཙམ་གྱིས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འབེབས་ནུས་པ་དང་༔ མེ་ཏོག་བདུག་སྤོས་སོགས་ཕྱི་མཆོད་ལྔ་ཡང་རང་རང་གི་མིང་ཅན་གྱི་ལྷ་མོ་རང་རང་གི་མཆོད་རྫས་འཛིན་པ༔ དེ་རེ་རེ་ལ་ཡང་རང་འདྲ་བའི་སྤྲུལ་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་པར་བྱེད་ཅིང་མཆོད་པ་འབུལ་བའི་ལས་ལ་བརྩོན་པར་དམིགས་ལ༔ སོ་སོའི་སྔགས་བརྗོད༔ འདིར་སྨན་རཀ་སྔོན་དང་ཕྱི་མཆོད་


CMR009_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་བྱུང་བ་ནི་གལ་སྨན་རཀ་ཆེ་བའི་དབང་དུའོ༔ དེ་ནས་གསར་མ་ལ་རྡོར་སེམས་སྒོམ་བཟླས་འབྱུང་བའི་དོད་པོ་ལ༔ འདིར་བཤགས་པ་བྱ་བ་ནི་དམ་ཚིག་ཉམས་ཆག་ཡོད་པས་བསྒྲུབ་ཀྱང་མི་འགྲུབ་པའི་ཕྱིར༔ ཉམས་ཆག་མ་ཚོར་བ་ཡང་བྱུང་དགོས་པས་བཤགས་ཚིག་གོ་སླ༔ དེ་ནས་གསར་མ་ལ་ཚད་མེད་བཞི་བསྒོམ་པའི་དོད་དང་མཚུངས་པར་ཏིང་ངེ་འཛིན་རྣམ་གསུམ་བསྒོམ་སྟེ༔ ཆོས་ཐམས་ཅད་ཆོས་ཉིད་ཀྱི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ༔ སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པ༔ ཡེ་ནས་མ་བཅོས་པའི་ཆོས་སྐུ་སྟེ་སངས་རྒྱས་པས་བཟང་དུ་མ་སོང་༔ འཁོར་བར་འཁྱམས་པས་ངན་དུ་མ་སོང་བ་དེ་དོན་སྔར་ནས་བླ་མས་ངོ་སྤྲད་པ་དེ༔ འདིར་ཚིག་གིས་གསལ་བཏབ་སྟེ་ཡུད་ཙམ་བསྒོམ་པ་སྟོང་ཉིད་ཀྱི་ཏིང་ངེ་འཛིན་ཏེ༔ དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ དེ་ལྟར་མ་རྟོགས་པས་འཁོར་བར་འཁྱམས་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྒོམ་པ་དེ་ཡང་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བསྒོམ་པ་ཀུན་སྣང་གི་ཏིང་ངེ་འཛིན་ནི༔ སྟོང་པ་ཉིད་ཀྱི་རྩལ་སྙིང་རྗེར་ཤར་བ་དེས་འགྲོ་དོན་བྱ་ཕྱིར་གཟུགས་སྐུར་བཞེངས་ལ༔ དེ་ཡང་ཆོས་ཐམས་ཅད་རྟེན་འབྲེལ་རྒྱུ་འབྲས་ལས་


CMR009_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདས་པའི་ཕྱིར་རྒྱུའི་ས་བོན་ཧཱུྃ་བསྒོམ་པ་རྒྱུའི་ཏིང་ངེ་འཛིན་ཏེ༔ ཏིང་འཛིན་འདི་གསུམ་ལ་ཁྲིད་ཐམས་ཅད་ཀྱི་སྙིང་པོ་ཟབ་ཆོས་ཐམས་ཅད་ཀྱི་རྩ་བ་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱི་སྡོམ་ཆེན་པོ་ཡོད་པས་གོ་ཞིང་ཉམས་སུ་ཅི་ལོན་བྱ་བ་གལ་ཆེ༔ དེ་ནས་གསར་མ་བས་སྲ་བྷ་དང་ཤུ་ནྱ་ཏཱས་སྣོད་བཅུད་སྟོང་པར་སྦྱང་བའི་དོད་པོ༔ འདིར་ཧཱུྃ་ལས་རཾ་ཡཾ་ཁཾ་འཕྲོས་པས༔ ཕྱི་ནང་སྣོད་བཅུད་ཐམས་ཅད་མེ་ཆུ་རླུང་གསུམ་གྱིས་བསྲེགས་བཀྲུས་གཏོར་ནས་ཅི་ཡང་མེད་པའི་ནམ་མཁའ་སྟོང་པ་ལྟར་གྱུར་ཏེ༔ དངོས་པོར་འཛིན་པའི་ཨ་འཐས༔ མཚན་འཛིན་གྱི་བག་ཆགས་སྦྱང་བའོ༔ དེ་ནས་ཧཱུྃ་ལས་ཨེ་ཡཾ་ར་སུཾ་ཀཾ་རཾ་ཧཱུཾ་ཆད་པ་ལས༔ ཕྱི་སྣོད་འཇིག་རྟེན་ཆགས་པ་དང་༔ ནང་རྡོ་རྗེའི་ལུས་ཆགས་པའི་མ་དག་པ་སྦྱངས་ནས༔ ཡེ་ཤེས་རང་སྣང་གི་གཞུང་དུ་སྒྲུབ་པའི་ཕྱིར་དུ༔ འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་དང་བཅས་པ་བསྒོམ་པ་ནི༔ གསར་མའི་བདེ་དགྱེས་སོགས་དང་འདྲ་བས་འདིར་རྒྱས་པར་མི་སྤྲོ་ལ༔ ཅུང་ཟད་མི་འདྲ་བའི་ཁྱད་པར་ནི་ཕྱི་རིན་པོ་ཆེའི་གཞལ་ཡས་ཁང་དང་གྲུ་བཞི་སྒོ་བཞི་སྤྱི་ལྟར་ལས༔ རིན་ཆེན་སྣ་ལྔའི་རྩིག་པའི་ནང་དུ་ཐོད་པ་སྐམ་རློན་རྙིང་གསུམ་སྤེལ་མའི་


CMR009_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

རྩིག་པ་རིམ་པ་དྲུག༔ ལྷ་བརྒྱད་ཀ་བ་སོགས་ཁྲོ་བོའི་དཀྱིལ་འཁོར༔ དུར་ཁྲོད་བརྒྱད་སྤྱི་ལྟར་ལས་གྲུབ་ཐོབ་བརྒྱད་ནི་བཀའ་བརྒྱུད་ཀྱི་རིག་འཛིན་བརྒྱད་བསྒོམ༔ མེ་རིའི་ཕྱི་རོལ་དུ་རིན་པོ་ཆེའི་བྲག་རི་ཁྲ་བོས་བསྐོར་བར་བྷེ༔ དཀྱིལ་འཁོར་དབུས་སུ་པད་ཉི་རོ་གདན་ན་བཀའ་བརྒྱད་སོགས་ལ་བྱོལ་སོང་གཙོ་བརྒྱད༔ ཞི་བའི་རིགས་ལ་པད་ཉི་སོགས་བསྒོམ༔ ཚེ་སྒྲུབ་སོགས་དུར་ཁྲོད་མེད་པ་ལ་ཡང་སྐབས་ཐོབ་ཤེས་པར་བྱའོ༔ དེ་ནས་རྒྱུའི་ཡི་གེ་ཧཱུྃའམ་ཧཱི༔ དེ་གདན་དབུས་སུ་བབ་པ་ལས༔ སྤྲོ་བསྡུ་ཞེས་པས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས༔ དྲག་པོ་ཡིན་ན་བདུད་དང་ལོག་འདྲེན་ཐམས་ཅད་ཚར་བཅད༔ ཁྲོ་རྒྱལ་དང་བདུད་བགེགས་ཀྱི་མཐུ་སྟོབས་བསྡུས་ནས༔ རྟ་མགྲིན་ནམ་དྲག་པོ་གང་ཡིན་བསྒོམ་སྟེ་རྒྱན་ཆ་ལུགས་མངོན་རྟོགས་ལྟར་རོ༔ གོ་ཆའི་ལྷ་སྒོམ་པ་ཟུར་རྒྱན་ལྟར་ཏེ་དམིགས་པ་གཞུང་རང་ལས་གསལ་ལྟར་རོ༔ ཐུགས་སྒྲུབ་ཆོས་དབང་ལུགས་ལ་རང་རྟ་མགྲིན་གྱི་མཐར་གིང་ཡབ་ཡུམ་བཅུ་དྲུག་བྷོ་ཞིང་༔ སྤྱི་བོར་པདྨ་འདབ་མ་གཉིས་སྟེང་ནང་མ་འདབ་བཞིར་ཐོད་ཕྲེང་སྡེ་བཞི༔ ཕྱི་མ་བརྒྱད་ལ་མཚན་བརྒྱད༔ དབུས་གསང་འདུས་ཐུགས་ཀར་བུདྡྷ་ཐོད་ཕྲེང་


CMR009_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རྒྱུ་ཡིན་ལ༔ རཏྣ་ལུགས་ལ་སྤྱི་བོར་ཨོ་རྒྱན་སྤྲུལ་སྐུ༔ དེ་གནས་འགྱུར་གསང་འདུས་ཡབ་ཡུམ༔ རང་རྟ་མགྲིན་གྱི་ཐུགས་ཀར་བུདྡྷ་ཐོད་ཕྲེང་༔ དེ་རྒྱབ་སྐུ་བཞི་དང་མཚན་བརྒྱད༔ དེ་རྒྱབ་གིང་བཅུ་དྲུག་སྟེ་ཁྱད་པར་ཆེའོ༔ གུར་དྲག་གི་འཁོར་ལྷ་རྣམས་ཐུགས་ཀ་ནས་སམ༔ སྦྱོར་མཚམས་ནས་སྤྲོས་ཏེ་གདན་སོ་སོར་བཞག་དགོས་ཏེ༔ ཡབ་ཡུམ་གསལ་བའི་ཐུགས་ཀ་ནས༔ ཕྱོགས་བཞི་འཁོར་ལོ་རྩིབས་བཞིའི་སྟེང་༔ ཞེས་པའི་དོན་གོ་བར་བྱའོ༔ ༈ དེ་ལ་སྤྱིར་མངོན་རྟོགས་བསྡུས་པའི་རིགས་ལ་དང་པོ་སྲུང་འཁོར་སྒོམ་པ་དེས་རྡོ་ར་མེ་རིའི་གོ་བཅད་དང་༔ རྒྱས་པ་ལ་དང་པོ་སྲུང་འཁོར་དེ་སྟོང་པར་སྦྱང་དུས་མེད་པར་བྱས་ནས་སླར་རྡོ་ར་མེ་རི་སྲུང་འཁོར་དཀྱིལ་འཁོར་དུས་སྒོམ་པ་གཉིས་ལས༔ འདི་སྐབས་རྒྱབ་མ་ཡིན་ལ༔ གསར་མ་ལུགས་བདག་བསྐྱེད་ཚར་ནས་བུམ་བསྐྱེད༔ དེ་ནས་མདུན་བསྐྱེད་བྱེད༔ བསྡུ་ན་བདག་བསྐྱེད་རྗེས་མདུན་བུམ་དུས་གཅིག་བསྐྱེད༔ ཡང་དཀྱིལ་ཆོག་ལ་ལར་བདག་བསྐྱེད་བསྡུས་ཚར་ནས་རང་ཉིད་རྡུལ་ཚོན་དབུས་སུ་ཞུགས་ནས་མདུན་བསྐྱེད་བྱས་ལ༔ གཙོ་བོའི་ཐུགས་ཀ་ནས་གཙོ་རྐྱང་དུ་རང་ཉིད་ཐོན་ནས་


CMR009_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་སྒོའི་དྲུང་དུ་འཁོད་ནས་མཆོད་བསྟོད་བྱེད་པའི་ལུགས་རྣམས་གསར་མ་སྟེ༔ འདིར་དེ་རྣམས་ལ་ཡིན༔ འོན་ཀྱང་དེ་དང་ཆ་འདྲ་བར་རྙིང་མ་ལ་ཡང་རེ་རེ་ཙམ་འོང་༔ རྙིང་མ་རང་ལུགས་མངོན་རྟོགས་ཚར་གཅིག་གིས་བདག་མདུན་བུམ་གསུམ་གཏོར་མ་ལྷར་བསྐྱེད་པ་དང་དུས་བཞི་དུས་གཅིག་ལ་བསྐྱེད་པ་ཡིན༔ སྤྱན་འདྲེན་ཡང་དུས་གཅིག་བྱ་བའོ༔ ཡང་བསྡུས་པ་དཀྱིལ་འཁོར་བུམ་པ་སོགས་རང་དང་དབྱེར་མེད་དུ་བདག་བསྐྱེད་གཅིག་པུ་བསྒོམས་ནས་བསྙེན་པའི་ལུགས་བདག་མདུན་ཐ་མི་དད་ཅེས་པ་རྙིང་མ་ལ་ལར་འོང་སྟེ༔ རཏྣའི་རྟ་མགྲིན་ནག་པོ་ལྟ་བུའོ༔ དེ་ཡང་རྡུལ་ཚོན་ཡོད་ན་མདུན་བསྐྱེད་གཙོ་ཆེ་བས༔ མདུན་བསྐྱེད་ཀྱི་མེ་རི་རྡོ་ར་གུར་ཐབས་སུ་བྷོ་ལ༔ མདུན་བསྐྱེད་ཀྱི་ཤར་སྒོའི་དྲུང་དུ་བདག་བསྐྱེད་ཀྱི་དཀྱིལ་འཁོར་བསྒོམ་པའི་མེ་རི་རྡོ་ར་དགོན་པའི་ལྕགས་རི་ལྟར་བྷེ༔ རྡུལ་ཚོན་མེད་པར་རྒྱུན་དུ་བདག་བསྐྱེད་གཙོ་ཆེ་བས༔ བདག་བསྐྱེད་མེ་རི་རྡོ་ར་གུར་ཐབས་སུ་བསྒོམ་པའི་ཤར་སྒོའི་ཁྱམས་དེར་མདུན་བསྐྱེད་དུ་ཡོད་ཀྱི་དཀྱིལ་འཁོར་མེ་རི་རྡོ་ར་ལྕགས་རི་ལྟ་བུར་བྷེ༔ གཏོར་མགྲོན་ཆོས་སྐྱོང་ཐམས་ཅད་ཀྱང་དེར་མགྲོན་ཐབས་སུ་བསྒོམ་སྟེ༔ ཕྱི་རིམ་བར་ཁྱམས་ཁོར་ཡུག་


CMR009_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ བདག་སྐྱོབ་ལྷ་དང་རིག་འཛིན་ལྷ༔ ཞེས་སོགས་གསུངས་པའི་དོན་ཏེ་དོན་འདི་དག་གནད་ཆེན་པོ་ཕལ་གྱིས་རྟོགས་དཀའ་བ་ཡིན་ནོ༔ དགོས་ཆེད་ཅི་ཞེ་ན། བདག་མདུན་སྔགས་འཁོར་དུས་བར་དུ་རྡོ་ར་མེ་རིས་མི་ཆོད་པའི་གནད་ཡོད་དོ༔ དེ་ནས་དྲག་པོ་ལ་གོ་ཆའི་ལྷ་བྷེ་ཞོར་དབང་བསྐུར་སོང་སྟེ༔ བདག་ལ་དབང་བསྐུར་བྱིན་གྱིས་རློབས༔ ཞེས་སོགས་ཀྱིས་ལན་གསུམ་བྱིན་རླབས་རྒྱས་པ་དང་དབང་བསྐུར་སོང་༔ ཞི་བ་ལ༔ ལྷ་ཐམས་ཅད་ཀྱི་གནས་གསུམ་ཡི་གེ་གསུམ་བསྒོམ་པ་དང་༔ དབུ་རྒྱན་ནང་དུ་རིགས་ལྔ་བཞུགས་པས་དབང་རྫོགས་པར་བསྒོམ་སྟེ༔ སྐུ་གསུང་ཐུགས་ཀྱིས་བྱིན་རློབས་ལ༔ ཡེ་ཤེས་ལྔའི་དབང་སྐུར་ཅིག༔ ཞེས་སོགས་ཀྱི་དོན་ནོ༔ ༈ དེ་ནས་བདག་མདུན་བུམ་ལྷ་སོ་སོའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་༔ ཟངས་མདོག་དཔལ་རི་སོགས་སུ་བཞུགས་པའི་ཐུགས་ཀར་ཕོག་པས་སྔོན་གྱི་ཐུགས་དམ་རྗེས་སུ་དྲན་ཏེ་དུར་ཁྲོད་ཀྱི་རྒྱན་དང་དར་གྱི་ཅོད་པན་རོལ་མོ་དང་འཛབ་སྒྲ་དི་རི་རི་ནམ་མཁའ་ལ་སྤྲིན་གཏིབས་པ་ལྟར་བྱོན་པར་བྷོ་ཞིང་སྤྱན་འདྲེན་བྱ༔ དེ་ནས་བཞུགས་


CMR009_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བརྗོད་པས་དམ་ཚིག་པ་ལ་དབྱེར་མེད་དུ་ཐིམ་ནས་བཞུགས་པར་དམིགས༔ དེ་ནས་ཕྱག་འཚལ་བ་བདག་གིས་མདུན་ལ་ཨ་ཏི་པཱུ་ཧོ་ཞེས་འཚལ་བས༔ མདུན་བསྐྱེད་ཀྱིས་པྲ་ཏི་ཛ་ཧོ༔ཞེས་ཕྱག་ལེན་མཛད་པར་བསྒོམ་པ་ཡང་མོད་ཀྱི༔ འདིར་རང་གི་ཐུགས་ཀ་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་གྲངས་མེད་དཔག་ཏུ་མེད་པ་སྤྲུལ་ཏེ༔ བདག་མདུན་བུམ་པ་གཏོར་མའི་ལྷ་ཚོགས་ཐམས་ཅད་ལ་སོ་སོར་ཕྱག་འཚལ་བར་བསྒོམ༔ དེ་ནས་མཆོད་ལྷ་མེ་ཏོག་བདུག་སྤོས་སོགས་སྔར་ནས་བྱིན་རླབས་པ་དེ་དག་གིས་སྤྱན་ཤངས་སོགས་སོ་སོར་མཆོད་དེ༔ མཆོད་མཁན་ལྔ་ཡང་ལྷ་རྣམས་ཀྱི་དབང་པོ་ལྔ་ལ་ཐིམ་པས་ཟག་མེད་ཀྱི་བདེ་བས་དགྱེས༔ གཟུགས་སྒྲའི་ལྷ་མོ་ཡང་དེ་བཞིན་ནོ༔ རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་གྲངས་མེད་སྤྲོས་པས་སྨན་བདུད་རྩིའི་རྒྱ་མཚོ་དང་༔ གཏོར་མ་བདུད་རྩིའི་རྒྱ་མཚོ་དང་༔ རཀྟ་རྣམས་བྷནྡྷའི་སྐྱོགས་ཀྱིས་བཅུས་ལ་བདག་མདུན་འཁོར་བཅས་སོ་སོར་མཆོད༔ འདི་སྐབས་སྔ་རབས་པ་ཁ་ཅིག་སྨན་མཆོད་དུ་གཏོར་བསྔོས་སྦྱར་བ་སོགས་བྱེད་པར་སྣང་ཡང་༔ འདིར་གཞན་མ་སྦྱར་ནས༔ གཏོར་བསྔོས་རྒྱས་པ་གསར་རྙིང་བསྲེ་མ་ལོགས་སུ་བྱ་བ་གམ་གཙང་༔ གཏེར་


CMR009_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་བཅོས་པ་འཕང་བས་སོ༔ རྒྱས་པར་སྤྲོ་ན་སྨན་མཆོད་མཚན་དོན་སྦྱར་གསུངས་པ་ལྟར་སྦྱར་ན་རུང་སྟེ༔ ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ལོངས་སྐུ་ཐུགས་རྗེ་ཆེན་པོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ སྤྲུལ་སྐུ་པདྨ་འབྱུང་གནས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ གཏེར་སྟོན་རཏྣ་གླིང་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ རྒྱལ་སྲས་ཚེ་དབང་གྲགས་པའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ རྗོད་པ་ཤཱཀྱ་བཀྲ་ཤིས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ མཁར་དྲུང་བསོད་ནམས་བཀྲ་ཤིས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ དྲིན་ཅན་རྩ་བརྒྱུད་བླ་མའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཞི་བ་ལ། བླ་མ་སྐུ་ལྔ་མཚན་བརྒྱད་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཡི་དམ་རྟ་ཕག་ཡབ་ཡུམ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ མཁའ་འགྲོ་གིང་བཞི་ལྕམ་དྲལ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཆོས་སྐྱོང་མ་ནིང་ལྕམ་དྲལ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ གཏེར་སྲུང་མཁའ་རི་ལྕམ་དྲལ་ཞལ་དུ་


CMR009_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ དྲག་པོ་ལ། ཡི་དམ་དབང་དྲག་པདྨའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཆོས་བདག་མཁའ་འགྲོ་སྡེ་ལྔའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཆོས་སྐྱོང་སེང་གདོང་ལྕམ་དྲལ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ བཀའ་སྲུང་སྤུ་གྲི་མཆེད་གསུམ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ གཏེར་སྲུང་དགེ་བསྙེན་སྨྱོ་ཁའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ ཅེས་སྦྱར་རོ༔ གཏོར་བསྔོས་ཉུང་དུ་བཙུད་ན༔ མ་ཧཱ་བ་ལིངྐ་ལ་ཁཱ་ཧི་མཚམས་དེར་འཛུད༔ སྦྱོར་མཆོད་ཀྱི་ཚེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིག་མ་རྣམས་ལྷ་སོ་སོའི་ཡུམ་ལ་ཐིམ་ནས་ཟག་མེད་ཀྱི་བདེ་བས་ཐུགས་བལྟར་བར་བྷེ༔ སྒྲོལ་མཆོད་རང་དོན་ཡིན་ན་བདག་མེད་པའི་ལྟ་བའི་སྟེང་དུ་ཡུད་ཙམ་བཞག། གཞན་དོན་ཡིན་ན་བདུད་བཞི་ལོག་འདྲེན་ཐམས་ཅད་རང་གི་ཐུགས་ཀ་ནས་ཁྲོ་བོ་ཁྲོ་མོ་ནམ་མཁའ་གང་བར་སྤྲོ་བའམ༔ འོད་ཟེར་དམར་ནག་ལྕགས་ཀྱུ་ལྟ་བུས་བཀུག་ལ་ཁྲོ་བོ་རྣམས་ཀྱི་ཞལ་དུ་བསྟིམས་པས༔ ལུས་ཡེ་ཤེས་ཀྱི་བདུད་རྩིར་ཟགས་པ་གསོལ༔ རྣམ་པར་ཤེས་པ་ཐུགས་ཆོས་ཉིད་ཀྱི་ཀློང་དུ་བསྟིམ་མོ༔ བསྟོད་པའི་ཚེ་རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་


CMR009_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་དྲུག་ཅུའི་དབྱངས་དང་ལྡན་པ་དཔག་མེད་སྤྲུལ་པ་དང་༔ ཚངས་པ་བརྒྱ་བྱིན་སོགས་རང་རང་འཇིག་རྟེན་སྐྱོང་བ་རང་རང་གི་དཔུང་དང་བཅས་པ༔ རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱང་མགྲིན་གཅིག་ཏུ་བསྟོད་པས་ཁམས་གསུམ་སྲིད་གསུམ་གྱི་གཙོ་བོ་མཆོག་དམ་པར་མངའ་གསོལ་བར་བསྒོམ་སྟེ༔ མཆོད་བསྟོད་དེ་དག་བདག་མདུན་བུམ་གསུམ་གཏོར་ལྷ་དང་བཞི་ཀ་ལ་དུས་གཅིག་ཏུའོ༔ དེ་ལྟར་སྔོན་འགྲོ་དང་དངོས་གཞིའི་ཆོ་ག་ལ་ཚིག་ཆད་ལྷག༔ ཏིང་ངེ་འཛིན་ཐང་ལྷོད་ཤོར་བ་རྣམས་བཤགས་པར་བསམས་ལ་བཤགས་ཚིག་དང་ཡིག་བརྒྱས་ཁ་བཀང་བ་ཡིན་ནོ༔ འཛབ་དགོངས་ནི་ཞི་བ་ལ་འཛབ་དགོངས་གུད་དུ་ཡོད་པ་ལྟར་བསྒོམ་ཞིང་བཟླས༔ དྲག་པོ་ལ་སྒྲུབ་གཞུང་སོ་སོའི་ལྟར་རམ༔ ལས་བྱང་ཁོ་ནའི་དབང་དུ་ན༔ སྤྱི་བོའི་ཐོད་ཕྲེང་རྩལ་མངོན་རྟོགས་ཟུར་འགེབ་ནང་གི་ཚིག་དོན་བསྒོམས་ལ་ཐོད་ཕྲེང་རྩལ་བརྒྱའམ་ཅི་ལྕོགས༔ བདག་བསྐྱེད་རྐྱང་པ་ལ་བདག་གི་ཐུགས་ཀ་ནས་སྔགས་ཕྲེང་ཡུམ་གྱི་ཞལ་དུ་ཞུགས༔ ཐུགས་རྒྱུད་བསྐུལ༔ བྷ་ག་ནས་རྡོ་རྗེའི་སྒྲུབ་ནས་རང་གི་ཐུགས་ཀར་ཐིམ་པའམ༔ བདག་གི་ཞལ་ནས་མདུན་བསྐྱེད་ཞལ་དུ་ཞུགས༔


CMR009_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལུས་བརྒྱུད་ཐུགས་དམ་རྒྱུད་བསྐུལ༔ ལྟེ་བ་ནས་རང་གི་ལྟེ་བར་ཞུགས༔ ཕར་མཆོད་པ་དང་ཚུར་དངོས་གྲུབ་སྩོལ་བའི་ཚུལ་དུ་ཨ་ཙིག་བཟླས༔ གོ་ཆའི་ལྷ་སོ་སོ་བསྙེན་ཚེ་ཟུར་འགེབ་ནང་གི་རྒྱུད་ཚིག་གི་དམིགས་པ་དེ་སྦྱར་ལ་ཅི་ལྕོགས་བཟླས༔ ཨ་ཡ་མ་སྡེ་བརྒྱད་སྲོག་སྔགས་དུས་མེ་དབལ་ལྕགས་སྡིག་གྲངས་མེད་སྤྲོས་ཏེ༔ མེ་དབལ་གྱིས་ཐོ་བས་བརྡུང་༔ མེ་དཔུང་གིས་བསྲེགས༔ ལྕགས་སྡིག་གིས་ལྗིབ་ལྗིབ་ཟོས་པར་དམིགས༔ སྡེ་བརྒྱད་ལས་ལ་བསྐུལ་བ་ནི༔ དཀྱིལ་འཁོར་གྱི་ཕྱི་དུར་ཁྲོད་ནང་གི་བར་ཁྱམས་དེར་ཕྱོགས་མཚམས་བརྒྱད་དུ་སྡེ་བརྒྱད་གཏེར་རྙིང་གི་བསྟོད་པ་ལྟར་རང་རང་གི་འཁོར་སོ་སོའི་རིགས་ཐམས་ཅད་ཀྱིས་བསྐོར་བ་ལ་རང་གི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་ཕྲིན་ལས་གང་བསམ་ཐོགས་མེད་དུ་སྒྲུབ་པར་དམིགས་ལ༔ སྡེ་བརྒྱད་ཤམ་བུའི་མཇུག་ཏུ་ཤཱནྟི༔ པུཊྚི༔ པ་ཤང་༔ མཱ་ར་ཡ་སོགས་ཤམ་བུ་བཏགས་ཏེ་བཟླས་ལ༔ ཆད་མདོའི་སྐབས་སུ་གཏོར་མ་ཆད་མདོ་ལྟར་ཕུལ་བ་རྣོ་སོ་སྡེ་བརྒྱད་ཀྱི་ཤམ་བུ་ཆེས་ཟབ་ལ་མྱུར་རོ༔ རྒྱུད་སྡེའི་བཞེད་པ་རྣལ་འབྱོར་པ་རྩེ་གཅིག་ཉམས་ལེན་ལ་ཡི་དམ་རེ་རེ་དང་དེའི་ཆོས་སྐྱོང་གང་ཡིན་མ་གཏོགས་མང་དུ་བྱ་བར་མ་


CMR009_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ལ༔ དེང་སང་གྲོང་ཆོག་པས་ཡི་དམ་ཆོས་སྐྱོང་མང་པོ་འདོན་དར༔ དེ་ཡང་མི་འགལ༔ བདེ་གཤེགས་གཅིག་གི་དཀྱིལ་འཁོར་ལ༔ བདེ་གཤེགས་ཀུན་གྱི་ལས་གཞུང་བསྲང་༔ བདེ་གཤེགས་གཅིག་སྒྲུབ་ཀུན་གྱི་ངང་༔ ཞེས་ཡི་དམ་སྤང་བླང་མི་འོང་བའི་གདམས་པ་ལ་ཡང་༔ ཨ་ནུ་དང་ཨ་ཏིའི་རྣལ་འབྱོར་ཡིན་ན་ཡི་དམ་སྔ་མ་གནས་འགྱུར་ཕྱི་མ་སྐད་ཅིག་ལ་གསལ་གདབ་པས་ངོ་བོ་གཅིག་ལ་རྣམ་པ་ཐ་དད་དུ་བྱེད༔ མ་ཧཱ་ཡོ་ག་ལྟར་ན་རྩ་བའི་ཡི་དམ་བདག་བསྐྱེད་དེ་གར་བཞག་ལ༔ དེའི་ཐུགས་ཀ་ནས་བདག་ཉིད་ཐོན་ནས་དེའི་དཀྱིལ་འཁོར་གྱི་གཡས་གཡོན་རྒྱབ་ཏུ་ཡི་དམ་མང་པོའི་དཀྱིལ་འཁོར་བསྒོམ་ཞིང་ཐམས་ཅད་བདག་ཉིད་ཡིན་པར་མོས༔ མདུན་བསྐྱེད་ཀྱི་རྩབའི་དཀྱིལ་འཁོར་གྱི་རང་བདག་བསྐྱེད་ཀྱི་དཀྱིལ་འཁོར་གྱི་མདུན་ངོས་བར་ཁྱམས་སུ་མདུན་བསྐྱེད་ཀྱི་དཀྱིལ་འཁོར་མང་པོ་དང་ཆོས་སྐྱོང་མགྲོན་ཐབས་མང་དུ་རིམ་པར་བསྐྱེད་ཅིང་སྤྱན་འདྲེན་མཆོད་བསྟོད་བཟླས་པ་སོ་སོར་བྱས་ལ༔ ཚོགས་བསྐང་བ་གཏོར་འབུལ་ཕྱོགས་གཅིག་ཏུ་བསྡུས་ཤིང་བྱས་པ་ལེགས་ཏེ་གནད་ཟབ༔ དེ་མ་ཤེས་ན་བདག་བསྐྱེད་གཅིག་མ་བསྡུས་པར་གཅིག་བསྐྱེད་མི་རུང་


CMR009_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཤིང་བསྐྱེད་ན་ཚོགས་གཏོར་འབུལ་སོ་སོར་དགོས་པས་མི་ཐུབ༔ ལས་བྱས་ན་སྔ་མ་མི་ཚང་བའོ༔ ༈ དེ་ནས་ཚོགས་བྱས་ཏེ་བྷི་བྱ་གཞུང་ན་གསལ་བ་ལྟར་ལས༔ ཚོགས་བདུད་རྩིའི་རྒྱ་མཚོ་ལ་རླངས་པ་གཟུགས་སྒྲ་དྲི་རོ་སོགས་མཆོད་ལྷ་མང་པོས་ལྷ་སོ་སོར་འདོད་ཡོན་སྣ་ཚོགས་མཆོད་པའོ༔ ཚོགས་ཕུད་གཏོར་མ་གསོས་ནས་གཏོར་བསྔོས་རྒྱས་པར་བྱེད་ན་གསར་མ་ཕལ་ཆེར་མཐུན་པས་རྙིང་མ་ལའང་རུང་༔ ཡང་ན་ལས་བྱང་གཏོར་མའི་སྐབས་སུའམ༔ གཏོར་བསྔོས་ཤིན་ཏུ་རྒྱས་པ་ཡོད་ན་ཡི་དམ་ཐམས་ཅད་ཚར་རྗེས་བླ་མ་ཡི་དམ་གཏོར་བསྔོས་བྱ༔ ཆོས་སྐྱོང་སོ་སོར་འདོད་པས་འཐུས་སོ༔ ཆོས་སྐྱོང་གཞུག་ཏུ་ཕྱི་རྒྱུད་པའི་དཀར་གཏོར་གཅིག་ཕུགས་གཏོར་གྲལ་འཇོག་ཅིང་རྒྱུན་དུ་གཞི་བདག་སྤྱི་ལ་བསྔོ་བ་རྙིང་མ་ཕལ་ཆེར་གྱིས་བྱེད་པ་ལ༔ ས་སྐྱ་པས༔ གཞི་བདག་གསང་སྔགས་ཀྱི་དབང་ཐོབ་ངེས་པ་ལ་དེ་རུང་གི༔ གཞི་བདག་ཐ་མལ་པ་ནང་མཆོད་ཀྱིས་བྲན་མི་རུང་ན༔ ནང་ཕུགས་གཏོར་གྲལ་འཇོག་ག་ལ་རུང་སྟེ༔ གསང་སྔགས་སྤྱོད་པ་ལྟར་མི་རུང་བའི་ཕྱིར་རོ་ཞེས་བཀག་ནའང་༔ དེ་ལ་གཞི་བདག་སོ་སོ་ཐ་མལ་པའི་གཟུགས་ལ་དེ་བདེན་ནའང་༔ རིགས་དྲུག་གི་སེམས་


CMR009_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་ཀྱང་ཡི་དམ་གྱི་ལྷར་གསལ་བཏབ༔ བྱ་སྤྱོད་རྣལ་འབྱོར་སོགས་རྒྱུད་སྡེ་ཐམས་ཅད་ཀྱང་ངོ་བོ་རང་གི་ཡི་དམ་དེ་དང་དབྱེར་མེད་དེའི་འཁོར་ལྷར་བྱས་གཞི་བདག་ཀྱང་ཡི་དམ་ལྷའི་རྣམ་པར་གསལ་བཏབ་པའི་སྐབས་ཡིན་པས༔ གསང་སྔགས་ནང་གཏོར་ལ་ཡང་ཡི་དམ་ཆེན་པོ་བྱ་བའི་རྒྱུད་སྤྱོད་པའི་རྒྱུད་ཅེས་སོགས་མཆོད་པ་རྒྱུད་སྡེ་སོ་སོར་མ་ཕྱེས་པར་ནང་གཏོར་འབུལ་རུང་བར་མཛད་འདུག་ཅིང་༔ གཞི་བདག་ཕྱི་རྒྱུད་གཏོར་མ་ཡང་ཕུགས་གཏོར་འཇུག་ཏུ་བཞག་ཆོག་པའི་གནད་འདི་མ་གོ་ན་གུ་དོག་པོར་འོང་སྟེ༔ རྒྱུད་སྡེ་གོང་འོག་གཏོར་མ་སོ་སོར་བཤམས་པ་དཀའ་འོ༔ དཀར་གཏོར་ནང་མཆོད་ཀྱིས་མི་བྲན་པ་སྔོན་འགྲོའི་གཏོར་མ་ཡིན་གྱི༔ ཕྱི་རྒྱུད་ལ་ཀུན་གྱིས་བྲན་པ་མཐོང་བ་བརྒྱུད་པའོ༔ དེ་ནས་བར་པ་བཤགས་པས་བསྐང་བ་གསོ༔ བསྐང་གཏོར་མེད་ན་ཡི་དམ་གསོ་ལ་བསྐང་བ་རྒྱས་བསྡུས་གང་རིགས་འདོན་པ་དང་བཤགས་པ་རྒྱས་བསྡུས་ཅི་རིགས་འདོན་དེ་ནས་བསྒྲལ་ཆོག་གཏོར་ཟློག་ཡོད་ན་བསྒྲལ་ལས་རྒྱས་པ་བྱ་ཟློག་པ་འདོན༔ མེད་ན་གཞུང་གི་ཉུང་ངུ་བྱས་ལ་མཁའ་འགྲོ་གསོ་ལ་བསྟབ༔ སྐབས་འདིར་དབང་དང་གྲིབ་སེལ་སོགས་


CMR009_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གང་དགོས་སྦྱར༔ དེ་ནས་ཚོགས་རོལ་ཚེ་ལུས་ཀྱི་གོ་ཆའི་ལྷ་རྣམས་གསལ་བས༔ ཁ་རོང་བྱུང་གི་ཐབ་ཁུང་༔ ཕོ་བའི་མེ་རང་བྱུང་གི་མེ༔ ལྕེ་མེ་ལྕེ༔ ལག་པ་དགང་གཟར་བླུག་ཡིན་སྙམ་དུ་ཤེས་པར་བྱ་བའམ༔ དེར་བསྒོམ་དགོས་པ་ཡང་མིན་ཏེ་ལུས་ལྷར་མཆོད་པས་ཚོགས་རོལ༔ ལྷག་མ་རྣལ་འབྱོར་པ་དམ་ཚིག་ཅན་ཁོ་ན་ཐམས་ཅད་ཀྱིས་བསྡུས་ནས་ཁ་ཕྲུ་འདེབས་པ་སོགས་གསུངས་ཀྱང་༔ དེང་སང་དམ་ཚིག་ཅན་ཁོ་ན་དཀོན་པས༔ དང་པོ་ནས་གཙང་ལྷག་བཞག་ལ་ནང་མཆོད་ཀྱིས་བྲན་པ་ལེགས༔ དེ་ཅིའི་ཕྱིར་ན་ལྷག་མའི་བདག་པོ་ཡང་དཔལ་ལྡན་ལྷ་མོ་དང་དུར་ཁྲོད་བརྒྱད་ཀྱི་ཌཱཀྐི་དབང་ཕྱུག་ཉེར་བརྒྱད་བརྟན་མ་བཅུ་གཉིས་སོགས་ཡིན་པས༔ དེ་རྣམས་ལ་རང་གི་ཟས་ལྷག་དང་ཁ་ཕྲུ་སོགས་བསྔོ་ཆོག་པའི་དམ་ཚིག་དང་ཉམས་རྟོགས་ཡོད་དམ་སོམས༔ དེང་སང་རྩ་བ་བཞི་ལ་སྐྱོན་མེད་པ་དང་༔ བླ་མ་དང་མ་འཁོན་ཙམ་ལ་དམ་ཚིག་ཡོད་པར་བརློམ་ཡང་༔ དམ་ཚིག་བསྲུང་བྱའི་གྲངས་ཀ་ཙམ་ཡང་ཡིད་ལ་གསལ་ལམ༔ ཉམས་མ་ཉམས་རང་གིས་ཀྱང་ཚོད་ཡོད་དམ་ཞེས་རང་རྒྱུད་ལ་བརྟག་པར་བྱའོ༔ དམ་ཚིག་མེད་པའི་ཁ་ལྷག་མཁའ་འགྲོས་མི་འདོད༔ མི་འདོད་བཞིན་བསྔོས་


CMR009_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ན་རིམས་ནད་ཆེན་པོ་འོང་བའི་རྒྱུ་ཡིན་ནོ༔ དམ་ཚིག་ཅན་གྱི་ལྷག་མ་ནི་དམ་ཚིག་གཅིག་ཏུ་བསྲེ་ཕྱིར་ཕྲིན་ལས་མྱུར་ཏེ༔ དཔེར་ན་འཇིག་རྟེན་ན་མི་མཐོ་དམན་མི་མཉམ་པས་བལྟར་པ་བྱེད་པ་ལྟ་བུའོ༔ མི་ངན་ཕལ་པས་རྒྱལ་པོ་ཆེན་པོ་ལ་བལྟར་པ་བྱས་ན་ཅི་ལྟར་མཆིས་བྷེ༔ དེང་སང་སྔགས་ནག་དམ་ཚིག་རྨི་ལམ་དུ་ཡང་མི་དྲན་པ་ཕལ་གྱིས་ཆང་གི་ཁ་ཕྲུས་ལྷག་མ་བྲན་པ་དང་༔ ཁྲོམ་ཉོག་གི་གླུད་ཟན་དྲིལ་བའི་ལྷག་མ་བསྡུས་ཏེ་བསྔོ་བ་མཚར་ཆེའོ༔ དལ་ཡམས་ཆེན་པོ་འགའི་རྒྱུར་མ་གྱུར་ཅིག་སེམས་སོ༔ ལྷག་མ་བསྔོ་ཡུལ་མདུན་བསྐྱེད་ཀྱི་དུར་ཁྲོད་བརྒྱད་ལ་གནས་པ་དེ་དང་དོན་གཅིག་ནའང་༔ འདི་སྐབས་ཕྱིའི་དུར་ཁྲོད་བརྒྱད་དང་གནས་ཡུལ་རྣམས་སུ་གནས་པ་རྣམས་ཏེ༔ རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུས་སྤྱན་དྲངས་ཏེ་དཀྱིལ་འཁོར་གྱི་བར་ཁྱམས་སུ་གནས་པས་ལྷག་གཏོར་ཁྱེར་ཏེ་རང་གནས་སུ་སོང་བར་དམིགས་སོ༔ སྐབས་འདིར་དཀར་གཏོར་བྱིན་རླབས་ལ་གཞི་བདག་དང་དཀར་ཕྱོགས་ཤ་ཁྲག་མི་བཞེས་པ་ལ་བསྔོ༔ དམར་གཏོར་ལ་བཀུག་གཞུག་བྱས་ལ་འདིར་ཆོས་སྐྱོང་ཐམས་ཅད་དང་༔ སྤུ་གྲི་སྨྱོ་ཁ་སོགས་དང་༔ ཆད་མདོ་ནི་དཀར་གཏོར་


CMR009_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དམར་གཏོར་གཉིས་ལ་བསྔོས་ལ་གང་དགྱེས་གསོལ་བར་དམིགས་ལ༔ སྣང་ཞིང་སྲིད་པའི་ཆོས་སྐྱོང་གང་བྱེད་བསྐུལ་ཐུང་དང་༔ ཟློག་པ་ཚིགས་བཅད་དང་བཅས་ཕུལ་ལོ༔ དེ་ནས་རྗེས་རྣམས་ཐུགས་སྒྲུབ་སོགས་སྤྱི་ལྟར་ཏེ༔ རྗེས་ཆོག་གི་མཆོད་བསྟོད་ཉུང་ངུ་ནི་གསར་མ་ལ་མེད་ཁ་མེད་དུ་དགོས་ལ༔ རྙིང་མའི་རྗེས་ཆོག་ལ་བཤད་པ་ཆེར་མེད་པས་བྱས་ཀྱང་རུང་༔ མ་བྱས་ཀྱང་ཆད་པའི་སྐྱོན་མེད་དོ༔ དེ་ཡང་གསར་མའི་ལུགས་ལ་ཞག་གཅིག་བསྐྱེད་རིམ་རྫོགས་རིམ་དུ་མ་བསྡུས་པར་ལུས་ན་རྟག་པ་ཐེར་ཟུགས་སུ་གོལ་བའི་ལྟུང་བར་བཤད༔ བྱ་སྤྱོད་རྒྱུད་ལ་ཞག་གཅིག་ལ་ཡེ་ཤེས་པ་མ་གཤེགས་པར་བཞག་ན་ལྟུང་བར་བཤད་ཀྱང་༔ གསར་མ་བླ་མེད་ཕལ་ཆེར་ཡང་བདག་བསྐྱེད་ཡེ་ཤེས་གཤེགས་པར་གསུངས་ཀྱང་༔ རྙིང་མའི་ལུགས་ལ་བྱང་ཆུབ་མ་ཐོབ་བར་དུ་བདག་བསྐྱེད་ཡེ་ཤེས་པ་མི་གཤེགས་པར་ཕྱག་རྒྱ་སྒོ་བཅད་དུ་སྒྲུབ་པ་ཞེས་བྱ༔ མདུན་བསྐྱེད་བུམ་བསྐྱེད་ཀྱང་སྒྲུབ་པ་དེ་མ་ཚར་བར་དུ་མི་གཤེགས་པར་ཡང་ཡང་གསལ་འདེབས་ཤིང་ཡེ་ཤེས་པ་བསྟིམ༔ སྒྲུབ་པ་ཚར་དུས་ཀྱང་རྟེན་ཡོད་ན་དེ་ལ་བསྟིམ་མེད་ན་གཤེགས་པའོ༔ བདག་བསྐྱེད་ནུབ་མོ་ཐུན་བསྡུ་དུས་མཐའ་ནས་དབུས་ཡལ་


CMR009_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་འོད་གསལ་དུ་ཞུགས་ནས་ཉལ་བ་ཡང་ཡིན་མོད་ཀྱི༔ བསྐྱེད་རིམ་ངང་ནས་ངོ་བོ་ཕྱག་ཆེན་གྱི་སྟེང་དུ་མཉམ་པར་བཞག་པས་བསྐྱེད་རྫོགས་ཟུང་དུ་འཇུག་སྟེ་མཐའ་ནས་དབུས་ཡལ་སོགས་བློས་བྱས་ཀྱི་སྟོང་ཉིད་ལས་ཁྱད་དུ་འཕགས་པའོ༔ བསྐྱེད་རིམ་ཡང་ངོ་བོ་སྟོང་པ་བར་སྣང་གི་འཇ༢༔ རང་བཞིན་གསལ་བ་ངོས་བཟུང་མེད་པ་ཆུ་ཟླ་གསལ་ལ་སྤུ་རིས་དོད་པ་མེ་ལོང་གི་གཟུགས་ལྟར་བསྒོམ་པ་ནི་ཁག་ཆེའོ༔ ཞེས་པ་འདི་བླ་མ་རྡོ་རྗེའཛིན་པ་པྲ་བས་བསྐུལ་བར་བརྟེན༔ འཕྲལ་དུ་གང་དྲན་བྲིས་ཤིང་ཆོས་མཐུན་གྱི་རྣམ་གཡེང་མང་ཕྱིར་དཔེ་སོགས་མ་བལྟས་པས༔ འགལ་འཁྲུལ་ཉེས་པ་མཆིས་ན་མཁས་མཆོག་རྣམས་ཀྱིས་བཟོད་པར་མཛད་དུ་གསོལ༔ ཞེས་སྔགས་འཆང་ཨ་རཱ་གས་སྦྱར་བ་མངྒ་ལཾ། ཁམས་སྟོད་ནང་ཆེན་བཟོ་རིག་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གུ་རུ་དྲག་པོ་མེ་རླུང་འཁྱིལ་བའི་ལས་བྱང་གི་དམིགས་རིམ་རིག་སྔགས་འཆང་བའི་རྣལ་འབྱོར་པ་ཨ་རཱ་གས་སྦྱར་བ།


CMR009_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོ་མེ་རླུང་འཁྱིལ་བའི་ལས་བྱང་གི་དམིགས་རིམ་རིག་སྔགས་འཆང་བའི་རྣལ་འབྱོར་པ་ཨ་རཱ་གས་སྦྱར་བ་བཞུགས་སོ།།


CMR009_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་ཀྲོ་ཏ་ཡེ། ལས་བྱང་རྒྱུན་ཁྱེར་དུ་བྱ་ཞིང་རྒྱུན་བསྙེན་བྱ་བའམ། མཚམས་བྱེད་ན་ཐུན་བཞི་ལ། ལས་བྱང་བཏང་ནས་བསྙེན་ཡང་རུང་སྟེ། ལས་བྱང་གི་མངོན་རྟོགས་ལ་གོ་ཆའི་ལྷ་རྒྱས་བསྡུས་གང་རུང་སྦྱར་བ་ཁོ་ནས་ཆོག །ཁྲོ་རྒྱལ་སྟོབས་འདུས་སོགས་ཁ་སབ་མི་དགོས་ཏེ། མངོན་རྟོགས་ཚར་གཅིག་གིས་བདག་བསྐྱེད་དཀྱིལ་འཁོར་ཆ་ཚང་། མདུན་གྱི་ཡི་དམ་གཏོར་མའི་སྟོད་ཆར་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ཆ་ཚང་དུས་གཅིག་ལ་བསྐྱེད་དོ། །དེའང་བདག་བསྐྱེད་ཀྱི་དཀྱིལ་འཁོར་གྱི་ཕྱི་རྡོ་ར་མེ་རི་ཁ་སྦྱོར་ནང་དུར་ཁྲོད་ཀྱི་ནང་དེར་མདུན་བསྐྱེད་ཀྱི་དཀྱིལ་འཁོར་དུ་ཡོད་གཏོར་མགྲོན་ཐམས་ཅད་བསྒོམ་པ་སྟེ། བདག་བསྐྱེད་ཀྱི་རྡོ་ར་མེ་རི་ནི་གུར་ཕུབ་པ་ལྟ་བུའི་ནང་། མདུན་བསྐྱེད་ཀྱི་རྡོ་ར་མེ་རི་ནི་ལྕགས་རི་ལྟ་བུར་


CMR009_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཧད་པོར་བསྒོམས་ལ། བདག་མདུན་དཀྱིལ་འཁོར་གྱི་སོ་སོའི་ལྡིང་ཁང་ནས་བདག་མདུན་གྱི་གཙོ་བོའི་ཞལ་ཐད་ཀར་ཡོད་པར་བསྒོམ་མོ། །སྤྱན་འདྲེན་དུས་ཡེ་ཤེས་པོ་ཁ་བ་བུ་ཡུག་ལྟ་བུར་བདག་མདུན་སོ་སོ་ལ་བསྟིམ་ཞིང་། བདག་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་གྲངས་མེད་པ་སྤྲོས་ནས་བདག་མདུན་སོ་སོ་ལ་མཆོད་པ་འབུལ། བསྟོད་དབྱངས་རོལ་མོ་དང་བཅས་པས་བསྟོད་པ་བྱེད་པར་བསྒོམས་ལ་ངག་ཏུ་སྤྱན་འདྲེན་མཆོད་བསྟོད་ཚར་གཅིག་གིས་བདག་མདུན་ཆོ་ག་གཅིག་ཆོག་འགྲུབ་བོ། །དེ་ནས་བསྙེན་པའི་དུས་སུ། རང་དྲག་པོར་གསལ་བའི་སྤྱི་གཙུག་ཁྱུང་གི་རྭ་བར་ནོར་བུའི་སྟེང་པདྨ་འདབ་མ་སྟོང་ལྡན་གྱི་ལྟེ་བར་ཚེ་དཔག་མེད། འདབ་མ་སྟོང་ལ་བསྐལ་བཟང་གི་སངས་རྒྱས་སྟོང་


CMR009_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

སེར་ལྟེམ་མེར་བསྒོམ། ཚེ་དཔག་མེད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿ དེ་ལ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པས། རང་གི་བླ་ཚེ་འཁྱམས་པ་དང་ལྷ་འདྲེས་ཁྱེར་བ་དང་འབྱུང་བ་ལྔའི་བཅུད་དང་སྣང་སྲིད་ལྷ་ཀླུ་མིའི་ཚེ་བསོད་ནམས་སངས་རྒྱས་བྱང་སེམས་ཀྱི་ཚེའི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱིས་བསྡུས་ཕྱག་གི་བུམ་པར་ཞུགས་ནས། འཆི་མེད་བདུད་རྩིར་གྱུར་པ་ཁོལ་ཞིང་ལུད་ནས་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་གང་རིག་འཛིན་ཚེའི་བར་ཆད་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་སོལ་ཁུ་ལྟར་འོག་སྒོ་དང་རྐང་མཐིལ་ནས་ཐོན་པ་ས་འོག་ཏུ་སོང་བས། ལས་ཀྱི་གཤིན་རྗེ་ཁ་གདངས་པ་ངོམས་ཤིང་ཚིམ། བདག་ལུས་འཆི་མེད་བདུད་རྩིས་གང་བས། འཆི་བ་མེད་པའི་ཚེ་རྡོ་རྗེ་ལྟ་བུའི་སྲོག་ཐོབ་པར་བསྒོམས་ལ། ཨོཾ་ཨ་མི་དྷེ་ཝ་ཨཱ་ཡུ་སིདྡྷི་ཧཱུྃ་བྷིའི་བསྙེན་པ་ཅི་འགྲུབ་བྱས་པས་ཚེ་སྒྲུབ་ཀྱི་མཆོག་སྟེ། སྔགས་འདི་ཐུགས་རྗེ་ཆེན་པོ་གསང་འདུས་སོགས་རྒྱུད་མང་པོ་ནས་གསུངས་པས་ངོ་མཚར་ཆེའོ། །དེ་ནས་རང་གི་སྤྱི་གཙུག་དབུ་སྐྲའི་གསེབ་ཏུ་པདྨ་འབྱུང་གནས་མཐིང་ནག་ཕྱག་གཡས་ཀྱི་གྲུ་མོ་ན་ཐོད་པའི་རྔ་བཀལ་བ་ལས་ཧཱུྃ་སྒྲ་འབྲུག་ལྟར་སྒྲོག་ཅིང་། ཞལ་ནས་ཧཱུྃ་ཕཊ་བློ་དང་ཨཱ་ར་ལིའི་


CMR009_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་བསྒྲགས་པ་ཙམ་གྱིས་རྒྱ་བོད་ཀྱི་རིག་འཛིན་གྲུབ་ཐོབ་དཔའ་བོ་མཁའ་འགྲོ་ཐམས་ཅད་ཤོག་སྐྱ་རླུང་གིས་བསྐྱོད་པ་ལྟར་རང་དབང་མེད་པར་བྱོན་ཏེ་པདྨ་འབྱུང་གནས་ལ་བསྟིམ་ཞིང་བདག་ལ་དབང་བསྐུར་བྱིན་གྱིས་བརླབས་པའི་དགོངས་པ་གཏད། འོད་ཟེར་ཁ་དོག་སྣ་ལྔ་བྱུང་བ་བདག་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས། ཕུང་པོ་ལྔ་གནས་འགྱུར་དུག་ལྔ་རྣམ་པར་དག་ཡེ་ཤེས་ལྔ་རྒྱུད་ལ་སྐྱེ་བས་དབང་རྟགས་ཐོད་སྐམ་ལྔའི་སྟེང་རིན་པོ་ཆེའི་རྩེ་བྲན་གྱི་ནང་དུ་རྒྱལ་བ་རིགས་ལྔ་ཡབ་ཡུམ་ཞལ་སྦྱོར་དུ་བཞུགས་པར་བསྒོམ་ལ་སྔགས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཅི་ནུས་བཟླས་ཏེ། སྔགས་པ་གསར་བུ་ཡིན་ན་མང་དུ་བཟླས་པས་ཞི་བར་བསྙེན་ཞིང་དྲག་པོར་བསྒྲུབ་པ་སྟེ་འཇམ་ཞིང་ནོན་ཆེ་བ་གནད་དམ་པ་སྟེ། སྔོན་དུ་ཞི་བསྙེན་མ་སོང་ཡང་དྲག་པོ་འདོན་རུང་བའི་གདམས་ངག་གོ །དེ་ནས་རང་དྲག་པོའི་ཐུགས་ཀར་གསེར་གྱི་མཆོད་རྟེན། བུམ་པར་ཕྱག་རྡོར། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ། བཛྲ་ཧེ་རུ་ཀའི་ཐུགས་ཀར་རྡོ་རྗེ་རྩེ་ལྔའི་ལྟེ་བར་ཉི་ཟླའི་གའུའི་ནང་དུ། ཉི་མའི་སྟེང་དུ་ཧཱུྃ་དམར་པོའི་མཐར། ཨོཾ་ཨཱཿཧཱུྃ་ཨ་རྩིག་ནི་རྩིག་ན་མོ་བྷ་ག་ཝ་ཏེ་ཧཱུཾ་ཧཱུཾ་


