cover

མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

གླེགས་བམ། ས༽

མཁས་གྲུབ་ཀརྨ་ཆགས་མེད།

Nitartha international
Images scanned by TBRC

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཟབ་གནད་སྙིང་ལྟ་བུའི་གནམ་ཆོས་དགོངས་གཏེར་སྦྲག་པའི་གཏེར་མགོན་གཙོ་འཁོར་དྲིལ་སྒྲུབ།


CMR028_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་གནད་སྙིང་ལྟ་བུའི་གནམ་ཆོས་དགོངས་གཏེར་སྦྲག་པའི་གཏེར་མགོན་གཙོ་འཁོར་དྲིལ་སྒྲུབ་བཞུགས་སོ༔


CMR028_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་མ་ཧཱ་ཀཱ་ལ་ན་མོ༔ བདག་བསྐྱེད་ལ་བརྟེན་ནས་མཆོག་ཏུ་བསྒྲུབ་པ་ལ་ཅི་ཡང་མི་དགོས༔ མདུན་བསྐྱེད་ལ་བརྟེན་ནས་ཐུན་མོང་གི་ཕྲིན་ལས་བསྒྲུབ་པ་ལ་མཆོད་གཏོར་ཅི་འཛོམ༔ དྲག་པོའི་ལས་ལ་དམར་གཏོར་གཅིག་བཤམ་མོ༔ སྔོན་དུ་ཡི་དམ་སོང་ན་སྐྱབས་སེམས་སོགས་མི་དགོས༔ མ་སོང་བར་འདི་རང་ཡི་དམ་བྱེད་ན་སྐྱབས་སེམས་བསྡུས་པ་གནམ་ཆོས་ལྟར་བྱས་ལ་དྲན་རྫོགས་རང་ཉིད་གཏེར་མགོན་སྔོ༔ སྔོ་ཞིང་སྔོ་ལ་རབ་ཏུ་ནག༔ ཕྱག་བཞི་གཡས་གཉིས་ཙིཏྟ་གྲི༔ གཡོན་གཉིས་བྷནྡྲ་ཁ་ཊྭཱཾ་འཛིན༔ ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་བཞུགས༔ ཡུམ་སྔོན་གྲི་ཐོད་འཛིན་པས་འཁྱུད༔ ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་


CMR028_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཕཊ༔ ཅེས་པ་བསྙེན་ཚེ་ཡབ་ཀྱི་ཐུགས་ཀར་གསེར་གྱི་གའུ་ཚུར་ཟེད་པ༔ ཡུམ་གྱི་ཐུགས་ཀར་དངུལ་གྱི་གའུ་ཁ་ཕར་ཟེད་པ༔ གའུ་ཕྱིར་ཐུགས་ཀྱི་ནང་དུ་དུང་གི་ཕོག་གུ༔ ཡབ་སྔགས་གཡས་སུ་དྲག་ཏུ་འཁོར་བ༔ ཡུམ་གྱི་ག་འུ་ནང་དུ་ཡུམ་སྔགས་གཡོན་དུ་དྲག་ཏུ་འཁོར་བ༔ ཡུམ་སྔགས་གཟི་བརྗིད་ཆེར་འབར་བར་བསྒོམ༔ དེ་ལ་སེམས་གནས་པ་ཞི་གནས་དང་བསྐྱེད་རིམ༔ དེའི་རྒྱབ་ཐུགས་ནང་དུ་གའུའི་ཕོག་གུ་གཡུའི་ཕོག་གུ༔ གའུ་ཕྱིའི་ཐོག་གུའི་ནང་དུ་ཧཱུཾ་སྔོན་གའུ་ཕྱི་ཕོག་གུའི་ནང་དུ་བྱོ༔སྔོ་སྐྱ༔ གའུ་གཉིས་ཁ་དམ་དུ་སྦྱར་བའི་ཡབ་ཀྱི་གའུ་ནང་དུ་ཡབ་ཀྱི་སྔགས་འཁོར་བས་གསེར་ག་ལས་གསེར་ཕྱེ་བབས་པས་ཡུམ་སྔགས་ལ་ཐིམ་པས་དེ་ལྟར་སྒོམ་མཁན་གྱི་སེམས་ལ་བལྟས་པས་གཟུགས་ཁ་དོག་དངོས་པོ་མ་གྲུབ་པར་སྟོང་པ་


CMR028_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་ལྷག་གིས་མཐོང་བས་ལྷག་མཐོང་༔ སྟོང་པ་དེའི་གཤིས་མ་ཤོར་བའི་ངང་ནས་ནམ་མཁའ་ལ་འཇའ་ཤར་བ་ལྟར་རང་ལུས་ཡབ་ཡུམ་གྱི་སྐུ་འཇའ་ཚོན་ལྟར་གསལ་བ་ཟུང་འཇུག༔ དེ་ལྟར་སྐུ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་འབར་བ༔ རེས་ནམ་མཁའ་ཁེངས་པ༔ རེས་ཡུངས་འབྲུ་ཙམ༔ རེས་མང་པོ༔ རེས་རང་གཅིག་པུ་སྣ་ཚོགས་སུ་བསྒྱུར་བ་སྐུ༔ དེའི་ངང་ལས་སྔགས་གྲག་སྟོང་བྲག་ཆ་ལྟར་རང་བཞིན་མེད་པར་བཟླ་བར་གསུང་༔ དེས་མཚོན་ནས་སྣང་སྲིད་སྣོད་བཅུད་ཐམས་ཅད་རྣམ་པ་སོ་སོར་གསལ་ཡང་༔ ངོ་བོ་སྟོང་ཉིད་རང་སེམས་དང་དབྱེར་མེད་དུ་འདྲེས་པ་ཐུགས༔ དེ་དངོས་སུ་རྟོགས་ན་སངས་རྒྱས་ཀྱི་དགོངས་པ༔ སྟོང་པ་དེའི་ངང་ལས་རིག་པའི་རྩལ་ལས་ལས་མགོན་ཡབ་ཡུམ་ཤར་བས༔ མ་རྟོགས་འཁྲུལ་པའི་ཞིང་བཅུ་ཚར་བཅད་དེ་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྟིམ་པ་ཕྲིན་ལས་ཏེ༔ རྒྱུད་ལས༔ ལུས་ནི་གསལ་སྟོང་ང་ཡི་སྐུ༔ ངག་ནི་གྲག་སྟོང་ང་ཡི་གསུང་༔ སེམས་ནི་རིག་སྟོང་ང་ཡི་ཐུགས༔ ངོ་བོ་མཐོང་ན་འཁོར་བ་མེད༔ རང་བཞིན་མཐོང་ན་སངས་རྒྱས་ཡིན༔ ཐུགས་རྗེ་དྲག་པོའི་ཕྲིན་ལས་ཀྱིས༔ ཞིང་བཅུ་ཐར་པའི་ལམ་ལ་བཀོད༔ ཅེས་གསུངས་སོ༔ དེ་ནས་མདུན་བསྐྱེད་ནི་གཏོར་མ་བྲན་ལ༔ མདུན་དུ་དུར་ཁྲོད་ཆེན་པོའི་དབུས་པད་ཉི་རོའི་གདན་གསུམ་གྱི་དབུས་སུ༔ ཧཱུྃ་ལས་མ་ཧཱ་ཀཱ་ལ་ཁྲོས་པའི་ཆ་བྱད༔ ཕྱག་བཞི་ཕྱག་དང་པོ་གཉིས་གྲི་གུག་ཐོད་ཁྲག༔ འོག་མ་གཉིས་ཁ་


CMR028_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཊཱཾ་ཙིཏྟ་འཛིན་པ་བྱ་རོག་ལ་བཅིབས་པ༔ གཡས་སུ་ཏྲིལས་བྱ་རོག་གདོང་ནག་པོ་གྲི་ཐོད་བསྣམས་ཤིང་རྡོ་རྗེའི་གཤོག་པས་ཐོགས་མེད་གློག་ལྟར་འཕྱོ་བ༔ གཡོན་ཏུ་བྷྱོཿལས་རྩ་འཇིབས་དམར་མོ་རལ་གྲི་ཁ་ཊྭཱཾ་མདའ་གཞུ་དགྲ་མགོ་འཛིན་ཅིང་༔ ལས་ཀྱི་རླུང་ནག་ཆིབས་ནས་ཕྱོགས་བཅུར་རྒྱུག་པ༔ འཁོར་དཔག་ཏུ་མེད་པ་རླུང་ལྟར་འཚུབ་པའི་གནས་གསུམ་ཡི་གེ་གསུམ་དང་ས་བོན་གསུམ་ལས་འོད་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས༔ ཧཱུྃ༔ ཡུལ་གྱི་མིང་ནི་རྒྱ་གར་རྡོ་རྗེ་གདན༔ དུར་ཁྲོད་མིང་ནི་རབ་འཇིགས་བསིལ་བའི་ཚལ༔ བསྐལ་པ་མེ་དཔུང་འབར་བའི་ཀློང་དཀྱིལ་ནས༔ ཡེ་ཤེས་མགོན་པོ་ཡབ་ཡུམ་འཁོར་དང་བཅས༔ ལས་ཀྱི་མགོན་པོ་འཇིགས་བྱེད་བྱ་རོག་གདོང་། དཔལ་ལྡན་ལྷ་མོ་དམར་མོ་རྩ་འཇིབས་མ༔ ཤ་ཟ་མཁའ་འགྲོ་ལྷ་སྲིན་འཁོར་དང་བཅས༔ བསྟན་པ་བསྲུང་བའི་སླད་དུ་སྤྱན་འདྲེན་གྱིས༔ སྔོན་གྱི་ཁས་བླངས་དམ་བཅས་བརྩེར་་དགོངས་ལ༔ གཙུག་ལག་ཁང་དང་དུར་ཁྲོད་གནས་སོགས་ནས༔ མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ༔ མ་ཧཱ་ཀཱ་ལ་ཙ་ཏུར་ཧསྟ༔ ཁ་ཁ་མུ་ཁ་དེ་ཝི་རུ་པི་ནི༔


