cover

མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

པོད་དང་པོ། ཞ༽

མཁས་གྲུབ་ཀརྨ་ཆགས་མེད།

Nitartha international
Images scanned by TBRC

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རྡོ་རྗེ་ཕྲེང་བའི་དབུ་འཛུགས་དབང་བཤད།


CMR021_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕྲེང་བའི་དབུ་འཛུགས་དབང་བཤད་བཞུགས་སོ།།


CMR021_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀི་ཤྭ་ར་ཡེ། རྩ་བརྒྱུད་བླ་མ་ཡི་དམ་ཀུན་འདུས་པ། །འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །རླབས་ཆེན་འགྲོ་དོན་ནུས་པར་བྱིན་གྱིས་རློབས། །རྡོར་ཕྲེང་ཞུ་འདོད་སློབ་མ་ཀུན་འཚོགས་ཏེ། །ཆབ་དང་མེ་ཏོག་བཀྱེ་སྟེ་མཎྜལ་ཕུལ། །འོ་ན་ད་ལམ་ཁྱེད་རྣམས་ཀྱི། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པའི་སྐབས་འདིར། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ཐར་ནས། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པའི་ཕྱིར་དཔལ་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཆེན་པོ་རྣམས་སུ་དབང་ཞུ་བར་འདོད་པ་དེ་ཤིན་ཏུ་ལེགས། དེ་ཡི་ལོ་རྒྱུས་བཤད་པ་ལ་ལྔ་སྟེ། བསྟན་བཅོས་


CMR021_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡི་མཚན་གང་ཡིན་པ། མཛད་པ་པོ་ཡི་སློབ་དཔོན་གང་ཡིན་པ་ངོས་བཟུང་ནས་དེའི་ཆེ་བའི་ཡོན་ཏན་བརྗོད་པ། གང་ཟག་གང་གི་དོན་དུ་མཛད་པ། གཞུང་གི་ཚད་གང་ཡིན་པ། མཛད་པའི་དགོས་པ་དང་ལྔའོ། །དང་པོ་ནི་དཔལ་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཀྱི་ཆོ་ག་ཞེས་བྱའོ། །དེ་ལ་གཉིས་ཏེ། དྲང་དོན་ལྟར་ན་རྡོ་རྗེ་ཕྲེང་བ་ནི། གསང་སྔགས་ཀྱི་རྒྱུད་སྡེ་བཞི་རྣམས་སོ། །དཀྱིལ་འཁོར་ནི་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ཉི་ཤུ་རྩ་བརྒྱད་ལ་སོགས་པའོ། །ཆོ་ག་ནི་ལྔ་བཅུ་འཁོར་དང་བཅས་པའོ། །ངེས་དོན་ལྟར་ན། རྡོ་རྗེ་ནི་སེམས་ཉིད་


CMR021_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པའི་ཡེ་ཤེས་ཡིན་ལ། ཕྲེང་བ་ནི་མ་རྟོགས་པ་རྟོགས་པར་བྱེད་པའི་ཆོ་གའི་རིམ་པའོ། །དཀྱིལ་འཁོར་ནི་སྙིང་པོ་ལེན་པས་ན། །ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏེ། །སྨིན་གྲོལ་གཉིས་ལ་བརྟེན་ནས་དེ་ཁོ་ན་ཉིད་ཀྱི་སྙིང་པོ་ལེན་པའོ། །ཆོ་ག་ནི་སྨིན་གྲོལ་གཉིས་ཉམས་སུ་ལེན་པའི་ཆོ་གའོ། །གཉིས་པ་མཛད་པ་པོ་ནི། སློབ་དཔོན་ཆེན་པོ་ཨ་བྷུ་ཀ་ར་གུསྟ་སྟེ། བོད་སྐད་དུ། འཇིགས་མེད་འབྱུང་གནས་སྦས་པ་ཞེས་བྱ་བས་མཛད་དོ། །དེའི་སྐུ་ཆེ་བའི་ཡོན་ཏན་ལ། ཆགས་ལོཙྩ་བའི་བཤད་པ་ནི། སློབ་དཔོན་འདི་རྒྱ་གར་ཤར་ཕྱོགས་པ་ཡིན་པ་ལ། ཕྱིས་མ་ག་དྷར་བྱོན་ནས་རིག་པའི་གནས་ལྔ་ལ་མཁས་པར་བསླབ་ཅིང་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་ཤིན་ཏུ་མཁས་ཤིང་བཙུན་པར་བཞུགས་པ་ལ། དེའི་དུས་མ་ག་ཏའི་རྒྱལ་པོ་ཤིང་རྟ་ཅན་ཞེས་བྱ་བས་པཎྜི་ཏ་གཞན་རྣམས་ཀྱི་ནང་ནས་ཀྱང་དམ་པར་བཟུང་སྟེ་པཎྜི་ཏ་ཨན་ཨུ་ལི་ཞེས་བྱ་བའི་གནས་གཞི་གཙུག་ལག་ཁང་ཕུལ་ཞིང་། ཟས་གོས་ལོངས་སྤྱོད་ཐམས་ཅད་ཀྱིས་མཉེས་པར་བྱེད་དོ། །པཎྜི་ཏ་གཞན་རྣམས་ལ་ནི། ཟས་གོས་ཙམ་ལས་མི་འབུལ་སྐད་


CMR021_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །སློབ་དཔོན་དེའི་རྣམ་ཐར་ལས། ཉིན་པར་གྱི་ཐུན་གསུམ་གྱི་དང་པོ་གཉིས་ལ་བསྟན་བཅོས་རྩོམ། ཐུན་གཅིག་ལ་ཆོས་གསུང་། མཚན་མོའི་དུས་སུ་དུར་ཁྲོད་བསིལ་བའི་ཚལ་དུ་བྱོན་ནས་ནམ་ཕྱེད་ཀྱི་བར་དུ་ཐུགས་དམ་མཛད། ནམ་ཕྱེད་མན་ཆད་གཙུག་ལག་ཁང་དུ་བྱོན་ནས་བསྙེལ་བསོ་བ་དང་མནལ་མཛད་སྐད། དེ་ནས་སྔ་དྲོ་ཞིག་གི་ཚེ། བུད་མེད་ཤན་པ་མོའི་ཚུལ་བྱས་པ་ཞིག་གིས་བ་གླང་གི་ཤ་ཁྲག་འཛག་པ་ཞིག་ཁྱེར་ནས་དུར་ཁྲོད་དུ་བྱུང་བ་དང་། སློབ་དཔོན་གྱིས་ཡེ་ཤེས་མཁའ་འགྲོ་མ་ཡིན་པར་མ་རིག་པར། དེ་ནས་ཡར་མ་འོངས་བྱས་པས་ལོག་ནས་སོང་སྐད། དེ་ནས་ཅུང་ཟད་ཙམ་ཞིག་སོང་ཙམ་ན། སློབ་དཔོན་གྱི་ཐུགས་ལ་དེ་རང་མཁའ་འགྲོ་མ་ཡིན་སྲིད་སྙམ་ནས། དེའི་རྗེས་སུ་སོང་ནས་སྔར་རང་གི་སྒོ་ནང་ནས་བསྡམས་པ་ལྟར་མ་བྱེ་བར་འདུག་ཅིང་ཕྱོགས་ཀུན་ཏུ་བཙལ་ཡང་མ་རྙེད་དེར་འགྱོད་པ་སྐྱེས་ཏེ། ཞག་བདུན་དུ་ཟས་བཅད་ནས་གསོལ་བ་བཏབ་ཅིང་བཤགས་པ་བྱས་པས་སྔར་གྱི་བུད་མེད་དེ་བྱོན་ནས་བྱུང་བ་དང་བཟོད་པར་གསོལ་ཏེ་རྗེས་སུ་བཟུང་བར་ཞུས་པས། དེ་ན་རེ། ཁྱོད་སྔར་རྟོག་པ་མ་སྐྱེས་ན། ཚེ་


CMR021_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ལ་མཆོག་ཐོབ་པ་ཡིན། འོན་ཀྱང་བཤགས་པ་བྱས་པས་ད་བར་དོར་མཆོག་ཐོབ་པར་འགྱུར་བས། ད་ཁྱོད་ཀྱིས་སྤྱིར་ཡང་བསྟན་བཅོས་མང་དུ་རྩོམ། ཁྱད་པར་དུ་ཡང་དཀྱིལ་འཁོར་ཐམས་ཅད་ཀྱི་ཆོ་ག་ཡན་ལག་དང་བཅས་པ་དང་། དཔལ་ཁ་སྦྱོར་དང་། སངས་རྒྱས་ཐོད་པའི་རྒྱུད་ལ་འགྲེལ་བ་གྱིས་གསུངས་ནས་ལུང་བསྟན་ཏེ། སློབ་དཔོན་ཉིད་ཀྱི་མན་ངག་སྙེ་མ་ལས། མགོ་ནག་པོ་དེ་ཡི་ཕལ་ཆེར་བདག །བྱིན་གྱིས་བརླབས་པས་དེ་ཚིག་གིས། །ཤིན་ཏུ་གསལ་བར་དོན་སྨྲ་སྟེ། །དབུལ་པོ་ལ་ནི་མ་བཞིན་ནོ། །ཞེས་པ་དང་། གཞན་ཡང་རྡོ་རྗེ་བཙུན་མོ་ཡིས། །བསྐུལ་བའི་རྨི་ལམ་མཐོང་བ་ལས། །རིན་ཆེན་ཁ་སྦྱོར་ལྟ་བུ་ནི། །སེམས་ཅན་དོན་དུ་དབྱེ་བར་བྱ། །ཞེས་གསུངས་པ་དང་། སངས་རྒྱས་ཐོད་པའི་འགྲེལ་བ་ལས། རྡོ་རྗེ་བཙུན་མོས་བསྐུལ་བའི་ཕྱིར་ཞེས་གསུངས། །མཁའ་འགྲོ་མ་དེ་དུས་འཁོར་གྱི་ཡུམ་མམ། རྡོ་རྗེ་ཕག་མོ་ཡིན་པར་བཤད་དོ། །ཡང་ན་བླ་མ་ཞང་ལོ་ཙཱ་བ་གྲུབ་པ་བཟང་པོའི་བཞེད་པ་ནི་སློབ་དཔོན་འདི་ཡི་ཆེ་བའི་ཡོན་ཏན་ལ་གསུམ་སྟེ། སྦྱང་པ་ཡོན་ཏན་གྱི་ཆེ་བ་དང་། ལུང་བསྟན་


CMR021_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་ཆེ་བ་དང་། མཛད་པ་རྣམ་གྲོལ་གྱི་ཆེ་བའོ། །དང་པོ་ལ་གཉིས་ཏེ། བསྲུང་བྱ་བསླབ་པའི་ཆེ་བ་དང་། བཙལ་བྱ་ཐོས་པའི་ཆེ་བའོ། །དང་པོ་ལ་བཞི་ལས། དང་པོ་ནི་སེང་གེ་སྤྱོད་པའི་ཡུལ་དུ་སྤྲུལ་གྱིས་གདུགས་ཕུབ་པ་སྟེ། སེང་གེ་སྤྱོད་པའི་ཡུལ་ཞེས་པར་དེའི་རྒྱལ་པོས་ཆོམ་རྐུན་པ་ཁྲི་ཚོ་བཅུ་གཉིས་དོང་དུ་བཅུག་པའི་སྨྲེ་སྔགས་སློབ་དཔོན་གྱིས་གསན་ནས་དེ་རྣམས་བསླུ་བར་བརྩམས་པའི་ཚེ། ཡུལ་ཕྱོགས་དེ་འོད་ཟེར་གྱིས་ཁྱབ་ཅིང་སྤྲུལ་སེར་པོ་ཆེན་པོ་ཞིག་གིས་སློབ་དཔོན་གྱི་དབུ་ལ་གདུགས་ཕུབ་པ་ལྟར་བྱས་པས། རྒྱལ་པོ་སྐྲག་སྟེ་ཆོམ་རྐུན་པ་རྣམས་ཐར་བར་བྱས་སོ། །གཉིས་པ་ནི་གྲོང་ཁྱེར་བདེ་ལྡན་ཞེས་བྱ་བར་བདོག་པའི་དངོས་པོ་ཐམས་ཅད་བཏང་སྟེ་ཟད་པ་ན། ལྷུང་བཟེད་ནམ་མཁའ་ལ་བཟེད་པས་ཚོད་སྣ་དང་བཅས་པའི་བཟའ་བ་བྱུང་བས་སློང་མོ་པ་རྣམས་ཚིམས་པར་བྱས་སོ། །གསུམ་པ་ནི། ལྟེང་ཀ་ཅན་དུ་ཐུན་བཞིའི་ཡི་དམ་། ལ་བརྟན་པར་གནས་སོ། །བཞི་པ་ནི། སྡོམ་པ་གསུམ་ལ་ཉེས་པས་མ་གོས་པས་སྨོན་ལམ་ཇི་ལྟར་བཏབ་པ་ལྟར་འགྲུབ་པའོ། །གཉིས་པ་བཙལ་བྱ་ཐོས་པའི་ཆེ་བ་ལ་གསུམ་


CMR021_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དང་པོ་ནི། ཡུལ་ངེས་མེད་དུ་ཆོས་སྣ་ཚོགས་གསན་ནས་ཨོཾ་ཏནྟ་པུ་རིར་དུ་རུ་ཁའི་དམག་བྱུང་ནས། ཤར་ཕྱོགས་སུ་གཤེགས་པའི་ཚེ། དཔེ་ཆ་གླང་པོ་ཆེའི་ཁལ་སུམ་ཅུ་རྩ་གཉིས་བྱུང་སྐད། གཉིས་པ་ནི། སྒྲུབ་པ་ཤེས་རབ་ཀྱི་ཆེ་བ་སྟེ། ཐུགས་ལ་གཞུང་ཤོ་ལོ་ཀ་འབུམ་ཕྲག་བརྒྱད་བཞུགས་སྐད། གསུམ་པ་ནི། ཚལ་གྱི་ཉེ་འཁོར་དུ། ཡི་དམ་ལྷའི་ཞལ་གཟིགས་ཏེ་དངོས་སུ་ཆོས་གསན་སྐད་དོ། །གསུམ་པ་ལུང་དང་རྟོགས་པའི་ཆེ་བ་ལ་དྲུག་ལས། དང་པོ་མཁའ་སྤྱོད་བདེ་བའི་ལྷ་མོས། གཞུང་རྩོམས་ཤིག་ཅེས་ལུང་བསྟན་པ་དང་། གཉིས་པ་ནི་རྒྱལ་བའི་ཡུམ་བརྒྱད་སྟོང་པའི་འགྲེལ་བ་གནད་ཀྱི་ཟླ་འོད། གསུམ་པ་ནི། དུས་འཁོར་ལ་འཇུག་པ་དང་། རིམ་ལྔའི་འགྲེལ་བ་དང་། ཐུབ་པ་དགོངས་རྒྱན་དང་། དབུ་མའི་སྙེ་མ་ལ་སོགས་པ་བརྩམས་ཤིག་པར་ལུང་བསྟན་པ་དང་། །བཞི་པ་ནི། རྡོ་རྗེ་ཕྲེང་བའི་མཆོད་བརྗོད་བརྩམས་པ་ན། ལྷ་རྣམས་ཀྱིས་མེ་ཏོག་། གི་ཆར་ཕབ་པ་དང་། ལྔ་པ་ནི།་དཔལ་ཁ་སྦྱོར་གྱི་འགྲེལ་པ་མཛད་པའི་ཚེ། བདེ་མཆོག་དང་དཔལ་དུས་འཁོར་གྱིས་ཤིས་པ་བརྗོད་པ་དང་། དྲུག་པ་ནི། ཤེས་རབ་གསུམ་


CMR021_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གོམས་པས། ཐེག་པ་སྣ་ཚོགས་ཀྱི་ཆོས་གཅིག་ཆར་དུ་རྩོམ་པ་ལ་འཁྲུལ་པ་མི་མངའ་བའོ། །གསུམ་པ་མཛད་པ་རྣམ་གྲོལ་གྱི་ཆེ་བ་ལ་དགུ་ལས། དང་པོ་ནི་བསིལ་བའི་ཚལ་དུ་བུ་གཅིག་འཆི་བ་ལས་བསླང་བ་དང་། གཉིས་པ་ཡིད་འོང་དགེ་བའི་ལྡུམ་རར་ཆོམ་རྐུན་པ་བཅིང་བ་དང་། གསུམ་པ་རྩིས་ཀྱི་འབྲས་བུས་བྲམ་ཟེ་དབུལ་བ་སེལ་བའི་ཐབས་ནས་གཏེར་བཏོན་པ་དང་། བཞི་པ་སྔགས་ཀྱི་ནུས་པས་ཁྱིམ་བདག་ལ་སོགས་པའི་དུག་བསལ་བ་དང་། ལྔ་པ་བྱའི་འཁྲུལ་འཁོར་གྱིས་དམག་གི་དཔུང་བཟློག་པ་དང་། དྲུག་པ་ཡན་གར་ཞེས་པའི་གྲོང་ཁྱེར་འབུམ་ཚོ་གཉིས་ཡོད་པ་དེར། མེའི་གནོད་པ་ཞི་བར་བྱས་པ་དང་། བདུན་པ་ལྷའི་གནང་བ་ཐོབ་པས་གཞུང་སྣ་ཚོགས་ལ་འགྲེལ་པ་དང་། སྒྲུབ་ཐབས་དང་དཀྱིལ་འཁོར་གྱི་ཆོ་ག་དང་། སྦྱིན་སྲེག་ལ་སོགས་པ་མང་དུ་མཛད་པ་དང་། བརྒྱད་པ་ལུང་རིགས་ཀྱི་མཚོན་ཆས་རྒོལ་བ་ངན་པ་ཚར་བཅད་པ་དང་། །དགུ་པ་ཐོས་བསམ་སྒོམ་གསུམ་གྱིས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་དོ། །ཡང་རྣལ་འབྱོར་གྱི་ཡི་གེ་རྙིང་པ་ཁ་ཅིག་ལས། སློབ་དཔོན་ཆེན་པོ་ཨ་བྱཱ་འདི། རྒྱ་


CMR021_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

གར་ལྷོ་ཕྱོགས་ཀྱི་ཡུལ་ཨོཾ་ཀྲེ་ཞེས་བྱ་བ་ན། བྲམ་ཟེ་ཐམས་ཅད་རྒྱལ་པོའི་སློབ་དཔོན་རྒྱལ་རིགས་སུ་འཁྲུངས་པ་དྷརྨཱ་དི་ཀི་ཨ་ཏི་ཀི་ར་ནི་བྱ་བ་ལ། བུ་གཅིག་ཡོད་པ་དེས་ཕྱི་རོལ་པའི་སྒྲ་དང་ཚད་མ་ལ་སོགས་བསྟན་བཅོས་ཆེན་པོ་བཅོ་བརྒྱད་ཤེས་པ་ཞིག་ཡོད་དོ། །དེས་རང་གི་ཨ་མ་ལ་སོགས་པའི་སྐྱེད་མོས་ཚལ་དུ་སྒོ་ཐམས་ཅད་བསྡམས་ནས་ལྟ་རྟོག་མཛད་ཅིང་བཞུགས་པ་ལ། བུད་མེད་ལྷ་མོ་ལྟ་བུའི་མཛེས་མ་ཞིག་བྱུང་སྟེ། དེ་ལ་ཁྱོད་སུ་ཡིན་དྲིས་པས། ང་གདོལ་པ་མོ་ཡིན་ཟེར་རོ། །ཁྱོད་ཅི་ལ་འོངས་བྱས་པས། ཁྱོད་དང་ལྷན་ཅིག་རྩེ་བར་འདོད་ཟེར་རོ། །དེར་ཁོང་ན་རེ། ང་རིགས་བཟང་པོའི་མཐར་ཐུག་ཡིན་པས་གདོལ་པ་མོ་ཁྱོད་དང་ལྷན་ཅིག་རྩེ་ག་ན་རུང་། ཁྱོད་སོང་མ་སྡོད་ཅེས་སྨྲས་སོ། །གཞན་གྱིས་མཐོང་ན་སྐུར་པ་འདེབས་སུ་འོང་བྱས་པས། འོ་ན་ང་ཕྱིན་པས་ཆོག །སྐྱེ་བ་སྔ་མ་ལ་ཁྱོད་ཀྱིས་ང་ལ་བསྙེན་བཀུར་བྱས་ཡོད་པས། དེས་ན་ང་འོང་བ་ཡིན། ད་ཁྱོད་ང་ཡི་ཁ་ལ་ཉོན་ལ། རང་གི་ཡུལ་དུ་མ་སྡོད་པར་ནང་པ་སངས་རྒྱས་ཀྱི་བསྟན་ལ་དབང་བསྐུར་ཞུས་ལ་མ་ག་ཏར་སོང་གསུངས་ནས། བུད་མེད་དེ་མི་སྣང་བར་གྱུར་ཏོ། །དེར་


CMR021_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ལ་རྟོག་པ་བྱུང་སྟེ། མི་ཡིན་ནམ། ལྷ་ཡིན་ནམ་སྙམ་པ་བྱུང་ནས་དེ་ལམ་གང་ལ་སོང་བལྟས་པས་སྒོ་ཐམས་ཅད་སྔར་བསྡམས་པ་བཞིན་འདུག་གོ ། དེ་ནས་མི་མ་ཡིན་པ་ཞིག་ཡིན་པ་འདུག་སྙམ་པའི་རྟོག་པ་བྱུང་སྟེ། དེའི་དུས་ན་རང་གི་ཡུལ་ན་གྲུབ་པ་ཐོབ་པ་དང་འདྲ་བའི་སྔགས་པ་མང་པོ་ཡོད་པས་གཅིག་གི་དྲུང་དུ་ཕྱིན་ནས། །དེའི་གོང་མ་ལ་སྨྲས་ནས་ང་ལ་དེ་ལྟ་བུ་ཞིག་བྱུང་། དེ་ཅི་ཡིན་དྲིས་པས། དེ་ན་རེ། ཨ་ཙ་མ། དེ་ནི་རྡོ་རྗེ་རྣལ་འབྱོར་མ་ཡིན། ཁྱེད་ཀྱིས་སྐྱེ་བ་སྔ་མ་ལ་མཆོད་པ་ལ་སོགས་པ་བྱས་པས། ཁྱེད་ཆོས་ལ་བསྐུལ་བ་ལ་བྱོན་པ་ཡིན། ཁྱེད་ཀྱིས་ཁོང་ལ་མ་ཉན་པ་དེ་མ་ལེགས། ཁོང་གི་བཀའ་ལ་ཉན་ན། ཏིང་ངེ་འཛིན་བཟང་པོ་སྐྱེས་ཏེ་འོང་། ཁྱེད་ལ་གསང་སྔགས་ཀྱི་རྒྱུས་མེད་པས་ལེན་པ་ཡིན། ད་ཁོང་གིས་སྨྲས་པ་བཞིན་གྱིས་ཟེར་རོ། །དེ་ནས་སློབ་དཔོན་གྲུབ་པ་ཐོབ་པ་ཞིག་གི་རྩ་རུ་དབང་བསྐུར་ཞུས་པས། ལྷན་ཅིག་སྐྱེས་པའི་ཏིང་ངེ་འཛིན་མངོན་སུམ་དུ་བྱུང་ནས་ཆོས་དང་སངས་རྒྱས་ཀྱི་བསྟན་པ་དང་། གསང་སྔགས་ལ་མཐར་ཐུག་པའི་དད་པ་སྐྱེས་སོ། །དེ་ནས་རང་གི་ལོངས་སྤྱོད་ཐམས་ཅད་


CMR021_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་ཏེ། བྲི་ཀ་མ་ཤཱི་ལར་གཙུག་ལག་ཁང་དུ་བྱོན་ནས། དེར་དགེ་ཚུལ་མཛད་ནས་དེའི་དུས་སུ། དེ་ན་གྲུབ་ཐོབ་མང་པོ་ཡོད་པ་ལ། གསང་སྔགས་ལ་སོགས་པའི་ཆོས་མང་པོ་ཉན་པས། ཡང་བཅོམ་ལྡན་མ་དང་མཇལ་ཏེ་ཤཱི་ཀ་མ་པུ་རིའི་གནས་གཞིའི་གློ་འབུར་དུ་བཞུགས་ནས་སྒོམ་བྱས་པས། རྒན་མོ་ཞིག་བྱུང་བ་ལ། སློབ་དཔོན་གྱིས། ང་བཙུན་པའི་དྲུང་དུ་ཡོང་ག་ལ་རུང་བྱས་པས། དེ་གཟུགས་འགྱུར་ནས་ཤར་མོ་གཅིག་ཏུ་སོང་ངོ་། །བུ་མོ་ཁྱོད་ཅི་ལ་འོང་བྱས་པས། ཁྱོད་འདོད་ནས་འོང་བ་ཡིན། རྟག་ཏུ་ཁྱོད་ཀྱི་རྩར་འོང་ཟེར་རོ། །ང་རབ་ཏུ་བྱུང་བས་རང་གི་བྱ་བ་ཐམས་ཅད་ཀྱང་བོར་ན། ཁྱོད་ཀྱིས་ཅི་བྱེད་སོང་གསུངས་སོ། །དེ་ནས་བུ་མོ་ན་རེ། ཁྱོད་མི་འདོད་ན་ཕྱིན་པས་ཆོག ། ཁྱོད་འདིར་ཡུན་རིང་མ་སྡོད་པར་མ་ག་ཏར་སོང་ཟེར་ནས་བུད་མེད་དེ་མི་སྣང་བར་གྱུར་ཏོ། །དེ་ལ་ཡང་རྟོག་པ་སྐྱེས་ནས་སློབ་དཔོན་ཞིག་ལ་དྲིས་པས་ཁོང་ན་རེ། དེ་ཁྱོད་ཀྱི་ཡི་དམ་ཡིན། དེ་ཡི་བཀའ་བཅག་པ་མ་ལེགས་གསུངས་སོ། །དེ་ནས་མ་ག་ཏར་བྱོན་ནས་དེ་ཝི་ཀྲ་མ་ལི་ཡི་གཙུག་ལག་ཁང་དུ་བཞུགས་ཏེ། དེའི་དུས་སུ་དེ་ཝི་ཀྲ་མ་ལར་དགེ་


CMR021_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་པཎྜི་ཏ་མང་པོ་བཞུགས་པས། དེའི་དྲུང་དུ་ཚད་མ་དང་འདུལ་བ་དང་། ལུང་སྡེ་བཞི་དང་། སྡེ་སྣོད་གསུམ་དང་། དབུ་མ་དང་ཕ་རོལ་ཕྱིན་པ་མ་ལུས་པ་དག་དང་། གསང་སྔགས་ལ་སོགས་པ་མང་པོ་མཉན་ནས། དེར་དགེ་འདུན་གྱི་ཆོས་དཔོན་མཛད། ཚད་མ་ལ་སོགས་བསྟན་བཅོས་ཀྱི་བཤད་པ་མང་པོ་མཛད། དེ་ལྟར་མཛད་ཀྱང་གསང་སྔགས་རང་གིས་མི་ཤེས་པ་དང་མཐར་ཐུག་གི་གདམས་ངག་དང་གྲུབ་པའི་མཐའ་རྣམས་ཤེས་པར་བྱ་བའི་དོན་དུ། གྲོང་ཁྱེར་དཔེའུ་རིར་སློབ་དཔོན་རིན་ཆེན་འབྱུང་གནས་སྦས་པའི་དྲུང་དུ་བྱོན་ནས་བསོད་སྙོམས་མཛད་ཅིང་། སིནྡྷ་རའི་དུར་ཁྲོད་དུ་བཞུགས་ས་མཛད་ནས། རྒྱུད་རང་གིས་མི་ཤེས་པ་ཐམས་ཅད་དང་། མཐར་ཐུག་གི་གདམས་ངག་དཔག་ཏུ་མེད་པ་མཉན་ཏེ། དེ་ནས་དུར་ཁྲོད་དེའི་དགོན་པ་དེ་ལ་སྒོ་གསུམ་ཡོད་པས་དེ་གསུམ་ཀ་བསྡམས་ནས་སྒོམ་མཛད་ཅིང་བཞུགས་པའི་དུས་སུ་ཚེས་བརྒྱད་ལ་མུན་པའི་ནང་དུ་ཐུགས་དམ་སྒོམ་ཞིང་བཞུགས་པ་ལ། སློབ་དཔོན་རིན་ཆེན་འབྱུང་གནས་སྦས་པའི་གཡོག་བྱེད་པའི་དགེ་བསྙེན་མོ་ཞིག་ཆང་ལ་སོགས་པའི་ཚོགས་འཁོར་གྱི་རྫས་


CMR021_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་ནས་སློབ་དཔོན་ཨ་བྷུའི་མདུན་དུ་བྱུང་ནས། དེ་ལ་སློབ་དཔོན་གྱིས་ཁྱོད་ག་ནས་འོང་བྱས་པས། བུ་མོ་ན་རེ། ཁྱེད་རང་གི་སློབ་དཔོན་གྱིས་ང་བཏང་བ་ཡིན། ད་ཁྱེད་དང་ལྷན་ཅིག་ཚོགས་གྱིས་གསུངས་ནས་འོང་བ་ཡིན་ཟེར་རོ། །དེ་ནས་བུ་མོས་སྣོད་ཆུང་ངུ་ཞིག་ནས་ཚོགས་འཁོར་གྱི་རྫས་བཏོན་ནས། ལྷའི་ཞལ་ཟས་ལྟ་བུ་དཔག་ཏུ་མེད་པས་ཁང་པ་གང་བར་བྱས་སོ། །བུ་མོ་དེ་ཡང་གཟུགས་འགྱུར་ནས། རྡོ་རྗེ་ཕག་མོ་ལྟ་བུར་གྱུར་ཏེ་དེའི་འོད་ཟེར་གྱིས་དགོན་པའི་མུན་པ་ཐམས་ཅད་བསལ་བར་གྱུར་ཏོ། །དེ་ནས་ཁོང་གིས་བུ་མོ་ལ་སྨྲས་པ། ང་དགེ་སློང་ཡིན་པས་ཚོགས་བྱེད་ག་ལ་རུང་། ཁྱོད་ཀྱིས་སློབ་དཔོན་གྱིས་ཚོགས་དཔོན་བྱེད་པ་གང་དུ་མཐོང་། ངས་ཚོགས་འཁོར་མི་བྱེད་གསུངས་བུ་མོ་ན་རེ། དེ་སྔ་མ་བྱས་ཀྱང་ད་བྱེད་པ་ལ་འགལ་བ་མེད་པས་ཚོགས་མཛོད་ཟེར་རོ། །དེ་ནས་སློབ་དཔོན་ན་རེ། བཙུན་པས་ཚོགས་བྱེད་པ་མི་ལེགས་གསུངས་ནས་མ་གནང་ངོ་། །དེ་ནས་བུ་མོ་ན་རེ། ཁྱོད་ཀྱིས་ང་ལ་སྐྱེ་བ་མང་པོར་བསྒོམས་པ་དང་། །མཆོད་པ་ཕུལ་བས་སྐྱེ་བ་འདི་ལ་ཁྱོད་ཀྱི་མདུན་དུ་ང་ལན་གསུམ་འཕྲོད་པ་ལ་འོང་བ་ཡིན།


CMR021_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་རྒྱུད་ཉིས་བརྒྱ་ལ་སློབ་གཉེར་བྱས་ནས་དམ་ཚིག་རྫས་ལ་ཉན་ཐོས་ཀྱི་རྟོག་པ་བྱེད་ག་ལ་རུང་། ཟེར་ཀྱང་དེ་ལ་སྤྲོ་བ་མེད་པར་ཞལ་རོག་བཞུགས་སོ། །དེ་ནས་བུ་མོ་ན་རེ། ཁྱོད་ཀྱིས་ང་ཡི་ཁ་ལ་ཉན་ན་ལྷན་ཅིག་སྐྱེས་པའི་ཏིང་ངེ་འཛིན་མངོན་སུམ་དུ་ཁྱོད་ལ་འོང་བ་ཡིན་ཀྱང་། ཁྱོད་མི་འདོད་ན་ཅི་བྱ་ཞེས་སྨྲས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་སློབ་དཔོན་ལ་རྟོག་པ་སྐྱེས་ནས། སློབ་དཔོན་གྱི་གཡོག་མོ་ཡིན་ནམ་སྙམ་ནས། སྒོ་གསུམ་ལ་བལྟས་པས་མ་ཕྱེ་བར་འདུག་གོ །དེ་ནས་སློབ་དཔོན་གྱི་རྩར་སོང་ཉི་མ་ཤར་ཙམ་ལ་ཕྱིན་ནས། སློབ་དཔོན་བུ་མོ་ཞིག་ལ་དམ་ཚིག་གི་རྫས་བསྐུར་ནས་བཏང་སམ་བྱས་པས། སློབ་དཔོན་གྱི་ཞལ་ནས། དྲོ་ཐོན་ནས་ང་ཡི་རྩ་རུ་འོང་ས་མེད་པས་ཁྱོད་ཀྱི་རྩར་ག་ནས་བཏང་། ཁྱོད་ཀྱིས་མདང་ཅི་མཐོང་ཟེར་བས། གོང་གི་ལོ་རྒྱུས་རྣམས་བཤད་དོ། །དེ་ནས་སློབ་དཔོན་གྱི་ཞལ་ནས། ཁྱོད་དེ་ལ་མཆོད་པ་དང་བསྒོམས་པ་བྱས་པའི་དོན་ཆེན་ཞལ་མཇལ་ལན་གསུམ་དུ་མངོན་སུམ་བྱོན་ཀྱང་བཀའ་བཅག་པ་ལས་ཚབ་ཆེ། ཚེ་སྔ་མ་ལས་ཅི་བྱས་པ་ཡིན་ནམ་གསུངས་པས། སློབ་དཔོན་ཨ་བྷ་རང་གི་


CMR021_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་པར་ཞག་དྲུག་རྟོག་པས་ཡི་མུག་ནས་འགྱོད་ཀྱིན་བཞུགས། དེ་ནས་ཞག་བདུན་པའི་རྨི་ལམ་དུ་ལུང་བསྟན་ནས། ལྟོགས་ཉལ་མ་བྱེད་ཁྱེད་མཁས་པ་ཡིན་པས། བསྟན་་བཅོས་རྩོམ་དང་སྔ་མའི་ལས་ངན་པ་ཟད་པར་འོང་གསུངས་པའི་ལུང་བསྟན་ཐོབ། དེ་ནས་སློབ་དཔོན་ན་རེ། ང་ལ་མཐར་ཐུག་པའི་ཏིང་འཛིན་མེད་པས་ང་ཡི་བསྟན་བཅོས་ལ་གཞན་དད་པ་སུ་ཡོང་གསུངས་པས། བཅོམ་ལྡན་འདས་མའི་ཞལ་ནས། ཁྱོད་ཀྱིས་བསྟན་བཅོས་རྩོམས་དང་། ངས་བྱིན་གྱིས་བརླབས་པས་བར་ཆད་མི་འོང་གི་གསུངས་སོ། །དེ་ནས་རྒྱལ་པོའི་བཙུན་མོ་ཞིག་གིས་སློབ་དཔོན་ཨ་བྷའི་སློབ་མ་བྱས་ནས། སོ་ཕག་གི་གློག་ཅིག་ཕུལ་ནས་དེར་བཞུགས་པས་སློབ་དཔོན་གྱི་མཚན་ཡང་སོ་ཕག་གི་གྲོང་པ་ཟེར་རོ། །དེར་སྐྱེད་མོས་ཚལ་ཡིད་དུ་འོང་བ་དང་། གློ་འབུར་མང་པོ་དང་ལྡན་པའི་དགོན་པ་ཞིག་བརྩེགས་ནས། དེར་སྒོམ་མཛད་ཅིང་བཞུགས་སོ། །དེར་ཏིང་འཛིན་རེ་རེ་ལ་ཟླ་བ་དྲུག་དྲུག་བཞུགས་པར་ནུས་སོ། །དེ་ལྟར་ཡོན་ཏན་དང་ལྡན་པའི་རྡོ་རྗེ་འཆང་ལྟ་བུ་ཡིན་ཏེ། །ཁོང་གི་མཚན་ཙམ་ཡང་བརྗོད་པར་མི་ནུས་པས། དགོན་པའི་མིང་ནས་བརྗོད་


CMR021_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཨ་ཌ་པུ་རིའི་པཎྜི་ཏ་པ་ཞེས་པ་རྒྱ་གར་པ་ཐམས་ཅད་དེ་སྐད་འབོད་དོ། །མཁན་པོ་རིན་ཆེན་འབྱུང་གནས་སྦས་པ་ཡིན་པས། སློབ་དཔོན་གྱི་མཚན་འཇིགས་མེད་འབྱུང་གནས་སྦས་པའོ། །དེ་ནས་སློབ་དཔོན་གྱི་གྲགས་པ་ཆེན་པོ་ཕྱོགས་ཐམས་ཅད་དུ་ཐོས་པས་ཡུལ་གཞན་གྱིས་བསྔགས་པ་དང་། རབ་ཏུ་བྱུང་བ་དང་། པཎྜི་ཏ་མང་པོ་བྱུང་ནས། ཕ་རོལ་ཏུ་ཕྱིན་པའི་གྲུབ་མཐའ་ལ། འཕགས་པ་རྣམ་གྲོལ་སྡེ་དང་། སེང་གེ་བཟང་པོ་ལ་སོགས་པའི་གྲུབ་མཐའ་དུ་མ་དང་མཐུན་པ་མཐོང་། ཕ་རོལ་ཏུ་ཕྱིན་པ་ཤེས་པའི་པཎྜི་ཏ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་གདམས་ངག་མ་ནོར་བར་ཞུ་བྱས་པས་ཐུབ་པ་དགོངས་རྒྱན་དང་། འཕགས་པ་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་འོད་བརྩམས་སོ། །མངོན་པའི་མཁན་པོ་རྣམས་ཀྱིས་ཞུ་བ་ཕུལ་བས། མངོན་པའི་བསྟན་བཅོས་སྣོད་དང་སེམས་ཅན་གྱི་འཇིག་རྟེན་གྱིས་བསྡུས་པ་ཞེས་བྱ་བ་བརྩམས་སོ། འདུལ་བ་པ་རྣམས་ཀྱིས་ཞུ་བ་ཕུལ་བས། དགེ་སློང་གི་རིག་བྱེད་ཀྱི་འགྲེལ་བ་དང་། འདུལ་བ་སྣང་བ་ཞེས་བྱ་བ་བརྩམས་སོ། །དབུ་མ་པ་རྣམས་ཀྱིས་ཞུ་བ་ཕུལ་བས། དབུ་


CMR021_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྙེ་མ་བརྩམས་སོ། །ཡོ་གའི་མཁན་པོ་རྣམས་ཀྱིས་ཞུ་བ་ཕུལ་བས། ཡོ་གའི་རྒྱུད་འགྲེལ་བ་མེད་པ་རྣམས་ལ་འགྲེལ་པ་བརྩམས་སོ། །སྔགས་པ་རྣམས་ཀྱིས་དཀྱིལ་འཁོར་ཐམས་ཅད་ཀྱི་ཆོ་ག་བསྡུ་བའི་བསྟན་བཅོས་ཀྱི་ཞུ་བ་ཕུལ་བས། རྡོ་རྗེ་ཕྲེང་བ་དང་རྣལ་འབྱོར་རྫོགས་པའི་ཕྲེང་བ་དང་། འོད་ཀྱི་སྙེ་མ་གསུམ་བརྩམས་སོ། །མ་རྒྱུད་པ་རྣམས་ཀྱིས་ཞུ་བ་ཕུལ་བས་མངོན་པར་རྟོགས་པ་གྲགས་པ་ཅན་དང་། རྒྱུད་མང་པོའི་རྒོལ་ལན་དང་། མན་ངག་ཐམས་ཅད་གསལ་བར་བྱེད་པའི་དོན་དུ་མན་ངག་གི་སྙེ་མ་དང་། སངས་རྒྱས་ཐོད་པའི་འགྲེལ་པ་དང་། ཨ་བྱཱའི་ལམ་རིམ་ལ་སོགས་པ་བརྩམས་སོ། །འཕགས་སྐོར་བ་རྣམས་ཀྱིས་ཞུ་བ་ཕུལ་བས། མདོར་བྱས་ཀྱི་འགྲེལ་པ་དང་། རིམ་ལྔའི་འགྲེལ་པ་ལ་སོགས་པ་བརྩམས་སོ། །དུས་འཁོར་བ་རྣམས་ཀྱིས་ཞུ་བ་ཕུལ་བས། རྩིས་ལ་འཇུག་པ་དང་། རྒྱུད་རྩ་འགྲེལ་གྱི་རྒོལ་ལན་དང་། གདམས་ངག་གསལ་བར་བྱ་བའི་དོན་དུ། དུས་འཁོར་གྱི་གསལ་བྱེད་བརྩམས་སོ། །ལོ་ཧི་པ་ལ་སྙན་བརྒྱུད་གདམས་ངག་མངོན་པར་རྟོགས་པ་དང་། ལྷན་སྐྱེས་དང་རྡོ་རྗེ་སེམས་དཔའ་སེར་པོ་ཡེ་ཤེས་


CMR021_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མ་ཡི་སྒྲུབ་པ་དང་། སྒྲུབ་ཐབས་གྲགས་པ་ཅན་བཞི་དང་འཇམ་དཔལ་ལ་སོགས་པའི་སྒྲུབ་ཐབས་ཆེ་ཆུང་ཡང་བརྩམས་ཤིང་། དེར་ཁོང་གི་པོ་ཏི་ཆེ་ཆུང་འགྲེལ་པ་སུམ་ཅུ་རྩ་གསུམ་བརྩམས་སོ། །དེ་ལྟ་བུའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་མཁས་གྲུབ་ཆེན་པོ་སློབ་དཔོན་ཨ་བྱཱ་ཀ་ར་གུསྟ་ཞེས་བྱ་བ་དེས་མཛད་དོ། །གསུམ་པ་གང་ཟག་གང་གི་དོན་དུ་མཛད་པ་ནི་སྤྱིར་གསང་སྔགས་ལ་ཞུགས་པ་རྣམས་དང་། ཁྱད་པར་དུ་རྡོ་རྗེ་ཐེག་པ་ལ་བརྟེན་ནས་རང་གཞན་གྱི་དོན་རྒྱ་ཆེར་སྒྲུབ་པར་འདོད་པའི་རྡོ་རྗེ་སློབ་དཔོན་རྣམས་ཀྱི་ཆེད་དུ་མཛད་དོ། །བཞི་པ་གཞུང་གི་ཚད་དུ་ནི། བརྗོད་བྱའི་ཚད་ནི་རྡོ་རྗེ་སློབ་དཔོན་ལ་ཉེ་བར་མཁོ་བའི་ཆོ་ག་ལྔ་བཅུ་འཁོར་དང་བཅས་པ་དང་། རྗོད་བྱེད་ཀྱི་གཞུང་གི་ཚད་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བ་ལ་ཤོ་ལོ་ཀ་གཉིས་སྟོང་བདུན་བརྒྱ། སྒྲུབ་ཐབས་རྣལ་འབྱོར་རྫོགས་ཕྲེང་ལ་སྟོང་དང་སུམ་བརྒྱ། སྦྱིན་སྲེག་འོད་ཀྱི་སྙེ་མ་ལ་ཤོ་ལོ་ཀ་ཉིས་བརྒྱ་བདུན་ཅུ་རྩ་ལྔ་ཡོད་ཅིང་། འདི་གསུམ་ལ་ཕྲེང་སྐོར་གསུམ་ཞེས་གྲགས་སོ། །ལྔ་པ་དགོས་པ་ནི། གནས་སྐབས་སུ་དབང་བསྐུར་བས་རྒྱུད་སྣོད་རུང་བྱས་


CMR021_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ལམ་སྒོམ་པའི་སྐལ་པ་དང་ལྡན་པར་བྱེད་ལ། སྐུ་གཟུགས་ལ་སོགས་པ་རབ་གནས་བྱས་པའི་རྟེན་བསོད་ནམས་ཀྱི་ཞིང་ཁྱད་པར་དུ་བྱས་པས་མཆོད་པར་འོས་ཤིང་བྱིན་རླབས་འབྱུང་བར་བྱེད་ལ། མཐར་རིམ་གྱིས་ཞི་སོགས་ཀྱི་ལས་དང་། གྲུབ་ཆེན་བརྒྱད་ལ་སོགས་པའི་ཐུན་མོང་བ་དང་། ཚེ་འདི་དང་འཆི་ཀ་དང་བར་དོ་ལ་སོགས་པར་མཆོག་སྒྲུབ་པར་བྱེད་པའི་དགོས་པ་ཡོད་དོ། །དེ་ལྟར་འདི་ཡི་རྒྱ་གཞུང་ཨ་བྷུས་མཛད་པ་ལ་དངོས་བསྟན་དཀྱིལ་འཁོར་ཉི་ཤུ་རྩ་བརྒྱད་ལས་མེད་དོ། །དེའི་དབང་ཐོབ་ན། དཀྱིལ་འཁོར་ཞེ་གཉིས་དང་། གཙོ་བོ་འཕོ་བའི་དབང་དུ་བྱས་ནས། དཀྱིལ་འཁོར་ཞེ་ལྔ་དང་། ལྔ་བཅུ་རྩ་ལྔ་དང་། ལྔ་སྟོང་བརྒྱད་བརྒྱ་བཅུ་བདུན་དུ་ཡང་འགྱུར་རོ། །དེས་ན་འདིར་དངོས་སུ་གསུངས་པའི་རིགས་མཐུན་དཀྱིལ་འཁོར་ཉི་ཤུ་རྩ་བརྒྱད་པོ་རྣམས་སུ་དབང་ཐོབ་ཅིང་། དེ་དག་གི་ཆོ་ག་རྣམས་ཤེས་ན། དཀྱིལ་འཁོར་ལྔ་སྟོང་བརྒྱད་བརྒྱ་བཅུ་བདུན་པོ་རྣམས་ཀྱི་དབང་བསྐུར་བའི་ཆོ་ག་དང་། ལམ་བསྒོམ་པ་ལ་སོགས་པ་རྣམས་ལ་དབང་བ་ཡིན་ནོ། །ཞེས་གསུངས་སོ། །དེས་ན་དབང་འདི་ཐོབ་ནས། དོན་ལ་གསར་


CMR021_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ལུགས་ཀྱི་རྒྱུད་སྡེ་མཐའ་དག་གི་དབང་ཐོབ་པ་ཡིན་པས་ཤིན་ཏུ་ཕན་ཡོན་ཆེ་ལ། འདི་བསྐུར་བའི་ཕྱག་ལན་གཉིས་བྱུང་སྟེ། པཎ་ཆེན་ཤཱཀྱ་ཤྲཱི་ཕེབས་ནས་རྒྱུད་སྡེ་སོ་སོར་མ་ཕྱེ་བར་རྒྱ་གཞུང་ཉིད་ལྟར་ལན་གཅིག་བསྐུར། དེ་ལ་བོད་ཀྱི་དགེ་བཤེས་རྣམས་ཅུང་ཞིག་མ་མགུ་ནས་འདི་རྣམས་རྒྱུད་སྡེ་སོ་སོར་ཕྱེ་ནས་བསྐུར་ན་རུང་ངམ་ཞུས་པས་དེ་ཤིན་ཏུ་ལེགས་པར་གསུངས། སླར་ཡང་དེ་ལྟར་བསྐྱར་ནས་ལན་གཅིག་ཞུས། དེ་ལ་སྔ་ཕྱི་གཉིས་ཀྱི་ཕྱག་ལེན་རྒྱུན་གཉིས་དར། སྔ་མ་རྒྱུད་སྡེ་སོ་སོར་མ་ཕྱེས་པ་དཀྱིལ་འཁོར་ཉི་ཤུ་རྩ་བརྒྱད་པ། དེ་ལ་རྒྱུད་སྡེ་བཞི་བླ་མེད་ལྟར་ཉམས་སུ་ལེན་ཞིང་བླ་མེད་ལྟར་བསྐུར་བ་སྟེ། དེང་སང་ཁ་ཅིག་ལ་དར་བ་འདུག་ཀྱང་། བོད་ཀྱི་མཁས་པ་རྣམས་ཀྱིས། རྒྱ་གཞུང་ནས་དེ་ལྟར་གསུངས་པ་ནི། སློབ་དཔོན་བསྟེན་དགོས་པའི་གབ་རྐུང་ཡིན་ཏེ། དེ་ལྟར་བྱེད་པ་ནི་ཕྱག་ལེན་རྣམ་པར་མ་དག་པ་ཞེས་བཀག་པ་མཛད་པས། འདི་ནི་དེ་ཡི་ལུགས་མ་ཡིན་ཏེ། རྡོར་ཕྲེང་རྒྱ་གཞུང་གི་འགྲེལ་བ་དང་། རྒྱ་གར་གྱི་པཎྜི་ཏ་དར་པཎ་ཨ་ཙརླས་མཛད་པའི་ཀྲི་ཡ་པ་མུཉྩའི་རྒྱ་གཞུང་གིས་ཁ་སབ་སྟེ། ཕྱག་ལེན་ཞིབ་


CMR021_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་རྒྱས་པ་འདི་ནི། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་དེ་ཉིད། དཀའ་བ་ཆེན་པོ་སྤྱད་དེ་བལ་པོར་བྱོན་ནས། ཡུན་རིང་བཞུགས་ནས། པཎྜི་ཏ་མ་ཧཱ་བྷོ་དྷི་མཉེས་པར་བྱས་ནས་ཕྱག་ལེན་ཞིབ་པར་བསླབ་པའི་ལུགས་འདི་ཡིན་པས། ཕྱག་ལན་འདི་ལ་འཁྲུལ་པ་མེད་པའོ། །ལ་ལ་དག་གི་དགེ་ལེགས་བྱེད་པའི་དཀྱིལ་འཁོར་གསུམ་པོ། །རྡོར་ཕྲེང་རྒྱ་གཞུང་ནས་མ་གསུངས་པས་མི་འཐད་ཟེར་ཡང་། པཎྜི་ཏ་དར་པན་ཨ་ཙརླའི་ཕྱག་ལེན་ཡིན་པས་རྡོར་ཕྲེང་འདི་ཡི་བཀའ་བབས་ས་བཟང་འཕགས་པ་དང་། ངོར་པ་རྡོ་རྗེ་འཆང་སོགས། བོད་ཀྱི་མཁས་པ་ཆེན་པོ་རྣམས་ཀྱིས་ངེས་པར་སྦྱར་བས། དཀྱིལ་འཁོར་བཞི་བཅུ་ཞེ་ལྔ་འདི་མཛད་པ་ཡིན། སྤྱིར་རྡོར་ཕྲེང་འདི་རྒྱ་བོད་དུ་ཉི་ཟླ་ལྟར་གྲགས་ན་། ཡང་། རྡོར་ཕྲེང་འདི་ལ་བཀའ་བབས་ཤིང་མངའ་བརྙེས་པ་ནི། ས་བཟང་འཕགས་པས་ཕྱག་ལེན་ཞིབ་པར་ཞུས་པ་དང་། ཨོ་རྒྱན་ཆེན་པོའི་ལུང་བསྟན་ལས། ཀུན་དགའི་མིང་ཅན་གཙང་གི་ཕྱོགས་སུ་འབྱུང་། །གསང་སྔགས་འགྱེལ་བ་རྨང་ནས་སློང་བར་བྱེད། །ཅེས་ལུང་བསྟན་པའི་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་རྡོ་རྗེ་ཕྲེང་བའི་དབང་ལན་


CMR021_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་དྲུག་ཅུ་ཐམ་པ་མཛད། བོད་འདིར་སྔགས་ཀྱི་བསྟན་པ་གསལ་བར་བྱེད་པ་ཀུན་མཁྱེན་བུ་རོང་གཉིས་ཞེས་ཉི་ཟླ་ལྟར་གྲགས་པས། རྡོར་ཕྲེང་གི་བསྟན་པ་དར་བར་མཛད། ཁྱད་པར་ཞྭ་དམར་ཅོད་པན་འཛིན་པ་བཞི་པ་ཆོས་ཀྱི་གྲགས་པ་རྡོར་ཕྲེང་སོགས་སྔགས་ལ་མཁས་པའི་ཚུལ་མཛད་དོ། །བྱང་ཡང་པ་ཅན་དུ་དཀྱིལ་འཁོར་བཅོ་བརྒྱད་ཀྱི་སྒྲུབ་མཆོད་བཙུགས། ཁོང་གིས་མཛད་པའི་དཀྱིལ་ཆོག་འགའ་ཞིག་རེ་དོལ་ཚལ་མིན་སོགས་ཇོ་ལྡན་གྱི་དགོན་རྣམས་སུ་ཡང་འདོན་དར། དེ་ཡང་ཅང་ཤེས་ཉི་མའི་སྙིང་པོའི་མདོ་ལས། བྱང་ཕྱོགས་ཁ་བ་ཅན་གྱི་རྒྱལ་ཁམས་སུ། །མི་ཡི་འདྲེན་པ་རྒྱལ་བ་ཆོས་ཀྱི་རྗེ། །རིན་ཆེན་དཔལ་ཞེས་བྱ་བ་འབྱུང་འགྱུར་ཏེ། །དགེ་འདུན་བྱེ་བ་ཕྲག་ནི་ས་ཡ་འབྱུང་། །ཞེས་གསུངས་པས། །ཡེ་ཤེས་ཡོངས་རྒྱས་མདོ་ལས་ཀྱང་། །བྱང་ཕྱོགས་ཁ་བ་ཅན་གྱི་རི་རྒྱུད་དུ། །།རིན་ཆེན་དཔལ་ཞེས་བྱ་བ་འབྱུང་འགྱུར་ཏེ། །མི་མཆོག་དེ་ནི་འཇིག་རྟེན་ཁམས་སུ་གྲགས། །ང་ཡི་བསྟན་ལ་བྱ་བ་བྱེད་པ་འབྱུང་། །དགེ་འདུན་ས་ཡ་ཕྲག་ནི་བརྒྱད་ཅུ་འབྱུང་། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཐོབ་པར་འགྱུར། །རྒྱས་


CMR021_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་གསུམ་དང་ས་ལུ་ལྗངས་པའི་མདོ། །མདོ་སྡེ་པད་དཀར་ཡེ་ཤེས་ཡོངས་རྒྱས་དང་། །དངོས་གྲུབ་བསྟན་གཟིགས་ལ་སོགས་རྒྱུད་སྡེ་དང་། །མདོ་རྒྱུ་ད་ཉི་ཤུའི་ནང་དུ་གསལ་བར་བསྟན་པ་ལྟར། །སྐྱོབ་པ་འཇིག་རྟེན་གསུམ་མགོན་མཚན། །རིན་ཆེན་དཔལ་ཞེས་བྱ་བ་ནས་བཟུང་སྟེ། །འབྲི་གུང་ཞབས་དྲུང་ན་རིམ་རྣམས། །སྤྱིར་གསང་སྔགས་བསྟན་པའི་བདག་པོར་གྱུར་ཅིང་། ཁྱད་པར་དུ་ཞབས་དྲུང་རིན་ཆེན་ཕུན་ཚོགས་དེ་ཉིད། ཡང་ཟབ་ཀྱི་ཆོས་སྐོར་གཏེར་ནས་བཏོན་པས། གཏེར་སྟོན་སྣ་ཚོགས་རང་གྲོལ་ཞེས་ཀྱང་བྱ། གནམ་ལྕགས་མེ་འབར་ཞེས་ཀྱང་བྱ། ལྷ་སྲས་སད་ན་ལེགས་ཀྱི་སྐྱེས་མཐར་གཏེར་ཁ་མང་པོ་ནས་ལུང་བསྟན་པ་དེ་ཉིད་ཞྭ་དམར་ཅོད་པན་འཛིན་པ་བཞི་པ་ལ་རབ་བྱུང་ཞུས། རྡོ་རྗེ་ཕྲེང་བའི་དབང་ཡང་ཞུས། ༼ཀ༽ དེའི་སྲས་ཆོས་རྒྱལ་ཕུན་ཚོགས་ཀྱིས་རྡོར་ཕྲེང་གི་ཆོས་སྒོར་སྐལ་ལྡན་འབུམ་ཕྲག་བཅུག་ཅེས་རྣམ་ཐར་ལས་འབྱུང་། ཨོ་རྒྱན་རིན་པོ་ཆེས་གསང་བ་ཡང་ཏིག་གི་ལུང་བྱང་ལས། ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན། །ཚེ་འཕོས་རྒྱལ་སྲས་ལྷ་རྗེར་གྱུར། །དེ་ཉིད་སྐྱེ་བ་ཕྱི་མ་ལ། །སྤྲུལ་སྐུ་ཨོ་རྒྱན་གླིང་པ་


CMR021_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། །ང་ཡི་ཟབ་གཏེར་མང་དུ་སྤྱོད། །དེ་ཡི་སྐྱེ་བ་ཕྱི་མ་ལ། །གཞོ་ཞེས་བྱ་བའི་ས་ཆ་རུ། །བཀྲ་ཤིས་མིང་ཅན་ལུག་ལོ་པ། །དེ་ཡི་དྲི་ནི་སུས་ཟོས་པ། །སྐྱེ་བདུན་ཕལ་གྱི་དོ་ཟླ་མིན། །དེ་ལ་གསུང་ཆོས་སུས་ཐོབ་པ། །ཨོ་རྒྱན་ང་དང་ཁྱད་པར་མེད། །ཅེས་དང་། ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ་ལས། དབུས་རུ་ཀ་ཚལ་ས་དང་ཉེ་བ་རུ། །བཀྲ་ཤིས་མིང་བྱང་བརླ་གཡོན་སྨེ་བས་མཚན། །དེ་ལ་གདམས་པའི་གཏད་རྒྱ་བགྱིས་པ་ན། །དགེ་འདུན་སྡེ་འཕེལ་བསྟན་ལ་ཕན་པ་འབྱུང་། ཞེས་དང་། ཡང་ཟབ་ལུང་བསྟན་ཕྱི་ནང་གསང་གསུམ་ལས། །རིགས་དང་ཆོས་ཀྱི་སྲིད་འཛིན་གདུང་འཚོབ་པ། །ཆོས་ཀྱི་རྒྱལ་པོ་སྙིང་པོའི་བསྟན་པ་འཛིན། །ཅེས་དང་ལུང་བསྟན་གབ་རྒྱ་ཅན་ལས། ད་ལྟའི་དུས་ཀྱི་སྔགས་འཆང་མཆོག་གྲུབ་རྒྱལ། །སངས་རྒྱས་བླ་མ་སྟོད་གཏེར་བདག་པོ་དང་། །ཨོ་རྒྱན་གླིང་སོགས་སྐྱེ་མང་བླང་བའི་མཐར། །ཅེས་པའི་མིང་ནི་ནོར་བུ་བཏགས་པ་དེར། །མེ་མོ་ལུག་གི་ལོ་པ་པདྨའི་སྲས། །ཕྱི་ནང་རྟེན་འབྲེལ་དག་པ་འབེབས་པ་དང་། །ས་མོ་ལུག་ནས་མེ་མོ་ལུག་གི་བར། །གཟབ་


CMR021_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཅས་སོ་ཆོས་རྒྱལ་ལྷ་ཡི་རིགས། །གཏེར་ལུང་འདི་དང་རྟེན་འབྲེལ་གུང་འཛོམས་ཤིང་། །ལུང་ནས་བསྟན་པའི་རྟེན་འབྲེལ་ཀུན་བསྒྲུབ་ན། །ཆོས་ཀྱི་རྒྱལ་པོ་བར་ཆད་བདུད་ལས་རྒྱལ། །ཚེ་ཚད་རེ་བཞི་པ་ལ་ལྷག་སྲིད་དེ། །བོད་འབངས་བསྟན་པ་སྤྱི་ལ་ཕན་བདེ་འབྱུང་། །ལྷ་རིགས་རྒྱལ་སྲས་ཀུ་ཤ་དྲི་ཆུ་ནི། །གང་གི་ལྟོ་རུ་སོང་བའི་འགྲོ་བ་རྣམས། །སྐྱེ་བ་གཅིག་གིས་བདེན་པ་མཐོང་བར་འགྱུར། ཅེས་དང་། དེ་ལྟ་བུའི་ཡབ་ཆོས་རྒྱལ་ཕུན་ཚོགས་དེ་ཉིད་ཀྱི་དྲུང་ནས། སྲས་ཞབས་དྲུང་དཀོན་མཆོག་རིན་ཆེན་གྱིས་གསན་ཏེ། འདི་ནི་མཁན་པོ་བོ་དྷི་སཏཱ་སོགས་སྐྱེ་བ་དུ་མ་དྲན་པའི་སྐྱེས་བུ་དམ་པ་ཡིན། ཁོང་གིས་ཉིད་ཀྱི་མཆེད་ཡ་ཆེ་བ་ཅུང་ཏེ་ལོ་ཡི་སྤྲུལ་པར་གྲགས་པ་མཚན་གྲགས་པ་རྒྱལ་མཚན་དེ་ལ་ཡང་ཚར་གཅིག་གསན། ལུང་བསྟན་ཆེན་པོ་བཀའ་རྒྱ་མ་དང་། ཡང་ཟབ་ཀྱི་ལུང་བྱང་སྟེ། ཕྱག་ནས་ཕྱག་དཔེ་དཀྱིལ་འཁོར་རྣམས་རྒྱ་མ་བཤིག་པ་འདུག་པ་ང་ལ་གཏད་ནས་ཕྱག་དཔེ་པར་མ་སེར་མ་ཕོག་པ་ཞིག་འདུག་པ། ཡི་གེ་ཆེ་ཆུང་ཕྱེ་བའི་སེར་རྒྱབ་པ་དང་། དཀྱིལ་འཁོར་རྣམས་སོ་སོར་ཕྱེས་གསུངས། བདག་གིས་དེ་ལྟར་བྱས་


CMR021_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕྱག་ཏུ་བཏང་བས། སྔར་གཏན་ནས་གཟིགས་མ་མྱོང་བར་འདུག་ཀྱང་། དབང་བསྒྲུབ་ལུགས་བསྐུར་ལུགས་ཐམས་ཅད་ཅུང་ཟད་ཀྱང་མི་འཆུགས་པར་ཐོགས་པ་མེད་པར་གབ་འཕྲོད་པར་འདུག་པས། སྐྱེས་བུ་དམ་པ་ཆོས་ཀྱི་སྤྱན་ཅན་ཡིན་པར་འདུག་སྙམ་དུ་དད་པ་ལྷག་པར་འཕེལ། དེ་ཉིད་དབང་ཐོབ་ཚུགས་དེ་དགོང་བསྐྱེད་རིམ་དྲན་རྫོགས་སུ་བསྒོམས་ནས་འཕྲལ་དུ་བསྙེན་པ་ཡང་ཅི་འགྲུབ་རེ་བྱས། ལྷག་པར་ཟླ་བ་གཟའ་འཛིན་བྱུང་ནུབ་ཐོབ་ཚད་ཀུན་གྱི་བསྙེན་པ་མང་དུ་བྱས་པས། དབང་ཐོབ་པ་རྣམས་དྲངས།་ཕྱིས་ཞབས་དྲུང་ཆོས་ཀྱི་གྲགས་པས། འབྲི་གུང་བཀའ་བརྒྱུད་གསེར་ཕྲེང་གི་གྲལ། ལྷོ་རིན་པོ་ཆེ་འདི་བཞུགས་དགོས་པར་དགོངས་ནས་སྐུ་གཤེགས་ཁ་ཞལ་ཆེམས་ཀྱི་ཚུལ་དུ། རྡོར་ཕྲེང་གི་དབང་འདི་མགར་སྤྲུལ་སྐུ་ལ་ཁྱེད་ཀྱིས་ཐེང་བ་གྱིས་གསུངས་སྐད། ཁོང་དབུས་ནས་ཕེབས་སྐབས། བདག་རཱ་ག་ཨ་སྱས་ས་སྟོད་མི་ཆེན་ཟིལ་བཟང་དུ་མཇལ་སྐབས། ཕྱག་རྟེན་དགུ་ཚན་འགའ་ཟུང་དང་བཅས། རྡོར་ཕྲེང་གནང་བའི་སྙན་གསན་ཕབ་པས། དཔྱིད་སོ་གནང་བའི་ཞལ་བཞེས་བྱུང་། དཔྱིད་སོ་གྲུབ་ཆེན་སྲས་


CMR021_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

སྡོང་སྒོམ་ཤུའི་སྒྲུབ་གནས་བྲག་རི་དུང་གི་ཁྲོ་བོ་རང་བྱུང་དུ་གསལ་བའི་སྒྲུབ་ཁང་དུ། མགར་དམ་པའི་སྤྲུལ་སྐུ་དང་། ཚབ་བཤི་བླ་མ་དང་། འབྲུག་པ་བསོད་ནམས་དགེ་བ་དང་། རྗེ་ཉིད་ཀྱི་ཉེ་གནས་གོ་རང་རྟོགས་ལྡན་དང་། བདག་རཱ་ག་ཨ་སྱ་དང་ངེད་ལྔ་ལ་མཚམས་ཁུང་ནས་གནང་། ཞབས་དྲུང་ཆོས་ཀྱི་གྲགས་པའི་གསུང་དང་། གནམ་ཆོས་ཀྱི་ལུང་བྱང་མཚུངས་པར། རྗེ་འབངས་སོག་པོ་ལྷ་དཔལ་གྱི་སྐྱེ་བར་ལུང་བསྟན་པའི་སྤྲུལ་པའི་སྐུ་དཀོན་མཆོག་ཕྲིན་ལས་རྣམ་རྒྱལ་དཔལ་བཟང་པོ་དེ་སྐུ་ན་ཕྲའུ་ཡི་དུས་སུ། ས་ལུགས་ཀྱི་བླ་མ་ཞིག་ལ་རྡོར་ཕྲེང་ཚར་གཅིག་གསན་པར་འདུག་སྟེ། དེའི་བརྒྱུད་རིམ་སོགས་བྲིས་པར་མི་འདུག །ཁམས་སུ་མགྱོགས་ཐབས་སུ་འབྱོན་ཁ་ཞག་མང་པོའི་གོང་ནས་དཀྱིལ་འཁོར་རྣམས་བཤམས་དབང་སྒྲུབ་རྣམས་བྱས་ནས། དབང་ཞུ་བ་ཉི་ཤུ་ཙམ་ལ་དཀྱིལ་འཁོར་བཞི་བཅུ་ཞེ་ལྔ་བསྡུས་པ་མ་ཡིན་པར་རྒྱས་པ་སོ་སོར་བསྐུར་བས། ཞག་ལྔ་ནས་རྫོགས་པར་བྱེད་པ་ནི། རྫུ་འཕྲུལ་གྱི་བཀོད་པ་ངོ་མཚར་བ་ཡིན་པར་སྣང་། དབང་ལུང་གཉིས་ཀ་ཚར་ནས་ཕྱག་དཔེ་དང་། དཀྱིལ་ཐང་བརྒྱ་ལྷག་གནང་བ་རྒྱུ་མ་བཤིག་པར་


CMR021_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་འཕྲལ་དུ་ཉམས་སུ་ལོན་པ་ངོ་མཚར་གསུངས། བླ་མ་ཡང་མཉེས། ཉེ་གནས་གོ་རང་རྟོགས་ལྡན་གྱིས་དཀྱིལ་འཁོར་མཐོ་ཐོག་དྲན་རྫོགས་སུ་བསྒོམས་ནས་བསྙེན་པ་བྱེད་ཚུལ་དེ་བྲིས་ལ་གཏོད་ཟེར་བས། བདག་གིས་བྲིས་ནས་ཕུལ་བས་ཐུགས་དམ་བྱེད་ར་ཡོད། དབང་སོ་སོར་དབང་སྒྲུབ་རྒྱས་པར་མཛད་ཚེ། ལུང་གི་ཚུལ་དུ་ངེད་སློབ་མ་རྣམས་ལ་ཡང་། ཉན་བཅུག་ནས། ཕྱག་ཁྲིད་ཞོར་ནས་འོང་བ་མཛད། ཉིན་རེ་དབང་གཉིས་རེ་དང་རེས་འགའ་གསུམ་རེ་ཙམ་ཡང་འགྲུབ་སྟེ། བཀའ་བརྒྱུད་ཀྱི་ཕ་ཆོས་ཡིན་གསུངས་ནས་རྔོག་དཀྱིལ་བདུན་ཡང་དེ་ལ་མཐུད་ནས་བསྐུར་བས། ཞག་ཉི་ཤུ་རྩ་དྲུག་རྩ་བདུན་ཙམ་འགོར། བདག་ལ་བད་སྣབ་སྐྱུག་པའི་ནད་རྙིང་ཅིས་ཀྱང་མི་ཕན་པ་ཞིག་ཡོད་པ་དེ། དབང་དེ་ཐོབ་ནས་ལོ་གཅིག་གི་བར་གཞི་མེད་དུ་ཕན་པས་བྱིན་རླབས་ཀྱང་ཆེ་བར་མཐོང་། འདི་ཡི་དཀྱིལ་འཁོར་གཅིག་གི་བསྙེན་པ་མཚམས་བྱས་ནས་རྫོགས་པར་བྱས། གཞན་འདི་ཡི་ལྷ་གྲངས་ཕལ་ཆེར་གྱི་བསྙེན་པ་ཡང་བྱས། དེས་ན་ཐོབ་པ་ཙམ་ལ་བཞག་པ་ཡང་མ་ཡིན་པ་འདི་ཡི་དབང་གི་འགྲིགས་ཆོག་སྔོན་གྱི་མཁས་པ་ཡོངས་


CMR021_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་དུ་མས་མཛད་པ་ཡང་འདུག་ལ། སྔགས་གྲྭ་སློབ་དཔོན་ཀརྨ་ཕྲིན་ལས་གསུམ་པས་མཛད་པ་ནི། དེང་སང་ཀར་ལུགས་ཕལ་ཆེར་ལ་དར། བུ་སྟོན་གྱི་སློབ་རྒྱུད་དགེ་སློང་པྲཛྙཱ་ཤྲཱིས་མཛད་པ་ལ་ནི་མཆོག་དབང་སྐོར་གསུམ་མི་འབྱར། པདྨ་དཀར་པོས་མཛད་པ་ནི། སྟབས་བདེ་ཞིང་ཉུང་ན་ཡང་། ཧ་ཅང་བསྡུས་དྲགས། འདི་ནི་མངའ་རི་ཚུལ་ཁྲིམས་འོད་ཟེར་བས་བསྒྲིགས་ཤིང་། པར་དུ་འཁོད་པ་དེ་ཡི་ལུགས་ཡིན་པས། འདི་ནི་ཀུན་གྱི་ཚད་མར་འཛིན་ཅིང་མཆོག་ཏུ་གྱུར་པའི་ལོ་རྒྱུས་མང་དུ་ཐོས་སོ། །དེ་ལ་དབང་རྡོ་རྗེ་ཕྲེང་བ་འདི་གང་ལས་བརྒྱུད་པའི་རིམ་པ་ནི་གསུམ་སྟེ། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། ཨ་བྱཱ་ཀ་ར། པཎྜི་ཏ་དགེ་བའི་འབྱུང་གནས་སྦས་པ། རྣལ་འབྱོར་ལེགས་བསྐྱོད་ཞབས། པཎ་ཆེན་རཏྣ་རཀྵི་ཏ། ཆགས་ལོཙྪ་བ་ཆོས་རྗེ་དཔལ། གོ་ལུང་པ་གཞོན་ནུ་དཔལ། སྙེ་མདོ་བ་ཀུན་དགའ་དོན་གྲུབ། ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེ། ཆོས་ཀྱི་རྒྱལ་མཚན། བླ་མ་ཛྷཱ་ན་ཤྲི། རིན་ཆེན་བཟང་པོ། མཐོང་བ་དོན་ལྡན། དཔལ་འབྱོར་དོན་གྲུབ། སྤྱན་སྔ་ཆོས་ཀྱི་གྲགས་པ། འབྲི་ཁུང་རིན་ཆེན་ཕུན་


CMR021_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། ཡབ་ཆོས་རྒྱལ་ཕུན་ཚོགས། སངས་རྒྱས་དཀོན་མཆོག་རིན་ཆེན། དཀོན་མཆོག་ཕྲིན་ལས་རྣམ་རྒྱལ། རཱ་ག་ཨ་སྱའོ། །ཡང་རྡོ་རྗེ་འཆང་། ཡེ་ཤེས་མཁའ་འགྲོ། པཎ་ཆེན་ཨ་བྷྱ་ཀ་ར་གུཔྟ། ཨ་ནུ་པདྨ་རཀྵི་ཏ། པཎྜི་ཏ་བིཀཱ་དེ་ཝ། པཎ་ཆེན་ཤཱཀྱ་ཤྲཱི། པཎྜི་ཏ་བྷུ་མི་ཤི། བི་མ་ལ་ཤྲཱི་བྷ་དྲ། མང་དཀར་ལོཙྪ་བ་བྱང་ཆུབ་སེང་གེ་།ཀྱི་སྟོན་འཇམ་དབྱངས་གྲགས་པ་རྒྱལ་མཚན། ཀུན་མཁྱེན་དོལ་བུ་པ་ཤེས་རབ་རྒྱལ་མཚན། མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྡོ་རྗེ་འཛིན་པ་གུ་ན་ཤི །མཁས་གྲུབ་བླ་མ་རྒྱལ་མཚན། ཞྭ་དམར་ཅོད་པན་འཛིན་པ་བཞི་པ། རྗེ་འབྲི་ཁུང་པ་རིན་ཆེན་ཕུན་ཚོགས། རྒྱལ་བའི་ཡབ་གཅིག་ཆོས་རྒྱལ་ཕུན་ཚོགས། སངས་རྒྱས་དཀོན་མཆོག་རིན་ཆེན། སྤྲུལ་སྐུ་དཀོན་མཆོག་ཕྲིན་ལས་རྣམ་རྒྱལ། བདག་དགེ་སློང་རཱ་ག་ཨ་སྱའོ། །ཡང་རྡོ་རྗེ་འཆང་། ཡེ་ཤེས་མཁའ་འགྲོ། ཨ་བྱཱ་ཀ་ར། ཨ་ནུ་པདྨ་རཀི་ཏ། པཎྜི་ཏ་བིཀྟ་དེ་ཝ། པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ། མང་དཀར་ལོཙཱ་བ་བྱང་


CMR021_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེང་གེ །ཀྱི་སྟོན་འཇམ་དབྱངས་གྲགས་པ་རྒྱལ་མཚན། ཀུན་མཁྱེན་དོལ་བུ་པ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། རྗེ་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། འཇམ་དབྱངས་བློ་གྲོས་རྒྱལ་མཚན། ངག་དབང་ཆོས་ཀྱི་གྲགས་པ། སྐུ་ཆེ་བ་མཚུངས་མེད་གྲགས་པ་རྒྱལ་མཚན། དཀོན་མཆོག་རིན་ཆེན། ལྷོ་རིན་པོ་ཆེ། རཱ་ག་ཨ་སྱའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དབང་རྡོ་རྗེ་ཕྲེང་བའི་སློབ་མ་རྗེས་འཛིན་དང་སློབ་མ་སྟ་གོན་ཁྱེར་བདེ།


CMR021_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རྡོ་རྗེ་ཕྲེང་བའི་སློབ་མ་རྗེས་འཛིན་དང་སློབ་མ་སྟ་གོན་ཁྱེར་བདེ་བ་བཞུགས་སོ།།


CMR021_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་དྷ་ར་ཡེ། རིགས་ཀུན་ཁྱབ་བདག་དཔལ་ལྡན་བླ་མ་དང་། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །རྡོར་ཕྲེང་ཡོངས་རྫོགས་དབང་སྐུར་བྱེད་པའི་ཚེ། །ཐོག་མར་སློབ་མ་རྗེས་འཛིན་ཆོ་ག་ནི། །མདུན་དུ་སློབ་མ་འཚོགས་ལ་འདི་ལྟར་བརྗོད། །འདིར་སྐབས་སུ་བབ་པ་སློབ་མ་ལ་དབང་བསྐུར་བའི་ཆོ་ག་ལ། སློབ་མ་རྗེས་སུ་བཟུང་བ་དང་། ཆོ་ག་དངོས་གཉིས་སོ། །དང་པོ་ནི་དཔལ་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཆེན་པོ་རྣམས་སུ་དབང་བསྐུར་དོན་དུ་གཉེར་བའི་སློབ་མས། གསོལ་བ་འདེབས་པའམ་གཙུག་ལག་ཁང་ལ་སོགས་པའི་རབ་གནས་ཞུ་བ་


CMR021_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན། རབ་གནས་ཀྱི་རྒྱུད་ལས། དབང་བསྐུར་དང་ནི་རབ་གནས་དག་།ཡར་གྱི་ངོ་ལ་བརྩམ་པར་བྱ། །གཟའ་དང་སྐར་མ་འཛོམས་གྱུར་ན། །མར་གྱི་ངོ་ལའང་ཉེས་པ་མེད། །ཉི་ཤུ་དགུ་དང་གནམ་སྟོང་ལ། །ཁྱད་པར་དུ་ནི་བྱ་བ་མིན། །ཞེས་པ་ལྟར། ཟླ་བ་ཡར་ངོ་སོགས་ལ་ཚེས་དང་གཟའ་དང་རྒྱུ་སྐར་དང་དུས་སྦྱོར་དང་བྱེད་པ་བཟང་པོ་རྣམས་འཛོམས་པའི་དུས་སུ་སློབ་མ་རྗེས་སུ་བཟུང་བ་ལ་སོགས་པའི་ཆོ་ག་བརྩམ་པར་བྱའོ། །དབང་སྐུར་རྒྱུན་གཅིག་ལ་བྱེད་ན། ཉི་ཤུ་དགུ་དང་གནམ་སྟོང་ལ་ཡང་ཉེས་པ་མེད་དོ། །དེ་ཡང་སློབ་དཔོན་གྱི་


CMR021_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བ་ཡོངས་སུ་བརྟགས་པའི་སློབ་མས་ཡི་དམ་ལྷའི་བསྙེན་པ་སོང་ཞིང་དཀྱིལ་འཁོར་གྱི་ཆོ་ག་ལ་མཁས་པ་ལ་སོགས་པ་མཚན་ཉིད་དང་ལྡན་པའི་བླ་མ་ལ་ཕྱག་དང་མཎྜལ་སྔོན་དུ་འགྲོ་བས། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སོགས༔ སློབ་དཔོན་དགོངས་སུ་གསོལ་ལོ། །སློབ་དཔོན་ཁྱེད་ཀྱིས་བདག་ལ་དཔལ་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཆེན་པོ་རྣམས་སུ་དབང་བསྐུར་བ་རྣམ་པར་དག་པ་བསྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས། སོ་སོར་ཐར་པ་རིགས་བདུན་གང་རུང་གི་སྡོམ་པ་དང་། བྱང་སེམས་ཀྱི་སྡོམ་པ་ལེན་དུ་གཞུག་གོ་གསུངས། རྒྱས་པར་སྐྱབས་སྡོམ་དང་བྱང་སྡོམ་འབོགས་པར་བྱའོ། །བསྡུ་ན། སངས་རྒྱས་ཆོས་ཚོགས་མ་ལན་གསུམ་རྗེས་ཟློས་བཅུག་པས་འཐུས། སློབ་མ་རྗེས་སུ་བཟུང་བ་དངོས་ནི། བླ་མ་དང་སློབ་མ་གཉིས་ཀས། ཡིད་མ་ཡེངས་པར་དམིགས་པ་འདི་བཞིན་དུ་བསྒོམ། བླ་མ་ལྷག་པའི་ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པས། ཁྱེད་རང་རྣམས་ཀྱི་ལྟེ་བར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས། སྙིང་གར་གནས་པའི་ཀཾ་ལས་བྱུང་བའི་སྡིག་པ་ཤ་ཟ་ལྟར་གནག་ཅིང་གཟུགས་རྣམ་པར་གྱུར་པ། གཅེར་བུ་འབྲས་བུ་འཕྱང་བ་


CMR021_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲ་གྱེན་དུ་བསྒྲེང་བ། སྣ་རྩེ་ནས་ཕྱུང་ལ་ལྟེ་བའི་ཧཱུཾ་ཡིག་སྙིང་ཁར་འདུས་ནས། ཧཱུྃ་དེ་ཡོངས་སུ་གྱུར་པ་ལས་འཆད་པར་གྱུར་པའི་ཁྲོ་བོ་ཆེན་པོ་རྡོ་རྗེ་ཧཱུྃ་མཛད་ཀྱི་། རྣམ་པར་གྱུར་པ་སྣ་བུག་ནས་ཐོན་ཏེ་སྡིག་པའི་གཟུགས་ཀྱི་མདུན་དུ་བྱོན་ཏེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་ཧྲཱིཿནྣ་ཀྲྀཧྥ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་མྲྀཏྟཱ་པ་ཡ་གྲིདྡྷཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་ཨཱཿ་ན་ཡ་ཧོ་བྷ་ག་ཝན་བིཅུ་རཱ་ཛ་སློབ་མ་རྣམས་ཀྱི་སརྦ་པ་པཾ་ན་ཤ་ཡ་ཧཱུྃ་ཧཱུྃ་ཕཊ་སྭ་ཧཱ། ཕྱག་ན་གནས་པའི་རྡོ་རྗེས་མདུན་གྱི་སྡིག་པ་རྡུལ་ཕྲན་ཙམ་དུ་བཅོམ་ནས་སྟོང་པར་བསམ་མོ། །ཡང་རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་ན། སྟོད་བདུད་རྩི་འཁྱིལ་བའི་གཟུགས་ལ། སྨད་ཕུར་བུའི་རྣམ་པ་ཅན་གྱི་སློབ་མའི་སེམས་ལས་འབྱུང་བའི་བགེགས་ཀྱི་སྤྱི་བོ་ནས་ཏིང་ངེ་འཛིན་གྱི་ཕུར་བུས་སྟོབ་པར་གྱུར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཨསྱ་སརྦ་བིགྷཱ་ནཾ་བྷནྡྷ་བྷནྡྷ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་བརྗོད་པས་ཕུར་པའི་འོད་ཟེར་གྱིས། སྡང་བའི་བགེགས་རྣམས་བསྐྲད་པར་གྱུར། དེ་ནས་ཁྱེད་རང་རྣམས། པཾ་ལས་ཀུན་ཏུ་བཟང་པོའི་གཟུགས་སུ་སྒོམས་ཤིག །བསྲུང་བའི་དོན་དུ་སྙིང་གར་ཨ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་དབྱངས་ཐ་མ་


CMR021_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི་སྣ་ཚོགས་རྡོ་རྗེས་མཚན་པ་དང་། མགོ་བོར་ཟླ་བ་ལ་གནས་པའི་ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་གྱེན་དུ་བགྲེང་བའི་ལྟེ་བར་བཞུགས་པར་གྱུར། དེའི་ཐུགས་ཀར་ཟླ་བ་ལ་གནས་པའི་རྡོ་རྗེའི་ལྟེ་བའི་ནང་དུ་ཚུད་པའི་སྔགས་ཀྱི་ཕྲེང་བ་ལས་བྱུང་བའི་རྡོ་རྗེ་སེར་པོ་ཕྲ་མོའི་འོད་ཟེར་འཕྲོས་ཏེ་ལུས་ཐམས་ཅད་ཁྱབ་པས་གོ་ཆ་བགོས་ཤིང་སྔགས་འདིས་བསྲུང་བར་སྒོམས་ཤིག །ཨོཾ་ཨོཾ་ཧཱུྃ་ཀ་རོ་ཤཱནྟི་ཀ་རེ་གྷ་ཊ་གྷ་ཊ་གྷ་ཊ་ནི་གྷ་ཏ་ཡ་གྷ་ཏ་ཡཱ་གྷི་ཌི་ནི་སློབ་མ་རྣམས་ཁ་དཀར་རཀྵ་སྭཱ་ཧཱ། ཧཱུྃ། སློབ་མ་རྣམས་ཀྱི་བར་ཆད་བསྲུང་བའི་དོན་དུ་ལས་སྔགས་ཀྱི་ལུང་སྦྱིན་པ་འདི་ཡི་རྗེས་ཟློས་མཛོད། ཨོཾ་ཨཱཿབིགྷཱན་ཀྲྀཏ་ཧཱུྃ་ཕཊ༔ དེ་ལྟར་བྱས་པས་འདི་ལ་བགེགས་རྣམས་མི་ཚུགས་ཤིང་མཁོ་བའི་ཡོ་བྱད་རྣམས་ཀྱང་བདེ་བར་རྙེད་པར་འགྱུར་རོ། །སློབ་མ་བསྡུ་བའི་རྗེས་སུ་བཟུང་བའི་ཆོ་གའོ། །ཆོ་ག་དངོས་ལ། རྡུལ་ཚོན་ཡིན་ན་འདིར་ས་ཆོག་དགོས་ཀྱང་འདིར་རས་བྲིས་ཡིན་པས་མི་དགོས། སློབ་མ་སྟ་གོན་ལ། སློབ་མ་ལྷ་གནས་སྡོམ་ཚིག་ནི། །ཁྲུས་བྱ་ངེས་འབྱུང་བསམ་པ་བསྐྱེད། །ནང་དབང་བསྐུར་དང་གསོལ་བ་གདབ། །སྤྲོ་བ་བསྐྱེད་ནས་སྡོམ་པ་སྦྱིན། །སྲུང་དང་སྐུ་གསུང་ཐུགས་བྱིན་


CMR021_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

རློབས། །དེ་ལ་མཆོད་དང་སོ་ཤིང་དོར། །ཁྱོར་ཆུ་སྦྱིན་དང་སྲུང་སྐུད་གདག །སྐུ་ཤ་སྦྱིན་ཞིང་ཆོས་བཤད་བྱ། །རྨི་ལམ་བརྟག་དང་སྲུང་བའོ། །ཞེས་པ་ལྟར་། སློབ་མ་སྟ་གོན་ལ། ཆོས་བཅུ་བཞི་ཡོད་པ་ལས། དང་པོ་ཁྲུས་ལ་སོགས་པ་བྱ་བ་ནི། ང་རྒྱལ་ལ་སོགས་པའི་སྐྱོན་དྲུག་དང་བྲལ་བ། དགེ་བསྙེན་ལ་སོགས་བསླབ་པ་ལ་གནས་པ་རྒྱུད་ཡོངས་སུ་སྦྱོང་ཞིང་གུས་པ་དང་ལྡན་པས་རྡོ་རྗེ་སེམས་དཔའི་སྡོམ་པ་བཟུང་བར་ནུས་པ་རྡོ་རྗེ་ཐེག་པ་ལས། སྟོན་པ་གཞན་མི་ཚོལ་བ་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་སློབ་མ་རྣམས་ཁྲུས་བྱས་ནས། ཕྱག་དང་མཎྜལ་ཕུལ་ལ། པུས་མོ་ས་ལ་བཙུགས། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་ཉོན། བླ་མས། ཁྱེད་རྣམས་དལ་འབྱོར་གྱི་མི་ལུས་ཐོབ་ཅིང་། །སངས་རྒྱས་ཀྱི་བསྟན་པ་དང་མཇལ་ནས། གསང་སྔགས་ཀྱི་སྒོར་ཞུགས་ཏེ། དབང་ཟབ་མོ་ཞུ་བར་འདོད་པ་དེ་ཤིན་ཏུ་ལེགས། དེ་ཡང་སེམས་ཅན་ཐམས་ཅད་གདོད་མ་ནས་རང་བཞིན་གྱིས་དོན་དམ་པའི་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ཡང་གནས་སྐབས་སུ་ཀུན་རྫོབ་གློ་བུར་གྱི་དྲི་མ་མ་རིག་པ་ལ་སོགས་པ་དོར་བར་དཀའ་


CMR021_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འཆིང་བ་རྒྱུད་མོས་བཅིངས་ཏེ། ལྡོག་པར་དཀའ་བའི་ལས་ཀྱི་རླུང་ཤུགས་ཀྱིས་འཕངས་ནས། སྐྱབས་མེད་པའི་ངན་སོང་གསུམ་དང་། བདེ་འགྲོ་གཉིས་ཀྱི་འཁོར་བའི་རྒྱ་མཚོ་ཆེན་པོར། སྡུག་བསྔལ་དྲག་པོ་ཤིན་ཏུ་བརྒལ་དཀའ་བ་རྣམས་སུ་ཡང་ནས་ཡང་དུ་ལྟུང་ཞིང་ཐོབ་དཀའ་བས། དལ་བའི་སྐབས་ཅུང་ཟད་ཀྱང་མེད་ཅིང་། རང་དབང་མེད་པར་ལུས་ལེན་པ་ཤིན་ཏུ་སྙིང་རྗེ་བའི་གནས་ཡིན་པས། དེ་རྣམས་ཀྱི་དོན་དུ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱེད་པ་ལ། དམ་པའི་ཆོས་ཉམས་སུ་བླང་དགོས་ཤིང་ཆོས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཐེག་པ་ཆེན་པོ་ཡིན་ལ། དེའི་མཐར་ཐུག་སྙིང་པོར་གྱུར་པ་གསང་སྔགས་ཡིན་པས། དེ་ཡི་ལམ་རིམ་པ་གཉིས་ཀྱི་དོན་དུ་རྣལ་འབྱོར་སྒྲུབ་པའི་སྔོན་དུ་དབང་བསྐུར་བ་འགྲོ་དགོས་པས། དེ་ཡི་ཕྱིར་ད་ལན་འདིར་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་ཨ་བྱཱ་ཀ་ར་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས། སཾ་བྷུ་ཊི་ལ་སོགས་པ་རྒྱུད་མང་པོའི་འགྲེལ་པ་དང་། ཕྲེང་བ་སྐོར་གསུམ་ལ་སོགས་པའི་དཀྱིལ་འཁོར་མང་པོའི་ཆོ་ག་དང་། སྒྲུབ་


CMR021_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་རྒྱ་མཚོ་ལ་སོགས་པའི་རྒྱུད་སྡེ་མང་པོ་ནས་གསུངས་པའི་ཡི་དམ་གྱི་ལྷ་མང་པོའི་རྗེས་སུ་གནང་བ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པའི་གླེགས་བམ་གྱིས་ཤིག་ཅེས་བཀའ་གནང་ཞིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས་མཛད་པའི་གཞུང་ལུགས་མང་དུ་ཡོད་པ་ལས། འདིར་རྒྱུད་སྡེ་བཞི་ཀའི་ལྷ་མང་པོའི་སྒྲུབ་ཐབས་གསལ་བར་བྱེད་པ། རྣལ་འབྱོར་རྫོགས་ཕྲེང་དང་སློབ་དཔོན་ལ་ཉེ་བར་མཁོ་བའི་ཆོ་ག་དོན་ཚན་ལྔ་བཅུ་ཐམ་པས་བསྡུས་པ་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བའི་སྒོ་ནས་སྐལ་ལྡན་གྱི་གདུལ་བྱ་ལ་དབང་སྐུར་བར་བྱེད་པ་ལ། སློབ་མ་སྟ་གོན་གྱི་སྐབས་ཡིན་ཞིང་། དེ་ཡང་བཅོམ་ལྡན་འདས་ཀྱི་ཕྱེད་དང་བཞི་བརྒྱ་པ་ཡི་རྒྱུད་ལས། གཟུགས་ངན་ཡན་ལག་མ་ཚང་དང་། །དམན་པའང་ལྷག་པར་གནས་པར་བྱ། །རང་རང་བསླབ་ལྡན་འཁོར་བཞི་པོ། །ཐེག་ཆེན་བླ་མེད་རྣམས་ལ་ནི། །དེ་བཞིན་གཤེགས་པས་གསུངས་པ་ཡིན། །ཡང་དག་ཆོ་ག་རྗེས་སུ་གནང་། །ཞེས་གསུངས་པ་ལྟར། སློབ་དཔོན་གྱི་འབྲེལ་པ་བརྟགས་ནས། དབང་བསྐུར་བར་འོས་པའི་སློབ་མ་གསུམ་ལ་སོགས་པ་གྲངས་ཤིན་ཏུ་མང་བ་ལ་ཡང་རུང་སྟེ། ཡིད་མ་ཡེངས་


CMR021_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

པར་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱར་བས་ཉོན། གཉིས་པ་ངེས་འབྱུང་གི་བསམ་པ་བསྐྱེད་པའི་ཕྱིར། སྔགས་ཀྱི་ཚུལ་སྐལ་པ་དང་ལྡན་པ་རྣམས་ནི། འཇིག་རྟེན་འདི་ཉིད་ཀྱི་མངོན་པར་མཐོ་བ་དོན་དུ་གཉེར་བའི་ཕྱིར་ཡང་མ་ཡིན། འཇིག་རྟེན་ཕ་རོལ་གྱི་མངོན་པར་མཐོ་བ་དོན་དུ་གཉེར་བའི་ཕྱིར་ཡང་མ་ཡིན་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པའི་སྐུ་གསུམ་གྱི་ཕུན་སུམ་ཚོགས་པ་འཐོབ་པར་བྱ་བའི་ཕྱིར། དཔལ་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཆེན་པོ་རྣམས་སུ་འཇུག་པར་བྱའོ། །དེ་ལྟར་ན་མངོན་པར་མཐོ་བ་གཞན་གཉིས་ཀྱང་ཞོར་ལ་འགྲུབ་པར་འགྱུར་བ་ཉིད་དོ། །ཞེས་བརྗོད་ཅིང་དེའི་དོན་རྒྱས་པར་བཤད་པར་བྱའོ། །གསུམ་པ་ནང་དབང་བསྐུར་བ་ནི། ལྷ་ཐོར་བུར་བསྐུར་ནས་དཀྱིལ་འཁོར་གང་ཡིན་གྱི་གཙོ་བོར་བསྒོམ་རྒྱུ་ཡིན་ཀྱང་། རྡོ་རྗེ་ཕྲེང་བར་བཤད་པའི་བླ་མེད་རྒྱུད་ཀྱི་དཀྱིལ་འཁོར་རྣམས་ཀྱི་སྤྱི་ཁྱབ་ཏུ་དམིགས་ནས། བྱེད་རྒྱུ་ཡིན་པས། སློབ་དཔོན་དཀྱིལ་འཁོར་ཐམས་ཅད་ཀྱི་རིགས་བདག་རྡོ་རྗེ་འཆང་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོ། སློབ་མ་རྣམས་ཀྱི་ལུས་ལ་ཕོག་པས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བསྲེགས་ཏེ་བྱང་ཤིང་དག་པར་བྱས་ནས། ལུས་འོད་ཀྱི་རང་བཞིན་དུ་གྱུར་


CMR021_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཉིད་སློབ་དཔོན་གྱི་ཞལ་དུ་རིམ་གྱིས་ཞུགས། ཐུགས་ཀར་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་མཁར་བབ་པ་ལས། སློབ་མ་རྣམས་དཀྱིལ་འཁོར་ཐམས་ཅད་ཀྱི་རིགས་ཀྱི་བདག་པོ་རྡོ་རྗེ་འཆང་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུར་གྱུར་པར་བསྒོམ། །སླར་ཡང་སློབ་དཔོན་ལ་མོས་གུས་དྲག་པོ་བྱས་པའི་རྐྱེན་གྱིས། དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཏེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་བྱས་ཏེ། སློབ་དཔོན་གྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་སེམས་ཀྱི་ཁུ་བ་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་པ་དེ་ཁྱེད་རང་རྣམས་རྡོ་རྗེ་འཆང་དུ་གསལ་བའི་སྤྱི་བོ་ནས་ཞུགས་ཏེ། ཡེ་ཤེས་པ་འདྲེས་པ་དང་དབང་སྐུར་བ་དུས་གཅིག་ལ་བྱས་པས་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་པ་དེ་ཉིད་སླར་ཡང་ཧཱུྃ་ཞེས་བརྗོད་པས་ཡུམ་གྱི་མཁའ་ནང་ནས་ཕྱིར་ཐོན་ཏེ་རང་རང་གི་གྲལ་ལ་འཁོད་པའི་མོས་པ་མཛོད། ཆོ་ག་འདི་ཡི་དགོས་པ་ནི། སྐྱེ་


CMR021_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བོ་འདོད་ཆགས་ཅན་རྣམས་གསང་སྔགས་ལ་ཞུགས་པའི་ཕྱིར་དང་། སློབ་མ་བུར་སྒྲུབ་པའི་ཕྱིར་དང་། དབང་སྐུར་གཏན་ནས་མ་ཐོབ་པ་ཞིག་ཡིན་ཀྱང་། སློབ་དཔོན་ལ་གསང་སྒྲོགས་སུ་མི་འགྱུར་ཞིང་། སློབ་མ་སྔགས་ཀྱི་སྣོད་ལྡན་དུ་བྱ་བའི་ཕྱིར་ཡིན་ནོ། །རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་རེ་རེ་གཉིས་རེ་ཙམ་གྱི་དབང་སྐུར་བྱེད་པ་ཡིན་ན། རང་རང་གི་གཙོ་བོ་ཡབ་ཡུམ་མམ། ཡུམ་རྐྱང་གི་དཀྱིལ་འཁོར་རྣམས་ལ། རིགས་བདག་ཡབ་ཡུམ་གྱི།་ང་རྒྱལ་གྱི་ནང་དབང་བསྐུར་བར་བྱའོ། །བཞི་པ་གསོལ་བ་བཏབ་པ་ནི། སྔར་མཎྜལ་མ་ཕུལ་ན་འདིར་ཕུལ། ཐལ་མོ་སྦྱར་ཏེ་རྗེས་ཟློས་མཛོད། སྐྱེ་རྒ་འཆི་བ་ན་ཀྲ་ཡི། །ཆུ་སྲིན་ལ་སོགས་འཇིགས་རུང་བའི། །སྲིད་པའི་རྒྱ་མཚོར་བྱིངས་བ་ལ། །འདོན་པར་མཛད་པ་ཁྱོད་འབའ་ཞིག །དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོར་བདག་ཕྱག་འཚལ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་


CMR021_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བར་དོན་དྲན་བཞིན་པས་གསུམ་བརྗོད་དུ་གཞུག་གོ །ལྔ་པ་སྔགས་ཀྱི་ལམ་ཟབ་མོ་ལ་འཇུག་པའི་སྐལ་པ་དང་ལྡན་པ་རེ་དགའ་སྙམ་པའི་བློས་ཉོན། སྤྲོ་བ་བསྐྱེད་པ་ནི། བུ་ཚུར་ཤོག་ཅིག་ཐེག་ཆེན་པོ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གིས་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟད་ཆེན་པོ་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་གསུངས་པས། དེའི་དོན་ནི་འདི་ཡིན་ཏེ། ནང་དབང་བསྐུར་ནས། སློབ་མ་བུར་སྒྲུབ་པ་ཡིན་པས། དེ་ཡི་ཕྱིར་བུ་ཚུར་ཤོག་ཅིག །ཁྱོད་ནི་ཚུལ་ཆེན་གསང་སྔགས་རྡོ་རྗེ་ཐེག་པའི་སྣོད་དུ་གྱུར་པ་ཡིན་ལ། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་འདི་ནི། འདས་མ་འོངས་ད་


CMR021_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བགྲོད་པ་གཅིག་པའི་ལམ་ཡིན་ཞིང་། ད་ལྟར་གྱི་སྟོན་པ་ཤཱཀྱའི་རྒྱལ་པོ་འདི་ཡང་། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བརྟེན་ནས་སྲོད་ལ་བདུད་བཏུལ་ཐོ་རེངས་མངོན་པར་རྫོགས་པར་སངས་རྒྱས་ཏེ། རང་ཉིད་ཀྱིས་ཉམས་སུ་བླང་བའི་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་འདི་གདུལ་བྱ་རྣམས་ཀྱིས་ཀྱང་ཉམས་སུ་བླངས་ན་འབྲས་བུ་སངས་རྒྱས་མྱུར་དུ་ཐོབ་པར་སྔགས་ཀྱི་ལམ་ཟབ་མོ་ལ་འཇུག་ཏུ་རུང་བ་ལ། དགའ་སྤྲོ་ཁྱད་པར་ཅན་སྐྱེད་ཅིག །ཅེས་བརྗོད་དོ། །དྲུག་པ་ནི་མདུན་གྱི་ནམ་མཁར་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་པ་བཟུང་སྙམ་པའི་བསམ་པས་འདི་ཡི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་གི་བར་ལན་གསུམ། སློབ་མའི་དབང་ཙམ་ལས་མི་བསྐུར་ན་འདི་ཡི་ཆོག །རིགས་ལྔའི་སྡོམ་བཟུང་མི་དགོས་སོ། །རྡོ་རྗེ་སློབ་དཔོན་གྱིས་དབང་བསྐུར་ཡིན་ན། མཎྜལ་ཕུལ། འཁོར་ལོ་ཕྱིར་མི་ལྡོག་པའི་


CMR021_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དབང་། །དམ་པས་བདག་ལ་བསྩལ་ནས་ཀྱང་། །མགོན་པོས་འཁོར་ལོ་ལྷ་དག་གི །དེ་ཉིད་སློབ་དཔོན་ཕྲིན་ལས་དང་། །སངས་རྒྱས་ཀུན་གྱི་དམ་ཚིག་དང་། །སྡོམ་པ་གསང་མཆོག་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་དོན་བྱའི་ཕྱིར། །རྟག་ཏུ་བདག་ནི་སློབ་དཔོན་བགྱིད། །ཅེས་ལན་གསུམ་གྱིས་ཁྱད་པར་གྱི་དོན་དུ་གསོལ་བ་འདེབས་སུ་བཅུག་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་རྗེ་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། སོགས། །སེམས་ཅན་མྱ་ངན་འདས་ལ་འགོད། །ཀྱི་བར་དོན་དྲན་བཞིན་གྱིས་ལན་གསུམ་བརྗོད་དུ་བཅུག་གོ །བདུན་པ་སྟ་གོན་གྱི་དངོས་གཞི་ལྟ་བུ། སློབ་མའི་ལུས་ངག་ཡིད་གསུམ་ལ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ས་བོན་བཞག་པའི་ཕྱིར་བྱིན་གྱིས་བརླབ་པ་ནི། ཨོཾ་ཨཱཿབིགྷཱནྟ་ཀྲྀཏ་ཧཱུྃ། ཞེས་བརྗོད་དཀྱིལ་འཁོར་གང་ཡིན་གྱི་ལས་སྔགས་ལན་གསུམ་བཟླས་པས་སློབ་མའི་ལུས་ངག་ཡིད་གསུམ་གྱི་བར་ཆད་བསྲུང་ལ། ཁྱེད་རང་རྣམས་ཀྱི་སྙིང་གར་རྡོ་རྗེའི་སྟེང་དུ་ཉི་མ་ལ་གནས་པའི་ཧཱུྃ་ནག་པོ། མགྲིན་


CMR021_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

པར་པདྨའི་སྟེང་དུ་ཉི་མ་ལ་ཨཱཿདམར་པོ། དཔྲལ་བར་འཁོར་ལོའི་སྟེང་དུ་ཟླ་བ་ལ་ཨོཾ་དཀར་པོ་རྣམས་བསྒོམ། སློབ་དཔོན་གྱི་རྡོ་རྗེ་དང་བཅས་པའི་དྲི་ཆུས་སྙིང་ཁ་དང་མགྲིན་པ་སྤྱི་བོར་རེག་པར་བསྒོམ། ཧཱུྃ་ཨཱཿཨོཾ། དེ་དག་ལས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་གསུང་སྐུ་ཡི་ཡེ་ཤེས་པ་རྣམས་སྤྱན་དྲངས་ཏེ། ཕྱག་མཚན་ཡིག་འབྲུ་དང་བཅས་པ་ལ་ཐིམ་པས། དེ་རྣམས་འོད་དུ་ཞུ་ནས། སློབ་མའི་ལུས་ངག་ཡིད་གསུམ་ལྷག་པའི་ལྷ་ཡི་སྐུ་གསུང་ཐུགས་སུ་གྱུར་པར་བསྒོམ། །ཛཿཧཱུྃ་བཾ་ཧོཿ དེ་ལ་མཆོད་པའི་ཕྱིར། མགོ་བོར་མེ་ཏོག །ཤངས་ལ་བདུག་སྤོས། མར་མེ་སྤྱན་ལམ་དུ། དྲི་ཆབ་ཐུགས་ཀར་ཕུལ་བར་སྒོམས་ཤིག །ཨོཾ་བཛྲ་པུཥྤེ༴ དྷུ་པེ༴ དྷི་པཾ༴ གྷནྡྷེ་པྲ་ཏིཙྪ་ཡེ་སྭཱ་ཧཱ། མཆོད་པ་འདི་ནི་གྲུབ་ཆེན་ཀུ་ཀུ་རི་པས། མ་ཧཱ་མཱ་ཡཱའི་དཀྱིལ་ཆོག་ལས། སེམས་ནི་དང་པོ་བསྐྱེད་པ་ལ། །སངས་རྒྱས་རྣམས་ཀྱིས་མཆོད་པ་ལྟར། །གནས་གསུམ་བྱིན་རླབས་བྱས་སློབ་ལ། །སློབ་དཔོན་གྱིས་ཀྱང་མཆོད་པར་བྱ། །ཞེས་གསུངས་པ་དང་མཐུན་ནོ། །དགུ་པ་སོ་ཤིང་སྦྱིན་པ་ནི། གསང་


CMR021_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྤྱི་རྒྱུད་ལས། སོ་ཤིང་ཨུ་དུམ་ཝ་ར་དང་། །ཨ་ཤུད་ཐ་ནི་རྨ་མེད་པ། །སོར་གྲངས་བཅུ་གཉིས་ཚད་དུ་བྱ། །མ་ཡོ་མ་གས་སྲོག་ཆགས་མེད། །རྩེ་མོར་མེ་ཏོག་བཅས་པ་སྦྱིན། །དྲི་ཡི་ཆུས་ནི་བརླན་པར་བྱ། །རང་གི་ལྷ་འམ་ལྷ་གཞན་གྱི། །སྙིང་པོ་ལན་མང་བཟླས་ནས་ནི། །ཐལ་མོ་སྦྱར་བའི་བར་དུ་སྦྱིན། །ཤར་རམ་བྱང་དུ་ཁ་ཕྱོགས་ནས། །སོ་ཤིང་ལྟོས་པ་མེད་པར་དོར། །ཞེས་གསུངས་པའི་སོ་ཤིང་ཚད་དང་མཚན་ཉིད་དང་ལྡན་པ། བསངས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སོ་ཤིང་སློབ་མ་རང་རང་གི་དངོས་གྲུབ་ཇི་ལྟར་འགྲུབ་པའི་རྟེན་འབྲེལ་དང་མཐུན་པའི་སོ་ཤིང་དུ་བསྒོམ། གཙོ་བོའི་སྔགས་དང་། ༀ་ཛི་ཧོ་སམྦྷ་ར་དྷ་ནི་ཡེ་སྭཱ་ཧཱ། སོ་ཤིང་འདི་ཐལ་མོ་ཁ་ཕྱེ་བའི་བར་དུ་ཟུངས་ལ་སྨན་པ་མཁས་པས་སྐྱུག་སྨན་བཏང་བ་བཞིན། སྡིག་སྒྲིབ་ཐམས་ཅད་ཕྱིར་སྐྱུག་པར་བསྒོམས་ལ། དྲི་ཡི་མཎྜལ་ཚོམ་བུ་དགུ་བཀོད་པའི་སྟེང་དུ་དོར་ཞིང་རྗེས་ཟློས་མཛོད། ཨོཾ་བཛྲ་ཧཱ་ས་ཧ། རྩེ་མོ་ཤར་བྱང་ནུབ་ལྷོ་སྟེང་འོག་རྣམས་སུ་བསྟན་ན། ཞི་རྒྱས་དབང་དྲག་དང་། རིག་འཛིན་དང་ས་འོག་གི་དངོས་གྲུབ་འགྲུབ་བོ།


CMR021_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་རྣམས་སུ་བསྟན་ན་དངོས་གྲུབ་སྣ་ཚོགས་པ་དང་། རང་དང་བླ་མ་ལ་བསྟན་ན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །བཅུ་པ་ཁྱོར་ཆུ་ནི་ལས་བུམ་ཆུ་དང་དུང་ཆོས་ཆུ་ལ་དྲི་བཟང་པོ་སྦྱར་ཏེ་བསངས་སྦྱངས། སྟོང་པའི་ངང་ལས་བཾ་ལས་བྱུང་བའི་ཁྱོར་ཆུ་མཚན་ཉིད་དང་ལྡན་པར་གྱུར། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་ཨཱཿཁཾ་ཧཱུྃ། བྱིན་གྱིས་བརླབས་པའི་ཆུ་འདི་ཁྱེད་རང་རྣམས་ཀྱི་ཁྱོར་བ་གཡས་པར་ལན་གསུམ་བླུགས་པས་སྡིག་སྒྲིབ་དག་པར་སྒོམས། ཨོཾ་ཧྲཱིཿབི་ཤུདྡྷཾ། སརྦ་དྷར༔སརྦ་པཱ་པཾ་ནི་ཙེ་ཨསྱ་སཾ་ཤོ་དྷ་ཡཱ་སརྦ་བི་ཀལྤན་ཨ་པ་ནཱ་ཡ་ཧཱུྃ། ཞེས་བརྗོད་དོ། །བཅུ་གཅིག་པ་བར་ཆད་བསྲུང་བའི་ཕྱིར། སྲུང་སྐུད་གདག་པ་ནི། སྐུད་པ་དམར་པོ་སློབ་མའི་ལུས་ཚད་དང་མཉམ་པ་སུམ་བསྒྲིལ་དུ་བྱས་པ་ལ་གཙོ་བོའི་སྔགས་དང་ལས་སྔགས་བཟླ་ཞིང་རྡོ་རྗེའི་མདུད་པ་གསུམ་བྱས་ལ། བསངས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སྲུང་སྐུད་ཚད་དང་མཚན་ཉིད་དང་ལྡན་པ། སློབ་མ་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་བར་ཆད་སྲུང་བའི་ནུས་པ་དང་ལྡན་པར་གྱུར། ཁྱེད་རང་སྐྱེས་པ་རྣམས་ཀྱི་དཔུང་པ་གཡོན་དང་། བུད་མེད་ཀྱི་གཡས་པར་ལན་གཉིས་དཀྲིས་ཏེ། སྐུད་པའི་སྣེ་མོ་འོག་ནས་བླང་


CMR021_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་སྟེང་དུ་གདག །རྡོ་རྗེའི་མདུད་པ་དང་ལྡན་པར་བྱས་པ་ལ། ལས་བུམ་གྱི་ཆུས་བྱུག་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པའི་མོས་པ་མཛོད། ཨོཾ་བུདྡྷ་མེ་ཏྲ་རཀྵ་རཀ་སརྦན་སྭཱ་ཧཱ། བཅུ་གཉིས་པ་ལམ་བསྟན་ལྷ་གནས་ཀྱི་དོན་དུ་ཀུ་ཤ་སྦྱིན་པ་ནི། རྨི་ལམ་འཁྲུགས་ཤིང་བསལ་བར་བྱ་བའི་ཕྱིར། བསངས་སྦྱངས། ཧཱུྃ་ལས་བྱུང་བའི་སྐུ་ཤ་སྔོ་ལྗང་མ་འཁྲུགས་ཤིང་རྩེ་མོ་མ་ཉམས་པར། སློབ་མའི་རྨི་ལམ་ལ་སྔགས་དང་རྟགས་དང་། དངོས་གྲུབ་འགྲུབ་པའི་ནུས་པ་དང་ལྡན་པར་གྱུར། དྷིས་སྔགས་པའི་ཀུ་ཤ་ཆུང་བ་ལག་པ་གཡས་དང་། ཧས་སྔགས་པའི་སྐུ་ཤ་ཆེ་བ་ལག་པ་གཡོན་དུ་བྱིན་པའི་མོས་པ་གྱིས།་ཨོཾ་བཛྲ་ཏིཀཱ་པཾ། འདི་དག་རང་གིས་མ་ལྕོགས་ན་མཆོད་གཡོག་པ་ལ་འགྲིམ་བཅུག་པས་ཆོག །སོ་ཤིང་ཁྱོར་ཆུ་དཔུང་སྐུད་ཀུ་ཤ་འདི་རྣམས་ནི། བུམ་དབང་ལ་སོགས་པ་དབང་བཞིའི་སྔོན་འགྲོ་ཡང་ཡིན་པས། གོ་རིམ་འདི་བཞིན་བྱེད་དགོས་ཤིང་གནས་སྐབས་སུ་དངོས་གྲུབ་ཀྱི་མཚན་ལྟས་སུ་བརྟག་པ་དང་། ཁ་གཙང་ཞིང་དག་པར་བྱ་བ་དང་། བར་ཆད་བསྲུང་བ་དང་། རྨི་ལམ་གསལ་པོར་འབྱུང་བའི་ཕྱིར་ཡིན་ལ། མཐར་ཐུག་སངས་རྒྱས་པའི་ཚེ། བྱང་ཆུབ་ཀྱི་ཤིང་གདན་ཐོབ་པ་


CMR021_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཐུབ་པའི་དབང་པོ་ལ། ཞིང་པའི་བུ་མོ་ལེགས་སྐྱེས་མས་འོ་ཐུག་ཕུལ་བ་ལྟར། རང་གིས་ཀྱང་འོ་ཐུག་གི་བཏུང་བ་ཐོབ་པ་དང་། འཚང་རྒྱ་ཁར་བྱམས་པའི་འོད་ཟེར་གྱིས། བདུད་དཔུང་འཁོར་དང་བཅས་པ། འཆིང་བ་ལྔས་བཅིང་བར་བྱེད་པ་དང་། །བྱང་ཆུབ་ཀྱི་ཤིང་དྲུང་དུ་རྩྭ་ཀུ་ཤ་བཀྲམ་པའི་སྟེང་དུ། སྐྱིལ་ཀྲུང་བཅས་ཏེ་བཞུགས་པས་ནང་དུ་ཏིང་ངེ་འཛིན་མི་འཁྲུགས་པ་སྐྱེས་པ་ལ་བརྟེན་ནས། ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་པའི་རྟེན་འབྲེལ་ཡོད་དོ། །རྒྱས་པར་ནི་བླ་མ་མཁས་པའི་ངག་དང་། གཞུང་ལུགས་རྣམ་དག་ལས་ཤེས་པར་བྱའོ། །བཅུ་གསུམ་པ་ཟབ་མོའི་ཆོས་བཤད་པའི་སྒོ་ནས་སྤྲོ་བ་བསྐྱེད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །རེས་འགའ་འབྱུང་དང་མི་འབྱུང་སྲིད་། །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ཡང་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བགྱིས་པར་གྱུར་པ་གང་། །དེ་ཀུན་དཀྱིལ་


CMR021_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་ལགས་ན། །གྲགས་པ་མཐའ་ཡས་སྔགས་བརྗོད་པའི། །ཚུལ་ལ་གནས་ནི་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །དེ་དག་ཀུན་གྱི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ལྟར་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པར་སྐྱེ་བ་ཉིད་དུ་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བ་ན། །རང་བྱུང་སྐལ་བ་ཆེན་པོ་པ། །དེ་བཞིན་གཤེགས་པ་ཉིད་དུ་གྱུར། །ཞེས་པའི་དོན། འཇིག་རྟེན་ན་གང་དཀོན་ན། ཨུ་དུམ་ཝ་རའི་མེ་ཏོག་དཀོན་པ་ལྟར། སངས་རྒྱས་འཇིག་རྟེན་དུ་འབྱུང་བ་ཤིན་ཏུ་དཀོན་ཞིང་། དེའང་སངས་རྒྱས་རྒྱལ་རིགས་ལས་འབྱུང་ན། ཨུ་


CMR021_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དུམ་ཝ་རའི་མེ་ཏོག་དཀར་པོ་འབྱུང་། བྲམ་ཟེའི་རིགས་ལས་འབྱུང་ན། ཨུ་དུམ་ཝ་རའི་མེ་ཏོག་དམར་སེར་འབྱུང་བར་བཤད་པས། རྒྱལ་བ་ཤཱཀྱ་ཐུབ་པ་རྒྱལ་རིགས་དང་བྱམས་པ་བྲམ་ཟེའི་རིགས་ལས་འབྱུང་བར་གསུངས་པས། ཨུ་དུམ་ཝ་རའི་མེ་ཏོག་ཀྱང་དཀར་པོ་དང་དམར་སེར་དུ་འབྱུང་བར་ཤེས་པར་བྱའོ། །སངས་རྒྱས་འབྱུང་བ་ལས་ཀྱང་། གསང་སྔགས་རྡོ་རྗེ་ཐེག་པ་འབྱུང་བ་ཤིན་ཏུ་དཀོན་ཏེ། དཔལ་གསང་བ་འདུས་པའི་རྒྱུད། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་འདི་ནི། ཐུབ་པ་ཆེན་པོ་མར་མེ་མཛད་ནས། འོད་སྲུང་གི་བར་གྱིས་ཀྱང་མ་གསུངས། བྱམས་པ་ནས་མོས་པ་ལ་ཐུག་གི་བར་གྱིས་ཀྱང་གསུང་བར་མི་འགྱུར་ཞིང་། ད་ལྟར་གྱི་སྟོན་པ་ཤཱཀྱ་ཐུབ་པ་འདིའི་སྨོན་ལམ་གྱི་སྟོབས་ཀྱིས་གསུངས་པས། ཤིན་ཏུ་དཀོན་པར་གསུངས་སོ། །འོ་ན་དཀོན་པས་ཅི་སྐྱོན་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་དང་། ནམ་མཁའི་པདྨོ་ཡང་དཀོན་ནོ་སྙམ་ན། དེ་དཀོན་མོད། དེ་ལྟ་བུ་ནི་དཀོན་ཞིང་དོན་ཆུང་བ་ཡིན་ལ། གསང་སྔགས་རྡོ་རྗེ་ཐེག་པ་འདི་ནི་དཀོན་ལ་ཕན་ཡོན་ཆེ་བ་སྟེ། དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་སྔོན་དུ་སོང་ནས། དཀྱིལ་འཁོར་


CMR021_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་རྩི་མཐོང་བ་ཙམ་གྱིས་ཀྱང་། བསྐལ་པ་བྱེ་བར་བསགས་པའི་སྡིག་སྒྲིབ་དག་པར་འགྱུར་བ་ཡིན་ན། དབང་སྐུར་ཐོབ་ནས། ལམ་རིམ་པ་གཉིས་སམ་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་སྒོམ་པ་ལ་འབད་པར་བྱས་ན། དེ་བཞིན་གཤེགས་པ་ཉིད་ཐོབ་པར་འགྱུར་བར་ངེས་པ་ཡིན་ནོ། །གལ་ཏེ་དུས་ཡུན་རིང་པོར། སྐལ་པ་བྱེ་བར་བསགས་པའི་སྡིག་སྒྲིབ་རྣམས་དཀྱིལ་འཁོར་གྱི་ཚོན་རྩི་མཐོང་བ་ཙམ་གྱིས་ཟད་པར་མི་རིགས་སྙམ་ན། དེ་རིགས་པ་ཡིན་ཏེ། དཔེར་ན་བྲག་ཕུག་ཁ་བྱང་བསྟན་ལ།་སྣང་བའི་ངོ་བོ་གཏན་ནས་འོང་མ་མྱོང་བའི་མུན་ཁུང་དེར་སྒྲོན་མེ་ཆུང་དུ་བཏེག་ཙམ་གྱིས། མུན་པ་དེ་རྣམས་ན་རེ། ངེད་རྣམས་བུང་ཆེ་ཞིང་ཡུན་དུ་བསྡད་པ་ཡིན་པས་མི་འགྲོ་མི་ཟེར་བར། བྲག་ཕུག་གི་ནང་གསལ་བར་བྱེད་པ་བཞིན་ནོ། །འོ་ན་དབང་བསྐུར་བ་དང་ལམ་བསྒོམ་པ་སོགས་ལ་འབད་མི་དགོས་པར་འགྱུར་ཏེ། དཀྱིལ་འཁོར་ཚོན་རྩི་མཐོང་བ་ཙམ་གྱིས་སྡིག་སྒྲིབ་ཟད་པར་འགྱུར་བའི་ཕྱིར་སྙམ་ན། དེ་ནི་མ་ཡིན་ཏེ། སྒྲོན་མེ་ཆུང་ངུ་བཏེག་པས། མུན་པ་རགས་པ་དེང་བར་བྱས་པ་ཡིན་གྱི། རྩིག་གསེབ་ཀྱི་མུན་པ་ཕྲ་


CMR021_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དེང་བར་བྱས་པ་མིན་པ་ལྟར། དཀྱིལ་འཁོར་གྱི་ཚོན་རྩི་མཐོང་བས་ཀྱང་སྒྲིབ་པ་རགས་པ་ཟད་པར་བྱས་པ་ཡིན་གྱི་སྒྲིབ་པའི་ས་བོན་དང་བག་ཆགས་སྦྱང་བ་ལ་ནི། དབང་བསྐུར་བ་དང་ལམ་བསྒོམ་པ་ངེས་པར་དགོས། ཞེས་བཤད་པར་བྱའོ།། ། །བཅུ་བཞི་པ་རྨི་ལམ་བརྟགས་ཤིང་ངན་ན་བསྲུང་བ་བྱ་བ་ནི། སློབ་མ་རྣམས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྲུངས་ནས། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ༔ སློབ་མ་རྣམས་བཛྲ་རཀྵ་རཀྵ༔ བདུན། ད་ཁྱེད་རང་རྣམས་ཀྱི་ནངས་པར་གྱི་བར་ལ་སྔགས་འདི་ཐོན། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ད་ལྟར་ཡང་དེ་འུར་འདོན་གྱིས། བུ་ཀྱི་སང་ནི་དཀྱིལ་འཁོར་དག །མཐོང་བ་འགྱུར་རོ་ཉོལ་ཅིག་དང་། །རྨི་ལམ་མཐོང་བ་གང་ཡིན་རྣམས། །དེ་ཀུན་དྲང་པོ་རང་ལ་སྨོས། །ཞེས་ཀུ་ཤའི་གདན་ལ་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་རྣམ་རྟོག་སྤངས་ཏེ་ལྷ་དང་བླ་མ་ཡིད་ལ་བྱེད་ཅིང་སེང་གེའི་ཉལ་སྟབས་ཀྱིས་ཉོལ་ཅིག་ཅེས་བསྒོའོ། །གསང་བ་སྤྱི་རྒྱུད་ལས། ཐོས་ནས་བཟང་ངན་མི་བཟད་པ། །ཐེ་ཚོམ་མེད་པར་བཤད་པར་བྱ། །རྨི་ལམ་ཐམས་ཅད་བདེན་མིན་ཡང་། །དེ་ལ་མ་དད་རིགས་མ་ཡིན། །ཞེས་གསུངས་པ་ལྟར། རྨི་ལམ་བཟང་ངན་གཉིས་ཏེ། དང་པོ་ནི། གསང་བ་སྤྱི་རྒྱུད་


CMR021_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ལས། རྨི་ལམ་སངས་རྒྱས་མཐོང་ན་ནི། །ཡོན་ཏན་རྒྱ་མཚོ་མངོན་སུམ་བཞིན། །ཞེས་གསུངས་པ་ལྟར། རྨི་ལམ་བཟང་འབྲིང་ཐ་མ་གསུམ་ལས། དངོས་གྲུབ་མཆོག་འབྲིང་ཐ་མ་གསུམ་ཐོབ་པར་འགྱུར་བས། ཞེན་པ་མེད་པའི་ཚུལ་གྱིས་དགའ་བ་སྒོམས་ཤིག །གཉིས་པ་ངན་པ་ནི། རྒྱུ་སྐེག་གི་རི་ལ་འཛེགས་པ། ཆུ་ཡིས་ཁྱེར་བའི་བར་རྨིས་ན་ངན་ནོ། །དོ་དགོང་དཀྱིལ་འཁོར་གྱི་ཕྱོགས་སུ་མགོ་བོ་སྟོན་ལ་ཉོལ་ཅིག །རྨི་ལམ་རྟོག་ཅིག །ཅེས་མཎྜལ་ཕུལ། གྲོལ་ལོ། །དེ་ནས་སློབ་དཔོན་རང་ཉིད་དཀྱིལ་འཁོར་གྱི་ཁང་པར་ཞུགས་ནས། སྲུང་བའི་དོན་དུ་བདུད་རྩི་འཁྱིལ་པའི་སྔགས་བཟླས་པར་བྱའོ། །ནངས་པར་སློབ་མ་རྣམས་ལ་རྨི་ལམ་དྲིས་ལ། རྨི་ལམ་ངན་པ་རྣམས་བཟློག་པའི་ཕྱིར། གཞུང་གཞན་ནས་གསུངས་པ་ལྟར། སངས་རྒྱས་སྤྱན་མའི་ལུང་བསྟན་སྦྱིན་པའམ། འདིར་གསུངས་པའི། ཨོཾ་ཨཱཿ༔ བིགྷན་ཀྲྀཏ་ཧཱུྃ་དང་། དཀྱིལ་འཁོར་གང་ཡིན་གྱི་ལས་སྔགས་ཀྱི་ལུང་སྦྱིན་པར་བྱ། ཞེས་གསུངས་པས་ལས་སྔགས་འུར་འདོན་གཅིག་བྱས་ན་ལེགས། རྨི་ལམ་ཤིན་ཏུ་ངན་ན། ཁོ་རང་དེ་ལ་དབང་ཞུ་ཚེ་བདུད་རྩི་འཁྱིལ་བ་སོགས་ལས་སྔགས་བསྙེན་བཅུག །རྨི་ལམ་བཟང་ན་དངོས་གྲུབ་འབྱུང་བའི་ལྟས་སོ། །རིགས་པས་དཔྱད་ལ་ལུང་བསྟན་ཏོ། །དཔལ་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་གྱི་ཆོ་ག་དབང་གི་


CMR021_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་འབེབས། ཞེས་བྱ་བ་མཁས་པ་ཆེན་པོ། ཚུལ་ཁྲིམས་འོད་ཟེར་གྱིས་མཛད་པ་ལས། རཱ་ག་ཨ་སྱས་ཁོལ་དུ་ཕྱུང་བ་ལ། ཉེས་འགལ་མཆིས་ན་བཤགས་ཤིང་། དགེ་བས་འགྲོ་བ་དཔག་ཏུ་མེད་པ་སྨིན་ཅིང་གྲོལ་བར་གྱུར་ཅིག །ཡི་གེ་པ་ནི་བརྩོན་འགྲུས་སོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

རྡོར་ཕྲེང་སྟ་གོན།


CMR021_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །རེས་འགའ་འབྱུང་དང་མི་འབྱུང་སྲིད། །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ཡང་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བགྱིས་པར་གྱུར་པ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་ལགས་ན། །གྲགས་པ་མཐའ་ཡས་ལྷོ་སྔགས་བརྗོད་པའི། །ཚུལ་ལ་གནས་ནི་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །དེ་དག་ཀུན་གྱི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད་། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ལྟར་ཁྱེད་རྣམས་


CMR021_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་ཆེན་ལ། །ལེགས་པར་སྐྱེ་བ་ཉིད་དུ་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བ་ན། །རང་བྱུང་སྐལ་བ་ཆེན་པོ་པ། དེ་བཞན་གང་སྐྱེ་བ་ཉིད་དུ་འགྱུར། །

རྡོར་ཕྲེང་རྒྱུག་བྱང་།


CMR021_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོར་བདག་ཕྱག་འཚལ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །ཞེས་ལན་གསུམ་བརྗོད་དུ་གཞུག་གོ །ཕོ་རྒྱུད་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། མ་རྒྱུད་ལ། སྲས་བཅས་སངས་རྒྱས་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཆེ་གེ་མོ་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་ལྟར། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སྡོམ་པ་ཡིས་ནི་ཚུལ་ཁྲིམས་དང་། །དགེ་


CMR021_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་མཆོག་ཏུ་བཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །ཟློསྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང་། །ལས་ཆེན་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱི་ཞིང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་


CMR021_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་བརྗོད་དུ་གཞུག་ཅིང་། འདི་ནི་མན་ངག་གི་སྙེ་མར་རྣམ་པར་ཕྱེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR021_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

རྡོར་ཕྲེང་བཀྲ་ཤིས།


CMR021_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བའི་། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་བདེ་ལེགས་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པའི། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་བདེ་ལེགས་ཤོག །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །ལྷ་དང་མི་དང་ལྷ་མིན་དག་གིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་བདེ་ལེགས་ཤོག།


CMR021_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

རྡོ་རྗེ་ཕྲེང་བའི་བྱ་སྤྱོད་ཀྱི་དཀྱིལ་འཁོར་དྲུག་གི་དབང་བསྐུར་བལྟས་ཆོག་ཏུ་བཀོད་པ།


CMR021_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕྲེང་བའི་བྱ་སྤྱོད་ཀྱི་དཀྱིལ་འཁོར་དྲུག་གི་དབང་བསྐུར་བལྟས་ཆོག་ཏུ་བཀོད་པ་བཞུགས་པའི་དབུའོ།།


CMR021_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བོ་དྷི་སཏཱ་ཡ། རིགས་གསུམ་མགོན་པོ་རྩ་བརྒྱུད་བླ་མ་དང་། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ནས། །བྱ་སྤྱོད་དཀྱིལ་འཁོར་དྲུག་གི་དབང་བྱང་བཀོད། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །སྟ་གོན་བྱས་པའི་སློབ་མ་མདུན་དུ་འཚོགས། །ཁྲུས་བྱས་མེ་ཏོག་ནས་བཀྱེ་མཎྜལ་བཀོད། །མྨེའི་དཀྱིལ་འཁོར་དུ་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད། སྐྱེ་རྒ་ན་འཆི་ན་ཀྲ་ཡི། །ཆུ་སྲིན་ལ་སོགས་འཇིགས་རུང་བའི། །སྲིད་པའི་རྒྱ་མཚོར་བྱིང་བ་ལས། །འདོན་པར་བྱེད་པ་ཁྱོད་འབའ་ཞིག །དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་


CMR021_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ལན་གསུམ། ད་མདུན་གྱི་ནམ་མཁར་རྨེའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ། བླ་མ་བརྒྱུད་པ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་སྔོན་དུ་འགྲོ་བའི་ཐུན་


CMR021_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

མོང་གི་སྡོམ་པ་དམ་ཚིག་རྣམས་བསྲུང་སྙམ་པའི་བསམས་པས། འདི་དག་གི་རྗེས་ཟློས་ལན་གསུམ་གསུམ་གསུང་བར་ཞུ། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །ལན་གསུམ། ཁྱེད་རང་རྣམས་དམིགས་པ་འདི་བཞིན་མཛོད། ཨོཾ་ཞེས་བརྗོད་པས། ཁྱེད་རང་རྣམས་རྣམ་སྣང་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྒྱན་གྱིས་བརྒྱན་པར་བསྒོམས། ལས་སྔགས་ཀྱིས་བྱིན་གྱིས་བརླབས་པའི་དར་ཁ་དོག་སྣ་ཚོགས་པའམ། དམར་པོའི་སྨད་གཡོགས་ཕུལ་བའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་བོ་ངྷི་ཨ་ལཾ་ཀཱ་ར་ཝསྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་སྨད་གཡོགས་བཀོན་ཚུལ་བྱ། སྟོད་གཡོགས་སྔོན་པོའམ། དམར་པོ་བཀོན་པའི་མོས་པ་གྱིས། ཨོཾ་བཛྲ་རཀྵ་ཧཾ། བཅོས་མའི་ཐོར་ཚུགས་སྦྱིན་པའི་མོས་པ་གྱིས། ཨོཾ་བཛྲ་ཨུཥཱི་ཥ་ཧཱུཾ་ཕཊ།་ལས་སྔགས་བརྗོད་ཅིང་། དར་དམར་པོའམ་སེར་པོའི་མིག་རས་བཅིང་བའི་མོས་པ་གྱིས། ཨོཾ་ཙཀྵུརྦྷནྡྷ་ཝ་ར་མ་ཎ་ཡ་ཧཱུྃ། མེ་ཏོག་གི་ཕྲེང་བ་ལག་ཏུ་གཏད་པའི་མོས་པ་


CMR021_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། ཨ་ཁཾ་བཱི་ར་ཧཱུྃ། ལས་ཐམས་ཅད་ཀྱི་ཆུས་བསངས་ཏེ། དཀྱིལ་འཁོར་རང་རང་གི་ལས་སྔགས་བརྗོད། སློབ་མ་རྣམས་ལྷར་གསལ་བའི་སྙིང་གར་ཧཱུྃ་ལས་རྡོ་རྗེ་ནག་པོའི་ལྟེ་བར་ཉི་མ་ལ་ཧཱུྃ་ནག་པོ་དང་། མགྲིན་པར་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མ་ལ་ཨཱཿ༔དམར་པོ། དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོའི་ལྟེ་བར་ཟླ་བ་ལ་ཨོཾ་དཀར་པོ། དེ་དག་ལས་འཕྲོས་པའི་འོད་ཟེར་གྱིས་སློབ་མའི་ལུས་ངག་ཡིད་གསུམ་གྱི་དྲི་མ་ཐམས་ཅད་བྱང་ཞིང་དག་པར་བྱ་སྙམ་པའི་མོས་པ་གྱིས། ཧཱུྃ་ཞེས་བརྗོད་པས་དཀྱིལ་འཁོར་གྱི་ཤར་སྒོར་བཞག་པའི་མོས་པ་མཛོད། ཀྱེ། དགའ་བ་ལ་དགའ་བ་ཁྱེད་སུ་ཡིན། ཅི་ལ་དགའ། ད་འདིའི་རྗེས་ཟློས། བདེ་ཆེན་བདག་ནི་སྐལ་བཟང་ལའོ། །ད་ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བར་བསྒོམས་ལ། ཀུན་རྫོབ་སེམས་བསྐྱེད་དོན་དམ་སེམས་བསྐྱེད་ཟུང་འབྲེལ་དུ་ཉམས་སུ་བླང་བསམ་པ་གྱིས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་


CMR021_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཨུཏྤ་ཏ་ཡཱ་མི། དེ་ལྟ་བུའི་སེམས་བསྐྱེད་པ་བརྟེན་པར་བྱ་བའི་ཕྱིར་སྙིང་གར་རྡོ་རྗེ་དང་བཅས་པའི་མེ་ཏོག་བཞག་པའི་མོས་པ་མཛོད། ཨོཾ་སུ་ར་ཏེ་ས་མ་ཡ་ཧཱུཾ་ཧོཿ སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེ་ལྟ་བུའི་ཡེ་ཤེས་པ་དེ་སྣོད་མིན་ལ་གསང་བར་གདམས་པའི་ཕྱིར་མགོ་བོར་རྡོ་རྗེ་བཞག་པའི་མོས་པ་མཛོད། འདི་རྣམས་ལ་ཉུང་ན་རྡོ་རྗེ་བཞག་ཅིང་མང་ན་བཞག་ཚུལ་བྱ་བས་འཐུས། དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རླབས་པར་འགྱུར་གྱི། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་། མ་དད་པ་ལ་ཡང་མི་བྱའོ། །དེ་ཡན་ཆད་ཕྱི་འཇུག་གི་ཆོ་གའོ། །ད་སློབ་དཔོན་གྱི་ལག་གི་རྡོ་རྗེ་འདི་ལ་འཇུས་ནས་ཡོལ་བའི་ནང་དུ་ཞུགས་པའི་མོས་པ་མཛོད། ཨོཾ་ཡ་མཱནྟ་ཀྲིཏ་ཧཱུཾ། ཡོལ་བའི་ནང་དུ་བཅུག་པའི་མོས་པ་མཛོད། ཨ་ཁཾ་བཱི་ར་ཧཱུྃ། ཡིད་ཀྱིས་སྐོར་བ་ལན་གསུམ་བྱས་པའི་མོས་པས་རྗེས་ཟློས་ལན་གསུམ་མཛོད། མ་ཧཱ་ར་ཏ་སུ་དྲི་ཌྷ་སུ་ཏོ་ཥྱ་སུ་སུ་ཁོ་བཛྲ་སཏྭ་ཨཱཿརྱ་སིད་རྒྱ་ཚྭ། ཤར་སྒོ་ནས། མི་བསྐྱོད་པའི་ང་རྒྱལ་གྱིས་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་


CMR021_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ནས། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པས་རྗེས་ཟློས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པསྦྲ་ནཱ་ཡ་ཨཱཿཏྨ་ནཱ་ནཱིརླ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སཏཱ་ཨ་དྷི་ཏིཥྛ་སྭ་ནཱཾ། ཡང་དེ་ཉིད་ནས་ཕྱག་འཚལ་ཏེ། བདག་ལ་རྣམ་སྣང་གིས་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པས་རྗེས་ཟློས་མཛོད། ཨོཾ་སརྦ་བུདྡྷ་པཱུ་ཛོ་པསྦྲ་ནཱ་ཡ་ཨཱཿཏྨ་ནཱི་ནིརྨ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་བེ་རོ་ཙ་ན་ཨ་དྷི་ཏི་སྭཱ་མཱི། གཡས་བསྐོར་དུ་དེ་བཞིན་དུ་ལྷོ་སྒོ་ནས་ཕྱག་འཚལ་བར་མོས་ཏེ། རིན་འབྱུང་གིས་བདག་ལ་དབང་བསྐུར་དུ་གསོལ་སྙམ་པས་རྗེས་ཟློས་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཡ་ཨཱཿཏཱ་ནཾ་ནིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྟ་ཨ་བྷི་ཥཉྩལཾ།། ནུབ་སྒོ་ནས། འོད་དཔག་མེད་ཀྱིས་བདག་ལ་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ་སྙམ་པས་རྗེས་ཟློས་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་ཝརྟ་ནཱ་ཡ་ཨཱཿཏྨ་ནཱི་ནཱིདྨ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨཱ་ཙཀྲ་པྲ་བརྟ་ཡ་མཱི། བྱང་སྒོ་ནས། དོན་གྲུབ་ཀྱིས་བདག་ལ་ལས་ཀྱི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ་སྙམ་པས་རྗེས་ཟློས་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ་ཨཱཿཏཱ་ནཱི་ནཱིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀ་


CMR021_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཚྭ། སླར་ཡང་ཤར་སྒོ་ནས་སློབ་དཔོན་གྱི་ཞབས་ལ་ཕྱག་འཚལ་བར་མོས་ལ་སེམས་ཅན་ཐམས་ཅད་ཀྱི་དོན་འགྲུབ་པར་མཛད་དུ་གསོལ་སྙམ་པས་རྗེས་ཟློས་མཛོད། ཨོཾ་གུ་རུ་ཙ་ར་ཎོ་པཱུ་ཛ་པསྠཱ་ནཱ་ཡ་ཨཱཿཏཱ་ནཱི་ནཱིརྱ་ཏ་ཡཱ་མི། ཨོཾ་སརྦ་སཏཱ་པཱ་རི་པྲ་ཎ་ནཱཾ་ཨཱཿཏྨ་ནཱི་ནཱིདྨ་ཏ་ཡཱ་མི། ནང་དུ་འཇུག་པའི་ཆོ་གའོ། །དངོས་ནི། ད་ཡེ་ཤེས་པ་འབེབས་པའི་དོན་དུ་མཎྜལ་ཕུལ། ས་གཞི་སྤོས་ཆུས་བྱུག་ཅིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །རྗེས་ཟློས་མཛོད། དེ་བཞིན་གཤེགས་པོ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །སྒེའི་ལྷ་ཚོགས་རྣམས་བདག་ལ་དབབ་པར་མཛད་དུ་གསོལ། ལན་གསུམ། ད་ཡིད་མ་ཡེངས་པར་ཁྱེད་རང་རྣམས་སྐད་ཅིག་གིས་ཨ་ལས་བྱུང་བའི་འོད་དཔག་མེད་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱའི་སྟེང་ན་པདྨ་དམར་པོ་འདབ་མ་བཅུ་དྲུག་པ་འཛིན་པ། སྐྱིལ་ཀྲུང་གིས་བཞུགས་པའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོ་སྐྱ། རྒྱལ་མཚན་གྱིས་མཚན་པས་ལུས་འདེག་


CMR021_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་པ། དེའི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ།་ཨ་ཡིག་དམར་པོ་འོད་འབར་བ་དང་བཅས་པ་གཉིས་ཀས་བསམས་ལ། སློབ་དཔོན་ལ་མོས་གུས་དྲག་པོ་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཞབས་འོག་གི་རླུང་ལ་ཕོག་པས། ལུས་རླུང་གི་སྟེང་དུ་འདར་ཡེད་ཡེད་གནས་པ་ལ། སྙིང་ཁའི་ས་བོན་ལས་འོད་འཕྲོས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་དཀྱིལ་འཁོར་ལྷ་ཚོགས་དཔག་ཏུ་མེད་པ་ཆད་དེ། སྙིང་གར་ཐིམ་པའི་མོས་པ་མཛོད། གཙོ་བོའི་སྔགས་བརྗོད། དཀྱིལ་འཁོར་ལས་ཀྱང་དེ་འདྲ་བ་ཆད་དེ་སྙིང་གར་ཐིམ། སླར་ཡང་འོད་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། སློབ་དཔོན་གྱིས་རྡོ་རྗེ་བསྡམས་པས་སློབ་མ་རྣམས་ཀྱི་སྙིང་གར་བཞག་པའམ། རྡོ་རྗེ་དྲིལ་བུ་དཀྲོལ་བཞིན་དུ། འདི་ཁྱོད་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔའ་ཞེས་བྱར་གྲགས། །ཡེ་ཤེས་རྡོ་རྗེ་བླ་མེད་པ། །དེ་རིང་ཁྱོད་ལ་དབབ་པར་མཛོད། །ཨོཾ་བཛྲ་ཨཱཿ་ཝེ་ཤ་ཡ་ཨ་ཨ། མང་དུ་བརྗོད་ཅིང་། སྤོས་དུད་རོལ་ཆེན་བྱ། གཙོ་བོའི་སྔགས་དང་། ཨཱཿ་


CMR021_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཝེ་ཤ་ཡ་སྟམྦྷ་ཡ་ར་ར་ར་ར་ཙཱ་ལ་ཡ། ཙཱ་ལ་ཡ་ཧཱུྃ་ཧ་ཨཿ ཛྷཻ༔ ཏིཥྛ་མ་ཧཱ་ཀྲོ་དྷ་ཨཱཿ་ཝེ་ཤ་ཡ་སྟམྦྷ་ཡ་ར་ར་ར་ར་ཙཱ་ལ་ཡ། ཙཱ་ལ་ཡ་ཧཱུྃ་ཧ་ཨཿ ཛྷཻ༔ ཅེས་མང་དུ་བརྗོད། དེས་ཡེ་ཤེས་པ་ཕེབས་སམ་མ་ཕེབས་ཀྱང་རུང་སྟེ་སྤོག་ཆོག་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོར་གསལ་བ་ལ་མོས་གུས་དྲག་པོ་བྱས་པས། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཁྱད་པར་དུ་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས། དེ་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་རྣམ་པ་ཅན་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། ཁྱེད་རང་གི་ལུས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། རྡོ་རྗེ་གསོར་དྲིལ་བུ་གསིལ་ཞིང་། འདི་ཁྱོད་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔའ་ཞེས་སུ་བརྗོད། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །དེ་རིང་ཁྱོད་ལ་ཕེབས་པར་མཛོད། །ཨོཾ་བཛྲ་ཨཱཿ་བེ་ཤ་ཡ་ཨ་ཨ་ཨ་ཨ། ཡེ་ཤེས་པ་ཕེབས་པ་དེ་རྣམས་བརྟན་པར་བྱ་བའི་ཕྱིར་མགོ་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་པའི་མོས་པ་མཛོད། ཏིཥྛ་བཛྲ།


CMR021_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ད་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཕྱོགས་སུ་ལྟོས། མིག་ལམ་ན་ཇི་ལྟར་སྣང་། དཀར་པོ་མཐོང་ན་ཞི་བ། སེར་པོ་རྒྱས་པ། དམར་པོ་དབང་། ནག་པོ་མངོན་སྤྱོད། །ཁྲ་བོ་དང་ལྗང་ཁུ་མཐོང་ན་ལས་སྣ་ཚོགས་འགྲུབ་པར་འགྱུར་རོ། །སློབ་དཔོན་གྱིས་ཕྱག་གཡས་ཀྱིས་རྡོ་རྗེ་དང་བཅས་པས་སློབ་མའི་གཙོ་བོ་ཞིག་གི་མཐེ་བོང་གཉིས་ནས་བཟུང་ཞིང་། བསྐོར་བ་ལན་གསུམ་བྱས་པའི་མོས་པ་མཛོད། ལས་བུམ་གྱི་སྔགས་གང་ཡིན་བརྗོད། རྡོར་དྲིལ་འཛིན་པས། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་གཞུག་པ་འདིའི། །ལྷ་རྣམས་ཀྱིས་ནི་རིམ་པ་ནི། །བསོད་ནམས་ཇི་ལྟར་དེ་ལྟར་ཤོག །འདི་ཡིས་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཅི་འདྲ་བར། །དེ་འདྲར་དཀྱིལ་འཁོར་དུ་གྱུར་ཅིག །གསུམ་བརྗོད། མེ་ཏོག་གི་ཕྲེང་བ་ཏྭཾ་གྱིས་སྔགས་པ་ཐལ་མོའི་བར་དུ་བཟུང་། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གི་ཡི་གེ་རྣམས་ལས་འཕྲོས་པའི་འོད་ཟེར་གྱིས། ལུས་ཐམས་ཅད་གང་བས་སྒོ་གསུམ་དྲི་མ་རྣམས་བཀྲུས་ཤིང་དག་པར་མོས་ལ། དཀྱིལ་འཁོར་དེར་ཡིད་ཀྱིས་ཞུགས་ཏེ་གཙོ་བོའི་དབུ་ལ་