CMR009_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ འབྲུ་ཉི་ཤུ་པ་ཡིག་ངོ་ཕྱིར་བསྟན་པ་གཡས་སུ་འཁོར། ཧཱུྃ་གཡོ་འགུལ་མེད་པའོ། །སྔགས་ཕྲེང་འཁོར་བཞིན་པ་ལས་འོད་ཟེར་འཕྲོས་པས། རྔ་ཡབ་གླིང་དུ་ཨོ་རྒྱན་རིན་པོ་ཆེའི་ཐུགས་ཀར་ཕོག །སྐད་ཅིག་གིས་གུ་རུ་དྲག་པོའི་སྐུར་གྱུར་བ་ལས། དེའི་སྐུ་ལས་གུ་རུ་དྲག་པོའི་སྐུ་ཆེ་ཆུང་སྣ་ཚོགས་པ། གསུང་སྔགས་ཕྲེང་བྱི་རུའི་ཕྲེང་བ་ལྟ་བུ། ཐུགས་གནམ་ལྕགས་ཀྱི་རྡོ་རྗེ་ཁ་གདེངས་པ་ཧཱུྃ་དམར་པོས་མཚན་པ་དཔག་ཏུ་མེད་པ་ཆར་ལྟར་བབས་ནས་རང་གི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པར་བསྒོམ་ཞིང་བཟླ། བདག་བསྐྱེད་རྐྱང་པ་ལ། འཁོར་བཞིན་པ་དེའི་འོད་ཟེར་ལས་སྔགས་ཕྲེང་བྱུང་ནས་རང་གི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས། ཡུམ་གྱི་ཐུགས་རྒྱུད་བསྐུལ། བྷ་ག་ནས་རང་གི་རྡོ་རྗེའི་སྦུབ་ནས་ཞུགས་ཤིང་ཐུགས་ཀའི་ཧཱུཾ་ལ་ཐིམ་པ་དང་། མདུན་བསྐྱེད་ཀྱི་སྐབས་སུ། བདག་གི་ཞལ་ནས་མདུན་བསྐྱེད་གཙོ་བོའི་ཞལ་དུ་ཞུགས། ཐུགས་རྒྱུད་བསྐུལ། གསང་གནས་ནས་རང་གི་གསང་གནས་སུ་ཞུགས་ཐུགས་ཀར་ཐིམ་པར་བསྒོམ་སྟེ། དེའང་དང་པོ་འོད་ཟེར་ཁ་དོག་ལྔ་ལྡན་དུ་བསྒོམས་ནས་དེ་སྔགས་ཕྲེང་དུ་བསྒྱུར་བར་བྱ་སྟེ། མགལ་མེའི་འཁོར་ལོ་ལྟར་དམར་སྒ་


CMR009_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ར་ར་འཁོར་བའོ། །དེ་དག་བདག་མདུན་བར་དུ་འཁོར་ཚེ་མེའི་ཚྭ་ཚྭ་འཕྲོས་པས་གནོད་བྱེད་ཐམས་ཅད་བསྲེགས་པར་བསྒོམས་ལ། སྔགས་ཨ་ཙིག་ཉི་ཤུ་པ་ཁོ་ན་གོང་ལྟར་བཟླའོ། །དེ་ལ་ཚན་ཆེར་བཟླའོ། །དེ་ནས་རང་དྲག་པོའི་དཔྲལ་བའི་འཇམ་དཔལ་གྱི་དཔྲལ་བའི་ནང་དུ་ཨོཾ་དཀར་པོ་ལ་སྔགས་གཡས་སུ་འཁོར་བ་ལས་འོད་ཟེར་དཀར་སེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་ལ་མཆོད་པ་ཕུལ། སྐུ་འགྱུར་བ་མེད་པའི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་འཇམ་དཔལ་ལ་བསྟིམས་པས་འགྱུར་མེད་སྐུའི་དངོས་གྲུབ་ཐོབ་པར་བསྒོམས་ལ། ཨོཾ་ཧྲིལླི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ༔ སྔགས་བཟླའོ། །མགྲིན་པའི་རྟ་མགྲིན་གྱི་མགྲིན་པར་ཨཱཿདམར་པོ་ལ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་དམར་པོ་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་གསུང་ལ་མཆོད་པ་ཕུལ། གསུང་གི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས། མགྲིན་པར་བསྟིམས་པས་འགག་མེད་གསུང་གི་དངོས་གྲུབ་ཐོབ་པར་བསྒོམས་ལ་རྟ་མགྲིན་གྱི་སྔགས། ཨོཾ་པདྨནྟ་ཀྲྀཏ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བཟླའོ། །ཐུགས་ཀར་ཕྱག་རྡོར་གྱི་ཐུགས་ཀའི་སྟོད་དུ་ཡེ་ཤེས་


CMR009_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ། སྨད་དུ་ཧཱུྃ་མཐིང་ནག་ལ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་སྔོན་པོ་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ལ་མཆོད་པ་ཕུལ། ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་སྙིང་གར་བསྟིམས་པས་འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསྒོམས་ལ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ བཟླའོ། །ལྟེ་བའི་མཁའ་འགྲོ་སྡེ་ལྔ་ལས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ལ་མཆོད་པ་འབུལ། ཡོན་ཏན་གྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས། ལྟེ་བར་བསྟིམས་པས་ཡོན་ཏན་རེ་བསྐང་དངོས་གྲུབ་ཐོབ་པར་བསྒོམས་ལ། དྷ་ཀི་ནཱི་ཧ་རི་ནི་ས་ཧཱུྃ་ཕཊ༔ བཟླའོ། །གསང་གནས་ཡཀཱ་མེ་དབལ་ལས་འོད་ཟེར་ལྗང་ནག་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ལ་མཆོད་པ་ཕུལ། ཕྲིན་ལས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་གསང་གནས་སུ་ཐིམ། །ཕྲིན་ལས་འགྲོ་འདུལ་དངོས་གྲུབ་ཐོབ་པར་བསྒོམས་ལ། བཛྲ་ཧཱུྃ། ཡཀྵ་ཧཱུཾ། རཀྵ་ཧཱུྃ༔ བཟླའོ། །སྤྱི་བོའི་ཁྱུང་ལས་ཁྱུང་གྲངས་མེད་པ་ནམ་མཁའ་བར་སྣང་ཁྱབ་པར་འཕྲོས། གནོད་བྱེད་ཀླུ་གདོན་ཐམས་ཅད་ཟོས། གཤོག་གསེབ་ནས་བྱེ་ཚན་གྱི་ཆར་དང་རྡོ་


CMR009_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་སེར་བས་རྡུལ་དུ་བརླག །ལྟས་ངན་བྱད་ཁ་ཐམས་ཅད་རྭ་ཅོས་བརྡུང་། གཤོག་པའི་རླུང་གིས་རྒྱ་མཚོའི་ཕ་རོལ་དུ་བདས། སྡེར་མོས་གཏད་མནན་རྣམས་བྲུས་ནས་ཡེ་ཤེས་ཀྱི་མེས་བསྲེགས་པར་བསྒོམས་ལ། ཨོཾ་ཁྲོ་ག་རུ་ཎ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ༔ བཟླའོ། །མཐར་ཁྱུང་ཐམས་ཅད་སྤྱི་བོའི་ཁྱུང་ལ་བསྡུའོ། །།རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་འཁོར་བཞི་ལ་ཕོག །དེ་བཞི་ལས་རང་འདྲ་བ་དཔག་ཏུ་མེད་འཕྲོས། ཚེ་བདག་གིས་ཕོ་གདོན་གཤིན་རྗེའི་གནོད་པ་ཐམས་ཅད་ཟློག །ཁྲོས་མས་མོ་གདོན་བསེན་མོའི་གནོད་པ་ཐམས་ཅད་ཟློག །སེང་གདོང་མས་བྱད་ཁ་ཐམས་ཅད་ཟློག །རྡོ་རྗེ་གཞོན་ནུས་དམ་སྲིའི་གནོད་པ་ཐམས་ཅད་ཟློག་པ་དང་། ཚར་བཅད་པར་བསྒོམས་ལ། ཡ་མ་རཱ་ཛ༔ བཛྲ་བྷ་ར་ཧི་། བཛྲ་ཀཱི་ལི་ཀཱི་ལ་ཡ༔ བཛྲ་སེདྷ་མུ་ཁ་ཧཱུྃ་ཕཊ༔ བཞི་པོ་སྦྲེལ་ལ་གཞུང་ལྟར་བཟླའོ། །མཐར་སྤྲུལ་པ་བཞི་སྤྲུལ་གཞི་ལ་བསྡུའོ། །ཁྲོ་བོ་བཅུས་ཧཱུྃ་སྒྲ་སྒྲོག་ཅིང་ཕྱོགས་བཅུའི་གནོད་བྱེད་ཐམས་ཅད་བཟློག་པར་བསམས་ལ་ཧཱུྃ་བཅུ་སྦྲེལ་ལ་ཅུང་ཟད་བཟླའོ། །ཐུན་མཚམས་ལང་འདུག་དུས། ལྷ་ཚོགས་ཐམས་ཅད་ཀྱིས་ཧཱུྃ་སྒྲ་ཏི་རི་རི་སྒྲོགས་པས་འཇིག་རྟེན་གཡོ་འགུལ་བྱེད་པར་


CMR009_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་ལ། བྲེ་ཁུང་ནས་ཧཱུྃ་དབྱངས་བྱེད་ཧཱུྃ་སྒྲུབ་བསྡུས་པའོ། །ཐུན་འཇུག་སྟོང་པར་བཟུང་མི་དགོས་ཏེ། དེ་ལྟར་དམིགས་པ་ཐམས་ཅད་སྒོམ་མཁན་རྣམ་རྟོག་ཡིན། རྣམ་རྟོག་རང་ངོར་བལྟས་པས་སྟོང་ཉིད་དངོས་སུ་འཆར། །སྟོང་ཉིད་ཉམས་ལེན་གྱི་རྩི་དང་མ་བྲལ་བར་བྱ། ནམ་མཁའ་ལ་འཇའ་ཤར་བ་ལྟར་དྲག་པོའི་དཀྱིལ་འཁོར་བསྒོམ་པས་བསྐྱེད་རྫོགས་ཟུང་འཇུག་གོ །སྒྲུབ་པའམ་སྲུང་བ་གྲོལ་ནས་མདུན་བསྐྱེད་རྟེན་ལ་བསྟིམ། གཤེགས་གསོལ་སྤྱི་ལྟར་རོ། །བདག་བསྐྱེད་ཡེ་ཤེས་པ་ནི་ནམ་ཡང་མི་གཤེགས་ཏེ། ཕྱག་རྒྱ་སྒོ་བཅད་ཀྱི་སྒྲུབ་པ་ཞེས་བྱའོ། །སྲུང་འཁོར་བསྒོམ་ན། རང་དྲག་པོའི་ཐུགས་སྲོག་ཧཱུྃ་གི་ཐིག་ལེའི་ནང་དུ་བླ་མ་རྡོ་རྗེ་འཆང་ལ་བསྲུང་བྱའི་བླ་མས་བསྐོར་བ། ཟླ་ཚེས་ནང་དུ་རང་གི་ཡི་དམ་རྩིས་ཆེ་བ་རྣམས་དང་། ཧའི་ཁོག་པར་སྡུག་གུ་ལྟ་བུར་ནང་སྟོང་པའི་དབུས་སུ་རང་གི་ཚེ་སྲོག་ཀྲྀ་ལྗང་གུ། དེའི་གཡས་སུ་བསྲུང་བྱ་ཕོ་རིགས། གཡོན་དུ་མོ་རིགས་རྒྱབ་ཏུ་སྦྲ་ཁང་། མདུན་དུ་རྟ་ནོར་ལོངས་སྤྱོད་བསྒོམ་པ་སྲུང་བའི་མཆོག །འ་ཆུང་ནང་དུ་ཆོས་སྐྱོང་རྩིས་གང་ཆེ་དང་། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དེ་ལྟར་བསྒོམས་པས། ལྷ་དབྱེན་གྱིས་གནོད་པ་མི་ཚུགས་པའི་གནད་དོ། །ཞབས་ཀྱུའི་ནང་དུ་སྡེ་བརྒྱད་ཀྱི་ས་བོན་ཡི་གེ་ཨཡ༔ མདུརཿཙཤནསྤུས་བྲིས་པ་ཙམ་མགོ་ཐུར་དུ་བསྟན་པར་བསྒོམ་པས་


CMR009_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བུས་ཏིས་བཟུང་བ་དང་འདྲ། རང་སྲོག་རང་གིས་མི་གཅོད་པས། སྡེ་བརྒྱད་འཁུ་ལྡོག་མི་ནུས་སོ། །དེ་ཙམ་གལ་མི་ཆེ་བའི་བསྲུང་བྱ་དྲག་པོའི་མཐའ་བསྐོར་ལྷའི་ནང་དུ་བསྒོམ། དེ་བས་གལ་ཆུང་བ་ལ་དཀྱིལ་འཁོར་གྱི་ཕྱི་དུར་ཁྲོད་ནང་དུ་བསྒོམ། དེ་བས་གལ་ཆུང་བ་ལ་རྡོ་རའི་ནང་དུ་ཚུད་ཙམ་བསྒོམ་མོ། །སྲུང་འཁོར་ཧཱུྃ་ནང་དུ་བཙུད་ན་བསྲུང་བྱ་ལ་ཕན་ཆེ་སྟེ། གོ་ཆ་མ་ཕུག་པར་སྨྲས་རྒྱུ་མེད་པ་ལྟར། སྲུང་ཁང་མ་ཐུབ་པར་བསྲུང་བྱ་མི་ཐུབ་སྟེ། ཕ་རོལ་བྱད་ཁ་ཆེ་ན་རང་ལ་ཉེས་པ་ཆེ་བས་རང་ལ་བློ་གཏད་ཆེ་ཆུང་དང་བསྟུན་ནོ། ༈ །ལས་བཞིའི་ཤམ་བུ་ནི། བདག་མདུན་གང་རུང་གི་ཕྱི་མེ་རི་དང་རྡོ་ར། དུར་ཁྲོད་ཀྱི་ནང་བར་ཁྱམས་དེར། ལྷ་སྲིན་སྡེ་བརྒྱད་ཕྱི་རིགས་བརྟན་མ་རྣམས་ཁྲོམ་ལྟར་ཚོགས་ནས། བདག་དྲག་པོའི་བཀའ་ཉན་པར་བསམས་ལ། སྔགས། ཨོཾ་ཨཱཿཧཱུྃ་ཨ་ཅིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ མེ་དབལ། བཛྲ་ཧཱུྃ། ཡཀྵ་ཧཱུཾ། རཀྵ་ཧཱུྃ། སྡེ་བརྒྱད་ཨཡམདུརུཙཤནའི་མཐར། ཞི་བ་ལ། གནོད་བྱེད་གང་ཡིན་ཤཱནྟི་ཀུ་རུ་སྭཱ་ཧཱ། རྒྱས་པ་ལ། ནོར་ལོངས་སྤྱོད་པུཊྚི་ཀུ་རུ་སྭཱ་ཧཱ། དབང་ལ། སྣང་སྲིད་པ་ཤང་ཀུ་རུའི་མཇུག་ལ་སྭཱ་ཧཱ་སྦྱར་བ་དང་། ༡ དྲག་པོ་ལ། གོད་འདྲེའམ། ཟ་འདྲེའམ། ཆུང་སྲིའམ། གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ༔


CMR009_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

༤ ཅེས་ཤམ་བུ་སྦྱར་བ་བརྒྱ་སྟོང་ཙམ་བཟླའོ། །སྡེ་བརྒྱད་ཀྱིས་ཕྲིན་ལས་བསྒྲུབ་པར་བསྒོམས་ལ། དྲག་པོའི་ཆད་མདོ་བརྟན་སྐྱོང་གི་གཏོར་མ་འབུལ་ལོ། །དེས་ནི་གང་བསམ་ཐོགས་པ་མེད་པར་བསྒྲུབ་བོ། །དེ་ནས་ལས་སྦྱོར་དང་བསྲུང་བྱ་ལ་གདོན་དང་གནོད་འཚེ་འདུལ་བ་ལ། ༠ རང་ཉིད་དྲག་པོའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་གནམ་ས་གཉིས་གནམ་ལྕགས་མེའི་རང་བཞིན་འཁོར་ལོ་རྩིབས་སྟོང་ཐམས་ཅད་རལ་གྲིའི་སོ་གཉིས་མའི་རྩེ་འདྲ་བ་ཁ་སྦྱོར་གའུ་འདྲ་བ་སྟེ། སྟེང་གཡས་དང་འོག་གཡོན་དུ་འཁོར་བས་སོ་འཐབས་པའི་བར་དུ་གནོད་བྱེད་ཐམས་ཅད་དམར་ཉི་ལི་ལི་གཏུབ་པར་བསྒོམས་ལ། ཤ་ཁྲག་སྤྲུལ་པའི་ལྕགས་སྡིག་གྲངས་མེད་པས་ཟོས། བསྐལ་པའི་མེས་བསྲེགས་པར་བསྒོམ་ཞིང་། ཨ་ཙིག་མེ་དབལ་སྡེ་བརྒྱད་ཀྱི་སྔགས་མཐར་གནོད་བྱེད་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ༔ ༤ ཞེས་བཟླས་པས་ཐུལ་རྟགས་འབྱུང་སྟེ། བྱུང་ན་སྔགས་དང་དམིགས་པ་མི་བྱ། སྙིང་རྗེ་བསྒོམ་སྟོང་ཉིད་ཀྱིས་རྒྱས་གདབ་བོ། །སྡེ་བརྒྱད་ལ་ཕྲིན་ལས་བཅོལ་ན། དཀར་གཏོར་དང་དམར་གཏོར་གཉིས་བཤམས་པ་གང་དགྱེས་པ་སོ་སོར་ཐོབ་པར་བསྒོམ། གཙོ་ཆེར་ནི་གུར་དྲག་བསྒྲུབས་པས་ངག་ནུས་ཆེན་པོར་འདོད་དེ། ལྷ་འདྲེ་དང་གདོན་རྣམས་ཚར་གཅོད་པར་བསམས་ནས་བསྒྲུབ་ན། བཀྲ་མི་ཤིས་ཏེ་སྡེ་བརྒྱད་ཐམས་ཅད་དགྲར་ལངས་ནས་བར་ཆད་སྣ་ཚོགས་འབྱུང་།


CMR009_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་དངོས་གྲུབ་མི་ཐོབ་སྟེ། བླུན་པོས་ཙནྡན་སོལ་བ་བྱས་པ་དང་འདྲའོ། །ཨོ་རྒྱན་རིན་པོ་ཆེ་ནི་ལྷ་འདྲེ་ཐམས་ཅད་ཀྱི་སྐྱབས་གནས་ཡིན། རང་ཅག་རྣམས་ཀྱིའང་སྐྱབས་གནས་ཡིན། མ་རྒན་སེམས་ཅན་ཐམས་ཅད་ཨོ་རྒྱན་རིན་པོ་ཆེའི་གོ་འཕང་ཐོབ་པའི་ཕྱིར། ངས་དྲག་པོ་འདི་བསྒྲུབ་དེ་སྒྲུབ་མཁན་གྱི་བཀའ་བཞིན་བྱེད་ཅིང་སྒྲུབ་པ་ནི། ལྷ་འདྲེ་ཐམས་ཅད་ཀྱི་དམ་ཚིག་ཡིན། རང་དང་ལྷ་འདྲེ་སྡེ་བརྒྱད་ཐམས་ཅད་རིགས་མི་མཐུན་ཀྱང་དམ་ཚིག་གཅིག་པས། གྲོགས་མཆེད་དང་སྤུན་ཟླ་འདྲ་བར་ཤེས་པས་གཏོར་མ་འབུལ། ཕྲིན་ལས་བཅོལ་ན་ཚེ་འདིར་བར་ཆད་མེད་བཀྲ་ཤིས་བསམ་པ་འགྲུབ། ཕྱི་མའང་མྱུར་དུ་སངས་རྒྱས་ཐོབ་པའི་གནད་ཆེན་པོ་སྟེ། སེམས་བསྐྱེད་ལུགས་དེ་ལྟར་གལ་ཆེའོ། །ཁྱད་པར་གཏོ་སྲུང་བྱེད་དུས་འདྲེ་ལ་ཞེ་སྡང་མི་རུང་། ཡོན་བདག་དེ་ལ་ཚེ་སྔོན་གྱི་ལན་ཆགས་ཡོད་པས། འདྲེ་དེའི་གནོད་པ་ཡིན། དེ་ལ་བུ་ལོན་རྙིང་པ་མ་སོད་པའི་ཁ་མཆུ་ལྟར་ཡིན་པས། རང་བར་པ་དང་འདྲ་བས་འདྲེ་ལ་ཡས་གླུད་བྱིན་པས་བུ་ལོན་སོད། འདྲེའི་གནོད་སེམས་ཞི་བས་འདྲེ་ཁོ་རང་ངན་སོང་དུ་མི་ལྟུང་། ཡོན་བདག་རྐྱེན་ངན་ལས་ཐར་བར་བྱ་སྙམ་པས་གཏོ་ཡས་གང་བྱས་ཉེས་སྒྲིབ་ཏུ་མི་འགྱུར། བསྔོ་ཤའི་གཏོར་མཆོད་གཟབ་ཀྱང་ཡེ་ཤེས་ཀྱི་ལྷ་ཐམས་ཅད་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་མིན་པ་མེད་པས། སེམས་ཅན་ལ་གནོད་པ་བསྐྱལ་ནས་དཀོན་མཆོག་མཆོད་ཀྱང་མཉེས་པར་མི་འགྱུར་ཏེ། བུ་བཤས་ནས་མ་ལ་བྱིན་པ་དང་འདྲ་བར་གསུངས། སངས་རྒྱས་བྱང་


CMR009_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཐམས་ཅད་ལ་བུ་གཅིག་པོ་ན་བའི་མ་བཞིན་དུས་རྟག་ཏུ་བརྩེ་བ་ཆེན་པོ་ཡོད་པའོ། །གོང་དུ་བཤད་པའི་དམིགས་རིམ་བསྐྱེད་རྫོགས་རྒྱུན་ཁྱེར་ཐུགས་དམ་བྱེད་ཅིང་སེམས་བསྐྱེད་མ་ཞན་ན། ཚེ་སྒྲུབ་ཡོད་པས་ཚེ་རིང་བདེ་བ་ཅན་དུ་སྐྱེ་བའི་གནད། ཐོད་ཕྲེང་རྩལ་བསྙེན་པས་ཞི་བ་དང་བླ་མའི་སྒྲུབ་པ་ཚང་། ཁྱུང་བསྙེན་པས་གཟའ་ཀླུས་གནོད་པའི་ཉེས་སྐྱོན་སེལ། ཧཱིཊྛིའི་གཤིན་རྗེ་ཐམས་ཅད་ཚང་བས་གཤེད་ཁ་དང་འཆི་བ་ཟློག །རྟ་མགྲིན་ལ་གསུང་གི་སྒྲུབ་པ་ཚང་བས་ཀླུ་གདོན་སེལ། ཕྱག་རྡོར་ལ་ཐུགས་ཀྱི་སྒྲུབ་པ་ཚང་བས་རྟོགས་པ་སྐྱེ། གཟའ་གདོན་ཞི། དྷཱཀི་ལ་མཁའ་འགྲོ་མ་ཐམས་ཅད་ཚང་། ཁྲོས་མ་ཚེ་བདག་ཕུར་པ་སེདྷ་བཞི་ནི་ཕྲིན་ལས་སྒྲུབ་པའི་ལྷ་ལས་ཚོགས་ཕྱུག་པ་བཞི་ཡིན་ཏེ། །དེ་བཞིའི་ལས་ཚོགས་བསྙེན་ཚད་གུར་དྲག་ལ་སྦྱར་རུང་བའོ། །ལེགས་པར་བརྟག་ན་དྲག་པོ་འདི་ལ་མ་ཚང་བ་གཅིག་ཀྱང་མེད་དོ། །སྤྱི་བོར་རིགས་བདག་གི་འཁོར་སངས་རྒྱས་སྟོང་ཐོད་ཕྲེང་རྩལ་ལ་རྒྱ་བོད་རིག་འཛིན་གྲུབ་ཐོབ་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱིས་བསྐོར་ནས་ཡོད་པ། དྲག་པོའི་དཀྱིལ་འཁོར་འདི་ལ་ཚོགས་དང་མཆོད་པ་འབུལ་ན། སངས་རྒྱས་སྟོང་ལ་སོགས་པ་མཆོད་པར་འགྱུར་ཕྱིར་ཕན་ཡོན་བསམ་ལས་འདས། དེའང་དམིགས་པ་དེ་རྣམས་གསལ་བ་གལ་ཆེའོ། །རང་ཉིད་འཆི་བའི་ཚེའང་རང་དྲག་པོར་བསྒོམས་ལ་གོ་ཆ་མི་བསྒོམ་པར་རྩ་དབུ་མ་སྒོམ་པའི་སྤྱི་བོར་རིགས་བདག་འོད་དཔག་མེད་ཡོད་པར་བསྒོམ། རང་གི་རྣམ་ཤེས་སྙིང་དཀྱིལ་ཡི་གེ་ཧཱུྃ་དམར་པོ་འོད་དཔག་མེད་ཀྱི་ཐུགས་ཀར་


CMR009_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

སྐར་མདའ་ལྟར་འཕེན་པའི་དམིགས་པ་མང་དུ་བྱ། དེ་ནས་འོད་དཔག་མེད་ལ་སེམས་གཏད་ནས་ཅི་གནས་སུ་བཞག །དེ་ནས་ཅིའང་མི་བསྒོམ་པར་སེམས་ཁོ་རང་ལ་ཧྲིག་གེར་བལྟ་བའི་ངང་ལ་བཞག་གོ །ཐིམ་རིམ་ལ་སོགས་འཁྲུལ་སྣང་ཅི་བྱུང་ཡང་སེམས་ཁོ་རང་མ་གཏོགས་ལོགས་ནས་ཅིའང་འཆར་རྒྱུ་མེད་པར་གང་ཤར་ངོ་བོ་ལ་ལྟ་བས་གཞིའི་འོད་གསལ་ཟིན། གལ་ཏེ་མ་ཟིན་ནམ། ཟིན་ཀྱང་ཐུགས་དམ་འདྲོག་ཤོར་བ་བྱུང་ཡང་རྣམ་ཤེས་སྤྱི་གཙུག་ཏུ་ཐོན་ནས་བདེ་བ་ཅན་དུ་སྐྱེ་བ་སྟེ། ང་ཉིད་སྣང་བ་མཐའ་ཡས་སྤྲུལ་པ་སྟེ། བདེ་བ་ཅན་གྱི་ཞིང་དུ་ངེས་པར་སྐྱེ། གསུངས་པའི་དོན་ནོ། །རིག་སྔགས་འཆང་བའི་རྣལ་འབྱོར་པ་དགེ་སློང་ཨ་རཱ་གས་ནུབ་གཅིག་ཞུན་མར་ངོགས་ལ་གང་དྲན་བྲིས་ཀྱང་ཟབ་པར་ཡོད། ༈ གོང་གི་ལས་བཞིའི་སྔགས་ཤམ་དུ་ཨཱ་ལི་ཀཱ་ལི་ཡིག་བརྒྱ་ཡེ་དྷར་ཚར་གསུམ་རེས་ཁ་བཀང་སྟེ་མཆོད་བསྟོད་བྱ་བ་ནི། ཧཱུྃ༔ ཡེ་ཤེས་ལྷ་ཚོགས་སྤ་འདྲེན་གཤེགས༔ ཕྱི་ནང་གསང་བའི་འཛབ་བསྙེན་འབུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་བཤགས༔ ཨོཾ་གུ་རུ་བཛྲ་ཀྲོ་དྷ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྱུ་ནས།། ཤརྡ་མ་ཧཱ་པཉྩ་རཀྟ་བ་ལི་ཏ་ཁཱ་ཧི༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་པདྨ་འབྱུང་གནས་སྐུ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ལས་སྤྲུལ༔ མཐུ་རྩལ་རྨད་བྱུང་པདྨ་ཧེ་རུ་ཀ༔


CMR009_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྲིན་དྲག་པོ་འདུལ་བའི་སྟོབས་མངའ་བ༔ དབང་དྲག་པདྨའི་སྐུ་ལ་ཕྱག་འཚལ་བསྟོད༔ ཕྲིན་གསོལ་ནི། ཧོ༔ ཡི་དམ་གུ་རུ་དྲག་པོའི་ལྷ་ཚོགས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས་བདག་ཅག་རྣལ་འབྱོར་སྒྲུབ་པ་པོ་རྣམས་ལ་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྩོལ་བར་མཛད་དུ་གསོལ། ཞེས་གང་འོས་བྱའོ། །དགེ་བ་འདི་ཡིས་མྱུར་དུ་བདག །དབང་དྲག་པདྨ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡིས་ས་ལ་འགོད་པར་ཤོག །ཅེས་དགེ་བསྔོ་བྱའོ། །གཏོར་ཟློག་སྐབས་བདག་མདུན་སྟབས་གཅིག་མིན་དུས་མདུན་བསྐྱེད་ལ་འཇུག་པ་དང་། སྒྲུབ་མཆོད་དང་སྐོང་ཕྲིན་སྐབས་བཀའ་སྲུང་ལ་འཇུག་གོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་བཟོ་རིག་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

བླ་མ་དྲག་པོའི་གསང་སྒྲུབ་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་དམིགས་པའི་ཟིན་བྲིས།


CMR009_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དྲག་པོའི་གསང་སྒྲུབ་ཀྱི་བསྙེན་སྒྲུབ་ལས་གསུམ་གྱི་དམིགས་པའི་ཟིན་བྲིས་བཞུགས་ལགས་སོ།།


CMR009_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ། །གུ་རུ་དྲག་པོའི་གསང་སྒྲུབ་སྐབས་སུ། བདག་དྲག་པོའི་དཀྱིལ་འཁོར་གཙོ་རྐྱང་བསྐྱེད། མདུན་གྱི་དཀྱིལ་འཁོར་བུམ་པ་དང་། སྒྲུབ་གཏོར་གྱི་སྣོད་དང་དབྱེར་མེད་པ། གཞལ་ཡས་ཁང་ན་བུམ་པ་བསྒོམ། དབུས་སུ་གཏོར་མ་བུམ་པ་དབྱེར་མེད་ལྷ་ཚོགས་བསྒོམ། ལས་བྱང་ལ་མངོན་རྟོགས་ཁ་སབ་དུས་བཞིར་བཏང་ངོ་། །དགོང་མོ་བཀའ་སྲུང་འདོན། དབུ་དང་ཚེས་བཅུ་ཐོན་ནུབ་གསུམ་ཚོགས་དང་བསྐང་བ་བྱ། རྒྱུན་དུ་མི་དགོས་སོ། །དང་པོ་འབུམ་ཕྲག་གཅིག་ཞི་བསྙེན་ཚེ། བདག་མདུན་དྲག་པོར་གསལ་བའི་


CMR009_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་འཇམ་དཔལ་གྱི་དཔྲལ་བར་ཨོཾ་དཀར་པོ་རེ་བསྒོམ། བདག་གི་དཔྲལ་བར་ཨོཾ་དཀར་པོའི་ཕྲེང་བ་ལྟར་འཕྲོས། མདུན་བསྐྱེད་ཀྱི་ཨོཾ་གྱི་རྩེར་ཐིམ། སྐུ་མཉེས་པའི་མཆོད་པ་ཕུལ། སྐུ་ཡི་དངོས་གྲུབ་བྱིན་རླབས་ཐམས་ཅད་ཨོཾ་དཀར་པོ་ཐིག་ལེ་འོད་དང་བཅས་པ་ཚུར་བྱོན། རང་གི་དཔྲལ་བའི་ཨོཾ་གྱི་རྐང་པ་ནས་ཡར་ཐིམ། འགྱུར་མེད་སྐུ་ཡི་དངོས་གྲུབ་ཐོབ། བདག་གི་མགྲིན་པར་པདྨ་དམར་པོ་འདབ་མ་བཞི་ཡི་ལྟེ་བ་ལ། །ཨཱདམར་མོ་ཚེག་དྲག་དང་བཅས་པ་འཕྲོས། མདུན་བསྐྱེད་རྟ་མགྲིན་གྱི་མགྲིན་པར་ཨཱཋཡི་རྩེར་བབ་གསུང་མཉེས་པའི་མཆོད་པ་ཕུལ། གསུང་གི་


CMR009_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཐམས་ཅད་ཨཱདམར་པོ་བྱུ་རུའི་ཕྲེང་བ་ལྟར་ཚུར་བྱོན། རང་གི་ཨ་རྐང་ནས་ཡར་ཐིམ། འགག་མེད་གསུང་གི་དངོས་གྲུབ་ཐོབ། ཡང་བདག་མདུན་གྱི་ཐུགས་ཀ་ནས་གསེར་གྱི་མཆོད་རྟེན་བུམ་པར་ཕྱག་རྡོར་དེ་ཡི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དེ་ཡི་ཐུགས་ཀར་གསེར་གྱི་མཆོད་རྟེན་མང་བ་དེ་ཡི་དབུས་སུ་ཧཱུྃ་མཐིང་དམར་དེ་ཡི་རྩེ་ནས་ཧཱུྃ་མཐིང་ཀའི་ཕྲེང་བ་འཕྲོས། མདུན་བསྐྱེད་ཐུགས་ཀའི་ཧཱུཾ་གི་རྩེར་ཐིམ་ཐུགས་མཉེས་པའི་མཆོད་པ་འབུལ་བར་གྱུར། ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཧཱུྃ་སྔོན་པོའི་ཕྲེང་བ་ལྟར་ཚུར་བྱོན། རང་གི་ཐུགས་ཀའི་ཧཱུཾ་གི་ཞབས་ཀྱུའི་ནང་ནས་ཡར་ཐིམ། འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་ཐོབ་པར་གྱུར། དམིགས་པ་དེ་ལྟར་བསྒོམ་ཞིང་བཛྲ་གུ་རུ་ཧཱུྃའབྱར་བ་འབུམ་ཕྲག་གཅིག་བཟླས་བསྙེན་པའོ་།ཐུན་མཚམས་ན་འབྲུ་གསུམ་ཕྲེང་བ་ཕར་འཕྲོས་རྫོགས་ནས་མི་སྤྲོ། ཚུར་ཐིམ་ཚར་ནས་མི་སྤྲོ། དེ་ནས་ཁྲོ་བོ་སྒྲུབ་པ་ནི། བདག་གི་ཐུགས་མཆོད་རྟེན་དབུས། ཡེ་ཤེས་སེམས་དཔའི་ཐུགས་ཀར་རྡོ་རྗེ་རྩེ་ལྔ་བསྒྲིགས་པའི་ལྟེ་བར། ཉི་མའི་འོག་ཟླ་བའི་སྟེང་། ཁ་སྦྱོར་བའི་དབུས་སུ། ཧཱུྃ་དམར་གྱི་མཐར་ཨ་ཙིག་སོགས་སྔགས་ཕྲེང་གཡས་སུ་ཀྱི་ལི་ལི་


CMR009_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར། དེ་ཡི་འོད་ཟེར་ལས་གྲུབ་པའི་སྔགས་ཕྲེང་། བྱུ་རུའི་ཕྲེང་བ་ལྟར་ཐོན་ནས། ཡེ་ཤེས་སེམས་དཔའ་འམ་བདག་གི་ཞལ་བརྒྱུད་ནས། མདུན་བསྐྱེད་ཀྱི་ཞལ་ནས་ཐུགས་ཀར་ཐིམ། སྔགས་ཕྲེང་དྲག་ཏུ་འཁོར་བས་ཐམས་ཅད་ཀྱི་རྒྱུད་བསྐུལ་སླར་ཡང་སྔགས་ཕྲེང་འཕྲོས་ཚུར་བྱོན་རང་གི་ཐུགས་ཀར་ཐིམ། ཕར་མཆོད་མཉེས་པར་བྱས། །ཚུར་འདུས་དངོས་གྲུབ་ཐོབ་པར་བསྒོམ། དེ་ལྟར་དམིགས་པ་རྩེ་གཅིག་གིས་ཨ་ཙིག་སྔགས་ཉི་ཤུ་པ་དེ་རབ་བདུན་འབུམ་འབྲིང་སུམ་འབུམ་ཐ་མ་འབུམ་ཕྲག་གཅིག་བཟླས་པས་སྒྲུབ་པ་ཡིན། ཐུན་མཚམས་བདག་མདུན་བར་གྱི་འོད་ཟེར་བཅད། དེ་ནས་ལས་ལ་སྦྱར་བའི་དམིགས་པ་ནི། བདག་མདུན་སྐུ་ཡི་འོད་ཟེར་ལས་གྲུབ་པའི་གནམ་ས་ལྕགས་སྲེག་གི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི། རྩིབས་རྩེ་རལ་གྲི་སོ་གཉིས་མའི་རྩེ་རྣོན་ལྟར། གའུ་ཁ་སྦྱོར་ལྟར་སྟེང་གཡས་བསྐོར་འོག་གཡོན་བསྐོར་དུ་འཁོར་བ་སོ་འཐབ་པའི་བར་དུ། རྒྱལ་བསེན་གདོན་བགེགས་རྣམས་ཤ་ཁྲག་དམར་ཉིལ་ཉིལ་གཏུབ་སྟེ་རྩིབས་བར་སྤྲུལ་པའི་སྡིག་པ་མང་པོས་ཟོས་པར་དམིགས་ལ། བཛྲ་སོགས་ཀྱི་སྡེ་བརྒྱད་ཤམ་བུ་ཅན་གྱི་སྔགས་བཟླའོ། །དེ་ནི་


CMR009_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྦྱོར་རོ། །དེ་ནས་གྲོལ་ཁ་དངོས་གྲུབ་བླངས་བ་ནི། བདག་མདུན་འོད་ཟེར་དངོས་གྲུབ་རྫས་ལ་ཕོག །དེ་ཡི་འོད་ཟེར་ཕྱོགས་བཅུར་འཕྲོས། །སངས་རྒྱས་བྱང་སེམས་རྩ་གསུམ་གྱི། །མཆོག་དང་ཐུན་མོང་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ནི། ཨོཾ་དཀར་ཨ་དམར་ཧཱུྃ་མཐིང་གི་རྣམ་པར་གྱུར་ནས། ཆར་ལྟར་བབས་ནས་རིན་ཆེན་འབར་བ་ལ་ཐིམ། པདྨ་ཀྲོ་ཏི་ལ་སོགས་དངོས་གྲུབ་སྔགས་ཚོ་གསུམ་བཟླས། རྗེས་དངོས་གྲུབ་ལག་ཏུ་བླངས་ལ་འདི་སྐད་དོ། །ཧཱུྃ། མ་འགགས་རོལ་པའི་དཀྱིལ་འཁོར་ནས། །ཟད་མེད་ནམ་མཁའི་མཛོད་གླིང་སྐུལ། །མི་ཟད་རིན་ཆེན་གཏེར་ལ་སྤྱོད། །ཁམས་གསུམ་སྲིད་གསུམ་དབང་དུ་བསྡུ། །སྣང་སྲིད་ཆོས་ལ་དབང་བསྒྱུར་ཞིང་། ནམ་མཁའི་མཛོད་ལ་ལོངས་སྤྱོད་ཤོག །ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏེ་བྷོ་བྷི་ཤྭ་མུ་ཁེ་བྷི་སརྦ་ཐ་ཁཾ་ཨུཏྤ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སརྦ་ཨ་བྷི་ཥིཉྩ་ཧཱུྃ། ཅེས་འབྲང་རྒྱས་དེ་ཉིད་ཟ། སྒྲུབ་གཏོར་བུམ་པ་ལག་ཏུ་ཐོགས་ལ། སྒྲུབ་གཞུང་གི་དབང་ཚོགས་ཀྱི་རྗེས་ཀཱ་ཡ་སོགས་ཀྱི་སྔགས་བཟླས་ལ་གནས་གསུམ་ལ་གཏུགས། ཚོགས་བསྐང་གཏོར་འབུལ་བྱ། སྟོང་ཉིད་ངང་ལ་བཞག །བསྡུ་ཆོག་སྨོན་ལམ་བཀྲ་ཤིས་ཐུགས་


CMR009_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་གཞུང་ལྟར་བྱ། བླ་མ་པདྨ་ནམ་མཁས་བསྐུལ་ནས། ༧ སྔགས་འཆང་རཱ་ག་ཨ་སྱས་འཕྲལ་དུ་སྨྲས་སོ། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

རིག་འཛིན་ཆེན་པོ་ཀརྨ་འདུལ་བའི་དྲིས་ལན་གུ་རུ་དྲག་པོ་མེ་རླུང་འཁྱིལ་པའི་ཡོ་ག་གསུམ་གྱི་ཉམས་ལེན་ལུང་འདྲེན་སོགས་སྐྱུངས་ཏེ་གོ་བདེར་ཚིགས་སུ་བཅད་པ།


CMR009_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་ཆེན་པོ་ཀརྨ་འདུལ་བའི་དྲིས་ལན་གུ་རུ་དྲག་པོ་མེ་རླུང་འཁྱིལ་པའི་ཡོ་ག་གསུམ་གྱི་ཉམས་ལེན་ལུང་འདྲེན་སོགས་སྐྱུངས་ཏེ་གོ་བདེར་ཚིགས་སུ་བཅད་པ་བཞུགས་པའི་དབུའི་གཟིགས་ཕྱོགས་སྤྲོ་ལགས་སོ།།


CMR009_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཀརྨ་ཀྲོ་དྷ་ཡེ། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་དང་། །མཁྱེན་བརྩེ་ནུས་པའི་སྟོབས་རྣམས་གཅིག་བསྡུས་པ། །དྲག་པོ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །རཏྣ་ལུགས་ཀྱི་གུ་རུ་ཞི་དྲག་གཉིས། །ཐོག་མར་སྐྱབས་འགྲོ་རྒྱས་བསྡུས་གང་བྱེད་ཀྱང་། །སྐྱབས་ཡུལ་མདུན་གྱི་ནམ་མཁར་སྣང་མཐའ་ཡས། །དྲན་རྫོགས་སྐུ་ཡི་རྣམ་པ་གསལ་བར་བསྒོམ། །འཁོར་དུ་ཞི་དྲག་ལྷ་ཚོགས་ཐམས་ཅད་དང་། །རྩ་བ་བརྒྱུད་པའི་བླ་མ་རིག་འཛིན་ཚོགས། །སྤྲིན་གྱི་ཕུང་པོ་ལྟ་བུར་བཞུགས་པ་ཡི། །


CMR009_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་གསལ་ཞིང་འཁོར་རྣམས་མོས་པ་ཙམ། །དེ་ནི་གཞུང་ནས་བཤད་དང་མཚུངས་པ་ཡིན། །ཆོས་རྣམས་རང་རང་གཞུང་བཞིན་ཉམས་ལེན་ཟབ། །དེ་ཕྱིར་དཔག་བསམ་ཤིང་དང་སེང་ཁྲི་སོགས། །ཕྱག་ཆེན་ལུགས་ཀྱི་དམིགས་པ་འདིར་མི་སབ། །སྐྱབས་འགྲོ་རྒྱས་པ་ཐུགས་སྒྲུབ་གཞུང་ལྟར་ཏེ། །འབྲིང་ལ་གཏེར་གོང་ལུགས་འདི་སབ་སྲོལ་འདུག །ན་མོ། བདེ་གཤེགས་རྒྱལ་བ་འདུས་པའི་སྐུ། །དཀོན་མཆོག་གསུམ་གྱི་རང་བཞིན་ལ། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །སེམས་བསྐྱེད་འགྲོ་བ་ཀུན་དོན་དུ། །བླ་མ་


CMR009_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བསྒྲུབས་ནས་སུ། །གང་ལ་གང་འདུལ་ཕྲིན་ལས་ཀྱིས། །འགྲོ་དྲུག་སྒྲོལ་བར་དམ་བཅའོ། །བྱིན་རླབས་འབྱུང་བའི་བླ་མ་རྗེ། །དངོས་གྲུབ་སྩོལ་བའི་ཡི་དམ་ལྷ། །བར་ཆད་སེལ་བའི་མཁའ་འགྲོ་མ། །རྩ་བ་གསུམ་ལ་ཕྱག་འཚལ་ཞིང་། །རྩ་བ་གསུམ་ལ་སྐྱབས་སུ་མཆི། །བླ་མ་ཡི་དམ་མཁའ་འགྲོ་གཤེགས། །ཉི་ཟླ་པདྨའི་གདན་ལ་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་གསུམ་མཆོད་པ་འབུལ། །ཉམས་ཆག་སྡིག་སྒྲིབ་མཐོལ་ལོ་བཤགས། །གསང་སྔགས་བསྒྲུབ་ལ་རྗེས་ཡི་རང་། །སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བ་སེམས་ཅན་དོན་ཕྱིར་བསྔོ། །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག་།འདི་ནི་གཏེར་གོང་ཆོས་དབང་ལུགས། །རཏྣ་ལུགས་དང་མ་བུ་ཡིན། །རིཏྟ་ལུགས་ལ་མ་ཚང་རྣམས། །ཆོས་དབང་ལུགས་ནས་ཁ་སབ་སྲོལ། །པད་གླིང་ལུགས་ཀྱི་སྐྱབས་སེམས་འདི། །སབ་ཀྱང་མི་འགལ་ལ་ལས་སབ། །པད་གླིང་གཏེར་ཁ་ཐོན་པའི་དུས། །རཏྣ་གླིང་པ་ཞིང་བརྗེས་ཏེ། །རྟ་ཆིབས་ནམ་མཁར་བྱོན་ནས་ཀྱང་། །ང་ནི་རྔ་ཡབ་གླིང་དུ་འགྲོ། །ཁྱོད་ཀྱིས་འགྲོ་དོན་


CMR009_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གསུངས་ཕྱིར། །བསྟན་པ་གཏད་ཕྱིར་སབ་པར་རུང་།། ཧཱུྃ། བདེ་གཤེགས་རྒྱལ་བ་འདུས་པའི་སྐུ། །གུ་རུ་དྲག་པོ་ཐོད་ཕྲེང་རྩལ། །བདག་ཉིད་བྱང་ཆུབ་མ་ཐོབ་བར། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །ཧཱུཾ། བདག་ཉིད་རྣལ་འབྱོར་དབང་ཕྱུག་གིས། །རྡོ་རྗེ་དྲག་རྩལ་བསྒྲུབས་ནས་ནི། །དྲེགས་པ་མ་ལུས་ཚར་བཅད་ནས། །གཞན་དོན་བྱ་བར་སེམས་བསྐྱེད་དོ། །དེ་ལྟར་སྐྱབས་འགྲོ་སེམས་བསྐྱེད་རྗེས། །སྐྱབས་ཡུལ་རང་ལ་ཐིམ་པར་བསྒོམ། །སྒོམ་མཁན་སེམས་ལ་བལྟས་བྱས་པས། །སྐྱབས་ཡུལ་སྐྱོབ་མཁན་སྐྱབས་འགྲོ་གསུམ། །རང་བཞིན་མ་གྲུབ་སྟོང་པ་ཉིད། །དོན་གྱི་སྐྱབས་འགྲོ་སེམས་བསྐྱེད་ཡིན། །དེ་ནས་གུ་དྲག་ལས་བྱང་གསུངས། །ཁྲོ་རྒྱལ་སྟོབས་འདུས་ཡང་གསང་སོགས། །གུར་དྲག་མངོན་རྟོགས་གང་རུང་འདོན། །འདོན་ལུགས་འགྲིག་ཆོག་ནང་ལྟར་ཡིན། །ལས་བྱང་གོ་ཆ་ལྷ་ལྔ་སབ། །དེ་ཡན་འགྲིག་ཆོག་བཅོས་བསླད་མེད་། །ཐུགས་རྗེ་ཞི་བ་ཆེན་པོའི་ངང་། །དམིགས་པ་མེད་པའི་སྙིང་རྗེ་ཡིས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །ཉིན་མཚན་དུས་དྲུག་རྟག་ཏུ་གཟིགས། །མ་གཅིག་བུ་


CMR009_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བཞིན་དུ་བརྩེ། །ཁོང་ཁྲོ་ཞེ་སྡང་ག་ལ་མངའ། །སེམས་ཅན་གང་ལ་གང་འདུལ་སྟོན། །སེམས་ཅན་མ་རུངས་ཞེ་སྡང་ཅན། །ཞི་བས་མི་ཐུལ་དྲེགས་པའི་ཚོགས། །འདུལ་ཕྱིར་ཁྲོ་བོའི་ཚུལ་དུ་སྟོན། །ཁྲོ་ཚུལ་ཡིན་གྱིས་ཁྲོས་པ་མིན། །ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས། །དེ་ཕྱིར་གུ་རུ་དྲག་པོ་ཡང་། །ཤིན་ཏུ་ཁྲོ་ཚུལ་འཇིགས་པར་སྟོན། །འདོད་ཆགས་དབང་གྱུར་མོ་གདོན་སོགས། །འདུལ་ཕྱིར་ཡབ་ཡུམ་ཞལ་སྦྱོར་ཚུལ། །འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས། །གཏི་མུག་དབང་གྱུར་ཀླུ་ལ་སོགས། །འདུལ་ཕྱིར་རྟ་ཞལ་ཕག་ཞལ་དང་། །ཁྱུང་སོགས་དུད་འགྲོའི་གཟུགས་སུ་སྤྲུལ། །གུར་དྲག་འགྲུབ་པའི་རྣལ་འབྱོར་པས། །སྟོབས་ཆེ་ཕྱིར་ན་ཡ་ཀི་ཡི། །ཀུན་བཟང་ཡབ་ཡུམ་མན་ཆད་ཐུལ། །གསུངས་ཕྱིར་འཁོར་འདས་ཞིང་འདི་ན། །གུར་དྲག་བཀའ་ལ་མི་ཉན་པའི། །ལྷ་ཡང་མེད་ལ་འདྲེ་ཡང་མེད། །དེ་ཕྱིར་ཁྲོ་བོའི་རྒྱལ་པོ་ཡིན། །ཞི་བའི་ལྷ་ཚོགས་ཐམས་ཅད་ནི། །ཞི་བ་བཞི་བཅུ་གཉིས་ལ་འདུས། །དེ་ཡང་ཀུན་ཏུ་བཟང་པོ་འདུས། །ཀུན་བཟང་སྣང་མཐའ་དོན་གཅིག་པས། །ཀུན་བཟང་སྣང་བ་མཐའ་ཡས་ཟེར། །དེ་ལ་སངས་རྒྱས་ཐམས་ཅད་


CMR009_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །མཁྱེན་བརྩེ་ནུས་པའི་སྟོབས་ཀུན་འདུས། །དེ་ཉིད་ཁྲོ་བོའི་སྐུར་བཞེངས་པ། །གུ་རུ་དྲག་པོ་ཐོད་ཕྲེང་རྩལ། །འདི་ལ་སངས་རྒྱས་ཐམས་ཅད་ཀྱི། །སྟོབས་བཅུའི་སྟོབས་ཀུན་འདུས་པ་ཡིན། །འདི་ཡི་ངོ་བོ་གང་ཞེ་ན། །རྙིང་མའི་ཆེ་མཆོག་དཔལ་དགུ་ཡི། །རིག་འཛིན་ཐོད་པ་རྩལ་ཆེན་ཡིན། །གསར་མའི་བླ་མེད་དཀྱིལ་འཁོར་ལྷ་། །སངས་རྒྱས་ཐོད་པ་ཞེས་བྱ་བའི། །རྒྱུད་སྡེ་ཆེན་པོ་བཞུགས་དེ་ཡིན། །བྱང་གཏེར་གུར་དྲག་ལོ་རྒྱུས་ལས། །བཀའ་བརྒྱད་ཆེ་མཆོག་དཔལ་བརྒྱད་སོགས། །དྲག་པོ་ཐོད་ཕྲེང་རྩལ་ཉིད་ཀྱི། །རྣམ་ཤེས་ཚོགས་བརྒྱད་སྤྲུལ་པར་གསུངས། །དེ་ཕྱིར་འཇམ་དཔལ་སྐུ་ཡི་སྟོབས། །དེ་བཞིན་པདྨ་གསུང་གི་སྟོབས། །ཡང་དག་ཐུགས་ཀྱི་སྟོབས་དང་ནི། །ཆེ་མཆོག་བདུད་རྩི་ཡོན་ཏན་སྟོབས། །ཕྲིན་ལས་རྡོ་རྗེ་གཞོན་ནུའི་སྟོབས། །གཟི་བརྗིད་ཆེན་པོ་མ་མོའི་སྟོབས། །འཇིག་རྟེན་དྲེགས་པ་ལས་ཀྱི་སྟོབས། །དམོད་པ་དྲག་སྔགས་མཐུ་ཡི་སྟོབས། །ཐམས་ཅད་གུར་དྲག་འདི་ལ་འདུས། །དེ་ཕྱིར་ཁྲོ་རྒྱལ་སྟོབས་འདུས་ཡིན། །དཀྱིལ་འཁོར་ཕྱི་ནང་གསང་བ་གསུམ། །ཡོ་ག་གསུམ་གྱི་དགོངས་པ་སྟེ། །བསྐྱེད་པ་མ་


