cover

མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

གླེགས་བམ། ཟ༽

མཁས་གྲུབ་ཀརྨ་ཆགས་མེད།

Nitartha international
Images scanned by TBRC

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

སྒྲུབ་ཐབས་བརྒྱ་རྩའི་ཐེག་ཡིག


CMR022_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་བརྒྱ་རྩའི་ཐེག་ཡིག་བཞུགས་སོ། །


CMR022_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྒྲུབ་ཐབས་བརྒྱ་དང་ཉི་ཤུའི་ལོ་རྒྱུས་ཐེམ་ཡིག་ནི། ༼ཀ༽ པ་ལ་ཡི་དམ་རབ་འབྱམས་ཀྱི་ལོ་རྒྱུས། ༼ཁ༽ པ་ལ་བསྟན་པའི་བདག་པོ་ཤཱཀ་ཐུབ་ཀྱི་ལོ་རྒྱུས། ༼ག༽ པ་ལ་ཐུགས་རྗེ་ཆེན་པོ་སྤྱི་ཡི་ལོ་རྒྱུས། ༼ང༽ པ་ལ་པདྨ་གར་གྱི་དབང་ཕྱུག་གི་ལོ་རྒྱུས། ༼ཅ༽ པ་ལ་རྗེ་བཙུན་མགོན་པོ་འཇམ་དབྱངས་ཀྱི་ལོ་རྒྱུས། ༼ཆ༽ པ་ལ་ཆོས་དབྱིངས་གསུང་དབང་གི་ལོ་རྒྱུས། ༼ཇ༽ པ་ལ་རྡོ་རྗེ་འོད་དཔག་མེད་ཀྱི་ལོ་རྒྱུས། ༼ཉ༽ པ་ལ་རྒྱལ་བ་བྱམས་པ་མགོན་པོའི་ལོ་རྒྱུས། ༼ཏ༽ པ་ལ་སྒྲོལ་མ་དཀར་མོ་དང་དུས་ཀྱི་


CMR022_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་གཉིས་ཀྱི་ལོ་རྒྱུས། ༼ཐ༽ པ་ལ་སྒྲོལ་མ་སྤྱིའི་ལོ་རྒྱུས། ༼ད༽ པ་ལ་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་ལོ་རྒྱུས། ༼ན༽་པ་ལ་ལྷ་མོ་བསྐུལ་བྱེད་མའི་ལོ་རྒྱུས། ༼པ༽ པ་ལྷ་མོ་འོད་ཟེར་ཅན་གྱི་ལོ་རྒྱུས། ༼ཕ༽ པ་ལ་ལོ་མ་ཅན་གྱི་ལོ་རྒྱུས། ༼བ༽ པ་ལ་ཤེར་ཕྱིན་མའི་ལོ་རྒྱུས།། ༼མ༽ པ་ལ་ལྷ་མོ་དབྱངས་ཅན་མའི་ལོ་རྒྱུས། ༼ཙ༽ པ་ལ་ལྷ་མོ་ཀུ་རུ་ཀུལླེ་མའི་ལོ་རྒྱུས། ༼ཚ༽ པ་ལ་སོ་སོར་འབྲང་མ་དང་ལྷ་མོ་ལྔའི་ལོ་རྒྱུས། ༼ཛ༽ པ་ལ་གཙུག་ཏོར་རྣམ་རྒྱལ་མའི་ལོ་རྒྱུས། གཙུག་ཏོར་རིགས་


CMR022_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་ལོ་རྒྱུས། ༼ཝ༽ པ་ལ་ལྷ་མོ་ནོར་རྒྱུན་མའི་ལོ་རྒྱུས། ༼ཞ༽ པ་ལ་ཛ་ནག་གི་ལོ་རྒྱུས། ༼ཟ༽ པ་ལ་ཛ་སེར་ལོ་རྒྱུས། ༼འ༽ །པ་ལ་ཁྲོ་བོ་མི་གཡོ་བའི་ལོ་རྒྱུས། ཡ༽ པ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་ལོ་རྒྱུས། ར༽ པ་ལ་ཁྲོ་རྒྱལ་རྟ་མགྲིན་གྱི་ལོ་རྒྱུས། ༼ལ༽ པ་ལ་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱི་ལོ་རྒྱུས། ༼ཤ༽ པ་ལ་ཁྲོ་བོ་ཧཱུྃ་མཛད་ཀྱི་ལོ་རྒྱུས། ས༽ པ་ལ་ཁྲོ་བོ་སྟོབས་པོ་ཆེའི་ལོ་རྒྱུས། ༼ཧ༽ པ་ལ་གཤིན་རྗེའི་གཤེད་ཀྱི་ལོ་རྒྱུས། ༼ཨ༽ པ་ལ་གཤིན་རྗེ་དགྲ་ནག་གི་ལོ་རྒྱུས། ༼ཀི༽ པ་ལ་འཁོར་ལོ་བདེ་མཆོག་གི་ལོ་རྒྱུས། ༼ཁི༽ པ་ལ་ཀྱེའི་རྡོ་རྗེའི་ལོ་རྒྱུས། ༼གི་༽ པ་ལ་ཡི་དམ་རབ་འབྱམས་ཀྱི་སྒྲུབ་ཐབས། ༼ངི༽ པ་ལ་ཡི་དམ་རབ་འབྱམས་ཀྱི་དབང་ཆོག་སི་ཏུས་མཛད་པ། ༼ཅི༽ པ་ལ་དབང་མཆོག་བསྡུས་པ། ༼ཆི༽ པ་ལ་རྗེ་དབང་ཕྱུག་རྡོ་རྗེས་མཛད་པའི་དབང་ཆོག ༼ཇི༽ པ་ལ་གཞུང་གི་དབང་ཆོག །དེ་ལ་སོགས་པ་དཔེའི་ཚན་སོ་བརྒྱད་ཡོད། །སྒྲུབ་ཐབས་བརྒྱ་དང་ཉི་ཤུའི་ཐེམ་ཡིག་ལ། ༼ཀ༽ པ་ལ་སྒྲུབ་ཐབས་བརྒྱ་རྩའི་དབང་གི་གཏེར་


CMR022_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། ༼ཁ༽ པ་ལ་སྤྱན་རས་གཟིགས་རིགས་མང་པོའི་སྒྲུབ་ཐབས། ༼ག༽ པ་ལ་རྗེ་བཙུན་འཇམ་དབྱངས་རིགས་མང་པོ་དང་བྱམས་པའི་སྒྲུབ་ཐབས། །༼ང༽ པ་ལ་སེང་ལྡེང་ནགས་ཀྱི་སྒྲོལ་མ་སོགས་སྒྲོལ་མ་རིགས་མང་པོའི་སྒྲུབ་ཐབས། ༼ཅ༽ པ་ལ་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་སོ་སོའི་སྒྲུབ་ཐབས་དང་རྗེ་བཙུན་མའི་སྒྲུབ་ཐབས་༼ཆ༽ པ་ལ་ལྷ་མོ་འོད་ཟེར་ཅན་གྱི་སྒྲུབ་ཐབས་། ༼ཇ༽ པ་ལ་ལོ་མ་ཅན་གྱི་སྒྲུབ་ཐབས། ༼ཉ༽ པ་ལ་ཤེར་ཕྱིན་དཀར་མོ་སོགས་མང་པོའི་སྒྲུབ་ཐབས། །༼ཏ༽ པ་ལ་དབྱངས་ཅན་རིགས་མང་པོའི་སྒྲུབ་ཐབས་། ༼ཐ༽ པ་ལ་ཀུ་རུ་ཀུལླེ་རིགས་མང་པོའི་སྒྲུབ་ཐབས། ༼ད༽ པ་ལ་སོ་སོར་འབྲང་མ་དང་ལྷ་མོ་ལྔ་ཡི་རིགས་ལྷ་མོ་མང་པོའི་སྒྲུབ་ཐབས། ༼ན༽ པ་ལ་གཙུག་ཏོར་རྣམ་རྒྱལ་མའི་སྒྲུབ་ཐབས། ༼པ༽ པ་ལ་ནོར་རྒྱུན་མ་དང་ཛཾ་བྷ་ལ་རིགས་མང་པོའི་སྒྲུབ་ཐབས། ༼ཕ༽ པ་ལ་མི་གཡོ་བ་དང་ཕྱག་རྡོར་རིགས་མང་པོའི་སྒྲུབ་ཐབས། ༼བ༽ པ་ལ་རྟ་མགྲིན་རིགས་མང་པོའི་སྒྲུབ་ཐབས། ༼མ༽ པ་ལ་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དང་ཁྲོ་བོ་འགའ་ཞིག་གི་


CMR022_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས། ༼ཙ༽ པ་ལ་གཤིན་རྗེའི་གཤེད་ཀྱི་སྐོར་འགའ་ཞིག་གི་སྒྲུབ་ཐབས། ༼ཚ༽ པ་ལ་རྡོ་རྗེ་ཕག་མོ་དང་ཧེ་རུ་ཀ་དང་ནག་པོ་ཆེན་པོའི་སྒྲུབ་ཐབས། ལ་ཀྱེའི་རྡོ་རྗེ་དང་བདག་མེད་མའི་སྒྲུབ་ཐབས་དང་ནག་པོ་ཆེན་པོའི་སྒྲུབ་ཐབས་ལ་སོགས་པ་དཔེ་ཆེན་བཅུ་དགུ་བཞུགས་སོ། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཡི་དམ་རབ་འབྱམས་ཀྱི་དབང་བསྐུར་བའི་ལོ་རྒྱུས།


CMR022_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་རབ་འབྱམས་ཀྱི་དབང་བསྐུར་བའི་ལོ་རྒྱུས་བཞུགས་སོ།།


CMR022_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ད་ལམ་ཁྱེད་རྣམས་ལ་ཡི་དམ་རབ་འབྱམས་ཀྱི་དབང་བསྐུར་བ་ལ་ལོ་རྒྱུས་ཟུར་ཙམ་ཞུ་ན། རང་རེ་ཐོབ་པར་དཀའ་བའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ཐོབ་ཀྱང་མི་རྟག་མྱུར་དུ་འཆི་བར་འགྱུར་ཞིང་། ཤི་ནས་ལས་ཀྱི་དབང་གིས་རིགས་དྲུག་གར་སྐྱེ་ངེས་པ་མེད། །ངན་སོང་གསུམ་དུ་སྐྱེས་ནས་སྡུག་བསྔལ་བཟོད་གླགས་མེད་པ་ཡོད་ཅིང་། མཐོ་རིས་སུ་སྐྱེས་ཀྱང་མི་རྟག་སྡུག་བསྔལ་དུ་འགྱུར། རིགས་དྲུག་དེ་དག་གཅིག་ནས་གཅིག་ཏུ་འཁོར་ཞིང་མཐའ་མེད་པས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འཇིགས་སུ་རུང་བ་ཡིན། སྡུག་བསྔལ་དེ་ལས་ཐར་བའི་


CMR022_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་ཐེག་པ་ཆེ་ཆུང་གཉིས་སུ་འདུས། ཐེག་པ་དམན་པས་ནི་རང་དོན་ཞི་བདེ་ཙམ་མ་གཏོགས་འབྲས་བུ་རྫོགས་པའི་སངས་རྒྱས་མི་འགྲུབ་པས་ཐེག་པ་ཆེན་པོར་འཇུག་པ་གལ་ཆེ། ཐེག་པ་ཆེན་པོ་དེ་ལ་ཡང་རྒྱུ་དང་འབྲས་བུའི་ཐེག་པ་གཉིས་ལས། རྒྱུ་མཚན་ཉིད་ཀྱི་ཐེག་པས་ནི་བསྐལ་པ་གྲངས་མེད་གསུམ་གྱི་བར་དུ་འབྲས་བུ་རྫོགས་པའི་སངས་རྒྱས་མི་ཐོབ་པས། ལམ་ཐག་རིང་ཞིང་དཀའ་ཚེགས་ཆེ། འབྲས་བུ་གསང་སྔགས་ཀྱི་ཐེག་པ་ལ་རྒྱུད་སྡེ་བཞི་ལས། བྱ་སྤྱོད་རྒྱུད་ཀྱིས་


CMR022_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་དྲུག་ཅུ་དང་། རྣལ་འབྱོར་རྒྱུད་ཀྱིས་སྐྱེ་བ་བཅུ་དྲུག་དང་། བླ་མེད་རྒྱུད་ཀྱིས་བརྩོན་འགྲུས་ཆུང་ན་སྐྱེ་བ་བདུན། འབྲིང་གསུམ། རབ་ཚེ་གཅིག་ལ་འབྲས་བུ་སངས་རྒྱས་ཐོབ་པར་གསུངས་པས་ལམ་ཐག་ཉེ་ཞིང་དཀའ་ཚེགས་ཆུང་བ་ཡིན། དེ་ལ་སྟོན་པ་རྡོ་རྗེ་འཆང་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་འཆང་དང་ཧེ་རུ་ཀ་སྣ་ཚོགས་པའི་སྐུར་བཞེངས་ནས་བྱང་ཆུབ་སེམས་དཔའ་དང་དཔའ་བོ་ཌཱཀི་རྣམས་ལ་བླ་མེད་ཀྱི་རྒྱུད་སྡེ་དཔག་ཏུ་མེད་པ་གསུངས། རྣམ་པར་སྣང་མཛད་ལ་སོགས་པ་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ནས་རྣལ་འབྱོར་རྒྱུད་རྣམས་གསུངས། མཆོག་གི་སྤྲུལ་སྐུ་ཉིད་ཀྱིས་གནས་མ་ངེས་ཤིང་འཁོར་མ་ངེས་པ་ལ་བྱ་སྤྱོད་ཀྱི་རྒྱུད་སྡེ་གསུངས་པ་རྣམས་གསང་བའི་བདག་པོས་བཀའི་བསྡུ་བ་མཛད་དེ། འགའ་ཞིག་གྲུབ་ཆེན་རྣམས་ལ་སྙན་བརྒྱུད་དུ་གནང་བའང་ཡོད། འགའ་ཞིག་གླེགས་བམ་གྱི་ཆར་བབ་པ་ནས་བྱུང་། འགའ་ཞིག་ཀླུ་སྒྲུབ་སོགས་ཀྱིས་གཏེར་ནས་བཏོན་པའང་ཡོད་དེ་། རྒྱུད་སྡེ་དེ་དག་ལ་བརྟེན་ནས་གྲུབ་ཆེན་སོ་སོའི་མཛད་པའི་སྒྲུབ་ཐབས་དང་རྗེས་གནང་མཐའ་ཡས་པ་ཡོད་པ་རྒྱ་གར་གྱི་ཡུལ་སོ་སོར་འཐོར་ནས་ཡོད་ཅིང་ཕྱོགས་གཅིག་ཏུ་


CMR022_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིགས་པ་ནི་མེད་པ་ལ། པཎྜི་ཏ་ཆེན་པོ་ཨ་བྱཱ་ཀ་རས་ཡུལ་དུས་སོ་སོ་ལ་སློབ་དཔོན་སོ་སོ་ལས་གསན་པའི་སྒྲུབ་ཐབས་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ཆོག་པར་ཡི་དམ་རྡོ་རྗེ་རྣལ་འབྱོར་མས་དངོས་སུ་གནང་བ་ཐོབ་ནས་སྒྲིག་པ་སྒྲུབ་ཐབས་རྒྱ་མཚོར་གྲགས་པ་དང་། ཡང་བླ་མ་རྡོ་རྗེ་གདན་པ་ཞེས་ཀྱང་བྱ། པཎྜི་ཏ་བྷུདྡྷ་ཀཱིརྟི་ཞེས་ཀྱང་བྱ། རྡོ་རྗེ་གདན་ཆུང་བ་ཞེས་ཀྱང་བྱ་བ་དེས་ཀྱང་ཡུལ་དུས་སོ་སོར་སློབ་དཔོན་སོ་སོ་ལས་གསན་པའི་སྒྲུབ་ཐབས་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ཆོག་པར་རྒྱ་གར་རྡོ་རྗེ་གདན་གྱི་རྟེན་མ་ཧཱ་བོ་དྷི་ཞེས་ཀྱང་བྱ། བྱང་ཆུབ་ཆེན་པོ་ཞེས་ཀྱང་བྱ་བའི་ཐུབ་དབང་ཉིད་དང་བྱིན་རླབས་མཉམ་པར་གྲགས་པའི་སྐུ་དེས་གནང་བ་ཐོབ་ནས་ཕྱོགས་གཅིག་ཏུ་བསྒྲིགས་པའི་སྒྲུབ་ཐབས་བརྒྱ་རྩ་འདི་གཉིས་ཉི་མ་དང་ཟླ་བ་ལྟར་ཡོངས་སུ་གྲགས་ནས་འགྲོ་དོན་རྒྱ་ཆེན་པོ་མཚོ་ལྟ་བུར་བྱུང་། དེ་ལ་སྒྲུབ་ཐབས་རྒྱ་མཚོ་རྒྱས་པ་ཡར་ལུང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བ་འདི་ལ་སྒྲུབ་ཐབས་ཉིས་བརྒྱ་དང་ཉི་ཤུ་རྩ་བཞི། དེའི་སྟེང་དུ་ལས་ཚོགས་སོགས་ཡིག་སྣ་བརྩིས་པས་སྤྱིར་བསྡོམས་ཉིས་བརྒྱ་དང་བཞི་བཅུ་ཞེ་གཅིག །དེའི་སྒྲུབ་ཐབས་


CMR022_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དང་བཅས་པ་འདིར་ཚང་བ་ཡིན། སྒྲུབ་ཐབས་རྒྱ་མཚོ་འབྲིང་པོ་ལ་ཡིག་སྣ་ཕྱེད་དང་ཉིས་བརྒྱ་ཡོད་འདི་པ་ཚབ་ལོཙྪ་བས་བསྒྱུར་བ་ལ་ཡི་གེ་ཙམ་མིན་པར་རྗེས་གནང་དང་ལུང་གི་རྒྱུན་མ་འཕེལ་བར་འདུག །བསྡུས་པ་ནི་རྡོ་རྗེ་གདན་ཆུང་བས་བསྒྲིགས་པའི་སྒྲུབ་ཐབས་བརྒྱ་རྩ་ཡིན་ཏེ་བ་རི་ལོཙྪ་བས་བསྒྱུར་བས་བ་རི་བརྒྱ་རྩར་གྲགས། དེ་གཉིས་ཕལ་ཆེར་ལྷ་གྲངས་དང་སྒྲུབ་ཐབས་མཚུངས་པར་ཡོད། བོད་ཀྱི་མཁས་གྲུབ་རྣམས་ཀྱིས་ཕྱོགས་གཅིག་ཏུ་བསྡོམས་པར་མཛད་པ་ལས་སྒྲུབ་ཐབས་རྒྱ་མཚོའི་ནང་དུ་མི་བཞུགས་པ། རྡོ་རྗེ་ཆོས་དམར་པོ་ཕག་མོ་དམར་མོ་གཙོ་རྐྱང་། ཐུགས་རྗེ་ཆེན་པོ་ཡིད་བཞིན་ནོར་བུ་ལྷ་བཞིའི་སྐོར། དོན་ཞགས་སེར་པོ་ལྷ་ལྔས་བསྐོར་བ་སྟེ་བཞི་བསྣན་དགོས་ཞེས་བླ་མ་འགའ་ཞིག་གིས་གསུངས་ཀྱང་། ཞྭ་ལུ་ལོཙཱ་བ་ཆེན་པོ་ཆོས་སྐྱོང་བཟང་པོས་སྒྲུབ་ཐབས་རྒྱ་མཚོ་དང་བརྒྱུ་རྩ་གཉིས་ཀ་ཕྱོགས་གཅིག་ཏུ་བསྡོམས་ནས། བྱང་ངམ་རིང་གི་གཙུག་ལག་ཁང་ཆེན་པོར་བསྒྲིགས་པ་ལ། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་བསྒྲིགས་པའི་སྒྲུབ་ཐབ་རྒྱ་མཚོའི་ཐེམ་ཡིག་ལས་རྡོ་རྗེ་ཆོས་དང་ཕག་མོ་གཙོ་རྐྱང་གཉིས་ལས་གཞན་མི་སྣང་བས་འདིར་


CMR022_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ལུགས་སུ་མཛད་གསུངས་པར་སྣང་ཡང་། དེའི་ནང་ནས་ཐུགས་རྗེ་ཆེན་པོ་སྒྱུ་འཕྲུལ་དྲྭ་བ་དང་། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་སོགས་སོ་སོའི་དབང་མི་སྣང་བས་སྒྱུ་འཕྲུལ་དྲྭ་བ་ནི་སྒྲུབ་ཐབས་ཡིག་ཆ་གཞན་སྣང་བ་ལྟར་བྲིས། འཇིགས་པ་བརྒྱད་སྐྱོབ་གཅིག་ཏུ་དྲིལ་བ་ཞིག་སྣང་ཡང་འཇིགས་པ་བརྒྱད་སྐྱོབ་སོ་སོའི་སྒྲུབ་ཐབས་མི་སྣང་བས་སི་ཏུ་ཆོས་ཀྱི་གོ་ཆས་སྒྲིག་པ་ལས་འདུག་པ་ལྟར་བྲིས། དེ་ལ་གྲུབ་མཐའ་སོ་སོའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་ལྷ་རིགས་མཐུན་མང་པོ་རྗེས་གནང་གཅིག་ཏུ་བསྡུས་ནས་བསྐུར་སྲོལ་སྔར་ནས་ཕྱག་ལེན་ལ་ཡོད་དེ། དེ་ཡང་ས་ལུགས་ལ་ནི་ཡིག་སྣ་གཉིས་བརྒྱ་དང་བཞི་བཅུ་ཞེ་གཅིག་།སྒྲུབ་ཐབས་ཉེར་བཞི་ནི་རིགས་མཐུན་རྗེས་གནང་དགོས་པའི་གྲངས། ཐུབ་པ་གཙོར་གྱུར་ཉེར་དྲུག་སྟེ། །འཇམ་དབྱངས་མི་གཡོ་ཉི་ཤུ་བདུན། །སྒྲོལ་མཛད་མ་ཡི་ཉི་ཤུ་གཅིག །ཙུན་ལ་སོགས་ཉི་ཤུ་དྲུག །ལས་གྲུབ་པའང་ཉེར་དྲུག་སྟེ། །རྟ་མགྲིན་ལ་སོགས་ཉི་ཤུ་གཅིག །བརྒྱ་དང་ཞེ་བདུན་རྗེས་གནང་གྲངས། །ཐོག་མའི་དམ་ཚིག་གསུམ་བཀོད་གཉིས། །སྤྱན་རས་གཟིགས་དང་འཇམ་དབྱངས་ལ། །


CMR022_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གཉིས་སྒྲོལ་མ་གཉིས་སུ་ངེས། །འོད་ཟེར་ཅན་དང་རི་ཁྲོད་མ། །རེ་རེ་ཀུ་རུ་ཀུལླེའི་བཞི། །ནོར་རྒྱུན་ཕག་མོ་རེ་རེ་སྟེ། །ཛཾ་ལྷའི་ཆུ་སྦྱིན་དང་བཅས་པ། །བཅོ་བརྒྱད་ལུང་ཡང་བྱ་དགོས་ཏེ། །ཞེས་གསུངས་ཀྱང་སི་ཏུ་ཆོས་ཀྱི་གོ་ཆས་ནི་བརྒྱ་དང་བརྒྱད་ཀྱི་ནང་དུ་ཚང་བར་ཡང་མཛད་དེ། འདིར་ནི་རྗེ་དྲུག་པ་ཆོས་ཀྱི་དབང་ཕྱུག་གིས་ཕྱག་སྲོལ་ལ་བརྒྱ་དང་བཅུ་དྲུག་ལ་ཚང་བར་མཛད་པའི་སྟེང་དུ་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ནས་གལ་ཆེ་བ་བཞི་བསྣན་པས་དབང་སྣ་བརྒྱ་དང་ཉི་ཤུར་ཡོངས་སུ་རྫོགས་པ་ཡིན། ས་ལུགས་པས་ནི་བརྒྱ་དང་ཞེ་བདུན་མཛད་པར་སྣང་ངོ་། །ཡང་མཚན་ཉིད་པའི་དགེ་བའི་བཤེས་གཉེན་ཤེས་རབ་ཆེ་བ་རྣམ་སྒྲུབ་ཐབས་ཀྱིས་ལུང་དོན་དུ་མི་གཉེར་ཞིང་དབང་ཉིད་ཁོ་ན་དོན་དུ་གཉེར་བ་དང་། ཡིག་ཆ་ཉུང་བར་འདོད་ནས་ཞི་བ་དང་ཁྲོ་བོའི་རྒྱན་ཆ་ལུགས་སོགས་ཤེས་རབ་ཀྱི་རྩལ་གྱིས་འཕྲལ་དུ་བློ་ནས་བརྗོད་པས་སྔགས་དང་སྐུ་མདོག་ཕྱག་མཚན་བརྗེད་ཐོ་ཙམ་ལས་མེད་པ་མཚན་ཉིད་ལུགས་ཀྱི་དབང་དཔེ་ཡིན་ཞེས་མཁས་གྲུབ་ལུང་རིགས་ཉི་མས་གསུངས་པ་ལྟར། རྗེ་དོན་ལྡན་ཞབས་ཀྱིས་མཛད་པ་དང་མི་ཕམ་པདྨ་དཀར་པོའི་མཛད་


CMR022_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་འདུག་སྟེ། ཤེས་རབ་ཆུང་བ་རྣམས་ཀྱིས་བློ་ཐོག་ནས་བརྗོད་ཤེས་པར་ཡང་དཀའ་བ་དང་སྒྲུབ་ཐབས་རྣམས་ཀྱི་དབང་ཐོབ་ཀྱང་ལུང་མ་ཐོབ་པའི་སྐྱོན་དུ་སྣང་། སྔོན་གྱི་དགེ་བཤེས་རྣམས་ཀྱིས་ཕྱག་ལེན་ལ་ལྷ་རིགས་མཐུན་པ་རྣམས་ཀྱིས་གཞུང་ཚན་པ་དུ་ཡོད་ཀྱི་ལུང་བྱས་ནས་དེ་རྣམས་ཀྱི་དབང་གཅིག་ཏུ་བསྡུས་ཏེ་རེ་རེ་བསྐུར། དེ་ལྟར་མུ་དག་བྱེད་སྲོལ་ཡོད་པར་སྣང་སྟེ་སྒྲུབ་ཐབས་རྒྱ་གཞུང་ཡོངས་རྫོགས་ཀྱི་གླེགས་བམ་པོད་ཁ་ཤིན་ཏུ་ཆེ་ཞིང་མཐོ་བར་ཡོད་པས་དེ་རྫོགས་པར་དཀའ་བ་དང་། གླེགས་བམ་དེ་ཤིན་ཏུ་དཀོན་པས་རྙེད་ཀྱང་དཀའ་བར་སྣང་། དེ་ལ་ཞྭ་ལུ་ལོཙྪབ་ཆེན་པོ་ཆོས་སྐྱོང་བཟང་པོ་སོགས་ལོ་པཎ་རྣམས་ཀྱིས་བསྒྱུར་བ་དེ་དག་ཐམས་ཅད་ཀྱི་རྒྱ་སྐད་བོད་སྐད་འགྱུར་བྱང་མཆོད་བརྗོད་སྒྲུབ་པའི་སྟ་གོན་གྱི་རིམ་པ། བསྙེན་པའི་དུས་རྟགས་དང་གྲངས་ཚད་སྒྲུབ་པའི་ཕན་ཡོན་ལ་སོགས་ཅུང་ཟད་མཛད། མཛད་བྱང་དང་ལོ་པཎ་གྱིས་འགྱུར་བྱང་དེ་རྣམས་གལ་ཆུང་བར་དགོངས་ནས་ཕར་བསལ། ལྷ་རིགས་མཐུན་རྣམས་ཀྱི་མངོན་རྟོགས་ཝོར་ལོག་ཡོད་པ་ཡང་བསལ། སྒྲུབ་ཐབས་ཀྱི་རྣམ་གྲངས་དང་འདྲ་མིན་ཅུང་ཟད་ཡོད་པ་


CMR022_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་བཀོད་དེ་མཁས་མང་འདུས་པ་རྒྱ་མཚོའི་དབུས་བྱང་ངམ་རིང་གི་གཙུག་ལག་ཁང་དུ་བསྒྲིགས་པ་འདི་ཐོབ་པས་སྒྲུབ་ཐབས་རྒྱ་མཚོ་བརྒྱ་རྩ་གཉིས་ཀའི་དབང་ལུང་ཡོངས་སུ་རྫོགས་པ་ཐོབ་པར་འགྱུར་བས། བྱ་སླ་ལ་ཚེགས་ཆུང་ཞིང་དོན་ཆེ་བ་མཁས་པའི་ཁྱད་ཆོས་བླ་ན་མེད་པ་ལགས་སོ། །ཡང་འདི་ཡི་ནང་ནས་ལྷ་འཐོར་བུ་བ་རེ་ཟུང་གི་མངོན་རྟོགས་དགེ་བའི་བཤེས་གཉེན་རྣམས་ཀྱིས་རྒྱས་པར་བཀོད་པ་ཡོད་ན་ནི་ཧ་ཅང་མང་གྲགས་པས་བློར་འཛིན་ཡང་དཀའ། འདི་དག་མངོན་རྟོགས་རན་པ་རེ་ཡོད་པ་འདི་ནི་རྒྱ་གཞུང་གི་ཚིག་སླད་མེད་ཡིན་པར་འདུག་པས་བྱིན་རླབས་ཀྱང་ཤིན་ཏུ་ཆེ་བ་ཡིན། དེ་ལ་དང་པོ་སློབ་དཔོན་གྱི་བྱ་བ་དབང་སྒྲུབ་ནི་རྒྱ་གཞུང་རྣམས་ནས་ཇི་ལྟར་བྱུང་བ་ལྟར་སློབ་དཔོན་མཁས་པ་རྣམས་ཀྱིས་ཕྱག་ལེན་ཇི་ལྟ་བ་ལོ་ཆེན་ཆོས་སྐྱོང་བཟང་པོའི་མཛད་པ་ལྟར་ཡིན་ལ། རྒྱས་པར་འདོད་ན་བདག་མདུན་བུམ་གསུམ་སོ་སོར་སྒྲུབ་ཅིང་མཆོད་བསྟོད་གཏོར་བསྔོས་སོགས་གཅིག་ཤེས་ཀུན་ཁྲོལ་ལྟར་བྱའོ། །དེ་ལས་བསྡུས་ཙམ་འདོད་ན་བདག་བསྐྱེད་རྡོ་རྗེ་འཆང་བསྒོམས་ནས་དབང་བསྐུར་རྒྱས་གདབ་བྱས་ཏེ། མདུན་བུམ་དུས་གཅིག་བྱས་ནས་དབང་


CMR022_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་ཆོག །དེ་རིང་དབང་དུ་བསྐུར་ཀྱང་བདག་བསྐྱེད་ཝིག་མི་དགོས་པ་སི་ཏུ་ཆོས་ཀྱི་གོ་ཆ་སོགས་མཁས་པ་འགའ་ཞིག་གིས་བཞེད་ཀྱང་དགེ་བཤེས་སོགས་མང་ཞིག་ལ་སྒྲུབ་ཐབས་འདིའི་དབང་ལུང་མྱུར་དུ་རྫོགས་དགོས་ན་དེ་ནོངས་རང་གི་རྩ་བའི་ཡི་དམ་གང་ཡིན་གྱི་བདག་བསྐྱེད་སྔོན་དུ་སོང་བས་སྐད་ཅིག་ལ་ལྷ་སོ་སོར་གནས་འགྱུར། མངོན་རྟོགས་རྣམས་ཀྱི་ལུང་བྱེད་ཞོར་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རྣམ་རྒྱལ་བུམ་པ་དབུས་དང་མདུན་གྱི་མཎྜལ་ཞེས་མངོན་རྟོགས་རྣམས་བཏོན་རྗེས། གནས་གསུམ་བྱིན་རླབས་ཡེ་ཤེས་སྤྱན་དྲངས་དབང་བསྐུར་རྒྱས་གདབ་མཆོད་བསྟོད་རྣམས་ངག་གིས་ཉུང་ངུའམ་ཡིད་ཀྱིས་བསྒོམ་ཞིང་མང་མ་ལ་སྔགས་འུར་འདོན་རེ་བྱེད་འཇུག །དེ་ནས་དབང་བསྐུར་ནས་མདུན་བུམ་ཡང་གནས་འགྱུར་གྱི་ཚུལ་དུ་སླར་ཡང་མངོན་རྟོགས་རྒྱབ་མ་འདོན།། དེ་ལྟ་བུའི་ཚེ་དཀོན་མཆོག་གསུམ་ལ་བདག་སྐྱབས་སོགས་འདོན། བདུན་རྣམ་དག་ཀྱང་ད་ནངས་ལན་གསུམ་སོང་ནས་དེ་རིང་དབང་དུ་བསྐུར་ཀྱང་མི་དགོས་པ་དང་། རྗེས་ཆོག་ཀྱང་དོ་དགོང་གཅིག་བསྡུ་བ་སློབ་དཔོན་མཁས་པ་རྣམས་ཀྱིས་ཕྱག་ལེན་རྒྱུན་ལྡན་ཡིན་ཅིང་


CMR022_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

པཎྜི་ཏ་ཨ་བྱཱ་ཀ་ར་ཉིད་ཀྱིས་བཞེད་པ་ནི་སྐད་ཅིག་དྲན་རྫོགས་སུ་བདག་མདུན་བུམ་གསུམ་སོ་སོར་དུས་གཅིག་ལ་བསྐྱེད་ནས་བཟླས་པ་ཅི་འགྲུབ་བྱས་ཏེ་དབང་བསྐུར་ཆོག་པར་གསུངས་ཏེ། ཐ་མལ་མི་ནག་པ་སོགས་ལ་དབང་སྒྲུབ་བྱེད་ལོང་མེད་པར་བསྐུར་དགོས་བྱུང་ན་དེ་ལ་བཀག་པ་ནི་མེད་ཀྱིས་གཞན་ལ་དབང་རྒྱུན་འཕེལ་རེ་ཡོད་པ་ལ་ནི་དེ་ལྟར་མི་བྱའོ། །འོན་ཀྱང་གྲུབ་མཐའ་གཞན་གྱི་བླ་མ་ཕལ་ཆེ་བས་ད་ནངས་རང་གི་རྩ་བའི་ཡི་དམ་གྱི་བདག་བསྐྱེད་སྔོན་དུ་སོང་བས་དེ་ཉིད་སྐད་ཅིག་གནས་འགྱུར་བྱས་ཏེ་སློབ་མ་ལ་དབང་གང་ལེན་པའི་ཡུལ་གསལ་བཏབ་པས། དེས་མདུན་བསྐྱེད་ཀྱི་གོ་བཅད་ནས་རྗེས་གནང་མི་བསྒྲུབ་པར་བསྐུར་མཁན་ཤིན་ཏུ་མང་བར་འདུག་ཀྱང་རང་ལུགས་ཕྱག་ལེན་གྱི་རྒྱུན་ལ་ནི་དེ་ལྟ་བུ་མེད་དོ། །བདག་བསྐྱེད་གནས་འགྱུར་རྡོ་རྗེ་འཆང་དུ་བསྒོམས་ནས་མདུན་བསྐྱེད་ཀྱི་ཞོར་ལ་བུམ་པའི་ནང་དུ་པད་ཟླའི་སྟེང་དུ་ས་བོན་ལ་སྔགས་ཕྲེང་གིས་བསྐོར་བར་དམིགས་ནས་སྔགས་ཕྲེང་ལས་བདུད་རྩི་བབས་པས་བུམ་པ་གང་བར་བསམས་ལ་བཟླས་པ་བྱ། སྔགས་ཕྲེང་ལས་བདུད་རྩི་བབས་པོས་བུམ་པ་ཁེངས་པོར་བསྒོམས་ནས་དབང་བསྐུར་བ་ནི་སི་


CMR022_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཆོས་ཀྱི་གོ་ཆས་གསུངས་ཏེ། དེ་ནི་བ་རི་ལུགས་ཀྱི་ཕྱག་ལེན་བསྡུས་པ་ཞིག་ཡིན་པར་སྣང་། ལས་བུམ་ཡང་བདུད་རྩི་འཁྱིལ་པ་སོགས་ད་ནངས་གཅིག་བསྒོམས་པ་དེས་ཆོག་ལ། རྗེས་གནང་རེ་རེ་ཞིང་ལས་བུམ་སྒྲུབ་མི་དགོས་པ་དང་ཉུང་ན་ཆབ་དང་མེ་ཏོག་བཀྱེ། མང་ན་མེ་ལོང་ངོས་ནས་ཁྲུས་གསོལ། མཆོད་གཡོག་པ་ལངས་ནས་མཎྜལ་ཕུལ་བས་ཆོག་པ་ཕྱག་ལེན་ཡིན། དབང་བསྐུར་ལུགས་ཀྱང་བུམ་དབང་རྗེས་ནས་བསྐུར་བ་འདི་སི་ཏུ་ཆོས་ཀྱི་གོ་ཆས་མཛད། དེ་བ་རི་ལོཙྪ་བའི་ཕྱག་ལེན་ཡིན་པར་སྣང་། བྱིན་འབེབས་རྗེས་ནས་བུམ་དབང་བསྐུར་བ་འདི། ཆགས་ལོཙྩ་བ་ཆོས་སྐྱོང་བཟང་པོའི་མཛད་པ་སྟེ། སྒྲུབ་ཐབས་རྒྱ་མཚོ་བརྒྱ་རྩ་གཉིས་ཀའི་ཕྱག་ལེན་རྙིང་པ་ཡིན་པར་ཡེ་ཤེས་པ་འབེབས་བསྟིམས་དང་སྔགས་ཀྱི་རྗེས་ཟློས། ཐུགས་ཏིང་ངེ་འཛིན་གསུམ་ལ་རོལ་མོ་དང་མེ་ཏོག་འཐོར་བ་ཙམ་ལས་དབང་རྫས་ཅི་ཡང་མེད་པ་དཀོན་མཆོག་ཡན་ལག་གིས་མཛད་པའི་བསྡུས་པ་འདི། ས་ལུགས་ཀྱི་ཕྱག་ལེན་རྒྱུན་ལྡན་ཡིན་པར་འདུག །དགེ་བཤེས་ཆེན་པོ་རྣམས་ལ་འདི་རང་དར་སྲོལ་ཆེ་བར་ཡོད་འདུག་ཀྱང་ཕལ་པ་


CMR022_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཡིད་མི་ཚིམ་པར་འདུག་པས་གཅིག་ཤེས་ཀུན་གྲོལ་བསྡུས་པ་ལྟར་ལས་གཏོར་དབང་བསྡུས་པས་ཁ་སབ་པ་བུམ་པ་དང་གཏོར་མ་གཉིས་འགྲིམ་པ་འདི་ལེགས་ཏེ་དེ་ལྟར་བྱའོ། །ཡང་སི་ཏུ་ཆོས་ཀྱི་གོ་ཆས་བསྒྲིགས་པའི་བ་རི་ལོཙྪ་ལུགས་འདི་ལ་དབང་ཡོངས་རྫོགས་ལ་གཏོར་མ་འགྲིམ་རྒྱུ་ནི་མེད་ཀྱང་ཐ་མལ་པ་རྣམས་ཡིད་ཚིམ་པའི་ཕྱིར་དུ། སྐུ་གསུང་ཐུགས་ཀྱི་རྗེས་གནང་དང་གསུམ་ཀ་ལ་གཏོར་མ་འགྲིམ་པ་བླ་མ་གྲོང་ཆོག་པ་ཕལ་ཆེར་གྱི་ཕྱག་ལེན་ལ་འདུག་སྟེ། དེ་ནི་མཁྱེན་ལྡན་རྣམས་ཀྱིས་གཟིགས་ན་འབྲེལ་མི་ཆགས་པ་འདྲ་ཞིག་འབྱུང་སྟེ། སྒྲུབ་ཐབས་རྒྱ་མཚོ་བརྒྱ་རྩ་གཉིས་ཀའི་རྒྱ་གཞུང་ནས་གཏོར་དབང་མ་བཤད་པའི་ཕྱིར་རོ། །དབང་རྫས་བུམ་པ་ཡོད་ན་ནི་ལེགས་ཏེ། དེ་མེད་ན་བུམ་བསྐྱེད་དགོས་པ་མེད་པར་འགྱུར་བ་དང་། བུམ་དབང་ནི་རྒྱུད་སྡེ་བཞི་ཀ་ནས་དབང་གི་གཙོ་བོར་གསུངས་པའི་ཕྱིར། བུམ་དབང་ཅན་འདི་ཐོབ་ནས་རྗེས་གནང་ཆ་ཚང་ཡིན་པས། གཏོར་དབང་མེད་ཀྱང་དབང་ཚང་མ་ཡིན་པར་ཤེས་པར་བྱའོ། །འོན་ཀྱང་རྗེ་དབང་ཕྱུག་རྡོ་རྗེས་རྗེས་གནང་ཐམས་ཅད་ལ་གཏོར་དབང་སབ་ཆོག་པར་གསུངས་པས་སྐུ་གསུང་ཐུགས་ཀྱི་རྗེས་


CMR022_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

གནང་གི་རྒྱབ་ནས་གཏོར་དབང་སབ་པ་འདི་ལེགས། དེ་ལས་ཅུང་ཟད་ཉུང་བར་འདོད་ན། ཐུགས་ཀྱི་རྗེས་གནང་ལ་མདུན་བསྐྱེད་གཏོར་མ་དང་དབྱེར་མེད་པ་སློབ་མ་ལ་ཐིམ་པར་བསྒོམས་ནས་གཏོར་མ་མགོར་བཞག་ཀྱང་ཆོག་སྟེ། རྗེ་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་རྗེས་གནང་ཉག་གཅིག་ཀུན་ཁྱབ་དང་གཞན་ཡང་མང་པོ་ལ་དེ་ལྟར་འབྱུང་ངོ་། །ཡང་ས་ལུགས་ཀྱི་ཕྱག་ལེན་བསྡུས་པ་དེ་ལ་ཡང་བཟླས་ལུང་སྐབས་སུ་མེ་ཏོག་མགོར་བཞག་པ་ཙམ་གྲུབ་ན་ལེགས་ཀྱི། མང་ན་མེ་ཏོག་གཏོར་བ་ཙམ་གྱིས་ཆོག་པས། དབང་རྫས་ཅི་ཡང་འགྲིམ་མི་དགོས་པ་དེ་ནི་སྔགས་ཀྱི་རིག་གཏད་པ་སྟེ། རིག་གཏད་ཀྱི་རྗེས་གནང་ཞེས་བྱ་བ་ཡིན་ནོ། །དེ་ལྟར་རྗེས་གནང་རྒྱས་བསྡུས་གང་ཐོབ་ཀྱང་དབང་རྒྱུན་ངེས་པར་ཐོབ་པ་ཡིན་པས། རྗེས་གནང་གཞན་ལ་བསྐུར་ཚེ་རྒྱས་བསྡུས་གང་འདོད་བསྐུར་ཆོག་པ་གསར་མའི་ཕྱག་ལེན་ཡིན་ལ། གཏེར་མ་རྣམས་ལ་ནི་དབང་རྒྱས་པ་ཐོབ་ཀྱང་འབྲིང་དང་བསྡུས་པ་བསྐུར་མི་རུང་ན། བསྡུས་པ་ཐོབ་པས་རྒྱས་འབྲིང་སོགས་བསྐུར་ག་ལ་རུང་སྟེ། གང་ཐོབ་པ་དེ་ལས་གཞན་རིགས་འགྲེས་བྱེད་པའི་སྲོལ་མེད་དོ། །དེ་ཅིའི་


CMR022_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཞེ་ན་ཨོ་རྒྱན་གྱི་བཀའ་ལ་བཅོས་སླད་མི་རུང་བར་གསུངས་པའི་དོན་ནོ། །འོ་ན་གསར་མ་ལ་དེ་རུང་བའི་དོན་ཅི་ཡིན་ཞེ་ན། རྒྱ་གཞུང་གཅིག་ལ་ཡང་གྲུབ་མཐའ་སོ་སོའི་བླ་མ་རྣམས་ཀྱིས། རྒྱས་བསྡུས་སྣ་ཚོགས་པ་མཛད་པ་ཡིན་གྱི། རྒྱ་གཞུང་དེ་རང་འདོན་ཅིང་རྒྱ་གཞུང་དེ་རང་གི་དབང་བསྐུར་མཁན་ནི་གཅིག་ཀྱང་མེད་པའི་ཕྱིར་ཏེ། དེའི་དོན་ནི་རྒྱ་གཞུང་ཁ་མི་གསལ་ཞིང་ཕྱག་ལེན་མི་བདེ་བའི་ཕྱིར་ཡིན་གསུངས། དེ་ལ་དབང་འདི་དག་དབང་བཞི་ཡོངས་རྫོགས་དང་དབང་རྒྱས་པ་ནི་མ་ཡིན་རྗེས་གནང་ཙམ་ཡིན་ལ། རྗེས་གནང་ཟེར་བའི་དོན་ནི་ལུས་ལྷ་དེ་ཉིད་བསྒོམ་དུ་རུང་བར་རྗེས་སུ་གནང་། ངག་གིས་སྔགས་དེ་ཉིད་བཟླ་ཆོག་པར་རྗེས་སུ་གནང་། སེམས་ལྷ་དེ་ཉིད་བསྒོམས་ནས་ཞི་ལྷག་གི་ཏིང་ངེ་འཛིན་བསྒོམ་རུང་བར་རྗེས་སུ་གནང་། རྗེས་གནང་གསུམ་པོ་ཐོབ་ནས་དེ་ལྟར་ཉམས་སུ་བླངས་ན། སོ་སོའི་སྒྲུབ་ཐབས་ནས་བྱུང་བའི་ཕན་ཡོན་རྣམས་འབྱུང་ཞིང་། རྗེས་གནང་མ་ཐོབ་པར་བསྒྲུབས་ན་རིག་སྔགས་ལོག་པར་བསྒྲུབས་པ་སྟེ། ཆོས་ལ་བརྟེན་པའི་སྡིག་པ་ཆེན་པོ་འབྱུང་བར་བཤད། དེ་ལ་དཀྱིལ་འཁོར་གྱི་དབང་དང་དབང་བཞི་ཡོངས་


CMR022_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་སོགས་ནི། དམ་ཚིག་བསྲུང་བར་དཀའ་ཞིང་བསྐྱེད་རིམ་གྱི་ལྷ་བསྒོམ་པ་ཡང་སྦྱང་གཞི་སྦྱོང་བྱེད་འཕྲོད་དཀའ་བས། རྫོགས་རིམ་རྩ་རླུང་སོགས་ཀྱང་གེགས་དང་གོལ་ས་ཚེ། དེ་དག་ཅི་བཞིན་ཉམས་སུ་ལེན་མཁན་ཡང་ཤིན་ཏུ་དཀོན། དེ་བས་ལྷ་བསྒོམས་ཤིང་སྔགས་བཟླ་བ་ཙམ་ནི་བྱེད་མཁན་ཤིན་ཏུ་མང་། གེགས་སྐྱོན་ཆུང་ཞིང་ཆོས་ལམ་དུ་འགྲོ་བས་འགྲོ་དོན་ཤིན་ཏུ་ཆེ་བ་ཡིན། དེ་ལ་ལོཙཱ་བ་ཆོས་སྐྱོང་བཟང་པོའི་བསྒྲིགས་པའི་རྗེས་གནང་འདི་རྒྱ་གཞུང་གི་ཕྱག་ལེན་མ་འཚུགས་པ་ཡིན་པས་ཁུངས་བཙུན་ཞིང་། སི་ཏུ་ཆོས་ཀྱི་གོ་ཆས་བསྒྲིགས་པ་འདི། བ་རི་ལུགས་ཀྱི་ཕྱག་ལེན་རྒྱས་པ་སྟེ་གྲགས་ཆེ། རྗེ་དཀོན་མཆོག་ཡན་ལག་གིས་མཛད་པ་འདི། བ་རི་ལུགས་ཀྱི་ཕྱག་ལེན་བསྡུས་པ་སྟེ། མགྱོགས་དགོས་ན་ཚར་སྐྱོན། རྗེ་དབང་ཕྱུག་རྡོ་རྗེའི་མཛད་པ་འདི། ཁྲོམ་དབང་སོགས་ལ་མང་ཉུང་འཚམས་ཤིང་བྱིན་རླབས་ཆེ། འདི་བཞི་ཀའི་དབང་ལུང་གི་རྒྱུན་ངེས་པར་ཐོབ་པས། སྐབས་སུ་གང་བབ་བྱ་ཆོག་ཅིང་། འདི་དག་གང་ཟག་ཕལ་པས་རྩོམ་པ་མ་ཡིན་པར། ཚད་ལྡན་གྱི་གཞུང་ས་གནས་ཀྱི་སེམས་དཔའ་ཆེན་པོ་


CMR022_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བསྒྲིགས་པ་ཡིན་པས་ཡིད་ཆེས་པར་བྱའོ། །མདུན་བསྐྱེད་ཀྱི་རྟེན་ཡང་། རྡུལ་ཚོན་དང་ཚོམ་བུ་བཀོད་པའང་། ཉིན་རེ་ལ་དབང་དུ་བྱེད་ཀྱི་གྲངས་སོ་སོར་བཀོད་པའམ། གནས་འགྱུར་བྱེད་ན་གཅིག་གིས་ཀྱང་ཆོག་པ་ཡིན། ལྷ་ཡི་གོ་རིམ་ཡང་སྔོན་གྱི་དགེ་བའི་བཤེས་གཉེན་རྣམས་ཀྱིས་རྒྱུད་སྡེའི་གོ་རིམ་མ་ཕྱེས་པ་དང་། ཇོ་བོ་རྗེའི་ཞལ་ནས། བོད་གཙང་སྦྲ་ཆུང་བས་བྱ་སྤྱོད་ཀྱི་རྒྱུད་མི་འགྲུབ། རྣམ་རྟོག་ཆེ་བས་བླ་མེད་མི་འགྲུབ། རྣལ་འབྱོར་རྒྱུད་འདིས་ཕན་པར་འདུག་གསུངས་པའི་ཕྱིར། བྱ་རྒྱུད་ལ་ཡང་བྱ་རྒྱུད་རང་རྐང་ལྟར་ཉམས་སུ་ལེན་པ་དང་། བྱ་རྒྱུད་སྤྱོད་རྒྱུད་ལྟར་ཉམས་སུ་ལེན་ཚུལ་དང་། བྱ་རྒྱུད་རྣལ་འབྱོར་རྒྱུད་ལྟར་ཉམས་སུ་ལེན་པ་དང་། བྱ་རྒྱུད་བླ་མེད་རྒྱུད་ལྟར་ཉམས་སུ་ལེན་པ་དང་བཞི་ཡོད་པས། འདི་ཕལ་ཆེར་བྱ་རྒྱུད་མང་ན་ཡང་། རྒྱུད་སྡེ་ཡི་དབྱེ་བ་མི་འབྱེད་པར་རྣལ་འབྱོར་རྒྱུད་ལྟར་ཉམས་སུ་ལེན་པ་ཡིན་ནོ། །རྒྱུད་སྡེའི་དབྱེ་བ་མི་འབྱེད་པ་ཡང་དེའི་དོན་ཡིན། གོ་རིམ་ལ་ཡང་མི་འདྲ་བ་དུ་མ་འདུག་ཀྱང་བསྟན་པའི་བདག་པོ་ཤཱཀྱ་ཐུབ་པ་ཉིད་ཐོག་མར་བྱེད་པ་ནི་འབྲེལ་ཆགས་པ་ཡིན་ནོ། །དེ་ལ་བདག་རྭ་


CMR022_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཨ་སྱས་དབང་རྒྱུན་ཇི་ལྟར་ཐོབ་པའི་ཚུལ་ནི། སྔོན་ས་སྐྱ་རྩེ་དྲུང་པའི་བླ་མ་འབུལ་སྡུད་པ་ཞིག་ལ། ལོཙྪ་བ་ཆོས་སྐྱོང་བཟང་པོས་བསྒྲིགས་པ་འདི་ཡོངས་རྫོགས་ཀརྨ་དོན་ཡོད་ཀྱིས་ཐོབ་པར་འདུག་སྟེ། དེ་ལ་ལྷ་གྲངས་ཉིས་བརྒྱ་ལྔ་བཅུ་པོ་ལྷ་རིགས་བསྡུས་པ་མཛད་པར། མངོན་རྟོགས་ཀྱི་ཚེ་བདག་མདུན་དྲན་རྫོགས་སུ་བསྒོམས་ནས། བུམ་པ་སོགས་ཀྱིས་དབང་བསྐུར་བ་རེ་མཛད་སྐད། ཁོང་ལ་དེ་ལྟར་ཁོ་བོ་གཞོན་ནུའི་དུས་སུ་ཚར་གཅིག་ཐོབ། དེ་ནས་ཁོ་བོ་ལོ་ཉི་ཤུ་རྩ་དྲུག་རྩ་བདུན་ཙམ་གྱི་དུས་སུ། །དབང་བསྒྲུབས་མ་བྱས་པ་དེས་ཡིད་མ་ཚིམས་ནས། ས་སྐྱ་པའི་བླ་མ་དེ་རྩེ་དྲུང་གཞུང་གི་འབུལ་སྡུད་པ་རེད་པས། སྔགས་ཀྱི་ཡོན་ཏན་ཆེ་བ་དང་བསྐྱེད་རིམ་གསལ་པོ་ཡོད་པས་དྲན་རྫོགས་དེས་ཆོག་མོད་ཀྱི། ཁོ་བོ་དེས་ཅུང་ཟད་ཡིད་མ་ཚིམས་པས། དབང་བསྒྲུབས་བྱས་པ་ཞིག་གནང་དགོས་ཞུས། ངེད་རང་སློབ་དཔོན་གཉིས་མཉམ་དུ་དབང་སྒྲུབ་བཟླས་པ་དང་བཅས་པ་བྱས་ནས། ལྷ་གྲངས་ཕྱེད་སུམ་བརྒྱ་པོ་ཡི་དབང་ཡོངས་སུ་རྫོགས་པར་ཞུས། དེའི་བརྒྱུད་རིམ་ཁོང་གིས་བྲི་རྒྱུ་མ་བྱུང་འདུག་པས། དེ་ལ་ཅུང་ཞིག་ཡིད་


CMR022_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཚིམ་པ་ལ། རང་གི་མཆེད་གྲོགས་རྡོ་རྗེའི་སྤྱན་དུ་གྱུར་པ། རབ་འབྱམས་སྡེ་སྣོད་འཛིན་པ་ཆེན་པོ་ཀརྨ་བྷི་ཤྭ་བྷ་དབུས་གཙང་དུ་ཕེབས། རྙིང་མའི་དབང་ལུང་འགའ་རེ་ཁོང་གིས་གསན་ཞིང་འདུག་པ་ལོ་གཅིག་མཉམ་དུ་བཞུགས་ནས་ཕུལ། ཁོང་གིས་སྔར་གཙང་དཔེ་ནཱམ་དུ་རྗེ་མཆོག་གིས་སྤྲུལ་སྐུའི་གྲྭ་ཚང་ལ་གནང་དུས་ཐོབ་འདུག་པ་ཁོ་དགེ་བཤེས་ཆེན་པོ་ཡིན་ཀྱང་སྔགས་ལ་གོམས་འདྲིས་ཆུང་བས། དབང་བསྒྲུབས་མཉམ་དུ་བྱས་ཤིང་། ཁོང་གི་དེ་དུས་ཀྱི་ཐོབ་ཡིག་འདུག་པ་ལ་བལྟས་ཤིང་། རྗེས་གནང་བརྒྱ་དང་བཅོ་ལྔ་པོ་ཚང་བར་ཞུས། ཐོབ་ཡིག་ལ་ཐུགས་རྗེ་ཆེན་པོ་སྒྱུ་འཕྲུལ་དྲྭ་བ་ཟེར་བ་འདུག་ཀྱང་། ཡིག་ཆ་འདི་ལ་མི་འདུག་པས་ཕྱིས་ཤོར་ཕུ་བླ་རྒན་ཀརྨ་རབ་གསལ་བདག་ལ་རྙིང་མའི་དབང་ལུང་གསན་དུ་ཕེབས་པས། ཁོང་ལ་ཆོས་ཀྱི་གོ་ཆས་བསྒྲིགས་པའི་བ་རི་བརྒྱ་རྩ་འདུག་པའི་ནང་ནས་སྒྱུ་འཕྲུལ་དྲྭ་བ་དང་། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་དང་རྗེས་གནང་ལྔ་པོ་ཞུས། གཞན་ཡང་འབྲུག་པའི་བླ་མ་ཚུལ་ཁྲིམས་རིན་ཆེན་གྱིས། བདག་ལས་ཞི་ཁྲོའི་དབང་ལུང་གསན་སྐབས། པདྨ་དཀར་པོས་མཛད་པ་ནས་ཛི་སེར་ལྷ་བཅོ་བརྒྱད་པ། ནོར་


CMR022_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་མ་ཀུ་རུ་ཀུལླེ་གསུམ་གྱི་རྗེས་གནང་ཞུས། དྲུང་པ་སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ་ལ་མངོན་རྟོགས་ནོར་བུའི་ཕྲེང་བ་ནས་སྒྲུབ་ཐབས་རྒྱ་མཚོའི་ལྷ་ཕལ་ཆེར་གྱི་མངོན་རྟོགས་རྒྱས་པར་སྣང་བའི་ལུང་དང་གཤེད་དམར་སོགས་རྗེས་གནང་འགའ་ཞིག་ཐོབ། དེ་ལྟར་སྒྲུབ་ཐབས་རྒྱ་མཚོའི་སྐོར་འདིའི་དབང་ལུང་ལ་སྤོམ་ཡོར་དུ་མ་བཞག་པར་ཐོབ་ངེས་བྱས། ཐོབ་ལོ་ཙམ་དུ་མ་བཞག་པར་འཇམ་དབྱངས་དཀར་པོ། སྒྲོལ་དཀར། གསུང་རྡོ་རྗེ་འོད་དཔག་མེད། སྒྲོལ་མ་སྣ་ཚོགས་ཡུམ། ལོ་མ་ཅན་སེར་མོ་ཕྱག་དྲུག་མ། ཀུ་རུ་ཀུལླེ། འོད་ཟེར་ཅན་ཕྱག་གཉིས་མ། དེ་སོགས་སྒྲུབ་ཐབས་ནང་དུ་བཞུགས་པའི་ལྷ་གྲངས་བརྒྱད་དགུ་ཙམ་གྱི་བསྙེན་པ་ཡང་རྟགས་ཐོན་པར་བྱས། བླ་མ་དགེ་བཤེས་བཙུན་པ་སོགས་མང་ཙམ་ཞིག་ལ་འདིའི་དབང་ཚང་མ་ལན་བཞི་བཙུགས་ཤིང་འཐོར་བུ་བསྐུར་བ་ནི་གྲངས་ལས་འདས། དེས་ན་བདག་ལས་བརྒྱུད་པའི་དབང་ལུང་ཐོབ་པ་རྣམས་ཀྱིས་ཡིད་ཆེས་པར་བྱ་བར་རིགས་སོ། །དེ་ལྟར་བཤེས་གཉེན་མང་ཞིག་ལས་ཐོབ་ཀྱང་ཡོངས་རྫོགས་ཐོབ་པའི་བརྒྱུད་པའི་གཙོ་བོ་ནི། བཅོམ་ལྡན་འདས་རྡོ་རྗེ་འཆང་


CMR022_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན། གསང་བདག་ཕྱག་ན་རྡོ་རྗེ། རྡོ་རྗེ་རྣལ་འབྱོར་མ། པཎྜི་ཏ་ཨ་བྱཱ་ཀ་ར། པཎྜི་ཏ་འདྲེན་པའི་ཞབས། པཎྜི་ཏ་གོ་ཏ་མ་ཤི། པཎྜི་ཏ་ཀཱིརྟི། ལོཙྪ་བ་ཀིརྟི་དྷུ་ཛ། སློབ་དཔོན་རིན་ཆེན་འབྱུང་ལྡན། བླ་མ་རིན་པོ་ཆེ་གུང་པ། སློབ་དཔོན་བསོད་ནམས་འཕེལ། སློབ་དཔོན་ཚུལ་ཁྲིམས་རྒྱལ་མཚན། བླ་མ་ཀུན་དགའ་རིན་ཆེན། མཁན་ཆེན་བསོད་ནམས་མཆོག་གྲུབ། བླ་མ་དགེ་འདུན་རྒྱལ་མཚན། བླ་མ་བྱམས་པ། གྲུབ་ཆེན་ཀཱིརྟི་ཤྲཱི། སི་ཏུ་ཆོས་ཀྱི་གོ་ཆ། རྗེ་དབང་ཕྱུག་རྡོ་རྗེ། གར་དབང་ཆོས་ཀྱི་དབང་ཕྱུག །སྡེ་སྣོད་འཛིན་པ་བྷི་ཤྭ་དྷ། བདག་རཱ་ག་ཨ་སྱའོ། །དེ་ནི་སྒྲུབ་ཐབས་རྒྱ་མཚོའི་བརྒྱུད་རིམ་ཡིན་ལ། བ་རི་བརྒྱ་རྩའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། རྡོ་རྗེ་རྣལ་འབྱོར་མ། པཎྜི་ཏ་འཇིགས་མེད་སྦས་པ། པཎྜི་ཏ་བུདྡྷ་ཀཱིརྟི། བ་རི་ལོཙྪ་བ་རིན་ཆེན་གྲགས། ས་ཆེན་ཀུན་དགའ་སྙིང་པོ། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། ས་སྐྱ་པཎྜི་ཏ། འགྲོ་མགོན་ཆོས་རྒྱལ་འཕགས་པ། བསོད་ནམས་དབང་ཕྱུག །རིན་ཆེན་དཔལ། བྱང་ཆུབ་གཞོན་ནུ། མཁན་ཆེན་བྱང་ཆེན། ཡེ་


CMR022_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རྒྱལ་མཚན། ངོར་པ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། དཀོན་མཆོག་རྒྱལ་མཚན། དཀོན་མཆོག་བློ་གྲོས། སངས་རྒྱས་རིན་ཆེན། ཕྱོགས་ལས་རྣམ་རྒྱལ། མཚུངས་མེད་མི་བསྐྱོད་རྡོ་རྗེ། དེ་ནས་རྗེ་དཀོན་མཆོག་ཡན་ལག་དང་ཡོངས་འཛིན་རྣམ་རྒྱལ་གྲགས་པ་གཉིས་ཀ་ལ་གནང་། དེ་གཉིས་ལས་རྗེ་དབང་ཕྱུག་རྡོ་རྗེས་%གསན། དེ་ནས་གར་དབང་ཆོས་ཀྱི་དབང་ཕྱུག །ཀརྨ་བྷི་ཤྭ་དྷ། བདག་རཱ་ག་ཨ་སྱའོ། །དེ་ལ་སྤྱན་རས་གཟིགས་སྒྱུ་འཕྲུལ་དྲྭ་བ་དང་། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་བསྡུས་པ་ནི་གཞན་སྔོན་མ་ལྟར་ལས། སི་ཏུ་ཆོས་ཀྱི་གོ་ཆ་ནས། རྗེ་དབང་ཕྱུག་རྡོ་རྗེ། སི་ཏུ་ཆོས་ཀྱི་རྒྱལ་མཚན། ཀརྨ་སྙན་གྲགས་བཟང་པོ། ཀརྨ་རབ་གསལ། །བདག་ཀརྨ་ཨ་རཱ་ག་ལའོ། །དེ་ལ་འདིའི་དབང་ཡོངས་རྫོགས་བཙུགས་དུས་བླ་མ་བརྒྱུད་རིམ་གོང་དུ་བཤད་པ་འདིས་ཆོག་གི །གཏོར་མ་མགོར་བཞག་པའི་སྐབས་སུ་བརྒྱུད་པའི་མཚན་བརྗོད་སྲོལ་ནི་མེད། འཐོར་བུའི་རྗེས་གནང་རེ་རེ་ཙམ་རྒྱས་པར་བསྐུར་ན་གཏོར་དབང་གི་སྐབས་སུ་བརྒྱུད་པ་རྒྱས་པར་བརྗོད་པས་དེ་ཡང་དགེ་བཤེས་གསར་བུའི་བརྒྱུད་པ་


CMR022_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོའི་མཚན་ཟིན་པར་དཀའ་ཞིང་། ཟིན་ཀྱང་དེ་དག་གི་བར་སྐབས་སུ་སོ་སོའི་སྐྱེ་བོའི་དགེ་བའི་བཤེས་གཉེན་འགའ་ཞིག་བཞུགས་པས་དེ་དག་གི་མཚན་བརྗོད་ཀྱང་བྱིན་རླབས་ཆེན་པོ་མི་འབྱུང་བས། རྒྱུད་སྡེ་བཞི་ཀའི་བཀའ་ཏེ་ལོ་པ་ལ་བབ་པར་བཤད་ཅིང་རྒྱུད་སྡེ་བཞི་ཀའི་དབང་དོན་གྱི་ཡེ་ཤེས་ནི་ཕྱག་རྒྱ་ཆེན་པོ་ཡིན་པས། རྡོ་རྗེ་འཆང་ཏེ་ལོ་ནཱ་རོ་ནས་རྟོགས་པ་དོན་རྒྱུད་ཟུང་འཇུག་བརྒྱུད་རིམ་ད་ལྟའི་ཡབ་སྲས་ཞལ་བཞུགས་པའི་བར་གྱི་མཚན་ནས་བརྗོད་པས་བྱིན་རླབས་ཆེ། སངས་རྒྱས་ཕྲེང་བ་བར་མ་ཆད་པ་དྲན་ཆོག་འབྲེལ་པ་ཐོབ་ཆོག་ཡིན་པས་སོ་སོའི་རྣམ་ཐར་དང་ལུང་བསྟན་རྣམས་ལས་གསལ་ལོ། །འོན་ཀྱང་སེར་མོ་བ་ལ་སོགས་འགའ་ཞིག་གིས་དེ་ལ་ཐེ་ཚོམ་སྐྱེ་བར་དོགས་ནས་སྒྲུབ་ཐབས་རྒྱ་མཚོའི་གྲུ་ནས་ཡིན་ན་ཡར་ལུང་ལོཙཱ་བ་གྲགས་པ་རྒྱལ་མཚན་གྱི་བར། སྒྲུབ་ཐབས་བརྒྱ་རྩའི་གྲ་ཡིན་ན་བ་རི་ལོཙྪ་བ་རིན་ཆེན་གྲགས་པའི་བར་བརྗོད་ནས་ལ་སོགས་པ་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་རྗེ་མོའི་ལྷ་ཚོགས་ཞེས་སོགས་འདོད་གསོལ་གང་དགོས་བྱས་རྗེས་སྔགས་ཐུང་ཡིན་ན་ཚར་གསུམ། སྔགས་རིང་ཡིན་ན་ཚར་གཅིག་གི་མཇུག་ཀཱ་ཡ་ཝཱཀྐ་ཙིཏྟ་


CMR022_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་ལི་ཏ་ཨ་བྷི་ཥིཉྩ་མཱི། ཞེས་བརྗོད་པ་ཕྱག་ལེན་ཡིན་ནོ། །དེ་ཡང་དབང་མ་ཐོབ་པའི་ཉེས་དམིགས་དང་ཐོབ་པའི་ཕན་ཡོན་མཐའ་ཡས་པ་བརྗོད་ཀྱིས་མི་ལང་གིས་མདོར་བསྡུ་ན་འདི་ལྟར་སྐུ་གསུང་ཐུགས་ཀྱི་རྗེས་གནང་ཐོབ་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ཅིང་བར་ཆད་ཞི། ལུས་ངག་ཡིད་གསུམ་ལ་སྐུ་གསུང་ཐུགས་རྡོ་རྗེའི་ས་བོན་ཐེབས། མ་འོངས་པ་ན་སངས་རྒྱས་སྐུ་གསུམ་གྱི་གོ་འཕང་ཐོབ་པ་ནི་འདིའི་ཕན་ཡོན་ཡིན་ལ་དེ་ལྟར་བརྒྱུད་རིམ་དང་ཕྱག་ལེན་ལ་ཐེ་ཚོམ་གྱི་དྲི་མ་མེད་པའི་ཡི་དམ་རབ་འབྱམས་ཀྱི་རྗེས་གནང་ཞུ་བའི་ཕྱིར་མཎྜལ་ཕུལ། ཞེས་པ་འདིའི་དབང་ཡོངས་རྫོགས་བཙུགས་པའི་ཐོག་མར། དེར་དགེ་བཤེས་ཡོན་ཏན་ཅན་འདྲ་ཡོད་ན་ཐེ་ཚོམ་བསལ་བའི་ཕྱིར་དང་། དབང་སྒྲུབ་རྒྱས་བསྡུས་དང་། དབང་རྒྱས་བསྡུས་རྣམས་ལ་རང་ཡང་གོ་བ་ལེགས་པར་འཆར་བས་ཐེ་ཚོམ་མེད་ཅིང་རང་བྱན་ཚུད་པའི་གནད་ཡོད་དོ། །བཀའ་གདམས་ལྷ་བཞི་ཡང་དོན་ལ་འདིའི་ནང་ན་ཚང་ནས་ཡོད་པས་དོན་ལ་དེས་འཐུས་ཀྱང་། ལྷ་བཞིའི་ནང་གི་སྤྱན་རས་གཟིགས་འགྲོ་འདུལ་གཙོ་འཁོར་གསུམ་གྱི་དབང་པཎ་ཆེན་ལུང་རིགས་ཉི་


CMR022_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དྲུང་ནས་ཐོབ་པའི་བརྒྱུད་པ་ནི། པཎ་ཆེན་རཀྴི་ཏ། གསེར་གླིང་པ། ཇོ་བོ་རྗེ། འབྲོམ་སྟོན་པ། བྱ་ཡུལ་བ། རྒྱ་ལྕག་རི་གོང་ཀ་བ། དྭགས་པོ་རིན་པོ་ཆེ་ནས་། དོན་བརྒྱུད་ལྟར་ལས་གྲུབ་ཆེན་པཀི་ནས་གཉེན་རས། རང་བྱུང་བ་ནས་ཆོས་ཀྱི་དབང་ཕྱུག་གི་བར། དེ་ལས་ལུང་རིགས་ཉི་མས་གསན། ཡང་དབང་ཕྱུག་རྡོ་རྗེ་ནས་གྲགས་པ་དོན་གྲུབ། སི་ཏུ་ཆོས་ཀྱི་རྒྱལ་མཚན། ལུང་རིགས་ཉི་མ། དེས་བདག་རཱ་ག་ཨ་སྱ་ལའོ། །ཞེས་སྒྲུབ་ཐབས་ཚང་མ་བཙུགས་ན་དབུ་འཛུགས་ལ་ལོ་རྒྱུས་དེ་བཤད། དེ་ནས་རིམ་པར་ལྷ་ཚན་པ་རེ་རེ་ལ་ལོ་རྒྱུས་ཚན་པ་རེ་བཤད་པར་བྱ་སྟེ་དང་པོར་ཐུབ་པའི་ལོ་རྒྱུས་ནས་བཟུང་སྟེ་རིམ་པར་སྐབས་སུ་གང་བབས་བཤད་པར་བྱའོ།། ༈ །།བཅོམ་ལྡན་འདས་བསྟན་པའི་བདག་པོ་མཉམ་མེད་ཤཱཀྱའི་རྒྱལ་པོའི་དབང་བཤད་བཞུགས་སོ། །འོ་ན་ད་ལམ་ཁྱེད་རང་རྣམས་ལ་བཅོམ་ལྡན་འདས་བསྟན་པའི་བདག་པོའི་དབང་བསྐུར་བ་ཡིན་ཏེ། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་ནི་ངེས་པའི་དོན་ལ་བསྐལ་པ་གྲངས་མེད་པའི་སྔོན་རོལ་ནས་སངས་རྒྱས་པར་ཡིན་ཏེ། དེའི་ས་མཚམས་སུས་ཀྱང་བཟུང་དུ་མེད་པས་དང་པོའི་


CMR022_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཞེས་ཀྱང་བྱ། འོན་ཀྱང་སེམས་ཅན་གྱི་དོན་ལ་སླར་ཡང་སེམས་བསྐྱེད་པའི་ཚུལ་དང་། བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས་་གཉིས་སྦྱང་བའི་ཚུལ་དང་། མཐར་འོག་མིན་དུ་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པ་དང་། འཛམ་བུ་གླིང་དུ་མཛད་པ་བཅུ་གཉིས་སྟོན་པར་མཛད་དེ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་ད་ལྟ་ཡང་དེ་ལྟ་བུའི་ཚུལ་སྟོན་བཞིན་པ་དང་། མ་འོངས་པ་ན་ཡང་ནམ་མཁའ་ཇི་སྲིད་དེ་ལྟ་བུའི་མཛད་པ་སྟོན་ནས་སེམས་ཅན་གྱི་དོན་མཛད་པ་ཡིན་ཏེ། དེ་དག་གི་ལོ་རྒྱུས་ཕྱོགས་རེ་ཙམ་བཤད་པས། ཐེག་པ་ཆེ་ཆུང་དང་རྒྱུད་སྡེ་སོ་སོ་ནས། དང་པོ་སེམས་བསྐྱེད་ཚུལ་དང་། བར་དུ་ས་ལམ་བསྒྲོད་ཚུལ་དང་། ཐ་མ་སངས་རྒྱས་ཚུལ་མི་འདྲ་བ་རེ་རེ་བཤད་པ་ཡོད་ཅིང་། དེ་དག་ཀྱང་གོ་རིམ་དང་སྔ་ཕྱི་ཡོད་པ་ལྟར་སྣང་ཡང་། ངེས་པའི་དོན་ལ་གོ་རིམ་དང་སྔ་ཕྱི་ཡི་ཁྱད་པར་ཡང་བཟུང་དཀའ་སྟེ་། སྐད་ཅིག་རེ་རེ་ལ་ཡང་དེ་ཐམས་ཅད་སྟོན་པའི་རྫུ་འཕྲུལ་ལ་མངའ་བརྙེས་པའོ། །འོན་ཀྱང་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་མཛད་པ་བསྟན་ཚུལ་ནི། སྔོན་སངས་


CMR022_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རིན་ཆེན་སྙིང་པོའི་དྲུང་དུ་ཐུབ་པ་ཉིད་བྲམ་ཟེ་རྒྱ་མཚོའི་རྡུལ་ཞེས་བྱ་བར་གྱུར་ནས་འཁོར་བྲམ་ཟེ་སྟོང་ཕྲག་མང་པོ་དང་རྒྱལ་པོ་དང་རྒྱལ་པོའི་སྲས་སྟོང་དང་བཅས་པ་བྱང་ཆུབ་ཀྱི་ལམ་ལ་བཀོད་དེ། དེའི་ཚེ་སངས་རྒྱས་རིན་ཆེན་སྙིང་པོའི་དྲུང་དུ་འཁོར་རྣམས་ཀྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཚེ། དེ་ཐམས་ཅད་ཀྱིས་དུས་བཟང་དུས་དང་ཞིང་ཁམས་རྣམ་པར་དག་པར་སྐྱེ་བར་སྨོན་ལམ་བཏབ་པས། བྲམ་ཟེ་རྒྱལ་པོ་རྒྱ་མཚོའི་རྡུལ་དེ་ཉིད་ཀྱིས་དུས་ངན་པ་དང་སེམས་ཅན་ཚེ་ཐུང་བ་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེས་ཏེ། དུས་སྙིགས་ཚེམའི་སེམས་ཅན་མ་དག་པར་སངས་རྒྱས་པའི་སྨོམ་ལམ་བཏབ་པས། དེར་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ལེགས་སོ་གསུངས་ནས་མངོན་པར་བསྟོད་དེ། མ་འོངས་པ་ན་ཞིང་ཁམས་མ་དག་པར་དུས་སྙིགས་མ་ལྔའི་ཚེ། །སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་ལུང་བསྟན་པ་ནི་སྟོན་པ་འདི་ཉིད་ཡིན་པས་སངས་རྒྱས་གཞན་ལས་ཐུགས་རྗེ་ཆེ་བ་ཡིན། སངས་རྒྱས་གཞན་གྱི་བསྟན་པ་ལ། གསང་སྔགས་ཞེས་བྱ་བ་ཀུན་གྱིས་ཐོས་པ་མེད་ཅིང་རེ་རེ་ཙམ་ལ་གཅིག་བརྒྱུད་ཡིན། ཐུབ་པའི་བསྟན་པ་ལ་གསང་སྔགས་ཀུན་གྱི་སྤྱོད་དུ་ཡོད་


CMR022_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

པས་སངས་རྒྱས་གཞན་ལས་བཀའ་དྲིན་ཆེ། དེའི་ཚེ་འབྲོམ་སྟོན་པས་ཀྱང་། སངས་རྒྱས་ཀྱི་ནང་ནས་ཤཱཀྱ་ཐུབ་པ་བདམས་པ་ཡིན། སངས་རྒྱས་འདི་ལ་ཕྱག་གཅིག་མེ་ཏོག་གཅིག་ཙམ་མཆོད་ན་ཡང་། མཐར་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་དང་བསྟན་པ་འདི་ལ་རབ་ཏུ་བྱུང་བ་ཐམས་ཅད་ནི་མི་དགེ་མཚམས་མེད་ཇི་ལྟར་སྤྱད་ཀྱང་བསྐལ་བཟང་གི་སངས་རྒྱས་ཐ་མ་མོས་པའི་བསྟན་པ་ལ་ཐམས་ཅད་འབྲས་བུ་ཐོབ་སྟེ་འཁོར་བར་གཅིག་ཀྱང་མི་ལུས་པ་ཐུབ་པའི་སྨོན་ལམ་ཡིན་པས་འགྲོ་དོན་ཡང་ཤིན་ཏུ་ཆེ་བ་ཡིན། འདི་ཡི་མཚན་སྔགས་ཀྱི་གཟུངས་ལན་གཅིག་བརྗོད་པས་ཀྱང་བསྐལ་པ་བརྒྱད་ཁྲིའི་སྡིག་པ་བྱང་བར་བཤད་ན་འདིའི་དབང་ཐོབ་ན་ཕན་ཡོན་རྒྱ་ཆེན་པོ་དང་ལྡན་པ་སྨོས་ཅི་དགོས་ཏེ། དེ་ལ་ཡང་རྒྱུད་སྡེ་བཞི་ཀ་ནས་བསྟན་པའི་བདག་པོ་ཡིན་པར་གསུངས་མོད་ཀྱི་འདི་བྱ་རྒྱུད་ཡིན། དེ་ལ་ཡང་དེ་བཞིན་གཤེགས་པའི་རིགས་དང་རྡོ་རྗེའི་རིགས་དང་པདྨའི་རིགས་ཏེ་རིགས་ཀྱི་གཙོ་བོ་གསུམ་དང་། ནོར་བུའི་རིགས་དང་གླང་པོ་ཆེའི་རིགས་དང་འཇིག་རྟེན་པའི་རིགས་ཏེ་འཁོར་གསུམ་དང་དྲུག་ལས་འདི་དེ་བཞིན་གཤེགས་པའི་རིགས་ཡིན། དེ་


CMR022_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་རིགས་ཀྱི་གཙོ་བོ་དང་རིགས་ཀྱི་བདག་པོ་དང་རིགས་ཀྱི་ཡུམ་དང་རིགས་ཀྱི་གཙུག་ཏོར་དང་རིགས་ཀྱི་ཁྲོ་བོ་ཁྲོ་མོ་དང་རིགས་ཀྱི་ཕོ་ཉ་དང་རིགས་སུ་བསྡུས་པའི་བྱང་ཆུབ་སེམས་དཔའ་དང་གནས་གཙང་མའི་ལྷ་ལ་སོགས་པའི་རྒྱུད་སྡེ་བརྒྱད་ཡོད་པ་ལས་འདི་རིགས་ཀྱི་གཙོ་བོ་ཡིན་ལ། དེ་ལ་ཡང་རྩ་རྒྱུད་དང་འཕྲོས་པའི་རྒྱུད་གཉིས་ཡོད་པ་ལས་འདི་རྩ་རྒྱུད་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་ཡིན་ལ་འདི་ཁ་ཅིག་གིས་སྤྱོད་རྒྱུད་དུ་འདོད་ཀྱང་སློབ་དཔོན་ཨ་བྱཱ་ཀ་རས་བྱ་རྒྱུད་དུ་བཞེད་པ་ལྟར་ཡིན། འདིའི་སྒྲུབ་ཐབས་རྒྱས་པ་གཙོ་འཁོར་ལྔ་གཟུངས་རིང་དང་བཅས་པ། འབྲིང་བ་གཙོ་འཁོར་གསུམ་དང་རིགས་གསུམ། སྒྲུབ་ཐབས་བཞིའི་ལུང་བྱ་ཞིང་དབང་གཅིག་ཏུ་བསྡུས་པ་རྗེ་ཆོས་ཀྱི་དབང་ཕྱུག་གིས་ཕྱག་ལེན་ལྟར་བསྐུར་བ་ཡིན་པས་མཎྜལ་ཕུལ། ཞེས་པ་རཱ་ག་ཨ་སྱས་སོ།། ༈ །།ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་ལོ་རྒྱུས་དབང་བཤད་བཞུགས་སོ།། ༈ འོ་ན་ད་ལམ་ཁྱེད་རང་རྣམས་ལ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་བསྐུར་བ་ཡིན་ཏེ། དེ་ལ་ཆོས་སྐུའི་སྤྱན་རས་གཟིགས་ནི་འཁོར་འདས་ཐམས་ཅད་ཁྱབ་པར་བཞུགས། ལོངས་སྐུའི་


CMR022_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་ནི་འོག་མིན་འཐུག་པོ་བཀོད་པའི་ཞིང་ཁམས་ན་རྣམ་སྣང་གངས་ཅན་མཚོ་ཞེས་བྱ་བ་སྐུ་ལུས་བསམ་ལས་འདས་པ་གཅིག་ཏུ་སྤྲུལ་ནས་དེའི་བ་སྤུའི་བུ་ག་རེ་རེ་ཡང་འཇིག་རྟེན་གྱི་ཁམས་རེ་རེ། ཕྱག་ལྷུང་བཟེད་ཀྱི་ནང་སྤོས་ཆུའི་རྒྱ་མཚོ་དེའི་ནང་ན་མེ་ཏོག་པདྨ་ཉི་ཤུ་རྩ་ལྔ་བརྩེགས་མར་སྐྱེས་པའི་སྟེང་ན་ཡང་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་ཡོད་དེ། འཇིག་རྟེན་འདི་ཡང་མེ་ཏོག་བཅུ་གསུམ་པའི་ཟེའུ་འབྲུ་གཅིག་གི་སྟེང་ན་ཡོད་དོ། ལོངས་སྐུའི་སྤྱན་རས་གཟིགས་དེས་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་བླ་ན་མེད་པའི་ཆོས་བསྟན་ཏོ། །སྤྲུལ་སྐུའི་སྤྱན་རས་གཟིགས་དེས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པ་ན་སངས་རྒྱས་སྟོང་རྩ་གཉིས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པ་དང་། སྟོང་གསུམ་གྱི་སྟོང་ཆེན་པོ་བཀོད་པ་བར་མའི་འབྱུང་བ་ཆེན་པོ་བཞིའི་རྡུལ་ཕྲ་རབ་དང་མཉམ་པའི་མཛད་གཉིས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པ་དང་། འཛམ་གླིང་བྱེ་བ་ཕྲག་བརྒྱ་ན་ཤཱཀྱ་ཐུབ་པ་བྱེ་བ་ཕྲག་བརྒྱ། ཐུགས་རྗེ་ཆེན་པོ་བྱེ་བ་ཕྲག་བརྒྱ། པདྨ་འབྱུང་གནས་


CMR022_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བ་ཕྲག་བརྒྱ། སྲོང་བཙན་སྒམ་པོ་བྱེ་བ་ཕྲག་བརྒྱ། ཀརྨ་པ་བྱེ་བ་ཕྲག་བརྒྱར་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་དོ། །དེ་ལྟར་སྤྲུལ་པ་དཔག་ཏུ་མེད་པ་འགྱེད་ཀྱང་། སྐུའི་ངོ་བོ་ནི་བདེ་བ་ཅན་གྱི་ཞིང་ན་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་དྲུང་དུ་ཉེ་གནས་ཀྱི་ཚུལ་དུ་བཞུགས་ཤིང་། སྤྲུལ་པའི་གཙོ་བོ་ནི་ལྷོ་ཕྱོགས་པོ་ཊ་ལ་ཡི་རྩེར་རིན་པོ་ཆེའི་གཞལ་ཡས་ཁང་ན་བཞུགས་ནས། མཁའ་འགྲོ་དང་ལྷ་ཀླུ་དྲི་ཟ་རྣམས་ལ་ཆོས་སྟོན་ཅིང་། བསྐལ་པ་འདི་མ་སྟོང་གི་བར་དུ་བཞུགས་ཏེ། ཞལ་བྱང་དུ་རྒྱུ་ནས་བོད་ཁ་བ་ཅན་དུ་དུས་རྟག་ཏུ་ཐུགས་རྗེའི་སྤྱན་གྱིས་གཟིགས་སོ། །དེའི་ཡང་སྤྲུལ་ནི་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་རེ་རེའི་དྲུང་དུ་ཡང་སྤྲུལ་པ་རེ་རེ་བཞུགས་ནས་གང་ལ་གང་འདུལ་གྱིས་འགྲོ་བའི་ཟོདོན་མཛད་དོ། །དེ་ལྟ་བུའི་སྤྱན་རས་གཟིགས་ཀྱི་ཡོན་ཏན་འདི་སུའི་རྣ་ལམ་དུ་ཐོས་ན་ཡང་། མཚམས་མེད་པ་ལྔ་ལ་སོགས་པའི་སྡིག་པ་དག་པར་འགྱུར་ཞེས། ཆུ་ཀླུང་སྣ་ཚོགས་པའི་མདོ་ལས་གསུངས་སོ། །སྤྱན་རས་གཟིགས་ཀྱི་མཚན་ཡིད་ལ་དྲན་པས་ཀྱང་བདེ་བ་ཅན་དུ་སྐྱེ་བར། ཟ་མ་ཏོག་བཀོད་པའི་མདོ་ལས་གསུངས་སོ། །སངས་རྒྱས་སྣང་


CMR022_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཐའ་ཡས་ཀྱི་མདུན་དུ། བོད་ཁ་བ་ཅན་གྱི་སེམས་ཅན་རྣམས་སྤྱན་རས་གཟིགས་ཀྱི་འདུལ་ཞིང་། འབྲེལ་ཆེ་བ་རྣམས་བདེ་བ་ཅན་གྱི་ཞིང་ཁམས་སུ་ཁྲིད་ནས་འོང་བའི་དམ་བཅའ་མཛད་པ་དང་། སྟོན་པ་ཤཱཀྱ་ཐུབ་པ་མྱ་ངན་ལས་འདའ་ཁར། བོད་ཁ་བ་ཅན་ངའི་ཞབས་ཀྱིས་མ་བཅགས་པས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཁྱོད་ཀྱིས་ཐུལ་ཞིག་གསུངས་ནས། ཞལ་ཆེམས་གནང་བའི་གནད་ཀྱིས་ངེད་རང་བོད་ཀྱི་ལྷ་སྐལ་མ་འཚུགས་པ་ཡིན་ཅིང་སྤྱན་རས་གཟིགས་ཀྱི་མཚན་ཡིད་ལ་དྲན་ཅིང་ཐེ་ཚོམ་མེད་པར་གསོལ་བ་བཏབ་ན། མེ་དང་ཆུ་དང་གཅན་གཟན་དང་ཆོམ་རྐུན་དང་དགྲ་དང་རྒྱལ་པོའི་འཇིགས་པ་དང་། སྟག་དང་སེང་གེ་དང་སྦྲུལ་དང་རོ་ལངས་དང་བྱེད་དང་ཤ་ཟ་དང་དབུལ་ཕོངས་ལ་སོགས་པའི་འཇིགས་པ་ཐམས་ཅད་ལས་ཐར་བ་དང་། དུག་དང་མཚོན་དང་རིམས་དང་མུ་གེའི་གནོད་པས་མི་ཚུགས་ཤིང་། ཚེ་འཕོས་ཀྱང་ངན་སོང་དང་མི་ཁོམ་པར་ནམ་ཡང་མི་ལྟུང་། བདེ་བ་ཅན་སོགས་དག་པའི་ཞིང་དུ་སྐྱེ་བར་གསུངས། དེ་ལ་རྒྱུད་སྡེ་བཞི་ཀ་ནས་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་སྒྲུབ་ཐབས་གསུངས་མོད་ཀྱི་


CMR022_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་སྒྲུབ་ཐབས་ཕལ་ཆེར་ནི་བྱ་རྒྱུད་ཤས་ཆེ་བས། བྱ་རྒྱུད་པདྨའི་རིགས་ཀྱི་བདག་པོ་ནི་སྤྱན་རས་གཟིགས་ཡིན་ལ། དེའི་རྩ་རྒྱུད་པདྨའི་དྲྭ་བ་ནས་ཕྱོགས་བཅུའི་སྤྱན་རས་གཟིགས་བཅུ་སོགས་གསུངས། བཤད་རྒྱུད་དོན་ཡོད་ཞགས་པ་ནས་དོན་ཞགས་རིགས་མང་དུ་གསུངས། གཞན་ཡང་ལྷ་སོ་སོ་འདི་དག་གི་གཟུངས་དང་རྒྱུད་མང་དུ་བཞུགས། དེ་དག་གི་དོན་སྒྲུབ་ཐབས་འདི་ཡང་མང་དུ་བཞུགས་པ་ལས། དཔེར་ན་ལྷ་འགྲོ་འདུལ་ཕྱག་བཞི་པ་དང་། སྔགས་ཡི་གེ་དྲུག་པ་ཡིན་པའི་སྒྲུབ་ཐབས་ལྔའི་ལུང་བྱས་ནས། དབང་གཅིག་ཏུ་བསྡུ་བ་ཕྱག་ལེན་ཡིན་པ་ལྟར་སྒྲུབ་ཐབས་ལྔ་ཡི་ལུང་བྱས་ནས་དབང་གཞན་རྣམས་ལ་ཡང་དེ་དང་མཚུངས་པ་ཡིན་ཏེ་དེ་ལྟར་བྱས་པས་དབང་ལུང་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བའང་ཡིན་ནོ། །དེ་ལྟར་ཐུགས་རྗེ་ཆེན་པོའི་རིགས་རྣམས་ཀྱི་དབང་རིམ་པར་ཞུ་བའི་ཕྱིར་མཎྜལ་ཕུལ། ཞེས་པའང་རིན་པོ་ཆེ་ཨ་རཱ་གས་སྦྱར་བའོ།། ༈ །།པདྨ་གར་གྱི་དབང་ཕྱུག་གི་ལོ་རྒྱུས་དབང་བཤད་བཞུགས་སོ།། ༈ འོ་ན་ད་ལམ་ཁྱེད་རང་རྣམས་ལ་པདྨ་གར་གྱི་དབང་ཕྱུག་གི་དབང་བསྐུར་བ་ཡིན་ཏེ། འཇིག་རྟེན་དབང་ཕྱུག་གི་རྟོགས་བརྗོད་ལས་འདི་


CMR022_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཕན་ཡོན་མཐའ་ཡས་པ་གསུངས་ཏེ་ལྷ་འདི་བྷོ་པའི་ཕན་ཡོན་ནི། དེ་ལྟར་གང་སྒོམ་པ་དང་ལྡན་ཞིང་ཏིང་ངེ་འཛིན་ལེགས་པར་གོམས་པར་བྱེད་ན་དངོས་གྲུབ་བརྟན་པོར་འགྱུར་རོ། །དེའི་སངས་རྒྱས་ཉིད་དང་འདོད་པའི་ལོངས་སྤྱོད་ཐམས་ཅད་སྟེར། སངས་རྒྱས་ཕ་རོལ་ཕྱིན་འགྲུབ་ཅིང་། །གཟུངས་དང་ས་ཡང་དེ་བཞིན་ནོ། །འཇིག་རྟེན་ཀུན་གྱི་བདེ་སྟོན་ནི། །སོ་སོར་རང་ཉིད་རྗེས་སུ་བསྒྲུབ། །སངས་རྒྱས་ཉིད་དང་བྱང་སེམས་ཉིད། །རང་རྒྱལ་ཉིད་དང་དེ་བཞིན་ནོ། །ཡིད་འོང་སངས་རྒྱས་གོ་འཕང་ན། །དཔྱད་མི་དགོས་པར་འགྲུབ་པར་འགྱུར། །ཞེས་དང་། སྔགས་བཟླས་པའི་ཕན་ཡོན་ནི། ཨོཾ་ཧྲིཔདྨ་ནིར་ཏེ་ཤྭ་ར་ཧཱུྃ། རྩ་བའི་སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ཉིན་མོ་དང་ནུབ་མོ་བྱས་པའི་སྡིག་པ་ཉམས་པར་འགྱུར་རོ། །ཡང་ན་ལྔ་བརྒྱ་བཟླས་བརྗོད་བྱས་ན། ནད་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །ཡང་ན་སྟོང་བཟླས་བརྗོད་བྱས་ན་དུས་མ་ཡིན་པར་འཆི་བ་མེད་པར་འགྱུར་རོ། །ཞེས་སོགས་ཕན་ཡོན་བསམ་ལས་འདས་པར་གསུངས་སོ། །དེ་ལྟ་བུའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ།། ༈ །


CMR022_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་རིགས་རྣམས་ཀྱི་ལོ་རྒྱུས། འོ་ན་ད་ལམ་ཁྱེད་རྣམས་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་དབང་རྣམས་བསྐུར་བ་ལ། ཐོག་མར་ལྷའི་ལོ་རྒྱུས་ནི། སྔོན་བསྐལ་པ་གྲངས་མེད་པའི་ཡང་སྔོན་རོལ་དུ། སངས་རྒྱས་འབྲུག་སྒྲ་དབྱངས་ཀྱི་རྒྱལ་པོའི་དྲུང་དུ། རྗེ་བཙུན་འཇམ་དཔལ་རྒྱལ་པོར་གྱུར་པར་ཚད་མེད་བསྙེན་བཀུར་དགུ་སྨོན་ལམ་བཏབ་ནས། བསྐལ་པ་གྲངས་མེད་དཔག་ཏུ་མེད་པར་སེམས་ཅན་རྣམས་སངས་རྒྱས་ཀྱི་ས་ལ་བཀོད་དེ། བསྐལ་པ་མང་པོའི་སྔོན་དུ་སངས་རྒྱས་ཀྱི་སར་མངོན་མཛད་ཀྱང་། ཐུགས་རྗེའི་དབང་ཚོགིས་ད་རུང་བྱང་ཆུབ་སེམས་དཔའི་ཚུལ་དུ་བཞུགས་ནས་སེམས་ཅན་གྱི་དོན་དུ་བསྐལ་པ་དཔག་ཏུ་མེད་པ་མཛད་ནས། མ་འོངས་པ་ན་ཞིང་ཁམས་ཡོངས་སུ་དག་པར་རྡུལ་མེད་པར་ཡང་དག་འཕགས་ཞེས་བྱ་བའི་ཞིང་དུ་སངས་རྒྱས་ཀུན་ཏུ་གཟིགས་པ་ཞེས་བྱ་བར་འགྱུར་ཏེ། སངས་རྒྱས་ཀྱི་སྤྱན་གྱིས་ཕྱོགས་བཅུར་གཟིགས་པ་ན། སངས་རྒྱས་གྲངས་མེད་ཚད་མེད་པ་དག་རང་གིས་བྱང་ཆུབ་ལ་མ་བཀོད་པ་འགའ་ཡང་མེད་པར་གྱུར་ཏེ། སངས་རྒྱས་དེའི་མཚན་ད་ལྟ་ཐོས་ན། །མི་འགྱུར་བ་ལ་ཞུགས་པའམ་མོས་པ་ཆུང་བ་མ་གཏོགས།


CMR022_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་བར་ལུང་བསྟན་ཏེ། འདི་ཡི་ཞིང་བཀོད་ཐོས་སམ་མཐོང་ངམ། སྟོན་ཏམ་བྲིས་སམ། འཇམ་དཔལ་གྱི་རྗེས་སུ་སློབ་པའི་བློ་སྐད་ཅིག་སྐྱེས་པའི་བསོད་ནམས། ཞིང་ཐམས་ཅད་ནོར་བུས་བཀང་སྟེ་སངས་རྒྱས་ལ་ཕུལ་བ་བས་ཀྱང་ཆེ་བར་འདུག་གསུངས་སོ། །ཞིང་དེ་ནི་ནོར་བུ་སྣ་ཚོགས་ལས་གྲུབ་ཅིང་རིན་ཆེན་སྣ་ཚོགས་ཀྱིས་བརྒྱན་པ། མི་དགེ་བ་དང་སྡུག་བསྔལ་བ་དང། རྒས་པ་ན་འཆི་མི་སྡུག་པའི་མིང་ཡང་མེད་དེ། ཅི་འདོད་པ་བསམ་མ་ཐག་ནས་ཆར་བཞིན་དུ་འབེབས་པའོ། །ད་ལྟར་འཇམ་དཔལ་ལ་དད་ཅིང་ཡི་དམ་བྱས་ན་ཞིང་ཁམས་དེར་སྐྱེས་ནས་འབྲས་བུ་ཐོབ་པ། འཇམ་དཔལ་ཞིང་བཀོད་ཀྱི་མདོ་དང་། པདྨ་དཀར་པོ་སོགས་ལས་རྒྱ་ཆེར་གསུངས་སོ། །དེ་ལྟར་འཇམ་དབྱངས་འདི་རྒྱུད་སྡེ་བཞི་ཀ་ནས་བཤད། ཆོས་དབྱིངས་གསུང་དབང་སོགས་ཕོ་རྒྱུད་དང་། བུང་བས་མྱོས་པ་སོགས་མོ་རྒྱུད་འགའ་ཞིག་དང་། འཇམ་རྡོར་སྔགས་ཐུང་ཅན་ཕ་རྒྱུད་དང་། མཚན་ཡང་དག་པར་བརྗོད་པ་སོགས་གཉིས་མེད་རྒྱུད་དུ་གཏོགས་པའང་ཡོད་མོད་ཀྱིས། ཕལ་ཆེར་བྱ་རྒྱུད་ཤས་ཆེ་


CMR022_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བས། འཇམ་དཔལ་འདི་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་བདག་པོ་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ནི་རྩ་བའི་རྒྱུད་ཡིན་ལ། འཕྲོས་པའི་རྒྱུད་ནི་དཔའ་བོ་གཅིག་སྒྲུབ་སོགས་ཡིན་འདི་འགྲུབ་ཀྱང་སླ་བ་དང་། ཆོས་སྐྱོང་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང་། ཕན་ཡོན་ཡང་བསམ་ལས་འདས་ཏེ། འཇམ་དཔལ་རྩ་རྒྱུད་ལས། དུས་ཀྱི་ཐ་མ་དག་ལ་ནི། །སྔགས་རྣམས་འགྲུབ་པར་ངེས་པར་ཡིན། །དེ་ཉིད་ཀྱིས་ན་ཐུབ་དབང་གིས། །གཞོན་ནུ་ཡོངས་སུ་བཏགས་པ་ཡིན། །ཤེས་རབ་ཆེན་པོ་འཇམ་པའི་དབྱངས། །བྱིས་པ་གཞོན་ནུའི་གཟུགས་དང་ལྡན། །འཇིག་རྟེན་འདི་ན་རྒྱུན་དུ་རྒྱུ། །སེམས་ཅན་རྗེས་སུ་བཟུང་བར་མཛོད། །དེ་ཡི་དུས་སུ་འགྲུབ་པ་ནི། །འཇམ་པའི་དབྱངས་སུ་རབ་ཏུ་མཐོང་། །ཞེས་གསུངས། མགོན་པོ་ཡོན་ཏན་གྱི་མགྲོན་ཞེས་པ་བསྟན་སྲུང་ཆོས་སྐྱོང་ཐམས་ཅད་ཀྱི་གཙོ་བོ་ཡང་འཇམ་དཔལ་འདི་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ལས། ཐུབ་དབང་ཡོངས་སུ་མྱ་ངན་འདས། །དམ་པའི་ཆོས་ནི་བསྲུང་བའི་ཕྱིར། །དེ་ཚེ་རྟག་ཏུ་སྲུང་བ་ནི། །འཇམ་པའི་དབྱངས་སུ་གྱུར་པ་ཡིན། །ཞེས་གསུངས། འཇམ་དཔལ་ཞིང་


CMR022_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

གི་བཀོད་པའི་རྒྱུད་མང་ལས། སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གི་མཚན་བརྗོད་པ་བས་ནི། གང་འཇམ་དཔལ་གཞོན་ནུར་གྱུར་པའི་མིང་གཅིག་བརྗོད་ན་བསོད་ནམས་ཆེས་མང་དུ་བསྐྱེད་པར་གསུངས་ན། འདི་ཡི་དབང་ཐོབ་ན་ཕན་ཡོན་བསམ་ལས་འདས་པ་ནི་སྨོས་ཅི་དགོས། འདི་ལ་རིགས་མང་དུ་ཡོད་པའི་དབང་རྣམས་རིམ་པ་བཞིན་དུ་ཞུ་བའི་ཕྱིར་མཎྜལ་ཕུལ།། ༈ །།ཆོས་དབྱིངས་གསུང་གི་དབང་ཕྱུག་གི་ལོ་རྒྱུས་བཞུགས་སོ། །འོ་ན་ད་ལམ་ཁྱེད་རྣམས་ཀྱི་དབང་ཞུ་བ་ལ་ཡིད་ཆེས་པའི་དད་པ་བསྐྱེད་པ་གལ་ཆེ། དད་པ་བསྐྱེད་པ་ལ་ཕན་ཡོན་ཤེས་དགོས་ཏེ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཆེན་པོ་ལས། དགའ་རབ་དབང་ཕྱུག་ལ་མྱོས་བྱེད་ཀྱི་རིག་སྔགས་ཡོད་པས་འདོད་ཁམས་ཀྱི་ལྷ་རྣམས་མྱོས་པ་དང་མེ་ཏོག་གི་ཚལ་དང་འདོད་ཡོན་སྣ་ཚོགས་སྤྲུལ་ནས་རང་ཉིད་ཀྱང་ལོངས་སྤྱོད་ཅིང་གཞན་ལ་སྦྱིན་ནོ། །དབང་ཕྱུག་ཆེན་པོ་ལ་ཡིད་མགྱོགས་བྱ་བའི་སྔགས་ཡོད་པས་སྟོང་གསུམ་ཁམས་ཀྱི་སེམས་ཅན་རྣམས་ཀྱིས་དགོས་པ་བསྒྲུབས། ལོངས་སྤྱོད་སྣ་ཚོགས་སྤྲུལ་ནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ལ་སྦྱིན་ཅིང་། རང་


CMR022_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱང་ལོངས་སྤྱོད་དོ། །མིག་འཕྲུལ་གྱིས་སྔགས་ཀྱིས་གཟུགས་རྣམ་པ་སྣ་ཚོགས་སྟོན་པ་དང་། ལྷ་མ་ཡིན་གྱིས་སྔགས་ཀྱིས་སྒྱུ་མ་རྣམས་བསྟན་ཏོ། །གསང་སྔགས་དག་གིས་དུག་དང་རིམས་མེད་པར་བྱེད་པ་དང་། མ་མོ་ཞེས་བྱ་བ་ལྷ་མོ་རྣམས་ཀྱིས་སྔགས་ཀྱིས་སེམས་ཅན་རྣམས་ལ་ནད་འགོ་བ་བཏང་བ་དང་། སྔགས་ཀྱི་ནུས་པས་མེའི་ཚ་བ་མེད་པར་བྱས་ནས་གྲང་བར་བྱེད་ནུས་པ་འདི་རྣམས་རྗེས་སུ་དཔག་ནས། གསང་སྔགས་ཀྱི་ནུས་པ་ལ་ཡིད་ཆེས་ཤིང་དད་པར་བྱའོ། །གསང་སྔགས་ཀྱི་མཐུ་ནི་གསང་སྔགས་ལས་བྱུང་བ་མ་ཡིན་ན། རྫ་ས་ལ་འཇུག་པ་ཡང་མ་ཡིན། སྦྱོར་བ་ལས་ཀྱང་མ་ཡིན་མོད་ཀྱང་གསང་སྔགས་ཀྱི་བྱིན་རླབས་ནི། ཆོས་ཉིད་ལས་འབྱུང་སྟེ་རྟེན་འབྲེལ་ཟབ་མོ་ལས་གྲུབ་བོ་ཞེས་༈ བཅོམ་ལྡན་འདས་ཀྱིས་ཞལ་ནས་གསུངས་སོ། །དེ་ལ་ད་ལམ་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དབང་འདི་ནི་རྣལ་འབྱོར་རྒྱུད་དུ་བཞེད་པ་མང་། དེ་ལྟ་བུའི་དབང་ཟབ་མོ་ཞུ་བའི་ཕྱིར་མཎྜལ་ཕུལ།། ༈ །།གསུང་རྡོ་རྗེ་འོད་དཔག་མེད་ཀྱི་དབང་བསྐུར་བའི་ལོ་རྒྱུས་བཞུགས་སོ། །འོ་ན་ད་ལམ་ཁྱེད་རང་རྣམས་ལ་ངག་གི་དབང་ཕྱུག་གསུང་རྡོ་རྗེ་འོད་དཔག་


CMR022_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་དབང་བསྐུར་བ་ཡིན་ཏེ། སངས་རྒྱས་འོད་དཔག་མེད་དེའི་མཚན་ཐོས་པས་སྐྱེ་བ་ཐམས་ཅད་དུ་ཚངས་པར་སྤྱོད་པར་འགྱུར་བ་དང་། སྐྱེ་བ་ཐམས་ཅད་དུ་རིགས་བཟང་པོའི་རིགས་སུ་སྐྱེ་བ་དང་། འཇིག་རྟེན་གྱི་ཁམས་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ་བཤིག་སྟེ་རྡུལ་ཕྲ་རབ་ཏུ་བྱ་བའི་གྲངས་དང་མཉམ་པའི། འཇིག་རྟེན་གྱི་ཁམས་ཐམས་ཅད་རིན་པོ་ཆེས་བཀང་སྟེ་སྦྱིན་པ་བཏང་བ་ལས་ནི། འོད་དཔག་མེད་པའི་མཚན་དང་དེའི་ཞིང་ཁམས་བདེ་བ་ཅན་གྱི་ཡོན་ཏན་ཐོས་ནས་དགའ་སྟེ་ཐལ་མོ་སྦྱར་ན་བསོད་ནམས་ཤིན་ཏུ་ཆེ་བར་གསུངས་སོ། །འོད་དཔག་མེད་པའི་མཚན་ཐོས་ནས་ཐ་ན་ལན་གཅིག་ཏུ་བསམ་པ་ཐག་པ་ནས་དད་པ་སྐྱེས་ན་དེ་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ །ཞེས་གསུངས་སོ། །དེས་ན་འདི་ཡི་དབང་ཐོབ་ན་ཕན་ཡོན་སྨོས་ཅི་དགོས། དེ་ལྟ་བུའི་སངས་རྒྱས་འོད་དཔག་མེད་པ་འདིའི་མཚན་གསུང་རྡོ་རྗེ་འཇམ་དབྱངས་དམར་པོ་ཞེས་ཀྱང་བྱ་སྟེ། འདི་ཆོས་དབྱིངས་གསུང་དབང་གི་རིགས་གཅིག་ཡིན་པས་རྣལ་འབྱོར་རྒྱུད་དུ་བཞེད་པ་དང་གཉིས་མེད་རྒྱུད་དུ་བཞེད་པའང་ཡོད་དེ་གང་ལྟར་ཡང་དབང་སྒྲུབ་ལུགས་དང་


CMR022_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་ལུགས་རྣལ་འབྱོར་རྒྱུད་ལྟར་ཡིན། དེ་ལྟར་སངས་རྒྱས་འོད་དཔག་མེད་ཀྱི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ།། ༈ །།རྒྱལ་བ་བྱམས་པ་མགོན་པོའི་དབང་བཤད་བཞུགས་སོ། །འོ་ན་ད་ལམ་རྒྱལ་བ་བྱམས་པའི་དབང་བསྐུར་བ་ལ་ལོ་རྒྱུས་ནི། སྔོན་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས་སངས་རྒྱས་རིན་ཆེན་གདུགས་ཞེས་བྱ་བའི་ཞབས་དྲུང་དུ། དགེ་སློང་བློ་གྲོས་བརྟན་པ་ཞེས་བྱ་བ་ཞིག་བྱུང་བ་དེས་སྲོག་ཆགས་བརྒྱ་རེ་བསླབས་པའི་གཞི་ལྔ་ལ་མ་བཀོད་ཀྱི་བར་དུ་ཟས་མི་གསོལ་བར་དམ་བཅས་ནས། དེ་ལྟ་བུའི་ཚུལ་གྱིས་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་སེམས་ཅན་དཔག་ཏུ་མེད་པ་བསླབ་པའི་གཞི་ལྔ་ལ་བཀོད། དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་དུ་བཅུག །རང་རང་གི་བསྐལ་པ་ལྟར་ཐེག་པ་གསུམ་ལ་བཀོད། ཏིང་ངེ་འཛིན་ལ་བཀོད། བྱམས་པའི་ཏིང་ངེ་འཛིན་ལ་བཀོད། དགེ་སློང་དེ་བསོད་སྙོམས་ལ་རྒྱུ་བའི་ཚེ་ཡང་བྱམས་པའི་ཏིང་ངེ་འཛིན་བསྒོམས་པས། ས་བླའི་ལྷ་ནས་གནས་གཙང་མའི་རིས་ཀྱི་ལྷ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བྱམས་པར་འགྱུར་ཏེ། འདི་གྲོང་ཁྱེར་དུ་གཤེགས་པའི་ཚེ་ཡང་བྱམས་


CMR022_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པའི་སྒྲ་གྲག །སངས་རྒྱས་རིན་ཆེན་གདུགས་ཀྱིས་ཁྱོད་ནི་སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་བྱམས་པ་ཞེས་བྱ་བར་འགྱུར་ཞིང་། སངས་རྒྱས་པའི་ཚེ་ཡང་མིང་དེ་ཉིད་དུ་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་ཤཱཀྱ་ཐུབ་པའི་དྲུང་དུ་དགེ་སློང་མ་ཕམ་པ་ཞེས་བྱ་བར་གྱུར་པའི་ཚེ། ཐུབ་པས་འདི་ནི་བྱང་ཆུབ་སེམས་དཔའ་བྱམས་པ་ཡིན་གསུངས་པའི་ཚེ་དགེ་སློང་གཞན་དག་གིས་འདི་ལ་ཡོན་ཏན་གྱི་རྣམ་པ་ཅི་ཡང་མ་མཐོང་ན་སངས་རྒྱས་ལྔ་པར་ཇི་ལྟར་འགྱུར་སྙམ་པས། དེ་བཅོམ་ལྡན་འདས་ཀྱིས་མཁྱེན་ནས་བྱམས་པ་ལུང་བསྟན་པའི་མདོ་གསུངས་པ། དགེ་སློང་འདི་ལོ་བཅུ་གཉིས་ནས་ཚེ་འཕོས་ཏེ། དགའ་ལྡན་ལྷའི་གནས་རིན་པོ་ཆེའི་གཞལ་ཡས་ཁང་ནས་སེང་ཁྲི་པད་ཟླའི་སྟེང་དུ་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། འཛམ་བུ་ཆུ་བོའི་གསེར་གྱི་མདོག་སྐུ་ཚད་དཔག་ཚད་བཅུ་དྲུག་པ་མཚན་དང་དཔེ་བྱད་རྫོགས་ཤིང་ཐོར་ཚུགས་དང་ལྡན་པ། རིན་པོ་ཆེ་སྣ་ལྔའི་དབུ་རྒྱན་གྱི་ནང་ན་ཡང་། སྤྲུལ་པའི་སངས་རྒྱས་སྟོང་ཕྲག་ཁྲི་འཁོར་དང་བཅས་ཏེ་གནས། སྨིན་མཚམས་ཀྱི་


CMR022_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་དཀར་པོ་ལས་མཚན་དཔེའི་བརྒྱན་པ་ལྷའི་བུ་བརྒྱད་ཁྲི་བཞི་སྟོང་པདྨའི་གདན་ལ་བཞུགས་ནས་ཉིན་མཚན་རྟག་ཏུ་ཕྱིར་མི་ལྡོག་པའི་ཆོས་སྟོན་ནས། ལྷའི་བུ་རྣམས་ཕྱིར་མི་ལྡོག་པའི་ས་ལ་བཀོད་དོ། །དེར་དགའ་ལྡན་གྱི་ལྷའི་བཀོད་པ་དང་། ལྷ་རྣམས་ཀྱིས་མཆོད་པ་བྱེད་ཚུལ་རྒྱ་ཆེར་གསུངས་སོ། །དེ་ལ་ཐུབ་པ་མྱ་ངན་ལས་འདས་པ་ནས་འཛམ་བུ་གླིང་པའི་ལོ་བྱེ་བ་ལྔ་བཅུ་རྩ་དྲུག་ལོན་ནས། འཛམ་བུའི་གླིང་འདི་བདེ་སྐྱིད་ཕུན་སུམ་ཚོགས་པ་རྒྱ་ཡང་ད་ལྟ་ལས་ཆེ་བ་ཞིག་འབྱུང་སྟེ། དེའི་ཚེ་བྱམས་པ་འཛམ་བུའི་གླིང་དུ་བྲམ་ཟེའི་རིགས་སུ་སྐྱེ་བ་བཞེས་ནས་སངས་རྒྱས་ཏེ་རྒྱལ་བ་བྱམས་པ་ཞེས་བྱ་བར་འགྱུར། དེའི་ཚེ་ད་ལྟ་དཀོན་མཆོག་གསུམ་ལ་འབྲེལ་པ་བཞག་པ་རྣམས་བྱམས་པའི་འདུས་པ་གསུམ་ལས་རིམ་པར་གྲོལ། ད་ལྟ་བྱམས་པའི་གཟུངས་དང་སྔགས་བཟླས་པ་རྣམས་ནི། དེ་དུས་བྱམས་པས་ཚོལ་ཞིང་བྱང་ཆུབ་ཏུ་ལུང་བསྟན་ཏོ། །གཞན་ཡང་བྱམས་པའི་མཚན་ཐོས་ནས་གུས་པས་ཕྱག་འཚལ་ན་སེ་གོལ་ཏོག་ཙམ་དགའ་ལྡན་དུ་སྐྱེ། བྱམས་པའི་མཚན་ཐོས་ཙམ་ཚེའི་དུས་བྱས་པའི་འོག་ཏུ་མུན་པའི་ཁམས་སུ་མི་ལྟུང་། མཐའ་འཁོབ་ཀྱིས་ཡུལ་


CMR022_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལོག་པར་ལྟ་བ་དང་མི་དགེ་བ་ཐམས་ཅད་སྤྱོད་པར་མི་སྐྱེ། སྐྱེ་བ་ཐམས་ཅད་དུ་དྲང་པོར་ལྟ། འཁོར་ཕུན་སུམ་ཚོགས་པ་དང་དཀོན་མཆོག་གསུམ་མི་སྨོད་པར་སྐྱེའོ། །གང་ལ་ལ་ཞིག་གིས་སྐད་ཅིག་ཙམ་བྱམས་པའི་མཚན་ནས་བརྗོད་པའི་མི་དག་ནི་བསྐལ་པ་སྟོང་གཉིས་བརྒྱའི་སྐྱེ་ཤི་ལས་གྲོལ་ཞིང་སྡིག་པ་བྱང་བར་འགྱུར་རོ། །བྱམས་པའི་མཚན་ཐོས་ནས་ཐལ་མོ་སྦྱར་བའི་མི་དག་ནི་བསྐལ་པ་ལྔ་བཅུའི་སྐྱེ་འཆི་ལས་གྲོལ་ནས་ཐར་ཞིང་སྡིག་པ་བྱང་བར་འགྱུར་རོ། །གང་ལ་ལས་བྱམས་པ་ལ་གུས་པས་ཕྱག་འཚལ་བས་བསྐལ་པ་བྱེ་བ་བརྒྱ་ཡི་སྐྱེ་ཤི་ལས་གྲོལ་ནས་ཐར་ཞིང་སྡིག་པ་བྱང་བར་འགྱུར་རོ། །ཞེས་གསུངས། བྱམས་པ་འདི་ཉེ་བའི་སྲས་བརྒྱད་ཀྱི་གྲ་ཡིན་པར་རྒྱུད་སྡེ་མཐོ་དམན་ཀུན་ནས་གསུངས། བྱམས་པའི་གཟུངས་ནི་བྱ་རྒྱུད་ཡིན་ལ་སྐུ་མདོག་ཕྱག་མཚན་འདི་སྒྱུ་འཕྲུལ་དྲ་བ་ནས་གསུངས་པས་རྣལ་འབྱོར་རྒྱུད་དོ། །དེ་ལྟ་བུའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ།། ༈ །།སྒྲོན་དཀར་ཕྱག་དྲུག་ལོ་རྒྱུས་བཞུགས་སོ། །འོ་ན་ད་ལམ་ཁྱེད་རྣམས་ལ་རྗེ་བཙུན་མ་འཕགས་མའི་དབང་བསྐུར་བ་ཡིན་ཏེ་སྒྲོལ་མ་དཀར་མོའི་ཕན་ཡོན་ནི།


CMR022_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མ་ལས་སྣ་ཚོགས་འབྱུང་བའི་རྒྱུད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེའི་ཕན་ཡོན་ནི་མཚམས་མེད་པ་ལྔ་དང་དེ་དང་ཉེ་བ་ལྔ་དང་སྡང་བ་དང་རྨི་ལམ་ངན་པ་ཐམས་ཅད་ཞི་བར་འགྱུར་རོ། །འཇམ་དཔལ་དེའི་ཕན་ཡོན་ནི་ངན་སོང་གསུམ་གྱི་སྡུག་བསྔལ་ཀྱང་ཞི་བར་འགྱུར་རོ། །མི་ཁོམ་པ་བརྒྱད་དུ་ནམ་ཡང་སྐྱེ་བར་མི་འགྱུར་རོ། །འཇམ་དཔལ་དེའི་ཕན་ཡོན་ནི། ཚེ་རབས་དྲན་པ་དང་། དབང་པོ་གསལ་དང་། ཡིད་གཞུངས་པར་འགྱུར་རོ། །བཟོ་ཡི་གནས་ཐམས་ཅད་ལ་མཁས་པར་འགྱུར་རོ། །སྟོབས་དང་མདངས་དང་གཟི་བརྗིད་ཕུན་སུམ་ཚོགས་པར་འགྱུར་རོ། །འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་དང་། ཕན་པར་བྱེད་དོ། །གང་དུ་ཕྱིན་པ་ཐམས་ཅད་བཀྲ་ཤིས་པར་འགྱུར་རོ། །ཞེས་གསུངས་སོ། །ད་ལམ་སྒྲུབ་ཐབས་རྒྱ་མཚོ་དང་བརྒྱ་རྩ་སོགས་ནས་འབྱུང་བའི་སྒྲོལ་མ་དཀར་མོ་ཕྱག་དྲུག་མའི་དབང་བསྐུར་བ་ཡིན་ཏེ། སྒྲོལ་དཀར་ཕལ་ཆེར་བྱ་རྒྱུད་དུ་འདོད་ཀྱང་། འདི་སྒྲོལ་མ་ཉེར་གཅིག་ནང་གི་དཀར་མོ་ཟླ་མདངས་སྒྲོལ་མ་དང་དོན་གཅིག་པས་རྣལ་འབྱོར་རྒྱུད་དུ་


CMR022_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་པ་དང་མ་རྒྱུད་དུ་བཞེད་པ་ཡང་མང་ངོ་། །དེ་ལྟ་བུའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ།། ༈ །།དུས་འཁོར་ལོ་རྒྱུས་བཞུགས་སོ། །འོ་ན་ད་ལམ་ཁྱེད་རྣམས་ལ་རྒྱུད་སྡེ་བཞིའི་རྩེ་མོ་རྒྱལ་མཚན་གྱི་ཏོག་ལྟར་དུ་མཐོ་བ། གཉིས་མེད་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་དབང་བསྐུར་བ་ཡིན་ཏེ། བཅོམ་ལྡན་འདས་མྱ་ངན་ལས་འདས་ཁར་དཔལ་ལྡན་འབྲས་སྤུང་གི་མཆོད་རྟེན་དུ། ཤམྦྷ་ལའི་རྒྱལ་པོ་ཟླ་བ་བཟང་པོ་འཁོར་དང་བཅས་པ་ལ་གསུངས། དེ་ནས་ཤམྦྷ་ལའི་ཡུལ་དུ་དར་བ་ལ། གྲུབ་ཆེན་ཙི་ལུ་པཎྜི་ཏ་དང་མཁའ་འགྲོ་བཞིས་ཁྲིད་ནས་ཤམྦྷ་ལར་རྫུ་འཕྲུལ་གྱིས་བྱོན་ཏེ། དབང་ལུང་གདམས་ངག་ཞུས། རྒྱུད་ཉུང་ངུ་རྒྱ་གར་དུ་སྤྱན་དྲངས། གྲུབ་ཆེན་རྣམས་ཀྱིས་སྒྲུབ་ཐབས་མཛད་པའི་ནང་ནས། སྒྲོལ་མ་སྣ་ཚོགས་ཡུམ་གྱི་སྒྲུབ་ཐབས་དང་། མཚན་ཡང་དག་པར་བརྗོད་པའི་འཇམ་དབྱངས་དཀར་པོ་ཕྱག་གཉིས་པ། ཐུགས་རྗེ་ཆེན་པོ་སྒྱུ་འཕྲུལ་དྲྭ་བ་དེ་རྣམས་དུས་འཁོར་གྱི་རྒྱུད་དང་འབྲེལ་པ་ཡིན། མཁས་པ་འགའ་ཞིག་གིས་ཆོས་དབྱིངས་གསུང་དབང་ཡང་དུས་འཁོར་གྱི་རྒྱུད་དང་འབྲེལ་བར་ཡང་བཞེད་དེ། འདི་དག་གི་དབང་ཐོབ་


CMR022_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དེ་དག་གི་བསྐྱེད་རྫོགས་རྩེ་གཅིག་ཏུ་ཉམས་སུ་བླངས་ན་རབ་ཟླ་བ་དྲུག །འབྲིང་ལོ་བཅུ་གཉིས། ཐ་ན་ཡང་ཚེ་གཅིག་ལ་སངས་རྒྱས། ཉམས་སུ་མ་བླངས་ན་ཡང་སྐྱེ་བ་བདུན་ལས་མི་འགྱང་བར་སངས་རྒྱས་པར་བཤད། དེ་ལྟ་བུའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ།། ༈ །།རྗེ་བཙུན་འཕགས་མ་སྒྲོལ་མ་སྤྱི་ཡི་དབང་བཤད་བཞུགས་སོ། །འོ་ན་ད་ལམ་ཁྱེད་རྣམས་ལ་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་དབང་བསྐུར་བ་ཡིན་ཏེ། དེའི་ལོ་རྒྱུས་ཟུར་ཙམ་ཞུ་ན། སྒྲོལ་མ་འདིའི་ངོ་བོ་ནི་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྱན་གཡོན་པ་ནས་སྤྲུལ་པ་ཡིན་ཏེ། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀྱི་སྤྲུལ་པ་གསལ་བ་ཐབས་ཀྱི་ཆ་ལས་སྤྱན་རས་གཟིགས་དང་སྟོང་པ་ཤེས་རབ་ཀྱི་ཆ་ལས་སྒྲོལ་མར་སྤྲུལ་པ་ཡིན་ཏེ། རྒྱ་གར་གྱི་པཎྜི་ཏ་འབུམ་ཕྲག་གིས་མགྲིན་གཅིག་ཏུ་བསྟོད་པ་ལས། སངས་རྒྱས་སྣང་བ་མཐའ་ཡས་ཀྱིས། །འགྲོ་བའི་དོན་དུ་སྤྲུལ་པའི་སྐུ། །སྒྲོལ་མ་ཞེས་བྱའི་མཚན་གྲགས་མ། །ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །སྤྲུལ་པ་ཉེར་གཅིག །ཇི་ལྟར་འཁྲུངས་ཚུལ་ནི། འཕགས་པ་སྤྱན་རིས་གཟིགས་ཀྱིས་སེམས་ཅན་


CMR022_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཀྱང་མ་ལུས་པར་སྒྲོལ་བའི་དམ་བཅའ་ཆེན་པོ་མཛད་ནས། བསྐལ་པ་དཔག་ཏུ་མེད་པར་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ནས་ད་ཅི་འོང་བར་དགོངས་ནས་བལྟས་པས་སེམས་ཅན་ལ་མང་བའམ་ཉུང་བར་མ་མཐོང་ནས་ཐུགས་མུག་སྟེ་སྤྱན་ཆབ་བསིལ་བས་སྤྱན་ཆབ་གཉིས་ལས་མེ་ཏོག་པདྨ་གཉིས་བྱུང་སྟེ། དེ་ཁ་བྱེ་བའི་ནང་ནས་སྒྲོལ་མ་དང་། ཁྲོ་གཉེར་མ་གཉིས་བྱུང་སྟེ་གསུང་བསྒྲུགས་པའི་ཐོག་མར། སྲིད་ན་སུ་ཞིག་འཇིགས་པས་འཇིགས་གྱུར་པ། །དེ་ཀུན་ངས་སྐྱོབ་མ་འཇིགས་མ་འཇིགས་ཤིག །ཅེས་དམ་བཅས་ནས་འཕགས་པ་སྤྱན་རས་གཟིགས་ཁྱེད་ཐུགས་མུག་པར་མ་མཛད་དང་ངེད་གཉིས་ཀྱིས་འགྲོ་དོན་གྱི་གྲོགས་བྱེད་དེ་སེམས་ཅན་དཔག་ཏུ་མེད་པའི་དོན་བྱའོ། །ཞེས་གསུངས་པས། དེའི་ཚེ་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ཕྱག་འཚལ་ཉི་ཤུ་རྩ་གཅིག་གིས་བསྟོད་པ་མཛད་ཅིང་། སྒྲོལ་མ་མངོན་པར་འབྱུང་བའི་རྒྱུད་ལས་གསུངས་སོ། །དེ་ནས་སྒྲོལ་མ་དཀར་སྔོན་གཉིས་དང་སྒྲོལ་མ་ཉི་ཤུ་རྩ་གཅིག་དང་སྒྲོལ་མ་བརྒྱ་རྩ་དང་། མདོར་ན་སྤྱན་རས་གཟིགས་ཀྱིས་སྤྲུལ་པ་ཇི་ཙམ་མཛད་པའི་གྲངས་དང་མཉམ་པའི་སྒྲོལ་མའི་


CMR022_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་ཡང་དེ་ཉིད་གཅིག་མཛད་ནས་ཕྲིན་ལས་ཀྱི་གྲོགས་མཛད། སེམས་ཅན་ཇི་སྙེད་པའི་གྲངས་དང་མཉམ་པའི་གང་ལ་གང་འདུལ་དུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པ་དང་། སློབ་དཔོན་རྟ་དབྱངས་ཀྱིས་སྒྲོལ་མ་ལ་བསྟོད་པ་ལས། འགྲོ་དོན་སྤྲུལ་མཛད་སྒྲོལ་མ་ཁྱོད་ཀྱི་སྐུ། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ལ་སོགས་དང་། །དྲག་པོ་ཞི་བ་ཨུ་མ་ལ་སོགས་དང་། །བསྐུལ་བྱེད་ལུ་གུ་རྒྱུད་དང་ཁྲོ་གཉེར་ཅན། །མཱ་མ་ཀཱི་དང་སྒྲོལ་མ་གོས་དཀར་མོ། །འགྲོ་བ་གང་ལ་གང་འདུལ་དེར་སྟོན་པ། །ཞེས་གསུངས་པས་སྒྲོལ་མའི་རིགས་ཐམས་ཅད་ཐུགས་རྒྱུད་གཅིག་པ་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ལས། རིགས་པའི་རྒྱལ་པོ་རྫུ་འཕྲུལ་ཆེ། །དེ་ནི་སྒྲོལ་མ་ཞེས་ཀྱང་བསྟན། །བུད་མེད་གཟུགས་འཆང་ལྷ་མོ་ནི། །འགྲོ་བ་ཀུན་ཏུ་རྣམ་པར་རྒྱུ། །སྙིང་རྗེའི་བརླན་པའི་སེམས་ཀྱིས་ནི། །སེམས་ཅན་རྣམས་ལ་ཕན་དོན་དུ། །མི་མཇེད་འཇིག་རྟེན་ཁམས་གནས་ནས། །བུད་མེད་མིང་གིས་འཇུག་པར་བྱེད། །ས་བཅུ་ལ་ནི་རབ་གནས་ཐོབ། །བྱང་ཆུབ་སེམས་མ་རྫུ་འཕྲུལ་ཆེ། །སེམས་ཅན་རྣམས་ནི་འདུལ་བྱེད་པ། །ལྷ་མོ་སྒྲོལ་མ་ཞེས་སུ་བསྟན། །


CMR022_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་འབད་མེད་འགྲུབ་པ་སྟེ། །སྲུང་དང་སྐྱོབ་དང་སྦེད་པར་བྱེད། །ལོངས་སྤྱོད་དབང་ཕྱུག་འཕེལ་བྱེད་པ། །འདིས་ནི་ལྷ་མོ་བསྒྲུབ་པར་བྱ། །བྱང་ཆུབ་ཚོགས་ཀྱི་ཆེད་དུ་ནི། །སྐྱེས་པ་ཉིད་ནི་བརྩམ་པར་བྱ། །སྙིང་རྗེས་བརླན་པའི་ལུས་ཅན་ལ། །དེ་ཚེ་ལྷ་མོ་རྗེས་འབྲང་བ། །སྔགས་ཀྱི་གཟུགས་ཀྱིས་སེམས་ཅན་ལ། །བྱང་ཆུབ་ཚོགས་ཀྱིས་བྱ་ཕྱིར་རོ། །རེ་བ་ཐམས་ཅད་དགའ་རྒྱས་ཕྱིར། །ཤར་གྱི་ཕྱོགས་སུ་གནས་པ་ཡིན། །བདག་ཉིད་རྣམ་པ་སྟོང་དང་ནི། །རྣམ་པ་མང་པོར་བྱས་ནས་ཀྱང་། །རྒྱ་མཚོ་བཞི་ཡི་མཐར་ཐུག་པ། །ས་རྣམས་ཀུན་ཏུ་རྣམ་པར་རྒྱུ། །ཞེས་དང་། དེ་ལྟར་སྤྲུལ་པ་མང་ཡང་སྐུ་དངོས་ནི་པོ་ཊ་ལ་ན་བཞུགས་ཏེ། རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཟད་པའི་ས་ལྔ་ན་སྔར་ཆོས་རྒྱལ་རྣམས་ཀྱིས་མི་རབས་དུ་མར་བཞེངས་པའི་གཙུག་ལག་ཁང་དཔག་ཏུ་མེད་པ་ཡོད། དེའི་ཕ་རོལ་ན་སེང་ལྡེང་གི་ནགས་ཚལ་འཐུགས་པོར་ཚེར་མ་མཐོ་རེ་ཙམ་སྐྱེས་པའི་གསེབ་ན་གླང་ཆེན་དང་སྤྲེའུ་མགོ་གསུམ་པ་དང་། སྟག་དང་སེང་གེ་དང་དུག་སྤྲུལ་རྣམས་གནས་པས་མི་རྒྱུ་བར་མི་ནུས་པ་ཡོད། དེ་ཡི་ཕ་རོལ་ན་རི་པོ་ཊ་ལ་


CMR022_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཙནྡན་གྱི་ནགས་ཚལ་དང་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ་འཇའི་གུར་ཕུབ་ཅིང་མེ་ཏོག་གི་ཆར་འབེབས་པ། བྱ་མ་སར་ཞེས་པས་སྒྲོལ་མའི་སྔགས་འདོན་ཤེས་པ་སོགས་བྱ་རིགས་མང་པོས་སྐད་སྙན་པར་སྒྲོག་པ་ཡོད། རེ་དེའི་རྩེ་ན་འཕགས་པ་སྤྱན་རས་གཟིགས་བཞུགས་ཤིང་། རི་དེའི་རྩ་བ་ན་རིན་པོ་ཆེའི་གཞལ་ཡས་ཁང་ན་རྗེ་བཙུན་སྒྲོལ་མ་ལ་གྲུབ་པའི་ལྷ་མོ་དཔག་ཏུ་མེད་པས་བསྐོར་ཏེ་བཞུགས་ཏེ་ཆོས་བསྟན་ཏོ། །སྒྲོལ་མ་འདིའི་དབང་དང་བྱིན་རླབས་ཐོབ་ན་ནད་ཐམས་ཅད་ཀྱང་ཞི་སྟེ། སློབ་དཔོན་ཙནྡྲ་གོ་མས། ཕྱག་འཚལ་བྱིན་རླབས་སྨན་གྱུར་ནས། །འབྱུང་བ་འཁྲུག་དང་གདོན་གྱིས་བསྐྱེད་པ་ཡིས། །སྲོག་འཕྲོག་ནད་ཀྱི་བྱེ་བྲག་མ་ལུས་པ། །ཁྱོད་ལ་གསོལ་བཏབ་འདུལ་བ་སེལ་མཛད་མ། །ཞེས་གསུངས་སོ། །དཔལ་སཾ་བྷུ་ཊི་ལས། སྒྲོལ་མ་འཁོར་བ་ལས་སྒྲོལ་མ། །དེ་ལྟར་སྒོམ་པ་ཙམ་གྱིས་ནི། །བསྒྲུབ་པོ་སངས་རྒྱས་ཐོབ་པར་འགྱུར། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཞེས་གསུངས་པས་ཐུགས་རྗེ་མྱུར་ཞིང་བྱིན་རླབས་ཆེ་བ། རྗེ་བཙུན་སྒྲོལ་མའི་རིགས་རྣམས་ཀྱི་དབང་རིམ་པར་ཞུ་བའི་ཕྱིར་མཎྜལ་ཕུལ།།


CMR022_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་དབང་བཤད་བཞུགས་སོ། །འོ་ན་ད་ལམ་ཁྱེད་རང་རྣམས་ལ་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་དབང་བསྐུར་བ་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ལས། བྱང་ཆུབ་སེམས་མ་རྫུ་འཕྲུལ་ཆེ། །སེམས་ཅན་རྣམས་ནི་འདུལ་བྱེད་པ། །ལྷ་མོ་སྒྲོལ་མ་ཞེས་སུ་བསྟན། །འདི་ནི་འབད་མེད་འགྲུབ་པ་སྟེ། །སྲུང་དང་སྐྱོབ་དང་སྦེད་པར་བྱེད། །ལོངས་སྤྱོད་དབང་ཕྱུག་འཕེལ་བྱེད་པ། །འདིས་ནི་ལྷ་མོ་སྒྲུབ་པར་བྱེད། །བྱང་ཆུབ་མཆོག་གི་ཆེད་དུ་ནི། །།སྐྱེས་པ་ཉིད་ནས་བརྩམ་པར་བྱ། །སྙིང་རྗེས་བརླན་པའི་ལུས་ཅན་ལ། །དེ་ཚེ་ལྷ་མོ་རྗེས་སུ་འབྲང་། །སྔགས་ཀྱི་གཟུགས་ཀྱིས་སེམས་ཅན་ལ། །བྱང་ཆུབ་མཆོག་ནི་བྱ་ཕྱིར་རོ། །ཞེས་དང་། ཁ་ཆེའི་སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཞེས་བྱ་བ་མི་བདུན་བརྒྱས་བསྐོར་ནས་ཙནྡན་གྱི་མེར་སྲེག་པའི་ཚེ། ཉིད་ཀྱི་ཡི་དམ་གྱི་ལྷ་རྗེ་བཙུན་སྒྲོལ་མ་ལ་སྨྲེ་སྔགས་ཀྱིས་ཚིགས་སུ་བཅད་དེ་བསྟོད་པས། སྐད་ཅིག་ཡུད་ཙམ་ཉིད་ལ་འཕགས་མའི་ཕྱག་བརྐྱང་པ་ལ་ཆར་གྱི་རྒྱུན་གཉའ་ཤིང་ཙམ་བབ་སྟེ། མཚོ་ནང་གི་པདྨ་ལྟར་གྱུར་ཏོ། །ཡང་སྔོན་མི་ཞིག་གིས་མཚན་མོ་དོན་


CMR022_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་འགྲོ་བ་ལ་ལམ་དུ་དགྲ་དང་འཕྲད་དེ་ཤིན་ཏུ་སྐྲག་ཅིང་འཇིགས་ནས་བསྔངས་ཏེ། སྒྲོལ་མ་དྲན་ཙམ་ནས་དགྲ་ཐམས་ཅད་བྲན་བཞིན་དབང་དུ་འདུས་སོ། །མི་གཅིག་ནགས་གསེབ་ཏུ་སོང་བས་གླང་ཆེན་ཁྲོས་ནས་མཆེ་བས་དམ་དུ་བཟུང་བས་ངུ་འབོད་ཀྱིས་སྒྲོལ་མ་ལ་བོས་པས། དེ་མ་ཐག་གླང་ཆེན་གྱི་འཇིགས་པ་ཞི་བ་དང་། མི་ཞིག་ཁྱིམ་དུ་ཉལ་ནས་གཉིད་པ་ལ་དགྲ་བོས་ཁྱིམ་ལ་མེ་བརྒྱབས་པས། སྐག་ཅིང་བསྔངས་ནས་སྒྲོལ་མ་ལ་བོས་པས། དེ་མ་ཐག་ཆར་ཆེན་པོས་མེ་ཞི། སྔོན་མི་ཞིག་པདྨ་འཚོང་དུ་ཕྱིན་ནས་ནགས་གསེབ་ཏུ་སོང་ནས་ཤིང་གི་ཡལ་ག་ལ་བཟུང་བས་ཤིང་རྩ་ནས་སྦྲུལ་ནག་ཁྲོས་པས་བཟུང་བ། སྒྲོལ་མ་དྲན་ཙམ་ནས་སྦྲུལ་གྱི་གདུག་པ་ཞི། སྔོན་ཚོང་དཔོན་ནོར་ལྡན་དོན་གཉེར་ལམ་དུ་འགྲོ་བ་ན་མི་རྒོད་དང་འཕྲད་ནས་སྐྲག་སྟེ། སྒྲོལ་མ་དྲན་པས་དགྲ་རྣམས་བྲན་བཞིན་དུ་དབང་དུ་འདུས་སོ། །མི་ཞིག་རྒྱལ་པོའི་མཛོད་དུ་རྐུན་མ་ལ་སོང་ནས་བཟུང་བས་བཙོན་ཁང་ནང་དུ་ལྕགས་སུ་བཅུག་པས། སྒྲོལ་མ་དྲན་ཙམ་གྱིས་བཅིངས་པའི་སྡུག་བསྔལ་དང་བྲལ་ལོ། །དགེ་བཤེས་ཙནྡྲ་གོ་མ་རྒྱ་མཚོར་ཞུགས་པས་གྲུ་ཞིག་པས། སྒྲོལ་མ་


CMR022_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐལ་མོ་སྦྱར་ནས་བསྟོད་པས། ཞལ་བསྟན་ནས་ཆུ་ནང་དུ་གླིང་ཆགས། རྒྱལ་པོ་གཅིག་ནུབ་མོ་འཆག་ཁང་དུ་བྱོན་པ་བགེགས་གདུག་པས་བཟུང་ནས་སྐྲག་ཅིང་བསྔངས་བས་སྒྲོལ་མ་དྲན་པས་འབྱུང་པོའི་འཇིགས་པ་དང་བྲལ་ལོ། །དེ་ལྟར་སྤྱིར་སྒྲོལ་མས་འཇིགས་པ་ཐམས་ཅད་སྐྱོབ་པར་བཤད་ལ། ཁྱད་པར་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་རྒྱུད་གཅིག་ཀྱང་འབྱུང་། དེའི་སྒྲུབ་ཐབས་བརྒྱད་ཡོད་པའི་ནང་ནས། བཞིའི་ལུགས་བྱེད་ཅིང་གལ་ཆེ་བ་བཞིའི་དབང་རིམ་པར་ཞུ་བའི་ཕྱིར་མཎྜལ་ཕུལ།། ༈ །ལྷ་མོ་བསྐུལ་བྱེད་མའི་དབང་བཤད་བཞུགས་སོ། །འོ་ན་ད་ལམ་ཁྱེད་རྣམས་ལ་ལྷ་མོ་བསྐུལ་བྱེད་མའི་དབང་བསྐུར་བ་ཡིན་ཏེ། འདི་ནི་རྣམ་པར་སྣང་མཛད་ཀྱི་ཡུམ་ལྷ་མོ་སངས་རྒྱས་སྤྱན་མ་ཡིན་པས། སངས་རྒྱས་བྱང་སེམས་མཐུ་སྟོབས་ཅན་རྣམས་ཀྱི་སྤྲུལ་པ་ཡིན་ཏེ། སེམས་ཅན་མཐའ་ཡས་པའི་དོན་མཛད་ཅིང་སངས་རྒྱས་ཀྱི་བསྟན་པ་སྲུང་བར་གསུངས་ཏེ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྗེའི་སེམས་ཅན་གྱི་དོན་ལ་བསྐུལ་བ་དང་། སེམས་ཅན་རྣམས་དམ་པའི་ཆོས་ལ་བསྐུལ་བ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་བྱང་