CMR028_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་ཨ་རལླི་ཧྲིཾ་ཧྲིཾ༔ ཨ་ཀར་ཡ༔ ས་མ་ཡ་ཛཿppཧཱུྃ༔ སངས་རྒྱས་བསྟན་པ་བསྲུང་བའི་མཐུ་རྩལ་ཅན༔ དཔལ་ལྡན་མ་ཧཱ་ཀཱ་ལ་འཁོར་དང་བཅས༔ བདུད་དང་བར་ཆད་མ་ལུས་འདུལ་བ་དང་༔ གདུག་པའི་དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར༔ དྲག་པོའི་གཞལ་ཡས་དཀྱིལ་འཁོར་ཆེན་པོ་འདིར༔ གཉིས་མེད་བརྟན་པར་བཞུགས་ལ་ཕྲིན་ལས་མཛོད༔ ས་མ་ཡ་ཨ་ཝེ་ཤ་ཡ་ཏིཥྛཤ་ཡ་ཧཱུྃ་ཨཱ༔ ཧཱུྃ༔ ཡེ་ཤེས་མགོན་པོ་ཡབ་ཡུམ་རྡོ་རྗེ་ནག་པོ་ཆེ༔ གཏོར་ལེན་མཁའ་འགྲོ་གིང་གི་ཚོགས་དང་བཅས༔ དམ་ཅན་སྲུང་མ་མ་ལུས་འཁོར་བཅས་ལ༔ ཡོན་ཆབ་མེ་ཏོག་བདུག་སྤོས་མར་མེ་དྲི༔ བཤོས་དང་སྒྲ་སྙན་ལ་སོགས་མཆོད་པ་འབུལ༔ ནས་འབྲས་གྲོ་དང་ཏིལ་དང་སྲན་ཆེན་དང་༔ དཀར་གསུམ་མངར་གསུམ་བརྒྱན་པའི་གཏོར་མ་འབུལ༔ ཤ་ལྔ་བདུད་རྩི་ལྔ་ཡི་ཞལ་ཟས་ཚོགས༔ ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་འབུལ༔ བདུད་རྩི་སྨན་དང་རཀྟ་དམར་གྱི་མཚོ༔ བཤོས་བུ་སྐྱེམས་ཕུད་རང་རང་མཐུན་རྫས་འབུལ༔ རང་རང་མཐུན་པའི་མཆོད་རྫས་འདི་བཞེས་ལ༔ ཕྲིན་ལས་རྣམ་བཞི་མ་ལུས་འགྲུབ་པར་མཛོད༔ མ་ཧཱ་ཀཱ་ལ་ཙ་


CMR028_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཧསྟ༔ ཁ་ཁ་མུ་ཁ༔ དེ་ཝི་རུ་པ་ནི༔ ས་པཱ་རི་ཝཱ་ར་སརྦ་པཱཙྪ་ཧོ༔ བ་ལིཾ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་མཾ་ས་ཙིཏྟ་ཀིཾ་ནི་རི་ཏི་ཁཱ་ཧི། ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་ངང་ལས་མ་གཡོས་ཀྱང་༔ ཐབས་ཀྱིས་གདུག་པ་མ་ལུས་འདུལ་བའི་ཕྱིར༔ དྲག་པོའི་འཇིགས་བྱེད་ཆེན་པོའི་སྐུར་སྟོན་པ༔ དཔལ་ལྡན་མགོན་པོ་ཡབ་ཡུམ་ཕྱག་འཚལ་བསྟོད༔ སྔོན་ཚེ་ཁྲག་འཐུང་ཆེན་པོའི་སྤྱན་སྔ་རུ༔ སངས་རྒྱས་བསྟན་པ་བསྲུང་བར་ཁས་བླངས་ནས༔ སྲིན་པོའི་གཟུགས་འཆང་གདུག་པ་ཀུན་འདུལ་བ༔ ལས་མཁན་ནག་པོ་ཆེ་ལ་ཕྱག་འཚལ་བསྟོད༔ ནག་པོ་ལས་མཛད་མཁའ་འགྲོ་ཀུན་གྱི་གཙོ༔ སྲིན་མོའི་གཟུགས་ཀྱིས་དགྲ་ལ་དུག་ནད་འབེབས༔ ཤ་ཟ་ཁྲག་འཐུང་གཏུམ་མོ་རབ་འབར་མ༔ དམར་མོ་རྩ་འཇིབས་ཁྱོད་ལ་ཕྱག་འཚལ་བསྟོད༔ འཇིག་རྟེན་ལས་ལ་གྲུབ་པའི་དྲེགས་པ་ཅན༔ རང་སྔགས་དམོད་པ་དྲག་པོའི་མཚོན་ཆ་ཡིས༔ ཞིང་བཅུའི་སྲོག་དབུགས་ཕྲལ་བའི་མཐུ་བོ་ཆེ༔ ལས་བྱེད་དྲག་པོའི་ཚོགས་ལ་ཕྱག་འཚལ་བསྟོད༔ དེ་ནས་ལྷ་གསུམ་གྱི་ཐུགས་ཀར་ཉི་མའི་སྟེང་དུ་ས་བོན་ལ་སྔགས་ཀྱིས་བསྐོར་བ༔ རང་གི་ཐུགས་ཀའི་


CMR028_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་གྱིས་བསྐུལ་བས་འཁོར་གཉིས་ལས་རང་འདྲ་བའི་སྤྲུལ་པ་དཔག་ཏུ་མེད་པ་འཕྲོས༔ ལས་མགོན་སྤྲུལ་པ་བར་སྣང་ལ་འཕུར་འཇོལ་སྣ་ཚོགས༔ ལྷ་མོའི་སྤྲུལ་པ་རྣམས་རླུང་ལ་ཞོན་ནས་འཇིག་རྟེན་ཁྱབ་སྟེ༔ བགེགས་ཐམས་ཅད་རྒྱ་མཚོའི་ཕར་མཐར་བསྐྱོད༔ དགྲ་བོ་བསྒྲལ་ནས་ལྷག་མེད་དུ་ཟ་བར་དམིགས་ལ༔ ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུྃ་ཧཱུྃ་ཧཱུྃ་ཛ་ཛ་ཛ་ཕཊ་ཕཊ་ཕཊ༔ ཅེས་དང་། ཏྲི་ཁ་ཁོ་མུ་ཁ་དུ་བྷྱོ༔ ཅེས་དང་། ༀ་མ་ཧཱ་ཀཱ་ལི་དེ་ཝི་རུ་པི་ནི་ཧཱུཾ་ཧཱུཾ་ཕཊ༔ གཙོ་བོ་ལ་བརྒྱའམ་སྟོང་༔ འཁོར་རེ་ལ་བརྒྱ་རེ་སོགས་སྐབས་དང་བསྟུན་ལ་བཟླས་སོ༔ དེ་ནས་དམར་གཏོར་བཤམས་པ་ལ་བཀུག་གཞུག་སྤྱི་ལྟར་བྱས་ལ༔ སྔགས་གསུམ་སོ་སོའི་མཇུག་ཏུ་སརྦ་དུཏྟཾ་ཤ་ཏྲོ་དགྲ་བགེགས་སྲོག་ལ་མཱ་ར་ཡ་རྦད༔ ཅེས་སྐབས་དང་བསྟུན་ལ་བཟླ་སྟེ༔ དེ་ནས་སླར་བྲན་ལ་ཧཱུྃ༔ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ རྡོ་རྗེ་གདན་གྱི་ཤར་ཕྱོགས་ནས༔ གཙུག་ལག་ཁང་ཆེན་ནཱ་ལེན་དྲར༔ བསྟན་སྲུང་དཔལ་ལྡན་ནག་པོ་ཆེ༔ དཔལ་ལྡན་ཁྲག་འཐུང་སྤྲུལ་པའི་སྐུ༔ ཆོས་སྐྱོང་མགོན་པོ་མཐུ་བོ་ཆེ༔ བཀའ་སྲུང་ཆེན་པོ་དམ་ཚིག་ཅན༔ སྐུ་མདོག་མཐིང་ནག་འབར་བ་ལ༔ ཞལ་གཅིག་ཕྱག་བཞི་འཇིགས་པའི་གཟུགས༔ དབུ་སྐྲ་ཁམ་ནག་གྱེན་དུ་བརྗེས༔ སྦྲུལ་དང་ཐོད་ཕྲེང་འབར་བས་བཅིངས༔ ཞལ་


CMR028_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འཇིགས་པའི་ཁྲོ་གཉེར་ཅན༔ བདུད་དཔུང་མ་ལུས་འདུལ་བར་མཛད༔ སྤྱན་གསུམ་དམར་ལ་འཁྲུགས་པ་ཡིས༔ སྡང་མིག་ཕྱོགས་བཅུར་ཀུན་ཏུ་བལྟ༔ ཤངས་ནས་དྲག་པོའི་འཐོར་རླུང་འབུད༔ སྨ་ར་ཨག་ཚོམ་སྨིན་མ་སེར༔ ཞལ་གདངས་ཧ་ཧ་ཧཱུྃ་ཕཊ་སྒྲོག༔ མཆེ་གཙིགས་ལྗགས་འདྲིལ་རྐན་སྒྲ་རྡེབ༔ གཡས་ཀྱི་དང་པོས་གྲི་གུག་འཛིན༔ འོག་མས་དགྲ་སྙིང་སྲོག་རྩ་བཅད༔ ཕྱག་གཡོན་ཐོད་པར་སྙིང་ཁྲག་འཐུང་༔ འོག་མས་ཁ་ཊྭཱཾ་དུག་གསུམ་འཇོམས༔ ཐུང་ལ་སྦོམ་ཞིང་གེལ་བའི་གཟུགས༔ སྐུ་ལ་མི་མགོའི་ཕྲེང་བས་བརྒྱན༔ ཡན་ལག་སྦྲུལ་གྱི་ཆུན་པོས་བཅིང་སྐུ་སྨད་སྟག་གི་པགས་པས་དཀྲིས༔ ཞབས་གཉིས་བརྡབས་པས་དགྲ་བགེགས་འདུལ༔ ཉི་ཟླ་པདྨ་རོ་གདན་༼ལྡེབ་གཅིག་ཆད༽གཡས་པའི་གྲི་གུག་དམར་པོ་ཡིས༔ དགྲ་སྲོག་དམར་པོ་ཆོད་ལ་ཤོག༔ གཡོན་པས་བྷན་ཁྲག་ཐོགས་ལ༔ དགྲ་བགེགས་སྙིང་ཁྲག་ཞལ་དུ་གསོལ༔ སྡེར་མོ་ལྕགས་ཀྱུ་ལྟ་བུ་ཡིས༔ གློ་སྙིང་ནང་ཁྲོལ་ཕྱུང་ལ་ཤོག༔ སྤྲུལ་པ་བྱ་རོག་མང་པོའི་ཚོགས༔ དང་རུས་དགྲ་བགེགས་ཤ་ལ་ཆུམ༔ མཆུ་སྡེར་དགྲ་བགེགས་