CMR009_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ་ཡོ་གའི་ལུགས། །དེ་ལ་ཡང་ནི་གསུམ་ཡོད་དེ། །འབྱོར་པ་རབ་དང་དབང་པོ་ནི། །ཐ་མས་རྡུལ་ཚོན་དཀྱིལ་འཁོར་ཏེ། །ཆུང་སྟེ་ལག་མཐིལ་ཙམ་ཡང་རུང་། །ཆེ་སྟེ་ཁྲུ་ནི་སྟོང་གི་བར། །གནས་ཁང་འཚམས་པའི་དཀྱིལ་འཁོར་བཞེངས། །རྡུལ་ཚོན་རབ་ནི་རིན་ཆེན་ལྔ། །འབྲིང་ནི་ཚོན་གྱིས་ཁ་དོག་བསྒྱུར། །སྒང་རྩིའི་ཁུ་བས་རྩི་བསྐོན་པའི། །སྐྱག་གསལ་སྣུམ་འོད་ཆགས་པར་བྱ། །ཐ་ན་ས་ཚོན་ཁ་དོག་ལྔ། །ཐིག་རྩ་ཚང་བའི་དཀྱིལ་འཁོར་བཞེངས། །འབྱོར་པ་རྟོགས་པ་འབྲིང་ཙམ་ལ། །རས་བྲིས་དཀྱིལ་འཁོར་གསུངས་པ་སྟེ། །དེ་ཡང་བཏིང་དུ་ཡིན་ན་ནི། །ཟུར་བཞིར་བུམ་པ་བཞི་བྲིའོ། །ལྷ་རྣམས་རང་མདོག་ཐིག་ལེའམ། །ས་བོན་ཡིག་འབྲུ་གསེར་སོགས་བྲི། །ཡང་ན་ཕྱག་གཡས་ཕྱག་མཚན་བྲི། །སྤ་རྩི་བཏང་བས་ཆུས་མི་འཇིག །བཏིང་རྒྱུ་མ་ཡིན་བཤམས་རྒྱུ་ལ། །གཞུང་ལྟར་ལྷ་ཚོགས་ཚང་མ་བྲི། །ཟུར་བཞིར་བླ་མ་སྐུ་གསུམ་དང་། །མཚོ་རྒྱལ་ལ་སོགས་ལྷ་མགྲོན་བྲི། །ཐ་མ་ཤོག་བུར་བྲིས་པ་བཏིང་། །དུར་ཁྲོད་ཡོད་པའི་དཀྱིལ་འཁོར་ནི། །ལྷ་མེད་སྟོང་པ་ཞིག་བྲིས་ནས། །ཞི་དྲག་རྟ་མགྲིན་ལ་སོགས་པ། །ལྷ་ཚོགས་པད་འདབ་ཐིག་ལེ་


CMR009_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །ཟླུམ་པོ་ཤོག་བུ་ལ་བྲིས་ནས། །གང་དགོས་བརྗེ་ཞིང་བཞག་པ་ལ། །འགྲིམ་དཀྱིལ་ཞེས་སུ་གྲགས་པ་ཡིན། །དེ་ཀུན་རས་བྲིས་དཀྱིལ་འཁོར་རོ། །དབང་པོ་རབ་ཀྱི་རྣལ་འབྱོར་དང་། །འབྱོར་པ་ཐ་མའི་གང་ཟག་ལ། །ཚོམ་བུའི་དཀྱིལ་འཁོར་གསུངས་པ་སྟེ། །མཎྜལ་བཟང་པོ་ལེགས་པར་ཕྱིས། །འབྲས་དཀར་གུར་གུམ་ཆུ་ཡིས་སྤང་། །དབུས་སུ་ཚོམ་བུ་ཆེ་བ་གཅིག །དེ་ཡི་ཕྱེད་ཙམ་ཕྱོགས་བཞིར་བཞི། །དེ་ཡི་ཕྱི་རྣམས་ཇེ་ཆུང་སྟེ། །དེ་ནི་ཚོམ་བུའི་དཀྱིལ་འཁོར་ཡིན། །མ་འབྱོར་ནས་བཟང་སྤོས་ཆུས་སྦྲུས། །ཚོམ་བུ་གོང་ལྟར་བཀོད་པ་ཡིན། །མཎྜལ་ལ་སོགས་མ་འབྱོར་ན། །གཞི་ནི་དམར་པོ་གཙང་མའི་སྟེང་། །ནས་ཀྱི་ཚོམ་བུ་ལྷ་གྲངས་བཀོད། །སྒྲུབ་རྟེན་དཀྱིལ་འཁོར་དེས་ཆོག་པར། །གསར་རྙིང་རྒྱུད་སྡེ་ཀུན་ནས་བཤད། །དེ་ལ་བརྟེན་ནས་དཀྱིལ་འཁོར་དབང་། །བསྐྱེད་རིམ་གསལ་པོ་ཡོད་ན་རུང་། །མེད་ན་མི་རུང་གསུང་མཁན་མང་། །དེ་ནས་མཆོད་གཏོར་བཤམས་པ་ཡང་། །སྒྲུབ་པ་བྱེད་ན་དཀྱིལ་འཁོར་དབུས། །རྣམ་རྒྱལ་བུམ་པ་བཤམས་པ་སྟེ། །དབང་དུས་ཤར་སྒོའི་གཡས་ལོགས་བཤམས། །བསྒྲུབ་དུས་རྣམ་


CMR009_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བུམ་པའི་སྟེང་། །ཨོཾ་བྱས་རིན་ཆེན་འབར་བ་བཤམས། །གཡས་གཡོན་སྨན་དང་རཀྟ་དང་། །སྒྲུབ་པ་ཡུན་ཐུང་ཡིན་ན་ནི། །དེ་རྒྱབ་ཕུགས་གཏོར་བསྐོར་བཤམས་ཏེ། །ཤར་དུ་བླ་མ་ལྷོར་ཡི་དམ། །ནུབ་ཏུ་མཁའ་འགྲོ་བྱང་ཆོས་སྐྱོང་། །མཚམས་བཞིར་ནོར་ལྷ་ཕྱི་རྒྱུད་དང་། །བཀའ་སྲུང་རྣམས་ནི་བཤམ་པར་བྱ། །ཕུགས་གཏོར་གཏོར་སྒམ་ཡོད་ན་ནི་།འདི་རུ་ཕུགས་གཏོར་མི་དགོས་ཏེ། །ཕྱོགས་བཞིར་དངོས་གྲུབ་ལེན་ཆོག་གི །ཞི་རྒྱས་དབང་དྲག་འབྲང་རྒྱས་བཞི། །ཟླུམ་པོ་སྟོད་ཟུར་བཞི་པ་དང་། །སྟོད་ཟུར་གཉིས་པ་ཟུར་གསུམ་རྣམས། །བཤམས་ན་ལེགས་ཤིང་མ་འགྲུབ་ཆོག །དེ་དག་སྒྲུབ་རྟེན་ཡིན་པའི་ཕྱིར། །དང་པོ་བྲན་ནས་གསོ་མི་དགོས། །རྒྱུན་དུ་ཕུགས་གཏོར་གསོ་བྲན་བྱ། །དེ་ནས་ཆ་ལག་འཛོམས་ན་ནི། །ཟུར་བཞིར་རྒྱལ་མཚན་བཞི་དང་ནི། །མཉམ་དུ་རལ་གྲི་བཞི་ཡང་བཅིང་། །ཕྱོགས་བཞིར་ཚོན་སྐུད་དྲྭ་བས་བསྐོར། །ཕྱོགས་བཞིར་མདའ་དར་མེ་ལོང་ཅན། །བཞི་འམ་བརྒྱད་ནི་ཚོན་སྐུད་བཀལ། །འོག་ཏུ་སྟག་གི་སྒབ་སྐོར་ལ། །སེང་ལྡེང་ཕུར་ཆུང་བཅུ་གཉིས་དང་། །དར་པན་བཅུ་གཉིས་མཉམ་དུ་བཏགས། །།སྟེང་དུ་བླ་རེ་


CMR009_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཕུབ་པར་བྱ། །དེ་རྒྱབ་ཡོལ་བ་གསུམ་རིམ་བརྒྱབ། །དེ་ནི་སྒྲུབ་ཆེན་ཆས་ཡིན་ཏེ། །གུ་རུ་ཞི་དྲག་རྟ་མགྲིན་སོགས། །རྙིང་མའི་དཀྱིལ་འཁོར་ཀུན་ལ་དགོས། །མེད་ཀྱང་ཐབས་ཆག་མ་ཡིན་ཏེ། །སྒྲུབ་ཕྲན་རྣམས་ལ་དེ་མི་དགོས། །ནང་གི་དཀྱིལ་འཁོར་བུམ་པ་དང་། །སྨན་རཀ་གཏོར་གསུམ་མཆོད་པ་བདུན། །དེ་ག་ཙམ་གྱིས་འཐུས་པ་ཡིན་། །དེ་ལྟར་རྒྱས་བསྡུས་གང་བྱེད་ཀྱང་། །དཀྱིལ་འཁོར་མདུན་དུ་མཆོད་བཀྱག་སྟེང་། །རྒྱུན་དུ་བརྗེ་རྒྱུའི་མཆོད་པ་དང་། །ཚོགས་དང་གཏོར་འབུལ་ལ་སོགས་བཤམས། །དེ་དག་བཤམས་པའི་དཀྱིལ་འཁོར་ཏེ། །རྒྱས་བསྡུས་འབྲིང་གསུམ་གང་བྱེད་ཀྱང་། །རྒྱས་པ་ཉིན་མཚན་དུས་དྲུག་སྟེ། །འབྲིང་དུ་ཉིན་མཚན་ནང་ནུབ་བཞི། །ཐ་ན་ཉིན་རེ་མཚན་རེ་ལ། །ལས་བྱང་ཚར་རེ་འདོན་དགོས་པ། །སྒྲུབ་པ་བྱེད་པའི་དུས་སུ་ཡིན། །རྒྱུན་ཁྱེར་དཀྱིལ་འཁོར་མི་དགོས་ཏེ། །རྩ་བའི་ཡི་དམ་གང་ཡིན་གྱི། །ལས་བྱང་གཏོར་བསྔོས་དང་བཅོས་པ། །ཚར་རེ་ཆག་ཐབས་མེད་པ་ནི། །བསྐྱེད་པ་མ་ཧཱ་ཡོ་གའི་ལུགས། །དེ་ཡང་ལས་བྱང་ཚིག་རིས་རྣམས། །དམིགས་པ་གསལ་བར་བསྒོམ་ཞིང་གྱེར། །དེ་ཕྱིར་རྙིང་མ་


CMR009_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

གྱེར་བསྒོམ་ཟེར། །གསར་མའི་ཆོ་གའང་དེ་དང་མཚུངས། །དེ་ལ་གསར་མས་གཤར་བསྒོམ་ཟེར། །ལས་བྱང་ཆོ་གའི་དམིགས་རིམ་རྣམས། །སོ་སོར་གསལ་བར་མ་ཟིན་ན། །ཆོ་ག་གྱེར་འདེབས་དབྱངས་དང་བཅས། །ཆད་ལྷག་མེད་པར་བཏོན་ན་ཡང་། །ཏིང་ངེ་འཛིན་རྣམས་ཆད་པའི་ཕྱིར། །དོན་གྱི་ཆོ་ག་མ་ཚང་བས། །ཏིང་འཛིན་གསལ་བ་གནད་དུ་ཆེ། །དེ་དོན་ཆོ་ག་ལས་བྱང་ཚིག །ཡིད་ཀྱིས་བསྒོམ་རབ་བརྗོད་པ་སྟེ། །དེ་དོན་ཕ་རྒྱུད་གསང་འདུས་ལས། །ཡིད་ཀྱིས་ངག་ལྟར་བསྒོམ་ཞེས་གསུངས། །ཨ་ནུ་ཡོ་གའི་ལུགས་ལ་ནི། །ཕྱི་ཡི་དཀྱིལ་འཁོར་བཤམས་པ་ཀུན། །དཀྱིལ་འཁོར་མིན་ལ་ཡིན་པར་བསྒོམ། །ཀུན་བརྟགས་དཀྱིལ་འཁོར་ཟབ་པ་མིན། །རང་ལུས་རྩ་རླུང་ཐིག་ལེ་རྣམས། །ཡེ་ནས་དཀྱིལ་འཁོར་དངོས་ཡིན་པས། །ཡིན་ལ་ཡིན་པར་གསལ་འདེབས་པ། །ཡོངས་གྲུབ་དཀྱིལ་འཁོར་ཟབ་མོ་ཡིན། །དཀྱིལ་འཁོར་ལུས་ལ་ཡེ་ནས་ཚང་། །དེ་ཡི་དོན་ནི་ཤེས་པས་ཆོག །རང་ལུས་གཞལ་ཡས་ཁང་པ་སོགས། །བློས་བྱས་བསྒོམ་ནི་མི་དགོས་ཏེ། །ལག་པ་བརྐྱངས་བས་འདོམ་པ་གང་། །ཐུར་དུའང་ལུས་ཚད་འདོམ་གང་སྟེ། །གཞལ་ཡས་གྲུ་


CMR009_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དེ་ལ་ཚང་། །ཁ་སྣ་གསང་བཤང་སྒོ་བཞི་སྟེ། །པགས་པ་རྡོ་རྗེའི་རྭ་བ་གུར། །བ་སྤུ་མེ་དཔུང་ཕྱོགས་ཀུན་ཁྱབ། །སྙིང་ནི་པདྨ་འདབ་བརྒྱད་དེ། །བྱང་སེམས་དཀར་དམར་ཉི་ཟླའི་གདན། །རྩ་འཁོར་རྣམས་ནི་འཁོར་གྱི་གདན། །།ཕུང་པོ་ལྔ་ནི་དྲག་པོ་ལྔ། །ཁམས་ལྔ་དེ་ཡི་ཡུམ་ལྔ་སྟེ། །གནས་ལྔའི་རྩ་མདུད་ཐིག་ལེ་ལྔ། །གོ་ཆ་ལྷ་ལྔའི་ངོ་བོ་ཡིན། །རྐང་ལག་ལྷུ་བརྒྱད་མགོ་གསང་གནས། །ཁྲོ་བོ་བཅུ་ཡི་རང་བཞིན་ནོ། །རང་ལུས་དམ་ཚིག་སེམས་དཔའ་སྟེ། །ཡིན་ལ་ཡིན་བཞིན་གསལ་བཏབ་སྟེ། །རང་སེམས་ཡེ་ཤེས་སེམས་དཔའ་དངོས། །ཡིན་ཕྱིར་སྤྱན་འདྲེན་མི་དགོས་ཏེ། །བཟའ་བཏུང་ཐམས་ཅད་མཆོད་པ་ཡིན། །དེ་ཕྱིར་མཆོད་གཏོར་བཤམས་མི་དགོས། །འགྲོ་འདུག་གར་དང་ཕྱག་རྒྱུ་ཡིན། །སྤྲོས་བཅས་གར་འཆམ་བྱ་མི་དགོས། །རླུང་གིས་འཇུག་གནས་དབྱུང་དང་གསུམ། །ནང་དུ་འཇུག་པ་ཡི་གེ་ཨོཾ། །སྐུ་ཡི་སྙིང་པོ་ཐམས་ཅད་འདུས། །ཁོག་ཏུ་གནས་པ་ཡི་གེ་ཨཱ། །གསུང་གི་སྙིང་པོ་ཐམས་ཅད་འདུས། །ཕྱི་རུ་དབྱུང་བ་ཡི་གེ་ཧཱུཾ། །ཐུགས་ཀྱི་སྙིང་པོ་ཐམས་ཅད་འདུས། །དེ་ནི་ཡིན་པར་ཤེས་པའི་ཆོག །ཡིག་འབྲུའི་


CMR009_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སུ་བསྒོམ་མི་དགོས། །ལྕེ་རྐན་སྦྱོར་བས་བརྗོད་མི་དགོས། །ཕྲེང་བ་བྲལ་བའི་བཟླས་པ་སྟེ། །ཞག་གཅིག་ཉི་ཁྲི་གཅིག་སྟོང་དང་། །དྲུག་བརྒྱའི་གྲངས་དང་མཉམ་པ་ཡི། །སྔགས་ཀྱི་བཟླས་པ་ཐེམ་པར་འགྱུར། །ཚེ་ཡི་བར་ཆད་སེལ་བ་དང་། །རྩོལ་བ་མི་དགོས་ཡི་དམ་འགྲུབ། །འབྲུ་གསུམ་རྡོ་རྗེའི་བཟླས་པ་འདི། །གསར་རྙིང་རྒྱུད་སྡེ་ཀུན་ནས་གསུངས། །དེ་ཕྱིར་ཐེ་ཚོམ་མེད་པ་སྟེ། །ཞི་གནས་བསྒོམ་པའི་མཆོག་ཀྱང་ཡིན། །ཁྱད་པར་གུར་དྲག་ལ་མོས་ན། །ནང་དུ་འཇུག་པ་ཨོཾ་ཨཱཿཧཱུཾ། །ཁོང་དུ་གནས་པ་ཨ་ཙིག་ཉིད། །ཕྱིར་དབྱུང་ཨ་དང་ཧཱུཾ་ཧཱུཾ་ཕཊ། །དེ་ལྟར་ཡིན་པར་བསྒོམས་པས་ཆོག །ངག་ནས་སྔགས་འདོན་མི་དགོས་སོ། །དེ་ནི་ཨ་ནུ་ཡོ་གའི་ལུགས། །ལུས་དཀྱིལ་གཙོ་བོར་སྟོན་པ་སྟེ། །འདི་ལ་རྩ་གསུམ་འཁོར་ལོ་ལྔ། །དབུ་མ་སྲོག་ཤིང་ལྟ་བུ་སྟེ། །སྤྱི་བོ་ཚངས་པའི་བུ་གར་ཟུག །མར་སྣེ་གསང་གནས་མ་འབྲེལ་ཙམ། །གཡས་གཡོན་རོ་རྐྱང་དཀར་དང་དམར་། །ཡར་སྣེ་ཀླད་པའི་སྟེང་ནས་མར། །སྣ་བུག་གཉིས་སུ་ཟུག་པ་ཡིན། །མར་སྣེ་ལྟེ་འོག་སོར་བཞི་ནས། །ཡི་གེ་ཆ་ཡི་འཕོང་ལྟ་བུར། །དབུ་མ་དག་ནི་གཅིག་ཏུ་གྱུར། །


CMR009_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མ་མཐིང་གསལ་ཆོས་སྐུ་མཚོན། །གཡས་སུ་རོ་མ་དམར་པོ་སྟེ། །ལོངས་སྤྱོད་རྫོགས་སྐུའི་ངོ་བོ་ཉིད། །གཡོན་དུ་རྐྱང་མ་དཀར་པོ་སྟེ། །སྤྲུལ་པའི་སྐུ་ཡི་ངོ་བོ་ཉིད། །དེ་ལྟར་རྩ་གསུམ་སྒོམ་པ་དེས། །བདེ་གསལ་མི་རྟོག་ཉམས་གསུམ་སྐྱེ། །སྤྱི་བོ་བདེ་ཆེན་འཁོར་ལོ་རུ། །རྩ་འདབ་སུམ་ཅུ་སོ་གཉིས་དཀར། །ཅུང་ཟད་སྒྲུབ་པ་གདུགས་ལྟ་བུ། །རྩ་མདུད་དབུས་ཀྱི་དབུ་མའི་ནང་། །འཇམ་དཔལ་གཤིན་རྗེ་གཞུང་ལྟར་བསྒོམ། །རྩ་འདབ་སུམ་ཅུ་སོ་གཉིས་ལ། །འཇམ་དཔལ་སོ་གཉིས་གཙོ་བོ་འདྲ། །ཅུང་ཟད་ཆུང་ཞིང་གཙོ་བོར་གཟིགས། །མགྲིན་པར་རྩ་འདབ་བཅུ་དྲུག་དམར། །རྩ་རྩེ་གྱེན་ཕྱོགས་པདྨའི་དབྱིབས། །རྩ་མདུད་དབུས་སུ་རྟ་མགྲིན་དང་། །རྩ་འདབ་རྟ་མགྲིན་བཅུ་དྲུག་བསྒོམ། །སྙིང་ཁའི་རྩ་འདབ་བརྒྱད་པོ་མཐིང་། །ཅུང་ཟད་ཁ་སྦུབ་བམ་གྱི་དབྱིབས། །དབུས་སུ་ཕྱག་རྡོར་གཞུང་ལྟར་ཏེ། །རྩ་འདབ་བརྒྱད་ལ་ཕྱག་རྡོར་བརྒྱད། །ལྟེ་བའི་རྩ་འདབ་དྲུག་ཅུ་བཞི། །ཁ་དོག་སྣ་ཚོགས་རྩ་སྣེ་རྣམས། །ཅུང་ཟད་གྱེན་བསྟན་ཨེ་ཡི་དབྱིབས། །རྩ་མདུད་དབུས་སུ་མཁའ་འགྲོ་ལྔ། །མདུན་ངོས་རྩ་འདབ་བཅུ་དྲུག་ལ། །མཁའ་


CMR009_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དཀར་མོ་བཅུ་དྲུག་བསྒོམ། །གཡས་ཕྱོགས་སེར་མོ་བཅུ་དྲུག་སྟེ། །རྒྱབ་ཕྱོགས་དམར་མོ་བཅུ་དྲུག་དང་། །གཡོན་ཕྱོགས་ལྗང་མོ་བཅུ་དྲུག་སྟེ། །ཀུན་ཀྱང་རང་རྟགས་གྲི་ཐོད་ཅན། །ཀུན་ཀྱང་ཞལ་ནི་གཙོ་མོར་གཟིགས། །གསང་གནས་རྩ་འདབ་ཉི་ཤུ་བརྒྱད། །རྩ་འདབ་འཕྲད་བསྟན་འཁོར་ལོའི་དབྱིབས། །རྩ་མདུད་དབུས་སུ་མེ་དབལ་ཉིད། །རྩ་འདབ་མེ་དབལ་ཉི་ཤུ་བརྒྱད། །བ་སྤུའི་བུ་ག་རེ་རེ་ཡང་། །ཁྲོ་ཆུང་ཡུངས་ཀར་ཙམ་རེ་བསྒོམ། །དེ་ནི་ཁྲོ་རྒྱལ་སྟོབས་འདུས་དང་། །ལས་བྱང་ལ་སོགས་དང་མཐུན་པར། །ལུས་དཀྱིལ་བསྒོམ་པའི་ཚུལ་ཡིན་ཏེ། །ཡང་གསང་བླ་མེད་ལུས་དཀྱིལ་ནི། །ལོགས་སུ་གསལ་བར་བཀོད་ལྟར་ཡིན། །དེ་གཉིས་མིན་པའི་ལུས་དཀྱིལ་ནི། །རཏྣའི་གུར་དྲག་འདི་ལ་མེད། །ཁྲོ་བཅུ་ལུས་ལ་བཀོད་པ་ཡང་། །འདི་ཡི་གཞུང་ལས་མ་གསུངས་ཀྱང་། །གལ་ཏེ་སྒོམ་པར་འདོད་པ་ན། །ལུས་ཀྱི་ནང་དུ་མི་བསྒོམ་སྟེ། །སྐུ་ལུས་ཕྱི་ལ་རྒྱན་གྱི་ལྷ། །དཔྲལ་བར་ཡེ་ཤེས་སྤྱན་གྱི་གོང་། །ཧཱུཾ་ཆེན་ཀ་ར་བསྒོམ་པར་བྱ། །དཔུང་པ་གཡས་སུ་རྣམ་པར་རྒྱལ། །དཔུང་པ་གཡོན་དུ་དབྱུག་སྔོན་ཅན། །དེ་བཞིན་མགྲིན་པར་རྟ་མགྲིན་


CMR009_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཐུགས་ཀར་གཤིན་རྗེ་གཤེད་པོར་བསྒོམ། །ལྟེ་བའི་གོང་དུ་བདུད་རྩི་འཁྱིལ། །ལྟེ་བར་མི་གཡོ་མགོན་པོ་དང་། །དེ་བཞིན་བརླ་གཡས་འདོད་པའི་རྒྱལ། །བརླ་གཡོན་ཁམས་གསུམ་རྣམ་པར་རྒྱལ། །གསང་བའི་གནས་སུ་སྟོབས་པོ་ཆེ། །ཐམས་ཅད་མཐིང་ནག་ཞལ་གཅིག་པ། །ཕྱག་གཉིས་གཡས་པས་ཐོ་བ་དང་། །གཡོན་པས་ལྕགས་ཀྱུ་འཛིན་པར་བསྒོམ། །ཟློག་པ་ལ་སོགས་དྲག་ལས་དུས། །དེ་ལྟར་བསྒོམས་པས་ནུས་པ་ཆེ། །དེ་དོན་ཁྲོ་རྒྱལ་སྟོབས་འདུས་ལས། །དཔུང་པ་གཡས་ལ་ཕྱག་རྡོར་དང་། །གཡོན་ལ་རྟ་མགྲིན་བསྒོམ་པར་གསུངས། །ཁྲོ་བཅུ་འདི་ཡི་ངོ་བོ་ནི། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །ཕ་རོལ་ཕྱིན་བཅུ་སྤྱད་པ་ཡི། །བདེན་པའི་སྟོབས་ལས་བྱུང་བ་ཡི། །སྦྱིན་པས་ལོངས་སྤྱོད་བདེ་སྐྱིད་ལྡན། །དབུལ་ཕོངས་གྱ་རྒུད་ལ་སོགས་པའི། །སྡུག་བསྔལ་ཀུན་ལས་རྣམ་པར་རྒྱལ། །རྒྱ་གར་སྐད་དུ་བི་ཛ་ཡ། །བོད་སྐད་རྣམ་པར་རྒྱལ་བའོ། །ཚུལ་ཁྲིམས་ཀྱིས་ནི་ཉོན་མོངས་སེལ། །ཉོན་མོངས་བདུད་རྣམས་སེལ་བའི་རྩི། །རྒྱ་གར་སྐད་དུ་ཨ་མྲྀ་ཏ། །བོད་སྐད་བདུད་རྩི་ཞེས་བྱ་སྟེ། །དེ་ཉིད་མཚོ་


CMR009_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འཁྱིལ་བ་ལས། །རྒྱ་སྐད་ཀུཎྜ་ལཱི་ཞེས་པ། །བོད་སྐད་འཁྱིལ་པ་ཞེས་བྱའོ། །ཞེ་སྡང་གཤིན་རྗེ་ལྟ་བུའོ། །གནོད་སེམས་མཚོན་ཆ་ཅི་བཏབ་ཀྱང་། །བཟོད་པའི་གོ་ཆ་ལྡན་པ་ལ། །གནོད་པར་མི་ནུས་བྱང་ཆུབ་གྲོགས། །ཞེ་སྡང་འཇོམས་པའི་གཤེད་མ་སྟེ། །རྒྱ་སྐད་ཡ་མཱན་ཏ་ཀ་ལ། །བོད་སྐད་གཤིན་རྗེའི་གཤེད་དུ་འཇུག །བརྩོན་འགྲུས་མྱུར་མགྱོགས་རྟ་མཆོག་སྟེ། །བྱང་ཆུབ་ལམ་རིང་མྱུར་དུ་བསྒྲོད། །མགྲིན་པར་བཏུང་བ་མིག་དང་འདྲ། །རྒྱ་སྐད་རྒྱ་གླི་བ་སྟེ། །བོད་སྐད་རྟ་མགྲིན་ཞེས་བྱའོ། །བསམ་གཏན་ཏིང་འཛིན་ཆེར་གོམས་ན། །རྣམ་གཡེང་རླུང་གིས་མི་གཡོ་བས། །རྒྱ་གར་སྐད་དུ་ཨ་ཙ་ལ། །བོད་སྐད་མི་གཡོ་བ་ཞེས་བྱ། །ཤེས་རབ་སྟོང་ཉིད་དོན་བསྒོམ་པས། །འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས། །ཁམས་གསུམ་ལས་ནི་རྣམ་པར་རྒྱལ།་།དེ་ལ་རྒྱ་གར་ལེགས་སྦྱར་སྐད། །ཏྲེ་ཏྲེ་ལོ་ཀྱ་བི་ཛ་ཡ། །བོད་སྐད་ཁམས་གསུམ་རྣམ་རྒྱལ་ཡིན། །ཐབས་ལ་མཁས་པའི་གང་ཟག་དེ། །གཞན་གྱིས་ཐུབ་པར་མི་འགྱུར་བས། །རྒྱ་སྐད་ཨ་པར་ཙིཏྟ་སྟེ། །བོད་སྐད་གཞན་གྱིས་མི་ཐུབ་པ། །སྨོན་ལམ་རྣམ་པར་དག་པ་ན། །ཆུ་ཤིང་


CMR009_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དབྱུག་པ་སྔོན་པོ་ཞིག །གྱེན་དུ་བསླང་བ་ཅི་བཞིན་དུ། །ཡ་ཡོ་ཀྱག་ཀྱོག་མེད་པ་རུ། །བྱང་ཆུབ་ལམ་ལ་ཏ་ལེར་འགྲོ། །རྒྱ་སྐད་ནི་ལན་ཏན་སྟེ། །བོད་སྐད་དབྱུག་པ་སྔོན་པོ་ཡིན། །སྟོབས་ཀྱི་ཕ་རོལ་ཕྱིན་པ་ནི། །ས་བརྒྱད་ཐོབ་དུས་ཕལ་ཆེར་རྫོགས། །ས་བཅུ་ཡན་ནས་སྟོབས་བཅུ་རྫོགས། །སྟོབས་ནི་ཆེན་པོ་བསམ་མི་ཁྱབ། །རྒྱ་སྐད་མ་ཧཱ་བ་ལ་སྟེ། །བོད་སྐད་སྟོབས་པོ་ཆེ་ཞེས་བྱ། །ཡེ་ཤེས་ཕ་རོལ་ཕྱིན་པ་ནི། །བླ་མེད་མཆོག་གི་ཡོན་ཏན་ཀུན། །ཐམས་ཅད་འབྱུང་བའི་གནས་ཡིན་པས། །ཧཱུྃ་ནི་མཆོག་ཏུ་འཇུག་པར་བཤད། །རྒྱ་གར་སྐད་དུ་ཧཱུྃ་ཀཱ་ར། །བོད་སྐད་མཆོག་གི་འབྱུང་གནས་ཡིན། །སྔགས་ནི་གང་ཡིན་མིང་གང་ཡིན། །ཨོཾ་ནི་སྐུ་ལྔ་ཡེ་ཤེས་ལྔ། །བཛྲ་པྲ་རྟེན་རྡོ་རྗེ་སྟེ། །བརྡའ་རྙིང་ལ་ནི་ཀྲོ་ཏ་སྟེ། །བརྡའ་གསར་ཀྲོ་དྷ་ཁྲོ་བོ་ཡིན། །ཧཱུྃ་གིས་སྡུག་བསྔལ་འཇོམས་པ་སྟེ། །ཕཊཀྱིས་གནོད་བྱེད་ཚར་གཅོད་པ། །དེ་ནི་ཁྲོ་བཅུའི་སྔགས་ཡིན་ཏེ། །སྔགས་ཀྱང་ས་བོན་ལྔ་འདུས་ཕྱིར། །ཁྲོ་བཅུའི་ས་བོན་ཧཱུྃ་ཡིག་བཅུ། །བཟླས་པས་ཆོག་པར་ལས་བྱང་གསལ། །ཁྲོ་བཅུ་ཕ་རོལ་ཕྱིན་པ་བཅུ། །ཡིན་པར་སྔར་ནས་ཡོངས་སུ་


CMR009_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས། །འོན་ཀྱང་སོ་སོར་ངོས་འཛིན་ནི། །གསལ་བར་བཤད་པར་མ་མཐོང་ཡང་། །འཕྲལ་དུ་ཉམས་ལ་ཤར་ནས་སྨྲས། །རྣལ་འབྱོར་ཉམས་ལ་ཅི་ཡང་ཤར། །འགལ་བར་གྱུར་ན་མཐོལ་ཞིང་བཤགས། །མདོ་ལུགས་ཕ་རོལ་ཕྱིན་བཅུ་ལ། །སྐུ་མདོག་ཕྱག་མཚན་མེད་ན་ཡང་། །གསང་སྔགས་རྣམ་པ་ལམ་བྱེད་པས། །ཁྲོ་བཅུའི་སྐུ་རུ་བསྒོམ་པ་དེས། །ཕ་རོལ་ཕྱིན་བཅུ་ཐོབ་པར་འགྱུར། །དཔེར་ན་ཚད་མེད་བཞི་པོ་ལ། །སྐུ་མདོག་ཕྱག་མཚན་མ་མཆིས་ཀྱང་། །སྔགས་ལ་སྒོ་མ་བཞི་བསྒོམས་པས། །ཚད་མེད་བཞི་པོ་ཐོབ་དང་མཚུངས་། །རྣམ་པར་རྒྱལ་དང་ཧཱུྃ་ཀཱ་ར། །ཁམས་གསུམ་རྣམ་རྒྱལ་ཕྱག་རྡོར་ཡིན། །དབྱུག་སྔོན་ཅན་དང་བདུད་རྩི་འཁྱིལ། །རྣམ་འཇོམས་ཆེ་མཆོག་ཐུགས་རྒྱུད་གཅིག །གཤིན་རྗེའི་གཤེད་དང་མི་གཡོ་མགོན། །ཀིང་ཀང་ནག་པོ་གཅིག་པར་བཤད། །རྟ་མགྲིན་དམར་པོ་འདོད་པའི་རྒྱལ། །ཨ་པར་ཙིཏྟ་ཐུགས་རྒྱུད་གཅིག །སྟོབས་པོ་ཆེ་དང་སྨེ་བརྩེགས་དང་། །མ་ནིང་ཐུགས་རྒྱུད་གཅིག་པར་བཤད། །ལུས་དཀྱིལ་དང་ནི་དེ་བཞིན་འཁོར། །ཁྲོ་བཅུའི་འཕྲོས་དོན་བཅས་པ་ཡིན། །ལུས་དཀྱིལ་ཉམས་ལེན་གཙོ་བོ་ནི། །རྩ་ཐིག་


CMR009_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གསུམ་སྦྱངས་བ་སྟེ། །ན་སོ་གཞོན་ཞིང་ནད་མེད་པས། །བརྩོན་འགྲུས་དྲག་པོས་ཉམས་བླངས་ན། །ལམ་རྟགས་ཡོན་ཏན་མྱུར་དུ་འཆར། །རླུང་ནི་གཡས་གསུམ་གཡོན་ནས་གསུམ། །མཉམ་དུ་གསུམ་བཏང་ལན་དགུར་བུས། །སྣ་རྩེ་སོར་ནི་བཅུ་གཉིས་ནས། །རླུང་ནི་ཁ་དོག་ལྔ་ལྡན་པ། །འོད་ཀྱི་སྟོང་སྐུད་ལྟ་བུ་རུ། །བྱུང་ནས་ལུས་ཀྱི་ནང་ཞུགས་བསྒོམ། །དལ་བུས་རྡུབ་ཅིང་ལུས་བཀང་སྟེ། །སྙིང་ཁ་མན་ནས་གསང་གནས་ཡན། །ཁེངས་པར་བཀང་ལ་དྲག་ཏུ་མནན། །མ་ཐུབ་པ་ན་སང་གིས་བུས། །བུམ་པ་ཅན་འདིར་གོམས་བྱས་ན། །དུག་དང་རིམས་ཀྱི་ཚད་པ་སེལ། །ཚེ་སྒྲུབ་མཆོག་ཏུ་འགྱུར་བར་གསུངས། །རྩ་གནས་ལྷར་བཅས་གསལ་བཏབ་ནས། །རླུང་བཟུང་ལྟེ་འོག་སོར་བཞི་ན། །ཨ་ཡིག་ཐུང་ངུ་ལྕགས་སྲེག་མདོག །རླུང་གིས་བུས་པས་མེ་ལྕེ་ནི། །ཡར་འབར་མར་འབར་རྩ་གནས་གང་། །ལུས་ལྷ་ཐམས་ཅད་འོད་དུ་ཞུ། །རང་མདོག་ཐིག་ལེ་རེ་རེར་གྱུར། །སྤྱི་བོ་ཚངས་པའི་བུ་ག་རུ། །ཧཾ་ཡིག་དཀར་པོ་དངུལ་ཆུའི་མདོག །མགོ་བོ་ཐུར་དུ་བསྟན་པ་ལ། །དེ་ལ་བདུད་རྩི་བྱང་སེམས་ཀྱི། །ཐིགས་པ་ཆར་ཟིམ་ལྟ་བུར་


CMR009_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བབས། །ཐིག་ལེ་རྣམས་ལ་དེ་ཕོག་པས། །ལུས་ཀྱི་ལྷ་རྣམས་སྔར་བཞིན་དུ། །སྐད་ཅིག་ཉིད་ལ་གསལ་བཏབ་སྟེ། །སྔར་ལས་བཀྲག་མདངས་གཟི་བརྗིད་ནི། །དགུ་འགྱུར་ཙམ་གྱི་ཆེ་བར་བསམ། །དེ་ནས་མེ་ཡིས་ལུས་ཀུན་གང་། །ནད་གདོན་སྡིག་སྒྲིབ་ཉམས་ཆག་དང་། །མ་དག་རྣམ་སྨིན་ཤ་ཁྲག་ལུས། །བསྲེགས་ནས་ཡེ་ཤེས་མཆོག་གི་ལུས། །དྲག་པོ་དངོས་ཀྱི་སྐུར་གྱུར་བསམ།་།དེ་ཚེ་ལུས་ལ་དྲོད་སྐྱེ་ཞིང་། །དེ་ཡི་རྐྱེན་བྱས་བདེ་བ་སྐྱེས། །བདེ་བའི་ངོ་བོ་བལྟས་པ་ཡི། །བདེ་སྟོང་ཟུང་འཇུག་རྟོག་པ་འཆར། །གསར་རྙིང་བླ་མེད་རྒྱུད་ཀུན་གྱི། །ཉམས་ལེན་གཙོ་བོ་འདི་རང་ཡིན། །ན་སོ་རྒས་ན་རླུང་ཆུན་དཀའ། །གལ་ཏེ་རླུང་ནི་མ་བཟུང་ཡང་། །དམིགས་པ་བསྒོམ་ཞིང་བར་རླུང་བཟུང་། །འོག་ཏུ་ཅུང་ཞིག་བསྡམས་བྱས་ཏེ། །ཕོ་བ་ཅུང་ཞིག་ཐེར་ཐེར་བྱ། །དེ་ལ་བར་རླུང་བཟུང་བ་ཟེར། །རླུང་བཟུང་བ་ཡི་གོ་ཆོད་གསུངས། །དེ་ལྟར་ཉམས་སུ་ལེན་པ་ནི། །ཨ་ནུ་ཡོ་གའི་ལུགས་ཡིན་ནོ། ༈་།རྫོགས་ཆེན་ཨ་ཏི་ཡོ་གའི་ལུགས། །གསང་བ་སེམས་ཀྱི་དཀྱིལ་འཁོར་ཏེ། །དཀྱིལ་འཁོར་ལ་སོགས་བསྒྲུབ་པའི་རྫས། །ཅི་ཡང་དགོས་པ་མ་ཡིན་


CMR009_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ལས་བྱང་མངོན་རྟོགས་འདོན་མི་དགོས། །མཚམས་ནི་བསྡམས་རུང་མ་བསྡམ་རུང་། །རང་སེམས་ངོ་བོ་སྐྱོང་བ་སྟེ། །རྣམ་རྟོག་བསྒོམ་དུ་ཤར་བའི་ཚེ། །བསྐྱེད་རྫོགས་ཟུང་འཇུག་བསྒོམ་པ་ནི། །ཉམས་ལེན་སྟོང་པ་ཉིད་ཀྱི་གཤིས། །དེ་དང་མ་བྲལ་བ་ཡི་ངང་། །མཁའ་ལ་འཇའ་ཚོན་ཤར་བ་ལྟར། །དྲན་རྫོགས་དྲག་པོའི་དཀྱིལ་འཁོར་བསྒོམ། །ཕྱི་རོལ་སྣོད་ཀྱི་འཇིག་རྟེན་འདི། །འབྱུང་བ་རིམ་བརྩེགས་རི་རབ་སོགས། །གདོད་ནས་ལྷུན་གྲུབ་གཞལ་ཡས་ཁང་། །ཡིན་ལ་ཡིན་བཞིན་གསལ་འདེབས་བྱ། །བཅུད་ཀྱིས་སེམས་ཅན་ཐམས་ཅད་ནི། །གདོད་ནས་ཡི་དམ་ལྷ་ཡི་སྐུ། །ཡིན་ལ་ཡིན་བཞིན་གསལ་འདེབས་བྱ། །སྒྲ་རུ་གྲག་པ་ཐམས་ཅད་ནི། །སྔགས་སྒྲ་ཡིན་ལ་ཡིན་བཞིན་བསྒོམ། །སེམས་ལ་དྲན་རྟོག་གང་བྱུང་རྣམས། །ཡེ་ནས་རང་རིག་ཡེ་ཤེས་རྩལ། །ཆུ་དང་རླབས་བཞིན་རང་གྲོལ་བཞག །དེ་ལྟར་ཏིང་འཛིན་གསལ་བའི་ཚེ། །འགྲོ་ཀུན་ཡི་དམ་ལྷ་ཡིན་ཕྱིར། །མཚམས་དུས་ཕན་ཚུན་ངོ་རིགས་ཀྱང་། །མཚམས་ཀྱི་བུག་རལ་སྐྱོན་མི་འབྱུང་། །སྒྲ་སྐད་ཐམས་ཅད་སྔགས་སྒྲའི་ཕྱིར། །མཚམས་དུས་ངག་ནི་བཏང་དགོས་ཀྱང་། །


CMR009_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ངག་མཚམས་ཤོར་བའི་སྐྱོན་མི་འབྱུང་། །བདག་བསྐྱེད་དཀྱིལ་འཁོར་འཛམ་གླིང་ཁྱབ། །བདག་བསྐྱེད་གུར་དྲག་རི་རབ་ཙམ། །བསྒོམས་པས་ལྷོ་ནུབ་རྔ་ཡབ་གླིང་། །མདུན་བསྐྱེད་དཀྱིལ་འཁོར་ལྷུན་གྱིས་གྲུབ། །དེ་རུ་བཞུགས་པའི་ཨོ་རྒྱན་དངོས། །མདུན་དེར་དྲག་པོའི་སྐུ་རུ་བསྒོམ། །འཁོར་རྣམས་མདུན་དུ་དྲག་པོའི་འཁོར། །གལ་ཏེ་ལས་བྱང་འདོན་ན་ཡང་། །མཆོད་བསྟོད་ཐམས་ཅད་དེ་ལ་འབུལ། །དེ་ཚེ་སྟོང་གསུམ་འཇིག་རྟེན་གྱི། །རི་རབ་ཐམས་ཅད་གཏོར་མ་སྟེ། །ལྷ་མིའི་ལོངས་སྤྱོད་གཏོར་རྒྱན་ཉིད། །རོལ་པའི་མཚོ་བདུན་ནང་མཆོད་དེ། །འགྲོ་བ་རིགས་དྲུག་ཐམས་ཅད་ཀྱི། །ཉོན་མོངས་དུག་ལྔ་རཀྟའི་མཆོག །དེ་ལྟར་དམིགས་ནས་མཆོད་ཆོག་པས། །སྟོང་གསུམ་སྟོང་གི་གཏོར་གཞོང་དུ། །རི་རབ་འབར་བའི་དཔལ་བཤོས་བཙུགས། །གསུངས་པའི་དོན་ཡང་དེ་ལྟར་རོ། །དེ་བཞིན་ལྷོ་ཕྱོགས་པོ་ཊ་ལར། །རྟག་ཏུ་མེ་ཏོག་ཚལ་ཆེན་རྒྱས། །མ་ལ་ཡ་ཡི་ཙན་དན་ནགས། །རྟག་ཏུ་དྲི་བཟང་སྤོས་ངེད་འཐུལ། །ཉི་ཟླ་སྐར་གསུམ་སྒྲོན་མེ་གསལ། །ཆུ་བོ་གང་གཱའི་དབུས་ཉིད་དུ། །ཡན་ལག་བརྒྱད་ལྡན་ཆུ་རྒྱུན་འབབ། །འཛམ་བུ་པྲིཀྵའི་ཤིང་


CMR009_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་རྣམས། །ཆེ་ཞིང་རོ་མཆོག་བརྒྱད་དང་ལྡན། །བྱ་རིགས་སྐད་སྙན་འབྲུག་སྒྲ་འཇིག །དེ་དག་ཕྱི་ཡི་མཆོད་པར་དམིགས། །སྟོང་གསུམ་འཇིག་རྟེན་ཁམས་འདི་ན། །ཁྱི་ནག་རྟ་ནག་ཟ་ལེ་འབྲི། །ཌཱ་ཀིའི་མཚན་ལྡན་ན་ཆུང་ཚོགས། །དེ་སོགས་བསྐང་བའི་རྫས་རྣམས་ཀྱང་། །འཇིག་རྟེན་ཁམས་སུ་ཡོད་རྣམས་འབུལ། །ཆེད་དུ་རྩོལ་བསྒྲུབ་དགོས་པ་མིན། །རྗེས་ཆོག་གཤེགས་གསོལ་མི་དགོས་ཏེ། །ཡེ་ནས་སྣང་སྲིད་དཀྱིལ་འཁོར་ལྷ། །དམ་ཚིག་ཡེ་ཤེས་དབྱེར་མེད་ཡིན། །བློས་བྱས་བསྡུ་ཆོག་མི་དགོས་ཏེ། །སྒོམ་མཁན་ངོ་བོར་བལྟས་པ་ཡི། །ཐམས་ཅད་སེམས་ཉིད་ཀློང་དུ་ཐིམ། །ཐུན་དང་ཐུན་མཚམས་ངེས་པ་མེད། །བསྐྱེད་རྫོགས་ཟུང་འཇུག་ཆུ་བོའི་རྒྱུན། །སྔགས་ཀྱི་གྲངས་ཚད་ངེས་པ་མེད། །འགྲོ་ཀུན་ཡི་དམ་ལྷར་གསལ་བས། །ཀུན་གྱིས་བཟླ་གྲོགས་བྱེད་པའི་ཕྱིར། །སྔགས་གཅིག་བཟླས་ཀྱང་དུང་ཕྱུར་འགྲོ། །རྒྱུན་དུ་དེ་ཡི་ངང་གནས་ན། །སྤྲོས་བཅས་དགེ་སྦྱོར་མི་དགོས་ཏེ། །ཉལ་དང་ལངས་འདུག་ཟ་བ་གསུམ། །མ་གཏོགས་བྱ་བ་གཞན་སྤངས་པ། །རྒྱ་སྐད་ཀུ་ས་ལི་པ་སྟེ། །བོད་སྐད་ཀུ་སུ་ལུ་པ་ཟེར། །འབུ་སུ་ཀུ་ཡི་


CMR009_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་སྟེ། །དོན་ལ་འདུ་ཤེས་གསུམ་པར་འཇུག །རྟོགས་པ་མཐོན་པོའི་སྤྱོད་པ་ཡིན། །རྒྱུན་དུ་དེ་ཡི་ངང་དུ་གནས། །འཆི་དུས་ཐིག་ལེ་དཀར་དམར་གཉིས། །སྙིང་ཁར་འཕྲད་དུས་ནག་ལམ་འཆར། །དེ་ཚེ་ཡི་དམ་ལྷ་ཡི་སྐུ། །ཝལ་ཙམ་འཆར་བས་རྐྱེན་བྱས་ཏེ། །སྔར་གྱི་བསྐྱེད་རྫོགས་ཟུང་འཇུག་དེ། །དྲན་ནས་དེ་ཡི་ངང་ལ་གནས། །ལུས་སེམས་བྲལ་བར་གྱུར་ནས་ཀྱང་། །བར་དོའི་སྣང་བ་ཤར་མ་ཐག །སྔོན་གྱི་བསྐྱེད་རྫོ་གས་ཟུང་འཇུག་དེ། །དྲན་ནས་སྔོན་ལྟར་བསྒོམས་བྱས་པས། །ད་ལྟའི་བསྒོམ་དང་མི་འདྲ་བར། །ཡིད་ལུས་དེ་ཉིད་གནས་འགྱུར་ནས། །ཡི་དམ་དངོས་ཀྱི་སྐུར་འགྱུར་ཏེ། །ཡི་དམ་ཉིད་དང་དབྱེར་མེད་པ། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ཟེར། །དེ་ནས་སྐྱེ་བ་གར་ལེན་དང་། །འགྲོ་དོན་ཆེ་ཆུང་གང་འབྱུང་ནི། །ད་ལྟ་སྨོན་ལམ་གང་བཏབ་ཡིན། །དེ་ལྟར་བསྐྱེད་རྫོགས་ཟུང་འཇུག་དེ། །གསང་སྔགས་ཉམས་ལེན་མཆོག་ཡིན་ཏེ། །བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པ་ཡི་ནི་རིམ་པ་སྟེ། །རིམ་གཉིས་མཉམ་པར་གང་བཞག་པ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །དེ་སྐད་རྡོ་རྗེ་འཆང་གིས་གསུངས། །དེ་ཡི་ཡོ་ག་རྣམ་གསུམ་གྱི། །


CMR009_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་མདོ་ཙམ་བཤད་ཟིན་ཏེ། །གོ་རིམ་དང་པོ་གསར་བུ་ཡི། །སྤྲོས་པར་དགའ་ཞིང་སྤྲོས་པ་ལྕོགས། །དེ་ཕྱིར་དཀྱིལ་འཁོར་ལ་སོགས་པ། །མ་ཧཱ་ཡོ་ག་ཉམས་སུ་བླངས། །དེ་ནས་ན་སོ་ཁོད་ལ་ཕྱིན། །རྩ་རླུང་དར་ལ་བབས་པའི་དུས། །ལུས་དཀྱིལ་ཨ་ནུ་ཡོ་ག་བསྒོམ། །རླུང་ལ་འབད་པས་རྟགས་མྱུར་ཐོན། །དེ་ནས་རྒས་ཤིང་འཁོག་པའི་དུས། །ལྟ་སྒོམ་སྤྱོད་པའི་དོན་ཀུན་གོ །སྤྲོས་པ་ལུས་ཀྱིས་མི་ལྕོགས་པས། །སྤྲོས་མེད་ཨ་ཏི་ཡོ་ག་བསྒོམ། །གཞན་གྱིས་བལྟས་ན་དགེ་སྦྱོར་བསྒྱུར། །བག་མེད་སོས་དལ་ཉལ་འདྲ་ཡང་། །རང་ཉིད་བསྐྱེད་རྫོགས་ཟུང་འཇུག་གི །ཉམས་ལེན་རྟོགས་པའི་གདེང་དང་ལྡན། །རིག་འཛིན་ཀརྨ་འདུལ་བས་ཀྱང་། །ད་ནི་ཉམས་ལེན་དེ་ལྟར་རིན། །གཏོར་བསྔོས་ཉུང་ངུ་སྔགས་བསྔོས་ཙམ། །མ་ཆག་སྔོན་གྱི་དམ་ཚིག་ཡིན། །མཇུག་ཏུ་བསྔོ་བ་སྨོན་ལམ་ནི། །ཚིག་ཉུང་དོན་འཐུས་རྒྱུན་དུ་བྱ། །མ་འོངས་གསར་བུ་ལ་ཕན་ཕྱིར། །བསྐྱེད་རིམ་གནད་འགགས་འགའ་བརྗོད་ན། ༈ །རང་ཉིད་འགུར་དྲག་བསྒོམ་པའི་ཚེ། །དབུ་གཙུག་རིགས་ཀྱི་བདག་པོ་དང་། །རྩ་བའི་བླ་མ་དབྱེར་མེད་བསྒོམ། །


CMR009_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནང་གསང་བའི་དཀོན་མཆོག་གསུམ། །ཐམས་ཅད་དེ་ལ་འདུས་པར་བསྒོམ། །ཐུགས་ནི་སངས་རྒྱས་ཀུན་འདུས་ཡིན། །གསུང་ནི་དམ་ཆོས་ཀུན་འདུས་ཡིན། །སྐུ་ནི་དགེ་འདུན་ཀུན་འདུས་ཡིན། །སྐུ་ནི་བླ་མ་ཀུན་འདུས་ཡིན། །གསུང་ནི་ཡི་དམ་ཀུན་འདུས་ཡིན། །ཐུགས་ནི་མཁའ་འགྲོ་ཀུན་འདུས་ཡིན། །ཡོན་ཏན་ནོར་ལྷ་ཀུན་འདུས་ཡིན། །ཕྲིན་ལས་ཆོས་སྐྱོང་ཀུན་འདུས་ཡིན། །དེ་ལྟར་ཡིན་པར་གསར་རྙིང་མཐུན། །ཁྱད་པར་རྙིང་མའི་དགོངས་འདུས་དང་། །གསར་མའི་ལམ་འབྲས་ནང་ནས་བཤད། །དེ་ཕྱིར་ཐེ་ཚོམ་མི་བྱའོ། །གྲུབ་པའི་རྒྱལ་མོའི་ལུགས་ལ་ཡང་། །སྤྲུལ་སྐུ་འོད་དཔག་མེད་པ་དང་། །ལོངས་སྐུ་ཚེ་དཔག་མེད་གཉིས་བཤད། །སྐུ་ཡི་ཆ་ལུགས་མ་གཏོགས་པ། །དབང་དང་སྒྲུབ་ལུགས་ཐམས་ཅད་འདྲ། །ཚེ་དཔག་མེད་དང་འོད་དཔག་མེད། །ཐ་དད་མེད་པ་ཀུན་གྱིས་ཤེས། །དེ་ཕྱིར་གསར་རྙིང་མཐའ་དག་ནས། །ཚེ་དཔག་མེད་པ་བྱུང་ཚད་ཀུན། །རིགས་བདག་སྣང་མཐའ་འདི་ལ་འདུས། །ཚེ་གཟུངས་ཨ་མཱ་ར་ཎི་དང་། །རྔ་སྒྲའི་གཟུངས་དང་འོད་དཔག་གཟུངས། །སྒྲ་མི་སྙན་གྱི་ཚེ་སྒྲུབ་སྔགས། །རིགས་བདག་ལ་དམིགས་