CMR022_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱི་ལམ་ལ་བསྐུལ་བས་ན་བསྐུལ་བྱེད་མ་ཞེས་བྱ་སྟེ། འདི་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་གསུངས་སོ། །ཁྱད་པར་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་ན་བཞུགས་པའི་ཚེ། ཕྱག་ན་རྡོ་རྗེས་སེམས་ཅན་དུག་གསུམ་གྱི་ནད་ཀྱིས་ཉེན་པ་ལ་བསྐྱབ་པའི་ཐབས་ཞུས་པས། བཅོམ་ལྡན་འདས་ཀྱིས་ལྷ་མོ་བསྐུལ་བྱེད་མའི་རིག་སྔགས་འདི་གསུངས་མ་ཐག་ཏུ། སངས་རྒྱས་ཀྱི་ཞིང་ཐམས་ཅད་རབ་ཏུ་གཡོས། བདུད་ཐམས་ཅད་བརྒྱལ་ཞིང་ཚིག་ནས་ཆོ་ངེས་འདེབས། བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཏིང་ངེ་འཛིན་ལས་གཡོས། ས་འོག་གིས་ལྷ་མ་ཡིན་དང་ཀླུའི་བུ་མོ་དང་གསང་བ་པོ་རྣམས་ཀྱང་འཁྲུགས་ནས། ཐམས་ཅད་ཀྱིས་རྣམ་པར་སྣང་མཛད་རྗེས་སུ་དྲན་པར་གྱུར་ཏོ། །དེར་བཅོམ་ལྡན་འདས་ཀྱིས་ལྷ་མོ་བསྐུལ་བྱེད་མའི་དངོས་གྲུབ་གསང་བའི་རྒྱུད་ལེའུ་གསུམ་པ་དང་། བསྐུལ་བྱེད་མའི་རྟོགས་པ་གསུངས་ཤིང་། གཞན་ཡང་ཟ་མ་ཏོག་གི་མདོ་དང་རྒྱུད་སྡེ་མང་པོ་ནས་ཀྱང་ལྷ་མོ་འདི་གསུངས་སོ། །དེ་ཡང་འདིའི་ཕན་ཡོན་རྟོགས་པ་ལས། རིམས་དང་གཟེར་ཐབས་སོ་དང་མིག །སྐེད་པ་ན་བའི་ད་


CMR022_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རྒན་དང་། །ལུས་ཅན་རྣམས་ཀྱི་ནད་རྣམས་ནི། །ལུས་ལས་འབྱུང་བ་སྣ་ཚོགས་ཀྱང་། །གསང་སྔགས་མཐུ་ཆེན་དྲན་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །གང་དག་འདི་ལ་ཆེར་དད་པ། །དེ་ནི་ངན་འགྲོ་རྩེད་ནས་འབྱིན། །སྦོས་བྱེད་སྐྱ་སྦབ་ནད་ལ་སོགས། །རྟག་པར་རབ་ཏུ་འཇིགས་པར་བྱེད། །གཟེར་ཐེབས་ནད་ནི་མི་བཟོད་དང་། །རྐང་པ་འབམ་པར་གྱུར་པ་དང་། །སྙིང་ནད་དང་ནི་མཁྲིས་པའི་ནད། །དེ་དག་ཐམས་ཅད་འབྱུང་མི་འགྱུར། །མདོར་ན་ལྷ་རྣམས་ཐམས་ཅད་ནི། །འདི་བཟླས་པས་ནི་དབང་དུ་འགྱུར། །ཀུན་གྱིས་ཅི་བགྱི་ཟེར་ཞིང་སྤྱོད། །ཅེས་དང་། ནད་ཐམས་ཅད་ཞི་བའི་མཆོག་ཏུ་གསུངས་ཤིང་། སྔགས་འདི་ཡིད་ལ་བཞག་ནས་སྤྱད་ན། བགེགས་དང་དགྲ་དང་སྡང་བ་དང་། གླན་ཀ་ཚོལ་བ་དང་རྐུན་མ་སོགས་འཇིགས་པ་ཀུན་ལས་གྲོལ། འདིས་མ་ཐོབ་པ་ཐོབ་བོ། །མི་ཆོམ་པ་ཆོམ། མ་རྒྱལ་བ་ལས་རྒྱལ། །སངས་རྒྱས་ཀྱི་གོ་འཕང་ཡང་མྱུར་དུ་ཐོབ། འདི་དྲན་པ་ཙམ་གྱིས་སྲིན་པོ་དང་འབྱུང་པོ་དང་ཤ་ཟའི་གདོན་རྣམས་མི་འབྱུང་ངོ་། །གཟའ་དང་ལྷ་ཀླུ་གནོད་སྦྱིན་གྲུལ་བུམ་ལུས་སྲུལ་


CMR022_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

པོ། སྨྱོ་བྱེད་བརྗེད་བྱེད་དང་། གདོན་དྲག་པོ་ཐམས་ཅད་འདི་ཡིས་མིང་ཐོས་པ་ཙམ་གྱིས་ཕྱོགས་བཅུར་བྲོས། ལྷ་མོ་འདིའི་གཟི་བརྗིད་ནི་ས་བཅུའི་སེམས་དཔའ་རྣམས་ཀྱིས་བཟོད་པར་མི་ནུས་ན་གཞན་ལྟ་ཅི་སྨོས། འདི་བསྒྲུབས་ན་ལྷ་ཀླུ་ཐམས་ཅད་དགའ་ནས་སྲུང་བ་དང་སྔགས་པའི་ཉེས་པ་ཐམས་ཅད་རྦད་པར་བྱེད་དོ། །ཚེ་རབས་བྱེ་བར་བསགས་པའི་སྡིག་པ་ཡང་བྱང་ཞིང་དག །ཡེ་ཤེས་དང་འཇིག་རྟེན་གྱི་ལྷ་རྣམས་ཀྱང་དབང་དུ་འགྱུར་རོ། །གསང་སྔགས་བཟླས་པ་ཙམ་གྱིས་དངོས་གྲུབ་མྱུར་དུ་ཐོབ་ཅིང་ཉིན་མཚན་རྟག་པར་ཙུནྡ་མདུན་དུ་དྲན་པར་བྱས་ན། ཟླ་བ་ཕྱེད་དམ་ཞག་བདུན་ནམ་ཞག་གཅིག་གིས་ལྷ་ཐམས་ཅད་འཇིགས་ཤིང་སྐྲག་པར་འཁྲུག་ནས། ལྷ་རྣམས་དེར་འོང་ནས་འཇིགས་པ་མེད་པའི་དངོས་གྲུབ་སྟེར་རོ། །ཡེ་ཤེས་དང་འཇིག་རྟེན་པའི་ལྷ་ཐམས་ཅད་ཀྱིས་རང་རང་གི་ལུས་བསྟན་ཅིང་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྦྱིན་པར་བྱེད་དོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ལྷ་མོ་འདི་ཟ་མ་ཏོག་ནས་བཤད་པ་ནི། བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་ཡིན་ལ། འདི་ཡི་རྒྱུད་དང་རྟོགས་པ་ནི་སྒྲོལ་མ་དང་


CMR022_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་མཐུན་པས་རྣལ་འབྱོར་རྒྱུད་དང་མ་རྒྱུད་དུ་བཞེད་པ་ཡང་ཡོད་དོ། །དེ་ལྟ་བུའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ།། ༈ །།ལྷ་མོ་འོད་ཟེར་ཅན་གྱི་དབང་བཤད་བཞུགས་སོ། །འོ་ན་ད་ལམ་ཁྱེད་རྣམས་ལ་དབང་བསྐུར་བའི་ཐོག་མར་ལོ་རྒྱུས་ཅུང་ཟད་ཞུ་ན། ལྷ་འདི་ཡི་ངོ་བོ་ནི་ཞི་བ་ལྟར་ན་ལྷ་མོ་འོད་ཟེར་ཅན། དྲག་པོ་ལྟར་ན་གཤིན་རྗེའི་གཤེད་ཀྱི་ཡུམ་རྡོ་རྗེ་རོ་ལངས་མ། ཆོས་སྐྱོང་ལྟར་བཞེངས་པ་ལྷ་མོ་རང་བྱུང་མ། དེ་རྣམས་ངོ་བོ་གཅིག་ཡིན་པར་བཤད། འདིའི་གཟུངས་དང་རྟོགས་པ་སོགས་ནི་བྱ་རྒྱུད་ཡིན་ལ། རྡོ་རྗེ་གུར་གྱི་རྒྱུད་ནས་གསུངས་པ་དང་། ལྷ་མོ་དངོས་གྲུབ་བསྟན་གཟིགས་ཀྱི་རྒྱུད་ལས་གསུངས་པ་ནི་བླ་མེད་ཡིན། བཅོམ་ལྡན་འདས་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་གེ་སློང་རྣམས་ལ་བཀའ་སྩལ་པ། ལྷ་མོ་འོད་ཟེར་ཅན་ཞེས་བྱ་བ། མཐུ་དང་རྫུ་འཕྲུལ་དཔག་ཏུ་མེད་པ་གཅིག་ཡོད་དེ། དེའི་མིང་ཤེས་པ་དེ་ཡང་བཟུང་བ་དང་བཅིངས་ཨ༔ པ་དང་ཆད་པས་གཅོད་པ་དང་། མགོ་བྲེག་པ་དང་མེར་བསྲེག་ཏུ་མེད་དགྲའི་དབང་དུ་མི་འགྲོ་གསུངས། ལྷ་མོ་དངོས་གྲུབ་བསྟན་གཟིགས་རྒྱུད་ཕྱི་མ་ལས། རྟེན་འབྲེལ་ནུས་


CMR022_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཉིན་མཚན་སྐབས་རྣམས་ལ། །བཀྲ་ཤིས་དཔལ་ལྡན་དུད་འགྲོ་སྐྱོབ་པའི་ལྷ། །ཡི་གེ་བཅུ་གཅིག་གསང་སྔགས་བསྟན་པ་དགེ །མྱ་ངན་འདས་པའི་ལམ་དུ་བསྒྲོད་པ་ལ། །བར་དུ་གཅོད་པ་དངོས་གྲུབ་འཕྲོག་པའི་བདུད། །འཁོར་བའི་རྒྱབ་རྟེན་ལམ་ལྷ་མ་རི་རྩེ། །འཇིགས་ལས་སྒྲོལ་མཛད་ཆོས་ཀྱི་དབྱིངས་སུ་བསྐྱེལ། །མཆོག་དང་ཐུན་མོང་དུས་འདིར་སྟེར་མཛད་མ། །ཆོམ་རྐུན་ཟློག་བྱེད་མ་ལ་སྐྱབས་སུ་སོང་། །ཞེས་དང་། རྡོ་རྗེ་གུར་ལས། རྐུན་མ་མེད་བྱེད་འོད་ཟེར་ཅན། །ཞེས་དང་། འདིའི་གཟུངས་ལས། །མཆོག་གི་སྙིང་པོ་འདིས་ངེས་པར་མཆོག་འགྲུབ་པར་འགྱུར་རོ། །རིམས་ནད་ཐམས་ཅད་མེད་པར་བྱེད་དོ། །ནད་ཐམས་ཅད་མེད་པར་བྱེད་དོ། །བཟླས་པ་དང་སྦྱིན་སྲེག་གིས་ཀྱང་འོད་ཟེར་ཅན་གྱིས་ནོར་འཕེལ་བར་བྱེད་དོ། །འདི་བསྒོམས་ཤིང་ཕྱག་རྒྱ་བཅིངས་ནས་སྔགས་རིང་འདི་བཟླས་ན་དགྲ་ཡི་ནང་དུ་སོང་ན་ཡང་བཟུང་བ་དང་བཅིངས་བ་དང་ཆད་པ་བཅད་པ་དང་། མགོ་བྲེག་པ་དང་མེའི་བསྲེག་ཏུ་མེད་ཅིང་དགྲའི་དབང་དུ་མི་འགྲོའོ། །ཞེས་གསུངས་སོ། །དེ་ལ་རྒྱ་གར་གྱི་ཡུལ་དུ་བ་གླང་འཚོ་བའི་རྫི་བོ་གཅིག་གིས་འོད་ཟེར་


CMR022_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་བསྒྲུབས་པས་ཞལ་མཇལ་ནས་དངོས་གྲུབ་ཅི་འདོད་གསུངས་སོ། །ང་རྒྱལ་པོ་འདོད་ཞུས་པས། འོ་ན་ལྷོ་ཕྱོགས་སུ་སོངས་ཤིག་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་རྒྱ་གར་ལྷོ་ཕྱོགས་རྒྱང་རིང་དུ་སོང་བས་གྲོང་ཁྱེར་ཆེན་པོ་ཞིག་ན་རྒན་མོ་ཞིག་ངུ་ཞིང་བྲང་རྡུང་བ་དང་འཕྲད། ཁྱོད་ལ་ཅི་བྱུང་དྲིས་པས་སང་ཉིན་ངའི་བུ་ལ་རྒྱལ་པོའི་རེས་མོས་བབ། ངེད་ཚོའི་རྒྱལ་པོ་ལ་བགེགས་ཞུགས་ནས་རྒྱལ་པོ་ཐམས་ཅད་ཤི། བློན་པོ་སོགས་དྲག་རིམ་བསྐོས་ཚད་ཤི། རྒྱལ་པོ་མེད་ན་ནི་ཁྲིམས་ཞིག་པས་བདག་མེད་པས། དུད་ཐམས་ཅད་ལ་རྒྱལ་པོའི་རེས་མོས་བབ་པས་ཞག་གཅིག་ལས་སྡོད་ལོང་མེད་པར་རྒྱལ་པོ་འཆི་བ་ཡིན་ཟེར། འོ་ན་ཁྱོད་ཀྱི་བུ་ཚབ་ལ་ང་འགྲོ་ཆོག་གམ་བྱས་པས། རྒན་མོ་དགའ་ནས་དེ་ཆོག་ཟེར་ཏེ་བཟའ་ལྟུང་ལེགས་པོ་བྱས་ཏེ་བཏང་བས། བློན་པོ་རྣམས་ཀྱིས་ཁྲུས་གསོལ། རིན་པོ་ཆེའི་པྲོག་ཞུ་དང་བེར་བཀོན་ནས་ཁྲི་ལ་བཞག །བློན་པོ་རྣམས་ཀྱིས་ཕྱག་འཚལ་ཞིང་བསྙེན་བཀུར་ཆེན་པོ་བྱས་སོ། །དེར་ཁོང་གིས་འོད་ཟེར་ཅན་གྱི་སྒོམ་བཟླས་བྱེད་ཅིང་བཞུགས་པས། ནམ་ཕྱེད་ཙམ་ན་རྒྱལ་པོའི་བཙུན་མོ་དེ་ལྟ་བས་


CMR022_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་མི་ཤེས་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་ནས་བྱུང་ངོ་། །དེར་ཁོང་གིས་འདི་བཙུན་མོ་ཡིན་ཤས་ཆུང་སྙམ་ནས། འོད་ཟེར་ཅན་གྱི་སྔགས་དང་ཏིང་ངེ་འཛིན་གྱིས་གཟིར་བས། བཙུན་མོ་དེ་དུག་སྦྲུལ་གཅིག་ཏུ་གྱུར་ནས་སོང་། ཁོང་སྐྲག་ནས་ལྷ་ལ་གསོལ་བ་བཏབ་པས། འོད་ཟེར་ཅན་ནམ་མཁར་བྱོན་ནས་ཞལ་གཡོན་ཕག་གི་ཞལ་དེས་དུག་སྦྲུལ་གསོལ་ནས་བཏུལ། ཕྱིར་ནངས་བློན་པོ་རྣམས་ཀྱིས་རྒྱལ་པོའི་གདུང་གདན་འདྲེན་ལ་རོལ་མོ་དང་ཆབ་གཅིག་བྱུང་། ངེད་ཀྱི་རྒྱལ་པོར་ཞིག་རེའི་ཚེ་ལས་མེད་པ་ལ་ཁྱེད་མ་འདས་པ་ངོ་མཚར་ཆེ་ཟེར་ནས་ཕྱག་འཚལ་ལོ། །འདིར་སྔར་རྒྱལ་པོའི་བཙུན་མོ་ཞིག་ཀླུ་བདུད་དུ་སྐྱེས་ནས་རྒྱལ་པོ་རྣམས་ཀྱི་སྲོག་བཅད་པར་འདུག་པ་ངས་བཏུལ་ཡོད། ད་སུ་བསྡད་ཀྱང་སྐྱོན་མེད་ང་འགྲོ་གསུངས་པས་འདིར་སྡོད་མཁན་སུ་ཡང་མེད་ཁྱེད་བཞུགས་དགོས་ཟེར་ནས་རྒྱལ་པོ་བྱས་པས། མངའ་ཐང་ཡང་ཇེ་ཆེར་སོང་ནས་རྒྱ་གར་ཕལ་ཆེར་ལ་དབང་བསྐུར། སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་མཛད་པས་ཆོས་རྒྱལ་དྷརྨ་པ་ལ་ཞེས་བྱ། དེའི་རྒྱལ་རྒྱུད་རྒྱལ་རབས་བདུན་ལ་རྒྱལ་པོ་བྱུང་བས་པཱ་ལ་བདུན་རྒྱུད་ཟེར། དེའི་དོན་གྱིས་རྒྱ་གར་


CMR022_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྒྱལ་པོ་ཕལ་ཆེར་གྱིས་ལྷ་འདི་ལ་ཡི་དམ་མཛད་པས། འདི་ཡི་སྒྲུབ་ཐབས་ཤིན་ཏུ་མང་བས་དེ་རྣམས་ཀྱིས་དབང་རིམ་པ་བཞིན་དུ་བསྐུར་བ་ཡིན། དེ་ལ་མགྲོན་པོ་དང་གནས་སྐོར་སོགས་ཐག་རིང་དུ་འགྲོ་མཁན་རྣམས་ཀྱིས་འདི་ཡི་དབང་ཐོབ་ན།། མགོ་ཐོན་པ་དང་། དགྲ་དང་ཁ་མཆུ་མང་བ་རྣམས་ཀྱིས་འདི་ཡི་དབང་ཐོབ་ན་ཤིན་ཏུ་ཕན་པ་ཡིན་པས་དེ་ལྟ་བུའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ།། ༈ །།འཕགས་མ་ལོ་མ་གྱོན་མའི་དབང་བཤད་བཞུགས་སོ། །འོ་ན་ད་ལམ་ཁྱེད་རྣམས་ལ་ལོ་མ་གྱོན་མའི་དབང་བསྐུར་བའི་ཐོག་མར་ལོ་རྒྱུས་ནི། སྔོན་གྱི་དུས་རི་རབ་ཀྱི་རྩེར་རིན་པོ་ཆེའི་གཞལ་ཡས་ཁང་ན་རིགས་ལྔའི་སངས་རྒྱས་དཔག་ཏུ་མེད་པ་འདུས་ནས་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་ཏིང་ངེ་འཛིན་མི་གཡོ་བར་སྣང་བ་ལ་དབང་བསྐུར་ནས་ཆེར་གཟིགས་པས་ཁྲོ་བོའི་རྒྱལ་པོ་རྣམ་པར་སྣང་མཛད་དུ་སྐུ་མདོག་ལྗང་གུ་དབུ་བཅུ་ཕྱག་སྟོང་ཞབས་སུམ་ཅུ་སོ་གཉིས་དང་ལྡན་པར་གྱུར་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནམ་མཁའ་ཞབས་ཀྱིས་མནན་འོད་ཟེར་བཀྱེ་སྟེ་འཇིག་རྟེན་གྱི་ཁམས་དག་པར་བྱས། དེ་ནས་སྤྲུལ་པ་བསྡུ་སྟེ་


CMR022_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ནི་སྡུག་པའི་གཟུགས་སུ་གྱུར་ནས་བསྟན་པ་བསྲུང་ཞིང་སེམས་ཅན་གྱི་དོན་བྱེད་པར་སྨོན་ལམ་བཏབ། དེ་མ་ཐག་ཏུ་དཔལ་ལྡན་ལྷ་མོ་དཔོན་གཡོག་གི་སྐུར་གྱུར་ནས་འཇིག་རྟེན་གྱི་ཁམས་སུ་རྒྱུའོ། །དེར་ལྷའི་བུ་ལ་ལ་ནི་འཇིགས་ཤིག་བསྔངས། ལ་ལས་ལྟ་ཞིང་དགོད། ལ་ལས་ལྟ་བར་མི་ནུས། ལ་ལས་སྐྱབས་སུ་འགྲོའོ། །དེར་སྤྱན་རས་གཟིགས་ཀྱིས་འདི་ལ་མ་འཇིགས་མ་གཤེ་བར་སྐྱབས་དང་གླིང་དུ་ཤེས་ཏེ་མཆོད་ཅིག་བསྟོད་ཅིག་གསུངས་པས། ལྷ་རྣམས་དང་སྡེ་བརྒྱད་རྣམས་ཀྱིས་བསྟོད་པ་རྒྱ་ཆེར་མཛད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གནས་རིན་པོ་ཆེའི་བརྒྱན་པ་ལྟ་བུར་གྱུར། དེ་ནས་ལྷ་མོ་ཉིད་ཏིང་ངེ་འཛིན་ལ་བཞུགས་ནས་ལྷ་མོ་ཉིད་ཀྱིས་ཞིང་ཁམས་རྣམ་པར་དག་ཚུལ་དང་། མ་འོངས་པའི་སངས་རྒྱས་དཔལ་ལྡན་ནོར་བུ་རིན་པོ་ཆེ་ལས་བྱུང་བ་ཉིད་ཡིན་པར་གསུངས། འགྲོ་བ་རིགས་དྲུག་གི་གནས་སུ་བྱོན་ནས་ཆོས་བསྟན་པས་རིགས་དྲུག་གི་སེམས་ཅན་རྣམས་དྲངས། གདུག་པ་ཅན་རྣམས་དམ་ལ་བཏགས་པས། དམྱལ་བ་སྟོང་མཛད་མ། ཡི་དྭགས་ཚིམ་མཛད་མ། དུད་འགྲོའི་ལྷ་མོ་གཡང་ཤམ་མ་


CMR022_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གྲགས། དེ་ནས་རི་རབ་ཀྱི་སྟེང་ཡོངས་འདུས་ཤིང་དུ་བྱོན་པས་ཕྱག་ན་རྡོ་རྗེས་སངས་རྒྱས་ཐམས་ཅད་ཀྱི་བསྟན་འཛིན་མ་ལ་མཆོད་ཅིག་བསྟོད་ཅིག་གསུངས་་པས། ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱིས་བསྟོད་པ་བྱས་སོ། །ཕྱག་ན་རྡོ་རྗེས་ལྷ་མོ་འདི་ལ་བསྟོད་པ་ནི་ང་ལ་བསྟོད་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ལ་བསྟོད་པ་ཡིན་ནོ། །ལྷ་མོས་ཀྱང་མི་དེ་སྲུང་བར་བྱེད་དོ། །སྐྱོབ་པར་བྱེད་དོ། །ཅི་འདོད་པའི་དངོས་གྲུབ་སྟེར་རོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་ཀླུ་དུང་གི་མཛེར་པ་ཅན་ལ་ཁྱུང་གིས་འཚེ་བས་ལྷ་མོས་ཁྱུང་བཏུལ་ནས་ཀླུ་བསྐྱབས་པས་ལྷ་མོ་དུང་སྐྱོང་མ་ཞེས་གྲགས། དེ་ནས་རི་ཁྲོད་མདངས་དགའ་བ་ན་ཤིང་རི་ཁྲོད་ཅེས་བྱ་བའི་ལོ་མ་གྱོན་ནས། འཕགས་པ་མི་ཕམ་པའི་གཟུངས་བཟླས་པས། ལྷ་མོ་རི་ཁྲོད་ལོ་མ་ཅན་པཎ་ཤ་ཝ་རི་ཞེས་གྲགས་སོ། །འདི་ཡི་གཟུངས་ནི་བྱ་རྒྱུད་པདྨའི་རིགས་ཀྱི་ཁྲོ་མོ་ཡིན། སྒྱུ་འཕྲུལ་དྲྭ་བ་སོགས་རྣལ་འབྱོར་རྒྱུད་དང་། སཾ་བྷུ་ཊི་དང་དངོས་གྲུབ་བསྟན་གཟིགས་སོགས་བླ་མེད་ནས་ཀྱང་གསུངས། དེ་ལ་དཔལ་སམྦུ་ཊི་ལས། གདུག་རྩུབ་ཐམས་ཅད་ཞི་བ་དང་། །ནད་


CMR022_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཐམས་ཅད་འཕྲོག་བྱེད་པ། །པཎ་ཤ་ཝ་རི་ཞེས་བྱ། །རྣལ་འབྱོར་ཅན་གྱིས་བསྒོམ་པར་བྱ། །བཅོམ་ལྡན་རྡོ་རྗེ་འཛིན་པས་གསུངས། །ཞེས་སོ། །རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲ་བ་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་ནད་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། མྱ་ངན་ཆེན་པོ་ཉེ་བར་ཞི་བར་བྱེད་པའི་རིག་སྔགས་རི་ཁྲོད་ཀྱི་ཤིང་ལོ་ཅན་འདི་གསུངས་སོ། །ཨོཾ་པི་ཤ་ཙི་པཎ་ཤ་ཝ་རི་སརྦ་མ་རི་པྲ་ཤ་མ་ཎ་ཧཱུྃ་ཕཊ། དེ་ནས་རིག་སྔགས་ཆེར་གསུངས་པས། །སངས་རྒྱས་ཞིང་རྣམས་རབ་ཏུ་གཡོས། །གནོད་བྱེད་ནད་འགོ་སྲིན་པོ་དང་། །སྡང་བ་རྣམས་ཀྱི་སྙིང་ཡང་ཟག །ཅེས་དང་། དེ་ནས་དེ་འདྲ་རྣལ་འབྱོར་གྱིས་བསྒོམས་ན། །མི་ངེས་ཐམས་ཅད་ཞི་བར་འགྱུར། ནད་ཐམས་ཅད་ཞི་བར་བྱེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཞེས་དང་། དངོས་གྲུབ་བསྟན་གཟིགས་ལས། བྱང་ཆུབ་སེམས་དཔའ་མི་གཡོ་བའི་ཏིང་ངེ་འཛིན་གྱི། སྨོམ་ལམ་གྱི་རྣམ་པར་འཕྲུལ་པ་བསྟན་པའི་ཕྱིར། བཀྲ་ཤིས་པའི་ལྷ་མོའི་གསང་སྔགས་བཅུ་གཅིག་པ་འདི་བྱིན་གྱིས་བརླབས་


CMR022_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཨོཾ་པཎ་ཤ་ཝ་རི་པི་ཤ་ཙི་སྭཱ་ཧཱ། བཀྲ་ཤིས་ཀུན་གྱི་བདག་མོ་སྟེ། །ལུས་ཅན་ཀུན་གྱི་སྐྱབས་སུ་འགྱུར། །སྲིད་པ་མ་སྟོང་བར་དུ་ནི། །འཇིག་རྟེན་ཀུན་ལ་བར་ཆད་མེད། །ཕན་པར་མཛད་པའི་བརྩོན་འགྲུས་ཅན། །འདི་དག་ཡོངས་སུ་བསྟན་པར་བྱེད་པ་གང་དག་ལུས་དང་ངག་དང་ཡིད་རྣམ་པར་དག་པར་འགྱུར། བྱང་བར་འགྱུར་དག་པར་འགྱུར། ཡུལ་བདེ་བར་འགྱུར། གནོད་པ་ཐམས་ཅད་ཡང་དག་པར་སྦྱང་བར་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟར་རྒྱུད་སྡེ་ཐམས་ཅད་ནས་ཡམས་ནད་རིམས་ནད་ཞི་བའི་མཆོག་ཏུ་གསུངས་པའི་ཕྱིར། ཁྲོམ་སོགས་འདུ་བ་ལ་ཡང་། ཐོག་མར་འདིའི་དབང་བསྐུར་སྲོལ་ཡོད། འདི་ལ་ཡང་རིགས་མང་དུ་ཡོད་ཅིང་། སྒྲུབ་ཐབས་ཀྱི་གཞུང་ལ་ཡང་སེར་མོ་ཞལ་གསུམ་ཕྱག་དྲུག་དང་། ཞལ་གསུམ་ཕྱག་བཞི་པ་གཉིས་ཡོད་པ་ཡང་གཅིག་ཏུ་བསྡུས། ལྗང་མོ་དང་སེར་མོའི་དབང་གཉིས་སོ་སོར་བསྐུར་བ་རྗེ་ཆོས་ཀྱི་དབང་ཕྱུག་གི་ཕྱག་ལེན་ཡིན་པས། དེ་ལྟར་ལོ་མ་གྱོན་མའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ།། ༈ །ཤེར་ཕྱིན་སྤྱིའི་དབང་བཤད་མདོར་བསྡུས་བཞུགས་སོ། །འོ་ན་ད་


CMR022_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཁྱེད་རང་རྣམས་ལ་ཤེར་ཕྱིན་མའི་དབང་བསྐུར་བའི་ཐོག་མར་ལོ་རྒྱུས་ཅུང་ཟད་ཞུ་ན། བཅོམ་ལྡན་འདས་ཀྱི་བྱ་རྒོད་ཕུང་པོའི་རི་བོར་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཤེར་ཕྱིན་རྒྱས་པ་བྱེ་བ་ཕྲག་བརྒྱ་པ་ནི་ད་ལྟ་དྲི་ཟའི་ཡུལ་དུ་བཞུགས། མི་ཡུལ་དུ་བཞུགས་པ་རྒྱས་པ་སྟོང་ཕྲག་བརྒྱ་པ་དང་། འབྲིང་པོ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་དང་། བསྡུས་པ་བརྒྱད་སྟོང་པ་སོགས་ཤེར་ཕྱིན་ཡུམ་སྲས་བཅུ་བདུན་རྣམས་ནི་མདོ་ཡིན་ལ། དེ་དག་གི་གཟུངས་འབུམ་ནས་འབྱུང་བ་དང་ཤེས་རབ་སྙིང་པོ་སོགས་ནི་བྱ་རྒྱུད་ཀྱི་ཕྱོགས་སུ་རྟོགས། དེ་ལ་ཆོས་སྐུ་ཡུམ་ཆེན་མོ་ནི་སྟོང་པ་ཉིད་ཡིན་ཏེ། ཉན་ཐོས་དགྲ་བཅོམ་པ་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་རྫོགས་པའི་སངས་རྒྱས་རྣམས་དེ་ལས་འཁྲུངས་པས་འཕགས་པ་བཞི་བསྐྱེད་པར་བྱེད་པའི་ཡུམ་ཞེས་བྱ། དེ་ལ་གཟུགས་ཁ་དོག་དངོས་པོ་མེད་ཀྱང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་སེམས་ཅན་ཚོགས་བསགས་པའི་རྟེན་དུ་གཟུགས་ཀྱི་སྐུར་འབྱོན་པར་གསོལ་བ་བཏབ། འོག་མིན་གྱི་གནས་སུ་རིན་པོ་ཆེའི་གཞལ་ཡས་ཁང་གི་དབུས་སུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་


CMR022_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་ལ། ཡུམ་ཆེན་མོ་གསེར་མདོག་ཅན་ཞལ་ཕྱག་གི་རྣམ་པར་བཞེངས་ཏེ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ནས་བཞུགས་སོ། །དེ་ལ་རྣལ་འབྱོར་རྒྱུད་ལས་འཕྲོས་པའི་རྒྱུད་དཔལ་མཆོག་གི་རྒྱུད་ཀྱི་དུམ་བུ་དང་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱུད་ཀྱི་དུམ་བུ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་བརྒྱ་ལྔ་བཅུ་པ་དང་། ཤེར་ཕྱིན་སྒོ་ཉི་ཤུ་ལྔ་པ་རྣམས་རྣལ་འབྱོར་རྒྱུད་ཡིན། ཤེར་ཕྱིན་དཀར་མོ་རྡོ་རྗེ་གུར་གྱི་རྒྱུད་ལས་བཤད་པ་ནི་བླ་མེད་ཡིན་ཏེ། གསང་སྔགས་རྣམ་པ་ལམ་དུ་བྱེད་པས་ཤེར་ཕྱིན་སྐུར་བསྒོམས་ཤིང་སྔགས་བཟླས་པས་ཤེར་ཕྱིན་ཉམས་སུ་ལེན་པའི་ཕན་ཡོན། མདོ་འབུམ་ཉེར་ལྔ་སོགས་ནས་མཐའ་ཡས་པར་གསུངས་པས་བརྗོད་པར་མི་ལོང་། མདོར་བསྡུ་ན་རྡོ་རྗེ་གུར་ལས། ཤེར་ཕྱིན་དཀར་མོ་སྔགས་རིང་དང་བཅས་པ་གསུངས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བྱང་ཆུབ་པ་གང་བསྒོམས་པ་ཙམ་གྱིས་རྒོལ་བ་ཐམས་ཅད་སྤོབས་པ་མེད་པར་འགྱུར་རོ། །ཟླ་བ་དྲུག་བསླབ་རྣལ་འབྱོར་གྱིས། །ཤེས་རབ་ཕ་རོལ་ཕྱིན་མར་འགྱུར། །ཉིན་ཞག་བདུན་དུ་རབ་སྦྱོར་བས། །བསྟན་ཆོས་


CMR022_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རྣམ་པར་ཤེས། །བཟླས་པ་འབུམ་དུ་རབ་སྦྱོར་བས། །ཉི་མ་རེ་རེར་ཚིགས་བཅད་བརྒྱ། །རབ་ཏུ་འབད་པ་མེད་པར་བྱེད། །ཚིགས་བཅད་བརྒྱ་ནི་ཁ་ཐོན་ཟིན། བྱ་རོག་མ་ལངས་ཙམ་ན་མ་བསླང་བའི་རྩབ་མོ་ལ་སྔགས་འདི་ལན་བདུན་མངོན་པར་བཟླས་ནས་ཟླ་བ་དྲུག་ཏུ་གང་འཐུང་བ་དེ་ཤེས་རབ་ཆེ་བར་འགྱུར་རོ། །སངས་རྒྱས་ཐམས་ཅད་བསྒོམས་བྱས་པ། །ངེས་པར་བྱང་ཆུབ་མ་ཐོབ་ཀྱང་། །དེ་ཡིས་འཁོར་ལོས་སྒྱུར་བའི་གནས། །དེར་ནི་སྐྱེ་ཞིང་སྐྱེ་བར་འགྱུར། །ཡང་ན་ས་ཡི་བདག་པོར་འགྱུར། །དག་པའི་གནས་སུ་ངེས་པར་འགྲོ། །བློ་ལྡན་དགའ་ལྡན་གནས་སུ་སྐྱེ། །ནམ་མཁའི་གྲོང་ཁྱེར་བདེ་བ་དག །ཚེ་འདི་ཉིད་ལ་འགྲུབ་པ་གང་། །དེ་ལ་སངས་རྒྱས་སྨོས་ཀྱི་དགོས། །ཁམས་གསུམ་ནང་ན་ཆེ་བ་སྟེ། །ཤི་དང་དགའ་བའི་ཁྱད་པར་མེད། །རྒྱལ་བྱིན་ཚངས་པ་དེ་བཞིན་གྲགས། །ཁྱབ་འཇུག་དང་ནི་མེ་དང་རླུང་་། །འདོད་པའི་ལྷ་དང་ཐོད་པ་འཛིན། །འདི་དག་དེ་ཡི་བྲན་དུ་འགྱུར། །ལྷ་ཀླུ་དེ་བཞིན་གནོད་སྦྱིན་དང་། །དྲི་ཟ་དང་ནི་ལྷ་མིན་མི། །མི་འམ་ཅི་དང་མཁའ་ལ་སྤྱོད། །དེ་ཀུན་འཁོར་དུ་ཐེ་


CMR022_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་མེད། །འདི་ནི་རབ་བྱུང་བཅོམ་ལྡན་འདས། །ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད། །འཁྲུངས་པ་དང་ནི་བྱང་ཆུབ་དང་། །དེ་བཞིན་ལྷ་ཡུལ་གཤེགས་པར་མཛད། །ཁབ་ནས་བྱུང་བའང་བྱེད་པ་དང་། །དཀའ་ཐུབ་རྣམ་པར་འཛིན་པར་གང་། །སྐྱེ་བ་ཡོངས་སུ་བཟུང་བ་དང་། །མྱ་ངན་འདས་པ་ཡང་སྟོན་མཛད། །འཇིག་རྟེན་འདུལ་བར་རབ་བརྙེས་ནས། །དེ་ནི་དུ་མའི་གཟུགས་སུ་བྱེད། །སེམས་ཅན་དྲང་ཕྱིར་སངས་རྒྱས་ནི། །སངས་རྒྱས་གར་གྱིས་གར་མཛད་དེ། །རི་བོང་ས་རུ་སེང་གེ་དང་། །གླང་པོ་ཆེ་རྣམས་རི་ལ་ཡང་། །སྙིང་རྗེའི་ཕན་པའི་སེམས་ཀྱིས་སུ། །ཕྱག་རྒྱའི་དངོས་གྲུབ་སྐྱེ་བ་ལེན། །ཞེས་གསུངས། དེ་ལྟར་ཐུན་མོང་གི་དངོས་གྲུབ་ཤེས་རབ་ཆེ་བ་ནས་བཟུང་སྟེ་མཆོག་གི་དངོས་གྲུབ་སངས་རྒྱས་ཀྱི་མཛད་པ་ཕྲིན་ལས་ཀྱི་བར་ཐོབ་པར་གསུངས་སོ། །དེ་ལ་འདིར་ཤེར་ཕྱིན་གྱི་སྒྲུབ་ཐབས་མང་དུ་འབྱུང་བའི་དབང་རྣམས་རིམ་པར་ཞུ་བའི་ཕྱིར་མཎྜལ་ཕུལ།། ༈ །།ལྷ་མོ་དབྱངས་ཅན་མའི་དབང་བཤད་བཞུགས་སོ། །འོ་ན་ད་ལམ་ཁྱེད་རྣམས་ལ་ལྷ་མོ་དབྱངས་ཅན་མའི་དབང་བསྐུར་བ་ལ་ལོ་རྒྱུས་ཟུར་ཙམ་ཞུ་


CMR022_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ན། རྒྱ་གར་གྱི་སློབ་དཔོན་མཚོ་སྐྱེས་ཀྱི་ཞལ་ནས། ཕྱི་ལྟར་དབྱངས་ཅན་མ་ནང་ལྟར་རྡོ་རྗེ་ཕག་མོ་གསང་བ་ལྟར་ལྷ་མོ་དུད་སོལ་མ་རྣམས་ངོ་བོ་གཅིག་པར་གསུངས། རྗེ་བཙུན་འཇམ་དབྱངས་ཀྱི་ཡུམ་ཡིན་པས་ཡེ་ཤེས་ཀྱི་ལྷ་མོ་མཆོག་ཏུ་གྱུར་ཅིང་གསེར་འོད་ལས་ཀྱང་དཀོན་མཆོག་གསུམ་ཀའི་ངོ་བོར་བཤད། དཀྱིལ་འཁོར་ཐམས་ཅད་ཀྱི་སྒེག་སོགས་ལྷ་མོ་བརྒྱད་ཀྱི་ནང་ནས་ལཱ་སྱ་དཀོར་མོ་དེ་ཡིན་ཀྱང་། རྣམ་པ་འཇིག་རྟེན་པའི་ཚུལ་གྱིས་རྒྱ་གར་ཆུ་བོ་གངྒཱ་ལ་གནས་པས་གངྒཱའི་ལྷ་མོ་སྟེ་གནོད་སྦྱིན་ཡང་དག་ཤེས་ཀྱི་ཡུམ་ཡིན་པས་ནོར་ལྷ་མོ་བརྒྱད་ཀྱི་གྲ་གཅིག་ཡིན། འདི་བསྒྲུབས་ན་སྒྲ་དང་སྙན་ངག་ལ་སོགས་རིག་པའི་གནས་ཐམས་ཅད་ལ་མཁས་པ་ཡིན་པས། རྒྱ་གར་དུ་ཕྱི་པ་དང་ནང་པའི་པཎྜི་ཏ་ཕལ་ཆེར་གྱིས་ཡི་དམ་མཛད། བོད་དུ་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱིས་ཞག་བདུན་སྒྲུབ་པས་ཞལ་གཟིགས་ནས་བརྩམ་ཆོས་བཀའ་འགྱུར་གཉིས་གསུམ་གྱི་སྡོམ་ཙམ་མཛད་སྐད། འདི་དྲག་མོར་སྒྲུབ་པ་ན་དམག་ཟོར་མ་ཡིན་པས་མངོན་རྒྱུག་ཏུ་འཁོར་ནས་བོ་དོང་ཨ་ཕྱི་ཞེས་གྲགས། རྒྱ་གར་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དུ་དབྱངས་ཅན་མའི་བླ་མཚོ་ཞིག་ཡོད། དེའི་


CMR022_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཆུའི་རི་མོ་ལ་ཡང་དབྱངས་གསལ་བྱེད་ཀྱི་ཡི་གེ་འཆར་ཞིང་ཆུ་སྒྲ་ཐམས་ཅད་ཀྱང་དབྱངས་གསལ་བྱེད་ཀྱི་སྒྲ་གྲག་པ་ཞིག་ཡོད། དེར་སྐེད་པ་མན་ཆད་མཚོ་ནང་དུ་འདུག་ནས་ཞག་བདུན་གཉིད་མ་ལོག་པར་དབྱངས་ཅན་མ་བསྒྲུབས་ན། ཞལ་གཟིགས་པ་ཡིན་སྐད། དུས་ཕྱིས་པཎྜི་ཏ་དབྱངས་ཅན་དགའ་བ་ཞེས་བྱ་བས་སྒྲ་ཡི་མཐའ་མ་ཆོད་ནས་མཚོ་ནང་དེར་དབྱངས་ཅན་མ་བསྒྲུབས་པས་ཞལ་གཟིགས། སྔར་གྱི་སྒྲ་ཡི་བསྟན་བཅོས་རྣམས་རྡོ་རྗེ་གདན་དུ་མེ་སྒྲ་བྱུང་དུས་ཚིག་ནས་མ་ཚང་བ་ཡིན་པར་འདུག །དབྱངས་ཅན་མའི་ཞལ་ནས་གསུངས་པ་ཡི་གེར་བྲིས་ཏེ་ཚང་བར་བྱས། པཎྜི་ཏ་དེ་བོད་དུ་ཕེབས་ནས་རྗེ་བཙུན་ཏ་ར་གྷ་རུ་དང་ལོ་ཆེན་སངས་རྒྱས་དཔལ་བཟང་སོགས་ཀྱིས་བསྒྱུར་ནས་ཡར་ཐང་མར་ཐང་སོགས་སུ་དར་བ་འདི་ཡིན། ལྷ་མོ་འདིའི་བསྙེན་སྒྲུབ་བྱས་ན། ཤེས་རབ་བློ་ཁ་རལ་ནས་ཀྱང་། །ཐོས་འཛིན་ཐམས་ཅད་མཁྱེན་པར་འགྱུར། །ཞེས་གསུངས་པའི་ཕྱིར་ཡོན་ཏན་སློབ་པར་འདོད་པ་རྣམས་ཀྱིས་བསྙེན་སྒྲུབ་བྱས་ན་ཤིན་ཏུ་ཕན་ཡོན་ཆེ། ཁྱད་པར་དུ་གཟུགས་བཟང་བ་དང་དབྱངས་སྙན་པ་དང་ཟིན་ཐུན་ལོབ་སྐྱེན་པ་དང་སྒྲ་དང་


CMR022_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་ངག་དང་རྩོམ་མཁས་པ་དང་། བགྲོ་གླེང་གིས་ཚེ་རྩོད་པ་ལས་རྒྱལ་བ་དང་ཤུགས་ཀྱིས་རིག་པའི་གནས་རྣམས་ལ་མཁས་པར་འགྱུར་བའི་ཕྱིར། རྒྱ་གར་དུ་ཡང་བྲམ་ཟེ་རྣམས་དང་མུ་སྟེགས་རྣམས་དང་། ནང་པའི་པཎྜི་ཏ་སོགས་འདི་ལ་ཐུགས་དམ་བྱེད་མཁན་ཤིན་ཏུ་མང་བ་ཡིན་སྐད། འདིའི་གཟུངས་ནི་བྱ་རྒྱུད་པདྨ་རིགས་ཀྱི་ཕོ་ཉ་མོ་ཡིན། གཤིན་རྗེའི་གཤེད་ཀྱི་རྒྱུད་ནས་བཤད་པ་ནི་བླ་མེད་ཡིན། པི་ཝང་དབྱངས་ཅན་མ་འདི་ནི་ཕྱི་ནང་ཐུན་མོང་ཡིན་པར་འདུག་གོ །དེ་རྣམས་ཀྱི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ།། ༈ ། །།ལྷ་མོ་ཀུ་རུ་ཀུལླེའི་དབང་བཤད་བཞུགས་སོ། །འོ་ན་ད་ལམ་ཁྱེད་རྣམས་ལ་དབང་བསྐུར་བའི་ཐོག་མར་ལོ་རྒྱུས་ཟུར་ཙམ་ཞུ་ན། རྒྱ་གར་སྐད་དུ་ཀུ་རུ་ཀུལླེ། བོད་སྐད་དུ་རིག་བྱེད་མ་ཞེས་ཀྱང་བྱ། སྒྲོལ་མའི་རིགས་ཡིན་པས་དབང་བྱེད་སྒྲོལ་མ་ཞེས་ཀྱང་བྱ། སྒྲོལ་མ་ཉི་ཤུ་རྩ་གཅིག་གི་དཀྱིལ་འཁོར་གྱི་གཙོ་མོ་ཡང་ཡིན། འདི་དགྱེས་རྡོར་གྱི་རྒྱུད་ནས་བཤད་པའི་བླ་མེད་དང་། སྒྲོལ་མ་མངོན་རྟོགས་འབྱུང་དང་། ཀུ་རུ་ཀུལླེའི་རྟོགས་པ་རྣམས་ནི་རྣལ་འབྱོར་ཆེན་པོའི་རྒྱུད་དུ་བཞེད། སྔོན་གྱི་དུས་ན་སྒྲོལ་མ་འབྱུང་བ་རྣལ་འབྱོར་རྒྱ་


CMR022_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་གཞུང་ནང་། རྟོགས་པ་བྱུང་ཡང་ནུབ་ནས་སྒྲོལ་མ་འབྱུང་བའི་ཏིང་ངེ་འཛིན་ཞེས་བྱ་བའི་རྒྱུད་ཀྱི་གཙོ་བོ་འབྱུང་བ་ཡང་ནུབ་སྟེ། དེ་ནས་ཀུ་རུ་ཀུལླེའི་རྟོགས་པ་འདི་ནི་རྒྱུད་རྒྱས་པ་རྣམས་ནས་བསྡུས་ཏེ་འཇིག་རྟེན་དབང་ཕྱུག་གིས་གསུངས་པ་ཡིན། གཞོན་ནུ་སྒྲ་གཅན་འཛིན་ལྷུང་བཟེད་བཀྲུ་ཕྱིར་རྫིང་བུ་རིང་མོར་ཞུགས་པ་ན། གྲགས་འཛིན་མའི་བུས་དགེ་སློང་དཀར་པོ་དང་འཁྲུལ་ཏེ་རྫིང་དྲངས་པས་སྒྲ་གཅན་འཛིན་གྱིས་སྔགས་འདི་བཟླས་པས་ཉེ་ཞོ་མེད་པར་ཐར་བ་དང་། བཅོམ་ལྡན་འདས་ཀྱིས་བསྟན་པ་བསྲུང་བའི་ཕྱིར་ནག་པོ་ཆེན་པོ་ལ་ཉིད་ཀྱིས་ཆངས་བུའི་གསོས་པའི་སྲིན་མོ་འཕྲོག་མ་བྱིན་ཀྱང་ནག་པོའི་བརྩི་བར་མ་བྱས་སོ། །མོ་ཡིད་མུག་པ་ལ་ཀུ་རུ་ཀུལླེ་འདི་གསུངས་པས་བསྐལ་པ་བཟང་པོར་གྱུར་ཏེ། ནག་པོ་དབང་དུ་འདུས་སོ། །ཤིན་ཏུ་བཟང་བའི་བུ་སྣར་མ་བྱ་བ་གཟུགས་བཟང་སྟོབས་དང་ལྡན་ཡང་བློ་རྟུལ་བ་ལ་འདི་གསུངས་པས་བསྟན་བཅོས་དང་བཟོའི་གནས་ཐམས་ཅད་ལ་མཁས་སོ། །གསང་སྔགས་ལྡན་པ་བཅོམ་ལྡན་འདས་མ་གང་ཞིག་སྒོམ་བྱེད་པ། །དེ་ནི་སྣ་ཚོགས་གཏེར་དང་གསེར་དང་དངུལ་དང་རྣ་ཆ་དང་། །


CMR022_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གོས་ལ་སོགས་པའི་ནོར་རྣམས་ཆེད་དུ་གང་བསམ་པ། །སེམས་ཀྱིས་ཐམས་ཅད་མ་ལུས་ལོངས་སྤྱོད་བྱེད། །རྒྱལ་པོའི་ལས་ནི་རྒྱལ་སྲིད་དབང་པོ་ཡི། །ཡུལ་འདས་པ་ཡིས་ཤིང་ལས་འབྲས་བུ་དང་། །ཀླུ་དང་ཆུ་ཀླུང་རྒྱ་མཚོ་རྣམ་པར་འགུགས། །སྔགས་དང་ལྡན་པས་འཐུང་ཞིང་ཟོས་པ་སྔགས་ཀྱིས་དག་པར་བྱེད། །ཅེས་དང་། ཡང་འདིའི་རྟོགས་པ་ལས། གསང་སྔགས་འདི་དང་རྟོགས་པ་འདི་ཙནྡན་གྱི་དཀྱིལ་འཁོར་བྱེད་ན་ཀློག་པར་བྱེད་པ་དེའི་ལུས་ལ་དུག་གིས་གནོད་པ་མི་འབྱུང་། དུག་གིས་འཆི་བར་མི་འགྱུར། ཤུ་བས་འཇིགས་པ་མི་འབྱུང་། གཡེམ་པས་འཇིགས་པ་མི་འབྱུང་། མཛེ་ནད་ཀྱིས་འཇིགས་པ་མི་འབྱུང་། ནད་ཀྱིས་འཇིགས་པ་མི་འབྱུང་། ཀླུས་འཇིགས་པ་མི་འབྱུང་། སྦྲུལ་གྱིས་འཇིགས་པ་མི་འབྱུང་། སྟག་དང་གཅན་གཟན་གྱིས་འཇིགས་པ་མི་འབྱུང་། མཚོན་གྱིས་འཇིགས་པ་མི་འབྱུང་། དགྲས་འཇིགས་པ་མི་འབྱུང་། དབུལ་བས་འཇིགས་པ་མི་འབྱུང་་། དུས་མ་ཡིན་པར་འཆི་བར་འབྱུང་བ་མི་འགྱུར་རོ། །བརྟག་གཉིས་ལས། ཀུ་རུ་ཀུལླེའི་གསུངས་ནས། འདི་ནི་བསྒོམས་པ་ཙམ་གྱིས་ནི། །འཇིག་རྟེན་གསུམ་པོ་


CMR022_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱེད། །འབུམ་ཕྲག་གཅིག་གིས་རྒྱལ་པོ་རྣམས། །ཁྲི་ཡིས་འཇིག་རྟེན་ཕལ་པ་ཉིད། །བྱེ་བ་ཕྲག་དང་གནོད་སྦྱིན་སོགས། །འབུམ་ཕྲག་བདུན་གྱིས་ལྷ་མ་ཡིན། །འབུམ་ཕྲག་གཉིས་ཀྱིས་ལྷ་རྣམས་དང་། །བརྒྱ་ཕྲག་གཅིག་གིས་སྔགས་པ་ཉིད། །ཅེས་སོ། །རྒྱུད་དེ་དག་ལ་བརྟེན་པའི་སྒྲུབ་ཐབས་ནི། རྒྱ་གར་གྱི་ཡུལ་དུ་རྒྱལ་པོ་ཞིག་རྐྱེན་ཞིག་གིས་བསྐུལ་ནས་བཅོམ་ལྡན་འདས་མའི་སྤྲུལ་པ་མཁའ་འགྲོ་མ་སྨུག་མོ་ཞིག་དང་མཇལ། དེའི་དབང་བསྐུར་སྒྲུབ་ཐབས་གནང་བས། གྲུབ་པ་ཐོབ་ནས་རྒྱ་ཀླུ་གར་གྱི་གྲུབ་ཆེན་ལྷན་ཅིག་སྐྱེས་པའི་རོལ་པ་ཞེས་གྲགས། དེས་སྒྲུབ་ཐབས་མཛད་པ་ནས་བཟུང་སྟེ་རྒྱ་གར་དུ་དར། བ་རི་ལོཙྪ་བས་བོད་དུ་བསྒྱུར་ཏེ་ས་སྐྱའི་གསེར་ཆོས་བཅུ་གསུམ་ལས། བཀའ་རྒྱ་ཅན་ལྷ་དམར་པོ་རྣམ་གསུམ། དེའི་ནང་ནས་མཆོག་གི་དངོས་གྲུབ་དབང་དུ་བྱེད་པ་ལྷ་མོ་ཀུ་རུ་ཀུལླེ་ཞེས་བྱ་བ་ཟབ་ཆོས་བླ་ན་མེད་པར་བྱེད་པ་ཡིན། འདི་ལ་ཡང་སྒྲུབ་ཐབས་མི་འདྲ་བ་མང་ཞིག་ཡོད་པའི་དབང་རིམ་པ་བཞིན་དུ་ཞུ་བའི་ཕྱིར་མཎྜལ་ཕུལ།། །།སོ་སོར་འབྲང་མ་སོགས་ལྷ་མོ་ལྔའི་དབང་བཤད་བཞུགས་སོ། །འོ་ན་ད་


CMR022_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཁྱེད་རྣམས་ལ་སོ་སོར་འབྲང་མ་ཆེན་མོའི་དབང་བསྐུར་བ་ཡིན་ཏེ། དེ་ལ་ལོ་རྒྱུས་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྡོ་རྗེ་ལྷུན་པོའི་ཟོམ་ན་འཁོར་དཔག་ཏུ་མེད་པ་དང་ཐབས་ཅིག་ཏུ་བཞུགས་པའི་ཚེ། མཛོད་སྤུ་ལས་འོད་ཟེར་ཆེན་པོ་རབ་ཏུ་སྐྱེས་ཏེ་བཀའ་སྩལ་པ། ཉེས་པ་ཀུན་དང་གནོད་པ་ཀུན། །རབ་འཇོམས་སོ་སོར་འབྲང་མ་ཡི། །གཟུངས་འདི་རབ་ཏུ་བཤད་པར་བྱ། །འདི་ནི་ཐོབ་པ་ཙམ་གྱིས་ཀྱང་། །སྡིག་པ་ཀུན་ནི་ཟད་པར་འགྱུར། །སེམས་ཅན་ཀུན་ལ་བདེ་བ་སྦྱིན། །ནད་དོ་ཅོག་ལས་གྲོལ་བར་བྱེད། །ཐུབ་པ་ཡིས་ནི་འདི་སྐད་གསུངས། །རྨི་ལམ་ངན་དང་མཚན་མ་ངན། །གང་ཡང་ནད་འགོས་མི་ཟད་རྣམས། །ནད་ཀྱིས་བཏབ་དང་ནད་ཆེན་གྱིས། །གང་དག་ཟིན་ནས་ཁྲག་སྐྱུག་དང་། །གཞན་ཡང་རྣམ་པ་མང་པོའི་ནད། །འབྲས་དང་ཤུ་བ་སྐེམ་པ་དང་། །གང་ཡང་གནོད་པ་མི་བཟད་པས། །མི་ཡི་སྐྱེ་དགུ་ཟིན་པ་དག །མི་རྣམས་མ་རུངས་བྱ་བའི་ཕྱིར། །མཆོག་ཏུ་མི་ཟད་གནོད་བྱེད་རྣམས། །སྲུང་བ་སྟོབས་ཆེན་ག་ལ་བར། །དེ་དག་ཐམས་ཅད་མི་འབྱུང་ངོ་། །འདི་ཡི་བསྲུངས་བ་བྱས་ནས་ནི། །


CMR022_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བཅིངས་བ་དག་ཀྱང་གྲོལ་བར་འགྱུར། །ཞེས་དང་། བསྐྲད་པ་ཙམ་དང་རྡོ་རྗེས་བརྒྱབས་པ་ཙམ་གྱིས་དུས་མ་ཡིན་པར་འཆི་བ་དང་ནད་ཆེན་པོ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེའི་ནད་ཐམས་ཅད་ཀྱང་རབ་ཏུ་ཞི་བར་འགྱུར་རོ། །རྒྱུན་རིང་དུ་ན་བ་ལས་བྱབ་པ་ཙམ་གྱིས་རབ་ཏུ་ཞི་བར་འགྱུར་རོ། །ཞེས་དང་། ཕྱི་མའི་ཚེ་ཕྱི་མའི་དུས་ན་སེམས་ཅན་ཚེ་ཐུང་བ་རྣམས་དང་། བསོད་ནམས་ཆུང་བ་རྣམས་དང་། ལོངས་སྤྱོད་ཆུང་བ་རྣམས་ལ་ཕན་པར་བལྟའོ། །ཞེས་གསུངས་ཤིང་། རྡོ་རྗེ་གུར་ལས་ཀྱང་། །གཞོན་ནུ་ཡལ་བའི་བུད་མེད་ལ། །སོ་སོར་འབྲང་མ་རྟག་དྲན་བྱ། །ཞེས་གསུངས། བྱིས་སྦ་སྲུང་ཞིང་སྐྱོང་བའི་མཆོག་ཀྱང་ཡིན་ནོ། །དེ་ལྟར་སོ་སོར་འབྲང་མ་དང་། སྟོང་ཆེན་རབ་འཇོམས་དང་། རྨ་བྱ་ཆེན་མོ་དང་། བསིལ་བའི་ཚལ་མ་དང་། གསང་སྔགས་རྗེས་འཛིན་ཏེ་ལྷ་མོ་ལྔ་པོ་སོ་སོའི་ཕན་ཡོན་དང་ལོ་རྒྱུས་གཟུངས་གྲྭ་ལྔ་ནས་བཤད་པ་ཕལ་ཆེར་གྱིས་ཐུགས་ལ་མངའ་བ་ལྟར་ཡིན་ནོ། །དེ་ལྟར་ལྷ་མོ་ལྔའི་དབང་རིམ་པར་ཞུ་བའི་ཕྱིར་མཎྜལ་ཕུལ།། ༈ །།གཙུག་ཏོར་རྣམ་པར་རྒྱལ་མ་སོགས་གཙུག་ཏོར་རིགས་ཐམས་ཅད་ཀྱི་


CMR022_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བཤད་བཞུགས་སོ། །འོ་ན་ད་ལམ་ཁྱེད་རྣམས་ལ་གཙུག་ཏོར་རྣམ་པར་རྒྱལ་མའི་དབང་བསྐུར་བ་ཡིན་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཆོས་བཟང་ལྷའི་འདུན་ས་ན་བཞུགས་པའི་ཚེ། ལྷའི་བུ་ཤིན་ཏུ་བརྟན་པ་ཞེས་བྱ་བ། ལྷའི་ལོངས་སྤྱོད་ཆེན་པོ་དང་། ལྷའི་བུའི་ཚོགས་ཀྱིས་བསྐོར་ནས་རྩེ་དགའ་སྤྱོད་པ་ལས། མཚན་མོ་སྒྲ་ཞིག་ཐོས་ནས་ལྷའི་བུ་ཁྱོད་ཞག་བདུན་ནས་འཆི་སྟེ། འཛམ་བུའི་གླིང་དུ་འགྲོ་བ་བདུན་དུ་སྐྱེས་ནས་དམྱལ་བར་སྐྱེ། དེ་ནས་མིར་སྐྱེས་ན་ཡང་དམུས་ལོང་དབུལ་པོར་སྐྱེ་ཟེར་བ་ཐོས་པས། ལྷའི་བུ་སྐྲག་ཅིང་བསྔངས་ནས་བརྒྱ་བྱིན་ལ་ཇི་ལྟར་བྱ་ཞུས་སོ། །དེར་བརྒྱ་བྱིན་གྱིས་མངོན་པར་ཤེས་པས་བལྟས་པས། ལྷའི་བུ་དེ་ཤི་ནས་ཁྱི་དང་ཝ་དང་སྤྲེའུ་དང་སྦྲུལ་དང་བྱ་རྒོད་དང་གྲྭ་ཏ་སྟེ། བདུན་དུ་སྐྱེ་བར་མཐོང་ནས། མྱུར་དུ་བརྒྱ་བྱིན་གྱིས་མཆོད་པའི་ཚོགས་ཆེན་པོ་ཁྱེར་ནས་བཅོམ་ལྡན་འདས་ལ་མཆོད་ཅིང་ཕྱག་འཚལ་ནས་ཞུས་པས། དེ་མ་ཐག་བཅོམ་ལྡན་འདས་ཀྱི་གཙུག་ཏོར་ནས་འོད་ཟེར་ཆེན་པོ་བྱུང་སྟེ། འཇིག་རྟེན་ཐམས་ཅད་གསལ་བར་བྱས་ནས། སླར་བཅོམ་ལྡན་འདས་ཀྱི་ཞལ་དུ་ནུབ་སྟེ་གཙུག་ཏོར་རྣམ་པར་རྒྱལ་མ་


CMR022_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་འདི་གསུངས་སོ། །དེའི་ཚེ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཡང་དེར་བྱུང་ནས་བཅོམ་ལྡན་འདས་ལ་མཆོད་ཅིང་ཕྱག་འཚལ་ནས་གཙུག་ཏོར་རྣམ་པར་རྒྱལ་མ་འདི་འཆང་བའི་སེམས་ཅན་དེ་དག །བདག་གིས་སྲུང་ཞིང་སྐྱབས་ལ། དམྱལ་བ་ཐམས་ཅད་ལས་ཟློག་པར་བགྱིའོ། །ཞེས་ཁས་བླངས་སོ། །དེ་ནས་རྣམ་པར་རྒྱལ་མ་འདི་བརྒྱ་བྱིན་གྱིས་ལྷའི་བུ་ཤིན་ཏུ་བསྟན་པ་ལ་བཤད། དེས་ཉིན་ཞག་དྲུག་ཏུ་འདི་ཉམས་སུ་བླངས་བས། ཚེ་རིང་བར་གྱུར་ཅིང་ངན་སོང་གི་སྐྱེ་སྒོ་ཐམས་ཅད་ཆོད་ནས་ཕུན་སུམ་ཚོགས་པར་གྱུར་ཏེ། ལྷ་ཡི་བུ་དེ་འཁོར་དང་བཅས་ཏེ་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ནས་ཆེད་དུ་བརྗོད་ཅིང་མཆོད་པ་ཆེན་པོ་བྱས་ཏེ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཏུ་ལུང་བསྟན་ཏོ། །གཙུག་ཏོར་རྣམ་པར་རྒྱལ་མ་འདི་ནི་སངས་རྒྱས་གངྒཱའི་ཀླུང་འབུམ་ཕྲག་བརྒྱད་ཅུ་རྩ་བཞིའི་གསུངས་ཤིང་བྱིན་གྱིས་བརླབས་པར་ཡིན་པར་གསུངས་ཤིང་། སེམས་ཅན་ཚེ་ཐུང་བ་དང་། བསོད་ནམས་ཆུང་བ་དང་སྐྱེ་གནས་ངན་པར་སྐྱེ་བར་རྣམས་ལ་ཕན་པའི་ཆེད་དུ། འཛམ་བུའི་གླིང་དུ་བཞག་པ་ཡིན་པར་


CMR022_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། བརྗོད་མ་ཐག་ཚེ་ཟད་པའི་འཆི་བའི་ཚེ་ཕྱིར་ནུར་བར་འགྱུར། སངས་རྒྱས་ཐམས་ཅད་ཀྱིས་གཟིགས་ཤིང་རྒྱུན་དུ་སྲུང་བ་དང་། སྐྱབས་པར་བྱེད་པ་དང་། ངན་སོང་གསུམ་གྱི་གནས་སྟོང་ཞིང་ཞིག་པར་འགྱུར་བ་དང་། སངས་རྒྱས་ཀྱི་སྒོ་ཞིང་ཁམས་ཐམས་ཅད་ཀྱི་ཞིང་སྒོ་ཕྱེ་བར་འགྱུར། སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་པར་གསུངས། །དུད་འགྲོའི་རྣ་ལམ་དུ་བསྒྲགས་ན་ཡང་དེ་ཕྱིན་ཆད་ངན་འགྲོར་མི་སྐྱེ། ནད་པ་སྨན་པས་བོར་ན་ཡང་ནད་ལས་ཐར། ངན་འགྲོའི་སྐྱེ་བ་རྒྱུན་ཆད་ཤི་ནས་བདེ་བ་ཅན་དུ་སྐྱེའོ། །སྐྱེ་བ་ཐམས་ཅད་ལ་པདྨ་ལས་སྐྱེ་ཞིང་སྐྱེ་བ་དྲན་པར་འགྱུར། རྣམ་པར་རྒྱལ་མ་འདིའི་གཟུངས་ལན་གཅིག་ཐོས་མ་ཐག་བསྐལ་པ་སྟོང་དུ་བསགས་པའི་སྡིག་པ་བྱང་བ་དང་། ངན་སོང་གསུམ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་སྲིན་པོ་འབྱུང་པོ་ཤ་ཟ་ལུས་སྲུལ་པོ་དང་། བརྗེད་བྱེད་དང་སྦལ་སྦྲུལ་དང་ཁྱི་དང་གཅན་གཟན་འབུ་སྲིན་རྣམས་སུ་མི་སྐྱེ། རྒྱལ་རིགས་དང་བྲམ་ཟེ་དང་ཚོང་དཔོན་ཆེན་པོའི་རིགས་སུ་སྐྱེ་ཞིང་སངས་རྒྱས་རྣམས་དང་མཇལ་བར་འགྱུར་རོ་གསུངས་ན། འདིའི་དབང་ཐོབ་ན་ཕན་ཡོན་རྒྱ་ཆེན་པོ་ཐོབ་ཅིང་ཚེའི་བར་


CMR022_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་སེལ་བ་ནི་ལྟ་སྨོས་ཀྱང་ཅི་དགོས། འདི་བྱ་རྒྱུད་ཡིན་ཅིང་བྱ་རྒྱུད་ཀྱི་རིགས་ཀྱི་གཙུག་ཏོར་གྱི་རིགས་ལས་འཕྲོས་པའི་རྒྱུད་ཡིན། དེ་ལྟར་གཙུག་ཏོར་གྱི་རིགས་ཀྱི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ།། ༈ །།ལྷ་མོ་ནོར་རྒྱུན་མའི་དབང་བཤད་བཞུགས་སོ། །འོ་ན་ཁྱེད་རྣམས་ལ་ལྷ་མོ་ནོར་རྒྱུན་མའི་དབང་བསྐུར་བ་ཡིན་ཏེ་ཤཱཀྱ་ཐུབ་པ་ཡུལ་ཀེའུ་བི་ཚེར་མ་ཅན་གྱི་ནགས་ན་བཞུགས་པའི་ཚེ། ཡུལ་དེའི་ཁྱིམ་བདག་ཟླ་བ་བཟང་པོ་ཞེས་བྱ་བ་དབུལ་ཞིང་བཟའ་མི་མང་བ་ཞིག་གིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་སྐོར་བ་འབུམ་ཐེར་བྱས་ནས། དབུལ་བའི་སྡུག་བསྔལ་དང་ནད་སེལ་བའི་ཐབས་ཞུས་པས་ནོར་རྒྱུན་མ་འདི་བཀའ་བསྩལ་པས། ཁྱིམ་བདག་ཟླ་བ་བཟང་པོའི་ཁྱིམ་དེ་སྐད་ཅིག་ལ་ནོར་དང་འབྲུ་སྣ་ཚོགས་ཀྱིས་གང་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདིའི་བྱིན་རླབས་ཀྱིས་གནོད་སྦྱིན་དང་སྲིན་པོ་དང་ཤ་ཟ་སོགས་གདོན་གྱི་རིགས་ཐམས་ཅད་ཀྱིས་གནོད་པར་མི་བྱེད། འདི་ཐོས་པ་ཙམ་གྱིས་ཀྱང་བདེ་བ་དང་ལོ་ལེགས་པར་གསུངས་སོ། །འདི་ཡི་མཐུས་མུ་གེ་དང་ནད་དང་འཆི་བ་འབྱུང་བར་མི་འགྱུར། འདི་ནི་སེམས་


CMR022_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དབུལ་པོ་དང་ནད་མང་བ་དང་དགྲ་མང་བ་རྣམས་ལ་ཕན་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས་གསུངས་སོ། །ནོར་རྒྱུན་མའི་སྒྲུབ་ཐབས་ལས། འདི་ཡི་དམ་དུ་བྱས་ན་ནོར་དང་འབྲུ་དང་ལོ་ཐོག་བང་མཛོད་དང་རིགས་རྒྱུད་རྐང་འགྲོས་མ་ཧེ་རྟ་ཕྱུགས་ཐམས་ཅད་འཕེལ། དུས་ཁྱད་པར་ཅན་ནམ་རྒྱུན་དུ་མཆོད་ན་ནོར་ཐམས་ཅད་འཕེལ། གཏོར་མའི་བཀའ་བསྒོ་བྱས་ན་དགྲ་དང་ཆོམ་རྐུན་གྱིས་མི་ཚུགས་ནོར་དང་ལོངས་སྤྱོད་རྒྱན་དང་ལྡན་ནོ། །གསོལ་བ་བཏབ་ན་ནོར་ཕྱུགས་འབྱུང་། རིན་པོ་ཆེའི་ཆར་མངོན་སུམ་དུ་འབབ་པ་ཡོད་སྐད་ཅེས་གསུངས་སོ། །དེ་ལྟར་བསོད་ནམས་མངའ་ཐང་འཕེལ་ཞིང་ནད་ཐམས་ཅད་ཞི་བ་ལ་མཆོག་ཏུ་བསྔགས་པ་འདི་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་གནས་གཙང་མའི་རིགས་ཡིན་པར་བཤད། དེ་ལྟ་བུའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ།། ༈ །།ཛི་ནག་གི་དབང་བཤད་བཞུགས་སོ། །འོ་ན་ད་ལམ་ཁྱེད་རྣམས་ལ་ཁྲོ་ཞིང་སྒེག་པའི་ཛམྦྷ་ལ་ནག་པོའི་དབང་བསྐུར་བ་ཡིན་ཏེ། འདི་ཡི་ངོ་བོ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྤྲུལ་པ་ཡིན་ཏེ། བྱང་ཕྱོགས་ལྕང་ལོ་ཅན་དུ་རྒྱལ་པོ་རྣམ་ཐོས་སྲས་དང་། ཀླུའི་རྒྱལ་པོ་


CMR022_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བོས་བུ་མོའི་སྲས་སུ་འཁྲུངས། མ་ཀླུ་མོ་ཡིན་པས་སྤྲུལ་མཇུག་བྱུང་བ་ལ། ཡབ་མ་བརྙེས་པས་སྦྲུལ་མཇུག་ནང་དུ་རྔུབ་པས་གསོས་པ་འཁྱིལ་བའོ། །ཡབ་དང་ཡུམ་གྱིས་ལྷ་དང་ཀླུའི་ནོར་བུ་རིན་པོ་ཆེ་ཐམས་ཅད་བྱིན་པས་ཀླུ་དང་རྣམ་སྲས་གཉིས་ཀའི་དངོས་གྲུབ་འདི་ལ་ཡོད་པར་བཤད། །འདིའི་རྒྱུད་དངོས་གྲུབ་ཁྲོས་ཆེན་ཞེས་བྱ་བ་བློ་ནི་བླ་མེད་ཕ་རྒྱུད་ཡིན་ཅིང་དེ་ལ་བརྟེན་ནས་རྡོ་རྗེ་གདན་པས་མཛད་པའི་སྒྲུབ་ཐབས་ནི་འདི་ཡིན། པཎྜི་ཏས་བསྒྲུབས་པས་ཞག་རེ་ལ་ཡང་ལོངས་སྤྱོད་གནས་ཁང་ཁེངས་པ་བྱུང་བ་ཉིན་རེ་བཞིན་དགེ་འདུན་ལ་གཏོང་བ་ཡིན་སྐད། འདི་ཡི་སྒྲུབ་སྐོར་རྒྱས་པ་འགོས་ལོཙྪ་བས་བསྒྱུར་བ་དང་པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པ་དང་གཏེར་ཁ་རྣམས་ནས་ཀྱང་རྒྱ་ཆེར་འབྱུང་སྟེ་དེ་དག་གིས་ཉམས་ལེན་རྒྱུན་ཁྱེར་ནི་ཛ་ནག་གིས་ཆུ་གཏོར་བཏང་བ་འདི་གར་འཐུས། ཛཾ་ནག་སྲོག་གཟུངས་ཀྱི་དོན་བསྡུས་ཀྱང་ཆུ་གཏོར་ནང་གི་སྔགས་རིང་ཐུང་གཉིས་ལ་འདུས་པས་སྒྲ་ཐོས་པ་ཙམ་གྱིས་ལོངས་སྤྱོད་དང་ལྡན་པར་འགྱུར་རོ། །ལན་གཅིག་བཀླགས་པའམ་བསྒྲུབས་པ་ཙམ་གྱིས་སྐྱེ་བ་ལྔ་བརྒྱ་ལ་དབུལ་བའི་སྡུག་བསྔལ་ལས་ཐར་བ་འགྱུར་


CMR022_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ཞེས་གསུངས་ན་འདིའི་དབང་ཐོབ་ན་ཕན་ཡོན་ལྟ་ཅི་སྨོས་ཏེ་དེ་ལྟ་བུའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ།། ༈ །།ཛཾ་སེར་ལོ་རྒྱུས་བཞུགས་སོ། །འོ་ན་ཛམྦྷ་ལ་སེར་པོ་འདི་ནི་ངོ་བོ་སངས་རྒྱས་ཐམས་ཅད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་གཟུགས་ཡིན་པས། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་ཡོད་པས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡང་དང་པོ་ཤིང་ཐུན་དབུལ་པོ་གཅིག་ཏུ་སྐྱེས་པ་ན་འདི་བསྒྲུབས་པས་རྒྱལ་པོར་གྱུར་ཏེ་ལོངས་སྤྱོད་ཆེན་པོར་བྱུང་། དེ་སྦྱིན་པར་བཏང་བས་ས་དང་པོ་ཐོབ། དེ་བཞིན་སངས་རྒྱས་ཐམས་ཅད་ཀྱང་འདི་ལ་བརྟེན་ནས་ས་དང་པོ་ཐོབ། དེ་ནས་སངས་རྒྱས་པ་ཡིན་པས་སངས་རྒྱས་ཐམས་ཅད་ཀྱིས་ཡབ་ཡིན་པར་གསུངས་སོ། །བསྟན་པ་འདི་ལ་ནི་རྒྱལ་པོ་རྣམ་ཐོས་སྲས་ལ་སྲས་སྟོང་ཡོད་པའི་མཆོག་གསུམ་གྱི་གཅིག་ཡིན། འདི་བྱ་རྒྱུད་ནོར་བུའི་རིགས་ཡིན་པར་བཤད། གཞན་བླ་མེད་རྡོ་རྗེ་གུར་གྱི་རྒྱུད་དང་རྒྱུད་སྡེ་མཐའ་དག་ནས་ཀྱང་བཤད་སྒྲུབ་ཐབས་ཀྱང་རྒྱས་བསྡུས་མང་དུ་བྱུང་སྟེ་ཛོ་སེར་ཆུ་སྦྱིན་འདི་ལ་དོན་འདུས་ཕན་ཡོན་ཛམྦྷ་ལའི་རྒྱུད་གནོད་གནས་དབང་པོའི་རྟོགས་བརྗོད་ལས། བཅོམ་ལྡན་འདས་


CMR022_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཀའ་སྩལ་པ། དགེ་བའི་རྩ་བ་མ་བསགས་པའི་རྣ་བའི་ཁུང་བུར་ཐོས་ཤིང་གྲག་པར་མི་འགྱུར་རོ། །གཞན་ཡང་དགེ་བའི་རྩ་བ་མ་བསགས་པའི་སེམས་ཅན་རྣམས་ཀྱིས་ཉན་པ་དང་བྲི་བ་དང་། ཀློག་པ་ཙམ་ཡང་ནུས་པར་མི་འགྱུར་རོ། །སེམས་ཅན་གང་གིས་སྙིང་པོ་འདི་འཛིན་པ་ངའི་རྗེས་སུ་བཟུང་བར་འགྱུར་ཞིང་ཕྱིར་མི་ལྡོག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ངན་འགྲོར་སྐྱེ་བར་མི་འགྱུར་རོ། །མཐོང་བ་ཙམ་གྱིས་ནད་འབྱུང་བར་མི་འགྱུར་རོ། །དབུལ་པོ་དང་ཡིད་མི་བདེ་བ་དང་ལུས་ཀྱི་ཟུག་རྔུ་འབྱུང་བར་མི་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱིས་བསམ་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །མཁས་པ་རྣམས་ཀྱིས་མཆོད་པའི་གནས་སུ་འགྱུར་རོ། །ལྷ་ཐམས་ཅད་དང་ཀླུ་དང་གནོད་སྦྱིན་རྣམས་འདུས་པས་ཀྱང་སྔགས་འདི་འཛིན་པའི་ཡོན་ཏན་དང་ཕན་ཡོན་རྟོགས་པར་མི་ནུས་སོ། །ཞེས་དང་། གནོད་ནས་རྒྱལ་བར་བརྗོད་པའོ། །མདོར་ན་འདི་ལས་གཞན་པ་ཡི། །དེ་བཞིན་གཤེགས་པ་ཐ་དད་པའི། །དེ་བཞིན་གཤེགས་པ་གཞན་མེད་


CMR022_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །འདི་འཛིན་པས་དེ་བཞིན་གཤེགས་པ་ལ་མཆོད་པའི་གནས་ཡོངས་སུ་བྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྟག་ཏུ་བྱིན་གྱིས་རླབས་པའོ། །ཕ་རོལ་ཏུ་ཕྱིན་པའི་སྟོབས་དང་ས་ཐོབ་པར་འགྱུར་རོ། །ཞེས་གསུངས་པས་དེ་ལྟ་བུའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ།། ༈ །།ཁྲོ་བོ་མི་གཡོ་བའི་ལོ་རྒྱུས་བཞུགས་སོ། །འོ་ན་ད་ལམ་ཁྱེད་རྣམས་ལ་ཁྲོ་བོ་མི་གཡོ་བའི་དབང་བསྐུར་བ་ཡིན་ཏེ། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གྱི་ཁང་པ་བརྩེགས་པ་ན་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པའི་ཚེ་བྱང་ཆུབ་སེམས་དཔའ་བྱམས་པས། འཛམ་བུ་གླིང་གི་ལྷ་ཀླུ་གནོད་སྦྱིན་ཤ་ཟ་མ་རུངས་པ་རྣམས་ཀྱིས་མི་ནད་ཕྱུགས་ནད་ཡམས་ནད་དུས་མ་ཡིན་པར་འཆི་བར་བྱེད་ན་དེ་དག་ཞི་བར་མཛད་དུ་གསོལ་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱི་སྐུ་ཡི་བ་སྤུའི་བུ་གའི་ཁུང་ནས་མེ་ལྕེ་རབ་ཏུ་འབར་བས་ཁམས་གསུམ་པོ་རབ་ཏུ་འབར་ཞིང་ཞབས་ཀྱི་པུས་མོ་ས་ལ་བརྡབས་པས། ཁྲོ་བོ་མི་གཡོ་བའི་སྤྲུལ་པ་ཁྲོ་བོ་དཔག་ཏུ་མེད་པ་དང་བཅས་པ་བྱུང་ནས། ནམ་མཁའ་ལ་བཞུགས་ནས་ལྷ་ཀླུ་


CMR022_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་རྣམས་རབ་ཏུ་སྐྲག་པར་བྱེད་ཅིང་འཇིག་རྟེན་སྐྱོང་བ་ཐམས་ཅད་དབང་དུ་སྡུད་ཅིང་ཤ་ཟ་དང་སྲིན་པོ་སོགས་མ་རུངས་པ་ཐམས་ཅད་འཇོམས་པར་གྱུར་ཏོ། །དེ་ནས་ཡང་དེའི་ཚེ་ཐུབ་པ་ཆེན་པོས་བདུད་ཐམས་ཅད་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་ལ་བཞུགས་ནས། ཨོཾ་ཨཱཿཿཧཱུྃ་གསུངས་པས་དཔལ་མགོན་བདུན་ཅུ་དང་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་སྐད་ཅིག་ལ་དེར་འདུས་སོ། །དེའི་ཚེ་བདུད་ཐམས་ཅད་དེར་ལྷགས་ནས་བྱང་ཆུབ་ཆེན་པོ་ལ་བར་དུ་གཅོད་པར་བརྩམས་སོ། །དེའི་འཁོར་རྣམས་ཀྱིས་བཅོམ་ལྡན་འདས་ལ་བདུད་ཞི་བར་མཛད་དུ་གསོལ་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བདུད་ལས་རྒྱལ་བའི་ཏིང་ངེ་འཛིན་ལ་བཞུགས་ནས་ཧཱུཾ་ཧཱུཾ་ཧཱུཾ་ཞེས་གསུངས་མ་ཐག་ཏུ་ཉིད་ཀྱི་མདུན་དུ་ཁྲོ་བོ་ཆེན་པོ་མི་གཡོ་བ་སྐུ་མདོག་མཐིང་ནག་ཞལ་ཕྱག་སྟོང་ཕྲག་སྟོང་དང་ལྡན་པ་མཚོན་ཆ་སྣ་ཚོགས་ཐོགས་པ་བྱུང་ནས་བཅོམ་ལྡན་འདས་ཀྱིས་ཁྲོ་བོ་དེ་ལ་བཀའ་བསྒོས་པ། ཁྲོ་བོ་མི་གཡོ་བ་ཁྱོད་ཀྱིས་བདུད་ཐམས་ཅད་སོད་ཅིག་ཆིངས་ཤིག་ཟོ་ཞིག་འཐུང་ཞིག །ཧཱུྃ་ཧཱུྃ་ཕཊ་སོགས་གསུངས་པས། ཁྲོ་བོའི་རྒྱལ་པོ་ཁྲོས་ནས་ཧཱུཾ་ཞེས་ཞལ་གསུམ་ཕྱག་དྲུག་


CMR022_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ནས་ཀླུ་ཚོགས་ཐམས་ཅད་ཟོས། །ཕཊ་ཅེས་ཞལ་བཞི་ཕྱག་བརྒྱད་པར་བྱས་ནས་ལྷ་མ་ཡིན་ཐམས་ཅད་མེད་པར་བྱས་སོ། །ཞལ་གཅིག་ཕྱག་གཉིས་པར་བྱས་ནས་ལྷ་ཡི་གདོན་ཚོགས་ཐམས་ཅད་བཅོམ་པར་བྱས་ནས་ཚོགས་ཀྱི་བདག་པོ་གདན་དུ་བྱས་སོ། །གཞོན་ནུའི་ཆ་ལུགས་སུ་བྱས་ནས་པུས་མོ་གཡས་པ་ས་ལ་བཙུགས་ནས་ལྷ་ཡི་བུའི་བདུད་མེད་པར་བྱས་སོ། །གཡོན་པ་ས་ལ་བཙུགས་ནས་བྷི་ན་ཡ་ཀ་མེད་པར་བྱས་སོ། །ༀ་ཙཎྜ་མ་ཧཱ་རོ་ཥ་ན་ཧཱུྃ་ཕཊ༔ གཟུངས་སྔགས་འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ་ལན་གཅིག་བརྗོད་པས་འཛམ་བུ་གླིང་གི་ལྷ་ཀླུ་དང་གནོད་སྦྱིན་ལ་སོགས་པ་ཀུན་ཞི་བར་འགྱུར་རོ། །རིམས་ཉིན་གཅིག་པ་དང་། ཟླ་བ་གཅིག་པ་དང་། སྡང་དུབ་པ་དང་། རྟགས་པའི་རིམས་དང་། ཡུད་ཙམ་པ་ལས་ཐར་རོ། །འབྲུམ་བུ་དང་། ལྷ་གོར་དང་། ཤུ་བ་དང་། མེ་དབལ་དང་གཡེམ་པ་དག་ཞི་བར་འགྱུར་རོ། །ལན་གཅིག་བརྗོད་པས་ཀྱང་མཚམས་མེད་པ་ལ་སོགས་པའི་སྡིག་པ་ཀུན་ཞི་བར་འགྱུར་རོ། །འཕགས་པ་མི་གཡོ་བ་སྟོབས་དཔག་ཏུ་མེད་པ་རྟུལ་ཕོད་པའི་རྟོགས་པ་ལས། སེམས་ཅན་ཞི་བས་འདུལ་དཀའ་དང་། །


CMR022_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ཆེན་དང་ནི་ལོག་པར་འདྲེན། །དེ་རྣམས་འདུལ་བར་བྱ་བའི་ཕྱིར། །རྫོགས་སངས་རྒྱས་ཀྱིས་རྟག་ཏུ་སྤྲུལ། །མཚན་ནི་མི་གཡོ་ཞེས་གྲགས་པ། །ཁྲོ་བོ་འཕགས་པ་སྟོབས་པོ་ཆེ། །མི་གཡོ་ཞེས་བྱའི་ས་ཐོབ་པས། །མི་གཡོ་དེ་ཡང་འདི་ཡི་མཚན། །བདུད་རྣམས་ཀུན་གྱིས་མི་གཡོ་བས། །བརྟན་པའི་ཡེ་ཤེས་དྲིན་ཆེན་བཟང་། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །ཆོས་ཀྱི་དབྱིངས་སུ་རབ་གཞོལ་བས། །རྟག་ཏུ་ཚེ་རིང་ནད་མེད་མཆོག །དངོས་གྲུབ་མྱུར་དུ་སྩོལ་མཛད་པ། །རྟག་ཏུ་བགེགས་རྣམས་གསོད་བྱེད་ཅིང་། །དེ་བཞིན་བདུད་རྣམས་རབ་ཏུ་འཇོམས། །སེམས་ཅན་རྣམས་ནི་བདེ་བའི་ཕྱིར། །རྟོགས་པ་འདི་ནི་རབ་ཏུ་བཤད། །རིམས་དང་སོ་། མིག་གཟེར་ཟུག་དང། །སྐེད་པ་རྩིབ་ལོགས་ལུས་ལས་བྱུང་། །རྣམ་པ་སྣ་ཚོགས་ཀུན་འབྱུང་བ། །ས་སྟེང་ལུས་ཅན་ནད་རྣམས་ནི། །གསང་སྔགས་དྲན་པ་ཙམ་ཉིད་ཀྱིས། །དེ་དག་ཐམས་ཅད་ཟད་པར་འགྱུར། །སེམས་ཅན་ཁམས་ནི་ཐམས་ཅད་ཀྱིས། །བསྟན་པ་གང་ཡིན་བསྲུང་བར་མཛད། །ཁྲོ་བོའི་རྒྱལ་པོ་བློ་དང་ལྡན། །སྔགས་པས་མ་


CMR022_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་པར་ཡང་འགྲུབ། །ཁྲོ་བོའི་རྒྱལ་པོའི་བྱིན་རླབས་ཀྱིས། །འདོད་པ་མ་ལུས་འགྲུབ་པར་འགྱུར། །འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཁྲོ་བོ་ཡིན་ལ་བྱ་སྤྱོད་དུ་བཞེད་པ་མང་ཡང་སྤྱོད་རྒྱུད་དུ་ཞལ་འཆམ་པ་ཡིན། དེ་ལྟ་བུའི་དབང་ཟབ་མོ་ཞུ་བའི་ཕྱིར་མཎྜལ་ཕུལ།། ༈ །ཕྱག་རྡོར་འབྱུང་པོ་འདུལ་བྱེད་ཀྱི་དབང་བཤད་བཞུགས་སོ། །འོ་ན་ད་ལམ་ཁྱེད་རྣམས་ལ་བཅོམ་ལྡན་འདས་འབྱུང་པོ་འདུལ་བྱེད་ཀྱི་དབང་བསྐུར་བ་ཡིན་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་ལྷ་དབང་ཕྱུག་ཆེན་པོའི་རྒྱུད་འདི་གསུངས་པར་ཞུས་པ་ལ། རྡོ་རྗེ་འཆང་ཆེན་པོའི་འབྱུང་པོ་འདུལ་བྱེད་ཀྱི་རིག་སྔགས་འདི་གསུངས་པ་ཙམ་གྱིས་སྐུའི་བ་སྤུའི་བུ་ག་ནས་རྡོ་རྗེ་འབར་བ་དུ་མ་བྱུང་བས་འབྱུང་པོ་འབྱུང་མོ་ཐམས་ཅད་ཀྱི་ལུས་བསྐམས་ཤིང་། ཚངས་པ་དང་ཁྱབ་འཇུག་དང་བརྒྱ་བྱིན་རྣམས་བསད་པར་གྱུར་ཏོ། །དེ་ལ་ངོ་མཚར་དུ་གྱུར་ནས་སངས་རྒྱས་ཐམས་ཅད་ཀྱིས་ལེགས་སོ། །མ་འོངས་པའི་དུས་ན་འབྱུང་པོ་ཚར་གཅོད་པར་བྱེད་པ་ལེགས་སོ་གསུངས་པས། རྡོ་རྗེ་འཆང་གི་ཤངས་ནས་སོས་པར་བྱེད་པའི་རླུང་ཕྱུང་བས་འབྱུང་པོ་ཐམས་ཅད་སོས་ནས་ལངས་ཏེ་སྐག་ཅིང་རབ་ཏུ་


CMR022_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

འདར་ནས། བཅོམ་ལྡན་འདས་ལ་བསྐྱབ་ཏུ་གསོལ་ལོ། །ཁྱད་པར་དུ་འབྱུང་པོ་གཞན་གྱིས་མི་ཐུབ་པ་འཁོར་དང་བཅས་པས་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་ནས་སྲོག་སྙིང་ཕུལ་ལོ། །དེར་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། གཞན་གྱིས་མི་ཐུབ་པ་ཁྱོད་ཀྱིས་རིག་སྔགས་འདི་འདོན་པའི་བྲན་གྱིས་ལ་རིན་པོ་ཆེ་སྣ་ཚོགས་དང་བློ་ཟས་དང་གོས་དང་ཡོ་བྱེད་ཐམས་ཅད་ཀྱིས་བསྙེན་བཀུར་གྱིས་ཤིག །དགྲ་དང་རྒྱལ་པོ་དང་གཅན་གཟན་གྱིས་འཇིགས་པ་ཐམས་ཅད་ཟློག་ཅིག །ལེ་ལོ་ཅན་དང་ཚུལ་ཁྲིམས་འཆལ་པ་དང་སྡིག་པ་བྱེད་པ་དང་རྫུན་སྨྲ་བ་རྣམས་ལ་ཡང་ངེས་པར་དངོས་གྲུབ་བྱིན་ཅིག །གལ་ཏེ་དངོས་གྲུབ་མི་སྦྱིན་ན་འབྱུང་པོ་དང་ལྷ་ཀླུ་སྡེ་བརྒྱད་རྣམས་ཀྱིས་མགོ་བོ་རྡོ་རྗེས་འགེམས་ནས་དམྱལ་བ་ཆེན་པོ་བརྒྱད་དུ་ལྟུང་བར་བྱེད་དོ། །ཞེས་གསུངས་སོ། །ལྷའི་བུ་དེ་དང་གནོད་སྦྱིན་ཐམས་ཅད་སྐྲག་ནས་སྐྱབས་ཞུས་ཏེ་འདི་འདོན་པའི་བྲན་བྱེད་ཅིང་རིན་།པོ་ཆེའི་སྣ་ཚོགས་ཀྱིས་བསྙེན་བཀུར་བྱེད་པར་ཁས་བླངས། གལ་ཏེ་མ་བྱས་ནས་ཁྲོ་བོའི་རྡོ་རྗེས་སྤྱི་བོ་བཀས་ནས་དམྱལ་བ་ཆེན་པོར་སྐྱེ་བར་དམོད་བོར། དཔལ་རྡོ་རྗེ་འཆང་གི་


CMR022_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་འདི་བརྗོད་པ་ཙམ་གྱིས་འབྱུང་པོ་དང་འབྱུང་མོ་ཐམས་ཅད་མངག་གཞུག་པར་འགྱུར། ཞེས་གསུངས་སོ། །འབྱུང་པོ་གཞན་གྱིས་མི་ཐུབ་པ་འདི་བཟླས་པ་ཙམ་གྱིས་འཇིག་རྟེན་པའི་དངོས་གྲུབ་འགྲུབ་པར་བྱ་ཞིང་། གལ་ཏེ་མ་འགྲུབ་ན་འབྱུང་པོའི་རིགས་རྒྱུད་བརླགས་ནས་ཁྲོ་བོའི་རྡོ་རྗེས་མགོ་བཀས་ཏེ་དམྱལ་བ་ཆེན་པོར་སྐྱེ་བའི་དམོད་བོར་རོ། དཀྱིལ་འཁོར་འདི་ནི་མཐོང་བ་ཙམ་གྱིས་ཀྱང་ཁམས་གསུམ་པའི་རྒྱལ་སྲིད་ཐོབ་ཅིང་འདིའི་རྡོ་རྗེའི་བཟླས་པ་ཙམ་གྱིས་རྡོ་རྗེ་འཆང་དང་མཚུངས་པར་འགྱུར་རོ། །གལ་ཏེ་མ་འགྲུབ་ན་ཡང་གླིང་བཞི་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །དཔལ་རྡོ་རྗེ་འཆང་ཁྲོ་བོའི་རྒྱལ་པོ་བཟླས་པ་ཙམ་གྱིས་འབྱུང་པོ་ཐམས་ཅད་བྲན་དུ་འགྱུར་རོ། །གལ་ཏེ་སྔགས་པ་ཁྲོས་ན་ཁྲོས་པ་ཙམ་གྱིས་འཇིག་རྟེན་པའི་ལྷ་ཐམས་ཅད་དུམ་བུ་བརྒྱར་ཞིག་པར་འགྱུར་རོ། །ཀླུ་དང་གནོད་སྦྱིན་ཐམས་ཅད་མཐོང་བ་ཙམ་གྱིས་གསོད་ཅིང་འཇིག་རྟེན་པའི་ལྷ་ཐམས་་ཅད་ཧཱུྃ་གི་སྒྲ་ཙམ་གྱིས་བྲོས་པར་བྱེད་དོ། །དངོས་གྲུབ་ཐམས་ཅད་འགྲུབ་པར་བྱེད་པ་སློབ་དཔོན་རྣམས་ལ་ཕན་པའི་དོན་དུ་ཇི་ལྟར་གསུངས་པའི་མན་ངག་བཞུགས་པའི་ཐབས་དེ་


CMR022_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པར་བྱ་བ་མ་ཡིན་པའི་ལེ་ལོ་ཅན་དང་། སྡིག་པ་བྱེད་པ་དང་། རྫུན་སྨྲ་བ་དང་། ཚུལ་འཆོས་པ་ཅན་དང་། དབུལ་པོ་དང་། ནད་ཀྱིས་གདུང་བ་དང་། ཚེ་ཐུང་བ་དང་། སེམས་མི་བརྟེན་པའི་མི་རྣམས་ཀྱང་སྤྱང་བར་མི་བྱ་སྟེ། གལ་ཏེ་ལོངས་སྤྱོད་དང་ནོར་དང་གྲགས་པ་འདོད་ན་ཡང་སྐད་ཅིག་གིས་ཕུན་སུམ་ཚོགས་པར་སྟེར་རོ། །གསང་སྔགས་འདི་ནི་བཀླགས་པས་འགྲུབ་པར་བྱེད་ཅིང་ཤིན་ཏུ་བརྩོན་འགྲུས་དམན་པ་རྣམས་ལ་ཡང་ཅི་ལྟར་བདེ་བ་ལྟར་སེམས་ཅན་ཐམས་ཅད་ལ་བདེ་བ་རབ་ཏུ་སྦྱིན་ཅིང་ཡི་གེ་བཞི་པོ་ཆེར་གསང་བ་དངོས་གྲུབ་ཐམས་ཅད་སྟེར་བར་བྱེད་པ་ཀླག་པ་ཙམ་གྱིས་མངོན་པར་འགྲུབ་པར་བྱེད་པ་སྟེ། འདི་ལ་ཐེ་ཚོམ་མི་བྱའོ་ཞེས་གསུངས་སོ། །འདི་ནི་རྒྱུད་སྡེ་བཞིའི་ནང་ནས་སྤྱོད་རྒྱུད་དུ་བཞེད། དེ་ལྟ་བུའི་དབང་ཟབ་མོ་ཞུ་བའི་ཕྱིར་མཎྜལ་ཕུལ།། ༈ །།དཔལ་ཁྲོ་བོ་རྟ་མགྲིན་གྱི་དབང་བཤད་བཞུགས་སོ། །འོ་ན་ད་ལམ་ཁྱེད་རྣམས་ལ་དཔལ་ཁྲོ་བོ་ཆེན་པོ་རྟ་མཆོག་ཧེ་རུ་ཀ་ཡི་དབང་བསྐུར་བ་ཡིན་ལ། དེའི་ལོ་རྒྱུས་ནི་བཅོམ་ལྡན་འདས་བདེ་བ་ཆེན་པོ་འོག་མིན་གྱི་གནས་ན་བཞུགས་པའི་ཚེ། དྲག་བྱེད་སྣ་


CMR022_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་སུ་སྤྲུལ་ཞེས་བྱ་བ་མ་རུངས་བ་ཞིག་སེམས་ཅན་ཐམས་ཅད་ལ་གནོད་པར་བྱེད་པས་དཔལ་རྟ་མཆོག་རོལ་པའི་དཀྱིལ་འཁོར་སྤྲུལ་ཏེ། དེ་བཏུལ་ནས་རྟ་མགྲིན་པདྨ་དབང་ཕྱུག་གི་དཀྱིལ་འཁོར་ཆེན་པོ་རྒྱས་པའི་རྒྱུད་གསུངས། དེས་བདུད་ཀྱི་རྒྱལ་པོ་མྱ་ངན་སྐྱེས་ནས་དུག་ལྔ་རབ་ཏུ་འབར་ཏེ་ཁྲོས་ནས་རང་རང་གི་དྲག་སྔགས་བརྗོད་ཅིང་འཇིག་རྟེན་གསུམ་འཁྲུག་པར་བྱེད། མི་ནད་དང་མུ་གེ་དང་འཁྲུག་པ་དང་མཚོན་ཆའི་ཆར་དང་། ལོ་ཏོག་ཐམས་ཅད་འཇོམས། འབྱུང་པོ་ཐམས་ཅད་འཇིགས་གཟུགས་དང་ཉེས་པ་སྣ་ཚོགས་རྒྱུན་མི་འཆད་པར་བཏང་། ས་གཞི་ཐམས་ཅད་མེ་རུ་འབར་བ་དང་། ཆུས་གང་བ་དང་། དུག་དང་དབྱིག་དུག་ལ་སོགས་པའི་ནད་ནི་རླུང་ལྟར་འཚུབ། མཐོ་རིས་དང་ཐར་པའི་ལམ་ནི་གཅོད། མི་རྣམས་ཀྱི་སེམས་ནི་བསྒྱུར། འགྲོ་དྲུག་སྡུག་བསྔལ་ལ་བཀོད་དོ། །དེར་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་ཁྲོ་བོ་རྟ་མགྲིན་གྱི་དཀྱིལ་འཁོར་ཆེན་པོར་སྤྲུལ་ནས་། ཐམས་ཅད་བཏུལ་ཏེ་དམ་ལ་བཏགས། རྟ་མགྲིན་རྟེའུ་སྤྲུལ་ཏེ་བདུད་ཀྱི་ཁོག་པར་ཞུགས་ཏེ་བསྒྲལ། ཁོའི་སེམས་དམ་ལ་བཏགས་དབང་བསྐུར་ཏེ་བསྟན་སྲུང་མ་ཧཱ་ཀཱ་ལ་


CMR022_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བར་གྱུར་ཏེ་སངས་རྒྱས་སྟོང་གི་བསྟན་པ་བསྲུང་ཞིང་མཐར་འོག་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་ཐལ་བའི་དབང་པོར་སངས་རྒྱས་པར་ལུང་བསྟན། རྟ་མཆོག་རོལ་པའི་རྒྱུད་རྒྱས་པ་ལེའུ་འབུམ། འབྲིང་པོ་ལ་ཤོ་ལོ་ཀ་འབུམ། བསྡུས་པ་ལ་ལེའུ་བརྒྱ་རྩ་བརྒྱད་མཛད། རྟ་མགྲིན་དྲག་སྔགས་སྤུ་གྲིའི་རྒྱུད་སྟོང་ཕྲག་ལྔ་པ་རྔོག་མ་ལེ་བརྒན་སོགས་པདྨ་གསུང་གི་རྒྱུད་བཅུ་གཉིས་གསུངས། ཕྱིས་སྤྲུལ་སྐུ་ཤཱཀྱ་ཐུབ་པས་རྟ་མགྲིན་གྱི་རྟོགས་པ་བདུན་བརྒྱ་པ་སོགས་མང་དུ་གསུངས་སོ། །དེའི་རྒྱུད་རྣམས་མཆོད་རྟེན་བདེ་བྱེད་བརྩིགས་པ་སོགས་སུ་གཏེར་དུ་སྦས་པས་ལྷ་འདྲེ་དང་མཁའ་འགྲོ་མ་རྣམས་མཆོད་པ་བྱེད་པ་ལ། ཕྱིས་འཕགས་པ་ཀླུ་སྒྲུབ་ཀྱིས་གཏེར་ནས་སྤྱན་དྲངས་སོ། །ཕན་ཡོན་དགོས་པ་ནི། རྟ་མཆོག་རོལ་པ་ཁྲོ་བོ་རྣམས་འདུལ་བའི་རྒྱུད་ཆེན་པོ་ལས། དབང་མཆོག་ཁྲོ་བོ་རྟ་མགྲིན་དང་། །རྒྱུད་རྒྱལ་རིན་ཆེན་ཕུང་པོ་ལ། །གང་ཞིག་མཐོང་ཙམ་མོས་པ་དེ། །དེ་ནི་ནད་སོགས་འཇིགས་ལས་གྲོལ། །གང་ཞིག་ཡི་དམ་ལྷར་བཟུང་བ། །དེ་ནི་སྐྱེ་བ་བདུན་བརྒྱ་རུ། །དམྱལ་བ་ལ་སོགས་སྤངས་བ་སྟེ། །


CMR022_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་དུ་ལུས་སེམས་ལྷར་འཆང་ཞིང་། །ཞིང་ཁམས་དག་པའི་ས་ལ་རོལ། །ཡི་གེ་རེ་རེ་འབུམ་བཟླས་ན། །ཚེ་འདིར་ཉིད་ལ་ཞལ་མཐོང་འགྱུར། །གཏོར་མ་ཤས་ཅིག་བྱིན་པ་ཡང་། །འཇིག་རྟེན་པ་ལ་དབང་བར་འགྱུར། །སྔགས་ཙམ་བརྗོད་པ་བྱས་ན་ཡང་། །དེ་ལ་ལྷ་སྲིན་འཚེ་བ་སྤངས། །རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལས། འབྲས་བུ་ཐུན་མོང་གྲུབ་ཆེན་བརྒྱད། །མཆོག་ལ་རིག་འཛིན་རྣམ་བཞི་དང་། །སྐུ་གསུམ་སྐུ་བཞི་སྐུ་ལྔ་སོགས། །ཕྱག་རྒྱ་ཆེན་པོ་མཆོག་འགྲུབ་བོ། །ཞེས་དང་། རྟ་མགྲིན་ཡང་གསང་ཁྲོས་པའི་རྒྱུད་ལས། ནམ་ཞིག་དུས་ཀྱི་ཐ་མ་ལ། །གསང་སྔགས་ནང་དགྲས་རྔོད་གཏོང་བྱེད། །དེ་ཚེ་ཟབ་པའི་ཁྱད་འདོན་ན། །ནད་དང་གདོན་དང་སྲུང་བ་དང་། །ཕྲིན་ལས་དམིགས་པ་གང་བྱེད་ཀྱང་། །རང་ཉིད་རྟ་མགྲིན་སྐུར་གསལ་ན།། །སུས་ཀྱང་ཚུགས་པར་མི་འགྱུར་ཏེ། །སྟོང་པའི་གོ་ཆ་བླ་ན་མེད། །འདི་ནི་སྲུང་བའི་རྒྱལ་པོ་ཡིན། །ཞེས་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། དབང་རྫོགས་སྐྱེས་བུ་སུ་དང་སུས། །མཐས་ཀྱང་སྲིད་པ་བར་དོ་ན། །བདེ་ཆེན་འབར་བའི་གཞལ་ཡས་སུ། །ཡི་དམ་ལྷ་ཡིས་


CMR022_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་པར་འགྱུར། །ཅེས་དང་། དམ་ཆོས་པདྨ་དཀར་པོ་ཤིན་ཏུ་རྒྱས་པའི་མདོ་སྡེའི་རྒྱལ་པོ་དང་། རྟ་མགྲིན་རྣམ་པར་བཀོད་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དཔལ་རྟ་མགྲིན་ལ་བཀའ་བསྩལ་པ། འཇིག་རྟེན་ཆགས་ལུགས་ཐམས་ཅད་རྒྱས་པར་གསུངས་ནས། རྡོ་རྗེ་དེ་དང་ཆུ་ཆེན་པོ་དེ་དང་རླུང་ཆེན་པོ་དེ་རྣམས་ཀྱི་ནང་ན་ཡང་སེམས་ཅན་མཐའ་ཡས་ཤིང་བསམ་གྱིས་མི་ཁྱབ་པ་ཞིག་ཡོད། དེ་དག་གིས་ཁྱོད་ཀྱི་མིང་ཐོས་སམ་བརྗོད་ན་སེམས་ཅན་དེ་དག་བླ་ན་མེད་པའི་བྱང་ཆུབ་དུ་འགྲུབ་སྟེ་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །གནམ་ས་འདི་གཉིས་བར་ན་ཡང་སེམས་ཅན་དཔག་ཏུ་མེད་པ་ཞིག་ཡོད་དེ། ཕྱོགས་མཚམས་ཐམས་ཅད་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱིས་ཁྱོད་ཀྱི་མིང་འདི་ཐོས་སམ་རིགས་པ་འདི་བརྗོད་ན་མངོན་པར་ཤེས་པ་སྣ་ཚོགས་པས་སེམས་ཅན་གྱི་དོན་བྱེད་ཅིང་། ནམ་མཁའ་ལ་འགྲོ་བ་དང་ས་ལ་འཛུལ་བ་དང་། མཚན་མ་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་བྱེད་ཅིང་། རྣལ་འབྱོར་ཆེན་པོའི་ཐེག་པ་ཅིག་གི་ལམ་འགྲུབ་བོ། །ཞེས་གསུངས་སོ། །འདི་ནི་རྒྱུད་སྡེ་བཞི་ཀ་


CMR022_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གསུངས་ཏེ་རྟ་མགྲིན་གྱི་རྟོགས་པ་བདུན་བརྒྱ་པ་ནས་གསུངས་པ་འདི་ནི་བྱ་རྒྱུད་པདྨའི་རིགས་སུ་ངེས། དེ་ལྟར་རྟ་མགྲིན་གྱི་རིགས་འགའ་ཞིག་གི་དབང་ཞུ་བའི་ཕྱིར་མཎྜལ་། ཕུལ།། ༈ །།ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱི་དབང་བཤད་བཞུགས། འོ་ན་ད་ལམ་ཁྱེད་རང་རྣམས་ལ་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱི་དབང་བསྐུར་བ་ཡིན་ཏེ། དེ་ཡི་ལོ་རྒྱུས་ནི་རྣལ་འབྱོར་རྒྱུད་ཀྱི་བཤད་རྒྱུད་རྡོ་རྗེ་རྩེ་མོ་ནས་གསུངས་པ་ཟུར་ཙམ་བཤད་ན། རི་རབ་ཀྱི་རྩེ་མོ་ནོར་བུའི་གཞལ་ཡས་ཁང་ན་ཐུབ་པ་རྣམ་པར་སྣང་མཛད་འཁོར་དང་བཅས་པ་བཞུགས་པའི་ཚེ་སྟོང་གསུམ་གྱི་བདག་པོ་དབང་ཕྱུག་ཆེན་པོ་ལ་ལྷ་ཐམས་ཅད་ཀྱིས་ཕྱག་འཚལ་ཞིང་། དེས་ལོག་པའི་ལམ་བསྟན་པ་ལ་ཐམས་ཅད་ཞུགས་སོ། །དེར་སངས་རྒྱས་ཐམས་ཅད་ཀྱིས་གསོལ་བ་བཏབ་པས། དེ་ནས་ཕྱག་ན་རྡོ་རྗེ་འཇིག་རྟེན་གསུམ་རྒྱལ་གྱི་སྐུར་བཞེངས་ནས་ཧཱུྃ་བཞིའི་སྔགས་གསུངས་པས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་སྤྲོས་ནས་དབང་ཕྱུག་གི་དམག་ཚོགས་རྣམས་དང་སྟོབས་འགྲན་ཏེ། གདུག་པ་ཅན་རྣམས་ཁ་སྦུབ་ཏུ་འགྱེལ། དབང་ཕྱུག་ལ་སོགས་པ་མགོ་སྟེང་ལྡོག་སྟེ་གཡོ་འགུལ་མེད་པར་ཤི་བ་ལྟར་གྱུར་


CMR022_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །བཅོམ་ལྡན་འདས་ཀྱིས་དེ་བསད་པར་མ་བྱེད་གསུངས་པས་སོས་པའི་སྔགས་གསུངས་པ་ན་ཐམས་ཅད་སྡུག་བསྔལ་དང་བྲལ་ནས་སོས། ཐམས་ཅད་བཅོམ་ལྡན་འདས་ལ་སྐྱབས་ཞུས་ཀྱང་དབང་ཕྱུག་ནི་ཤི་ཡང་སླ་ཡི་སྐྱབས་མི་ཞུ་ཟེར། །དེ་ནས་ཞབས་འོག་ཏུ་མནན་ཅིང་གཟིར་བས་དབང་ཕྱུག་ཤི་སྟེ་འོག་ཕྱོགས་སངས་རྒྱས་ཀྱི་ཞིང་དུ་ཐལ་བའི་དབང་ཕྱུག་སྒྲ་དབྱངས་ཞེས་བྱ་བར་སངས་རྒྱས། འཇིག་རྟེན་སྐྱོང་བ་རྣམས་རྒྱལ་པོ་ཤིའོ་ཟེར་མྱ་ངན་ཆེ་བས། རྣམ་ཤེས་ཀྱི་དུམ་བུ་གཅིག་ལུས་པོར་ཞུགས་ནས་ལང་སྟེ། ཕྱག་རྡོར་གྱིས་བྲན་བྱེད་ཅིང་འཇིག་རྟེན་སྐྱོང་བ་རྣམས་ཀྱིས་རྒྱལ་པོ་བྱེད་དོ། །དེ་ནས་ཕྱག་རྡོར་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དེས། སེམས་ཅན་ལ་གནོད་པའི་ནད་དང་གདོན་དང་རིམས་ཐམས་ཅད་བཀུག་སྟེ་དམ་ལ་བཏགས། ཕྱག་རྡོར་གྱིས་སྔགས་དང་ཕྱག་རྒྱས་སྲུང་བ་རྣམས་ལ་གནོད་པར་མི་བྱེད་པར་ཁས་བླངས། དེས་ན་འདི་ཡི་དབང་ཐོབ་ན་ནད་གདོན་རིམས་སོགས་ཐམས་ཅད་ཞི་བ་ཡིན། དེ་ལྟར་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ།། ༈ །།ཁྲོ་བོ་ཧཱུྃ་མཛད་ཀྱི་ལོ་རྒྱུས་བཞུགས་སོ།། ༈ །


CMR022_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་སྔོན་གྱི་དུས་འོག་མིན་རྣམ་སྣང་གི་ཐུགས་ཀ་ནས་རྡོ་རྗེ་སེམས་དཔའ་སྤྲུལ་ནས་ཕྱག་ན་རྡོ་རྗེ་ལ་བཀའ་བསྒོས་པས། ཕྱག་ན་རྡོ་རྗེ་ཁྲོ་བོ་ཧཱུྃ་མཛད་དུ་སྤྲུལ་ནས་འཇིག་རྟེན་གྱི་། དྲེགས་པ་ཅན་ཐམས་ཅད་བཀུག་སྟེ་བཀའ་བསྒོས་ཀྱང་མ་ཉན་ཧཱུྃ་མཛད་ཀྱིས་སྒྲ་བསྒྲགས་པས་ཐམས་ཅད་འགྱེལ་ཏེ་དེ་ནས་བཀའ་ལ་ཉན་པར་གྱུར་ནས་དམ་ལ་བཏགས། དབང་བསྐུར་ཀྱང་དབང་ཕྱུག་ཆེན་པོ་བཀའ་ལ་མ་ཉན་པས་དབང་ཕྱུག་དང་གཡུལ་ཆེན་པོ་བསྐྱེས་ཏེ་དབང་ཕྱུག་ཞབས་འོག་ཏུ་མནན། རེ་ཞིག་དབང་ཕྱུག་བསད་དོ། །དེ་ནས་རྣམ་པར་སྣང་མཛད་ཀྱིས་འདི་བསད་པར་མ་བྱེད་གསུངས་པས་ཧཱུྃ་མཛད་ཀྱིས་སོས་པའི་སྔགས་གསུངས་པས་དབང་ཕྱུག་སོས། ཕྱག་རྡོར་གྱི་བཀའ་ལ་ཉན་པར་ཁས་བླངས། དབང་ཕྱུག་ཀྱང་མ་འོངས་པ་ན་ཐལ་བ་དབང་ཕྱུག་ཏུ་སངས་རྒྱས་པར་ལུང་བསྟན་ཏོ། །དེ་ལྟར་དབང་ཕྱུག་ཆེན་པོ་ལ་སོགས་པ་འཇིག་རྟེན་སྐྱོང་བ་ཐམས་ཅད་འདུལ་བར་བྱེད་པ་ཁྲོ་བོ་ཧཱུྃ་མཛད་ཀྱི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ།། ༈ །།ཁྲོ་བོ་སྟོབས་པོ་ཆེའི་ལོ་རྒྱུས་བཞུགས་སོ།། ༈ འོ་ན་ད་ལམ་ཁྱེད་རྣམས་ལ་ཁྲོ་བོ་སྟོབས་པོ་ཆེ་ཡི་དབང་བསྐུར་བ་ཡིན་ཏེ་བཅོམ་ལྡན་


CMR022_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་བཀའ་སྩལ་པ། རིག་སྔགས་ཀྱི་རྒྱལ་པོ་སྟོབས་པོ་ཆེ་ཞེས་བྱ་བའི་མདོ་སྡེ་འདི་ནི་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དྭགས་དང་གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ལས་ཐར་བར་བྱེད་དོ། །དེས་བསྐལ་པ་སྟོང་ཕྲག་ཉི་ཤུར་ལྷའི་རྒྱལ་པོ་བྱེད་པར་འགྱུར་རོ། །བསྐལ་པ་མཐའ་ཡས་པར་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇོག་པར་བྱེད་དོ། །སྟོབས་པོ་ཆེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །སྟོབས་པོ་ཆེ་ཞེས་བྱ་བ་ནི་ལག་ན་རྡོ་རྗེའོ། །སྟོབས་པོ་ཆེ་ཞེས་བྱ་བ་ནི་ཆོས་ཀྱི་ཕུང་པོའོ། །འདིའི་དབང་བསྐུར་ན་བཀྲ་མི་ཤིས་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །ཞེས་གསུངས་སོ། །འདི་ནི་བྱ་རྒྱུད་པདྨའི་རིགས་ཀྱི་ཕོ་ཉའི་རིགས་ཡིན་པར་བཤད། འདིའི་དབང་ཐོབ་ན་ཐན་དང་ལྟས་ངན་གྱི་རིགས་མཐོང་བའམ་བྱུང་བ་དང་མོ་དང་རྨིས་ལྟས་ངན་པ་སོགས་བཀྲ་མི་ཤིས་པ་ཐམས་ཅད་ཞི་བར་བཤད་པས། དེ་ལྟ་བུའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ། ༈ འཇམ་དཔལ་གཤིན་རྗེ་གཤེད་ཀྱི་དབང་བཤད་བཞུགས་སོ།། ༈ འོ་ན་ད་ལམ་ཁྱེད་


CMR022_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་སྐོར་འགའ་ཞིག་གི་དབང་བྱེད་པ་ལ་ལོ་རྒྱུས་ཅུང་ཟད་ཞུ་ན། གཤིན་རྗེ་གཤེད་དམར་ནག་གི་རྒྱུད་གཉིས་ཀའི་ཚིག་མཐུན་པར་གཏམ་རྒྱུད་ཀྱི་ལེའུ་ལས། བཅོམ་ལྡན་འདས་ཐུབ་པ་ཆེན་པོ་མངོན་པར་བྱང་ཆུབ་པའི་དུས་སུ་བྱང་ཆུབ་ལ་བར་དུ་གཅོད་པའི་ཕྱིར་འཇིགས་སུ་རུང་བའི་བདུད་ཀྱི་དཔུང་ཆེན་པོ་མངོན་པར་ལྷགས་པའི་ཚེ་བཅོམ་ལྡན་འདས་བདུད་ལས་རྒྱལ་བའི་ཏིང་ངེ་འཛིན་ལ་བཞུགས་ནས་སྐུ་གསུང་ཐུགས་ལས་གཤིན་རྗེ་གཤེད་ཀྱིས་ཁྲོ་བོ་རྣམས་ཕྱུང་སྟེ་ཕྱག་ན་རྡོ་རྗེ་ལ་ཕྱག་ན་རྡོ་རྗེ་ཁྱེད་འདི་ལྟ་བུའི་གཤིན་རྗེའི་གཤེད་དུ་སྤྲུལ། ཁྲོ་བོའི་གཟུགས་སུ་བསྒྱུར་ལ། བདུད་དང་གནོད་སྦྱིན་ལྷ་མ་ཡིན་དང་ལྷ་སྲིན་རྣམས་ཆོམས་ཤིག །ཆིངས་ཤིག །བཏུལ་ཞིག །སྲེག་ཅིང་འཇིགས་པ་དང་སོད་ཅིག་ཅེས་གསུངས་སོ། །དེ་ལྟར་ཕྱག་ན་རྡོ་རྗེ་གཤིན་རྗེའི་གཤེད་ཀྱི་སྐུར་སྤྲུལ་ནས་བདུད་བཏུལ། ཁྲོ་བོ་འདི་གཞན་ལས་གཟི་བརྗིད་ཆེ་སྟེ། ཁྲོ་བོའི་ནང་ནས་གཤིན་རྗེའི་གཤེད། །དེ་མཐོང་ནས་ནི་ཁྲོ་བོ་གཞན། །ཐམས་ཅད་ཀུན་ཀྱང་ལག་ཆ་འཆོར། །ཞེས་གསུངས་སོ། །ཁྲི་ཡི་སྔགས་ཀྱིས་འབྱུང་པོ་རྣམས། །མཁའ་འགྲོ་མ་


CMR022_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྟོང་གིས་ཏེ། །གཤིན་རྗེའི་གཤེད་པོ་རབ་སྦྱོར་བས། །ཡི་དྭགས་རྣམས་ནི་གཞོམ་ཞིང་བསད། །རྣལ་འབྱོར་བདག་ཉིད་འབུམ་བཟླས་ན། །ལས་ཀུན་དེ་ཡིས་བྱེད་པར་འགྱུར། །བྱེ་བ་བཟླས་ན་དངོས་གྲུབ་སྟེར། །བྱེ་བ་ལྔ་ཡིས་སྨོས་ཅི་དགོས། །གསང་སྔགས་འབུམ་ཕྲག་གཅིག་བཟླས་ནས། །བདག་ལ་སྒྲུབ་པ་བྱེད་པ་དང་། །རབ་ཏུ་སྤྱོད་པར་འགྱུར་བ་ཡིན། །འཛམ་བུའི་གླིང་ན་འཚོ་བ་ཡི། །དངོས་གྲུབ་རབ་ཏུ་སྟེར་བར་བྱེད། །རྒྱུད་རྒྱལ་རྒྱུད་ཀྱི་མཆོག་གྱུར་པ། །སྔགས་དང་བསམ་གཏན་བརྗོད་ཉུང་བས། །ཀློག་པ་ཙམ་གྱིས་འགྲུབ་པར་འགྱུར། །གང་སྡིག་ལས་ལ་དགའ་བ་དང། །དད་པ་དམན་པས་འགྲུབ་མི་འགྱུར། །གང་ཡང་སྡིག་པ་བྱེད་པ་ཡང་། །སླབ་པར་འཛིན་པར་བྱེད་ན་ནི། །འབད་མེད་དངོས་གྲུབ་ཉིད་འགྱུར་བས། །འགྲུབ་པ་འདི་ལ་ཐེ་ཚོམ་མེད། །ཅེས་དང་། སྔགས་སོགས་གསུངས་ནས། ལྷ་མོ་གསང་སྔགས་རྙེད་དཀའ་འདི། །བདག་གིས་ངོ་མ་ཆོག་པར་བཤད། །འདི་ཡི་སྔགས་ཀྱིས་མཐུ་སྟོབས་ཀྱིས། །བདག་གིས་སངས་རྒྱས་ཉིད་འགྲུབ་སྟེ། །འཇིག་རྟེན་གསུམ་གྱིས་


CMR022_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་འགྲོ། །གསང་སྔགས་བརྩོན་པར་སྦྱངས་བྱས་ནས། །སྡེ་དང་བཅས་པ་བར་སྣང་ལ། །འགྲོ་འགྱུར་འདི་ནི་ཐེ་ཚོམ་མེད། །རྔ་བོ་ཆེ་ཡི་སྒྲ་བྱའོ། །གང་དང་གང་དུ་སྒྲ་ཐོས་པ། །ཕ་རོལ་སྡེ་ནི་རབ་བྲོས་པ། །རྣམ་པ་རྣམས་ནི་གསལ་བར་བྱེད། །ཅེས་དང་། གཤིན་རྗེའི་གཤེད་གདོང་དྲུག་སོགས་ནི་འཇམ་དཔལ་རྩ་རྒྱུད་ནས་ཀྱང་བཤད་པས་བྱ་རྒྱུད་ཀྱང་ཡོད་པ་གཤིན་རྗེ་གཤེད་དམར་འཇིགས་གསུམ་དགྲ་ནག་གདོང་དྲུག་སོགས་ཕལ་ཆེ་བ་གསང་སྔགས་བླ་ན་མེད་པའི་རྒྱུད་སྡེ་ཡིན་ཏེ་དེ་ལ་ཡང་རིགས་གསུམ་ལས་ཕ་རྒྱུད་ཡིན་ནོ། །སྒྲུབ་ཐབས་འདི་ཡི་གཞུང་ལ་གཤིན་རྗེ་གཤེད་ཀྱི་རིགས་མང་ཞིག་བྱུང་བ་རྣམས་ཀྱི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ།། ༈ །།གཤིན་རྗེ་དགྲ་ནག་གི་དབང་བཤད་བཞུགས་སོ།། ༈ འོ་ན་ད་ལམ་ཁྱེད་རྣམས་ལ་གཤིན་རྗེའི་གཤེད་དགྲ་ནག་གི་དབང་བསྐུར་བ་ཡིན་ཏེ་དེ་ཡང་དགྲ་ནག་འཁོར་ལོ་ལས་ཐམས་ཅད་འགྲུབ་པའི་རྒྱུད་ཆེན་པོ་ལས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་ཞུགས་ཏེ་གཏི་མུག་རྡོ་རྗེ་ལ་སོགས་པའི་སེམས་དཔའ་དང་མེ་ཏོག་མ་ལ་སོགས་པའི་སེམས་མའི་


CMR022_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པའི་ཚེ། ལྷ་མོ་བེ་ཏ་ལི་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ད་ལྟ་འདི་ན་གདུག་པ་ཅན་རྣམས་ཀྱིས་སེམས་ཅན་ལ་འཚེ་བ་དང་མ་འོངས་པ་ན་ཡང་ཐེག་པ་ཆེན་པོ་དང་སེམས་ཅན་ལ་འཚེ་བར་བྱེད་པ་འབྱུང་ན་དེ་ཇི་ལྟར་ཚར་གཅོད་པར་བགྱི་ཞེས་ཞུས་པས། བཅོམ་ལྡན་འདས་བགེགས་ཐམས་ཅད་འཇོམས་པའི་ཏིང་ངེ་འཛིན་ལ་བཞུགས་ནས་ཧཱུྃཞེས་བྱ་བའི་སྙིང་པོ་འདི་གསུང་མ་ཐག་ཏུ་བཅོམ་ལྡན་འདས་ཉིད་ཞལ་དྲུག་ཕྱག་དྲུག་ཞབས་དྲུག་པར་གྱུར་ནས་ཨོཾ་ཧྲཱིཿཥྚི་སོགས་སྔགས་འདི་བཞད་པ་དང་བཅས་པས་གསུངས་ཤིང་མ་ཧེའི་སྟེང་ན་ལས་ཀྱི་གཤིན་རྗེ་ཕོ་ཉ་མནན་ཏེ་བཞུགས་སོ། །ལྷ་དང་ལྷ་མ་ཡིན་དང་བདུད་ཐམས་ཅད་སྐྲག་ཅིང་འདར་ནས་བཀའ་ཉན་ཅིང་འདུད་ཚངས་པ་དང་དབང་པོ་ལ་སོགས་ཐམས་ཅད་ཀྱིས་ཕྱག་འཚལ་ཞིང་འདུད་པར་གྱུར་ཏོ། །དེ་ནས་དུས་དེ་ཉིད་དུ་གཤིན་རྗེའི་གཤེད་གདོང་དྲུག་འདིའི་རྒྱུད་རྣམས་གསུངས་སོ། །གཞན་ཡང་འཇམ་དཔལ་རྩ་བའི་རྒྱུད་ལས་ཀྱང་འབྱུང་སྟེ་འཇམ་དཔལ་གཞོན་ནུར་གྱུར་པའི་ཁྲོ་བོ་ཆེན་པོ་གཤིན་རྗེའི་གཤེད་ཅེས་བྱ་བ་ཡིན་ཏེ་གཤིན་རྗེའི་


CMR022_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཡང་འཇོམས་པ་དང་འགུགས་པར་བྱེད་པ་ཡིན་ན་སེམས་ཅན་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་སོ། །དེ་ལ་འདི་ནི་གཙོ་ཆེར་བྱ་རྒྱུད་ཡིན་ཀྱང་རྡོ་རྗེ་གདན་པ་ཆེ་ཆུང་ལྷགི་བྱ་རྒྱུད་རྣལ་འབྱོར་རྒྱུད་ལྟར་ཉམས་སུ་ལེན་ཐབས་ཀྱིས་དབང་དུ་མཛད་ཅིང་། སྒྲུབ་ཐབས་རྒྱ་མཚོ་དང་བརྒྱ་རྩ་གཉིས་ཀ་དང་གཅིག་ཤེས་ཀུན་གྲོལ་སོགས་ནས་ཀྱང་འབྱུང་བའི་དབང་ཟབ་མོ་འདི་ཐོབ་ན་གཤིན་རྗེའི་ཕོ་ཉ་དང་། དུས་མ་ཡིན་པར་འཆི་བ་དང་། དགྲ་སྐག་དུར་མིག་ཏུ་ཚུད་པ་ཐམས་ཅད་ཞི་བ་ཡིན། འདི་ནི་བྱ་སྤྱོད་ནས་གསུངས་པ་མང་ན་ཡང་། གཤེད་སྐོར་རྣམས་ཕལ་ཆེར་བླ་མེད་ཕ་རྒྱུད་དུ་བཞེད་པའང་མང་། གང་ལྟར་ཡང་གཤིན་རྗེ་དགྲ་རྒྱུད་ནག་པོ་ཞེས་རྒྱུད་སྡེ་ཆེན་པོ་ཡིན་པས་དེའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ།། ༈ །།འཁོར་ལོ་བདེ་མཆོག་གི་དབང་བཤད་བཞུགས་སོ།། ༈ འོ་ན་ད་ལམ་ཁྱེད་རྣམས་ལ་འཁོར་ལོ་བདེ་མཆོག་གི་རྒྱུད་དང་འབྲེལ་བའི་དབང་འགའ་ཞིག་བསྐུར་བ་ཡིན་ཏེ་བདེ་མཆོག་འདི་ཡི་ངོ་བོ་ནི་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་ཉིད་ཡིན། ཆེ་མཆོག་ཡང་ཐུགས་རྒྱུད་གཅིག་པའི་ཕྱིར་འདི་ཡི་བསྟོད་པ་ལས། ཀུན་བཟང་ཧེ་རུ་ཀ་ལ་


CMR022_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །ཡུམ་རྡོ་རྗེ་ཕག་མོ་ནི་ཀུན་ཏུ་བཟང་མོ་དང་ཡུམ་ཆེན་མོ་གཟུགས་ཀྱི་སྐུར་བཞེངས་པ་ཡིན་ཏེ། རྡོ་རྗེ་ཕག་མོ་བདེ་མཆོག་ཡབ་ཡུམ། །ཞེས་གསུངས་སོ། །འདིའི་རྒྱུད་ནི་ཐོག་མ་མེད་པའི་དུས་ནས་སངས་རྒྱས་ཐམས་ཅད་ཀྱིས་གསུངས་ཤིང་སེམས་ཅན་བསོད་ནམས་ཀྱི་དབང་གིས་རེས་འགའ་ནུབ་ཅིང་རེས་འགའ་དར་རོ། །འདིའི་རྒྱུད་མཐའ་ཡས་པ་ཡོད་པར་བཤད་ཀྱང་ད་ལྟ་བོད་ཡུལ་འདིར་བཞུགས་པ་རྩ་རྒྱུད་ཉུང་ངུ་དང་བཤད་རྒྱུད་ལ་ཨ་བྷི་དྷ་ན། སྡོམ་པ་འབྱུང་བ། ཧེ་རུ་ཀ་མངོན་འབྱུང་། ཕག་མོ་མངོན་འབྱུང་སོགས་ཡིན། དེ་དག་ཕལ་ཆེར་ཨོ་རྒྱན་གྱི་ཡུལ་དུ་བཞུགས་པ་གྲུབ་ཆེན་རྣམས་ཀྱིས་དབང་ཐོབ་ནས་རིམ་པར་སྤྱན་དྲངས་ནས་སྒྲུབ་ཐབས་མང་དུ་མཛད་པའི་ནང་ནས་ཧེ་རུ་ཀ་གཙོ་རྐྱང་ཕག་མོ་དོན་གྲུབ་མ་ཕག་མོ་ལྷ་ལྔ་མགོན་པོ་ཕྱག་བཞི་པ་སོགས་བདེ་མཆོག་གི་རྒྱུད་ནས་བྱུང་བ་འདི་རྣམས་ཀྱི་དབང་ཐོབ་ནས་ཉམས་སུ་བླངས་ན་རབ་ཚེ་འདིར་སངས་རྒྱས། འབྲིང་བར་དོ་ནས་དཔའ་བོ་མཁའ་འགྲོས་མཁའ་སྤྱོད་དུ་གདན་འདྲེན། ཐ་མ་ཡང་སྐྱེ་བ་རྒྱབ་རེས་འཁོར་ལོས་སྒྱུར་བའི་རྒྱལ་པོ་


CMR022_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་གསུངས་པས་དེ་ལྟ་བུའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ།། ༈ ཀྱེའི་རྡོ་རྗེའི་དབང་བཤད་བཞུགས་སོ།། ༈ འོ་ན་ད་ལམ་ཁྱེད་རྣམས་ལ་དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལས་བྱུང་བའི་དབང་འགའ་ཞིག་བསྐུར་བ་ཡིན་ཏེ། འདི་ཡི་ངོ་བོ་ནི་ཐུགས་མཆོག་བཛྲ་ཧེ་རུ་ཀ་དང་གཅིག་པས་རྙིང་མའི་ཡང་དག་དང་གསར་མའི་དགྱེས་རྡོར་རྣམས་དོན་གཅིག་པར་གསུངས། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་བཙུན་མོའི་བྷ་ག་དང་མ་ག་ཏ་དང་གཞན་འཕྲུལ་དབང་བྱེད་དང་འོག་མིན་དུ་ལོངས་སྤྱོད་རྫོགས་པའི་སྐུའི་གསུངས་པའི་དགྱེས་རྡོར་གྱི་རྒྱུད་མཐའ་ཡས་པ་ཡོད་པར་གསུངས་ཀྱང་། ད་ལྟ་བོད་དུ་འགྱུར་ཞིང་ཀུན་གྱིས་གཙོ་བོར་འཛིན་རྒྱུ་རྩ་རྒྱུད་བརྟག་པ་གཉིས་དང་། བཤད་རྒྱུད་རྡོ་རྗེ་གུར་དང་། ཆ་མཐུན་གྱི་རྒྱུད་སམྦུ་ཊི་རྣམས་ནས་གསུངས་པའི་དགྱེས་རྡོར་གཙོ་རྐྱང་དང་བདག་མེད་མ་དང་ཤེར་ཕྱིན་དཀར་མོ་རྣམས་མི་བསྐྱོད་པའི་རིགས་ཡིན། ཀུ་རུ་ཀུལླེ་འོད་དཔག་མེད་ཀྱི་རིགས་ཡིན། རྡོ་རྗེ་སྒོན་མ་རིན་འབྱུང་གི་རིགས་ཡིན། རྒྱུད་གུར་ཕྱག་གཉིས་པ་འདི་ནི་རྣམ་སྣང་གི་རིགས་སུ་རྟོགས། འདི་ལྟ་བུའི་དབང་ཐོབ་ནས་ཉམས་སུ་བླངས་ན་ཚེ་གཅིག་གིས་སངས་རྒྱས་


CMR022_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ། ཉམས་སུ་མ་བླངས་ན་ཡང་དམ་ཚིག་མ་ཉམས་ན་སྐྱེ་བ་བདུན་ནས་སངས་རྒྱས་པར་བཤད་པས་དེ་ལྟ་བུའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ། ཞེས་པ་འདི་ནི་རྒྱུད་འབུམ་ཚང་མ་ལ་ལན་གཉིས་གསུམ་ཙམ་བལྟས་པ་དང་། བུ་སྟོན་གྱིས་མཛད་པའི་རྒྱུད་སྡེའི་རྣམ་བཤད་རྒྱས་པ་དང་། རྗེ་བཙུན་རྩེ་མོས་མཛད་པའི་རྒྱུད་སྡེ་སྤྱིའི་རྣམ་བཞག་དང་། ངོ་ཁྲོ་རབ་འབྱམས་པས་མཛད་པའི་རྒྱུད་སྡེ་སྤྱིའི་རྣམ་བཤད་དང་། སློབ་དཔོན་རྣམས་ཀྱིས་གསུང་རྒྱུན་བསྟུན་ཏེ་དགེ་སློང་རཱ་ག་ཨ་སྱས་སྦྱར་བའི་ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་སོ། །ལྷ་སོ་སོའི་རྒྱུད་སྡེ་ངོས་འཛིན་ལ། ལ་ལ་མི་འཐད་པ་འདྲ་བ་བྱུང་སྲིད་ཀྱང་སྔོན་གྱི་མཁས་པ་རྣམས་ཀྱིས་བཞེད་པ་ལ་ཡང་མི་འདྲ་བ་མང་དུ་འདུག་པས་དེ་དག་གང་རུང་རེ་རེའི་ལུགས་སུ་བྱས་པ་ཡིན་པས་འགལ་བར་མི་སེམས། འོན་ཀྱང་འགལ་འཁྲུལ་ཉེས་པའི་ཆ་མཆིས་ན། མཁྱེན་ལྡན་རྣམས་ལ་བཤགས་ཤིང་། འདི་བྲིས་དགེ་བས་འདིའི་དབང་རྒྱུན་དང་ལུང་རྒྱུན་དང་དཔེ་རྒྱུན་ཡུན་རིང་འཕེལ་ཞིང་རྒྱས་ནས། འབྲེལ་པ་ཐོགས་ཚད་བདེ་བ་ཅན་དུ་སྐྱེ་བའི་ལམ་མཆོག་དམ་པར་གྱུར་ཅིག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR022_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

ཡི་དམ་རབ་འབྱམས་ཀྱི་དབང་བསྐུར་བའི་སྒྲུབ་ཐབས།


CMR022_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་རབ་འབྱམས་ཀྱི་དབང་བསྐུར་བའི་སྒྲུབ་ཐབས་བཞུགས་སོ། །མངྒ་ལཾ།།


CMR022_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེ་དང་ལྡན་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །ལན་གསུམ་བརྗོད། སེམས་ཅན་ཐམས་ཅད་བདེ་དང་ལྡན། །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷརྨཱསྭ་བྷཱ་ཝ་


CMR022_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཤུདྡྷོཉཧཾ། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས་རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་དར་སྣ་ཚོགས་ཀྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དབང་གི་ལྷ་རྣམས་སྤྱན་དྲངས། དབང་བསྐུར་ལུས་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་


CMR022_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་པར་གྱུར། ཨགྷོ་སོགས། དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས། །དཔའ་བོ་དགྱེས་མཛད་བདུད་དཔུང་འཇོམས། །སྒེག་པའི་ཉམས་ལྡན་ཅོད་པན་ཅན། །རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །ཨོཾ་ཨཱཿབཛྲ་དྷིཀྵ་ཧཱུྃ་ཧཱུྃ། ཅི་ནུས་བཟླ། ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷརྨཱསཱ་བྷཱ་ཝ་ཤུདྡྷོཉཧཾ། སྟོང་པའི་ངང་ལས་ལས་བུམ་གྱི་ནང་དུ་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་གུ་རྒྱ་གྲམ་དང་སྡིགས་མཛུབ་མཛད་པ་ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པ་གནས་གསུམ་ཡི་གེ་གསུམ་ཐུགས་ཀའི་ཧཱུཾ་ལ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་ཡེ་ཚེཤེས་པ་སྤྱན་དྲངས། ཛ༔ཧཱུྃ་བཾ་ཧོ༔ དབང་ལྷ་སྤྱན་དྲངས་དབང་བསྐུར་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར། ཨགྷཾ་སོགས། ཧཱུྃ། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ བརྒྱ་ཙམ་བསྙེན། ལས་བུམ་གྱི་ཁྲོ་བོས་བར་ཆད་ཀྱི་བགེགས་ཐམས་ཅད་བཟློག་པའི་ཕྲིན་ལས་མཛོད་ཅིག །དེ་ཡན་ད་ནངས་གཅིག་བྱས་ནས་དེ་རིང་དབང་དུ་བསྐུར་ཀྱང་བདག་བསྐྱེད་དང་ལས་བུམ་ཅིག་མི་དགོས། བསང་སྦྱངས་བྱས་ལ།


CMR022_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

པད་ཟླའི་སྟེང་དུ་ཧཱུཾ་ལས་མཚན་ཉིད་དང་ལྡན་པའི་བུམ་པའི་ནང་དུ་དཀྱིལ་འཁོར་གྱི་དབུས་སུ་དུས་གཅིག་ཏུ་བསྐྱེད་པ་དང་འདྲ་བའི་ལྷ་ཡན་ལག་བཞི་རྫོགས་སུ་བསྐྱེད་དེ། བདག་གི་ཐུགས་ཀ་ནས་སྔགས་ཕྲེང་གཟུངས་ཐོག་ལ་ཞོན་ཏེ་སོང་བུམ་བསྐྱེད་ཀྱི་ལྷའི་ཐུགས་ཀར་ཕོག །ཟག་མེད་ཀྱི་བདེ་བས་ཐུགས་དགྱེས་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་འཛག་པས་བུམ་པ་ཁེངས་པར་བསམ་ཞིང་སྔགས་བཟླས་པའི་མཐར་ལྷ་གཉིས་ཀར་མཆོད་བསྟོད་བྱ། བུམ་ལྷའི་ཡེ་ཤེས་པ་གཤེགས་དམ་ཚིག་པ་ཞུ་བ་བུམ་པའི་ཆུར་བསྟིམས་སོ། །འདི་ལྟར་མདུན་བུམ་གཉིས་བསྡུས་པ་རེ་བྱས་ནས་སྔགས་འུར་འདོན་བཅུག་སྟེ་མགྱོགས་དབང་བསྐུར་བའི་ཕྱག་ལེན་ནོ།། ༈ །།ཡི་དམ་རབ་འབྱམས་ཀྱི་དབང་ཆོག་སི་ཏུས་མཛད་པ་བཞུགས་སོ།། ༈ དེ་ནས་སློབ་མ་རྣམས་ཁྲུས་བྱས་མཎྜལ་ཕུལ་ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་གདབ་པ་ནི། དགའ་ཆེན་ཁྱོད་བདག་སྟོན་པ་པོ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་ཕྱག་འཚལ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་


CMR022_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་འཚལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། མདུན་གྱི་ནམ་མཁར་ལྷ་རྗེ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ནས་བཞུགས་པའི་སྤྱན་སྔར་བདུན་རྣམ་དག་བྱེད་པ་ཡིན་སྙམ་པས་རྗེས་ཟློས་མཛོད། ཅེས་བརྡའ་སྦྱར་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་སློབ་མའི་གནས་གསུམ་དུ། ཨོཾ་ཨཱཿཧཱུཾ། བརྗོད་ལ་དྲིའི་ཐིག་ལེ་བྱ་སྟེ། དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿཡིས་མཚན་པ། ཐུགས་