CMR021_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་དོར་བའི་མོས་པས་རྗེས་ཟློས་མཛོད། ཨོཾ་ཏིཥྛ་བཛྲ་དྲི་ལྷོ་མེ་བྷ་བ། ཤཱ་ཤུ་ཏོ་མེ་བྷ་བ། ཧྲཱིཿ་ད་ཡམྨེ་ཨ་དྷི་ཏི་སརྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ ཨ་ཁཾ་བཱི་ར་ཧཱུཾ། པྲ་ཏིཙྪཀུ་སུ་མ་ཨཉྫ་ལི་ནཱི་ཐ་ཧོཿ མེ་ཏོག་དེ་གཙོ་བོའི་དབུ་ཐོག་ཏུ་བབ་པ། མེ་ཏོག་གི་ཕྲེང་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིངས་པའི་མོས་པ་མཛོད། ཨོཾ་པྲ་ཏི་སྲྀཏྣ་ཏ་ཨི་མཾ་སཏཱ་མ་ཧཱ་བ་ལ།་ཕྲེང་བའི་དབང་བསྐུར་བའོ། །ད་ཁྱེད་རང་རྣམས་ཀྱི་སྙིང་གར་ཟླ་བ་ལ་བདག་པོའི་ས་བོན་ཨཱཿའམ་ཧཱུྃ་དང་། དཔྲལ་བར་རཾ། མིག་གཉིས་སུ་ཨོཾ་ཡིག་འབར་བ་རེ་རེ་སྒོམས་ཤིག །ཨོཾ། དེ་རིང་རྡོ་རྗེ་སེམས་དཔའ་རང་། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་ན་མེད། །ཐམས་ཅད་སྤྱན་ནི་དབྱེ་བར་མཛོད། །ཨོཾ་ཛྙཱ་ན་ཙཀྵ་ཧཱུྃ་ཨཱཿཛྫསྭཱ་ཧཱ། ཞེས་བརྗོད་ཅིང་གདོང་གཡོགས་བསལ་བར་བྱའོ། །ཧེ་བཛྲ་པ་ཤྩ། ད་བཅོམ་ལྡན་འདས་རྨེ་ཞེས་རྒྱས་པར་མཚན་སོ་སོ་ནས་བརྗོད་དོ། །བསྡུ་ན། དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པ་མངོན་སུམ་དུ་མཐོང་བའི་མོས་པ་མཛོད། ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །ཕྱག་རྒྱ་སྔགས་ཀྱི་


CMR021_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་རློབས། །དངོས་གྲུབ་ཀུན་གྱི་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱིས། །གསང་སྔགས་རྣམས་ལ་སྒྲུབ་པ་གྱིས། །ད་ཆེད་དུ་། བརྗོད་པ་འདིའི་རྗེས་ཟློས་མཛོད། ཨོཾ་རྡོ་རྗེའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །ཨོཾ་རྣལ་འབྱོར་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང་། །ཨོཾ་གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར། །ས་མ་ཡཿཧོ་ཧོ་ཧོཿ དཀྱིལ་འཁོར་དུ་ཞུགས་པའི་ཆོ་གའོ། །ད་རང་དོན་ཕུན་སུམ་ཚོགས་པ་རྡོ་རྗེ་སློབ་མའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ། ས་གཞི་སྤོས་ཆུས་བྱུག་ཅིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོག་ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །གསུམ། ཁྱེད་རང་རྣམས་རྩ་བའི་དཀྱིལ་འཁོར་གྱི་ཤར་ཕྱོགས་དབང་སྟེགས་དཀྱིལ་འཁོར་གྲུ་བཞི་པ། སྒོ་གཅིག་ནུབ་ཏུ་ཕྱོགས་པ་དཀར་དམར་ནག་པའི་ར་བ་རིམ་


CMR021_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་མམ་རིམ་པ་གཅིག་གང་རུང་དང་ལྡན་པ། དེ་ཡི་ལྷ་སྣམ་རིམ་པ་གཉིས་ལ་གཡོས་ཕྱོགས་སུ་ཆུ་བཞི་དང་། གཡོན་ཕྱོགས་སུ་ཉེར་སྤྱོད་ལྔ། མདུན་དུ་བཟེད་ཞལ་དང་སྦྱར་བའི་ཡོ་བྱད་དུ་མ་དང་བཅས་པས་བསྐོར་བའི་ནང་དུ། པདྨ་དཀར་པོ་འདབ་མ་བརྒྱད་པ་བཀྲ་ཤིས་ཀྱི་རྟགས་བརྒྱད་དམ། ཡང་ན་ཕྱོགས་བཞིར་རིགས་བཞིའི་མཚན་མ་དང་དབུས་སུ་ཤིང་གདན་ལ་ཟླ་བའམ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁྱེད་རང་རྣམས། སྤྱི་ཁྱབ་ཏུ་རྡོ་རྗེ་སེམས་དཔའ་འམ། དཀྱིལ་འཁོར་གྱི་གཙོ་བོའི་རྣམ་པར་གནས་པའི་སྟེང་དུ་བླ་བྲེ། །གཡས་སུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན། གཡོན་དུ་རྒྱལ་མཚན་དང་བ་དན་ལ་སོགས་པ་མཆོད་པའི་ཚོགས་དང་བཅས་ཏེ་བཞུགས་པའི་མོས་པ་མཛོད། ཁྱེད་རང་དང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་བ་ནས་ནས་དེ་བཞིན་གཤེགས་པ་རིགས་ལྔ་ལ་སོགས་པ་དབང་ལྷ་གདན་གསུམ་ཚང་བའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨནྡྷཾ་སོགས་ཀྱིས་མཆོད་ནས་རྡོར་དྲིལ་འཛིན་པས།


CMR021_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩོལ། །དེ་ལྟར་འདི་ལ་གནང་བར་ཞུ། །ཞེས་གསོལ་བ་བཏབ་པས། གཙོ་བོའི་ཐུགས་ཀ་ནས་བྱེ་བའི་བདུད་རྩི་འཁྱིལ་པ་བྱོན་ཏེ། ལས་ཀྱི་རྡོ་རྗེ་དང་དབྱེར་མེད་དུ་གྱུར་ནས། ཁྱེད་རང་རྣམས་ལ་སྦྱང་བའི་མོས་པ་མཛོད། ལས་ཀྱི་རྡོ་རྗེ་ནི་མཆོད་གཡོག་པ་ཡིན་ལ། སྦྱོང་བའི་རྫས་དྲུག་གིས་སྦྱོང་བ་བྱ་ཞིང་། སློབ་དཔོན་གྱིས་སྔགས་བརྗོད་རྒྱུ་ཡིན་ནའང་། སློབ་མ་ཉུང་ན་སློབ་དཔོན་རང་གིས་བྱེད་སྲོལ་ཏེ། དེ་ཙམ་མི་ལྕོགས་ན་ཙཀྲི་གཅིག་ལ་རྫ་ས་དྲུག་ཀ་བྲིས་ནས་་དམིགས་པ་སྤྱོད་ཅིང་སྔགས་བརྗོད་དོ། །སློབ་མ་ལ་གཡས་གཡོན་དུ་བསྐོར་བའི་མོས་པ་བྱའོ། །ཁྱེད་རང་རྣམས་ཀྱི་གཡས་སུ་ཁམ་ཕོར་མེས་བཀང་བ་དང་། གཡོན་དུ་ཆུ་གཙང་བཞག་པས་ལས་ཀྱི་རྡོ་རྗེས་མཐེབ་སྲིན་གཉིས་ཀྱིས་ཡུངས་ཀར་དང་ཏིལ་ནག་བསྲེས་པ་བཟུང་སྟེ། ཁུ་ཚུར་གཡས་ཀྱིས་གཡས་ནས་བསྐོར། གཡོན་གྱིས་གཡོན་ནས་བསྐོར། གཤིབ་སྟེ་གཉིས་ཀ་ནས་བསྐོར་ཏེ། བགེགས་དང་སྡིག་པ་སྦྱོང་བའི་ཕྱིར། མེ་དང་ཆུར་དོར་བའི་མོས་པ་མཛོད། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་བཛྲ་སཏཱ་སྱ་སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། རྡོ་རྗེའི་ཁུ་ཚུར་


CMR021_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་ཆུ་གཙང་བླུགས་ནས་སྔོན་ལྟར་བསྐོར་ཏེ་མེ་ཆུར་དོར་བའི་མོས་པ་མཛོད། ༀ་ཧཱུྃ་ཌ་ཌི་ཏ་ཕཊ༔ སོ་མ་བཏང་བའི་ཁམ་ཕོར་དཀར་པོ་མཐེབ་སྲིན་གྱིས་བླངས་ཏེ་སྔར་ལྟར་བསྐོར་ནས་སྣོད་གཅིག་ཏུ་བཞག་པའི་མོས་པ་མཛོད། ཨོཾ་སརྦ་སཾ་ཤོ་དྷ་ནི་སྭཱ་ཧཱ། བ་ཡི་ལྕི་བའི་ཆངས་བུ་དང་དུར་བའི་མྱུ་གུ་སྔར་ལྟར་བསྐོར་ཞིང་སྣོད་གཅིག་ཏུ་བཞག་པའི་མོས་པ་མཛོད། ཨོཾ་སརྦ་མཱ་ལ་ཨཎ་བི་ཤྭ་དྷ་ནི་སྭཱ་ཧཱ། ཟན་ཆངས་དང་ཏིང་ལོ་འབར་བཞིན་པ་སྔར་ལྟར་བསྐོར་ནས་སྣོད་དུ་བཞག་པའི་མོས་པ་མཛོད། ཨོཾ་པུཎྱེ་ཛྙཱ་ན་དྷ་རོད་སཾ་བྷོར་དྷ་ཀ་ཡེ་སྭཱ་ཧཱ། ཕྱིང་རས་དཀར་པོ་སྔར་ལྟར་བཟུང་ནས་བསྐོར་ཞིང་སྣོད་དུ་བཞག་པའི་མོས་པ་མཛོད། ཨོཾ་སརྦ་སཾ་ཤཱ་དྷ་ནི་སྭཱ་ཧཱ། སློབ་མ་རྣམས་ཀྱི་དབང་པོ་དྲུག་གི་གླུད་སྦྱོང་བའི་རྫས་དྲུག་པོའི་སྣོད་དེ་མཆོད་གཡོག་པས་སློབ་མ་རྣམས་ལ་ལན་གསུམ་བསྐོར་ཞིང་ཕྱི་རོལ་དུ་དོར་བས་བགེགས་རྣམས་ཕྱིར་བསྐྲད་པར་སྒོམས་ཤིག །རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ།་གཙོ་བོའི་སྔགས་དང་ལས་སྔགས་དྲག་ཏུ་བརྗོད། གཞན་རྣམས་རོལ་ཆེན་བྱའོ། །དེ་ནས་འབག་བཙོག་སྦྱོང་བའི་ཉེ་རེག་བྱ་བ་ནི། ངེད་རང་ཐམས་ཅད་ཀྱིས་ལག་པ་གཡས་ཀྱི་གུང་སྲིན་གྱིས་ཆུ་འདི།


CMR021_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཁའི་ཟེའུ་འབྲུ་ལ་ལན་གསུམ་བྱུག །དེ་ནས་མིག་གཉིས། རྣ་བ་གཉིས། སྣ་བུག་གཉིས། མཆུ་གཉིས། ལག་པའི་མཁྲིག་མ་གཉིས། མགོ་བོའི་སྟེང་ལྟོ་བ་ལ་བྱབ་པའི་ཚུལ་བྱས་ཤིང་མཐར་ཁ་བཤལ་ནས་ཕྱིར་ཕོས་ཏེ་ལག་པ་གཉིས་ཀྱི་ཁུ་ཚུར་གྱི་རྒྱབ་ཀྱིས་ཁ་ཡིས་གཤེར་རྣམས་གཡས་གཡོན་དུ་ཕྱིས་པས་འབག་བཙོག་སྦྱོང་བའི་མོས་པ་མཛོད། སློབ་དཔོན་རང་གི་ལག་པ་གཡོན་དུ་ཆུ་བླུགས་ནས་ཙོག་པུར་བསྡད་པའི་པུས་མོའི་བར་དུ་བཟུང་ནས། ཨོཾ་སརྦ་སཾ་ཤཱ་དྷ་ནི་སྭཱ་ཧཱ། ཞེས་མང་དུ་བཟླས་ཤིང་སྔོན་དུ་སྨྲས་པ་ཐམས་ཅད་རང་གིས་བྱའོ། །སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་འཐོར་གཡབ་ཀྱིས། གཡོན་གྱི་དུང་ཕོར་ནས་དྲི་བཟང་གི་ཆུ་བླངས་ཏེ། སློབ་མ་རྣམས་ཀྱི་སྙིང་གར་འཐོར་ཞིང་། ཨོཾ་བཛྲ་གྷནྡྷེ་ཧཱུྃ། མེ་ཏོག་འཐོར་ཞིང་། ཨོཾ་བཛྲ་པུཋེ་ཧཱུྃ། གཡས་པས་དྲི་བཟང་གིས་གང་བའི་དུང་ཆུས།་གཡོན་པད་སྡེར་དུ་ཕྱག་ཏུ་མཆོད་ཡོན་ཕུལ་བའི་ཚུལ་གྱིས་ནར་ཙམ་བླུགས་ཤིང་། ཨོཾ་ཧིཔྲ་ཝ་ར་སཏྟ་ར་ཨཧཱུྃ་པྲ་ཏིཙྪ་ཡེ་སྭཱ་ཧཱ། མར་མེ་འབར་བཞིན་པ་སློབ་མའི་མདུན་རྒྱབ་ནས་བསྐོར་བའི་མོས་པ་མཛོད། ཨོཾ་བཛྲ་དྷི་པཾ་ཧཱུཾ། སརྫ་རསྔའི་བདུག་པ་ཞེས་པ་སྤོས་དཀར་དང་མར་དཀར་སྦྱར་བ་སྤོས་ཕོར་མེས་བཀང་བར་བླུགས་ནས། སློབ་དཔོན་


CMR021_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སྤོས་ཕོར་རྡོ་རྗེའི་ཐག་པས་དཀྲིས་ཏེ་སློབ་མ་རྣམས་ཀྱི་མདུན་ནས་འགྲིམ་པའི་མོས་པ་མཛོད། ཧཱུཾ་ཧཱུཾ་ཧཱུཾ། དེ་ལྟར་སྤོས་དང་མཆོད་པ་ལྔས་སྦྱང་བ་སྟེ། དབང་བསྐུར་བའི་སྔོན་འགྲོའོ། །སློབ་མ་དང་དབང་རྫས་རྣམས་ལས་བུམ་གྱི་ཆུ་དང་ལས་སྔགས་ཀྱིས་བསངས། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོར་གསལ་བ་ལ་མོས་གུས་དྲག་པོ་བྱས་པས། དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས། ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས་ཏེ། ལུས་འོད་ཀྱི་རང་བཞིན་ནས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཧཱུྃ་ལས། རྡོ་རྗེ་ཧཱུྃ་གིས་མཚན་པ་ལས། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གཡས་རྡོ་རྗེ་ཐུགས་ཀར་དང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ༔ ཐུགས་ཀར་ཧཱུཾ། དཀྱིལ་འཁོར་རེ་རེའི་དབང་བྱེད་ན་དེའི་གཙོ་བོ་བསྐྱེད་དོ། །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས།


CMR021_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གྱི་གནས་ནས་ཕྱོགས་བཅུའི་རིགས་ལྔ་ཡབ་ཡུམ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨནྡྷཾ་སོགས། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩོལ། །དེ་བཞིན་འདི་ལ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། སློབ་མ་རྡོ་རྗེ་སེམས་དཔར་གསལ་བ་ལ་དབང་བསྐུར་བ་དང་། ཡེ་ཤེས་པ་འདྲེས་པ་དུས་གཅིག་ཏུ་བྱས། ཛཿཧཱུྃ་བཾ་ཧོཿ ཧཱུྃ་ཞེས་དབང་སྟེགས་ལ་འཁོད་པར་གྱུར། བསངས། སྭ་བྷ་ཝས་སྦྱངས། ཁྱེད་རང་རྣམས་ཀྱི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་རྣམས་དང་དབང་རྫས་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་གླང་པོ་ཆེ་དང་། རྟ་མཆོག་དང་། རྨ་བྱ་དང་། མཁའ་ལྡིང་དང་། སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི། སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། ཧཱུྃ་ལས་རིན་པོ་ཆེ་ཏྭཾ་གྱིས་མཚན་པ། ཧཱི༔ལས་པདྨ་འདབ་མ་བཅུ་དྲུག་པ་ཧྲཱིཿས་མཚན་པ། ཨཱཿལས་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་ཨཱཿས་མཚན་པ། ༀ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ། དེ་རྣམས་


CMR021_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་དང་དབང་རྫས་བུམ་ཆུ་དབུ་རྒྱན་རྡོ་རྗེ་དྲིལ་བུ་རྣམས་རིགས་ལྔ་སོ་སོའི་སྐུར་གྱུར་པ་ནི། མི་བསྐྱོད་པ་སྔོན་པོ་གཡས་རྡོ་རྗེ་དང་བཅས་པའི་ས་གནོན། གཡོན་མཉམ་བཞག་གི་ཕྱག་རྒྱ། རིན་འབྱུང་སེར་པོ་གཡས་རིན་པོ་ཆེ་ཆ་དགུ་པ་དང་བཅས་པའི་མཆོག་སྦྱིན། གཡོན་མཉམ་བཞག །འོད་དཔག་མེད་དམར་པོ་མཉམ་བཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་པདྨ་དམར་པོ་འདབ་མ་བཅུ་དྲུག་པ་འཛིན་པ། དོན་ཡོད་གྲུབ་པ་ལྗང་ཁུ་གཡས་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་དང་བཅས་པའི་སྐྱབས་སྦྱིན། གཡོན་མཉམ་བཞག །རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པའི་རྩེ་མོར་ཆོས་ཀྱི་འཁོར་ལོ་རྩིབས་བཅུ་དྲུག་པ་བསྣམས་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་། དབུ་སྐྲ་རལ་པའི་ཐོར་ཅོག་ཏུ་བྱས་པ་ལ་དར་སྣ་ཚོགས་ཀྱི་ན་བཟའ་དང་། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེ་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿཋདམར་པོ།་ཐུགས་ཀར་ཧཱུཾ་སྔོན་པོ་ཐུགས་ཀའི་ས་


CMR021_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བོན་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རིགས་ལྔའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་དང་དབང་རྫས་ཀྱི་ལྷ་ལ་གཉིས་སུ་མེད་པར་ཐིམ། ཛཿཧཱུྃ་བཾ་ཧོཿ དབང་རྫས་ཀྱི་ལྷ་ལ་བུམ་ཆུ་འཐོར་ཞིང་། ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་དབང་རྫས་ཀྱི་ལྷ་རྣམས་ལ་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས། མི་བསྐྱོད་པ་ལ་སོགས་རིགས་སོ་སོའི་དབུ་བརྒྱན། དབང་རྫས་ཀྱི་རིགས་ལྔ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུ། ཅོད་པན། རྡོ་རྗེ། དྲིལ་བུ་རྣམས་སུ་གྱུར། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་དང་སློབ་དཔོན་དང་དཀྱིལ་འཁོར་ལ་བཞུགས་པའི་ལྷ་དང་བཅས་པ་ལ་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བདག་ལ་མངོན་པར་དབང་བསྐུར་བར་བསྩལ་དུ་གསོལ། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས། དབང་བསྐུར་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག །སྤྱན་མ་སོགས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པས་དབང་བསྐུར། བྱང་ཆུབ་


CMR021_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། གཟུགས་རྡོ་རྗེ་མ་རྣམས་ཀྱིས་མཆོད་བཞིན་དུ་དབང་བསྐུར་བའི་མོས་པ་མཛོད། ལས་ཀྱི་རྡོ་རྗེས་བུམ་པ་བཏེག་ལ། སློབ་མའི་ཕྱོགས་སུ་བཟུང་ཞིང་། སློབ་དཔོན་གྱིས་རྡོར་དྲིལ་འཛིན་པས་མེ་ཏོག་འཐོར་ཞིང་། །བཀྲ་ཤིས་གང་ཞིག་མ་ལུས་རྡོ་རྗེའི་རིགས་དང་ལྡན། །སྡང་བས་ཟིལ་མནན་སྐྱེ་བོ་རྣམ་པར་སྦྱོང་མཛད་པ། །མི་བསྐྱོད་མགོན་པོ་ཞེས་བྱ་མཚན་གསོལ་དེ་ཡི་ནི། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མཐའ་དག་འཁོར་ལོའི་རིགས་དང་ལྡན། །རྣམ་པར་སྣང་མཛད་འཁོར་བའི་སྡུག་བསྔལ་རྟག་འཕྲོག་ཅིང་། །རྨོངས་པས་ཟིལ་མནན་སྐྱེ་བོ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་རིན་ཆེན་རིགས་དང་ལྡན། །ཕོངས་པའི་སྡུག་བསྔལ་གྲོལ་བར་ཡོངས་སུ་རབ་བརྩོན་ཞིང་། །ཁེངས་པས་ཟིལ་མནན་འགྲོ་བ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་པདྨའི་རིགས་དང་ལྡན། །འཇིག་རྟེན་དབང་ཕྱུག་སྲིད་


CMR021_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲྭ་བ་འཇོམས་པ་པོ། །ཆགས་པས་ཟིལ་མནན་འགྲོ་བ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་ལས་ཀྱི་རིགས་དང་ལྡན། །བརྩེ་བའི་བདག་ཉིད་ལོག་པར་ལྟ་བ་ངེས་པར་སྤྱོད། །དེ་སྦྱོང་ཐབས་སྟོན་དེ་ནི་ཀུན་ནས་སེལ་མཛད་པ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཊི་ཀ་ན་ཧཱུཾ། ཨ་བྷི་ཥིཉྩ་མི་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏེ་ཏཱ་ནོ་པ་ཌི་རྣོ་མེ་བྷ་ཝ། སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པས་རྣམ་༧རྒྱལ་བུམ་པ་བཟུང་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཨཱཿ༔བཛྲ་ཨུད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏེ་སྟེ་ཨ་ཧཾ། ཉུང་ན་བུམ་པ་མགོར་བཞག་བུམ་ཆུ་བླུད། མང་ན་མཆོད་གཡོག་པ་གཉིས་ཀྱིས་བུམ་ཆུ་དེ་བསྲེས་པའི་ཆུ་བུམ་པ་གཞན་དུ་བླུགས་ལ། སློབ་མ་རྣམས་ཀྱི་ལག་པར་བླུག་ཅིང་བཀྲུ་འཇུག །གཞན་གཅིག་གིས་ཁྲུས་གཞོང་ཡང་མཉམ་དུ་འགྲིམ། །མཆོད་གཡོག་པ་དེ་དབུ་རྒྱན་སོགས་ཀྱིས་བརྒྱན་པ་ཞིག་གིས་གདུགས་དཀར་པོ་ཞིག་དེ་རྣམས་ཀྱི་སྤྱི་བོར་འགྲིམ། མ་རྫོགས་བར་དུ་རོལ་ཆེན་བྱ། ཁྱེད་


CMR021_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྣམས་ཁྲུས་ཀྱི་དཀྱིལ་འཁོར་ལས་བབ་སྟེ། གོས་དམར་པོ་གསར་པ་གྱོན་རིན་པོ་ཆེའི་རྒྱན་གྱིས་བརྒྱན། རྡོ་རྗེའི་གླུ་ལེན་ཅིང་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་པའི་མོས་པ་མཛོད། མཆོད་གཡོག་པས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱ་བའམ་བྱ་བའི་ཚུལ་བྱ། སློབ་དཔོན་གྱིས་ཚིགས་བཅད་འདི་དག་དབྱངས་འདྲ་བ་བྱ། བདེ་བ་ཆེན་པོ་འདོད་ཆགས་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེ་བ། །ཤེས་རབ་ཆེན་པོ་ཡེ་ཤེས་ཆེ། །རྡོ་རྗེ་སེམས་དཔའ་དེང་བདག་སྒྲུབས། །སངས་རྒྱས་ཀུན་གྱི་རྡོ་རྗེ་ཆེ། །དངོས་གྲུབ་ཀུན་གྱི་བདེ་སྟེར་བ། །ཀུན་གྱི་དབང་བསྐུར་བསྐུར་དོན་དུ། །རྡོ་རྗེའི་དབང་བསྐུར་བླ་ན་མེད། །ཨེ་མ་ཧོཿ དང་པོའི་སངས་རྒྱས་དོན་དམ་སྐུ་ཅན་རྒྱལ། །ཐར་པ་ནོར་ཆོས་འདོད་པ་སྟེར་མཛད་རྒྱལ། །ཡེ་ཤེས་ལྷ་དང་དགའ་ལྡན་རང་བཞིན་རྒྱལ། །མགོན་པོ་བདེ་ཆེན་ཕྱག་ན་རྡོ་རྗེ་རྒྱལ། །དེ་ལྟར་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས། ལུས་ཐམས་ཅད་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་གང་། དྲི་མ་ཐམས་ཅད་དག །དབང་ཐམས་ཅད་ཐོབ་ཆུའི་ལྷག་མ་ཡར་ལུད་པ་ལས། སྤྱི་བོར་མི་བསྐྱོད་པས་དབུར་བརྒྱན། དེ་ལྟར་ཁྱེད་རྣམས་མི་བསྐྱོད་པའི་རང་བཞིན་དུ་


CMR021_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ལ། བདག་གིས་མཆོད་པ་འབུལ་བར་མོས། ཨོཾ་ཨཀྵ་བྷུ་ས་པཱ་རི་ཝ་ར་ཨབྷཾ་སོགས། ཤབྡའི་བར་གྱིས་མཆོད། དེ་ལྟར་ཁྱེད་རྣམས་ལ་མི་བསྐྱོད་པ་ཆུའི་དབང་བསྐུར་བའོ། །ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ལ་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་ཅོད་པན་གྱི་དབང་བསྐུར་དུ་གསོལ། དེ་ལྟར་གསོལ་བ་བཏབ་པས་ནམ་མཁར་གནས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་རིན་པོ་ཆེའི་ཅོད་པན་སྤྱི་བོ་ལ་སོགས་པའི་གནས་ལྔར་བཅིང་བའི་མོས་པ་མཛོད། དབུ་རྒྱན་ཐོགས་ལ། རལ་པའི་ཐོར་ཚུགས་རྒྱན་པ་ཡི། །རིན་པོ་ཆེ་ཡི་དབུ་རྒྱན་དང་། །དར་དཔྱངས་ཅོད་པན་དག་གིས་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ཨོཾ་བཛྲ་རཏྣ་མུ་གུ་ཊ་ཨ་བྷི་ཥིཉྩནྟཾ། བཛྲ་ར་ཏ་ཀ་ཏ་ཤ་ལི་ཧོཨ་བྷི་ཊི། ཁ་དོག་སྣ་ལྔའི་དར་དཔྱངས་བཏགས་པའི་མོས་པ་མཛོད། ༀཧཱུྃཏཾ༔ཧཱིཝཨཱཿ༔ ཨོཾ་བཛྲ་ཏུ་ཤྱ་ཧོཿ དབང་དེ་བརྟན་པའི་ཡན་ལག་ཏུ་བུམ་ཆུས་དབང་བསྐུར་བར་བསྒོམ། ཨོཾ་ཨཱཿ༔བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏེ་ཧཱུཾ་ཨ་ཧཱུྃ༔ ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་


CMR021_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན། དེ་ལ་མཆོད་པའི་ཕྱིར། རཏ་སཾ་བྷ་ཝ་པུཊྚེ་ནས་ཤརྡའི་བར་གྱིས་མཆོད། དེ་ལྟར་ཁྱེད་རྣམས་ལ་རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི་དབང་བསྐུར་བའོ། །ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ལ་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་རྡོ་རྗེའི་དབང་བསྐུར་བར་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱི་ཕྱག་གི་རྡོ་རྗེས་ཁྱེད་རང་རྣམས་ཀྱི་སྙིང་ཁ་དང་མགྲིན་པ་དང་སྤྱི་བོར་རེག་ཅིང་ལག་གཡས་སུ་བྱིན་པའི་མོས་པ་མཛོད། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རབ་ཏུ་བསྒྲུབ་ཕྱིར་རྡོ་རྗེ་ཟུང་། །ཨོཾ་མ་ཧཱ་སུ་ཥ་བཛྲ་ཧཱུྃ། དབང་དེ་བརྟན་པའི་ཡན་ལག་ཏུ་བུམ་ཆུས་དབང་བསྐུར་བར་བྷཻ། ཨོཾ་ཨཱཿ༔ བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏེ་སྟེ་ཨ་ཧཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། སྤྱི་བོར་འོད་དཔག་མེད་


CMR021_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དབུར་བརྒྱན། ཨ་མི་ཏ་བྷ་པུལླེ་སོགས། དེ་ལྟར་འོད་དཔག་མེད་རྡོ་རྗེའི་དབང་བསྐུར་བའོ། །ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ལ་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དྲིལ་བུའི་དབང་བསྐུར་བ་བསྩལ་དུ་གསོལ། དེ་ལྟར་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དྲིལ་བུ་ལག་པ་གཡོན་པར་བྱིན་པའི་མོས་པ་མཛོད། ཆོས་ཀྱི་དྲིལ་བུ་བླ་ན་མེད། །སྟོང་ཉིད་ཡེ་ཤེས་སྒྲ་སྒྲོགས་པས། །ཐམས་ཅད་སྟོང་ཉིད་དོན་སྟོན་པ། །དྲིལ་བུའི་དབང་བསྐུར་སྦྱིན་པར་བྱ། །ཨོཾ་བཛྲ་ཨ་དྷི་པ་ཏི་སྟེ་ཨ་བྷི་ཥིཉྩནྟཾ། ཏིཥྛ་བཛྲ་ས་མ་ཡ་སྟྭཾ། སྔར་བྱིན་པའི་རྡོ་རྗེ་དང་ལྷན་ཅིག་ཏུ་ཐུགས་ཀར་བསྣོལ་ཏེ། བྱང་ཆུབ་ཀྱི་སེམས་བདེ་བ་དང་སྟོང་པ་ཟུང་དུ་ཆུད་པའི་རང་བཞིན་རྡོ་རྗེ་འཆང་དུ་བསྒོམ་ལ་རྗེས་ཟློས་མཛོད། བཅོམ་ལྡན་གཟུང་ངོ་བདག་ལ་ནི། །ཡང་དག་ཉེ་བར་གྱུར་པར་མཛོད། །དབང་དེ་བརྟན་པའི་ཡན་ལག་ཏུ། བུམ་ཆུས་དབང་བསྐུར་བའི་མོས་པ་མཛོད། ཨོཾ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏེ་ཙཱ་ཨ་ཧཾ། དེ་ལྟར་དབང་བསྐུར་


CMR021_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

བས་ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་གང་། དྲི་མ་ཐམས་ཅད་དག །དབང་ཐམས་ཅད་ཐོབ་ཆུའི་ལྷག་མ་ཡར་ལུད་པ་ལས། དོན་ཡོད་གྲུབ་པས་དབུར་བརྒྱན། དེ་ལ་མཆོད་པའི་ཕྱིར་ཨོཾ་ཨ་མོ་གྷ་སིདྡྷི་པུལླེ་སོགས། དེ་ལྟར་ཁྱེད་རྣམས་ལ་དོན་ཡོད་གྲུབ་པ་དྲིལ་བུའི་དབང་བསྐུར་བའོ། །ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་དང་སློབ་དཔོན་དང་དཀྱིལ་འཁོར་ལ་བཞུགས་པའི་ལྷ་དང་བཅས་པ་ལ་གསོལ་བ་འདེབས་པའི་རྗེས་ཟློས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མིང་གི་དབང་བསྐུར་བ་བསྩལ་དུ་གསོལ། དེ་ལྟར་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་སངས་རྒྱས་རྣམས་ཀྱིས་མིང་གི་དབང་བསྐུར་བར་སྒོམས་ཤིག །རྡོར་དྲིལ་སྤྱི་བོར་དཀྲོལ་ཚུལ་བྱ་ཞིང་། རྡོ་རྗེ་མིང་གི་དབང་བསྐུར་བས། །དེང་ནས་བྱང་ཆུབ་སྙིང་པོའི་བར། །ཅིས་ཀྱང་མི་ཤིགས་མི་གཡོ་བའི། །མིང་གི་དབང་འདི་ཁྱོད་ཀྱིས་ལོངས། །ཨོཾ་བཛྲ་སཏཱ་སྟེ། ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཀྱི་དཔལ་ཎི་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །མེ་ཏོག་ཕོག་པའི་ལྷ་ལས་དྲས་ཏེ་མིང་འདོགས། བསྡུ་ན་སྐྱེས་པ་ཐམས་ཅད་ལ་སེམས་དཔའ་རྡོ་རྗེ། བུད་མེད་ཐམས་ཅད་


CMR021_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སེམས་མ་རྡོ་རྗེ་བཏགས། ཁྱེད་རང་རྣམས་ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་ཕྱིར། རྣམ་རྒྱལ་བུམ་ཆུ་གཏོར་ཞིང་། ཨོཾ་ཨཱཿ༔བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏེ་སྭཱ་ཨ་ཧུཾ་ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་ཁྱེད་རང་རྣམས་ཀྱི་སྤྱི་བོར་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པ་ལ། ཨོཾ་བེ་རོ་ཙ་ན་ཨནྡྷཾ་སོགས། དེ་ལྟར་ཁྱེད་རང་རྣམས་ལ་རྣམ་པར་སྣང་མཛད་མིང་གི་དབང་བསྐུར་བའོ། །དེ་ལྟར་རིག་པའི་དབང་ལྔ་ཐོབ་པའི་ཕན་ཡོན། ཞེ་སྡང་ལ་སོགས་པ་ཉོན་མོངས་པ་ལྔ་འཁོར་དང་བཅས་པ་བྱུང་ཞིང་། གཉེན་པོ་ཡོན་ཏན་ཡེ་ཤེས་ལྔ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཐོབ་པར་འགྱུར་རོ། །བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་དབང་ལྔ་ཐོབ་པའི་རྒྱུད་ལ་ནི། །རྣམ་དག་སངས་རྒྱས་ལྔ་འདི་དག །མ་རིག་བྲལ་བའི་རིག་པ་ལས། །ཡེ་ཤེས་ལྔ་ནི་ཐོབ་པར་འགྱུར། །ཞེས་གསུངས་པས། བྱ་བ་དང་སྤྱོད་པའི་རྒྱུད་ཉན་པ་དང་། བཤད་པ་དང་སྔགས་སྒྲུབ་པ་རྣམས་ལ་དབང་བར་འགྱུར་རོ། །ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཁྱེད་རང་རྣམས་ལ་གཉིས་སུ་མེད་


CMR021_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐིམ། ཛཿཧཱུྃ་བཾ་ཧོཿ ཁྱེད་རྣམས་ལ་བྱ་སྤྱོད་ཀྱི་དབང་བསྐུར་བ་དང་། རྒྱུད་འཆད་པ་ལ་སོགས་པའི་སྒོ་ནས་གཞན་དོན་སྒྲུབ་པའི་ཐེག་པ་རང་ལུགས་ཀྱི་རྡོ་རྗེ་སློབ་དཔོན་དུ་གྱུར་པའི་མོས་པ་མཛོད། སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་འཐོར། ད་རྟེན་བརྟེན་པའི་དཀྱིལ་འཁོར་གྱི་དག་པ་མདོར་བསྡུས་པ་ནི། གཞལ་ཡས་ཁང་ནི་ལམ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པ་ཡིན་ལ། ལྷ་རྣམས་ལ་ནི། དཔལ་གསང་བ་འདུས་པའི་རྒྱུད་ལས། ཕུང་པོ་ལྔ་ནི་མདོར་བསྡུས་ན། །།སངས་རྒྱས་ལྔ་ནི་རབ་ཏུ་གྲགས། །རྡོ་རྗེའི་སྐྱེ་མཆེད་ཉིད་དག་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ནི་སྤྱན་མ་ཞེས་བྱ་སྟེ། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །གོས་དཀར་མོ་དང་སྒྲོལ་མ་ནི། །མེ་དང་རླུང་དུ་རབ་ཏུ་གྲགས། །ཞེས་གསུངས་ཤིང་། ཁྲོ་བོ་བཅུ་ཡང་ཚིགས་ཆེན་བཅུ་དང་། རྣམ་པར་དག་པའི་རང་བཞིན་དུ་བཤད་པས། ལྷ་རྣམས་ཀྱི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་དག་པ་དང་དོན་དམ་པར་ནི། དཀྱིལ་འཁོར་ལ་སོགས་པ་རྣམས་ནི་རང་བཞིན་མེད་པའི་བདག་ཉིད་ཅན་དེ་བཞིན་ཉིད་ཁོ་ནའི་དེ་ཁོ་ན་ཉིད་རྣམ་པར་དག་པ་ཡིན་


CMR021_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ད་ལྷ་མཆོད་པའི་རྗེས་གནང་གི་ཆེད་དུ་ངེད་ཀྱིས་སྒེག་སོགས་བརྒྱད་ཀྱི་ཕྱག་རྒྱ་བྱེད་པ་འདི་ཁྱེད་རང་རྣམས་ཀྱིས་ཤེས་ན་གྱིས། མ་ཤེས་ན་ཡང་བྱས་ཡོད་སྙམ་པ་གྱིས། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །སྲས་དང་བཅས་པ་རྣམས་རོལ་ཞིང་། །རྡོ་རྗེ་སྙེམས་མི་ཚུལ་གྱིས་ནི། །དགའ་སྟོན་བདེ་གསལ་མཆོད་པར་གྱིས། །ཨཿ སྒེག་དང་བཅས་པས་ཕྲེང་བ་འཕང་། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །དེས་ནི་བཅོམ་ལྡན་འབྲལ་མི་འགྱུར། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ཨོཾ། ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླང་བར་བྱ། །དེ་ཡི་བདེ་གཤེགས་དངོས་གྲུབ་ནི། །ཤིན་ཏུ་བདེ་བ་ཐོབ་པར་འགྱུར། །གྷི། དེ་ཉིད་ཐལ་མོ་གར་གྱིས་ནི། །སངས་རྒྱས་ཐམས་ཅད་འདུལ་བར་བྱ། །སངས་རྒྱས་འདུལ་བའི་ཕྲིན་ལས་ཀྱིས། །གར་མཁན་ཚུལ་དུ་བསྒྱུར་བར་བྱ། །ཏོ༔ རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་འགྲོ་དོན་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་གྱིས། །ཧཱུྃ། སངས་རྒྱས་རྣམས་ལ་མེ་ཏོག་


CMR021_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པས། །མཚན་དང་དཔེ་བྱད་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་པར་འགྱུར། །བྷྲཱུཾ། ཆོས་ཀྱི་མེ་ནི་ལེགས་སྤྱར་བས། །རྡོ་རྗེ་ཆོས་དང་འདྲ་བ་རུ། །སེམས་ཅན་མ་རིག་ལྡོང་རྣམས་ལ། །ཡེ་ཤེས་སྒྲོན་མེས་གསལ་བར་གྱིས། །པྲ། རྒྱལ་བ་རྣམས་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཤེས་རབ་ཏིང་འཛིན་དང་། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་བསྒོས། །གྷ། ཁྱེད་རྣམས་ཀྱིས་དེང་ཕྱིན་ཆད་ལུས་ཀྱིས་སྒེག་སོགས་ཀྱི་སྦྱོར་བ་དང་། ངག་གིས་སྨྲ་བརྗོད་དང་། སེམས་ཀྱི་བསམ་པ་ཐམས་ཅད་ལྷ་མཆོད་པའི་བསམས་པས་ཟིན་པར་མཛོད་ཅིག །ད་སྔགས་ཀྱི་བཟླས་ལུང་གི་དོན་དུ་མཎྜལ་ཕུལ། ས་གཞི་སྤོས༔ འདི་ཡི་རྗེས་ཟློས་མཛོད། སྔགས་ཀྱི་དབང་བསྐུར་ཡེ་ཤེས་ཆེ། །དངོས་གྲུབ་སྟེར་བ་བདག་ལ་སྩོལ། །གསུམ། དཔོན་སློབ་གཉིས་ཀ་དཔལ་ཆེའི་དཀྱིལ་འཁོར་གྱི་གཙོ་བོར་གསལ་བའི་ཐུགས་ཀར་ཟླ་བའམ་ཉི་མའི་དབུས་སུ་ས་བོན་དང་ཁྱད་པར་དུ་སློབ་དཔོན་གྱི་ཐུགས་ཀའི་ས་བོན་གྱི་མཐའ་སྐོར་དུ་སྔགས་ཀྱི་ཕྲེང་བ་སྒྲུབ་ཐབས་ལྟར་གཡས་བསྐོར་དུ་འཁོད་པར་


CMR021_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་ལ། སྔགས་ཀྱི་བཟླས་ལུང་བསྩལ་དུ་གསོལ་སྙམ་པའི་མོས་གུས་དྲག་པོ་བྱས་ནས། སློབ་དཔོན་གྱི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་ས་བོན་སྔགས་ཕྲེང་དང་བཅས་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་གྱིས་སློབ་དཔོན་གྱི་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་ཁའི་ས་བོན་གྱི་མཐའ་བསྐོར་དུ། དང་པོས་འཁོད། གཉིས་པས་བྱིན་བརླབས། གསུམ་པས་བརྟན་པར་བྱས་པར་མོས་ལ་སྔགས་ཀྱི་རྗེས་ཟློས། ལན་གསུམ། དེའི་བྱིན་རླབས་ཐོབ་པའི་གཏང་རག་ཏུ་མེ་ཏོག་འཐོར་ཞིང་རྗེས་ཟློས། བཅོམ་ལྡན་བདག་ལ་བསྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། སློབ་དཔོན་གྱིས། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས་སོགས། རིག་པ་འཛིན་པ་འདི་རྣམས་ལ་སྒྲོའི་ལྷ་ཚོགས་རྣམས་ཀྱིས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་བྱིན་རླབས་དང་ཁྱད་པར་དུ་རིག་པ་གསང་སྔགས་ཀྱི་བྱིན་རླབས་ཐམས་ཅད་འཇུག་པར་གྱུར་ཅིག །ཅེས་མེ་ཏོག་གཏོར། ད་


CMR021_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

དངུལ་གྱི་ཀོང་བུར་མིག་སྨན་རྣམས་ཚུལ་བཞིན་དུ་སྦྱར་བ་ལག་པ་གཡོན་དུ་བཟུང་ཞིང་། གཡས་པས་གསེར་དྲུག་ལས་བྱས་པའི་ཐུར་མ་བཟུང་སྟེ་མ་རིག་པའི་ལིང་ཏོག་བསལ་ནས་མིག་སྨན་བྱུག་པར་སྒོམས་ཤིག །སློབ་མའི་མིག་གཉིས་སུ་དེ་ཁོ་ན་ཉིད། སྒྲིབ་བྱེད་མ་རིག་རྩའི་ལིང་ཏོག་ས་ཁམས་པའི་རང་བཞིན་པྲཾ་སེར་པོའི་རྣམ་པར་གནས་པ་ཕྱིར་བསལ་བར་བྷ། ཐུར་ལྡན་སྨན་པའི་རྒྱལ་པོ་ཡིས། །ཇི་ལྟར་འཇིག་རྟེན་རབ་རིབ་བཞིན། །རྒྱལ་བ་རྣམས་ཀྱིས་བུ་ཁྱོད་ཀྱི། །མི་ཤེས་པ་ཡི་རབ་རིབ་བསལ། །ཨོཾ་བཛྲ་ནེ་ཏྲ་ཨ་བ་ཧ་ར་པ་ཏྲ་ལཾ་ཧྲཱིཿདེ་ནས་མེ་ལོང་ཨཱཿཡིས་སྔགས་ཏེ་སློབ་མ་ལ་བསྟན། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོགས་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང་། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དེར་ནི་གསལ་དག་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་བཞིན་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུག། །རང་བཞིན་མེད་ཅིང་གནས་མེད་པར། །ཆོས་རྣམས་དེ་ལྟར་ཤེས་ནས་ཁྱོད། །སེམས་ཅན་དོན་ནི་མཉམ་མེད་བྱོས། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེ། །གང་ཡང་


CMR021_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཐམས་ཅད་དང་། དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་འདི་ཀུན་ཏུ་འགྲོ་བ་ཡིན་པ་ཤེས་པར་གྱིས་ཤིག །ཧོས་བསྔགས་པའི་ཐབས་ཀྱི་མདའ་དྲུག །ཤེས་རབ་ཀྱི་གཞུ་དང་བཅས་པ་ཕྱོགས་བཞི་སྟེང་འོག་ཏུ་འཕངས། བདུད་བཞི་དང་ཉན་རང་གི་སེམས་ཡིད་ལ་བྱེད་པ་བཅོམ་པར་མོས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡེ་སྭཱ་ཧཱ། མདའ་འཕེན་ཚུལ་དང་བཅས་པའི་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་ཆགས་པར་བྱའོ། །བུམ་ཆུ་གཏོར་ཞིང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དེ་རྣམས་ཀྱི་ཕྱི་དབྱིབས་རས་བྲིས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་ཐོབ། ལུས་ཀྱི་དྲི་མ་དག །ལྷའི་དཀྱིལ་འཁོར་ཆ་ལག་དང་བཅས་པ་སྒོམ་པར་དབང་། ཀྱི་འབྲས་བུ་སྤྲུལ་པའི་སྐུའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པའོ། །བསངས་སྦྱངས། ཁྱེད་རང་རྣམས་ཀྱི་ཆོས་ཅན་ཉོན་མོངས་པ་ལྔ་དང་། ཕུང་པོ་ལྔའི་ཆོས་ཉིད་རྣམས་མི་


CMR021_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ཏེ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། ཁྱེད་རང་རྣམས་ཀྱི་ཉོན་མོངས་པ་ལྔ་དང་ཕུང་པོ་ལྔའི་ཆོས་ཉིད་རྣམས། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རལ་པའི་ཐོར་ཚུགས་ལ་སོགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་སྐུ་ཅན་གྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ༔ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རྡོ་རྗེ་སེམས་དཔའི་རྣམ་པར་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ། ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཚད་དང་མཚན་ཉིད་དང་ལྡན་པ་ཁྱེད་རང་རྣམས་ཀྱི་ལག་པ་གཡས་སུ་བྱིན་པ། བརྟུལ་ཞུགས་འཛིན་པའི་གནས་སྤྱི་བོར་བཟུང་བའི་མོས་པ་མཛོད། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟེན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ། ཏིཥྛ་ཨེ་ཥ་ཡ་ཧཱུཾ་དྷ་ར་ཡཱ་མི་བཛྲ་སཏྭ་ཧཱུཾ། ཧི་ཧི་ཧི་ཧི་ཧཱུཾ། རྡོ་རྗེ་


CMR021_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུལ་ཞུགས་འཛིན་པའི་ཕྱག་རྒྱའི་ཆོ་གའོ། ། །ཁྲོ་བོའི་ཆས་འདི་འབྱུང་འདུལ་མ་གཏོགས་གཞན་དཀྱིལ་འཁོར་ལྔ་པོ་ལ་མི་བྱ། ཧཱུཾ་བཛྲ་ཕཊ༔ ཨོཾ་བཛྲ་སཏྭ་ཧཱུྃ་གིས་བྱིན་གྱིས་བརླབས་པའི་མི་མགོ་ལྔ་བཅུའི་དོ་ཤལ་དང་། རྒྱབ་ཏུ་གླང་ལྤགས་སྨད་དུ་སྟག་ཤམ་རོའམ་རོ་རས་ཀྱི་གདན་རྣམས་རིམ་པར་བྱིན་པའི་མོས་པ་མཛོད། རྡོ་རྗེ་སེམས་དཔའི་ཕྱག་རྒྱུ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །མགོ་ཕྲེང་གླང་ལྤགས་སྟག་ཤམ་སོགས། །སྦྱིན་པ་དཔའ་བོས་བཟུང་བར་གྱིས། །ཨོཾ་བཛྲ་སཏྭ་ཧཱུཾ། གཞུང་ནས་དེ་བས་མ་གསུངས་ཀྱང་། །ཚིག་གིས་ཕྱེ་ནས་སོ་སོར་གཏད་རུང་། དེ་ནས་སྣམ་སྦྱར་གྱི་ཞབས་ནས་གཡོན་པས་ཆོས་གོས་ཀྱི་སྣེ་སེང་གེ་བག་ཕེབ་པའི་རྣ་བ་ལྟར་བཟུང་། གཡས་པས་སྐྱབས་སྦྱིན་བྱས་ལ། སློབ་དཔོན་ཨོཾ་ལས་སྤྲུལ་སྐུ་ཤཱཀྱ་ཐུབ་པར་བསྒོམས་ལ། དབང་འདི་ཐོབ་ཅིང་ཉམས་སུ་བླང་བ་ལ་བརྟེན་ནས་མ་འོངས་པ་ན་ཁྱེད་རྣམས་གསང་མཚན་བཏགས་པ་དང་མཚུངས་པའི་མཚན་འཛིན་པའི་དེ་བཞིན་གཤེགས་པར་འགྱུར་རོ། །ཞེས་ལུང་བསྟན་པའི་མོས་པ་མཛོད། འདིར་ནི་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་


CMR021_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ངན་འགྲོ་རྣམས་ལས་བཏོན། །ཀྱེ་དཔལ་རྨེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །སིདྡྷི་ས་མ་ཡ་བྷུནྡྷ་བས། གང་ལ་ངས་ལུང་བསྟན་པ་འདིའི་བླ་མ་དང་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱིས་བྱང་ཆུབ་ཆེན་པོར་མགྲིན་གཅིག་ཏུ་ལུང་སྟོན་པར་མཛད་དེ། སྔགས་འདི་དང་ཕྱག་རྒྱ་འདི་ཡི་མཐུ་ཡིན་ནོ། །ཞེས་ཁྱེད་རྣམས་དང་བ་བསྐྱེད་པར་བྱའོ། །ལུང་བསྟན་ཆོ་གའོ། །རྒྱུད་ལས་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས། །སློབ་མ་སྡིག་དང་བྲལ་བ་ལ། །རྗེས་སུ་གནང་བ་དེ་ནས་སྦྱིན། །ཞེས་གསུངས་པས། ཁྱེད་རང་རྣམས་ཀྱི་མདུན་དུ་ཧཱུྃ་ལས་སྐྱེས་པའི་འཁོར་ལོ་དང་། ཨོཾ་བཛྲ་ཧེ་ཏུ་ཚྭ། ལག་གཡས་སུ་ཨོཾ་བཛྲ་བྷ་ཥ་རཾ། ཡི་གེ་ཨཱཿལས་སྐྱེས་པའི་དུང་དང་། གཡོན་དུ་དབྱངས་དང་པོ་ལས་སྐྱེས་པའི་པོ་ཏི་དང་དབྱངས་ཐ་མ་ལས་སྐྱེས་པའི་དྲིལ་བུ་རྣམས། རང་རང་གིས་སྔགས་བརྗོད་ཅིང་བྱིན་པས་དྲིལ་བུ་དཀྲོལ་བའི་མོས་པ་མཛོད། སློབ་དཔོན་གྱིས། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །དེང་ནས་བརྩམས་ཏེ་སེམས་


CMR021_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ། །བརྩམས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར། །དེ་རིང་ཕན་ཆད་འཇིག་རྟེན་ལ། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་ནས་ཡོངས་སུ་བཀང་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །དེ་ནས་རིགས་ལྔའི་ཕྱག་མཚན་ཡོད་ན་གཏད་པའམ། མེད་ན་བསྒོམས་པས་ཆོག །ཁྱེད་རང་རྣམས་རྣམ་པར་སྣང་མཛད་དུ་སྒོམས་ཤིག་།སེམས་ཅན་ཀུན་ལ་ཕན་དོན་དུ། །སེམས་ཅན་ཀུན་ལ་ཐམས་ཅད་ནས། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཛ་ཡ་ཛ་ཡ་སརྦ་ཏ་ཐཱ་ག་ཏ་ཨ་ཧྲཱིཿཔ་རི་པྲ་ཝརྟ་ཡ་དྷརྨཱ་ཙཀྲ་ག །ཁྱེད་རང་རྣམས་རིན་ཆེན་འབྱུང་ལྡན་དུ་སྒོམས་ཤིག །སེམས་ཅན་ཀུན་ལ་ཕན་དོན་དུ། །སེམས་ཅན་ཀུན་ལ་ཐམས་ཅད་ནས། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པའི། །སངས་རྒྱས་རིན་ཆེན་རབ་ཏུ་སྟོན། །ཨོཾ་བཛྲ་རཏྣ་སརྦ་དྷརྨཱ་བི་ཤུདྡྷེ་ཛྙཱ་ན་ཨ་བྷི་ཥེ་ཀ་པྲ་ཝཏྟ་ཡ་ཨོཾ་ཨོཾ་ཨོཾ། ད་ཁྱེད་རང་རྣམས་སྣང་བ་མཐའ་ཡས་སུ་སྒོམས་ཤིག། སེམས་ཅན་ཀུན་ལ་ཕན་དོན་དུ། །སེམས་ཅན་ཀུན་ལ་ཐམས་ཅད་ནས། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པའི། །འདོད་ཆགས་དག་པར་རབ་ཏུ་སྟོན། །ཨོཾ་བཛྲ་དྷརྨཱ་སརྦ་དྷརྨ་


CMR021_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བི་ཤུདྡྷེ་ཛྙཱ་ན་དྷ་ག་པདྨ་སྭ་བྷཱ་ཝ་ཧྲཱིཿ༔ཨཱཿ༔ ད་ཁྱེད་རང་རྣམས་དོན་ཡོད་གྲུབ་པར་སྒོམས་ཤིག །སེམས་ཅན་ཀུན་ལ་ཕན་དོན་དུ། །སེམས་ཅན་ཀུན་ལ་ཐམས་ཅད་ནས། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པའི། །རྡོ་རྗེའི་མཆོད་པ་རབ་ཏུ་བསྐོར། །ཨོཾ་བཛྲ་ཀརྨ་སརྦ་དྷརྨཱ་བི་ཤུདྡྷེ་ཛྙཱ་ན་སརྦ་པཱུ་ཛ་སྭ་བྷཱ་ཝ༔ཨཱཿ༔ ཁྱད་པར་ཀྲི་ཡའི་རྒྱ་གཞུང་ལས། སླར་ཡང་རྣམ་པ་སྣ་ཚོགས་ལས་བྱས་པའི། རིན་ཆེན་བདུན་ཡང་གཏད་པར་བྱ། །གྲི་གུག་ཁཊཾ་བགྲང་ཕྲེང་དང་། །གླེགས་བམ་ཐོད་ལེ་སམ་ཕོ་ར། །གྱོ་མོ་རྣལ་འབྱོར་དབྱུག་པ་དང་། །པདྨའི་ལག་པའི་ལྷམ་དང་ནི། །རྣལ་འབྱོར་པ་ཡི་སྒོམ་ཐག་རྣམས། །ལེགས་པར་དགའ་བའི་བསམ་པ་ཡིས། །སྔགས་ཅན་དེ་ཡིས་སྦྱིན་པར་བྱ། །ཞེས་གསུངས་པ་ལྟར། རྒྱལ་སྲིད་བདུན་དང་གྲི་གུག་ལ་སོགས་པའི་རྫས་རྣམས་རིན་པོ་ཆེའི་སྣོད་མེ་ཏོག་སིལ་མས་བཀང་བའི་ནང་དུ་བཞག་ནས། ཁྱེད་རང་རྣམས་ཀྱི་ལག་པ་གཉིས་སུ་རིམ་བཞིན་བྱིན་པའི་མོས་པ་གྱིས། རྒྱལ་སྲིད་སོགས་ཙཀླུ་རྣམས་རིམ་པར། མ་འོངས་པ་ན་ཐུབ་པའི་དབང་པོ་ཡི། །གོ་འཕང་ཐོབ་ཕྱིར་འཇིག་རྟེན་འཇིག་རྟེན་ལས། །འདས་པའི་དབང་ཕྱུག་བླ་མེད་


CMR021_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ཕྱིར་དུ། །རིན་ཆེན་སྣ་བདུན་རྗེས་གནང་སྦྱིན་པར་བྱ། །ཨོཾ་སརྟ་རཏྣ་ཨ་བྷི་ཥིཉྩནྟཾ། མ་རིག་གཟུང་འཛིན་རྣམ་རྟོག་བགེགས་བསྐྲད་ཕྱིར། །གྲི་གུག་རྗེས་གནང་རབ་ཏུ་སྦྱིན་པར་བྱ། །ཞི་རྒྱས་དབང་དང་མངོན་སྤྱོད་ལ་སོགས་པའི། །ཕྲིན་ལས་བསྒྲུབ་ཕྱིར་ཁ་ཊཾ་བགྲང་ཕྲེང་སྦྱིན། །ཨོཾ་ཀི་དྷ་ཀ་ཁ་ཊཾ་ཁ་མ་ལ་ཨ་བྷི་ཥིཉྩནྟཾ། ཕྱི་ཚུནང་གསང་བ་དེ་ཁོ་ན་ཡི་ཆོས། །བསམ་པ་ཅི་བཞིན་གཞན་ལ་སྟོན་བྱེད་ཕྱིར། །རང་རང་རྒྱུད་ཀྱི་གླེགས་བམ་དག་དང་ནི། །ཐོད་ལེ་ཀོར་དང་སམ་བྷོ་ར་རྣམས་སྦྱིན། །ཨོཾ་པུ་ཏི་ཀ་ཁ་ཏྲི་ཀ་སཾ་བྷོ་ར་ཨ་བྷི་ཥིཉྩ་མཱི། རྒྱལ་སྲིད་ལ་སོགས་སྲིད་པའི་བདེ་བ་ལ། །ཆགས་པ་སྤང་སྟེ་བསོད་སྙོམས་འཚོ་བ་ལ། །གནས་ནས་མི་བསྐྱོད་བསམ་གཏན་བྱ་ཕྱིར་དུ། །གྱོ་མོའི་སྣོད་དང་རྣལ་འབྱོར་དབྱུག་པ་དང་། །ལྷམ་དང་སྒོམ་ཐག་རྣམས་ཀྱང་སྦྱིན་པར་བྱ། །།ཨོཾ་ག་ཡ་ད་ར་ཡོ་ག་ག་ན་ཌ། ཡ་ཏ་ཀ་པ་ཊ་ཀཾ། ཨ་བྷི་ཥིཉྩ་མཱི། དེང་རྒྱུནས་ཐེ་ཚོམ་མེད་པའི་བསམ་པ་ཡིས། །ཁྱོད་འདིར་བློ་གྲོས་ངན་མི་བྱ། །གསང་སྔགས་སྤྱོད་པའི་ཚུལ་མཆོག་འདི། །མཉམ་མེད་རང་གིས་རབ་གསལ་བྱ། །དེ་ལྟར་བྱས་ན་


CMR021_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ལ། །ཕན་བཏགས་བྱས་པས་གཟོ་བར་འགྱུར། །རྡོ་རྗེ་འཛིན་པ་དེ་ཀུན་ཡང་། །ཁྱེད་ལ་རྟག་ཏུ་ཀུན་བསྲུང་མཛད། །ཤེས་རབ་ཐབས་ཀྱིས་རང་བཞིན་བདག་ཡིད་བཞིན་ནོར་བུ་ལྟར་མཐོང་བས། །སྐྱོན་མེད་དོགས་དང་བྲལ་བ་ཡིས། །དེ་ལྟར་སེམས་ཅན་དོན་གྱིས་ཤིག །རྗེས་གནང་ཆོ་གའོ། །དབུགས་དབྱུང་ནི་སློབ་མ་གཞོན་པ་གཅིག་ལ་ཆོས་གོས་བཀོན་ལ། རུས་པ་དང་རིན་པོ་ཆེའི་རྒྱན་དྲུག་གིས་བརྒྱན་ཅིང་། ཁོང་གིས་བསྐོར་བ་ལན་གསུམ་བྱེད་པ་ལྟར་ཁྱེད་རང་རྣམས་ཀྱིས་ཀྱང་བྱེད་པར་བསྒོམས་ལ་རྗེས་ཟློས་ལན་གསུམ་མཛོད།་མ་ཧཱ་ར་ཏ་སུ་ཊི་ཏ་སུ་ཏཱ་ཥ་བཛྲ་སཏྭ་ཨརྱ་སིདྡྷ་ནཱཾ། སྤྱི་བོ་རུ་ནི་གདུགས་བཟུང་ཞིང་། །སྐོར་བ་བྱེད་དུ་བཅུག་ནས་ནི། །དཀྱིལ་འཁོར་ཤར་སྒོར་ཐལ་སྦྱར་བ། །གདུགས་བཅས་དབབ་ཅིང་འདི་སྐད་བརྗོད། །ཅེས་གསུངས་པས། ཁྱེད་རང་རྣམས་ཀྱི་སྤྱི་བོར་གཞན་ཞིག་གིས་གདུགས་བཟུང་། དཀྱིལ་འཁོར་གྱི་ཤར་སྒོ་ནས་ཕྱག་གསུམ་འཚལ་ནས། ཁྱེད་རང་རྣམས་ཀྱི་ལུས་ལོངས་སྤྱོད་དགེ་བའི་དངོས་པོ་དང་བཅས་པ་ཐམས་ཅད་དཀྱིལ་འཁོར་གྱི་ལྷ་ལ་འབུལ་བསམ་ཞིང་། དཀྱིལ་འཁོར་ལ་མགོ་བོ་འདུད་པ་རེ་


CMR021_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། སྔགས་དང་རྒྱུད་རྣམས་འཛིན་གྱུར་པའི། །སློབ་མ་འདི་ནི་འབུལ་བ་ལགས། །ད་ཁྱེད་རང་རྣམས་ཤར་སྒོ་ནས་ཕྱག་གསུམ་འཚལ་ཏེ་པུས་བཙུགས་ཐལ་མོ་སྦྱར་བས་ཉོན། ཐམས་ཅད་ཀྱི་སྙིང་ལ་འབབ་པའི་གཏམ་འདིར་བརྗོད་པ་ལ་གསན་པས་ཁྱབ་པར་གདའ། །ད་ནི་ཁྱེད་རྣམས་དཀྱིལ་འཁོར་གྱིས། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་དག་ཀྱང་དགོངས་པར་འགྱུར། །སེམས་ཅན་ཀུན་ལ་བརྩེ་དོན་དུ། །ཁྱེད་ཀྱི་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །མཆོག་ཏུ་གསང་བ་དམ་པ་ཡིས། །དཀྱིལ་འཁོར་མཐོང་ཞིང་ཞུགས་པས་ན། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཁྱོད་ལ་མེད། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་མཐའ་གྲུབ་བོ། །སངས་རྒྱས་རྡོ་རྗེ་ཅན་ཀུན་གྱི། །དེ་རིང་ཚེ་ལྡན་དབང་བསྐུར་རོ། །ཁམས་གསུམ་ཀུན་གྱི་རྒྱལ་སྲིད་ཆེ། །བདག་པོ་ཉིད་དུ་ཁྱོད་ངེས་སོ། །འདོད་།


CMR021_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་ཉིད། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །འདོད་པ་ཀུན་ལ་སྤྱོད་པ་ཁྱོད། །གང་ལའང་འཇིགས་མེད་སྤྱད་པར་གྱིས། །སློབ་དཔོན་སྤང་བར་མི་བྱ་སྟེ། །དམ་ཚིག་ཤིན་ཏུ་འདའ་བར་དཀའ། །ཤེས་རབ་ཐབས་ཀྱི་བསམ་པ་ཡིས། །མི་བྱ་ཅུང་ཟད་ཡོད་མ་ཡིན། །མ་འཇིགས་ཁྱོད་ལ་སྡིག་པ་མེད། །དེ་བཞིན་གཤེགས་པའི་གསུང་ཇི་བཞིན། །འདི་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གིས་དམ་ཚིག་མི་བཟད་བདེ་སྟེར་བསྟེན་པར་གྱིས། །འགྲོ་བ་བདེ་བ་མྱོང་ལ་རྡོ་རྗེ་སེམས་དཔའ་དང་། །མཚུངས་པའི་རྟག་པ་ཉིད་དུ་ཁྱོད་རྣམས་ཕྱིན་པར་འགྱུར། །གཞན་ཡང་གང་དག་ཆོ་ག་ཇི་ལྟ་བ་བཞིན་དབང་བསྐུར་བ་ལ་དགེ་བའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། སྡུག་པའི་བུ་དང་འདྲ་བར་ཐུགས་དངས་བས་ཡང་དག་པར་དགོངས་པ་མཛད་པ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་ནོ། །དབུགས་དབྱུང་ཆོ་གའོ། །དབང་བསྐུར་རྗེས་ཀྱི་ཆོ་ག་ནི། །ཁས་བླང་དོན་བསྒྲུབ་སྤྲོ་བ་བསྐྱེད། །ཡོན་འབུལ་དེང་ནས་བརྩམས་སོགས་


CMR021_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། །ཞེས་གསུངས་པ་ལྟར། དེ་ལྟར་ཁྱེད་རྣམས་ཀྱིས་ཆེའི་དཀྱིལ་འཁོར་དུ་དབང་རྫོགས་པར་ཐོབ་པས་དེ་དག་གིས་སྐབས་སུ་ཁས་བླང་བའི་དམ་ཚིག་དང་སྡོམ་པ་བསྲུང་སྙམ་པས་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དེ་ལྟར་དབུགས་ཕྱིན་པའི་སློབ་མ་རྣམས་ཀྱིས། རང་གཞན་གྱི་དོན་རྒྱ་ཆེན་པོ་འགྲུབ་པ་ལ་དགའ་ཞིང་སྤྲོ་བའི་ཕྱིར། རྗེས་ཟློས་མཛོད། དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གིས་གསོན་པའང་འབྲས་བུར་བཅས་་་།དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་དེང་བདག་གྱུར། །འོ་དེ་ལྟར་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་བ་རྫོགས་པར་ཐོབ་པའི་གཏང་རག་ཏུ་ཡབ་མཎྜལ་ཕུལ། འདི་ཡི་རྗེས་ཟློས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཤས་ཀྱིས་ནི་སྤྱད་དུ་གསོལ། །གསུམ། དེ་ལྟར་དཔལ་རྡོ་རྗེ་ཕྲེང་བའི་ནང་ནས་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བླ་མ་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་


CMR021_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཆེན་པོ་ཨ་བྱཱ་ཀ་ར་གུལྟ། ཨ་ནུ་པདྨ་རཀྵི་ཏ། པཎ་ཊི་ཏ་བིཀྟ་དེ་ཝ། པཎ་ཆེན་ཤཱཀྱ་ཤྲཱི། དེ་སོགས་བརྒྱུད་པ་འགའ་ཟུང་ལས་བྱུང་བའི་དབང་བསྐུར་བ་རྣམ་པར་དག་པ་ཐོབ་པ་ཡིན་པས། རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད། ཅེས་པ་རྡོ་རྗེ་ཕྲེང་བའི་རྒྱ་གཞུང་ལས། ཀྲྀ་ཡ་ས་མུཉྩའི་རྒྱ་གཞུང་ནས་བཤད་པའི་ཆོ་ག་དང་། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་ཀྱིས་མཛད་པའི་དབང་བསྐུར་རྒྱས་པའི་ལུགས་འདི་ནི་བླ་མ་ཀརྨ་ཕྲིན་ལས་པས་བསྐུལ་ནས་དགེ་སློང་བརྩོན་འགྲུས་ཀྱིས་ཡི་གེ་པ་བྱས་ཏེ། དགེ་སློང་རཱ་ག་ཨ་སྱས་བསྒྲིགས་པ་ལ། ཉེས་འགལ་མཆིས་ན་ལྷ་ལ་བཤགས་ཤིང་། དགེ་བས་འདི་ལ་འབྲེལ་བ་ཐོགས་ཚད་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

རྡོ་རྗེ་ཕྲེང་བའི་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་གསུམ་གྱི་དབང་བསྐུར་བལྟས་ཆོག་ཏུ་བཀོད་པ།


CMR021_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕྲེང་བའི་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་གསུམ་གྱི་དབང་བསྐུར་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ།།


CMR021_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བེ་རོ་ཙ་ན་ཡེ། རྩ་བརྒྱུད་བླ་མ་རྣམ་པར་སྣང་མཛད་དང་། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ནས། །ཡོ་གའི་དཀྱིལ་འཁོར་གསུམ་གྱི་དབང་བསྐུར་བྲི། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །སྟ་གོན་བྱས་པའི་སློབ་མ་མདུན་དུ་འཚོགས། །ཁྲུས་བྱས་མེ་ཏོག་ནས་བཀྱེ་མཎྜལ་ཕུལ། སྒྲའི་དཀྱིལ་འཁོར་དུ་ཞུགས་ཤིང་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད། སྐྱེ་རྒ་ན་འཆི་ན་ཀྲ་ཡི། །ཆུ་སྲིན་ལ་སོགས་འཇིགས་རུང་བའི། །སྲིད་པའི་རྒྱ་མཚོར་བྱིང་བ་ལས། །འདོན་པར་བྱེད་པ་ཁྱོད་འབའ་ཞིག །དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་


CMR021_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ལན་གསུམ། ད་མདུན་གྱི་ནམ་མཁར་སྒྲེའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ། བླ་མ་བརྒྱུད་པ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་སྔོན་


CMR021_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྲོ་བའི་ཐུན་མོང་གི་སྡོམ་པ་དང་ཐུན་མོང་མ་ཡིན་པའི་སློབ་དཔོན་གྱི་སྡོམ་པ་གཟུང་བའི་ཕྱིར་རིགས་ལྔ་སྤྱི་དང་ཁྱད་པར་གྱི་དམ་ཚིག་རྣམས་བསྲུང་སྙམ་པའི་བསམས་པས། འདི་དག་གི་རྗེས་ཟློས་ལན་གསུམ་གསུམ་གསུང་བར་ཞུ། དབང་མེད་བདག་གིས་མི་དགེ་བགྱིས་པ་དང་། །རྗེས་སུ་ཡི་རང་ཡང་ན་བགྱིད་རྩལ་གང་། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གིས་ནི། །སྤྱན་སྔར་ད་ལྟ་མ་ལུས་སོ་སོར་བཤགས། །བདེ་གཤེགས་སྲས་ཀྱི་ཚོགས་གཉིས་ཟབ་པ་དང་། །རྒྱ་ཆེན་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་ལས་གཞན་ལ་ཡང་། །རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ་། །ཐུགས་རྗེས་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིག །བློས་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་ནང་བཞུགས་པའི། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་སྟེ། །དམན་པ་འཇིགས་པ་རྣམས་ཀྱི་རྒྱལ་བྱེད་ཚལ་་།སྲིད་པའི་འབྱོར་པ་ཟིལ་གྱིས་གནོན་པའི་མཆོག །གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྦྲུལ་གྱིས་དུག་བཅོམ་ཞིང་། །བློ་གྲོས་


CMR021_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དག་ཐུགས་རྗེ་ལྡན་པ་ཡི། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་མཆི་ཞིང་། །སྲིད་དང་བྲལ་བ་རྣམས་ལའང་བདག་ཕྱག་འཚལ། །རྒྱུ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་སྟོབས་ཀྱིས་དགྲ་ལས་རྒྱལ་གྱུར་པའི། །སྙིང་རྗེའི་རྩ་བ་ཟུག་ཅིང་ཡང་དག་རྟོག །མཉམ་མེད་བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པའམ། །ཡང་ན་ཡོངས་སུ་བསྐྱབ་པར་བྱ་ཕྱིར་རམ། །རང་གི་སེམས་ནི་དག་པར་བྱ་བའི་ཕྱིར། །འདི་དག་ཐམས་ཅད་རྩྭ་སོགས་བཞིན་དུ་བཏང་། །དེ་བཞིན་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་བླ་ན་མེད་པ་ནི། །བདག་དང་གཞན་རྣམས་དག་པའི་བྱ་བའི་ཕྱིར། །སྐད་ཅིག་རེ་རེ་ཞིང་ཡང་བསྒོམ་པར་བགྱི། །བདེ་བར་གཤེགས་པ་སྔགས་ལ་མཁས་པ་ཡི། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བ་འདི་ཡིས་ཐོབ་པར་བྱ་བའི་ཕྱིར། །ཁྱེད་འཕགས་གནས་ལ་བདག་ནི་གནས་པར་བགྱི། །མགོན་པོ་སངས་རྒྱས་རྣམས་དང་ནི། །སྲས་བཅས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡི། །བྱང་


CMR021_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་་བགྱི་། །ཚུལ་ཁྲིམས་ཀྱིས་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་བཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་


CMR021_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་བགྱི། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་པའི་བར་ལན་གསུམ་སྟེ། མ་ལྕོགས་ན་ཚིག་མཇུག་གལ་ཆེ་བ་རེ་ལ་གསུམ་རེ་བྱའོ། །ད་ཁྱེད་རང་རྣམས་དམིགས་པ་འདི་བཞིན་མཛོད།་ཨོཾ་ཞེས་བརྗོད་པས། ཁྱེད་རང་རྣམས་རྣམ་སྣང་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྒྱན་གྱིས་བརྒྱན་པར་བསྒོམ། ལས་སྔགས་ཀྱིས་བྱིན་གྱིས་བརླབས་པའི་དར་ཁ་དོག་སྣ་ཚོགས་པའམ། དམར་པོའི་སྨད་གཡོགས་ཕུལ་བའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་བོ་ངྷི་ཨ་ལཾ་ཀཱ་ར་ཝ་པཱུ་ཛ་མེ་གྷ་ས་མུ་དྲ་སྤུ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་སྨད་གཡོགས་བཀོན་ཚུལ་བྱ།་སྟོད་གཡོགས་སྔོན་པོའམ་དམར་པོ་བཀོན་པའི་མོས་པ་གྱིས། ཨོཾ་བཛྲ་རཀྵ་ཧཾ། བཅོས་མའི་ཐོར་ཚུགས་སྦྱིན་པའི་མོས་པ་གྱིས། ཨོཾ་བཛྲ་ཨུཥཱི་ཥ་ཧཱུཾ་ཕཊ། ལས་སྔགས་བརྗོད་ཅིང་། དར་དམར་པོ་


CMR021_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

འམ་སེར་པོའི་མིག་རིས་བཅིང་བའི་མོས་པ་གྱིས། ཨོཾ་ཙཀཱབྷནྡྲ་ཝ་ར་མ་ཙ་ཡ་ཧཱུཾ། མེ་ཏོག་གི་ཕྲེང་བ་ལག་ཏུ་གཏད་པའི་མོས་པ་མཛོད། ཨ་ཁཾ་བཱི་ར་ཧཱུྃ། ལས་ཐམས་ཅད་ཀྱི་ཆུས་བསངས་ཏེ། དཀྱིལ་འཁོར་རང་རང་གི་ལས་སྔགས་བརྗོད། སློབ་མ་རྣམས་ལྷར་གསལ་བའི་སྙིང་གར་ཧཱུྃ་ལས་རྡོ་རྗེ་ནག་པོའི་ལྟེ་བར་ཉི་མ་ལ་ཧཱུྃ་ནག་པོ་དང་། མགྲིན་པར་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མ་ལ་ཨཱཿདམར་པོ་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོའི་ལྟེ་བར་ཟླ་བ་ལ་ཨོཾ་དཀར་པོ། དེ་དག་ལས་འཕྲོས་པའི་འོད་ཟེར་གྱིས་སློབ་མའི་ལུས་ངག་ཡིད་གསུམ་གྱི་དྲི་མ་ཐམས་ཅད་བྱང་ཞིང་དག་པར་བྱ་སྙམ་པའི་མོས་པ་གྱིས། ཧཱུྃ་ཞེས་བརྗོད་པས་དཀྱིལ་འཁོར་གྱི་ཤར་སྒོར་བཞག་པའི་མོས་པ་མཛོད། ཀྱེ། དགའ་བ་ལ་དགའ་བ་ཁྱེད་སུ་ཡིན། ཅི་ལ་དགའ། ད་འདིའི་རྗེས་ཟློས། བདེ་ཆེན་བདག་སྐལ་བཟང་ལའོ། །ད་ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བར་བསྒོམས་ལ། ཀུན་རྫོབ་སེམས་བསྐྱེད་དང་དོན་དམ་སེམས་


CMR021_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཟུང་འབྲེལ་དུ་ཉམས་སུ་བླང་བསམ་པ་གྱིས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུརྱ་ཏ་ཡཱ་མི། དེ་ལྟ་བུའི་སེམས་བསྐྱེད་པ་བརྟན་པར་བྱ་བའི་ཕྱིར་སྙིང་གར་རྡོ་རྗེ་དང་བཅས་པའི་མེ་ཏོག་བཞག་པའི་མོས་པ་མཛོད། ཨོཾ་སུ་ར་ཏེ་ས་མ་ཡ་སཱུ་ཧོཿ སིདྡྷི་བཛྲ་ཡ་་སུ་ཁཾ། དེ་ལྟ་བུའི་ཡེ་ཤེས་པ་དེ་སྣོད་མིན་ལ་གསང་བར་གདམས་པའི་ཕྱིར་མགོ་བོར་རྡོ་རྗེ་བཞག་པའི་མོས་པ་མཛོད། འདི་རྣམས་ལ་ཉུང་ན་མགོ་བོར་རྡོ་རྗེ་བཞག་ཅིང་མང་ན་བཞག་ཚུལ་བྱ་བས་འཐུས། དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་གྱིས། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་། མ་དད་པ་ལ་ཡང་མི་བྱའོ། །དེ་ཡན་ཆད་ཕྱི་འཇུག་གི་ཆོ་གའོ། །ད་སློབ་དཔོན་གྱི་ལག་གི་རྡོ་རྗེ་འདི་ལ་འཇུས་ནས་ཡོལ་བའི་ནང་དུ་ཞུགས་པའི་མོས་པ་ཨོཾ་ཡ་མཱནྟ་ཀྲྀཏ་ཧཱུྃ། ཡོལ་བའི་ནང་དུ་བཅུག་པའི་མོས་པ་མཛོད། ཨ་ལཾ་བཱི་ར་ཧཱུཾ། ཡིད་ཀྱིས་སྐོར་བ་ལན་གསུམ་བྱས་པའི་མོས་པས་རྗེས་ཟློས་ལན་གསུམ་མཛོད།


CMR021_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་ར་ཏ་སུ་པྲཾ་ཌྷ་སུ་ཏོ་ཥྱ་སུ་སུ་ཁོ་བཛྲ་ས་ཏྭ་ཨཱཿརྱ་སིད་རྒྱ་མིཾ། ཤར་སྒོ་ནས་མི་བསྐྱོད་པའི་ང་རྒྱལ་གྱིས་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ནས། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པས་རྗེས་ཟློས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པསྠཱ་ནཱ་ཡ་ཨཱཿཏྨ་ནཱི་ནཱིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སཏྲ་ཨ་དྷི་ཏིཥྛ་སྭ་ཚྭ།་་ཡང་དེ་ཉིད་ནས་ཕྱག་འཚལ་ཏེ། །བདག་ལ་རྣམ་སྣང་གིས་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པས་རྗེས་ཟློས་མཛོད། ཨོཾ་སརྦ་བུདྡྷ་པཱུ་ཛོ་པསྠཱ་ནཱ་ཡ་ཨཱཿཏྟཱ་ནཾ་ནཱིརྨ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་བེ་རོ་ཙ་ན་ཨ་དྷི་ཏིཥྛ་སྭ་ཚྭ། གཡས་བསྐོར་དུ་དེ་བཞིན་དུ་ལྷོ་སྒོ་ནས་ཕྱག་འཚལ་བར་མོས་ཏེ། རིན་འབྱུང་གིས་བདག་ལ་དབང་བསྐུར་དུ་གསོལ་སྙམ་པས་རྗེས་ཟློས་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པ། ཨ་བྷི་ཥེ་ཀ་ཡ་ཨཱཿཏྨ་ནཱི་ནཱིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥཉྩ་མཱི། ནུབ་སྒོ་ནས། འོད་དཔག་མེད་ཀྱིས་བདག་ལ་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ་སྙམ་པས་རྗེས་ཟློས་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་ཝརྟ་ནཱ་ཡ་ཨཱཿཏྨ་ནཾ་ནིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་ཙཀྲ་པྲ་བརྟ་ཡ་ཨཾ། བྱང་སྒོ་ནས། དོན་གྲུབ་ཀྱིས་བདག་ལ་ལས་ཀྱི་དངོས་


CMR021_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མ་ལུས་པ་བསྩལ་དུ་གསོལ་སྙམ་པས་རྗེས་ཟློས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ་ཨཱཿཏྨ་ནཾ་ནིརླ་ཏེ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀ་རུ་ཚྭ། སླར་ཡང་ཤར་སྒོ་ནས་སློབ་དཔོན་གྱི་ཞབས་ལ་ཕྱག་འཚལ་བར་མོས་ལ་སེམས་ཅན་ཐམས་ཅད་ཀྱི་དོན་འགྲུབ་པར་མཛད་དུ་གསོལ་སྙམ་པས་རྗེས་ཟློས། ༀ་གུ་རུ་ཙ་ར་ཎོ་པཱུ་ཛ་པསྦྲ་ནཱ་ཡ་ཨཱཿཏྨ་། ནཱི་ནིརྨ་ཏ་ཡཱ་མི། ཨོཾ་སརྦ་སཏཱ་པཱ་རི་པྲ་ཎ་ནཱཾ་ཨཱཿཏྨ་ནཾ་ནིརྱ་ཏ་ཡཱ་མི། ནང་དུ་འཇུག་པའི་ཆོ་གའོ། །དེ་ནས་དམ་བཞག་ནི་རྡོ་རྗེ་གདེངས་ལ་འགོར་བཞག་པའམ་མང་ན་བཞག་ཚུལ་ཆོག །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེ་བས་ན་ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱི་འདིར་དཀྱིལ་འཁོར་འདི་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་ཀྱི་དམ་ཚིག་ཉམས་པར་གྱུར་ཏ་རེ། ཕན་ཡོན་ཀྱི་སྒོ་ནས་དམ་བཞག་པའོ། །རྡོ་རྗེ་མགོར་བཞག་པའམ། མང་ན་བཞག་ཚུལ་བྱ་ཞིང་དྲིལ་བུ་འཁྲོལ་ལ། ཨོཾ། འདི་ནི་དམ་ཚིག་རྡོ་རྗེ་སྟེ། །ཁྱོད་ཀྱི་


CMR021_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་རྡོ་རྗེ་སྟེ། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་སྤྱི་བོ་འགེམ། །ཉེས་དམིགས་གི་སྒོ་ནས་དམ་བཞག་གོ །སྙིང་གར་རྡོ་རྗེ་བཞག་པའམ། བཞག་ཚུལ་བྱས་ལ། ཨོཾ། དེ་རིང་རྡོ་རྗེ་སེམས་དཔའ་རང་། །ཁྱོད་ཀྱིས་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་དུ་བྲལ་ཏེ་གཤེགས། །ཞེས་བཀའ་བསྒོ་བའོ། །དུང་ཆོས་ཀྱི་ཆུ་རྣམ་རྒྱལ་གྱི་ཆུས་བྲན་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག།ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཁཱ། ཞེས་དམ་ཆུ་བླུག །མང་ན་མཆོད་གཡོག་པས་བཀྱེ་ཡང་རུང་། རྡོ་རྗེ་མགོར་བཞག་པའམ་མང་ན་བཞག་ཚུལ་བྱ་ཞིང་། དེང་ནས་ཕྱིན་ཆད་བུ་ཁྱོད་ཀྱིས། དཀྱིལ་འཁོར་གང་ཡིན་གྱི་གཙོ་བོའི་མཚན་བརྗོད་ལ། ང་ཡིན་གྱིས་ངས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། བྱས་ན་ཁྱོད་ཡ་ང་བ་མ་སྤང་པར་དུས་ཀྱི་བྱ་བ་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། བླ་མའི་བཀའ་ཉན་པའི་དམ་བཞག་གོ །ད་ཡེ་ཤེས་པ་འབེབས་པའི་དོན་དུ་མཎྜལ་ཕུལ། ས་གཞི་སྤོས་སོགས། རྗེས་ཟློས་མཛོད། །


CMR021_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །སྒེའི་ལྷ་ཚོགས་རྣམས་བདག་ལ་དབབ་པར་མཛད་དུ་གསོལ། ལན་གསུམ། ད་ཡིད་མ་ཡེངས་པར་ཁྱེད་རང་རྣམས་སྐད་ཅིག་གིས་ཨ་ལས་བྱུང་བའི་འོད་དཔག་མེད་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱའི་སྟེང་ན་པདྨ་དམར་པོ་འདབ་མ་བཅུ་དྲུག་པ་འཛིན་པ། སྐྱིལ་ཀྲུང་གིས་བཞུགས་པའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོ་སྐྱ། རྒྱལ་མཚན་གྱིས་མཚན་པས་ལུས་འདེག་བཞིན་པ། དེའི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཨ་ཡིག་དམར་པོ་འོད་འབར་བ་དང་བཅས་པ་གཉིས་ཀས་བསམས་ལ། སློབ་དཔོན་ལ་མོས་གུས་དྲག་པོ་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཞབས་འོག་གི་རླུང་ལ་ཕོག་པས། ལུས་རླུང་གི་སྟེང་དུ་འདར་ཡོད་མེད་གནས་པ་ལ། སྙིང་ཁའི་ས་བོན་ལས་འོད་འཕྲོས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་དཀྱིལ་འཁོར་ལྷ་ཚོགས་དཔག་ཏུ་མེད་པ་ཆད་དེ། སྙིང་གར་ཐིམ་པའི་མོས་པ་མཛོད། གཙོ་བོའི་སྔགས་བརྗོད། དཀྱིལ་འཁོར་ལས་ཀྱང་དེ་


CMR021_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བ་ཆད་དེ་སྙིང་གར་ཐིམ། སླར་ཡང་འོད་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། སློབ་དཔོན་གྱིས་རྡོ་རྗེ་བསྡམས་པས་སློབ་མ་རྣམས་ཀྱི་སྙིང་གར་བཞག་པའམ། རྡོ་རྗེ་དྲིལ་བུ་དཀྲོལ་བཞིན་དུ། འདི་ཁྱོད་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔའ་ཞེས་བྱར་གྲགས། །ཡེ་ཤེས་རྡོ་རྗེ་བླ་མེད་པ། །དེ་རིང་ཁྱོད་ལ་དབབ་པར་མཛོད། །ཨོཾ་བཛྲ་ཨཱཿ་ཝེ་ཤ་ཡ་ཨ་ཨ། མང་དུ་བརྗོད་ཅིང་། སྤོས་དུད་རོལ་ཆེན་བྱ། གཙོ་བོའི་སྔགས་དང་། ཨཱཿ་ཝེ་ཤ་ཡ་སྟམྦྷ་ཡ་ར་ར་ར་ར་ཙཱ་ལ་ཡ། རྩྭ་ལ་ཡ་ཧཱུྃ་ཧ་ཨ། ཛྷི༔ ཏིཥྛ་མ་ཧཱ་ཀྲོ་དྷ་ཨཱཿ་ཝེ་ཤ་ཡ་སྟམྦྷ་ཡ་ར་ར་ར་ར་ཙཱ་ལ་ཡ། ཙཱ་ལ་ཡ་ཧཱུྃ་ཧ་ཨ། ཛཱི༔ ཞེས་མང་དུ་བརྗོད། དེས་ཡེ་ཤེས་པ་ཕེབས་སམ་མ་ཕེབས་ཀྱང་རུང་སྟེ་སྤོག་ཆོག་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོར་གསལ་བ་ལ་མོས་གུས་དྲག་པོ་བྱས་པས། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཁྱད་པར་དུ་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས། །དེ་


CMR021_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་རྣམ་པ་ཅན་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། ཁྱེད་རང་གི་ལུས་ལ་སིབ་སིབ་ཐིམ་། པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། རྡོ་རྗེ་གསོར་དྲིལ་བུ་གསིལ་ཞིང་། འདི་ཁྱོད་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔའ་ཞེས་སུ་བརྗོད། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །དེ་རིང་ཁྱོད་ལ་ཕེབས་པར་མཛོད། །ཨོཾ་བཛྲ་ཨཱཿ་བེ་ཤ་ཡ་ཨ་ཨ་ཨ་ཨ། ཡེ་ཤེས་པ་ཕེབས་པ་དེ་རྣམས་བརྟན་པར་བྱ་བའི་ཕྱིར་མགོ་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་པའི་མོས་པ་མཛོད། །ཏིཥྛ་བཛྲ། ད་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཕྱོགས་སུ་ལྟོས། མིག་ལམ་ན་ཇི་ལྟར་སྣང་། དཀར་པོ་མཐོང་ན་ཞི་བ། སེར་པོ་རྒྱས་པ། དམར་པོ་དབང་། ནག་པོ་མངོན་སྤྱོད། ཁྲ་བོ་དང་ལྗང་གུ་མཐོང་ན་ལས་སྣ་ཚོགས་འགྲུབ་པར་འགྱུར་རོ། །སློབ་དཔོན་གྱིས་ཕྱག་གཡས་ཀྱིས་རྡོ་རྗེ་དང་བཅས་པས་སློབ་མའི་གཙོ་བོ་ཞིག་གི་མཐེ་བོང་གཉིས་ནས་བཟུང་ཞིང་། བསྐོར་བ་ལན་གསུམ་བྱས་པའི་མོས་པ་མཛོད། ལས་བུམ་གྱི་སྔགས་གང་ཡིན་བརྗོད། རྡོར་དྲིལ་འཛིན་པས། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་གཞུག་པ་འདིའི། །ལྷ་


CMR021_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ནི་རིམ་པ་ནི། །བསོད་ནམས་ཇི་ལྟར་དེ་ལྟར་ཤོག །འདི་ཡིས་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཅི་འདྲ་བར། །དེ་འདྲར་དཀྱིལ་འཁོར་དུ་གྱུར་ཅིག །གསུམ་བརྗོད། མེ་ཏོག་གིས་ཕྲེང་བ་ཀྲྀ་གྱིས་སྔགས་པ་ཐལ་མོའི་བར་དུ་བཟུང་། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གི་ཡི་གེ་རྣམས་ལས་འཕྲོས་པའི་འོད་ཟེར་གྱིས། ལུས་ཐམས་ཅད་གང་བས་སྒོ་གསུམ་དྲི་མ་རྣམས་བཀྲུས་ཤིང་དག་པར་མོས་ལ། དཀྱིལ་འཁོར་དེར་ཡིད་ཀྱིས་ཞུགས་ཏེ་གཙོ་བོའི་དབུ་ལོ་མེ་ཏོག་དོར་བའི་མོས་པས་རྗེས་ཟློས་མཛོད། ཨོཾ་ཏིཥྛ་བཛྲ་དྲི་རྟོ་མེ་བྷ་བ། ཤྭ་ཤྭ་ཏོ་མེ་བྷ་བ། ཧྲཱིཿ་ད་ཡམྨེ་ཨ་དྷི་ཏིཥྛ་སརྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ ཨ་ཁཾ་བཱི་ར་ཧཱུྃ༔ པྲ་ཏིཙྪ་ཀུ་སུ་མ་ཨཉྫ་ལི་ནཱི་ཐ་ཧོཿ མེ་ཏོག་དེ་གཙོ་བོའི་དབུ་ཐོག་ཏུ་བབ་པ། མེ་ཏོག་གི་ཕྲེང་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིངས་པའི་མོས་པ་མཛོད། ཨོཾ་པྲ་ཏི་སྲྀཏྟཱ་སོ། ཨི་མཾ་སཏཱ་མ་ཧཱ་བ་ལ། ཕྲེང་བའི་དབང་བསྐུར་བའོ། །ད་ཁྱེད་རང་རྣམས་ཀྱི་སྙིང་གར་ཟླ་བ་ལ་བདག་པོའི་ས་བོན་ཨཱཿའམ་ཧཱུྃ་དང་། དཔྲལ་བར་རཾ། མིག་གཉིས་སུ་ཨོཾ་ཡིག་


CMR021_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ་རེ་རེ་སྒོམས་ཤིག །ཨོཾ། དེ་རིང་རྡོ་རྗེ་སེམས་དཔའ་རང་། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་ན་མེད། །ཐམས་ཅད་སྤྱན་ནི་དབྱེ་བར་མཛོད། །ཨོཾ་ཛྙཱ་ན་ཙཀྟ་ཧཱུྃ་ཨཱཿ༔ སྭཱ་ཧཱ། ཞེས་བརྗོད་ཅིང་གདོང་གཡོགས་བསལ་བར་བྱའོ། །ཧེ་བཛྲ་པ་། ད་བཅོམ་ལྡན་འདས་རྨེ་ཞེས་རྒྱས་པར་མཚན་སོ་སོ་ནས་བརྗོད། །བསྡུ་ན། །དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པ་མངོན་སུམ་དུ་མཐོང་བའི་མོས་པ་མཛོད། ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །ཕྱག་རྒྱ་སྔགས་ཀྱི་བྱིན་གྱིས་རློབས། །དངོས་གྲུབ་ཀུན་གྱི་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱིས། །གསང་སྔགས་རྣམས་ལ་སྒྲུབ་པ་ལ་གྱིས་།ད་ཆེད་དུ་བརྗོད་པ་འདིའི་རྗེས་ཟློས་མཛོད། ཨོཾ་རྡོ་རྗེའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །ཨོཾ་རྣལ་འབྱོར་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང་། །ཨོཾ་གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར། །ས་མ་ཡཧོ་ཧོ་ཧོཿ དཀྱིལ་འཁོར་དུ་ཞུགས་པའི་ཆོ་གའོ། །ད་རང་དོན་ཕུན་སུམ་


CMR021_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་རྡོ་རྗེ་སློབ་མའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ། ས་གཞི་སྤོས༴ བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོག་ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་དང་བདག་སྩོལ། །ལན་གསུམ། ཁྱེད་རང་རྣམས་རྩ་བའི་དཀྱིལ་འཁོར་གྱི་ཤར་ཕྱོགས་དབང་སྟེགས་དཀྱིལ་འཁོར་གྲུ་བཞི་པ། སྒོ་གཅིག་ནུབ་ཏུ་ཕྱོགས་པ་དཀར་དམར་ནག་པའི་ར་བ་རིམ་པ་གསུམ་མམ་རིམ་པ་གཅིག་གང་རུང་དང་ལྡན་པ། དེ་ཡི་ལྷ་སྣམ་རིམ་པ་གཉིས་ལ་གཡས་ཕྱོགས་སུ་ཆུ་བཞི་དང་། གཡོན་ཕྱོགས་སུ་ཉེར་སྤྱོད་ལྔ། མདུན་དུ་བཟེད་ཞལ་དང་སྦྱར་བའི་ཡོ་བྱད་དུ་མ་དང་བཅས་པས་བསྐོར་བའི་ནང་དུ། པདྨ་དཀར་པོ་འདབ་མ་བརྒྱད་པ་བཀྲ་ཤིས་ཀྱི་རྟགས་བརྒྱད་དམ། ཡང་ན་ཕྱོགས་བཞིར་རིགས་བཞིའི་མཚན་མ་དང་དབུས་སུ་ཤིང་གདན་ལ་ཟླ་བའམ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁྱེད་རང་རྣམས། སྤྱི་ཁྱབ་ཏུ་རྡོ་རྗེ་སེམས་དཔའ་འམ། དཀྱིལ་འཁོར་གྱི་གཙོ་བོའི་རྣམ་པར་གནས་པའི་སྟེང་དུ་བླ་བྲེ།་གཡས་སུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན། གཡོན་དུ་རྒྱལ་མཚན་དང་བ་དན་ལ་སོགས་པའི་མཆོད་པའི་ཚོགས་དང་བཅས་ཏེ་


CMR021_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའི་མོས་པ་མཛོད། ཁྱེད་རང་དང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དེ་བཞིན་གཤེགས་པ་རིགས་ལྔ་ལ་སོགས་པ་དབང་ལྷ་གདན་གསུམ་ཚང་བའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷཾ་སོགས་ཀྱིས་མཆོད་ནས་རྡོར་དྲིལ་འཛིན་པས། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩོལ། །དེ་ལྟར་འདི་ལ་གནང་བར་ཞུ། །ཞེས་གསོལ་བ་བཏབ་པས། གཙོ་བོའི་ཐུགས་ཀ་ནས་བྱེ་བའི་བདུད་རྩི་འཁྱིལ་པ་བྱོན་ཏེ། ལས་ཀྱི་རྡོ་རྗེ་དང་དབྱེར་མེད་དུ་གྱུར་ནས། ཁྱེད་རང་རྣམས་ལ་སྦྱངས་བ་བྱས་བའི་མོས་པ་མཛོད། ལས་ཀྱི་རྡོ་རྗེ་ནི་མཆོད་གཡོག་པ་ཡིན་ལ། སྦྱང་བའི་རྫས་དྲུག་གིས་སྦྱང་བར་བྱ་ཞིང་། སློབ་དཔོན་གྱིས་སྔགས་བརྗོད་རྒྱུ་ཡིན་ནའང་། སློབ་མ་ཉུང་ན་སློབ་དཔོན་རང་གིས་བྱེད་སྲོལ་ཏེ། དེ་ཙམ་མི་ལྕོགས་ན་ཙཀྲི་གཅིག་ལ་རྫས་དྲུག་ཀ་བྲིས་ནས་དམིགས་པ་སྤྱོད་ཅིང་སྔགས་བརྗོད་དོ། །སློབ་མ་ལ་གཡས་གཡོན་དུ་བསྐོར་བའི་ཚུལ་ཙམ་བྱའོ། །ཁྱེད་རང་རྣམས་ཀྱི་གཡས་སུ་ཁམ་ཕོར་མེས་


CMR021_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བཀང་བ་དང་། གཡོན་དུ་ཆུ་གཙང་བཞག་པས་ལས་ཀྱི་རྡོ་རྗེས་མཐེབ་སྲིན་གཉིས་ཀྱིས་ཡུངས་ཀར་དང་ཏིལ་ནག་བསྲེས་པ་བཟུང་སྟེ། ཁུ་ཚུར་གཡས་ཀྱིས་གཡས་ནས་བསྐོར། །གཡོན་གྱིས་གཡོན་ནས་བསྐོར།། གཤིབ་སྟེ་གཉིས་ཀ་ནས་བསྐོར་ཏེ། བགེགས་དང་སྡིག་པ་སྦྱང་བའི་ཕྱིར། མེ་དང་ཆུར་དོར་བའི་མོས་པ་མཛོད། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་བཛྲ་སཏཱ་སྱ་སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། རྡོ་རྗེའི་ཁུ་ཚུར་གཉིས་སུ་ཆུ་གཙང་བླུགས་ནས་སྔོན་ལྟར་བསྐོར་ཏེ་མེ་ཆུར་དོར་བའི་མོས་པ་མཛོད། ༀ་ཧཱུྃ་ཌ་ཌི་ཏ་ཕཊ༔ སོ་མ་བཏང་བའི་ཁམ་ཕོར་དཀར་པོ་མཐེབ་སྲིན་གྱིས་བླངས་ཏེ་སྔར་ལྟར་བསྐོར་ནས་སྣོད་གཅིག་ཏུ་བཞག་པའི་མོས་པ་མཛོད། ཨོཾ་སརྦ་སཾ་ཤོ་དྷ་ནི་སྭཱ་ཧཱ། བ་ཡི་ལྕི་བའི་ཆངས་བུ་དང་དུར་བའི་མྱུ་གུ་སྔར་ལྟར་བསྐོར་ཞིང་སྣོད་གཅིག་ཏུ་བཞག་པའི་མོས་པ་མཛོད། ཨོཾ་སརྦ་མཱ་ལ་ཨཎ་བི་ཤཱ་དྷ་ནི་སྭཱ་ཧཱ། ཟན་ཆངས་དང་ཏིང་ལོ་འབར་བཞིན་པ་སྔར་ལྟར་བསྐོར་ནས་སྣོད་དུ་བཞག་པའི་མོས་པ་མཛོད། ཨོཾ་པུཎྱ་ཛྙཱ་ན་དྷ་རོད་སཾ་བྷོར་དྷ་ཀ་ཡེ་སྭ་ཧཱ། ཕྱིང་རས་དཀར་པོ་སྔར་ལྟར་བཟུང་ནས་བསྐོར་ཞིང་སྣོད་དུ་བཞག་པའི་མོས་པ་མཛོད། ཨོཾ་སརྦ་སཾ་ཤཱ་དྷ་


CMR021_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྭཱ་ཧཱ། སློབ་མ་རྣམས་ཀྱི་དབང་པོ་དྲུག་གི་གླུད་སྦྱོང་བའི་རྫས་དྲུག་པོའི་སྣོད་དེ་མཆོད་གཡོག་པས་སློབ་མ་རྣམས་ལ་ལན་གསུམ་བསྐོར་ཞིང་ཕྱི་རོལ་དུ་དོར་བས་བགེགས་རྣམས་ཕྱིར་བསྐད་པར་སྒོམས་ཤིག །རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ། གཙོ་བོའི་སྔགས་དང་ལས་སྔགས་དྲག་ཏུ་བརྗོད། གཞན་རྣམས་རོལ་ཆེན་བྱའོ། །དེ་ནས་འབག་བཙོག་སྦྱོང་བའི་ཉེ་རེག་བྱ་བ་ནི། ངེད་རང་ཐམས་ཅད་ཀྱིས་ལག་པ་གཡས་ཀྱི་གུང་སྲིན་གྱིས་ཆུ་འདི། ཁའི་ཟེའུ་འབྲུ་ལ་ལན་གསུམ་བྱུག །དེ་ནས་མིག་གཉིས། རྣ་བ་གཉིས། སྣ་བུག་གཉིས། མཆུ་གཉིས། ལག་པའི་མཁྲིག་མ་གཉིས། མགོ་བོའི་སྟེང་ལྟོ་བ་ལ་བྱབ་པའི་ཚུལ་བྱས་ཤིང་མཐར་ཁ་བཤལ་ནས་ཕྱིར་ཕོས་ཏེ་ལག་པ་གཉིས་ཀྱི་ཁུ་ཚུར་གྱིས་རྒྱབ་ཀྱི་ཁ་ཡིས་གཤེར་རྣམས་གཡས་གཡོན་དུ་ཕྱིས་པས་འབག་བཙོག་སྦྱོང་བའི་མོས་པ་མཛོད། སློབ་དཔོན་རང་གི་ལག་པ་གཡོན་དུ་ཆུ་བླུགས་ནས་ཙོག་པུར་བསྡད་པའི་པུས་མོའི་བར་དུ་བཟུང་ནས། ཨོཾ་སརྦ་སཾ་ཤཱ་དྷ་ནི་སྭཱ་ཧཱ༔ ཞེས་མང་དུ་བཟླས་ཤིང་སྔོན་དུ་སྨྲས་པ་ཐམས་ཅད་རང་གིས་བྱའོ། །སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་འཐོར་གཡབ་ཀྱིས། གཡོན་གྱི་དུང་ཕོར་ནས་དྲི་བཟང་གི་ཆུ་བླངས་ཏེ། སློབ་མ་རྣམས་ཀྱི་སྙིང་གར་འཐོར་ཞིང་། ཨོཾ་


CMR021_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་གྷནྡྷེ་ཧཱུྃ། མེ་ཏོག་འཐོར་ཞིང་། ཨོཾ་བཛྲ་པུཥཱ་ཧཱུཾ། གཡས་པས་དྲི་བཟང་གིས་གང་བའི་དུང་ཆུས། གཡོན་པད་སྡེར་དུ་ཕྱག་ཏུ་མཆོད་ཡོན་ཕུལ་བའི་ཚུལ་གྱིས་ནར་ཙམ་བླུག་ཅིང་། ཨོཾ་ཧྲཱིཿཔྲ་ཝ་ར་སཏྟ་ར་ཨརྒྱུ་། པྲ་ཏིཙྪ་ཡེ་སྭཱ་ཧཱ།་མར་མེ་འབར་བཞིན་པ་སློབ་མའི་མདུན་རྒྱབ་ནས་བསྐོར་བའི་མོས་པ་མཛོད། ཨོཾ་བཛྲ་དྷི་པཾ་ཧཱུཾ། འདི་རྣམས་ལ་ཕྱག་རྒྱ་བསྟན་ཀྱང་འཐུས། སརྫ་རསྔའི་བདུག་པ་ཞེས་པ་སྤོས་དཀར་དང་མར་དཀར་སྦྱར་བ་སྤོས་ཕོར་མེས་བཀང་བར་བླུགས་ནས། སློབ་དཔོན་གྱིས་སྤོས་ཕོར་རྡོ་རྗེའི་ཐག་པས་དཀྲིས་ཏེ་སློབ་མ་རྣམས་ཀྱི་མདུན་ནས་འགྲིམ་པའི་མོས་པ་མཛོད་། ཧཱུྃ་ཧཱུྃ་ཧཱུྃ། དེ་ལྟར་སྤོས་དང་མཆོད་པ་ལྔས་སྦྱང་བ་སྟེ། དབང་བསྐུར་བའི་སྔོན་འགྲོའོ། །སློབ་མ་དང་དབང་རྫས་རྣམས་ལས་བུམ་གྱི་ཆུ་དང་ལས་སྔགས་ཀྱིས་བསངས། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོར་གསལ་བ་ལ་མོས་གུས་དྲག་པོ་བྱས་པས། དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས། ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སྦྱངས་ཏེ། ལུས་འོད་ཀྱི་རང་བཞིན་ནས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཧཱུྃ་ལས། རྡོ་


CMR021_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཧཱུྃ་གིས་མཚན་པ་ལས། རྡོ་རྗེ་སེམས་དཔའི་སྐུ་མདོག་དཀར་པོ་གཡས་རྡོ་རྗེ་ཐུགས་ཀར་དང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ༔ ཐུགས་ཀར་ཧཱུྃ། དཀྱིལ་འཁོར་རེ་རེའི་དབང་བྱེད་ན་དེའི་གཙོ་བོ་བསྐྱེད་དོ། །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ཕྱོགས་བཅུའི་རིགས་ལྔ་ཡབ་ཡུམ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་སོགས། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩོལ། །དེ་བཞིན་འདི་ལ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། སློབ་མ་རྡོ་རྗེ་སེམས་དཔར་གསལ་བ་ལ་དབང་བསྐུར་བ་དང་། ཡེ་ཤེས་པ་འདྲེས་པ་དུས་གཅིག་ཏུ་བྱས། ཛཿཧཱུྃ་བཾ་ཧོཿ ཧཱུྃ་ཞེས་དབང་སྟེགས་ལ་འཁོད་པར་གྱུར། བསངས། སྭ་བྷཱ་ཝ་སྦྱངས། ཁྱེད་རང་རྣམས་ཀྱི་ཕུང་པོ་དང། ཁམས་དང་སྐྱེ་མཆེད་རྣམས་དང་དབང་རྫས་ཐམས་ཅད་མི་དམིགས་ཏེ་སྟོང་


CMR021_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་གླང་པོ་ཆེ་དང་། རྟ་མཆོག་དང་། རྨ་བྱ་དང་། མཁའ་ལྡིང་དང་། སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི། སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ། ཧཱུྃ་ལས་རིན་པོ་ཆེ་ཏྭཾ་གྱིས་མཚན་པ། ཧྲཱིཿལས་པདྨ་འདབ་མ་བཅུ་དྲུག་པ་ཧྲཱིཿས་མཚན་པ། ཨ་ལས་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་ཨཱཿས་མཚན་པ། ༀ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ། དེ་རྣམས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་དང་དབང་རྫས་བུམ་ཆུ་དབུ་རྒྱན་རྡོ་རྗེ་དྲིལ་བུ་རྣམས་རིགས་ལྔ་སོ་སོའི་སྐུར་གྱུར་པ་ནི། མི་བསྐྱོད་པ་སྔོན་པོ་གཡས་རྡོ་རྗེ་དང་བཅས་པའི་ས་གནོན། གཡོན་མཉམ་བཞག་གི་ཕྱག་རྒྱ། རིན་འབྱུང་སེར་པོ་གཡས་རིན་པོ་ཆེ་ཆ་དགུ་པ་དང་བཅས་པའི་མཆོག་སྦྱིན། གཡོན་མཉམ་བཞག །འོད་དཔག་མེད་དམར་པོ་མཉམ་བཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་པདྨ་དམར་པོ་འདབ་མ་བཅུ་དྲུག་པ་འཛིན་པ། དོན་ཡོད་གྲུབ་པ་ལྗང་ཁུ་གཡས་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་དང་བཅས་པའི་སྐྱབས་


CMR021_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན། གཡོན་མཉམ་བཞག །རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པའི་རྩེ་མོར་ཆོས་ཀྱི་འཁོར་ལོ་རྩིབས་བཅུ་དྲུག་པ་བསྣམས་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་། དབུ་སྐྲ་རལ་པའི་ཐོར་ཚུགས་སུ་བྱས་པ་ལ་དར་སྣ་ཚོགས་ཀྱི་ན་བཟའ་དང་། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེ་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿ༔དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རིགས་ལྔའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་དང་དབང་རྫས་ཀྱི་ལྷ་ལ་གཉིས་སུ་མེད་པར་ཐིམ། ཛ་ཧཱུཾ་བཾ་ཧོཿ དབང་རྫས་ཀྱི་ལྷ་ལ་བུམ་ཆུ་འཐོར་ཞིང་། ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། །ཞེས་གསུངས་ཤིང་བུམ་པའི་ཆུས་དབང་རྫས་ཀྱི་ལྷ་རྣམས་ལ་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས། མི་བསྐྱོད་པ་ལ་སོགས་རིགས་ལྔ་སོ་སོའི་དབུ་བརྒྱན། དབང་རྫས་ཀྱི་རིགས་ལྔ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུ། ཅོད་པན། རྡོ་རྗེ། དྲིལ་བུ་རྣམས་སུ་གྱུར། ནམ་མཁར་


CMR021_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའི་དེ་བཞིན་གཤེགས་པ་དང་སློབ་དཔོན་དང་དཀྱིལ་འཁོར་ལ་བཞུགས་པའི་ལྷ་དང་བཅས་པ་ལ་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས།་དབང་བསྐུར་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག། སྤྱན་མ་སོགས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། གཟུགས་རྡོ་རྗེ་མ་རྣམས་ཀྱིས་མཆོད་བཞིན་དུ་དབང་བསྐུར་བའི་མོས་པ་མཛོད། ལས་ཀྱི་རྡོ་རྗེས་བུམ་པ་བཏེག་ལ། སློབ་མའི་ཕྱོགས་སུ་བཟུང་ཞིང་། སློབ་དཔོན་གྱིས་རྡོར་དྲིལ་འཛིན་པས་མེ་ཏོག་འཐོར་ཞིང་། བཀྲ་ཤིས་གང་ཞིག་མ་ལུས་རྡོ་རྗེའི་རིགས་དང་ལྡན། །སྡང་བས་ཟིལ་མནན་སྐྱེ་བོ་རྣམ་པར་སྦྱོང་མཛད་པ། །མི་བསྐྱོད་མགོན་པོ་ཞེས་བྱ་མཚན་གསོལ་དེ་ཡི་ནི། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མཐའ་དག་འཁོར་ལོའི་རིགས་དང་ལྡན། །རྣམ་པར་སྣང་མཛད་འཁོར་བའི་སྡུག་བསྔལ་རྟག་འཕྲོག་ཅིང་། །


CMR021_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

རྨོངས་པས་ཟིལ་མནན་སྐྱེ་བོ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་རིན་ཆེན་རིགས་དང་ལྡན། །ཕོངས་པའི་སྡུག་བསྔལ་གྲོལ་བར་ཡོངས་སུ་རབ་བརྩོན་ཞིང་། །ཁེངས་པས་ཟིལ་མནན་འགྲོ་བ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་པདྨའི་རིགས་དང་ལྡན། །འཇིག་རྟེན་དབང་ཕྱུག་སྲིད་པའི་དྲྭ་བ་འཇོམས་པ་པོ། །ཆགས་པས་ཟིལ་མནན་འགྲོ་བ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་ལས་ཀྱི་རིགས་དང་ལྡན། །བརྩེ་བའི་བདག་ཉིད་ལོག་པར་ལྟ་བ་ངེས་པར་སྤྱོད། །དེ་སྦྱོང་ཐབས་སྟོན་དེ་ནི་ཀུན་ནས་སེལ་མཛད་པ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཊི་ཀ་ན་ཧཱུཾ། ཨ་བྷི་ཥིཉྩ་མི་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏེ་ཏཱ་ནོ་པ་ཌི་རྣོ་མེ་བྷ་ཝ། སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པས་རྣམ་རྒྱལ་བུམ་པ་བཟུང་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་


CMR021_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཨཱཿ༔བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏེ་སྟེ་ཨ་ཧཾ། ཉུང་ན་བུམ་པ་མགོར་བཞག་བུམ་ཆུ་བླུད། །མང་ན་མཆོད་གཡོག་པ་གཉིས་ཀྱིས་བུམ་ཆུ་དེ་བསྲེས་པའི་ཆུ་བུམ་པ་གཞན་དུ་བླུགས་ལ། སློབ་མ་རྣམས་ཀྱི་ལག་པར་བླུག་ཅིང་བཀྲུ་འཇུག་གོ །གཞན་གཅིག་གིས་ཁྲུས་གཞོང་ཡང་མཉམ་དུ་འགྲིམ། །མཆོད་གཡོག་པ་དེ་དབུ་རྒྱན་སོགས་ཀྱིས་བརྒྱན་པ་ཞིག་གི་ས་གདུགས་དཀར་པོ་གཅིག་དེ་རྣམས་ཀྱི་སྤྱི་བོར་འགྲིམ། མ་རྫོགས་བར་དུ་རོལ་ཆེན་བྱ། ཁྱེད་རང་རྣམས་ཁྲུས་ཀྱི་དཀྱིལ་འཁོར་ལས་བབ་སྟེ། གོས་དམར་པོ་གསར་པ་གྱོན་རིན་པོ་ཆེའི་རྒྱན་གྱིས་བརྒྱན། རྡོ་རྗེའི་གླུ་ལེན་ཅིང་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་པའི་མོས་པ་མཛོད། མཆོད་གཡོག་པས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱ་བའམ་བྱ་བའི་ཚུལ་བྱ། སློབ་དཔོན་གྱིས་ཚིགས་བཅད་འདི་དག་དབྱངས་འདྲ་བ་བྱ། བདེ་བ་ཆེན་པོ་འདོད་ཆགས་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེ་བ། །ཤེས་རབ་ཆེན་པོ་ཡེ་ཤེས་ཆེ། །རྡོ་རྗེ་སེམས་དཔའ་དེང་བདག་སྒྲུབས། །སངས་རྒྱས་ཀུན་གྱི་རྡོ་རྗེ་ཆེ། །དངོས་གྲུབ་ཀུན་གྱི་བདེ་སྟེར་བ། །ཀུན་གྱི་དབང་བསྐུར་བསྐུར་དོན་དུ། །རྡོ་རྗེའི་དབང་བསྐུར་བླ་ན་མེད། །ཨེ་མ་ཧོཿ དང་


CMR021_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སངས་རྒྱས་སྐུ་ཅན་རྣམ་པར་རྒྱལ། །ཐར་པ་ནོར་ཆོས་འདོད་པ་སྟེར་མཛད་རྒྱལ། །ཡེ་ཤེས་ལྷ་དང་དགའ་ལྡན་རང་བཞིན་རྒྱལ། །མགོན་པོ་བདེ་ཆེན་ཕྱག་ན་རྡོ་རྗེ་རྒྱལ། །དེ་ལྟར་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས། ལུས་ཐམས་ཅད་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་གང་། དྲི་མ་ཐམས་ཅད་དག །དབང་ཐམས་ཅད་ཐོབ་ཆུའི་ལྷག་མ་ཡར་ལུད་པ་ལས། སྤྱི་བོར་མི་བསྐྱོད་པས་དབུར་བརྒྱན། དེ་ལྟར་ཁྱེད་རྣམས་མི་བསྐྱོད་པའི་རང་བཞིན་དུ་གྱུར་པ་ལ། བདག་གིས་མཆོད་པ་འབུལ་བར་མོས། ཨོཾ་ཨཀྟ་བྷ་ས་པཱ་རི་ཝ་ར་ཨབྷཾ་སོགས། ཤརྡའི་བར་གྱིས་མཆོད། དེ་ལྟར་ཁྱེད་རྣམས་ལ་མི་བསྐྱོད་པ་ཆུའི་དབང་བསྐུར་བའོ། །ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ལ་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་ཅོད་པན་གྱི་དབང་བསྐུར་བར་བསྩལ་དུ་གསོལ། དེ་ལྟར་གསོལ་བ་བཏབ་པས་ནམ་མཁར་གནས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་རིན་པོ་ཆེའི་ཅོད་པན་སྤྱི་བོ་ལ་སོགས་པའི་གནས་ལྔར་བཅིང་བའི་མོས་པ་མཛོད། དབུ་རྒྱན་ཐོགས་ལ། །རལ་པའི་ཐོར་ཙུགས་རྒྱན་པ་


CMR021_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །རིན་པོ་ཆེ་ཡི་དབུ་རྒྱན་དང་། །དར་དཔྱངས་ཅོད་པན་དག་གིས་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ཨོཾ་བཛྲ་རཏྣ་མུ་གུ་ཊ་ཨ་བྷི་ཥིཉྩནྟཾ། བཛྲ་ར་ཀ་ར་ཏ་ཤ་མི་ཧོཨ་བྷི་ཥིཁ་དོག་སྣ་ལྔའི་དར་དཔྱངས་བཏགས་པའི་མོས་པ་མཛོད། ༀ་ཧཱུྃ་ཧཱུྃ་ཧྲཱིཿཿ ཨོཾཧཱིཿ ་ཏུ་ཉྩ་ཧོཿ དབང་དེ་བརྟན་པའི་ཡན་ལག་ཏུ་བུམ་ཆུས་དབང་བསྐུར་བར་བསྒོམ༔ ཨོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ། སུ་ར་ཏེ་སྭཱ་ཨ་ཧཾ༔ ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་དེ་ལ་མཆོད་པའི་ཕྱིར། རཏྣ་སཾ་བྷ་ཝ་ཨརྒྷཾ་སོགས། དེ་ལྟར་ཁྱེད་རྣམས་ལ་རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི་དབང་བསྐུར་བའོ། །ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ལ་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་རྡོ་རྗེའི་དབང་བསྐུར་བར་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱི་ཕྱག་གི་རྡོ་རྗེས་ཁྱེད་རང་རྣམས་ཀྱི་སྙིང་ཁ་དང་མགྲིན་པ་དང་སྤྱི་བོར་རེག་ཅིང་ལག་གཡས་སུ་བྱིན་པའི་མོས་


CMR021_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཛོད། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རབ་ཏུ་བསྒྲུབ་ཕྱིར་རྡོ་རྗེ་ཟུང་། །ཨོཾ་མ་ཧཱ་སུ་ཥ་བཛྲ་ཧཱུྃ། དབང་དེ་བརྟན་པའི་ཡན་ལག་ཏུ་བུམ་ཆུས་དབང་བསྐུར་བར་བསྒོམ། ཨོཾ་ཨཱཿ༔བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏེ་ཧཱུཾ་ཨ་ཧཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། སྤྱི་བོར་འོད་དཔག་མེད་ཀྱིས་དབུར་བརྒྱན། ཨོཾ་ཨ་མི་ཏ་བྷ་པུལླེ་སོགས། དེ་ལྟར་འོད་དཔག་མེད་རྡོ་རྗེའི་དབང་བསྐུར་བའོ། །ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ལ་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དྲིལ་བུའི་དབང་བསྐུར་བར་བསྩལ་དུ་གསོལ། དེ་ལྟར་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དྲིལ་བུ་ལག་པ་གཡོན་པར་བྱིན་པའི་མོས་པ་མཛོད། ཆོས་ཀྱི་དྲིལ་བུ་བླ་ན་མེད། །སྟོང་ཉིད་ཡེ་ཤེས་སྒྲ་སྒྲོགས་པས། །ཐམས་ཅད་སྟོང་ཉིད་དོན་སྟོན་པ། །དྲིལ་བུའི་དབང་བསྐུར་སྦྱིན་པར་བྱ། །ཨོཾ་བཛྲ་ཨ་དྷི་པ་ཏི་


CMR021_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སྟཾ་ཨ་བྷི་ཥིཙྩ་མཱཾ། ཏིཥྛ་བཛྲ་ས་མ་ཡ་ཧཱུཾ། སྔར་བྱིན་པའི་རྡོ་རྗེ་དང་ལྷན་ཅིག་ཏུ་ཐུགས་ཀར་བསྣོལ་ཏེ། བྱང་ཆུབ་ཀྱི་སེམས་བདེ་བ་དང་སྟོང་པ་ཟུང་དུ་ཚུད་པའི་རང་བཞིན་རྡོ་རྗེ་ལྟའཆང་དུ་བསྒོམས་ལ་རྗེས་ཟློས་མཛོད། བཅོམ་ལྡན་གཟུང་ངོ་བདག་ལ་ནི། །ཡང་དག་ཉེ་བར་གྱུར་པར་མཛོད། །དབང་དེ་བརྟན་པའི་ཡན་ལག་ཏུ། བུམ་ཆུས་དབང་བསྐུར་བའི་མོས་པ་མཛོད། ཨོཾ་ཨཱཿ༔བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏེ་སྟོ་ཨ་ཧཾ། དེ་ལྟར་དབང་བསྐུར་བས་ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་གང་། དྲི་མ་ཐམས་ཅད་དག །དབང་ཐམས་ཅད་ཐོབ་ཆུའི་ལྷག་མ་ཡར་ལུད་པ་ལས། དོན་ཡོད་གྲུབ་པས་དབུར་བརྒྱན། དེ་ལ་མཆོད་པའི་ཕྱིར། ཨོཾ་ཨ་མོ་གྷ་སིདྡྷི་པུལླེ་སོགས། དེ་ལྟར་ཁྱེད་རྣམས་ལ་དོན་ཡོད་གྲུབ་པའི་དྲིལ་བུའི་དབང་བསྐུར་བའོ། །ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་དང་སློབ་དཔོན་དང་དཀྱིལ་འཁོར་ལ་བཞུགས་པའི་ལྷ་དང་བཅས་པ་ལ་གསོལ་བ་འདེབས་པའི་རྗེས་ཟློས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མིང་གི་དབང་བསྐུར་བར་བསྩལ་དུ་གསོལ། དེ་ལྟར་གསོལ་བ་བཏབ་པས་ནམ་མཁར་


CMR021_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའི་སངས་རྒྱས་རྣམས་ཀྱིས་མིང་གི་དབང་བསྐུར་བར་སྒོམས་ཤིག །རྡོར་དྲིལ་སྤྱི་བོར་དཀྲོལ་ཚུལ་བྱ་ཞིང་། རྡོ་རྗེ་མིང་གིས་དབང་བསྐུར་བས། །དེང་ནས་བྱང་ཆུབ་སྙིང་པོའི་བར། །ཅིས་ཀྱང་མི་ཤིགས་མི་གཡོ་བའི། །མིང་གི་དབང་འདི་ཁྱོད་ཀྱིས་ལོངས། །ཨོཾ་བཛྲ་སཏྭ་ཧཱུཾ། ཨ་བྷི་ཥིཉྩམི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཀྱི་དཔལ་རྨི་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །མེ་ཏོག་ཕོག་པའི་ལྷ་ལས་དྲས་ཏེ་མིང་འདོགས། བསྡུ་ན་སྐྱེས་པ་ཐམས་ཅད་ལ་སེམས་དཔའ་རྡོ་རྗེ། བུད་མེད་ཐམས་ཅད་ལ་སེམས་མ་རྡོ་རྗེ་བཏགས། ཁྱེད་རང་རྣམས་རྣམ་སྣང་ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་ཕྱིར། རྣམ་རྒྱལ་བུམ་ཆུ་བླུད་ཅིང་། ཨོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏེ་ཙཱ་ཨ་ཧཾ༔ ཞེས་གསུངས་ཤིང་བུམ་པའི་བོ་ནས་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་ཁྱེད་རང་རྣམས་ཀྱི་སྤྱི་བོར་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པ་ལ། ཨོཾ་བེ་རོ་ཙ་ན་ཨརྒྱུ་དེ་ལྟར་ཁྱེད་རང་རྣམས་ལ་རྣམ་པར་སྣང་མཛད་མིང་གི་དབང་བསྐུར་བའོ། །དེ་ལྟར་རིག་པའི་དབང་ལྔ་ཐོབ་པའི་ཕན་ཡོན། ཞེ་སྡང་ལ་སོགས་པ་ཉོན་མོངས་པ་ལྔ་


CMR021_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་བཅས་པ་བྱུང་ཞིང་། གཉེན་པོ་ཡོན་ཏན་ཡེ་ཤེས་ལྔ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཐོབ་པར་འགྱུར་རོ། །བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། དབང་ལྔ་ཐོབ་པའི་རྒྱུད་ལ་ནི། །རྣམ་དག་སངས་རྒྱས་ལྔ་འདི་དག །མ་རིག་བྲལ་བའི་རིག་པ་ལས། །ཡེ་ཤེས་ལྔ་ནི་ཐོབ་པར་འགྱུར། །ཞེས་གསུངས་པས། བྱ་བ་དང་སྤྱོད་པའི་རྒྱུད་ཉན་པ་དང་། བཤད་པ་དང་སྔགས་སྒྲུབ་པ་རྣམས་ལ་དབང་བར་འགྱུར་རོ། །ད་རྡོ་རྗེ་སློབ་དཔོན་གྱི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ། ས་གཞི་སྤོས༴ གང་གིས་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་གྱུར་པའི། །རྡོ་རྗེ་སློབ་དཔོན་གྱིས་ནི་དབང་། །ཐུགས་རྗེའི་གཏེར་གྱིས་བདག་ལ་སྩོལ། །གསུམ། ཁྱེད་རང་རྣམས་སྔར་བཤད་པའི་དབང་སྟེགས་ཀྱི་སྟེང་དུ་གཙོ་བོ་རྨེའི་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྐུར་འཁོད་པར་བསྒོམས། དེ་ཡི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ༔ ཐུགས་ཀར་ཧཱུཾ། སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རིགས་ལྔ་འཁོར་


CMR021_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཀྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ རྡོ་རྗེ་མ་ལྔ་ཡི་ཕྱག་རྒྱ་དང་བཅས་པས། ཨོཾ་ཨཱཿརཱུ་པ་བཛྲ་ཧཱུྃ། ནས་སྤརེ་བཛྲ་ཧཱུཾ་གིས་མཆོད། རྡོ་རྗེ་ཅན་གྱི་སངས་རྒྱས་ལ་། །འགྲོ་བ་སྐྱོབ་པའི་དོན་དུ་བདག །ཡོན་ཏན་འབྱུང་གནས་ཇི་ལྟར་སྩོལ། །དེ་བཞིན་འདི་ལ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། སློབ་མ་རྐེར་གསལ་བ་ལ་དབང་བསྐུར་བ་དང་། ཡེ་ཤེས་པ་འདྲེས་པ་གཅིག་ཏུ་བྱས། ཧཱུྃ་ཞེས་སྔར་བཤད་པའི་དབང་སྟེགས་ཀྱི་སྟེང་དུ་འཁོད་པའི་མོས་པ་མཛོད་ལ། གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། ནམ་མཁར་བཞུགས་པའི་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་བདག་ལ། དམ་ཚིག་གསུམ་དང་ལྡན་པའི་སློབ་དཔོན་དུ་བསྒྲུབ་པའི་ཕྱིར་སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་གི་ངེས་དོན་དང་བཅས་པ་བསྩལ་དུ་གསོལ། ཞེས་བརྗོད་ནས། སློབ་དཔོན་གྱིས། ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའ་ཞུ་བ་ལས་བྱུང་བའི་རྡོ་རྗེ་ཚད་དང་མཚན་ཉིད་དང་ལྡན་པ་ལག་པ་གཡས་པར་བྱིན་པར་བསྒོམས། འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེ་སེམས་དཔའ་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་


CMR021_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་བཟུང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ། ཏིཥྛ་ཨེ་ཥ་ཧཱུྃ། དྷ་ར་ཡ་མི་བཛྲ་སཏྭ་ཧི་ཧི་ཧི་ཧཱུཾ། རྡོ་རྗེ་དེ་ཉིད་སྙིང་ཁ་དང་མགྲིན་པ་དང་། དཔྲལ་བ་གསུམ་དུ་རེག་པར་མོས། དམ་ཚིག་འཛིན་པའི་གནས་སྙིང་གར་ཡིན་པས་རྡོ་རྗེ་སྙིང་གར་བཟུང་བར་བསྒོམས་ལ་རྗེས་ཟློས་མཛོད། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་གི་དང་པོའི་སྐྱེས་བུ་ལའོ། །ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་པ་ནི་རྡོ་རྗེ་ཐུགས་ཀྱི་དམ་ཚིག་དང་དེའི་ངེས་དོན་སྦྱིན་པའོ། །ཨ་ལས་སྐྱེས་པའི་རྡོ་རྗེ་སྙེམས་མ་ཞུ་བ་ལས་བྱུང་བའི་དྲིལ་བུ་ཚད་དང་མཚན་ཉིད་དང་ལྡན་པ་སློབ་མའི་ལག་གཡོན་པར་བྱིན་པར་བསྒོམས། འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ་དབྱངས་ཀྱིས་རྗེས་འགྲོར་བཤད། །ཁྱེད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །བཛྲ་གནྡྷེ་ཨཱཿ༔ ཞེས་དྲིལ་བུ་གསིལ་ཞིང་། དྲིལ་བུའི་སྒྲ་གྲག་སྟོང་ཡིན་པ་བཞིན་དུ། རང་གིས་དབང་དེ་བཞིན་དུ་


CMR021_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་གྱིས་ལ་རྗེས་ཟློས་མཛོད། ཨ་སྲིད་པ་ངོ་བོ་ཉིད་ཀྱི་བདག །ངོ་བོ་ཉིད་ཀྱི་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པ། །སྲིད་པ་དམ་པ་བྱེད་པར་འགྱུར། །ཨོཾ་བཛྲ་གྷནྡྷེ་ཨཱཿ༔ དྲིལ་བུ་གསུང་གི་དམ་ཚིག་དང་དེའི་ངེས་དོན་སྦྱིན་པའོ། །དེ་ནས་ཕྱག་རྒྱ་སྐུའི་དམ་ཚིག་གི་དོན་དུ་སློབ་མ་རྣམས་རྡོ་རྗེ་འཆང་ཆེན་པོ། རང་དང་འདྲ་བའི་ཤེས་རབ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་། སྙོམས་པར་འཇུག་པའི་བདེ་བ་ལ་སེམས་གཏད་ལ། ཡིད་ཀྱི་ལུས་བརྟན་དེ་ཉིད་ཀྱིས། །ཕྱག་རྒྱའི་དམ་ཚིག་ཞེས་སུ་བརྗོད། །ལུས་ཀུན་བརྟན་པར་བྱེད་པས་ན། །དེས་ན་ཕྱག་རྒྱུ་རབ་ཏུ་བསྒྲགས། །ཡེ་ཤེས་ཕྱག་རྒྱས་བྱིན་བརླབས་ནས། །འདོད་པ་ཀུན་ལ་ལོངས་སྤྱོད་པས། །དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། །ཞེས་པས་དོན་གོ་བར་བྱས་ལ། རྡོ་རྗེ་སེམས་དཔའི་སྐུ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ཁ་སྦྱོར་གྱི་རིམ་པས་བྱིན་གྱིས་བརླབ་ཏུ་བཅུག་ནས་འཁྱུད་པའི་ཚུལ་མཛོད། དེ་ཡང་མཆོག་གི་དང་པོའི་རྒྱུད་ལས། དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་ནས་ནི། །དམ་ཚིག་གི་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་


CMR021_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་ནས་སྙིང་པོ་བཟླས། །ཞེས་གསུངས་ཏེ་ཕྱག་རྒྱ་སྐུའི་དམ་ཚིག་དང་དེའི་ངེས་དོན་སྦྱིན་པའོ། །དེ་ལྟར་དམ་ཚིག་སྦྱིན་པའི་སྒོ་ནས་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྡོ་རྗེ་སློབ་དཔོན་ཆེན་པོར་བསྒྲུབ་པའི་ཕྱིར་ནམ་མཁར་གནས་པའི་དབང་ལྷ་རྣམས་ལ་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། །ཁྱེད་ཀྱིས་བདག་ལ་དབང་མཆོག་སྩོལ། །ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། རིག་མ་རྣམས་ཀྱིས་བུམ་པ་དཀར་པོ་ཡོ་བ་དང་བཅས་པས་སྤྱི་བོ་ནས་དབང་བསྐུར༔ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད། གཟུགས་རྡོ་རྗེ་མ་ལ་སོགས་ཀྱིས་མཆོད། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད་བཞིན་པའི་སྒོ་ནས་དབང་བསྐུར་བར་བསྒོམས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་


CMR021_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ།། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཨཱཿཧཱུཾ། ཨོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏེ་ཧཱུཾ་ཨ་ཧཾཿ ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བལ་བོ་ནས་དབང་བསྐུར་བས། ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་ཆུ་རྒྱུན་གྱིས་གང་། དབང་ཐམས་ཅད་ཐོབ། དྲི་མ་ཐམས་ཅད་དག །ཆུ་ཡི་ལྷག་མ་ཡར་ལུད་པ་ལས། །སྤྱི་བོར་རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ངམ། མི་བསྐྱོད་པས་རྒྱས་གདབ། ནམ་མཁར་བཞུགས་པའི་དབང་ལྷ་ཐམས་ཅད་ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ། ཛཿཧཱུྃ་བཾ་ཧོཿ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སྔགས་དང་རྒྱུད་རྣམས་འཛིན་གྱུར་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀུན་གྱིས་མཐུན་པར་བཞེད། །ཅེས་གསུངས་པས་མེ་ཏོག་འཐོར་བཞིན་དུ། རིག་འཛིན་འདི་རྣམས་ཟབ་མོ་སྔགས་ཀྱི་ཐེག་པའི་སྒོ་ནས་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྡོ་རྗེ་སློབ་དཔོན་རེ་རེར་གྱུར་ནས་སེམས་ཅན་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་འགོད་ནུས་པར་གྱུར་ཅིག །ཅེས་བརྗོད་ཅིང་མཚན་སྔགས་སྔོན་དུ་འགྲོ་བའམ། ཨབྷཾ་སོགས། ད་རྟེན་


CMR021_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པའི་དཀྱིལ་འཁོར་གྱི་དག་པ་མདོར་བསྡུས་པ་ནི། གཞལ་ཡས་ཁང་ནི་ལམ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པ་ཡིན་ལ། ལྷ་རྣམས་ལ་ནི། དཔལ་གསང་བ་འདུས་པའི་རྒྱུད་ལས། ཕུང་པོ་ལྔ་ནི་མདོར་བསྡུས་ན། །སངས་རྒྱས་ལྔ་ནི་རབ་ཏུ་གྲགས། །རྡོ་རྗེའི་སྐྱེ་མཆེད་ཉིད་དག་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ནི་སྤྱན་མ་ཞེས་བྱ་སྟེ། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །གོས་དཀར་མོ་དང་སྒྲོལ་མ་ནི། །མེ་དང་རླུང་དུ་རབ་ཏུ་གྲགས། །ཞེས་གསུངས་ཤིང་། ཁྲོ་བོ་བཅུ་ཡང་ཚིགས་ཆེན་བཅུ་དང་། རྣམ་པར་དག་པའི་རང་བཞིན་དུ་བཤད་པ་དང་། ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་རྣམ་པར་དག་པ་དང་དོན་དམ་པར་ན། དཀྱིལ་འཁོར་ལ་སོགས་པ་རྣམས་ནི་ཡི་རང་བཞིན་མེད་པའི་བདག་ཉིད་ཅན་དེ་བཞིན་ཉིད་ཁོ་ནའི་དེ་ཁོ་ན་ཉིད་རྣམ་པར་དག་པ་ཡིན་ནོ། །ད་ལྷ་མཆོད་པའི་རྗེས་གནང་གི་ཆེད་དུ་ངེད་ཀྱི་སྒེག་སོགས་བརྒྱད་ཀྱི་ཕྱག་རྒྱ་བྱེད་པ་འདི་ཁྱེད་རང་རྣམས་ཀྱིས་ཤེས་ན་གྱིས། མ་ཤེས་ན་ཡང་བྱས་ཡོད་སྙམ་པ་གྱིས། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །སྲས་དང་བཅས་པ་རྣམས་རོལ་ཞིང་། །རྡོ་རྗེ་


CMR021_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

སྙེམས་མི་ཚུལ་གྱིས་ནི། །དགའ་སྟོན་བདེ་གསལ་མཆོད་པར་བགྱི། །སྒེག་དང་བཅས་པས་ཕྲེང་བ་འཕང་། །སངས་རྒྱས་ཐམས་ཅད་མཆོད་པར་བྱ་།དེས་ནི་བཅོམ་ལྡན་འབྲལ་མི་འགྱུར། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ཨོཾ། ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླང་བར་བྱ། །དེ་ཡི་བདེ་གཤེགས་དངོས་གྲུབ་ནི། །ཤིན་ཏུ་བདེ་བ་ཐོབ་པར་འགྱུར། །གྷི། དེ་ཉིད་ཐལ་མོ་གར་གྱིས་ནི། །སངས་རྒྱས་ཐམས་ཅད་འདུལ་བར་བྱ། །སངས་རྒྱས་འདུལ་བའི་ཕྲིན་ལས་ཀྱིས། །གར་མཁན་ཚུལ་དུ་བསྒྱུར་བར་བྱ། །རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་འགྲོ་དོན་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་གྱིས། །ཧཱུྃ། སངས་རྒྱས་རྣམས་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པས། །མཚན་དང་དཔེ་བྱད་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་པར་འགྱུར། །ཧཱུཾ། ཆོས་ཀྱི་མེ་ནི་ལེགས་སྤྱར་བས། །རྡོ་རྗེ་ཆོས་དང་འདྲ་བ་རུ། །སེམས་ཅན་མ་རིག་ལྡོང་རྣམས་ལ། །ཡེ་ཤེས་སྒྲོན་མེས་གསལ་བར་


CMR021_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །པྲ། རྒྱལ་བ་རྣམས་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཤེས་རབ་ཏིང་འཛིན་དང་། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་བསྒོས། གྷ༔ ཁྱེད་རྣམས་ཀྱིས་དེང་ཕྱིན་ཆད་ལུས་ཀྱིས་སྒེག་སོགས་ཀྱི་སྦྱོར་བ་དང་། ངག་གིས་སྨྲ་བརྗོད་དང་། སེམས་ཀྱིས་བསམ་པ་ཐམས་ཅད་ལྷ་མཆོད་པའི་བསམས་པས་ཟིན་པར་མཛོད་ཅིག །ད་སྔགས་ཀྱི་བཟླས་ལུང་གི་དོན་དུ་མཎྜལ་ཕུལ། ས་གཞི་སྤོས༔ འདི་ཡི་རྗེས་ཟློས་མཛོད། སྔགས་ཀྱི་དབང་བསྐུར་ཡེ་ཤེས་ཆེ། །དངོས་གྲུབ་སྟེར་བ་བདག་ལ་སྩོལ། །གསུམ། དཔོན་སློབ་གཉིས་ཀ་དཔལ་ཆེའི་དཀྱིལ་འཁོར་གྱི་གཙོ་བོར་གསལ་བའི་ཐུགས་ཀར་ཟླ་བའམ། ཉི་མའི་དབུས་སུ་ས་བོན་དང་ཁྱད་པར་དུ་སློབ་དཔོན་གྱི་ཐུགས་ཀའི་ས་བོན་གྱི་མཐའ་སྐོར་དུ་སྔགས་ཀྱི་ཕྲེང་བ་སྒྲུབ་ཐབས་ལྟར་གཡས་བསྐོར་དུ་འཁོད་པར་བསམས་ལ། སྔགས་ཀྱི་བཟླས་ལུང་བསྩལ་དུ་གསོལ་སྙམ་པའི་མོས་གུས་དྲག་པོ་བྱས་ལ། སློབ་དཔོན་གྱི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་ས་བོན་སྔགས་ཕྲེང་དང་བཅས་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་གྱིས་སློབ་དཔོན་


CMR021_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་ཁའི་ས་བོན་གྱི་མཐའ་བསྐོར་དུ། དང་པོས་འཁོད། གཉིས་པས་བྱིན་བརླབས། གསུམ་པས་བརྟན་པར་བྱས་པར་མོས་ལ་སྔགས་ཀྱི་རྗེས་ཟློས་ལན་གསུམ། དེའི་བྱིན་རླབས་ཐོབ་པའི་གཏང་རག་ཏུ་མེ་ཏོག་འཐོར་ཞིང་རྗེས་ཟློས། བཅོམ་ལྡན་བདག་ལ་བསྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་སློབ་དཔོན་གྱིས་བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ་སོགས། རིག་པ་འཛིན་པ་འདི་རྣམས་ལ་སྒྲོའི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་བྱིན་རླབས་དང་ཁྱད་པར་དུ་རིག་པ་གསང་སྔགས་ཀྱི་བྱིན་རླབས་ཐམས་ཅད་འཇུག་པར་གྱུར་ཅིག །ཅེས་མེ་ཏོག་གཏོར། ད་དངུལ་གྱི་ཀོང་བུར་མིག་སྨན་རྣམས་ཚུལ་བཞིན་དུ་སྦྱར་བ་ལག་པ་གཡོན་དུ་བཟུང་ཞིང་། གཡས་པས་གསེར་དྲུག་ལས་བྱས་པའི་ཐུར་མ་བཟུང་སྟེ་མ་རིག་པའི་ལིང་ཏོག་བསལ་ནས་མིག་སྨན་བྱུག་པར་སྒོམས་


CMR021_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །སློབ་མའི་མིག་གཉིས་སུ་དེ་ཁོ་ན་ཉིད། སྒྲིབ་བྱེད་མ་རིག་པའི་ལིང་ཏོག་ས་ཁམས་པའི་རང་བཞིན་པྲཾ་སེར་པོའི་རྣམ་པར་གནས་པ་ཕྱིར་བསལ་བར་བསྒོམས། ཐུར་ལྡན་སྨན་པའི་རྒྱལ་པོ་ཡིས། །ཇི་ལྟར་འཇིག་རྟེན་རབ་རིབ་བཞིན། །རྒྱལ་བ་རྣམས་ཀྱིས་བུ་ཁྱོད་ཀྱི། །མི་ཤེས་པ་ཡི་རབ་རིབ་བསལ། །ཨོཾ་བཛྲ་ནཻ་ཏྲ་ཨ་བ་ཧ་ར་པ་ཏྲ་ལཾ་ཧྲཱིཿ༔པཾ༔ དེ་ནས་མེ་ལོང་ལ་ཨཱཿཝཡིས་སྔགས་ཏེ་སློབ་མ་ལ་བསྟན། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོགས་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་འབྱུང་། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དེར་ནི་གསལ་དག་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་བཞིན་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རང་བཞིན་མེད་ཅིང་གནས་མེད་པར། །ཆོས་རྣམས་དེ་ལྟར་ཤེས་ནས་ཁྱོད། །སེམས་ཅན་དོན་ནི་མཉམ་མེད་བྱོས། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེ། །གང་ཡང་རིགས་ཐམས་ཅད་དང་། དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་འདི་ཀུན་ཏུ་འགྲོ་བ་ཡིན་པ་ཤེས་པར་གྱིས་ཤིག །ཧོས་བསྔགས་པའི་ཐབས་ཀྱི་མདའ་དྲུག །


CMR021_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་གཞུ་དང་བཅས་པ་ཕྱོགས་བཞི་སྟེང་འོག་ཏུ་འཕངས། བདུད་བཞི་དང་ཉན་རང་གི་སེམས་ཡིད་ལ་བྱེད་པ་བཅོམ་པར་མོས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡེ་སྭཱ་ཧཱ། མདའ་འཕེན་ཚུལ་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་ཆགས་པར་བྱའོ། །བུམ་ཆུ་གཏོར་ཞིང་། ཇི་ལྟར་མི་བལྟམས་པ་ཙམ་གྱིས་ནས་སོགས། ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དེ་རྣམས་ཀྱི་ཕྱི་དབྱིབས་རས་བྲིས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་ཐོབ། ལུས་ཀྱི་དྲི་མ་དག །ལྷའི་དཀྱིལ་འཁོར་ཆ་ལག་དང་བཅས་པ་སྒོམ་པར་དབང་། འབྲས་བུ་སྤྲུལ་པའི་སྐུའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པའོ། །བསངས་སྦྱངས། ཁྱེད་རང་རྣམས་ཀྱི་ཆོས་ཅན་ཉོན་མོངས་པ་ལྔ་དང་། ཕུང་པོ་ལྔའི་ཆོས་ཉིད་རྣམས་མི་དམིགས་ཏེ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས། ཁྱེད་རང་རྣམས་ཀྱི་ཉོན་མོངས་པ་ལྔ་དང་ཕུང་པོ་ལྔའི་ཆོས་ཉིད་རྣམས། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ། གཡོན་དེས་ཡུ་