CMR009_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་ཀྱང་རུང་། །དེ་འོག་བྱ་ཁྱུང་དཀར་པོ་འདི། །སྐུ་ཡི་རིགས་ཀྱི་ཁྱུང་ཡིན་ཏེ། །ཅུང་ཞིག་ཁྱུང་གི་ཞི་བ་ཡིན། །ཁྱུང་དམར་གསུང་དང་ཁྱུང་ནག་ཐུགས། །ཁྱུང་སེར་ཡོན་ཏན་ཁྱུང་ལྗང་ནི། །ཕྲིན་ལས་ཁྱུང་ཡིན་ཁྱུང་ཁྲ་ཡིན། །ཡེ་ཤེས་མཆོག་གི་ཁྱུང་དུ་བཤད། །དྲུག་པོ་གང་འདོད་བསྒོམས་པས་ཆོག །ཁྱུང་དཀར་འཇམ་ཞིང་ཁྱུང་དམར་རྣོ། །ཁྱུང་ནག་ལྡིང་ཆེ་ཁྱུང་ཁྲ་ནི། །ཀླུ་ལ་ཕོག་ཐུག་ཆུང་བར་བཤད། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། །དྲིལ་བུའི་ཁྱུང་བཞི་སྒོ་སྲུང་ཡིན། །མེ་ཏོག་བདུག་སྤོས་མར་མེ་དང་། །དྲི་ཆབ་ཁྱུང་བཞི་མཆོད་ལྷའི་ཁྱུང་། །དེ་བརྒྱད་འདི་རུ་བསྒོམ་དོན་མེད། །སྤྲུལ་པ་ཡང་སྤྲུལ་སུམ་སྤྲུལ་ཁྱུང་། །ལས་སྦྱོར་དུས་སུ་སྤྱི་གཙུག་གི །ཁྱུང་ལས་དེ་དག་སྤྲོ་བར་བསྒོམ། །སྤྱིར་ནི་ཁྱུང་རིགས་ཉེར་གཅིག་སྟེ། །ཁྱུང་གི་ལས་རྒྱུད་ཆེན་པོ་ལས། །ཁྱུང་གི་རྒྱལ་པོ་དེ་རྣམས་ཀྱང་། །ཕྱག་ན་རྡོ་རྗེའི་སྤྲུལ་པ་སྟེ། །དོན་ལ་ཕྱག་ན་རྡོ་རྗེ་གཅིག །གསུང་ཕྱིར་ངོ་བོ་ཕྱག་རྡོར་ཡིན། །སྔོན་ཚེ་སྨོན་ལམ་བཏབ་པའི་མཐུས། །སངས་རྒྱས་སྟོང་གི་བསྟན་པ་ལ། །ཀླུ་ཡི་ཁ་གནོན་མཛད་ནས་བཞུགས། །མ་འོངས་སྟེང་ཕྱོགས་འཇིག་


CMR009_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དུ། །གཙུག་ཏོར་འོད་ཟེར་འབྱུང་གནས་ཞེས། །མངོན་པར་སངས་རྒྱས་ལུང་ཡང་བསྟན། །དེ་འོག་དབུ་སྐྲའི་གསེབ་ཏུ་ནི། །ཞི་བ་ཐོད་ཕྲེང་རྩལ་བསྒོམ་པ། །དྲག་པོའི་གོང་གནོན་ཚུལ་དུ་ཡིན། །བསྙེན་སྒྲུབ་དུས་སུ་གཞུང་ལྟར་ཏེ། །དྲག་ལས་ལ་སོགས་བྱེད་པའི་དུས། །སྣང་བ་མཐའ་ཡས་འཁོར་ལ་ཡང་། །རིགས་བཞི་སངས་རྒྱས་བསྒོམ་པ་སྟེ། །རྣམ་སྣང་ནུབ་ཏུ་བསྒོམ་པར་གསུངས། །དེ་རྒྱབ་ཕྱོགས་བཅུའི་སངས་རྒྱས་དང་། །དེ་རྒྱབ་སངས་རྒྱས་སྟོང་རྩ་བསྒོམས། །སྤུ་གྲི་སྲོག་གཅོད་གཞུང་ཉིད་ལས། །གཞན་ཡང་མདུན་གྱི་ནམ་མཁའ་ལ། །གསུང་པ་བདག་མདུན་གཉིས་ཀ་ལ། །འདི་ལྟར་སོ་སོར་བསྒོམ་དགོས་དོན། །ཐོད་ཕྲེང་རྩལ་གྱི་འཁོར་ལ་ནི། །དཔའ་བོ་དཔའ་མོ་འབུམ་གྱིས་བསྐོར། །གསུངས་པའི་ནང་དུ་འདུས་མོད་ཀྱི། །གལ་ཆེན་རྣམས་ནི་གསལ་བར་བསྒོམ། །དགའ་རབ་རྡོ་རྗེ་ཤཱཀ་ཐུབ་དཀར། །འཇམ་དཔལ་བཤེས་གཉེན་པཎྜི་ཏ། །ཕྱག་གཡས་ཆོས་འཆད་གཡོན་པོ་ཏི། །ཤྲཱི་སེང་ཧ་པཎྜི་ཏ། །དམར་སྨུག་ཕྱག་གཉིས་མཉམ་བཞག་མཛད། །བི་མ་མི་ཏྲ་པཎྜི་ཏ། །སྔོ་སྐྱ་བྷནྡྷར་བདུད་རྩི་གསོལ། །ཕྱག་གཡས་སྐྱབས་སྦྱིན་མཛད་པའོ། །


CMR009_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་སྲོང་ལྡེའུ་བཙན་ལ་ཐོད་ཅན། །ས་གནོན་མཉམ་བཞག་རྒྱལ་པོའི་ཆས། །ཕྱག་ན་རྡོ་རྗེ་གོས་སྔོན་ཅན། །ཞལ་གསུམ་ཕྱག་དྲུག་འཁོར་ཆེན་ལྟར། །ཡང་ན་ཕྱག་ས་བསྒོམ་ཡང་རུང་། །དེ་བཞིན་ཡཀཱ་མེ་དབལ་ཡང་། །ཞལ་གསུམ་ཕྱག་དྲུག་གཏེར་གོང་ལྟར། །ཡང་ན་ཕྱག་གཉིས་བསྒོམ་ཡང་རུང་། །རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པ། །གསང་འདུས་ལྟར་དུ་བསྒོམ་པའམ། །ཡང་ན་ཞལ་གཅིག་ཕྱག་གཉིས་རུང་། །དེ་བཞིན་ཁྲོ་བོ་སྟོབས་པོ་ཆེ། །ཕྱག་དྲུག་པ་དང་ཕྱག་བཞི་པ། །སྒྲུབ་ཐབས་རྒྱ་མཚོ་ནས་གསུང་ལྟར་།ཡང་ན་ཕྱག་གཉིས་རང་གཞུང་ལྟར། །རྡོ་རྗེ་ཕག་མོ་ཞལ་བཞི་མ། །མཁའ་སྤྱོད་དཀར་དམར་ལ་སོགས་པ། །གང་འདོད་བསྒོམས་པས་ཆོག་པ་ཡིན། །ཊ་ཀི་རཱ་ཛ་འདོད་རྒྱལ་ཏེ། །དམར་པོ་ལྕགས་ཀྱུ་ཞགས་པ་ཅན། །དེ་རྣམས་ཤིན་ཏུ་སྟོབས་ཆེ་བས། །ལས་སྦྱོར་དུས་སུ་གོང་གནོན་ཡིན། །བླ་མ་བརྒྱུད་པ་ཐམས་ཅད་དང་། །ཞེས་པ་རྒྱ་བོད་གྲུབ་ཐོབ་རྣམས། །ཐམས་ཅད་མོས་པ་ཙམ་དུ་བསྒོམ། །དཔྲལ་བར་འཇམ་དཔལ་བསྒོམ་པ་ལ། །འཇམ་དབྱངས་ཞི་བ་ཐམས་ཅད་དང་། །ཡེ་ཤེས་གཤིན་རྗེའི་གཤེད་ཀྱི་རིགས། །


CMR009_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདུས་པ་ནི་གཅིག་ཀྱང་མེད། །སོ་སོར་བརྗོད་ཀྱིས་ག་ལ་ལོངས། །མཚན་བརྗོད་ཚིག་འབྲུ་རེ་རེ་ལའང་།་།ལྷ་གྲངས་གཉིས་རེ་གསུམ་རེ་འདུག །དེ་དག་ཐམས་ཅད་འདི་ལ་འདུས་། །ཁྱད་པར་འཇམ་དཔལ་སྐུ་བསྒྲུབ་སྔགས། །མཉྫ་ཤྲཱི་ཡེ་ཞེས་པ་ནི། །འཇམ་དཔལ་ཞི་བའི་སྔགས་ཡིན་ལ། །ཡ་མཱན་ཏ་ཀ་ཁྲོས་པའི་སྔགས། །ཞི་ཁྲོ་གཉིས་ཀ་འདི་ལ་ཚང་། །དེ་ཕྱིར་ཞི་བ་བསྙེན་འདོད་ན། །དཔྲལ་བར་འཇམ་དཔལ་ཐུགས་ཀ་རུ། །ས་བོན་ཨོཾ་འམ་དྷིཡི་མཐར། །ཞི་བའི་སྔགས་ཀྱིས་བསྐོར་བའི་རྒྱབ། །ཧྲིའི་སྔགས་ཀྱིས་བསྐོར་བར་བསམ། །ཨོཾ་ཨ་ར་པ་ཙ་ན་དྷིའམ། །ཨོཾ་ཝཱཀྐི་ཤྭ་རཱི་ཧཱུྃ་སོགས་བཟླ། །དེ་བཞིན་རྟ་མགྲིན་ལ་དམིགས་ནས། །ཡང་གསང་ཁྲོས་པ་སྐྱེར་སྒང་ལུགས། །ཤྭ་ན་བཞི་བསྐོར་རས་ཆུང་ལུགས། །རྒྱ་གྷི་ཝ་འབྲུ་དྲུག་བཟླ། །རྟ་མགྲིན་རྟ་ཡི་སྤུ་གྲངས་ཙམ། །ཡོད་པར་བཤད་ཀུན་འདི་ལ་འདུས། །ཕྱག་རྡོར་མཚན་བརྒྱའི་བསྟོད་པ་ལྟར། །ཕྱག་རྡོར་རྒྱ་མཚོ་འདི་ལ་ཚང་། །ཞི་བསྙེན་བཛྲ་པཱ་ཎི་དང་། །ནི་ལཾ་བྷ་རའི་སྔགས་རིང་སོགས། །ཐུགས་ཀའི་ཕྱག་རྡོར་ལ་དམིགས་བཟླ། །ལྟེ་བའི་གཙོ་མོ་དམར་མོར་བསྒོམ། །ཕག་མོའི་


CMR009_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ནི་གང་འདོད་བཟླ། །ལྟེ་བའི་གཙོ་མོ་མཐིང་ནག་བསྒོམ། །ཁྲོས་མའི་སྔགས་ནི་གང་འདོད་བཟླ། །དེ་ལྟར་རུང་བའི་རྒྱུ་མཚན་ནི། །དེ་དག་ལྷ་ཡི་ངོ་བོ་གཅིག །རིགས་ཀྱང་གཅིག་པར་ངེས་པའི་ཕྱིར། །སྔགས་ཀྱི་ཚིག་རྣམས་མི་འདྲ་ཡང་། །སྔགས་ནི་ལྷ་ཡི་མིང་ཡིན་ཕྱིར། །ཚིག་མི་གཅིག་ཀྱང་དོན་གཅིག་པ། །ཉ་དང་བཅོ་ལྔ་ལྟ་བུའོ། །སྐུ་མདོག་ཞལ་ཕྱག་མ་ངེས་ཏེ། །ཆོས་ཉིད་དོན་ལ་ཆ་ལུགས་མེད། །གང་འདུལ་དེ་སྟོན་ཅིར་ཡང་སྣང་། །སྐད་ཅིག་སྐད་ཅིག་རེ་རེ་ལའང་། །ཆ་ལུགས་སྤྲུལ་བསྒྱུར་དུ་མ་སྟོན་། །དེ་དོན་ཐོད་རྒལ་སྒོམ་པའི་ཚེ། །ལྷ་ཡི་སྐུ་གཟུགས་རེ་རེ་ཡང་། །སྐད་ཅིག་རེར་ཡང་དུ་མར་འགྱུར། །དེ་ཉིད་མཐོང་ཚེ་ངེས་ཤེས་སྐྱེ། །སྤྱིར་གྱི་མཁའ་འགྲོ་སྡེ་ལྔ་ལ། །དངོས་གྲུབ་ཐམས་ཅད་འབྱུང་བའི་ཕྱིར། །ནཱ་རོ་པ་ཡི་རྒྱ་གཞུང་ལས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །གསོལ་བ་གང་བཏབ་འབྱུང་འགྱུར་བས། །ཡིད་བཞིན་ནོར་བུ་ལྟ་བུར་གསུངས། །ཕག་མོ་དྲན་པ་ཙམ་གྱིས་ཀྱང་། །ཡེ་ཤེས་སྐྱེ་བར་གསུངས་པའི་ཕྱིར། །མཆོག་གི་དངོས་གྲུབ་འབྱུང་བ་ཡིན། །རིགས་བཞིའི་མཁའ་འགྲོ་བཞི་པོ་ལ། །ཞི་རྒྱས་


CMR009_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དྲག་དངོས་གྲུབ་བཞི། །འབྱུང་ཕྱིར་དངོས་གྲུབ་ཀུན་འབྱུང་ཟེར། །ཡཀཱ་མེ་དབལ་ངོ་བོ་ནི། །གནོད་སྦྱིན་ཡཀྵ་རྒྱལ་པོ་སྟེ། །ཕྱག་རྡོར་གོས་སྔོན་ཅན་གྱི་རིགས། །རི་རབ་རྩེ་ཡི་ཕྱོགས་བཞི་ན། །གནོད་སྦྱིན་གོས་སྔོན་རྡོ་རྗེ་ཅན། །ལྔ་བརྒྱ་ཚན་བཞི་འདི་ལ་འདུས། །ཕུར་པ་ཕྲིན་ལས་ལྷ་ཚོགས་ཀུན། །འདུས་པ་མཚོན་ཆ་འཁོར་ལོར་གསལ། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་། །པྲ་མོ་ཧ་གསུམ་སྡེ་བརྒྱད་རྣམས། །འདི་ཡི་འཁོར་དུ་གཏེར་གོས་་་་་་ཉང་གཏེར་ཡཀཱ་རྔམ་གློག་ལས། གསལ། །འདི་ཡི་ཐུགས་རྒྱུད་ངོ་བོ་ནི། །རྣལ་འབྱོར་རྒྱུད་ནས་འབྱུང་བ་ཡི། །རྡོ་རྗེ་གནོད་སྦྱིན་དངོས་ཉིད་ཡིན། །གཙོ་བོ་གུ་རུ་དྲག་པོ་ནི། །གཟུགས་ཀྱི་ཕུང་པོ་རྣམ་དག་པ། །བདེ་གཤེགས་རིགས་ཏེ་རྣམ་སྣང་མཛད། །རྡོ་རྗེ་དྲག་རྩལ་རྡོ་རྗེའི་རིགས། །རྣམ་ཤེས་གནས་དག་མི་བསྐྱོད་པ། །རཏྣ་དྲག་རྩལ་རིན་ཆེན་རིགས། །ཚོར་ཕུང་གནས་དག་རིན་ཆེན་འབྱུང་། །པདྨ་དྲག་རྩལ་པདྨའི་རིགས། །འདུ་ཤེས་གནས་དག་སྣང་མཐའ་ཡས། །ཀརྨ་དྲག་རྩལ་ལས་ཀྱི་རིགས། །འདུ་བྱེད་གནས་དག་དོན་ཡོད་གྲུབ། །སྦྱང་གཞི་རང་གི་ཕུང་པོ་ལྔ། །སྦྱོང་བྱེད་དྲག་པོ་རིགས་ལྔ་སྒོམས། །སྦྱང་


CMR009_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་རིགས་ལྔའི་སངས་རྒྱས་འགྲུབ། །ལྷ་ལྔ་ཞལ་ཕྱག་མི་མཐུན་པས། །ཞི་ཁྲོ་ལྟར་དུ་རིགས་ལྔ་ཡིས། །གཙོ་བོ་བརྗེ་ཞིང་རེས་མོས་སུ། །བསྒོམ་པ་འདིར་ནི་མི་རུང་ངོ་། །འོན་ཀྱང་བདག་བསྐྱེད་གཙོ་བོ་ནས། །སྒོ་སྲུང་ཡན་གྱིས་ལྷ་ཚོགས་ཀུན། །ཐམས་ཅད་བདག་ཉིད་ཡིན་པར་བསྒོམ། །དང་པོ་བདག་ཉིད་གཙོ་བོ་ཡིས། །ང་རྒྱལ་བརྟན་པོར་བཟུང་བྱས་ལ། །རིགས་བདག་ནས་བཟུང་གོ་ཆའི་ལྷ། །ཀུན་གྱི་སྔགས་ནི་ཅི་འགྲུབ་བཟླ། །དེ་ནས་གཙོ་བོ་བཞུགས་ཚུལ་ལ། །རང་ཉིད་ཤར་གྱི་དྲག་པོ་ཡི། །ང་རྒྱལ་བརྟན་པོར་བཟུང་བྱས་ལ། །ཐུགས་ཀར་ཉི་སྟེང་ཧཱུྃ་དཀར་མཐར། །ཨ་ཙིག་སྔགས་ཕྲེང་དཀར་པོ་འཁོར། །འོད་ཟེར་ཟླ་བའི་འོད་ལྟར་འཕྲོས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །ནད་གདོན་སྡིག་སྒྲིབ་བར་ཆད་ཀུན། །མུན་པར་ཟླ་བ་ཤར་བཞིན་གསལ། །རྡོ་རྗེ་རིགས་ཀྱི་དངོས་གྲུབ་ཀུན། །འོད་ནི་དཀར་པོར་བསྡུས་ཏེ་བསྟིམས། །འོད་དེས་རྡོ་རྗེའི་རིགས་ཀུན་མཆོད། །ཨ་ཙིག་སྔགས་འབྲུ་ཉི་ཤུའི་མཐར། །ནད་གདོན་སྡིག་སྒྲིབ་སརྦ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་ནས་དེ་ཡི་ཡུམ་ཡིན་ཕྱིར། །རང་ཉིད་རྡོ་རྗེ་མཁའ་འགྲོ་མ། །


CMR009_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ་ཡིན་བཞིན་ང་རྒྱལ་བཟུང་། །ཐུགས་ཀར་ཟླ་སྟེང་ཧ་དཀར་མཐར། །སྔགས་ཕྲེང་གཡོན་དུ་འཁོར་བ་ལས། །འོད་ཟེར་འཕྲོ་འདུ་གོང་དང་འདྲ། །ཧ་བཛྲ་ཌཱཀི་ནཱི་ཧཱུྃ་ཕཊ། །སྔགས་ཀྱི་ཤི་བུ་གོང་ལྟར་རོ། །རང་ཉིད་རཏྣ་དྲག་པོར་བསྒོམ། །ཐུགས་ཀར་ཉི་སྟེང་ཧཱུཾ་སེར་མཐར། །སྔགས་ཕྲེང་གསེར་མདོག་གཡས་སུ་འཁོར། །འོད་ཟེར་ཉི་མ་ཤར་ལྟར་འཕྲོས། །བདག་དང་བསྲུང་བྱའི་ཚེ་བསོད་ནམས། །པདྨར་ཉི་མ་ཤར་ལྟར་རྒྱས། །འོད་དེས་རིན་ཆེན་རིགས་ཀུན་མཆོད། །འཁོར་འདས་ཀུན་གྱི་ཚེ་བསོད་ནམས། །འོད་ཟེར་སེར་པོར་བསྡུས་ཏེ་བསྟིམས། །ཨ་ཙིག་སྔགས་འབྲུ་ཉི་ཤུའི་མཐར། །ཨཱ་ཡུ་པུཎྱེ་པུཏྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་ནས་དེ་ཡི་ཡུམ་ཡིན་ཕྱིར། །རང་ཉིད་རིན་ཆེན་མཁའ་འགྲོར་བསྒོམ། །ཐུགས་ཀར་ཟླ་སྟེང་རི་ཡིག་སེར། །སྔགས་ཕྲེང་གསེར་མདོག་གཡོན་དུ་འཁོར། །རི་རཏྣ་ཊཱཀི་ནི་ཧཱུཾ་ཕཊ། སྤྲོ་བསྡུ་སྔགས་ཤམ་ཡབ་དང་མཚུངས། །རང་ཉིད་པདྨ་དྲག་པོར་བསྒོམ་། །ཐུགས་ཀར་ཉི་སྟེང་ཧཱུཾ་ཡིག་དམར། །དེ་མཐར་སྔགས་ཕྲེང་བྱི་རུའི་མདོག །འོད་ཟེར་གློག་འོད་ལྟ་བུ་འཕྲོས། །འདོད་དགུའི་དངོས་གྲུབ་དབང་དུ་སྡུས། །སངས་རྒྱས་


CMR009_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་རིགས་ཀུན་མཆོད། །བྱིན་རླབས་འོད་དམར་བསྡུས་ནས་བསྟིམས། །ཨ་ཙིག་སྔགས་འབྲུ་ཉི་ཤུའི་མཐར། །སརྦ་སིདྡྷི་པ་ཤང་ཀུ་རུ་ཡེ་སྭཱ་ཧཱ། རང་ཉིད་པདྨ་མཁའ་འགྲོར་བསྒོམ།་།ཐུགས་ཀར་ཟླ་སྟེང་ནི་ཡིག་དམར། །དེ་མཐར་སྔགས་ཕྲེང་གཡོན་དུ་འཁོར། །ནི་པདྨ་ཊཱཀི་ནཱི་ཧཱུྃ། སྤྲོ་བསྡུ་ཤམ་བུ་ཡབ་དང་འདྲ། །རང་ཉིད་ཀརྨ་དྲག་པོར་བསྒོམ། །ཐུགས་ཀར་ཉི་སྟེང་ཧཱུྃ་ལྗང་མཐར། །སྔགས་ཕྲེང་ལྗང་གུ་གཡས་སུ་འཁོར། །འོད་ཟེར་ལྗང་ནག་མཚོན་ཆའི་དབྱིབས། །ཚ་བའི་རེག་བྱ་ཅན་འཕྲོས་པས། །གནོད་ཅིང་འཚེ་བའི་དགྲ་བགེགས་ཀུན། །བྱ་སྤུ་མེ་ལ་བསྲེགས་བཞིན་གྱུར། །འོད་དེས་ལས་ཀྱི་རིགས་ཀུན་མཆོད། །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཀུན། །འོད་ཟེར་ལྗང་གུར་བསྡུས་ནས་བསྟིམས། །ཨ་ཙིག་སྔགས་འབྲུ་ཉི་ཤུའི་མཐར། །དགྲ་བགེགས་མཱ་ར་ཡ་ཕཊ། ཅེས་སྦྱར། །རང་ཉིད་ལས་ཀྱི་མཁའ་འགྲོར་བསྒོམ། །ཐུགས་ཀར་ཟླ་སྟེང་ས་ལྗང་མཐར། །སྔགས་ཕྲེང་གཡོན་དུ་འཁོར་བར་བསྒོམ། །ས་ཀརྨ་ཊཱཀི་ནི་ཧཱུཾ་ཕཊ། སྤྲོ་བསྡུ་སྔགས་ཤམ་གོང་དང་མཚུངས། །རང་ཉིད་གཤིན་རྗེ་ཚེ་བདག་བསྒོམ། །ཐུགས་ཀར་ཉི་སྟེང་ཧཱུཾ་སེར་


CMR009_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ནག །དེ་མཐར་སྔགས་ཕྲེང་གཡས་སུ་འཁོར། །འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །གཤིན་རྗེ་ཀུན་གྱི་མཐུ་སྟོབས་བསྡུས། །བདག་ལ་ཐིམ་པས་གཟི་བརྗིད་འབར། །ཨོཾ་འི་ཨ་ཀྲོ་ཏེ་ཀ་ཡ་མཱན་ཏ་ཀ་ཡ་མ་རཱ་ཙ་ཧཱུྃ་ཕཊ༔ རང་ཉིད་ཁྲོས་མ་ནག་མོར་བསྒོམ། །ཐུགས་ཀར་ཉི་སྟེང་ཧཱུྃ་ནག་མཐར། །སྔགས་ཕྲེང་མཐིང་ནག་གཡོན་དུ་འཁོར། །འོད་ཟེར་སྣ་ཚོགས་འཕྲོས་པ་ཡི། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །ཁྲོ་མོ་ཀུན་གྱི་མཐུ་སྟོབས་བསྡུས། །བདག་ལ་ཐིམ་པས་གཟི་བརྗིད་འབར། །ཨོཾ་བཛྲ་བྷ་ར་ཧི་ཀྲོ་ཏི་ཀཱ་ལི་ཧ་རི་ནི་ས་ཨཱ་ཝེ་ཤ་ཡ་ཧཱུྃ་ཕཊ༔ རང་ཉིད་རྡོ་རྗེ་གཞོན་ནུར་བསྒོམ། །ཐུགས་ཀར་ཉི་སྟེང་ཧཱུྃ་ལྗང་མཐར། །སྔགས་ཕྲེང་ལྗང་གུ་གཡས་སུ་འཁོར། །འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །ཁྲོ་བོ་ཀུན་གྱི་མཐུ་སྟོབས་བསྡུས། །བདག་ལ་ཐིམ་པས་གཟི་བརྗིད་འབར། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་ཐཾ་ཧཱུྃ་ཕཊ༔ རང་ཉིད་མཁའ་འགྲོ་སེང་གདོང་བསྒོམ། །ཐུགས་ཀར་ཉི་སྟེང་ཧཱུཾ་མཐིང་མཐར། །སྔགས་ཕྲེང་མཐིང་ནག་གཡོན་དུ་འཁོར། །འོད་འཕྲོས་རི་རབ་སོ་གཉིས་ཀྱི། །རྡུལ་གྱི་གྲངས་མཉམ་མཁའ་འགྲོ་


CMR009_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །མཐུ་སྟོབས་བསྡུས་ནས་བདག་ཐིམ་བསམ། །བཟློག་ནག་ཡི་གེ་བཅུ་བཞི་བཟླས། །ཕྲིན་ལས་སྒྲུབ་པའི་ལྷ་བཞི་འདི། །འཆི་བདག་ནཱ་ག་རཀཱ་དང་། །སྲོག་བདགཱ་ཁ་ཐུན་ཆོས་རྒྱལ་དང་། །བེ་བྷ་པྲ་ཏ་འཆར་ཁ་དང་། །ཀིང་ཀང་དམར་ནག་དུག་རི་སོགས། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །གཤིན་རྗེ་ཀུན་འདུས་ཚེ་བདག་ཡིན་། །དཔྲལ་བར་སྒོམ་པའི་གཤིན་རྗེའི་གཤེད། །འཇམ་དབྱངས་དངོས་ཡིན་ཡེ་ཤེས་པ། །གཙོ་ཡུམ་ཕག་མོ་མཐིང་ནག་ནི། །ཆོས་སྐུ་ཡུམ་ཆེན་སྒྲོལ་སྔོན་དང་་། །ཐུགས་རྗེ་ཕག་མོ་ནག་མོ་དང་། །པདྨ་གཟི་ལྡན་བདག་མེད་མ། །དེ་རྣམས་ངོ་བོ་གཅིག་པ་སྟེ། །དོན་ལ་ཡེ་ཤེས་མཚོ་རྒྱལ་ཡིན། ༈ །བོགས་འདོན་བསྐྱེད་རིམ་གོ་ལྡོག་ནི། །རང་ཉིད་གཙོ་མོའི་ཡུམ་དུ་བསྒོམ། །རང་གི་ཐུགས་ཀར་ཆོས་འབྱུང་དབུས། །ཨ་ཡིག་མཐིང་ཀ་འོད་ཟེར་འབར། །དེ་ཡང་པདྨའི་ལྟེ་བར་སྟེ། །འདབ་བཞི་ཧ་དཀར་རི་སེར་དང་། །ནི་དམར་ས་ལྗང་བཞི་པོ་བསྒོམ། །ཡིག་འབྲུ་ལྔ་པོ་ཅུང་ཞིག་བཟླ། །དེ་ལས་འོད་ཟེར་ཁ་དོག་ལྔ། །འཕྲོས་པ་རང་གི་ཞལ་ནས་ཐོན། །གཙོ་བོ་ཡབ་ཡུམ་སྐུ་ལུས་བརྒྱུད། །རྡོ་རྗེའི་


CMR009_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

སྦུག་ནས་བྷ་གར་ཞུགས། །རང་གི་ཐུགས་ཀར་ཐིམ་པ་ཡིས། །གཙོ་མོའི་བྱིན་རླབས་དངོས་གྲུབ་ཀུན། །མ་ལུས་བདག་ལ་ཐིམ་གྱུར་ཏེ། །དཔེར་ན་པད་འབྱུང་བྱིན་རླབས་ཀུན། །མཚོ་རྒྱལ་ལ་ནི་ཞུགས་པར་བསམ། །བྱིན་རླབས་མི་འཇུག་ཀ་མེད་ཀྱི། །དམིགས་པ་ངོ་མཚར་ཟབ་གནད་ཡིན། །ལྷོ་ནུབ་ཁྲོས་མ་ནག་མོ་དང་། །གཙོ་མོ་ལ་ཆེན་རྒྱུད་གཅིག་ཀྱང་། །འདི་ནི་ཅུང་ཞིག་གཉན་ཞིང་རྩུབ། །དུར་ཁྲོད་ཁྲོས་མ་ནག་མོ་ཟེར། །ལས་ཚོགས་ཕྱུག་པའི་ལྷ་བཞི་འདི། །གུར་དྲག་འཁོར་དུ་ཡོད་པའི་ཕྱིར། །འདི་བཞིའི་ལས་ཚོགས་མཐའ་ཡས་པ། །གུར་དྲག་འདི་ལ་སྦྱར་བས་ཆོག །ལས་ཚོགས་ཅི་ལྟར་ཡོད་པའི་ཚུལ། །སྲུང་དང་ཟློག་དང་བསད་པ་དང་། །གྲུབ་ཆེན་བརྒྱད་དང་ཕྲིན་ལས་བཞི། །སྲིའུ་གསོ་དང་ཆར་པ་འབེབས། །སེར་བ་འབེབས་སྲུང་ངག་མནན་བཀྲོལ། །དེ་སོགས་འཕྲལ་མཁོའི་ལས་ཚོགས་བརྒྱད། །གཞན་ཡང་ལས་ཚོགས་མཐའ་ཡས་པ། །ལྷ་བཞི་སོ་སོའི་པོད་གཞུང་གསལ། །འདི་རུ་བྲི་བར་ག་ལ་ལོངས། །དེ་དག་ལས་ཚོགས་གང་འགྲུབ་ཀྱང་། །སོ་སོའི་བསྙེན་སྒྲུབ་ཐེམ་མི་དགོས། །གུར་དྲག་བསྙེན་སྒྲུབ་ཐེམ་པས་ཆོག །སོ་སོའི་


CMR009_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལུང་མ་ཐོབ་ཀྱང་། །གུར་དྲག་དབང་ལུང་ཐོབ་པས་འཐུས། །སོ་སོའི་ལས་བྱང་འདོན་མི་དགོས། །གུར་དྲག་ལས་བྱང་འདོན་པས་ཆོག །སོ་སོའི་བདག་བསྐྱེད་བསྒོམ་མི་དགོས། །གོང་ལྟར་གུར་དྲག་བདག་བསྐྱེད་བསྒོམ། །གོང་ལྟར་སོ་སོའི་ང་རྒྱལ་བཟུང་། །ཚེ་བདག་བཟློག་པའི་སྔགས་རིང་དང་། །ཕུར་པའི་སྤུ་གྲི་ལ་སོགས་པ། །སྔགས་རིང་རྣམས་ཀྱང་འདོན་པས་ཆོག་།དེ་ནས་མཐའ་ཡི་ཁྲོ་བཅུ་ཡང་། །རང་ཉིད་ཡིན་པའི་ང་རྒྱལ་བཟུང་། །ཀུན་གྱི་ཐུགས་ཀར་ཉི་མའི་སྟེང་། །ཧཱུྃ་མཐིང་རང་རང་སྔགས་ཀྱིས་བསྐོར་།འོད་འཕྲོས་འཁོར་འདས་སྣང་སྲིད་ཀྱི། །མཐུ་སྟོབས་ཀུན་བསྡུས་བདག་ལ་བསྟིམས། །ཧཱུྃ་ཡིག་བཅུ་སྦྲེལ་བཟླས་པས་འཐུས། །སོ་སོར་བསྙེན་པ་བྱེད་འདོད་ན། །བདག་ཉིད་སོ་སོའི་ང་རྒྱལ་བཟུང་། །གོང་ལྟར་སོ་སོའི་སྔགས་རྣམས་བཟླ། །དེ་ཡིས་ཁྲོ་བཅུའི་སྒྲུབ་པ་ཚང་། །རང་ཉིད་རྟ་གདོང་དཀར་མོར་བསྒོམ། །ཐུགས་ཀར་ཟླ་སྟེང་ཛཡིག་དཀར། །དེ་ལྟར་སྔགས་ཕྲེང་གཡོན་དུ་འཁོར། །འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས། །འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི། །སྡིག་སྒྲིབ་དང་ནི་སྡུག་བསྔལ་ཀུན། །བ་མོར་


CMR009_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཟེར་ཕོག་ལྟར་བསྒོམ། །ཨོཾ་བཛྲ་ཨཾ་ཀུ་ཤ་ཛ༔ དེ་ཡིས་སྙིང་རྗེ་ཚད་མེད་འགྲུབ། །རང་ཉིད་ཕག་གདོང་སེར་མོར་བསྒོམ། །ཡང་ན་ནག་མོར་བསྒོམ་ཡང་རུང་། །ཐུགས་ཀར་རང་མདོག་ཧཱུྃ་གི་མཐར། །སྔགས་ཕྲེང་གཡོན་དུ་འཁོར་བ་ལས། །འོད་ཟེར་གསེར་མདོག་ཕྱོགས་བཅུར་འཕྲོས། །འོད་ཟེར་དེ་ཉིད་ཕོག་ཙམ་གྱིས། །འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །བདེ་སྐྱིད་ཕུན་སུམ་ཚོགས་པར་བསྒོམ། །ཨོཾ་བཛྲ་པཱ་ཤ་ཧཱུྃ། དེ་ཡིས་བྱམས་པ་ཚད་མེད་འགྲུབ། །རང་ཉིད་སྤྲེལ་གདོང་དམར་མོར་བསྒོམ། །ཐུགས་ཀར་ཟླ་སྟེང་བཾ་ཡིག་མཐར། །སྔགས་ཕྲེང་གཡོན་འཁོར་འོད་དམར་འཕྲོས། །འོད་དེས་ཕོག་པས་འགྲོ་དྲུག་ཀུན། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཡང་འབྲལ་བ་མེད་པར་བསྒོམ། །ཨོཾ་བཛྲ་སྤོ་ཊ་བི། དེ་ཡིས་དགའ་བ་ཚད་མེད་འགྲུབ། །རང་ཉིད་སྤྱང་གདོང་ལྗང་མོར་བསྒོམ། །ཐུགས་ཀར་ཟླ་སྟེང་ཧོལྗང་མཐར། །སྔགས་ཕྲེང་གཡོན་འཁོར་འོད་ལྗང་འཕྲོས། །འོད་དེས་ཕོག་པས་སེམས་ཅན་ཀུན། །ཆགས་དང་སྡང་བའི་རྟོག་པ་ཞི། །དགེ་བའི་སེམས་དང་ལྡན་པར་བསྒོམ། །ཨོཾ་བཛྲ་གྷནྡྷེ་ཧོ། དེ་ཡིས་བཏང་སྙོམས་ཚད་མེད་འགྲུབ། །དེ་


CMR009_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བདག་བསྐྱེད་ལྷ་ཚོགས་ཀུན། །ཐམས་ཅད་བདག་ཉིད་ཡིན་མོད་ཀྱིས། །ང་རྒྱལ་རིམ་པར་འཕོ་བ་སྟེ། །དེ་ནས་གཙོ་བོའི་ང་རྒྱལ་བཟུང་། །འདི་ནི་བློ་བཟོ་མ་ཡིན་ཏེ། །གསར་མའི་ཀུན་རིག་གསང་འདུས་དང་། །རྙིང་མའི་བཀའ་དགོངས་གཉིས་ནས་གསལ། །གདན་ཐོག་གཅིག་ཏུ་བསྒྲུབ་ན་ནི། །གཙོ་འབུམ་འཁོར་ཁྲི་གྲངས་ཡིན་ཏེ། །དུས་ཀྱི་དབང་གིས་བཞི་འགྱུར་ནི། །དགོས་པ་གསར་མའི་ལུགས་ཡིན་ལ། །གཏེར་ཆོས་རྣམས་ལ་དེ་མི་དགོས།་༈ །སྒྲུབ་པ་མ་ཡིན་རྒྱུན་ཁྱེར་དུས། །གཙོ་བོའི་སྔགས་ལ་བརྒྱ་བཟླས་ན། །གོ་ཆའི་ལྷ་དང་དྲག་པོ་བཞི། །བཅུ་ཆ་ཡིན་པས་བཅུ་རེ་ཙམ། །དེ་རྒྱབ་འཁོར་བརྒྱད་བདུན་རེ་ཙམ། །ཁྲོ་བཅུ་སྒོ་སྲུང་ལ་སོགས་པ། །གསུམ་རེ་ཙམ་གྱིས་ཆོག་པ་སྟེ། །མདོར་ན་སྔགས་གྲངས་ངེས་པ་མེད། །གོང་དུ་བཤད་ལྟར་སོ་སོ་ཡི། །དམིགས་པ་ཟིན་ཙམ་ཟིན་ཙམ་བྱ། །དོན་ལ་ངོ་བོ་གཅིག་ན་ཡང་། །གཙོ་ཡུམ་ཐུགས་ཀྱི་ཕག་མོ་མཐིང་། །ལྷོ་ནུབ་ཁྲོས་མ་ནག་མོ་དངོས། །ལྟེ་བའི་ཡེ་ཤེས་མཁའ་འགྲོ་ལྔ། །དེ་ནི་ཕག་མོ་ལྷ་ལྔ་ཡིན། །ལྔ་ཀ་དོན་ལ་ཕག་མོ་ཉིད། །ཡེ་ཤེས་ལྔ་མཚོན་ཁ་དོག་ལྔ། །


CMR009_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཞིའི་མཁའ་འགྲོ་སྡེ་བཞི་ནི། །གཙོ་ཡུམ་ཁྲོས་མའི་འཁོར་བཞི་ཡིན། །ཤར་གྱི་བདེ་ཆེན་དཀར་མོ་དང་། །ལྷོ་ཡི་སེར་མོ་དོན་གྲུབ་དང་། །ནུབ་ཀྱི་དམར་མོ་སྒྲ་སྒྲོགས་དང་། །བྱང་གི་སྣ་ཚོགས་མཐར་ཕྱིན་ཏེ། །ཁྲོས་མ་ལྷ་ལྔ་ཚང་བ་ཡིན། །དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོ་བརྒྱད། །ཕྱི་རོལ་དུར་ཁྲོད་ནང་ན་ཚང་། །བདག་བསྐྱེད་ཅེས་པའི་དོན་རྩ་ནི། །དཀྱིལ་འཁོར་ཡོངས་རྫོགས་ལྷ་ཚོགས་རྣམས། །ཐམས་ཅད་བདག་ཉིད་ཡིན་པར་བསྒོམས། །མདུན་བསྐྱེད་ཅེས་པའི་དོན་རྩ་ནི། །མདུན་བསྐྱེད་དཀྱིལ་འཁོར་དམིགས་རྟེན་ལ། །དཀྱིལ་འཁོར་ཡོངས་རྫོགས་སྒོམ་པ་སྟེ། །བསྐྱེད་རིམ་ཞེས་པའི་དོན་རྩ་ནི། །དང་པོ་ཏིང་འཛིན་རྣམ་གསུམ་དང་། །དེ་ནས་སྟོང་པ་ཉིད་བསྒོམ་སྟེ། །དེ་ནས་འབྱུང་བ་རིམ་བརྩེགས་དང་། །དེ་ནས་གཞལ་ཡས་ཁང་པ་དང་། །དེ་ནས་གཙོ་བོ་བསྒོམ་པ་དང་། །དེ་ནས་འཁོར་རྣམས་སྤྲོ་བ་སོགས། །རིམ་པར་བསྐྱེད་པས་བསྐྱེད་རིམ་ཟེར། །སྟོང་ཉིད་ལྟ་བའི་ངང་གནས་ཤིང་། །མཁའ་ལ་འཇའ་ཚོན་ཤར་བ་ལྟར། །བདག་མདུན་བུམ་ལྷ་གཏོར་མའི་ལྷ། །སོ་སོའི་གཞལ་ཡས་ཁང་པར་བབས། །དུས་གཅིག་ཐོལ་གྱིས་བསྐྱེད་པ་


CMR009_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཐོལ་བསྐྱེད་ཅེས་ནི་བྱ་བ་ཡིན། །སྟོང་ཉིད་བསྒོམ་རུང་མ་བསྒོམས་རུང་། །ངག་ནས་སྔགས་གཅིག་བརྗོད་ཙམ་གྱིས། །རང་ཉིད་ཡི་དམ་ལྷ་ཡི་སྐུ། །དམ་ཚིག་ཡེ་ཤེས་དབྱེར་མེད་པར། །ཀྲོང་གིས་བསྐྱེད་ལ་ཀྲོང་བསྐྱེད་ཟེར། །ལས་བྱང་བྱིན་འབེབས་བྱེད་དུས་སམ། །དབང་གི་བྱིན་འབེབས་བྱེད་སྐབས་སུ། །དཀྱིལ་འཁོར་ལྷ་ཚོགས་དཔག་མེད་པ། །ཁ་བ་བུ་ཡུག་འཚུབ་བཞིན་བྱོན། །མཚོ་ལ་ཁ་བ་བབས་བཞིན་བསྟིམ། །ལས་བྱང་ནང་གི་སྤྱན་འདྲེན་སོགས། །སོ་སོའི་གནས་དང་སོ་སོའི་མཚན། །ངོས་བཟུང་ཡོད་པ་རྣམས་ལ་ནི། །སོ་སོར་ཚོ་ཚོ་སྤྱན་དྲངས་ལ། །སོ་སོའི་སྐུ་ལ་ཐིམ་པར་བསྒོམ། །འདི་རུ་མི་གསལ་བ་རྣམས་ནི། །ཐམས་ཅད་འབྲུ་འགྲེལ་ནང་དུ་གསལ། །སྡེ་བརྒྱད་འདུལ་བའི་སྔགས་དམིགས་ནི། །འབྲུ་འགྲེལ་ནང་དུ་གསལ་ལྟར་ཡིན། །སྡེ་བརྒྱད་ལས་ལ་འགྱེད་པ་ནི། །རང་ཉིད་དྲག་པོའི་ཐུགས་ཀ་ནས། །འོད་ཟེར་འཇིག་རྟེན་ཁྱབ་པར་འཕྲོས། །སྣང་སྲིད་ལྷ་འདྲེ་ཀུན་ལ་ཕོག །རང་རང་སྔོན་གྱི་དམ་ཚིག་དྲན། །སྐད་ཅིག་ཉིད་ལ་ཁྲོམ་བཞིན་འདུས། །དཀྱིལ་འཁོར་གཞལ་ཡས་ཁང་གི་ཕྱི། །དུར་ཁྲོད་ནང་གི་


CMR009_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཁྱམས་སུ། །གཙོ་བོ་བརྒྱད་ལ་རང་རང་གི །འཁོར་ཚོགས་རྣམས་ཀྱིས་བསྐོར་བ་སྟེ། །ཤར་དུ་ཡར་ལྷ་ཤམ་པོ་དཀར། །བེར་དཀར་གསོལ་ཞིང་མདུང་དར་ཕྱར། །ལྷ་གཡག་དཀར་པོ་ཆིབས་པ་ལ། །དཀར་པོ་ལྷ་རིགས་ཀུན་གྱིས་བསྐོར། །ཐུགས་ཀར་ཟླ་སྟེང་ཨ་དཀར་པོ། །ཨ་ཡིག་དཀར་པོའི་ཕྲེང་བས་བསྐོར། །ལྷོ་ཕྱོགས་ཡ་མ་རཱ་ཙ་མཐིང་། །ཕྱག་ན་བེ་ཅོན་ཐོད་དབྱུག་འཛིན། །སྟག་ལྤགས་གྱོན་ཞིང་མ་ཧེ་ཞོན། །གཤེད་ཆེན་བདུན་བརྒྱ་ཉི་ཤུ་སོགས། །འཇིག་རྟེན་གཤིན་རྗེ་ཀུན་གྱིས་བསྐོར། །ཐུགས་ཀར་ཡ་ལས་ཡ་ཕྲེང་བསྐོར། །ནུབ་ཕྱོགས་སྲིད་པའི་རྒྱལ་མོ་དཀར། །དར་དཀར་གྱོན་ཞིང་གཡུ་འབྲུག་ཞོན། །ཕྱག་ན་མདའ་དར་མེ་ལོང་འཛིན། །ཐུགས་ཀར་མ་ལ་མ་ཕྲེང་བསྐོར། །འཇིག་རྟེན་མ་མོ་ཀུན་གྱིས་བསྐོར་། །བྱང་དུ་ཀོང་རྗེ་དྲང་དཀར་ནག །བེར་ནག་གྱོན་ཞིང་རྟ་ནག་ཞོན། །ལག་ན་ཁྲམ་ཤིང་དགྲ་སྟ་ཕྱིར། །ཐུགས་ཀར་དུ་ལ་དུ་ཕྲེང་བསྐོར། །ནག་ཕྱོགས་བདུད་རིགས་ཀུན་གྱིས་བསྐོར། །ཤར་ལྷོར་བཙན་རྗེ་ཡམ་ཤུད་དམར། །བེར་དམར་གྱོན་ཞིང་རྟ་དམར་ཞོན། །མདུང་དམར་མདའ་གཞུ་ལག་ན་འཛིན་། །དམར་པོ་བཙན་


CMR009_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀུན་གྱིས་བསྐོར་། །སྙིང་ཁར་རུ་ལ་རུ་ཕྲེང་བསྐོར། །ལྷོ་ནུབ་པེ་ཧར་དགེ་སློང་གཟུགས། །བསེ་ཐེབ་འཁར་གསིལ་ལྷུང་བཟེད་ཅན། །སེང་ཆིབས་རྒྱལ་འགོང་ཀུན་གྱིས་བསྐོར། །ཐུགས་ཀར་ཙ་ལ་ཙ་ཕྲེང་བསྐོར། །ནུབ་བྱང་ཀ་ལ་ཡཀྵ་ལྗང་། །ཕྱག་ན་རལ་གྲི་ནོར་བུ་འཛིན། །བེར་ལྗང་རིན་ཆེན་རྒྱན་གྱིས་བཀླུབས། །སྟག་མོ་ཆིབས་པའི་འཁོར་དུ་ནི། །འཇིག་རྟེན་ནོར་ལྷ་གཏེར་བདག་ཚོགས། །ཐུགས་ཀར་ཤ་ལ་ཤ་ཕྲེང་བསྐོར། །བྱང་ཤར་ཀླུ་བདུད་མགོ་དགུ་དང་། །མཐིང་ཀ་སྦྲུལ་མཇུག་ཆུ་སྲིན་ཆིབས། །ལག་ན་སྦྲུལ་ཞགས་ནད་རྐྱལ་ཐོགས། །གཟའ་ཀླུ་ས་བདག་ཀུན་གྱིས་བསྐོར། །ཐུགས་ཀར་ན་ལ་ན་ཕྲེང་བསྐོར། །ཀུན་ཀྱང་རིང་གི་བཀའ་ཉན་ཅིང་། །གུས་ཤིང་འདུད་པའི་ཚུལ་དུ་བསྒོམ། །རང་ཉིད་དྲག་པོའི་ང་རྒྱལ་གྱིས། །ཨ་ཙིག་མེ་དབལ་སྡེ་བརྒྱད་སྔགས། །ཙ་ཤ་ན་བར་གཞུང་ལྟར་ཏེ། །བདག་ལས་འོད་ཟེར་དཀར་པོ་འཕྲོས། །སྡེ་བརྒྱད་རྣམས་ལ་ཕོག་པ་ཡིས། །རང་སྲོག་སྔགས་ཕྲེང་གཡས་སུ་འཁོར། །མ་མོ་ལ་ནི་གཡོན་དུ་འཁོར། །ལས་མི་སྒྲུབ་པའི་དབང་མེད་ཅིང་། །དེ་དག་ཀུན་ལས་འོད་དཀར་


CMR009_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས། །བདག་དང་བསྲུང་བྱ་ཀུན་ལ་ཕོག །ནད་དང་གདོན་དང་བར་ཆད་ཀུན།། །བ་མོར་ཉི་ཟེར་ཕོག་ལྟར་ཞི། །ནད་གདོན་བར་ཆད་སརྦ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པའི་ཤམ་བཏགས་ཅི་འགྲུབ་བཟླ། །རང་དང་གཞན་གྱི་བསྲུང་བ་དང་། །རིམ་གྲོའི་མཆོག་ཏུ་འདི་འགྱུར་རོ། །རང་གི་ཐུགས་ལས་འོད་སེར་འཕྲོས། །ཁོང་རྣམས་ལ་ཕོག་ཁོང་རྣམས་ལས། །གསེར་མདོག་འོད་ཟེར་འཕྲོས་པ་ཡི། །བདག་དང་བསྲུང་བྱ་རྣམས་ལ་ཐིམ། །ཚེ་བསྲིང་བསོད་ནམས་བསྐྱེད་པར་བསྒོམ། །ཨཱ་ཡུ་པུཎྱེ་པུཎྚི་ཀུ་རུ་ཡེ་སྭཱ་ཧཱ། སྡེ་བརྒྱད་ཐམས་ཅད་སྐུ་ཤ་རྒྱས། །ཀུན་ཀྱང་དེར་དང་རིན་ཆེན་བརྒྱན། །འོད་ཟེར་སྤྲོ་བསྡུ་གོང་ལྟར་ལས། །གང་འདོད་དངོས་གྲུབ་ཆར་འབེབས་བསྒོམ། །བཱ་སུ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། འདི་ནི་ནོར་སྒྲུབ་མཆོག་ཡིན་ནོ། །བདག་ལས་འོད་ཟེར་དམར་པོ་འཕྲོས། །ཁོང་རྣམས་ལ་ཕོག་ཁོང་རྣམས་ལས། །གློག་ཞགས་ལྟ་བུའི་འོད་འཕྲོས་པས། །ཇི་ལྟར་འདོད་པའི་དངོས་གྲུབ་ཀུན། །རང་དབང་མེད་པར་དབང་བསྡུས་བསྒོམ། །སརྦ་སིདྡྷི་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་ལྟར་ཞི་བའི་ལས་རྣམས་ལས། །ཤ་ཁྲག་མི་རུང་དཀར་གཏོར་ཕུལ། །སྡེ་བརྒྱད་


CMR009_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འབྲུ་བརྒྱད་ཀྱི་མཐར། །བྷ་ལིང་ཁཱ་ཧི་བཏགས་ལ་ཕུལ། །ལས་འདི་སྒྲུབ་པའི་བཀའ་བསྒོ་བྱ། །ཆད་མདོ་བརྟན་སྐྱོང་བཏོན་ལ་འབུལ། །དེ་བཞིན་ཆར་འབོད་དུས་སུ་ཡང་། །ཆར་པ་ཕོབ་ཅེས་བཀའ་བསྒོ་ཞིང་། །སྡེ་བརྒྱད་འཁོར་བཅས་ཁ་སྣ་དང་། །བུ་ག་དགུ་ནས་ཆར་ཞོད་འཕྱུར། །ཡུལ་ཕྱོགས་ལྟེམས་སེ་ཆུས་བཀང་བསམ། །ནཱ་ག་ཀཱ་ལ་བྷ་རི་ཤ་ཡ་ཕོབ་ཕོབ། ཅེས་བཏགས་བཟླས་པས་ཆོག་པ་ཡིན། །དེ་བཞིན་སེར་བ་བསྲུང་ན་ཡང་། །ས་ཆ་འདི་དང་འདི་རྣམས་སུ། །སེར་བ་མ་བཏང་བསྲུང་བར་བསྒོམ། །ཡུལ་ཕྱོགས་འདི་དང་འདི་རྣམས་སུ། །སྲུངས་ཤིག་རཀྵ་རཀྵ་བཟླས། །སྡེ་བརྒྱད་རྣམས་ལ་བསྲུང་བཅོལ་བ། །ཟབ་ཅིང་རང་ལ་ཉེས་སྐྱོན་མེད། །གོད་འདྲེ་ཆུང་སྲི་ཤི་གཤེད་སོགས། །དམར་གཏོར་ལ་བཀུག་ཁཱ་ཧིས་འབུལ། །གང་གནོད་དེ་ཡི་མིང་གི་མཇུག །མཱ་ར་ཡ་ཧཱུྃ་ཕཊ༔ཅེས་བཏགས་ལ་བཟླ། །གོད་གཅོད་ཆུང་རྡུང་གཤེད་འདུལ་སོགས། །ཟབ་ཅིང་སྟབས་བདེ་ཕན་ཐོགས་སོ། །བྱད་ཁ་རྐྱེན་ཁ་ཆེ་བ་ལ། །གང་ཡིན་དམར་གཏོར་ལ་བཀུག་འབུལ། །ཨ་ཙིག་སྔགས་རིང་ཙ་ཤ་ན། །ཨེ་ཀ་དུ་ན་ཟློག །མ་


CMR009_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ་དུ་ན་ཟློག །ས་ག་དུ་ན་ཟློག །ཙ་དུར་སྙིང་ན་ཟློག །སུམ་ཏྲི་རཀྵ་ཟློག །བྱད་ཟོར་ཕུར་ཁ་ཆག་ཆེ་ཉམ་ང་ཐམས་ཅད་མཱ་ར་ཡ་བྷོ་བྷོ༔ ཟློག་ཟློག །ཅེས་བརྗོད་ཕྱོགས་ཀྱི་གཙང་སའམ། །ཡང་ན་གནོད་པའི་ཕྱོགས་སུ་ཕུལ། །སྡེ་བརྒྱད་འཁོར་བཅས་དེ་ཕྱོགས་སུ། །དམག་ཆེན་བཞིན་དུ་གཤར་སོང་བས། །གནོད་བྱེད་དགྲ་བགེགས་ཐམས་ཅད་ནི། །སྤྲིན་ནག་རླུང་གིས་གཏོར་ལྟར་བསྒོམ། །གུར་དྲག་ཁྲོ་བཅུ་སྟོབས་ཆེ་ཞིང་། །སྙིགས་དུས་སྡེ་བརྒྱད་ཁ་དར་ཞིང་། །རྣོ་མྱུར་ཤིན་ཏུ་ཆེ་བའི་ཕྱིར། །ལས་ཚོགས་འདི་དག་རྣམས་ལས་ཟབ། །གཞན་དུ་ཡོད་སྙམ་འཁྲུལ་པའི་བློ། །མཆོག་གྲུབ་མཐུ་ཡོད་འདི་འདྲ་དཀོན། །གསུངས་པའི་དོན་ཡང་དེ་ལྟར་རོ། །དགྲ་དང་བགེགས་ཀྱང་ཁྱད་མེད་དེ། །དགྲ་ཡི་དམིགས་རིམ་མི་བཤད་པས། །སྡིག་པའི་རྩ་བར་འགྱུར་དོགས་ཡིན། །ངེད་ཀྱི་ཕ་མྱེས་སྔགས་པ་ཞིག །གཞན་ནས་གདམས་ངག་ཅི་མེད་པར། །ཨ་ཙིག་བསྒྱུར་ཁའི་སྔགས་བཟླས་པས། །དགྲ་ཡི་ཁྱིམ་དུ་ལྷོག་ཚང་བཅས། །མལ་བུག་རྗེས་མེད་སོང་བ་ཡི། །གྱང་རལ་བདག་གི་མིག་གིས་མཐོང་། །དེ་ཕྱིར་འདི་རུ་བཤད་མ་ཕོད། །རྫོགས་རིམ་ལ་སོགས་གོང་