CMR022_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། དེ་དག་གི་འོད་ཟེར་གྱིས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བསལ་ནས་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་པར་བྱས་ལ། ཉེར་སྤྱོད་ཕུལ་བའི་མོས་པ་མཛོད། ཨོཾ་བཛྲ་པུབྦེ་ཨཱཿཧཱུྃ། དེ་བཞིན་དུ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནེ་ཝིདྱ། ཤབྡ་ཨཱཿཧཱུཾ། དེ་ནས་སློབ་མ་ལྷ་སོ་སོའི་སྐུར་བསྐྱེད་ནས་གནས་གསུམ་བྱིན་གྱིས་བརླབས་ནས། བདག་མདུན་གཉིས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ལྷ་དེ་དང་དེའི་སྐུ་དཔག་ཏུ་མེད་པ་སྤྱན་དྲངས་ནས་སློབ་མའི་ལུས་ལ་ཞུགས་པས་ལུས་ཀྱི་སྒྲིབ་པ་དག་ནས་ལྷ་དེ་དངོས་ཡིན་ཨང་སྙམ་པའི་མོས་པ་མཛོད། རིགས་ཀྱི་བུ་ལ་རྒེ་ཡིས། །སྐུ་ཡིས་བྱིན་གྱིས་བརླབས་གྱུར་ནས། །ལུས་ཀྱི་སྒྲིབ་པ་ཀུན་དག་ནས། །མཚན་དཔེས་བརྒྱན་པའི་སྐུ་ཐོབ་ཤོག །ཅེས་བརྗོད་ཅིང་མེ་ཏོག་འཐོར་རོལ་མོ་བྱའོ། །མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཉིས་པ་ཞིག་འཕྲོས། ཞལ་ནས་ཐོན་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས་ཐུགས་ཀར་སྔགས་ཕྲེང་འཁོར་བ་ཞིག་ཏུ་གྱུར་སྙམ་པའི་མོས་པ་མཛོད། ཅེས་བརྗོད་ལ་སྔགས་ལན་གསུམ་བཟླས་ཤིང་བླ་མས་མེ་ཏོག་བཅིངས་ལ། བཅོམ་ལྡན་འདི་ལ་བསྩལ་ལགས་


CMR022_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སློབ་མས། བཅོམ་ལྡན་འདས་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ་བརྗོད་དུ་བཅུག །རིགས་ཀྱི་བུ་ལ་སྒེ་ཡིས། །གསུང་གི་བྱིན་གྱིས་བརླབས་གྱུར་ནས། །ངག་གི་སྒྲིབ་པ་ཀུན་དག་སྟེ། །ཡན་ལག་དྲུག་ཅུའི་དབྱངས་ཐོབ་ཤོག །མཚན་མ་མེད་པའི་རྣལ་འབྱོར་གྱི་དོན་བསྒོམ་བཅུག་ནས། རིགས་ཀྱི་བུ་ལ་རྒེ་ཡིས། །ཐུགས་ཀྱི་བྱིན་གྱིས་བརླབས་གྱུར་ནས། །ཡིད་ཀྱི་སྒྲིབ་པ་ཀུན་དག་སྟེ། །སྤངས་རྟོགས་ཡོན་ཏན་མཐར་ཕྱིན་ཤོག །ཅེས་བརྗོད། དེ་ནས་བརྟན་པའི་ཆེད་དུ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་གཤེགས་པ་གཤེགས་མ། སེམས་དཔའ་སེམས་མ། ཁྲོ་བོ་ཁྲོ་མོ། གདན་གསུམ་ཚང་བའི་ལྷ་ཚོགས་མདུན་གྱི་ནམ་མཁར་པཉྩ་ཀུ་ལ་ས་པཱ་རི་ཝ་རཱ་བཛྲ་ས་མ་ཡ་ཛ་ཛཿ དེ་ལ་ཨགྷཾ་སོགས་ཀྱིས་མཆོད་ཅིང་། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་


CMR022_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཛད། སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད། སེམས་མ་རྣམས་ཀྱིས་གླུ་ལེན། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། བླ་མས་བསྒྲུབས་པའི་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུས་པས་དབང་བསྐུར་བ་ནི། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་བུམ་པའི་ཆུས་དབང་བསྐུར་བས་དྲི་མ་དག །ལུས་ཡེ་ཤེས་ཀྱི་བདུད་རྩིས་གང་། ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ་ལ་ཨརྒྱུ་སོགས་ཀྱིས་མཆོད། དབང་ལྷ་སྤྱན་དྲངས་པ་རྣམས་སློབ་མ་ལ་ཐིམ་པར་བསམ། དེ་ལྟར་ལྷག་པའི་ལྷས་བྱིན་གྱིས་བརླབས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག་ལྷ་དེ་དག་གི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་སྒྲུབ་པའི་བག་ཆགས་སེམས་རྒྱུད་ལ་བཞག །ཕྲིན་ལས་དང་དངོས་གྲུབ་ཐམས་ཅད་འགྲུབ་པ་ལ་དབང་བ་ཡིན་ནོ། །དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་སྙམ་པས་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་


CMR022_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བདག་གིས་བགྱི། །ཞེས་དང་། ཁྱད་པར་རང་གི་ལུས་ངག་ཡིད་གསུམ་ཆ་གསུམ་དུ་བགོས་ཏེ་ཆ་གཅིག་བླ་མ་ལ་ཕུལ། ཆ་གཅིག་དཀྱིལ་འཁོར་གྱི་ལྷ་ལ་ཕུལ། ཆ་གཅིག་སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་བྱིན་པར་མོས་ཤིག །ཅེས་བརྡའ་སྦྱར་ནས་སློབ་མས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ཉིད་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཅེས་བརྗོད་ལ་གཏང་རག་གི་མཎྜལ་ཕུལ་ནས་སྤྱོད་ལམ་ཅི་བདེར་བྱའོ། །འདི་སི་ཏུ་ཆོས་ཀྱི་གོ་ཆས་མཛད་དོ།། ༈ །།དབང་ཆོག་བསྡུས་པ་བཞུགས་སོ།། ༈ སློབ་མ་རྣམས་ཁྲུས་བྱས་མཎྜལ་ཕུལ་མེ་ཏོག་བཟུང་ལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཆེ། །སྲིད་པའི་འཁོར་ལོ་རྣམས་འཇོམས་པ། །དེ་རིང་བཤད་པའི་རིན་ཆེན་གཏེར་།གཙོ་བོའི་བདག་ལ་བཀའ་དྲིན་སྩོལ། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་


CMR022_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སྐྱབས་འགྲོ་སེམས་བསྐྱེད་བཟུང་། སློབ་མ་མངོན་རྟོགས་ལྟར་བསྐྱེད། ཡེ་ཤེས་པ་ལ་བསྟིམ།་གུ་གུལ་གྱིས་བདུག་རོལ་མོ་བྱ། རང་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་སློབ་མ་ལ་ཐིམ། སྔགས་ལན་གསུམ་བརྗོད་ཅིང་རོལ་མོ་བྱ། སངས་རྒྱས་ཀུན་གྱི་ཐུགས་ཀ་ནས། །ཕྱག་མཚན་རྡོ་རྗེ་ཆར་ལྟར་བབ། །སློབ་མའི་ལུས་ལ་ཐིམ་པར་གྱུར། །སྔགས་བརྗོད་ཅིང་རོལ་མོ་བྱའོ། །རྗེ་དཀོན་མཆོག་ཡན་ལག་གིས་མཛད་པའོ།། ༈ །།དབང་ཆོག་བཞུགས་སོ། །བླ་མ་དང་གསང་བའི་བདག་པོ་ཡི་དམ་གང་ཡིན་དེ་ཐ་མི་དད་པའི་དྲུང་དུ་རྗེས་གནང་ཟབ་མོ་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཅེས་བརྡའ་སྦྱར་ལ། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་འདི་ཞེས་བགྱི་བ་ཡི། །རྗེས་སུ་གནང་བ་བསྩལ་དུ་གསོལ། །ཞེས་ལན་གསུམ་བརྗོད་དུ་བཅུག །


CMR022_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་སློབ་མ་རྣམས་ཀྱི་རྒྱུད་དག་པར་བྱ་བའི་ཕྱིར་བླ་མ་དང་ཡི་དམ་དབྱེར་མེད་པའི་དྲུང་དུ་བདུན་རྣམ་དག་སྔོན་དུ་འགྲོ་བའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། །ཅེས་བརྡའ་སྦྱར་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པ་ཡང་ལན་གསུམ་བརྗོད་དུ་གཞུག །ལས་ཐམས་ཅད་པས་སློབ་མ་བསངས་སྦྱངས་ནས། ཁྱེད་རང་རྣམས་སོགས། ཧཱུཾ་སྔོན་པོས་མཚན་པར་བསྒོམས། ཐུགས་ཀའི་ཧཱུཾ་དང་བླ་མ་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་འཕྲོས་འདི་ཞེས་བྱ་བའི་ལྷ་ཚོགས་བསྒོམས་པ་དང་འདྲ་བ་སྤྱན་དྲངས་ནས་སློབ་མ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་སྙམ་པའི་མཐར། །


CMR022_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཝེ་ཤ་ཡ་སོགས། ཏིཥྛ་སོགས་གོང་བཞིན། སྐུ་ཡི་རྗེས་གནང་ནི། སླར། ཁྱེད་རང་རྣམས་ལྷར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་དབང་ལྷ་སྤྱན་དྲངས་ཤིང་དབང་བསྐུར་བར་གྱུར། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཊི་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། བུམ་པ་བཞག་ཆུ་བླུད། དེ་ལྟར་དབང་བསྐུར་བས་ལུས་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་བདག་འདིས་རྒྱས་བཏབ་པར་གྱུར། དེ་ནི་སྐུ་ཡི་རྗེས་གནང་སྟེ། དེས་ལུས་ཀྱི་སྒྲིབ་པ་དག་ལུས་ལ་གནོད་པའི་ཚོགས་ཞི་ལྷ་ཡི་སྐུར་བསྒོམ་པར་དབང་བ་སྐུ་ཡི་རྗེས་གནང་ངོ་། །གསུང་གི་རྗེས་གནང་ནི། སློབ་དཔོན་འདི་ཞེས་བྱ་བར། གསལ་བའི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས་ཁྱེད་རང་རྣམས་འདི་ཞེས་བྱ་བར། གསལ་བའི་ཞལ་དུ་ཞུགས་ཐུགས་ཀར་འཁོར་བར་དམིགས་ལ་སྔགས་བཟླས་སོ། །བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སློབ་མས། བཅོམ་ལྡན་འདས་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་


CMR022_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛད་དུ་གསོལ། །མེ་ཏོག་འཐོར། དེ་ནི་གསུང་གི་རྗེས་གནང་སྟེ། དེས་ངག་གི་སྒྲིབ་པ་དག་ངག་ལ་གནོད་པའི་ཚོགས་ཞི་ངག་སྔགས་བཟླ་བ་དང་འཆད་རྩོད་རྩོམ་གསུམ་ལ་དབང་བ་གསུང་གི་རྗེས་གནང་ངོ་། །གསུམ་པ་ཐུགས་ཀྱི་རྗེས་གནང་ནི། བླ་མ་དང་ཡི་དམ་གྱི་ཐུགས་ཀ་ནས་ཕྱག་མཚན་དཔག་ཏུ་མེད་པ་འཕྲོས་ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཐིམ་པར་བསྒོམས་། སྙིང་པོ་དང་། བཛྲ་ས་མ་ཡ་སྟེ། ནས་གཏོར། དེ་ནི་ཐུགས་ཀྱི་རྗེས་གནང་སྟེ། དེས་ཡིད་ཀྱི་སྒྲིབ་པ་དག་ཡིད་ལ་གནོད་པའི་ཚོགས་ཞི་ཡིད་ཏིང་ངེ་འཛིན་དེ་ཁོ་ན་ཉིད་བསྒོམ་པ་ལ་དབང་བ་ཐུགས་ཀྱི་རྗེས་གནང་ངོ་། །ད་གཏོར་དབང་བྱ་བ་ནི། ཁྱེད་རང་རྣམས་ཕྱག་རྡོར་སྐབས་དང་སྦྱར། གསལ་ཐོབ། རྒྱས་པར་ནི་ལྷ་རང་རང་གི་མངོན་རྟོགས་བརྗོད་ལ་གནས་གསུམ་བྱིན་རླབས་ཡན་གསལ་འདེབས་པས། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་བསྒོམས། ཞེས་བརྗོད། གཏོར་མ་འདི་ལ་ཤེས་དུས་གསུམ་ཡོད་པ་ལས་ད་ལྟའི་སྐབས་འདིར་རྣམ་པ་གཏོར་མ་ལ་ངོ་བོ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་སྐབས་དང་བསྟུན། རྒྱས་པ་གཞལ་ཡས་ཁང་གནས་གསུམ་བྱིན་རླབས་བར་གོང་བཞིན་སྤྱད་པ་དང་ཚིག་སྨོས། དེ་ཡང་གཏོར་དབང་ཁོ་ན་ལས་མི་བྱེད་ན་ཡོངས་རྫོགས་སྨོས། སྐུ་


CMR022_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་ཀྱི་རྗེས་གནང་དང་འབྲེལ་ན་བསྡུས་པ་ཆོག །དངོས་ཡིན་སྙམ་དུ་གསལ་ཐོབ་ལ་སློབ་དཔོན་གྱིས་གཟུངས་སྔགས་བརྗོད་ཅིང་བླ་མ་བརྒྱུད་པའི་མཚན་ནས་སྨོས་ཏེ་གསོལ་བ་བཏབ་པས་ཇི་ལྟར་གསོལ་བ་བཏབ་བཞིན་བྱིན་གྱིས་བརླབས་ནས་དངོས་གྲུབ་གནང་ཞིང་ཐོབ་བྱུང་སྙམ་ཞིང་བསྒོམ་ལ་མ་ཡེངས་པར་རྩེ་གཅིག་ཏུ་འདུན་པ་དྲག་པོ་གཏོད་ནས་སྨོན་ལམ་ཐོབ་ཅིག །ཡི་དམ་ཕྱག་རྡོར་ལྟ་བུ་གང་ཡིན་དེས་གཟུངས་བརྗོད་ཅིང་བླ་མ་བརྒྱུད་པའི་མཚན་སྨོས། དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ཁྱད་པར་དུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གཏུམ་པོ་ཞེས་སམ། འབྱུང་པོ་འདུལ་བྱེད་ཅེས་པ་ལྟ་བུ་ཡི་དམ་གང་ཡིན་སྦྱར། ཀྱི་ལྷ་ཚོགས་འཁོར་དང་བཅས་པ་ཆོས་སྐྱོང་བའི་སྲུང་མ་དང་བཅས་པས་རྡོ་རྗེའི་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྩལ་བར་མཛད་དུ་གསོལ། འདི་ཡིས་ནད་གདོན་བགེགས་དང་བར་ཆད་ཐམས་ཅད་ཞི་ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་རྒྱས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་དབང་དུ་འདུས་བདུད་དང་གནོད་བྱེད་མ་རུངས་པའི་ཚོགས་ཐམས་ཅད་ཚར་


CMR022_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་ཞི་རྒྱས་དབང་དྲག་གི་ཕྲིན་ལས་ཐམས་ཅད་ཐོག་པ་མེད་པར་འགྲུབ་པར་མཛད་དུ་གསོལ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ཤིང་། །དངོས་གྲུབ་རྣམ་གཉིས་འབྱུང་བའི་གནས། །གཏོར་མའི་དབང་བསྐུར་ཆེན་པོ་སྦྱིན། །ཛཿཧཱུྃ་བཾ་ཧོཿ ཞེས་གཏོར་མ་མི་མང་ནའང་མགོར་བཞག་ཙམ། གལ་ཆེན་དང་ཉུང་ན་བརྒྱུད་རིམ་ནས་བཟུང་ཛཿཧཱུྃ་བཾ་ཧོཿའི་བར་བརྗོད་ལ་བཞག །རྡོ་རྗེ་སྤྱི་བོར་བཞག་ལ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །བཅོམ་ལྡན་ཕྱག་ན་རྡོ་རྗེའི་བྱིན་བརླབས་ཀྱིས། །འགྲོ་བ་འདི་དག་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པར་མ་བྱེད་ཅིག །ཨོཾ་བཛྲ་རཀྵ་ཧཱུྃ། གཏོར་མ་ཕྱག་རྡོར་དུ་གསལ་བ་ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་ཕྱག་ན་རྡོ་རྗེའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་སྙམ་དུ་སྒོམས་ཤིག །གཏོར་མ་དུམ་གཅིག་དངོས་གྲུབ་ཏུའང་སྦྱིན། དེས་ཡི་དམ་ཆོས་སྐྱོང་གང་ལ་ཡང་རྒྱས་གདབ་བོ། །མཐར་དམ་ཚིག་ཁས་བླངས་ཏེ། འདི་ཡི་དམ་དུ་འཛིན་སྙམ་པས་རྗེས་ཟློས་མཛོད། ཅེས་བརྡ་སྦྱར། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །སོགས་བརྗོད། རྗེ་དབང་ཕྱུག་རྡོ་རྗེས་མཛད་པའོ།། ༈ །།གཞུང་གི་


CMR022_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཆོག་ནི། ༈ སློབ་མ་རྗེས་སུ་བཟུང་བའི་ཆོ་ག་བཤད་དེ། དང་པོ་གནས་ཁང་རྒྱན་བཀོད་པ་སྤྱི་དང་མཐུན། གཞལ་ཡས་ཁང་ཡོད་པ་རྣམས་ལ་གྲུ་བཞི་སྒོ་བཞི་པ། གཞན་རྣམས་ལ་པདྨ་འདབ་བརྒྱད། ཆོས་སྐྱོང་ལ་ཆོས་འབྱུང་མཐིང་ཀ་མེ་རི་དང་བཅས་པའི་པདྨ་འདབ་བརྒྱད་རྣམས་ཚོན་གྱིས་བྲིས་ལྷ་གྲངས་དང་མཉམ་པའི་ཚོམ་བུ་བཀོད། མཆོད་པ་ཅི་འབྱོར་བས་སྐོར། གཏོར་མ་གཞན་རྣམས་ལ་མེད་ཀྱང་ཆོག་ཆོས་སྐྱོང་ལ་ངེས་པར་བཤམ། བུམ་པ་ལ་སོགས་སྟ་གོན་བྱས་ལ་མཆོད་རྫས་རྣམས་ལ། ཨོཾ་བཛྲ་ཡཀྵ་ཧཱུཾ། ཨོཾ་བཛྲ་ཨ་མྲྀ་ཏེ་ཧཱུཾ། གིས་བསངས། སྭ་བྷ་ཝས་སྦྱངས་ནས། རྒྱུད་སྡེ་འོག་མའི་ཆོ་ག་བཞིན། གྷནྡྷེ་ར་ཎིས་བྱིན་གྱིས་བརླབས། བདག་བསྐྱེད་བཟླས་པའི་གོང་དུ་བཤད་པ་བཞིན་བྱིན་གྱིས་བརླབས་པར་བསྒོམ། དེ་ནས་མདུན་གྱི་དཀྱིལ་འཁོར་དང་བུམ་པ་བསང་སྦྱང་། པད་ཟླའི་སྟེང་དུ་ཧཱུཾ་ལས་མཚན་ཉིད་དང་ལྡན་པའི་བུམ་པའི་ནང་དང་དཀྱིལ་འཁོར་གྱི་དབུས་སུ་དུས་གཅིག་བདག་བསྐྱེད་འདྲ་བའི་ཡན་ལག་བཞི་རྫོགས་སུ་བསྐྱེད། བདག་གི་ཐུགས་ཀ་ནས་སྔགས་ཕྲེང་གཟུངས་ཐག་ལ་ཞོན་ནས་སོང་བུམ་བསྐྱེད་ཀྱི་ལྷ་ཡི་ཐུགས་ཀར་ཕོག །ཟག་མེད་ཀྱི་བདེ་བས་ཐུགས་དགྱེས་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་འཛག་པས་བུམ་པ་ཁེངས་པར་བསམ་ཞིང་སྔགས་བཟླས་པའི་མཐར་ལྷ་གཉིས་ཀ་ལ་མཆོད་བསྟོད་བྱ། བུམ་པའི་ལྷ་ཡེ་


CMR022_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་གཤེགས། དམ་ཚིག་པ་ཞུ་བ་བུམ་པའི་ཆུར་བསྟིམ། དེ་ནས་སློབ་མ་རྣམས་ཁྲུས་བྱས་མཎྜལ་ཕུལ་ནས། སློབ་དཔོན་བདག་ལ་དགོངས་སུ་གསོལ། །བདག་ལ་བཅོམ་ལྡན་འདས་སྒེའི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་། །རྗེས་སུ་གནང་བ་བསྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། རྒྱུན་བཤགས་སྔོན་དུ་འགྲོ་བས་སེམས་བསྐྱེད་རྗེས་སུ་གནང་བ་དངོས་ལ། སློབ་མ་རྣམས་སྟོང་པའི་ངང་ལས་ལྷར་བསྐྱེད་དེ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་བར་བདག་བསྐྱེད་དང་འདྲ་བར་བྱས་ལ་དེ་ནས། སློབ་དཔོན་གྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་མདུན་བསྐྱེད་ལྷ་ཡི་ཐུགས་རྒྱུད་བསྐུལ། དེ་གཉིས་ཀའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀར་ཕོག །དེ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་རྣམ་པ་བཅོམ་ལྡན་འདས་སྒེའི་རྣམ་པ་ཅན་ནམ་མཁའ་དང་ས་གཞི་བར་སྣང་གི་ཁམས་ཐམས་ཅད་ཁྱབ་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ཀྱི་ལུས་ལ་རྡོ་ཚན་ལ་ཁ་བ་བབ་པའམ་མཚོ་ལ་ཆར་ཆེན་པོ་བབ་པ་ལྟར་སིབ་སིབ་ཐིམ་པར་བསྒོམ། ཞེས་བརྗོད་པས་ཡེ་ཤེས་པ་གཞུག་པའི་སྔགས་དམིགས་གསལ་ཡོད་


CMR022_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ལ་དེ་ཉིད་མེད་པ་རྣམས་ལ་རང་རང་གི་སྔགས་བརྗོད་ལ་རོལ་མོ་བྱ། དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་སྤྲུལ་པའི་རིགས་ལྔ་ཡུམ་བཞི་སེམས་དཔའ་རིག་མ་ཁྲོ་བོ་ཁྲོ་མོའི་ཚོགས་དཔག་ཏུ་མེད་པས་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་བུམ་པ་དཀར་པོས་དབང་བསྐུར་བར་བསམ། ཇི་ལྟར་བལྟམས་པ་སོགས་དང་བཅས་ཏེ་དངོས་སུ་བུམ་ཆུས་དབང་བསྐུར་ཏེ་རིགས་བདག་གིས་དབུར་བརྒྱན་པ་ནི། སྐུ་ཡི་རྗེས་སུ་གནང་བའོ། །དེ་ནས་སློབ་དཔོན་གྱི་ཐུགས་ཀར་ས་བོན་སྔགས་ཕྲེང་དང་བཅས་པ་སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་རླུང་ཞིག་ཕྱིར་འཕྲོས་པ་དང་བསྟུན་ནས་ལམ་སྣ་བུག་གཡས་ནས་ཐོན་སློབ་མའི་རླུང་ནང་དུ་འཇུག་པ་དང་བསྟུན་ནས་ལམ་སྣ་བུག་གཡོན་ནས་ཞུགས་ཐུགས་ཀའི་ས་བོན་གྱི་མཐའ་མར་བཀོད། དེ་ཡང་དང་པོས་འཁོར་གཉིས་པས་གསལ་གདབ། གསུམ་པས་བརྟན་པར་བྱ་བའམ་ཡང་ན་དང་པོ་དམ་ཚིག་པ་བསྐྱེད། གཉིས་པ་ལ་ཡེ་ཤེས་པ་གཞུག་གསུམ་པ་ལ་དབང་བསྐུར་བའི་ཚུལ་གྱིས་ཐིམ་པར་མོས་པ་དང་སྔགས་ལན་གསུམ་རྗེས་ཟློས་བྱ། སློབ་མས། བཅོམ་ལྡན་བདག་གི་བཟུང་ལགས་ཀྱིས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཉེ་བར་མཛད་དུ་གསོལ། འགོ་


CMR022_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་སློབ་དཔོན་གྱིས། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས་ཞེས་སོགས་དང་། བདག་གི་རྡོ་རྗེའི་སློབ་མ་རྗེ་ཞེས་བྱ་བ་ལ། བཅོམ་ལྡན་སྒྲོའི་གསང་། སྔགས་དང་རིག་སྔགས་གཟུངས་སྔགས་དང་། བྱིན་རླབས་ནུས་མཐུ་ཐམས་ཅད་འཇུག་ཅིང་བརྟན་པར་མཛད་དུ་གསོལ། ཞེས་བརྗོད་ཅིང་མེ་ཏོག་སྤྱི་བོར་བཞག་ནས་ནི། གསུང་གི་རྗེས་སུ་གནང་བའོ། །སློབ་མའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་ཁམས་གསུམ་སྣོད་བཅུད་ཐམས་ཅད་ལ་ཕོག་འོད་དུ་ཞུ། གཞལ་ཡས་ཁང་སོགས་མེད་ན་རང་རང་ཡོད་ན་རིམ་གྱིས་བསྡུས་ཏེ་རང་ཉིད་ལ་ཐིམ། དེ་ཡང་འོད་དུ་ཞུ་བ་དེ་སེམས་དཔའ་སུམ་བརྩེགས་སོགས་ཡོད་ན་རིམ་གྱིས་བསྡུས་ཤིང་མེད་ན། ཐུགས་ཀའི་ས་བོན་ལ་ཐིམ་དེ་ཡང་མར་རིམ་གྱིས་བསྡུས་ནས་མཐར་ནམ་མཁའ་སྟོང་པ་ལ་འཇའ་ཡལ་བའམ་མེ་ལོང་ལ་ཧ་བཏབ་པ་བཞིན་དུ་ཧ་ཡལ་སྟོང་སྟེ་མི་དམིགས་པའི་ངང་ལ་མཉམ་པར་འཇོག་ཏུ་བཞུགས་པ་ནི། ཐུགས་ཀྱི་རྗེས་སུ་གནང་བའོ། །མཐར་མཎྜལ་ཕུལ་དགེ་བ་བྱང་ཆུབ་ཏུ་བསྔོ། དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་མཆོད་ཅིང་བསྟོད་དེ་དངོས་གྲུབ་བླངས་བཟོད་གསོལ་གཤེགས་གསོལ་རྣམས་སྤྱི་དང་མཐུན། བདག་ཉིད་རྒྱུད་སྡེ་གོང་མའི་རྣལ་འབྱོར་པ་མ་ཡིན་ན་བདག་གི་ཡེ་ཤེས་པའང་གཤེགས་གསོལ་


CMR022_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། ཡིན་ན་མི་དགོས། གང་ཡིན་ཀྱང་། བདག་གི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿཿ ས་མཚན་པ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པར་བསམས་ནས། ཨོཾ་ཨཱཿཧཱུཾ་རཀྵ་རཀྵ་མཾ་གྱིས་བདག་ཉིད་བསྲུངས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད། དེ་ལྟར་རྗེས་སུ་གནང་བ་རེ་རེ་བཞིན་བྱས་ལ་བྲི་བའི་དཀྱིལ་འཁོར་ཉིན་རེ་བཞིན་ཇི་ཙམ་བྱེད་པ་དུས་གཅིག་ཏུ་བྲིས། རྒྱུན་བཤགས་སྔོན་དུ་འགྲོ་བས་སེམས་བསྐྱེད་རྗེས་ཀྱི་ཆོ་ག་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་མཛད་པ་ཕྱག་ལེན་ནོ། །དེས་སྒྲུབ་ཐབས་རྒྱ་མཚོ་དང་སྒྲུབ་ཐབས་བརྒྱ་རྩ་གཉིས་ཀའི་དབང་ཆོག་རྫོགས་པར་བསྟན་ཟིན་ཏོ། །འདི་ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་ཡིས་བྱང་ངམ་རིང་གི་གཙུག་ལག་ཁང་ཆེན་པོར་མཛད་ཅེས་པའི་གཞུང་ལ་ལྷ་ཕྱོགས་མཐུན་སོ་སོར་ཕྱེ་བ་དང་མ་ཚང་བ་གཞན་ཁ་བཀང་བ་དང་དབང་སྒྲུབ་དང་དབང་བསྐུར་རྒྱས་བསྡུས་གང་འདོད་བྱ་ཆོག་པ་དང་ལོ་རྒྱུས་དང་དོགས་གཅོད་སྤྱིས་ཕྱིན་པར་བྱས། རྗེ་ཆོས་ཀྱི་དབང་ཕྱུག་གི་ཞབས་རྡུལ་སྤྱི་བོས་བཏེག་པ་ཤཱཀྱའི་དགེ་སློང་རཱ་ག་ཨ་སྱ་ཞེས་བྱ་བས་བཅུ་གཉིས་ཀྱི་ལོ་འགོའི་ཆུ་ཕོ་བྱི་བའི་ལོར་བཅོམ་ལྡན་འདས་ཀྱིས་དཔལ་ལྡན་འབྲས་སྤུང་གི་མཆོད་རྟེན་དུ་དུས་ཀྱི་འཁོར་ལོའི་རྒྱུད་གསུངས་པའི་དུས་ཆེན་གྱི་ཉིན་གྲུབ་པར་སྦྱར་བ་ལ་འགལ་འཁྲུལ་གྱི་ཉེས་པ་གང་མཆིས་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱི་དྲུང་དུ་བཤགས་ཤིང་། དགེ་བས་ཆོས་འདི་ཇི་སྲིད་བསྟན་


CMR022_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པ་གནས་ཀྱི་བར་དུ་མི་ནུབ་འཕེལ་ཞིང་རྒྱས་པ་དང་། འདི་ལ་འབྲེལ་པ་ཐོགས་ཚད་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་གྱུར་ཅིག །དེ་ལྟ་བུའི་ཕྲིན་ལས་མགོན་པོ་གུར་དང་ཕྱག་བཞི་པ་གཉིས་ཀྱིས་མཛད་དུ་གསོལ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སྒྲུབ་ཐབས་རྒྱ་མཚོ་དང་བརྒྱ་རྩ་གཉིས་ཀྱི་སྒྲུབ་ཐབས་དང་དབང་གི་ཆོ་ག་དངོས་གྲུབ་གཏེར་མཛོད།


CMR022_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་རྒྱ་མཚོ་དང་བརྒྱ་རྩ་གཉིས་ཀྱི་སྒྲུབ་ཐབས་དང་དབང་གི་ཆོ་ག་དངོས་གྲུབ་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།།


CMR022_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭ་བྷྱ༔ རིགས་ཀུན་ཁྱབ་བདག་གར་དབང་རྡོ་རྗེ་འཆང་། །དྷམཱ་ཤྭ་རའི་ཞབས་ལ་ཕྱག་འཚལ་ནས། །ཡི་དམ་རྒྱ་མཚོའི་སྒྲུབ་ཐབས་དབང་ཆོག་བསྒྲིག །ཆོས་བདག་སྲུང་མས་བཀའ་གནང་བྱིན་གྱིས་རློབས། །རྗེས་སུ་གནང་བ་ཐོབ་ཅིང་སྡོམ་པ་དམ་ཚིག་དང་ལྡན་པའི་གང་ཟག་གིས་སྒྲུབ་ཐབས་རྒྱ་མཚོ་དང་བ་རི་བརྒྱ་རྩ་གཉིས་ཀའི་ནང་ནས་ཕྱུང་བའི་ལྷ་འདི་དག་གང་རུང་གི་བསྙེན་པ་བྱེད་པར་འདོད་ན། མཚམས་བྱེད་དམ་རྒྱུན་བསྙེན་ཡང་རུང་སྟེ་གནས་དབེན་པར་གཙང་སྦྲ་དང་ལྡན་པས། དཀོན་མཆོག་གི་རྟེན་དང་མཆོད་གཏོར་ཅི་འབྱོར་བཤམས། སྔོན་འགྲོ་དཀར་བགེགས་བཏང་བ་དང་སྲུང་འཁོར་བསྒོམ་པ་གཅིག་ཤེས་ཀུན་གྲོལ་ལྟར་རམ།


CMR022_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གང་ཡང་རུང་བ་ལྟར་བྱ། དང་པོའི་དུས་ཡིན་གྱི་རྒྱུན་དུ་མི་དགོས། དེ་ནས་འདོན་བསྒོམ་སྦྲག །དེ་ལ་སྒྲུབ་ཐབས་ཐམས་ཅད་ཀྱི་ཐུན་མོང་གི་ཆོ་ག་ནི། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག་།སངས་རྒྱས་མདུན་དུ་གནས་བྱས་ནས། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །ལན་གསུམ་བརྗོད་ནས་བསོད་ནམས་ཀྱི་ཚོགས་བསག་པའི་ཕྱིར། རང་གི་སྙིང་གར་འཆད་པར་འགྱུར་བའི་གདན་སོ་སོའི་སྟེང་དུ་སོ་སོའི་


CMR022_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ས་བོན་ལས། ལྷ་སོ་སོའི་ཁ་དོག་དང་མཐུན་པའི། འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁའི་གནས་སུ་བཅོམ་ལྡན་འདས་འདི་ཞེས་བྱ་བ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། བླ་མ་རིགས་བདག་གི་རྣམ་པར་དབུའི་ཆ་ལ་བཞུགས་པ་བཛྲ་ས་མ་ཡ་ཛས་སྤྱན་དྲངས། སྙིང་ག་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་ཨརྒྷཾ་ནས། ཤབྡའི་བར་བརྗོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །སེམས་ཅན་ཐམས་ཅད་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་པ་མཆོག་སྤྱད་པས། །འགྲོ་ཕན་སངས་རྒྱས་མྱུར་ཐོབ་ཤོག །ལན་གསུམ་བརྗོད། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་དག་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་


CMR022_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྒོམས་ནས་ཡེ་ཤེས་ཀྱི་ཚོགས་བསག་པའི་ཕྱིར། མཆོད་ཡུལ་མཆོད་བྱེད་མཆོད་པ་ལ་སོགས་པའི་ཆོས་ཉིད་མི་དམིགས་པར་བསྒོམས་ཏེ། ཨོཾ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོཉཧཾ། སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེའི་རང་བཞིན་ངའོ། །ཞེས་པས་བྱིན་གྱིས་བརླབས། སྟོང་པའི་ངང་ལས་ཡོད་པ་རྣམས་ལ་སྲུང་འཁོར་ཆོས་འབྱུང་གཞལ་ཡས་ཁང་དང་བཅས་པའི་སྲུང་འཁོར་རྐྱང་པའམ། ཆོས་འབྱུང་རྐྱང་པ་སོགས་བསྐྱེད། དེ་རྣམས་མེད་ཀྱང་ཞེས་པ་ནས་འོག་ནས་འབྱུང་བ་བཞིན་ས་བོན་མེད་ཀྱང་རུང་སྟེ་གདན་སོ་སོའི་སྟེང་དུ་རང་གི་ས་བོན་ནམ། ས་བོན་ལས་ཕྱག་མཚན་ས་བོན་གྱིས་མཚན་པའི། མངོན་བྱང་སོགས་ལས་འོང་ངོ་། །སེམས་ཅན་གྱི་སྡུག་བསྔལ་སྦྱངས། འཕགས་པའི་ཚོགས་མཆོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་འདིར་བཅོམ་ལྡན་འདས་དམ་ཚིག་པ་བསྐྱེད་སེམས་པ་སུམ་བརྩེགས་དང་ལུས་ལ་ལྷ་དང་ཡིག་འབྲུ་ཡོད་པ་རྣམས་ཀྱང་བཀོད། དམིགས་གསལ་མེད་པ་རྣམས་ལ་ཡང་། དཔྲལ་བར་ཨོཾ། མགྲིན་པར་ཨཱཿཿཐུགས་ཀར་ཧཱུྃ་གིས་བྱིན་གྱིས་བརླབས། ཐུགས་ཀ་ནས་གདན་སོ་སོའི་སྟེང་དུ་སོ་སོའི་ས་བོན་བསམ། དེ་ནས་འོད་འཕྲོས་པས་གོང་བཞིན་དུ་ཡེ་ཤེས་པ་སྤྱན་དྲངས་ལ་མཆོད་ནས་ཡེ་ཤེས་པ་གཞུག་པའི་སྔགས་ཟུར་པ་ཡོད་པ་རྣམས་རང་རང་གིས་སྔགས་བསྐྱེད་བཅུག་དམིགས་བསལ་མེད་པ་རྣམས། ཛཿཧཱུྃ་བཾ་ཧོཿས་འགུགས་གཞུག་ཅིང་དབང་དུ་བྱེད། སླར་ཡང་ཐུགས་


CMR022_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་ས་བོན་ལས་འོད་འཕྲོས་དབང་གི་ལྷ་རྣམས་པཉྩ་ཀུ་ལ་ས་པཱ་རི་ཝ་རས་སྤྱན་དྲངས་ལ་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས། དམིགས་བསལ་ཡོད་པ་རྣམས་ལ་རང་རང་གི་རིགས་བདག་གཙོ་བོར་གྱུར་པའི་རིགས་ལྔ་དང་གཞན་རྣམས་ལ་རྒྱལ་བ་རིགས་ལྔས་དབུ་རྒྱན་སྙིང་གར་གདོན་སོ་སོའི་སྟེང་དུ་ས་བོན་སོ་སོའི་མཐར་སྔགས་ཕྲེང་ཀློག་ཐབས་སུ་བཀོད་པའམ་ཐིམ་ལྷ་ལྟ་བུ། ཡིག་འབྲུ་དེ་ཉིད་ལངས་ཏེ་གནས་པ་ལས་འོད་འཕྲོས་སེམས་ཅན་གྱི་ཁམས་སྦྱངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད། དེ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་སྔགས་ཕྲེང་དེ་ཉིད་ཀྱི་རྣམ་པར་སྤྱན་དྲངས་ཏེ་སྙིང་གར་ཐིམ་པར་མོས་ལ་སྔགས་བཟླས། སླར་མཆོད་པས་མཆོད། བསྟོད་པ་ཅི་ཤེས་པས་བསྟོད། རྗེས་ཀྱི་ཆོ་ག་རྣམས་འོག་ནས་འབྱུང་བ་བཞིན་བྱའོ། །དེ་ལྟར་མཚམས་བྱེད་པ་ཡིན་ན་སྔ་དྲོ་དང་ཉིན་


CMR022_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གུང་དང་དགོང་མོ་དང་སྲོད་དང་ཐུན་བཞིར་མངོན་རྟོགས་འདོན། དངོས་གཞི་བསྙེན་པ་བྱ། ཐུན་མཚམས་སུ་གཏོར་མ་བསྔོས་ན་ལེགས། ངག་འཁོར་ཡུག་ཏུ་གཅོད་པ་བྱུང་ན་རབ་ཡིན། མ་གྲུབ་ན་ཐུན་མཚམས་སུ་ངག་བཏང་སྲོལ་འདུག །དེ་ལྟར་དུས་ཀྱི་བསྙེན་པ་ཟླ་བ་དྲུག་གམ་གསུམ་མམ་ཞག་ཉེར་གཅིག །ཐ་ན་ཞག་བདུན་ཡན་ཆད། གྲངས་ཀྱི་བསྙེན་པ་བྱེ་བའམ་བདུན་འབུམ། ཡང་ན་འབྲུ་འབུམ་སྤྱིའི་ལུགས་ལ་གཙོ་བོ་འབུམ་འཁོར་ཁྲིར་བཤད་པས། དུས་ཀྱི་དབང་གིས་བཞི་འགྱུར། སྔགས་འབྲུ་སུམ་ཅུ་ཡན་ཆོད་སྔགས་རིང་ལ་བཞི་ཁྲིའི་འགྲུབ་པར་གསུངས་ཏེ། དེ་དག་དམིགས་པ་མ་ཡེངས་པའི་སྒོ་ནས་བསྙེན་དགོས་ཏེ། སེམས་གཞན་དུ་ཡེངས་ཤིང་མང་དུ་བཟླས་ཀྱང་འགྲུབ་དཀའ་བར་བཤད་པའི་ཕྱིར། དེང་སང་དུང་ཕྱུར་འགའ་ཟུང་ཐོན་པ་ལ་ཡང་རྟགས་མེད་པར་དེས་ལེན། རྟགས་ཀྱི་བསྙེན་པ་ནི་རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་དུ་ལྷ་དངོས་སུ་ཞལ་མཇལ་བའམ། དེའི་འཁོར་ལྷ་དང་ལྷ་མོ་སོགས་མཐོང་། ལྷ་དེ་དག་གི་སྐུ་འདྲ་ལེགས་པོ་མཇལ་བའམ་རྙེད་པ་སྐུའི་རྟགས། སྔགས་ཀྱི་སྒྲ་ཐོས་པ་དང་རྒྱུད་དང་སྒྲུབ་ཐབས་ཀྱི་དཔེ་རྙེད་པ་བར་སྣང་དུ་ཡིག་འབྲུ་ཤར་བ་ལུང་སྟོན་པ་གསུང་གི་རྟགས། ཤེལ་དང་མཆོད་རྟེན་རྡོལ་དྲིལ་ཀླུ་སོགས་ལྷའི་ཕྱག་མཚན་རྙེད་པའམ་ཉམས་རྟོགས་བཟང་པོ་སྐྱེ་བ་ཐུགས་ཀྱི་རྟགས་ཏེ། རྒྱས་པར་གསང་བ་སྤྱི་རྒྱུད་དང་རྟགས་ཡིག་སྤྱི་རྒྱུད་ལྟར་རོ། །བསྙེན་པ་ཚར་ནས་སྦྱིན་སྲེག་དེའི་བཅུ་ཆ་གཅིག་དགོས་པར་བཤད་པས་སྦྱིན་སྲེག་གྲུབ་ན་


CMR022_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་མ་གྲུབ་ཀྱང་བསྙེན་པ་ཚད་པའི་སྐྱོན་ནི་མི་སྣང་། ནངས་སྔ་བར་དབྱངས་གསལ་བྱེད་ལན་གསུམ་བཟླས་ཏེ་ངག་བྱིན་གྱིས་བརླབས། ཐུན་མཇུག་ཏུ་རྟེན་འབྲེལ་སྙིང་པོ་ཚར་རེ་བརྗོད་པས་རབ་གནས་སུ་འགྱུར་བས་ནུས་པ་མི་ཉམས་པའི་མན་ངག་གོ །ཡི་དམ་གཅིག་གི་བསྙེན་པ་ཐོན་ན་གཞན་རྣམས་ཀྱི་དབང་བསྐུར་རུང་བར་བཤད་དེ། ཉི་ཟླ་གཟས་འཛིན་དང་སྟོན་པའི་དུས་ཆེན་བཞི་སོགས་ལ། སྐད་ཅིག་དྲན་རྫོགས་སུ་ལྷ་གསལ་བཏབ་ནས། ལྷ་འདི་དག་གི་སྔགས་ཕྲེང་སྐོར་རེ་བརྗོད་པས་ཐམས་ཅད་ཀྱི་བསྙེན་པ་ཐེམ་པའི་མན་ངག་གོ །དེ་ལྟར་སྤྱིའི་སྒྲུབ་ཐབས་བརྗོད་ནས་ལྷ་སོ་སོའི་མངོན་རྟོགས་མི་འདྲ་བའི་ཁྱད་པར་རྣམས་འོག་ནས་འབྱུང་བ་བཞིན་དུ་སོ་སོར་སྐབས་སུ་སྦྱར་ཤེས་པར་བྱའོ། །དེ་ལ་དང་པོ་བསྟན་པའི་བདག་པོའི་མངོན་རྟོགས་ནི། ༈ སྟོང་པའི་ངང་ལས་ཨོཾ་ལྗང་གུ་ལས་པད་མ་འདབ་བརྒྱད་ལྟེ་བར་ཟེའུ་འབྲུ་ལ་མཾ་གྱིས་མཚན་པ་དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་། དེའི་སྟེང་དུ་ཏཱཾ་ལས་བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་མཚན་བཟང་པོ་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། གཡས་སུ་རྡོ་རྗེ་འཛིན་སེར་སྐྱ་ཕྱག་གཉིས་རྡོ་རྗེ་བཟུང་ནས་སྙིང་གར་ཐལ་མོ་སྦྱར་བ། གཡོན་ན་རྡོ་རྗེ་འཛིན་


CMR022_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོ་གཡས་ནོར་བུ་དང་གཡོན་རྡོ་རྗེ་འཛིན་པ། གཡས་ཀྱི་མདུན་དུ་ཁྱེའུ་མཐའ་ཡས་མེ་ཏོག་པ་ལ་ཤུ་ལྟ་བུའི་མདོག་ཅན་གཡས་ཟངས་གྲི་དང་གཙོ་བོ་ལ་ཕྱག་འཚལ་ཞིང་། གཡོན་པས་མེ་ཏོག་སྣ་ཚོགས་པས་གང་བའི་ཐོད་པ་འཛིན་པ། སྦྲུལ་དཀར་པོ་མཆོད་ཕྱིར་ཐོགས་འཆང་བ། ཁྲོ་བོའི་ཆ་ལུགས་ཅན་ནོ། །གཡོན་གྱི་མདུན་རོལ་དུ་བུ་མོ་མཐའ་ཡས་དྭར་བའི་མྱུ་གུ་ལྟ་བུའི་མདོག་ཅན། གཡས་པས་གཙོ་བོ་ལ་ཕྱག་འཚལ་ཞིང་། གཡོན་པས་ཡུ་བ་དང་བཅས་པའི་པདྨ་འཛིན་པ། ཞི་བའི་ཆ་ལུགས་ཅན། །བཞི་ཀའང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །སྔགས་ནི། ན་མ་སྦེ་ཡ་དྷཱི་ཀཱ་ནཱཾ་ཏ་ཐཱ་ག་ཏཱ་ནཾ། སརྦ་ཏཱ་པྲ་ཏི་ཧ་ཏཱ་པཱསྟི་དྷརྨ་ཏཱ་བ་ལི་ནཱཾ། ཨོཾ་ཨ་ས་མ་ས་མ་ས་མནྟོ་ཨ་ནནྟ་བཱསྟི་ཤ་ས་ནཾ༔ ཧ་ར་ཧ་ར། སྨ་ར་སྨ་ར་ཎ། བི་ག་ཏ་རཱ་ག །བུདྡྷ་དྷརྨ་ཏེ། ས་ར་ས་ར། ས་མ་བཱ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མ་ཧཱ་བ་ར། ལཀྵ་ཎེ་ཛྭ་ལ་ཛྭ་ལ་ཎ་སཱ་ག་རེ་སྭཱ་ཧཱ། ཞེས་པ་ནི་དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་སྒྲུབ་ཐབས་ཏེ་གཅིག་པའོ།། ༈ །།སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དབུས་སུ་ཧཱུྃ་


CMR022_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་མར། ནང་སྐོར་ལ་ཨཱཿ་ལི། ཕྱི་སྐོར་ལ་ཀཱ་ལི་རྣམས་ཁ་དོག་དཀར་པོ་དེ་རྣམས་ལ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུཾ་སེར་པོ་ལས་རྡོ་རྗེ་ཁ་དོག་སེར་པོ་ལྟེ་བར་ཧཱུྃ་གསེར་གྱི་མདོག་ཅན་གྱིས་མཚན་པ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་ཕུང་པོའི་བདུད་སེར་པོ། ཉོན་མོངས་པའི་བདུད་དམར་པོ། འཆི་བདག་གི་བདུད་ནག་པོ། ལྷའི་བུའི་བདུད་སྔོན་པོ་ཅན་མནན་པའི་ཁྲི་སྟེང་དུ་སྣ་ཚོགས་པདྨ་དང་རྡོ་རྗེ་ལ་བཞུགས་པའི་བཅོམ་ལྡན་འདས་རྡོ་རྗེའི་བདག་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་ཚོས་ནོན་དང་། གཡོན་མཉམ་བཞག་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ན་བཟའ་དམར་པོ་མནབས་པ་ཞི་བའི་བདག་ཉིད་ཅན་མཚན་དཔེས་བརྒྱན་པར་མོས་ལ། ཨོཾ་དྷརྨ་དྷརྟུ་སྭ་བྷ་ཝ་ཨཏྨ་ཀོཉཧཾ། ཞེས་ང་རྒྱལ་བཟུང་། གཡས་སུ་བྱམས་པ་སེར་པོ་གཡས་རིན་པོ་ཆེའི་རྔ་ཡབ་དང་། གཡོན་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་འཛིན་པ། གཡོན་དུ་འཇིག་རྟེན་དབང་ཕྱུག་དཀར་པོ་གཡས་རིན་པོ་ཆེའི་རྔ་ཡབ་དང་། གཡོན་པདྨ་དཀར་པོ་འཛིན་པ། གཉིས་ཀའང་རལ་པའི་ཅོད་པན་ཅན། གཙོ་བོ་ལ་ཕྱག་སྣ་ཚོགས། གཙོ་བོའི་


CMR022_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་སྤྱན་ལ་ཀིཾ་དཀར་པོ་་་ས་སྙིང་། སྙན་ལ་ཛཾ་སྔོན་པོ་་་་ཕྱག་རྡོར། ཤངས་ལ་ཁཾ་སེར་པོ་་་ནམ་སྙིང་། ལྗགས་ལ་གཾ་དམར་པོ། སྤྱན་གཟིགས། དཔྲལ་བར་ཀཾ་ལྗང་གུ་་་་ཀུན་བཟང་། ནུ་མའི་དབུས་སུ་བཾ་དཀར་པོ། སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿཡིས་མཚན་པ། ལྟེ་བར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་སྟེ། དམ་ཚིག་སེམས་དཔའ་སྟེ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་སེར་པོ་ཧཱུཾ་སེར་པོས་མཚན་པ་ནི་ཡེ་ཤེས་སེམས་དཔའ། ས་མ་ཡ་སཾ། ས་མ་ཡ་སྟེ། ས་མ་ཡ་ཧཱུཾ། ཨ་ཧཾ། ཨོཾ་ཨཱཿཿཧཱུྃ། ཞེས་པས་ཡེ་ཤེས་པ་གཞུག་།བཟླས་པའི་སྔགས་ནི། ཨོཾ་བཛྲ་ཧཱུྃ་ཕཊ། ཅེས་པ་རྡོ་རྗེ་གདན་གྱི་སྒྲུབ་ཐབས་དང་པོའོ།། ༈ །།སྟོང་པའི་ངང་ལས་ཟླ་བའི་སྟེང་དུ་ཧཱུཾ་ཡིག་སེར་པོ་ལས་ཨཱཿ་ལི་ཀཱ་ལི་དཀར་པོའི་བསྐོར་བ་ལས་གོང་བཞིན་བསྐྱེད་པ་ནི་རྡོ་རྗེ་གདན་གྱི་སྒྲུབ་ཐབས་གཉིས་པའོ།། ༈ །།སྟོང་པའི་ངང་ལས་ཟླ་བའི་སྟེང་དུ་ཧཱུཾ་ཡིག་སེར་པོ་ལ་ཨཱཿ་ལི་ཀཱ་ལི་དཀར་པོའི་བསྐོར་བ་ལས་གོང་བཞིན་བསྐྱེད་ལ་བདུད་བཞིའི་ཁ་དོག་སྔོན་པོ་དང་། སེར་པོ་དང་།


CMR022_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་དང་། ལྗང་གུར་བསམ་པ་ལས་ཡེ་ཤེས་པ་གཞུག་པའི་སྔགས་ཟུར་པ་མེད་པ་ནི་རྡོ་རྗེ་གདན་གྱི་སྒྲུབ་ཐབས་གསུམ་པའོ།། ༈ །།འཕགས་པ་སྤྱན་རས་གཟིགས་རིགས་མང་པོའི་སྒྲུབ་ཐབས་བཞུགས་སོ།། སྟོང་པའི་ངང་ལས་རང་གི་སྙིང་གའི་པདྨ་དཀར་པོ་དང་ཟླ་བའི་སྟེང་དུ་ཧཱུྃཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་འཇིག་རྟེན་དབང་ཕྱུག་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ་དང་པོ་གཉིས་ཐལ་མོ་སྦྱར་བ། འོག་མ་གཉིས་ཀྱིས་བགྲང་ཕྲེང་དང་པདྨ་བསྣམས་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་གཡས་སུ་ནོར་བུ་འཛིན་པ། གཡོན་དུ་ཡི་གེ་དྲུག་མ་གཉིས་ཀའང་རྒྱན་ཆ་ལུགས་གཙོ་བོ་དང་མཐུན་པར་བསམས་ལ། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏཱ་ཛ༔ཧཱུྃ་བཾ་ཧོ༔ སུ་ར་ཏེ་སྟེ། ཨ་ལ་ལ་ཨ་ལ་ལ་ཧོ། ཨ་ཨ་ཞེས་པས་ཡེ་ཤེས་པ་གཞུག །རལ་པའི་ཁྲོད་དུ་འོད་དཔག་མེད་ཀྱིས་དབུ་བརྒྱན། སྔགས་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པ་ཡི་གེ་དྲུག་པའི་སྒྲུབ་ཐབས་ལྷན་སྐྱེས་རོལ་པས་མཛད་པའོ།། ༈ །། སྟོང་པའི་ངང་ལས་ཧཱུྃལས་པདྨ་དང་ཟླ་བའི་སྟེང་དུ་འཇིག་རྟེན་དབང་ཕྱུག་དང་། དེའི་གཡས་སུ་ཡི་གེ་དྲུག་མ་སེར་མོ་གཉིས་གོང་དུ་བཤད་པའི་མཚན་ཉིད་ཅན། གཡོན་དུ་ནོར་བུ་འཛིན་པ་ཕྱག་


CMR022_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་གཡས་ཕྱག་འཚལ་བའི་ཚུལ། གཡོན་ན་ཕྲེང་བ་འཛིན་པར་བསམས་ལ་ཆོ་ག་གཞན་རྣམས་གོང་བཞིན་ནོ།། ༈ །།སྟོང་པའི་ངང་ལས་ཧཱུྃཡིག་ལས་འཇིག་རྟེན་དབང་ཕྱུག་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ་ཕྱག་འོག་མས་གཡས་བགྲང་ཕྲེང་དང་། གཡོན་ནོར་བུ་དང་བཅས་པའི་པུ་ཏིའི་མཚན་པའི་པདྨ་འཛིན་པ། གཉིས་ཀའི་རྩ་ཕྱག་ཐལ་མོ་སྦྱར་བ། མཚན་ཉིད་གོང་བཞིན་དུ་བསམ་པ་ལ་ཆོ་ག་གཞན་གོང་བཞིན་དུ་བྱ་བ་ནི་ཡི་གེ་དྲུག་མའི་སྒྲུབ་ཐབས་ཏེ་གཅིག་ལ་གཉིས་སུ་ཕྱེ་བའོ།། ༈ །།སྟོང་པའི་ངང་ལས་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃལས་པདྨ་དྭིས་མཚན་པ་ལས་འཇིག་རྟེན་མགོན་པོ་སྐུ་མདོག་དཀར་པོ། རྡོ་རྗེ་པདྨའི་སྙིང་པོ་དང་ཟླ་བའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ཞལ་གཅིག་ཕྱག་བཞི་དང་པོ་གཉིས་ཐལ་མོ་སྦྱར་བ། འོག་མ་གཉིས་ཀྱིས་བགྲང་ཕྲེང་དང་ནོར་བུའི་བརྒྱན་པའི་པདྨ་འཛིན་པ་སྟག་གི་པགས་པའི་ཤམ་ཐབས་ཅན་རྒྱན་སྣ་ཚོགས་པས་སྤྲས་ཨ་ཤིང་ཞི་བའི་ཉམས་ཅན་དུ་བསམ། ཨོཾ་སུ་ར་ཏེ་བཛྲ་ཨཱཿ་ལ་ལ་ལ་ཨཱཿ་ལ་ལ་ལ་ཧོ༔ ས་མ་ཡ་ཧཱུཾ། ས་མ་ཡ་སྟེ། ཨ་ཧོ། ཞེས་པས་ཡེ་ཤེས་པ་གཞུག །རལ་པའི་ཁྲོད་དུ་འོད་དཔག་


CMR022_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱིས་དབུར་བརྒྱན། སྔགས་ནི། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པ་ཟ་མ་ཏོག་གི་བཀོད་པའི་མན་ངག་གི་ཡི་གེ་དྲུག་མའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨ་ཡིག་དཀར་པོ་དེ་རྣམས་ལས་དཔལ་ལྡན་འཇིག་རྟེན་མགོན་པོ་ཟླ་བའི་མདོག་ཅན་ཞལ་གཅིག་ཕྱག་བཞི་པ་དང་པོ་གཡས་མཆོག་སྦྱིན་དང་། གཡོན་པདྨ་འཛིན་པ་འོག་མ་གཉིས་ཁུ་ཚུར་བཅིངས་ནས་གུང་མོ་གཉིས་པདྨ་ཁ་བྱེ་བ་ལྟ་བུའི་ཕྱག་རྒྱ་ཅན་ཞི་བའི་ཉམས་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་པདྨ་དང་ཟླ་བའི་སྟེང་ན་སྐྱིལ་ཀྲུང་གིས་བཞུགས་པར་བསམས་ལ་སྔགས་ནི། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པ་དཔལ་ལྡན་འཇིག་རྟེན་མགོན་པོའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཧཱུྃཡིག་དཀར་པོ་ལས་ཁ་སརྦ་ཎི་འཇིག་རྟེན་དབང་ཕྱུག་དཀར་པོ་པད་ཟླ་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་ཞལ་གཅིག་ཕྱག་གཉིས་གཡས་པས་མཆོག་སྦྱིན། གཡོན་པདྨ་འཛིན་པ་རལ་པའི་ཅོད་པན་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་སུ་སྒྲོལ་མ་དང་ནོར་བཟང་། གཡོན་དུ་ཁྲོ་གཉེར་ཅན་དང་རྟ་མགྲིན་བསམས་ལ་སྔགས་ནི། ཨོཾ་བྷིསྭཱ་ཧཱ། ཞེས་པས་ཁ་སརྦ་ཎིའི་སྒྲུབ་ཐབས་རྙོག་པ་མེད་པས་མཛད་པའོ།། ༈ །།སྟོང་པའི་ངང་


CMR022_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རི་དྭགས་ཀྱིས་རྙོག་པ་མེད་པའི་ཟླ་བའི་སྟེང་དུ་ཧཱིཝཡིག་ལས་ནམ་མཁའ་ལ་སྤྱོད་པའི་འཇིག་རྟེན་དབང་ཕྱུག་སྟོན་ཟླ་རྒྱས་པའི་འོད་ལྟར་གསལ་བ་ཤིན་ཏུ་དཀར་བའི་ན་བཟའ་མནབས་པ། པདྨ་དཀར་པོ་ཤིང་རྟའི་འཁོར་ལོ་ཙམ་གྱི་སྟེང་དུ་རྙོག་པ་མེད་པའི་ཟླ་བའི་གདན་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། གཡོན་པདྨ་དཀར་པོ་ཁ་འབུས་པ་བསྣམས་པ། གཞན་གོང་དུ་བཤད་པའི་མཚན་ཉིད་ཅན་གྱི་གཙོ་འཁོར་ལྔ་བསྒོམས་ནས་བསྔགས་བཟླ་བ་ནི། དཔལ་ལྡན་མཁའ་སྤྱོད་ཀྱི་སྒྲུབ་ཐབས་བླུ་བ་ལ་རཀྵི་ཏས་མཛད་པའོ།། ༈ །།སྟོང་པའི་ངང་ལས་རང་གི་སྙིང་གར་པཾ་ལས་པདྨ་འདབ་མ་བརྒྱད་པ། དེའི་ལྟེ་བར་ཟླ་བའི་སྟེང་དུ་ཧཱིཝཡིག་དཀར་པོ་ལས་བྱུང་བའི་དཔལ་ལྡན་མཁའ་སྤྱོད་དཀར་པོ་གཙོ་འཁོར་ལྔ་ལྔ་པོ། གོང་དུ་བཤད་པའི་མཚན་ཉིད་ཅན་འདབ་བརྒྱད་ལ་ཤར་ནས་བརྩམས་ཏེ་ཕྱོགས་བཞིར་རྣམ་སྣང་། རིན་འབྱུང་། འོད་དཔག་མེད། དོན་གྲུབ། མེ་ནས་མཚམས་བཞིར། སྤྱན་མ། མཱ་མ་ཀི། གོས་དཀར་མོ། རྡོ་རྗེ་དབྱིངས་ཕྱུག་མ་རྣམས་བསམ་སྟེ། གོང་བཞིན་སྔགས་བཟླ་བ་ནི་དཔལ་ལྡན་མཁའ་སྤྱོད་ཀྱིས་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་


CMR022_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་སྟེང་དུ་དྷཱི༔ཡིག་དཀར་པོ་ལས་སྡོང་པོ་དང་བཅས་པའི་པདྨ་དཀར་པོ་ཟེའུ་འབྲུར་ཧིས་མཚན་པ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཁ་སརྦ་ཎི་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་ལས་བདུད་རྩིའི་ཆུ་རྒྱུན་བབ་པ་ལས་ཡི་དྭགས་མདོག་ནག་པ་ལྟོ་བ་ཆེ་བ་ཤིན་ཏུ་རིད་པ་ཁབ་ཀྱི་ཁ་ཅན་རྣམས་ཚིམ་པར་མཛད་པ། གཡོན་སྡོང་བུ་དང་བཅས་པའི་པདྨ་བསྣམས་པ། པོ་ཊ་ལའི་རི་བོའི་སྟེང་དུ་པད་ཟླ་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། ཞི་ཞིང་སྒེག་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་མདུན་དུ་སྒྲོལ་མ་ལྗང་གུ་གཡས་མཆོག་སྦྱིན་དང་གཡོན་ཨུཏྤལ་འཛིན་པ། ནུ་མ་རྒྱས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །གཡས་སུ་ནོར་བཟང་གསེར་གྱི་མདོག་ཅན་ཕྱག་གཉིས་ཐལ་མོ་སྦྱར་བའི་མཆན་ཁུང་གཡོན་ན་པོ་ཏི་བཟུང་བ། གཞོན་ནུའི་ཚུལ་ཅན་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། རྒྱབ་ཏུ་ཁྲོ་གཉེར་ཅན་གསེར་གྱི་མདོག་ཅན། སྤྱན་གསུམ་དང་ལྡན་པ། ཕྱག་བཞིའི་གཡས་གཉིས་ཕྱག་འཚལ་བའི་ཚུལ་དང་བགྲང་ཕྲེང་དང་། གཡོན་གཉིས་དབྱུག་གུ་རྩེ་གསུམ་དང་སྤྱི་བླུགས་འཛིན་པ། རལ་


CMR022_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལན་བུ་ཅན། གཡོན་དུ་རྟ་མགྲིན་དམར་པོ་ཐུང་ཞིང་གསོས་པ་འཕྱངས་བ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྤྱན་གསུམ་བསྒྲད་པ་གཡས་ཕྱག་འཚལ་བའི་ཚུལ་དང་གཡོན་དབྱུག་པ་འཛིན་པ་སྟག་དང་སྦྲུལ་གྱིས་བརྒྱན་པའོ། །དབུ་རྒྱན་ནི་འོད་དཔག་མེད་དོ། །སྔགས་ནི། ཨོཾ་བྷིསྭཱ་ཧཱ། ཞེས་པ་ཁ་སམྤ་ཎིའི་སྒྲུབ་ཐབས་སློབ་དཔོན་པདྨ་འབྱུང་གནས་བློ་གྲོས་ཞབས་ཀྱིས་མཛད་པའོ།། ༈་།།སྟོང་པའི་ངང་ལས་རང་གི་སྙིང་གར་ཟླ་བའི་སྟེང་དུ་ཨོ། ཧཱུྃ། སུཾ། བྷི། ཧཾ། ཞེས་པའི་ས་བོན་ལྔས་མཚན་པ་ལས་རིན་པོ་ཆེ་དང་སེངྒེའི་གདན་གྱི་སྟེང་ན། པདྨ་འདབ་མ་སྟོང་ལྡན་ལ་བཞུགས་པའི་བཅོམ་ལྡན་འདས་ཡི་དྭགས་མ་གཏོགས་པ་གོང་དུ་བཤད་པའི་མཚན་ཉིད་ཅན་དང་མདུན་དུ་སྒྲོལ་མ་སྔོ་ཞིང་སེར་བ་ཕྱག་གིས་ཨུཏྤལ་ལའི་སྡོང་བུ་འཛིན་པ། འཁོར་རྣམས་གོང་དུ་བཤད་པ་བཞིན་བསྒོམས་ལ་སྔགས་ནི་གོང་མ་བཞིན། ཨོཾ་ཨོཾ་ཏྲཾ་སུཾ་བྷི་ཧཾ་སྭཱ་ཧཱ། ཞེས་པ་ནི་དགེས་བྱེད་ཀྱིས་མཛད་པའི་ཁ་སར་པ་ཎིའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཨ་ཡིག་དཀར་པོ་ལས་སེང་གེ་དཀར་པོ། དེའི་སྟེང་དུ་ཨ་ཡིག་ལས་པདྨ་དཀར་པོའི་ལྟེ་བར་ཧྲིཿདཀར་པོས་


CMR022_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པ་ཡོངས་སུ་གྱུར་པ་ལས། རྗེ་བཙུན་སེང་གེ་སྒྲ་སྐུ་མདོག་དཀར་པོ་ཞལ་གཅིག་སྤྱན་གསུམ་པ། ཟླ་བ་ཕྱེད་པའི་རལ་པ་ཅོད་པན་ཅན། ཕྱག་གཉིས་ཀྱི་གཡས་ན་པདྨ་དཀར་པོའི་སྡོང་བུ་སྦྲུལ་དཀར་པོས་དཀྲིས་པའི་དབྱུག་གུ་རྩེ་གསུམ་དཀར་པོ། གཡོན་ན་པདྨ་དཀར་པོའི་སྟེང་ན་རལ་གྲི་དཀར་པོ་དང་། དེ་དང་ཉེ་བར་མེ་ཏོག་དྲི་བཟང་པོས་གང་བའི་ཐོད་པ་དཀར་པོ་པདྨ་དཀར་པོའི་སྟེང་ན་བཞུགས་པ། རྒྱལ་པོ་རོལ་པའི་སྟབས་ཀྱིས་སེང་གེ་ལ་བཞུགས་པ་སྟག་ལྤགས་ཀྱི་ན་བཟའ་ཅན་དུ་མོས་ལ། སྐུ་ལ་རིགས་ལྔ་འཕྲོ་བ། །དབུ་རྒྱན་ནི་འོད་དཔག་མེད། སྔགས་ནི། ཨོཾ་ཨཱཿཧཱིསི་ཧ་ནཱ་ད་ཧཱུྃ་ཕཊ༔ ཅེས་བཟླ་བ་ནི་སེང་གེ་སྒྲ་ཡི་སྒྲུབ་ཐབས་ཨ་བ་དྷུ་ཏི་པས་མཛད་པའི་སྔགས་རིང་བའོ།། ༈ །།སྟོང་པའི་ངང་ལས་ཨ་ལས་ཟླ་བ་དེའི་སྟེང་དུ་པཾ་ལས་པདྨ་དམར་པོ་དེའི་སྟེང་ཨ་ལས་སེང་གེ་དཀར་པོ་དེའི་སྟེང་དུ་ཟླ་བ་ལ་གནས་པའི་ཧྲིལས་བྱུང་བའི་རྗེ་བཙུན་སེང་གེ་སྒྲ་གོང་དུ་བཤད་པའི་མཚན་ཉིད་ཅན་སྔགས་བཟླ་བ་ནི་དཔལ་ལྡན་སེང་གེ་སྒྲ་ཡི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ར་ཡིག་དམར་པོ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཧྲཱིཿཡིག་ལས་སེང་གེ་དཀར་པོ། དེའི་སྟེང་


CMR022_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཟླ་བ་གནས་པའི་ཧཱུྃལས། གོང་དུ་བཤད་པའི་མཚན་ཉིད་ཅན་བསྒོམས་ནས་སྔགས་བཟླ་བ་ནི་དཔལ་ལྡན་སེང་གེ་སྒྲ་ཡི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པཾ་ལས་འཇིག་རྟེན་དབང་ཕྱུག་སྐུ་མདོག་དཀར་པོ་པད་ཟླ་ལ་སྐྱིལ་ཀྲུང་གིས་བཞུགས་པ་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་དང་གཡོན་པདྨ་བསྣམས་པ་རལ་པའི་ཅོད་པན་ཅན་དུ་མོས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླ་བ་ནི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཧཱིཝལས་འཇིག་རྟེན་མགོན་པོ་སྐུ་མདོག་དམར་པོ་པདྨ་ལ་རོལ་པའི་སྟབས་ཀྱིས་བཞུགས་པ། ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་དང་གཡོན་པདྨ་བསྣམས་པ་རལ་པའི་ཅོད་པན་ཅན། གཡས་ན་སྒྲོལ་མ་ལྗང་གུ་གཡས་མཆོག་སྦྱིན་དང་གཡོན་ཨུཏྤལ་བསྣམས་པ་ཞི་བའི་ཉམས་ཅན། གཡོན་ན་རྟ་མགྲིན་དམར་པོ་གཡས་པས་ཕྱག་འཚལ་བའི་ཚུལ་དང་། གཡོན་པས་དབྱུག་པ་བཟུང་བ། སྟག་ལྤགས་མནབས་པ་ཁྲོ་བོའི་ཆ་ལྷ་ལུགས་ཅན་དུ་མོས་ལ། དབུ་བརྒྱན་ནི་རྡོ་རྗེ་ཆོས། སྔགས་ནི། ཨོཾ་ཧཱུྃསྭཱ་ཧཱ། ཞེས་པ་ནི་འཇིག་རྟེན་མགོན་པོའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཟླ་བའི་སྟེང་དུ་ཧྲིལས་པདྨ་


CMR022_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་ཧཱིས་མཚན་པ་ལས་ཐུགས་རྗེ་ཆེན་པོ་ཧ་ལ་ཧ་ལ་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་པ་ཞི་བའི་ཉམས་ཅན་རྩ་ཞལ་དཀར་པོ་གཡས་སྔོ། གཡོན་སེར་བ། ཕྱག་གཡས་གསུམ་མཆོག་སྦྱིན་དང་བགྲང་ཕྲེང་དང་མདའ། གཡོན་གསུམ་ལྷ་མོ་འདོད་ལྡན་གྱི་ནུ་མ། པདྨ་དཀར་པོ་གཞུ་བསྣམས་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། པདྨ་དམར་པོ་དང་ཟླ་བའི་གདན་ལ་རོལ་པའི་སྟབས་ཀྱིས་བཞུགས་པ། རལ་པའི་ཅོད་པན་ཅན་ལ། ཐོད་སྐམ་དང་ཟླ་ཕྱེད་ཀྱིས་བརྒྱན་པ། དེའི་གཡས་སུ་པདྨའི་སྟེང་དུ་སྦྲུལ་གྱིས་དཀྲིས་པའི་རྩེ་གསུམ། གཡོན་དུ་མེ་ཏོག་སྣ་ཚོགས་ཀྱིས་གང་བའི་ཐོད་པ། ཡུམ་ལྷ་མོ་འདོད་ལྡན་མ་དམར་མོའི་གཡོན་ཕྱོགས་ནས་འཁྱུད་པ་ལྷོ་ཕྱོགས་རིན་ཆེན་མི་གཡོ་བའི་རི་ཕུག་ན་བཞུགས་པར་མོས་ལ། དབུ་བརྒྱན་ནི་འོད་དཔག་མེད། སྔགས་ནི། ཨོཾ་ཧ་ལ་ཧ་ལ་ཧཱུྃསྭཱ་ཧཱ། ཞེས་པ་ཧ་ལ་ཧ་ལའི་སྒྲུབ་ཐབས་ལྷན་སྐྱེས་རོལ་པས་མཛད་པའོ།། ༈ །།སྟོང་པའི་ངང་ལས་ལས་འཇིག་རྟེན་དབང་ཕྱུག་ཧ་ལ་ཧ་ལ་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་པ་རྩ་ཞལ་དཀར་པོ་གཡས་སྔོ། གཡོན་དམར་བ། གཡས་གསུམ་ན་མཆོག་སྦྱིན་བགྲང་ཕྲེང་


CMR022_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

མདའ། གཡོན་གསུམ་ན་གཞུ་པདྨ་དཀར་པོ་རྒྱུ་མ་རྣམས་འཛིན་པའོ། །བརླ་གཡོན་པའི་སྟེང་དུ་ལྷ་མོ་སྒེག་མོ། གཡོན་ཆུ་སྐྱེས་འཛིན་ཅིང་། གཡས་པས་ཡབ་ལ་འཁྱུད་པ། གཞན་རྒྱན་ལ་སོགས་པ་གོང་བཞིན་བྷེ་ནས། ཨོཾ་བཛྲ་དྷརྨ་དྷཱིཿ ཞེས་བཟླ་བ་ནི་ཧ་ལ་ཧ་ལའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཧྲིལས་ཧ་ལ་ཧ་ལ། ལྷན་སྐྱེས་རོལ་པས་མཛད་པ་ལྟར་ལས། གཡོན་གསུམ་གྱིས་པདྨ་ནུ་མ་གཞུ་འཛིན་པར་མོས་ལ། དེའི་སྙིང་གར་ཟླ་བའི་སྟེང་དུ་ཧཱུྃལས་རྡོ་རྗེ་ཆོས་སྐུ་མདོག་པདྨ་རཱ་ག་ལྟར་དམར་བ་ལ་དཀར་བའི་མདངས་ཆགས་པ་ཞལ་གཅིག་ཕྱག་གཉིས་གཡས་པདྨ་རྒྱས་པ་ཐུགས་ཀར་འཛིན་པ། གཡོན་པདྨ་འདབ་མ་བཅུ་དྲུག་པ་འཛིན་པ་རྨ་བྱ་དང་ཟླ་བའི་སྟེང་དུ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། སྒེག་པའི་ཉམས་ཅན་དུ་མོས་ལ། ཨོཾ་བཛྲ་དྷརྨ་ཧཱུྃ༔ ཞེས་བཟླ་བ་ནི་རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བ་དང་། འདབ་མ་བརྒྱད་ལ་སྣ་ཚོགས་པདྨ་དང་ཟླ་བའི་གདན། དབུས་སུ་ཧཱུྃཡིག་དམར་པོ་ལས་པདྨ་གར་གྱི་དབང་ཕྱུག་སྐུ་མདོག་དམར་པོ་ཕྱག་གཡོན་ན་པདྨ་དམར་པོ་དང་།


CMR022_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གོས་དཀར་མོས་གཡོན་ནས་འཁྱུད་པ། འདབ་མ་བརྒྱུད་ལ་རང་རང་གི་ཁ་དོག་ཅན་གྱི་ཧཱི༔ཡིག་ཡོངས་སུ་གྱུར་པ་ལས། ཤར་དུ་རྣམ་གཟིགས་མ་དམར་མོ་པདྨ་དམར་པོ་འཛིན་པ། ལྷོར་སྒྲོལ་མ་ལྗང་གུ་པདྨ་ལྗང་གུ་འཛིན་པ། ནུབ་ཏུ་དབང་ཕྱུག་མ་སེར་མོ་ཨུཏྤལ་སྔོན་པོ་འཛིན་པ། བྱང་དུ་ཁྲོ་གཉེར་ཅན་དཀར་མོ་པདྨ་སེར་པོ་འཛིན་པ། ཤར་ལྷོར་པདྨའི་གདན་ཅན་སེར་མོ་པདྨ་བཅོད་ཁ་འཛིན་པ། ལྷོ་ནུབ་ཏུ་པདྨ་དབང་ཕྱུག་མ་ནམ་མཁའི་མདོག་ཅན་པདྨ་དཀར་པོ་འཛིན་པ། ནུབ་བྱང་དུ་སྣ་ཚོགས་པདྨ་དཀར་པོ་པདྨ་ནག་པོ་འཛིན་པ། བྱང་ཤར་དུ་སྣ་ཚོགས་རྡོ་རྗེ་མ་སྣ་ཚོགས་མདོག་ཅན་སྣ་ཚོགས་པདྨ་འཛིན་པ། གཙོ་འཁོར་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཡོན་པས་གོང་དུ་བཤད་པའི་པདྨ་འཛིན་ཅིང་། གཡས་པས་ཁབ་ཀྱི་ཕྱག་རྒྱས་པདྨ་ཁ་འབྱེད་པ། ཞི་བའི་ཉམས་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམས་ལ། ཨོཾ་ཧཱིཔདྨ་ནིར་ཏེ་ཤྭ་རི་ཧཱུྃ། ཞེས་པདྨ་གར་དབང་གི་སྒྲུབ་ཐབས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའོ།། ༈ །།སྟོང་པའི་ངང་ལས་སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་ལ་གནས་པའི་


CMR022_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃཿཡིག་དཀར་པོ་ལས་སྤྱན་རས་གཟིགས་པདྨ་གར་གྱི་དབང་ཕྱུག་ཞལ་གཅིག་ཕྱག་བཅོ་བརྒྱད་པ། སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་ཕྱག་ཐམས་ཅད་ཀྱིས་སྣ་ཚོགས་པདྨ་བསྣམས་པ་རལ་པའི་ཐོར་ཚུགས་ཅན། གཡས་ན་སྒྲོལ་མ་དང་ནོར་བཟང་གཡོན་ན་ཁྲོ་གཉེར་ཅན་དང་རྟ་མགྲིན་བཞུགས་པར་མོས་ལ། གོང་གི་སྔགས་བཟླ་བ་ནི་པདྨ་གར་དབང་གི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཧཱི༔ཡིག་དཀར་པོ་ལས་ཧ་རི་ཧ་རི་ལས་ཞོན་པར་གྱུར་པའི་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་པ་རལ་པའི་ཅོད་པན་ཅན་ཕྱག་དྲུག་གི་གཡས་གསུམ་གྱིས་དེ་བཞིན་གཤེགས་པ་དཔང་པོར་མཛད་པའི་ཕྱག་རྒྱ་དང་། བགྲང་ཕྲེང་དང་ངན་སོང་སྦྱོང་བའི་ཕྱག་རྒྱ། སེམས་ཅན་ལ་དགེ་བ་སྟོབས་པའི་ཕྱག་ཐུར་དུ་བརྐྱང་བའོ། །གཡོན་གསུམ་ན་དབྱུག་པ་རི་དྭགས་ནག་པོའི་པགས་པ་དང་རིལ་བ་སྤྱི་བླུགས་འཛིན་པ། སེང་གེ་མནན་པའི་ནམ་མཁའ་ལྡིང་ལ་ཞོན་པའི་ཁྱབ་འཇུག་གི་ཕྲག་པར་ཞོན་པར་བསམ། སྔགས་ནི། ཨོཾ་ཧྲིཧཱུྃ། ཞེས་པ་ནི་ཧ་རི་ཧ་རི་ལས་ཞོན་པར་གྱུར་པའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཡཾ་ལས་རླུང་རཾ་ལས་མེ་བཾ་ལས་ཆུ་


CMR022_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ལས་ས་སུཾ་ལས་རི་རབ་རྣམས་བརྩེགས་པའི་སྟེང་དུ་སྣ་ཚོགས་པདྨའི་སྟེང་དུ་བདག་ཉིད་ཐ་མལ་དུ་གནས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ། ཐུགས་ཀར་ཧཱུྃ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས་འཇིག་རྟེན་དབང་ཕྱུག་གསེར་མདོག་ཅན་འཆད་པར་གྱུར་པའི་མཚན་ཉིད་ཅན་དུ་བསྒོམས་ནས། དེའི་སྙིང་གར་ཚོགས་གཉིས་ཀྱི་ངོ་བོ་ཟླ་བ་དང་ཉི་མ་ཁ་སྦྱོར་གྱི་བར་དུ་ཧྲི༔ཡིག་དཀར་པོ། དེ་ལས་འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས་ཐིམ་པ་ལས་རླུང་མེ་དག་པའི་སེང་གེ །ཆུ་དག་པའི་མཁའ་ལྡིང་། ས་དག་པའི་ཁྱབ་འཇུག་གི་སྟེང་དུ་འཇིག་རྟེན་དབང་ཕྱུག་གོང་དུ་བཤད་པའི་མཚན་ཉིད་ཅན་བྷེ་ནས་སྔགས་བཟླ་བ་ནི། ཨོཾ་ཧཱིཧཱུྃ། ཡང་ཧ་རི་ཧ་རི་ལས་ཞོན་པར་གྱུར་པའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་རང་གི་སྙིང་གར་ཨོཾ་ལས་ཉི་མ་ལ་གནས་པའི་ཧཱི༔ཡིག་དམར་པོ་ལས་འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པ་འཛིན་པ། ས་གསུམ་གྱིས་རྡོ་རྗེ་ཞགས་པས་བཅིངས་བའི་སྟེང་དུ་པདྨ་དམར་པོ་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། སྤྱན་གསུམ་པ་རལ་པའི་ཅོད་པན་ཅན་རྒྱན་


CMR022_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱིས་བརྒྱན་པ་ཆགས་པའི་ཉམས་ཅན་དུ་མོས་ལ་དབུ་རྒྱན་ནི་འོད་དཔག་མེད། སྔགས་ནི། ཧིཧཱུྃ་ཡཾ། ཨུ་ཊི་ཡ་ན་རིམ་པའི་འཇིག་རྟེན་དབང་ཕྱུག་གསུམ་པོ་དབང་དུ་བྱེད་པའི་འཇིག་རྟེན་དབང་ཕྱུག་དང་ས་ར་ཧའི་ཞབས་ཀྱིས་ཨོ་རྒྱན་ནས་སྤྱན་དྲངས་པའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་གཉིས་སོ།། ༈ །།སྟོང་པའི་ངང་ལས་ཧཱི༔ལས་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པ། འོག་མ་གཉིས་ཀྱིས་མདའ་གཞུ་བསྣམས་པ་ཕྲེང་བ་དང་ན་བཟའ་དམར་པོས་བརྒྱན་ཅིང་། སྒེག་པའི་ཉམས་ཅན། གཡས་སུ་སྒྲོལ་མ་དང་གཡོན་དུ་ཁྲོ་གཉེར་ཅན་བཞུགས་པར་མོས་ལ། ཨོཾ་ཙི་ཏྲི་ཙི་ཊི་ན་ཊི། བི་ཀློ་བི་ཀློ་བི་ཨ་མུ་ཀཾ་སཱ་དྷ་ན་པ་རི་ཝཱ་རམྨེ་པ་ཤ་མཱ་ན་ཡ་སྭཱ་ཧཱ། ཞེས་པ་ནི་འཇིག་རྟེན་དབང་ཕྱུག་དམར་པོའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཧྲིལས་པདྨ་དམར་པོའི་དབུས་སུ་ཨ་ཡིག་དམར་པོ་ལས་སྤྱན་རས་གཟིགས་དབང་ཕྱུག་དམར་པོ་ཞལ་གཅིག་རལ་པའི་ཅོད་པན་ཅན་ཕྱག་གཉིས་ཀྱིས་གཡོན་པདྨ་དམར་པོ། གཡས་དེའི་ཁ་འབྱེད་པ་རྒྱུན་དང་གོས་སྣ་ཚོགས་ཀྱིས་བརྒྱན་པ། སྙིང་གར་


CMR022_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲིལས་པདྨ་ཤྲིས་མཚན་པ་ལས་དབང་དུ་བྱེད་པའི་དབྱངས་ཡིག་འཕྲོ་འདུ་ཅན་དབུ་བརྒྱན་འོད་དཔག་མེད། སྔགས་ནི། ཨོཾ་ཧཱུྃ། འཇིག་རྟེན་དབང་ཕྱུག་གི་ལྷག་པའི་དབང་དུ་བྱེད་པའི་ཆོ་གའོ། སྟོང་པའི་ངང་ལས་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃཡིག་སེར་པོ་ལས་པདྨ་དམར་པོ་ཧྲི༔སེར་པོས་མཚན་པ་ལས་སྤྱན་རས་གཟིགས་དབང་ཕྱུག་མགྲིན་སྔོན་ཅན་སེར་པོ་པདྨ་དམར་པོའི་སྟེང་དུ་རི་དྭགས་ནག་པོའི་པགས་པ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཞལ་གཅིག་པ་རལ་པའི་ཅོད་པན་ཅན་ཕྱག་གཉིས་མཉམ་གཞག་གི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བའི་ཐོད་པ་བསྣམས་པ། རི་དྭགས་ཨེ་ན་ཡ་ཡི་པགས་པ་མཆོད་ཕྱིར་ཐོགས་པ་དང་སྟག་ལྤགས་ཀྱི་ཤམ་ཐབས་ཅན། རྒྱན་མེད་པ་མགྲིན་པ་སྔོན་པོ་ཕྲེང་བ་སྔོན་པོས་ཁྱད་པར་དུ་བྱས་པ། མགུལ་པའི་གཞོག་གཉིས་སུ་ཕན་ཚུན་དུ་ནོར་བུ་དང་བཅས་པའི་སྦྲུལ་དག་གིས་མཇུག་མ་མངོན་པར་བཅིངས་ཤིང་ཁྱད་པར་དུ་འཕགས་པའི་བཅོམ་ལྡན་འདས་སྤྱན་རས་གཟིགས་ལ་གཞན་སྦྲུལ་ནག་པོ་གཉིས་སྟེང་དུ་ཁ་ཕྱོགས་པས་ཉེ་བར་མཚོན་པའི་བདག་ཉིད་དུ་མོས་པར་བྱའོ། །དེ་ནས་སྔགས་བཟླ་བྱ་ནི། ཨོཾ་སྤ་ལི་གུཊྚ་ཧ་སཀྵཿ ཞེས་སོ། །འདི་ནི་བསམ་གྱིས་མི་


CMR022_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པའི་རྗེས་སུ་འབྲང་བའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མགྲིན་པ་སྔོན་པོ་ཅན་གྱི་སྒྲུབ་ཐབས་སོ།། ༈ །།རྒྱ་མཚོ་དང་རི་རབ་དང་པདྨ་བྱང་ཆུབ་ཀྱི་སེམས་ཞུ་བ་ལས་། ཨཱ་ལི་ཀཱ་ལིའི་རང་བཞིན་ཉི་མ་དང་ཟླ་བ་སྦྱར་བ་ལ་ཧྲིདཀར་པོ་ལས་སྐྱེས་པའི་འདམ་སྐྱེས་ཀྱི་ཟེའུ་འབྲུ་དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་རི་ཕུག་ན། སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ཧྲིདཀར་པོ་ལས། འཕགས་པ་སྤྱན་རས་གཟིགས་དོན་ཡོད་ཞགས་པ་སྐུ་མདོག་སྟོན་ཀའི་སྤྲིན་ལྟར་དཀར་བ། ཞལ་གཅིག་ཕྱག་བཅུ་གཉིས་པ་གཡས་མཆོག་སྦྱིན། འདོད་པའི་ཐལ་མོ། ནོར་བུའི་ཕྲེང་བ། མདའ། མེའི་དཀྱིལ་འཁོར། རིན་པོ་ཆེའི་འཁྲི་ཤིང་། གཡོན་ན་པདྨ་དམར་པོ། རི་རབ། རྩེ་གསུམ། གཞུ། སྤྱི་བླུགས། ཞགས་པའོ། །མདུན་དུ་ཧ་ལས་དོན་ཡོད་ཞགས་པ་དམར་པོ་གཡས་ལྕགས་ཀྱུ་རྡོ་རྗེ། གཡོན་ཞགས་པ་པདྨ། གཡས་སུ་ཧཱུཾ་ལས་རྟ་མགྲིན་དམར་པོ། སྤྱན་རས་གཟིགས་དོན་ཡོད་ཞགས་པའི་སྒྲུབ་ཐབས་འདིའི་སྒྱུར་ནང་ཕྱག་མཚན་དང་འཁོར་འདི་དག་ཆད་པ་ལྟར་སྣང་བས་ཨ་བྱཱ་ཀ་རས་བསྒྲིགས་པའི་རྒྱ་གཞུང་དཔེ་རྙིང་ལས་བཤུ་འབྲི་བྱས། མཆན། ཕྱག་བཞི། གཡས་པ་གཉིས་ན་དབྱུག་པ་དང་རྡོ་རྗེ། གཡོན་པ་གཉིས་ན་


CMR022_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

སྡིགས་མཛུབ་དང་པདྨ། ཐུང་ཞིང་གསུས་པ་འཕྱང་བ། སྟག་དང་སྦྲུལ་གྱིས་བརྒྱན་པའོ། །རྒྱབ་ཏུ་པདྨ་ལ་ཧ་ཡིག་སྔོན་པོ་ལས་རལ་གྲི་ཧས་མཚན་པ་ལས་ལྷ་མོ་རལ་གཅིག་མ་སྔོན་མོ་ཁྲོ་མོའི་ཆ་ལུགས་ཅན་ཞལ་གཅིག་སྤྱན་གསུམ་མ་རལ་པ་དམར་སེར་དུ་འཁྱིལ་པ་ཕྱག་བཞིའི་གཡས་གཉིས་ན་རལ་གྲི་དང་གྲི་གུག །གཡོན་གཉིས་ན་ཨུཏྤལ་དང་ཐོད་པ་འཛིན་པ། གླང་པོ་ཆེའི་པགས་པས་སྟོད་གཡོགས་དང་སྟག་གི་པགས་པས་སྨད་གཡོགས་བྱས་པ་སྦྲུལ་གྱིས་བརྒྱན་པའོ། །གཡོན་དུ་པདྨ་དང་ཟླ་བ་ལ། ཊ་ཡིག་སེར་པོ་ལས་པདྨ་ཊས་མཚན་པ། དེ་ལས་ཁྲོ་གཉེར་ཅན་སེར་མོ་གཞོན་ནུ་དར་ལ་བབ་པ་ཞལ་གཅིག་རལ་པའི་ཐོར་ཚུགས་ཅན་ཕྱག་བཞི་གཡས་གཉིས་ན་པདྨ་དང་བགྲང་ཕྲེང་། གཡོན་གཉིས་ན་དབྱུག་པ་དང་རིལ་བ་སྤྱི་བླུགས། དར་དཀར་པོའི་ན་བཟའ་ཅན། ལྷའི་རྒྱན་གྱིས་བརྒྱན་པའོ། །དབུ་རྒྱན་ནི་འོད་དཔག་མེད། སྔགས་ནི། ཨོཾ་ཧིཏྲེ་ལོཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧྲིཧ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་དང་། ཨོཾ་ཧཱུྃསྭཱ་ཧཱ། ཞེས་དང་། ༈ གཞན་ཡང་གོང་བཞིན་ལ་གཙོ་བོ་ཕྱག་བཅུ་པ་སྟེ། གཡས་ལྔ་ན་མཆོག་སྦྱིན་དང་། རྩེ་གསུམ་དང་། ནོར་


CMR022_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་ཕྲེང་བ་དང་། ལྕགས་ཀྱུ་དང་མདའོ། གཡོན་ལྔ་ན་པདྨ་དམར་པོ་དང་། རི་རབ་དང་། གསེར་གྱི་རིལ་བ་སྤྱི་བླུགས་དང་། ཞགས་པ་དང་། གཞུ་བསྣམས་པ་དང་། ༈ ཡང་གོང་བཞིན་ལ། གཙོ་བོ་ཕྱག་དྲུག་པ་སྟེ། གཡས་གསུམ་ན་མཆོག་སྦྱིན་དང་། རྩེ་གསུམ་དང་། ནོར་བུའི་ཕྲེང་བའོ། །གཡོན་གསུམ་ན་པདྨ་དམར་པོ་དང་། ཞགས་པ་དང་། རིལ་བ་སྤྱི་བླུགས་འཛིན་པ་དང་། ༈ ཡང་གོང་བཞིན་ལ། གཙོ་བོ་ཕྱག་བཞི་པ་སྟེ། གཡས་གཉིས་ན་མཆོག་སྦྱིན་དང་ཞགས་པ། གཡོན་གཉིས་ན་པདྨ་དམར་པོ་དང་དབྱུག་གུ་རྩེ་གསུམ་བསྣམས་པ་སྟེ། དོན་ཡོད་ཞགས་པའི་སྒྲུབ་ཐབས་གཅིག་ལས་ཕྱེ་བ་བཞིའོ།། ༈ །།སྟོང་པའི་ངང་ལས་ཧྲིལས་ཟླ་བ་ཧཱིས་མཚན་པ། དེའི་སྟེང་དུ་ཧཱུྃ་ལས་ཉི་མ་ཧཱི༔ ས་ཧྲཱིཿ དུ་ཧཱུྃལས་སྣ་ཚོགས་པདྨ་ཉི་མའི་མདོག་ཅན་ཧཱིས་མཚན་པ་དེ་རྣམས་ལས་འཇིག་རྟེན་དབང་ཕྱུག་བྷུགྨ་སྐུ་མདོག་དམར་མོ། གློག་དང་བྱུ་རུའི་མདོག་ཅན་པདྨ་རྒྱས་པ་ལྟ་བུའི་ཞལ་གཅིག་མ། ཨུཏྤལ་སྔོན་པོ་ལྟ་བུའི་སྤྱན་གསུམ་དང་ལྡན་པ། ཕྱག་གཡས་མཆོག་སྦྱིན་དང་གཡོན་པདྨ་དམར་པོ་འཛིན་པ།


CMR022_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་ལྟེ་བར་ཟླ་བའི་གདན་ལ་མཉམ་པའི་སྟབས་ཀྱིས་བཞུགས་པའོ། །པདྨ་འདབ་མ་བརྒྱད་ཀྱི་མཚམས་བཞིར་ཟླ་བའི་དཀྱིལ་འཁོར་བཞིའི་སྟེང་དུ་ཟླ་བ་དང་ཉི་མ་དང་སོ་སོའི་ས་བོན་ལས་བྱུང་བའི་ལྷ་མོ་བཞིར་བསམ་སྟེ། ཤར་ལྷོར་ལཾ་ལས་སངས་རྒྱས་སྤྱན་མ་དཀར་མོ། ལྷོ་ནུབ་ཏུ་ཚྭ་ལས་མཱ་མ་ཀཱི་སྔོན་མོ། ནུབ་བྱང་དུ་པཾ་ལས་གོས་དཀར་མོ་དམར་མོ། །བྱང་ཤར་དུ་ཏཱཾ་ལས་སྒྲོལ་མ་སེར་མོ་སྟེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་ཐལ་མོ་སྦྱར་བ་པུས་མོ་བཙུགས་པ་ནུ་མ་མཐོ་ཞིང་འགྲེང་བ་སྐེད་པ་ཕྲ་བ་གཙོ་འཁོར་ཐམས་ཅད་རིན་པོ་ཆེའི་རྒྱན་དང་ན་བཟའ་སྣ་ཚོགས་པས་སྤྲས་པར་བསམ། དབུ་རྒྱན་ནི་གསུང་གི་དབང་ཕྱུག་གོ །སྔགས་ནི། ཨོཾ་ཧཱུྃསྭཱ་ཧཱ། ཞེས་སམ། ཨོཾ་ཧཱིཧཱུྃ། ཞེས་པ་ནི་འཇིག་རྟེན་གསུམ་དབང་དུ་བྱེད་པ་འཕགས་པ་གླའི་སྒྲུབ་ཐབས་ཏེ་སྟོང་ཉིད་ཏིང་འཛིན་རྡོ་རྗེས་མཛད་པའོ།། ༈ །།སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃ་ལས་པདྨ་དྭིས་མཚན་པ་ལས་དཔལ་ལྡན་འཇིག་རྟེན་མགོན་པོ་ཕྱག་གཉིས་ཀས་པདྨ་དཀར་པོ་བསྣམས་པ། མཚམས་བཞིར་ཟླ་བའི་སྟེང་དུ་ཤར་ལྷོར་ལཾ་ལས་སངས་རྒྱས་སྤྱན་མ་དཀར་མོ། །ལྷོ་ནུབ་ཏུ་ཚྭ་ལས་མཱ་མ་ཀཱི་


CMR022_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་མོ། །ནུབ་བྱང་དུ་པཾ་ལས་གོས་དཀར་མོ་དམར་མོ། །བྱང་ཤར་དུ་ཏཱཾ་ལས་སྒྲོལ་མ་ལྗང་གུ་སྟེ་གཙོ་འཁོར་ཐམས་ཅད་གོང་དུ་བཤད་པའི་མཚན་ཉིད་ཅན་དུ་བསྒོམས་ནས་སྔགས་བཟླ་བ་ནི། འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་སོ།། ༈ །།སྒྱུ་འཕྲུལ་དྲྭ་བའི་སྤྱན་རས་གཟིགས་ནི། ༈ རྡོ་རྗེའི་ར་གུར་གྱི་ནང་དུ་དབུས་སུ་དུར་ཁྲོད་ཀྱི་ལྟེ་བར་པད་ཉི་ལ་ཧཱུྃ་ལས་སྒྱུ་འཕྲུལ་དྲྭ་བ་ནག་པོ་ཞལ་ལྔ་ཕྱག་བཅུ་གཉིས་པ། རྩ་ཞལ་ནག་པོ། གཡས་ཞལ་གཉིས་དཀར་དམར། གཡོན་ཞལ་གཉིས་སེར་ལྡང་། ཕྱག་གཡས་དྲུག་ན་ཌཱ་མ་རུ། ཁ་ཊཾ་ག ལྕགས་ཀྱུ། ཞགས་པ། རྡོ་རྗེ། མདའ། གཡོན་དྲུག་གིས་སྡིགས་མཛུབ། ཐོད་པ། པདྨ། ནོར་བུ། འཁོར་ལོ། གཞུ་འཛིན་པ། སྤྱན་གསུམ་པ་མཆེ་བ་གཙིགས་པ་རྒྱན་དྲུག་དང་ཐོད་རློན་ཕྲེང་བས་བརྒྱན་པ། གཅེར་བུ་གཡས་བརྐྱང་གིས་བཞུགས་པའོ། །སྔགས་ནི། ཨོཾ་ཨཱཿཧཱུྃ་ཨ་ཏི་མུ་ནི་བ་ར་བཛྲ་དྷཱིཧཱུྃ་ཛཿ ༈ །།རྗེ་བཙུན་འཇམ་དབྱངས་རིགས་མང་པོ་དང་བྱམས་པའི་སྒྲུབ་ཐབས་བཞུགས་སོ།། ༈ སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཏཱཾ་ལས་ཟླ་བའི་དཀྱིལ་འཁོར་དམར་པོ་ལས་ཨཱཿ་ལི་སོ་གཉིས་ཀྱིས་མཚན་


CMR022_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

པ། དེའི་སྟེང་དུ་ཧཱུཾ་ལས་དཀྱིལ་འཁོར་འོད་དམར་པོ་འཕྲོ་བ་ཀཱ་ལི་བརྒྱད་ཅུས་མཚན་པ། དེའི་སྟེང་དུ་ཧཱུཾ་ལས་ཨུཏྤལ་སྔོན་པོ་ཡུཾ་གྱིས་མཚན་པ་ལས་འོད་འཕྲོ་བའོ། །དེ་རྣམས་ལས་འཇམ་དཔལ་བསྟན་པའི་འཁོར་ལོ་གུར་གུམ་ལྟར་དམར་བ་ཞལ་གཅིག་ཕྱག་གཉིས་པ་གཡས་རལ་གྲི་ཕྱར་ཞིང་གཡོན་ཐུགས་ཀར་གླེགས་བམ་འཛིན་པ་གཞོན་ནུ་ཟུར་ཕུད་ལྔ་དང་རྒྱན་སྣ་ཚོགས་པས་སྤྲས་ཤིང་སྒེག་པའི་ཉམས་ཅན་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་ཧཱུཾ་ལས་འཁོར་ལོ་དམར་པོ་རྩིབས་བརྒྱད་པའི་ལྟེ་བར་ཨ། །རྩིབས་བརྒྱད་ལ་ཤར་ནས་ཕྱོགས་བཞིར་ར་ལ་ཙ་ཤ། མེ་ནས་མཚམས་བཞིར་ནི་པྲ་ས་ཤ། དེའི་ཕྱི་རོལ་དུ་རྩིབས་མཆན་བརྒྱད་ཀྱི་ཐད་ཀར་ཨཱཿ་ལི་བཅུ་དྲུག །དེའི་ཕྱི་རོལ་དུ་ཀཱ་ལི་ཡིག་འབྲུ་ཐམས་ཅད་ཁ་དོག་དམར་སེར་ལ་འོད་འཕྲོས་འདུས་པར་བསམ། ཨོཾ་ཨཱཿར་པ་ཙ་ན་ནཱཾ། ཞེས་བཟླ་བ་ནི་བསྟན་པའི་འཁོར་ལོའི་སྒྲུབ་ཐབས་བྷ་ཝ་ཀནྟས་མཛད་པའོ།། །།ཚིག་ལྷུག་པའི་བསྟན་པའི་འཁོར་ལོའི་སྒྲུབ་ཐབས་སོ།། ༈ སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཏཱཾ་ལས་འཇམ་དཔལ་སྐུ་མདོག་སེར་པོ་ཆོས་འཆད་ཀྱི་ཕྱག་རྒྱས་གཡོན་ཨུཏྤལ་འཛིན་པ། སེང་གེ་


CMR022_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོའི་གདན་ལ་བཞུགས་པ། དར་དང་རིན་པོ་ཆེས་བརྒྱན་པ། གཡས་སུ་སུཾ་ལས་གཞོན་ནུ་ནོར་བཟང་སེར་པོ་ཆོས་ཐམས་ཅད་ཀྱི་པོ་ཏི་མཆན་ཁུང་དུ་བཟུང་། ནས་ཐལ་མོ་སྦྱར་བ། གཡོན་དུ་ཧཱུྃ་ལས་གཤིན་རྗེའི་གཤེད་ནག་པོ་གཡས་པས་བཅོམ་ལྡན་འདས་ཀྱི་རྗེ་ངར་ལ་རེག་ཅིང་། གཡོན་པས་ཐོ་བ་འཛིན་པ། ཁྲོ་བོའི་ཆ་ལུགས་ཅན། དེའི་གཡས་སུ་ཟླ་བའི་འོད་དང་། གཞོན་ནུ་ཉི་མའི་འོད། འདབ་མ་བརྒྱད་ལ་ཤར་ནས་ཕྱོགས་བཞིར། རྣམ་སྣང་། རིན་འབྱུང་། འོད་དཔག་མེད། དོན་ཡོད་གྲུབ་པ། མེ་ནས་མཚམས་བཞིར། སྤྱན་མ། མཱ་མ་ཀི། གོས་དཀར་མོ། སྒྲོལ་མ་བསམ། མི་བསྐྱོད་པས་དབུ་བརྒྱན། སྔགས་ནི། ཨོཾ་དྷརྨ་དྷ་ཏུ་ཝཱ་གཱི་ཤྭ་རི་མཱུ། །ཞེས་བཟླ་བ་ནི་འཇམ་དཔལ་སེང་གེ་སྒྲ་ཡི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཚུ་ལས་འཕགས་པ་ངག་གི་རྒྱལ་པོ་གཙོ་འཁོར་གསུམ་པོ་གོང་བཞིན་འཁོར་གཉིས་ས་བོན་མེད་པར་གོང་བསྐྱེད་དུ་བསམས་ནས། ཨོཾ་ཝཱ་གཱི་ཤྭ་རི་མུཾ། ཞེས་བཟླས་པས་འཇམ་དཔལ་ངག་གི་རྒྱལ་པོའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་རང་གི་སྙིང་གར་


CMR022_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ལས་འཕགས་པ་ངག་གི་རྒྱལ་པོ་གོང་བཞིན་ལ། ཕྱག་གཡས་ཨུཏྤལ་དང་། གཤིན་རྗེ་གཤེད་དབྱུག་པ་འཛིན་པ་དང་བཅས་ཞེས་པ་གཙོ་འཁོར་གསུམ་པར་བསྒོམས་ནས། སྔགས་ནི། ཨོཾ་དྷརྨ་དྷ་ཏུ་ཝ་གི་ཤྭ་རི་མཱི། ཞེས་བཟླས་པ་ནི་དཔལ་ལྡན་འཕགས་པ་ངག་གིས་རྒྱལ་པོའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་སྙིང་གར་པཾ་ལས་སྣ་ཚོགས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་ཧྲིགུར་གུམ་གྱི་མདོག་ཅན། ཕྱག་གཡོན་ན་ཨུཏྤལ་འཛིན་པ་མཚན་ཉིད་གཞན་བཤད་མ་ཐག་པ་ལྟ་བུའོ། །གཙོ་རྐྱང་བསྒོམས་ནས། ཨོཾ་བཛྲ་སཏཱ་ས་མ་ཡ་ཌི་བྱ་ཧོ། ས་མ་ཡ་སྟཾ། ས་མ་ཡ་སྟཾ། ས་མ་ཡ་སྟཾ། ཨ་ཧཾ། ཛཿཧཱུྃ་བཾ་ཧོ༔ ཞེས་པས་ཡེ་ཤེས་པ་གཞུག་བཅུག་ནས་བློ་ཞེས་བཟླ་བ་ནི་རྡོ་རྗེ་རྣལ་འབྱོར་མས་གསུངས་པའི་ངག་གི་རྒྱལ་པོའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པད་ཟླ་ལ་གནས་པའི་བྷཱི་དམར་པོ་ལ་ཨུཏྤལ་བྷཾ་གྱིས་མཚན་པ་དེ་ལ་ངག་གི་རྒྱལ་པོ་སེར་པོ་བཤད་མ་ཐག་པའི་མཚན་ཉིད་ཅན་བསམས་ལ། ས་མ་ཡ་སྟོ་ཌི་ཤྱ་ཧོ། ཞེས་པ་མན་ངག་གོང་དང་འདྲ་བའི་ཡེ་ཤེས་པ་སྔགས་ཀྱིས་གཞུག །བ་ར་ཎ་སི་དོ་ཧ་རཱ་ཛཿ ཞེས་ཟླ་བ་ནི་ངག་གི་རྒྱལ་པོའི་སྒྲུབ་ཐབས་སོ།། །།སྟོང་པའི་ངང་ལས་ཟླ་བ་ལས་པདྨ་འདབ་བརྒྱད་སེར་


CMR022_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྟེང་དུ་ཧཱུཾ་ཡིག་སེར་པོ་ལས་དཔལ་ལྡན་ངག་གི་རྒྱལ་པོ་གསེར་གྱི་མདོག་ཅན་ཨུཏྤལ་སྤངས་པ་གོང་དུ་བཤད་པའི་མཚན་ཉིད་ཅན་གྱི་གཙོ་རྐྱང་བྷོ་ལ། ཡེ་ཤེས་པ་གཞུག་པ་སོགས་ལོགས་ན་མེད་པར། བློ་ཞེས་བཟླ་བ་ནི་ངག་གི་རྒྱལ་པོའི་སྒྲུབ་ཐབས་ཡིད་བཞིན་ནོར་བུས་མཛད་པའོ།། ༈ །།སྟོང་པའི་ངང་ལས་ཟླ་བ་སུམ་བརྩེགས་ཀྱི་སྟེང་དུ་པདྨ་སེར་པོ་ཨཾ་གྱིས་མཚན་པ་ལས་ཤེས་རབ་འཕེལ་བའི་གཏེར་གྱི་མན་ངག་གི་རྒྱལ་པོ་གོང་བཞིན་བསྒོམས་ནས་བློ་བཟླས་པ་ནི་ངག་གི་རྒྱལ་པོའི་སྒྲུབ་ཐབས་འཕྲོག་བྱེད་རྒྱལ་པོ་འཇོམས་པས་མཛད་པའོ།། ༈ །།སྟོང་པའི་ངང་པ། ལས་པད་ཟླའི་སྟེང་དུ་བློ་ལས་འཇམ་དཔལ་དབྱངས་གསེར་མདོག་གཡོན་ཨུཏྤལ་དང་བཅས་པ་གོང་བཞིན་བསྒོམས་ནས་བློ་བཟླ་བ་ནི། ཡི་གེ་གཅིག་པའི་སྦྱོར་བ་བཙུད་པའོ། ༈ །།སྟོང་པའི་ངང་ལས་རང་གི་སྙིང་གར་ཧཱུྃ་དམར་པོ་ལས་ཉི་མ་ལ་ཚྭ་གུར་གུམ་གྱི་མདོག་ཅན་འོད་ཟེར་ལྔ་འཕྲོ་བ་ལས་ངག་གི་རྒྱལ་པོ་གསེར་གྱི་མདོག་ཅན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏིས་བརྒྱན་པའོ། །ཨུཏྤལ་སྔོན་པོ་འཛིན་པ་ཞལ་ནས་དུས་རྟག་ཏུ་ཚིགས་སུ་བཅད་པ་དང་རྐང་པ་དཔག་ཏུ་མེད་པས་ལེགས་པར་སྦྱར་ཞིང་གསུངས་པ། པད་ཟླ་ལ་ཐིག་ལེ་དཀར་པོ་པོ་


CMR022_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཏི་ལས་དྷཱི༔ཡིག་དཀར་པོ། དེ་ལས་ཨ་ར་པ་ཙ་ན་དཀར་པོ་གོང་དུ་བཤད་པ་ལྟར་གྱི་གཙོ་རྐྱང་བསྒོམས་ནས། ཨོཾ་དྷིསྭཱ་ཧཱ། ཞེས་བཟླ་བ་ནི་རིག་པ་འཛིན་པའི་སྡེ་སྣོད་དང་རིག་པ་འཛིན་པའི་སྡེ་སྣོད་སོ་སོ་ནས་བྱུང་བའི་འཇམ་དབྱངས་ཀྱི་སྒྲུབ་ཐབས་གཉིས་པའོ།། ༈ །།སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་དབུས་སུ་དྷི༔ལས་འཇམ་དབྱངས་སྐུ་མདོག་དམར་པོ་གཡོན་ཨུཏྤལ་དང་། མདུན་དུ་ར་ལས་དྲ་བ་ཅན་གྱི་འོད་ལྗང་གུ་གཡོན་ན་པདྨ་འཛིན་པ། གཡས་སུ་པཱ་ལས་སྒྲ་གཅན་མ་དམར་མོ་གཡོན་པདྨ་དམར་པོ་འཛིན་པ། རྒྱབ་ཏུ་ཙཱ་ལས་ཟླ་འོད་མ་དཀར་མོ་གཡོན་པདྨ་དཀར་པོ་འཛིན་པ། གཡོན་དུ་ཏཱཾ་ལས་ཉེ་བའི་སྒྲ་གཅན་འཛིན་དམར་མོ་གཡོན་ཨུཏྤལ་འཛིན་པ། གཙོ་འཁོར་ཐམས་ཅད་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་མཆོག་སྦྱིན། གཡོན་ན་པདྨའམ་ཨུཏྤལའི་ཡུ་བ་ཐུགས་ཀར་འཛིན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་མོས་ལ། ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཞེས་བཟླ་བ་ནི་འཕགས་པ་འཇམ་དཔལ་བསྒོམ་པའི་མན་ངག་གོ། ༈ །།སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མ་ལ་པཾ་ཡིག་སེར་པོ་ལས་འཇམ་དཔལ་ཡན་ལག་མེད་པའི་རྡོ་རྗེ་སྐུ་མདོག་སེར་པོ། ཞལ་


CMR022_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སྤྱན་གསུམ། རལ་པའི་ཅོད་པན་ཅན། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་ཨུཏྤལ་དམར་པོའི་མདེའུ་ཅན་གྱི་མདའ་དང་། མེ་ཏོག་གི་གཞུ་འགེངས་པའོ། །གཡས་འོག་མས་རལ་གྲི་དང་མེ་ལོང་། གཡོན་འོག་མས་ཨུཏྤལ་དང་མྱ་ངན་མེད་པའི་ཤིང་གི་ཡལ་ག །ལོ་བཅུ་ལོན་པའི་ན་ཚོད་ཅན་ཞབས་གཡོན་བརྐྱངས་པ་མཛེས་པའི་རྒྱན་དང་ན་བཟས་བརྒྱན་པ། དབུ་རྒྱན་ནི་མི་བསྐྱོད་པའོ། །སྔགས་ནི། ཨོཾ་ཨ་ཀར་ཡ་མཉྫ་གྷོ་ཥ་ཧྲིལཿ ཞེས་བཟླས་ལ། བསྒྲུབ་བྱའི་ནུ་མ་ཕུག །མྱ་ངན་མེད་པའི་ཡལ་གས་བརྡུངས་ཤིང་ཁྲི་རལ་གྲིས་སྡིག །མེ་ལོང་བསྟན། ཨུཏྤལའི་བཅིངས་ཏེ་མྱོས་པར་བསམ་པ་ནི་འོག་ཏུ་ཡང་དྲན་པར་བྱའོ། །ཞེས་པ་ཡན་ལག་མེད་པའི་རྡོ་རྗེའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པད་ཉི་ལ་ཧཱུྃ་ལས་མདའ་གཞུ་ཧཾ་གིས་མཚན་པ་ལས་གོང་དུ་བཤད་པའི་ཕྱག་དྲུག་པའམ་ཐ་མ་གཉིས་སྤངས་བའི་ཕྱག་རྒྱ་བཞི་པར་བསྒོམས་ནས་སྔགས་བཟླ་བ་ནི་ཡན་ལག་མེད་པའི་སྒྲུབ་ཐབས་ཏེ་གཅིག་ལས་གཉིས་སུ་ཕྱེ་བའོ།། ༈ །།གསུང་གི་དབང་ཕྱུག་ནི། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཟླ་བ་ལ་ཨ་ཡིག་དཀར་པོ་ལས་ཆོས་དབྱིངས་ངག་གི་དབང་ཕྱུག་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བརྒྱད་། དང་པོ་


CMR022_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། ལྷག་མ་རྣམས་ཀྱིས་གཡས་གསུམ་ན་རལ་གྲི་དང་མདའ་རྡོ་རྗེ། གཡོན་གསུམ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་གཞུ་དྲིལ་བུ་འཛིན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ལྷའི་གོས་དང་རྒྱན་གྱིས་བརྒྱན་པའོ། །སྙིང་གར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ནི་ཕྱག་རྒྱ་ཆེན་པོའོ། །སྨིན་མཚམས་སུ་ཧཱུཾ་ལས་རིན་ཆེན་སེར་པོ་ཧཱུྃ་གིས་མཚན་པ་ནི་ཆོས་ཀྱི་ཕྱག་རྒྱ། མགྲིན་པར་ཧཱི༔ལས་པདྨ་དམར་པོ་ཧཱིས་མཚན་པ་ནི་དམ་ཚིག་གི་ཕྱག་རྒྱ། སྤྱི་བོར་ལས་སྣ་ཚོགས་རྡོ་རྗེ་ཨཱཿས་མཚན་པ་ནི་ལས་ཀྱི་ཕྱག་རྒྱའོ། །ལྕེ་ལ་ཟླ་བ་ལ་གནས་པའི་ཧཱི༔དམར་པོ་བསམ་ལ། ཨོཾ་བཛྲཏཱིཀྐ་དུ༔ཁ་ཙྪེད་པྲ་ཛྙཱ་ཛྷཱ་ན་མཱུརྟ་ཡེ་ཛྷཱ་ན་ཀཱ་ཡ་ཝཱ་གཱི་ཤྭ་ར་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ ཞེས་བཟླ་བ་ནི་ཆོས་དབྱིངས་ངག་གི་དབང་ཕྱུག་གི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པད་ཟླ་ལ་ཧོ་ཡིག་དམར་པོ་ལས་ཆོས་དབྱིངས་གསུང་གི་དབང་ཕྱུག་སྐུ་མདོག་དཀར་དམར་ཞལ་བཞི་ཕྱག་བརྒྱད་པ། རྩ་བའི་ཞལ་དཀར་དམར། གཡས་གུར་གུམ་ལྟར་དམར་སེར། རྒྱབ་ཞལ་པདྨ་རཱ་ག་ལྟར་དམར་བ། གཡོན་ཞལ་དམར་སེར། ཕྱག་དང་པོ་གཉིས་ཀྱིས་མདའ་


CMR022_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གཞུ་འགེངས་པ། འོག་མ་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པ། ཐ་མ་ལྷག་མ་གཉིས་ཀྱིས་རལ་གྲི་དང་ཤེར་ཕྱིན་གྱི་པོ་ཏི། ཐ་མ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཆགས་པ་ཆེན་པོས་སྒེག་པའི་ཉམས་ཅན་རོལ་པའི་སྟབས་ཀྱིས་བཞུགས་པར་མོས། དབུ་རྒྱན་ནི་འོད་དཔག་མེད། སྔགས་ནི། ཨོཾ་མ་ཧཱ་རཱ་ག་བཛྲ་རཱ་ག་ཡ་སརྦ་སཏྭ་ཧོ། ཞེས་བཟླ་བ་ནི། ཆོས་དབྱིངས་ངག་གི་དབང་ཕྱུག་གིས་དབང་དུ་བྱེད་པའི་ཆོ་ག་སེམས་ཅན་ཐམས་ཅད་དབང་དུ་བྱེད་པའི་ཏིང་ངེ་འཛིན་གྱི་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཆུའི་དཀྱིལ་འཁོར་གྱི་དབུས་སུ། པདྨ་འདབ་བརྒྱད་གེ་སར་དང་བཅས་པའི་ཟེའུ་འབྲུ་ལ་མཱི་ལས་ཆོས་ཀྱི་དུང་གི་ཏིང་ངེ་འཛིན་གྱི་འཇམ་དཔལ་སྐུ་མདོག་དཀར་པོ་ཞལ་གཅིག །ཟུར་ཕུད་ལྔ་དང་ལྡན་པ། ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། རྡོ་རྗེའི་སྐྱིལ་ཀྲུང་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་ཐུགས་ཀར་ཟླ་བ་དང་པདྨའི་སྟེང་དུ་ཁཾ་ཡིག་ལས་སྐྱེས་པའི་ཆོས་ཀྱི་དུང་། དེའི་དབུས་སུ། ཨོཾ་བཛྲ་ཛི་ཧཱ་རཾ་ཞེས་པས་རྡོ་རྗེའི་ལྕེ། དེའི་སྟེང་དུ་རིན་པོ་ཆེ་དང་པདྨ་ལ་བཞུགས་པའི་སངས་རྒྱས་འོད་དཔག་མེད་མཉམ་གཞག་གི་ཕྱག་རྒྱ་


CMR022_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། དེའི་རྐན་ཕུགས་སུ་པཾ་མགོ་ཐུར་དུ་བསྟན་པ་ལས་བདུད་རྩིའི་རྒྱུན་བབ་བཞིན་པར་མོས་ལ། ཨོཾ་ཝཱཀྱེ་དཾ་ན་མཿ། ཆོས་ཀྱི་དུང་གིས་ཏིང་ངེ་འཛིན་གྱི་འཇམ་དཔལ་གྱི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཆུ་དང་པདྨའི་སྟེང་དུ་ཨོཾ་ལས་ཆོས་དབྱིངས་གསུང་དབང་བཤད་མ་ཐག་པའི་མཚན་ཉིད་ཅན་བྷེ་སྟེ་སྔགས་བཟླ་བ་ནི་ཆོས་དབྱིངས་དུང་གིས་མཚོན་པའམ་ཆོས་དབྱིངས་གསུང་དབང་གི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃཡིག་དམར་པོ་ལས་ངག་གི་དབང་ཕྱུག་གསུང་རྡོ་རྗེ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་ཅན། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། སྙིང་གར་ཟླ་བ་ལ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་རྭ་དབུས་མའི་རྩེ་མོ་ལ་ཨ་ཡིག་དམར་པོ་ལྕེའི་རྩེ་མོར་ཧཱིཏྟབསམས་ནས། ཨོཾ་ཝཱ་གཱི་ཤྭ་རི་ཧཱུཾ། ཞེས་པའམ། ཨོཾ་ཏིཿསྭཱ་ཧཱ། ཧཱི༔ ཟ་ཧཱུཾ། ཞེས་བཟླ་བ་ནི་ངག་གི་སྒྲུབ་ཐབས་ཏེ་གཉིས་པའོ།། ༈ །།སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཨཱཿ་ལི་སོ་གཉིས་ཟླ་བའི་དཀྱིལ་འཁོར་ཨོཾ་གྱིས་མཚན་པ་མེ་ལོང་ཡེ་ཤེས་སུ་མོས་ལ་ཨ་དརཱ་ཛྷ་ན་སྭ་བྷ་ཝ་ཨཏྨ་ཀོཉཧཾ། ཞེས་བརྗོད་དེ། དེའི་སྟེང་དུ་ཀཱ་ལི་


CMR022_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཅུ་ལས་ཟླ་བའི་དཀྱིལ་འཁོར་མཉམ་ཉིད་ཡེ་ཤེས་སུ་མོས་ལ། ས་མ་ཏཱ་ཛྙཱ་ན་སྭ་བྷ་ཝ་ཨཏྨ་ཀོཉཧཾ། དེའི་སྟེང་དུ་ཨུཏྤལ་སྔོན་པོ་ཨོཾ་གྱིས་མཚན་པ་སོར་རྟོག་ཡེ་ཤེས་སུ་མོས་ལ། པྲ་ཏུ་པེཀེ་ཎཱ་ཛཱ་ན་སྭ་བྷ་ཝ་ཨཏྨ་ཀོཉཧཾ། དེ་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་དཔའ་བོ་གཅིག་ཏུ་གྲུབ་པའི་སྐུར་གྱུར། ཚུར་འདུས་ཏེ་ཐིམ་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སུ་མོས་ལ། ཀྲྀཏྭཱ་ནུན་ཛྷཱ་ནཱ་སྭ་བྷཱ་ཝ་ཨཏྨ་ཀོཉཧཾ། དེ་རྣམས་ཡོངས་སུ་གྱུར་པ་ནི་བཅོམ་ལྡན་འདས་དཔའ་བོ་གཅིག་ཏུ་གྲུབ་པ་སྐུ་མདོག་དཀར་པོ་ཟླ་བའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཟླ་བའི་རྒྱབ་ཡོལ་ཅན། ཞལ་གཅིག་པ། རལ་པ་ཟུར་ཕུད་ལྔས་བརྒྱན་པ། ཕྱག་གཉིས་ཀྱི་གཡས་མཆོག་སྦྱིན། གཡོན་ཨུཏྤལ་འཛིན་པ། རིན་པོ་ཆེ་དང་དར་སྣ་ཚོགས་ཀྱིས་བརྒྱན་པ། ཐུགས་ཀར་པདྨ་ལ་ཨོཾ་ལས་ཨུཏྤལ་ཨོཾ་གྱིས་མཚན་པ། སྐུ་ཡོངས་རྫོགས་ཆོས་དབྱིངས་ཡེ་ཤེས་སུ་མོས་ལ། སུ་བི་ཤུདྡྷ་དྷམཱ་དྷཱ་ཏུ་ཛྙཱ་ན་པྲ་བྷ་ཝ་ཨཏྨ་ཀོཉཧཾ། དབུ་རྒྱན་ནི་མི་བསྐྱོད་པ། སྔགས་ནི། ཨོཾ་བཛྲ་ཏིཀ་དུཁ་ཙེད་པྲཛཱ་ཛྙཱ་ན་མཱུརྟ་ཡེ་ཛྷཱ་ན་ཀཱ་ཡ་ཝཱ་གི་ཤྭ་ར་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ ཨོཾ་ཝཱ་ཀྱེ་དཾ་ན་མཿ ཞེས་


CMR022_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

བཟླ་བ་ནི་དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཨཾ་ཡིག་དཀར་པོ་ལས་འཇམ་པའི་རྡོ་རྗེ་གོང་དུ་བཤད་པའི་མཚན་ཉིད་ཅན་བཤད་མ་ཐག་པ་ལྟ་བུར་བྷེ་སྟེ། ཨོཾ་ཝཱ་ཀྱེ་དཾ་ན་མདང་། ཨོཾ་ཧཱུྃཧཱུྃ། ཞེས་བཟླ་བ་ནི་འཇམ་པའི་རྡོ་རྗེ་དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས་སོ།། ༈་།།སྟོང་པའི་ངང་ལས་སྙིང་གར་ཟླ་བ་ཚུ་ཡིག་སེར་པོ་ལས་འཇམ་དཔལ་གཞོན་ནུ་ཞལ་གསུམ་ཕྱག་དྲུག་པ། སྐུ་མདོག་དང་རྩ་ཞལ་གུར་གུམ་གྱི་མདོག་ཅན་གཡས་སྔོ་གཡོན་དམར་བ། གཡོས་གསུམ་ན་རལ་གྲི། མདའ། མཆོག་སྦྱིན། གཡོན་གསུམ་ན་བློ། ཤེར་ཕྱིན་གྱི་པོ་ཏི། གཞུ། ཨུཏྤལ་འཛིན་པ་སྒེག་པའི་ཉམས་ཅན་ཟུར་ཕུད་གསུམ་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་མོས་ཏེ། ཨོཾ་མིཾ༔ ཞེས་བཟླ་བ་ནི་འཇམ་དཔལ་གྱི་སྒྲུབ་ཐབས་སོ།། ༈ །།ཡང་དེ་བཞིན་གྱི་ཆོ་གས་བུང་བ་མྱོས་པར་བསྒོམས་ཏེ་སྔགས་བཟླ་བ་ནི་བུང་བ་མྱོས་པའི་སྒྲུབ་ཐབས་སོ།། ༈ །།ཡང་དེ་བཞིན་གྱི་ཆོ་གས་དབང་དུ་བྱེད་པའི་འཇམ་དཔལ་བསྒོམས་ཏེ་སྔགས་བཟླ་བ་ནི་ལྷག་པར་དབང་དུ་བྱེད་པའི་འཇམ་དཔལ་གྱི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པད་ཟླ་ལ་ཨ་ལས་རལ་གྲི་ཡུ་བ་ཨས་མཚན་པ་ལས་འཕགས་པ་འཇམ་དཔལ་སྐུ་མདོག་


CMR022_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་ཞལ་གཅིག་པ་ཟུར་ཕུད་ལྔས་བརྒྱན་པ། ཕྱག་གཉིས་ཀྱི་གཡས་རལ་གྲི་ཕྱར་བ། གཡོན་ཐུགས་ཀར་པོ་ཏི་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྣ་ཚོགས་པའི་ན་བཟའ་ཅན་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ལྟེ་བའི་འོག་ཏུ་ཧཱུཾ་དཀར་པོ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་ཧཱི༔ལས་པདྨ་ཁ་ཟུམ་པ་ལྟེ་བློབ་དང་ཐད་མཉམ་པ། ལྟེ་བའི་སྟེང་གི་ཐད་སོར་གང་ཙམ་གྱི་སྟེང་དུ་ཟླ་བ། དེའི་སྟེང་དུ་སོར་གཅིག་གིས་མཐོ་བར་འཁོར་ལོ་རྩིབས་དྲུག་འོད་ཟེར་འཕྲོ་བ། དེའི་ལྟེ་བར་དྷིཡིག་མི་གཡོ་བར་གནས་པ་རྩིབས་དྲུག་གི་སྟེང་དུ་ནང་སྐོར་ལ་རྩ་བའི་སྔགས་ཀྱི་ཡིག་འབྲུ། ཕྱི་སྐོར་ལ་མ་བཞི་སྤངས་བའི་ཡི་གེ་བཅུ་གཉིས། རྩིབས་རེ་ལ་ཡི་གེ་གཉིས་གཉིས་འགོད། ཕྱིའི་མུ་ཁྱུད་ལ་ང་ཉ་ཎ་ན་མ་ལྔ་སྤངས་བའི་ཀཱ་ལི། དེའི་སོར་གཅིག་ཙམ་གྱི་སྟེང་དུ། ཟླ་བའི་དཀྱིལ་འཁོར་ལ་འཁོར་ལོ་རྩིབས་བཞི་པའི་ལྟེ་བ་དང་ཕྱོགས་བཞིར་ཨ་ར་པ་ཙ་ན་བསམས་ནས། ཨོཾ་བཛྲ་ཏིཀཱ་མུཿ ཞེས་བཟླ་བ་ནི་མཚན་ཡང་དག་པ་བརྗོད་པའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཧཱུྃ་ལས་སྣཚོགས་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ་ལས་


CMR022_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པའི་སྲུང་འཁོར་གྱི་དབུས་སུ་ཧྲིལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་ཚྭ་དཀར་དམར་ལ་རྗེ་བཙུན་འཇམ་དཔལ་སྐུ་མདོག་དཀར་དམར་ཞལ་གསུམ་གྱི་རྩ་ཞལ་དམར་པོ་གཡས་སྔོ་གཡོན་དཀར་བ། ཕྱག་བཞིའི་དང་པོ་གཉིས་རལ་གྲི་དང་ཤེར་ཕྱིན་གྱི་པོ་ཏི་བསྣམས་པ། འོག་མ་གཉིས་ཀྱི་མདའ་དང་གཞུ་མཚན་པས་སྤྲས་པ། གཞོན་ནུ་ཟུར་ཕུད་ལྔ་དང་ལྡན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྙིང་གར་སེམས་མ་རྡོ་རྗེ་མ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། སྨིན་མཚམས་སུ་རིན་ཆེན་རྡོ་རྗེ་མ་སེར་མོ། ཕྱག་གཉིས་ཀྱིས་མེ་ཏོག་གི་ཕྲེང་བ་སྤྱི་བོར་བསྒྲེངས་བ། མགྲིན་པར་པདྨ་རྡོ་རྗེ་མ་དམར་མོ། གཡོན་པདྨའི་སྡོང་པོ་འཛིན་ཅིང་གཡས་དེའི་ཁ་འབྱེད་པ། སྤྱི་བོར་ལས་ཀྱི་རྡོ་རྗེ་མ་ལྗང་གུ། ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་སྤྱི་བོར་བཅིངས་བ། ཐམས་ཅད་ཀྱང་པད་ཟླ་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། དབུ་བརྒྱན་ནི་མི་བསྐྱོད་པའོ། །ཨོཾ་སརྦ་དྷརྨ་ཨ་བྷ་ཝ་སྭ་བྷཱ་ཝ་བི་ཤུདྡྷེ་བཛྲ་ཙཀྵ། ཨ་ཨཱཿ་ཨ་ཨ༔ པྲ་ཀྲྀ་ཏི་པ་རི་ཤུདྡྷ༔ སརྦ་དྷརྨཱ་ཡ་དུ་ཏ་སརྦ་ཏ་ཐཱ་ག་


CMR022_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཏ། ཛྙཱ་ན་ཀཱ་ཡ། མནྡྲ་ཤཱི་པ་རི་ཤུདྡྷི་ཏཱ་མུ་པཱ་དཱ་ཡ་ཏི་ཨ་ཨཱཿ། སརྦ་ཏ་ཐཱ་ག་ཏཱ་ཧྲི་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུྃ་ཧཱུྃ། བྷ་ག་ཝཱན། ཛྙཱ་ན་མཱུཏི། ཝཱ་གཱི་ཤྭ་ར་མ་ཧ་པ་ཙ། སརྦ་དྷརྨ་ག་ག་ན། ཨ་མ་ལ་སུ་པ་རི་ཤུདྡྷ། དྷརྨ་དྷ་ཏུ་ཛྙཱ་ན་གནྡྷ་ཨཱཿ༔ ཞེས་པའི་བར་བཟླ་བ་ནི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཆོས་འབྱུང་དཀར་པོ་གྲུ་གསུམ་གྱི་ནང་དུ་པདྨ་དང་སྣ་ཚོགས་རྡོ་རྗེ་ལ་གནས་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ཚུ་ལས་འཇམ་པའི་རྡོ་རྗེ་ཞལ་གསུམ་པ། རྩ་ཞལ་དང་སྐུ་མདོག་གུར་གུམ་གྱི་མདོག་ཅན། གཡས་སྔོ་གཡོན་དཀར་བ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འོད་ཀྱི་ཡུམ་འཇམ་པའི་རྡོ་རྗེ་མ་ལ་འཁྱུད་ཅིང་། བར་པ་གཉིས་ཀྱིས་རལ་གྲི་དང་ཨུཏྤལ། ཐ་མ་གཉིས་ཀྱིས་མདའ་དང་གཞུ་འཛིན་སྒྲ་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་རྒྱན་གྱིས་སྤྲས་པར་གྱུར། ཨོཾ་དྷརྨ་དྷཱ་ཏུསྭ་བྷ་ཝ་ཨཏྨ་ཀོཉཧཾ། སྔགས་ནི། ཨོཾ་ཨཱཿམཾ་ཧོ༔ ཞེས་སོ། །ཨོཾ་ཨཱཿམཉྫ་བཛྲ་ཧཱུྃ།


CMR022_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བཟླ་བ་ནི་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཆོས་འབྱུང་དཀར་པོ་གྲུ་གསུམ་གྱི་ནང་དུ་པདྨ་དང་སྣ་ཚོགས་རྡོ་རྗེའི་ལྟེ་བར་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ཧཱུཾ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་འཇམ་པའི་རྡོ་རྗེ་ཞལ་གསུམ་པ། རྩ་ཞལ་དང་སྐུ་མདོག་གུར་གུམ་གྱི་མདོག་ཅན། གཡས་སྔོ་གཡོན་དཀར་བ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འོད་ཀྱི་ཡུམ་འཇམ་པའི་རྡོ་རྗེ་མ་ལ་འཁྱུད་ཅིང་མ་མཆུ་འཇིབས་པ། བར་པ་གཉིས་ཀྱིས་རལ་གྲི་དང་ཨུཏྤལ། ཐ་མ་གཉིས་ཀྱིས་མདའ་དང་གཞུ་བསྣམས་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱིས་བརྒྱན་པ། པདྨ་དང་ཟླ་བའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་མིག་གཉིས་སུ་ཀྵ་ལས་ས་ཡི་སྙིང་པོ། རྣ་བ་གཉིས་སུ་ཛཱི་ལས་ཕྱག་ན་རྡོ་རྗེ། སྣར་ཁཾ་ལས་ནམ་མཁའི་སྙིང་པོ། ལྕེར་གི་ལས་འཇིག་རྟེན་དབང་ཕྱུག །དཔྲལ་བར་ཀཾ་ལས་སྒྲིབ་པ་རྣམ་སེལ། སྙིང་གར་སཾ་ལས་ཀུན་ཏུ་བཟང་པོ། གནས་གསུམ་བྱིན་གྱིས་བརླབས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲ་སྭ་བྷ་


CMR022_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཝ་ཨཏྨ་ཀོཉཧཾ། སྙིང་པོའི་སྔགས་ནི། ན་མོ་མཉྫཤྲི་ཡེ་ཀུ་མཱ་ར་བྷུ་ཏཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ར་ཛེ། བཱི་ར་ཛེ། ཤུདྡྷེ་བི་ཤུདྡྷེ། ཤོ་དྷ་ནི་བི་ཤོ་དྷ་ནི་ཨ་མ་ལེ་བི་མ་ལེ། ཛ་ཡ་ཝ་ཏི་ནི། རུ་རུ་ཙ་ལེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཙྪམཉྫར་བཛྲ་ཧཱུྃ། ཞེས་བཟླ་བ་ནི་འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས་འོད་ཟེར་འབྱུང་གནས་གྲགས་པས་མཛད་པའོ།། ༈ །།སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཕྱོགས་བཞིར་མཱ་ལཱི་པཾ་ནཱཾ་ཏཱཾ་རྣམས་ཁ་དོག་དམར་པོ་དབུས་སུ་འཇམ་པའི་རྡོ་རྗེ། །ཤར་དུ་མ་རེ་ཀུ་མ་རི། ལྷོར་ར་ག་ཀུ་མ་རི། ནུབ་ཏུ་ཨརྫུ་ན་ཀུ་མ་རི། བྱང་དུ་ཀུ་ལ་ཀུ་མ་རི། གཙོ་འཁོར་ལྔ་ཀའང་དམར་པོ། རྨ་བྱའི་ཁྲི་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཙོ་བོས་རྡོར་དྲིལ་དང་། འཁོར་རྣམས་རྡོ་རྗེ་དང་རལ་གྲི་ཐུགས་ཀར་བསྣོལ་བ་སྒེག་པའི་ཉམས་ཅན་དུ་བསམས་ནས། ཨོཾ་ཧཱི༔ མཾ་ཧོ༔ མ་ཧཱུྃ། ཨོཾ་བྷཾ་ལཾ་ཧཱུཾ། ཨོཾ་ཏྲི་པཾ་ཧཱུཾ། ཨོཾ་ཧཱུཾ། མཾ་ཧཾ། ཨོཾ་ཁཾ་ཧཱུྃ་ཧཱུྃ། ཞེས་བཟླ་བ་ནི་འཇམ་དཔལ་རྡོ་རྗེའི་སྒྲུབ་ཐབས་ཏེ་རྡོ་རྗེ་ཆོས་ཞེས་ཀྱང་བྱའོ།། ༈ །།སྟོང་པའི་ངང་ལས་


CMR022_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

པད་ཟླའི་སྟེང་དུ་མེ་ཏྲི་སེར་པོ་ལས་མགོན་པོ་བྱམས་པ་སྐུ་མདོག་སེར་པོ་ཞལ་གསུམ་རྩ་ཞལ་སེར་པོ། གཡས་ནག །གཡོན་དཀར་བ། ཕྱག་བཞིའི་དང་པོ་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། གཡས་འོག་མས་མཆོག་སྦྱིན། གཡོན་འོག་མས་ཀླུ་ཤིང་གི་མེ་ཏོག་སྟེ་མ་བསྣམས་པ། སྣ་ཚོགས་པའི་རྒྱན་དང་། ན་བཟའ་མཛེས་པ་སྣ་ཚོགས་པདྨ་ལ་སེམས་པའི་སྐྱིལ་ཀྲུང་གིས་བཞུགས་པར་བསམས་ལ། ཨོཾ་མི་ཏྲི་མེ་ཏྲི་སྭཱ་ཧཱ། ཞེས་དང་། ཨོཾ་མི་ཏྲི་སྭཱ་ཧཱ། ཞེས་བཟླ་བ་ནི་བྱམས་པའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པད་ཟླ་ལ་མ་ཡིག་སེར་པོ་ལས་གོང་བཞིན་བསྒོམས་ཏེ་སྔགས་བཟླ་བ་ནི་བྱམས་པའི་སྒྲུབ་ཐབས་ཐོག་མེད་ཀྱིས་མཛད་པར་གྲགས་སོ།། ༈ །།སེང་ལྡེང་ནགས་ཀྱི་སྒྲོལ་མ་དང་སྒྲོལ་མ་རིགས་མང་པོའི་སྒྲུབ་ཐབས་བཞུགས་སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཏཱཾ་ལས་ཨུཏྤལ་ཏཾ་གྱིས་མཚན་པོ་ལས་སེང་ལྡེང་ནགས་ཀྱི་སྒྲོལ་མ་སྐུ་མདོག་ལྗང་གུ་ཞལ་གཅིག་པ། སྤྱན་དཀྱུས་རིང་ཞིང་འཛུམ་བག་དང་ལྡན་པ། ཕྱག་གཉིས་ཀྱི་གཡས་མཆོག་སྦྱིན་དང་གཡོན་ཨུཏྤལ་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང་དར་སྣ་ཚོགས་པའི་ན་བཟའ་མནབས་པ། དབུ་སྐྲའི་ཐོར་


CMR022_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཙུགས་མེ་ཏོག་གིས་མཛེས་པ། ནུ་མ་རྒྱས་པ་སྐྱིལ་ཀྲུང་ཕྱེད་པས་ཨུཏྤལ་ལ་གནས་པ། སེང་ལྡེང་གི་ནགས་ཁྲོད་ན་བཞུགས་པར་བསམས་ལ། དེའི་གཡས་སུ་མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་དང་། གཡོན་དུ་རལ་གཅིག་མ་བསམ་མོ། །དབུ་རྒྱན་ནི་དོན་ཡོད་གྲུབ་པའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླ་བ་ནི་སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་ཨོཾ་ཡིག་ལྗང་གུ་ལས་མཆོག་སྦྱིན་སྒྲོལ་མ་ལྗང་གུ་སེང་ལྡེང་གི་སྒྲོལ་ནག་མ་གཏོགས་པ་གོང་དུ་བཤད་པའི་མཚན་ཉིད་ཅན། པདྨ་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། དེའི་གཡས་སུ་མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་སེར་མོ། གཡས་ན་བ་ཀུ་ལི་དང་། གཡོན་ན་མྱ་ངན་མེད་པའི་ཤིང་གི་ཡལ་ག་བསྣམས་པ། དེའི་གཡས་སུ་རྨ་བྱ་ཆེན་མོ་སེར་མོ། གཡས་རྨ་བྱའི་སྒྲོ་དང་གཡོན་རྔ་ཡབ་བསྣམས་པ། གཙོ་མོའི་གཡོན་དུ་རལ་གཅིག་མ་ཐུང་ཞིང་ནག་པ། སྤྱན་གསུམ་པ་མཆེ་བ་གཙིགས་པ་སྐྲ་ཁམ་པ་གྱེན་དུ་འབར་བ། སྟག་ལྤགས་ཀྱི་ཤམ་ཐབས་ཅན་གྲི་གུག་དང་ཐོད་པ་འཛིན་པའོ། །དེའི་གཡོན་དུ་དུག་སེལ་མ་ལྗང་གུ། གཡས་རྔ་