CMR028_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ལ་ཆུམ༔ ཕོ་ཉ་དགྲ་བགེགས་བླ་ལ་ཁྱེར༔ ཤ་ཟ་སྲིན་པོ་མཐུ་སྟོབས་ཅན༔ དགྲ་བགེགས་རྩ་ཁྲག་ཁོང་ནས་ཕྱུངས༔ ནག་པོ་འཁོར་བཅས་དགྲ་ལ་ཡ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧོ༔ དཔལ་ལྡན་མགོན་པོ་ནག་པོ་ཡི༔ ལས་བྱེད་མ་མོ་མཐུ་མོ་ཆེ༔ དུར་ཁྲོད་བསིལ་བའི་ཚལ་ཆེན་ནས༔ དམར་མོ་རྩ་འཇིབས་སྐུ་བསྐྱོད་ཅིག༔ ཞལ་གཅིག་ཕྱག་བཞི་སྐུ་མདོག་དམར༔ རལ་པ་ཁམ་ནག་མུན་ལྟར་གཏིབས༔ སྤྱན་གསུམ་དམར་པོ་ཁྲག་ཏུ་འཁྱིལ༔ གཡས་པས་རལ་གྲི་ཁ་ཊ་སྟེ༔ གཡོན་པས་མདའ་གཞུ་དགྲ་མགོ་འཛིན༔ ཆིབས་སུ་རླུང་ནག་འཚུབ་མ་བཅིབས༔ འཁོར་དུ་ཤ་ཟ་མཁའ་འགྲོས་བསྐོར༔ བདུད་དང་སྲིན་པོ་ལས་ལ་འགྱེད༔ རྟག་ཏུ་གསོད་དང་གཅོད་ལ་བརྩོན༔ ཁྱོད་ཀྱི་ཐུགས་དམ་རྒྱུད་བསྐུལ་གྱི༔ དམར་གྱི་གཏོར་མ་འདི་ལོངས་ལ༔ དགྲ་བགེགས་བླ་ཚེ་ལོངས་ལ་ཤོག༔ ཐུན་ཁྲག་འཕངས་ལ་ནད་ཡམས་ཐོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧོ༔ གཞན་ཡང་མགོན་པོའི་བཀའ་འཁོར་ནས༔ ནག་པོའི་དམག་ཚོགས་ཉེ་རེ་རེ༔ མ་མོའི་ཟོར་འཕེན་ཤ་ར་ར༔ ཤ་ཟ་ཁྲག་འཐུང་


CMR028_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སྤུངས་སེ་སྤུང་༔ གནོད་སྦྱིན་སྲོག་གཅོད་རོ་ལོ་ལོ༔ བདུད་ཕོ་ཁྲམ་ཐོགས་ཉེ་རེ་རེ༔ དྲག་པོའི་ཕོ་ཉ་ཤ་ར་ར༔ བྱ་རོག་ནག་པོ་ཐིབས་སེ་ཐིབ༔ མཐུན་པའི་དམ་རྫ་ས་འདི་བཞེས་ལ༔ གནོད་ཅིང་འཚེ་བའི་དགྲ་བགེགས་འདི༔ ཕུང་གསུམ་གཡབ་ཀྱིས་ཐོབ་ལ་ཤོག༔ བདུན་རྒྱུད་རྩད་ནས་ཆོད་ལ་ཤོག༔ ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུྃ་ཧཱུྃ་ཧཱུྃ་ཛ་ཛ་ཛ་ཕཊ་ཕཊ་ཕཊ༔ ཏྲི་ཁ་ཁ་མུ་ཁ་བྷྱོ༔ ཨོཾ་མ་ཧཱ་ཀཱ་ལི་དེ་ཝི་རུ་པི་ནི་ཧཱུྃ་བྷོ་ཕཊ༔ སརྦ་དུཥཱན་ཤ་ཧཱུྃ་དགྲ་བགེགས་སྲོག་ལ་མཱ་ར་ཡ་རྦད༔ ཧོཿ དཔལ་ལྡན་ཡེ་ཤེས་མགོན་པོ་ཡབ་ཡུམ་གྱི་ལས་མཁན༔ མ་ཧཱ་ཀཱ་ལ་ལེགས་ལྡན་ནག་པོ༔ ཁྲག་འཐུང་གི་རྒྱལ་པོ་ལས་མགོན་ཆེན་པོ༔ འཇིགས་བྱེད་བྱ་རོག་གདོང་ཅན༔ མ་མོ་ཆུ་འཇིབས་དམར་མོ༔ བསྟན་པའི་བཀའ་སྲུང་༔ རྣལ་འབྱོར་ཡོངས་ཀྱི་དགྲ་བླ༔ རིག་འཛིན་ཡོངས་ཀྱི་སྲོག་ཤིང་༔ དམ་ཉམས་ཀུན་གྱི་སྲོག་གཅོད༔ བདུད་འདུལོ་རྣམས་ཀྱི་དབང་ཕྱུག༔ གཙུག་ལག་ཁང་གི་སྲུང་མ༔ དུར་ཁྲོད་ཀུན་གྱི་ཞིང་སྐྱོང་༔ གསང་སྔགས་བཀའི་སྲུང་མ༔ ལེགས་ཉེས་ཀུན་གྱི་སྟངས་འཛིན༔ ནག་པོ་སྟོང་གི་ཚོགས་ཀྱིས་བསྐོར་


CMR028_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

བ༔ ཤ་ཟ་འབུམ་གྱི་ཚོགས་ཀྱིས་བསྐོར་བ༔ མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར་བ༔ གནོད་སྦྱིན་ཁྲིའི་ཚོགས་ཀྱིས་བསྐོར་བ༔ བདུད་པོ་ཉི་ཁྲིའི་ཚོགས་ཀྱིས་བསྐོར་བ༔ ཁྲབ་ཆེན་བྱེ་བ་འབུམ་གྱི་ཚོགས་ཀྱིས་བསྐོར་བ༔ དྲེགས་པ་ལས་བྱེད་ཚོགས་ཀྱིས་བསྐོར་བ༔ དཔལ་མགོན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ལ༔ སྤྱིར་སངས་རྒྱས་བསྟན་པའི་སྤྱི་དགྲ༔ རྣལ་འབྱོར་པ་བདག་གི་སྒོས་དགྲ༔ ད་ལྟ་ཐད་དུ་བསྡོངས་ནས་དོ་བསྡོ་ཕོད་བཙུགས་འགྲས་ཚོལ་བ༔ ཕྱི་དགྲ་ཡིད་ལ་འཆང་ནས་བསམ་ངན་དུག་སྦྱོར་ཤོམ་པ༔ བྱད་ཁ་ཕུར་ཁ་སྟོན་པ༔ གཏད་མནན་སེལ་ནག་བྱེད་པ༔ བར་ཆད་བྱེད་པའི་བདུད་དང་དམ་སྲི༔ གནོད་ཅིང་འཚེ་བའི་གདོན་དང་འབྱུང་པོ༔ ལྟས་ངན་ཆོ་འཕྲུལ་མི་ཁ་སྨྲ་མཆུ་གཏོང་བ་ཐམས་ཅད་ཟས་སྐལ་དུ་གཏད་ཀྱིས༔ དམ་ཉམས་འདི་རྣམས་ཀྱི་ཤ་ཟོ༔ ཁྲག་འཐུང་༔ སྙིང་ཕྱུངས༔ སྲོག་ཆོད༔ དབུགས་ལོངས༔ ལས་ཀྱི་མཐའ་བསྡུས༔ ལོ་དང་ཟླ་བར་མ་བཞག༔ ཞག་དང་ཟ་མར་མྱུར་དུ་སྒྲོལ་བའི་ཕྲིན་ལས་མཛོད་ཅིག༔ གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ གཏོར་མ་བཏེག་ལ༔ བྷྱོ༔ མགོན་པོའི་ཆད་


CMR028_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགྲ་ལ་ཟློག༔ མ་མོའི་རྒྱུ་གཟེར་དགྲ་ལ་ཟློག༔ གཟའ་ཡི་ཅར་ཕོག་དགྲ་ལ་ཟློག༔ རྒྱལ་པོའི་སྨྱོ་འབོག་དགྲ་ལ་ཟློག༔ གཤིན་རྗེའི་ཞགས་པ་དགྲ་ལ་ཟློག༔ བཙན་གྱི་ཕོ་གླང་དགྲ་ལ་ཟློག༔ བདུད་ཀྱི་ཁྲམ་ཁ་དགྲ་ལ་ཟློག༔ ཀླུ་ཡི་མཛེ་ནད་དགྲ་ལ་ཟློག༔ མཐུན་པའི་དམ་རྫས་འདི་བཞེས་ལ༔ བར་ཆད་རྐྱེན་ངན་ཐམས་ཅད་ཟློག༔ དུས་ལ་བབ་བོ་ས་མ་ཡཱ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུྃ༔ ཡ་མ་རཀྵ་ཟློག་ཟློག༔ ཡ་མ་རཀྵ་ཟློག་ཟློག༔ ཀཱི་ལི་ཡ་དུན་ཏིང་ཟློག་ཟློག༔ ཡ་མ་རཀྵ་ཟློག་ཟློག༔ ཙན་དྷ་རཀྵ་ཟློག་ཟློག༔ ནཱ་ག་རཀྵ་ཟློག་ཟློག༔ ཕུ་ཕུ་ཏྲི་ཏྲི་ཟློག་ཟློག༔ དྷེ་ཝ་རུ་ཏྲི་ཟློག་ཟློག༔ ཙ་དུར་པྲ་མ་ཟློག་ཟློག༔ ནཱ་ཐ་ར་ཟློག་ཟློག༔ མ་ཧཱ་རཀ་དུ་ཟློག་ཟློག༔ ཧཱིཏྲ་རཀྵ་ཟློག་ཟློག༔ བུདྡྷ་པ་རི་ཁྲམ་ཁ་ཐམས་ཅད་ཟློག་ཟློག༔ བུདྡྷ་པ་རི་ཁྲམ་ཁ་ཐམས་ཅད་ཟློག་ཟློག༔ ཅེས་གཏོར་མ་ཕྱིར་ཕུལ་བས་མདུན་གྱི་ལྷ་གསུམ་བྱ་རོག་ལ་ཆིབས་པས་འཕུར༔ ལས་མགོན་གཤོག་པ་གཡབ༔ ལྷ་མོའི་རླུང་ནག་བཅིབས་ཏེ༔ འཁོར་རྣམས་རླུང་ལྟར་འཚུབ་ཅིང་༔ སྤྲིན་ནག་འབྲུག་སྒྲ་ཐོག་སེར་གློག་དང་བཅས་ཏེ་དགྲ་བགེགས་གང་དུ་ཡོད་པ་