CMR009_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསལ། །འདི་དག་གཞན་ནས་ཁ་སབ་མིན། །དོན་ལ་པོད་གཞུང་ནང་ནས་གསལ། །འོན་ཀྱང་གསར་བུས་རྟོགས་དཀའ་ཕྱིར། །པོད་གཞུང་ཉིད་ནས་ལུང་བསྟན་པའི། །དྲག་པོ་འགྲུབ་པའི་རིག་འཛིན་མཆོག༔ ༢ །ཀརྨ་འདུལ་བ་རང་ཉིད་ཀྱི། །ཐུགས་ལ་ཐེ་ཚོམ་མ་མཆིས་ཀྱང་། །མ་འོངས་འགྲོ་ལ་ཕན་དོན་དུ། །སྐུ་རྟེན་རང་བྱུང་ཟླ་ཞལ་མ།་།གསུང་རྟེན་རྡོར་ཕྲེང་གླེགས་བམ་དང་། །ཐུགས་རྟེན་ཙནྡན་བེང་ཆེན་དང་། །ཆོས་ཀྱི་ཆེ་བ་བསྐྱེད་པའི་ཕྱིར། །དུས་གསུམ་བསགས་པའི་དགེ་ཚོགས་བཅས། །འདི་བརྩམས་བཀའ་རྒྱ་བཀྲོལ་ཕྱིར་ཕུལ། །གཏེར་སྲུང་དགེ་བསྙེན་སྨྱོ་ཁ་དང་། །བཀའ་སྲུང་སྤུ་གྲི་མཆེད་གསུམ་དང་། །ཆོས་བདག་མཁའ་འགྲོ་སྡེ་ལྔ་རྣམས། །བཀའ་གཉན་ཀོ་ལོང་དམ་ན་ཡང་། །མཎྜལ་བཟང་ཕྱིར་བཀའ་རྒྱ་གྲོལ། ༧ །སྔགས་རྒན་རཱ་ག་ཨ་སྱ་བདག །འཕྲལ་དུ་དཔེ་ཆར་མ་བལྟས་ཏེ། །སྔར་ནས་ཡིད་ལ་གསལ་བ་རྣམས། །མ་གསང་མ་སྦས་ལྷུག་པར་བཤད། །ལུང་འདྲེན་ཅི་ཡང་མ་བྲིས་ཏེ། །རྒྱུད་གཞུང་རྣམས་དང་མི་འགལ་སེམས། །སྦ་འོས་གསལ་བཀོད་ཉེས་མཆིས་ན། །ཆོས་བདག་སྲུང་མའི་ཚོགས་ལ་


CMR009_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས། །བྱུང་རྒྱལ་ཉམས་མགུར་ཚུལ་དུ་སྨྲས། །དགེ་སློང་བརྩོན་འགྲུས་ཞེས་བྱས་བྲིས། །དགེ་བས་ཇི་སྲིད་དུས་མཐའི་བར། །འདི་ཉིད་མི་ནུབ་འཕེལ་ཞིང་རྒྱས། །འདི་ཉིད་ཉམས་སུ་སུས་བླངས་རྣམས། །ཚེ་འདིར་མཆོག་ཐུན་དངོས་གྲུབ་ཐོབ། །ཕྱི་མ་བདེ་ཆེན་ཞིང་ཁམས་སུ། །ཆོས་སྐུ་སྣང་བ་མཐའ་ཡས་ལ། །རྟག་ཏུ་མཆོད་པས་མཉེས་བྱེད་ཤོག༔ མངྒ་ལཾ།། བཀྲ་ཤིས།། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

གུ་རུ་དྲག་པོའི་དྲིས་ལན་གསལ་བྱེད།


CMR009_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོའི་དྲིས་ལན་གསལ་བྱེད་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR009_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོ་འདི་བཀའ་ཡིན་ནམ། བསྟན་ཆོས་ཡིན། རྒྱུད་ཡིན་ནམ། ལུང་ཡིན། གཞུང་ཡིན་ནམ། མན་ངག་ཡིན། །རྒྱ་འགྱུར་ཡིན་ནམ། བོད་འགྱུར་ཡིན། རྒྱུ་ཆོས་ཡིན་ནམ། བོད་ཆོས་ཡིན། འོ་ན་བཀའ་ཡིན་ན།་ཞལ་ནས་གསུངས་པའི་བཀའ་ཡིན་ནམ།་རྗེས་སུ་གནང་བའི་བཀའ་ཡིན་ནམ། བྱིན་གྱིས་བརླབས་པའི་བཀའ་ཡིན་ནམ། གཏེར་ནས་བཏོན་པའི་བཀའ་ཡིན། བསྟན་ཆོས་རྩིས་མགོ་གང་ལ་གཏོགས། རྒྱ་འགྱུར་ཡིན་ན། རྒྱ་གར་ནས་སུས་བསྒྱུར། རྒྱུ་ཆོས་ཡིན་ན། དེང་སང་རྒྱ་གར་ན་གུ་རུ་དྲག་པོ་འདི་དར་རམ། བོད་


CMR009_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཡིན་ན་དུས་ནམ་ཙམ་དར། །བསྟན་པ་སྔ་དར་ཕྱི་དར་བར་དར་གསུམ་གང་ལ་གཏོགས། གུ་རུ་དྲག་པོའི་ངོ་བོ་གང་ཡིན། །ངེས་ཚིག་གང་ཡིན། གུ་རུ་དྲག་པོ་ལ་རྒྱས་པར་བྱེད་ན་དུ་ཙམ་ཡོད། བསྡུས་ན་གང་དུ་འདུས། གུ་རུ་དྲག་པོ་ཆོས་སྐུར་གཏོགས་སམ། སྤྲུལ་སྐུར་གཏོགས་སམ། རིགས་ལྔ་གང་གི་རིགས་སུ་གཏོགས། གུ་རུ་དྲག་པོ་སྤྲུལ་པའི་དོན་ཅི་ཡིན། །ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་གསུམ་ཚང་ཟེར་བ་ཅི་ལྟར་ཚང་། ཆེ་བ་བདེ་གཤེགས་འདུས་པ་ལ་ཆོས་ཚན་དུ་ཡོད། འབྲིང་བ་དྲག་སྔགས་མེ་ཡི་སྤུ་གྲི་ལ་ཆོས་ཚན་དུ་ཡོད། ཆུང་བ་དཔའ་བོ་ལྷ་གསུམ་


CMR009_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆོས་ཚན་དུ་ཡོད། ཐོག་ལྟར་བརྩེགས་པའི་ལྷ་དེ་གང་ཡིན། རྒྱན་ལྟར་འདོགས་པའི་ལྷ་དེ་གང་ཡིན། འཁོར་དུ་བཀོད་པའི་ལྷ་གང་ཡིན། དམག་དཔོན་ལྟ་བུའི་ལྷ་བཅུ་ཡོད་ཟེར་བ་གང་ཡིན། ཁྲ་ལྟར་འགྱེད་པའི་ལྷ་གཅིག་ཡོད་ཟེར་བ་གང་ཡིན། སྤྲུལ་པ་ལྟ་བུའི་ལྷ་གསུམ་ཡོད་ཟེར་བ་གང་ཡིན། །མ་སྲིང་ལྟ་བུའི་ལྷ་ཡོད་ཟེར་བ་གང་ཡིན། འགུར་དྲག་གི་ཁུངས་ལ་མངོན་བྱང་ལྔ་ལས་བསྐྱེད་ལུགས་གང་ཡིན། ཡན་ལག་བཞི་རྫོགས་སུ་བསྐྱེད་ལུགས་གང་ཡིན། འདི་རྡོ་རྗེ་ཆོ་ག་གསུམ་ལ་བསྐྱེད་ལུགས་གང་ཡིན། སྙིང་པོ་ལས་བསྐྱེད་ལུགས་གང་ཡིན། ས་བོན་ལས་བསྐྱེད་ལུགས་གང་ཡིན། སྐད་ཅིག་གི་བསྐྱེད་ལུགས་གང་ཡིན། རྣམ་པ་གསལ་ལུགས་གང་ཡིན། རྣམ་དག་དྲན་པ་དེ་གང་ཡིན། ང་རྒྱལ་བརྟན་པ་དེ་གང་ཡིན། ངོ་བོ་བསྟན་པ་དེ་གང་ཡིན། མཚན་ཉིད་དབྱེར་མེད་པ་དེ་གང་ཡིན། ཉམས་བདེ་བ་དེ་གང་ཡིན། སྲུང་བ་རྡོ་རྗེའི་ཁྲབ་བདག་བསྲུང་ན་ཅི་ལྟར་བསྲུང་། གཞན་སྲུང་ན་ཅི་ལྟར་བསྲུང་། གནས་སྲུང་ན་ཅི་ལྟར་བསྲུང་། སྦ་བ་རྣམ་གསུམ་དེ་ཅི་ལྟར་ཡིན། ཟློག་པ་མཚོན་ཆ་ཟོར་དུ་འཕེན་པ་ལ། འཁོར་བའི་གནད་ཅིག་ཡོད་ཟེར་བ་དེ་གང་


CMR009_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། གཟེང་ཐབས་ལྷའི་མན་ངག་གཅིག་ཡོད་ཟེར་བ་དེ་གང་ཡིན། བཟླས་པ་སྔགས་ཀྱི་མན་ངག་གཅིག་ཡོད་ཟེར་བ་དེ་གང་ཡིན། སྐྱོགས་གཉིས་ནང་ཐུག་ན། །རྒྱོགས་རྡོ་བར་སྣང་ནས་གཅོག་པའི་མན་ངག་གཅིག་ཡོད་ཟེར་བ་དེ་གང་ཡིན། སྔགས་པ་ནང་རྒྱས་བྱུང་ན་སྡེ་བརྒྱད་ཁ་འཐབས་ཀྱི་མན་ངག་གཅིག་ཡོད་ཟེར་བ་དེ་གང་ཡིན། བཙན་པོ་མཁར་ཞུགས་པ་དེ་གང་ཡིན། ཁམས་གསུམ་གཡུལ་དུ་བཅད་པ་རྣམ་གསུམ་མཚོན་གྱིས་བརྡུང་བ་དེ་གང་ཡིན། འཁོར་བའི་ཇག་པ་བཀྱེ་བ་དེ་གང་ཡིན། གཏོར་མ་ལ་བསྟབ་པ་རང་གཤེད་རང་ལ་བབ་པ་རྣམས་ཡོད་ཟེར་བ་དེ་གང་ཡིན། བསད་པ་སྡིག་པ་སྙིང་འཛིན་ལ་དགྲ་བསད་ན་ཅི་ལྟར་བསད། བྱད་མ་བསད་ལུགས་ཅི་ལྟར་ཡིན། འདྲེ་བསད་ལུགས་ཅི་ལྟར་ཡིན། དགྲ་འདྲེ་གཉིས་བླ་འགུགས་སམ། ལུས་འགུགས་སམ། སྲོག་འགུགས། བླ་འགུགས་ན་བླ་དེ་གང་ཡིན། སྲོག་འགུགས་ན་ཅི་ལྟར་འགུགས། ལུས་འགུགས་ན་འདྲེ་ལ་ལུས་ཡོད་དམ་མེད། ལུས་ཡོད་ན་ཅི་ལྟར་འགུགས། ཡང་དགྲ་འདྲེ་གཉིས་བླ་གསོད་དམ། སྲོག་གསོད་དམ། ལུས་གསོད་དམ། དེ་གསུམ་གྱི་གསོད་ལུགས་ཅི་ལྟར་བྱེད། འདྲེ་


CMR009_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དངོས་སུ་གསོད་རྒྱུ་ཡོད་དམ་མེད། ཡོད་ན་འདྲེ་གཟུགས་ཇི་ལྟར་ཡོད། མེད་ན་གསོད་ཟེར་བ་གང་ལ་བྱེད། ཡང་སྨྲས་པ། བཀའ་དང་ལུང་དང་དབང་དང་གསུམ། །འདི་གསུམ་མ་ཐོབ་སྔགས་པ་མེད། །དཔེར་ན་མ་བཅོས་པའི་དཔོན་དང་འདྲ། །རྒྱུད་དང་ལག་ལེན་མན་ངག་གསུམ། །འདི་གསུམ་མི་ལྡན་སྔགས་པ་མེད། །དཔེར་ན་ཁ་སྦུབ་སྒྲུང་མཁན་འདྲ། །བསྙེན་སྒྲུབ་མེད་པའི་སྔགས་པ་དེ། །རྨིང་ནས་ཉིལ་བའི་བརྩེགས་པ་འདྲ། །ཁས་སྦྱོར་མི་ཤེས་སྔགས་པ་དེ། །གོ་མཚོན་མེད་པའི་དམག་མི་འདྲ། །རང་སྲུང་མེད་པའི་གཞན་སྲུང་དེ། །གཉའ་ཆད་རི་ལ་བསྐུངས་བཅས་འདྲ། །གསལ་གསུམ་གདེང་གསུམ་མི་ལྡན་ན། །རྩལ་ཆུང་རྟ་ལ་ཞོན་པ་འདྲ། །ཚེ་ལུང་ཁྲུས་ལུང་མ་ཤེས་ན། །དམག་དཔོན་ནང་གི་ཤན་པ་འདྲ། །འདི་དག་དོན་རྣམས་ཤེས་པ་ན། །མུན་ནག་ནང་གི་མར་མེ་འདྲ། །གུ་རུ་དྲག་པོར་དྲིས་པའི་ལེའུ་སྟེ་དང་པོའོ།། །།འགུར་དྲག་འདི་བཀའ་མ་ཡིན་ཏེ། ཀུན་ཏུ་བཟང་པོས་མ་གསུངས། རྒྱལ་བ་རིགས་ལྔས་ཀྱང་མ་གསུངས། རིག་འཛིན་མི་ཡི་ཐོད་པ་ལ་སོགས་པས་བཀའ་བསྡུས་པའི་དུས་སུ་མ་གསུངས། བསྡུས་བརྒྱུད་མ་


CMR009_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། དགོངས་བརྒྱུད་བཅུ་ཡང་མི་གཏོགས་སོ། །ཏན་ཆེན་པོ་སྡེ་བཅོ་བརྒྱད་ལ་ཡང་མི་གཏོགས། གཞུང་མ་ཡིན་ཏེ། ཞི་ཁྲོ་བཀའ་བརྒྱད་ལ་མི་གཏོགས། རྒྱ་འགྱུར་ཡང་མ་ཡིན། ལོ་ཙཱ་བ་སུས་ཀྱང་མ་བསྒྱུར་། རྒྱུ་ཆོས་ཡང་མ་ཡིན་ཏེ། དེང་སང་རྒྱ་གར་ནས་མ་དར། འོ་ན་གང་ཡིན་ན། བསྟན་ཆོས་ཡིན་ནོ། །རྒྱ་ཡི་བསྟན་ཆོས་ཀྱང་མ་ཡིན་། བོད་ཀྱི་བསྟན་ཆོས་ཀྱང་མ་ཡིན། བོད་ཆོས་ལ་སྔ་འགྱུར། རྒྱན་དྲུག་མཆོག་གཉིས་ལ་སོགས་པས་མ་བསྒྱུར། བར་དུ་རིན་ཆེན་བཟང་པོ་ཇོ་བོ་རྗེས་མ་བསྒྱུར།་ཐ་མ་སྐ་ཅོག་རྣམས་ཀྱིས་མ་བསྒྱུར། འགུར་དྲག་གི་ཆེ་བརྗོད་འདོད་ན། འགུར་དྲག་གི་ངོ་བོ་ཨོ་རྒྱན་ཡིན། དེའི་ངོ་བོ་ཆོས་སྐུ་ཡིན། དེའི་ངོ་བོ་རང་སེམས་ཡིན། ལོགས་ན་མེད། ངེས་ཚིག་ནི་གུ་རུ་ཡིན། གུ་རུ་བླ་མ་ཡིན། དྲག་པོ་ནི་ཁྲོས་པ་ཡིན། རྒྱས་པར་བྱེད་ན་གཏེར་ཀ་རེ་ལ་འགྱུར་རེ་ཡོད། བསྡུ་ན་བདེར་གཤེགས་འདུས་པ་ལ་བསྡུས། སྐུ་གསུམ་ལས་སྤྲུལ་སྐུར་གཏོགས། རིགས་ལྔ་ལས་པདྨའི་རིགས་སུ་གཏོགས། དྲག་ཏུ་སྤྲུལ་དོན་ནི། པེ་ཀར་འདུལ་བའི་དོན་ཡིན། ཕྱི་སྒྲུབ་འཁོར་མང་དུ་སྒྲུབ་པ། ནང་སྒྲུབ་དབང་སྒྲུབ་ལྷ་


CMR009_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ལྔར་སྒྲུབ་པ། གསང་སྒྲུབ་ཧཱུྃ་སྒྲུབ་ཏུ་སྒྲུབ་པའོ། །བསྐྱེད་རྫོགས་ཐུན་ཅིག་གཅིག་ལ། ཕྱི་ནང་གསང་གསུམ་ཚང་ལུགས་ཤེས་དགོས། ཆེ་བ་བདེ་གཤེགས་འདུས་པ་ལ་ཆོས་ཚན་བཅུ་བདུན་ཏེ། རྨི་ལམ་དབང་དང་འབྲེལ་པའི་ཆོས་བརྒྱད། སྒྲུབ་ཐབས་མན་ངག་དང་འབྲེལ་བའི་ཆོས་བརྒྱུད། ཕྱི་གསོལ་འདེབས་ཀྱི་སྐོར། ནང་བྱིན་རླབས་ཀྱི་སྐོར། གསང་བ་དངོས་གྲུབ་ཀྱི་སྐོར། དྲག་པོ་ཕྲིན་ལས་ཀྱི་སྐོར་དང་བཞི་རུ་ཕྱེས་ཏེ། ཐུན་དུས་བླ་མའི་རྣལ་འབྱོར། ཆུང་བ་དཔའ་བོ་ལྷ་གསུམ་ལ་ཆོས་ཚན་གསུམ། འབྲིང་བ་དྲག་སྔགས་མེའི་སྤུ་གྲི་ལ་ཆོས་ཚན་ལྔ། ཐོག་ལྟར་བརྩེགས་པའི་ལྷ་ནི་སྤྱི་བོར་སྣང་བ་མཐའ་ཡས། དེའི་སྤྱི་བོར་རིག་འཛིན་བརྒྱུད་པའི་བླ་མ་བྷེ་པ་དེ་ཡིན། རྒྱུན་ལྟར་འདོགས་པའི་ལྷ་ནི། དཔྲལ་བར་འཇམ་དཔོལ། མགྲིན་པར་རྟ་མགྲིན། ཐུགས་ཀར་ཕྱག་རྡོར། ལྟེ་བར་མཁའ་འགྲོ་སྡེ་ལྔ། གསང་བོར་ཡཀཱ་མེ་དབལ་རྣམས་བྷེ་པ་དེ་ཡིན། འཁོར་དུ་བཀོད་ན་ཤར་དུ་ཕྱག་རྡོར། ལྷོར་འཇམ་དཔལ། ནུབ་ཏུ་རྟ་མགྲིན། བྱང་དུ་མེ་དབལ། དེ་ལྟར་བཀོད་པ་ཡིན། དམག་དཔོན་ལྟ་བུ་ལྷ་བཅུ་ནི་ཁྲོ་བོ་བཅུ་ཡིན། ཇག་པ་ལྟ་བུའི་ལྷ་བརྒྱད་ནི་སྡེ་


CMR009_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཡིན། སྤྲུལ་པ་ལྟ་བུའི་ལྷ་གསུམ་ནི་ལེགས་རྩ་ལ་མཆེད་གསུམ་ཡིན། མ་སྲིང་ལྟ་བུའི་ལྷ་ནི་རྡོ་རྗེ་ཕག་མོ་དང་མཁའ་འགྲོ་སྡེ་ལྔ་ཡིན། ཁྲ་ལྟར་འགྱེད་པའི་ལྷ་ནི་ལྕགས་སྡིག་ནག་པོ་ཡིན། གདན་པད་ཟླ་ལ། སྐུ་ཡོངས་རྫོགས་ལ། ཐུགས་ཕྱག་མཚན་ལ། གསུང་ཡིག་འབྲུ་ལ། ཕྲིན་ལས་ལྷུན་གྲུབ་ལ་བྱང་ཆུབ་པ་ལྔ། གཞིའི་ཡན་ལག་སྒྲུབ་པའི་བསྙེན་པའི་ཡན་ལག་དང་བཞི། སྒྲུབ་པ་ཆེན་པོའི་ཡན་ལག་དང་གཅིག །སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེ་དང་གསུམ། སྙིང་པོ་བསྐྱེད་པ། ས་བོན་ཧཱུྃ་ཧཱུྃལས་སྐད་ཅིག་དྲན་རྫོགས་སུ་བསྐྱེད་པ། རྣམ་པ་གསལ་བ་ནི། རང་ལྷའི་སྐུ་མདོག་ཕྱག་མཚན་དང་ཕྱི་སྣོད་གཞལ་ཡས་ཁང་། ནང་བཅུད་ལྷ་དང་ལྷ་མོར་གསལ་བར་བྷེ། རྣམ་དག་དྲན་པའི་སྐུའི་གཞུང་། སྐུ་མདོག་ཕྱག་མཚན་རྒྱན་དང་བཅས་པ་དགོས། ང་རྒྱལ་བརྟན་པ་ནི། གསལ་མི་གསལ་ཅི་ཡིན། ཡི་དམ་ལྷ་ཡིན་སྙམ་པའི་ང་རྒྱལ་དང་དུས་རྟག་ཏུ་མ་བྲལ་བར་དྲན་པ་བརྟན་པའོ། །ངོ་བོ་སྟོང་པ་གདོས་བཅས་མ་ཡིན་པ་འཇའ་ཚོན་ལྟ་བུ་མེ་ལོང་གི་གཟུགས། ཆུ་ནང་ཟླ་བ་ལྟ་བུ། རྣམ་པ་གསལ་བ། །ངོ་བོ་སྟོང་པར་བྷེ་པའོ། །མཚན་ཉིད་


CMR009_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་ནི་ལྷ་ཡབ་ཡུམ་གཙོ་འཁོར་ཐམས་ཅད་སྣ་ཚོགས་སུ་སྣང་བ་དོན་དེ་ལ་རོ་གཅིག་ཏུ་བྷེ་པའོ། །ཉམས་བདེ་བ་ནི། ཉམས་གང་སྐྱེས་ཐམས་ཅད་ལ་སྤང་བླང་དགག་སྒྲུབ་བྲལ་བའི་ངང་ནས་བདེ་བ་སྤྱོད་དོ། །བདག་སྲུང་བ་ནི་རང་ཉིད་ཡི་དམ་དུ་གསལ་བ། ལུས་ལ་ལྷ་གོ་ཆ་ལྟར་བྷེ་པའོ། །གཞན་སྲུང་ན་གནས་ཁང་ངམ་ཕྱི་སྣོད་གཞལ་ཡས་ཁང་དུ་བསམ། ཕྱི་རོལ་གསེར་གྱི་འཁོར་ལོ་གཡས་དང་། མེའི་འཁོར་ལོ་གཡོན་དུ་འཁོར་བར་བསམ། དེའི་ཕྱི་རོལ་དུ་མཚོན་ཆ་དང་མེ་རིའི་གུར་ཁང་བྷེ། སྦ་བ་གསུམ་ནི་ལུས་སྲུང་བའི་གུར་དུ་བྷ། སྲུང་འཁོར་དང་གོ་ཆའི་ནང་དུ་སྦ། ངག་སྔགས་ཀྱི་གུར་དུ་སྦ། ཡིད་ས་བོན་གྱི་དཀྱིལ་དུ་སྦ། འཁོར་ལོ་གནད་ནི་སྲུང་བའི་དུས་སུ་འཁོར་ལོ་གུར་ཐབས་སུ་གཡས་འཁོར་དུ་བྷོ་། བསད་ཟློག་དུས་སུ་གཡོན་དུ་མཚོན་ཆའི་འཁོར་ལོ་འཁོར་བར་ཧཱུཾ། གཟིགས་ཐབས་ཀྱི་གནད་ནི་བསྲུང་བའི་དུས་སུ་ལྷའི་ཞལ་ནང་དུ་གཟིགས། མདོས་ཟློག་དུས་སུ་ལྷའི་ཞལ་ཕྱི་ན་གཟིགས། སྔགས་ཀྱི་གནད་ནི། སྲུང་བའི་སྔགས་ཀྱི་བར་དུ་རང་དང་བསྲུང་བྱའི་བར་དུ་མིང་དང་མཐར་རཀྵ་བཏགས་སོ། །བཟློག་པའི་དུས་སུ་ཟློག་དང་། བསད་པའི་དུས་


CMR009_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མཱ་ར་ཡ་བཏགས་སོ། །སྦྱོར་ཅིག་ཟློག་ཅིག་པའི་སྔགས་དང་། སྡེ་བརྒྱད་ཁ་འཐབ་སྐྱོགས་རྡོ་རྗེ་ལམ་དུ་བཅག་པ། དེའི་མན་ངག་ནི། འགོམ་ཡུག་མ་སོང་བའི་ས་ལ་རཏྣ་ལྔ་ཆུ་གཙང་གིས་སྦྲུས་ལ་སྡེ་བརྒྱད་ཅི་ཙམ་བོས་པ་བཅས་ལ་དེའི་ཁོག་པ་སྟོང་པ་བྱས་ལ་ཨ་མུ་ཀའི་ལིངྒ་བཞག་ལ་དེ་འདྲ་བྱས་ཏེ། སྒྲུབ་ཁང་ངམ་གྲོང་གི་ཕྱོགས་གཅིག་ཁ་ཕྱིར་བསྟན་ལ་བཞག །མིས་མ་མཐོང་བར་བྱས་ལ། ཞག་རེ་ཟློག་སྔགས་ཤམ་བུ་བརྒྱ་རྩ་བཟླས། རྗེས་ལ་བདེན་སྟོབས་བརྗོད། ཐལ་མོ་རྡབ། རང་གཤེད་དུ་བབ་པ་ལས། །སྔགས་པ་རང་གཤེད་དུ་བབ་པའོ། །སྒྲུབ་ཁང་ཕུག་ལ་བཅས་ཏེ། ཕྱི་ནང་དཔག་ཁྲབ་བྱུང་ལ། དེའི་ནང་དུ་ལིངྒ་རྩ་གསུམ་ཟག་རྫས་བྱུག །འགུགས་གཞུག་དྲག་ཏུ་བྱས། གུ་གུལ་དང་ཡུགས་ས་མའི་ཞབས་ལས་རྡུལ་ས་ལྷ་དང་ཕྲལ། ཡུགས་ས་མའི་ཞབས་ལས་བཏུམ་ལ། སྒྲུབ་ཁང་ནང་དུ་བཞག་གོ །རབ་བདུན་འབྲིང་བཅུ་གཅིག་ཐ་མ་ཉེར་གཅིག་ཐུན་གྱིས་བྲབ། རྩ་སྔགས་ཤམ་བུ་དགྲ་བོ་ཨ་མུ་ཀ་ཎི་ཧུར་ཐུམ་ཛ། དགྲ་བོའི་སྲོག་མཱ་ར་ཡ་སོད། ཅེས་ཐུན་གྱིས་བྲབ་ཅིང་གདོང་མི་འཕྲད་པར་ངག་མཚམས་བྱའོ། །བསད་སྔགས་


CMR009_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དང་རྟགས་ཐེམ་པའི་དུས་ཉི་མ་དམར་ལ་ཆུ་མིག་བྱང་དུ་བསྟན་པ་ལྐུག་པ་ཁ་གཏད་སྤྱི་དང་མཐུན་པར་ཞལ་ལས་ཤེས་སོ། །གཏོར་མ་ལ་བསྟན་ནས་རང་གཤེད་རང་ལ་བབ་པའི་མན་ངག་ནི། རྔམས་ཟློག་སྐབས་སུ་ཤེས་པར་བྱའོ།། །བསད་པ་ནི་དགྲ་འདྲེ་གཉིས་ཀྱི་བླ་བཙོན་དུ་བཟུང་དགོས། སྲོག་ཨར་ལ་གཏད་དགོས། གཟུགས་ལིངྒ་ལ་བྲིས་ནས་རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་སྤོས་པའི་ཕོ་ཉ་ལྕགས་ཀྱུ་ཅན་གྱིས་དགྲ་འདྲེའི་སྙིང་ཁའི་ཚྭ་དང་འགྱེལ་ནས་བཏབ་སྟེ། བཀུག་ནས་དགྲ་དང་ལིངྒའི་སྙིང་ཁའི་འདྲེའི་སྙིང་ཁའི་དྲི་ལ་བསྟིམས།་ཞགས་པ་ཅན་གྱིས་དགྲ་འདྲེའི་མགུལ་ནས་ཁྲིད་ནས་ལིངྒ་དེ་ལ་ཐིམ་པར་བྷེ། ལྕགས་སྒྲོག་ཅན་གྱིས་དགྲ་འདྲེའི་ཡན་ལག་བསྡོམ་པར་བྷེ། དྲིལ་བུ་ཅན་གྱིས་དེད་ནས་གཟུགས་དང་ལིངྒ་དབྱེར་མེད་དུ་བྷེ། བླ་ནི་བླ་ཆེན་དྲུག་དང་། སྤྲུལ་པ་དྲུག་རྣམས་བླ་ཁྱེར་དུ་ཤེས་པར་བྱའོ། །བླ་དག་ནི་མི་ངན་དུ་ཤེས་པར་བྱའོ། །དགྲ་འདྲེའི་གཟུགས་དངོས་སུ་བསྒྲལ་རྒྱུ་མེད་ཀྱང་། རྣམ་པ་ཙམ་ལ་བསྒྲལ་རྒྱུ་ཡོད། དགྲ་ལ་ནི་དངོས་སུ་བསམ་དགོས། འདྲེ་ནི་ཕོ་སྲི་ཤ་བའི་མགོ་ཅན་མོ་སྲི་དྲེད་མོང་གི་མགོ་ཅན། སྲིད་པའི་འདྲེ་དགུ་གཙུག་ལག་གི་གདོན་


CMR009_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའོ། །བྱིས་སྦྱའི་གདོན་ཆེན་བཅོ་ལྔ་ལ་སོགས་རང་གི་གཟུགས་སུ་རྣམ་ཤེས་བཀུག་ནས་བསྒྲལ་དགོས། ལུས་བསྒྲལ་ནས་ཤ་ཁྲག་ཚོགས་སུ་འབུལ་དགོས། ཡི་བསྒྲལ་ནས་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་འཕེན་དགོས། དེ་དག་ཐམས་ཅད་སྙིང་རྗེའི་ཟིན་དགོས། གུ་རུ་དྲག་པོའི་དྲིས་ལན་གསལ་བྱེད་འདི། སློབ་མའི་བསམ་པ་ཚིམས་པ་དང་ཕ་རོལ་རྒོལ་་་་་་་་ཨ་རཱ་གས་གསུང་པ་འདྲ་ཡང་ཡིག་ཆུང་སྣེ་ཆད་འདུག་ཞུ།། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གུ་རུ་དྲག་པོའི་ཁྲོ་རྒྱལ་སྟོབས་འདུས་ཀྱི་འདོན་འགྲིགས།


CMR009_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོའི་ཁྲོ་རྒྱལ་སྟོབས་འདུས་ཀྱི་འདོན་འགྲིགས་བཞུགས་ལགས་སོ༔


CMR009_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱང་ཏིང་འཛིན་རྣམ་གསུམ༔ ཙིཏྟ་བཛྲ་ས་མ་ཏི་ཧཱུྃ༔ རང་གི་སྙིང་གར་ཧཱུྃ་མེའི་མདོག་ཅན་ཅིག་བསམས༔ དེ་ནས་ཐུགས་ཀའི་ཧཱུཾ་ལས་ཨེ་ནག་པོ་ཞིག་ཆད༔ ནམ་མཁས་གར་ཁྱབ་ཨེའི་རང་བཞིན་ཟུར་གསུམ་ཕྲ་བ༔ ཟུར་གཅིག་འོག་ཕྱོགས་སུ་ཟུག་པ༔ ཁ་གདེངས་པ༔ དེའི་སྟེང་དུ་ཨེའི་ཀློང་༔ ཡཾ་ལས་བསྐལ་པའི་རླུང་ནག་འཚུབ་ཅིང་འཁྱིལ་བ༔ དེའི་སྟེང་དུ་ཧཱུྃ་ལས་རཾ་ཆད་པས་བསྐལ་པའི་མེ་དཔུང་དམར་ནག་རབ་ཏུ་འབར་བ༔ ར་ཆད་པས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས་པ༔ ཁྲག་གི་སྦུ་བ་རི་རབ་ཙམ་འཕྱོ་བའི་ཀློང་ན༔ ཞིང་ཆེན་ཞིང་ཆུང་རི་གད་ཉིལ་བ་ལྟ་


CMR009_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་རྦ་ཀློང་ཡོད་བ༔ སུཾ་ཆད་པ་ལས་སུ་ལས་ཤ་ཆེན་གྱི་ས་གཞི་རོ་རུལ་བམས་པ༔ ཐོད་སྐམ་ལ་མེ་འབར་བ་དྲི་མ་མནམ་པ༔ བྱ་གཅན་མང་པོ་ནམ་མཁའ་ལ་ལྡིང་བ༔ གཅན་གཟན་མང་པོས་རྒྱུག་འདྲལ་བྱེད་པ༔ ལྷ་སྲིན་དང་ཞིང་སྐྱོང་མང་པོས་ཀུའི་སྒྲ་དང་ཧ་ཧའི་སྒྲས་འདེབས་པ༔ དེའི་སྟེང་དུ་ཀ་ཆད་པ་ལས་ཀེ་ལས་རུས་པའི་རི་རབ་གྲུ་བཞི་བང་རིམ་དང་བཅས་པ༔ དེའི་སྟེང་དུ་ཧཱུཾ་ཆད་པ་ལས་གཞལ་ཡས་ཀྱི་ཁང་པ་ཐོད་པ་སྐམ་རློན་རཏྣའི་རྩིག་པ༔ གནམ་ལྕགས་ཀྱི་གཟེར་གྱིས་བསྡམས་པ༔ ཀླུ་བརྒྱད་ཀྱི་ཀ་གདན༔ ལྷ་བརྒྱད་ཀྱི་ཀ་བ༔ གཟའ་བརྒྱད་ཀྱི་གདུང་


CMR009_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

མ༔ ཉི་ཟླའི་མཐོང་ཁུང་༔ གཟའ་སྐར་གྱི་དྲལ་ལྕམ་བྱས་པ༔ ཞིང་ལྤགས་ཀྱི་བླ་རེ༔ ཞིང་ཆུང་གི་ཁ་བད༔ ཞིང་དང་ཐོད་པའི་རྒྱལ་མཚན༔ འཁོར་ལོ་གདུགས་ཏོག་རྩེར་ཐོད་སྐམ་གྱི་ཏོག་ཡོད་པ༔ ནང་གི་སྒོ་བཞི་གྲུ་བཞི་རྟ་བབས་དང་བཅས་པ༔ སྒོ་ཁང་ལ་ཁྱུང་གི་ཡ་ཕིབ༔ སྦྲུལ་ནག་གི་སྐྱེས་བུ༔ ཞིང་ཆེན་གྱི་སྒོ་གཡོགས༔ ཆུ་སྲིན་དང་འབྲུག་གི་སྐྱེས་བུ༔ རྒྱུ་ཕྲེ་ང་གི་བླ་རེ་དང་དྲ་ཕྱེད༔ རུས་ཆེན་གྱི་སོ་བད༔ གསུར་ཆེན་གྱི་དུད་པ་འཁྲིགས་པ༔ དེའི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ཀྱི་གུར༔ དེའི་ཕྱི་རིམ་རྡོ་རྗེའི་དྲ་མིག་ཁྲོ་ཆུང་གིས་གཏམས་པ༔ དེའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བ༔ དེའི་ཕྱི་རོལ་དུ་པད་སྡོང་དང་མེའི་ཚྭ་ཚྭ་འཕྲོ་བ༔ བར་ཐམས་ཅད་མཚོན་ཆ་ལྔ་དང་ཁྲོ་ཆུང་དང་སྡིག་པས་གཏམས་ཤིང་འཁྲུགས་པར་བསྒོམ༔ ཕོ་བྲང་དེའི་དབུས་མཐིང་ནག་གྲུ་གསུམ་འབར་བ་ཟླ་གམ་དམར་པོ༔ དེའི་ཕྱི་རིམ་གསེར་གྱི་འཁོར་ལོ་རྩིབས་བཞི་པ༔ བདུད་བཞི་དང་དམ་སྲི་ཕོ་མོའི་རོ་བསྣོལ་བའི་སྟེང་དུ༔ ཉི་ཟླ་པདྨའི་གདན་ལ་ཧཱུྃ་ཆད་པ་ལས་རྡོ་རྗེ་རྩེ་དགུ་པ་ཞིག་བསྒོམ༔ ཧཱུྃ་རྡོ་རྗེ་དང་བཅས་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ རྒྱལ་བ་ཐམས་ཅད་


CMR009_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཉེས་པའི་མཆོད་པ་ཕུལ༔ སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས༔ གདུག་པ་ཅན་རྒྱལ་བསེན་དམ་སྲི་སྡེ་བརྒྱད་དྲེགས་པ་ཅན་ཐམས་ཅད་ཚར་བཅད༔ ཚུར་འདུས་ཧཱུྃ་ལ་ཐིམ་འོད་དུ་འབར༔ སླར་རྡོ་རྗེ་རྩེ་དགུ་པར་གྱུར༔ དེ་ཡོངས་སུ་གྱུར་པ་ལས༔ ༈ བདག་ཉིད་རྡོ་རྗེ་དྲག་པོ་ཐོད་ཕྲེང་རྩལ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པ༔ ཞལ་གཡས་དཀར་གཡོན་མཐིང་དབུས་དམར་ནག་ཏུ་འབར་བ༔ སྤྱན་དགུ་སྡང་མིག་ཏུ་བསྒྲད་པ༔ ཞལ་གདངས་བ་མཆེ་བ་བཞི་གཙིགས་ཤིང་ཁྲོ་གཉེར་བསྡུས་པ༔ སྨིན་མ་དང་ཨག་ཚོམ་ལས་མེ་འབར་བ༔ སྐུ་ཆེ་ལ་ཡན་ལག་རགས་པ༔ ཕྱག་གཡས་དང་པོས་གྲི་གུག་འཛིན་པ༔ བར་པ་ན་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་རཾ་དགུས་མཚན་པ་གསོར་ཞིང་ནམ་མཁར་ཕྱར་བ༔ ཐ་མ་ན་རལ་གྲི་མེ་འབར་བའོ༔ གཡོན་དང་པོས་ཐོད་ཁྲག༔ བར་པས་ཁ་ཊཾ༔ ཐ་མས་སྡིག་པ་མགོ་དགུ་རྭ་བཅོ་བརྒྱད་མིག་དགུ་བསྐྲད་ཅིང་བརྒྱངས་ནས་འཛིན་པའོ༔ རྡོ་རྗེ་དང་རིན་པོ་ཆེའི་གཤོག་པ་ལ་མེ་འབར་བ་བརྐྱང་བ་༔ དུར་ཁྲོད་ཀྱི་ཆས་བརྒྱད་རྫོགས་པར་གསོལ་བ༔ སྐུ་ལ་རྡོ་རྗེའི་གོ་ཁྲབ་གསོལ་བ༔ བར་ཐམས་ཅད་ན་


CMR009_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པ་ཕྲ་མོས་གཏམས་པར་གྱུར༔ དབུ་སྐྲ་ཁམ་སེར་གྱེན་དུ་བརྗེས་པ་འཇིགས་སུ་རུང་བ་ཞིག་ཏུ་བསྒོམ༔ དེའི་ཐུགས་ཙིཏྟ་རིན་ཆེན་གསེར་གྱི་མཆོད་རྟེན་ལངས་པ་ཅིག་ཏུ་གྱུར་དེའི་ལྟེ་བར་བུམ་པའི་ནང་དུ་པདྨ་ཉི་མའི་གདན་ལ་ཧཱུྃ་ཅིག་བསྒོམ༔ དེ་དམ་ཚིག་སྟེ༔ ཨོཾ་བཛྲ་ཛྷཱ་ན་སཏཱ་ཀྲོ་དྷ་ཧཱུྃ༔ ཅེས་པ་ཡེ་ཤེས་སེམས་དཔའ་བཛྲ་ཧེ་རུ་ཀ་ཚོན་གང་བ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་ཐུགས་ཀར་འཛིན་པ༔ གཡོན་དྲིལ་བུ་དཀུ་ལ་བརྟེན་པ༔ དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཅིང་སྐུ་འགྱིང་བག་དང་ལྡན་པ༔ དེའི་ཐུགས་ཀར་རྡོ་རྗེ་ནས་ཙམ་ཞིག་བསྒོམ༔ དེའི་ལྟེ་བར་ཉི་ཟླའི་དཀྱིལ་འཁོར་གའུ་ཁ་སྦྱོར་ཡུངས་འབྲུ་ཙམ་གྱི་ལྟེ་བར་ཧཱུྃ་སྤུས་བྲིས་པ་ཙམ་གྱི་ཐ་མར་སྔགས་ཀྱིས་བསྐོར་བར་བསྒོམ༔ རང་གི་སྤྱི་གཙུག་སྟེང་དུ་ཡར་ལ་པད་འདབ་གསེར་གྱི་འོད་དུ་འབར་བ༔ ཉི་ཟླའི་གདན་ལ་ཐོད་ཕྲེང་རྩལ་སྐུ་མདོག་མཐིང་ནག་འབར་བིཾ༔ གཡས་ཁ་ཊཾ་གཡོན་ཐོད་ཁྲག་འཛིན་པ༔ གཡས་ཀྱི་གྲུ་མོ་ན་ཐོད་པ་ལྟག་སྤྲོད་ཀྱི་རྔ་བཀལ་བ་དེ་ལས་སྒྲ་རང་གྲག་ཏུ་འཁྲོལ་བ༔ སྟོང་གསུམ་ཀུན་ཀྱང་ཧཱུཾ་སྒྲ་དི་རི་རི་ཡོད་པར་བསྒོམ་༔ དབུ་སྐྲ་ཐོར་ཚུགས་གྱེན་དུ་འཁྱིལ་བ༔ སྐུ་ལ་རུས་པའི་རྒྱན་དྲུག་


CMR009_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྤྲས་པར་བསྐྱེད༔ ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པ༔ དཔའ་བོ་དང་དཔའ་མོ་འབུམ་གྱིས་བསྐོར་བར་གྱུར༔ དེའི་སྤྱི་གཙུག་ཏུ་ཨོཾ་ཨཱཧཱུཾ་པདྨ་དྷ་རི་ནི་ཧཱུྃ༔ བདག་གི་སྤྱི་གཙུག་ཏུ་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་མཉམ་བཞག་གི་ཕྱག་རྒྱ་ཅན༔ ཚོན་གང་བ་གཅིག་ཏུ་གྱུར༔ འོག་ཏུ་ཨོཾ་ཨཱཿཧཱུྃ་བཛྲ་ཁྲོ་གྷ་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཁྲོ་རྒྱལ་ཀུན་གྱི་སྤྲུལ་པའི་བྱ་ཁྱུང་མཐིང་ནག་མེའི་གཤོག་པ་རྡེབ་ཅིང་སྤྲུག་པ༔ ཀྲི་ཀྲི་ཧྲི་ཧྲི་ཞེས་པའི་སྒྲ་སྒྲོགས་པ༔ ལག་པ་གཉིས་ཀྱི་སྦྲུལ་རིགས་ལྔའི་མགོ་ཁར་བཅུག་ནས་བཟུང་ཞིང་ཟ་བ༔ དཔྲལ་བར་ཨོཾ་ཨཱཿཧཱུྃ་མཉྫཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ སྐུ་ཐམས་ཅད་འདུས་པའི་ལྷ་འཇམ་དཔལ་སེར་པོ༔ ཞལ་གཅིག་ཕྱག་གཉིས་ལོངས་སྐུའི་རྒྱན་རྫོགས་པ༔ གཡས་པས་ཤེས་རབ་ཀྱི་རལ་གྲི་ཀླད་ལ་བསྐོར་བ་༔ གཡོན་པས་སྡིགས་མཛུབ་དང་སྦྲུལ་ཞགས་འཛིན་པ༔ དཔྲལ་བར་ཨོཾ་སེར་པོས་མཚན་པར་གྱུར༔ མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཨོཾ་ཨཱཧཱུཾ་པདྨ་ཏ་ཀྲི་ཏ་ཧྱ་གྷི་ཝ་ཧཱུྃ་ཕཊ༔ གསུང་གི་ཁྲོ་བོ་རྟ་མགྲིན་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ རབ་ཏུ་ཁྲོས་པའི་ཆ་ལུགས་དང་ལྡན་པ༔ སྤྱི་གཙུག་ན་རྟ་མགོ་ལྗང་ཞུར་


CMR009_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

རྔོག་མ་ལེ་བརྒན་སྤྲུག་ཅིང་རྟ་སྐད་སྟོང་གསུམ་དུ་ཁེངས་པར་འཚེར་བས་མ་མོ་དང་མཁའ་འགྲོ་དབང་དུ་སྡུད་པ༔ སྣང་སྲིད་གདོན་བགེགས་འདར་ཞིང་བསྔང་བ༔ གཡས་པས་རྡོ་རྗེའི་དབྱུག་པ་ནམ་མཁའ་ལ་ཕྱུར་བ༔ གཡོན་པས་ཞགས་པ་དང་སྡིགས་མཛུབ་བསྒྲེང་བ༔ དེའི་མགྲིན་པར་གསུང་གི་ངོ་བོ་ལ་ཨཱདམར་པོས་མཚན་པ༔ བདག་ཉིད་ཀྱི་ཐུགས་ཀར་གསེར་གྱི་མཆོད་རྟེན་གྱི་ལྟེ་བར་ཨོཾ་ཨཱཿཧཱུྃ་བཛྲ་པཱ་ཎི་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ༔ ཐུགས་ཀྱི་ལྷ་གསང་བདག་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞག་གཅིག་ཕྱག་གཉིས་རབ་ཏུ་ཁྲོས་པའི་བདག་ཉིད་གཡས་པས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁའ་ལ་ཕྱར་བ༔ གཡོན་པས་སྡིགས་མཛུབ་ཀྱི་རྩེ་ལ་ཁ་ཊཾ་ཐུགས་ཀར་བསྒྲེང་བ༔ སྦྲུལ་དང་སྟག་ཤམ་གྱིས་བརྒྱན་པ༔ སྒེག་ཅིང་གཏུམ་པ་བརྐྱང་བསྐུམ་དུ་བཞུགས་པའི་ཐུགས་ཀར་ཧཱུྃ་མཐིང་ལ་ཐུགས་ཀྱི་ཁྲོ་བོ་ཧཱུྃ་མཐིང་ནག་གིས་མཚན་པ༔ བདག་གི་ལྟེ་བར་སྤྲུལ་བའི་འཁོར་ལོ་འདབ་མ་བཞིའི་དབུས་སུ་ཨོཾ་ཨཱཿཧཱུྃ་ཧྲིམ་ཧ་རི་ནི་ས་ཧཱུྃ༔ ཕག་མོ་མཐིང་ནག་གྲི་གུག་ཐོད་ཁྲག་འཛིན་པ༔ ཞབས་གཡས་བསྐུམས་པ་མཚན་མ་ལ་གཏད་པ༔ གཡོན་བརྐྱངས་བས་རོའི་གདན་ལ་བཞུགས་པ༔ ཁ་ཊོ་མཆན་དུ་


CMR009_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་པ༔ མགོ་ཡི་ཕྲེང་བས་སྤྲས་པ༔ འདབ་མ་བཞི་ཡི་མདུན་དུ་རྡོ་རྗེ་མཁའ་འགྲོ་དཀར་མོ༔ གཡས་སུ་པདྨ་མཁའ་འགྲོ་དམར་མོ༔ གཡོན་དུ་རིན་ཆེན་མཁའ་འགྲོ་སེར་མོ༔ རྒྱབ་ཏུ་ལས་ཀྱི་མཁའ་འགྲོ་ལྗང་གུ༔ དེ་རྣམས་ཀྱང་བརྐྱང་བསྐུམ་གྲི་གུག་ཐོད་ཁྲག་གར་སྟབས་དང་བཅས་ཏེ་གཙོ་མོའི་ཆ་ལུགས་དང་མཚུངས་པ༔ ཐུགས་ཀར་ཧ་རི་ནི་ས་རང་སྐྱེས་ཀྱི་སྙིང་པོ་རེ་ཡོན་ཏན་གྱི་སྙིང་པོར་གྱུར༔ གསང་གནས་སུ་གྲུ་གསུམ་མཐིང་ནག་གི་དབུས་སུ་ཨོཾ་ཨཱཧཱུཾ་ཡཀྵ་ཧཱུཾ་རཀཱ་ཧཱུྃ༔ ཕྲིན་ལས་ཀྱི་ལྷ་ཡཀ་མེ་དབལ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་གཉིས་རྡོ་རྗེ་ནམ་མཁར་ཕྱར་བ༔ གཡོན་པས་ཞགས་པ་དང་རྡུང་བའི་ཐོ་བ་འཛིན་པ༔ སྐུའི་བ་སྤུ་རེ་རེ་ལས་ཀྱང་ཁྲོ་བོ་རླུང་ལྟར་འཚུབ་ཅིང་སེར་རྒོད་ལྟར་འབབ་པ༔ སྐུ་ལས་མེ་འོད་མཚོན་ཆའི་ཆར་དུ་འབབ་པ༔ ཐུགས་ཀར་ཧཱུྃ་ནག་པོས་མཚན་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཨ་ཙིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུཾ་ཧཱུཾ་ཕཊ༔ ཡཀཱ་མེ་དབལ་གྱི་ཐུགས་ཀ་ནས་མདུན་དུ་སྡིག་པ་ནག་པོ་ཁ་དགུ་མིག་དགུ་རྭ་བཅོ་བརྒྱད་དང་ལྡན་པ༔ གནོད་བྱེད་ལ་ཧབ་ཀྱིས་འདེབས་པ༔ རང་གི་དཔུང་པ་གཡས་སུ་ཕྱག་ན་རྡོ་རྗེ༔ གཡོན་དུ་རྟ་


CMR009_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན༔ མདུན་དུ་འཁོར་ལོ་རྩིབས་བཞི་པ་རྣོ་བའོ༔ གཡས་སུ་བྷཱཀི་ར་ཙ༔ གཡོན་དུ་ཁྲོས་ནག༔ རྒྱབ་ཏུ་སྟོབས་པོ་ཆེ༔ མདུན་དུ་སྤུ་གྲི་མཆེད་གསུམ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་དང་ལྡན་པ་བཀའ་ཉན་ལས་བྱེད་ཀྱི་ཚུལ་དུ་གནས་པར་གྱུར༔ བདག་གི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ རྔ་ཡབ་ནས་ཡེ་ཤེས་པ་རང་འདྲ་བ་སྤྱན་དྲངས་བར་བསྒོམ༔ བཛྲ་གྷ་རུ་ཀྲོ་ཏ་སརྦ་ས་མ་ཡ༔ ཨམི་དྷེ་ཝ་ནས་བཛྲ་ས་མ་ཡ་ཧཱུྃ་གི་བར༔ ཧཱུྃ༔ ཡུལ་གྱི་མིང་ནི༴ ཞེས་པ་ནས་ཡིག་བརྒྱའི་བར་ལས་བྱང་ལྟར༔ བདག་གི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིག་འཛིན་དཔའ་བོ་མཁའ་འགྲོ་བཀའ་བརྒྱུད་རྒྱལ་བ་རྒྱ་མཚོ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ནས་བདག་ལ་ཐིམ་པར་གྱུར༔ དེ་ལྟར་བསྒོམ་ཞིང་པདྨ་དྷ་རི་ཕྲེང་བསྐོར་ཙམ་བཟླ་བ་དེ་ནི་བསྙེན་པའོ༔ བདག་གི་གནས་གསུམ་གྱི་ལྷ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིག་འཛིན་དཔའ་བོ་མཁའ་འགྲོ་བཀའ་བརྒྱུད་རྒྱལ་བ་རྒྱ་མཚོ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་


CMR009_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཐམས་ཅད་ཨོཾ་དཀར་པོ་ཨཱདམར་པོ་ཧཱུྃ་མཐིང་ག་དཔག་ཏུ་མེད་པར་གྱུར༔ འོད་ཟེར་ཚུར་འདུས་རང་གི་གནས་གསུམ་གྱི་ལྷ་ལ་ཐིམ་པས་མཐུ་དང་ནུས་པ་བྱིན་རླབས་དཔག་ཏུ་མེད་པ་བྱུང་བར་གྱུར༔ དེ་ལྟར་བསྒོམ་པ་གལ་ཆེ་ཞིང༔ མཉྫ་འི་དང་པདྨ་ཏ་ཀྲི་ཏ་དང་བཛྲ་པཱ་ཎིའི་སྔགས༔ གོང་གི་དེ་གསུམ་རེ་རེ་ལ་བརྒྱ་རེ་ཙམ་བཟླ་བ་ཉེ་བར་བསྙེན་པའོ༔ བདག་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་སྟེང་འོག་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེ་དང་ནུས་པ་ཐམས་ཅད་བསྡུས་ནས་བདག་ལ་བསྟིམ༔ དམིགས་པ་དེ་རྒྱུན་དུ་བསྒོམ་ཞིང་༔ ཨོཾ་ཨཱཿཧཱུྃ་ཨ་ཙིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ འདི་ཉིད་བརྒྱ་སྟོང་ཅི་འགྲུབ་ཚན་ཆེར་བཟླ་བ་སྒྲུབ་པའོ༔ བདག་ལས་འོད་ཟེར་དམར་པོ་ཕྱིར་འཕྲོས༔ གནམ་གསེར་གྱི་འཁོར་ལོ་རྩིབས་སྟོང་ཐུར་དུ་གུག་པ་རྩིབས་རྩེ་སྡིག་པ་ཕྲ་མོས་མཚན་པ༔ རྣོ་བའི་ངར་དང་ལྡན་པ་གཡས་སུ་འཁོར་བར་གྱུར༔ ཡང་བདག་གི་ཐུགས་ཀ་ནས་འོད་ཟེར་ཕར་འཕྲོས༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་ནུས་པ་བསྡུས་ནས་བདག་ལ་བསྟིམ་ཞིང་འོད་ཟེར་ཕར་འཕྲོས་པས༔ ས་གཞི་མེའི་འཁོར་ལོ་རྩིབས་