CMR022_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་དང་། གཡོན་གྱིས་སྦྲུལ་བསྣམས་པ། འཁོར་གྱི་ལྷ་གསུམ་ནི་ཞི་བའི་ཉམས་ཅན། དར་དང་རིན་པོ་ཆེས་བརྒྱན་པ་བཞི་ཀའང་བཞེངས་པར་བསམས་ལ། གོང་བཞིན་སྔགས་བཟླ་བ་ནི་མཆོག་སྦྱིན་སྒྲོལ་མའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་ཨུཏྤལ་ལ་ཏྭཾ་གྱིས་མཚན་པ་ལས་དབང་བྱེད་སྒྲོལ་མ་བཤད་མ་ཐག་པའི་མཚན་ཉིད་ཅན། བཟང་པོའི་གདན་ལ་བཞུགས་པ་གཙོ་རྐྱང་དུ་མོས་ལ། ཨོཾ་ཏཱ་རེ་ཏུཏྟཱརེ་ཏུ་རེ་རྗེ་མོ་བ་ཤཾ་མ་ཡེ་སྭཱ་ཧཱ། ཞེས་བཟླ་བ་ནི་དབང་བྱེད་སྒྲོལ་མའི་སྒྲུབ་ཐབས་རྡོ་རྗེ་མྱུ་གུས་མཛད་པའོ།། ༈ །།སྟོང་པའི་ངང་ལས་རང་གི་སྙིང་གར་ཟླ་བའི་སྟེང་དུ་ཨུཏྤལ་སྔོན་པོའི་ཟེའུ་འབྲུ་ལ་ཟླ་བ་རྙོག་པ་མེད་པ་ལ་གནས་པའི། ཏཱཾ་ཡིག་སེར་པོ་དེ་རྣམས་ལས་སྒྲོལ་མ་ལྗང་གུ་བཤད་མ་ཐག་པའི་མཚན་ཉིད་ཅན། ཤིང་རྟའི་འཁོར་ལོ་ཚད་ཙམ་གྱི་པདྨ་དཀར་པོའི་སྟེང་དུ་ཟླ་བ་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་གཙོ་རྐྱང་དུ་བྷེ་ནས་ཡི་གེ་བཅུ་པ་བཟླ་བ་ནི་སྒྲོལ་མའི་སྒྲུབ་ཐབས་དཔེ་མེད་སྲུང་བས་མཛད་པའོ།། ༈ །།སྟོང་པའི་ངང་ལས་ཟླ་བའི་སྟེང་དུ་ཏཱཾ་ལས་ཨུཏྤལ་དཀར་པོ་ཧཱུྃ་གྱིས་མཚན་པ་ལས་སྒྲོལ་མ་ཆེན་མོ་སྐུ་མདོག་སྔོན་མོ་པད་ཟླའི་སྟེང་དུ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་བཤད་མ་ཐག་པའི་མཚན་ཉིད་ཅན་


CMR022_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་ནས་སྔགས་བཟླ་བ་ནི་སྒྲོལ་མ་ཆེན་མོའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་རཾ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྩེ་གསུམ་པ་ལས་འཕྲོས་པའི་སྲུང་འཁོར་གྱི་ནང་དུ་ཨེ་ལས་ཆོས་འབྱུང་གྲུ་གསུམ་དཀར་པོའི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་སྣ་ཚོགས་རྡོ་རྗེ་རྩེ་གསུམ་པའི་སྟེང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་ཟླ་ཕྱེད་བ་དན་གྱིས་མཚན་པ། དེའི་སྟེང་དུ་ཁཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་དྲིལ་བུས་མཚན་པ། དེའི་སྟེང་དུ་པཾ་ལས་ས་ཡི་དཀྱིལ་འཁོར་སེར་པོ་གྲུ་བཞི་རྡོ་རྗེ་རྩེ་གསུམ་པས་མཚན་པ། དེའི་སྟེང་དུ་ཧཱུཾ་ལས་འཁོར་ལོ་དེ་རྣམས་ཡོངས་སུ་གྱུར་པ་ལས་གོང་དུ་སྨོས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། པདྨ་འདབ་བརྒྱད་ཟེའུ་འབྲུ་གེ་སར་དང་བཅས་པའི་དབུས་དང་ཕྱོགས་ཀྱི་འདབ་མ་བཞི་ལ་ཟླ་བ། སྒོ་བཞི་དང་སྟེང་འོག་ཏུ་ཉི་མའི་གདན། དེའི་ལྟེ་བར་ཨཱཿ་ལི་སོ་གཉིས་ལས་ཟླ་བ། ཀཱ་ལི་བརྒྱད་ཅུ་ལས་ཉི་མ། དེ་གཉིས་ཀྱི་བར་དུ་ཏཱཾ་ལས་རྡོ་རྗེ་རྩེ་དགུ་པ་གསེར་གྱི་མདོག་ཅན་ཏཾ་ཡིག་གིས་མཚན་པ་དེ་


CMR022_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རོ་གཅིག་ཏུ་གྱུར་པ་ལས་རྡོ་རྗེ་སྒྲོལ་མ་སྐུ་མདོག་སེར་མོ་ཞལ་བཞི་རྩ་ཞལ་སེར་པོ་གཡས་དཀར་གཡོན་དམར་རྒྱབ་སྔོ་བ། སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་བརྒྱད་ཀྱིས་གཡས་བཞི་ན་རྡོ་རྗེ་དང་། ཞགས་པ། མདའ། མདུང་། གཡོན་བཞི་ན་ལྕགས་ཀྱུ། ཨུཏྤལ། གཞུ། སྡིགས་མཛུབ་མཛད་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ཐུགས་ཀར་ཧཱུྃ་དེ་ལས་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པའི་ཡི་གེ་བཅུ་འཕྲོས་པས་ཤར་དུ་ཨོཾ་ལས་མེ་ཏོག་སྒྲོལ་མ་དཀར་མོ་མེ་ཏོག་གི་ཕྲེང་བ་འཛིན་པ། ལྷོར་ཏཱ་ལས་བདུག་སྤོས་སྒྲོལ་མ་ནག་མོ་སྤྲོས་ཀྱི་སྣོད་འཛིན་པ། ནུབ་ཏུ་རེ་ལས་མར་མེ་སྒྲོལ་མ་སེར་མོ་མར་མེའི་སྡོང་བུ་འཛིན་པ། བྱང་དུ་ཏུ་ལས་དྲིའི་སྒྲོལ་མ་དམར་མོ་དྲིའི་དུང་ཆོས་འཛིན་པ་བཞི་ནི་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཤར་ལྷོར་རྟ་ལས་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་རེ་ལས་ཞགས་པ་མ་སེར་མོ་ཞགས་པ་འཛིན་པ། ནུབ་སྒོར་ཏུ་ལས་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་འཛིན་པ། བྱང་སྒོར་རེ་ལས་དྲིལ་བུ་མ་ལྗང་གུ་དྲིལ་བུ་འཛིན་པ། སྟེང་དུ་སཱ་ལས་གཙུག་ཏོར་རྣམ་


CMR022_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མ་དཀར་མོ་འཁོར་ལོ་འཛིན་པ། འོག་ཏུ་ཧ་ལས་གནོད་མཛེས་མ་སྔོན་མོ་སྦྲུལ་ཞགས་འཛིན་པ། དྲུག་ཀའང་སྡིགས་མཛུབ་ཞབས་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །མཚམས་བཞིར་བྱང་ཤར་ནས་བརྩམས་ཏེ་རི་རབ་བྱང་སེམས་ཀྱི་བུམ་པ། མེ་ཐབ་། རྒྱལ་མཚན་ཏེ་ཡུམ་བཞིའི་ངོ་བོ། མིག་ཏུ་གཏི་མུག་རྡོ་རྗེ་མ་ནས། ཐུགས་ཀར་ཐུགས་རྡོ་རྗེ་མ་གྲི་ཐོད་འཛིན་པའོ། །སངས་རྒྱས་རྣམས་ནི་དབང་བསྐུར་བས་གཙོ་བོ་ལ་རིན་ཆེན་འབྱུང་ལྡན་གཙོར་གྱུར་པའི་རིགས་ལྔར། འཁོར་རྣམས་ལ་ཤར་ནས་བརྩམས་ཏེ། རྣམ་སྣང་། མི་བསྐྱོད་པ། འོད་དཔག་མེད། དོན་ཡོད་གྲུབ་པ། སྟེང་མ་ལ་རིན་ཆེན་དབང་པོ། འོག་མ་ལ་མི་བསྐྱོད་པས་དབུ་བརྒྱན། སྔགས་ནི། ཏདྱ་ཐཱ། ན་མཿ ཨརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བྷོ་དྷི་སཏྭཱ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་gཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་སརྦ་དུཏྟཾ་པྲ་དུཏྟཾ། མ་མ་ཀྲྀ་ཏེ། ཛམྦྷ་ཡ། སྟམ་བྷ་ཡ། མོ་ཧ་ཡ། བྷན་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ༔ སརྦ་དུཏྟཾ་སྟམྦྷ་ནི་ཏཱ་རེ་


CMR022_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། ཞེས་ཡི་གེ་བཅུ་པ་བཟླ་བ་ནི་རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཞི་བས་མཛད་པའོ།། ༈ །།ཡང་ཆོ་ག་གཞན་རྣམས་གོང་བཞིན་ལ། གཙོ་མོའི་ཞལ་གཡས་ནག་རྒྱབ་དཀར། གཡས་བཞི་ན་རྡོ་རྗེ་དང་། མདུང་། དུང་། མཆོག་སྦྱིན། གཡོན་བཞི་ན་ཨུཏྤལ། གཞུ། ལྕགས་ཀྱུ། ཞགས་པ་དང་བཅས་པའི་སྡིགས་མཛུབ་མཛད་པ། ཞགས་པ་མ་ནག་མོ། ལྕགས་སྒྲོག་མ་སེར་མོ། དྲིལ་བུ་མ་དམར་མོ། རྣམ་རྒྱལ་མ་སེར་མོར་བསམ་པ་ནི་ཡང་རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པཾ་ལས་པདྨ་དཀར་པོ་དང་ཨ་ལས་ཟླ་བའི་སྟེང་དུ་ཏཱཾ་ལས་ཨུཏྤལ་དཀར་པོ་ཏྭཾ་གྱིས་མཚན་པ་ལས་སྒྲོལ་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་དང་། གཡོན་ཨུཏྤལ་བསྣམས་པ། ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཟླ་ལ་བཞུགས་ཤིང་ཟླ་བའི་རྒྱབ་ཡོལ་ཅན། ཐུགས་ཀར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་རྩིབས་ལ་ཨོཾ་ལ་སོགས་པའི་ཡི་གེ་བརྒྱད། ལྟེ་བར་སྭ་ཧཱ་བསམས་ནས་ཡི་གེ་བཅུ་བསམ་པ་ནི། སྒྲོལ་མའི་སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པའོ།། སྟོང་


CMR022_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ལས་པདྨ་དཀར་པོ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱཾ་ལས་བཤད་མ་ཐག་པའི་མཚན་ཉིད་ཅན་གྱི་འཆི་བ་བསླུ་བའི་སྒྲོལ་མ་བྷེ་སྟེ། སྙིང་ཁར་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ཨོཾ་དང་སྭཱ་ཧརྩིབས་རྣམས་ལ་བར་གྱི་ཡི་གེ་བརྒྱད་བསྒོམས་ཏེ་ཡི་གེ་བཅུ་པ་བཟླ་བ་ནི་འཆི་བ་བསླུ་བའི་སྒྲོལ་མའི་མན་ངག་གི་སྒྲུབ་ཐབས། སློབ་དཔོན་ངག་གི་དབང་ཕྱུག་གི་སློབ་མ་མཐུ་བོས་མཛད་པའོ། ༈ །ཡང་འཆི་བ་བསླུ་བའི་སྒྲོལ་མའི་སྒྲུབ་ཐབས་ནི། སྟོང་པའི་ངང་ལས་པཾ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་། འདབ་མའི་སྟེང་དུ་ཟླ་བའི་གདན་དགུ། དེ་རྣམས་ཀྱི་དབུས་སུ་ཧཱུཾ་ལས་ཨུཏྤལ་ལ་ཏྭཾ་གྱིས་མཚན་པ། འདབ་མ་བརྒྱད་ལ་ཤར་ནས་ཕྱོགས་བཞིར། ༀ་ཏཱ་རེ་ཏུཏ། མེ་ནས་མཚམས་བཞིར་ཏཱ་རེ་ཏུ་རེ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་རྗེ་བཙུན་སྒྲོལ་མ། ཕྱོགས་མཚམས་སུ་སེང་གེ་ལ་སོགས་པའི་འཇིགས་པ་བརྒྱད་ལས་སྐྱོབ་པའི་སྒྲོལ་མ། གཙོ་འཁོར་ཀུན་རྒྱན་ཆ་ལུགས་སེང་ལྡེང་ནགས་སྒྲོལ་ལྟ་བུར་བསྒོམས་ནས་གཙོ་མོ་། སྒྱུ་ལ་ཡི་གེ་བཅུ་པ་དང་འཁོར་རྣམས་ལ། ཨོཾ་ཨོཾ་སྭཱ་ཧཱ། ཨོཾ་ཏཱ་སྭཱ་ཧཱ། ཨོཾ་རེ་སྭཱ་ཧཱ། ཨོཾ་ཏུཏ་སྭཱ་ཧཱ། ཨོཾ་ཏཱ་སྭཱ་ཧཱ། ཨོཾ་རེ་སྭཱ་ཧཱ། ཨོཾ་ཏུ་སྭཱ་ཧཱ། ཨོཾ་རེ་སྭཱ་ཧཱ། ཞེས་བཟླ་བ་ནི་སྒྲོལ་མ་འཇིགས་


CMR022_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྒྱད་སྐྱོབ་ཀྱི་སྒྲུབ་ཐབས་སོ། ༈ །།སྟོང་པའི་ངང་ལས་ཨ་ཡིག་དམར་པོ་ལས་པདྨ་དམར་པོའི་སྟེང་དུ་ཏཱཾ་ཡིག་དཀར་པོ་ལས་ཐོད་པའི་ནང་དུ་ཉི་མ་ལ་ཧཱུཾ་ལས་གྲི་གུག་ཧཱུྃ་གིས་མཚན་པ་ལས་རྒྱ་ནག་སྒྲོལ་མ་སྐུ་མདོག་ནག་མོ་ཞལ་གཅིག་སྤྱན་གསུམ་པ་ལྗགས་འདྲིལ་ཞིང་མཆེ་བ་གཙིགས་པ། ཕྱག་བཞིའི་གཡས་གཉིས་ན་རལ་གྲི་དང་གྲི་གུག །གཡོན་གཉིས་ན་ཨུཏྤལ་དང་ཐོད་པ་འཛིན་པ། རུས་པའི་རྒྱུན་ལྔ་དང་མགོ་བོས་དོ་ཤལ་འཕྱངས་བ། ཀླུ་བརྒྱད་ཀྱིས་བརྒྱན་ཅིང་སྟག་ལྤགས་ཀྱི་ཤམ་ཐབས་ཅན་རལ་པ་དམར་སེར་རམ་ཁམ་པའི་ཐོར་ཙུགས་ཅན། ཐུང་ཞིང་གསུས་ཁྱིམ་ཆེ་བ་གཡོན་བརྐྱངས་བའི་སྟབས་སུ་རོའི་གདན་ལ་བཞུགས་པའོ། །དབུ་རྒྱན་ནི་མི་བསྐྱོད་པའོ། །རལ་གྲི་འཛིན་པའི་ལག་པས་མི་རུས་ཀྱིས་ཕྲེང་བ་བཟུང་སྟེ་པཱིཏྲ་ཧཱུྃ་ཕཊ༔ ཅེས་བཟླ་བ་ནི་རྒྱ་ནག་རིམ་མའི་སྒྲུབ་ཐབས་སོ། ༈ །ཡང་བཤད་མ་ཐག་པའི་ཆོ་གས་རྒྱ་ནག་ཆེན་མོའི་སྒོལ་མ་བསྒོམས་ཏེ་སྔགས་བཟླ་བ་ནི་རྒྱ་ནག་ཆེན་མོའི་རིམ་མའི་སྒྲོལ་མའི་སྒྲུབ་ཐབས་རྟག་པའི་རྡོ་རྗེས་མཛད་པའོ།། ༈ །།སྟོང་པའི་ངང་ལས་ཧཱུཾ་ལས་རི་རབ། པཾ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ་ཏཱཾ་ཡིག་དཀར་པོ་ལས་སྒྲོལ་མ་དཀར་མོ་ཞལ་གཅིག་སྤྱན་གསུམ།


CMR022_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བཞིའི་དང་པོ་གཉིས་ཀྱིས་ཨུཏྤ་ལའི་ཕྱག་རྒྱ། འོག་མ་གཉིས་ཀྱིས་ཡིད་བཞིན་གྱི་ནོར་བུ་དང་ལྡན་པའི་མཆོག་སྦྱིན་དང་ཨུཏྤལ་འཛིན་པ། གཡས་སུ་འོད་། ཟེར་ཅན་སེར་མོ་གཡས་རྔ་ཡབ་དང་། གཡོན་ན་མྱ་ངན་མེད་པའི་ཡལ་ག་འཛིན་པ། གཡོན་དུ་རྨ་བྱ་ཆེན་མོ་གཡས་རྔ་ཡབ་དང་། གཡོན་ན་རྨ་བྱའི་མཇུག་སྒོ་བསྣམས་པ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཞིང་དར་གྱི་ན་བཟའ་ཅན་དུ་བསམས་ལ། ཨོཾ་ན་མ་ཏཱ་རེ་ན་མོ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླ་བ་ནི་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་ཡིད་བཞིན་ནོར་བུའི་རྒྱལ་པོས་མཛད་པའོ། ༈ །།སྟོང་པའི་ངང་ལས་ཉི་མ་ལ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ལས་འཕྲོས་པའི་སྲུང་འཁོར་གྱི་ནང་དུ། དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས་སུ་པཾ་ལས་པདྨ་ཨ་ལས་ཟླ་བ་ལ་ཧཱུཾ་ལས་ཨུཏྤལ་ཧཱུྃ་ཡིག་དཀར་པོས་མཚན་པ་ལས་པདྨ་སྒྲོལ་མ་དཀར་མོ་གཡས་སེར་ཞིང་གཡོན་སྔོ་བའི་ཞལ་གསུམ་སྤྱན་གསུམ་གསུམ་དང་ལྡན་ཞིང་ཐོད་པ་ལྔའི་ཅོད་པན་ཅན་རལ་པའི་ཐོར་ཚུགས་ལ་ཟླ་བ་ཕྱེད་པས་མཚན་པའོ། །ཕྱག་དྲུག་གི་གཡས་གསུམ་ན་མཆོག་སྦྱིན། བགྲང་ཕྲེང་། མདའ། གཡོན་གསུམ་ན་ཨུཏྤལ་ལ། པདྨ། གཞུ་


CMR022_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་པ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པར་བསམ། དབུ་རྒྱན་ནི་དོན་ཡོད་གྲུབ་པས་བརྒྱན་པའོ། །སྔགས་ནི། ཨོཾ་ཨ་ཙ་ལི་ཨ་ནི་མི་ཏྟ་ཝ་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླ་བ་ནི་སྒྲོལ་མ་དཀར་མོ་ཕྱག་དྲུག་མའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་རཾ་ལས་ཉི་མའི་སྟེང་དུ་ཧཱུྃ་ཡིག་ནག་པོ་ལས་སྣ་ཚོགས་རྡོ་རྗེ་ལས་འཕྲོས་པའི་སྲུང་འཁོར་གྱི་ནང་དུ། སྣ་ཚོགས་རྡོ་རྗེའི་སྟེགས་བུའི་སྟེང་དུ་པཾ་ལས་པདྨ་ཨ་ལས་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས། འཁོར་ལོ་དཀར་པོ་ཧཱུྃ་གིས་མཚན་པ་དེ་རྣམས་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་འདབ་མ་༈ བརྒྱད་པའི་ལྟེ་བ་དང་འདབ་མ་ལ་ཟླ་བའི་གདན་དགུ། སྒོ་བཞིར་ཉི་མའི་གདན་བཞི་དབུས་ཀྱི་ཟླ་བའི་སྟེང་དུ་ཏཱཾ་ལས་ནོར་སྦྱིན་སྒྲོལ་མ་སྐུ་མདོག་ལྗང་གུ་ཞལ་གཅིག་སྤྱན་གསུམ་པ། །ཕྱག་བཞིའི་གཡས་གཉིས་ན་བགྲང་ཕྲེང་དང་མཆོག་སྦྱིན། གཡོན་གཉིས་ན་ཨུཏྤལ་ལ་དང་པོ་ཏི་འཛིན་པ། རྒྱན་སྣ་ཚོགས་དང་ལྡན་པ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའི་


CMR022_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོར་ཨོཾ། དཔྲལ་བར་ཏཱ། སྤྱན་ལ་རེ། མགྲིན་པར་ཏུཏ། དཔུང་པ་གཉིས་ལ་ཏཱ། སྙིང་གར་རེ། ལྟེ་བར་ཏུ། གསང་བར་རེ། པུས་མོ་གཡས་ལ་སྭཱ། རྐང་པར་ཧཱ། འཁོར་རྣམས་སྐད་ཅིག་གིས་བསྐྱེད། པད་འདབ་ཀྱི་ཤར་དུ་རྡོ་རྗེ་སྒྲོལ་མ་ནག་མོ་རྡོ་རྗེ་འཛིན་པ། ལྷོར་རིན་ཆེན་སྒྲོལ་མ་སེར་མོ་རིན་ཆེན་འཛིན་པ། ནུབ་ཏུ་པདྨའི་སྒྲོལ་མ་དམར་མོ་པདྨ་འཛིན་པ། བྱང་དུ་ལས་ཀྱི་སྒྲོལ་མ་ལྗང་གུ་རལ་གྲི་འཛིན་པ། ཤར་ལྷོར་སངས་རྒྱས་སྒྲོལ་མ་དཀར་མོ་མེ་ཏོག་གི་ཕྲེང་བ་འཛིན་པ། ལྷོ་ནུབ་ཏུ་བདུག་སྤོས་སྒྲོལ་མ་ནག་མོ་སྤོས་ཕོར་འཛིན་པ་། ནུབ་བྱང་དུ་མར་མེའི་སྒྲོལ་མ་དམར་མོ་མར་མེའི་སྡོང་བུ་འཛིན་པ། བྱང་ཤར་དུ་དྲིའི་སྒྲོལ་མ་དམར་མོ་དྲིའི་དུང་ཆོས་འཛིན་པ་སྟེ་བརྒྱད་ནི་ཞལ་འཛུམ་བག་དང་ལྡན་པ་སྣ་ཚོགས་པའི་རྒྱན་གོས་འཆང་བ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཤར་སྒོར་ལྕགས་ཀྱུ་མ་ནག་མོ་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་ཞགས་པ་མ་སེར་མོ་ཞགས་པ་འཛིན་པ། སྣ་ཚོགས་པའི་རྒྱན་གོས་འཆང་བ། ནུབ་སྒོར་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་འཛིན་པ། བྱང་སྒོར་དྲིལ་བུ་མ་དཀར་མོ་དྲིལ་བུ་


CMR022_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་བཞི་ཀའང་རལ་པ་དམར་སེར་གྱེན་དུ་བརྗེས་པ་ཁྲོ་གཉེར་ཅན་སྟག་དང་སྦྲུལ་གྱིས་བརྒྱན་པ་གཡས་བརྐྱང་གིས་བཞུགས་པ་འཁོར་ཐམས་ཅད་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་པས་རང་རང་གི་ཕྱག་མཚན་དང་གཡོན་པས་ཨུཏྤལ་འཛིན་པར་བསམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་དྷ་མེ་ད་ཏ་སྭཱ་ཧཱ། ཞེས་བཟླ་བ་ནི་སྒྲོལ་མ་ནོར་སྦྱིན་མའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པད་ཟླ་ལ་ཁཾ་ལས་ངན་སོང་ལས་སྒྲོལ་བའི་སྒྲོལ་མ་ལྗང་སྔོན་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ན་ལྕགས་ཀྱུ་དང་མཆོག་སྦྱིན། གཡོན་གཉིས་ན་ཞགས་པ་དང་ཨུཏྤལ་འཛིན་པ་སེམས་ཅན་རྣམས་ལྕགས་སྒྲོག་གིས་བཅིང་བ་ཞགས་པས་བསྡམས་པ་གདོན་གྱིས་ཉེན་པ་རྣམས་ལ་སོགས་པའི་སྡུག་བསྔལ་ལས་སྒྲོལ་ཞིང་དབུགས་འབྱིན་པར་མཛད་པར་མོས་ལ། ན་མཨརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡ། བྷོ་དྷི་སཏྭཱ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་བྷ་ག་ཝ་ཏེ་ཨཱཿརྱ་ཏཱ་རེ་ཡེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བ་རེ་དུརྒ་ཨུཏྟ་རཱཡ། ཧྲི་ཧཱུྃ་ཧཱུྃ། སརྦ་དུ་ཁ་ཁ་ཏ་ལོ་ཙ་ནི་བྷ་ག་ཝ་ཏི་དུརྒ་ཏ་རཱ་གི་མ་བྷ་ཡོ་གེ་རོ་ཧྲི་ན་མོ་སྟུ་རེ་སྭཱ་ཧཱ། ཞེས་བཟླ་བ་ནི་ངན་སོང་ལས་སྒྲོལ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། ༈ །།སྟོང་


CMR022_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ལས་ཆོས་འབྱུང་གི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱཾ་ལས་དོན་ཐམས་ཅད་རབ་ཏུ་གྲུབ་པ་རབ་ཏུ་སྦྱིན་མའི་སྒྲོལ་མ་ལ་གསེར་གྱི་མདོག་ཅན། །ཞལ་བརྒྱད་ཕྱག་བཅུ་དྲུག་པ་རྩ་ཞལ་གསེར་མདོག་རབ་ཏུ་གཙིགས་པ། གཡས་ཞལ་གསུམ་ནི་ནག་པོ་དང་། ལྗང་གུ་དང་། ནམ་མཁའི་མདོག་ཅན་དང་། གཡོན་ཞལ་གསུམ་ནི་དཀར་པོ་དམར་པོ་ནམ་མཁའི་མདོག་ཅན་དང་། སྟེང་ཞལ་དུད་ཁ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་པ་བརྒྱད་ན་རལ་གྲི། ཨུཏྤལ། མདའ། རྡོ་རྗེ། ལྕགས་ཀྱུ། དབྱུག་པ། གྲི་གུག །མི་འཇིགས་པའི་སྦྱིན་པའོ། །གཡོན་པ་བརྒྱད་ན་ཞགས་པ་དང་བཅས་པའི་སྡིགས་མཛུབ། ཐོད་པ། གཞུ། ཁཊཾ་ག ། ཞགས་པ། ཚངས་པའི་མགོ་བོ། རིན་པོ་ཆེ། བུམ་པ་འཛིན་པ་ཞབས་གཡས་བརྐྱངས་ཤིང་གཡོན་བསྐུམ་པ། ཚངས་པ་དང་། དབང་པོ་དང་། ཉེ་དབང་དང་། དྲག་པོ་སྟེ་བདུད་བཞི་མནན་པ། སྤྱན་གསུམ་པ་དབུ་སྐྲ་ཁམ་པ་གྱེན་དུ་བརྗེས་པ། ཉི་མའི་རྒྱབ་ཡོལ་ཅན་དུ་བསམས་ལ། ཨོཾ་པྲ་པན་ན་ཏ་རེ་ཨ་མྲྀ་ཏ་མུ་ཁི་ཨ་མྲྀ་ཏ། ལོ་ཙ་ནི་སརྦ་


CMR022_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་སཏཱ་ཝ་ཤཾ་ཀ་རི་ཧཱུྃ་ཕཊ་ཧཱུྃ་སྭཱ་ཧཱ། ཞེས་བཟླ་བ་ནི་དོན་ཐམས་ཅད་དོན་གྲུབ་རབ་ཏུ་སྦྱིན་མའི་སྒྲོལ་མའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཧྲིདམར་པོ་ལས་སྒྲོལ་མ་དམར་མོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ན་ཞགས་པ་དང་ཨུཏྤལ། འོག་མ་གཉིས་ན་དུང་དང་ལྕགས་ཀྱུ་འཛིན་པར་བསམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་ཀུ་རུ་ཀུལླེ་སྭཱ་ཧཱ། ཞེས་བཟླའོ།། ༈ །།དེ་བཞིན་དུ། ཨ་མྲྀ་ཏ་ཧཱི༔ལྗང་གུ་ལས་སྒྲོལ་མ་ལྗང་གུ་དང་། ༈ ཧྲིནག་པོ་ལས་སྒྲོལ་མ་ནག་མོ་དང་། འོ་ཧྲིདཀར་པོ་ལས་སྒྲོལ་མ་དཀར་མོ་དང་། ༈ ཧྲིསྣ་ཚོགས་མདོག་ཅན་ལས་སྒྲོལ་མ་སྣ་ཚོགས་མདོག་ཅན་བསྒོམས་ཏེ་སྔགས་བཟླ་བ་ནི་སྒྲོལ་མའི་ཆོ་ག་སྟེ་གཅིག་ལས་ཕྱེ་བའི་སྒྲུབ་ཐབས་ལྔའོ།། ༈ །།སྟོང་པའི་ངང་ལས་ཨཱཿ་ལི་ལས་ཟླ་བ་ཀཱ་ལི་ལས་ཉི་མ། བར་དུ་པཾ་ལས་པདྨ་བཻ་གྱིས་མཚན་པ་དེ་རྣམས་ལས་འོད་འཕྲོས་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་ཐམས་ཅད་ཞི་བར་བྱས། སྣ་ཚོགས་ཡུམ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་མི་འཇིགས་པ་སྦྱིན་པ། གཡོན་པདྨ་དཀར་པོ་བསྣམས་པ་པདྨ་དཀར་པོ་ལ་


CMR022_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ་ཀྲུང་གིས་བཞུགས་པ་རྒྱན་དང་ན་བཟའ་དཀར་པོ་ཅན་དུ་བསམས་ལ། ཕྲོ་བི་ཤྭ་མ་ཏ། བཛྲ་ཀན། ཀ་ན་ཤ་ཡ། ན་ཤ་ཡ་མ་མ་ཤཱནྟི་ཀུ་རུ་སྭཱ་ཧཱ། ཞེས་བཟླ་བ་ནི་སྣ་ཚོགས་ཡུམ་གྱི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པདྨ་དཀར་པོ་དང་ཨ་ལས་ཟླ་བའི་སྟེང་དུ་ཧྲིདཀར་པོ་ལས་སྒྲོལ་མ་དུག་སེལ་མ་སྐུ་མདོག་དཀར་མོ་ཞལ་གཅིག་རལ་པའི་ཅོད་པན་ཅན། ཕྱག་བཞིའི་དང་པོ་གཉིས་ཀྱིས་པི་ཝང་བསྒྲེངས་བ། འོག་མ་གཉིས་ཀྱིས་སྦྲུལ་དཀར་པོ་དང་། མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་མཛད་པ། ན་བཟའ་དང་རིན་པོ་ཆེ་དང་སྦྲུལ་དཀར་པོས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཟླ་བའི་འོད་འཕྲོ་བ་ཅན། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཿཐུགས་ཀར་ཧཱུྃ་བསམས་ནས་ཧིཞེས་བཟླ་བ་ནི། སྒྲོལ་མ་དུག་སེལ་མའི་སྒྲུབ་ཐབས་དང་འཕགས་མ་དུག་སེལ་མའི་སྒྲུབ་ཐབས་ཏེ་གཉིས་སོ།། ༈ །།སྟོང་པའི་ངང་ལས་པདྨ་དང་ཉི་མའི་གདན་ལ་ཛཾ་ཡིག་སེར་པོ་སྒྱུ་ལས་དུག་སེལ་མ་གསེར་གྱི་མདོག་ཅན་སེར་སྔོ་དཀར་བའི་ཞལ་གསུམ་སྤྱན་གསུམ་མ། སྦྲུལ་གྱི་གདེངས་ཀ་བདུན་གྱིས་བརྒྱན་པ། གཡས་གསུམ་ན་རྡོ་རྗེ། རལ་གྲི། མདའ།


CMR022_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་གསུམ་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ། དུག་གི་མེ་ཏོག །གཞུ་འཛིན་པ། མེ་ཏོག་དང་ནོར་བུས་བརྒྱན་པ། རོལ་པའི་སྟབས་ཀྱིས་བཞུགས་པར་མོས་ལ། དབུ་རྒྱན་ནི་མི་བསྐྱོད་པའོ། །སྔགས་ནི། ཨོཾ་ན་མཤ་ཝ་ར་ཀུ་མཱ་རི་ཡེ་ཙུར་ཚོ་ཙོ་ལ་ཙུཙྪ་ལ་ཡ། སཾ་གཊྛ་ཎི། མིཏྟ་མཱ་ཏཱི་གི་ཨ་ཊ་བིདྡྷེ་ཨ་ཧེ་ཨོཾ་ཛསྭཱ་ཧཱ། ཞེས་བཟླ་བ་ནི་དུག་སེལ་མའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པདྨ་དམར་པོ་དང་ཟླ་བ་ལ་ཛཾ༔ཡིག་སེར་པོ་ལས་བཤད་མ་ཐག་པའི་མཚན་ཉིད་ཅན་གྱི་དུག་སེལ་མ་བྷེ་སྟེ། ༀ་ཛཾ་གུ་ལ་སརྦ་བི་ཥ་པྲ་ཤ་མ་ནི་ཕུསྭཱ་ཧཱ། ཞེས་བཟླ་བ་ནི་དུག་སེལ་མའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཛཾ་ལས་དུག་སེལ་མ་ལྗང་གུ་ཞལ་གཅིག་གདེངས་ཀ་བདུན་གྱིས་བརྒྱན་པ། ཕྱག་བཞིའི་གཡས་གཉིས་ན་རྩེ་གསུམ་དང་སྦྲུལ། གཡོན་གཉིས་ན་རྨ་བྱའི་སྒོ་དང་མི་འཇིགས་པ་སྦྱིན་པ་སྦྲུལ་གྱི་རྣ་རྒྱན་སྐུ་རིགས་དོ་ཤལ་གདུབ་བུ་ལ་སོགས་པས་བརྒྱན་པ། བ་སྤུའི་ཁུང་བུ་རེ་རེ་ན་མེ་འབར་བར་བསམས་ལ། ཨོཾ་ཨ་སི་ཛི་ཧཱ་བཛྲ་ཀ་ཡེ་གྲ་ས་གྲ་ས་ཛཱ་ལ་ཛཱ་ལ་མ་ཧཱ་ཛཱ་ལེ་མ་ཧཱ་ཡོ་གི་ཤྭ་རི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླ་བ་ནི་འཕགས་མ་དུག་སེལ་མའི་རྟོགས་པ་ལས་གཉིས་འབྱུང་བའི་


CMR022_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པཾ་ལས་པདྨ་དམར་པོ་དང་། རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ལས་འཕྲོས་པའི་སྲུང་བའི་འཁོར་ལོའི་དབུས་སུ། ཨེ་ལས་ཆོས་འབྱུང་དཀར་པོ། དེའི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ཡི་རྣམ་པ་ཅན་བ་དན་གྱིས་མཚན་པ། རཾ་ལས་མེའི་།དཀྱིལ་འཁོར་གྲུ་གསུམ་སེར་པོ་རཾ་གྱིས་མཚན་པ། བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་འཁོར་ལོའི་རྣམ་པ་བུམ་པས་མཚན་པ། ལཾ་ལས་སའི་དཀྱིལ་འཁོར་ལྗང་གུ་གྲུ་བཞི་སྣ་ཚོགས་རྡོ་རྗེས་མཚན་པ། སུཾ་ལས་རི་རབ་རིན་ཆེན་སྣ་བཞི་ལས་གྲུབ་པ་ཅོག་བརྒྱད་ཀྱིས་མཛེས་པ། པདྨ་དམར་པོ་རྣམས་བརྩེགས་པའི་སྟེང་དུ་ཉི་ཟླ་ཁ་སྦྱོར་གྱི་བར་དུ། ཧཱུྃ་ཡིག་ནག་པོ་ལས་སྣ་ཚོགས་རྡོ་རྗེ། དེ་ཡོངས་སུ་གྱུར་པ་ལས། གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། དེའི་དབུས་ཀླུ་སུ་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཧཱུྃ་ཡིག་ནག་པོ་ལས་རྒྱུ་རྡོ་རྗེ་འཛིན་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཐུགས་ཀར་ཉི་མ་ལ་ཧཱུཾ། དེ་


CMR022_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོ་ཁྲོ་མོའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་བསྟིམས་པས། འོད་འབར་བ་ཧཱུྃ་གིས་མཚན་པ་དེ་ལས་ཐོད་པ་དཀར་པོ་ལ་གནས་པའི་རྡོ་རྗེ་ནག་པོ་འོད་འབར་བ། དེ་ལས་སྤྲོ་བསྡུ་ཡོངས་སུ་གྱུར་པ་ལས་རལ་གཅིག་མ་སྐུ་མདོག་ནག་མོ་ཞལ་བཅུ་གཉིས་པ། རྩ་ཞལ་ནག་པོ། གཡས་ཞལ་ལྔ་ནི་དཀར་པོ། ལྗང་གུ། དམར་པོ། དུ་བའི་མདོག་ཅན། གཡོན་ཞལ་ལྔ་ནི་དམར་པོ། དཀར་པོ། སེར་པོ། ལྗང་གུ། དམར་སྐྱ། སྟེང་ཞལ་དུ་བའི་མདོག་ཅན། ཞལ་རྣམས་ཁྲོ་གཉེར་དང་བཅས་ཤིང་མཆེ་བ་གཙིགས་པ་དམར་ཞིང་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། ལྗགས་བསྐྱོད་ཅིང་ཧ་ཧའི་གད་རྒྱངས་ཅན། དབུ་སྐྲ་དམར་སེར་རམ་ཁམ་པའི་རལ་པ་གྱེན་དུ་བརྗེས་པ་ཐོད་པའི་ཕྲེང་བས་བརྒྱན་པ། ཕྱག་ཉི་ཤུ་རྩ་བཞིའི་གཡས་པ་བཅུ་གཉིས་ན་རལ་གྲི་དང་། རྡོ་རྗེ། འཁོར་ལོ། རིན་པོ་ཆེའི་ཁྲི་ཤིང་། ལྕགས་ཀྱུ། མདའ། མདུང་། ཐོ་བ། གཏུན་ཤིང་། གྲི་གུག །ཌཱ་མ་རུ། བགྲང་ཕྲེང་། གཡོན་གྱི་བཅུ་གཉིས་ན་གཞུ། ཞགས་པ། སྡིགས་མཛུབ། བ་


CMR022_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དན། དབྱུག་པ། རྩེ་གསུམ། ཆང་སྣོད། ཨུཏྤལ། དྲིལ་བུ། སྟ་རེ། ཚངས་པའི་མགོ་བོ། ཐོད་པ་བསྣམས་པའོ། །ཤིན་ཏུ་སྒེག་ཅིང་བདུད་བཞི་མནན་པ་ཐོད་པ་དཀར་པོའི་སྟེང་དུ་གཡོན་བརྐྱང་གིས་བཞུགས་པ། ཐུང་ཤིང་ལྟོ་བ་འཕྱང་བ་ནུ་མ་རྒྱས་ཤིང་སྦྲུལ་གྱིས་བརྒྱན་པ་སྟག་གི་པགས་པའི་ཤམ་ཐབས་ཅན། གཙུག་ཏོར་ཧཱུཾ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ། སྙིང་གར་ཧཱུྃ། ལྟེ་བར་ཧཱུྃ། ལྟེ་འོག་ཏུ་ཧཱུཾ། གསང་བར་ཏྲི། རྐང་པར་ཨོཾ་ཨཱཿཿཕཊ་སྭཱ་ཧཱ། རྣམས་འགོད་དབུ་རྒྱན་ནི་མི་བསྐྱོད་པའོ། །སྔགས་ནི། ཧྲི་ཏྲི་ཧཱུྃ་ཕཊ༔ ཅེས་པ་རྩ་སྔགས་དང་། ཨོཾ་ཧཱུྃཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ ཅེས་པ་སྙིང་པོ་དང་། པྲི་ཏྲི་ཧཱུྃ་ཧཱུྃ་ཕཊ་ཅེས་ཉེ་སྙིང་རྣམས་བཟླ་བ་ནི་འོད་འབར་ཞིང་གཙིགས་པའི་རལ་གཅིག་མའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཨོཾ་ལས་སྣ་ཚོགས་པདྨ་དང་ཧཱུྃ་ལས་ཐོད་པའི་ནང་དུ་ཧཱུཾ་ཡིག་སྔོན་པོ་ལས་རལ་གཅིག་མ་རྒྱ་ནག་གི་སྒྲོལ་མའི་སྐབས་སུ་ཇི་ལྟར་བཤད་པའི་མཚན་ཉིད་ཅན་གཡས་བརྐྱང་གིས་བཞུགས་པར་བསྒོམས་ནས་སྔགས་བཟླ་བ་ནི་རལ་གཅིག་མའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཨོཾ་ལས་སྣ་ཚོགས་པདྨ་དང་ཊ་ལས་ཐོད་པའི་ནང་དུ་ཧཱུྃ་ལས་རལ་


CMR022_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་མ་བཤད་མ་ཐག་པའི་མཚན་ཉིད་ཅན་བསམས་ཏེ་སྔགས་བཟླ་བ་ནི་འཕགས་མ་རལ་གཅིག་མ་ཡི་སྒྲུབ་ཐབས་དང་ཡང་རིལ་གཅིག་མའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཊཾ་ལས་སྣ་ཚོགས་པདྨ་དང་ཉི་མ་དེའི་སྟེང་དུ་སྐད་ཅིག་གིས་རལ་གཅིག་མ་ནག་མོ་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པའམ་ཡང་ན། ཕྱག་བཞིའི་གཡས་གཉིས་ན་མདའ་དང་རལ་གྲི་གཡོན་གཉིས་ན་གཞུ་དང་ཐོད་པ་འཛིན་པའམ་ཡང་ན། ཕྱག་བརྒྱད་ཀྱི་གཡས་བཞི་ན་རལ་གྲི་མདའ་རྡོ་རྗེ་གྲི་གུག །གཡོན་བཞི་ན་ཨུཏྤལ་གཞུ་སྟ་རེ་ཐོད་པ་འཛིན་པ། གཡོན་བརྐྱང་གིས་བཞུགས་པ། གཞན་བཤད་མ་ཐག་པའི་མཚན་ཉིད་ཅན་བྷོ་སྟེ་སྔགས་བཟླ་བ་ནི་རལ་གཅིག་མའི་སྒྲུབ་ཐབས་སློབ་དཔོན་ཀླུ་སྒྲུབ་ཀྱིས་བོད་དུ་གདན་དྲངས་པ་སྟེ་གཅིག་ལས་ཕྱེ་བའི་གསུམ་མོ།། ༈ །།སྟོང་པའི་ངང་ལས་སྙིང་གར་ཟླ་བ་ལས་བྷིསེར་པོ་ལས་ཁྲོ་གཉེར་ཅན་མ་སེར་མོ་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་རལ་པའི་ཅོད་པན་ཅན། ཕྱག་བཞིའི་གཡས་གཉིས་མཆོག་སྦྱིན་དང་བགྲང་ཕྲེང་། །གཡོན་གཉིས་དབྱུག་གུ་རྩེ་གསུམ་དང་སྤྱི་བླུགས་འཛིན་པ། པད་ཟླ་ལ་གཡས་བརྐྱང་གིས་བཞུགས་པ། དབུ་རྒྱན་ནི་འོད་དཔག་མེད། སྔགས་ནི། ཨོབྷི་ཀུ་ཏྲི་སྭཱ་ཧཱ། ཞེས་བཟླ་བ་ནི་ཁྲོ་


CMR022_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་ཅན་གྱི་སྒྲུབ་ཐབས་སོ།། ༈ །།ཡང་ཆོ་ག་གཞན་རྣམས་སྔར་ལྟར་ལ། ཨོཾ་བྷི་སྭ་ཧཱ། ཞེས་བཟླ་བ་ནི་ཡང་ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས་སོ།། ༈ །།སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་སོ་སོའི་སྒྲུབ་ཐབས་དང་ཙུནྡྲའི་སྒྲུབ་ཐབས་བཞུགས་སོ། །སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ལས། ཐོག་མར་རྐུན་པོའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ནི། པད་ཟླ་ལ་ཏཱ་ལས་སྒྲོལ་མ་ལྗང་གུ། གཡས་སྐྱབས་སྦྱིན་དང་། གཡོན་ཨུཏྤལ་འཛིན་ཅིང་རྒྱན་གྱིས་སྤྲས་པ། ཞབས་རོལ་པས་ཆོམ་རྐུན་ཁ་སྦུབ་ཏུ་མནན་པར་བསྐྱེད་ལ་སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ༈ སྦྲུལ་ལས་སྐྱོབ་པའི་སྒྲོལ་ཝུམ་ནི། པད་ཟླ་ཛ་ལས་སྒྲོལ་མ་ལྗང་གུ་གཡས་རྨ་བྱའི་སྒྲོ་དང་གཡོན་སྐྱབས་སྦྱིན་གྱིས་ཨུཏྤལ་འཛིན་ཅིང་རྒྱན་དང་ལྡན་པ་རོལ་པས་བཞུགས་པར་བསྐྱེད་ལ། སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ༈ སེང་གེ་ལས་སྐྱོབ་པའི་སྒྲོལ་མ་ནི། པད་ཟླ་ལ་ཧཱུྃ་ལས་སྒྲོལ་མ་ལྗང་གུ་གཡས་སྐྱབས་སྦྱིན་དང་། གཡོན་ཨུཏྤལ་དང་སྐྱབས་སྦྱིན་མཛད་པ་རྒྱན་འཆང་ཞིང་རོལ་པས་བཞུགས་པར་བསྐྱེད་ལ། སྔབ།ས་ནི་ཏཱ་རེའོ།། ༈ །།མེ་ལས་སྐྱོབ་པའི་སྒྲོལ་མ་ནི། པད་ཟླ་ལ་ཨ་ལས་སྒྲོལ་མ་ལྗང་གུ། གཡས་ཟླ་བ་དང་སྐྱབས་སྦྱིན། གཡོན་ཨུཏྤལ་དང་།


CMR022_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སྦྱིན་མཛད་པ་རྒྱན་གྱིས་སྤྲས་ཤིང་ཞབས་རོལ་པས་མེའི་ས་བོན་གཞོམ་པར་བསྐྱེད་ལ། སྔགས་ནི་ཏཱ་རེའོ།། ༈ །།གླང་ཆེན་ལས་སྐྱོབ་པའི་སྒྲོལ་མ་ནི། པད་ཟླ་ལ་ཨོཾ་ལས་སྒྲོལ་མ་། ལྗང་གུ། གཡས་ཟླ་བ་དང་སྐྱབས་སྦྱིན་མཛད་པ། གཡོན་ཨུཏྤལ་དང་སྐྱབས་སྦྱིན་མཛད་པ། རྒྱན་གྱིས་བཀླུབས་པ་ཞབས་རོལ་པས་གླང་པོ་ཆེ་མནན་པར་བསྐྱེད་ལ། སྔགས་ནི་ཏཱ་རེའོ།། ༈ །།སྟག་ལས་སྐྱོབ་པའི་སྒྲོལ་མ་ནི། པད་ཟླ་ལ་ཧཱུྃ་ལས་སྒྲོལ་མ་དཀར་ལྗང་། ཕྱག་གཡས་རྒན་པོས་མིང་མེད་མནན་པའི་སྐྱབས་སྦྱིན་དང་། གཡོན་ཨུཏུལ་དང་བློབཅས་པའི་སྐྱབས་སྦྱིན་མཛད་པ། རྒྱན་ཆས་ཀུན་ཏུ་འབར་བར་བྱས་ཤིང་། ཞབས་རོལ་པས་སྟག་ལ་བཅིབ་པར་བསམས་ལ། སྔགས་ནི་ཏཱ་རེའོ།། ༈ །།ཆུ་ལས་སྐྱོབ་པའི་སྒྲོལ་མ་ནི༔ པད་ཟླ་ལ་ཨ་ལས་སྒྲོལ་མ་སྔོ་ལྗང་ཕྱག་གཡས་སྐྱབས་སྦྱིན་དང་། གཡོན་ཨུཏྤལ་ལ་དང་བཅས་པའི་སྐྱབས་སྦྱིན་མཛད་པ། རྒྱན་ཀུན་གྱིས་མངོན་པར་ཐོན་པ་ཞབས་རོལ་པས་ཆུའི་སྟེང་དུ་བཞུགས་པར་བསྐྱེད་ལ། སྔགས་ནི་ཏཱ་རེའོ། ༈ །།རྒྱལ་པོའི་འཇིགས་པ་ལས་སྐྱོབ་པའི་སྒྲོལ་མ་ནི། པད་ཉི་ལ་ཧྲིལས་སྒྲོལ་མ་དམར་མོ། གཡས་སྐྱབས་སྦྱིན་དང་། །


CMR022_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ལྕགས་ཀྱུས་མཚན་པའི་ཨུཏྤལ་འཛིན་པ། ལྷ་དང་མི་ལས་འདས་པའི་རྒྱན་དུ་མས་སྤྲས་པ་ཞབས་རོལ་པས་མི་དབང་མནན་པར་བསམས་ལ། སྔགས་ནི་ཏཱ་རེའོ། དེ་དག་གི་སྒྲུབ་ཐབས་བརྒྱ་དང་བརྒྱད་རྫོགས་པའོ། །གང་ཞིག་རྒྱུད་རྒྱལ་མ་ལ་ཡར། །སྒྲུབ་ཐབས་པདྨའི་མྱུ་གུ་འཁྲུངས། །ལེགས་བཤད་ཉི་འོད་འདི་བསྐྲུན་པས། །ལྷ་མཆོག་ཞལ་གྱི་གེ་སར་བཞད། །རྨད་བྱུང་ཟློས་གར་སྒྱུར་བ་ལ། །བློ་གསལ་བུང་བ་འཇུག་བྱེད་ཅིང་། །མཆོག་གི་སྦྲང་རྩིས་འཚོ་བྱས་ནས། །བདེ་ཆེན་མཁའ་ལ་སྤྱོད་བྱེད་ཤོག །ཅེས་སྡེ་སྣོད་གསུམ་སྨྲ་བའི་བཤེས་གཉེན་དང་། གསང་སྔགས་ཀྱི་རིག་འཛིན་པས་བསྐུལ་བའི་ངོར་སྤྱན་རས་གཟིགས་བརྒྱད་པའི་ཞབས་རྡུལ་སྤྱི་བོར་བླངས་པའི་ཤཱཀྱའི་དགེ་སློང་ཆོས་ཀྱི་གོ་ཆའམ་མིང་གཞན་ཀརྨ་སིནྡྷའི་སྐུ་སྐྱེ་ཞེས་བྱ་བས་གདན་ས་ཆེན་པོ་ཀརྨའི་དགོན་དུ་སྦྱར་བའོ།། ༈ །།སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་ཙུ་ལས་ལྷ་མོ་ཙུནྡ་དཀར་མོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཀྱིས་མཆོག་སྦྱིན་དང་པོ་ཏིས་མཚན་པའི་པདྨ། འོག་མ་གཉིས་ཀྱིས་ལྷུང་བཟེད་འཛིན་པ། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམས་ལ། དབུ་རྒྱན་ནི་རྡོ་རྗེ་སེམས་དཔའ། སྔགས་ནི། ཨོཾ་ཙ་ལེ་ཙུ་ལེ་ཙུནྡ་སྭཱ་ཧཱ། ཞེས་པ་དང་། ཨོཾ་ཙུ་


CMR022_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། ཞེས་བཟླ་བ་ནི་ཙུནྡའི་སྒྲུབ་ཐབས་སོ།། ༈་།།སྟོང་པའི་ངང་ལས་པད་ཟླ་ལ་ཨོཾ་ཙུ་ལས་ཙུན་བཤད་མ་ཐག་པའི་མཚན་ཉིད་ཅན་བསྒོམས་ཏེ་སྔགས་བཟླ་བ་ནི་ཙུནྡྷའི་སྒྲུབ་ཐབས་སོ།། ༈ །།ལྷ་མོ་འོད་ཟེར་ཅན་གྱི་སྒྲུབ་ཐབས་བཞུགས་སོ།། ༈ སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཨ་ལས་ཟླ་བ་ལ་ཨཾ་ཡིག་དཀར་པོ་ལས་འོད་ཟེར་ཅན་དཀར་མོ་ཞལ་ལྔའི་རྩ་ཞལ་དཀར་པོ། གཡོས་ནག་པོ། གཡོན་ཕག་ཞལ་དམར་མོ། རྒྱབ་ཞལ་ལྗང་གུ། སྟེང་ཞལ་སེར་པོ། ཟུར་ཕུད་གསུམ་པ་རལ་པའི་ཅོད་པན་ཅན། ཕྱག་བཅུའི་གཡས་ལྔ་ན། ཉི་མའི་དཀྱིལ་འཁོར། རྡོ་རྗེ་སྔོན་པོ། མདའ། ལྕགས་ཀྱུ་ཁབ་བསྣམས་པ། གཡོན་ལྔ་ན་ཟླ་བའི་དཀྱིལ་འཁོར། གཞུ། མྱ་ངན་མེད་པའི་ཡལ་ག །ཞགས་པ་དང་བཅས་པའི་སྡིགས་མཛུབ་དང་སྐུད་པ་བསྣམས་པ། རིན་པོ་ཆེའི་རྒྱན་དུ་མ་དང་། དྲིལ་བུ་གཡེར་ཁས་བརྒྱན་པ། ལང་ཚོ་དར་ལ་བབ་པ་ཤ་འགག་གི་སྟོད་གཡོགས་དཀར་པོ། ཕག་བདུན་གྱིས་དྲངས་པའི་ཤིང་རྟའི་སྟེང་ན་ཁྱབ་འཇུག་དང་། དབང་པོ་དང་། བདེ་བྱེད་དང་། ཚངས་པ་རྣམས་ཞབས་བཞིས་མནན་པ། མཆོད་རྟེན་གྱི་ནང་ན་བཞུགས་པ།


CMR022_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་མོའི་འདོམས་བར་དུ་ཕོ་ཉ་མོ་ནག་མོ་ཕག་གི་གདོང་པ་ཅན། གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ་མཛད་པ། ཆུ་སྲིན་གྱི་སྟེང་ན་བཞུགས་པ། གཡས་སུ་ཕོ་ཉ་མོ་དམར་མོ་ཕག་ཞལ་ཅན། ཕྱག་བཞིའི་དང་པོ་གཉིས་ཀྱིས་མདའ་གཞུ་འགེངས་པ། འོག་མ་གཉིས་ཀྱིས་རྡོ་རྗེ་དང་མྱ་ངན་མེད་པའི་ཡལ་ག་འཛིན་པའོ། །གཡོན་དུ་ཕོ་ཉ་མོ་དམར་མོ་ཕག་ཞལ་ཅན། ཕྱག་བཞིའི་གཡས་གཉིས་ན་ལྕགས་ཀྱུ་དང་ཁབ། གཡོན་གཉིས་ན་ཞགས་པ་དང་སྡིགས་མཛུབ་དང་བཅས་པའི་ཁབ་འཛིན་པ། ཤིང་རྟ་འདྲེན་པའི་ཕག་འོག་ན་ཉི་མ་ལ་སོགས་པའི་གཟའ་དགུ་དང་། ནད་ཀྱི་ཚོགས་རྣམས་མིའི་གཟུགས་སུ་མནན་པར་བསམས་ལ། དབུ་རྒྱན་ནི་རྣམ་སྣང་། སྔགས་ནི། ཨོཾ་མཱ་རཱི་ཙེ་ཚྭ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭ་ཧཱ། ཞེས་བཟླ་བ་ནི་རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་དཀར་མོ་ཕྱག་བཅུ་མའི་སྒྲུབ་ཐབས་སོ།། ༈ །།ཡང་ཆོ་ག་གོང་བཞིན་ལ་སྔགས་ཧཱུྃ་གཅིག་ཕཊཿགཅིག་མ་བཟླ་བ་ནི་རྟོག་པ་ལས་གསུངས་པའི་ཆོ་ག་འོད་ཟེར་སྒྱུ་ཅན་གྱི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཉི་མ་ལ་ཨོཾ་ཡིག་ལས་རྣམ་པར་སྣང་མཛད་སེང་གེའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་སྐུ་མདོག་དཀར་པོ་བྱང་ཆུབ་


CMR022_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་ཕྱག་རྒྱ་ཅན། ཞི་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་ཐུགས་ཀར་ཟླ་བ་ལ་ཨོྃ་གྱི་མཐར་ཨོཾ་མཱ་རཱི་ཙེ་བཏྟཱ་ལི། བ་དཱ་ལི། བ་རཱ་ལི། བཱ་རཱ་ཧ་མུ་ཁི་ཨཱཿཥ་ཡ་ཛ་ཛ་སྭཱ་ཧཱ། ཞེས་པས་བསྐོར་བ་ཡོངས་སུ་གྱུར་པ་ལས་མྱ་ངན་མེད་པའི་ཡལ་ག་ཨཾ་གྱིས་མཚན་པ་དེ་དག་ཡོངས་སུ་གྱུར་པ་ལས་མཆོད་རྟེན་གྱི་ནང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ལ་ཚྭ་ཡིག་ལས། སྒྲ་གཅན་ཟླ་བ་དང་ཉི་མ་འཛིན་པ་མནན་པའི་ཕག་བདུན་གྱིས་དྲངས་པའི་ཤིང་རྟའི་དབུས་སུ་ཚྭ་ལས་འོད་ཟེར་ཅན་ཞལ་གསུམ་གྱི་སྐུ་མདོག་དང་རྩ་ཞལ་སེར་མོ། གཡས་དམར། གཡོན་ཕག་ཞལ་སྔོན་མོ་སྤྱན་གསུམ་དང་ལྡན་པ་ཕྱག་བརྒྱད་ཀྱིས་གཡས་བཞི་ན། རྡོ་རྗེ། མདའ། ཁབ་ལྕགས་ཀྱུ་འཛིན་པ། གཡོན་བཞི་ན་མྱ་ངན་མེད་པའི་ཡལ་ག །གཞུ། སྐུད་པ། སྡིགས་མཛུབ་དང་ཞགས་པ་འཛིན་པ། དར་སྣ་ཚོགས་ཀྱིས་རྒྱན་པ། ཕུ་དུང་དམར་པོའི་སྟོད་གཡོགས་ཅན། གཡོན་བརྐྱང་གིས་བཞུགས་པ། དེའི་ཤར་དུ་བཏྟཱ་ལི་དམར་མོ་གཡས་གཉིས་ཁབ་དང་ལྕགས་ཀྱུ་གཡོན་གཉིས་ཞགས་པ་དང་མྱ་ངན་མེད་པའི་ཤིང་གི་ཡལ་ག །ལྷོ་ཕྱོགས་སུ་བ་ད་ལི་སེར་མོ་


CMR022_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཉིས་ན་ཁབ་དང་རྡོ་རྗེ་གཡོན་གཉིས་ན་མྱ་ངན་མེད་པའི་ཤིང་དང་ཞགས་པ། ནུབ་ཕྱོགས་སུ་བ་རྭ་ལི་དཀར་མོ་གཡས་གཉིས་ན་རྡོ་རྗེ་དང་ཁབ་གཡོན་གཉིས་ན་ཞགས་པ་དང་མྱ་ངན་མེད་པའི་ཤིང་། བྱང་དུ་བ་རཱ་ཧ་མུ་ཁི་དམར་མོ་གཡས་ན་རྡོ་རྗེ་དང་མདའ། གཡོན་ན་ཞགས་པ་དང་གཞུ་འཛིན་པ་བཞི་ཀའང་ཞལ་གཅིག་ཕག་གི་གདོང་པ་ཅན། སྤྱན་གསུམ་པ་ཤ་འགག་མནབས་པ། གཡོན་བརྐྱང་གིས་བཞུགས་པར་བསམས་ལ། སྔགས་ནི། ཨོཾ་མཱ་རཱི་ཙེ་མཾ་ཧཱུཾ་ཧཱུཾ་ཕཊསྭཱ་ཧཱ། ཞེས་བཟླ་བ་ནི་རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་སོ།། ༈ །ཆོ་ག་གཞན་རྣམས་བཤད་མ་ཐག་པ་ལྟར་ལ། རྣམ་སྣང་སེར་པོ། གཙོ་མོའི་གཡས་བཞི་ན། རྡོ་རྗེ། ཁབ། ལྕགས་ཀྱུ། མདའ། གཡོན་བཞི་ན་ཞུགས་པ། སྐུད་པ། མྱ་ངན། མེད་པའི་ཤིང་། གཞུ་འཛིན་པ། ཤར་དུ་བཏྟཱ་ལི་དམར་མོ་གཡས་གཉིས་ན་ལྕགས་ཀྱུ་ཁབ། གཡོན་གཉིས་ན་ལྷ་ཞགས་པ་དང་མྱ་ངན་མེད་པའི་ཤིང་། ལྷོར་བ་དྭ་ལི་སེར་མོ་ཁབ་དང་ཤིང་ལོ། ནུབ་ཏུ་བ་རྭ་ལི་དཀར་མོ་གཡས་རྡོ་རྗེ་དང་ཁབ། གཡོན་ཞགས་པ་དང་ཤིང་ལོ། རྟོག་པ་ལས་གསུངས་པའི་


CMR022_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་ཅན་གྱི་སྒྲུབ་ཐབས་འདིའི་ནང་འཁོར་ལྷོ་ནུབ་གཉིས་ཆད་པ་ལྟར་སྣང་བས་ཨ་བྱཱཀ་རས་བསྒྲིགས་པའི་རྒྱ་གཞུང་དཔེ་རྙིང་ལས་བཤུ་འབྲི་བྱས། མཆན། ལྷོར་བ་དྭ་ལི་སེར་མོ་འདི་ལ་རྒྱ་གཞུང་དང་འབྲུག་ལུགས་གཉིས་ལ་ཕྱག་འདི་ཤུལྟར་རོ།། མཆན། བྱང་དུ་བ་རཱ་ཧ་མུ་ཁི་དམར་མོ་གཡས་རྡོ་རྗེ་དང་མདའ། གཡོན་ན་མྱ་ངན་མེད་པའི་ཤིང་དང་གཞུ་བསྣམས་པར་བསམས་ནས། ཨོཾ་མཱ་རཱི་ཙྩཾ་མཾ་སྭཱ་ཧཱ། ཞེས་བཟླ་བ་ནི་རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་སློབ་དཔོན་སྙིང་པོ་ཞབས་ཀྱིས་མཛད་པའོ།། ༈ །།སྟོང་པའི་ངང་ལས་ཟླ་བ་ལ་མཾ་ཡིག་ལས་འོད་ཟེར་ཅན་སེར་མོ་གཡས་བཞི་ན་རྡོ་རྗེ། མདའ། ལྕགས་ཀྱུ། ཁབ། གཡོན་བཞི་ན་ཞགས་པ། གཞུ། མྱ་ངན་མེད་པའི་ཡལ་ག་།སྐུད་པ། ཤར་དུ་བཏྟཱ་ལི་དམར་མོ་གཡས་ལྕགས་ཀྱུ་དང་ཁབ། གཡོན་ཞགས་པ་དང་ཨ་ཤྭ་ཀའི་ཤིང་འཛིན་པ། ལྷོར་བ་ད་ལི་སེར་མོ་གཡས་ན་ཨ་ཤྭ་ཀ་དང་ཁབ། གཡོན་ཞགས་པ་དང་རྡོ་རྗེ་འཛིན་པ། ནུབ་ཏུ་བ་རྭ་ལི་དམར་མོ་གཡས་རྡོ་རྗེ་དང་ཁབ། གཡོན་ཞགས་པ་དང་ཨ་ཤྭ་ཀ་འཛིན་པ། བྱང་དུ་བ་རཱ་ཧ་མུ་ཁི་དམར་མོ་གཡས་རྡོ་རྗེ་དང་མདའ། གཡོན་ཨ་ཤྭ་ཀ་དང་གཞུ་འཛིན་པར་བསམས་ལ། ཨོཾ་མཱ་རཱི་ཙྩཾ་སྭཱ་ཧཱ། །


CMR022_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བཟླ་ཞིང་གཞན་སྔ་མ་དང་བཅས་པ་ནི། འོད་ཟེར་ཅན་གྱི་སྒྲུབ་ཐབས་མདོར་བསྡུས་པའོ། །བསྐྱེད་ཆོག་གཞན་གོང་བཞིན་ནོ། ༈ །།སྟོང་པའི་ངང་ལས་ཨོཾ་ལས་འཁོར་ལོ་རྩིབས་བརྒྱད་པ་ལ་ཨོཾ་གྱིས་མཚན་པ་ལས་རྣམ་སྣང་སེར་པོའི་ཐུགས་ཀར་མཱི་ལས་མྱ་ངན་མེད་པའི་མེ་ཏོག་ཨཾ་གྱིས་མཚན་པ་ལས། འོད་ཟེར་ཅན་གཡས་ཞལ་དཀར་བ། གཡོན་ཕག་ཞལ་སྔོན་པོ། གཡས་བཞི་ན་རྡོ་རྗེ། མདའ། ལྕགས་ཀྱུ། ཁབ་འཛིན་པ། གཡོན་བཞི་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ། གཞུ། མྱ་ངན་མེད་པའི་ལོ་མ། སྐུད་ཟླ་པ་འཛིན་པ། ཤར་དུ་བཏྟཱ་ལི་དམར་མོ་གཡས་ཁབ་དང་ལྕགས་ཀྱུ། གཡོན་ཞགས་པ་དང་ཨ་ཤྭ་ཀ་འཛིན་པ་གཡས་བརྐྱངས་བའོ། །ལྷོར་བ་དཱ་ལི་སེར་མོ་གཡས་ཨ་ཤྭ་ཀ་དང་ཁབ་སྐུད། གཡོན་ཞགས་པ་དང་རྡོ་རྗེ་འཛིན་པ་གཡོན་བརྐྱངས་བའོ། །ནུབ་ཏུ་བ་རྭ་ལི་དམར་མོ་གཡས་རྡོ་རྗེ་དང་ཁབ། གཡོན་ཞགས་པ་དང་ཨ་ཤོ་ཀ་འཛིན་པ་གཡོན་བརྐྱངས་བའོ། །བྱང་དུ་བ་རཱ་ཧ་མུ་ཌི་དམར་མོ་གཡས་ན་མདའ་དང་རྡོ་རྗེ། གཡོན་ན་གཞུ་དང་ཨ་ཤྭ་ཀ་འཛིན་པ་གཡོན་བརྐྱངས་བའོ། །ཨོཾ་མཱ་རཱི་ཙེ་སྭཱ་ཧཱ། ཞེས་བཟླ་བ་ནི་འོད་ཟེར་


CMR022_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་སེར་མོ་ཕྱག་བརྒྱད་མའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་སྣ་ཚོགས་རྡོ་རྗེ་ལས་འོད་འཕྲོས་སྲུང་འཁོར་གྱི་ནང་དུ་དཔལ་ཨོཾ་ཌི་ཡཱ་ཎའི་གནས་གྲུ་གསུམ་དམར་པོ་དེའི་དབུས་སུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སུ་ཉི་མ་ལ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ་ལས་ཨོཾ་ཌི་ཡཱ་ཎའི་འོད་ཟེར་ཅན་སྐུ་མདོག་དམར་མོ་ཞལ་དྲུག་གི་རྩ་ཞལ་དམར་པོ། གཡས་གཉིས་ནི་སེར་པོ་དང་ནག་པོ། གཡོན་གཉིས་ནི་དཀར་པོ་དང་ནག་པོ། སྟེང་དུ་ཕག་ཞལ་ནག་པོ་ལྗགས་འདྲིལ་ཞིང་། སྐྲ་ཁམ་པ་གྱེན་དུ་འབར་བ། སྤྱན་གསུམ་གསུམ་པ་ཕྱག་བཅུ་གཉིས་ཀྱི་གཡས་དྲུག་ན་རལ་གྲི། སྣ་ཚོགས་རྡོ་རྗེ་རྩེ་གཅིག་པ། དགྲ་སྣ། མདའ། གཏུན་ཤིང་འཛིན་པ། གཡོན་དྲུག་ན་སྡིགས་མཛུབ་དང་བཅས་པའི་ཁབ། རྩེ་གསུམ། མྱ་ངན་མེད་པའི་ཡལ་ག །ཞགས་པ། གཞུ། ཚངས་པའི་མགོ་བོ་བསྣམས་པ། མི་མགོའི་ཕྲེང་བས་བརྒྱན་པ། སྟག་ལྤགས་ཀྱི་སྟོད་གཡོགས་ཅན་སྦྲུལ་དང་རུས་པས་བརྒྱན་པ། འབར་བའི་མེ་སྟག་འཕྲོ་བ། གཡོན་བརྐྱངས་བའི་སྟབས་ཀྱིས་བདུད་བཞི་མནན་པ་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ། ཐུགས་ཀར་ཧཱུྃ།


CMR022_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ལ་ཕཊ། ལྟེ་བར་པདྨ་ཉི་ཟླ་ཁ་སྦྱོར་གྱི་བར་དུ་ཧཱུྃ་བསམས་ལ་སྔགས་ནི། ཨོཾ་བཛྲ་ས་ཏྲེ་ཤྭ་རི་སརྦ་དུཊྚ་སཏྭཱ་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཨོཾ་མཱ་རཱི་ཙེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་དང་། ཨོབཛྲ་བཊ་ཏྲ་ལི་ཧཱུྃ་ཕཊ།། ཅེས་དང་། ཨོཾ་མཱ་རཱི་ཙོ་མཱི་ཧུཾ་ཧཱུྃ་ཕཊ་ཕཊ། ཅེས་བཟླ་བ་ནི་ཨོཾ་ཌི་ཡཱ་ཎའི་རང་བྱིན་གྱིས་རླབས་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཉི་མ་ལ་ཚྭ་ལས་འོད་ཟེར་ཅན་དམར་མོ་ཞལ་དྲུག་ནི། རྩ་ཞལ་ནག །གཡས་སྐོར་གྱིས་དམར་ནག་ལྗང་སེར་དཀར་བའི་ཞལ་སྟེང་དུ་ཕག་ཞལ་ནག་པོ། མྱ་ངན་མེད་པའི་ཤིང་དང་མཆོད་རྟེན་གྱིས་བརྒྱན་པ། སྐུ་ཁམ་པ་གྱེན་དུ་བརྫེས་པ། སྤྱན་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། ཕྱག་གཡས་དྲུག་ན་རལ་གྲི། རྡོ་རྗེ། ཆང་སྣོད། མདའ། རྡོ་རྗེ་རྩེ་གསུམ། སྟ་རེ་འཛིན་པ། གཡོན་དྲུག་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ། གཏུན་ཤིང་། ཨ་ཤྭ་ཀའི་ཡལ་ག །ཚངས་པའི་མགོ་བོ། གཞུ། རྩེ་གསུམ་འཛིན་པ། ཐོད་པའི་ཕྲེང་བ་དང་སྦྲུལ་གྱིས་བརྒྱན་པ། སྟག་ཤམ་ཅན། ཤིང་རྟའི་སྟེང་ན་ཞབས་གཡོན་བརྐྱང་གིས་བགེགས་དང་


CMR022_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་མནན་པ། མདུན་དུ་ཕོ་ཉ་མོ། གཡས་མྱ་ངན་མེད་པའི་ཡལ་ག་དང་། གཡོན་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཅན་དུ་མོས་ལ། དབུ་རྒྱན་རྣམ་སྣང་ངོ་། །སྔགས་ནི། ཨོཾ་མཱ་རི་ཙེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླ་བ་ནི་སྐུ་མདོག་དམར་མོ་ཕྱག་བཅུ་གཉིས་པ་ཨོཾ་ཌི་ཡཱ་ཎའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མ་ལ་ཐཾ་ཡིག་དམར་པོ་ལས་ཨོཾ་ཌི་ཡཱ་ཎའི་འོད་ཟེར་ཅན་དམར་མོ་ཞལ་དྲུག་གི་རྩ་ཞལ་ནས་གཡས་སྐོར་དུ་དམར་ནག་དཀར་ལྗང་སེར་ཞལ་ལྔ། སྟེང་ཕག་ཞལ་ནག་པོ་ཕྱག་བཅུ་གཉིས་ཀྱི་གཡས་དྲུག་ན་རལ་གྲི། འཁོར་ལོ། གཏུན་ཤིང་། མདའ། དགྲ་སྟ། རྡོ་རྗེ་རྩེ་གཅིག་པ་འཛིན་པ། གཡོན་དྲུག་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ། ཐོད་པ། མྱ་ངན་མེད་པའི་ཡལ་ག །ཚངས་པའི་མགོ་བོ། གཞུ། རྩེ་གསུམ་འཛིན་པ། གྲུ་མོ་ན་ཁཊཾ་ག་ཡོད་པ། མདུན་དུ་འོད་ཟེར་ཅན་དམར་མོ་གཡས་རྡོ་རྗེ་དང་ཁབ། གཡོན་ཨ་ཤྭ་ཀ་དང་སྡིགས་མཛུབ་མཛད་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་མཚན་ཉིད་གཞན་རྣམས་བཤད་མ་ཐག་པ་དང་མཚུངས་པར་བསམས་ལ། ཨོཾ་མཱ་རཱི་ཙེ་ཚྭ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླ་བ་ནི་སྐུ་


CMR022_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དམར་མོ་ཕྱག་བཅུ་གཉིས་པ་ཨུ་རྒྱན་གྱིས་འོད་ཟེར་ཅན་གྱི་སྒྲུབ་ཐབས་སོ། །སློབ་དཔོན་པདྨ་ལྷན་སྐྱེས་རོལ་པས་མཛད་པའོ།། ༈ །།སྟོང་པའི་ངང་ལས་ཤིང་རྟའི་སྟེང་དུ་ཨོཾ་ལས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་འོད་ཟེར་ཅན་སྐུ་མདོག་དམར་མོ་ཞལ་དྲུག་ནི་རྩ་ཞལ་ནས་གཡས་བསྐོར་གྱིས་དམར་ནག་ལྗང་སེར་དཀར། སྟེང་ཕག་ཞལ་ནག་པོ་ཕྱག་བཅུ་གཉིས་ཀྱི་གཡས་དྲུག་ན་རལ་གྲི། གཏུན་ཤིང་། མདའ། ལྕགས་ཀྱུ། རྡོ་རྗེ་རྩེ་གཅིག་པ། དགྲ་སྟི། གཡོན་དྲུག་ན་ཞགས་པ་དང་བཅས་པའི་སྡིགས་མཛུབ། ཐོད་པ། མྱ་ངན་མེད་པའི་ཡལ་ག །ཚངས་པའི་མགོ་བོ། གཞུ། རྩེ་གསུམ་འཛིན་པ། མདུན་དུ་ཕོ་ཉ་མོ་མྱ་ངན་མེད་པའི་ཡལ་ག་དང་སྡིགས་མཛུབ་མཛད་པ། མཚན་ཉིད་གཞན་རྣམས་གོང་བཞིན་དུ་བསམ་ལ་སྔགས་ནི། ཨོཾ་བཛྲ་དྷ་རི་ཤྭ་རི་སརྦ་དུཥྛ་པ་ཏན་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཨོཾ་མཱ་རཱི་ཙེ་ཨོཾ་ཧཱུྃ་སྭཱ་ཧཱ། ཞེས་བཟླ་བ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་འོད་ཟེར་ཅན་གྱི་སྒྲུབ་ལྟ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཉི་མ་ལ་ཨོཾ་ལས་འོད་ཟེར་ཅན་དམར་མོ་ཞལ་དྲུག་ཕྱག་བཅུ་གཉིས་ཀྱི་གཡས་དྲུག་ན་རལ་གྲི། རྡོ་རྗེ། གཏུན་ཤིང་། མདའ། རྡོ་


CMR022_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རྩེ་གཅིག་པ་དང་། དགྲ་སྟ། གཡོན་དྲུག་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ། ཐོད་པ། མྱ་ངན་མེད་པའི་ཡལ་ག །ཚངས་པའི་མགོ་བོ། གཞུ། རྩེ་གསུམ་འཛིན་པ། གཞན་བཤད་མ་ཐག་པའི་མཚན་ཉིད་ཅན་དུ་བསམས་ནས། ཨོཾ་མཱ་རཱི་ཙྪེ་ཚྭ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླ་བ་ནི་འོད་ཟེར་ཅན་གྱི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་མཱི་ཡིག་སེར་པོ་ལས་མྱ་ངན་མེད་པའི་ཤིང་ཚྭ་གྱིས་མཚན་པ་ལས་མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་སེར་མོ་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་གཡོན་མྱ་ངན་མེད་པའི་ཤིང་གི་ཡལ་ག་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལང་ཚོ་དར་ལ་བབ་པ། ཕག་པ་སེར་མོའི་རྒྱབ་ཏུ་བཞུགས་པ། དབུ་རྒྱན་ནི་རྣམ་སྣང་། སྔགས་ནི། ཨོཾ་མཱ་རཱི་ཙེ་ཚྭ་ཧཱུཾ་སྭཱ་ཧཱ། ཞེས་བཟླ་བ་ནི་མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་གྱི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཆོས་འབྱུང་གི་ནང་དུ་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ་ཏཱཾ་ལས་མྱ་ངན་མེད་པའི་ཤིང་ཚྭ་གྱིས་མཚན་པ་ལས་འོད་ཟེར་ཅན་པི་ཙུ་བ་སེར་མོ་སེར་སྔོ་དཀར་བའི་ཞལ་གསུམ་དང་ལྡན་པ་ཕྱག་བརྒྱད་ཀྱིས་དང་པོ་གཉིས་ཀྱི་ཁབ་སྐུད། འོག་མ་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་


CMR022_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

པ། མཐའ་ལྟག་གཉིས་ཀྱི་མདའ་གཞུ། ཐ་མ་གཉིས་ཀྱི་རྡོ་རྗེ་དང་ཨ་ཤྭ་ཀའི་ཡལ་ག་འཛིན་པ། ཞབས་གཡས་བརྐྱངས་བས་དབང་ཕྱུག་གཡོན་བསྐུམས་པས་གོ་རི་མནན་པར་བསམས་ལ། ཨོཾ་མཱ་རཱི་ཙེ་ཧཱུྃ་སརྦ་དུཥཱ་པྲ་དུཏྠ་ནཾ་མན་ན་ཧཱུཾ་ཕཊ། ཅེས་བཟླ་བ་ནི། འོད་ཟེར་ཅན་པི་ཅུ་བའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་འཁོར་ལོ་དང་ཉི་མའི་སྟེང་དུ་ཚྭ་དེ་ཐམས་ཅད་འོད་ཟེར་ཅན་དམར་མོ་ཞལ་གསུམ་གྱི་རྩ་ཞལ་ཞི་ཞིང་ཅུང་ཟད་འཛུམ་པའི་ཞལ། གཡས་ཕག་ཞལ་དམར་སྐྱ། གཡོན་ཕག་ཞལ་དམར་མོ་ཕྱག་བཅུ་གཉིས་ཀྱི་གཡས་དྲུག་ན་སྐུད་པ། ལྕགས་ཀྱུ། འཕང་ཐུང་། རལ་གྲི། དབྱུག་པ། རྡོ་རྗེ་འཛིན་པ། གཡོན་དྲུག་ན་ཨ་ཤྭ་ཀའི་མེ་ཏོག །ཞགས་པ། ཐོད་པ། སྐུད་པ། མགོ་བོ། བུམ་པ་བཟང་པོ་འཛིན་པ་གཡས་བརྐྱང་ཞིང་གཡོན་བསྐུམས་པས་བཞུགས་པའོ། །དེའི་ཕོ་ཉ་མོ་གསུམ་ནི། གཡས་སུ་ཕག་ཞལ་ཅན་དམར་སྐྱ། རྡོ་རྗེ་ཞགས་ཕྱུ་པ་སྡིགས་མཛུབ་མཛད་པ། གཡོན་དུ་ཕག་ཞལ་ཅན་དམར་མོ། རྡོ་རྗེ་ཐོ་བ་དང་སྡིགས་མཛུབ་མཛད་པ། མདུན་དུ་ཁྲོ་མོ་ནག་མོ་མདའ་གཞུ་འགེངས་པ། གསུམ་ཀའང་ཞལ་


CMR022_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཕྱག་གཉིས་གཡས་བརྐྱང་གིས་བཞུགས་པར་བསམས་ལ། དབུ་རྒྱན་ནི་རྣམ་སྣང་ངོ་། །ཨོཾ་མཱ་རཱི་ཙྩཾ་ཧཱུྃ་སརྦ་ད་ཊ་ཊ་མར་མར་ད་ན་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་མཱ་རཱི་ཙྩཾ་སརྦ་དུཥ་ས་མཱ་ར་ཡ་ཧཱུྃ་ཡ་ཧཱུྃ་ཕཊ། རྒྱ་གཞུང་ལས་བྱུང་བའི་སྔགས་ནི། ཨོཾ་མཱ་རཱི་ཙེ་ཧཱུྃ་སརྦ་དུཥཱ་ས་མཱ་ར་ཡ་ཧཱུྃ་ཡ་ཧཱུྃ་ཕཊ། སྔགས་འདི་གཉིས་གང་ཡིན་དཔྱད་པར་བྱའོ། །ཞེས་བཟླ་བ་ནི། འོད་ཟེར་ཅན་པི་ཚུ་བར་བསམ་པའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཏཱཾ་ཡིག་སེར་པོ་ལས་མྱ་ངན་མེད་པའི་ཡལ་ག་ཨཾ་གྱིས་མཚན་པ་ལས་འོད་ཟེར་ཅན་སེར་མོ་གཡས་ཁབ་དང་གཡོན་སྐད་པ་འཛིན་པ། འོད་ཟེར་འཕྲོ་བའི་ཕག་གིས་ར་བས་བསྐོར་བར་བསམས་ལ། ཨོཾ་མཱ་རཱི་ཙེ་མཾ་སྭཱ་ཧཱ། ཞེས་བཟླ་བ་ནི། འཕགས་མ་འོད་ཟེར་ཅན་གྱི་གཟུངས་བཀླག་པའི་ཆོ་གའི་སྒྲུབ་ཐབས་སོ།། ༈ །།ལོ་མ་ཅན་གྱི་སྒྲུབ་ཐབས་བཞུགས་སོ། །སྟོང་པའི་ངང་ལས་རང་གི་སྙིང་གར་པདྨ་དཀར་པོ་དང་ཟླ་བ་ལ་པཾ་ཡིག་སེར་པོ་པཾ་གྱིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་རི་ཁྲོད་ལོ་མ་ཅན་སྐུ་མདོག་སེར་མོ་སེར་དཀར་དམར་བའི་ཞལ་གསུམ་འགྱིང་ཞིང་བཞད་པ། སྤྱན་གསུམ་རལ་པའི་ཅོད་པན་ཅན་མེ་ཏོག་གིས་བཅིངས་པའི་ཕྱག་དྲུག་གི་


CMR022_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གསུམ་ན་རྡོ་རྗེ། དགྲ་སྟ། མདའ། གཡོན་གསུམ་ན་སྡིགས་མཛུབ་དང་ཞགས་པ། ཡལ་ག་དང་བཅས་པའི་རྨ་བྱའི་མདོངས། གཞུ་འཛིན་པ། །གཡོན་དང་པོས་སྡིགས་མཛུབ་ཐུགས་ཀར་མཛད་པས་དགྲ་བགེགས་ཀྱི་ཚོགས་བསྐད་པར་མཛད་པ། ཉི་མའི་འོད་ཀྱི་རྒྱབ་ཡོལ་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལོ་མ་རྨ་བྱའི་མདངས་ཀྱི་ཤམ་ཐབས་གསོལ་བ། བགེགས་རྣམས་མནན་པའི་པད་དཀར་ཟླ་བ་ལ་གཡོན་བརྐྱང་གིས་བཞུགས་པར་བསམས་ལ། དབུ་རྒྱན་ནི་མི་བསྐྱོད་པའོ། །སྔགས་ནི། ཨོཾ་པི་ཤཱ་ཙི་པརྨ་ཤ་ཝ་རི་སརྦ་ཛཱ་ར་པྲ་ཤ་མ་ན་སྭཱ་ཧཱ། ཞེས་བཟླ་བ་ནི་ལོ་མ་ཅན་གྱི་སྒྲུབ་ཐབས་སོ།། ༈ །།ཡང་ཆོ་ག་གཞན་རྣམས་དེ་བཞིན་ལ། ཕྱག་བཞིའི་གཡས་གཉིས་ཀྱིས་རྡོ་རྗེ་དང་དགྲ་སྟ། གཡོན་གཉིས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། ལོ་མ་དང་བཅས་པའི་རྨ་བྱའི་མདོངས་འཛིན་པར་བསམ་སྟེ་སྔགས་བཟླ་བ་ནི། རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་ཐབས་གཅིག་ལས་ཕྱེ་བའི་གཉིས་སོ།། ༈ །།སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཟླ་བ་ལ་པཾ་ཡིག་ལྗང་གུ་ལས་རི་ཁྲོད་ལོ་མ་ཅན་སྐུ་མདོག་ལྗང་གུ་ལྗང་ནག་དཀར་བའི་ཞལ་གསུམ་དང་ལྡན་པ་སྐྲ་སྟེང་དུ་


CMR022_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བརྗེས་པ་སྟག་ཤམ་ཅན་དོན་གྲུབ་ཀྱི་དབུ་རྒྱན་ཅན་ཉི་མའི་རྒྱབ་ཡོལ་མ་གཏོགས་པ་གཞན་གོང་གི་ཕྱག་དྲུག་པའི་སྐབས་སུ་བཤད་པའི་མཚན་ཉིད་ཅན་བསྒོམས་ཏེ་སྔགས་བཟླ་བ་ནི་རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་ཐབས་སོ།། ༈ །།ཤེར་ཕྱིན་དཀར་མོའི་སྒྲུབ་ཐབས་བཞུགས་སོ།། ༈ སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཨོཾ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་དཀར་མོ་ཞལ་གཅིག་དབུ་སྐྲ་ནག་པོ་ཕྱེད་དུ་འཁྱིལ་བས་བརྒྱན་པ། ཕྱག་གཉིས་ཀྱི་གཡས་སུ་སྡོང་བུ་དང་བཅས་པའི་པདྨ། གཡོན་ན་ཤེར་ཕྱིན་གྱི་པོ་ཏི་ཐུགས་ཀར་འཛིན་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རྒྱུན་ཐམས་ཅད་ཀྱིས་བརྒྱན་པ་སེམས་དཔའ་སུམ་བརྩེགས་ཅན་དུ་བསམས་ལ། དབུ་རྒྱན་ནི་མི་བསྐྱོད་པའོ། །སྔགས་ནི། ཨོཾ་པི་ཅུ་པི་ཙུ་པྲཛྙཱ་ཝངྷ་ནི་ཛྭ་ལ་ཛྭ་ལ། མེ་དྷ་ཝནྟུ་ནི་དྷི་རི་དྷི་རི་བུདྡྷ་ཝནྟཱ་ནི་སྭཱ་ཧཱ། ཞེས་བཟླ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོའི་སྒྲུབ་ཐབས་སློབ་དཔོན་པདྨའི་འཕེལ་གྱིས་མཛད་པའོ།། ༈ །།ཡང་ཆོ་ག་གཞན་ཐམས་ཅད་གོང་བཞིན་ལ། སྔགས་རིང་སྟེང་དུ། ཨོཾ་པྲ་སཱ་ཧ། ཞེས་བཟླ་བ་ནི། ཤེར་ཕྱིན་དཀར་མོའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཨ་ལས་ཟླ་བ་ལ་དྷིལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། དེའི་ལྟེ་བའི་དབུས་སུ་ཧཾ་གིས་


CMR022_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ནང་སྐོར་ལ་ཨཱཿ་ལི་བཅུ་དྲུག །ཕྱི་སྐོར་ལ་ཀཱ་ལི་སོ་གཉིས། འདབ་མ་བརྒྱད་ལ་སྒེག་ཕྲེང་གར་གླུ་མེ་ཏོག་སྤོས་མར་མེ་དྲིའི་ལྷ་མོ་བརྒྱད། དེ་རྣམས་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་ཟླ་བ། དེའི་སྟེང་དུ་པདྨ་ཤེར་ཕྱིན་གྱི་པོ་ཏི། དེའི་སྟེང་དུ་ཡང་ཟླ་བ་ལ་ཤེར་ཕྱིན་གྱི་པོ་ཏི། དེ་རྣམས་ཡོངས་སུ་གྱུར་པ་ལས་ཤེར་ཕྱིན་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱས་ཤེར་ཕྱིན་གྱི་པོ་ཏི་དང་བཅས་པས་ཨུཏྤལ་གཉིས་ཀྱི་རྩ་བ་བཟུང་བ། ན་བཟའ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྣ་ཚོགས་པད་ཟླ་ལ་སྐྱིལ་ཀྲུང་གིས་བཞུགས་པ། དེའི་དཔྲལ་བར་ཧཱུྃ་སེར་པོ། མགྲིན་པར་ཨཱཿདཀར་པོ། ཐུགས་ཀར་དྷིསེར་པོ། ལྟེ་བར་ཧཱུྃ་སྔོན་པོ། ཨོཾ་ཨཱཿ དྷིཧཱུྃ་སྭཱ་ཧཱ། ཞེས་བཟླ་བ་ནི་ཤེར་ཕྱིན་སྐུ་མདོག་སེར་མོའི་སྒྲུབ་ཐབས་སོ།། ༈ །།ཆོ་ག་གཞན་རྣམས་སྔ་མ་བཞིན་ལ། ཧ་ལ་སོགས་པའི་ཡི་གེ་རྣམས་ཁ་དོག་དཀར་པོ་དང་། ཨོཾ་ཨཱཿཧཱིཧཱུྃ་སྭཱ་ཧཱ། ཞེས་བཟླ་བ་ནི་ཤེར་ཕྱིན་སྐུ་མདོག་སེར་མོའི་ཀླུ་སྒྲུབ་ཐབས་ཐོག་མེད་ཀྱིས་མཛད་པའོ།། ༈ །།སྟོང་པའི་ངང་ལས་ཨ་ལས་ཟླ་བའི་སྟེང་དུ་དྷིའི་མཐར་ནང་སྐོར་ལ་ཨཱཿ་ལི་དང་ཕྱི་སྐོར་ལ་ཀཱ་ལི་དབུས་སུ་དྷིཡིག་ལས་ཤེར་ཕྱིན་གྱི་པོ་ཏི་


CMR022_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

དྷིཿས་མཚན་པ་དེ་རྣམས་ལས་ཤེར་ཕྱིན་སེར་མོ་གཡོན་ཕྱོགས་སུ་པདྨའི་སྟེང་དུ་ཤེར་ཕྱིན་གྱི་པོ་ཏི་གནས་པ་གཞན་མཚན་ཉིད་ཐམས་ཅད་གོང་བཞིན་གནས་པར་བསམས་ལ། ཨོཾ་ཨཱཿཧཱིཧཱུཾ་སྭ་ཧཱ། །ཞེས་བཟླ་བ་ནི། གསེར་མདོག་ཅན་གྱི་ཤེར་ཕྱིན་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པདྨ་དམར་པོ་དང་ཟླ་བའི་སྟེང་དུ་དྷཱི༔ཡིག་སེར་པོ་ལས་ཤེར་ཕྱིན་སེར་མོ་ཞལ་གཅིག་རལ་པའི་ཅོད་པན་ཅན་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱས་པོ་ཏི་དང་བཅས་པའི་ཨུཏྤལ་སྔོན་པོ་གཡོན་ཕྱོགས་སུ་བསྣམས་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་གོས་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པར་བསམ་ལ། དབུ་རྒྱན་ནི་མི་བསྐྱོད་པའོ། །སྔགས་ནི། ཨོཾ་དྷིཤུ་ཏི་སྨི་ཏི་བི་ཛ་ཡེ་སྭཱ་ཧཱ། ཞེས་བཟླ་བ་ནི་ཤེར་ཕྱིན་སེར་མོའི་སྒྲུབ་ཐབས་མདོར་བསྡུས་པའོ།། ༈ །།ཆོ་ག་གཞན་རྣམས་གོང་བཞིན་ལ། གཡོན་པདྨ་དང་། ཨོཾ་པྲཛྙཱ་མ་ཧཱ་པྲཛྙཱ་ཤུ་ཏི་སྤྱི་ཏི་བི་ཛ་ཡེ་དྷིསྭཱ་ཧཱ། ཞེས་བཟླ་བ་ཤེར་ཕྱིན་གྱི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པད་ཟླ་ལ་ཕྲོ་ལས་པདྨ་དྲྀ་གྱིས་མཚན་པ་ལས་ཤེར་ཕྱིན་དཀར་མོ་ཞལ་གཅིག་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱས་ཤེར་ཕྱིན་གྱི་པོ་ཏིས་མཚན་པའི་པདྨ་གཉིས་གཡས་གཡོན་དུ་འཛིན་པ་གོས་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་


CMR022_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་བསམ་ལ། ཨོཾ་པྲ་སྭཱ་ཧཱ། ཞེས་བཟླ་བ་ནི་ཤེར་ཕྱིན་དཀར་མོའི་སྒྲུབ་ཐབས་དགེ་འདུན་བྱིན་གྱི་བུས་མཛད་པའོ།། ༈ །།སྟོང་པའི་ངང་ལས་ཟླ་བ་ལ་དྷིལས་ཤེར་ཕྱིན་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་དང་། གཡས་འོག་མས་མི་འཇིགས་པ་སྦྱིན་པ། གཡོན་འོག་མས་ཤེར་ཕྱིན་གྱི་པོ་ཏི་དང་བཅས་པའི་ཨུཏྤལ་འཛིན་པ། པདྨ་དམར་པོ་དང་ཟླ་བ་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དར་སྣ་ཚོགས་ཀྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་དེའི་མགྲིན་པར་ཨོཾ་དྷི༔ ལྕེ་ལ་ཨོཾ་ཨཱི། རྣ་ལྟག་ལ་ཛཱི། སྙིང་གར་ཨཱཿཡིག་དམར་པོ་ལས་པདྨ་འདབ་མ་བརྒྱད་པ་ཟེའུ་འབྲུ་དང་བཅས་པ་སེར་པོའི་ལྟེ་བར་ཨོཾ། འདབ་མ་བརྒྱད་ཀྱི་ནང་སྐོར་ལ་ཤར་དུ་ན་མོ། མེར་བྷ་ག་ཝ་ཏེ། ལྷོར་པྲཉྫཱ་པཱ་ར་མི་ཏཱ་ཡེ། ལྷོ་ནུབ་ཏུ་ཨ་མི་ཏ་གུ་ཎ་ཡེ། ནུབ་ཏུ་བྷ་ཀི་བཙྪ་ལ་ཡེ། ནུབ་བྱང་དུ་སརྦ་ཏ་ཐཱ་ག་ཏཱ་ཛྷཱ་ན་པ་རི་པཱུ་རི་ཏ་ཡེ། བྱང་དུ་སཏཱ་བཙཱ་ལཱ་ཡེ། བྱང་ཤར་དུ་ཏདྱ་ཐཱ། ཨོཾ་དྷཱིཀཎི་ཀ་ཡཾ། ཕྱི་སྐོར་གྱིས་ཤར་དུ་བྲུ་ཤར་ལྷོར་ཏི་ལྷོར་སྤྱི་ལྷོ་ནུབ་ཏི་ནུབ་ཏུ་བི་ནུབ་བྱང་དུ་ཛ་བྱང་དུ་ཡེ་


CMR022_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཤར་དུ་སྭཱ་ཧཱ། ཞེས་བཀོད་ནས་སྔགས་ནི། ཨོཾ་དྷི༔ ཨོཾ་ཧཱུཾ། ཛཱི་ཨཱཿ ཨོཾ་ན་མོ་བྷ་ག་ཝ་ཏེ་པྲཛྙཱ་པཱ་ར་མི་ཏེ་ཡེ། ཨ་མི་ཏ་གུ་ཎ་ཡེ། བྷ་ཀི་བཙཱ་ལཱ་ཡེ། སརྦ་ཏ་ཐཱ་ག་ཏཱ་ཛྙཱ་བྷན་པ་རི་པཱུ་རི་ཏ་ཡེ། སཏཱ་བཙྪཱ་ལཱ་ཡེ། ཏདྱ་ཐཱ་ཨོཾ་དྷི༔ ཀཎི་ཀ་ཡཾ་ཤུ་ཏི་སྤྱི་ཏི་བི་ཛ་ཡེ་སྭཱ་ཧཱ། ཞེས་བཟླ་བ་ནི། གསེར་མདོག་ཅན་གྱི་ཤེར་ཕྱིན་གྱི་སྒྲུབ་ཐབས་སོ།། ༈ །དབྱངས་ཅན་མའི་སྒྲུབ་ཐབས་བཞུགས་སོ།། ༈ སྟོང་པའི་ངང་ལས་པད་ཟླ་ལ་དྷིཡིག་དམར་པོ་ལས་འཕགས་མ་རྡོ་རྗེ་དབྱངས་ཅན་མ་དམར་མོ་དམར་ནག་དཀར་བའི་ཞལ་གསུམ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཕྱག་དྲུག་གི་གཡས་ན་པདྨ། རལ་གྲི། གྲི་གུག །གཡོན་གསུམ་ན་འཁོར་ལོ། རིན་པོ་ཆེ། ཐོད་པ་འཛིན་པ་ལང་ཚོ་དར་ལ་བབ་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་གཡོན་བརྐྱང་གིས་བཞུགས་པར་མོས་ལ། ཨོཾ་པི་ཙུ་པི་ཙུ་པྲཛྙཱ་ཝཎྷ་ནི་ཛྭ་ལ་ཛྭ་ལ། མེ་དྷ་ཝནྟུ་ནི་དྷི་རི་དྷི་རི་བུདྡྷ་ཝནྟ་ནི་སྭཱ་ཧཱ། ཞེས་བཟླ་བ་ནི་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་དཔལ་འཛིན་གྱིས་མཛད་པའོ།། ༈ །།སྟོང་པའི་ངང་ལས་རང་གི་སྙིང་གར་པདྨ་དམར་པོ་དང་ཟླ་བ་ལ་དྷིཡིག་དམར་མོ་བསྐྱེད་ཆོག་གཞན་རྣམས་སྔ་མ་དང་འདྲ་བ་ནི་རྡོ་རྗེ་དབྱངས་ཅན་


CMR022_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པདྨ་དམར་པོ་གྲུ་བདུན་གྱི་ཚད་ཙམ་དང་ཨོཾ་ལས་ཟླ་བའི་དཀྱིལ་འཁོར་ཅུང་ཟད་དམར་བའི་སྟེང་དུ་དོ༔ཡིག་དམར་པོ་ལས་དབྱངས་ཅན་མར་བསྐྱེད་དེ། དམར་ནག་དཀར་བའི་ཞལ་གསུམ་པ། ཕྱག་གཡས་ཀྱི་དང་པོ་ན་པདྨའི་སྟེང་དུ་ཤེར་ཕྱིན་གྱི་པོ་ཏི། གཡོན་གྱི་གསུམ་པ་ན་ཚངས་པའི་ཐོད་པ་ལྕོ་འཛིན་པ་ཆོ་ག་གཞན་རྣམས་གོང་མ་དང་འདྲ་བ་ནི། གཤིན་རྗེ་ནག་པོའི་རྒྱུད་ནས་བྱུང་བའི་དབྱངས་ཅན་མའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བ་ལ་ཨོཾ་ཡིག་ལས་དབྱངས་ཅན་མ་དཀར་མོ་ཞལ་གཅིག་ཕྱག་གཉིས། གཡས་པདྨ་དམར་པོ་དང་། གཡོན་ཤེར་ཕྱིན་གྱི་པོ་ཏི་དང་བཅས་པའི་པདྨ་འཛིན་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ན་བཟའ་དང་རྒྱན་སྣ་ཚོགས་ཀྱིས་སྤྲས་པར་བསམས་ནས་སྔགས་བཟླ་བ་ནི། རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པད་ཟླ་ལ་ཧྲིལས་པདྨ་ཧྲིས་མཚན་པ་ལས། །དབྱངས་ཅན་མ་དཀར་མོ་སྤྱན་གསུམ་པ། ཟླ་ཕྱེད་ཀྱིས་དབུ་བརྒྱན་པར་བསམ་ལ། རྒྱན་ཆ་ལུགས་དང་ཆོ་ག་རྣམས་གོང་བཞིན་བློ་ཞེས་བཟླ་བ་ནི། རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་སོ།། ༈ །།


CMR022_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ངང་ལས་པདྨ་དཀར་པོ་གྲུ་བདུན་གྱི་ཚད་ཙམ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃཡིག་དཀར་པོ་ལས་པདྨ་དཀར་པོ་ཧྲིས་མཚན་པ་ལས་དབྱངས་ཅན་མ་ཆེན་མོ། མདུན་དུ་ཤེས་རབ་མ། གཡས་སུ་བློ་ཅན་མ། རྒྱབ་ཏུ་བློ་གྲོས་མ། གཡོན་དུ་དྲན་པ་མ། གཙོ་འཁོར་ལྔ་ཀའང་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞལ་གསུམ་འཛུམ་ཞིང་ཞི་བའི་བདག་ཉིད་ཅན། ཕྱག་གཡས་མཆོག་སྦྱིན་གཡོན་སྡོང་བུ་དང་བཅས་པའི་པདྨ་དཀར་པོ་བསྣམས་པ་ལོ་བཅུ་གཉིས་ཀྱི་ན་ཚོད་ཅན། ནུ་མ་འབུར་ཞིང་སྐེད་པ་ཕྲ་བ་རྡོ་རྗེའི་སྐྱིལ་ཀྲུང་ཟློགིས་བཞུགས་པར་བསམ་ལ། ཨོཾ་ཡིག་དཀར་པོའི་འཕྲོ་འདུ་གསལ་གདབ་ཅིང་། ཨོཾ་ཧུཾམ་ཧཱ་མ་ཡཾ་གེ་མ་ཧཱ་སྭ་ར་སྭ་ཏེ་ན་མཿཞེས་བཟླ་བ་ནི་དབྱངས་ཅན་མ་ཆེན་མོའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པད་ཟླ་ལ་ཧྲིལས་པི་ཝང་དབྱངས་ཅན་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་ཀྱི་པི་ཝཾ་སྒྲོག་པ་ཕྱེད་སྐྱིལ་གྱིས་བཞུགས་པ། ཐུགས་ཀར་ཨ་ལས་འཁོར་ལོ་རྩིབས་བརྒྱད་ཀྱི་ལྟེ་བར་ཟླ་བ་ལ་ཧཱི༔ གཞན་ཡང་སྙིང་གར་ཧཱུཾ། སྤྱི་གཙུག་ཏུ་ཨོཾ། མགྲིན་པར་ཨིཿ མིག་གཉིས་སུ་ཨུ་ཨེ། ཕྲག་པ་གཉིས་སུ་ཨོཾ་ཨཱཿབསམས་ནས། ཞེས་བཟླ་བ་ནི་རྡོ་རྗེ་པི་ཝཾ་མ་


CMR022_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཅན་མའི་སྒྲུབ་ཐབས་སོ།། ༈ །།ཀུ་རུ་ཀུལླེ་རིགས་མང་པོའི་སྒྲུབ་ཐབས་བཞུགས་སོ།། ༈ སྟོང་པའི་ངང་ལས་ཧྲིལས་ཨུཏྤལ་དམར་པོ་ཧྲིས་མཚན་པ་ལས་སྒྲོལ་མ་ཀུ་རུ་ཀུལླེ་སྐུ་མདོག་དམར་མོ་སྒྲ་གཅན་དང་འདོད་ལྷ་ཆུང་མ་དང་བཅས་པ། པདྨ་མ་དམར་མོ་དང་ཟླ་བ་བརྩེགས་པའི་སྟེང་དུ་རྡོ་རྗེའི་སྐྱིལ་ཀྲུང་གིས་ཀུ་རུ་ཀུལླེའི་རི་ཕུག་ན་བཞུགས་པ། ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཀྱིས་མདའ་གཞུ་འགེངས་པ། འོག་མ་གཉིས་ཀྱིས་མི་འཇིགས་པའི་ཕྱག་རྒྱ་དང་ཨུཏྤལ་དམར་པོ་བསྣམས་པ། ན་བཟའ་དང་རིན་པོ་ཆེ་དམར་པོའི་བརྒྱན་པ། ལང་ཚོ་དར་ལ་བབ་པ་སྒེག་པའི་ཉམས་ཅན། དབུ་རྒྱན་ནི་འོད་དཔག་མེད་དོ། །སྔགས་ནི། ཨོཾ་ཀུ་རུ་ཀུལླེ་བཱིཧཱུྃ་སྭཱ་ཧཱ། ཞེས་བཟླ་བ་ནི་སྒྲོལ་མའི་རྟོག་པ་ལས་བྱུང་བའི་ཀུ་རུ་ཀུལླེའི་སྒྲུབ་ཐབས་སོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའོ།། ༈ །།ཡང་ཆོ་ག་གོང་བཞིན་ལ། ཨོཾ་ཀུ་རུ་ཀུལླེ་དྷིསྭཱ་ཧཱ། ཞེས་བཟླ་བ་ནི་ཀུ་རུ་ཀུལླེའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཨུཏྤལ་དམར་པོའི་སྟེང་དུ་ཉི་མ་ལ་ཧཱུྃ་ཡིག་དམར་པོ་ལས་ཀུ་རུ་ཀུལླེ་གོང་བཞིན་བྷོ་ནས་། ཀུ་རུ་ཀུལླེ་སྭཱ་ཧཱ། ཞེས་བཟླ་བ་ནི་རིག་བྱེད་མ་ཡི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་


CMR022_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ལས་འཕྲོས་པའི་སྲུང་བའི་འཁོར་ལོའི་དབུས་སུ། ཨེ་ལས་ཆོས་འབྱུང་དཀར་པོའི་ནང་དུ། ཧཱུྃཿལས་པདྨ་དམར་པོ། རཾ་ལས་ཉི་མ།། རོའི་གདན་གྱི་སྟེང་དུ་ཨཱཿ་ལི་སོ་གཉིས་ལས་ཟླ་བ། ཀཱ་ལི་བརྒྱད་ཅུ་ལས་ཉི་མ། བར་བར་དུ་ཧཱི༔ལས་ཨུཏྤལ་དམར་པོའི་མདེའུ་ཅན་གྱི་མདའ་ཧིས་མཚན་པ། དེ་རྣམས་ཡོངས་སུ་གྱུར་པ་ལས་ཨོ་རྒྱན་ནས་བྱུང་བའི་ཀུ་རུ་ཀུལླེ་སྐུ་མདོག་དམར་མོ་ཞལ་གཅིག་སྤྱན་གསུམ་གཡོན་དུ་གཟིགས་པ། མཆེ་བ་གཙིགས་ཤིང་ལྗགས་བསྐྱོད་པ། དབུ་སྐྲ་དམར་སེར་གྱེན་དུ་བརྗེས་པ། ཕྱག་བཞིའི་དང་པོ་གཉིས་ཀྱིས་ཨུཏྤལ་དམར་པོའི་མདེའུ་ཅན་གྱི་མདའ། མེ་ཏོག་དམར་པོའི་གཞུ་རྣ་བའི་ཐད་ཀར་འགེངས་པ། འོག་མ་གཉིས་ཀྱིས་གཡས་ཨུཏྤ་ལའི་ལྕགས་ཀྱུ་དང་། གཡོན་པས་ཨུཏྤ་ལའི་ཞགས་པ་འཛིན་པ་ནུ་མ་དང་སྐུ་སྨད་རྒྱས་པ་ཐོད་སྐམ་ལྔའི་དབུ་བརྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན་རུས་པའི་རྒྱན་དྲུག་དང་སྟག་གི་པགས་པའི་ཤམ་ཐབས་ཅན། ཁྲོ་ཞིང་སྒེག་པའི་ཉམས་དང་ལྡན་པ་ཞབས་གཡོན་བརྐྱང་གིས་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་བཞུགས་པའོ། །དབུ་རྒྱན་ནི་འོད་དཔག་མེད་དོ། །


CMR022_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ནི། ཀུ་རུ་ཀུལླེ་དྷིསྭཱ་ཧཱ། ཞེས་བཟླ་པ་ནི་ཨོ་རྒྱན་ནས་བྱུང་བའི་རིག་བྱེད་མའི་སྒྲུབ་ཐབས་སོ།། ༈ །།ཡང་། སྲུང་འཁོར་གྱི་ནང་པདྨ་དམར་པོ་དང་ཟླ་བའི་སྟེང་དུ་ཧྲིཿལས་ཨུཏྤལ་ཧྲིས་མཚན་པ་ལས་ཀུ་རུ་ཀུལླེ་གོང་བཞིན་བྷེ་སྟེ་སྔགས་བཟླ་བ་ནི་ཀྱེའི་རྡོ་རྗེའི་རིམ་པ་ལས་ཀུ་རུ་ཀུལླེའི་སྒྲུབ་ཐབས་སོ།། ཀུ་རུ་ཀུལླེའི་སྒྲུབ་ཐབས་རྒྱུད་ལས་འབྱུང་བ་སྙན་ངག་མཁན་པོ་བརྩེ་ཆེན་གྱིས་མཛད་པའོ།། ༈ །།སྟོང་པའི་ངང་ལས་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས་སུ་རོའི་གདན་ལ་སྙིང་གར་ཉི་མའི་སྟེང་དུ་ཧཱུྃལས་ཨུཏྤལ་ཧྲིས་མཚན་པ་ལས་ཀུ་རུ་ཀུལླེ་གོང་བཞིན་བསམ་སྟེ། སྔགས་བཟླ་བ་ནི་ཀུ་རུ་ཀུལླེའི་སྒྲུབ་ཐབས་ལྷན་སྐྱེས་རོལ་པས་མཛད་པའོ།། ༈ །།སྟོང་པའི་ངང་ལས་པད་ཉི་ལ་ཧྲིལས་ཨུཏྤལ་ཧྲིས་མཚན་པ་ལ་རིག་བྱེད་མ་གོང་བཞིན་བསམས་ནས། སྔགས་བཟླ་བ་ནི། རིག་བྱེད་མའི་མན་ངག་གི་རིམ་པའོ། །ཡང་དེ་བཞིན་བྱེད་ནས། ཨོཾ་ཀུ་རུ་ཀུལླེ་སྭ་ཧཱ། ཞེས་བཟླ་བ་ནི་ཀུ་རུ་ཀུལླེ་རབ་ཏུ་རྐྱང་བའི་སྦྱོར་བའོ།། ༈ །།ལྷ་གོང་བཞིན་ལས། ཨོཾ་ཀུ་རུ་ཀུལླེ་ཧྲིནྡྷེ་ཝ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླ་ཞིང་བུམ་པའི་སྦྱོར་བ་བྱ་བ་ནི་ཀུ་རུ་ཀུལླེའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པད་ཟླ་ལ་ཧྲིལས་ཨུཏྤལ་དམར་པོ་ཧྲིས་མཚན་པ་ལས་འཕགས་མ་རིག་བྱེད་


CMR022_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

མ་དམར་མོ། ཕྱག་འོག་མ་གཉིས་ཀྱི་གཡས་མཆོག་སྦྱིན་དང་། གཡོན་ཨུཏྤལ་དམར་པོ་ཁ་ཕྱེ་བ་བསྣམས་པ་དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཁྲོ་མོའི་རྒྱན་གོས་སྤངས་པ། །གཞན་བཤད་མ་ཐག་པའི་མཚན་ཉིད་ཅན་བསམས་ནས། ཨོཾ་ཀུ་རུ་ཀུལླེ་སྒྲེ་ཨ་ཀར་ཡ་ཧཱུྃསྭཱ་ཧཱ། ཞེས་བཟླ་བ་ནི་དཔལ་ལྡན་འཕགས་མ་རིག་བྱེད་མའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་རང་གི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་ཏཱཾ་ཡིག་དམར་པོ་ལས་རིག་བྱེད་མ་སྐུ་མདོག་དམར་མོ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་མཛད་པ། བར་མ་གཉིས་ཀྱིས་ལྕགས་ཀྱུ་དང་ཨུཏྤལ་དམར་པོ་འཛིན་པ། ཐ་མ་གཉིས་ཀྱིས་མདའ་གཞུ་རྣ་བའི་རྩར་འགེངས་པ། ན་བཟའ་དམར་པོ་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྒེག་པའི་ཉམས་ཅན་པདྨ་དམར་པོ་དང་ཉི་མའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་བསམ་ལ། ཨོཾ་ཀུ་རུ་ཀུལླེ་ཧིསྭཱ་ཧཱ། ཞེས་དང་། ཨོཾ་ཀུ་རུ་ཀུལླེ་ཇེ་མོ་ས་མ་ཡ་ཧོ་སྭཱ་ཧཱ། ཞེས་བཟླ་བ་ནི་རིག་བྱེད་མ་ཕྱག་དྲུག་མའི་སྒྲུབ་ཐབས་སོ།། ༈ །།ཡང་ཆོ་ག་གོང་བཞིན་ལ། ཀུ་རུ་ཀུལླེ་ཆེ་མོ་པ་ཤཾ་ཀུ་རུ་ཧོ་སྭཱ་ཧཱ། ཞེས་བཟླ་བ་ནི་ཡང་རིག་བྱེད་མ་ཕྱག་དྲུག་མའི་སྒྲུབ་ཐབས་སོ།། ༈ །།


CMR022_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ངང་ལས་སྲུང་འཁོར་གྱི་དབུས་སུ། གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར། ཉི་མ་ལ་ཧྲིལས་རིག་བྱེད་མ་ཕྱག་བརྒྱད་མ། ཕྱག་དང་པོ་གཉིས་ཀྱིས་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་མཛད་པ། ཕྱོགས་འོག་མ་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པ། ཐ་ལྟག་གཉིས་ཀྱིས་མདའ་གཞུ་འགེངས་པ། ཐ་མ་གཉིས་ཀྱིས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་ཨུཏྤལ་འཛིན་པ། འདབ་མ་བརྒྱད་ལ་ཤར་དུ་དང་བའི་སྒྲོལ་མ། ལྷོར་རྫོགས་པའི་སྒྲོལ་མ། ནུབ་ཏུ་རྒྱལ་བའི་སྒྲོལ་མ། བྱང་དུ་སྣང་བའི་སྒྲོལ་མ། བྱང་ཤར་དུ་ཙུན། ཤར་ལྷོར་གཞན་གྱིས་མི་ཐུབ་ལྷོ་ནུབ་ཏུ་མར་མེ་སྒྲོལ་མ། ནུབ་བྱང་དུ་གོ་རི་སྒྲོལ་མ་རྣམས། ཕྱག་བཞིའི་དང་པོ་གཉིས་ཀྱིས་མདའ་གཞུ་འགེངས་པ། འོག་མ་གཉིས་ཀྱིས་མཆོག་སྦྱིན་དང་ཨུཏྤལ་འཛིན་པ། །གཙོ་འཁོར་ཐམས་ཅད་སྐུ་མདོག་དམར་པོ། ཞལ་གཉིས་རིགས་ལྔའི་དབུ་རྒྱན་དང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཤར་སྒོར་རྡོ་རྗེ་རོ་


CMR022_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་མ་དམར་པོ་གཡས་སྡིགས་མཛུབ། ལྷོ་སྒོར་གཞན་གྱིས་མི་ཐུབ་མ་སེར་མོ་གཡས་དབྱུག་པ། ནུབ་སྒོར་རལ་གཅིག་མ་ནག་མོ་གཡས་རྡོ་རྗེ། བྱང་སྐོར་རྡོ་རྗེ་གནྡྷ་རི་ལྗང་སེར་གཡས་ཁ་ཊཾ་ག །བཞི་ཀའང་ཞལ་གཅིག་ཕྱག་བཞི་གཡས་རང་མཚན་དང་ལྕགས་ཀྱུ་གཡོན་དྲིལ་བུ་དང་ཞགས་པ་ཁྲོ་མོའི་ཆ་ལུགས་ཅན་གཡས་བརྐྱང་གིས་བཞུགས་པ་རིགས་བདག་ནི་རིམ་བཞིན་དུ་མི་བསྐྱོད་པ། རིན་འབྱུང་། འོད་དཔག་མེད། དོན་གྲུབ་བོ། །སྔགས་ནི། ཨོཾ་ཀུ་རུ་ཀུལླེ་ཧཱུཾ་གྷིསྭཱ་ཧཱ། ཞེས་བཟླ་བ་ནི་ཀུ་རུ་ཀུལླེའི་སྒྲུབ་ཐབས་པཎྜི་ཏ་བྷུ་དྷིས་མཛད་པའོ།། ༈ །།སྟོང་པའི་ངང་ལས་པདྨ་དམར་པོའི་སྟེང་དུ་ཧཱུྃ་དང་སྣ་ཚོགས་རྡོ་རྗེ་ལས་འཕྲོས་པའི་སྲུང་འཁོར་གྱི་ནང་དུ། ཨེ་ལས་ཆོས་འབྱུང་གི་དབུས་སུ་ཧཱུྃལས་པདྨ་དཀར་པོ་འདབ་མ་བརྒྱད་པ། ཉི་མའི་སྟེང་དུ་ཨ་ལས་ཟླ་བ་དང་ཉི་ཟླ་ཁ་སྦྱོར་བའི་བར་དུ་ཧཱུས་མཚན་པ། དེ་རྣམས་ཡོངས་སུ་གྱུར་པ་ལས་རིག་བྱེད་མ་སྐུ་མདོག་དཀར་མོ་ཞལ་གཅིག་དབུ་སྐྲ་དམར་པོ་གྱེན་དུ་བརྗེས་པ་ལ་ཐོད་པ་སྐམ་པོ་ལྔས་བརྒྱན་པ། ཕྱག་དྲུག་གི་དང་པོ་གཉིས་ཀྱིས་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་མཛད་ཅིང་། འོག་མ་གཉིས་


CMR022_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཀུནྡ་དཀར་པོའི་དོག་པ་དང་མི་འཇིགས་པ་སྦྱིན་པ། ཐ་མ་གཉིས་ཀྱིས་བགྲང་ཕྲེང་དང་སྤྱི་བླུགས་འཛིན་པ། ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན་ན་བཟའ་དཀར་པོ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བྱ་ཁྱུང་གི་གདན་ལ་སྐྱིལ་ཀྲུང་གིས་བཞུགས་པ་ཟླ་བའི་རྒྱབ་ཡོལ་ཅན་དུ་བསམས་ནས། ཨོཾ་ཀྵ་ཀུ་རུ་ཀུལླེ་ཧི༔ ན་མོ་བོ་ཥ་ཊ་སྭཱ་ཧཱ། ཞེས་བཟླ་བ་ནི། རིག་བྱེད་མའི་སྒྲུབ་ཐབས་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ནས་འབྱུང་བ་ནག་པོ་སྤྱོད་པས་མཛད་པའོ།། ༈ །།སྟོང་པའི་ངང་ལས་འོ་མའི་རྒྱ་མཚོའི་དབུས་སུ་པད་ཟླའི་སྟེང་དུ་ཧཱུྃལས་ཨུཏྤལ་ཧཱིས་མཚན་པ་ལས་རིག་བྱེད་མ་སྐུ་མདོག་དཀར་མོ་ཞལ་གཅིག་སྤྱན་གསུམ། ཕྱག་གཉིས་ཨུཏྤ་ལའི་བགྲང་ཕྲེང་དང་། གཡོན་པས་བདུད་རྩིའི་བུམ་པ་འཛིན་པ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ལྷའི་རྒྱན་དང་ན་བཟས་སྤྲས་ཤིང་མཐའ་ཡས་ནག་པོའི་དབུ་སྐྲ་བཅིངས་པ། ནོར་རྒྱས་དཀར་པོའི་དོ་ཤལ་བྱས་པ། འཇོག་པོ་དམར་པོའི་རྣ་རྒྱན། །སྟོབས་རྒྱུ་ལྗང་གུས་མཆོད་ཕྱིར་ཐོགས། པདྨ་དཀར་པོའི་དོ་ཤལ། པདྨ་དཀར་པོ་ཁྲ་བོའི་རྐང་གདུབ། དུང་སྐྱོང་སེར་པོའི་ལག་གདུབ། རིགས་ལྡན་དུད་ཁས་དཔུང་རྒྱན་


CMR022_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པར་བསམས་ལ། དབུ་རྒྱན་ནི་འོད་དཔག་མེད། ལྟེ་བར་པད་ཟླའི་སྟེང་དུ་ཧཱུྃལས་ཨཱཿ་ལི་ཀཱ་ལིས་བསྐོར་བར་བསམས་ནས། སྔགས་ནི། ཨོཾ་ཀུ་རུ་ཀུལླེ་བཱིཤ་ད་ཤ་ད། ཤ་ཁ་དི་ནི་སྭཱ་ཧཱ། ཨོཾ་ཀུ་རུ་ཀུལླེ་སྭཱ་ཧཱ། བཟླ་བ་ནི་ཀུ་རུ་ཀུལླེ་དཀར་མོའི་སྒྲུབ་ཐབས་སོ།། ༈ །།ཡང་ཁ་ན་ལ་བ་ད་མ་ད་ཝ་ཝི་དེ་བི་ལྟར་ཅེས་འབྱུང་ངོ་། ༈ །སོ་སོ་འབྲང་མ་སོགས་ལྷ་མོ་རྣམས་ཀྱི་སྒྲུབ་ཐབས་བཞུགས་སོ། །སྟོང་པའི་ངང་ལས་ཨ་ལས་ཟླ་བའི་སྟེང་དུ་པཾ་སེར་པོ་ལས་སོ་སོ་འབྲང་མ་སེར་མོ་གཡས་སྐོར་གྱིས་རྩ་ཞལ་སེར། གཡས་དཀར། རྒྱབ་ནག་།གཡོན་དམར་བའི་ཞལ་བཞི་དང་ལྡན་པ། སྤྱན་གསུམ་པ། ཕྱག་བརྒྱད་ཀྱི་གཡས་བཞི་ན་རལ་གྲི། འཁོར་ལོ། རྩེ་གསུམ། མདའ། གཡོན་བཞི་ན་དགྲ་སྟ། གཞུ། ཞོགས་པ། རྡོ་རྗེ་འཛིན་པ། པད་ཟླ་ལ་རོལ་པའི་སྟབས་ཀྱིས་བཞུགས་པ། ཉི་མའི་རྒྱབ་ཡོལ་ཅན་སྣ་ཚོགས་པའི་ན་བཟའ་དང་རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པ། གནས་གསུམ་དུ་ཡི་གེ་གསུམ། །ནུ་མའི་བར་དུ་པཾ་སེར་པོ་བསམས་ལ། ཨོཾ་མ་ཎི་དྷ་རི་བདྲི་ཎཱི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཞེས་བཟླ་བ་ནི། སོ་སོར་འབྲང་མ་ཆེན་མོའི་སྒྲུབ་ཐབས་སོ།། ༈ །།ཡང་ཆོ་ག་གཞན་བཤད་མ་ཐག་པ་བཞིན་


CMR022_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ལ། གཡོན་བཞི་ན་ཞགས་པ། དགྲ་སྟ། གཞུ། རྡོ་རྗེ་འཛིན་པར་བསམ་སྟེ། མི་བསྐྱོད་པས་དབུ་བརྒྱན་ཏེ་སྭཱ་ཧཱ། དང་བཅས་པའི་སྔགས་བཟླ་བ་ནི་སོ་སོར་འབྲང་མའི་སྒྲུབ་ཐབས་སོ།། ༈ །།ཡང་ཆོ་ག་གཞན་རྣམས་བཤད་མ་ཐག་པ་བཞིན་ལ། སོ་སོར་འབྲང་མ་སེར་དཀར་དམར་བའི་ཞལ་གསུམ། ཕྱག་བརྒྱད་ཀྱིས་གཡས་བཞི་ན་རལ་གྲི། འཁོར་ལོ། །མདའ། རྩེ་གསུམ། གཡོན་བཞི་ན་དགྲ་སྟ། ཞགས་པ། རྡོ་རྗེ། གཞུ་འཛིན་པར་བསམས་ནས། སྔགས་བཟླ་བ་ནི། སོ་སོར་འབྲང་མའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་༈ ངང་ལས་པད་ཟླ་ལ་ཡཱཾ་ཡིག་ལྗང་གུ་ལས་རྨ་བྱ་ཆེན་མོ་ལྗང་ནག་དཀར་བའི་ཞལ་གསུམ་སྤྱན་གསུམ་པ། ཕྱག་དྲུག་གི་གཡས་གསུམ་རྨ་བྱའི་མཇུག་སྒོ། མདའ། མཆོག་སྦྱིན། །གཡོན་གསུམ་ན་རིན་པོ་ཆེའི་ཆུན་པོ། གཞུ། བུམ་པ་པང་དུ་འཛིན་པའོ། །སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་རྒྱན་སྣ་ཚོགས་པས་བརྒྱན་པ། སྒེག་པའི་ཉམས་ཅན། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ། སྙིང་གར་ཨཾ། ལྟེ་བར་ཧཱུྃ་བསམ་ལ། དབུ་རྒྱན་ནི་དོན་ཡོད་གྲུབ་པའོ། །སྔགས་ནི། ཨོཾ་མ་ཧཱ་མཱ་ཡུ་རི་་བིདྱ་རཱཛཱི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླ་བ་ནི་རྨ་བྱ་ཆེན་


CMR022_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པད་ཟླ་ལ་ཧཱུཾ་ལས་སྟོང་ཆེན་རབ་འཇོམས་དཀར་མོ་ཞལ་གཅིག །ཕྱག་དྲུག་གི་གཡས་གསུམ་ན་རལ་གྲི། མདའ། མཆོག་སྦྱིན། གཡོན་གསུམ་ན་ཞགས་པ། གཞུ། དགྲ་སྟ། རོལ་པའི་སྟབས་ཀྱིས་བཞུགས་པ་སྣ་ཚོགས་པའི་རྒྱན་དང་ལང་ཚོ་དར་ལ་བཞུགས་པའོ། །དབུ་རྒྱན་ནི་རྣམ་སྣང་། སྔགས་ནི། ཨོཾ་ཨ་མྲྀ་ཏ་བ་རེ་ཝ་ར་བ་ར་པྲ་ཝ་ར་བི་ཤུདྡྷེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླ་བ་ནི་སྟོང་ཆེན་རབ་འཇོམས་ཀྱི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པད་ཉི་ལ་ཧཱུྃ་ལས་གསང་སྔགས་རྗེས་འཛིན་སྐུ་མདོག་ནག་མོ་ཞལ་གཅིག །ཕྱག་བཞིའི་གཡས་གཉིས་ན་རྡོ་རྗེ་དང་མཆོག་སྦྱིན། གཡོན་གཉིས་ན་དགྲ་སྟ་དང་ཞགས་པ་འཛིན་པ་རོལ་པའི་སྟབས་ཀྱིས་བཞུགས་པའོ། །དབུ་རྒྱན་འོད་དཔག་མེད། སྔགས་ནི། ཨོཾ་བི་མཱ་ལེ་བི་པུ་ལེ་ཛ་ཡ་བ་རེ་ཨ་མྲྀ་ཏེ་བི་ར་ཛ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླ་བ་ནི་གསང་སྔགས་འཛིན་མའི་སྒྲུབ་ཐབས་སོ།། །། ༈ །།སྟོང་པའི་ངང་ལས་ཛ་ལས་བསིལ་བའི་ཚལ་ཆེན་མོ་དམར་མོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ན་བགྲང་ཕྲེང་དང་མཆོག་སྦྱིན། གཡོན་གཉིས་ན་ལྕགས་ཀྱུ་དང་ཐུགས་


CMR022_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་པོ་ཏི་སྣ་ཚོགས་པའི་རྒྱན་དང་ལྡན་ཞིང་སྐྱིལ་ཀྲུང་ཕྱེད་པས་བཞུགས་པའོ། །དབུ་རྒྱན་ནི་འོད་དཔག་མེད། སྔགས་ནི། ཨོཾ་བྷ་ར་བྷ་ར་སམྦྷ་ར་སམྦྷ་ར་ཨིནྡྲ་ཡ་བ་ལ་བི་ཤོ་དྷ་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླ་བ་ནི་བསིལ་བའི་ཚལ་གྱི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པདྨ་དང་ཟླ་བའི་དབུས་སུ་པཾ་ལས་སོ་སོར་འབྲང་མ་ཆེན་མོ་སེར་ནག་དཀར་བའི་ཞལ་གསུམ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་བཅུའི་གཡས་ལྔ་ན་རལ་གྲི། རྡོ་རྗེ། མདའ། མཆོག་སྦྱིན་ཡུ་བ་ཐུགས་ཀར་གནས་པའི་གདུགས། གཡོན་ལྔ་ན་གཞུ། རྒྱལ་མཚན། རིན་པོ་ཆེའི་ཆུན་པོ། དགྲ་སྟ། དུང་འཛིན་པ། སྟོད་གཡོགས་སྨད་གཡོགས་དམར་པོ་དང་ཟླ་བའི་གདན་ལ་སྐྱིལ་ཀྲུང་ཕྱེད་པས་འགྱིངས་ཤིང་བཞུགས་པ། ཤར་དུ་ཧཱུཾ་ལས་སྟོང་ཆེན་རབ་འཇོམས་དམར་མོ་ཞལ་གཅིག་ཕྱག་དྲུག་གི་གཡས་གསུམ་ན་རལ་གྲི། མདའ། མཆོག་སྦྱིན། གཡོན་གསུམ་ན་ཞགས་པ། །གཞུ། དགྲ་སྟ་འཛིན་པཾ་ཟླ་བ་ལ་བཞུགས་པ། ལྷོར་ཨཾ་ལས་རྨ་བྱ་ཆེན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྨ་བྱའི་མདོངས་དང་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ་ཟླ་བ་ལ་ཕྱེད་པའི་སྐྱིལ་


CMR022_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲུང་གིས་བཞུགས་པ། ནུབ་ཏུ་ཧཱུྃ་ལས་གསང་སྔགས་རྗེས་འཛིན་ནག་མོ། བྱང་དུ་ཛཾ་ལས་བསིལ་བའི་ཚལ་ཆེན་མོ་དམར་མོ། གཉིས་ཀའང་ཕྱག་བཞིའི་གཡས་གཉིས་ན་རལ་གྲི་དང་མཆོག་སྦྱིན། གཡོན་གཉིས་ན་དགྲ་སྟ་དང་ཞགས་པ་འཛིན་པ། ཉི་མ་ལ་རོལ་པའི་སྟབས་ཀྱིས་བཞུགས་པ། བཞི་ཀའང་ལྷའི་གོས་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་དབུ་རྒྱན་ནི་རིམ་པ་བཞིན་རིན་འབྱུང་རྣམ་སྣང་དོན་གྲུབ་འོད་དཔག་མེད། སྔགས་ནི། ༀ་ཨ་མྲྀ་ཏ་ས་རེ་པཾ་ཧཱུཾ། ཨོཾ་མ་ཧཱ་ས་ཧ་སྲ་པྲ་མར་དྷ་ནི་ཧཱུཾ་ཕཊ། ཨོཾ་ཨཱཿམ་ཧཱ་མ་ཡུ་རི་མཾ་ཧཱུཾ། ཨོཾ་ཨཱཿམ་ཧཱ་མན་ཨ་ནུ་ཏ་རི་ཧཱུྃ་ཕཊ། ཨོཾ་ཨཱཿཿམ་ཧཱ་ཤྲཱི་ཏ་བ་རི་ཛ་ཧཱུྃ། ཞེས་བཟླ་བ་ནི་ལྷ་མོ་ལྔའི་སྒྲུབ་ཐབས་མདོར་བསྡུས་པ་བསྟན་པའོ།། ༈ །།སྟོང་པའི་ངང་ལས་སྣ་ཚོགས་རྡོ་རྗེ་ལས་འཕྲོས་པའི་སྲུང་འཁོར་གྱི་ནང་གི་དབུས་སུ་པཾ་ལས་རི་རབ་གཞལ་ཡས་ཁང་གི་རང་བཞིན་ཅན་དེའི་སྟེང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་པད་ཟླ་ལ་པྲ་དཀར་པོ་ལས་སོ་སོར་འབྲང་མ་ཆེན་མོ་སྐུ་མདོག་དཀར་མོ། གཡས་སྐོར་གྱིས་དཀར་ནག་སེར་དམར་བའི་ཞལ་བཞི་དང་ལྡན་པ། སྤྱན་གསུམ་པ། སྤྱི་བོར་ཟླ་བ་ལ་གནས་པའི་མཆོད་རྟེན་གྱིས་སྤྲས་པ། ཕྱག་བརྒྱད་


CMR022_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གཡས་བཞི་ན་འཁོར་ལོ། རྡོ་རྗེ། མདའ། རལ་གྲི། གཡོན་བཞི་ན་ཞགས་པ། རྩེ་གསུམ། གཞུ། དགྲ་སྣ་འཛིན་པ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན་ཉི་མའི་དཀྱིལ་འཁོར་ལ་གཡས་བརྐྱང་གིས་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་བྱང་ཆུབ་ཀྱི་ཤིང་ལ་རྒྱབ་རྟེན་པའོ། །ཤར་དུ་པདྨ་ལ་ཧཱུྃ་ལས་སྟོང་ཆེན་རབ་འཇོམས་སྐུ་མདོག་ནག་མོ། ནག་དཀར་སེར་ལྗང་བའི་ཞལ་བཞི་སྤྱན་གསུམ་པ་ཁྲོ་གཉེར་སྡུད་ཅིང་མཆེ་བ་གཙིགས་པ། སྐྲ་ཁམ་པ་གྱེན་དུ་བརྫེས་པ། ཐོད་པས་བརྒྱན་པ། ཕྱག་གཡས་བཞི་ན་རྡོ་རྗེ་དང་བཅས་པའི་མཆོག་སྦྱིན། ལྕགས་ཀྱུ། མདའ། རལ་གྲི། གཡོན་བཞི་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ། དགྲ་སྟ། གཞུ། རིན་ཆེན་ཆ་དྲུག་དང་བཅས་པའི་པདྨས་མཚན་པ། དྲག་པོའི་ཆ་ལུགས་ཅན་ཉི་མ་ལ་རོལ་པའི་སྟབས་ཀྱིས་བཞུགས་པ་ནྱ་གྲོ་ཏའི་ཤིང་ལ་རྒྱབ་རྟེན་པའོ། །ལྷོར་པདྨ་ལ་ཚྭ་ལས་རྨ་བྱ་ཆེན་མོ་སེར་མོ། །སེར་ནག་དམར་བའི་ཞལ་གསུམ་སྤྱན་གསུམ་དང་ལྡན་པ། ཕྱག་བརྒྱད་ཀྱིས་གཡས་བཞི་ན་མཆོག་སྦྱིན། རིན་པོ་ཆེའི་བུམ་པ། འཁོར་ལོ། རལ་གྲི། གཡོན་བཞི་ན་ལྷུང་


CMR022_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བཟེད་དང་དགེ་སློང་། རྨ་བྱའི་མདོངས་དང་། སྣ་ཚོགས་རྡོ་རྗེ་དང་བཅས་པའི་བུམ་པ། རིན་པོ་ཆེའི་རྒྱལ་མཚན་འཛིན་པ་ཉི་མ་ལ་གཡས་བརྐྱང་གིས་རོལ་པས་བཞུགས་པ་མྱ་ངན་མེད་པའི་ཤིང་ལ་རྒྱབ་རྟེན་པའོ། །ནུབ་ཏུ་པདྨ་ལ་ཚྭ་ལས་གསང་སྔགས་རྗེས་འཛིན་སྐུ་མདོག་དཀར་མོ། དཀར་ནག་དམར་བའི་ཞལ་གསུམ་སྤྱན་གསུམ་པ་ཕྱག་བཅུ་གཉིས་ཀྱི་དང་པོ་གཉིས་ན་ཆོས་འཆད་ཀྱི་ཕྱག་རྒྱ། འོག་མ་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ། གསུམ་པ་གཉིས་མཆོག་སྦྱིན་དང་སྡིགས་མཛུབ་དང་བཅས་པའི་ཞགས་པ། བཞི་པ་གཉིས་ན་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་དང་མདའ། ལྔ་པ་གཉིས་ན་རྡོ་རྗེ་དང་རིན་པོ་ཆེའི་དོག་པ། དྲུག་པ་གཉིས་ན་མདའ་དང་པདྨ་ཉི་མ་ལ་གཡས་བརྐྱང་གིས་རོལ་པར་བཞུགས་པ། ཤ་རཱི་པ་ཤའི་ཤིང་ལ་རྒྱབ་རྟེན་པའོ། །བྱང་དུ་པདྨ་ལ་ཧཱུྃ་ཡིག་ལས་བསིལ་བའི་ཚལ་ཆེན་མོ་ལྗང་གུ། ལྗང་དཀར་དམར་བའི་ཞལ་གསུམ་སྤྱན་གསུམ་པ། ཕྱག་དྲུག་གི་གཡས་གསུམ་ན་མི་འཇིགས་པ་སྦྱིན་པ་རྡོ་རྗེ་མདའ། གཡོན་གསུམ་ན་ཞགས་པ་དང་བཅས་པའི་སྡིགས་མཛུབ་གཞུ་རིན་པོ་ཆེའི་བརྒྱན་པ་འཛིན་པ། ཉི་མ་ལ་གཡས་བརྐྱང་གིས་བཞུགས་


CMR022_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཙམ་པ་ཀའི་ཤིང་ལ་རྒྱབ་བརྟེན་པ་ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་པས་བརྒྱན་པ། དེ་རྣམས་ཀྱི་མིག་ཏུ་གཏི་མུག་རྡོ་རྗེ་མ་སོ་སོར་འབྲང་མ། རྣ་བར་ཞེ་སྡང་རྡོ་རྗེ་མ་སྟོང་ཆེན་རབ་འཇོམས་མ། སྣར་སེར་སྣ་རྡོ་རྗེ་མ་རྨ་བྱ་ཆེན་མོ། ཁ་ལ་འདོད་ཆགས་རྡོ་རྗེ་མ་གསང་སྔགས་རྗེས་འཛིན་མ། དཔྲལ་བར་ཕྲག་དོག་རྡོ་རྗེ་མ་བསིལ་བའི་ཚལ་བསམས་ནས། ཨོཾ་མ་ཎི་དྷ་རི་བདྲི་ཎཱི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཨ་མྲྀ་ཏ་བ་རེ་ཝ་ར་བ་ར་པྲ་ཝ་ར་བི་ཤུདྡྷེཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཨ་མི་ཏ་བི་ལོ་ཀི་ནི་གརྒྱུ་སཾ་རཀྟ་ཎི་ཨ་ཀརྨ་ཎི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་བི་མཱ་ལེ་བི་པུ་ལེ་ཛ་ཡ་ཝ་རེ་ཨ་མྲྀ་ཏེ་བི་ར་ཛ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་བྷ་ར་བྷ་ར་སམྦྷ་ར་སམྦྷ་ར་ཨིནྡྲ་ཡ་བ་ལ་བི་ཤོ་དྷ་ནི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླ་བ་ནི་སྲུང་བ་ལྔའི་ཆོ་གའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པད་ཉི་ལ་ཧཱུྃ་ལ་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་རྡོ་རྗེ་ཙཱརྩི་ཀཱ་ཞལ་གཅིག་སྤྱན་གསུམ་པ་གླུ་སྐྲ་གྲོལ་བ་མཆེ་བ་གཙིགས་པ། ཕྱག་དྲུག་གི་གཡས་གསུམ་ན་རྡོ་རྗེ། རལ་གྲི། འཁོར་ལོ། གཡོན་གསུམ་ན་ཐོད་པ། ནོར་བུ། པདྨས་མཚན་པ་རུས་པའི་རྒྱན་ལྔ་མི་


CMR022_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མགོའི་ཕྲེང་བས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་རོའི་སྟེང་ན་བཞུགས་པར་བསམ་ལ། དབུ་རྒྱན་ནི་མི་བསྐྱོད་པའོ། །སྔགས་ནི། ཨོཾ་བཛྲ་ཙཱརྩི་ཀཱ་ཧཱུྃ་སྭཱ་ཧཱ། ཞེས་བཟླ་བ་ནི་རྡོ་རྗེ་ཙརྩི་ཀཱའི་སྒྲུབ་ཐབས་ཏེ་འདི་ལ་ལས་ཀྱི་དབྱེ་བས་སྐུ་མདོག་དཀར་སེར་དམར་ལྗང་བཞི་ལས་ཕྱེ་བའོ།། ༈ །།སྟོང་པའི་ངང་ལས་པད་ཉི་ལ་རྡོ་རྗེ་གནྡྷ་རི་ནག་མོ་གཡས་སྐོར་གྱིས་ནག་དཀར་སེར་དམར་ལྗང་སྔོ་བའི་ཞལ་དྲུག་སྤྱན་གསུམ་མཆེ་བ་གཙིགས་པ་སྐྲ་ཁམ་པ་གྱེན་དུ་བརྗེས་པ། ཕྱག་བཅུ་གཉིས་ཀྱི་གཡས་དྲུག་ན་རྡོ་རྗེ། དྲིལ་བུ། རལ་གྲི། རྩེ་གསུམ། མདའ། རྫ་མཁན་གྱི་འཁོར་ལོ། གཡོན་དྲུག་ན་ཁཊཾ་ག །ལྕགས་ཀྱུ། གཞུ། དགྲ་སྟ། ཞགས་པ། སྡིགས་མཛུབ་མཛད་པ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པར་བསམས་ནས། སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པཱ་ཏ་ཡེ། ན་མོ་བྷ་ག་ཝ་ཏེ། མ་ཧཱ་བཛྲ་གནྡྷ་རི། ཨ་ནེ་ཀ་ཤ་ཏེ། ས་ཧ་སྲ། པྲ་ཛྭ་ལི་ཏི། དེཥ་ཡ་ཛ་ཡེ། ཨུ་གྲ་བྷ་མ་བྷ་ཡ་ན། ཀཱ་ཡེ་ཡོ་གི་ནི་ཡེ་བྷི་ཤ་མ་བྷ་གཱི་ཎི་ཡེ་དྷ་ད་ཤ་ཧུ་ཛ་ཡེ། བྷི་ཀིཎི་ཀོ་ཤི་ཡེ། ཨ་ནེ་ཀ་རུ། །