CMR028_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཁྱེར་ནས་བསིལ་ཚལ་དུ་སོང་སྟེ༔ ཤ་ཟ་ཐམས་ཅད་ཀྱིས་ཟས་སུ་ཟོས་པར་དམིགས༔ བདག་བསྐྱེད་ཡབ་ཡུམ་སྐུའི་འོད་ཟེར་ལས་གྲུབ་པའི་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཅུ་པའི་ལྟེ་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་རང་ཉིད་མགོན་པོ་ཡབ་ཡུམ༔ མཐར་བསྲུང་བྱ་ཐམས་ཅད་ཚུད་པ༔ རྩིབས་རྩེ་བཅུལ་ལས་མགོན་བརུ༔ དེ་རྒྱབ་རྡོ་རྗེའི་གུར་ཡེ་ཤེས་ཀྱི་མེ་འབར་བ༔ ལྟེ་བ་མི་འགུལ་བར་རྩིབས་བཅུ་རྣོ་ངར་དང་ལྡན་པ་གཡོན་དུ་དྲག་ཏུ་འཁོར་བས་གནོད་བྱེད་ཐམས་ཅད་ཆུད་ཆུད་གཅོད་ཅིང་མེ་དཔུང་གིས་བསྲེགས་པར་བསྒོམས་ལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧེ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ༔ བཛྲ་ཊཱཀི་ནི་ཛཱ་ལ་སཾ་བྷ་ར་སྭཱ་ཧཱ༔ པ་ར་ཙཀྲ་ཧཱུྃཏེ་བེ་རོ་ཙ་ན༔ མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུྃ་ཕཊ༔ སརྦ་ཨ་པ་ན་ཡེ་སྭཱ་ཧཱ༔ ཞེས་གལ་དང་བསྟུན་ལ་བཟླས་པ༔ ལྷན་ཅིག་ནང་རྒྱས་བྱུང་ཡང་ཁྱེར་རོ༔ དགེ་བ་འདི་ཡིས་མྱུར་དུ་བདག༔ ཅེས་སོགས་བསྔོ་བ་བྱ་ཞིང་ཉམས་ལེན་གསལ་སྟོང་གི་ངང་ནས་སྤྱོད་ལམ་བྱའོ༔ བདག་བསྐྱེད་བསྡུ་རིམ་སོགས་ཆེད་དུ་བྱ་མི་དགོས་སོ༔ དེ་ལྟར་རྒྱུན་བསྙེན་ནམ་རྒྱུན་ཁྱེར་རོ༔ དགོས་པའི་དོན་ཡོད་ན་མ་གཏོགས་གཏོར་འབུལ་ཡང་རྒྱུན་དུ་མི་དགོས་ཏེ༔ ཕུག་གཏོར་གསོ་བྲན་ཙམ་བྱས་ལ༔ བདག་མདུན་གཉིས་ཁོ་ན་བྱ་ཞིང་༔ མདུན་བསྐྱེད་ལྷ་གསུམ་རྟེན་ལ་ཐིམ་པའམ༔ མེད་ན་ཕུག་གཏོར་རྩེ་དེར་བཞུགས་པར་བསམ་པས་ཆོག་གོ༔ འདི་སྔོན་གྱི་ཉང་ལུགས་ལས་ཟབ་པའི་རྒྱུ་མཚན༔ བརྒྱུད་པ་ཉེ་བ་དམ་སེལ་


CMR028_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མ་ཆོད་པ་དང་༔ འཁོར་ལ་གཟུགས་རྒྱལ་པོ་སོགས་མེད་པས་འཁུ་ལྡོག་ཆུང་བ་དང་གཉིས༔ མགོན་པོ་འདི་ལ་འཁོར་དཔག་ཏུ་མེད་ཀྱང་འཁོར་གྱི་གཙོ་བོ་ལས་མགོན་ཡིན་པ་དང་༔ དེ་ཡི་ཡང་ལས་ཐམས་ཅད་རྩ་འཇིབས་མས་སྒྲུབ་པའི་རྒྱུད་རྣམས་ནས་བཤད་པས༔ འཁོར་བསྡུ་ལེགས་པ་དང་གསུམ༔ གཙོ་བོ་བྱ་རོག་ཆིབས་ཤིང་འཕུར་ཞིང་རླུང་ཆིབས་པས་ལས་མྱུར་བ་དང་བཞི༔ ལས་མགོན་ས་བོན་ཏྲིཤུས་པས་ཤིན་ཏུ་རྣོ་བར་མན་ངག་ཐམས་ཅད་དུ་བཤད་པ་ལྔ༔ ཡབ་ཡུམ་ཐམས་ཅད་ཆ་ཚང་དུ་ཡོད་པས་བཀྲ་ཤིས༔ བཟློག་པས་མི་ཚུགས་པར་བཤད་པ་དང་དྲུག༔ སྔགས་གུ་ཎ་ཅན་འདི་ས་བསོད་ནམས་ལོངས་སྤྱོད་འཕེལ་ཆེ་བར་རྒྱུད་རྣམས་ནས་གསུངས་པ་དང་བདུན༔ བདག་བསྐྱེད་རྫོགས་རིམ་དྲན་རྫོགས་ཉམས་ལེན་བསྲེས་པས་མཆོག་ཐུན་འགྲུབ་པ་དང་བརྒྱད༔ སྤྲོས་མེད་ལུགས་གཙོ་ཆེ་བས་བྱ་སླ་བ་དང་དགུ༔ ལས་མགོན་སྔགས་འདི་འཇིག་རྟེན་གྱི་བདུད་བྱ་རོག་གདོང་དུ་སྣང་བས་ལྟས་དངོས་སུ་སྟོན་པ་དང་བཅུའོ༔ ཞེས་རཱ་ག་ཨ་སྱས་བསྒྲིགས་པ་ལ་ཉེས་འགལ་བཤགས་ཤིང་དགེ་བས་ཨོ་རྒྱན་ཆེན་པོའི་བསྟན་པ་དར་རྒྱས་སུ་གྱུར་ཅིག་མངྒ་ལཾ། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

བླ་མ་མགོན་པོ་དབྱེར་མེད་པའི་ཆོ་ག་ཉུང་ངུར་བསྡུས་པ་དགོས་འདོད་ཀུན་འབྱུང་རིན་པོ་ཆེ་དབང་པོའི་རྒྱལ་པོ།


CMR028_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་མགོན་པོ་དབྱེར་མེད་པའི་ཆོ་ག་ཉུང་ངུར་བསྡུས་པ་དགོས་འདོད་ཀུན་འབྱུང་རིན་པོ་ཆེ་དབང་པོའི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ།།


CMR028_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ནཱ་ཐ་ཡེ། །བླ་མ་མགོན་པོའི་གཏོར་ཆོག་ནི། །ཕྱག་ལེན་བཞིན་དུ་མཆོད་གཏོར་བཤམས། །བདག་བསྐྱེད་སྔོན་དུ་འདི་སྐད་དོ། །ཨོཾ་སྭ་བྷ་ཝས་སྦྱངས། ཧཱུྃ། རང་མདུན་རབ་འཇིགས་དུར་ཁྲོད་ཤིང་གི་དྲུང་། །པདྨ་ཉི་མ་ཚོགས་ཀྱི་བདག་པོའི་སྟེང་། །གྲི་གུག་ཧཱུཾ་གིས་མཚན་པའི་འཕྲོ་འདུ་ལས། །མྱུར་མཛད་མགོན་པོ་མཐིང་ནག་ཕྱག་དྲུག་པ། །ཞལ་གཅིག་སྤྱན་གསུམ་ལྗགས་འདྲིལ་མཆེ་བ་གཙིགས། །དབུ་སྐྲ་གྱེན་བརྗེས་སྨ་ར་སྨིན་མ་སེར། །སིནྡྷ་ར་བྱུག་མི་བསྐྱོད་དབུ་ལ་བརྒྱན། །གཡས་གསུམ་གྲི་གུག་ཕྲེང་བ་ཌཱ་མ་རུ། །ཐོད་ཁྲག་ཁ་ཊྭཱཾ་ཞགས་པ་གཡོན་


CMR028_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ན་བསྣམས། །ཐོད་སྐམ་དབུ་བརྒྱན་ཐོད་རློན་དོ་ཤལ་འཕྱངས། །ཕྱག་རྒྱ་ལྔས་བརྒྱན་ཞིང་ལྤགས་སྟོད་གཡོགས་དང་། །སྟག་གི་ཤམ་ཐབས་དར་ལྗང་སྐེ་རགས་བཅིངས། །ཀླུ་ཆེན་བརྒྱད་དང་གཡེར་ཁའི་དྲྭ་བས་སྤྲས། །དམར་ནག་མེ་དཔུང་དབུས་ན་འདོར་ཐབས་བཞུགས། །དེ་ཡི་གཡས་གཡོན་ལུས་དང་གྲིབ་མའི་ཚུལ། །གསང་བའི་ཡུམ་ཆེན་ཡབ་ཡུམ་གློག་ལྟར་འཁྱུག །སྟེང་ཕྱོགས་ནམ་མཁར་བླ་མ་གསེར་གྱི་མདོག །རིན་ཆེན་དྲིལ་བུ་བསྣམས་ནས་སྐྱིལ་ཀྲུང་བཞུགས། །རྒྱབ་ཏུ་ཧཱུྃ་ལས་ཡིད་བཞིན་ཀུནྡྷའི་མདོག །ཞལ་གཅིག་ཕྱག་དྲུག་


CMR028_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

འདོར་སྟབས་ཚོགས་བདག་མནན། །རྒྱན་ལྡན་གྲི་གུག་ནོར་བུ་ཌ་རུ་གཡས། །ཐོད་བུམ་ཁ་ཊྭཱཾ་ལྕགས་ཀྱུ་གཡོན་ན་བསྣམས། །མདུན་དུ་ཧྲཱིཿལས་གཟི་ལྡན་སྟོན་ཟླའི་མདོག །ཞལ་གཅིག་ཕྱག་དྲུག་སྣ་ཚོགས་རྒྱན་གྱིས་ཀླུབ། །ཕྱག་གཡས་རིན་ཆེན་ནེའུ་ལེའི་བུམ་པ་དང་། །འཁོར་ལོ་ནེའུ་འགུགས་པའི་ཕྱག་རྒྱ་གཡོན། །གཡོན་ཕྱོགས་ཁྲག་མཚོ་རླུང་ནག་འཚུབ་མའི་དབུས། །བློ་ལས་ལྷ་མོ་ཞལ་གཅིག་ཕྱག་བཞི་མ། །གྲི་ཐོད་རལ་གྲི་ནལ་བུའི་རྒྱལ་མཚན་བསྣམས། །དྲེའུ་སྟེང་ན་བཙན་འཁྱིལ་ཚུལ་གྱིས་བཞུགས། །མདུན་དུ་ཧཱུྃ་ལས་ཀླུ་ཊ་པཱ་ལ་མཐིང་། །གྲི་གུག་དཀྲུག་ཅིང་གཙོར་སྟོབ་དོམ་ནག་ཆིབས། །གཡས་སུ་ཛི་ལས་འཛི་ན་མི་ཏྲ་དམར། །གཡས་པས་ཌ་རུ་གཡོན་པས་ཐོད་ཁྲག་སྟོབ། །རྒྱབ་ཏུ་ཛཾ་ལས་ཊཀི་རཱ་ཛ་མཐིང་། །ཞགས་པ་འཕེན་ཞིང་ཐོད་ཁྲག་གཙོ་ལ་སྟོབ། །གཡོན་དུ་ཧཱུྃ་ལས་ཏྲག་ཤད་རྟ་ནག་ཞོན། །དར་ནག་བེར་གསོལ་རུ་མཚོན་ཐོད་ཁྲག་བསྣམས། །ཀུན་ཀྱང་མི་སྲུན་འཇིགས་པའི་ཆ་ལུགས་ཅན། །ཕྱི་རོལ་གཙང་རེས་མགོན་པོ་བདུན་ཅུ་དང་། །དམ་ཅན་རྒྱ་མཚོ་སྤྲིན་དཔུང་བཞིན་དུ་གཏིབས། །ཀུན་གྱི་གནས་