CMR009_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཚ་ཞིང་བསྲེགས་པའི་ངར་དང་ལྡན་པ་རྩིབས་རྩེ་གྱེན་དུ་བསྟན་པ་གཡོན་དུ་འཁོར་བར་གྱུར༔ འཁོར་ལོ་གཉིས་རྩེ་བསྣོལ་བའི་བར་དུ་རྒྱལ་བསེན་དམ་སྲི་སྡེ་བརྒྱད་འབྱུང་པོ་ཐམས་ཅད་ཕྱེ་མར་བཏང་བར་གྱུར༔ གོང་གི་ཨ་ཙིག་མཇུག་ཏུ༔ བཛྲ་ཧཱུཾ་ཡཀྵ་ཧཱུཾ་རཀྵ་ཧཱུྃ་ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་གོང་གི་ཨ་ཙིག་ཅི་ཙམ་བཟླས་པའི་སུམ་ཆ་གཅིག་ཙམ་བཟླ་བ་སྒྲུབ་པ་ཆེན་པོའོ༔ ཡང་བདག་གི་ཐུགས་ཀའི་ཧཱུྃ་དམར་པོ་ལས་ཧཱུྃ་གྲངས་མེད་པ་ཕྱིར་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡཀྵ་མེ་དབལ་གྲངས་མེད་པ་གཡས་རྡོ་རྗེ་གཡོན་རྡུང་བའི་ཐོ་བ་མེའི་ཕྲེང་བ་འཁོར་བ་སྐུ་ལས་བསྐལ་པའི་མེ་འབར་བ༔ གདོན་བགེགས་རྣམས་མྱ་སྒྲ་ཙི་རི་བརྡུང་གསོད་བཅོམ་འཇིགས་པའི་གད་རྒྱངས་དང་བཅས་ཏེ༔ ཁ་བ་བུ་ཡུག་འཚུབ་པ་ལྟ་བུས་གང་བར་གྱུར༔ བདག་གི་ཐུགས་ཀ་ནས་མེའི་འཁོར་ལོ་མེའི་དབལ་དང་ལྡན་པ་གཡས་བསྐོར་དུ་ཕྱིར་འཁོར་ཕྱི་རོལ་མེ་དབལ་རྣམས་ཀྱི་ཐུགས་ཀ་ནས་མེའི་འཁོར་ལོ་མེའི་དབལ་དང་ལྡན་པ་རྩེ་ནང་དུ་བསྟན་པ་གདུབ་བུ་ལྟ་བུ་གཡོན་དུ་འཁོར་བའི་བར་དུ་གནོད་བྱེད་ཐམས་ཅད་ཀྱི་སྐེ་རྦད་རྦད་གཅོད་ཅིང་ལུས་དུམ་བུར་རྡུལ་ཕྱེ་མར་བཏང་ཞིང་


CMR009_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

གཏུབས་པར་གྱུར༔ སྔགས་གོང་མ་གཉིས་སྦྲེལ་བའི་མཇུག་ཏུ༔ ར་ཙ་གནོད་བྱེད་ཀྱི་སྙིང་ལ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་ཨ་ཙིག་ཅི་ཙམ་བཟླས་པའི་བཅུ་ཆའི་ཚད་ཙམ་བཟླ་བ་ལས་སྦྱོར་རོ༔ དེ་ལྟར་རྒྱུན་བསྙེན་བྱེད་ཚེ་གཏོར་བསྔོས་ཀྱི་རྟེན་གོང་གཏོར་གསོ་བའམ༔ མེད་ན་མར་ཕུད་སོགས་བྲན་ཙམ་གྱིས་ཆོག༔ ཉིན་རེ་ལས་བྱང་དང་སྦྱར་བའི་མངོན་རྟོགས་ཚར་གཅིག༔ དེ་མན་སྤྱོད་ལམ་ཐམས་ཅད་དུ་སྔགས་དང་དམིགས་པ་ཁོ་ནར་འབད༔ ཐུན་མཇུག་ཉལ་ཁ་རྫོགས་རིམ་ནི༔ སྤྲུལ་པའི་ཁྲོ་བོ་འཁོར་ལོ་རྣམས་གཞལ་ཡས་ཁང་ལ་བསྡུ༔ གཞལ་ཡང་ཁང་འཁོར་ལ་འཁོར་གཙོ་བོ་ལ་གཅོ་བོ་ཐུགས་ཀའི་ཧཱུྃ་ལ་ཧཱུཾ་གྱེན་རྫོགས་སུ་ཡལ་སྟོང་ཉིད་ཀྱི་ངང་ལ་བཞག་གོ༔ རྒྱུན་བསྙེན་ཡུན་རིང་བྱས་པས་འགྲུབ་པའི་རྟགས་ཡིག་ལྟར་འབྱུང་ཞིང་གལ་ཏེ་རྟགས་ཐོན་ཞིག་ཏུ་བསྒྲུབས་ན་ལས་བྱང་དང་མངོན་རྟོགས་ཐུན་བཞིར་འདོན་ཅིང་༔ པདྨ་དྷ་རི་འབུམ་ཕྲག་གཅིག༔ སྐུ་གསུང་ཐུགས་ཀྱི་ལྷ་གསུམ་ལ་འབུམ་ཕྲག་རེ་རེ་བཟླས་པ་གོང་གནོན༔ ཨ་ཙིག་འབུམ་ཕྲག་གསུམ་བཟླས་པ་དངོས་གཞི༔ ཡ་མ་སྦྱར་བའི་སྔགས་ཁྲི་ཕྲག་གཅིག༔ ར་ཙ་སྦྱར་བ་ཁྲི་ཕྲག་གཅིག་སྟེ་བདུན་འབུམ་ཉི་ཁྲིས་


CMR009_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་བོ༔ དེ་ལ་དཀྱིལ་འཁོར་སྒྲུབ་རྫས་མི་དགོས་སོ༔ གཏོར་མ་ཙམ་གྱིས་ཆོག༔ བསྐྱེད་རིམ་བརྟན་ཞིང་རྟོགས་པ་མཐོ་བ་ལ་ནི་ལས་བྱང་མངོན་རྟོགས་གང་ཡང་མི་དགོས༔ སྔགས་དང་དམིགས་པ་ཁོ་ན་ལ་རྟགས་འབྱུང་བ་མྱོང་བས་འགྲུབ༔ རཱ་ག་ཨ་སྱས་བསྒྲིགས་པའོ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཕྱི་སྒྲུབ་ཁྲོ་འདུས་མེ་ཡི་འཁོར་ལོའི་འདོན་འགྲིགས།


CMR009_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་སྒྲུབ་ཁྲོ་འདུས་མེ་ཡི་འཁོར་ལོའི་འདོན་འགྲིགས་བཞུགས་སོ༔


CMR009_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་བཛྲ་ཀྲོ་དྷ་ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཧོ༔ སྟ་གོན་བཅའ་ཚོགས་གཞུང་བཞིན་བྱཱ༔ ལས་བྱང་ཏིང་འཛིན་རྣམ་གསུམ་ཡན་ཆད་འདོན༔ ༈ སྣང་སྲིད་ཐམས་ཅད་སྟོང་པ་ཉིད་དུ་གྱུར༔ ཕྱོགས་མཚམས་ཀུན་ཏུ་པདྨ་རཱ་གའི་མདོག་ལྟར་དམར་བའི་དབུས་སུ༔ དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་གཞལ་ཡས་ཁང་གི་དབུས་སུ༔ ཆོས་འབྱུང་གྲུ་གསུམ་གྱི་སྟེང་དབུས་སུ༔ ཉི་ཟླ་པདྨ་སྟོང་དང་ལྡན་པའི་སྟེང་དུ༔ བདུད་བཞི་རུ་ཏྲ་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་སྟེང་དུ༔ ཡེ་ཤེས་ཀྱི་དབྱིངས་ནས་ཧཱུྃ་དམར་པོ་འོད་དུ་འབར་བ་ཞིག་ཁྲ་ཐབས་སུ་བབས་ཏེ༔ འོད་ཟེར་སྟེང་འོག་


CMR009_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུར་འཕྲོས་པས༔ རྒྱལ་བ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ སེམས་ཅན་གྱི་ལས་དང་སྒྲིབ་པ་སྦྱངས༔ དགྲ་བགེགས་གདུག་པ་ཅན་རྒྱལ་བསེན་དམ་སྲི་ཐམས་ཅད་ཚར་བཅད་སླར་འོད་ཟེར་ཧཱུཾ་ལ་ཐིམ་པས༔ བདག་ཉིད་སྐད་ཅིག་གིས་མ་བཅོས་རྫོགས་པའི་ཁྲོ་རྒྱལ་ཟིལ་གནོན་ཆེན་པོ་པདྨ་དྲག་པོ་རྩལ་ཞེས་བྱ་བ༔ དམར་པོ་ཞལ་གཅིག་ཕྱག་གཉིས་མེའི་མདོག་ཅན༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་བཞི་གཙིགས་པ༔ སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཡོ་བ༔ ཕྱག་གཡས་པས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁར་ཕྱར་ཞིང་གསོར་བ༔ གཡོན་


CMR009_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལྕགས་ཀྱི་སྡིག་པ་ནག་པོ་ཁ་དགུ་མིག་དགུ་རྭ་བཅོ་བརྒྱད་ཁ་གདངས་བ་འཛིན་པ༔ ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་སུ་བསྒྲད་པ༔ ཐོད་སྐམ་ལྔ་དང་རིགས་ལྔས་དབུ་ལ་བརྒྱན་པ༔ སྐུ་སྟོད་ལ་ཞིང་གི་གཡང་གཞི་གསོལ་བ༔ སྐུ་སྨད་ལ་སྟག་གི་ཤམ་ཐབས་དཀྲིས་པ༔ སྦྲུལ་རིགས་ལྔས་དབུ་དང་ཕྱག་ཞབས་ལ་བརྒྱན་པ༔ གདོལ་བ་ནག་པོའི་དོ་ཤལ་བྱས་པ༔ མི་མགོ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་དང་༔ རྡོ་རྗེའི་གོ་ཁྲབ་གསོལ་བའི་བར་ཐམས་ཅད་ལྕགས་ཀྱི་སྡིག་པ་ཕྲ་མོས་གཏམས་པ༔ སྐུའི་བ་སྤུ་ལ་མེའི་ཚྭ་ཚྭ་འཕྲོ་བར་གྱུར་༔ དེའི་ཐུགས་ཀར་རྡོ་རྗེའི་དབུས་སུ་གསེར་གྱི་མཆོད་རྟེན་རི་རབ་བུམ་པ་བྲེ་ཏོག་དང་ལྡན་པའི་བུམ་པར༔ ཧཱུྃ་དམར་པོ་ལ་རྩ་བའི་སྔགས་ཀྱིས་བསྐོར་བ་གྱུར༔ མདུན་གྱི་ནམ་མཁར་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཐུགས་རྗེ་ནུས་པ་བསྐྱེད་ནས་བཞུགས་པར་གྱུར༔ བདག་གིས་སྤྱི་གཙུག་ནོར་བུར་སྣང་བ་མཐའ་ཡས་དམར་པོ་མཉམ་བཞག་དང་༔ ལོངས་སྐུའི་རྒྱན་དང་ལྡན་པ༔ ཚོན་གང་བ་ཞིག་ཏུ་གྱུར༔ དེའི་འོག་ཏུ་གནམ་ལྕགས་ཀྱི་བྱ་ཁྱུང་མཐིང་ནག་མེའི་གཤོག་པ་རྡེབ་ཅིང་སྤྲུག་པ༔ ཀྲི་ཀྲི་ཧྲི་ཧྲི་ཞེས་པའི་སྒྲ་སྒྲོག་པ༔ ལག་


CMR009_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་ཀྱིས་སྦྲུལ་རིགས་ལྔའི་མགོ་ཁར་བཅུག་ནས་ཟ་བར་གྱུར༔ དཔྲལ་བར་གསེར་གྱི་འཁོར་ལོ་རྩིབས་བཞི་པའི་ལྟེ་བར༔ སྐུ་ཐམས་ཅད་འདུས་པའི་ལྷ་འཇམ་དཔལ་སེར་པོ་ཞལ་གཅིག་ཕྱག་གཉིས་ལོངས་སྐུའི་རྒྱན་རྫོགས་པ༔ གཡས་པས་ཤེས་རབ་རལ་གྲི་ཀླད་ལ་བསྐོར་བ༔ གཡོན་པས་སྡིགས་མཛུབ་དང་སྦྲུལ་ཞགས་བསྣམས་པ༔ དེའི་དཔྲལ་བར་ཨོཾ་སེར་པོ་འོད་ཟེར་དང་ལྡན་པ༔ མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར༔ གསུང་གི་ལྷ་རྟ་མགྲིན་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ རབ་ཏུ་ཁྲོས་པའི་ཆ་ལུགས་དང་ལྡན་པ༔ སྤྱི་གཙུག་ན་རྟ་མགོ་ལྗང་ཞུར་རྔོག་མ་ལེ་བརྒན་སྤྲུག་ཅིང་རྟ་སྐད་སྟོང་གསུམ་ཁེངས་པར་འཚེར་བས་མ་མོ་མཁའ་་འགྲོ་ཐམས་ཅད་དབང་དུ་བསྡུ་བ༔ སྣང་སྲིད་གདོན་བགེགས་ཐམས་ཅད་འདར་ཞིང་བསྔངས་བ༔ ཕྱག་གཡས་རྡོ་རྗེའི་དབྱུག་པ་ནམ་མཁར་ཕྱུར་བ༔ གཡོན་པས་ཞགས་པ་དང་སྡིགས་མཛུབ་བསྒྲེང་བ༔ དེའི་མགྲིན་པར་གསུང་གི་ངོ་བོ་ཨཱདམར་པོ༔ བདག་གི་ཐུགས་ཀར་གོང་གི་མཆོད་རྟེན་བུམ་པར་ཐུགས་ཀྱི་ལྷ་གསང་བདག་ཕྱག་ན་རྡོ་རྗེ་མཐིང་ནག༔ ཞལ་གཅིག་ཕྱག་གཉིས་པ་རབ་ཏུ་ཁྲོས་པའི་བདག་


CMR009_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད༔ གཡས་པས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁའ་ལ་ཕྱར་བ༔ གཡོན་པས་སྡིགས་མཛུབ་ཀྱི་རྩེ་ལ་མེ་འབར་བ་ཐུགས་ཀར་བསྒྲེང་བ༔ སྦྲུལ་དང་སྟག་ཤམ་གྱིས་བརྒྱན་པ༔ སྒེག་ཅིང་གཏུམ་པ༔ ཞབས་བརྐྱང་བསྐུམ་དུ་བཞུགས་པར་གྱུར༔ དེའི་ཐུགས་ཀར་ཧཱུཾ་མཐིང་ནག་འོད་དུ་འཕྲོ་བ་ཐུགས་ཀྱི་ངོ་བོ༔ བདག་ཉིད་ཀྱི་ལྟེ་བ་སྤྲུལ་པའི་འཁོར་ལོ་འདབ་བཞིའི་དབུས་སུ་ཕག་མོ་མཐིང་ནག་གྲི་གུག་དང་ཐོད་ཁྲག་འཛིན་པ༔ ཞབས་གཡས་བསྐུམ་པ་མཚན་མ་ལ་གཏད་པ༔ གཡོན་བརྐྱང་བ་རོའི་གདན་ལ་མནན་པ༔ ཁཊ་མཆན་དུ་བཅུག་པ༔ རྒྱན་དྲུག་དང་མི་མགོའི་ཕྲེང་བས་སྤྲས་པ༔ འདབ་བཞིའི་མདུན་དུ་རྡོ་རྗེ་མཁའ་འགྲོ་དཀར་མོ༔ གཡས་སུ་པདྨ་མཁའ་འགྲོ་དམར་མོ༔ གཡོན་དུ་རིན་ཆེན་མཁའ་འགྲོ་སེར་མོ༔ རྒྱབ་ཏུ་ལས་ཀྱི་མཁའ་འགྲོ་ལྗང་མོ༔ དེ་རྣམས་ཀྱང་བརྐྱང་བསྐུམ་གྲི་ཐོད་གར་ཐབས་བཅས་ཏེ་གཙོ་མོ་ལྟར་བསྐྱེད༔ ཐུགས་ཀར་མ་ཧ་རི་ནི་ས་རང་རྟགས་ཀྱི་སྙིང་པོ་རེ་རེ་སྟེ༔ ཡོན་ཏན་གྱི་ངོ་བོར་གྱུར༔ གསང་གནས་སུ་ཕྲིན་ལས་ཀྱི་ལྷ་ཡཀཱ་མེ་དབལ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་རྡོ་རྗེ་ནམ་མཁར་ཕྱར་བ༔ གཡོན་པས་ཞགས་པ་


CMR009_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

དང་བརྡུང་བའི་ཐོ་བ་འཛིན་པ༔ སྐུའི་བ་སྤུ་རེ་རེ་ལས་ཀྱང་ཁྲོ་ཚོགས་རླུང་ལྟར་འཚུབ་ཅིང་སེར་རྒོད་ལྟར་འབེབས་པ༔ སྐུ་ལ་མེ་འོད་མཚོན་ཆའི་ཆར་དུ་འབེབས་པ་ཐུགས་ཀར་ཧཱུྃ་མཐིང་གིས་མཚན་པར་གྱུར༔ དེའི་ཤར་དུ་ཞི་བའི་རྡོ་རྗེ་དྲག་པོ་རྩལ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་གྲི་གུག་དང་ཐོད་ཁྲག་ཁྲོ་བོའི་ཆས་རྣམས་རྫོགས་པར་གྱུར༔ ལྷོར་རཏྣ་དྲག་པོ་རྩལ་སེར་ནག་བེ་ཅོན་དང་ཐོད་ཁྲག་ཁྲོ་བོའི་ཆས་རྣམས་རྫོགས་པར་གྱུར༔ ནུབ་ཏུ་པདྨ་དྲག་པོ་རྩལ་དམར་པོ་པདྨ་དང་ཐོད་ཁྲག་བསྣམས་པ་ཁྲོ་བོའི་ཆས་རྣམས་རྫོགས་པར་གྱུར༔ བྱང་དུ་ཀརྨ་དྲག་པོ་རྩལ་ལྗང་ནག་རྒྱ་གྲམ་ཐོད་ཁྲག་འཛིན་པ་ཁྲོ་བོས་ཆོས་རྣམས་རྫོགས་པར་གྱུར༔ དེ་དག་ཐམས་ཅད་ཁྲོ་བོའི་ཆས་རྣམས་རྫོགས་པ་གྱད་ཀྱི་དོར་སྟབས་སུ་བཞུགས་པར་གྱུར༔ དེའི་ཕྱི་རིམ་དུ་ཤར་དུ་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དཀར་མོ་གྲི་ཐོད་འཛིན་པ༔ ལྷོར་རཏྣ་མཁའ་འགྲོ་ཡབ་ཡུམ་སེར་མོ་གྲི་ཐོད་འཛིན་པ༔ ནུབ་ཏུ་པདྨ་མཁའ་འགྲོ་ཡབ་ཡུམ་དམར་མོ་གྲི་ཐོད་འཛིན་པ༔ བྱང་དུ་ཀརྨ་མཁའ་འགྲོ་ཡབ་ཡུམ་ལྗང་ནག་གྲི་ཐོད་འཛིན་པ༔ ཀུན་ཀྱང་གཡས་བསྐུམ་གཡོན་བརྐྱང་༔ ཡུམ་རྣམས་ཀྱི་སྐུ་ཡབ་དང་


CMR009_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་ཞིང་གྲི་ཐོད་འཁྱུད་པ༔ པདྨ་དང་མི་རོའི་གདན་ལ་བཞུགས་པར་བསྐྱེད༔ ཀུན་ཀྱང་དབུ་སྐྲའི་ཐོར་ཅོག་ལ་རྡོ་རྗེ་ལ་སོགས་རང་རྟགས་ཀྱིས་མཚན་པའོ༔ དེའི་ཤར་ལྷོ་ན་གཤིན་རྗེ་ཚེ་བདག་མཐིང་ནག་གཡས་འཁོར་ལོ་དང་༔ གཡོན་ལྕགས་ཀྱུ་དང་ཞགས་པ་འཛིན་པ༔ ལྷོ་ནུབ་ཏུ་ཁྲོས་མ་ནག་མོ་གྲི་གུག་དང་ཐོད་ཁྲག་འཛིན་པ༔ ཁཊཾ་ག་མཆན་ཁུང་དུ་བཅུག་པ༔ མི་མགོའི་དོ་ཤལ་ཅན༔ གཡས་བསྐུམ་གཡོན་བརྐྱང་གི་མི་རོའི་གདན་ལ་བཞུགས་པའོ༔ ནུབ་བྱང་དུ་བཛྲ་ཀཱི་ལ་ཡ་མཐིང་ནག༔ ཕྱག་གཉིས་ཐུགས་ཀར་ཕུར་པ་འདྲིལ་བ༔ དུར་ཁྲོད་ཀྱི་ཆས་བརྒྱད་རྫོགས་པ༔ མཁའ་འགྲོ་སེང་གེའི་གདོང་ཅན་མཐིང་ནག་གྲི་ཐོད་འཛིན་པ༔ ཞིང་ལྤགས་དང་སྟག་ཤམ་སྦྲུལ་དང་ཐོད་པའི་ཕྲེང་བས་བརྒྱན་པ༔ རོའི་གདན་ལ་བཞུགས་པའོ༔ དེའི་ཕྱི་རིམ་དུ་རྩིབས་བཅུ་ལ༔ ཤར་སྟོད་དུ་ཧཱུྃ་ཀ་ར་དཀར་པོ་མདའ་གཞུ་འགེངས་པ༔ ཤར་སྨད་དུ་རྣམ་རྒྱལ་དཀར་པོ་གཡས་འཁོར་ལོ་དང་གཡོན་ཁྲམ་ཤིང་འཛིན་པ༔ ཤར་ལྷོར་དབྱུག་པ་སྔོན་པོ་གཡས་དབྱུག་ཐོ་དང་གཡོན་མེ་དཔུང་འཛིན་པ༔ ལྷོར་གཤིན་རྗེའི་གཤེད་སྔོན་པོ་གཡས་བེ་ཅོན་དང་གཡོན་སྦྲུལ་ཞགས་འཛིན་པ༔ ལྷོ་ནུབ་ཏུ་མི་གཡོ་


CMR009_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་སྨུག་ནག་གཡས་རལ་གྲི་དང་གཡོན་སྦྲུལ་ཞགས་འཛིན་པ༔ ནུབ་ཏུ་རྟ་མགྲིན་དམར་པོ་དབྱུག་ཐོ་དང་ལྕགས་སྒྲོག་འཛིན་པ༔ ནུབ་བྱང་དུ་འདོད་རྒྱལ་དམར་སྐྱ་རྡོ་རྗེ་དང་ནེའུ་ལེ་འཛིན་པ༔ བྱང་དུ་བདུད་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམོ་དང་དྲིལ་བུ་འཛིན་པ༔ བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ་སྔོ་སྐྱ་འཁོར་ལོ་དང་ཞགས་པ་འཛིན་པ༔ བྱང་ཤར་སྨད་དུ་སྟོབས་པོ་ཆེ་ལྗང་ནག་གཡས་སྟ་རེ་དང་གཡོན་ཐོད་དབྱུག་འཛིན་པའོ༔ ཀུན་ཀྱང་དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་པ༔ ཞབས་གཡས་བསྐུམ་གཡོན་བརྐྱང་དོར་སྟབས་ཀྱིས་ཕྱོགས་སྐྱོང་བཅུའི་གདན་ལ་རབ་ཏུ་ཁྲོས་པའི་ཚུལ་གྱིས་བཞུགས་པའོ༔ དེའི་ཤར་སྒོ་རྟ་གདོང་མ་དཀར་མོ་ལྕགས་ཀྱུ་འཛིན་པ༔ ལྷོ་སྒོར་ཕག་གདོང་མ་ནག་མོ་ཞགས་པ་འཛིན་པ། ནུབ་སྒོར་སྤྲེལ་གདོང་མ་དམར་མོ་ལྕགས་སྒྲོག་འཛིན་པ༔ བྱང་སྒོར་སྤྱང་གདོང་མ་ལྗང་གུ་དྲིལ་བུ་འཛིན་པའོ༔ ལྷ་གཙོ་འཁོར་དེ་དག་རང་རང་གི་ས་བོན་དང་ཨོཾ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས༔ ཡེ་ཤེས་ལྔས་དབང་བསྐུར་བར་གྱུར༔ རང་རང་གི་ས་བོན་ལས་འོད་ཟེར་འཕྲོས༔ ཡེ་ཤེས་པ་རྣམས་འོག་མིན་ནས་སྤྱན་དྲངས་ཏེ་དམ་ཚིག་པ་རྣམས་


CMR009_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཉིས་སུ་མེད་པར་གྱུར༔ ཁྱད་པར་དུ་གཙོ་བོའི་ཡེ་ཤེས་པ་འོད་ཀྱི་ལམ༔ སྲིན་པོའི་རོ་བསྣོལ་བའི་སྟེང་ནས༔ སྔོན་གྱི་ཐུགས་དམ་གྱིས་སྐད་ཅིག་ལ་རབ་ཏུ་ཁྲོས་ནས་གནས་འགྱུར་ཏེ་བྱོན་ནས་དབྱེར་མེད་དུ་གྱུར༔ ༈ ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང་ཞེས་པ་ནས་བསྟོད་པ་ལ་མ་ཐུག་བར་འདོན༔ དེ་ནས་བསྟོད་པ་ནི་རྣམ་རྒྱལ་འབར་བ་བྱ་ལ༔ ཐུགས་དམ་དབྱིངས་ནས་བསྐུལ་ཞེས་པ་སྐྱུར་ལ༔ ཕྱག་འཚལ་བསྟོད་ཁོ་ན་བྱའོ༔ སྔགས་ནི༔ ཨ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཡན་ཆད་རྒྱུན་དུ་བཟླས་ཤིང་༔ དེ་ནས་ཕྱོགས་བཅུའི་རྒྱལ་བ་རྣམས་དང་རང་མདུན་གྱི་བུདྡྷའི་ཐུགས་དམ་བསྐུལ༔ འོད་ཟེར་དམར་པོའི་ཚུལ་དུ་བདག་ལ་ཐིམ༔ འདི་ནི་རྒྱུན་དུ་བསྒོམ་ཞིང་དམིགས་པའོ༔ དེ་ལ་བསྙེན་གྲངས་ཐེམ་ནས་འཁོར་ལོ་འཁོར་བ་སོགས་གཞུང་གི་དྲག་པོའི་དེ་རྣམས་བསྒོམ་པའོ༔ སྔགས་རིང་ཁྲི་ཕྲག་ལས་མི་མང་བ་བཟླའོ༔ དེ་ནས་རྗེས་རྣམས་ནི་གཞུང་ལྟར་རོ༔ དྷྭཾ༔ གུ་དྲག་ཕྱི་སྒྲུབ་དམིགས་པའི་གསལ་བྱེད་འདི༔ རང་གི་ཐུགས་ཀའི་ཧཱུྃ་ཡིག་དམར་པོ་ལས༔ འོད་ཟེར་དམར་པོ་མདུན་བསྐྱེད་ལྷ་ལ་ཕོག༔ ཐུགས་དམ་རྒྱུད་བསྐུལ་བྱིན་རླབས་དངོས་གྲུབ་ཀུན༔ འོད་ཟེར་


CMR009_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོའི་ཚུལ་དུ་བདག་ལ་ཐིམ༔ སླར་ཡང་ཐུགས་ཀའི་ཧཱུྃ་ཡིག་ལས༔ འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ དེ་དག་ཀུན་གྱི་ཐུགས་རྗེ་བྱིན་རླབས་ཀུན༔ འོད་ཟེར་དམར་པོའི་ཚུལ་དུ་བདག་ལ་ཐིམ༔ དེ་ལྟར་བསྒོམ་ཞིང་ཨ་ཙིག་རྐྱང་པ་བཟླ༔ བདག་མདུན་ཐུགས་ཀར་མཆོད་རྟེན་བུམ་པ་རུ༔ གསང་བདག་ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང་༔ ཧཱུྃ་ཡིག་དམར་པོ་གྱེན་དུ་འགྲེང་བའི་མཐར༔ ཨ་ཙིག་སྔགས་འབྲུ་ཉི་ཤུ་གཡས་སུ་འཁོར༔ དེ་ལས་འོད་ཟེར་དམར་པོ་གྱུར་ནས་ཀྱང་༔ བདག་བསྐྱེད་ཞལ་ནས་མདུན་བསྐྱེད་ཞལ་དུ་ཞུགས༔ མདུན་བསྐྱེད་སྔགས་ཕྲེང་ལ་ཐིམ་ཐུགས་རྒྱུད་བསྐུལ༔ མདུན་བསྐྱེད་ཐུགས་ཀའི་འོག་ནས་ཚུར་བྱུང་ནས༔ རང་གི་ཐུགས་ཀར་ཐིམ་པས་དངོས་གྲུབ་ཐོབ༔ རྗེས་ནས་འོད་ཟེར་དེ་ཡང་སྔགས་ཕྲེང་བསྒྱུར༔ དེ་ནི་འདི་ཡི་ལུགས་ཀྱི་བསྙེན་པ་ཡིན༔ བདག་མདུན་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་དམར་པོ༔ གྲངས་མེད་འཕྲོས་པས་འཇིག་རྟེན་ཐམས་ཅད་ཁེངས༔ དེ་དག་ཐམས་ཅད་མེ་དབལ་སྐུ་རུ་གྱུར༔ ཀུན་ཀྱང་རྡོ་རྗེ་དང་ནི་ཐོ་བ་འཛིན༔ རང་ལ་གནོད་པའི་གདོན་


CMR009_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་རྒྱལ་འགོང་རྣམས༔ ཐོ་བས་བརྡུང་ཞིང་གསོད་པར་བྱེད་པ་དང་༔ ལ་ལས་མཚོན་ཆའི་འཁོར་ལོ་བཟུང་ནས་གཏུབས༔ ལྷག་མ་སྐུ་ལས་མེ་དཔུང་འབར་བས་བསྲེགས་གཞན་རྣམས་བསྔང་སྐྲག་འདར་དང་བརྒྱལ་ཞིང་འབོག༔ དམྱལ་སྒྲ་ཙིར་སྒྲས་གང་ཞིང་དེང་ཕྱིན་ཆདཿ་ཅི་གསུངས་བཀའ་ཉན་ཐ་ཚིག་འབུལ་བར་བསྒོམ༔ དེ་ལྟར་ཁྲོ་བོས་འཇིག་རྟེན་གང་ནས་ཀྱང་༔ སྔགས་སྒྲ་འབྲུག་སྟོང་ལྡིར་བཞིན་སྒྲོག་བྷོ་ལ༔ སྔགས་རིང་བཟླ་བ་འདི་ནི་སྒྲུབ་པ་ཡིན༔ ༈ ལས་སྦྱོར་དམིགས་པ་འདི་ལ་རིགས་གཉིས་ཡོད༔ བདག་མདུན་དྲག་པོའི་སྐུ་ཡི་འོད་ཟེར་ལས་མེ་ཡི་འཁོར་ལོ་རྩིབས་སྟོང་གུར་འདྲ་བ༔ དེ་ཡི་ནང་དུ་བདག་མདུན་བསྲུང་བྱ་ཚུད༔ མེའི་འཁོར་ལོ་སྤུ་གྲི་ལྟར་རྣོ་བ༔ རྩིབས་བར་རྣམས་སུ་གནམ་ལྕགས་སྡིག་རྒོད་རེ༔ ཕྱི་རོལ་ནམ་མཁའི་ཁམས་ཀུན་མེ་དབལ་ནས༔ དེ་དག་འོད་ཟེར་མེ་ཡི་འཁོར་ལོ་ནི༔ རྩིབས་སྟོང་ལྡན་པ་རྩིབས་རྩེ་ནང་དུ་བསྟན༔ དེ་ཡང་རྩིབས་བར་རྣམས་སུ་སྡིག་པས་མཚན༔ གདུབ་བུ་ལྟ་བུ་གཡོན་དུ་དྲག་ཏུ་འཁོར་ཕྱི་ནང་རྩིབས་གཉིས་སོ་ནི་འཐབས་པའི་བར༔ རྒྱལ་བསེན་སྡེ་བརྒྱད་སྐྱེ་ནས་རྦད་རྦད་བཅད༔ མགོ་ལུས་ཤ་


CMR009_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་སྡིག་པ་རྣམས་ཀྱིས་ཟོས༔ དེ་ལྟར་བསྒོམ་ཞིང་སྔགས་རིང་འདོན་པ་ཡིན༔ ༈ ཡང་ནི་བདག་མདུན་ཐུགས་ཀའི་འོད་ཟེར་ལས༔ གནམ་ནི་འཁོར་ལོ་རྩིབས་སྟོང་རྣོ་ངར་ལྡན༔ གའུ་སོ་ལྟར་རྩིབས་རྣམས་ཐུར་དུ་གུག༔ ས་གཞི་མེ་ཡི་འཁོར་ལོ་རྩིབས་སྟོང་པ༔ གའུ་ཁ་བཞིན་གྱེན་དུ་གུག་པ་སྟེ༔ སྟེང་འོག་རྩིབས་བར་ཐམས་ཅད་སྡིག་པས་མཚན༔ ཁ་སྦྱོར་ནང་དུ་བདག་མདུན་བསྲུང་བྱ་ཚུད༔ སྟེང་ནས་གསེར་གྱི་འཁོར་ལོ་གཡས་སུ་འཁོར༔ འོག་ནས་གནམ་ལྕགས་འཁོར་ལོ་གཡོན་དུ་འཁོར༔ རྩིབས་རྩེ་ཁ་སྤྱད་བར་དུ་རྒྱལ་བསེན་དང་༔ གནོད་བྱེད་སྐྱེ་ལུས་ཕྲུལ་ཕྲུལ་རྦད་རྦད་གཏུབས༔ ཤ་ཁྲག་རྩིབས་བར་སྡིག་པ་རྣམས་ཀྱིས་ཟོས༔ འཁོར་ལོའི་རྩིབས་ལས་མེ་འབར་གཞོབ་ཐུལ་བསྲེག༔ དེ་ལྟར་བསྒོམ་ཞིང་སྔགས་རིང་བཟླ་བའོ༔ དམིགས་པ་དེ་གཉིས་གང་བདེ་བྱས་ཀྱང་རུང་༔ མཐར་ནི་དེ་དག་འོད་དུ་ཞུ་ནས་ཀྱང་༔ བདག་མདུན་རྣམས་ལ་ཐིམ་པས་སྟོང་ཉིད་བསྒོམས༔ སྔགས་རིང་ལ་ནི་ཁྲི་གཅིག་ཚང་བར་བྱ༔ དེ་ལས་མང་ཉུང་རྟགས་ལ་ལྟ་བ་ཡིན༔ རྗེས་ཀྱི་བསྡུ་ཆོག་ལ་སོགས་ཕྱག་ལེན་ལྟར༔ གཞུང་གི་དམིགས་པ་རྒྱས་དྲག་གོ་དཀའ་


CMR009_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བས༔ དོན་འདུས་ཚིག་ཉུང་གོ་བར་སླ་བ་འདི༔ དབོན་ཆུང་ནམ་མཁས་འདི་ཉིད་སྒྲུབ་པའི་ཚེ༔ རཱ་ག་ཨ་སྱས་ཞལ་ནས་གདམས་པ་ལྟར༔ གླིང་ཚང་པདྨ་དད་པས་ཡི་གེར་བཀོད། ཉེས་འགལ་མཆིས་ན་ཆོས་བདག་སྲུང་མའི་ཚོགས་ལ་བཤགས༔ མ་འོངས་སྔགས་འཆང་ཀུན་ལ་ཕན་པར་ཤོག༔ མངྒ་ལཾ༔ ཨོཾ་ཨཱཧཱུྃ་ཨ་ཙིག་ནིར་ཙིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཨ་ཧཱུཾ་ཧཱུཾ་ཕཊ་ཕཊ༔ བསྙེན་པ་དངོས་གཞིའི་སྔགས་འདིའོ། །རྭ་ཙ་གནོད་བྱེད་ཀྱི་སྙིང་ལ་མཱ་ར་ཡ་ཧཱུྃ་ཕཊ༔ སྒྲུབ་པའི་སྔགས་འདིའོ། །ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་ཧཱུྃ་ཕཊ༔ ལས་སྦྱོར་དམིགས་པའི་ངར་དང་བཅས་འདི་ཡན་སྦྲེལ་ལ་བཟླ། ཨོཾ་བཛྲ་ཧཱུྃ༔ ཡཀྵ་ཧཱུྃ༔ རཀྟ་ཧཱུྃ༔ ལས་སྦྱོར་སྔགས་འདིའོ། ། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

བླ་མ་དྲག་པོའི་ནང་སྒྲུབ་ཡང་སྙིང་རྡོ་རྗེའི་ཕྲེང་བའི་འདོན་འགྲིགས།


CMR009_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དྲག་པོའི་ནང་སྒྲུབ་ཡང་སྙིང་རྡོ་རྗེའི་ཕྲེང་བའི་འདོན་འགྲིགས་བཞུགས་སོ༔


CMR009_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་བཛྲ་ཀྲོ་དྷ་ཡེ༔ ཕྱི་སྒྲུབ་དང་ནང་སྒྲུབ་གཉིས་ཀའི་དཀྱིལ་འཁོར་འབྲི་ལུགས་མི་གསལ་བ་ནི༔ དབང་ཆོག་རྒྱས་པའི་འོག་ནས་འབྱུང་ལྟར་བྲིའོ༔ གཞན་སྟ་གོན་གཞུང་ལྟར་བྱའོ༔ དེ་ནས་ལས་བྱང་ཏིང་འཛིན་རྣམ་གསུམ་ཡན་ཆད་འདོན༔ ༈ རང་གི་སྙིང་གར་ཧཱུྃ་དམར་པོ་མེའི་མདོག་ཅན་ཅིག་ཏུ་གྱུར༔ དེ་ནས་ཐུགས་ཀའི་ཧཱུྃ་ལས་ཨེ་ནག་པོ་ཞིག་ཆད་ནམ་མཁས་གར་ཁྱབ་ཨེ་ཡི་རང་བཞིན་ཟུར་གསུམ་ཕྲ་བ༔ ཟུར་གཅིག་འོག་ཕྱོགས་སུ་ཟུག་པ་ཁ་གདེངས་བ༔ དེའི་སྟེང་དུ་ཨེའི་ཀློང་དུ་ཡཾ་ལས་བསྐལ་པའི་རླུང་ནག་འཚུབ་ཅིང་འཁྱིལ་བ༔ དེའི་སྟེང་དུ་ཧཱུྃ་ལས་རཾ་ཆད་


CMR009_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྐལ་པའི་མེ་དཔུང་དམར་ནག་ཏུ་འབར་བར་ཆད་པས་རཀྟའི་རྦ་ཀློང་འཁྲུགས་པ༔ ཁྲག་གི་སྦྱ་བ་རི་རབ་ཙམ་འཕྱོ་བའི་ཀློང་ན༔ ཞིང་ཆེན་ཞིང་ཆུང་རི་གད་ཉིལ་བ་ལྟ་བུའི་རྦ་ཀློང་ཡོད་པ༔ སུཾ་ཆད་པ་ལས་ཤ་ཆེན་གྱི་ས་གཞི༔ རོ་རུལ་བ་མ་རུལ་བ༔ བམ་པ་ཐོད་སྐམ་ལ་མེ་འབར་བ༔ དྲི་མནམ་པ༔ བྱ་གཅན་མང་པོ་ནམ་མཁའ་ལ་ལྡིང་བ༔ གཅན་གཟན་མང་པོ་རྒྱུག་འདྲལ་བྱེད་པ༔ ལྷ་སྲིན་དང་ཞིང་སྐྱོང་མང་པོས་ཀུའི་སྒྲ་དང་ཧ་ཧའི་སྒྲས་འདེབས་པ༔ དེའི་སྟེང་དུ་ཀེ་ཆད་པ་ལས་ཀ་ལས་རུས་པའི་རི་རབ་གྲུ་བཞི་པ་བང་རིམ་དང་བཅས་པ༔ དེའི་སྟེང་དུ་ཧཱུཾ་


CMR009_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་པ་ལས་གཞལ་ཡས་ཁང་ཐོད་པ་སྐམ་རློན་རད་རིད་ཀྱི་རྩིག་པ༔ གནམ་ལྕགས་ཀྱི་གཟེར་གྱིས་བསྡམས་པ༔ ཀླུ་བརྒྱད་ཀྱི་ཀ་གདན༔ ལྷ་བརྒྱད་ཀྱི་ཀ་བ༔ གཟའ་བརྒྱད་ཀྱི་གདུང་མ༔ ཉི་ཟླའི་སྐར་ཁུང་༔ གཟའ་སྐར་དྲལ་ཕྱམ་དུ་བྱས་པ༔ ཞིང་ལྤགས་ཀྱི་བླ་རེ༔ ཞིང་ཆུང་གི་ཁ་བད༔ ཞིང་དང་ཐོད་པའི་རྒྱལ་མཚན༔ འཁོར་ལོ་གདུགས་ཏོག་རྩེར་ཐོད་སྐམ་གྱི་ཏོག་ཡོད་པ༔ ནང་གི་སྒོ་བཞི་གྲུ་བཞི་རྟ་བབས་དང་བཅས་པ༔ སྒོ་ཁང་ལ་ཁྱུང་གི་ཡ་ཕིབ༔ སྦྲུལ་ནག་གི་སྐྱེས་བུ༔ ཞིང་ཆེན་གྱི་སྒོ་གཡོགས༔ ཆུ་སྲིན་དང་འབྲུག་གི་སྐྱེས་བུ༔ རྒྱུ་ཕྲེང་གི་བླ་རེ་དང་དྲ་ཕྱེད༔ རུས་ཆེན་གྱི་སོ་བད༔ གསུར་ཆེན་གྱི་དུད་པ་འཁྲིགས་པ༔ དེའི་ཕྱིར་རིམ་འཁོར་ལོ་རྩིབས་བརྒྱད་ཀྱི་གུར༔ དེའི་ཕྱིར་རིམ་རྡོ་རྗེའི་དྲ་མིག་ཁྲོ་ཆུང་གིས་གཏམས་ཤིང་འཁྲུགས་པར་གྱུར༔ ཕོ་བྲང་དེ་ཡི་དབུས་མཐིང་ནག་གྲུ་གསུམ་འབར་བ༔ ཟླ་གམ་དམར་པོའི་ཕྱི་གསེར་གྱི་འཁོར་ལོ་རྩིབས་བཞི་པ་བདུད་བཞི་དང་དམ་སྲི་ཕོ་མོ་བསྣོལ་སྟེང་དུ༔ ཉི་ཟླ་པདྨའི་གདན་ལ༔ ཧཱུཾ་ཆད་པ་ལས་རྡོ་རྗེ་རྩེ་དགུ་པ་ཞིག་ཏུ་གྱུར༔ ཧཱུཾ་རྡོ་རྗེ་དང་བཅས་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ རྒྱལ་བ་ཐམས་ཅད་


CMR009_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཉེས་པའི་མཆོད་པ་ཕུལ༔ སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས༔ གདུག་པ་ཅན་རྒྱལ་བསེན་དམ་སྲི་སྡེ་བརྒྱད༔ དྲེགས་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས་ཧཱུྃ་ལ་ཐིམ༔ འོད་དུ་འབར་སླར་རྡོ་རྗེ་རྩེ་དགུ་པར་གྱུར༔ དེ་ཡོངས་སུ་གྱུར་པ་ལས༔ ༈ སྐད་ཅིག་དྲན་རྫོགས་སུ་བདག་ཉིད་དྲག་པོ་ཐོད་ཕྲེང་རྩལ་སྐུ་མདོག་དམར་པོ་མེའི་མདོག་ཅན་རབ་ཏུ་འབར་བ༔ ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་དམར་ཟླུམ་ཁྲག་ལྟར་གཡོ་བ༔ མཆེ་བ་རབ་ཏུ་གཙིགས་པ༔ སྨིན་མ་གློག་ལྟར་དུ་འཁྱུག་པ༔ ཨག་ཚོམ་མེ་ལྟར་དུ་འབར་བ༔ ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་ཁ་གདེངས་པ་ནམ་མཁའ་ལ་ཕྱར་བ༔ ཕྱག་གཡོན་པས་གནམ་ལྕགས་ཀྱི་སྡིག་པ་ཁ་དགུ་རྭ་བཅོ་བརྒྱད་པ་མིག་དགུ་པ་དང་ལྕགས་ཀྱུ་འཛིན་པ༔ ཁྲོ་བོའི་ཆས་བརྒྱད་སྐུ་ལ་རྫོགས་པ༔ རྡོ་རྗེའི་གོ་ཁྲབ༔ ལྕགས་ཀྱི་སྡིག་པ་ཕྲ་མོས་གཏམས་པ༔ གདོལ་པ་ནག་པོའི་སེ་རལ་ཁར་བརྒྱན་པ༔ ཞབས་གཡས་བསྐུམ་གཡོན་བརྐྱང་འདོར་ཐབས་ཀྱི་ཚུལ་དུ་བསྒྲད་པའོ༔ དེའི་མདུན་ན་རྡོ་རྗེ་ཕག་མོ་མཐིང་ནག་གྲི་གུག་དང་ཐོད་ཁྲག་འཁྱུད་ཅིང་སྟོབས་པ༔ ཞབས་གཡས་བརྐྱང་གཡོན་བསྐུམ་གར་ཐབས་


CMR009_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྦྱོར་བ༔ སྤྱི་གཙུག་ན་ཕག་ཞལ་དང་༔ གཅེར་བུ་གཟིག་ཤམ་དང་རྒྱན་དྲུག་གིས་སྤྲས་པ༔ ཁྲོ་ཞིང་འཛུམ་པའི་ཚུལ་ཅན་ནོ༔ འཁོར་ཐམས་ཅད་ཀྱང་དཀྱིལ་འཁོར་གྱི་ལྷ་བསྐྱེད་པ་ལྟར་སྐད་ཅིག་དྲན་རྫོགས་སུ་གསལ༔ བདག་བསྐྱེད་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་ལྟེ་བར་ཧཱུྃ་དམར་ནག་མེའི་འོད་ཟེར་འཕྲོ་བར་གྱུར༔ དེ་ལས་འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས༔ ༈ ཧཱུྃ༔ ཇི་སྙེད་རྒྱལ་བ་འཁོར་དང་བཅས༔ སྔོན་གྱི་ཐུགས་དམ་ཆེན་པོ་ནི༔ སྒྲུབ་ལ་དངོས་གྲུབ་སྩོལ་བ་དང་༔ བདུད་དང་བགེགས་རྣམས་གཞོམ་པ་དང་༔ ཕྲིན་ལས་མ་ལུས་བསྒྲུབ་པའི་ཕྱིར༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ འཇིགས་བྱེད་འཇིགས་པར་བྱེད་པ་པོ་དམར་ནག་མེ་ཡི་ཕྲེང་བ་ཅན༔ ཐུགས་དམ་དབང་གིས་སྤྱན་འདྲེན་ན༔ དམ་ཚིག་དབང་གིས་བདག་ལ་དགོངས༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ རྗེ་བཙུན་དྲག་པོ་ཐོད་ཕྲེང་རྩལ༔ ཁྲོ་ཚོགས་མང་པོ་སྤྲིན་ལྟར་གཏིབས༔ མཁའ་འགྲོ་འབུམ་གྱི་འཁོར་གྱིས་བསྐོར༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ༔ ཡཀཱ་མེ་དབལ་སྐར་ལྟར་འཁྲུག༔ ཧཱུྃ་དང་


CMR009_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ་ཀྱི་སྒྲ་ཆེན་སྒྲོགས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བསྐུར་ཅིག༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གུ་རུ་བཛྲ་ཀྲོ་དྷ་བྷ་ག་ཝཱན༔ སརྦ་མ་ཧཱ་གུ་རུ་ས་མ་ཡ་ཛ་ཛ༔ ཛཧཱུྃ་བཾ་ཧོ༔ སྭ་བྷ་ཝས་སྦྱངས༔ སྟོང་པའི་ངང་ལས༔ དཀྱིལ་འཁོར་གཏོར་མ་བུམ་པ༔ བྷོ་ལས་ཡེ་ཤེས་ཀྱི་གཞལ་ཡས་ཁང་ཆེན་པོ་སྒོ་གྲུ་རྟ་བབས་ཡོངས་སུ་རྫོགས་པའི་དབུས་སུ༔ ཉི་མ་དང་ཟླ་བ་པདྨའི་གདན་ལ༔ བདུད་བཞི་བསྣོལ་བའི་སྟེང་དུ་རྒྱུ་ཡི་ཡི་གེ་ཧཱུྃ་དམར་ནགཾ་གཅིག་རང་བཞིན་གྱི་གནས་ནས་ཁྲ་ཐབས་སུ་བབ་སྟེ་གསལ་བཏབ་ལ༔ སྣང་སྲིད་ཐམས་ཅད་དག་པ་ལྷའི་དཀྱིལ་འཁོར་དུ་གྱུར་པས་འོད་ཟེར་གྱིས་ཁྱབ་སྟེ༔ སླར་དེ་དག་གི་བྱིན་རླབས་དང་མཐུ་ནུས་པ་ཐམས་ཅད་ཚུར་འདུས་ཧཱུྃ་དམར་ནག་ལ་ཐིམ༔ དེ་ཡོངས་སུ་གྱུར་པ་ལས༔ དྲག་པོ་ཐོད་ཕྲེང་རྩལ་སྐུ་མདོག་དམར་པོ་མེའི་མདོག་ཅན་རབ་ཏུ་འབར་བ༔ ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་དམར་ཟླུམ་ཁྲག་ལྟར་གཡོ་བ༔ མཆེ་བ་རབ་ཏུ་གཙིགས་པ༔ སྨིན་མ་གློག་ལྟར་དུ་འཁྱུག་པ༔ ཨག་ཚོམ་


CMR009_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལྟར་དུ་འབར་བ༔ ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་ཁ་གདེངས་པ་ནམ་མཁའ་ལ་ཕྱར་བ༔ ཕྱག་གཡོན་པས་གནམ་ལྕགས་ཀྱི་སྡིག་པ་ཁ་དགུ་རྭ་བཅོ་བརྒྱད་པ་མིག་དགུ་པ་དང་ལྕགས་ཀྱུ་འཛིན་པ༔ ཁྲོ་བོའི་ཆས་བརྒྱད་སྐུ་ལ་རྫོགས་པ༔ རྡོ་རྗེའི་གོ་ཁྲབ་དང་ལྕགས་ཀྱི་སྡིག་པ་ཕྲ་མོས་གཏམས་པ༔ གདོལ་པ་ནག་པོའི་སེ་རལ་ཁར་བརྒྱན་པ༔ ཞབས་གཡས་བསྐུམ་གཡོན་བརྐྱང་དོར་ཐབས་ཀྱི་ཚུལ་དུ་བསྒྲད་པའོ༔ དེའི་མདུན་ན་རྡོ་རྗེ་ཕག་མོ་མཐིང་ནག་གྲི་གུག་ཐོད་ཁྲག་འཁྱུད་ཅིང་སྟོབས་ལ༔ གཡས་བརྐྱང་གཡོན་བསྐུམ་གར་ཐབས་ཀྱིས་སྦྱོར་བ་སྤྱི་གཙུག་ན་ཕག་ཞལ་དང་༔ གཅེར་བུ་གཟིག་ཤམ་དང་རྒྱན་དྲུག་གིས་སྤྲས་པ༔ ཁྲོས་ཞིང་འཛུམ་པའི་ཚུལ་ཅན་ནོ༔ དེའི་ཤར་རྩིབས་སུ་རྡོ་རྗེ་དྲག་པོ་རྩལ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་གྲི་གུག་དང་ཐོད་ཁྲག་ཁྲོ་བོའི་ཆས་རྣམས་རྫོགས་པར་གྱུར༔ ལྷོར་རཏྣ་དྲག་པོ་རྩལ་སེར་ནག་བེ་ཅོན་དང་ཐོད་ཁྲག་ཁྲོ་བོའི་ཆས་རྣམས་རྫོགས་པར་གྱུར། ནུབ་ཏུ་པདྨ་དྲག་པོ་རྩལ་དམར་པོ་པདྨ་ཐོད་ཁྲག་འཛིན་པ༔ ཁྲོ་བོའི་ཆས་རྣམས་རྫོགས་པར་གྱུར༔ བྱང་དུ་ཀརྨ་དྲག་པོ་རྩལ་ལྗང་ནག་རྒྱ་གྲམ་དང་ཐོད་ཁྲག་འཛིན་པ༔ དེ་དག་ཐམས་