CMR022_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ས་བི་བི་དྷ་བེ་ཤ་དྷ་རི་ནི་ཡེ། ཨེ་ཧྱ་ཧི་བྷ་ག་ཝ་ཏི་མ་ཧཱ་བཛྲ་གནྡྷ་རི་ཏྲ་ཡ་ནི། རཏྣ་ནཾ་པ་ཏྲེ་ན་ཨ་ཀ་ཏཱི་བ་ལ་དེ་ན་དྷི་ཀཾ་ཡེ། བྷ་ཀཎི་ཀོ་ཤི་ཡེ། ཨ་ནེ་ཙཱ་བྱ་ས་མ་ཡོ་ན་ཏིཥྛ་ལྷན་ཏི་ཏཱ་ན་བརྟ་ཡི་ཌོ་མི། ཤི་བྷཾ་གྲིཉྩ་གྲི། ཨོཾ་ཨཱཿལ་ཨ་ལ། ཧུ་ལུ་ཧུ་ལུ། མུ་ལུ་མུ་ལུ། ཙུ་ལུ་ཙུ་ལུ། དྷ་མ་དྷ་མ། ཏཾ་ག་ཏཾ་ག །ཏཾ་ག་པ་ཡ་ཏཾ་ག་པ་ཀ་ཡ། སུ་ར་ཡ་སུ་ར་ཡ། ཨ་བྷི་ཤ་ཨ་བྷི་ཤ། ཨ་བྷ་ག་ཝ་ཏི་མ་ཧཱ་བཛྲ་གན་རི་སིདྡྷི་ཙཎྜ་བཛྲ་པཱ་ཎི་ར་ཛ་པཱ་ཡ་ཏྲི་ཧྲིདྷ་ཧཱ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བཟླ་བ་ནི་རྡོ་རྗེ་གནྡྷ་རིའི་སྒྲུབ་ཐབས་སོ།། ༈ །།ཡང་ལྷ་གོང་བཞིན་བྷེ་ནས། ཨོཾ་ཧཱུྃ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཞེས་བཟླ་བ་ནི་རྡོ་རྗེ་གནྡྷ་རིའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པད་ཉི་ལ་ཧཱུྃ་ཡིག་ལྗང་སེར་ལས་རྡོ་རྗེ་ལྕགས་སྒྲོག་མ་སྐུ་མདོག་དང་རྩ་ཞལ་ལྗང་སེར་ཅུང་ཟད་བཞད་པ་གཡས་ཞལ་སེར་སྐྱ་ལ་སྤྱན་སེར་སྐྱ་གཡོན་ཞལ་དམར་པོ་ཁྲོ་གཉེར་དང་མཆེ་བ་གཙིགས་པ། སྐྲ་སེར་སྐྱ་གྱེན་དུ་བརྗེས་པ་ཕྱག་བརྒྱད་ཀྱི་གཡས་བཞི་ན་མི་འཇིགས་པ་སྦྱིན་པ། རྡོ་རྗེ། ལྕགས་སྒྲོག །མདའ། གཡོན་བཞི་ན་ཁྲག་གིས་གང་བའི་ཐོད་པ། སྡིགས་མཛུབ། ཞགས་པ། གཞུ་འཛིན་པ་བྱི་བའི་


CMR022_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

པགས་པས་སྟོད་གཡོགས་ཅན་རོལ་པའི་སྟབས་སུ་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམས་ནས། དབུ་རྒྱན་ནི་དོན་ཡོད་གྲུབ་པའོ། །སྔགས་ནི། ཨོཾ་བཛྲ་ཤྲཱི་ཁ་ལེ་ཧཱུཾ་ཕཊ་སྭ་ཧཱ། །ཞེས་བཟླ་བ་ནི་མན་ངག་གི་རིམ་པ་རྡོ་རྗེ་ལྕགས་སྒྲོག་མའི་སྒྲུབ་ཐབས་སོ།། ༈ །།ཆོ་ག་གཞན་རྣམས་གོང་བཞིན་ལ་སྐུ་མདོག་ལྗང་གུ་བསྒོམས་ནས་སྔགས་བཟླ་བ་ནི། རྡོ་རྗེ་ལྕགས་སྒྲོག་མའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་སྙིང་གར་ཟླ་བ་ལ་ཧཱུྃ་ལྗང་གུ་ལས་རྡོ་རྗེ་ལྕགས་སྒྲོག་མ་ལྗང་སེར། ལྗང་སྔོ་དཀར་བའི་ཞལ་གསུམ་ཅུང་ཟད་བཞད་པ་སྤྱན་གསུམ་པ། ཨོཾ་བཛྲ་ཤྲཱི་ཁ་ལེ་ཧཱུཾ་ཕཊ་སྭཱ་ཧཱ་ཕྱག་དྲུག་པ་གཡས་གསུམ་ན་རྡོ་རྗེ། ལྕགས་སྒྲོག །མདའ། གཡོན་གསུམ་ན་སྡིགས་མཛུབ། ཞགས་པ། གཞུ་འཛིན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམས་ནས། སྔགས་བཟླ་བ་ནི་རྡོ་རྗེ་ལྕགས་སྒྲོག་མའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པད་ཉི་ལ་ཧཱུྃ་ལས་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་སྐུ་མདོག་ནག་མོ། ནག་དམར་ལྗང་བའི་ཞལ་གསུམ་མཆེ་བ་གཙིགས་པ་སྤྱན་གསུམ་པ། སྐྲ་ཁམ་ནག་གྱེན་དུ་བརྗེས་པ་ལ་ཐོད་པ་ལྔས་དབུ་ལ་རྒྱན་པ། ཕྱག་བཞིའི་གཡས་གཉིས་ན་རལ་གྲི་དང་ཞགས་པ། གཡོན་


CMR022_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ན་རྡོ་རྗེའི་མཚན་པའི་ཁཊཾ་ག་དང་འཁོར་ལོ་འཛིན་པ། ཤ་འགག་སེར་པོ་དང་སྟག་ཤམ་ཅན། གཡོན་བརྐྱང་གིས་བཞུགས་པའོ། །དབུ་རྒྱན་ནི་མི་བསྐྱོད་པའོ། །སྔགས་ནི། ཨོཾ་ཧཱུྃ་སྭཱ་ཧཱ། ཨོཾ་དྷ་ཛ་ཨ་གྲ་ཀེ་ཡཱུ་ར་ཧཱུྃ་ཕཊ༔ ཅེས་བཟླ་བ་ནི། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་དྷ་སེར་པོ་ལས་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་སེར་མོ་ཞལ་བཞིའི་གཡས་དཀར་གཡོན་དམར་སྟེང་ཞལ་དུད་ཁ། སྤྱན་གསུམ་པ་རལ་པ་དམར་སེར་ལ་ཐོད་སྐམ་ལྔས་བརྒྱན་པ། ཕྱག་བཞིའི་གཡས་གཉིས་ན་རལ་གྲི་འཁོར་ལོ། གཡོན་གཉིས་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ་ནག་པོ་རྡོ་རྗེས་མཚན་པའི་གཏུན་ཤིང་དཀར་པོ་འཛིན་པ། གྲུ་མོ་ན་ཁཊཱྃ་ག་ཡོད་པ་ཉི་མ་ལ་གཡོན་བརྐྱང་གིས་བཞུགས་པ། དབུ་རྒྱན་ནི་མི་བསྐྱོད་པའོ། །སྔགས་ནི། ཨོཾ་བྷ་ག་ཝ་ཏི་དྷ་ཛ་ཨ་གྲ་ཀེ་ཡཱུ་རེ་ས་ར་ཡེ་བྱ་བི་དྷྭཾ་ས་ན་ཀ་རི་པཱ་བྱ་པི་ས་རི་ས་ལ་ནི། ཨུ་ལ་ཁ་མུ་ཁི་ཁ་ཁ་ཁཱ་ཧི་ཁཱ་ཧི། ས་ར་སྱ་བྱི་ཨ་ནན་ཏ་ཨུ་ལུ་ཁེ་ཨ་ནན་བྷཾ་ཛེ་ན། པྲ་ཧ་ར་པྲ་ཧ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སྙིང་པོའོ། །ཨོཾ་སརྦ་གྲ་ཧ་ནཀྵ་ཏྲ་དྷེ་མཱི་ཀ་ར་ཎ་སྭཱ་ཧཱ། ཉེ་


CMR022_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྙིང་པོའི་སྔགས་སོ། །རྒྱལ་མཚན་རྩེ་མོའི་སྒྲུབ་ཐབས་ཆོས་འབྱུང་བློ་གྲོས་ཀྱིས་མཛད་པའོ།། ༈ །།སྟོང་པའི་ངང་ལས་པད་ཉི་ལ་ཧཱུྃ་ལས་ཕྱིར་བཟློག་ཆེན་པོ་སྐུ་མདོག་ནག་མོ་ཞལ་གཅིག །ཕྱག་དྲུག་གི་གཡས་གསུམ་ན་རལ་གྲི། ལྕགས་ཀྱུ། མཆོག་སྦྱིན། གཡོན་གསུམ་ན་པདྨ་དམར་པོ། རྩེ་གསུམ། ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་འཛིན་པ། ལང་ཚོ་དར་ལ་བབ་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡོན་བརྐྱང་གིས་བཞུགས་པ། དབུ་རྒྱན་ནི་མི་བསྐྱོད་པའོ། །སྔགས་ནི། ཨོཾ་མ་ཧཱ་པྲ་ཏྱཾ་གི་ར་ཧཱུཾ་ཕཊ། བཤད་མ་ཐག་པའི་སྔགས་བཟླ་བ་ནི། ཕྱིར་བཟློག་ཆེན་མོའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་རང་གི་སྙིང་གར་ཟླ་བ་ལ་ཨོཾ་ཡིག་དཀར་པོ་ལས་གཞན་གྱིས་མི་ཐུབ་པ་གདུགས་དཀར་མོ་ཅན་དཀར་སྔོ་དམར་བའི་ཞལ་གསུམ་སྤྱན་གསུམ་མ། ཕྱག་དྲུག་གི་གཡས་གསུམ་ན་འཁོར་ལོ། མདལ། ལྕགས་ཀྱུ། གཡོན་གསུམ་ན་རྡོ་རྗེ་དཀར་པོ། གཞུ། ཞགས་པ་དང་བཅས་པའི་སྡིགས་མཛུབ། ལྷའི་ན་བཟའ་དང་རྒྱན་གྱིས་བརྒྱན་པ་ཁྲོ་མོའི་ལྟ་བས་གདོན་ཐམས་ཅད་ཚར་གཅོད་པ། དབུ་རྒྱན་ནི་རྣམ་སྣང་། སྔགས་ནི། ཨོཾ་སཱི་ཏ་ཏ་པ་ཏྲེ་ཨ་པ་ར་ཛི་ཏེ་


CMR022_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་གྲ་ཧཱ་ན། ཏྲཱ་ས་ཡ་ཏྲཱ་ས་ཡ། ཧ་ན་ཧ་ན། ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ། ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླ་བ་ནི་གདུགས་དཀར་ཅན་གྱི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པད་ཟླ་ལ་ཨོཾ་ལས་གཞན་གྱིས་མི་ཐུབ་མ་སྐུ་མདོག་སེར་མོ་ཞལ་གཅིག་སྤྱན་གསུམ་པ་མཆེ་བ་གཙིགས་པ། ཕྱག་གཉིས་ཀྱི་གཡས་ཐལ་ལྕགས་བརྡེག་པའི་ཚུལ། གཡོན་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་མཛད་པ། ཨོཾ་ཨ་སྭཱ་ཧཱ། ཚོགས་ཀྱི་བདག་པོ་མནན་པ་རིན་པོ་ཆེའི་སྣ་ཚོགས་པས་བརྒྱན་པར་བསམས་ནས། གོང་གིས་སྔགས་བཟླ་བ་ནི་གཞན་གྱིས་མི་ཐུབ་མའི་སྒྲུབ་ཐབས་སོ།། ༈ །གཙུག་ཏོར་རྣམ་རྒྱལ་མའི་སྒྲུབ་ཐབས་བཞུགས་སོ། །སྟོང་པའི་ངང་ལས་སྙིང་གར་པཾ་ལས་སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ་ཧཱུཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་གཙུག་ཏོར་རྣམ་པར་རྒྱལ་མ། སྐུ་མདོག་དཀར་མོ་ཞལ་གསུམ་གྱི་གཡས་སེར་ཞིང་ཞི་བ། གཡོན་སྔོན་པོ་ཁྲོས་ཤིང་མཆེ་བས་མ་མཆུ་མནན་པ། ཞལ་རེ་རེ་ལའང་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་བརྒྱད་ཀྱིས་གཡས་བཞི་ན་སྣ་ཚོགས་རྡོ་རྗེ་དང་། པདྨ་ལ་བཞུགས་པའི་འོད་དཔག་མེད་དང་། མདའ་དང་། མཆོག་སྦྱིན་གྱི་ཕྱག་


CMR022_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཛད་པ། གཡོན་བཞི་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། གཞུ་དང་། མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་དང་། བུམ་པ་བཟང་པོ་འཛིན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་མཆོད་རྟེན་གྱི་ནང་ན་བཞུགས་པ། འོད་ཟེར་དཀར་པོའི་ཕྲེང་བ་ཅིན་གཡས་སུ་འཇིག་རྟེན་དབང་ཕྱུག་དཀར་པོ་གཡོན་པདྨ་དང་གཡས་པས་རྔ་ཡབ་བསྣམས་པ། གཡོན་ན་ཕྱག་ན་རྡོ་རྗེ་སྔོན་པོ། གཡོན་ཨུཏྤལ་ལ་གནས་པའི་རྡོ་རྗེ་དང་གཡས་པས་རྔ་ཡབ་འཛིན་པ། ཤར་དུ་མི་གཡོ་བ་རལ་གྲི་འཛིན་པ། ལྷོར་འདོད་པའི་རྒྱལ་པོ་ལྕགས་ཀྱུ་འཛིན་པ། ནུབ་ཏུ་དབྱུག་སྔོན་ཅན་དབྱུག་པ་འཛིན་པ། བྱང་དུ་སྟོབས་པོ་ཆེ་རྡོ་རྗེ་འཛིན་པ་བཞི་ཀའང་སྔོན་པོ་ཞལ་གཅིག་སྤྱན་གསུམ་པ་སྐུ་བརྗེས་པ་ཕྱག་གཉིས་ཀྱིས་གཡས་རང་མཚན་གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། པད་ཉི་ལ་གཡོན་བརྐྱང་གིས་བཞུགས་པ། སྟེང་གི་ཕྱོགས་སུ་གནས་གཙང་མའི་རིས་ཀྱི་ལྷའི་བུ་གཉིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་འཛིན་པ་བདུད་རྩིའི་རྒྱུན་འབེབས་བཞིན་པ། གཙོ་མོའི་སྤྱི་བོར་ཨོཾ། མགྲིན་པ་ཨཱཿ༔


CMR022_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཧཱུཾ། དཔྲལ་བར་ཧཱུྃ། ལྟེ་བར་ཧཱི༔ རྐང་པར་ཨཾ་ཨ་རིགས་བདག་གཙོ་མོ་ལ་རྣམ་སྣང་། སྤྱན་རས་གཟིགས་ལ་འོད་དཔག་མེད། ཕྱག་རྡོར་དང་ཁྲོ་བོ་བཞི་ལ་མི་བསྐྱོད་པ། ལྷའི་བུ་གཉིས་ལ་རིན་འབྱུང་ངོ་། །ཕྱག་རྒྱས་བཅིངས་ནས་གཟུངས་རིང་བཟླས། ཨོཾ་ཧཱུཾ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཨཱཿ་ཡུརྡ་དེ་སྭཱ་ཧཱ། ཨོཾ་ཨ་མི་ཏེ། ཨ་མི་ཏོད་ཝེ། ཨ་མི་ཏ་བི་ཀྲནྟེ། ཨ་ཏཱ་མི་ག་ཏྲེ། ཨ་མི་ཏ་ག་མི་ནི། ཨ་མི་ཏཱ་ཡུརྡ་དེ། ག་ག་ན་ཀཱིརྟི་ཀ་རེ་སརྦ་ཀླུ་ཤཀྵ་ཡཾ་ཀ་རེ་སྭཱ་ཧཱ། ཞེས་བཟླ་བ་ནི་གཙུག་ཏོར་རྣམ་རྒྱལ་མའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པད་ཟླ་ལ་ཨ་ལས་ཟླ་བའི་སྟེང་དུ་ཧཱུཾ་ལས་རྣམ་པར་རྒྱལ་མ་བཤད་མ་ཐག་པ་ལྟར་དུ་གཙོ་མོ་ལ་ཁྲོ་མོ་ནག་པོ་བཞི་བསྐྱེད་དེ་སྔགས་ཐུང་གཉིས་བཟླ་བ་ནི་རྣམ་པར་རྒྱལ་མའི་སྒྲུབ་ཐབས་སོ།། ༈ །།ཡང་བཤད་མ་ཐག་པའི་ཆོ་ག་གཙོ་རྐྱང་བསྒོམས་ནས། ཨོཾ་ཧཱུཾ་སྭ་ཧཱ། ཞེས་བཟླ་བ་ནི་རྣམ་པར་རྒྱལ་མའི་སྒྲུབ་ཐབས་སོ།། ༈ །།ནོར་རྒྱུན་མ་དང་ཛམྦྷ་ལ་རིགས་མང་པོའི་སྒྲུབ་ཐབས་བཞུགས་སོ།། ༈ སྟོང་པའི་ངང་ལས་བདག་ཉིད་ཛམྦྷ་ལར་བསམ་པའི། སྙིང་གར་ཟླ་བའི་དབུས་སུ་པཾ་ལས་ལྷ་མོ་ནོར་རྒྱུན་མ། དེའི་མདུན་དུ་དཔལ་གྱི་ནོར་ཞལ་མ། གཡས་སུ་ནོར་


CMR022_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་མ། རྒྱབ་ཏུ་དཔལ་གྱི་ནོར་ཞལ་མ། གཡོན་དུ་ནོར་གྱི་བློ་གྲོས་གཏེར་མ་གཙོ་འཁོར་ཐམས་ཅད་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་དང་། གཡོན་རིན་པོ་ཆེའི་ཕྲེང་བ་འཛིན་པ། ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་གཙོ་མོའི་རིགས་བདག་མི་བསྐྱོད་པའོ། །ཨོཾ་བ་སུ་དྷཱ་རི་ཎི་སྭཱ་ཧཱ། ཨོཾ་བ་སུ་ཎི་སྭཱ་ཧཱ། ཨོཾ་བ་སུ་ཤྲཱི་ཡེ་སྭཱ་ཧཱ། ཨོཾ་ཤི་བ་སུ་མུ་ཁི་སྭཱ་ཧཱ། ཨོཾ་བ་སུ་མ་ཏི་ཤྲཱི་ཡེ་སྭཱ་ཧཱ། ཞེས་བཟླ་བ་ནི་ནོར་རྒྱུན་མའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཟློཔད་ཟླ་ལ་བཻ་ཡིག་སེར་པོ་ལས་ནོར་རྒྱུན་མ་སེར་མོ་ཕྱག་གཡོན་ན་འབྲུའི་སྙེ་མ་དང་རིན་པོ་ཆེ་སྣ་ཚོགས་པའི་ཆར་འབེབས་བཞིན་པའི་བུམ་པ་འཛིན་པ། མཚན་ཉིད་གཞན་སྔར་བཤད་པ་ལྟ་བུའི་གཙོ་རྐྱང་བསྒོམས་ནས་རིན་འབྱུང་གིས་དབུ་བརྒྱན་པར་བསམས་ནས། ཨོཾ་བ་སུ་དྷ་རི་ཎི་ཀྵེ་ཏྲེ་སྭཱ་ཧཱ། ཞེས་བཟླ་བ་ནི་ནོར་རྒྱུན་མའི་སྒྲུབ་ཐབས་སོ།། ༈ །།ཡང་ཆོ་ག་གཞན་རྣམས་དེ་བཞིན་ལ། ཨོཾ་བ་སུ་དྷ་རཱ་རཏྣ་ནི་དྷ་ན་ཀྵེ་ཏྲེ་སྭཱ་ཧཱ། ཞེས་བཟླ་བ་ནི། ཡང་ནོར་རྒྱུན་མའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་རང་གི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃ་ཡིག་དབུས་ནག་ལ་ཕྱི་ཅུང་


CMR022_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་སེར་བ་དེ་ལ་རྡོ་རྗེ་སྔོན་པོ་འོག་རྩེ་བཞིའི་སྟེང་དུ་ལྔ་སྟེ་རྩེ་དགུ་པའི་ལྟེ་བར་ཧཱུྃ། དེ་ལས་ཛམྦྷ་ལ་གཞོན་ནུ་ལོ་བཅོ་ལྔ་ལོན་པའི་ན་ཚོད་ཅན་ལ་ཞལ་གཅིག་མཆེ་བ་གཙིགས་པ་རྣ་བ་མ་ཕུག་པ་ཁྲོ་གཉེར་བསྡུས་ཤིང་དམར་ཞིང་ཟླུམ་པའི་སྤྱན་གསུམ་པ་སྐྲ་ཁམ་པ་གྱེན་དུ་བརྗེས་པ་ཕྱག་གཉིས་ཀྱི་གཡས་ཐོད་ཁྲག་ཐུགས་ཀར་འཛིན་པ་ལ་ཞལ་ཕྱོགས་པ། གཡོན་རིན་པོ་ཆེའི་སྙེ་མ་སྐྱུགས་བཞིན་པའི་ནེའུ་ལེ་བརླའི་སྟེང་དུ་འཛིན་པ། ནོར་སྦྱིན་སེར་པོ་རིན་པོ་ཆེ་སྐྱུགས་པའི་སྟེང་དུ་གཡོན་བརྐྱང་གིས་བཞུགས་པ། གཅེར་བུ་ཕོ་རྟགས་གྱེན་དུ་ལང་བ། མིའུ་ཐུང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཀླུའི་རྒྱལ་པོ་དགའ་བོ་སྔོན་པོས་དབུ་རྒྱན། འཇོག་པོ་དམར་པོས་སྙན་རྒྱན། པད་ཆེན་དཀར་པོའི་དོ་ཤལ། མཐའ་ཡས་དུད་ཁས་མཆོད་ཕྱིར་ཐོགས། ནོར་རྒྱས་དཀར་པོའི་སྐ་རགས། པདྨ་དཀར་པོའི་ཞབས་གདུབ། དུང་སྐྱོང་སེར་པོའི་ལག་གདུབ། རིགས་ལྡན་ཁྲ་བོས་དཔུང་རྒྱན་བྱས་པ། སྐུ་མདོག་ནག་ཅིང་ཅུང་ཟད་སེར་བའི་མདངས་ཅན། དེའི་གནས་རྣམས་སུ་ཟླ་བ་ལ་དཔྲལ་བར་ཨོཾ། ཞལ་དུ་ཛཾ། དཔུང་པ་གཡས་པར་བྷ།


CMR022_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པར་ལ། སྙིང་གར་ཛ། གསང་གནས་སུ་ལེན། བརླ་གཡས་གཡོན་ལ་དྲ་ཡེ། ཞབས་གཡས་གཡོན་ལ་སྭཱ་ཧཱ། ཞེས་པའི་ཡིག་འབྲུ་རྣམས་སེར་པོར་བསམས། མི་བསྐྱོད་པས་དབུ་བྷརྒྱན་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཞེས་བཟླ་བ་ནི། ཁྲོ་ཞིང་སྒེག་པ་ཛམྦྷ་ལའི་སྒྲུབ་ཐབས་ཨ་བྱཱ་ཀ་རས་མཛད་པའོ།། ༈ །།སྟོང་པའི་ངང་ལས་པད་ཟླ་ལ་ལྟེ་བར་ཛོ་ལས་ཛམྦྷ་ལ། འདབ་མ་བརྒྱད་ལ་ཤར་ནས་ཕྱོགས་བཞིར་ནོར་བུ་བཟང་པོ། གང་བ་བཟང་པོ། ནོར་སྦྱིན། རྣམ་སྲས། མེ་ནས་མཚམས་བཞིར་ཀི་ལི་མི་ལི། པི་ཙི་ཀུཎྜ་ལི། མུ་ཁེནྡྲ། ཙ་རེན་སྟེ་གཙོ་འཁོར་རྣམས་ཞལ་གཅིག་ཕྱག་གཉིས་ཏེ་གཡས་བི་ཛ་པཱུ་ར་ཀ་དང་། གཡོན་ནེའུ་ལེས་མཚན་པའི་ཨུཏྤ་ལའི་ཕྲེང་བ་ཅན། ཐུང་ལ་ལྟོ་བ་འཕྱངས་བ། རོལ་པའི་སྟབས་ཀྱིས་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རིམ་པར་དེ་ཉིད་ཀྱི་ཡུམ་ལ་བསམ་སྟེ། ནོར་རྒྱུན་མ་དང་། ཆུ་ཤེལ་མ་དང་། སོ་ལེགས་མ་དང་། འཕགས་མ་དང་། ཤིན་ཏུ་བཟང་མོ་དང་། རབ་ཏུ་དགའ་མ་དང་། སྦས་མ་དང་། ལྷ་མོ་དབྱངས་ཅན་མ་


CMR022_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རང་གི་ཡབ་དང་ལྷན་དུ་བཞུགས་པ་སྐུ་མདོག་སེར་མོ་གཡོན་འབྲས་ཀྱི་སྙེ་མ་དང་། གཡས་མཆོག་སྦྱིན་མཛད་པར་བསམ། དབུ་རྒྱན་ནི་མི་བསྐྱོད་པའོ། །སྔགས་ནི། ཨོཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཨོཾ་མ་ཎི་བྷ་དྲ་ཡ་སྭཱ་ཧཱ། ཨོཾ་པུརྞ་བྷ་དཱ་ཡ་སྭཱ་ཧཱ། ཨོཾ་དྷ་ན་དཱ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། ཨོཾ་ཀི་མི་ལི་ནེ་སྭཱ་ཧཱ། ཨོཾ་པི་ཙི་ཀུཎྜ་ལེ་ནི་སྭཱ་ཧཱ། ཨོཾ་མུ་ཁེན་ཡ་སྭཱ་ཧཱ། ཨོཾ་ཙ་རེནྡྲ་ཡ་སྭཱ་ཧཱ། ཨོཾ་བ་སུ་དྷ་ར་ཎི་སྭཱ་ཧཱ། ཨོཾ་ཙན་ཀནྡྷེ་སྭཱ་ཧཱ། ཨོཾ་དནྟ་ཡེ་སྭཱ་ཧཱ། ཨོཾ་སུ་དནྟ་ཡེ་སྭཱ་ཧཱ། །ཨོཾ་ཨཱཿརྱ་ཡེ་སྭཱ་ཧཱ། ཨོཾ་སུ་བྷ་དྭ་ཡེ་སྭཱ་ཧཱ། ཨོཾ་གུལྟ་ཡེ་སྭཱ་ཧཱ། ཨོཾ་དེ་ཝཱི་ཧཱུྃ་སྭཱ་ཧཱ། ཨོཾ་སྭ་ར་སྭ་ཏེ་སྭཱ་ཧཱ། ཞེས་བཟླ་བ་ནི་ཛམྦྷ་ལའི་སྒྲུབ་ཐབས་སོ། ༈ །སྟོང་པའི་ངང་ལས་གནོད་སྦྱིན་གྱི་ཤིང་རྟ་ཟུར་གསུམ་ལ་དམར་པོ་ནང་པདྨ་འདབ་མ་བརྒྱད་ཀྱི་རྣམ་པར་གནས་པའི་དབུས་སུ་པཾ་ལས་ནོར་རྒྱུན་མ་འདབ་མ་བརྒྱད་ལ་བཟང་མོ་དང་། རབ་ཏུ་བཟང་མོ་དང་། རབ་ཏུ་དགའ་མ་སྒྱུ་དང་། སྦས་མ་དང་། ལྷ་མོ་དང་། དབྱངས་ཅན་མ་དང་། འཕགས་མ་དང་། ཆུ་ཤེལ་མ་སྟེ་ལྷ་མོ་བརྒྱད་ཀྱིས་བསྐོར་བའི་གཙོ་འཁོར་ཐམས་ཅད་སྐུ་མདོག་སེར་མོ་ཞལ་ག་


CMR022_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཕྱག་གཉིས་གཡས་མཆོག་སྦྱིན་དང་གཡོན་འབྲས་ཀྱི་སྙེ་མ་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཙོ་མོའི་བྷ་གར་གཞལ་ཡས་ཁང་གི་དབུས་སུ་ཛམྦྷ་ལ་སེར་པོ་གཡས་བི་ཛ་པཱུ་ར་ཀ་འཛིན་པ། གཡོན་པས་ནེའུ་ལེ་རིན་པོ་ཆེ་སྐྱུགས་བཞིན་པ་འཛིན་པ་པདྨ་དང་དུང་གི་གཏེར་ལ་ཞབས་གཏད་པ་ཨུཏྤལ་སྔོན་པོའི་ཕྲེང་བ་ཅན་ནོར་རྒྱུན་མ་དང་མཉམ་པར་སྦྱོར་བའི་སྦྱོར་མཚམས་ནས་འཁོར་རྣམས་སྤྲོས་ཏེ། ཤར་དུ་ནོར་བུ་བཟང་པོ་སྔོན་པོ། ལྷོར་གང་བ་བཟང་པོ་སེར་པོ། ནུབ་ཏུ་རྣམ་སྲས་དམར་པོ། བྱང་དུ་ནོར་སྦྱིན་དམར་པོ་མེར་གང་བ་བཟང་པོ་སྔོན་པོ། ལྷོ་ནུབ་ཏུ་ཀི་ལི་ཀི་ལི་སེར་པོ། རླུང་དུ་མུ་ཁེན་དམར་པོ། བྱང་དུ་སྤྱོད་པའི་དབང་པོ་ལྗང་གུ་སྟེ་རྒྱན་ཆ་ལུགས་གཙོ་མོ་ལྟ་བུའོ། །སྒོ་བཞི་ལ་ཤར་སྒོར་ནོར་སྦྱིན་དང་ནོར་སྦྱིན་ཆེན་མོ། ལྷོ་སྒོར་གནོད་སྦྱིན་དང་གནོད་སྦྱིན་ཆེན་པོ། ནུབ་སྒོར་ཀི་ལི་མཱ་ལི་དང་ཀི་ལི་མཱ་ལི་ཆེན་པོ། བྱང་སྒོར་གང་བ་དང་གང་བ་བཟང་པོ་ཆེན་པོ་ཐམས་ཅད་ཀྱང་སེར་པོ་ལྟོ་བ་དང་འབྲུ་འཆང་བ་རིན་པོ་ཆེའི་ཆར་འབེབས་བཞིན་མ། གཙོ་བོའི་སྤྱི་བོར་ནོར་བུ་བཟང་པོ། མིག་གཉིས་ལ་རྣམ་སྲས་སོ། །ཁ་ལ་


CMR022_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཁེནྡྲའོ།། ནུ་མའི་བར་དུ་གང་བ་བཟང་པོ། ལྟེ་བ་ལ་ནོར་སྦྱིན་ནོ། །བརླ་དག་ལ་ཀི་ལི་མཱ་ལི། རྐང་པ་ལ་པི་ཙི་ཀུཎྜ་ལི། ཡན་ལག་ཐམས་ཅད་ལ་ཙ་རེན་བསམས་ནས། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཞེས་བཟླ་བ་ནི་ཛམྦྷ་ལའི་སྒྲུབ་ཐབས་རྒྱས་པའོ།། ༈ །།ཆོ་ག་གཞན་རྣམས་སྔར་བཤད་མ་ཐག་པ་བཞིན་ལ། ཤར་དུ་གང་བ་བཟང་པོ་སྔོན་པོ། ལྷོར་རྣམ་སྲས་སེར་པོ། ནུབ་ཏུ་ནོར་སྦྱིན་དམར་པོ། བྱང་དུ་ནོར་བུ་བཟང་པོ་སེར་པོ། མེར་པི་ཙི་ཀུཎྜ་ལི་དམར་པོ། བྱང་ཤར་དུ་མུ་ཁེན་སེར་པོ། ལྷོ་ནུབ་ཏུ་ཀི་ལི་མ་ལི་སྔོན་པོ། རླུང་དུ་སྤྱོད་པའི་དབང་པོ་སེར་པོ། བྱང་ཤར་དུ་མུ་ཁེན་སེར་པོ། ལྷོ་སྒོར་པདྨ་དང་པདྨ་ཆེན་པོ་བསམ། གཙོ་བོའི་སྤྱི་བོར་ཨོཾ། ཁ་ལ་ཛཾ། མགྲིན་པར་ལཾ། ཕྱག་|གཉིས་ལ་བྷ་ལ། ཐུགས་ཀར་ཛ། ལྟེ་བར་ལེན། བླ་གཉིས་ལ་དྲ་ཡེ། པུས་མོ་གཉིས་ལ་སྭ་ཧཱ། ཡན་ལག་ཐམས་ཅད་ལ་ཙ་རེན་བཅས་པའི་ཡིག་འབྲུ་རྣམས་ཀྱང་བཀོད་ནས་སྔགས་བཟླ་བ་ནི་དཔལ་ལྡན་ཛམྦྷ་ལའི་སྒྲུབ་ཐབས་གོང་རང་ལས་བསྡུས་པའོ།། ༈ །།སྟོང་པའི་ངང་ལས་པད་ཟླ་ལ་ཛཾ་ལས་ཛམྦྷ་ལ་གོང་དུ་བཤད་པའི་མཚན་ཉིད་ཅན། གཡས་གཡོན་གཉིས་སུ་རིན་པོ་ཆེའི་སྙེ་


CMR022_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཆར་འབེབས་བཞིན་པའི་གནོད་སྦྱིན་གཉིས་མནན་པ། ཞབས་ཀྱི་འོག་ན་རིན་པོ་ཆེའི་སྙེ་མའི་བུམ་པ་གཉིས་གནས་པར་བསམ་ལ་སྔགས་བཟླ་བ་ནི་ཛམྦྷ་ལའི་སྒྲུབ་ཐབས་མདོར་བསྡུས་པའོ། ༈ །སྟོང་པའི་ངང་ལས་སྙིང་གར་ཛོ་སེར་པོ་ལས་ཛམྦྷ་ལ་ཞབས་གཉིས་དུང་དང་པདྨའི་གཏེར་མནན་པར་གོང་དུ་བཤད་པའི་མཚན་ཉིད་ཅན་གཙོ་རྐྱང་བྷེ་ནས་སྔགས་བཟླ་བ་ནི་ཛམྦྷ་ལའི་སྒྲུབ་ཐབས་མདོར་བསྡུས་པའོ།། ༈ །།སྟོང་པའི་ངང་ལས་ཛམྦྷ་ལ་སེར་པོ་ཞལ་གསུམ་པ་རལ་པའི་ཅོད་པན་ཅན་ཕྱག་དྲུག་གི་གཡས་གསུམ་ན་ཤིང་ཐོག་ལ་དུ་ལུ་ཀ །ལྕགས་ཀྱུ། །མདའ་། གཡོན་གསུམ་གྱིས་རང་འདྲ་བའི་ཡུམ་ལ་གཡོན་ནས་འཁྱུད་པ། ཞག་གས་པ་དང་བཅས་པའི་ནེའུ་ལེ་དང་གཞུ་འཛིན་པའོ། །དབུ་རྒྱན་ནི་མི་བསྐྱོད་པར་བསམས་ནས། སྔགས་བཟླ་བ་ནི་བར་གྱི་མན་ངག་གི་ཛམྦྷ་ལའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་གཏུམ་པོ་ཆེན་པོ་ཟར་མའི་མདོག་ལྟར་སྔོ་བ། རིན་པོ་ཆེས་བརྒྱན་པ་ཞལ་གཅིག་པ་མཆེ་བས་མ་མཆུ་མནན་པ་རབ་ཏུ་དམར་བའི་སྤྱན་གསུམ་ཟུར་གྱིས་གཟིགས་པ་དཔྲལ་བར་ཁྲོ་གཉེར་བསྡུས་པ། ཕྱག་གཡས་རལ་གྲི་ནམ་མཁའ་ལ་ཕྱར་


CMR022_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བ། གཡོན་སྡིགས་མཛུབ་ཅན་དང་བཅས་པའི་ཞགས་པ་ཐུགས་ཀར་འཛིན་པ། ཞབས་གཡོན་གྱི་པུས་མོ་དང་གཡས་པའི་མཐིལ་ཉི་མ་ལ་བཙུགས་པ། སེམས་དཔའ་སུམ་བརྩེགས་ཅན་དུ་བསམས་ནས། ཨོཾ་ཙནྡྲ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཞེས་བཟླ་བ་ནི་མི་གཡོ་བའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པདྨ་སྟེང་དུ་ཧཱུཾ་ལས་རལ་གྲི་ཧཱུྃ་གིས་མཚན་པ་ལས་གཏུམ་པོའི་ཞབས་གཡས་པས་ལྷའི་བུའི་བདུད་མནན་པ། སེམས་དཔའ་སུམ་བརྩེགས་མ་གཏོགས་གོང་བཞིན་བསྒོམས་ནས་སྔགས་བཟླ་བ་ནི། གཏུམ་པོ་ཆེན་པོའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཧཱུྃ་ནག་པོ་ལས་གཏུམ་པོ་ཆེན་པོ་གོང་བཞིན་ལ། མི་མགོ་སྐམ་པོས་དབུ་བརྒྱན་པ། སྦྲུལ་དཀར་པོའི་སེ་རལ་ཁ། སྟག་ལྤགས་ཀྱི་ཤམ་ཐབས་ཅན་ཞབས་གཡས་གདན་ལ་ཅུང་ཞིག་བཏེག་པ། མི་བསྐྱོད་པས་དབུ་རྒྱན་ནས་སྔགས་བཟླ་བ་ནི། གཏུམ་པོ་ཆེན་པོའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཧཱུྃ་ལས་རལ་གྲི་ཧཱུྃ་གིས་མཚན་པ་ལས་གཏུམ་པོ་ཆེན་པོ་ཆར་སྤྲིན་ལྟ་བུའི་མདོག་ཅན་ཟུར་ཕུད་ལྔ་དང་ལྡན་པ། ཞབས་གཡས་ཀྱི་པུས་མོ་ཉི་མ་ལ་བཙུགས་ཤིང་གཡོན་ཅུང་ཟད་བཏེག་པ། གཞན་ཐོག་མར་


CMR022_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་མཚན་ཉིད་ཅན། དེའི་ཐུགས་ཀར་ཧཱུྃ་ལས་རལ་གྲི་ཧཱུྃ་གིས་མཚན་པ་ལས་རང་འདྲ་བའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་གི་རྣམ་པ་ཅན། དེའི་མིག་གཉིས་སུ་རྣམ་སྣང་། རྣ་བར་མི་བསྐྱོད་པ། སྣ་ལ་རིན་ཆེན་འབྱུང་ལྡན། ཁ་ལ་འོད་དཔག་མེད། དཔྲལ་བར་དོན་ཡོད་གྲུབ་པ། སྙིང་གར་བདག་མེད་མ་བསམ། མི་བསྐྱོད་པས་དབུ་བརྒྱན་ཏེ་སྔགས་བཟླ་བ་ནི། གཏུམ་པོ་ཆེན་པོའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ལས་འབྱུང་པོ་འདུལ་བྱེད་སྐུ་མདོག་མཐིང་ནག་སྤྱན་གསུམ་མཆེ་བ་གཙིགས་པ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཕྱག་རྒྱ་བཅིངས་པ། །འོག་མ་གཉིས་གཡས་རྡོ་རྗེ་གསོར་ཞིང་གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། ཞབས་གཡོན་བརྐྱང་གིས་འབྱུང་པོ་བསྐྱེལ་བའི་སྟེང་དུ་བཞུགས་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་སྟག་ཤམ་ཅན་སྟོབས་རྒྱུ་སྔོན་པོས་དབུ་སྐྲ་བཅིངས་པ། འཇོག་པོ་དམར་པོས་མགུལ་རྒྱན་བྱས་པ། དགའ་བོ་ཉེར་དགའ་སེར་པོས་རྣ་རྒྱན། མཐའ་ཡས་


CMR022_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོས་ཚངས་སྐུད། ནོར་རྒྱས་སེར་པོ་དཀར་པོས་སྐ་རགས། རིགས་ལྡན་དངུལ་ཆུའི་མདོག་ཅན་གྱིས་ཕྱག་དང་པོ་གཉིས་ཀྱི་གདུབ་བུ། དུང་སྐྱོང་དཀར་པོས་ཕྱག་འོག་མ་གཉིས་ཀྱི་གདུ་བུ། པདྨ་པད་ཆེན་དམར་པོས་རྐང་གདུབ་བྱས་པ། ན་བཟའ་སྔོན་པོ་མནབས་པའོ།། ༈ །།ཡང་ཕྱག་འོག་མ་གཉིས་ཀྱིས་གཡས་ཌཱ་མ་རུ་དང་གཡོན་རྩེ་གསུམ་དང་ཐོད་པ་འཛིན་པར་བསམ་ལ། ཧཱུྃ་བཛྲ་ཕཊ༔ ཅེས་བཟླ་བ་ནི་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་ཏེ་གཅིག་ལས་ཕྱེ་བས་གཉིས་སོ།། ༈ །།སྟོང་པའི་ངང་ལས་ཧྲཱིཿལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ་མཛད་པའི་འབྱུང་པོ་འདུལ་བྱེད་མཚན་ཉིད་གཞན་སྔ་མ་དང་མཚུངས་པ་བཤད་མ་ཐག་པའི་ཆོ་ག་བསྐྱེད་ནས། སྔགས་བཟླ་བ་ནི༔ འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་ཀྱི་ཆོ་ག་འཇིག་རྟེན་གསུམ་གྱི་རྡོ་རྗེས་མཛད་པའོ།། །།རྟ་མགྲིན་རིགས་མང་པོའི་སྒྲུབ་ཐབས་བཞུགས་སོ།། ༈ སྟོང་པའི་ངང་ལས་པད་ཉི་ལ་ཧཱུྃ་ཡིག་དམར་པོ་ལས་སྒྱུ་འཕགས་པ་རྟ་མགྲིན་དམར་པོ། དམར་སྔོན་དཀར་བའི་ཞལ་གསུམ་བཞད་པ་གཡས་ལྗགས་འདྲིལ་བ་གཡོན་པས་མ་མཆུ་མནན་པ་སྤྱན་གསུམ་ཁྲོ་བོའི་ལྟ་སྟངས་ཀྱིས་གཟིགས་པ།


CMR022_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བརྒྱད་ཀྱི་གཡས་བཞི་ན་རྡོ་རྗེ། དབྱུག་པ། མཆོག་སྦྱིན། མདའ། གཡོན་བཞི་ན་སྡིགས་མཛུབ། རང་གི་ནུ་མ་འཛིན་པ། པདྨ། གཞུ་བསྣམས་པ་གཡོན་བརྐྱང་གིས་རོལ་པས་བཞུགས་པའོ། །དབུ་རྒྱན་ནི་མི་བསྐྱོད་པའོ། །སྔགས་ནི། ཨོཾ་ཧཾ་ཧ་ཡ་གྲི་ཝ་སྭཱ་ཧཱ། ཞེས་བཟླ་བ་ནི་རྟ་མགྲིན་གྱི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་རི་རབ་ཀྱི་སྟེང་དུ་ཉི་མ་ལ་ཧཱུཾ་ལས་རྟ་མགྲིན་སྐུ་མདོག་དམར་པོ། ཞལ་གཉིས་ཀྱི་རྩ་ཞལ་མཆེ་བ་གཙིགས་པ་སྤྱན་གསུམ་པ་སྨ་ར་དམར་སེར་རལ་པའི་ཅོད་པན་ཅན། སྟེང་ཞལ་རྟ་མགོ་སྔོན་པོ་ཧི་ཧིའི་སྒྲ་སྒྲོགས་པས་སྲིད་པའི་རྩེ་མོ་གནོན་པ། ཕྱག་གཉིས་ཀྱི་གཡས་རྡོ་རྗེ་དང་གཡོན་དབྱུག་པ་འཛིན་པ། སྟག་དང་སྦྲུལ་གྱིས་བརྒྱན་པ། མི་མགོའི་ཕྲེང་བ་ཅན་གཡོན་བརྐྱང་གིས་་བཞུགས་པ། འོད་དཔག་མེད་ཀྱི་ཅོད་པན་བསམས་ནས། ཨོཾ་ཧ་ཡ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བཟླ་བ་ནི་རྟོག་པ་བདུན་བརྒྱ་ལས་གསུངས་པའི་རྟ་མགྲིན་གྱི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པདྨ་ཉི་མ་ལ་ཧཱུཾ་མཐིང་ག་ལས་རྟ་མགྲིན་དམར་པོ་ཞལ་བཞིའི་རྩ་ཞལ་ཁྲོ་ཞིང་སྒེག་པ། གཡས་ཞལ་དྲག་པོ། གཡོན་ཞལ་འཇིགས་སུ་རུང་བ། སྟེང་ཞལ་རྟ་མགོ་


CMR022_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་གུ་ཕྱག་བརྒྱད་ཀྱི་གཡས་བཞི་ན་སྣ་ཚོགས་རྡོ་རྗེ། བ་དན། རལ་གྲི་དང་། མདའ་འཛིན་པ། གཡོན་བཞི་ན་རལ་གྲི་དང་བཅས་པའི་པདྨ། །མདུང་། དབྱུག་པ། གཞུ་འཛིན་པ། ཞབས་བཞིའི་གཡས་མདུན་མས་དབང་པོ་དང་དཔལ་མོ། རྒྱབ་མས་འདོད་ལྷ་དང་ཆུང་མ། གཡོན་གྱིས་མདུན་མས་འདོད་ལྷ་དང་སྤྲིངྒ་རི་དྷི་བྱེད་པ། རྒྱབ་མས་རྒྱབ་དང་བདེ་སྤྱོད་མནན་པ་སྟེ། གཡོན་བརྐྱང་གིས་བཞུགས་པར་བསམ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། ཞེས་བཟླ་བ་ནི་རྟ་མགྲིན་གྱི་སྒྲུབ་ཐབས་སོ།། ༈ ། སྟོང་པའི་ངང་ལས་ཆོས་འབྱུང་གི་ནང་དུ་པད་ཉི་ལ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བ་དང་ཐོད་པའི་གདན་ལ་ཧཱུྃ་ཡིག་ལས་དཔལ་རྟ་མགྲིན་སྐུ་མདོག་ནག་པོ་ཞལ་བཞིའི་གཡས་ནག་གཡོན་དཀར་སྟེང་ཞལ་རྟ་མགོ་ལྗང་ཞུར། ཕྱག་བརྒྱད་ཀྱི་གཡས་པ་བཞི་ན་ལྕགས་ཀྱུ། མདའ། ཐོད་པ། རྡོ་རྗེ། གཡོན་པ་བཞི་ན་ཞགས་པ། གཞུ། ཁཊཾ་ག །དྲིལ་བུ་འཛིན་པ། ཞབས་བཞི་མཉམ་པའི་སྟབས་ཀྱིས་བསྒྲད་པ། ཤར་དུ་ཧཱུྃལས་དྲི་རྡོ་རྗེ་མ་སྣ་ཚོགས་མདོག་ཅན། ཕྱག་དང་པོ་གཉིས་ཀེང་རུས་དང་བདུད་རྩིས་གང་བའི་ཐོད་


CMR022_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

པ། འོག་མ་གཉིས་མདའ་གཞུ། ལྷོར་ཧཾ་ལས་ཕག་མོ་ནག་མོ་ཕྱག་དང་པོ་གཉིས་ཀྱིས་ཀེང་རུས་དང་ཁྲག་གིས་གང་བའི་ཐོད་པ། འོག་མ་གཉིས་ཀྱིས་ཞགས་པ་དང་ཁཊཾ་ག །ནུབ་ཏུ་ཧཱུྃལས་ལྕེ་སྤྱང་རྡོ་རྗེ་མ་སེར་མོ། ཕྱག་དང་པོ་གཉིས་ཀྱིས་ཀེང་རུས་དང་དྲི་ཆེན་གྱིས་གང་བའི་ཐོད་པ། འོག་མ་གཉིས་ལ་ཌ་མ་རུ་དང་རྒྱལ་མཚན། བྱང་དུ་ཧཱུྃ་ལས་རྡོ་རྗེ་ལག་སྐུ་མདོག་དཀར་མོ་ཕྱག་དང་པོ་གཉིས་ན་ཀེང་རུས་དང་དྲི་ཆུའི་ཐོད་པ། འོག་མ་གཉིས་ཀྱིས་རྡོ་རྗེ་ཞགས་པ། བཞི་ཀའང་སོ་སོའི་གདོང་ཅན་གྱི་ཞལ་གཅིག་ཐོད་པའི་གདན་ལ་གཡོན་བརྐྱང་གིས་བཞུགས་པ། ལྔ་ཀའང་སྤྱན་གསུམ་པ་མཆེ་བ་གཙིགས་པ་ཐོད་པའི་ཕྲེང་བ་ཅན་དུ་བསམས་ནས། ཨོཾ་ཧ་ཡ་གྲི་ཝ་ཧྲཱིཿ ཨ་ཧཾ་ཨ་ཧཾ། ཨོཾ་ཨཱཿ་ཧཱུཾ་ཧཱུཾ་སྭཱ་ཧཱ། ཞེས་བཟླ་བ་ནི་རྒྱུད་ཕྱི་མའི་རྟ་མགྲིན་གྱི་སྒྲུབ་ཐབས་སོ།། ༈ །།ཁམས་གསུམ་རྣམ་རྒྱལ་དང་ཁྲོ་བོ་འགའ་ཞིག་གི་སྒྲུབ་ཐབས་བཞུགས་སོ།། ༈ སྟོང་པའི་ངང་ལས་པད་ཉི་ལ་ཧཱུྃ་ཡིག་ལས་ཁམས་གསུམ་རྣམ་རྒྱལ་སྐུ་མདོག་མཐིང་ནག་ཞལ་བཞི། དང་པོ་ཁྲོ་ཞིང་སྒེག་པ། གཡས་དྲག་པོ། གཡོན་འཇིགས་པ། རྒྱབ་དཔའ་བའི་ཉམས་ཅན། ཕྱག་བརྒྱད་ཀྱི་དང་པོ་གཉིས་ཀྱིས་རྡོ་རྗེ་


CMR022_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུ་འཛིན་ཅིང་ཐུགས་ཀར་ཧཱུྃ་མཛད་ཀྱི་ཕྱག་རྒྱ་མཛད་པ། འོག་མ་རྣམས་ཀྱིས་གཡས་གསུམ་ན་རལ་གྲི་དང་། ལྕགས་ཀྱུ། མདའ། གཡོན་གསུམ་ན་རྡོ་རྗེ། ཞགས་པ། གཞུ་འཛིན་པ་ཞབས་གཡས་བསྐུམས་པས་གོ་རིའི་ནུ་མ་དང་། གཡོན་བརྐྱངས་པས་དབང་ཕྱུག་གི་མགོ་མནན་པ། སྣ་ཚོགས་པའི་རྒྱན་དང་ན་བཟའ་ཅན་དུ་་་་་དམིགས་ནས་སྤྱི་འགྲོས་རྣམས་ངན་སྤྱོད་རྣམ་སྨིན་གྱི་འདྲེ་གདོན་བགེགས་སོགས། གསུངས་ཤིང་མཆེ་བ་ཡང་ཁྲོ་བོ་རྣམ་པར་རྒྱལ་བ་གཏོར་མ་དང་བགེགས་རྣམས་སོ་སོར་བསྐྲད་ཅེས་གསུངས་པས་ཕྱོགས་སོ་སོར་རྣམ་པར་རྒྱལ་བ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གཾ༔་གྲིཉྩ་ཧཱུཾ། གཾཏྟཱ་པ་ཡ་གྲོཏྟཱ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྨ་རཱ་ཛ་ཧཱུྃ་ཕཊ། བཟླ་བ་སྟེ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྒྲུབ་ཐབས་སོ།། ༈ །། སྟོང་པའི་ངང་ལས་པད་ཉི་ལ་ཧཱུྃ་མཐིང་ག་ལས་རྡོ་རྗེ་མེ་དང་ཉི་མ་ལྟར་འབར་བ་སྐུ་མདོག་མཐིང་ག་སྒེག་པ་དང་དཔའ་བ་དང་འཇིགས་པ་དང་སྙིང་རྗེའི་ཉམས་དང་ལྡན་པའི་ཞལ་བཞི་ཀླུ་པ། སྐྲ་སེར་སྐྱ་གྱེན་དུ་བརྗེས་པ་ལ་མེ་འབར་བ། ཕྱག་བརྒྱད་ཀྱི་གཡས་བཞི་ན་རྡོ་རྗེ། མདའ། རལ་གྲི། འཁོར་ལོ། གཡོན་བཞི་ན་དྲིལ་བུ། གཞུ། ཞགས་


CMR022_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཁཊཾ་ག་སྦྲུལ་གྱིས་བརྒྱན་པ། ཁྱབ་འཇུག་ཆུང་མ་དང་བཅས་པ་གཡོན་བརྐྱང་གིས་མནན་པ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལན་ཧཱུྃ། ཞེས་བཟླ་བ་ནི། རྡོ་རྗེ་མེ་དང་ཉི་མ་ལྟར་འབར་བའི་སྒྲུབ་ཐབས་སོ།། ་༈ །།སྟོང་པའི་ངང་ལས་ཨོཾ་ལས་ཉི་མ་ལ་ཧཱུཾ་གིས་མཚན་པ་ལས་བགེགས་མཐར་བྱེད་སྐུ་མདོག་མཐིང་ནག་ཞལ་གཅིག་སྤྱན་གསུམ་དབུ་སྐྲ་དམར་སེར་གྱེན་དུ་བརྗེས་པ། ཕྱག་གཉིས་ཀྱིས་གཡས་རྡོ་རྗེ་ཕྱར་ཞིང་། གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། གཡོན་བརྐྱང་གིས་བཞུགས་པ། ཐུགས་ཀར་ཕྱག་མཚན་ས་བོན་དང་བཅས་པའི་སེམས་དཔའ་སུམ་བརྩེགས་ཅན་དུ་བསྒོམས་ནས། ཨོཾ་ཞེས་བཟླ་བ་ནི་བགེགས་མཐར་བྱེད་ཀྱི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་རཾ་ལས་ཉི་མ་ལ་ཧཱུཾ་ལས་རྡོ་རྗེ་ཧཱུྃ་མཛད་ཞལ་གཅིག་ཁམས་གསུམ་ཟ་བར་ནུས་པ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བཟུང་ནས་ཕྱག་རྒྱ་ཐུགས་ཀར་བཅིངས་བ། གཡོན་བརྐྱང་གིས་འཇིགས་བྱེད་མནན་པར་བསམས་ནས། ཨོཾ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ།། ཞེས་བཟླ་བ་ནི་རྡོ་རྗེ་ཧཱུྃ་མཛད་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པདྨ་དཀར་པོ་དང་ཉི་མ་ལ་ཧཱུཾ་


CMR022_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་སྟོབས་པོ་ཆེ་སྐུ་མདོག་དམར་པོ་མཆེ་བ་གཙིགས་པ་སྤྱན་གསུམ་པ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་སྦྲུལ་གྱིས་བཅིངས་པ། ཕྱག་བཞིའི་གཡས་གཉིས་ན་དབྱུག་པ་དཀར་པོ་དང་རྔ་ཡབ། གཡོན་གཉིས་ཀྱིས་ཕྱག་འཚལ་བའི་ཚུལ་དང་ཞགས་པ་དང་བཅས་པའི་སྡིགས་མཛུབ་མཛད་པ། སྟག་ཤམ་ཅན་ཉི་མ་ལ་གཡོན་བརྐྱང་གིས་སྔགས་ནི། ཨོཾ་མ་ཧཱ་བ་ལ་ཧཱུྃ། ཞེས་བཟླ་བ་ནི་སྟོབས་པོ་ཆེའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པཾ་ལས་པདྨ་མཾ་ལས་ཉི་མ་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃ་སྨུག་ནག་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ་ལས་ཁྲོ་བོ་སྟོབས་པོ་ཆེ་སྐུ་མདོག་དམར་ནག །ཞལ་གསུམ། ཕྱག་དྲུག་གི་གཡས་གསུམ་ན་རྡོ་རྗེ། ཞགས་པ། ཐོ་བ། གཡོན་གསུམ་ན་དུང་དམར། གཤོལ་མདའ། གཏུན་ཤིང་བསྣམས་པ་རིགས་བདག་མ་གཏོགས་གོང་དུ་བཤད་པའི་མཚན་ཉིད་ཅན་བྱེད་ནས། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཧ་ན་ད་ཧ་པ་ཙ་མ་ཐ་བིངྒན་ཡ། ཛ་ཊི་ལཾ་བོ་དྷ་ར། ཨུཙཱཏྨ་ཀྲོ་དྷ་ཧཱུྃ་ཕཊ། ཅེས་བཟླ་བ་ནི་སྟོབས་པོ་ཆེའི་སྒྲུབ་ཐབས་ཤཱཀྱ་བཤེས་གཉེན་གྱིས་མཛད་པའོ།། ༈ །།གཤིན་རྗེའི་གཤེད་སྐོར་རྣམས་ཀྱི་སྒྲུབ་ཐབས་


CMR022_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་སོ།། ༈ སྟོང་པའི་ངང་ལས་ཨ་ལས་ཉི་མ་ལ་ཧཱུཾ་ལས་མི་མགོ་རློན་པས་མཚན་པའི་དབྱུག་པ་དཀར་པོ་ཧཱུྃ་དམར་པོས་མཚན་པ། ཡོངས་སུ་གྱུར་པ་ལས་གཤིན་རྗེའི་ལྷགཤེད་སྐུ་མདོག་དམར་པོ་ཞལ་གཅིག་སྤྱན་གསུམ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཕྱག་གཉིས་ཀྱིས་གཡས་མི་མགོས་མཚན་པའི་དབྱུག་པ་དཀར་པོ་ཕྱུར་བ། གཡོན་ཐོད་ཁྲག་འཛིན་པ་རང་འོད་ཀྱི་རིག་མ་གྲི་ཐོད་འཛིན་པ་ལ་འཁྱུད་པ། སྟག་ལྤགས་དང་སྦྲུལ་གྱིས་བརྒྱན་པ། སྣ་ཚོགས་པདྨ་དང་མ་ཧེའི་སྟེང་ན་གཡོན་བརྐྱང་གིས་བཞུགས་པ། ཐུགས་ཀར་ས་བོན་ལས་ཕྱག་མཚན་ས་བོན་གྱིས་མཚན་པའི་སེམས་དཔའ་སུམ་བརྩེགས་ཅན་བསམས་ནས། ཨོཾ་ཧཱིཏྟཾ་ཝི་ཀྲྀ་ཏ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་དང་། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཅེས་བཟླ་བ་ནི་འཕགས་པ་གཤིན་རྗེའི་གཤེད་དམར་པོའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཨོཾ་ལས་ཉི་མ་ལ་ཧཱུཾ་ལས་རྡོ་རྗེས་མཚན་པའི་དབྱུག་པ་ནག་པོ་ཧཱུྃ་མཐིང་གས་མཚན་པ་ལས་གཤིན་རྗེའི་གཤེད་མཐིང་ག་ཞལ་གཅིག་མཆེ་བ་གཙིགས་པ་ལྗགས་འདྲིལ་ཞིང་གད་རྒྱངས་སྒྲོགས་པ་སྤྱན་གསུམ་སྨིན་མ་དང་སྨ་ར་དམར་སེར་ཅན། ཕྱག་གཉིས་ཀྱི་གཡས་རྡོ་རྗེས་མཚན་


CMR022_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབྱུག་པ་མཐིང་ག་ཕྱུར་བ། གཡོན་ཞགས་པ་དང་བཅས་པའི་སྡིགས་མཛུབ་མཛད་པ། སྟག་དང་སྦྲུལ་གྱིས་བརྒྱན་པ། ལྟོ་བ་འཕྱངས་བ། མི་མགོའི་ཕྲེང་བ་ཅན། པད་ཉི་ལ་མ་ཧེའི་སྟེང་ན་གཡས་བརྐྱང་གིས་བཞུགས་པ། ཐུགས་ཀར་ཕྱག་མཚན་དང་སེམས་དཔའ་སུམ་བརྩེགས་ཅན་དུ་བསམས་ནས་གོང་གི་ཡི་གེ་འབྲུ་བཅུ་བཞི་པ་བཟླ་བ་ནི་གཤིན་རྗེའི་གཤེད་ནག་པོའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུྃ་མཐིང་ནག་ལས་གཤིན་རྗེའི་གཤེད་སྐུ་མདོག་མཐིང་ནག་གཡས་དཀར་བ་གཡོན་དམར་བའི་ཞལ་གསུམ་མཆེ་བ་གཙིགས་པ་ལྗགས་འདྲིལ་བ་སྤྱན་དམར་བ་དབུ་སྐྲ་སྨིན་མ་སྨ་ར་དམར་སེར་ཕྱག་དྲུག་གི་གཡས་གསུམ་ན་རྡོ་རྗེ། རལ་གྲི། གཏུན་ཤིང་། གཡོན་གསུམ་ན་རོ་ལངས། དགྲ་སྟ། ཞགས་པ་འཛིན་པ། ཐུང་ཞིང་གསུས་ཁྱིམ་ཆེ་བ་སྟག་ཤམ་ཅན་པད་ཉི་དང་མ་ཧེའི་སྟེང་ན་གཡོན་བརྐྱང་གིས་བཞུགས་པར་བསམས་ནས་སྔགས་བཟླ་བ་ནི་གཤིན་རྗེའི་གཤེད་ནག་པོའི་སྒྲུབ་ཐབས་གཤིན་རྗེ་མཐར་བྱེད་ཀྱི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པཾ་ལས་ཉི་མ་ཧཱུྃ་གིས་མཚན་པ་ལས་འཕྲོས་པའི་སྲུང་བའི་འཁོར་ལོའི་དབུས་སུ་པདྨ་ལ་ཨཱཿ་


CMR022_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ལི་སོ་གཉིས་ལས་ཟླ་བ་ཨཱཿ་ལིས་མཚན་པ་ཀཱ་ལི་བརྒྱད་ཅུ་ལས་ཟླ་བ་ཀཱ་ལིས་མཚན་པའི་སྟེང་དུ་ཉི་མ་ལ་ཧཱུཾ་ངམ་ཡཾ་མཐིང་ནག་ལས་གཤིན་རྗེའི་གཤེད་སྐུ་མདོག་ནག་པོ་ཞལ་དྲུག་གི་དབུས་ནག་གཡས་སྐོར་དུ་ཁྲོ་ཞལ་མཐིང་ག་དང་། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ནག་པོ་སྟེང་ཞལ་ཏེ་སྤྱན་གསུམ་པ་སྨིན་མ་དང་སྨ་ར་དམར་སེར་ཅན་སྐུ་མཛེས་པ། ཕྱག་དྲུག་གི་གཡས་གསུམ་ན་རྡོ་རྗེ། རལ་གྲི། ཐོ་བ། །གཡོན་གསུམ་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། གཏུན་ཤིང་། དྲིལ་བུ། ཞབས་ཀློདྲུག་གིས་མདུན་གཉིས་གཡས་བསྐུམ་ཞིང་གཡོན་བརྐྱང་པ། བར་མ་གཉིས་གར་སྟབས། རྒྱབ་གཉིས་སེམས་དཔའི་སྐྱིལ་ཀྲུང་གིས་མ་ཧེའི་སྟེང་ཉི་མ་ལ་བཞུགས་པ། རི་དྭགས་ནག་པོའི་པགས་པས་སྟོད་གཡོགས་དང་སྟག་ཤམ་ཅན། མི་མགོའི་ཕྲེང་བ་དང་སྦྲུལ་གྱིས་བརྒྱན་པ། དེའི་མིག་ཏུ་ཀི་ལས་ས་སྙིང་དཀར་པོ་འཁོར་ལོ་འཛིན་པ། རྣ་བར་ཛཾ་ལས་ཕྱག་ན་རྡོ་རྗེ་ནག་པོ་རྡོ་རྗེ་འཛིན་པ། སྣར་ཁཾ་ལས་ནམ་སྙིང་སེར་པོ་རིན་པོ་ཆེ་འཛིན་པ། ལྕེར་གཾ་ལས་འཇིག་རྟེན་དབང་ཕྱུག་དཀར་པོ་པདྨ་འཛིན་པ། དཔྲལ་བར་ཀཾ་ལས་སྒྲིབ་


CMR022_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམ་སེལ་ལྗང་གུ་མདའ་འཛིན་པ། སྙིང་གར་པཾ་ལས་ཀུན་ཏུ་བཟང་པོ་དཀར་པོ་རྡོ་རྗེ་འཛིན་པ། དཔྲལ་བར་ཨོཾ་ལས་སྐུ་རྡོ་རྗེ་དཀར་པོ་འཁོར་ལོ་འཛིན་པ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ་དམར་པོ་པདྨ་འཛིན་པ། ཐུགས་ཀར་ཧཱུྃ་ལས་ཐུགས་རྡོ་རྗེ་ནག་པོ་རྡོ་རྗེ་འཛིན་པ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་གཡས་རང་མཚན་དང་གཡོན་སྡིགས་མཛུབ་མཛད་པ་ཟླ་བ་ལ་བཞུགས་པའོ། །དབུ་རྒྱན་ནི་མི་བསྐྱོད་པར་བསམ་ལ། སྔགས་བཟླ་བ་ནི་གཤིན་རྗེའི་གཤེད་མཐར་བྱེད་གདོང་དྲུག་གི་སྒྲུབ་ཐབས་སོ།། ༈ །།རྡོ་རྗེ་ཕག་མོ་རྣམས་ཀྱི་སྒྲུབ་ཐབས་བཞུགས་སོ།། ༈ སྟོང་པའི་ངང་ལས་པཾ་ལས་པདྨ་དམར་པོ་ཨ་ལས་ཟླ་བ་ཧཱུྃ་ལས་ཉི་མའི་སྟེང་དུ་ཧྲིདཀར་པོ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་དམར་པོས་མཚན་པ་ལས་རྡོ་རྗེ་ཕག་མོ་ཤེས་རབ་གསལ་བྱེད་མ་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞལ་གཅིག་མཆེ་བ་ཅུང་ཟད་གཙིགས་པ་དམར་ལ་ཟླུམ་པའི་སྤྱན་གསུམ་པ་དབུ་སྐྲ་གྲོལ་བ་མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བ་ཕྱེད་བཅིང་བའི་ཐོད་སྐམ་གྱི་ཕྲེང་བ་དང་ཟུར་ཕུད་གསུམ་པ། ཕྱག་གཉིས་ཀྱི་གཡས་མི་ཤེས་པ་འཇོམས་པའི་རྡོ་རྗེ་དམར་པོ་ཕྱར་བ། གཡོན་བདུད་བཞིའི་ཁྲག་གིས་གང་བའི་


CMR022_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པ་ཐུགས་ཀར་འཛིན་པ། གྲུ་མོ་ན་ཁཊཾ་ག་ཡོད་པ། མགོ་རློན་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱུན་ལྔས་བརྒྱན་པ། གཅེར་བུ་ཉི་མའི་འོད་ལྟར་འབར་བ་པདྨ་དམར་པོ་དང་ཉི་མ་ལ་གནས་པའི་རོའི་སྙིང་གར་གཡས་བརྐྱང་གི་གར་གྱི་ཉམས་དགུ་དང་ལྡན་པ་ལྟེ་བར་པད་ཉི་ལ་ཧྲིདཀར་པོ་བསམ་ལ། མི་བསྐྱོད་པས་དབུ་རྒྱན་ནས་ཧི༔ ཞེས་བཟླ་བ་ནི་ཕག་དཀར་ཤེས་རབ་སྣང་བའི་སྒྲུབ་ཐབས་ཟུང་ཀ་མཐའ་ཕྱིན་གྱིས་མཛད་པའོ།། ༈ །།སྟོང་པའི་ངང་ལས་ཆོས་འབྱུང་གི་ནང་ཡཾ་རཾ་བི་ལཾ་སུཾ་ལས་འབྱུང་བ་རི་རབ་དང་བཅས་པའི་སྟེང་དུ། རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་བྲེ་མདའི་དྲྭ་བ་མེ་འོད་འབར་བ་དང་བཅས་པའི་སྲུང་འཁོར་བསྐྱེད་ནས། ཨོཾ་མེ་དཱི་ནི་བཛྲ་བྷ་ཝ་བཛྲ་བྷནྡྷ་ཧཱུྃ། ཨོཾ་བཛྲ་པྲ་ཀ་ཏ་ཧཱུྃ་ཁཾ་ཧཱུྃ། ཨོཾ་བཛྲ་པཾ་ཛ་ར་ཧཱུཾ་མཾ་ཧཱུྃ། ཨོཾ་བཛྲ་བི་ཏཱན་ཧཱུྃ་ཁཾ་ཧཱུྃ། ཨོཾ་བཛྲ་ཤ་ར་ཛ་ཏྲ་ཤཾ་ཏུཾ། ཨོཾ་བཛྲ་ཛྭ་ལརྐ་ལ་ཧཱུྃ་ཧཱུྃ་ཧཱུྃ། འདི་རྣམས་ཀྱིས་རིམ་པ་བཞིན་རྡོ་རྗེའི་ས་གཞི་ལ་སོགས་པ་རྣམས་བྱིན་བརླབས། དེའི་ནང་དུ་རིན་པོ་ཆེ་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པཾ་ལས་པདྨ་དམར་པོ་འདབ་མ་བརྒྱད་ཀྱི་ལྟེ་བར་ཨཱཿ་ལི་ལས་ཟླ་བ་ཀཱ་ལི་ལས་ཉི་མ། བར་དུ་བཾ་དམར་པོ་དེ་རྣམས་


CMR022_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྡོ་རྗེ་ཕག་མོ་དམར་སེར་ཞལ་གཅིག་སྤྱན་གསུམ་པ་སྐུ་གྲོལ་བ། ཕྱག་གཡས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ། གཡོན་ཐོད་པ་གྲུ་མོ་ན་ཁཊཾ་ག་ཡོད་པ། གཅེར་བུ་མགོ་རློན་གྱི་ཕྲེང་བ་དང་རུས་པའི་རྒྱན་དྲུག་གིས་སྤྲས་པ་ཞབས་གཡས་བརྐྱང་གི་གར་སྟབས་ཀྱིས་འཇིགས་བྱེད་དུས་མཚན་མནན་པ། ཕྱོགས་ཀྱི་འདབ་མ་བཞི་ལ་ཤར་དུ་མཁའ་འགྲོ་མ་ནག་མོ། བྱང་དུ་རྭ་མ་ལྗང་གུ། ནུབ་ཏུ་དུམ་སྐྱེས་མ་དམར་པོ། ལྷོར་གཟུགས་ཅན་མ་སེར་མོ། རྣམས་ཞལ་གཅིག་སྤྱན་གསུམ་པ་སྐུ་གྲོལ་བ། ཕྱག་བཞིའི་གཡས་གཉིས་ན་གྲི་གུག་དང་ཌ་མ་རུ། གཡོན་གཉིས་ན་ཐོད་ཁྲག་དང་ཁཊཾ་ག་འཛིན་པ། གཅེར་བུ་རྒྱན་ལྔས་བརྒྱན་པའོ། །མཚམས་ཀྱི་འདབ་མ་བཞི་ལ་ཐོད་པ་བདུད་རྩིས་གང་བ་བཞི་བསམས་ནས། ཡེ་ཤེས་པ་བཅུག་ནས་གོ་ཆ་བཅིངས་ཏེ། ཨོཾ་བཛྲ་བེ་རོ་ཙ་ནི་ཡེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླ་བ་ནི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཨ་ཝ་དྷུ་ཏི་པས་མཛད་པའོ།། ༈ །།ཡང་རང་ཉིད་རྡོ་རྗེ་ཕག་མོ་གྲི་ཐོད་འཛིན་པར་བསམས་ནས། མདུན་དུ་ལྷ་མོ་དམར་མོ་ཁ་ཕྱེ་བའི་ལྕགས་ཀྱུ་ལྟ་བུ། གཡོན་ཧྲི༔ཡིག་གི་ཞགས་པ་དམར་པོ་འཛིན་པས་བསྒྲུབ་བྱ་དབང་དུ་


CMR022_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་ལས་བྱེད་པར་བསམ་སྟེ། ཨོཾ་ཨཱཿཧཱི༔ཨ་མུ་ཀ་སྱ་ཙ་ཙིཏྟ་མཱ་ཀ་ཏྲ་ཡ་ཧཱུྃ་ཛཿ ཞེས་བཟླ་བ་ནི་རྡོ་རྗེ་ཕག་མོས་དབང་དུ་བྱེད་པའི་ཆོ་གའོ།། ༈ །སྟོང་པའི་ངང་ལས་རང་གི་ལྟེ་བར་ཆོས་འབྱུང་གྲུ་གསུམ་གྱི་ནང་དུ་པདྨ་དམར་པོ་འདབ་མ་བརྒྱད་ཀྱི་ལྟེ་བར་ཧྲིདམར་པོ་ལས་རྡོ་རྗེ་ཕག་མོ་དོན་གྲུབ་མ་སྐུ་མདོག་དམར་མོ་ཞལ་གཅིག་ཁྲོ་གཉེར་བསྡུས་ཤིང་མཆེ་བ་གཙིགས་པ་སྤྱན་གསུམ་པ་སྒྲ་གྱེན་དུ་བརྫེས་པ། ཕྱག་བཞིའི་གཡས་གཉིས་ན་རྡོ་རྗེ་དང་ལྕགས་ཀྱུ།། གཡོན་གཉིས་ན་ཐོད་པ་དང་སྡིགས་མཛུབ་དང་བཅས་པའི་ཞགས་པ། །གཅེར་བུ་རོའི་གདན་ལ་གཡོན་བརྐྱང་གི་གར་སྟབས་ཀྱིས་བཞུགས་པའོ། །ཕྱོགས་བཞིར་རྡོ་རྗེ་སྣ་མ་དང་། ཤིན་ཏུ་འཇིགས་བྱེད་མ་དང་། སྟོབས་ཆེན་མ་དང་། ལྗགས་བསྐྱོད་མ་རྣམས་གཙོ་མོའི་ཆ་ལུགས་ཅན་བསམས་ནས་སྔགས་ནི། ཨོཾ་བཱ་རཱ་ཧཱི་ཨཱཿ་བེ་ཤ་ཡ་སརྦ་དུཥཱན་ཧཱུྃསྭཱ་ཧཱ། ཞེས་དང་། ཨོཾ་ཧཱུྃ་ཧཱུྃ་ཧི༔ ཞེས་བཟླ་བ་ནི་རྡོ་རྗེ་ཕག་མོའི་རྟོག་པ་དོན་ཐམས་ཅད་གྲུབ་པའི་སྒྲུབ་པའོ།། ༈ །།སྟོང་པའི་ངང་ལས་དུར་ཁྲོད་ཀྱིས་བསྐོར་བའི་དབུས་སུ་པད་ཉིའི་སྟེང་དུ་ཨཱཿ་ལི་ལས་ཟླ་བ་ཀཱ་ལི་ལས་ཉི་མ། བར་དུ་ཧཱུྃ་ལས་རྡོ་རྗེ་རྩེ་གཅིག་པ། དེ་


CMR022_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལས་དཔལ་ཧེ་རུ་ཀ་སྐུ་མདོག་སྔོན་པོ། ཞལ་གཅིག་སྤྱན་གསུམ་མཆེ་བ་གཙིགས་པ། སྐྲ་དམར་སེར་གྱེན་དུ་བརྫེས་པ། ཕྱག་གཉིས་ཀྱི་གཡས་ན་བ་དན་དང་བཅས་རྡོ་རྗེ་ཕྱར་བ། གཡོན་ཁྲག་གིས་གང་བའི་ཐོད་པ་ཐུགས་ཀར་འཛིན་པ། གྲུ་མོ་ན་ཁཊཾ་ག་ཡོད་པ། ཉི་མ་དང་རོའི་གདན་ལ་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པར་རུས་པའི་རྒྱན་དྲུག་དང་མགོ་ཕྲེང་གིས་བརྒྱན་པ། ཐལ་བས་བྱུག་པ། དབུ་རྒྱན་མི་བསྐྱོད་པའོ། །སྔགས་ནི། ཨོཾ་ཧཱུྃ་ཕེ་སྭཱ་ཧཱ། ཞེས་བཟླ་བ་ནི་ཧེ་རུ་ཀའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཧཱུྃ་ལས་རལ་གྲི་ཧཱུྃ་གིས་མཚན་པ་ལས་ནག་པོ་ཆེན་པོ་ཞལ་གཅིག་མཆེ་བ་གཙིགས་པ། ལྗགས་འདྲིལ་བ། སྤྱན་གསུམ་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཕྱག་བཞིའི་གཡས་གཉིས་ན་རྩེ་གསུམ་དང་ཐོད་པ་འཛིན་པ། སེམས་དཔའི་སྐྱིལ་ཀྲུང་གིས་ཉི་མ་ལ་བཞུགས་པ། ཀླུ་བརྒྱད་ཀྱིས་བརྒྱན་ཅིང་ལྷ་སྟག་ཤམ་ཅན་ནོ། །དབུ་རྒྱན་ནི་རྡོར་སེམས་སོ། །སྔགས་ནི། ཨོཾ་ཨོཾམཾ་ཧཱུཾ་རཾ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བཟླ་བ་ནི་ནག་པོ་ཆེན་པོའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་ཟླ་བའི་དབུས་


CMR022_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཆོས་འབྱུང་གྲུ་གསུམ་གྱི་ནང་དུ་པདྨ་དམར་པོའི་སྟེང་དུ་ཧྲིདམར་པོ་ལས་རྡོ་རྗེ་ཕག་མོ་དམར་མོ། ཞལ་གཅིག་སྤྱན་གསུམ་སྐྲ་ཁམ་པ་གྱེན་དུ་བརྗེས་པ། གཡས་རྡོ་རྗེ་ཕྱར་བ་གཡོན་ཐོད་པ་ཐུགས་ཀར་འཛིན་པ། གྲུ་མོ་ན་ཁཊཾ་ག་ཡོད་པ། མི་མགོ་སྐམ་པོ་ལྔས་དབུ་རྒྱན་རློན་པ་ལྔ་བཅུའི་དོ་ཤལ་ཅན་མེ་ཏོག་གི་ཕྲེང་བས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། རོའི་གདན་ལ་གཡོན་བརྐྱང་གིས་བཞུགས་པར་བསམས་ནས། ཨོཾ་བཛྲ་བྷ་ར་ཧི་ཨཱཿ་ཝེ་ཤ་ཨཱཿ་བེ་ཤ་ཡ་སརྦ་ཛཱ་ར་ན་ཧི་སྭཱ་ཧཱ། ཨོཾ་ཧཱི༔ཧཱུྃ་སྭཱ་ཧཱ། ཞེས་བཟླ་བ་ནི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་མདོར་བསྡུས་སོ།། ༈ །།ཀྱེ་རྡོ་རྗེ་དང་བདག་མེད་མའི་སྒྲུབ་ཐབས་དང་ནག་པོ་ཆེན་པོའི་སྒྲུབ་ཐབས་བཞུགས་སོ། །སྟོང་པའི་ངང་ལས་པད་ཉི་ལས་དཔལ་སྒེག་པའི་རྡོ་རྗེ་སྐུ་མདོག་སྔོན་པོ། གཡས་རྡོ་རྗེ་དང་། གཡོན་རྡོ་རྗེས་མཚན་པའི་ཐོད་པ་འཛིན་པ་ཡུམ་བདག་མེད་མ། ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་ཐོད་འཛིན་པས་འཁྱུད་པ། སྟག་ཤམ་ཅན་རོའི་གདན་ལ་གར་སྟབས་ཀྱིས་བཞུགས་པ། གཞན་གོང་དུ་བཤད་པའི་མཚན་ཉིད་ཅན་དུ་བསྐྱེད། མིག་ལ་རྡོ་རྗེ་མ། རྣ་བར་བདག་མེད་མ། སྣ་ལ་གསང་བའི་དཀར་མོ། ལྕེ་ལ་ཆུའི་རྣལ་འབྱོར་


CMR022_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

མ། ལུས་ལ་རྡོ་རྗེ་མཁའ་འགྲོ་མ། ཡིད་ལ་བདག་མེད་མར་བསམས་ནས། ཨོཾ་ཏྲེ་ལོཀྱ་ཀེ་པ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླ་བ་ནི་དགྱེས་པ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་པད་ཟླ་ལ་ཨོཾ་ལས་གྲི་གུག་ཡུ་བ་ཨོཾ་གྱིས་མཚན་པ་ལས་བདག་མེད་མ་སྐུ་མདོག་སྔོན་མོ་ཞལ་གཅིག །མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། །སྐྲ་དམར་སེར་གྱེན་དུ་བརྫེས་པ། ཕྱག་གཉིས་ཀྱིས་གཡས་གྲི་གུག་ནམ་མཁའ་ལ་ཕྱིར་བ། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། གྲུ་མོ་ན་ཁཊཾ་ག་ཡོད་པ། རོའི་སྙིང་གར་ཟླ་བ་ལ་སྐྱིལ་ཀྲུང་ཕྱེད་པས་གར་སྟབས་ཀྱིས་བཞུགས་པ་ཕྱག་རྒྱ་ལྔས་བརྒྱན་པ། དབུ་རྒྱན་ནི་མི་བསྐྱོད་པའོ། །སྙིང་གར་ཟླ་བ་ལ་གྲི་གུག་གིས་ཡུ་བར་ཨོཾ་གྱིས་མཚན་པར་བསམས་ནས། ཨོཾ་ཨ་ཨཱཿ། ཨི་ཨཱི། ཨུ་ཨཱུ། རི་རཱི། ལི་ལཱི། ཨེ་ཨཻ། ཨོཾ་ཨཽ། ཨཾ་ཨ༔ སྭཱ་ཧཱ། ཞེས་བཟླ་བ་ནི་བདག་མེད་མ་རྐྱང་པའི་སྒྲུབ་ཐབས་སོ།། ༈ །།སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མ་ལ་ཧཱུཾ་ལས་རྡོ་རྗེ་ནག་པོ་ཆེན་པོ་མཐིང་ནག་ཞལ་གཅིག་མཆེ་བ་གཙིགས་པ་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཕྱག་གཉིས་གཡས་གྲི་གུག་ནམ་མཁའ་ལ་ཕྱར་


CMR022_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། གཡོན་ཐོད་པ་ཐུགས་ཀར་བསྣམས་པ། སྐུ་ཐུང་ཞིང་སྦོམ་པ་ཡན་ལག་རགས་པ། གསུས་ཁྱིམ་ཆེ་བ། མི་མགོའི་ཕྲེང་བ་དང་སྦྲུལ་གྱིས་བརྒྱན་པ། ཞལ་ནས་ཁྲག་འཛགས་པ་གཡོན་བརྐྱང་གིས་བཞུགས་པར་བསམས་ལ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཅེས་བཟླ་བ་ནི་ནག་པོ་ཆེན་པོའི་སྒྲུབ་ཐབས་སོ། །དེ་ལྟར་རྒྱ་གཞུང་རྣམས་སུ་གསུངས་པའི་ལྷ་རྣམས་ཀྱི་སྔགས་དང་ས་བོན་མངོན་ལྷོརྟོགས་མི་གསལ་བ་གོང་འོག་འཁྲུགས་པ་བསྡེབས་དགོས་པ་དང་། གཞན་ནས་ལེན་དགོས་པ་རྣམས་བླ་མའི་ཕྱག་ལེན་བཞིན་དུ་གསལ་བར་བྲིས་པའོ།། །།བཀྲ་ཤིས།། །།

འཇམ་དབྱངས་སྤྱིའི་དབང་བཤད་ལོ་རྒྱུས།


CMR022_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་སྤྱིའི་དབང་བཤད་ལོ་རྒྱུས་ནི། འོ་ན་ད་ལམ་ཁྱེད་རྣམས་ལ་རྗེ་བཙུན་འཇམ་དཔལ་དབྱངས་སྒེའི་དབང་བསྐུར་བ་ཡིན་ཏེ། དེ་ཡང་འཕགས་པ་འཇམ་དཔལ་དབྱངས་འདི་ཉིད་ཀྱི་ངོ་བོ་ནི། སངས་རྒྱས་ཐམས་ཅད་མཁྱེན་པའི་ཡེ་ཤེས་གཅིག་ཏུ་བསྡུས་པའི་རང་གཟུགས་གཅིག་སྐུ་ལས་སྤྲུལ་པའི་སེམས་དཔའ་ཡིན་པས་གདོད་མ་ནས་རྒྱལ་བ་ཐམས་ཅད་དང་ངོ་བོ་དབྱེར་མ་མཆིས་ཀྱང་། རྣམ་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་སྣ་ཚོགས་མཛད་པ་སྟེ། དེ་ཡང་སྔོན་བསྐལ་པ་གངྒའི་ཀླུང་གི་བྱེ་མ་སྙེད་འདས་པ་ནས། འཇམ་དབྱངས་འདི་ཉིད་རྒྱལ་བུ་དབང་པོའི་ཚོགས་ཞེས་བྱ་བར་གྱུར་ནས། སངས་རྒྱས་རིན་ཆེན་སྙིང་པོ་ལ་མཆོད་པ་དཔག་ཏུ་མེད་པས་མཆོད་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སྨོན་ལམ་རྒྱ་ཆེན་པོ་བཏབ་སྟེ་བསྐལ་པ་གྲངས་མེད་པར་སེམས་ཅན་གྱི་དོན་མཛད་པས་ཉིད་ཁོ་ནས་བྱང་ཆུབ་ཀྱི་ལམ་ལ་བཀོད་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱང་གངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་སོ་སོ་ན་ཆོས་སྟོན་པར་ཡང་གཟིགས་པར་གསུངས་ན། ཉིད་བསྐལ་པ་མང་པོའི་གོང་ནས་བྱང་ཆུབ་མངོན་དུ་མཛད་པ་སྨོས་ཅི་


CMR022_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། འོན་ཀྱང་སྨོན་ལམ་དང་ཐུགས་རྗེའི་དབང་གིས་བྱང་ཆུབ་སེམས་དཔའ་གཞོན་ནུ་ལོ་བརྒྱད་པའི་ཚུལ་བཟུང་ནས་སེམས་ཅན་གྱི་དོན་མཛད་ཅིང་སྐུའི་བཀོད་པས་སངས་རྒྱུས་ཀྱི་ཞིང་ཐམས་ཅད་ཁྱབ་ཅིང་། ཁྱད་པར་དུ་རྒྱ་ནག་གི་ཡུལ་རི་བོ་དེ་ཤན་གྱི་རྩེ་མོ་ལྔ་ན། འཇམ་དཔལ་རིགས་ལྔའི་ཚུལ་གྱིས་བཞུགས་པས་རྒྱ་ནག་གི་མི་རྣམས་ཤེས་རབ་ཆེ་ཞིང་བཟོའི་གནས་ལ་མཁས་པ་དང་། ཨ་ར་པ་ཙ་ན་དྷིབསླབ་མི་དགོས་པས་ཤེས་པ་ཡིན་ལ། སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་པོ་ཡང་འཇམ་དཔལ་དབྱངས་ཁོ་ན་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ལས། ཐུབ་དབང་ཡོངས་སུ་མྱ་ངན་འདས། །དམ་པའི་ཆོས་ནི་བསྲུང་བའི་ཕྱིར། །དེ་ཚེ་རྟག་ཏུ་སྲུང་བ་ནི། །འཇམ་དཔལ་དབྱངས་སུ་འགྱུར་བ་ཡིན། །ཞེས་གསུངས་སོ། །འདིའི་རྒྱུད་བོད་དུ་འགྱུར་བ་འཇམ་དཔལ་རྩ་རྒྱུད། དཔའ་བོ་གཅིག་བསྒྲུབ། མཚན་ཡང་དག་པ་བརྗོད་པ་སོགས་དུ་མ་དང་། སྒྱུ་འཕྲུལ་དྲྭ་བ་ཁྲི་དྲུག་སྟོང་སོགས་མ་འགྱུར་བ་ཡང་མང་དུ་བཞུགས་པ་ཡིན་པར་བཤད་ལ། རྒྱ་གར་དུ་པཎྜི་ཏ་གཅིག་གིས་འཇམ་དཔལ་ལ་ཡི་དམ་


CMR022_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་ཞལ་གཟིགས་ནས་འཇམ་དཔལ་གྱི་ཆོས་སྐོར་ཐམས་ཅད་ལ་མཁས་པར་གྱུར་ཏེ། མཚན་ཡང་འཇམ་དཔལ་བཤེས་གཉེན་དུ་གྲགས་པ་དང་། པཎྜི་ཏ་ཛི་ཏ་རི་པ་དགྲ་ལས་རྣམ་རྒྱལ་དེས་འཇམ་དཔལ་དངོས་སུ་མཇལ་ནས། ཆོས་ཞུས་ཤིང་གྲུབ་པ་ཐོབ། དེས་མ་ཧེའི་རྫི་བོ་རྒས་ཤིང་ཁོག་པ་གཅིག་ལ་འཇམ་དཔལ་གྱི་དབང་བསྐུར་ཞིང་། དེས་འཇམ་དཔལ་ལ་གསོལ་བ་བཏབ་པས་ཞག་ལྔ་ནས་ཆོས་ཐམས་ཅད་རང་གྲོལ་དུ་ཤེས་ནས་པཎྜི་ཏ་སྒེག་པའི་རྡོ་རྗེ་ཞེས་བྱ་བར་གྱུར་པ་དང་། ཡང་རྒྱ་གར་ན་རྒན་པོ་ལོ་དགུ་བཅུ་གོ་དགུ་པ་གཅིག་ལ་པཎྜི་ཏ་སུ་མ་ཏི་ཀཱིརྟིས་འཇམ་དཔལ་གྱི་དབང་བསྐུར་ཞིང་རྒན་པོས་ཞག་གཅིག་གསོལ་བ་བཏབ་པས། ཕྱིར་ནངས་འཇམ་དཔལ་བྱོན་ནས་རྒན་པོ་དེ་བྱིན་གྱིས་བརླབས་པས་བྱིས་སྦ་ལོ་དགུ་པ་གཅིག་ཏུ་གྱུར་ནས་སྡེ་སྣོད་གསུམ་ཤེས་ཏེ་པཎྜི་ཏ་མཉྫ་ཤྲཱི་ཞེས་བྱ་བར་གྱུར་ཏོ། །པཎྜི་ཏ་དེ་གསུམ་གྱིས་འཇམ་དཔལ་གྱི་སྒྲུབ་ཐབས་མང་དུ་མཛད་པ་བོད་དུ་ཡང་ཕལ་ཆེར་འགྱུར་ཞིང་། བོད་དུ་བསྟན་པ་སྔ་དར་ལ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་། ཐོན་མི་སཾ་བྷོ་ཊ་དང་། ཕྱི་དར་ལ་པུ་ཏོ་བ་དང་ཤ་ར་བ་ས་སྐྱ་འཇམ་


CMR022_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་བདུན་རྒྱུད་སོགས་འཇམ་དཔལ་གྱི་སྤྲུལ་པ་ཡང་མང་དུ་བྱོན། གྲུབ་ཆེན་པཀཱིའི་རྒྱ་ནག་ཏུ་འཇམ་དབྱངས་ཞལ་ཕྱག་མང་པོ་ཅན་སྔོན་ཆད་གཞན་ལ་མ་གྲགས་པ་གཅིག་ཞལ་གཟིགས་པས་དེའི་ལོག་རིས་ཀྱང་མཛད། དེ་ནས་བཟུང་ན་རིམས་ཐམས་ཅད་འཇམ་དབྱངས་དཀར་པོ་དང་སེར་པོ་སོགས་ཞལ་ཡང་ཡང་གཟིགས་ནས་བྱིན་གྱིས་བརླབས་པས། པཀྴིའི་བཀའ་འགྱུར་གསུམ་གྱིས་ལྟོས་གསུམ་གྱིས་བསྟན་བཅོས་བརྩམ་པ་དང་། རང་བྱུང་བའི་ཐུགས་ལ་བཀའ་འགྱུར་རོ་ཅོག་བཞུགས་ཏེ་དཔེ་ཆ་ལ་ཞུ་དག་མཛད་པས་ཕལ་ཆེར་དཔེ་ཆའི་ཆད་ལྷག་ཐུགས་ནས་གསོ་ཆོག་པར་བྱུང་སྟེ། པཀྵིའི་དུས་རབ་སྒང་དུ་ཚར་གཅིག་བལྟས་པས་མ་བརྗེད་པར་འདུག་གསུངས། རོལ་པའི་རྡོ་རྗེས་གླེགས་བམ་དབུ་སྔས་སུ་ཞལ་ཕྱེས་ནས་གཟིམས་པས་ཕྱིར་ནངས་ཐམས་ཅད་ཐུགས་ལ་འཇག་པ་སོགས་ལོ་རྒྱུས་མང་དུ་ཡོད་དོ། །ཞྭ་དམར་གྲགས་པ་སེང་གེས་འཇམ་དཔལ་སེང་གེ་ལ་ཆིབས་པ་ཞལ་གཟིགས་པ་ནས་བཟུང་ན་རིམ་ཐམས་ཅད་ཀྱིས་ཡང་ཡང་ཞལ་གཟིགས་ཤིང་འཆད་རྩོད་བརྩམ་གསུམ་ལ་ཐོགས་པ་མི་མངའ་བ་དང་། ཁྱད་པར་དུ་རྗེ་དྲུག་པས་ངམ་རིང་དུ་བཤད་པ་


CMR022_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དུས་ཚེས་དྲུག་ནས་བཅོ་ལྔའི་བར་འཇམ་དཔལ་གྱི་སྤྲུལ་པ་སྣ་ཚོགས་ཞལ་དངོས་སུ་ཡང་ཡང་གཟིགས་ནས་བསྟོད་པ་མཛད་ཅིང་། རྗེ་ཉིད་ཀྱང་འཇམ་དཔལ་དང་ངོ་བོ་དབྱེར་མེད་པར་ཞལ་གྱིས་བཞེས་ཏེ། ཉིད་ཀྱི་མཚན་བཀྲ་གཞོན་ནུ་མཛེས་སྐུ་ཡང་མཛད་དོ། །འཇམ་པའི་དབྱངས་ཀྱི་མཚན་ནས་བརྗོད་ན་ཡང་ཕན་ཡོན་མཐའ་ཡས་པར་གསུང་ན་འདིའི་དབང་ཐོབ་ན་ལྟ་སྨོས་ཅི་དགོས་ཏེ། མཚན་བརྗོད་ཕན་ཡོན་ལས། སེམས་ཅན་ཐམས་ཅད་ཀྱི་ངན་སོང་ཐམས་ཅད་རྣམ་པར་སྦྱང་བའོ། །ལས་ཀྱི་སྒྲིབ་པ་ཐམས་ཅད་ཡང་དག་པར་བཅད་པའོ། །མི་ཁོམ་པ་བརྒྱད་པོ་ཐམས་ཅད་ཀྱི་སྐྱེ་བའི་རྒྱུན་མི་སྐྱེ་བར་བྱེད་པའོ། །འཇིགས་པ་ཆེན་པོ་བརྒྱད་རྣམ་པར་ཞི་བར་བྱེད་པའོ། །རྨི་ལམ་ངན་པ་ཐམས་ཅད་ངེས་པར་འཇོམས་པར་བྱེད་པའོ། །ལྟས་ངན་པ་ཐམས་ཅད་ངེས་པར་སེལ་བར་བྱེད་པའོ། །བརྡ་ངེས་པ་དང་བགེགས་ཐམས་ཅད་རྣམ་པར་ཞི་བར་བྱེད་པའོ། །བདུད་ཀྱི་དགྲ་ཐམས་ཅད་རིང་དུ་སྤངས་པར་བྱེད་པའོ། །དགེ་བའི་རྩ་བ་དང་བསོད་ནམས་ཐམས་ཅད་འཕེལ་བ་དང་། སྟོབས་དང་དབང་ཕྱུག་ཕུན་སུམ་ཚོགས་པར་བྱེད་པའོ། །


CMR022_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་དང་། སེམས་ཅན་ཐམས་ཅད་ལ་བླ་ན་མེད་པའི་ཆོས་སྟོན་པ་དང་། ཕྱོགས་བཅུར་དམ་པའི་ཆོས་ཀྱི་རྔ་སྒྲ་ཆེན་པོ་རྒྱུན་མི་འཆད་པར་སྒྲོག་པའི་ཆོས་ཀྱི་རྒྱལ་པོ་འགྱུར། རོ། །ཞེས་དང་། དཔའ་བོ་གཅིག་སྒྲུབ་རྒྱུད་ལས། རྟག་ཏུ་གོམས་པར་བྱས་ན་ཚེ་འདི་ཉིད་ལ་སངས་རྒྱས་ཉིད་ཀྱང་འགྲུབ་པར་འགྱུར་རོ། །ཞེས་གསུངས་པས། འཇམ་དཔལ་འདི་རྒྱུན་དུ་ཡི་དམ་བྱས་ན་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཐོབ་པར་བཤད་ལ། འབྲེལ་པ་ཐོབ་པ་ཙམ་གྱིས་ཀྱང་མ་འོངས་པ་ན་བསྐལ་པ་གྲངས་མེད་པ་འདས་པ་ན། །ལྷོ་ཕྱོགས་སུ་རྡུལ་བྲལ་ཡང་དག་འཕགས་ཞེས་བྱ་བ་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་ཡོན་ཏན་བརྗོད་ཀྱི་མི་ལངས་པའི་ཞིང་དེར་འཇམ་དཔལ་འདི་ཉིད་སངས་རྒྱས་ཀུན་ཏུ་གཟིགས་ཞེས་བྱ་བར་སངས་རྒྱས་པའི་ཚུལ་སྟོན་ཏེ། ད་ལྟ་འབྲེལ་པ་ཐོབ་ཚད་དེ་ཐམས་ཅད་ཞིང་དེར་སྐྱེས་ནས་ཞིང་གི་དཔལ་ལ་ལོངས་སྤྱོད་ཅིང་སྐྱེ་བ་གཅིག་གིས་ཐོག་པའི་སེམས་ཅན་ཤ་སྟགས་སུ་གྱུར་ནས་སངས་རྒྱས་པར་མདོ་སྡེ་འཇམ་དཔལ་ཞིང་གི་བཀོད་པ་དང་། སྙིང་རྗེ་པདྨ་དཀར་པོ་སོགས་ནས་བཤད་དོ། །དེས་ན་དེ་ལྟ་བུའི་ཕན་ཡོན་དང་དོན་ཆེན་


CMR022_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་ལྡན་པའི་ཆེད་དུ་རྗེས་ཟློས་མཛོད་ལ་མཎྜལ་ཕུལ། ས་གཞི་སྤོས་ཆུས་བྱུག་སོགས། ཞེས་འཇམ་དཔལ་གྱི་རིགས་གང་ལའང་སྦྱར་དུ་རུང་བའོ། །ཞེས་པ་ཨ་རཱ་གས་སྦྱར་བའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR022_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

གཤེད་དམར་ལོ་རྒྱུས།


CMR022_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་དམར་ལོ་རྒྱུས་བཞུགས། འོ་ན་ད་ལམ་ཁྱེད་རྣམས་ལ། གཤིན་རྗེའི་གཤེད་དམར་པོའི་དབང་བསྐུར་བ་ཡིན་ཏེ། ལྷའི་ངོ་བོ་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཡིན་ཏེ་འཇམ་དཔལ་རྣམ་པར་བཀོད་པའི་མདོ་ལས། སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མཚན་འཛིན་པ་ལས། འཇམ་དཔལ་གྱི་མཚན་ལན་གཅིག་བརྗོད་པ་བསོད་ནམས་ཆེ་བར་གསུངས་པའི་ཕྱིར། འདིའི་དབང་ཐོབ་ན་ཕན་ཡོན་བསམ་གྱིས་ག་ལ་ཁྱབ། སྔོན་བྱང་ཆུབ་སེམས་དཔའ་རྒྱལ་བུ་དོན་གྲུབ་བྱང་ཆུབ་ཀྱི་དྲུང་དུ། རྡོ་རྗེའི་སྐྱིལ་མོ་ཀྲུང་འཆའ་བ་ན། བདུད་ཀྱི་དམག་བྱེ་བ་ཁྲག་ཁྲིག་ལྷགས་ཏེ། མཚོན་ཆ་སྣ་ཚོགས་ཀྱིས་ཆར་ཕབ་པའི་ཚེ། ཐུགས་ཞི་བ་བྱམས་པ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པས། མཚོན་གྱི་ཆར་པ་རྣམས་འཇའི་ཀ་བ་དང་། མེ་ཏོག་གི་ཆར་དུ་གྱུར། དེར་བདུད་དམག་མི་ཁྲི་ཕྲག་གཅིག་ཐུལ་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་ཀྱང་། དེས་ལྷག་མ་རྣམས་སྔར་ལས་གདུག་རྩུབ་ཆེར་སྐྱེས་ནས་འཐབས་པས། བཅོམ་ལྡན་འདས་ཀྱིས་གཤིན་རྗེའི་གཤེད་ཀྱི་སྔགས་འདི་གསུང་པ་ཙམ་གྱིས་བཅོམ་ལྡན་འདས་ཉིད་གཤིན་རྗེའི་གཤེད་ཀྱི་སྐུར་


CMR022_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ཡང་བཤད་སྐུའི་བ་སྤུའི་བུ་ག་ནས་ཁྲོ་བོ་མེའི་མདོག་ཅན་མང་པོ་བྱུང་སྟེ། ཕྱག་ན་རྡོ་རྗེ་ལ་ཁྱོད་ཀྱི་ཁྲོ་བོ་འདི་ལྟ་བུ་སྤྲུལ་ནས་ཐུལ་ཅིག་ཅེས་བཀའ་གནང་ནས་ཕྱག་ན་རྡོ་རྗེས་དེ་ལྟར་སྤྲུལ་ནས་བདུད་བཏུལ་བར་ཡང་བཤད། ཡང་སྔགས་གསུངས་པ་ཙམ་གྱིས་ལྷོ་ཕྱོགས་དུར་ཁྲོད་ཆེན་པོ་ནས་སྐད་ཅིག་ལ་གཤིན་རྗེའི་གཤེད་ནམ་མཁའ་ལ་བྱོན་ཏེ། གནམ་ལྕགས་རྡོ་རྗེའི་ཆར་ཕབ་པས་བདུད་རྣམས་ཚར་བཅད་ཅིང་། ལྷ་སྦྱིན་ཁྲག་ཏུ་སྐྱུགས། བདུད་བཞི་བཅོམ་ནས་མངོན་པར་སངས་རྒྱས་པས། སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་སྟེ་ལྷ་འདིའི་སྒོ་ནས་བདུད་བཅོམ་པ་ཡིན་པ་ངོ་མཚར་ཆེ། གཤིན་རྗེའི་གཤེད་འདི་མཐོང་བ་ཙམ་གྱིས་ཁྲོ་བོ་གཞན་ཐམས་ཅད་ནི་འདར་ཞིང་ལག་ཆ་ས་ལ་འཆོར་བར་རྒྱུད་ཐམས་ཅད་ནས་བཤད་པས། མཐུ་སྟོབས་དང་གཟི་བརྗིད་ཆེ། སེམས་ཅན་ཐམས་ཅད་ཀྱི་གཤེད་ནི་གཤིན་རྗེ་ཡིན་པས། སངས་རྒྱས་མན་ནས་འཇག་མའི་སྲིན་བུ་ཡན་ཆད་ཀྱི་སྲོག་དབུགས་གཤིན་རྗེའི་བདག་པོ་ཡིན་ལ། གཤིན་རྗེ་ཐམས་ཅད་ནི་ལྷ་འདི་ཡིས་འདུལ་ཞིང་འཇོམས་པའི་ཕྱིར་གཤིན་རྗེའི་གཤེད་ཅེས་བྱ། པཎྜི་ཏ་དྷ་ཤི་དང་། ས་པཎྜི་ཏ་ལ་


CMR022_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་མཁས་གྲུབ་མང་པོའི་ཐུགས་དམ་གྱི་ལྷ་འདི་ཡིན། ངེད་རང་བོད་ལ་བཀའ་བབས་པས། འདིའི་སྤྲུལ་པ་ཤན་པའི་གཟུགས་ཅན་ཅིག་ལྷ་སར་བྱུང་ནས་མང་པོ་བསྒྲལ་འདྲེན་དངོས་སུ་མཛད། སླར་ཇོ་བོའི་མདུན་གྱི་ཀ་བ་ལ་ཐིམ་པས་གཤེད་དམར་ཀ་བར་གྲགས། འདིའི་རྒྱུད་ལེའུ་འབུམ་པ་ནི་རྒྱ་གར་ན་བཞུགས། བསྡུས་པ་ལྔ་བཅུ་རྩ་གཉིས་བོད་དུ་འགྱུར། འདི་ཡི་དབང་རྒྱས་པ་ལྷ་མང་དང་། ལྷ་ལྔ་དང་། བསྡུས་པ་གཙོ་རྐྱང་གསུམ་དུ་ཡོད་པ་ལས། འདི་པཎྜི་ཏ་རྡོ་རྗེ་གདན་པས་མཛད་པའི་གཙོ་རྐྱང་དེ་ཡིན། འདིའི་དབང་ཐོབ་ན་སྤར་ཁ་དགྲ་ཐོག་དང་། དུར་མིག་དང་། གཤེད་བཞི་དང་། གཤེད་ཁ་ཡོད་པ་དང་། དུས་མ་ཡིན་པའི་འཆི་བ་དང་། གཤིན་རྗེའི་ཕོ་ཉ་བཟློག་པར་འགྱུར་བ་ཡིན་ཏེ། འཆི་བདག་གཤིན་རྗེའི་ཉེས་པ་ན། །གཤིན་རྗེའི་གཤེད་ཀྱི་ཁ་འཛིན་མཛོད། །ཅེས་གསུངས་པ་ཡིན་པས། དེ་ལྟ་བུའི་དབང་ཟབ་མོ་ཞུ་བའི་ཕྱིར་མཎྜལ་ཕུལ། ཅེས་སྤར་ངེ་དབོན་པོ་བླ་མ་ཕྲིན་ལས་ཀྱིས་བསྐུལ་ནས། ༧ རཱ་ག་ཨ་སྱས་བྱུང་རྒྱལ་དུ་སྨྲས་པ། ཡི་གེ་པ་ནི་ཐབས་མཁས་སོ། །མངྒ་ལཾ། །


CMR022_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

ཁྲོ་བོ་མི་གཡོ་བའི་ལོ་རྒྱུས།


CMR022_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོ་མི་གཡོ་བའི་ལོ་རྒྱུས་ནི། འོ་ན་ད་ལམ་ཁྱེད་རྣམས་ལ་ཁྲོ་བོ་མི་གཡོ་བའི་སྒོ་ནས་ཀླུའི་གདོན་ཁྲོལ་ཟབ་མོ་རྗེས་གནང་དང་བཅས་པ་ཞིག་བྱེད་པ་ཡིན། དེ་ལ་འཕགས་པ་མི་གཡོ་བ་འདིའི་ངོ་བོ་ངེས་ཚིག་དགོས་ཆེད་ལོ་རྒྱུས་ཕན་ཡོན་བྱབ་ཆོག་དབང་བསྐུར་བདུན་ལས། ངོ་བོ་ནི་ཤཱཀྱ་ཐུབ་པ་ཉིད་ཀྱི་སྤྲུལ་པ་ཡིན་ཏེ། རྟོགས་པ་ལས། སེམས་ཅན་ཞི་བས་གདུལ་དཀའ་བ། །བགེགས་ཆེན་དང་ནི་ལོག་པར་འདྲེན། །དེ་རྣམས་འདུལ་བར་བྱ་བའི་ཕྱིར། །རྫོགས་སངས་རྒྱས་ཀྱིས་རྟག་ཏུ་སྤྲུལ། །མཚན་ནི་མི་གཡོ་བ་ཞེས་གྲགས། །ཁྲོ་བོ་འཕགས་པ་སྟོབས་པོ་ཆེ། །ཞེས་གསུངས་སོ། །ངེས་ཚིག་ནི། ས་བརྒྱད་པ་མི་གཡོ་པའི་ས་ལ་གནས་ཤིང་བདུད་དཔུང་བྱེ་བ་ཁྲག་ཁྲིག་གིས་མི་གཡོ་བ་སྟེ། མི་གཡོ་བ་རྟུལ་ཕོད་པའི་རྟོགས་པ་ཆེན་པོ་མི་གཡོ་བ་ཞེས་བྱ་བའི་ས་ཐོབ་པས། མི་གཡོ་བ་འདི་ཡང་དེའི་མཚན། བདུད་རྣམས་ཀུན་གྱི་མི་གཡོ་བས། །བསྟན་པའི་ཡེ་ཤེས་དྲི་མེད་བཟང་། །ཞེས་གསུངས་སོ། །དགོས་ཆེད་ནི། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཤིང་བྱང་ཆུབ་ལ་གཞོལ་བ་དང་། ཚེ་རིང་བ་དང་། ནད་ཞི་བ་དང་། དངོས་


CMR022_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མྱུར་བ་དང་། བདེ་སྐྱིད་འབྱུང་བ་དང་། བགེགས་བདུད་ཐམས་ཅད་འཇོམས་པའི་ཆེད་དུ་ཁྲོ་བོ་མི་གཡོ་བ་འདི་གསུངས་པ་ཡིན་ཏེ། རྟོགས་པ་དེ་ཉིད་ལས། སངས་རྒྱས་ཀུན་གྱིས་བྱིན་བརླབས་པས། །ཆོས་ཀྱི་དབྱིངས་སུ་རབ་གཞོལ་བས། །རྟག་ཏུ་ཚེ་རིང་ནད་མེད་མཆོག །དངོས་གྲུབ་མྱུར་དུ་སྩོལ་མཛད་པ། །རྟག་ཏུ་བགེགས་རྣམས་གསོད་བྱེད་ཅིང་། །དེ་བཞིན་བདུད་རྣམས་རབ་ཏུ་འཇོམས། །སེམས་ཅན་ཐམས་ཅད་བདེ་བའི་ཕྱིར། །རྟོགས་པ་འདི་ནི་རབ་ཏུ་བཤད། །ཅེས་གསུངས་སོ། །དེ་ཡང་ཇི་ལྟར་སྤྲུལ་པའི་ལོ་རྒྱུས་ནི། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ཁང་བུ་བརྩེགས་པ་ན་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པའི་ཚེ། བྱང་ཆུབ་སེམས་དཔའ་བྱམས་པས་གསོལ་པ། བཅོམ་ལྡན་འདས་འཛམ་བུ་གླིང་གི་ཀླུ་གནོད་སྦྱིན་ཤ་ཟ་མང་པོ་རྣམས་ཀྱིས། མི་ནད་དང་ཕྱུགས་ནད་དང་ཡམས་ནད་དང་དུས་མ་ཡིན་པར་འཆི་བར་བྱེད་་ན། དེ་དག་ཞི་བར་མཛད་དུ་གསོལ། ཞེས་ཞུས་པས། བཅོམ་ལྡན་འདས་ཀྱི་སྐུའི་བ་སྤུའི་ཁུང་ནས་མེ་ལྕེ་རབ་ཏུ་འབར་བར་བྱུང་ནས་སྲིད་པ་གསུམ་པོ་རབ་ཏུ་འབར་ཞིང་།


CMR022_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ཀྱི་པུས་མོ་ས་ལ་བརྡབས་པས་ཁྲོ་བོ་མི་གཡོ་བ་སྤྲུལ་པའི་ཁྲོ་བོ་དཔག་ཏུ་མེད་པ་དང་བཅས་པ་བྱུང་སྟེ་ནམ་མཁའ་ལ་བཞུགས་ནས། ལྷ་ཀླུ་གནོད་སྦྱིན་དང་ཚབཅས་པ་ཐམས་ཅད་རབ་ཏུ་སྐྲག་པར་བྱེད་ཅིང་འཇིག་རྟེན་སྐྱོང་བ་ཐམས་ཅད་དབང་དུ་བསྡུས་ནས། ཤ་ཟ་དང་སྲིན་པོ་ལ་སོགས་པ་མ་རུངས་བ་ཐམས་ཅད་འཇོམས་པར་གྱུར་ཏོ། །ཟླདེའི་ཚེ་བཅོམ་ལྡན་འདས་ཀྱིས་མི་གཡོ་བའི་གཟུངས་ལས་ཚོགས་དང་བཅས་པ་གསུངས་སོ། །དེ་ནས་ཡང་དེའི་ཚེ་ཐུབ་པ་ཆེན་པོས་བདུད་ཐམས་ཅད་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་ལ་བཞུགས་པས་དཔལ་མགོན་བདུན་ཅུ་དང་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་སྐད་ཅིག་ཉིད་ལ་དེར་འདུས་སོ། །དེའི་ཚེ་བདུད་ཐམས་ཅད་ཀྱང་དེར་ལྷགས་ནས་བར་གཅོད་བྱེད་པར་བརྩམས་ནས་འཁོར་རྣམས་ཀྱིས་བཅོམ་ལྡན་འདས་ལ་བདུད་རྣམས་ཞི་བར་མཛད་དུ་གསོལ། ཞུས་པས། བཅོམ་ལྡན་འདས་བདུད་ལ་རྒྱལ་བའི་ཏིང་ངེ་འཛིན་ལ་བཞུགས་ནས་ཧཱུྃ་ཧཱུྃ་ཧཱུྃ་གསུང་མ་ཐག་ཏུ། ཁྲོ་བོ་མི་གཡོ་བ་སྐུ་མདོག་མཐིང་ནག །ཞལ་ཕྱག་སྟོང་ཕྲག་དང་ལྡན་པ་མཚོན་ཆ་སྣ་ཚོགས་ཐོགས་པ་གཅིག་མདུན་དུ་བྱུང་ནས། བཅོམ་ལྡན་


CMR022_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱི་ཞལ་ནས། ཁྲོ་བོ་མི་གཡོ་བ་ཁྱོད་ཀྱིས། བདུད་ཐམས་ཅད་སོད་ཅིག་ཟོ་ཞིག་འཐུང་ཞིག་ཧཱུྃ་ཧཱུྃ་ཕཊ༔ ཅེས་སོགས་བཀའ་བསྒོས་པས། ཁྲོ་བོའི་རྒྱལ་པོ་དེ་ཁྲོས་ནས། ཧཱུྃ་ཞེས་ཞལ་གསུམ་ཕྱག་དྲུག་པར་བྱས་ནས་ཀླུ་ཐམས་ཅད་ཟོས་དེ་ཕཊ་ཅེས་ཞལ་བཞི་ཕྱག་བརྒྱད་པར་བྱས་ནས་ལྷ་མ་ཡིན་ཐམས་ཅད་མེད་པར་བྱས་སོ། །ཞལ་གཅིག་ཕྱག་གཉིས་པར་བྱས་ནས་ལྷའི་གདོན་ཐམས་ཅད་བཅོམ་ནས་ཚོགས་བདག་གདན་དུ་བྱས་སོ། །གཞོན་ནུའི་ཆ་ལུགས་སུ་བྱས་ནས་པུས་མོ་གཡས་པ་ས་ལ་བཙུགས་ནས་ལྷའི་བུའི་བདུད་མེད་པར་བྱས་སོ། །གཡོན་པ་ས་ལ་བཙུགས་ནས་བི་ན་ཡ་ཀ་མེད་པར་བྱས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་མི་གཡོ་བའི་རྟོགས་པའི་རྒྱུད་གསུངས་སོ། །གཞན་ཡང་མི་གཡོ་བའི་སྟོབས་དཔག་ཏུ་མེད་པ་རྟུལ་ཕོད་པའི་རྟོགས་པ་དང་། རྒྱུད་གསང་བ་ཆེན་པོ་ལ་སོགས་པ་མང་དུ་གསུངས་སོ། །བཞི་པ་ཕན་ཡོན་ནི། གཟུངས་ལས། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ གཟུངས་སྔགས་འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ། ལན་གཅིག་བརྗོད་པས་ཀྱང་འཛམ་བུ་གླིང་གི་ལྷ་ཀླུ་དང་། གནོད་སྦྱིན་ལ་སོགས་པ་ཀུན་ཞི་བར་འགྱུར་


CMR022_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །རིམས་ཉིན་གཅིག་པ་དང་ཟླ་གཅིག་པ་དང་། སྡང་དུབ་པ་དང་། རྟག་པའི་རིམས་དང་ཡུད་ཙམ་པ་ལས་ཐར་རོ། །འབྲུམ་བུ་དང་སླ་གོར་དང་ཤུ་བ་། དང་། མེ་དབལ་དང་གཡེམ་པ་དག་ཞི་བར་འགྱུར་རོ། །ལན་གཅིག་བརྗོད་པས་ཀྱང་མཚམས་མེད་པ་ལྔ་ལ་སོགས་པའི་སྡིག་པ་ཀུན་ཞི་བར་འགྱུར། ཞེས་གསུངས་པ་དང་། པཎྜི་ཏ་འོད་ཟེར་འབྱུང་གནས་གྲགས་པའི་རྒྱ་གཞུང་ལས། སྔགས་ཀྱི་རྒྱལ་པོ་འདི་ལན་གཅིག་བརྗོད་པས་སྡིག་པ་ཐམས་ཅད་ངེས་པར་སྲེག་ཅིང་ཐམས་ཅད་དུ་སྲུང་བ་དང་སྦེད་པར་བྱེད་དོ། །ཞེས་དང་། མི་གཡོ་བ་རྟུལ་ཕོད་པའི་རྟོགས་པ་ལས། རིམས་དང་སོ་མིག་གཟེར་ཟུག་དང་། །རྐང་པ་རྩིབ་ལོགས་ལུས་ལས་བྱུང་། །རྣམ་པ་སྣ་ཚོགས་ཀུན་འབྱུང་བའི། །ས་སྟེང་ལུས་ཅན་ནད་རྣམས་ཚེ། །གསང་སྔགས་དྲན་པ་ཙམ་ཉིད་ཀྱི། །དེ་དག་ཐམས་ཅད་ཟད་པར་འགྱུར། །ཞེས་དང་། སྲིན་པོ་ཡང་ནི་བཅས་པ་དང་། མཁའ་འགྲོ་མ་དང་རྫུ་འཕྲུལ་ཆེ། །ཤ་ཟ་མ་དང་གྲུལ་བུམ་དང་། །མ་མོ་རྫུ་འཕྲུལ་ཆེ་གསུང་པ། །གཞན་ཡང་གདུག་པ་བྱེད་པ་ཡི། །ས་སྟེང་སེམས་ཅན་འཚེ་བྱེད་གང་། །


CMR022_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་གཞོམ་པར་བྱ་བའི་ཕྱིར། །ཁྲོ་བོའི་རྒྱལ་པོ་རབ་ཏུ་སྦྱར། །ཞེས་གསུངས་པས་འདི་ནི་ནད་ཐམས་ཅད་ཞི་བ་དང་གདོན་ཐམས་ཅད་འདུལ་བའི་མཆོག་དམ་པ་ཡིན་ལ། རྒྱལ་བ་འབྲོམ་གྱིས་ཀྱང་མི་གཡོ་བ་འདི་ཡང་ཡང་ཞལ་གཟིགས་ནས། ཡི་དམ་ཆོས་སྐྱོང་དབྱེར་མེད་བཀའ་གདམས་ལྷ་བཞིའི་ནང་ནས་ཡ་གཅིག་ཡིན་ལགས། དགེ་བའི་བཤེས་གཉེན་སྣེའུ་ཟུར་པ་ཁྲོ་བོ་འདིའི་སྤྲུལ་པ་ཡིན་པར་གསུངས་ཤིང་། སྣེའུ་ཟུར་པ་དང་རྗེ་ཀརྨ་པ་ཡང་ཐུགས་རྒྱུད་གཅིག་པར་བཤད་པས། འདི་བླ་མ་ཡི་དམ་དབྱེར་མེད་བྱིན་རླབས་ཀྱི་བཀའ་བབས་ཡང་ཡིན་ཞིང་། མི་གཡོ་བ་འདིས་ནི་དུས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་ཐུགས་རྗེས་གཟིགས་ཤིང་བསྲུང་སྐྱབས་མཛད་པའི་ཕྱིར། སྔོན་དུ་བསྙེན་སྒྲུབ་མ་བྱས་ཀྱང་། ལས་ཚོགས་འགྲུབ་ཅིང་བྱིན་རླབས་འབྱུང་བ་ཡིན་ཏེ། རྟོགས་པ་ལས། སེམས་ཅན་ཁམས་ནི་ཐམས་ཅད་ཀྱིས། །བསྟན་པ་གང་ཡིན་བསྲུང་བར་མཛད། །ཅེས་དང་། ཁྲོ་བོའི་རྒྱལ་པོ་བློ་དང་ལྡན། །སྔགས་པས་མ་བསྒྲུབས་པ་ཡང་འགྲུབ། །ཁྲོ་བོའི་རྒྱལ་པོའི་བྱིན་རླབས་ཀྱིས། །ལས་རྣམས་མ་ལུས་འགྲུབ་པར་འགྱུར། །ཞེས་


CMR022_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །དེ་ལྟ་བུར་བྱིན་རླབས་ཆེ་ཞིང་ཐུགས་རྗེ་མྱུར་བ་འཕགས་པ་མི་གཡོ་བའི་སྒོ་ནས་བྱབ་ཆོག་ཞུ་བའི་ཕྱིར་མཎྜལ་ཕུལ། ཅེས་ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR022_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

སྨེ་བརྩེགས་ཀྱི་ལོ་རྒྱུས།


CMR022_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

སྨེ་བརྩེགས་ཀྱི་ལོ་རྒྱུས་ཅུང་ཟད་ཅིག་བཞུགས་སོ། །འོ་ན་རང་རེ་རྣམས་བྱང་ཆུབ་བསྒྲུབ་པའི་རྟེན་ཐོབ་པར་དཀའ་བའི་མི་ལུས་རིན་པོ་ཆེ་འདི་ལ་གནོད་པའི་རྐྱེན་ནི་གྲིབ་དང་མི་གཙང་བ་ཡིན། དེ་ཡང་དམ་ཚིག་ཉམས་པའི་གྲིབ་ཀྱིས་ས་ལམ་གྱི་བར་ཆད་བྱེད། ལྷ་སྲིན་སྡེ་བརྒྱད་ཀྱི་གྲིབ་ཀྱིས་ཚེ་སྲོག་ལ་བར་ཆད་བྱེད། རྨེ་དང་སྡེ་འཁྲུག་གི་གྲིབ་ཀྱིས་བསྒྲུབས་པ་བྱས་ཀྱང་། འབྲས་བུ་མི་འབྱུང་བ་ལ་སོགས་པའི་སྐྱོན་དུ་མ་ཡོད་པར་ཨོ་རྒྱན་རིན་པོ་ཆེ་དང་ཇོ་བོ་རྗེ་རྣམས་ཀྱིས་གསུངས་ཤིང་། བྱ་བ་ཡོངས་སུ་བསྟན་པའི་མདོ་ལས་ཀྱང་གསུངས་ཏེ། དེ་ལྟ་བུའི་གྲིབ་དང་མི་གཙང་བ་སེལ་བ་ལ་ཁྲོ་བོ་རྨེ་བརྩེགས་འདི་མཆོག་ཡིན་པར་བཀའ་གསར་རྙིང་ཐམས་ཅད་ཞལ་འཆམ་པ་ཡིན། དེ་ཡང་སྔོན་བདག་འཛིན་རུ་ཏྲ་སྡེ་གསུམ་བདུད་དམག་བྱེ་བ་མང་པོའི་སེམས་ཅན་ལ་སྡུག་བསྔལ་སྣ་ཚོགས་བྱས་པས་དེ་འདུལ་བའི་ཕྱིར། བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་སྟོབས་དང་སྤྲུལ་པ་སྣ་ཚོགས་མཛད་ཀྱང་འདུལ་མ་ཐུབ། དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་ཀྱི་བུར་སྤྲུལ་ཏེ། ཁྲོ་བོ་ལྗང་ནག་ཞལ་གསུམ་ཕྱག་དྲུག་པ་ཕྱག་ན་བེང་བསྣམས་པ་ཞིག་མཛད་ནས། བདུད་ཀྱི་


CMR022_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་མགོ་ལ་བེང་བརྒྱབས་ཏེ་བསྒྲལ། བདུད་དམག་ཐམས་ཅད་བཏུལ་ཏེ་འཁོར་དུ་བསྐོར་རོ། །དེ་རྗེས་ཐུབ་པའི་བསྟན་པ་བྱུང་གི་བར་དུ་བདུད་ཕོ་མ་ཏྲཾ་རུ་ཏྲ་འཁོར་སྡེ་བརྒྱད་དང་འདྲེ་སྲིན་ཐམས་ཅད་ཀྱིས་བསྐོར་ནས་མི་རྣམས་ཨ་ཅང་ཡང་ཆེ་སྟེ་ལྷ་མ་སྲིན་དང་སྲིན་པོའི་རྒྱལ་པོ་ཡང་བསད་ཅིང་ཟོས་སོ། །དེ་ནས་རྟ་མགྲིན་དང་ཕག་མོ་གཉིས་རྟེའུ་དང་པེ་གུར་སྤྲུལ་ཏེ་བདུད་ཕོ་མོའི་ཁོག་པར་ཞུགས་ནས་བསྒྲལ། སྤྱི་གཙུག་ནས་རྟ་ཞལ་དང་ཕག་ཞལ་བཏོན་ཀྱང་གྲིབ་ཀྱིས་གསུང་འགག་པའི་ཚེ། ཁྲོ་བོ་རྨེ་བརྩེགས་བྱོན་ནས་ཁྲུས་མཛད་པས། གྲིབ་སངས་ནས་རྟ་སྐད་ཐེང་གསུམ་ཕག་སྐད་ལན་ལྔ་ངུར་བས་དཔའ་བོ་མཁའ་འགྲོ་དབང་དུ་སྡུད་པ་ཡང་སྨེ་བརྩེགས་འདིའི་བཀའ་དྲིན་ཡིན་པར་བཤད། ལྷ་གཞན་ལ་གྲིབ་དང་མི་གཙང་བས་གོས་ན་མི་འགྲུབ་ལ། འགྲུབ་ཚར་བའི་བྱིན་རླབས་ཀྱང་ཉམས་པར་འགྱུར་ཏེ། སྨེ་བརྩེགས་འདི་ནི་གྲིབ་དང་མི་གཙང་བ་གང་གིས་ཀྱང་མི་གནོད་ལ་གྲོགས་སུ་འགྱུར་བའི་ཕྱིར། འདི་ལ་ཡི་དམ་བྱས་ན་གྲིབ་ཀྱིས་མི་འཇིགས་པ་དམ་ཚིག་ཏུ་གསུངས་པས། ལྷ་གཞན་བས་བྱིན་རླབས་ནུས་པ་ཆེ་བ་ཡིན། ལྷ་གཞན་ནི་བསྙེན་སྒྲུབ་མ་ཐེམ་


CMR022_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ན་བྱིན་རླབས་མི་འཇུག །བསྙེན་སྒྲུབ་ཀྱང་དུས་སྙིགས་མ་ལ་བཞི་འགྱུར་འདོན་དགོས་ལ། དེ་མ་ཐོན་ན་ལས་ཚོགས་རྣམས་བྱས་ཀྱང་མི་འགྲུབ་པར་གསུངས་ལ། སྨེ་བརྩེགས་འདི་ནི་སྔོན་དུ་བསྙེན་སྒྲུབ་མ་བྱས་ཀྱང་འཕྲལ་དུ་ལས་ཚོགས་རྣམས་འགྲུབ་པར་གསུངས་པས། ལྷ་གཞན་ལས་ཐུགས་རྗེ་མྱུར་བ་ཡིན་ནོ། །འདི་ལ་ཡང་ས་སྐྱའི་གཏེར་ཆོས་ཀྱི་གྲ་ཚར་དུ་དུད་ཁ་ཞལ་གསུམ་ཕྱག་དྲུག་དང་། དུད་ཁ་ཕྱག་གཉིས་རྙིང་མ་ལུགས་དང་། རྒྱུད་འབུམ་ནས་གསུངས་པའི་ལྗང་ནག་ཞལ་གསུམ་ཕྱག་དྲུག་པ་དང་བློ་གསུམ་ལས། འདི་ཇོ་བོ་རྗེའི་ལུགས་ལྗང་ནག་དེ་ཡིན། དེ་ལྟར་བྱིན་རླབས་ཆེ་བའི། བྱབ་ཁྲུས་སམ་དབང་ཞུ་བའི་ཕྱིར་མཎྜལ་ཕུལ། ཞེས་ཨ་རཱ་གས་སྦྱར་བའོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR022_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

ནོར་རྒྱུན་མའི་དབང་བཤད་བསྡུས་པ།


CMR022_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་རྒྱུན་མའི་དབང་བཤད་བསྡུས་པ་ཡོད། འོ་ན་ཁྱེད་རྣམས་ལ་ལྷ་མོ་ནོར་རྒྱུན་མའི་དབང་བསྐུར་བ་ཡིན་ཏེ། ལྷ་མོ་འདིའི་ངོ་བོ་ནི་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དེ་ཉིད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོར་བཞེངས་པ་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པས་ནོར་རྒྱུན་མའི་མཚན་བརྒྱ་པ་ལས། ནོར་འཛིན་མ་སྟེ་ནོར་གྱི་རྒྱུན། །གཟུགས་བཟང་མ་ལ་གཟུགས་མཛེས་མ། །ཞི་བའི་གཟུགས་ཅན་མཆོག་གསོལ་མ། །ནོར་དཔལ་དཔལ་མཛད་མ་མཆོག་ལ། །ཆ་དང་གཟུགས་ནི་འཛིན་མཛད་མ། །ཀུན་ལ་བྱམས་ལ་སྐྱབས་འོས་མ། །ལྷ་མོ་ཤེས་རབ་ཕ་རོལ་ཕྱིན། །ཞེས་གསུངས་སོ། །དཔལ་འཁོར་ལོ་སྡོམ་པའི་སྙིང་པོའི་རྣལ་འབྱོར་མ་བཞིའི་ནང་ནས་གཟུགས་ཅན་མ་ཞེས་བྱ་བ་ནི་འདི་ཉིད་ཡིན་ཏེ། སྣ་ཚོགས་གཟུགས་ཅན་གཞོན་ནུ་མ། །ཞེས་དང་། དགའ་བའི་གཟུགས་ཅན་གཟི་ཆེན་མ། །གསེར་མདོག་མ་ལ་འོད་འཕྲོ་མ། །ཞེས་དང་། སེམས་ཅན་དོན་ལ་བརྩོན་པ་མོ། །གཟུགས་ཅན་མ་ལ་ཕྱག་འཚལ་ལོ། །ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །ཞེས་མཚན་བརྒྱ་རྩ་བརྒྱད་


CMR022_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གསུངས་སོ། །ལྷ་མོ་དེའི་རྒྱུད་གསུང་ཚུལ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡུལ་ཀོའུ་ཤམ་བི་ཚེར་མ་ཅན་གྱི་ནགས་ན་བཞུགས་པའི་ཚེ། ཡུལ་དེའི་ཁྱིམ་བདག་ཟླ་བ་བཟང་པོ་ཞེས་བྱ་བ། དབུལ་ཞིང་བཟའ་མི་མང་བ་ཞིག་གིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་བསྐོར་བ་འབུམ་ཐེར་བྱས་ནས། དབུལ་བའི་སྡུག་བསྔལ་དང་ནད་སེལ་བའི་ཐབས་ཞུས་པས། བཅོམ་ལྡན་འདས་ཀྱིས་ཞལ་ནས། སྔོན་བསྐལ་པ་གྲངས་མེད་པའི་གོང་རོལ་དུ་སངས་རྒྱས་རྡོ་རྗེ་འཆང་རྒྱ་མཚོའི་དབྱངས་ཞེས་བྱ་བ་ལ། ནོར་གྱི་རྒྱུན་མའི་རིག་སྔགས་འདི་ཐོས་ཀྱིས་ཁྱོད་ལ་བཤད་པར་བྱའོ་གསུངས་ནས། ནོར་རྒྱུན་མ་འདི་བཀའ་བསྩལ་པས། ཁྱིམ་བདག་ཟླ་བ་བཟང་པོའི་ཁྱིམ་དེ་སྐད་ཅིག་ལ་ནོར་དང་འབྲུ་སྣ་ཚོགས་ཀྱིས་གང་བར་གྱུར་ཏོ། །གཞན་ཡང་ནོར་རྒྱུན་མའི་རྟོགས་པ་ཆེན་པོ་དང་། གསེར་འོད་དོན་གྲུབ་མ་ཞེས་བྱ་བ་ལས་ཞོར་བྱུང་དུ་གསུང་པ་དང་། དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཆེན་པོ་ལས། ནོར་གྱི་རྒྱུན་ཆར་དུ་འབེབས་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཞེས་ལྷ་མོ་འདི་ཞལ་གསུམ་ཕྱག་དྲུག་མ་འཁོར་གནོད་སྦྱིན་མའི་ཚོགས་ཀྱིས་བསྐོར་


CMR022_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྒྲུབ་ཐབས་གསུང་པ་དང་། དཔའ་བོ་གཅིག་སྒྲུབ་རྒྱུད་ལས་ཀྱང་། ཛམ་ལྷའི་ཐུགས་ཀར་ནོར་རྒྱུན་མ་མཆེད་ལྔ་བསྒོམ་པའི་སྒྲུབ་ཐབས་གསུང་པ་དང་། རྡོ་རྗེ་གུར་ལས་ནོར་རྒྱུན་མ་གཙོ་རྐྱང་ཕྱག་གཉིས་པ་གསུང་པ་སོགས་རྒྱུ་སྡེ་དུ་མ་ནས་ལྷ་མོ་འདི་གསུངས་ཏེ། རྒྱས་པར་རྡོ་རྗེ་ཕྲེང་བ་ན་ནོར་རྒྱུན་མའི་དཀྱིལ་འཁོར་གྱི་དབང་དང་། བསྡུས་པ་དང་། འབྲིང་པོ་གཙོ་རྐྱང་དང་། ལྷ་ལྔ་སོགས་དུ་མ་འབྱུང་བ་ལས། ད་ལམ་རྒེའི་དབང་ཡིན་ལ། འདིའི་ཕན་ཡོན་ནི། ནོར་རྒྱུན་མའི་གཟུངས་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདིའི་བྱིན་རླབས་ཀྱིས་གནོད་བྱེད་དང་། སྲིན་པོ་དང་ཤ་ཟ་སོགས་གདོན་གྱི་རིགས་ཐམས་ཅད་ཀྱིས་གནོད་པར་མི་བྱེད། འདི་ཐོས་པ་ཙམ་གྱིས་ཀྱང་བདེ་བ་དང་ལོ་ལེགས་པར་གསུངས་སོ། །འདིའི་མུ་གེ་དང་ནད་དང་འཆི་བ་འབྱུང་བར་མི་འགྱུར། འདི་ནི་སེམས་ཅན་དབུལ་པོ་དང་ནད་མང་བ་དང་། དགྲ་མང་བ་རྣམས་ལ་ཕན་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའོ། །ཞེས་དང་། དཔལ་བོ་གཅིག་སྒྲུབ་རྒྱུད་ལས། ནོར་རྒྱུན་མཆེད་ལྔ་གསུངས་ནས། སྒྱུ་འཕྲུལ་དྲྭ་བ་


CMR022_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ལས། རིན་ཆེན་ཆར་པ་འབེབས་པ་དང་། །ནོར་ཀུན་གྱི་ནི་ཆར་པ་དག །འབེབ་པར་བྱེད་པ་བསམ་པར་བྱ། །ནོར་གྱི་བློ་གྲོས་ཆེན་མོ་འདི། །དེ་ལྟར་སྔགས་པས་བསྒོམས་རྒྱུན་དེས། །དཔག་ཚད་བདུན་ནི་རྒྱས་པར་ཡང་། །ནོར་གྱི་རྒྱུན་ནི་ཁྱབ་པར་མཛད། །ཅེས་དང་། རྡོ་རྗེ་གུར་ལས། ཛམ་བྷ་ལ་དང་ནོར་རྒྱུན་གཉིས། ནོར་བསྒྲུབ་པར་བཤད་པའོ། །ཞེས་དང་། གསེར་འོད་ནོར་བསྒྲུབ་འགྲུབ་མ་ལས། གསེར་འོད་འདི་འདོན་ཅིང་། ནོར་ལྷའི་རྒྱལ་པོ་མཆོད་གྱུར་ན། ཚེ་རབས་ཐམས་ཅད་དུ་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་ནམ་ཡང་སྐྱེ་བར་མི་འགྱུར་རོ། །བྱོལ་སོང་གི་སྐྱེ་གནས་སུ་སོང་བ་རྣམས་དང་། བྱ་དང་རི་དྭགས་ཀྱི་སྐྱེ་གནས་སུ་རྣ་ལམ་དུ་གྲག་པར་གྱུར་ན་ཡང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོ། །གལ་ཏེ་མིར་སྐྱེས་ན་ཡང་རྒྱལ་རིགས་སུ་སྐྱེ་བར་འགྱུར་རོ། །གཟུགས་བཟང་བར་འགྱུར་རོ། །དབྱངས་སྙན་པར་འགྱུར་རོ། །ཤེས་རབ་ཆེ་བར་འགྱུར་རོ། །ཆོས་སྤྱོད་པའི་སྐལ་པ་དང་ལྡན་པར་འགྱུར་རོ། །ཟད་པ་མེད་


CMR022_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལོངས་སྤྱོད་ནི་ཚེ་རབས་ཐམས་ཅད་དུ་རྙེད་པར་འགྱུར་རོ། །ཁྱད་པར་དུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དང། དེ་བཞིན་དུ་ཨཱཿརྱ་ཛམ་བྷ་ལ་དང་། རྟ་བདག་ཀུ་བེ་ར་དང་། ཕྱུགས་བདག་ལྷ་མོ་ནོར་རྒྱུན་མ་དང་། ལུག་བདག་ནོར་བུ་བཟང་པོ་དང་། དེ་ལ་སོགས་པའི་ནོར་ལྷའི་ཚོགས་རྣམས་ཀྱིས་ཚེ་རབས་རྟག་ཏུ་གྲོགས་བྱེད་པར་འགྱུར་རོ། །ཞེས་དང་། ནོར་རྒྱུན་མའི་སྒྲུབ་ཐབས་ལས། འདི་ཡི་དམ་བྱས་ན་འབྲུ་དང་ལོ་ཐོག་བང་མཛོད་རིགས་རྒྱུད། རྐང་འགྲོས་མ་ཧེ་རྟ་ཕྱུགས་ཐམས་ཅད་འཕེལ། དུས་ཁྱད་པར་ཅན་ནམ་རྒྱུན་དུ་མཆོད་ན་ནོར་ཐམས་ཅད་འཕེལ། གཏོར་མ་བཀའ་བསྒོ་བྱས་ན་དགྲ་དང་ཆོམ་རྐུན་ཐམས་ཅད་ཀྱིས་མི་ཚུགས། ནོར་དང་ལོངས་སྤྱོད་ཐམས་ཅད་དང་ལྡན་ནོ། །གསོལ་བ་བཏབ་ན་ནོར་འབྱུང་། རིན་པོ་ཆེའི་ཆར་མངོན་སུམ་དུ་འབབ་པ་ཡང་ཡོད་སྐད་དོ། །ཞེས་གསུངས་སོ། །དེ་ལྟར་བསོད་ནམས་མངའ་ཐང་འཕེལ་ཞིང་ནད་ཐམས་ཅད་ཞི་བ་ལ་མཆོག་ཏུ་བསྔགས་པའི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད། ཅེས་རཱ་ག་ཨ་སྱས་སྦྱར་བ་མངྒ་ལཾ།། །།


CMR022_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

གདུགས་དཀར་ལོ་རྒྱུས།


CMR022_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་དཀར་ལོ་རྒྱུས་ཡོད། ཆོས་འདི་རྒྱུད་སྡེ་བཞིའི་ནང་ནས་བྱ་རྒྱུད། དེ་ལ་རིགས་དྲུག་ཡོད་པ་ལས། འདི་དེ་བཞིན་གཤེགས་པའི་རིགས་དང་། དེ་ལ་ཡང་རིགས་བརྒྱད་ཡོད་པའི་ནང་ནས་འདི་ནི། རིགས་ཀྱི་གཙུག་ཏོར་ཏེ། དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་ལྷ་མོ་གདུགས་དཀར་མོ་ཅན། འདིའི་ལོ་རྒྱུས་ཕན་ཡོན་ཟུར་ཙམ་བརྗོད་པའི་དབང་དུ་བགྱིས་ན། སྔོན་འཛམ་བུ་གླིང་འདིར་འབྱུང་པོ་གདུག་པ་ཅན་ཞེས་བྱ་ཞིག་གིས། སངས་རྒྱས་སུ་རེ་བས་ལུས་ཐམས་ཅད་སྦྱིན་སྲེག་ཏུ་བཏང་ཡང་སངས་མ་རྒྱས་པས། སེམས་ཅན་དེས་བྱང་ཆུབ་སེམས་དཔའ་ཐར་བྱེད་ལ་རྒྱུ་མཚན་དེ་ཞུས་པ་ལས། ལུས་སྦྱིན་སྲེག་བྱས་པའི་དགེ་བས་གཤིན་རྗེ་གཅིག་སྐྱེ་བ་བླངས་ནས། ཏིང་འཛིན་བསྒོམས་པས་འཚང་རྒྱ་བར་བསྟན་ན། ཁོས་ཕ་མ་བརྗེད་ནས་ལུས་ལེན་མ་འདོད་པས། དུར་ཁྲོད་སོ་ས་གླིང་གི་དུར་སྲུང་པྲ་མ་ཎ་སུ་ཏྲི་བསད་ནས། དེའི་ལུས་སུ་ཞུགས་པ་སྡིག་ཅན་དུ་གྱུར་པ་དང་། བསྒོམས་པས་ཀྱང་བཟའ་བཏུང་འདོད་པར་བྱུང་བས། དུར་ཟས་ཟ་བ་ལ། ཡུལ་དེར་མུ་གེ་བྱུང་བས་དུར་ཟས་མ་བྱུང་བས་རོ་རྣམས་ཟོས་