CMR028_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཡིག་འབྲུ་གསུམ་པོ་དང་། །ས་བོན་འོད་ཀྱིས་འཁོར་བཅས་སྤྱན་དྲངས་གྱུར། །ཅེས་སྤོས་སྦྱོར་བསྲེགས་ལ་རོལ་མོ་དང་བཅས་པས། ཧཱུྃ། འཇིག་རྟེན་དབང་ཕྱུག་རྒྱལ་བ་ཀུན་གྱི་ཡབ། །གྲངས་མེད་བསྐལ་པའི་སྔོན་ནས་བྱང་ཆུབ་ཀྱང་། །ཚད་མེད་སྙིང་རྗེས་སླར་ཡང་ཁྲོ་མོའི་ཚུལ། །ནག་པོ་ཐུགས་རྗེ་ཆེན་པོ་གཤེགས་སུ་གསོལ། །འཕགས་ཡུལ་གྲུབ་པའི་དབང་ཕྱུག་བྲམ་ཟེ་ཆེ། །གངས་ཅན་ལྗོངས་འདིར་མཐོན་མཐིང་ཅོད་པན་ཅན། །གང་འདུལ་སྤྲུལ་བའི་གར་མཁན་ནག་པོ་ཆེ། །བླ་མ་མགོན་པོ་དབྱེར་མེད་གཤེགས་སུ་གསོལ། །ཐུགས་རྗེ་མྱུར་མགྱོགས་སྟོན་ཕྱིར་བཞེངས་སྟབས་བཞུགས། །མཆོག་དང་ཐུན་མོང་ལོ་ཟླས་འགྲུབ་མཛད་ཅིང་། །དྲན་པ་ཙམ་ནས་བྱིན་གྱིས་རླབས་མཛད་པ། །བྱིན་རླབས་མྱུར་མཛད་མགོན་པོ་གཤེགས་སུ་གསོལ། །མི་ནོར་ཟས་གསུམ་ཤུགས་ལས་འབྱུང་བ་དང་། །ལྷ་འདྲེ་མི་གསུམ་དབང་དུ་སྡུད་མཛད་ཅིང་། །སྐྱེ་འགྲོའི་རེ་བ་ཡིད་བཞིན་སྐོང་མཛད་པ། །མགོན་པོ་ཡིད་བཞིན་ནོར་བུ་གཤེགས་སུ་གསོལ། །འཆི་བདག་ལས་གྱི་གཤིན་རྗེ་ཟིལ་གནོན་ཕྱིར། །ལྷོ་ཕྱོགས་ཙན་དན་ཤིང་ལ་


CMR028_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བཅས་ཤིང་། །མ་མོ་མཁའ་འགྲོ་ཀུན་གྱིས་ཡོངས་བསྐོར་བ། །ཙནྡན་ཤིང་གི་མགོན་པོ་གཤེགས་སུ་གསོལ། །རྡོ་རྗེ་གདན་གྱི་ནུབ་སྒོ་སྲུང་མཛད་ཅིང་། །པོ་ཊ་ལ་དང་། བསིལ་བ་ཚལ་གྱི་རི། །ཉི་ཤུ་རྩ་བཞིའི་གནས་རྣམས་སྐྱོང་མཛད་པ། །ཞིང་སྐྱོང་རྡོ་རྗེ་ནག་པོ་གཤེགས་སུ་གསོལ། །བཟློག་པས་མི་བཟློག་དགྲ་བགེགས་བརླག་མཛད་པ། །གནོད་སྦྱིན་དབང་ཕྱུག་གཤིན་རྗེ་བདུད་ཀྱི་བུ། །མ་མོ་དཔལ་མགོན་དམ་ཅན་རྒྱ་མཚོའི་ཚོགས། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཟློས་པཱ་རི་ཝཱ་ར་བཛྲ་ས་མཱ་ཿ ཨེ་ཧྱ་ཧི། བཛྲ་ཨཧཱུྃ་ནས། ཤབྡ་ཨཱཿཧཱུྃ། བཞུགས་སུ་གསོལ་བ་ནི། ཧཱུྃ། སྐྱོན་གྱིས་མ་གོས་པདྨ་ཉི་ཟླའི་སྟེང་། །རིན་ཆེན་ཆར་རྒྱུན་འབེབས་༈ མཛད་ཚོགས་ཀྱི་བདག །གངས་རིའི་ཕུང་པོ་སྤུངས་པ་ལྟ་བུའི་སྟེང་། །ནག་པོ་ཆེན་པོ་དགྱེས་བཞིན་བཞུགས་སུ་གསོལ། །གཞན་ཡང་བསྟན་དགྲ་བསྣོལ་བའི་བམ་བརྩེགས་ལ། །བཀའ་སྡོད་གནོད་སྦྱིན་བཞི་དང་རེ་མ་ཏི། །འཇིག་རྟེན་སྐྱོང་བ་དམ་ཅན་རྒྱ་མཚོ་བཅས། །ཕྲིན་ལས་བསྒྲུབ་ཕྱིར་བརྟན་པར་བཞུགས་སུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་


CMR028_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ས་པཱ་རི་ཝཱ་ར་ཛཧཱུྃ་བཾ་ཧོ༔ པདྨ་ཀ་མ་ལཱ་ཡེ་ཧཱུཾ། འདིར་དབང་བསྐུར་མི་དགོས་པར་བཤད་ལ། དམ་བཞག་ནི། ཧཱུྃ། སྣང་བ་མཐའ་ཡས་སྤྱན་སྔ་རུ། །མཁའ་མཉམ་འགྲོ་བ་སྒྲོལ་བའི་ཐུགས་བསྐྱེད་དང་། །སྙིགས་མའི་འགྲོ་བ་བར་ཆད་རྐྱེན་མང་ཞིང་། །དམ་ཚིག་མི་ལྡན་ལོངས་སྤྱོད་དམན་པ་རྣམས། །འདི་ཕྱི་བར་དོའི་འཇིགས་ལས་སྐྱོབ་པའི་ཕྱིར། །ཡུན་རིང་སྒྲུབ་མི་དགོས་པར་ཞལ་སྟོན་ཞེས། །དམ་བཅའ་གང་མཛད་མ་བསྙེལ་དྲན་མཛོད་ལ། །གང་བཅོལ་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་ས་མ་ཡེ། མ་ནུ་སྨ་ར་ཡེ། ས་མ་ཡེ། མ་ཏི་ཀྲ་མ་ཡེ། ས་མ་ཡེ། རཀཱནྟ། ཕྱག་འཚལ་བ་ནི། ཧཱུྃ། མཐའ་བྲལ་ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང་། །ལོངས་སྐུའི་ཞིང་དུ་རྣམ་སྣང་གངས་ཅན་མཚོ། །མི་མཇེད་ཞིང་འདིར་སྤྲུལ་པའི་མགོན་པོ་སྟོང་། །སྟོན་མཛད་ཡེ་ཤེས་མགོན་པོར་ཕྱག་འཚལ་བསྟོད། །བྱམས་དང་སྙིང་རྗེའི་གཏེར་ཆེན་རབ་རྒྱས་ཀྱང་། །མ་རུངས་གདུག་པ་འདུལ་ཕྱིར་ཁྲོས་པའི་སྐུ། །སྲིད་གསུམ་ཞིང་གི་ལོག་འདྲེན་ཀུན་འཇོམས་པ། །མྱུར་མཛད་དམ་ཚིག་མགོན་པོར་ཕྱག་


CMR028_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་བསྟོད། །ཉིད་ཀྱི་སྤྲུལ་པ་འཇིག་རྟེན་དྲེགས་པའི་གཟུགས། །མ་མོ་གནོད་སྦྱིན་སྲིན་པོ་གཤིན་རྗེ་བདུད། །སྣ་ཚོགས་ཕྲིན་ལས་ཐོགས་མེད་སྒྲུབ་མཛད་པ། །འཇིག་རྟེན་མགོན་པོའི་ཚོགས་ལ་ཕྱག་འཚལ་བསྟོད། །མན་ངག་དང་ལྡན་པས་གསོལ་འདེབས་བསྙེན་པ་ཕྱེད་མར་བྱ་སྟེ། བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་བསལ་དུ་གསོལ། །ཅེས་སམ། ཨོཾ་ན་མོ་བུདྡྷ་ཡ། ན་མོ་གུ་རུ་ཧེ། བཛྲ་བཻ་ར་བཱི་རེ་ནཱ་ཤྲཱི་ཡེ། ཊཱཀ་ཌཱཀི་ནཱི། རྣོ་ཀ་བློ་ཀི་ནཱི། སརྦ་བུདྡྷ་ཡ། བོ་དྷི་སཏྭ། ས་ར་ནན་ཤ་ར་ནན་ག་ཛ་ཛ་ཡེ་གཙྪ་མི་ཀྱེ། ཨོཾ་བཛྲ་ན་ར་ཀྲིང་ཀྲིང་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཐུན་མཚམས་མཆོད་གཏོར་བྱ་སྟེ།་ཧཱུཾ། ཀེ་ལས་ཐོད་སྣོད་ཡངས་ཤིང་རྒྱ་ཆེ་བ། །ཧཱུྃ་ལས་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ཕྱི་ནང་གསང་བ་ཡི། །རྟེན་རྫས་སྒྲུབ་རྫས་ཕུན་སུམ་ཚོགས་པར་གྱུར། །ཨོཾ་བཛྲ་པུཉྫ་ནས། ཤརྡ་ཨཱཿཧཱུྃ། ཧཱུྃ། དྲི་དང་དུག་གི་མེ་ཏོག་སྔོན་པོ་འདི། །དྲག་པོ་དཔལ་ལྡན་མགོན་པོ་མཉེས་པའི་རྫས། །བསྟན་སྲུང་དབུ་ལ་འབུལ་ཏེ་རྒྱན་མཛོད་ལ། །བདག་