CMR009_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཁྲོ་བོའི་ཆས་རྣམས་རྫོགས་པ་ལ་གྱད་ཀྱི་དོར་སྟབས་སུ་བཞུགས་པར་གྱུར༔ དེའི་ཕྱི་རིམ་དུ་ཤར་དུ་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དཀར་མོ་གྲི་ཐོད་འཛིན་པ༔ ལྷོར་རིན་ཆེན་མཁའ་འགྲོ་ཡབ་ཡུམ་སེར་མོ་གྲི་ཐོད་འཛིན་པ༔ ནུབ་ཏུ་པདྨ་མཁའ་འགྲོ་ཡབ་ཡུམ་དམར་མོ་གྲི་ཐོད་འཛིན་པ༔ བྱང་དུ་ཀརྨ་མཁའ་འགྲོ་ཡབ་ཡུམ་ལྗང་མོ་གྲི་ཐོད་འཛིན་པ༔ ཀུན་ཀྱང་གཡས་བསྐུམ་གཡོན་བརྐྱང་༔ ཡུམ་རྣམས་སྐུ་མདོག་ཡབ་དང་འདྲ་ཞིང་གྲི་ཐོད་འཁྱུད་པས༔ པདྨ་དང་མི་རོའི་གདན་ལ་བཞུགས་པར་བསྐྱེད༔ ཀུན་ཀྱང་དབུ་སྐྲའི་ཐོར་ཅོག་ལ་རྡོ་རྗེ་ལ་སོགས་རང་རྟགས་ཀྱི་མཚན་པའོ༔ དེའི་ཤར་ལྷོར་གཤིན་རྗེ་ཚེ་བདག་མཐིང་ནག་གཡས་འཁོར་ལོ་དང་གཡོན་ལྕགས་ཀྱུ་ཞགས་པ་འཛིན་པ༔ ལྷོ་ནུབ་ཏུ་ཁྲོས་མ་ནག་མོ་གྲི་གུག་དང་ཐོད་ཁྲག་འཛིན་པ༔ ཁཊཾ་ག་མཆན་ཁུང་དུ་བཅུག་པ༔ མི་མགོའི་དོ་ཤལ་ཅན༔ གཡས་བསྐུམ་གཡོན་བརྐྱང་གི་མི་རོའི་གདན་ལ་བཞུགས་པའོ༔ ནུབ་བྱང་དུ་བཛྲ་ཀཱི་ལ་ཡ་མཐིང་ནག་ཕྱག་གཉིས་ཕུར་པ་ཐུགས་ཀར་འདྲིལ་བ༔ དུར་ཁྲོད་ཀྱི་ཆས་བརྒྱད་རྫོགས་པ༔ བྱང་ཤར་དུ་མཁའ་འགྲོ་སེང་གདོང་ཅན་མཐིང་ནག་གྲི་ཐོད་འཛིན་པ༔ ཞིང་ལྤགས་དང་


CMR009_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་ཤམ་སྦྲུལ་དང་ཐོད་པའི་ཕྲེང་བས་བརྒྱན་པ༔ རོའི་གདན་ལ་བཞུགས་པར་གྱུར༔ དེའི་ཕྱི་རིམ་རྩིབས་བཅུ་ལ༔ ཤར་སྟོད་དུ་ཧཱུྃ་ཀཱ་ར་དཀར་པོ་མདའ་གཞུ་འགེངས་པ༔ ཤར་སྨད་དུ་རྣམ་རྒྱལ་དཀར་པོ་གཡས་འཁོར་ལོ་དང་གཡོན་ཁྲམ་ཤིང་འཛིན་པ༔ ཤར་ལྷོར་དབྱུག་པ་སྔོན་པོ་གཡས་དབྱུག་ཐོ་དང་གཡོན་མེ་དཔུང་འཛིན་པ༔ ལྷོར་གཤིན་རྗེ་གཤེད་སྔོན་པོ་གཡས་བེ་ཅོན་དང་གཡོན་སྦྲུལ་ཞགས་འཛིན་པ༔ ལྷོ་ནུབ་ཏུ་མི་གཡོ་མགོན་པོ་སྨུག་ནག་གཡས་རལ་གྲི་དང་གཡོན་སྦྲུལ་ཞགས་འཛིན་པ༔ ནུབ་ཏུ་རྟ་མགྲིན་དམར་པོ་དབྱུག་ཐོ་དང་ལྕགས་སྒྲོག་འཛིན་པ༔ ནུབ་བྱང་དུ་འདོད་རྒྱལ་དམར་སྐྱ་རྡོ་རྗེ་དང་ནེའུ་ལེ་འཛིན་པ༔ བྱང་དུ་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པ༔ བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ་སྔོ་སྐྱ་འཁོར་ལོ་དང་ཞགས་པ་འཛིན་པ༔ བྱང་ཤར་སྨད་དུ་སྟོབས་པོ་ཆེ་ལྗང་ནག་གཡས་སྟ་རེ་དང་གཡོན་ཐོད་དབྱུག་འཛིན་པའོ༔ ཀུན་ཀྱང་དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་པ༔ ཞབས་གཡས་བསྐུམ་གཡོན་བརྐྱང་དོར་ཐབས་ཀྱིས་ཕྱོགས་སྐྱོང་བཅུའི་གདན་ལ་རབ་ཏུ་ཁྲོས་པའི་ཚུལ་གྱིས་བཞུགས་པའོ༔ དེའི་ཤར་སྒོར་རྟ་གདོང་མ་དཀར་མོ་ལྕགས་ཀྱུ་འཛིན་


CMR009_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

པ༔ ལྷོ་སྒོར་ཕག་གདོང་མ་ནག་མོ་ཞགས་པ་འཛིན་པ༔ ནུབ་སྒོར་སྤྲེལ་གདོང་མ་དམར་མོ་ལྕགས་སྒྲོག་འཛིན་པ༔ བྱང་སྒོར་སྤྱང་གདོང་མ་ལྗང་གུ་དྲིལ་བུ་འཛིན་པའོ༔ ལྷ་ཚོགས་གཙོ་འཁོར་དེ་དག་རང་རང་གི་གནས་གསུམ་དུ་ཨོཾ་དཀར་ཨཱདམར་ཧཱུྃ་མཐིང་གསུམ་གསལ་བ༔ བདག་ཉིད་ལྷར་གསལ་བའི་གནས་གསུམ་ལས་འོད་ཟེར་སྐར་མདའ་འཕང་བ་ལྟར་འཕྲོས་པས༔ པདྨ་འོད་ཀྱི་གཞལ་ཡས་དབང་དྲག་རོལ་པའི་དཀྱིལ་འཁོར་ནས་སྤྱན་དྲངས་ཏེ༔ དཀྱིལ་འཁོར་གྱི་ལྷ་རྣམས་དང་རང་ལྷ་ཆུ་ལ་ཆུ་འདྲེས་པ་ལྟར་དབྱེར་མེད་དུ་ཐིམ་སྟེ༔ ལྷ་རྣམས་གཟི་བརྗིད་འོད་དུ་འབར་ཏེ་རང་གི་རིགས་བདག་དང་དབང་རྟགས་ཀྱིས་བརྒྱན་པར་གྱུར༔ དེ་ནས༔ ༈ ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང་༔ ཞེས་པ་ནས་བསྟོད་པ་ལ་མ་ཐུག་བར་འདོན༔ དེ་ནས་བསྟོད་པ་ནི་བསྟོད་བསྐུལ་རྣམ་རྒྱལ་འབར་བ་བྱ༔ ཐུགས་དམ་དབྱིངས་ནས་བསྐུལ་སྐྱར་ལ་ཕྱག་འཚལ་བསྟོད་ཅེས་བརྗོད༔ འཁོར་གྱི་བསྟོད་པ་ལས་བྱང་ལྟར་རོ༔ འཛབ་དགོངས་ཀྱི་དམིགས་པ་གོང་འོག་གཉིས་ཡོད༔ གོང་མ་ཞི་བསྙེན་ལ་སྦྱར་རོ༔ འོག་མ་དྲག་པོའི་བསྙེན་པ་ལ་སྦྱར་རོ༔ སྔགས་ནི་ཨ་ཙིག་ཉི་ཤུ་པ་རབ་


CMR009_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ཕྲག་གཅིག་གིས་འགྲུབ༔ ཐ་མས་ཀྱང་འབུམ་ཕྲག་ཉི་ཤུ་བཟླས་ན་ནུས་པ་པདྨ་ཧེ་རུ་ཀ་དང་མཉམ་གསུངས་པས༔ གྲངས་མི་གཙོ་རྟགས་གཙོ༔ སྡེ་བརྒྱད་ལ་སོགས་ཤམ་བུ་སྦྱར་བ་ཁྲི་ཙམ༔ གོ་ཆ་སྤྱི་འདུས་ལ་ཁྲི་ཙམ༔ དྲག་སྔགས་སོ་ལྔ་པ་ལ་ཁྲིའམ་ལྔ་སྟོང་ཙམ༔ དབང་བླངས་བ་ནི་གཞུང་ལྟར་རོ༔ ཞེས་པ་འདི་ནི་ཟུར་མང་ནང་སོས་བསྐུལ་ནས༔ སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་པའོ༔ ༈ དྲག་པོའི་ནང་སྒྲུབ་རྡོ་རྗེ་ཕྲེང་བའི་དམིགས་པའི་གསལ་བྱེད་བཞུགས་སོ༔ བླ་མ་དྲག་པོའི་ནང་སྒྲུབ་ཀྱི༔ དམིགས་རིམ་གསལ་བྱེད་འདི་ལྟར་ཏེ༔ དཀྱིལ་འཁོར་བུམ་པ་གཏོར་མ་གསུམ༔ དབྱེར་མེད་མདུན་བསྐྱེད་ལྷ་ཚོགས་བྷེ་བདག་མདུན་གཙོ་བོའི་ཐུགས་ཀ་རུ༔ ཧཱུྃ་ཡིག་དམར་ནག་འོད་འཕྲོས་པ༔ ཐ་མར་ཨ་ཙིག་གཡས་སུ་འཁོར༔ དེ་ལས་འོད་ཟེར་སྣ་ཚོགས་འཕྲོས༔ མདུན་བསྐྱེད་རྣམས་ཀྱི་ཐུགས་ཀར་ཕོག༔ སྔགས་ཕྲེང་འཁོར་བས་ཐུགས་རྒྱུད་བསྐུལ༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུའི་ཞིང་ཁམས་ཀུན་བཞུགས་པའི༔ བླ་མ་ཡི་དམ་སངས་རྒྱས་དང་༔ བྱང་སེམས་མཁའ་འགྲོ་ཆོས་སྐྱོང་ཚོགས༔ ཀུན་གྱི་སྐུ་གསུང་ཐུགས་ཡོན་


CMR009_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཏན༔ ཕྲིན་ལས་ནུས་མཐུ་བྱིན་རླབས་ཀུན༔ འོད་ཟེར་ཁ་དོག་རྣམ་ལྔ་ཡི༔ རྣམ་པར་བདག་མདུན་ལྷ་ལ་ཐིམ༔ བདག་མདུན་གཙོ་བོའི་གནས་ལྔ་རུ༔ གོ་ཆ་ལྷ་ལྔ་གསལ་བར་བྷེ༔ སྤྱི་གཙུག་ཐོད་ཕྲེང་རྩལ་མཐིང་ཁ༔ དེ་སྟེང་ཁྱུང་དང་རིགས་ཀྱི་བདག༔ ཐུགས་ཀར་གསེར་གྱི་མཆོད་རྟེན་ནང་༔ ཕྱག་རྡོར་ཐུགས་ཀར་ཡེ་ཤེས་སེམས༔ དེ་ཡི་ཐུགས་ཀར་རྡོ་རྗེའི་ལྟེར༔ ཉི་ཟླ་ག་འུར་ཧཱུྃ་དམར་མཐར༔ ཨ་ཙིག་སྔགས་ཕྲེང་གཡས་སུ་འཁོར༔ སྤྱི་གཙུག་པད་འབྱུང་མཐིང་ནག་གི༔ ཐུགས་ཀར་ཟླ་སྟེང་ཧཱུཾ་མཐིང་མཐར༔ ཐོད་ཕྲེང་རྩལ་གྱི་སྔགས་གཡས་འཁོར༔ ཕྱག་གཡས་ཁཊཾ་ནམ་མཁར་གཡུགས༔ གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཕྱག་གཡས་གྲུ་མོར་ཐོད་པའི་རྔ༔ བཀལ་བ་རང་སྒྲའི་ཧཱུཾ་སྒྲ་ནི༔ འབྲུག་སྟོང་བཞིན་ཏུ་ལྡི་རི་རི༔ དེའི་སྒྲས་སྟོང་གསུམ་འཇིག་རྟེན་གང་༔ སངས་རྒྱས་ཞིང་ཀུན་རབ་གཡོས་ཏེ༔ པད་འབྱུང་བྱེ་བ་ཕྲག་བརྒྱ་སོགས༔ རྩ་བ་གསུམ་གྱི་ལྷ་ཚོགས་ཀུན༔ དྲག་པོའི་ལྷ་ཚོགས་སྐུར་གྱུར་ནས༔ ཆར་དྲག་བབས་པ་བཞིན་དུ་བྱོན༔ བདག་མདུན་རྣམས་ལ་ཐིམ་པར་


CMR009_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ༔ ཐོད་ཕྲེང་རྩལ་གྱི་སྔགས་དེ་བསྙེན༔ མདུན་བསྐྱེད་གཙོ་འཁོར་ཐམས་ཅད་ཀྱི༔ དཔྲལ་བའི་ཨོཾ་ལས་ཨོཾ་དཀར་པོ༔ མགྲིན་པའི་ཨཱལས་ཨཱ༔དམར་པོ༔ ཐུགས་ཀའི་ཧཱུཾ་ལས་ཧཱུྃ་མཐིང་ནག༔ རྒྱུན་ཆད་མེད་པ་བྱུང་ནས་ཀྱང་༔ བདག་གི་དཔྲལ་མགྲིན་སྙིང་གར་ཐིམ༔ རྒྱལ་བ་ཀུན་དང་དྲག་པོ་ཡི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ༔ རང་གི་དཔྲལ་མགྲིན་སྙིང་ག་ཡི༔ འཇམ་དཔལ་རྟ་མགྲིན་ཕྱག་རྡོར་གྱི༔ ཐུགས་ཀར་ཨོཾ་དཀར་ཨཱདམར་དང་༔ ཧཱུྃ་མཐིང་གསུམ་གྱི་རྐང་པ་ནས༔ རང་མདོག་འོད་ཟེར་གསུམ་འཕྲོས་པས༔ མདུན་བསྐྱེད་གནས་གསུམ་ཡིག་འབྲུ་ཡི༔ རྐང་པ་གསུམ་ནས་ཡར་ཐིམ་པས༔ སྐུ་གསུང་ཐུགས་མཉེས་མཆོད་པར་གྱུར༔ མདུན་བསྐྱེད་ཨོཾ་དང་ཨཱཧཱུྃ་གི༔ རྩེ་ནས་འོད་ཟེར་རང་མདོག་ཚུར་བྱུང་ནས་༔ རང་གི་གནས་གསུམ་ཡིག་འབྲུའི་རྩེ་ནས་མར༔ ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ ཕར་ལ་མཆོད་པ་ཚུར་ལ་དངོས་གྲུབ་ཚུལ༔ ཕར་གསུམ་ཚུར་གསུམ་འོད་ཟེར་དྲུག་པོ་དེ༔ མགལ་མེའི་འཁོར་ལོ་བཞིན་ཏུ་ཀྱི་ལི་ལི༔ དཔེར་ན་ཚོན་སྐུད་སྣ་གསུམ་ཐག་བྲན་བཞིན༔ རྒྱུན་ཆད་མེད་པར་འཁོར་བར་བསྒོམ་བྱ་ཞིང་།


CMR009_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཙིག་སྔགས་འབྲུ་ཉི་ཤུ་པ་དེ་བསྙེན༔ ༈ དེ་ནས་མདུན་བསྐྱེད་གོ་ཆའི་ལྷ་རྣམས་ལས༔ རང་རང་མདོག་མཚུངས་འོད་ཟེར་འཕྲོས་ནས་ཀྱང་༔ རང་གི་གོ་ཆའི་ལྷ་ལ་ཐིམ་པ་ཡི༔ གོ་ཆའི་ལྷ་རྣམས་ཀུན་གྱི་བྱིན་རླབས་དང་༔ ནུས་མཐུ་ཐམས་ཅད་བདག་གིས་ཐོབ་བསྒོམ་ཞིང་༔ ཨ་ཙིག་སྔགས་འབྲུ་ཉི་ཤུ་པ་ཡི་མཇུག༔ གོ་ཆའི་སྔགས་དེ་བཏགས་ལ་བཟླ་བར་བྱ༔ ༈ དེ་ནས་མདུན་བསྐྱེད་གཙོ་བོ་འཁོར་ལྷ་དང་༔ ཁྱད་པར་ཁྲོ་མོ་བཅུ་པོ་ཐམས་ཅད་ཀྱི༔ སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས༔ རང་ལ་ཐིམ་པས་ཁྲོ་བོ་ཐམས་ཅད་ཀྱི༔ བྱིན་རླབས་ནུས་མཐུ་བདག་གིས་ཐོབ་བསམས་ཤིང་༔ དྲག་སྔགས་སོ་ལྔ་པ་དེ་བཟླ་བར་བྱ༔ བདག་མདུན་ཐུགས་ལས་ཧཱུྃ་དམར་གྲངས་མེད་འཕྲོས༔ ཐམས་ཅད་ཡཀྵ་མེ་དབལ་ཁོ་ནར་གྱུར༔ བདག་དང་བླ་མའི་སྐུ་ལ་གནོད་པ་ཡི༔ གནོད་བྱེད་ཀུན་ལ་ཕྱག་གཡས་རྡོ་རྗེས་བརྒྱབ༔ བསད་ཅིང་གཡོན་པའི་ཐོ་བས་ཀླད་པ་བཅོམ༔ གདོན་བགེགས་ཐམས་ཅད་མྱོ་སྒྲ་ཙི་རི་རི༔ འཇིགས་པའི་གད་རྒྱངས་དང་བཅས་ཁྲོ་བོའི་དམག༔ སེར་རྒོད་བབ་ལྟར་འཇིག་རྟེན་གང་བསྒོམ་ཞིང་༔ ཨ་ཙིག་བཛྲ་ཧཱུྃ་ནས་ཙ་ཤ་ན༔ གནོད་


CMR009_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་འབྱུང་པོ་ཧུར་ཐུམ་མཱ་ར་ཡ་ཕཊ༔ ཅེས་པ་མང་ཉུང་རྟགས་ལ་བསྟུན་ལ་བཟླས༔ མཐར་ནི་སྤྲུལ་པའི་ཁྲོ་བོ་རང་ལ་བསྡུ༔ དངོས་གྲུབ་ལེན་ཆོག་གཞུང་དུ་གསལ་ལྟར་ལས༔ ཚོགས་དང་བཀའ་སྲུང་བརྟན་སྐྱོང་བྱས་རྗེས་སུ༔ བསྡུ་ཆོག་བཀྲ་ཤིས་ཐུགས་སྒྲུབ་པ་ལྟར་དུའོ༔ འདི་ཉིད་སྒྲུབ་ཚེ་བཀའ་སྲུང་གཉིས་པོ་ནི༔ དགོང་མོ་ཚར་རེ་བཏོན་པས་བར་ཆད་སེལ༔ ཚོགས་དང་ཆད་མདོ་རྒྱུན་དུ་མི་དགོས་སོ༔ དབུ་འཛུགས་དུས་དང་ཚེས་བཅུ་བྱུང་དུས་སུ༔ གྲོལ་ཁ་ཚོགས་དང་བསྐང་བ་ཆད་མདོ་བྱ༔ འདི་ཡི་དམིགས་རིམ་རྒྱུད་ཚིག་གོ་དཀའ་བས༔ དབོན་པོ་པདྨ་ནམ་མཁས་སྒྲུབ་པའི་དུས༔ རཱ་ག་ཨ་སྱས་གསལ་བར་བཀོད་པ་ལ༔ ཉེས་འགལ་མཆིས་ན་བཀའ་སྲུང་རྣམས་ལ་བཤགས༔ དགེ་བས་ཟབ་གཏེར་བསྟན་པ་ཕྱོགས་བཅུར་རྒྱས༔ ཨོ་རྒྱན་ཆེན་པོའི་ཐུགས་དགོངས་རྫོགས་པར་ཤོག༔ སརྦ་མངྒ་ལཾ།། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གུ་རུ་དྲག་པོའི་གསང་སྒྲུབ་ཡང་གསང་བླ་མེད་དོན་གྱི་སྙིང་པོ།


CMR009_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོའི་གསང་སྒྲུབ་ཡང་གསང་བླ་མེད་དོན་གྱི་སྙིང་པོ་བཞུགས་སོ༔


CMR009_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་བཛྲ་ཀྲོ་དྷ་ཡེ༔ སྟ་གོན་བཅའ་ཚོགས་གཞུང་ལྟར་གྲུབ་ནས༔ ལས་བྱང་ཏིང་འཛིན་རྣམ་གསུམ་ཡན་ཆད་འདོན༔ ༈ རང་གི་སྙིང་གར་ཧཱུྃ་མེའི་མདོག་ཅན་ཅིག་བསམ༔ དེ་ནས་ཐུགས་ཀའི་ཧཱུྃ་ལས་ཨེ་ནག་པོ་ཞིག་ཆད༔ ཅེས་སོགས་ནས༔ དེ་ཡོངས་སུ་གྱུར་པ་ལས་ཀྱི་བར་ནི་ནང་སྒྲུབ་དང་ཁྲོ་རྒྱལ་སྟོབས་འདུས་ལྟར་རོ༔ ༈ སྐད་ཅིག་གིས་བདག་ཉིད་གུ་རུ་དྲག་པོ་མེའི་མདོག་ཅན༔ ཐོད་སྐམ་དང་རིགས་ལྔས་དབུ་ལ་བརྒྱན་པ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་དོར་ཐབས་སུ་བསྒྲད་པ༔ གཡས་དཀར་གཡོན་སྔོ་དབུས་དམར་ནག་ཏུ་འབར་བ༔ སྤྱན་དགུ་སྡང་


CMR009_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

མིག་བགེགས་ལ་གཟིར་བ༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་གྱི་མཆེ་བ་ཟངས་ཡག་ཏུ་གཙིགས་པ༔ ཤངས་ནས་རླུང་འཚུབ་པ༔ སྨིན་མ་གློག་ལྟར་འཁྱུག་པ༔ ཨག་ཙམ་ལས་མེ་འབར་བ༔ རྐན་སྒྲ་རྡེབ་པ་ནམ་མཁའི་འབྲུག་དང་མཉམ་པ༔ ཕྱག་གཡས་ཀྱི་དང་པོས་གནམ་ལྕགས་ཀྱི་རྡོ་རྗེ་ཁ་གདེངས་བ་ནམ་མཁའ་ལ་ཕྱུར་བ༔ བར་པ་ན་གྲི་གུག་ཐུར་དུ་འཕྱང་བ༔ ཐ་མ་ན་རལ་གྲི་མེ་འབར་བ་འཛིན་པའོ༔ གཡོན་གྱི་དང་པོས་ཁཊཾ་དང་སྡིགས་མཛུབ་ཀྱི་རྩེ་ལ་མེ་འབར་བ༔ བར་པས་ཐོད་ཁྲག་ཐུགས་ཀར་འཛིན་པ༔ ཐ་མ་ན་ལྕགས་ཀྱི་སྡིག་པ་མགོ་དགུ་


CMR009_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐེ་ནས་བཟུང་བ༔ དབུ་སྐྲ་ཁམ་སེར་སྤྱི་བོར་བཅིངས་པ༔ ཟར་བུས་སྐུ་རྒྱབ་ཁེབས་པར་གཏིབས་པ༔ གླང་ཆེན་ཀོ་རློན་ཞིང་གི་གཡང་གཞི༔ སྟག་ལྤགས་ཀྱི་ཤམ་ཐབས་སྦྲུལ་རིགས་ལྔས་སྐུ་ལ་བརྒྱན་པ༔ གདོལ་བ་ནག་པོས་དོ་ཤལ་བྱས་པ༔ མི་མགོ་ཁྲག་འཛག་པ་ལྔ་བཅུ་དང་༔ ཐོད་སྐམ་སྤེལ་མར་བརྒྱུས་སོ༔ རྡོ་རྗེའི་གོ་ཁྲབ་ཀྱི་བར་མཚམས་ན་ལྕགས་ཀྱི་སྡིག་པ་ཕྲ་མོས་གཏམས་པ༔ དེའི་མདུན་དུ་ཡུམ་རྡོ་རྗེ་ཕག་མོ་མཐིང་ནག་འབར་བ་ཞལ་གཅིག་ཕྱག་གཉིས་པ༔ གཡས་གྲི་གུག་ཡབ་ཀྱི་མགུལ་ནས་འཁྱུད་པ༔ གཡོན་ཐོད་ཁྲག་ཡབ་ལ་སྟོབས་པ་ཡབ་དང་ཞལ་སྦྱོར་བ༔ སྤྱི་བོ་ནས་ཕག་ཞལ་ནག་པོ་གྱེན་དུ་ངུར་པ༔ ཞབས་གཡས་བརྐྱང་གཡོན་བསྐུམ་གར་སྟབས་ཀྱིས་སྦྱོར་བ༔ གཟིག་གི་ཤམ་ཐབས་གྲོལ་བ༔ རུས་པའི་རྒྱན་དྲུག་གིས་སྤྲས་པར་གྱུར་དབུ་སྐྲའི་ཐོར་ཚུགས་སུ་ཨོཾ་ཨཱཧཱུཾ་པདྨ་དྷ་རི་ནི་ཧཱུྃ༔ རིགས་བདག་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་མཉམ་བཞག་གི་ཕྱག་རྒྱ་ཅན༔ སྤྲུལ་སྐུའི་ཆ་ལུགས་སུ་བཞུགས་པ༔ དེའི་འོག་ཏུ་ཨོཾ་ཨཱཿཧཱུྃ་བཛྲ་ཁྲོ་གྷ་རུ་ཎ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ༔ ཡེ་ཤེས་ཀྱི་ཁྱུང་དཀར་པོ་གནམ་ལྕགས་ཀྱི་མཆུ་སྡེར་ཅན༔ ཁྲོ་ཆུའི་རྭ་རྩེ་ནས་


CMR009_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

མེ་འབར་བ༔ མེའི་གཤོག་པ་རབ་ཏུ་རྡེབ་པ༔ ཀྲི་ཀྲི་སྒྲ་སྒྲོགས་པ༔ སྤྱི་གཙུག་སྟེང་དུ་ཡར་ལ་པད་འདབ་གསེར་གྱི་འོད་དུ་འབར་བ་ཉི་ཟླའི་གདན་ལ༔ ཐོད་ཕྲེང་རྩལ་སྐུ་མདོག་མཐིང་ནག་འབར་བ་གཡས་ཁཊཾ་གཡོན་ཐོད་ཁྲག་འཛིན་པ༔ གཡས་ཀྱི་གྲུ་མོ་ན་ཐོད་པ་སྟག་སྤྱོད་ཀྱི་རྔ་བཀལ་བ༔ དེ་ལས་སྒྲ་རང་གྲགས་སུ་འཁྲོལ་བ༔ སྟོང་གསུམ་ཀུན་ཀྱང་ཧཱུཾ་སྒྲ་ཏི་རི་རི་ཡོད་པར་བསྒོམ༔ དབུ་སྐྲ་ཐོར་ཚུགས་གྱེན་དུ་འཁྱིལ་བ༔ སྐུ་ལ་རུས་པའི་རྒྱན་དྲུག་གིས་སྤྱས་པར་གྱུར༔ དུར་ཁྲོད་ཀྱི་ཚེས་བརྒྱད་ཀྱིས་བརྒྱན་ཅིང་༔ ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ༔ དཔའ་བོ་དཔའ་མོ་འབུམ་གྱིས་བསྐོར་བར་གྱུར༔ དཔྲལ་བར་ཨོཾ་ཨཱཿཧཱུྃ་མཉྫ་ཤི་ཡ་མཱན་ཏ་ཀ་ཧཱུྃ་ཕཊ༔ སྐུ་ཡི་ལྷ་འཇམ་དཔལ་གཤིན་རྗེ་སེར་ནག་རལ་གྲི་དང་སྡིགས་མཛུབ་མཛད་པ༔ མགྲིན་པར་ཨོཾ་ཨཱཿཧཱུྃ་པདྨན་ཀྲི་ཏ་ཧྱ་གྷི་ཝ་ཧཱུྃ་ཕཊ༔ གསུང་གི་ལྷ་དབང་ཆེན་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་དབྱུག་ཐོ་དང་གཡོན་ཐོད་ཁྲག་འཛིན་པར་གྱུར༔ ཐུགས་ཀར་གསེར་གྱི་མཆོད་རྟེན་བང་རིམ་བཞི་པའི་བུམ་པར་ཨོཾ་ཨཱཿཧཱུྃ་བཛྲ་པཱ་ཎི་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ༔ གསང་བདག་རྡོ་རྗེ་གཏུམ་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་


CMR009_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དང་གཡོན་སྡིགས་མཛུབ་སྦྲུལ་རིགས་ལྔས་བརྒྱན་པའོ༔ ལྟེ་བར་འདབ་བཞི་ཆོས་འབྱུང་གི་དབུས་སུ་ཨོཾ་ཨཱཿཧཱུྃ་ཧྲིམ་ཧ་རི་ནི་ས་ཧཱུྃ་ཕཊ༔ སངས་རྒྱས་མཁའ་འགྲོ་མཐིང་ནག་གྲི་ཐོད་བསྣམས་པ༔ དེའི་ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར་མོ་གྲི་ཐོད་འཛིན་པ༔ ལྷོར་རིན་ཆེན་མཁའ་འགྲོ་སེར་མོ་གྲི་ཐོད་འཛིན་པ༔ ནུབ་ཏུ་པདྨ་མཁའ་འགྲོ་དམར་མོ་གྲི་ཐོད་འཛིན་པ༔ བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་མོ་གྲི་ཐོད་འཛིན་པ་རྣམས༔ གཡས་བསྐུམ་གཡོན་བརྐྱང་པདྨ་དང་རོའི་གདན་ལ་གར་ཐབས་སུ་བཞུགས་པ༔ ཁཊ་མཆན་དུ་བཅུག་པ་ཁོ་ནའོ༔ གསང་གནས་སུ་ཨོཾ་ཨཱཿཧཱུྃ་བཛྲ་ཧཱུཾ་ཡཀྵ་ཧཱུྃ་རཀཱ་ཧཱུྃ༔ ཕྲིན་ལས་ཀྱི་ལྷ་ཡཀཱ་མེ་དབལ་སྐུ་མདོག་སྨུག་ནག་ཁྲོས་པ༔ གཡས་དབྱུག་ཐོ་དང་གཡོན་སྡིགས་མཛུབ་དང་ཞགས་པ་འཛིན་པར་གྱུར༔ གསང་བའི་བདག་པོའི་ཐུགས་ཀར་ཙིཏྟ་རིན་ཆེན་གསེར་གྱི་མཆོད་རྟེན་ལང་པ་ཞིག་བསྒོམ༔ དེའི་ལྟེ་བར་བུམ་པའི་ནང་དུ་པདྨ་ཉི་མའི་གདན་ལ་ཧཱུྃ་ཅིག་བསྒོམ༔ དེ་ལ་དམ་ཚིག་སྟེ༔ ཨོཾ་བཛྲ་ཛྙཱ་ན་སཏཱ་བཛྲ་ཀྲོ་ཏ་ཧཱུྃ༔ ཞེས་པ་ཡེ་ཤེས་སེམས་དཔའ་བཛྲ་ཧེ་རུ་ཀ་ཚོན་གང་བ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་ཐུགས་ཀར་འཛིན་པ༔ གཡོན་དྲིལ་བུ་དཀུ་ལ་བརྟེན་པ༔


CMR009_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་ཀྱི་ཆོས་བརྒྱད་ཀྱིས་བརྒྱན་ཅིང་༔ སྐུ་འགྱིང་བག་དང་ལྡན་པ༔ དེའི་ཐུགས་ཀར་རྡོ་རྗེ་ནས་ཙམ་ཞིག་བསྒོམ༔ དེའི་ལྟེ་བར་ཉི་ཟླའི་དཀྱིལ་འཁོར་གའུ་ཁ་སྦྱོར་ཡུངས་འབྲུ་ཙམ་གྱི་ལྟེ་བར་ཧཱུྃ་སྤུས་བྲིས་པ་ཙམ་གྱི་ཐ་མར་སྔགས་ཀྱིས་བསྐོར་བར་གྱུར༔ དེ་ལྟར་གསལ་བའི་ཐུགས་ཀར་ཧཱུྃ་དམར་པོ་བྱེ་རུའི་མདོག་ཅན་ལས་འོད་འཕྲོས་བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས་སྤྱན་དྲངས་ཏེ༔ གཉིས་སུ་མེད་པར་བདག་ལ་ཐིམ༔ ལྷ་གཞན་རྣམས་ཀྱང་རང་རང་ཐུགས་ཀར་ས་བོན་ལས་འོད་ཟེར་འཕྲོས༔ རང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་བདག་ཉིད་ལ་ཐིམ་མོ༔ ཧཱུྃ༔ ཇི་སྙེད་རྒྱལ་བ་འཁོར་དང་བཅས༔ སྔོན་གྱི་ཐུགས་དམ་ཆེན་པོ་ནི༔ སྒྲུབ་ལ་དངོས་གྲུབ་སྩོལ་བ་དང་༔ བདུད་དང་བགེགས་རྣམས་གཞོམ་པ་དང་༔ ཕྲིན་ལས་མ་ལུས་སྒྲུབ་པའི་ཕྱིར༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ འཇིགས་བྱེད་འཇིགས་པར་བྱེད་པ་པོ༔ དམར་ནག་མེ་ཡི་ཕྲེང་བ་ཅན༔ ཐུགས་དམ་དབང་གིས་སྤྱན་འདྲེན་ན༔ དམ་ཚིག་དབང་གིས་བདག་ལ་དགོངས༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ གནས་འདིར་སྤྱན་


CMR009_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་གཤེགས་སུ་གསོལ༔ རྗེ་བཙུན་དྲག་པོ་ཐོད་ཕྲེང་རྩལ༔ ཁྲོ་ཚོགས་མང་པོ་སྤྲིན་ལྟར་གཏིབས༔ མཁའ་འགྲོ་འབུམ་གྱི་འཁོར་གྱིས་བསྐོར༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ༔ ཡཀྵ་མེ་དབལ་སྐར་ལྟར་འཁྲུགས༔ ཧཱུཾ་དང་ཕཊ་ཀྱི་སྒྲ་ཆེན་སྒྲོག༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བསྐུར་ཅིག༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གུ་རུ་བཛྲ་ཀྲོ་དྷ་བྷ་ག་ཝན་སརྦ་མ་ཧཱ་གུ་རུ་ས་མ་ཡ་ཛ༔ ཛཧཱུྃ་བཾ་ཧོ༔ ཅེས་བྱིན་ཐིབ་ཀྱིས་བྱོན་ནས༔ རང་ལ་ཆུ་དང་ཆུ་འདྲེས་པ་ལྟར་དབྱེར་མེད་དུ་འདྲེས་པར་གྱུར༔ དེ་ནས་དཀྱིལ་འཁོར་བསྐྱེད་པ་ནི༔ ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨ་སོགས༔ ཆོས་ཀྱི་དབྱིངས་དམིགས་མེད་སྟོང་པར་གྱུར༔ སྟོང་པའི་ངང་ལས་དཀྱིལ་འཁོར་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ༔ ཡོངས་སུ་རྫོགས་པའི་ཕོ་བྲང་མཉམ་ཡང་འོད་དུ་འབར་བ༔ ཕྱི་གསལ་ནང་གསལ་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་དབུས་སུ༔ པདྨ་ཉི་ཟླ་བདུད་བཞིའི་སྟེང་དུ༔ ཧཱུྃ་དམར་ནག་མེའི་ཚ་ཟེར་འཕྲོ་བ༔ དེ་ལས་འོད་ཟེར་འཕྲོས༔ གདོན་བགེགས་


CMR009_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པ་ཅན་ཐམས་ཅད་ཚར་བཅད༔ ཕྱོགས་དུས་རྒྱལ་བ་ཐམས་ཅད་ལ་མཉེས་པའི་མཆོད་པས་མཆོད༔ སེམས་ཅན་གྱི་ལས་སྒྲིབ་སྦྱངས༔ ཚུར་འདུས་ཧཱུྃ་ལ་ཐིམ༔ ཆེར་འོད་དུ་འབར་དེ་ཉིད་ཡོངས་སུ་གྱུར་པ་ལས༔ གུ་རུ་དྲག་པོ་དམར་ནག་མེའི་མདོག་ཅན༔ ཐོད་སྐམ་དང་རིགས་ལྔས་དབུ་ལ་བརྒྱན་པ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་འདོར་ཐབས་སུ་བསྒད་པ༔ གཡས་དཀར་གཡོན་སྔོ་དབུས་དམར་ནག་ཏུ་འབར་བ༔ སྤྱན་དགུ་སྡང་མིག་བགེགས་ལ་གཟིར་བ༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་གྱི་མཆེ་བ་ཟངས་ཡག་ཏུ་གཙིགས་པ༔ ཤངས་ནས་རླུང་འཚུབ་པ༔ སྨིན་མ་གློག་ལྟར་འཁྱུག་པ༔ ཨག་ཙམ་ལས་མེ་འབར་བ༔ རྐན་སྒྲ་རྡེབ་པས་ནམ་མཁའི་འབྲུག་དང་མཉམ་པ༔ ཕྱག་གཡས་ཀྱི་དང་པོས་གནམ་ལྕགས་ཀྱི་རྡོ་རྗེ་ཁ་གདེངས་པ་ནམ་མཁའ་ལ་གདེངས་བ༔ བར་པས་གྲི་གུག་ཐུར་དུ་འཕྱང་བ༔ ཐ་མ་ན་རལ་གྲི་མེ་འབར་བ་འཛིན་པའོ༔ གཡོན་གྱི་དང་པོས་ཁཊཾ་དང་སྡིགས་མཛུབ་ཀྱི་རྩེ་ལ་མེ་འབར་བ༔ བར་པས་ཐོད་ཁྲག་ཐུགས་ཀར་འཛིན་པ༔ ཐ་མ་ན་ལྕགས་ཀྱི་སྡིག་པ་མགོ་དགུ་པའི་སྐེ་ནས་བཟུང་བ༔ དབུ་སྐྲ་ཁམ་སེར་སྤྱི་བོར་


CMR009_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

བཅིངས་པ༔ ཟར་བུས་སྐུ་རྒྱབ་ཁེབས་པར་གཏིབས་པ༔ གླང་ཆེན་གྱི་ཀོ་རློན་ཞིང་ལྤགས་ཀྱི་གཡང་གཞི༔ སྟག་ལྤགས་ཀྱི་ཤམ་ཐབས༔ སྦྲུལ་རིགས་ལྔས་སྐུ་ལ་བརྒྱན་པ༔ གདོལ་བ་ནག་པོས་དོ་ཤལ་བྱས་པ༔ མི་མགོ་ཁྲག་འཛག་པ་ལྔ་བཅུ་དང་ཐོད་སྐམ་སྤེལ་མར་བརྒྱུས་པའོ༔ རྡོ་རྗེའི་གོ་ཁྲབ་ཀྱི་བར་མཚམས་ནས་ལྕགས་ཀྱི་སྡིག་པ་ཕྲ་མོས་གཏམས་པ༔ དེའི་མདུན་དུ་ཡུམ་རྡོ་རྗེ་ཕག་མོ་མཐིང་ནག་འབར་བ་ཞལ་གཅིག་ཕྱག་གཉིས་པ༔ གཡས་གྲི་གུག་ཡབ་ཀྱི་མགུལ་ནས་འཁྱུད་པ༔ གཡོན་ཐོད་ཁྲག་ཡབ་ལ་སྟོབ་པ༔ ཡབ་དང་ཞལ་སྦྱོར་བ༔ སྤྱི་བོ་ནས་ཕག་ཞལ་ནག་པོ་གྱེན་དུ་ངུར་བ༔ ཞབས་གཡས་བརྐྱང་གཡོན་བསྐུམ་གར་སྟབས་ཀྱིས་སྦྱོར་བ༔ གཟིག་གི་ཤམ་ཐབས་གྲོལ་བ༔ རུས་པའི་རྒྱན་དྲུག་གིས་སྤྲས་པར་གྱུར༔ དབུ་སྐྲ་ཐོར་ཚུགས་སུ་ཨོཾ་ཨཱཧཱུཾ་པདྨ་དྷ་རི་ཧཱུྃ༔ ཞེས་གོང་དུ་བདག་བསྐྱེད་ལྟར་ནས༔ དེའི་ལྟེ་བར་ཉི་ཟླའི་དཀྱིལ་འཁོར་གའུ་ཁ་སྦྱོར་ཡུངས་འབྲུ་ཙམ་གྱི་ལྟེ་བར་ཧཱུྃ་སྤྱས་བྲིས་པ་ཙམ་གྱི་ཐ་མར་སྔགས་ཀྱིས་བསྐོར་བར་གྱུར་གྱི་བར་རོ༔ ཕྱི་རིམ་རྩིབས་བཞིའི་ཤར་དུ་བཛྲ་དྲག་པོ་རྩལ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་དང་གཡོན་ལྕགས་སྡིག་གི་


CMR009_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

མགུལ་ནས་བཟུང་སྟེ་གདེངས་པའོ༔ ལྷོར་རཏྣ་དྲག་པོ་རྩལ་སྐུ་མདོག་སེར་ནག་གཡས་བེ་ཅོན་དང་གཡོན་སྡིག་པ་འཛིན་པ༔ ནུབ་དུ་པདྨ་དྲག་པོ་རྩལ་སྐུ་མདོག་དམར་པོ་གཡས་གྲི་གུག་དང་གཡོན་སྡིག་པ་འཛིན་པ༔ བྱང་དུ་ཀརྨ་དྲག་པོ་རྩལ་སྐུ་མདོག་ལྗང་ནག་གཡས་རྒྱ་གྲམ་དང་གཡོན་སྡིག་པ་འཛིན་པའོ༔ ཀུན་ཀྱང་ཞིང་གི་གཡང་གཞི་སྟག་གི་ཤམ་ཐབས་སྦྲུལ་ཆུན་དང་མགོ་ཕྲེང་རྒྱན་དྲུག་ལ་སོགས་རབ་ཏུ་འཇིགས་པའི་ཆས་དང་ལྡན་པར་གྱུར༔ དེའི་ཕྱི་རིམ་རྩིབས་བརྒྱད་ལ་ཤར་དུ་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དཀར་པོ་ཞལ་གཅིག་ཕྱག་གཉིས་གྲི་གུག་རྡོ་རྗེའི་མཚན་པ་དང་ཐོད་ཁྲག་བསྣམས་པ༔ ལྷོར་རིན་ཆེན་མཁའ་འགྲོ་ཡབ་ཡུམ་སེར་པོ་རིན་པོ་ཆེའི་མཚན་པའི་གྲི་གུག་དང་ཐོད་ཁྲག་བསྣམས་པ༔ ནུབ་ཏུ་པདྨ་མཁའ་འགྲོ་ཡབ་ཡུམ་དམར་པོ་གྲི་གུག་པདྨས་མཚན་པ་དང་ཐོད་ཁྲག་བསྣམས་པ༔ བྱང་དུ་ཀརྨ་མཁའ་འགྲོ་ཡབ་ཡུམ་ལྗང་གུ་གྲི་གུག་རྒྱ་གྲམ་གྱིས་མཚན་པ་དང་ཐོད་ཁྲག་བསྣམས་པ༔ ཡུམ་རྣམས་སྐུ་མདོག་ཡབ་དང་མཚུངས་པ༔ གཡས་གྲི་གུག་ཡབ་ལ་འཁྱུད་པ༔ གཡོན་རྣམས་ཐོད་ཁྲག་ཡབ་ལ་སྟོབ་པ༔ གཡས་བརྐྱང་གཡོན་བསྐུམས་པས་གར་ཐབས་སུ་སྦྱོར་


CMR009_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

བ༔ ཞིང་ལྤགས་དང་སྟག་ཤམ་རྒྱན་དྲུག་གིས་སྤྲས་པ༔ དབུ་སྐྲ་ཐོར་ཅོག་ལ་རང་རང་རྟགས་ཀྱིས་མཚོན་པའི་རྡོ་རྗེ་ལ་སོགས་པས་མཚན་པའོ༔ ཤར་ལྷོར་གཤིན་རྗེ་ཚེ་བདག་སེར་ནག་གཡས་འཁོར་ལོ་གཡོན་ལྕགས་ཀྱུ་དང་ཞགས་པ་འཛིན་པ༔ ལྷོ་ནུབ་ཏུ་ཁྲོས་མ་ནག་མོ་གྲི་ཐོད་འཛིན་པ༔ ཁཊ་མཆན་དུ་བཅུག་པ༔ གཡས་བསྐུམ་གཡོན་བརྐྱང་པ་མི་མགོའི་དོ་ཤལ་ཅན༔ ནུབ་བྱང་དུ་བཛྲ་ཀཱི་ལ་ཡ་ཕུར་པ་འདྲིལ་བ༔ མཐིང་ནག་དུར་ཁྲོད་ཀྱི་ཆས་རྫོགས་པའོ༔ བྱང་ཤར་དུ་མཁའ་འགྲོ་སེང་གདོང་མ་མཐིང་ནག་གྲི་ཐོད་བསྣམས་ཤིང་ཐོད་ཕྲེང་དང་ཞིང་ལྤགས་སྟག་ཤམ་ཡོད་པའོ༔ དེའི་ཕྱི་རིམ་རྩིབས་བཅུ་ལ་རིམ་པར་ཤར་སྟོད་དུ་ཧཱུྃ་ཀཱ་ར་སྔོན་པོ་ཞལ་གཅིག་ཕྱག་གཉིས་མདའ་གཞུ་འཛིན་པ༔ སོགས་ནས༔ བྱང་སྒོར་སྤྱང་གདོང་མ་ལྗང་གུ་དྲིལ་བུ་འཛིན་པ༔ ཕྲིན་ལས་བཞི་ལ་མངའ་བརྙེས་པའི་ཚུལ་དུ་གྱུར༔ དེ་ནས་ལག་པ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ལ༔ ལྷ་དེ་དག་རང་རང་པོ༔ མགྲིན་པ་ཨཱདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ནག༔ བདག་གི་གནས་གསུམ་དང་༔ དམ་ཚིག་དཀྱིལ་འཁོར་གྱི་ས་བོན་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ བདེ་ཆེན་


CMR009_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དྲག་རོལ་པའི་དཀྱིལ་འཁོར་ནས་ཡེ་ཤེས་པ་རྣམས་ཐུགས་དམ་གྱི་རྒྱུད་བསྐུལ་ཛཧཱུྃ་བཾ་ཧོས་སྤྱན་དྲངས་པར་གྱུར༔ ཐོད་རྔ་རྐང་ཆེན་དང་བཅས་དབྱངས་སྙན་པོས༔ ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང་ཞེས་པ་ནས་སྤྱན་འདྲེན་མཆོད་བསྟོད་ལས་བྱང་ལྟར་རོ༔ དམིགས་པ་སོགས་གསང་སྒྲུབ་གཞུང་ལྟར་བྱའོ༔ ཞེས་པ་འདི་ནི་ཟུར་མང་ནང་སོས་བསྐུལ་ནས༔ སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་པའོ༔ ༔དྲག་པོ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ གུར་དྲག་གསང་སྒྲུབ་སྐབས་སུ༔ བདག་དྲག་པོ་དཀྱིལ་འཁོར་གཙོ་རྐྱང་བསྐྱེད༔ མདུན་གྱི་དཀྱིལ་འཁོར་བུམ་པ་དང་སྒྲུབ་གཏོར་གྱི་སྣོད་དབྱེར་མེད་པ་མདུན་བསྐྱེད་ཀྱི་གཞལ་ཡས་ཁང་ཞིག་ཏུ་བྷི༔ དཀྱིལ་འཁོར་དབུས་ཀྱི་ལྷ་ཚོམ་དང་བུམ་ཆུ་སྒྲུབ་གཏོར་དབྱེར་མེད་མདུན་བསྐྱེད་ཀྱི་ལྷ་ཚོགས་སུ་བསྒོམ༔ ལས་བྱང་ལ་གསང་སྒྲུབ་ཀྱི་མངོན་རྟོགས་ཁ་སབ་པ་དུས་བཞིར་གཏོང་༔ དགོང་མོ་བཀའ་སྲུང་གཉིས་འདོན་དབུ་འཛུགས་ནུབ་དང་ཚེས་བཅུ་དང་ཐོན་ནུབ་གསུམ་ཚོགས་བསྐང་བ་ཆད་མདོ་བྱ༔ རྒྱུན་ཏུ་མི་དགོས༔ དང་པོ་འབུམ་ཕྲག་གཅིག་ཞི་བར་བསྙེན་ཚེ༔ བདག་མདུན་དྲག་པོར་གསལ་


CMR009_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐུ་འཇམ་དཔལ་གྱི་དཔྲལ་བར་ཨོཾ་དཀར་པོ་རེ་རེ་བསྒོམ༔ བདག་གི་དཔྲལ་བའི་ཨོཾ་ལས་ཨོཾ་དཀར་པོའི་ཕྲེང་བ་འཕྲོས༔ མདུན་བསྐྱེད་ཀྱི་ཨོཾ་གྱི་རྩེར་ཐིམ༔ སྐུ་མཉེས་པའི་མཆོད་པར་གྱུར༔ མདུན་བསྐྱེད་ཨོཾ་གྱི་མཇུག་ནས་སྐུའི་དངོས་གྲུབ་བྱིན་རླབས་ཐམས་ཅད་ཨོཾ་དཀར་པོ་ཐིག་ལེ་འོད་དང་བཅས་པ་ཚུར་བྱོན་རང་གི་དཔྲལ་བའི་ཨོཾ་གྱི་རྐང་པ་ནས་ཡར་ཐིམ་འགྱུར་མེད་སྐུའི་དངོས་གྲུབ་ཐོབ༔ བདག་མདུན་མགྲིན་པའི་རྟ་མགྲིན་གྱི་མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཨཱཚེག་དྲག་དང་བཅས་པ༔ བདག་གི་ཨཱཡིག་གི་རྩེ་ནས་ཨཱདམར་པོའི་ཕྲེང་བ་ཐིག་ལེ་འོད་དང་བཅས་པ་བྱི་རུའི་ཕྲེང་བ་ལྟར་འཕྲོས༔ མདུན་བསྐྱེད་ཀྱི་ཡི་རྩེར་ཐིམ༔ གསུང་མཉེས་པའི་མཆོད་པར་གྱུར་ཨཱཡི་རྩ་བ་ནས་གསུང་གི་དངོས་གྲུབ་བྱིན་རླབས་ཨཱདམར་པོའི་ཕྲེང་བ་ཚུར་བྱོན༔ རང་གི་ཨཱཡི་རྐང་པ་ནས་ཡར་ཐིམ༔ འགགས་མེད་གསུང་གི་དངོས་གྲུབ་ཐོབ༔ བདག་མདུན་ཐུགས་ཀར་གསེར་གྱི་མཆོད་རྟེན་གྱི་བུམ་པར་ཕྱག་རྡོར༔ དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཐུགས་ཀར་གསེར་གྱི་རྡོ་རྗེ་ལང་པ་དེའི་དབུས་སུ་ཧཱུྃ་མཐིང་དམར༔ དེའི་རྩེ་ནས་ཧཱུྃ་མཐིང་གའི་ཕྲེང་བ་འཕྲོ་བ༔ མདུན་


CMR009_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཀྱི་ཐུགས་ཀའི་ཧཱུཾ་གི་རྩེར་ཐིམ༔ ཐུགས་མཉེས་པའི་མཆོད་པར་གྱུར༔ ཧཱུྃ་གི་རྩེ་ནས་ཐུགས་ཀྱི་དངོས་གྲུབ་བྱིན་རླབས་ཐམས་ཅད་ཧཱུྃ་སྔོན་པོའི་ཕྲེང་བ་ཚུར་འཕྲོས༔ རང་གི་ཧཱུྃ་གི་ཞབས་ཀྱུ་ནས་ཡར་ཐིམ་པས༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་ཐོབ་པར་གྱུར༔ དམིགས་པ་དེ་ཁོ་ན་བསྒོམ་ཞིང་བཛྲ་གུ་རུ་ཧཱུྃའབྱར་བ་འབུམ་ཕྲག་གཅིག་བཟླས་པ་ནི་བསྙེན་པའོ༔ ཐུན་མཚམས་སུ་འབྲུ་གསུམ་ཕྲེང་བ་ཕར་འཕྲོས་པ་རྫོགས་ནས་མི་སྤྲོའོ༔ ཚུར་ཡང་ཐིམ་ཚར་ནས་མི་སྤྲོའོ༔ དེ་ནས་ཁྲོ་བོ་སྒྲུབ་པ་ནི༔ བདག་མདུན་ཐུགས་ཀྱི་མཆོད་རྟེན་དབུས༔ ཡེ་ཤེས་སེམས་དཔའི་ཐུགས་ཀ་རུ༔ རྡོ་རྗེ་རྩེ་ལྔ་འགྲེང་པའི་མཐར༔ ཉི་མ་འོག་དང་ཟླ་བ་སྟེང་༔ གའུ་ཁ་སྦྱོར་དབུས་སུ་ནི༔ ཧཱུྃ་དམར་མཐའ་མར་ཨ་ཙིག་གི༔ སྔགས་ཕྲེང་གཡས་སུ་ཀྱི་ལི་ལི༔ དེ་ཡི་འོད་ཟེར་ལས་གྲུབ་པའི༔ སྔགས་ཕྲེང་བྱི་རུའི་ཕྲེང་བ་ལྟར༔ ཡེ་ཤེས་སེམས་དཔའ་གསང་བདག་གི༔ ཞལ་བརྒྱུད་མདུན་བསྐྱེད་ཞལ་ནས་ཐུགས་ཀར་ཐིམ༔ སྔགས་ཕྲེང་དྲག་འཁོར་ཐུགས་རྒྱུད་བསྐུལ༔ སླར་ཡང་དེ་ལས་སྔགས་ཕྲེང་འཕྲོས༔ ཚུར་འཕྲོས་རང་གི་ཐུགས་ཀར་ཐིམ༔ ཕར་ལ་མཆོད་པར་གྱུར་པས་