CMR021_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱས་པའི་དྲིལ་བུ་འཛིན་པ། རལ་པའི་ཐོར་ཚུགས་ལ་སོགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་སྐུ་ཅན་གྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ༔ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རྡོ་རྗེ་སེམས་དཔའི་རྣམ་པར་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ། ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཚད་དང་མཚན་ཉིད་དང་ལྡན་པ་ཁྱེད་རང་རྣམས་ཀྱི་ལག་པ་གཡས་སུ་བྱིན་པ། བརྟུལ་ཞུགས་འཛིན་པའི་གནས་སྤྱི་བོར་བཟུང་བའི་མོས་པ་མཛོད། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟེན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ། ཏིཥྛ་ཨེ་ཥ་ཡ་སྟེ་དྷ་ར་ཡཱ་མི་བཛྲ་སཏྭ་ཧཱུཾ། ཧི་ཧི་ཧི་ཧི་ཧཱུཾ། རྡོ་རྗེ་བརྟུལ་ཞུགས་འཛིན་པའི་ཆོ་གའོ། དེ་ནས་སྣམ་སྦྱར་གྱི་ཞབས་ནས་གཡོན་པས་ཆོས་གོས་ཀྱི་སྣེ་གཉིས་སེང་གེ་བག་ཕེབ་པའི་རྣ་བ་ལྟར་བཟུང་། གཡས་པས་སྐྱབས་སྦྱིན་བྱས་ལ། སློབ་དཔོན་ཨོཾ་ལས་སྤྲུལ་སྐུ་ཤཱཀྱ་ཐུབ་པར་བསྒོམས་ལ། དབང་འདི་ཐོབ་ཅིང་ཉམས་སུ་བླང་བ་ལ་བརྟེན་ནས་མ་འོངས་པ་ན་ཁྱེད་རྣམས་གསང་


CMR021_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་བཏགས་པ་དང་མཚུངས་པའི་མཚན་འཛིན་པའི་དེ་བཞིན་གཤེགས་པར་འགྱུར་རོ། །ཞེས་ལུང་བསྟན་པའི་མོས་པ་མཛོད། འདིར་ནི་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་དཔལ་ཆེ་ཞེས་བྱ་བའི་དེ་བཞིན་གཤེགས་སིདྡྷི་ས་མ་ཡ་བྷནྡྷ་བས། གང་ལ་ངས་ལུང་བསྟན་པ་འདིའི་བླ་མ་དང་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱིས་བྱང་ཆུབ་ཆེན་པོར་མགྲིན་གཅིག་ཏུ་ལུང་བསྟན་པར་མཛད་དེ། སྔགས་འདི་དང་ཕྱག་རྒྱ་འདི་ཡི་མཐུ་ཡིན་ནོ། །ཞེས་ཁྱེད་རྣམས་དང་བ་བསྐྱེད་པར་བྱའོ། །ལུང་བསྟན་ཆོ་གའོ། །རྒྱུད་ལས་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས། །སློབ་མ་སྡིག་དང་བྲལ་བ་ལ། །རྗེས་སུ་གནང་བ་དེ་ནས་སྦྱིན། །ཞེས་གསུངས་པས། ཁྱེད་རང་རྣམས་ཀྱི་མདུན་དུ་ཧཱུྃ་ལས་སྐྱེས་པའི་འཁོར་ལོ་དང་། ཨོཾ་བཛྲ་ཧེ་ཏུ་ནཱཾ། ལག་གཡས་སུ་ཨོཾ་བཛྲ་བྷི་ཥ་རཾ། ཡི་གེ་ཨཱཿལས་སྐྱེས་པའི་དུང་དང་། གཡོན་དུ་དབྱངས་དང་པོ་ལས་སྐྱེས་པའི་པོ་ཏི་དང་ཨཱཿ དབྱངས་ཐ་མ་ལས་སྐྱེས་པའི་དྲིལ་བུ་རྣམས། རང་རང་


CMR021_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྔགས་བརྗོད་ཅིང་བྱིན་པས་དྲིལ་བུ་དཀྲོལ་བའི་མོས་པ་གྱིས། སློབ་དཔོན་གྱིས།་ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །བརྩམས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར། །དེ་རིང་ཕན་ཆད་འཇིག་རྟེན་ལ། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་ནས་ཡོངས་སུ་བཀང་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །དེ་ནས་རིགས་ལྔའི་ཕྱག་མཚན་ཡོད་ན་གཏད་པའམ། མེད་ན་བསྒོམས་པས་ཆོག །ཁྱེད་རང་རྣམས་རྣམ་པར་སྣང་མཛད་དུ་སྒོམས་ཤིག །སེམས་ཅན་ཀུན་ལ་ཕན་དོན་དུ། །སེམས་ཅན་ཀུན་ལ་ཐམས་ཅད་ནས། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཛ་ཡ་ཛ་ཡ་སརྦ་ཏ་ཐཱ་ག་ཏ་ཨ་ཧིཔ་རི་པྲ་ཝརྟ་ཡོ་དྷམཱ་ཙཀྲ་ག །ཁྱེད་རང་རྣམས་རིན་ཆེན་འབྱུང་ལྡན་དུ་སྒོམས་ཤིག །སེམས་ཅན་ཀུན་ལ་ཕན་དོན་དུ། །སེམས་ཅན་ཀུན་ལ་ཐམས་ཅད་ནས། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པའི། །སངས་རྒྱས་རིན་ཆེན་རབ་ཏུ་སྟོན། །ཨོཾ་བཛྲ་རཏྭཱ་སརྦ་དྷརྨ་བི་ཤུདྡྷེ་ཛྙ་


CMR021_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཨ་བྷི་ཥེ་ཀ་པྲ་ཝརྟ་ཡ་ཨོཾ་ཨོཾ་ཨོཾ། ད་ཁྱེད་རང་རྣམས་སྣང་བ་མཐའ་ཡས་སུ་སྒོམས་ཤིག །སེམས་ཅན་ཀུན་ལ་ཕན་དོན་དུ། །སེམས་ཅན་ཀུན་ལ་ཐམས་ཅད་ནས། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པའི། །འདོད་ཆགས་དག་པར་རབ་ཏུ་སྟོན། །ཨོཾ་བཛྲ་སརྦ་དྷརྨཱ་བི་ཤུདྡྷེ་ཛྙཱ་ན་དྷ་ག་པདྨ་སྭ་བྷ་ཝ་ཧྲཱིཿཿ ད་ཁྱེད་རང་རྣམས་དོན་ཡོད་གྲུབ་པར་སྒོམས་ཤིག །སེམས་ཅན་ཀུན་ལ་ཕན་དོན་དུ། །སེམས་ཅན་ཀུན་ལ་ཐམས་ཅད་ནས། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པའི། །རྡོ་རྗེའི་མཆོད་པ་རབ་ཏུ་བསྐོར། །ཨོཾ་བཛྲ་ཀརྨ་སརྦ་དྷརྨཱ་བི་ཤུདྡྷེ་ཛྙཱ་ན་སརྦ་པཱུ་ཛ་སྭ་བྷཱ་ཝ་ཨཱཿ༔ ཁྱད་པར་ཀྲི་ཡའི་རྒྱ་གཞུང་ལས། སླར་ཡང་རྣམ་པ་སྣ་ཚོགས་ལས་བྱས་པའི། རིན་ཆེན་བདུན་ཡང་གཏད་པར་བྱ། །གྲི་གུག་ཁཊ་བགྲང་ཕྲེང་དང་། །གླེགས་བམ་ཐོད་ལེ་སམ་ཕོ་ར། །གྱོ་མོ་རྣལ་འབྱོར་དབྱུག་པ་དང་། །པདྨའི་ལག་པའི་ལྷམ་དང་ནི། །རྣལ་འབྱོར་པ་ཡི་སྒོམ་ཐག་རྣམས། །ལེགས་པར་དགའ་བའི་བསམ་པ་ཡིས། །སྔགས་ཅན་དེ་ཡིས་སྦྱིན་པར་བྱ། །ཞེས་གསུངས་པ་ལྟར། རྒྱལ་སྲིད་བདུན་དང་གྲི་གུག་ལ་སོགས་པའི་རྫས་རྣམས་རིན་པོ་ཆེའི་སྣོད་


CMR021_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་སིལ་མས་བཀང་བའི་ནང་དུ་བཞག་ནས། ཁྱེད་རང་རྣམས་ཀྱི་ལག་པ་གཉིས་སུ་རིམ་བཞིན་དུ་བྱིན་པའི་མོས་པ་གྱིས། རྒྱལ་སྲིད་སོགས་ཙཀཱི་རྣམས་རིམ་པར། མ་འོངས་པ་ན་ཐུབ་པའི་དབང་པོ་ཡི། །གོ་འཕང་ཐོབ་ཕྱིར་འཇིག་རྟེན་འཇིག་རྟེན་ལས། །འདུས་པའི་དབང་ཕྱུག་བླ་མེད་ཐོབ་ཕྱིར་དུ། །རིན་ཆེན་སྣ་བདུན་རྗེས་གནང་སྦྱིན་པར་བྱ། །ཨོཾ་སབྷ་ར་ཨ་བྷི་ཥིཉྩ་མཱི། མ་རིག་གཟུང་འཛིན་རྣམ་རྟོག་གཅད་པའི་ཕྱིར། །གྲི་གུག་རྗེས་གནང་རབ་ཏུ་སྦྱིན་བྱ་ཞིང་། །ཞི་རྒྱས་དབང་དང་མངོན་སྤྱོད་ལ་སོགས་པའི། །ཕྲིན་ལས་བསྒྲུབ་ཕྱིར་ཁ་ཊཾ་བགྲང་ཕྲེང་སྦྱིན། །ཨོཾ་ཀི་དྷ་ཀ་ཁ་ཊཾ་ཁ་མ་ལ་ཨ་བྷི་ཥིཉྩ་མཱི། ཕྱི་ནང་གསང་བ་དེ་ཁོ་ན་ཡི་ཆོས། །བསམ་པ་ཇི་བཞིན་གཞན་ལ་སྟོན་བྱའི་་ཕྱིར། །རང་རང་རྒྱུད་ཀྱི་གླེགས་བམ་དག་དང་ནི། །ཐོད་ལེ་ཀོར་དང་སམ་བྷོ་ར་རྣམས་སྦྱིན། །ཨོཾ་པུཏྟི་ཀ་ཁ་ཊཾ་ཀ་སཾ་བྷོ་ར་ཨ་བྷི་ཥིཉྩ་མཱི། རྒྱལ་སྲིད་ལ་སོགས་སྲིད་པའི་བདེ་བ་ལ། །ཆགས་པ་སྤང་སྟེ་བསོད་སྙོམས་འཚོ་བ་ལ། །གནས་ནས་མི་བསྐྱོད་བསམ་གཏན་བྱ་ཕྱིར་དུ། །གྱོ་མོའི་སྣོད་དང་རྣལ་འབྱོར་དབྱུག་པ་དང་། །ལྷུམ་དང་སྒོམ་ཐག་


CMR021_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་སྦྱིན་པར་བྱ། །ཨོཾ་ག་ཡ་ད་ར་ཡོ་ག་ག་ན་ཌ། ཡ་ཏ་ཀ་པ་ཊ་ཀཾ། ཨ་བྷི་ཥིཉྩ་མཱི། དེང་ནས་ཐེ་ཚོམ་མེད་པའི་བསམ་པ་ཡིས། །ཁྱོད་འདིར་བློ་གྲོས་ངན་མི་བྱ། །གསང་སྔགས་སྤྱོད་པའི་ཚུལ་མཆོག་འདི། །མཉམ་མེད་རང་གིས་རབ་གསལ་བྱ། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་བཏགས་བྱས་པས་གཟོ་བར་འགྱུར་། །རྡོ་རྗེ་འཛིན་པ་དེ་ཀུན་ཡང་། །ཁྱེད་ལ་རྟག་ཏུ་བསྲེང་སྐྱབས་མཛོད། །ཤེས་རབ་ཐབས་ཀྱིས་རང་བཞིན་བདག །ཡིད་བཞིན་ནོར་བུ་ལྟར་མཐོང་བས། །སྐྱོན་མེད་དོགས་དང་བྲལ་བ་ཡིས། །དེ་ལྟར་སེམས་ཅན་དོན་གྱིས་ཤིག །རྗེས་གནང་ཆོ་གའོ། །དབུགས་དབྱུང་ནི་སློབ་མ་གཞོན་པ་གཅིག་ལ་ཆོས་གོས་བཀོན་ནས། རུས་པ་དང་རིན་པོ་ཆེའི་རྒྱན་དྲུག་གིས་བརྒྱན་ཅིང་། ཁོང་གིས་བསྐོར་བ་ལན་གསུམ་བྱེད་པ་ལྟར་ཁྱེད་རང་རྣམས་ཀྱིས་ཀྱང་བྱེད་པར་བསྒོམས་ལ་རྗེས་ཟློས་ལན་གསུམ་མཛོད། མ་ཧཱ་ར་ཏ་སུ་ཌི་ཏ་སུ་ཏཱ་ཥ་བཛྲ་སཏྭ་ཨརྱ་སིདྡྷ་ནཱཾ། སྤྱི་བོ་རུ་ནི་གདུགས་བཟུང་ཞིང་། །སྐོར་བ་བྱེད་དུ་བཅུག་ནས་ནི། །དཀྱིལ་འཁོར་ཤར་སྒོར་ཐལ་སྦྱར་བ། །གདུགས་བཅས་དབབ་ཅིང་འདི་སྐད་བརྗོད། །ཅེས་


CMR021_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས། ཁྱེད་རང་རྣམས་ཀྱི་སྤྱི་བོར་གཞན་ཞིག་གིས་གདུགས་དཀར་བཟུང་། དཀྱིལ་འཁོར་གྱི་ཤར་སྒོ་ནས་ཕྱག་གསུམ་འཚལ་ནས། ཁྱེད་རང་རྣམས་ཀྱི་ལུས་ལོངས་སྤྱོད་དགེ་བའི་དངོས་པོ་དང་བཅས་པ་ཐམས་ཅད་དཀྱིལ་འཁོར་གྱི་ལྷ་ལ་འབུལ་བསམ་ཞིང་། དཀྱིལ་འཁོར་ལ་མགོ་བོ་འདུད་པ་རེ་གྱིས། སྔགས་དང་རྒྱུད་རྣམས་འཛིན་གྱུར་པའི། །སློབ་མ་འདི་ནི་འབུལ་བ་ལགས། །ད་ཁྱེད་རང་རྣམས་ཤར་སྒོ་ནས་ཕྱག་གསུམ་འཚལ་ཏེ་པུས་བཙུགས་ཐལ་མོ་སྦྱར་བས་ཉོན། ཐམས་ཅད་ཀྱི་སྙིང་ལ་འབབ་པའི་གཏམ་འདིར་བརྗོད་པ་ལ་གསན་པས་ཁྱབ་པར་གདའ། ད་ནི་ཁྱེད་རྣམས་དཀྱིལ་འཁོར་གྱིས། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་དག་ཀྱང་དགོངས་པར་འགྱུར། །སེམས་ཅན་ཀུན་ལ་བརྩེ་དོན་དུ། །ཁྱེད་ཀྱི་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །མཆོག་ཏུ་གསང་བ་དམ་པ་ཡིས། །དཀྱིལ་འཁོར་མཐོང་ཞིང་ཞུགས་པས་ན། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དེ་རིང་ཁྱེད་རྣམས་བདེ་བར་གནས། །


CMR021_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཁྱོད་ལ་མེད། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་མཐའ་གྲུབ་བོ། །སངས་རྒྱས་རྡོ་རྗེ་ཅན་ཀུན་གྱི། །དེ་རིང་ཚེ་ལྡན་དབང་བསྐུར་རོ། །ཁམས་གསུམ་ཀུན་གྱི་རྒྱལ་སྲིད་ཆེ། །བདག་པོ་ཉིད་དུ་ཁྱོད་ངེས་སོ། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་ཉིད། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །འདོད་པ་ཀུན་ལ་སྤྱོད་པ་ཁྱོད། །གང་ལའང་འཇིགས་མེད་སྤྱད་པར་གྱིས། །སློབ་དཔོན་སྤང་བར་མི་བྱ་སྟེ། །དམ་ཚིག་ཤིན་ཏུ་འདའ་བར་དཀའ། །ཤེས་རབ་ཐབས་ཀྱི་བསམ་པ་ཡིས། །མི་བྱ་ཅུང་ཟད་ཡོད་མ་ཡིན། །མ་འཇིགས་ཁྱོད་ལ་སྡིག་པ་མེད། །དེ་བཞིན་གཤེགས་པའི་གསུང་ཇི་བཞིན། །འདི་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གིས་དམ་ཚིག་མི་བཟད་བདེ་སྟེར་བསྟེན་པར་གྱིས། །འགྲོ་བ་བདེ་བ་མྱོང་ལ་རྡོ་རྗེ་སེམས་དཔའ་དང་། །མཚུངས་པའི་རྟག་པ་ཉིད་དུ་ཁྱོད་རྣམས་ཕྱིན་པར་འགྱུར། །གཞན་ཡང་གང་དག་ཆོ་ག་ཇི་ལྟ་བ་བཞིན་དབང་བསྐུར་བ་ལ་དགེ་བའི་ཕྱིར་སངས་རྒྱས་དང་


CMR021_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། སྡུག་པའི་བུ་དང་འདྲ་བར་ཐུགས་དངས་བས་ཡང་དག་པར་དགོངས་པ་མཛད་པ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་ནོ། །དབུགས་དབྱུང་ཆོ་གའོ། །དབང་བསྐུར་རྗེས་ཀྱི་ཆོ་ག་ནི། །ཁས་བླང་དོན་བསྒྲུབ་སྤྲོ་བ་བསྐྱེད། །ཡོན་འབུལ་དེང་ནས་བརྩམས་སོགས་བརྗོད། །ཞེས་གསུངས་པ་ལྟར། དེ་ལྟར་ཁྱེད་རང་རྣམས་ཀྱིས་རྗེའི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་ཐོབ་པས་དེ་དག་གིས་སྐབས་སུ་ཁས་བླང་བའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་བསྲུང་སྙམ་པས་རྗེས་ཟློས་ལན་གསུམ་མཛོད་། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དེ་ལྟར་དབུགས་ཕྱིན་པའི་སློབ་མ་རྣམས་ཀྱིས། རང་གཞན་གྱི་དོན་རྒྱ་ཆེན་པོ་འགྲུབ་པ་ལ་དགའ་ཞིང་སྤྲོ་བའི་ཕྱིར། རྗེས་ཟློས་མཛོད།་དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་ནི་གསོན་པའང་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་དེང་བདག་གྱུར། །འོ་དེ་ལྟར་སྒྲེའི་དཀྱིལ་འཁོར་དུ་དབང་བསྐུར་བ་རྫོགས་པར་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། འདི་ཡི་རྗེས་ཟློས། དེང་ནས་


CMR021_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཤས་ཀྱང་ནི་སྤྱད་དུ་གསོལ། །གསུམ། དེ་ལྟར་་དཔལ་རྡོ་རྗེ་ཕྲེང་བའི་ནང་ནས་སྒྲེའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བླ་མ་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་ཆེན་པོ་ཨ་བྱཱ་ཀ་ར་གུབྷ་། ཨ་ནུ་པདྨ་རཀྟི་ཏ། པཎྜི་ཏ་བིཀྟ་དེ་ཝ། པཎ་ཆེན་ཤཱཀྱ་ཤྲཱི། དེ་སོགས་བརྒྱུད་པ་འགའ་ཟུང་ལས་བྱུང་བའི་དབང་བསྐུར་བ་རྣམ་པར་དག་པ་ཐོབ་པ་ཡིན་པས། རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད། ཅེས་པ་རྡོ་རྗེ་ཕྲེང་བའི་རྒྱ་གཞུང་ལས། ཀྲྀ་ཡ་ས་མུཉྩའི་རྒྱ་གཞུང་ནས་བཤད་པའི་ཆོ་ག་དང་། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས་ཀྱིས་མཛད་པའི་གཞུང་ནས་བྱུང་བའི་ཁ་སབ་པ་དང་། མཁས་པ་ཆེན་པོ་ཚུལ་ཁྲིམས་འོད་ཟེར་གྱིས་མཛད་པ་ཇི་ལྟ་བ་ལས་གབ་འཁྲུགས་བསལ་ཏེ་རཱ་ག་ཨ་སྱས་བསྒྲིགས་པ་ལ། ཉེས་པ་མེད་ཕྱིར་བཤགས་བྱ་མ་མཆིས་ནའང་ལྷ་ལ་བཤགས་ཤིང་། དགེ་བས་འདི་ལ་འབྲེལ་བ་ཐོགས་ཚད་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR021_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

རྡོ་རྗེ་ཕྲེང་བའི་དབང་བསྐུར་རྒྱས་པ།


CMR021_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕྲེང་བའི་དབང་བསྐུར་རྒྱས་པ་རྡོར་ཕྲེང་གཞུང་ལ་ཀྲི་ཡ་ས་མུཉྫ་དང་། ས་བཟང་འཕགས་པའི་གཞུང་གིས་ཁ་སབ་འདི་བདེ་མཆོག་འཁོར་ལོ་དྲུག་ལ་སྦྱར་བ་ཕྱག་ལེན་ཏེ། གུར་རིགས་བསྡུས་ལ་ཡང་སྦྱར་བ་ལེགས་ཤིང་། རྒྱས་པར་འདོད་ན་བླ་མེད་དཀྱིལ་འཁོར་ཐམས་ཅད་ལ་སྦྱར་ཏེ་ཕ་རྒྱུད་ལ་སྦྱར་ཚེ་སྤྱོད་པའི་བརྟུལ་ཞུགས་མི་བྱ་བ་མ་གཏོགས་ཁྱད་མེད།།


CMR021_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་དྷ་ར་ཡེ། །འཁོར་ལོའི་མགོན་པོ་རྩ་བརྒྱུད་བླ་མ་དང་། །ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །རྡོར་ཕྲེང་དབང་བསྐུར་ཕྱག་ལེན་རྒྱས་པ་ནི། །གཞུང་ལས། སློབ་མ་གཞུག་དང་དབང་བསྐུར་དང་། །རྗེས་ཀྱི་བྱ་བ་རྣམ་པ་གསུམ། །དང་པོ་ཡོན་འབུལ་གསོལ་བ་གདབ། །རྒྱུན་བཤགས་རིགས་ལྔའི་སྡོམ་བཟུང་བྱ། །ལྷ་བསྐྱེད་སྨད་གཡོགས་སྟོད་གཡོགས་དང་། །གཙུག་ཏོར་མིག་དར་མེ་ཏོག་འཕྲེང་། །སྦྱིན་པ་དང་བཅས་རྣམ་དྲུག་གིས། །ཆས་སུ་ཞུགས་ཤིང་བསང་གཏོར་བྱ། །གནས་གསུམ་བྱིན་རླབས་ཤར་སྒོར་བཞག །དྲིས་ལན་བྱ་ཞིང་སེམས་བསྐྱེད་ལ། །གསང་བར་


CMR021_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པ་ཕྱིར་འཇུག་གོ་་།ནང་དྲུག་བསྐོར་བ་ཕྱག་དྲུག་འཚལ། །དམ་ལ་གཞུག་ཅིང་ཡེ་ཤེས་དབབ། །སྣང་བ་དྲི་ཞིམ་བསྐོར་བ་བྱ། །བདེན་པའི་བྱིན་རླབས་བྱ་བའོ། །མེ་ཏོག་གཏོར་ཞིང་ལྷ་རིགས་བསྟན། །དངོས་གྲུབ་མཚོན་བྱ་ཕྲེང་དབང་བསྐུར། །གདོང་གཡོགས་དཀྲོལ་ཞིང་དཀྱིལ་འཁོར་བསྟན། །སྤྲོ་བ་བསྐྱེད་ཅིང་དམ་ཚིག་བརྗོད། །འཇུག་པ་ཡི་ནི་ཆོ་གའོ། །ཞེས་གསུངས་པ་ལྟར་སྟ་གོན་བྱས་པའི་སློབ་མ་ཁྲུས་བྱས་མཎྜལ་ཕུལ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས། སྐྱེ་རྒ་ན་འཆི་ན་ཀྲ་ཡི། །ཆུ་སྲིན་ལ་སོགས་འཇིགས་རུང་བའི། །སྲིད་པའི་རྒྱ་མཚོར་བྱིང་བ་ལས། །འདོན་པར་བྱེད་པ་ཁྱོད་འབའ་ཞིག །དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །


CMR021_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ལན་གསུམ། ད་མདུན་གྱི་ནམ་མཁར་སྒེའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ། བླ་མ་བརྒྱུད་པ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་སྔོན་དུ་འགྲོ་བའི་ཐུན་མོང་གི་སྡོམ་པ་དང་། ཐུན་མོང་མ་ཡིན་པའི་སློབ་དཔོན་གྱི་སྡོམ་པ་གཟུང་བའི་ཕྱིར་རིགས་ལྔ་སྤྱི་དང་ཁྱད་པར་གྱི་དམ་ཚིག་རྣམས་བསྲུང་སྙམ་པའི་བསམས་པས། འདི་དག་གི་རྗེས་ཟློས་ལན་གསུམ་གསུམ་གསུང་བར་ཞུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །ཞེས་ལན་གསུམ་བརྗོད་དུ་གཞུག་གོ །ཕ་རྒྱུད་ལ། སངས་


CMR021_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། མ་རྒྱུད་ལ། སྲས་བཅས་སངས་རྒྱས་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཟཆེ་གེ་མོ་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་ལྟར། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སྡོམ་པ་ཡིས་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་མཆོག་ཏུ་བཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་


CMR021_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང་། །ལས་ཆེན་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱི་ཞིང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ལན་གསུམ། ད་ཁྱེད་རང་རྣམས་དམིགས་པ་འདི་བཞིན་མཛོད། ༀ་ཞེས་བརྗོད་པས། ཁྱེད་རང་རྣམས་སྐད་ཅིག་གིས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་འཁོར་ལོ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་རལ་པའི་ཐོར་ཅོག་དང་ཐོད་པའི་ཕྲེང་བའི་ཅོད་པན་ཅན། མ་རྒྱུད་ལ་རུས་པའི་རྒྱན། རྒྱུན་ཚོ་དྲུག་གིས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའི་སྐུ་ཅན་དུ་ཀྲོང་གིས་གྱུར་པ་ལ། ལས་


CMR021_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བརྗོད། ལས་སྔགས་ཀྱིས་བྱིན་གྱིས་བརླབས་པའི་དར་ཁ་དོག་སྣ་ཚོགས་པའམ། དམར་པོའི་སྨད་གཡོགས་ཕུལ་བའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་ཨ་ལཾ་ཀཱ་རོ་ཝསྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྨྲ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་སྨད་གཡོགས་བཀོན་ཚུལ་བྱ། སྟོད་གཡོགས་སྔོན་པོའམ་དམར་པོ་བཀོན་པའི་མོས་པ་གྱིས། ཨོཾ་བཛྲ་རཀྵ་ཧཾ༔ བཅོས་མའི་ཐོར་ཚུགས་སྦྱིན་པའི་མོས་པ་གྱིས། ཨོཾ་བཛྲ་ཨུཥཱི་ཥ་ཧཱུཾ་ཕཊ། ལས་སྔགས་བརྗོད་ཅིང་། དར་དམར་པོའམ་སེར་པོའི་མིག་རས་བཅིང་བའི་མོས་པ་གྱིས། ཨོཾ་ཙབྷནྡྷ་ཝ་ར་མ་ཎ་ཡ་ཧཱུཾ། མེ་ཏོག་གི་ཕྲེང་བ་ལག་ཏུ་གཏོད་པའི་མོས་པ་མཛོད། ཨ་ཁཾ་བཱི་ར་ཧཱུྃ། ལས་ཐམས་ཅད་ཀྱི་ཆུས་བསངས་ཏེ། དཀྱིལ་འཁོར་རང་རང་གི་ལས་སྔགས་བརྗོད། སློབ་མ་རྣམས་ལྷར་གསལ་བའི་སྙིང་གར་ཧཱུྃ་ལས་རྡོ་རྗེ་ནག་པོའི་ལྟེ་བར་ཉི་མ་ལ་ཧཱུྃ་ནག་པོ་དང་། མགྲིན་པར་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མ་ལ་ཨཱཿཋདམར་པོ་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོའི་ལྟེ་བར་ཟླ་བ་ལ་ཨོཾ་དཀར་པོ། དེ་དག་ལས་འཕྲོས་པའི་འོད་ཟེར་གྱིས་སློབ་མའི་ལུས་ངག་ཡིད་གསུམ་གྱི་དྲི་མ་ཐམས་ཅད་བྱང་ཞིང་དག་པར་བྱ་


CMR021_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་པའི་མོས་པ་གྱིས། ཧཱུྃ་ཞེས་བརྗོད་པས་དཀྱིལ་འཁོར་གྱི་ཤར་སྒོར་བཞག་པའི་མོས་པ་མཛོད། ཀྱེ། དགའ་བ་ལ་དགའ་བ་ཁྱེད་སུ་ཡིན། ཅི་ལ་དགའ། ད་འདིའི་རྗེས་ཟློ། བདེ་ཆེན་བདག་ནིསྐལ་བཟང་ལའོ། །ད་ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བར་བསྒོམས་ལ། ཀུན་རྫོབ་སེམས་བསྐྱེད་དང་དོན་དམ་སེམས་བསྐྱེད་ཟུང་འབྲེལ་དུ་ཉམས་སུ་བླང་བསམ་པ་གྱིས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད།་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏཱ་ཏ་ཡཱ་མི། དེ་ལྟ་བུའི་སེམས་བསྐྱེད་པ་བརྟན་པར་བྱ་བའི་ཕྱིར་སྙིང་གར་རྡོ་རྗེ་དང་བཅས་པའི་མེ་ཏོག་བཞག་པའི་མོས་པ་མཛོད། ཨོཾ་སུ་ར་ཏེ་ས་མ་ཡ་ཧཱུཾ་ཧོཿ སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེ་ལྟ་བུའི་ཡེ་ཤེས་པ་དེ་སྣོད་མིན་ལ་གསང་བར་གདམས་པའི་ཕྱིར་མགོ་བོར་རྡོ་རྗེ་བཞག་པའི་མོས་པ་མཛོད་། འདི་རྣམས་ལ་ཉུང་ན་རྡོ་རྗེ་བཞག་ཅིང་མང་ནེ་བཞག་ཚུལ་བྱ་བས་འཐུས། དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་འགྱུར་གྱི། ཁྱོད་ཀྱིས་ཀྱང་དེ་བཞིན་


CMR021_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་། མ་དད་པ་ལ་ཡང་མི་བྱའོ། །དེ་ཡན་ཆད་ཕྱི་འཇུག་གི་ཆོ་གའོ། །ད་སློབ་དཔོན་གྱི་ལག་གི་རྡོ་རྗེ་འདི་ལ་འཇུས་ནས་ཡོལ་བའི་ནང་དུ་ཞུགས་པའི་མོས་པ་མཛོད། ཨོཾ་ཡ་མཱནྟ་ཀྲྀཏ་ཧཱུྃ། ཡོལ་བའི་ནང་དུ་བཅུག་པའི་མོས་པ་མཛོད། ཨ་ལཾ་བཱི་ར་ཧཱུཾ། ཡིད་ཀྱིས་སྐོར་བ་ལན་གསུམ་བྱས་པའི་མོས་པས་རྗེས་ཟློས་ལན་གསུམ་མཛོད། མ་ཧཱ་ར་ཏ་སུ་དྲི་ཌྷ་སུ་ཏོ་ཥྱ་སུ་སུ་ཁོ་བཛྲ་ས་ཏཱ་ཨཱཿདུ་སིད་རྒྱུ་ཚྭ། ཤར་སྒོ་ནས། མི་བསྐྱོད་པའི་ང་རྒྱལ་གྱིས་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ནས། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པས་རྗེས་ཟློས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པསྠཱ་ནཱ་ཡ་ཨཱཿཏཱ་ནཾ་ནཱིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སཏཱ་ཨ་དྷི་ཏིཥྛསཱ་ནཱཾ། ཡང་དེ་ཉིད་ནས་ཕྱག་འཚལ་ཏེ། བདག་ལ་རྣམ་སྣང་གིས་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པས་རྗེས་ཟློས་མཛོད། ཨོཾ་སརྦ་བུདྡྷ་པཱུ་ཛོ་པསྦྲ་ནཱ་ཡ་ཨཱཿཏྨ་ནཱི་ནཱིདྨ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་བེ་རོ་ཙ་ན་ཨ་དྷིཏིཥྛ་སྲ་མཱི། གཡས་བསྐོར་དུ་དེ་བཞིན་དུ་ལྷོ་སྒོ་ནས་ཕྱག་འཚལ་


CMR021_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བར་མོས་ཏེ། རིན་འབྱུང་གིས་བདག་ལ་དབང་བསྐུར་དུ་གསོལ་སྙམ་པས་རྗེས་ཟློས་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཡ་ཨཱཿཏྨ་ནཱི་ནིརྨ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྟ་ཨ་བྷི་ཥཉྩམཾ།་ནུབ་སྒོ་ནས། འོད་དཔག་མེད་ཀྱི་བདག་ལ་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ་སྙམ་པས་རྗེས་ཟློས་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་ཝརྟ་ནཱ་ཡ་ཨཱཿཏྨ་ནཱི་ནཱིརླ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་ཙཀྲ་པྲ་བརྟ་ཡ་མཱི། བྱང་སྒོ་ནས། དོན་གྲུབ་ཀྱིས་བདག་ལ་ལས་ཀྱི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ་སྙམ་པས་རྗེས་ཟློས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ་ཨཱཿཏྨ་ནཾ་ནིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀ་རུ་ཚྭ། སླར་ཡང་ཤར་སྒོ་ནས་སློབ་དཔོན་གྱི་ཞབས་ལ་ཕྱག་འཚལ་བར་མོས་ལ་སེམས་ཅན་ཐམས་ཅད་ཀྱི་དོན་འགྲུབ་པར་མཛད་དུ་གསོལ་སྙམ་པས་རྗེས་ཟློས། ༀ་གུ་རུ་ཙ་ར་ཎ་པཱུ་ཛ་ཨུ་པསྦྲ་ནཱ་ཡ་ཨཱཿཏྨ་ནཱི་ནཱིརྨ་ཏ་ཡཱ་མི། ཨོཾ་སརྦ་སཏྲ་པཱ་རི་པྲ་ཎ་ཊཾ་ཨཱཿཏྨ་ནཱི་ནཱིརྱ་ཏ་ཡཱ་མི། ནང་དུ་འཇུག་པའི་ཆོ་གའོ། །དེ་ནས་དམ་བཞག་བཞི་ནི་རྡོ་རྗེ་གདེང་ལ་མགོར་བཞག་པའམ་མང་ན་བཞག་ཚུལ་གྱིས་ཆོག །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། དེ་བས་ན་ངས་ཁྱོད་ལ་རྡོ་རྗེའི་


CMR021_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་འདིར་དཀྱིལ་འཁོར་འདི་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པའོ། །རྡོ་རྗེ་མགོར་བཞག་པའམ། མང་ན་བཞག་ཚུལ་བྱ་ཞིང་དྲིལ་བུ་འཁྲོལ་ལ། ཨོཾ། འདི་ནི་དམ་ཚིག་རྡོ་རྗེ་སྟེ། །ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདི། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་སྤྱི་བོ་འགེམ། །ཉེས་དམིགས་གི་སྒོ་ནས་དམ་བཞག་གོ །སྙིང་གར་རྡོ་རྗེ་བཞག་པའམ། བཞག་ཚུལ་བྱས་ལ། ཨོཾ། དེ་རིང་རྡོ་རྗེ་སེམས་དཔའ་རང་། །ཁྱོད་ཀྱིས་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་བྲལ་ཏེ་གཤེགས། །ཞེས་བཀའ་བསྒོ་བའོ། །དུང་ཆོས་ཀྱི་ཆུ་རྣམ་རྒྱལ་གྱི་ཆུས་བྲན་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག །ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཁཱ། ཞེས་དམ་ཆུ་བླུད། མང་ན་མཆོད་གཡོག་པས་བཀྱེ་ཡང་རུང་། རྡོ་རྗེ་མགོར་


CMR021_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པའམ་མང་ན་བཞག་ཚུལ་བྱ་ཞིང་། དེང་རིང་ཕྱིན་ཆད་བུ་ཁྱོད་ཀྱི། དཀྱིལ་འཁོར་གང་ཡིན་གྱི་གཙོ་བོའི་མཚན་བརྗོད་ལ། ང་ཡིན་གྱིས་ངས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། བྱས་ན་ཁྱོད་ཡ་ང་བ་མ་སྤངས་པར་དུས་ཀྱི་བྱ་བ་བྱས་ནས་དམྱལ་བར་ལྟུང་བར་འགྱུར་ཏ་རེ། བླ་མའི་བཀའ་ཉན་པའི་དམ་བཞག་གོ །ད་ཡེ་ཤེས་པ་འབེབས་པའི་དོན་དུ་མཎྜལ་ཕུལ། ས་གཞི་སྤོས་སོགས། རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །ཎིའི་ལྷ་ཚོགས་རྣམས་བདག་ལ་དབབ་པར་མཛད་དུ་གསོལ། ལན་གསུམ། ད་ངེད་རང་རྣམས་ཡིད་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད་ཅིག་ཨ་ཞེས་བརྗོད་པས་ཁྱེད་རང་རྣམས་སྐད་ཅིག་གིས་འོད་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པདྨ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་རལ་པའི་ཐོར་ཅོག་དང་། ཐོད་པའི་ཕྲེང་བའི་ཅོད་པན་ཅན་ཕྱག་རྒྱ་དྲུག་གིས་བརྒྱན་པ། རྐང་པ་གཉིས་བསྒྲད་པའི་ཚུལ་གྱིས་བཞུགས་པ། དེའི་སྙིང་གར་ལཾ་ལས་ས་


CMR021_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དཀྱིལ་འཁོར་སེར་པོ་གྲུ་བཞི་ཡི་གྲྭ་བཞིར་རྡོ་རྗེས་མཚན་པའི་ཉི་མ་ལ་ཧཱུཾ་སྔོན་པོ། མགོ་བོར་པཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པར་ཟླ་བ་ལ་ཧ་དཀར་པོ། མགྲིན་པར་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་བ་དན་གཡོ་བ་གཉིས་ཀྱིས་མཚན་པར་ཟླ་བ་ལ་ཨཱཿ༔དམར་པོས་བརྒྱན་པ། རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་སྤྱན་དྲངས་ཏེ་ཡིག་འབྲུ་རྣམས་ལ་ཐིམ་པས་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར། ཛཿཧཱུྃ་བཾ་ཧོཿ སློབ་མ་འོད་དཔག་མེད་དུ་གསལ་བའི་རྐང་པ་གཉིས་ཀྱི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རཾ་གྱིས་མཚན་པའི་ནང་དུ་ཡི་གེ་ཛཱི་དམར་པོ་མེ་འབར་བ། དེའི་འོད་ཟེར་རྐང་པའི་བུ་ག་གཉིས་ནས་ཡར་ཞུགས་པས་མེའི་འོད་ཟེར་གྱིས་ལུས་ཀྱི་ནང་ཐམས་ཅད་གང་། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་བྱས། དེའི་ཚེ་ལུས་ཀྱི་བུ་ག་ནས་མེའི་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པ་དང་། སློབ་དཔོན་དང་


CMR021_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ཁྱད་པར་དུ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས་དེ་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་རྣམ་པ་ཅན་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་རང་གི་ལུས་ལ་ཆར་བབ་པ་བཞིན་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པའི་མོས་པ་མཛོད། སྤོས་དུད་རོལ་ཆེན་བྱ། གཙོ་བོའི་སྔགས་མཇུག་ཏུ། ཨཱཿ་ཝེ་ཤ་ཡ་སྟམྦྷ་ཡ་ར་ར་ར་ར་ཙཱ་ལ་ཡ། ཙཱ་ལ་ཡ་ཧཱུྃ་ཧ་ཨ། ཛྷེ༔ ཏིཥྛ་མ་ཧཱ་ཀྲོ་དྷ་ཨཱཿ་ཝེ་ཤ་ཡ་སྟམྦྷ་ཡ། ར་ར་ར་ར་ཙཱ་ལ་ཡ། ཙཱ་ལ་ཡ་ཧཱུྃ་ཧ་ཨ། ཛྷཻ། ཅེས་མང་དུ་བརྗོད། དེས་ཡེ་ཤེས་པ་ཕེབས་སམ་མ་ཕེབས་ཀྱང་རུང་སྟེ་སྤོག་ཆོག་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོར་གསལ་བ་ལ་མོས་གུས་དྲག་པོ་བྱས་པས། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་་ཆུབ་སེམས་དཔའ་ཐམས་ཅད་དང་།། ཁྱད་པར་དུ་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས། །དེ་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དཀྱིལ་འཁོར་ལྷ་


CMR021_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས་ཀྱི་རྣམ་པ་ཅན་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། ཁྱེད་རང་གི་ལུས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། རྡོ་རྗེ་གསོར་དྲིལ་བུ་གསིལ་ཞིང་། འདི་ཁྱོད་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔའ་ཞེས་སུ་བརྗོད། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །དེ་རིང་ཁྱོད་ལ་ཕེབས་པར་མཛོད། །ཨོཾ་བཛྲ་ཨཱཿ་བེ་ཤ་ཡ་ཨ་ཨ་ཨ་ཨ། ཡེ་ཤེས་པ་ཕེབས་པ་དེ་རྣམས་བརྟན་པར་བྱ་བའི་ཕྱིར་མགོ་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་པའི་མོས་པ་མཛོད། ཏིཥྛ་བཛྲ། ད་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཕྱོགས་སུ་ལྟོས། མིག་ལམ་ན་ཇི་ལྟར་སྣང་། དཀར་པོ་མཐོང་ན་ཞི་བ། སེར་པོ་རྒྱས་པ། དམར་པོ་དབང་། ནག་པོ་མངོན་སྤྱོད། ཁྲ་བོ་དང་ལྗང་གུ་མཐོང་ན་ལས་སྣ་ཚོགས་འགྲུབ་པར་འགྱུར་རོ། །སློབ་དཔོན་གྱིས་ཕྱག་གཡས་ཀྱིས་རྡོ་རྗེ་དང་བཅས་པས་སློབ་མའི་གཙོ་བོ་ཞིག་གི་མཐེ་བོང་གཉིས་ནས་བཟུང་སྟེ། ཁྱེད་རང་རྣམས་ཀྱིས་བསྐོར་བ་ལན་གསུམ་བྱས་པར་བསྒོམས། །ཨོཾ་ཨཱཿབིགྷན་ཏ་ཀྲྀཏ་ཧཱུཾ། ལས་སྔགས་ལན་གསུམ་བརྗོད། དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་བཏབ་ཅིང་། བདེན་སྟོབས་བརྗོད། རྡོར་དྲིལ་འཛིན། །ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གི་


CMR021_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་གཞུག་པ་འདིའི། །ལྷ་རྣམས་ཀྱིས་ནི་རིམ་པ་ནི། །བསོད་ནམས་ཇི་ལྟར་དེ་ལྟར་ཤོག །འདི་ཡིས་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཅི་འདྲ་བར། །དེ་འདྲར་དཀྱིལ་འཁོར་དུ་གྱུར་ཅིག །གསུམ་བརྗོད། ཀྲྀ་ཊཾ་ཏྲ་སྔར་བྱིན་པའི་མེ་ཏོག་གིས་ཕྲེང་བ་ཡི་གེ་ཧཱུྃ་གྱིས་སྔགས་པ་ལས་ཡངས་ཤིང་མ་རྙིང་པའི་མེ་ཏོག་གཅིག་བཏོན་ལ་ལག་པ་ཐལ་མོ་སྦྱར་བའི་བར་དུ་བཟུང་སྟེ། སློབ་མ་རྣམས་ཀྱི་གནས་གསུམ་དུ་ཨོཾ་ཨཱཿ༔ཧཱུྃ་གི་ཡི་གེ་རྣམས་ལས་འཕྲོས་པའི་འོད་ཟེར་གྱིས། ལུས་ཐམས་ཅད་གང་བས་སྒོ་གསུམ་དྲི་མ་རྣམས་བཀྲུས་ཤིང་དག་པར་མོས་ལ། བླ་མས་ཀྱང་དེ་ལྟར་བྱིན་གྱིས་བརླབས་པས་གུས་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་པ་དང་བཅས་པའི་དཀྱིལ་འཁོར་གྱི་དབང་ཕྱུག་མདུན་ལ་གནས་བཞིན་དུ་དམིགས་པ་ལ་དཀྱིལ་འཁོར་དེར་ཡིད་ཀྱིས་ཞུགས་ཏེ་གཙོ་བོའི་དབུ་ལ་མེ་ཏོག་དོར་བའི་མོས་པས་རྗེས་ཟློས་མཛོད། ཨོཾ་ཏིཥྛ་བཛྲ་དྲི་རྣོ་མེ་བྷ་བ། ཤཱ་ཤྭ་ཏོ་མེ་བྷ་བ། ཧྲཱིཿ་ད་ཡམྨེ་ཨ་དྷི་ཏིཥྛ་སརྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ ཨ་ཁཾ་བཱི་ར་ཧཱུཾ། པྲ་ཏིཙྪ་ཀུ་སུ་མཱཉྫལི་ནཱི་ཐ་ཧོཿ མེ་ཏོག་དེ་ཉིད་གང་དུ་


CMR021_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བབ་པ་ཁྱེད་རང་གི་ཚེ་རབས་ལས་ཀྱི་ལྷ་ཡིན་པས་དེའི་དངོས་གྲུབ་ཐོབ་གཉིས་ཀྱི་བར་དུ་ལྟུང་ན་གང་ཉེ་བ་དང་། མཉམ་ན་གཉིས་ཀའི་དངོས་གྲུབ་ཆོ་ག་འགྲུབ། ཕྱིའི་རྡོ་རྗེ་ཕྲེང་བའི་ནང་དུ་ལྟུང་ན་ཚེགས་ཆེན་པོ་དང་ཕྱི་རོལ་དུ་སོང་ན་དངོས་གྲུབ་མེད་པ་སྟེ། ད་རེས་དཀྱིལ་འཁོར་གྱི་དབུས་སུ་བབ་པའི་མེ་ཏོག་གི་ཕྲེང་བ་ཁྱེད་རང་རྣམས་ཀྱི་མགོར་བཅིངས་ནས་ཕྲེང་བའི་དབང་བསྐུར་བའི་མོས་པ་མཛོད།་ཨོཾ་པྲ་ཏི་སྲྀཧཱ་ཧཱུཾ། ཨི་མཾ་སཏཱ་མ་ཧཱ་བ་ལ། སློབ་མ་རྣམས་ཀྱི་སྙིང་གར་ཟླ་བ་ལ་བདག་པོའི་ས་བོན་ཨཱཿའམ་ཧཱུྃ་དང་། དཔྲལ་བར་རཾ། མིག་གཉིས་སུ་ཨོཾ་ཡིག་འབར་བ་རེ་རེ་བསམས་ནས། ཨོཾ། དེ་རིང་རྡོ་རྗེ་སེམས་དཔའ་རང་། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་ན་མེད། །ཐམས་ཅད་སྤྱན་ནི་དབྱེ་བར་མཛོད། །ཨོཾ་ཛྙཱ་ན་ཙཀྵ་ཧཱུྃ་ཨཱཿསཱ་ཧཱ། གདོང་གཡོགས་བསལ། ཧེ་བཛྲ་པ་། རྒྱས་པར་དཀྱིལ་འཁོར་དང་ལྷ་སོ་སོའི་མཚན་བརྗོད། རྒེའི་དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པ་མངོན་སུམ་དུ་མཐོང་བའི་མོས་པ་མཛོད།་ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས། །ཁྱོད་ནི་སངས་རྒྱས་


CMR021_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སུ་སྐྱེས། །ཕྱག་རྒྱུ་སྔགས་ཀྱི་བྱིན་གྱིས་བརླབས། །དངོས་གྲུབ་ཀུན་གྱི་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱིས། །རྡོ་རྗེ་པདྨ་རྩེ་རོལ་པས། །གསང་སྔགས་རྣམས་ལ་བསྒྲུབ་པ་གྱིས། །ད་ནས་ཆེད་དུ་བརྗོད་པ་འདིའི་རྗེས་ཟློས་མཛོད། ཨོཾ་རྡོ་རྗེའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །ཨོཾ་རྣལ་འབྱོར་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང་། །ཨོཾ་གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར། །ས་མ་ཡཧོ་ཧོ་ཧོཿ དངོས་གཞི་དང་པོ་རང་དོན་ཕུན་སུམ་ཚོགས་པ་རྡོ་རྗེ་སློབ་མའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ། ས་གཞི་སྤོས་སོགས། ཐལ་མོ་སྦྱར་བས་རྗེས་ཟློས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོག་ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། སློབ་དཔོན་བརྡ་སྤྲོད་འདི་ལྟར་བྱ་སྟེ། ཁྱེད་རང་རྣམས་རྩ་བའི་དཀྱིལ་འཁོར་གྱི་ཤར་ཕྱོགས་དུར་ཁྲོད་ཡངས་པའི་སར། དབང་སྟེགས་ཀྱི་དཀྱིལ་འཁོར་གྲུ་བཞི་པ་སྒོ་གཅིག་ནུབ་ཏུ་ཕྱོགས་པ། དཀར་དམར་ནག་པའི་ར་བ་རིམ་པ་


CMR021_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མམ་རིམ་པ་གཅིག་གང་རུང་དང་ལྡན་པ། དེ་ཡི་ལྷ་སྣམ་རིམ་པ་གཉིས་ལ་གཡས་ཕྱོགས་སུ་ཆུ་བཞི་དང་། གཡོན་ཕྱོགས་སུ་ཉེར་སྤྱོད་ལྔ། མདུན་དུ་བཟེད་ཞལ་དང་སྦྱར་བའི་ཡོ་བྱད་དུ་མ་དང་བཅས་པས་བསྐོར་བའི་ནང་དུ། པདྨ་དཀར་པོ་འདབ་མ་བརྒྱད་པ་བཀྲ་ཤིས་པའི་རྟགས་བརྒྱད་དམ། ཡང་ན་ཕྱོགས་བཞིར་རིགས་བཞིའི་མཚན་མ་དང་། དབུས་སུ་ཤིང་གདན་ལ་ཟླ་བའམ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁྱེད་རང་རྣམས། སྤྱི་ཁྱབ་ཏུ་རྡོ་རྗེ་སེམས་དཔའ། བྱེ་བྲག་ཏུ་རང་གི་དཀྱིལ་འཁོར་གྱི་གཙོ་བོའི་རྣམ་པར་གནས་པའི་སྟེང་དུ་བླ་བྲེ། གཡས་སུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན། གཡོན་དུ་རྒྱལ་མཚན་དང་བ་དན་ལ་སོགས་པ་མཆོད་པའི་ཚོགས་དང་བཅས་ཏེ་བཞུགས་པའི་མོས་པ་མཛོད། ཁྱེད་རང་དང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་དེ་བཞིན་གཤེགས་པ་རིགས་ལྔ་ལ་སོགས་པ་དང་དབང་ལྷ་གདན་གསུམ་ཚང་བའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་


CMR021_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཏ་ཨབྷཾ་སོགས་ཀྱིས་མཆོད་ནས། རྡོར་དྲིལ་འཛིན་པས། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩོལ། །དེ་ལྟར་འདི་ལ་གནང་བར་ཞུ། །ཞེས་གསོལ་བ་བཏབ་པས། གཙོ་བོའི་ཐུགས་ཀ་ནས་བྱེ་བའི་བདུད་རྩི་འཁྱིལ་པ་བྱོན་ཏེ། ལས་ཀྱི་རྡོ་རྗེ་དང་དབྱེར་མེད་དུ་གྱུར་ནས། ཁྱེད་རང་རྣམས་ལ་སྦྱང་བ་བྱས་པའི་མོས་པ་མཛོད། ཨོཾ་ཨཱཿབིགྷན་ཏ་ཀྲྀཏ་ཧཱུྃ། ལས་ཀྱི་རྡོ་རྗེ་ནི་མཆོད་གཡོག་པ་ཡིན་པས། སྦྱང་བའི་རྫས་དྲུག་གིས་སྦྱང་བ་བྱ་ཞིང་། སློབ་དཔོན་གྱིས་སྔགས་བརྗོད་རྒྱུ་ཡིན་ནའང་། སློབ་མ་ཉུང་ན་སློབ་དཔོན་རང་གིས་བྱེད་སྲོལ་ཏེ། དེ་ཙམ་མི་ལྕོགས་ན་ཙཀླུ་གཅིག་ལ་རྫས་དྲུག་ཀ་བྲིས་ནས་དམིགས་པ་སྤྱོད་ཅིང་སྔགས་བརྗོད་དེ་སློབ་མའི་གཡས་གཡོན་དུ་བསྐོར་བའི་ཚུལ་ཙམ་བྱའོ། །ཁྱེད་རང་རྣམས་ཀྱི་གཡས་སུ་ཁམ་ཕོར་མེས་བཀང་བ་དང་། གཡོན་དུ་ཆུ་གཙང་བཞག་པས་ལས་ཀྱི་རྡོ་རྗེས་མཐེབ་སྲིན་གཉིས་ཀྱིས་ཡུངས་དཀར་དང་ཏིལ་ནག་བསྲེས་པ་བཟུང་སྟེ། ཁུ་ཚུར་གཡས་ཀྱིས་གཡས་ནས་བསྐོར་། གཡོན་གྱིས་གཡོན་ནས་བསྐོར། གཤིབ་སྟེ་གཉིས་ཀ་ནས་བསྐོར་ཏེ། བགེགས་དང་སྡིག་པ་སྦྱོང་བའི་ཕྱིར། མེ་དང་ཆུར་དོར་བའི་མོས་པ་མཛོད། ཨོཾ་སརྦ་པཱ་པཾ་


CMR021_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ད་ཧ་ན་བཛྲ་ཡེ་བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། ཁུ་ཚུར་གཉིས་སུ་ཆུ་གཙང་བླུགས་ནས་སྔོན་ལྟར་བསྐོར་ཏེ་མེ་ཆུར་དོར་བའི་མོས་པ་མཛོད། ༀ་ཧཱུཾ་ཌཱ་ཌི་ཏ་སོ་མ་བཏང་བའི་ཁམ་ཕོར་དཀར་པོ་མཐེབ་སྲིན་གྱིས་བླངས་ཏེ་སྔར་ལྟར་བསྐོར་ནས་སྣོད་གཅིག་ཏུ་བཞག་པའི་མོས་པ་མཛོད། ཨོཾ་སརྦ་སཾ་ཤོ་དྷ་ནི་སྭཱ་ཧཱ། བ་ཡི་ལྕི་བའི་ཆངས་བུ་དང་དུར་བའི་མྱུ་གུ་སྔར་ལྟར་བསྐོར་ཞིང་སྣོད་གཅིག་ཏུ་བཞག་པའི་མོས་པ་མཛོད། ཨོཾ་སརྦ་མཱ་ལ་ཨཎ་བི་ཤྭ་དྷ་ནི་སྭཱ་ཧཱ། ཟན་ཆངས་དང་ཏིང་ལོ་འབར་བཞིན་པ་སྔར་ལྟར་བསྐོར་ནས་སྣོད་དུ་བཞག་པའི་མོས་པ་མཛོད། ཨོཾ་པུཎྱ་ཛྙཱ་ན་དྷ་རོད་སཾ་བྷོར་དྷ་ཀ་ཡེ་སྭཱ་ཧཱ། ཕྱིང་རས་དཀར་པོ་སྔར་ལྟར་བཟུང་ནས་བསྐོར་ཞིང་སྣོད་དུ་བཞག་པའི་མོས་པ་མཛོད། །ཨོཾ་སརྦ་སཾ་ཤཱ་དྷ་ནི་སྭཱ་ཧཱ། སློབ་མ་རྣམས་ཀྱི་དབང་པོ་དྲུག་གི་གླུད་སྦྱོང་བའི་རྫས་དྲུག་པོའི་སྣོད་དེ་མཆོད་གཡོག་པས་སློབ་མ་རྣམས་ལ་ལན་གསུམ་བསྐོར་ཞིང་ཕྱི་རོལ་དུ་དོར་བས་བགེགས་རྣམས་ཕྱིར་བསྐད་པར་སྒོམས་ཤིག །རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ། གཙོ་བོའི་སྔགས་དང་ལས་སྔགས་དྲག་ཏུ་བརྗོད། གཞན་རྣམས་རོལ་ཆེན་བྱའོ། །དེ་ནས་འབག་བཙོག་སྦྱོང་བའི་ཉེ་རེག་


CMR021_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི། ངེད་རང་ཐམས་ཅད་ཀྱིས་ལག་པ་གཡས་ཀྱི་གུང་སྲིན་གྱིས་ཆུ་འདི། ཁའི་ཟེའུ་འབྲུ་ལ་ལན་གསུམ་བྱུག །དེ་ནས་མིག་གཉིས། རྣ་བ་གཉིས། །སྣ་བུག་གཉིས། མཆུ་གཉིས། ལག་པའི་མཁྲིག་མ་གཉིས། མགོ་བོའི་སྟེང་ལྟོ་བ་ལ་བྱབ་པའི་ཚུལ་བྱས་ཤིང་མཐར་ཁ་བཤལ་ནས་ཕྱིར་ཕོས་ཏེ་ལག་པ་གཉིས་ཀྱིས་ཁུ་ཚུར་གྱི་རྒྱབ་ཀྱིས་ཁ་ཡིས་གཤེར་རྣམས་གཡས་གཡོན་དུ་ཕྱིས་པས་འབག་བཙོག་སྦྱོང་བའི་མོས་པ་མཛོད། སློབ་དཔོན་རང་གི་ལག་པ་གཡོན་དུ་ཆུ་བླུགས་ནས་ཙོག་པུར་བསྡད་པའི་པུས་མོའི་བར་དུ་བཟུང་ནས། ཨོཾ་སརྦ་སཾ་ཤཱ་དྷ་ནི་སྭཱ་ཧཱ། ཞེས་མང་དུ་བཟླས་ཤིང་སྔོན་དུ་སྨྲས་པ་ཐམས་ཅད་རང་གིས་བྱའོ། །སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་འཐོར་གཡབ་ཀྱིས།་གཡོན་གྱི་དུང་ཕོར་ནས་དྲི་བཟང་གི་ཆུ་བླངས་ཏེ། སློབ་མ་རྣམས་ཀྱི་སྙིང་གར་འཐོར་ཞིང་། ཨོཾ་བཛྲ་གྷནྡྷེ་ཧཱུྃ། མེ་ཏོག་འཐོར་ཞིང་། ཨོཾ་བཛྲ་པུཥཱ་ཧཱུཾ། གཡས་པས་དྲི་བཟང་གིས་གང་བའི་དུང་ཆུས། གཡོན་པད་སྡེར་དུ་ཕྱག་ཏུ་མཆོད་ཡོན་ཕུལ་བའི་ཚུལ་གྱིས་ནར་ཙམ་བླུག་ཅིང་། ཨོཾ་ཧྲཱིཿཔྲ་ཝ་ར་སཏཱ་ར་ཨཧཱུྃ་པྲ་ཏིཙྪ་ཡེ་སྭཱ་ཧཱ། མར་མེ་འབར་བཞིན་པ་སློབ་མའི་མདུན་རྒྱབ་ནས་བསྐོར་བའི་མོས་པ་མཛོད། ཨོཾ་བཛྲ་དྷི་པཾ་ཧཱུཾ། སརྫ་རསྔའི་བདུག་པ་ཞེས་པ་སྤོས་དཀར་དང་མར་


CMR021_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་སྦྱར་བ་སྤོས་ཕོར་རྡོ་རྗེའི་ཐག་པས་དཀྲིས་ཏེ་སློབ་མ་རྣམས་ཀྱི་མདུན་ནས་འགྲིམ་པའི་མོས་པ་མཛོད། ཧཱུཾ་ཧཱུཾ་ཧཱུྃ། དེ་ལྟར་སྤོས་དང་མཆོད་པ་ལྔས་སྦྱང་བ་སྟེ་དབང་བསྐུར་བའི་སྔོན་འགྲོའོ། ཁྱེད་རང་རྣམས་དམིགས་པ་འདི་བཞིན་མཛོད། །དཀྱིལ་འཁོར་རང་རང་གི་ལས་སྔགས་དང་ལས་བུམ་གྱི་ཆུ་སློབ་མ་རྣམས་ལ་གཏོར་བས་བགེགས་བསངས་ཤིང་༔ བླ་མ་དཀྱིལ་འཁོར་གྱི་གཙོ་བོར་མོས་པའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས། ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས་ཏེ། དྲི་མ་ཐམས་ཅད་དང་བྲལ་བའི་རང་བཞིན་སློབ་དཔོན་གྱི་ཞལ་དུ་ཞུགས་ཐུགས་ཀར་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ་ནས་སྐུའི་དབྱིབས་བརྒྱུད། རྡོ་རྗེ་ལམ་ནས་བྱུང་བའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལྷ་མོའི་པདྨར་བབ་པ་དེ་ཉིད། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་མི་བསྐྱོད་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རང་འདྲ་བའི་ཡུམ་མཱ་མ་ཀཱི་དང་མཉམ་པར་སྦྱོར་བ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ༔ ཐུགས་ཀར་ཧཱུཾ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཕྱོགས་


CMR021_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་རིགས་ལྔ་ཡབ་ཡུམ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨཱཿ༔རཱུ་པ་བཛྲ་ཧཱུྃ། ལ་སོགས་པའི་རྡོ་རྗེ་མ་ལྔས་མཆོད་ལ། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩོལ། །དེ་བཞིན་འདི་ལ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པས་འདོད་ཆགས་ཆེན་པོའི་མེས་ཞུ་ནས། སློབ་དཔོན་གྱི་སྤྱི་གཙུག་རྣམ་སྣང་གི་སྒོ་ནས་ཞུགས། རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་སེམས་ཀྱི་ཁུ་བས། སློབ་མ་མི་བསྐྱོད་པར་གསལ་བ་ལས་དབང་བསྐུར་བ་དང་ཡེ་ཤེས་པ་དང་འདྲེས་པ་དུས་གཅིག་ལ་བྱས་ལ།་ཛཿཧཱུྃ་བཾ་ཧོཿ ཧཱུྃ་ཞེས་པས་ལྷ་མོའི་པདྨ་ནས་ཕྱིར་ཐོན་ནས་དབང་སྟེགས་ཀྱི་སྟེང་དུ་འཁོད་པར་བསྒོམས། དབང་རྫས་ལྷར་བསྐྱེད་པ་ནི། ཉི་མ་གཅིག་ལ་དཀྱིལ་འཁོར་གཅིག་གམ་གཉིས་སམ་གསུམ་བཞི་ལ་སོགས་པ་དབང་བསྐུར་གང་བྱེད་ཀྱི་རྣམ་རྒྱལ་བུམ་ཆུ་ལ་དམིགས་པ་རང་རང་གིས་ལས་སྔགས་ཀྱིས་བསངས། སྭ་བྷ་ཝས་སྦྱངས། རྣམ་རྒྱལ་བུམ་ཆུ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་


CMR021_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་ཟེར་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རྣམ་རྒྱལ་བུམ་ཆུ་མི་བསྐྱོད་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་གཡོན་དེས་མཚན་པའི་དྲིལ་བུ་འཛིན་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། རང་འདྲའི་རིག་མ་དང་ལྷན་ཅིག་ཏུ་སྙོམས་པར་འཇུག་པའི་སྐུ་ཅན་དུ་གྱུར། ཕ་རྒྱུད་རྣམས་ལ་རིན་པོ་ཆེའི་རྒྱན་དང་། མ་རྒྱུད་རྣམས་ལ་རུས་པའི་རྒྱན་དུ་བསྒོམས། དེའི་དཔྲལ་བར་ཨོཾ་དཀར་པོ་མགྲིན་པར་ཨཱཿཙྪདམར་པོ་ཐུགས་ཀར་ཧཱུཾ་སྔོན་པོ་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མི་བསྐྱོད་པ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང་དབང་རྫས་ཀྱི་ལྷ་ལ་དབང་བསྐུར། དབང་ཐམས་ཅད་ཐོབ། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། དབང་རྫས་ཀྱི་མི་བསྐྱོད་པ་ཡབ་ཡུམ་སྙོམས་པར་ཞུགས་པ་ཞུ་བ་ལས་བྱུང་བའི་དབང་རྫས་དང་བུམ་ཆུའི་རང་བཞིན་དུ་


CMR021_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་དང་སློབ་དཔོན་དང་དཀྱིལ་འཁོར་ལ་བཞུགས་པའི་ལྷ་དང་བཅས་པ་ལ་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བར་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཁྱེད་རང་རྣམས་ཀྱི་རྒྱུད་བྱིན་གྱིས་རླབས་ཏེ། དབང་བསྐུར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། སློབ་དཔོན་དང་རིག་མ་རྣམས་ཀྱིས་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་ཅུང་ཟད་ཡོ་བ་དང་བཅས་པས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐདེ། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་བཞིན་པས་ཁྱེད་རང་རྣམས་ཀྱི་རྒྱུད་ལ་དབང་གི་ཡེ་ཤེས་སྐྱེ་བའི་རྟེན་འབྲེལ་བསྒྲིགས་པའི་མོས་པ་མཛོད། དེ་ནས་དཀྱིལ་འཁོར་གསུམ་བཞི་ལ་སོགས་པའི་དབང་བསྐུར་དུས་གཅིག་ལ་བྱེད་ན། རྣམ་རྒྱལ་བུམཔ་གཞན་གྱི་ཆུ་གཙོ་བོས་བུར་པར་བླུགས་ཏེ་ལས་ཀྱི་རྡོ་རྗེས་བུམ་པ་བཏེག་ལ་སློབ་མའི་ཕྱོགས་སུ་བཟུང་ཞིང་། སློབ་དཔོན་གྱིས་རྡོར་དྲིལ་འཛིན་པས་མེ་ཏོག་འཐོར་ཞིང་། བཀྲ་ཤིས་གང་ཞིག་སེམས་


CMR021_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་དམ་པའི་རིགས་རྣམས་ཀྱི་ནི་རྗེ། །མ་ལུས་སེམས་ཅན་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །ཞེས་དང་། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བའི། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པའི། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །ལྷ་དང་མི་དང་ལྷ་མིན་དག་གིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་རྡོ་རྗེའི་རིགས་དང་ལྡན། །སྡང་བས་ཟིལ་མནན་སྐྱེ་བོ་རྣམ་པར་སྦྱོང་མཛད་པ། །མི་བསྐྱོད་མགོན་པོ་ཞེས་བྱར་མཚན་གསོལ་དེ་


CMR021_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ནི། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མཐའ་དག་འཁོར་ལོའི་རིགས་དང་ལྡན། །རྣམ་པར་སྣང་མཛད་འཁོར་བའི་སྡུག་བསྔལ་རྟག་འཕྲོག་ཅིང་། །རྨོངས་པས་ཟིལ་མནན་སྐྱེ་བོ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་རིན་ཆེན་རིགས་དང་ལྡན། །ཕོངས་པའི་སྡུག་བསྔལ་གྲོལ་བར་ཡོངས་སུ་རབ་བརྩོན་ཞིང་། །ཁེངས་པས་ཟིལ་མནན་འགྲོ་བ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་པདྨའི་རིགས་དང་ལྡན། །འཇིག་རྟེན་དབང་ཕྱུག་སྲིད་པའི་དྲྭ་བ་འཇོམས་པ་པོ། །ཆགས་པས་ཟིལ་མནན་འགྲོ་བ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །།བཀྲ་ཤིས་གང་ཞིག་མ་ལུས་ལས་ཀྱི་རིགས་དང་ལྡན། །བརྩེ་བའི་བདག་ཉིད་ལོག་པར་ལྟ་བ་ངེས་པར་སྤྱོད། །དེ་སྦྱོང་ཐབས་སྟོན་དེ་ནི་ཀུན་ནས་སེལ་མཛད་པ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥེ་ཀ་ན་ཧཱུཾ། ཨ་བྷི་


CMR021_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཥིཉྩམི་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏེ་ཏཱ་ནོ་པ་ཌི་ལྷོ་མེ་བྷ་ཝ། སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པས་རྣམ་རྒྱལ་བུམ་པ་བཟུང་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ། སུ་ར་ཏེ་སྟེ་ཨ་ཧཾ། ཉུང་ན་བུམ་པ་མགོར་བཞག་བུམ་ཆུ་བླུད། མང་ན་མཆོད་གཡོག་པ་གཉིས་ཀྱིས་བུམ་ཆུ་དེ་བསྲེས་པའི་ཆུ་བུམ་པ་གཞན་དུ་བླུགས་ལ། སློབ་མ་རྣམས་ཀྱི་ལག་པར་བླུག་ཅིང་བཀྲུ་འཇུག །གཞན་གཅིག་གིས་ཁྲུས་གཞོང་ཡང་མཉམ་དུ་འགྲིམ། མཆོད་གཡོག་པ་དེ་དབུ་རྒྱན་སོགས་ཀྱིས་བརྒྱན་པ་ཞིག་གིས་གདུགས་དཀར་པོ་གཅིག་དེ་རྣམས་ཀྱི་སྤྱི་བོར་འགྲིམ། མ་རྫོགས་བར་དུ་རོལ་ཆེན་བྱ།་ཁྱེད་རང་རྣམས་ཁྲུས་ཀྱི་དཀྱིལ་འཁོར་ལས་བབ་སྟེ། གོས་དམར་པོ་གསར་པ་གྱོན་རིན་པོ་ཆེའི་རྒྱན་གྱིས་བརྒྱན། རྡོ་རྗེའི་གླུ་ལེན་ཅིང་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་པའི་མོས་པ་མཛོད། མཆོད་གཡོག་པས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱ་བའམ་བྱ་བའི་ཚུལ་བྱ། སློབ་དཔོན་གྱིས་ཚིགས་བཅད་འདི་དག་དབྱངས་འདྲ་བ་བྱ། བདེ་བ་ཆེན་པོ་འདོད་ཆགས་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེ་བ། །ཤེས་རབ་ཆེན་པོ་ཡེ་ཤེས་ཆེ། །རྡོ་རྗེ་སེམས་དཔའ་།


CMR021_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

དེང་བདག་སྒྲུབས། །སངས་རྒྱས་ཀུན་གྱི་རྡོ་རྗེ་ཆེ། །དངོས་གྲུབ་ཀུན་གྱི་བདེ་སྟེར་བ། །ཀུན་གྱི་དབང་བསྐུར་བསྐུར་དོན་དུ། །རྡོ་རྗེའི་དབང་བསྐུར་བླ་ན་མེད། །ཨེ་མ་ཧོཿ དང་པོའི་སངས་རྒྱས་སྐུ་ཅན་རྣམ་པར་རྒྱལ། །ཐར་པ་ནོར་ཆོས་འདོད་པ་སྟེར་མཛད་རྒྱལ། །ཡེ་ཤེས་ལྷ་དང་དགའ་ལྡན་རང་བཞིན་རྒྱལ། །མགོན་པོ་བདེ་ཆེན་ཕྱག་ན་རྡོ་རྗེ་རྒྱལ། །དེ་ལྟར་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས། ལུས་ཐམས་ཅད་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་གང་། དྲི་མ་ཐམས་ཅད་དག །དབང་ཐམས་ཅད་ཐོབ་ཆུའི་ལྷག་མ་ཡར་ལུད་པ་ལས། སྤྱི་བོར་མི་བསྐྱོད་པས་དབུར་བརྒྱན། དེ་ལྟར་ཁྱེད་རྣམས་མི་བསྐྱོད་པའི་རང་བཞིན་དུ་གྱུར་པ་ལ། བདག་གིས་མཆོད་པ་འབུལ་བར་མོས། ཨོཾ་ཨཀྵ་བྷུ་ས་པཱ་རི་ཝཱ་ར་ཨརྒྱུ་སོགས་ནས། ཤབྡའི་བར་གྱིས་མཆོད། དེ་ལྟར་ཁྱེད་རྣམས་ལ་མི་བསྐྱོད་པའི་སྒོ་ནས་ཆུའི་དབང་ཐོབ། ཉོན་མོངས་པ་ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་གནས་འགྱུར། ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པ་ཡིན། ད་གཉིས་པ་ཅོད་པན་གྱི་དབང་ལ་ལས་སྔགས་ཀྱིས་བསངས། ལས་བུམ་གྱི་


CMR021_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་སློབ་མ་རྣམས་ལ་གཏོར་བས་བགེགས་བསངས་ཤིང་། བླ་མ་དཀྱིལ་འཁོར་གྱི་གཙོ་བོར་མོས་པའི་ཐུགས་ཀ་ནས་འོད་ཟེར་སེར་པོ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས། ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས་ཏེ། དྲི་མ་ཐམས་ཅད་དང་བྲལ་བའི་རང་བཞིན་སློབ་དཔོན་གྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ་ནས་སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལྷ་མོའི་པདྨར་བབ་པ་དེ་ཉིད། ཨོཾ་ལས་རིན་པོ་ཆེ་ཨོཾ་གྱིས་མཚན་པ་ལས་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རིན་པོ་ཆེ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་རང་འདྲ་བའི་ཡུམ་རིན་ཆེན་སྒྲོལ་མ་དང་མཉམ་པར་སྦྱོར་བའི་སྐུར་གྱུར། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ༔ ཐུགས་ཀར་ཧཱུཾ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཕྱོགས་བཅུའི་རིགས་ལྔ་ཡབ་ཡུམ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨཱཿརཱུ་པ་བཛྲ་ཧཱུྃ། ལ་སོགས་པའི་རྡོ་རྗེ་མ་ལྔས་མཆོད་ལ། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་


CMR021_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩོལ། །དེ་ལྟར་འདི་ལ་གནང་བར་ཞུ། །ཞེས་གསོལ་བ་བཏབ་པས། རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པས་འདོད་ཆགས་ཆེན་པོའི་མེས་ཞུ་ནས། སློབ་དཔོན་གྱི་སྤྱི་གཙུག་རྣམ་སྣང་གི་སྒོ་ནས་ཞུགས། རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་སེམས་ཀྱི་ཁུ་བས། སློབ་མ་རིན་འབྱུང་དུ་གསལ་བ་ལ་དབང་བསྐུར་བ་དང་ཡེ་ཤེས་པ་འདྲེས་པ་དུས་གཅིག་ལ་བྱས་ལ། ཛཿཧཱུྃ་བཾ་ཧོཿ ཧཱུྃ་ཞེས་པས་ལྷ་མོའི་པདྨ་ནས་ཕྱིར་ཐོན་ནས་དབང་སྟེགས་ཀྱི་སྟེང་དུ་འཁོད་པར་བསྒོམས། ལས་བུམ་གྱི་ཆུ་སློབ་མ་དང་དབང་རྫས་ལ་གཏོར་ཞིང་རང་རང་གི་ལས་སྔགས་ཀྱིས་བསངས། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷིསྭ་བྷ་ཝ་ཤུདྡྷོཉཧཾ། །ཁྱེད་རང་རྣམས་ཀྱི་ཉོན་མོངས་པའི་ང་རྒྱལ་སེར་སྣ་དང་ཚོར་བའི་ཕུང་པོ་དང་དབང་རྫས་དབུ་རྒྱན་རྣམས་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་ལས་རིན་པོ་ཆེ་ཨོཾ་གྱིས་མཚན་པ་དེ་ལས་འོད་ཟེར་འཕྲོ་འདུས་གཅིག་ཏུ་གྱུར་པ་ལས། ཁྱེད་རང་རྣམས་ཀྱི་ཉོན་མོངས་པ་ང་རྒྱལ་སེར་སྣ་དང་། །ཚོར་བའི་ཕུང་པོ་དང་། དབང་རྫས་རིན་པོ་ཆེའི་དབུ་རྒྱན་


CMR021_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རིན་པོ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རང་འདྲ་བའི་ཡུམ་རིན་ཆེན་སྒྲོལ་མ་དང་མཉམ་པར་སྦྱོར་བའི་སྐུར་གྱུར། དེ་གཉིས་ཀའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ༔ ཐུགས་ཀར་ཧཱུཾ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རིན་ཆེན་འབྱུང་ལྡན་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཁྱེད་རང་དང་དབང་རྫས་ཀྱི་ལྷ་ལ་གཉིས་སུ་མེད་པར་ཐིམ། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱིས་ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང་དབང་རྫས་ཀྱི་ལྷ་ལ་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན། དབང་རྫས་ཀྱི་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སྙོམས་པར་ཞུགས་པ་ཞུ་བ་ལས་བྱུང་བའི་དབང་རྫས་དབུ་རྒྱན་དང་དར་དཔྱངས་སུ་གྱུར། དེ་ནས་ཁྱེད་རང་རྣམས་ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་ཕྱིར། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ལ་གསོལ་བ་བཏབ་པའི་རྗེས་


CMR021_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་ཅོད་པན་གྱི་དབང་བསྐུར་དུ་གསོལ། དེ་ལྟར་གསོལ་བ་བཏབ་པས་ནམ་མཁར་གནས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་རིན་པོ་ཆེའི་ཅོད་པན་སྤྱི་བོ་ལ་སོགས་པའི་གནས་ལྔར་བཅིང་བའི་མོས་པ་མཛོད། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་ལ་སོགས་པའི་སེམས་མ་བཞིའི་ཕྱག་རྒྱ་དང་། ཨོཾ་བཛྲ་དྷ་ཏི་ཤྭ་རི་ཨ་བྷི་ཥིཉྩཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་སཏཱ་བཛཱི་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་བཛཱི་ཨ་བྷི་ཥིཉྩ་ཨཱཿ ཨོཾ་དྷརྨ་བཛཱི་ཨ་བྷི་ཥིཉྩ་ཧི༔ ཨོཾ་ཀརྨ་བཛཱི་ཨ་བྷི་ཥིཉྩ་ཧཱུཾ། སྔགས་དང་ཕྱག་རྒྱ་གནས་ལྔར་བཞུགས་པར་མོས་ལ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་ཀྱི་ཕྱག་རྒྱ་ཕ་རྒྱུད་བཞི་ལ་བྱའོ། །གཞན་རྣམས་ལ་བྱ་མི་དགོས་འོག་མ་རྣམས་ལ་ཡང་སྦྱང་ཞིང་དབང་རྫས་སོགས་རིགས་བསྲེས་ཏེ་ཤེས་པར་བྱའོ། ༈ །རལ་པའི་ཐོར་ཙུགས་རྒྱན་པ་ཡི། །རིན་པོ་ཆེ་ཡི་དབུ་རྒྱན་དང་། །དར་དཔྱངས་ཅོད་པན་དག་གིས་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ཨོཾ་བཛྲ་རཏྣ་མུ་གུ་ཧཱུྃ་ཨ་བྷི་ཥིཉྩ་མཾ། བཛྲ་རཀ་ཏ་ཤ་མི་ཧོཿ ཨ་བྷི་ཥིཉྩ། ཕ་རྒྱུད་ལ་ཁ་དོག་སྣ་ལྔའི་དར་དཔྱངས་དང་། མ་རྒྱུད་རྣམས་ལ་དཔའ་བོའི་དར་དཔྱངས་སྦྱིན། ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱཿ ཨོཾ་བཛྲ་ཏུ་ཥྛ་ཧོ། དབང་དེ་བརྟན་པའི་ཡན་ལག་


CMR021_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ། ཨོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏེ་སྭཱ་ཨ་ཧཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག་ཆུ་ཡི་ལྷག་མ་ཡར་ལུད་པ་ལས། རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན། དེ་ལ་མཆོད་པའི་ཕྱིར། རཏྣ་སཾ་བྷ་ཝ་པུཔྤེ་ནས་ཤབྡའི་བར་གྱིས་མཆོད། དེ་ལྟར་ན་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་ཅོད་པན་གྱི་དབང་བསྐུར་བ་ཐོབ། ང་རྒྱལ་དང་སེར་སྣ་དག །ཚོར་བའི་ཕུང་པོ་གནས་འགྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་གྱི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པ་ཡིན། གསུམ་པ་རྡོ་རྗེའི་དབང་ལས་སྔགས་ཀྱིས་བསངས། ལས་བུམ་གྱི་ཆུ་སློབ་མ་རྣམས་ལ་གཏོར་བས་བགེགས་བསངས་ཤིང་། བླ་མ་དཀྱིལ་འཁོར་གྱི་གཙོ་བོར་མོས་པའི་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས་ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས། ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས་ཏེ། དྲི་མ་དང་བྲལ་བའི་རང་བཞིན། སློབ་དཔོན་གྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ་ནས། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལྷ་མོའི་པདྨར་


CMR021_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བབ་པ་དེ་ཉིད་ཧྲཱིཿ༔ལས་པདྨ་དྭིས་མཚན་པ་ལས། འོད་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་པདྨ་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རང་འདྲ་བའི་ཡུམ་གོས་དཀར་མོ་དང་མཉམ་པར་སྦྱོར་བའི་སྐུར་གྱུར། དེའི་དཔྲལ་བར་ཨོཾ་མགྲིན་པར་ཨཱཿ༔ཐུགས་ཀར་ཧཱུཾ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཕྱོགས་བཅུའི་རིགས་ལྔ་ཡབ་ཡུམ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨཱཿ༔རཱུ་པ་བཛྲ་ཧཱུྃ། ལ་སོགས་པའི་རྡོ་རྗེ་མ་ལྔས་མཆོད་ལ། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩོལ། །དེ་ལྟར་འདི་ལ་གནང་བར་ཞུ། །ཞེས་གསོལ་བ་བཏབ་པས་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པས་འདོད་ཆགས་ཆེན་པོས་མེས་ཞུ་ནས་སློབ་དཔོན་གྱི་སྤྱི་གཙུག་རྣམ་སྣང་གི་སྒོ་ནས་ཞུགས། རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་སེམས་ཀྱི་ཁུ་བས། སློབ་མ་འོད་དཔག་མེད་པར་གསལ་བ་ལ་དབང་བསྐུར་བ་དང་ཡེ་ཤེས་པ་འདྲེས་པ་དུས་གཅིག་ལ་བྱས། ཛཿཧཱུྃ་བཾ་ཧོཿ ཧཱུྃ་ཞེས་པས་ལྷ་མོའི་པདྨ་ནས་ཕྱིར་ཐོན་ནས་དབང་སྟེགས་ཀྱི་སྟེང་དུ་འཁོད་པར་


CMR021_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། ལས་སྔགས་ཀྱིས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་པདྨ་དྭིས་མཚན་པ་ལས་འོད་ཟེར་འཕྲོ་འདུས་གཅིག་ཏུ་གྱུར་པ་ལས་ཁྱེད་རང་རྣམས་ཀྱི་ཉོན་མོངས་པ་འདོད་ཆགས་དང་འདུ་ཤེས་ཕུང་པོ་དང་། དབང་རྫས་རྡོ་རྗེ་གཉིས་ཀ་འོད་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པདྨ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རང་འདྲ་བའི་ཡུམ་གོས་དཀར་མོ་དང་མཉམ་པར་སྦྱོར་བའི་སྐུར་གྱུར། དེ་གཉིས་ཀའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ༔ ཐུགས་ཀར་ཧཱུཾ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འོད་དཔག་མེད་ཡབ་ཡུམ་གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཁྱེད་རང་དང་དབང་རྫས་ཀྱི་ལྷ་ལ་གཉིས་སུ་མེད་པར་ཐིམ། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱིས་ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་དབང་རྫས་ཀྱི་ལྷ་ལ་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན། དབང་རྫས་ཀྱི་འོད་དཔག་མེད་ཡབ་ཡུམ་


CMR021_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་པར་ཞུགས། ཞུ་བ་ལས་བྱུང་བའི་དབང་རྫས་རྡོ་རྗེར་གྱུར། ཁྱེད་རང་རྣམས་ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་ཕྱིར། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ལ་གསོལ་བ་བཏབ་པའི་རྗེས་ཟློས། དེ་བཞིན་གཤེགས་པ་ཐམས་ཀྱིས་བདག་ལ་རྡོ་རྗེའི་དབང་བསྐུར་བར་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱིས།་སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རབ་ཏུ་བསྒྲུབ་ཕྱིར་རྡོ་རྗེ་ཟུང་། །ཨོཾ་མ་ཧཱ་སུ་ཁ་བཛྲ་ཧཱུྃ་ཞེས་བརྗོད་ཅིང་། རྡོ་རྗེ་སློབ་མའི་སྙིང་ཁ་དང་། མགྲིན་པ་དང་སྤྱི་བོ་རྣམས་སུ་རེག་ཅིང་ལག་པ་གཡས་སུ་བྱིན་པའི་མོས་པ་མཛོད། དབང་བརྟན་པའི་ཡན་ལག་ཏུ། ཨོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ། སུ་ར་ཏེ་སྟེ་ཨ་ཧཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ཡུད་པ་སྤྱི་བོར་འོད་དཔག་མེད་ཀྱིས་དབུར་བརྒྱན། དེ་ལ་མཆོད་པའི་ཕྱིར་ཨ་མི་ཏ་བྷ་པུལླེ་སོགས་ནས་ཤབྡའི་བར་གྱིས་མཆོད། དེ་ལྟར་ན་འོད་དཔག་མེད་རྡོ་རྗེའི་དབང་བསྐུར་བ་ཐོབ།


CMR021_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་དག་འདུ་ཤེས་ཕུང་པོ་གནས་འགྱུར་སོར་རྟོག་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་ཀྱི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པ་ཡིན། བཞི་པ་དྲིལ་བུའི་དབང་ལས་སྔགས་ཀྱིས་བསངས། ལས་བུམ་གྱི་ཆུ་སློབ་མ་རྣམས་ལ་གཏོར་བས་བགེགས་བསངས་ཤིང་། བླ་མ་དཀྱིལ་འཁོར་གྱི་གཙོ་བོར་མོས་པའི་ཐུགས་ཀ་ནས་འོད་ཟེར་ལྗང་ཁུ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས། ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས་ཏེ། དྲི་མ་དང་བྲལ་བའི་རང་བཞིན་སློབ་དཔོན་གྱི་ཞལ་དུ་ཞུགས། ཐུགས་རྗེས་ཆགས་པའི་མེས་འོད་དུ་ཞུ་ནས། སྐུའི་དབྱིབས་བརྒྱུད་རྡོ་རྗེ་ལམ་ནས་བྱུང་བའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལྷ་མོའི་པདྨར་བབ་པ་དེ་ཉིད། ཁཾ་ལས་རལ་གྲི་ཁཾ་གིས་མཚན་པ་ལས་མི་གྲུབ་པ་སྐུ་མདོག་ལྗང་ཁུ་ཞལ་གཅིག་ཕྱག་གཉིས་པ། གཡས་རལ་གྲི་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རང་འདྲ་བའི་ཡུམ་དམ་ཚིག་སྒྲོལ་མ་དང་མཉམ་ར་བའི་སྐུར་གྱུར། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ༔ ཐུགས་ཀར་ཧཱུཾ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཕྱོགས་བཅུའི་


CMR021_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔ་ཡབ་ཡུམ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨཱཿ༔རཱུ་པ་བཛྲ་ཧཱུྃ། ལ་སོགས་པ་རྡོ་རྗེ་མ་ལྔས་མཆོད། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩོལ། །དེ་ལྟར་འདི་ལ་གནང་བར་ཞུ། །ཞེས་གསོལ་བ་བཏབ་པས། རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པ་འདོད་ཆགས་ཆེན་པོའི་མེས་ཞུ་ནས། སློབ་དཔོན་གྱི་སྤྱི་གཙུག་རྣམ་སྣང་གི་སྒོ་ནས་ཞུགས། རྡོ་རྗེའི་ལམ་ནས་བྱོན་པའི་བྱང་ཆུབ་སེམས་ཀྱི་ཁུ་བས། སློབ་མ་དོན་ཡོད་གྲུབ་པར་གསལ་བ་ལ། དབང་བསྐུར་བ་དང་ཡེ་ཤེས་པ་འདྲེས་པ་གཅིག་ཏུ་བྱས། ཛཿཧཱུྃ་བཾ་ཧོཿ ཧཱུྃ་ཞེས་པས་ལྷ་མོའི་པདྨ་ནས་ཕྱིར་ཐོན་ནས་དབང་སྟེགས་ཀྱི་སྟེང་དུ་འཁོད་པར་གྱུར། བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁཾ་ལས་རལ་གྲི་ཁཾ་གིས་མཚན་པ་ལས། འོད་ཟེར་འཕྲོ་འདུས་གཅིག་ཏུ་གྱུར་པ་ལས། ཁྱེད་རང་རྣམས་ཀྱི་ཉོན་མོངས་པ། ཕྲག་དོག་དང་འདུ་བྱེད་ཀྱི་ཕུང་པོ་དང་། དབང་རྫས་དྲིལ་བུ་གཉིས་ཀ་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་ཁུ་ཞལ་གཅིག་ཕྱག་གཉིས་པ། གཡས་རལ་གྲི་དང་གཡོན་དེས་ཡུ་བ་


CMR021_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའི་དྲིལ་བུ་འཛིན་པ། རང་འདྲ་བའི་ཡུམ་དམ་ཚིག་སྒྲོལ་མ་དང་མཉམ་པར་སྦྱོར་བའི་སྐུར་གྱུར། དེ་གཉིས་ཀའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དོན་ཡོད་གྲུབ་པ་ཡབ་ཡུམ་གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཚེ། ཛཿ ཛཿཧཱུྃ་བཾ་ཧོཿ ཁྱེད་རང་དང་དབང་རྫས་ཀྱི་ལྷ་ལ་གཉིས་སུ་མེད་པར་ཐིམ། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱིས། ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་དབང་རྫས་ཀྱི་ལྷ་ལ་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། དོན་ཡོད་གྲུབ་པས་དབུར་བརྒྱན། དབང་རྫས་ཀྱི་དོན་ཡོད་གྲུབ་པ་སྙོམས་པར་ཞུགས་པ་ཞུ་བ་ལས་བྱུང་བའི་དབང་རྫས་དྲིལ་བུར་གྱུར། ཁྱེད་རང་རྣམས་ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་ཕྱིར། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ལ་གསོལ་བ་བཏབ་པའི་རྗེས་ཟློས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དྲིལ་བུའི་དབང་བསྐུར་བར་བསྩལ་དུ་གསོལ། དེ་ལྟར་གསོལ་བ་བཏབ་པས་ནམ་མཁར་གནས་པའི་དེ་


CMR021_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་རྣམས་ཀྱིས་དྲིལ་བུ་ལག་པ་གཡོན་པར་བྱིན་པའི་མོས་པ་མཛོད། ཆོས་ཉིད་དྲིལ་བུ་བླ་ན་མེད། །སྟོང་ཉིད་ཡེ་ཤེས་སྒྲ་སྒྲོགས་པས། །ཐམས་ཅད་སྟོང་ཉིད་དོན་སྟོན་པ། །དྲིལ་བུའི་དབང་བསྐུར་སྦྱིན་པར་བྱ། །ཨོཾ་བཛྲ་ཨ་དྷི་པ་ཏི་སིཾ། ཨ་བྷི་ཥིཉྩ་མི། ཏིཥྛ་བཛྲ་ས་མ་ཡ་ཧཱུཾ། སྔར་བྱིན་པའི་རྡོ་རྗེ་དང་ལྷན་ཅིག་འཁྱུད་པའི་སྟངས་ཀ་བྱས་ལ། བྱང་ཆུབ་ཀྱི་སེམས་བདེ་བ་དང་སྟོང་པ་ཟུང་དུ་ཆུད་པའི་རང་བཞིན་དུ་བསྒོམས་ལ། རྡོ་རྗེ་འཆང་གི་ང་རྒྱལ་བྱ་ཞིང་། ལུས་གནས་པར་མོས་ལ་འདི་ཡི་རྗེས་ཟློས། བཅོམ་ལྡན་བཟུང་ངོ་བདག་ལ་ནི། །ཡང་དག་ཉེ་བར་གྱུར་པར་མཛོད། །དབང་དེ་བརྟན་པའི་ཡན་ལག་ཏུ། ཨོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ། སུ་ར་ཏེ་ཙཱ་ཨ་ཧཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུར་བརྒྱན། དེ་ལྟར་ཁྱེད་རྣམས་ཡན་ལག་རྫོགས་སུ་བྱས་པ་ལ་མཆོད་པའི་ཕྱིར། ཨོཾ་ཨ་མོ་གྷ་སིདྡྷི་ས་པཱ་རི་ཝཱ་ར་ཨནྡྷཾ་སོགས། དེ་ལྟར་ཁྱེད་རྣམས་ཀྱི་དོན་ཡོད་གྲུབ་པའི་སྒོ་ནས་དྲིལ་བུའི་དབང་ཐོབ། ཕྲག་དོག་དག་འདུ་བྱེད་ཀྱི་ཕུང་པོ་གནས་


CMR021_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། དོན་ཡོད་གྲུབ་པའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་པ་ཡིན། ལྔ་པ་མིང་གི་དབང་ལ་ལས་སྔགས་ཀྱིས་བསངས། ལས་བུམ་གྱི་ཆུ་སློབ་མ་རྣམས་ལ་གཏོར་བགེགས་བསངས་ཤིང་། བླ་མ་དཀྱིལ་འཁོར་གྱི་གཙོ་བོར་མོས་པའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་ཚེ་ལྷོ། ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་སྦྱངས་ཏེ། དྲི་མ་དང་བྲལ་བའི་རང་བཞིན་སློབ་དཔོན་གྱི་ཞལ་དུ་ཞུགས་ཐུགས་ཀར་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ་ནས་སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལྷ་མོའི་པདྨར་བབ་པ་དེ་ཉིད། ཧཱུཾ་ལས་འཁོར་ལོ་བྷཾ་གྱིས་མཚན་པ་ལས། རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་འཁོར་ལོ་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རང་འདྲ་བའི་ཡུམཾ་སྤྱན་མ་དང་མཉམ་པར་སྦྱོར་བའི་སྐུར་གྱུར། དེའི་དཔྲལ་བར་ཨོཾ༔ མགྲིན་པ་ཨཱཿ༔ ཐུགས་ཀར་ཧཱུཾ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གནས་ནས་ཕྱོགས་བཅུའི་རིགས་ལྔ་ཡབ་ཡུམ་འཁོར་དང་བཅས་པ་ཨོཾ་བཛྲ་ས་


CMR021_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

མཱ་ཛཿ ཨོཾ་ཨཱཿརཱུ་པ་བཛྲ་ཧཱུྃ། ལ་སོགས་པ་རྡོ་རྗེ་མ་ལྔས་མཆོད་ལ། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩོལ། །དེ་ལྟར་འདི་ལ་གནང་བར་ཞུ། །ཞེས་གསོལ་བ་བཏབ་པས། རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པས་འདོད་ཆགས་ཆེན་པོའི་མེས་ཞུ་ནས་སློབ་དཔོན་གྱི་སྤྱི་གཙུག་རྣམ་སྣང་གི་སྒོ་ནས་ཞུགས། རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་སེམས་ཀྱི་ཁུ་བས། སློབ་མ་རྣམ་སྣང་དུ་གསལ་བ་ལ་དབང་བསྐུར་བ་དང་། ཡེ་ཤེས་པ་འདྲེས་པ་དུས་གཅིག་ལ་བྱས། ཛཿཧཱུྃ་བཾ་ཧོཿ ཧཱུྃ་ཞེས་པས་ལྷ་མོའི་པདྨ་ནས་ཕྱིར་ཐོན་དབང་སྟེགས་ཀྱི་སྟེང་དུ་འཁོད་པར་གྱུར། བསངས་སྦྱངས། ཁྱེད་རང་རྣམས་ཀྱི་ཉོན་མོངས་པ་གཏི་མུག་དང་གཟུགས་ཀྱི་ཕུང་པོ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨཱཿལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་འཁོར་ལོ་བྷཾ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས། བྷཾ་དང་འཁོར་ལོ་ལ་ཐིམ་ཡོངས་སུ་གྱུར་པ་ལས།་ཁྱེད་རང་རྣམས་ཀྱི་ཉོན་མོངས་པ་གཏི་མུག་དང་གཟུགས་ཀྱི་ཕུང་པོ་དེ་ཉིད།


CMR021_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་འཁོར་ལོ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རང་འདྲ་བའི་ཡུམ་སངས་རྒྱས་སྤྱན་མ་དང་མཉམ་པར་སྦྱོར་བ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ༔ ཐུགས་ཀར་ཧཱུཾ། རང་དང་སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྣམ་པར་སྣང་མཛད་ཡབ་ཡུམ་གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཁྱེད་རང་རྣམས་ལ་དབྱེར་མེད་དུ་ཐིམ། ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་ཕྱིར། གསོལ་བ་བཏབ་པའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མིང་གི་དབང་བསྐུར་བར་བསྩལ་དུ་གསོལ། དེ་ལྟར་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་སངས་རྒྱས་རྣམས་ཀྱིས་མིང་གི་དབང་བསྐུར་བའི་མོས་པ་མཛོད། སློབ་དཔོན་གྱིས་སློབ་མའི་སྤྱི་བོར་རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་། རྡོ་རྗེ་མིང་གིས་དབང་བསྐུར་བས། །དེང་ནས་བྱང་ཆུབ་སྙིང་པོའི་བར། །ཅིས་ཀྱང་མི་ཤིགས་མི་གཡོ་བའི། །མིང་གི་དབང་འདི་ཁྱོད་ཀྱིས་ལོངས། །ཨོཾ་བཛྲ་སཏཱ་སིཾ་ཨ་བྷི་ཥིཉྩ་མི།


CMR021_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ནཱ་མ་ཨ་བྷི་ཊི་ཀ་ཏ། ཀྱི་དཔལ་ཆེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །སྐྱེས་པ་རྣམས་ལ་རིགས་ལྔ་དང་རྗེས་སུ་འབྲེལ་བའི་མིང་དང་། བུད་མེད་རྣམས་ལ་ཡུམ་བཞི་དང་། རྡོ་རྗེ་མ་ལྔ་དང་འབྲེལ་བའི་མེ་ཏོག་གང་ལ་ཕོག་པའི་ལྷ་ལས་དྲས་ཏེ་མིང་བཏགས་པར་བྱའོ། །ཁྱེད་རང་རྣམས་རྣམ་སྣང་ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་ཕྱིར། རྣམ་རྒྱལ་བུམ་ཆུ་གཏོར་ཞིང་། ཨོཾ་ཨཱཿ༔བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ སུ་ར་ཏེ་ཙཱ་ཨ་ཧཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། ཁྱེད་རང་རྣམས་ཀྱི་སྤྱི་བོར་རྣམ་པར་སྣང་མཛད། འོད་ཀྱི་ཡུམ་དང་བཅས་པ་རེ་རེས་དབུར་བརྒྱན། དེ་ལ་མཆོད་པའི་ཕྱིར། ཨོཾ་བེ་རོ་ཙ་ན་ཨབྷཾ་སོགས། དེ་ལྟར་ན་ཁྱེད་རྣམས་ཀྱི་རྣམ་སྣང་མིང་གི་དབང་བསྐུར་བ་ཐོབ། གཏི་མུག་དག་གཟུགས་ཀྱི་ཕུང་པོ་གནས་འགྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། རྣམ་པར་སྣང་མཛད་ཀྱི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་པའོ། །ཞེས་རྟོགས་པ་བསྐྱེད་མིང་གི་དབང་ངོ་། །དེ་ལྟར་རིག་པའི་དབང་ལྔ་ཐོབ་པས། སྤང་བྱ་གང་སྤང་ཞིང་། ཡོན་ཏན་གང་སྐྱེ་བ་དང་། གཞན་དོན་ཇི་ལྟར་བྱེད་པ་ལ་དབང་བའི་ཚུལ་


CMR021_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ནི། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། །དབང་ལྔ་ཐོབ་པའི་རྒྱུད་ལ་ནི། །རྣམ་དག་སངས་རྒྱས་ལྔ་འདི་དག །མ་རིག་བྲལ་བའི་རིག་པ་ལ། །ཡེ་ཤེས་ལྔ་ནི་ཐོབ་པར་འགྱུར། །ཞེས་གསུངས་སོ། །གཉིས་པ་རྡོ་རྗེ་སློབ་དཔོན་གྱི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ། ས་གཞི་སྤོས་ཆུས༔ ཐལ་མོ་སྦྱར་ལ་རྗེས་ཟློས། གང་གི་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་པ་ཡིས། །རྡོ་རྗེ་སློབ་དཔོན་གྱིས་ནི་དབང་། །ཐུགས་རྗེའི་གཏེར་གྱི་བདག་ལ་སྩོལ། །གསུམ། ཁྱེད་རང་རྣམས་སྔར་བཤད་པའི་དབང་སྟེགས་ཀྱི་སྟེང་དུ་གཙོ་བོའམ། གཙོ་མོ་རྐྱང་པ་ལ་རིགས་བདག་ཏུ། འཁོད་པར་བསྒོམས། ལས་བུམ་གྱི་ཆུས་བསངས་སྦྱངས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། །ཁྱེད་རང་གི་ལུས་ལ་ཕོག །ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས། དྲི་མ་དང་བྲལ་བའི་རང་བཞིན་སློབ་དཔོན་གྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་སེམས་ཀྱི་ཁུ་བ། ལྷ་མོའི་པདྨར་བབ་སྟེ་དེ་ཉིད་ཧཱུཾ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ཡོངས་སུ་


CMR021_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ལས། རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ། སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་དར་སྣ་ཚོགས་ཀྱི་་ན་བཟའ་དང་། རིན་པོ་ཆེའི་རྒྱན་རྣམས་དང་རུས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རང་འདྲ་བའི་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་མཉམ་པར་སྦྱོར་བའི་སྐུ་ཅན་དུ་གྱུར་། དེའི་དཔྲལ་བར་ཨོཾ། མགྲིན་པ་ཨཱཿ ཐུགས་ཀར་ཧཱུཾ། སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ཨོཾ་བཛྲ་ས་མཱ་ཛཿ རྡོ་རྗེ་མ་ལྔའི་ཕྱག་རྒྱ་དང་བཅས་པས། ཨོཾ་ཨཱཿ༔རཱུ་པ་བཛྲ་ཧཱུྃ་ནས་ཤརྡ་སྤྱནེ་སོགས་མཆོད། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩོལ། །དེ་ལྟར་འདི་ལ་གནང་བར་ཞུ། །གསོལ་བ་བཏབ་ནས་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས། འདོད་ཆགས་ཆེན་པོའི་མེས་འོད་དུ་ཞུ་བར་གྱུར་པའི་བྱང་ཆུབ་ཀྱི་ཁུ་བ་སློབ་དཔོན་གྱི་སྤྱི་གཙུག་རྣམ་སྣང་གི་སྒོ་ནས་ཞུགས། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་ཀྱི་སེམས་


CMR021_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཁུ་བ་ཁྱེད་རང་རྣམས་ཡུམ་གྱི་པདྨར་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་གནས་པའི་སྤྱི་བོ་ནས་དབང་བསྐུར་བ་དང་ཡེ་ཤེས་པ་འདྲེས་པ་དུས་གཅིག་ལ་བྱས་ནས། ཧཱུྃ་ཞེས་བརྗོད་པས་ཡུམ་གྱི་པདྨ་ནས་ཕྱིར་ཐོན་ཏེ་སྔར་བཤད་པའི་དབང་སྟེགས་ཀྱི་སྟེང་དུ་འཁོད་པའི་མོས་པ་མཛོད་ལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ནམ་མཁར་བཞུགས་པའི་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་བདག་ལ་དམ་ཚིག་གསུམ་དང་ལྡན་པའི་སློབ་དཔོན་དུ་བསྒྲུབ་པའི་ཕྱིར། སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་གི་ངེས་དོན་དང་བཅས་པ་བསྩལ་དུ་གསོལ། ཞེས་བརྗོད་ནས་སློབ་དཔོན་གྱིས། ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའ་ཞུ་བ་ལས་བྱུང་བའི་རྡོ་རྗེ་ཚད་དང་མཚན་ཉིད་དང་ལྡན་པ་ལག་པ་གཡས་པར་བྱིན་པའི་མོས་པ་མཛོད། འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེ་སེམས་དཔའ་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཛཿ ཏིཥྛ་ཨེ་ཥ་ཧཱུྃ། དྷ་ར་ཡ་མི་བཛྲ་སཏྭ་ཧི་ཧི་ཧི་ཧཱུཾ། རྡོ་རྗེ་དེ་ཉིད་སྙིང་ག་དང་མགྲིན་པ་དང་། དཔྲལ་བ་གསུམ་དུ་


CMR021_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

རེག་པར་མོས། དམ་ཚིག་འཛིན་པའི་གནས་སྙིང་གར་ཡིན་པས་རྡོ་རྗེ་སྙིང་གར་བཟུང་བའི་མོས་པས་རྗེས་ཟློས་མཛོད། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོའི་བདག །བཅོམ་ལྡན་དཔལ་མཆོག་གི་དང་པོའི་སྐྱེས་བུ་ལའོ། །ༀ་མ་ཧཱ་བཛྲ་ཧཱུྃ། ཞེས་པ་ནི་རྡོ་རྗེ་ཐུགས་ཀྱི་དམ་ཚིག་དང་དེའི་ངེས་དོན་སྦྱིན་པའོ། །ཨ་ལས་སྐྱེས་པའི་རྡོ་རྗེ་སྙེམས་མ་ཞུ་བ་ལས་བྱུང་བའི་དྲིལ་བུ་ཚད་དང་མཚན་ཉིད་དང་ལྡན་པ་སློབ་མའི་ལག་གཡོན་པར་བྱིན་པར་བསྒོམས། འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ་དབྱངས་ཀྱིས་རྗེས་འགྲོར་བཤད། །ཁྱེད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད་། །བཛྲ་གནྡྷེ་ཨཱཿ ཞེས་དྲིལ་བུ་གསིལ་ཞིང་། དྲིལ་བུའི་སྒྲ་གྲག་སྟོང་ཡིན་པ་བཞིན་དུ། རང་གིས་དབང་དེ་བཞིན་དུ་ཤེས་པར་གྱིས་ལ་རྗེས་ཟློས་མཛོད། ཨ་སྲིད་པ་ངོ་བོ་ཉིད་ཀྱི་བདག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པ། །སྲིད་པ་དམ་པ་བྱེད་པར་འགྱུར། །ཨོཾ་བཛྲ་གྷནྡྷེ་ཨཱཿ༔ དྲིལ་བུ་གསུང་གི་དམ་ཚིག་


CMR021_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

དང་དེའི་ངེས་དོན་སྦྱིན་པའོ། །དེ་ནས་ཕྱག་རྒྱ་སྐུའི་དམ་ཚིག་གི་དོན་དུ་སློབ་མ་རྣམས་རྡོ་རྗེ་འཆང་ཆེན་པོ། རང་འདྲ་བའི་ཡུམ་ཤེས་རབ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་། སྙོམས་པར་འཇུག་པའི་བདེ་བ་ལ་སེམས་གཏད་ལ། ཡིད་ཀྱི་ལུས་བརྟེན་དེ་ཉིད་ཀྱིས། །ཕྱག་རྒྱའི་དམ་ཚིག་ཅེས་སུ་བརྗོད། །ལུས་ཀུན་བརྟེན་པར་བྱེད་པས་ན། །དེས་ན་ཕྱག་རྒྱ་རབ་ཏུ་བསྒྲགས། །ཡེ་ཤེས་ཕྱག་རྒྱས་བྱིན་བརླབས་ནས། །འདོད་པ་ཀུན་ལ་ལོངས་སྤྱོད་པས། །དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། །ཞེས་པས་དོན་གོ་བར་གྱིས་ལ། རྡོ་རྗེ་སེམས་དཔའི་སྐུ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ཁ་སྦྱོར་གྱི་རིམ་པས་བྱིན་གྱིས་བརླབ་ཏུ་བཅུག་ནས་འཁྱུད་པའི་ཚུལ་མཛོད། དེ་ཡང་མཆོག་གི་དང་པོའི་རྒྱུད་ལས། དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་ནས་ནི། །དམ་ཚིག་གི་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླས། །ཞེས་གསུངས་ཏེ་ཕྱག་རྒྱ་སྐུའི་དམ་ཚིག་དང་དེའི་ངེས་དོན་སྦྱིན་པའོ། །དེ་ལྟར་དམ་ཚིག་གསུམ་སྦྱིན་པའི་སྒོ་ནས་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྡོ་རྗེ་སློབ་དཔོན་ཆེན་པོར་བསྒྲུབ་པའི་ཕྱིར།


CMR021_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁར་གནས་པའི་དབང་ལྷ་རྣམས་ལ་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། །ཁྱེད་ཀྱིས་བདག་ལ་དབང་མཆོག་སྩོལ། །ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། རིག་མ་རྣམས་ཀྱིས་བུམ་པ་དཀར་པོ་ཡུ་བ་དང་བཅས་པས་སྤྱི་བོ་ནས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད། གཟུགས་རྡོ་རྗེ་མ་ལ་སོགས་ཀྱིས་མཆོད། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད་བཞིན་པའི་སྒོ་ནས་དབང་བསྐུར་བར་བསྒོམས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཨཱཿཧཱུཾ། ཨོཾ་ཨཱཿ༔བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏེ་སྟེ་ཨ་ཧཾ༔ ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས། ལུས་ཐམས་ཅད་ཡེ་ཤེས་ཀྱི་


CMR021_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིའི་ཆུ་རྒྱུན་གྱིས་གང་། དབང་ཐམས་ཅད་ཐོབ། དྲི་མ་ཐམས་ཅད་དག །ཆུ་ཡི་ལྷག་མ་ཡར་ལུད་པ་ལས། སྤྱི་བོར་རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་། འོད་ཀྱི་ཡུམ་དང་བཅས་པས་དབུ་བརྒྱན། ནམ་མཁར་བཞུགས་པའི་དབང་ལྷ་ཐམས་ཅད་ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ། ཛཿཧཱུྃ་བཾ་ཧོཿ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སྔགས་དང་རྒྱུད་རྣམས་འཛིན་གྱུར་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀུན་གྱིས་མཐུན་པར་བཞེད། །ཅེས་གསུངས་སོ། །མེ་ཏོག་འཐོར་བཞིན་དུ། རིག་པ་འཛིན་འདི་རྣམས་ཀྱིས་ཟབ་མོ་སྔགས་ཀྱི་ཐེག་པའི་སྒོ་ནས་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྡོ་རྗེ་སློབ་པ་སོན་རེ་རེར་གྱུར་ནས་སེམས་ཅན་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་འགོད་ནུས་པར་གྱུར་ཅིག །བཛྲ་དྷ་ར་ཨརྒྱུ་སོགས། དེ་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་དག་པ་བསྡུས་པ་ནི། གཞལ་ཡས་ཁང་པ་ནི་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པརྣམ་པར་སྣང་མཛད་ཀྱི་རང་བཞིན་ཡིན་པའམ། ཡང་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་


CMR021_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་རྣམ་པར་དག་པ་ཡིན་ལ། ལྷ་རྣམས་ལ་ནི། དཔལ་གསང་བ་འདུས་པའི་རྒྱུད་ལས། ཕུང་པོ་ལྔ་ནི་མདོར་བསྡུས་ན། །སངས་རྒྱས་ལྔ་ནི་རབ་ཏུ་གྲགས། །རྡོ་རྗེའི་སྐྱེ་མཆེད་ཉིད་དག་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ནི་སྤྱན་མ་ཞེས་བྱ་སྟེ། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །གོས་དཀར་མོ་དང་སྒྲོལ་མ་ནི། །མེ་དང་རླུང་དུ་རབ་ཏུ་གྲགས། །ཞེས་གསུངས་ཤིང་། ཁྲོ་བོ་བཅུ་ཡང་ཚིགས་ཆེན་བཅུ་དང་། རྣམ་པར་དག་པའི་རང་བཞིན་དུ་བཤད་པས། ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་རྣམ་པར་དག་པ་དང་དོན་དམ་པར་ན། དཀྱིལ་འཁོར་ལ་སོགས་པ་རྣམས་ནི་རིམ་པ་གཉིས་ཀ་ལ་ཡང་རང་བཞིན་མེད་པའི་བདག་ཉིད་ཅན་དེ་བཞིན་ཉིད་ཁོ་ནའི་དེ་ཁོ་ན་ཉིད་རྣམ་པར་དག་པ་ཡིན་ནོ། །ཞེས་གསུངས་སོ། །དེའི་རྗེས་སུ་ཀྲི་ཡ་ཕྱག་ལེན་གྱི་ཚེ། ལྷ་མཆོད་པའི་རྗེས་གནང་གི་དོན་དུ། དཔོན་སློབ་གཉིས་ཀས་སྒེག་སོགས་བརྒྱད་ཀྱི་ཕྱག་རྒྱ་བཅའ་ཞིང་། སློབ་དཔོན་གྱི་ངག་གིས། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །སྲས་དང་བཅས་པ་རྣམས་རོལ་ཞིང་། །རྡོ་རྗེ་སྙེམས་མི་ཚུལ་གྱིས་ནི། །དགའ་སྟོན་བདེ་གསལ་མཆོད་པར་བགྱི། ཨཱཿ༔ སྒེག་དང་བཅས་པས་ཕྲེང་


CMR021_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བ་འཕང་། །སངས་རྒྱས་ཐམས་ཅད་མཆོད་པར་བགྱི། །དེས་ནི་བཅོམ་ལྡན་འབྲལ་མི་འགྱུར། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ཨོཾ། ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླང་བར་བྱ། །དེ་ཡི་བདེ་གཤེགས་དངོས་གྲུབ་ནི། །ཤིན་ཏུ་བདེ་བ་ཐོབ་པར་འགྱུར། །གྷི། དེ་ཉིད་ཐལ་མོ་གར་གྱིས་ནི། །སངས་རྒྱས་ཆ་ཐམས་ཅད་འདུལ་བར་བྱ། །སངས་རྒྱས་འདུལ་བའི་ཕྲིན་ལས་ཀྱིས། །གར་མཁན་ཚུལ་དུ་བསྒྱུར་བར་བྱ། །ཏོ༔ རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་འགྲོ་དོན་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་གྱིས། །ཧཱུྃ། སངས་རྒྱས་རྣམས་ལ་མེ་ཏོག་གཏོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པས། །མཚན་དང་དཔེ་བྱད་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་པར་འགྱུར། །ཧཱུཾ། ཆོས་ཀྱི་མེ་ནི་ལེགས་སྦྱར་བས། །རྡོ་རྗེ་ཆོས་དང་འདྲ་བ་རུ། །སེམས་ཅན་མ་རིག་ལྡོང་རྣམས་ལ། །ཡེ་ཤེས་སྒྲོན་མེས་གསལ་བར་གྱིས། །པྲ། རྒྱལ་བ་རྣམས་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཤེས་རབ་ཏིང་འཛིན་དང་། །རྣམ་གྲོལ་ཡེ་


CMR021_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་བསྒོས། །གྷ། ཁྱེད་རྣམས་ཀྱིས་དེང་ཕྱིན་ཆད་ལུས་ཀྱིས་སྒེག་སོགས་ཀྱི་སྦྱོར་བ་དང་། ངག་གིས་སྨྲ་བརྗོད་དང་། སེམས་ཀྱིས་བསམ་པ་ཐམས་ཅད་ལྷ་མཆོད་པའི་བསམས་པས་ཟིན་པར་མཛོད་ཅིག །ཅེས་བརྗོད་དོ།། ༈ ད་སྔགས་ཀྱི་བཟླས་ལུང་གི་དོན་དུ་མཎྜལ་ཕུལ། ས་གཞི་སྤོས༴ འདི་ཡི་རྗེས་ཟློས་མཛོད། སྔགས་ཀྱི་དབང་བསྐུར་ཡེ་ཤེས་ཆེ། །དངོས་གྲུབ་སྟེར་བ་བདག་ལ་སྩོལ། །གསུམ། དཔོན་སློབ་གཉིས་ཀ་དཔལ་སྒྲེའི་དཀྱིལ་འཁོར་གྱི་གཙོ་བོར་གསལ་བའི་ཐུགས་ཀར་ཟླ་བའམ་ཉི་མའི་དབུས་སུ་ས་བོན་དང་ཁྱད་པར་དུ་སློབ་དཔོན་གྱི་ཐུགས་ཀའི་ས་བོན་གྱི་མཐའ་སྐོར་དུ་སྔགས་ཀྱི་ཕྲེང་བ་སྒྲུབ་ཐབས་ལྟར་གཡས་བསྐོར་དུ་འཁོད་པར་བསམས་ལ། སྔགས་ཀྱི་བཟླས་ལུང་བསྩལ་དུ་གསོལ་སྙམ་པའི་མོས་གུས་དྲག་པོ་བྱས་ལ། སློབ་དཔོན་གྱི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་ས་བོན་སྔགས་ཕྲེང་དང་བཅས་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་གྱིས་སློབ་དཔོན་གྱི་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་ཁའི་ས་བོན་གྱི་མཐའ་བསྐོར་


CMR021_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དུ། དང་པོས་འཁོད། གཉིས་པས་བྱིན་གྱིས་བརླབས། གསུམ་པས་བརྟན་པར་བྱས་པར་བསྒོམས་ལ་སྔགས་ཀྱི་རྗེས་ཟློས་ལན་གསུམ་མཛོད། རྩ་སྔགས། དེ་ཡི་བྱིན་རླབས་ཐོབ་པ་ཡི། གཏང་རིག་ཏུ་མེ་ཏོག་འཐོར་ཞིང་རྗེས་ཟློས། བཅོམ་ལྡན་བདག་ལ་བསྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་སློབ་དཔོན་གྱིས། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ་སོགས། རིག་པ་འཛིན་པ་འདི་རྣམས་ལ་ཆེའི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་བྱིན་རླབས་དང་ཁྱད་པར་དུ་རིག་པ་གསང་སྔགས་ཀྱི་བྱིན་རླབས་ཐམས་ཅད་འཇུག་པར་གྱུར་ཅིག །ཅེས་མེ་ཏོག་གཏོར། ད་དངུལ་གྱི་ཀོང་བུར་མིག་སྨན་རྣམས་ཚུལ་བཞིན་དུ་སྦྱར་བ་ལག་པ་གཡོན་དུ་བཟུང་ཞིང་། གཡས་པས་གསེར་དྲུག་ལས་བྱས་པའི་ཐུར་མ་་་མེད་ན་རྡོ་རྗེའི་ཆོག་གོ་མཆན། བཟུང་སྟེ་མ་རིག་པའི་ལིང་ཏོག་བསལ་ནས་མིག་སྨན་བྱུག་པར་སྒོམས་ཤིག །སློབ་མའི་མིག་གཉིས་སུ་དེ་ཁོ་ན་


CMR021_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། སྒྲིབ་བྱེད་མ་རིག་པའི་ལིང་ཏོག་ས་ཁམས་པའི་རང་བཞིན་པྲཾ་སེར་པོའི་རྣམ་པར་གནས་པ་ཕྱིར་བསལ་བར་བསྒོམས། ཐུར་ལྡན་སྨན་པའི་རྒྱལ་པོ་ཡིས། །ཇི་ལྟར་འཇིག་རྟེན་རབ་རིབ་བཞིན། །རྒྱལ་བ་རྣམས་ཀྱིས་བུ་ཁྱོད་ཀྱི། །མི་ཤེས་པ་ཡི་རབ་རིབ་བསལ། །ཨོཾ་བཛྲ་ནེ་ཏྲ་ཨ་བ་ཧ་ར་པ་ཏྲ་ལཾ་ཧྲཱིཿཔཾ༔ དེ་ནས་མེ་ལོང་ལ་ཨཱཿཙྪས་བསྔགས་པ་དེ་སློབ་མ་ལ་བསྟན། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང་། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དེར་ནི་གསལ་དག་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་བཞིན་ནི། །བུ་ཁྱོད་ཀྱིས་ནི་སྙིང་ལ་བཞུགས། །རང་བཞིན་མེད་ཅིང་གནས་མེད་པར་། །ཆོས་རྣམས་དེ་ལྟར་ཤེས་ནས་ཁྱོད། །སེམས་ཅན་དོན་ནི་མཉམ་མེད་བྱོས། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེ། །གང་ཡང་རིགས་ཐམས་ཅད་དང་།་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་འདི་ཀུན་ཏུ་འགྲོ་བ་ཡིན་པ་ཤེས་པར་གྱིས། ཧོས་བསྔགས་པའི་ཐབས་ཀྱི་མདའ་དྲུག །ཤེས་རབ་ཀྱི་གཞུ་དང་བཅས་པ་ཕྱོགས་བཞི་


CMR021_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་འོག་ཏུ་འཕང་། བདུད་བཞི་དང་ཉན་རང་གི་སེམས་ཡིད་ལ་བྱེད་པ་བཅོམ་པར་མོས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡེ་སྭཱ་ཧཱ། མདའ་འཕེན་ཚུལ་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་ཆགས་པར་བྱའོ། །བུམ་དབང་གི་མཇུག་ཏུ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནས་སོགས། ཨ་བྷི་ཥ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བརྗོད་ཅིང་བུམ་ཆུ་གཏོར། དེ་རྣམས་ཀྱི་ཕྱི་དབྱིབས་རས་བྲིས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་པའི་རིམ་པ་ཆ་ལག་དང་བཅས་པ་སྒོམ་པ་ལ་དབང་། །འབྲས་བུ་སྤྲུལ་པའི་སྐུའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པའོ། །དེ་ནས་དབང་གོང་མ་གསུམ་ལས་གསང་བའི་དབང་ཞུ་མི་བའི་དོན་དུ་མཎྜལ་ཕུལ། རྗེས་ཟློས་མཛོད། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །བདག་གི་བླ་མེད་བྱ་བ་ཐོབ། །དེ་ཕྱིར་གསང་བའི་དབང་གིས་ནི། །མགོན་པོས་རྗེས་སུ་བཟུང་བར་མཛོད། །གསུམ། མ་དད་པ་སོགས་བགག་པའི་དོན་དུ་གདོང་གཡོགས་ཆིངས་མཛོད། ཨོཾ་ཙཀ་བྷནྡྲ་སོགས། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་གཙོ་བོར་སྒེའམ། མོ་རྐྱང་


CMR021_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་རིགས་བདག་རྨི་བསྒོམས། སློབ་དཔོན་ཡང་དེ་ལྟ་བུ་ཡབ་ཡུམ་དུ་བསྒོམ་ལ་ཐབས་ཤེས་རབ་སྙོམས་པར་ཞུགས་པའི་སྒྱུ་མ་བདེ་བའི་སྒྲ་ལ། ཕྱོགས་བཅུ་ན་བཞུགས་པའི་རིགས་ལྔ་། ཡབ་ཡུམ་དཔག་ཏུ་མེད་པ་སྤྱན་དྲངས། སློབ་དཔོན་གྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ་བ་དང་། སློབ་དཔོན་གྱི་ཕུང་ཁམས་སྐྱེ་མཆེད་ལྷའི་རང་བཞིན་དུ་བཞུགས་པ་འོད་དུ་ཞུ་བ་དང་ལྷན་ཅིག་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབ་པས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་དཔལ་དང་ལྡན་པ། སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་བསྒོམ། བཏུང་བ་རིན་ཆེན་དམ་པ་འདི། །ལུས་ལ་རྡོ་རྗེ་རབ་གསལ་བྱེད། །བུ་ཁྱོད་རྟག་ཏུ་ཤོང་ན་ཀྱེ། །ཡིད་ལས་བྱུང་བའི་ཆུ་འཐུངས་ཤིག །རང་རང་གིས་གཙོ་བོས་སྔགས་དང་། ཨོཾ་ཨཱཿ༔ཧཱུྃ་གིས་བྱིན་གྱིས་བརླབས་ལ། བདུད་རྩི་ལྕེ་ཐོག་ཏུ་བཞག་ལ། ཇི་ལྟར་རྡོ་རྗེ་འཆང་སོགས་ཀྱི། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡི། །དེ་ལྟར་བུ་ཁྱོད་དབང་བསྐུར་རོ། །ཞེས་དང་། རང་རང་གི་གཙོ་བོའི་སྔགས་བརྗོད་ཅིང་སྦྱིན་ནོ། །སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་བསྒོམས་ལ། རྟོགས་པ་མེད་པའི་


CMR021_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱིས་འདི་ལ་རྗེས་ཟློས། ཨ་ཧོ་མ་ཧཱ་སུ་ཥ་ཧོ། ཤེས་རབ་ཀྱིས་ཀྱང་ལངས་ནས་ནི། རང་གི་ཆུ་སྐྱེས་ན་གནས་པའི་བྱང་སེམས་དེས་དབང་བསྐུར་བར་བསྒོམ༔ འདི་དེ་དཔའ་བོ་རྣལ་འབྱོར་མའི། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། །ཁམས་དང་ལྡན་པའི་རྟོགས་པ་བྱ། །བདེ་བ་དམ་པ་མྱང་བར་གྱིས། །ཨ་ཧོ་མ་ཧཱ་སུ་ཁ་ཧོཿ མགྲིན་པའི་གནས་སུ་བབས་པས་ལུས་ཐམས་ཅད་རྩ་ས་ཁྱབ་ཅིང་། དེར་བྱང་ཆུབ་སེམས་ཀྱིས་ཁྱབ། ཞུ་བདེ་མི་རྟོག་པའི་རྟོགས་པ་སྐྱེས་པའི་མོས་པ་མཛོད། ཀུན་རྫོབ་དབང་དེ་ཐོབ་པའི་བརྡར་གདོང་གཡོགས་དཀྲོལ་བར་ཞུ། དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བ་ཐོབ། ངག་གི་དྲི་མ་དག །ལམ་སྲོག་རྩོལ་རླུང་གི་རྣལ་འབྱོར་དང་། གཏུམ་མོའི་རྣལ་འབྱོར་སོགས་སྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུའི་ས་བོན་དང་། བག་ཆགས་རྒྱུད་ལ་བཞག་པ་གསང་བའི་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ། ཁྱོད་ཞབས་པདྨའི་བཀའ་དྲིན་གྱིས། བདག་གིས་གསང་བའི་དབང་བསྐུར་ཐོབ། །ཤེས་རབ་ཡེ་ཤེས་དབང་བསྐུར་


CMR021_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །མགོན་པོས་རྗེས་སུ་བཟུང་བར་མཛོད། །གསུམ། ཕན་ཚུན་ངོ་ཚས་བཅིངས་ན་ཡེ་ཤེས་ངོ་མི་འཕྲོད་པས། དེའི་དོགས་པ་བགག་ཕྱིར་གདོང་གཡོགས་ཆིངས། ཨོཾ་ཙཀཱ་སོགས། ཁྱེད་རང་རྣམས་དཀྱིལ་འཁོར་ཀྱི་གཙོ་བོ་རྨེའམ། མོ་རྐྱང་རྣམས་ལ་རིགས་བདག་སྒེར་གསལ་བ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་བྱིན་པར་བསྒོམ། གཟུངས་མ་ཡིད་འོང་འདི་ཁྱོད་ཀྱི། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོའི་རིམ་པར་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་གྱིས། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་གནས་ལྟ་བས། །ཞེས་དང་། དགའ་བའི་གནས་སྦྱིན་ལྷ་མོ་ནི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཟུངས་ཤིག་ཟུངས་ཤིག་སེམས་དཔའ་ཆེ། །ཟུངས་ལ་མཆོད་པ་རྟག་ཏུ་གྱིས། །བཤང་གཅི་དག་ནི་ཟ་བ་དང་། །ཁྲག་དང་ཁུ་བ་དེ་བཞིན་དུ། །ཤ་ཆེན་བསྟེན་པར་བུ་སྤྲོ་འམ། །བུད་མེད་རྣམས་ལ་རྟག་གུས་པ། །བྷ་གའི་པདྨོར་འོ་བྱེད་པར། །བུ་ཁྱོད་ཅི་དགར་སྤྲོ་གྱུར་རམ། །ཞེས་པ་འདོད་དོན་ནི། མ་དག་པའི་ཤ་ལྔ། བདུད་རྩི་ལྔ་ལ་སྦྱང་རྟོག་


CMR021_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་གསུམ་བྱས་ནས། ཟག་མེད་ཀྱི་བདུད་རྩིའི་རྒྱ་མཚོ་ལྟ་བུ་དང་། དག་པའི་ཤེལ་ལྟར་རྟོགས་ཤིང་མང་དུ་སྤྲོས་པ་དང་། རང་རིགས་ཀྱི་ཕྱག་རྒྱ་ལ་མི་སྨོད་ཅིང་རྡོ་རྗེ་པདྨོའི་བྱས་པ་ལ་བརྟེན་ནས། འཛག་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱེད་པ་ལ། བུ་ཁྱོད་སྤྲོ་བ་ཡིན་ནམ། ཞེས་དྲིས་པས་སློབ་མས་ཀྱང་། སྔར་བཤད་པ་ལྟ་བུའི་ཡོན་ཏན་རང་ལ་ཡོད་ན། དངོས་སུ་སྤྲོ་ཞིང་མེད་ན་དེ་ལྟ་བུའི་ཡོན་ཏན་ཐོབ་པའི་ཚེ་སྤྲོ་ཞིང་། ད་ལྟ་ཡེ་ཤེས་ཀྱི་རིག་མ་ལ་བསྟེན་ནས། ལམ་ཉམས་སུ་ལེན་པར་སྤྲོ་སྙམ་པའི་བསམས་པས་རྗེས་ཟློས། བཤང་གཅི་དག་ནི་ཟ་བ་དང་། །ཁྲག་དང་ཁུ་བ་དེ་བཞིན་དུ། །ཤ་ཆེན་བསྟེན་པར་ཅིས་མི་སྤྲོ། །བདག་ནི་ཅི་དགར་སྤྲོ་གྱུར་ཏོ། །ཞེས་པའི་ལན་བཏབ་པས། ཕྱག་རྒྱ་དེས་ཀྱང་སྒྲུབ་པ་པོ་དམ་ཚིག་དང་ལྡན་པར་ཤེས་ནས། ལུས་གཅེར་བུར་བྱས། ཆུ་སྐྱེས་གུར་གུམ་ལ་སོགས་པའི། དྲི་ཞིམ་པར་བྱས་ཏེ། རྩ་མཆོག་ཏུ་གྱུར་པའི་པདྨ་རྒྱས་པ་བསྟེན་ཏེ། ཨེ་མ་ང་ཡི་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་གས་བརྟེན་བྱེད་པ། །དེ་ཡི་མདུན་དུ་བདག་གནས་སོ། །


CMR021_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བསྟན་པ་ལ་སོགས་པ། །པདྨའི་བྱ་བ་ཇི་བཞིན་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་གནས། །བླུན་པོ་གང་ཞིག་འདི་སྤོང་པ། །དེ་ལ་མཆོག་གིས་དངོས་གྲུབ་མེད། །པདྨ་བྷཉྫམོཀྟ་ཧོཿ ཁྱེད་རང་རྣམས་དཀྱིལ་འཁོར་གྱི་གཙོ་བོ། རྒེའམ་མོ་རྐྱང་རིགས་བདག་ཏུ། གསལ་བ་དེ་ཉིད་རང་རིག་ཡེ་ཤེས་ཀྱི་རང་མདངས་དང་མཉམ་པར་སྤྱོད་པའི་ཡབ་ཀྱི་གསང་གནས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ནོར་བུ་ལ་ཨོཾ་དང་། བུ་གར་ཕཊ༔དམར་སེར་གྱིས་བཀག །ཡུམ་གྱི་མཁའ་ཨ་ལས་པདྨ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨས་མཚན་པ། ཆོས་ཀྱི་འདུ་ཤེས་ནི། ཐབས་འདི་ལྟ་བུ་ལ་བརྟེན་ནས་འཛག་མེད་ལྷན་ཅིག་ཡེ་ཤེས། བདེ་བ་ཆེན་པོ་རྡོ་རྗེ་འཆང་གི་སྐུ་མངོན་དུ་བྱའོ་སྙམ་པའི་བསམས་པས་འདིའི་རྗེས་ཟློས། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་ཧ་ཧ་ཧ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉཧཾ། ཞེས་ཡབ་ཡུམ་སྙོམས་པར་ཞུགས་པའི་རྒྱུ་མ་བདེ་བའི་སྒྲས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། ཞལ་དུ་ཞུགས་པས་ལུས་ལ་བདེ་བ་དང་སེམས་


CMR021_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་གྱི་རང་བཞིན་དུ་བྱས། ལྟེ་བར་གཏུམ་མོའི་མེ་སྦར་བས་སྤྱི་བོའི་ཧཾ་ལ་ཕོག །དེ་ལས་བྱང་སེམས་མགྲིན་པར་བབ་པས་དགའ་བ། སྙིང་གར་བབ་པས་མཆོག་དགའ། ལྟེ་བར་བབ་པས་དགའ་བྲལ་གྱི་དགའ་བ། རྡོ་རྗེའི་ནོར་བུ་བར་དུ་བྱོན་པས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས། སླར་རླུང་གི་ནུས་པས་གྱེན་དུ་དྲངས་ཏེ། ལྟེ་བར་བྱོན་པས་དགའ་བ། སྙིང་ཁར་བྱོན་པས་མཆོག་དགའ། མགྲིན་པར་བྱོན་པས་དགའ་བྲལ་གྱི་དགའ་བ། སྤྱི་བོར་བྱོན་པས་མས་བརྟེན་གྱི་ལྷན་ཅིག་བྱས་པའི་ཡེ་ཤེས་མངོན་དུ་བྱས་པའི་མོས་པ་མཛོད། དེའི་ཚེ་ཁམས་ཞུ་བ་ལས་བྱུང་བའི་བདེ་བ་ཆེན་པོའི་ཡེ་ཤེས་དེ་མངོན་དུ་བྱས་པའི་མོས་པ་མཛོད། ཉིད་ཀྱི་ངོ་བོ་སྟོང་པ་ཉིད་ཟུང་དུ་འཇུག་པའི་ཡེ་ཤེས་ལ་སེམས་ཅུང་ཟད་གཏད་ལ་རང་གི་སེམས་བདེ་སྟོང་དུ་ཤར་བའི་སྟོབས་ཀྱིས་སྣང་བའི་ངོ་བོ་དངོས་པོ་ཐམས་ཅད་ཀྱང་། བདེ་སྟོང་ཟུང་འཇུག་ཏུ་གྱུར་པའི་མོས་པ་མཛོད། དཔེར་ན་ཟད་པར་མེ་དང་ཆུ་ལ་སོགས་པའི་ཏིང་འཛིན་རྣམ་དག་ལ་སྙོམས་པར་ཞུགས་པའི་གང་ཟག་གིས་སྣང་བའི་དངོས་པོ་ཐམས་ཅད་མེ་དང་ཆུ་ལ་སོགས་པའི་རྣམ་པར་


CMR021_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་དུ་སྣང་བཞིན་ནོ། །དབང་དེ་ཐོབ་པའི་བརྡར་གདོང་གཡོགས་ཁྲོལ། །ཨ་ཁཾ་བི་ར་ཧཱུཾ། དེས་ནི་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ། ཡིད་ཀྱི་དྲི་མ་དག །ལམ་མགྱོགས་བྱེད་ཕོ་ཉའི་ལམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པ་དེ་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །དབང་བཞི་པ་ཞུ་བའི་དོན་དུ་མཎྜལ་ཕུལ། རྗེས་ཟློས་མཛོད། བདག་ཉིད་ཆེ་ཁྱོད་བཀའ་དྲིན་གྱིས། །ཤེས་རབ་ཡེ་ཤེས་དབང་བསྐུར་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང་། །མགོན་པོས་རྗེས་སུ་བཟུང་བར་མཛོད། །གསུམ། གདོང་གཡོགས་ཆིངས། དེའི་རྗེས་ཚིག་ཁོ་ནའི་དབང་བཞི་པ་སྦྱིན་པར་བྱའོ། །ཤེས་རབ་ཡེ་ཤེས་དེ་ཉིད་མྱུ་གུར་གྱུར་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པས་རབ་ཏུ་འཕེལ་བཞིན་སྒྲིབ་པ་མེད་པ་ཉིད་དུ་གྱུར་པའི་དེ་ཁོ་ན་ཉིད་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་རང་བཞིན་ཡན་ལག་བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཅན་དབང་བཞི་པའི་ངོ་བོ་བརྗོད་པར་བྱའོ། །ཞེས་གསུངས་པ་ལྟར་རང་རང་གི་རྒྱུད་རྣམས་ལས། བཞི་པ་དེ་ཡང་དེ་


CMR021_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །ཞེས་དང་། གསང་བ་འདུས་པའི་རྒྱུད་ལས། །དངོས་པོ་ཐམས་ཅད་དང་བྲལ་བ། །གཟུང་དང་འཛིན་པ་རྣམ་པར་སྤང་། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ཆོས་བདག་མེད་པ་མཉམ་པ་ཉིད། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་གསུངས་པའི་དོན་བཤད་པའམ། ཡང་བརྟག་གཉིས་ལས། ཡེ་ཤེས་འདི་ནི་མེ་ཕྲ་ཞིང་། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱེད་རང་ཡང་ནི་དེ་ཡི་ཕ། །ཞེས་གསུངས་པའི་དོན་བཤད་པའམ། །བདེ་མཆོག་ཉུང་ལས། དངོས་མེད་པ་ཡི་ཆོས་ཉིད་ཅན། །ནམ་མཁའ་ལྟ་བུར་དྲི་མ་མེད། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ནི། །སྟོང་པ་ཉིད་དུ་རྣམ་བསལ་བྱ། །ཞེས་གསུངས་པའི་དོན་རྣམས། བདེ་དགྱེས་གསང་གསུམ་གྱི་དཀྱིལ་ཆོག་ནས་བྱུང་བ་ལྟར། བཤད་ལ་ངོ་སྤྲོད་དོ། །མདོར་ན་སྔར་དབང་གསུམ་པའི་དུས་སུ་སྐྱེས་པའི་བདེ་སྟོང་གི་ཡེ་ཤེས་དེ་ཉིད་རང་རང་གི་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་མམ། རིགས་བདག་ཡབ་ཡུམ་གྱི་རྣམ་པར་ནམ་མཁའ་ལ་འཇའ་ཚོན་ཤར་བ་ལྟར་ཁ་སྦྱོར་ཡན་ལག་བདུན་ལྡན་སྐུར་སྣང་ཞིང་། དེ་ལྟ་བུའི་སྐུ་དེ་ཡང་


CMR021_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྟོང་གི་ཡེ་ཤེས་ལས་མ་འདས་པས། བདེ་སྟོང་ཟུང་འཇུག་བདེ་བ་ཆེན་པོའི་ཡེ་ཤེས་འཛིན་མེད་ཀྱི་ངང་ལ་བློ་བཞག་པར་བྱའོ། །དབང་བཞི་པ་ཐོབ་པའི་བརྡར་གདོང་གཡོགས་ཁྲོལ་། དེ་ལྟར་ཁྱེད་རྣམས་ཀྱིས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཚིག་ཙམ་གྱི་སྒོ་ནས་ངོ་སྤྱད་པ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །ལམ་ཕྱག་རྒྱ་ཆེན་པོ་དེ་ཁོ་ན་ཉིད་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་མངོན་དུ་བྱས་སོ། །ཞེས་བརྗོད་པ་ནི་ཚིག་དབང་བཞི་པ་སྟེ། དབང་གོང་མ་གསུམ་བསྐུར་བའི་ཆོ་གའོ། །དེ་ནས་བརྟུལ་ཞུགས་གསུམ་གྱི་དང་པོ་རིག་མའི་བརྟུལ་ཞུགས་སྦྱིན་པ་ནི། སློབ་དཔོན་དང་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་གཙོ་བོ། རྨེའམ། མོ་རྐྱང་རྣམས་ལ་རིགས་བདག་རྨི་བསྒོམ་པའི་ལག་པ་གཡས་པ་གྱེན་དུ་བཏེག་པར། སློབ་དཔོན་གྱི་ཕྱག་གཡོན་པས་རེག་པའི་ཚུལ་གྱིས། རིག་མ་གཏད་པར་བསྒོམས། གཡས་རྡོ་རྗེ་དང་བཅས་པས་སློབ་མའི་མགོར་བཞག་པར་བསྒོམ། ནམ་མཁར་བཞུགས་པའི་སངས་རྒྱས་རྣམས་དཔང་པོར་བྱས་ཏེ། འདིར་ནི་ཁྱེད་རྣམས་དཔང་པོ་ཡིན། །བདག་གིས་ཁྱོད་ལ་འདི་གཏད་དོ། །


CMR021_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བསྔགས། །ཐབས་གཞན་གྱིས་ནི་སངས་མི་རྒྱ། །འགྲོ་གསུམ་འདི་ཡང་དག་པ་སྟེ། །དེ་ཕྱིར་འདི་དང་བྲལ་བར་ནི། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །རིག་མའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་༔ འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་རིག་མའི་བརྟུལ་ཞུགས་ཆོ་གའོ། །དེ་ནས་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པ་ནི། བསངས་སྦྱངས། སྟོང་པའི་ངང་ལས་སློབ་མ་རྣམས་ཀྱི་ཆོས་རྒྱུ་ཅན་ཉོན་མོངས་པ་ལྔ་དང་། ཕུང་པོ་ལྔའི་ཆོས་ཉིད་རྣམས་མི་དམིགས་ཏེ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས། ཁྱེད་རང་རྣམས་ཀྱི་ཉོན་མོངས་པ་ལྔ་དང་ཕུང་པོ་ལྔའི་ཆོས་ཉིད་རྣམས། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རལ་པའི་ཐོར་ཚུགས་ལ་སོགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རང་དང་འདྲ་བའི་ཡུམ་རྡོ་རྗེ་སྙེམས་མ་དང་སྙོམས་པར་ཞུགས་པའི་སྐུ་ཅན་གྱི་


CMR021_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དཔྲལ་བར་ཨོཾ། མགྲིན་པར་ཨཱཿ༔ ཐུགས་ཀར་ཧཱུཾ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རྡོ་རྗེ་སེམས་དཔའི་རྣམ་པར་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ། ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཚད་དང་མཚན་ཉིད་དང་ལྡན་པ་ཁྱེད་རང་རྣམས་ཀྱི་ལག་པ་གཡས་པར་བྱིན་པར་བསྒོམས། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟེན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། །བརྟུལ་ཞུགས་འཛིན་པའི་གནས་སྤྱི་བོ་ཡིན་པས་སྤྱི་བོར་བཟུང་བའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ། ཏིཥྛ་ཨེ་ཥ་ཡ་ཧཱུཾ་དྷ་ར་ཡཱ་མི་བཛྲ་སཏྭ་ཧཱུཾ། ཧི་ཧི་ཧི་ཧི་ཧཱུྃ། ཞེས་བརྗོད་པ་ནི། རྡོ་རྗེ་བརྟུལ་ཞུགས་འཛིན་པའི་ཆོ་གའོ། །ཕ་རྒྱུད་ཀྱི་དཀྱིལ་འཁོར་བཞི་ལ་སྤྱོད་པའི་བརྟུལ་ཞུགས་མི་དགོས། ལུང་བསྟན་མན་ཆད་བྱའོ། །མ་རྒྱུད་ཀྱི་སངས་རྒྱས་ཐོད་པ་དང་། བདེ་མཆོག་དང་དགྱེས་པ་རྡོ་རྗེ་ལ་སོགས་པ་རྣམས་ལ་སྤྱོད་པའི་བརྟུལ་ཞུགས་ཇི་ལྟར་བྱེད་པའི་ཚུལ་ནི། སློབ་དཔོན་གྱིས། སློབ་མ་རྣམས་དཀྱིལ་འཁོར་གྱི་གཙོ་བོར་ཡབ་ཡུམ་ཆ་ར་སྐད་ཅིག་གིས་གསལ་བ་ལ། ཡེ་ཤེས་ཀྱི་


CMR021_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ད་ཁྱེད་རང་རྣམས་ལྷའི་རང་བཞིན་དུ་གསལ་བ་ལ། སྙིང་པོ་ལན་གསུམ་གྱིས་བསྔགས་པའི་ལག་པ་གཡས་སུ་ཌ་མ་རུ། ལྷགཡོན་དུ་ཐོད་པ། གྲུ་མོར་ཁ་ཊཾ་ག སྤྱི་བོར་ཚངས་པའི་སྐུད་པ་རྣམས་བྱིན་པའི་མོས་པ་མཛོད། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །དེས་ན་ཁ་ཊཾ་ཅང་ཏེའུ་སྣོད། །སྦྱིན་པ་དཔའ་མོས་བཟུང་བར་གྱིས། །ཞེས་འདི་སྐབས་སུ། སྙིང་པོ་ཚར་གསུམ་བརྗོད་པ་གལ་ཆེ། ད་མི་རུས་ལས་བྱས་པའི་འཁོར་ལོ་མི་བསྐྱོད་པ་སྔོན་པོ་ས་གནོན་མཉམ་བཞག་ཅན། རྣ་རྒྱན་འོད་དཔག་མེད་དམར་པོ་མཉམ་བཞག་ཅན། མགུལ་རྒྱན་རིན་ཆེན་འབྱུང་ལྡན་སེར་པོ་མཆོག་སྦྱིན་མཉམ་བཞག་ཅན། གདུབ་བུ་དྲུག་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། སྐེད་རྒྱན་དོན་ཡོད་གྲུབ་པ་ལྗང་ཁུ་སྐྱབས་སྦྱིན་མཉམ་བཞག་ཅན། ཐལ་ཆེན་དང་མཆོད་ཕྱིར་ཐོགས་དང་ཚངས་སྐུད་གསུམ་པོ་གང་རུང་། རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཐམས་ཅད་ཀྱང་ལོངས་སྤྱོད་རྫོགས་པའི་སྐུ་ཅན་དུ་གསལ་བ་ལ། ཁྱེད་རང་རྣམས་དང་སློབ་དཔོན་གྱི་ཐུགས་ཀ་