CMR028_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་སྐུ་དང་མཚན་དཔེ་ཐོབ་པར་ཤོག །གུ་གུལ་མི་ཤ་ཚིལ་ཆེན་མི་ཡི་ཁྲག །ཡུངས་ཀར་བུ་རམ་་་རྔ་མོང་རིལ་མ་གཅིག་ལ། སྦྱར་བའི་སྲེག་སྤོས་འདི། །བསྟན་སྲུང་ཤངས་ཀྱི་དབང་པོ་ཚིམ་མཛད་ཅིང་། །ཚུལ་ཁྲིམས་འཆལ་བའི་དམ་ཉམས་བསྒྲལ་དུ་གསོལ། །མི་ནག་ཕག་པ་ར་རོག་ཚིལ་ཞུན་དང་། །ལེགས་པར་སྦྱར་བའི་རོ་རས་སྡོང་བུ་བཙུགས། །གསལ་བྱེད་སྤྱན་ལ་དད་པས་རབ་འབུལ་ན། །ཤེས་རབ་འཆལ་བའི་ཀླད་ཁྲག་སྐམ་དུ་གསོལ། །དུག་སྣ་ཁྲག་ཆེན་སྦྱར་བའི་དྲི་ཆབ་འདི། །ཁྲག་འཐུང་བསྟན་སྲུང་ཐུགས་ལ་འབུལ་ལགས་ན། །ཏིང་འཛིན་བར་ཆད་བདུད་དང་འབྱུང་པོའི་ཚོགས། །མ་ལུས་ཐལ་བའི་རྡུལ་བཞིན་བརླག་ཏུ་གསོལ། །ནས་ནག་ཏིལ་དང་བྲ་བོ་སྲན་མ་དང་། །རིམ་བུ་ལས་བྱས་ཟུར་གསུམ་ཁྲག་གིས་བྱུག །ལྷ་བཤོས་ལྗགས་ཀྱི་དབང་པོ་ཚིམ་བྱེད་འདི། །སྟོབས་ལྡན་བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །རྐང་དུང་གླིང་བུ་བྷན་ལྟག་སྤྲོད་རྔ། །རྔ་ཆེན་ཆ་ལང་ཅང་ཏེའུ་རོལ་མོའི་སྒྲ། །སྣ་ཚོགས་སྙན་ལ་གུས་པས་འབུལ་ལགས་ན། །བསྟན་ལ་མི་སྙན་སྨྲ་བའི་འདུ་བྱེད་ཀུམ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་


CMR028_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཀིཾ་ཀྵེ་ཏྲ་བིགྷཾ་བི་ན་ཡ་ཀ་ས་པཱ་རི་ཝཱ་ར་བཛྲ་པ། ནས། ཤབྡ་ཨཱཧཱུཾ། དེ་ནས་གཏོར་མ་ལ། བིཤྩ་ནམ། པདྨནྟ་ཀྲྀཏ་སོགས་ཀྱིས་བསངས། སྭ་བྷ་ཝས་སྦྱངས། ཡཾ་རཾ་ཀཾ་ཨ་རྣམས་ལས་བྱུང་བ་རླུང་མེ་ཐོད་སྐྱེད་ཀྱི་སྟེང་དུ། ཀ་པཱ་ལ་ཡངས་པའི་ནང་དུ། གོ་ཀུ་ད་ཧ་ན། བི་མུ་མ་ར་ཤུ་རྣམས་ལས་ཤ་ལྔ་བདུད་རྩི་ལྔ། ཨོཾ་ཨཱཧཱུཾ། རླུང་གིས་མེ་སྦར་ཞིང་སྣོད་དྲོས་པས་ཞུ་བའི་སྟེང་དུ་ཧཱུྃ་ཨཱཿ ཨོཾ་ཨ་ཀཱ་རོ་སོགས། བརྗོད་པས་ཡི་གེ་གསུམ་རྣམས་རིམ་གྱིས་གཏོར་མ་ལ་ཐིམ་ཞིང་ཉེས་སྐྱོན་སྦྱང་བདུད་རྩིར་ཞུ། བདུད་རྩི་ཆེན་པོར་གྱུར། མ་ཧཱ་གུ་རུ་ཨེ་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བཛྲ་མ་ཧཱ་ཀཱ་ལ་ཀིཾ་ཀྵེ་ཏྲ་བིགྷཾ་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བྷ་ལི༔ གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སི་ཏི་ཿ ཨི་དཾ༴ ཨོཾ་མ་ཧཱ་ཀཱ་ལ་ག་ན་པ་ཏི་སྭཱ་ཧཱ། ཨི་དཾ༴ ཨོཾ་མ་མ་སརྦ་ཙ་དྷུ་ར་བྷ་ཀྵ་ཛ་རེ་མ་ཏི་འུར་ཝ་འར་ཝཾ་ས་མཱ་ར་ཡ་ཧཱུྃ་ཕཊ། ཨི་དཾ༴ ཨོཾ་ཀྵེ་ཏྲ་པཱ་ལ་བིགྷཾ་ཧཱུྃ་ཕཊ། ཨི་དཾ༴ ཨོ་ཛི་ན་མི་ཏྲ་ཝ་ཤ་ཀུ་རུ་ཧཱུྃ་ཕཊ། ཨི་དཾ༴ ཨོཾ་ཊ་ཀི་རཱ་ཛ་ས་མ་ཡ་བྷོ་དུ་ཛཧཱུྃ་ཕཊ། ཨི་དཾ༴ ཨོ་དུ་ཡོག་ཛམ་ཧཱ་ཀཱ་ལ་ཏྲཀཱད་ཧཱུྃ་ཕཊ། ཨི་དཾ༴ ཨོ་ག་ན་པ་ཏི་སྭཱ་ཧཱ། ཨི་དཾ༴ ཨོ་བྷི་ཤ་ཡ་


CMR028_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བྷི་ཤ་ཡ་ཨ་བྷེ་ཤ་ཡ་ཨ་བྷེ་ཤ་ཡ། པྲ་ཏོ་ག་ཏི་རཀྟ། ཙིཏྟ་ནི་པ་ཤ་སྙིང་ལ་སྲིལ་སྲིལ། ཨི་དཾ༴ ཨོཾ་སྲུ་པྲང་རུ་ལུ་བྷོ་ཨི་དཾ༴ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་་་་ནག་པོ་ཆེན་པོ། ཤ་ས་་་་་་བསྟན་པ། ཨུ་པ་ཧ་རི་ནི།་་ཉེ་བར་སྒྲུབ་པ།་ཨེ་ཥ་ཨེ་པལྕི། མ་ཀ་ལོ་ཨ་ཡཾ་་་་ཕྱི་མའི་དུས་ཟུང་འདི་དང་། ཨི་དཾ་རཏྣ་ཏྲ་ཡ་ཡཱ་་་དཀོན་མཆོག་གསུམ་ལ། ཨ་པ་ཀ་རི་ནན་་་གནོད་པར་བྱེད་པ། ཡ་ཏི་པྲ་ཏི་ཛྙཱ། གལ་ཏེ་ན། སྨ་ར་སི་ཏ་ད།་་དམ་བཅའ་དེ་ཡི་ཚེ། ཨི་དམ་དུཉྫ་ན།་་་གདུག་པ་ཅན་འདི། ཁ་ཁ་ཁཱ་ཧི་ཁཱ་ཧི།་་་་ཟ་རུ་ཆུག་ཟ་རུ་ཆུག །མཱ་ར་མཱ་ར།་་་་སོད་སོད། གྲིནྟ་གྲིཉྩ།་་་ཟུང་ཟུང་། བྷནྡྷ་བྷན།་་་ཆིང་ཆིང་། ཧ་ན་ཧ་ན།་་་བསྣུན་བསྣུན། ད་ཧ་ད་ཧ་་་་་སྲེག་སྲེག །པ་ཙ་པ་ཙ།་་་ཆོས་ཆོས། དེ་ན་མེ་ཀེ་ནཾ།་་་ཉི་མ་གཅིག་ནས། མཱ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ་་་གསོད་པར་མཛོད། ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་འཁོར་དང་བཅས་པ་ལ་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་འབུལ་ལོ། །ཡོངས་སུ་བཞེས་ལ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། །ཁྱད་པར་དུ་རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་འདི་ཕྱིའི་འཇིགས་པ་ཐམས་


CMR028_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལས་སྐྱོབ་པ་དང་། མི་ནོར་ཟས་གསུམ་ཡོ་བྱད་འཕེལ་བ་དང་། བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་རྩད་ནས་གཅོད་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་མྱུར་དུ་ཐོབ་པའི་ཕྲིན་ལས་མཛོད་ཅིག །ༀ་བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་ཨ་མྲྀ་ཏ་ཨོཾ་ཨཱཧཱུཾ། དེ་ནས་བསྟོད་པ་ནི། ཧཱུྃ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞབས་གདུབ་དང་བཅས་བྷི་ནཱ་ཡ་ཀ་མནན། །ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །གཡས་པས་གྲི་གུག་བར་པས་ཕྲེང་བ་འཛིན། །ཐ་མས་ཌཱ་མ་རུ་ནི་དྲག་ཏུ་འཁྲོལ། །གཡོན་པས་ཐོད་པ་དང་ནི་མདུང་རྩེ་གསུམ། །དེ་བཞིན་ཞགས་པས་བཟུང་ནས་འཆིང་བར་བྱེད། །དྲག་པོའི་ཞལ་གདངས་མཆེ་བ་རྣམ་པར་གཙིགས། །སྤྱན་གསུམ་དྲག་པོ་དབུ་སྐྲ་གྱེན་དུ་འབར། །དཔྲལ་བར་སིནྡྷ་ར་ཡིས་ལེགས་པར་བྱུག །སྤྱི་བོར་མི་བསྐྱོད་རྒྱལ་པོའི་རྒྱས་བཏབ་བརྟེན། །ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། །རིན་ཆེན་ཐོད་སྐམ་ལྔ་ཡི་དབུ་ལ་བརྒྱན། །ཤིང་ལས་བྱོན་ནས་གཏོར་མ་ལེན་མཛད་པ། །དཔལ་ལྡན་ཕྱག་དྲུག་པ་ལ་