CMR009_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས༔ ཚུར་ལ་དངོས་གྲུབ་ཐོབ་པར་བྷེ༔ དེ་ལྟར་དམིགས་པ་རྩེ་གཅིག་གིས༔ ཨ་ཙིག་སྔགས་འབྲུ་ཉི་ཤུ་པ༔ དེ་ལ་རབ་ཏུ་བདུན་འབུམ་དང་༔ འབྲིང་དུ་སུམ་འབུམ་ཐ་མ་ཡང་༔ འབུམ་ཕྲག་གཅིག་བཟླས་སྒྲུབ་པ་ཡིན༔ ཐུན་མཚམས་བདག་མདུན་བར་གྱི་སྔགས་ཕྲེང་བཅད༔ དེ་ནས་ལས་ལ་སྦྱོར་བའི་དམིགས་པ་ནི༔ བདག་མདུན་སྐུ་ཡི་འོད་ཟེར་ལས་གྲུབ་པའི༔ གནམ་ས་ལྕགས་སྲེག་འཁོར་ལོ་རྩིབས་སྟོང་པ༔ རྩིབས་རྩེ་རལ་གྲི་སོ་གཉིས་རྩེ་ལྟ་བུ༔ སྒོར་མོ་གའུ་ཁ་སྦྱོར་ལྟ་བུ་སྟེ༔ སྟེང་ནི་གཡས་སྐོར་འོག་ནི་གཡོན་སྐོར་རོ༔ སོ་འཐབ་བར་དུ་རྒྱལ་བསེན་གདོན་བགེགས་རྣམས༔ ཤ་ཁྲག་དམར་ཕྱར་མྱལ་མྱལ་གཏུབས་པ་དེ༔ རྩིབས་བར་སྤྲུལ་བའི་ལྕགས་སྡིག་མང་པོས་ཟོས༔ དེ་ལྟར་བསྒོམས་ཤིང་བཛྲ་ཧཱུྃ་སོགས་ཀྱི༔ སྡེ་བརྒྱད་ཤམ་བུ་ཅན་གྱི་སྔགས་དེ་ནི༔ སུམ་སྟོང་ཙམ་ཞིག་སྐབས་དང་བསྟུན་ལ་བཟླས༔ དེ་ནི་འདི་ཡི་ལས་སྦྱོར་ཡིན་པའོ༔ དེ་ནས་གྲོལ་ནས་དངོས་གྲུབ་བླང་བ་ནི༔ བདག་མདུན་འོད་ཟེར་དངོས་གྲུབ་རྫས་ལ་ཕོག༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྩ་གསུམ་གྱི༔ མཆོག་ཐུན་སྐུ་


CMR009_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་ཀྱི་དངོས་གྲུབ་ཀུན༔ ཨོཾ་དཀར་ཨཱདམར་ཧཱུྃ་མཐིང་རྣམ་པ་རུ༔ ཆར་ལྟར་བབས་ནས་རིན་ཆེན་འབར་བར་བསྟིམ༔ པདྨ་ཀྲོ་ཏ་ལ་སོགས་དངོས་གྲུབ་སྔགས༔ སྟོང་ཚོ་གསུམ་ཙམ་བཟླས་རྗེས་དངོས་གྲུབ་རྫས༔ ལག་ཏུ་བླང་ལ་དངོས་གྲུབ་་བླངས་བའི་ཚིག༔ ཧཱུྃ༔ མ་འགགས་རོལ་པའི་དཀྱིལ་འཁོར་ནས༔ འཛད་མེད་ནམ་མཁའི་མཛོད་གླིང་རྡོལ༔ མི་འཛད་རིན་ཆེན་གཏེར་ལ་སྤྱོད༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད༔ སྣང་སྲིད་ཆོས་ལ་དབང་བསྒྱུར་ཞིང་༔ ནམ་མཁའི་མཛོད་ལ་ལོངས་སྤྱོད་ཤོག༔ ཨོཾ་ན་མ་སརྦ་ཏ་ཐཱ་སོགས༴ ག་ག་ཁཾ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་འབྲང་རྒྱས་དེ་ཉིད་རོལ༔ སྒྲུབ་གཏོར་བུམ་པ་ལག་ཏུ་ཐོགས་ལ་སྒྲུབ་གཞུང་གི༔ ཧཱུྃ༔ ཕྱོགས་དུས་རྒྱལ་བ་ལ་སོགས་དབང་ཚིག་རྗེས༔ ཀཱ་ཡ་ཝཱཀ་སོགས་བརྗོད་གནས་བཞིར་གཏུགས༔ ཚོགས་དང་བསྐང་བ་གཏོར་འབུལ་ཚང་བར་བྱ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་སྟོང་པའི་ངང་ཉིད་སོགས༔ བསྡུ་རིམ་སྨོན་ལམ་བཀྲ་ཤིས་ཐུགས་སྒྲུབ་ལྟར༔ པདྨ་ནམ་མཁས་བསྐུལ་བའི་ཕྱིར༔ རཱ་ག་ཨ་སྱས་འཕྲལ་དུ་སྨས༔ སརྦ་མངྒ་ལཾ༔ ཨོཾ་ཨཱཿཧཱུྃ་ཨ་རྩིག་ནིར་ཙིག་ན་མོ་བྷ་


CMR009_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ་ཧཱུྃ་ཕཊ༔ སྔགས་བྱང་ངོ་། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གུ་རུ་དྲག་པོ་ལས་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་འདོན་འགྲིགས།


CMR009_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྲག་པོ་ལས་ཡང་གསང་བླ་མེད་དོན་གྱི་སྙིང་པོའི་འདོན་འགྲིགས་བཞུགས་སོ༔


CMR009_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་བཛྲ་ཀྲོ་དྷ་ཡེ༔ སྟ་གོན་ནི་གཞུང་ལྟ་བུ་ལ༔ ལས་བྱང་ཏིང་འཛིན་རྣམ་གསུམ་ཡན་ཆད་འདོན༔ དེ་ནས་རང་གི་སྙིང་གར་ཧཱུྃ་མེའི་མདོག་ཅན་ཅིག་ཏུ་གྱུར༔ ཐུགས་ཀའི་ཧཱུྃ་ལས་ཨེ་ནག་པོ་ཞིག་ཆད༔ ནམ་མཁས་གར་ཁྱབ་ཨེའི་རང་བཞིན་ཟུར་གསུམ་ཕྲ་བ༔ ཟུར་གཅིག་འོག་ཕྱོགས་སུ་ཟུག་པ་ཁ་གདེངས་པ༔ དེའི་སྟེང་དུ་ཨེའི་ཀློང་༔ ཡཾ་ལས་བསྐལ་པའི་རླུང་ནག་འཚུབ་ཅིང་འཁྱིལ་བ༔ དེའི་སྟེང་དུ་ཧཱུྃ་ལས་རཾ་ཆད་པས་བསྐལ་པའི་མེ་དཔུང་དམར་ནག་ཏུ་འབར་བར་ཆད་པས་རཀྟའི་རྦ་ཀློང་འཁྲུག་པ༔ ཁྲག་གི་ལྦུ་བ་རི་རབ་ཙམ་འཕྱོ་བའི་ཀློང་ན༔ ཞིང་ཆེན་


CMR009_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཆུང་རི་གད་ཉིལ་བ་ལྟ་བུའི་རྦ་ཀློང་ཡོད་པ༔ སུཾ་ཆད་པ་ལས་ཤ་ཆེན་གྱི་ས་གཞི༔ རོ་རུལ་བ་མ་རུལ་བ༔ བམ་པ༔ ཐོད་སྐམ་ལས་མེ་འབར་བ༔ དྲི་མནམ་པ༔ བྱ་གཅན་མང་པོ་ནམ་མཁའ་ལ་ལྡིང་བ༔ གཅན་གཟན་མང་པོས་རྒྱུག་འདྲལ་བྱེད་པ༔ ལྷ་སྲིན་དང་ཞིང་སྐྱོང་མང་པོས་ཀུའི་སྒྲ་དང་ཧ་ཧའི་སྒྲས་འདེབས་པ༔ དེའི་སྟེང་དུ་ཀེ་ཆད་པ་ལས་ཀེ་ལས་རུས་པའི་རི་རབ་གྲུ་བཞི་པ་བང་རིམ་དང་བཅས་པ༔ དེའི་སྟེང་དུ་ཧཱུཾ་ཆད་པ་ལས་ཐོད་པ་སྐམ་རློན་རད་རིད་ཀྱི་རྩིག་པ༔ གནམ་ལྕགས་ཀྱི་གཟེར་གྱིས་བསྡམས་པ༔ ཀླུ་བརྒྱད་ཀྱི་ཀ་གདན༔ ལྷ་བརྒྱད་ཀྱི་ཀ་


CMR009_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བ༔ གཟའ་བརྒྱད་ཀྱི་གདུང་མ༔ ཉི་ཟླའི་སྐར་ཁུང་༔ གཟའ་སྐར་དྲལ་ལྕམ་དུ་བྱས་པ༔ ཞིང་ལྤགས་ཀྱི་བླ་རེ༔ ཞིང་ཆུང་གི་ཁ་བད༔ ཞིང་དང་ཐོད་པའི་རྒྱལ་མཚན། འཁོར་ལོ་གདུགས་ཏོག་རྩེར་ཐོད་སྐམ་གྱི་ཏོག་ཡོད་པ༔ ནང་གི་སྒོ་བཞི་གྲུ་བཞི་རྟ་བབས་དང་བཅས་པ༔ སྒོ་ཁང་ལ་ཁྱུང་གི་ཡ་ཕིབ༔ སྦྲུལ་ནག་གི་སྐྱེས་བུ༔ ཞིང་ཆེན་གྱི་སྒོ་གཡོགས༔ ཆུ་སྲིན་དང་འབྲུག་གི་སྐྱེས་བུ༔ རྒྱུ་ཕྲེང་གི་བླ་རེ་དང་དྲ་ཕྱེད༔ རུས་ཆེན་གྱི་སོ་བད༔ གསུར་ཆེན་གྱི་དུད་པ་འཁྲིགས་པ༔ དེའི་ཕྱི་རིམ་རྡོ་རྗེའི་དྲ་མིག་ཁྲོ་ཆུང་གིས་གཏམས་པ༔ དེའི་ཕྱི་རོལ་དུ་པད་སྡོང་དང་མེའི་ཚྭ་ཚྭ་འཕྲོ་བ༔ བར་ཐམས་ཅད་མཚོན་ཆ་ལྔ་དང་ཁྲོ་ཆུང་སྡིག་པས་གཏམས་ཤིང་འཁྲུག་པར་གྱུར༔ ཕོ་བྲང་དེའི་དབུས་སུ་ཆོས་འབྱུང་མཐིང་ནག་ཟླ་གམ་དམར་པོ༔ དེའི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་ཐོད་ཕྲེང་གིས་བསྐོར་བ༔ པདྨ་ཉི་ཟླའི་སྟེང་དུ་བདག་ཉིད་སྐད་ཅིག་གིས༔ ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོས༔ རྒྱལ་བ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ སེམས་ཅན་གྱི་སྒྲིབ་པ་སྦྱངས༔ གནོད་བྱེད་འབྱུང་པོ་ཐམས་ཅད་ཚར་བཅད་ཚུར་འདུས་པ་ལས་ཡང་གསང་དྲག་པོ་


CMR009_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་ཕྲེང་རྩལ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཞལ་ཞི་མ་ཁྲོ་ཅུང་ཟད་ཁྲོས་པ༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་པ༔ གཡོན་དྲིལ་བུ་ཡུམ་ལ་བརྟེན་པ༔ ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ༔ དབུ་རྒྱན་ལ་སོགས་རིན་པོ་ཆེའི་རྒྱན་དུ་མས་སྤྱས་པ་དེའི་མདུན་དུ་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ༔ མཚོ་རྒྱལ་སྐུ་མདོག་དམར་མོ་བཅུ་དྲུག་ལོན་པའི་གཞོན་ཚུལ་ཅན༔ གྲི་གུག་འཁྱུད་ཅིང་ཐོད་ཁྲག་སྟོབས་པ༔ ཞབས་གཉིས་ཡབ་ཀྱི་སྐེད་ནས་འཁྲིལ་བ༔ རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་སྤྲས་པ༔ གཅེར་བུ་སྐུ་གྲོལ་བ་གཉིས་མེད་དུ་སྦྱོར་བའི་ཚུར་དུ་གྱུར༔ དེའི་སྤྱི་གཙུག་ཏུ་ཨོཾ་ཨཱཧུཾ་པདྨ་དྷ་རི་ནི་ཧཱུྃ༔ རིགས་བདག་སྣང་བ་མཐའ་ཡས༔ དེའི་འོག་ཏུ་ཨོཾ་ཨཱཿཧཱུྃ་ཁྲོ་གྷ་རུ་ཎ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ༔ ཁྲོ་རྒྱལ་ཀུན་གྱི་སྤྲུལ་པ་ལྕགས་ཀྱི་བྱ་ཁྱུང་༔ ཨོཾ་ཨཱཿཧཱུྃ་མཉྫ་ཤི་ཡ་མཱན་ཏ་ཀ་ཧཱུྃ་ཕཊ༔ དཔྲལ་བར་འཇམ་དཔལ༔ ཨོཾ་ཨཱཿཧཱུྃ་པདྨན་ཀྲིཏ་བྱ་གྲི་ཝ་ཧཱུྃ་ཕཊ༔ མགྲིན་པར་དབང་ཆེན་རྟ་མགྲིན༔ དེའི་ཐུགས་ཀར་ཙིཏྟ་རིན་ཆེན་གསེར་གྱི་མཆོད་རྟེན་ལངས་པ་ཞིག༔ དེའི་ལྟེ་བར་ཨོཾ་ཨཱཿཧཱུྃ་བཛྲ་པཱ་ཎི་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ༔ ཐུགས་ཀར་ཕྱག་ན་རྡོ་རྗེ༔ དེའི་ཐུགས་


CMR009_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་སྟོད་དུ་པདྨ་ཉི་ཟླའི་གདན་ལ་ཧཱུྃ༔ ཨོཾ་བཛྲ་ཛྷཱ་ན་སཏཱ་ཀྲོ་དྷ་ཧཱུྃ༔ ཡེ་ཤེས་སེམས་དཔའ་བཛྲ་ཧེ་རུ་ཀ་ཚོན་གང་བ༔ ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་ཐུགས་ཀར་འཛིན་པ་གཡོན་དྲིལ་བུ་དཀུ་ལ་བརྟེན་པ༔ དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཅིང་༔ སྐུ་འགྱིངས་བག་དང་ལྡན་པ༔ དེའི་ཐུགས་ཀར་རྡོ་རྗེ་ནས་ཙམ༔ དེའི་ལྟེ་བར་ཉི་ཟླའི་དཀྱིལ་འཁོར་གའུ་ཁ་སྦྱོར་ཡུངས་འབྲུ་ཙམ་གྱི་ལྟེ་བར་ཧཱུྃ་སྤུས་བྲིས་པ་ཙམ་གྱི་ཐ་མར་སྔགས་ཀྱིས་བསྐོར་བར་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧ་རི་ནི་ས༔ ལྟེ་བར་མཁའ་འགྲོ་སྡེ་ལྔ༔ ཨོཾ་ཨཱཿཧཱུྃ་བཛྲ་ཧཱུཾ་ཡཀྵ་ཧཱུཾ་རཀྵ་ཧཱུྃ༔ ་གསང་གནས་སུ་ཡཀཱ་མེ་དབལ༔ ཧེ་རུ་ཀ་ཡི་འོག་ཏུ་ཆོས་སྐུ་ཀུན་ཏུ་བཟང་པོ་ལ་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས༔ མགྲིན་པར་རྟ་མགྲིན་གྱི་འོག་ཏུ་དག་པ་རིག་འཛིན་གྱི་ལྷ་ཚོགས༔ སྤྱི་བོར་འཇམ་དཔལ་གྱི་འོག་ཏུ་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས༔ བདག་ལུས་རྩ་གསུམ་འཁོར་ལོ་ལྔ་ཡི༔ རང་ཉིད་དེ་ལྟར་གསལ་བའི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་དབུས་སུ་རྡོ་རྗེ་མཁའ་འགྲོ་དཀར་མོ་གྲི་ཐོད་འཛིན་པ༔ གཡས་བསྐུམ་གཡོན་བརྐྱང་གར་ཐབས་སུ་བཞུགས་པ༔ རྒྱན་དྲུག་དང་ཞིང་གི་པགས་པ་གསོལ་བ༔ ཁཊ་མཆན་དུ་བཅུག་ཅིང་དབུ་


CMR009_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲའི་ཐོར་ཅོག་ལ་རྡོ་རྗེས་མཚན་པ༔ ཞབས་པདྨ་དང་ཉི་ཟླའི་གདན་ལ་བཞུགས་པར་གྱུར༔ དེའི་མཐའ་བསྐོར་དུ་རྡོ་རྗེ་མཁའ་འགྲོ་འཁོར་སུམ་བརྒྱ་དང་དྲུག་ཅུ་སྐུ་མདོག་དཀར་མོ་ཆ་ལུགས་གཙོ་མོ་དང་མཐུན་པའོ༔ མགྲིན་པ་ལོངས་སྤྱོད་འཁོར་ལོའི་དབུས་སུ་རིན་ཆེན་མཁའ་འགྲོ་སྐུ་མདོག་སེར་མོ་གྲི་གུག་དང་ཐོད་ཁྲག་བསྣམས་ཤིང་རྒྱན་དང་ཆ་ལུགས་གོང་གི་གཙོ་མོ་དང་མཐུན་པ༔ མཐའི་རྩ་འདབ་བཅུ་དྲུག་ལ་ཡང་གཙོ་མོ་དང་མཐུན་པ་སྐུ་མདོག་སེར་མོ་བསྐྱེད་དོ༔ སྙིང་ག་ཆོས་ཉིད་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི་དབུས་སུ་སངས་རྒྱས་མཁའ་འགྲོ་མཐའ་བསྐོར་དུ་འཁོར་རྣམས་སྐུ་མདོག་མཐིང་ག་གྲི་ཐོད་བསྣམས་ཤིང་ཆ་ལུགས་གར་སྟབས་སོགས་གཙོ་མོ་དང་མཐུན་པ༔ ལྟེ་བ་སྤྲུལ་བའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས་སུ་པདྨ་མཁའ་འགྲོ་སྐུ་མདོག་དམར་མོ་གྲི་ཐོད་འཛིན་པ་ཆ་ལུགས་གར་སྟབས་དང་ལྡན་པའི་མཐའ་བསྐོར་དུ་འཁོར་རྣམས་ཀྱང་སྐུ་མདོག་ཆ་ལུགས་གཙོ་མོ་དང་མཐུན་པར་གྱུར༔ གསང་བ་བདེ་སྤྱོད་འཁོར་ལོ་རྩ་འདབ་ཉི་ཤུ་རྩ་བརྒྱད་ཀྱི་དབུས་སུ་ལས་ཀྱི་མཁའ་འགྲོ་སྐུ་མདོག་ལྗང་གུ་གྲི་ཐོད་འཛིན་པ༔ བརྐྱང་བསྐུམ་གར་སྟབས་དང་ལྡན་པ༔ མཐའ་


CMR009_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་གྱི་འཁོར་རྣམས་ཀྱང་སྐུ་མདོག་ཆ་ལུགས་གཙོ་མོ་དང་མཐུན་པར་གྱུར༔ དེ་ལྟར་འཁོར་ལོ་ལྔ་ལ་གཙོ་འཁོར་དེ་རྣམས་ཀྱི་མཐའ་བསྐོར་དུ་དྷ་ཀི་མ་གྲངས་ལས་འདས་པ་ཏིལ་གྱི་གའུ་ཁ་ཕྱེས་པ་ལྟར་ཡོད་པར་བསྒོམ༔ དེ་ནས༔ རང་གི་སྙིང་བུམ་སྐུའི་ཚུལ་དུ་གནས་པའི་དབུས་སུ༔ པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པའི་ཟེའུ་འབྲུའི་སྟེང་དུ་ཉི་ཟླའི་གདན་ལ་ཀུན་ཏུ་བཟང་པོ་ཡབ་ཡུམ་སྐུ་མདོག་མཐིང་ག་མཉམ་བཞག་གི་ཕྱག་རྒྱ་ཅན༔ ཆོས་ཀྱི་སྐུའི་ཐིག་ལེ་འཇའ་འོད་ཀྱི་ཟེར་དུ་འཕྲོ་བའི་མཐའ་བསྐོར་དུ་ཞི་བ་བཞི་བཅུ་རྩ་གཉིས་འོད་ཟེར་ཁ་དོག་ལྔ་ལྡན་འཇའ་དང་འོད་ཀྱི་རང་བཞིན༔ ཐིག་ལེ་ལུ་གུ་རྒྱུད་ཀྱི་ཚོམ་བུ་ལྔ་ལྡན་འོད་ཀྱི་རང་བཞིན་དུ་གསལ་བ༔ ལྷ་དེ་དག་གི་སྐུ་ལས་འོད་ཟེར་དཀར་པོ་ཤེལ་གྱི་སྣམ་བུ་ལྟ་བུ་ཡར་ཟང་ཐལ་དུ་ཡོད་པ༔ ཐོད་པ་དུང་ཁང་གཞལ་ཡས་ཁང་འོད་ཀྱི་ཁང་པ་ལྟ་བུའི་དབུས་ནི༔ པདྨ་འདབ་མ་སྟོང་དང་ལྡན་པའི་སྟེང་དྲེགས་པ་པདྨ་ཉི་ཟླའི་གདན་ལ༔ བཅོམ་ལྡན་འདས་བྷདྨ་ཧེ་རུ་ཀ༔ སྐུ་མདོག་དམར་སྨུག་ཞལ་གསུམ་ཕྱག་དྲུག་ཡུམ་དང་བཅས་པ༔ དུར་ཁྲོད་ཀྱི་ཆས་བརྒྱད་རྫོགས་པ༔ དེའི་མཐའ་བསྐོར་དུ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཐམས་ཅད་ཀྱང་འོད་ཀྱི་


CMR009_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་འཇའ་འོད་ཟེར་གསུམ་གྱི་ཐིག་ལེ་དང་ཐིག་ཕྲན༔ ཚོམ་བུ་ལུ་གུ་རྒྱུད་འོད་ཟེར་བ་ཐག་གཟེངས་པ་ལྟ་བུ་ལྷུན་གྲུབ་ལོངས་སྐུའི་དཀྱིལ་འཁོར༔ རྩ་གནས་དཔའ་བོ་མཁའ་འགྲོ་ཏིལ་གྱི་གང་བུ་ཁ་ཕྱེས་པ་ལྟ་བུས་གང་བ༔ ཐམས་ཅད་ཀྱ་རིང་གནས་ན་སྔགས་ཀྱི་སྒྲ་ཏི་རི་རི་བུང་བ་ཚང་ཞིག་པ་ལྟར་དུ་བཟླས་པར་གྱུར༔ དེའི་ཕྱི་རིམ་ཤར་གྱི་རྩིབས་སྟེང་དུ་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དཀར་མོ་གྲི་ཐོད་བསྣམས་ཤིང་གཡས་བསྐུམ་གཡོན་བརྐྱང་གིས་སྦྱོར་བ༔ གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན་བར་གྱུར༔ ལྷོར་རིན་ཆེན་མཁའ་འགྲོ་ཡབ་ཡུམ་སེར་པོ་གྲི་ཐོད་བསྣམས་ཤིང་༔ གཡས་བསྐུམ་གཡོན་བརྐྱང་གིས་སྦྱོར་བ༔ གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན་པར་གྱུར༔ ནུབ་ཏུ་པདྨ་མཁའ་འགྲོ་ཡབ་ཡུམ་དམར་པོ་གྲི་ཐོད་བསྣམས་ཤིང་༔ གཡས་བསྐུམ་གཡོན་བརྐྱང་གིས་སྦྱོར་བ༔ གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན་པར་གྱུར༔ བྱང་དུ་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་ལྗང་གུ་གྲི་ཐོད་བསྣམས་ཤིང་༔ གཡས་བསྐུམ་གཡོན་བརྐྱང་གིས་སྦྱོར་བ༔ གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན་པར་གྱུར༔ བུམ་པ་ཧཱུྃ་ལས་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་གསལ་བའི་དབུས་སུ་


CMR009_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་ཡེ་ཤེས་ལམ་གྱིས་བསྐྱེད་པའི་ལྷ་དྲག་པོ་ཐོད་ཕྲེང་རྩལ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཞལ་ཞི་མ་ཁྲོ་ཅུང་ཟད་ཁྲོས་པ༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་པ༔ གཡོན་དྲིལ་བུ་ཡུམ་ལ་བརྟེན་པ༔ ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ༔ དབུ་རྒྱན་ལ་སོགས་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ༔ དེའི་མདུན་དུ་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ༔ མཚོ་རྒྱལ་སྐུ་མདོག་དམར་མོ་བཅུ་དྲུག་ལོན་པའི་གཞོན་ཚུལ་ཅན༔ གྲི་གུག་འཁྱུད་ཅིང་ཐོད་ཁྲག་སྟོབས་པ༔ ཞབས་གཉིས་ཡབ་ཀྱི་རྐེད་ལ་འཁྲིལ་པ༔ རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་སྤྲས་པ༔ གཅེར་བུ་སྐྲ་གྲོལ་བ༔ གཉིས་མེད་དུ་སྦྱོར་བའི་ཚུལ་དུ་གསལ་བའི་ཡབ་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་ལྟེ་བ་ལ་ཧཱུཾ་མཐིང་ནག༔ དེའི་མཐར་སྔགས་ཀྱིས་བསྐོར་བར་གྱུར༔ དེའི་ཕྱི་རིམ་ཤར་གྱི་རྩིབས་སྟེང་དུ་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་དཀར་པོ་གྲི་ཐོད་བསྣམས་ཤིང་གཡས་བསྐུམ་གཡོན་བརྐྱང་གིས་སྦྱོར་བ༔ གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན་པར་གྱུར༔ ལྷོར་རིན་ཆེན་མཁའ་འགྲོ་ཡབ་ཡུམ་སེར་པོ་གྲི་ཐོད་བསྣམས་ཤིང་གཡས་བསྐུམ་གཡོན་བརྐྱང་གིས་སྦྱོར་བ༔ གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན་པར་བསྒོམ༔


CMR009_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཏུ་པདྨ་མཁའ་འགྲོ་ཡབ་ཡུམ་དམར་པོ་གྲི་ཐོད་བསྣམས་ཤིང་གཡས་བསྐུམ་གཡོན་བརྐྱང་གིས་སྦྱོར་བ༔ གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན་པར་བསྒོམ༔ བྱང་དུ་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་ལྗང་གུ་གྲི་ཐོད་བསྣམས་ཤིང་གཡས་བསྐུམ་གཡོན་བརྐྱང་གིས་སྦྱོར་བ༔ གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན་པར་བསྒོམ༔ ལྷ་ཚོགས་དེ་དག་རང་རང་གི་སྤྱི་བོར་ཨོཾ༔ མགྲིན་པ་ཨཱཿ ཐུགས་ཀར་ཧཱུཾ་གསལ་བར་གྱུར༔ ཨོཾ་ཨཱཿཧཱུྃ༔ བདེ་ཆེན་དབང་གི་དཀྱིལ་འཁོར་དུ་འོད་འཕྲོས་པས༔ ཡེ་ཤེས་པ་སྤྱན་དྲངས༔ བསྐྱེད་པ་ལ་མངོན་དུ་བསྟིམ་མོ༔ དེ་ནས་ཐུགས་སྒྲུབ་ཉུང་བ་རྩ་གསུམ་མཆོད་ཕྲེང་གི༔ སྤྱན་འདྲེན་མན་ཆད་ཚང་བར་འདོན༔ དེ་ནས་བསྙེན་སྒྲུབ་ལས་སྦྱོར་དབང་བླངས་བ་སོགས་གཞུང་ལྟར་བྱའོ༔ ཞེས་པ་ཟུར་མང་ནང་སོས་བསྐུལ་ནས༔ སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་པ་སྟེ༔ རཏྣའི་ཡི་གེ་གཏེར་གཞུང་སླད་མེད་ཚིག་རྣམས་གབ་སྤྱད་ནས་བསྒྲིགས་པ་སྟེ༔ ཞལ་ཤེས་ཀྱི་མན་ངག་ལྟར་བྲིས་པ་ཡིན་གྱིས༔ རང་བཟོའི་རྩོམ་དུ་མ་དགོངས་ཤིག༔ ༧ བཀའ་བསྒོ་མཚམས་གཅོད་ནས་བཟུང་ཏིང་འཛིན་རྣམ་གསུམ་གྱི་ཙིཏྟ་བཛྲ་ས་མ་ཏི་ཧཱུྃ་ཡན་དྲག་པོའི་ལས་


CMR009_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ལྟར་ལ་དཀྱིལ་འཁོར་འབྱུང་བ་རིམ་བརྩེགས་ནས་བདག་མདུན་གྱི་བསྐྱེད་རིམ་དབང་བསྐུར་ཡན་འདོན་འགྲིགས་འདི་བཞིན་དང་༔ སྤྱན་འདྲེན་ནས་བཟུང་མཆོད་བསྟོད་བཤགས་པ་ཡན་ཞི་བའི་ལས་བྱང་ཉུང་བ་ལྟར་དང་༔ ཐུན་མཚམས་སུ་མཇུག་གི་སྨོན་ལམ་དང་བཅས་རྫོགས་པར་བཏང་༔ དངོས་གཞི་སྤྲོ་བསྡུའི་དམིགས་པ་སྒྲུབ་གཞུང་གི་རྩ་བའི་ལྷ་ལས་འོད་འཕྲོས་ནས་བཟུང་༔ ནུས་པ་བསྡུས་ཡན་དང་༔ སླར་ཡང་མདུན་བསྐྱེད་ཡི་གེ་གསུམ་ལས་འབྲུ་གསུམ་བར་མ་ཆད་པ་བདག་གི་གནས་གསུམ་དུ་ཐིམ་ཕྱོགས་དུས་རྒྱལ་བ་ཐམས་ཅད་ཀྱི་མཐུ་ནུས་བྱིན་རླབས་ཀྱི་ངོ་བོར་གྱུར་པར་བསམ་ཞིང་ཡང་ཡང་སྤྲོ་བསྡུའི་བྱིན་རླབས་དང་གཟི་བརྗིད་བསྐྱེད་ཅིང་ནུས་པ་བསྡུའོ༔ མཚན་ཕྲན་བུ་འདི་སྒྲུབ་པའི་ཐུན་མཚམས་ཆུ་བྱི་ས་ག་ཟླ་བའི་ཚེས་བཅུ་ལའོ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སྲིད་གསུམ་ཟིལ་གནོན་གྱི་འདོན་འགྲིགས།


CMR009_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་གསུམ་ཟིལ་གནོན་གྱི་འདོན་འགྲིགས་བཞུགས་སོ༔


CMR009_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྟ་གོན་ཕུར་པ་སོགས་གཞུང་ལྟར་བྱའོ༔ ལས་བྱང་ཏིང་འཛིན་རྣམ་གསུམ་བར་དུ་འདོན༔ ༈ རང་གི་སྙིང་གར་ཧཱུྃ་དམར་མེའི་མདོག་ཅན་ཅིག་ཏུ་གྱུར༔ དེ་ནས་ཐུགས་ཀའི་ཧཱུྃ་ལས་ཨེ་ནག་པོ་ཞིག་ཆད༔ ནམ་མཁས་གར་ཁྱབ་ཨེའི་རང་བཞིན་ཟུར་གསུམ་ཕྲ་བ་ཟུར་གཅིག་འོག་ཕྱོགས་སུ་ཟུག་པ་ཁ་གདེངས་པ་དེའི་སྟེང་༔ ཨེའི་ཀློང་དུ་ཡཾ་ལས་བསྐལ་པའི་རླུང་ནག་འཚུབ་ཅིང་འཁྱིལ་བ༔ དེའི་སྟེང་དུ་ཧཱུྃ་ལས་རཾ་ཆད་པས་བསྐལ་པའི་མེ་དཔུང་དམར་ནག་ཏུ་འབར་བ༔ ར་ཆད་པས་རཀྟའི་རྦ་ཀློང་འཁྲུགས་པ་ཁྲག་གི་ལྦུ་བ་རི་རབ་ཙམ་འཕྱོ་བའི་ཀློང་ན་ཞིང་ཆེན་ཞིང་ཆུང་རི་


CMR009_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

གད་ཉིལ་བ་ལྟ་བུའི་རྦ་ཀློང་ཡོད་པ༔ སུཾ་ཆད་པ་ལས་ཤ་ཆེན་གྱི་ས་གཞི་རོ་རུལ་བ་མ་རུལ་བ་བམ་པ་ཐོད་སྐམ་ལས་མེ་འབར་བ༔ དྲི་མནམ་པ༔ བྱ་གཅན་མང་པོ་ནམ་མཁའ་ལ་ལྡིང་བ༔ གཅན་གཟན་མང་པོས་རྒྱུག་འདྲལ་བྱེད་པ༔ ལྷ་སྲིན་དང་ཞིང་སྐྱོང་མང་པོས་ཀུའི་སྒྲ་དང་ཧ་ཧའི་སྒྲས་འདེབས་པ༔ དེའི་སྟེང་དུ་ཀེ་ཆད་པ་ལས་ཀེ་ལས་རུས་པའི་རི་རབ་གྲུ་བཞི་པ་བང་རིམ་བཞི་པ་དང་བཅས་པ༔ དེའི་སྟེང་དུ་ཧཱུཾ་ཆད་པ་ལས་གཞལ་ཡས་ཁང་ཐོད་པ་སྐམ་རློན་རད་རིད་ཀྱི་རྩིག་པ༔ གནམ་ལྕགས་ཀྱི་གཟེར་གྱིས་བཏབ་པ༔ ཀླུ་བརྒྱད་ཀྱི་ཀ་གདན༔ ལྷ་བརྒྱད་ཀྱི་ཀ་བ༔


CMR009_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་བརྒྱད་ཀྱི་གདུང་༔ ཉི་ཟླའི་སྐར་ཁུང་༔ གཟའ་སྐར་དྲལ་ལྕམ་དུ་བྱས་པ༔ ཞིང་ལྤགས་ཀྱི་བླ་རེ་ཞིང་ཆུང་གི་ཁ་བད༔ ཞིང་དང་ཐོད་པའི་རྒྱལ་མཚན༔ འཁོར་ལོ་གདུགས་ཏོག་རྩེར་ཐོད་སྐམ་གྱི་ཏོག་ཡོད་པ༔ ནང་གི་སྒོ་བཞི་གྲུ་བཞི་རྟ་བབས་དང་བཅས་པ༔ སྒོ་ཁང་ལ་ཁྱུང་གི་ཡ་ཕིབ༔ སྦྲུལ་ནག་གི་སྐྱེས་བུ༔ ཞིང་ཆེན་གྱི་སྒོ་གཡོགས༔ ཆུ་སྲིན་དང་འབྲུག་གི་སྐྱེས་བུ༔ རྒྱུ་ཕྲེང་གི་བླ་རེ་དང་དྲ་ཕྱེད༔ རུས་ཆེན་གྱི་སོ་བད༔ གསུར་ཆེན་གྱི་དུད་པ་འཁྲིགས་པ༔ དེའི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ཀྱི་གུར༔ དེའི་ཕྱི་རིམ་རྡོ་རྗེའི་དྲ་མིག་ཁྲོ་ཆུང་གིས་གཏམས་པ༔ དེའི་ཕྱི་རོལ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ༔ དེའི་ཕྱི་རོལ་དུ་པད་སྡོང་དང་མེའི་ཚྭ་ཚྭ་འཕྲོ་བ༔ བར་ཐམས་ཅད་དུ་མཚོན་ཆ་ལྔ་དང་༔ ཁྲོ་ཆུང་དང་སྡིག་པས་གཏམས་ཤིང་འཁྲུགས་པར་གྱུར༔ བདག་དང་ཕུར་པ་མི་དམིགས་པ༔ སྟོང་གསུམ་འཇིག་རྟེན་ཁམས་ཐམས་ཅད་དུར་ཁྲོད་མེ་དཔུང་འབར་བའི་ཀློང་ཆེན་པོར་གྱུར་པ༔ སྡེ་བརྒྱད་དྲེགས་པ་བསྣོལ་བའི་སྟེང་དུ༔ ཧཱུྃ་དམར་ནག་མེའི་མདོག་ཅན་ཅིག་ཏུ་གྱུར༔ དེའི་འོད་ཟེར་གྱིས་ཞིང་ཁམས་ཀྱི་རྒྱལ་བ་ཐམས་ཅད་ལ་མཆོད༔ མ་མོ་མཁའ་འགྲོ་ཐམས་ཅད་


CMR009_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བསྡུས༔ དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས་རྡོ་རྗེ་རྩེ་ལྔ་པ་ཞིག་ཏུ་གྱུར༔ དེ་ལ་དམིགས་ཏེ༔ ཧཱུྃ་ཧཱུྃ་ཞེས་བརྗོད་པས་དེ་ཉིད་འོད་དུ་འབར་ཡོངས་སུ་གྱུར་པ་ལས༔ བདག་ཉིད་སྟོང་གསུམ་ཟིལ་གནོན་དྲག་པོ་རྩལ་སྐུ་ཆེ་ལ་ཡན་ལག་རགས་པ༔ ཞལ་གཅིག་ཕྱག་གཉིས་དམར་ནག་མེའི་མདོག་ཅན༔ དབུ་ཚངས་པའི་དབུས་སུ་སླེབ་པ༔ ཞབས་རྒྱ་མཚོ་ཀླུ་རིགས་ལྔ་མནན་པ༔ རི་རབ་ལ་རྒྱབ་གཏད་པ༔ ཉི་ཟླ་གཉིས་མཆན་ཁུང་ནས་འཆར་བ༔ སྟོང་གསུམ་ཟིལ་གྱིས་གནོན་པ༔ ཁམས་གསུམ་དབང་དུ་བསྡུས་པ༔ སྐུ་ལས་མེའི་འོད་ཟེར་དང་ཚྭ་ཚྭ་འཕྲོ་བ༔ མེ་དཔུང་གི་ཀློང་ན་ཁྲོ་ཆུང་དཔག་མེད་ཀྱིས་གང་བ་ཐམས་ཅད་འཚུབ་ཅིང་ཁྲོ་བ་འཁྲབ་པ་ཕྱག་གཡས་པ་གནམ་ལྕགས་རྡོ་རྗེ་ནམ་མཁའ་ལ་གདེངས་པ༔ གཡོན་ལྕགས་སྡིག་མགོ་དགུ་རྭ་བཅོ་བརྒྱད་པ་ཁ་གདངས་པ་དང་ལྕགས་ཀྱུ་འཛིན་པ༔ སྤྱན་གསུམ་དམར་ཟླུམ་སྡང་མིག་ཕྱོགས་བཅུར་གཟིགས་པ༔ སྨིན་མ་དང་ཨག་ཙོམ་མེ་ལྟར་འབར་བ༔ ཞལ་གདངས་ལྗགས་འདྲིལ་རྣོ་དབལ་གྱི་མཆེ་བ་གཉིས་གཙིགས་པ༔ རྐན་སྒྲ་རྡེབ་པ༔ ཧཱུཾ་སྒྲ་སྒྲོག་པ༔ ཤངས་ནས་རླུང་འཚུབ་པས་བར་


CMR009_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཐམས་ཅད་ཁྱབ་པ༔ སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བ༔ སྟོང་གསུམ་ན་འགྲན་ཟླ་མེད་པ༔ དེའི་སྤྱི་བོར་ཨོཾ་ཨཱཿཧཱུྃ་མཉྫཤི་ཡ་མཱན་ཏ་ཀ་ཧཱུྃ་ཕཊ༔ སྐུའི་ལྷ་འཇམ་དཔལ་གཤིན་རྗེ་སེར་ནག་རལ་གྲི་དང་སྡིགས་མཛུབ་མཛད་པ༔ དེའི་དབུ་གཙུག་ཏུ་ཨོཾ་ཨཧཱུྃ་བཛྲ་ཁྲོ་གྷ་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ༔ ཡེ་ཤེས་ཀྱི་བྱ་ཁྱུང་དཀར་པོ་གནམ་ལྕགས་ཀྱི་མཆུ་སྡེར་ཅན༔ ཁྲོ་ཆུའི་རྭ་རྩེ་ལས་མེ་འབར་བ་མེའི་གཤོག་པ་རབ་ཏུ་རྡེབ་པ༔ ཀྭི་ཀྲྀ་གི་སྒྲ་སྒྲོགས་པའོ༔ དེའི་དབུ་གཙུག་གི་ནོར་བུའི་སྟེང་དུ་ཨོཾ་ཨཱཧཱུཾ་པདྨ་དྷ་རི་ཧཱུྃ༔ རིགས་བདག་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་མཉམ་བཞག་གི་ཕྱག་རྒྱ་ཅན༔ སྤྲུལ་སྐུའི་ཆ་ལུགས་སུ་བཞུགས་པ༔ མགྲིན་པར་ཨོཾ་ཨཱཧཱུཾ་པདྡྷན་ཏ་ཀྲི་ཏ་ཧྱ་གྷི་ཝ་ཧཱུྃ་ཕཊ༔ གསུང་གི་ལྷ་དབང་ཆེན་དམར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་པས་དབྱུག་ཐོ་དང་གཡོན་པས་ཐོད་ཁྲག་འཛིན་པར་གྱུར༔ ཐུགས་ཀར་གསེར་གྱི་མཆོད་རྟེན་བང་རིམ་བཞི་པའི་བུམ་པར༔ ཨོཾ་ཨཱཿཧཱུྃ་བཛྲ་པཱ་ཎི་མ་ཧཱ་ཀྲོ་དྷ་ཧཱུྃ་ཕཊ༔ གསང་བདག་རྡོ་རྗེ་གཏུམ་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ་དང་སྦྲུལ་རིགས་ལྔས་བརྒྱན་པའོ༔ ལྟེ་བར་འདབ་བཞི་ཆོས་འབྱུང་གི་དབུས་སུ་ཨོཾ་


CMR009_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧཱུྃ་ཧིམ་ཧ་རི་ནི་ས་ཧཱུྃ༔ སངས་རྒྱས་མཁའ་འགྲོ་མཐིང་ནག་གྲི་ཐོད་འཛིན་པ༔ དེའི་ཤར་དུ་རྡོ་རྗེ་མཁའ་འགྲོ༔ ལྷོར་རིན་ཆེན་མཁའ་འགྲོ༔ ནུབ་ཏུ་པདྨ་མཁའ་འགྲོ༔ བྱང་དུ་ལས་ཀྱི་མཁའ་འགྲོ་རྣམས་གྲི་ཐོད་བསྣམས་པ༔ གཡས་བསྐུམ་གཡོན་བརྐྱང་པདྨ་དང་རོའི་གདན་ལ་གར་ཐབས་སུ་བཞུགས་པ༔ ཁཊ་མཆན་ཁུང་དུ་བཅུག་པ་ཁོ་ནའོ༔ གསང་གནས་སུ་ཨོཾ་ཨཱཿཧཱུྃ་བཛྲ་ཧཱུཾ་ཡཀྵ་ཧཱུཾ་རཀྟ་ཧཱུྃ༔ ཕྲིན་ལས་ཀྱི་ལྷ་ཡཀྵ་མེ་དབལ་སྐུ་མདོག་སྨུག་ནག་ཁྲོས་པ༔ གཡས་དབྱུག་ཐོ་དང་གཡོན་སྡིགས་མཛུབ་ཞགས་པ་འཛིན་པར་གྱུར༔ མཐའ་བསྐོར་དུ་ཤར་སྟོད་དུ་ཧཱུྃ་ཀཱ་ར་སྔོན་པོ་ཞལ་གཅིག་ཕྱག་གཉིས་མདའ་གཞུ་འཛིན་པ༔ ཤར་སྨད་དུ་རྣམ་རྒྱལ་དཀར་པོ་གཡས་འཁོར་ལོ་དང་གཡོན་ཁཊྭཱྃ་འཛིན་པ༔ ཤར་ལྷོར་དབྱུག་སྔོན་ཅན་སྔོན་པོ་གཡས་དབྱུག་ཐོ་དང་གཡོན་མེ་དཔུང་འཛིན་པ༔ ལྷོར་གཤིན་རྗེ་སྔོན་པོ་གཡས་བེ་ཅོན་དང་གཡོན་སཱུ་མོ་འཛིན་པ༔ ལྷོ་ནུབ་ཏུ་མི་གཡོ་མགོན་པོ་སྨུག་ནག་གཡས་རལ་གྲི་དང་གཡོན་སྦྲུལ་ཞགས་འཛིན་པ༔ ནུབ་ཏུ་རྟ་མགྲིན་དམར་པོ་དབྱུག་ཐོ་དང་ལྕགས་སྒྲོག་འཛིན་པ༔ ནུབ་བྱང་དུ་འདོད་རྒྱལ་དམར་སྐྱ་རྡོ་རྗེ་དང་ནེའུ་ལེ་འཛིན་པ༔ བྱང་


CMR009_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བདུད་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པ༔ བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ་སྔོ་སྐྱ་འཁོར་ལོ་དང་ཞགས་པ་འཛིན་པ༔ བྱང་ཤར་སྨད་དུ་སྟོབས་པོ་ཆེ་ལྗང་ནག་གཡས་སྟ་རེ་དང་གཡོན་ཐོད་དབྱུག་འཛིན་པ༔ ཀུན་ཀྱང་ཁྲོ་བོའི་ཆས་བཅུ་དང་ལྡན་པ༔ གཡས་བསྐུམ་གཡོན་བརྐྱང་ཕྱོགས་སྐྱོང་གི་གདན་ལ་བཞུགས་པའོ༔ ཟིལ་གནོན་ཁྲོ་བོ་བཅུ་ཧཱུྃ་སྒྲ་དང་སྔགས་སྒྲ་དང་ཕཊ་སྒྲས་སྟོང་གསུམ་གཡོ་འགུལ་བྱེད་པ༔ ཁྲོ་རྒྱལ་དེའི་ཐུགས་མཆོང་གུར་སྨུག་པོའི་དབུས་སུ༔ ཉི་ཟླའི་དལ་གྱི་སྟེང་དུ་ཧཱུྃ་དམར་ནག་ལ་རྩ་བའི་སྔགས་ཀྱིས་བསྐོར་བ་དེ་ལས་འོད་ཟེར་འཕྲོས༔ ལྷོ་ནུབ་ཀྱི་ནམ་མཁའ་ལ་རང་བཞིན་བསྐྱེད་པ་ལྟར་འཇིག་རྟེན་ཁེངས་ཤིང་གཟི་བརྗིད་འོད་དུ་འབར་བ་ཧཱུྃ་སྒྲ་ཏི་རི་རི་མཁའ་འགྲོའི་ཚོགས་ཀྱིས་བསྐོར་ནས་བདག་ལ་དབྱེར་མེད་དུ་ཐིམ༔ ཧཱུྃ༔ ནུབ་ཕྱོགས་དབང་དྲག་རོལ་པའི་གནས༔ པདྨ་འོད་ཀྱི་གཞལ་ཡས་ནས༔ རྗེ་བཙུན་དྲག་པོ་ཐོད་ཕྲེང་རྩལ༔ གདུང་བའི་ཡིད་ཀྱིས་སྤྱན་འདྲེན་ན༔ མོས་པའི་བུ་ལ་བརྩེར་དགོངས་ལ༔ གནས་མཆོག་འདི་རུ་བྱིན་གྱིས་རློབས༔ མཐུ་རྩལ་དྲག་པོའི་དངོས་གྲུབ་སྩོལ༔ སྐལ་ལྡན་བུ་ལ་བྱིན་གྱིས་རློབས༔ ལས་བྱང་གི་


CMR009_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་འདྲེན་གྱི་སྔགས་ནས་བཟུང་སྟེ་མཆོད་པ་མ་རྫོགས་བར་ལས་བྱང་ལྟར་རོ༔ དེ་ནས་རྣམ་རྒྱལ་འབར་བས་བསྟོད་དེ་ཐུགས་དམ་དབྱིངས་ནས་བསྐུལ་ཟེར་བ་དེ་ཕྱག་འཚལ་བསྟོད་དུ་བསྒྱུར༔ དེ་ནས་དམིགས་པ་ནི༔ དཔའ་བརྗིད་འོད་དུ་འབར་ཞེས་སོགས་གོང་གི་ཟིལ་གནོན་གྱི་དམིགས་པ་དང་༔ བར་དུ་བདག་མདུན་འཁོར་བའི་དམིགས་པ་གཉིས་ཀྱི་ཚེ་ཨ་ཙིག་ཁོ་ན་བསྙེན་ནོ༔ དེ་ལ་འབུམ་ཕྲག་བས་མི་ཉུང་བ་བྱའོ༔ དེ་ནས་མེ་དབལ་སྡེ་བརྒྱད་སྦྱོར་བ་དེ་ཡི་བཅུ་ཆ༔ དེ་ནས་སྔགས་རིང་ཁྲིའམ་རྟགས་དང་སྦྱོར༔ རྗེས་རྣམས་གཞུང་ལྟར་རོ༔ ཞེས་ཟུར་མང་ནང་སོས་བསྐུལ་ནས་སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་པའོ༔ གུ་རུ་དྲག་པོའི་གསང་བ་སྲིད་གསུམ་ཟིལ་གནོན་གྱི་དམིགས་པའི་གསལ་བྱེད་བཞུགས་སོ༔ ན་མོ་གུ་རུ་ཀྲོ་དྷ་ཡེ༔ གུ་རུ་དྲག་པོའི་གསང་བ་སྲིད་གསུམ་ཟིལ་གནོན་ནི༔ དང་པོ་བདག་དང་ཕུར་པ་མདུན་བསྐྱེད་ཕུར་པ་གཉིས་ཀ་ལྷར་བསྐྱེད་པ་དང་སྤྱན་འདྲེན་མཆོད་བསྟོད་འདོན་འགྲིགས་ལྟར་བྱ༔ དེ་ནས་བདག་མདུན་དཔའ་བརྗིད་འོད་དུ་འབར་ཏེ་སྟོང་གསུམ་འཇིག་རྟེན་གྱི་ཁམས་ན་འགྲན་ཟླ་མེད་དེ༔ དག་པའི་ཞིང་ཁམས་ཀྱི་ཁྲོ་


CMR009_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་གཞན་རྣམས་ཀྱང་འཇིགས་ཤུམ་ཤུམ་དུ་གྱུར༔ འཇིག་རྟེན་འདི་ཡི་རྒྱལ་བསེན་ལྷ་སྲིན་སྡེ་བརྒྱད་གཟའ་ཀླུ་འགོང་པོ་དམ་སྲི་ཐམས་ཅད་བརྒྱལ་འདརཿ བསྔང་མྱ་སྒྲ་ཙིར་སྒྲས་གང་ཞིང་སྲོག་སྙིང་འབུལ་བཀའ་ཉན་གསུང་སྡོད་དུ་གྱུར་པར་བསྒོམ༔ རང་གི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས་ཞལ་ནས་ཐོན་ཕུར་པ་ལྷར་གསལ་བའི་ཞལ་དུ་ཞུགས༔ སྐུ་ལུས་བརྒྱུད་ལྟེ་བ་ནས་ཚུར་བྱུང་རང་གི་ཐུགས་ཀར་ཞུགས༔ དེ་ལྟར་བདག་མདུན་གཉིས་ཀྱི་བར་དུ་མགལ་མེའི་འཁོར་ལོ་ལྟར་འཁོར༔ དེ་ལས་འོད་ཟེར་ཕྱོགས་བཅུར་ཁྱབ་སྟེ༔ འོད་ཟེར་ལས་གྲུབ་པའི་ཁྲོ་ཚོགས་དཔག་ཏུ་མེད་པར་གྱུར༔ དེ་དག་ཐམས་ཅད་ཕྱག་ན་མཚོན་ཆ་སྣ་ཚོགས་འཛིན་པ༔ སྐུ་ལས་མེའི་ཚྭ་ཚྭ་དང་མཚོན་ཆ་འཕྲོ་བ༔ གྲངས་མེད་མུ་མེད་པས་འཇིག་རྟེན་ཁམས་ཐམས་ཅད་ཁེངས་ཏེ༔ ཁྲོ་ཆེན་རྣམས་ཐོག་ལྟར་འབེབས་ཁྲོ་ཆུང་རྣམས་རླུང་ལྟར་འཚུབ༔ སེར་རྒོད་ལྟར་འབེབས༔ ཧཱུཾ་དང་ཕཊ་སྒྲས་འཇིག་རྟེན་གཡོ་ཞིང་འགུལ༔ བགེགས་དང་འབྱུང་པོ་རང་ལ་གང་འཚེ་བ་ཐམས་ཅད་མྱ་སྒྲ་ངུ་སྒྲ་ཙིར་ཙིར་ཕྱིའི་ལྕགས་རི་ནག་པོའི་ཕ་མཐར་བསྐྲད་པར་བསྒོམ་ཞིང་ཨ་ཙིག་འབུམ་ལས་མི་ཉུང་བ་བཟླ༔


CMR009_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ངན་པ་རྩུབ་མོ་ཅི་བྱུང་ཡང་རྣམ་རྟོག་དང་སྐྲག་འཇིགས་མི་བྱ་བར༔ རང་ཉིད་དྲག་པོ་དངོས་ཡིན་སྙམ་པའི་ང་རྒྱལ་དང་ལྷ་འདྲེ་ཐམས་ཅད་རང་གི་སེམས་ལས་གཞན་ན་མ་གྲུབ་པ་ལྟ་བའི་གདེང་བསྐྱེད༔ གོང་གི་སྔགས་རིང་ལ་འོག་གི་སྔགས་རིང་བཏགས་ལ་ཁྲི་ཚོ་ཙམ་ཅི་འགྲུབ་བཟླ༔ དེ་ཚེ་དམིགས་པ་ཡང་གོང་ལྟར་རོ༔ གཞུང་ལྟར་ཐུལ་རྟགས་བྱུང་ནས་གདོན་ཐམས་ཅད་ཀྱིས་རང་ལ་ཕྱག་འཚལ་ནས་དམ་ལས་འདའ་རེ་གནོད་པ་བྱ་རེ་ན་ར་ཀན་ཞེས་ལན་དགུ་ཟེར་བར་བསྒོམ༔ དེ་ནས་ལས་བྱང་ཚར་གཅིག་ཚོགས་བསྐང་བ་རྒྱས་པ༔ དྲེགས་པ་སྡེ་བརྒྱད་སོགས་སྲིད་གསུམ་ཟིལ་གྱིས་གནོན་པར་བྱིན་གྱིས་རློབས༔ བདག་གིས་དྲེགས་པ་ཐུལ་ཞིང་སྲིད་གསུམ་ཟིལ་གྱིས་གནོན་པར་གྱུར་ཅིག༔ ལན་བདུན་བརྗོད༔ དམར་གཏོར་གཅིག་ལ་རྣམ་རྒྱལ་འབར་མ་འདོན༔ ཚད་མདོ་བརྟན་སྐྱོང་ཡང་འབུལ༔ མདུན་བསྐྱེད་ཕུར་བུ་ལ་བསྟིམ༔ དྲག་པོ་དངོས་ཡིན་སྙམ་པའི་གདེང་དང་ལྡན་པས༔ བདག་བསྐྱེད་ཡེ་ཤེས་པ་གཤེགས་པར་གསུངས་ཀྱང་མི་གཤེགས་པར་རང་ལ་


CMR009_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

བསྟིམས་ནས་དམིགས་མེད་དུ་བཞག་པ་ཟབ༔ གཞིན་བྱ་ཚུལ་རྣམས་ནི་གཞུང་ལྟར་རོ༔ ཨ་རཱ་གས་སོ༔ སརྦ་མངྒ་ལཾ༔ ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།