CMR022_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པས། ལུས་གཅིག་ལ་མགོ་སྟོང་དང་བརྒྱད་ཅུ། ལག་པ་ཁྲི་མིག་འབུམ་ཡོད་པའི་དྲག་རྩལ་ཅན་ཞིག་ཏུ་གྱུར་ནས། མི་གསོན་པོ་རྣམས་ཀྱང་ཟོས་པས། མིང་དུར་ཁྲོད་ཀྱི་སྲིན་པོ་ལེགས་ལྡན་ནག་པོར་གྲགས། ཁོའི་ཁ་རླངས་ལས་ནད་ཡམས་དཔག་མེད་བྱུང་ནས་མི་རྣམས་སྡུག་བསྔལ་བའི་ཚེ། སངས་རྒྱས་རྣམ་པར་སྣང་མཛད་ཀྱི་དབུ་གཙུག་ཏོར་ནས་ལྷ་མོ་གདུགས་དཀར་མོ་ཅན། དབུ་སྟོང་ཕྱག་ཁྲི་སྤྱན་འབུམ་ཡོད་པ་ཅིག་བྱུང་བ་དེས་སི་ཏ་ཏ་པ་ཏྲེའི་སྔགས་ཀྱི་སྒྲས་དུར་སྲི་དེ་རྡུལ་དུ་བརླགས་པར་མཛད། མདོར་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གཙུག་ཏོར་ནས་འབྱུང་ཞིང་། ཕན་ཡོན་འདི་ཉིད་སྒོམ་བཟླས་དང་རིག་སྔགས་ལུས་ལ་བཅངས་པ་དང་ཡིད་ལ་བྱས་པས་ཀྱང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དྭགས་དང་། སྲུལ་པོ་དང་། ལུས་སྲུལ་པོར་མི་འགྱུར། དུས་མིན་དུ་མི་འཆི། དུག་མཚོན། རིམས་ནད། ཚད་པ། མེ། ཆུ། གཤེད་དང་།་བྱེད་ཀ་སོགས་ཀྱིས་མི་ཚུགས། མི་དང་ལྷ་འདྲེ་གདོན་བགེགས་ཀྱིས་ཡིད་དུ་འོང་། ཚེ་རབས་དྲན་པ་དང་། མཚམས་མེད་སོགས་ཀྱི་སྡིག་སྒྲིབ་བྱང་བ་དང་། མི་ནད་


CMR022_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུགས་ནད་ཐམས་ཅད་ཞི་བ་དང་། མཐར་མངོན་པར་རྫོགས་པར་སངས་རྒྱས་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དེ་ལྟ་བུ་དང་ལྡན་པའི་དབང་ཟབ་མོ་ཞུ་བའི་ཕྱིར་འདིའི་རྗེས་ཟློས་མཛོད། ཅེས་རཱ་ག་ཨ་སྱས་སོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR022_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

རི་ཁྲོད་མའི་དབང་བཤད་ལོ་རྒྱུས།


CMR022_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཁྲོད་མའི་དབང་བཤད་ལོ་རྒྱུས་བཞུགས་སོ། །འོ་ན་ད་ལམ་ཁྱེད་རྣམས་ལ་བཅོམ་ལྡན་འདས་མ་རི་ཁྲོད་ལོ་མ་གྱོན་མའི་དབང་བསྐུར་བ་ཡིན་ཏེ། སྔོན་གྱི་དུས་ན་རི་རབ་ཀྱི་རྩེར་རིན་པོ་ཆེའི་གཞལ་ཡས་ཁང་ན། སངས་རྒྱས་དཔག་ཏུ་མེད་པ་འདུས་ནས། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་ཏིང་ངེ་འཛིན་ལས་མི་གཡོ་བ་ལ་དབང་བསྐུར་ནས་ཆེར་གཟིགས་པས། དེ་ནས་བྱང་ཆུབ་སེམས་དཔའ་དེ་ཁྲོ་བོ་རྣམ་པར་སྣང་མཛད་དུ་སྤྲུལ་ནས་རྫུ་འཕྲུལ་ཆེན་པོ་བསྟན་ཏེ། སྤྲུལ་པ་བསྡུས་ནས་མི་འཁྲུགས་པས་སངས་རྒྱུས་རྣམས་ཀྱིས་སེམས་ཅན་གྱི་དོན་ལ་བསྐུར། དེར་སྨོན་ལམ་བཏབ་པས་དཔལ་ལྡན་ལྷ་མོ་དཔོན་གཡོག་ཏུ་གྱུར་པ། ལྷའི་བུ་རྣམས་སྐྲག་ནས་བསྔངས་སོ། །དེར་སྤྱན་རས་གཟིགས་ཀྱིས་འདི་ལ་མ་སྐྲག་མ་གཤེ་བར་མཆོད་བསྟོད་གྱིས་ཤིག་གསུངས་པས། ལྷ་རྣམས་ཀྱིས་མཆོད་ཅིང་བསྟོད། ལྷ་མོ་འདི་ནི་མ་འོངས་པར་སངས་རྒྱས་དཔལ་ལྡན་ནོར་བུ་རིན་པོ་ཆེ་ལས་བྱུང་བ་ཞེས་བྱ་བ་ཡིན་པར་གསུངས་སོ། །དེ་ནས་ལྷ་དང་ལྷ་མིན་འཁྲུག་པའི་ཚེ། ལྷ་མ་ཡིན་འདུལ་བའི་དོན་དུ། ལྷ་དབང་ཕྱུག་ཆེན་པོ་དང་། ལྷ་མོ་ཨུ་མའི་སྲས་མོར་འཁྲུངས་


CMR022_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ལྷ་མ་ཡིན་གྱི་གཡུལ་ངོ་བཟློག །སྐུ་རི་རབ་ཙམ་དུ་སྤྲུལ་ནས་ལྟེ་བར་ལྷ་དམག་གི་རྫོང་བཅས་པས། རྒྱལ་ཆེན་སྡེ་བཞིས་ཕྱག་འཚལ། ལྷ་མ་ཡིན་རྣམས་འོག་ཀླུ་ཡུལ་དུ་བྲོས་པས། རྒྱ་མཚོའི་དཀྱིལ་ནས་མེ་འབར་བའི་ཆོ་འཕྲུལ་བསྟན་ཏེ། ཀླུའི་རྒྱལ་པོས་ཕྱག་འཚལ་ནས་རྒྱ་མཚོ་མི་སྐམ་པར་ཞུས་པས། ལྷ་རྣམས་ཀྱིས་དཔག་བསམ་ཤིང་གི་བདག་མོར་བསྐོས། རྣམ་པར་རྒྱལ་བའི་ཁང་བཟང་དུ་རིན་པོ་ཆེ་སྣ་ཚོགས་པས་བརྒྱན་ཏེ། ལྷ་རྣམས་ཀྱིས་མཆོད་པ་བྱེད་དོ། །དེ་ནས་རི་ཁྲོད་མདངས་དགའ་བ་ན། ཤིང་ཤི་རི་ཞེས་བྱ་བའི་ལོ་མ་གྱོན་ན། འཕགས་པ་མི་ཕམ་པ་ཞེས་བྱ་བའི་གཟུངས་བཟླས་པས། རི་ཁྲོད་ལོ་མ་ཅན་པརྫུ་ཤ་བ་རི་ཞེས་བྱ་བ་ཡིན་ཏེ། འདིའི་གཟུངས་རྒྱས་བསྡུས་ལས། །འདི་བཟླས་ན་སྒྲིབ་པ་ཐམས་ཅད་དག་པ་དང་། བཀྲ་མི་ཤིས་པ་དང་། ཡམས་ནད་ཐམས་ཅད་དང་། རིམས་ཅན་ཐམས་ཅད་ཞི་ཚུལ་རྒྱ་ཆེར་གསུངས་ཤིང་། སམ་བྷ་ཏྲི་ལས་གདུག་རྩུབ་ཐམས་ཅད་ཞི་བ་དང་། །ནད་རྣམས་ཐམས་ཅད་འཕྲོག་བྱེད་པ། །ཤ་བ་རི་ཞེས་བྱ་བ་འདི། །རྣལ་འབྱོར་ཅན་གྱིས་བསྒོམ་པར་བྱ། །བཅོམ་ལྡན་རྡོ་རྗེ་


CMR022_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པས་གསུངས། །ཞེས་དང་། དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། དེ་འདྲ་རྣལ་འབྱོར་ཅན་གྱིས་བསྒོམས་ན་མི་ངས་ཐམས་ཅད་ཞི་བར་བྱེད། ནད་། ཐམས་ཅད་ཞི་བར་བྱེད་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཞེས་དང་། དངོས་གྲུབ་བསྟན་གཟིགས་རྒྱུད་ལས། རིམས་ནད་འཇོམས་བྱེད་བཀྲ་ཤིས་ཤ་བ་རི། །ཞེས་གསུངས་པས། མདོར་ན་བཀའ་གསར་རྙིང་ཐམས་ཅད་ནས་ནད་རིམས་མི་ནད་ཕྱུགས་ནད་ཐམས་ཅད་ཞི་བའི་མཆོག་དམ་པ་ཡིན་པར་གསུངས་པའི་ལྷ་མོ་བཀྲ་ཤིས་ཤ་བ་རིའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ། འདིར་གསར་མ་རྣམས་བྱ་རྒྱུད་དང་། རྙིང་པ་རྣམས་བླ་མེད་དེ། བཀྲ་ཤིས་རྟགས་བརྒྱད་སྦྱར་རོ། །ཞེས་པ་རཱ་ག་ཨ་སྱས་དོན་འགྲུབ་ཀྱི་འདོད་པ་ལྟར་ཉུང་ངུར་སྦྱར་བའོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR022_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

རྔོག་དཀྱིལ་དགྱེས་རྡོར་ལྷ་དགུ་བདག་མེད་མ་སོགས་ཀྱི་གཏོར་བསྔོས།


CMR022_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཧེ་བཛྲ་ཡེ། རྔོག་དཀྱིལ་དགྱེས་རྡོར་ལྷ་དགུ་དང་། བདག་མེད་མ་དང་། གུར་རིགས་བསྡུས་གསུམ་ཀའི་མདུན་དུ་ཆོས་འབྱུང་གི་ནང་། སྟེང་དུ་པདྨ་དཀར་པོ། བར་དུ་ནག་པོ་འོག་ཏུ་དམར་པོ་རྣམས་འདབ་མ་བརྒྱད་པ་བརྩེགས་མ། རང་གི་གནས་གསུམ་གྱི་ཡི་གེ་ལས་འོད་ཟེར་འཕྲོས་པས། གཟུགས་མེད་ནས་འདོད་ལྷ་རིགས་དྲུག་བསྡུས་ཏེ་པདྨ་དཀར་པོའི་དབུས་སུ་ཨོཾ་དཀར་པོ་། ཕྱོགས་སྐྱོང་བཅུ་དང་ཕ་མ་སོགས་བསྡུས་ཏེ་ནག་པོའི་དབུས་སུ་ཧཱུྃ་ནག་པོ། ས་སྟེང་མི་ནས་དམྱལ་བ་ཡན་ཆོད་བསྡུས་ཏེ་པདྨ་དམར་པོའི་དབུས་སུ་ཨཱཿཋདམར་པོ། དེ་དག་ལས་འོད་ཟེར་འཕྲོས། དོན་བྱས་ཚུར་འདུས་པ་ལ། ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། ཧཱུྃ་ལས་རྡོ་རྗེ་ནག་པོ་ཧཱུྃ་གིས་མཚན་པ། །ཨཱལས་པདྨ་དམར་པོའི་དབུས་སུ་ཨཱུས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས་ཚུར་འདུས་པ་ལས། འཁོར་ལོ་ལས་སྐུ་རྡོ་རྗེ་སྐུ་མདོག་དཀར་པོ་རང་འོད་ཀྱི་རིག་མ་དང་ཞལ་སྦྱར་བ། རྡོ་རྗེ་ལས་ཐུགས་རྡོ་རྗེ་སྐུ་མདོག་ནག་པོ་རང་འོད་ཀྱི་རིག་མ། པདྨ་ལས་གསུང་རྡོ་རྗེ་སྐུ་མདོག་དམར་མོ་རང་འོག་ཀྱི་རིག་མ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་


CMR022_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་གཡས་རྡོ་རྗེ་གཡོན་དྲིལ་བུ་བསྣམས་པ། ཞབས་གཡས་བརྐྱངས་པས་བཞུགས་པ། རང་གི་གནས་གསུམ་གྱི་ལྷ་ལས་འོད་ཟེར་འཕྲོས་པས། རང་འདྲ་བའི་ཡེ་ཤེས་། སེམས་དཔའ་སྤྱན་དྲངས་གཽ་རི་ཛཿ ཙོ་རི་ཧཱུྃ། བེ་ཏ་ལི་པཾ། གྷསྨཱ་རི་ཧོ༔ ཡང་འོད་ཟེར་འཕྲོས་པས་ལྷ་མོ་བདུད་རྩིའི་བུམ་ཆུ་ཐོགས་པ་དཔག་ཏུ་མེད་པ་སྤྱན་དྲངས། དེ་རྣམས་ཀྱི་དབང་བསྐུར་བས། སྐུ་རྡོ་རྗེ་ལ་རྣམ་པར་སྣང་མཛད། ཐུགས་རྡོ་རྗེ་ལ་མི་བསྐྱོད་པ། གསུང་རྡོ་རྗེ་ལ་སྣང་བ་མཐའ་ཡས་ཀྱིས་དབུ་རྒྱན་པར་གྱུར། རང་གི་གནས་གསུམ་གྱི་ལྷ་ལས་མཆོད་པའི་ལྷ་མོ་རྣམས་སྤྲོས་ཏེ་མཆོད། ཨོཾ་ཛཿཧཱུྃ་བཾ་ཧོཿ ཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་ནི་རི་ཏི་ཧཱུྃ་ཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་པཋེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་དྷུཔྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ནེ་ཝི་དྱ་ཨཱཿཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཨཱཿ་ལོ་ཀེ་ཨཱཿཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ཤཔྟ་ཨཱཿཿཧཱུྃ་སྭཱ་ཧཱ། ཡཾ་ལས་རླུང་རཾ་ལས་མེ། ཨཱཿལས་ཐོད་པོའི་ནང་དུ་ཤ་ལྔ་བདུད་རྩི་ལྔ། དེ་རྣམས་ཀྱི་ཕྱིའི་རྣམ་པ་ལ་ཨོཾ། སྲོག་ལ་ཨ་ཨཱཿཿ དེའི་སྟེང་དུ་ཟླ་བྱེད་རྡོ་རྗེའི་རྩེ་མོ་ལ་ཧཱུྃ་གིས་མཚན་པ། མགོ་ཐུར་དུ་བལྟ་བ། རླུང་གི་མེ་སྦར་ཐོད་


CMR022_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲོས། ཤ་ལྔ་བདུད་རྩི་ལྔ་ཁོལ་བས། ཨོཾ་དང་ཨ་ལས་འོད་ཟེར་འཕྲོས་ཏེ་ཟླ་ཕྱེད་རྡོ་རྗེ་ཧཱུྃ་དང་བཅས་པ་ལས་ཡེ་ཤེས་ཀྱི་བདུད་རྩི་བབ། དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས་པར་གྱུར། ཨོཾ་ཨཱཿཙྪཱཧཱུྃ་གསུམ། མཐར་ཟླ་ཕྱེད་རྡོ་རྗེ་ཡང་ཐོད་པའི་ནང་དུ་ལྷུང་སྟེ་ཞུ་བས་བདུད་རྩིའི་རང་བཞིན་དུ་གྱུར། གཏོར་མའི་མགྲོན་ཐམས་ཅད་ཀྱིས་ལྗགས་ཀྱི་རྩེ་མོ་ལ་རྡོ་རྗེ་ནས་འབྲས་ཙམ་པ། དེ་ལས་འོད་ཟེར་སྦུ་གུ་ཅན་བྱུང་བས་གཏོར་མ་ལ་རེག་སྟེ་འོད་ཟེར་གྱིས་དྲངས་ནས། གསོལ་བར་གྱུར། ཨོཾ་ཨིན། ཡ་མ༔ ཛ་ལ༔ ཡཀྟ༔ བྷུ་ཏ༴ བ་ནི་༴ བ་སུ༔ རཀྟ་ས༔ ཙན༴ སུརྱ༔ མ་ཏ༴ པ་སྱཟཏ་ལ༔ སཱ་ར་ལ༴ པ་པྱ༴ སྭཱ་ཧཱ༔ ཨི་དཾ་བྷ་ལི་༴ བུཉྫ༴ ཛི་ག༴ པུཊེ༔ རཱུ་པ༴ མཾ་ས༴ སཾ་ག ཨཏྨ༴ ཀརྫ་༴ སརྦ༴ ས་དྷ༴ ཁནྟེ༴ ཁུ་ནེ༴ ཕེ་ཏ༴ གྷ་ཏ༴ ཨོཾ་ཨ་ཀ་རོ་སོགས་གསུམ། ཁྱོད་ནི་མི་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར། །ཁྱོད་ཀྱིས་ཐུགས་རྗེ་ཁྱོད་དགོངས་འགྲུབ། །ཁྱོད་ནི་རྒྱུ་དང་མི་རུ་འཁོར་བ་ཀུན་བསྒྲུབ་པ། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་བྱང་ཆུབ་ཏུ། །


CMR022_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་སྒྱུ་མས་བྱང་ཆུབ་སྒྲུབ་པའི་ཡིད། །དགྱེས་རྡོར་དཔལ་གྱི་ཧེ་རུ་ཀ་ལ་བསྟོད། །ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ལན་གསུམ། གཏོར་མའི་མགྲོན་རྣམས་མཉེས་ནས། ཡེ་ཤེས་ཀྱི་གད་མོ་བཅུ་གཉིས་སྒྲོགས་ཤིང་། སྒྲུབ་པ་པོ་ཁྱོད་ཀྱི་ཡིད་ལ་ཅི་འདོད་པ་བདག་ཅག་རྣམས་ཀྱིས་བསྒྲུབ་པར་བྱའོ། །ཞེས་ཁས་ལེན་པར་གྱུར། ལྷ་ཆེན་བརྒྱད་པོ་འཁོར་དང་བཅས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །འཇིག་རྟེན་སྐྱོང་བ་བརྒྱད་རྣམས་དང་། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང་། །འབྱུང་པོའི་ཚོགས་རྣམས་མ་ལུས་དང་། །སྲིན་པོའི་ཚོགས་རྣམས་མ་ལུས་དང་། །ཡི་དྭགས་ཚོགས་རྣམས་མ་ལུས་དང་། །ཤ་ཟའི་ཚོགས་རྣམས་མ་ལུས་དང་། །སྨྱོ་བྱེད་ཚོགས་རྣམས་མ་ལུས་དང་། །བརྗེད་བྱེད་ཚོགས་རྣམས་མ་ལུས་དང་། །མཁའ་འགྲོའི་ཚོགས་རྣམས་མ་ལུས་དང་། །དེ་ལ་སོགས་པ་འབྱུང་པོའི་ཚོགས། །མ་ལུས་འཁོར་དང་བཅས་པ་ཀུན། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་


CMR022_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །དབང་དང་མངོན་སྤྱོད་དགྲའི་སྡེ་འཇོམས་པ་དང་། །བཀར་བ་དང་ནི་བསད་དང་རྒུད་པ་དང་། །ཞི་དང་རྒྱས་ལ་སོགས་པའི་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་བའི་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་རྫོགས་ཤོག །ཨོཾ་བཛྲ་སཏཱ་ས་མ་ཡ། སོགས། པདྨ་ལ་ནི་རྡོ་རྗེའི་གནས། །པདྨ་ཉིད་ནི་ཞིང་ཡིན་ནོ། །རྒྱུན་དང་ཅང་ཏེའུ་བརྡུངས་བྱས་ཏེ། །སྙིང་རྗེ་སྐུ་ཆེ་བསྒྲལ་མི་བྱ། །དེ་རུ་སྟོབས་ལྡན་འབད་པས་བཟའ། །ཆང་ཡང་མང་པོ་བཏུང་བར་བྱ། །གྲོགས་པོ་སྐལ་ལྡན་བཞུགས་པར་བྱ། །སྐལ་པ་མེད་པ་རྣམ་ལ་སྤངས། །བཞི་མཉམ་གླ་རྩི་སི་ལ་དང་། །ག་པུར་རྣམས་ཀྱིས་བྱུག་པར་བྱ། །དེར་ནི་ཚོགས་ལ་ཤ་


CMR022_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གྱིས། །བཀང་བ་དག་ཀྱང་བཟའ་བར་བྱ། །འགྲོ་དང་འོང་དང་འགོགས་མི་བྱེད། །དག་དང་མ་དག་བསམ་མི་བྱ། །རུས་པའི་རྒྱན་གྱིས་ལུས་ལ་བརྒྱན། །དེ་རུ་རོ་ནི་གཞུག་པར་བྱ། །འདུས་ཕྱིར་གཉིས་ནི་སྦྱོར་བར་བྱ། །དེར་ནི་རིག་མིན་སྤང་མི་བྱ། །དེ་ནས་སློབ་མ་ཉེ་བར་འཇུག་པའི་དོན་དུ་དམ་ཚིག་གིས་གླུས་བསྐུལ་བ་ནི། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་འཛིན་པར་བདག་སྒྲུབས་ཤིག །དུར་ཁྲོད་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་སྒྲུབས་ཤིག །ཉེས་པ་མེད་པ་རྟག་པ་སྟེ། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་བདག་སྒྲུབས་ཤིག །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་སུ་བདག་སྒྲུབས་ཤིག །དུར་ཁྲོད་ཆེན་པོ་མཆོག་གིས་མཆོག །དབང་ཕྱུག་ཆེན་པོ་རྒྱལ་བའི་རྒྱལ། །གྲུབ་པས་རྡོ་རྗེ་ཕྱིར་གསལ་བ། །རྡོ་རྗེ་


CMR022_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེམས་མར་བདག་སྒྲུབས་ཤིག །སེམས་ཅན་ཀུན་གྱིས་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱིས་ཡབ་ཉིད་དོ། །འདོད་། ཆགས་སྙམ་པའི་དམ་ཚིག་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་ཡིན་པའི། །མགོན་པོ་ཁྱོད་ཀྱིས་བདེན་པ་དེས། །བདག་གིས་འདོད་པ་བསྐང་གྱུར་ཅིག །ཅེས་པ་གཏོར་བསྔོས་རྔོག་རིན་ཆེན་བཟང་པོས་མཛད་པས་ལས། ༧ རཱ་ག་ཨ་སྱས་བསྡུས་པའི་ཡི་གེ་པ་ནི་བརྩོན་འགྲུས་སོ།། །།མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR022_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

གཅིག་ཤེས་ཀུན་གྲོལ་གྱི་དབང་ཆོག


CMR022_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཤེས་ཀུན་གྲོལ་གྱི་དབང་ཆོག་བཞུགས་སོ། །


CMR022_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་ཡེ། འཕགས་མཆོག་ཐུགས་རྗེ་ཅན་ལ་ཕྱག་འཚལ་ནས། །རྗེས་གནང་གཅིག་ཤེས་ཀུན་གྲོལ་བསྡུས་པ་བྲི། །གཞི་སྟེང་འབྲུ་ཡི་ཚོམ་བུ་འདབ་བརྒྱད་བཀོད། །བུམ་པ་དབང་གཏོར་བཤམས་མཐར་མཆོད་པ་བཤམ། །སྔོན་འགྲོ་ལྕོག་རྡོག་བཤམས་བྲན་འདི་སྐད་དོ། །ཧཱུཾ་ལས་རིན་ཆེན་སྣོད་དུ་གཏོར་མ་ནི། །དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུཾ། རང་ཉིད་སྐད་ཅིག་ཡི་དམ་ལྷར་གསལ་བའི། །ཐུགས་ཀའི་འོད་ཀྱིས་བགེགས་དང་གཞི་བདག་རྣམས། །སྤྱན་དྲངས་གཏོར་མ་གསོལ་བས་ཚིམ་པར་གྱུར། །ཨོཾ་སརྦ་ལོ་ཀ་པཱ་ལ་སརྦ་བིགྷཱན་ཛ༔ཧཱུྃ་བཾ་ཧོ༔ ཨི་དཾ་


CMR022_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨནྡྷཾ་སོགས། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་སྡེ་བརྒྱད་སོགས། །མ་ལུས་འཁོར་བཅས་འདིར་བྱོན་ནས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་བསྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱིས་སྡོང་གྲོགས་མཛོད། །དུས་མིན་འཆི་བའི་ནད་


CMR022_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡིས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །གང་དག་གསང་སྔགས་ཀྱི་ཆོ་ག་ཟབ་མོ་མཐོང་བ་དང་ཐོས་པར་མི་དབང་བ་རྣམས། གཏོར་མ་འདིས་ཚིམ་པར་གྱིས་ལ་རང་རང་སོ་སོའི་གནས་སུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་རབ་ཏུ་འབར་བའི་ཡེ་ཤེས་ཀྱི་རྡོ་རྗེས་མགོ་བོ་འགེམས་པར་བྱེད་དོ། །ཨོཾ་སུ་བྷ་ནི་སུམྦྷ་ནི་ཧཱུྃ། གྲིཉྩ་གྲིཙྪ་ཧཱུཾ། གཾནྡྷཱ་པ་ཡ་གྲི་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོ༔ བྷ་ག་ཝན་བིརཱུ་རཱ་ཛ་ཀྲོ་དྷ་ཡ་ཧཱུྃ་ཕཊ། རོལ་མོ་བྱ། སྟེང་འོག་ཐམས་ཅད་རྡོ་རྗེའི་ར་གུར་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་འཁོར་དུ་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་སྭ་བྷ་ཝས་སྦྱངས། ཧཱུཾ་ལས་རིན་ཆེན་སྣོད་དུ་ནི། །ཧཱུྃ་ལས་མཆོད་རྫས་དཔག་མེད་པ། །ཀུན་བཟང་མཆོད་སྤྲིན་ལྟ་བུར་གྱུར། །ཨོཾ་བཛྲ་སྤ་ར་ཎ་ཁཾ། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་


CMR022_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེ་དང་བཅས་པས། །བརྩོན་པས་སེམས་ཅན་ཀུན་དོན་བདག །སངས་རྒྱས་མདུན་དུ་གནས་བྱས་ནས། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །ལན་གསུམ། རང་གི་སྙིང་གར་པདྨ། ཟླ་བའམ། ཉི་མའི་སྟེང་དུ་ས་བོན་ལས་འོད་ཟེར་ལྷ་སོ་སོའི་ཁ་དོག་འཕྲོས་པས། མདུན་གྱི་ནམ་མཁའི་གནས་སུ་བཅོམ་ལྡན་འདས་ཞེས་བྱ་བ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། བླ་མ་རིགས་བདག་གི་རྣམ་པ་དབུའི་ཆ་ལ་བཞུགས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ རང་གི་སྙིང་ག་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་གྱུར། ཨོཾ་བཛྲ་ཨགྷཾ། པཱདྷཾ། ནས། ཤརྡ་པྲ་ཏཱིཙྪ་སྭཱ་ཧཱ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་སྒྱུ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་


CMR022_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་ནས། །སྡུག་བསྔལ་དག་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ལན་གསུམ། ཚོགས་ཞིང་རང་གི་སྙིང་གར་ཐིམ་པར་གྱུར། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཞི་བ་ལ་ཨ་ལས་ཟླ་བའམ། །ཁྲོ་བོ་ལ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན་དེ་ལས་འོད་ཟེར་འཕྲོས། །འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ལྷ་གང་ཡིན་བསྐྱེད་ནས། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་སྔོན་དང་། ཐུགས་ཀའི་དབུས་སུ་ས་བོན་དེ་ལས་འོད་ཟེར་འཕྲོས་པས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཨནྡྷཾ་སོགས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་དབང་


CMR022_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལྷ་རྣམས་སྤྱན་དྲངས། པཉྩ་ཀུ་ལ་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཨགྷཾ་སོགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ་། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་དབང་བསྐུར་སྐུ་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོ་འདི་ཞེས་བྱ་བས་དབུ་བརྒྱན་པར་གྱུར། ཨགྷཾ་སོགས་ཀྱིས་མཆོད་ཅིང་། མཆོད་ཅིང་སོ་སོའི་བསྟོད་པའམ། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། །རང་གི་སྙིང་གར་ཟླ་བའམ། ཉི་མའི་གདན་གྱི་སྟེང་དུ་ས་བོན་ལ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་འཕྲོས་སེམས་ཅན་གྱི་ཁམས་སྦྱངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་ནས། དེ་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་སྔགས་ཕྲེང་དེ་ཉིད་ཀྱི་རྣམ་པར་སྤྱན་དྲངས་ཏེ་


CMR022_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྙིང་གར་ཐིམ་པར་གྱུར། ཅེས་བསྙེན་པ་ཕྲེང་བསྐོར་གཅིག་བྱའོ། །ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རྣམ་རྒྱལ་བུམ་པའི་ནང་དུ་མཎྜལ་གྱི་དབུས་སུ་པཾ་ལས་པདྨ། ཞི་བ་ལ་ཨ་ལས་ཟླ་བ། ཁྲོ་བོ་ལ་རཾ་ལས་ཉི་མའི་སྟེང་དུ། ས་བོན་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། ལྷ་གང་ཡིན་གྱི་བུམ་བསྐྱེད་མདུན་བསྐྱེད་གཉིས་དུས་གཅིག་ལ་བསྐྱེད། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ས་བོན་དེ་ལས་འོད་ཟེར་འཕྲོས་པས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ ཨནྡྷཾ་སོགས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་དབང་གི་ལྷ་རྣམས་སྤྱན་དྲངས། པཉྩ་ཀུ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཨགྷཾ་སོགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བུམ་བསྐྱེད་དང་མདུན་བསྐྱེད་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་


CMR022_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་སྐུ་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོ་འདི་ཞེས་བྱ་བས། དབུ་བརྒྱན་པར་གྱུར། མཆོད་བསྟོད་ཅི་རིགས་དང་སོ་སོའི་བསྟོད་པས་བསྟོད་ལ། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། །བདག་གི་ཐུགས་ཀ་ནས་སྔགས་ཕྲེང་གཟུངས་ཐག་ལ་ཞོན་ཏེ་སོང་། བུམ་བསྐྱེད་ལྷའི་ཐུགས་ཀར་ཕོག །ཟག་མེད་ཀྱི་བདེ་བས་ཐུགས་དགྱེས། སྐུ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་འཛག་པས་བུམ་པ་ཁེངས་པར་གྱུར། ཅེས་བསྙེན་པ་བརྒྱ་རྩ་བརྒྱད་བྱའོ། །བུམ་ལྷ་ཞུ་བ་བུམ་པའི་ཆུར་གྱུར། ལས་བུམ་གྱི་ནང་དུ་སྐད་ཅིག་གིས་ཧཱུྃ་ལས་བདུད་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམ་དང་སྡིགས་མཛུབ་མཛད་པ་གསལ་བར་གྱུར། །ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་བརྒྱའམ་ཉེར་གཅིག་བཟླ། ཨགྷཾ་སོགས། ཧཱུྃ་འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་


CMR022_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ལས་བུམ་གྱི་ཁྲོ་བོས་བར་ཆད་ཀྱི་བགེགས་ཐམས་ཅད་བཟློག་པའི་ཕྲིན་ལས་མཛོད་ཅིག །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ལྷའི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་འོད་ཟེར་གྱིས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་བསྡུས་ཏེ་བདག་ལ་ཐིམ་པར་གྱུར། ཅེས་བསྙེན་པ་བརྒྱ་རྩ་བྱ། བཅོམ་ལྡན་འདས་འདི་ཞེས་བྱ་བས། བདག་དང་སློབ་མ་ལ་དབང་བསྐུར་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། སྐབས་འདིར་རྒྱས་པར་སྤྲོ་ན་བདག་འཇུག་བླངས་ཏེ། སློབ་མ་ལ་དབང་བསྐུར་བ་ལྟར་རང་ལ་དབང་རྫོགས་པར་སྐུར། བསྡུ་ན་ཏིང་ངེ་འཛིན་གྱིས་དབང་བླངས་ཏེ་ངག་ཏུ་བརྗོད་པའམ་ཡིད་ཀྱིས་བསྒོམས་ཀྱང་རུང་སྟེ། མདུན་བསྐྱེད་ཀྱི་དཔྲལ་བ་མགྲིན་པ་ཐུགས་ཀ་ལྟེ་བ་གསང་གནས་རྣམས་ནས་འོད་ཟེར་དཀར་དམར་མཐིང་སེར་ལྗང་གུ་རྣམས་འཕྲོས་རང་གི་གནས་ལྔར་ཐིམ་པས་སྒྲིབ་པ་བཞི་དག་ནས་དབང་བཞི་སྐུ་བཞི་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་གྱུར། ལྷ་གང་ཡིན་གྱི་སྙིང་པོའི་མཐར་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བུམ་པ་རང་གི་སྤྱི་བོར་བཞག་ལ་བུམ་ཆུ་བཏུང་། དེ་ནས་སྐབས་འདིར་


CMR022_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་ལ་བྱབ་ཁྲུས་སམ་དབང་བསྐུར་བྱའོ། །དབང་གི་ཆིངས་རྗེ་དབང་ཕྱུག་རྡོ་རྗེས་མཛད་པའི་གཅིག་ཤེས་ཀུན་གྲོལ་ལ་ཁོག་ཕུབ་སྒྲུབ་ཐབས་རྒྱ་མཚོའམ་བརྒྱ་རྩ་སོགས་ནས་འབྱུང་བ་ལྟར་གོ་བདེ་བར་ཨ་རཱ་གས་སྦྱར་བའོ། །མངྒ་ལཾ།། དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR022_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


CMR022_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཤེས་ཀུན་གྲོལ་འབྲིང་པོ་ལྟར་དབང་བསྐུར་བྱ་ཐབས་བཞུགས་སོ། །


CMR022_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དབང་བསྐུར་བ་ནི། སྔོན་འགྲོའི་གཏོར་མ་བཏང་། བགེགས་བསྐྲད། ལས་བུམ་གྱི་ཆུས་ཁྲུས་བྱས། ཆབ་བླངས། མཎྜལ་ཕུལ། དབང་བཤད་ཅི་རིགས་བརྗོད་ནས། ད་ལམ་བླ་མ་དང་ཡི་དམ་སྒོ་ཐ་མི་དད་པའི་དྲུང་དུ་དབང་ཟབ་མོ་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེ་མོ་ཡི། །དབང་དང་རྗེས་གནང་བསྩལ་དུ་གསོལ། །ལན་གསུམ། ཁྱེད་རང་སློབ་མ་རྣམས་རྒྱུད་དག་པར་བྱ་བའི་ཕྱིར་དུ་བླ་མ་དང་ཡི་དམ་སྒེདབྱེར་མེད་པའི་དྲུང་དུ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་


CMR022_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་


CMR022_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤོག །ལན་གསུམ། ལས་བུམ་གྱི་ཀུ་ཤས་སློབ་མ་བྲན་ལ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཀྱིས་བསངས། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཁྱེད་རང་རྣམས། ལྷ་གང་ཡིན་བསྐྱེད་ལ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། ད་ཁྱེད་རང་དབང་ལེན་པ་པོ་རྣམས་ཡི་དམ། འདི་ཞེས་བྱ་བར་གསལ་བཏབ་ནས། གང་ལ་དབང་བླངས་བའི་ཡུལ་གསལ་གདབ་པ་ནི། ཁྱེད་རང་གི་མདུན་དུ་བཤམས་པའི་མདུན་བསྐྱེད་ཀྱི་དམིགས་རྟེན་མལ་དབུས་ཀྱི་ཚོམ་བུ་སྐུ་བརྙན། འདིར་བཤམས་པའི་བུམ་པ་གཏོར་མ་དང་བཅས་པ་འདི་ཡང་སྐད་ཅིག་གིས་ཡི་དམ། འདི་ཞེས་བྱ་བའི། གནས་གསུམ་ཡི་གེ་གསུམ་དང་བཅས་པ་གསལ་ཐོབ་ལ། སློབ་དཔོན་ཡང་དེར་གསལ་བ་ལ་མོས་འདུན་རྩེ་གཅིག་ཏུ་བྱས་པས། སློབ་དཔོན་དང་མདུན་བསྐྱེད་ཀྱི་སྐུའི་གནས་ཐམས་ཅད་ནས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས། ཡི་དམ་སྒྲེའི་ལྷ་ཚོགས་བསྒོམས་པ་དང་འདྲ་བ་དཔག་ཏུ་མེད་པ་སྤྱན་དྲངས། ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་དང་སྒེའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར་ཅིང་ཡེ་


CMR022_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ཕེབས་བྱུང་སྙམ་པ་གྱིས་ལ་སེམས་རང་བབས་སུ་ཞོག །རོལ་མོ་དང་བཅས་སྙིང་པོའི་མཐར། བཛྲ་ཨཱཿ་བེ་ཤ་ཡ་ཨཱཿ་བེ་ཤ་ཡ་ཨ་ཨཱཿ། ལན་གསུམ་མམ་བདུན་བརྗོད། རྡོ་རྗེ་མེ་ཏོག་དང་བཅས་སྤྱི་བོར་བཞག་ལ། ཏིཥྛ་བཛྲ། ཞེས་བརྟན་པར་བྱའོ། །ད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་ལྔ་ལས། དང་པོ་སྐུའི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲན་གྱིས། །བདག་ལ་རྒེ་ཡི། །སྐུ་ཡི་དབང་མཆོག་བསྩལ་དུ་གསོལ། །གསུམ་མམ་གཅིག །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དང་མདུན་བསྐྱེད་ཁྱེད་རང་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་ལྷ་རྣམས་སྤྱན་དྲངས་ནས་དབང་བསྐུར་བར་གྱུར། བུམ་པ་ལག་ཏུ་ཐོགས་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། བུམ་ཆུ་བླུད། ཀུ་ཤས་སྤྱི་བོར་གཏོར་ཞིང་། དབང་བསྐུར་སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་


CMR022_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་རིགས་ཀྱི་བདག་པོ་རྨེའི་དབུ་བརྒྱན་པར་གྱུར། བཀྲ་ཤིས་བརྗོད། དེས་ཁྱེད་རང་རྣམས་ཀྱིས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །ལུས་ལ་གནོད་པའི་ནད་གདོན་ཐམས་ཅད་ཞི། ལུས་ལྷའི་སྐུར་བསྒོམ་པར་དབང་། འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་དེ་སྐུའི་རྗེས་གནང་ཡིན། །གཉིས་པ་གསུང་གི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེ་ཡི། །གསུང་གི་དབང་བསྐུར་བསྩལ་དུ་གསོལ། །གསུམ་མམ་གཅིག །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས་ནས་ཐུགས་ཀར་འཁོར་བར་བསྒོམས་ལ་འདིའི་རྗེས་ཟློས་མཛོད། སྔགས་ལན་གསུམ་དང་ཕྲེང་བ་ལག་འགྲིམ་བྱེད། ད་ཁྱེད་རང་རྣམས་ཀྱིས་མེ་ཏོག་གི་ཕྲེང་བ་རེ་སློབ་དཔོན་ལ་ཕུལ་བར་བསམས་ལ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །རྩ་སྔགས་ལན་གསུམ་སློབ་དཔོན་གྱིས་སྔགས་ཀྱི་ཕྲེང་བ་དེ་ཉིད་


CMR022_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་གི་ཕྲེང་བར་བྱས་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིངས་པའི་མོས་པ་མཛོད། རོལ་མོ་དང་བཅས་ཕྲེང་བ་རྡོ་རྗེ་མེ་ཏོག་མགོར་བཞག་ལ། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཕྲིན་ལས་རྫོགས་པར་མཛད་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ། རྒེའི། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འཇུག་ཅིང་བརྟན་པར་གྱུར་ཅིག །བཀྲ་ཤིས་བརྗོད། དེས་ཁྱེད་རང་རྣམས་ཀྱིས་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །ངག་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཞི། ངག་སྔགས་བཟླ་བར་དབང་། འབྲས་བུ་གསུང་དབྱངས་དྲུག་ཅུ་དང་ལྡན་པ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་གསུང་གི་རྗེས་གནང་ངོ་། །གསུམ་པ་ཐུགས་ཀྱི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད་། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྨེ་ཡི། །ཐུགས་ཀྱི་དབང་བསྐུར་བསྩལ་དུ་གསོལ། །གསུམ་མམ་གཅིག །


CMR022_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ལྷའི་ཐུགས་ཀར་ཕོག །དེའི་ཐུགས་ཀ་ནས་ཕྱག་མཚན་དུ་མ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས། སྒེའི་ཐུགས་ཀྱི་དངོས་གྲུབ་ཐོབ་སྙམ་པ་གྱིས་ལ་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་ཞོག །རྡོ་རྗེ་ཐོགས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །རྡོ་རྗེ་སློབ་མའི་སྙིང་གར་བཞག་ཅིང་། ས་མ་ཡ་སྟེ། ཞེས་དང་བཀྲ་ཤིས་བརྗོད། དེས་ཁྱེད་རང་རྣམས་ཀྱིས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །ཡིད་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཐམས་ཅད་ཞི། ཡིད་ཏིང་ངེ་འཛིན་བསྒོམ་པ་ལ་་དབང་། འབྲས་བུ་ཆོས་སྐུའི་ས་བོན་རྒྱུད་ལ་བཞག་པ་དེ་ཐུགས་ཀྱི་རྗེས་གནང་ཡིན་ནོ། །བཞི་པ་ཡོན་ཏན་གྱི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད་དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེ་ཡི། །ཡོན་ཏན་དབང་བསྐུར་བསྩལ་དུ་གསོལ། །གསུམ་མམ་གཅིག །


CMR022_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་གྱིས། དེ་ལྟར་གསོལ་བ་བཏབ་པས། ཁྱེད་རང་རྣམས་ལྷ་རྨེའི་སྐུར་གསལ་བ་ལ། སློབ་དཔོན་ཡང་དེར་གསལ་བས་རྒེའི་ཕྱག་མཚན་འདི་གཏད་པས་ལྷ་འདི་དང་། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དངོས་གྲུབ་ཐོབ་སྙམ་པ་གྱིས། འདི་ནི་སྒེའི་ཕྱག་མཚན་ཏེ། །ཁྱོད་ཀྱིས་རྟག་ཏུ་བཅང་བས་ན། །ཐབས་ཤེས་ཟུང་དུ་འཇུག་པ་དང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡོན་ཏན་ཀུན་གྱི་སྣོད་གྱུར་ཏེ། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །རྩ་སྔགས་དང་། གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཕྱག་མཚན་སློབ་མའི་ལག་གཡས་གཡོན་དུ་བཞག་བཀྲ་ཤིས་བརྗོད། དེས་བསགས་པ་སྙོམས་འཇུག་གི་སྒྲིབ་པ་དག །སྒོ་གསུམ་ཆ་མཉམ་ལ་གནོད་ཅིང་འཚེ་བ་ཐམས་ཅད་ཞི། གནས་སྐབས་ལམ་གྱི་ཡོན་ཏན་ཐམས་ཅད་བསྒྲུབ་པ་ལ་དབང་། མཐར་ཐུག་བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་དྲུག་ཅུ་རྩ་བཞི་ལ་དབང་བའི་སྐལ་པ་ཅན་དུ་བྱས་པ་དེ་ཡོན་ཏན་གྱི་རྗེས་གནང་ངོ་། །ལྔ་པ་ཕྲིན་ལས་ཀྱི་རྗེས་གནང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་


CMR022_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །བདག་ལ་རྨི་ཡི། །ཕྲིན་ལས་དབང་བསྐུར་བསྩལ་དུ་གསོལ། །གསུམ་མམ་གཅིག །སློབ་དཔོན་གྱིས། དེ་ལྟར་གསོལ་བ་བཏབ་པས་བླ་མ་དང་མདུན་བསྐྱེད་དབྱེར་མེད་པའི་དཔྲལ་བ་ནས་ཞི་བའི་འོད་ཟེར་དཀར་པོ། མགྲིན་པ་ནས་དབང་གི་འོད་ཟེར་དམར་པོ། ཐུགས་ཀ་ནས་དྲག་པོའི་འོད་ཟེར་མཐིང་ག །ལྟེ་བ་ནས་རྒྱས་པའི་འོད་ཟེར་སེར་པོ། གསང་བ་ནས་ལས་སྣ་ཚོགས་ཀྱི་འོད་ཟེར་ལྗང་གུ་རྣམས་འཕྲོས། ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་པས། ནད་གདོན་བར་ཆད་ཐམས་ཅད་ཞི། ཚེ་དང་བསོད་ནམས་ཐམས་ཅད་རྒྱས། སྣང་སྲིད་དབང་དུ་འདུས། དགྲ་བགེགས་ཐམས་ཅད་ཚར་བཅད། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ་པར་སྒོམས་ཤིག །སངས་རྒྱས་ཀུན་གྱི་ཕྲིན་ལས་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་གྱིས་རབ་བསྒྲུབ་ཕྱིར། །ཕྲིན་ལས་དབང་འདི་ཁྱོད་ཀྱིས་ལོངས། །ལས་བཞིའི་ཙཀ་ལི་གཏད་པའམ། མེད་ན་གཏོར་མ་མགོར་བཞག །རྩ་སྔགས་ཀྱི་མཐར། ཀརྨ་ཨ་བྷི་ཥིཉྩ་ཨཱཿ བཀྲ་ཤིས་བརྗོད། དེས་སྒོ་གསུམ་ཆ་མཉམ་གྱི་སྡིག་སྒྲིབ་དག །སྒོ་གསུམ་ལ་གནོད་པའི་འགལ་རྐྱེན་ཞི། ལས་རབ་འབྱམས་


CMR022_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པར་དབང་། འབྲས་བུ་སངས་རྒྱས་ཀྱི་ཕྲིན་ལས་ཁྱབ་པ་དང་རྟག་པའི་བདག་ཉིད་ལ་དབང་འབྱོར་བའི་སྐལ་པ་ཅན་དུ་བྱས་པ་དེ་ཕྲིན་ལས་ཀྱི་དབང་ཡིན། བྱ་སྤྱོད་རྒྱུད་ལ་གཏོར་དབང་མ་གསུངས་ཀྱང་བླ་མ་རྣམས་ཀྱི་ཕྱག་ལེན་ལ་ཡོད། དེ་གཏོར་མ་འདི་ཉིད་་རྒྱས་པར་མངོན་རྟོགས་བརྗོད་ལ། བསྡུ་ན་འདི་ཞེས་བྱ་བར། གསལ་ཐོབ་ལ་དེའི་སྟེང་གི་ཆ་ལ་བཀའ་བརྒྱུད་ཀྱི་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྤྲིན་འཁྲིགས་པ་ལྟར་ཁྱེད་རང་གི་སྤྱི་བོར་བྱོན་ནས་ངེད་ཀྱིས་གསོལ་བ་ཇི་ལྟར་བཏབ་པ་ལྟར་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཐོབ་བྱུང་སྙམ་པའི་མོས་འདུན་རྩེ་གཅིག་ཏུ་མཛོད་ཅིག །ཅེས་གཏོར་མ་ལག་ཏུ་ཐོགས་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱིས་བྱིན་རླབས་ཤིང་། །དངོས་གྲུབ་རྣམ་གཉིས་འབྱུང་བའི་གནས། །གཏོར་མའི་དབང་བསྐུར་ཆེན་པོ་སྦྱིན། །ཛཿཧཱུྃ་བཾ་ཧོཿ སློབ་མ་ཉུང་ན་འདི་ཡན་མགོར་བཞག །ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། ཏེ་ལོ་ཤེས་རབ་བཟང་པོ། ནཱ་རོ་ཛྙ་ན་སིདྡྷི། མར་པ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པ་རྡོ་རྗེ། དྭགས་པོ་ཟླ་


CMR022_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གཞོན་ནུ། དཔལ་ལྡན་དུས་གསུམ་མཁྱེན་པ། འགྲོ་མགོན་རས་པ་ཆེན་པོ། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཆེན་ཀརྨ་པཀཱི་ལ་སོགས་པ་དོན་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཁྱད་པར་དུ་ཆོས་འདི་ཉིད་གང་ལས་བརྒྱུད་པའི་དཔལ་ལྡན་བླ་མ་ཐམས་ཅད་དང་། ལྷ་གང་ཡིན་བརྗོད་ལ། ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱིས། རྡོ་རྗེའི་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཀྱི་སྒོ་ནས་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བར་མཛད་དུ་གསོལ། འདི་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་ནད་རིགས་བཞི་བརྒྱ་རྩ་བཞི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གདོན་རིགས་སུམ་བརྒྱ་དྲུག་ཅུ། སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ཀླུ་དང་ས་བདག །བར་གདོན་གཉན་དང་ཐེའུ་རང་གི་གནོད་པ་ཐམས་ཅད་ཞི་བར་བྱིན་གྱིས་རློབས་ཤིག །ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱས་པར་བྱིན་གྱིས་རློབས་ཤིག་འཆི་མེད་ཚེའི་དངོས་གྲུབ་ཐམས་ཅད་དབང་དུ་འདུ་བར་བྱིན་གྱིས་རློབས་ཤིག །བདུད་བགེགས་ལོག་འདྲེན་གདུག་པ་ཅན་ཐམས་ཅད་དྲག་པོའི་སྒོ་ནས་ཚར་གཅོད་པར་


CMR022_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་རློབས་ཤིག །སྐྱེ་བ་འདི་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ་སྒེའི། རྡོ་རྗེ་སློབ་མ་འདི་རྣམས་ཀྱི་ལྷག་པའི་ལྷ་མཛོད། ཉིན་གསུམ་གྱི་བྱ་ར་མཛོད། མཚན་གསུམ་གྱི་མེལ་ཚེ་མཛོད། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཐམས་ཅད་ལས་བསྐྱབ་ཏུ་གསོལ། སོ་སོའི་སྔགས་གསུམ་མམ་གྲངས་ཅི་རིགས་བརྗོད་ལ། སློབ་མ་ཉུང་ཙམ་ལ་རེ་རེའི་མགོར༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སོགས་དང་ཤོ་ལོ་ཀ་དང་སྔགས་བརྗོད། ཁྲོམ་མང་ལརེ་རེའི་མགོར་སྔགས་ཚར་རེའོ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །བཅོམ་ལྡན་རྒེའི་བདེན་པ་ཡི། །འགྲོ་བ་འདི་དག་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཨོཾ་བཛྲ་རཀྵ་ཧཱུྃ། གཏོར་མ་ལྷར་གསལ་བ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་། སྒེའི། སྐུ་གསུང་ཐུགས་དབྱེར་མེད་དུ་འདྲེས་པར་གྱུར་སྙམ་དུ་བསྒོམ། བཀྲ་ཤིས་བརྗོད། འོ་དེས་སྒོའི། དབང་ལེགས་པར་ཐོབ་པ་ཡིན་པས་དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡི་དམ་གྱི་ལྷར་བཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་


CMR022_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ན། །ཁྱོད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཅེས་བརྗོད་བཅུག་།དེ་ལྟར་དབང་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། ས་གཞི་སྤོས་ཆུས་སོགས་བརྗོད། སློབ་མ་རྣམས་གྱེས་སོ། །རྗེ་དབང་ཕྱུག་རྡོ་རྗེས་བསྩལ་བའི་དབང་གཅིག་ཤེས་ཀུན་གྲོལ་འབྲིང་པོ་ལ། ཅུང་ཟད་ཅིག་ཕྱག་ལེན་གྱིས་རྒྱས་པར་བྱས་ཤིང་ཁྱེར་བདེ་བར། དགེ་སློང་ཀརྨ་ཨ་རཱ་གས་ཁོལ་དུ་ཕྱུང་བ་ལ་ཉེས་པ་མཆིས་ན་བཤགས་ཤིང་དགེ་བས་འགྲོ་ཀུན་སྨིན་ཅིང་གྲོལ་ནས་ཁྱད་པར་འདི་ལ་འབྲེལ་པ་ཐོབ་ཚད་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག །མངྒ་ལཾ།། དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

དབང་སྤྱིའི་མཚམས་སྦྱོར།


CMR022_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དབང་སྤྱིའི་མཚམས་སྦྱོར་བཞུགས་སོ། །འོ་ན་ད་ལམ་དབང་ཞུ་བའི་ཐོག་མར་རྒྱུད་སྣོད་དུ་རུང་བའི་ཕྱིར་དུ་སྔོན་འགྲོའི་ཆོས་བཤད་ཀྱི་རིམ་པ་ཅུང་ཟད་ཞུ་ན། དལ་འབྱོར་བཅོ་བརྒྱད་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ལྟ་བུ་རྙེད་དཀའ་སྟེ། སྙིང་རྗེ་པདྨ་དཀར་པོའི་མདོ་ལས། ཀྱེ་མ་མིར་སྐྱེ་བ་ཡང་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པ་ཡང་རྙེད་པར་དཀའ། སངས་རྒྱས་འཇིག་རྟེན་དུ་འབྱུང་བ་ཡང་རྙེད་པར་དཀའ། དགེ་བའི་ཆོས་ལ་འདུན་པ་ཡང་རྙེད་པར་དཀའ། ཞེས་གསུངས་སོ། །རྙེད་པར་དཀའ་བའི་མི་ལུས་འདི་ཡང་། ཡུན་རིང་མི་གནས་ནམ་འཆི་ཆ་མེད་དེ། རྒྱལ་སྲས་ཞི་བ་ལྷའི་ཞལ་ནས། བདག་ནི་མེད་པར་འགྱུར་བའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང་། །ཞེས་གསུངས་སོ། །དེ་ཡང་ནམ་འཆི་ཆ་མེད་དེ། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་འོང་རྟོལ་མེད་པས། །སང་གི་ཆིས་ལ་མི་འབད་པར། །ཕྱི་མའི་ཚིས་ལ་འབད་པར་རིགས། །ཅེས་གསུངས། དེ་ཡང་མི་རྟག་འཆི་བའི་ནངས་པར་ནི། གཉེན་འདུན་དང་ནོར་རྫས་ཤུལ་དུ་ལུས། ཕུང་པོ་རོ་རུ་སོང་། རྣམ་ཤེས་ལས་དགེ་སྡིག་དང་


CMR022_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོགས་ནས་འགྲོ་དགོས་ཏེ། དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། ཕ་མ་སྤུན་དང་བུ་དང་ཆུང་མ་དང་། །བྲན་དང་ནོར་རྫས་རྩ་ལག་ཚོགས་རྣམས་ཀྱང་། །།འཆི་བའི་རྗེས་སུ་དེ་དག་འགྲོ་བ་མེད། །ལས་རྣམས་རྗེས་སུ་འབྲང་ཞིང་དེ་དག་འགྲོ། །ཞེས་གསུངས། དེ་ཡང་རྣམ་ཤེས་བར་དོར་འཁྱམས་ནས་རང་གར་འགྲོ་རང་དབང་མི་ཆེ་བར། ལས་དགེ་སྡིག་གི་དབང་གིས་བལ་འདབ་རླུང་གིས་ཁྱེར་བ་ལྟར་འགྲོ་སྟེ། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་གསུངས་སོ། །དེ་ཡང་མི་དགེ་བ་ཆེན་པོ་བྱས་པས་དམྱལ་བ། འབྲིང་ཙམ་གྱིས་ཡི་དྭགས། ཆུང་ངུ་བྱས་པས་དུད་འགྲོར་སྐྱེ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། མི་དགེ་བ་ལས་སྡུག་བསྔལ་ཏེ། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་གསུངས་སོ། །ཟག་བཅས་ཀྱི་དགེ་བ་ཆེན་པོ་བྱས་པས་ལྷ། འབྲིང་བྱས་པས་མི། ཆུང་ངུ་བྱས་པས་ལྷ་མ་ཡིན་དུ་སྐྱེ་སྟེ། དགེ་བ་ཡིས་ནི་བདེ་བ་འཐོབ། །ཅེས་གསུངས་སོ། །དེ་ལྟར་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་སྐྱེ་རྒ་ན་འཆི་ཁོ་ནའི་ཡོ་ལང་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་


CMR022_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་སོ། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་དེ་ལས་ཐར་བའི་ཐབས། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡིན་ཏེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་ནི། སྟོང་ཉིད་འདི་ལ་གཞོལ་ཞིང་འབབ། ཅེས་གསུངས་སོ། །དེ་ཐམས་ཅད་ཀྱང་མདོར་བསྡུས་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུས་ཏེ། ཐུབ་པའི་ཐེག་པ་རྣམ་གཉིས་ཏེ། །ཆེན་པོ་དང་ནི་ཆུང་ངུ་འོ། །ཞེས་གསུངས་སོ། །དེ་ཡང་རང་ཁོ་ན་འཁོར་བའི་རྒྱ་མཚོ་ལས་ཐར་བར་འདོད་པ་ནི། ཉན་རང་གི་ཐེག་པ་སྟེ། ཤེས་རབ་དང་སྙིང་རྗེ་ཆུང་བས་ཐེག་པ་ཐེག་དམན་ཡིན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་ནི། ཐེག་པ་ཆེན་པོ་སྟེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་སོ། །དེ་ཡང་དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། སྒྲིབ་པ་སྦྱངས་ནས་སངས་རྒྱས་ཐོབ་པར་བྱེད་པ་མཚན་ཉིད་ཀྱི་ཐེག་པ་ཞེས་བྱ་སྟེ། དཀའ་


CMR022_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཚེགས་ཆེ་ཞིང་ལམ་ཐག་རིང་བ་ཡིན། གསང་སྔགས་སུ་སངས་རྒྱས་པར་བྱེད་པ་སྟེ། ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་སོ། །དེ་ཡང་ལུས་ངག་གི་བྱ་བ་གཙང་སྦྲ་དང་སྨྱུང་གནས་སོགས་གཙོ་བོར་སྟོན་པ་བྱ་རྒྱུད། ནང་གི་ཏིང་ངེ་འཛིན་དང་ཕྱིའི་གཙང་སྦྲ་གཉིས་ཀ་སྤྱོད་པས་སྤྱོད་རྒྱུད། ནང་གི་ཏིང་ངེ་འཛིན་གྱི་རྣལ་འབྱོར་གཙོ་བོར་སྟོན་པས་རྣལ་འབྱོར་རྒྱུད་དང་གསུམ་ནི། ལྷ་ཡེ་ཤེས་པ་ཕྱི་རོལ་ནས་སྤྱན་འདྲེན་པ་གསང་སྔགས་ཕྱི་པའི་རྒྱུད་གསུམ་ཞེས་བྱ། དེ་ལྟར་བྱ་སྤྱོད་ཉམས་སུ་བླངས་པས་སྐྱེ་བ་དྲུག་ཅུས་སངས་རྒྱས། རྣལ་འབྱོར་རྒྱུད་ཉམས་སུ་བླངས་བས་སྐྱེ་བ་བཅུ་དྲུག་གིས་སངས་རྒྱས། ནང་དོན་ལས། ཕ་རོལ་ཕྱིན་པའི་ལམ་དེ་ལ། །བྱ་སྤྱོད་ཚུལ་གྱིས་ཐབས་མཁས་ཙམ། །ལྡན་ཡང་མི་ཚེ་དྲུག་ཅུ་སྟེ། །རྣལ་འབྱོར་མི་ཚེ་བཅུ་དྲུག་ཡིན། །ཅེས་གསུངས་སོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཉམས་སུ་བླངས་ན་བརྩོན་འགྲུས་ཅན་ནི་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས། འབྲིང་བར་དོར་སངས་རྒྱས། ཐ་མ་སྐྱེ་བ་ཕྱི་མའི་སྐྱེ་བ་གསུམ་ནས་


CMR022_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས། དབང་ཐོབ་ནས་དམ་ཚིག་མ་ཉམས་ན། ཉམས་ལེན་མ་བྱས་ཀྱང་སྐྱེ་བ་བདུན་ནས་སངས་མི་རྒྱ་མི་སྲིད་པར་གསུངས་པས། ལམ་ཐག་ཤིན་ཏུ་ཉེ་བ་ཡིན་ཏེ། རང་བྱུང་ལས། བླ་ན་མེད་པའི་ཚེ་གཅིག་གིས་བརྩོན་ལྡན་ངེས་པར་འགྲུབ་པར་གསུངས། ཞེས་གསུངས་སོ། །དེ་ཡང་གསར་མའི་ལུགས་ལ་ཐབས་གཙོ་བོར་སྟོན་པ་ཕ་རྒྱུད། ཤེས་རབ་གཙོ་བོར་སྟོན་པ་མ་རྒྱུད། ཐབས་ཤེས་རབ་གཉིས་ཆ་མཉམ་དུ་སྟོན་པ་གཉིས་མེད་རྒྱུད་དེ། དེ་གསུམ་ཁ་ཡང་ཐབས་ཤེས་རབ་ཆ་ཚང་བར་སྟོན་པ་གཉིས་མེད་རྒྱུད་ཀྱང་དོན་གྱིས་ཡིན་ཏེ། ནང་དོན་ལས། ཐབས་གཙོ་བོར་སྟོན་པ་ཕ་རྒྱུད། ཤེས་རབ་གཙོ་བོར་སྟོན་པ་མ་རྒྱུད་ཡིན། ཀུན་ཀྱང་གཉིས་མེད་རང་བཞིན་ནོ། །ཞེས་གསུངས་སོ། །གསང་སྔགས་རྙིང་མའི་ལུགས་ལྟར་ན། ཕྱི་བསྐྱེད་རིམ་གཙོ་བོར་སྟོན་པ་མ་ཧཱ་ཡོ་ག་དང་། ནང་རྩ་རླུང་གཙོ་བོར་སྟོན་པ་ཨ་ནུ་ཡོ་ག་དང་། གསང་བའི་འསེམས་གཙོ་བོར་སྟོན་པ་ཨ་ཏི་ཡོ་ག །དེ་གསུམ་ནི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་ངོ་སྤྲད་ནས། རང་ཉིད་ལྷ་དང་དབྱེར་མེད་དུ་སྒྲུབ་པ་གསང་སྔགས་ནང་


CMR022_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུད་ཅེས་བྱ། དེ་ཡང་གསར་མའི་ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད་གསུམ་དང་། རྙིང་མའི་མ་ཧཱ་ཨ་ནུ་ཨ་ཏི་གསུམ་དོན་གཅིག་སྟེ། བསྟན་པ་རྒྱ་མཚོ་ལས། མ་ཧཱ་ཨ་ནུ་ཨ་ཏི་གསུམ། །ཕ་རྒྱུད་མ་རྒྱུད་གཉིས་མེད་ཡིན། །ཅེས་གསུངས་སོ། །དེ་ལྟར་ཐེག་པ་ཆེ་ཆུང་མདོ་སྔགས་ཐམས་ཅད་ཀྱི་དོན་དབང་ལ་མ་འདུས་པ་གཅིག་ཀྱང་མེད་དེ། ཐོག་དམན་ཉན་རང་གི་ཉམས་ལེན་ཐམས་ཅད་སྐྱབས་འགྲོ་ལ་ཚང་། ཐེག་ཆེན་བྱང་ཆུབ་སེམས་དཔའི་ཉམས་ལེན་གྱི་རྩ་ལག་ཐམས་ཅད་སེམས་བསྐྱེད་ལ་ཚང་། སྐྱབས་འགྲོ་སེམས་བསྐྱེད་ནི་དབང་གི་སྔོན་འགྲོ་ཡིན། ཐོག་མར་ཁྲུས་དང་མཎྜལ་བྱ་རྒྱུད་ཀྱི་དོན། དབང་ལྷ་གསལ་བཏབ་ཅིང་གསོལ་བ་འདེབས་པ་སྤྱོད་རྒྱུད། སློབ་མ་ལྷར་བསྐྱེད་ཅིང་ཡེ་ཤེས་པ་དབབ་བསྟིམས་བྱས་པ་རྣལ་འབྱོར་རྒྱུད་ཀྱི་དོན་འཐུས། བུམ་དབང་བསྐུར་བས་མ་ཧཱ་ཡོ་གའི་དོན་ཚང་། གསང་དབང་གིས་ཨ་ནུ་ཡོ་ག །ཤེས་རབ་ཡེ་ཤེས་དབང་གིས་ཨ་ཏི་ཡོ་ག །ཚིག་དབང་གིས་ཕྱག་རྫོགས་དབུ་མ་ལ་སོགས་ཟབ་མོ་གསང་སྔགས་རྡོ་རྗེ་སྙིང་པོ་ཐེག་པ་དགུའི་ཡང་རྩེ་ཚང་། དེས་ན་དབང་ལ་མ་ཚང་བའི་ཆོས་གཅིག་ཀྱང་མེད་དེ། ས་


CMR022_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱ་པཎྜི་ཏས། མདོར་ན་ཕ་རོལ་ཕྱིན་པ་ལ། །སེམས་བསྐྱེད་ལས་གཞན་ཆོས་མེད་དེ། །གསང་སྔགས་རྡོ་རྗེ་ཐེག་པ་ལ། །དབང་བསྐུར་ལས་གཞན་གཞན་ཆོས་མེད། །ཅེས་གསུངས་སོ། །དབང་མ་ཐོབ་ན་གསང་སྔགས་ཉམས་སུ་བླང་ཡང་ཕན་ཡོན་མི་འབྱུང་སྟེ། ཕྱག་ཆེན་ཐིག་ལེའི་རྒྱུད་ལས། དབང་མ་ཐོབ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེད་བཞིན། །ཅེས་གསུངས་སོ། །དེ་ལྟར་དབང་བསྐུར་བའི་སློབ་དཔོན་ཡང་མཚན་ཉིད་དང་ལྡན་པ་རྙེད་ན་རབ་ཡིན་གྱི། མ་འཛོམ་ན་སློབ་དཔོན་སྐྱོན་ཡོན་གཉིས་དང་ལྡན་པས། ཡོན་ཏན་ཆེ་ཙམ་ལ་ཞུ་རུང་བར་གསུངས་ཏེ། དུས་འཁོར་ལས། སྙིགས་མའི་དུས་སུ་རྡོ་རྗེ་སློབ་དཔོན་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་ཡོན་ཏན་ལྡན་པ་ཡོད་མ་ཡིན། །ཞེས་སོགས་གསལ་བར་གསུངས་པ་དང་། སློབ་མ་ཡང་མཚན་ཉིད་དང་ལྡན་པ་དེས་ཉམས་སུ་ལེན་པས་ཚེ་གཅིག་གིས་འབྲས་བུ་ཐོབ་ལ། ཉམས་སུ་མ་བླངས་ཀྱང་དམ་ཚིག་ཆིག་པར་མི་བྱེད་པས་སྐྱེ་བ་བདུན་ནས་སངས་རྒྱས་འགྲུབ་པས་མཆོག་ཡིན་ལ། སྣོད་མིན་ལ་དབང་བསྐུར་ན་དེས་དམ་ཚིག་བསྲུང་བར་


CMR022_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད་པས། དེ་ཉིད་རྡོ་རྗེ་དམྱལ་བར་ལྟུང་ཡང་ལས་ངན་ཟད་རྗེས་དབང་ཐོབ་པའི་ལས་འཕྲོ་བསྙགས་ཏེ་རིམ་གྱིས་བྱང་ཆུབ་ཐོབ་པའི་ཕན་ཡོན་ཡོད་ཅིང་། དབང་སོགས་གཏན་ནས་མ་ཐོབ་ན་ནམ་ཡང་འཁོར་བ་ནས་ཐར་དུས་མེད་པའི་ཕྱིར། སློབ་དཔོན་སྙིང་རྗེ་ཅན་གྱིས་རང་གིས་སྣོད་མིན་ལ་དབང་བསྐུར་བའི་ལྟུང་བ་ལ་བཟོད་པར་བསྒོམས་ནས། ཐམས་ཅད་དམ་པའི་ཆོས་དང་དབང་གིས་འབྲེལ་པ་འཇོག་པར་བྱེད། རྣལ་འབྱོར་རྒྱུད་ལས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལའང་དབང་བསྐུར་བྱའོ། །སྣོད་དང་ལྡན་པ་དང་མི་ལྡན་པ་ཡོངས་སུ་བརྟག་པར་མི་བྱའོ། །ཞེས་དང་། དགོངས་གཅིག་ལས། ཉམས་ལས་མ་ཐོབ་ཉེས་པ་ཆེ། །དམ་པའི་ཆོས་ལ་འབྲེལ་པ་ཐོབ། །ཅེས་དང་། ཨོ་རྒྱན་རིན་པོ་ཆེས། མདོར་ན་གསང་སྔགས་རྡོ་རྗེ་ཐེག་པ་ལ། །གང་འབྲེལ་ཐམས་ཅད་ཐར་བ་ཐོབ་པའི་ཕྱིར། །འདི་གྲོལ་འདི་མ་གྲོལ་ཞེས་རྣམ་དབྱེ་བྲལ། །འབྲེལ་ཚད་ཅེས་ནི་དེ་ལྟར་དོན་ལྡན་བྱ། །ཞེས་གསུངས་སོ། །དེ་ལྟར་ཕན་ཡོན་ཆེ་ཞིང་ཟབ་ལ་རྒྱ་ཆེ་བའི་དབང་ཟབ་མོ་ཞུ་བའི་ཕྱིར། ༈ དེ་ནས་ཚིག་དབང་སྐབས་སུ། འོ་དེ་ལྟར་དབང་གི་རྩ་བ་དོན་


CMR022_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཡེ་ཤེས་འདི་ཉིད་ཕྱག་རྒྱ་ཆེན་པོ་ཡིན་ཏེ། ས་སྐྱ་པཎྜི་ཏས། ངེད་ཀྱི་ཕྱག་རྒྱ་ཆེན་པོ་ནི། །དབང་ལས་བྱུང་བའི་ཡེ་ཤེས་དང་། །རིམ་པ་གཉིས་ཀྱི་ཏིང་འཛིན་ཡིན། །ཞེས་གསུངས་པ་དང་། རྗེ་མི་ལ་རས་པས། ལྟ་བ་ཡིན་པར་ངེས་ཀྱི་རང་གི་སེམས་ལ་ལྟོས། །ཞེས་དང་། ས་ར་ཧས། ཀྱེ་ཧོ་མ་ཡེངས་སེམས་ཀྱིས་རང་གིས་རང་ལ་ལྟོས། །རང་གིས་རང་ཉིད་རྟོགས་ན་གྲོལ་བར་འགྱུར། །ཞེས་དང་། ཏེ་ལོ་པས། ཏེ་ལོ་ངས་ནི་ཅི་ཡང་བསྟན་དུ་མེད། །རང་གིས་རང་ཉིད་མཚོན་དེ་ཤེས་པར་བྱ། །ཞེས་དང་། ནཱ་རོ་པས། ཆོས་རྣམས་ཐམས་ཅད་རང་རིག་སེམས། །ཕྱི་རོལ་དོན་མཐོང་འཁྲུལ་པའི་བློ། །རྨི་ལམ་བཞིན་དུ་ངོ་བོ་སྟོང་། །སེམས་ཀྱང་དྲན་རིག་འགྱུ་བ་ཙམ། །རང་བཞིན་མེད་དེ་རླུང་གི་རྩལ། །ངོ་བོ་སྟོང་པ་ནམ་མཁའ་འདྲ། །ཕྱག་རྒྱ་ཆེ་ཞེས་བརྗོད་པ་ཡིན། །ཞེས་གསུངས་པ་ལྟར་རང་སེམས་ངོ་བོ་སྐྱོང་བར་མཛོད། །ནི་དབང་དོན་གྱི་ཡེ་ཤེས་ཚིག་དབང་གི་དོན་ཕྱག་རྒྱ་ཆེན་པོ་ཡིན་ནོ། །ཞེས་ངོ་སྤྲད་པར་བྱའོ། །ཞེས་དབང་སྤྱིའི་མཚམས་སྦྱོར་ཡང་དག་གིས་བསྐུལ་བས། ཨ་རཱ་གས་བྲིས་པའོ།། །།


CMR022_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དབང་སྤྱིའི་བཤད་པ།


CMR022_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

དབང་སྤྱིའི་བཤད་པ་འདི་བྱས་པས་སྒོས་བཤད་ཡང་ཚང་བའི་ཁྱད་པར་ཅན་ནོ། །འོ་ན་ད་ལམ་ཁྱེད་རྣམས་ལ་དབང་བསྐུར་བའི་ཐོག་མར་ཡིད་ཆེས་པའི་ལོ་རྒྱུས་ཅུང་ཟད་ཅིག་བརྗོད་ན། །དེ་ཡང་ཁྱེད་རང་རྣམས་དད་པ་བསྐྱེད་པ་གལ་ཆེ། དད་པ་བསྐྱེད་པ་ལ་ཕན་ཡོན་ཤེས་དགོས་ཏེ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཆེན་པོ་ལས། དགའ་རབ་དབང་ཕྱུག་ལ་མྱོས་བྱེད་ཀྱི་རིག་སྔགས་ཡོད་པས་འདོད་ཁམས་ཀྱི་ལྷ་རྣམས་མྱོས་པ་དང་། མེ་ཏོག་གི་ཚལ་དང་འདོད་ཡོན་སྣ་ཚོགས་སྤྲུལ་ནས་རང་ཉིད་ཀྱིས་སྤྱོད་ཅིང་གཞན་ལ་སྦྱིན་་ནོ། །དབང་ཕྱུག་ཆེན་པོ་ལ་ཡིད་མགྱོགས་བྱ་བའི་སྔགས་ཡོད་པས། སྟོང་གསུམ་གྱི་སེམས་ཅན་རྣམས་ཀྱི་དགོས་པ་བསྒྲུབ། ལོངས་སྤྱོད་སྣ་ཚོགས་སྤྲུལ་ནས་གཙང་མ་རིས་ཀྱི་ལྷ་ཡི་བུ་རྣམས་ལ་སྦྱིན་ཅིང་། རང་ཉིད་ཀྱང་སྤྱོད་དོ། །མིག་འཕྲུལ་གྱི་སྔགས་ཀྱིས་གཟུགས་རྣམ་པ་སྣ་ཚོགས་སྟོན་པ་དང་། ལྷ་མ་ཡིན་གྱི་སྔགས་ཀྱིས་སྒྱུ་མ་རྣམས་བསྟན་ཏོ། །གསང་སྔགས་དག་གིས་དུག་དང་རིམས་མེད་པར་བྱེད་པ་དང་། མ་མོ་ཞེས་བྱ་བའི་ལྷ་མོ་རྣམས་ཀྱི་སྔགས་ཀྱིས་སེམས་ཅན་རྣམས་ལ་ནད་འགོ་བ་བཏང་བ་དང་། སྔགས་ཀྱི་ནུས་


CMR022_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

པས་མེའི་ཚ་བ་མེད་པར་བྱས་ནས་གྲང་བར་བྱེད་ནུས་པའི་སྟོབས་འདི་རྣམས་ལ་རྗེས་སུ་དཔགས་ནས། གསང་སྔགས་ཀྱི་ནུས་པ་ལ་ཡིད་ཆེས་ཤིང་དད་པར་བྱའོ། །གསང་སྔགས་ཀྱི་མཐུ་ནི་གསང་སྔགས་ལས་བྱུང་བ་ཡིན། རྫས་ལ་འཇུག་པ་ཡང་མ་ཡིན། སྦྱོར་བ་ལས་ཀྱང་མ་ཡིན་མོད། འོན་ཀྱང་གསང་སྔགས་ཀྱི་བྱིན་རླབས་ནི་ཆོས་ཉིད་ལས་འབྱུང་སྟེ། རྟེན་འབྲེལ་ཟབ་མོ་ལས་གྲུབ་བོ། །ཞེས་བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་སོ། །དེ་ལ་ད་ལམ་སྐབས་གང་ཐོབ་འདི་ཞེས་བྱའི་མཚན་བརྗོད་ནས། དབང་ཟབ་མོ་ཕན་ཡོན་དང་ལྡན་པ་ཞུ་བའི་ཕྱིར་མཎྜལ་ཕུལ། ཅེས་རཱ་ག་ཨ་སྱས་སོ། །མངྒལཾ།། །།

རྗེས་གནང་སྤྱི་ལ་སབ་རྒྱུའི་མངོན་རྟོགས་ཉི་ཤུ་རྩ་བརྒྱད།


CMR022_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་གནང་སྤྱི་ལ་སབ་རྒྱུའི་མངོན་རྟོགས་ཉི་ཤུ་རྩ་བརྒྱད་བཞུགས་སོ། །


CMR022_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ངང་ལས་ཟླ་བའི་སྟེང་དུ་ཧཱུཾ་ཡིག་སེར་པོ་ལ་ཨཱཿ་ལི་ཀཱ་ལི་དཀར་པོའི་བསྐོར་བ་ལས། བཅོམ་ལྡན་འདས་རྡོ་རྗེའི་བདག་པོ་སྐུ་མདོག་སེར་པོ་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་ས་ནོན་གཡོན་མཉམ་བཞག་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ན་བཟའ་དམར་པོ་གསོལ་བ། ཞི་བའི་བདག་ཉིད་ཅན། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་གཡས་སུ་བྱམས་པ་སེར་པོ་གཡས་རིན་པོ་ཆེའི་རྔ་ཡབ་དང་གཡོན་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་འཛིན་པ། གཡོན་དུ་འཇིག་རྟེན་དབང་ཕྱུག་དཀར་པོ་གཡས་རིན་པོ་ཆེའི་རྔ་ཡབ་དང་། གཡོན་པདྨ་


CMR022_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་འཛིན་པ་གཉིས་ཀའང་རལ་པའི་ཅོད་པན་ཅན་དུ་གསལ་སོགས། སྙིང་པོ་ནི། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཨཱབཛྲ་ཧཱུྃ་སྭཱ་ཧཱ། རིགས་བདག་ནི་རྣམ་སྣང་ཡིན། རྒྱུད་ནི་བྱ་རྒྱུད་ཡིན་ནོ། །རྫས་བརྒྱད། ༈ པད་ཟླའི་སྟེང་དུ་ཧྲཱིཿལས་འཇིག་རྟེན་དབང་ཕྱུག་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐལ་མོ་སྦྱར་བ། འོག་མ་གཉིས་བགྲང་ཕྲེང་དང་པདྨ་བསྣམས་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་སུ་ཡི་གེ་དྲུག་མ་སེར་མོ་ཆ་ལུགས་གཙོ་བོ་དང་མཚུངས་པ། གཡོན་དུ་ནོར་བུ་འཛིན་པ་དཀར་པོ་


CMR022_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གཅིག་ཕྱག་གཉིས་གཡས་ཕྱག་འཚལ་བའི་ཚུལ་དང་། གཡོན་རིན་པོ་ཆེའི་ཕྲེང་བ་འཛིན་པ། སྙིང་པོ་ནི། ཨོཾ་མ་ཎི་པདྨེ་ཧཱུཾ། འོད་དཔག་མེད་ཀྱིས་དབུ་རྒྱན་ཞིང་རྒྱུད་ནི་བྱ་རྒྱུད་ཡིན་ནོ། །རྫས་བརྒྱད།། ༈ །།སྟོང་པའི་ངང་ལས་ཧཱུྃཡིག་དཀར་པོ་ལས་ཁ་སར་པཱ་ཎི་འཇིག་རྟེན་དབང་ཕྱུག་དཀར་པོ་པད་ཟླ་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་གཡོན་པདྨ་བསྣམས་པ། རལ་པའི་ཅོད་པན་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་སུ་སྒྲོལ་མ་དང་ནོར་བཟང་གཡོན་དུ་ཁྲོ་གཉེར་ཅན་དང་རྟ་མགྲིན་གནས་པ། དབུ་བརྒྱན་ནི་འོད་དཔག་མེད། སྙིང་པོ་ནི། ཨོཾ་ཧཱུྃསྭཱ་ཧཱ། ཁ་སར་པ་ཎི་འདི་ནི་བྱ་རྒྱུད་ཡིན་ནོ། །རྫས་བརྒྱད།། ༈ །།སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་ཨ་དཀར་པོ་ལས་སེང་གེ་དཀར་པོ། དེའི་སྟེང་དུ་ཨ་ཡིག་ལས་པདྨ་དཀར་པོའི་ལྟེ་བ་ལ་ཧཱིདཀར་པོའི་མཚན་པ་དེ་ཡོངས་སུ་གྱུར་པ་ལས། རྗེ་བཙུན་སེང་གེ་སྒྲ་སྒྲོག་སྐུ་མདོག་དཀར་པོ་ཞལ་གཅིག་སྤྱན་གསུམ་པ། ཟླ་བ་ཕྱེད་པས་དབུ་བརྒྱན་པ། རལ་པའི་ཅོད་པན་ཅན། ཕྱག་གཉིས་ཀྱི་ཕྱག་གཡས་མཆོག་སྦྱིན་དང་། གཡོན་པའི་ཕྱག་གྒ་སྐུ་


CMR022_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་གདོན་ལ་གཏད་པ། གཡས་ལོགས་ན་པདྨ་དཀར་པོའི་སྡོང་བུར་སྦྲུལ་དཀར་པོས་དཀྲིས་པའི་དབྱུག་གུ་རྩེ་གསུམ་དཀར་པོ། གཡོན་ལོགས་ན་པདྨ་དཀར་སྟེང་ན་རལ་གྲི་དཀར་པོ་དེ་དང་ཉེ་བར་མེ་ཏོག་དྲི་བཟང་པོས་གང་བའི་ཐོད་པ་དཀར་པོ་རྒྱལ་པོ་རོལ་པའི་སྟབས་ཀྱིས་སེང་གེའི་གདན་ལ་བཞུགས་པ། སྟག་ལྤགས་ཀྱི་ན་བཟའ་ས་ཤིང་སྐུ་ལ་རིགས་ལྔ་འཕྲོ་བ་སོགས། དབུ་རྒྱན་འོད་དཔག་མེད། སྔགས་ནི། ཨོཾ་ཨཱཿཧྲཱིཿ སེང་ཧ་ནཱ་ད་ཧཱུྃ་ཕཊསྭཱ་ཧཱ། སེང་གེ་སྒྲ་འདི་བྱ་རྒྱུད་ཡིན་ནོ།། ༈ །།སྟོང་པའི་ངང་ལས་ཧཱུྃལས་འཇིག་རྟེན་མགོན་པོ་སྐུ་མདོག་དམར་པོ་པདྨ་ལ་རོལ་པའི་སྟབས་ཀྱིས་བཞུགས་པ། ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན། གཡོན་པདྨ་བསྣམས་པ། རལ་པའི་ཅོད་པན་ཅན། གཡས་སུ་སྒྲོལ་མ་ལྗང་གུ་གཡས་མཆོག་སྦྱིན་གཡོན་ཨུཏྤལ་འཛིན་པ་ཞི་བའི་ཉམས་ཅན། གཡོན་དུ་རྟ་མགྲིན་དམར་པོ་གཡས་པས་ཕྱག་འཚལ་བ། གཡོན་པས་དབྱུག་པ་འཛིན་ཅིང་སྐུ་ལ་སྟག་ལྤགས་གསོལ་བ། ཁྲོ་བོའི་ཆ་ལུགས་སུ་ཅན་དུ་མོས་ལ། དབུ་རྒྱན་ནི་རྡོ་རྗེ་ཆོས། སྔགས་ནི། ཨོཾ་ཧྲིསྭཱ་ཧཱ། འདི་ཡང་བྱ་རྒྱུད་ཡིན་ནོ།། ༈ །།


CMR022_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃལས་པདྨ་དཀར་པོ་ཧྲིས་མཚན་པ་ལས་ཐུགས་རྗེ་ཆེན་པོ་ཧ་ལ་ཧ་ལ་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་པ་ཞི་བའི་ཉམས་ཅན་རྩ་ཞལ་དཀར་པོ། གཡས་ཞལ་སྔོ་གཡོན་སེར་གཡས་གསུམ་མཆོག་སྦྱིན་བགྲང་ཕྲེང་དང་མདའ། གཡོན་གསུམ་ན་ལྷ་མོ་འདོད་ལྡན་མའི་ནུ་མ། པདྨ་དཀར་པོ་གཞུ་བསྣམས་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། པདྨ་དང་ཟླ་བའི་གདན་ལ་རོལ་པའི་སྟབས་ཀྱིས་བཞུགས་པ། རལ་པའི་ཅོད་པན་ལ་ཐོད་སྐམ་དང་ཟླ་ཕྱེད་ཀྱིས་བརྒྱན་པ། །དེའི་གཡས་སུ་པདྨའི་སྟེང་དུ་སྦྲུལ་གྱིས་དཀྲིས་པའི་རྩེ་གསུམ། གཡོན་དུ་མེ་ཏོག་སྣ་ཚོགས་ཀྱིས་གང་བའི་ཐོད་པ། ཡུམ་ལྷ་མོ་འདོད་ལྡན་མ་དམར་མོ་གཡོན་ཕྱོགས་ནས་འཁྱུད་པ༔ ལྷོ་ཕྱོགས་རིན་ཆེན་མི་གཡོ་བའི་རི་ཕུག་ན་བཞུགས་པར་མོས་ལ། དབུ་རྒྱན་ནི་འོད་དཔག་མེད་དོ། །སྔགས་ནི། ཨོཾ་ཧ་ལ་ཧ་ལ་ཧཱུྃསྭཱ་ཧཱ། ཐུགས་རྗེ་ཆེན་པོ་འདི་ནི་བྱ་རྒྱུད་ཡིན་ནོ།། ༈ །། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་དྷིལས་འཇམ་དབྱངས་སྐུ་མདོག་དམར་པོ་གཡོན་ཨུཏྤལ་དང་། མདུན་དུ་ར་ལས་དྲ་བ་ཅན་གྱི་འོད་ལྗང་གུ་གཡོན་ན་པདྨ་


CMR022_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ། གཡས་སུ་པཾ་ལས་སྒྲ་གཅན་མ་དམར་མོ་གཡོན་པདྨ་དམར་པོ་འཛིན་པ། རྒྱབ་ཏུ་ཙོ་ལས་ཟླ་འོད་མ་དཀར་མོ་གཡོན་པདྨ་དཀར་པོ་འཛིན་པ། གཡོན་དུ་ནཾ་ལས་ཉེ་བའི་སྒྲ་གཅན་མ་དམར་མོ་གཡོན་ཨུཏྤལ་འཛིན་པ། གཙོ་འཁོར་ཐམས་ཅད་ཞལ་གཅིག་ཕྱག་གཉིས། གཡས་ཐམས་ཅད་མཆོག་སྦྱིན་གཡོན་པདྨའམ་ཨུཏྤལ་ཡུ་བ་ཅན་འཛིན་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་མོས་ལ། དབུ་རྒྱན་ནི་མི་བསྐྱོད་པ་ཡིན་ནོ། །སྔགས་ནི། ཨོཾ་ཨ་ར་པ་ཙ་ན་དྷིཿ འདི་ནི་བྱ་རྒྱུད་ཡིན་ནོ། ༈ །།སྟོང་པའི་ངང་ལས་ཆོས་འབྱུང་དཀར་པོ་གྲུ་གསུམ་གྱི་ནང་དུ་པདྨ་དང་སྣ་ཚོགས་རྡོ་རྗེ་ལ་གནས་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ། །མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ། ཚུ་ལས་འཇམ་པའི་རྡོ་རྗེ་ཞལ་གསུམ་པ་རྩ་ཞལ་དང་སྐུ་མདོག་གུར་གུམ་གྱི་མདོག་ཅན་གཡས་སྔོ་གཡོན་དཀར་བ། ཕྱག་དྲུག་པའི་དང་པོ་གཉིས་རང་འོད་ཀྱི་ཡུམ་འཇམ་པའི་རྡོ་རྗེ་མ་ལ་འཁྱུད་ཅིང་མ་མཆུ་འཇིབ་པ། བོར་མ་གཉིས་ཀྱིས་རལ་གྲི་དང་ཨུཏྤལ་ལ། ཐ་


CMR022_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཉིས་ཀྱིས་མདའ་དང་གཞུ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། དབུ་རྒྱན་ནི་མི་བསྐྱོད་པའོ། །སྔགས་ནི། ཨོཾ་ཨཱཿམཉྫ་བཛྲ་ཧཱུྃ། འདི་ནི་བླ་མེད་ཕ་རྒྱུད་ཡིན་ནོ།། ༈ །།སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་། ཉི་མའི་སྟེང་དུ་ཧཱུྃ་ལས་གཏུམ་པོ་ཆེན་པོ་ཟར་མའི་མེ་ཏོག་གི་མདོག་ལྟར་སྔོ་བ། རིན་པོ་ཆེས་བརྒྱན་པ། ཞལ་གཅིག་པ་མཚེ་བས་མ་མཆུ་མནན་པ། རབ་ཏུ་དམར་བའི་སྤྱན་གསུམ་ཟུར་གྱིས་གཟིགས་པ། དཔྲལ་བར་ཁྲོ་གཉེར་བསྡུས་པ། ཕྱག་གཡས་རལ་གྲི་ནམ་མཁའ་ལ་ཕྱུར་བ། གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་ཐུགས་ཀར་འཛིན་པ། ཞབས་གཡོན་གྱིས་པུས་མོ་དང་། གཡས་ཀྱི་མཐིལ་གདན་ལ་བཙུགས་པ། སེམས་དཔའ་སུམ་བརྩེགས་ཅན། རིགས་བདག་མི་བསྐྱོད་པ་ཡིན་ནོ། །སྔགས་ནི། ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། འདི་ནི་སྤྱོད་རྒྱུད་ཡིན་ནོ། །དུར་ཁྲོད་ཆས་བརྒྱད་ཡོད་ན་མི་གཡོ་བ་ཡིན་ནོ།། ༈ །།སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་མེ་སེར་པོ་ལས་མགོན་པོ་བྱམས་པ་སྐུ་མདོག་སེར་པོ་ཞལ་གསུམ་རྩ་ཞལ་སེར་པོ་གཡས་ནག་གཡོན་དཀར་བ། ཕྱག་བཞི་དང་པོ་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། གཡས་


CMR022_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མས་མཆོག་སྦྱིན། གཡོན་འོག་མས་ཀླུ་ཤིང་གི་མེ་ཏོག་སྙེ་མ་འཛིན་པ། སྣ་ཚོགས་པའི་རྒྱན་དང་ན་བཟས་མཛེས་པ་སྣ་ཚོགས་པདྨ་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་གསལ་བའི་སོགས། རིགས་བདག་མཆོད་རྟེན་གྱི་དབུ་རྒྱན། སྔགས་ནི། ཨོཾ་མེ་ཏྲི་མེ་ཏྲི་སྭཱ་ཧཱ། འདི་ནི་བྱ་རྒྱུད་ཡིན་ནོ།། ༈ །།སྟོང་པའི་ངང་ལས་ཨཱཿ་ལི་ལས་ཟླ་བ། ཀཱ་ལི་ལས་ཉི་མ། བར་དུ་པདྨ་ཐཾ་གྱིས་མཚན་པ་དེ་རྣམས་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་བྱས། ཚུར་འདུས་པ་ལས་སྣ་ཚོགས་ཡུམ་དཀར་མོ་ཞལ་གཅིག་ཕྱག་གཉིས་གཡས་མི་འཇིགས་པའི་སྦྱིན་པ་དང་། གཡོན་པདྨ་དཀར་པོ་བསྣམས་པ། པདྨ་དཀར་པོ་ལ་སྐྱིལ་ཀྲུང་གིས་བཞུགས་པ། རྒྱན་དང་ན་བཟའ་དཀར་པོས་བརྒྱན་པར་གསལ་བའི་སོགས། རིགས་བདག་ནི། རྡོ་རྗེ་སེམས་དཔའོ། །སྔགས་ནི། ཨོཾ་ཤྲཱི་བི་ཤྭ་མ་ཏ་བཛྲ་ཀནྡ་ཀ་ན་ཤ་ཡ་ན་ཤ་ཡ་མ་མ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། འདི་ནི་གཉིས་མེད་རྒྱུད་ཡིན་ནོ།། ༈ །།པདྨ་དམར་པོ་དང་ཟླ་བའི་གདན་ལ་ཛཾ་ཡིག་སེར་པོ་ལས། དུག་སེལ་མ་གསེར་གྱི་མདོག་ཅན་སེར་སྔོ་དཀར་བའི་ཞལ་གསུམ་སྤྱན་གསུམ་མ། །


CMR022_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་གྱི་གདེངས་ཀ་བདུན་གྱིས་བརྒྱན་པ། གཡས་པ་གསུམ་ན་རྡོ་རྗེ། རལ་གྲི། མདའ། གཡོན་པ་གསུམ་སྡིགས་མཛུབ་དང་བཅས་པའི་ཞགས་པ། དུག་གི་མེ་ཏོག ། གཞུ་འཛིན་པ། མེ་ཏོག་ནོར་བུས་བརྒྱན་པར་རོལ་པའི་སྟབས་ཀྱིས་བཞུགས་པར་གལ། དབུ་རྒྱན་ནི་མི་བསྐྱོད་པའོ། །སྔགས་ནི། ཨོཾ་ཛ་གུ་རུ་ལ་སརྦ་བི་ཥ་པྲ་ཤ་མ་ནི་ཕུ་སྭཱ་ཧཱ། འདི་ནི་བྱ་རྒྱུད་ཡིན་ནོ།། ༈ །སྟོང་པའི་ངང་ལས་ཨ་ཡིག་དམར་པོ་ལས་པདྨ་དམར་པོའི་སྟེང་དུ་ཏཱཾཡིག་དཀར་པོ་ལས་ཐོད་པའི་ནང་དུ་ཉི་མ་ལ་ཧཱུཾ་ལས་གྲི་གུག་ཧཱུྃ་གིས་མཚན་པ་ལས་རྒྱ་ནག་སྒྲོལ་མ་སྐུ་མདོག་ནག་མོ་ཞལ་གཅིག་སྤྱན་གསུམ་པ་ལྗགས་འདྲིལ་ཞིང་མཆེ་བ་གཙིགས་པ། ཕྱག་བཞིའི་གཡས་གཉིས་རལ་གྲི་དང་གྲི་གུག་།གཡོན་གཉིས་ན་ཨུཏྤལ་དང་ཐོད་པ་འཛིན་པ། རུས་པའི་རྒྱུན་ལྔ་དང་མགོ་བོའི་དོ་ཤལ་འཕྱང་བ། ཀླུ་བརྒྱད་ཀྱིས་བརྒྱན་ཅིང་སྟག་ལྤགས་ཀྱི་ཤམ་ཐབས་ཅན་རལ་པ་དམར་སེར་རཾ་ཁཾ་པའི་ཐོར་ཚུགས་ཅན་ཐུང་ཞིང་གསུས་ཁྱིམ་ཆེ་བ། གཡོན་བརྐྱང་གི་སྟབས་ཀྱིས་རོ་གདན་ལ་བཞུགས་པར་གསལ། དབུ་རྒྱན་ནི་མི་བསྐྱོད་པའོ། །སྔགས་ནི། ཧཱུྃ་ཏྲེམ་ཧཱུྃ་ཕཊ། འདི་ནི་བླ་མེད་ལུགས་སོ།། ༈ །།


CMR022_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ངང་ལས་པདྨ་དམར་པོ་དང་ཟླ་བ་ལ་དྷིཡིག་སེར་པོ་ལས་ཤེར་ཕྱིན་མ་སེར་མོ་ཞལ་གཅིག་རལ་པའི་ཅོད་པན་ཅན། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་པོ་ཏི་དང་བཅས་པའི་ཨུཏྤལ་སྔོན་པོ་གཡོན་ཕྱོགས་སུ་བསྣམས་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་གོས་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པར་གསལ་བ། དབུ་རྒྱན་ནི་མི་བསྐྱོད་པའོ། །སྔགས་ནི། ༀ་དྷི་ཤུ་ཏི་མྲི་ཏི་བི་ཛ་ཡེ་སྭཱ་ཧཱ། འདི་ནི་བྱ་རྒྱུད་ཡིན་ནོ།། ༈ །།སྟོང་པའི་ངང་ལས་པད་ཟླ་ལ་པུཾ་ལས་པདྨ་དྲྀ་གྱིས་མཚན་པ་ལས་ཤེར་ཕྱིན་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་ཆོས་ཀྱི་ཕྱག་རྒྱས་ཤེར་ཕྱིན་གྱི་པོ་ཏིས་མཚན་པའི་པདྨ་གཉིས་གཡས་གཡོན་འཛིན་པ། གོས་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་གསལ་བ། དབུ་རྒྱན་ནི་མི་བསྐྱོད་པའོ། །སྔགས་ནི། ཨོཾ་པྲ་སྭཱ་ཧཱ། འདི་ནི་བླ་མེད་དགྱེས་རྡོར་རྒྱུད་ཡིན་ནོ།། ༈ །།སྟོང་པའི་ངང་ལས་བྷི་སེར་པོ་ལས་ཁྲོ་གཉེར་ཅན་མ་སེར་མོ་ཞལ་གཅིག་ཕྱག་བཞི་རལ་པའི་ཅོད་པན་ཅན་སྤྱན་གསུམ་གཡས་གཉིས་མཆོག་སྦྱིན་དང་བགྲང་ཕྲེང་། གཡོན་གཉིས་དབྱུག་གུ་རྩེ་གསུམ་དང་སྤྱི་བླུགས་འཛིན་པ། པོད་ཟླ་ལ་གཡས་


CMR022_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་གིས་བཞུགས་པར་གསལ་བ། དབུ་རྒྱན་ནི་འོད་དཔག་མེད། སྔགས་ནི། ཨོཾ་ཧཱུཾ་ཀུ་ཏྲི་སྭཱ་ཧཱ། འདི་ནི་བྱ་རྒྱུད་ཡིན་ནོ།། ༈ །།སྟོང་པའི་ངང་ལས་སྙིང་གར་པཾ་ལས་སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ་ཧཱུཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས། གཙུག་ཏོར་རྣམ་པར་རྒྱལ་མ་སྐུ་མདོག་དཀར་པོ་ཞལ་གསུམ་གྱི་གཡས་སེར་ཞིང་ཞི་བ། གཡོན་སྔོན་པོ་ཁྲོས་ཤིང་མཆེ་བས་མ་མཆུ་མནན་པཾ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་བརྒྱད་ཀྱི་གཡས་བཞི་ན་སྣ་ཚོགས་རྡོ་རྗེ་དང་། པདྨ་ལ་བཞུགས་པའི་འོད་དཔག་མེད་དང་། །མདའ་དང་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་བཞི་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། གཞུ་དང་མི་འཇིགས་སྦྱིན་པའི་ཕྱག་རྒྱ་དང་། བུམ་པ་བཟང་པོ་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་མཆོད་རྟེན་གྱི་ནང་དུ་བཞུགས་པར་གསལ། དབུ་རྒྱན་ནི་རྣམ་སྣང་ཡིན་ནོ། །སྔགས་ནི། ཨོཾ་ཨ་མྲྀ་ཏ་ཨ་ཡུརྡ་དེ་སྭཱ་ཧཱ། ཨོཾ་ཧཱུཾ་སྭཱ་ཧཱ། རྒྱུད་ནི་བྱ་རྒྱུད་ཡིན་ནོ།། ༈ །།སྟོང་པའི་ངང་ལས་ཨ་ལས་ཟླ་བའི་སྟེང་དུ་པཾ་སེར་པོ་ལས་སོ་སོར་འབྲང་མ་སེར་མོ་གཡས་བསྐོར་གྱིས་


CMR022_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་ཞལ་སེར་དཀར་ནག་དམར་བའི་ཞལ་བཞི་དང་ལྡན་པ་སྤྱན་གསུམ་དང་ལྡན་ཞིང་། ཕྱག་བརྒྱད་ཀྱིས་གཡས་བཞི་ན་རལ་གྲི་འཁོར་ལོ་རྩེ་གསུམ་མདའ། གཡོན་བཞི་ན་དགྲ་སྟ། གཞུ། ཞགས་པ། རྡོ་རྗེ་འཛིན་པ། པད་ཟླ་ལ་རོལ་པའི་སྟབས་ཀྱིས་བཞུགས་པ། ཉི་མའི་རྒྱབ་ཡོལ་ཅན། དར་སྣ་ཚོགས་པའི་ན་བཟའ་དང་། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། ནུ་མའི་བར་དུ་སྲིད་སེར་པོའི་མཚན་པར་གསལ། དབུ་རྒྱན་ནི་རིན་ཆེན་འབྱུང་ལྡན་ནོ། །སྔགས་ནི། ཨོཾ་མ་ཎི་དྷ་རི་བཛྲ་ས་ཎི་མ་ཧཱ་པྲ་ཏི་སཱ་རི་ཧཱུཾ་ཧཱུཾ་ཕཊ་ཕཊ། འདི་ནི་བྱ་བའི་རྒྱུད་ཡིན་ནོ།། ༈ །།སྟོང་པའི་ངང་ལས་རང་གི་སྙིང་གར་ཟླ་བ་ལ་ཨོཾ་ཡིག་དཀར་པོ་ལས་གཞན་གྱིས་མི་ཐུབ་པ་གདུགས་དཀར་མོ་ཅན་གེ །དཀར་སྔོ་དམར་བའི་ཞལ་གསུམ་སྤྱན་དགུ་ཕྱག་དྲུག་གི་གཡས་གསུམ་ན་འཁོར་ལོ། མདའ། ལྕགས་ཀྱུ། གཡོན་གསུམ་ན་རྡོ་རྗེ་དཀར་པོ། གཞུ། ཞགས་པ་དང་བཅས་པའི་སྡིགས་མཛུབ་ལྷའི་ན་བཟའ་དང་རྒྱན་གྱིས་བརྒྱན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཁྲོ་མོའི་ལྟ་བས་གདོན་ཐམས་ཅད་ཚར་གཅོད་པར་གསལ། དབུ་རྒྱན་ནི་རྣམ་སྣང་། སྔགས་


CMR022_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཨོཾ་སི་ཏ་ཏ་པ་ཏྲེ་ཨ་པ་ར་ཛི་ཏེ་སརྦ་གྲ་ཧ་ན་ཨ་མ་ནུ་ཏྲ་ས་ཡ་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཉེ་སྙིང་ནི། ཨོཾ་མ་མ་ཧཱུཾ་ནི་སྭཱ་ཧཱ། འདི་ཡང་བྱ་རྒྱུད་ཡིན་ནོ།། ༈ །།སྟོང་པའི་ངང་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་ཛ་སེར་པོ་ལས་ཛཾ་བྷ་ལ། ཞལ་གཅིག་ཕྱག་གཉིས་གཡས་བི་ཛ་པུ་ར་ཀ་དང་། གཡོན་ནེའུ་ལེ་འཛིན་པ། ཨུཏྤལའི་ཕྲེང་བ་ཅན་ཐུང་ལ་ལྟོ་བ་འཕྱང་བ། རོལ་པའི་སྟབས་ཀྱིས་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་གཉིས་དུང་དང་པདྨའི་གཏེར་བདག་མནན་པར་གསལ་བ། དབུ་རྒྱན་ནི་རིན་ཆེན་འབྱུང་ལྡན་ཡིན་ནོ། །སྔགས་ནི། ཨོཾ་ཛཾ་བྷ་ལ་ཛ་ལེན་ཏྲ་ཡེ་སྭཱ་ཧཱ། བྱ་རྒྱུད་ཡིན་ནོ།། ༈ །།སྟོང་པའི་ངང་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ལས། ཛཾ་བྷ་ལ་གཞོན་ནུ་ལོ་བཅོ་ལྔ་ལོན་པའི་ན་ཚོད་ཅན། ཞལ་གཅིག་མཆེ་བ་གཙིགས་པ། རྣ་བ་མ་ཕུག་པ་ཁྲོ་གཉེར་བསྡུས་ཤིང་དམར་ལ་ཟླུམ་པའི་སྤྱན་གསུམ་པ་སྐྲ་ཁམ་པ་གྱེན་དུ་བརྗེས་པ། ཕྱག་གཉིས་གཡས་ཐོད་ཁྲག་ཐུགས་ཀར་འཛིན་པ་ལ་ཞལ་ཕྱོགས་པ། གཡོན་རིན་པོ་ཆེའི་སྙེ་མ་སྐྱུག་བཞིན་པའི་ནེའུ་ལེ་བརླ་སྟེང་དུ་འཛིན་པ། ནོར་སྦྱིན་སེར་པོ་རིན་པོ་ཆེ་སྐྱུག་པའི་སྟེང་དུ་


CMR022_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་བརྐྱང་གིས་བཞུགས་པ། གཅེར་བུ་ཕོ་རྟགས་གྱེན་དུ་ལང་བ་མིའུ་ཐུང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཀླུ་བརྒྱད་སྦྲུལ་གྱི་གཟུགས་སུ་སྤྲུལ་པའི་སྐུ་ལུས་བརྒྱན་པར་གསལ་བ། དབུ་རྒྱན་ནི་མི་བསྐྱོད་པ། སྔགས་ནི། ན་མོ་རཏྣ་ཏྲ་ཡ་ཡཱ། ན་མོ་མ་ཎི་བྷ་དྲ་ཡ། མ་ཧཱ་ཡཀྵ་སེ་ན་ཏ་པཱ་ཡེ། ཏདྱ་ཐཱ། ཨོཾ་ཛ་བྷ་ལ་ཛ་ལེན་ཏྲ་ཡེ་སྭཱ་ཧཱ༔ འདི་ནི་བླ་མེད་རྒྱུད་ཡིན་ནོ།། ༈ །།སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་བཾ་སེར་པོ་ལས་ནོར་རྒྱུན་མ་སེར་མོ་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་དང་། གཡོན་འབྲུའི་སྙེ་མ་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་ཆར་འབེབས་བཞིན་པའི་བུམ་པ་བསྣམས་པ། ལོ་བཅུ་དྲུག་གི་ན་ཚོད་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པར་གསལ་སོགས། རིགས་བདག་ནི་མི་བསྐྱོད་པའོ། །སྔགས་ནི། ཨོཾ་བཱ་སུ་དྷ་རི་ཎི་སྭཱ་ཧཱ། འདི་བྱ་རྒྱུད་ཡིན་ནོ།། ༈ །།སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མ་ལ་ཧཱུཾ་ལས་མི་མགོ་རློན་པ་ལས་བྱས་པའི་དབྱུག་པ་དཀར་པོ་ཧཱུྃ་དམར་པོས་མཚན་པ་ཡོངས་སུ་གྱུར་པ་ལས། གཤིན་རྗེའི་གཤེད་སྐུ་མདོག་དམར་པོ་ཞལ་གཅིག་སྤྱན་གསུམ་པ། སྐྲ་


CMR022_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོ་གྱེན་དུ་བརྫེས་པ། ཕྱག་གཉིས་གཡས་ཀྱི་མི་མགོས་མཚན་པའི་དབྱུག་པ་དཀར་པོ་ཕྱུར་བ། གཡོན་ཐོད་ཁྲག་འཛིན་པས་རིང་འོད་ཀྱི་རིག་མ་གྲི་ཐོད་འཛིན་པ་ལ་འཁྱུད་པ། སྟག་ཤམ་དང་སྦྲུལ་གྱིས་བརྒྱན་པ། སྣ་ཚོགས་པདྨ་དང་མ་ཧེའི་སྟེང་ན་གཡོན་བརྐྱང་གིས་བཞུགས་པ། ཐུགས་ཀར་ས་བོན་གྱིས་མཚན་པའི་སེམས་དཔའ་སུམ་བརྩེགས་ཅན་དུ་གསལ། རིགས་བདག་ནི་མི་བསྐྱོད་པའོ། །སྔགས་ནི། ཨོཾ་ཧྲིལླི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ་སྭཱ་ཧཱ། འདི་ཡང་བླ་མེད་རྒྱུད་དོ།། ༈ །སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མ་ལ་ཧཱུཾ་ལས་རྡོ་རྗེས་མཚན་པའི་དབྱུག་པ་ནག་པོ་ཧཱུྃ་མཐིང་ཁས་མཚན་པ་ལས། གཤིན་རྗེ་མཐིང་ཁ་ཞལ་གཅིག་མཆེ་བ་བཞི་གཙིགས་པ་ལྗགས་འདྲིལ་ཞིང་གད་རྒྱངས་སྒྲོག་པ་སྤྱན་གསུམ་སྨིན་མ་དང་སྨ་ར་དམར་སེར་ཅན། ཕྱག་གཉིས་ཀྱིས་གཡས་རྡོ་རྗེས་མཚན་པའི་དབྱུག་པ་མཐིང་ཁ་ཕྱར་བ། གཡོན་ཞགས་པ་དང་བཅས་པས་སྡིགས་མཛུབ་མཛད་པ། སྟག་དང་སྦྲུལ་གྱིས་བརྒྱན་པ། ལྟོ་བ་འཕྱང་བ། མི་མགོའི་ཕྲེང་བ་ཅན། པད་ཉི་དང་མ་ཧེའི་སྟེང་ན་གཡོན་བརྐྱང་གིས་བཞུགས་པ་ཐུགས་ཀར་ཕྱག་མཚན་དང་ས་བོན་སེམས་


CMR022_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སུམ་བརྩེགས་ཅན་དུ་གསལ། དབུ་རྒྱན་ནི་མི་བསྐྱོད་པའོ། །སྔགས་ནི་གོང་གི་ཡི་གེ་བཅུ་གཅིག་པ་བཟླའོ། །རྒྱུད་ནི་བླ་མེད་རྒྱུད་ཡིན་ནོ།། ༈ །སྟོང་པའི་ངང་ལས་པད་ཉི་ལ་ཧཱུྃ་ལས་དཔལ་སྒེག་པ་རྡོ་རྗེ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ་དང་། གཡོན་རྡོ་རྗེའི་མཚན་པའི་ཐོད་པ་འཛིན་པ་ཡུམ་བདག་མེད་མ་ཞལ་གཅིག་ཕྱག་གཉིས། གྲི་ཐོད་འཛིན་པས་འཁྱུད་པ། སྟག་ཤམ་ཅན་རོའི་གདན་ལ་གར་སྟབས་ཀྱིས་བཞུགས་པ། རུས་པའི་རྒྱན་དྲུག་དང་མགོ་ཕྲེང་གིས་བརྒྱན་པ། ཐལ་བས་བྱུག་པར་གསལ། དབུ་རྒྱན་ནི་མི་བསྐྱོད་པའོ། །སྔགས་ནི། ཨོཾ་ཏྲེ་ལོཀྱ་ཨཀྵེ་བ་ཧཱུྃ་ཧཱུྃ་ཕཊ་ཕཊ། འདི་ནི་བླ་མེད་རྒྱུད་ཡིན་ནོ།། ༈ །།སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འབྱུང་པོ་འདུལ་བྱེད་སྐུ་མདོག་མཐིང་ནག་སྤྱན་གསུམ་མཆེ་བ་གཙིགས་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཕྱག་རྒྱ་བཅིང་ཞིང་། འོག་མ་གཉིས་གཡས་རྡོ་རྗེ་དང་། གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། ཞབས་གཡོན་བརྐྱང་གིས་འབྱུང་པོ་བསྐྱེལ་བའི་སྟེང་ན་བརྫིས། ཐོད་


CMR022_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

སྐམ་ལྔའི་དབུ་རྒྱན་དང་སྟག་ཤམ་ཅན། སྦྲུལ་བརྒྱད་ཀྱིས་སྐུ་ལ་བརྒྱན་པ། ན་བཟའ་སྔོན་པོ་མནབས་པ་གསལ། དབུ་རྒྱན་ནི་མི་བསྐྱོད་པའོ། སྔགས་ནི། ཧཱུྃ་བཛྲ་ཕཊཿ འདི་ནི་སྤྱོད་རྒྱུད་ཡིན་ནོ། །དེ་ལྟར་ཡང་ལྷ་ཉི་ཤུ་རྩ་དྲུག་པོ་འདི་ནི་སྒྲུབ་ཐབས་བརྒྱ་རྩ་རྒྱུ་མཚོ་གཉིས་ཀ་ནས་གསུངས་པའི་མངོན་རྟོགས་ཟུང་ཡོང་རྒྱ་གཞུང་ཡིན་པས་བྱིན་རླབས་ཆེའོ།། ༈ །།ལོ་གྱོན་མ་ནི། སྟོང་པའི་ངང་ལས་པད་ཟླ་ལ་ཧཱུཾ་སེར་པོ་ལས་ལོ་མ་གྱོན་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ། ཕྱག་གཡས་གསེར་གྱི་རྡོ་རྗེ་ནམ་མཁའ་ལ་ཕྱར་བ། གཡོན་སྡིགས་མཛུབ་ཐུགས་ཀར་བསྒྲེང་བ། དར་དང་རིན་པོ་ཆེའི་རྒྱན་ཅན། རྨ་བྱའི་མདོངས་དང་ཤིང་ལོ་གསར་པའི་ཤམ་ཐབས་ཀྱིས་བརྒྱན་པ། བགེགས་རྣམས་མནན་པའི་པད་དཀར་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པར་གསལ། དབུ་རྒྱན་ནི་མི་བསྐྱོད་པ། སྔགས་ནི། ཨོཾ་པི་ཤ་ཙི་པར་ཎ་ཤ་བ་རི་སརྦ་ཛཱ་ར་པྲ་ཤ་མ་ཎི་སྭཱ་ཧཱ། ཨོཾ་པི་ཤ་ཙི་སྭཱ་ཧཱ། འདི་བྱ་རྒྱུད་ཡིན་ཀྱང་བླ་མེད་ཀྱང་རུང་། སྟོང་པའི་ངང་ལས་པད་ཟླ་ལ་འབྲུ་གསུམ་རིམ་གྱིས་ཞུ་བ་ལས་རྣམ་རྒྱལ་ཧཱུྃ་གིས་མཚན་པ་ལས། སངས་རྒྱས་སྨན་གྱི་བླ་སྐུ་མདོག་མཐིང་ཁ་གཡས་མཆོག་སྦྱིན་དང་ཨ་རུ་


CMR022_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ར་དང་། གཡོན་བདུད་རྩིས་གང་བའི་ལྷུང་བཟེད་འཛིན་པ། དབུ་གཙུག་ཏོར་ཞབས་འཁོར་ལོ་སོགས་མཚན་དང་དཔེ་བྱད་ཀྱིས་སྤྲས་ཤིང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་གསལ། དབུ་རྒྱན་ནི་མི་བསྐྱོད་པའོ། །སྔགས་ནི། ཨོཾ་བྷི་ཥ་ཛེ་གྷོ་ཥ་ཛེ་མ་ཧཱ་བྷེ་ཥ་ཛྭ་རཱ་ཛ་ས་མུཏྟ་ཏེ་སྭཱ་ཧཱ། འདི་ནི་བྱ་རྒྱུད་ཡིན་ནོ།། ༈ །།སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཧཱུྃ་ཡིག་དཀར་པོ་ལས་རྡོ་རྗེ་རྣམ་པར་འཇོམས་པ་དཀར་ལ་སྔོ་མདངས་ཅན་ཞལ་གཅིག་སྤྱན་གསུམ་ཁྲོ་ཞིང་འཛུམ་པ་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་བདུད་རྩིའི་བུམ་པ་ཁྲོ་ཞལ་གྱིས་མཚན་པ་འཛིན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པ། དར་དཀར་པོ་དང་རིན་པོ་ཆེས་བརྒྱན་པར་གསལ། དབུ་རྒྱན་ནི་རྡོ་རྗེ་སེམས་དཔའ་ཡིན་ནོ། །སྔགས་ནི། ཨོཾ་བཛྲ་བི་དཱ་ར་ན་ཧཱུཾ་ཕཊ། གཞན་ཡང་། རྣམ་འཇོམས་ཀྱི་རྒྱུད་དང་གཟུངས་ཐུང་ན་མཎྜ་བཛྲ་སོགས་བཀླག་གོ །འདི་ནི་བླ་མེད་ཀྱི་རྒྱུད་བཀྲལ་བ་བི་མ་ལའི་ལུགས་ཡིན། རང་བྱུང་བའི་ཐུགས་དམ་བཀྲ་ཤིས་རྫས་བརྒྱད་ཀྱང་རུང་། བྱབ་ཁྲུས་ལྗང་གུ་དང་འདྲ། བསྟོད་པ་ཡང་ཁྱད་མེད།། ༈ །།རྣམ་འཇོམས་ལྗང་གུ་ནི། སྟོང་པའི་ངང་ལས་ཧཱུྃ་ལྗང་སྔོན་ལས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་


CMR022_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་ལྗང་སྔོན་ཞལ་གཅིག་སྤྱན་གསུམ་ཁྲོ་ཞིང་འཛུམ་པ། ཕྱག་གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་བཀར་ཐབས་སུ་འཛིན་ཅིང་གཡོན་དེའི་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་སྤྲས་པ། ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པར་གསལ། དབུ་རྒྱན་ནི་རྡོར་སེམས། སྔགས་ནི། བདག་མདུན་གཉིས་ལ་གཟུངས་སོ་སོའི་སྙིང་པོ་ཚར་བདུན་ནམ་ཅི་རིགས་བརྗོད་ལ། བུམ་བསྐྱེད་ནི་བཟླས་པ་རྒྱས་ན་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་སོགས་ནས་སྨྲས་སོའི་བར་ཚར་གཅིག་དང་གཟུངས་རིང་ཚར་བདུན་འདོན། ཡང་ན་གཟུངས་རིང་གཅིག་དང་། གཟུངས་ཐུང་ཉེར་གཅིག་བཟླའོ། །དེ་ནས་སྡིག་པ་ཐམས་ཅད་བྱང་ནས་ནི་སོགས་ནས་ཁྲུས་གྱིས་ཤིག་བར་ཚང་མ་བརྗོད། བསྡུ་ན་ཉེ་སྙིང་འདི་བརྒྱ་རྩ་བརྒྱད་བཟླས་པས་ཆོག་ལ། གཟུངས་རིང་མི་དགོས་སོ། །བསྙེན་པའི་དུས་དམིགས་པ་ནི། བུམ་པའི་ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ནང་དུ་བསྒྲུབ་བྱ་གནས་པ་ལས་བདུད་རྩིའི་རྒྱུན་བབ་པས་ནད་གདོན་བར་ཆད་ཐམས་ཅད་ཞི་ཞིང་ཚེ་དང་བསོད་ནམས་ཐམས་ཅད་འཕེལ་བར་གྱུར། ཅེས་བསྒོམས་ལ་མཐར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སོགས་བསྟོད་པ་དང་བཀྲ་ཤིས་སྐབས་ཐོབ་དང་སྦྱར་རོ།། ༈ །།


CMR022_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཧཱུྃ་དཀར་པོ་ལས་མི་གཡོ་བ་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི་མེ་འབར་བ་ཕྱར་ཞིང་། གཡོན་ཐུགས་ཀར་སྡིགས་མཛུབ་རྡོ་རྗེ་ཞགས་པ་འཛིན་པ་པདྨ་ཉི་མའི་གདན་ལ་ཙོག་པུར་བཞུགས་པའི་གཡོན་གྱི་པུས་མོ་གདན་ལ་བཙུགས་པ། ཡན་ལག་རགས་ཤིང་ལྟོ་བ་ཆེ་བ། ཁྲོ་བོའི་ཆ་ལུགས་ལ་དར་དང་རིན་པོ་ཆེས་བརྒྱན་ཅིང་མེ་དཔུང་གི་དབུས་སུ་བཞུགས་པའི་ཐུགས་ཀར་འཁོར་ལོ་རྩིབས་བཅུ་པའི་ལྟེ་བར་ཧཱུྃ་དཀར་པོ་རྩིབས་བཅུ་ལ་ཡི་གེ་བཅུ་དང་བཅས་པ་གསལ། རིགས་བདག་ནི་མི་བསྐྱོད་པའོ། །སྔགས་ནི། ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ འདི་ནི་སྤྱོད་རྒྱུད་ཡིན་ནོ། །ཀྱེ། རྟག་ཆད་མཐའ་གཉིས་རྣམ་པར་མ་གཡོས་ཀྱང་། །མཐའ་བྲལ་བདེ་ཆེན་ཁྲོ་བོའི་རྒྱལ་པོ་ནི། །སྤྲུལ་པའི་གཟུགས་ཀྱིས་འགྲོ་དོན་དཔག་མེད་མཛད། །རབ་འཇིགས་མི་གཡོ་མགོན་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་དོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR022_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

དབང་བརྒྱ་བསགས་ཐབས།


CMR022_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་དྷཱ་ར་ཡེ། འདིར་གསར་རྙིང་གི་ལྷ་སྤྱི་ཡི་རྗེས་གནང་དབང་བརྒྱ་བསག་ཐབས་ནི། བཀའ་བསྒོ་མ་བྱས་གོང་། དེ་ནས་སླར་ཡང་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྨི་ཡི། །དབང་དང་རྗེས་གནང་བསྩལ་དུ་གསོལ།། ༈ དེ་ལྟར་གསོལ་བ་བཏབ་པས་གཏོར་མ་འདི་ཉིད་ཡི་དམ་རྗེ་གསལ་བའི་ཐུགས་ཀའི་ཧཱིའམ་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡི་དམ་རྒུའི་ལྷ་ཚོགས་ཁ་བ་བུ་ཡུག་འཚུབ་པ་ལྟར་སྤྱན་དྲངས། །ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱིས་བྱིན་རླབས་ཤིང་། །དངོས་གྲུབ་རྣམ་གཉིས་འབྱུང་བའི་གནས། །གཏོར་མའི་དབང་བསྐུར་ཆེན་པོ་སྦྱིན། །སྔགས་མཇུག་ཏུ། ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། བཀྲ་ཤིས་བརྗོད་ནས། ཉི་ཤུ་ཙམ་བསྐུར་ནས་བསྙེན་པ་ཁ་གསོ་བྱས་ནས་རིམ་བཞིན་བསྐུར་བས་ཆོག །ཀརྨ་བདེ་ཆེན་ལ། ཀརྨ་བསྟན་འཛིན་ཕྲིན་ལས་ཀྱིས་བྲིས་པའོ། །དགེའོ།། །།


CMR022_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

སྒྲུབ་ཐབས་བཅུ་གསུམ་གྱི་སྤྱི་ཆིངས་དབང་བསྐུར་བའི་རིམ་པ་ནོར་བུའི་ཕྲེང་བ།


CMR022_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་བཅུ་གསུམ་གྱི་སྤྱི་ཆིངས་དབང་བསྐུར་བའི་རིམ་པ་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།


CMR022_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་ཀ་ར་ཡེ། འདིར་དབང་སྒྲུབ་རྣམས་ལེགས་པར་གྲུབ་ནས། སློབ་མ་རྣམས་མདུན་དུ་འཚོགས་ལ། ཀུན་རིག་ལས་བྱུང་བའི་ཆ་གསུམ་བཏང་། སུམ་བྷ་ནིས་བགེགས་བསྐྲད། སྲུང་འཁོར་བསྒོམས། འོ་ན་ད་ལམ་ཁྱེད་རང་རྣམས་ལ་ཡི་དམ་ལྷག་པའི་ལྷའི་རྗེས་གནང་ཟབ་མོ་སྐུར་བར་བྱེད་པ་ཡིན་པས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་འདིར་གསང་སྔགས་རྡོ་རྗེ་ཐེག་པའི་དབང་བསྐུར་ཟབ་མོ་ཞུ་སྟེ་ཚུལ་བཞིན་དུ་ཉམས་སུ་བླངས་བར་བྱས་ནས། ཐུགས་བསྐྱེད་དང་ལྡན་པས་གསན་འཚལ། འདིར་དུས་གསུམ་


CMR022_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་གཤེགས་པ་ནམ་མཁའི་སྐར་ཚོགས་ཙམ་ལས་བསམ་གྱིས་མི་ཁྱབ་གྲངས་ཀྱིས་མི་ལོངས་པར་བཞུགས་པ་འདི་དག་དཔེར་ན་ནམ་མཁའ་བཞིན་དུ་དག་པའི་དབྱིངས་ལྟ་བུ་ཆོས་ཀྱི་སྐུར་རོ་གཅིག་ཏུ་བཞུགས་པ་ཡིན་ཅིང་། དེ་ནས་ཆོས་ཀྱི་སྐུ་དེ་ལས་གཡོ་བ་མེད་བཞིན་དུ། སླར་ཡང་སེམས་ཅན་སྡུག་བསྔལ་གྱིས་གཟིར་བ་རྣམས་ལ་ཐུགས་རྗེས་བརྩེ་བར་དགོངས་ནས་དཔེར་ན་ནམ་མཁའི་ཀློང་ནས་འཇའ་ཚོན་ཤར་བ་ལྟ་བུའི་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དང་། ཞི་བ་དང་། ཁྲོ་བོ་དང་། ཞི་མ་ཁྲོ་དང་། དཔའ་བོ་དང་། རྣལ་འབྱོར་


CMR022_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

མ། ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་ཆོས་སྐྱོང་སྲུང་མ་ནོར་ལྷ་གཏེར་བདག །དཀར་ཕྱོགས་སྐྱོང་བ་དང་བཅས་པ། ཐབས་མཁས་པའི་ཕྱིར་དུ། བྱ་ཁྱུང་དང་སྡིག་པ་ལ་སོགས་པའི་སྐུ་རུ་སྤྲུལ་ནས། སེམས་ཅན་གྱི་དོན་མཛད་པ་ཡིན་པས། གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཀྱིས། རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག །ཆོས་ཉིད་དོན་ལ་ཆ་ལུགས་མི་མངའ་ཡང་། །ཐབས་མཁས་གང་འདུལ་སོ་སོའི་སྐུར་སྟོན་པ། །ཐུགས་རྗེའི་སྤྲུལ་སྒྱུར་མཛད་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་པ་ལྟར་ཡིན་ཅིང་། ༼ཀ༽ སེམས་ཅན་གྲིབ་དང་མི་གཙང་བའི་གནོད་པ་ཐམས་ཅད་ཞི་བའི་ཕྱིར་དུ་གཟུགས་ཀྱི་སྐུར་བཞེངས་རྡོ་རྗེ་རྣམ་པར་འཇོམས་པ་ཡིན་ཀྱང་དོན་ལ་སངས་རྒྱས་དོན་ཡོད་གྲུབ་པ་ཡིན་ཅིང་། །འདིའི་དབང་ཐོབ་ན་སྤར་ཁ་ལི་ཡི་ཉེས་སྐྱོན་ཐམས་ཅད་ཞི་བས། ༼ཁ༽ སངས་རྒྱས་ཐམས་ཅད་ཀྱི་ཆོས་ཁམས་རྣམ་པར་དག་པ། འཕགས་པ་བཞི་པོ་བསྐྱེད་པའི་ཡུམ་དམ་པ་ཡིན་ཏེ། ཆོས་སྐུ་ཀུན་ཏུ་བཟང་མོའམ་ཡུམ་ཆེན་མོའི། མཚན་གྱི་རྣམ་གྲངས་དེ་རྣམས་སེམས་ཅན་ཚོགས་བསགས་པའི་དོན་དུ་གཟུགས་ཀྱི་སྐུར་བཞེངས་པ། ཤེར་ཕྱིན་མ་སེར་


CMR022_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

མོ་འདི་ཉིད་ཡིན་ཅིང་། འདིའི་བསྙེན་སྒྲུབ་བྱས་ན། སེམས་ཀྱི་གནས་ལུགས་མྱུར་དུ་རྟོགས་ཤིང་དབང་ཐོབ་ན་སྤར་ཁ་ཁོན་མ་རྒན་མོའི་ཉེས་སྐྱོན་ཐམས་ཅད་ཞི་བ་ཡིན་པས། ༼ག༽ འདིར་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུའི་བདག་ཉིད་སེམས་ཅན་གྱི་གཏི་མུག་གི་མུན་པ་བསལ་བའི་དོན་དུ་གཟུགས་ཀྱི་སྐུར་བཞེངས་པ། རྗེ་བཙུན་འཇམ་པའི་དབྱངས་སུ་གྲགས་པ་ཡིན་ཞིང་། འདིའི་སྒྲུབ་པ་ལ་འབད་ན་ཤེས་རབ་ཕུན་སུམ་ཚོགས་པར་འགྱུར་ཞིང་། འདི་ཡི་དབང་ཐོབ་ན་སྤར་ཁ་དྭ་ཡི་ཉེས་སྐྱོན་ཐམས་ཅད་སེལ་བས། ༼ང༽ འདིར་དང་པོའི་སངས་རྒྱས་དཔལ་ལྡན་དུས་ཀྱི་འཁོར་ལོ་ཀུན་ཏུ་བཟང་པོ་དང་དོན་གཅིག་ཡིན་ཏེ། དེ་ཉིད་ཀྱི་ཀླུ་གདོན་ལ་སོགས་པ་གདུག་པ་ཅན་ཐམས་ཅད་འདུལ་བའི་ཕྱིར་དུ་གཟུགས་ཀྱི་སྐུར་བཞེངས་པ་ཡེ་ཤེས་ཀྱི་ཁྱུང་ཁྲ་བོ་ཡིན་ཅིང་། འདི་ཡི་བསྙེན་བསྒྲུབས་བྱས་ན། ཀླུ་དང་ས་བདག་གི་གནོད་པ། བད་ཀན་སྨུག་པོ་འབྲས་སྐྲན་ལ་སོགས་པ་ཞི་བ་ཡིན་ཅིང་། འདི་ཡི་དབང་ཐོབ་ན་སྤར་ཁ་ཁེན་པ་རྒན་པོའི་ཉེས་སྐྱོན་ཐམས་ཅད་སེལ་བས། ༼ཅ༽ འདིར་དུས་གསུམ་བདེ་བར་གཤེགས་


CMR022_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད། སངས་རྒྱས་ཐམས་ཅད་ཀྱི་ས་ལམ་གྱི་བདུད་འདུལ་བའི་ཕྱིར་དུ་གཟུགས་ཀྱི་སྐུར་བཞེངས་པ། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ཡིན་ཅིང་། འདི་ཡི་བསྙེན་སྒྲུབ་བྱས་ན། གཟའ་ཀླུའི་གཙོར་བྱས་པའི་ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པ་ཞི་ཞིང་། འདི་ཡི་དབང་ཐོབ་ན་སྤར་ཁ་ཁཾ་གྱི་ཉེས་སྐྱོན་ཐམས་ཅད་སེལ་བས། ༼ཆ༽ འདིར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཉིད་ཀྱི་སེམས་ཅན་གྱི་དོན་ལ་ཐུགས་བསྐྱེད་དང་ལྡན་པ། སྤྱན་སྟོང་ནི་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་སྤྲུལ་པ་ལས། ད་ལྟའི་སྟོན་པ་བཀའ་དྲིན་མཉམ་པ་མེད་པ་ཤཱཀྱའི་རྒྱལ་པོ་ཡིན་ཅིང་། འདི་ཡི་བསྙེན་སྒྲུབ་བྱས་ན་སྒྲིབ་གཉིས་བྱང་། ཚུལ་ཁྲིམས་གཙང་། རྒྱལ་གདོན་གྱི་གནོད་པ་ཞི། འདི་ཡི་དབང་ཐོབ་ན་སྤར་ཁ་གིན་རི་སྒོམ་ཆེན་གྱི་གནོད་པ་ཞི་བས། ༼ཇ༽ འདིར་ཆོས་སྐུ་ཡུམ་ཆེན་མོ་དེ་ཉིད་རིམས་ནད་དང་ཡམས་ནད་ཞི་བའི་ཕྱིར་དུ་གཟུགས་ཀྱི་སྐུར་བཞེངས་པ་ཡིན་པས། འདི་ཡི་བསྙེན་སྒྲུབ་བྱས་ན་རིམས་ནད་ཀྱི་གནོད་པ་ཞི་ཞིང་སྲུང་བའི་མཆོག་ཏུ་གྱུར་པ་ཡིན་ནོ། །འདི་ཡི་དབང་ཐོབ་ན་སྤར་ཁ་ཟིན་གྱི་


CMR022_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་སྐྱོན་ཐམས་ཅད་ཞི་བས། ༼ཉ༽ འདིར་ཆོས་སྐུ་ཡུམ་ཆེན་མོ་དེ་ཉིད་མེ་ཁམས་རྣམ་པར་དག་པའི་རང་གཟུགས་ཡུམ་ཆེན་མོ་ན་བཟའ་དཀར་མོ་དེ་ཉིད་གཟུགས་སྐུ་དྲག་ཏུ་ཁྲོས་པ་ཁྲོ་མོ་གདུགས་དཀར་མོ་ཅན་འདི་ཉིད་ཡིན་ཅིང་། འདི་ཡི་བསྙེན་སྒྲུབ་བྱས་ན་བྱད་ཁ་རྦོད་གཏོང་བཟློག་ཅིང་། ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་གསུངས་སོ། འདི་ཡི་དབང་ཐོབ་ན་སྤར་ཁ་ཟོན་གྱི་ཉེས་སྐྱོན་ཐམས་ཅད་ཞི་བས། ༼ཏ༽ འདིར་རྗེ་བཙུན་འཇམ་པའི་དབྱངས་གཤིན་རྗེའི་གཤེད་ལ་སོགས་པ་གདུག་པ་ཅན་འདུལ་བའི་ཕྱིར་གཟུགས་དྲག་ཏུ་ཁྲོས་པ་གཤིན་རྗེའི་གཤེད་དམར་པོར་གྲགས་ཤིང་། འདི་ཡི་བསྙེན་སྒྲུབ་བྱས་པ་དང་དབང་ཐོབ་ན་སྤར་ཁ་བརྒྱད་པོ་སྤྱི་ཡི་ཉེས་སྐྱོན་ཐམས་ཅད་བསལ་ཞིང་། །ཟ་འདྲེ་ཤི་གཤེད་ཀྱི་གནོད་པ་ཞི་ཞིང་། མདོར་ན་དགྲ་ཐོག་བདུན་ཟུར་ལ་སོགས་པའི་ཉེས་སྐྱོན་ཞི་བས། ༼ཐ༽ འདིར་ཀུན་བཟང་རྡོ་རྗེ་འཆང་ཆེན་པོ་འདོད་ཆགས་རྣམ་པར་དག་པ་སོ་སོར་རྟོགས་པའི་རང་གཟུགས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཅེས་བྱ་བ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་གི་བདག་པོ་ཡིན་ཅིང་། འདི་ཡི་དབང་ཐོབ་ཅིང་བསྙེན་སྒྲུབ་


CMR022_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན། དུས་མ་ཡིན་པར་འཆི་བ་བཅོ་བརྒྱད་ཞི་ནས་ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་འགྱུར་བས། ༼ད༽ ཆོས་སྐུ་ཡུམ་ཆེན་མོ་དེ་ཉིད་ས་ཁམས་རྣམ་པར་དག་པའི་ཆ་ལས་སངས་རྒྱས་སྤྱན་མ། སེམས་ཅན་དབུལ་བའི་སྡུག་བསྔལ་ལས་བསལ་བའི་ཕྱིར་དུ། བྱང་ཕྱོགས་ལྕང་ལོ་ཅན་ནས་མགོན་པོ་ཛཾ་བྷ་ལའི་ཡུམ་གྱི་ཚུལ་དུ་སྐུར་བཞེངས་ནས་ལྷ་མོ་ནོར་རྒྱུན་མ་འདི་ཉིད་ཡིན་ཅིང་འདི་ཡི་དབང་ཐོབ་ཅིང་། བསྙེན་སྒྲུབ་བྱས་ན་དབུལ་ཕོངས་སྡུག་བསྔལ་ཞི་ནས། རང་གི་བསོད་ནམས་དང་མཐུན་པའི་ནོར་ཕྱུགས་རིགས་རྒྱུད་འཕེལ་བ་དང་། །ཞིང་ལོ་ལེགས་པ་ལ་སོགས་འབྱུང་བར་ཐེ་ཚོམ་མེད། ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་འགྱུར་བས། ༼པ༽ འདིར་འཕགས་བཞི་བསྐྱེད་མཛད་ཡུམ་ཆེན་ཀུན་ཏུ་བཟང་མོ་དེ་ཉིད། ཆུ་ཁམས་རྣམ་པར་དག་པ། ཡུམ་ཆེན་མཱ་མ་ཀཱི་དེ་ཉིད། འགྲོ་བ་ཉམ་ཐག་ཆུང་སྲིའི་གནོད་པ་ཞི་ཞིང་སྲིའུ་གསོ་བ་དང་། རིགས་རྒྱུད་འཕེལ་བའི་ཕྱིར་དུ་སྐུར་བཞེངས་པ་ལྷ་མོ་སོ་སོར་འབྲང་མ་དེ་ཉིད་ཡིན་ཅིང་། འདི་ཡི་དབང་ཐོབ་ཅིང་བསྙེན་སྒྲུབ་བྱས་ན་གོང་གི་ཡོན་ཏན་རྣམས་འབྱུང་ཞིང་། ཁྱད་པར་སྲིའུ་གསོ་བའི་སྔགས་པ་བླ་མ་རྣམས་ཀྱིས་འདི་ཡི་


CMR022_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པ་བྱེ་བ་གཉིས་བསྙེན་ཚད་ཡིན་པས་། དེ་འགྲུབ་ན་སྲིའུ་གསོ་སླ་བ་ཡིན་པས། ༼ཨ༽ འདིར་དང་པོའི་སངས་རྒྱས་རྒྱལ་བ་ཀུན་ཏུ་བཟང་པོའི་གསུང་གི་སྤྲུལ་པ་སངས་རྒྱས་འོད་དཔག་ཏུ་མེད་པ་དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པ་ཡིན་པས་འཕགས་པ་སྤྱན་རས་གཟིགས་འདི་ཉིད་ཡིན་ཅིང་། ཐུགས་ཀྱི་ངོ་བོ་གཅིག་ཏུ་གྱུར་ན་ཡང་ཞལ་ཕྱག་གི་རྣམ་པ་མང་ན་ཡང་། ད་ལམ་འདི་ཉིད་ནི་ལྷ་འགྲོ་འདུལ་ཕྱག་བཞི་པ་དང་སྔགས་ཡི་གེ་དྲུག་པ་བོད་ཁ་བ་ཅན་གྱི་ལྷ་སྐལ་དམ་པར་གྱུར་པ་ཡིན་པས། འདི་ཡི་དབང་ཐོབ་ཅིང་བསྙེན་སྒྲུབ་ལ་བརྩོན་པ་ཆེན་པོས་ཡི་གེ་དྲུག་པ་དུང་ཕྱུར་བཏོན་ན་སེམས་ངོ་ལ་བལྟ་མ་ཤེས་ཀྱང་སངས་རྒྱས་ཐོབ་པ་ཡིན་ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཐེ་ཚོམ་མེད་པས་། དེ་ལྟར་སྨིན་བྱེད་ཀྱི་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། ས་གཞི་སྤོས་ཆུས་བྱུགས་ཤིང་སོགས། བླ་མ་ལྔ་བཅུ་པ་ལས། པུས་བཙུགས་ཐལ་མོ་སྦྱར་ནས་ཉན་སོགས་འདོད་པའི་གསོལ་གསུམ་གདབ། །ཅེས་གསུངས་པ་ལྟར། བླ་མ་དང་ཡི་དམ་༼ཀ༽ རྡོ་རྗེ་རྣམ་པར་འཇོམས་པ། ༼ཁ༽ ཤེར་ཕྱིན་མ་སེར་མོ། ༼ག༽ རྗེ་


CMR022_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་འཇམ་དཔལ་དབྱངས། ༼ང༽ཡེ་ཤེས་ཁྱུང་ཁྲ་བོ། ༼ཅ༽ འབྱུང་པོ་འདུལ་བྱེད། ༼ཆ༽ བཅོམ་ལྡན་འདས་རྡོ་རྗེའི་བདག་པོ། ༼ཇ༽ རི་ཁྲོད་ལོ་མ་གྱོན་མ༼ཉ༽ གདུགས་དཀར་མོ་ཅན། ༼ཏ༽ གཤིན་རྗེའི་གཤེད་དམར་པོ། ༼ཐ༽ མགོན་པོ་ཚེ་དཔག་ཏུ་མེད་པ། ༼ད༽ འཕགས་མ་ནོར་རྒྱུན་མ། ༼པ༽ སོ་སོར་འབྲང་མ། །༼ཨ༽འཕགས་པ་འཇིག་རྟེན་དབང་ཕྱུག །ཐ་མི་དད་པའི་དྲུང་དུ་དབང་ཟབ་མོ་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་འདི་ཞེས་བྱ་བ་ཡི། །དབང་དང་རྗེས་གནང་བསྩལ་དུ་གསོལ། །ད་ཁྱེད་རང་སློབ་མ་རྣམས་རྒྱུད་དག་པར་བྱ་བའི་ཆེད་དུ་བླ་མ་དང་ཡི་དམ་དབྱེར་མེད་པའི་དྲུང་དུ་བདུན་རྣམ་དག་སྔོན་དུ་འགྲོ་བའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདི་ཡི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་


CMR022_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། ལས་བུམ་ཀུ་ཤས་སློབ་མ་བྲན། ཨོཾ་བཛྲ་ཨ་མྲྀ་ཏས་བསང་། །ཨོཾ་སྭ་བྷ་ཝས་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁྱེད་རང་རྣམས་རྡོ་རྗེ་ར་གུར་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་འཁོར་གྱི་དབུས་སུ་པཾ་ལས་པདྨ་དང་ཉི་མའི་སྟེང་དུ་ས་བོན་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། མངོན་རྟོགས་འདོན་། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། དེས་ཁྱེད་རང་དབང་ལེན་པ་པོ་རྣམས་ལྷག་པའི་ལྷར་གསལ་བཏབ་ལ། མདུན་དུ་བཤམས་པའི་གཏོར་མ་འདི་ཡང་སྐད་ཅིག་གིས་ཡི་དམ་འདི་ཞེས་བྱ་བ་གསལ་བར་བསྐྱེད་ལ་གནས་གསུམ་དུ་བསྐྱེད་པར་གསལ་ཐོབ། སློབ་དཔོན་ཡང་དེར་