CMR028_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་བསྟོད། །འདི་ཕྱིའི་བར་དོའི་འཇིགས་པ་ཀུན་སྐྱོབ་པ། །སྟེང་ཕྱོགས་བླ་མ་ཡི་དམ་དབང་གི་རྒྱལ། །ནོར་གྱི་ཆར་འབེབས་ཡིད་བཞིན་གཟི་ལྡན་སོགས། །གང་འདུལ་བཀོད་པ་སྟོན་ལ་ཕྱག་འཚལ་བསྟོད། །མགོན་པོའི་བཀའ་སྡོད་རྫུ་འཕྲུལ་ཐོགས་པ་མེད། །ཀྵེ་ཏྲ་པཱ་ལ་ཛི་ན་མི་ཏྲ་དང་། །ཊཱཀི་རཱ་ཛ་ཏྲཀཱད་རེ་མ་ཏི། །དཔལ་མགོན་དམ་ཅན་ཚོགས་ལ་ཕྱག་འཚལ་བསྟོད། །གསང་བའི་ལས་མཁན་མོན་པ་མཐུ་སྟོབས་ཅན། །དམ་ཚིག་ཆེན་པོའི་རྡོ་རྗེ་རེ་མ་ཏི། །བཀའ་ཡི་ཕོ་ཉར་བཅས་ལ་བདག་གིས་བསྟོད། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བསྟོད་དོ། །དེ་ནས་ཡང་བསྙེན་པ་དང་གསོལ་འདེབས་འདིར་བྱས་ཀྱང་རུང་ངོ་། དེ་ནས་གསོལ་ཁ་ནི། རྒྱས་པར་མཆོད་པ་བྱིན་བརླབ་བྱ། བསྡུས་པ་ན་ཨ་ཀཱ་རོ་བརྗོད། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྱི་ཀེ་ཏྲ་བིཧཱུཾ་བི་ནཱ་ཡ་ཀ་ཀྵེ་ཏྲ་པ་ལ། ཛི་ན་མི་ཏྲ་ཏྲཀླད་རེ་མ་ཏི་ས་པཱ་རི་ཝཱ་ར་པུཎྜེ་སོགས། མཾ་ས་རཀྟ་ཀེ་ནི་རེ་ཏི་ཙིཏྟ་ཨ་མི་ཏ་བ་ལི་ཏ་སརྦ་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་རྣམས་ལ་གསོལ་ལོ། །མཆོད་དོ། །མཆོད་སྦྱིན་གྱི་


CMR028_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། རྣལ་འབྱོར་པ་བདག་ལ་དགོངས་སུ་གསོལ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་དཔལ་ཧེ་རུ་ཀ་དང་རང་བཞིན་ཆོས་ཉིད་ཀྱི་ངང་དུ་གཅིག་ཀྱང་ངོ་བོ་ཡེ་ཤེས་སུ་མཚུངས་པ། མཚན་ཉིད་ཕྲིན་ལས་ཐོགས་མེད་དུ་མཉམ་པ། མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བའི་དཔའ་བོ། སྣང་སྲིད་ལྷ་འདྲེ་ཀུན་གྱི་ཡོངས་རྗེ། ཞིང་སྐྱོང་དྲག་པོ་ལས་ཀྱི་བཀའ་ཉན་གྱི་སྡེ་དཔོན། མི་ཕམ་རྡོ་རྗེ་གཟི་བརྗིད་ཀྱི་རྒྱལ་པོ། རིག་འཛིན་གྱི་དབང་ཕྱུག་བུ་བཞིན་སྐྱོང་བ། དམ་ལྡན་སྒྲུབ་པ་པོ་ཡི་བསམ་གཏན་གྱི་དྲོད་ཉུལ་བ། ཞི་བའི་མདངས་དང་ལྡན་པ། རྒྱས་པའི་བྱིན་ཆགས་པ། དབང་སྡུད་ལས་ཀྱི་རྩ་ལ་མངའ་བ། དྲག་པོ་དགྲ་བགེགས་བསྒྲལ་བའི་ལས་ལ་མྱུར་བ། བསྟན་པ་སྲུང་བའི་རྩལ་འབྱིན་པ། མཐུ་སྟོབས་ཀྱི་དབང་ཕྱུག་ཞིང་སྐྱོང་རྡོ་རྗེ་ནག་པོ་ཕྱག་དྲུག་པ་འཁོར་དང་བཅས་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཕྱི་ནང་གསང་གསུམ་གྱི་རྟེན་རྣམས་ལ་བཞུགས་ལ། རྣལ་འབྱོར་པ་བདག་ཅག་བླ་ན་མེད་པའི་བདེ་བ་ཆེན་པོའི་ཞིང་ཁམས་བརྗོད་པའི་ལམ་གྱི་བར་ཆད་དང་བདུད་བཞིའི་འཇིགས་པ་ཐམས་ཅད་ལམ་གྱི་


CMR028_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེལ་མ་དམ་པ་མཛོད་ཅིག །ཡང་དག་པའི་ལམ་དང་འཕྲད་པའི་ཏིང་ངེ་འཛིན་གྱི་སུན་མ་དམ་པར་མཛོད་ཅིག །བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡང་ལུས་ངག་ཡིད་གསུམ་ལོག་པའི་ལམ་དུ་མི་འགྲོ་ཞིང་། ཐར་པ་བྱང་ཆུབ་ཀྱི་ཕྱོགས་སུ་བློ་འགྲོ་བར་མཛད་དུ་གསོལ། འཇིག་རྟེན་འདིར་ཡང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ཞིང་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པའི་གནས་ནས་ཅི་བསམ་པ་ཐམས་ཅད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། དུས་དང་གནས་སྐབས་ཐམས་ཅད་དུ་ཕྲིན་ལས་བཞི་ཡི་བྱ་བ་ཐམས་ཅད་ལ་ཇི་ལྟར་གསོལ་བ་བཏབ་པའི་དོན་དེ་ཁོ་ན་བཞིན་དུ་འགྲུབ་པར་མཛད་དུ་གསོལ། བདག་གི་ནད་གདོན་སྡིག་སྒྲིབ་འཇིགས་པ་བརྒྱད་ཞི་བར་མཛད་དུ་གསོལ། ཚེ་དཔལ་ལོངས་སྤྱོད་འབྱོར་པ་དྲུག་སྤེལ་ཅིག་ལྷ་འདྲེ་མི་གསུམ་དབང་དུ་སྡུས་ཤིག །བར་ཆད་དགྲ་བགེགས་ཕྱེ་མར་རློགས་ཤིག །དེ་ནས་བསྐང་བ་ནི། མཆོད་པ་བྱིན་གྱིས་བརླབས་ནས་ནི། །ཧཱུྃ༔ མྱུར་མཛད་མགོན་པོ་འཁོར་བཅས་ཀྱི། ཐུགས་དམ་གཉན་པོ་བདག་གིས་བསྐང་། །ཉམས་ཆག་བསྐང་ལ་ཞིག་རལ་གསོ། །གནོང་འགྱོད་སེམས་མཁོན་ཐམས་ཅད་


CMR028_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས། །གནམ་ལྕགས་རྭ་དང་གློག་གི་ལྕེ། །སྤྲིན་ནག་འཁྲུགས་པའི་སྤུ་ཞོལ་ཅན། །གཡག་ལུག་དར་སྣས་བརྒྱན་པ་འདིས། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །སྨྱུག་ལྡེམ་བྱ་རྒོད་སྒྲོ་ཡིས་བརྒྱན། །གནམ་ལྕགས་ངར་མའི་མདེལ་གྱི་མཐུད། །དར་ནག་ཅོད་པན་གཡོ་བ་འདིས། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །བསྟན་ལ་སྡང་བའི་དགྲ་བོ་ཡི། །དོན་སྙིང་ལག་གིས་དམར་འབྱིན་བྱས། །རིན་ཆེན་འབྲུ་སྨན་སྙིང་པོའི་བསྐང་། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །དཀོན་མཆོག་གསུམ་དངོས་བླ་མ་དང་། །དབྱེར་མེད་མྱུར་མཛད་མགོན་པོ་ལ། །ཡིད་ཆེས་དྲག་པོས་ངེས་ཤེས་འདིས། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །དམར་གྱི་གཏོར་མ་རི་ལྟར་སྤུངས། །ཆང་དང་རཀྟ་མཚོ་ལྟར་བསྐྱིལ། །དངོས་འབྱོར་ཡིད་སྤྲུལ་དཔག་མེད་འདིས། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །ཁྱོད་ཀྱི་ཐུགས་དམ་ངས་བསྐང་ཞིང་། །བཅོལ་བའི་ལས་རྣམས་ཁྱོད་ཀྱིས་སྒྲུབ། །བརྟེན་པའི་ཚེ་ན་རྒྱང་མ་རིང་། །བོས་པའི་ཚེ་ན་སྙན་མ་སྲ། །སྒྲུབ་པའི་ཚེ་ན་གོང་མ་གཡེལ། །གཡབ་


CMR028_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་ན་སྤྱན་མ་བཏུལ། །མངག་པའི་ཚེ་ན་བང་མ་བུལ། །ཇོ་བེར་བརྟེན་ན་དབང་མ་ཆེ། །གྲོགས་པོར་བརྟེན་ནཱ་གཞུང་མ་ངན། །ཤག་ལྟར་བརྟེན་ན་ཁྲེལ་མ་ཆུང་། །མ་ལྟར་བརྟེན་ན་སྙིང་མ་རིང་། །སྲིང་ལྟར་བརྟེན་ན་ཞེ་མ་ངན། །བྲན་ལྟར་བརྟེན་ན་སྙིང་མ་རིང་། །སྔར་བྱས་ལས་ཀྱི་བཏང་རག་གཏོང་། །ད་ལྟ་ལས་ཀྱི་གཉེར་ཟས་འདྲེན། །ཕྱི་བྱེད་ལས་ཀྱི་ཞུ་སྐྱེམས་འབུལ། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་བཤགས་པ་བྱ་བ་ནི། ཧཱུྃ། །མགོན་པོ་འཁོར་བཅས་སྤྱན་སྔ་རུ། །བདག་གིས་བག་མེད་དབང་གྱུར་པས། །རྟེན་རྫས་མ་ཚང་མཆོད་ཚོགས་ཆུང་། །བསྐྱེད་རིམ་མ་གསལ་སྔགས་མ་དག །རྗེན་འཐག་སྤོས་སྦྱོར་མ་འཛོམ་དང་། །བྱ་ཁྱི་ནག་པོར་འཚེ་བ་སོགས། །ཉེས་པ་གང་མཆིས་ཐམས་ཅད་བཤགས། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ། །ཅེས་མན་ངག་ལྟར་ཡིག་བརྒྱ་བཟླས། ཧཱུྃ། ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །དོ་ནུབ་གནོད་པ་བཟློག་ཏུ་གསོལ། །བདུད་ཁ་དགྲ་ལ་བཟློག་ཏུ་གསོལ། །བཟློག་ཅིག་བསྒྱུར་ཅིག་ས་མ་ཡ། །བྷྱོ། རེ་