CMR021_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རིགས་ལྔ་དང་རྡོ་རྗེ་སེམས་དཔའི་རྣམ་པར་སྤྱན་དྲངས། དབྱེར་མེད་དུ་ཐིམ། ཛཧཱུྃ་ཐཾ་ཧོཿ དེ་དག་ཞུ་བ་ལས་བྱུང་བའི་འཁོར་ལོ་དང་རྣ་རྒྱན་སོགས་ཚད་དང་མཚན་ཉིད་དང་ལྡན་པར་གྱུར་པ། སོ་སོའི་སྔགས་གསུམ་གསུམ་གྱིས་བྱིན་གྱིས་བརླབས་ནས་གནས་སོ་སོར་ཐིམ་པ་བཞིན་དུ་བྱིན་པའི་མོས་པ་མཛོད། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །སྤྱི་བོར་འཁོར་ལོ་མི་བསྐྱོད་པ། །སྦྱིན་པ་དཔའ་མོས་བཟུང་བར་གྱིས། །ཨོཾ་དྷ་ར་དྷ་ར་དྷ་ར་ཡ་དྷ་ར་ཡ་མར་དྷ་མར་དྷ་བཛྲ་དྷིཀ་ཕཊསྭཱ་ཧཱ། གསུམ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །ན་ཆའི་བདག་ཉིད་འོད་དཔག་མེད། །སྦྱིན་པ་དཔའ་མོས་བཟུང་བར་གྱིས། །ཨོཾ་བཛྲ་དྷརྨཱ་ས་མ་ཡ་སཏྭ་ཧཱུཾ་ཧུ་ལུ་ཧུ་ལུ་ཨ་རོ་ལིཀ་ཕཊསྭཱ་ཧཱ། གསུམ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །མགུལ་གྱི་ཕྲེང་བ་རིན་ཆེན་བདག །སྦྱིན་པ་དཔའ་མོས་བཟུང་བར་གྱིས། །ཨོཾ་བཛྲ་སཱུརྨ་ཏཱ་མོ། བི་དྷ་མ་ཧཱ་ས་མ་ཡ་ཙཱ་ཨ་ཧཾ།


CMR021_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣ་དྷིཀ་ཕཊ་སྭཱ་ཧཱ། གསུམ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །གདུ་བུ་རྣམ་པར་སྣང་མཛད་ཉིད། །སྦྱིན་པ་དཔའ་་མོས་བཟུང་བར་གྱིས། །ཨོཾ་ཤ་ཤཱ་ཏ་པ་ར་མ་ཤ་ཤྭ་ཏ་ཨེ་ཧྱ་ཧི་ཛི་ན་ཛིཀ་ཕཊ༔སྭཱ་ཧཱ། གསུམ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །སྐེ་རགས་ལ་ནི་དོན་ཡོད་གནས། །སྦྱིན་པ་དཔའ་མོས་བཟུང་བར་གྱིས། །ཨོཾ་ཕུ་ཕུ་ཕུ་ཧི་ཧི་ཧི་པྲཛྙཱ་དྷིཀ་ཕཊསྭཱ་ཧཱ། གསུམ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །ལུས་ཀུན་ལ་ནི་ཐལ་ཆེན་རྒྱ། །སྦྱིན་པ་དཔའ་མོས་བཟུང་བར་གྱིས། །ཨོཾ་བཛྲ་སཏྭ་ཧཱུྃ། འཁོར་ལོ་བསྒྱུར་བ་དྲུག་ལ་སྦྱར་བའི་ཚེ། སྔར་གྱི་ཕྱག་རྒྱ་དྲུག་གི་སྟེང་དུ། མི་མགོ་ལྔ་བཅུའི་དོ་ཤལ་དང་། རྒྱབ་ཏུ་གླང་ལྤགས་སྨད་དུ་སྟག་ལྤགས་ཀྱི་ཤམ་ཐབས། རོའམ་རོ་རས་ཀྱི་གདན་རྣམས་གཙོ་བོ་རྡོ་རྗེ་སེམས་དཔའི་སྔགས་ཀྱི་བྱིན་གྱིས་བརླབས་ནས་བྱིན་པའི་མོས་པ་མཛོད། ཨོཾ་བཛྲ་སཏྭ་ཧཱུཾ། གསུམ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། ཕྱི་དང་ནང་དང་ཡང་དག་གནས། །མགོ་ཕྲེང་གླང་ལྤགས་སྟག་ཤམ་སོགས། །སྦྱིན་པ་


CMR021_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་མོས་བཟུང་བར་གྱིས། །ཨོཾ་བཛྲ་སཏྭ་ཧཱུཾ། གིས་སྦྱིན་པ་ནི་ཀྲི་ཡའི་ཁྱད་པར་རོ། །ཀྲི་ཡའི་གཞུང་ལས་མི་མགོའི་ཕྲེང་བ་དང་སྟག་ཤམ་གཉིས་ལས་མ་གསུངས་ཀྱང་འདིར་བླ་མའི་ཕྱག་ལེན་བཞིན་བྲིས་པ་ཡིན་ནོ། །བརྟུལ་ཞུགས་གསུམ་སྦྱིན་པའི་ཆོ་གའོ། །དེ་ནས་སྣམ་སྦྱར་གྱི་ཞབས་ནས་གཡོན་པས་ཆོས་གོས་ཀྱི་སྣེ་གཉིས་སེང་གེ་བག་ཕེབ་པའི་རྣ་བ་ལྟར་བཟུང་། གཡས་པས་སྐྱབས་སྦྱིན་བྱས་ལ། སློབ་དཔོན་ཨོཾ་ལས་སྤྲུལ་སྐུ་ཤཱཀྱ་ཐུབ་པར་བསྒོམས་ལ། དབང་འདི་ཐོབ་ཅིང་ཉམས་སུ་བླང་བ་ལ་བརྟེན་ནས་མ་འོངས་པ་ན་ཁྱེད་རྣམས་གསང་མཚན་བཏགས་པ་དང་མཚུངས་པའི་མཚན་འཛིན་པའི་དེ་བཞིན་གཤེགས་པར་འགྱུར་རོ། །ཞེས་ལུང་བསྟན་པའི་མོས་པ་མཛོད། འདིར་ནི་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་རྣམ་པར་དག །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་དཔལ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །སིདྡྷི་ས་མ་ཡ་བྷུསླུ་བསྭཱ། གང་ལ་ངས་ལུང་བསྟན་པ་འདིའི་བླ་མ་དང་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱིས་བྱང་ཆུབ་ཆེན་པོར་མགྲིན་གཅིག་ཏུ་ལུང་བསྟན་པར་མཛད་དེ། སྔགས་འདི་དང་ཕྱག་རྒྱ་འདི་ཡི་མཐུ་ཡིན་ནོ། །ཞེས་ཁྱེད་རང་རྣམས་དང་


CMR021_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བ་བསྐྱེད་པར་བྱའོ། །ལུང་བསྟན་ཆོ་གའོ། །རྒྱུད་ལས། བྱང་ཆུབ་སེམས་ཀྱི་དབང་བསྐུར་བས། །སློབ་མ་སྡིག་དང་བྲལ་བ་ལ། །རྗེས་སུ་གནང་བ་དེ་ནས་སྦྱིན་། །ཞེས་གསུངས་པས། ཁྱེད་རང་རྣམས་ཀྱི་མདུན་དུ་བློ་ལས་སྐྱེས་པའི་འཁོར་ལོ་དང་། ༀ་བཛྲ་ཧེ་ཏུ་ཚྭ། ལག་གཡས་སུ་ཨོཾ་བཛྲ་བྷ་ཥ་རཾ། ཡི་གེ་ཨཱཿལས་སྐྱེས་པའི་དུང་དང་། གཡོན་དུ་དབྱངས་དང་པོ་ལས་སྐྱེས་པའི་པོ་ཏི་དང་ཨཱཿ༔ དབྱངས་ཐ་མ་ལས་སྐྱེས་པའི་དྲིལ་བུ་རྣམས། རང་རང་གིས་སྔགས་བརྗོད་ཅིང་བྱིན་པས་དྲིལ་བུ་དཀྲོལ་བའི་མོས་པ་གྱིས། སློབ་དཔོན་གྱིས། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །བརྩམས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར། །དེ་རིང་ཕན་ཆད་འཇིག་རྟེན་ལ། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་ནས་ཡོངས་སུ་བཀང་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །དེ་ནས་རིགས་ལྔའི་ཕྱག་མཚན་ཡོད་ན་གཏད་པའམ། མེད་ན་བསྒོམས་པས་ཆོག་སྟེ། ཁྱེད་རང་རྣམས་རྣམ་པར་སྣང་མཛད་དུ་


CMR021_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམས་ཤིག །སེམས་ཅན་ཀུན་ལ་ཕན་དོན་དུ། །སེམས་ཅན་ཀུན་ལ་ཐམས་ཅད་ནས། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཛ་ཡ་ཛ་ཡ་སརྦ་ཏ་ཐཱ་ག་ཏ་ཨ་དྷཱིཔ་རི་པྲ་ཝརྟ་ཡ་དྷམཱ་ཙཀྲ་ག །ཁྱེད་རང་རྣམས་རིན་ཆེན་འབྱུང་ལྡན་དུ་སྒོམས་ཤིག །སེམས་ཅན་ཀུན་ལ་ཕན་དོན་དུ། །སེམས་ཅན་ཀུན་ལ་ཐམས་ཅད་ནས། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པའི། །སངས་རྒྱས་རིན་ཆེན་རབ་ཏུ་སྟོན། །ཨོཾ་བཛྲ་རཏྣ་དྷརྨཱ་སརྦ་དྷརྨཱ་བི་ཤུདྡྷེ་ཛྙཱ་ན་ཨ་བྷི་ཥེ་ཀ་པྲ་ཝརྟ་ཡ་ཨཻ་ཨོཾ་ཨོཾ།་ད་ཁྱེད་རང་རྣམས་སྣང་བ་མཐའ་ཡས་སུ་སྒོམས་ཤིག །སེམས་ཅན་ཀུན་ལ་ཕན་དོན་དུ། །སེམས་ཅན་ཀུན་ལ་ཐམས་ཅད་ནས། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པའི། །འདོད་ཆགས་དག་པར་རབ་ཏུ་སྟོན། །ཨོཾ་བཛྲ་དྷམ་སརྦ་དྷམ་བི་ཤུདྡྷེ་ཛྙཱ་ན་དྷ་ག་པདྨ་ལ་སྭ་བྷཱ་ཝ་ཧཱུྃཨཱཿ ད་ཁྱེད་རང་རྣམས་དོན་ཡོད་གྲུབ་པར་སྒོམས་ཤིག །སེམས་ཅན་ཀུན་ལ་ཕན་དོན་དུ། །སེམས་ཅན་ཀུན་ལ་ཐམས་ཅད་ནས། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པའི། །རྡོ་རྗེའི་མཆོད་པ་རབ་ཏུ་བསྐོར། །ཨོཾ་བཛྲ་ཀརྨ་སརྦ་དྷམ་བི་ཤུདྡྷེ་ཛྙཱ་ན་སརྦ་པཱུ་ཛ་སྭ་བྷཱ་ཝ་ཨཱཿ ཁྱད་པར་


CMR021_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲི་ཡའི་རྒྱ་གཞུང་ལས། སླར་ཡང་རྣམ་པ་སྣ་ཚོགས་ལས་བྱས་པའི། རིན་ཆེན་བདུན་ཡང་གཏད་པར་བྱ། །གྲི་གུག་ཁཊཾ་བགྲང་ཕྲེང་དང་། །གླེགས་བམ་ཐོད་ལེ་སམ་ཕོ་ར། །གྱོ་མོ་རྣལ་འབྱོར་དབྱུག་པ་དང་། །པདྨའི་ལག་པའི་ལྷམ་དང་ནི། །རྣལ་འབྱོར་པ་ཡི་སྒོམ་ཐག་རྣམས། །ལེགས་པར་དགའ་བའི་བསམ་པ་ཡིས། །སྔགས་ཅན་དེ་ཡིས་སྦྱིན་པར་བྱ། །ཞེས་གསུངས་པ་ལྟར། རྒྱལ་སྲིད་སྣ་བདུན་དང་གྲི་གུག་ལ་སོགས་པའི་རྫས་རྣམས་རིན་པོ་ཆེའི་སྣོད་མེ་ཏོག་སིལ་མས་བཀང་བའི་ནང་དུ་བཞག་ནས། ཁྱེད་རང་རྣམས་ཀྱི་ལག་པ་གཉིས་སུ་རིམ་བཞིན་དུ་བྱིན་པའི་མོས་པ་གྱིས། རྒྱལ་སྲིད་སོགས་ཙཀླུ་རྣམས་རིམ་པར། མ་འོངས་པ་ན་ཐུབ་པའི་དབང་པོ་ཡི། །གོ་འཕང་ཐོབ་ཕྱིར་འཇིག་རྟེན་འཇིག་རྟེན་ལས། །འདས་པའི་དབང་ཕྱུག་བླ་མེད་ཐོབ་ཕྱིར་དུ། །རིན་ཆེན་སྣ་བདུན་རྗེས་གནང་སྦྱིན་པར་བྱ། །ཨོཾ་སབྟ་རཏྟ་ཨ་བྷི་ཥིཉྩ་མཱི། མ་རིག་གཟུང་འཛིན་རྣམ་རྟོག་གཅད་པའི་ཕྱིར། །གྲི་གུག་རྗེས་གནང་རབ་ཏུ་སྦྱིན་བྱ་ཞིང་། །ཞི་རྒྱས་དབང་དང་མངོན་སྤྱོད་ལ་སོགས་པའི། །ཕྲིན་ལས་བསྒྲུབ་ཕྱིར་ཁ་ཊཾ་བགྲང་ཕྲེང་སྦྱིན། །


CMR021_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཀི་དྷ་ཀ་ཁ་ཊཾ་ཁ་མ་ལ་ཨ་བྷི་ཥིཉྩ་མཱི། ཕྱི་ནང་གསང་བ་དེ་ཁོ་ན་ཡི་ཆོས། །བསམ་པ་ཇི་བཞིན་གཞན་ལ་སྟོན་བྱའི་ཕྱིར། །རང་རང་རྒྱུད་ཀྱི་གླེགས་བམ་དག་དང་ནི། །ཐོད་ལེ་ཀོར་དང་སམ་བྷོ་ར་རྣམས་སྦྱིན། །ཨོཾ་པུཏྟ་ཀ་ཁ་ཊཾ་ཀ་སཾ་བྷོ་ར་ཨ་བྷི་ཥིཉྩ་མཱི། རྒྱལ་སྲིད་ལ་སོགས་སྲིད་པའི་བདེ་བ་ལ། །ཆགས་པ་སྤང་སྟེ་བསོད་སྙོམས་འཚོ་བ་ལ། །གནས་ནས་མི་བསྐྱོད་བསམ་གཏན་བྱ་ཕྱིར་དུ། །གྱོ་མོའི་སྣོད་དང་རྣལ་འབྱོར་དབྱུག་པ་དང་། །ལྷུམ་དང་སྒོམ་ཐག་རྣམས་ཀྱང་སྦྱིན་པར་བྱ། །ཨོཾ་ག་ཡ་ད་ར་ཡོ་ག་ག་ན་ཌ།་ཡ་ཏ་ཀ་པ་ཊ་ཀཾ། ཨ་བྷི་ཥིཉྩ་མཱི། དེ་ནས། ཐེ་ཚོམ་མེད་པའི་བསམ་པ་ཡིས། །ཁྱོད་འདིར་བློ་གྲོས་ངན་མི་བྱ། །གསང་སྔགས་སྤྱོད་པའི་ཚུལ་མཆོག་འདི། །མཉམ་མེད་རང་གིས་རབ་གསལ་བྱ། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་བཏགས་བྱས་པས་གཟོ་བར་འགྱུར། །རྡོ་རྗེ་འཛིན་པ་དེ་ཀུན་ཡང་། །ཁྱེད་ལ་རྟག་ཏུ་ཀུན་སྲུང་མཛོད། །ཤེས་རབ་ཐབས་ཀྱིས་རང་བཞིན་བདག །ཡིད་བཞིན་ནོར་བུ་ལྟར་མཐོང་བས། །སྐྱོན་མེད་དོགས་དང་བྲལ་བ་ཡིས། །དེ་ལྟར་སེམས་ཅན་དོན་གྱིས་ཤིག །ཅེས་བརྗོད་པ་ནི།


CMR021_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་གནང་བའི་ཆོ་གའོ། །དབུགས་དབྱུང་ནི། ད་སློབ་མ་གཞོན་པ་གཅིག་ལ་ཆོས་གོས་བཀོན་ནས། རུས་པ་དང་རིན་པོ་ཆེའི་རྒྱན་དྲུག་གིས་བརྒྱན་ཅིང་། དེས་དཀྱིལ་འཁོར་ལ་སྐོར་བ་བྱེད་པ་དང་མཉམ་དུ་ཁྱེད་རང་རྣམས་ཀྱིས་བྱས་པར་བསྒོམས་ལ་རྗེས་ཟློས། མ་ཧཱ་ར་ཏ་སུ་ཌི་ཏ་སུ་ཏཱ་ཥ་བཛྲ་སཏཱ་ཨརྱ་སིདྡྷ་ནཱཾ། སྤྱི་བོ་རུ་ནི་གདུགས་བཟུང་ཞིང་། །སྐོར་བ་བྱེད་དུ་བཅུག་ནས་ནི། །དཀྱིལ་འཁོར་ཤར་སྒོར་ཐལ་སྦྱར་བ། །གདུགས་བཅས་དབབ་ཅིང་འདི་སྐད་བརྗོད། །ཅེས་གསུངས་པས། ཁྱེད་རང་རྣམས་ཀྱི་སྤྱི་བོར་གཞན་ཞིག་གིས་གདུགས་བཟུང་། དཀྱིལ་འཁོར་གྱི་ཤར་སྒོ་ནས་ཕྱག་གསུམ་འཚལ་ནས། ཁྱེད་རང་རྣམས་ཀྱི་ལུས་ལོངས་སྤྱོད་དགེ་བའི་དངོས་པོ་དང་བཅས་པ་ཐམས་ཅད་དཀྱིལ་འཁོར་གྱི་ལྷ་ལ་འབུལ་བསམ་ཞིང་། དཀྱིལ་འཁོར་ལ་མགོ་བོ་འདུད་པ་རེ་གྱིས། སྔགས་དང་རྒྱུད་རྣམས་འཛིན་གྱུར་པའི། །སློབ་མ་འདི་ནི་འབུལ་བ་ལགས། །ད་ཁྱེད་རང་རྣམས་ཤར་སྒོ་ནས་ཕྱག་གསུམ་འཚལ་ཏེ་པུས་བཙུགས་ཐལ་མོ་སྦྱར་བས་ཉོན། ཐམས་ཅད་ཀྱི་སྙིང་ལ་འབབ་པའི་གཏམ་འདིར་བརྗོད་པ་ལ་གསན་པས་ཁྱབ་པར་གདའ། །


CMR021_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ཁྱེད་རྣམས་དཀྱིལ་འཁོར་གྱིས། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་དག་ཀྱང་དགོངས་པར་འགྱུར། །སེམས་ཅན་ཀུན་ལ་བརྩེ་དོན་དུ། །ཁྱེད་ཀྱི་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །མཆོག་ཏུ་གསང་བ་དམ་པ་ཡིས། །དཀྱིལ་འཁོར་མཐོང་ཞིང་ཞུགས་པས་ན། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཁྱོད་ལ་མེད། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་མཐའ་གྲུབ་བོ། །སངས་རྒྱས་རྡོ་རྗེ་ཅན་ཀུན་གྱི། །དེ་རིང་ཚེ་ལྡན་དབང་བསྐུར་རོ། །ཁམས་གསུམ་ཀུན་གྱི་རྒྱལ་སྲིད་ཆེ། །བདག་པོ་ཉིད་དུ་ཁྱོད་ངེས་སོ། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་ཉིད། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །འདོད་པ་ཀུན་ལ་སྤྱོད་པ་ཁྱོད། །གང་ལའང་འཇིགས་མེད་སྤྱད་པར་གྱིས། །ཤ་ལྔ་བདུད་རྩི་ལྔ་བཟའ་ཟ། །འདི་ལས་གཞན་ཡང་དམ་ཚིག་བསྲུང་། །


CMR021_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཆགས་བསད་པར་མི་བྱ་ཞིང་། །སློབ་དཔོན་སྤང་བར་མི་བྱ་སྟེ། །དམ་ཚིག་ཤིན་ཏུ་འདའ་བར་དཀལ། །ཤེས་རབ་ཐབས་ཀྱི་བསམ་པ་ཡིས། །མི་བྱ་ཅུང་ཟད་ཡོད་མ་ཡིན། །མ་འཇིགས་ཁྱོད་ལ་སྡིག་པ་མེད། །དེ་བཞིན་གཤེགས་པའི་གསུང་ཇི་བཞིན། །འདི་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གིས་དམ་ཚིག་མི་བཟད་བདེ་སྟེར་བསྟེན་པར་གྱིས། །འགྲོ་བ་བདེ་བ་མྱོང་ལ་རྡོ་རྗེ་སེམས་དཔའ་དང་། །མཚུངས་པའི་རྟག་པ་ཉིད་དུ་ཁྱོད་རྣམས་ཕྱིན་པར་འགྱུར། །གཞན་ཡང་གང་དག་ཆོ་ག་ཇི་ལྟ་བ་བཞིན་དབང་བསྐུར་བ་ལ་དགེ་བའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། སྡུག་པའི་བུ་དང་འདྲ་བར་ཐུགས་དངས་བས་ཡང་དག་པར་དགོངས་པ་མཛད་པ་འདི་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ནོ། །དབུགས་དབྱུང་ཆོ་གའོ། །དབང་བསྐུར་རྗེས་ཀྱི་ཆོ་ག་ནི། །ཁས་བླང་དོན་བསྒྲུབ་སྤྲོ་བ་བསྐྱེད། །ཡོན་འབུལ་དེང་ནས་བརྩམས་སོགས་བརྗོད། །ཅེས་གསུངས་པ་ལྟར། དེ་ལྟར་ཁྱེད་རང་རྣམས་ཀྱི་རྗེའི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་ཐོབ་པས། དེ་དག་གི་སྐབས་སུ་ཁས་བླངས་བའི་དམ་ཚིག་དང་


CMR021_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པ་ཚུལ་བཞིན་དུ་བསྲུང་སྙམ་པས་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དེ་ལྟར་དབུགས་ཕྱིན་པའི་སློབ་མ་རྣམས་ཀྱིས། རང་གཞན་གྱི་དོན་རྒྱ་ཆེན་པོ་འགྲུབ་པ་ལ་དགའ་ཞིང་སྤྲོ་བའི་ཕྱིར།། རྗེས་ཟློས་མཛོད། དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་ནི་གསོན་པའང་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་དེང་བདག་འགྱུར། །འོ་དེ་ལྟར་རྨེའི་དཀྱིལ་འཁོར་དུ་དབང་བསྐུར་བ་རྫོགས་པར་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། ས་གཞི་སྤོས༔ འདི་ཡི་རྗེས་ཟློས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཤས་ཀྱང་ནི་སྤྱད་དུ་གསོལ། །གསུམ། དེ་ལྟར་རྡོ་རྗེ་ཕྲེང་བའི་ནང་ནས་སྒྲེའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བླ་མ་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ།་སློབ་དཔོན་ཆེན་པོ་ཨ་བྷ་ཀ་ར་གུཔྟ། ཨ་ནུ་པདྨ་རཀི་ཏ། པཎྜི་ཏ་བིཀྟ་དེ་ཝ། པཎ་ཆེན་ཤཱཀྱ་ཤྲཱི། དེ་སོགས་བརྒྱུད་པ་འགའ་ཟུང་ལས་བྱུང་བའི་དབང་


CMR021_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བ་རྣམ་པར་དག་པ་ཐོབ་པ་ཡིན་པས། རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད། གཞུང་ལས། དེ་ལྟར་བླ་མེད་དཀྱིལ་འཁོར་སོ་དྲུག་པོ་ཐམས་ཅད་ལ་སྦྱར་བར་བྱེད་ན། ཀྲི་ཡ་ས་མུཉྩཡི་རྒྱ་གཞུང་ནས་བཤད་པའི་ཆོ་ག་དང་། ས་བཟང་གཞོན་ནུ་བློ་གྲོས་ཀྱིས་མཛད་པའི་དཀྱིལ་ཆོག་གིས་དབང་བསྐུར་ཆོ་ག་རྒྱས་པ་དང་མཐུན་པའི་ཕྱག་ལེན་ཡིན་ཞིང་། རྡོ་རྗེ་ཕྲེང་བའི་དབང་བསྐུར་རྒྱས་པ་དང་མཐུན་པའི་ཕྱག་ལེན་གྱི་སྟེང་དུ། བདེ་མཆོག་འཁོར་ལོས་བསྒྱུར་དྲུག་དང་གུར་རིགས་བསྡུས་ལ་སྦྱར་ཏེ། དབང་བསྐུར་ཉིན་གཅིག་ལ་མཛད་པ་དེ་ལ། ཡེ་ཤེས་དབབ་པའི་སྤོག་ཆོག་ནས་བརྩམས་ཏེ། ཀྲི་ཡའི་ཁྱད་པར་གྱི་ཆོས་རྣམས། ཕྲེང་བ་རྒྱས་པའི་དབང་བསྐུར་ཕྱིན་གྱི་སྟེང་དུ་བསྣན་པ་ནི། དབང་བསྐུར་རྒྱས་པའི་ཕྱག་ལེན་ཡིན་ལ། ཞེས་གསུངས་པ་ལྟར། རཱ་ག་ཨ་སྱས་བསྒྲིགས་པ་ལ། ཉེས་པ་མེད་པས་བཤགས་བྱ་མ་མཆིས། ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཀྱིས་བགྱིས་སོ། །འདི་ལྟར་བགྱིས་པའི་དགེ་བའི་རྩ་བས་བདག་གཞན་འབྲེལ་པ་ཐོགས་ཚད་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR021_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

དབང་རྡོ་རྗེ་ཕྲེང་བའི་བསྐུར་བྱ་འབྲིང་པོའི་ཕྱག་ལེན་ཕ་རྒྱུད་ལ་སྦྱར་བ།


CMR021_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རྡོ་རྗེ་ཕྲེང་བའི་བསྐུར་བྱ་འབྲིང་པོའི་ཕྱག་ལེན་ཕ་རྒྱུད་ལ་སྦྱར་བ་སྟེ་བླ་མེད་སྤྱི་ལ་ཡང་རུང་ངོ་།།


CMR021_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་དྷ་ར་ཡེ། རྩ་བརྒྱུད་བླ་མ་རྡོ་རྗེ་འཆང་ཆེན་དངོས། །དཀྱིལ་འཁོར་ལྷ་ཚོགས་ཀུན་ལ་ཕྱག་འཚལ་ལོ། །གཞུང་ལས། ཀྲི་ཡའི་ཕྱག་ལེན་རྣམས་དོར་ལ། རྡོ་རྗེ་ཕྲེང་བའི་དབང་བསྐུར་གྱི་ཕྱག་ལེན་འབྲིང་པོར་འཇོག །ཅེས་གསུངས་པ་ལྟར་འདིར་བྲི་བ་སྟེ། འདི་དངོས་བསྟན་ཕ་རྒྱུད་ལ་སྦྱར་བའི་དབང་དུ་བྱས་པ་ཡིན་གྱིས། མ་རྒྱུད་ལ་སྦྱར་ན་སྤྱོད་པའི་བརྟུལ་ཞུགས་སབ་དགོས། སྟ་གོན་བྱས་པའི་སློབ་མ་ཁྲུས་བྱས། མཎྜལ་ཕུལ་ལ། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ནས། །སྐྱེ་རྒ་ན་འཆི་ན་ཀྲ་ཡི། །།ཆུ་སྲིན་ལ་སོགས་འཇིགས་རུང་བའི། །སྲིད་པའི་རྒྱ་མཚོར་བྱིངས་བ་ལས། །འདོན་པར་བྱེད་པ་ཁྱོད་འབའ་ཞིག །


CMR021_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ་། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ད་མདུན་གྱི་ནམ་མཁར་རྗེའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ། བླ་མ་བརྒྱུད་པ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དཔག་ཏུ་མེད་


CMR021_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་སྔོན་དུ་འགྲོ་བའི་ཐུན་མོང་གི་སྡོམ་པ་དང་། ཐུན་མོང་མ་ཡིན་པའི་སློབ་དཔོན་གྱི་སྡོམ་པ་གཟུང་བའི་ཕྱིར་རིགས་ལྔ་སྤྱི་དང་ཁྱད་པར་གྱི་དམ་ཚིག་རྣམས་བསྲུང་སྙམ་པའི་བསམས་པས། འདི་དག་གི་རྗེས་ཟློས་ལན་གསུམ་གསུམ་གསུང་བར་ཞུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །ཞེས་ལན་གསུམ་བརྗོད་དུ་གཞུག་གོ །ཕ་རྒྱུད་ལ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། མ་རྒྱུད་ལ། སྲས་བཅས་སངས་རྒྱས་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཆེ་གེ་མོ་ཞེས་བགྱི་བ་དུས་འདི་ལ་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་ལྟར། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །


CMR021_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་མཆོག་ཏུ་བཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱི་ཞིང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །


CMR021_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ལན་གསུམ། ད་ཁྱེད་རང་རྣམས་དམིགས་པ་འདི་བཞིན་མཛོད། ཨོཾ་ཞེས་བརྗོད་པས། ཁྱེད་རང་རྣམས་སྐད་ཅིག་གིས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་འཁོར་ལོ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་རལ་པའི་ཐོར་ཅོག་དང་ཐོད་པའི་ཕྲེང་བའི་ཅོད་པན་ཅན། ཕ་རྒྱུད་ལ་རིན་པོ་ཆེའི། མ་རྒྱུད་ལ་རུས་པའི། རྒྱན་ཆ་དྲུག་གིས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའི་སྐུ་ཅན་དུ་ཀྲོང་གིས་གྱུར་པ་ལ། ལས་སྔགས་བརྗོད། ལས་སྔགས་ཀྱིས་བྱིན་གྱིས་བརླབས་པའི་དར་ཁ་དོག་སྣ་ཚོགས་པའམ། དམར་པོའི་སྨད་གཡོགས་ཕུལ་བའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་བོ་ངྷི་ཨ་ལཾ་ཀཱ་ར་ཝས་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་སྨད་གཡོགས་བཀོན་ཚུལ་བྱ། སྟོད་གཡོགས་སྔོན་པོའམ་དམར་པོ་བཀོན་པའི་མོས་པ་གྱིས། །ཨོཾ་བཛྲ་རཀྵ་ཧཾ། བཅོས་མའི་ཐོར་ཚུགས་སྦྱིན་པའི་མོས་པ་གྱིས། ཨོཾ་བཛྲ་ཨུཥཱི་ཥ་ཧཱུཾ་ཕཊ། ལས་སྔགས་བརྗོད་ཅིང་། དར་དམར་པོའམ་སེར་པོའི་མིག་རས་བཅིང་བའི་མོས་པ་


CMR021_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། ཨོཾ་ཙཀྵནྟན་ཝ་ར་མ་ཎ་ཡ་ཧཱུྃ། མེ་ཏོག་གི་ཕྲེང་བ་ལག་ཏུ་གཏད་པའི་མོས་པ་མཛོད། ཨ་ཁཾ་བཱི་ར་ཧཱུྃ། ལས་ཐམས་ཅད་ཀྱི་ཆུས་བསངས་ཏེ། དཀྱིལ་འཁོར་རང་རང་གི་ལས་སྔགས་བརྗོད། སློབ་མ་རྣམས་ལྷར་གསལ་བའི་སྙིང་གར་ཧཱུྃ་ནག་པོའི་ལྟེ་བར་ཉི་མ་ལ་ཧཱུྃ་ནག་པོ་དང་། མགྲིན་པར་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མ་ལ་ཨཱཿཙྪདམར་པོ། དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོའི་ལྟེ་བར་ཟླ་བ་ལ་ཨོཾ་དཀར་པོ། དེ་དག་ལས་འཕྲོས་པའི་འོད་ཟེར་གྱིས་སློབ་མའི་ལུས་ངག་ཡིད་གསུམ་གྱི་དྲི་མ་ཐམས་ཅད་བྱང་ཞིང་དག་སྙམ་པའི་མོས་པ་མཛོད། ཧཱུྃ་ཞེས་བརྗོད་པས་དཀྱིལ་འཁོར་གྱི་ཤར་སྒོར་བཞག་པའི་མོས་པ་མཛོད། ཀྱེ། དགའ་བ་ལ་དགའ་བ་ཁྱེད་སུ་ཡིན། ཅི་ལ་དགའ། ད་འདིའི་རྗེས་ཟློས། བདེ་ཆེན་བདག་ནི་སྐལ་བཟང་ལའོ། །ད་ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བ་དང་བཅས་པ་བཞུགས་པར་བསྒོམས་ལ། ཀུན་རྫོབ་སེམས་བསྐྱེད་དང་དོན་དམ་སེམས་བསྐྱེད་ཟུང་


CMR021_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་དུ་ཉམས་སུ་བླང་བསམ་པ་གྱིས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུརྱ་ཏ་ཡཱ་མི། དེ་ལྟ་བུའི་སེམས་བསྐྱེད་པ་བརྟན་པར་བྱ་བའི་ཕྱིར་སྙིང་གར་རྡོ་རྗེ་དང་བཅས་པའི་མེ་ཏོག་བཞག་པའི་མོས་པ་མཛོད། ཨོཾ་སུ་ར་ཏེ་ས་མ་ཡ་སཱུ་ཧོཿ སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེ་ལྟ་བུའི་ཡེ་ཤེས་པ་དེ་སྣོད་མིན་ལ་གསང་བར་གདམས་པའི་ཕྱིར་མགོ་བོར་རྡོ་རྗེ་བཞག་པའི་མོས་པ་མཛོད། འདི་རྣམས་ལ་ཉུང་ན་རྡོ་རྗེ་བཞག་ཅིང་མང་ན་བཞག་ཚུལ་བྱ་བས་འཐུས། དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རླབས་པར་འགྱུར་གྱིས། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་། མ་དད་པ་ལ་ཡང་མི་བྱའོ། །དེ་ཡན་ཆད་ཕྱི་མཇུག་གི་ཆོ་གའོ། །ད་སློབ་དཔོན་གྱི་ལག་གི་རྡོ་རྗེ་འདི་ལ་འཇུས་ནས་ཡོལ་བའི་ནང་དུ་ཞུགས་པའི་མོས་པ་མཛོད། ཨོཾ་ཡ་མཱནྟ་ཀྲྀཏ་ཧཱུྃ། ཡོལ་བའི་ནང་དུ་བཅུག་པའི་མོས་པ་མཛོད། ཨ་ཁཾ་བཱི་ར་ཧཱུཾ། ཡིད་ཀྱིས་སྐོར་བ་ལན་གསུམ་བྱས་པའི་མོས་པས་རྗེས་ཟློས་ལན་གསུམ་མཛོད། མ་ཧཱ་ར་ཏ་སུ་དྲི་ཌྷ་སུ་ཏོ་ཥྱ་སུ་སུ་ཁོ་


CMR021_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་སཏྭ་ཨཱཿརྱ་སིད་རྒྱ་ཚྭ། ཤར་སྒོ་ནས། མི་བསྐྱོད་པའི་ང་རྒྱལ་གྱིས་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ནས། བདག་ལ་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པས་རྗེས་ཟློས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པསྦྲ་ནཱ་ཡ་ཨཱཿཏྨ་ནཾ་ནིརྨ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སཏཱ་ཨ་དྷི་ཏིཥྛ་སྲ་ཨཾ། ཡང་དེ་ཉིད་ནས་ཕྱག་འཚལ་ཏེ། བདག་ལ་རྣམ་སྣང་གིས་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པས་རྗེས་ཟློས་མཛོད། ཨོཾ་སརྦ་བུདྡྷ་པཱུ་ཛོ་པསྦྲ་ནཱ་ཡ་ཨཱཿཏྨ་ནཱ་ནཱིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་བེ་རོ་ཙ་ན་ཨ་དྷི་ཏིཥྛ་སྭ་ཚྭ། །གཡས་བསྐོར་དུ་དེ་བཞིན་དུ་ལྷོ་སྒོ་ནས་ཕྱག་འཚལ་བར་མོས་ཏེ། རིན་འབྱུང་གིས་བདག་ལ་དབང་བསྐུར་དུ་གསོལ་སྙམ་པས་རྗེས་ཟློས་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥ་ཀ་ཡ་ཨཱཿཏཱ་ནཾ་ནིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྟ་ཨ་བྷི་ཥཉྩ་ཨཾ། ནུབ་སྒོ་ནས། འོད་དཔག་མེད་ཀྱི་བདག་ལ་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ་སྙམ་པས་རྗེས་ཟློས་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་ཝརྟ་ནཱ་ཡ་ཨཱཿཏྨ་ནཱི་ནཱིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷམ་ཙཀྲ་པྲ་བརྟ་ཡ་མཱི། བྱང་སྒོ་ནས། དོན་གྲུབ་ཀྱིས་བདག་ལ་ལས་ཀྱི་དངོས་གྲུབ་མ་ལུས་པ་


CMR021_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བསྩལ་དུ་གསོལ་སྙམ་པས་རྗེས་ཟློས་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ་ཨཱཿཏྨ་ནཱི་ནཱིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀ་རུ་ཚྭ། སླར་ཡང་ཤར་སྒོ་ནས་སློབ་དཔོན་གྱི་ཞབས་ལ་ཕྱག་འཚལ་བར་མོས་ལ་སེམས་ཅན་ཐམས་ཅད་ཀྱི་དོན་འགྲུབ་པར་མཛད་དུ་གསོལ་སྙམ་པས་རྗེས་ཟློས་མཛོད། ཨོཾ་གུ་རུ་ཙ་ར་ཎོ་པཱུ་ཛ་པསྠཱ་ནཱ་ཡ་ཨཱཿཏྨ་ནཱི་ནཱིདྨ་ཏ་ཡཱ་མི། ཨོཾ་སརྦ་སཏཱ་པཱ་རི་པྲ་ཎ་ཧྥ་ཨཱཿཏཱ་ནཾ་ནིརྱ་ཏ་ཡཱ་མི། ནང་དུ་འཇུག་པའི་ཆོ་གའོ། །དེ་ནས་དམ་བཞག་བཞི་ནི་རྡོ་རྗེ་གདེངས་ལ་འགོར་བཞག་པའམ་མང་ན་བཞག་ཚུལ་གྱིས་ཆོག །དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེ་བས་ན་ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས།་ཁྱོད་ཀྱིས་འདིར་དཀྱིལ་འཁོར་འདི་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་ཀྱི་དམ་ཚིག་ཉམས་པར་གྱུར་ཏ་རེ། ཕན་ཡོན་ཀྱི་སྒོ་ནས་དམ་ལ་བཞག་པའོ། །རྡོ་རྗེ་མགོར་བཞག་པའམ། མང་ན་བཞག་ཚུལ་བྱ་ཞིང་དྲིལ་བུ་འཁྲོལ་ལ། །ཨོཾ།་འདི་ནི་དམ་ཚིག་རྡོ་རྗེ་སྟེ། །ཁྱོད་ཀྱི་དམ་ཚིག་རྡོ་


CMR021_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་འདི། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་སྤྱི་བོ་འགེམ། །ཉེས་དམིགས་ཀྱི་སྒོ་ནས་དམ་བཞག་གོ །སྙིང་གར་རྡོ་རྗེ་བཞག་པའམ། བཞག་ཚུལ་བྱས་ལ། ཨོཾ་། དེ་རིང་རྡོ་རྗེ་སེམས་དཔའ་རང་། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་བྲལ་ཏེ་གཤེགས། །ཞེས་བཀའ་བསྒོ་བའོ། །དུང་ཆོས་ཀྱི་ཆུ་རྣམ་རྒྱལ་གྱི་ཆུས་བྲན་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག །ཨོཾ་པཉྩ་ཨ་མི་ཏ་ཨུ་ད་ཀ་ཋཱ། ཞེས་དམ་ཆུ་བླུ། མང་ན་མཆོད་གཡོག་པས་བཀྱེ་ཡང་རུང་། རྡོ་རྗེ་མགོར་བཞག་པའམ་མང་ན་བཞག་ཚུལ་བྱ་ཞིང་། དེང་ནས་ཕྱིན་ཆད་བུ་ཁྱོད་ཀྱི། དཀྱིལ་འཁོར་གང་ཡིན་གྱི་གཙོ་བོའི་མཚན་བརྗོད་ལ། ང་ཡིན་གྱིས་ངས་འདི་གྱིས་ཤིག་གང་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། བྱས་ན་ཁྱོད་ཡ་ང་བ་མ་སྤང་པར་དུས་ཀྱི་མཐར་བྱ་བ་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། བླ་མའི་བཀའ་ཉན་པའི་དམ་བཞག་གོ །ད་ཡེ་ཤེས་པ་འབེབས་པའི་དོན་དུ་མཎྜལ་ཕུལ། ས་གཞི་སྤོས་སོགས། རྗེས་ཟློས་མཛོད་


CMR021_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །སྒྲེའི་ལྷ་ཚོགས་རྣམས་བདག་ལ་དབབ་པར་མཛད་དུ་གསོལ། ལན་གསུམ། ད་ངེད་རང་རྣམས་ཡིད་མ་ཡེངས་པར་དམིགས་པ་འདི་བཞིན་དུ་སྒོམས་ཤིག །ཨ་ཞེས་བརྗོད་པས་ཁྱེད་རང་རྣམས་སྐད་ཅིག་གིས་འོད་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པདྨ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་རལ་པའི་ཐོར་ཅོག་དང་། ཐོད་པའི་ཕྲེང་བའི་ཅོད་པན་ཅན་ཕྱག་རྒྱ་དྲུག་གིས་བརྒྱན་པ། རྐང་པ་གཉིས་བསྒྲད་པའི་ཚུལ་གྱིས་བཞུགས་པ། དེའི་སྙིང་གར་ལཾ་ལས་ས་ཡི་དཀྱིལ་འཁོར་སེར་པོ་གྲུ་བཞི་ཡི་གྲྭ་བཞིར་རྡོ་རྗེས་མཚན་པའི་ཉི་མ་ལ་ཧཱུཾ་སྔོན་པོ། མགོ་བོར་ཝཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པར་ཟླ་བ་ལ་ཧ་དཀར་པོ། མགྲིན་པར་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་བ་དན་གཡོ་བ་གཉིས་ཀྱིས་མཚན་པར་ཟླ་བ་ལ་ཨཱཿཙྪདམར་པོས་བརྒྱན་པ། རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་སྤྱན་དྲངས་ཏེ་ཡིག་འབྲུ་རྣམས་ལ་ཐིམ་པས་སྐུ་གསུང་ཐུགས་རྡོ་


CMR021_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་རང་བཞིན་དུ་གྱུར། ཛཿཧཱུྃ་བཾ་ཧོཿ སློབ་མ་འོད་དཔག་མེད་དུ་གསལ་བའི་རྐང་པ་གཉིས་ཀྱི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རཾ་གྱིས་མཚན་པའི་ནང་དུ་ཡི་གེ་ཛཱི་དམར་པོ་མེ་འབར་བ། དེའི་འོད་ཟེར་རྐང་པའི་བུ་ག་གཉིས་ནས་ཡར་ཞུགས་པས་མེའི་འོད་ཟེར་གྱིས་ལུས་ཀྱི་ནང་ཐམས་ཅད་གང་། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་བྱས། དེའི་ཚེ་ལུས་ཀྱི་བུ་ག་ནས་མེའི་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པ་དང་། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ཁྱད་པར་དུ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ནས་དེ་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དཀྱིལ་འཁོར་ལྷ་ཚོགས་ཀྱི་རྣམ་པ་ཅན་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་རང་གི་ལུས་ལ་ཆར་བབ་པ་བཞིན་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་རླབས་པའི་མོས་པ་མཛོད། སྤོས་དུད་རོལ་ཆེན་བྱ། གཙོ་བོའི་


CMR021_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་མཇུག་ཏུ། ཨཱཿ་ཝེ་ཤ་ཡ་སྟམྦྷ་ཡ་ར་ར་ར་ར་ཙཱ་ལ་ཡ། ཙཱ་ལ་ཡ་ཧཱུྃ་ཧི་ཨཿ ཛྷེ༔ ཏིཥྛ་མ་ཧཱ་ཀྲོ་དྷ་ཨཱཿ་ཝེ་ཤ་ཡ་སྟམྦྷ་ཡ། ར་ར་ར་ར་ཙཱ་ལ་ཡ། ཙཱ་ལ་ཡ་ཧཱུྃ་ཧ་ཨ། དེས་ཡེ་ཤེས་པ་ཕེབས་སམ་མ་ཕེབས་ཀྱང་རུང་སྟེ་སྤོག་ཆོག་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོར་གསལ་བ་ལ་མོས་གུས་དྲག་པོ་བྱས་པས། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཁྱད་པར་དུ་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས། །དེ་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དཀྱིལ་འཁོར་ལྷ་ཚོགས་ཀྱི་རྣམ་པ་ཅན་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། ཁྱེད་རང་གི་ལུས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། རྡོ་རྗེ་གསོར་དྲིལ་བུ་ཁྲོལ་ཞིང་། འདི་ཁྱོད་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔའ་ཞེས་སུ་བརྗོད། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །དེ་རིང་ཁྱོད་ལ་ཕེབས་པར་མཛོད། །ཨོཾ་བཛྲ་ཨཱཿ་བེ་ཤ་ཡ་ཨ་ཨ་ཨ་ཨ། མགོ་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་པའི་མོས་པ་མཛོད། ཏིཥྛ་བཛྲ། ད་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཕྱོགས་སུ་ལྟོས།


CMR021_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ཀྱི་མིག་ལམ་ན་ཇི་ལྟར་སྣང་། དཀར་པོ་ཞི་བ། སེར་པོ་རྒྱས་པ། དམར་པོ་དབང་། ནག་པོ་མངོན་སྤྱོད། ལྗང་གུ་དང་ཁྲ་བོ་མཐོང་ན་ལས་སྣ་ཚོགས་འགྲུབ་པར་འགྱུར་རོ། །སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པས་ཕྱག་གཡས་ཀྱིས་སློབ་མའི་གཙོ་བོ་ཞིག་གི་མཐེ་བོང་ནས་བཟུང་སྟེ། ཁྱེད་རང་རྣམས་ཀྱིས་བསྐོར་བ་ལན་གསུམ་བྱས་པར་བསྒོམས། ཨོཾ་ཨ་བིགྷན་ཏ་ཀྲྀཏ་ཧཱུྃ། ལས་སྔགས་ལན་གསུམ་བརྗོད། དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་བཏབ་ཅིང་། བདེན་སྟོབས་བརྗོད། རྡོར་དྲིལ་འཛིན་པས། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་གཞུག་པ་འདིའི། །ལྷ་རྣམས་ཀྱིས་ནི་རིམ་པ་ནི། །བསོད་ནམས་ཇི་ལྟར་དེ་ལྟར་ཤོག །འདི་ཡིས་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཅི་འདྲ་བར། །དེ་འདྲར་དཀྱིལ་འཁོར་དུ་གྱུར་ཅིག །གསུམ་བརྗོད། ཀྲྀ་ཊཾ་ཏྲ་སྔར་བྱིན་པའི་མེ་ཏོག་གི་ཕྲེང་བ་ཡི་གེ་ཧྲཱིཿ་གྱིས་སྔགས་པ་ལས་ཡངས་ཤིང་མ་རྙིང་པའི་མེ་ཏོག་གཅིག་བཏོན་ལ་ལག་པ་ཐལ་མོ་སྦྱར་བའི་བར་དུ་བཟུང་སྟེ། སློབ་མ་རྣམས་ཀྱི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གི་ཡི་གེ་རྣམས་ལས་འཕྲོས་པའི་འོད་ཟེར་གྱིས། ལུས་ཐམས་


CMR021_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་གང་བས་སྒོ་གསུམ་དྲི་མ་རྣམས་བཀྲུས་ཤིང་དག་པར་མོས་ལ། བླ་མས་ཀྱང་དེ་ལྟར་བྱིན་གྱིས་བརླབས་པས་གུས་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་པ་དང་བཅས་པའི་དཀྱིལ་འཁོར་གྱི་དབང་ཕྱུག་མདུན་ལ་གནས་བཞིན་དུ་དམིགས་པ་ལ་དཀྱིལ་འཁོར་དེར་ཡིད་ཀྱིས་ཞུགས་ཏེ་གཙོ་བོའི་དབུ་ལ་མེ་ཏོག་དོར་བའི་མོས་པས་རྗེས་ཟློས་མཛོད། ཨོཾ་ཏིཥྛ་བཛྲ་དྲི་རྣོ་མེ་བྷ་བ། ཤཱ་ཤྭ་ཏོ་མེ་བྷ་བ། ཧྲཱིཿ་ད་ཡམྨེ་ཨ་དྷི་ཏིཥྛ་སརྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ ཨ་ཁཾ་བཱི་ར་ཧཱུཾ། པྲ་ཏིཙྪ་ཀུ་སུ་མཱཉྫལི་ནཱི་ཐ་ཧོཿ མེ་ཏོག་དེ་ཉིད་གང་དུ་བབ་པ་ཁྱེད་རང་གི་ཚེ་རབས་ལས་ཀྱི་ལྷ་ཡིན་པས་དེའི་དངོས་གྲུབ་ཐོབ་གཉིས་ཀྱི་བར་དུ་ལྟུང་ན་གང་ཉེ་བ་དང་། མཉམ་ན་གཉིས་ཀའི་དངོས་གྲུབ་ཆོ་ག་འགྲུབ། ཕྱིའི་རྡོ་རྗེ་ཕྲེང་བའི་ནང་དུ་ལྟུང་ན་ཚེགས་ཆེན་པོ་དང་ཕྱི་རོལ་དུ་སོང་ན་དངོས་གྲུབ་མེད་པ་སྟེ། ད་རེས་དཀྱིལ་འཁོར་གྱི་དབུས་སུ་བབ་པའི་མེ་ཏོག་གི་ཕྲེང་བ་ཁྱེད་རང་རྣམས་ཀྱི་མགོར་བཅིངས་ནས་ཕྲེང་བའི་དབང་བསྐུར་བའི་མོས་པ་མཛོད། ཨོཾ་པྲ་ཏི་སྲྀཏྟཱ་ཧཱུཾ། ཨི་མཾ་སཏཱ་མ་ཧཱ་བ་ལ། སློབ་མ་རྣམས་ཀྱི་སྙིང་གར་ཟླ་བ་ལ་བདག་པོའི་ས་བོན་ཨཱཿའམ་ཧཱུྃ་དང་། དཔྲལ་བར་རཾ། མིག་


CMR021_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་ཨོཾ་ཡིག་འབར་བ་རེ་རེ་བསམས་ནས། ཨོཾ། དེ་རིང་རྡོ་རྗེ་སེམས་དཔའ་རང་། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་ན་མེད། །ཐམས་ཅད་སྤྱན་ནི་དབྱེ་བར་མཛོད། །ཨོཾ་ཛྙཱ་ན་ཙཀྵ་ཧཱུྃ་ཨཱཿསཱ་ཧཱ། གདོང་གཡོགས་བསལ། སྡེ་བཛྲ་པ་། རྒྱས་པར་དཀྱིལ་འཁོར་དང་ལྷ་སོ་སོའི་མཚན་བརྗོད། སྒྲོའི་དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པ་མངོན་སུམ་དུ་མཐོང་བའི་མོས་པ་མཛོད། ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས། ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །ཕྱག་རྒྱ་སྔགས་ཀྱི་བྱིན་གྱིས་བརླབས། །དངོས་གྲུབ་ཀུན་གྱི་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱིས། །རྡོ་རྗེ་པདྨ་རྩེ་རོལ་པས། །གསང་སྔགས་རྣམས་ལ་སྒྲུབ་པ་གྱིས། །ད་ཆེད་དུ་བརྗོད་པ་འདིའི་རྗེས་ཟློས་མཛོད། ཨོཾ་རྡོ་རྗེའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །ཨོཾ་རྣལ་འབྱོར་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང་། །ཨོཾ་གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར། །ས་མ་ཡཧོ་ཧོ་ཧོཿ དངོས་གཞི་དང་པོ་རྡོ་རྗེ་སློབ་མའི་དབང་ཞུ་


CMR021_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོན་དུ་མཎྜལ་ཕུལ། ཐལ་མོ་སྦྱར་བས་རྗེས་ཟློས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོག་ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། སློབ་དཔོན་བརྡ་སྤྲོད་འདི་ལྟར་བྱ་སྟེ། ཁྱེད་རང་རྣམས་རྩ་བའི་དཀྱིལ་འཁོར་གྱི་ཤར་ཕྱོགས་དུར་ཁྲོད་ཡངས་པའི་སར། དབང་སྟེགས་དཀྱིལ་འཁོར་གྲུ་བཞི་པ་སྒོ་གཅིག་ནུབ་ཏུ་ཕྱོགས་པ། དཀར་དམར་ནག་པའི་ར་བ་རིམ་པ་གསུམ་མམ་རིམ་པ་གཅིག་གང་རུང་དང་ལྡན་པ། དེ་ཡི་ལྷ་རྣམ་རིམ་པ་གཉིས་ལ་གཡས་ཕྱོགས་སུ་ཆུ་བཞི་དང་། གཡོན་ཕྱོགས་སུ་ཉེར་སྤྱོད་ལྔ། མདུན་དུ་བཟེད་ཞལ་དང་སྦྱར་བའི་ཡོ་བྱད་དུ་མ་དང་བཅས་པས་བསྐོར་བའི་ནང་དུ། པདྨ་དཀར་པོ་འདབ་མ་བརྒྱད་པ་བཀྲ་ཤིས་ཀྱི་རྟགས་བརྒྱད་དམ། ཡང་ན་ཕྱོགས་བཞིར་རིགས་བཞིའི་མཚན་མ་དང་། དབུས་སུ་ཤིང་གདན་ལ་ཟླ་བའམ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁྱེད་རང་རྣམས། སྤྱི་ཁྱབ་ཏུ་རྡོ་རྗེ་སེམས་དཔའ་འམ། བྱེ་བྲག་ཏུ་རང་གི་དཀྱིལ་འཁོར་གྱི་གཙོ་བོའི་རྣམ་པར་གནས་པའི་སྟེང་དུ་བླ་བྲེ། གཡས་སུ་གདུགས་དཀར་པོ་གསེར་གྱི་ཡུ་བ་


CMR021_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། གཡོན་དུ་རྒྱལ་མཚན་དང་བ་དན་ལ་སོགས་པའི་མཆོད་པའི་ཚོགས་དང་བཅས་ཏེ་བཞུགས་པའི་མོས་པ་མཛོད། ཁྱེད་རང་དང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་དེ་བཞིན་གཤེགས་པ་རིགས་ལྔ་ལ་སོགས་པ་དང་དབང་ལྷ་གདན་གསུམ་ཚང་བའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷཾ་སོགས་ཀྱིས་མཆོད་ནས། རྡོར་དྲིལ་འཛིན་པས། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩོལ། །དེ་ལྟར་འདི་ལ་གནང་བར་ཞུ། །ཞེས་གསོལ་བ་བཏབ་པས། གཙོ་བོའི་ཐུགས་ཀ་ནས་བྱེ་བའི་བགེགས་མཐར་བྱེད་བདུད་རྩི་འཁྱིལ་པ་བྱོན་ཏེ། ལས་ཀྱི་རྡོ་རྗེ་དང་དབྱེར་མེད་དུ་གྱུར་ནས། ཁྱེད་རང་རྣམས་ལ་སྦྱངས་བ་བྱས་པའི་མོས་པ་མཛོད། ཨོཾ་ཨ་བིགྷན་ཏ་ཀྲྀཏ་ཧཱུྃ། ལས་ཀྱི་རྡོ་རྗེ་ནི་མཆོད་གཡོགས་པ་ཡིན་ལ། སྦྱང་བའི་རྫས་དྲུག་གིས་སྦྱང་བར་བྱ་ཞིང་། སློབ་དཔོན་གྱིས་སྔགས་བརྗོད་རྒྱུ་ཡིན་ནའང་། སློབ་མ་ཉུང་ན་སློབ་དཔོན་རང་གིས་བྱེད་སྲོལ་ཏེ། དེ་ཙམ་མི་ལྕོགས་


CMR021_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཙཀླུ་གཅིག་ལ་རྫས་དྲུག་ཀ་བྲིས་ནས། དམིགས་པ་སྤྱོད་ཅིང་སྔགས་བརྗོད་དེ་སློབ་མ་ལ་གཡས་གཡོན་དུ་བསྐོར་བའི་ཚུལ་ཙམ་བྱའོ། །ཁྱེད་རང་རྣམས་ཀྱི་གཡས་སུ་ཁམ་ཕོར་མེས་བཀང་བ་དང་། གཡོན་དུ་ཆུ་གཙང་བཞག་པས་ལས་ཀྱི་རྡོ་རྗེས་མཐེབ་སྲིན་གཉིས་ཀྱིས་ཡུངས་དཀར་དང་ཏིལ་ནག་བསྲེས་པ་བཟུང་སྟེ། ཁུ་ཚུར་གཡས་ཀྱིས་གཡས་ནས་བསྐོར། གཡོན་གྱིས་གཡོན་ནས་བསྐོར༔ གཤིབ་སྟེ་གཉིས་ཀ་ནས་བསྐོར་ཏེ། བགེགས་དང་སྡིག་པ་སྦྱོང་བའི་ཕྱིར། མེ་དང་ཆུར་དོར་བའི་མོས་པ་མཛོད། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་བཛྲ་སཏཱ་སྱ་སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། རྡོ་རྗེའི་ཁུ་ཚུར་གཉིས་སུ་ཆུ་གཙང་བླུགས་ནས་སྔོན་ལྟར་བསྐོར་ཏེ་མེ་ཆུར་དོར་བའི་མོས་པ་མཛོད། ༀ་ཧཱུྃ་ཌཱ་ཌི་ཏ་ཕཊ༔ སོ་མ་བཏང་བའི་ཁམ་ཕོར་དཀར་པོ་མཐེབ་སྲིན་གྱིས་བླངས་ཏེ་སྔར་ལྟར་བསྐོར་ནས་སྣོད་གཅིག་ཏུ་བཞག་པའི་མོས་པ་མཛོད།་ཨོཾ་སརྦ་སཾ་ཤོ་དྷ་ནི་སྭཱ་ཧཱ། བ་ཡི་ལྕི་བའི་ཆངས་བུ་དང་དུར་བའི་མྱུ་གུ་སྔར་ལྟར་བསྐོར་ཞིང་སྣོད་གཅིག་ཏུ་བཞག་པའི་མོས་པ་མཛོད། ཨོཾ་སརྦ་མཱ་ལ་ཨཎ་བི་ཤཱ་དྷ་ནི་སྭཱ་ཧཱ། ཟན་ཆངས་དང་ཏིང་ལོ་འབར་བཞིན་པ་སྔར་ལྟར་བསྐོར་ནས་སྣོད་དུ་བཞག་པའི་མོས་པ་


CMR021_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། ཨོཾ་པུཎྱེ་ཛྙཱ་ན་དྷ་རོད་སཾ་བྷོར་དྷ་ཀ་ཡེ་སྭཱ་ཧཱ། ཕྱིང་རས་དཀར་པོ་སྔར་ལྟར་བཟུང་ནས་བསྐོར་ཞིང་སྣོད་དུ་བཞག་པའི་མོས་པ་མཛོད། ཨོཾ་སརྦ་སཾ་ཤཱ་དྷ་ནི་སྭཱ་ཧཱ། སློབ་མ་རྣམས་ཀྱི་དབང་པོ་དྲུག་གི་གླུད་སྦྱོང་བའི་རྫས་དྲུག་པོའི་སྣོད་དེ་མཆོད་གཡོག་པས་སློབ་མ་རྣམས་ལ་ལན་གསུམ་བསྐོར་ཞིང་ཕྱི་རོལ་དུ་དོར་བས་བགེགས་རྣམས་ཕྱིར་བསྐྲད་པར་སྒོམས་ཤིག །རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ། གཙོ་བོའི་སྔགས་དང་ལས་སྔགས་དྲག་ཏུ་བརྗོད། གཞན་རྣམས་རོལ་ཆེན་བྱའོ། །དེ་ནས་འབག་བཙོག་སྦྱོང་བའི་ཉེ་རེག་བྱ་བ་ནི། ངེད་རང་ཐམས་ཅད་ཀྱིས་ལག་པ་གཡས་ཀྱི་གུང་སྲིན་གྱིས་ཆུ་འདི། ཁའི་ཟེའུ་འབྲུ་ལ་ལན་གསུམ་བྱུག་།དེ་ནས་མིག་གཉིས། རྣ་བ་གཉིས། སྣ་བུག་གཉིས། མཆུ་གཉིས། ལག་པའི་མཁྲིག་མ་གཉིས། མགོ་བོའི་སྟེང་ལྟོ་བ་ལ་བྱབ་པའི་ཚུལ་བྱས་ཤིང་མཐར་ཁ་བཤལ་ནས་ཕྱིར་ཕོས་ཏེ་ལག་པ་གཉིས་ཀྱིས་ཁུ་ཚུར་གྱི་རྒྱབ་ཀྱིས་ཁ་ཡིས་གཤེར་རྣམས་གཡས་གཡོན་དུ་ཕྱིས་པས་འབག་བཙོག་སྦྱང་བའི་མོས་པ་མཛོད། སློབ་དཔོན་རང་གི་ལག་པ་གཡོན་དུ་ཆུ་བླུགས་ནས་ཙོག་པུར་བསྡད་པའི་པུས་མོའི་བར་དུ་བཟུང་ནས། ཨོཾ་སརྦ་སཾ་ཤཱ་དྷ་ནི་སྭཱ་ཧཱ། ཞེས་མང་དུ་


CMR021_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་ཤིང་སྔོན་དུ་སྨྲས་པ་ཐམས་ཅད་རང་གིས་བྱའོ། །སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་འཐོར་གཡབ་ཀྱིས། གཡོན་གྱི་དུང་ཕོར་ནས་དྲི་བཟང་གི་ཆུ་བླངས་ཏེ། སློབ་མ་རྣམས་ཀྱི་སྙིང་གར་འཐོར་ཞིང་། ཨོཾ་བཛྲ་གྷནྡྷེ་ཧཱུྃ། མེ་ཏོག་འཐོར་ཞིང་། ཨོཾ་བཛྲ་པུའེ་ཧཱུྃ། གཡས་པས་དྲི་བཟང་གིས་གང་བའི་དུང་ཆུས། གཡོན་པད་སྡེར་དུ་ཕྱག་ཏུ་མཆོད་ཡོན་ཕུལ་བའི་ཚུལ་གྱིས་ནར་ཙམ་བླུག་ཅིང་བཟུང་ལ། ཨོཾ་ཧིཔྲ་ཝ་ར་སཏྟ་ར་ཨབྷཾ་པྲ་ཏིཙྪ་ཡེ་སྭཱ། མར་མེ་འབར་བཞིན་པ་སློབ་མའི་མདུན་རྒྱབ་ནས་བསྐོར་བའི་མོས་པ་མཛོད། ཨོཾ་བཛྲ་དྷི་པཾ་ཧཱུཾ། སརྫ་རསྔའི་བདུག་པ་ཞེས་པ་སྤོས་དཀར་དང་མར་དཀར་སྦྱར་བ་སྤོས་ཕོར་རྡོ་རྗེའི་ཐག་པས་དཀྲིས་ཏེ་སློབ་མ་རྣམས་ཀྱི་མདུན་ནས་འགྲིམ་པའི་མོས་པ་མཛོད། ཧཱུཾ་ཧཱུཾ་ཧཱུྃ། དེ་ལྟར་སྤོས་དང་མཆོད་པ་ལྔས་སྦྱང་བ་སྟེ། དབང་བསྐུར་བའི་སྔོན་འགྲོའོ། །ཁྱེད་རང་རྣམས་དམིགས་པ་འདི་བཞིན་མཛོད། ཨོཾ་ཨ་བིགྷན་ཏ་ཀྲྀཏ་ཧཱུྃ། ལ་སོགས་པ་དཀྱིལ་འཁོར་རང་རང་གི་ལས་སྔགས་དང་ལས་བུམ་གྱི་ཆུ་སློབ་མ་རྣམས་ལ་གཏོར་བས་བགེགས་བསངས་ཤིང་། བླ་མ་དཀྱིལ་འཁོར་གྱི་གཙོ་བོར་མོས་པའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས། ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་


CMR021_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་ཐམས་ཅད་སྦྱངས་ཏེ། དྲི་མ་ཐམས་ཅད་དང་བྲལ་བའི་རང་བཞིན་སློབ་དཔོན་གྱི་ཞལ་དུ་ཞུགས་ཐུགས་ཀར་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ་ནས་སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལྷ་མོའི་པདྨར་བབ་པ་དེ་ཉིད། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རང་འདྲ་བའི་ཡུམ་མཱ་མ་ཀཱི་དང་མཉམ་པར་སྦྱོར་བ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ༔ ཐུགས་ཀར་ཧཱུཾ། །སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཕྱོགས་བཅུའི་རིགས་ལྔ་ཡབ་ཡུམ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨཱཿརཱུ་པ་བཛྲ་ཧཱུྃ། ལ་སོགས་པའི་རྡོ་རྗེ་མ་ལྔས་མཆོད་ལ། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩོལ། །དེ་བཞིན་འདི་ལ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། །རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པས་འདོད་ཆགས་ཆེན་པོའི་མེས་ཞུ་ནས། སློབ་དཔོན་གྱི་སྤྱི་གཙུག་རྣམ་སྣང་གི་སྒོ་ནས་ཞུགས། རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་སེམས་ཀྱི་ཁུ་བས།


CMR021_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བ་མ་མི་བསྐྱོད་པར་གསལ་བ་ལ་དབང་བསྐུར་བ་དང་ཡེ་ཤེས་པ་དང་འདྲེས་པ་དུས་གཅིག་ལ་བྱས་ལ། ཛཿཧཱུྃ་བཾ་ཧོཿ ཧཱུྃ་ཞེས་པས་ལྷ་མོའི་པདྨ་ནས་ཕྱིར་ཐོན་ནས་དབང་སྟེགས་ཀྱི་སྟེང་དུ་འཁོད་པར་བསྒོམས། དབང་རྫས་ལྷར་བསྐྱེད་པ་ནི། ཉི་མ་གཅིག་ལ་དཀྱིལ་འཁོར་གཅིག་གམ་གཉིས་སམ་གསུམ་བཞི་ལ་སོགས་པ་དབང་བསྐུར་གང་བྱེད་ཀྱི་རྣམ་རྒྱལ་བུམ་ཆུ་ལ་དམིགས་ལ་རང་རང་གི་ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། རྣམ་རྒྱལ་བུམ་ཆུ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རྣམ་རྒྱལ་བུམ་ཆུ་མི་བསྐྱོད་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རང་འདྲའི་རིག་མ་དང་ལྷན་ཅིག་ཏུ་སྙོམས་པར་འཇུག་པའི་སྐུ་ཅན་དུ་གྱུར། ཕ་རྒྱུད་རྣམས་ལ་རིན་པོ་ཆེའི་རྒྱན་དང་། མ་རྒྱུད་རྣམས་ལ་རུས་པའི་རྒྱན་དུ་བསྒོམས། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ།


CMR021_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མི་བསྐྱོད་པ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང་དབང་རྫས་ཀྱི་ལྷ་ལ་དབང་བསྐུར། དབང་ཐམས་ཅད་ཐོབ། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། དབང་རྫས་ཀྱི་མི་བསྐྱོད་པ་ཡབ་ཡུམ་སྙོམས་པར་ཞུགས་པ་ཞུ་བ་ལས་བྱུང་བའི་དབང་རྫས་དང་བུམ་ཆུའི་རང་བཞིན་དུ་གྱུར། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་དང་སློབ་དཔོན་དང་དཀྱིལ་འཁོར་ལ་བཞུགས་པའི་ལྷ་དང་བཅས་པ་ལ་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བར་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཁྱེད་རང་རྣམས་ཀྱི་རྒྱུད་བྱིན་གྱིས་རླབས་ཏེ། དབང་བསྐུར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། སློབ་དཔོན་དང་


CMR021_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

རིག་མ་རྣམས་ཀྱིས་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་ཅུང་ཟད་ཡོ་བ་དང་བཅས་པས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་བཞིན་པས་ཁྱེད་རང་རྣམས་ཀྱི་རྒྱུད་ལ་དབང་གི་ཡེ་ཤེས་སྐྱེ་བའི་རྟེན་འབྲེལ་བསྒྲིགས་པའི་མོས་པ་མཛོད། དེ་ནས་དཀྱིལ་འཁོར་གསུམ་བཞི་ལ་སོགས་པའི་དབང་བསྐུར་དུས་གཅིག་ལ་བྱེད་ན། རྣམ་རྒྱལ་བུམ་པ་གཞན་གྱི་ཆུ་གཙོ་བོས་བུར་པར་བསྡུས་ཏེ་ལས་ཀྱི་རྡོ་རྗེས་བུམ་པ་བཏེགས་ལ་སློབ་མའི་ཕྱོགས་སུ་བཟུང་ཞིང་། སློབ་དཔོན་གྱིས་རྡོར་དྲིལ་འཛིན་པས་མེ་ཏོག་འཐོར་ཞིང་། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་དམ་པའི་རིགས་རྣམས་ཀྱི་ནི་རྗེ། །མ་ལུས་སེམས་ཅན་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །ཞེས་དང་། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བའི། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །དེ་ཡི་ས་ཉེ་བར་བསྟན་པའི་མཆོག་རབ་མི་


CMR021_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པའི། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །ལྷ་དང་མི་དང་ལྷ་མིན་དག་གིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་རྡོ་རྗེའི་རིགས་དང་ལྡན། །སྡང་བས་ཟིལ་མནན་སྐྱེ་བོ་རྣམ་པར་སྦྱོང་མཛད་པ། །མི་བསྐྱོད་མགོན་པོ་ཞེས་བྱར་མཚན་གསོལ་དེ་ཡི་ནི། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མཐའ་དག་འཁོར་ལོའི་རིགས་དང་ལྡན། །རྣམ་པར་སྣང་མཛད་འཁོར་བའི་སྡུག་བསྔལ་རྟག་འཕྲོག་ཅིང་། །རྨོངས་པས་ཟིལ་མནན་སྐྱེ་བོ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་རིན་ཆེན་རིགས་དང་ལྡན། །ཕོངས་པའི་སྡུག་བསྔལ་གྲོལ་བར་ཡོངས་སུ་རབ་བརྩོན་ཞིང་། །ཁེངས་པས་ཟིལ་མནན་འགྲོ་བ་ཡོངས་


CMR021_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་པདྨའི་རིགས་དང་ལྡན། །འཇིག་རྟེན་དབང་ཕྱུག་སྲིད་པའི་དྲྭ་བ་འཇོམ་པ་པོ། །ཆགས་པས་ཟིལ་མནན་འགྲོ་བ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་ལས་ཀྱི་རིགས་དང་ལྡན། །བརྩེ་བའི་བདག་ཉིད་ལོག་པར་ལྟ་བ་ངེས་པར་སྤྱོད། །དེ་སྦྱོང་ཐབས་སྟོན་དེ་ནི་ཀུན་ནས་སེལ་མཛད་པ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏཱ་ཨ་བྷི་ཊི་ཀ་ན་སྟེ། ཨ་བྷི་ཥིཉྩ་མི་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏེ་ཏཱ་ནོ་པ་ཌི་ལྷོ་མེ་བྷ་ཝ། སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པས་རྣམ་རྒྱལ་བུམ་པ་བཟུང་གཡོན་པས་དྲིལ་བུ་གསིལ་ཞིང་།། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱི་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཧཱུཾ། སུ་ར་ཏེ་སྟེ་ཨ་ཧཾ། ཞེས་གསུངས་ཤིང་བུམ་པ་མགོར་བཞག་ནས། བུམ་ཆུ་འཐུང་བཅུག །དེ་ལྟར་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས། ལུས་ཐམས་ཅད་ཡེ་ཤེས་ཀྱི་ཆུ་རྒྱུན་


CMR021_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གང་། དྲི་མ་ཐམས་ཅད་དག །དབང་ཐམས་ཅད་ཐོབ་ཆུའི་ལྷག་མ་ཡར་ལུད་པ་ལས། སྤྱི་བོར་མི་བསྐྱོད་པས་དབུར་བརྒྱན། དེ་ལྟར་ཁྱེད་རྣམས་མི་བསྐྱོད་པའི་རང་བཞིན་དུ་གྱུར་པ་ལ། བདག་གིས་མཆོད་པ་འབུལ་བར་མོས། ཨོཾ་ཨཀྵ་བྷ་ས་པཱ་རི་ཝ་ར་ཨབྷཾ་སོགས་ནས། ཤབྡའི་བར་གྱིས་མཆོད། དེ་ལྟར་ཁྱེད་རྣམས་ལ་མི་བསྐྱོད་པའི་སྒོ་ནས་ཆུའི་དབང་ཐོབ། ཉོན་མོངས་པ་ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་གནས་འགྱུར། ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པ་ཡིན། ཞེས་རྟོག་པ་བསྐྱེད། ཚུའི་དབང་ངོ་། །གཉིས་པ་ཅོད་པན་གྱི་དབང་ལ་ལས་བུམ་གྱི་ཆུ་སློབ་མ་དང་དབང་རྫས་ལ་གཏོར་ཞིང་། རང་རང་གི་ལས་སྔགས་ཀྱིས་བསངས་ཤིང་། སྭ་བྷ་ཝས་སྦྱངས། ཁྱེད་རང་རྣམས་ཀྱི་ཉོན་མོངས་པའི་ང་རྒྱལ་སེར་སྣ་དང་ཚོར་བའི་ཕུང་པོ་དང་དབང་རྫས་དབུ་རྒྱན་རྣམས་མི་དམིགས་ཏེ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་ལས་རིན་པོ་ཆེ་ཨོཾ་གྱིས་མཚན་པ་དེ་ལས་འོད་ཟེར་འཕྲོ་འདུས་གཅིག་ཏུ་གྱུར་པ་ལས། ཁྱེད་རང་རྣམས་ཀྱི་ཉོན་མོངས་པ་ང་རྒྱལ་སེར་སྣ་


CMR021_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཚོར་བའི་ཕུང་པོ་དང་། དབང་རྫས་རིན་པོ་ཆེའི་དབུ་རྒྱན་གཉིས་ཀ་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རིན་པོ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རང་འདྲ་བའི་ཡུམ་རིན་ཆེན་སྒྲོལ་མ་དང་མཉམ་པར་སྦྱོར་བའི་སྐུར་གྱུར། དེ་གཉིས་ཀའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ༔ ཐུགས་ཀར་ཧཱུཾ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རིན་ཆེན་འབྱུང་ལྡན་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ཨོཾ་བཛྲ་ས་མཱ་ཛ། ཛཿཧཱུྃ་བཾ་ཧོཿ ཁྱེད་རང་དང་དབང་རྫས་ཀྱི་ལྷ་ལ་གཉིས་སུ་མེད་པར་ཐིམ། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱིས་ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་དབང་རྫས་ཀྱི་ལྷ་ལ་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན། དབང་རྫས་ཀྱི་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སྙོམས་པར་ཞུགས་པ་ཞུ་བ་ལས་བྱུང་བའི་དབང་རྗེ་ས་དབུ་རྒྱན་དང་དར་དཔྱངས་སུ་གྱུར། དེ་ནས་ཁྱེད་རང་རྣམས་ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་ཕྱིར། ནམ་མཁར་བཞུགས་པའི་


CMR021_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལྷ་རྣམས་ལ་གསོལ་བ་བཏབ་པའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་ཅོད་པན་གྱི་དབང་བསྐུར་དུ་གསོལ། དེ་ལྟར་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་རིན་པོ་ཆེའི་ཅོད་པན་སྤྱི་བོ་ལ་སོགས་པའི་གནས་ལྔར་བཅིང་བའི་མོས་པ་མཛོད། རྡོ་རྗེ་དབྱིངས་ཀྱི་དབང་ཟླཕྱུག་མ་ལ་སོགས་པའི་སེམས་མ་བཞིའི་ཕྱག་རྒྱ་དང་། ཨོཾ་བཛྲ་དྷུ་ཏཱི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་སརྦ་ཏ་ཐཱ་ག་ཏ་སཏཱ་བཛཱི་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་བཛཱི་ཨ་བྷི་ཥིཉྩ་ཨཱཿ ཨོཾ་དྷརྨ་བཛཱི་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཀརྨ་བཛཱི་ཨ་བྷི་ཥིཉྩ་ཧཱུཾ། སྔགས་དང་ཕྱག་རྒྱ་གནས་ལྔར་བཞག་པར་མོས་ལ། རལ་པའི་ཐོར་ཚུགས་བརྒྱན་པ་ཡི། །རིན་པོ་ཆེ་ཡི་དབུ་བརྒྱན་དང་། །དར་དཔྱངས་ཅོད་པན་དག་གིས་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ཨོཾ་བཛྲ་རཏྣ་མུ་གུ་ཏྲ་ཨ་བྷི་ཥིཉྩནྟཾ། བཛྲ་རཀ་ཏ་ཤ་མི་ཧོཿ ཨ་བྷི་ཥིཉྩ། ཕ་རྒྱུད་ལ་ཁ་དོག་སྣ་ལྔའི་དར་དཔྱངས་དང་། མ་རྒྱུད་རྣམས་ལ་དཔའ་མོའི་དར་དཔྱངས་སྦྱིན་ལ། ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱཿ ཨོཾ་བཛྲ་ཏུ་ཥྛ་ཧོ། དབང་དེ་བརྟན་པའི་ཡན་ལག་ཏུ། ཨོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏེ་སྟེ་ཨ་ཧཾ། ཞེས་གསུངས་ཤིང་བུམ་


CMR021_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག་ཆུ་ཡི་ལྷག་མ་ཡར་ལུད་པ་ལས། རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན། དེ་ལ་མཆོད་པའི་ཕྱིར། རཏ་སཾ་བྷ་ཝ་པུཥྤེ་ནས་ཤབྡའི་བར་གྱིས་མཆོད། དེ་ལྟར་ན་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་ཅོད་པན་གྱི་དབང་བསྐུར་བ་ཐོབ། ང་རྒྱལ་དང་སེར་སྣ་དག །ཚོར་བའི་ཕུང་པོ་གནས་འགྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་གྱི་ས་བོན་དང་བག་ཆགས་རྒྱུད་ལ་བཞག །ཅེས་རྟོག་པ་བསྐྱེད། ཅོད་པན་གྱི་དབང་ངོ་། །གསུམ་པ་རྡོ་རྗེའི་དབང་ལ་ལས་སྔགས་ཀྱིས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་པདྨ་དྭིས་མཚན་པ་ལས་འོད་ཟེར་འཕྲོ་འདུས་གཅིག་ཏུ་གྱུར་པ་ལས་ཁྱེད་རང་རྣམས་ཀྱི་ཉོན་མོངས་པ་འདོད་ཆགས་དང་འདུ་ཤེས་ཀྱི་ཕུང་པོ་དང་། དབང་རྫས་རྡོ་རྗེ་གཉིས་ཀ་འོད་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པདྨ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རང་འདྲ་བའི་ཡུམ་གོས་དཀར་མོ་དང་མཉམ་པར་སྦྱོར་བའི་སྐུར་གྱུར། དེ་གཉིས་ཀའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ༔ ཐུགས་ཀར་ཧཱུཾ། ཐུགས་ཀའི་ས་བོན་


CMR021_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འོད་དཔག་མེད་ཡབ་ཡུམ་གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛ་ཧཱུྃ་བཾ་ཧོཿ ཁྱེད་རང་དང་དབང་རྫས་ཀྱི་ལྷ་ལ་གཉིས་སུ་མེད་པར་ཐིམ། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱིས་ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་དབང་རྫས་ཀྱི་ལྷ་ལ་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན། དབང་རྫས་ཀྱི་འོད་དཔག་མེད་ཡབ་ཡུམ་སྙོམས་པར་ཞུགས། ཞུ་བ་ལས་བྱུང་བའི་དབང་རྫས་རྡོ་རྗེར་གྱུར། ཁྱེད་རང་རྣམས་ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་ཕྱིར། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ལ་གསོལ་བ་བཏབ་པའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་རྡོ་རྗེའི་དབང་བསྐུར་བར་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱིས། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རབ་ཏུ་བསྒྲུབ་ཕྱིར་རྡོ་རྗེ་ཟུང་། །ཨོཾ་མ་ཧཱ་སུ་ཁ་བཛྲ་ཧཱུྃ་ཞེས་བརྗོད་


CMR021_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། རྡོ་རྗེ་སློབ་མའི་སྙིང་ཁ་དང་། མགྲིན་པ་དང་སྤྱི་བོ་རྣམས་སུ་རེག་ཅིང་ལག་པ་གཡས་སུ་བྱིན་པའི་མོས་པ་མཛོད། དབང་དེ་བརྟན་པའི་ཡན་ལག་ཏུ། ཨོཾ་ཨཱཿ༔བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏེ་སྟེ་ཨ་ཧཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ཡུད་པ་ལས་སྤྱི་བོར་འོད་དཔག་མེད་ཀྱིས་དབུར་བརྒྱན། དེ་ལ་མཆོད་པའི་ཕྱིར། ཨོཾ་ཨ་མི་ཏ་བྷ་པུལླེ་སོགས་ནས་ཤབྡའི་བར་གྱིས་མཆོད། དེ་ལྟར་ན་འོད་དཔག་མེད་རྡོ་རྗེའི་དབང་བསྐུར་བ་ཐོབ། འདོད་ཆགས་དག་འདུ་ཤེས་ཀྱི་ཕུང་པོ་གནས་འགྱུར་སོར་རྟོག་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་ཀྱི་ས་བོན་དང་བག་ཆགས་རྒྱུད་ལ་བཞག །ཅེས་རྟོག་པ་བསྐྱེད། རྡོ་རྗེའི་དབང་ངོ་། །བཞི་པ་དྲིལ་བུའི་དབང་ལས་སྔགས་ཀྱིས་བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁཾ་ལས་རལ་གྲི་ཁཾ་གིས་མཚན་པ་ལས། འོད་ཟེར་འཕྲོ་འདུས་གཅིག་ཏུ་གྱུར་པ་ལས། ཁྱེད་རང་རྣམས་ཀྱི་ཉོན་མོངས་པ། ཕྲག་དོག་དང་འདུ་བྱེད་ཀྱི་ཕུང་པོ་དང་། དབང་རྫས་དྲིལ་བུ་གཉིས་ཀ་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་ཁུ་ཞལ་གཅིག་ཕྱག་གཉིས་


CMR021_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

པ། གཡས་རལ་གྲི་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རང་འདྲ་བའི་ཡུམ་དམ་ཚིག་སྒྲོལ་མ་དང་མཉམ་པར་སྦྱོར་བའི་སྐུར་གྱུར། དེ་གཉིས་ཀའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ༔ ཐུགས་ཀར་ཧཱུཾ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དོན་ཡོད་གྲུབ་པ་ཡབ་ཡུམ་གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཁྱེད་རང་དང་དབང་རྫ་ས་ཀྱི་ལྷ་ལ་གཉིས་སུ་མེད་པར་ཐིམ། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱིས། ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་དབང་རྫས་ཀྱི་ལྷ་ལ་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། དོན་ཡོད་གྲུབ་པས་དབུར་བརྒྱན། དབང་རྫས་ཀྱི་དོན་ཡོད་གྲུབ་པ་སྙོམས་པར་ཞུགས་ཞུ་བ་ལས་བྱུང་བའི་དབང་རྫས་དྲིལ་བུར་གྱུར། ཁྱེད་རང་རྣམས་ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་ཕྱིར། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ལ་གསོལ་བ་བཏབ་པའི་རྗེས་ཟློས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དྲིལ་བུའི་དབང་བསྐུར་བར་བསྩལ་དུ་གསོལ། དེ་ལྟར་གསོལ་བ་བཏབ་པས་


CMR021_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁར་གནས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དྲིལ་བུ་ལག་པ་གཡོན་པར་བྱིན་པའི་མོས་པ་མཛོད། ཆོས་ཀྱི་དྲིལ་བུ་བླ་ན་མེད། །སྟོང་ཉིད་ཡེ་ཤེས་སྒྲ་སྒྲོགས་པས། །ཐམས་ཅད་སྟོང་ཉིད་དོན་སྟོན་པ། །དྲིལ་བུའི་དབང་བསྐུར་སྦྱིན་པར་བྱ། །ཨོཾ་བཛྲ་ཨ་དྷི་པ་ཏི་སིཾ། ཨ་བྷི་ཥིཉྩམི། ཏིཥྛ་བཛྲ་ས་མ་ཡ་སྟྭཾ། སྔར་བྱིན་པའི་རྡོ་རྗེ་དང་ལྷན་ཅིག་འཁྱུད་པའི་སྟངས་ཀ་བྱས་ལ། བྱང་ཆུབ་ཀྱི་སེམས་བདེ་བ་དང་སྟོང་པ་ཟུང་དུ་ཚུད་པའི་རང་བཞིན་དུ་བསྒོམས་ལ། རྡོ་རྗེ་འཆང་གི་ང་རྒྱལ་བྱ་ཞིང་། ལུས་གནས་པར་མོས་ལ་འདི་ཡི་རྗེས་ཟློས།། བཅོམ་ལྡན་བཟུང་ངོ་བདག་ལ་ནི། །ཡང་དག་ཉེ་བར་གྱུར་པར་མཛོད། །དབང་དེ་བརྟན་པའི་ཡན་ལག་ཏུ། ཨོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏེ་ཙཱ་ཨ་ཧཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུར་བརྒྱན། དེ་ལྟར་ཁྱེད་རྣམས་ཡན་ལག་རྫོགས་སུ་བྱས་ལ་མཆོད་པའི་ཕྱིར། ཨོཾ་ཨ་མོ་གྷ་སིདྡྷི་ས་པཱ་རི་ཝཱ་ར་ཨརྒྱུ་སོགས། དེ་ལྟར་ཁྱེད་རྣམས་ཀྱི་དོན་ཡོད་གྲུབ་པའི་སྒོ་ནས་དྲིལ་བུའི་དབང་ཐོབ། ཕྲག་དོག་དག་


CMR021_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བྱེད་ཀྱི་ཕུང་པོ་གནས་འགྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། དོན་ཡོད་གྲུབ་པའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག །ཅེས་རྟོག་པ་སྐྱེད་བྱེད་དྲིལ་བུའི་དབང་ངོ་། །ལྔ་པ་མིང་གི་དབང་ལ་བསངས་སྦྱངས། ཁྱེད་རང་རྣམས་ཀྱི་ཉོན་མོངས་པ་གཏི་མུག་དང་གཟུགས་ཀྱི་ཕུང་པོ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨཱཿལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་འཁོར་ལོ་བྷཾ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས། བློ་དང་འཁོར་ལོ་ལ་ཐིམ་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་ཀྱི་ཉོན་མོངས་གཏི་མུག་དང་གཟུགས་ཀྱི་ཕུང་པོ་དེ་ཉིད། རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་འཁོར་ལོ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རང་འདྲ་བའི་ཡུམ་སངས་རྒྱས་སྤྱན་མ་དང་མཉམ་པར་སྦྱོར་བ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་དང་སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔོའ་ཐམས་ཅད་རྣམ་པར་སྣང་མཛད་ཡབ་ཡུམ་


CMR021_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཁྱེད་རང་རྣམས་ལ་དབྱེར་མེད་དུ་ཐིམ། ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་ཕྱིར། གསོལ་བ་བཏབ་པའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མིང་གི་དབང་བསྐུར་བར་བསྩལ་དུ་གསོལ། དེ་ལྟར་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་སངས་རྒྱས་རྣམས་ཀྱིས་མིང་གི་དབང་བསྐུར་བའི་མོས་པ་མཛོད། སློབ་དཔོན་གྱིས་སློབ་མའི་སྤྱི་བོར་རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་། རྡོ་རྗེ་མིང་གིས་དབང་བསྐུར་བས། །དེང་ནས་བྱང་ཆུབ་སྙིང་པོའི་བར། །ཅིས་ཀྱང་མི་ཤིགས་མི་གཡོ་བའི་། །མིང་གི་དབང་འདི་ཁྱོད་ཀྱིས་ལོངས། །ཨོཾ་བཛྲ་སཏཱ་སྟེ་ཨ་བྷི་ཥིཉྩ་མི། བཛྲ་ནཱ་མ་ཨ་བྷི་ཊི་ཀ་ཏ། ཀྱེ་དཔལ་ཚེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །སྐྱེས་པ་རྣམས་ལ་རིགས་ལྔ་དང་རྗེས་སུ་འབྲེལ་བའི་མིང་དང་། བུད་མེད་རྣམས་ལ་ཡུམ་ལྔ་དང་། རྡོ་རྗེ་མ་ལྔ་དང་འབྲེལ་བའི་མེ་ཏོག་གང་ལ་ཕོག་པའི་ལྷ་ལས་གྲས་ཏེ་མིང་འདོགས་པར་བྱའོ། །ཁྱེད་རྣམས་རྣམ་སྣང་ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་ཕྱིར། རྣམ་རྒྱལ་བུམ་ཆུ་གཏོར་ཞིང་། ཨོཾ་ཨཱཿ༔བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏེ་སྟེ་ཨ་ཧཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་


CMR021_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དག །ཆུའི་ལྷག་མ་ཡར་ལུད་པ་ལས། ཁྱེད་རང་རྣམས་ཀྱི་སྤྱི་བོར་རྣམ་པར་སྣང་མཛད། འོད་ཀྱི་ཡུམ་དང་བཅས་པ་རེ་རེས་དབུར་བརྒྱན། དེ་ལ་མཆོད་། པའི་ཕྱིར། ཨོཾ་བཛྲ་བེ་རོ་ཙ་ན་ཨབྷཾ་སོགས། དེ་ལྟར་ན་ཁྱེད་རང་རྣམས་ཀྱི་རྣམ་སྣང་མིང་གི་དབང་བསྐུར་བ་ཐོབ། གཏི་མུག་དག་གཟུགས་ཀྱི་ཕུང་པོ་གནས་འགྱུར། མེ་མོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། རྣམ་པར་སྣང་མཛད་ཀྱི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་པའོ། །ཞེས་རྟོགས་པ་བསྐྱེད་མིང་གི་དབང་ངོ་། །དེ་ལྟར་རིག་པའི་དབང་ལྔ་ཐོབ་པས། སྤང་བྱ་གང་སྤང་ཞིང་། ཡོན་ཏན་གང་སྐྱེ་བ་དང་། གཞན་དོན་ཇི་ལྟར་བྱེད་པ་ལ་དབང་བའི་ཚུལ་ནི། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། དབང་ལྔ་ཐོབ་པའི་རྒྱུད་ལ་ནི། །རྣམ་་དག་སངས་རྒྱས་ལྔ་འདི་དག །མ་རིག་བྲལ་བའི་རིགས་པ་ལས། །ཡེ་ཤེས་ལྔ་ནི་ཐོབ་པར་འགྱུར། །ཞེས་གསུངས་སོ། །གཉིས་པ་རྡོ་རྗེ་སློབ་དཔོན་གྱི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ། ཐལ་མོ་སྦྱར་ལ་རྗེས་ཟློས། གང་གི་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་པ་ཡིས། །རྡོ་རྗེ་སློབ་དཔོན་གྱིས་ནི་དབང་། །ཐུགས་རྗེའི་གཏེར་


CMR021_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བདག་ལ་སྩོལ། །གསུམ། ཁྱེད་རང་རྣམས་སྔར་བཤད་པའི་དབང་སྟེགས་ཀྱི་སྟེང་དུ་གཙོ་བོའམ།་གཙོ་མོ་རྐྱང་པ་ལ་རིགས་བདག་ཏུ། །འཁོད་པར་བསྒོམས། ལས་བུམ་གྱིས་ཆུས་བསངས་སྦྱངས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་གི་ལུས་ལ་ཕོག །ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས། དྲི་མ་དང་བྲལ་བའི་རང་བཞིན་སློབ་དཔོན་གྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་སེམས་ཀྱི་ཁུ་བས། ལྷ་མོའི་པདྨར་བབ་སྟེ་དེ་ཉིད་ཧཱུཾ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས། རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ། སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་མི་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་དར་སྣ་ཚོགས་ཀྱི་ན་བཟའ་དང་། རིན་པོ་ཆེའི་རྒྱན་རྣམས་དང་རུས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རང་འདྲ་བའི་ཡུམ་རྡོ་་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་མཉམ་པར་སྦྱོར་བའི་སྐུ་ཅན་དུ་གྱུར། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ༔ ཐུགས་ཀར་ཧཱུཾ། སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་འོད་


CMR021_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ རྡོ་རྗེ་མ་ལྔའི་ཕྱག་རྒྱ་དང་བཅས་པས། ཨོཾ་ཨཱཿརཱུ་པ་བཛྲ་ཧཱུྃ་ནས་སྤརེ་བཛྲ་ཧཱུཾ། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩོལ། །དེ་ནས་བདག་ལ་བསྩལ་དུ་གསོལ། །གསོལ་བ་བཏབ་ནས་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས། འདོད་ཆགས་ཆེན་པོའི་མེས་འོད་དུ་ཞུ་བར་གྱུར་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཁུ་བ་སློབ་དཔོན་གྱི་སྤྱི་གཙུག་རྣམ་སྣང་གི་སྒོ་ནས་ཞུགས། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་ཁུ་བ་ཁྱེད་རང་རྣམས་ཡུམ་གྱི་པདྨར་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་གནས་པའི་སྤྱི་བོ་ནས་དབང་བསྐུར་བ་དང་ཡེ་ཤེས་པ་འདྲེས་པ་དུས་གཅིག་ལ་བྱས་ནས། ཧཱུྃ་ཞེས་བརྗོད་པས་ཡུམ་གྱི་པདྨ་ནས་ཕྱིར་ཐོན་ཏེ་སྔར་བཤད་པའི་དབང་སྟེགས་ཀྱི་སྟེང་དུ་འཁོད་པའི་མོས་པ་མཛོད་ལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ནམ་མཁར་བཞུགས་པའི་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་བདག་ལ་དམ་ཚིག་གསུམ་དང་ལྡན་


CMR021_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སློབ་དཔོན་དུ་བསྒྲུབ་པའི་ཕྱིར། སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་གི་ངེས་དོན་དང་བཅས་པ་བསྩལ་དུ་གསོལ། ཞེས་བརྗོད་ནས་སློབ་དཔོན་གྱིས། ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའ་ཞུ་བ་ལས་བྱུང་བའི་རྡོ་རྗེ་ཚད་དང་མཚན་ཉིད་དང་ལྡན་པ་ལག་པ་གཡས་པར་བྱིན་པའི་མོས་པ་མཛོད། འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེ་སེམས་དཔའ་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཛཿ ཏིཥྛ་ཨེ་ཥ་ཧཱུྃ། དྷ་ར་ཡ་མི་བཛྲ་སཏྭ་ཧི་ཧི་ཧི་ཧཱུྃ། རྡོ་རྗེ་དེ་ཉིད་སྙིང་ག་དང་མགྲིན་པ་དང་། དཔྲལ་བ་གསུམ་དུ་རེག་པར་མོས། དམ་ཚིག་འཛིན་པའི་གནས་སྙིང་གར་ཡིན་པས་རྡོ་རྗེ་སྙིང་གར་བཟུང་བའི་མོས་པས་རྗེས་ཟློས་མཛོད། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོའི་བདག །བཅོམ་ལྡན་དཔལ་མཆོག་གི་དང་པོའི་སྐྱེས་བུ་ལའོ། །ༀ་མ་ཧཱ་བཛྲ་ཧཱུྃ། ཞེས་པ་ནི་རྡོ་རྗེ་ཐུགས་ཀྱི་དམ་ཚིག་དང་དེའི་ངེས་དོན་སྦྱིན་པའོ། །ཨ་ལས་སྐྱེས་པའི་རྡོ་རྗེ་སྙེམས་མ་ཞུ་བ་ལས་


CMR021_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་དྲིལ་བུ་ཚད་དང་མཚན་ཉིད་དང་ལྡན་པ་སློབ་མའི་ལག་པ་གཡོན་དུ་བྱིན་པར་བསྒོམས། འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ་དབྱངས་ཀྱིས་རྗེས་འགྲོར་བཤད། །ཁྱེད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །བཛྲ་གནྡྷེ་ཨཱཿ༔ ཞེས་དྲིལ་བུ་གསིལ་ཞིང་། དྲིལ་བུའི་སྒྲ་གྲག་སྟོང་ཡིན་པ་བཞིན་དུ། རང་གིས་དབང་དེ་བཞིན་དུ་ཤེས་པར་གྱིས་ལ་རྗེས་ཟློས་མཛོད། ཨ་སྲིད་པ་ངོ་བོ་ཉིད་ཀྱི་བདག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པ། །སྲིད་པ་དམ་པ་བྱེད་པར་འགྱུར། །ཨོཾ་བཛྲ་གྷནྡྷེ་ཨཱཿ་དྲིལ་བུ་གསུང་གི་དམ་ཚིག་དང་དེའི་ངེས་དོན་སྦྱིན་པའོ། །དེ་ནས་ཕྱག་རྒྱ་སྐུའི་དམ་ཚིག་གི་དོན་དུ་སློབ་མ་རྣམས་རྡོ་རྗེ་འཆང་ཆེན་པོ། རང་འདྲ་བའི་ཡུམ་ཤེས་རབ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་། སྙོམས་པར་འཇུག་པའི་བདེ་བ་ལ་སེམས་གཏད་ལ། ཡིད་ཀྱི་ལུས་བརྟེན་དེ་ཉིད་ཀྱིས། །ཕྱག་རྒྱའི་དམ་ཚིག་ཅེས་སུ་བརྗོད། །ལུས་ཀུན་བརྟེན་པར་བྱེད་པས་ན། །དེས་ན་ཕྱག་རྒྱ་རིབ་ཏུ་བསྒྲགས། །ཡེ་ཤེས་ཕྱག་རྒྱས་བྱིན་བརླབས་ནས། །འདོད་པ་


CMR021_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་ལོངས་སྤྱོད་པས། །དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། །།ཞེས་པས་དོན་གོ་བར་གྱིས་ལ། རྡོ་རྗེ་སེམས་དཔའི་སྐུ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ཁ་སྦྱོར་གྱི་རིམ་པས་བྱིན་གྱིས་བརླབ་ཏུ་བཅུག་ནས་འཁྱུད་པའི་ཚུལ་མཛོད། དེ་ཡང་མཆོག་གི་དང་པོའི་རྒྱུད་ལས། དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་ནས་ནི། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླས། །ཞེས་གསུངས་ཏེ་ཕྱག་རྒྱ་སྐུའི་དམ་ཚིག་དང་དེའི་ངེས་དོན་སྦྱིན་པའོ། །དེ་ལྟར་དམ་ཚིག་གསུམ་སྦྱིན་པའི་སྒོ་ནས་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྡོ་རྗེ་སློབ་དཔོན་ཆེན་པོར་བསྒྲུབ་པའི་ཕྱིར་ནམ་མཁར་གནས་པའི་དབང་ལྷ་རྣམས་ལ་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། །ཁྱེད་ཀྱིས་བདག་ལ་དབང་མཆོག་སྩོལ། །ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། རིག་མ་རྣམས་ཀྱིས་བུམ་པ་དཀར་པོ་ཡོ་བ་དང་


CMR021_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པས་སྤྱི་བོ་ནས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད། གཟུགས་རྡོ་རྗེ་མ་ལ་སོགས་ཀྱིས་མཆོད། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད་བཞིན་པའི་སྒོ་ནས་དབང་བསྐུར་བར་བསྒོམས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཨཱཿཧཱུཾ། ཨོཾ་ཨཱཿ༔བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏེ་ཙཱ་ཨ་ཧཾ༔ ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས། ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་ཆུ་རྒྱུན་གྱིས་གང་། དབང་ཐམས་ཅད་ཐོབ། དྲི་མ་ཐམས་ཅད་དག །ཆུ་ཡི་ལྷག་མ་ཡར་ལུད་པ་ལས། སྤྱི་བོར་རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་། རང་འོད་ཀྱི་ཡུམ་དང་བཅས་པས་དབུར་བརྒྱན། ནམ་མཁར་བཞུགས་པའི་དབང་ལྷ་ཐམས་ཅད་ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ། ཛཿཧཱུྃ་བཾ་ཧོཿ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སྔགས་དང་རྒྱུད་རྣམས་འཛིན་གྱུར་པར། །


CMR021_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀུན་གྱིས་མཐུན་པར་བཞེད། །ཅེས་གསུངས་པས་མེ་ཏོག་འཐོར་བཞིན་དུ། རིག་འཛིན་འདི་རྣམས་ཟབ་མོ་སྔགས་ཀྱི་ཐེག་པའི་སྒོ་ནས་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྡོ་རྗེ་སློབ་དཔོན་རེ་རེར་གྱུར་ནས་སེམས་ཅན་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་འགོད་ནུས་པར་གྱུར་ཅིག །བཛྲ་དྷཱ་ར་ཨརྒྱུ་སོགས། དེ་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་དག་པ་མདོར་བསྡུས་པ་ནི། གཞལ་ཡས་ཁང་པ་ནི་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་རྣམ་པར་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཡིན་པའམ། ཡང་ན་ལམ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པ་ཡིན་ལ། ལྷ་རྣམས་ལ་ནི། དཔལ་གསང་བ་འདུས་པའི་རྒྱུད་ལས། ཕུང་པོ་ལྔ་ནི་མདོར་བསྡུས་ན། །སངས་རྒྱས་ལྔ་ནི་རབ་ཏུ་གྲགས། །རྡོ་རྗེའི་སྐྱེ་མཆེད་ཉིད་དག་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ནི་སྤྱན་མ་ཞེས་བྱ་སྟེ། །ཆུ་ཡི་ཁམས་ནི་མཱ་མ་ཀི། །གོས་དཀར་མོ་དང་སྒྲོལ་མ་ནི། །མེ་དང་རླུང་དུ་རབ་ཏུ་གྲགས། །ཞེས་གསུངས་ཤིང་། ཁྲོ་བོ་བཅུ་ཡང་ཚིགས་ཆེན་བཅུ་དང་། རྣམ་པར་དག་པའི་རང་བཞིན་དུ་


CMR021_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པས། ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་རྣམ་པར་དག་པ་དང་དོན་དམ་པར་ན། དཀྱིལ་འཁོར་ལ་སོགས་པ་རྣམས་ནི་རིམ་པ་གཉིས་ཀ་ལ་ཡང་རང་བཞིན་མེད་པའི་བདག་ཉིད་ཅན་དེ་བཞིན་ཉིད་ཁོ་ནའི་དེ་ཁོ་ན་ཉིད་རྣམ་པར་དག་པ་ཡིན་ནོ། །ཞེས་གསུངས། ད་སྔགས་ཀྱི་བཟླས་ལུང་གི་དོན་དུ་མཎྜལ་ཕུལ། འདི་ཡི་རྗེས་ཟློས་མཛོད། སྔགས་ཀྱི་དབང་བསྐུར་ཡེ་ཤེས་ཆེ། །དངོས་གྲུབ་སྟེར་བ་བདག་ལ་སྩོལ། །གསུམ། དཔོན་སློབ་གཉིས་ཀ་དཔལ་རྒུའི་དཀྱིལ་འཁོར་གྱི་གཙོ་བོར་གསལ་བའི་ཐུགས་ཀར་ཟླ་བའམ་ཉི་མའི་དབུས་སུ་ས་བོན་དང་ཁྱད་པར་དུ་སློབ་དཔོན་གྱི་ཐུགས་ཀའི་ས་བོན་གྱི་མཐའ་སྐོར་དུ་སྔགས་ཀྱི་ཕྲེང་བ་སྒྲུབ་ཐབས་ལྟར་གཡས་བསྐོར་དུ་འཁོད་པར་བསམས་ལ། སྔགས་ཀྱི་བཟླས་ལུང་བསྩལ་དུ་གསོལ་སྙམ་པའི་མོས་གུས་དྲག་པོ་བྱས་ལ། སློབ་དཔོན་གྱི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་ས་བོན་སྔགས་ཕྲེང་དང་བཅས་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་གྱིས་སློབ་དཔོན་གྱི་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་ཁའི་ས་བོན་གྱི་མཐའ་བསྐོར་དུ། དང་པོས་འཁོད།


CMR021_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པས་བྱིན་བརླབས། གསུམ་པས་བརྟན་པར་བྱས་པར་བསྒོམས་ལ་སྔགས་ཀྱི་རྗེས་ཟློས་ལན་གསུམ་མཛོད། རྩ་སྔགས། དེ་ཡི་བྱིན་རླབས་ཐོབ་པ་ཡི། གཏང་རིག་ཏུ་མེ་ཏོག་འཐོར་ཞིང་རྗེས་ཟློས། བཅོམ་ལྡན་བདག་ལ་བསྩལ་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་སློབ་དཔོན་གྱིས། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ་སོགས། རིག་པ་འཛིན་པ་འདི་རྣམས་ལ་རྒུའི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་བྱིན་རླབས་དང་ཁྱད་པར་དུ་རིག་པ་གསང་སྔགས་ཀྱི་བྱིན་རླབས་ཐམས་ཅད་འཇུག་པར་གྱུར་ཅིག །ཅེས་མེ་ཏོག་གཏོར། ད་དངུལ་གྱི་ཀོང་བུར་མིག་སྨན་རྣམས་ཚུལ་བཞིན་དུ་སྦྱར་བ་ལག་པ་གཡོན་དུ་བཟུང་ཞིང་། གཡས་པས་གསེར་དྲུག་ལས་བྱས་པའི་ཐུར་མ་་་མེད་ན་རྡོ་རྗེའི་ཆོག་གོ་མཆན། བོཟུང་སྟེ་མ་རིག་པའི་ལིང་ཏོག་བསལ་ནས་མིག་སྨན་བྱུག་པར་སྒོམས་ཤིག །སློབ་མའི་མིག་གཉིས་སུ་དེ་ཁོ་ན་ཉིད། སྒྲིབ་བྱེད་མ་རིག་པའི་ལིང་ཏོག་ས་ཁམས་པའི་


CMR021_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་པྲཾ་སེར་པོའི་རྣམ་པར་གནས་པ་ཕྱིར་བསལ་བར་བསྒོམས། ཐུར་ལྡན་སྨན་པའི་རྒྱལ་པོ་ཡིས། །ཇི་ལྟར་འཇིག་རྟེན་རབ་རིབ་བཞིན། །རྒྱལ་བ་རྣམས་ཀྱིས་བུ་ཁྱོད་ཀྱི། །མི་ཤེས་པ་ཡི་རབ་རིབ་བསལ། །ཨོཾ་བཛྲ་ནེ་ཏྲ་ཨ་བ་ཧ་ར་པ་ཏྲ་ལཾ་ཧྲཱིཿཔྲཾཿ དེ་ནས་མེ་ལོང་ལ་ཨཱཿཡིས་སྔགས་ཏེ་སློབ་མ་ལ་བསྟན། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོགས་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང་། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དེར་ནི་གསལ་དག་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་བཞིན་ནི། །བུ་ཁྱོད་ཀྱིས་ནི་སྙིང་ལ་བཞུགས། །རང་བཞིན་མེད་ཅིང་གནས་མེད་པར། །ཆོས་རྣམས་དེ་ལྟར་ཤེས་ནས་ཁྱོད། །སེམས་ཅན་དོན་ནི་མཉམ་མེད་བྱོས། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེ། །གང་ཡང་རིགས་ཐམས་ཅད་དང་། དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་འདི་ཀུན་ཏུ་འགྲོ་བ་ཡིན་པ་ཤེས་པར་གྱིས། ཧོས་བསྔགས་པའི་ཐབས་ཀྱི་མདའ་དྲུག །ཤེས་རབ་ཀྱི་གཞུ་དང་བཅས་པ་ཕྱོགས་བཞི་སྟེང་འོག་ཏུ་འཕངས། བདུད་བཞི་དང་ཉན་


CMR021_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སེམས་ཡིད་ལ་བྱེད་པ་བཅོམ་པར་མོས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡེ་སྭཱ་ཧཱ། མདའ་འཕེན་ཚུལ་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད། །དེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་ཆགས་པར་བྱའོ། །དེ་རྣམས་ཀྱི་ཕྱི་དབྱིབས་རས་བྲིས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་པའི་རིམ་པ་ཆ་ལག་དང་བཅས་པ་སྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པའོ། །དེ་ནས་དབང་གོང་མ་གསུམ་ལས་གསང་བའི་དབང་ཞུ་བའི་དོན་དུ་མཎྜལ་ཕུལ། རྗེས་ཟློས། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །བདག་གི་བླ་མེད་བྱ་བ་ཐོབ། །དེ་ཕྱིར་གསང་བའི་དབང་གིས་ནི། །མགོན་པོས་རྗེས་སུ་བཟུང་བར་མཛོད། །གསུམ། མ་དད་པ་སོགས་བགག་པའི་དོན་དུ་གདོང་གཡོགས་ཆིངས་མཛོད། ཨོཾ་ཙཀ་བྷན་སོགས། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་གཙོ་བོར་རྨེའམ། མོ་རྐྱང་མ་རྣམས་ལ་རིགས་བདག་རྗེ་བསྒོམས། སློབ་དཔོན་ཡང་དེ་ལྟ་བུའི་ཡབ་ཡུམ་དུ་བསྒོམས་ལ་ཐབས་ཤེས་རབ་སྙོམས་པར་ཞུགས་པའི་སྒྱུ་མ་བདེ་བའི་སྒྲས། ཕྱོགས་བཅུ་ན་བཞུགས་པའི་རིགས་


CMR021_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཡབ་ཡུམ་དཔག་ཏུ་མེད་པ་སྤྱན་དྲངས། སློབ་དཔོན་གྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ། དེ་དང་སློབ་དཔོན་གྱི་ཕུང་ཁམས་སྐྱེ་མཆེད་ལྷའི་རང་བཞིན་དུ་བཞུགས་པ་འོད་དུ་ཞུ་བ་དང་ལྷན་ཅིག་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབ་པས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་དཔལ་དང་ལྡན་པ། སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་བྷཻ། བཏུང་བ་རིན་ཆེན་དམ་པ་འདི། །ལུས་ལ་རྡོ་རྗེ་རབ་གསལ་བྱེད། །བུ་ཁྱོད་རྟག་ཏུ་ཤེས་ན་ཀྱེ། །ཡིད་ལས་བྱུང་བའི་ཆུ་འཐུང་ཞིག །རང་རང་གིས་གཙོ་བོས་སྔགས་དང་། ཨོཾ་ཨཱཿ༔ཧཱུྃ་གིས་བྱིན་གྱིས་བརླབས་ལ། བདུད་རྩི་ལྕེ་ཐོག་ཏུ་བཞག་ལ། ཇི་ལྟར་རྡོ་རྗེ་འཆང་སོགས་ཀྱི། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡི། །དེ་ལྟར་བུ་ཁྱོད་དབང་བསྐུར་རོ། །ཞེས་དང་། རང་རང་གི་གཙོ་བོའི་སྔགས་བརྗོད་ཅིང་སྦྱིན་ནོ། །སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་བསྒོམས་ལ། རྟོགས་པ་མེད་པའི་སེམས་ཀྱིས་མིད་ལ་རྗེས་ཟློས། ཨ་ཧོ་མ་ཧཱ་སུ་ཁ་ཧོ། ཤེས་རབ་ཀྱིས་ཀྱང་ལངས་ནས་ནི། རང་གི་ཆུ་སྐྱེས་ན་གནས་པའི་བྱང་སེམས་དེས་དབང་བསྐུར་བར་སྒོམས་


CMR021_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །འདི་དེ་དཔའ་བོ་རྣལ་འབྱོར་མའི། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། །ཁམས་དང་ལྡན་པའི་རྟོགས་པ་བྱ། །བདེ་བ་དམ་པ་མྱང་བར་གྱིས། །ཨ་ཧོ་མ་ཧཱ་སུ་ཁ་ཧོ། མགྲིན་པའི་གནས་སུ་བབ་པས་ལུས་ཐམས་ཅད་རྩས་ཁྱབ་ཅིང་། དེར་བྱང་ཆུབ་སེམས་ཀྱིས་ཁྱབ།་ཞུ་བདེ་མི་རྟོག་པའི་རྟོགས་པ་སྐྱེས་པའི་མོས་པ་མཛོད། དབང་དེ་ཐོབ་པའི་བརྡར་གདོང་གཡོགས་དཀྲོལ་བར་ཞུ། དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བ་ཐོབ། ངག་གི་དྲི་མ་དག །ལམ་སྲོག་རྩོལ་རླུང་གི་རྣལ་འབྱོར་དང་། གཏུམ་མོའི་རྣལ་འབྱོར་སོགས་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུའི་ས་བོན་དང་། བག་ཆགས་རྒྱུད་ལ་བཞག་པ་གསང་བའི་དབང་ངོ་། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ། ཁྱོད་ཞབས་པདྨའི་བཀའ་དྲིན་གྱིས། །བདག་གིས་གསང་བའི་དབང་བསྐུར་ཐོབ། །ཤེས་རབ་ཡེ་ཤེས་དབང་བསྐུར་ཡང་། །མགོན་པོས་རྗེས་སུ་བཟུང་བར་མཛོད། །གསུམ། ཕན་ཚུན་ངོ་ཚས་བཅིངས་ན་ཡེ་ཤེས་ངོ་མི་འཕྲོད་པས། དེའི་དོགས་པ་དགག་ཕྱིར་གདོང་གཡོགས་ཆིངས། ཨོཾ་ཙཀྵུ་སོགས་


CMR021_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་རྣམས་དཀྱིལ་འཁོར་ཀྱི་གཙོ་བོ་རྨེའམ། མོ་རྐྱང་རྣམས་ལ་རིགས་བདག་སྒེར་གསལ་བ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་བྱིན་པར་བསྒོམ། གཟུང་མ་ཡིད་འོང་འདི་ཁྱོད་ཀྱི། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོའི་རིམ་པར་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་གྱིས། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་གནས་ལྟ་བས། །ཞེས་དང་། དགའ་སྦྱིན་གནས་སྦྱིན་ལྷ་མོ་ནི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཟུངས་ཤིག་ཟུངས་ཤིག་སེམས་དཔའ་ཆེ། །ཟུངས་ལ་མཆོད་པ་རྟག་ཏུ་གྱིས། །བཤང་གཅི་དག་ནི་ཟ་བ་དང་། །ཁྲག་དང་ཁུ་བ་དེ་བཞིན་དུ། །ཤ་ཆེན་བསྟེན་པར་བུ་སྤྲོ་འམ། །བུད་མེད་རྣམས་ལ་རྟག་གུས་པ། །བྷ་གའི་པདྨོར་འོ་བྱེད་པར། །བུ་ཁྱོད་ཅི་དགར་སྤྲོ་གྱུར་རམ། །ཞེས་པ་འདོད་དོན་ནི། མ་དག་པ་ཡི་ཤ་ལྔ། བདུད་རྩི་ལྔ་ལ་སྦྱང་རྟོག་སྦར་གསུམ་བྱས་ནས། ཟག་མེད་ཀྱི་བདུད་རྩིའི་རྒྱ་མཚོ་ལྟ་བུ་དང་། དག་པའི་ཤེལ་ལྟར་རྟོགས་ཤིང་མང་དུ་སྤྲོས་པ་དང་། རང་རིགས་ཀྱི་ཕྱག་རྒྱ་ལ་མི་སྨོད་ཅིང་རྡོ་རྗེ་པདྨོའི་


CMR021_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་ལ་བརྟེན་ནས། འཛག་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱེད་པ་ལ། བུ་ཁྱོད་སྤྲོ་བ་ཡིན་ནམ། ཞེས་དྲིས་པས་སློབ་མས་ཀྱང་། སྔར་བཤད་པ་ལྟ་བུའི་ཡོན་ཏན་རང་ལ་ཡོད་ན། དངོས་སུ་སྤྲོ་ཞིང་མེད་ན་དེ་ལྟ་བུའི་ཡོན་ཏན་ཐོབ་པའི་ཚེ་སྤྲོ་ཞིང་། ད་ལྟ་ཡེ་ཤེས་ཀྱི་རིག་མ་ལ་བསྟེན་ནས། ལམ་ཉམས་སུ་ལེན་པར་སྤྲོ་སྙམ་པའི་བསམས་པས་རྗེས་ཟློས། བཤང་གཅི་དག་ནི་ཟ་བ་དང་། །ཁྲག་དང་ཁུ་བ་དེ་བཞིན་དུ། །ཤ་ཆེན་བསྟེན་པར་ཅིས་མི་སྤྲོ། །བདག་ནི་ཅི་དགར་སྤྲོ་གྱུར་ཏོ། །ཞེས་པའི་ལན་བཏབ་པས། ཕྱག་རྒྱ་དེས་ཀྱང་སྒྲུབ་པ་པོ་དམ་ཚིག་དང་ལྡན་པར་ཤེས་ནས། ལུས་གཅེར་བུར་བྱས། ཆུ་སྐྱེས་གུར་གུམ་ལ་སོགས་པའི། དྲི་ཞིམ་པར་བྱས་ཏེ། རྩ་མཆོག་ཏུ་གྱུར་པའི་པདྨ་རྒྱས་པར་བསྟེན་ཏེ། ཨེ་མ་ང་ཡི་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་གས་བརྟེན་བྱེད་པ། །དེ་ཡི་མདུན་དུ་བདག་གནས་སོ། །སངས་རྒྱས་བསྟན་པ་ལ་སོགས་པ། །པདྨའི་བྱ་བ་ཇི་བཞིན་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་གནས། །བླུན་པོ་གང་ཞིག་འདི་སྤོང་པ། །དེ་ལ་མཆོག་གི་དངོས་གྲུབ་


CMR021_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །པདྨ་བྷཉྫམོཀྟ་ཧོཿ ཁྱེད་རང་རྣམས་དཀྱིལ་འཁོར་གྱི་གཙོ་བོ། རྨེའམ་མོ་རྐྱང་རིགས་བདག་ཏུ། གསལ་བ་དེ་ཉིད་རང་རིག་ཡེ་ཤེས་ཀྱི་རང་མདངས་དང་མཉམ་པར་སྤྱོད་པའི་ཡབ་ཀྱི་གསང་གནས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ནོར་བུ་ལ་ཨོཾ་དང་། །བུ་གར་ཕཊ༔དམར་སེར་གྱིས་བཀག །ཡུམ་གྱི་མཁའ་ཨ་ལས་པདྨ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨས་མཚན་པ། ཆོས་ཀྱི་འདུ་ཤེས་ནི། ཐབས་འདི་ལྟ་བུ་ལ་བརྟེན་ནས་འཛག་མེད་ལྷན་ཅིག་ཡེ་ཤེས། བདེ་བ་ཆེན་པོ་རྡོ་རྗེ་འཆང་གི་སྐུ་མངོན་དུ་བྱའོ་སྙམ་པའི་བསམས་པས་འདིའི་རྗེས་ཟློས་མཛོད། ཨོཾ་ཧཱུྃ་ཧཱུྃ་ཧཱུྃ་ཧ་ཧ་ཧ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷ་ཝ་ཨཏྨ་ཀོཉཧཾ། ཞེས་ཡབ་ཡུམ་སྙོམས་པར་ཞུགས་པའི་རྒྱུ་མ་དགའ་བའི་སྒྲས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། ཞལ་དུ་ཞུགས་པའི་ལུས་ལ་བདེ་བ་དང་སེམས་འོད་གསལ་གྱི་རང་བཞིན་དུ་བྱས། ལྟེ་བར་གཏུམ་མོའི་མེ་སྦར་བས་སྤྱི་བོའི་ཧཾ་ལ་ཕོག །དེ་ལས་བྱང་སེམས་མགྲིན་པར་བབ་པས་དགའ་བ། སྙིང་གར་བབ་པས་


CMR021_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དགའ། ལྟེ་བར་བབ་པས་དགའ་བྲལ་གྱི་དགའ་བ།། རྡོ་རྗེའི་ནོར་བུ་བར་དུ་བྱོན་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས། སླར་རླུང་གི་ནུས་པས་གྱེན་དུ་དྲངས་ཏེ། ལྟེ་བར་བྱོན་པས་དགའ་བ། སྙིང་ཁར་བྱོན་པས་མཆོག་དགའ།་མགྲིན་པར་བྱོན་པས་དགའ་བྲལ་གྱི་དགའ་བ། སྤྱི་བོར་བྱོན་པས་མས་བརྟེན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་པའི་མོས་པ་མཛོད། དེའི་ཚེ་ཁམས་ཞུ་བ་ལས་བྱུང་བའི་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཉིད་ཀྱི་ངོ་བོ་སྟོང་པ་ཉིད་ཟུང་དུ་འཇུག་པའི་ཡེ་ཤེས་ལ་སེམས་ཅུང་ཟད་གཏད་ལ་རང་གི་སེམས་བདེ་སྟོང་དུ་ཤར་བའི་སྟོབས་ཀྱིས་སྣང་བའི་ངོ་བོ་དངོས་པོ་ཐམས་ཅད་ཀྱང་། བདེ་སྟོང་ཟུང་འཇུག་ཏུ་གྱུར་པའི་མོས་པ་མཛོད། དཔེར་ན་ཟད་པར་མེ་དང་ཆུ་ལ་སོགས་པའི་ཏིང་འཛིན་རྣམ་དག་ལ་སྙོམས་པར་ཞུགས་པའི་གང་ཟག་གིས་སྣང་བའི་དངོས་པོ་ཐམས་ཅད་མེ་དང་ཆུ་ལ་སོགས་པའི་རྣམ་པར་མངོན་སུམ་དུ་སྣང་བཞིན་ནོ། །དབང་དེ་ཐོབ་པའི་བརྡར་གདོང་གཡོགས་ཁྲོལ། །ཨ་ཁཾ་བི་ར་ཧཱུྃ། དེས་ནི་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ། ཡིད་ཀྱི་དྲི་མ་དག །ལམ་


CMR021_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

མགྱོགས་བྱེད་ཕོ་ཉའི་ལམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པ་དེ་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །དབང་བཞི་པ་ཞུ་བའི་དོན་དུ་མཎྜལ་ཕུལ། རྗེས་ཟློས་མཛོད། བདག་ཉིད་ཆེ་ཁྱོད་བཀའ་དྲིན་གྱིས། །ཤེས་རབ་ཡེ་ཤེས་དབང་བསྐུར་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང་། །མགོན་པོས་རྗེས་སུ་བཟུང་བར་མཛོད། །གསུམ། གདོང་གཡོགས་ཆིངས། དེའི་རྗེས་ཚིག་ཁོ་ནའི་དབང་བཞི་པ་སྦྱིན་པར་བྱའོ། །ཤེས་རབ་ཡེ་ཤེས་དེ་ཉིད་མྱུ་གུར་གྱུར་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པས་རབ་ཏུ་འཕེལ་བཞིན་སྒྲིབ་པ་མེད་པ་ཉིད་དུ་གྱུར་པའི་དེ་ཁོ་ན་ཉིད་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་རང་བཞིན་ཡན་ལག་བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཅན་དབང་བཞི་པའི་ངོ་བོར་བརྗོད་པར་བྱའོ། །ཞེས་གསུངས་པ་ལྟར་རང་རང་གི་རྒྱུད་རྣམས་ལས། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་དང་། གསང་བ་འདུས་པའི་རྒྱུད་ལས། །དངོས་པོ་ཐམས་ཅད་དང་བྲལ་བ། །གཟུང་དང་འཛིན་པ་རྣམ་པར་སྤང་། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །


CMR021_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བདག་མེད་པ་མཉམ་པ་ཉིད། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་བཤད་པའམ། ཡང་བརྟག་གཉིས་ལས། ཡེ་ཤེས་འདི་ནི་ཆེ་ཕྲ་ཞིང་། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱེད་རང་ཡང་ནི་དེ་ཡི་ཕ། །ཞེས་གསུངས་པའི་དོན་བཤད་པའམ། བདེ་མཆོག་ཉུང་ལས། དངོས་པོ་མེད་པའི་ཆོས་ཉིད་ཅན། །ནམ་མཁའ་ལྟ་བུར་དྲི་མ་མེད། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ནི། །སྟོང་པ་ཉིད་དུ་རྣམ་བསལ་བྱ། །ཞེས་གསུངས་པའི་དོན་རྣམས། བདེ་དགྱེས་གསང་གསུམ་གྱི་དཀྱིལ་ཆོག་ནས་བྱུང་བ་ལྟར། བཤད་ལ་ངོ་སྤྲོད་དོ། །མདོར་ན་སྔར་དབང་གསུམ་པའི་དུས་སུ་སྐྱེས་པའི་བདེ་སྟོང་གི་ཡེ་ཤེས་དེ་ཉིད་རང་རང་གི་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་མམ། རིགས་བདག་ཡབ་ཡུམ་གྱི་རྣམ་པར་ནམ་མཁའ་ལ་འཇའ་ཚོན་ཤར་བ་ལྟར་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུར་སྣང་ཞིང་། དེ་ལྟ་བུའི་སྐུ་དེ་ཡང་བདེ་སྟོང་གི་ཡེ་ཤེས་ལས་མ་འདས་པས། བདེ་སྟོང་ཟུང་འཇུག་བདེ་བ་ཆེན་པོའི་ཡེ་ཤེས་འཛིན་མེད་ཀྱི་ངང་ལ་བློ་བཞག་པར་བྱའོ། །དབང་བཞི་པ་ཐོབ་པའི་བརྡར་གདོང་གཡོགས་ཁྲོལ། དེ་ལྟར་ཁྱེད་རྣམས་ཀྱིས་


CMR021_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཚིག་ཙམ་གྱི་སྒོ་ནས་ངོ་སྤྲད་པ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །ལམ་ཕྱག་རྒྱ་ཆེན་པོ་དེ་ཁོ་ན་ཉིད་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་མངོན་དུ་བྱས་སོ། །ཞེས་བརྗོད་པ་ནི་ཚིག་དབང་བཞི་པ་སྟེ། དབང་གོང་མ་གསུམ་བསྐུར་བའི་ཆོ་གའོ། །དེ་ནས་བརྟུལ་ཞུགས་གསུམ་གྱི་དང་པོ་རིག་མའི་བརྟུལ་ཞུགས་སྦྱིན་པ་ནི། སློབ་དཔོན་དང་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་གཙོ་བོ། སྒེའམ། མོ་རྐྱང་རྣམས་ལ་རིགས་བདག་རྗེ། བསྒོམ་པའི་ལག་པ་གཡས་པ་གྱེན་དུ་བཏེག་པར། སློབ་དཔོན་གྱི་ཕྱག་གཡོན་པས་རེག་པའི་ཚུལ་གྱིས། རིག་མ་གཏད་པར་བྷོ། གཡས་རྡོ་རྗེ་དང་བཅས་པས་སློབ་མའི་མགོར་བཞག་པར་བསྒོམ་། ནམ་མཁར་བཞུགས་པའི་སངས་རྒྱས་རྣམས་དཔང་པོར་བྱས་ཏེ། འདིར་ནི་ཁྱེད་རྣམས་དཔང་པོ་ཡིན། །བདག་གིས་ཁྱོད་ལ་འདི་གཏད་དོ། །གཟུང་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བསྔགས། །ཐབས་གཞན་གྱིས་ནི་སངས་མི་རྒྱ། །འགྲོ་གསུམ་འདི་ཡང་དག་པ་སྟེ། །དེ་ཕྱིར་འདི་དང་བྲལ་བར་ནི། །ཁྱོད་


CMR021_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནམ་ཡང་མ་བྱེད་ཅིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །རིག་མའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད་། །ཅེས་རིག་མའི་བརྟུལ་ཞུགས་ཀྱི་ཆོ་གའོ། །དེ་ནས་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པ་ནི། བསངས་སྦྱངས། སྟོང་པའི་ངང་ལས་སློབ་མ་རྣམས་ཀྱི་ཆོས་ཅན་ཉོན་མོངས་པ་ལྔ་དང་། ཕུང་པོ་ལྔའི་ཆོས་ཉིད་རྣམས་མི་དམིགས་ཏེ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས། ཁྱེད་རང་རྣམས་ཀྱི་ཉོན་མོངས་པ་ལྔ་དང་ཕུང་པོ་ལྔའི་ཆོས་ཉིད་རྣམས། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རལ་པའི་ཐོར་ཙུགས་ལ་སོགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རང་དང་འདྲ་བའི་ཡུམ་རྡོ་རྗེ་སྙེམས་མ་དང་སྙོམས་པར་ཞུགས་པའི་སྐུ་ཅན་གྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ༔ ཐུགས་ཀར་ཧཱུཾ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རྡོ་རྗེ་སེམས་དཔའི་རྣམ་པར་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ཁྱེད་རང་རྣམས་ལ་


CMR021_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པར་ཐིམ། ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཚད་དང་མཚན་ཉིད་དང་ལྡན་པ་ཁྱེད་རང་རྣམས་ཀྱི་ལག་པ་གཡས་པར་བྱིན་པར་བསྒོམས། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟེན།། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། །བརྟུལ་ཞུགས་འཛིན་པའི་གནས་སྤྱི་བོ་ཡིན་པས་སྤྱི་བོར་བཟུང་བའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ། ཏིཥྛ་ཨེ་ཥ་ཡ་ཙཱ་དྷ་ར་ཡཱ་མི་བཛྲ་སཏཱ་ཧི། ཧི་ཧི་ཧི་ཧི་ཧཱུྃ། ཞེས་བརྗོད་པ་ནི། རྡོ་རྗེ་བརྟུལ་ཞུགས་འཛིན་པའི་ཆོ་གའོ། །མ་རྒྱུད་ལ་སྦྱར་ན་སྐབས་འདིར་སྤྱོད་པའི་བརྟུལ་ཞུགས་སབ་བོ། །དེ་ནས་སྣམ་སྦྱར་གྱི་ཞབས་ནས་གཡོན་པས་ཆོས་གོས་ཀྱི་སྣེ་གཉིས་སེང་གེ་བག་ཕེབ་པའི་རྣ་བ་ལྟར་བཟུང་། གཡས་པས་སྐྱབས་སྦྱིན་བྱས་བ་ལ། སློབ་དཔོན་ཨོཾ་ལས་སྤྲུལ་སྐུ་ཤཱཀྱ་ཐུབ་པར་བསྒོམས་ལ། དབང་འདི་ཐོབ་ཅིང་ཉམས་སུ་བླངས་བ་ལ་བརྟེན་ནས་མ་འོངས་པ་ན་ཁྱེད་རྣམས་གསང་མཚན་བཏགས་པ་དང་མཚུངས་པའི་མཚན་འཛིན་པའི་དེ་བཞིན་གཤེགས་པར་འགྱུར་རོ། །ཞེས་ལུང་བསྟན་པའི་མོས་པ་མཛོད། འདིར་ནི་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་


CMR021_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་དཔལ་སྒྲེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །སིདྡྷི་ས་མ་ཡ་བྷུནྡྷ་བས། གང་ལ་ངས་ལུང་བསྟན་པ་འདིའི་བླ་མ་དང་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱིས་བྱང་ཆུབ་ཆེན་པོར་མགྲིན་གཅིག་ཏུ་ལུང་བསྟན་པར་མཛད་དེ། སྔགས་འདི་དང་ཕྱག་རྒྱ་འདི་ཡི་མཐུ་ཡིན་ནོ་། །ཞེས་ཁྱེད་རང་རྣམས་དང་བ་བསྐྱེད་པར་བྱའོ། །ལུང་བསྟན་ཆོ་གའོ། །རྒྱུད་ལས་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས། །སློབ་མ་སྡིག་དང་བྲལ་བ་ལ། །རྗེས་སུ་གནང་བ་དེ་ནས་སྦྱིན། །ཞེས་གསུངས་པས། ཁྱེད་རང་རྣམས་ཀྱི་མདུན་དུ་ཧཱུཾ་ལས་སྐྱེས་པའི་འཁོར་ལོ་དང་། ༀ་བཛྲ་ཧེ་ཏུ་མཾ། ལག་གཡས་སུ་ཨོཾ་བཛྲ་བྷ་ཥ་རཾ། ཡི་གེ་ཨཱཿལས་སྐྱེས་པའི་དུང་དང་། གཡོན་དུ་དབྱངས་དང་པོ་ལས་སྐྱེས་པའི་པོ་ཏི་དང་ཨཱཿ དབྱངས་ཐ་མ་ལས་སྐྱེས་པའི་དྲིལ་བུ་རྣམས། རང་རང་གིས་སྔགས་བརྗོད་ཅིང་བྱིན་པས་དྲིལ་བུ་དཀྲོལ་བའི་མོས་པ་གྱིས། སློབ་དཔོན་གྱིས། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཀུན་


CMR021_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་མཉམ་པ་ཉིད་དུ་གསལ། །དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །བརྩམས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར། །དེ་རིང་ཕན་ཆད་འཇིག་རྟེན་ལ། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་ནས་ཡོངས་སུ་བཀང་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཡང་སློབ་མ་ཁྱེད་རང་རྣམས་རྣམ་སྣང་ལ་སོགས་པའི་རིགས་ལྔ་རིམ་པར་བསྒོམས་ལ་ངེད་ཀྱིས་བྱེད་པའི་ཕྱག་རྒྱ་འདི་རྣམས་ཤེས་ན་གྱིས། མི་ཤེས་ན་ཡང་བྱས་ཡོད་སྙམ་པ་གྱིས། སེམས་ཅན་ཀུན་ལ་ཕན་དོན་དུ། །སེམས་ཅན་ཀུན་ལ་ཐམས་ཅད་ནས། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཅེས་བྱང་ཆུབ་མཆོག་གི་ཕྱག་རྒྱ་བྱའོ། །དེ་ནས་ས་གནོན་མཉམ་བཞག་བྱས་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པའི། །རྡོ་རྗེ་འཁོར་ལོ་རབ་ཏུ་བསྐོར། །དེ་ནས་མཆོག་སྦྱིན་མཉམ་བཞག་བྱས་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པའི། །རིན་ཆེན་འཁོར་ལོ་བསྐོར་དུ་གསོལ། །ལག་གཉིས་མཉམ་བཞག་བྱས་ལ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་


CMR021_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པའི། །པདྨའི་འཁོར་ལོ་རབ་ཏུ་བསྐོར། །སྐྱབས་སྦྱིན་མཉམ་བཞག་བྱས་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པའི། །སྣ་ཚོགས་འཁོར་ལོ་བསྐོར་དུ་གསོལ། །འདི་རྣམས་ནི་རིགས་ལྔའི་སྤྲུལ་པར་བཤད་དེ། དེ་རིང་ཕྱིན་ཆད་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་དུང་བུས་སྒྲ་སྒྲོག་བཤད་པ་གྱིས་ཤིག །དེ་ནས་དབུགས་དབྱུང་ནི། ད་སློབ་མ་གཞོན་པ་གཅིག་ལ་ཆོས་གོས་བཀོན་ནས། རུས་པ་དང་རིན་པོ་ཆེའི་རྒྱན་དྲུག་གིས་བརྒྱན་ཅིང་། དེས་དཀྱིལ་འཁོར་ལ་སྐོར་བ་བྱེད་པ་དང་མཉམ་དུ་ཁྱེད་རང་རྣམས་ཀྱིས་བྱས་པར་བསྒོམས་ལ་རྗེས་ཟློས། མ་ཧཱ་ར་ཏ་སུ་ཌི་ཏ་སུ་ཏཱ་ཥ་བཛྲ་སཏྭ་ཨརྱ་སྤྱི་བོ་རུ་ནི་གདུགས་བཟུང་ཞིང་། །སྐོར་བ་བྱེད་དུ་བཅུག་ནས་ནི། །དཀྱིལ་འཁོར་ཤར་སྒོར་ཐལ་སྦྱར་བ། །གདུགས་བཅས་དབབ་ཅིང་འདི་སྐད་བརྗོད། །ཅེས་གསུངས་པས། ཁྱེད་རང་རྣམས་ཀྱི་སྤྱི་བོར་གཞན་ཞིག་གིས་གདུགས་བཟུང་། དཀྱིལ་འཁོར་གྱི་ཤར་སྒོ་ནས་ཕྱག་གསུམ་འཚལ་ནས། ཁྱེད་རང་རྣམས་ཀྱི་ལུས་ལོངས་སྤྱོད་དགེ་


CMR021_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དངོས་པོ་དང་བཅས་པ་ཐམས་ཅད་དཀྱིལ་འཁོར་གྱི་ལྷ་ལ་འབུལ་བསམ་ཞིང་། དཀྱིལ་འཁོར་ལ་མགོ་བོ་འདུད་པ་རེ་གྱིས། སྔགས་དང་རྒྱུད་རྣམས་འཛིན་གྱུར་པའི། །སློབ་མ་འདི་ནི་འབུལ་བ་ལགས། །ད་ཁྱེད་རང་རྣམས་ཤར་སྒོ་ནས་ཕྱག་གསུམ་འཚལ་ཏེ་པུས་བཙུགས་ཐལ་མོ་སྦྱར་བས་ཉོན། ཐམས་ཅད་ཀྱི་སྙིང་ལ་འབབ་པའི་གཏམ་འདིར་བརྗོད་པ་ལ་གསན་པས་ཁྱབ་པར་གདའ། ད་ནི་ཁྱེད་རྣམས་དཀྱིལ་འཁོར་གྱིས། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་དག་ཀྱང་དགོངས་པར་འགྱུར། །སེམས་ཅན་ཀུན་ལ་བརྩེ་དོན་དུ། །ཁྱེད་ཀྱི་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །མཆོག་ཏུ་གསང་བ་དམ་པ་ཡིས། །དཀྱིལ་འཁོར་མཐོང་ཞིང་ཞུགས་པས་ན། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཁྱོད་ལ་མེད། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་མཐའ་གྲུབ་བོ། །སངས་རྒྱས་རྡོ་རྗེ་ཅན་


CMR021_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི། །དེ་རིང་ཚེ་ལྡན་དབང་བསྐུར་རོ། །ཁམས་གསུམ་ཀུན་གྱི་རྒྱལ་སྲིད་ཆེ། །བདག་པོ་ཉིད་དུ་ཁྱོད་ངེས་སོ། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་ཉིད། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །འདོད་པ་ཀུན་ལ་སྤྱོད་པ་ཁྱོད། །གང་ལའང་འཇིགས་མེད་སྤྱད་པར་གྱིས། །ཤ་ལྔ་བདུད་རྩི་ལྔ་བཟའ་ཟ། །འདི་ལས་གཞན་ཡང་དམ་ཚིག་བསྲུང་། །སྲོག་ཆགས་བསད་པར་མི་བྱ་ཞིང་། །བུད་མེད་རིན་ཆེན་སྤང་མི་བྱ། །སློབ་དཔོན་སྤང་བར་མི་བྱ་སྟེ། །དམ་ཚིག་ཤིན་ཏུ་འདའ་བར་དཀའ། །ཤེས་རབ་ཐབས་ཀྱིས་བསམ་པ་ཡིས། །མི་བྱ་ཅུང་ཟད་ཡོད་མ་ཡིན། །མ་འཇིགས་ཁྱོད་ལ་སྡིག་པ་མེད། །དེ་བཞིན་གཤེགས་པའི་བོ་གསུང་ཇི་བཞིན། །འདི་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གིས་དམ་ཚིག་མི་བཟད་བདེ་སྟེར་བསྟེན་པར་གྱིས། །འགྲོ་བ་བདེ་བ་མྱོང་ལ་རྡོ་རྗེ་སེམས་དཔའ་དང་། །མཚུངས་པའི་རྟག་པ་ཉིད་དུ་ཁྱོད་རྣམས་ཕྱིན་པར་འགྱུར། །གཞན་ཡང་གང་དག་ཆོ་ག་ཇི་ལྟ་བ་བཞིན་དབང་བསྐུར་བ་ལ་དགེ་བའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་


CMR021_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཐམས་ཅད་ཀྱིས། སྡུག་པའི་བུ་དང་འདྲ་བར་ཐུགས་དངས་བས་ཡང་དག་པར་དགོངས་པ་མཛད་པ་འདི་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ནོ། །དབུགས་དབྱུང་ཆོ་གའོ། །དབང་བསྐུར་རྗེས་ཀྱི་ཆོ་ག་ནི། །ཁས་བླང་དོན་བསྒྲུབ་སྤྲོ་བ་བསྐྱེད། །ཡོན་འབུལ་དེང་ནས་བརྩམས་སོགས་བརྗོད། །ཅེས་གསུངས་པ་ལྟར། དེ་ལྟར་ཁྱེད་རང་རྣམས་ཀྱིས་རྨེའི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་ཐོབ་པས་དེ་དག་གི་སྐབས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་སྙམ་པས་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དེ་ལྟར་དབུགས་ཕྱིན་པའི་སློབ་མ་རྣམས་ཀྱིས། རང་གཞན་གྱི་དོན་རྒྱ་ཆེན་པོ་འགྲུབ་པ་ལ་དགའ་ཞིང་སྤྲོ་བའི་ཕྱིར། རྗེས་ཟློས་མཛོད། དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་ནི་གསོན་པའང་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། ། སངས་རྒྱས་སྲས་སུ་དེང་བདག་གྱུར། །འོ་དེ་ལྟར་སྒྲེའི་དཀྱིལ་འཁོར་དུ་དབང་བསྐུར་བ་རྫོགས་པར་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། ས་གཞི་སྤོས༴ འདི་ཡི་རྗེས་ཟློས།


CMR021_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཤས་ཀྱང་ནི་སྤྱད་དུ་གསོལ། །གསུམ། དེ་ལྟར་དཔལ་རྡོ་རྗེ་ཕྲེང་བའི་ནང་ནས་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བླ་མ་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་ཆེན་པོ་ཨ་བྱཱ་ཀ་ར་གུཔྟ། ཨ་ནུ་པདྨ་རཀྴི་ཏ། པཎྜི་ཏ་བིཀ་དེ་ཝ། པཎ་ཆེན་ཤཱཀྱ་ཤྲཱི། དེ་སོགས་བརྒྱུད་པ་འགའ་ཟུང་ལས་བྱུང་བའི་དབང་བསྐུར་བ་རྣམ་པར་དག་པ་ཐོབ་པ་ཡིན་པས། རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད། ཅེས་པ་གཞུང་ལས། ཀྲི་ཡའི་ཕྱག་ལེན་རྣམས་དོར་ནས། རྡོ་རྗེ་ཕྲེང་བའི་དབང་བསྐུར་ཀྱི་ཆོ་ག །ཕྱག་ལེན་འབྲིང་པོ་འཇོག་པ། ཞེས་གསུངས་པའི་དོན་བསྒྲིགས་ཏེ་བྲིས་པ་ཡིན་ལ། ཉེས་པ་མེད་པས་བཤགས་བྱ་མ་མཆིས་ལ། འདི་ཕ་རྒྱུད་དུ་སྦྱར་བའི་དབང་དུ་བྱས་པ་ཡིན་ཞིང་། མ་རྒྱུད་ལ་སྦྱར་ན་སྤྱོད་པའི་རྒྱུད་བརྟུལ་ཞུགས་སབ་དགོས་ཤིང་། འདི་ཡི་ཕ་རྒྱུད་གཤིན་རྗེ་ལོགས་སུ་བསྐུར་ན་ཡང་། རྡོར་ཕྲེང་ལུགས་ལ་དེ་མ་བཤད་ཀྱང་། སྤྲོས་པ་ལ་དགའ་ན་མགོ་འཕྲེང་སྟག་ཤམ་སོགས་དུར་ཁྲོད་ཀྱི་ཆས་སྦྱར་རུང་བར་གཤེད་དམར་སོགས་ལས་བཤད། ཅེས་རཱ་ག་ཨ་སྱས་བསྒྲིགས་པའི་ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་སོ། །མངྒ་ལཾ།། །།