CMR022_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའི་མོས་འདུན་བྱས་པས། སློབ་དཔོན་དང་མདུན་བསྐྱེད་ཀྱི་སྐུའི་གནས་ཐམས་ཅད་ནས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་ཡི་དམ་ལྷ་ཚོགས་བསྒོམས་པ་དང་འདྲ་བ་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་ཐིམ་པས། ཁྱེད་རང་རྣམས་ཀྱི་སྒོ་གསུམ་དང་། འདིར་སྨོས་མ་ཐག་པའི་ཡི་དམ་གྱི་སྐུ་གསུང་ཐུགས་དང་དབྱེར་མེད་མི་ཕྱེད་པར་གྱུར་ཅིག ཡེ་ཤེས་པ་ཕེབས་བྱུང་སྙམ་པ་གྱིས་ལ་སེམས་རང་བབས་སུ་ཞོག་ཅིག །སོ་སོའི་སྔགས་བརྗོད་ལ། རོལ་མོ་དང་བཅས་པ་སྙིང་པོའི་མཐར། བཛྲ་ཨཱཿ་བེ་ཤ་ཡ་ཨ་ཨཱཿ༔ ཞེས་ལན་གསུམ་མམ་བདུན་བརྗོད། རྡོ་རྗེ་མེ་ཏོག་དང་བཅས་པས་སྤྱི་བོར་བཞག །ཏིཥྛ་བཛྲ། ཞེས་བརྟན་པར་བྱས། ད་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི་རྗེས་གནང་ལྔ་ལས། དང་པོ་སྐུ་ཡི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་ལྷག་པའི་ལྷ་མཆོག་གི །སྐུ་ཡི་རྗེས་གནང་བསྩལ་དུ་གསོལ། །གསུམ་མམ་གཅིག དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དང་མདུན་བསྐྱེད་རང་དང་བཅས་པའི་ཐུགས་ཀ་ནས་འཕྲོས། དབང་གི་ལྷ་རྣམས་སྤྱ་


CMR022_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ན་དྲངས་ནས་དབང་བསྐུར་བར་གྱུར། བུམ་པ་ལག་ཏུ་ཐོགས་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །བུམ་པ་མགོར་བཞག་ལ། ལྷ་གང་ཡིན་གྱི་སྙིང་པོ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། བུམ་ཆུ་བླུད། ཀུ་ཤས་སྤྱི་བོར་གཏོར་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་སྤྱི་བོར་འཁྱིལ་པ་ལས་རིགས་ཀྱི་བདག་པོ་༼ཀ༽ དོན་ཡོད་གྲུབ་པ། ༼ཁ༽ མི་བསྐྱོད་པ། ༼ག༽ མི་བསྐྱོད་པ། ༼ང༽ དང་པོའི་སངས་རྒྱས་རྡོ་རྗེ་སེམས་དཔལ་༼ཙ༽ མི་བསྐྱོད་པ། ༼ཆ༽མི་བསྐྱོད་པ། ༼ཇ༽ མི་བསྐྱོད་པ། ༼ཉ༽ རྣམ་པར་སྣང་མཛད། ༼ཏ༽ རྡོ་རྗེ་སེམས་དཔའ། །༼ཐ༽ འོད་དཔག་ཏུ་མེད་པས། ༼ད༽ རིན་ཆེན་འབྱུང་ལྡན། ༼པ༽ རིན་ཆེན་འབྱུང་ལྡན། ༼ཨ༽ འོད་དཔག་ཏུ་མེད་པས། དབུ་བརྒྱན་པར་གྱུར། བཀྲ་ཤིས་ནི། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོས་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །འདི་ནི་


CMR022_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ། །དེས་ཁྱེད་རང་རྣམས་ཀྱིས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །ལུས་ལ་གནོད་པའི་གདོན་ཐམས་ཅད་ཞི། ལུས་ལྷའི་སྐུར་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་དེ་སྐུའི་རྗེས་གནང་ཡིན། ད་གཉིས་པ་གསུང་གི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་ལྷག་པའི་ལྷ་མཆོག་གི །གསུང་གི་དབང་བསྐུར་བསྩལ་དུ་གསོལ། །གསུམ་མམ་གཅིག །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས། ཁྱེད་རང་གི་ཞལ་དུ་ཞུགས་ཐུགས་ཀར་འཁོར་བར་བསྒོམས་ལ་སྔགས་འདིའི་རྗེས་ཟློས་མཛོད། སོ་སོའི་སྔགས་རྗེས་ཟློས་བྱེད་བཅུག །ད་ཁྱེད་རང་རྣམས་ཀྱིས་མེ་ཏོག་གི་ཕྲེང་བ་རེ་སློབ་དཔོན་ལ་ཕུལ་བར་བསམ་ལ་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །གཅིག་གམ་གསུམ། སྔགས་ཀྱི་ཕྲེང་བ་འདི་ཉིད་མེ་ཏོག་གི་ཕྲེང་བ་རེར་བྱས་ནས་


CMR022_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོར་བཅིངས་པའི་མོས་པ་མཛད་དུ་གསོལ། དྲིལ་བུ་བསིལ་ཞིང་ཕྲེང་བ་དང་རྡོ་རྗེ་མེ་ཏོག་མགོར་བཞག །བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་ལྷག་པའི་ལྷའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འཇུག་པར་གྱུར་ཅིག །བཀྲ་ཤིས་བརྗོད། དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་།པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དེས་ཁྱེད་རང་རྣམས་ཀྱིས་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །ངག་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཞི། ངག་སྔགས་བཟླ་བ་ལ་དབང་། འབྲས་བུ་གསུང་དབྱངས་དྲུག་ཅུ་དང་ལྡན་པ་ལ་ལོངས་སྤྱོད་རྫོགས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་དེ་གསུང་གི་རྗེས་གནང་ཡིན། གསུམ་པ་ཐུགས་ཀྱི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་


CMR022_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་ལྷག་པའི་ལྷ་མཆོག་གི །ཐུགས་ཀྱི་རྗེས་གནང་བསྩལ་དུ་གསོལ། །གཅིག་གམ་གསུམ། དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཀྱི་ལྷ་ཡི་ཐུགས་ཀར་ཕོག །དེའི་ཐུགས་ཀ་ནས་ཕྱག་མཚན་དུ་མ་འཕྲོས། ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཐིམ་པས་ལྷག་པའི་ལྷའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་བྱུང་སྙམ་པ་གྱིས་ལ་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་ཞོག །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །སོ་སོའི་སྔགས་བརྗོད་ལ་རྡོ་རྗེ། སྙིང་ཁར་བཞག །སྙིང་པོའི་མཐར། བཛྲ་ས་མ་ཡ་སྟེ། བཀྲ་ཤིས་བརྗོད། །དགེ་འདུན་དམ་པ་ཆོས་དང་ལྡན་པའི་བཀྲ་ཤིས་ཤིང་། །ལྷ་དང་མི་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་ཞིང་མཆོག་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །དེས་ཁྱེད་རང་རྣམས་ཀྱིས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །ཡིད་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ཐམས་ཅད་ཞི།


CMR022_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཏིང་ངེ་འཛིན་སྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུའི་ས་བོན་རྒྱུད་ལ་བཞག་པ་དེ་ཐུགས་ཀྱི་རྗེས་གནང་ཡིན། ད་བཞི་པ་ཡོན་ཏན་གྱི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་ལྷག་པའི་ལྷ་མཆོག་གི་ཡོན་ཏན་དབང་བསྐུར་སྩལ་དུ་གསོལ། །གསུམ་མམ་གཅིག །དེ་ལྟར་གསོལ་བ་བཏབ་པས་ཁྱེད་རང་རྣམས་ལྷག་པའི་ལྷར་གསལ་ལ་སློབ་དཔོན་ཡང་དེར་གསལ་བ་ལྷག་པའི་ལྷའི་ཕྱག་མཚན་གཏད་པས་ལྷག་པའི་ལྷ་འདི་དང་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དངོས་གྲུབ་ཐོབ་བྱུང་སྙམ་པ་གྱིས། ༼ཀ༽ འདི་ནི་རྡོ་རྗེ་རྣམ་འཇོམས་ཀྱི། །ཕྱག་མཚན་སྣ་ཚོགས་རྡོ་རྗེ་སྟེ། ༼ཁ༽ འདི་ནི་ཡུམ་ཆེན་ཤེར་ཕྱིན་གྱི། །ཕྱག་མཚན་དམ་ཆོས་གླེགས་བམ་སྟེ། ༼ག༽ །འདི་ནི་འཕགས་པ་འཇམ་དཔལ་གྱི། །ཕྱག་མཚན་རལ་གྲི་པུ་སྟི་སྟེ།། ༼ང༽ འདི་ནི་ཡེ་ཤེས་ཁྱུང་ཁྲ་ཡི། །ཕྱག་མཚན་སྤྲུལ་རིགས་ལྔ་པོ་སྟེ།། ༼ཅ༽ འདི་ནི་ཕྱག་ན་རྡོ་རྗེ་ཡི། །ཕྱག་མཚན་རྡོ་རྗེ་རྩེ་དགུ་སྟེ།། ༼ཆ༽ འདི་ནི་བསྟན་


CMR022_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདག་པོ་ཡི། །ཕྱག་མཚན་ལྷུང་བཟེད་བདུད་རྩིས་བཀང་།། ༼ཇ༽ འདི་ནི་ལོ་མ་གྱོན་མ་ཡི། །ཕྱག་མཚན་གསེར་གྱི་རྡོ་རྗེ་འདི།། ༼ཉ༽ འདི་ནི་གཙུག་ཏོར་གདུགས་དཀར་གྱི། །ཕྱག་མཚན་འཁོར་ལོ་རྩིབས་སྟོང་པ།། ༼ཏ༽ འདི་ནི་གཤིན་རྗེའི་གཤེད་དམར་གྱི། །ཕྱག་མཚན་ཐོད་དབྱུག་ཐོད་ཁྲུག་སྟེ།། ༼ཐ༽ འདི་ནི་ཚེ་དཔག་མེད་མགོན་གྱི། །ཕྱག་མཚན་ཚེ་བུམ་བདུད་རྩིས་བཀང་།། ༼ད༽ འདི་ནི་ལྷ་མོ་ནོར་རྒྱུན་མའི། །ཕྱག་མཚན་འབྲས་ཀྱི་སྙེ་མ་སྟེ།། ༼པ༽ འདི་ནི་སོ་སོར་འབྲང་མ་ཡི། །ཕྱག་མཚན་རལ་གྲི་དགྲ་སྟ་སྟེ། ༼ཨ༽ འདི་ནི་སྤྱན་རས་གཟིགས་དབང་གི། །ཕྱག་མཚན་ཕྲེང་བ་པདྨ་སྟེ།། ༈ ཁྱོད་ཀྱིས་རྟག་ཏུ་བཅངས་པས་ན། །ཐབས་ཤེས་ཟུང་དུ་འཇུག་པ་དང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡོན་ཏན་ཀུན་གྱི་སྣོད་གྱུར་ཏེ། །མཐར་ཐུག་སངས་རྒྱས་ཐོབ་པར་ཤོག །སོ་སོའི་སྔགས་དང་། གུ་ཎ་ཨ་བྷི་ཥིཉྩ་ཧཱི། ཅེས་ལག་ཏུ་བཞག་པའོ། །བཀྲ་ཤིས་བྱ། བཀྲ་ཤིས་རབ་རྒྱས་རྩ་གསུམ་ལྷ་ཚོགས་རྣམས། །བཀྲ་ཤིས་བར་ཆད་མི་མཐུན་གཡུལ་ལས་རྒྱལ། །བཀྲ་ཤིས་ཡིད་བཞིན་བསམ་པ་ཀུན་


CMR022_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པ། །བཀྲ་ཤིས་མཆོག་གི་ཀུན་ཁྱབ་བཀྲ་ཤིས་ཤོག །དེས་ཁྱེད་རང་གི་བསགས་པ་སྙོམས་འཇུག་གི་སྒྲིབ་པ་དག །སྒོ་གསུམ་ཆ་སྙོམས་ལ་གནོད་ཅིང་འཚེ་བ་ཐམས་ཅད་ཞི། གནས་སྐབས་ས་ལམ་གྱི་ཡོན་ཏན་ཐམས་ཅད་བསྒྲུབ་པ་ལ་དབང་། མཐར་ཐུག་འབྲས་བུ་བྲལ་བ་དང་། རྣམ་པར་སྨིན་པའི་ཡོན་ཏན་དྲུག་ཅུ་རྩ་བཞི་ལ་དབང་བའི་སྐལ་པ་ཅན་དུ་བྱས་པ་དེ་ཡོན་ཏན་གྱི་རྗེས་གནང་ངོ་། །ད་ལྔ་པ་ཕྲིན་ལས་ཀྱི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་ལྷག་པའི་ལྷ་མཆོག་གི །ཕྲིན་ལས་དབང་བསྐུར་བསྩལ་དུ་གསོལ། །གསུམ་མམ་གཅིག །དེ་ལྟར་གསོལ་བ་བཏབ་པས། བླ་མ་དང་མདུན་བསྐྱེད་དབྱེར་མེད་པའི་དཔྲལ་བ་ནས་ཞི་བའི་འོད་ཟེར་དཀར་པོ། མགྲིན་པ་ནས་དབང་གི་འོད་ཟེར་དམར་པོ། ཐུགས་ཀ་ནས་དྲག་པོའི་འོད་ཟེར་མཐིང་ཀ །ལྟེ་བ་ནས་རྒྱས་པའི་འོད་ཟེར་སེར་པོ། གསང་བ་ནས་ལས་སྣ་ཚོགས་ཀྱི་འོད་ཟེར་ལྗང་གུ་རྣམས་འཕྲོས། ཁྱེད་རང་རྣམས་ཀྱི་གནས་ལྔར་ཐིམ་


CMR022_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

པས་ནད་གདོན་བར་ཆད་ཞི། ཚེ་དང་བསོད་ནམས་ཐམས་ཅད་རྒྱས། སྣང་སྲིད་ཐམས་ཅད་དབང་དུ་བསྡུས། དགྲ་བགེགས་ཐམས་ཅད་ཚར་བཅད། སངས་རྒྱས་ཐམས་ཅད་ཀྱི་དབང་ཐོབ་པར་སྒོམས་ཤིག །སངས་རྒྱས་ཀུན་གྱི་ཕྲིན་ལས་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །ཕྲིན་ལས་དབང་འདི་ཁྱོད་ཀྱིས་ལོངས། །ལས་བཞིའི་ཙཀ་ལི་གཏད། མེད་ན་གཏོར་མ་མགོར་བཞག །སོ་སོའི་སྔགས་ཀྱི་མཐར། ཀརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱཿ བཀྲ་ཤིས་བརྗོད། དཀྱིལ་འཁོར་གཞལ་ཡས་འདིར་ཡང་བཀྲ་ཤིས་ཤིང་། །ཉིན་ཡང་བཀྲ་ཤིས་དཔལ་འབར་ཏ་ལ་ལ། །མཚན་ཡང་བཀྲ་ཤིས་དཔལ་འབར་ཀྱི་ལི་ལི། །ཉིན་མཚན་རྟག་ཏུ་བཀྲ་ཤིས་བདེ་ལེགས་ཤོག །དེས་སྒོ་གསུམ་ཆ་མཉམ་གྱི་སྡིག་སྒྲིབ་དག །སྒོ་གསུམ་ལ་གནོད་པའི་འགལ་རྐྱེན་ཞི། ལས་རབ་འབྱམས་བསྒྲུབ་པར་དབང་། འབྲས་བུ་སངས་རྒྱས་ཀྱི་ཕྲིན་ལས་ཁྱབ་པ་དང་། རྟག་པའི་བདག་ཉིད་ལ་དབང་འབྱོར་བའི་སྐལ་པ་ཅན་དུ་བྱས་པ་དེ་ཕྲིན་ལས་ཀྱི་རྗེས་གནང་ཡིན། བྱ་སྤྱོད་རྒྱུད་ལ་གཏོར་དབང་མ་གསུངས་ཀྱང་། བླ་མ་རྣམས་ཀྱི་ཕྱག་ལེན་ལ་ཡོད་པས། ད་གཏོར་མ་འདི་


CMR022_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། རྒྱས་པར་མངོན་རྟོགས་འདོན། བསྡུ་ན། སྔར་སྨོས་པའི་ལྷག་པའི་ལྷར་གསལ་ཐོབ་ལ། དེའི་སྟེང་གི་ཆ་ལ་བཀའ་བརྒྱུད་ཀྱི་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྤྲིན་འཁྲིགས་པ་ལྟར་ཁྱེད་རང་གི་སྤྱི་བོར་བྱོན་ནས་ངེད་ཀྱིས་གསོལ་བ་ཇི་ལྟར་བཏབ་པ་ལྟར་བྱིན་རླབས་དངོས་གྲུབ་ཐམས་ཅད་གནང་ཞིང་ཐོབ་བྱུང་སྙམ་པའི་མོས་འདུན་རྩེ་གཅིག་ཏུ་མཛོད་ཅིག །ཅེས་གཏོར་མ་ལག་ཏུ་ཐོགས་ལ། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱིས་བྱིན་རླབས་ཤིང་། །དངོས་གྲུབ་རྣམ་གཉིས་འབྱུང་བའི་གནས། །གཏོར་མའི་དབང་བསྐུར་ཆེན་པོ་སྦྱིན། །ཛཿཧཱུྃ་བཾ་ཧོཿ ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། ཏེ་ལོ་ཤེས་རབ་བཟང་པོ། ནཱ་རོ་ཛྙ་ན་སིདྡྷི། མར་པ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། དཔལ་ལྡན་དུས་གསུམ་མཁྱེན་པ། འགྲོ་མགོན་རས་པ་ཆེན་པོ། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཆེན་ཀརྨ་པཀྵི། རྒྱས་པར་ཟུང་འཇུག་བརྒྱུད་པ་ཡོངས་རྫོགས་ནི། མཁས་གྲུབ་ཨོ་རྒྱན་པ། སེམས་དཔའ་རིང་བྱུང་རྡོ་རྗེ། རྒྱལ་བ་


CMR022_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

གཡུང་སྟོན་ཆེན་པོ། འཛམ་གླིང་ཆོས་ཀྱི་གྲགས་པ། རྟོགས་ལྡན་མཁའ་སྤྱོད་དབང་པོ། ཆོས་རྗེ་དེ་བཞིན་གཤེགས་པ། རྗེ་བཙུན་རིཏྟཾ་བྷ་དྲ། སྤྲུལ་སྐུ་མཐོང་བ་དོན་ལྡན། ཀུན་མཁྱེན་འཇམ་དཔལ་བཟང་པོ། བྱང་སེམས་དཔལ་འབྱོར་དོན་གྲུབ། རྒྱལ་དབང་ཆོས་གྲགས་རྒྱ་མཚོ། གྲུབ་ཆེན་བཀྲ་ཤིས་དཔལ་འབྱོར། མཚུངས་མེད་མི་བསྐྱོད་རྡོ་རྗེ། རྒྱལ་བ་དཀོན་མཆོག་ཡན་ལག །རྗེ་བཙུན་དབང་ཕྱུག་རྡོ་རྗེ། གར་དབང་ཆོས་ཀྱི་དབང་ཕྱུག །རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ། མཚུངས་མེད་ཀརྨ་ཆགས་མེད། ཁྱད་པར་དུ་བདག་གི་རྩ་བའི་བླ་མ་དམ་པ་ལ་སོགས་ཆོས་འདི་གང་ལས་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་ཐམས་ཅད་དང་། ལྷ་གང་ཡིན་བརྗོད། ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱིས། རྡོ་རྗེའི་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཀྱི་ངོ་བོའི་སྒོ་ནས་བྱིན་གྱིས་བརླབས་པ་དང་། དབང་བསྐུར་བར་མཛད་དུ་གསོལ། འདི་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི། ནད་རིགས་བཞི་བརྒྱ་རྩ་བཞི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གདོན་རིགས་སུམ་བརྒྱ་དྲུག་ཅུ། སྟེང་གདོན་གཟའ་དང་རྒྱུ་སྐར།


CMR022_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

འོག་གདོན་ཀླུ་གཉན་ས་བདག །བར་གདོན་བཙན་བདུད་ཐེའུ་རང་གི་གནོད་པ་ཐམས་ཅད་ད་ལྟ་ཉིད་དུ་ཞི་བར་བྱིན་གྱིས་རློབས་ཤིག །ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱས་པར་བྱིན་གྱིས་རློབས་ཤིག །བདུད་བགེགས་ལོག་འདྲེན་གདུག་པ་ཅན་ཐམས་ཅད་དྲག་པོའི་སྒོ་ནས་ཚར་གཅོད་པར་བྱིན་གྱིས་རློབས་ཤིག །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ལྷག་པའི་ལྷར་མཛོད་ཅིག །ཉིན་གསུམ་གྱི་བྱ་ར་མཛོད། མཚན་གསུམ་གྱི་མེལ་ཚེ་མཛོད། །འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཐམས་ཅད་ལས་བསྐྱབ་ཏུ་གསོལ། སོ་སོའི་རྩ་སྔགས་གསུམ་མམ་བདུན་བརྗོད། ཀཱ་ཡ་ཝཱཀྐ་ཙིཏྟ་བ་ལིཾ་ཏ་ཨ་བྷི་ཥིཉྩནྟཾ། ཡང་ཚེ་དབང་བསྐུར་དུས། །བཅོམ་ལྡན་ཚེ་དཔག་མེད་མགོན་གྱིས། །ཐུགས་བསྐྱེད་སྨོན་ལམ་དག་པའི་མཐུས། །འཆི་མེད་རིག་འཛིན་སྒྲུབ་པའི་རྫས། །ཡེ་ཤེས་ཚེ་རིལ་ཚེ་ཆང་འདི། །བྱིན་པས་རྡོ་རྗེའི་ཚེ་ཐོབ་ཤོག །ཨོཾ་ཨ་མཱ་ར་ཎི་ཛི་བནྟི་ཡེ་སྭཱ་ཧཱ། །ཞེས་ཚེ་རིལ་ཚེ་ཆང་སྦྱིན། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །ལྷག་པའི་ལྷ་མཆོག་རྣམས་ཀྱི་བདེན་ཚིག་གིས།


CMR022_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་འདི་དག་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། གཏོར་མ་ལྷར་གསལ་བ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་། ལྷག་པའི་ལྷ་མཆོག་གི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་འདྲེས་པར་གྱུར་སྙམ་དུ་སྒོམས། བཀྲ་ཤིས་བརྗོད། བདག་དང་སྦྱིན་བདག་འབྲེལ་ཐོགས་མཁའ་མཉམ་འགྲོ། །འདིས་གཙོས་བདག་གིས་དུས་གསུམ་བསགས་ཡོད་ཀྱི། །དགེ་རྩས་བསོད་ནམས་ཕུང་པོའི་བདེ་ལྡན་དུ། །པདྨོ་ལས་སྐྱེས་དགེ་སློང་ཚུལ་འཛིན་ཏེ། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །འོ་དེས་ལྷག་པའི་ལྷ་མཆོག་གི་དབང་ལེགས་པར་ཐོབ་པ་ཡིན་པས། དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡི་དམ་གྱི་ལྷར་བཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ལུས་ལོངས་སྤྱོད་འབུལ་བའི་བློས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་གྱུར་པ་ཡི། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །


CMR022_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བརྗོད་བཅུག །དེ་ལྟར་དབང་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་། །ནམ་མཁའ་དང་མཉམ་པའི་འགྲོ་རྣམས་སྒྲོལ་བར་ཤོག །ཅེས་བརྗོད་བཅུག །སློབ་མ་རྣམས་གྱེས་སོ། །དེ་་ལྟར་དབང་བསྐུར་ཐོབ་པའི་དགེ་བའི་རྩ་བ་ལ་བརྟེན་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབས་པར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་སོགས། རྗེ་དབང་ཕྱུག་རྡོ་རྗེས་སྩལ་བའི་དབང་གཅིག་ཤེས་ཀུན་གྲོལ་འབྲིང་པོ་ལ་ཅུང་ཞིག་ཕྱག་ལེན་གྱིས་བརྒྱན་པར་བྱས་ཤིང་ཁྱེར་བདེ་བར་ཨ་རཱ་གས་ཁོལ་དུ་ཕྱུང་བ་ཉེས་པ་མཆིས་ན་བཤགས་ཤིང་དགེ་བས་འགྲོ་དྲུག་སྨིན་གྲོལ་དུ་གྱུར་ཅིག །ཁྱད་པར་འདི་ལ་འབྲེལ་བ་ཐོགས་ཚད་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR022_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

སྒྲུབ་ཐབས་སྤྱི་ཡི་སྔགས་བྱང་།


CMR022_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

༼ཀ༽ རྡོ་རྗེ་རྣམ་པར་འཇོམས་པ་ལ། ཨོཾ་བཛྲ་བི་དཱ་ར་ན་ཧཱུྃ་ཕཊ། རྒྱས་པར་རྣམ་འཇོམས་ཀྱི་གཟུངས་དང་ཉེ་སྙིང་འགྲེས། ༼ཁ༽ ཤེར་ཕྱིན་མ་ལ། ཨོཾ་དྷི་ཤུ་ཏི་སྤྱི་ཏི་བི་ཛ་ཡེ་སྭཱ། ༼ག༽ འཇམ་དབྱངས་ལ། ཨོཾ་ཨ་ར་པ་ཙ་ན་དྷཱི༔ ༼ང༽ཡེ་ཤེས་ཁྱུང་ཁྲ་ལ། ཨོཾ་པཀྵ་སྭཱ་ཧཱ། བཛྲ་རཏྣ་པདྨ་ཀརྨ་ག་རུ་ཊ་ཧཱུྃ་ཕཊ། ༼ཅ༽ ཕྱག་ན་རྡོ་རྗེ་ལ། ཧཱུྃ་བཛྲ་ཕཊ། ༼ཆ༽ ཐུབ་པ་རྡོ་རྗེ་གདན་པ། ཨོཾ་ཨ་བཛྲ་ཧཱུྃ་སྭཱ་ཧཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། ༼ཇ༽ ལོ་མ་གྱོན་མ་ལ། ཨོཾ་པི་ཤ་ཙི་པཎ་ཤ་ཝ་རི་སརྦ་ཛཱ་ར་པྲ་ཤ་མ་ཎ་ཡེ་སྭཱ་ཧཱ། ཨོཾ་པི་ཤ་ཙི་སྭཱ་ཧཱ། ཉེ༽ བཅོམ་ལྡན་མ་གདུགས་དཀར་པོ་ཅན་ལ། ཨོཾ་སི་ཏཱ་ཏ་པ་ཏྲེ་ཨ་པ་ར་ཛི་ཏེ་སརྦ་གྲ་ཧ་ན་ཨ་མ་ནུ་ཏྲ་ས་ཡ་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ད༔ ཕཊ་ཕཊ་སྭཱ་ཧཱ། ཉེ་སྙིང་ནི། ཨོཾ་མ་མ་ཧཱུཾ་ནི་སྭཱ་ཧཱ། ༼ཏེ༽ གཤིན་རྗེའི་གཤེད་དམར་ལ། ཨོཾ་ཧཱིཏྟིའི་ཏྲི་ཏ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ༼ཐ༽མགོན་པོ་ཚེ་དཔག་མེད་ལ། །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ༼ད༽ འཕགས་མ་ནོར་རྒྱུན་མ་ལ། ཨོཾ་བཱ་སུ་དྷ་རེ་ནི་སྭཱ་ཧཱ། ༼ན༽ སོ་སོར་འབྲང་མ་ལ། ཨོཾ་མ་ཎི་དྷ་རི་བཛྲ་ནི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་


CMR022_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནས་མི་ཚང་

མངོན་རྟོགས་བཅུ་གསུམ་པ།


CMR022_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་ཀྱི་མངོན་རྟོགས་ནི། ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞི་ཞིང་འཛུམ་པ། ཕྱག་བཞི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར། འོག་མ་གཉིས་བགྲང་ཕྲེང་དང་པདྨ་དཀར་པོ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་དང་མཚན་དང་དཔེ་བྱད་ཀྱིས་སྤྲས་ཤིང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རི་རྒྱུདྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། རིགས་བདག །འོད་དཔག་མེད། བསྙེན་པ། ཨོཾ་མ་ཎི་པདྨེ་ཧཱུཾ། བསྟོད་པ། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་ལ་བརྒྱན། །ཐུགས་རྗེ་ཅན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད།། ༈ །།གཤེད་དམར་མངོན་རྟོགས་ནི། ཧཱུྃ་ལས་མི་མགོ་རློན་zཔས་མཚན་པའི་དབྱུག་པ་དཀར་པོ་ཧཱུྃ་དམར་པོས་མཚན་པ་ལས་གཤིན་རྗེའི་གཤེད་སྐུ་མདོག་དམར་པོ་ཞལ་གཅིག་སྤྱན་གསུམ་པ་གཡས་དབྱུག་པ་དང་གཡོན་ཐོད་ཁྲག་འཛིན་པ། །ཀླུ་རང་འོད་ཀྱི་རིག་མ་གྲི་ཐོད་འཛིན་པས་འཁྱུད་པ། ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་ཞིང་མ་ཧེའི་སྟེང་ན་གཡོན་བརྐྱང་གིས་བཞུགས་པ། སེམས་དཔའ་སུམ་བརྩེགས་ཅན། རིགས་


CMR022_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བདག །མི་བསྐྱོད་པ། བསྙེན་པ། ཨོཾ་ཧིཏྟི་ཝིཏྟི་ཏཱ་ན་ན་ཧཱུཾ་ཕཊ། བསྟོད་པ་ནི། སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་རབ་མཆོག་གི་མཆོག །དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ།། ༈ །།སེང་གེ་སྒྲ་ཡི་མངོན་རྟོགས་ནི། སྟོང་པའི་ངང་ལས་པཾ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ་ཨ་དཀར་པོ་ལས་སེངྒེ་དཀར་པོ། དེའི་སྟེང་དུ་ཨ་ཡིག་ལས། པདྨ་དཀར་པོའི་ལྟེ་བ་ལ་ཧཱི༔དཀར་པོས་མཚན་པ་དེ་ཡོངས་སུ་གྱུར་པ་ལས། རྗེ་བཙུན་སེངྒེ་སྒྲ་སྐུ་མདོག་དཀར་པོ་ཞལ་གཅིག་སྤྱན་གསུམ་པ། ཟླ་བ་ཕྱེད་པས་དབུ་བརྒྱན་པ། རལ་པའི་ཅོད་པན་ཅན། ཕྱག་གཉིས་ཀྱི་ཕྱག་གཡས་མཆོག་སྦྱིན་དང་། གཡོན་པའི་ཕྱག་སྐུ་རྒྱབ་གདན་ལ་གཏད་པ། གཡས་ལོགས་ན་པདྨ་དཀར་པོའི་སྡོང་བུ་སྦྲུལ་དཀར་པོས་དཀྲིས་པའི་དབྱུག་གུ་རྩེ་གསུམ་དཀར་པོ་དང་། གཡོན་ལོགས་ན་པདྨ་དཀར་པོའི་སྟེང་ན་རལ་གྲི་དཀར་པོ། མདུན་དུ་ཐོད་པའི་སྣོད་མེ་ཏོག་གིས་བཀང་བ་ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་སེང་གེའི་གདན་ལ་བཞུགས་པ། རི་དྭགས་པགས་པས་ནུ་མ་གཡོན་པ་བཀབ་ཅིང་སྟག་ཤམ་དང་


CMR022_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

དར་གྱི་ཅོད་པན་མཛེས་པས་སྤྲས་པ། སྐུ་ལས་རིགས་ལྔ་འཕྲོ་བ། རིགས་བདག །འོད་དཔག་མེད། སྔགས་ནི། ཨོཾ་ཨཱཿཧཱི༔སེདྷ་ནཱ་ད་ཧཱུྃ་ཕཊ། བསྟོད་པ་ནི། །སྙིང་རྗེའི་སྟོབས་ཀྱིས་སེམས་ཅན་དོན་བྱས་པ། །རང་གི་གྲོགས་ཀྱིས་སྤངས་བས་གཅིག་པུ་ལུས། །ཀླུ་དང་གདོན་གྱི་ཚོགས་རྣམས་བཅིང་བར་མཛད། །འཇིག་རྟེན་ཕྱུག་སེང་གེ་སྒྲ་ལ་བསྟོད།། ༈ །།རྣམ་འཇོམས་མངོན་རྟོགས་ནི། ཧཱུྃ་ལྗང་སྔོན་ལས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན་ཞལ་གཅིག་སྤྱན་གསུམ་ཁྲོ་ཞིང་འཛུམ་པ།། ཕྱག་གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་བཀར་ཐབས་སུ་འཛིན་པ། གཡོན་པས་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པ། རིགས་བདག །རྡོ་རྗེ་སེམས་དཔའ། བསྙེན་པ། ན་མཙཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཧཱུཾ་ཕཊ། བསྟོད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པ་ཡི། །རྡོ་རྗེ་ཁྲོ་བོ་སྐུར་


CMR022_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ། །རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད།། ༈ །འབྱུང་པོ་འདུལ་བྱེད་ཀྱི་མངོན་རྟོགས་ནི། །པཾ་ལས་པདྨ་དང་ཨ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས། འབྱུང་པོ་འདུལ་བྱེད་སྐུ་མདོག་མཐིང་ཀ་སྤྱན་གསུམ་མཆེ་བ་གཙིགས་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཕྱག་རྒྱ་བཅིངས་ཤིང་། གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ་ཞབས་གཡས་བསྐུམ་གཡོན་བརྐྱང་གིས་འབྱུང་པོ་བསྐྱེལ་བའི་སྟེང་དུ་བཞུགས་པ། ཐོད་སྐམ་ལྔའི་དབུ་རྒྱན། སྟག་ཤམ་ཅན། སྦྲུལ་རིགས་བརྒྱད་ཀྱིས་སྐུ་ལ་བརྒྱན་པ་ན་བཟའ་སྔོན་པོ་མནབས་པ། དབུ་རྒྱན། མི་བསྐྱོད་པ། བསྟེན་པ། ཧཱུྃ་བཛྲ་ཕཊ༔ བསྟོད་པ། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད།། ༈ །།ཁྲོ་བོ་རྨེ་བརྩེགས་མངོན་རྟོགས་ནི། ཧཱུྃ་ལས་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པ་སྐུ་མདོག་རྣམ་པར་མནག་པ་ཞལ་གསུམ་ཕྱག་དྲུག་རྩ་ཞལ་མཐིང་


CMR022_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ནག་གཡས་དཀར་གཡོན་དམར་བ་ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ་དབུ་སྐྲ་སྨྲ་ར་སྨིན་མ་དམར་སེར་མེ་ལྟར་འབར་བ། ཕྱག་གཡས་དང་པོས་རྡོ་རྗེ་རྒྱ་གྲམ་གཉིས་པས་རྡོ་རྗེ་རྩེ་ལྔ་པ་གསུམ་པ་ན་རྡོ་རྗེ་ལྕགས་ཀྱུ། གཡོན་གྱི་དང་པོ་རྡོ་རྗེའི་དབྱུག་པ་བར་པས་རྡོ་རྗེའི་ཞགས་པ་ཐ་མས་རྡོ་རྗེའི་སྡིགས་མཛུབ་མཛད་པ། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ་མི་མགོ་སྐམ་པོ་ལྔས་དབུ་ལ་བརྒྱན་ཅིང་རློན་པ་ཁྲག་འཛག་པ་ལྔ་བཅུས་སེ་རལ་ཁ་བྱས་པ། སྟག་ལྤགས་ཀྱིས་སྨད་དཀྲིས་ཤིང་། ཞབས་བསྒྲད་པ་ཉི་མའི་གདན་ལ་བཞུགས་པ། སྐུ་ལས་ཡེ་ཤེས་ཀྱི་མེ་འབར་བ། གདུག་པ་ཅན་ཐམས་ཅད་ཕྱེ་མར་བརླག་པ། སྐུ་ཡིས་སྲིད་པ་གསུམ་ལ་ཁྱབ་པ། རིགས་བདག །མི་བསྐྱོད་པ། བསྙེན་པ་ནི། ཨོཾ་བྱུར་ཀུར་མ་ཧཱ་པྲ་མ་ཎ་ཡེ་བྷར་ཅི་བྱུར་ཀི་བི་མ་ལེ་ཨུ་ཙུཥཱ་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་བཛྲ་བྷུར་ཀུར་རི་ལི་ཤུ་ཐར་ཤ་ཧུར་ལྕེ་ཤི་བི་མ་ལེ་ཨུ་ཙུཥ་ཀྲོ་དྷ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བསྟོད་པ་ནི། ཧཱུྃ། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་


CMR022_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ། །བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད།། ༈ །།སྒྲོལ་ལྗང་བསྐྱེད་ཆོག་ལ། པད་ཟླ་ལ་ཧཱུྃ་ལས་འོད་ཟེར་འཕྲོས་པས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་མོ། ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན། གཡོན་སྡོང་བུ་དང་བཅས་པའི་ཨུཏྤལ་བསྣམས་ཤིང་རལ་པའི་ཅོད་པན། དར་དང་རིན་པོ་ཆེའི་བརྒྱན་དང་ལྡན་པ། ཞབས་གཡས་བརྐྱང་གཡོན་བསྐུམ་གྱིས་བཞུགས་པ། རིགས་བདག །དོན་ཡོད་གྲུབ་པ། སྔགས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། བསྟོད་པ་ནི། ལྷ་དང་ལྷ་མིན་ཅོད་པན་གྱི། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད།། ༈ །།སྒྲོལ་དཀར་མངོན་རྟོགས་ནི། །པད་ཟླའི་གདན་ལ་རང་སེམས་ཀྱི་ངོ་བོ་ཧཱུྃ་ཡིག་དཀར་པོ་དེ་ལས་འོད་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་སྒྲོལ་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་དང་གཡོན་པདྨ་དཀར་པོ་འདབ་མ་བཅུ་དྲུག་པ་འཛིན་པ། གཞོན་ནུའི་ལང་ཚོ་བཅུ་དྲུག་ལོན་པའི་ན་ཚོད་དང་ལྡན་པ། ཞལ་འཛུམ་བག་དང་


CMR022_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཟླ་བའི་འོད་ཀྱི་རྒྱབ་ཡོལ་ཅན་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཟླ་བའི་སྟེང་དུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ཧཱུྃ་ཡིག་དཀར་པོས་མཚན་པ། རིགས་བདག །འོད་དཔག་ཏུ་མེད་པ། བསྙེན་པ་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། བསྟོད་པ་ནི། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེའི་ན་རྣམས་ལས་སྒྲོལ། །སྒྲོལ་མ་ལ་ཡང་ཕྱག་འཚལ་བསྟོད། ༈ །།འོད་ཟེར་ཅན་མ་ལ། མོ་ལས་མྱ་ངན་མེད་པའི་ཤིང་མཾ་གྱིས་མཚན་པ་ལས། ལྷ་མོ་འོད་ཟེར་ཅན་མ་སེར་མོ་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་དང་གཡོན་པས་མྱ་ངན་མེད་པའི་ཤིང་གི་ཡལ་ག་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕག་སེར་པོའི་རྒྱབ་སྟེང་ན་བཞུགས་པ། རིགས་བདག །རྣམ་སྣང་། བསྙེན་པ། ཨོཾ་མ་རི་ཙྩཾ་སྭཱ་ཧཱ། བསྟོད་པ་ནི། གང་ཁྱོད་མིང་ཙམ་འཛིན་དང་དྲན་པ་ཡིས། །མི་མཐུན་ཕྱོགས་རྣམས་མ་ལུས་སེལ་འགྱུར་ཞིང་། །འཇིག་རྟེན་འཇིག་རྟེན་འདས་པའི་དཔལ་སྟེར་མ། །འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་བསྟོད། །ཨ་


CMR022_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་གས་སོ།། ༈ །།ཤེར་ཕྱིན་མ། པདྨ་དམར་པོ་དང་ཟླ་བའི་གདན་དུ་དྷིཡིག་སེར་པོ་ལས་ཤེར་ཕྱིན་མ་སེར་མོ་ཞལ་གཅིག་རལ་པའི་ཅོད་པན་ཅན། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་དང་བཅས་པའི་ཨུཏྤལ་སྔོན་པོ་གཡོན་ཕྱོགས་སུ་བསྣམས་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་གོས་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པར་བསམ། རིགས་བདག །མི་བསྐྱོད་པ། བསྙེན་པ་ནི། ཨོཾ་དྷི་ཤུ་ཏི་སྤྱི་ཏི་བི་ཛ་ཡེ་སྭཱ་ཧཱ། བསྟོད་པ་ནི། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉི། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད།། ༈ །།འཇམ་དབྱངས། པདྨ་དང་ཟླ་བའི་སྟེང་དུ་དྷིལས་འཇམ་དབྱངས་སྐུ་མདོག་དམར་པོ་ཨུཏྤལ་དང་། མདུན་དུ་དྷིལས་དྲ་བ་ཅན་གྱི་འོད་ལྗང་ཁུ་གཡོན་ན་པདྨ་འཛིན་པ། གཡས་སུ་པཾ་ལས་སྒྲ་གཅན་འཛིན་དམར་མོ་གཡོན་པདྨ་དམར་པོ་འཛིན་པ། རྒྱབ་ཏུ་ཙ་ལས་ཟླ་འོད་མ་དཀར་མོ་གཡོན་པདྨ་དཀར་པོ་འཛིན་པ། གཡོན་དུ་པཾ་ལས་ཉེ་བའི་སྒྲ་གཅན་མ་དམར་པོ་གཡོན་ཨུཏྤལ་འཛིན་པ། གཙོ་འཁོར་ཐམས་ཅད་ཞལ་གཅིག་ཕྱག་


CMR022_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གཡས་མཆོག་སྦྱིན་གཡོན་པདྨའི་ཨུཏྤལ་ཡུ་བ་ཐུགས་ཀར་འཛིན་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་མོས་ལ། །རིགས་བདག །མི་བསྐྱོད་པ། བསྙེན་པ། ཨོཾ་ཨ་ར་པ་ཙ་ན་དྷི༔ བསྟོད་པ། གཞོན་ནུ་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེའི་རབ་ཏུ་གསལ། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད།། ༈ །ཁྱུང་ཁྲ། པདྨ་དང་ཟླ་བའི་གདན་ལ་ཡེ་ཤེས་བྱ་ཁྱུང་ཁྲ་བོ་རྐང་པ་ནས་སྤྱི་བོའི་བར་སྔོ་བ། ལྟོ་བ་སེར་བ། སྐུ་སྟོད་དམར་པོ། མགོ་བོ་ལྗང་ཁུ་སྟེ་ཆུ་ས་མེ་རླུང་གི་རང་བཞིན། སྒྲོ་ནམ་མཁའི་རང་བཞིན་ཁ་དོག་སྣ་ཚོགས་ཞབས་ཙོག་པུར་འདུག་སྟེ་མཇུག་མ་ཞབས་སུ་མནན་པ་ཕྱག་གཡས་སྐྱབས་སྦྱིན་དང་གཡོན་སྡིགས་མཛུབ་དང་བཅས་པའི་སྦྲུལ་རིགས་ལྔའི་མགོ་བོ་ཁར་བཅུག་སྟེ་མཇུག་མ་ཞབས་སུ་མནན་པ། ཕྱོགས་བཞིར་རིགས་བཞིའི་ཁྱུང་ཆེན་དཀར་སེར་ལྕེ་དམར་ལྗང་རང་འདྲ་བ། གཡས་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་ཕྱར་ཞིང་གཡོན་རང་མདོག་གི་སྦྲུལ་རིགས་བཞི་བཟུང་ནས་སྤྲིན་གྱི་ཕུང་པོར་སྐུ་རྒྱབ་གཏད་པ། རིགས་བདག །རྡོ་རྗེ་


CMR022_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ། བསྙེན་པ། ཨོཾ་པཀྵ་སྭཱ་ཧཱ། བཛྲ་རཏྣ་པདྨ་ཀརྨ་གྷ་རུ་ཊ་ཧཱུྃ་ཕཊ༔ བསྟོད་པ་ནི། ཡེ་ཤེས་ཁྱུང་གི་མཆུ་སྡེར་འཇིགས་རུང་ཅན། །ཡི་གེ་ལྔ་ཡི་འོད་ཟེར་འཕྲོ་འདུ་ལས། །འབྱུང་བ་ལྔ་ལས་གྱུར་པའི་དུག་རྣམས་དང་། །ཀླུ་རིགས་ལྔ་འཇོམས་སྐུ་ལ་ཕྱག་འཚལ་བསྟོད།། ༈ །ཐུབ་པ། སྟོང་པའི་ངང་ལས་ཟླ་བའི་སྟེང་དུ་ཧཱུྃ་ཡིག་སེར་པོ་ལ་ཨཱཿ་ལི་ཀཱ་ལི་དཀར་པོའི་བསྐོར་བ་ལས། བཅོམ་ལྡན་འདས་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་གཡོན་མཉམ་བཞག །རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ན་བཟའ་དམར་པོ་མནབས་པ་དང་། ཞི་བའི་བདག་ཉིད་ཅན། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། གཡས་སུ་བྱམས་པ་སེར་པོ་ཕྱག་གཡོན་རིན་པོ་ཆེའི་རྔ་ཡབ་དང་གཡས་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་འཛིན་པ། གཡོན་དུ་འཇིག་རྟེན་དབང་ཕྱུག་དཀར་པོ་རིན་པོ་ཆེའི་རྔ་ཡབ་དང་། གཡོན་པདྨ་དཀར་པོ་འཛིན་པ་གཉིས་ཀའང་རལ་པའི་ཅོད་པན་ཅན། རིགས་བདག །མི་བསྐྱོད་པ། བསྙེན་པ། ཨོཾ་ཨཱཿབཛྲ་ཧཱུྃ་སྭཱ་ཧཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། བསྟོད་པ་ནི། ཐབས་མཁས་ཐུགས་


CMR022_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་བསྟོད།། ༈ །།གདུགས་དཀར། རང་གི་སྙིང་གར་ཟླ་བ་ལ་ཨོཾ་ཡིག་དཀར་པོ་ལས་གཞན་གྱིས་མི་ཐུབ་པ་གདུགས་དཀར་མོ་ཅན་དཀར་སྔོ་དམར་བའི་ཞལ་གསུམ་སྤྱན་དགུ། ཕྱག་དྲུག་གི་གཡས་གསུམ་ན་འཁོར་ལོ་མདལ། ལྕགས་ཀྱུ། གཡོན་གསུམ་ན་རྡོ་རྗེ་དཀར་པོ་གཞུ་ཞགས་པ་དང་བཅས་པའི་སྡིགས་མཛུབ། ལྷའི་ན་བཟའ་དང་རྒྱན་གྱིས་བརྒྱན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཁྲོ་མོའི་ལྟ་བས་གདོན་ཐམས་ཅད་ཚར་གཅོད་པ། རིགས་བདག །རྣམ་པར་སྣང་མཛད། བསྙེན་པ། ཨོཾ་སི་ཏ་ཏ་པ་ཏྲེ་ཨ་པ་ར་ཛི་ཏེ་སརྦ་གྲ་ཧ་ན་ཨ་ནུ་ཏྲ་ས་ཡ་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཉེ་སྙིང་ནི། ཨོཾ་མ་མ་ཧཱུཾ་ནི་སྭཱ་ཧཱ། བསྟོད་པ་ནི། རྒྱལ་བ་ཀུན་གྱི་མཐུ་སྟོབས་གཅིག་བསྡུས་པ། །སྟོན་མཆོག་ཤཱཀ་ཐུབ་གཙུག་ཏོར་ལས་སྤྲུལ་ཞིང་། །སངས་རྒྱས་བྱེ་བ་ཁྲག་ཁྲིག་ཅོད་པན་འཆང་། །འཆོལ་བའི་ལྷ་མཆོག་གདུགས་དཀར་ཕྱག་འཚལ་བསྟོད། །


CMR022_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།ཚེ་དཔག་མེད། པདྨ་དང་ཟླ་བའི་གདན་ལ་ཤཱི་ལས་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་འཆི་མེད་བདུད་རྩིས་བཀང་བའི་བུམ་པ་མཉམ་བཞག་གི་ཕྱག་རྒྱས་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཟླ་བའི་རྒྱབ་ཡོལ་མངའ་བའོ། །རིགས་བདག །འོད་དཔག་ཏུ་མེད་པ། བསྙེན་པ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། བསྟོད་པ་ནི། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། ། ༈ །ནོར་རྒྱུན་མ། པདྨ་དང་ཟླ་བ་ལ་བཻ་སེར་པོ་ལས་ནོར་རྒྱུན་མ་སེར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་མཆོག་སྦྱིན་དང་། གཡོན་འབྲུའི་སྙེ་མ་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་འབེབས་བཞིན་པའི་བུམ་པ་བསྣམས་པ། ལོ་བཅུ་དྲུག་གི་ན་ཚོད་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། རིགས་བདག །རིན་ཆེན་འབྱུང་ལྡན་གྱི། བསྙེན་པ། ཨོཾ་བཱ་སུ་དྷ་རི་ཎི་སྭཱ་ཧཱ། བསྟོད་པ་ནི། དཔལ་མོ་དབྱིག་གི་ལྷ་མོ་ནོར་རྒྱུན་མ། །སྙན་གྲགས་ཚེ་དང་


CMR022_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་རྒྱས་མཛད་ཅིང་། །དངོས་གྲུབ་ཕུན་ཚོགས་མ་ལུས་སྩོལ་མཛད་མ། །ལྷ་མོ་ནོར་རྒྱུན་མ་ལ་ཕྱག་འཚལ་བསྟོད།། ༈ །།སོ་སོར་འབྲང་མ། །ཨ་ལས་ཟླ་བའི་སྟེང་དུ་པཾ་སེར་པོ་ལས། སོ་སོ་འབྲང་མ་སེར་མོ་གཡས་བསྐོར་གྱི་རྩ་ཞལ་སེར་དཀར་ནག་དམར་བའི་ཞལ་བཞི་དང་ལྡན་པ། སྤྱན་གསུམ་དང་ལྡན་པ་ཕྱག་བརྒྱད་ཀྱི་གཡས་བཞི་ན། རལ་གྲི་འཁོར་ལོ་རྩེ་གསུམ་མདའ། གཡོན་བཞི་ན་དགྲ་སྟ་གཞུ་ཞགས་པ་རྡོ་རྗེ་འཛིན་པ། པད་ཟླ་ལ་རོལ་པའི་སྟབས་ཀྱིས་བཞུགས་པ། ཉི་མའི་རྒྱབ་ཡོལ་ཅན། དར་སྣ་ཚོགས་ཀྱི་ན་བཟའ་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་དུ་མ་བསམ། རིགས་བདག །རིན་ཆེན་འབྱུང་ལྡན། བསྙེན་པ། ཨོཾ་མ་ཎི་དྷཱ་རི་བཛྲ་ནི་མ་ཧཱ་པྲ་ཏི་སཱ་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ བསྟོད་པ་ནི། རྒྱལ་ཀུན་ཤེས་རབ་ཕར་ཕྱིན་རང་མདངས་ཉིད། །ཉམ་ཐག་འགྲོ་རྣམས་སྡུག་བསྔལ་ལས་སྒྲོལ་ཕྱིར། །གཟུགས་སྐུར་ཤར་བའི་བཅོམ་ལྡན་འདས་མ་མཆོག །སོ་སོར་འབྲང་མ་ཆེན་མོར་ཕྱག་འཚལ་བསྟོད།། ༈ །མི་གཡོ་བའི་སྒྲུབ་ཐབས་ནི། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་གཏུམ་པོ་ཆེན་པོ་


CMR022_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཟར་མའི་མདོག་ལྟར་སྔོ་བ། རིན་པོ་ཆེས་བརྒྱན་པ། ཞལ་གཅིག་པ་མཆེ་བས་མ་མཆུ་མནན་པ། རབ་ཏུ་དམར་བའི་སྤྱན་གསུམ་ཟུར་གྱིས་གཟིགས་པ། དཔྲལ་བར་ཁྲོ་གཉེར་བསྡུས་པ། ཕྱག་གཡས་རལ་གྲི་ནམ་མཁའ་ལ་ཕྱར་བ། གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་ཐུགས་ཀར་འཛིན་པ། ཞབས་གཡོན་གྱི་པུས་མོ་དང་བཅས་པའི་མཐིལ་ཉི་མ་ལ་བཙུགས་པ། སེམས་དཔའ་སུམ་བརྩེགས་ཅན་དུ་བསམས་ནས། རིགས་བདག །མི་བསྐྱོད་པ། བསྙེན་པ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། བསྟོད་པ་ནི། བཅོམ་ལྡན་འདས་མི་གཡོ་མགོན་པོ་སྔོན་པོ་ནི། །སྐུ་ལུས་ས་མཁྲེགས་གཏུམ་ཞིང་ཁྲོ་བོའི་སྤྱན། །བགེགས་འཇོམས་སྲིད་པའི་བགེགས་རྣམས་ཞི་བར་མཛོད། །ལྷག་པའི་ལྷ་མཆོག་མི་གཡོ་མགོན་ལ་བསྟོད།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དབང་གི་མཚམས་སྦྱོར་རྒྱུད་ལས་བཏུས་པ།


CMR022_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་མཚམས་སྦྱོར་རྒྱུད་ལས་བཏུས་པ་བཞུགས་སོ། །


CMR022_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ད་ལམ་དབང་ཐོབ་པའི་ཕན་ཡོན། མ་ཐོབ་པའི་ཉེས་དམིགས་སོགས་ཅུང་ཟད་མ་ཞུས་ན། དོན་མི་གོ་བས། དང་པོ་དབང་མ་ཐོབ་པའི་ཉེས་དམིགས་ནི། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས། དབང་མ་བསྐུར་བའི་སྐྱོན་འདི་དག་ཀྱང་གསུངས་སོ། །དབང་མ་བསྐུར་བའི་ཉེས་པ་ནི། ངེས་པར་ཉིད་དུ་ཤེས་པར་གྱིས། །དབང་བསྐུར་གནང་བ་མ་ཐོབ་པར། །གང་གིས་སྔགས་ལ་འཇུག་བྱེད་ཅིང་། །ཉེན་ཅིང་སྒྲུབ་པ་བྱེད་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །།སློབ་དཔོན་བརྙེས་པར་མ་བྱས་


CMR022_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ན། །དབང་རྣམས་ཐོབ་ཀྱང་མི་ཕན་ནོ། །དབང་མ་ཐོབ་པར་ལས་བརྩམས་པར། །སྐྱེད་མ་བལྟས་པར་ཁལ་འགེལ་བའི། །དེ་དག་ཕུང་བའི་རྒྱུ་ཡིན་ནོ། །དབང་མ་ཐོབ་པའི་གང་ཟག་ནི། །གཞན་ལ་ཕན་ཡོན་གང་ཚང་བ། །འཁོར་ལོ་སྲོག་ཤིང་མེད་པ་འདྲ། །སྒྲུབ་པ་ཞག་གྲངས་དུས་ཚང་ཡང་། །རྟགས་ཀུན་ཚང་བར་མི་འགྱུར་ན། །དེ་ཡང་དབང་མ་ཐོབ་པའི་སྐྱོན། །མཆོད་པ་བསྙེན་སྒྲུབ་ཤུགས་འབྱུང་ཡང་། །དངོས་གྲུབ་ཐོབ་པར་མི་འགྱུར་བ། །དེ་ཡང་དབང་མ་ཐོབ་པའི་སྐྱོན། །གཞན་ཡང་དབང་མ་ཐོབ་པའི་སྐྱོན། །སྔགས་པ་དབང་


CMR022_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རོ་སྐྱོང་མཁན། །སྨྱོ་དང་མཛེ་དང་ལྐུགས་པ་དང་། །རིམས་དང་མུ་གེ་འཁྲུགས་པ་དང་། །ནད་རྣམས་སྣ་ཚོགས་འབྱུང་བ་ཡང་། །སློབ་དཔོན་དེ་ཡི་རྒྱུད་ལས་བྱུང་། །དབང་བསྐུར་གནང་བ་མ་ཐོབ་པར། །རིག་པ་ཤེས་རབ་རྩལ་རྫོགས་ཀྱང་། །སློབ་དཔོན་བྱ་བ་མི་འབྱུང་ངོ་། །གང་གི་སྔགས་ལ་སྤྱོད་འདོད་ན། །ཤེས་པར་གྱིས་ལ་དབང་རྣམས་ཞུས། །ཞེས་སོགས་གསུངས་པ་དང་། གསང་བ་སྙིང་པོའི་རྒྱུད་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །བསྙེན་པ་ལ་སོགས་བརྩམས་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་པ་དང་། རྡོ་རྗེ་ཕྲེང་བའི་རྒྱུད་ལས། དབང་བསྐུར་མེད་པར་རྒྱུད་བཤད་ན། །སྒྲུབ་པ་སྔགས་ཀྱི་དོན་ཤེས་ཀྱང་། །ཕྱིར་ཟློག་པ་ནི་ཡང་མེད་པར། །སློབ་དཔོན་སློབ་མ་མཚུངས་པར་ནི། །ཤི་ནས་ངུ་འབོད་ཆེན་པོར་ལྟུང་། ཞེས་དང་། །རྒྱུ་མ་བདེ་མཆོག་རྒྱུད་ལས། དཀྱིལ་འཁོར་འདི་ནི་མ་མཐོང་བར།། །རྣལ་འབྱོར་པས་ནི་དངོས་གྲུབ་འདོད། །མཁའ་ལ་ཁུ་ཚུར་བརྡེག་པ་དང་་། །རྨོངས་པས་ཕུར་མ་བརྡུང་དང་མཚུངས། །བྱེ་མ་ལས་ནི་


CMR022_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

མར་བཙིར་དང་། །སྨིག་རྒྱུ་ཆུ་ནི་འཐུང་དང་མཚུངས། །ཞེས་དང་། མཆོག་གི་དང་པོའི་སངས་རྒྱས་ལས། །དབང་བསྐུར་མེད་པའི་སྔགས་འཆང་དང་། །ཟབ་མོའི་དེ་ཉིད་སྒོམ་བྱེད་པ། །དེ་དོན་ལེགས་པར་ཤེས་ན་ཡང་། །དམྱལ་བར་འགྱུར་གྱིས་གྲོལ་བ་མིན། །ཞེས་དང་། གསང་བ་འདུས་པ་ལས། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། དབང་མེད་ལ་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེད་བཞིན། །གོང་གི་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་འགྲོ། །དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མ་ལ་ནི་དབང་ནོད་ཞུས། །ཞེས་དང་། རྡོ་རྗེ་ཕྲེང་བར། ཡང་ག་དབང་བསྐུར་གྱིས་དབེན་ན། །བསྒྲུབས་པས་རྒྱུད་ཀྱི་དོན་ཤེས་ཀྱང་། །སློབ་དཔོན་སློབ་མར་མཚུངས་པར་ནི། །མི་བཟད་དམྱལ་བ་ཆེན་པོར་འགྲོ། །ཞེས་དང་། སྐུ་གསུང་ཐུགས་ཀྱི་རྒྱུད་རྒྱལ་ལས། །དབང་དང་གདམས་ངག་མ་ཐོབ་པར། །དབང་བསྐུར་རབ་གནས་སྦྱིན་སྲེག་དང་། །སྔགས་སོགས་ངལ་བ་དོན་མེད་དེ། །ཤི་ནས་རྡོ་རྗེ་


CMR022_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དམྱལ་བར་སྐྱེ། །ཞེས་དང་། རྡོ་རྗེ་གུར་ལས། དཀྱིལ་འཁོར་དུ་ནི་མ་ཞུགས་དང་། །དབང་བསྐུར་མེད་པའི་རྣལ་འབྱོར་པ། །འཇིག་རྟེན་འདི་དང་གཞན་དུ་ཡང་། །དེ་ལ་དངོས་གྲུབ་མཆོག་ཉིད་མེད། །སངས་རྒྱས་ཐོད་པའི་རྒྱུད་ལས། །དཔེར་ན་པི་ཝཾ་རྒྱུད་ཀུན་རྫོགས། །རྒྱུད་དང་བྲལ་ན་རླུང་མི་རུང་། །དེ་བཞིན་དབང་དང་བྲལ་གྱུར་ན། །ཡེ་ཤེས་ཀུན་གྱིས་སྟོང་པར་འགྱུར། ཞེས་དང་། ཀློང་གསལ་ཉི་མའི་རྒྱུད་ལས། དཔེར་ན་ཞིང་ས་ཡོད་གྱུར་ཀྱང་། །སོ་ནམ་རིམ་བཞིན་མ་བྱས་ན། །འབྲས་བུ་པར་མི་འགྱུར་ལྟར། །སེམས་ལ་ཆོས་ཉིད་གནས་གྱུར་ཀྱང་། །དབང་གིས་སྨིན་པར་མ་བྱས་ན། །འབྲས་བུ་ཐོབ་པར་ག་ལ་འགྱུར། །མངོན་བརྗོད་ལས། དབང་མ་བསྐུར་བར་སྔགས་སྒོམ་པ། །དེ་ནི་ངན་འགྲོར་སྐྱེ་བའི་རྒྱུ། །ཞེས་དང་། རྒྱུད་རིན་ཆེན་འཁོར་ལོ་ལས། དབང་མ་བསྐུར་བར་རྒྱུད་བཤད་ན། །གཉིས་ཀ་རྡོ་རྗེ་དམྱལ་བར་འགྲོ། །དབང་བསྐུར་དམ་ཚིག་མ་བསྲུངས་ན། །བདེ་ཐོབ་ས་བོན་བརླག་པ་ཡིན། །ཞེས་དང་། སངས་རྒྱས་ཐོད་པ་ལས། རྨོངས་པ་གང་ཞིག་དབང་མེད་པར། །ངས་


CMR022_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དབང་བསྐུར་ཞེས་སྨྲས་པ། །ཇི་སྲིད་སངས་རྒྱས་བཞུགས་ཀྱི་བར། །སློབ་མ་དང་བཅས་དམྱལ་བར་འགྲོ། །ཞེས་དང་། གསུང་མི་གཡོ་བའི་རྒྱུད་ལས། །དཀྱིལ་འཁོར་གནང་བ་མ་བྱིན་པར། །འདི་ནི་སྟོན་ཅིང་གཏེར་བྱེད་ན། །སྐྱོབ་པ་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་བསླུ་བར་འགྱུར། །ཞེས་དང་། དཔལ་ཉི་མའི་འཁོར་ལོའི་མདོ་ལས། བླ་མ་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་ན། །བསྙེན་པ་ལ་སོགས་བྱེད་པ་ནི། །འབྲས་བུ་མེད་ཅིག་བརླག་པར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་སོ། །གཉིས་པ་དབང་ཐོབ་པའི་ཕན་ཡོན་ནི། དབང་བསྐུར་རྒྱལ་པོའི་རྒྱུད་ལས་། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས། ཡོན་ཏན་འདི་དག་འཁོར་རྣམས་ལ་གསུངས་སོ། །དབང་བསྐུར་བ་ཡི་ཕན་ཡོན་ནི། །ཡང་དག་ཉིད་དུ་བཤད་པར་བྱ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་། །དབང་བསྐུར་ནས་ནི་བསྐོར་བར་བྱ། །སྒྲུབ་པ་གསུངས་པའི་དཀྱིལ་འཁོར་ཡང་། །དབང་བསྐུར་ནས་ནི་བསྒྲུབ་པར་བྱ། །སྒྲུབ་པ་གསང་བའི་དཀྱིལ་འཁོར་ཡང་། །དབང་བསྐུར་ནས་ནི་སྒྲུབ་པར་


CMR022_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། ཕྲིན་ལས་མཐའ་དག་བྱ་བ་ཡང་། །དབང་བསྐུར་ནས་ནི་བྱ་བ་འབྱུང་། །དབང་བསྐུར་གནང་བ་ཐོབ་ནས་ཀྱང་། །གང་བརྩམས་ལས་དེ་འགྲུབ་པར་འགྱུར། །དབང་བསྐུར་བ་ཡི་ཡོན་ཏན་ནི། །སངས་རྒྱས་སེམས་ཅན་ཐམས་ཅད་ལ། །ཡིད་ལ་ཅི་དགར་དབང་ཡང་བསྐུར། །མ་མོ་མཁའ་འགྲོ་བྲན་བཞིན་འཁོར། །ཚེ་དང་ལོངས་སྤྱོད་ཕུན་སུམ་ཚོགས། །འཇིག་རྟེན་འདི་ཡི་ཡོན་ཏན་ཡང། །བསམ་གྱིས་མི་ཁྱབ་པར་འགྱུར་བས། །དམྱལ་བར་སྐྱེ་བར་ངེས་ན་ཡང་། །དབང་བསྐུར་བ་ཡི་ཡོན་ཏན་གྱིས། །དམྱལ་བར་ནམ་ཡང་མི་ལྟུང་སྟེ། །ངན་སོང་གསུམ་པོ་ཀུན་སྤངས་ནས། །བླ་མེད་འབྲས་བུ་འགྲུབ་པར་འགྱུར། །ཚེ་ཟད་འཆི་བར་ངེས་ན་ཡང་། །དབང་འདི་རབ་ཏུ་བསྐུར་ནས་ནི། །ཚེ་ཟད་འཆི་བ་སླར་བཟློག་ནས། །ཚེ་ཚད་དཔག་མེད་ཐོབ་པར་འགྱུར། །གཞན་ཡང་ཚེ་ཡི་ཡོན་ཏན་ཡང་། །བརྗོད་ཀྱིས་མི་ལང་ཐོབ་པར་འགྱུར། །འཇིག་རྟེན་འདས་པའི་ཡོན་ཏན་ནི། །རིག་འཛིན་རྣམ་གསུམ་མན་ཆད་ནས། །ཀུན་ཏུ་བཟང་པོའི་དགོངས་པ་ཀུན། །སངས་རྒྱས་ཡོན་ཏན་ཐམས་ཅད་ཀུན། །སེམས་ཀྱིས་བསམ་ཞིང་


CMR022_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྱིས་གྲུབ། །ཆོས་ཀྱི་དབྱིངས་སུ་ཡང་སངས་རྒྱས། །ཞེས་པ་དང་། གསང་བའི་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེས་ནི་སྐྱེ་བ་བརྒྱད་ལ་ནི། །མ་བསྒོམས་པར་ཡང་དངོས་གྲུབ་འཐོབ། །ཅེས་དང་། མཁའ་འགྲོ་རྒྱ་མཚོ་ལས། སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །དབང་ལས་ཡང་དག་ཤེས་པར་འགྱུར། །དབང་མཆོག་རིག་པའི་ཡེ་ཤེས་ནི། །འབྲས་བུའི་ལམ་དུ་འགྱུར་བ་ཡིན། །ཞེས་དང་། རྡོ་རྗེ་ཕྲེང་བ་ལས། ཐོག་མར་སློབ་མ་གང་གི་ཚེ། །བློ་ལྡན་ལ་ཡང་དབང་བསྐུར་ན། །རྫོགས་པའི་རིམ་པའི་རྣལ་འབྱོར་པ། །དེ་ཡི་ཚེ་ན་སྣོད་དུ་འགྱུར། །ཞེས་དང་། ལྟུང་བ་རྣམ་པར་བཤགས་པའི་རྒྱུད་ལས། དཀྱིལ་འཁོར་ཐར་པའི་གྲོང་མཆོག་འདིར། །ཞུགས་པ་དང་ནི་དབང་བསྐུར་བས། །ཕྱིར་ལྡོག་པ་ནི་ཡོད་མ་ཡིན། །འདིར་བཞུགས་བུ་ནི་འདི་སྐད་ཀྱང་། །འབྲལ་མེད་འོག་མིན་གནས་སུ་སྐྱེ། །ཉམས་ན་བྲལ་བར་གྱུར་པ་ན། །ཐུར་དུ་བལྟས་ན་དམྱལ་བར་འགྲོ། །ཞེས་དང་། རྡོ་རྗེ་སྙིང་པོའི་རྒྱུད་ལས། དབང་བསྐུར་བ་ཡི་ཆོ་ག་མཆོག །གང་


CMR022_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ལེགས་པར་བྱས་གྱུར་ན། །དེས་ནི་སངས་རྒྱས་ཉིད་དུ་འགྲུབ། །ཅེས་དང་། སམ་བྷུ་ཏྲི་ལས། དབང་བསྐུར་ཆོ་ག་རབ་རྒྱས་བྱས། །རྡོ་རྗེ་སློབ་དཔོན་མཉམ་པ་རུ། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་དང་། རྒྱུད་རིན་ཆེན་འཁོར་ལོ་ལས། སྐྱེས་བུ་རིགས་ཀྱི་དབང་ཐོབ་ནས། །དེ་ནི་ཚེ་གཅིག་མཁའ་སྤྱོད་འགྲོ། །ཞེས་དང་། དགོངས་པ་འདུས་པའི་ལུང་བསྟན་ལས། དབང་བསྐུར་དམ་པ་ཐོབ་པ་ནི། དེ་ནི་སྐྱེ་བ་བདུན་ནས་ཀྱང་། །མ་བྷོ་པར་ཡང་སངས་རྒྱས་འགྲུབ། །ཅེས་དང་། དཔལ་མཆོག་དང་པོ་ལས། དབང་བསྐུར་དམ་པ་དབང་ལས་བྱུང་། །ལུས་ངག་ཡིད་གསུམ་སྒྲིབ་པ་དག །དབང་གིས་རབ་ཏུ་དབང་བྱས་ན། །དཔལ་མཆོག་དམ་པ་ཐོབ་པར་ཤོག ཅེས་དང་། ཕྱག་རྒྱ་ཆེན་པོ་ཡེ་ཤེས་ཐིག་ལེ་ལས། །ཅི་ལྟར་དུག་ལ་རབ་སྔགས་ཀྱིས། །བཏབ་པར་བྱས་ན་བདུད་རྩིར་འགྱུར། །དེ་བཞིན་སློབ་མ་དབང་རྫོགས་ཀྱིས། །ལུས་ཀྱི་དྲི་མ་མེད་པར་འགྱུར། །ཞེས་དང་། འདུལ་བ་ལས། བླ་མའི་དབང་བསྐུར་ལག་ལེན་གྱི། །དངོས་གྲུབ་ཕྱིར་ན་ཇི་ལྟར་སྟོན། །དེ་བཞིན་དབང་བསྐུར་སྔ་མ་


CMR022_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །མ་དག་པ་ཡང་དག་པར་འགྱུར། །ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། །སློབ་དཔོན་དབང་ནི་གཅིག་གཅིག་གིས། །གསང་བའི་དབང་ནི་བཅུ་བཞིའི་མཆོག ཤེས་རབ་ཡེ་ཤེས་བཅུ་པ་ནི། །དེ་ལྟར་དེ་བཞིན་བཅུ་གཉིས་པོ། །ཐེ་ཚོམ་མེད་པར་རྙེད་པར་འགྱུར། །ཞེས་ས་ནོན་ཚུལ་དང་། ཀློང་གསལ་ཉི་མའི་རྒྱུད་ལས། དབང་བསྐུར་རིགས་ཀྱི་བུ་དེ་ཉིད། །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །ཕྱི་མ་མངོན་པར་རྫོགས་སངས་རྒྱས། །ཞེས་དང་། ཡེ་ཤེས་ཐིག་ལེ་ལས། ལྷ་ཡི་དབང་ཕྱུག་དབང་བསྐུར་བྱ། །དབང་བསྐུར་ལ་ནི་སངས་རྒྱས་པ། །ཐེ་ཚོམ་མེད་པར་རྙེད་པར་བྱ། །དེ་བས་ཐམས་ཅད་རིབ་འབད་ན། །དཔལ་ལྡན་དབང་བརྒྱད་བླང་བར་བྱ། །ཞེས་དང་། འདུལ་བ་ལས། བླ་མ་གསང་སྔགས་ལམ་གྱིས་ནི། །སློབ་མ་ཡོངས་སུ་སྨིན་པར་བྱ། །སངས་རྒྱས་སེམས་ཅན་ཡེ་ཤེས་ནི། །དབང་ལས་ཡང་དག་ཤེས་པར་བྱ། །ཞེས་དང་། ནམ་མཁའ་དང་མཉམ་པའི་རྒྱུད་ལས། བུམ་པ་གསང་བ་ཤེས་རབ་དང་། །བཞི་པ་དེ་བཞིན་འབྲས་བུ་སྟེ། །དང་པོ་ལུས་ཀྱི་དྲི་མ་འཁྲུད། །གསུམ་པ་སེམས་ཀྱི་


CMR022_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མ་འཁྲུད། །དེ་བཞིན་ཀུན་ཏུ་རྟོགས་པ་རྣམས། །འཁྲུད་པའི་ཕྱིར་ན་བཞི་པར་བཤད། །ཞེས་གསུངས་པས་དབང་ཐོབ་པའི་ཕན་ཡོན་མཐའ་ཡས་སོ། །སློབ་མས་ཀྱང་དབང་ཐོབ་ནས། དམ་ཚིག་གི་རྩ་བ་སྐུ་གསུང་ཐུགས་ཙམ་གསུངས་པ་གལ་ཆེ། བླ་མ་ཡང་རབས་མཚན་ཉིད་ཚང་བ་ཞིག་དགོས། འབྲིང་ཡང་སྐྱོན་ཤས་ཆུང་ཡོན་ཏན་ཤས་ཆེ་བ་ཞིག་དགོས། ཐ་ན་ཡང་དམ་ཚིག་རྩ་བ་ཡང་མ་ཉམས་པ་གཅིག་དགོས་ཏེ། བདེ་མཆོག་རྩ་རྒྱུད་ལས། ཤིན་ཏུ་མཉམ་གཞག་སྒྲུབ་པ་པོས། །དམ་ཚིག་རྟག་ཏུ་བསྐྱང་བར་བྱ། དམ་ཚིག་ཉམས་པས་དཀྱིལ་འཁོར་དུ། །དབང་བསྐུར་དངོས་གྲུབ་ཐོབ་མི་འགྱུར། །ཞེས་གསུངས་སོ། །ཞེས་འདི་དག་གི་སྐབས་དང་བསྟུན་ལ་བཤད་པར་བྱའོ། །ཞེས་པ་འདི་རང་གི་བརྗེད་ཐོ་ཙམ་ཨ་རཱ་གས་བྲིས་པ་མངྒ་ལཾ།། །།

དབང་བཤད་མདོར་བསྡུས།


CMR022_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བཤད་མདོར་བསྡུས་ནི། འོ་ན་ད་ལམ་ཁྱེད་རང་རྣམས་ལ་ཡི་དམ་ལྷག་པའི་ལྷའི་རྗེས་གནང་ཟབ་མོ་སྐུར་བར་བྱེད་པ་ཡིན་པས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་འདིར་གསང་སྔགས་རྡོ་རྗེ་ཐེག་པའི་དབང་བསྐུར་ཟབ་མོ་ཞུ་སྟེ་ཚུལ་བཞིན་དུ་ཉམས་སུ་བླངས་བར་བྱས་ནས། ཐུགས་བསྐྱེད་དང་ལྡན་པས་གསན་འཚལ། འདིར་དུས་གསུམ་བདེ་བར་གཤེགས་པ་ནམ་མཁའི་སྐར་ཚོགས་ཙམ་ལས་བསམ་གྱིས་མི་ཁྱབ་གྲངས་ཀྱིས་མི་ལོངས་པར་བཞུགས་པ་འདི་དག་དཔེར་ན་ནམ་མཁའ་བཞིན་དུ་དག་པའི་དབྱིངས་ལྟ་བུ་ཆོས་ཀྱི་སྐུར་རོ་གཅིག་ཏུ་བཞུགས་པ་ཡིན་ཅིང་། དེ་ནས་ཆོས་ཀྱི་སྐུ་དེ་ལས་གཡོ་བ་མེད་བཞིན་དུ། སླར་ཡང་སེམས་ཅན་སྡུག་བསྔལ་གྱིས་གཟེར་བ་རྣམས་ལ་ཐུགས་རྗེས་བརྩེ་བར་དགོངས་ནས་དཔེར་ན་ནམ་མཁའི་ཀློང་ནས་འཇའ་ཚོན་ཤར་བ་ལྟ་བུའི་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དང་། ཞི་བ་དང་། ཁྲོ་བོ་དང་། ཞི་མ་ཁྲོ་དང་། དཔའ་བོ་དང་། རྣལ་འབྱོར་མ། ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་ཆོས་སྐྱོང་སྲུང་མ་ནོར་ལྷ་གཏེར་བདག །


CMR022_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཕྱོགས་སྐྱོང་བ་དང་བཅས་པ། ཐབས་མཁས་པའི་ཕྱིར་དུ། བྱ་ཁྱུང་དང་སྡིག་པ་ལ་སོགས་པའི་སྐུ་རུ་སྤྲུལ་ནས། སེམས་ཅན་གྱི་དོན་མཛད་པ་ཡིན་པས། གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཀྱིས། རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག །ཆོས་ཉིད་དོན་ལ་ཆ་ལུགས་མི་མངའ་ཡང་། །ཐབས་མཁས་གང་འདུལ་སོ་སོའི་སྐུར་སྟོན་པ། །ཐུགས་རྗེའི་སྤྲུལ་སྒྱུར་མཛད་ལ་ཕྱག་འཚལ་བསྟོད། །ཅེས་གསུངས་པ་ལྟར་ཡིན་ཅིང་། ཞེས་སྤྱི་དང་། ཁྱད་པར་རྣམ་འཇོམས་སྐབས། སེམས་ཅན་གྲིབ་དང་མི་གཙང་བའི་གནོད་པ་ཐམས་ཅད་ཞི་བའི་ཕྱིར་དུ་གཟུགས་ཀྱི་སྐུར་བཞེངས་རྡོ་རྗེ་རྣམ་པར་འཇོམས་པ་ཡིན་ཀྱང་དོན་ལ་སངས་རྒྱས་དོན་ཡོད་གྲུབ་པ་ཡིན་ཅིང་། འདིའི་དབང་ཐོབ་ན་དཔལ་ཁ་ལི་ཡི་ཉེས་སྐྱོན་ཐམས་ཅད་ཞི་བས། ཡུམ་ཆེན་མོ་སྐབས། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཁམས་རྣམ་པར་དག་པ། འཕགས་པ་བཞི་པོ་བསྐྱེད་པའི་ཡུམ་དམ་པ་ཡིན་ཏེ། ཆོས་སྐུ་ཀུན་ཏུ་བཟང་མོའམ་ཡུམ་ཆེན་མོའི། མཚན་གྱི་རྣམ་གྲངས་དེ་རྣམས་སེམས་ཅན་ཚོགས་བསགས་པའི་དོན་དུ་གཟུགས་ཀྱི་སྐུར་བཞེངས་པ། ཤེར་ཕྱིན་མ་སེར་མོ་འདི་ཉིད་ཡིན་ཅིང་། འདིའི་


CMR022_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་སྒྲུབ་བྱས་ན། སེམས་ཀྱི་གནས་ལུགས་མྱུར་དུ་རྟོགས་ཤིང་དབང་ཐོབ་ན་སྤར་ཁ་ཁོན་མ་རྒན་མོའི་ཉེས་སྐྱོན་ཐམས་ཅད་ཞི་བ་ཡིན་པས། འཇམ་དབྱངས་སྐབས་འདིར་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུའི་བདག་ཉིད་སེམས་ཅན་གྱི་གཏི་མུག་གི་མུན་པ་བསལ་བའི་དོན་དུ་གཟུགས་ཀྱི་སྐུར་བཞེངས་པ། རྗེ་བཙུན་འཇམ་པའི་དབྱངས་སུ་གྲགས་པ་ཡིན་ཞིང་། འདིའི་བསྙེན་སྒྲུབ་ལ་འབད་ན་ཤེས་རབ་ཕུན་སུམ་ཚོགས་པར་འགྱུར་ཞིང་། འདི་ཡི་དབང་ཐོབ་ན་སྤར་ཁ་དྭ་ཡི་ཉེས་སྐྱོན་ཐམས་ཅད་སེལ་བས། ཁྱུང་ཁྲའི་སྐབས། འདིར་དང་པོའི་སངས་རྒྱས་དཔལ་ལྡན་དུས་ཀྱི་འཁོར་ལོ་ཀུན་ཏུ་བཟང་པོ་དང་དོན་གཅིག་ཡིན་ཏེ། དེ་ཉིད་ཀྱི་ཀླུ་གདོན་ལ་སོགས་པ་གདུག་པ་ཅན་ཐམས་ཅད་འདུལ་བའི་ཕྱིར་དུ་གཟུགས་ཀྱི་སྐུར་བཞེངས་པ་ཡེ་ཤེས་ཀྱི་ཁྱུང་ཁྲ་བོ་ཡིན་ཅིང་། འདི་ཡི་བསྙེན་སྒྲུབ་བྱས་ན། ཀླུ་དང་ས་བདག་གི་གནོད་པ། བད་ཀན་སྨུག་པོ་འབྲས་སྐན་ལ་སོགས་པ་ཞི་བ་ཡིན་ཅིང་། འདི་ཡི་དབང་ཐོབ་ན་སྤར་ཁ་ཁེན་པ་རྒན་པའི་ཉེས་སྐྱོན་ཐམས་ཅད་སེལ་བས། ཕྱག་རྡོར་སྐབས། འདིར་དུས་གསུམ་བདེ་བར་གཤེགས་


CMR022_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད། སངས་རྒྱས་ཐམས་ཅད་ཀྱི་ས་ལམ་གྱི་བདུད་འདུལ་བའི་ཕྱིར་དུ་གཟུགས་ཀྱི་སྐུར་བཞེངས་པ། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ཡིན་ཅིང་། འདི་ཡི་བསྙེན་སྒྲུབ་བྱས་ན། གཟའ་ཀླུའི་གཙོར་བྱས་པའི་ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པ་ཞི་ཞིང་། འདི་ཡི་དབང་ཐོབ་ན་སྤར་ཁ་ཁཾ་གྱི་ཉེས་སྐྱོན་ཐམས་ཅད་སེལ་བས། །ཤཱཀ་ཐུབ་སྐབས། འདིར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཉིད་ཀྱི་སེམས་ཅན་གྱི་དོན་ལ་ཐུགས་བསྐྱེད་དང་ལྡན་པ། སྤྱན་སྟོང་ནི་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་སྤྲུལ་པ་ལས། ད་ལྟའི་སྟོན་པ་བཀའ་དྲིན་མཉམ་པ་མེད་པ་ཤཱཀྱའི་རྒྱལ་པོ་ཡིན་ཅིང་། འདི་ཡི་བསྙེན་སྒྲུབ་བྱས་ན་སྒྲིབ་གཉིས་བྱང་། ཚུལ་ཁྲིམས་གཙང་། རྒྱལ་གདོན་གྱི་གནོད་པ་ཞི། འདི་ཡི་དབང་ཐོབ་ན་སྤར་ཁ་གིན་རི་སྒོམ་ཆེན་གྱི་གནོད་པ་ཞི་བས། ལོ་གྱོན་མའི་སྐབས། འདིར་ཆོས་སྐུ་ཡུམ་ཆེན་མོ་དེ་ཉིད་རིམས་ནད་དང་ཡམས་ནད་ཞི་བའི་ཕྱིར་དུ་གཟུགས་ཀྱི་སྐུར་བཞེངས་པ་ཡིན་པས། འདི་ཡི་བསྙེན་སྒྲུབ་བྱས་ན་རིམས་ནད་ཀྱི་གནོད་པ་ཞི་ཞིང་སྲུང་བའི་མཆོག་ཏུ་གྱུར་པ་ཡིན་ནོ། །འདི་ཡི་དབང་ཐོབ་ན་སྤར་ཁ་ཟིན་གྱི་


CMR022_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་སྐྱོན་ཐམས་ཅད་ཞི་བས། གདུགས་དཀར་སྐབས། འདིར་ཆོས་སྐུ་ཡུམ་ཆེན་མོ་དེ་ཉིད་མེ་ཁམས་རྣམ་པར་དག་པའི་རང་གཟུགས་ཡུམ་ཆེན་མོ་ན་བཟའ་དཀར་མོ་དེ་ཉིད་གཟུགས་སྐུ་དྲག་ཏུ་ཁྲོས་པ་ཁྲོ་མོ་གདུགས་དཀར་མོ་ཅན་འདི་ཉིད་ཡིན་ཅིང་། འདི་ཡི་བསྙེན་སྒྲུབ་བྱས་ན་བྱད་ཁ་ཆོད་གཏོང་བཟློག་ཅིང་། ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་གསུངས་སོ། འདི་ཡི་དབང་ཐོབ་ན་སྤར་ཁ་ཟོན་གྱི་ཉེས་སྐྱོན་ཐམས་ཅད་ཞི་བས། གཤེད་དམར་སྐབས། འདིར་རྗེ་བཙུན་འཇམ་པའི་དབྱངས་གཤིན་རྗེའི་གཤེད་ལ་སོགས་པ་གདུག་པ་ཅན་འདུལ་བའི་ཕྱིར་གཟུགས་དྲག་ཏུ་ཁྲོས་པ་གཤིན་རྗེའི་གཤེད་དམར་པོར་གྲག་ཅིང་། འདི་ཡི་བསྙེན་སྒྲུབ་བྱས་པ་དང་དབང་ཐོབ་ན་སྤར་ཁ་བརྒྱད་པོ་སྤྱི་ཡི་ཉེས་སྐྱོན་ཐམས་ཅད་བསལ་ཞིང་། ཟ་འདྲེ་ཤི་གཤེད་ཀྱི་གནོད་པ་ཞི་ཞིང་། མདོར་ན་དགྲ་ཐོག་བདུན་ཟུར་ལ་སོགས་པའི་ཉེས་སྐྱོན་ཞི་བས། ཚེ་དཔག་མེད་ཀྱི་སྐབས། འདིར་ཀུན་བཟང་རྡོ་རྗེ་འཆང་ཆེན་པོ་འདོད་ཆགས་རྣམ་པར་དག་པ་སོ་སོར་རྟོག་པའི་རང་གཟུགས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་མེད་ཅེས་བྱ་བ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་གི་བདག་པོ་ཡིན་


CMR022_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། འདི་ཡི་དབང་ཐོབ་ཅིང་བསྙེན་སྒྲུབ་བྱས་ན། དུས་མ་ཡིན་པར་འཆི་བ་བཅོ་བརྒྱད་ཞི་ནས་ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་འགྱུར་བས། ནོར་རྒྱུན་མའི་སྐབས། འདིར་ཆོས་སྐུ་ཡུམ་ཆེན་མོ་དེ་ཉིད་ས་ཁམས་རྣམ་པར་དག་པའི་ཆ་ལས་སངས་རྒྱས་སྤྱན་མ། །སེམས་ཅན་དབུལ་བའི་སྡུག་བསྔལ་ལས་བསལ་བའི་ཕྱིར་དུ། བྱང་ཕྱོགས་ལྕང་ལོ་ཅན་ནས་མགོན་པོ་ཛཾ་བྷ་ལའི་ཡུམ་གྱི་ཚུལ་དུ་སྐུར་བཞེངས་ནས་ལྷ་མོ་ནོར་རྒྱུན་མ་འདི་ཉིད་ཡིན་ཅིང་འདི་ཡི་དབང་ཐོབ་ཅིང་། བསྙེན་སྒྲུབ་བྱས་ན་དབུལ་ཕོངས་སྡུག་བསྔལ་ཞི་ནས། རང་གི་བསོད་ནམས་དང་མཐུན་པའི་ནོར་ཕྱུགས་རིགས་རྒྱུད་འཕེལ་བ་དང་། ཞིང་ལོ་ལེགས་པ་ལ་སོགས་འབྱུང་བར་ཐེ་ཚོམ་མེད། ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་འགྱུར་བས། སོ་སོར་འབྲང་མའི་སྐབས། འདིར་འཕགས་བཞི་བསྐྱེད་མཛད་ཡུམ་ཆེན་ཀུན་ཏུ་བཟང་མོ་དེ་ཉིད། ཆུ་ཁམས་རྣམ་པར་དག་པ། ཡུམ་ཆེན་མཱ་མ་ཀཱི་དེ་ཉིད། འགྲོ་བ་ཉམ་ཐག་ཆུང་སྲིའི་གནོད་པ་ཞི་ཞིང་སྲིའུ་གསོ་བ་དང་། རིགས་རྒྱུད་འཕེལ་བའི་ཕྱིར་དུ་སྐུར་བཞེངས་པ་ལྷ་མོ་སོ་སོར་འབྲང་མ་དེ་ཉིད་ཡིན་ཅིང་། འདི་ཡི་དབང་ཐོབ་ཅིང་བསྙེན་སྒྲུབ་བྱས་ན་གོང་གི་


CMR022_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་རྣམས་འབྱུང་ཞིང་། ཁྱད་པར་སྲིའུ་གསོ་བའི་སྔགས་པ་བླ་མ་རྣམས་ཀྱིས་འདི་ཡི་བསྙེན་པ་བྱེ་བ་གཉིས་བསྙེན་ཚད་ཡིན་པས། དེ་འགྲུབ་ན་སྲིའུ་གསོ་སླ་བ་ཡིན་པས། སྤྱན་རས་གཟིགས་ཀྱི་སྐབས། འདིར་དང་པོའི་སངས་རྒྱས་རྒྱལ་བ་ཀུན་ཏུ་བཟང་པོའི་གསུང་གི་སྤྲུལ་པ་སངས་རྒྱས་འོད་དཔག་ཏུ་མེད་པ་དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པ་ཡིན་པས་འཕགས་པ་སྤྱན་རས་གཟིགས་འདི་ཉིད་ཡིན་ཅིང་། ཐུགས་ཀྱི་ངོ་བོ་གཅིག་ཏུ་གྱུར་ན་ཡང་ཞལ་ཕྱག་གི་རྣམ་པ་མང་ན་ཡང་། ད་ལམ་འདི་ཉིད་ན་ལྷ་འགྲོ་འདུལ་ཕྱག་བཞི་པ་དང་སྔགས་ཡི་གེ་དྲུག་པ་བོད་ཁ་བ་ཅན་གྱི་ལྷ་སྐལ་དམ་པར་གྱུར་པ་ཡིན་པས། འདི་ཡི་དབང་ཐོབ་ཅིང་བསྙེན་སྒྲུབ་ལ་བརྩོན་པ་ཆེན་པོས་ཡི་གེ་དྲུག་པ་དུང་ཕྱུར་བཏོན་ན་སེམས་ངོ་ལ་བལྟ་མ་ཤེས་ཀྱང་སངས་རྒྱས་ཐོབ་པ་ཡིན་ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཐེ་ཚོམ་མེད་པས། སྒྲོལ་དཀར་སྐབས། འདིར་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ་འཕགས་པ་སྤྱན་རས་གཟིགས་ཀྱི་སེམས་ཅན་གཅིག་ཀྱང་མ་ལུས་པ་སྒྲོལ་བའི་དམ་བཅའ་མཛད་ནས། བསྐལ་པ་དཔག་ཏུ་མེད་པར་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་ནས། ད་ཅིར་


CMR022_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་དགོངས་ནས་གཟིགས་པས་སེམས་ཅན་མང་བའམ་ཉུང་བར་མ་མཐོང་ནས་ཐུགས་མུག་སྟེ། སྤྱན་ཆབ་བསིལ་བས་མེ་ཏོག་པདྨ་གཉིས་བྱུང་སྟེ། དེ་ཡི་ནང་ནས་སྒྲོན་དཀར་སྔོན་གཉིས་བྱོན་ནས་གསུང་བསྒྲུགས་ནས། སྲིད་ན་སུ་ཞིག་འཇིགས་པས་འཇིགས་གྱུར་ཡོད། །དེ་ཀུན་ངས་སྐྱོབ་མ་འཇིགས་མ་སྐྲག་ཅིག །ཅེས་གསུངས་སོ། དེ་ཡི་ཚེ་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་མཛད་པ་མངོན་པར་འགྱུར་བའི་རྒྱུད་གསུངས། སྒྲོལ་མ་དཀར་སྔོན་གཉིས་དང་། སྒྲོལ་མ་ཉི་ཤུ་རྩ་གཅིག་དང་བརྒྱ་རྩ་བརྒྱད་སོགས་སྤྱན་རས་གཟིགས་ཀྱིས་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་དེ། འགྲོ་དོན་སྤྲུལ་མཛད་སྒྲོལ་མ་ཁྱོད་ཀྱི་སྐུ། །ཚངས་པ་ཁྱབ་འཇུབ་དབང་ཕྱུག་ལ་སོགས་པ། །དྲག་པོ་ཞི་བ་ཨུ་མ་ལ་སོགས་པ། །བསྐུལ་བྱེད་ལུ་གུ་རྒྱུད་དང་ཁྲོ་གཉེར་ཅན། །མ་མཱ་ཀི་དངསྒྲོལ་མ་གོས་དཀར་མོ། །འགྲོ་བ་གང་གིས་གང་འདུལ་དེར་སྟོན་མ། །ཞེས་གསུངས་པ་ལྟར། སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྐབས། འདིར་སྒྲོལ་མའི་རིགས་ཐམས་ཅད་ཐུགས་རྒྱུད་གཅིག་ཡིན་ཏེ། འཕགས་མ་ཡིད་བཞིན་འཁོར་ལོའམ་སེང་ལྡེང་ནགས་ཀྱི་སྒྲོལ་


CMR022_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདི་ཡི་དབང་ཐོབ་ན། མཚམས་མེད་ལྔ་དང་ཉེ་བ་ལྔ། །སྡང་བ་དང་ནི་རྨི་ལམ་ངན། །ནད་རྣམས་ཐམས་ཅད་ཞི་བར་འགྱུར། །ངན་སོང་གསུམ་གྱི་སྡུག་བསྔལ་ཞི། །མི་ཁོམ་བརྒྱད་དུ་མི་སྐྱེ་ནས། །ཚེ་རབས་དྲན་ཅིང་དབང་པོ་གསལ། །ཚེ་རིང་བདེ་སྐྱིད་དཔལ་དང་ལྡན། །སྟོབས་དང་གཟི་བརྗིད་ཕུན་སུམ་ཚོགས། །ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཐེ་ཚོམ་མེད་པས། །གཟའ་ཡུམ་སྐབས། འདི་ནི་བྱ་རྒྱུད་རིགས་དྲུག་ལས་དེ་བཞིན་གཤེགས་པའི་རིགས་དེ་ལ་རྣམ་གྲངས་བརྒྱད་ཡོད་པ་ལས། གནས་གཙང་གི་ལྷ་ལ་སོགས་པའི་རྒྱུད་ཀྱི་ཁོངས་སུ་གཏོགས་པ། སྟོན་པ་འགྲོགས་གནས་ཀྱི་གྲོང་ཁྱེར་ཆེན་པོ་ན་གཟའ་དང་རྒྱུ་སྐར་གྱི་ཚོགས་དང་ཐབས་ཅིག་ཏུ་བཞུགས་པའི་ཚེ། ཕྱག་ན་རྡོ་རྗེས་གཟའ་རྣམས་ཀྱི་སེམས་ཅན་ལ་གནོད་པ་བྱེད་པར་མཐོང་ནས། སྟོན་པ་ལ་ཞུས་པས། སྟོན་པས་སྙིང་རྗེ་རྣམ་པར་རོལ་པའི་འོད་ཟེར་ཕྱུང་སྟེ་གཟའ་རྣམས་ཀྱི་སྤྱི་བོར་ཞུགས། གཟའ་མཆོད་པའི་ཆོ་ག་ཞུས་པས། སྟོན་པས་གཟའ་མཆོད་པའི་ཆོ་ག་དང་། གཟུངས་རྣམས་བསྣམས་ཏེ། དེའི་ཚེ་གཟའ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་གནོད་པ་མི་བགྱིད་པར་


CMR022_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་བླངས་དམ་བཅས་སོ། །འདི་ཡི་སྔགས་བཟླས་བརྗོད་བྱས་པ་དང་དབང་ཐོབ་ན་ཕན་ཡོན་བསམ་ལས་འདས་པ་ཡིན་ཏེ། གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་འདི་དངོས་གྲུབ་ཐམས་ཅད་ཀྱི་གཞི། འདི་ཉིད་འཆང་བས་ལོ་དགུ་བཅུ་རྩ་དགུའི་བར་འཆི་བའི་འཇིགས་པ་དང་། གཟའ་དང་ཟླ་བ་རྒྱུ་སྐར་གྱི་གནོད་པས་མི་འཇིག་ཅིང་ཚེ་རབས་དྲན་པར་འགྱུར་རོ། །གཟའ་རྣམས་ཀྱིས་ཅི་འདོད་པ་སྦྱིན་པར་བྱེད་དོ། །ཞེས་གསུངས་སོ། །ཚེ་རྟ་ཟུང་འབྲེལ་སྐབས། འདིར་ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་གྱི་བུ་མོ་ལྷ་ལྕམ་མཎྜ་ར་བ་དང་།གུ་རུ་པདྨ་འབྱུང་གནས་གཉིས་ཀྱིས་ཤར་ཕྱོགས་མཱ་ར་ཀི་ཏར་ཚེ་ཡི་སྒྲུབ་པ་མཛད་པས། མགོན་པོ་ཚེ་དཔག་མེད་དང་དངོས་སུ་མཇལ་ནས་འཆི་མེད་ཚེ་ཡི་རིག་འཛིན་ཐོབ་སྟེ་དམ་པའི་ཆོས་ཀྱི་གཏེར་ཁ་ཕྱེས་ནས། འགྲོ་མང་སྨིན་གྲོལ་ལ་བཀོད་པའི་ཡུམ་མནྡ་ར་བ་དེ་ཉིད་མ་གཅིག་གྲུབ་པའི་རྒྱལ་མོ་ཡིན་ཏེ། དེས་ཐུགས་རྗེ་ཆེན་པོ་གསང་བ་ཡང་གསང་བླ་མེད་ལུང་དང་མཐུན་པའི་རྟ་མགྲིན་དམར་སེར་ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་ཐབས་ཞིག་སྐྱེས་བུ་རས་ཆུང་པ་ལ་གནང་བ། དེ་ལ་རྟ་མགྲིན་གྲུབ་རྒྱལ་མ་རུ་གྲགས་ཤིང་། ཚེ་དཔག་མེད་ལྷ་


CMR022_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བུམ་གཅིག་དང་མཉམ་དུ་འགའ་ཞིག་གིས་མཛད་པའི་ཕྱག་སྲོལ་འདུག་པ་ལ་ནི། ཚེ་རྟ་ཟུང་འབྲེལ་ཞེས་གྲགས་པ་འདི་ཡིན་ཅིང་། འདིའི་བསྙེན་སྒྲུབ་བྱས་པ་དང་དབང་ཐོབ་ན་ཀླུ་དང་ས་བདག་ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པ་ཞི་ཞིང་ཕྱི་མ་བདེ་བ་ཅན་དུ་སྐྱེ་བས། ཞེས་དང་། གང་ལྟར་ཡང་། དེ་ལྟར་སྨིན་བྱེད་ཀྱི་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། ས་གཞི་སྤོས་ཆུས་བྱུགས་ཤིང་སོགས། བླ་མ་ལྔ་བཅུ་པ་ལས། པུས་བཙུགས་ཐལ་མོ་སྦྱར་ནས་ནི། །ཉན་སོགས་འདོད་པའི་གསོལ་གསུམ་གདབ། །ཅེས་གསུངས་པ་ལྟར། ད་ལམ་བླ་མ་དང་ཡི་དམ་གང་ཡིན། ༧ རྡོ་རྗེ་རྣམ་པར་འཇོམས་པ། ༧ ཤེར་ཕྱིན་མ་སེར་མོ། ༧ རྗེ་བཙུན་འཇམ་དཔལ་དབྱངས། ༧ ཡེ་ཤེས་ཁྱུང་ཁྲ་བོ། ༧ འབྱུང་པོ་འདུལ་བྱེད། ༧ བཅོམ་ལྡན་འདས་རྡོ་རྗེའི་བདག་པོ། ༧ རི་ཁྲོད་ལོ་མ་གྱོན་མ། ༧ གདུགས་དཀར་མོ་ཅན། ༧ གཤིན་རྗེའི་གཤེད་དམར་པོ། ༧ མགོན་པོ་ཚེ་དཔག་ཏུ་མེད་པ། ༧ འཕགས་མ་ནོར་རྒྱུན་མ། ༧ སོ་སོར་འབྲང་མ། ༧ འཕགས་པ་འཇིག་རྟེན་དབང་ཕྱུག ༧ འཕགས་


CMR022_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིད་བཞིན་འཁོར་ལོ། ༧ སེང་ལྡེང་ནགས་ཀྱི་སྒྲོལ་མ། ༧ རིག་པའི་རྒྱལ་མོ་འཕགས་མ་གཟའ་ཡུམ། ༧ དཔལ་ཆེན་ཁྲོ་བོ་རྟ་མགྲིན། དང་ཐ་མི་དད་པའི་དྲུང་དུ་སོགས། ཁྱེད་རང་རྣམས་རྡོ་རྗེ་རྭ་གུར་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་འཁོར་གྱི་དབུས་སུ། པཾ་ལས་པདྨ་དང་ཉི་མའི། ཟླ་བའི་སྟེང་དུ་ས་བོན་གང་ཡིན་ལས་འོད་ཟེར་འཕྲོས། །འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། གང་ཡིན་བསྐྱེད། །ཕྱག་མཚན་དུས། འདི་ནི་རྡོ་རྗེ་རྣམ་འཇོམས་ཀྱི། །ཕྱག་མཚན་སྣ་ཚོགས་རྡོ་རྗེ་སྟེ། ༧ འདི་ནི་ཡུམ་ཆེན་ཤེར་ཕྱིན་གྱི། །ཕྱག་མཚན་དམ་ཆོས་གླེགས་བམ་སྟེ། ༧ །འདི་ནི་འཕགས་པ་འཇམ་དཔལ་གྱི། །ཕྱག་མཚན་རལ་གྲི་པུ་སྟི་སྟེ། ༧ །འདི་ནི་ཡེ་ཤེས་ཁྱུང་ཁྲ་ཡི། །ཕྱག་མཚན་སྤྲུལ་རིགས་ལྔ་པོ་སྟེ། ༧ །འདི་ནི་ཕྱག་ན་རྡོ་རྗེ་ཡི། །ཕྱག་མཚན་རྡོ་རྗེ་རྩེ་དགུ་སྟེ། ༧ །འདི་ནི་བསྟན་པའི་བདག་པོ་ཡི། །ཕྱག་མཚན་ལྷུང་བཟེད་བདུད་རྩིས་བཀང་།། ༧ འདི་ནི་ལོ་མ་གྱོན་མ་ཡི། །ཕྱག་མཚན་གསེར་གྱི་རྡོ་རྗེ་འདི།། ༧ འདི་ནི་གཙུག་ཏོར་གདུགས་དཀར་གྱི། །ཕྱག་


CMR022_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་འཁོར་ལོ་རྩིབས་སྟོང་པ། ༧ །འདི་ནི་གཤིན་རྗེའི་གཤེད་དམར་གྱི། །ཕྱག་མཚན་ཐོད་དབྱུག་ཐོད་ཁྲག་སྟེ། ༧ འདི་ནི་ཚེ་དཔག་མེད་མགོན་གྱི། །ཕྱག་མཚན་ཚེ་བུམ་བདུད་རྩིས་བཀང་། ༧ །འདི་ནི་ལྷ་མོ་ནོར་རྒྱུན་མའི། །ཕྱག་མཚན་འབྲས་ཀྱི་སྙེ་མ་སྟེ།། ༧ འདི་ནི་སོ་སོར་འབྲང་མ་ཡི། །ཕྱག་མཚན་རལ་གྲི་དགྲ་སྟ་སྟེ། ༧ །འདི་ནི་སྤྱན་རས་གཟིགས་དབང་གི །ཕྱག་མཚན་ཕྲེང་བ་པདྨ་སྟེ། ༧ །འདི་ནི་ཡིད་བཞིན་འཁོར་ལོ་ཡི། །ཕྱག་མཚན་ཨུཏྤལ་དཀར་པོ་དེ། ༧ །འདི་ནི་སེང་ལྡེང་ནགས་སྒྲོལ་གྱི། །ཕྱག་མཚན་མེ་ཏོག་ཨུཏྤལ་ཏེ། ༧ །འདི་ནི་འཕགས་མ་གཟའ་ཡུམ་གྱི། །ཕྱག་མཚན་རྡོ་རྗེ་པདྨ་སྟེ། ༧ འདི་ནི་ཁྲོ་བོ་རྟ་མགྲིན་གྱི། །ཕྱག་མཚན་པད་དབྱུག་ཞགས་པ་འདི། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR022_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

མངོན་རྟོགས་མདོར་བསྡུས།


CMR022_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

༧ རྡོ་རྗེ་རྣམ་འཇོམས་ནི། རང་གི་སྙིང་གར་པདྨ་དང་ཟླ་བའི་གདན་ལ་ཧཱུྃ་ཡིག་ལྗང་སྔོན་ལས་འོད་ཟེར་འཕྲོས། རྡོ་རྗེ་རྣམ་པར་འཇོམས་པ་ལ། ཨ་ལས་ཟླ་བའི་གདན་དུ་ཧཱུཾ་ཡིག་ལྗང་སྔོན། རང་ཉིད་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན་ཞལ་གཅིག་སྤྱན་གསུམ་ཁྲོ་ཞིང་འཛུམ་པ། ཕྱག་གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་བསྐོར་ཐབས་སུ་འཛིན་པ། གཡོན་པས་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པ། ཧཱུྃ་ཡིག་ལྗང་སྔོན། དོན་ཡོད་གྲུབ་པ། ཨོཾ་བཛྲ་བི་དཱ་ར་ཎ་ཧཱུྃ་ཕཊ། རྒྱས་པར་རྣམ་འཇོམས་ཀྱི་གཟུངས་དང་ཉེ་སྙིང་རྣམས་བརྗོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པ་ཡི། །རྡོ་རྗེ་ཁྲོ་བོ་སྐུར་སྟོན་པ། །རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད།། ༈ །།ཡུམ་ཆེན་ཤེར་ཕྱིན། རང་གི་སྙིང་གར་པདྨ་དང་ཟླ་བའི་གདན་ལ་དྷིཡིག་སེར་པོ་ལས། ཤེར་ཕྱིན་མ་སེར་མོ་ལ། ཨ་ལས་ཟླ་བའི་གདན་ལ་དྷིཡིག་སེར་པོ། རང་ཉིད་ཤེར་ཕྱིན་


CMR022_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

མ་སེར་མོ་ཞལ་གཅིག་རལ་པའི་ཅོད་པན་ཅན། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་དང་བཅས་པའི་ཨུཏྤལ་སྔོན་པོ་གཡོན་ཕྱོགས་སུ་བསྣམས་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་གོས་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པར། དྷཱི༔ཡིག་སེར་པོ། མི་བསྐྱོད་པ། ཨོཾ་དྷི་ཤུ་ཏི་སྤྱི་ཏི་བི་ཛ་ཡེ་སྭཱ་ཧཱ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉི། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད།། ༈ །།འཇམ་དབྱངས། རང་གི་སྙིང་གར་པདྨ་དང་ཟླ་བའི་གདན་ལ་དྷིཡིག་དམར་སེར་ལས། འཕགས་པ་འཇམ་དཔལ། ཨ་ལས་ཟླ་བའི་གདན་དུ་དྷཱི༔ཡིག་དམར་སེར། རང་ཉིད་འཇམ་དབྱངས་སྐུ་མདོག་དམར་སེར་གཡས་ཨུཏྤལ་དང་། མདུན་དུ་ར་ལས་དྲྭ་བ་ཅན་གྱི་འོད་ལྗང་ཁུ་གཡོན་ན་པདྨ་འཛིན་པ། གཡས་སུ་པཾ་ལས་སྒྲ་གཅན་འཛིན་དམར་མོ་གཡོན་པདྨ་དམར་པོ་འཛིན་པ། རྒྱབ་ཏུ་ཙོ་ལས་ཟླ་འོད་མ་དཀར་མོ་གཡོན་པདྨ་དཀར་པོ་འཛིན་པ། གཡོན་དུ་པཾ་ལས་ཉེ་བའི་སྒྲ་གཅན་མ་དམར་པོ་གཡོན་ཨུཏྤལ་འཛིན་པ། གཙོ་འཁོར་ཐམས་ཅད་ཞལ་གཅིག་ཕྱག་


CMR022_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གཡས་མཆོག་སྦྱིན་གཡོན་པདྨའི་ཨུཏྤལ་ཡུ་བ་ཐུགས་ཀར་འཛིན་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དྷིཡིག་དམར་སེར་། མི་བསྐྱོད་པ། ཨོཾ་ཨ་ར་པ་ཙ་ན་དྷཱི༔ ཞེས་བཟླས། གཞོན་ནུ་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་ཏུ་གསལ། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད།། ༈ །།ཁྱུང་ཁྲ། རང་གི་སྙིང་གར་པདྨ་དང་ཟླ་བའི་གདན་དུ་ཁྲོ་ཁྲ་བོ་ལས། ཡེ་ཤེས་བྱ་ཁྱུང་ཁྲ་བོ་ལ། ཨ་ལས་ཟླ་བའི་གདན་དུ་ཁྲོ་ཁྲ་བོ། རང་ཉིད་ཡེ་ཤེས་བྱ་ཁྱུང་ཁྲ་བོ་རྐང་པ་ནས་སྤྱི་བོའི་བར་སྔོ་བ། ལྟོ་བ་སེར་བ། སྐུ་སྟོད་དམར་པོ། མགོ་བོ་ལྗང་ཁུ་སྟེ་ས་ཆུ་མེ་རླུང་གི་རང་བཞིན། སྒྲོ་ནམ་མཁའི་རང་བཞིན་ཁ་དོག་སྣ་ཚོགས་ཞབས་ཙོག་པུར་འདུག་པ། ཕྱག་གཡས་སྐྱབས་སྦྱིན་དང་གཡོན་སྡིགས་མཛུབ་དང་བཅས་པའི་སྦྲུལ་རིགས་ལྔའི་མགོ་བོ་ཁར་བཅུག་སྟེ་མཇུག་མ་ཞབས་སུ་མནན་པ། ཕྱོགས་བཞིར་རིགས་བཞིའི་ཁྱུང་ཆེན་དཀར་སེར་དམར་ལྗང་རང་འདྲ་བ། གཡས་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་ཕྱར་ཞིང་གཡོན་རང་མདོག་གི་སྦྲུལ་རིགས་བཞི་བཟུང་།


CMR022_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྤྲིན་གྱི་ཕུང་པོར་སྐུ་རྒྱབ་གཏད་པ། ཁྲོ་ཁྲ་བོ། རྡོ་རྗེ་སེམས་དཔའ། ཨོཾ་པཀྵ་སྭཱ་ཧཱ། བཛྲ་རཏྣ་པདྨ་ཀརྨ་གྷ་རུ་ཊ་ཧཱུྃ་ཕཊ༔ ཅེས་བཟླས། ཡེ་ཤེས་ཁྱུང་གི་མཆུ་སྡེར་འཇིགས་རུང་ཅན། །ཡི་གེ་ལྔ་ཡི་འོད་ཟེར་འཕྲོ་འདུ་ལས། །འབྱུང་བ་ལྔ་ལས་གྱུར་པའི་དུག་རྣམས་དང་། །ཀླུ་རིགས་ལྔ་འཇོམས་སྐུ་ལ་ཕྱག་འཚལ་བསྟོད།། །།ཕྱག་རྡོར། རང་གི་སྙིང་གར་པདྨ་དང་ཉི་མའི་གདན་དུ་ཧཱུྃ་མཐིང་ག་ལས། དཔལ་ཕྱག་ན་རྡོ་རྗེ་ལ། མ་ལས་ཉི་མའི་གདན་དུ་ཧཱུྃ་ཡིག་མཐིང་ག །རང་ཉིད་འབྱུང་པོ་འདུལ་བྱེད་སྐུ་མདོག་མཐིང་ཀ་སྤྱན་གསུམ་མཆེ་བ་གཙིགས་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཕྱག་རྒྱ་བཅིངས་ཤིང་། གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ་ཞབས་གཡས་བསྐུམ་གཡོན་བརྐྱང་གིས་འབྱུང་པོ་བསྐྱེལ་བའི་སྟེང་དུ་བཞུགས་པ། ཐོད་སྐམ་ལྔའི་དབུ་རྒྱན། སྟག་ཤམ་ཅན། སྦྲུལ་རིགས་བརྒྱུད་ཀྱིས་སྐུ་ལ་བརྒྱན་པ། ན་བཟའ་སྔོན་པོ་མནབས་པ། མི་བསྐྱོད་པ། ཧཱུཾ་བཛྲ་ཕཊ༔ ཅེས་བཟླས། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། །གསང་སྔགས་རིག་


CMR022_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད།། ༈ །། ཐུབ་པ། རང་གི་སྙིང་གར་པདྨ་དང་ཟླ་བའི་གདན་ལ་ཧཱུྃ་ཡིག་སེར་པོ་ལས། སྟོན་པ་ཤཱཀྱ་ཐུབ་པ་ལ། ཨ་ལས་ཟླ་བའི་གདན་ལ་ཧཱུྃ་ཡིག་སེར་པོ། རང་ཉིད་བཅོམ་ལྡན་འདས་རྡོ་རྗེའི་བདག་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་ས་གནོན་གཡོན་མཉམ་བཞག །རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ན་བཟའ་དམར་པོ་མནབས་ཅིང་། ཞི་བའི་བདག་ཉིད་ཅན། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། གཡས་སུ་བྱམས་པ་སེར་པོ་ཕྱག་གཡོན་རིན་པོ་ཆེའི་རྔ་ཡབ་དང་གཡས་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་འཛིན་པ། གཡོན་དུ་འཇིག་རྟེན་དབང་ཕྱུག་དཀར་པོ་རིན་པོ་ཆེའི་རྔ་ཡབ་དང་། གཡོན་པདྨ་དཀར་པོ་འཛིན་པ། གཉིས་ཀའང་རལ་པའི་ཅོད་པན་ཅན། ཧཱུྃ་ཡིག་སེར་པོ། མི་བསྐྱོད་པ། ཨོཾ་ཨཱཿབཛྲ་ཧཱུྃ་སྭཱ་ཧཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་བཟླས། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་


CMR022_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་བསྟོད།། ༈ །།ལོ་གྱོན་མ། རང་གི་སྙིང་ཁར་པདྨ་དང་ཟླ་བའི་གདན་དུ་ཧཱུྃ་ཡིག་སེར་པོ་ལས་རི་ཁྲོད་ལོ་མ་གྱོན་མ་ལ། ཨ་ལས་ཟླ་བའི་གདན་དུ་ཧཱུཾ་ཡིག་སེར་པོ། རང་ཉིད་རི་ཁྲོད་ལོ་མ་གྱོན་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ། ཕྱག་གཡས་གསེར་གྱི་རྡོ་རྗེ་ནམ་མཁའ་ལ་ཕྱར་བ་གཡོན་སྡིགས་མཛུབ་ཐུགས་ཀར་སྒྲེང་བ། དར་དང་རིན་པོ་ཆེའི་རྒྱན་དང་རྨ་བྱའི་མདངས་དང་ཤིང་ལོ་སེར་པོའི་ཤམ་ཐབས་ཅན། བགེགས་རྣམས་མནན་པའི་པད་དཀར་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཧཱུྃ་ཡིག་སེར་པོ། མི་བསྐྱོད་པ། །ཨོཾ་པི་ཤ་ཙི་པཎ་ཤ་ཝ་རི་སརྦ་ཛཱ་ར་པྲ་ཤ་མ་ཎི་ཡེ་སྭཱ་ཧཱ། ཨོཾ་པི་ཤ་ཙི་སྭཱ་ཧཱ། ཞེས་བཟླས། ནད་རྣམས་མ་ལུས་འཇོམས་བྱེད་ཅིང་། །གདོན་ཀུན་ཙིཏྟ་སྲེག་མཛད་མ། །ནད་རིགས་ཀུན་འཇོམས་རྡོ་རྗེ་སྟེ། །ལོ་མ་གྱོན་མར་ཕྱག་འཚལ་བསྟོད།། ༈ །གདུགས་དཀར། རང་གི་སྙིང་གར་པདྨ་དང་ཟླ་བའི་གདན་ལ་ཨོཾ་ཡིག་དཀར་པོ་ལས། གཙུག་ཏོར་གདུགས་དཀར་མོ་ཅན་ལ། ཨ་ལས་ཟླ་བའི་


CMR022_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གདན་དུ་ཨོཾ་ཡིག་དཀར་པོ། རང་ཉིད་བཅོམ་ལྡན་འདས་མ་གཞན་གྱིས་མི་ཐུབ་མ་གདུགས་དཀར་མོ་ཅན་དཀར་སྔོ་དམར་བའི་ཞལ་གསུམ་སྤྱན་དགུ། ཕྱག་དྲུག་གི་གཡས་གསུམ་ན་འཁོར་ལོ་མདའ། ལྕགས་ཀྱུ། གཡོན་གསུམ་ན་རྡོ་རྗེ་དཀར་པོ་གཞུ་ཞགས་པ་དང་བཅས་པའི་སྡིགས་མཛུབ། ལྷའི་ན་བཟའ་དང་རྒྱན་གྱིས་བརྒྱན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཁྲོ་མོའི་སྟང་སྟབས་བསྒྲད་པས་གདོན་བགེགས་ཐམས་ཅད་ཚར་བཅད་པ། ཨོཾ་ཡིག་དཀར་པོ། རྣམ་པར་སྣང་མཛད། ཨོཾ་སི་ཏ་ཏ་པ་ཏྲེ་ཨ་པ་ར་ཛི་ཏེ་སརྦ་གྲ་ཧ་ན་ཨ་མ་ནུ་ཏྲ་ས་ཡ་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཉེ་སྙིང་ནི། །ཨོཾ་མ་མ་ཧཱུཾ་ནི་སྭཱ་ཧཱ། ཞེས་བཟླས། རྒྱལ་བ་ཀུན་གྱི་མཐུ་སྟོབས་གཅིག་བསྡུས་པ། །སྟོན་མཆོག་༴ ཤཱཀ་ཐུབ་གཙུག་ཏོར་ལས་སྤྲུལ་ཞིང་། །སངས་རྒྱས་བྱེ་བ་ཁྲག་ཁྲིག་ཅོད་པན་འཆང་། །འཆོལ་བའི་ལྷ་མཆོག་གདུགས་དཀར་ཕྱག་འཚལ་བསྟོད། གཤེད་དམར། རང་གི་སྙིང་གར་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ཡིག་དམར་པོ་ལས། འཇམ་དཔལ་གཤིན་རྗེའི་གཤེད་དམར་པོ་ལ། མ་ལས་ཉི་མའི་གདན་དུ་ཧཱུྃ་དམར་པོ། རང་ཉིད་


CMR022_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེའི་གཤེད་སྐུ་མདོག་དམར་པོ་ཞལ་གཅིག་སྤྱན་གསུམ་པ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཕྱག་གཉིས་ཀྱིས་མི་མགོའི་མཚན་པའི་དབྱུག་པ་དཀར་པོ་ཕྱར་བ། གཡོན་ཐོད་ཁྲག་འཛིན་པ་རང་འོད་ཀྱི་རིག་མ་གྲི་ཐོད་འཛིན་པས་འཁྱུད་པ། སྟག་ཤམ་དང་སྦྲུལ་གྱིས་བརྒྱན་པ། སྣ་ཚོགས་པདྨ་དང་མ་ཧེའི་སྟེང་ན་གཡོན་བརྐྱང་གིས་བཞུགས་པ། ཐུགས་ཀར་ས་བོན་གྱིས་མཚན་པ་སེམས་དཔའ་སུམ་བརྩེགས་ཅན། ཧཱུྃ་ཡིག་དམར་པོ། རྡོ་རྗེ་སེམས་དཔའ། ཨོཾ་ཧྲིཎྜི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླས། འཇམ་དཔལ་ཞི་བའི་ངང་ལས་མ་གཡོས་ཀྱང་། །ལོག་འདྲེན་གདུག་པ་འདུལ་ཕྱིར་ཁྲོ་སྐུར་སྟོན། །སངས་རྒྱས་ཀུན་གྱི་མཐུ་སྟོབས་གཅིག་བསྡུས་པ། །གཤིན་རྗེ་གཤེད་དམར་དག་ལ་ཕྱག་འཚལ་བསྟོད།། ༈ །།ཚེ་དཔག་མེད། རང་གི་སྙིང་གར་པདྨ་དང་ཟླ་བའི་གདན་ལ་ཧྲིཡིག་དམར་པོ་ལས། མགོན་པོ་ཚེ་དཔག་ཏུ་མེད་པ། ཨ་ལས་ཟླ་བའི་གདན་དུ་ཧྲིདམར་པོ། རང་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་འཆི་མེད་བདུད་རྩིས་བཀང་བའི་བུམ་པ་མཉམ་བཞག་གི་ཕྱག་


CMR022_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཟླ་བའི་རྒྱབ་ཡོལ་མངའ་བ། ཧྲི༔ཡིག་དམར་པོ། འོད་དཔག་ཏུ་མེད་པ། ཨོཾ་ཨ་མཱ་ར་ཎི་ཛཱི་ཞིཝནྟི་ཡེ་སྭཱ་ཧཱ། ཞེས་བཟླས། དེ་ནས་ཚེ་དབང་བསྐུར་བའི་དུས་སུ་མདུན་བུམ་གྱི་བསྙེན་པ་ཐེམ་པའི་མཚམས་སུ། མདུན་བུམ་གྱི་སྐུ་ལས་འོད་ཟེར་བདུད་རྩིའི་རྒྱུན་བབས་ནས་ཚེ་རིལ་དང་ཚེ་ཆང་རྣམས་ལ་ཐིམ་པས་འཆི་བ་གསོ་ནུས་ཤིང་འཆི་མེད་རིག་འཛིན་ཐོབ་པའི་བདུད་རྩི་གྱུར། བསྙེན་པ་བཟླས། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་མཛད་པའི། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱུ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད།། ༈ །།ནོར་རྒྱུན་མ། རང་གི་སྙིང་གར་པདྨ་དང་ཟླ་བའི་གདན་ལ་བཻ་ཡིག་སེར་པོ་ལས། འཕགས་མ་ནོར་རྒྱུན་མ་ལ། ཨ་ལས་ཟླ་བའི་གདན་ལ་བཾ་སེར་པོ་ལས། རང་ཉིད་འཕགས་མ་ནོར་རྒྱུན་མ་སེར་མོ་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན་དང་། གཡོན་འབྲུའི་སྙེ་མ་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་འབེབས་བཞིན་པའི་བུམ་པ་བསྣམས་པ། ལོ་བཅུ་དྲུག་གི་ན་ཚོད་ཅན་རྒྱན་ཐམས་ཅད་ཀྱིས་


CMR022_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ། སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། བཾ་ཡིག་སེར་པོ། རིན་ཆེན་འབྱུང་ལྡན། ཨོཾ་བཱ་སུ་དྷ་རི་ཎི་སྭཱ་ཧཱ། ཞེས་བཟླས། དཔལ་མོ་དབྱིག་གི་ཆར་འབེབས་ནོར་རྒྱུན་མ། །སྙན་གྲགས་ཚེ་དང་བསོད་ནམས་རྒྱས་མཛད་ཅིང་། །དངོས་གྲུབ་ཕུན་ཚོགས་མ་ལུས་སྩོལ་མཛད་མ། །ལྷ་མོ་ནོར་རྒྱུན་མ་ལ་ཕྱག་འཚལ་བསྟོད།། ༈་།།སོར་འབྲང་མ། རང་གི་སྙིང་གར་པདྨ་དང་ཟླ་བའི་གདན་ལ་པྲ་ཡིག་སེར་པོ་ལས། འཕགས་མ་སོ་སོར་འབྲང་མ་ལ། ཨ་ལས་ཟླ་བའི་གདན་ལ་པྲ་ཡིག་སེར་པོ་ལས། རང་ཉིད་འཕགས་མ་སོ་སོ་འབྲང་མ་སེར་མོ་གཡས་བསྐོར་གྱི་རྩ་ཞལ་སེར་དཀར་ནག་དམར་བའི་ཞལ་བཞི་དང་ལྡན་པ། སྤྱན་གསུམ་དང་ལྡན་པ་ཕྱག་བརྒྱད་ཀྱི་གཡས་བཞི་ན། རལ་གྲི་འཁོར་ལོ་རྩེ་གསུམ་མདའ། གཡོན་བཞི་ན་དགྲ་སྟ་གཞུ་ཞགས་པ་རྡོ་རྗེ་འཛིན་པ། པད་ཟླ་ལ་རོལ་པའི་སྟབས་ཀྱིས་བཞུགས་པ། ཉི་མའི་རྒྱབ་ཡོལ་ཅན། དར་སྣ་ཚོགས་ཀྱི་ན་བཟའ་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་ནུ་མའི་བར་པྲ། པྲ་ཡིག་སེར་པོ། རིན་ཆེན་འབྱུང་ལྡན། ཨོཾ་མ་ཎི་དྷཱ་རི་བཛྲ་ནི་མ་ཧཱ་པྲ་ཏི་སཱ་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་


CMR022_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས། རྒྱལ་ཀུན་ཤེས་རབ་ཕར་ཕྱིན་རང་མདངས་ཉིད། །ཉམ་ཐག་འགྲོ་རྣམས་སྡུག་བསྔལ་ལས་སྒྲོལ་ཕྱིར། །གཟུགས་སྐུར་ཤར་བའི་བཅོམ་ལྡན་འདས་མ་མཆོག །སོ་སོར་འབྲང་མ་ཆེན་མོར་ཕྱག་འཚལ་བསྟོད།། ༈ །སྤྱན་རས་གཟིགས། རང་གི་སྙིང་གར་པདྨ་དང་ཟླ་བའི་གདན་ལ་གྷིཡིག་དཀར་པོ་ལས། འཇིག་རྟེན་དབང་ཕྱུག་ལ། ཨ་ལས་ཟླ་བའི་གདན་ལ་ཏིཿཡིག་དཀར་པོ། རང་ཉིད་འཇིག་རྟེན་དབང་ཕྱུག་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། འོག་མས་བགྲང་ཕྲེང་དང་པདྨ་དཀར་པོ་བསྣམས་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་སུ་ཡི་གེ་དྲུག་མ་སེར་མོ་ཆ་ལུགས་གཙོ་བོ་དང་མཚུངས་པ། གཡོན་དུ་ནོར་བུ་འཛིན་པ་ཕྱག་གཉིས་གཡས་ཕྱག་འཚལ་བའི་ཚུལ་དང་གཡོན་རིན་པོ་ཆེའི་ཕྲེང་བ་འཛིན་པ། ཧྲིཡིག་དཀར་པོ། འོད་དཔག་ཏུ་མེད་པ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླས། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་ལ་བརྒྱན། །ཐུགས་རྗེ་ཅན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་


CMR022_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་བསྟོད།། ༈ །།སྒྲོལ་དཀར། རང་གི་སྙིང་གར་པདྨ་དང་ཟླ་བའི་གདན་ལ་ཏཱཾ་ཡིག་དཀར་པོ་ལས། བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་ལ། ཨ་ལས་ཟླ་བའི་གདན་དུ་ཏཱཾ་ལ་ཨུཏྲ་ལ་ཧཱུྃ་ཡིག་དཀར་པོའི་མཚན་པ། རང་ཉིད་འཕགས་མ་སྒྲོལ་མ་སྐུ་མདོག་སྟོན་ཟླའི་མདོག་ལྟར་དཀར་བ། ཞལ་གཅིག་ཞལ་འཛུམ་བག་དང་ལྡན་པ། ཕྱག་གཉིས་གཡས་མཆོག་སྦྱིན་དང་གཡོན་ཨུཏྤལ་དཀར་པོ་སྙན་གྱི་ཐད་དུ་ཁ་བྱེ་བ་བསྣམས་པ། བཅུ་དྲུག་ལོན་པའི་ན་ཚོད་ཅན་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཟླ་ལ་བཞུགས་ཤིང་ཟླ་བའི་རྒྱབ་ཡོལ་ཅན་དུ་གྱུར། ཐུགས་ཀར་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ཨོཾ་དང་ཧྭ་རྩིབས་རྣམས་ལ་བར་གྱི་ཡི་གེ་བརྒྱད་གསལ་བ། འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླས། ལྷ་དང་ལྷ་མིན་ཅོད་པན་གྱི། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད།། ༈ །།སེང་སྒྲོལ། རང་གི་སྙིང་ཁར་པདྨ་དང་ཟླ་བའི་གདན་དུ་ཏཱཾ་ཡིག་ལྗང་གུ་ལས། སེང་ལྡེང་ནགས་ཀྱི་སྒྲོལ་མ།


CMR022_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ལས་ཟླ་བའི་སྟེང་དུ་ཏཱཾ་ལས་ཨུཏྤལ་ཏྭཾ་གྱིས་མཚན་པ། རང་ཉིད་སེང་ལྡེང་ནགས་ཀྱི་སྒྲོལ་མ་སྐུ་མདོག་ལྗང་གུ་ཞལ་གཅིག་པ། སྤྱན་དཀྱུས་རིང་ཞིང་འཛུམ་བག་དང་ལྡན་པ། ཕྱག་གཉིས་ཀྱི་གཡས་མཆོག་སྦྱིན་དང་གཡོན་ཨུཏྤ་ལ་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ་དར་སྣ་ཚོགས་པའི་ན་བཟའ་མནབས་པ། དབུ་སྐྲའི་ཐོར་ཚུགས་མེ་ཏོག་གིས་མཛེས་པ་ནུ་མ་རྒྱས་པ། སྐྱིལ་ཀྲུང་ཕྱེད་པས་ཨུཏྤ་ལའི་གདན་དུ་སེང་ལྡེང་ནགས་ཀྱི་ཁྲོད་ན་བཞུགས་པ། ཏཱཾ་ཡིག་ལྗང་སྔོན། དོན་ཡོད་གྲུབ་པ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླས། སེང་ལྡེང་ཕོ་བྲང་འཁྲིགས་པའི་གནས་མཆོག་ཏུ། །སྐྱེ་མེད་ཐུགས་རྗེའི་མཚོ་ལས་མརྒད་མདོག་།བུད་མེད་རིན་ཆེན་ཡིད་འོང་རྒྱན་ལྡན་མ། །རྒྱལ་ཡུམ་སྒྲོལ་མ་ཁྱོད་ལ་ཕྱག་འཚལ་བསྟོད།། ༈ །།གཟའ་ཡུམ། རང་གི་སྙིང་ཁར་པདྨ་དང་ཟླ་བའི་སྟེང་དུ་ཧཱུྃ་ཡིག་དཀར་པོ་ལས། རིག་པའི་རྒྱལ་མོ་འཕགས་མ་གཟའ་ཡུམ་ལ། ཨ་ལས་ཟླ་བའི་གདན་ལ་ཧཱུྃ་ཡིག་དཀར་པོ། རང་ཉིད་འཕགས་མ་གཟའ་ཡུམ་སྐུ་མདོག་དཀར་མོ་དཀར་སྔོ་དམར་བའི་ཞལ་གསུམ་ཕྱག་དྲུག །ཞལ་རེ་རེ་ལ་


CMR022_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་དྲུག་དང་པོ་གཉིས་ཆོས་འཆད། བར་པ་གཉིས་རྡོ་རྗེ་དང་པདྨ། ཐ་མ་གཉིས་མདའ་གཞུ་འཛིན་པ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་དང་ལྷ་རྫས་ཀྱི་ན་བཟའ་དང་ལྡན་པ། ཧཱུྃ་ཡིག་དཀར་པོ། རྣམ་པར་སྣང་མཛད། ཨོཾ་སརྦ་བིད་ཧཱུྃ་ཧཱུྃ་སྭཱ་ཧཱ། ཨོཾ་ན་མོ་བྷ་ག་ཝ་ཏེ་སྭཱ་ཧཱ། །ཞེས་རྩ་སྔགས་དང་ཉེ་སྙིང་བཟླས། གང་གིས་མཚན་ཙམ་བཟུང་བས་ཀྱང་། །གཟའ་དང་རྒྱུ་སྐར་གདོན་རྣམས་ཀྱིས། །ཉེར་འཚེ་མཐའ་དག་ཞི་མཛད་པ། །རིག་པའི་རྒྱལ་མོ་ཁྱོད་ལ་བསྟོད།། ༈ །།རྟ་མགྲིན། རང་གི་སྙིང་ཁར་པདྨ་དང་ཉི་མའི་གདན་ལ་ཏིཿཡིག་དམར་པོ་ལས། ཁྲོ་བོའི་རྒྱལ་པོ་དཔལ་རྟ་མགྲིན་ལ། མ་ལས་ཉི་མའི་གདན་དུ་ཧཱུྃཿཡིག་དམར་པོ། རང་ཉིད་དཔལ་ཁྲོ་བོ་རྟ་མགྲིན་དམར་པོ་ཞལ་གཅིག་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། དབུ་གཙུག་ན་རྟ་དབུ་འཚེར་བ། ཕྱག་གཡས་པདྨས་མཚན་པའི་དབྱུག་པ་་དང་། གཡོན་སྡིགས་མཛུབ་དང་བཅས་པས་ཞགས་པ་འཛིན་པ། ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་ཞིང་མེ་དཔུང་གི་ཀློང་ན་གཡོན་བརྐྱང་གིས་གནས་པ། ཧྲི༔ཡིག་དམར་པོ།


CMR022_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དཔག །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བཟླས། ཧྲི༔ ལས་སྐྱེས་པའི་རྟ་མཆོག་སྐུ། །ཉི་མའི་འོད་མཚུངས་ཉོན་མོངས་བསྲེགས། །བདུད་བཞི་མ་ལུས་འདུལ་མཛད་པའི། །དཔའ་བོ་རྟ་མགྲིན་ཕྱག་འཚལ་བསྟོད། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR022_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

དབང་གི་སྤྱི་བཤད་ཞྭ་དམར་བཞི་པའི་དབང་ཆིངས་ལས་ཕྱུང་བ།


CMR022_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་སྤྱི་བཤད་ཞྭ་དམར་བཞི་པའི་དབང་ཆིངས་ལས་ཕྱུང་བ་བཞུགས་སོ།། ༈ ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་དབང་བསྐུར་ཟབ་མོ་གསན་སྙམ་དུ་ཐུགས་བསྐྱེད་པ་གསལ་གདབ་ནས་གསན་པར་ཞུ། དེའང་འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཅན་དེ་ཉིད་ཀྱིས་གདུལ་བྱའི་དོན་དུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་ཇི་སྙེད་ཅིག་གསུངས་པ་དེ་ཐམས་ཅད་ཧྲིལ་གྱིས་དྲིལ་ན། གང་ཟག་དབང་པོ་དམན་པ་ཟབ་ལམ་གྱི་སྣོད་དུ་མ་གྱུར་པ་རྣམས་ལ་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ལམ་རིམ་བསྟན་ཅིང་། གང་ཟག་དབང་པོ་ཡང་རབ་ཟབ་དོན་གྱི་སྣོད་དུ་གྱུར་པ་རྣམས་ལ། སྔགས་ཀྱི་ཉེ་ལམ་རྨད་དུ་བྱུང་རྣམས་བསྟན་པར་མཛད་པ་ལས། འདིར་སྔགས་ཀྱི་ལམ་རིམ་ཉིད་སྟོན་པའི་སྐབས་ཡིན་ཅིང་། དེ་ལའང་སྨིན་གྲོལ་གྱི་ལམ་གཉིས་སུ་ཡོད་པ་ལས། འདིར་སྨིན་བྱེད་ཀྱི་དབང་འཆད་པའི་སྐབས་ཡིན། དེ་ཡང་རང་ཉིད་རྡོ་རྗེ་ཐེག་པའི་ཉེ་ལམ་ལ་ཞུགས་བསྐྱེད་རྫོགས་ཀྱི་ལམ་ཉམས་སུ་བླངས་ཏེ་མྱུར་བ་ཉིད་དུ་མཆོག་གི་དངོས་གྲུབ་ཐོབ་པར་འདོད་པ་


CMR022_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས། ཐོག་མར་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་མཉེས་པར་བྱས་ཏེ། སྨིན་བྱེད་ཀྱི་དབང་ལེགས་པར་ཐོབ་པར་བྱས། དེའི་སྒོ་ནས་ལམ་རིམ་པ་གཉིས་ལ་ནན་ཏན་བྱས་ནས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་ཀྱི་གཞན་ཞིག་ཏུ་ཇི་ཙམ་འབད་ཀྱང་དངོས་གྲུབ་མི་ཐོབ་སྟེ། ཕྱག་ཆེན་ཐིག་ལེ་ལས། དབང་མེད་པར་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ན་མར་མེད་བཞིན། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པས་འཆད་བྱེད་པ། །རྡོ་རྗེ་སློབ་དཔོན་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་འགྲོ་།དེ་བས་འབད་པ་ཐམས་ཅད་ཀྱིས། །བློ་མ་ལ་ནི་དབང་ནོད་ཞུ། །ཞེས་སོགས་རྒྱུད་རྣམས་ལས་མང་དུ་གསུངས་ཤིང་། དེར་མ་ཟད་དབང་ལེགས་པར་ཐོབ་ནས་དམ་ཚིག་མ་ཉམས་ན་ལམ་ཆེད་དུ་མ་བསྒོམ་ཡང་སྐྱེ་བ་བདུན་ནམ་བཅུ་དྲུག་ལ་ངེས་པར་དངོས་གྲུབ་ཐོབ་པར་གསུངས་ཏེ། གསང་བ་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྷན་ནི། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ལས་ནི། །མ་སྒོམ་པ་ཡང་སངས་རྒྱས་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་དབང་ལའང་། །


CMR022_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དང་རྗེས་གནང་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་ལས། ད་རེས་བཅོམ་ལྡན་འདས་སྣེ་མོ་རྗེས་སུ་གནང་བ་སྦྱིན་པ་ཡིན་པས། བླ་མ་བཅོམ་ལྡན་འདས་རྨི་མོ་ཐ་མི་དད་པའི་དྲུང་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR022_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

སྤྱན་རས་གཟིགས་ཀྱི་ལོ་རྒྱུས།


CMR022_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ད་ལམ་ཁྱེད་རྣམས་ལ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་བསྐུར་བ་ཡིན་ཏེ། དེ་ལ་ཆོས་སྐུའི་ཐུགས་རྗེ་ཆེན་པོ་ནི་ནམ་མཁས་གར་ཁྱབ་སྐུ་གསུང་ཐུགས་ཀྱི་ཁྱབ། ལོངས་སྐུའི་ཐུགས་རྗེ་ཆེན་པོ་རྣམ་སྣང་གངས་ཅན་མཚོ་ཞེས་བྱ་བ་བ་སྤུའི་བུ་ག་རེར་ཡང་ཞིང་ཁམས་དཔག་ཏུ་མེད་པ་ཡོད། དེའི་ཕྱག་མཐིལ་པདྨའི་སྡོང་པོ་མེ་ཏོག་པདྨ་ཉི་ཤུ་རྩ་ལྔ་བརྩེགས་མར་ཡོད་པའི་བཅུ་གསུམ་པའི་སྟེང་དུ་འཇིག་རྟེན་འདི་ཆགས་ནི་ཡོད། སྐལ་བཟང་གི་སངས་རྒྱས་སྟོང་བྱེ་བ་ཕྲག་བརྒྱ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་བྱེ་བ་ཕྲག་བརྒྱ་དང་། ཨོཾ་པདྨ་འབྱུང་གནས་བྱེ་བ་ཕྲག་བརྒྱ་རྣམས་ཀྱང་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཆ་རེ་རེ་ཡིན། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དངོས་ནི་བ་བདེ་བ་ཅན་ན་བཞུགས་པ་དེ་ཡིན། སངས་རྒྱས་ཐམས་ཅད་དང་པོའི་སྤྲུལ་གཞི་ཡང་སྤྱན་རས་གཟིགས་ཡིན་ལ། མཐར་ཐིམ་པ་ཡང་སྤྱན་རས་གཟིགས་ཡིན་པས་རྒྱལ་བ་རྒྱ་མཚོ་མཧྥེ་ཞེས་བྱའོ། །དེའི་མདོ་རྒྱུད་ཉི་ཤུ་རྩ་གཅིག་དང་། རྒྱུད་བཞི་ལ་སོགས་པ་མཐའ་ཡས་པ་ཞིག་ཡོད་དེ། དེ་ཡང་མཚན་བརྒྱ་རྩ་བརྒྱད་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་


CMR022_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་པ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཕགས་པ་སྤྱན་རས་གཟིགས་ཡིད་ལ་བྱས་ནས། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་བཟླས་བརྗོད་བྱས་ན་ངན་སོང་གསུམ་དུ་མི་སྐྱེ། མནར་མེད་པར་མི་འགྲོ། ཞེས་དང་། མདོ་སྡེ་ཟ་མ་ཏོག་བཀོད་པ་ལས་ཤཱཀྱ་ཐུབ་པས་བཀའ་སྩལ་པ། འཕགས་པ་སྤྱན་རས་གཟིགས་ཀྱི་མིང་ནས་དྲན་པ་དེ་དག་ནི་བདེ་བ་དང་ལྡན་པ་ལགས་སོ། །སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་སྡུག་བསྔལ་ལས་ཡོངས་སུ་ཐར་བ་ལགས། བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ནས་སྣང་བ་མཐའ་ཡས་ལས་ཆོས་ཉན་པར་འགྱུར་ཏེ། དེ་དག་གི་ལུས་ལ་འཁོར་བའི་སྡུག་བསྔལ་མི་འབྱུང་རྒྱུད་ལ་ཉོན་མོངས་པ་དང་། བཀྲེས་པ་དང་། སྐོམ་པ་དང་། ཕོངས་པའི་སྡུག་བསྔལ་མི་འབྱུང་། མངལ་ན་གནས་པའི་སྡུག་བསྔལ་མི་འབྱུང་། ཆོས་ཀྱི་རོས་བསྐྱེད་པའི་པདྨ་ལ་བརྫུས་ཏེ་སྐྱེ་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཡི་དམ་བསྟན་པར་མཛད་དེ་སངས་རྒྱས་ཀྱི་ཞིང་དེ་རྟག་ཏུ་འཛིན་ཅིང་གནས་སོ། །ཞེས་དང་། ཨོ་རྒྱན་རིན་པོ་ཆེ་ལྷོ་ནུབ་སྲིན་པོའི་ཁ་གནོན་ལ་འབྱོན་ཁ་བོད་ཐམས་ཅད་ལ་