རྡོ་རྗེ་ཕྲེང་གི་དབང་བསྐུར་བསྡུས་པ།


CMR021_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕྲེང་གི་དབང་བསྐུར་བསྡུས་པ་འདི་དུས་འཁོར་ལ་སྦྱར་སྲོལ་ཡོད་དེ་བླ་མེད་སྤྱི་ལ་ཡང་རུང་ངོ་།།


CMR021_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་དྷ་ར་ཡེ། རྡོ་རྗེ་འཆང་དངོས་རྩ་བརྒྱུད་བླ་མ་དང་། །དཀྱིལ་འཁོར་ལྷ་ཚོགས་ཀུན་ལ་ཕྱག་འཚལ་ལོ། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །དབང་རྡོ་རྗེ་ཕྲེང་བའི་ཕྱག་ལེན་བསྡུས་པ་འདི། དུས་འཁོར་ལ་སྦྱར་བ་འདི་ཕྱག་སྲོལ་ཡིན་ཀྱང་། བླ་མེད་ཐམས་ཅད་ལ་སྦྱར་རུང་བའོ་་།སྟ་གོན་བྱས་པའི་སློབ་མ་ཁྲུས་བྱས། མཎྜལ་ཕུལ་ལ། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ནས། སྐྱེ་རྒ་ན་འཆི་ན་ཀྲ་ཡི། །ཆུ་སྲིན་ལ་སོགས་འཇིགས་རུང་བའི། །སྲིད་པའི་རྒྱ་མཚོར་བྱིངས་བ་ལས། །འདོན་པར་བྱེད་པ་ཁྱོད་འབའ་ཞིག །དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །བྱང་ཆུབ་ཆེན་པོའི་


CMR021_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ་། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ད་མདུན་གྱི་ནམ་མཁར་རྨེའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ། བླ་མ་བརྒྱུད་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་སྔོན་དུ་འགྲོ་བའི་


CMR021_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་གི་སྡོམ་པ་དང་། ཐུན་མོང་མ་ཡིན་པའི་སློབ་དཔོན་གྱི་སྡོམ་པ་གཟུང་བའི་ཕྱིར་རིགས་ལྔ་སྤྱི་དང་ཁྱད་པར་གྱི་དམ་ཚིག་རྣམས་བསྲུང་སྙམ་པའི་བསམས་པས། འདི་དག་གི་རྗེས་ཟློས་ལན་གསུམ་གསུམ་གསུང་བར་ཞུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །ཞེས་ལན་གསུམ་བརྗོད་དུ་གཞུག་གོ་།ཕ་རྒྱུད་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། མ་རྒྱུད་ལ། །སྲས་བཅས་སངས་རྒྱས་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཆེ་མོ་ཞེས་བགྱི་བ་དུས་འདི་ལ་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་ལྟར། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སངས་རྒྱས་ཆོས་


CMR021_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་མཆོག་ཏུ་བཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱི་ཞིང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །ལན་གསུམ། དཀྱིལ་འཁོར་རིགས་ལྔ་དངོས་སུ་


CMR021_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་ལ་རྣམ་སྣང་དང་། ཀྱི་རྡོར་ཧེ་རུ་ཀ་བཞི་ལ་སྐུ་རྡོ་རྗེར་བསྐྱེད་པར་གསུངས་ཀྱང་སྤྱི་ཁྱབ་ལ་འདིས་ཆོག་གོ །ཁྱེད་རང་རྣམས་དམིགས་པ་འདི་བཞིན་མཛོད། ༀ་ཞེས་བརྗོད་པས། ཁྱེད་རང་རྣམས་སྐད་ཅིག་གིས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་འཁོར་ལོ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་རལ་པའི་ཐོར་ཅོག་དང་ཐོད་པའི་ཕྲེང་བའི་ཅོད་པན་ཅན། ཕ་རྒྱུད་ལ་རིན་པོ་ཆེ་དང་མ་རྒྱུད་ལ་རུས་པའི། རྒྱན་ཆ་དྲུག་གིས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའི་སྐུ་ཅན་དུ་ཀྲོང་གིས་གྱུར་པ་ལ། ལས་སྔགས་བརྗོད། དར་དམར་པོའམ་སེར་པོའི་མིག་རས་བཅིང་བའི་མོས་པ་གྱིས། ཨོཾ་ཙཀྐནྡྷན་ཝ་ར་མ་ཎ་ཡ་ཧཱུྃ། ཞེས་མིག་དར་བཅིངས། མེ་ཏོག་གི་ཕྲེང་བ་ལག་ཏུ་གཏད་པའི་མོས་པ་མཛོད། ཨ་ཁཾ་བཱི་ར་ཧཱུྃ། ལས་བུམ་གྱི་ཆུ་གཏོར་ཞིང་ལས་སྔགས་བརྗོད། སློབ་མ་རྣམས་ལྷར་གསལ་བའི་སྙིང་གར་ཧཱུྃ་ལས་རྡོ་རྗེ་ནག་པོའི་ལྟེ་བར་ཉི་མ་ལ་ཧཱུཾ་ནག་པོ་དང་། མགྲིན་པར་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མ་ལ་ཨཱཿདམར་པོ། དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོའི་ལྟེ་བར་ཟླ་བ་ལ་ཨོཾ་དཀར་པོ། དེ་


CMR021_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལས་འཕྲོས་པའི་འོད་ཟེར་གྱིས་སློབ་མའི་ལུས་ངག་ཡིད་གསུམ་གྱི་དྲི་མ་ཐམས་ཅད་བྱང་ཞིང་དག་པར་བྱས་སྙམ་པའི་མོས་པ་དང་ཧཱུྃ་ཞེས་བརྗོད་པས་དཀྱིལ་འཁོར་གྱི་ཤར་སྒོར་བཞག་པའི་མོས་པ་མཛོད། ཀྱེ། དགའ་བ་ལ་དགའ་བ་ཁྱེད་སུ་ཡིན། ཅི་ལ་དགའ། ད་འདིའི་རྗེས་ཟློས། བདེ་ཆེན་བདག་ནི་སྐལ་བཟང་ལའོ། །ད་ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བ་དང་བཅས་པ་བཞུགས་པར་མོས་ལ། ཀུན་རྫོབ་སེམས་བསྐྱེད་དང་དོན་དམ་སེམས་བསྐྱེད་ཟུང་འབྲེལ་དུ་ཉམས་སུ་བླང་བར་བྱ་སྙམ་པའི་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུརྱ་ཏ་ཡཱ་མི། དེ་ལྟ་བུའི་སེམས་བསྐྱེད་པ་བརྟན་པར་བྱ་བའི་ཕྱིར་སྙིང་གར་མེ་ཏོག་དང་བཅས་པའི་རྡོ་རྗེ་བཞག་པའི་མོས་པ་མཛོད།་ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿ སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། འདི་རྣམས་ལ་ཉུང་ན་དངོས་སུ་བཞག་མང་ན་བཞག་ཚུལ་དང་བཞག་པར་བསྒོམ། དེ་ལྟ་བུའི་ཡེ་ཤེས་དེ་སྣོད་མིན་ལ་གསང་བར་གདམས་པའི་ཕྱིར་མགོ་བོར་


CMR021_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་བཞག་པར་བསྒོམ། དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རླབས་པར་འགྱུར་གྱི། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་། མ་དད་པ་ལ་ཡང་མི་བྱའོ། །ད་སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་འཇུས་ཏེ་ཁྲིད་པའི་མོས་པ་མཛོད། ཨ་ཁཾ་བཱི་ར་ཧཱུྃ། ད་ཡོལ་བའི་ནང་དུ་བྱ་བའི་ཆོ་ག་ལ་སྔོན་འགྲོ་དམ་བཞག་བཞི་ལས་དང་པོ་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པ་ནི། མགོ་བོར་རྡོ་རྗེ་བཞག་པའི་མོས་པ་མཛོད། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེ་བས་ན་ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་འདིར་དཀྱིལ་འཁོར་འདི་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་ཀྱི་དམ་ཚིག་ཉམས་པར་གྱུར་ཏ་རེ། ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པ་ནི། དྲིལ་བུ་འཁྲོལ་ཞིང་རྡོ་རྗེ་མགོར་བཞག་པའི་


CMR021_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པ་མཛོད། ཨོཾ། འདི་ནི་དམ་ཚིག་རྡོ་རྗེ་སྟེ། །ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདི། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་སྤྱི་བོ་འགེམ། ད་སློབ་མའི་སྙིང་གར་རྡོ་རྗེ་བཞག་ནས་བཀའ་བསྒོས་པའི་མོས་པ་མཛོད། །ཨོཾ། དེ་རིང་རྡོ་རྗེ་སེམས་དཔའ་རང་། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་བྲལ་ཏེ་གཤེགས། །ད་ཕན་ཡོན་དང་ཉེས་དམིགས་གཉིས་ཀའི་སྒོ་ནས་དམ་ལ་བཞག་པ་ནི། རྣམ་རྒྱལ་བུམ་ཆུ་བདུད་རྩི་ལྔ་དང་སྦྲག་པ་དུང་ཆུ་དུ་བླུག་པའི་དམ་ཆུ་འཐུང་བའི་མོས་པ་མཛོད། །ཉུང་ན་བླུད། མང་ན་བཀྱེ་རྒྱུ་བསྐུར། ཤིན་ཏུ་མང་ན་དུང་ཆུས་སོར་མོས་གཏོར་ལ་བླུད་པར་བསྒོམ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག །ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཁཱ། ད་བླ་མའི་བཀའ་ཉན་པའི་སྒོ་ནས་དམ་ལ་བཞག་པའི་ཕྱིར། མགོ་བོར་རྡོ་རྗེ་བཞག་པའི་མོས་པ་མཛོད། དེང་ནས་ཕྱིན་ཆད་བུ་ཁྱོད་ཀྱི། དཀྱིལ་འཁོར་གང་ཡིན་གྱི་གཙོ་བོའི་མཚན་བརྗོད། ང་ཡིན་གྱི། ངས་འདི་གྱིས་ཤིག་གང་བསྒོ་བ་དེ་ཁྱོད་ཀྱིས་


CMR021_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། བྱས་ན་ཁྱོད་ཡ་ང་བ་མ་སྤང་པར་དུས་ཀྱི་མཐར་བྱ་བ་བྱས་ནས་དམྱལ་བར་ལྟུང་བར་འགྱུར་ཏ་རེ། ད་དངོས་གཞི་ཡེ་ཤེས་པ་འབེབས་པའི་དོན་དུ་མཎྜལ་ཕུལ། འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །སྒེའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་བདག་ལ་དབབ་པར་མཛད་དུ་གསོལ། ལན་གསུམ། ད་ངེད་རང་རྣམས་ཡིད་མ་ཡེངས་པར་དམིགས་པ་འདི་བཞིན་དུ་སྒོམས་ཤིག །ཨ་ཞེས་བརྗོད་པས་ཁྱེད་རང་རྣམས་སྐད་ཅིག་གིས་འོད་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པདྨ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་རལ་པའི་ཐོར་ཅོག་དང་། ཐོད་པའི་ཕྲེང་བའི་ཅོད་པན་ཅན་ཕྱག་རྒྱ་དྲུག་གིས་བརྒྱན་པ། རྐང་པ་གཉིས་བསྒྲད་པའི་ཚུལ་གྱིས་བཞུགས་པ། དེའི་སྙིང་གར་ལཾ་ལས་ས་ཡི་དཀྱིལ་འཁོར་སེར་པོ་གྲུ་བཞི་ཡི་གྲྭ་བཞིར་རྡོ་རྗེས་མཚན་པའི་ཉི་མ་ལ་ཧཱུཾ་སྔོན་པོ། མགོ་བོར་ཝཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པར་ཟློ་བ་ལ་ཧ་དཀར་པོ། མགྲིན་


CMR021_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་བ་དན་གཡོ་བ་གཉིས་ཀྱི་མཚན་པར་ཟླ་བ་ལ་ཨཱཿདམར་པོས་བརྒྱན་པ། རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་རྣམས་སྤྱན་དྲངས་ཏེ་ཡིག་འབྲུ་རྣམས་ལ་ཐིམ་པས་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར། ཛཿཧཱུྃ་བཾ་ཧོཿ སློབ་མ་འོད་དཔག་མེད་པར་གསལ་བའི་རྐང་པ་གཉིས་ཀྱི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རཾ་གྱིས་མཚན་པའི་ནང་དུ་ཡི་གེ་ལྷོ་དམར་པོ་མེ་འབར་བ། དེའི་འོད་ཟེར་རྐང་པའི་བུ་ག་གཉིས་ནས་ཡར་ཞུགས་པས་མེའི་འོད་ཟེར་གྱིས་ལུས་ཀྱི་ནང་ཐམས་ཅད་གང་། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་བྱས། དེའི་ཚེ་ལུས་ཀྱི་བུ་ག་ནས་མེའི་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པ་དང་། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ཁྱད་པར་དུ་དཀྱིལ་འཁོར་གྱི་ལྷ་ཚོགས་


CMR021_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཐུགས་རྒྱུད་བསྐུལ་ནས་དེ་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དཀྱིལ་འཁོར་ལྷ་ཚོགས་ཀྱི་རྣམ་པ་ཅན་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་རང་གི་ལུས་ལ་ཆར་བབ་པ་བཞིན་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་རླབས་པའི་མོས་པ་མཛོད། སྤོས་དང་རོལ་ཆེན་བྱ། གཙོ་བོའི་སྔགས་མཇུག་ཏུ། ཨཱཿ་ཝེ་ཤ་ཡ་སྟམྦྷ་ཡ་ར་ར་ར་ར་ཙཱ་ལ་ཡ། ཙཱ་ལ་ཡ་ཧཱུྃ་ཧ་ཨ། རྣོ་དེས་ཡེ་ཤེས་པ་ཕེབས་སམ་མ་ཕེབས་ཀྱང་རུང་སྟེ། སྤོག་ཆོག་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོར་གསལ་བ་ལ་མོས་གུས་དྲག་པོ་བྱས་པས། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཁྱད་པར་དུ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས། དེ་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དཀྱིལ་འཁོར་ལྷ་ཚོགས་ཀྱི་རྣམ་པ་ཅན་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། ཁྱེད་རང་གི་ལུས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། རྡོ་རྗེ་གསོར་དྲིལ་བུ་ཁྲོལ་ཞིང་། འདི་ཁྱོད་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔའ་ཞེས་སུ་བརྗོད། །རྡོ་རྗེ་ཡེ་ཤེས་བླ་ན་


CMR021_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །དེ་རིང་ཁྱོད་ལ་ཕེབས་པར་མཛོད། །ཨོཾ་བཛྲ་ཨཱཿ་བེ་ཤ་ཡ་ཨ་ཨ་ཨ་ཨ། མགོ་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་པའི་མོས་པ་མཛོད། ཏིཥྛ་བཛྲ། ད་ཁྱེད་། རང་རྣམས་དཀྱིལ་འཁོར་གྱི་ཕྱོགས་སུ་ལྟོས། ཁྱེད་ཀྱི་མིག་ལམ་ན་ཇི་ལྟར་སྣང་། དཀར་པོ་ཞི་བ། སེར་པོ་རྒྱས་པ། དམར་པོ་དབང་། ནག་པོ་མངོན་སྤྱོད། ལྗང་གུ་དང་ཁྲ་བོ་མཐོང་ན་ལས་སྣ་ཚོགས་འགྲུབ་པར་འགྱུར་རོ། །སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པས་ཕྱག་གཡས་ཀྱིས་སློབ་མའི་གཙོ་བོ་ཞིག་གི་མཐེ་བོང་ནས་བཟུང་སྟེ། ཁྱེད་རང་རྣམས་ཀྱི་བསྐོར་བ་ལན་གསུམ་བྱས་པར་བསྒོམས། ཨོཾ་ཨ་བིགྷན་ཏ་ཀྲྀཏ་ཧཱུཾ། ལས་སྔགས་ལན་གསུམ་བརྗོད། དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་བཏབ་ཅིང་། བདེན་སྟོབས་བརྗོད། རྡོར་དྲིལ་འཛིན་པས། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་གཞུག་པ་འདིའི། །ལྷ་རྣམས་ཀྱིས་ནི་རིམ་པ་ནི། །བསོད་ནམས་ཇི་ལྟར་དེ་ལྟར་ཤོག །འདི་ཡིས་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཅི་འདྲ་བར། །དེ་འདྲར་དཀྱིལ་འཁོར་དུ་གྱུར་ཅིག །གསུམ། ཏྲཾ་ཏྲཾ་ཏྲཾ། སྔར་བྱིན་པའི་མེ་ཏོག་གི་ཕྲེང་


CMR021_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡི་གེ་ཧཱུྃ་གྱིས་སྔགས་པ་ལས་ཡངས་ཤིང་མ་རྙིང་པའི་མེ་ཏོག་གཅིག་བཏོན་ལ་ལག་པ་ཐལ་མོ་སྦྱར་བའི་བར་དུ་བཟུང་སྟེ། སློབ་མ་རྣམས་ཀྱི་གནས་གསུམ་དུ་ཨོཾ་ཨཱཿ༔ཧཱུྃ་གི་ཡི་གེ་། རྣམས་ལས་འཕྲོས་པའི་འོད་ཟེར་གྱིས། ལུས་ཐམས་ཅད་གང་བས་སྒོ་གསུམ་དྲི་མ་རྣམས་བཀྲུས་ཤིང་དག་པར་མོས་ལ། བླ་མས་ཀྱང་དེ་ལྟར་བྱིན་གྱིས་བརླབས་པས་གུས་པ་སྔོན་དུ་འགྲོ་བས། དཀྱིལ་འཁོར་པ་དང་བཅས་པའི་དཀྱིལ་འཁོར་གྱི་དབང་ཕྱུག་མདུན་ལ་གནས་བཞིན་དུ་དམིགས་པ་ལ་དཀྱིལ་འཁོར་དེར་ཡིད་ཀྱིས་ཞུགས་ཏེ་གཙོ་བོའི་དབུ་ལ་མེ་ཏོག་དོར་བའི་མོས་པས་རྗེས་ཟློས་མཛོད། ཨོཾ་ཏིཥྛ་བཛྲ་དྲི་ལྷོ་མེ་བྷ་བ། ཤཱ་ཤྭ་ཏོ་མེ་བྷ་བ། ཧྲཱིཿ་ད་ཡམྨེ་ཨ་དྷི་ཏིཥྛསརྦ་སིདྡྷི་མྨེ་པྲ་ཡཙྪཧཱུྃ། ཧ་ཧ་ཧ་ཧ་ཧོཿ ཨ་ཁཾ་བཱི་ར་ཧཱུྃ། པྲ་ཏིཙྪ་ཀུ་སུ་མཱཉྫ་ལི་ནཱི་ཐ་ཧོཿ མེ་ཏོག་དེ་ཉིད་གང་དུ་བབ་པ་ཁྱེད་རང་གི་ཚེ་རབས་ལས་ཀྱི་ལྷ་ཡིན་པས་དེའི་དངོས་གྲུབ་ཐོབ། གཉིས་ཀའི་བར་དུ་ལྷུང་ན་གང་ཉེ་བ་དང་། མཉམ་ན་གཉིས་ཀའི་དངོས་གྲུབ་ཆོ་ག་འགྲུབ། ཕྱིའི་རྡོ་རྗེ་ཕྲེང་བའི་ནང་དུ་ལྟུང་ན་ཚེགས་ཆེན་པོ་དང་། ཕྱི་རོལ་དུ་སོང་ན་དངོས་གྲུབ་མེད་པ་སྟེ། ད་རེས་དཀྱིལ་འཁོར་གྱི་དབུས་སུ་


CMR021_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བབ་པའི་མེ་ཏོག་གི་ཕྲེང་བའི་དབང་བསྐུར་བ་ཁྱེད་རང་རྣམས་ཀྱི་མགོར་བཅིངས་ནས་ཕྲེང་བའི་དབང་བསྐུར་བའི་མོས་པ་མཛོད། ཨོཾ་པྲ་ཏི་སྲྀཧཱ་ཧཱུཾ། ཨི་མཾ་སཏཱ་མ་ཧཱ་བ་ལ། སློབ་མ་རྣམས་ཀྱི་སྙིང་གར་ཟླ་བ་ལ་བདག་པོའི་ས་བོན་ཨཱཿའམ་ཧཱུྃ་དང་། དཔྲལ་བར་རཾ། མིག་གཉིས་སུ་ཨོཾ་ཡིག་འབར་བ་རེ་རེ་བསམས་ནས། ཨོཾ། དེ་རིང་རྡོ་རྗེ་སེམས་དཔའ་རང་། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་ན་མེད། །ཐམས་ཅད་སྤྱན་ནི་དབྱེ་བར་མཛོད། །ཨོཾ་ཛྙཱ་ན་ཙཀྵ་ཧཱུྃ་ཨཱཿསཱ་ཧཱ། གདོང་གཡོགས་བསལ། ཧེ་བཛྲ་པ་ཉྩ། རྒྱས་པར་དཀྱིལ་འཁོར་དང་ལྷ་སོ་སོ་མཚན་བརྗོད། རྒེའི། དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པ་མངོན་སུམ་དུ་མཐོང་བའི་མོས་པ་མཛོད། ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས། ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །ཕྱག་རྒྱ་སྔགས་ཀྱི་བྱིན་གྱིས་བརླབས། །དངོས་གྲུབ་ཀུན་གྱི་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱིས། །རྡོ་རྗེ་པདྨ་རྩེ་རོལ་པས། །གསང་སྔགས་རྣམས་ལ་སྒྲུབ་པ་གྱིས། །ད་ནས་ཆེད་དུ་བརྗོད་པ་འདིའི་རྗེས་ཟློས་མཛོད། ཨོཾ་རྡོ་རྗེའི་དཀྱིལ་


CMR021_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །ཨོཾ་རྣལ་འབྱོར་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང་། །ཨོཾ་གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར། །ས་མ་ཡཿ ཧོ་ཧོ་ཧོཿ དངོས་གཞི་དང་པོ་རང་དོན་ཕུན་སུམ་ཚོགས་པ་རྡོ་རྗེ་སློབ་མའི་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཕུལ་ནས་ཐལ་མོ་སྦྱར་ཏེ།་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོག་ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། སློབ་དཔོན་གྱིས་བརྡ་སྤྲོད་འདི་ལྟར་བྱ་སྟེ། ཁྱེད་རང་རྣམས་རྩ་བའི་དཀྱིལ་འཁོར་གྱི་ཤར་ཕྱོགས་དུར་ཁྲོད་སྤང་པའི་སར། དབང་སྟེགས་ཀྱི་དཀྱིལ་འཁོར་གྲུ་བཞི་པ་སྒོ་གཅིག་ནུབ་ཏུ་ཕྱོགས་པ། དཀར་དམར་ནག་པའི་ར་བ་རིམ་པ་གསུམ་མམ་རིམ་པ་གཅིག་གང་རུང་དང་ལྡན་པ། དེ་ཡི་ལྷ་སྣམ་རིམ་པ་གཉིས་ལ་གཡས་ཕྱོགས་སུ་ཆུ་བཞི་དང་། གཡོན་ཕྱོགས་སུ་ཉེར་སྤྱོད་ལྔ། མདུན་དུ་བཟེད་ཞལ་དང་བཅས་པས་བསྐོར་བའི་ནང་དུ། པདྨ་དཀར་པོ་འདབ་མ་བརྒྱད་ལ་བཀྲ་ཤིས་པའི་རྟགས་བརྒྱད་དམ། ཡང་ན་ཕྱོགས་བཞིར་རིགས་


CMR021_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་མཚན་མ་དང་། དབུས་སུ་ཤིང་གདན་ལ་ཟླ་བའམ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁྱེད་རང་རྣམས། སྤྱི་ཁྱབ་ཏུ་རྡོ་རྗེ་སེམས་དཔའ་འམ། བྱེ་བྲག །རང་རང་གི་ཟདཀྱིལ་འཁོར་གྱི་གཙོ་བོའི་རྣམ་པར་གནས་པའི་སྟེང་དུ་བླ་བྲེ། གཡས་སུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན། གཡོན་དུ་རྒྱལ་མཚན་དང་བ་དན་ལ་སོགས་པའི་མཆོད་པའི་ཚོགས་དང་བཅས་ཏེ་བཞུགས་པའི་མོས་པ་མཛོད། ཁྱེད་རང་རྣམས་དང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་དེ་བཞིན་གཤེགས་པ་རིགས་ལྔ་ལ་སོགས་པ་དང་དབང་ལྷ་གདན་གསུམ་ཚང་བའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྱུ་སོགས་ཀྱིས་མཆོད་ནས། རྡོར་དྲིལ་འཛིན་པས། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩོལ། །དེ་ལྟར་འདི་ལ་གནང་བར་ཞུ། །ཞེས་གསོལ་བ་བཏབ་པས། གཙོ་བོའི་ཐུགས་ཀ་ནས་བྱེ་བའི་བདུད་རྩི་འཁྱིལ་པ་བྱོན་ཏེ། ལས་ཀྱི་རྡོ་རྗེ་དང་དབྱེར་


CMR021_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་གྱུར་ནས། ཁྱེད་རང་རྣམས་ལ་སྦྱངས་བ་བྱས་པའི་མོས་པ་མཛོད། ཨོཾ་ཨ་བིགྷན་ཏ་ཀྲྀཏ་ཧཱུྃ། ཁྱེད་རང་རྣམས་ཀྱི་གཡས་སུ་ཁམ་ཕོར་མེས་བཀང་བ་དང་། གཡོན་དུ་ཆུ་གཙང་བཞག་པས་ལས་ཀྱི་རྡོ་རྗེས་མཐེབ་སྲིན་གཉིས་ཀྱིས་ཡུངས་ཀར་དང་ཏིལ་ནག་བསྲེས་པ་བཟུང་སྟེ། ཁུ་ཚུར་གཡས་ཀྱིས་གཡས་ནས་བསྐོར། གཡོན་གྱིས་གཡོན་ནས་བསྐོར། གཤིབ་སྟེ་གཉིས་ཀ་ནས་བསྐོར་ཏེ། བགེགས་དང་སྡིག་པ་སྦྱོང་བའི་ཕྱིར། །མེ་དང་ཆུར་དོར་བའི་མོས་པ་མཛོད། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་ན་སྭཱ་ཧཱ། ཁུ་ཚུར་གཉིས་སུ་ཆུ་གཙང་བླུགས་ནས་སྔོན་ལྟར་བསྐོར་ཏེ་མེ་ཆུར་དོར་བའི་མོས་པ་མཛོད། ཨོཾ་ཧཱུཾ་ཌ་ཌི་ཏ་ཕ་དབང་རྫས་ལྷར་བསྐྱེད་པ་ནི། ཉི་མ་གཅིག་ལ་དཀྱིལ་འཁོར་གཅིག་གམ་གཉིས་སམ་གསུམ་བཞི་ལ་སོགས་པ་དབང་སྐུར་གང་བྱེད་ཀྱི་རྣམ་རྒྱལ་བུམ་ཆུ་ལ་དམིགས་ལ་རང་རང་གི་ལས་སྔགས་ཀྱིས་བསངས། སྭ་བྷ་ཝས་སྦྱངས། རྣམ་རྒྱལ་བུམ་ཆུ་མི་དམིགས་ཏེ་སྟོང་པར་གྱུར༔ སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། །ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད་སེམས་ཅན་


CMR021_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རྣམ་རྒྱལ་བུམ་ཆུ་མི་བསྐྱོད་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་གཡོན་དེས་མཚན་པའི་དྲིལ་བུ་འཛིན་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། རང་འདྲའི་རིག་མ་དང་ལྷན་ཅིག་ཏུ་སྙོམས་པར་འཇུག་པའི་སྐུ་ཅན་དུ་གྱུར། ཕ་རྒྱུད་རྣམས་ལ་རིན་པོ་ཆེའི་རྒྱན་དང་། མ་རྒྱུད་རྣམས་ལ་རུས་པའི་རྒྱན་དུ་བསྒོམས། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿ༔དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མི་བསྐྱོད་པ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་དབང་རྫས་ཀྱི་ལྷ་ལ་དབང་བསྐུར། དབང་ཐམས་ཅད་ཐོབ། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུར་བརྒྱན། དབང་རྫ་ས་ཀྱི་མི་བསྐྱོད་པ་ཡབ་ཡུམ་སྙོམས་པར་ཞུགས་པ་ཞུ་བ་ལས་བྱུང་བའི་དབང་རྫ་ས་དང་བུམ་ཆུའི་རང་བཞིན་དུ་གྱུར། ནམ་མཁར་བཞུགས་པའི་དེ་


CMR021_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་དང་སློབ་དཔོན་དང་དཀྱིལ་འཁོར་ལ་བཞུགས་པའི་ལྷ་དང་བཅས་པ་ལ་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བར་བསྩལ་དུ་གསོལ།་ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཁྱེད་རང་རྣམས་ཀྱི་རྒྱུད་བྱིན་གྱིས་རླབས་ཏེ། དབང་བསྐུར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། སློབ་དཔོན་དང་རིག་མ་རྣམས་ཀྱིས་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་ཅུང་ཟད་ཡོ་བ་དང་བཅས་པས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་བཞིན་པས་ཁྱེད་རང་རྣམས་ཀྱི་རྒྱུད་ལ་དབང་གི་ཡེ་ཤེས་སྐྱེ་བའི་རྟེན་འབྲེལ་བསྒྲིགས་པའི་མོས་པ་མཛོད། དེ་ནས་དཀྱིལ་འཁོར་གསུམ་བཞི་ལ་སོགས་པའི་དབང་བསྐུར་དུས་གཅིག་ལ་བྱེད་ན། རྣམ་རྒྱལ་བུམ་པ་གཞན་གྱི་ཆུ་གཙོ་བོའི་བུམ་པར་བསྡུས་ཏེ། ལས་ཀྱི་རྡོ་རྗེས་བུམ་པ་བཏེག་ལ་སློབ་མའི་ཕྱོགས་སུ་བཟུང་ཞིང་། སློབ་དཔོན་གྱིས་རྡོར་དྲིལ་འཛིན་པས། མེ་ཏོག་འཐོར་ཞིང་། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །


CMR021_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་བདག་ཉིད་དམ་པའི་རིགས་རྣམས་ཀྱིས་ནི་རྗེ། །མ་ལུས་སེམས་ཅན་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །ཞེས་དང་། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བའི། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པའི། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག ། ལྷ་དང་མི་དང་ལྷ་མིན་དག་གིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །བཀྲ་ཤིས་དེས་ནི་དེང་འདིར་ཁྱོད་ལ་དབང་རབ་བསྐུར། །སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པས་རྣམ་རྒྱལ་བུམ་པ་བཟུང་གཡོན་པས་དྲིལ་བུ་གསིལ་ཞིང་། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་


CMR021_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏེ་ཙཱ་ཨ་ཧཾ། ཞེས་གསུངས་ཤིང་བུམ་པ་མགོར་བཞག་བུམ་ཆུ་འཐུང་བཅུག །དེ་ལྟར་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས། ལུས་ཐམས་ཅད་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་གང་། དྲི་མ་ཐམས་ཅད་དག །དབང་ཐམས་ཅད་ཐོབ་ཆུའི་ལྷག་མ་ཡར་ལུད་པ་ལས། སྤྱི་བོར་མི་བསྐྱོད་པས་དབུར་བརྒྱན། དེ་ལྟར་ཁྱེད་རྣམས་མི་བསྐྱོད་པའི་རང་བཞིན་དུ་གྱུར་པ་ལ། །བདག་གིས་མཆོད་པ་འབུལ་བར་མོས། ཨོཾ་ཨཀྟ་བྱཱ་ས་པཱ་རི་ཝ་ར་ཨརྒྱུ་སོགས་ནས། ཤབྡའི་བར་གྱིས་མཆོད།་དེ་ལྟར་ཁྱེད་རྣམས་ལ་མི་བསྐྱོད་པའི་སྒོ་ནས་ཆུའི་དབང་ཐོབ། ཉོན་མོངས་པ་ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་གནས་འགྱུར། ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པ་ཡིན། ཞེས་རྟོག་པ་དེ་བསྐྱེད་ཆུའི་དབང་ངོ་། །གཉིས་པ་ཅོད་པན་གྱི་དབང་ལ་ལས་བུམ་གྱི་ཆུ་སློབ་མ་དང་དབང་རྫས་ལ་གཏོར་ཞིང་། རང་རང་གི་ལས་སྔགས་ཀྱིས་བསངས་ཤིང་། སྭ་བྷ་ཝས་སྦྱངས། ཁྱེད་རང་རྣམས་ཀྱི་ཉོན་མོངས་པའི་ང་རྒྱལ་སེར་སྣ་དང་ཚོར་བའི་ཕུང་པོ་དང་དབང་རྫས་དབུ་རྒྱན་རྣམས་མི་དམིགས་ཏེ།


CMR021_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་ལས་རིན་པོ་ཆེ་ཨོཾ་གྱིས་མཚན་པ་དེ་ལས་འོད་ཟེར་འཕྲོ་འདུས་གཅིག་ཏུ་གྱུར་པ་ལས། ཁྱེད་རང་རྣམས་ཀྱི་ཉོན་མོངས་པ་ང་རྒྱལ་སེར་སྣ་དང་། ཚོར་བའི་ཕུང་པོ་དང་། དབང་རྫས་རིན་པོ་ཆེའི་དབུ་རྒྱན་གཉིས་ཀ་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རིན་པོ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རང་འདྲ་བའི་ཡུམ་རིན་ཆེན་སྒྲོལ་མ་དང་མཉམ་པར་སྦྱོར་བའི་སྐུར་གྱུར། དེ་གཉིས་ཀའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ༔ ཐུགས་ཀར་ཧཱུཾ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རིན་ཆེན་འབྱུང་ལྡན་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཁྱེད་རང་དང་དབང་རྫས་ཀྱི་ལྷ་ལ་གཉིས་སུ་མེད་པར་ཐིམ། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱིས་ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་དབང་རྫས་ཀྱི་ལྷ་ལ་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་


CMR021_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་དབུར་བརྒྱན། དབང་རྫས་ཀྱི་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སྙོམས་པར་ཞུགས་པ་ཞུ་བ་ལས་བྱུང་བའི་དབང་རྫས་དབུ་རྒྱན་དང་དར་དཔྱངས་སུ་གྱུར། དེ་ནས་ཁྱེད་རང་། རྣམས་ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་ཕྱིར། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ལ་གསོལ་བ་བཏབ་པའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་ཅོད་པན་གྱི་དབང་བསྐུར་དུ་གསོལ། དེ་ལྟར་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་རིན་པོ་ཆེའི་ཅོད་པན་སྤྱི་བོ་ལ་སོགས་པའི་གནས་ལྔར་བཅིང་བའི་མོས་པ་མཛོད། །རལ་པའི་ཐོར་ཚུགས་རྒྱན་པ་ཡི། །རིན་པོ་ཆེ་ཡི་དབུ་རྒྱན་དང་། །དར་དཔྱངས་ཅོད་པན་དག་གིས་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ཨོཾ་བཛྲ་རཏྣ་མུ་གུ་ཏྲ་ཨ་བྷི་ཥིཉྩནྟཾ། བཛྲ་རཀ་ཏ་ཤ་མི་ཧོཿ ཨ་བྷི་ཥིཉྩ། ཕ་རྒྱུད་ལ་ཁ་དོག་སྣ་ལྔའི་དར་དཔྱངས་དང་། མ་རྒྱུད་རྣམས་ལ་དཔའ་བོའི་དར་དཔྱངས་སྦྱིན་ལ། ཨོཾ་ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་བཛྲ་ཏུ་ཉྩ་ཧོ། དབང་དེ་བརྟན་པའི་ཡན་ལག་ཏུ། ཨོཾ་ཨཱཿ༔བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏེ་ཙཱ་ཨ་ཧཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་


CMR021_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར། སྐུ་གང་དྲི་མ་དག་ཆུ་ཡི་ལྷག་མ་ཡར་ལུད་པ་ལས། རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན། དེ་ལ་མཆོད་པའི་ཕྱིར། རཏ་སཾ་བྷ་ཝ་པུལླེ་ནས་ཤརྡའི་བར་གྱིས་མཆོད། དེས་ན་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་ཅོད་པན་གྱི་དབང་བསྐུར་བ་ཐོབ། ང་རྒྱལ་དང་སེར་སྣ་དག །ཚོར་བའི་ཕུང་པོ་གནས་འགྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་ཆེན་འབྱུང་ལྡན་གྱི་ས་བོན་དང་བག་ཆགས་རྒྱུད་ལ་བཞག །ཅེས་རྟོག་པ་བསྐྱེད། ཅོད་པན་གྱི་དབང་ངོ་། །གསུམ་པ་རྡོ་རྗེའི་དབང་ལ་ལས་སྔགས་ཀྱིས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃལས་པདྨ་དྭིས་མཚན་པ་ལས་འོད་ཟེར་འཕྲོ་འདུས་གཅིག་ཏུ་གྱུར་པ་ལས། ཁྱེད་རང་རྣམས་ཀྱི་ཉོན་མོངས་པ་འདོད་ཆགས་དང་འདུ་ཤེས་ཀྱི་ཕུང་པོ་དང་། དབང་རྫས་རྡོ་རྗེ་གཉིས་ཀ་འོད་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པདྨ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རང་འདྲ་བའི་ཡུམ་གོས་དཀར་མོ་དང་མཉམ་པར་སྦྱོར་བའི་སྐུར་གྱུར། དེ་གཉིས་ཀའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ༔ ཐུགས་ཀར་ཧཱུཾ། ཐུགས་ཀའི་ས་བོན་


CMR021_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འོད་དཔག་མེད་ཡབ་ཡུམ་གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཁྱེད་རང་དང་དབང་རྫས་ཀྱི་ལྷ་ལ་གཉིས་སུ་མེད་པར་ཐིམ།་ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱིས་ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་དབང་རྫས་ཀྱི་ལྷ་ལ་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན། དབང་རྫས་ཀྱི་འོད་དཔག་མེད་ཡབ་ཡུམ་སྙོམས་པར་ཞུགས། ཞུ་བ་ལས་བྱུང་བའི་དབང་རྫས་རྡོ་རྗེར་གྱུར། ཁྱེད་རང་རྣམས་ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་ཕྱིར། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ལ་གསོལ་བ་བཏབ་པའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཀྱིས་བདག་ལ་རྡོ་རྗེའི་དབང་བསྐུར་བར་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱིས། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རབ་ཏུ་བསྒྲུབ་ཕྱིར་རྡོ་རྗེ་ཟུང་། །ཨོཾ་མ་ཧཱ་སུ་ཁ་བཛྲ་ཧཱུྃ་ཞེས་བརྗོད་ཅིང་། རྡོ་རྗེ་


CMR021_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མའི་སྙིང་ཁ་དང་། མགྲིན་པ་དང་། སྤྱི་བོ་རྣམས་སུ་རེག་ཅིང་ལག་པ་གཡས་སུ་བྱིན་པའི་མོས་པ་མཛོད། དབང་དེ་བརྟན་པའི་ཡན་ལག་ཏུ། ཨོཾ་ཨཱཿ༔བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏེ་ཧཱུཾ་ཨ་ཧཱུཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ཡུད་པ་ལས་སྤྱི་བོར་འོད་དཔག་མེད་ཀྱིས་དབུར་བརྒྱན། དེ་ལ་མཆོད་པའི་ཕྱིར། ཨོཾ་ཨ་མི་ཏ་བྷ་པུངྒེ་སོགས་ནས་ཤབྡའི་བར་གྱིས་མཆོད། དེ་ལྟར་ན་འོད་དཔག་མེད་རྡོ་རྗེའི་དབང་བསྐུར་བ་ཐོབ། འདོད་ཆགས་དག་འདུ་ཤེས་ཕུང་པོ་གནས་འགྱུར་སོར་རྟོག་ཡེ་ཤེས་མངོན་དུ་བྱས། འོད་དཔག་མེད་ཀྱི་ས་བོན་དང་བག་ཆགས་རྒྱུད་ལ་བཞག །ཅེས་རྟོག་པ་བསྐྱེད་དེ་རྡོ་རྗེའི་དབང་ངོ་། །བཞི་པ་དྲིལ་བུའི་དབང་ལ་བསངས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁཾ་ལས་རལ་གྲི་ཁཾ་གིས་མཚན་པ་ལས། འོད་ཟེར་འཕྲོ་འདུས་གཅིག་ཏུ་གྱུར་པ་ལས། ཁྱེད་རང་རྣམས་ཀྱི་ཉོན་མོངས་པ། ཕྲག་དོག་དང་འདུ་བྱེད་ཀྱི་ཕུང་པོ་དང་། དབང་རྫས་དྲིལ་བུ་གཉིས་ཀ །དོན་ཡོད་གྲུབ་པ་སྐུ་མདོག་ལྗང་ཁུ་ཞལ་གཅིག་


CMR021_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཉིས་པ། གཡས་རལ་གྲི་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རང་འདྲ་བའི་ཡུམ་དམ་ཚིག་སྒྲོལ་མ་དང་མཉམ་པར་སྦྱོར་བའི་སྐུར་གྱུར། དེ་གཉིས་ཀའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ༔ ཐུགས་ཀར་ཧཱུཾ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དོན་ཡོད་གྲུབ་པ་ཡབ་ཡུམ་གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཁྱེད་རང་དང་དབང་རྫས་ཀྱི་ལྷ་ལ་གཉིས་སུ་མེད་པར་ཐིམ། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱིས། ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་དབང་རྫས་ཀྱི་ལྷ་ལ་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། དོན་ཡོད་གྲུབ་པས་དབུར་བརྒྱན། དབང་རྫས་ཀྱི་དོན་ཡོད་གྲུབ་པ་སྙོམས་པར་ཞུགས། ཞུ་བ་ལས་བྱུང་བའི་དབང་རྫས་དྲིལ་བུར་གྱུར། ཁྱེད་རང་རྣམས་ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་ཕྱིར། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ལ་གསོལ་བ་བཏབ་པའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དྲིལ་བུའི་དབང་བསྐུར་བར་བསྩལ་དུ་གསོལ། དེ་ལྟར་གསོལ་བ་


CMR021_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པས་ནམ་མཁར་གནས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དྲིལ་བུ་ལག་པ་གཡོན་པར་བྱིན་པའི་མོས་པ་མཛོད། ཆོས་ཀྱི་དྲིལ་བུ་བླ་ན་མེད། །སྟོང་ཉིད་ཡེ་ཤེས་སྒྲ་སྒྲོགས་པས། །ཐམས་ཅད་སྟོང་ཉིད་དོན་སྟོན་པ། །དྲིལ་བུའི་དབང་བསྐུར་སྦྱིན་པར་བྱ། །ཨོཾ་བཛྲ་ཨ་དྷི་པ་ཏི་སིཾ། ཨ་བྷི་ཥིཉྩ་མི། ཏིཥྛ་བཛྲ་ས་མ་ཡ་སྟྭཾ། སྔར་བྱིན་པའི་རྡོ་རྗེ་དང་ལྷན་ཅིག་འཁྱུད་པའི་སྟངས་ཀ་བྱས་ལ། བྱང་ཆུབ་ཀྱི་སེམས་བདེ་བ་དང་སྟོང་པ་ཟུང་དུ་ཆུད་པའི་རང་བཞིན་དུ་བསྒོམས་ལ། རྡོ་རྗེ་འཆང་གི་ང་རྒྱལ་བྱ་ཞིང་། ལུས་གནས་པར་མོས་ལ་འདི་ཡི་རྗེས་ཟློས། བཅོམ་ལྡན་བཟུང་ངོ་བདག་ལ་ནི། །ཡང་དག་ཉེ་བར་འགྱུར་པར་མཛོད། །དབང་དེ་བརྟན་པའི་ཡན་ལག་ཏུ། ཨོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏེ་ཙཱ་ཨ་ཧཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་དོན་ཡོད་གྲུབ་པས་དབུར་བརྒྱན། དེ་ལྟར་ཁྱེད་རྣམས་ཡིན་ལག་རྫོགས་སུ་བྱས་པ་ལ་མཆོད་པའི་ཕྱིར། ཨོཾ་ཨ་མོ་གྷ་སིདྡྷི་ས་པཱ་རི་ཝ་ར་ཨབྷཾ་སོགས། དེ་ལྟར་ཁྱེད་རྣམས་ཀྱི་དོན་ཡོད་གྲུབ་པའི་སྒོ་


CMR021_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དྲིལ་བུའི་དབང་ཐོབ། ཕྲག་དོག་དག་འདུ་བྱེད་ཀྱི་ཕུང་པོ་གནས་འགྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། དོན་ཡོད་གྲུབ་པའི་བག་ཆགས་དང་ས་བོན་རྒྱུད་ལ་བཞག །ཅེས་རྟོག་པ་བསྐྱེད་བྱེད་དྲིལ་བུའི་དབང་ངོ་། ལྔ་པ་མིང་གི་དབང་ལ་བསངས་སྦྱངས། ཁྱེད་རང་རྣམས་ཀྱི་ཉོན་མོངས་པ་གཏི་མུག་དང་གཟུགས་ཀྱི་ཕུང་པོ་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨཱཿལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་འཁོར་ལོ་བྷཾ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས། བྷཾ་དང་འཁོར་ལོ་ལ་ཐིམ་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་ཀྱི་ཉོན་མོངས་པ་གཏི་མུག་དང་གཟུགས་ཀྱི་ཕུང་པོ་གནས་འགྱུར། དེ་ཉིད་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་འཁོར་ལོ་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རང་འདྲའི་ཡུམ་སངས་རྒྱས་སྤྱན་མ་དང་མཉམ་པར་སྦྱོར་བ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ༔ ཐུགས་ཀར་ཧཱུཾ། རང་དང་སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་


CMR021_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རྣམ་པར་སྣང་མཛད་ཡབ་ཡུམ་གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཁྱེད་རང་རྣམས་ལ་དབྱེར་མེད་དུ་ཐིམ། ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་ཕྱིར། གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མིང་གི་དབང་བསྐུར་བར་བསྩལ་དུ་གསོལ།་དེ་ལྟར་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་སངས་རྒྱས་རྣམས་ཀྱིས་མིང་གི་དབང་བསྐུར་བའི་མོས་པ་མཛོད། སློབ་དཔོན་གྱིས་སློབ་མའི་སྤྱི་བོར་རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་། རྡོ་རྗེ་མིང་གིས་དབང་བསྐུར་བས། །དེང་ནས་བྱང་ཆུབ་སྙིང་པོའི་བར། །ཅིས་ཀྱང་མི་ཤིགས་མི་གཡོ་བའི། །མིང་གི་དབང་འདི་ཁྱོད་ཀྱིས་ལོངས། །ཨོཾ་བཛྲ་སཏཱ་སྟེ་ཨ་བྷི་ཥིཉྩམི། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཚེ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །སྐྱེས་པ་རྣམས་ལ་རིགས་ལྔ་དང་རྗེས་སུ་འབྲེལ་བའི་མིང་དང་། བུད་མེད་རྣམས་ལ་ཡུམ་བཞི་དང་། རྡོ་རྗེ་མ་ལྔ་དང་འབྲེལ་བའི་མེ་ཏོག་གང་ལ་ཕོག་པའི་ལྷ་ལས་གྲས་ཏེ་མིང་འདོགས་པར་བྱའོ། ། །ཁྱེད་རྣམས་རྣམ་སྣང་ཡན་ལག་བཞི་རྫོགས་སུ་བསྒྲུབ་པའི་ཕྱིར། རྣམ་རྒྱལ་བུམ་ཆུ་གཏོར་ཞིང་། ཨོཾ་ཨཱཿ༔བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏེ་སྟེ་ཨ་ཧཾ། ཞེས་གསུངས་


CMR021_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར།་སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། ཁྱེད་རང་རྣམས་ཀྱི་སྤྱི་བོར་རྣམ་པར་སྣང་མཛད། འོད་ཀྱི་ཡུམ་དང་བཅས་པ་རེས་དབུ་བརྒྱན། དེ་ལ་མཆོད་པའི་ཕྱིར་ཨོཾ་བེ་རོ་ཙཱ་ན་ཨདྷཾ་ནས་ཤཔྟའི་བར་གྱིས་མཆོད། དེ་ལྟར་ན་ཁྱེད་རྣམས་ཀྱི་རྣམ་པར་སྣང་མཛད་མིང་གིས་དབང་བསྐུར་བ་ཐོབ། གཏི་མུག་དག །གཟུགས་ཀྱི་ཕུང་པོ་གནས་འགྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། རྣམ་པར་སྣང་མཛད་ཀྱི་བག་ཆགས་དང་ས་བོན་རྒྱུད་ལ་བཞག་གོ །ཞེས་རྟོགས་པ་བསྐྱེད་དེ་མིང་གི་དབང་ངོ་། །དེ་ལྟར་རིག་པའི་དབང་ལྔ་ཐོབ་པས། སྤང་བྱ་སྤང་ཞིང་ཡོན་ཏན་གང་སྐྱེ་བ་དང་། གཞན་དོན་ཇི་ལྟར་བྱེད་པ་ལ་དབང་བའི་ཚུལ་ནི། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལ། །དབང་ལྔ་ཐོབ་པའི་རྒྱུད་ལ་ནི། །རྣམ་དག་སངས་རྒྱས་ལྔ་འདི་དག །མ་རིག་བྲལ་བའི་རིག་པ་ལས། །ཡེ་ཤེས་ལྔ་ནི་ཐོབ་པར་འགྱུར། །ཞེས་གསུངས་ཤིང་། གཉིས་པ་རྡོ་རྗེ་སློབ་དཔོན་གྱི་དབང་ཞུ་བའི་དོན་དུ་མཎྜལ་ཕུལ། ཐལ་མོ་སྦྱར་ལ་རྗེས་ཟློས་མཛོད། གང་གིས་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་གྱུར་


CMR021_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །རྡོ་རྗེ་སློབ་དཔོན་གྱིས་ནི་དབང་། །ཐུགས་རྗེའི་གཏེར་གྱི་བདག་ལ་སྩོལ། །གསུམ། ཁྱེད་རང་རྣམས་སྔར་བཤད་པའི་དབང་སྟེགས་ཀྱི་སྟེང་དུ་གཙོ་བོའམ། གཙོ་མོ་རྐྱང་པའི། རིགས་སུ་འཁོད་པར་བསྒོམས། ལས་བུམ་ཆུས་བསངས་སྦྱངས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་གི་ལུས་ལ་ཕོག་པས། ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས། དྲི་མ་དང་བྲལ་བའི་རང་བཞིན་སློབ་དཔོན་གྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་ཆགས་ཀྱི་མེས་འོད་དུ་ཞུ། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་སེམས་ཀྱི་ཁུ་བ། ལྷ་མོའི་པདྨར་བབ་པ་དེ་ཉིད་ཧཱུཾ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས། རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ། སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་དར་སྣ་ཚོགས་ཀྱི་ན་བཟའ་དང་། རིན་པོ་ཆེའི་རྒྱན་རྣམས་དང་རུས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རང་འདྲ་བའི་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་མཉམ་པར་སྦྱོར་བའི་སྐུ་ཅན་དུ་གྱུར། དེའི་དཔྲལ་བར་ཨོཾ། མགྲིན་


CMR021_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཨཿ ཐུགས་ཀར་ཧཱུཾ། སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ རྡོ་རྗེ་མ་ལྔའི་ཕྱག་རྒྱ་དང་བཅས་པས། ཨོཾ་ཨཱཿ༔རཱུ་པ་བཛྲ་ཧཱུྃ་ནས་སྤརྙེ་བཛྲ་ཧཱུཾ། གིས་མཆོད། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩོལ། །དེ་ནས་བདག་ལ་བསྩལ་དུ་གསོལ། །གསོལ་བ་བཏབ་པས་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས། འདོད་ཆགས་ཆེན་པོའི་མེས་འོད་དུ་ཞུ་བར་གྱུར་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཁུ་བ་སློབ་དཔོན་གྱི་སྤྱི་གཙུག་རྣམ་སྣང་གི་སྒོ་ནས་ཞུགས། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་ཁུ་བ་ཁྱེད་རང་རྣམས་ཡུམ་གྱི་པདྨར་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་གནས་པའི་སྤྱི་བོ་ནས་དབང་བསྐུར་བ་དང་ཡེ་ཤེས་པ་འདྲེས་པ་དུས་གཅིག་ལ་བྱས་ནས། ཧཱུྃ་ཞེས་བརྗོད་པས་ཡུམ་གྱི་པདྨ་ནས་ཕྱིར་ཐོན་ཏེ་སྔར་བཤད་པའི་དབང་སྟེགས་ཀྱི་སྟེང་དུ་འཁོད་པའི་མོས་པ་མཛོད་ལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ནམ་མཁར་བཞུགས་པའི་དབང་གི་ལྷ་རིགས་ལྔ་འཁོར་དང་


CMR021_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ཐམས་ཅད་ཀྱིས་བདག་ལ་དམ་ཚིག་གསུམ་དང་ལྡན་པའི་སློབ་དཔོན་དུ་བསྒྲུབ་པའི་ཕྱིར། སྐུ་གསུང་ཐུགས་རྡོ་རྗེའི་དམ་ཚིག་གི་ངེས་དོན་དང་བཅས་པ་བསྩལ་དུ་གསོལ། ཞེས་བརྗོད་ཅིང་སློབ་དཔོན་གྱིས། ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའ་ཞུ་བ་ལས་བྱུང་བའི་རྡོ་རྗེ་ཚད་དང་མཚན་ཉིད་དང་ལྡན་པ་ལག་པ་གཡས་པར་བྱིན་པའི་མོས་པ་མཛོད་། འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེ་སེམས་དཔའ་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟེན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཛཿ ཏིཥྛ་ཨེ་ཥ་སྟེ། དྷ་ར་ཡ་མི་བཛྲ་སཏྭ་ཧི་ཧི་ཧི་ཧཱུཾ། རྡོ་རྗེ་དེ་ཉིད་སྙིང་ག་མགྲིན་པ་དཔྲལ་བ་གསུམ་དུ་རེག་པའི་མོས་པ་གྱིས། དམ་ཚིག་འཛིན་པའི་གནས་སྙིང་ཁ་ཡིན་པས། རྡོ་རྗེ་སྙིང་གར་བཟུང་བའི་མོས་པས་རྗེས་ཟློས་མཛོད། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་གི་དང་པོའི་སྐྱེས་བུ་ལའོ། །ༀ་མ་ཧཱ་བཛྲ་ཧཱུྃ། ཞེས་པ་ནི་རྡོ་རྗེ་ཐུགས་ཀྱི་


CMR021_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་དང་དེའི་ངེས་དོན་སྦྱིན་པའོ། །ཨ་ལས་སྐྱེས་པའི་རྡོ་རྗེ་སྙེམས་མ་ཞུ་བ་ལས་བྱུང་བའི་དྲིལ་བུ་ཚད་དང་མཚན་ཉིད་དང་ལྡན་པ་སློབ་མའི་ལག་གཡོན་དུ་བྱིན་པར་བསྒོམས། འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ་དབྱངས་ཀྱིས་རྗེས་འགྲོར་བཤད། །ཁྱེད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །བཛྲ་གནྡྷེ་ཨཱཿ༔ཞེས་དྲིལ་བུ་གསིལ་ཞིང་། དྲིལ་བུའི་སྒྲ་གྲག་སྟོང་ཡིན་པ་བཞིན་དུ། རང་གིས་དབང་དེ་བཞིན་དུ་ཤེས་པར་གྱིས་ལ་རྗེས་ཟློས་མཛོད། ཨ་སྲིད་པ་ངོ་བོ་ཉིད་ཀྱི་བདག །ངོ་བོ་ཉིད་ཀྱི་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པ། །སྲིད་པ་དམ་པ་བྱེད་པར་འགྱུར། །ཨོཾ་བཛྲ་གྷནྡྷེ་ཨཱཿ དྲིལ་བུ་གསུང་གི་དམ་ཚིག་དང་དེའི་ངེས་དོན་སྦྱིན་པའོ། དེ་ནས་ཕྱག་རྒྱ་སྐུའི་དམ་ཚིག་གི་དོན་དུ་སློབ་མ་རྣམས་རྡོ་རྗེ་འཆང་ཆེན་པོ། རང་དང་འདྲ་བའི་ཤེས་རབ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་། སྙོམས་པར་ཞུགས་པའི་བདེ་བ་ལ་སེམས་གཏད་ལ། ཡིད་ཀྱི་ལུས་བརྟེན་དེ་ཉིད་ཀྱིས། །ཕྱག་རྒྱའི་དམ་ཚིག་ཅེས་སུ་བརྗོད། །ལུས་ཀུན་བརྟེན་པར་བྱེད་པས་ན། །དེས་ན་ཕྱག་རྒྱ་རབ་ཏུ་བསྒྲགས། །ཡེ་


CMR021_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཕྱག་རྒྱུར་བྱིན་བརླབས་ནས། །འདོད་པ་ཀུན་ལ་ལོངས་སྤྱོད་པས། །དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། །ཞེས་དོན་གོ་བར་གྱིས་ལ། རྡོ་རྗེ་སེམས་དཔའི་སྐུ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ཁ་སྦྱོར་གྱི་རིམ་པས་བྱིན་གྱིས་བརླབ་ཏུ་བཅུག་ནས་འཁྱུད་པའི་ཚུལ་མཛོད། དེ་ཡང་མཆོག་གི་དང་པོའི་རྒྱུད་ལས། དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང་། །ཆོས་ཀྱི་དྲིལ་བུ་བཀྲོལ་ནས་ནི། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླས། །ཞེས་གསུངས་ཏེ་ཕྱག་རྒྱ་སྐུའི་དམ་ཚིག་དང་དེའི་ངེས་།དོན་སྦྱིན་པའོ། །དེ་ལྟར་དམ་ཚིག་གསུམ་སྦྱིན་པའི་སྒོ་ནས་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྡོ་རྗེ་སློབ་དཔོན་ཆེན་པོར་བསྒྲུབ་པའི་ཕྱིར་ནམ་མཁར་གནས་པའི་དབང་ལྷ་རྣམས་ལ་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། །ཁྱེད་ཀྱིས་བདག་ལ་དབང་མཆོག་སྩོལ། །ཞེས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་ཏིང་ངེ་འཛིན་ལ་


CMR021_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་པར་ཞུགས། རིག་མ་རྣམས་ཀྱིས་བུམ་པ་དཀར་པོ་ཡོ་བ་དང་བཅས་པས་སྤྱི་བོ་ནས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད། །གཟུགས་རྡོ་རྗེ་མ་ལ་སོགས་ཀྱིས་མཆོད། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད་བཞིན་པའི་སྒོ་ནས་དབང་བསྐུར་བའི་མོས་པ་མཛོད། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཨཱཿཧཱུཾ། ཨོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། སུ་ར་ཏེ་ཙཱ་ཨ་ཧཾ༔ ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས། ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་གང་། དབང་ཐམས་ཅད་ཐོབ། དྲི་མ་ཐམས་ཅད་དག་།ཆུ་ཡི་ལྷག་མ་ཡར་ལུད་པ་ལས། སྤྱི་བོར་རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་། འོད་ཀྱི་ཡུམ་དང་བཅས་པས་དབུར་བརྒྱན་། ནམ་མཁར་བཞུགས་པའི་དབང་ལྷ་ཐམས་ཅད་ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ། ཛཿཧཱུྃ་བཾ་ཧོཿ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དེ་རིང་རྡོ་རྗེ་སློབ་དཔོན་


CMR021_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །སྔགས་དང་རྒྱུད་རྣམས་འཛིན་གྱུར་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀུན་གྱིས་མཐུན་པར་བཞེད། །ཅེས་གསུངས། མེ་ཏོག་འཐོར་བཞིན་དུ། རིག་འཛིན་འདི་རྣམས་ཟབ་མོ་སྔགས་ཀྱི་ཐེག་པའི་སྒོ་ནས་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྡོ་རྗེ་སློབ་དཔོན་རེ་རེར་གྱུར་ནས་སེམས་ཅན་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་འགོད་ནུས་པར་གྱུར་ཅིག །བཛྲ་དྷ་ར་ཨརྒྷཾ་སོགས། དེ་ནས་རྟེན་བརྟེན་པའི་དཀྱིལ་འཁོར་གྱི་དག་པ་མདོར་བསྡུས་པ་ནི། གཞལ་ཡས་ཁང་པ་ནི་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་ཡིན་ལ། རྣམ་པར་སྣང་མཛད་ཀྱི་རང་བཞིན་ཡིན་པའམ། ཡང་ན་ལམ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པ་ཡིན་ལ། ལྷ་རྣམས་ལ་ནི། དཔལ་གསང་བ་འདུས་པའི་རྒྱུད་ལས། ཕུང་པོ་ལྔ་ནི་མདོར་བསྡུས་ན། །སངས་རྒྱས་ལྔ་ནི་རབ་ཏུ་གྲགས། །རྡོ་རྗེའི་སྐྱེ་མཆེད་ཉིད་དག་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ནི་སྤྱན་མ་ཞེས་བྱ་སྟེ། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །གོས་དཀར་མོ་དང་སྒྲོལ་མ་ནི། །མེ་དང་རླུང་དུ་རབ་ཏུ་གྲགས། །ཞེས་གསུངས་


CMR021_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། ཁྲོ་བོ་བཅུ་ཡང་ཚིགས་ཆེན་བཅུ་དང་། རྣམ་པར་དག་པའི་རང་བཞིན་དུ་བཤད་པས། ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་རྣམ་པར་དག་པ་དང་དོན་དམ་པར་ན། དཀྱིལ་འཁོར་ལ་སོགས་པ་རྣམས་ནི་རིམ་པ་གཉིས་ཀ་ལ་ཡང་རང་བཞིན་མེད་པའི་བདག་ཉིད་ཅན་དེ་ཁོ་ནའི་དེ་ཁོ་ན་ཉིད་རྣམ་པར་དག་པ་ཡིན་ནོ། །ཞེས་གསུངས་སོ། །ད་སྔགས་ཀྱི་བཟླས་ལུང་གི་དོན་དུ་མཎྜལ་ཕུལ། འདི་ཡི་རྗེས་ཟློས་མཛོད། སྔགས་ཀྱི་དབང་བསྐུར་ཡེ་ཤེས་ཆེ། །དངོས་གྲུབ་སྟེར་བ་བདག་ལ་སྩོལ། །གསུམ། དཔོན་སློབ་གཉིས་ཀ་དཔལ་སྒྲོའི་དཀྱིལ་འཁོར་གྱི་གཙོ་བོར་གསལ་བའི་ཐུགས་ཀར་ཟླ་བའམ་ཉི་མའི་དབུས་སུ་ས་བོན་དང་ཁྱད་པར་དུ་སློབ་དཔོན་གྱི་ཐུགས་ཀའི་ས་བོན་གྱི་མཐའ་བསྐོར་དུ་སྔགས་ཀྱི་ཕྲེང་བ་སྒྲུབ་ཐབས་ལྟར་གཡས་བསྐོར་དུ་འཁོད་པར་བསྒོམས་ལ། སྔགས་ཀྱི་བཟླས་ལུང་བསྩལ་དུ་གསོལ་སྙམ་པའི་མོས་གུས་དྲག་པོ་བྱས་ལ། སློབ་དཔོན་གྱི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་ས་བོན་སྔགས་ཕྲེང་དང་བཅས་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་གྱིས་སློབ་དཔོན་གྱི་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས།


CMR021_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཁའི་ས་བོན་གྱི་མཐའ་བསྐོར་དུ། དང་པོས་འཁོད། གཉིས་པས་བྱིན་བརླབས། གསུམ་པས་བརྟན་པར་བྱས་པར་མོས་ལ་སྔགས་ཀྱི་རྗེས་ཟློས་ལན་གསུམ་མཛོད། རྩ་སྔགས། དེ་ཡི་བྱིན་རླབས་ཐོབ་པ་ཡི། གཏང་རིག་ཏུ་མེ་ཏོག་འཐོར་ཞིང་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་བསྩལ་ལགས་ཀྱིས། །བདག་ལ་ཚེའགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་སློབ་དཔོན་གྱིས། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ་སོགས། རིག་པ་འཛིན་པ་འདི་རྣམས་ལ་སྒེའི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འཇུག་པར་གྱུར་ཅིག །ཅེས་མེ་ཏོག་གཏོར། ད་དངུལ་གྱི་ཀོང་བུར་མིག་སྨན་རྣམས་ཚུལ་བཞིན་དུ་སྦྱར་བ་ལག་པ་གཡོན་དུ་བཟུང་ཞིང་། གཡས་པས་གསེར་དྲུག་ལས་བྱས་པའི་ཐུར་མ་་་་མེད་ན་རྡོ་རྗེའི་ཆོག་གོ་མཆན། བཟུང་སྟེ་མ་རིག་པའི་ལིང་ཏོག་བསལ་ནས་མིག་སྨན་བྱུག་པར་སྒོམས་ཤིག །སློབ་མའི་མིག་གཉིས་སུ་དེ་ཁོ་ན་ཉིད་སྒྲིབ་བྱེད་མ་རིག་པའི་ལིང་ཏོག་ས་ཁམས་པའི་


CMR021_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་པྲཾ་སེར་པོའི་རྣམ་པར་གནས་པ་ཕྱིར་བསལ་བར་བསྒོམས། ཐུར་ལྡན་སྨན་པའི་རྒྱལ་པོ་ཡིས། །ཇི་ལྟར་འཇིག་རྟེན་རབ་རིབ་བཞིན། །རྒྱལ་བ་རྣམས་ཀྱིས་བུ་ཁྱོད་ཀྱི། །མི་ཤེས་པ་ཡི་རབ་རིབ་བསལ། །ཨོཾ་བཛྲ་ནེ་ཏྲ་ཨ་བ་ཧ་ར་པ་ཏྲ་ལཾ་ཧྲཱིཿདེ་ནས་མེ་ལོང་ལ་ཨཱཿཡིས་སྔགས་ཏེ་སློབ་མ་ལ་བསྟན། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྟོགས་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་འབྱུང་། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དེར་ནི་གསལ་དག་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་བཞིན་ནི། །བུ་ཁྱོད་ཀྱིས་ནི་སྙིང་ལ་བཞུགས། །རང་བཞིན་མེད་ཅིང་གནས་མེད་པར། །ཆོས་རྣམས་དེ་ལྟར་ཤེས་ནས་ཁྱོད། །སེམས་ཅན་དོན་ནི་མཉམ་མེད་བྱོས། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེ། །གང་ཡང་རིགས་ཐམས་ཅད་དང་། དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་འདི་ཀུན་ཏུ་འགྲོ་བ་ཡིན་པ་ཤེས་པར་གྱིས། ཧོས་བསྔགས་པའི་ཐབས་ཀྱི་མདའ་དྲུག །ཤེས་རབ་ཀྱི་གཞུ་དང་བཅས་པ་ཕྱོགས་བཞི་སྟེང་འོག་ཏུ་འཕངས། བདུད་བཞི་དང་ཉན་རང་གི་སེམས་ཡིད་


CMR021_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱེད་པ་བཅོམ་པར་མོས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡེ་སྭཱ་ཧཱ། མདའ་འཕེན་ཚུལ་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་ཆགས་པར་བྱའོ། །དེ་རྣམས་ཀྱི་ཕྱི་དབྱིབས་རས་བྲིས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་པའི་རིམ་པ་ཆ་ལག་དང་བཅས་པ་སྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པའོ། །དེ་ནས་དབང་གོང་མ་གསུམ་ལས་གསང་བའི་དབང་ཞུ་བའི་དོན་དུ་མཎྜལ་ཕུལ། རྗེས་ཟློས། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །བདག་གི་བླ་མེད་བྱ་བ་ཐོབ། །དེ་ཕྱིར་གསང་བའི་དབང་གིས་ནི། །མགོན་པོས་རྗེས་སུ་བཟུང་བར་མཛོད། །གསུམ། མ་དད་པ་སོགས་བགག་པའི་དོན་དུ་གདོང་གཡོགས་ཆིངས་མཛོད། ཨོཾ་ཙཀྵ་བྷན་སོགས། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་གཙོ་བོར་རྨེའམ། ཕོ་མོ་རྐྱང་པ་རྣམས་ལ་རིགས་བདག་རྨོར་བསྒོམས། སློབ་དཔོན་ཡང་དེ་ལྟ་བུའི་ཡབ་ཡུམ་དུ་བསྒོམས་ལ་ཐབས་ཤེས་རབ་སྙོམས་པར་ཞུགས་པའི་སྒྱུ་མ་བདེ་བའི་སྒྲས། ཕྱོགས་བཅུ་ན་བཞུགས་པའི་


CMR021_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔ་ཡབ་ཡུམ་དཔག་ཏུ་མེད་པ་སྤྱན་དྲངས། སློབ་དཔོན་གྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་སུ་ཆགས་པའི་མེས་འོད་དུ་ཞུ། དེ་དང་སློབ་དཔོན་གྱི་ཕུང་ཁམས་སྐྱེ་མཆེད་ལྷའི་རང་བཞིན་དུ་བཞུགས་པ་འོད་དུ་ཞུ་བ་དང་ལྷན་ཅིག་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབ་པས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་དཔལ་དང་ལྡན་པ། སངས་རྒྱས་ཐམས་ཅད་༧འདུས་པའི་ངོ་བོར་བསྒོམས་ལ། བཏུང་བ་རིན་ཆེན་དམ་པ་འདི། །ལུས་ལ་རྡོ་རྗེ་རབ་གསལ་བྱེད། །བུ་ཁྱོད་རྟག་ཏུ་ཤེས་ན་ཀྱེ། །ཡིད་ལས་བྱུང་བའི་ཆུ་འཐུང་ཞིག །རང་རང་གི་གཙོ་བོས་སྔགས་དང་། ཨོཾ་ཨཱཿ༔ཧཱུྃ་གིས་བྱིན་གྱིས་བརླབས་ལ། བདུད་རྩི་ལྕེ་ཐོག་ཏུ་བཞག་ལ།་ཇི་ལྟར་རྡོ་རྗེ་འཆང་སོགས་ཀྱི། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡི། །དེ་ལྟར་བུ་ཁྱོད་དབང་བསྐུར་རོ། །ཞེས་དང་། རང་རང་གི་གཙོ་བོའི་སྔགས་བརྗོད་ཅིང་སྦྱིན་ནོ། །སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་བསྒོམས་ལ། རྟོགས་པ་མེད་པའི་སེམས་ཀྱིས་མིད་ལ་རྗེས་ཟློས། ཨ་ཧོ་མ་ཧཱ་སུ་ཁ་ཧོ། ཤེས་རབ་ཀྱིས་ཀྱང་ལངས་ནས་ནི། རང་གི་ཆུ་སྐྱེས་ན་གནས་པའི་བྱང་སེམས་དེས་དབང་བསྐུར་བར་སྒོམས་ཤིག །


CMR021_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དེ་དཔའ་བོ་རྣལ་འབྱོར་མའི། །དམ་ཚིག་རྨད་བྱུང་ཆེན་པོ་སྟེ། །ཁམས་དང་ལྡན་པའི་རྟོགས་པ་བྱ། །བདེ་བ་དམ་པ་མྱང་བར་གྱིས། །ཨ་ཧོ་མ་ཧཱ་སུ་ཁ་ཧོཿ མགྲིན་པའི་གནས་སུ་བབས་པས་ལུས་ཐམས་ཅད་རྩས་ཁྱབ་ཅིང་། དེར་བྱང་ཆུབ་སེམས་ཀྱིས་ཁྱབ། ཞུ་བདེ་མི་རྟོག་པའི་རྟོགས་པ་སྐྱེས་པའི་མོས་པ་མཛོད། དབང་དེ་ཐོབ་པའི་བརྡར་གདོང་གཡོགས་དཀྲོལ་བར་ཞུ། དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བ་ཐོབ། ངག་གི་དྲི་མ་དག །ལམ་སྲོག་རྩོལ་རླུང་གི་རྣལ་འབྱོར་དང་། གཏུམ་མོའི་རྣལ་འབྱོར་སོགས་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུའི་ས་བོན་དང་། བག་ཆགས་རྒྱུད་ལ་བཞག་པ་གསང་བའི་དབང་ངོ་། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ། ཁྱོད་ཞབས་པདྨའི་བཀའ་དྲིན་གྱིས། བདག་གིས་གསང་བའི་དབང་བསྐུར་ཐོབ། །ཤེས་རབ་ཡེ་ཤེས་དབང་བསྐུར་ལ། །མགོན་པོས་རྗེས་སུ་བཟུང་བར་མཛོད། །གསུམ། ཕན་ཚུན་ངོ་ཚས་བཅིངས་ན་ཡེ་ཤེས་ངོ་མི་འཕྲོད་པས། དེའི་དོགས་པ་དགག་ཕྱིར་གདོང་གཡོགས་ཆིངས། ཨོཾ་ཙཀྵུ་སོགས། །


CMR021_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་རྣམས་དཀྱིལ་འཁོར་ཀྱི་གཙོ་བོ་རྨེའམ། མོ་རྐྱང་རྣམས་ལ་རིགས་བདག་སྒེར་གསལ་བ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་བྱིན་པར་བྷཻ། གཟུང་མ་ཡིད་འོང་འདི་ཁྱོད་ཀྱི། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོའི་རིམ་པར་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་གྱིས། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་གནས་ལྟ་བས། །ཞེས་དང་། དགའ་སྦྱིན་གནས་སྦྱིན་ལྷ་མོ་ནི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཟུངས་ཤིག་ཟུངས་ཤིག་སེམས་དཔའ་ཆེ། །ཟུངས་ལ་མཆོད་པ་རྟག་ཏུ་གྱིས། །ཕྱག་རྒྱ་དེས་ཀྱང་སྒྲུབ་པ་པོ་དམ་ཚིག་དང་ལྡན་པར་ཤེས་ནས། ལུས་གཅེར་བུར་བྱས། ཆུ་སྐྱེས་གུར་གུམ་ལ་སོགས་པས་དྲི་ཞིམ་པོར་བྱས་ཏེ། རྩ་མཆོག་ཏུ་གྱུར་པའི་པདྨ་རྒྱས་པར་བསྟེན་ཏེ། ཨེ་མ་ང་ཡི་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་གས་བརྟེན་བྱེད་པ། །དེ་ཡི་མདུན་དུ་བདག་གནས་སོ། །སངས་རྒྱས་བསྟན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་བྱེད། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་


CMR021_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། །བླུན་པོ་གང་ཞིག་འདི་སྤོང་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །པདྨ་བྷཉྫ་མོཀྵ་ཧོཿ ཁྱེད་རང་རྣམས་དཀྱིལ་འཁོར་གྱི་གཙོ་བོ། རྨེའམ་མོ་རྐྱང་རིགས་བདག་ཏུ། གསལ་བ་དེ་ཉིད་རང་རིག་ཡེ་ཤེས་ཀྱི་རང་མདངས་དང་མཉམ་པར་སྤྱོད་པའི་ཡབ་ཀྱི་གསང་གནས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ནོར་བུ་ལ་ཨོཾ་དང་། བུ་གར་ཕཊ༔དམར་སེར་གྱིས་བཀག་པ། ཡུམ་གྱི་མཁའ་ཨ་ལས་པདྨ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལ་ཨས་མཚན་པ། ཆོས་ཀྱི་འདུ་ཤེས་ནི། ཐབས་འདི་ལྟ་བུ་ལ་བརྟེན་ནས་འཛག་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས། བདེ་བ་ཆེན་པོ་རྡོ་རྗེ་འཆང་གི་སྐུ་མངོན་དུ་བྱའོ་སྙམ་པའི་བསམས་པས་འདིའི་རྗེས་ཟློས་མཛོད། ཨ་ཤི་ཤི་ཤི་ཧ་ཧ་ཧ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉཧཾ། ཞེས་ཡབ་ཡུམ་སྙོམས་པར་ཞུགས་པའི་རྒྱུ་མ་དགའ་བའི་སྒྲས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། ཞལ་དུ་ཞུགས་པའི་ལུས་ལ་བདེ་བ་དང་སེམས་འོད་གསལ་གྱི་རང་བཞིན་དུ་བྱས། ལྟེ་བར་གཏུམ་མོའི་མེ་སྦར་བས་སྤྱི་བོའི་ཧཾ་ལ་


CMR021_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཕོག །དེ་ལས་བྱང་སེམས་མགྲིན་པར་བབ་པས་དགའ་བ། སྙིང་གར་བབ་པས་མཆོག་དགའ། ལྟེ་བར་བབ་པས་དགའ་བྲལ་གྱི་དགའ་བ། རྡོ་རྗེའི་ནོར་བུ་བར་དུ་བྱོན་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས། སླར་ཡང་རླུང་གི་ནུས་པས་གྱེན་དུ་དྲངས་ཏེ། ལྟེ་བར་བྱོན་པས་དགའ་བ། སྙིང་ཁར་བྱོན་པས་མཆོག་དགའ། མགྲིན་པར་བྱོན་པས་དགའ་བྲལ་གྱི་དགའ་བ། སྤྱི་བོར་བྱོན་པས་མས་བརྟེན་གྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་པའི་མོས་པ་མཛོད། དེའི་ཁམས་ཞུ་བ་ལས་བྱུང་བའི་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཉིད་ཀྱི་ངོ་བོ་སྟོང་པ་ཉིད་ཟུང་དུ་འཇུག་པའི་ཡེ་ཤེས་ལ་སེམས་ཅུང་ཟད་གཏད་ལ་རང་གི་སེམས་བདེ་སྟོང་དུ་ཤར་བའི་སྟོབས་ཀྱིས་སྣང་བའི་ངོ་བོ་དངོས་པོ་ཐམས་ཅད་ཀྱང་། བདེ་སྟོང་ཟུང་འཇུག་ཏུ་གྱུར་པའི་མོས་པ་མཛོད། དཔེར་ན་ཟད་པར་མེ་དང་ཆུ་ལ་སོགས་པའི་ཏིང་འཛིན་རྣམ་དག་ལ་སྙོམས་པར་ཞུགས་པའི་གང་ཟག་གིས་སྣང་བའི་དངོས་པོ་ཐམས་ཅད་མེ་དང་ཆུ་ལ་སོགས་པའི་རྣམ་པར་མངོན་སུམ་དུ་སྣང་བཞིན་ནོ། །དབང་དེ་ཐོབ་པའི་བརྡར་གདོང་གཡོགས་ཁྲོལ། ཨ་ཁཾ་བི་ར་ཧཱུཾ། དེས་ནི་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་


CMR021_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ། ཡིད་ཀྱི་དྲི་མ་དག །ལམ་མགྱོགས་བྱེད་ཕོ་ཉའི་ལམ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་ཀྱི་སྐུའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག་པ་དེ་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །དབང་བཞི་པ་ཞུ་བའི་དོན་དུ་མཎྜལ་ཕུལ། རྗེས་ཟློས་མཛོད། བདག་ཉིད་ཆེ་ཁྱོད་བཀའ་དྲིན་གྱིས། །ཤེས་རབ་ཡེ་ཤེས་དབང་བསྐུར་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང་། །མགོན་པོས་རྗེས་སུ་བཟུང་བར་མཛོད། །གསུམ། གདོང་གཡོགས་ཆིངས། དེའི་རྗེས་སུ་ཚིག་ཁོ་ནའི་དབང་བཞི་པ་སྦྱིན་པར་བྱའོ། །ཤེས་རབ་ཡེ་ཤེས་དེ་ཉིད་མྱུ་གུར་གྱུར་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པས་རབ་ཏུ་འཕེལ་བཞིན་སྒྲིབ་པ་མེད་པ་ཉིད་དུ་གྱུར་པའི་དེ་ཁོ་ན་ཉིད་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་རང་བཞིན་ཡན་ལག་བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཅན་དབང་བཞི་པའི་ངོ་བོར་བརྗོད་པར་བྱའོ། །ཞེས་གསུངས་པ་ལྟར་རང་རང་གི་རྒྱུད་རྣམས་ལས། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་དང་། གསང་བ་འདུས་པའི་རྒྱུད་ལས། །དངོས་པོ་ཐམས་ཅད་དང་བྲལ་བ། །གཟུང་


CMR021_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཛིན་པ་རྣམ་པར་སྤང་། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ཆོས་བདག་མེད་པ་མཉམ་པ་ཉིད། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་གསུངས་པའི་དོན་བཤད་པའམ། ཡང་བརྟག་གཉིས་ལས། ཡེ་ཤེས་འདི་ནི་ཆེ་ཕྲ་ཞིང་། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །།ཁྱེད་རང་ཡང་ནི་དེ་ཡི་ཕ། །ཞེས་གསུངས་པའི་དོན་བཤད་པའམ། བདེ་མཆོག་ཉུང་ངུ་ལས། དངོས་པོ་མེད་པའི་ཆོས་ཉིད་ཅན། །ནམ་མཁའ་ལྟ་བུར་དྲི་མ་མེད། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ནི། །སྟོང་པ་ཉིད་དུ་རྣམ་བསལ་བྱ། །ཞེས་གསུངས་པའི་དོན་རྣམས། བདེ་དགྱེས་གསང་གསུམ་གྱི་དཀྱིལ་ཆོག་ནས་བྱུང་བ་ལྟར། བཤད་ལ་ངོ་སྤྲད་དོ། །མདོར་ན་སྔར་དབང་གསུམ་པའི་དུས་སུ་སྐྱེས་པའི་བདེ་སྟོང་གི་ཡེ་ཤེས་དེ་ཉིད་རང་རང་གི་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་མམ། རིགས་བདག་ཡབ་ཡུམ་གྱི་རྣམ་པར་ནམ་མཁའ་ལ་འཇའ་ཚོན་ཤར་བ་ལྟར་ཁ་སྦྱོར་ཡན་ལག་བདུན་ལྡན་སྐུར་སྣང་ཞིང་། སྐུ་དེ་ཡང་བདེ་སྟོང་གི་ཡེ་ཤེས་འཛིན་མེད་ཀྱི་ངང་ལ་བློར་བཞག་པར་བྱའོ། །དབང་བཞི་པ་ཐོབ་པའི་བརྡར་གདོང་གཡོགས་ཁྲོལ། དེ་ལྟར་


CMR021_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རྣམས་ཀྱི་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཚིག་ཙམ་གྱི་སྒོ་ནས་ངོ་སྤྲད་པ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་་བཅས་པ་དག །ལམ་ཕྱག་རྒྱ་ཆེན་པོ་དེ་ཁོ་ན་ཉིད་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་མངོན་དུ་བྱས་སོ། །ཞེས་བརྗོད་པ་ནི་ཚིག་དབང་བཞི་པ་སྟེ། དབང་གོང་མ་གསུམ་བསྐུར་བའི་ཆོ་གའོ། །དེ་ནས་བརྟུལ་ཞུགས་གསུམ་གྱི་དང་པོ་རིག་མའི་བརྟུལ་ཞུགས་སྦྱིན་པ་ནི། སློབ་དཔོན་དང་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་གཙོ་བོ། རྒེའམ། མོ་རྐྱང་རྣམས་ལ་རིགས་བདག་སྒེར་གསལ།་བསྒོམ་པའི་ལག་པ་གཡས་པ་གྱེན་དུ་བཏེག་པར། སློབ་དཔོན་གྱི་ཕྱག་གཡོན་པས་རེག་པའི་ཚུལ་གྱིས། རིག་མ་གཏད་པར་བསྒོམས། གཡས་རྡོ་རྗེ་དང་བཅས་པས་སློབ་མའི་མགོར་བཞག་པར་བསྒོམ། ནམ་མཁར་བཞུགས་པའི་སངས་རྒྱས་རྣམས་དཔང་པོར་བྱས་ཏེ། འདིར་ནི་ཁྱེད་རྣམས་དཔང་པོ་ཡིན། །བདག་གིས་བཁྱོད་ལ་འདི་གཏད་དོ། །གཟུང་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བསྔགས། །ཐབས་གཞན་གྱིས་ནི་སངས་མི་རྒྱ། །འགྲོ་གསུམ་འདི་ཡང་དག་


CMR021_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། །དེ་ཕྱིར་འདི་དང་བྲལ་བར་ནི། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །རིག་མའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པའི་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་རིག་མའི་བརྟུལ་ཞུགས་ཀྱི་ཆོ་གའོ། །དེ་ནས་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པ་ནི། བསངས་སྦྱངས། སྟོང་པའི་ངང་ལས་སློབ་མ་རྣམས་ཀྱི་ཆོས་ཅན་ཉོན་མོངས་པ་ལྔ་དང་། ཕུང་པོ་ལྔའི་ཆོས་ཉིད་རྣམས་མི་དམིགས་ཏེ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས། ཁྱེད་རང་རྣམས་ཀྱི་ཉོན་མོངས་པ་ལྔ་དང་ཕུང་པོ་ལྔའི་ཆོས་ཉིད་རྣམས། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རལ་པའི་ཐོར་ཚུགས་ལ་སོགས་རྒྱུན་ཐམས་ཅད་ཀྱིས་བརྒྱན་པ་རང་དང་འདྲ་བའི་ཡུམ་རྡོ་རྗེ་སྙེམས་མ་དང་སྙོམས་པར་ཞུགས་པའི་སྐུ་ཅན་གྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ༔ ཐུགས་ཀར་ཧཱུཾ། །ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་རྡོ་རྗེ་སེམས་དཔའི་རྣམ་པར་སྤྱན་


CMR021_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས། ཛཿཧཱུྃ་བཾ་ཧོཿ ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ། ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཚད་དང་མཚན་ཉིད་དང་ལྡན་པ་སློབ་མའི་ལག་པ་གཡས་པར་བྱིན་པར་བསྒོམས། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟེན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། །བརྟུལ་ཞུགས་འཛིན་པའི་གནས་སྤྱི་བོར་ཡིན་པས་སྤྱི་བོར་བཟུང་བའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ། ཏིཥྛ་ཨེ་ཥ་ཡ་ནྟཾ་དྷ་ར་ཡཱ་མི་བཛྲ་སཏྭ་ཧཱུྃ། ཧི་ཧི་ཧི་ཧི་ཧཱུྃ༔ ཞེས་བརྗོད་པ་ནི། རྡོ་རྗེ་བརྟུལ་ཞུགས་འཛིན་པའི་ཆོ་གའོ། །དེ་ནས་སྣམ་སྦྱར་གྱི་ཞབས་ནས་གཡོན་པས་ཆོས་གོས་ཀྱི་སྣེ་གཉིས་སེང་གེ་བག་ཕེབ་པའི་རྣ་བ་ལྟར་བཟུང་། གཡས་པས་སྐྱབས་སྦྱིན་བྱས་ལ། སློབ་དཔོན་ཨོཾ་ལས་སྤྲུལ་སྐུ་ཤཱཀྱ་ཐུབ་པར་བསྒོམས་ལ། དབང་འདི་ཐོབ་ཅིང་ཉམས་སུ་བླང་བ་ལ་བརྟེན་ནས་མ་འོངས་པ་ན་ཁྱེད་རྣམས་གསང་མཚན་བཏགས་པ་དང་མཚུངས་པའི་མཚན་འཛིན་པའི་དེ་བཞིན་གཤེགས་པར་འགྱུར་རོ། །ཞེས་ལུང་བསྟན་པའི་མོས་པ་མཛོད། འདིར་ནི་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་


CMR021_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱི་དཔལ་རྒེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །སིདྡྷི་ས་མ་ཡ་བྷུཉྩཱ་བས། གང་ལ་ངས་ལུང་བསྟན་པ་འདིའི་བླ་མ་དང་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱིས་བྱང་ཆུབ་ཆེན་པོར་མགྲིན་གཅིག་ཏུ་ལུང་བསྟན་པར་མཛད་དེ། སྔགས་འདི་དང་ཕྱག་རྒྱ་འདི་ཡི་མཐུ་ཡིན་ནོ། །ཞེས་ཁྱེད་རང་རྣམས་དང་བ་བསྐྱེད་པར་བྱའོ། །ལུང་བསྟན་ཆོ་གའོ། །རྒྱུད་ལས་བྱང་ཆུབ་སེམས་ཀྱི་དབང་བསྐུར་བས། །སློབ་མ་སྡིག་དང་བྲལ་བ་ལ། །རྗེས་སུ་གནང་བ་དེ་ནས་སྦྱིན། །ཞེས་གསུངས་པས། ཁྱེད་རང་རྣམས་ཀྱི་མདུན་དུ་བློ་ལས་སྐྱེས་པའི་འཁོར་ལོ་དང་། ཨོཾ་བཛྲ་ཧེ་ཏུ་ཚྭ། ལག་གཡས་སུ་ཨོཾ་བཛྲ་བྷ་ཥ་རཾ། ཡི་གེ་ཨཱཿལས་སྐྱེས་པའི་དུང་དང་། གཡོན་དུ་དབྱངས་དང་པོ་ལས་སྐྱེས་པའི་པོ་ཏི་དང་ཨཱཿ༔ དབྱངས་ཐ་མ་ལས་སྐྱེས་པའི་དྲིལ་བུ་རྣམས། རང་རང་གིས་སྔགས་བརྗོད་ཅིང་བྱིན་པས་དྲིལ་བུ་དཀྲོལ་བའི་མོས་པ་གྱིས། །ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །དེང་ནས་


CMR021_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་ཏེ་སེམས་བསྐྱེད་པ། །བརྩམས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར། །དེ་རིང་ཕན་ཆད་འཇིག་རྟེན་ལ། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་ནས་ཡོངས་སུ་བཀང་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཡང་སློབ་མ་ཁྱེད་རང་རྣམས་རྣམ་སྣང་ལ་སོགས་པའི་རིགས་ལྔ་རིམ་པར་བསྒོམས་ལ་ངེད་ཀྱི་བྱེད་པའི་ཕྱག་རྒྱ་འདི་རྣམས་ཤེས་ན་གྱིས། མི་ཤེས་ན་ཡང་བྱས་ཡོད་སྙམ་པ་གྱིས། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་ནས། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པའི། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཅེས་བྱང་ཆུབ་མཆོག་གི་ཕྱག་རྒྱ་བྱའོ། །དེ་ནས་ས་གནོན་མཉམ་བཞག་བྱས་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པའི། །རྡོ་རྗེ་འཁོར་ལོ་རབ་ཏུ་བསྐོར། །དེ་ནས་མཆོག་སྦྱིན་མཉམ་བཞག་བྱས་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པའི། །རིན་ཆེན་འཁོར་ལོ་བསྐོར་དུ་གསོལ། །ལག་གཉིས་མཉམ་བཞག་བྱས་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་


CMR021_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པའི། །པདྨའི་འཁོར་ལོ་རབ་ཏུ་བསྐོར། །སྐྱབས་སྦྱིན་མཉམ་བཞག་བྱས་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པའི། །སྣ་ཚོགས་འཁོར་ལོ་བསྐོར་དུ་གསོལ། །འདི་རྣམས་ནི་རིགས་ལྔའི་སྤྲུལ་པར་བཤད་དེ། དེ་རིང་ཕྱིན་ཆད་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་དུང་བུས་སྒྲ་སྒྲོག་བཤད་པ་གྱིས་ཤིག །དེ་ནས་དབུགས་དབྱུང་ནི། ད་སློབ་མ་གཞོན་པ་གཅིག་ལ་ཆོས་གོས་བཀོན་ནས། རུས་པ་དང་རིན་པོ་ཆེའི་རྒྱན་དྲུག་གིས་བརྒྱན་ཅིང་། དེས་དཀྱིལ་འཁོར་ལ་སྐོར་བ་བྱེད་པ་དང་མཉམ་དུ་ཁྱེད་རང་རྣམས་ཀྱིས་བྱས་པར་བསྒོམས་ལ་རྗེས་ཟློས། མ་ཧཱ་ར་ཏ་སུ་ཌི་ཏ་སུ་ཏཱ་ཥ་བཛྲ་སཏྭ་ཨརྱ་སིདྡྷ་སྤྱི་བོ་རུ་ནི་གདུགས་བཟུང་ཞིང་། །སྐོར་བ་བྱེད་དུ་བཅུག་ནས་ནི། །དཀྱིལ་འཁོར་ཤར་སྒོར་ཐལ་སྦྱར་བ། །གདུགས་བཅས་དབབ་ཅིང་འདི་སྐད་བརྗོད། །ཅེས་གསུངས་པས། ཁྱེད་རང་རྣམས་ཀྱི་སྤྱི་བོར་གཞན་ཞིག་གིས་གདུགས་བཟུང་། དཀྱིལ་འཁོར་གྱི་ཤར་སྒོ་ནས་ཕྱག་གསུམ་འཚལ་ནས། ཁྱེད་རང་རྣམས་ཀྱི་ལུས་ལོངས་སྤྱོད་དགེ་


CMR021_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དངོས་པོ་དང་བཅས་པ་ཐམས་ཅད་དཀྱིལ་འཁོར་གྱི་ལྷ་ལ་འབུལ་བསམ་ཞིང་། དཀྱིལ་འཁོར་ལ་མགོ་བོ་འདུད་པ་རེ་གྱིས། སྔགས་དང་རྒྱུད་རྣམས་འཛིན་གྱུར་པའི། །སློབ་མ་འདི་ནི་འབུལ་བ་ལགས། །ད་ཁྱེད་རང་རྣམས་ཤར་སྒོ་ནས་ཕྱག་གསུམ་འཚལ་ཏེ་པུས་བཙུགས་ཐལ་མོ་སྦྱར་བས་ཉོན། ཐམས་ཅད་ཀྱི་སྙིང་ལ་འབབ་པའི་གཏམ་འདིར་བརྗོད་པ་ལ་གསན་པས་ཁྱབ་པར་གདའ། ད་ནི་ཁྱེད་རྣམས་དཀྱིལ་འཁོར་གྱིས། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་དག་ཀྱང་དགོངས་པར་འགྱུར། །སེམས་ཅན་ཀུན་ལ་བརྩེ་དོན་དུ། །ཁྱེད་ཀྱི་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །མཆོག་ཏུ་གསང་བ་དམ་པ་ཡིས། །དཀྱིལ་འཁོར་མཐོང་ཞིང་ཞུགས་པས་ན། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཁྱོད་ལ་མེད། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་མཐའ་གྲུབ་བོ། །སངས་རྒྱས་རྡོ་རྗེ་ཅན་ཀུན་གྱི། །


CMR021_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རིང་ཚེ་ལྡན་དབང་བསྐུར་རོ། །ཁམས་གསུམ་ཀུན་གྱི་རྒྱལ་སྲིད་ཆེ། །བདག་པོ་ཉིད་དུ་ཁྱོད་ངེས་སོ། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་ཉིད། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །འདོད་པ་ཀུན་ལ་ཆགས་པ་ཁྱོད། །གང་ལའང་འཇིགས་མེད་སྤྱད་པར་གྱིས། །ཤ་ལྔ་བདུད་རྩི་ལྔ་བཟའ་ཟ། །འདི་ལས་གཞན་ཡང་དམ་ཚིག་བསྲུང་། །སྲོག་ཆགས་བསད་པར་མི་བྱ་ཞིང་། །བུད་མེད་རིན་ཆེན་སྤང་མི་བྱ། །སློབ་དཔོན་སྤང་བར་མི་བྱ་སྟེ། །དམ་ཚིག་ཤིན་ཏུ་འདའ་བར་དཀའ། །ཤེས་རབ་ཐབས་ཀྱི་བསམ་པ་ཡིས། །མི་བྱ་ཅུང་ཟད་ཡོད་མ་ཡིན། །མ་འཇིགས་ཁྱོད་ལ་སྡིག་པ་མེད། །དེ་བཞིན་གཤེགས་པའི་གསུང་ཇི་བཞིན། །འདི་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གིས་དམ་ཚིག་མི་བཟད་བདེ་སྟེར་བསྟེན་པར་གྱིས། །འགྲོ་བ་བདེ་བ་མྱོང་ལ་རྡོ་རྗེ་སེམས་དཔའི་དང་། །མཚུངས་པའི་རྟག་པ་ཉིད་དུ་ཁྱོད་རྣམས་ཕྱིན་པར་འགྱུར། །གཞན་ཡང་གང་དག་ཆོ་ག་ཇི་ལྟ་བ་བཞིན། དབང་བསྐུར་བ་ལ་དགེ་བའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་


CMR021_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱིས། སྡུག་པའི་བུ་དང་འདྲ་བར་ཐུགས་དངས་བས་ཡང་དག་པར་དགོངས་པ་མཛད་པ་འདི་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡིན་ནོ། །དབུགས་དབྱུང་ཆོ་གའོ། །དབང་བསྐུར་རྗེས་ཀྱི་ཆོ་ག་ནི། །ཁས་བླངས་དོན་བསྒྲུབ་སྤྲོ་བ་བསྐྱེད། །ཡོན་འབུལ་དེང་ནས་བརྩམས་སོགས་བརྗོད། །ཅེས་གསུངས་པ་ལྟར། དེ་ལྟར་ཁྱེད་རང་རྣམས་ཀྱིས་རྗེའི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་ཐོབ་པས། དེ་དག་གིས་སྐབས་སུ་ཁས་བླངས་བའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་སྙམ་པས་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དེ་ལྟར་དབུགས་ཕྱིན་པའི་སློབ་མ་རྣམས་ཀྱིས། རང་གཞན་གྱི་དོན་རྒྱ་ཆེན་པོ་འགྲུབ་པ་ལ་དགའ་ཞིང་སྤྲོ་བའི་ཕྱིར། རྗེས་ཟློས་མཛོད། དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་ནི་གསོན་པའང་འབྲས་བུར་བཅསོ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་དེང་བདག་གྱུར། །འོ་དེ་ལྟར་ཆེའི་དཀྱིལ་འཁོར་དུ་དབང་བསྐུར་བ་རྫོགས་པར་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། ས་གཞི་སྤོས༴ འདི་ཡི་རྗེས་


CMR021_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཟློས་མཛོད། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཤས་ཀྱང་ནི་སྤྱད་དུ་གསོལ། །གསུམ། དེ་ལྟར་རྡོ་རྗེ་ཕྲེང་བའི་ནང་ནས་སྒྲེའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བླ་མ་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། སློབ་དཔོན་ཆེན་པོ་ཨ་བྱཱ་ཀ་ར་། །གུབྷ་། ཨ་ནུ་པདྨ་རཀྵི་ཏ། པཎྜི་ཏ་བིཀ་དེ་ཝ། པཎ་ཆེན་ཤཱཀྱ་ཤྲཱི། དེ་སོགས་བརྒྱུད་པ་འགའ་ཟུང་ལས་བྱུང་བའི་དབང་བསྐུར་བ་རྣམ་པར་དག་པ་ཐོབ་པ་ཡིན་པས། རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད། གཞུང་ལས། ཕྱག་ལེན་བསྡུས་པ་དུས་འཁོར་ལ་སྦྱར་བ་འདི་ལྟར་མཛད་དེ། སྨད་གཡོགས་ཆས་བཅུ་གསུམ་དོར་བ་དང་། ནང་མཇུག་གི་སྐབས་སུ་བསྐོར་བ་དང་ཕྱག་དོར་བ་དང་། སྦྱང་པའི་སྐབས་སུ་ཁམ་ཕོར་སོགས་བཞི། ཉེ་རེགས་མཆོད་པ་ལྔའི་སྦྱང་བ་རྣམས་དོར། དངོས་གཞིའི་སྐབས་སུ་ནང་ཆོག་གི་སློབ་མ་ལྷར་བསྐྱེད་པ་ཡང་མི་དགོས། སྔགས་ཀྱི་བཟླས་ལུང་གི་མཎྜལ་དང་། གསོལ་བ་བཏབ་པ་དང་། ཤེས་རབ་ཡེ་ཤེས་ཀྱི་སྐབས་སུ་དྲི་བ་དྲིས་ལེན་སྤྱོད་པའི་བརྟུལ་ཞུགས་ཐམས་ཅད་དོར། གཞན་མཇུག་པའི་མཎྜལ་ནས་དབུགས་དབྱུང་སྤྲོས་པའི་བར་ཐམས་ཅད་ཕྲེང་བ་རྒྱས་པའི་ལུགས་བཞིན་བྱེད་པ་ནི། ཕྱག་ལེན་བསྡུས་པའི་ལུགས་ཡིན་ནོ། །


CMR021_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་ལྟར་རཱ་ག་ཨ་སྱས་བསྒྲིགས་པ་ཉེས་འགལ་མེད་ཕྱིར་བཤགས་བྱ་མ་མཆིས་ཏེ། ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་སོ། །སརྦ་མངྒ་ལཾ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR021_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

རྡོར་ཕྲེང་སྤྱི་ལ་རུང་བའི་གཏོར་དབང་།


CMR021_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་ཕྲེང་སྤྱི་ལ་རུང་བའི་གཏོར་དབང་གཅིག་ཡོད་དོ།།


CMR021_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་དྷ་ར་ཡེ། དབང་རྡོ་རྗེ་ཕྲེང་བ་འདི་ལ་གཏོར་དབང་ནི་གཞུང་ན་མེད་པས། རྡོར་ཕྲེང་གནང་ཚེ་ཡང་བྱེད་སྲོལ་མི་འདུག་པས་བྱས་ན་སྐུ་ཡོན་ཡོད་པ་རྣམས་ཀྱིས། འདི་ལ་གཏོར་དབང་འབྱར་མི་འབྱར་སོགས་ཁ་ཟེར་བ་འོང་སྲིད་པས། རྡོར་ཕྲེང་ཚང་མ་གནང་བའི་ཚེ་གཏོར་དབང་མི་བྱ་སྟེ། བླ་མ་གོང་མ་རྣམས་ཀྱི་ཕྱག་སྲོལ་ཡང་དེ་ཡིན། ཡོན་བདག་སོགས་ཐ་མལ་པ་ལ་རྡོར་ཕྲེང་ནང་གི་དབང་རེ་རེ་བསྐུར་བའི་ཚེ། གཏོར་མ་མེད་ན་ཐ་མལ་པ་རྣམས་བློ་ཁ་མི་རྫོགས་པས། གཏོར་དབང་བྱེད་པ་ལ་འགལ་བ་མེད་སྟེང་དུ་ཤིན་ཏུ་ལེགས་པ་སྟེ། གསང་སྔགས་སྔ་འགྱུར་གྱི་རྒྱུད་འགའ་ཞིག་ལས། དབང་རྣམས་རྫོགས་པར་བསྐུར་ནས་ཀྱང་། །གཏོར་མའི་དབང་བསྐུར་མ་བྱས་ན། །དེ་ཡི་ཆ་ལག་ཉམས་པ་སྟེ། །ཐུན་


CMR021_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

མོང་དངོས་གྲུབ་ཕྱིར་ལ་འགྱིངས། །ཞེས་དང་། རྗེ་དབང་ཕྱུག་རྡོ་རྗེས་མཛད་པའི། གཅིག་ཤེས་ཀུན་གྲོལ་གཏོར་དབང་གི་མཇུག་ནས། དེས་ཡི་དམ་ཆོས་སྐྱོང་གང་ལ་ཡང་རྒྱས་བཀབ་བོ། །ཞེས་གསུངས། དེ་ཡང་བླ་མེད་ལ་གཏོར་དབང་དང་། བྱ་སྤྱོད་རྣལ་འབྱོར་རྒྱུད་ལ་གཏོར་དབང་ཟེར་བ་མེད་ཀྱང་། གཏོར་མའི་བྱིན་རླབས་ཞེས་བྱ་བ་ཡོད་དེ། དཔེར་ན་གནས་བཅུ་སྨན་བླ་ལྟ་བུའོ། །ད་གཏོར་མ་འདི་ལ་ཤེས་དུས་གསུམ་ཡོད་པ་ལས། ད་ལྟའི་སྐབས་འདིར་རྣམ་པ་གཏོར་མ་ལ། ངོ་བོ་མདུན་བསྐྱེད་དང་ཐ་དད་མེད་པའི་རྨེའི་དཀྱིལ་འཁོར་གྱི་ལྷ་ཚོགས། སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་དང་བཅས་པ་དངོས་ཡིན་སྙམ་དུ་གསལ་ཐོབ་ལ། སློབ་


CMR021_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་གྱི་གཟུངས་སྔགས་བརྗོད་ཅིང་བླ་མ་བརྒྱུད་པའི་མཚན་ནས་སྨོས་ཏེ། གསོལ་བ་བཏབ་པ་ལྟར་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་གནང་ཞིང་ཐོབ་བྱུང་སྙམ་དུ་བསྒོམས་ལ་མ་ཡེངས་པར་རྩེ་གཅིག་ཏུ་འདུན་པ་དྲག་པོ་གཏོད་དེ་སྨོན་ལམ་ཐོབ་ཅིག །གཏོར་མ་ལག་ཏུ་ཐོགས་ལ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་བྱིན་བརླབ་ཅིང་། །དངོས་གྲུབ་རྣམ་གཉིས་འབྱུང་བའི་གནས། །གཏོར་མའི་དབང་བསྐུར་ཆེན་པོ་སྦྱིན། །ཛཿཧཱུྃ་བཾ་ཧོཿ དྲུག་པ་རྡོ་རྗེ་འཆང་ཆེན་པོ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། པཎ་ཆེན་ཨ་བྱཱ་ཀ་ར། པཎྜི་ཏ་དགེ་བའི་འབྱུང་གནས་སྦས་པ། གྲུབ་ཆེན་རྣལ་འབྱོར་ལེགས་སྤྱོད་ཞབས། པཎ་ཆེན་རཏྣ་རཀྵི་ཏ། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། གོ་ལུང་པ་ཐོགཞོན་ནུ་དཔལ། སྙེ་མདོ་བ་ཀུན་དགའ་དོན་འགྲུབ། སེམས་དཔའ་རང་བྱུང་རྡོ་རྗེ། ཆོས་ཀྱི་རྒྱལ་མཚན། བླ་མ་ཛྙཱ་ན་ཤྲི། རིན་ཆེན་བཟང་པོ། རྗེ་མཐོང་བ་དོན་ལྡན། རྒྱལ་ཚབ་དཔལ་འབྱོར་དོན་གྲུབ། ཞྭ་དམར་ཆོས་ཀྱི་གྲགས་པ། གཞན་ཡང་ཨ་བྱཱ་ཀ་ར་ནས། ཨ་ནུ་པདྨ་རཀྵི་ཏ། པཎྜི་ཏ་བིཀྟ་དེ་ཝཱ། པཎ་ཆེན་ཤཱཀྱ་ཤི། པཎྜི་


CMR021_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་བྷུ་མི་ཤྲཱི། བི་མ་ལ་ཤྲི་བྷ་དྲ། མང་དཀར་ལོ་ཙཱ་བ་བྱང་ཆུབ་སེང་གེ །ཀྱི་སྟོན་འཇམ་དབྱངས་གྲགས་པ་རྒྱལ་མཚན། ཀུན་མཁྱེན་དོལ་བུ་པ་ཤེས་རབ་རྒྱལ་མཚན། མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན། ས་བཟང་འཕགས་པ་གཞོན་ནུ་བློ་གྲོས། ངོར་ཆེན་རྡོ་རྗེ་འཆང་། ཀུན་དགའ་བཟང་པོ། རྡོ་རྗེ་འཛིན་པ་གུ་ན་ཤྲཱི། མཁས་གྲུབ་བླ་མ་རྒྱལ་མཚན། ཞྭ་དམར་ཆོས་ཀྱི་གྲགས་པ། འབྲི་གུང་རིན་ཆེན་ཕུན་ཚོགས། རྒྱལ་བའི་ཡབ་གཅིག་ཆོས་རྒྱལ་ཕུན་ཚོགས། སངས་རྒྱས་དཀོན་མཆོག་རིན་ཆེན་། དཀོན་མཆོག་ཕྲིན་ལས་རྣམ་རྒྱལ། གཞན་ཡང་ངོར་ཆེན་ནས། །མཁས་གྲུབ་དཔལ་ལྡན་རྡོ་རྗེ། འཇམ་དབྱངས་བློ་གྲོས་རྒྱལ་མཚན། འབྲི་གུང་པཎ་ཆེན་ངག་དབང་ཆོས་ཀྱི་གྲགས་པ། འབྲི་གུང་ཞབས་དྲུང་སྐུ་ཆེ་བ་མཚུངས་མེད་གྲགས་པ་རྒྱལ་མཚན། ཞབས་དྲུང་དཀོན་མཆོག་རིན་ཆེན། སྤྲུལ་པའི་སྐུ་མཆོག་ལྷོ་རིན་པོ་ཆེ། འདྲེན་མཆོག་ཀརྨ་ཆགས་མེད། ལ་སོགས་པ་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས། ཁྱད་པར་དུ་རྗེའི་དཀྱིལ་


CMR021_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ། ཆོས་སྐྱོང་སྲུང་མ་དང་བཅས་པས། རྡོ་རྗེའི་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྩལ་བར་མཛད་དུ་གསོལ། འདི་ཡི་ནད་གདོན་བགེགས་དང་བར་ཆད་ཐམས་ཅད་ཞི། ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་རྒྱས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་དབང་དུ་འདུས། བདུད་དང་གནོད་བྱེད་མ་རུངས་པའི་ཚོགས་ཐམས་ཅད་ཚར་བཅད། ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པར་མཛད་དུ་གསོལ། རྩ་སྔགས་དང་། ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་བཱ་ལིང་ཏ་ཨ་བྷི་ཥིཉྩ་མཱི། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །བཅོམ་ལྡན་སྒེའི་ལྷ་ཚོགས་བྱིན་བརླབས་ཀྱིས། །འགྲོ་བ་འདི་ལ་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཨོཾ་བཛྲ་རཀྵ་ཧཱུྃ། ཞེས་ཉུང་ན་རྡོ་རྗེ་མགོར་བཞག །མང་ན་ནས་གཏོར། གཏོར་མ་སྒྲེའི་ལྷ་ཚོགས་སུ་གསལ་བ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་། རྗེའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་སྙམ་དུ་བྷོ། ཉུང་ན་


CMR021_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མའི་དུམ་བུ་ཡང་སྦྱིན། མང་ན་མི་དགོས། དེ་ནས། གཙོ་བོའི་ཇི་ལྟར་སོགས་གཞུང་ལྟར་རོ། །ཞེས་པ་ཐ་མལ་པ་ཡི་རྣམ་རྟོག་དགག་ཕྱིར། བྲིས་པ་ལ། འགལ་འཁྲུལ་མཆིས་ན་ལྷ་ལ་བཤགས་ཤིང་དགེ་བས་འགྲོ་དོན་དཔག་ཏུ་མེད་པ་འབྱུང་བར་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR021_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

རྡོར་ཕྲེང་ཞལ་བསྒོམས།


CMR021_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྡོར་ཕྲེང་གི་དབང་རྫོགས་པ་དང་། རྒྱས་པར་སྤྲོ་ན། དབང་ཐོབ་པའི་ཕན་ཡོན་མ་ཐོབ་པའི་ཉེས་དམིགས་ལོགས་སུ་ཡོད་པ་དེ་བཤད། དམ་ཚིག་རྒྱ་མཚོའི་ལུང་ཡང་བྱ། དེ་ནས་ཞལ་བསྒོས་འདི་ལྟར་བརྗོད། དེ་ལྟར་གསར་རྙིང་རྒྱུད་སྡེ་རྣམས་ནས་དབང་ཐོབ་ནས་ཉམས་སུ་བླངས་ན། རབ་ཚེ་འདི། འབྲིང་བར་དོ། ཐ་མ་སྐྱེ་བ་ཕྱི་མ་ལ་སངས་རྒྱས་འགྲུབ་པར་གསུངས་པ་དེ། རྡོ་རྗེ་ཕྲེང་བའི་དབང་ཡོངས་སུ་རྫོགས་པ་འདི་ཐོབ་ནས་ནི། ངེས་པར་བདེན་པ་ཁོ་ན་ཡིན་པས། འདིར་བཞུགས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་ཐུགས་ལ་མངའ་བ་ལྟར། དམ་ཚིག་རྒྱ་མཚོ་ནས་བཤད་པ་ལྟར་གྱིས། དམ་ཚིག་ལ་ཡང་གཅེས་སྤྲས་མཛད་དགོས། གྲུབ་ཐོབ་ཨོ་རྒྱན་པའི་ཞལ་ནས། བོད་གངས་ཅན་གྱི་སྤྲང་པོ་ཨོ་རྒྱན་པ། །དགྲ་དམ་སེལ་མིན་པོས་ཐུབ་པ་མིན། །ཞེས་གསུངས་པ་ལྟར། དམ་སེལ་ཕྲ་མོས་ཀྱང་། སྐུ་ཚེ་དང་འགྲོ་དོན་གྱི་བར་ཆད་བྱེད་པས་ལེགས་པར་བསྲུང་བ་དང་། རྡོར་ཕྲེང་འདི་རྒྱུད་སྡེ་བཞིའི་སྲོག་ཤིང་ཡིན་པས། འདི་རང་གིས་ཉམས་སུ་བླངས་བ་དང་། གཞན་ལ་ཡང་དབང་ལུང་གི་རྒྱུན་ཅི་འཕེལ་མཛད་ན། སངས་རྒྱས་ཀྱི་བསྟན་


CMR021_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཛིན་པ་ཡང་དེ་ཡིན། ཟང་ཟིང་དོན་གཉེར་མིན་པར། དད་པ་ཅན་རྣམས་ལ་འདི་ཡི་དབང་བཙུགས་ན། སྐྱེ་བ་བདུན་སངས་རྒྱས་པའི་ས་བོན་ཐེབས་པ་ཡིན་པས། འབྲེལ་ཚད་དོན་ལྡན་གྱི་འགྲོ་དོན་ཡང་དེ་ཡིན་ནོ། །འགྲོ་དོན་བྱེད་པའི་སྐབས་ལ་མ་བབ་པ་རང་དོན་བྱེད་པ་རྣམས་ཀྱིས་ཀྱང་། འདི་ཡི་དཀྱིལ་འཁོར་མཐོ་ཐོགས་ཙམ་གྱིས་བསྙེན་པ་བྱས་ན། སྒྲུབ་པའི་བསྟན་པ་འཛིན་པ་ཡང་དེ་ཡིན་ནོ། །འཆི་ཁ་འགྱོད་མེད་ཀྱི་བྱ་བ་ཆེན་པོ་འགྲུབ་པ་ཡིན། དམ་ཚིག་རྩ་བ་རྣམས་མ་ཉམས་ཀྱང་ཕྲ་ཞིབ་འདྲ་ལ་སྐྱོན་བྱུང་ན་ཡང་། འདི་ཡི་བདག་འཇུག་རེ་བླངས་ན་འཕྲལ་དུ་སོར་ཆུད་པ་ཡིན། འདི་ཡི་བདག་འཇུག་མང་དུ་བླངས་ན་སྒྲིབ་སྦྱོང་ལ་དེ་ལས་ལྷག་མེད་པས། དམ་ཚིག་ཆག་ཉམས་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་འགྱུར། ཡང་མཚམས་སྒྲུབ་ལོང་མེད་པའི་རྣམ་གཡེང་ཅན་ཡིན་ན་ཡང་། དཀྱིལ་འཁོར་ཚང་མའམ་གཙོ་བོ་རྐྱང་པ་དྲན་རྫོགས་སུ་བསྒོམས་ནས། དཀྱིལ་འཁོར་མཐོ་རིམ་རེ་རེ་ལ་བྱེ་བ་རེ་ཙམ་བསྙེན་ན་བསྙེན་པ་ཡང་དོན་གྱིས་ཐེམ་པར་འགྱུར་ཞིང་ཕན་ཡོན་དཔག་ཏུ་མེད། ཆོ་ག་འདི་ཁ་གསལ་ཞིང་སྟབས་བདེ་བས། ཉིན་རེ་ཆོ་ག་རེའི་བསྙེན་པ་དང་། བདག་


CMR021_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་རྒྱས་པ་རེ་བླངས་ན། ཚེ་འདིའི་རྐྱེན་བཟློག་དང་ཕྱི་མའི་རྒྱགས་ཕྱེ་ལ་དེ་བས་ལྷག་བྱེད་ཐབས་མེད། དེས་ཁྱེད་སྐུ་ཡོན་ཡོད་པ་རྣམས་ཀྱིས་འདི་ཐོབ་ཆོག་ཏུ་མ་བཞག་པར། རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ་ཞུ། ། དེ་འོག་ཁྱེད་ཤེས་རབ་དམན་པའི་སེར་མོ་བ་རྣམས་ཀྱིས་ཀྱང་འདི་ཡི་ནང་ནས་རང་ལ་གང་མོས། གཙོ་བོ་རྐྱང་པ་རེ་རེའི་སྐུ་མདོག་ཕྱག་མཚན་ཡིད་ལ་བཟུང་ནས། ཚེ་རིང་བར་འདོད་ན་རྣམ་རྒྱལ་མ། ལོངས་སྤྱོད་ཆེ་བར་འདོད་ན་ནོར་རྒྱུན་མ། གཟའ་ནད་ཡོད་ན་གཟའ་ཡུམ། དགྲ་ཁ་མཆུ་སོགས་ཀྱིས་སྐྱག་པ་ཆེ་ན་འོད་ཟེར་ཅན། ཤེས་རབ་ཆེ་བར་འདོད་ན་འཇམ་པའི་རྡོ་རྗེ། མཆོག་གི་དངོས་གྲུབ་འདོད་པ་ལ་བདེ་མཆོག་ཡིག་བདུན། རྐྱེན་བར་ཆད་མང་ན་བདུད་རྩི་འཁྱིལ་པ། བསླབ་མི་དགོས་ཀུན་གྱིས་ཤེས་ཤིང་། བར་ཆད་སེལ་བར་འབྱུང་འདུལ་དེ་འདྲ་ཞིག་ལ་བསྙེན་པ་བྱེ་བ་ཡ་ཟུང་གསོག །ཚེ་འདི་ཡི་རྐྱེན་སེལ་ཕྱི་མའི་ལམ་རྒྱགས་དེ་བས་ལྷག་པ་མེད་དེ། རྗེས་གནང་ཙམ་ཐོབ་ནས་འདོན་པ་དང་མི་འདྲ། ད་རེས་དཀྱིལ་འཁོར་གྱི་དབང་ཆེན་པོ་ཐོབ་པ་ཡིན་པས་འགྱུར་ཆེ། ད་རེས་དབང་གྲལ་དུ་ཁྱེད་ཐ་མལ་པ་ཅི་ཡང་མི་


CMR021_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་འགའ་རེ་ཡོད་པས་དེ་ལ་གསང་སྔགས་དབང་གི་སྐབས་འདིར། བླ་མ་དང་ནི་ཡི་དམ་ལྷ། །ཐ་དད་དུ་ནི་མ་ལྟ་ཞིག །ཅེས་གསུངས་པས་བླ་མ་ཡི་དམ་གཉིས་དབྱེར་མེད་ཡིན་པར་བཀའ་བཙན་པས་དེས་ན་ཁྱེད་རྣམས་ཀྱིས་དམ་ཚིག་ཅི་ལྟ་བ་བསྲུང་། སྲུང་མི་ཐུབ་སྲུང་ཡང་མི་ཤེས་པས་ད་ལྟ་ཅི་ནུས་སུ་དགེ་བ་སྒྲུབ་སྡིག་པ་སྤང་། ཁར་སང་ཁས་ལེན་བྱས་པའི་དགེ་བ་དེ་ཚོ་འགྲུབ་ངེས་གལ་ཆེ། སྐྱེ་བ་འདིའམ་སྐྱེ་བ་གཞན་དག་ཏུ། གོ་བ་དང་ཤེས་རབ་ཉམས་རྟོགས་པ་ཇེ་འཕེལ་དུ་སོང་ནས་རིམ་གྱིས། དམ་ཚིག་དེ་དག་ཅི་ལྟ་བ་བཞིན་དུ་བསྲུང་བསམ་པ་མཛོད། དམ་ཚིག་དེ་ཚོ་ངས་སྲུང་མི་ཤེས་མི་ཐུབ་བསམ་པ་དང་། མི་བསྲུང་བསམ་མི་ཉེན། ཤེས་པའི་དུས་ཐུབ་པའི་དུས་བྱུང་ན་བསྲུང་བསམ་པ་གལ་ཆེ། ད་རེས་དཀྱིལ་འཁོར་དབང་བཞི་བཅུ་ཞེ་ལྔ་སོང་བ་དེ། རྗེས་གནང་གི་དབང་བརྒྱ་ཚར་བཅུ་ཉི་ཤུ་ཞུས་པ་བས་ལྷག་ངེས་པས། ད་རེས་མི་ལུས་ཐོབ་པའི་དོན་གོ །སྐྱེ་བ་གཏན་གྱི་སོ་ནམ་གྲུབ་པས་དགའ་བ་ཆེན་པོ་སྒོམས་པར་མཛོད། ། དེ་ནས་སྐབས་དེར་དགའ་སྟོན་གྱི་ཚོགས་འཁོར་བྱ། དབང་གཞི་བཏིང་མཁན་གྱིས་གཙོར་བྱས། དེར་འདུས་ཤིང་འཚོགས་པ་དང་


CMR021_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ཐོགས་ཐམས་ཅད་ལ་བསྔོ་བ་རྒྱས་པར་བྱ། བཀྲ་ཤིས་རྒྱས་པར་བརྗོད་ནས་དབྱངས་གསལ་དང་རྟེན་འབྲེལ་སྙིང་པོ་ཚར་གསུམ་བརྗོད་ཅིང་ཕྱག་ནས་འཐོར། །ཞེས་པ་མཁས་པ་ཆེན་པོ་ཚུལ་ཁྲིམས་འོད་ཟེར་གྱིས་མཛད་པའི་པར་མ་སོར་བཞག་ལས། གབ་འཁྲུགས་རྣམས་བསྡེབས། འགྲེས་རྣམས་བཤང་། དབང་སྒྲུབ་སྔ་ཕྱིར་བདག་མདུན་ཐ་མི་དད་ཀྱི་ལུགས་སུ་བྱས་ཏེ། བླ་མ་ཕྲིན་ལས་ཀྱིས་བསྐུལ་ཕྱིར། ༧ རཱ་ག་ཨ་སྱས་བསྒྲིགས་ཤིང་། ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཀྱིས་བགྱིས་པ་ལ། ཉེས་པ་གང་མཆིས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་བཤགས་ཤིང་། དགེ་བས་འདི་ཡི་དབང་ལུང་རྒྱ་ཆེར་འཕེལ་ཞིང་ཡུན་རིང་དུ་གནས་པར་གྱུར་ཅིག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR021_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

རྡོ་རྗེ་ཕྲེང་བར་གསུངས་པའི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་དང་ཞར་བྱུང་དུ་གསར་རྙིང་གི་དཀྱིལ་འཁོར་ཁ་ཡར་རྣམས་ཀྱི་ཐིག་རྩ།


CMR021_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕྲེང་བར་གསུངས་པའི་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་དང་ཞར་བྱུང་དུ་གསར་རྙིང་གི་དཀྱིལ་འཁོར་ཁ་ཡར་རྣམས་ཀྱི་ཐིག་རྩ་བཞུགས།།


CMR021_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་གུས་པར་ཕྱག་འཚལ་ལོ། །འདིར་སློབ་དཔོན་ཆེན་པོ་ཨ་བྱཱ་ཀ་ར་གུབུ་ཞེས་མཚན་ཡོངས་སུ་གྲགས་པའི་པཎྜི་ཏ་དེ་ཉིད་ཀྱིས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བར་གསུངས་པའི་ཐིག་གི་རིམ་པ་རྣམས། རང་ཉིད་ཀྱིས་ཉམས་སུ་བླང་བདེ་བའི་ཕྱིར་གོ་དོན་རགས་པ་ཡི་གེར་བྲི་བར་བྱའོ། །དེ་ཡང་གྲོང་ཁྱེར་གྱི་དབུས་སམ། རྒྱལ་པོའི་ཕོ་བྲང་ངམ། གཙུག་ལག་ཁང་ངམ་མདོར་ན་ཡིད་དང་མཐུན་པའི་ས་ཕྱོགས་སུ། ཡུལ་དང་གྲོང་དང་གནས་ཀྱི་བདག་པོ་ལ་གཏོར་མ་བྱིན་པ་ནས། ས་ལྷ་ལྷག་པར་གནས་པ་ན་རྒྱུད་སྡེ་སོ་སོའི་དགོངས་པ་


CMR021_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གྲུབ་པའི་རྗེས་ཐོགས་སུ། ལྷ་ལྷག་པར་གནས་པ་བྱ་བ་ལ་ལྷའི་གནས་མི་འཆོལ་བའི་ཕྱིར་ཐོག་མར་སྐམ་ཐིག་གདབ་ཅིང་། དེ་དག་རློན་ཐིག་གིས་གནོད་པའམ། ཡང་ན་ཐོག་མ་ནས་བཤེར་ཐིག་བཏབ་ཀྱང་རུང་བས་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོའི་རྣལ་འབྱོར་དང་ལྡན་ཞིང་མཚན་མ་ཐོབ་པས། གཞོན་ནུ་མ་མ་ཉམས་པས་བཀལ་བའམ། དཔའ་བོའི་རིན་གྱིས་ཉོས་པའི་སྐུད་པ་ལྔ། སྦོམས་སུ་ནས་ཀྱི་ཉི་ཤུ་ཆ་ལྷག་པའི་སློབ་དཔོན་གྱིས་ནས་ཀྱི་ཚད་དུ་འགྱུར་བ་དེ་ལྟར་བྱའོ། །ཞེས་དང་། སློབ་དཔོན་ཀུན་དགའ་སྙིང་པོས། ཁྲུ་དྲུག་པའི་དཀྱིལ་འཁོར་དུ་ཐིག་སྐུད་


CMR021_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

སྦོམས་སུ་མཐེའུ་ཆུང་གི་ཚད་དུ་བྱ་ཞིང་། གཞན་རྗེས་སུ་མཐུན་པར་བྱའོ། །ཞེས་པས་དཀྱིལ་འཁོར་ཕལ་ཆེ་བ་སྒོ་ཚད་གང་ལོ་ཆ་ཆུང་བཞི་དང་། ཆེ་ཆུང་གཅིག་གི་བཞི་ཆ་ལ་སློབ་དཔོན་གྱི་མཐེའུའི་ནས་ཀྱི་ཚད་དུ་དེང་སང་འདོད་པས་དེ་ལྟར་བྱ་ཞིང་། སྲིད་དུ་དཀྱིལ་འཁོར་གྱི་ཉིས་འགྱུར་ལས་རིང་བ་ཙན་དན་དཀར་པོ་དང་ས་ལུ་བཏགས་པའི་ཁུ་བས་སྤངས་ལ། ཚངས་པ་འཇིན་རྟེན་དུ་ཐོག་མར་བྱུང་བའི་བརྡས་དྲངས་ཏེ་དཀྱིལ་འཁོར་རྣམས་ཀྱི་ཐིག་ཐོག་མར་བྱུང་བ་ལའང་ཚངས་ཐིག་ཅེས་མིང་དུ་ཆགས་པ་བཞིན་ནོ། །དེ་ཡང་ལག་ཏུ་བླང་བ་ནི་འདི་ལྟར་ཐོག་མར་ཤར་ནུབ་ཚངས་ཐིག་བཏབ། །དེ་ཡི་དབུས་སུ་མཚན་མ་བྱ། །དེ་ནི་དཀྱིལ་འཁོར་དབུས་ཡིན་ནོ། །དཀྱིལ་འཁོར་ཆེ་ཆུང་གང་བྱེད་ཀྱི། །ཚད་དེས་ཚངས་ཐིག་ཤར་ནུབ་ཏུ། །མཚན་མ་བྱས་ལ་དེ་བར་གྱི། །ཚད་དེས་ཤར་ནུབ་མཚན་མ་ནས། །ལྷོ་བྱང་གཉིས་སུ་བྱ་རྗེས་བྱ། །དེ་སྟེང་ཚངས་ཐིག་གཉིས་པ་བཏབ། །ལྷོ་བྱང་མཚན་མའི་སྟེང་བཟུང་ནས། །དབུས་བར་བཞལ་བའི་སྲད་བུ་དེས། །ཟུར་བཞིར་རྒྱ་གྲམ་རི་མོ་དགོད། །དེ་སྟེང་ཟུར་ཐིག་གཉིས་པོ་བཏབ། །ཟུར་རྣམས་སྒོ་ཚད་དྲུག་ཏུ་བགོ །དབུས་ནས་སྒོ་


CMR021_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་བཞི་པའི་སྟེང་། །ཟུར་བཞིར་འབྲེལ་བའི་ལོགས་ཐིག་བཞི། །བཏབ་པ་དཀྱིལ་འཁོར་རྩ་ཐིག་ཡིན། །དེ་ཕན་ཐིག་ཆེན་བརྒྱད་དུ་གྲགས། །དབུས་ནས་ཆ་ཆེན་དྲུག་པའི་སྟེང་། །ཟུར་བཞིར་འབྲེལ་བའི་ཐིག་བཞི་བཏབ། །དེ་དག་དཀྱིལ་འཁོར་མདའ་ཐིག་གོ །རྩ་ཐིག་ཕྱི་རུ་སྒོ་ཚད་གང་། །དོར་བར་ཐིག་བཞི་གོང་ལྟར་བཏབ། །བར་གྱི་ཆ་ཆེན་གཉིས་པོ་ཡི། །ནང་མའི་མཐའ་གཉིས་ཆ་རན་རེ། །དོར་བར་ཐིག་གཉིས་ངོས་སུ་བཏབ། །དེ་ལ་དབུས་དོར་མཐའ་གཉིས་ཟེར། །རྩིག་པ་འདོད་སྣམ་ཕ་གུ་ཡིན། །ཆ་ཆེན་ཕྱི་མ་ཕྱེད་དུ་བགོ །དྲྭ་བ་དྲྭ་ཕྱེད་ས་ཡིན་ཞིང་། །དེ་ཡི་ཕྱི་མའང་ཕྱེད་དུ་བཏབ། །ཤར་བུ་དང་ནི་མདའ་ཡབ་བོ། །དེ་ནས་སྒོ་སོགས་རྟ་བབས་རྣམས། །ཐིག་རྣམས་ཁྱབ་གཅིག་བཏབ་བྱས་ནས། །དབྱེ་བར་མཛད་པ་མང་ཡོད་ཀྱང་། །འདིར་ནི་ལག་ལེན་བདེ་བ་དང་། །ཐིག་རོ་ཉུང་བ་གཞིར་བྱས་ཏེ། །ཐོག་མར་སྒོ་སོགས་དབྱེ་ཚུལ་ནི། །རྩ་ཐིག་ཚངས་ཐིག་འཛོམས་པ་ནས། །གཡས་གཡོན་ཆ་ཆུང་གཉིས་རེའི་སར། །མཚན་མ་བྱས་ལ་དེ་སྟེང་ནས། །ཕ་གུའི་ཕྱི་མཐའི་བར་བསྲིང་པའི། །སྒོ་ཁྱུད་ཐོག་རེ་གྱེན་དུ་བཏབ། །


CMR021_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་དབུས་སུ་ཆ་ཆུང་བཞི། །གྲུ་བཞིར་བྱུང་བའི་ས་དེ་ཉིད། །འཁོར་ལོའི་བརྒྱད་ཆའི་སྒོ་ཡིན་ནོ། །སྒོ་ཁྱུད་ཐིག་གི་ཕྱི་འགྲམ་དུ། །ཆ་ཆུང་རེ་ཕྱིན་སྣེ་མོ་གཉིས། །རྩིག་པའི་ཕྱི་དང་ཕ་གུའི་ནང་། །འབྲེལ་བའི་གྱེན་ཐིག་རྩིག་རྒྱུན་ནོ། །ཚངས་ཐིག་དང་ནི་ཕ་གུ་ཡི། །ནང་ཐིག་འཛོམས་པའི་གཡས་གཡོན་དུ། །སྒོ་ཚད་གཉིས་རེ་ཕྱིན་པའི་སར། །མཚན་མ་བྱས་ཏེ་དེ་སྟེང་ནས། །གྱེན་དུ་མདའ་ཐིག་བར་བསྲིང་པའི། །ཐིག་དེ་ཀ་རྒྱན་ཡོད་ན་དང་། །མེད་ན་ཀ་བའི་ཕྱི་མཐའ་ཡིན། །དེ་ཡི་ནང་དུ་རིམ་པ་བཞིན། །ཆ་ཆུང་རེ་རེ་དོར་བའི་སར། །ཀ་རྒྱན་ཀ་བ་མུན་པ་དང་། །སྒོ་ལོགས་རྣམས་ཀྱི་ནང་ཐིག་གདབ། །ཀ་བ་ཀ་རྒྱན་གཉིས་པོ་ཡི། །ཡར་སྣེ་མདའ་ཐིག་ལ་རེག་ཅིང་། །མར་སྣེ་ཕ་གུའི་ནང་ཐོག་གོ །མུན་པའི་མར་སྣེའང་དེ་ཉིད་དང་། །ཡར་སྣེ་ཤར་བུའི་ཕྱི་ཐིག་ལའོ། །སྒོ་ལོགས་ནང་ཐིག་སྣེ་མོ་གཉིས། །ཕ་གུའི་ཕྱི་དང་ཤར་བུའི་ནང་། །འབྲེལ་བས་རྩིག་རྒྱུན་འཁོར་མའོ། །མུན་པ་མེད་ན་དེ་ཤུལ་དུ། །རྩིག་པ་འགྲོ་ཞིང་ཀ་རྒྱན་ཡང་། །མེད་ན་དེ་ཤུལ་ཀ་བ་བྱ། །མུན་པ་ཀ་རྒྱན་ཡོད་པའི་ཚེ། །འགྲེ་ལོགས་སྒོ་དག་མི་མཉམ་ལ། །མུན་པ་ཀ་


CMR021_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་གཉིས་པོ་མེད། །སྒོ་ཁྱུད་འགྲམ་དང་ལོགས་གསུམ་པོ། །མཉམ་གསུམ་ཡིན་ཞིང་ཁ་ཅིག་གིས། །འདི་ལ་ཧར་སྒོ་དག་ཀྱང་ཟེར། །ད་ནི་རྟ་བབས་ཐིག་གདབ་པ། །རྟ་བབས་སྣམ་བུ་བཞི་པའི་ཚེ། །ཚངས་དང་མདའ་ཐིག་འཛོམས་པ་ནས། །ཕྱི་རུ་ཆ་ཆེན་གཉིས་དོར་བར། །ཐིག་གདབ་ནང་མ་བཞིན་དུ་བགོ །དེ་རྣམས་སྣམ་བུའི་ཆ་ཡིན་ཞིང་། །ཕྱི་མ་སྣ་ཚོགས་རྡོ་རྗེ་ཡི། །དབུས་རྭ་ཡིན་ལ་དེའི་རྩ་བར། །གཡས་གཡོན་ཆ་ཆུང་གཉིས་རེ་དང་། །རྩེ་མོའི་ཞིང་ལ་ཆ་ཆུང་རེ། །དེ་ཡི་རྩ་རྩེར་ཆ་ཆུང་རེ། །དོར་བར་ཐིག་རེ་བཏབ་པ་ལས། །པདྨ་ཆོས་འཁོར་གདུགས་པ་ཡིན། །སྣམ་བུ་བཞི་པོའི་སྲིད་དུ་ནི། །ཚངས་པའི་གཡས་གཡོན་ཆ་ཆེན་དག །གཉིས་རེ་དོར་བར་ཐིག་བཏབ་ལ། །དེའི་ནང་ཆ་ཆུང་བརྒྱད་རེ་བགོ །སྣམ་བུ་བཞི་པའི་ཕྱི་མཐའ་ནས། །རིམ་བཞིན་གསུམ་གཉིས་གཅིག་གིས་དམན། །སྣམ་བུ་གཉིས་པའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམས་པ་ནས་བཟུང་སྟེ། །ཆ་ཆུང་ཕྱེད་དང་གཉིས་བསྐོར་ཞིང་། །ཚངས་ལས་དང་པོའི་ཕྱི་ཐིག་སྟེང་། །ཆེ་ཆུང་གཉིས་རེ་དོར་བ་ནས། །ཆ་ཆུང་གཅིག་གིས་གླང་གཤོག་སྐོར། །དེ་ནང་


CMR021_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཆས་སླར་བསྐོར་བ། །ཀྱོག་པོ་གསུམ་ལྡན་གླང་རྒྱབ་བོ། །སྣམ་བུ་དང་པོའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམས་པའི་གཡས་གཡོན་དུ། །ཆ་ཆུང་གསུམ་རེ་ཕྱིན་པ་ནས། །ཀ་རྒྱན་རྩེ་ནས་ནང་རྭ་དང་། །གཉིས་པའི་ཕྱི་ལས་ཕྱེད་ལྔ་ནས། །ཚད་དེས་བསྐོར་བ་རྡོ་རྗེའི་རྭའོ། །ཕྲེང་བ་མཁན་རྣམས་རྟ་བབས་ལ། སྣམ་བུ་བཅུ་གཅིག་ལུགས་གསུམ་དང་། །དུས་འཁོར་རྟ་བབས་སོགས་བཤད་ཀྱང་། །ཐོག་མར་སྣམ་བུ་བཅུ་གཅིག་ལ། །གཉིས་མཉམ་དགུ་མཉམ་རྟ་བབས་ནི། །ཚངས་པའི་རྒྱུད་དུ་མཐའ་ཐིག་ལས། །ཕྱི་རུ་ཆ་ཆེན་གསུམ་བྱས་ལ། །ནང་མ་ཆ་ཆུང་བཞི་རུ་བགོས། །གསེར་དང་ཤར་བུ་རིན་ཆེན་མིག །བར་མའི་དབུས་སུ་ཆ་གཅིག་དོར། །མུན་པ་ཝ་རན་མུན་པ་ཡིན། །ཆ་ཆེན་ཕྱི་མ་བཞི་རུ་བསྒོ། །ཤར་བུ་རིན་ཆེན་མིག་མདའ་ཡབ། །མདའ་ཡབ་ཕྱི་ནང་གཉིས་པོའི་སྟེང་། །ཚངས་ལས་གཡས་གཡོན་འཕྲེད་དག་ཏུ། །ཆ་ཆེན་གཉིས་རེ་དོར་བའི་ནང་། །གྱེན་ཐིག་ཆ་ཆུང་བརྒྱད་རེ་བཏབ། །སྣམ་བུ་རྣམས་ཀྱི་ཕྱི་རིམ་ནི། །གསེར་རྣམས་ཀ་རྒྱུན་རྩེ་དང་མཉམ། །ཤར་བུ་རིན་ཆེན་མིག་པ་གསུམ། །གསེར་བས་ཆ་ཆུང་གཅིག་གིས་རིང་། །མུན་པ་


CMR021_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་གཉིས་ཀྱིས་ཐུང་། །ཝ་རན་དེ་བས་གཅིག་གིས་རིང་། །དེ་བས་མུན་པ་གཉིས་ཀྱིས་ཐུང་། །ཤར་བུ་རིན་ཆེན་མིག་པ་གསུམ། །དེ་བས་ཆ་ཆུང་གཅིག་གིས་རིང་། །མདའ་ཡབ་དེ་བས་གཉིས་ཀྱིས་ཐུང་། །གུ་ཎ་ཧ་རིའི་བྱེད་ཚུལ་ནི། །སྣམ་བུ་དང་པོ་ཕྱེད་དང་དྲུག །གཉིས་པ་གསུམ་པ་དྲུག་དྲུག་གོ །སྣམ་བུ་བཞི་པ་བཞི་ཡིན་ཏེ། །སྣམ་བུ་ལྔ་པ་ཕྱེད་དང་བཞི། །དྲུག་པ་གསུམ་ནས་བཅད་བྱ་ཞིང་། །བདུན་པ་གཉིས་ནས་མུན་པ་རེག །དེ་རྣམས་ནང་དུ་སུམ་ཚའོ། །ཡང་ན་མིག་གསུམ་སྐོར་འདོད་པས། །སྣམ་བུ་ལྔ་པའི་ཕྱེད་ཐིག་དང་། །ཚངས་ཐིག་འཛོམས་པ་ནས་བཟུང་སྟེ། །ཆ་ཆེན་གཅིག་གིས་དབུས་མ་སྐོར། །སྣམ་བུ་གཉིས་པའི་ཕྱི་ཐིག་དང་། །ཚངས་ཐིག་ཐོག་ནས་གཡས་གཡོན་དུ། །ཆ་ཆུང་གཉིས་རེ་ཕྱིན་པ་ནས། །སྔ་མའི་ཚད་དེས་གསེར་སྣམ་གྱི། །ཆ་ཆུང་ཕྱེད་དྲུག་བར་དུ་སྐོར། །དེ་ནང་སླར་ཡང་སུམ་ཆ་སྐོར། །དབུས་རྭའི་དཔངས་སུ་མདའ་ཡབ་ཀྱི། །ཕྱི་རུ་ཆ་ཆེན་གཅིག་དོར་ཞིང་། །རྩ་བའི་སྦོམས་སུ་ཚངས་པ་ལས། །གཡས་གཡོན་ཆ་ཆུང་གཉིས་གཉིས་དང་། །རྩེ་མོར་ཆ་ཆུང་རེ་རེ་འོ། །དབུས་རྭའི་རྩ་རྩེར་


CMR021_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ཆུང་རེ། །དོར་བར་པདྨ་ཆོས་འཁོར་དང་། །གདུགས་ཀྱི་ས་ནི་རྣམ་པར་མཛེས། །དབུས་རྭའི་རྩ་བ་གཡས་གཡོན་ནས། །འཕྲེད་དུ་ཆ་ཆུང་གཉིས་རེ་ནི། །རི་དྭགས་ཕོ་མོའི་ས་ཡིན་ཞིང་། །དེ་ནས་འཕྲེད་དུ་ཆ་རེ་ལ། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །གཡས་གཡོན་རྭ་ཡི་སྐོར་ཚུལ་ནི། །སྣམ་བུ་ལྔ་པའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམས་པའི་གཡས་གཡོན་དུ། །ཆ་ཆུང་གཉིས་རེའི་སྟེང་བཟུང་ནས། །ཀ་རྒྱུན་རྩེ་ནས་བསྐོར་བར་བྱ། །དེ་ནས་འཕྲེད་གསུམ་ཕྱི་རུ་གཅིག །ཕྱིན་ཏེ་སྔ་མའི་ཚད་དེས་སྐོར། །རྩེ་ལྔ་བྱེད་ཊྛིན་སྐོར་ཚུལ་སློབ། །གཞན་ཡང་ཕྲེང་བར་གསུངས་པ་ཡི། །ཐིག་གི་རིམ་པ་ཇི་སྙེད་པ། །དགོངས་བཞེད་བཤད་མ་ཐག་པ་ལས། །འགལ་བ་ཅུང་ཟད་མ་མཆིས་མོད། །འོན་ཀྱང་བརྗོད་བྱའི་ཁྱད་པར་རྣམས། །རྣམ་གྲངས་ཉིད་དུ་གོ་བདེ་བའི། །ཚིགས་བཅད་དག་ཏུ་གུས་པས་བྲི། །དེ་ཡང་རྡོ་རྗེ་ཕྲེང་བ་ལས། །ཐིག་ནི་འདེབས་པར་བྱེད་པ་ན། །མཚན་མ་མིན་པས་འགྲུབ་མི་འགྱུར། །ཐིག་སྐུད་ཆད་ནི་བླ་མ་ཟད། །དམན་དང་ལྷག་པ་ལས་ནི་ནད། །ཕྱོགས་རྨོངས་ན་ནི་སློབ་མ་འཁྲུལ། །བཅོས་པའི་ཆོ་ག་དག་ཀྱང་བྱ། །ཞེས་པའི་


CMR021_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གོ་དོན་ཤེས་བྱས་ཏེ། །ས་གཞི་རྣམ་པར་དག་པ་ལ། །ཟླུམ་པོ་ལྔ་ལས་ཉ་ཐིག་གམ། །མིན་ན་སྔར་བཞིན་ཚངས་ཟུར་བཏབ། །དབུས་ནས་ཆ་ཆེན་བཞི་པའི་སྟེང་། །ངོས་བཞིར་རྩ་བའི་ཐིག་བཞི་ནི། །ཟུར་ཐིག་རྣམས་དང་འབྲེལ་པར་བཏབ། །དེ་ནས་རྩ་བའི་ཐིག་ལས་ཕྱིར། །རིམ་པ་བཞིན་དུ་ཆེ་ཆུང་ནི། །གཅིག་དང་གཉིས་དང་གཅིག་དང་ནི། །གཉིས་དང་གཅིག་དང་གཅིག་གི་བར། །རྩ་བའི་ཐིག་ལས་ཕྱིར་འཐོན་ཏེ། །ཐིག་དྲུག་ཟུར་ནས་ཟུར་དུ་འོ། །རྩ་བའི་ཐིག་ལས་དང་པོ་ནི། །རྩིག་པའི་ཚོན་པར་འདོད་པ་ཡིན། །གཉིས་པ་གར་གྱི་སྣམ་བུ་འམ། །གཟུངས་ཀྱི་སྣམ་བུ་སྟེགས་བུ་དང་། །ཡང་ན་འདོད་ཡོན་སྣམ་བུར་བརྗོད། །གསུམ་པ་རིན་ཆེན་ཕ་གུ་དང་། །བཞི་པ་དོ་ཤལ་ས་ཡིན་ལ། །ལྔ་པ་རིན་ཆེན་ཤར་བུ་དང་། །དྲུག་པ་མདའ་ཡབ་ས་ཡིན་ནོ། །ཚངས་དང་རྩ་ཐིག་ཕྲད་པ་ནས། །གཡས་གཡོན་ཆ་ཆུང་གཉིས་རེ་དོར། །དེ་ནས་ཆ་ཆུང་བཞི་པ་གྷཱཡི། །སྒོ་ཁྱུད་ཐིག་ནི་དྲང་པོར་གདབ། །སྒོ་ཁྱུད་རྩེ་ནས་ངོས་དག་ལ། །སྒོ་འགྲམ་ཆ་ཆུང་གཉིས་སོང་ནས། །སྟེང་དུ་སྒོ་ལོགས་ཆ་ཆུང་གཉིས། །འཐོན་པར་ཀྱོག་མཚམས་གཉིས་


CMR021_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི། །ཐིག་ནི་དེ་ལས་ཆ་ཆུང་དོར། །ཉིས་རིམ་དག་ཏུ་བཏབ་པར་བྱ། །དེ་ཡི་གློ་རུ་ཆ་ཆུང་རེ། །དོར་བའི་ཐིག་གསུམ་གྱེན་དུ་བཏབ། །སྲིད་དུ་ཆ་ཆུང་ལྔ་ཡིན་ལ། །ཕྱི་ལྷམ་དར་དཔྱངས་པ་ཞེས་སམ། །ཀ་རྒྱན་ཉིད་དུ་འདོད་པ་ཡིན། །དེ་ཡི་ནང་མ་རྟ་བབས་ཀྱི། །ཀ་བ་ཡིན་ལ་དེ་ནང་ནས། །སྟེང་དུ་འཁོར་བའི་སྣམ་བུ་དེ། །མུན་པའམ་ལོང་བ་སྟོང་པ་དང་། །བར་སྣང་སྐབས་ཀྱི་སྣམ་བུར་བརྗོད། །སྒོ་ལོགས་རྩེ་ནས་རྩེ་ཡི་བར། །ཆ་ཆུང་བརྒྱད་པའི་ཐིག་དེ་ཡིས། །ཡ་ཕུགས་གདུགས་ནི་མཚོན་པ་ཡིན། །དེ་ཡི་གློ་ཡི་རྩེ་མོ་ནས། །གཞན་དེའི་གློ་ཡི་རྩེར་སོན་པའི། །ཆ་ཆུང་བཅུ་པའི་ཐིག་གཅིག་དེ། །ཡ་ཕུགས་གདུགས་བཅས་བྲེ་ཕུལ་ལམ། །གདུགས་སྟེང་ཚོན་སྣ་ལྔ་ཡི་ས། །དེ་ཡི་ཕྱི་རུ་ཆ་ཆུང་གཅིག་།ཀ་བའི་ནང་ཐིག་རྩེར་འབྲེལ་བ། །རྟ་བབས་བར་གྱི་སྣམ་བུ་ཡང་། །ཟེར་མོད་གོང་དུ་བཤད་པ་ཡི། །མུན་པ་སོགས་ལས་གཞན་དུ་མིན། །པཎ་ཆེན་ཀླུ་ཡི་བློ་ཡི་ཞབས། །ཡ་ཕུགས་བྲེ་ཕུལ་སྣམ་བུ་ནི། །འདི་ཉིད་རྩ་ཕུགས་གདུང་ཡིན་པས། །བར་གྱི་སྣམ་བུར་མི་བཞེད་གསུངས། །ད་ནི་རྟ་བབས་བཤད་པར་བྱ། །ཀ་བའི་སྟེང་དུ་རྟ་


CMR021_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བབས་ཏེ། །ཆ་ཆུང་བཅུ་གཉིས་དག་ཏུ་འདོད། །ཀ་བའི་རྩེ་ནས་ཕྱི་ངོས་སུ། །རིམ་པས་ཐིག་ནི་བཅུ་གཅིག་གོ །རྟ་བབས་སྒོ་ཡི་སུམ་འགྱུར་ཏེ། །དེ་ཡང་སྣམ་བུ་བཅུ་གཅིག་གི །བར་རྣམས་ནང་ནས་རིམ་པ་ལྟར། །གསེར་དང་ཤར་བུ་རིན་པོ་ཆེ། །རྨིག་པ་མུན་པ་ཝ་རོན། །མུན་པ་ཤར་བུ་རིན་པོ་ཆེ། །རྨིག་པ་མདའ་ཡབ་སྣམ་བུ་སྟེ། །རིམ་པ་བཅུ་གཅིག་བྱུང་བ་ལས། །མུན་སྣམ་གཉིས་ཀྱི་དཔངས་ལ་ཡང་། །སོ་སོར་ཆ་ཆུང་ཕྱེད་གཉིས་སོ། །སྣམ་བུ་ལྷག་མ་དགུ་པོ་ཡི། །སོ་སོའི་དཔངས་སུ་ཆ་ཆུང་རེའོ། །འདི་ལ་གཉིས་མཉམ་དགུ་མཉམ་ཟེར། །ཡང་ན་ཤར་བུ་རིན་ཆེན་རྨིག །གསེར་དང་ཆུ་སྲིན་གསེར་དང་རྨིག །རིན་པོ་ཆེ་དང་རྨིག་པ་དང་། །གསེར་དང་མདའ་ཡབ་སྣམ་བུ་སོགས། །རིམ་པ་བཅུ་གཅིག་ཡོད་པ་ལས། །འདི་རྣམས་སོ་སོའི་དཔངས་ལ་ནི། །དང་པོ་དང་ནི་གཉིས་པ་ལ། །ཆ་ཆུང་ཕྱེད་དང་གཉིས་གཉིས་སོ། །གསུམ་པ་ཆ་ཆུང་གཅིག་ཡིན་ལ། །བཞི་པ་ཆ་ཆུང་ཕྱེད་ཡིན་ནོ། །ལྔ་པ་ཆ་ཆུང་ཕྱེད་དང་གཉིས། །དྲུག་པ་ཆ་ཆུང་ཕྱེད་ཡིན་ལ། བདུན་པ་ཆ་ཆུང་གཅིག་ཏུ་འགྱུར། །བརྒྱད་པ་ཆ་ཆུང་ཕྱེད་དང་གཉིས། །དགུ་པ་ཆ་


CMR021_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་གཅིག་པ་སྟེ། །བཅུ་པ་ཆ་ཆུང་ཕྱེད་པ་ཡིན། །བཅུ་གཅིག་ཆ་ཆུང་ཕྱེད་གཉིས་སོ། །འདི་ལ་ལྔ་མཉམ་གསུམ་གསུམ་མཉམ། །ཟེར་ཞིང་འདི་ཡི་སྣམ་བུ་དང་། །གཉིས་མཉམ་དགུ་མཉམ་སྣམ་བུ་རྣམས། །སོ་སོའི་མཐའ་ཡི་རྒྱུ་ཚད་དང་། །གུ་ཎ་ཧི་ར་ལྷན་དུ་བརྗོད་། །དེ་ལ་ཚངས་ཐིག་གཡས་གཡོན་ནས། །སྣམ་བུ་དང་པོའི་འཕྲེང་དག་ལ། །ཆ་ཆུང་ཕྱེད་དང་དྲུག་ཕྱིན་ཏེ། །དེ་ནས་ཆ་ཆུང་ཕྱེད་གསུམ་པར། །བཅད་པ་ཀ་རྒྱན་རྩེ་དང་མཉམ། །དེ་ཡི་འོག་གི་ཆ་ལ་ཡང་། །མཐའ་ནས་ཐིག་ནི་ཕྱེད་བཞི་ཡོད། །སྣམ་བུ་གཉིས་པ་གསུམ་པ་ལ། །ཚངས་ནས་ཆ་ཆུང་དྲུག་དྲུག་བར། །བཅད་ལ་དེ་ནི་ཆ་ཆུང་ནི། །གསུམ་གསུམ་སླར་ཡང་མཐའ་རུ་ཕྱིན། །སྣམ་བུ་བཞི་པ་ཚངས་པ་ནས། །ཆ་ཆུང་བཞིར་བཅད་དེ་ནས་སླར། །ཆ་ཆུང་ལྔ་ཡིས་མཐར་ཕྱིན་ནོ། །སྣམ་བུ་ལྔ་པ་ཚངས་པ་ནས། །ཆ་ཆུང་ཕྱེད་དང་བཞི་དོར་ལ། །དེ་ནས་ཕྱེད་བཞིས་མཐའ་རུ་བཅད། །དྲུག་པ་ཚངས་ལས་ཆ་ཆུང་གསུམ། །དོར་ནས་སླར་ཡང་ཆ་ཆུང་ལྔ། །མཐའ་རུ་ཕྱིན་པར་བྱ་བ་ཡིན། །བདུན་པ་ཚངས་ལས་ཆ་ཆུང་གཉིས། །དོར་ནས་སླར་ཡང་ཆ་ཆུང་བཞིས། །སྣམ་བུའི་མཐའ་རུ་བཅད་


CMR021_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །བརྒྱད་པ་ལ་སོགས་སྣམ་བུ་གསུམ། །ཚངས་ལས་ཆ་ཆུང་བདུན་བདུན་ནོ། །བཅུ་གཅིག་པ་ནི་ཆ་ཆུང་ལྔའོ། །འདིར་ནི་སྣམ་བུ་ལྔ་པ་ཡི། །སྟེང་ལ་ཆ་ཆུང་ཕྱེད་བཞི་དང་། །བདུན་པའི་འོག་ལ་ཆ་ཆུང་བཞི། །སྟེང་ལ་ཆ་ཆུང་དྲུག་ཡིན་ནོ། །ཡང་ནི་ཕྲེང་བར་གསུངས་པ་ཡི། །ཐིག་གི་རིམ་པ་དུ་མ་ལས། །བསྡུ་བའི་ཚིགས་སུ་བཅད་པ་འདི། །གོང་དུ་སྨོས་པ་དེ་རྣམས་ལས། །ཡང་འདབས་ཉིད་དུ་མཆིས་ན་ཡང་། །དེ་རྣམས་ངེས་པ་གསལ་ཕྱིར་བྲི། །ཤར་སོགས་ཕྱོགས་ཀྱི་ཐིག་ལེའི་སྟེང་། །སྲད་བུ་བཟུང་ནས་མཎྜལ་བཞིས། །ཉ་ཡི་མགོ་དང་མཇུག་མའི་མཐར། །ཚངས་ཐིག་དང་ནི་ཟུར་ཐིག་གདབ། །ཟུར་དེ་སྒོ་ཚད་བདུན་དང་ཕྱོགས། །ཁྲུ་ལ་སོགས་པའི་རྩ་བའི་ཐིག །དབུས་སུ་བརྒྱད་ཆ་ཕྱིས་པ་སྒོ། །སྒོ་དེའི་བཞི་ཆ་ཆ་ཆུང་སྟེ། །རྩ་བའི་ཕྱི་རོལ་གཅིག་དང་གཉིས། །གཅིག་གཉིས་གཅིག་དང་གཅིག་གི་མཐར། །ཐིག་དྲུག་ཟུར་ནས་ངོས་སུ་སྟེ། །རྩ་བའི་གྷརྩེ་ནས་བྱུང་བའི་ཐིག །ཆ་ཆུང་བཞི་པ་ངོས་སྟེང་དུ། །ཆ་ཆུང་གཉིས་གཉིས་ཐད་ཀར་ནི། །ཆ་ཆུང་བརྒྱད་དེ་གསུམ་འཁྱོག་པ། །དེ་ལས་ཕྱི་རུ་ཆ་ཆུང་བཞི། །དོར་བར་ཐིག་བཞི་


CMR021_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

གྱེན་དུ་བཏབ། །ཕྱི་མ་གསུམ་གྱི་དཔངས་སུ་ནི། །ཆ་ཆུང་ལྔ་དེ་ནང་མར་བཞི། །དེ་རྣམས་རྩིག་རྒྱུན་མུན་པ་དང་། །ཀ་བ་ཀ་བའི་རྒྱན་ཡིན་ནོ། །ཀ་བའི་རྩེ་ནས་ཕྱི་ངོས་སུ། །ཆ་ཆུང་རེ་རེ་དོར་བར་ཐིག །བཅུ་གཅིག་འདི་ལ་ལྔ་པ་དང་། །བདུན་པ་ཆ་ཆུང་ཕྱེད་དང་གཉིས། །ལྷག་མ་དགུ་པོ་ཆ་ཆུང་རེ། །ཡང་ན་གསུམ་པ་བདུན་པ་དང་། །དགུ་པ་ཆེ་ཆུང་རེ་རེ་འོ། །བཞི་པ་དྲུག་པ་བཅུ་པ་རྣམས། །སོ་སོར་ཆ་ཆུང་ཕྱེད་ཕྱེད་དོ། །ལྔ་ནི་ཆ་ཆུང་ཕྱེད་དང་གཉིས། །དེ་ལ་ཕྱོགས་གཉིས་གཉིས་སུ་རྒྱུར། །ཚངས་པའི་གཡས་དང་གཡོན་དུ་ནི་། །ཆ་ཆུང་ཕྱེད་བཅས་མདའ་ཡི་མཐར། །སྣམ་བུ་ཆ་ཆུང་ཕྱེད་དང་གསུམ། །ཐིག་ནི་ཆ་ཆུང་ཕྱེད་དང་བཞི། །ཆ་ཆུང་དྲུག་མཐར་གཉིས་པ་དང་། །གསུམ་པ་ཆ་ཆུང་གསུམ་གསུམ་མོ། །ཆ་ཆུང་བཞི་མཐར་བཞི་པ་ནི། །སྣམ་བུ་ཆ་ཆུང་ལྔ་པའོ། །ཆ་ཆུང་ཕྱེད་དང་བཞི་པ་ནས། །ལྔ་པ་ཆ་ཆུང་ཕྱེད་དང་བཞི། །གསུམ་ནས་དྲུག་པ་ཆ་ཆུང་ལྔ། །གཉིས་ནས་བདུན་པའི་མཐའ་རུ་བཞི། །གསུམ་ནི་ཆ་ཆུང་བདུན་དུ་མཉམ། །ཐིག་བཅུ་གཅིག་པ་ཆ་ཆུང་ལྔ། །སྣམ་བུ་ལྔ་པའི་སྟེང་གི་ནི། །ངོས་སུ་ཆ་ཆུང་ཕྱེད་དང་བཞི། །བདུན་པའི་


CMR021_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ལ་ཆ་ཆུང་བཞི། །སྟེང་ནི་ཆ་ཆུང་དྲུག་སྟེང་དུ། །སྣམ་བུ་རྣམ་མཐར་སོན་པའི་ཐིག །གཞན་གྱི་མཐའ་དང་ལྷན་ཅིག་ཏུ། །ཀྱོག་པོ་གཅིག་གོ་འདི་ནང་དུའང་། །ཆ་ཆུང་ཕྱེད་ཀྱིས་དེ་བཞིན་ནོ། །འགྲམ་ལོགས་སྒོ་དང་མཉམ་པ་ནས། །མུན་པའི་སྣམ་བུ་མེད་པའོ། །རྟ་བབས་སྣམ་བུ་དྲག་པོའི་ལས། །དཔངས་སུ་ཚད་ནི་སྒོ་ཡི་ཆ། །ནོར་ལྷ་ནོར་ལྷ་ཉི་མ་དང་། །རྒྱལ་བ་ནོར་ལྷ་རྒྱལ་བ་དང་། །ཉི་མ་ནོར་ལྷ་ཉི་མ་དང་། །རྒྱལ་བ་ནོར་ལྷ་གོ་རིམ་བཞིན། །ནོར་ལྷ་ལྔ་པོ་ཆ་ཆུང་ནི། །།ཕྱེད་དང་གཉིས་པར་མཉམ་པ་ཡིན། །ཉི་མ་གསུམ་པོ་ཆ་ཆུང་ནི། །རེ་རེ་ཁོ་ནར་མཉམ་པ་ཡིན། །རྒྱལ་བ་གསུམ་པོ་ཆ་ཆུང་ནི། །།ཕྱེད་པར་མཉམ་པའི་དབང་བྱས་ཏེ། །ལྔ་མཉམ་གསུམ་གསུམ་མཉམ་ཞེས་སོ། །འདི་རྣམས་མཐའ་ཡི་རྒྱ་ཚད་ཀྱང་། །སྔ་མ་བརྗོད་པ་དེ་རྣམས་ལས། །ལོགས་སུ་གྱུར་པ་ཅུང་ཟད་མེད། །རྟ་བབས་སྒོ་ཚད་གཅིག་པ་ལ། །སྣམ་བུ་བཅུ་གཅིག་དུ་དབྱེ་བ། །འཁོར་ལོ་སྡོམ་པ་ལ་སོགས་པ། །དཀྱིལ་འཁོར་འགའ་ལ་མཁས་རྣམས་མཛད། །དེ་ཡི་རྒྱ་ཚད་ཆ་རྣམས་ཀྱང་། །སྔ་མའི་རིགས་པ་ཁོ་ན་ལས། །།ཁྱད་པར་ཡོད་པར་མ་


CMR021_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བས། །བློ་ལྡན་རྣམས་ཀྱིས་མཁྱེན་པར་འཚལ། །ཁྱབ་བདག་དུས་ཀྱི་འཁོར་ལོ་ཡི། །ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་ལ། །ཆ་གྲངས་དག་གི་དབྱེ་བ་སོགས། གོང་དུ་བརྗོད་པ་དེ་རྣམས་ལས། །ཁྱད་པར་ཡོད་ཕྱིར་འདིར་བཤད་པ། །དཔལ་ལྡན་རྒྱུད་ཀྱི་དགོངས་པ་ལྟར། །བཅུ་དྲུག་ཐིག་གི་ལག་ལེན་ནི། །ཟླུམ་པོ་ལྔ་ལས་ཉ་ཐིག་གམ། །མིན་ན་ཚངས་ཟུར་སྔར་བཞིན་བཏབ། །སློབ་དཔོན་མཐེ་བོ་ཉེར་བཞི་ཆས། །ཁྲུ་གང་ཡིན་ཞིང་དཀྱིལ་འཁོར་གྱི། །ཤར་ནུབ་མཐའ་ནས་མཐའ་ཡི་བར། །ཁྲུ་བརྒྱད་པ་ཡི་དབང་བྱས་ཏེ། །ཐུགས་ཀྱི་སྒོ་ཚད་གང་ལ་ནི། །ཆ་ཆུང་དྲུག་རེར་ངེས་པ་ཡང་། །སློབ་དཔོན་མཐེ་བོའི་ཕྱེད་ཚད་དེ། །ནས་སུ་བྱས་ཏེ་དེ་དག་ལ། །ཆ་ཆུང་ཞེས་སུ་ཐ་སྙད་གདགས། །ཐུགས་ཀྱི་ཉིས་འགྱུར་གསུང་ཡིན་ཞིང་། །གསུང་གི་ཉིས་གྱུར་སྐུ་ཡིན་པས། །གསུང་དང་སྐུ་ཡི་སྒོ་རེ་ཡང་། །རང་རང་ཆ་ཆུང་དྲུག་རེའོ། །དབུས་ནས་དཀྱིལ་འཁོར་མདའ་ཐིག་ཚུན་། །ཟུར་རྣམས་སྐུ་དཀྱིལ་སྒོ་ཚད་ནི། །དྲུག་དྲུག་དག་ཏུ་བགོས་བྱས་ལ། །དབུས་ནས་སྒོ་ཚད་དང་པོའི་སྟེང་། །ཐུགས་ཀྱི་དཀྱིལ་འཁོར་རྩ་བའི་ཐིག །གཉིས་པར་གསུང་


CMR021_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་རྩ་བའི་ཐིག །བཞི་པར་སྐུ་དཀྱིལ་རྩ་བའི་ཐིག །ངོས་བཞིར་ཟུར་ནས་ཟུར་དུ་བཏབ། །སྐུ་ཡི་སྒོ་ཚད་གང་ལ་ནི། །ཐུགས་ཀྱི་སྒོ་ཚད་བཞི་ཡིན་ཞིང་། །སྐུ་ཡི་སྒོ་ཚད་གང་པོ་དེ། །གསུང་གི་སྒོ་ཚད་དེ་ཡང་ཡིན། །དེས་ན་ཐུགས་ཀྱི་ཆ་ཆེ་ཆུང་། །ཉིས་འགྱུར་གསུང་དང་བཞི་འགྱུར་སྐུའི། །ཆ་ཆེན་དག་དང་ཆ་ཆུང་དུ། །ཡང་དག་ངེས་པར་ཡིད་ལ་བཟུང་། །དབུས་ནས་ཐུགས་ཀྱི་སྒོ་ཚད་དྲུག །ཕྱིན་པར་ཐུགས་དཀྱིལ་མདའ་ཐིག་ནི། །ཟུར་ནས་ཟུར་དུ་ངོས་བཞིར་བཏབ། །ཐུགས་དཀྱིལ་རྩ་བའི་ཐིག་ལས་ཕྱིར། །ཐུགས་ཀྱི་ཆ་ཆུང་ཕྱེད་གཉིས་དང་། །གསུམ་དང་ཕྱེད་གཉིས་གསུམ་དང་ནི། །ཕྱེད་དང་གཉིས་དང་ཕྱེད་དང་གཉིས། །དོར་བར་ཐིག་དྲུག་སྤྱི་ལྟར་བཏབ། །ནང་ནས་རིམ་བཞིན་རྩིག་པ་དང་། །སྟེགས་བུ་རིན་ཆེན་སྣམ་བུ་དང་། །དོ་ཤལ་དང་ནི་ཤར་བུ་དང་། །ཀྲ་མ་ཤིརྵའི་ས་ཡིན་ནོ། །ཐུགས་དཀྱིལ་རྩ་བའི་ཐིག་དག་དང་། །ཚངས་ཐིག་ཕྲད་ཟླ་པའི་གཡས་གཡོན་དུ། །ཆ་ཆུང་གསུམ་རེ་ཕྱིན་པ་ནས། །གྱེན་དུ་ཆ་ཆུང་དྲུག་གི་བར། །སྒོ་ཁྱུད་ཐོག་རེ་དྲང་པོར་གདབ། །སྒོ་ཁྱུད་རྩེ་ནས་འཕྲེད་དག་ལ། །ཆ་ཆུང་དྲུག་ཕྱིན་དེ་


CMR021_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སླར། །གྱེན་དུ་ཆེ་ཆུང་དྲུག་ཕྱིན་པས། །སྒོ་ཡི་འགྲམ་དང་སྒོ་ལོགས་ཀྱི། །ཐིག་གཅིག་ཀྱོག་མཚམས་གཉིས་ཡོད་གདབ། །སྒོ་ཁྱུད་དག་གི་ཕྱི་འགྲམ་དུ། །ཆ་ཆུང་ཕྱེད་དང་གཉིས་རེའི་སར། །སྟེགས་བུའི་སྲིད་དང་མཉམ་པའི་ཐིག །རྩིག་རྒྱུན་ཡིན་ཕྱིར་ལེགས་པར་བཏབ། །རིན་ཆེན་སྣམ་བུའི་ནང་ཐིག་དང་། །ཚངས་ཐིག་འཛོམས་པའི་གཡས་གཡོན་དུ། །སྒོ་ཚད་དོ་རེ་ཕྱིན་པ་ནས། །གྱེན་དུ་ཆ་ཆུང་ཕྱེད་བརྒྱད་རེ། །མདའ་ཡབ་ཐིག་ལ་རེག་པར་བཏབ། །དེ་ནི་ཀ་བའི་ཕྱི་མཐའ་ཡིན། །དེ་ཡི་ནང་དུ་ཆེ་ཆུང་ནི། །ཕྱེད་དང་གཉིས་རེ་དོར་བའི་སར། །ཐིག་བཏབ་ཀ་བའི་སྦོམས་དང་ནི། །རྩིག་པའི་རྒྱུན་གྱི་ཚོན་པའོ། །ཐུགས་དཀྱིལ་མདའ་ཐིག་ཕྱི་ལས་ནི། །ཚངས་ཐིག་རྒྱུད་དུ་ཐུགས་དཀྱིལ་གྱི། །སྒོ་ཚད་གསུམ་དོར་དང་པོ་ནི། །ཆ་ཆུང་དྲུག་ཡིན་གཉིས་པ་ལ། །ཆ་ཆུང་ཕྱེད་དང་ལྔ་དང་ནི། །གསུམ་པ་ཆ་ཆུང་ཕྱེད་དང་བཞིའོ། །ཧརྨི་དང་ནི་བུམ་པའི་དཔངས། །སོ་སོར་ཆ་ཆུང་གཉིས་གཉིས་སོ། །དེ་ནས་རིམ་པ་དང་པོ་ལ། །ཀ་བའི་སྟེང་དུ་རྟ་བབས་གདུགས། །དཔངས་སུ་ཆ་ཆུང་གཅིག་དང་ནི། །སྲིད་དུ་ཆེ་ཆུང་ཉེར་བཞི་ཡིན། །དེ་སྟེང་མྱོས་སྲུང་སྣམ་


CMR021_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལ། །དཔངས་སུ་ཆ་ཆུང་གཅིག་དང་ནི། །སྲིད་དུ་ཆ་ཆུང་བཅུ་དྲུག་གོ །དེ་སྟེང་དབུས་སུ་ཆ་ཆུང་རྣམས། །ལྷ་མོའི་གནས་ཏེ་གྲུ་བཞིར་བཅད། །དེ་མཐར་ཀ་བ་ཆ་ཆུང་རེ། །དེ་ཡི་གློར་ཡང་ཆ་ཆུང་དག །བཞི་རེའི་ལྷ་གནས་གྲུ་བཞིར་བྱ། །དེ་ཡི་མཐར་ཡང་ཆ་ཆུང་རེའི། །ཀ་བ་མྱོས་སྲུང་མཐའ་དང་མཐུན། །ལྷ་སྣམ་འདི་ཡི་སྲིད་དུ་ཡང་། །ཆ་ཆུང་བཅུ་དྲུག་ཁོ་ནའོ། །འདིའི་གཞོགས་རྟ་བབས་ཀ་བའི་སྟེང་། །གཉིས་འཐུང་མནན་པའི་ཕྲོག་འབྱེད་ནི། །གདོང་པ་གྱེན་དུ་ཕྱོགས་པའོ། །དེ་ནས་སེང་གེའི་གདོང་པ་དང། །ཀ་བ་བཞི་ཡིས་བཏེག་པའི་སྟེང་། །གདུང་གི་དཔངས་སུ་ཆ་ཆུང་ཕྱེད། །སྲིད་དུ་ཆ་ཆུང་བཅོ་བརྒྱད་ཡིན། །དེ་ཡི་སྟེང་དུ་མྱོས་སྲུང་ནི། །དཔངས་སུ་ཆ་ཆུང་གཅིག་དང་ནི། །སྲིད་དུ་ཆ་ཆུང་བཅུ་གཉིས་སོ། །དེ་སྟེང་ལྷ་མོའི་གནས་ལ་ཡང་། །དཔངས་སུ་ཆ་ཆུང་གསུམ་དང་ནི། །སྲིད་དུ་ཆ་ཆུང་བཅུ་གཉིས་ཀྱི། །དབུས་སུ་ཆ་ཆུང་གསུམ་པ་བྷཱརེའི། །ལྷ་སྣམ་གྲུ་བཞིར་བྱས་པ་ཡི། །བར་གྱི་ཀ་བ་བཞི་པོ་ནི། །རེ་རེའང་ཆ་ཆུང་བཞི་ཆ་རེས། །དམན་པའི་སྦོམས་སུ་བྱ་བ་ཡིན། །ཀ་བ་ཕྱི་མ་གཉིས་ཀྱི་གློར། །ཤཱ་ལི་བྷཉྫི་


CMR021_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཞེས་པ། །གདུང་འདེག་ལྷ་མོ་རེ་རེ་བྱ། །ལྷ་མོའི་མགོ་དང་ཀ་བའི་སྟེང་། །གདུང་མའི་དཔངས་སུ་ཆ་ཆུང་ཕྱེད། །སྲིད་དུ་ཆ་ཆུང་བཅོ་ལྔ་འོ། །དེ་སྟེང་མྱོས་པ་སྲུང་བ་ཡི། །སྣམ་བུའི་དཔངས་སུ་ཆ་ཆུང་གཅིག །སྲིད་དུ་ཆ་ཆུང་བརྒྱད་ཡིན་ལ། །དེ་ཡི་སྟེང་དུ་ལྷ་སྣམ་ནི། །དཔངས་སུ་ཆ་ཆུང་གཉིས་དང་ནི། །སྲིད་དུ་ཆ་ཆུང་བརྒྱད་ཀྱི་དབུས། །ཆ་ཆུང་གཉིས་རེའི་ལྷ་གནས་གསུམ། །རྒྱ་དཔངས་མཉམ་པའི་གྲུ་བཞིར་བྱ། །བར་གྱི་ཀ་བ་བཞི་པོ་ཡང་། །སོ་སོར་སྦོམས་སུ་ཆ་ཆུང་ནི། །ཕྱེད་ཕྱེད་དག་ཏུ་འདོད་པ་ལགས། །དེ་ཡི་ཕྱི་ཡི་ཀ་བའི་གློར། །སྔར་བཞིན་གདུང་འདེག་ལྷ་མོའོ། །དེ་ཡི་སྟེང་གི་གདུང་མ་ལ། །དཔངས་སུ་ཆ་ཆུང་ཕྱེད་དང་ནི། །སྲིད་དུ་ཆ་ཆུང་བཅུ་གཉིས་ཡིན། །དེ་ཡི་སྟེང་དུ་ཧརྨི་ཡི། །སྲིད་དུ་ཆ་ཆུང་བརྒྱད་ཡིན་ལ། །དེ་ཡི་སྟེང་དུ་བུམ་པ་དང་། །བུམ་པའི་གཡས་དང་གཡོན་དག་ཏུ། །ཆོས་ཀྱི་རྒྱལ་མཚན་བསྒྲེངས་བའི་ས། །སྣམ་བུ་དེ་ཀུན་རྩེ་མོ་ལས། །དྲིལ་བུ་མེ་ལོང་རྔ་ཡབ་དང་། །མཛེས་པའི་མེ་ཏོག་ཕྲེང་བ་དང་། །ལྷ་ཡི་བ་དན་ལ་སོགས་པ། །རབ་མཛེས་རྒྱན་རྣམས་འཕྱང་བར་བྱ། །ཐུགས་ཀྱི་དཀྱིལ་འཁོར་ཕྱི་རོལ་དུ། །གསུང་གི་


CMR021_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཡོད་པ་ལས། །དེ་ཡང་ཐུགས་ཀྱི་རྩ་ཐིག་ནས། །ཕྱི་རུ་ཆ་ཆུང་བཅུ་གཉིས་སར། །ཐུགས་དཀྱིལ་རྩིག་པ་ལ་སོགས་པ། །མདའ་ཡབ་བར་གྱི་སྣམ་བུས་ཁྱབ། །ཐུགས་དཀྱིལ་མདའ་ཐིག་ཕྱི་རོལ་དུ། །ཐུགས་ཀྱི་ཆ་ཆུང་བདུན་དང་ནི། །བཞི་དང་གཅིག་ནི་དོར་བའི་སར། །གསུང་གི་རྩ་ཐིག་ཡོད་པ་ལས། །ཐིག་རྣམས་ངོས་སུ་བཏབ་པ་དེ། །ཟུར་ནས་ཟུར་དུ་འབྲེལ་པ་ཡིན། །དེ་དག་ནང་ནས་རིམ་པ་བཞིན། །གསུང་གི་ཚོན་པ་ལྷ་སྣམ་དང་། །དཔངས་ཆུང་དག་ཏུ་ཤེས་པར་མཛོད། །གསུང་གི་ལྷ་སྣམ་འདི་ཉིད་ལ། །ཕྱོགས་མཚམས་བརྒྱད་ཀྱི་པདྨ་རྣམས། །སོ་སོར་ཆ་ཆུང་བཞི་པར་མཉམ། །དེ་ཡང་ཕྱོགས་སུ་སོན་པ་རྣམས། །ཐུགས་ཀྱི་དཀྱིལ་འཁོར་རྟ་བབས་ཀྱི། །བར་མའི་ལྷ་སྣམ་དབུས་མ་ཡི། །མྱོས་སྲུང་སྣམ་བུ་དབྱེ་བྱ་ཞིང་། །འགྲམ་ཀྱི་ཀ་བ་གཉིས་པོ་ཡང་། །ཕྱེད་ཕྱེད་ནང་དུ་བསྒྱུར་ནས་ནི། །ཀུན་ཀྱང་འདབ་མ་བརྒྱད་རེར་བྲི། །གསུང་གི་རྩ་ཐིག་ཕྱི་རོལ་ནས། །གསུང་གི་རྟ་བབས་སྣམ་བུའི་མཐར། །གསུང་གི་ཆ་རན་ཆེ་ཆུང་གིས། །ཐིག་དྲུག་ལ་སོགས་ཇི་སྙེད་པ། །ཐུགས་དཀྱིལ་ཇི་བཞིན་གསུང་ལ་ཡིན། །སྐུ་ཡི་རྩ་


CMR021_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ཕྱི་རོལ་ནས། །སྐུ་ཡི་རྟ་བབས་སྣམ་བུའི་མཐར། །སྐུ་ཡི་ཆ་རན་ཆེ་ཆུང་གི །ཐིག་དྲུག་ལ་སོགས་ཇི་སྙེད་པ། །གསུང་གི་དཀྱིལ་འཁོར་ཇི་བཞིན་ཐིག །སྐུ་ཡི་དཀྱིལ་འཁོར་ལ་བཏབ་བོ། །དེ་ནས་ཐུགས་ཀྱི་དཀྱིལ་འཁོར་ནང་། །བདེ་ཆེན་འཁོར་ལོའི་ཐིག་རྣམས་ནི། །རིམ་པ་བཞིན་དུ་འདི་ལྟར་ཏེ།། །ཚངས་ཐིག་དབུས་ནས་ཤར་ནུབ་ཏུ། །ཐུགས་ཀྱི་ཆ་ཆུང་གཉིས་རེའི་སར། །མཚན་མ་བྱས་ལ་ཟླུམ་པོར་སྐོར། །གཙོ་བོའི་གནས་ཡིན་དེ་ལས་ཕྱིར། །ཆ་ཆུང་བཞི་དོར་ཟླུམ་པོར་སྐོར། །འདབ་བརྒྱད་ས་ཡིན་དེ་ལས་ཕྱིར། །ཆ་ཆུང་གཅིག་དང་བཞི་དང་གཅིག །དོར་བར་ཐིག་བཞི་ངོས་ལ་ནི། །ཟུར་ནས་ཟུར་དུ་འབྲེལ་བར་བཏབ། །དེ་ཡང་ནང་ནས་རིམ་པ་ལྟར། །རྡོ་རྗེའི་གདུང་དང་ལྷ་གནས་དང་། །རྡོ་རྗེའི་གདུང་གི་ས་ཡིན་ནོ། །ཕྱོགས་མཚམས་ལྷ་གནས་བརྒྱད་པོ་རྣམས། །སོ་སོར་ཆ་ཆུང་བཞི་བཞི་རུ། །རྒྱུ་དང་དཔངས་སུ་མཉམ་པ་ཡིན། །དེ་རྣམས་སོ་སོའི་འགྲམ་རྣམས་སུ། །ཀ་བའི་སྦོམས་སུ་ཆ་ཆུང་རེ། །སྲིད་དུ་ཆ་ཆུང་བཞི་བཞི་འོ། །དེ་དག་བར་དུ་བུམ་གནས་བརྒྱད། །ཞེང་དུ་ཆ་ཆུང་གསུམ་རེ་འོ། །རྡོར་གདུང་ཕྱི་མའི་ཐིག་ལས་ཕྱིར། །ཆ་


CMR021_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་བདུན་བཞི་གཅིག་དོར་བར། །ཐིག་རྣམས་ངོས་སུ་བཏབ་པ་ནི། །ཟུར་ནས་ཟུར་དུ་འབྲེལ་བའོ། །དེ་རྣམས་ནང་ནས་རིམ་པ་བཞིན། །ཐུགས་ཀྱི་ཚོན་པ་ལྷ་སྣམ་དང་། །དཔངས་ཆུང་རྣམས་སུ་མཁྱེན་པར་མཛོད། །གསུང་དཀྱིལ་མདའ་ཐིག་ཕྱི་རོལ་དུ། །ཐུགས་ཀྱི་ཆེ་ཆུང་བཅུ་གཅིག་དང་། །དེ་ནས་ཆ་ཆུང་བཅུ་གཉིས་པར། །ཐིག་རྣམས་ངོས་སུ་བཏབ་པ་ནི། །ཟུར་ནས་ཟུར་དུ་སྔ་མ་བཞིན། །དེ་ཡང་ནང་ནས་རིམ་པ་ལྟར། །སྐུ་ཡི་ཚོན་པ་ལྷ་སྣམ་དང་། །དཔངས་ཆུང་དག་ཏུ་མཁྱེན་པར་འཚལ། །ལྷ་སྣམ་འདི་ལ་ཚེས་ལྷའི་གནས། །པདྨ་བཅུ་གཉིས་ཡོད་པ་ཡང་། །སྒོ་ཡི་གཡས་དང་གཡོན་དག་དང་། །ཟུར་རྣམས་སུ་ནི་དགོད་པ་ཡིན། །དེ་ཡང་སོ་སོའི་རྒྱ་ཡི་ཚད། །ཆ་ཆུང་བཅུ་གཉིས་པ་རུ་མཉམ། །དེ་རྣམས་སོ་སོའི་ལྟེ་བ་ནས། །ཆ་ཆུང་གཉིས་རེ་ཟླུམ་པོར་སྐོར། །དེ་ཡི་མཐའ་རུ་ཆ་ཆུང་གི །སུམ་ཆ་ལྷག་པའི་ཆ་ཆུང་རེས། །ཟླུམ་ཐིག་རིམ་པ་གསུམ་སྐོར་བའི། །དབུས་ཀྱི་ཟླུམ་པོ་ཆ་བཞི་པར། །ལྷ་ཆེན་བཅུ་གཉིས་སོ་སོའི་སའོ། །དེ་ཡི་ཕྱི་རིམ་སྣམ་གསུམ་ལ། །ནང་ནས་པདྨའི་འདབ་མ་ནི། །བཞི་དང་བརྒྱད་དང་བཅུ་དྲུག་


CMR021_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ། །རིམ་པ་མ་འདྲེས་གསལ་པོར་བཀོད། །སྐུ་ཡི་དཀྱིལ་འཁོར་སྒོ་དབུས་སུ། །ཤིང་རྟ་རྣམས་ཀྱང་རེ་རེ་བཞིན། །ཆ་ཆུང་བཅུ་གཉིས་པ་རུ་མཉམ། །གསུང་དང་སྐུ་ཡི་དཀྱིལ་འཁོར་གྱི། །ཚོན་པ་ལྷ་སྣམ་དཔངས་ཆུང་དང་། །ལྷ་སྣམ་སྟེང་གི་པད་འདབ་དང་། །སྒོ་ཁང་དབུས་ཀྱི་ཤིང་རྟ་སོགས། །ཚད་དུ་གཞལ་བྱེད་ཆ་ཆུང་རྣམས། །དམིགས་བསལ་མེད་པ་དེ་དེ་ཡོང་། །ཐུགས་ཀྱི་ཆ་ཆུང་ཁོ་ནས་སོ། །ད་ནི་ས་སོགས་འཁོར་ཡུག་རྣམས། །སྔོན་དུ་བྱོན་པའི་མཁས་པ་འགས། །ས་ཡི་ནང་ཐིག་ཟླུམ་པོ་ནི། །སྐུ་ཡི་རྟ་བབས་བུམ་རྩེ་ནས། །སྐོར་བར་མཛད་པ་ཡིན་མོད་ཀྱང་། །དེ་རྣམས་ཁྱད་གསོད་ག་ལ་ནུས། །འདིར་ནི་རྒྱལ་བ་འོད་དམར་ཅན། །མཆོག་གི་སྤྲུལ་སྐུའི་རིང་ལུགས་བཞིན། །ས་ཡི་ཟླུམ་ཐིག་དང་པོ་དེ། །སྐུ་ཡི་དཀྱིལ་འཁོར་རྟ་བབས་ཀྱི། །མྱོས་སྲུང་གསུམ་པའི་རྩེ་ནས་སྐོར། །དེ་ནས་ཕྱི་རུ་རིམ་པ་བཞིན། །སྐུ་ཡི་ཆ་ཆུང་ཚད་རྣམས་ཀྱིས། །མེ་སྟེ་གསུམ་དང་རོ་སྟེ་དྲུག །དུས་ནི་དྲུག་ཡིན་སླར་ཡང་ནི། །རོ་སྟེ་དྲུག་དང་མེ་ནི་གསུམ། །ཡང་ནི་རོ་སྟེ་དྲུག་རྣམས་ཀྱིས། །མེ་རོ་དུས་རོ་མེ་རོ་ཞེས། །ས་ཆུ་མེ་རླུང་ནམ་མཁའ་དང་། །


CMR021_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཕྲེང་བར་དུ་ལེགས་པར་བསྐོར། །དེ་ནས་སྐུ་ཡི་དཀྱིལ་འཁོར་གྱི། །ཤར་སྒོའི་གཡས་ཀྱི་ཀ་བ་དང་། །ནུབ་སྒོའི་གཡས་ཀྱི་ཀ་བ་ཡི། །རྩ་བའི་ཕྱི་ཟུར་གཉིས་པོ་ལ། །ངེས་པར་རེག་པ་གཙོར་བྱས་ཏེ། །ཐིག་བཏབ་ཐིག་གི་སྣེ་མོ་གཉིས། །ས་ཡི་ཟླུམ་ཐིག་ནང་མར་རེག །དེ་བཞིན་ཤར་སྒོ་ནུབ་སྒོ་ཡི། །གཡོན་དང་ལྷོ་བྱང་དག་གི་ཡང་། །་སྒོ་ཡི་ཀ་བའི་གཡས་གཡོན་གྱི། །རྩ་བའི་ཕྱི་ཟུར་ལ་རེག་པའི། །ཐིག་རྣམས་སྔ་མ་བཞིན་བཏབ་པས། །དཀྱིལ་འཁོར་གསུམ་གྱི་ཕྱོགས་མདོག་དང་། །བདེ་ཆེན་འཁོར་ལོའི་འདབ་བརྒྱད་ཀྱི། །བཅུས་ཐིག་ལྷན་ཅིག་འགྲུབ་པ་ལགས། །དེས་ནི་དཔལ་ལྡན་དུས་འཁོར་གྱི། །ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་གྱི། །ཕྱི་ནང་ཡོངས་སུ་རྫོགས་པའི་ཐིག །མ་འདྲེས་གསལ་བར་གྲུབ་པ་ཡིན། ། །ད་ནི་ཕྲེང་བར་གསུངས་པ་ཡི། །རྩ་བའི་དཀྱིལ་འཁོར་ཉེར་བརྒྱད་དང་། །དེ་ལས་རྣམ་གྲངས་བཅུ་བཞི་ཡིས། །དཀྱིལ་འཁོར་བཞི་བཅུ་རྩ་གཉིས་སུ། །མཁས་པ་ཀུན་གྱིས་ཕྱག་བཞེས་མཛད། །དེ་རྣམས་ནང་ནས་རྟོགས་དཀའ་བའི། །དཀྱིལ་འཁོར་ནང་ཐིག་ཁ་ཡར་ཙམ། །བརྗོད་པར་བྱེད་ན་འདི་ལྟ་སྟེ། །


CMR021_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འཇམ་པའི་རྡོ་རྗེ་ལ། །རྩ་ཐིག་ནང་དུ་སྒོ་ཚད་གང་། །དོར་ནས་ལྷ་ཡི་སྣམ་བུའི་ཐིག །ཟུར་ཐིག་གཉིས་ཀྱི་བར་དུ་བཏབ། །དེ་ཡི་ནང་དུ་སྒོ་ཚད་གང་། །གཟུགས་མའི་སྣམ་བུ་དོར་བ་ཕན། །དབུས་ནས་ཟླུམ་སྐོར་དང་པོར་བྱ། །དེ་ཡི་ནང་དུ་ཆ་ཆུང་གཅིག །དོར་བའི་ཟླུམ་སྐོར་གཉིས་པ་དེ། །རྡོ་རྗེ་ཕྲེང་བའི་ས་ཡིན་ནོ། །ཚངས་ཐིག་དབུས་ནས་གཡས་གཡོན་དུ།། །ཆ་ཆུང་གཉིས་རེ་དོར་བའི་སྟེང་། །ཟླུམ་ཐིག་ནང་མ་ལ་རེག་པའི། །ངོས་ཐིག་རེ་རེ་ཕྱོགས་བཞིར་བཏབ། །དེ་ཡི་ཕྱི་རུ་ཆ་ཆུང་རེ། །དོར་བར་ངོས་ཐིག་སྔ་མ་བཞིན། །བཏབ་པའི་བར་དུ་གཙོ་འཁོར་གྱི། །ལྷ་གནས་རེའུ་མིག་དགུ་ལིང་འབྱུང་། །བསྡུས་པའི་རིམ་པར་གསུངས་པ་ཡི། །འདུས་པ་མི་བསྐྱོད་རྡོ་རྗེ་ལ། །སྔར་གྱི་ཟླུམ་པོ་དང་པོའི་ནང་། །ཆེ་ཆུང་སྤངས་པར་འོད་ཕྲེང་དང་། །དེ་ནང་ཆ་ཆུང་སྤངས་པ་ལ། །རྡོ་རྗེ་ཕྲེང་བ་བྱེད་པ་ལས། །གཞན་རྣམས་འདི་གཉིས་ཁྱད་པར་ནི། །ཅུང་ཟད་ཙམ་ཡང་མ་མཆིས་སོ། །དཔལ་ལྡན་ཀུན་ཏུ་ཁ་སྦྱོར་གྱི། །རྒྱུད་དུ་གསུངས་པ་ལས་བྱུང་བའི། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ། །རྩ་ཐིག་ནང་དུ་ཆ་ཆུང་ནི། །གསུམ་དོར་དབུས་ནས་


CMR021_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཟླུམ་པོར་བསྐོར། །དེ་ཡི་ནང་ནས་ནང་དག་ཏུ། །ཆ་ཆུང་ཕྱེད་དང་གསུམ་དང་ནི། །ཕྱེད་དང་གསུམ་དང་ཕྱེད་ཕྱེད་དང་། །དོར་ཏེ་ཟླུམ་པོའི་ཐིག་བདུན་ནི། །རིམ་པ་བཞིན་དུ་བསྐོར་བ་ཡི། །ཆ་ཆུང་ཕྱེད་པའི་ཟླུམ་པོ་རྣམས། །ནང་ནས་རིམ་བཞིན་རྡོར་ཕྲེང་དང་། །འོད་ཕྲེང་པད་ཕྲེང་འཁོར་ལོ་ཡི། །ཕྲེང་བ་རྣམས་ཀྱི་ས་ཡིན་ལ། །དབུས་ནས་ཆ་ཆུང་ཕྱེད་གཉིས་སྟེང་། །ཟླུམ་པོ་ནང་མ་ལ་རེག་པའི། །ངོས་ཐིག་རེ་རེ་ཕྱོགས་བཞིར་གདབ། །དེ་ཡི་ཕྱི་རུ་ཆ་ཆུང་ཕྱེད། །དོར་ནས་ངོས་ཐིག་སྔ་མ་བཞིན། །བཏབ་པའི་རེའུ་མིག་དགུ་ལིང་འདི། །གཙོ་འཁོར་ལྷ་ཡི་གནས་ཡིན་ནོ། །ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་ལ། །རྩ་ཐིག་ནང་དུ་ཆ་ཆུང་བཞི། །དོར་བར་དབུས་ནས་ཟླུམ་པོར་བསྐོར་། །དེ་ཡི་ནང་དུ་ཆ་ཆུང་གཅིག །སྤངས་པར་འོད་ཕྲེང་ཟླུམ་པོར་བསྐོར། །དེ་ཡི་ནང་དུ་ཆ་ཆུང་གཅིག །སྤངས་པར་རྡོ་རྗེའི་ཕྲེང་བ་བསྐོར། །དེ་ཡི་ནང་དུ་ཆ་ཆུང་དྲུག ། དོར་ནས་ཟླུམ་པོ་ནང་མ་ལ། །རེག་པའི་ངོས་ཐིག་ཕྱོགས་བཞིར་བཏབ། །དེ་རྣམས་ནང་དུ་ཆ་ཆུང་རེ། །དོར་བར་ངོས་ཐིག་སྔ་མ་བཞིན། །བཏབ་པའི་རེའུ་མིག་དགུ་ལིང་འབྱུང་། །


CMR021_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་བདུན་ལྷ་ཡི་བདག་ཉིད་ཅན། །བཅོམ་ལྡན་དགྱེས་རྡོར་རིགས་བཞི་ཡི། །དཀྱིལ་འཁོར་ནང་གི་ཐིག་ལ་ཡང་། །ཚངས་ཐིག་དབུས་ནས་ཆ་ཆུང་གསུམ། །ཟླུམ་སྐོར་གཙོ་བོའི་གནས་ཡིན་ལ། །དེ་ཡི་ཕྱི་རུ་ཆ་ཆུང་ནི། །ལྔ་དང་གཅིག་དང་གཅིག་དག་གིས། །རིམ་པ་གསུམ་དུ་བསྐོར་བྱས་པ། །ནང་ནས་རིམ་བཞིན་པདྨ་དང་། །རྡོར་ཕྲེང་དང་ནི་འོད་ཕྲེང་ངོ་། །དེ་ལ་རེག་པའི་ངོས་ཐིག་གཅིག །ཟུར་ནས་ཟུར་དུ་འབྲེལ་བ་ཕན། །ལྷ་སྣམ་དག་ཏུ་མཁྱེན་པར་འཚལ། །བདག་མེད་ལྷ་མོ་བཅོ་ལྔ་དང་། །ལྷ་མོ་ཉི་ཤུ་རྩ་གསུམ་མ། །འཕགས་མ་ཀུ་རུ་ཀུལླེ་དང་། །རྡོ་རྗེ་བདུད་རྩི་ནང་ཚན་བཞི། །དེ་དག་དཀྱིལ་འཁོར་ནང་གི་ཐིག །འདི་དང་ཁྱད་པར་ཡོད་མ་ལགས། །དགུ་ཡི་བདག་ཉིད་དགྱེས་རྡོར་བཞིའི། །དཀྱིལ་འཁོར་ནང་གི་ཐིག་ལ་ཡང་། །དབུས་ནས་ཆ་ཆུང་ལྔ་དོར་བར། །གེ་སར་ཐིག་ནི་ཟླུམ་པོར་བསྐོར། །དེ་ཡི་ཕྱི་རུ་ཆ་ཆུང་བཅུ། །སྤངས་པར་འདབ་བརྒྱད་ཟླུམ་པོར་བསྐོར། །དེ་ཡི་ཕྱི་རུ་ཆ་ཆུང་གཅིག །དོར་ནས་རྩ་ཐིག་ལ་རེག་པས། །ཟླུམ་བསྐོར་རྡོ་རྗེ་ཕྲེང་བའི་ས་འོ། །ལྔ་ཡི་བདག་ཉིད་བཅོམ་ལྡན་འདས། །རྒྱུ་མ་ཆེན་པོའི་དཀྱིལ་འཁོར་དང་། །དགུ་


CMR021_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་བདག་ཉིད་བཅོམ་ལྡན་འདས། །སངས་རྒྱས་ཐོད་པའི་དཀྱིལ་འཁོར་ལའང་། །འདི་ལས་ཁྱད་པར་གཞན་མེད་དོ། །རྗེ་བཙུན་ཆེན་པོ་ནག་པོ་པས། །དགྱེས་རྡོར་ལྷ་དགུ་འདི་ཉིད་ལ། །མན་ངག་ལུགས་ལས་ཁྱད་པར་དུ། །རྩ་ཐིག་ནང་དུ་ཆེ་ཆུང་བཞི། །དོར་བར་དབུས་ནས་ཟླུམ་པོར་བསྐོར། །དེ་ཡི་ནང་དུ་ཆ་ཆུང་གཅིག །དོར་བར་རྡོར་ཕྲེང་ཟླུམ་པོ་བསྐོར། །དེ་དག་ནང་དུ་ཆ་ཆུང་བདུན། །དོར་ནས་འདབ་བརྒྱད་ཟླུམ་པོར་བསྐོར། །དེ་ཡི་ནང་དུ་གེ་སར་ནི། །ཆ་ཆུང་གཅིག་གིས་བསྐོར་བའི་དབུས། །གཙོ་བོའི་གནས་སུ་འདོད་པ་དང་། །རྩ་ཐིག་ནང་ནས་ཆ་ཆུང་བཞི། །དོར་ནས་ཟླུམ་པོའི་ཕྱི་ཐིག་ལ། །རེག་པའི་ལྷ་སྣམ་ངོས་ཐིག་གདབ། །དེ་ཡང་ཟུར་ནས་ཟུར་དུ་སྦྲེལ། །སྣམ་བུ་འདི་ལ་རིན་པོ་ཆེའི། །བུམ་པ་བརྒྱད་པོ་དགོད་པ་སོགས། །ཁྱད་པར་་་་འདི་དགྱེས་རྡོར་རྔོག་ལུགས་ལ་ཡོད་དོ།། ཅུང་ཟད་མཛད་སྣང་ངོ་། །རྡོ་རྗེ་ཧཱུྃ་མཛད་དཀྱིལ་འཁོར་ལ། །དབུས་ནས་ཆ་ཆུང་ཕྱེད་དང་གསུམ། །གེ་སར་དོན་དུ་ཟླུམ་པོར་བསྐོར། །དེ་ཡི་ཕྱི་རུ་ཆ་ཆུང་ལྔས། །འདབ་བརྒྱུད་དོན་དུ་ཟླུམ་བསྐོར་བྱ། །དེ་ཡི་ཕྱི་རུ་ཆ་ཆུང་ཕྱེད། །སྤངས་པའི་ཕྱོགས་


CMR021_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་བརྒྱད་རྣམས་སུ། །འདབ་བརྒྱད་པ་རེ་ཟླུམ་པོར་བསྐོར། །སོ་སོའི་མཐའ་ནས་མཐའ་ཡི་བར། །ཆ་ཆུང་ཕྱེད་དང་བརྒྱད་རེ་མཉམ། །དེ་རྣམས་སོ་སོའི་ལྟེ་བ་དང་། །འདབ་མ་མཉམ་གསུམ་ཁོ་ན་ཡིན། །སླར་ཡང་ཤར་ནུབ་འདབ་མའི་རྒྱབ། །ཤར་དང་ནུབ་ཀྱི་སྒོ་ཁྱུད་དབུས། །ཆ་ཆུང་གསུམ་པའི་འདབ་བརྒྱད་པ། །སྔ་མ་བཞིན་དུ་ཐིག་གདབ་བོ། །འཁོར་ལོ་སྡོམ་པ་རིགས་གསུམ་དང་། །རྡོ་རྗེ་ཕག་མོ་རིགས་གསུམ་གྱི། །དཀྱིལ་འཁོར་ནང་གི་ཐིག་ལ་ནི། །དབུས་ནས་རིམ་བཞིན་རྒྱལ་༡༦པོ་དང་། །ཉི་༡༢ཀླུ་༨ཆུ་༤ མིག ༢་ཆ་ཆུང་དག །དོར་བར་ཟླུམ་པོའི་ཐིག་ལྔ་ནི། །རྩ་ཐིག་ནང་ནས་ནང་དུ་བསྐོར། །ཟླུམ་པོ་ཕྱི་མ་གསུམ་པོའི་ནང་། །སླར་ཡང་ཆ་ཆུང་ཕྱེད་རེ་བསྐོར། །དེ་རྣམས་ནང་ནས་རིམ་པ་བཞིན། །རྡོར་ཕྲེང་པད་ཕྲེང་འཁོར་ལོའི་སའོ། །ནང་ནས་ཟླུམ་པོ་གཉིས་པ་དང་། །ཚངས་ཐིག་འཛོམས་པའི་གཡས་ཕྱོགས་སུ། །ཆ་ཆུང་གཉིས་ནི་དོར་བ་ནས། །ཚངས་དང་རྩ་ཐིག་ཕྲད་ནས་ཀྱང་། །གཡས་སུ་ཆ་ཆུང་གཉིས་ཀྱི་སར། །གྱེན་དུ་ཐིག་གཅིག་དྲང་པོར་གདབ། །དེ་སྟེང་ཟླུམ་བསྐོར་གསུམ་པོའི་བར། །རྩིབས་པའི་དབུས་རྩལ་མཚན་མ་


CMR021_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །དེ་དག་རིམ་པ་བདུན་བྱུང་ཚེ། །ནང་ནས་ཟླུམ་པོ་གཉིས་པ་ཡི། །ཚངས་ལས་འཕྲེད་དུ་ཆ་གཅིག་པར། །དང་པོའི་མཐའ་ཞེས་ཐ་སྙད་བྱ། །དེ་བཞིན་རྩ་ཐིག་ཚངས་གཡས་སུའང་། །བདུན་པའི་མཐའ་ཞེས་མིང་དུ་བཏགས། །དེ་བཞིན་བར་མ་དེ་རྣམས་ཀྱི། །ཆ་ཆུང་གཅིག་དང་གཉིས་པའི་སར། །མཐའ་དང་རྩེ་མོར་ངོས་བཟུང་ལ། །དང་པོའི་མཐའ་ནས་བདུན་པའི་མཐར། །གཉིས་གསུམ་བཞི་ལྔ་དྲུག་བདུན་ཞེས། །རིམ་པ་མ་འཁྲུགས་འདི་ལྟ་སྟེ། །དང་པོའི་མཐའ་ནས་གཉིས་རྩེར་སོང་། །དེ་ཡང་གསུམ་པའི་མཐར་ཞུགས་ཏེ། །བཞི་པའི་རྩེར་སོན་ལྔ་མཐར་ཞུགས། །དྲུག་པའི་རྩེར་སོན་བདུན་མཐར་ཞུགས། །དེ་ཡིས་ཐིག་ཅིག་ཀྱོག་མཚམས་ལྔར། །འབྱུང་ཞིང་དེ་ནང་ཆ་ཆུང་ཕྱེད། །དོར་བའི་ཀྱོག་ཐིག་ཉིས་རིམ་གདབ། །ཀྱོག་པོ་འདི་ཉིད་ཇི་ལྟ་བ། །ཚངས་ཐིག་གཡོན་དུའང་གདབ་བྱ་ཞིང་། །དེ་བཞིན་ཟུར་ཐིག་གཡོན་པ་དང་། །ཟུར་ལོགས་གཅིག་ཤོས་རྣམས་ལ་ཡང་། །སྔ་མ་བཞིན་དུ་གདབ་པར་བྱ། །ཉི་ཤུ་རྩ་ལྔའི་བདག་ཉིད་ཅན། །སངས་རྒྱས་ཐོད་པའི་དཀྱིལ་འཁོར་ཡང་། །འདི་ཉིད་ཁོ་ན་བྱ་བ་ཡིན། །རྣལ་འབྱོར་


CMR021_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་དཀྱིལ་འཁོར་ལ། །རྩ་ཐིག་ནང་དུ་ཆ་ཆུང་ནི། །ཕྱེད་དང་བཅས་པའི་གསུམ་དོར་བ། །དབུས་ནས་ཟླུམ་པོར་བསྐོར་བར་བྱ། །དེ་ཡི་ནང་དུ་ཆ་ཆུང་གཅིག །དོར་ནས་ཟླུམ་པོར་བསྐོར་བ་ནི། །རྡོ་རྗེ་ཕྲེང་བའི་ས་ཡིན་ནོ། །དེ་ཡི་ནང་དུ་ཆ་ཆུང་ནི། །སླར་ཡང་ཕྱེད་བཅས་གསུམ་བསྐོར་ལ། །ཚངས་པའི་དབུས་ནས་ཆ་ཆུང་གཉིས། །སྤངས་པར་ཟླུམ་པོ་ནང་མ་ལ། །རེག་པའི་ངོས་ཐིག་ཕྱོགས་བཞིར་གདབ། །དེ་ཡི་ཕྱི་རུ་ཆ་ཆུང་རེ། །དོར་ནས་ཟླུམ་པོ་ལ་རེག་པའི། །ཐིག་བརྒྱད་མིག་མང་རིས་བྱས་པ། །དཔལ་ལྡན་འདུས་པ་ཇི་བཞིན་ནོ། །བཅུ་གསུམ་ལྷ་ཡི་བདག་ཉིད་ཅན། །བཅོམ་ལྡན་གཤིན་རྗེ་དམར་ནག་གཉིས། །འདྲ་བས་དཀྱིལ་འཁོར་ནང་གི་ཐིག །ཕྱོགས་གཅིག་ཏུ་ནི་བརྗོད་པ་ལ། །དབུས་ནས་ཆ་ཆུང་བརྒྱད་དོར་བ། །ངོས་སུ་ཐིག་གཅིག་བཏབ་པ་དེ། །སྣ་ཚོགས་རྡོ་རྗེའི་ལྟེ་བ་ཡི། །ཕྱི་ཐིག་ཡིན་ལ་སྣེ་མོ་གཉིས། །ཟུར་ནས་ཟུར་དུ་འབྲེལ་བའོ། །དེ་ཡི་ནང་དུ་ཆ་ཆུང་གཅིག །དོར་ནས་རྡོར་ཕྲེང་ཐིག་གཅིག་གོ །སླར་ཡང་དེ་ཡི་ནང་ནས་ནང་། །ཆ་ཆུང་བཞི་དང་གཅིག་པར་དོར། །།ཐིག་གཉིས་ཟུར་ལ་རེག་པར་བཏབ། །གཙོ་


CMR021_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལྷ་ཡི་གནས་ཡིན་ལ། །ཚངས་དང་ལྟེ་བར་འཛོམས་པ་ནས། །སྣ་ཚོགས་རྡོ་རྗེའི་དབུས་རྭའི་དཔངས། །ཆ་ཆུང་བརྒྱད་ཡིན་དེ་ཉིད་ཀྱི། །རྩེ་མོའི་རྒྱ་ལ་གཡས་གཡོན་དུ། །ཆ་ཆུང་རེ་དང་རྩ་བར་ནི། །གཡས་གཡོན་ཆ་ཆུང་གཉིས་གཉིས་སོ། །ཚངས་དང་ལྟེ་བ་འཛོམས་པ་ནས། །དབུས་རྭའི་རྒྱུད་དུ་ཆ་ཆུང་གསུམ། །གྱེན་ལ་ཕྱིན་པའི་ས་དེ་ནས། །རྩེ་མོར་ཆ་ཆུང་གཅིག་དོར་ལ། །བར་གྱི་ཆ་ཆུང་བཞི་པོ་དེས། །གཡས་གཡོན་ནང་རྭ་གཉིས་པོ་བསྐོར། །དེ་ནས་ཆ་ཆུང་ཕྱེད་གཉིས་རེ། །དབུས་རྭའི་འགྲམ་ཐིག་གཡས་གཡོན་ནས། །སྔ་མའི་ཚད་དེས་ཕྱི་རྭ་བསྐོར། །རྡོ་རྗེ་སྒྲོལ་མའི་དཀྱིལ་འཁོར་ལ། །དབུས་ནས་ཆ་ཆུང་གསུམ་དོར་བར། །ལྟེ་བའི་དོན་དུ་ཟླུམ་བསྐོར་བྱ། །དེ་ཡི་ཕྱི་རུ་ཆ་ཆུང་དྲུག །དོར་བར་འདབ་བརྒྱད་ཟླུམ་པོར་བསྐོར། །ཉི་ཤུ་རྩ་ལྔའི་བདག་ཉིད་ཅན། །།འོད་ཟེར་ཅན་གྱི་དཀྱིལ་འཁོར་ལ། །བཅོམ་ལྡན་འཇམ་རྡོར་ཇི་བཞིན་པའི། །ཐིག་རྣམས་བཏབ་པས་གྲུབ་པ་ཡིན། །བཅུ་གསུམ་བདག་ཉིད་སྲུང་བ་ལྔའི། །དཀྱིལ་འཁོར་ནང་གི་ཐིག་ལ་ཡང་། །ཚངས་ཐིག་དབུས་ནས་ཆ་ཆུང་གི །སུམ་ཆ་དང་བཅས་ཆ་གཅིག་


CMR021_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གིས། །ཟླུམ་བསྐོར་པདྨའི་ལྟེ་བ་ཡིན། །དེ་ཡི་ཕྱི་རུ་ཆ་ཆུང་བཞིས། །ཟླུམ་པོ་བསྐོར་བ་འདབ་མ་འོ། །དེ་ཡི་ཕྱི་ཡི་ཕྱོགས་བཞི་རུ། །ཆ་ཆུང་རེ་རེ་དོར་བྱས་ནས། །དབུས་ཀྱི་པདྨ་ཇི་བཞིན་བྱ། །ལྔ་བཅུ་རྩ་གསུམ་བདག་ཉིད་ཅན། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ། །རྩ་ཐིག་ནང་དུ་ཆེ་ཆུང་བརྒྱད། །དོར་བར་ངོས་སུ་ཐིག་བཏབ་པ། །ཟུར་ནས་ཟུར་དུ་འབྲེལ་བ་དེ། །དཀྱིལ་འཁོར་ནང་མའི་རྩ་ཐིག་ཡིན། །རྩ་ཐིག་དེ་ཡི་ཕྱི་དག་ཏུ། །རྟ་བབས་མེད་པའི་ཐིག་དྲུག་དང་། །སྒོ་སོགས་ཕྱི་འགྲོ་ལྟ་བུར་བཏབ། །དཀྱིལ་འཁོར་ནང་མའི་རྩ་ཐིག་ལ། །རེག་པར་དབུས་ནས་ཟླུམ་པོར་བསྐོར། །དེ་ཡི་ནང་དུ་ཆ་ཆུང་གཅིག །དོར་བར་རྡོར་ཕྲེང་ཟླུམ་པོར་བསྐོར། །དབུས་ནས་ཆ་ཆུང་གཉིས་དོར་བར། །ཟླུམ་པོ་ནང་མ་ལ་རེག་པའི། །ངོས་སུ་ཐིག་རེ་ཕྱོགས་བཞིར་བཏབ། །དེ་ཡི་ཕྱི་རུ་ཆ་ཆུང་རེ། །དོར་ནས་ངོས་ཐིག་གོང་བཞིན་བཏབ། །དཀྱིལ་འཁོར་ཕྱི་མའི་རྩ་ཐིག་ནང་། །སྒོ་ཚད་གང་གི་ས་ཡོད་སར། །བསྐལ་བཟང་སངས་རྒྱས་སྟོང་བཞུགས་སོ། །ཁ་ཅིག་དཀྱིལ་འཁོར་འདི་ཡི་དབུས། །རེའུ་མིག་དགུ་ལིང་ཡོད་པ་ཡི། །ཕྱོགས་བཞི་དབུས་ལྔར་རང་རང་གི །


CMR021_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོན་མཚུངས་ཟླུམ་པོར་བསྐོར་བ་ཡིས། །ཟླ་བའི་དཀྱིལ་འཁོར་བྱེད་ཟེར་མོད། །སློབ་དཔོན་ཆེན་པོ་ཨ་བྷ་ཡས། །དེ་འདྲ་འཐད་པ་མ་ཡིན་ཞེས། །ཕྲེང་བར་དངོས་སུ་ཞལ་གསལ་མཛད། །བཞི་བཅུ་རྩ་གསུམ་བདག་ཉིད་ཅན། །འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལ། །དབུས་ནས་ཟུར་ཐིག་བཞི་པོ་ནི། །ཆ་ཆེན་དྲུག་དྲུག་དག་ཏུ་བགོ །དབུས་ནས་ཆ་ཆེན་དང་པོའི་སྟེང་། །ཟུར་གཉིས་བར་དུ་ངོས་ཐིག་བཏབ། །དཀྱིལ་འཁོར་ནང་མའི་རྩ་ཐིག་ཡིན། །གཉིས་པར་ངོས་སུ་ཐིག་བཏབ་པ། །དཀྱིལ་འཁོར་བར་མའི་རྩ་ཐིག་ཡིན། །བཞི་པར་ངོས་སུ་ཐིག་བཏབ་པ། །དཀྱིལ་འཁོར་ཕྱི་མའི་རྩ་ཐིག་གོ །དཀྱིལ་འཁོར་ནང་མའི་ཆ་ཆུང་བཞི། །བར་མའི་ཆ་ཆུང་གཉིས་ཡིན་ཞིང་། །བར་མའི་ཆ་ཆུང་གཉིས་པོ་དེ། །ཕྱི་མའི་ཆ་ཆུང་གཅིག་ཀྱང་ཡིན། །དེས་ན་ནང་ནས་རིམ་པ་ལྟར། །ཉིས་འགྱུར་ཉིས་འགྱུར་གྱིས་ཆེ་བའི། །ཆ་ཆེན་ཆ་ཆུང་ངེས་བྱས་ནས། །རང་རང་རྩ་བའི་ཐིག་ལས་ཕྱིར། །མདའ་ཡབ་བར་གྱི་ཐིག་དྲུག་དང་། །སྒོ་སོགས་ཕྱི་འགྲོ་ལྟ་བུར་བཏབ། །དཀྱིལ་འཁོར་ནང་མ་གཉིས་པོ་ལ། །རྟ་བབས་མེད་ཅིང་ཕྱི་མ་ལ། །རྟ་བབས་སྤྱི་བཞིན་


CMR021_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བཏབ། །དཀྱིལ་འཁོར་ནང་མའི་རྩ་ཐིག་ལ། །རེག་པའི་དབུས་ནས་ཟླུམ་པོར་བསྐོར། །དེ་ནང་ཆ་ཆུང་གཅིག་དོར་བར། །སླར་ཡང་རྡོར་ཕྲེང་ཟླུམ་པོར་བསྐོར། །དབུས་ནས་ཆ་ཆུང་གཉིས་དོར་བར། །ཟླུམ་པོ་ནང་མ་ལ་རེག་པར། །རེའུ་མིག་དགུ་ལིང་བྱེད་པ་སོགས། །རྡོར་དབྱིངས་དང་ནི་ཁྱད་པར་མེད། །ཆོས་དབྱིངས་ངག་གི་དབང་ཕྱུག་ལ། །དཀྱིལ་འཁོར་བཞི་སྦྲག་ཡོད་པ་ལས། །ནང་མ་གསུམ་པོ་རེ་རེ་བཞིན། །སོ་སོར་གྲུ་བཞི་སྒོ་བཞི་པ། །རྟ་བབས་མེད་པའི་མདའ་ཡབ་བར། །ཕྱི་འགྲོ་ཁོ་ན་ཤེས་བྱས་ནས། །བཞི་པ་ཕྱི་ཡི་དཀྱིལ་འཁོར་ནི། །ཀུན་ནས་ཟླུམ་པོ་བཟང་པོ་སྟེ། །ཞེས་པས་ནང་ནས་དྲང་པ་ཡི། །དཀྱིལ་འཁོར་གསུམ་པའི་མདའ་ཡབ་ཀྱི། །ཟུར་ཐིག་རྩེ་ནས་བཞི་པ་དེའི། །རྩ་བའི་ཐིག་ནི་ཟླུམ་པོར་བསྐོར། །དེ་ཡི་ཕྱི་རུ་ཟླུམ་པོ་ནི། ཐིག་དྲུག་སྐོར་བ་རྩིག་པ་དང་། །འདོད་སྣམ་ཕ་གུ་དྲྭ་ཕྱེད་དང་། །ཤར་བུ་མདའ་ཡབ་རྣམས་ཡིན་ལ། །དེ་ཡང་ནང་མ་ནང་མ་ལས། །ཕྱི་མ་ཕྱི་མའི་དཀྱིལ་འཁོར་རྣམས། །སྒོ་ཚད་ཆ་རིན་ཆེ་ཆུང་ཀུན། །ཉིས་འགྱུར་ཉིས་འགྱུར་གྱིས་ཆེ་བ། །སྔར་བཞིན་ལེགས་པར་ཤེས་བྱས་ལ། །


CMR021_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ནང་མའི་རྩ་ཐིག་ནང་། །གདུང་ཟླུམ་རེའུ་མིག་དགུ་ལིང་སོགས། །རྡོ་རྗེ་དབྱིངས་ཀྱི་ནང་ཐིག་ལས། །ཁྱད་པར་མེད་པར་མཁྱེན་པར་མཛོད། །ངན་ལྷོ་སོང་ཐམས་ཅད་ཡོངས་སྦྱོང་བ། །གཙུག་དགུའི་དཀྱིལ་འཁོར་ནང་ཐིག་ནི། །དབུས་ནས་ཆ་ཆུང་གཉིས་དང་ནི། །གཅིག་དང་བཞི་དང་གཅིག་དང་གཅིག །དོར་བར་ཟླུམ་ཐིག་ལྔ་བསྐོར་བའི། །དང་པོ་འཁོར་ལོའི་ལྟེ་བ་ཡིན། །གཉིས་པ་རྩིབས་རྟེན་གསུམ་པ་ལ། །ཆོས་ཀྱི་འཁོར་ལོ་རྩིབས་བརྒྱད་སེར། །བཞི་པ་རྡོ་རྗེའི་གདུང་ཟླུམ་དང་། །ལྔ་པ་ལ་ནི་འོད་ཕྲེང་ངོ་། །འོད་ཕྲེང་ཕྱི་རུ་ཆ་ཆུང་གསུམ། །དོར་ནས་ཕྱོགས་བཞིར་ངོས་ཐིག་རེ། །ཟུར་ནས་ཟུར་དུ་འབྲེལ་བར་བཏབ། །དེ་དག་ལྷ་ཡི་སྣམ་བུ་ཡིན། །བཅོམ་ལྡན་འབྱུང་པོ་འདུལ་བྱེད་ཀྱི། །དཀྱིལ་འཁོར་ནང་གི་ཐིག་ལ་ཡང་། །རྩ་ཐིག་ནང་དུ་ཆེ་ཆུང་བཞི། །དོར་བར་ངོས་ཐིག་ཕྱོགས་བཞིར་གདབ། །དེ་ཡི་ནང་དུ་སླར་ཡང་ནི། །ཆ་ཆུང་བཞི་དོར་ངོས་སུ་ཐིག །ཕྱོགས་བཞིར་སྔ་མ་བཞིན་དུ་གདབ། །དེ་ཡི་ནང་དུ་ཆ་ཆུང་བཞི། །དོར་བར་ངོས་ཐིག་ནང་མ་ལ། །རེག་པའི་རེའུ་མིག་དགུ་ལིང་ནི། །འཇམ་པའི་རྡོ་རྗེ་ཇི་བཞིན་


CMR021_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །མཁའ་འགྲོ་ལྔ་ཡི་དཀྱིལ་འཁོར་ལ། །ཕྱི་ཡི་དཀྱིལ་འཁོར་ཆེན་པོའི་ནང་། །ཕྱོགས་བཞི་དབུས་ལྔར་དཀྱིལ་འཁོར་རེ། །སོ་སོར་གྲུ་བཞི་སྒོ་བཞི་ལས། །དབུས་ཀྱི་དཀྱིལ་འཁོར་ཐིག་གདབ་པ། །ཚངས་ཐིག་དབུས་ནས་ཕྱོགས་བཞི་རུ། །དཀྱིལ་འཁོར་ཆེན་པོའི་ཆ་ཆུང་ནི། །ཕྱེད་བཅས་བཞི་རེ་དོར་བའི་སྟེང་། །ཟུར་བཞིར་འབྲེལ་པའི་ངོས་ཐིག་བཏབ་། །དཀྱིལ་འཁོར་དབུས་མའི་མདའ་ཐིག་ཡིན། །དེ་ཡི་ནང་ནས་ལྟེ་བའི་བར། །ཆ་མཉམ་གསུམ་བྱས་ཕྱི་མ་ལ། །ཐིག་དྲུག་སྒོ་སོགས་དང་བཅས་པ། །རྡོར་དབྱིངས་དཀྱིལ་འཁོར་ནང་མ་བཞིན། །འདི་ཡི་མདའ་ཡབ་ཕྱི་རོལ་དུ། །ཆ་ཆུང་རེ་རེ་དོར་བའི་སར། །དཀྱིལ་འཁོར་དབུས་མ་དང་མཚུངས་པའི། །ཕྱོགས་བཞིར་དཀྱིལ་འཁོར་བཞི་ཡིན་ནོ། །ཕྱི་དཀྱིལ་ཆེན་པོའི་རྩ་ཐིག་དང་། །ཕྱོགས་བཞིའི་དཀྱིལ་འཁོར་བཞི་པོ་ཡི། །མདའ་ཡབ་བར་གྱི་ཚོན་པ་ལ། །ཆ་ཆུང་ཕྱེད་གཉིས་ཁོ་ན་རེའོ། །དཀྱིལ་འཁོར་ལྔ་པོའི་ནང་གི་ཐིག །ཐུན་མོང་ཐུན་མོང་མ་ཡིན་པས། །དང་པོ་ཐུན་མོང་བཤད་པ་ནི། །རང་རང་རྩ་བའི་ཐིག་གི་ནང་། །རང་རང་ཆ་ཆུང་རེ་དོར་བར། །ངོས་ཐིག་བཞི་ནི་ཟུར་བཞིར་


CMR021_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ། །སླར་ཡང་དེ་ནང་ཆ་ཆུང་རེ། །དོར་བར་སྔར་བཞིན་ངོས་ཐིག་བཏབ། །ངོས་ཐིག་གཉིས་པོའི་བར་རྣམས་སུ། །དབུས་མར་རྡོ་རྗེའི་ཕྲེང་བ་དང་། །ཤར་མར་འཁོར་ལོ་ལྷོ་མར་ནི། །རིན་པོ་ཆེ་དང་ནུབ་མ་ལ། །པདྨ་བྱང་མར་རལ་གྲི་ཡི། །ཕྲེང་བས་བསྐོར་བ་རིམ་བཞིན་བྲི། །ཐུན་མོང་མ་ཡིན་པ་ལས་ནི། །དཀྱིལ་འཁོར་དབུས་མའི་དབུས་སུ་ནི། །ཟླུམ་པོ་ཀུན་ནས་ཟླུམ་པོ་བྲི། །དཀྱིལ་འཁོར་ཤར་མའི་དབུས་སུ་ནི། །ཟླ་གམ་ཁ་ནི་ཤར་བལྟ་བྲི། །དཀྱིལ་འཁོར་ལྷོ་མའི་དབུས་སུ་ཡང་། །རིན་ཆེན་ཤཱི་ཆ་བརྒྱད་རྣམ་པ་བྲི། །ནུབ་མའི་དབུས་སུ་གྲུ་བཞི་པ། །ཟུར་བཞི་སྒོ་བཞིར་བསྟན་པ་བྲི། །བྱང་མར་གྲུ་གསུམ་ཟུར་གཅིག་ནི། །རང་གི་ཤར་ལ་བསྟན་པའོ། །འཁོར་ལོས་སྒྱུར་བ་དྲུག་གི་ནི། །དཀྱིལ་འཁོར་ནང་གི་ཐིག་བཤད་པ། །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། །ཕྱི་ཡི་དཀྱིལ་འཁོར་ཆེན་པོ་ཡི། །དབུས་ནས་ཆ་ཆུང་དྲུག་དང་ནི། །བརྒྱད་བླུདོར་དེ་སྟེང་ཟླུམ་སྐོར་གཉིས། །བྱས་ལ་ཤར་གྱི་ཚངས་ཐིག་ནས། །བརྩམས་ཏེ་ཟླུམ་པོར་ཕྱི་ནང་གཉིས། །ཆ་མཉམ་ལྔ་རུ་ལེགས་པར་བགོ །དེ་སྟེང་རང་རང་ཚངས་ཐིག་བཏབ། །


CMR021_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དཀྱིལ་འཁོར་ཆེན་པོ་ཡི། །ཆ་ཆུང་བརྒྱད་རེའི་ཚད་ལྡན་པའི། །དཀྱིལ་འཁོར་དབུས་མ་དང་བཅས་དྲུག །རྩ་བ་ནས་ནི་མདའ་ཡབ་བར། །གྲུ་བཞི་སྒོ་བཞིའི་ཐིག་རྣམས་ཀུན། །མཁའ་འགྲོ་ལྔ་ཡི་དཀྱིལ་འཁོར་བཞིན། །མཁས་པས་ལེགས་པར་ཐིག་གདབ་བོ། །ངན་སོང་སྦྱོང་མཛད་ཀུན་རིག་གི །དཀྱིལ་འཁོར་ནང་གི་ཐིག་ལ་ཡང་། །རྩ་ཐིག་ནང་དུ་ཆ་ཆེན་གཅིག །དུམ་བུ་གཉིས་སུ་བྱས་པ་ལ། །ལྷ་སྣམ་རིམ་པ་གཉིས་ཡིན་ནོ། །དེ་ཡི་ནང་དུ་ཆ་ཆེན་གཅིག །སླར་ཡང་དུམ་བུ་གཉིས་བྱས་པའི། །ནང་མ་དབུས་དོར་མཐའ་གཉིས་གདབ། །ཕྱི་མ་ཕྱེད་གདབ་ཕྱི་མ་སོགས། །ཐིག་དྲུག་སྒོ་སོགས་རྟ་བབས་རྣམས། །ཕྱི་འགྲོ་གང་རིགས་ཤེས་བྱས་ནས། །འདི་ལ་སྣ་ཚོགས་རྡོ་རྗེ་ཡི། །ར་ནི་དགོས་པར་མ་གསུངས་སོ། །དབུས་ནས་དཀྱིལ་འཁོར་ནང་མ་ཡི། །རྩ་ཐིག་ལ་རེག་ཟླུམ་པོར་བསྐོར། །སླར་ཡང་དེ་ཡི་ནང་ཉིད་དུ། །དཀྱིལ་འཁོར་ནང་མའི་དབུས་ཉིད་ནས། །ནང་མ་རང་གི་ཆ་ཆུང་ནི། །བཅུ་འདས་ཟླུམ་པོར་བསྐོར་བ་ལ། །ཆོས་འཁོར་རྩིབས་ནི་བཅུ་དྲུག་བྱ། །དེ་ཡི་ནང་དུ་ཆ་ཆུང་གཅིག །ཟླུམ་པོར་བསྐོར་བ་རྩིབས་རྟེན་ཡིན། །དེ་ཡི་ནང་


CMR021_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལེའུ་ཚེ་དགུ། །གོང་དུ་བཤད་བཞིན་བྱ་བ་དང་། །ཕྱི་རོལ་དུ་ནི་པད་རྭ་བྱ། །དུར་ཁྲོད་མེད་དེ་དེ་ཚབ་ཏུ། །འཇིག་རྟེན་ཁོར་ཡུག་དག་དང་ནི། །འོད་ཀྱི་ཕྲེང་བས་མཛེས་བྱས་སོ། །རྣམ་སྣང་མངོན་པར་བྱང་ཆུབ་དང་། །འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་གཉིས། །དཀྱིལ་འཁོར་སྒོ་ནི་སུམ་སྦྲག་སྟེ། །དེ་ཡང་ནང་མ་ནང་མ་ལས། །ཕྱི་མ་ཕྱི་ཚིམ་ཉིས་འགྱུར་སོགས། །སྔ་མ་རྣམས་དང་ཁྱད་མེད་ཅིང་། །དཀྱིལ་འཁོར་ནང་མ་གཉིས་པོ་ལ། །རྟ་བབས་མེད་པས་མདའ་ཡབ་བར། །ཀུན་རིག་ཇི་བཞིན་བྱ་བ་དང་། །དཀྱིལ་འཁོར་ནང་མའི་རྩ་ཐིག་ནང་། །རྡོ་རྗེའི་གདུང་ཟླུམ་རེའུ་མིག །དགུ་ལིང་དག་གི་ཐིག་གདབ་ཚུལ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ། །གསུངས་པ་བཞིན་དུ་བྱ་བ་ཡིན། །འཇམ་དཔལ་རིགས་བསྡུས་ཐིག་ལ་ནི། །དཀྱིལ་འཁོར་གཉིས་ལས་ཕྱི་མ་ཡི། །རྩ་ཐིག་ནང་དུ་ཆུ་ཆེན་གཉིས། །སྤངས་པར་ཟུར་ཐིག་ལ་འབྲེལ་བའི། །ངོས་ཐིག་ཕྱོགས་བཞིར་བཏབ་པ་ནི། །དཀྱིལ་འཁོར་ནང་མའི་རྩ་ཐིག་ཡིན། །རྩ་ཐིག་འདི་ལ་རེག་པ་ཡིས། །དབུས་ནས་ཟླུམ་པོར་བསྐོར་བར་བྱ། །དེ་ཡི་ནང་ནས་ནང་ཉིད་དུ་། །རིམ་བཞིན་ཆ་ཆུང་


CMR021_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་དང་གཅིག །བཞི་དང་གཅིག་དང་གཅིག་དང་བཞི། །གཅིག་དང་གཅིག་གོ་ཟླུམ་སྐོར་བརྒྱད། །ཆ་ཆུང་བཞི་པའི་ས་དེ་གཉིས། །འཁོར་ལོ་ཕྱི་ནང་གཉིས་ཀྱི་ས། ཆ་ཆུང་རེ་རེའི་བར་དེ་རྣམས། །ནང་ནས་རྩིབས་རྟེན་མུ་ཁྱུད་དང་། །རྡོ་རྗེ་ཕྲེང་བའི་ས་ཡིན་ནོ། །ཆོས་འཁོར་ནང་མ་རྩིབས་བརྒྱད་དང་། །ཕྱི་མར་ཆོས་འཁོར་རྩིབས་བཅུ་དྲུག །དཀྱིལ་འཁོར་ཕྱི་མའི་རྩ་ཐིག་ནང་། །སྒོ་ཚད་གང་དོར་ངོས་ཐིག་བཞི། །ཟུར་ནས་ཟུར་དུ་འབྲེལ་བའོ། །དཀྱིལ་འཁོར་ནང་མའི་རྩ་ཐིག་ཕྱིར། །ཐིག་དྲུག་སྒོ་སོགས་ཕྱི་འགྲོ་ལས། །རྟ་བབས་མེད་པར་བྱ་བ་ཡིན། །བཅུ་གསུམ་ལྷ་ཡི་བདག་ཉིད་ཅན། །བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་ཀྱི། །དཀྱིལ་འཁོར་ནང་གི་ཐིག་ལ་ཡང་། །དབུས་ནས་ཆ་ཆུང་བཅོ་ལྔ་ཡི། །ཟླུམ་པོའི་ཐིག་གཅིག་བསྐོར་བར་བྱ། །དེ་ཡི་ནང་དུ་ཆ་ཆུང་གཅིག །སླར་ཡང་ཟླུམ་པོར་བསྐོར་བ་དང་། །དེ་ནང་དབུས་ནས་ཆ་ཆུང་ནི། །གཅིག་གི་སུམ་ཆ་ལྷག་པ་ཡི། །སྒོ་ཚད་གང་ནི་དོར་བའི་སྟེང་། །ཟུར་བཞིར་འབྲེལ་བའི་ངོས་ཐིག་བཞི། །ཕྱོགས་བཞིར་བཏབ་ལ་དེ་རྣམས་ཕྱིར། །ཆ་ཆུང་རེ་དོར་དེ་འདྲ་བ། །སླར་ཡང་བཏབ་པས་རེའུ་མིག །དགུ་


CMR021_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ལིང་དུ་ནི་འཆར་བ་ཡིན། །ལྷ་དགུའི་བདག་ཉིད་ཚེ་དཔག་མེད། །བཅོམ་ལྡན་མགོན་པོ་མི་འཁྲུགས་པ། །བདེ་མཆོག་མེ་ཏྲི་བཅུ་གསུམ་དང་། །འཁོར་ལོ་སྡོམ་པ་ཀྱི་ལྷ་ལྔ་རྣམས། །སོ་སོའི་དཀྱིལ་འཁོར་ནང་གི་ཐིག །དགྱེས་རྡོར་ལྷ་དགུ་ཇི་བཞིན་བྱ། །དྲུག་ཅུ་རྩ་གཉིས་ལྷ་ཡི་ཚོགས། །འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ལ། །སློབ་དཔོན་དུ་ཝི་རི་ཀ་པ་ཡིས། །སྒོ་ཚད་རེ་ལ་ཆ་ཆུང་ལྔར། །ཕྱེ་ནས་ཐིག་རྣམས་འདི་ལྟ་སྟེ། །རྩ་ཐིག་ནང་དུ་ཆ་ཆུང་གཅིག །དོར་བོར་དབུས་ནས་ཟླུམ་པོར་བསྐོར། །དེ་ཡི་ནང་ནས་རང་ཉིད་དུ། །དབུས་ནས་ཆ་ཆུང་བཅོ་ལྔ་དང་། །བཅུ་གཅིག་དང་ནི་བདུན་དང་ནི། །གསུམ་རྣམས་ཀྱིས་ནི་ཟླུམ་པོར་བསྐོར། །དེ་ལྟར་ཟླུམ་སྐོར་ལྔ་པོ་ཡི། །སོ་སོའི་ནང་དུ་ཆ་ཆུང་རེ། །སླར་ཡང་སྐོར་བ་ལྟེ་བ་ཡི། །གེ་སར་རྡོར་ཕྲེང་ལ་སོགས་ཡིན། །འཁོར་ལོའི་རྩིབས་དང་འདབ་མ་ཡི། །རྒྱ་དཔངས་ཆ་ཆུང་བཞི་རེ་འདོད། །རྩ་ཐིག་ནང་གི་ཆ་ཆུང་དེ། །ཚོན་གྱིས་ས་རུ་བྱ་བར་སྣང་། །ཡང་ནི་སློབ་དཔོན་ནག་པོ་པས། །དབུས་ནས་ཆ་ཆུང་བཅུ་བཞི་དང་། །བཅུ་གཅིག་དང་ནི་བརྒྱད་དང་ནི། །ལྔ་དང་གཉིས་རྣམས་དོར་བའི་སར། །ཟླུམ་


CMR021_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་ལྔ་བྱ་ནང་མ་བཞིའི། །ནང་དུ་ཆ་ཆུང་ཕྱེད་རེས་བསྐོར། །རྩ་ཐིག་ནང་གི་ཆ་ཆུང་གཉིས། །ཚོན་པ་དག་ཏུ་བྱ་བ་ཡིན། །ཡང་ནི་ལྟེ་བ་ཆ་ཆུང་གཉིས། །དེ་ཡི་ཕྱི་ནས་ཕྱི་རིམ་དུ། །ཆ་ཆུང་གསུམ་ཕྱེད་གསུམ་ཕྱེད་དང་། །གསུམ་ཕྱེད་གསུམ་ཕྱེད་དོར་བའི་སར། །ཟླུམ་པོའི་ཐིག་གི་བརྒྱད་བསྐོར་བ། །པཎ་ཆེན་ལྭ་བ་པ་ཡི་ལུགས། །འཁོར་ལོ་ཆེན་པོ་ལྷ་དགུའི་ཐིག །ཛ་ཝ་རི་པས་འདི་ལྟར་མཛད། །ལྟེ་བར་ཆ་ཆུང་གཉིས་བསྐོར་ལ། །དེ་ཡི་ཕྱི་ནས་ཕྱི་རིམ་དུ། །ཆ་ཆུང་གསུམ་དང་གཅིག་དང་ནི། །བཞི་དང་གཅིག་དང་གཅིག་གཅིག་གིས། །ཟླུམ་སྐོར་དྲུག་བྱ་དེ་རྣམས་ནི། །ལྟེ་བར་འདབ་མ་རྩིབས་རྟེན་དང་། །འཁོར་ལོའི་རྩིབས་པ་མུ་ཁྱུད་དང་། །ཐོད་པའི་རྭ་བའི་ས་ཡིན་ནོ། །འཁོར་ལོའི་རྩིབས་བཞི་བདེ་མཆོག་གི །རིགས་པས་བློ་དང་ལྡན་པས་བྱ། ། །ཡང་ནི་གསང་སྔགས་རྙིང་མ་ཡི། །ལས་རིམ་ཀུན་གྱི་གཙོ་བོ་མཆོག །ཡ་མ་རཱ་ཛཱ་སྐུ་ཁྲོས་པའི། །རྩ་བའི་རྒྱུད་ལས་གང་གསུངས་པ། །གཞན་གྱི་ལས་དང་ཆོས་དང་ནི། །དམ་ཚིག་ཡེ་ཤེས་ཕྱག་རྒྱ་བཞི། །གང་དེས་ཟིལ་གྱིས་གནོན་པ་ལས། །ཕྱག་རྒྱ་ཟིལ་གནོན་ཞེས་བྱ་བ། །འཇམ་དཔལ་


CMR021_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་ཚེ་བདག་གི །དཀྱིལ་འཁོར་ནང་གི་ཐིག་ལ་ཡང་། །རྩ་ཐིག་ནང་དུ་ཆ་ཆེན་གཅིག །དོར་བར་ངོས་ཐིག་ཕྱོགས་བཞིར་གདབ། །དེ་ཡི་ནང་ནས་ནང་ཉིད་དུ་།ཆ་ཆུང་གཉིས་དང་གཉིས་དང་གཉིས། །དོར་བར་ཟླུམ་སྐོར་སུམ་རིམ་བྱ། །དེ་ཡི་ནང་དུ་ཆ་ཆུང་གསུམ། །དོར་ནས་ཟླུམ་པོ་ནང་མ་ལ། །རེག་པའི་ངོས་ཐིག་ཕྱོགས་བཞིར་་༡ གདབ་། །དེ་རྣམས་ནང་དུ་ཆེ་ཆུང་རེ། །དོར་བར་ངོས་ཐིག་སྔ་མ་བཞིན། །བཏབ་པའི་རེའུ་མིག་དགུ་ལིང་གི །དབུས་མའི་ནང་དུ་དེ་ཉིད་དང་། །ཁྱོན་མཚུངས་ཟླུམ་པོར་བསྐོར་བ་ལ། །གྲུ་གསུམ་མཐིང་ནག་འབར་བ་ནི། །རྩེ་གཅིག་ཤར་སྒོར་བསྟན་པ་བྲི། །དེ་ནི་དཀྱིལ་འཁོར་གཙོ་བོའི་གནས། །ཆོས་འབྱུང་འགྲམ་གྱི་ཟླ་གམ་གསུམ། །སྲས་མཆོག་སྤྲུལ་པ་རྣམ་གསུམ་པ། །ཕྱོགས་ཀྱི་རེ་མིག་བཞི་པོ་ལ། །ཐོད་མཁར་འབར་བར་བདུད་པོ་བཞི། །གྲུ་བཞིར་བྱེ་བ་ས་ཏ་བཞི། །དེ་ཡི་ཕྱི་རོལ་ཟླུམ་སྐོར་གསུམ། །ནང་མར་ལྕགས་ཟླུམཁར་བརྒྱད་པོ་ལ། །སྲོག་བདག་གཤིན་རྗེ་བརྒྱད་པོ་དང་། །བར་མར་ལྕགས་མཁར་བཅུ་གཉིས་ལ། །འཆི་བདག་བདུད་པོ་བཅུ་གཉིས་གནས། །ཕྱི་མར་ལྕགས་མཁར་བཅུ་དྲུག་


CMR021_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ལས་ཀྱི་ཤན་པ་བཅུ་དྲུག་གོ །སྒོ་བཞིར་སེང་གདོང་ལ་སོགས་པ། །མོན་པ་སྒོ་བ་བཞི་པོ་འཁོད། །རྩ་ཐིག་ཕྱི་རུ་ཐོག་དྲུག་དང་། །སྒོ་སོགས་དབྱེ་ཚུལ་སྤྱི་འགྲོར་བྱ། །རྒྱུད་ཀྱི་དགོངས་པ་གཞིར་བྱས་ན། །འདི་ལ་རྟ་བབས་སྒོ་ཚད་གང་། །སྣམ་བུ་བཞི་རུ་བྱ་བ་དང་། །མདའ་ཡབ་ཟུར་ཐིག་རྩེ་མོ་ནས། །དམ་ཅན་ཁོར་ཡུག་སྒོ་ཚད་གང་། །ཁྱམས་ལ་ཁྲག་མཚོ་འཁྲུགས་པ་སོགས། །དགོས་པར་སྣང་ནའང་ད་རེས་འདིར། །ལག་ལེན་དཀྱུས་མ་ཡོངས་གྲགས་དང་། །བསྟུན་ཏེ་དེ་ཙམ་བྱས་པ་ཡིན། །འདི་ནི་སྒྲུབ་པ་ཕྱི་དཀྱིལ་ལས། །བསྙེན་པ་ནང་གི་དཀྱིལ་འཁོར་ནི། །རིན་ཆེན་ཕྱག་རྒྱ་གསལ་སྒྲོན་དུ། །ཇི་ལྟར་གསུངས་བཞིན་ཉམས་སུ་བླང་། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡི། །དཀྱིལ་འཁོར་ནང་གི་ཐིག་ལ་ཡང་། །དབུས་ནས་རྩ་ཐིག་ལ་རེག་པའི། །ཟླུམ་པོའི་ཐིག་ནི་ལེགས་པར་བསྐོར། །དེ་ཡི་ནང་དུ་ཆ་ཆུང་གཅིག །དོར་བར་རྡོར་གདུང་ཟླུམ་པོར་བསྐོར། །དེ་ཡི་ནང་དུ་ཆ་ཆུང་ལྔ། །དོར་ནས་ཕྱི་མར་འཕྱིད་བྱེད་པའི། །ཟླུམ་པོའི་ཐིག་གིས་བསྐོར་བར་བྱ། །འདི་ལ་ཆ་ཆུང་ཕྱེད་བཅས་ལྔས། །ཤར་གྱི་ཚངས་ཐིག་ནས་བརྩམས་ཏེ། །ཆ་མཉམ་བཅུ་རུ་


CMR021_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བགོ །དེ་རྣམས་སྟེང་ནས་ཆ་ཆུང་ལྔའི། །སྲད་བུས་ལུགས་འབྱུང་ལུགས་ལྡོག་ཏུ། །ཟླུམ་པོ་བར་མ་ལ་རེག་པས། །བསྐོར་བ་ཁྲོ་བོའི་རྩིབས་བཅུ་ཡིན། །དེ་ཡི་ནང་དུ་ཆ་ཆུང་གཉིས། །དོར་བར་རྩིབས་རྟེན་ཟླུམ་པོར་བསྐོར། །དེ་ཡི་ནང་དུ་ཆ་ཆུང་གཅིག །དོར་ནས་མུ་ཁྱུད་ཟླུམ་པོར་བསྐོར། །དེ་ནས་ནུབ་ཀྱི་ཚངས་ཐིག་དང་། །ཟླུམ་པོ་ནང་མ་ཕྲད་པ་ནས། །དབུས་པར་གཞལ་བའི་སྲད་བུ་དེས། །གཡས་གཡོན་ཟླུམ་སྟེགས་རི་མོ་བྱ། །དེ་སྟེང་ངོས་སུ་ཐིག་བཏབ་ལ། །ཚད་དེས་ཤར་གྱི་ཚངས་ཐིག་སྟེང་། །བཟུང་ནས་སྔ་མའི་སྣེ་གཉིས་དང་། །ཕྲད་པར་ལོགས་ཐིག་ཕན་ཚུན་བཏབ། །ཨེ་ཡིག་རྣམ་པའི་ཆོས་འབྱུང་ནི། །དེང་སང་གྲུ་གསུམ་མཐིང་ནག་ཡིན། །དེ་ཡི་ནང་དུ་ཆ་ཆུང་དོར། །དེ་འདྲ་ཉིས་རིམ་མཁྱེན་པར་འཚལ། །ཁ་ཅིག་ཡོངས་འཛིན་མ་བསྟེན་ཞིང་། །རྒྱུད་སྡེའི་དགོངས་པ་མ་རྟོགས་པས། །རྟ་བབས་ཐིག་གི་སྤྲོས་པའི་ཚེ། །དཀྱིལ་འཁོར་གཅིག་གི་ལག་ལེན་དེ། །དེ་ནི་དེ་ཡི་ཁྱད་ཆོས་ལས། །དཀྱིལ་འཁོར་གཞན་ལ་མི་རུང་ཞེས། །ཉེ་ཚེའི་ལྟ་བ་ལ་ཞེན་པས། །ཤིན་ཏུ་རུང་ལ་མི་རུང་བར། །བྱེད་འདི་ཨེ་མ་


CMR021_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཚར་ཆེ། །པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ཞེས། །མཚན་གཞན་དབྱངས་ཅན་དགའ་བ་དེས། །རྟ་བབས་རྒྱས་བསྡུས་དབྱེ་བ་ནི། །རྣམ་གྲངས་བཅུ་གཉིས་ཙམ་དུ་མཛད། །དེ་ཡང་རུང་བ་མ་ཡིན་ནམ། །དེ་རྣམས་ཐིག་གི་དབྱེ་བ་དང་། །གཞན་ཡང་ཆོས་འབྱུང་བསྣོལ་མ་དང་། །བཅུ་དྲུག་ཐིག་གི་རིམ་པ་དང་། །དད་བྱེད་གོ་ཆའི་ཐིག་རིང་སོགས། །ཡི་གེས་ངལ་བས་འདིར་མ་བཀོད། །འདི་ལ་མ་རྟོགས་ལོག་རྟོག་གི །འགལ་འཁྲུལ་ཉེས་པ་གང་མཆིས་རྣམས། །བླ་མ་དཀྱིལ་འཁོར་ལྷ་ཚོགས་དང་། །ཆོས་བདག་མཁའ་འགྲོ་ཆོས་སྐྱོང་དང་། །གཞན་ཡང་ཉོན་མོངས་ལྔ་སྤངས་ཤིང་། །སྒྲིབ་པ་བཅུ་ཡིས་མ་གོས་པས། །རྒྱུད་གཞུང་ཚིག་དོན་ཐུགས་ཆུད་པའི། །མཁྱེན་ལྡན་རྣམས་ལ་བཟོད་པར་གསོལ། །དེ་ལྟར་བདག་གིས་ལྷག་བསམ་དག་པས་མན་ངག་ཐིག་གི་རིམ་པའི་ལེགས་བཤད་མཆོག་སྦྱིན་འདི་སྤེལ་བའི། །རྣམ་དཀར་དགེ་བ་དྲི་མེད་གང་དེས་སྐྱེ་བོའི་བློ་ཡི་མི་ཤེས་སྒྲིབ་པ་མ་ལུས་རབ་བསལ་ནས། །ཕྱི་རོལ་ཡུལ་གཟུགས་ཉིད་དུ་སྣང་བའི་འཕྲུལ་འཁོར་འདི་ཀུན་ཟབ་ལམ་བདེ་ཆེན་དཀྱིལ་འཁོར་དུ་ཤར་ཏེ། །བདག་དང་བདག་གིར་ལྟ་བའི་ཡུལ་ཅན་ཀུན་ཀྱང་དག་པ་


CMR021_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལྡན་ལྷ་སྐུར་འཆར་བར་ཤོག་ཅིག་གུ། །ཤུ་བྷ་མསྡུ་སརྦ་ཛ་ག་ཏཾ།། །།གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR021_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

སྦྱོང་རྒྱུད་ཀྱི་སྤྱི་དོན་བསྡུས་པ།


CMR021_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་རྒྱུད་ཀྱི་སྤྱི་དོན་བསྡུས་པ་བཞུགས་ལགས་སོ།།


CMR021_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བྷུདྡྷ་སརྦ་བིད་ན་མ་ཡེ། འདིར་སྦྱོང་རྒྱུད་ཀྱི་སྤྱི་དོན་ཅུང་ཟད་བཤད་ན། དེ་ཡང་རྒྱུད་སྡེ་རིན་པོ་ཆེ་རྣམས་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་འཆད་དགོས་པ་ལས། གནས་ཕུན་སུམ་ཚོགས་པ་རི་རབ་ཀྱི་རྩེ་སུམ་ཅུ་རྩ་གསུམ་ལྷའི་གནས། རྣམ་པར་རྒྱལ་བའི་ཁང་བཟང་གི་ཕྱོགས་བཞི་ན་ཚལ་ཆེན་པོ་བཞི་ཡོད་པ་ལས། བྱང་ཕྱོགས་སུ་ལྷ་རྣམས་རྩེ་ཞིང་དགའ་བར་བྱེད་པས་ན་དགའ་བའི་ཚལ་ཞེས་བྱ་བ་སྟེ། གནས་དེ་ན་རྒྱུད་འདི་གསུངས་སོ། །དུས་ཕུན་སུམ་ཚོགས་པ་ནི་ལྷའི་བུ་ནོར་བུ་དྲི་མ་མེད་པ་སུམ་ཅུ་རྩ་གསུམ་ནས་ཚེ་འཕོས་ནས་ཞག་བདུན་ལོན་པའི་དུས་


CMR021_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསུངས་སོ། །སྟོན་པ་ཕུན་སུམ་ཚོགས་པ་ནི་རྒྱུད་འདིའི་བརྟག་པ་དང་པོ་སྤྲུལ་སྐུ་ཤཱཀྱ་ཐུབ་པས་གསུངས་སོ། །བརྟག་པ་གཉིས་པ་ལ་དཀྱིལ་འཁོར་བཅུ་གཅིག་ཡོད་པ་ལས། བཅུ་པ་ཕྱག་ན་རྡོ་རྗེ་ཞི་བའི་ཚུལ་གྱིས་གསུངས་སོ། །དཀྱིལ་འཁོར་བཅུ་གཅིག་པོ་ནི་ཕྱག་ན་རྡོ་རྗེ་ཞི་བ་དེ་ཉིད་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་དུ་བསྒྱུར་ནས་གསུངས་པས་སྟོན་པ་གསུམ་དུ་བཞེད་དོ། །འཁོར་ཕུན་སུམ་ཚོགས་པ་ནི། །བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་རྣམས་དང་ལྷ་མ་སྲིན་སྡེ་བརྒྱད་རྣམས་སོ། །ཆོས་ཕུན་སུམ་ཚོགས་པ་ནི་ངན་སོང་ཐམས་ཅད་སྦྱོང་བའི་རྒྱུད་


CMR021_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱལ་པོ་བརྟག་གཉིས་བམ་པོ་གསུམ་དང་ཤོ་ལོ་ཀ་སྟོང་ཡོད། ཞུ་བ་པོ་བརྒྱ་བྱིན་ཏེ་དགོས་ཆེད་དུས་དེར་ལྷའི་བུ་དྲི་མ་མེད་པ་ངན་སོང་ལས་ཐར་བ་དང་། ཕྱིས་ནས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ངན་སོང་ལས་ཐར་བའི་ཕྱིར་གསུངས་སོ། །རྒྱུད་འདིའི་བརྗོད་བྱ་ནི། དངོས་བསྟན་རྡུལ་ཚོན་གྱི་དཀྱིལ་འཁོར་བཅུ་གཉིས་ཞོར་ལ་རས་བྲིས་ཀྱི་དཀྱིལ་འཁོར་བཅུ་གཉིས་དང་། ཞི་རྒྱས་དབང་དྲག་གི་ཐབ་བཞི་རོ་སྲེག་གི་ཧཾ་ཁུང་དང་བཅུ་བདུན། སྡིག་པ་སྦྱོང་བའི་སྒོ་དགུའམ་བདུན། རང་དོན་གཞན་དོན་གཉིས་སོགས་ནི་བརྗོད་བྱའོ། །དེ་ལ་སྡིག་པ་སྦྱོང་བའི་སྒོ་བདུན་ནི། དབང་བསྐུར། ཕྱིར་བཟློག །སྦྱིན་སྲེག །རོ་སྲེག །སཱཙྪ། བཟླས་བརྗོད། རྟེན་མེད་ན་མིང་བྱང་ལ་བརྟེན་པ་དང་བདུན་ཏེ། གཙོ་བོ་དབང་བསྐུར་ཡིན་ཞིང་། རང་དོན་ལས་གཞན་དོན་གཙོ་ཆེ། ཚེ་ལྡན་ལས་ཚེ་འདས་གཙོ་ཆེ་བའོ། །རྒྱུད་འདི་དག་གི་རྣལ་འབྱོར་མི་གསལ་བས་སྤྱོད་རྒྱུད་ཡིན་ཟེར་བ་བྱུང་ན་ཡང་། ཐམས་ཅད་ཟོས་ཤིང་ཀུན་བྱས་ཀྱང་། །འགྲུབ་འགྱུར་ཞེས་སོགས་ཅི་བདེ་བར་འགྲུབ་པར་གསུངས་པས་རྣལ་འབྱོར་རྒྱུད་དུ་ངེས་སོ། །རྣལ་འབྱོར་


CMR021_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལ་ཡང་རྩ་རྒྱུད་བཤད་རྒྱུད་ཆ་མཐུན་རྒྱུད་རྣམས་སུ་ཡོད་པ་ལས། འདིར་ཁ་ཅིག་གིས་ཆ་མཐུན་རྒྱུད་དུ་འདོད་ཀྱང་། རྩ་རྒྱུད་དེ་ཉིད་བསྡུས་པའི་དུམ་བུ་གསུམ་པ་ཁམས་གསུམ་རྣམ་རྒྱལ་གྱི་ངན་འགྲོ་འགུགས་པའི་སྐབས་ནས་འཕྲོས་པས། འཕྲོས་པའི་རྒྱུད་ཡིན་ནོ། །འདིའི་མཇུག་མེ་ལྟར་འབར་བའི་དྲག་པོའི་སྦྱིན་སྲེག་ཡོད་པ་ལ། སྔོན་གྱི་རྒྱལ་བློན་རྣམས་ཀྱིས་སྔགས་པས་མངོན་སྤྱོད་བྱེད་དགོས་ནས། མ་སྒྱུར་གསུངས་ནས་མ་བསྒྱུར་བ་ཡིན་ཏེ་ལི་ཡུལ་གྱི་རྒྱ་དཔེ་ལ་དྲག་པོའི་སྦྱིན་སྲེག་ཡོད་སྐད་དོ། །རྒྱུད་འདི་རྒྱ་གར་དུ་དར་ཚུལ་ནི་ཕྱག་ན་རྡོ་རྗེས་རྒྱལ་པོ་རབ་གསལ་ཟླ་བ་ལ་གནང་། དེས་སྒྲ་གཅན་འཛིན། སཱ་ཏི་ཕ་ལ། པྲཛཱ་སིདྡྷི། ཡེ་ཤེས་རྡོ་རྗེ་བཞི་ལ་གནང་། དེ་བཞི་ཀ་ལས་སློབ་དཔོན་ཀུན་དགའ་སྙིང་པོས་གསན་ནས། རྩ་རྒྱུད་དེ་ཉིད་འདུས་པར་འགྲེལ་པ་དེ་ཉིད་སྣང་བ་དང་། རྡོར་དབྱིངས་ཀྱི་དཀྱིལ་ཆོག་རྡོ་རྗེ་འབྱུང་བ་དང་། ཀུན་རིག་གི་སྒྲུབ་ཐབས་རྣམས་མཛད་པས། ཚིག་དོན་གཉིས་ཀ་ལ་མཁས་པ་ཀུན་དགའ་སྙིང་པོ་ཞེས་གྲགས། ཚིག་ལ་མཁས་པ་ཤཱཀྱ་བཤེས་གཉེན་གྱིས་རྩ་རྒྱུད་དེ་ཉིད་འདུས་པ་ལ་


CMR021_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པ་ཀོ་ས་ལའི་རྒྱུད་མཛད་ཅིང་རྣམ་སྣང་མི་བཞི་རྒྱབ་སྤྲོད་ལྟ་བུར་བཞེད། དོན་ལ་མཁས་པ་སངས་རྒྱས་གསང་བ་སྟེ་དེ་ཉིད་དེའི་གསུང་ལ་ཟིན་བྲིས་བྱས་པ། སྦྱོང་རྒྱུད་ཀྱི་འགྲེལ་པ་འབྲུ་འགྲེལ་རྒན་པོ་ཞེས་བྱ་བ་ཞིག་ཡོད། དེ་གསུམ་ལ་ཡོ་གར་མཁས་པའི་མི་གསུམ་དུ་གྲགས་སོ། །དེ་དག་ལས་བརྒྱུད་པ་རྒྱ་གར་དུ་དར་རོ། །བོད་དུ་སྔར་རྒྱལ་པོ་ཁྲི་སྲོང་གི་ཡབ་མེས་ཨག་ཚོམ་གྱི་དུས་སངས་རྒྱས་གསང་བ་གངས་ཏི་སེར་ཕེབས་པ་གདན་འདྲེན་ཞུས་ཀྱང་མ་ཕེབས། སངས་རྒྱས་གསང་བའི་སློབ་མ་བི་མ་མི་ཏྲ་ཁྲི་སྲོང་ལྡེའུ་བཙན་གྱིས་གདན་དྲངས་ནས་ཡོ་ག་ཅུང་ཟད་ཞུས། ཁྱད་པར་དུ་ཤཱཀྱ་བཤེས་གཉེན་གྱི་སློབ་རྒྱུན་ཨ་ཙཱརྱ་དྷརྨ་ཀཱིརྟི་བོད་དུ་བྱོན་ནས། རྒྱལ་པོ་ལ་ཡོ་ག་གནང་བས་དད་པར་གྱུར་ནས། བུ་ཚབ་གསེར་ཁོང་རྡོར་དབྱིངས་དང་། བསམ་ཡས་དབུ་རྩེར་ཀུན་རིག་བློས་བསླང་གི་ཚུལ་དུ་བཞེངས་ནས་རྣམ་སྣང་མི་བཞི་རྒྱབ་སྤྱོད་ཀྱི་ཚུལ་དུ་མཛད། དེ་དུས་ཡོ་གའི་སྐོར་ཤཱཀྱ་བཤེས་གཉེན་གྱི་ལུགས་གཙོ་ཆེ་བས་རྣམ་སྣང་རྒྱབ་སྤྱད་དུ་མཛད་ཅིང་། སངས་རྒྱས་གསང་བའི་ལུགས་དབང་རྒྱུན་ཅུང་ཟད་བི་མ་ལ་ནས་ཡོད་སྲིད་ཙམ་ཡིན་གསུངས། ཁྲི་ལྡེ་སྲོང་


CMR021_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེའུ་བཙན་དུས་སུ་པཎྜི་ཏ་ཞི་བ་སྙིང་པོ་དང་། ལོ་ཙཱ་བ་ཀ་བ་དཔལ་བརྩེགས་སོགས་སད་མི་བདུན་གྱིས་བསྒྱུར་བ་ལས། ཁྲི་རལ་དུས་རྨ་རིན་ཆེན་མཆོག་གིས་སྐད་གསར་བཅད་ཀྱིས་བཅོས་ཏེ་གཏན་ལ་ཕབ་པའི་རྒྱུད་འབུམ་ཕལ་ཆེར་ན་བཞུགས་ལ། དུས་ཕྱིས་ལོ་ཙཱ་བའི་འགྱུར་དང་འཇམ་རལ་གྱི་འགྱུར་སོགས་མང་དུ་བྱུང་ངོ་། །སྦྱོང་རྒྱུད་ཀྱི་འགྲེལ་ཆེན་གཞུང་སྟོང་ཕྲག་བཅུ་གཉིས་པ་ཞིག་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་ནི་བོད་དུ་མ་འགྱུར་ལ། ཡེ་ཤེས་འོད་འཕྲོས་མཛད་པའི་ཀུན་རིག་དཀྱིལ་ཆོག་དང་། ཀུན་རིག་དཀྱིལ་ཆོག་སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་ལས་ཇོ་བོ་སྨྲ་ཏིའི་མཛད་ཟེར་བ་ཞིག་དང་། ཆགས་མེད་རྒྱལ་པོས་མཛད་པའི་ཞི་བའི་སྦྱིན་སྲེག་དང་ཞི་བ་སྙིང་པོས་མཛད་པའི་མཆོག་ཆེན་གདབ་པའི་ཆོ་ག་དང་། ཀུན་སྙིང་གིས་མཛད་པའི་སྒྲུབ་ཐབས་སྤྱི་ཏིས་བསྒྱུར་བ་དང་། ཀུན་སྙིང་གིས་མཛད་པའི་རོ་སྲེག །གཞན་ཡང་དྷརྨ་ཀཱིརྟིས་མཛད་པ་དང་། སྐལ་བཟང་དགའ་བས་མཛད་པ་སོགས་རྒྱ་གཞུང་ཚད་ལྡན་མང་པོ་བོད་དུ་འགྱུར་རོ། །སྦྱོང་རྒྱུད་ཀྱི་འགྲེལ་པ་ནི་རྒྱ་འགྲེལ་ཡིན་པ་ལ་བོད་འགྲེལ་དུ་འདོད་པ་ལ་ལས་


CMR021_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

གཟི་བརྗིད་བཤད་པ་ཞེས་མཛད་བྱང་མེད་པ་ཞིག་དང་། མཛེས་པའི་རྒྱན་ཞེས་ཀུན་སྙིང་གིས་མཛད་པར་འཁྱམས་ལོ་ཙཱ་བས་མཛད་པ་ཡིན་ཡང་ཟེར་བ་དང་། དེ་ཉིད་སྣང་བའི་རྒྱན་ཞེས་ཀུན་སྙིང་གིས་མཛད་པ་ལ་ལས་སྲས་ལི་ཅུང་གིས་བྱས་པ་ཡིན་ཡང་ཟེར་བ་དང་། ཟང་དཀར་གྱིས་བྱས་པ་དང་འགྲེལ་ཆེན་བཞི་འདི་ས་ལུགས་ཀྱིས་ཅུང་ཟད་མ་དག་པར་འདོད་ཀྱང་རྗེ་ཆོས་གྲགས་རྒྱ་མཚོའི་ཚད་མར་མཛད་དོ། །ཀུན་སྙིང་གིས་མཛད་ཟེར་བའི་གསལ་སྒྲོན་དང་། རང་ཟོམ་ཆོས་བཟང་གིས་མཛད་པ་དང་། འབྲུ་འགྲེལ་ཞེས་བྱ་བ་རྣམས་འགྲེལ་པ་རྙིང་པ་ཡིན་ལ། ཕྱིས་མི་བསྐྱོད་ཞབས་སོགས་གྲུབ་མཐའ་སོ་སོའི་བླ་མ་མང་པོས་འགྲེལ་པ་སོ་སོར་མཛད་དོ། །དེ་ཡང་བསྟན་པ་སྔ་དར་དུས་སངས་རྒྱས་གསང་བའི་གསུང་ལ་ཟིན་བྲིས་བྱས་པ་འབྲུ་འགྲེལ་རྒན་པོ་ཞེས་པའི་རྗེས་སུ་འབྲང་བའི་བཤད་སྲོལ་ཡང་འབྱུང་། བསྟན་པ་ཕྱི་དར་དུས་མངའ་རིས་སྟོད་དུ་བོད་ཆོས་རྒྱལ་གྱི་རྒྱལ་བརྒྱུད་ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་གཉིས་ཀྱི་སྐུ་རིང་ལ། སྔགས་པ་རྣམས་སྔགས་ལུགས་ཡིན་ཟེར་ནས་སྤྱོད་པ་བག་མེད་བྱས་པ་ལ་རྒྱལ་པོ་སྔགས་ལ་ཡིད་མ་ཆེས་ནས། ཁྱེའུ་ཉི་


CMR021_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་རྩ་གཅིག་ལོ་ཙཱ་བསླབ་ལ་གསེར་མང་པོ་བསྐུར་ནས་ཁ་ཆེར་བརྫངས་ནས། སྔགས་རྩད་གཅོད་ལ་བཏང་ནས་ལོ་ཆེན་རིན་ཆེན་བཟང་པོ་དང་། ལོ་ཆུང་ལེགས་པའི་ཤེས་རབ་གཉིས་མ་གཏོགས་ཐམས་ཅད་ཚད་པས་ཤི། ལོ་ཆེན་གྱིས་པཎྜི་ཏ་པདྨ་ཀ་ར་ཝརྨ་དང་སངས་རྒྱས་ཞི་བ་སོགས་ལས་གསན་ནས། ཡོ་གའི་སྐོར་མང་དུ་བསྒྱུར། པཎྜི་ཏ་ཤདྷ་ཀ་ར་ཝརྨ་བོད་དུ་སྤྱན་དྲངས་ནས་ཡོ་གའི་སྐོར་ཤིན་ཏུ་དར་བར་མཛད། འོན་ཀྱང་དེ་དུས་ཀུན་སྙིང་གིས་མཛད་པའི་འགྲེལ་པ་དེ་ཉིད་སྣང་བའི་རྒྱ་དཔེ་མ་རྙེད་ནས། འགྲེལ་པ་ཤཱཀྱ་བཤེས་གཉེན་གྱི་ཀོ་ས་ལའི་རྒྱན་དང་བསྟུན། ཕྱག་ལེན་དཀྱིལ་ཆོག་ནི་རྡོ་རྗེ་འབྱུང་བ་ལ་བྱེད་ཅིང་བརྒྱུད་པ་ནི་ཀུན་དགའ་སྙིང་པོ་ནས་འདེད། རྣམ་སྣང་མི་བཞི་རྒྱབ་སྤྲོད་དུ་བྱེད་ཅིང་ཆུ་དབང་གི་དག་པ་རྣམས་སུ་འཆད་པ་སོགས་ཤཱཀྱ་བཤེས་གཉེན་དང་ཀུན་སྙིང་གི་ལུགས་གཉིས་འདྲེས་པས། ལོ་ཆེན་གྱི་སྐུ་ཚེའི་སྟོད་ཡིན་ཀྱང་ལུགས་ཅུང་ཟད་མི་ལེགས་པ་དང་། དབུས་གཙང་སྨད་ངོས་སུ་དར་བའི་ཡོ་ག་སྨད་ལུགས་ཟེར། དེ་ནས་རེ་ཞིག་ན་བལ་པོའི་ཚང་ཕ་ལས་འགྲེལ་པ་དེ་ཉིད་སྣང་བའི་རྒྱ་དཔེ་བྱུང་སྟེ། རྒྱ་གར་ཤར་ཕྱོགས་པཎྜི་


CMR021_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་དྷརྨ་པ་ལ་ཚད་པས་བསྙུང་བ་ལ། གངས་རི་ཡོད་སར་བྱོན་ན་ཕན་པར་སྨན་པས་ལུང་བསྟན་པས། གངས་ཏི་སེར་བྱོན་ཞོར་མངའ་རིས་སུ་ཕེབས་ཏེ། ལོ་ཆེན་རིན་ཆེན་བཟང་པོས་ཀུན་སྙིང་ལུགས་ཀྱི་གདམས་པ་ཕྱག་ལེན་རྫོགས་པར་ཞུས། འགྲེལ་པ་ཡང་དེ་ཉིད་སྣང་བ་ལ་མཛད་དེ། རྣམ་སྣང་ཞལ་བཞི་པར་བཞེད། འདི་ལོ་ཆེན་གྱི་སྐུ་ཚེའི་སྨད་ཡིན་ཀྱང་ཀུན་སྙིང་ལུགས་སོར་བཞག་པ་ཡིན་པས་ལེགས་པ་དང་སྟོད་མངའ་རིས་སྐོར་གསུམ་དུ་དར་བས་ཡོ་ག་སྟོད་ལུགས་ཟེར། འགའ་ཞིག་གིས་སྨད་ལུགས་ལེགས་པས་སྟོད་ལུགས་མི་ལེགས་པས་སྨད་ལུགས་ཡིན་ཡང་ཟེར་རོ། །ཇོ་བོ་རྗེའི་བཤད་སྲོལ་གནུབས་ལུགས་སུ་གྲགས་པ་དང་། རིན་ཆེན་བཟང་པོའི་བཤད་སྲོལ་དང། མནའ་མཆེན་གྱི་བཤད་པ་དང་གསུམ་བྱུང་སྟེ། རྩིང་ཞིབ་ཅུང་ཟད་ཆོ་ག་གོང་འོག་མ་གཏོགས་དོན་ལ་འདྲའོ། །དེ་ཡང་བོད་འདིར་སྦྱོང་རྒྱུད་ཀྱི་ཆོ་ག་རྒྱུད་འགྲེལ་སྒྲུབ་ཐབས་སྨྲི་ཏིས་བསྒྱུར་བའི་གཙོ་བོར་གཞུང་གཙོ་བོ་བྱ། སྦྱོང་རྒྱུད་ཀྱི་འགྲེལ་པ་སྣང་རྒྱན་དང་མཛེས་རྒྱན་གཉིས། ཀུན་སྙིང་གིས་མཛད་པར་གྲགས་པའི་གསལ་སྒྲོན། གཞན་ཡང་རྒྱ་འགྲེལ་འགའ་ཞིག་དང་།


CMR021_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་ཆོག་རྣམས་ལ་ཆོ་ག་ཞིབ་མོས་འགྲེལ་པ་དང་། རྡོར་དབྱིངས་ནས་ཀྱང་ཁ་བཀང་། གཤིན་དོན་གྱི་ཆོ་ག་རྣམས་ཀུན་སྙིང་གི་རོ་སྲེག་ཆོ་ག་དང་། དྷརྨ་ཀིརྨིས་མཛད་པ་དང་། སྐལ་བཟང་དགའ་བས་མཛད་པ་གསུམ་གཙོ་བོར་བྱས། ཀཱ་མ་དྷེ་ནུ་དང་། རབ་འབྱོར་སྐྱོང་གི་ཆོ་ག་རྣམས་ལའང་གཏུགས་ནས་ཀུན་རིག་ཆེན་མོ་མཛད་པ་ལ་རྒྱས་བསྡུས་མཚལ་སེར་ཕྱེ་རྒྱུ་ཡོད་པ་ལས།་མི་བསྐྱོད་ཞབས་ཀྱིས་བསྡུས་པའི་དེ་ཟུར་དུ་བཀོད་ནས་དགེ་བའི་བཤེས་གཉེན་བྱམས་པ་གླིང་པས་མཛད་པའི་མན་ངག་གིས་ཁ་རྒྱན་པར་མཛད་ནས། ཕྱིས་སྐུ་གཤེགས་ཁ་རྗེ་མི་བསྐྱོད་རྡོ་རྗེའི་ཞལ་ནས། རྗེ་ཆོས་གྲགས་རྒྱ་མཚོས་མཛད་པའི་ཀུན་རིག་གི་ཆོ་ག་འདི་ལ་རྒྱས་འབྲིང་བསྡུས་གསུམ་བྱེད་རྒྱུ་འདུག་པའི་བསྡུས་པ་དེ་ཟུར་དུ་བཀོལ་བའི་ཆོ་ག་བསྒྲིགས་པ་ངེད་རང་གིས་བརྩམས་པ་སྔ་མ་འདིའི་མཛད་བྱང་སྤོས་པ་ཞིག་མཛད་གསུངས་པའི་བཀའ་ཡོད་པ་བཞིན་དུ། ཀུན་རིག་ཆོ་ག་རྣམ་གྲོལ་སྒོ་ཆེན་མི་བསྐྱོད་ཞབས་ཀྱིས་བརྩམས་པའི་ཆོག་བསྒྲིགས་དེ་དཀོན་མཆོག་ཡན་ལག་གིས་མཛད་ནས་པར་དུ་བསྒྲུབས། དེས་ན་རྣམ་གྲོལ་སྒོ་ཆེན་འདི་ཡབ་སྲས་གཉིས་ཀའི་


CMR021_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་གཅིག་ཏུ་གཏད་ནས་བརྩམས་པ་ཡིན་པས་བྱིན་རླབས་ཆེའོ། །འདི་ཡོ་ག་སྟོད་ལུགས་སྨད་ལུགས་གཉིས་ཀ་དང་མི་འགལ་ཞིང་། དངོས་བསྟན་ནི་ཡོ་ག་སྟོད་ལུགས་གཙོ་ཆེ་སྟེ་རྣམ་སྣང་སྐུ་གཅིག་ཞལ་བཞི་ཡིན་པའི་ཕྱིར་རོ། །ཀུན་སྙིང་གིས་མཛད་པའི་སྒྲུབ་ཐབས་སྤྱི་ཏིས་བསྒྱུར་བའི་རྒྱ་གཞུང་ཚད་ལྡན་ཡིན་མིན་ཐེ་ཚོམ་ཟེར་མཁན་འགའ་རེ་བྱུང་ཡང་། ཀུན་སྙིང་གི་རོ་སྲེག་ཆོ་ག་དང་རྒྱས་འདེབས་སོགས་ཕལ་ཆེར་ཚིགས་བཅད་གཅིག་པར་སྣང་ཞིང་། ཀུན་སྙིང་དང་སངས་རྒྱས་གསང་བ་དང་ཨ་ནན་ས་ར་ཧ་སོགས་ཀྱིས་མཛད་པའི་གཙུག་དགུའི་ཆོ་ག་ལ་སོགས་དང་ཡང་ཚིགས་བཅད་མཐུན་པའི་ཕྱིར་རྒྱ་གཞུང་རྣམས་གསུངས་སོ། །བརྒྱུད་པ་ནི་ཨ་ཏི་ཤ་ནས་བརྒྱུད་པ་དང་། ལོ་ཆེན་རིན་ཆེན་བཟང་པོ་ནས་བརྒྱུད་པ་དང་། ཁ་ཆེ་པཎ་ཆེན་ནས་བརྒྱུད་པ་དང་། ཆགས་ལོ་ཙཱ་བ་ཆོས་རྗེ་དཔལ་ནས་བརྒྱུད་པ་རྣམས་ལས། དང་པོ་ནི་རྫོགས་སངས་རྒྱས་རྣམ་པར་སྣང་མཛད། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། རབ་འབྱོར་སྐྱོང་། ཀུན་དགའ་སྙིང་པོ། ཤེས་རབ་སྙིང་པོ། གོ་མའི་དགེ་བསྙེན། ཤཱཀྱ་ཡེ་ཤེས། ཇོ་བོ་རྗེ། གོ་མི་བྷོ་


CMR021_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན། སྐྱི་ནོར་ཛྷཱ་ན། གཉལ་པ་ཉི་མ་འབུམ། སྣུར་ཉི་མ་འོད་ཟེར། རྩ་སྐྱ་པ་སྟོན་གྲགས། ཤཱཀྱ་འབུམ། འཇམ་པ་རིན་ཤེ། ལོ་མཆོག་དཔལ་ལྡན་སེང་གེ །བུ་སྟོན་ལག་ན་སྣང་མཛད། ཕྱག་རྡོར། རབ་གསལ་ཟླ་བ། སྒྲ་གཅན་འཛིན། ཀུན་སྙིང་། པྲཛྙཱ་པ་མི་ཏི། མུ་སྟེགས་ཀོ་ཥ། དྷརྨ་པ་ལ། ཇོ་བོ་རྗེ། དེ་པ་བྷཻ་ཆེན། སྐྱི་ནོར་ཛྷཱ་ན། གཉལ་པ་ཉི་ཤེ། སྣུར་ཉི་མ། གཤིན་རྡོར་སེང་གེ །གླན་ཆོས་འབྱུང་པ། སུམ་སྟོན་ཤཱཀྱ་འབུམ། འཇམ་པ་རིན་ཤེ། ཡང་རྩེ་བ་རིན་སེང་། ཀུན་མཁྱེན་བུའོ། །དེ་གཉིས་ཇོ་བོ་ནས་བརྒྱུད་པ་ཡིན་ལ། ལོ་ཆེན་རིན་ཆེན་བཟང་པོ་ནས་བརྒྱུད་པ་ནི། ཀུན་སྙིང་ཡན་གོང་ལྟར་ལས། དེ་བཞིན་གཤེགས་པའི་རྡོ་རྗེ། ཤདྷ་ཀ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ། གྲགས་པ་འབྱོར་ཤེས། བུམ་སྟོན་མེ་འབར། གཉེན་ཚུལ་འབར། ཐོད་པ་དབེན་ཚ་གྲགས། རི་ལུང་ཁུག་པ་ཆོས་མགོན། བླ་མ་བློ་ལྡན་སེང་གེ །ཀུན་ཆེན་འཕགས་འོད། བུ་སྟོན་རིན་པོ་ཆེ། ཁ་ཆེ་པཎ་ཆེན་ནས་བརྒྱུད་པའི། བྱང་ཆུབ་སེམས་


CMR021_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སྤྱན་རས་གཟིགས། སློབ་དཔོན་དཔའ་མཛད་མཚོ། རིན་འབྱུང་ཁིད་བ། བྷ་ཀ་ར་ཚད་ཚད། རྡོ་རྗེ་གདན་པ། ཝིཀཱ་ར་དྷེ་ཝ། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། བི་བྷུ་དྷེ་ཙཎྜ། གཡག་སྡེ་ལོ་ཙཱ་བ། ལོ་ཙཱ་བ་མཆོག་ལྡན། རོང་པ་དཔལ་ལྡན་སེང་གེ །ཀུན་མཁྱེན་བུ་སྟོན། ཆགས་ལོ་ཙཱ་ནས་བརྒྱུད་པ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད། སློབ་དཔོན་ཛི་ཏ་རི། སློབ་དཔོན་ཀུན་དགའ་སྙིང་པོ། རབ་འབྱོར་སྐྱོང་། ནཱ་ཡཱ་ཀཾ། མེ་ཏྲི་པ། རྡོ་རྗེ་གདན་པ། ནི་པ་ལོ། ཀ་ལམ་ག་དེ་ན། རེ་ཝཎྜ། ཚགས་ཆོས་རྗེ་དཔལ། གཡག་སྡེ་ལོ་ཙཱ་བ། ལོ་ཙཱ་བ་མཆོག་སྟོན། དཔལ་ལྡན་སེང་གེ །བུ་སྟོན་རིན་ཆེན་གྲུབ། དེ་ལྟར་བུ་སྟོན་རིན་པོ་ཆེ་ལ་བརྒྱུད་པ་ལྔ་འདུས་པ་ལས། དེ་ནས་ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། ཞ་ལུ་ལོ་ཙཱ་བ་སྟེ་སློབ་དཔོན་ཙཎཱ་པ་ཞེས་ཀྱང་བྱའོ། །དེས་ཀརྨ་པ་མཐོང་བ་དོན་ལྡན། འཇམ་དཔལ་བཟང་པོ། ཆོས་གྲགས་རྒྱ་མཚོ། སངས་རྒྱས་མཉན་པ་རས་ཆེན། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག །རྒྱལ་ཚབ་གྲགས་པ་དོན་གྲུབ། སི་ཏུ་ཆོས་ཀྱི་རྒྱལ་མཚན། ངག་


CMR021_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

དབང་འཇིགས་མེད་གྲགས་པ། དེས་ཨ་རཱ་ག་ལའོ། །ཡང་ཆོས་གྲགས་རྒྱ་མཚོ་ནས། སི་ཏུ་བཀྲ་ཤིས་དཔལ་འབྱོར། རྗེ་ཀརྨ་ཕྲིན་ལས་པ། མི་བསྐྱོད་རྡོ་རྗེ༔ དཀོན་མཆོག་ཡན་ལག །དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །བླ་མ་ཝོལ་ཝ་པ། དེས་བདག་ཨ་རཱ་ག་ལའོ། །ཡང་ཀརྨ་ཕྲིན་ལས། གཙུག་ལག་ཕྲེང་བ། དཀོན་མཆོག་འབངས། རྗེ་དབང་ཕྱུག་རྡོ་རྗེ། གར་དབང་ཆོས་ཀྱི་དབང་ཕྱུག །བླ་མ་ཝ་རྒན། དེས་བདག་ཨ་རཱ་ག་ལའོ། །ཡང་སི་ཏུ་ཆོས་ཀྱི་རྒྱལ་མཚན། རྩ་བའི་བླ་མ་ལའོ། །ཆོ་གའི་ལུང་རྒྱུན་ནི་གོང་ལྟར་ལས། དབང་ཕྱུག་རྡོ་རྗེ། ཟུར་རི་དྲུང་པ་བདེ་མཆོག །རྩ་བའི་བླ་མའོ། །ཨེ་མ་གཟི་བརྗིད་རྒྱལ་པོ་བརྟག་པའི་དོན། །རྒྱ་གཞུང་བོད་གཞུང་མང་པོ་ཀུན་གྱི་བཅུད། །མཁས་གྲུབ་བླ་མ་རྣམས་ཀྱི་ཕྱག་ལེན་རྒྱུན། །གཅིག་ཏུ་བསྡེབས་པ་རྣམ་གྲོལ་སྒོ་ཆེན་ལ། །ཉེ་བར་མཁོ་བའི་སྤྱི་དོན་བསྡུས་པ་འདི། མཁས་མཆོག་རྣམས་ལ་དགྱེས་པ་བསྐྱེད་མ་ནུས། །འོན་ཀྱང་ཁུང་བུ་ཆུང་ངུར་འཇུག་པའི་ཚེ། །བྱ་རྒྱལ་ཁྱུང་ལས་བྱེ་མ་ལེབ་ཉིད་མཆོག །དེ་བཞིན་བདག་འདྲ་རྨོངས་པའི་གང་


CMR021_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་ལ། །འགྲེལ་ཆེན་མཐོང་བ་གླེགས་བམ་མཐོང་ནས་སྐྱག །གོ་བ་མི་ཐོབ་ཚར་གཅིག་ཀློག་མི་ནུས། །འོན་ཀྱང་རྒྱུད་དོན་ལོ་རྒྱུས་ཤེས་ནི་འདོད། །དེ་ཕྱིར་སྦྱོང་རྒྱུད་གསུང་ཚུལ་ངོས་འཛིན་པ། །རྒྱ་དང་བོད་དུ་ཇི་ལྟར་བརྒྱུད་པའི་ཚུལ། །རྒྱ་གཞུང་བོད་གཞུང་ཆོ་གའི་བརྩམ་ལུགས་དང་། །ཡོ་ག་སྟོད་ལུགས་སྨད་ལུགས་ངོས་འཛིན་དང་། །དབང་ལུང་བརྒྱུད་རིམ་རབ་ཏུ་གསལ་བ་འདི། །བདག་འདྲའི་རྨོངས་པ་གཞན་ལའང་ཕན་སྲིད་སྙམ། །ཚིག་ཉུང་དོན་འདུས་གོ་བདེའི་ཚིག་གིས་བྲིས། །འདི་ལ་འགལ་འཁྲུལ་ནོངས་པ་ཅི་མཆིས་པ། །མ་གྱུར་འགྲོ་བའི་སྡིག་དང་ལྷན་ཅིག་བཤགས། །དགེ་འབྲས་མཆིས་ན་མ་གྱུར་སེམས་ཅན་རྣམས། །བདེ་ཆེན་དག་པའི་ཞིང་དུ་སྐྱེ་ཕྱིར་བསྔོ། །དེ་སྐད་སྨྲ་བ་རྭ་གའི་མིང་ཅན་ནོ། །བཀྲ་ཤིས་པར་ཤོག། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་མགྱོགས་དབང་གི་ཆོ་ག་གཞན་ཕན་རྒྱ་མཚོ།


CMR021_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་མགྱོགས་དབང་གི་ཆོ་ག་གཞན་ཕན་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།། ཤུ་བྷཾ།།


CMR021_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་སརྦ་བིད་ཡེ། ཐམས་ཅད་ཀུན་མཁྱེན་དཔལ་ལྡན་བླ་མ་དང་། །དཀྱིལ་འཁོར་བཅུ་གཉིས་ལྷ་ལ་ཕྱག་འཚལ་ནས། །དེ་ཡི་མགྱོགས་དབང་བསྐུར་ཐབས་སྟབས་བདེར་བརྗོད། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །རས་བྲིས་འགྲིམ་དཀྱིལ་ཚོམ་བུ་གང་འབྱོར་ཀུན་རིག་ལྟར་བཤམས། སྔོན་འགྲོ་བྱེད་ན་ཀུན་རིག་ལྟར་རམ། མ་བྱས་པར་ཆོག་པ་རྫོགས་ཕྲེང་གསུངས། མཆོད་པ་བྱིན་བརླབ་ནི། ཨོཾ་བཛྲ་ཡཀྵ་ཧཱུཾ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷར༔སྭ་བྷཱ་ཤུདྡྷོཉཧཾ། གིས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་


CMR021_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཡིག་དཔག་ཏུ་མེད་པ་ལས་བྱུང་བའི་རྡོ་རྗེའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་རོལ་མོ་ལ་སོགས་པའི་མཆོད་རྫས་དངས་ཤིང་ཐོགས་པ་མེད་པ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་ཐར་ལས་བྱུང་བའི་མཆོད་པའི་སྤྲིན་ལས་ཀྱང་ཆེས་ཆེར་ལྷག་པ་རབ་འབྱམས་ནམ་མཁའི་མཐའ་ཀླས་པ་རྒྱས་པར་འགེངས་ཤིང་འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་རྒྱུན་མི་འཆད་པར་འབྱུང་བས་འཕགས་པ་རྣམས་མཉེས་པར་བྱེད་པའི་རང་བཞིན་ཅན་དུ་གྱུར། ཐལ་མོ་ཁོང་སྟོང་སྦྱར་བ་ནམ་མཁའ་མཛོད་


CMR021_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱས། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སཱུ་ར་སཱུ་ར་ཨཱཿ་ཝརྟ་ཨཱཿ་ཝརྟ་ཡ་ཧོཿ ཨོཾ་བཛྲ་སྤ་ར་ཎ་ཁཾ། ཨོཾ་སརྦ་བིད་ཨརྒྷཾ་ཨཱཿ༔ཧཱུཾ། པཱདྱཾ། པུཥྤེ། དྷུ་པེ། ཨཱཿ་ལོ་ཀེ། གྷནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཿ༔ཧཱུྃ། སྐྱབས་སེམས་ནི། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་པ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་བའི་ཆེད་དུ་བཅོམ་ལྡན་འདས་ཀུན་རིག་གི་ཆོ་ག་ཉམས་སུ་བླང་བར་བྱའོ། །རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་སྨྲེ་མོ་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་


CMR021_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ས་བོན་རང་མདོག་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་ཎེའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁའི་གནས་སུ་ཨོཾ་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷུན་མསརྦ་ཏ་ཐཱ་ག་ཏ་མཎྜལ་ས་པཱ་རི་ཝཱ་ར་བྷྱོཿ ཨོཾ་སརྦ་ཏ་ཐཱ་ག་ཏ་མཎྜལ་ས་པཱ་རི་ཝཱ་ར་ཨབྷཾ་སོགས། དབང་མེད་བདག་གིས་མི་དགེ་བགྱིས་པ་དང་། །རྗེས་སུ་ཡི་རང་ཡང་ན་བགྱིད་རྩལ་གང་། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔར་ད་ལྟ་མ་ལུས་སོ་སོར་བཤགས། །བདེ་གཤེགས་སྲས་ཀྱི་ཚོགས་གཉིས་ཟབ་པ་དང་། །རྒྱ་ཆེན་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་ལས་གཞན་ལ་ཡང་། །རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ་། །ཐུགས་རྗེས་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིང་། །བློས་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་ནང་བཞུགས་པའི། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་སྟེ། །དམན་པས་འཇིགས་པ་རྣམས་ཀྱི་རྒྱལ་བྱེད་ཚལ། །


CMR021_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའི་འབྱོར་པ་ཟིལ་གྱིས་གནོན་པའི་མཆོག །གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྦྲུལ་གྱིས་དུག་བཅོམ་ཞིང་། །བློ་གྲོས་རྣམ་དག་།ཐུགས་རྗེ་ལྡན་པ་ཡི། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་མཆི་ཞིང་། །སྲིད་དང་བྲལ་བ་རྣམས་ལའང་བདག་ཕྱག་འཚལ། །རྒྱུ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་སྟོབས་ཀྱིས་དགྲ་ལས་རྒྱལ་གྱུར་པའི། །སྙིང་རྗེའི་རྩ་བ་ཟུག་ཅིང་ཡང་དག་རྟོགས། །མཉམ་ཉིད་བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པའམ། །ཡང་ན་ཡོངས་སུ་བསྐྱབ་པར་བྱ་ཕྱིར་རམ། །རང་གི་སེམས་ནི་དག་པར་བྱ་བའི་ཕྱིར། །འདི་དག་ཐམས་ཅད་རྩ་སོགས་བཞིན་དུ་བཏང་། །དེ་བཞིན་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་བླ་ན་མེད་པ་ནི། །བདག་དང་གཞན་རྣམས་དག་པར་བྱ་བའི་ཕྱིར། །སྐད་ཅིག་རེ་རེར་ཞིང་ཡང་བསྒོམ་པར་བགྱི། །བདེ་བར་གཤེགས་པ་སྔགས་ལ་མཁས་པ་ཡི། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བ་འདི་ཡིས་ཐོབ་པར་བྱ་བའི་ཕྱིར། །ཁྱད་འཕགས་གནས་


CMR021_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བདག་ནི་གནས་པར་བགྱི། །བཛྲ་མུཿ ཚོགས་ཞིང་རང་བཞིན་གྱི་གནས་སུ་གཤེགས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ཨོཾ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉཧཾ། སྟོང་པའི་ངང་ལས་འོག་ཏུ་སྲ་ཞིང་མཁྲེགས་ལ་དུམ་བུ་གཅིག་ཏུ་གྱུར་པའི་རྡོ་རྗེའི་ས་གཞི་དང་། དེའི་འོག་ཏུ་རྡོ་རྗེའི་རྭ་བ་དང་། སྟེང་དུ་རྡོ་རྗེའི་མདའི་དྲྭ་བ་དང་། དེའི་འོག་ཏུ་རྡོ་རྗེའི་བླ་བྲེ་དང་། ཕྱི་རོལ་ཐམས་ཅད་དུ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་དང་བཅས་པའི་རྡོ་རྗེའི་གུར་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་། ཀུན་རིག་གི་ཕྱི་ཆ་ལ། ཨ་ཀཱ་རོ་མུ་བརྗོད། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་རཾ་བཾ་ལཾ་སུཾ་ལས་རླུང་མེ་ཆུ་ས་རི་རབ་རྣམས་རིམ་བརྩེགས་ཀྱི་སྟེང་དུ། རྡོར་བསྡམས་བརྐྱངས་བ་ཁ་སྦུབ་པ་བཞག །ཨོཾ་བཛྲ་དྲིནྟོ་མེ་བྷ་ཝ་བྷནྡཱ་རཀྟ་སརཾ་སྭཱ་ཧཱ། སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པའི་