CMR022_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཆེམས་བཞག་པ་ལས་ཀྱང་། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཡི་གེ་དྲུག་པ་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་ཀྱི་ཡང་སྙིང་ཡིན་པས། ཞག་རེ་ལ་བརྒྱ་རྩ་བརྒྱད་རེ་བཟླས་ན་ངན་སོང་གསུམ་དུ་མི་སྐྱེ། ཕྱི་མ་ལ་མི་ལུས་གཙང་མ་ཐོབ་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་མཐོང་བར་འགྱུར་རོ། །རྟག་ཏུ་བཟླས་བརྗོད་བྱས་ན་སྐྱེ་བ་འདི་ལ་སྡིག་པ་ཐམས་ཅད་ཟད་ནས་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུར་རོ། །ལན་ཉི་ཤུ་རྩ་གཅིག་བཟླས་ན་ཡིད་གཞུངས་པར་འགྱུར་རོ། །ཐོས་པ་འཛིན་པར་འགྱུར་རོ། །དབྱངས་སྙན་པར་འགྱུར་རོ། །ཆོས་ཐམས་ཅད་ཀྱི་དོན་ལ་མཁས་པར་འགྱུར་རོ། །ཞག་རེ་ལ་ལན་འགའ་བརྗོད་པས་སྡིག་པ་འཛད་པར་འགྱུར་རོ། །བཀྲ་ཤིས་བསོད་ནམས་འཕེལ་ལོ། །ཚེ་རབས་གར་སྐྱེས་ཀྱང་འཕགས་པ་སྤྱན་རས་གཟིགས་དང་མི་འབྲལ་བར་འགྱུར་རོ། །མི་གང་དག་ནད་དང་གདོན་གྱིས་ཉེན་པ་ལ་ཡང་འཇིག་རྟེན་གྱི་རྐྱེན་བཟློག་ཅི་བྱས་པ་བས། ཡི་གེ་དྲུག་པ་བཟླས་པས་བསོད་ནམས་དང་བཟློག་པ་ཆེའོ། །སྨན་དཔྱད་བཅོས་ཀ་ཅི་བྱས་པ་བས་ཡི་གེ་དྲུག་པ་བཟླས་པས་ནད་སེལ་ལོ། །བོད་ཁ་བ་


CMR022_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་ལྷ་སྐལ་ཡིན་པས་དད་གུས་མོས་པས་གསོལ་བ་ཐོབ་ཅིག །བྱིན་རླབས་འཕྲལ་དུ་འབྱུང་སྟེ་ཐེ་ཚོམ་ཡིད་གཉིས་མ་བྱེད་ཅིག །ཆོས་འདི་ལས་བཟང་བ་མེད་དོ། །པདྨ་འབྱུང་གནས་བདག་ད་འགྲོ་རན་པས་བོད་ཀྱི་རྒྱལ་བློན་མི་རྣམས་ཀུན་ཐུགས་ལ་དེ་ལྟར་ཞོག་ཅིག །ཅེས་གསུངས་སོ། །དེ་ཡང་དབང་མ་ཐོབ་བར་འདོན་མི་རུང་བར་གསུངས་པས་དབང་ཞུ་བའི་ཕྱིར་དུ་མཎྜལ་ཕུལ། ཞེས་བླ་མ་དོན་གྲུབ་ཀྱིས་བསྐུལ་ནས་དགེ་སློང་༧ རཱ་ག་ཨ་སྱས་སྦྱར་བའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

རྣམ་འཇོམས་ལོ་རྒྱུས།


CMR022_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འཇོམས་ལོ་རྒྱུས་བཞུགས་པའི་དབུ་ཕྱོགས་སོ། །འོ་ན་ད་ལམ་རྡོ་རྗེ་རྣམ་པར་འཇོམས་པ་འདི་ཡི་ལོ་རྒྱུས་ཅུང་ཟད་ཅིག་ཞུ་ན་སྔོན་བཅོམ་ལྡན་འདས་ཞལ་བཞུགས་པའི་རྒྱལ་པོ་ལ་སོགས་པའི་སྙིང་པོ་ཅན་གྱི། སྙིང་ལ་ལྷའི་བུའི་བདུད་ཞུགས་ནས་བདུད་ལྷས་སྦྱིན་བླ་མར་བསྟེན་ཏེ། བཅོམ་ལྡན་འདས་ལ་གླང་ཆེན་མྱོས་པ་དང་ཁྱི་གཏུམ་པོ་རྦད་པ་དང་སྐྱོགས་བརྒྱབས་པས། རྒྱལ་བའི་སྐུ་ལ་ངན་སེམས་ཀྱི་ཁྲག་ཕྱུང་། དམ་པའི་ཆོས་བསྣུབས། གཙུག་ལག་ཁང་བཤིགས། རང་གི་ཕ་བསད་པ་སོགས་བྱས་པས། དམ་པའི་ཆོས་སྐྱོང་བ་ཐམས་ཅད་འཁྲུག་སྟེ། མི་ནད་དང་ཕྱུགས་ནད་ཆེན་པོ་བྱུང་། རྒྱལ་པོ་ཡང་ནད་རྐང་བཀྲས་ཤིན་ཏུ་སྡུག་པར་གྱུར་ཏེ། དེའི་ཚེ་རྒྱལ་པོ་སྡེ་བཞིས་བཅོམ་ལྡན་འདས་ལ་རྒྱལ་པོ་མ་སྐྱེས་དགྲ་དང་མི་རྣམས་ལ་སྡུག་བསྔལ་ལས་ཐར་བའི་ཐབས་གསུང་བར་ཞུ་ཞུས་པས། རྡོ་རྗེ་རྣམ་འཇོམས་རྩ་བའི་རྒྱུད་ལེའུ་རྩ་བརྒྱད་པ་གསུངས། རྒྱལ་ཆེན་སྡེ་བཞིའི་རྒྱལ་པོ་ལོག་པའི་སྙིང་པོ་ལ་བཤད་པས། རྒྱལ་པོའི་ཁྲུས་བྱས་པས་ནད་རྐང་བཀྲ་ཕན། མི་ནད་དང་ཕྱུགས་ནད་རྒྱུན་ཆད་དེ། ཡང་བཅོམ་ལྡན་འདས་རི་རབ་ཀྱི་ཁང་པ་བརྩེགས་


CMR022_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞུགས་པའི་ཚེ་མཛོད་སྤུ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་བདེ་བ་ལ་བཀོད་དེ། འོད་དེས་བདུད་ཀྱི་གནས་ཐམས་ཅད་མེ་འབར་ཏེ་ཚིག་གོ །དེར་བདུད་ཐམས་ཅད་ཉམས་ཐག་ཅིང་སྐྲག་སྟེ་བྲོས་སོ། །བདུད་སྡིག་ཅན་ཡང་བཞིན་ཤོར་ཞིང་ལུས་སྡུག་བསྔལ་ཏེ། བདུད་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་མཚོན་ཆའི་ཆར་ཆེན་པོ་ཕབ་པས། མེ་ཏོག་གི་གདུགས་སུ་གྱུར། རྒྱོབ་སོད་ཀྱིས་སྒྲ་ཐམས་ཅད་ཆོས་སྒྲར་གྱུར། བདུད་སྡིག་ཅན་རྣམས་ཞགས་པ་ལྔ་བཅིངས་པར་གྱུར་ཏེ། བདུད་སྡིག་ཅན་གྱི་བུ་རྣམས་བཅོམ་ལྡན་འདས་ལ་སྐྱབས་ཞུས་སོ། །བདུད་སྡིག་ཅན་འབྲོས་འདོད་ཀྱང་འབྲོས་མ་ནུས་པར་འགྱེལ། དེར་བཅོམ་ལྡན་འདས་ཀྱིས་བཀའ་གནང་ནས། ཕྱག་ན་རྡོ་རྗེ་རྣམ་པར་འཇོམས་པའི་ཏིང་ངེ་འཛིན་ལ་བཞུགས་པས་ས་རྣམ་པ་དྲུག་ཏུ་གཡོས་སོ། །སྐུ་ལས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་སྟེ། རྡོ་རྗེ་རྣམ་པར་འཇོམས་པའི་སྔགས་བརྗོད་པས། དེ་མ་ཐག་ས་ཆེན་པོར་རབ་ཏུ་གཡོས། ས་གས་པ་ལ་ཆུའི་རྒྱུན་ཆེན་པོ་བྱུང་བས་ས་གཞི་ཐམས་ཅད་ཁྱབ། གནམ་གྲུམ་པའི་སྒྲ་ཆེན་པོ་གྲག །བགེགས་དང་ལོག་འདྲེན་བདུད་སྡིག་


CMR022_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་སྡུག་བསྔལ་ཞིང་སྐྲག་ནས་སངས་རྒྱས་ལ་སྐྱབས་ཤིང་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེའི་ཚེ་རྡོ་རྗེ་རྣམ་པར་འཇོམས་པའི་བཤད་རྒྱུད་རྡོ་རྗེ་རི་རབ་ཆེན་པོའི་ཁང་བ་བརྩེགས་པའི་གཟུངས་ཞེས་བྱ་བ་གསུངས། དེ་ལྟར་རྡོ་རྗེ་རྣམ་པར་འཇོམས་པའི་རྩ་བ་དང་བཤད་པའི་རྒྱུད་གཉིས་ལ་བསྟེན་ནས། རྒྱ་གར་དུ་གྲུབ་པ་ཐོབ་པ་ལྔ་བྱུང་སྟེ། མ་ག་དྷ་ཡི་ཡུལ་རྒྱལ་པོ་གཟུགས་ཅན་སྙིང་པོ་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་མ་དག་ནས་སྤྱི་བོ་དང་ལྕེ་དང་སྙིང་ཁ་གསུམ་དུ་ལྔ་བ་ཆེན་པོ་གསུམ་བྱུང་། དེ་ཅིས་ཀྱང་མ་ཕན་པ་དགེ་སློང་དབྱུག་པོའི་ལུང་བསྟན་ནས་རྡོ་རྗེ་རྣམ་འཇོམས་ཀྱི་ཁྲུས་བྱས་པས་སྒྲིབ་པ་དག་ལྔ་བ་ལ་ཕན། རྣམ་འཇོམས་ཀྱི་སྒོ་ནས་གྲུབ་པ་ཐོབ་བོ། །རྒྱ་གར་གྱི་ཡུལ་སྤོས་ལྡན་ན། ནཱ་རོ་པཎ་ཆེན་གྱི་གསང་སྔགས་ཐམས་ཅད་མ་གསང་ལྷུག་པར་བཤད་པས་གསུང་གི་དམ་ཚིག་ཉམས་ནས་ལྕེ་ལ་ཆུ་བུར་ཆེན་པོ་ཅིག་བྱུང་ནས་འདས་ལ་ཁད་པ། དགེ་སློང་དབྱུག་པོས་ལུང་བསྟན་ནས་རྣམ་འཇོམས་ཀྱི་ཁྲུས་བྱས་པས་དམ་ཚིག་ཉམས་པ་དག་ཆུ་བུར་གྱི་ནད་ཕན་ནོ། །མཁའ་འགྲོ་མ་སྡོམ་བྷི་ཀ་མ་ལི་བྱ་བས། རྒྱ་གར་སེར་སྐྱའི་གྲོང་ཁྱེར་རྡོ་རྗེ་རྣམ་


CMR022_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་བསྒྲུབས་པས། ལོ་གཅིག་ནས་བུམ་པ་གཅིག་སྤྱི་བོར་བབ། དེ་མ་བཟུང་བ་འཕུར་ནས་སྤང་ལྗོངས་གཅིག་ཏུ་བབ་སྟེ། དེར་བརྐོས་པས་གསེར་གྱི་བུམ་པ་བདུན་སྟོང་གི་གཏེར་ཐོན་ནོ། །རྒྱ་གར་འགོང་པོ་དགུ་འདུལ་གྱི་ལྷ་ཁང་དུ་བྲམ་ཟེ་ཤང་ཀ་རས་རྡོ་རྗེ་རྣམ་འཇོམས་བསྒྲུབས་པས་རིགས་བཞིའི་ཀླུ་ནད་ཐམས་ཅད་སྦྲུལ་དུ་སྤྲུལ་ནས་དཔོན་སློབ་ཟ་ལ་ཁད་དུ་བྱུང་བས། རྣམ་འཇོམས་ཀྱི་བུམ་ཆུ་དང་ཡུངས་ཀར་གཏོར་བས་སྤྲུལ་ཐམས་ཅད་ཤིའོ། །སློབ་དཔོན་བྷི་མ་ལ་མི་ཏྲ་ཡར་ལུང་དུ་བྱོན་ཙམ་ན། སློབ་དཔོན་ལོ་ཙཱ་བ་ཛྙཱ་ན་ཀུ་ཟླུམ་རས་འཆིམ་བྱ་རོག་མགོ་ཟེར་བའི་མི་གཅིག་བསྒྲལ་ཐུབ་ཀྱང་འདྲེན་མ་ཐུབ་ནས་འདུག་པ་ལ། རོ་ལ་རྣམ་འཇོམས་ཀྱི་ཁྲུས་དང་དབང་བྱས་པས་ཤི་བ་སོས་བྱུང་། འདི་བསྟན་དགྲ་ཡིན་པས་མི་དགོས་ཞུ་ཞུས་པས། བྷི་མ་ལས་རྣམ་འཇོམས་ཀྱི་ཁྲུས་ཆུ་སྙིང་ཁར་བླུག་སྟེ། སྙིང་ཁ་ནས་ཡེ་ཤེས་སེམས་དཔའ་ཚོན་གང་བ་བཏོན་ཏེ་འོག་མིན་གྱི་ཞིང་དུ་འཕང་ངོ་། །དེ་ལྟར་སློབ་དཔོན་ལྔ་པོ་དེ་རྡོ་རྗེ་རྣམ་པར་འཇོམས་པའི་སྒོ་ནས་གྲུབ་པ་ཐོབ་པ་ཡིན་སྐད་དོ། །དེ་ནས་བོད་དུ་རྣམ་འཇོམས་རྩ་བའི་རྒྱུད་ལེའུ་བརྒྱ་དང་རྩ་བརྒྱད་པའི། ལེའུ་


CMR022_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ཁྲུས་ཀྱི་ལེའུ་དང་། བཤགས་རྒྱུད་གཉིས་བོད་དུ་འགྱུར། དེ་འཕྲོ་རྒྱ་གར་དུ་ཡོད་དོ། །སྤྱིར་རྣམ་འཇོམས་འདི་བྱ་རྒྱུད་ཡིན་ཀྱང་། རྒྱུད་དོ་ཅོག་གི་རྩ་བ་སྟེ། །ཞེས་གསུངས་པས། བླ་མེད་སོགས་རྒྱུད་སྡེ་བཞི་ཁ་ལྟར་སྒྲུབ་ལུགས་ཡོད་ཅིང་། ལྷ་བདུན་ཅུ་རྩ་ལྔ་བ་དང་། ལྷ་ཉེར་བདུན་མ་དང་། ལྷ་བཅུ་གསུམ་མ་དང་། རྣམ་འཇོམས་ནག་པོ་དང་། ལྗང་སྔོན་དང་དཀར་པོ་སོགས་མང་དུ་ཡོད་ཀྱང་། འདི་ཉིད་བ་རི་ལོཙྪ་ནས་བརྒྱུད་པའི་ལྗང་གུ་ལྷ་གཅིག་བུམ་གཅིག་དེ་ཡིན། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས་བྱ་རྒྱུད་རྡོ་རྗེ་རྣམ་འཇོམས། གསང་སྔགས་སྤྱི་ལ་ཕྱག་ན་རྡོ་རྗེ་གསང་སྔགས་རྙིང་མ་ལ་རྡོ་རྗེ་གཞོན་ནུ་རྣམས་ངོ་བོ་གཅིག་ཡིན་ཞིང་། བར་ཆད་སེལ་བའི་མཆོག་ཡིན་པར་གསུངས་ཤིང་། གཟའ་རྒྱུ་སྐར་གྱི་གནོད་པ་གྲིབ་དང་མི་གཙང་བ་ནད་གདོན་ཐམས་ཅད་སེལ་བའི་མཆོག་ཡིན་ཏེ། སྡིག་པ་ཐམས་ཅད་བྱང་བྱས་ནས་ཞེས་སོགས། རྒྱུད་ཀྱི་ཕན་ཡོན་ཀུན་གྱི་་་་གསལ་བ་ལྟར་ཡིན་པས། དེ་ལྟ་བུའི་དབང་ངམ་བྱབ་ཁྲུས་ཞུ་བའི་ཕྱིར་མཎྜལ་ཕུལ། ས་གཞི་སྤོས་སོགས། ཞེས་རཱ་ག་ཨ་སྱས་བྲིས་པའོ། །མངྒ་ལཾ།།

རྗེ་བཙུན་འཕགས་མ་སྒྲོལ་མ་སྤྱི་ཡི་དབང་བཤད།


CMR022_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་འཕགས་མ་སྒྲོལ་མ་སྤྱི་ཡི་དབང་བཤད་བཞུགས་སོ། །འོ་ན་ད་ལམ་ཁྱེད་རྣམས་ལ་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་དབང་བསྐུར་བ་ཡིན་ཏེ། དེའི་ལོ་རྒྱུས་ཟུར་ཙམ་ཞུ་ན། སྒྲོལ་མ་འདིའི་ངོ་བོ་ནི་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྱན་གཡོན་པ་ནས་སྤྲུལ་པ་ཡིན་ཏེ། རྒྱ་གར་གྱི་པཎྜི་ཏ་འབུམ་ཕྲག་གིས་མགྲིན་གཅིག་ཏུ་བསྟོད་པ་ལས། སངས་རྒྱས་སྣང་བ་མཐའ་ཡས་ཀྱིས། །འགྲོ་བའི་དོན་དུ་སྤྲུལ་པའི་སྐུ། །སྒྲོལ་མ་ཞེས་བྱའི་མཚན་གྲགས་མ། །ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །སྤྲུལ་པ་ཉེར་གཅིག །ཇི་ལྟར་འཁྲུངས་ཚུལ་ནི། འཕགས་པ་སྤྱན་རས་གཟིགས་ཀྱིས་སེམས་ཅན་གཅིག་ཀྱང་མ་ལུས་པར་སྒྲོལ་བའི་དམ་བཅའ་ཆེན་པོ་མཛད་ནས། བསྐལ་པ་དཔག་ཏུ་མེད་པར་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ནས་ད་ཅི་འོང་བར་དགོངས་ནས་བལྟས་པས་སེམས་ཅན་ལ་མང་བའམ་ཉུང་བར་མ་མཐོང་ནས་ཐུགས་མུག་སྟེ་སྤྱན་ཆབ་བསིལ་བས་སྤྱན་ཆབ་གཉིས་ལས་མེ་ཏོག་པདྨ་གཉིས་བྱུང་སྟེ། དེ་ཁ་བྱེ་བའི་ནང་ནས་སྒྲོལ་མ་དང་། ཁྲོ་གཉེར་མ་གཉིས་བྱུང་སྟེ་གསུང་བསྒྲགས་པའི་ཐོག་མར། སྲིད་ན་སུ་ཞིག་འཇིགས་པས་


CMR022_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་གྱུར་པ། །དེ་ཀུན་ངས་སྐྱོབ་མ་འཇིགས་མ་འཇིགས་ཤིག །ཅེས་དམ་བཅས་ནས་འཕགས་པ་སྤྱན་རས་གཟིགས་ཁྱེད་ཐུགས་མུག་པར་མ་མཛད་དང་ངེད་གཉིས་ཀྱིས་འགྲོ་དོན་གྱི་གྲོགས་བྱེད་དེ་སེམས་ཅན་དཔག་ཏུ་མེད་པའི་དོན་བྱའོ། །ཞེས་གསུངས་པས། དེའི་ཚེ་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ཕྱག་འཚལ་ཉི་ཤུ་རྩ་གཅིག་གིས་བསྟོད་པ་མཛད་ཅིང་། སྒྲོལ་མ་མངོན་པར་འབྱུང་བའི་རྒྱུད་ལས་གསུངས་སོ། །དེ་ནས་སྒྲོལ་མ་དཀར་སྔོན་གཉིས་དང་སྒྲོལ་མ་ཉི་ཤུ་རྩ་གཅིག་དང་སྒྲོལ་མ་བརྒྱ་རྩ་དང་། མདོར་ན་སྤྱན་རས་གཟིགས་ཀྱིས་སྤྲུལ་པ་ཇི་ཙམ་མཛད་པའི་གྲངས་དང་མཉམ་པའི་སྒྲོལ་མའི་སྤྲུལ་པ་ཡང་དེ་ཉིད་གཅིག་མཛད་ནས་ཕྲིན་ལས་ཀྱི་གྲོགས་མཛད། སེམས་ཅན་ཇི་སྙེད་པའི་གྲངས་དང་མཉམ་པའི་གང་ལ་གང་འདུལ་དུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་དེ། སློབ་དཔོན་རྟ་དབྱངས་ཀྱིས་སྒྲོལ་མ་ལ་བསྟོད་པ་ལས། འགྲོ་དོན་སྤྲུལ་མཛད་སྒྲོལ་མ་ཁྱོད་ཀྱི་སྐུ། ཚངས་པ་ཁྱབ་འཇུག་དབང་ཕྱུག་ལ་སོགས་དང་། །དྲག་པོ་ཞི་བ་ཨུ་མ་ལ་སོགས་དང་། །བསྐུལ་བྱེད་ལུ་གུ་རྒྱུད་དང་ཁྲོ་གཉེར་ཅན། །མཱ་མ་ཀཱི་དང་སྒྲོལ་མ་གོས་དཀར་མོ། །


CMR022_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་གང་ལ་གང་འདུལ་དེར་སྟོན་པ། །ཞེས་གསུངས་པས་སྒྲོལ་མའི་རིགས་ཐམས་ཅད་ཐུགས་རྒྱུད་གཅིག་པ་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ལས། རིགས་ཨ་པའི་རྒྱལ་པོ་རྫུ་འཕྲུལ་ཆེ། །དེ་ནི་སྒྲོལ་མ་ཞེས་ཀྱང་བསྟན། །ཅེས་དང་། བདག་ཉིད་རྣམ་པ་སྟོང་དང་ནི། །རྣམ་པ་མང་པོར་བྱས་ནས་ཀྱང་། །རྒྱ་མཚོ་བཞི་ཡི་མཐར་ཐུག་པ། །ས་རྣམས་ཀུན་ཏུ་རྣམ་པར་རྒྱུ། །ཞེས་གསུངས་པ་ལྟར་སྤྲུལ་པ་མང་ཡང་སྐུ་དངོས་ནི་པོ་ཊ་ལ་ན་བཞུགས་ཏེ། རེ་དེའི་རྩེ་ན་འཕགས་པ་སྤྱན་རས་གཟིགས་བཞུགས་ཤིང་། །རི་དེའི་རྩ་བ་ན་རིན་པོ་ཆེའི་གཞལ་ཡས་ཁང་ན་རྗེ་བཙུན་སྒྲོལ་མ་ལ་གྲུབ་པའི་ལྷ་མོ་དཔག་ཏུ་མེད་པས་བསྐོར་ཏེ་བཞུགས་ཏེ་ཆོས་བསྟན་ཏོ། །སྒྲོལ་མ་འདིའི་དབང་དང་བྱིན་རླབས་ཐོབ་ན་ནད་ཐམས་ཅད་ཀྱང་ཞི་སྟེ། སློབ་དཔོན་ཙནྡྲ་གོ་མས། ཕྱག་འཚལ་བྱིན་རླབས་སྨན་གྱུར་ནས། །འབྱུང་བ་འཁྲུག་དང་གདོན་གྱིས་བསྐྱེད་པ་ཡིས། །སྲོག་འཕྲོག་ནད་ཀྱི་བྱེ་བྲག་མ་ལུས་པ། །ཁྱོད་ལ་གསོལ་བཏབ་འདུལ་བ་སེལ་མཛད་མ། །ཞེས་གསུངས་སོ། །དཔལ་སཾ་བྷུ་ཊི་ལས། སྒྲོལ་མ་འཁོར་བ་ལས་སྒྲོལ་མ། །དེ་ལྟར་སྒོམ་པ་ཙམ་


CMR022_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ནི། །བསྒྲུབ་པོ་སངས་རྒྱས་ཐོབ་པར་འགྱུར། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །སྒྲོལ་མའི་ལས་ཚོགས་འབྱུང་བའི་རྒྱུད་ལས། འཇམ་དཔལ་དེའི་ཕན་ཡོན་ནི། མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ་དང་། སྡང་བ་དང་རྨི་ལམ་ངན་པ་ཐམས་ཅད་ཞི་བར་འགྱུར་རོ། །ངན་སོང་གསུམ་གྱི་སྡུག་བསྔལ་ཞི་བར་འགྱུར་རོ། །མི་ཁོམ་བརྒྱད་དུ་ནམ་ཡང་མི་སྐྱེ་བར་འགྱུར་རོ། །ཚེ་རབས་དྲན་པ་དང་དབང་པོ་གསལ་བ་དང་། ཡིད་གཞུངས་པར་འགྱུར་རོ། །བཟོ་ཡི་གནས་ཐམས་ཅད་ལ་མཁས་པར་འགྱུར་རོ། །སྟོབས་དང་མདངས་དང་གཟི་བརྗིད་ཕུན་སུམ་ཚོགས་པར་འགྱུར་རོ། །འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་བསྲུང་བ་དང་། སྐྱོབ་པ་དང་། ཆད་པ་དང་། ཕན་པར་བྱེད་དོ། །གང་དུ་ཕྱིན་པ་ཐམས་ཅད་དུ་བཀྲ་ཤིས་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟ་བུའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ། ཞེས་ཨ་རཱ་གས་སོ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR022_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

ལོ་གྱོན་མའི་ལོ་རྒྱུས།


CMR022_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ད་ལམ་ཁྱེད་རྣམས་ལ་ལོ་མ་གྱོན་མའི་དབང་བསྐུར་བའི་ཐོག་མར་ལོ་རྒྱུས་ནི། སྔོན་གྱི་དུས་རི་རབ་ཀྱི་རྩེར་རིན་པོ་ཆེའི་གཞལ་ཡས་ཁང་ན་རིགས་ལྔའི་སངས་རྒྱས་དཔག་ཏུ་མེད་པ་འདུས་ནས་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་ཏིང་ངེ་འཛིན་མི་གཡོ་བར་སྣང་བ་ལ་དབང་བསྐུར་ནས་ཆེར་གཟིགས་པས། ཁྲོ་བོའི་རྒྱལ་པོ་རྣམ་པར་སྣང་མཛད་དུ་སྐུ་མདོག་ལྗང་གུ་དབུ་བཅུ་ཕྱག་སྟོང་ཞབས་སུམ་ཅུ་སོ་གཉིས་དང་ལྡན་པར་གྱུར་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནམ་མཁའ་ཞབས་ཀྱིས་མནན་འོད་ཟེར་བཀྱེ་སྟེ་འཇིག་རྟེན་གྱི་ཁམས་དག་པར་བྱས། དེ་ནས་སྤྲུལ་པ་བསྡུ་སྟེ་བདག་ནི་སྡུག་པའི་གཟུགས་སུ་གྱུར་ནས་བསྟན་པ་བསྲུང་ཞིང་སེམས་ཅན་གྱི་དོན་བྱེད་པར་སྨོན་ལམ་བཏབ། དེ་མ་ཐག་ཏུ་དཔལ་ལྡན་ལྷ་མོ་དཔོན་གཡོག་གི་སྐུར་གྱུར་ནས་འཇིག་རྟེན་གྱི་ཁམས་སུ་རྒྱུའོ། །དེར་ལྷའི་བུ་ལ་ལ་ནི་འཇིགས་ཤིག་བསྔངས། ལ་ལས་ལྟ་ཞིང་དགོད། ལ་ལས་ལྟ་བར་མི་ནུས། ལ་ལས་སྐྱབས་སུ་འགྲོའོ། །དེར་སྤྱན་རས་གཟིགས་ཀྱིས་འདི་ལ་མ་འཇིགས་མ་གཤེ་བར་སྐྱབས་དང་གླིང་དུ་ཤེས་ཏེ་མཆོད་ཅིག་བསྟོད་ཅིག་གསུངས་པས། ལྷ་


CMR022_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་སྡེ་བརྒྱད་རྣམས་ཀྱིས་བསྟོད་པ་རྒྱ་ཆེར་མཛད་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གནས་རིན་པོ་ཆེའི་བརྒྱན་པ་ལྟ་བུར་གྱུར། དེ་ནས་ལྷ་མོ་ཉིད་ཏིང་ངེ་འཛིན་ལ་བཞུགས་ནས་ལྷ་མོ་ཉིད་ཀྱིས་ཞིང་ཁམས་རྣམ་པར་དག་ཚུལ་དང་། མ་འོངས་པའི་སངས་རྒྱས་དཔལ་ལྡན་ནོར་བུ་རིན་པོ་ཆེ་ལས་བྱུང་བ་ཉིད་ཡིན་པར་གསུངས། །འགྲོ་བ་རིགས་དྲུག་གི་གནས་སུ་བྱོན་ནས་ཆོས་བསྟན་པས་རིགས་དྲུག་གི་སེམས་ཅན་རྣམས་དྲངས། གདུག་པ་ཅན་རྣམས་དམ་ལ་བཏགས་པས། དམྱལ་བ་སྟོང་མཛད་མ། ཡི་ཟློདྭགས་ཚིམ་མཛད་མ། དུད་འགྲོའི་ལྷ་མོ་གཡང་ཤམ་མ་ཞེས་གྲགས། དེ་ནས་རི་རབ་ཀྱི་སྟེང་ཡོངས་འདུས་ཤིང་དུ་བྱོན་པས་ཕྱག་ན་རྡོ་རྗེས་སངས་རྒྱས་ཐམས་ཅད་ཀྱི་བསྟན་འཛིན་མ་ལ་མཆོད་ཅིག་བསྟོད་ཅིག་གསུངས་པས། ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱིས་བསྟོད་པ་བྱས་སོ། །ཕྱག་ན་རྡོ་རྗེས་ལྷ་མོ་འདི་ལ་བསྟོད་པ་ནི་ང་ལ་བསྟོད་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ལ་བསྟོད་པ་ཡིན་ནོ། །ལྷ་མོས་ཀྱང་མི་དེ་སྲུང་བར་བྱེད་དོ། །སྐྱོབ་པར་བྱེད་དོ། །ཅི་འདོད་པའི་དངོས་གྲུབ་སྟེར་རོ། །ཞེས་གསུངས་སོ། །བྱང་ཆུབ་


CMR022_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཀླུ་དུང་གི་མཛེར་པ་ཅན་ལ་ཁྱུང་གིས་འཚེ་བས་ལྷ་མོས་ཁྱུང་བཏུལ་ནས་ཀླུ་བསྐྱབས་པས་ལྷ་མོ་དུང་སྐྱོང་མ་ཞེས་གྲགས། དེ་ནས་རི་ཁྲོད་མདངས་ཚོ་དགའ་བ་ན་ཤིང་རི་ཁྲོད་ཅེས་བྱ་བའི་ལོ་མ་གྱོན་ནས། འཕགས་པ་མི་ཕམ་པའི་གཟུངས་བཟླས་པས། ལྷ་མོ་རི་ཁྲོད་ལོ་མ་ཅན་པཎ་ཤ་ཝ་རི་ཞེས་གྲགས་སོ། །འདི་ཡི་གཟུངས་ནི་བྱ་རྒྱུད་པདྨའི་རིགས་ཀྱི་ཁྲོ་མོ་ཡིན། སྒྱུ་འཕྲུལ་དྲྭ་བ་སོགས་རྣལ་འབྱོར་རྒྱུད་དང་། སཾ་བྷུ་ཊི་དང་དངོས་གྲུབ་བསྟན་གཟིགས་སོགས་བླ་མེད་ནས་ཀྱང་གསུངས། དེ་ལ་དཔལ་སམྦྷ་ཊི་ལས། གདུག་རྩུབ་ཐམས་ཅད་ཞི་བ་དང་། །ནད་རྣམས་ཐམས་ཅད་འཕྲོག་བྱེད་པ། །པཎ་ཤ་ཝ་རི་ཞེས་བྱ། །རྣལ་འབྱོར་ཅན་གྱིས་བསྒོམ་པར་བྱ། །བཅོམ་ལྡན་རྡོ་རྗེ་འཛིན་པས་གསུངས། །ཞེས་སོ། །རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་ནད་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། མྱ་ངན་ཆེན་པོ་ཉེ་བར་ཞི་བར་བྱེད་པའི་རིག་སྔགས་རི་ཁྲོད་ཀྱི་ཤིང་ལོ་ཅན་འདི་གསུངས་སོ། །ཨོཾ་པི་ཤ་ཙི་པཎ་ཤ་ཝ་རི་སརྦ་མ་རི་པྲ་ཤ་མ་ཎ་ཧཱུྃ་


CMR022_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། དེ་ནས་རིག་སྔགས་ཆེར་གསུངས་པས། །སངས་རྒྱས་ཞིང་རྣམས་རབ་ཏུ་གཡོས། །གནོད་བྱེད་ནད་འགོ་སྲིན་པོ་དང་། །སྡང་བ་རྣམས་ཀྱི་སྙིང་ཡང་ཟག །ཅེས་དང་། དེ་ནས་དེ་འདྲ་རྣལ་འབྱོར་གྱིས་བསྒོམས་ན། །མི་ངེས་ཐམས་ཅད་ཞི་བར་འགྱུར། ནད་ཐམས་ཅད་ཞི་བར་བྱེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཞེས་དང་། དངོས་གྲུབ་བསྟན་གཟིགས་ལས། བྱང་ཆུབ་སེམས་དཔའ་མི་གཡོ་བའི་ཏིང་ངེ་འཛིན་གྱི། སྨོམ་ལམ་གྱི་རྣམ་པར་འཕྲུལ་པ་བསྟན་པའི་ཕྱིར། བཀྲ་ཤིས་པའི་ལྷ་མོའི་གསང་སྔགས་བཅུ་གཅིག་པ་འདི་བྱིན་གྱིས་བརླབས་སོ། །ཨོཾ་པཎ་ཤ་ཝ་རི་པི་ཤ་ཙི་སྭཱ་ཧཱ། བཀྲ་ཤིས་ཀུན་གྱི་བདག་མོ་སྟེ། །ལུས་ཅན་ཀུན་གྱི་སྐྱབས་སུ་འགྱུར། །སྲིད་པ་མ་སྟོང་བར་དུ་ནི། །འཇིག་རྟེན་ཀུན་ལ་བར་ཆད་མེད། །ཕན་པར་མཛད་པའི་བརྩོན་འགྲུས་ཅན། །འདི་དག་ཡོངས་སུ་བསྟན་པར་བྱེད་པ་གང་དག་ལུས་དང་ངག་དང་ཡིད་རྣམ་པར་དག་པར་འགྱུར། བྱང་བར་འགྱུར། དག་པར་འགྱུར། ཡུལ་བདེ་བར་འགྱུར། གནོད་པ་ཐམས་ཅད་ཡང་དག་པར་སྦྱང་བར་འགྱུར་རོ། །ཞེས་གསུངས།


CMR022_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ལྟར་རྒྱུད་སྡེ་ཐམས་ཅད་ནོས་ཡམས་ནད་རིམས་ནད་ཞི་བའི་མཆོག་ཏུ་གསུངས་པའི་ཕྱིར། ཁྲོམ་སོགས་འདུ་བ་ལ་ཡང་། ཐོག་མར་འདིའི་དབང་བསྐུར་སྲོལ་ཡོད། འདི་ལ་ཡང་རིགས་མང་དུ་ཡོད་ཅིང་། སྒྲུབ་ཐབས་ཀྱི་གཞུང་ལ་ཡང་སེར་མོ་ཞལ་གསུམ་ཕྱག་དྲུག་དང་། ཞལ་གསུམ་ཕྱག་བཞི་པ་གཉིས་ཡོད་པ་ཡང་གཅིག་ཏུ་བསྡུས། ལྗང་མོ་དང་སེར་མོའི་དབང་གཉིས་སོ་སོར་བསྐུར་བ་རྗེ་ཆོས་ཀྱི་དབང་ཕྱུག་གི་ཕྱག་ལེན་ཡིན་པས། དེ་ལྟར་ལོ་མ་གྱོན་མའི་དབང་ཞུ་བའི་ཕྱིར་མཎྜལ་ཕུལ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR022_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

ཤེར་ཕྱིན་སྤྱིའི་དབང་བཤད་མདོར་བསྡུས།


CMR022_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཤེར་ཕྱིན་སྤྱིའི་དབང་བཤད་མདོར་བསྡུས་བཞུགས་སོ། །འོ་ན་ད་ལམ་ཁྱེད་རང་རྣམས་ལ་ཤེར་ཕྱིན་མའི་དབང་བསྐུར་བའི་ཐོག་མར་ལོ་རྒྱུས་ཅུང་ཟད་ཞུ་ན། བཅོམ་ལྡན་འདས་ཨ་བྱ་རྒོད་ཕུང་པོའི་རི་བོར་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཤེར་ཕྱིན་རྒྱས་པ་བྱེ་བ་ཕྲག་བརྒྱ་པ་ནི་ད་ལྟ་དྲི་ཟའི་ཡུལ་དུ་བཞུགས། མི་ཡུལ་དུ་བཞུགས་པ་རྒྱས་པ་སྟོང་ཕྲག་བརྒྱ་པ་དང་། འབྲིང་པོ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་དང་། བསྡུས་པ་བརྒྱད་སྟོང་པ་སོགས་ཤེར་ཕྱིན་ཡུམ་སྲས་བཅུ་བདུན་རྣམས་ནི་མདོ་ཡིན་ལ། དེ་དག་གི་གཟུངས་འབུམ་ནས་འབྱུང་བ་དང་ཤེས་རབ་སྙིང་པོ་སོགས་ནི་བྱ་རྒྱུད་ཀྱི་ཕྱོགས་སུ་རྟོགས། དེ་ལ་ཆོས་སྐུ་ཡུམ་ཆེན་མོ་ནི་སྟོང་པ་ཉིད་ཡིན་ཏེ། ཉན་ཐོས་དགྲ་བཅོམ་པ་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་རྫོགས་པའི་སངས་རྒྱས་རྣམས་དེ་ལས་འཁྲུངས་པས་འཕགས་པ་བཞི་བསྐྱེད་པར་བྱེད་པའི་ཡུམ་ཞེས་བྱ། དེ་ལ་གཟུགས་ཁ་དོག་དངོས་པོ་མེད་ཀྱང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་སེམས་ཅན་ཚོགས་བསགས་པའི་རྟེན་དུ་གཟུགས་ཀྱི་སྐུར་འབྱོན་པར་གསོལ་བ་བཏབ། འོག་མིན་གྱི་གནས་སུ་རིན་པོ་


CMR022_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་གཞལ་ཡས་ཁང་གི་དབུས་སུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་ཁྲི་ལ། ཡུམ་ཆེན་མོ་གསེར་མདོག་ཅན་ཞལ་ཕྱག་གི་རྣམ་པར་བཞེངས་ཏེ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ནས་བཞུགས་སོ། དེ་ལ་རྣལ་འབྱོར་རྒྱུད་ལས་འཕྲོས་པའི་རྒྱུད་དཔལ་མཆོག་གི་རྒྱུད་ཀྱི་དུམ་བུ་དང་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱུད་ཀྱི་དུམ་བུ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་བརྒྱ་ལྔ་བཅུ་པ་དང་། ཤེར་ཕྱིན་སྒོ་ཉི་ཤུ་ལྔ་པ་རྣམས་རྣལ་འབྱོར་རྒྱུད་ཡིན། ཤེར་ཕྱིན་དཀར་མོ་རྡོ་རྗེ་གུར་གྱི་རྒྱུད་ལས་བཤད་ཀློཔ་ནི་བླ་མེད་ཡིན་ཏེ། གསང་སྔགས་རྣམ་པ་ལམ་དུ་བྱེད་པས་ཤེར་ཕྱིན་སྐུར་བསྒོམས་ཤིང་སྔགས་བཟླས་པས་ཤེར་ཕྱིན་ཉམས་སུ་ལེན་པའི་ཕན་ཡོན། མདོ་འབུམ་ཉེར་ལྔ་སོགས་ནས་མཐའ་ཡས་པར་གསུངས་པས་བརྗོད་པར་མི་ལོང་། མདོར་བསྡུ་ན་རྡོ་རྗེ་གུར་ལས། ཤེར་ཕྱིན་དཀར་མོ་སྔགས་རིང་དང་བཅས་པ་གསུངས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བྱང་ཆུབ་པ་གང་བསྒོམས་པ་ཙམ་གྱིས་རྒོལ་བ་ཐམས་ཅད་སྤོབས་པ་མེད་པར་འགྱུར་རོ། །ཟླ་བ་དྲུག་བསླབ་རྣལ་འབྱོར་གྱིས། །ཤེས་རབ་ཕ་རོལ་ཕྱིན་མར་འགྱུར། །


CMR022_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་ཞག་བདུན་དུ་རབ་སྦྱོར་བས། །བསྟན་ཆོས་ཐམས་ཅད་རྣམ་པར་ཤེས། །བཟླས་པ་འབུམ་དུ་རབ་སྦྱོར་བས། །ཉི་མ་རེ་རེར་ཚིགས་བཅད་བརྒྱ། །རབ་ཏུ་འབད་པ་མེད་པར་བྱེད། །ཚིགས་བཅད་བརྒྱ་ནི་ཁ་ཐོན་ཟིན། །བྱ་རོག་མ་ལངས་ཙམ་ན་མ་བསླང་བའི་རྩབ་མོ་ལ་སྔགས་འདི་ལན་བདུན་མངོན་པར་བཟླས་ནས་ཟླ་བ་དྲུག་ཏུ་གང་འཐུང་བ་དེ་ཤེས་རབ་ཆེ་བར་འགྱུར་རོ། །སངས་རྒྱས་ཐམས་ཅད་བསྒོམས་བྱས་པ། །ངེས་པར་བྱང་ཆུབ་མ་ཐོབ་ཀྱང་། །དེ་ཡིས་འཁོར་ལོས་སྒྱུར་བའི་གནས། །དེར་ནི་སྐྱེ་ཞིང་སྐྱེ་བར་འགྱུར། །ཡང་ན་ས་ཡི་བདག་པོར་འགྱུར། །དག་པའི་གནས་སུ་ངེས་པར་འགྲོ། །བློ་ལྡན་དགའ་ལྡན་གནས་སུ་སྐྱེ། །ནམ་མཁའི་གྲོང་ཁྱེར་བདེ་བ་དག །ཚེ་འདི་ཉིད་ལ་འགྲུབ་པ་གང་། །དེ་ལ་སངས་རྒྱས་སྨོས་ཀྱི་དགོས། །ཁམས་གསུམ་ནང་ན་ཆེ་བ་སྟེ། །ཤི་དང་དགའ་བའི་ཁྱད་པར་མེད། །རྒྱལ་བྱིན་ཚངས་པ་དེ་བཞིན་གྲགས། །ཁྱབ་འཇུག་དང་ནི་མེ་དང་རླུང་། །འདོད་པའི་ལྷ་དང་ཐོད་པ་འཛིན། །འདི་དག་དེ་ཡི་བྲན་དུ་འགྱུར། །ལྷ་ཀླུ་དེ་བཞིན་གནོད་སྦྱིན་དང་། །དྲི་ཟ་དང་ནི་ལྷ་མིན་


CMR022_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

མི། །མི་འམ་ཅི་དང་མཁའ་ལ་སྤྱོད། །དེ་ཀུན་འཁོར་དུ་ཐེ་ཚོམ་མེད། །འདི་ནི་རབ་བྱུང་བཅོམ་ལྡན་འདས། །ཆོས་ཀྱི་འཁོར་ལོ་སྐོར་བར་བྱེད། །འཁྲུངས་པ་དང་ནི་བྱང་ཆུབ་དང་། །དེ་བཞིན་ལྷ་ཡུལ་གཤེགས་པར་མཛད། །ཁབ་ནས་བྱུང་བའང་བྱེད་པ་དང་། །དཀའ་ཐུབ་རྣམ་པར་འཛིན་པར་གང་། །སྐྱེ་བ་ཡོངས་སུ་བཟུང་བ་དང་། །མྱ་ངན་འདས་པ་ཡང་སྟོན་མཛད། །འཇིག་རྟེན་འདུལ་བར་རབ་བརྙེས་ནས། །དེ་ནི་དུ་མའི་གཟུགས་སུ་བྱེད། །སེམས་ཅན་དྲང་ཕྱིར་སངས་རྒྱས་ནི། །སངས་རྒྱས་གར་གྱིས་གར་མཛད་དེ། །རི་བོང་ས་རུ་སེང་གེ་དང་། །གླང་པོ་ཆེ་རྣམས་རི་ལ་ཡང་། །སྙིང་རྗེའི་ཕན་པའི་སེམས་ཀྱིས་སུ། །ཕྱག་རྒྱའི་དངོས་གྲུབ་སྐྱེ་བ་ལེན། །ཞེས་གསུངས། །དེ་ལྟར་ཐུན་མོང་གི་དངོས་གྲུབ་ཤེས་རབ་ཆེ་བ་ནས་བཟུང་སྟེ་མཆོག་གི་དངོས་གྲུབ་སངས་རྒྱས་ཀྱི་མཛད་པ་ཕྲིན་ལས་ཀྱི་བར་ཐོབ་པར་གསུངས་སོ། །དེ་ལ་འདིར་ཤེར་ཕྱིན་གྱི་སྒྲུབ་ཐབས་མང་དུ་འབྱུང་བའི་དབང་རྣམས་རིམ་པར་ཞུ་བའི་ཕྱིར་མཎྜལ་ཕུལ།།

དབང་གི་མཚམས་སྦྱོར་སྤྱི་ཆིངས་མདོར་བསྡུས།


CMR022_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་མཚམས་སྦྱོར་སྤྱི་ཆིངས་མདོར་བསྡུས་ནི། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཟུང་འཇུག་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་འདི་ཞེས་བྱ་བའི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་བྱིན་རླབས་དབང་བསྐུར་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་ལ་གསལ་བཏབ་ལ་གསན་འཚལ། དེ་ལ་གང་གསན་པར་བྱ་བའི་ཆོས་ནི། རྒྱལ་བ་རྣམས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་དེ་ཉིད་ཀྱིས། སེམས་ཅན་སོ་སོའི་ཁམས་དང་། དབང་པོ་དང་། བསམ་པ་མཐུན་པར། ཐུན་མོང་ནས་བཟུང་། ཐུན་མིན་ཐེག་དགུའི་མཐར་ཐུག་འོད་གསལ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ་ཐུག་གི་བར་གསར་རྙིང་བཀའ་གཏེར་དག་སྣང་གི་ཆོས་སྡེ་བསམ་གྱིས་མི་ཁྱབ་པ་གསུངས་པ་ཐམས་ཅད་ཀྱང་བསྡུ་ན་ཐེག་པ་རིམ་པ་དགུའམ་དེའང་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུས་ཏེ། ཀུན་བྱེད་རྒྱལ་པོ་ལས་ཐེག་པ་རྣམ་པ་གཉིས་ཡིན་ཏེ། མཚན་ཉིད་རྒྱུ་ཡི་ཐེག་པ་དང་། འབྲས་བུ་སྔགས་ཀྱི་ཐེག་པའོ། །ཞེས་དང་། དེ་ལའང་རྒྱ་གར་འཕགས་ཡུལ་དུ་གསར་རྙིང་གཉིས་ཞེས་གྲགས་པ་མེད་ཀྱང་


CMR022_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

གངས་ཅན་མ་ཧཱ་བྷོ་ཊའི་ལྗོངས་འདིར། ལོ་པཎ་རྣམས་ཀྱིས་འགྱུར་སྔ་ཕྱི་ལ་བརྟེན་སན་གསར་རྙིང་དུ་གྲགས་པ་ལས། འདིར་ཕྱི་འགྱུར་གསར་མའི། ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། ཏེ་ལོ་ཤེས་རབ་བཟང་པོ། ནཱ་རོ་ཛྙ་ན་སིདྡྷི། མར་པ་ཆོས་ཀྱི་བློ་གྲོས། མི་ལ་བཞེད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། དཔལ་ལྡན་དུས་གསུམ་མཁྱེན་པ། །འགྲོ་མགོན་རས་པ་ཆེན་པོ། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཆེན་ཀརྨ་པཀྴི་ནས་དྲིན་ཆེན་རྩ་བའི་བླ་མའི་བར་དུ་བརྒྱུད་པའི་ལྷ་འདི་ཞེས་བྱ་བའི་དབང་བསྐུར་སྒྲུབ་པར་བགྱི་བ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན་པ་ལགས་པས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག ༈ ཨོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཨོཾ། ཨོཾ་བཛྲ་ས་མ་ཡ་ཨ། ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭ་བཛྲ་ས་མ་ཡ་ས། ཧཱ་བཛྲ་ས་མ་ཡ་ཧཱུཾ།


CMR022_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་ལས་ཆུས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་སྒོ་དྲུང་དུ་ཁྲུས་བྱས་ལ་ཡིག་བརྒྱ་བཟླ་བཞིན་དུ་ནང་དུ་འཇུག་པ་དང་བགེགས་གཏོར་བཏང་། སྲུང་འཁོར་བསྒོམ། གྲལ་དུ་འཁོད། མེ་ཏོག་བཀྱེ་བསྡུ་བྱས་ལ། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཟུང་འཇུག་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་འམ་ལྷ་འདི་ཞེས་པའི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་སྒྱུ་བྱ༔ དེའི་ཆེད་དུ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་བྱིན་རླབས་དབང་བསྐུར་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་ལེན་པར་བགྱིའོ། །སྙམ་པའི་ཐུགས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་སྤྱོད་རྣམས་རྒྱུད་སྡེ་རྣམས་ནས་ཇི་སྐད་གསུངས་པ་ལྟར་ལེགས་པར་གསལ་བཏབ་ལ་གསན་འཚན། ཞེས་མཚམས་སྦྱར་ལ། དེ་ལ་གང་གསན་པར་བྱ་བའི་ཆོས་སོགས་གཞུང་ལྟར་དང་། དབང་བསྐུར་ཟབ་མོ་སྒྲུབ་པར་བགྱི་བ་ལ་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན་པ་ལགས་པས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་འབུལ་བར་


CMR022_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་མཚམས་སྦྱར། དེ་ལྟར་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལྷ་འདི་ཞེས་པའི་སྐུ་གསུང་ཐུགས་སུ་གྱུར་པ་ལ། སློབ་དཔོན་མདུན་བསྐྱེད་དང་བཅས་པས་མེ་ཏོག་གི་ཆར་འབེབས་ཤིང་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པས་ཀྱང་མངའ་གསོལ་བའི་མོས་པ་མཛོད། ཅེས་མཚམས་སྦྱོར་ལ་ཤིས་པ་བརྗོད། འདི་ཞེས་པའི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས་གསང་བ་གསུམ་གྱིས་བསྡུས་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། དབང་བསྐུར་ཟབ་མོ་རྫོགས་པར་ཐོབ་པའི་སྐུ་དྲན་གཏང་རག་གི་ཡོན་དུ་མཎྜལ། མཎྜལ་དུ་མ་ཟད་རང་གི་ལུས་ལོངས་སྤྱོད་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལྟར་སྤྲུལ་ཏེ་འབུལ་ན་ཆ་ཤས་རྣམས་བཞེས་ལ་ལོངས་སྤྱོད་དུ་གསོལ་སྙམ་པའི་འདིའི་རྗེས་ཟློས། དབང་བསྐུར་ཐོབ་པའི་དགེ་རྩ་རྣམས་རང་གཞན་ནམ་མཁའི་མཐས་ཁྱབ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་དང་སྨོན་ལམ་འདི་ལྷན་ཅིག་གསུངས་པར་ཞུ་༔ ཞེས་སོགས་མཚམས་སྦྱོར་ལ་བསྔོ་སྨོན་སོགས་ཅི་རིགས་པ་བྱས་པས་གྲུབ།

འཇིག་རྟེན་པའི་ཆོས་སྐྱོང་རྣམས་གཅིག་ཤེས་ཀུན་གྲོལ་དུ་བཙུད་ནས་བཀའ་གཏད་བྱེད་པ།


CMR022_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་པའི་ཆོས་སྐྱོང་རྣམས་གཅིག་ཤེས་ཀུན་གྲོལ་དུ་བཙུད་ནས་བཀའ་གཏད་བྱེད་པའོ།།


CMR022_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་པཱ་ཎི་ཡེ། གཅིག་ཤེས་ཀུན་གྲོལ་གྱི་ཁ་བཀང་ཡེ་ཤེས་པའི་ཆོས་སྐྱོང་རྣམས་ལ་ནི་གཅིག་ཤེས་ལྟར་དབང་བསྐུར་བས་འཐུས་ལ། འཇིག་རྟེན་པའི་ཆོས་སྐྱོང་གང་ལའང་སྦྱར་རུང་བའི་བཀའ་གཏད་ནི། བུམ་པ་དང་། བཀའ་སྲུང་གང་ཡིན་གྱི་གཏོར་མ་བཤམས། ཡོད་ན་ཙཀ་ལི་འཛུགས། ཕྱག་རྡོར་གཏུམ་ཁྱུང་གི་བདག་བུམ་གཅིག་ཤེས་ལྟར་འདོན། གཏོར་མ་བྲན་ལ་བཀའ་སྲུང་གང་ཡིན་གྱི་གཏོར་ཆོག་ཚང་བར་འདོན། དེའི་བསྙེན་པ་ཅུང་ཞིག་བྱས། དེ་ནས་བཀའ་སྲུང་སོ་སོའི་སྐྱེ་རྒྱུད་སོགས་གང་ཤེས་བཤད། ད་བླ་མ་དང་གསང་བའི་བདག་པོ་དབྱེར་མི་ཕྱེད་པའི་དྲུང་དུ་སྒེའི་བཀའ་གཏད་ཞུ་བའི་ཕྱིར་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །


CMR022_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་སྣེ་ལྷ་མཆོག་གི། །བཀའ་གཏད་རིམ་པ་བསྩལ་དུ་གསོལ། ལན་གསུམ། །ཁྱེད་རང་སློབ་མ་རྣམས་རྒྱུད་དག་པར་བྱ་བའི་ཕྱིར་དུ་བླ་མ་དང་ཡི་དམ་རྒེདབྱེར་མེད་པའི་དྲུང་དུ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་


CMR022_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ནས། ད་རྣམ་སྨིན་ཤ་ཁྲག་གི་ལུས་ལ་བཀའ་སྲུང་དྲག་པོ་གཏད་ཀྱང་མི་ཆུན་ཏེ། བདག་པོ་ངན་པ་ལ་ཁྱི་བཙོང་བ་དང་འདྲ་བར་བཤད་པས། དྲེགས་པ་ཐམས་ཅད་འདུལ་བའི་གཉེན་པོ་དཔལ་གསང་བའི་བདག་པོ་ཕྱག་ན་རྡོརྗེའི་སྐུར་སློབ་མ་བསྐྱེད་དགོས་པར་དྲེགས་པའི་སྲོག་དབང་ལས་གསུངས་པའི་ཕྱིར། ཨོཾ་སྭ་བྷཱ་ཝ་སོགས་ནས། གཏུམ་ཁྱུང་གི་སྐུར་བསྐྱེད་པ་དང་། ཡེ་ཤེས་འབེབས་བསྟིམ་བུམ་དབང་རྣམས་གཅིག་ཤེས་ལྟར་བྱ། དེ་ནས། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྨི་ལྷ་མཆོག་གི །སྐུ་ཡི་བཀའ་གཏད་བསྩལ་དུ་གསོལ། །ད་ཁྱེད་རང་རྣམས་གསང་བདག་ཏུ་གསལ་བའི་མདུན་དུ་གཏོར་མ་འདི་དང་ཐ་དད་མེད་པར། ཨོཾ་སྭ་བྷ་ཝ་སོགས་ནས་བཀའ་སྲུང་གང་ཡིན་གྱི་མངོན་རྟོགས་བརྗོད། རྔ་རོལ་མོ་


CMR022_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་སྤོས་དུད་དང་བཅས་པས་སྤྱན་འདྲེན་བཞུགས་གསོལ་རྒྱས་པ་དང་། མཆོད་པ་བསྡུས་པ་ཙམ་བྱ། ཤིས་པ་ཤོ་ལོ་ཀ་ཙམ་གྱིས་བསྟོད། དེ་ནི་སྒོམ་པ་སྐུའི་བཀའ་གཏད་ཅེས་བྱ་བ་ཡིན་པས་དེང་ཕྱིན་ཆད་འདི་ཡི་སྐུ་སྒོམ་པར་རུང་ཞིང་། མི་བཞིན་དངོས་སུ་བཀོལ་བཏུབ་པའི་རྟེན་འབྲེལ་འགྲིག་པའོ། །གཉིས་པ་གསུང་གི་དོན་དུ་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྨེ་ལྷ་མཆོག་གི །གསུང་གི་བཀའ་གཏད་བསྩལ་དུ་གསོལ། །ད་དཔོན་སློབ་གཉིས་ཀ་ཕྱག་རྡོར་དུ་གསལ་བའི་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་ཆོས་སྐྱོང་གཙོ་འཁོར་ལ་ཕོག་པས་སྔོན་གྱི་དམ་ཚིག་རྗེས་སུ་དྲན། ཆོས་སྐྱོང་གི་ཐུགས་ཀར་རང་སྲོག་སྙིང་པོས་བསྐོར་བ་ལས། སྔགས་ཕྲེང་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་འཕྲོས། ཞལ་ནས་ཐོན། སྲོག་སྔགས་འབུལ་བའི་ཚུལ་དུ་སློབ་མའི་ཞལ་དུ་ཞུགས། ཐུགས་ཀའི་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་པར་སྒོམས་ཤིག །ཕྲེང་བ་ནས་བཟུང་ལ་སྲོག་སྔགས་གསུམ་མམ་བདུན་ཙམ་བརྗོད་བཅོལ། ད་ཁྱེད་རང་གིས་བཀའ་སྲུང་གི་ཁ་དོག་དང་མཐུན་པའི་མེ་ཏོག་གི་ཕྲེང་བ་ཞིག་ཕུལ་བའི་


CMR022_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པ་མཛོད། བཀའ་སྲུང་རྨེ་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །གཅིག་གམ་གསུམ། མེ་ཏོག་གི་ཕྲེང་བ་དེ་ཁྱེད་རང་གི་སྤྱི་བོར་བཅིངས་པའི་མོས་པ་མཛོད། བཀའ་སྲུང་རྗེ་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཕྲིན་ལས་རྫོགས་པར་མཛད་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་རྡོ་རྗེ་མེ་ཏོག་སྤྱི་བོར་བཞག །ཤིས་པ་བརྗོད། འོ་དེས་སྔགས་བཟླ་བར་གསུང་གི་བཀའ་གཏད་ལེགས་པར་ཐོབ་པ་ཡིན་པས། དེང་ཕྱིན་ཆད་འདིའི་སྔགས་བཟླ་བར་རུང་ཞིང་། དྲག་སྔགས་ཀྱི་ནུས་པ་ཐོགས་པ་མེད་པར་འགྲུབ་པའི་རྟེན་འབྲེལ་འགྲིག་པའོ། །གསུམ་པ་ཐུགས་ཀྱི་བཀའ་གཏད་ཀྱི་དོན་དུ་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྨི་ལྷ་མཆོག་གི །ཐུགས་ཀྱི་བཀའ་གཏད་བསྩལ་དུ་གསོལ། །དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་གྱི་ཆོས་སྐྱོང་ལ་ཕོག་པས་ཐུགས་རྒྱུད་བསྐུལ། ཆོས་སྐྱོང་གི་ས་


CMR022_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

བོན་ལས་ས་བོན་གཉིས་པ་ཞིག་འཕྲོས། དམ་ཚིག་གཅིག་ཏུ་བསྲེ་བའི་ཚུལ་གྱིས། སློབ་མའི་ཐུགས་ཀའི་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་པས་སྲོག་དབང་དུ་འདུས་ནས་འདར་ལྡི་ལི་ལི་བྱེད་ཅིང་དཔའ་བོ་ཁྱོད་ཀྱིས་ཅི་གསུངས་བཀའ་སྒྲུབ་བསྟན་པ་སྲུང་། གང་འདོད་པའི་ཕྲིན་ལས་བདག་གིས་སྒྲུབ་ཅེས་ཁས་བླངས་དམ་བཅས་ནས་ཕྱག་མཚན་དེ་ཁྱེད་རང་ལ་ཕུལ་བར་སྒོམས་ཤིག །ཅེས་ཡོད་ན་ཕྱག་མཚན་གཏད། མེད་ན་གཏོར་མ་གཏད། སྲོག་སྔགས་ཀྱི་མཇུག་ཏུ། ཙིཏྟ་སིདྡྷི་ཧཱུཾ་ས་མ་ཡ་ཧཱུཾ། ལན་གསུམ། དེས་དམ་ཚིག་གཅིག་ཏུ་བསྲེས། ཐུགས་ཀྱི་བཀའ་གཏད་ལེགས་པར་ཐོབ་པ་ཡིན་པས། དེང་ཕྱིན་ཆད་ལུས་དང་གྲིབ་མ་ལྟར་འགྲོགས་ཤིང་ཅི་བསམ་པའི་དོན་ཐམས་ཅད་ཆོས་སྐྱོང་འདིས་བསྒྲུབ་པའི་རྟེན་འབྲེལ་འགྲིགས་པ་ཡིན། དེ་ལྟར་སྐུ་སྒོམ་པ་དང་། སྔགས་བཟླ་བ་དང་། ཏིང་ངེ་འཛིན་སྒོམ་པར་རྗེས་སུ་གནང་བ་ཐོབ་ནས། ད་གཏོར་མ་ལ་བརྟེན་ནས་བཀའ་བསྒོ་བ་ནི། སློབ་དཔོན་གསང་བདག་དངོས་སུ་གསལ། སློབ་མ་ཡང་དེར་གསལ་བ་ལ། གཏོར་མ་འདི་ཉིད་བཀའ་སྲུང་རྨེ་མངོན་སུམ་དུ་གསལ་བ་དེ་ཉིད་བྲན་དང་ཕོ་ཉ་དང་འབངས་དང་ཡང་གཡོག་གི་


CMR022_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དུ་གཏད་པས། སློབ་དཔོན་གྱིས་བཀའ་བསྒོས་པའི་ཚེ་དེ་ལྟར་བགྱིའོ་དེ་ལྟར་བགྱིའོ། །ཞེས་དགའ་ཞིང་གུས་པ་དང་བཅས་གསུང་ལྷང་ལྷང་སྒྲོག་པར་སྒོམས་ཤིག །གཏོར་མ་ལ་དཔལ་འབར་བཙུགས་ལག་ཏུ་ཐོགས་ལ། སོ་སོའི་བསྟོད་པའམ་བསྐུལ་ཐུང་འདོན། ལག་ཏུ་གཏད་ལ། ཀུན་བཟང་དྲུག་པ་རྡོ་རྗེ་འཆང་ཆེན། སངས་རྒྱས་རིན་ཆེན་སྙིང་པོ། སྟོན་པ་ཤཱཀྱ་ཐུབ་པ་ལ་སོགས་པ་འདིས་པའི་སངས་རྒྱས་རྣམས་དང་། ཆེ་མཆོག་ཧེ་རུ་ཀ །ཁྲག་འཐུང་རིགས་དྲུག །བཅོམ་ལྡན་འདས་འཁོར་ལོ་སྡོམ་པ། ཀྱེ་རྡོ་རྗེ་ལ་སོགས་པ་ཧེ་རུ་ཀ་རྣམས་དང་། གཤིན་རྗེའི་གཤེད། རྟ་མགྲིན། གསང་བའི་བདག་པོ། གུ་རུ་དྲག་པོ་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་རྣམས་དང་། དགའ་རབ་རྡོ་རྗེ། ཤྲཱི་སེངྷ། རྒྱ་གར་གྱི་རིག་འཛིན་བརྒྱད། མཆོག་གི་གྲུབ་ཆེན་བརྒྱད། གུ་རུ་པད་མ་འབྱུང་གནས། རྗེ་འབངས་ཉི་ཤུ་རྩ་ལྔ། དམ་པ་སངས་རྒྱས། མ་གཅིག་ལབ་སྒྲོན། དབང་ཕྱུག་མི་ལ་རས་ཆེན་། སྐྱེས་མཆོག་ཀརྨ་པཀྵི། སེམས་དཔའ་རང་བྱུང་རྡོ་རྗེ། གཏེར་སྟོན་བརྒྱ་དང་རྩ་བརྒྱད་ལ་སོགས་པ་རིག་འཛིན་གྲུབ་ཐོབ་རྣམས་ཀྱི་སྤྱན་སྔར་ཇི་ལྟར་ཁས་བླངས་ཤིང་དམ་


CMR022_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་དམ་ཚིག་གི་རིམ་པ་ལས་མ་འདའ་བར། སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་ཆེ་བ་སྒྲུབས། །བླ་མ་དམ་པའི་སྐུ་ཚེ་སྲིངས། ཁྱད་པར་དུ་དམ་ལྡན་རྡོ་རྗེའི་སློབ་མ་འདིའི་བྱིན་པའི་ཟས་ཟོ། ཕུལ་བའི་ཕུད་འཐུང་། བཅོལ་བའི་ལས་གྱིས། གདམས་པའི་ངག་ལ་ཉོན། དགོས་པའི་དོན་སྒྲུབས། སྡང་བར་བྱེད་པའི་དགྲ་སོད། གནོད་བྱེད་ཀྱི་བགེགས་ཐུལ། བར་ཆད་ལམ་གྱི་རྐྱེན་ཟློག །སྡོད་པའི་གནས་མལ་སྲུངས། མཁོ་བའི་ཡོ་བྱད་སྲུངས། རྒྱུད་འཛིན་གྱི་སློབ་མ་སྲུངས། འཁོར་དང་ལོངས་སྤྱོད་སྤེལ། ཉིན་གསུམ་གྱི་བྱ་ར་དང་མཚན་གསུམ་གྱི་མེལ་ཚེ་མཛོད། བསྟན་པ་ཕྱོགས་བཅུར་དར་ཞིང་རྒྱས་པ་དང་། རིགས་རྒྱུད་དང་ཆོས་བརྒྱུད་གངྒཱའི་རྒྱུན་ལྟར་ནུབ་པ་མེད་པའི་ཕྲིན་ལས་མཛོད་ཅིག །བཀའ་དང་དམ་ལས་མ་འདའ་ས་མ་ཡ། སྲོག་སྔགས་ཚར་གསུམ་བརྗོད། གཏོར་མ་ཅུང་ཟད་སྦྱིན་ལ་ཟ་བཅོལ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྒྲུབ་པ་བྱེད་པའི་གང་ཟག་ལ། །བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཤིས་པ་


CMR022_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། འོ་དེས་རྨིའི་བཀའ་གཏད་ཀྱི་རིམ་པ་ལེགས་པར་ཐོབ་པ་ཡིན་པས། དེའི་དམ་ཚིག་ཏུ་བཀའ་སྲུང་འདི་ཉིད་འཇིག་རྟེན་གྱི་དྲེགས་པ་གདུག་པ་ཅན་ཡིན་ཡང་། དེང་ཕྱིན་དྲེ་དང་གདོན་དུ་བཟུང་མི་རུང་། ཕ་དང་ཁུ་བོ་དང་སྤུན་དང་ཤག་རོགས་དང་བྲན་མོ་སྙིང་ཉེ་བ་ལྟར་ཡིད་ལ་བྱ། མོ་རིགས་ཡིན་ནའང་མ་དང་སྲིང་མོ་དང་ཆུང་མ་དང་མཛའ་མོ་དང་བྲན་མོ་སྙིང་ཉེ་བའི་འདུ་ཤེས་བཞག །རྒྱུན་དུ་གཏོར་མ་སྔགས་བསྔོས་ཙམ་མ་ཆག་ན་རབ། དེ་ཙམ་མ་ལྕོགས་ནའང་དགུ་གཏོར་སོགས་དུས་སམ་སྐབས་སྐབས་སུ་མཆོད་བསྟོད་བྱ་ཞིང་། འདི་ཉིད་སྲུང་མར་བཟུང་ནས་སངས་རྒྱས་ཀྱི་བསྟན་པ་བསྲུང་སྙམ་པའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། དེ་ནས་གཏོར་མའི་ལྷ་ནམ་མཁར་བཏེགས་ནས་གསོ་བྲན་བྱ་སྟེ། སྐུལ་ཐུང་འདོན། ཕྱོགས་འགྲིགས་ན་དགྲ་ཕྱོགས་སུ་ཟོར་དུ་འཕངས། ཡང་ན་གཙང་སར་འབུལ་ལོ། །མ་ཕུལ་ན་དངོས་གྲུབ་ཏུ་རོལ་ཆོག །ཕྱི་རྒྱབ་ལ་མི་སྦྱིན། འདི་ནི་རང་གིས་ཐོབ་པའི་བཀའ་གསར་རྙིང་གཏེར་གསུམ་གྱི། བཀའ་སྲུང་གི་རིགས་འཇིག་རྟེན་པ་མཐའ་དག་དང་། སོ་མཚམས་པ་མཐའ་དག་ལ་རུང་ངོ་། །ཞིང་སྐྱོང་། ཏྲག་ཤད། བེག་རྩེ་སོགས་མགོན་པོའི་མིང་ཐོག །རེ་མ་ཏི། ཨེ་ཀ་ཙ་ཏི། སྤྱང་ཞོན་མ་སོགས་ལྷ་མོའི་མིང་


CMR022_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག །ཚེ་རིང་མ་སོགས་བརྟན་མའི་རིགས། ཨ་པར་ཙིཏྟ། ཚོགས་བདག་རེ་མན། ཀུ་བེ་ར་སོགས་ནོར་ལྷ་སོ་མཚམས་ལ་དབང་ཕྱུག་ཆེན་པོ། ནཱ་ག་རཀ་རཱ་ཧུ་ལ། བེ་ཀར་སོགས་སྡེ་བརྒྱད། ཐང་ལྷ། མཁའ་རི། མཁར་ནག །མི་མགོན་དཀར་པོ་སོགས་གཞི་བདག་ཡེ་ཤེས་པ། བཀའ་གཏད་རང་གིས་ཐོབ་ཚད་ལ་སྦྱར་རུང་ངེས་སོ། །མཁས་གྲུབ་ཆེན་པོ་ལུང་རིགས་ཉི་མའི་གསུང་གིས་དགོངས་འདུས་ཀྱི་དབང་རྒྱས་པ་ཐོབ་ནས། བརྟན་མ་བཅུ་གཉིས་ཀྱི་བཀའ་གཏད་ཡོད་པས་ཚ་བའི་བརྟན་མ་སོགས་བརྟན་མ་སོ་སོའི་བཀའ་གཏད་དུ། །གསུངས་པ་ལྟར་ན། བཀའ་བརྒྱད་ཀྱི་དབང་རྒྱས་པ་དང་། གུ་དྲག་གཏེར་ཁ་གོང་འོག་གང་རུང་གི་དྲེགས་པའི་སྲོག་དབང་ཀྱི་ཐོབ་ནས། དྲེགས་པ་སོ་སོའི་བཀའ་གཏད་བྱས་ཀྱང་དོན་ལ་འགལ་བ་མེད་པར་སྣང་ཞིང་། འབྲུག་པའི་མགོན་མང་གི་དབང་རྒྱས་པ་ཐོབ་ནའང་དེ་དང་འདྲ་སྟེ། དཔེར་ན་ཕྱག་བཞི་པའི་དབང་རྒྱས་པ་ཐོབ་ནས། བྱ་རོག་གདོང་། ཙནི་ཀ །ཞིང་སྐྱོང་རྐང་ཐང་སོགས་ཀྱི་བཀའ་གཏད་ཙམ་ཁོལ་དུ་བྱས་ཀྱང་འགལ་བར་མི་སྣང་སྟེ། བཀའ་ཞེས་པ་དབང་ནི་མ་ཡིན། འདི་འདོན་ཆོག་ཞེས་བཀའི་གནང་བ་བསྩལ་ཏེ། རྗེས་སུ་གནང་བའི་མིང་བཏགས་སམ། འདིའི་བྲན་གྱིས་ཞེས་བཀའ་བསྒོས་པ་ཙམ་ཡིན་ཏེ། དཔེར་ན་རི་སུལ་གྱི་རྣལ་འབྱོར་པས། གཉེན་ལོ་ཙ་བ་ལ་ཞལ་བཞི་པ་ལ་གནང་དུས། བྲམ་ཟེ་ཁྱོད་ཀྱིས་ལོ་ཙཱ་བ་འདིའི་ཁོལ་པོ་གྱིས་ཤིག །ཅེས་གསུངས་པས་ལོ་ཙཱ་གཅིག་པོ་དེ་ཞལ་བཞི་པའི་


CMR022_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་ཕྱག་དེ་ལས་ཀྱང་། ཕྱིས་བླ་མ་རྣམས་ཀྱིས་རྒྱས་པར་མཛད་པ་ལྟ་བུའོ། །ཞེས་བླ་མ་རྡོ་རྗེ་འཛིན་པ་ཀརྨ་ས་མུ་ཏྲས་གསུང་གིས་བསྐུལ་བར་བསྟེན། རིག་སྔགས་འཆང་བའི་རྣལ་འབྱོར་པ། ༧ རཱ་ག་ཨ་སྱས་ཇི་ལྟར་སྨྲས་པ་ལྟར། སྔགས་འཆང་རྣལ་འབྱོར་པ་ཚུལ་ཁྲིམས་ཡང་དག་གིས་ཡི་གེར་བཀོད་པ་ལ། ཉེས་འགལ་མཆིས་ན་དམ་ཅན་རྒྱ་མཚོའི་ཚོགས་ལ་བཤགས་ཤིང་། དགེ་བས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། དཀོན་མཆོག་གི་དབུ་འཕང་དགུང་ལས་མཐོ་བའི་རྒྱུར་གྱུར་ཅིག། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

མི་འཁྲུགས་པའི་མངོན་རྟོགས།


CMR022_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཁྲུགས་པའི་མངོན་རྟོགས་ནི། རང་ཉིད་བཅོམ་ལྡན་མི་འཁྲུགས་པ། །སྤྲུལ་སྐུའི་ཆ་ལུགས་མཚན་དཔེ་རྫོགས། །གླང་པོའི་ཁྲི་ལ་བཞུགས་པར་བསྒོམ། །ཐུགས་ཀར་ཟླ་སྟེང་ཧཱུྃ་མཐིང་མཐར། །གཟུངས་ཀྱིས་གཡས་སུ་བསྐོར་བ་ལས། །འོད་ཟེར་མཐིང་ཁ་རབ་འཕྲོས་པས། །ཚེ་འདས་ཐོགས་དྲངས་འགྲོ་ཀུན་གྱི། །ལས་ཀྱི་སྒྲིབ་པ་ཐམས་ཅད་ནི། །བ་མོར་ཉི་ཟེར་ཕོག་ལྟར་བསྒོམ། །ན་མོ་རཏྣ་ཏྲ་ཡ་ཡཱ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་ར་ཎི་མེ་སརྦ་ས་ཏྭཱ་ནཱཉྩ་སྭཱ་ཧཱ། ཨ་རཱ་གས་སྦྱར་བའོ།། །།


CMR022_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

བཅོམ་ལྡན་འདས་མི་འཁྲུགས་པའི་ཆོ་ག་བསྡུས་པ་མངོན་དགའི་ཞིང་བསྒྲོད།


CMR022_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་མི་འཁྲུགས་པའི་ཆོ་ག་བསྡུས་པ་མངོན་དགའི་ཞིང་བསྒྲོད་ཅེས་བྱ་བ་བཞུགས་སོ། །


CMR022_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཀོ་བྷ་ཡ། འདིར་མི་འཁྲུགས་པའི་ཆོ་ག་བདག་མདུན་བུམ་གསུམ་ཐབས་གཅིག་ཏུ་རྒྱུན་ཁྱེར་བདེ་བར་བཀོད་པ་ལ་རྒྱུད་སྡེ་བཞི་ཡི་ནང་ནས་སྤྱོད་པའི་རྒྱུད་དང་འབྲེལ་བ་སྟེ། ལུས་ཀྱི་བྱ་བ་ཁྲུས་དང་གཙང་སྦྲ་དང་སྨྱུང་གནས་ལ་གནས་ཤིང་ཡིད་ཀྱིས་བསྐྱེད་རྫོགས་ཏིང་ངེ་འཛིན་དང་ཟུང་དུ་འབྲེལ་བའི་ཕྱིར་ན་སྤྱོད་པའི་རྒྱུད་དུ་གྲགས་པ་འདི་ནི་སྟབས་བདེ་ཚིག་ཉུང་དོན་བསྡུས་སུ་བཀོད་པ་ལ། གནས་དབེན་པ་སྟེགས་བུའི་སྟེང་རབ་རྡུལ་ཚོན་འབྲིང་རས་བྲིས་ལ་འབྲུའི་ཚོམ་བུ་འདབ་བརྒྱད་དབུས་སུ་མཉྫིའི་སྟེང་དུ་བུམ་པ་བཟང་པོ་རྫས་ཅན་བཀོད། །མཐར་མཆོད་པ་བསྐོར་བཤམ། མདུན་དུ་མཆོད་གཏོར་ཟླུམ་པོ་དཀར་བྱུག་ཅན་བཤམ། རང་ཉིད་ཤ་ཆང་སྤང་ལ་ཁྲུས་དང་གཙང་སྤྲ་ལྡན་པས་སྟན་ལ་འཁོད། ཐོག་མར་སྐྱབས་སེམས་ནི།


CMR022_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་རྒྱལ་བ་མི་འཁྲུགས་པ། །བདག་དང་འགྲོ་རྣམས་སྐྱབས་སུ་མཆི། །འགྲོ་རྣམས་སྲིད་མཚོ་ལས་བསྒྲལ་ཕྱིར། །མི་འཁྲུགས་གོ་འཕང་འཐོབ་པར་བྱ། །ཤོ་ལོ་ཀ་ཚར་གསུམ་བདུན་སོགས་བསགས་ལ་དོན་ཡིད་ལ་བསྒོམ། དེ་ནས་ཆོ་ག་གཅིག་བདག་མདུན་དུས་གཅིག་བསྐྱེད་དེ། དེ་ལ་ཐོག་མར་མཆོད་པ་བྱིན་རླབས་ནི། སངས་རྒྱས་བྱང་སེམས་བྱིན་རླབས་དང་། །བདག་གིས་ལྷག་བསམ་སྨོན་ལམ་སྟོབས། །དཀྱིལ་འཁོར་མཆོད་པ་རྒྱ་ཆེན་པོ། །ཀུན་བཟང་མཆོད་སྤྲིན་འབྱུང་གྱུར་ཅིག །ན་མསརྦ་བུདྡྷ་བོ་དྷི་སཏྭཱ་ནཾ། སརྦ་ཐ་ཁཾ་ཨུཏྟ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱ། སྔགས་


CMR022_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་གྱིས་བྱིན་བརླབས། དེ་ནས་ཆོ་ག་དངོས་ནི། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཆོས་ཀུན་གདོད་ནས་སྟོང་པ་ཉིད། །དེ་ཡི་ངང་ལས་སྐད་ཅིག་ག་གིས། །བྷོ་ལས་གཞལ་ཡས་མཚན་ཉིད་རྫོགས། །སྒོ་བཞིར་ཐེམ་སྐས་ལྡན་པ་ཡི། །ཕྱི་ཁྱམས་མཚོ་རྫིང་ཆུ་བྱ་དང་། །བུམ་བཟང་ལྗོན་ཤིང་མེ་ཏོག་བཀྲ། །རྡོ་རྭ་འོད་ཟེར་ཕྲེང་བས་བསྐོར། །དེ་དབུས་པདྨ་ཟླ་བའི་སྟེང་། །རང་ལྷའི་ས་བོན་ཡི་གེ་ཧཱུཾ། །སྔོན་པོ་འོད་ཟེར་འབར་བ་གསལ། །དེ་ལས་འོད་འཕྲོས་སེམས་ཅན་ཁམས། །སྦྱངས་ཏེ་མི་འཁྲུགས་པར་བྱས་ཏེ། །འཕགས་པ་རྣམས་ཀྱང་བཅོམ་ལྡན་འདས། །མི་འཁྲུགས་རྣམ་པར་སྤྱན་དྲངས་པ། །ཀུན་ཀྱང་འོད་ཟེར་གྱིས་བསྡུས་ཏེ། །ས་བོན་དང་ནི་ཕྱག་རྒྱར་ཐིམ། །ཨོཾ་སརྦ་ཏ་ཐཱ་ག་ཏོཏྦྷ་ཝ་སྭཱ་ཧཱ། དེ་དག་ཡོངས་སུ་གྱུར་པ་ལས། །བདག་མདུན་བུམ་ནང་སྐད་ཅིག་གིས། །བཅོམ་ལྡན་རྒྱལ་བ་མི་འཁྲུགས་པ། །སྐུ་མདོག་སྔོན་པོ་མཚན་དཔེ་ལྡན། །ཕྱག་གཉིས་གཡས་པས་ས་གནོན་དང་། །གཡོན་པས་མཉམ་གཞག་རྡོ་རྗེ་འཛིན། །ན་བཟའ་ཆོས་གོས་གསུམ་མནབས་ཤིང་། །འོད་དང་འོད་ཟེར་འཕྲོ་བ་ཅན། །གླང་ཆེན་གྱིས་


CMR022_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བཏེག་རིན་ཆེན་ཁྲིར། །པདྨ་ཟླ་བའི་གདན་སྟེང་དུ་། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །མདུན་བསྐྱེད་བུམ་བསྐྱེད་གཙོ་བོ་ཡི། །མཐའ་བསྐོར་པདྨ་འདབ་བརྒྱད་སྟེང་། །བཀྲ་ཤིས་མཆོད་པའི་ལྷ་མོ་བརྒྱད། །ཤར་ནས་རིམ་བཞིན་དཔལ་བེའུ་སོགས། །འཛིན་པ་ཁ་དོག་སྣ་ཚོགས་པ། །དར་དང་རིན་ཆེན་རྒྱན་ལྡན་གསལ། །གཙོ་བོའི་ཐུགས་ཀར་པད་ཟླའི་སྟེང་། །ཧཱུྃ་གི་འོད་ཟེར་གྱིས་བསྐུལ་བའི། །སངས་རྒྱས་ནམ་མཁའི་ཁམས་གང་བས། །མངོན་པར་དབང་བསྐུར་གནས་གསུམ་དུ། །ཟླ་བའི་དཀྱིལ་འཁོར་ལ་གནས་པའི། །ཨོཾ་ཨཱཿཧཱུྃ་གི་ཡི་གེ་ཡིས། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། །སླར་ཡང་ཐུགས་ཀའི་ཧཱུཾ་འོད་ཀྱིས། །མངོན་དགའི་ཞིང་ནས་མི་འཁྲུགས་པ། །མདུན་གྱི་ནམ་མཁར་སྤྱན་དྲངས་ལ། །སྣ་ཚོགས་མཆོད་སྤྲིན་རྒྱ་མཚོས་མཆོད། །ཅེས་ཉེར་སྤྱོད་ལྔ་པོའི་ཕྱག་རྒྱ་དང་བཅས་པས། ཨོཾ་བཛྲ་པུཥྛ་ཨཱཿཧཱུྃ། དེ་བཞིན་དུ། དྷཱུ་པེ། དཱི་པེ། གནྡྷེ། ནེ་ཝི་ཏྱ། ཨོཾ་སརྦ་བི་ཤིཥྛ་པཱུ་ཛ་མེ་གྷ་པྲ་ས་ར་ས་མུ་དྲེ་ཨཱཿཧཱུཾ། ཛཿཧཱུྃ་བཾ་ཧོཿདམ་ཚིག་པར། །དགུག་གཞུག་བཅིངས་དང་མཉེས་གྱུར་པའི། །


CMR022_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་པད་ཟླའི་ཧཱུྃ་ལས་ནི། །དབུས་སུ་ཡེ་ཤེས་མི་འཁྲུགས་པ། །རང་འདྲའི་ཕྱོགས་བཞིར་སངས་རྒྱས་བཞི། །རྣམ་སྣང་རིན་འབྱུང་འོད་དཔག་མེད། །དོན་གྲུབ་དཀར་སེར་དམར་དང་ལྗང་། །མཆོག་གི་སྤྲུལ་སྐུའི་རྣམ་པ་ཅན། །ཕྱག་གཉིས་རིམ་པ་ཇི་བཞིན་དུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་། །མཆོག་སྦྱིན་མཉམ་གཞག་ཏིང་འཛིན་ཚུལ། །སྐྱབས་སྦྱིན་མཉམ་གཞག་ཞབས་ཟུང་ནི། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི། །གཙོ་བོའི་ཐུགས་ཀར་པད་ཟླ་ལ། །ཏིང་འཛིན་སེམས་དཔའ་ཧཱུྃ་གི་མཐར། །བཟླ་བྱའི་སྔགས་ཀྱིས་བསྐོར་བར་གྱུར། །དེ་ལྟར་རང་ཉིད་ལྷར་གསལ་བའི། །ཐུགས་ཀའི་ཧཱུྃ་འོད་ལས་སྤྲུལ་པའི། །མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད། །ཨོཾ་བཛྲ་པུཥྛ་ཨཱཿཋཱཧཱུྃ། དེ་བཞིན་དུ། དྷུ་པེ། དཱི་པེ། གནྡྷེ། ནེ་ཝི་ཏྱ། ཨོཾ་སརྦ་བི་ཤིཥྛ་པཱུ་ཛ་མེ་གྷ་པྲ་ས་ར་ས་མུ་དྲེ་ཨཱཿཧཱུྃ། མཆོད་ཅིང་། སྟོབས་ལྡན་རྡོ་རྗེ་གླང་པོའི་ཁྲིར། །མེ་ལོང་ཡེ་ཤེས་ཐུགས་རྡོ་རྗེ། །སྔོན་པོ་རྡོ་རྗེ་བདུད་འདུལ་རྒྱུ། །ཕྱག་འཚལ་རྡོ་རྗེ་མི་འཁྲུགས་ལའོ། །ཞེས་བསྟོད་ནས། གཞི་ནི་སངས་རྒྱས་ཐུགས་ཀ་རུ། །སེམས་ནི་ཟླ་བའི་དཀྱིལ་འཁོར་ལ། །སྒྲ་ནི་


CMR022_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ཕྲེང་བ་རྣམས། །མེ་ལོང་ནང་གི་གཟུགས་བཞིན་གསལ། །ན་མོ་བྷ་ག་ཝ་ཏེ་ཨཀྵ་བྷ་ཡ་ཏ་ཐཱ་ག་ཏ་ཡཱདྷ་ཏེ་སམྱཀཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་ར་ཎི་མེ་སརྦ་སཏྭཱ་ནཱཉྩ་སྭཱ་ཧཱ། བདག་མདུན་ལ་དམིགས་པའི་བཟླས་པ་ཅི་༧འགྲུབ་མཐར། བཟླས་བརྗོད་ཀྱིས་ནི་དགེ་བ་གང་། །འགྲོ་ཀུན་བྱང་ཆུབ་ཆེ་ཐོབ་པའི། །མཆོག་གི་དངོས་གྲུབ་རྒྱུ་རུ་ནི། །བཅོམ་ལྡན་འདས་ལ་དབུལ་བར་བགྱི། །ཞེས་སོགས་ཀྱིས་དགེ་བ་བཅོམ་ལྡན་འདས་ལ་ཕུལ། དེ་ནས་མཆོད་པ་བྱིན་རླབས་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་གྱིས་བརླབས་པའི་སྟོབས་དང་། བདག་གི་བསོད་ནམས་དང་སྨོན་ལམ་གྱི་སྟོབས་དང་། རིག་སྔགས་ཀྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྣམས་ལ་མཆོག་ཏུ་རྒྱ་ཆེན་པོ་བྱང་ཆུབ་སེམས་དཔའ་ཀུན་ཏུ་གླུ་བཟང་པོའི་སྤྱོད་པ་ལས་མངོན་པར་མཐོ་བའི་མཆོད་པའི་སྤྲིན་ཆེན་པོ་རབ་ཏུ་འཕྲོ་བར་གྱུར་ཅིག །ཅེས་དང་། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། སརྦ་ཐཱ་ཁཾ་ཨུཏྤ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་


CMR022_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཁཾ་ས་མ་སྭཱ་ཧཱ༔ ཞེས་པའི་སྔགས་ལན་གསུམ་གྱིས་མཆོད་རྫས་རྣམས་བྱིན་གྱིས་བརླབས་ཏེ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །བདག་གིས་གུས་པས་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་རྣམས་མཆོད། །ན་མཿསརྦ་ཏ་ཐཱ་ག་ཏ་ཨབྷཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། །དྲི་མཆོག ཞལ་ཟས། སྒྲ་སྙན། ཞེས་དང་། ཨགྷཾ་གྱི་གནས་སུ། པཱ་ཏྱཾ། པུཤྲཱི། དྷུ་པེ། ཨཱ་ལོ་ཀེ །གནྡྷེ། ནེ་ཝི་ཏྱ། ཤཔྟ། །ཞེས་བཅུག་ལ་སོ་སོའི་ཕྱག་རྒྱ་དང་བཅས་པས་མཆོད་ཅིང་། རྒྱལ་བ་ཟླ་བ་དྲི་མ་མེད་པའི་སྐུ། །རྒྱལ་བ་ཉི་མ་འོད་ཟེར་སྟོང་གི་འོད། །རྒྱལ་བ་པདྨ་དྲི་མ་མེད་པའི་སྤྱན། །རྒྱལ་བ་མེ་ཏོག་པད་རྩ་རྡུལ་མེད་ཚེམསཾ། །རྒྱལ་བའི་ཡོན་ཏན་རྒྱ་མཚོ་ལྟ་བུ་སྟེ། །རིན་པོ་ཆེ་ནི་དུ་མའི་འབྱུང་གནས་གྱུར། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཆུ་ཡིས་གང་། །ཏིང་འཛིན་བརྒྱ་ཕྲག་སྟོང་གིས་ཀུན་ཏུ་གང་། །རྒྱལ་བའི་ཞབས་ནི་འཁོར་ལོ་བྲིས་པ་སྟེ། །འཁོར་ཡུག་མུ་ཁྱུད་དེ་བཞིན་རྩིབས་མ་སྟོང་། །ཕྱག་དང་ཞབས་ནི་དྲྭ་བས་སྨྲས་པ་སྟེ། །ཞབས་ཀྱི་དྲྭ་བ་ངང་


CMR022_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་པོ་བཞིན། །གསེར་གྱི་རི་བོ་ལྟ་བུར་རབ་ཏུ་གདལ། །རྒྱལ་བ་དྲི་མེད་གསེར་གྱི་རི་དབང་པོ། །ཡོན་ཏན་ཐམས་ཅད་རི་དབང་འདྲ་བ་སྟེ། །སངས་རྒྱས་རི་དབང་རྒྱལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་བ་ཆུ་ཟླ་འདྲ། །ནམ་མཁའ་དང་ཡང་མཚུངས་ཤིང་འདྲ་བ་སྟེ། །།སྒྱུ་མ་སྨིག་སྒྱུ་ལྟ་བུར་ཆགས་པ་མེད། །རྒྱལ་་བ་དྲི་མ་མེད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས། །གཏོར་མའི་སྟེང་དུ་ཨ་ལས་ཟླ་དཀྱིལ་དབུས། །ཧཱུྃ་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོས་པས། །གཏོར་མར་ཐིམ་པས་་གཏོར་མ་ཡེ་ཤེས་ཀྱི། །བདུད་རྩི་རྒྱ་མཚོ་ཟད་མི་ཤེས་པར་གྱུར། །པར་བསམས། ཨོཾ་ཨཱཿཿཧཱུྃ། ལན་གསུམ་བརྗོད་པས་བྱིན་གྱིས་བརླབས། དེ་ཉིད་བཅོམ་ལྡན་ལྗགས་རྩེའི་འོད་ཟེར་གྱི། །སྦུ་གུས་དྲངས་ཏེ་གསོལ་བས་མཉེས་པར་གྱུར། །པར་བསམ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨཱཿ་དྱ་ནུརླན་ཏཏ་ཨོཾ་ཨཱཿཿཧཱུཾ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་ཕུལ་ཏེ། བདག་དང་སེམས་ཅན་ཐམས་ཅད་ཀྱི། །ལས་སྒྲིབ་མ་ལུས་བྱང་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མྱུར་དུ་ཐོབ་པར་མཛད་དུ་གསོལ། །ཞེས་འདོད་པའི་དོན་ལ་གསོལ་བ་གདབ། དེ་ནས་


CMR022_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ཐག་བཟུང་སྟེ་བུམ་པ་ལ་དམིགས་ཏེ། རང་གི་ཐུགས་ཀའི་སྔགས་ཕྲེང་ལས། །བདུད་རྩི་འོད་ཀྱི་རྣམ་པ་ཅན། །གཟུངས་ཐག་བརྒྱུད་སོང་མི་བསྐྱོད་པར། །ཕོག་པས་སྐུ་ཡི་གནས་རྣམས་ནས། །ལས་སྒྲིབ་སྦྱོང་བྱེད་བདུད་རྩིའི་རྒྱུན། །ཤིང་རྟའི་འཕང་ལོ་ཙམ་བབས་པས། །བུམ་པ་བདུད་རྩིས་གང་བར་གྱུར། །པར་བསམས་ལ། བཟླས་བརྗོད་བརྒྱ་རྩ་བརྒྱད་སོགས་བྱས་པའི་མཐར། ཨོཾ་བཛྲ་པུཥྛ་ཨཱཿཧཱུྃ། དེ་བཞིན་དུ། དྷུ་པེ། དཱི་པེ། གནྡྷེ། ནེ་ཝི་དྱེ། བར་ཉེར་སྤྱོད་ལྔས་མཆོད་ནས། ཨོཾ་བཛྲ་ཨུ་ད་ཀ་ཧཱུྃ། ཞེས་དུང་ཆོས་ཀྱི་ཆུ་བུམ་པར་ཕུལ་ལོ། །གྲངས་བསགས་དགོས་ཚེ་འདིའི་ཡན་གྲངས་བསགས་དགོས། མཐར་བདག་འཇུག་བསྡུས་པ་ནི། རང་བདག་བསྐྱེད་ཀྱི་ཐུགས་ཀ་ནས་ཐ་མལ་གྱི་ལུས་སུ་ཐོན་ཏེ་མདུན་བསྐྱེད་ཤར་སྒོའི་འགྲམ་དུ་འཁོད་པའི་དཀྱིལ་འཁོར་གྱི་གཙོ་བོ་ལ་དབང་ཞུ་བར་སྒོམས་ལ། ཨོཾ་ཨ་མྲྀ་ཏས་ཆབ་བླང་། ས་གཞི་སྤོས་ཆུས་སོགས་མཎྜལ་ཕུལ། དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་མི་འཁྲུགས་པའི་ཕྱག་ན་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པས་དབང་བསྐུར་བས་ལུས་ཐམས་ཅད་བདུད་རྩིས་གང་བར་གྱུར། འདི་ནི་ཕྱིན་དྲུག་རང་བཞིན་ཆུ། །ཉོན་དྲུག་དྲི་མ་སྦྱོང་བྱེད་པ། །ཕྱིན་དྲུག་ཆུ་ཡིས་རྗེས་དགོངས་ལ། །ཁྲུས་


CMR022_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་མཛད་ཅིང་དབང་བསྐུར་རོ། །གཟུངས་རིང་བརྗོད་ཅིང་མགོར་བཀོད། བུམ་ཆུ་བཏུང་ཁྲུས་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏོཏྟཱ་ཝ་ཨ་བྷི་ཥིཉྩ་ཧཱུྃ། དམ་ཚིག་གི་ཕྱག་རྒྱ་སྤྱི་བོར་བཞག །གཙོ་བོས་ཇི་ལྟར་སོགས། །མཎྜལ་ཕུལ་ནས། དེང་ནས་བརྩམས་ཏེ་བདག་བྲན་དུ། སོགས་སླར་བདག་བསྐྱེད་གཙོ་བོའི་ཐུགས་ཀར་བཞུགས་པའི་དབྱེར་མེད་དུ་མོས་པས། རྗེས་ཆོག་ནི། ཐུགས་ཀའི་ཧཱུཾ་འོད་ལས་སྤྲུལ་པའི། །མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད། །ཨོཾ་བཛྲ་པུཊྚེ་ཨཱཿཿཧཱུྃ། དེ་བཞིན་དུ། དྷུ་པེ། དཱི་པེ། །གནྡྷེ། ནེ་ཝི་བྱ། སྟོབས་ལྡན་རྡོ་རྗེ་གླང་པོའི་ཁྲིར། །མེ་ལོང་ཡེ་ཤེས་ཐུགས་རྡོ་རྗེ། །སྔོན་པོ་རྡོ་རྗེ་བདུད་འདུལ་རྒྱུ། །ཕྱག་འཚལ་རྡོ་རྗེ་མི་འཁྲུགས་ལའོ། །ཞེས་བསྟོད་ནས། །བཅོམ་ལྡན་ཆོ་གའི་བྱ་བ་ལ། །མ་ཚང་བ་དང་ལྷག་པ་དང་། །འགལ་ཞིང་འཁྲུལ་པ་ཅི་མཆིས་པ། །ཀུན་ནས་བཟོད་པར་མཛད་དུ་གསོལ། །ཨོཾ་བཛྲ་སཏཱ་ས་མ་ཡ་སོགས་ཡི་གེ་བརྒྱ་པས་ནོངས་པ་བཤགས། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །།སངས་རྒྱས་ཞིང་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་ཨཱཿཿཧཱུྃ་མུཿ བདག་བསྐྱེད་བསྡུ་རིམ་ནི།


CMR022_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དང་བཟླ་བ་སངས་རྒྱས་སྐུ། །རིམ་བཞིན་བསྡུས་ཏེ་མི་དམིགས་གྱུར། །ཨ་ཨཱཿ༔ སླར་ཡང་ལྷར་གསལ་གནས་གསུམ་དུ། །ཨོཾ་ཨཱཿཿཧཱུྃ་གིས་རྒྱས་བཏབ་པས། །བར་ཆད་བགེགས་རྣམས་བསྲུང་བ་ཡི། །རྡོ་རྗེ་གསུམ་དུ་འགྲུབ་པར་གྱུར། །དགེ་བ་འདི་ཡིས་མྱུར་དུ་བདག །མི་འཁྲུགས་རྒྱལ་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བསྔོ་བ་བྱ། དེ་ནས་སྨོན་ལམག་དབ་པ་ནི། མངོན་དགའི་ཞིང་ན་བྱང་ཆུབ་ཤིང་དབང་དྲུང་། །མི་འཁྲུགས་རྒྱལ་བ་དཔལ་གྱི་ལྷམ་མེར་བཞུགས། །ཉན་ཐོས་བྱང་ཆུབ་སེམས་དཔའི་འཁོར་བཅས་ལ། །ལུས་དང་ངག་ཡིད་དང་བས་གུས་ཕྱག་འཚལ། །དངོས་འབྱོར་ཡིད་སྤྲུལ་བདག་པོས་མ་བཟུང་བའི། །ལྷ་མིའི་དཔལ་འབྱོར་བདེ་བའི་ཡོད་བྱད་ཀྱི། །མཆོད་པའི་སྤྲིན་གྱིས་ནམ་མཁའི་གང་བྱས་ཏེ། །བདེ་བར་གཤེགས་པ་སྲས་དང་བཅས་རྣམས་མཆོད། །ཐོག་མེད་དུས་ནས་དུག་གསུམ་གྱིས་བསགས་པའི། །སྲིད་དང་ངན་འགྲོའི་རྒྱུར་གྱུར་མི་དགེའི་ལས། །གང་བསགས་འགྱོད་པས་སོ་སོར་བཤགས་ནས་ནི། །སླན་ཆད་མི་བགྱིའི་སྡོམ་ལ་གནས་པར་


CMR022_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི། །འཕགས་སྐྱེས་དགེ་ཚོགས་ཀུན་ལ་ཡི་རང་ཞིང་། །རྒྱལ་རྣམས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །དེ་ལྟའི་དགེ་བ་བྱང་ཆུབ་ཕྱིར་བསྔོ་བས། །གང་སྔོན་འདས་པའི་སངས་རྒྱས་སྤྱན་ཆེན་པོར། །མི་འཁྲུགས་རྒྱལ་བས་བྱང་ཆུབ་ཐུགས་བསྐྱེད་དེ། །ནམ་ཡང་ཁྲོ་དང་གནོད་སེམས་མི་འབྱུང་སོགས། །སྨོན་ལམ་བརྒྱད་བཏབ་བདག་གིས་འགྲུབ་གྱུར་ཅིག །གཞན་ཡང་དམ་བཅའ་ཇི་བཞིན་བགྱིད་པ་དང་། །གོམ་རེ་བཞིན་ཡང་སངས་རྒྱས་ཡིད་བྱེད་དང་། །ཚེ་རབས་ཀུན་ཏུ་ཁྱིམ་ནས་འབྱུང་སོགས་ཀྱི། །སྒྲུབ་པའི་སྨོན་ལམ་བཅོ་བརྒྱད་འགྲུབ་གྱུར་ཅིག །དེ་བཞིན་འཁོར་བཞི་་་དགེ་སློང་ཕ་མ་གཉིས་དགེ་བསྙེན་ཕ་མ་གཉིས། མཆན། ཉེས་ལྟུང་མི་གླེང་དང་། །འཚང་རྒྱའི་ཞིང་དུ་ལྟུང་བའི་སྒྲ་ཙམ་ཡང་། །མི་གྲག་དག་ཅིང་ཡོན་ཏན་ལྡན་པ་སོགས། །ནན་ཏན་སྨོན་ལམ་བདུན་པོ་འགྲུབ་གྱུར་ཅིག །ཇི་ལྟར་མི་འཁྲུགས་སྤྱད་ལྷ་པར་སྤྱོད་ཆེ་བཞིན། །སངས་རྒྱས་ཞིང་ནས་སངས་རྒྱས་ཞིང་འགྲོ་ཞིང་། །དེ་བཞིན་གཤེགས་རྣམས་མཉེས་པར་བྱེད་པ་ལས། །སྐད་ཅིག་ཙམ་ཡང་ཐུགས་དབྱུང་མི་བགྱིད་


CMR022_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཚེ་རབས་ཀུན་ཏུ་ཚངས་པར་སྤྱོད་པ་དང་། །ཕ་རོལ་ཕྱིན་པའི་ཆོས་ཉིད་ལས་བརྩམས་ཏེ། །སྟོན་ཅིང་དེ་ཚེ་བདག་གི་ལུས་དང་སེམས། །ངལ་དང་དུབ་པ་ཅུང་ཟད་མེད་པར་ཤོག །ཆོས་སྦྱིན་དེ་ཡི་དགེ་ཚོགས་ཇི་སྙེད་པས། །རང་གི་སངས་རྒྱས་ཞིང་དེར་བྱང་སེམས་རྣམས། །ཚེ་རབས་རྗེས་ཀྱང་དམ་ཆོས་མི་བརྗེད་ཅིང་། །གང་དུ་སྨོན་པའི་ཞིང་དེར་སྐྱེ་བར་ཤོག །དེ་དག་རྫོགས་པའི་སངས་རྒྱས་རྣམས་དང་ནི། །རྟག་ཏུ་མི་འབྲལ་གུས་པས་རབ་བསྙེན་ཅིང་། །བདུད་དང་བདུད་ཀྱི་རིགས་ཀྱི་ལྷ་དག་གིས། །ཐམས་ཅད་དུ་ཡང་གླགས་རྙེད་མ་གྱུར་ཅིག །ཇི་ལྟར་རང་ཉིད་དམ་ཆོས་འདོད་པ་ལྟར། །སེམས་ཅན་དེ་དག་ཆོས་འདོད་གྱུར་པ་ལ། །དེ་དག་དེ་ལྟའི་ཡོན་ཏན་མ་རྫོགས་པར། །བདག་ཉིད་བྱང་ཆུབ་སྤྱད་པ་སྤྱོད་པར་ཤོག །བདག་ནི་འདི་ནས་ཤི་འཕོས་གྱུར་པའི་འོག །མངོན་པར་དགའ་བ་དག་པའི་ཞིང་ཁམས་སུ། །བཅོམ་ལྡན་མི་འཁྲུགས་རྒྱལ་བའི་དྲུང་སྐྱེས་ཏེ། །བྱང་ཆུབ་ལམ་གྱི་སྒྲུབ་པས་མཉེས་བྱེད་ཤོག །རྒྱལ་སྲས་སྤོས་ཀྱི་གླང་པོ་ལ་སོགས་པའི། །ཞིང་དེའི་བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱི། །ཡོན་ཏན་ཇི་སྙེད་


CMR022_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལའང་ལྡན་གྱུར་ཅིག །སངས་རྒྱས་རྣམས་ཀྱིས་རྟག་ཏུ་བསྔགས་མཛད་ཤོག །ཇི་ལྟར་རྒྱལ་སྲས་དེ་དག་བཅོམ་ལྡན་དེས། །བྱང་ཆུབ་ཆེན་པོར་མངོན་སུམ་ལུང་བསྟན་བཞིན། །བདག་ཀྱང་ཕྱིར་མི་ལྡོག་པའི་ས་ཐོབ་སྟེ། །བྱང་ཆུབ་མཆོག་ཏུ་ལུང་བསྟན་ཐོབ་པར་ཤོག །རྒྱལ་བ་དེ་ཡི་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བྱས་ཏེ། །ཚོགས་གཉིས་རྒྱ་མཚོ་ཡོངས་སུ་རྫོགས་པ་དང་། །སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱེད་ཤོག །མདོར་ན་མི་འཁྲུགས་རྒྱལ་བའི་ཐུགས་བསྐྱེད་དང་། །སྤྱོད་པ་སྨོན་ལམ་ཇི་བཞིན་བདག་སྤྱོད་ཅིང་། །མངོན་དགའི་ཞིང་མཚུངས་དག་པའི་འཇིག་རྟེན་དུ། །བཅོམ་ལྡན་དེ་འདྲའི་གོ་འཕང་མངོན་བྱེད་ཤོག །ཅེས་སྨོན་ལམ་བཏབ་ལ། །དེ་ལྟར་ལས་སྒྲིབ་སྦྱོང་བའི་ཆོ་ག་མངོན་དགའི་ཞིང་རྒྱན་བསྡུས་ཏེ་ཁྱེར་བདེ་བར་བཀོད་པ། དད་ལྡན་པ་ཀརྨ་འགྲོ་དོན་ནས་ཡང་ཡང་བསྐུལ་བ་ལ་བརྟེན་ནས་རང་གཞན་ལ་ཕན་པའི་བསམ་པས། ༧ ཆགས་སྤྲུལ་ལྔ་པ་གསང་སྔགས་བསྟན་བྱ་འཛིན་གྱིས་བྲིས་པ་རང་གཞན་གྱི་ལས་སྒྲིབ་མྱུར་དུ་བྱུང་ནས་བཅོམ་ལྡན་འདས་མི་འཁྲུགས་པའི་གོ་འཕང་ཐོབ་པར་གྱུར་ཅིག།


CMR022_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

ལོ་རྒྱུས་མངོན་དགའི་རོལ་མོ།


CMR022_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་རྒྱུས་མངོན་དགའི་རོལ་མོ་བཞུགས་སོ།།


CMR022_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨ་བྷ་ཡ་ནཱ་ཐཱ་ཡ། མཐོན་ཀ་ཆེན་པོའི་འོད་ཀྱི་དཀྱིལ་འཁོར་ནི། །དྭངས་བའི་ཡིད་མཚོར་དྲན་པའི་སྐད་ཅིག་ལ། །སྒྲིབ་གཉིས་རྙོག་པ་མཐར་བྱེད་ཆུ་དྭངས་སྐུ། །རྒྱལ་བ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །དེ་ཡི་དབང་བཤད་ཅུང་ཟད་འདིར་དགོད་བྱ།། ༈ འོ་ན་ད་ལམ་ཁྱེད་རྣམས་ལ་རྒྱལ་བ་མི་འཁྲུགས་པའི་དབང་བསྐུར་བའི་ཐོག་མར་ལོ་རྒྱུས་མདོ་ཙམ་ཞུ་ན། འདི་ནས་ཤར་ཕྱོགས་ཀྱི་ཞིང་ཁམས་སྟོང་འདས་པའི་ཕ་རོལ་ན་མངོན་པར་དགའ་བའི་ཞིང་ཁམས་ས་གཞི་ཐམས་ཅད་གསེར་ལས་གྲུབ་ཅིང་ལག་མཐིལ་ལྟར་མཉམ་པ་པཉྩ་ལི་ཀ་ལྟར་རེག་ན་


CMR022_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་པ་ལ་རིན་པོ་ཆེ་དང་མེ་ཏོག་སྣ་ཚོགས་ཀྱིས་བཀྲམ་པ་ངན་སོང་གསུམ་དང་གནོད་འཚེ་མེད་ཅིང་སྤོས་ཀྱི་ངད་ལྡང་བ་བདུད་དང་འཐབ་རྩོད་མེད་ཅིང་རིན་པོ་ཆེ་སྣ་བདུན་གྱི་ཁང་བརྩེགས་དང་། མལ་ཆ་རྣམས་རང་བྱུང་དུ་གྲུབ་པ་ཡིན་ལག་བརྒྱད་དང་ལྡན་པའི་རྫིང་བུ་དང་རིན་པོ་ཆེའི་སྣོད་ཁ་ཟས་རོ་བརྒྱ་པ་རྣམས་བསམ་པ་ཙམ་ནས་འབྱུང་བ་རིན་པོ་ཆེའི་རྒྱན་དང་གོས་སྣ་ཚོགས་དཔག་བསམ་གྱི་ཤིང་ལས་བྱུང་བ་སེམས་ཅན་རྣམས་རྒས་པ་དང་། ན་བ་དང་དུས་མིན་དུ་འཆི་བ་མེད་ཅིང་ཉོན་མོངས་པ་ཆུང་བ་རྗེ་བོ་དང་བྲན་དང་འཁོར་ངན་པ་མེད་ཅིང་མུ་གེ་ཅན་ནམ་


CMR022_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲེས་སྐོམ་དང་བཤང་གཅི་མི་གཙང་བ་མེད་པ། ཚ་གྲང་དང་མྱ་ངན་སྡུག་བསྔལ་ཐམས་ཅད་མེད་ཅིང་བུད་མེད་ཐམས་ཅད་ཀྱང་དགའ་ལྡན་ལྷའི་བུ་མོ་ལྟ་བུའི་ཡོན་ཏན་དང་ལྡན་པ་བལྟས་པ་ཙམ་ནས་ཉོན་མོངས་པ་བྲལ་ཞིང་ཞག་བདུན་ནས་གནོད་པ་མེད་པར་བཙའ་བ་ལ་སོགས་པ་ཡོན་ཏན་བརྗོད་པར་མི་ནུས་པའི་ཞིང་དེའི་དབུས་སུ་བྱང་ཆུབ་ཤིང་གི་དྲུང་ན་བཅོམ་ལྡན་འདས་མི་འཁྲུགས་པ་དེ་མངོན་པར་སངས་རྒྱས་ནས་ད་ལྟ་ཡང་བཞུགས་ཏེ་མི་མཇེད་འདི་ཡི་བསྐལ་པ་གཅིག་ནི་བདེ་བ་ཅན་གྱི་ཞག་གཅིག་བདེ་བ་ཅན་གྱི་བསྐལ་པ་གཅིག་ནི་མངོན་པར་དགའ་བའི་ཞག་གཅིག་ཏུ་བརྩི་བའི་སྐུ་ཚེའི་ཚད་ནི་བསྐལ་པ་ཆེན་པོ་ཁྲི་དང་དམ་པའི་ཆོས་བསྐལ་པ་སྟོང་དུ་གནས་པར་གསུངས་ལ་འཁོར་དགེ་འདུན་གྲངས་མེད་པ་ལ་ད་ལྟ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བཞུགས་པ་བཅོམ་ལྡན་འདས་མི་འཁྲུགས་པ་འདི་ཡི་མཚན་དང་གཟུངས་སྔགས་དབང་བསྐུར་ལ་སོགས་ཀྱི་སྒོ་ནས་འགྲོ་བའི་དོན་བྱ་བའི་ཕྱིར་འོ་སྐོལ་གྱི་སྟོན་པ་ཤཱཀྱ་ཐུབ་པས་མི་འཁྲུགས་པའི་ཞིང་བཀོད་ཀྱི་མདོ་དང་། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་རྒྱུད་ཆེན་པོ་དང་འོག་མིན་དུ་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་མི་འཁྲུགས་པ་སྤྲུལ་


CMR022_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ལས་སྒྲིབ་རྒྱུན་གཅོད་པ་རྡོ་རྗེ་སེམས་དཔའི་རྟོགས་པ་ཆུང་ངུ་། སྟོན་པས་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་གཟུངས་རྣམས་གསུངས་ཤིང་སྙིང་རྗེ་པད་དཀར་དང་ངན་སོང་སྦྱོང་རྒྱུད་རྣམས་ལས་ཀྱང་མི་འཁྲུགས་པ་འདི་གསལ་བར་གསུངས་སོ། །དེ་ལ་རྒྱུད་ཕལ་ཆེར་ལྕང་ལོ་ཅན་དང་མཁའ་འགྲོའི་གནས་རྣམས་སུ་བཞུགས་པ་ལས་ཟ་ཧོར་གྱི་རྒྱལ་པོ་ཛ་ཡི་ཁང་ཐོག་ཏུ་གླེགས་བམ་གྱི་ཆར་བབས་པའི་ནང་དུ་འདི་ཡི་རྒྱུད་དང་གཟུངས་རྣམས་བྱུང་བ་ཕྱག་ན་རྡོ་རྗེས་རྒྱལ་པོ་དེ་ལ་བཤད་པ་ཡིན་ལ་དེ་ནས་ཨོ་རྒྱན་གྱི་རྒྱལ་པོ་དཔའ་བོ་རྡོ་རྗེའི་འདི་ཡིས་ཁྲུས་ཆོག་མཛད། དེས་ཨཱཿརྱ་དེ་ཝ་ཟླ་བ་གྲགས་པ་སློབ་པའི་རྡོ་རྗེ་ཉི་མ་སྦས་པ་པཎྜི་ཏ་སྨིཾ་ཏི། ཇོ་བོ་ཨ་ཏི་ཤའི་བར་དུ་བརྒྱུད་ཇོ་བོའི་སྒྲུབ་ཐབས་དཀྱིལ་ཆོག་བདུན་ཚིག་སོགས་རྒྱ་ཆེར་མཛད། དེ་ནས་རིམ་པར་བརྒྱུད་ནས་རྒྱལ་བ་འབྲོམ་ཉིད་ཀྱི་སྤྲུལ་པར་གྲགས་པའི་མིང་ཅན་བདུན་བརྒྱུད་འབྱུང་བར་ལུང་བསྟན་པའི་རྒྱལ་ཚབ་གྲགས་པ་བྦེ་དོན་གྲུབ་ཀྱིས། འདིའི་ཆོ་ག་མཛད་པ་ཇི་ལྟ་བ་ལས་ཇོ་བོ་ཨ་ཏི་ཤ་ཉིད་མིའི་སྲིད་པ་ཉེ་བར་འཛིན་པ་ཡུལ་བྱང་ཕྱོགས་རྒྱུད་ཀྱི་པཎྜི་ཏ་འཇམ་དབྱངས་བླ་མ་ཆོས་ཀྱི་སྣང་བ་ཅན་དེ་ཉིད་


CMR022_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བདུན་ཚིག་ཆོ་ག་སོགས་རྗེ་བཙུན་སངས་རྒྱས་དབོན་གྱིས་མཛད་པ་དང་ཡང་གོ་བསྟུན་ནས་ལེགས་པར་བསྒྲིགས་པ་ཡིན་ལ། ཨོ་རྒྱན་རིན་པོ་ཆེས། ད་ལྟར་གཉག་སྟོན་དབང་། གི་རྩེ་རྒྱལ་ཁྱོད། །འདི་ནས་རྒྱ་བོད་ཡུལ་ཁམས་ཁ་འཐོར་དུ། །དལ་འབྱོར་སྐྱེ་བ་མཐོ་དམན་བཅུ་བདུན་བརྒྱུད། །ལན་གཅིག་ཁམས་ཀྱི་རྒྱ་སྟོད་ཆུ་འབབ་སར། །རི་བོར་མིང་གྲགས་ཆོས་འབྱུང་འདྲ་བའི་སར། །གསང་འདུས་དང་ནི་ཡང་གསང་ཕུར་པ་ཡི། །ཆོས་འདི་འཛིན་པའི་ལས་ཅན་སྐྱེས་བུ་ནི། །གྲགས་པའི་མིང་ཅན་སྐུ་ཡི་མཚན་མ་ཅན། །ལས་ཅན་དེ་ཡིས་གསང་སྔགས་མཐའ་དག་དང་། །ཨོ་རྒྱན་ང་ཡི་ཆོས་རྣམས་དར་བར་བྱེད། །འབྲེལ་ཚད་དོན་ལྡན་མངོན་དགའི་ཞིང་དུ་འགྲོ། །ཞེས་ལུང་བསྟན་པའི་རྗེ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཉིད་ཀྱིས་ཐུགས་ཉམས་སུ་བཞེས་ནས་འབྲེལ་ཚད་མངོན་དགའི་ཞིང་དུ་འགྲོ་བའི་ཐུགས་རྗེའི་ལྕགས་ཀྱུ་དམ་པ་ནི་ཆོ་ག་འདི་ཉིད་ཡིན་ལ། དེ་ནས་དབང་ལུང་ཆོ་ག་ཕྱག་ལེན་རིམ་པར་བདག་ལ་བབས་པས་བཀའ་བབས་བྱིན་རླབས་བརྒྱུད་པ་ལྟ་བུ་ཡིན་ཅིང་། འདིའི་དབང་ཐོབ་ན་ལྟ་ཅི་སྨོས། ལན་གཅིག་བརྗོད་ན་ཡང་རྨི་ལམ་


CMR022_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ངན་པ་དང་ལྟས་ངན་པ་དང་བཀྲ་མི་ཤིས་པ་ཐམས་ཅད་ཞི་བར་འགྱུར་རོ། །ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་གཟུངས་ལས། ལན་གཅིག་བཟླས་ན་ལྟས་ངན་དང་རྨི་ལམ་ངན་པ་དང་། བཀྲ་མི་ཤིས་པ་ཐམས་ཅད་མེད་པར་འགྱུར་རོ། །ཞེས་གསུངས་སོ། །འདི་ཡི་གཟུངས་བྲིས་ནས་བཏགས་ན་ཡང་དུས་མིན་དུ་འཆི་བ་མི་འབྱུང་བར་གསུངས་པས། འདི་ཡི་དབང་ཐོབ་ན་དུས་མ་ཡིན་པར་འཆི་བ་བཟློག་པར་ཐེ་ཚོམ་མེད། གཟུངས་ལུས་ལ་འཆང་བའམ་གླེགས་བམ་དུ་བྲིས་ནས་མགུལ་དུ་ཐོགས་ཏེ། འཆང་བ་དེ་ལ་དུས་མ་ཡིན་པར་འཆི་བ་རྣམས་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་པ་དང་། ཐེག་པ་གསུམ་གྱི་རིགས་ཅན་གྱི་སེམས་ཅན་རྣམས་ཀྱིས་རྒྱལ་བ་མི་འཁྲུགས་པའི་མཚན་ཐོས་ན་མངོན་པར་དགའ་བའི་ཞིང་དུ་སྐྱེས་ནས་རང་གིས་བྱང་ཆུབ་ཐོབ་པ་དང་། མི་འཁྲུགས་པའི་མཚན་ཐོས་ནས་དད་པ་ཐོབ་ན་མངོན་དགའི་ཞིང་དུ་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ་མངལ་ནས་མི་སྐྱེ་བ་ལ་སོགས་ཕན་ཡོན་རྒྱ་ཆེན་པོ་སྙིང་རྗེ་པདྨ་དཀར་པོའི་མདོ་ལས་གསུངས་ཤིང་། རྒྱལ་བ་མི་འཁྲུགས་པ་དེ་ཡིད་ལ་དྲན་ཞིང་མཚན་ནས་བརྗོད་ན་འཇིགས་པ་དང་


CMR022_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

སྐག་པ་དང་ཡམས་ཀྱི་གནོད་པ་ཐམས་ཅད་ཞི་བར་གསུངས་པ་དང་། ཆོས་འདི་འཆང་བ་དང་གཞན་ལ་སྟོན་པ་དེ་ཡང་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ལུང་བསྟན་ཞིང་། ལུས་དེ་ཉིད་ཀྱི་ཟག་པ་ཟད་པ་དང་། དགྲ་བཅོམ་པ་ཐོབ་པར་ཡང་གསུངས་ལ། འདི་ནི་ཤེས་རབ་ཟབ་པའི་བྱང་ཆུབ་སེམས་དཔའ་མ་གཏོགས་པའི་ལུགས་སུ་མི་གནས་པ་དང་། མི་འཁྲུགས་པའི་ཆོས་འདི་བསོད་ནམས་ཆུང་བ་དང་སུ་རུང་རུང་གིས་མི་ཐོས་ཏེ། འཛམ་བུའི་གླིང་འདི་གསེར་དང་དབྱིག་གིས་བཀང་ནས་སྦྱིན་པ་བྱིན་ཏེ། མི་འཁྲུགས་པའི་ཆོས་འདི་ཐོས་པར་ཤོག་སྨྲས། བསོད་ནམས་ཆུང་བའི་སེམས་ཅན་གྱིས་མི་ཐོས་པར་གསུངས་པས་འདི་ཐོས་པས། བསོད་ནམས་ཆེན་པོ་དང་ལྡན་པ་ཡིན་ལ། མི་འཁྲུགས་པའི་ཆོས་འདི་ལ་ཡོད་པ་དེ་སངས་རྒྱས་མཐོང་བ་ཡིན་པས། ཕྱིར་མི་ལྡོག་པར་གསུངས་པ་སོགས་ཕན་ཡོན་རྒྱ་ཆེན་པོ་མི་འཁྲུགས་པའི་ཞིང་གི་མདོ་ལས་གསུངས་སོ། །འདི་ཡི་དབང་ཐོབ་ན་སྨོས་ཅི་དགོས། འཆི་ཁ་གཟུངས་སྔགས་རྣ་བར་བརྗོད་ཀྱང་ངན་སོང་དུ་མི་འགྲོ་བར་གསུངས་ཏེ། ལས་སྒྲིབ་རྣམ་པར་སྦྱོང་བའི་གཟུངས་ལས། གང་ཞིག་སྙིང་རྗེའི་ནོན་ཏེ་རི་དྭགས་


CMR022_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བྱ་དང་མི་མ་ཡིན་པ་རྣམས་རུང་སྟེ། །འཆི་བའི་ཚེ་ན་རྣ་ཁུང་དུ་བརྗོད་ན། །ངན་སོང་གསུམ་དུ་འགྲོ་བར་མི་འགྱུར་རོ། །ཞེས་གསུངས་སོ། །ཤིན་ཏུ་སྡིག་ཆེན་ཡིན་ན་ཡང་འཆི་ཁ་འདི་ཡི་དབང་ཐོབ་ན་ངན་སོང་གྲོལ་བར་སྨོས་ཅི་དགོས། འཆི་ཁ་འདི་ཡི་གཟུངས་བྲིས་པ་མཐོང་ན་སྡིག་དེ་དག་པར་གསུངས་སོ། །འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་གཟུངས་འདི་ཉིད་ལས། རྟག་ཏུ་བཟླས་བརྗོད་བྱས་ན་ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །དུས་གསུམ་དུ་བཟླས་བརྗོད་བྱས་ན་མཚམས་མེད་པ་ལྔ་བྱང་བར་འགྱུར་རོ། །ཞེས་དང་། མཚམས་མེད་པ་ལྔ་བྱས་པའམ། དམ་པའི་ཆོས་སྤངས་བའམ། འཕགས་པ་ལ་སྐུར་པ་བཏབ་ཀྱང་རུང་སྟེ། འཆི་ཁ་རྩིག་པ་ལ་གཟུངས་སྔགས་འདི་བྲིས་པ་མཐོང་ན་ཡང་དེ་ཡི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་རོ། །འདོགས་པ་དང་བཟླས་བརྗོད་བྱེད་པ་ལྟ་ཅི་སྨོས། དེ་བཞིན་གཤེགས་པ་མི་འཁྲུགས་པ་དེ་ཉིད་བྱོན་ནས་འདི་སྐད་དུ་རིགས་ཀྱི་བུ་ཚུར་ང་ཡི་གན་དུ་ཤོག་ཅེས་གསུངས་པར་འགྱུར་རོ། །ཞེས་གསུངས་པ་དང་། དེ་ཙམ་


CMR022_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཡོན་ཆེ་བ་ཅི་ཡི་ཕྱིར་ཞེ་ན། མི་འཁྲུགས་པ་འདི་ཉིད་སངས་རྒྱས་ཐམས་ཅད་ཀྱི་སྒྲིབ་པ་གཅོད་པའི་ལྷ་སྔགས་ཡིན་པའི་ཕྱིར་ཏེ། ངན་སོང་སྦྱོང་རྒྱུད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲིབ་པ་གཅོད་པ་ཞེས་བྱ་བའི་སྙིང་པོའི་གཟུངས་འདི་ཐུགས་ཀ་ནས་ཕྱུང་ངོ་། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་ར་ཎི་མེ་སརྦ་སཏྭཱ་ནཱཉྩ་སྭཱ་ཧཱ། གསུངས་པའི་ཕྱིར་རོ། །དེ་ལྟར་ཚེ་འདི་ཡི་འཇིགས་སྐྲག་དང་བར་ཆད་ཐམས་ཅད་སེལ་བ་དང་ཕྱི་མ་འཁོར་བ་ངན་སོང་ལས་སྐྱོབ་པའི་དབང་ཟབ་མོ་ཞུ་བའི་ཕྱིར་རྗེས་ཟློས་མཛོད། ཅེས་སྦྱར་རོ། །ཞེས་པ་རྗེ་དྲུང་གྲགས་པ་རྒྱལ་མཚན་པའི་དངོས་སློབ་བླ་མ་གྲགས་པ་དབང་ལྡན་གྱིས་བསྐུལ་ནས་། རཱ་ག་ཨ་སྱས་ཆུ་འབྲུག་ལོ་སྨིན་དྲུག་ཟླ་བའི་ཡར་ཚེས་བཅུ་བཞི་ལ་ཚང་བར་བྲིས་པ་མདོ་རྒྱུད་ཁོ་ན་ལས་བསྡུས་ཕྱིར་ཉེས་པ་མ་མཆིས་ཡོད་ཀྱང་མཚམས་མ་འབྱོར་བ་མཆིས་ན་བཤགས་ཤིང་། དགེ་བས་སེམས་ཅན་ཐམས་ཅད་ལས་སྒྲིབ་རྒྱུན་ཆད་པར་གྱུར་ཅིག །མངྒ་ལཾ། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

མི་འཁྲུགས་པའི་ལྷོ་སྒོ།


CMR022_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཁྲུགས་པའི་ལྷོ་སྒོ་བཞུགས། སརྦ་མངྒ་ལཾ།།


CMR022_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

མིང་བྱང་གི་ཆོ་ག་ནི། རོའམ་ཤོག་བུ་དང་གྲོ་ག་སོགས་ལ་ཚེ་འདས་ཀྱི་གཟུགས་ཀྱི་སྙིང་ཁར་ས་བོན་ཚྭའི་འོག་ཏུ་མིང་བྱང་དང་བཅས་པ་བྲི་བའམ། བསྡུ་ན་ས་བོན་ཙམ་བྲིས་ཀྱང་རུང་སྟེ་དེ་ལ་དམིགས་ནས། །སྐད་ཅིག་ནི་ཡིག་ཡོངས་གྱུར་ལས། །མདུན་དུ་ཚེ་ལས་འདས་པ་ནི། །གསོན་པོའི་རྣམ་པ་ཇི་ལྟ་བ། །ཡོངས་སུ་རྫོགས་པ་གསལ་བར་གྱུར། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །བདེན་པ་ཆེན་པོས་ཚེ་འདས་ཀྱི། །རྣམ་ཤེས་དག་པའི་ཞིང་མ་གཏོགས། །རིགས་དྲུག་བར་དོ་གང་གནས་ཀྱང་། །སྐད་ཅིག་རྟེན་འདིར་མཆིས་གྱུར་ཅིག །ཨོཾ་བཛྲ་སཏྭ་ཧཱུྃ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ལྕགས་ཀྱུའི་


CMR022_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་རྟེན་གྱི་སྤྱི་བོར་བཞག །ལྟུང་བ་སློང་བའི་ཕྱག་རྒྱས། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་ཨ་པཱ་ཡ་ཨ་པཱ་ཡ་ཧཱུྃ། སྡིག་པ་འཇོམས་པའི་ཕྱག་རྒྱས། ཨོཾ་སརྦ་ཨཀོ་བྷ་སརྦ་པཱ་པཾ་བི་ཤོ་དྷ་ནེ་ཧཱུཾ། དྲལ་བས། ཨོཾ་སརྦ་ཨཀྵ་བྷ་བིད་ཏྲཊ། ཡང་གཟུངས་ཀྱི་མཐར། སརྦ་སཏྭཱ་ནཱཉྩ་སརྦ་པཱ་པཾ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཞེས་སྡིག་པ་བྲལ་བའོ། །དཀར་གཏོར་ཆངས་བུ་ཏིང་ལོ་བྲན་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨཱཿ་བྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། བྱིན་གྱིས་བརླབས་ནས། ན་མསརྦ་ཏ་ཐཱ་ག་ཏ་བྷོ་བི་ཤྭ་མུ་ཁེ་བྷསརྦ་ཐཱ་ཁཾ་ཨུཏཱ་ག་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲིཉྩེ་དཾ་བ་ལུ་དི་སྭཱ་ཧཱ། རྟེན་ལ་གཡས་གཡོན་དུ་བསྐོར་བ་ཞི་སྦྱངས། །ཨོཾ་


CMR022_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

སུམྦྷ་ནི་སུམྦྷ་ཧཱུྃ་སོགས་སྔར་ལྟར་དོར་བ་ཕྱེད་སྦྱངས། དཀོན་མཆོག་གསུམ་གྱི་བདེན་པ་དང་། །བདེན་པ་ཆེན་པོས་ཚེ་འདས་ཀྱི། །མཐོ་རིས་ཐར་པའི་གེགས་བྱེད་རྣམས། །གཏོར་མ་འདི་ཡིས་ཚིམས་པར་གྱིས། །གནོད་འཚེ་སྤོང་ལ་རང་གནས་དེངས། །ཧཱུཾ། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་བསྒྲུབ། །ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་བ་གདོན་མི་ཟ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨཀྵ་བྷ་ཡ་ཏ་ཐཱ་ག་ཏཱ་ཡཱདྷ་ཏེ་སམྱཀཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭཱ་ནཱཉྩ་སྭཱ་ཧཱ། སུམྦྷ་ནི་སོགས་བརྗོད་ཅིང་ཡུངས་ཀར་བྲབ་སྟེ་བགེགས་བསྐྲད། མེ་ཆུ་ཏིལ་སོགས་བཤམས། ཚེ་འདས་རྒྱུད་ཀྱི་སྡིག་སྒྲིབ་རྣམས། །ཀཾ་ལས་སྡིག་པ་ར་ཅན་གྱི། །རྣམ་པར་མདུན་གྱི་ཏིལ་


CMR022_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐིམ། །མེ་ཉིད་ཞི་བའི་ཐབ་ཁུང་ནང་། །ཁྲོ་བོ་ཧཱུྃ་མཛད་ཞལ་གདངས་བའི། །ནང་དུ་སྡིག་པ་བསྲེགས་པར་གྱུར། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བྷསྨིན་ཀུ་རུ་ཧཱུྃ་སྭཱ་ཧཱ། ཞེས་ཏིལ་མེར་བསྲེགས་ཆུར་དོར། མེ་ཆུ་ནང་དོར་རོ། །བྱེ་མའམ་ཐལ་གཙང་ལ་སྔགས་བྲབ་བོ། །ན་མོ་བྷ་ག་ཝ་ཏེ་ཨཀོ་བྷ་སོགས་གཟུངས་ཀྱི་མཐར། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཤནི་ཀུ་རུ་སྭཱ་ཧཱ།། ཞེས་བྲབ་ལ་འབབ་ཆུར་དོར་རོ། །མེ་ལོང་ལ་དཀྱིལ་འཁོར་གཟུགས་བརྙན་ཤར་བ་ལ་རྣམ་རྒྱལ་གྱིས་ཁྲུས་གསོལ་བྱ་བ་ནི། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །རྡོ་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །།ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། རས་གཙང་གིས་ཕྱི་ཚུལ་བྱ་ཞིང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨོཾ་ཧཱུཾ་ཏྲཾ་ཧྲིསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། གོས་ཟུང་ཐོགས་ལ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །ཨོཾ་བཛྲ་ཝས་ཨཱཿཧཱུྃ། ཁྲུས་ཆུ་བུམ་པ་གཞན་དུ་བླུགས་ཏེ། དམིགས་རྟེན་གྱི་གཟུགས་བཀྲུ་བ་ནི། འདི་ནི་ཕྱིན་དྲུག་རང་བཞིན་ཆུ། །


CMR022_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་དྲུག་དྲི་མ་སྦྱངས་མཛད་ཅིང་། །ཕྱིན་དྲུག་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཅིང་ཁྲུས་བགྱིའོ། །ཆུ་བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་བའི། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ། །དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱངས་མཛད་ཅིང་། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པ། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡི། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །ཤོ་ལོ་ཀ་རེ་རེའི་མཐར་གཟུངས་བརྗོད་ནས། ཚེ་ལས་འདས་པ་ཕར་ཕྱིན་དྲུག་གི་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཀྲུའོ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །དཀོན་མཆོག་གསུམ་པོ་དུག་མི་མངའ། །དཀོན་མཆོག་གཟི་ཡིས་དུག་བཅོམ་མོ། །གཟུངས་དང་། ཚེ་ལས་འདས་པའི་དུག་གསུམ་གྱི་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། འབྱུང་བཞི་དུག་གི་ཕ་ཡིན་ཏེ། །འབྱུང་བཞི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་


CMR022_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས། །ཚེ་འདས་དུག་ནི་དུག་མེད་ཤོག །གཟུངས་དང་། ཚེ་ལས་འདས་པའི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དུག་ཐམས་ཅད་ཤཱནྟཾ་ཀུ་རུ་སྭཱ་ཧཱ། སངས་རྒྱུས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀུན་གྱི་བསམ་པ་ཡིས། །ཁྱོད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉིན་མོའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །དེ་ནས་ཉེ་དུས་བྱང་བུ་བཟུང་བའམ་ཕྱག་འཚལ་བཅུག་ལ། གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་་་ཚེ་འདས་སྐྱབས་སུ་མཆི་ལགས་སོ། ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་། །དེ་བཞིན་ཡང་དག་་་་་ཚེ་འདས། སྐྱབས་སུ་མཆི། །བདག་ནི་་་ཆེ་འདས།


CMR022_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པས་རྣམ་སྐྱག་ནས། །ཀུན་ཏུ་བཟང་ལ་བདག་ཚེ་འདས། ཉིད་འབུལ། །འཇམ་དཔལ་དབྱངས་ལ་བདག་་ཚེ་འདས། ཉིད་ཀྱིས། །བདག་གི་ཚེ་འདས། ལུས་འདི་འབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང་། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་བདག་་་འདི། ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང་། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་ཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཞིར་འབྱེར་མཛད་པའི། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས་། །ད་ནི་འཇིགས་པ་ཆེར་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱིས། །འཇིགས་ལས་མྱུར་དུ་བསྐྱབ་ཏུ་གསོལ། །ཞེས་ཕྱག་འཚལ་བཅུག་གོ །འདི་མཚམས་རྣམས་སུ་དབང་བསྐུར་བྱའོ།། ༈ ཟས་བསྔོ་བཤམས་ལ་བསང་སྦྱང་། ༀ་ལས་འདོད་ཡོན་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་སྤ་ར་ཎ་ཁཾ། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་རོ་རེག །མོས་བློས་ཚེ་


CMR022_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ལྷ་ལ་བདག་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །སཏྭ་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གནྡྷེ་རྭ་ས་སྤརེཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུཾ། ཚེ། འདས་འདོད་པའི་ཡོན་ཏན་གཟུགས་སྡུག་པ་སྒྲ་སྙན་པ་དྲི་ཞིམ་པ་རོ་མངར་བ་རེག་བྱ་འཇམ་པ་འདོད་པའི་ཡོན་ཏན་ཐམས་ཅད་ལ་མ་ཆགས་མ་ཞེན་པར་ལོངས་སྤྱོད་པར་གྱུར་ཅིག ། ནུབ་ཐ་མ་རྟེན་ལ་མེ་སྦར་ཏེ་རྒྱས་པ་ཀུན་རིག་བཞིན། བསྡུ་ན། ཚེ་འདས་རྒྱུད་ཀྱི་མ་དག་པའི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །སྐུ་ལྔ་ཡེ་ཤེས་ལྔ་ཡི་མེས། །བསྲེགས་པས་བྱང་ཞིང་དག་པར་གྱུར། །ན་མོ་བྷ་ག་ཝ་ཏེ་ཨ་བྷ་སོགས་གཟུངས་བརྗོད་ཅིང་མིང་བྱང་བསྲེགས་ཐལ་བ་གཙང་སར་དོར་རོ། །ལམ་བསྟན་ནི། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱི། །རིན་ཆེན་ཕྲེང་བ་རྣམ་དག་པའི། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་སྦྱངས་ཏེ། །འཕགས་པའི་ལམ་དེར་འགྲོ་


CMR022_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཤོག །ཨོཾ་རཉྫ་རནྡྷེ་མ་ཧཱ་རཀྵེ་རཏྣ་སམྦྷ་ཝེ། རཏྣ་ཀི་ར་ཎེ། རཏྣ་མཱ་ལ་བི་ཤུདྡྷེ་ཤོ་དྷ་ཡ་སརྦ་པཱ་པཾ་ཧཱུྃ་ཕཊ། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་ཤིང་། །སྲིད་པའི་པདྨོ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཨོཾ་པདྨེ་པདྨེ་པདྨ་སཾ་བྷ་ཝེ་མ་ཧཱ་སུ་ཁ་ཝ་ཏི་གཙྪནྟ་སྭཱ་ཧཱ། ཞེས་མེ་ཏོག་འཐོར། ཚེ་ལས་འདས་པའི་རྣམ་ཤེས་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པར་བདེ་བ་ཅན་གྱི་ཞིང་དུ་གཤེགས་ཤིང་པདྨོ་ལ་བརྫུས་ཏེ་སྐྱེས་པ་ན་བྱང་ཆུབ་སེམས་དཔའ་རྙིང་པ་རྣམས་ཀྱིས་མཆོད། བཅོམ་ལྡན་འདས་འོད་དཔག་མེད་པའི་ཞལ་མཐོང་གདམས་པ་དང་རྗེས་སུ་བསྟན་པ་ཟབ་མོ་ཐོབ་པས། དེ་དག་རྡོ་རྗེ་སློབ་དཔོན་གྱི་ཆོ་གའི་མཐུ་ཡིན་པར་ཤེས་ནས་སྐད་ཅིག་གིས་འོང་སྟེ། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །སྔགས་ཀྱི་བྱིན་རླབས་ཡ་མཚན་ཅན། །གང་ཕྱིར་ངན་སོང་བདག་སྦྱངས་ནས། །སེམས་ཅན་ལྷ་གནས་མྱུར་དུ་སྐྱེས། །ཞེས་ཆེད་དུ་བརྗོད་པ་དང་ཕྱག་མཆོད་ཕུལ་ནས། སླར་ཡང་བདེ་བ་ཅན་གྱི་ཞིང་དུ་གཤེགས་པར་གྱུར། ཨོཾ་སརྦ་བུདྡྷ་ཀྵེ་ཊ་གཙྪནྟ་སྭཱ་ཧཱ། ཞེས་པ་འདི་རྒྱལ་བའི་དབང་པོ་མི་བསྐྱོད་ཞབས་ཀྱིས་བསྩལ་བའི་ལྷོ་སྒོའི་ཆོ་ག་ལ་གཞིར་བྱས།


CMR022_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རིག་རྣམ་གྲོལ་སྒོ་ཆེན་དང་། གཞན་ཕན་འོད་ཟེར་དང་། མི་འཁྲུགས་པའི་ཆོ་ག་ཐར་པའི་ལྕགས་ཀྱུ་སོགས་ཐམས་ཅད་གོ་བསྟུན་ནས། ༧ རྗེ་མཆོག་གི་སྤྲུལ་པའི་སྐུ་ཞྭ་དམར་ཅོད་པན་འཛིན་པ་དྲུག་པས་བསྩལ་བའི་མི་འཁྲུགས་པའི་ཆོ་ག་མངོན་པར་དགའ་བའི་ཞིང་གི་རྒྱན་ཞེས་བྱ་བའི་ཉེར་མཁོའི་ལྷན་ཐབས་ལ་དམིགས་ནས། རྗེ་དེ་ཉིད་ཀྱི་ཞལ་གྱི་འོད་ཟེར་དང་གསུང་གི་བདུད་རྩིས་ཅུང་ཟད་ངོམས་པར་གྱུར་པ། དགེ་སློང་ཀརྨ་ཨ་རཱ་གས་ལེགས་པར་བསྒྲིགས་པ་འདི་ལ་ནོར་འཁྲུལ་ཅི་མཆིས་པ་མི་འཁྲུགས་རྒྱལ་བའི་དྲུང་དུ་བཤགས་ཤིང་། དགེ་བས་བདག་དང་འབྲེལ་པ་ཐོགས་ཚད་ཀྱི་སེམས་ཅན་ཐམས་ཅད་འདི་ནས་ཚེ་འཕོས་མ་ཐག་ཏུ་བདེ་བ་ཅན་གྱི་ཞིང་དུ་བརྫུས་ཏེ་སྐྱེ་བའི་ཕྱིར་ཡོངས་སུ་བསྔོ་བར་བགྱིའོ། །ཤུདྡྷཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།