CMR021_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཀྱི་ཁང་པ་ཕྱི་ནང་གཉིས་ནི་གྲུ་བཞི་སྒོ་བཞི། དཀར་སྔོ་དམར་ལྗང་སེར་བས་རྩིག་པ་རིམ་པ་ལྔ་ལྔ་དང་ལྡན་པའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོ། དེའི་སྟེང་དུ་རིན་པོ་ཆེའི་བྲེ་ཕུལ་གྱིས་བཏེག་པའི་རིན་པོ་ཆེའི་དྲྭ་བ་དྲྭ་ཕྱེད་འཕྱངས་བ་ལ་ཤར་བུ་དང་མདའ་ཡབ་ཀྱིས་མཛེས་པ། སྒོ་བཞི་སོ་སོར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཅུ་གཅིག་བཅུ་གཅིག་དང་ལྡན་པའི་སྟེང་དུ་པདྨ་ལ་གནས་པའི་ཆོས་འཁོར་དང་གདུགས་དང་གཡས་གཡོན་དུ་རི་དྭགས་ཕོ་མོ། རྟ་བབས་ཀྱི་སྣམ་བུ་སོ་སོ་དང་། གཞལ་ཡས་ཁང་གི་ལོགས་དང་ཟུར་རྣམས་སུ་གདུགས་དང་རྒྱལ་མཚན་དང་འཕན་དང་གོས་དང་མེ་ཏོག་གི་ཕྲེང་བ་དང་། ཟླ་བ་རླུང་གིས་བསྐྱོད་པ་དང་རྔ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་པ་རྒྱན་དུ་མས་བརྒྱན་ཅིང་འཇིག་རྟེན་པའི་འཁོར་ཡུག་དང་། རྡོ་རྭ་འོད་ཟེར་གྱི་ཕྲེང་བ་དང་བཅས་པས་བསྐོར་བའི་རྩ་བའི་དཀྱིལ་འཁོར་གྱི་ལྟེ་བ་ལེའུ་ཚེ་དགུ་པའི་ཕྱོགས་བཞི་ནས་རྡོ་རྗེ་རིན་པོ་ཆེ་པདྨ་སྣ་ཚོགས་རྡོ་རྗེས་མཚན་པའི་ཀ་བ་བརྒྱད་ཀྱིས་བཏེག་པའི་རྡོ་རྗེའི་གདུང་ཟླུམ། དེའི་སྟེང་དུ་གདུང་བཞི་མིག་མང་རིས་སུ་བྲིས་


CMR021_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཛེས་པར་ཕུབ་པའི་དབུས་ཕྱུར་བུར་གྱུར་པའི་རྩེ་མོར་ནོར་བུ་ཏོག་གིས་སྤྲས་པ། ཕྱི་ནང་གཉིས་ཀའི་སྟེང་འོག་ཐམས་ཅད་ཤར་སྔོ། ལྷོ་སེར། ནུབ་ཡིདམར། བྱང་ལྗང་། དབུས་དཀར་བའི་དབུས་སུ་ཆོས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བཅུ་དྲུག་པའི་ལྟེ་བ་རེའུ་མིག་དགུ་པའི་དབུས་སུ་སོ་ལས་སེང་གེ །ཤར་དུ་གོ་ལས་གླང་ཆེན། །ལྷོར་པཾ་ལས་རྟ་མཆོག །ནུབ་ཏུ་མཾ་ལས་རྨ་བྱ། བྱང་དུ་ཨོཾ་ལས་མཁའ་ལྡིང་གི་ཁྲི། ལྷ་ཐམས་ཅད་ཀྱི་གནས་སུ་ཧཱུྃལས་སྣ་ཚོགས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གདན་དབུས་མའི་སྟེང་དུ་ཨཱཿ་ལི་གཡོན་བསྐོར་ཞུ་བ་ལས་ཤེས་རབ་ཀྱི་ཟླ་བའི་སྟེང་དུ་ཀཱ་ལི་གཡས་བསྐོར་ཞུ་བ་ལས་ཐབས་ཀྱི་ཟླ་བ་དེ་གཉིས་ཀྱང་འོད་དུ་ཞུ་བ་ལས། ཨོཾ་ཤོ་དྷ་ནེ་སོགས། ཡིག་འབྲུ་དེ་རྣམས་ལས་འོད་ཟེར་འཕྲོས།། མཛད་པ་བཅུ་གཉིས་ཀྱི་སྒོ་ནས་འགྲོ་དོན་མཛད། འོད་ཟེར་ཚུར་འདུས་ཡིག་འབྲུ་ལ་ཐིམ་ཡོངས་སུ་གྱུར་པ་ལས་དང་པོའི་རྡོ་རྗེ་རྩེ་ལྔ་པ་དེ་ལས་རང་ཉིད་བཅོམ་ལྡན་འདས་ཀུན་རིག་དུང་དང་ཀུན་དའི་ཟླ་བའི་མདོག་ཅན་ཞལ་བཞི་དཀར་བ་ཞི་བས་གཟིགས་པ། ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱས་རྡོ་རྗེ་དཀར་པོ་རྩེ་ལྔ་


CMR021_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྣམས་ཤིང་དར་ལའི་སྟོད་གཡོགས་དང་སྨད་གཡོགས་ཅན། རིན་པོ་ཆེའི་བརྒྱན་དང་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་འཁོར་ལོས་སྒྱུར་བའི་ཆ་བྱད་ཅན། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་ཉི་མའི་རྒྱབ་ཡོལ་མངའ་བར་གྱུར། དེའི་ཐུགས་ཀར་ཟླ་བའི་གདན་ལ་རྩ་རིག་གི་དབུས་སུ་ཧཱུྃ་ཧཱུྃ་ཧཱུྃཨཱཿཋརྣམས་ལས་འོད་འཕྲོས། འགྲོ་དོན་བྱས་འདུས་པ་ལས་སྦྱོང་བའི་རྒྱལ་པོ་དཀར་དམར་ས་གནོན་མཉམ་བཞག་མཛད་པ། རྒྱལ་མཆོག་རིན་ཆེན་སྔོན་པོ་མཆོག་སྦྱིན་མཉམ་བཞག་མཛད་པ། ཤཱཀྱ་རིགས་དབང་དམར་སེར་མཉམ་བཞག་མཛད་པ། མེ་ཏོག་ཆེར་རྒྱས་ལྗང་གུ་སྐྱབས་སྦྱིན་མཉམ་བཞག་མཛད་པ་སྟེ་དེ་བཞིན་གཤེགས་པ་བཞི་ཞི་བའི་གཟིགས་སྟངས་ཅན་དར་དང་རིན་པོ་ཆེའི་བརྒྱན་པ། ཨོཾ་ཤོ་དྷ་ནི་ཤོ་དྷ་ཡ་སརྦ་ཨ་པཱ་ཡ་ཧཱུྃ། དེ་བཞིན་དུ། ཧཱུྃ་ཧྲཱིཿཝཨཱཿ༔ ཐུགས་ཀ་ནས་ཕྱུང་ཤར་ལ་སོགས་པའི་ཕྱོགས་བཞིར་ཉི་མའི་རྒྱབ་ཡོལ་ལ་བརྟེན་ནས་རྡོ་རྗེའི་སྐྱིལ་ཀྲུང་གིས་འཁོད། ཐུགས་ཀའི་ཧཱུཾ་ཧཱུཾ་jཨཱཿརྣམས་ལས་འོད་འཕྲོས།་འདུས་པ་ལས་སྤྱན་མ་དཀར་མོ། མཱ་མ་ཀཱི་སྔོན་མོ། གོས་དཀར་མོ་དམར་མོ། སྒྲོམ་མ་ལྗང་གུ་སྟེ་ཡུམ་བཞི་གཡས་འཁོར་ལོ་རྡོ་རྗེ་པདྨ་ཨུཏྤལ་


CMR021_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་འཛིན་ཅིང་གཡོན་གདན་ལ་བརྟེན་པ། སྒེག་ཅིང་ཆགས་པའི་ཉམས་ཅན་ནུ་འབུར་ཟུང་གིས་མཛེས་པ། ཨོཾ་ཤོ་དྷ་ནེ་ཧཱུྃ། དེ་བཞིན་དུ། ཏྲཱཾ་ཧྲཱི༔ཨཱཿ༔རྣམས་ཐུགས་ཀ་ནས་ཕྱུང་། མེ་ལ་སོགས་པའི་མཚམས་བཞིར་སེམས་དཔའི་སྐྱིལ་ཀྲུང་གིས་འཁོད། ཐུགས་ཀའི་ཧཱུྃ་ཛཧོ་དྷུ་ཏྲ་ཏྱཾ་ཧཱུཾ་ཧཱཧཱིདྷིཧཱུྃ་བྷ་ཀཾ་རོ་ཀྵ་སཾ་རྣམས་ལས་འོད་འཕྲོས། །འདུས་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་ཐུགས་ཀར་འཛིན་ཅིང་དྲིལ་བུ་དཀུར་བརྟེན་པ། རྡོ་རྗེ་རྒྱལ་པོ་སེར་པོ་ལྕགས་ཀྱུ་འཛིན་པ། རྡོ་རྗེ་ཆགས་པ་དམར་པོ་མདའ་གཞུ་འགེང་པ། རྡོ་རྗེ་ལེགས་པ་ལྗང་གུ་ཐུགས་ཀར་སེ་གོལ་གཏོགས་པ། རྡོ་རྗེ་རིན་ཆེན་སེར་པོ་གཡས་རིན་པོ་ཆེ་དཔྲལ་བར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། རྡོ་རྗེ་གཟི་བརྗིད་ཉི་མའི་མདོག་ཅན་གཡས་ཉི་མ་ཐུགས་ཀར་འཛིན་པ། རྡོ་རྗེ་རྒྱལ་མཚན་སྔོན་པོ་གཡས་རྒྱལ་མཚན་ཕྲག་པར་འཕྱར་བ། རྡོ་རྗེ་བཞད་པ་དཀར་པོ་གཡས་སོ་ཡི་ཕྲེང་བ་ཁ་འགྲམ་གཡས་སུ་འཛིན་ཅིང་དེ་གསུམ་གྱི་ཕྱག་གཡོན་གདན་ལ་བརྟེན་པ། །རྡོ་རྗེ་ཆོས་དཀར་དམར་གཡོན་པདྨ་དཀུར་འཛིན་ཅིང་གཡས་དེའི་ཁ་འབྱེད་པ། རྡོ་རྗེ་རྣོན་པོ་སྔོ་བསངས་


CMR021_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་རལ་གྲི་ཕྱར་ཞིང་གཡོན་པོ་ཏི་ཐུགས་ཀར་འཛིན་པ། རྡོ་རྗེ་རྒྱུ་གསེར་མདོག་གཡས་ཀྱི་གུང་མོའི་རྩེར་འཁོར་ལོ་འཛིན་པ། རྡོ་རྗེ་སྨྲ་བ་ཟངས་ཀྱི་མདོག་ཅན་གཡས་རྡོ་རྗེའི་མཚན་པའི་ལྕེ་འཛིན་ཅིང་དེ་གཉིས་ཀྱི་ཕྱག་གཡོན་གདན་ལ་བརྟེན་པ། རྡོ་རྗེ་ལས་སྣ་ཚོགས་མདོག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། རྡོ་རྗེ་བསྲུང་བ་སེར་པོ་གོ་ཆ་བཀོན་པའི་ཚུལ་དུ་འཛིན་པ། རྡོ་རྗེ་གནོད་སྦྱིན་ནག་པོ་ལྟོ་བ་ཡངས་ཤིང་ཕྱག་གཉིས་ཀྱི་མཆེ་བ་ཞལ་གྱི་གྲྭ་གཉིས་སུ་འཛིན་པ། རྡོ་རྗེ་ཁུ་ཚུར་སེར་པོ་ཁུ་ཚུར་གཉིས་ཀྱིས་དཀུ་གཡོན་དུ་རྡོ་རྗེ་འཚེར་བ་སྟེ་སེམས་དཔའ་བཅུ་དྲུག །ཨོཾ་སརྦ་བིད་བཛྲ་སཏྭ་ཧཱུྃ། དེ་བཞིན་དུ། ཛཧོ་དྷ་ཏྲ་རྱ་བྷོ་ཧཱ་ཧྲཱིཿདྷིཀྲུ་བྷཱ་ཀཾ་རཾ་ཀྵ་སཾ། ཐུགས་ཀ་ནས་ཕྱུང་འཁོར་ལོའི་རྩིབས་བཅུ་དྲུག་ལ་ཤར་ནས་གཡས་བསྐོར་དུ་སེམས་དཔའི་སྐྱིལ་ཀྲུང་གིས་འཁོད། ཐུགས་ཀའི་ཧཱུྃ་ཏྲཱཾ་ཧྲཱི༔ཨཱཿ༔ཧཱུྃ་ཏྲཱཾ་ཧྲཱི༔ཨཱཿ༔ཛཧཱུྃ་བཾ་ཧོརྣམས་ལས་འོད་འཕྲོས། འདུས་པ་ལས་སྒེག་མོ་དཀར་པོ་རྡོ་རྗེ་གཉིས་དཀུར་འཛིན་པ། ཕྲེང་བ་མ་སེར་མོ་ཕྲེང་བ་འཛིན་པ། ཀླུ་མ་དཀར་དམར་པི་ཝཾ་འཛིན་པ། གར་མ་སྣ་ཚོགས་མདོག་གར་མཛད་པ། བདུག་


CMR021_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་མ་དཀར་མོ་སྤོས་སྣོད་འཛིན་པ། མེ་ཏོག་མ་སེར་མོ་གཡོན་མེ་ཏོག་གི་སྣོད་འཛིན་ཅིང་གཡས་ཀྱིས་འཐོར་བ། མར་མེ་མ་དམར་སྐྱ་མར་མེ་འཛིན་པ། བྱུག་པ་མ་སྣ་ཚོགས་མདོག་གཡོན་དྲིའི་སྣོད་འཛིན་ཅིང་གཡས་ཀྱིས་མཆོད་པ། རྡོ་རྗེ་ལྕགས་ཀྱུ་དཀར་པོ་ལྕགས་ཀྱུ་འཛིན་པ། རྡོ་རྗེ་ཞགས་པ་སེར་པོ་ཞགས་པ་འཛིན་པ། རྡོ་རྗེ་ལྕགས་སྒྲོག་དཀར་དམར་ལྕགས་སྒྲོག་འཛིན་པ། རྡོ་རྗེ་འབེབས་པ་སྣ་ཚོགས་མདོག་གཡས་དྲིལ་བུ་གཡོན་གདན་ལ་བརྟེན་པ་སྟེ་སྒེག་སོགས་བརྒྱད་དང་སྒོ་བ་བཞི། ཨོཾ་བཛྲ་ལཱ་སྱེ་ཧཱུྃ༔ དེ་བཞིན་དུ། མཱ་ལེ་ཧཱུཾ། ཧཱིརྟི་ཧི༔ ནཱིརྟི་ཨཱཿ དྷུ་པེ་ཧཱུཾ། པུཔྤེ་ཧཱུྃ། ཨ་ལོ་ཀེ་ཧི༔ གནྡྷེ་ཨཱཿ༔ ཨཾ་ཀུ་ཤ་ཛཿ པཱ་ཤ་ཧཱུྃ། སྤྲོ་ཊ་ཐཾ། ཨ་ཝེ་ཤ་ཡ་ཧོཿ ཐུགས་ཀ་ནས་ཕྱུང་འཁོར་ལོའི་ཕྱི་ཡི་གྲྭ་ཕྱི་ནང་དང་སྒོ་བཞི་མེ་དང་ཤོར་ནས་གཡས་བསྐོར་དུ་སེམས་དཔའི་སྐྱིལ་ཀྲུང་གིས་འཁོད། ཐུགས་ཀའི་ཨོཾ་སརྦ་སཾ་སྐ་རི་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུཏྤ་ཏེ་སྭ་བྷ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། སྔགས་ཕྲེང་དེ་ལས་འོད་འཕྲོས་འདུས་པ་ལས་བྱམས་པ། འཇམ་དཔལ། སྤོས་ཀྱི་གླང་པོ། ཡེ་ཤེས་ཏོག་བཞི་སྔོན་པོ་རྡོ་


CMR021_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་འཛིན་པ། བཟང་སྐྱོང་། མཐོང་བ་དོན་ཡོད། བློ་གྲོས་མི་བཟད་པ། སྤོབས་པ་བརྩེགས་པ་བཞི་སེར་པོ་རིན་ཆེན་དྲིལ་བུ་འཛིན་པ། མཐུ་ཆེན་ཐོབ། ངན་སོང་ཀུན་འདྲེན་། མྱ་ངན་མུན་འཇོམས། དྲ་བ་ཅན་གྱི་འོད་བཞི་དམར་པོ་པདྨ་དྲིལ་བུ་འཛིན་པ། ཟླ་འོད། བདུད་རྩི་འོད། ནམ་མཁའ་མཛོད། ཀུན་ཏུ་བཟང་པོ་བཞི་ལྗང་གུ་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་འཛིན་པ་སྟེ་བསྐལ་བཟང་གི་སེམས་དཔའ་བཅུ་དྲུག །ཨོཾ་སརྦ་སཾ་སྐ་རི་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུཏྟ་ཏེ་སྭ་བྷ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཐུགས་ཀ་ནས་ཕྱུང་། །ཕྱིའི་དཀྱིལ་འཁོར་གྱི་ལྷ་སྣམ་དང་པོར་ཤར་ནས་གཡས་བསྐོར་དུ་སེམས་དཔའི་སྐྱིལ་ཀྲུང་གིས་འཁོད། ཐུགས་ཀའི་ཨོཾ་བོ་དྷི་སཏཱ་སརྦ་སཾ་སྐ་རི་པཱ་རི་ཤུདྡྷ་དྷརྨ་པ་ཏེ་ག་ག་ན་ས་མུཏྤ་ཏེ་སྭཱ་ཧཱ། སྔགས་ཕྲེང་དེ་ལས་འོད་འཕྲོས་འདུས་པ་ལས། ངན་སོང་སྦྱོང་བ། མུན་པ་སེལ་བ། སྡུག་བསྔལ་འཇོམས་པ། སྲིད་མཚོ་སྒྲོལ་བ་བཞི་དཀར་པོ་རྡོ་རྗེ་དཀར་པོ་འཛིན་པ། རིན་ཆེན་མཛོད། དགེ་བའི་བློ་གྲོས། དོན་མཐུན་ཡིད་འོང་། དྲན་ཐོབ་མཆོག་བཞི་སྔོན་པོ་རིན་ཆེན་སྔོན་པོ་འཛིན་པ། དགེ་བའི་འབྱུང་


CMR021_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

གནས། ལེགས་པའི་ཏོག །ཐམས་ཅད་སྒྲོལ། བདེ་བའི་འབྱུང་གནས་བཞི་དམར་པོ་པདྨ་དམར་པོ་འཛིན་པ། བརྩོན་འགྲུས་མི་ལྡོག་པ། ཡོན་ཏན་མཛོད་ཐེ་ཚོམ་ཡིད་མྱུར། ང་རོ་སྙན་པ་བཞི་ལྗང་གུ་སྣ་ཚོགས་རྡོ་རྗེ་འཛིན་པ་སྟེ་དཔེ་བྲལ་གྱི་སེམས་དཔའ་བཅུ་དྲུག །ཨོཾ་བོ་དྷི་སཏཱ་སརྦ་སཾ་སྐ་རི་པཱ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུཏྒ་ཏེ་སྭཱ་ཧཱ། ཐུགས་ཀ་ནས་ཕྱུང་། ལྷ་རྣམ་གཉིས་པར་ཤར་ནས་གཡས་བསྐོར་དུ་སེམས་དཔའི་སྐྱིལ་ཀྲུང་གིས་འཁོད་པར་གྱུར། ལྷ་རྣམ་གསུམ་པར་ཨོཾ་སརྦ་མུ་ནེ་བྷུཔ་རི་ཤུདྡྷེ་དྷརྨཱ་ཏེ་ག་ག་ན་ས་མ་ནཾ་སྭཱ་ཧཱ། བཅུ་དྲུག་ལས་ཤར་ནས་གཡས་བསྐོར་དུ་། དགའ་བོ། སྒྲ་གཅན་འཛིན། ཤཱ་རིའི་བུ། མོའུ་འགལ་བུ། རབ་འབྱོར། འཆར་ཀ །མ་འགག་པ། ཀོ་ཎྜི་ནྱ། ཉེ་བར་འཁོར། རྟ་ཐུལ། བ་ལང་བདག །ཀུན་དགའ་བོ། མིང་ཆེན། ནོར་འཛིན། གང་པོ། འོད་སྲུང་སྟེ་ཉན་ཐོས་བཅུ་དྲུག་དང་། ལྷ་སྣམ་བཞི་པའི་ཕྱོགས་མཚམས་རྣམས་སུ། ཨོཾ་ན་མོ་བུདྡྷ་བྱ་ཝ་ལོ་ཀི་ཏེ་ཤུདྡྷེ་ས་མ་ཡེ་སྭཱ་ཧཱ། བཅུ་གཉིས་ལས་ཤར་ནས་གཡས་བསྐོར་དུ། གདུང་བ་སེལ་བ། སྣང་


CMR021_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

བ་བརྩེགས་པ། འཇིག་པ་མེད་པ། དཔའ་བོ་འདུལ་བ། ཤེས་རབ་མགྱོགས་ཆེན། རི་བོའི་རྒྱལ། སྨྲ་བའི་སྒྲ་གཅན། བསེ་རུ་ལྟ་བུ། དུག་ཆེན་འཛོམས། རྫུ་འཕྲུལ་ཆེར་སྟོན། སེང་གེའི་སྒྲ། ཡིད་མྱུར་བ་སྟེ་རང་རྒྱལ་བཅུ་གཉིས་དབུའི་གཙུག་ཏོར་ཅུང་ཟད་འབུར་བ། ཉན་རང་ཐམས་ཅད་ཀྱང་སྐུ་མདོག་མ་ངེས་ཤིང་ཆོས་གོས་གསུམ་གྱིས་བཀླུབས་པ། ལྷུང་བཟེད་འཁར་གསིལ་པོ་ཏི་འཛིན་ཅིང་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱི་རོལ་གྱི་སྒོ་བཞིའི་གཡས་གཡོན་དུ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་པད་ཉིའི་གདན་ལ་ཨོཾ་ཏྲེ་ལོཀྱ་ཀི་ར་ཧཱུྃ་ཕཊ། དེ་བཞིན་དུ། ཨོཾ་ཏྲེ་ལོཀྱ་ད་མ་ཀ་༴ ཨོཾ་ཏྲེ་ལོཀྱ་ནཱ་ཤ་༴ ཨོཾ་ཏྲེ་ལོཀྱ་ཨནྟ་༴ ཨོཾ་ཨ་མྲྀ་ཏེ༴ ཨོཾ་ཀཱ་ལ་དཎྜ༴ ཨོཾ་ཀ་ལ་ཧ་ནི༴ ཨོཾ་ཧྲཱིཿཧཱུྃ་ཕཊ་རྣམས་ལས་ཤར་ནས་གཡས་བསྐོར་དུ་འཇིག་རྟེན་གསུམ་སྣང་རྡོ་རྗེ་འཛིན་པ། འཇིག་རྟེན་གསུམ་འདུལ་དབྱུག་ཏོ་འཛིན་པ་གཉིས་དཀར་པོ། འཇིག་རྟེན་གསུམ་འཇིགས་རྩེ་གསུམ་འཛིན་པ། འཇིག་རྟེན་གསུམ་མཐར་བེ་ཅོན་འཛིན་པ་གཉིས་སྔོན་པོ། བདུད་རྩི་འཁྱིལ་བ་སྣ་ཚོགས་རྡོ་རྗེ་འཛིན་པ། དབྱུག་སྔོན་ཅན་རལ་གྲི་འཛིན་པ་གཉིས་


CMR021_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ། མི་གཡོ་བ་རལ་གྲི་འཛིན་པ། རྟ་མགྲིན་པདྨ་འཛིན་པ་གཉིས་ལྗང་གུ་སྟེ་ཁྲོ་བོ་བརྒྱད་སྦྲུལ་དང་མི་སྡུག་པའི་རྒྱན་དང་སྟག་ལྤགས་ཀྱི་སྨད་དཀྲིས་ཅན་གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པར་གྱུར། དེའི་ཕྱི་རོལ་གྱི་མུ་རན་དཀར་པོ་སོ་སོའི་གདན་གྱི་སྟེང་དུ། ན་མོ་བྷ་ག་ཝ་ཏེ་སོགས་རྩ་རིག་བརྗོད། རེ་རེ་ལས་ཤར་དུ་བརྒྱ་བྱིན་དང་ལྷ་དབང་དམར་སེར། ལྷོར་ཚངས་པ་དང་གཤིན་རྗེ་ནག་པོ། ནུབ་ཏུ་དབང་ཕྱུག་དང་ཆུ་ལྷ་དཀར་པོ། བྱང་དུ་ཁྱབ་འཇུག་དང་གནོད་སྦྱིན་སེར་པོ། མེར་མེ་ལྷ་དམར་པོ། སྲིན་པོར་བདེན་བྲལ་དམར་ནག །རླུང་དུ་རླུང་ལྷ་སྔོན་པོ། དབང་ལྡན་དུ་འབྱུང་པོ་ཐལ་མདོག་རྣམས་རང་རང་གི་འཁོར་དུ་མ་དང་བཅས་པའི་བར་བར་གྱི་ཤར་དུ། པ་སངས་དང་མིག་དམར་ལ་སྨིན་དྲུག་སོགས་བདུན་གྱིས་བསྐོར་བ། ལྷོར་ཕུར་བུ་དང་ཉི་མ་ལ་མཆུ་སོགས་བདུན་གྱིས་བསྐོར་བ། ནུབ་ཏུ་ཟླ་བ་དང་སྒྲ་གཅན་ལ་ལྷ་མཚམས་སོགས་བདུན་གྱིས་བསྐོར་བ། བྱང་དུ་གཟའ་ལྷག་དང་སྤེན་པ་ལ་མོན་གྲེ་སོགས་བདུན་གྱིས་བསྐོར་བ། སླར་ཡང་ཤར་དུ་རབ་བརྟན་སོགས་ལྟོ་འཕྱེ་རྣམས་དང་། ལྷོར་གཉེའུ་ཐུང་


CMR021_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་འདྲེ་རྣམས་དང་། ནུབ་ཏུ་གསེར་མིག་སོགས་མཁའ་ལྡིང་རྣམས་དང་། བྱང་དུ་བརྗེད་བྱེད་སོགས་བགེགས་རྣམས་དང་། གཞན་ཡང་འབྱུང་བ་བཞིའི་ལྷ་དང་ཁྱིམ་དང་རི་དང་ཀུན་ར་དང་ནགས་ཚལ་དང་དུར་ཁྲོད་དང་གྲོང་ཁྱེར་གྱི་ལྷ་དང་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་དང་། སྲིང་མོ་བཞི་དང་། རིག་སྔགས་འཆང་བའི་ཚོགས་རྣམས་དང་། འཁོར་ཡུག་གི་སྟོང་རྣམས་ཀྱི་མེར་དམྱལ་བ་ཆེན་པོ་བརྒྱད། བདེན་བྲལ་དུ་ཡི་དྭགས་ཀྱི་གྲོང་ཁྱེར། རླུང་དུ་བྱོལ་སོང་སྣ་ཚོགས། དབང་ལྡན་དུ་མིའི་འགྲོ་བ་སོགས་ཡོངས་སུ་གསལ་བར་གྱུར། ། ཤཱཀྱ་ཐུབ་པའི་སྐུའི་དཀྱིལ་འཁོར་ནི། དབུས་སུ་འཁོར་ལོ་སྔོན་པོའམ་སེར་པོ་རྩིབས་བརྒྱད་པའི་ལྟེ་བར།་སེང་གེའི་ཁྲི་ལ་པདྨ་དང་ཟླ་བའི་། གདན་གྱི་སྟེང་དུ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུྃ་ཕཊ་ཀྱིས་ཤཱཀྱ་ཐུབ་པ་བསྐྱེད། རྩིབས་རྣམས་སུ་པད་ཟླ་ལ། ཨོཾ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ན་བཛྲ་ཧཱུྃ་ཕཊ་ཀྱིས་ཤར་དུ་ཕྱག་ན་རྡོ་རྗེ། །ཨོཾ་སརྦ་ཀརྨ་ཨཱཿ་བ་ར་ཎ་ནི་བྷསྨིན་ཀུ་རུ་ཧཱུྃ་ཕཊ་ཀྱིས་ལྷོར་རྒྱལ་བའི་གཙུག་ཏོར། ཨོཾ་བྷཱ་བི་ནཱ་ཤ་ཡ་ཨཱཿ་ཝ་ར་ཎ་ནི་ཧཱུཾ་ཕཊ་ཀྱིས་ནུབ་ཏུ་འཁོར་ལོས་སྒྱུར་བ། ཨོཾ་ཧཱུྃ་བི་ཤྭ་དྷ་ཡ་སརྦ་ཨཱཿ་ཝ་


CMR021_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཎ་ནི་ཧཱུཾ་ཕཊ་ཀྱིས་བྱང་དུ་རྣམ་པར་རྒྱལ་བ། ༀ་ཛྭ་ལ་ཛཱ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་སརྦ་ཨཱཿ་བ་ར་ཎ་ནི་ཧཱུཾ་ཕཊ་ཀྱིས་ཤར་ལྷོར་གཙུག་ཏོར་གཟི་བརྗིད་ཕུང་པོ། ཨོཾ་སྲུང་ས་ར་ས་ར་པྲ་ས་ར་པྲ་ས་ར་སརྦ་ཨཱཿ་བ་ར་ཎཱ་ནི་ཧཱུཾ་ཕཊ་ཀྱིས་བྱང་ཤར་དུ་གཙུག་ཏོར་གདུགས་དཀར་པོ། ཨོཾ་ཧཱུཾ་ཧ་ར་ཧ་ར་སརྦ་ཨཱཿ་བ་ར་ཎ་ནི་ཧཱུཾ་ཕཊ་ཀྱིས་ནུབ་བྱང་དུ་གཙུག་ཏོར་རྣམ་པར་འཐོར་བ། ཨོཾ་ཧཱུྃ་ཕཊ་སརྦ་ཨཱཿ་བ་ར་ཎ་ནི་བི་སྤོ་ཊ་ཡ་ཧཱུྃ་ཕཊ་ཀྱིས་ལྷོ་ནུབ་ཏུ་གཙུག་ཏོར་རྣམ་པར་འཇོམས་པ་སྟེ། སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ་ཞབས་རྡོ་རྗེ་སྐྱིལ་ཀྲུང་ཅན་སྡིག་པ་སྲེག་པའི་ཕྱག་རྒྱ་མཛད་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ་ཆོས་གོས་ངུར་སྨིག་སྐུ་ལ་གསོལ་ཞིང་སྤྲུལ་སྐུའི་ཆ་ལུགས་ཅན། ཧཱུཾ་ཏྲཱཾ་ཧྲཱི༔ཨཱཿ༔ ཛཿཧཱུྃ་བཾ་ཧོཿ རྣམས་ལས་གྲྭ་བཞི་དང་སྒོ་བཞིར། བདུག་སྤོས་མ་དཀར་མོ་སྤོས་སྣོད་འཛིན་པ། མེ་ཏོག་མ་སེར་མོ་གཡོན་མེ་ཏོག་གི་སྣོད་འཛིན་ཅིང་གཡས་ཀྱིས་འཐོར་བ། མར་མེ་མ་དམར་སྐྱ་མར་མེ་འཛིན་པ། བྱུག་པ་སྣ་ཚོགས་མདོག་གཡོན་དྲི་ཡི་སྣོད་འཛིན་ཅིང་གཡས་ཀྱིས་མཆོད་པ། རྡོ་རྗེ་ལྕགས་ཀྱུ་དཀར་པོ་ལྕགས་ཀྱུ་འཛིན་པ། རྡོ་རྗེ་


CMR021_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཞགས་པ་སེར་པོ་ཞགས་པ་འཛིན་པ། རྡོ་རྗེ་ལྕགས་སྒྲོག་དཀར་དམར་ལྕགས་སྒྲོག་འཛིན་པ། རྡོ་རྗེ་འབེབས་པ་སྣ་ཚོགས་མདོག་གཡས་དྲིལ་བུ་གཡོན་གདན་ལ་བརྟེན་པ་སྟེ་ལྷ་མོ་བཞི་དང་སྒོ་བ་བཞི། མཐེའུ་ཆུང་དང་མཐེ་བོང་སོ་སོར་བསྣོལ་ལ་ལྷག་མ་སོ་སོར་བརྐྱང་བའི་སྡིག་པ་སྲེག་པའི་ཕྱག་རྒྱ་སྟེ་གཙོ་འཁོར་དགུ་པོ་དེས་ཆོག །མཆོད་ལྷ་སྒོ་བ་ཀུན་རིག་བཞིན་ནོ། །ཚེ་དཔག་མེད་གསུང་གི་དཀྱིལ་འཁོར་ནི། ནང་དུ་འཁོར་ལོ་སྔོན་པོ་རྩིབས་བཞི་པའི་ལྟེ་བར་སེང་གེའི་ཁྲི་དང་པད་ཟླ་ལ། ཨོཾ་པུཎེ་པུཎྱེ་མ་ཧཱ་པུཎེ་ཨ་པ་ར་མི་ཏ་ཨཱཿ་ཡུ་པུཎྱ། ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཚེ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་གཟི་བརྗིད་ཚད་མེད་པའི་རྒྱལ་པོ་ཞལ་གཅིག་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེས་བརྒྱན་པ། རྩིབས་བཞིར་པད་ཟླ་ལ། ཨོཾ་ཧཱུྃསྭཱ་ཧཱ། ཨོཾ་ཧཱུྃ་སྭཱ་ཧཱ། ཨོཾ་སྭཱ་ཧཱ། ཨོཾ་ཧཱུྃ་སྭཱ་ཧཱ། ཞེས་པ་ནས། བཞི་པ་ཕྱག་ན་རྡོ་རྗེ་དཀར་པོ་རྡོ་རྗེ་ཐུགས་ཀར་འཛིན་ཅིང་དྲིལ་བུ་དཀུར་བརྟེན་པ། ནམ་མཁའི་སྙིང་པོ་སེར་པོ་གཡས་རིན་པོ་ཆེ་དཔྲལ་བར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ཀུན་


CMR021_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྤྱན་རས་གཟིགས་དཀར་དམར་གཡོན་པདྨ་དཀུར་འཛིན་ཅིང་གཡས་དེའི་ཁ་འབྱེད་པ། རྡོ་རྗེ་ཁྲོ་བོ་སྣ་ཚོགས་མདོག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང།། གཡོན་དྲིལ་བུ་དཀུར་བརྟེན་པ། ཧཱུྃ་ཧཱུྃ་ཧཱུྃཨཱཿཛཿཧཱུྃ་བཾ་ཧོཿ རྣམས་ལས་གྲྭ་བཞི་དང་སྒོ་བཞིར། བདུག་སྤོས་མ་དམར་མོ་སྤོས་སྣོད་འཛིན་པ། མེ་ཏོག་མ་སེར་པོ་གཡོན་མེ་ཏོག་གི་སྣོད་འཛིན་ཅིང་གཡས་ཀྱིས་འཐོར་བ། མར་མེ་མ་དམར་སྐྱ་མར་མེ་འཛིན་པ། བྱུག་པ་སྣ་ཚོགས་མདོག་གཡོན་དྲི་ཡི་སྣོད་འཛིན་ཅིང་གཡས་ཀྱིས་མཆོད་པ། རྡོ་རྗེ་ལྕགས་ཀྱུ་དཀར་པོ་ལྕགས་ཀྱུ་འཛིན་པ། རྡོ་རྗེ་ཞགས་པ་སེར་པོ་ཞགས་པ་འཛིན་པ། རྡོ་རྗེ་ལྕགས་སྒྲོག་དཀར་དམར་ལྕགས་སྒྲོག་འཛིན་པ། རྡོ་རྗེ་འབེབས་པ་སྣ་ཚོགས་མདོག་གཡས་དྲིལ་བུ་གཡོན་གདན་ལ་བརྟེན་པ་སྟེ་ལྷ་མོ་བཞི་དང་སྒོ་མ་བཞི། ཕྱག་རྒྱ་ནི་རྡོ་རྗེའི་ཕྱག་རྒྱ་དང་རིགས་བཞིའི་ཕྱག་རྒྱ་སོགས་ཀུན་རིག་ལྟར་རོ། །འདིའི་གཙོ་བོའི་འོད་ཀྱི་དཀྱིལ་འཁོར་དུ་པཚེའི་སྔགས་སོ། །ཨོཾ་བྷོ་སྭཱ་ཧཱ། ཨོཾ་བྷིསྭཱ་ཧཱ། ཨོཾ་ཧཱུྃ་སྭཱ་ཧཱ། ཨོཾ་དྲི་སྭཱ་ཧཱ། ཨོཾ་ཧྲཱིཿསཱ་ཧཱ། ཞེས་པའི་ཉེ་སྙིང་ཕྲ་ཞིང་སྤྱན་འདྲེན་པ་ནས་སྔགས་དང་ལྷ་ལྷན་ཅིག་ཏུ་སྤྱན་དྲོངས་ལ་བསྟིམ། ཕྱག་རྒྱ་ནི། གཙོ་བོ་ལ་པདྨའི་ཕྱག་རྒྱ་


CMR021_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གཞན་བཞི་ལ་རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་རིན་ཆེན་དང་རྡོ་རྗེ་ཆོས་དང་རྡོ་རྗེ་ལས་རྣམ་བཞིའོ།། ། ཕྱག་ན་རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར་ནི། དབུས་སུ་འཁོར་ལོའི་རྩིབས་བཞི་པའི་ལྟེ་བར་སེངྒེའི་ཁྲི་དང་པད་ཟླའི་སྟེང་དུ། ཨོཾ་པུཎེ་པུཎེ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏཱ་ཨཱཿ་ཡུཔུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ་ཀ་རི་ཎི་སྭཱ་ཧཱ། བཀོད་པ་ལས་འོད་འཕྲོས་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། ཕྱག་ན་རྡོ་རྗེ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཡས་པས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་དེ་འཛིན་པ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་དེ་བསྣམས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཅན། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲེ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་ཨཱཿ་ཝ་ར་ཎ།་པ་རཾ་པཱ་ར་ཎི་མེ་སརྦ་སཏྭཱ་ནཉྩ་སྭཱ་ཧཱ། ཨོཾ་རཏེ་རཏེ་མ་ཧཱ་རཀྵེ་རཏ་སཾ་བྷ་ཝ། རཏཱ་ཀཱི། རཏྣ་མཱ་ལ་བི་ཤུདྡྷེ། ཤོ་དྷ་ཡ། སརྦ་པཱ་པཾ་ཧཱུྃ་ཕཊ། ཨོཾ་ཨ་མི་ཏེ་ཨ་མི་ཏེ། ཨ་མི་ཏོད་བྷ་ཝེ། ཨ་མི་ཏ་སཾ་བྷ་ཝེ། ཨ་མི་ཏ་བི་ཀྲནྟེ། ཨ་མི་ཏ་བི་ཀྲན། གཱ་མི་ནི་སརྦ་ཀརྨ་ཀེ་ཤ་


CMR021_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཨོཾ་ཨ་མོ་གྷ། ཨ་པྲ་ཏི་ཧ་ཏ། སརྦ་ཨཱཿ་ཝ་ར་ཎ། བི་ནཱ་ཤ་ནི་ཧ་ར་ཧ་ར་ཧཱུྃ་ཕཊ། ཅེས་པ་བཞིས། ཤར་ལ་སོགས་པའི་རྩིབས་རྣམས་སུ་དེ་བཞིན་གཤེགས་པ་དང་མི་བསྐྱོད་པ་རིན་ཆེན་འབྱུང་ལྡན་དང་། ཆུ་སྐྱེས་པདྨ་དང་། གདོན་མི་ཟ་བར་གྲུབ་པའི་སྟེ་བཞི་ཀ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་མཆོག་སྦྱིན་དང་གཡོན་སྐྱབས་སྦྱིན། རྡོ་རྗེ་སྐྱིལ་ཀྲུང་གིས་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། དར་དང་རིན་པོ་ཆེའི་བརྒྱུན་པ། ཧཱུྃ་ཧཱུྃ་ཧཱུྃཨཱཿ༔ ཛཿཧཱུྃ་བཾ་ཧོཿ རྣམས་ལ་གྲྭ་བཞི་དང་སྒོ་བཞིར། བདུག་སྤོས་མ་དཀར་མོ་སྤྲོས་སྣོད་འཛིན་པ། མེ་ཏོག་མ་སེར་མོ་གཡོན་མེ་ཏོག་གི་སྣོད་འཛིན་ཅིང་གཡས་ཀྱིས་འཐོར་བ། མར་མེ་མ་དམར་སྐྱ་མར་མེ་འཛིན་པ། བྱུག་པ་མ་སྣ་ཚོགས་མདོག་གཡོན་དྲི་ཡི་སྣོད་འཛིན་ཅིང་གཡས་ཀྱིས་མཆོད་པ། རྡོ་རྗེ་ལྕགས་ཀྱུ་དཀར་མོ་ལྕགས་ཀྱུ་འཛིན་པ། རྡོ་རྗེ་ཞགས་པ་སེར་མོ་ཞགས་པ་འཛིན་པ། རྡོ་རྗེ་ལྕགས་སྒྲོག་དཀར་དམར་ལྕགས་སྒྲོག་འཛིན་པ། རྡོ་རྗེ་འབེབས་པ་སྣ་ཚོགས་མདོག་གཡས་དྲིལ་བུ་གཡོན་གདན་ལ་བརྟེན་པ་སྟེ་ལྷ་མོ་བཞི་དང་། སྒོ་བ་བཞི་ཁྲོ་


CMR021_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་ཆ་ལུགས་སོ། །འཁོར་ལོས་སྒྱུར་བ་ཡོན་ཏན་གྱི་དཀྱིལ་འཁོར་ནི༔ དབུས་སུ་འཁོར་ལོ་སྔོན་པོ་རྩིབས་བཞི་པ་དང་། དེའི་ཕྱི་ལྷ་སྣམ་རིམ་པར་དགུར་གནས་པའི་ལྟེ་བ་ལས་སེང་གེའི་ཁྲི་དང་པད་ཟླ་ལ། ཨོཾ་བཛྲ་ཧཱུཾ་ཧཱུཾ་བཛྲ་པཱ་ཎི་དྲི་ཌྷ་ཏིཥྛཧཱུཾ། ཨོཾ་ཨཱཿཧཱུྃ་ཨཱཿ༔ ལས་ཀུན་ཏུ་བཟང་པོ་སེར་པོ་ཕྱག་གཡས་མཆོག་སྦྱིན་གཡོན་རིན་པོ་ཆེའི་སྙེ་མ་འཛིན་པ་ཞབས་རྡོ་རྗེ་སྐྱིལ་ཀྲུང་ཅན། དར་དང་རིན་པོ་ཆེའི་བརྒྱན་པ། རྩིབས་བཞི་ལ་ཨོཾ་ཧཱུྃ་ཕཊ། ཨོཾ་ཌི་དྷ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཧཱུྃ་ཨཱཿ༔ རྣམས་ལས་ཤར་དུ་ཕྱག་ན་རྡོ་རྗེ་དཀར་པོ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ལྷོར་ཕྱག་ན་རྡོ་རྗེ་སེར་པོ་གཡས་རིན་པོ་ཆེ་དཔྲལ་བར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ནུབ་ཏུ་རྣམ་པར་གསལ་བ་དམར་པོ་གཡོན་པདྨ་དཀུར་འཛིན་ཅིང་གཡས་དེའི་ཁ་འབྱེད་པ། བྱང་དུ་ཕྱག་ན་རྡོ་རྗེ་སྣ་ཚོགས་མདོག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ། ལྷ་སྣམ་དང་པོའི་ཕྱོགས་མཚམས་བརྒྱད་དུ། དེ་


CMR021_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་རིན་ཆེན་གཙུག་ཏོར་ཅན་དང་། དེ་བཞིན་གཤེགས་པ་མེ་ཏོག་ཡང་དག་པར་བསྐྱེད་པའི་དབང་པོའི་རྒྱལ་པོ་དང་། པདྨའི་གཙུག་ཏོར་དང་། །སྤྱན་བཟང་པོ་དང་། མཉེན་པར་དཀའ་བ་དང་། རྣམ་པར་སྣང་མཛད་དང་། སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་དང་། སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པའི་སྨན་གྱི་རྒྱལ་ས་སྤྲུལ་པའི་སྐུ་གཙུག་ཏོར་དང་ཆོས་གོས་ཅན་སྐུ་མདོག་སེར་པོ་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། གཉིས་པ་སེམས་དཔའ་བཅུ་དྲུག་ཕྱོགས་རེ་རེར་བཞི་བཞི། གསུམ་པ་ལ་བསྐལ་བཟང་བཅུ་དྲུག་ཕྱོགས་རེ་རེར་བཞི་བཞི། བཞི་པ་ལ་ཉན་ཐོས་བཅུ་དྲུག །རང་རྒྱལ་བཅུ་གཉིས་རྣམས་ཕྱོགས་རེ་རེར་བདུན་བདུན། ལྔ་པ་ལ་ལྷ་ཆེན་བརྒྱད། དྲུག་པ་ལ་གཟའ་བརྒྱད་རྒྱུ་སྐར་དང་བཅས་པ། བདུན་པ་ལ་རྒྱལ་ཆེན་བཞི། བརྒྱད་པ་ལ་ཕྱོགས་སྐྱོང་བཅུ་རྣམས་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་དང་བཅས་པ། དགུ་པ་ལ་ཤར་དུ་འདོད་ཆགས་ཕུག་རོན། ལྷོར་གཏི་མུག་ཕག །ནུབ་ཏུ་ཞེ་སྡང་སྦྲུལ། བྱང་དུ་ང་རྒྱལ་བཙན། བར་རྣམས་སུ་ཚ་དམྱལ། གྲང་དམྱལ། ཉེ་ཚེ། ཉེ་འཁོར་བ་སྒོ་བ་བཞི་


CMR021_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པའོ། །ཕྱག་རྒྱ་ནི་ཐལ་མོ་སྦྱར་ནས། མཐེ་བོང་གཉིས་བརྐྱང་། མཐེའུ་ཆུང་གཉིས་ཀུག །མཛུབ་མོ་གཉིས་དང་སྲིན་ལག་པད་འདབ་ལྟར་བྱའོ། །གུང་མོ་གཉིས་གཤིབ་སྟེ་སྒྲེང་བ་ནི་ཀུན་ཏུ་བཟང་པོའོ། གཞན་སེམས་དཔའ་ནི་ཚེ་དཔག་མེད་ལྟར། གཡོན་སྐྱབས་སྦྱིན་དང་གཡས་མཆོག་སྦྱིན་སངས་རྒྱས་བརྒྱད་དོ། །གཞན་རྣམས་ཀུན་རིག་ལྟར་རོ། །ལྷ་སྣམ་དགུ་པ་རྣམས་མི་བཅོས། །མེ་ལྟར་འབར་བའི་ཕྲིན་ལས་ཀྱི་དཀྱིལ་འཁོར་ནི། ནང་དུ་འཁོར་ལོ་རྩིབས་བཅུ་གཉིས་པའི་ལྟེ་བར་སེང་གེའི་ཁྲི་དང་པད་ཉི་ལ་གདུག་པ་ཅན་བསྐྱེལ་བའི་སྙིང་ཁར། ཨོཾ་བཛྲ་སཏཱ་ཀྲོ་དྷ་ཨ་ན་ལརྐ་མ་ཧཱ་བཛྲ་ཀྲོ་དྷ་དྲ་བ་དྲ་བ་བི་དྲ་ཝ་བི་དྲ་ཝ་སརྦ་ཨ་པཱ་ཡ་ནཱ་ཤ་ཡ་ཧ་ར་ཧ་ར་པྲ་ཎཾ་ཧཱུྃ་ཕཊ། ཁྲོ་བོ་མེ་ལྟར་འབར་བ་སྐུ་མདོག་སྔོན་པོ་དབུ་དང་ཕྱག་མཐའ་ཡས་པ། སྦྲུལ་དང་མི་སྡུག་པའི་བརྒྱན་དང་། སྟག་ལྤགས་ཀྱི་ཤམ་ཐབས་ཅན། རྩ་བའི་ཕྱག་གཉིས་ཧཱུྃ་མཛད་ཀྱི་ཕྱག་རྒྱུ། ལྷག་མའི་གཡས་རྣམས་མཚོན་ཆ་སྣ་ཚོགས། གཡོན་རྣམས་མགོ་ཐོད་ཤས་གང་བ་བསྣམས་པ། མ་རུངས་པའི་རྒྱུ་མ་དྲང་སྟེ་གསོལ་བ། གཡས་བསྐུམ་གཡོན་བརྐྱང་གིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། རྩིབས་བཅུ་གཉིས་སུ་པད་ཉི་ལ་གདུག་པ་ཅན་


CMR021_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེལ་བའི་སྙིང་གར་ཨོཾ་ཏྲེ་ལོཀྱ་ཨཱཿ་ལོ་ཀེ་ཀི་ར་ཧཱུཾ་ཕཊ་ཀྱིས་ཤར་གྱི་རྩིབས་ལ་ཁྲོ་བོ་འཇིག་རྟེན་གསུམ་དང་། ཨོཾ་ཏྲེ་ལོཀྱ་ད་མ་ཀ་ཧཱུྃ་ཕཊ་ཀྱིས་ལྷོར་འཇིག་རྟེན་གསུམ་འདུལ། ཨོཾ་ཏྲེ་ལོཀྱ་བྷནྡྷ་ཧཱུྃ་ཕཊ་ཀྱིས་ནུབ་ཏུ་འཇིག་རྟེན་གསུམ་འཛིན། ཨོཾ་ཏྲེ་ལོཀྱ་ནཱ་ཤ་ཧཱུཾ་ཕཊ་ཀྱིས་བྱང་དུ་འཇིག་རྟེན་གསུམ་འཇིགས། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཀྱིས་ཤར་གྱི་རྩིབས་བྱང་མར་བདུད་རྩི་འཁྱིལ་པ། ཨོཾ་ཀཱ་ལ་དཎྜཱི་ཧཱུྃ་ཕཊ་ཀྱིས་ལྷོའི་རྩིབས་ཤར་མར་དབྱུག་པ་སྔོན་པོ། ཨོཾ་ཀ་ལ་ཧ་ནི་ཧཱུཾ་ཕཊ་ཀྱིས་ནུབ་ཀྱི་རྩིབས་ལྷོར་མི་གཡོ་བ། ཨོཾ་ཧྲཱིཿདྷི་ཧཱུྃ་ཕཊ་ཀྱིས་བྱང་གི་རྩིབས་ནུབ་མར་རྟ་མགྲིན། ཨོཾ་ཀཱ་ལ་རཀྵ་སི་ཧཱུྃ་ཕཊ་ཀྱིས་ཤར་གྱི་རྩིབས་ལྷོར་མར་དུས་ཀྱི་སྲིན་མོ། ཨོཾ་ཀཱ་ལ་དཎྜ་ཧཱུཾ་ཕཊ་ཀྱིས་ལྷོའི་རྩིབས་ནུབ་མར་དུས་ཀྱི་དབྱུག་པ་མ། ཨོཾ་ཀཱ་ལ་ར་ཏྲི་ཧཱུྃ་ཕཊ་ཀྱིས་ནུབ་ཀྱི་རྩིབས་བྱུང་མར་དུས་མཚན་མོ། ཨོཾ་ཀཱ་ལ་ཡཀྲི་ཧཱུྃ་ཕཊ་ཀྱིས་བྱང་གི་རྩིབས་ཤར་མར་དུས་ཀྱི་གནོད་སྦྱིན་མོ། བརྒྱད་པོ་ཐམས་ཅད་དབུ་མཐའ་ཡས་པ་སོགས་གཙོ་བོ་ལྟ་བུ་དང་། ཁྲོ་བོ་བཞི་ཕྱག་གཉིས་པ་གྲི་ཐོད་ཅན། ཨོཾ་ཀཱ་ལ་ཨངྐུ་ཤ་ཧཱུཾ་ཕཊ། ཨོཾ་ཀཱ་ལ་པཱ་ཤ་ཧཱུྃ་ཕཊ། ཨོཾ་ཀཱ་ལ་བྷནྡྷ་ཧཱུྃ་ཕཊ། ཨོཾ་ཀཱ་ལ་


CMR021_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

གྷ་ཧཱུྃ་ཕཊ། བཞིས་སྒོ་བཞིར་པད་ཉི་ལ་སྒོ་མ་བཞི་ནག་པོ་ཁྲོ་བོའི་ཆ་ལུགས་གཡས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན་ཅིང་གཡོན་གདན་ལ་བརྟེན་པ། ཁྲོ་བོ་དགུའི་ཕྱག་རྒྱ་ཀུན་རིག་ལྟར་དང་། སོར་མོ་རྣམས་རྩེ་སྤྲད་ཨ་ཚིགས་རྣམས་བཅག་པ་མགོ་ཐོད་ཀྱི་ཕྱག་རྒྱ་ཁྲོ་མོ་བཞིའོ། །འཇིག་རྟེན་པའི་འཁོར་གྱིས་བསྐོར་བ་ལ། རྒྱལ་པོ་ཆེན་པོ་བཞིས་བསྐོར་བའི་དཀྱིལ་འཁོར་ནི། ནང་ལིང་ཚེ་དབུས་དང་ཕྱོགས་བཞིར་དེ་དག་གི་མདོག་དང་མཐུན་པའི་དཀྱིལ་འཁོར་ཟླུམ་པོ་ལྔ་གནས་པའི། དབུས་མའི་སྟེང་དུ་སེང་གེའི་ཁྲི་དང་པད་ཟླ་ལ་ཨོཾ་པུཎེ་པུཎེ་མ་ཧཱ་པུཎེ་ཨ་པ་ར་མི་ཏ་ཨཱཿ་ཡུ་པུཎྱ། ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ་སྭཱ་ཧཱ་ལས་ཕྱག་ན་རྡོ་རྗེ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་དེ་འཛིན་པ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་ཏེ་བསྣམས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་བརྒྱན་ཅན། ཕྱོགས་བཞིར་པད་ཟླ་ལ་དྷི་བྷི་ཀ་བེ་བཞི་རིམ་བཞིན་བྱང་དུ་རྣམ་ཐོས་སྲས་སེར་པོ་སྐུ་སྦོམ་ཞིང་བརྗིད་པ། སེང་གེའི་གདན་ལ་བཞུགས་པ་གསེར་གྱི་མདོག་ཅན་གཟི་བརྗིད་ལྡན་པ། ཕྱག་གཡས་པས་ནོར་བུའི་


CMR021_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་དང་། གཡོན་པས་ནེའུ་ལེ་བསྣམས་པ། བུམ་པ་བཟང་པོ་དང་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་དང་། རིན་པོ་ཆེའི་རི་དང་འདོད་འཇོའི་བ་དང་མ་རྨོས་པའི་ལོ་ཏོག་གིས་བསྐོར་བ། སྐུ་ལས་རིན་པོ་ཆེའི་ཆུ་བོ་འབབ་པ་དང་། ཤར་དུ་ཡུལ་འཁོར་སྲུང་ལྗང་གུ་པི་ཝཾ་འཛིན་པ། ལྷོར་ལུས་འཕགས་སྔོན་པོ་རལ་གྲི་འཛིན་པ། ནུབ་ཏུ་མིག་མི་བཟང་དམར་པོ་རྡོ་རྗེའི་ཞགས་པ་འཛིན་པ། དབུ་ལ་སྦྲུལ་མགོའི་གདེངས་ཀ་བདུན་གྱིས་བསྐོར་བ། མིག་དམར་ཞིང་ཤིན་ཏུ་འབར་བ། སྒོ་བཞིར་ཛཧཱུྃ་བཾ་ཧོལས། རྡོ་རྗེ་ལྕགས་ཀྱུ་དཀར་པོ་ལྕགས་ཀྱུ་འཛིན་པ། རྡོ་རྗེ་ཞགས་པ་སེར་པོ་ཞགས་པ་འཛིན་པ། རྡོ་རྗེ་ལྕགས་སྒྲོག་དཀར་དམར་ལྕགས་སྒྲོག་འཛིན་པ། རྡོ་རྗེ་འབེབས་པ་སྣ་ཚོགས་མདོག་གཡས་དྲིལ་བུ་གཡོན་གདན་ལ་བརྟེན་པ། གཙོ་བོའི་ཕྱག་རྒྱ་ཀུན་རིག་ལྟར་རོ། །འཇིག་རྟེན་པ་སྤྱིའི་ཕྱག་རྒྱ་ཀུན་རིག་ཏུ་གསུངས་པ་ལྟར་བྱའོ། །ཡང་ན་ལག་པ་གཡས་གཡོན་ནེའུ་ལེ་འཛིན་པའི་ཁུ་ཚུར་མཐེ་བོང་བརྐྱངས་པ་དང་། གཡོན་པི་ཝཾ་འཛིན་པའི་གཡས་ཀྱིས་གྲྭ་བྱེད་པའི་ཚུལ་དང་། རྡོ་རྗེ་ཁུ་ཚུར་ལས་གུང་མཛུབ་གཉིས་གཤིབས་པ་རལ་གྲི་ལྟ་བུ་དང་། རྡོ་རྗེ་ཁུ་ཚུར་ལས་གུང་མོ་བརྐྱང་བའི་སྟེང་དུ་མཛུབ་མོ་


CMR021_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པ་ལྟ་བུ་རྣམས་རིམ་པའོ། །ཕྱོགས་སྐྱོང་བཅུས་བསྐོར་བའི་དཀྱིལ་འཁོར་ནི། ནང་དུ་ལིང་ཚེ་དགུར་གནས་པའི་དབུས་སུ་སེང་གེའི་ཁྲི་པད་ཟླ་ལ། ཨོཾ་པེུ་པུཎྱེ་མ་ཧཱ་པུཎེ་ཨ་པ་ར་མི་ཏ་ཨཱཿ་ཡུ་པུཎྱ། ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ་སྭཱ་ཧཱ་ལས་ཕྱག་ན་རྡོ་རྗེ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཡས་པས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་དེ་འཛིན་པ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་ཏེ་བསྣམས་པ། དེའི་མདུན་གཡས་ཟུར་དུ་ཨ་ཨ་སྭཱ་ཧཱ། ཉི་མ་དམར་པོ་རྟ་བདུན་གྱིས་འདྲེན་པའི་ཤིང་རྟ་ལ་ཞོན་པ། ཕྱག་གཉིས་ཀྱིས་པདྨ་ལ་གནས་པའི་ཉི་མ་འཛིན་པ། གཡོན་ཟུར་ཨོཾ་བྷ་སྭཱ་ཧཱ། ས་བདག་ཕག་སེར་པོ་ཕག་མགོ་ཅན་པི་ཝཾ་བསྒྲེང་བ། བྱང་ཤར་ལ་སོགས་པའི་ལིང་ཚེ་རྣམས་ལ་ཨོཾ་ཨི་སྭཱ་ཧཱ། ཨོཾ་ཨི་སྭཱ་ཧཱ། ཨོཾ་ཨ་སྭཱ་ཧཱ། ཨོཾ་ཡ་སྭཱ་ཧཱ། ཨོཾ་ནི་སྭཱ་ཧཱ། ཨོཾ་ཁཾ་སྭཱ་ཧཱ། ཨོཾ་ཡཾ་སྭཱ་ཧཱ། ཨོཾ་ཀུ་སྭཱ་ཧཱ། རྣམས་ལས་རིམ་པ་བཞིན་། བྱང་ཤར་དུ་དབང་ལྡན་དཀར་པོ། མགྲིན་པ་སྔོ་བ་གླང་ལ་ཞོན་ཅིང་གཡས་རྩེ་གསུམ་དང་གཡོན་ཐོད་པ་འཛིན་པ། རལ་པའི་ཐོད་ཅན་ལ་ཐོད་ཕྲེང་དང་ཟླ་ཕྱེད་ཀྱིས་


CMR021_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

།བརྒྱན་པ། སྦྲུལ་གྱིས་མཆོད་ཕྱིར་ཐོགས་པ་ཅན། ཤར་དུ་བརྒྱ་བྱིན་སེར་པོ་གླང་པོ་ཆེ་ས་སྲུང་དཀར་པོ་ལ་ཞོན་ཞིང་གཡས་རྡོ་རྗེ་དང་གཡོན་ནུ་མ་འཛིན་པ། ཤར་ལྷོར་མེ་ལྷ་དམར་པོ་ར་ལ་ཞོན་ཞིང་དགང་གཟར་དང་བླུག་གཟར་དང་སྤྱི་བླུགས་འཛིན་པ། ལྷོར་གཤིན་རྗེ་ནག་པོ་མ་ཧེ་ལ་ཞོན་པ་དབྱུག་པ་དང་རྡོ་རྗེ་རྩེ་གཅིག་པ་འཛིན་པ། ལྷོ་ནུབ་ཏུ་སྲིན་པོ་སྔོན་པོ་རོ་ལངས་ལ་ཞོན་པ་རལ་གྲི་དང་ཕུབ་འཛིན་པ། ནུབ་ཏུ་ཆུ་ལྷ་དཀར་པོ་ཆུ་སྲིན་ལ་ཞོན་པ་སྦྲུལ་ཞགས་དང་དུང་དཀར་འཛིན་པ། སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་པ། ནུབ་བྱང་དུ་རླུང་ལྷ་སྔོན་པོ་ཤ་བ་ལ་ཞོན་པ་རླུང་རེས་འཛིན་པ། བྱང་དུ་ལུས་ངན་སེར་པོ་མི་ལ་ཞོན་པ་ལྕགས་ཀྱུ་དང་དབྱུག་ཏོ་འཛིན་པ། བརྒྱད་པོ་ཐམས་ཅད་ཕྱག་བཞི་པ་སྟེ་ཕྱག་འོག་མ་གཉིས་སྤྱི་བོར་ཐལ་མོ་སྦྱར་ཏེ་གཙོ་བོ་ལ་འདུད་པ། སྒོ་བཞིར་ཛཧཱུྃ་བཾ་ཧོལས་རྡོ་རྗེ་ལྕགས་ཀྱུ་དཀར་པོ་ལྕགས་ཀྱུ་འཛིན་པ། རྡོ་རྗེ་ཞགས་པ་སེར་པོ་ཞགས་པ་འཛིན་པ། རྡོ་རྗེ་ལྕགས་སྒྲོག་དཀར་དམར་ལྕགས་སྒྲོག་འཛིན་པ། རྡོ་རྗེ་འབེབས་པ་སྣ་ཚོགས་མདོག་པས་དྲིལ་བུ་གཡོན་གདན་ལ་བརྟེན་པ། ཕྱག་རྒྱུ་ནི་གཙོ་བོའི་ཕྱག་རྒྱ་


CMR021_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཞིན་དང་། ཕྱོགས་སྐྱོང་རྣམས་རིམ་པ་བཞིན་དུ་ལག་པ་གཉིས་ཁ་སྦྱར་ཏེ་འཁོར་ལོ་ལྟར་བྱས་པ་དང་། ལག་པ་གཉིས་སོར་མོ་རྣམས་བཀུག་སྟེ་རྩེ་སྦྱར་ནས་བུམ་པ་བཞིན་བྱས་པ་སྙིང་ཁར་བཟུང་བ་དང་། གཡོན་སྙིང་གར་ཐོད་པ་འཛིན་པའི་ཚུལ་བྱས་ཤིང་གཡས་མཐེའུ་ཆུང་མཐེ་བོང་གི་མགོ་ནས་སོར་མོ་དབུས་མ་གསུམ་རྩེ་གསུམ་གྱི་ཕྱག་རྒྱ་བྱས་པ་ཕྲག་པའི་ཐད་དུ་བཟུང་བ་དང་། ལག་གཉིས་རྩེ་གསུམ་གྱི་ཚུལ་དུ་བྱས་ནས་གཡོན་དཀུར་བརྟེན་ཞིང་གཡས་སྙིང་གར་བཟུང་བ་དང་། རྡོ་རྗེ་མེའི་ཕྱག་རྒྱ་དང་། ལག་པ་གཉིས་ཁུ་ཚུར་བྱས་ཏེ་གུང་མོ་དབྱུག་པ་ལྟར་བསྒྲེང་བ་གཡོན་སྙིང་གར་བཟུང་ཞིང་གཡས་ཕྱར་སྟབས་སུ་བྱས་པ་དང་། སྙིམ་པ་གཟེན་པ་ཁའི་ཐད་དུ་བཟུང་བ་དང་། ལག་པ་གཉིས་ཀྱི་སོར་མོ་རྣམས་རྩེ་མོ་གཅུས་ཏེ་སྦྲུལ་མགོ་ལྟར་བྱས་པ་ཐོད་ཐད་དུ་བཟུང་བ་དང་། གཡོན་ཁུ་ཚུར་སྙིང་གར་བཟུང་ཞིང་གཡས་པའི་སོར་མོ་རྣམས་བཤིབ་སྟེ་བརྐྱང་བ།་འཕྲག་པའི་ཐད་དུ་བ་དན་ལྟར་གསོར་བར་འཛིན་པ་དང་། གཡས་ཁུ་ཚུར་གྱི་གུང་མོ་དབྱུག་པ་ལྟར་བསྒྲེང་བ་འཕྲོག་པར་འཕྱར་ཞིང་གཡོན་ཁུ་ཚུར་མཐེ་བོང་བརྐྱང་པ་ནེའུ་ལེ་འཛིན་པ་ལྟར་བྱས་པ་རྣམས་སོ།། ། གཟའ་བརྒྱད་ཀྱིས་བསྐོར་བའི་སྙིང་པོའི་དཀྱིལ་འཁོར་ནི། ནང་དུ་ལིང་ཚེ་དགུར་གནས་པའི་དབུས་སུ་སེངྒེའི་ཁྲི་དང་པད་ཉིའི་སྟེང་དུ། ཨོཾ་བཛྲ་སཏཱ་ཀྲོ་དྷ་ཨ་ན་ལན་མ་ཧཱ་བཛྲ་ཀྲོ་དྷ་དྲ་བ་དྲ་བ་བི་དྲ་ཝ་བི་དྲ་ཝ་སརྦ་ཨ་པཱ་ཡ་ནཱ་ཤ་ཡ་ཧ་ར་ཧ་ར་པྲ་ཎཾ་ཧཱུྃ་ཕཊ་


CMR021_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བདག་ཉིད་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་སྐུ་མདོག་སྔོན་པོ་དབུ་དང་ཕྱག་མཐའ་ཡས་པ། །སྦྲུལ་དང་མི་སྡུག་པའི་བརྒྱན་དང་སྟག་ལྤགས་ཀྱི་ཤམ་ཐབས་ཅན། རྩ་བའི་ཕྱག་གཉིས་ཧཱུྃ་མཛད་ཀྱི་ཕྱག་རྒྱ། ལྷག་མའི་གཡས་རྣམས་མཚོན་ཆ་སྣ་ཚོགས། གཡོན་རྣམས་མགོ་ཐོད་ཤས་གང་བ་བསྣམས་པ། མ་རུངས་བའི་རྒྱུ་མ་དྲངས་ཏེ་གསོལ་བ། གཡས་བསྐུམ་གཡོན་བརྐྱང་གིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། དེའི་ཕྱོགས་བཞིར་རིགས་བཞིའི་མཚན་མ་བཞི་དང་། ཕྱོགས་མཚམས་ཀྱི་རེ་མིག་ལ། ཤར་དུ་ཨོཾ་ཁྱི་སྭཱ་ཧཱས་པདྨ་ལ་པ་ཝ་སངས་དཀར་པོ་ཕྲེང་བ་དང་གཡོན་སྤྱི་བླུགས་འཛིན་པ། ལྷོར་ཨོཾ་བྲི་སྭཱ་ཧཱས་ཐོད་པའི་སྦལ་པ་ལ་ཕུར་བུ་དཀར་པོ་གཡས་ཕྲེང་བ་དང་གཡོན་སྤྱི་བླུགས་འཛིན་པ། ནུབ་ཏུ་ༀ་སྭ་སྭཱ་ཧཱས་ངང་པ་ལ་ཟླ་བ་དཀར་པོ་ཕྱག་གཉིས་ཀྱི་ཀུ་མུད་ཏ་ལ་གནས་པའི་ཟླ་བ་འཛིན་པ། བྱང་དུ་ཨོཾ་བུ་སྭཱ་ཧཱས་པདྨ་ལ་ལྷག་པ་སེར་པོ་མདའ་གཞུ་འཛིན་པ། ཤར་ལྷོར་ཨོཾ་ཨང་སཱ་ཧཱས་ར་ལ་མིག་དམར་གཡས་གྲི་གུག་དང་གཡོན་མི་མགོ་ཟ་བའི་ཚུལ་དུ་བྱེད་པ། ལྷོ་ནུབ་ཏུ་ཨོཾ་ར་སྭཱ་ཧཱས་སྤྲིན་ལ་སྒྲ་གཅན་དམར་ནག་གཡས་


CMR021_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་གཡོན་ཟླ་བ་འཛིན་པ། ནུབ་བྱང་དུ་ཨོཾ་ཨ་སྭཱ་ཧཱས་རྟ་བདུན་གྱིས་གྲངས་པའི་ཤིང་རྟ་ཉི་མ་དམར་པོ་ཕྱག་གཉིས་ཀྱི་པདྨ་ལ་གནས་པའི་ཉི་མ་འཛིན་པ། བྱང་ཤར་དུ་ཨོཾ་ས་སྭཱ་ཧཱས་རུ་སྦལ་ལ་གནས་པའི་སྤེན་པ་ནག་པོ་ཕྱག་གཉིས་ཀྱི་དབྱུག་པ་འཛིན་པ། སྒོ་བཞིར་ཛཿཧཱུྃ་བཾ་ཧོཿལས་རྡོ་རྗེ་ལྕགས་ཀྱུ་དཀར་པོ་ལྕགས་ཀྱུ་འཛིན་པ། རྡོ་རྗེ་ཞགས་པ་སེར་པོ་ཞགས་པ་འཛིན་པ། རྡོ་རྗེ་ལྕགས་སྒྲོག་དཀར་དམར་ལྕགས་སྒྲོག་འཛིན་པ། རྡོ་རྗེ་འབེབས་པ་སྣ་ཚོགས་མདོག་གཡས་དྲིལ་བུ་གཡོན་གདན་ལ་བརྟེན་པ། ཕྱིའི་འཁོར་ཡུག་ལ་ཕྱོགས་བཞིར་སྐར་མ་བདུན་བདུན་ཏེ། བྱང་ཤར་ནས་རིམ་པ་བཞིན། ཐ་སྐར་དཀར་པོ། བྲ་ཉེ་ལྗང་གུ། སྨིན་དྲུག་སྔོན་པོ། སྣར་མ་དམར་སྐྱ། མགོ་ནག་པོ། ལག་སེར་པོ། ནབས་སོ་སེར་པོ། རྒྱལ་སྔོ་བསངས། སྐག་དཀར་པོ། མཆུ་སེར་པོ། གྲེ་ལྗང་སེར། སྦོ་ལྗང་གུ། མེ་བཞི་དཀར་པོ། ནག་པོ་ལྗང་གུ། ས་རི་སེར་པོ། ས་ག་ནག་པོ། ལྷ་མཚམས་ལྗང་གུ། སྣོན་དམར་སྐྱ། ལྡེའུ་སེར་པོ། ཆུ་སྟོད་ནག་པོ། ཆུ་སྨད་དཀར་པོ། བྱི་བཞིན་སྔོ་བསངས། གྲོ་ཞུན་དཀར་སེར། མོན་


CMR021_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

གྲེ་ནག་པོ།་མོན་གྲུ་སེར་པོ། ཁྲུམས་སྟོད་ལྗང་གུ། ཁྲུམས་སྨད་སེར་པོ། ནམ་གྲུ་དཀར་སེར་ཏེ། ལྷ་མོ་དེ་རྣམས་ཐལ་མོ་སྦྱར་ནས་པདྨ་བསྣམས་ཤིང་སྟོད་གཡོགས་དམར་པོ་དང་བཅས་པའོ། །ཕྱག་རྒྱུ་གཙོ་བོ་ཀུན་རིག་བཞིན་ནོ། །དེ་རྣམས་མཉམ་གཞག་དང་བཅས་པས་གཡས་མཐེ་བོང་དང་མཛུབ་མོ་སྦྱར་ཏེ། གནས་འདྲེན་པའི་ཚུལ་དང་། ལག་པ་གཉིས་ཁ་སྦྱར་ཏེ་འཁོར་ལོ་ལྟར་བྱས་པ་དང་། ལག་པ་གཉིས་སེ་གོལ་གཏོགས་པ་དང་། ཐལ་མོ་དམ་དུ་སྦྱར་བ་དང་། གླང་པོ་རིན་པོ་ཆེའི་ཕྱག་རྒྱ་དང་། ཡང་འཁོར་ལོའི་ཕྱག་རྒྱ་དང་། གཡས་ཁུ་ཚུར་གྱི་གུང་མོ་བསྒྲེང་པ་རྣམས་གཟའ་བརྒྱད་ཀྱིའོ། །སོར་མོ་རྣམས་གཅིག་ཏུ་བསྡུས་ཤི་ང་ཕྱིར་འགྱེད་པ་ལན་གསུམ་བྱས་པ་ནི་རྒྱུ་སྐར་རྣམས་སོ། །ཀླུ་བརྒྱད་ཀྱིས་བསྐོར་བའི་དཀྱིལ་འཁོར་ནི། ནང་དུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་སེང་གེའི་ཁྲི་དང་པད་ཟླའི་སྟེང་དུ། ཨོཾ་པུཎེ་པུཎེ་མ་ཧཱ་པུཎྱེ་ཨ་པ་ར་མི་ཏ་ཨཱཿ་ཡུ་པུཎྱ། ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ་སྭཱ་ཧཱ་ལས་འོད་འཕྲོས་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། ཕྱག་ན་རྡོ་རྗེ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཡས་པ་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་བསྟོད་དེ་འཛིན་པ། གཡོན་དེས་


CMR021_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་ཏེ་བསྣམས་པ། དར་གྱི་ན་བཟའ་དང་རིན་པོ་ཆེས་བརྒྱན་པ། སྦྲུལ་མགོ་མཐའ་ཡས་པའི་གདེངས་ཀ་ཅན་སྦྲུལ་གྱིས་བརྒྱན་པ། འདབ་མ་བརྒྱུད་ལ་ཟླ་བའི་སྟེང་དུ་ཨོཾ་སྭཱ་ཧཱ། ཨོཾ་ཕ་སྭཱ་ཧཱ། ཨོཾ་པུཾ་སྭཱ་ཧཱ། ཨོཾ་ཝཱ་སྭཱ་ཧཱ། ཨོཾ་ཕི་སྭཱ་ཧཱ། ཨོཾ་ཡེ་སྭཱ་ཧཱ། ཨོཾ་ཡེ་སྭཱ་ཧཱ། ཨོཾ་ཕོ་སྭཱ་ཧཱ། ཞེས་པ་རྣམས་ལས་རིམ་པ་བཞིན་དུ་ཤར་དུ་མཐའ་ཡས། ལྷོར་འཇོག་པོ། ནུབ་ཏུ་ཀར་ཀོ། བྱང་དུ་རིགས་ལྡན། ཤར་ལྷོར་ནོར་རྒྱས་ཀྱི་བུ། ལྷོ་ནུབ་ཏུ་དུང་སྐྱོང་། ནུབ་བྱང་དུ་པདྨ། བྱང་ཤར་དུ་ཆུ་ལྷ་རྣམས་སྐུ་མདོག་དཀར་པོ་སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་པ། སྐུ་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ། སྐུ་སྟོད་ལྷའི་བུ་ཞལ་གཅིག་ཕྱག་གཉིས་པ་རང་འདྲའི་ཡུམ་གཡོན་ན་གནས་པའི་མགུལ་ནས་འཁྱུད་ཅིང་ཐལ་མོ་སྦྱར་བ། རིན་པོ་ཆེའི་བརྒྱན་ཅན་ནོ། །སྤྱན་འདྲེན་ལ་ལག་པ་གཉིས་ཀྱི་སོར་མོ་རྣམས་རྩེ་མོ་གཅུས་ཏེ་སྦྲུལ་མགོ་ལྟར་བྱས་པ་ཐམས་ཅད་ཐ་དད་དུ་བཟུང་བས་ཀླུ་རྣམས་སྤྱན་དྲངས་སོ། །ཕྱག་རྒྱ་ནི་གཙོ་འཁོར་སྔར་གྱི་ཕྱག་རྡོར་བཞིན་ནོ། །ལག་པ་གཉིས་སྟེང་འོག་ཏུ་བཞག་པ་སྟེང་འོག་བསྒྱུར་ཞིང་སྤྲིན་འཁྱུག་པ་བཞིན་བྱེད་པ་ནི་ཀླུའི་འོ། །འཇིགས་བྱེད་ཆེན་མོ་དགུས་བསྐོར་བའི་


CMR021_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ནི། ནང་དུ་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པའི་ལྟེ་བར་སེང་གེའི་ཁྲི་དང་པད་ཉིའི་སྟེང་དུ་ཨོཾ་བཛྲ་སཏཱ་ཀྲོ་དྷ་ཨ་ན་ལན་མ་ཧཱ་བཛྲ་ཀྲོ་དྷ་དྲ་བ་དྲ་བ་བི་དྲ་ཝ་བི་དྲ་ཝ་སརྦ་ཨ་པཱ་ཡ་ནཱ་ཤ་ཡ་ཧ་ར་ཧ་ར་པྲ་ཎཾ་ཧཱུྃ་ཕཊ་ལས་བདག་ཉིད་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་སྐུ་མདོག་སྔོན་པོ་དབུ་དང་ཕྱག་མཐའ་ཡས་པ། སྦྲུལ་དང་མི་སྡུག་པའི་བརྒྱན་དང་། སྟག་ལྤགས་ཀྱི་ཤམ་ཐབས་ཅན། རྩ་བའི་ཕྱག་གཉིས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་ལྷག་མའི་གཡས་རྣམས་མཚོན་ཆ་སྣ་ཚོགས། གཡོན་རྣམས་མགོ་ཐོད་ཤས་གང་བ་བསྣམས་པ། མ་རུངས་བའི་རྒྱུ་མ་དྲངས་ཏེ་གསོལ་བ། གཡས་བསྐུམ་གཡོན་བརྐྱང་གིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། དེའི་ཞབས་དྲུང་དུ་པདྨ་དང་ཉི་མ་ལ། ཨོཾ་བྷཻ་ར་ཨོཾ་བྷཻ་ར་བྷི་སྭཱ་ཧཱ། འཇིགས་བྱེད་ཀྱི་བདག་པོ་ཆེན་པོ་ཁྲོས་པ་འཇིགས་བྱེད་མ་དང་བཅས་པ།་་་་སྟག་ལུང་ལུགས་ལ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་གྲི་ཐོད། སྤྱན་གསུམ་མཆེ་བ་གཙིགས་པ་གླང་ཀོ་གྱོན་པ། དབུ་ལ་ཐོད་པ་དང་ཟླ་ཚེས་ཀྱིས་བརྒྱན་པ། མཚན་མ་བསྒྲེང་བ་བཙུན་མོ་ལ་སྟོན་པ། དེའི་གཡོན་དུ་ཡུམ་དཀའ་ཐུབ་བཟློག་ཚུལ་ཡབ་ལྟ་བུའོ། །རྩིབས་བརྒྱད་ལ་པདྨ་དང་ཉི་མ་ལ།


CMR021_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

རྩིབས་ཤར་དུ་ཨོཾ་བྷ་སྭཱ་ཧཱས་དབང་ཕྱུག་འཇིགས་བྱེད། ལྷོར་ཨོཾ་བྷི་སྭཱ་ཧཱས་དབང་པོ་འཇིགས་བྱེད། ནུབ་ཏུ་བྷུ་སྭཱ་ཧཱས་ཚངས་པ་འཇིགས་བྱེད། བྱང་དུ་ཨོཾ་བྷཻ་སྭཱ་ཧཱས་ཁྱབ་འཇུག་འཇིགས་བྱེད། ཤར་ལྷོར་ཨོཾ་བྷཻ་སྭཱ་ཧཱས་འདོད་པའི་དབང་ཕྱུག་འཇིགས་བྱེད། ལྷོ་ནུབ་ཏུ་ཨོཾ་བྷོ་སྭཱ་ཧཱས་ཚོགས་བདག་འཇིགས་བྱེད། ནུབ་བྱང་དུ་ༀབྷཾ་སྭཱ་ཧཱས་བྷངྒི་རི་ཏི་འཇིགས་བྱེད། བྱང་ཤར་དུ་ཨོཾ་བྷ་སྭཱ་ཧཱས་གཞོན་ནུ་གདོང་དྲུག་འཇིགས་བྱེད་རྣམས་ཀྱང་རང་རང་གི་ཆུང་མ་དང་བཅས་པ། ཡབ་ཡུམ་བཅོ་བརྒྱད་པོ་ཐམས་ཅད་ཀྱང་སྐུ་མདོག་ནག་པོ་གླང་པོ་ཆེའི་ཀོ་རློན་གྱོན་པ་རབ་ཏུ་ཁྲོས་པ་མཆེ་བ་གཙིགས་པ་སྤྱན་གསུམ་དམར་བ། གཡས་གྲི་གུག་དང་གཡོན་ཐོད་པ་ཁྲག་གིས་བཀང་བ་འཛིན་པ། ཡབ་ཀྱི་གཡོན་ན་ཡུམ་གནས་པའི་མགུལ་ནས་ཡབ་ཀྱི་གཡོན་པས་འཁྱུད་ཅིང་ཡུམ་གྱི་གཡས་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། སྒོ་བཞིར་ཛཿཧཱུྃ་བཾ་ཧོལས་རྡོ་རྗེ་ལྕགས་ཀྱུ་དཀར་པོ་ལྕགས་ཀྱུ་འཛིན་པ། །ཞགས་པ་སེར་པོ་ཞགས་པ་འཛིན་པ། རྡོ་རྗེ་ལྕགས་སྒྲོག་དཀར་དམར་ལྕགས་སྒྲོག་འཛིན་པ། རྡོ་རྗེ་འབེབས་པ་སྣ་ཚོགས་མདོག་གཡས་དྲིལ་བུ་གཡོན་གདན་ལ་བརྟེན་པ་བཞི་


CMR021_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཀའང་ཁྲོས་པའོ། །ཕྱག་རྒྱུ་ནི་གཙོ་བོ་སྔར་བཞིན་ནོ། །གཡས་རྡོ་རྗེ་ཁུ་ཚུར་གྱི་མཐེའུ་ཆུང་གྲི་གུག་ལྟར་བྱས་པ། གཡོན་ཐོད་པ་འཛིན་པའི་ཚུལ་སྙིང་གར་བཟུང་བ་འཁོར་ཡུག་གི་དགུ་པོ་དང་། ལྷ་བརྒྱད་ཀྱིས་བསྐོར་བའི་དཀྱིལ་འཁོར་ནི། ནང་དུ་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པའི་ལྟེ་བར་སེང་གེའི་ཁྲི་དང་པད་ཟླའི་སྟེང་དུ། ཨོཾ་བཛྲ་སཏཱ་ཀྲོ་དྷ་ཨ་ན་ལརྐ་མ་ཧཱ་བཛྲ་ཀྲོ་དྷ་དྲ་བ་དྲ་བ་བི་དྲ་ཝ་བི་དྲ་ཝེ་སརྦ་ཨ་པཱ་ཡ་ནཱ་ཤ་ཡ་ཧ་ར་ཧ་ར་པྲ་ཎཾ་ཧཱུྃ་ཕཊ་ལས་བདག་ཉིད་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་སྐུ་མདོག་སྔོན་པོ་དབུ་དང་ཕྱག་མཐའ་ཡས་པ། ཆ་ལུགས་དང་སྡུག་པའི་རྒྱན་དང་། སྟག་ལྤགས་ཀྱི་ཤམ་ཐབས་ཅན། རྩ་བའི་ཕྱག་གཉིས་ཧཱུྃ་མཛད་ཀྱི་ཕྱག་རྒྱ། ལྷག་མའི་གཡས་རྣམས་མཚོན་ཆ་སྣ་ཚོགས། གཡོན་རྣམས་མགོ་ཐོད་ཤས་གང་བ་བསྣམས་པ། མ་རུངས་པའི་རྒྱུ་མ་དྲངས་ཏེ་གསོལ་བ། ཞབས་གཡས་བསྐུམ་གཡོན་བརྐྱང་གིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། ཨོཾ་རུ་སྭཱ་ཧཱས་ཤར་དུ་དབང་ཕྱུག་ཆེན་པོ་དཀར་པོ་མགྲིན་པ་སྔོ་བ་གླིང་ལ་ཞོན་ཞིང་གཡས་རྩེ་གསུམ་དང་གཡོན་ཐོད་པ་འཛིན་པ་རིལ་པའི་ཐོར་ཅོག་ལ་ཐོད་ཕྲེང་དང་ཟླ་ཕྱེད་ཀྱིས་བརྒྱན་པ། སྦྲུལ་


CMR021_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཆོད་ཕྱིར་ཐོགས་པ་ཅན། ཨོཾ་ཨི་སྭཱ་ཧཱས་ལྷོར་ལྷའི་དབང་པོ་སེར་པོ་གླང་པོ་ཆེ་ས་སྲུང་དཀར་པོ་ལ་ཞོན་ཞིང་གཡས་རྡོ་རྗེ་དང་གཡོན་ནུ་མ་འཛིན་པ། ཨོཾ་ཨོཾ་སྭཱ་ཧཱས་ནུབ་ཏུ་ངང་པ་ལ་ཚངས་པ་སེར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་དང་པོས་བགྲང་ཕྲེང་དང་། གཡོན་དང་པོས་པདྨ། གཡས་འོག་མས་དབྱུག་པ་དང་། གཡོན་འོག་མས་སྤྱི་བླུགས་བཟུང་ནས་ཐལ་མོ་སྦྱར་བ། ཨོཾ་བྷི་སྭཱ་ཧཱས་བྱང་བྱ་ཁྱུང་ལ་ཁྱབ་འཇུག་ནག་པོ་ཕྱག་བཞིའི་དང་པོ་གཉིས་ཀྱིས་འཁོར་ལོ་དང་དུང་། འོག་མ་གཉིས་ཀྱིས་མདུང་ཐུང་དང་སཱ་རང་གའི་གཞུ་བཟུང་ནས་ཐལ་མོ་སྦྱར་བ། ཨོཾ་ཀ་སྭཱ་ཧཱས་ཤར་ལྷོར་པད་ཉི་ལ་འདོད་པའི་དབང་ཕྱུག་དམར་པོ་མདའ་གཞུ་འཛིན་པ། ཨོཾ་ག་སྭཱ་ཧཱ་དང་ལྷོ་ནུབ་ཏུ་བྱི་བ་ཚོགས་བདག་དཀར་པོ་གླང་པོ་ཆེའི་གདོང་པ་ཅན། ཕྱག་བཞི་གཡས་གཉིས་ཀྱིས་རྩེ་གསུམ་དང་ལ་དུ། གཡོན་གཉིས་ཀྱིས་དགྲ་སྟ་དང་ལ་ཕུག་འཛིན་པ། སྦྲུལ་གྱིས་མཆོད་ཕྱིར་ཐོགས་གསོལ༔ ཨོཾ་ཤྲཱི་སྭཱ་ཧཱས་ནུབ་བྱང་དུ་པདྨ་ཤྲཱིངྒི་རེ་ཏི་ནག་པོ་ཤིན་ཏུ་སྐེམ་པ་ཕྱག་བཞི་དང་པོ་གཉིས་ཀྱིས་ཕྲེང་བ་དང་སྤྱི་བླུགས་འཛིན་ཅིང་། འོག་མ་གཉིས་ཀྱིས་ཐལ་མོ་སྦྱར་བ།


CMR021_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཀ་སྭཱ་ཧཱས་བྱང་ཤར་དུ་རྨ་བྱ་ལ་གདོང་དྲུག་དམར་པོ་ཞལ་དྲུག་ཕྱག་དྲུག་པ་གཡས་དང་པོ་གཉིས་ཀྱིས་ཤག་ཏི་དང་རྡོ་རྗེ། གཡོན་དང་པོ་གཉིས་ཀྱིས་ཁྱིམ་བྱི་དང་དྲིལ་བུ་འཛིན་པ། འོག་མ་གཉིས་སྤྱི་བོར་ཐལ་མོ་སྦྱར་བ། བརྒྱད་པོ་ཐམས་ཅད་ཀྱང་རང་འདྲའི་ཡུམ་གཡོན་ན་གནས་པ་དང་བཅས་པའོ། །སྒོ་བཞིར་ཛཧཱུྃ་བཾ་ཧོལས་རྡོ་རྗེ་ལྕགས་ཀྱུ་དཀར་པོ་ལྕགས་ཀྱུ་འཛིན་པ། རྡོ་རྗེ་ཞགས་པ་སེར་པོ་ཞགས་པ་འཛིན་པ། རྡོ་རྗེ་ལྕགས་སྒྲོག་དཀར་དམར་ལྕགས་སྒྲོག་འཛིན་པ། རྡོ་རྗེ་འབེབས་པ་སྣ་ཚོགས་མདོག་གཡས་དྲིལ་བུ་གཡོན་གདན་ལ་བརྟེན་པ། ཕྱིའི་འཁོར་ཡུག་ལ་ཤར་དུ་སྟོབས་བཟང་དཀར་པོ་རལ་གྲི་དང་ཐོང་གཤོལ་འཛིན་པ། ལྷོར་བྱ་ཀོ་ཀི་ལའི་ཤིང་རྟ་ལ་སྐྱལ་བར་བྱེད་པ་ལྗང་གུ་ཕྱག་བཞི་གཡས་གཉིས་ན་མེ་ཏོག་གི་ཕྲེང་བ་དང་མདའ། གཡོན་གཉིས་ན་བཏུང་བའི་སྣོད་དང་གཞུ་འཛིན་པ། ནུབ་ཏུ་རྩེ་ནའི་ཤིང་རྟ་ལ་སྦྲང་རྩིར་བྱེད་པ་དཀར་པོ་ཕྱག་བཞི་གཡས་གཉིས་ཀྱིས་ཆུ་སྲིན་གྱི་རྒྱལ་མཚན་དང་མདའ་གཡོན་གཉིས་ན་བཏུང་བའི་སྣོད་དང་གཞུ་འཛིན་པ། བྱང་དུ་སྤྲེའུ་ལ་སྤྱོད་ཀྱི་ལྷ་དཀར་པོ་ཕྱག་བཞིའི་གཡས་གཉིས་ཀྱིས་


CMR021_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་དང་རལ་གྲི། གཡོན་གཉིས་ན་བཏུང་བའི་སྣོད་དང་གཞུ་འཛིན་པའོ། །ཕྱག་རྒྱ་ནི་གཙོ་བོ་སྔར་བཞིན་ནོ། །གཡོན་སྙིང་གར་ཐོད་པ་འཛིན་པའི་ཚུལ་བྱས་ཤིང་གཡས་པའི་མཐེའུ་ཆུང་མཐེ་བོས་མནན་པས་སོར་མོ་དབུས་མ་གསུམ་རྩེ་གསུམ་གྱི་ཚུལ་དུ་བྱས་པ་ཕྲག་པའི་ཐད་དུ་བཟུང་བ་དང་། ལག་པ་གཉིས་རྩེ་གསུམ་གྱི་ཚུལ་དུ་བྱས་ནས་གཡོན་དཀུར་བརྟེན་པ་གཡས་སྙིང་གར་བཟུང་བ་དང་། གཡས་ཁུ་ཚུར་མཐེ་བོང་བསྒྲེང་བའི་སྟེང་དུ་གཡོན་པའི་སོར་མོ་རྣམས་བསྡུས་པ་པདྨ་ཁ་སྦུབ་པའི་གཟུགས་བཞག་པ་དང་། གཡོན་པའི་སོར་མོ་ཕྲལ་ཏེ་བརྐྱང་པ་འཁོར་ལོའི་ཚུལ་ལྟར་བྱ། གཡས་རྩེ་གསུམ་ལྟར་དབྱུག་གུ་གསུམ་པར་བྱས་པ་དང་། གཞུ་འགེངས་པའི་ཚུལ་དང་། གཡས་རྩེ་གསུམ་གྱི་ཕྱག་རྒྱ་དང་། ལག་པ་གཡས་པས་ཕྲེང་བ་འཛིན་པའི་ཚུལ་ཐུར་དུ་བརྐྱང་བ་དང་། གཡོན་པའི་གུང་མོ་གཉིས་བརྐྱང་མདའི་ཚུལ་གྱིས་སྟེང་དུ་མཐེ་བོང་དང་མཛུབ་མོ་རྩེ་སྤྲད་པ་གཞུའི་ཚུལ་དུ་བཞག་པ་རྣམས་ལྷ་བརྒྱད་ཀྱིས་སོ། །སྟོབས་བཟང་ལ་སོགས་པ་འཇིག་རྟེན་པ་སྤྱིའི་ཕྱག་རྒྱའོ། །རྒྱུད་ལས་ཕྱག་རྒྱ་འདི་རྣམས་མ་གསུངས་པས་མ་བྱས་ཀྱང་ཆོག །བུམ་པ་གཉིས་ལ་བསངས་ཆུ་གཏོར་ནས། ལས་སྔགས་ཀྱིས་བསང་། ཨོཾ་སྭ་བྷ་ཝས་སྦྱངས། །སྟོང་པའི་ངང་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཧཱུཾ་ལས་རིན་པོ་ཆེའི་བུམ་པ་གཉིས། ལྟོ་བ་ཡངས་ཤིང་རྒྱ་ཆེ་བ་མགྲིན་པ་རིང་བ་མཆུ་འཕྱང་བ། ལྷ་


CMR021_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ཀྱི་གོས་ཀྱིས་མགྲིན་པ་དཀྲིས་པ། དཔག་བསམ་ཤིང་གིས་ཁ་བརྒྱན་པ། ལྔ་ཕྲག་ལྔ་ཡི་རྫས་དང་། ཡན་ལག་བརྒྱད་ལྡན་ཆུས་སུམ་གཉིས་གང་བར་གྱུར། ཨོཾ་ཏཔེ་ཏཔེ་མ་ཧཱ་ཏཔེ་སྭཱ་ཧཱ། ལན་གསུམ་བརྗོད་པ་དང་། ལྷའི་ཆུ་བོ་གངྒཱ་ནས་ཆུ་རྒྱུན་བབས་པས། བུམ་པའི་ནང་གི་ཆུ་ལ་ཐིམ་པས་འདྲེས་ཤིང་དབུས་སུ་གཙོ་བོ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨ་དང་། ཞི་བ་རྣམས་ལ་ཟླ་བ་དང་ཁྲོ་བོ་རྣམས་ལ་ཉི་མའི་གདན་རྣམས་ཀྱི་སྟེང་དུ། སྐད་ཅིག་གིས་སྒྲེའི་ལྷ་ཚོགས་ཞལ་ཕྱག་རྒྱན་ཆ་ལུགས་སྔར་སྨོས་མ་ཐག་པའི་མཚན་ཉིད་ཅན་དང་། ལས་བུམ་དུ་ཀཱི་ལས་རྡོ་རྗེ་གནོད་སྦྱིན་ནག་པོ་ལྟོ་བ་ཡངས་ཤིང་རྒྱ་ཆེ་བ་ཕྱག་གཉིས་ཀྱི་མཆེ་བ་ཞལ་གྱི་གྲྭ་གཉིས་སུ་འཛིན་པ་ལྷ་ཚོགས་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ་མགྲིན་པར་ཨཱཿ༔དམར་པོ་ཐུགས་ཀར་ཧཱུཾ་སྔོན་པོ། སླར་རང་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྗེའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཛྲ་ས་མཱ་ཛཿ ཧཱུྃ། མ་ལུས་སེམས་ཅན་ཀུན་གྱིས་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་


CMR021_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་གནས་འདིར་གཤེགས་སུ་གསོལ། །ཞེས་དང་། འཇིག་རྟེན་པའི་དཀྱིལ་འཁོར་རིགས་དྲུག་ལ། དེའི་རྗེས་སུ། མགོན་པོ་ཀུན་གཤེགས་ཐུགས་དམ་ཅན། །ད་ལྟ་སྙིགས་མ་ལྔ་ཡི་གཟིགས་ཤིང་གཤེགས་པའི་གནས་ངན་ཀྱང་། །འདྲེན་པའི་བསྟན་པ་སྲུང་བ་དང་། །སེམས་ཅན་ཀུན་ལ་ཕན་གདག་ཅིང་། །དམ་ཚིག་ཅན་ལ་ཐུགས་རྩེ་བས། །ཚེ་འཁོར་བཅས་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ བྷ་ག་ཝན། ཨེ་ཧྱ་ཧི་མ་ཧཱ་ཀ་རུ་ཎི་ཀ་ཌི་ཤ་ཡ་ཧོཿ ས་མ་ཡ་ཧཱུཾ། ཞེས་པས་འཁོར་བཅས་སྤྱན་དྲངས། །ཨོཾ་བཛྲ་ཡཀྵ་ཧཱུྃ། །ཟློགིས་སྔགས་རྒྱས་བགེགས་བསྐྲད་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྱུ་སོགས་ཀྱིས་མཆོད། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་ཀ་མ་ལཱ་ཡེ་སྟེ། སླར་ཡང་དབང་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས་ནས་དབང་བསྐུར་བར་གྱུར་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་


CMR021_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། དབང་བསྐུར་སྐུ་གང་དྲི་མ་དག་ཆུ་ཡི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་རིགས་ལྔ། ཕྱོགས་རྣམས་ལ་རང་རང་གི་གཙོ་བོས་དབུ་བརྒྱན་པར་གྱུར། གཙོ་བོ་རྣམས་ཀྱི་ཐུགས་ཀར་ཟླ་བའི་གདན་ལ་ས་བོན་ལ་རང་རང་གི་སྔགས་ཀྱིས་བསྐོར་བ་ལས། འོད་ཟེར་རིམ་པ་ལྔ་ལྔ་མཛོད་སྤུའི་སྒོ་ནས་ཐོན་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱང་བ་དང་། བསོད་ནམས་སྤེལ་བ་སོགས་ཕྲིན་ལས་གང་འདོད་འགྲུབ། བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན་བབ་བུམ་པ་གང་བར་གྱུར་པར་བསམས་ལ་བཟླ། ཞེས་འདས་དཀྱིལ་དྲུག་ལ་གཙོ་བོ་ཅི་མང་འཁོར་ཅུང་ཟད་བཟླས། འཇིག་རྟེན་པའི་དཀྱིལ་འཁོར་དྲུག་ལ་གཙོ་བོ་ཅུང་ཟད་དང་འཁོར་ཅི་མང་བཟླས། ཨོཾ་ཨཱཿ༔ཧཱུྃ། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོའི་ལྷོཐུགས་ཀ་ནས་བྱེ་བའི་གཙོ་བོ་རྐྱང་པའི་སྐུར་དཀྱིལ་འཁོར་གྱི་ཤར་སྒོའི་ནང་དུ་འདུག་ནས། མདུན་བུམ་ལ་མཆོད་བསྟོད་བདག་འཇུག་པ་དང་། གཞན་ལ་དབང་བྱེད་པ་རྣམས་གསལ་བར་གྱུར། དེ་ནས་རྒྱས་པར་ནི་རབ་འབྱམས་མ་དང་། སྒེག་སོགས་བརྒྱད། དཔག་མེད་རྒྱལ་སྲིད་སྣ་བདུན། ཁ་དོག་མ་རྣམས་ཀྱིས་མཆོད། ཀུན་རིག་ལ་ཆོས་དབྱིངས་ཡེ་ཤེས་མ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་


CMR021_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཞི་ལ་མཉམ་མེད་མ། ཕྱག་རྡོར་གཙོ་བོ་ཡིན་པ་ལ་ཆོས་ཉིད་སྟོང་པ་མས་བསྟོད། བསྡུ་ན་རབ་འབྱམས་མ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེའི་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷཾ་པཱཏྱཾ་པུཊྚེ་དྷཱ་པེ་ཨཱཿ་ལོ་ཀེ་གནྡྷེ་ནེ་ཝི་ཏྱཱ་ཤབྟ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། ཞིང་འདིར་རིན་ཆེན་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བསྐང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རིབ་ཅན་གྱིས་དབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སབྷ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་རོ་རེག །འདོད་ཡོན་ཁྱད་པར་འཕགས་པ་ཅི་མཆིས་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཱུ་པ་ཤབྷ་གྷནྡྷེ་རྭ་ས་སྤརེ་ཀ་མ་གུ་ན་བཛྲ་


CMR021_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

པཱུ་ཛི་ཏེ་ཨཱཿ༔ཧཱུྃ། རྣམ་པར་སྣང་མཛད་རིགས་བཞི་ཡུམ་དང་བཅས། །སེམས་དཔའ་བཅུ་དྲུག་སྒེག་སོགས་སྒོ་བ་བཞི། །བསྐལ་བཟང་དཔེ་བྲལ་ཉན་རང་ཁྲོ་བོའི་ཚོགས། །ཕྱི་ཡི་འཁོར་ཡུག་ལ་གནས་ཕྱག་འཚལ་བསྟོད། །ཅེས་རྩ་བའི་དཀྱིལ་འཁོར་དང་། ཤཱཀྱའི་བདག་པོ་དགྱེས་མཛད་པའི། །ཐུབ་པའི་གཙོ་ལ་ཕྱག་འཚལ་བསྟོད། །ལག་ན་རྡོ་རྗེ་འཁོར་ལོས་སྒྱུར། །རྒྱལ་བའི་གཙུག་ཏོར་རྣམ་པར་རྒྱལ། །གཟི་བརྗིད་ཕུང་པོ་གདུགས་དཀར་པོ། །རྣམ་པར་འཐོར་དང་རྣམ་པར་འཇོམས། །ལྷ་མོ་བཞི་དང་སྒོ་མ་བཞི། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་སྐུ་དཀྱིལ་དང་། དེ་བཞིན་གཤེགས་པ་ཚེ་དཔག་མེད། །ཕྱག་རྡོར་ནམ་སྙིང་སྤྱན་རས་གཟིགས། །རྡོ་རྗེ་ཁྲོ་བོ་ལྷ་མོ་བཞི། །སྒོ་བ་བཞི་ལ་ཕྱག་འཚལ་བསྟོད། །ཅེས་གསུང་དཀྱིལ་དང་། ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ། །མགོན་པོ་མི་བསྐྱོད་རིན་ཆེན་ཏོག །ཆུ་སྐྱེས་པདྨ་གདོན་མི་ཟ། །མཆོད་ལྷ་སྒོ་བ་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་ཐུགས་དཀྱིལ་དང་། འཁོར་ལོས་སྒྱུར་བ་ཀུན་ཏུ་བཟང་། །ཕྱག་རྡོར་ལ་སོགས་སེམས་དཔའ་བཞི། །རྣམ་གཟིགས་ལ་སོགས་སངས་རྒྱས་


CMR021_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་། །སེམས་དཔའི་བཅུ་དྲུག་བསྐལ་བཟང་སེམས། །ལྷ་བརྒྱད་གཟའ་བརྒྱད་རྒྱུ་སྐར་དང་། །རྒྱལ་ཆེན་ཕྱོགས་སྐྱོང་ཕྱག་འཚལ་བསྟོད། །ཅེས་ཡོན་ཏན་གྱི་དཀྱིལ་འཁོར་དང་། འཇིག་རྟེན་གསུམ་སྣང་ཁྲོ་བོ་ཆེ། །ཁྲོ་བོ་བརྒྱད་དང་སྲིན་མོ་བཞི། །གནོད་སྦྱིན་མོ་དང་སྒོ་བ་བཞི། །མེ་ལྟར་འབར་ལ་ཕྱག་འཚལ་བསྟོད། །ཅེས་ཕྲིན་ལས་ཀྱི་དཀྱིལ་འཁོར་དང་། ཕྱག་ན་རྡོ་རྗེ་འགྱིང་བཅས་པ། །ངལ་བསོ་དགེ་བ་གསེར་མདོག་ཅན། །གནས་སྲུང་ལྗང་གུ་པི་ཝཾ་བསྒྲེངས། །དཔའ་བོ་ལུས་འཕགས་རལ་གྲི་མགོས། །རྡོ་རྗེ་ཞགས་འཛིན་མིག་མི་བཟང་། །སྒོ་བ་བཞི་དང་བཅས་ལ་བསྟོད། །ཅེས་པ་དང་། ཕྱག་ན་རྡོ་རྗེ་སྟོབས་པོ་ཆེ། །བཀའ་འཁོར་ཕྱོགས་བཅུ་སྐྱོང་བ་ཡི། །གདོན་གྱི་རྒྱལ་པོ་ཕྱོགས་སྐྱོང་བཅུ། །སྒོ་བ་ཟབཞི་དང་བཅས་ལ་བསྟོད། །ཅེས་པ་དང་། མེ་ལྟར་འབར་བ་ཁྲོ་བོའི་རྒྱལ། །དྲག་ཤུལ་ཅན་གྱི་གཟའ་ཆེན་བརྒྱད། །རྒྱུ་སྐར་ལྷ་མོ་ཉི་ཤུ་བརྒྱད། །སྒོ་བ་བཞི་དང་བཅས་ལ་བསྟོད། །ཅེས་པ་དང་། མཐུ་སྟོབས་ཆེན་པོ་གསང་བའི་བདག །མཐའ་ཡས་འཇོག་པོ་སྟོབས་ཀྱི་རྒྱུ། །རིགས་ལྡན་ནོར་རྒྱས་དུང་སྐྱོང་དང་། །པདྨ་ཆུ་ལྷ་ཡུམ་དང་བཅས། །


CMR021_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་བརྒྱད་དཀྱིལ་འཁོར་ལྷ་ལ་བསྟོད། །ཅེས་དང་། མེ་ལྟར་འབར་བ་ཁྲོ་བོ་ཆེ། །འཇིག་རྟེན་འདི་ན་དབང་ཆེ་བ། །འཇིགས་བྱེད་དགུ་པོ་ཡུམ་དང་བཅས། །སྒོ་བ་བཞི་དང་བཅས་ལ་བསྟོད། །ཅེས་པ་དང་། མེ་ལྟར་འབར་བ་ཁྲོ་བོའི་རྒྱལ། །དབང་ཕྱུག་ཚངས་པ་བརྒྱ་བྱིན་དང་། །ཁྱབ་འཇུག་འདོད་ལྷ་ཚོགས་ཀྱི་བདྭག །བྷིང་གི་གདོང་དྲུག་སྟོབས་བཟང་དང་། །གིང་ཐོགས་ནག་པོ་དབང་ཕྱུག་དང་། །སྒོ་བ་བཞི་དང་བཅས་ལ་བསྟོད། །ཅེས་པ་ནས་ཆ་གསུམ་རྒྱས་པའམ།་བསྡུས་པ་ནི། ཨོཾ་ལས་རིན་ཆེན་སྣོད་དུ་གཏོར་མ་རྣམས། །ཨོཾ་ཡིག་ལས་བྱུང་བདུད་རྩིའི་རྒྱ་མཚོ་གྱུར། །ཨོཾ་ཨཱཿཧཱུཾ། དབང་པོ་ལ་སོགས་ཕྱོགས་བཅུ་སྐྱོང་བ་བཅུ། །རང་རང་བཙུན་མོ་བློན་པོ་འབངས་འཁོར་བཅས། །འདིར་གཤེགས་དགྱེས་པའི་གདན་ལ་བཞུགས་ནས་ཀྱང་། །སྔོན་གྱི་དམ་ཚིག་རྗེས་དགོངས་མཆོད་གཏོར་བཞེས། །ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་གྲིདྨ་དཾ་བ་ལི་བྱ་སྭཱ་ཧཱ། སརྦ་པཱུ་ཛ་པྲ་ཏིཙྪ་སྭཱ་ཧཱ། ཕྱོགས་བཅུ་སྐྱོང་བའི་དབང་པོ་ཆེན་པོ་བཅུ། །ཕྱོགས་བཅུའི་གདོན་གྱི་ཚོགས་དང་བཅས་པ་ལ། །མཆོད་ཅིང་བསྟོད་དེ་ཕྱག་འཚལ་


CMR021_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་འབུལ། །སོ་སོར་དགྱེས་པའི་ཡིད་ཀྱིས་བཞེས་ནས་ཀྱང་། །རང་རང་ཕྱོགས་རྣམས་ལེགས་པར་སྐྱོང་བ་དང་། །དངོས་གྲུབ་སྩོལ་ཞིང་བགེགས་རྣམས་ཞི་བར་མཛོད། །ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་གཙྪ། སྡེ་བརྒྱད་ལ་སོགས་གདོན་གྱི་རིགས་རྣམས་དང་། །གང་དག་འབྱུང་པོ་མཐུ་ཆེན་རྫུ་འཕྲུལ་ཅན། །འཁོར་གཡོག་བུ་སྨད་བཅས་པ་ཐམས་ཅད་ཀུན། །ཕན་པའི་སེམས་ཀྱིས་འདིར་གཤེགས་མཆོད་གཏོར་བཞེས། །ཨོཾ་སརྦ་ལོ་ཀ་པཱ་ལ་གྲིཉྩ་དཾ་བ་ལིཾ་ཏྱཱ་སྭཱ་ཧཱ། སརྦ་པཱུ་ཛ་པྲ་ཏཱིཙྪ་སྭཱ་ཧཱ། འབྱུང་པོ་གང་དག་ས་འོག་ས་སྟེང་དང་། །ཆུ་དང་བར་སྣང་ཁམས་ན་གནས་པ་རྣམས། །མགུ་བར་གྱིས་ལ་མཆོད་སྦྱིན་འདི་སྣོམས་ལ། །ལས་རྣམས་འགྲུབ་ཅིང་བར་ཆད་ཞི་བར་མཛོད། ཨོཾ་སརྦ་བྷུ་ཏ་གཙྪ། རང་ཉིད་རྡོ་རྗེ་ཁྲོ་བོ་གསལ་བར་གྱུར། །བླ་མ་དཀོན་མཆོག་གསུམ་གྱི་བདེན་པའི་མཐུས། །གནོད་བྱེད་བགེགས་གྱི་ཚོགས་རྣམས་འདིར་ཁུག་ཅིག །ཊཱཀྐི་ཧཱུཾ་ཛཿ སརྦ་བིགྷ་ནཱན་གྲིཉྩ་དཾ་བ་ལིཾ་ཏྱཱ་སྭཱ་ཧཱ། སརྦ་པཱུ་ཛ་པྲ་ཏཱིཙྪ་སྭཱ་ཧཱ། གནོད་བྱེད་ལན་ཆགས་བགེགས་ཀྱི་ཚོགས་རྣམས་ཀུན། །གཏོར་མ་འདི་ཁྱེར་གནོད་འཚེའི་བསམ་པ་སྤོང་། །ལུས་ལ་


CMR021_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པའི་ནད་དེ་ཕྱུང་ནས་སུ། །གདོན་ཁྱོད་རང་གི་གནས་སུ་ད་སོང་ཞིག །སརྦ་བིགྷཱན་གཙྪ། མཐར་བུམ་ལྷ་འོད་དུ་ཞུ་བ་བྱང་སེམས་ཀྱི་ངོ་བོ་རོ་གཅིག་པར་གྱུར། རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་བར་བགེགས་རྣམས་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། དེ་ནས་བདག་འཇུག་རྒྱས་བསྡུས་གང་རུང་བླངས་ལ། རྡོ་རྗེ་བསྡམ་ཏྲི་གཉིས་གཤིབ་རྡོ་རྗེ་འཛིན་པའི་རྒྱས། ཨོཾ་བཛྲ་དྷ་ར། རཏྣ་དྷ་ར། པདྨ་དྷ་ར། བི་ཤོ་དྷ་ར་ཏ་ཐཱ་ག་ཏ་ས་མ་ཡ་མཱ་ཏི་ཀྲ་མ་ཏི་ཏ་ཐཱ་ག་ཏ་དྷ་ར་ས་མ་ཡོཉཧཾཿ བྱབ་ཁྲུས་གདོན་ཁྲོལ་སྦྱིན་སྲེག །ཕྱིར་བཟློག་སོགས་ཕྲིན་ལས་གང་དགོས་བྱའོ། །རྗེས་ཆོག་ནི། མཆོད་བསྟོད་ཅི་རིགས་བྱས་ལ། དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ། །དགེ་བ་འདི་ཡིས་ཉེ་བར་མཚོན་ནས་ནི། །སེམས་ཅན་རྣམས་ཀྱིས་དུས་གསུམ་བསགས་པ་ཡི། །ཟག་བཅས་ཟག་མེད་ཟུང་འཇུག་དགེ་བ་རྣམས། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །འགྲོ་ཀུན་ཐམས་ཅད་མཁྱེན་པ་ཐོབ་པར་ཤོག །ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །དུས་གསུམ་བསགས་དང་རྟོགས་པ་ཡིས།


CMR021_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དྲུག་སེམས་ཅན་མ་ལུས་པ། །སྐུ་ལྔ་ཡོངས་རྫོགས་སངས་རྒྱས་མྱུར་ཐོབ་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་བཏབ་བསྔོ་བ་སྨོན་ལམ་འགྲུབ་པར་ཤོག །དེ་ལྟར་འགྲུབ་པ་ཡང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པཉྩནྡྲི་ཡ་ཨ་བ་བོ་དྷ་ནེ་སྭཱ་ཧཱ། སྨོན་ལམ་ཟབཏབ། ལྷ་ཐམས་ཅད་ཀྱི་དམ་རྒྱ་སོ་སོའི་སྔགས་ཀྱི་མཐར། བཛྲ་མུཿ ཞེས་བཀྲོལ་ལ་སེ་གོལ་གཏོགས། རྡོ་རྗེ་འཛིན་པའི་རྒྱ་བཅིངས་ཏེ་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱ་ཞིང་ཡི་གེ་བརྒྱ་པས་ལྷག་ཆད་ཁ་བཀང་། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་བགྱིད་བརྩལ་བ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །ཨོཾ། ཁྱེད་ཀྱིས་སེམས་


CMR021_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ བདག་མདུན་བུམ་པའི་ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས། སྤྲུལ་པའི་དམ་ཚིག་པ་རྣམས་རང་གི་ལུས་ལ་ཞུགས་པར་གྱུར། བསྡུ་བའི་ཕྱག་རྒྱས་རས་བྲིས་ཡིན་ན་གཤེགས་གསོལ་མི་བྱ་ཞིང་བརྟན་བཞུགས་བྱ་ཞིང་ཤེས་པ་བརྗོད། ཅེས་ཨ་རཱ་གས་བསྒྲིགས་པའི་ཡེ་གེ་པ་ནི་བརྩོན་འགྲུས་སོ།། ཨོཾ་ན་མོ་བྷ་ག་ཝ་ཏེ། སརྦ་དུརྒ་ཏེ་པ་རི་ཤུ་དྷ་ནི་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། །ཨདྷ་ཏེ་སམྱཀཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནེ། ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤོ་དྷ་ནེ་སྭཱ་ཧཱ། སྦྱོངས་ཤིག་སྦྱོངས་ཤིག །སྡིག་པ་ཐམས་ཅད་སྦྱོངས་ཤིག་རྣམ་པར་དག་པ། ལས་ཀྱི་སྒྲིབ་པ་ཐམས་ཅད་སྦྱོང་བའི་གཞི་ཚུགས་ཤིག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR021_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་གི་སྤྱི་བཤད་མཐོང་བ་དོན་གསལ།


CMR021_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་གི་སྤྱི་བཤད་མཐོང་བ་དོན་གསལ་ཞེས་བྱ་བ་བཞུགས་པའི་དབུའི་གཟིགས་ཕྱོགས་ལགས་སོ།།


CMR021_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ད་ལམ་ཁྱེད་རྣམས་ལ། དབང་བསྐུར་བའི་ཐོག་མར་ལོས་རྒྱུས་ཟུར་ཙམ་ཞིག་ཞུ་ན། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་ཐེག་པ་ཆེ་ཆུང་གཉིས་སུ་འདུས་པ་ལས། འདི་ཐེག་པ་ཆེན་པོ་ཡིན། དེ་ལས་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ལས་འདི་འབྲས་བུའི་ཐེག་པ་ཡིན། དེ་ལ་རྒྱུད་སྡེ་བཞི་ཡོད་པ་ལས་འདི་རྣལ་འབྱོར་རྒྱུད་ཡིན། འདི་ཡི་ལུགས་ལ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ།། དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་སྐྱེ་བ་སྣ་ཚོགས་བཞེས་


CMR021_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་ཏེ། ཚོགས་སྦྱོར་ནས་བཟུང་སྟེ་ས་བཅུ་རིམ་གྱིས་བསྒྲོད་ནས། ས་བཅུ་པའི་གནས་སྐབས་སུ་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་ཆེན་པོས་དབང་བསྐུར་བ་ཐོབ་ནས་སྙོམས་འཇུག་དགུ་ལ་རིམ་པར་སྙོམས་པར་ཞུགས་པས། ཚོགས་ཡོངས་སུ་རྫོགས་ནས་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་འགྲུབ་པ་ཞེས་བྱ་བར་འགྱུར། དེ་ནས་སངས་རྒྱས་ཚུལ་ལ་ལུགས་གཉིས་ཏེ། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱི་ལུགས་ལ། དགའ་ལྡན་དུ་དམ་པ་ཏོག་དཀར་དུ་སྐྱེ་བ་བཞེས་དེ་ནས་ཟས་གཙང་གི་སྲས་སུ་


CMR021_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུངས་ནས། དགུང་ལོ་ཉི་ཤུ་རྩ་དགུའི་བར་དུ་ཁབ་ཏུ་བཞུགས། དེ་ནས་རབ་ཏུ་བྱུང་སྟེ་རྣམ་སྨིན་གྱི་ལུས་ཆུ་བོ་ནེ་རཉྫ་ནའི་འགྲམ་དུ་བཞག །ཡེ་ཤེས་ཀྱི་སྐུ་འོག་མིན་དུ་བྱོན་ནས། ཆོས་ཉིད་འོད་གསལ་དང་གདན་པདྨ་དང་། གསུང་ཡིག་འབྲུ་དང་། ཐུགས་ཕྱག་མཚན་དང་། སྐུ་ཡོངས་རྫོགས་ཏེ་མངོན་པར་བྱང་ཆུབ་པ་ལྔའི་ཚུལ་གྱིས་ཆོས་སྐུ་མངོན་དུ་མཛད་ན། ལོངས་སྐུའི་གཟུགས་ཀྱིས་རི་རབ་ཀྱི་རྩེར་རྣལ་འབྱོར་གྱི་རྒྱུད་གསུངས་ནས། སླར་ཡེ་ཤེས་ཀྱི་སྐུ་རྣམ་སྨིན་ལུས་ལ་ཞུགས་ཏེ། སངས་རྒྱས་ཀྱི་མཛད་པ་ཚོརྣམས་བསྟན་པར་བཞེད། སློབ་དཔོན་ཀུན་དགའ་སྙིང་པོའི་ལུགས་ལ། བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་དེ་འོག་མིན་དུ་སྐྱེ་བ་བཞེས་ནས་སངས་རྒྱས་ལས་དར་དཔྱང་གི་དབང་ཐོབ་སྟེ། མི་གཡོ་བའི་ཏིང་ངེ་འཛིན་ལ་བཞུགས་ཏེ། སངས་རྒྱས་ཐམས་ཅད་ཀྱིས་ཨོཾ་བཛྲ་ཨུད་ཏིཥྛ་གསུངས་ནས་བསླང་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དེ་བཞིན་གཤེགས་པའི་སྐུ་ཏིལ་གྱི་གང་བུ་ཁ་བྱེ་བ་ལྟར་གཟིགས་པས། གདམས་ངག་བསྟན་ཏེ། ཉིད་ཀྱི་ཐུགས་ཀར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་


CMR021_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་རྡོ་རྗེ་རྩེ་ལྔ་པ་མཐོང་བ་ནས་བཟུང་སྟེ། རྡོ་རྗེ་དབྱིངས་ཞེས་མིང་གི་དབང་དང་། དབང་རྣམས་རིམ་གྱིས་བསྐུར་ནས་འོག་མིན་དུ་སངས་རྒྱས་ཏེ། རི་རབ་ཀྱི་རྩེར་བྱོན་ཏེ་རྩ་རྒྱུད་གསུངས། སླར་དམ་པ་ཏོག་དཀར་དུ་སྐྱེ་བ་བཞེས། དེ་ནས་ཟས་གཙང་སྲས་སུ་འཁྲུངས་ནས་ཛམ་བུའི་གླིང་དུ་སངས་རྒྱས་ཚུལ་བསྟན་པར་བཞེད་དོ། །རྩ་བའི་རྒྱུད་ནི་དེ་ཉིད་བསྡུས་པ་ཡིན་ལ། དེ་ཉིད་བསྡུས་པ་དང་། དེའི་རྒྱུད་ཕྱི་མ་དང་། ཕྱི་མའི་ཕྱི་མ་དང་། བཤད་པའི་རྒྱུད་རྡོ་རྗེ་རྩེ་མོ་དང་། ཐམས་ཅད་གསང་བ་གཉིས། ཆ་མཐུན་གྱི་རྒྱུད། དཔལ་མཆོག་དང་པོ་དང་། འཕྲོས་པའི་རྒྱུད་ལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད། གསང་བ་ནོར་བུ་ཐིག་ལེའི་རྒྱུད། ངན་སོང་སྦྱོང་བ་བརྟག་པ་ཕྱོགས་གཅིག་པ་གཙུག་དགུའི་རྒྱུད། ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ཚུལ་བརྒྱ་ལྔ་བཅུ་པ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་བརྟག་པ་རྣམས་སུ་ཡོད་པ་ལས། འདི་ནི་རྩ་རྒྱུད་ཀྱི་དུམ་བུ་ཁམས་གསུམ་རྣམ་རྒྱལ་གྱི་ངན་འགྲོ་འགུགས་པའི་སྐབས་ནས་འཕྲོས་པའི་རྒྱུད་ཡིན། ཐབས་ཅིག་ཏུ་པདྨའི་གདན་ལ་སྦྱོང་རྒྱུད་


CMR021_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་སྟོན་པ་རྣམ་སྣང་ཆེན་པོ་སུམ་ཅུ་རྩ་གསུམ་ལྷའི་གནས་དགའ་བའི་ཚལ་གྱི་གཞལ་ཡས་ཁང་ཆེན་པོ་ན་བཞུགས། བྱང་ཆུབ་སེམས་དཔའ་ལྷའི་ཚོགས་དཔག་ཏུ་མེད་པས་བསྐོར་བའི་ཚེ། ངན་སོང་སྦྱོང་བའི་ཏིང་ངེ་འཛིན་ལ་བཞུགས་ནས་མཛོད་སྤུ་ནས་འོད་ཟེར་སྤྲོ་བས་སེམས་ཅན་ཉོན་མོངས་པའི་འཆིང་བ་ལས་སྒྲོལ་ནས་བདེ་བ་སོ་སོར་ཐོབ་ཅིང་དགའ་བའི་ཚལ་ཐམས་ཅད་སྣང་བར་བྱས། དེར་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མཆོད་ཅིང་ཕྱག་འཚལ་ནས་ཆེད་དུ་བརྗོད། དེར་བརྒྱ་བྱིན་གྱིས་ལྷའི་བུ་ནོར་བུ་དྲི་མ་མེད་གར་སྐྱེས་ཞུས་པས། མནར་མེད་དུ་སྐྱེས་པ་སོགས་ངན་སོང་གི་སྡུག་བསྔལ་མྱོང་ཚུལ་གསུངས། དེ་ལ་སྐྲག་ནས་སྐྱབས་པར་ཞུས་པས། ངན་སོང་སྦྱོང་བའི་དལ་ལས་ཚོགས་ཕན་ཡོན་དང་བཅས་པ་གསུངས་པས། ལྷའི་བུ་ནོར་བུ་དྲི་མ་མེད་པ་ངན་སོང་ལས་ཐར་ཏེ་དགའ་ལྡན་ལྷའི་གནས་སུ་སྐྱེས། དེ་ལ་ངོ་མཚར་སྐྱེས་ནས་ལྷ་རྣམས་ཀྱིས་བསྟན་པ་བསྲུང་བར་ཁས་བླངས། དེ་ནི་ཀུན་རིག་རྩ་བའི་དལ་ཡིན་ལ། བརྟག་པ་དང་པོ་དང་། དེ་ནས་སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བརྟག་པ་ཕྱི་མ་བཤད་དེ། ཤཱཀྱ་


CMR021_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པ་སྐུའི་དཀྱིལ་འཁོར་དང་། ལྷའི་བུ་ནོར་བུ་དྲི་མ་མེད་ཀྱི་སྐྱེས་རབས་གསུངས་པས་ལྷ་རྣམས་ཀྱིས་ཕྱག་ན་རྡོ་རྗེ་ལ་མིང་བཅུའི་སྒོ་ནས་བསྟོད་པ་བྱས་ནས། །སེམས་ཅན་ཚེ་ཐུང་རྣམས་ལ་ཕན་པའི་ཐབས་ཞུས་པས། ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པ་ཐུགས་ཀྱི་དལ་གསུངས། དེ་ནས་རྒྱལ་པོ་བཞིས་སྙིང་པོ་ཕུལ་ནས་ཞུས་པས་ཕྱག་རྡོར་ལ་རྒྱལ་ཆེན་བཞིས་བསྐོར་བའི་དཀྱིལ་འཁོར་དང་། དེ་ནས་གཟའ་བརྒྱད་རྒྱུ་སྐར་དང་བཅས་པས་སྙིང་པོ་ཕུལ་ནས་ཞུས་པས་ཕྱག་རྡོར་གཟའ་བརྒྱད་ཀྱིས་བསྐོར་བའི་དལ་དང་། །དེ་ནས་ཀླུ་བརྒྱད་ཀྱིས་སྙིང་པོ་ཕུལ་ནས་ཞུས་པའི་ཕྱག་རྡོར་ཀླུ་བརྒྱད་ཀྱིས་བསྐོར་བའི་དཀྱིལ་འཁོར་དང་། དེ་ནས་འཇིགས་བྱེད་ཆེན་པོ་དགུ་ཆུང་མ་དང་བཅས་པས་སྙིང་པོ་ཕུལ་ནས་ཞུས་པས་ཕྱག་རྡོར་འཇིགས་བྱེད་དགུས་བསྐོར་བའི་དལ་དང་། དེ་ནས་ཚངས་པ་ལ་སོགས་ལྷ་བརྒྱད་ཀྱིས་སྙིང་པོ་ཕུལ་ནས་ཞུས་པས་ཕྱག་རྡོར་ལྷ་བརྒྱད་ཀྱིས་བསྐོར་བའི་དལ་གསུངས། དེ་ནས་ཕྱག་ན་རྡོ་རྗེས་འཁོར་གྱི་དལ་ལ་གཟིགས་ནས་འཛུམ་པ་མཛད་པས། ཐམས་ཅད་གཡོ་བ་དང་། འགུལ་བ་དང་། འབར་བ་སོགས་ཡ་མཚན་དུ་མ་བསྟན་


CMR021_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཚེ་དཔག་མེད་གསུང་གི་དལ་གསུངས། དེ་ནས་འཁོར་ལོས་སྒྱུར་བ་ཡོན་ཏན་གྱི་དལ་གསུངས་ནས་ཕྱག་ན་རྡོ་རྗེ་རྡོ་རྗེ་སེམས་དཔའི་སྐུར་བཞུགས་ཏེ་མེ་ལྟར་འབར་བ་ཕྲིན་ལས་ཀྱི་དཀྱིལ་འཁོར་གསུངས། དེ་ལྟར་ཕྱག་རྡོར་གཙོ་བོར་གྱུར་བའི་དཀྱིལ་འཁོར་བདུན་ཏེ། འཇིག་རྟེན་ལས་འདས་པའི་དལ་དྲུག །འཇིག་རྟེན་པའི་དལ་དྲུག་དང་བཅུ་གཉིས་ཡིན། དེ་ལ་ཐུགས་ཀྱི་དལ་ལ་གཙོ་བོ་འཕོ་བའི་རིག་པས། མི་འཁྲུགས་པའི་དཀྱིལ་འཁོར་ཡང་མཛད་འདུག་པ་དང་། ཡོན་ཏན་གྱི་དལ་ལ་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ཀུན་ཏུ་བཟང་པོ་གསུམ་གང་རུང་གཙོ་བོ་བྱེད་པར་གསུངས་པས། དཀྱིལ་འཁོར་ཉི་ཤུ་རྩ་གཉིས་སུ་ཡང་འགྱུར་བར་སྣང་། སེམས་དཔའ་བཅུ་དྲུག་གཙོ་རྐྱང་རེ་རེ་ནས་ལས་ཚོགས་བསྒྲུབ་པར་གསུངས་པས་ཞིབ་པར་ཕྱེས་ན་མཐའ་ཡས་སོ། །དེ་ལ་ཡོ་ག་རྣལ་འབྱོར་གྱི་རྒྱུད་འདི་རྣམས་བཅོམ་ལྡན་འདས་ཀྱིས་གཟུགས་ཁམས་འོག་མིན་དུ་གསུངས། དེ་ནས་སུམ་ཅུ་རྩ་གསུམ་དང་བྱང་ཕྱོགས་ལྕང་ལོ་ཅན་དུ་བཞུགས་པའི་ཕྱིར་ལྷ་གནས་གསུམ་དུ་གྲགས་པའི་རྒྱུད་ཅེས་བྱ། དེ་ནས་མི་ཡུལ་དུ་དར་བའི་ཚུལ་ནི། སངས་རྒྱས་མྱ་ངན་


CMR021_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ལོས་འདས་ནས་ལོ་བརྒྱ་དང་བཅུ་གཉིས་ནས་རྒྱལ་པོ་ཛའི་ཁང་སྟེང་གླེགས་བམ་གྱིས་ཆར་བབ་པ་ནས་བྱུང་། རྒྱལ་པོའི་དེ་ཡི་དོན་མ་ཤེས་ནས་སློབ་དཔོན་ཀུ་ཀུ་ར་ཙ་ལ་དྲིས་པས་མ་གཏོགས། རྒྱལ་པོས་གླེགས་བམ་སྤྱི་བོར་བཟུང་ནས་ཞག་བདུན་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་གོ་ནས་བསྒྲུབས་པས། ཕྱག་ན་རྡོ་རྗེ་དངོས་སུ་བྱོན་ཏེ་དབང་བསྐུར་རྒྱུད་ཀྱི་བསྟན་པ་རྣམས་གཏད།། བསྒྲུབ་པས་འཁོར་འབུམ་ཕྲག་དང་བཅས་མཁའ་སྤྱོད་དུ་གཤེགས་པ་ཡིན་ཏེ། དཔལ་གདམས་པའི་རྒྱུད་ཕྱི་མ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །བསྟན་པའི་སྙིང་པོ་དམ་པ་ཞིག །ལྷ་གནས་གསུམ་དུ་གྲགས་པ་སྟེ། །འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་ན། །དཔལ་ཞེས་བྱ་བའི་རི་བོ་ལ། །ཐུགས་རྗེས་མཐུན་པའི་བྱིན་རླབས་ཀྱིས། །རྒྱལ་པོ་ཛ་ཞེས་བྱ་བ་ནས། །ཕྱག་ན་རྡོ་རྗེས་གཏད་པར་བྱ། །ལ་ལ་སྐལ་#ལྡན་དམ་པ་རྣམས། །བྱང་ཆུབ་མཆོག་ཏུ་འགྲུབ་གྱུར་བས། །དེ་ལ་རྟག་ཏུ་གུས་པར་བྱོས། །ཞེས་གསུངས་པའི་ཕྱིར། དེ་ནས་རྣལ་འབྱོར་པ་ཀུ་ཀུ་ར་ཙ་ཞེས་པ་ལ་གནང་། དེ་


CMR021_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཨིནྡྲ་བྷུ་ཏི་ལ་སོགས་པ་ནས་ཡོ་ག་མཁས་པ་མི་གསུམ་གྱིས་བར་དུ་དར་བ་ཡིན་ཏེ། དེ་སྐད་དུ་ཡང་། བཀྲ་ཤིས་པའི་ཁང་པ་རུ། ཀུ་ཀུ་ར་ཙ། ཨིནྡྲ་བྷུ་ཏི་དང་། སིདྷ་ཨུ་པ་ར་ཙ་དང་སྲས་མོ་འདུམ་པ་སོགས་སྒྱུ་འཕྲུལ་དྲྭ་བའི་དབང་ཐོབ་ནས། ཆོས་ཀྱི་འཁོར་ལོ་མངོན་བསྒྲུབ་སྟེ། རྡོ་རྗེ་འཆང་དབང་བར་མངོན་དུ་གཤེགས། ཞེས་གསུངས་སོ། །དེ་ལྟར་རྒྱ་གར་དུ་རྒྱ་ཆེར་དར་ནས་བོད་དུ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས། རྒྱ་གར་གྱི་མཁན་པོ་ཤནྟི་གཛྷ་དང་། བོད་ཀྱི་ལོ་ཙཱ་བ་བནྡེ་ཨ་ཙརྱ་དང་རཀྵི་ཏས་བསྒྱུར། པཎྜི་ཏ་དྷརྨ་ཀཱིརྟི་སྤྱན་དྲངས་ཏེ་དབང་ལུང་རྣམས་ཞུས། རྒྱལ་པོ་ཡབ་སྲས་ཀྱང་རྣལ་འབྱོར་རྒྱུད་ལ་ཤིན་ཏུ་དད་པར་གྱུར་ནས། བསམ་ཡས་དབུ་རྩེའི་བར་ཁང་ན་ཡང་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བཞེངས། སྲས་སད་ན་ལེགས་ཀྱིས་དཀར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བཞེངས། མངའ་བདག་ཁྲི་རལ་གྱི་སྐབས་སུ་ཨ་ཙརྱ་རིན་ཆེན་མཆོག་གིས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། དེ་ཕྱིས་ནས་རྒྱུད་དར་བ་མ་བྱུང་བས་སྦྱོང་རྒྱུད་འདི་ནི་རྙིང་པ་ཡིན་ལ་འདི་ལ་ཐེ་ཚོམ་མི་དགོས་ཏེ། འདི་སྔོན་འགྲོ་དང་ལྕེ་ལག་བྱིན་རླབས། སྲུང་འཁོར་


CMR021_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་དང་། ཚོགས་རྟེན་སྤྲུལ་པ་དང་། གཟུགས་བརྙན་གྱི་སྦྱོར་བ་དང་། དངོས་པོའི་སྦྱོར་བ་དང་དེ་དག་འདིར་མི་དགོས་པ་ནི། རྡོ་རྗེ་ཕྲེང་བ་དང་། མི་ཏྲ་བརྒྱ་རྩའི་རྣལ་འབྱོར་རྒྱུད་ཀྱི་སྐབས་ལྟར་ཡིན། དེ་ཡང་ཨ་ཧྥུ་ཀ་རའི་རྡོར་ཕྲེང་གི་གཞུང་ལྟར་ན། བདག་མདུན་བུམ་ལྷ་དྲན་རྫོགས་སུ་གསལ་བཏབ་ནས་སྔགས་བཟླས་ཏེ་དབང་བསྐུར་བར་ཆོག་པར་གསུངས་ཀྱང་། དེང་སང་བསྐྱེད་རིམ་ལ་བརྟན་པ་ཐོབ་པར་ཡང་དཀོན་པས་དེ་མི་སྤོབས། རྙིང་མའི་ལུགས་ལ་བདག་མདུན་བུམ་གསུམ་ཆོ་ག་ཚར་གཅིག་ས་དུས་གཅིག་བསྐྱེད་པར་གསུངས་ཀྱང་། དེ་རྙིང་མའི་ལུགས་ཡིན་པས་འདིར་མི་སྦྱར། གསར་མའི་དལ་ཆེན་པོ་རྣམས་ལ་བདག་བསྐྱེད་དཀྱིལ་འཁོར་བྷཻ་ནས་བསྙེན་པ་བྱ་བ་དང་། ས་ཐིག་སོགས་བྱ་བར་བཤད་དོ། །འདིར་རས་བྲིས་ལ་བརྟེན་པ་ཡིན་པས་ཐིག་མི་དགོས། གསར་མའི་དཀྱིལ་ཆོག་ཆེན་པོ་རྣམས་ལ་མདུན་བསྐྱེད་བསྒོམ་རན་ཛ་བསྡུས་ཚར་ནས་མེད། བདག་དཀྱིལ་འཁོར་དང་དབྱེར་མེད་དུ་མདུན་བསྐྱེད་བསྒོམས་ནས། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་གཙོ་རྐྱང་གཅིག་སྤྲོས་ཏེ། ཤར་སྒོའི་སྒོ་ཁང་དུ་གནས་ནས་


CMR021_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་དང་བཀུལ་བ་སོགས་བྱེད་པ་ཡིན་པས་འདི་དང་དོན་གཅིག་ཏུ་བབས། དེ་ལ་མཁས་པ་ཆེན་པོ་ཡེ་ཤེས་དབང་ཕྱུག་གིས་མཛད་པའི་རྡོར་ཕྲེང་རྒྱས་པ་ལས། ཁ་ཅིག་རྡུལ་ཚོན་བསྐྱེད་ཟིན་ནས་བདག་བསྐྱེད་ཀྱང་དེ་ལས་སྤྲོ་བར་བྱེད། ཅེས་དང་། རྗེ་མི་བསྐྱོད་ཞབས་ཀྱིས་ཁྱད་པར་རྡོར་ཕྲེང་བའི་ཕྱག་ལེན་ཁ་ཅིག་ཏུ། བདག་མདུན་བུམ་གསུམ་དུས་གཅིག་བསྐྱེད་པའི་ལུགས་སྣང་། ཞེས་གསུངས་པ་ལྟར་པདྨ་དཀར་པོས་ཀྱང་དེ་ལྟར་མཛད། ཁྱད་པར་མཁས་པ་ཆེན་པོ་སྟག་ལུང་ངག་དབང་གྲགས་པས་སྦྱོང་རྒྱུད་ཕྱག་རྡོར་འཆི་བདག་འཇོམས་པའི་དཀྱིལ་འཁོར་ཡང་དེ་ལྟར་མཛད། རྡོར་ཕྲེང་དང་མི་ཏྲ་བརྒྱ་རྩ་སོགས་ནས་རྡོར་དབྱིངས་གཙུག་དགུ། སྦྱོང་རྒྱུད་དཀྱིལ་འཁོར་རྣམས་ལ་ཡང་དེ་ལྟར་མཛད་པ་ལྟར་འདིར་བདག་ཐ་མི་དད་པ་ཡིན་ལ། བུམ་ལྷ་དྲན་རྫོགས་སུ་གསལ་འདེབས་ཆོག་པ་ནི་ཨ་ཧྥུ་ཀ་རའི་རྡོར་ཕྲེང་གི་གཞུང་ནས་འབྱུང་བ་ལྟར་ཡིན་པས། དབང་སྒྲུབ་ལུགས་འདི་ནི་བྱ་སླ་ལ་ཚེགས་ཆུང་ཉུང་ཡང་མ་ཚང་བ་མེད་ཅིང་ཆད་པའི་སྐྱོན་དུ་མི་འགྱུར། ཁོ་བོ་དབང་བསྐུར་དང་ཆོ་གའི་གཞུང་ལ་རྒྱ་ཆེར་སྦྱོང་བའི་མཁས་ཁྱད་ངོ་མཚར་ཅན་ཞིག་ཡིན་ནོ། །


CMR021_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བདག་རཱ་ག་ཨ་སྱས་རང་ལོ་ཉེར་གསུམ་གྱི་དུས། འོ་བྲན་དཔལ་གྱི་དབང་ཕྱུག་གི་གདུང་རྒྱུད་སྔགས་ཕྱོགས་ལ་ཤིན་ཏུ་མཁས་ཤིང་དབང་ལུང་རྒྱ་ཆེ་བ་དང་། མངོན་པར་ཤེས་པ་དང་ལྡན་ཞིང་གྲུབ་རྟགས་མང་དུ་བཞག་པའི་བླ་མ་ངག་དབང་འཇིགས་མེད་གྲགས་པ་ལ་ཀུན་རིག་རྩ་བའི་དཀྱིལ་འཁོར་གྱི་དབང་ཞུས་པས། ཁོ་བོས་ས་ལུགས་ཀར་ལུགས་སྟག་ལུང་ལུགས་གསུམ་ཀ་ཐོབ་པ་གང་ཞུ་གསུངས། རྣལ་གྲོལ་སྒོ་ཆེན་འདོད་ཞུས་པས། དེ་བློ་ལ་མེད་པས་དཔེ་ཆོག་དགོས་གསུངས་ནས་དབང་སྒྲུབ་མཛད་ཚེ་དཔེ་ལ་གཟིགས་པས་ཕྱག་རྒྱ་སོགས་འགྲིགས་དཀའ་བས་ང་མ་མགུ་པ་དོགས་པ་འདྲ། དབང་སྒྲུབ་ཚེ་ཁྱོད་སྒོར་སོང་གསུངས། བདག་གིས་གབ་སྤྱད་པའི་ལུགས་དང་ཕྱག་ལེན་དེ་ཞོར་ལ་ལོབ་འདོད་པས་ལན་གསུམ་གསུངས་ཀྱང་མ་སོང་བར་བསྡད་པས་བླ་མས་སྐུ་ལུས་བསྲངས་ནས་ལྟ་སྟངས་ཤིག་མཛད་དེ་གྲེ་ཕུག་ནས་སུམྦྷ་ནི་གསུངས་པས། ང་རང་དབང་མེད་པར་སྒོ་རྒྱབ་ཏུ་འགྲོ་དགོས་པ་ཞིག་བྱུང་། བླ་མ་འདི་ལ་ནུས་པ་ཆེན་པོ་ཡོད་ཟེར་བ་བདེན་པར་འདུག་སྙམ་ནས་དད་པ་ཡང་སྐྱེས། རྒྱང་ཙམ་སོང་ནས་ནང་དུ་ཤོག་


CMR021_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ནས་ཀུན་རིག་གི་དབང་བཤད་དང་བཅས་པ་རྒྱས་པར་གནང་། དེ་ནས་ཁམས་སུ་ཡོང་བསམ་སྐབས་ཆོ་ག་ཡང་ལྐོག་ཏུ་བསྐུངས། མགོན་བླ་བསམ་གཏན་པའི་དྲུང་ནས་འདོན་ལུགས་ཕྱག་ལེན་དང་རྒྱས་འདེབས་སོགས་ཕྱག་རྒྱ་རྣམས་བསླབས། དེ་ནས་ཁམས་སུ་ཕྱིན་ནས། དཔོན་ཞིག་གིས་གསོལ་དགོངས་བཟུང་དགོས་ཟེར་བར་ཞག་ཉི་ཤུ་ཙམ་ལ་ཆོ་ག་བཏོན་ཚེ། ཚིག་དང་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་སྐད་ཅིག་ཀྱང་མ་ཡེངས་བར་ཁྲིག་ཁྲིག་འཕྲོད་པ་དང་པོ་དཀའ་ཞིང་དེ་ནས་འཕྲོད་ཐུབ་ཙམ་བྱུང་། རང་གི་ཡབ་རྒན་སློབ་དཔོན་ལ་དབང་བཅོ་ལྔ་ཉི་ཤུ་ཙམ་བསྐུར། དེ་ནས་མཚམས་བསྡམས་ཏེ་རྩ་རིག་ལ་བསྙེན་པ་ཞིག་བསྐྱལ། དེ་ནས་རང་གི་མཆེད་གྲོགས་སུ་གྱུར་པའི་བླ་མ་འགའ་ཞིག་ལ་ཆོ་གའི་ལུང་དང་། རོ་སྲེག་གི་ཕྱག་ལེན་རྒྱས་པ་མཐོང་བ་བརྒྱུད་པ་དང་། འདོན་འགྲིགས་དང་ཕྱག་རྒྱ་དང་། ཕྱིར་ལྡོག་དབང་བསྐུར་སོགས་ལ་འདྲ་བསྡུར་དག་བཤར་བྱས་སོ། །དེ་ནས་རང་གི་མཆེད་གྲོགས་རྡོ་རྗེའི་སྤྱན་དུ་གྱུར་པ་རབ་འབྱམས་སྡེ་སྣོད་འཛིན་པ་ཀརྨ་བི་ཤཱ་དྷ་ནི་རྙིང་མའི་དབང་ལུང་འགའ་ཞིག་གསན་པའི་ཕྱིར་དུ་ཕེབས་བྱུང་བས་ཁོང་


CMR021_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

རང་གིས་སྔར་རི་བོ་ཆེའི་གཙུག་ལག་ཁང་དུ་རྗེ་ཆོས་ཀྱི་དབང་ཕྱུག་ལས་དཀྱིལ་འཁོར་བཅུ་གཉིས་ཐོབ་འདུག་པས། དབང་སྒྲུབ་རྣམས་བདག་རང་དང་མཉམ་དུ་བཅས་ཏེ་དག་ཆ་དང་བཅས་ཏེ་བྱས་ནས། སྔོན་མ་ཐོབ་པའི་དཀྱིལ་འཁོར་བཅུ་གཅིག་པོ་ཚང་བར་ཞུས། དུས་ཕྱིས་དྲུང་པ་སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ་ལ་ངེད་མ་བུ་གཉིས་ཀྱིས་མཉམ་དུ་ཀུན་རིག་དབང་ཞིག་ཞུས། ཡང་སྤྲུལ་སྐུ་བདེ་ལེགས་སྙིང་པོས་སྟག་ལུང་ཞབས་དྲུང་ལ་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་གསན་འདུག་པས། ཀུན་རིག་གི་དབང་ཚེ་དཔག་མེད་གསུང་དཀྱིལ་གཉིས་ཞུས། ཡང་དྲུང་སྐྱིད་སྤྲུལ་སྐུས་དཀྱིལ་འཁོར་བཅུ་གཉིས་སྟག་ལུང་པ་ལས་གསན་པར་འདུག་པར་རྒྱ་ཆེན་བཞིས་བསྐོར་གྱི་དབང་བསྡུས་པ་ཞུས། ཡང་བླ་མ་སངས་རྒྱས་རྡོ་རྗེས་ཆོས་རྗེ་བཅོ་བརྒྱད་པ་བསྟན་འཛིན་ལྷུན་གྲུབ་ལ་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་གསན་འདུག་པས་ཚེ་དཔག་གསུང་དཀྱིལ་གྱི་དབང་བསྡུས་པ་ཞུས། རྗེ་མི་བསྐྱོད་ཞབས་ནས་ཐར་འདོད་གྲོལ་སྡེ། བཅོམ་ལྡན་རིགས་པའི་རལ་གྲིས་མཛད་པའི་ཀུན་རིག་འགྲེལ་ཆེན། ཡང་སྔགས་རམ་པ་ཞིག་གིས་མཛད་པའི་ཀུན་རིག་འགྲེལ་པ།


CMR021_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རིག་ཆེན་མོ་སོགས་ལ་ཐོས་བསམ་བྱས་པས་གོ་བ་ལེགས་པོ་བྱུང་བས། རྣམ་གྲོལ་སྒོ་ཆེན་ཀྱི་འགྲེལ་པ་སོགས་བརྩམས་པས། ཅུང་ཟད་འཕེལ་བས་དེ་དག་ལ་བརྟེན་ནས་བསྙེན་པ་ཐོན་མཁན་ཡང་མང་དུ་བྱུང་། དེ་དག་ཐོབ་པ་དང་ཤེས་པ་ཙམ་དུ་མ་བཞག་པར་རྒྱས་སྲས་ཐོགས་མེད་པའི་ལུགས་ལྟར་རྒྱུན་བསྙེན་དང། ཚེ་དཔག་གསུང་དཀྱིལ་གྱི་བསྙེན་པ་ཚན་ཆེན་བསྐྱལ། མི་འགྱུར་རྡོ་རྗེའི་དགོངས་གཏེར་ཀུན་རིག་དང་། ཀློང་གསལ་སྙིང་པོའི་གཏེར་གསར་གྱི་ཀུན་རིག་ཡང་ཐོབ། གཞན་ལྷོ་རིན་པོ་ཆེའི་དྲུང་ནས། རྡོར་དབྱིངས་གཙུག་དགུ་སོགས་རྣལ་འབྱོར་རྒྱུད་ཀྱི་དབང་གསུམ་ཡང་ཐོབ། དཀྱིལ་འཁོར་བཅུ་གཉིས་ཚང་བའི་དབང་ལན་གྲངས་གསུམ་བཞི་ཙམ་གཞན་ལ་བཙུགས་ཤིང་། དབང་ཐོར་བུར་བསྐུར་བ་དང་། ཕྱིར་ལྡོག་བྱང་བུ་རོ་སྲེག་སོགས་ཀྱང་མང་དུ་བྱས་པས་གོམས་འདྲིས་ཆེ། གང་ལ་གོམས་པ་དེ་ལ་མཁས། ཟེར་བའི་དཔེ་བདག་གིས་བསྒྲིགས་པའི་དབང་ཆོག་འདི་ཡིད་ཆེས་པའི་གནས་ཡིན་ནོ། །དེ་ཡང་འདིའི་བརྒྱུད་པ་ནི་རྣམ་གྲངས་མང་སྟེ། སངས་རྒྱས་ཤཱཀྱ་ཐུབ་པ། རྒྱལ་པོ་རབ་གསལ་ཟླ་བ། བྲམ་ཟེ་ཛི་ན་མི་ཏྲ། སྲ་


CMR021_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཏི་ཕ་ལ། སྒྲ་གཅན་འཛིན་བཟང་པོ། ཡེ་ཤེས་རྡོ་རྗེ། པྲ་ཧ་ན་ཏི། ཀུན་དགའ་སྙིང་པོ། ཤེས་རབ་སྐྱོང་། རབ་འབྱོར་སྐྱོང་། ཁ་ཆེ་པཎ་ཆེན་ཛྙཱ་ན་བི་ཆེན་།་གཉལ་པ་ཉི་མ་འབར། །སྣུར་ཉི་མ། གཤིན་རྡོ་རྗེ་སེང་གེ །རྒྱ་གསེར་སོགས་འགྲོ་འཛི་བ། སྙེ་མདོ་བ་བསོད་དཔལ། སྙེ་མདོ་ཀུན་དགའ་དོན་གྲུབ། རྗེ་རང་བྱུང་རྡོ་རྗེ། གཡུང་སྟོན་པ། རོལ་པའི་རྡོ་རྗེ། མཁའ་སྤྱོད་དབང་པོ། དེ་བཞིན་གཤེགས་པ། རཏྣ་བྷ་དྲ། མཐོང་བ་དོན་ལྡན་ནོ། །ཡང་རྫོགས་པའི་སངས་རྒྱས། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། རབ་འབྱོར་སྐྱོང་། ཀུན་དཀའ་སྙིང་པོ། ཤེས་རབ་སྐྱོང་། གོ་མི་དགེ་བསྙེན་ཤཱཀྱ་ཡེ་ཤེས། ཇོ་བོ་རྗེ། གོ་མི་སྒོམ་ཆེན། སྤྱི་ནོར་ཛཱ་ན། གཉལ་པ་ཉི་མ་འབུམ། སྣུར་ཉི་མ་འོད་ཟེར། རྩ་སྐྱ་པ་དཀོན་མཆོག་གྲགས། ཤཱཀྱ་འབུམ། འཇིམ་པ་རིན་ཤེ། ལོ་མཆོག་དཔལ་ལྡན་སེང་གེ །བུ་སྟོན་རིན་པོ་ཆེའོ། །ཡང་ན། རྣམ་པར་སྣང་མཛད། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། སྒྲ་གཅན་འཛིན། ཀུན་སྙིང་། པྲཛྙཱ་པཱ་མི་ཏ། མུ་སྟེགས་ཀོ་ཥ། དྷརྨ་པཱ་ལ། ཇོ་བོ་


CMR021_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ། དོལ་པ་སྒོམ་ཆེན། སྐྱི་ནོར་ཛྷཱ་ན། གཉལ་པ་ཉི་མ་ཤེ། གནུར་ཉི་མ། གཤེན་རྡོར་སེང་། གླན་ཆོས་འབྱུང་བ། སུམ་སྟོན་ཤཱཀྱ་འབུམ། འཇིམ་པ་རིན་ཆེན་ཤེ །ཡང་རྩེ་བ་རིན་སེང་། ཀུན་མཁྱེན་བུའོ། །ཡང་ན། ཀུན་སྙིང་ནས་དེ་བཞིན་གཤེགས་པའི་རྡོ་རྗེ། ཤ་དྷ་ཀ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་ལེགས་པའི་ཤེས་རབ་། གྲགས་པ་འབྱོར་ཤེས། སུམ་སྟོན་འབྱོར་ཤེས། སུམ་སྟོན་ཡེ་ཤེས་འབར། གཉེན་ཚུལ་འབར། ཐོད་པ་དབེན་ཚ་གྲགས། ཐོད་པ་འོད་ཟེར་གྲགས། རོང་པ་ཆོས་མགོན། རི་ལུང་ཕུག་པ་ཆོས་མགོན། བླ་མ་བློ་ལྡན་སེང་གེ །ཀུན་མཁྱེན་འཕགས་འོད། ཀུན་མཁྱེན་བུ་སྟོན་ནོ། །ཡང་ན། སྤྱན་རིས་གཟིགས། སློབ་དཔོན་དཔེ་མེད་མཚོ། རིན་འབྱུང་ཞི་བ། བྷ་སྐ་ར་དེ་ཝ། རྡོ་རྗེ་གདན་པ། བིཀཱ་ཏ་དེ་ཝ། ཁ་ཆེན་པཎ་ཆེན། བི་བྷུ་ཏི་ཙནྡ། གཡག་སྡེ་ལོ་ཙཱ་བ། ལོ་ཙཱ་བ་མཆོག་ལྡན། རོང་པ་དཔལ་ལྡན་སེང་གེ །ཀུན་མཁྱེན་བུ་སྟོན། དེ་ནས་ཐུགས་སྲས་ལོ་ཙཱ་བ། ཀརྨ་པ་མཐོང་བ་དོན་ལྡན། འཇམ་དཔལ་བཟང་པོ། ཆོས་གྲགས་རྒྱ་མཚོ། སངས་རྒྱས་


CMR021_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

མཉན་པ། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག །གྲགས་པ་དོན་འགྲུབ། ཆོས་ཀྱི་དབང་ཕྱུག །ཡང་ན་ཆོས་གྲགས་རྒྱ་མཚེའི་བར་དང་། སི་ཏུ་བཀྲ་ཤི་དཔལ་འབྱོར། ཀརྨ་ཕྲིན་ལས་པ། གཙུག་ལག་ཕྲེང་བ། དཀོན་མཆོག་ཡན་ལག །དབང་ཕྱུག་རྡོ་རྗེ། ཐམས་ཅད་མཁྱེན་པ་དྲུག་པ། ངག་དབང་འཇིགས་མེད་གྲགས་པ། དེས་བདག་རཱ་ག་ཨ་སྱ་ལའོ། །རྩ་བའི་དལ་མ་གཏོགས་པའི་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཅིག་གི་དབང་གི་བརྒྱུད་པ་ནི་གོང་དང་འདྲ་བ་ལས། རྒྱལ་བ་ཐམས་ཅད་མཁྱེན་པ་ཆོས་ཀྱི་དབང་ཕྱུག །པཎ་ཆེན་ལུང་རིགས་ཉི་མ། སྡོམ་བརྩོན་སྡེ་སྣོད་འཛིན་པ་ཀརྨ་བི་ཤོ་དྷ།་དེས་བདག་རཱ་ག་ཨ་སྱ་ལའོ། །ཡང་ཀུན་རིག་དང་རྒྱལ་ཆེན་བཞིས་བསྐོར་གྱི་བརྒྱུད་པ་ནི། ཆོས་ཀྱི་དབང་ཕྱུག །པཎ་ཆེན་ལུང་རིགས་ཉི་མ། སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ། རཱ་ག་ཨ་སྱ་ལའོ། །ཡང་ཀུན་རིག་དང་གསུང་དཀྱིལ་གྱི་བརྒྱུད་པ་ནི། དཀོན་མཆོག་ཡན་ལག །བ་ལེ་བ་རྣམ་རྒྱལ་དཔལ་བཟང་། ངག་དབང་རྣམ་རྒྱལ། ངག་དབང་བཀྲ་ཤིས་དཔལ་གྲུབ། བདེ་ལེགས་སྙིང་པོ། རཱ་ག་ཨ་སྱ་


CMR021_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ལའོ་། །ཡང་ཚེ་དཔག་གསུང་དཀྱིལ་གྱི་བརྒྱུད་པ་ནི། ཁ་ཆེན་པཎ་ཆེན་དྷརྨ་པ་ལ། ལོ་ཆེན་རིན་ཆེན་བཟང་པོ། གཉལ་པ་ཉི་མ་ཤེས་རབ། ཉི་མ་འོད་ཟེར། རྡོ་རྗེ་སེང་གེ །རྒྱ་གསར་བ། བྲམ་ཟེ་ཏི་པ། འབྲོག་འཛིན་པ་རིན་ཆེན། བསོད་ནམས་དཔལ། གཉལ་པ་ཆོས་གྲགས། བྱ་རིན་ཆེན་འོད། བླ་ཆེན་སངས་རྒྱས་སྲས། བདག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་རྒྱལ་བ། བླ་མ་དཔལ་ལྡན་པ། ངོར་ཆེན་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་སེང་གེ །ཆོས་རྗེ་མགོན་པོ་དབང་ཕྱུག །གཉལ་ལོ་གྲགས་པ་ཆོས་འགྲུབ། མཁྱེན་རབ་བསྟན་འཛིན་བཟང་པོ། དབོན་བསྟན་འཛིན་ལྷུན་གྲུབ། དྲི་མེད་སངས་རྒྱས་རྡོ་རྗེ། རཱ་ག་ཨ་སྱེ་ལའོ། །ངན་སོང་ཐམས་ཅད་སྦྱོང་བའི་རྒྱུད་ཀྱི་རྒྱལ་པོ་ཉིད་དང་། ཀུན་རིག་ཆེན་པོ་རྣམ་གྲོལ་སྒོ་ཆེན། རྡོར་ཕྲེང་རྣལ་འབྱོར་རྒྱུད་ཀྱི་དབང་། མི་ཏྲ་བརྒྱ་རྩའི་སྦྱོང་རྒྱུད་ཀྱི་དབང་། མཆིམས་ཆེན་ནམ་མཁའ་གྲགས་ཀྱིས་མཛད་པའི་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་ཡིག་རྙིང་། སྐྱེས་ཆེན་གཙུག་ལག་ཕྲེང་བས་མཛད་པའི་དཀྱིལ་འཁོར་བཅུ་གཉིས་ཀྱི་མགྱོགས་དབང་དེ་རྣམས་ཀྱི་དོན་བསྡུས་ཏེ། ཚིག་ཉུང་ཀྱང་དོན་ཟབ་རྒྱ་ཆེ་བ་ཡིན་ནོ། །ཆོས་རྗེ་མི་བསྐྱོད་ཞབས་ཀྱི་གསུང་ལས། དེང་


CMR021_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

སང་ཁ་ཅིག་གིས་དབང་བསྐུར་དཔེ་ཆོག་ལ་བརྟེན་ནས་དབང་བསྐུར་བར་དབང་མི་འོས་སོ། །ཞེས་སྨྲ་བའང་མི་འགྲུབ་སྟེ། ཚིག་དང་དོན་གྱི་གཟུངས་ཐོབ་པ་དག་གིས་འཆད་རྩོད་རྩོམ་གསུམ་ཞེས་སོགས་འདོན་བྷཻ་ཅུང་བྱེད་ཀྱང་རྒྱུད་གླེགས་བམ་ལ་མ་ལྟོས་པར་འཆད་ནུས་ཀྱང་། གདུལ་བྱ་དབང་བརྟུལ་ཤེས་རབ་དམན་པ་རྗེས་སུ་བཟུང་བའི་སླད་ཀྱིས་བསྟན་པ་ཡུན་དུ་གནས་པར་བྱ་བའི་ཕྱིར། རྒྱུད་བསྐྱེད་རྫོགས་ཀྱི་སྒྲུབ་དཀྱིལ་ཐམས་ཅད་གླེགས་བམ་དུ་འགོད་པར་མཛད་ཅིང། གཞན་སྨིན་གྲོལ་དུ་འགོད་པ་ནས་ཀྱང་གླེགས་བམ་ནས་དེ་ལྟར་བྱུང་བ་ལྟར་གླེགས་བམ་དེ་ཉིད་ཀྱིས་སྟེང་ནས་རྒྱུད་འཆད་པ་སོགས་རུང་བ་ཉིད་ཀྱིས་ཕྱིར་ན་དེ་ཉིད་སྟེང་ནས་སྒྲུབ་དཀྱིལ་སོགས་ཀྱི་འདོན་བསྒོམ་བྱར་རུང་བའི་མཐུན་སྦྱར་བ་ལས། རྒྱུད་འགྲེལ་ཚད་ལྡན་གང་ནས་ཀྱང་གླེགས་བམ་གྱི་སྟེང་ནས་སྒྲུབ་དཀྱིལ་འདོན་བསྒོམ་བྱར་མི་རུང་ཞེས་དམིགས་གསལ་དུ་གསུངས་པའི་ཡི་གེ་ནི་གཅིག་ཀྱང་མེད་དོ། །གསང་སྔགས་ཀྱི་རྒྱུད་རབ་འབྱམས་ལ་སྒྲུབ་དཀྱིལ་མཐའ་ཡས་པ་དེ་ལས་དང་པོ་པས་གང་ཐོབ་བློ་ལ་འཛིན་མི་ནུས་པའི་ཕྱིར། གསང་སྔགས་གྱི་ཆོས་གང་ཐོབ་རྣམས་བློ་ལ་འཛིན་མི་ནུས་པའི་སྒྲུབ་དཀྱིལ་རྣམས་དཔེ་ལ་བརྟེན་ནས་འདོན་སྒོམ་བྱེད་པ་ནི་རྒྱ་བོད་ཀྱི་བརྒྱུད་པ་བར་མ་ཆད་པའི་སྲོལ་ཡིན་པས། ཕྱིས་སུ་གང་ཟག་ཁ་ཅིག་གིས་དབང་བློ་ཐོག་དང་ལུང་དཔེ་ཐོག་ནས་མ་བྱས་ན་དབང་རྣམ་དག་ཏུ་མི་འབྱུང་ངོ་། །ཞེས་ཟེར་བ་ནི་བརྗོད་པ་ཙམ་ལས་སྒྲུབ་བྱེད་ཅི་ཡང་མི་སྣང་ངོ་། །ཞེས་གསུངས་པ་ལྟར། འདི་ཡང་དཔེ་ཆོག་


CMR021_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

གི་དབང་དུ་བྲིས་པ་ཡིན་ནོ། །ཞེས་དགེ་སློང་རཱ་ག་ཨ་སྱས་བསྒྲིགས་པ་ལ་འགལ་འཁྲུལ་གང་མཆིས་ཆོས་ཀྱི་སྤྱན་ལྡན་རྣམས་ལ་བཤགས་ཤིང་། དགེ་བས་འདི་ལ་འབྲེལ་པ་ཐོགས་ཚད་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག །དཔལ་གཙང་མའི་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔས་ཀྱང་སྔོན་ཚེ་ཞལ་གྱིས་བཞེས་པ་བཞིན་དབང་འདི་འཕེལ་ཞིང་རྒྱས་པ་དང་། དབང་རྒྱུན་འདི་དང་འབྲེལ་པ་ཐོགས་ཚད་བསྲུང་ཞིང་སྐྱོབ་པའི་ཕྲིན་ལས་མཛོད་ཅིག །ཅེས་པའི་ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཏེ། འདི་ཉིད་བརྩམས་ཤིང་བྲིས་པའི་དགེ་བའི་རྩ་བ་དེས་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག །འགྲོ་བ་སེམས་ཅན་ཐམས་ཅད་ཁྱབ་བདག་རྣམ་སྣང་ཆེན་པོས་རྗེས་སུ་འཛིན་པར་གྱུར་ཅིག །མངྒ་ལཾ།། །།
༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གཅིག་གི་ལོ་རྒྱུས།


CMR021_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གཅིག་གི་ལོ་རྒྱུས་བཞུགས་སོ།།


CMR021_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ཉིད་ལྷའི་གནས་དགའ་བའི་ཚལ་ན་བཞུགས་པའི་ཚེ་ངན་སོང་སྦྱོང་བའི་རྒྱུད་བརྟག་པ་དང་པོ་གསུངས་ཚར་བ་དང་། གསང་སྔགས་དང་རིག་སྔགས་ཐམས་ཅད་ཀྱི་བདག་པོ་ཕྱག་ན་རྡོ་རྗེ་སྟན་ལས་བཞེངས་ཏེ་རྡོ་རྗེ་གསོར་ཞིང་། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པའི་སངས་རྒྱས་ཀྱི་མཐུས། ཤཱཀྱ་ཐུབ་པ་སྐུའི་དཀྱིལ་འཁོར་འདི་གསུངས་སོ། །འདིའི་ཕན་ཡོན་ནི། རྒྱུད་ལས། དེ་བཙུན་བཞིན་དུ་བཅུག་སྟེ་དབང་བསྐུར་ན་ངན་སོང་ཐམས་ཅད་རྣམ་པར་གྲོལ་ཏེ། བདེ་འགྲོ་མཐོ་


CMR021_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

རིས་ཀྱི་འཇིག་རྟེན་དང་། གང་ནས་གང་དུ་ཡང་སྐྱེ་བར་འགྱུར་རོ། །དངོས་གྲུབ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །སངས་རྒྱས་སུ་ཡང་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ། །སྔ་མ་བཞིན་དུ་ལས་ཐམས་ཅད་བྱེད་ཅིང་། ལས་ཐམས་ཅད་ལ་ཐོག་པ་མེད་པར་འགྱུར་རོ། །བྱབས་པ་བྱས་པས་རིམས་ཐམས་ཅད་དང། གདོན་དང་དུག་ལ་སོགས་པ་ལས་ཐར་བར་འགྱུར་རོ། །ཕྱག་ན་རྡོ་རྗེ་ཧཱུྃ་ཞེས་བྱ་བས་ལས་ཐམས་ཅད་བྱེད་པར་འགྱུར་རོ། །བརྟག་པ་གཞན་གྱི་ཆོ་ག་ཀྱང་ཐམས་ཅད་འགྲུབ་ནུས་པར་འགྱུར་རོ། །ལྷ་དང་ཀླུ་དང་གནོད་སྦྱིན་


CMR021_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྲིན་པོ་ལ་སོགས་པ་ངན་སོང་གི་རྒྱུད་ཀྱི་དབང་དུ་གྱུར་པ་རྣམས་ཤི་བའི་རོའམ། གཟུགས་བརྙན་ནམ། མིང་ལ་སོགས་པ་བྲིས་ཏེ། བཟླས་པ་དང་སྦྱིན་སྲེག་དང་། དབང་རྣམས་སྔ་མ་བཞིན་དུ་བསྐུར་ན་ངན་སོང་ཐམས་ཅད་ལས་ཡོངས་སུ་གྲོལ་བ་བྱེད་དོ། །ཞེས་གསུངས་པ་འདིའི་དབང་ཐོབ་ན། བར་ཆད་སེལ་བ་དང་། སྡིག་སྒྲིབ་ཐམས་ཅད་བྱང་བ་དང་། ཕྱི་མ་ངན་སོང་ལ་མི་ལྷུང་བ་དང་། བདེ་འགྲོ་གོང་ནས་གོང་དུ་སྐྱེ་བ་ཇེ་མཐོར་སྐྱེ་ཞིང་། མཐར་ཐུག་སངས་རྒྱས་ཀྱི་འབྲས་བུ་ངེས་པར་ཐོབ་པའི་ཕན་ཡོན་ཆེན་པོ་དེ་ལྟ་བུ་དང་ལྡན་པའི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད། ཅེས་རྒྱུད་ལས་བསྡུས་ཏེ་རཱ་ག་ཨ་སྱས་སྦྱར་བའོ།། ། ཚེ་དཔག་མེད་ཀྱི་ལོ་རྒྱུས་ནི། བཅོམ་ལྡན་འདས་ཀྱིས་ལྷའི་གནས་དགའ་བའི་ཚལ་ན་སྦྱོང་རྒྱུད་བརྟག་པ་དང་པོ་གསུངས་ནས། སངས་རྒྱས་ཀྱི་མཐུས་ཕྱག་ན་རྡོ་རྗེས་བརྟག་པ་ཕྱི་མ་གསུངས་པའི་སྐབས་སུ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་ཀྱི་འཁོར་རྣམས་ལ་གཟིགས་ནས་ཞལ་འཛུམ་པར་མཛད་པས། འཁོར་ཐམས་ཅད་རབ་ཏུ་གཡོས་ཤིང་འགུལ། རབ་ཏུ་འབར་ཞིང་རྒོད་པ་དང་བརྩེ་བ་དང་ཡ་མཚན་པའི་ལྟས་སུ་གྱུར་ཏེ།


CMR021_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པ་ལ་སོགས་པའི་ལྷ་ཆེན་པོ་རྣམས་དངོས་སུ་གྱུར་ནས། སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྒྱུ་མ་མཆིས་པར་འཛུམ་པར་མི་མཛད་ན། འཛུམ་པའི་རྒྱུ་གང་ལགས་ཞུས་པས། སྔོན་སངས་རྒྱས་རྣམས་ཀྱིས་བཤད་པའི་འཆི་བདག་ཞི་བར་བྱེད་པ་དང་། དུས་མ་ཡིན་པའི་འཆི་བདག་འཇིགས་པར་བྱེད་པའི་རིག་སྔགས་ཐོས་གསུངས་པས། ལྷ་རྣམས་དགའ་ཞིང་མགུ་ནས་བ་སྤུ་ལང་སྟེ་ཕྱག་འཚལ་ཞིང་བསྟོད་ནས། ཚེ་ཐུང་བར་སོན་ཚེ་རིང་བར་བགྱིས་པ་དང་། །དུས་མ་ཡིན་པར་འཆི་བ་རྣམ་པར་གྲོལ་བ་དང་། ངན་སོང་དུ་སྐྱེས་པ་ངན་སོང་ལས་ཐར་བ་དང་། འཁོར་བར་འཇིགས་པས་སྐག་པ་འཁོར་བ་ལས་ཐར་ནས། མྱུར་དུ་སངས་རྒྱས་པའི་ཕྱིར་དུ་རིག་སྔགས་དེ་གསུང་བར་ཞུས་པས། ཚེ་དཔག་མེད་གསུང་གི་དཀྱིལ་འཁོར་འདི་གསུང་པ་ཡིན་ལ། དེའི་ལྷ་རྣམས་ཀྱིས་འཛམ་བུའི་གླིང་གི་སེམས་ཅན་བསོད་ནམས་ཆུང་ཞིང་ཚེ་ཐུང་བ་དང་། ངན་སོང་གི་རྒྱུད་དང་ལྡན་པ། སེམས་ཅན་དམྱལ་བ་དང་ཡི་དྭགས་དང་། བྱོལ་སོང་རྣམས་སུ་སྐྱེ་བ་དག །མཆིས་ན་དེ་ལ་ཕན་ཇི་ལྟར་


CMR021_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

གདགས་པའི་ཚུལ། དེ་དག་དཀྱིལ་འཁོར་དུ་ཆུག་ཅིག །ཆོས་ཀྱི་ཡི་གེ་ཡང་ཟློས་སུ་ཆུག་ཅིག །དེས་སེམས་ཅན་དེ་དག་ཚེ་རིང་བར་གྱུར་བསོད་ནམས་དང་བྲལ་བ་རྣམས་བསོད་ནམས་དང་ལྡན་པར་འགྱུར། ངན་སོང་ལས་རྣམ་པར་གྲོལ་བར་འགྱུར། ཞེས་གསུངས། དེ་ནས་ཚངས་པ་ལ་སོགས་པའི་ལྷ་ཆེན་པོ་རྣམས་ཀྱིས། རྒྱལ་པོ་དང་རྒྱལ་པོའི་བུ་རྒྱལ་པོའི་བློན་པོ་དང་རྒྱལ་རིགས་དང་བྲམ་ཟེ་དང་རྗེའུ་རིགས་དང་དམངས་རིགས་དང་། གཞན་ཡང་དམའི་མཁོ་རེ་ཆུང་བ་དང་། ཕྱགས་དར་བ་དང་། མཐའ་འཁོབ་པའི་རིགས་ཅན་གྱི་སྐྱེ་བོ་རྣམས་དཀྱིལ་འཁོར་གྱི་རྒྱལ་པོ་འདིར་ཞུགས་ནས། དེ་དག་གིས་རྣམ་པར་སྨིན་པ་ཅི་ལྟ་བུ་འགྱུར་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱི་ཞལ་ནས་དཀྱིལ་འཁོར་འདིར་དབང་བསྐུར་བ་དང་ཕྱག་འཚལ་བ་དང་མཆོད་པ་ལ་སོགས་པའི་ཕན་ཡོན་ནི། དེ་བཤད་པའི་སྤོབས་པ་ང་ལ་མེད་དེ། ང་ཡི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པ་དེ་ནི་བརྒྱ་སྟོང་དུ་མར་བསྒྱུར་ཀྱང་གྲངས་སུ་མི་ཆོག །བསྒང་བར་མི་ཕོད་དཔེར་ཡང་མི་བཟོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོས་ཀྱང་མི་བཟོད། ཅེས་


CMR021_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གསུངས་པས་ལྷ་རྣམས་ཤིན་ཏུ་དད་ཅིང་གུས་ནས། དཀྱིལ་འཁོར་འདི་ལ་ཞུགས་ཤིང་དབང་ཐོབ་པ་རྣམས། བདག་ཅག་གི་སློབ་དཔོན་ལགས་པར་འཚལ་བར་བགྱིད། ཕྱག་ན་རྡོ་རྗེ་ལགས་པར་འཚལ་བར་བགྱིད། རྡོ་རྗེ་སེམས་དཔའ་ལགས་པར་འཚལ་བར་བགྱིད། བདེ་བ་ཆེན་པོ་དཔལ་ཀུན་ཏུ་བཟང་པོ་ལགས་པར་འཚལ་བར་བགྱིད། དེ་བཞིན་གཤེགས་པ་ལགས་པར་འཚལ་བར་བགྱི། ཞེས་དང་། དཀྱིལ་འཁོར་འཆད་པའི་སློབ་དཔོན་དེ་རུ་གཡོག་དང་བྲན་དང་བཀའ་ཉན་བྱེད་ཅིང་། བསྒོ་བ་ཐམས་ཅད་ཉན་ཏེ། ཕན་པ་དང་བདེ་བ་ཐམས་ཅད་བསྒྲུབ་ཅིང་། དངོས་གྲུབ་ཐམས་ཅད་སྩོལ་ཞིང་ཕྱི་བཞིན་དུ་འབྲང་སྟེ་རྐང་པའི་རྡུལ་ཡང་མགོ་བོས་བླངས་ཏེ་བཅོམ་ལྡན་འདས་ཉིད་ལྟར་ཕྲིན་ལས་བསྒྲུབ་པར་ཁས་བླངས་དམ་བཅས་པ་ཡིན་པས། འདི་ཡི་དབང་ཐོབ་ན་ཚེའི་བར་ཆད་ཞི་བ་དང་བསོད་ནམས་དབང་ཐང་འཕེལ་ཞིང་ལྷ་ཐམས་ཅད་ཀྱིས་སྡོང་གྲོགས་བྱེད་པ་དང་། ཕྱི་མ་ངན་སོང་གི་སྐྱེ་སྒོ་ཆོད་ཅིང་མྱུར་དུ་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གསུངས་པས། དེ་ལྟར་དོན་ཆེན་དང་ལྡན་པའི་དབང་ཞུ་


CMR021_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་རྗེས་ཟློས་མཛོད། ཅེས་རཱ་ག་ཨ་སྱས་སོ། ཕྱག་ན་རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར་གྱི་ལོ་རྒྱུས་བཞུགས་སོ། །དེ་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཁོར་དུ་མ་དང་བཅས། སྟེང་ལྷའི་གནས་དགའ་བའི་ཚལ་དུ་བཞུགས་པའི་ཚེ་ངན་སོང་སྦྱོང་བའི་རྒྱུད་ཆེན་པོ་གསུངས་ནས། བརྟག་པ་ཕྱི་མ་སངས་རྒྱས་ཀྱི་མཐུས་ཕྱག་ན་རྡོ་རྗེས་གསུངས་པ་སྟེ། དེ་ཡང་ཕྱག་ན་རྡོ་རྗེས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་སྔོན་གྱི་སྐྱེས་རབ་གསུངས་པ་ན། ལྷ་རྣམས་ཀྱིས་མངོན་པར་བསྟོད་ནས། སླར་སེམས་ཅན་ཀུན་ལ་ཕན་པ་དང་། ཁྱད་པར་དུ་སེམས་ཅན་ཚེ་ཐུང་བ་རྣམས་དང་སྐལ་པ་ཆུང་བ་རྣམས་ཚེ་བསྲིང་བ་དང་བསོད་ནམས་བསྐྱེད་པའི་ཐབས་ཞུས་པས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཚེ་དཔག་ཏུ་མེད་པས་ཁྱབ་པར་འབྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ནས། དེའི་སྙིང་པོ་གསུངས་པས་སེམས་ཅན་ཐམས་ཅད་ཀྱི་ངན་སོང་ཐམས་ཅད་རབ་ཏུ་ཞི་ནས་ངན་སོང་ཐམས་ཅད་དུ་སྐྱེས་པ་ལས་གྲོལ། འོད་ཟེར་གྱིས་འཇིག་རྟེན་ཐམས་ཅད་གསལ་བར་བྱས་ཏེ། མཛད་པ་བཅུ་གཉིས་ཀྱི་ཚུལ་བྱས་ནས་འོད་ཟེར་ཐུགས་ཀར་ཞུགས་སོ། །དེ་ནས་ཚེ་དཔག་ཏུ་མེད་པའི་


CMR021_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེས་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ནས་དེའི་སྙིང་པོ་གསུངས་པས་ངན་སོང་གི་སྡུག་བསྔལ་ཐམས་ཅད་དེ་བཞིན་དུ་ཞི་བའོ། །དེ་ནས་སྒྲིབ་པ་ཐམས་ཅད་འཇོམས་པའི་ཏིང་ངེ་འཛིན་ལ་ཞུགས་ནས་སྙིང་པོ་གསུངས་པས་ངན་སོང་ཐམས་ཅད་ལྟུང་བར་འགྱུར་རོ། སྒྲིབ་པ་མ་ལུས་པ་འཇོམས་པའི་སྙིང་པོ་གསུངས་པས། བདུད་ཀྱི་གནས་ཐམས་ཅད་རབ་ཏུ་བཅོམ་པར་འགྱུར་རོ། །སྙིང་པོའི་གཟུངས་གསུངས་པས་འཇིག་རྟེན་གྱི་ཁམས་གཡོས་རབ་ཏུ་གཡོས། བསྐྱོད་རབ་ཏུ་སྐྱོད། བསྒུལ་རབ་ཏུ་བསྒུལ། རྨད་དུ་བྱུང་བས་འཇིག་རྟེན་དུ་སྣང་བར་གྱུར་ཏེ། འཇིག་རྟེན་འཆི་བདག་འཇོམས་པ་ཕྱག་ན་རྡོ་རྗེའི་ཐུགས་ཀྱི་དཀྱིལ་འཁོར་འདི་གསུངས་པ་ཡིན་ལ། འདིའི་དཀྱིལ་འཁོར་དུ་ཞུགས་ཤིང་། དབང་ཐོབ་ན་དུས་མ་ཡིན་པར་འཆི་བ་ཐམས་ཅད་བཟློག་པ་ཡིན་ཏེ། རྒྱུད་ལས། འཆི་བདག་སྦྲུལ་གྱིས་འཇིག་རྟེན་རྣམས། །འཆི་བདག་གཞོམ་ཕྱིར་གཞུག་པར་བྱ། ཞེས་གསུངས་སོ། །ཚེ་ཐུང་བ་དང་བསྐལ་པ་ཆུང་བ་རྣམས་ལ་ཕན་པ་དང་བདེ་བ་དང་ཚེ་བསྲིང་བའི་སླད་དུ་དཀྱིལ་འཁོར་འདི་གསུངས་པ་ཡིན་ལ། གཞན་ཡང་འདིའི་


CMR021_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ་བྱས་པ་ཙམ་གྱིས་ཞི་བ་དང་རྒྱས་པ་དང་དབང་ལ་སོགས་པའི་ལས་རྣམས་བརྟག་མི་དགོས་པར་འགྲུབ་པར་ཐེ་ཚོམ་མེད་དོ། །ཞེས་གསུངས་སོ། །གཞན་ཡང་བ་དམར་སེར་གྱི་མར་རམ། མར་སར་རམ། ཆུར་བའམ་འོ་མའམ་ཆང་ངམ་ཤ་ལ་སོགས་པ་གང་ཡང་རུང་བའི་སྣོད་དུ་བཞག་ལ་རྡོ་རྗེའི་རྭ་གཡོན་པས་མནན་ལ་འདིའི་ལྷ་ཚོགས་ལ་སེམས་གཏད་དེ་སྔགས་བཟླས་པས་འོད་དུ་ཞུ་བ་དང་དྲི་ཞིམ་བྲོ་བ། ཟས་དེ་ཟོས་པས་ཉི་ཟླ་དང་མཉམ་པའི་ཚེ་རྡོ་རྗེ་ལྟ་བུར་ཐོབ་ལ། རྟགས་ཐ་མ་ཅུང་ཟད་ཙམ་གྱིས་ཀྱང་དངོས་གྲུབ་དེ་དང་མཚུངས་པར་ཐོབ་པ་དང་། རྟགས་མ་བྱུང་ན་ཡང་འཇིག་རྟེན་ན་ནད་མེད་པ་དང་། ལོབ་སྐྱེན་པ་དང་། སྐྲ་དཀར་གཉེར་མ་མེད་པར་འགྱུར་ལ། ལུས་རྟེན་དེ་ལ་ཚེ་ལོ་བརྒྱ་ཐུབ་པར་གསུངས་ན། ཚུལ་བཞིན་དུ་སྒྲུབ་པའི་དཀྱིལ་འཁོར་དབང་ཐོབ་ན་བར་ཆད་སེལ་བ་ལྟ་སྨོས་ཀྱང་ཅི་དགོས་པས། དེ་ལྟར་འཆི་བདག་འཇོམས་པའི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད། ཅེས་རྒྱུད་ལས་བསྡུས་ཏེ། རཱ་ག་ཨ་སྱས་སྦྱར་བའོ།། ། འཁོར་ལོས་སྒྱུར་བ་ཡོན་ཏན་གྱི་དཀྱིལ་འཁོར་གྱི་ལོ་རྒྱུས་ནི། དེ་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སུམ་རྩེན་དགའ་


CMR021_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚལ་དུ་བཞུགས་ནས་ངན་སོང་སྦྱོང་བའི་རྒྱུད་གསུངས་ཤིང་། དེ་ནས་ཕྱག་ན་རྡོ་རྗེས་བརྟག་པ་ཕྱི་མ་འདི་གསུངས་ཏེ། རྒྱུད་འདི་ལ་བརྟག་པ་བཅུ་གཉིས་ཡོད་པ་ལས། འདི་ནི་འཁོར་ལོས་སྒྱུར་བ་ཡོན་ཏན་གྱི་དཀྱིལ་འཁོར་ཡིན་ཏེ། གཙོ་བོ་རྡོ་རྗེ་སེམས་དཔའ་ཀུན་ཏུ་བཟང་པོ་དང་བདེ་བ་ཆེན་པོ་གང་རུང་བྱ་བར་གསུངས་པ་ལས། །འདི་ཀུན་ཏུ་བཟང་པོ་གཙོ་བོར་བྱས་པ་ཡིན། འདི་ཉིད་ཀྱི་དཀྱིལ་འཁོར་སྒོམ་བཟླས་བྱས་པའི་ཕན་ཡོན་ཡང་། ཀུན་ཏུ་བཟང་པོ་བདེ་བ་ཆེར། །འདི་ཉིད་ཀྱི་ནི་བསྒོམས་ནས་ཀྱང་། །སྙིང་གར་ཧཱུྃ་ཞེས་བྱ་བསམས་ནས། །རྡོ་རྗེ་སེམས་དཔའ་མཉམ་པར་གྱུར། །དཔལ་ལྡན་ལས་རྣམས་ཀུན་བྱེད་ཅིང་། །ཀུན་ཏུ་བཟང་པོ་བདག་ཉིད་འགྱུར། །དེ་ལྟར་འགྱུར་བ་ཐེ་ཚོམ་མེད། །ཞེས་གསུངས་ཤིང་། དེ་བཞིན་དུ་ཕྱག་ན་རྡོ་རྗེ་དང་རྡོ་རྗེ་ཁྲོ་བོ་དང་རྡོ་རྗེ་བརྟན་པ་ཕྱག་ན་པདྨ་རྡོ་རྗེ་ལ་སོགས་པ་རིགས་བཞིའམ་ལྔ་བསྒོམ་པའི་རིགས་སོ་སོ་དང་མཉམ་པའི་དངོས་གྲུབ་ཐོབ་པ་དང་། དེ་བཞིན་ཏུ་སེམས་དཔའ་བཅུ་དྲུག་གིས་ལས་ཚོགས་བཅུ་དྲུག་བསྒྲུབ་ཚུལ་རྒྱ་ཆེར་གསུངས་སོ། །ཁྱད་པར་དུ་ཡང་དཀྱིལ་


CMR021_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདི་ལ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཕལ་ཆེར་འདུས་པ་ཡིན་ལ། དེ་ཡང་རྒྱུད་ལས། དབང་ཕྱུག་ཆེན་པོ་ལ་སོགས་པའི་འཁོར་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་འདིར་བཞུགས་པ་གང་ལགས་པ་དེ་དག་བཅོམ་ལྡན་འདས་ཀྱིས་བདག་ཅག་ལྷ་རྣམས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་བསྟན་ནས་སྦྱང་ངོ་། །མཐོ་རིས་ཀྱི་ལམ་བསྟན་པར་བྱའོ། །བདེ་འགྲོས་ལམ་བསྟན་པར་བགྱིའོ། །ངན་སོང་མ་ལགས་པའི་ལམ་བསྟན་པར་བགྱིའོ། །སྒྲིབ་པ་མ་མཆིས་པའི་ལམ་བསྟན་པར་བགྱིའོ། །དབེན་པའི་ལམ་བསྟན་པར་བགྱིའོ། །རྣམ་པར་དབེན་པའི་ལམ་བསྟན་པར་བགྱིའོ། །འབྱུང་བས་ལམ་བསྟན་པར་བགྱིའོ། །མྱ་ངན་ལས་འདས་པའི་ལམ་བསྟན་པར་བགྱིའོ། །དམ་པའི་ཆོས་ཀྱི་ལམ་བསྟན་པར་བགྱིའོ། །བདེ་འགྲོའི་ལམ་བསྟན་པར་བགྱིའོ། །སྤངས་བའི་ལམ་བསྟན་པ་བགྱིའོ། །ཉོན་མོངས་པ་མེད་པའི་ལམ་བསྟན་པར་བགྱིའོ། །སངས་རྒྱས་ཉིད་དུ་སྒྲུབ་པའི་ལམ་བསྟན་པར་བགྱིའོ། །


CMR021_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་ཉིད་དུ་འགྲུབ་པའི་ལམ་བསྟན་པར་བགྱིའོ། །རྡོ་རྗེ་འཛིན་པ་ཉིད་དུ་འགྲུབ་པའི་ལམ་བསྟན་པར་བགྱིའོ། །དུས་ཐམས་ཅད་དུ་འཇིགས་པ་ཐམས་ཅད་ལས་བསྲུང་བ་དང་། བསྐྱབ་པ་དང་སྦ་བར་བགྱིའོ། །བདག་ཉིད་ཀྱི་བུ་བཞིན་དུ་ཡོངས་སུ་སྐྱོང་བར་བགྱིའོ། །ཕ་རོལ་གྱི་དགྲ་རྐུན་ཡོངས་སུ་གཞོམ་པར་བགྱིའོ། །གྲོང་དང་གྲོང་ཁྱེར་དང་གྲོང་བརྡལ་དང་ལྗོངས་དང་རྒྱལ་པོའི་ཕོ་བྲང་དང་རྒྱལ་སྲིད་རྣམས་བསྲུང་བར་བགྱིའོ། །ཡུལ་དང་ཕྱོགས་དང་གྲོང་དང་གྲོང་ཁྱེར་དང་གྲོང་འཁོར་རྣམས་བསྲུང་བར་བགྱིའོ། །རྒྱལ་སྲིད་ཐོབ་པ་རྣམས་ཀྱི་རྒྱལ་སྲིད་རྒྱས་པར་བགྱིའོ། །གླིང་གཅིག་དང་གླིང་གཉིས་དང་གསུམ་པ་དང་བཞི་པ་དང་། བདེ་འགྲོ་དང་ལྷའི་གནས་དང་། ས་འོག་འཁོར་ལོས་སྒྱུར་བ་རྣམས་བརྩལ་བར་བགྱིའོ། །མདོར་ན་བརྒྱ་བྱིན་ཉིད་དང་། ཚངས་པ་ཉིད་དང་། རྟོག་འདོད་ཉིད་དང་། དབང་ཕྱུག་ཆེན་པོ་ཉིད་བརྩལ་བར་བགྱིའོ། །ཞེས་ཁས་བླངས་དམ་བཅས་སོ། །དེ་ནས་འཁོར་ལོས་སྒྱུར་བའི་དཀྱིལ་འཁོར་འདི་ཉམས་སུ་བླངས་ན། རྡོ་རྗེ་སེམས་དཔའ་འམ་ཀུན་ཏུ་བཟང་པོའི་གོ་འཕང་


CMR021_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

འཐོབ་ལ། ཉམས་སུ་མ་བླངས་ཀྱང་དབང་ཐོབ་པའི་ཕན་ཡོན་ཁོ་ནས་ཕྱི་མར་ལྷ་རྣམས་ཀྱིས་ལམ་སྣ་འདྲེན་ཏེ། །དག་པའི་ཞིང་ཁམས་སུ་བདེ་འགྲོ་མཐོ་རིས་ཀྱི་ལམ་དུ་འཁྲིད་ཅིང་ལམ་སྟོན་པ་དང་། ཚེ་འདིའི་བར་ཆད་ཐམས་ཅད་སེལ་བ་དང་། ཇི་ལྟར་འདོད་པའི་དངོས་གྲུབ་ཐམས་ཅད་སྩོལ་བར་གསུངས་པས། དེ་ལྟ་བུའི་ཕན་ཡོན་རྒྱ་ཆེན་པོ་ཅན་ཞུ་བའི་ཕྱིར་རྗེས་ཟློས་མཛོད། ཅེས་རྒྱུད་ལས་བསྡུས་པ་ཨ་རཱ་གས་གསུངས་སོ། མེ་ལྟར་འབར་བ་ཕྲིན་ལས་ཀྱི་དཀྱིལ་འཁོར་ལོ་རྒྱུས་ནི། དེ་ཡང་བཅོམ་ལྡན་འདས། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཀྱི་རྒྱལ་པོ་བརྟག་པ་དང་པོ་ཀུན་རིག་རྩ་བའི་དཀྱིལ་འཁོར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་ཀྱིས་གསུངས། བརྟག་པ་ཕྱི་མའི་དཀྱིལ་འཁོར་བཅུ་པོ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་ཟིན་པ་དང་། ལྷ་རྣམས་རབ་ཏུ་དགའ་ནས་ཕྱག་འཚལ་ཞིང་། ཁྲོ་བོའི་དཀྱིལ་འཁོར་གསུངས་པར་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་རང་ཉིད་ཀྱི་སྐུ་མི་སྣང་བར་རྡོ་རྗེ་སེམས་དཔའི་སྐུར་བཞུགས་པའི་རྡོ་རྗེ་གཉིས་སུ་མེད་པར་མཉམ་པའི་ཏིང་ངེ་འཛིན་ལ་བཞུགས་ནས་རྡོ་རྗེ་སེམས་དཔའ་ཁྲོ་བོ་རྡོ་རྗེ་མེ་དང་


CMR021_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་ལྟར་འབར་བའི་དཀྱིལ་འཁོར་ཆེན་པོ་འདི་ཉིད་གསུངས་སོ། །འདི་ཡི་དབང་ཐོབ་ནས་ཚུལ་བཞིན་དུ་བསྙེན་པ་ཐེམ་ན་འཇིག་རྟེན་གསུམ་གྱི་དངོས་གྲུབ་ཐམས་ཅད་ཐོབ་པར་གསུངས་ཏེ། དེ་ཉིད་དྲན་ལྡན་བསྙེན་པར་བྱ། །དེ་ནས་ངེས་པར་དངོས་གྲུབ་སྟེར། །ཡུད་ཙམ་འཇིག་རྟེན་གསུམ་དབང་འགྱུར། །ཞེས་གསུངས་སོ། །དེ་བཞིན་དུ་ཕྲིན་ལས་སྒྲུབ་སྟེ། ཁྲོ་བོའི་རྒྱལ་པོས་ལས་དངོས་སུ་བྱེད་པར་ཡིན་པར་བཤད་མོད་ཀྱི། ཞི་དང་དབང་དང་རྒྱས་པ་རྣམས། །དེ་དག་བྱེད་འགྱུར་གདོན་མི་ཟ། །ཞེས་གསུངས་སོ། འདིའི་དབང་བསྐུར་བ་ལ་སོགས་པའི་ཐབས་ལ་བསྟེན་ནས་ནད་གདོན་བར་ཆད་ཐམས་ཅད་སེལ་བ་ཡིན་ཏེ། མདོར་ན་དུག་རིམས་གདོན་ལ་སོགས། །དེ་བཞིན་དེ་དག་ཐམས་ཅད་ནི། །ཐབས་ལ་སོགས་པས་འཇོམ་པར་བྱེད། །ཞེས་གསུངས་སོ། ཁྱད་པར་དུ་ཁྲོ་བོ་འཇིག་རྟེན་གསུམ་སྣང་སྐུར་བཞེངས། ཧཱུྃ་ལ་སོགས་པའི་སྔགས་དམིགས་སམ་བྱབ་པའི་ཆོ་ག་བྱས་པས་རིམས་དང་དུག་ནད་དང་གདོན་དང་བགེགས་དང་རྒས་པ་ལ་སོགས་པ་མི་མཐུན་པ་ཐམས་ཅད་སེལ་བར་གསུངས་ཏེ། རྒྱུད་


CMR021_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཁྲོ་བོ་འཇིག་རྟེན་གསུམ་སྣང་མཛད། །ཟླ་བ་འདྲ་བའི་དགེ་བསམ་དང་། །འོད་ཟེར་འབྱུང་བ་མང་པོ་ཡི། །ཆད་པར་འགྱུར་བ་རྣམས་བསམས་ལ། །རིམས་དང་དུག་དང་གདོན་ལ་སོགས། །འོད་ཟེར་གྱིས་ནི་ཕྱུང་ནས་སུ། །དེ་ཡི་ནད་ཀྱི་གནོད་པ་རྣམས། །ཞི་བའི་ཕྱིར་ནི་རིང་དུ་དོར། །དེ་ནས་ཧཱུྃ་གིས་ཚིག་བཞག་ལ། །རྡོ་རྗེ་ལྟ་བུར་ལུས་བསམས་ཤིང་། །ཧཾ་གིས་འཁོར་ལོས་གོ་ཆ་བགོ །འོད་ཟེར་ཆུ་ཡི་དབང་བསྐུར་རོ། །དེ་ནས་དེ་ཡི་མིང་སྨོས་ནས། །བཟླས་པ་ཚུལ་བཞིན་བསམ་པར་བྱ། །ཞེས་གསུངས་ཤིང་དེ་བཞིན་དུ་ཞི་རྒྱས་དབང་གི་སྦྱིན་སྲེག་རྒྱས་པར་གསུངས་ནས། བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་ཀྱིས་ཕྱག་འཚལ་མཆོད་པ་དཔག་ཏུ་མེད་པས་མཆོད་དེ། ཕྱག་ན་རྡོ་རྗེ་ལ་མཚན་བརྒྱད་ཀྱིས་བསྐོར་བར་བྱས་སོ། །དེ་ལ་འདིའི་དབང་ཐོབ་ན་ལྟ་སྨོས་ཅི་དགོས། དཀྱིལ་འཁོར་དམ་པ་འདི་ཡིད་ལ་དྲན་པ་རྣ་བས་ཐོས་པ་ཙམ་གྱིས་ཀྱང་། ཕན་ཡོན་མཐར་ཐུག་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལྟ་བུ་ཐོབ་པར་གསུངས་པ་ཡིན་ཏེ། གོང་གི་འདི་བྲིས་བཀླག་གྱུར་ཏམ། །རྟག་ཏུ་འདི་འདོན་འཆང་བྱེད་


CMR021_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དྲན་ནམ་ཉན་པར་བྱེད་ཀྱང་རུང་། །ཕྱག་ན་རྡོ་རྗེ་འདྲ་བར་གྱུར། །ཞེས་གསུངས་སོ། །དེ་ལྟར་གནས་སྐབས་སུ་བར་ཆད་སེལ་བ་དང་མཐར་ཐུག་སངས་རྒྱས་འགྲུབ་པའི་དབང་ཟབ་མོ་ཞུ་བའི་ཕྱིར་རྗེས་ཟློས་མཛོད། ཅེས་རྒྱུད་ལས་བསྡུས་རཱ་ག་ཨ་སྱས་སོ། ཕྱག་ན་རྡོ་རྗེ་ལ་རྒྱལ་ཆེན་བཞིས་བསྐོར་བའི་ལོ་རྒྱུས་ནི། དེ་ཡང་སྦྱོང་རྒྱུད་བརྟག་པ་ཕྱི་མ་ལས། རྒྱལ་པོ་ཆེན་པོ་སྡེ་བཞིས་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་དུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ། རང་རང་གི་སྙིང་པོ་ཕུལ་ནས་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་ནས། ཕྱག་ན་རྡོ་རྗེ་ལ་རྒྱལ་པོ་བཞིས་བསྐོར་བའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་པ་ཡིན་ལ། འདིའི་དབང་ཐོབ་པའི་ཕན་ཡོན་ནི། རྒྱལ་པོ་མ་ཡིན་པར་རྒྱལ་པོར་འགྱུར་བ་དང་། རྒྱལ་པོ་དང་སྡེ་དཔོན་ཡིན་ན་སྟོབས་དང་མངའ་ཐང་སྐྱེ་བ་དང་། ཐ་མལ་པ་ཡིན་ནའང་། རང་རང་ལ་དཔགས་པའི་ཁ་རྗེ་དབང་ཐང་ཐམས་ཅད་པཎྜི་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་བ་སོགས་ཐོབ་པའི་ཚུལ། རྒྱུད་ཉིད་ལས་གསུངས་པ་འདི་རྣམས་ལ་དཔྱད་པས་འཐུས་པར་འདུག །དཀྱིལ་འཁོར་ཉིད་དུ་དབང་བསྐུར་ན། །རྒྱལ་པོ་


CMR021_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་ཡང་རྒྱལ་པོར་འགྱུར། །རྒྱལ་པོ་ཡིན་པ་ཆེན་པོར་འགྱུར། །འཛམ་བུ་གླིང་དབང་དཔལ་དང་ལྡན། །གླིང་བཞི་པ་ལ་དབང་བའི་མཆོག །ལས་བཞིར་དབང་ནི་བསྐུར་བར་བྱ། །ལན་བཞི་ཞུགས་པར་བྱས་ནས་ནི། །དེ་ལ་རྡོ་རྗེ་འཛིན་རྒྱལ་བདག །བུ་སྡུག་བཞིན་དུ་སྐྱོང་བར་བྱ། །ཞེས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བཀའ་བསྩལ་པ་དང་། རྒྱལ་པོ་ཆེན་པོ་བཞིས་དམ་བཅས་པ་ནི། བདག་ཅག་རྒྱལ་པོ་ཆེན་པོ་བཞིས། །འབངས་དང་འཁོར་དང་བཅས་པ་དང་། །ཕོ་བྲང་འཁོར་དུ་བཅས་པ་ཡིས། །རྒྱལ་པོ་རྟག་ཏུ་སྐྱོང་བར་བགྱིད། །དེ་གདོན་གཞན་གྱི་ཕྲུ་མ་དང་། །དེ་ཡི་ནད་དང་འཆི་བ་ནི། །འཇིགས་དང་མུ་གེ་ལ་སོགས་པའི། །གནོད་པ་རྣམས་ནི་གཞོམ་པར་བགྱི། །ངལ་སོས་དང་ནི་རྒྱས་པར་བགྱི། །གནས་སྲུང་པོ་ནི་ཞི་བར་བགྱི། །ཕྱུག་དང་གཉེར་བཅས་དུས་མིན་པའི། །འཆི་བདག་ལུས་འཕགས་པོ་ཡིས་འཇོམས། །མིག་མི་བཟང་གིས་བཀྲ་ཤིས་ཤིང་། །མུ་གེ་ལ་སོགས་རྣམ་པར་འཇོམས། །མདོར་ན་བདག་གིས་དེ་ཡི་ནི། །རེ་དང་བསམ་པ་ཀུན་གྱི་སྟེ། །ཅི་སྟེ་ངེས་པ་མ་ལགས་ན། །ཕྱག་ན་རྡོ་རྗེ་


CMR021_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

འཁུས་པར་འགྱུར། །ཞེས་དམ་བཅའ་ཕུལ་ཏེ། རྒྱལ་པོ་ཆེན་པོ་སྡེ་བཞིས། འདིའི་དབང་ཐོབ་པ་རྣམས་རྟག་ཏུ་བསྲུང་ཞིང་སྐྱོང་བ་དང་། དེ་ལ་གནོད་པའི་གདོན་དང་། ནད་དང་དུས་མ་ཡིན་པར་འཆི་བ་དང་། མུ་གེ་ལ་སོགས་པའི་གནོད་པ་ཐམས་ཅད་ཟློག་པར་བྱེད་ཅིང་། ཁྱད་པར་དུའང་འདིའི་དབང་ཐོབ་པ་རྣམས་ལ། རྒྱལ་པོ་རྣམ་ཐོས་སྲས་ཀྱིས་ཚེ་དང་བསོད་ནམས་རྒྱས་པར་བྱེད་དོ། །ཡུལ་འཁོར་སྲུང་གིས་ནི་ནད་གདོན་བར་ཆད་ཞི་བར་བྱེད་དོ། །འཕགས་སྐྱེས་པོས་ནི་མི་ནོར་ཐམས་ཅད་དུས་མ་ཡིན་པར་འཆི་བ་བཟློག་གོ །སྤྱན་མི་བཟང་གིས་མུ་གེ་མེད་ཅིང་བཀྲ་ཤིས་པར་བྱེད་དོ། །མདོར་ན་ཡིད་ལ་ཇི་ལྟར་འདོད་པའི་རེ་བ་ཐམས་ཅད་སྐོང་ཞིང་བསམ་པ་འགྲུབ་པར་བྱེད་དོ། །གལ་ཏེ་དེ་ལྟར་མ་བྱས་ན་རྒྱལ་པོ་ཆེན་པོ་སྡེ་བཞིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བཀའ་དང་དམ་ཚིག་ལ་མ་རྩིས་པ་ཡིན་པས། ཕྱག་ན་རྡོ་རྗེ་ལ་འཁུས་པ་སྟེ། ཕྱག་ན་ཚརྡོ་རྗེ་ལ་གནོད་པ་དང་འདྲ་བའི་ཉེས་སྒྲིབ་དང་བཀའ་ཡི་ཆད་པའི་གནས་སུ་གྱུར་ཅིག་ཅེས་པའི་དམོད་པ་བོར་བ་ལགས་པས། འདི་ཡི་དབང་ཐོབ་ནས་དམ་ཚིག་བསྲུངས་ན་རང་རང་


CMR021_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསོད་ནམས་ཇི་ཙམ་ཡོད་པ་དང་། རྗེས་སུ་དཔག་པའི་ཚེ་བསོད་ནམས་ཁ་རྗེ་དབང་ཐང་ཐམས་ཅད་ཡར་འཕེལ་དུ་འགྲོ་བ་ཐེ་ཚོམ་མེད་དོ། །དེ་ལྟར་ཚེ་བསོད་ནམས་རྒྱས་པར་བྱེད་པ་ཕྱག་ན་རྡོ་རྗེ་ལ་རྒྱལ་པོ་བཞིས་བསྐོར་བའི་དཀྱིལ་འཁོར་གྱི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད། ཅེས་རྒྱུད་ལས་བསྡུས་པ་རཱ་ག་ཨ་སྱས་སོ། ཕྱག་ན་རྡོ་རྗེ་ལ་ཕྱོགས་སྐྱོང་བཅུས་སྐོར་བའི་ལོ་རྒྱུས་ནི། དེ་ཡང་སྦྱོང་རྒྱུད་བརྟག་པ་ཕྱི་མའི་སྐབས་སུ། ཕྱོགས་སྐྱོང་བ་ཆེན་པོ་བཅུས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས།་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སླད་དུ་རང་རང་གི་སྙིང་པོ་ཕུལ་ལོ། །དེའི་ཚེ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས། ཕྱག་ན་རྡོ་རྗེ་ལ་ཕྱོགས་སྐྱོང་བཅུས་བསྐོར་བའི་དཀྱིལ་འཁོར་འདི་གསུངས་ནས། ཕྱོགས་སྐྱོང་རང་གི་ཕྱོགས་གནས་རྣམས། བརྟག་མི་དགོས་པར་འགྲུབ་པར་འགྱུར་རོ། །ཞེས་འདི་འགྲུབ་ཀྱང་སླ་བར་གསུངས་པས། ཕྱོགས་སྐྱོང་བཅུ་པོ་དགའ་ཞིང་མགུ་ནས། ཕྱག་འཚལ་དམ་བཅའ་ཕུལ་བ་ནི། རྒྱལ་རིགས་རྒྱལ་པོ་ཆེན་པོ་དཀྱིལ་འཁོར་འདིར་ཞུགས་ཤིང་དབང་བསྐུར་འདི་ཐོབ་པའམ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་དེ་དག་


CMR021_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་གིས་རྟག་ཏུ་དུས་ཐམས་ཅད་དུ་བསྲུང་བ་དང་། བསྐྱབ་པ་དང་སྦ་བར་བགྱིའོ། །ཕ་རོལ་གྱི་ཕྲུ་མ་ཀུན་གཞོམ་པར་བགྱིའོ། །དུས་དུས་སུ་ཆར་འབེབས་པར་བགྱིའོ། །འབྲུ་དང་མེ་ཏོག་དང་འབྲས་བུ་རྣམས་སྐྱོང་བར་བགྱིའོ། །ཞེས་ཁས་བླངས་ཤིང་ཁྱད་པར་གཤིན་རྗེ་ཆོས་ཀྱི་རྒྱལ་པོས། དེའི་ཚེ་བསྲིང་བར་བགྱིའོ། །དུས་མ་ཡིན་པར་འཆི་བ་བརྒྱད་པོ་སོ་སོར་དགག་པར་བགྱིའོ། །ཞེས་ཁས་བླངས་དམ་བཅས་སོ། །སྲིན་པོ་རྣམས་ཀྱི་བདག་པོ་ནི་རི་ཏའི་ན་དང་ཡི་དྭགས་དང་འདྲེས་མི་འཇིགས་། པར་བགྱིའོ། །སྲིན་པོ་ལ་སོགས་པས་འཇིགས་པར་མི་བགྱིའོ། །དུས་མ་ཡིན་པར་འཆི་བདག་འཇིགས་པར་མི་བགྱི་སྟེ། དུས་ཐམས་ཅད་དུ་བསྲུང་བ་དང་བསྐྱབ་པ་དང་སྦ་བར་བགྱིའོ། །ཞེས་ཁས་བླངས་དམ་བཅས་སོ། །ཀླུའི་རྒྱལ་པོ་ཝ་རུ་ཎས། བདག་གིས་ཀྱང་དུས་ཐམས་ཅད་རྒྱལ་པོ་དང་ཡུལ་སོ་སོར་སྐྱོང་བར་བགྱིའོ། །ཀུན་ཏུ་བསྲུང་བར་བགྱིའོ། །འབྲུ་རྣམས་བསྐྱེད་པར་བགྱིའོ། །ཀླུའི་ཉེས་པ་རྣམས་མི་འབྱུང་བར་བགྱིའོ། །དུག་དང་སེར་བ་རྣམས་མི་བབ་པར་བགྱིའོ། །དུས་མ་ཡིན་པར་འཆི་བ་རྣམས་སོ་སོར་


CMR021_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

དགག་པར་བགྱིའོ། །ཞེས་ཁས་བླངས་དམ་བཅས་སོ། །དེ་ནས་རླུང་གི་བདག་པོས། བདག་ཀྱང་སེམས་ཅན་ཆེན་པོ་དེ་ལ་དུས་ཐམས་ཅད་དུ་རླུང་གི་འཇིགས་པ་ཐམས་ཅད་མི་འབྱུང་བར་བགྱིའོ། །དུས་མ་ལགས་པར་རླུང་མི་འབྱུང་བར་བགྱིའོ། །འབྲུ་དང་མེ་ཏོག་དང་འབྲུ་ཐམས་ཅད་བསྐྱེད་པར་བགྱིའོ། །འཇིགས་པ་ཐམས་ཅད་སོ་སོར་དགག་པར་བགྱིའོ། །ཞེས་ཁས་བླངས་དམ་བཅས་སོ། །དེ་ནས་གནོད་སྦྱིན་གྱི་བདག་པོ་ཀུ་བེ་རས། བདག་གིས་གྱི་བདག་པོ་ཉི་ཤུ་རྩ་བརྒྱད་དང་ལྷན་ཅིག་ཏུ་མཆིས་ཏེ། སྟོབས་དང་ལྡན་པས་སེམས་ཅན་ཆེན་པོ་དེ་དག་ལ་དུས་ཐམས་ཅད་དུ་གནོད་པ་ཐམས་ཅད་སོ་སོར་དགག་པར་བགྱིའོ། །ནོར་དང་འབྲུ་ཐམས་ཅད་ལེགས་པར་འབྱོར་བར་བགྱིའོ། རང་གི་སྐྱེ་བོ་དང་ཡ་ཀྱི་སྐྱེ་བོ་དང་ཡུལ་དང་གནས་དང་བྲན་དང་སྣག་གི་གཉེན་དང་རུས་ཀྱི་གཉེན་དང་གྲོགས་དང་བུ་མོ་དང་། ཆུང་མ་ལ་སོགས་པ་བསྲུང་བར་བགྱིའོ། །གླང་དང་བ་དང་བོང་བུ་དང་རྔ་མོང་དང་ལུག་དང་མ་ཧེ་དང་བ་གླང་དང་རྟ་དང་ར་ལ་སོགས་པ་བསྲུང་བར་བགྱིའོ། །ཞེས་ཁས་བླངས་དམ་བཅས་སོ། །དེ་ནས་འབྱུང་


CMR021_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཐམས་ཅད་ཀྱི་བདག་པོ་དབང་བྱེད་ཀྱིས། བདག་གིས་ཀྱང་དེ་ལ་འདི་དང་ཕ་རོལ་ཏུ་ཡོངས་སུ་བསྐྱབ་པ་དང་། ཕན་གདག་པ་དང་ཡོངས་སུ་སྐྱོང་བ་དང་ཞི་བ་དང་བཀྲ་ཤིས་པ་དང་ཆད་པ་སྤང་བ་དང་མཚོན་ཆ་སྤང་བ་དང་། དུག་གཞིལ་བ་དང་དུག་བཅོམ་པ་དང་། མཚམས་བཅད་པ་དང་། ཕྱོགས་ཀྱི་མཚམས་བཅད་པ་དང་། རྡོ་རྗེའི་རྭ་བས་བསྐོར་བ་དང་། རྡོ་རྗེ་ཕུར་བུས་གདབ་པ་དང་། རྡོ་རྗེ་རྭ་བ་རྣམས་བྲེ་བར་བགྱིའོ། །དགོས་པ་ཐམས་ཅད་ཉེ་བར་གནས་པར་བགྱིའོ། །དགོས་པ་དང་དགོས་པ་ཏི་མ་ལགས་པ་རྣམས་ཀྱི་མཚན་མ་ཉེ་བར་གནས་པར་བགྱིའོ། །དངོས་གྲུབ་ཐམས་ཅད་སྩོལ་བར་བགྱིའོ། །ཞེས་ཁས་བླངས་དམ་བཅས་སོ། །དེ་ནས་ནམ་མཁའི་བདག་པོ་ནམ་མཁའ་ལ་ལོངས་སྤྱོད་པ་རྣམས་ཀྱིས། བདག་གིས་ཀྱང་དུས་ཐམས་ཅད་འཇིགས་པ་ཐམས་ཅད་ལ་བདག་ཉིད་དང་འཁོར་ཐམས་ཅད་དང་བཅས་པ་མཆིས་ལ། བསྲུང་བ་དང་པཀྴི་བསྐྱབ་པ་དང་སྦ་བར་བགྱིའོ། །མཆོག་ཐམས་ཅད་དུ་རབ་ཏུ་སྟོན་པར་བགྱིའོ། །ནད་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །དུས་ཐམས་ཅད་དུ་ཕྱི་བཞིན་དུ་འབྲང་བར་བགྱིའོ། །


CMR021_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཁས་བླངས་དམ་བཅས་སོ། །དེ་ནས་ས་འོག་གི་བདག་པོ་འཕག་པ་ཆེན་པོས་ཀྱང་། བདག་གིས་ཀྱང་རྒྱལ་རིགས་སོགས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་རྣམས་ཀྱི་དུས་ཐམས་ཅད་དུ་དོན་ཐམས་ཅད་བསྒྲུབ་པར་བགྱིའོ། །འཇིགས་པ་ཐམས་ཅད་ལས་དུས་ཐམས་ཅད་ལུས་བསྲུང་བར་བགྱིའོ། །བདག་ཉིད་ཀྱང་ཡོངས་སུ་སྐྱོང་བ་བགྱིའོ། །ཞེས་ཁས་བླངས་དམ་བཅས་སོ། །དེ་ལྟར་དབང་འདི་ཐོབ་ཅིང་དད་པ་མ་ལོག་པར་བྱས་ན། ཡེ་ཤེས་ལྷ་ཕྱག་ན་རྡོ་རྗེ་དང་། འཇིག་རྟེན་ཁམས་ན་དབང་ཆེ་བ་ཕྱོགས་སྐྱོང་ཆེན་པོ་བཅུ་འཁོར་དང་བཅས་པས་རྟག་ཏུ་སྲུང་སྐྱོབ་སྡོང་གྲོགས་བྱེད་ཅིང་། བར་ཆད་སེལ་བ་དང་དངོས་གྲུབ་སྩོལ་བ་ནི། ཁོང་རྣམས་ཀྱི་དམ་ཚིག་ཡིན་པར་འདུག་པས། དེ་ལྟ་བུའི་དབང་ཞུ་ཞིང་དད་པ་མ་ཉམས་པ་བྱ་སྙམ་པས་རྗེས་ཟློས་མཛོད། ཅེས་དགེ་སློང་རཱ་ག་ཨ་སྱས་སོ། ཕྱག་ན་རྡོ་རྗེ་ལ་གཟའ་བརྒྱད་ཀྱིས་བསྐོར་བའི་ལོ་རྒྱུས་ནི། དེ་ཡང་ངན་སོང་སྦྱོང་བའི་རྒྱུད་ཆེན་པོ་བརྟག་པ་ཕྱི་མ་ལས་གཟའ་ཆེན་པོ་བརྒྱད་རྒྱུ་སྐར་དང་བཅས་པས་རང་རང་གི་སྙིང་པོ་ཕུལ་བ་ལ་བསྟེན་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ལེགས་སོ་གསུངས་ནས་བྱིན་


CMR021_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རླབས་ཏེ་ཕྱག་ན་རྡོ་རྗེ་ལ་གཟའ་དང་རྒྱུ་སྐོར་གྱིས་བསྐོར་བའི་དཀྱིལ་འཁོར་འདི་གསུངས། དེ་ནས་གཟའ་ཆེན་པོ་དེ་དག་གིས་དེ་ལ་དུས་ཐམས་ཅད་དུ་དེ་བཞིན་ཏུ་ཐམས་ཅད་བགྱིའོ། །དེས་རྒྱུ་སྐར་དང་སྐད་ཅིག་ཡུད་ཙམ་དང་ཐང་ཅིག་དང་དུས་དང་ཟླ་ཚེས་དང་སྦྱོར་བ་དང་ཁྱིམ་དང་དུས་དང་སྦྱོར་བ་དང་འཇུག་ཚོལ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱིས་ཀྱང་། དུས་ཐམས་ཅད་དུ་སེམས་ཅན་ཆེན་པོ་དེ་དག་གི་བཀའ་མི་བཅག་སྟེ། དཔོན་པོ་བཞིན་དུ་སྐྱོང་བར་བགྱིའོ། །གྲོང་དང་གྲོང་ཁྱེར་དང་གྲོང་བརྡལ་དང་ལྗོངས་དང་། རྒྱལ་པོའི་ཕོ་བྲང་འཁོར་དང་རྒྱལ་པོའི་ཕོ་བྲང་གི་གནས་ཐམས་ཅད་སོ་སོར་བསྐྱེད་པར་བགྱིའོ། །འཇིགས་པ་ཆེན་པོ་འབྱུང་བའི་ཚེ་ཡང་དེ་བདག་ཅག་གིས་མཆོད་ན་གདོན་མི་འཚལ་བར་འཇིགས་པ་མི་འབྱུང་ངོ་། །ཞེས་ཁས་བླངས་དམ་བཅས་པ་སྟེ། འདིའི་དབང་ཐོབ་པའམ་དཀྱིལ་འཁོར་འདི་མཆོད་པའི་ཕན་ཡོན་དེ་བཞིན་དུ་ཐམས་ཅད་བགྱིའོ། །ཞེས་པའི་དོན་ཡིན་ཅིང་། སྔོན་དུ་ཕྱོགས་སྐྱོང་བཅུས་ཁས་བླངས་བའི་དོན་དེ་དག་ཐམས་ཅད་ཡིན་ཏེ། དུས་མ་ཡིན་པར་འཆི་བ་ཐམས་ཅད་བཟློག་ནས་ཚེ་


CMR021_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བསྲིང་བ་དང་། ཡི་དྭགས་དང་འདྲེ་དང་སྲིན་པོའི་གནོད་པ་ཐམས་ཅད་ལས་བསྲུང་ཞིང་བསྐྱབ་པ་དང་ཀླུའི་གནོད་པ་ཞི་ཞིང་འབྲུ་དང་ལོ་ལེགས་པར་བྱེད་པ་དང་། རླུང་གི་གནོད་པ་ཞི་ཞིང་འབྲས་དྲུག་སྐྱེས་པ་དང་། འཇིགས་པ་བཅུ་དྲུག་གི་གནོད་པ་བསྒགས་པ་དང་ནོར་ཕྱུགས་རྟ་སོགས་སྒོ་ནོར་རྣམས་སྲུང་ཞིང་འཕེལ་བ་དང་། ཡུལ་དང་གནས་དང་ཉེ་དུ་དང་བྲན་འཁོར་ཐམས་ཅད་སྲུང་ཞིང་སྐྱོང་བ་དང་། མཚོན་ཆ་ཆད་པ་དང་། དུག་གི་གནོད་པ་ཞི་བ་དང་། རྡོ་རྗེའི་རྭ་གུར་ཕུབ་ནས་སྲུང་སྟེ་བཀྲ་ཤིས་པ་དང་དགོས་པའི་དོན་ཐམས་ཅད་འགྲུབ་པ་དང་། བགེགས་མེད་ཅིང་དངོས་གྲུབ་ཐོབ་པ་དང་། ནད་ཐམས་ཅད་ཞི་བ་དང་། འཇིགས་པ་ཐམས་ཅད་ལས་དུས་ཐམས་ཅད་དུ་སྲུང་བར་བྱེད་པར་བཞེད་དོ། །ཁྱད་པར་དུ་ཡང་མི་གཡོ་བ་བརྟུལ་ཕོད་པའི་རྒྱུད་ལས། བདེར་གཤེགས་བདག་གིས་བསྒོམས་ནས་སུ། །གཟའ་རྣམས་སོ་སོར་མདུན་གནས་ནས། །སྔགས་ནི་བརྗོད་པར་བྱ་བ་ཡིན། །ཞེས་དང་། སྣ་ཚོགས་གཟུགས་ཅན་གཟའ་རྣམས་ནི། །དེ་ལྟར་ཐམས་ཅད་མཆོད་པར་བྱ།། །བསྐལ་བཟང་སྐྱེ་བར་འགྱུར་བ་དང་། །ལོངས་སྤྱོད་རྒྱལ་ཆེན་སྩོལ་


CMR021_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར། །རྒྱལ་པོ་མི་རྒོད་ཆོ་འཕྲུལ་སོགས། །སྲིན་པོ་ལྟོ་འཕྱེ་སྤྲུལ་རྣམས་དང་། །དེ་ཀུན་འབྱུང་བར་མི་འགྱུར་ཏེ། །དེ་ཡི་འཇིགས་པ་ནམ་ཡང་མིན། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །སྡུག་བསྔལ་ཐམས་ཅད་རྣམ་པར་སྤང་། །ཐམས་ཅད་དབང་ཕྱུག་གོ་འཕང་ཐོབ། །ཐེ་ཚོམ་མེད་པར་འབྱུང་བར་འགྱུར། །ཞེས་གསུངས་སོ། །དེ་ལྟ་བུའི་དབང་བསྐུར་ཟབ་མོ་ཞུས་ཤིང་ཉམས་སུ་ལེན་སྙམ་པས་འདིའི་རྗེས་ཟློས་མཛོད། འདི་ཡང་རྒྱུད་ལས་བསྡུས་ཏེ་རཱ་ག་ཨ་སྱས་སྦྱར་བའོ།། ། ཕྱག་ན་རྡོ་རྗེ་ལ་ལྷ་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ལོ་རྒྱུས་ནི། དེ་ཡང་བཅོམ་ལྡན་འདས་ཀྱིས་ངན་སོང་ཡོངས་སུ་སྦྱོང་བའི་རྒྱུད་ཆེན་པོ་གསུངས་པའི་ཚེ། ཚངས་པ་ལ་སོགས་པའི་ལྷ་ཆེན་པོ་བརྒྱད་ཀྱིས། རང་རང་གི་སྙིང་པོ་དང་ཆོ་ག་ཞིབ་མོ་ཕུལ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཀྱང་དེ་ལྟར་འགྲུབ་པར་བྱིན་གྱིས་རླབས་སོ། །དེའི་ལྷ་རྣམས་ཀྱིས་དམ་བཅས་སོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་འདིར་ཞུགས་པ་གང་ལྟར་ལགས་པ་དེ་དག །བདག་ཅག་ལྷ་རྣམས་ཀྱིས་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱང་ངོ་། །སྒྲིབ་པ་མ་མཆིས་


CMR021_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་བསྟན་པར་བགྱིའོ། །དབེན་པའི་ལམ་བསྟན་པར་བགྱིའོ། །རྣམ་པར་དབེན་པའི་ལམ་བསྟན་པར་བགྱིའོ། །འབྱུང་བའི་ལམ་བསྟན་པར་བགྱིའོ། །མྱ་ངོན་ལས་འདས་པའི་ལམ་བསྟན་པར་བགྱིའོ། །དམ་པའི་ཆོས་ཀྱི་ལམ་བསྟན་པར་བགྱིའོ། །བདེ་འགྲོའི་ལམ་བསྟན་པར་བགྱིའོ། །སྤང་བའི་ལམ་བསྟན་པར་བགྱིའོ། །ཉོན་མོངས་པ་མེད་པའི་ལམ་བསྟན་པར་བགྱིའོ། །སངས་རྒྱས་ཉིད་དུ་བསྒྲུབ་པའི་ལམ་བསྟན་པར་བགྱིའོ། །བྱང་ཆུབ་སེམས་དཔའ་ཉིད་དུ་བསྒྲུབ་པའི་ལམ་བསྟན་པར་བགྱིའོ། །རྡོ་རྗེ་འཛིན་པ་ཉིད་དུ་བསྒྲུབ་པའི་ལམ་བསྟན་པར་བགྱིའོ། །དུས་ཐམས་ཅད་དུ་འཇིགས་པ་ཐམས་ཅད་ལས་བསྲུང་བ་དང་བསྐྱབ་པ་དང་སྦ་བར་བགྱིའོ། །བདག་ཉིད་ཀྱི་བུ་བཞིན་དུ་ཡོངས་སུ་སྐྱོང་བར་བགྱིའོ། །ཕ་རོལ་གྱི་དགྲ་རྐུན་ཡོངས་སུ་གཞོམ་པར་བགྱིའོ། །གྲོང་དང་གྲོང་ཁྱེར་དང་གྲོང་བརྡལ་དང་ལྗོངས་དང་རྒྱལ་པོའི་ཕོ་བྲང་དང་རྒྱལ་སྲིད་རྣམས་བསྲུང་བར་བགྱིའོ། །ཡུལ་ཕྱོགས་དང་གྲོང་ཁྱེར་དང་གྲོང་བརྡལ་རྣམས་བསྲུང་བར་བགྱིའོ། །རྒྱལ་སྲིད་རྣམས་ཀྱང་བསྩལ་བར་བགྱིའོ། །རྒྱལ་སྲིད་ཐོབ་པ་རྣམས་ནི་རྒྱལ་སྲིད་རྒྱས་པར་


CMR021_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིའོ། །གླིང་གཅིག་པ་དང་གླིང་གཉིས་པ་དང་གསུམ་པ་དང་བཞི་པ་དང་། བདེ་འགྲོ་དང་ལྷའི་གནས་དང་ས་འོག་འཁོར་ལོས་སྒྱུར་བ་རྣམས་བསྩལ་བར་བགྱིའོ། །མདོར་ན་བརྒྱ་བྱིན་ཉིད་དང་ཚངས་པ་ཉིད་རྟོག་འདོད་ཉིད་དང་དབང་ཕྱུག་ཆེན་པོ་ཉིད་བསྩལ་བར་བགྱིའོ། །ཞེས་དམ་བཅས་ཏེ། དཀྱིལ་འཁོར་འདིའི་དབང་ཐོབ་ན་ལྷ་དང་མིའི་བདེ་སྐྱིད་ཡོན་ཏན་ཐམས་ཅད་ཡིད་ལ་གང་འདོད་པ་ལྷ་རྣམས་ཀྱིས་སྩོལ་བར་གསུངས་ཤིང་། འཆི་བའི་ཚེ་ཡང་ལྷ་རྣམས་ཀྱི་བདེ་འགྲོ་དང་མཐོ་རིས་ཀྱི་ལམ་སྟོན་པར་བཤད་པས་ཕན་ཡོན་དེ་ལྟ་བུ་དང་ལྡན་པའི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད། ཅེས་པ་རཱ་ག་ཨ་སྱས་སོ། ཕྱག་ན་རྡོ་རྗེ་ལ་ཀླུ་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ལོ་རྒྱུས་ནི།་དེ་ཡང་བཅོམ་ལྡན་འདས་ཀྱིས་ངན་སོང་ཐམས་ཅད་སྦྱོང་བའི་རྒྱུད་ཆེན་པོ་གསུངས་པའི་ཚེ། ཀླུ་ཆེན་པོ་བརྒྱད་ཀྱིས་རང་རང་གི་སྙིང་པོ་ཕུལ་ལོ། །དེའི་ཚེ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཀླུ་ཨ་བརྒྱད་ཀྱིས་བསྐོར་བའི་དཀྱིལ་འཁོར་འདི་གསུངས་ནས། དེ་ནས་མིང་ཙམ་བརྗོད་པས་ཀྱང་། །ཀླུ་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་གསུངས་སོ། །དེས་ཀླུ་རྣམས་


CMR021_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ནས་ཁས་བླངས་དམ་བཅའ་ཕུལ་བ་ནི། བདག་ཅག་གིས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མངོན་པར་དགའ་བ་རྣམས་གལ་ཏེ་དཀྱིལ་འཁོར་འདིར་ཞུགས་པ་རྣམས་བསླུས་པར་གྱུར་ན། དེའི་བཅོམ་ལྡན་འདས་ཉིད་བསླུས་པར་གྱུར་ཅིག །དེའི་ཚེ་བདག་ཅག་གི་གནས་བྱེ་མས་བསྲེགས་པར་གྱུར་ཅིག །རྡོ་རྗེ་ཀུན་ཏུ་འབར་བས་བདག་གིས་མགོ་འགས་པར་གྱུར་ཅིག །རྟག་པར་དུས་ཐམས་ཅད་དུ་སེམས་ཅན་ཆེན་པོ་དེ་བསྲུང་བ་དང་བསྐྱབ་པ་དང་སྦ་བར་བགྱིའོ། །བརྒྱ་བྱིན་ཆེན་པོ་དང་སྟོབས་དང་བརྩོན་འགྲུས་བསྐྱེད་པར་བགྱིའོ། །དེའི་དུག་རྣམས་དུག་མ་མཆིས་པར་བགྱིའོ། །འཇིགས་པ་ཐམས་ཅད་རྣམ་པར་གཞོམ་པར་བགྱིའོ། །རྒྱལ་བའི་བཀའ་དང་རྡོ་རྗེ་འཛིན་པའི་བཀའ་རབ་ཏུ་བསྒྲུབ་པར་བགྱིའོ། །ཞེས་དམ་བཅས་ཤིང་ཐ་ཚིག་ཕུལ་ལོ། །ཁྱད་པར་དུག་གི་ནད་དང་ཀླུའི་དུག་སྟེ། མཐོང་དུག་དང་རེག་དུག་ཁ་རླང་གི་དུག་དང་མཆེ་བའི་དུག་དང་བསམ་ངན་གྱི་དུག་ཕོག་པ་ལ་བརྟེན་ནས་མི་རྣམས་ལ་མཛེ་དང་དམུ་ཆུ་དང་བད་ཀན་དང་། དྲེག་དང་གྲུམ་བུ་དང་མེ་དབལ་དང་ལྷོག་པ་དང་འབྲས་དང་བས་བལྡགས་ལ་སོགས་པའི་ཀླུའི་ནད་བྱུང་བ་ལ་


CMR021_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་དབང་ཐོབ་ན་ནི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པ་ཐམས་ཅད་ཕན་པ་ཡིན་ཏེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས། དེ་ནས་ཀླུ་ཡི་རྒྱལ་པོ་དང་། །རྒྱལ་རིགས་ཐམས་ཅད་རབ་བཅུགས་ནས། །དུག་གི་ཉེས་སྐྱོན་བསལ་བའི་ཕྱིར། །ཕུ་ཞེས་བྱ་བས་དབང་བསྐུར་རོ། །ཞེས་གསུངས་ཏེ། དེའི་ཕྱིར་ན་འདིའི་སྒོ་ནས་ཀླུའི་གདོན་ཁྲོལ་ལ་སོགས་པ་བྱ་བར་རྒྱུད་ལས་གསུངས་ཤིང་ཕྱག་སྲོལ་ལ་ཡང་ཡོད་པ་ཡིན་ཅིང་། ཁམ་ས་ལ་ཀླུ་བརྒྱད་དཀྱིལ་འཁོར་བྱ། །ཞེས་པ་སོགས་འབྱུང་བ་ལྟར། འདིའི་སྒོ་ནས་ཆོ་ག་དང་མཆོད་པ་བྱས་ན་ཀླུ་བཅོས་དང་ཀླུ་མཆོད་ཀྱི་མཆོག་དམ་པ་ཡིན་པས། ཀླུ་མཆོད་དང་ཀླུའི་གཡང་སྐྱབས་དང་། ཆར་འབེབས་ལ་སོགས་ཀླུའི་བྱ་བ་རྣམས་བྱེད་པ་ལ་ཡང་། འདི་ཡི་དབང་ཐོབ་ན་འགྲུབ་སླ་ཞིང་ཡོན་ཏན་ཆེ་བ་སྟེ། ཀླུ་རིགས་མ་ལུས་པ་ཐམས་ཅད་ཀླུ་ཆེན་པོ་འདི་བརྒྱད་ཀྱི་རིགས་དང་འཁོར་དུ་མ་གྱུར་པ་མེད་ཅིང་། ཡེ་ཤེས་ཀྱི་ཀླུ་བརྒྱད་འདི་ནི་ངོ་བོ་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ཀླུའི་རྒྱལ་པོའི་ཚུལ་གྱིས་སེམས་ཅན་གྱི་དོན་མཛད་པ་ཤ་སྟག་ཡིན་པར་བཤད་དོ། །དེ་ལྟར་ཡོན་ཏན་དུ་མ་དང་ལྡན་པའི་


CMR021_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད། ཅེས་པ་རཱ་ག་ཨ་སྱས་སོ། ཕྱག་ན་རྡོ་རྗེ་ལ་འཇིགས་བྱེད་དགུས་བསྐོར་བའི་ལོས་རྒྱུས་ནི། དེ་ཡང་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ཆེན་པོ་གསུངས་པའི་ཚེ། ལྷ་ཆེན་པོ་འཇིགས་བྱེད་དགུས་རང་རང་གི་སྙིང་པོ་ཕུལ་ནས། ཕྱག་ན་རྡོ་རྗེ་འཇིག་རྟེན་གསུམ་རྒྱལ་ལ་འཇིགས་བྱེད་དགུས་བསྐོར་བའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ། །འདིའི་དབང་ཐོབ་ན་འཇིག་རྟེན་པའི་ལྷ་མཐུ་བོ་ཆེ་ལ་སོགས་ཀྱི་གནོད་པས་སྐྲག་ཅིང་སྔངས་བ་ཐམས་ཅད་ཞི་ནས་འཇིགས་པ་མེད་པར་ཐོབ་པར་བཤད་དོ། །འཇིགས་བྱེད་ཉིད་ཀྱིས་ཞུས་པ། བདག་གིས་བཀུག་པ་དང་བུད་མེད་རྣམས་ཀྱང་སྐྲག་ནས། ལྷ་དང་ཀླུ་དང་ཐམས་ཅད་སྐྲག །རྣམ་པར་སྐྲག་སྟེ། རབ་ཏུ་སྐྲག་སྟེ་ཁ་སྦུབ་ནས་འགྱེལ་ནས། གོས་དང་བྲལ་ཏེ་སེམས་ཀྱང་གཏོར་ནས་ཀུན་ཏུ་མཁྱེན་པ་དེ་དག་ལ་ཕན་གདག་པ་དེའི་སླད་དུ། བདག་ཅག་གི་སྙིང་པོ་ཕུལ་བར་འཚལ་གྱི། བཅོམ་ལྡན་འདས་ཀྱིས་ལེགས་པ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཞེས་ཞུས་ནས་བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལྟར་བྱིན་གྱིས་རླབས་པར་མཛོད། འདི་བསྒྲུབ་ཅིང་འགྲུབ་པར་གྱུར་ན་


CMR021_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་། འཇིག་རྟེན་གསུམ་གྱི་དངོས་གྲུབ་ཐམས་ཅད་དང་ཐུན་མོང་གི་གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་འབྱུང་བར་གསུངས་ཏེ། ཞུ་བ་དང་བྲོ་བའི་བཏུང་བ་དང་། །རྫས་དང་རལ་གྲི་འཁོར་ལོ་དང་། །རྩེ་གསུམ་པ་དང་མཐོང་རེག་དང་། །མིང་དང་ས་འོག་རྒྱལ་པོ་དང་། །གླིང་དང་གླིང་བཞི་བརྒྱ་བྱིན་དང་། །གནོད་སྦྱིན་དབང་ཕྱུག་སྲིན་པོ་དང་། །རིན་ཆེན་དང་ནི་རིག་འཛིན་ཉིད། །འཁོར་ལོས་སྒྱུར་དང་འཇིག་རྟེན་ཉིད། །གསུམ་གྱི་བདག་དང་བཀའ་ཉན་དང་། །རང་གི་འཁོར་དང་བུད་མེད་ཀྱིས། དངོས་གྲུབ་གང་ཡང་རུང་བ་ནི། །ཅི་དགའ་བར་ཡང་སྦྱིན་པར་བྱེད། །ཞེས་གསུངས་སོ། །ཞེས་པ་རཱ་ག་ཨ་སྱས་སོ།།
༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR021_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་བྱང་ཀླག་པའི་ཆོ་ག


CMR021_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་བྱང་ཀླག་པའི་ཆོ་ག་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR021_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ་ཕུལ་ལ། རྗེའི་དཀྱིལ་འཁོར་དུ་ཞུགས་པའི་ཕྱིར་རྗེས་ཟློས་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ།། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པ་འཚལ། །དབང་མེད་བདག་གིས་མི་དགེ་བགྱིས་པ་དང་། །རྗེས་སུ་ཡི་རང་ཡང་ན་བགྱིད་རྩལ་


CMR021_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

གང་། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གིས་ནི། །སྤྱན་སྔར་ད་ལྟ་མ་ལུས་སོ་སོར་བཤགས། །བདེ་གཤེགས་སྲས་ཀྱི་ཚོགས་གཉིས་ཟབ་པ་དང་། །རྒྱ་ཆེན་འགྲོ་བ་མ་ལུས་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་ལས་གཞན་ལ་ཡང་། །རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ངོ་། །ཐུགས་རྗེས་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིག་།བློས་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་ནང་བཞུགས་པའི། །བདེ་བར་གཤེགས་པ་རྣམས་ལ་སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་རྭ་བ་སྟེ། །དམན་པ་འཇིགས་པ་


CMR021_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་རྒྱལ་བྱེད་ཚལ། །སྲིད་པའི་འབྱོར་པ་ཟིལ་གྱིས་གནོན་པའི་མཆོག །གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྦྲུལ་གྱིས་དུག་བཅོམ་ཞིང་། །བློ་གྲོས་རྣམ་དག་ཐུགས་རྗེ་ལྡན་པ་ཡི། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་མཆི་ཞིང་། །སྲིད་དང་བྲལ་བ་རྣམས་ལའང་བདག་ཕྱག་འཚལ། །རྒྱུ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད། །འབྲས་བུའི་སྟོབས་ཀྱིས་དགྲ་ལས་རྒྱལ་གྱུར་པའི། །སྙིང་རྗེའི་རྩ་བ་ཟུག་ཅིང་ཡང་དག་རྟོག །མཉམ་མེད་བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པའམ། །ཡང་ན་ཡོངས་སུ་བསྐྱབ་པར་བྱ་ཕྱིར་རམ། །རང་གི་སེམས་ནི་དག་པར་བྱ་བའི་ཕྱིར། །འདི་དག་ཐམས་ཅད་རྩྭ་སོགས་བཞིན་དུ་བཏང་། །དེ་བཞིན་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་བླ་ན་མེད་པ་ནི། །བདག་དང་གཞན་རྣམས་དག་པའི་བྱ་བའི་ཕྱིར། །སྐད་ཅིག་རེ་རེ་ཞིང་ཡང་བསྒོམ་པར་བགྱི། །བདེ་བར་གཤེགས་པ་སྔགས་ལ་མཁས་པ་ཡི། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བ་འདི་ཡིས་ཐོབ་པར་བྱ་བའི་ཕྱིར། །ཁྱེད་


CMR021_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་གནས་ལ་བདག་ནི་གནས་པར་བགྱི། །མགོན་པོ་སངས་རྒྱས་རྣམས་དང་ནི། །སྲས་བཅས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱིས་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་


CMR021_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་བཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བརྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་བགྱི། །སེམས་ཅན་མྱ་ངན་འདས་ལ་འགོད། །སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཞིག་བསྒོམས་ལ་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྲ་ད་ཡ་མི། རྡོ་རྗེ་སྙིང་གར་རེག་པ་ལ་དེས་བརྟན་པའི་མོས་པ་གྱིས། སུ་ར་ཏེ་ས་མ་ཡ་སཱུ་ཧོཿ སིདྡྷི་བཛྲ་ཡ་ཐ་སུ་ཁཾ། ད་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་ཨཱཿས་མཚན་པ། སྙིང་གར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པར་བསྒོམ། སོ་སོའི་ཕྱག་རྒྱ་དང་བཅས་ཏེ་གནས་གསུམ་དུ་རེག །ཨོཾ་བྲྀཏ་ཀྲྀཏ་སརྦ་ཨཱཿ་བ་ར་ཎ་ནི་ཧཱུཾ་ཕཊ། ཨོཾ་ཏྲཊ་ཏྲཊ་སརྦ་ཨཱཿ་བ་ར་ཎ་


CMR021_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཧཱུཾ་ཕཊ། ཨོཾ་ཚིན་དྷ་ཚིན་དྷ་སརྦ་ཨཱཿ་བ་ར་ཎ་ནི་ཧཱུཾ་ཕཊ། ཁུ་ཚུར་གཉིས་སྦྱར་བའི་ཨོཾ་ཏྲཱཾ་ཨཱཿ༔གསུམ་བསྒྲེངས་ཧཱུཾ་ཧྲཱིཿསེམས་དཀྱིལ་དུ་བྱས་པ་རྡོ་རྗེའི་ཕྱག་རྒྱས། སྙིང་ག་མགྲིན་པ་ཁ་དཔྲལ་བ། །སྨིན་མཚམས་མཛོད་སྤུ་ཕྲག་པ་རྣ་བ་གཉིས། །མགོ་བོ་གཙུག་ཕུད་དཔུང་པ་གཉིས། །སྣ་དང་སྐེད་པ་པུས་མོ་འབོལ། །ལོང་བུ་གཉིས་དང་མིག་གཉིས་དང་། །གསང་བའི་གནས་དང་ཉེར་གཉིས་སུ། །རྡོ་རྗེ་དཀར་པོ་དེས་རྒྱས་གདབ་པར་བསྒོམ། ཨོཾ་སརྦ་བིད་བཛྲ་ཨ་དྷིཥྛན་ཛྙཱ་ན་ས་མ་ཡེ་ཧཱུཾ། ཉེར་གཉིས་ཀྱིས་བྱིན་གྱིས་རླབས་སོ། དེ་ལྟར་སེམས་བསྐྱེད་པའི་དགེ་བས་བསྔོ་བ་འདིའི་རྗེས་ཟློས། བདག་གིས་དགེ་བའི་རྩ་བ་འདི་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག་།ད་ཟབ་མོའི་ཆོས་འདི་གསན་པས་ཁྱབ་པར་གདའ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། བརྒྱ་ལམ་ལ་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གི་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པ་ནུས་མ་ཡིན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང་། །


CMR021_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་གྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབས་པའི་གསང་། སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་གིས་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པའི། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པར། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །ད་ལྟ་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི་། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་འདིར་ནི་དོར་བས་ན། །རང་བྱུང་བསྐལ་པ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་གྱུར། །ཧཱུྃ་མཛད་ཕྱག་རྒྱས། ཨོཾ་བཛྲ་སཏཱ་ཀྲོ་དྷ་ཨ་ན་ལཱརྐ་མ་ཧཱ་བཛྲ་ཀྲོ་དྷ་དྲ་བ་དྲ་བ་བྱི་དྲ་ཝ་བི་དྲ་ཝ་སརྦ་ཨ་པཱ་ཡ་ནཱ་ཤ་ཡ་ཧ་ར་ཧ་ར་པྲ་ཎི་ཧཱུྃ་ཕཊ། ལན་གསུམ་བརྗོད་


CMR021_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གནས་སྲུང་། རྗེའི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་ཆིངས། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས། །ཨོཾ་བཛྲ་ཡཀྵ་ཧཱུཾ། གིས་མེ་ཏོག་གི་ཕྲེང་བ་གཏད། ཨོཾ་བཛྲ་ཨ་དྷི་ཏིཥྛ་ཧཱུཾ། པདྨེ་སོགས་ཀྱིས་མཆོད། རྡོ་རྗེ་འཛིན་པའི་རྒྱས་མེ་ཏོག་བཟུང་ལ། ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཐུགས་དཀྱིལ་ལ་ཏིང་ངེ་འཛིན་གྱི་ཕྱག་རྒྱས་འཇུག །འཁོར་ལོས་སྒྱུར་བ་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་བཛྲ་ས་མ་ཡ་པྲ་ཝེ་ཤ་ཡ་ཧཱུྃ། མེ་ལྟར་འབར་བ་ལ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ། མེ་ལྟར་འབར་བ་ལ། ཨོཾ་བཛྲ་རཀྵ་སི་ཕཊ། ཅེས་པའི་མགོ་ཐོད་ཀྱི་ཕྱག་རྒྱ་བཅིངས་ཏེ་ནང་དུ་ཞུགས། རྒྱལ་ཆེན་ལ། ཨོཾ་བཛྲ་ས་མ་ཡེ་ཧཱུཾ། གཟའ་ལ། ཨོཾ་བཛྲ་ཧ་ན་ཧཱུྃ་ཕཊ། འཇིགས་བྱེད་དགུ་ལ་འཇུག་དུས་ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱས་དཀྱིལ་འཁོར་དུ་ཞུགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཡི་གེ་ཧཱུཾ་གི་རྣམ་པ་ལུས་ལ་ཞུགས་པར་གྱུར། ཨོཾ་བཛྲ་པྲ་ཝེ་ཤ་ཡ་ཧཱུྃ། མང་ཉུང་ཅི་རིགས་དྲག་ཏུ་བརྗོད་ཅིང་རོལ་མོ་བྱའོ། །ཨ་ས་མེ་ཏྲི་ས་མེ་མ་ཧཱ་ས་མ་ཡ་ཧཱུཾ། སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ནི། །འགྲོ་ལ་ཕན་པའི་གཙོ་ཆེན་གྱིས། །སྨིན་པར་དགོངས་ཏེ་བཞེས་སུ་གསོལ། །ཨོཾ་པྲ་ཏིཙྪ་


CMR021_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ས་མ་ཡ་ཧཱུཾ།་་་ཤཱཀ་ཐུབ་པ་ལ་སྔགས་འདིས་དོར།། ཨོཾ་པྲ་ཏིཙྪབཛྲ་ས་མ་ཡ་སྟྭཾ། གསུང་དཀྱིལ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་ཏིཙྪ་ཧོཿ ས་མ་ཡ་སྟྭཾ། ཐུགས་དཀྱིལ་ལ། ཧཱུྃ་པྲ་ཏིཙྩ་བཛྲ་ས་མ་ཡ་སཱུ་ཧོ། འཁོར་ལོས་སྒྱུར་བ་ཡོན་ཏན་ལ། ཨོཾ་པཱ་ཎི་པྲ་ཏིཙྪ་བཛྲ། སཏཱ་མ་ཧཱ་སུ་ཁ་ཧཱུྃ་ཧ་ཧ་ཧོཿ ས་མ་ཡ་ཧཱུཾ། མེ་ལྟར་འབར་བ་ལ། ཨོཾ་བཛྲ་ཀྲོ་དྷ་ཨ་ན་ལརྐ་པུངྒེ་པྲ་ཏིཙྪ་ཧཱུཾ།་་་སྟག་ལུང་ལ་སུ་ར་པྲ་ཏིཙྪ་ཧོ། རྒྱལ་ཆེན་ལ། ཨོཾ་པྲ་ཏི་བྷ་ལ་ཧོ་དྷ་མ་ཧཱ་མ་ཞེས་དོར། ཨོཾ་པྲ་ཏཱིཙྪ་བྷ་མ་ཧོཿ དྲ་ད་མ། རྒྱུད་ལས་སྔགས་འོག་མ་འདི་འབྱུང་། མཆན། གཟའ་ལ། ཨོཾ་བཛྲ་གྲ་ཧ་ཏཾ། ཨོཾ་བཛྲ་ཧཱུཾ་ཧཱུཾ། པྲ་ཏིཙྪ་ས་མ་ཡ་ཧཱུྃ། ལྷ་བརྒྱད་ལ། ཨོཾ་པྲ་ཏིཙྪ་ཧཱུཾ་མ་ཧཱ། སཏཱ་བཛྲ་དྷ་ར་ཨ་ཛཱ་པ་ཡ་ཏི་ཧ་ཧ་ཧོཿ སྟག་ལུང་ལ། ཀླུ་བརྒྱད། དེ་དགུ་ཕྱག་རྡོར་ཀུན་རིག་རྩ་བའི་སྔགས་ལཾ་ཧཱུྃ་དོར་བས། ཞེས་དཀྱིལ་འཁོར་དུ་མེ་ཏོག་དོར། མེ་ཏོག་རིན་ཆེན་གང་དུ་ནི། །བབ་པར་གྱུར་པ་རིགས་ཀྱི་ལྷ། །གཙོ་བོའི་རིགས་དེ་བསྒྲུབས་ནས་ནི། །དངོས་གྲུབ་འབྱུང་བ་ཐེ་ཚོམ་མེད། །ཤཱཀ་ཐུབ་སྔགས་གོང་ལྟར། ཕྱག་རྡོར་ལ་སོགས། ཨོཾ་པུཎྱེ་སོགས། གཙོ་བོའི་སྔགས་བརྗོད་ཅིང་སྤྱི་བོར་བཅིངས། ཨོཾ་པྲ་ཏི་


CMR021_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

བྷིཉྩ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་ནཱ་ནི་རཀྟ་ཧཱུྃ། ཞེས་མེ་ཏོག་མགོར་བཅིངས། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་གྱུར་པའི། །རྡོ་རྗེའི་མིག་ནི་བླ་ན་མེད། །ཤཱཀ་ཐུབ་ཕྱག་རྡོར་ལ་སྔགས་འདིས་འགྲེས་ཀུན་རིག་དང་འདྲ། ཨོཾ་བཛྲ་ཧ་སྱ་ཨུདྡྷ་ཊ་ཡ་ཧཱུྃ། འཁོར་ལོས་སྒྱུར་བ་ལ། ཨོཾ་བཛྲ་ཙཀཱ་པ་ཨོཾ་བཛྲ་ཧཱུཾ་ཧཱུཾ། མ་ཡནེ་ཀྵ་ཡ་ཧཱུཾ། ཨ་ཛཱ་ཡནེ་མོ་ཀ་ཡན་ནི་ཧཱུཾ་ཕཊ། ཟེར་བ་ཡང་སྣང་། ཞེས་མིག་དར་བསལ། ཨོཾ་བཛྲ་པ་ཤྱ་ཧོཿ མེ་ལྟར་འབར་བ་ལ། ཨོཾ་བཛྲ་ཀྲོ་དྷ་པཱ་ཤུ་ཧཱུྃ་རྒྱས་པར་ན་དཀྱིལ་འཁོར་གང་ཡིན་གྱི་ལྷ་བསྐྱེད་སྔགས་སྤངས་པའི་མངོན་རྟོགས་བརྗོད། འབྲིང་དུ་གཙོ་འཁོར་ཐམས་ཅད་ཀྱི་མཚན་བརྗོད། བསྡུས་པར་ན། བཅོམ་ལྡན་འདས་རྗེའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བར་གྱུར། ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་ས་མ་ཡ་ཧྲཱིཿ་ད་ཡ་མེ་པྲ་ཝེ་ཤ་ཡ་དྲི་ཌྷ་ཏིཥྛ་ཧཾ། ཕྱག་རྡོར་ལ་མནའ་ཆུའི་སྔགས། འཁོར་ལོས་སྒྱུར་བ་ཕྱི་ལ། ཨོཾ་བཛྲ་ས་མ་ཡ་ཧྲཱིཿ་ད་ཧཱུྃ་ཕཊ། མེ་ལྟར་འབར་བ་ལ། ཨོཾ་བཛྲ་རཀྵ་སི་ཧཱུྃ་ཕཊ། དུང་ཆོས་ཀྱི་ཆུ་བླུད་དེ། ཨོཾ་ཀྲ་བཛྲ་ཀྲོ་དྷ་ས་མ་ཡེ་ན་ཧཱུྃ་བྷི་ར་ཝ་ས་དྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ས་


CMR021_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡེ་མ་ཏི་ཀྲ་མ་ཧཱུཾ་ཕཊ། གཟའ་ལ། ཨོཾ་བཛྲ་བྷུ་བྱེ་ས་མ་ཡེ་ཧཱུྃ་ཕཊ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཅི་སྟེ་དམ་ཚིག་འདས་ན་ནི། །དེ་མ་ཐག་ཏུ་བཀས་ནས་གཤེགས། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ནི། །བདུན་རྒྱུད་རིགས་ནི་རླག་པར་བྱེད། །དེ་བས་རྟག་ཏུ་བུ་ཁྱོད་ཀྱིས། །རྒྱལ་བས་གསུང་པའི་དམ་ཚིག་དང་། །སྡོམ་པ་དང་ནི་བླ་མའི་བཀའ། །ཤིན་ཏུ་མོས་པས་བསྲུང་བར་བྱ། །ཁྱེད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །རྫུན་དང་འདོད་ལོགས་སྤྱོད་པ་རྣམས། །དངོས་གྲུབ་འདོད་པའི་བྱ་བ་མིན། །ཆང་ནི་བཏུང་བར་མི་བྱ་ཞིང་། །ཤ་ལ་སོགས་པ་བཟའ་མི་བྱ། །སེམས་ཅན་གནོད་པའི་སྦྱོར་བ་ནི། །ནམ་ཡང་བྱ་བ་མ་ཡིན་ནོ། །དཀོན་མཆོག་གསུམ་ནི་ཡོངས་མི་སྤང་། །དུས་ཀུན་ཏུ་ནི་བྱང་ཆུབ་སེམས། །སྙིང་པོ་སྔགས་དང་ཕྱག་རྒྱ་དང་། །ལྷ་དང་བླ་མ་དེ་བཞིན་ནོ། །སྡིག་ལ་སོགས་པ་གང་ཡིན་དང་། །བླ་མའི་བཀའ་ལས་འདའ་མི་བྱ། །ལྷ་ལ་ཕུལ་བའི་རྙིང་པ་དང་། །དེ་ཡི་


CMR021_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

གྲིབ་མའང་འགོང་མི་བྱ། །ཕྱག་རྒྱའི་གཟུངས་ལའང་དེ་བཞིན་ནོ། །སྔགས་དང་ལྷ་ལ་སྨད་མི་བྱ། །གདོན་གྱི་ལས་སོགས་བྱ་བ་མིན། །མུ་སྟེགས་ཅན་ལ་སྨད་མི་བྱ། །མདོར་ན་ཡིད་གཉིས་སོམ་ཉི་མི་བྱ་སྟེ། །བདག་གི་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །དབང་བཅུ་བསྐུར་བ་ནི། མཎྜལ་ཕུལ་ལ། སྤྱི་བོར་རྡོ་རྗེ་བཟུང་ནས་རྩ་རིག་དང་རིགས་ལྔ་ཡུམ་བཞིའི་སྔགས་བརྗོད། སྐུ་དཀྱིལ་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུྃ་ཕཊ། ཨོཾ་སརྦ་ཨ་པཱ་ཡ་བི་ཤྭ་དྷ་ནེ་བཛྲ་ཧཱུཾ་ཕཊ། ཨོཾ་སརྦ་ཀརྨ་ཨ་ཝ་རཏྣ་ནི་བྷསྨི་ཀུ་རུ་ཧཱུྃ་ཕཊ། ཨོཾ་བྷྱཱ་བྷི་ནཱ་ཤ་ཡ་ཨཱཿ་བ་ར་ཎ་ནི་ཧཱུཾ་ཕཊ། ཨོཾ་ཧཱུྃ་བི་ཤོ་དྷ་ཡ་ཨཱཿ་བ་ར་ཎ་ནི་ཧཱུཾ་བཛྲ་ཧཱུྃ་ཕཊ། ༀ་ཛྭ་ལ་ཛྭ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་སརྦ་ཨཱཿ་ཝ་ར་ཎ་ནི་ཧཱུཾ་ཕཊ། ཨོཾ་སྲུང་ས་ར་ས་ར་པྲ་ས་ར་པྲ་ས་ར་ཨཱཿ་བ་ར་ཎ་ནི་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧ་ར་ཧ་ར་སརྦ་ཨཱཿ་བ་ར་ཎ་བི་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཕཊ་སརྦ་ཨཱཿ་ཝ་ར་ཎ་ནི་སྤོ་ཊ་ཡ་ཧཱུཾ་ཕཊ། གསུང་དཀྱིལ་ལ། ཨོཾ་པུཎེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་ར་མི་ཏ་ཨཱཿ་ཡུ་པུཎྱ། ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ་ཧཱུྃ། ཨོཾ་ཧཱུྃ་སྭཱ་ཧཱ། ཨོཾ་ཧཱུྃ་སྭཱ་ཧཱ། ཨོཾ་སྭཱ་ཧཱ། ཨོཾ་ཧཱུྃ་སྭཱ་ཧཱ། ཐུགས་དཀྱིལ་ལ། ཨོཾ་པུཎྱ་པུཏྲེ་མ་ཧཱ་པུཎྱ་ཨ་པ་རི་མི་ཏཱ་ཨཱཿ་ཡུ༔


CMR021_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ་ཀ་རི་ཎི་སྭཱ་ཧཱ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་ཨཱཿ་ཝ་ར་ཎ། ཕྲ་རཾ་པཱ་ར་ཎི་མེ་སརྦ་སཏྭཱ་ནཉྩ་སྭཱ་ཧཱ། ཨོཾ་རཏྟེ་རནྡྷེ་མ་ཧཱ་རཀྵེ་རཏྣ་སཾ་བྷ་ཝ། རཏྣ་ཀཱིཙྪ། རཏྣ་མཱ་ལ་བི་ཤུདྡྷེ། ཤོ་དྷ་ཡ། སརྦ་པཱ་པཾ་ཧཱུྃ་ཕཊ། ཨོཾ་ཨ་མི་ཏེ་ཨ་མི་ཏེ། ཨ་མི་ཏོད་བྷ་ཝེ། ཨ་མི་ཏ་སཾ་བྷ་ཝེ། ཨ་མ་ཏ་བི་ཀྲནྟེ། ཨ་མི་ཏ་བི་ཀྲན། གཱ་མི་ནི་སརྦ་ཀརྨ་གླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཨོཾ་ཨ་མོ་གྷཾ། ཨ་པྲ་ཏི་ཧ་ཏ། སརྦ་ཨཱཿ་ཝ་ར་ཎ། བི་ནཱ་ཤ་ནི་ཧ་ར་ཧ་ར་ཧཱུྃ་ཕཊ། འཁོར་ལོས་སྒྱུར་བ་ཡོན་ཏན་ལ། ཨོཾ་བཛྲ་ཧཱུཾ་ཧཱུཾ་བཛྲ་པཱ་ཎི་དྲི་ལྷ་ཏིཥྛཧཱུཾ། ཨོཾ་ཨཱཿཧཱུྃ་ཨཱཿ་ཨོཾ་ཧཱུྃ་ཕཊ། ༀ་དྲི་ཌྷ་བཛྲ་ཧཱུྃ་ཕཊ། ཨོཾ་བཛྲ་ཧཱུྃ་ཕཊ། ཨོཾ་བཛྲ་ཧཱུྃ་ཨཱཿ༔ མེ་ལྟར་འབར་བ་ལ། ཨོཾ་བཛྲ་སཏཱ་ཀྲོ་དྷ་ཨ་ན་ལཱརྐ་མ་ཧཱ་བཛྲ་ཀྲོ་དྷ་དྲ་བ་དྲ་བ་བི་དྲ་ཝ་བི་དྲ་ཝ་སརྦ་ཨ་པཱ་ཡ་ནཱ་ཤ་ཡ་ཧ་ར་ཧ་ར་པྲ་ཎི་ཧཱུྃ་ཕཊ། ཨོཾ་ཏྲེ་ལོཀྱ་ཨཱཿ་ལོ་ཀ་ཀི་ར་ཧཱུྃ་ཕཊ། ཨོཾ་ཏྲེ་ལོཀྱ་ད་མ་ཀ་ཧཱུྃ་ཕཊ། ཨོཾ་ཏྲེ་ལོཀྱ་བྷནྡྷ་ཧཱུྃ་ཕཊ། ཨོཾ་ཏྲེ་ལོཀྱ་ན་ཤ་ཧཱུཾ་ཕཊ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་ཀཱ་ལ་དཎཱི་ཧཱུྃ་ཕཊ། ཨོཾ་ཀ་ལ་ཧ་ནི་ཧཱུཾ་ཕཊ། ཨོཾ་


CMR021_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲཱཾ༔ཧཱུྃ་ཕཊ། ཨོཾ་ཀ་ལ་རཀྵ་སི་ཧཱུྃ་ཕཊ། ཨོཾ་ཀཱ་ལ་དཎྜ་ཧཱུཾ་ཕཊ། ཨོཾ་ཀ་ལ་ར་ཏྲི་ཧཱུྃ་ཕཊ། ཨོཾ་ཀ་ལ་ཡཀྵ་ཧཱུྃ་ཕཊ། །རྒྱལ་ཆེན་ལ། ཨོཾ་པུཎེ་པེ་མ་ཧཱ་པུཎྱ་ཨ་པ་རི་མི་ཏ་ཨཱཿ་ཡུཔུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ་ཀ་རི་ཎི་སྭཱ་ཧཱ། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཨོཾ་པྲྀཏྟཱ་ར་སྭཱ་ཧཱ། ཨོཾ་བེ་རུ་ཌྷ་ཀཱ་སྭཱ་ཧཱ། ཨོཾ་བི་རུ་པཱཀྵ་ཡེ་སྭཱ་ཧཱ། ཕྱོགས་སྐྱོང་ལ། ཨོཾ་པུཎྱེ་པུཎེ་མ་ཧཱ་པུཎྱ་ཨ་པ་རི་མི་ཏཱ་ཨཱཿ་ཡུ༔པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ་ཀ་རི་ཎི་སྭཱ་ཧཱ། ཨོཾ་ཨི་སྭཱ་ཧཱ། ཨོཾ་ཡ་སྭཱ་ཧཱ། ཨོཾ་ཝ་སྭཱ་ཧཱ། ཨོཾ་ཀུ་སྭཱ་ཧཱ། ཨོཾ་ཨིཿསྭཱ་ཧཱ། ཨོཾ་ཨཱཿསཱ་ཧཱ། །།ཨོཾ་ནི་སྭཱ་ཧཱ། ཨོཾ་ཡཾ་སྭཱ་ཧཱ། ཨོཾ་ཨཱཿསྭཱ་ཧཱ། ཨོཾ་བྷ་སྭཱ་ཧཱ། གཟའ་ལ། ཨོཾ་བཛྲ་སཏཱ་ཀྲོ་དྷ་ཨ་ན་ལཱརྐ་མ་ཧཱ་བཛྲ་ཀྲོ་དྷ་དྲ་བ་དྲ་བ་བི་དྲ་ཝ་བི་དྲ་ཝ་སརྦ་ཨ་པཱ་ཡ་ནཱ་ཤ་ཡ་ཧ་ར་ཧ་ར་པྲ་ཎི་ཧཱུྃ་ཕཊ། ཨོཾ་བྱེ་སྭཱ་ཧཱ། ཨོཾ་བྲི་སྭཱ་ཧཱ། ཨོཾ་སྭ་སྭཱ་ཧཱ། ཨོཾ་བུ་སྭཱ་ཧཱ། ཨོཾ་ཨོཾ་སྭཱ་ཧཱ། ཨོཾ་རི་སྭཱ་ཧཱ། ཨོཾ་ཨཱཿསཱ་ཧཱ། ཨོཾ་པ་སྭཱ་ཧཱ། ཀླུ་ལ། ཨོཾ་པུཎེ་པུཎྱེ་མ་ཧཱ་པེུ་ཨ་པ་རི་མི་ཏ་ཨཱཿ་ཡུཔུཎྱ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ་ཀ་རི་ཎི་སྭཱ་ཧཱ། ཨོཾ་ཕུསྭཱ་ཧཱ། དེ་བཞིན་དུ། ཕ། ཕུ། ཕྲ། ཕོ། ཕེ། ཕེ། ཨོཾ་ཕོ་སཱ་ཧཱ་་་་་ཕོ། གཞན་གཅིག་


CMR021_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ལ། འཇིགས་བྱེད་ལ། ཨོཾ་བཛྲ་སཏཱ་ཀྲོ་དྷ་ཨ་ན་ལཱརྐུ་མ་ཧཱ་བཛྲ་ཀྲོ་དྷ་དྲ་བ་དྲ་བ་བི་དྲ་ཝ་བི་དྲ་ཝ་སརྦ་ཨ་པཱ་ཡ་ནཱ་ཤ་ཡ་ཧ་ར་ཧ་ར་པྲ་ཎི་ཧཱུྃ་ཕཊ། ཨོཾ་བྷཻ་ར་སྭཱ་ཧཱ། ཨོཾ་བྷཻ་ར་བྷི་སྭཱ་ཧཱ། ཨོཾ་བྷ་སྭཱ་ཧཱ། ཨོཾ་བྷི་སྭཱ་ཧཱ། ཨོཾ་བྷུ་སྭཱ་ཧཱ། ཨོཾ་བྷཻ་སྭཱ་ཧཱ། ཨོཾ་བྷཻ་སྭཱ་ཧཱ། ཨོཾ་བྷོ་སྭཱ་ཧཱ། ཨོཾ་ཧཱུཾ་སྭཱ་ཧཱ། ཨོཾ་བྷི་སྭཱ་ཧཱ། །ལྷ་བརྒྱད་ལ། ཨོཾ་བཛྲ་སཏཱ་ཀྲོ་དྷ་ཨ་ན་ལཱརྐ་མ་ཧཱ་བཛྲ་ཀྲོ་དྷ་དྲ་བ་དྲ་བ་བི་དྲ་ཝ་བི་དྲ་ཝ་སརྦ་ཨ་པཱ་ཡ་ནཱ་ཤ་ཡ་ཧ་ར་ཧ་ར་པྲ་ཎི་ཧཱུྃ་ཕཊ། ཨོཾ་རུ་སྭཱ་ཧཱ། ཨོཾ་ཨི་སྭཱ་ཧཱ། ཨོཾ་ཨོཾ་སྭཱ་ཧཱ། ཨོཾ་བྷི་སྭཱ་ཧཱ། ཨོཾ་ཀ་སྭཱ་ཧཱ། ཨོཾ་ག་སྭཱ་ཧཱ། ཨོཾ་བྷི་སྭཱ་ཧཱ། ཨོཾ་ཀ་སྭཱ་ཧཱ། རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པ་འདི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ལས་དང་ཉོན་མོངས་སྒྲིབ་པ་དག་གྱུར་ཏེ། །བྱང་ཆུབ་སེམས་ཀྱི་རླན་གྱིས་བརླན་པར་ཤོག །རྣམ་རྒྱལ་བུམ་པ་མགོ་བོའི་གནས་ལྔར་བཞག་ལ། ཨོཾ་བུདྡྷཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱཿ༔ གསུང་གི་དཀྱིལ་འཁོར་ལོ། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་བཛྲ་དྷ་ར་ཨ་ཛཱ་པ་ཡ་ཧཱུཾ་བྷྲཱུཾ།


CMR021_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ་ཧཱུཾ། ཨོཾ་རཏྣ་རཏྣ་ཨ་བྷི་ཥིཉྩ་ཧཱུཾ་ཧཱུཾ། ཨོཾ་པདྨ་པདྨ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ༔ ཨོཾ་ཀརྨ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ། འཁོར་ལོས་སྒྱུར་བ་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་སརྦ་བཛྲ་ཨ་བྷི་ཥེ་ཀ་ཏ་ཨཱཿཧཱུཾ། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་སརྦ་བུདྡྷ་ཨ་བྷི་ཥེ་ཀ་ཏ་ཨོཾ་ཨོཾ། ཨོཾ་རཏྣ་ཨ་བྷི་ཥིཉྩ་སརྦ་རཏྟ་ཨ་བྷི་ཥེ་ཀ་ཏ་ཨོཾ་ཧཱུྃ། ཨོཾ་པདྨ་ཨ་བྷི་ཥིཉྩ་སརྦ་པདྨ་ཨ་བྷི་ཥ་ཀ་ར་ཨོཾ་ཧི༔ ཨོཾ་ཀརྨ་ཨ་བྷི་ཥིཉྩ་སརྦ་ཀརྨ་ཨ་བྷི་ཥེ་ཀ་ཏ་ཨོཾ་ཨཱཿ༔ མེ་ལྟར་འབར་བ་ལ། ཨོཾབཛྲ་ཀྲོ་དྷ་ར་ཏྲི་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ། རྒྱལ་ཆེན་ལ། ཨོཾ་བེ་ཤཱ་མ་ཎ་ཡ་སྭཱ་ཧཱ། ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་དྷཱིཀྵ་རཀྵ་སྭཱ་ཧཱ། ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་བེ་རུ་ཌྷ་ཀཱ་སྭཱ་ཧཱ། ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་བི་རུ་པཱཀྟ་ཡེ་སྭཱ་ཧཱ། ཀ་ལ་ཤ་ཨ་བྷི་ཥིཉྩ༔ ཧཱུྃ། ཕྱོགས་སྐྱོང་ལ། ཨོཾ་ཡི་སྭཱ་ཧཱ། ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་ཨི་སྭཱ་ཧཱ། ཀ་ལ་ཤ་སོགས་འགྲེའོ། ཨོཾ་ཨཱཿསཱ་ཧཱ། ཨོཾ་ཡ་སྭཱ་ཧཱ། ཨོཾ་ར་སྭཱ་ཧཱ། ཨོཾ་ཁཾ་སྭཱ་ཧཱ། ཨོཾ་ཡཾ་སྭཱ་ཧཱ། ཨོཾ་ཀུ་སྭཱ་ཧཱ། ཨོཾ་ཨཱཿ སྭཱ་ཧཱ། ཨོཾ་བྷ་སྭཱ་ཧཱ།་་་སྟག་ལུང་ལ། ཨོཾ་སྭཱ་སྭཱ་ཧཱ། གཟའ་བརྒྱད་ལ། ཨོཾ་ཨཱཿ༔སྭཱ་ཧཱ། ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། དེ་བཞིན་དུ། ཨོཾ་སྭ་སྭཱ་ཧཱ། ཨོཾ་ཨ་


CMR021_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། ཨོཾ་བུ་སྭཱ་ཧཱ། ཨོཾ་ཤྲཱི་སྭཱ་ཧཱ། ཨོཾ་ཤུ་སྭཱ་ཧཱ། ཨོཾ་ཤ་སྭཱ་ཧཱ། ཨོཾ་ར་སྭཱ་ཧཱ། འཇིགས་བྱེད་ལ། ཨོཾ་བྷཻ་ར་སྭཱ་ཧཱ། ཨོཾ་བྷཻ་ར་བྷཻ་སྭཱ་ཧཱ། ཨོཾ་བྷ་སྭཱ་ཧཱ། ཨོཾ་བྷ་སྭཱ་ཝཱཧཱ༔ ཨོཾ་བྷི་སྭཱ་ཧཱ། ཨོཾ་བྷཻ་སྭཱ་ཧཱ། ཨོཾ་བྷོ་སྭཱ་ཧཱ། ཨོཾ་བྷི་སྭཧཱ་། ཨོཾ་བྷ་སྭཱ་ཧཱ། ལྷ་བརྒྱད་ལ། ཨོཾ་ཨོཾ་སྭཱ་ཧཱ། ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། དེ་བཞིན་དུ། ཨོཾ་བི། ཨོཾ་བྷི། ཨོཾ་ཨི། ཨོཾ་ཀ། ཨོཾ་ག །ཨོཾ་བྷི། ཨོཾ་ཀ་སྭཱ་ཧཱ། ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བུམ་ཆུ་འཐུང་དུ་གཞུག །དེ་བཞིན་གཤེགས་པའི་དབུ་རྒྱན་ཅོད་པན་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཏེ། །རིགས་ལྔའི་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །ཨོཾ་བུདྡྷ་ཨ་བྷི་ཥིཉྩཨོཾ། བཛྲ་ཧཱུྃ། རཏྣ་ཏུཾ། པདྨ་ཀརྨ་ཨཱཿ འཁོར་ལོས་སྒྱུར་བ་ལ། ཨོཾ་བཛྲ་པྲ་ཎི་སྭ་ཡན་ཏེ་ཨ་ནུ་རཀྟ་ཨ་བྷི་ཥིཉྩ་ཏྲ༔ དབུ་རྒྱན་བཀོན། མེ་ལྟར་འབར་བ་ལ། ཨོཾ་བཛྲ་ཀྲོ་དྷ་ར་དྷེ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ་ཕཊ། ཅེས་ཕྱག་རྒྱ་ལྔ་དང་སྤེལ་ནས་ལན་ལྔ་བརྗོད་ཅིང་དབང་བསྐུར། རིན་ཆེན་མཛེས་པའི་མེ་ཏོག་ཕྲེང་བ་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །བསམ་པ་


CMR021_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

མྱང་འདས་སྦྱོར་བ་ཁམས་གསུམ་གནས། །མཛེས་པའི་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག །རཏྣ་མ་ལ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། མཛེས་ཤིང་ཡིད་འོང་དར་གྱི་་ཅོད་པན་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ཤེས་བྱ་ཀུན་ལ་ཐོག་པ་མེད་པ་དང་། །འགྲོ་བའི་དོན་ལ་མཐུ་དབང་ཐོབ་པར་ཤོག །ཨོཾ་བཛྲ་པ་ཊ་ཨ་ཝ་ལཾ་བྷ་ན་ཨ་བྷི་ཥིཉྩ་ཧཱུྃ། རིགས་ལྔའི་ཕྱག་རྒྱ་ལག་ཏུ་གཏད་ནས་ནི། སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཏེ། །ཡེ་ཤེས་ལྔ་ནི་མྱུར་དུ་ཐོབ་པར་ཤོག །ཨོཾ་བུདྡྷཱ་མུ་དྲ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་མུ་དྲ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་པདྨ་མུ་དྲ་ཨ་བྷི་ཥིཉྩཧི༔ ཨོཾ་ཀརྨ་མུ་དྲ་ཨ་བྷི་ཥིཉྩ་ཨཱཿ༔ ཀུན་རྫོབ་མཚན་ཉིད་མཚོན་པ་མིང་གི་དབང་། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །མ་འོངས་སངས་རྒྱས་འཇིག་རྟེན་ཞིང་ཁམས་སུ། །དེ་བཞིན་གཤེགས་པ་མཚན་གྱི་མིང་ཐོབ་ཤོག །རྡོར་དྲིལ་སྤྱི་བོར་བཞག་ལ། ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨོཾ། བཛྲ་ཧཱུྃ། སོགས། ཀྱེ་དཔལ་རྗེ་སོགས། ཞེས་རིགས་དང་མཐུན་པའི་མིང་དབང་བསྐུར། དེ་ནས་དབང་


CMR021_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

སྟེགས་པདྨ་དཀར་པོའི་ལྟེ་བར་འཁོར་ལོ་རྩིབས་བརྒྱད་བྲིས་པའི་སྟེང་དུ་སློབ་མ་བཞག །པཾ་ལས་པདྨ་སོགས། རྡོར་སེམས་སུ་བསྐྱེད་ཀྱང་རུང་། རྡོར་སེམས་ཀྱི་སྐུའམ། དམ་རྒྱ་སྤྱི་བོར་བཞག་ནས། ཨོཾ་བཛྲ་སཏྭ་ཧཱུྃ། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །ཕྱག་ན་རྡོ་རྗེ་རྒྱལ་དབང་ལ། །དགའ་བའི་བསམ་པས་བསྟོད་པར་བྱ། །ཤོ་ལོ་ཀ་བརྗོད། སྣ་ཚོགས་རྡོ་རྗེ་ལག་ཏུ་གཏད་ནས་ནི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ཕྲིན་ལས་རྣམ་བཞིའི་འགྲོ་དོན་མཐའ་ཕྱིན་ནས། །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ འཁོར་ལོ་རྐང་པའི་བར་དུ་བཞག །ཡོན་ཏན་རབ་རྫོགས་གསེར་གྱི་འཁོར་ལོ་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །རྣམ་པར་སྣང་མཛད་སྐུ་མཆོག་རབ་ཐོབ་སྟེ། །ཆོས་ཀྱི་འཁོར་ལོ་མྱུར་དུ་བསྐོར་བར་ཤོག །ཨོཾ་བཛྲ་ཙཀྲ་ཨ་བྷི་ཥིཉྩ་ཧཱུཾ་ཧཱུཾ། རིགས་ལྔའི་བདག་པོ་ཡི་ནི་རང་བཞིན་གྱིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །རྡོ་རྗེ་སེམས་དཔའ་རིགས་རྣམས་ཀུན་གྱི་བདག །རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་ཤོག །ཨོཾ་བུདྡྷ་ཙཀྲ་ཨ་


CMR021_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

དྷི་པ་ཏི་ས་ཨོཾ་ཨོཾ་ཨོཾ། ཨོཾ་བཛྲ་ཙཀྲ་ཨ་དྷི་པ་ཏི་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་རཏྣ་ཙཀྲ་ཨ་དྷི་པ་ཏི་སྭཱ་ཧཱུྃ་ཧཱུྃ་ཧཱུྃ། ཨོཾ་པདྨ་ཙཀྲ་ཨ་དྷི་པ་ཏི་སྭཱ་ཧྲཱིཿཧཱིཧི༔ ཨོཾ་ཀརྨ་ཙཀྲ་ཨ་དྷི་པ་ཏི་། ཙཱ་ཨཱཿ ཨཱཿཨཱཿ ཡུམ་ལྔའི་ཕྱག་རྒྱ་སྤྱི་བོར་བཞག་ནས་ནི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །གསང་རྒྱུད་མཐའ་དག་ཤེས་ཤིང་རྟོགས་ནས་སུ། །འཆད་ཅིང་སྟོན་པའི་དབང་དང་ལྡན་པར་ཤོག །ཨོཾ་བུདྡྷ་དྷ་ར་ནི་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་དྷ་ར་ནི་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་དྷ་ར་ནི་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་པདྨ་དྷ་ར་ནི་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཀརྨ་དྷ་ར་ནི་ཨ་བྷི་ཥིཉྩ་ཨཱཿ༔ རིགས་ལྔའི་ཕྱག་རྒྱ་སྤྱི་བོ་སོགས་གནས་ལྔར་བཞག །རིགས་ལྔའི་ཕྱག་རྒྱ་གནས་ལྔར་བཅིངས་ནས་ནི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ཡེ་ཤེས་ལྔ་ཡི་ཡོན་ཏན་རབ་རྫོགས་ཏེ། །བྱང་སེམས་གསང་བའི་དབང་དང་ལྡན་པར་ཤོག །ཨོཾ་བུདྡྷ་གུ་ཧྱ་ཨ་བྷི་ཥིཉྩ་ཨོཾ། ཨོཾ་བཛྲ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་གུ་རྒྱ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་པདྨ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཀརྨ་གུ་ཧྱ་ཨ་བྷི་ཥིཉྩཨཱཿ སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པ་རྟོགས་གྱུར་པ། །རྒྱལ་བས་གསུངས་པའི་ཡེ་ཤེས་གང་། །དེ་ནི་


CMR021_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་སྙིང་པོར་གསུངས། །རྡོར་དྲིལ་བྱིན། ཧཱུྃ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙིམ་ཚུལ་བདག་པོའི་བདག །སྲིད་པ་ངོ་བོ་ཉིད་ཀྱི་བདག །ངོ་བོ་གཉིས་ཀྱི་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་མཆོག་ནི་མཛད་པ་ཡིན། དྷརྨ་ཨཱཿ༔ དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་། །འདའ་བ་རུ་ནི་མི་མཛད་པའི། །ཕྱག་རྒྱའི་དམ་ཚིག་ཅེས་སུ་གྲགས། །ཡིད་ཀྱི་གཟུགས་ནི་བརྟེན་ཕྱིར་རོ། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས། །ཕྱག་ན་རྡོ་རྗེ་ང་ཡིན་གྱིས། །ང་ཡིས་ཇི་ལྟར་བསྒོ་བ་བཞིན། །ཁྱོད་ཀྱིས་དེ་ལྟར་བྱ་དགོས་སོ། །ཨོཾ་པྲཛྙཱ་པཱ་ཡ་ས་མ་ཡོ་ག་ཨ་བྷི་ཥིཉྩ་ཨཱཿ་དམ་ཚིག་ནི། གསུང་དཀྱིལ་ལ། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། །བླ་མ་དམ་པ་རྣམས་མི་སྤང་། །སྲོག་ཆགས་རྣམས་ནི་བསད་མི་བྱ། །མ་བྱིན་པ་ཡང་མི་བླང་ངོ་། །རྫུན་ནི་སྨྲ་བར་བྱ་བ་མིན། །ཕ་རོལ་བུད་མེད་སྤྱད་མི་བྱ། །བླ་མ་སྨད་པར་མི་བྱ་སྟེ། །དེ་ཡི་གྲིབ་མའང་འགོང་མི་བྱ། །སློབ་དཔོན་མ་ཡི་མི་གཟུགས་ལ། །རྡོ་རྗེ་སློབ་


CMR021_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་མཚན་མི་བརྗོད། །སྔགས་དང་ཕྱག་རྒྱ་མི་སྨད་དོ། །ལྷ་རྣམས་ལ་ཡང་སྨོས་ཅི་དགོས། །ཅི་སྟེ་གླེན་པས་སྨོད་ན་ནི། །ནད་ཀྱི་ངེས་པར་འཆི་བར་འགྱུར། །རྙིང་དང་ལྷ་ཡི་གྲིབ་མ་དང་། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཕྱག་རྒྱ་ཡི་གེ་མཚན་མ་རྣམས། །གོམ་པས་གོམ་པར་མི་བྱའོ། །དེ་བས་དཀོན་མཆོག་གསུམ་སོགས་ལ། །སངས་རྒྱས་བསྟན་ལ་གནོད་བྱེད་དང་། །བླ་མ་སྨད་ལ་བརྩོན་པ་རྣམས། །མཁས་པས་བསྒྲིམས་ཏེ་བསད་པར་བྱ། །ཆོས་མི་ལྡན་དང་སྡིག་སྤྱོད་དང་། །རྟག་ཏུ་སེམས་ཅན་གནོད་བརྩོན་དང་། །དམ་ཚིག་སྡང་རྣམས་སྙིང་བརྩེ་བས། །སྔགས་མཁན་གྱིས་ནི་སྔགས་ཀྱིས་བསྒྲུབ། །འཇུག་པ་རྣམས་ཀྱི་ནོར་བླངས་ལ། །ཕོངས་པ་རྣམས་ལ་སྦྱིན་པར་བྱ། །བླ་མ་ལ་ནི་མཆོད་པ་དང་། །དེ་ལྟར་དམ་ཚིག་བསྒྲུབ་པ་དང་། །དཀྱིལ་འཁོར་དང་ནི་དམ་ཚིག་ཅན། །ཕན་ཕྱིར་རྒྱལ་བའི་སྲས་རྣམས་ལ། །མཆོད་ཕྱིར་མི་ཡི་དབང་པོ་ལ། །ཕག་པོ་རྣམས་ཀྱིས་ནོར་ཕྲོག་གོ །སེམས་ཅན་རྣམས་ལ་ཕན་སྤྱོད་པ། །རྟག་ཏུ་དམ་ཚིག་བླ་མའི་ནོར། །སྲོག་ཆགས་སྲོག་ནི་བསྲུང་བའི་


CMR021_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །རྫུན་དུ་ཡང་ནི་སྨྲ་བར་བྱ། །སངས་རྒྱས་རྣམས་ནི་མཉེས་བྱ་དང་། །དམ་ཚིག་རྣམས་ནི་བསྲུང་བར་བྱ། །སྔགས་རིག་པས་ནི་བསྒྲུབ་པའི་ཕྱིར། །གཞན་གྱི་བུད་མེད་བསྟེན་པར་བྱ། །རྡོ་རྗེ་སེམས་དཔའི་གནས་འདུག་སྟེ། །ཐམས་ཅད་ཟོས་ཏེ་ཀུན་སྤྱད་ཀྱང་། །འགྲུབ་གྱུར་ཉེས་པར་མི་འགྱུར་ན། །སྙིང་རྗེ་ལྡན་པས་སྨོས་ཅི་དགོས། །ཞེས་སོ། དེ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ཛཱ་ཏེ་སྱ་མི་ད་གཏྣ་བཛྲ་སུ་སིདྡྷི་ཡེ་ཨོཾ་བཛྲ་ཏིཥྛཧཱུཾ། དབང་གི་མཐར་བརྟེན་ནི། ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཞིང་མུ་ཁྱུད་རབ་མཉམ་བཟང་། །དང་པོའི་སར་གནས་རྣམ་པར་རྒྱལ་གྱུར་གང་། །འཁོར་ལོ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་ཙཀྲ་རཏྣ་ཨ་བྷི་ཥིཉྩནྟཾ། རིན་ཆེན་ངོ་བོ་ལྷ་རྫས་བཻཌཱུརྱ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་མཛད་ཅིང་། །དྲི་མེད་ཉིན་མོ་དེ་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་མ་ཎི་རཏྣ་ཨ་བྷི་ཥིཉྩནྟཾ། གཟུགས་མཛེས་བལྟ་ན་སྡུག་ཅིང་ཚུལ་བཟང་མ། །པགས་པའི་མདོག་ལེགས་འཇམས་ཤིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི། །བཙུན་


CMR021_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་སྟི་རིཏྟཾ་ཨ་བྷི་ཥིཉྩ་མཾ།་གང་ཡང་རྒྱལ་བ་མུ་ཏིག་མདངས་ལྡན་པའི། །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་།བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་ཏེ། །བློན་པོ་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་པུ་རུ་ཥ་རཏྟ་ཨ་བྷི་ཥིཉྩ་མཱི། ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཆེན་རི་འདྲའི་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་ཧསྟི་རཏྣ་ཨ་བྷི་ཥིཉྩ་ཚྭ། ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ནས་སླར་ཡང་ལྡོག་གྱུར་པའི། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་རུ་རངྒ་ཨ་ཤྭ་རཏྟ་ཨ་བྷི་ཥིཉྩནྟཾ། འགྲོ་རྣམས་ལྡོག་དང་ཀུན་ནས་འོང་གྱུར་པའི། །མ་ལུས་བདུད་དཔུང་འཇོམས་པར་བྱེད་པ་སྟེ། །དཔལ་ལྡན་འབྱོར་པའི་དཔུང་དང་བཅས་པ་ཡི། །དམག་དཔོན་རིན་ཆེན་དམ་པས་དབང་བསྐུར་རོ། །ཨོཾ་ཁཧྥ་རཏྣ་ཨ་བྷི་ཥིཉྩ་མཱི། ཚེ་འདིའི་བདེ་བ་མ་ལུས་དང་། །འཇིག་རྟེན་ཕྱི་མའི་


CMR021_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་དང་། །སངས་རྒྱས་ཉིད་ཀྱང་ཐོབ་གྱུར་ན། །ལྷ་མིའི་བདེ་བ་སྨོས་ཅི་དགོས། །སངས་རྒྱས་ཀུན་དང་བླ་མ་མཉམ། །རྡོ་རྗེ་སློབ་དཔོན་བརྙས་ན་ནི། །རྟག་ཏུ་སྡུག་བསྔལ་འཐོབ་འགྱུར་པས། །སློབ་དཔོན་ལ་ནི་བརྙས་མི་བྱ། །རྡོ་རྗེ་སྤུན་དང་སྲིང་མོ་དང་། །རྡོ་རྗེ་མ་རྣམས་ཉིད་ལ་ནི། །རྣལ་འབྱོར་ཅན་གྱིས་བརྙས་མི་བྱ། །རྟག་ཏུ་འཁོན་གྱིས་བཅུག་མི་བྱ། །དཀོན་མཆོག་གསུམ་ལ་གནོད་བྱེད་ད། །བཟོད་པ་སྒོམ་པར་མི་བྱ་སྟེ། །བླ་མ་སྨད་བཅོས་མ་རུངས་དང་། །དམ་ཚིག་ལ་ནི་འདའ་བ་དང་། །དེ་སོགས་བྱེད་པ་ཚར་གཅོད་ན། །འགྲུབ་འགྱུར་ཞེས་ནི་ཀུན་རིག་གསུངས། །སེམས་ཅན་ཀུན་ལ་སྙིང་བརྩེར་ཆགས། །བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །མཎྜལ་ཕུལ་ནས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །རྒྱལ་ཆེན་བཞི་ལ་སྤྱན་གཟིགས་སོ་སོར་བཤམས། ཨ་ཀཱ་རོ་དང་། སོ་སོའི་སྔགས་ལ་བྷ་ལིང་ཏ་ཁཱ་ཧི་བཏགས་ནས་བསྔོས་ཏེ་དབང་གི་མཇུག་ཏུ་སློབ་མ་


CMR021_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བསྒོ་བྱ། ཀླུ་ལ་ཀླུ་སྨན་བཏབ་པའི་གཏོར་མ་དང་། གཏོར་མ་ཀླུ་གཟུགས་གང་འགྲུབ་བཤམས་ནས་ཀླུ་གཏོར་གང་ཤེས་བཏང་ནས་བསྔོ། འདི་ལ་ཀླུའི་གདོན་བཀྲོལ་བཏགས་རུང་བས་སྤྲོ་ན་གཞན་ནས་འབྱུང་བ་མེ་ལྟར་འབར་བ་དང་འཇིགས་བྱེད་དགུ་ལ་དམར་གཏོར་དང་ཁྲག་་་་་་་་་་་་་་་མཇུག་མི་འདུག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། དབང་ཆོག་འདིའི་སྐབས་སུ་དཀྱིལ་འཁོར་བཅུ་གཅིག་ལས་ཕྱག་རྡོར་ཐུགས་ཀྱི་དབང་སོགས་མ་ཚང་བ་ལྟར་སྣང་། དཔེ་བསྡུར་ས་ཡང་མ་རྙེད་སྟབས་ཐེ་ཚོམ་གྱི་གནས་སུ་ལུས་སྒྲིག་པ་པོས།