CMR028_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་གཞན་དུ་མ་བཅས་སོགས། །བཟློག་ཅིག་མ་མོའི་སྔགས་ཟོར་ཟློག །དུ་ན་གཤིན་རྗེའི་འཁྲུལ་འཁོར་ཟློག །ཕུར་པའི་དབལ་ཁ་བཟློག་ཏུ་གསོལ། །བདུད་ཀྱི་ཁྲམ་ཁ་བཟློག་ཏུ་གསོལ། །གནོད་སྦྱིན་གཟེར་ནད་བཟློག་ཏུ་གསོལ། །རྒྱལ་པོའི་སྨྱོ་འབོག་བཟློག་ཏུ་གསོལ། །ཀླུ་ཡིས་བཅིངས་པ་བཟློག་ཏུ་གསོལ། །བཙན་གྱི་སྐྱ་རྒྱུག་བཟློག་ཏུ་གསོལ། །མོན་པའི་གཅེར་རྒྱུག་བཟློག་ཏུ་གསོལ། །བལ་མོའི་དུག་མཚོན་བཟློག་ཏུ་གསོལ། །རོ་ལངས་གནོད་པ་བཟློག་ཏུ་གསོལ། །མ་ཧཱ་དྷེ་ཝ་ལ་སོགས་པའི། །ལྷ་ཆེན་བརྒྱད་ཀྱང་ཞབས་ཀྱིས་མནན། །བྱི་ན་ཡ་ཀ་ལ་སོགས་པའི། །བགེགས་ཆེན་བརྒྱད་པོ་མནན་པས་བསྐོར། །གདོན་རིགས་ཐམས་ཅད་ཞི་བར་བྱེད། །ཐེའུ་རང་འགོང་པོ་གཞོབ་ཏུ་བསྲེགས། །དགྲ་བགེགས་རང་གཤེད་རང་ལ་ཕོབ། །དམ་ཉམས་མཚོན་ཆ་རང་ལ་རྒྱོབ། །ཁས་བླངས་དམ་བཅས་མ་གཡེལ་ཅིག །མ་ཧཱ་ཀཱ་ལའི་དུས་ལ་བབ། །དཔལ་ལྡན་ལྷ་མོའི་དུས་ལ་བབ། །ཀྵེ་ཏྲ་པཱ་ལའི་དུས་ལ་བབ། །ཛི་ན་མི་ཏྲའི་དུས་ལ་བབ། །ཏྲཀཱད་ནག་པོའི་དུས་ལ་བབ། །དཔལ་མགོན་བདུན་ཅུའི་དུས་ལ་བབ། །དམ་


CMR028_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྒྱ་མཚོའི་དུས་ལ་བབ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་བའི་ཕྲིན་ལས་མ་གཡེལ་ཅིག །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཤཱ་ས་ན། ཨུ་པ་ཧ་རི་ནཾ༔ ཅེས་པ་ནས་ཧཱུྃ་ཕཊ། དེ་ནས་ཐུན་གཏོར་ལ་བཀུག་གཞུག་བྱས་ལ། བསྐུལ་པ་ནི། ཧཱུྃ། བླ་མར་དམོད་དང་བསྟན་ལ་སྡང་། །བདག་ལ་གནོད་པའི་དགྲ་དང་བགེགས། །སྤྲུལ་པའི་ཁྲོ་བོས་མྱུར་དུ་ཁུག །ཊཱཀི་རཱ་ཛས་གཡས་ནས་ཆུམ། །བྷི་ན་ཡ་ཀས་གཡོན་ནས་ཆུམ། །གཏོར་མ་འདི་ལ་མྱུར་དུ་ཁུག །རྡོ་རྗེ་ཞགས་པས་དམ་དུ་ཆིངས། །ཌ་མ་རུ་ཡིས་མྱོས་པར་གྱིས། །རྩེ་གསུམ་འབར་བས་གནས་གསུམ་ཕུག །གྲི་གུག་འབར་བས་སྲོག་རྩ་ཆོད། །ཕྲེང་བ་ཅན་གྱིས་དོན་སྙིང་ཕྱུང་། །ཐོད་ཁྲག་འབར་བས་སྙིང་ཁྲག་འཐུང་། །འཁོར་གྱི་གནོད་སྦྱིན་བཞི་པོ་དང་། །ལྷ་མོ་དཔལ་མགོན་དམ་ཅན་ཚོགས། །དགྲ་བོའི་ཤ་རུས་ཁྲག་ལ་རོལ། །རྣམ་ཤེས་པདྨ་ཅན་དུ་སྤོར། །ལོ་ཟླ་ཞག་དུས་མ་འགོར་བར། །བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད། །ཁྱད་པར་མྱུར་མགྱོགས་ཕོ་ཉ་ནི། །མོན་པ་ནག་པོ་མི་སྲུན་པ། །གཡས་པས་གྲི་གུག་དགྲ་སྲོག་གཅོད། །གཡོན་པས་ཐན་སྤེལ་


CMR028_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་ཁྲིད། །དགྲ་ལ་ལྟས་ངན་སྣ་ཚོགས་ཕོབ། །དུས་མཚན་ནག་མོ་བྱ་རོག་གདོང་། །ལྕགས་ཀྱི་ལུས་ལ་ཟངས་སྡེར་ཅན། །གཡས་པས་ནད་རྐྱལ་དགྲ་ལ་གཏོར། །གཡོན་པས་དར་ནག་གཡབ་མོ་རྡེབ། །སྡང་བའི་དོགྲ་ལ་ཆོ་ངེས་ཐོབ། །དམར་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད། །ཅེས་གཏོར་མ་བཀྱག་གོ །རྗེས་ཆོག་སྤྱི་ལྟར་བྱའོ། །ཆོས་སྐྱོང་འཁོར་བཅས་ཀྱིས་གནོད་བྱེད་གདུག་པ་ཅན་ཐམས་ཅད་ཚར་བཅད་ཁྱེར་ནས་ལྷོ་ཕྱོགས་སུ་བཞུད་པར་བསྒོམས་ལ། ཨོཾ་མ་ཧཱ་ཀཱ་ལ་མུ། ཞེས་བྱའོ། །ཆོས་སྐྱོང་དུ་བཟུང་སྟེ་བསྙེན་སྒྲུབ་མ་བྱས་ཀྱང་། གཏོར་མ་དུམ་རེ་ནར་མར་ཕུལ་ཞིང་སྙིང་པོ་བཟླས་པས་ཀྱང་བྱིན་རླབས་འབྱུང་སྟེ་ཡིད་ཆེས་པ་མང་དུ་གསུངས་སོ། །ཞེས་པ་རང་ལོ་སོ་ལྔ་པ་སྤོ་ཟླ་བའི་བཅུ་བདུན་ཉིན་འགྲུབ་སྦྱོར་བཟང་པོར་སྦྱར་བའོ། །ཞེས་པ། ༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དཔལ་མགོན་མ་ནིང་གི་ལོ་རྒྱུས་དང་འབྲས་བུའི་ཡིག་སྣ།


CMR028_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་མ་ནིང་གི་ལོ་རྒྱུས་དང་འབྲས་བུའི་ཡིག་སྣ་ལགས་སོ༔ ༈ སྔོན་བཅོམ་ལྡན་འདས་ཀུན་བཟང་ཧེ་རུ་ཀ་ལ་ཡུམ་ཀུན་ཏུ་བཟང་མོ་དབྱིངས་ཕྱུག་མས་སྦྱོར་སྒྲོལ་གྱི་སྤྲུལ་པ་སྟོན་པར་ཞུས་པས༔ བཅོམ་ལྡན་འདས་ཀྱི་སྐུ་ལས་འོད་ཟེར་བྱེ་བ་ཕྲག་བརྒྱ་སྤྲོས་པས་ས་རྣམ་པ་དྲུག་ཏུ་གཡོས་ཤིང་༔ སྦྱོར་མཚམས་ནས་འཆོལ་བའི་ཁྲོ་བོ་བརྒྱད༔ སྐུ་གསུང་ཐུགས་ལས་ཁྲོ་བོ་ཆོལ་པ་གསུམ་སྐུའི་གནས་ལྔ་ནས་སྐུའི་མགོན་པོ་སྤྲུལ་ལོ༔ དེའི་ཚེ་རུ་ཊ་སྡེ་གསུམ་དང་སྡེ་བརྒྱད་བྱེ་བ་ཕྲག་མང་པོ་འཚོགས་ནས༔ སེམས་ཅན་རྣམས་ལ་འཚེ་བར་གྱུར་ཏོ༔ དེར་ཡུམ་གྱིས་བདུད་འདུལ་བར་ཞུས་པས་དཔལ་ཆེན་པོའི་སྤྲུལ་པ་ཞལ་གསུམ་ཕྱག་དྲུག་པ་དང་༔ དབུ་དགུ་ཕྱག་བཅོ་བརྒྱད་པ་དང་དབུ་ཉི་ཤུ་རྩ་གཅིག་ཕྱག་བཞི་བཅུ་རྩ་གཉིས་སོགས་སྤྲུལ་ནས་བདུད་རྣམས་དང་སྟོབས་འདྲེན་ནོ༔ དེ་ནས་དཔལ་ཆེན་པོ་སྙིང་རྗེས་བསྒྲལ་བའི་ཏིང་ངེ་འཛིན་ལ་ཞུགས་པས་བདུད་རྣམས་ཕྱོགས་ཀུན་ཏུ་བྲོས་ཀྱང་མ་ཐར་ནས༔ སྲིན་ཡུལ་གནམ་ལྕགས་མ་ལ་ཡའི་རྩེར་འདུས་ནས་ད་རུང་རྩོད་པར་བྱེད་དོ༔ དེ་ནས་བཅོམ་ལྡན་འདས་ཀྱིས་རུ་ཊ་ཉིད་དུ་སྤྲུལ་ནས་རུ་ཊའི་ཆུང་མ་རོལ་བས་བུ་ཁྲོ་བོ་ལྗང་ནག་ཞལ་གསུམ་ཕྱག་དྲུག་


CMR028_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཅིག་བྱུང་བ་རུ་ཊའི་བུར་བརྫུས་ཏེ་རུ་ཊའི་མགོ་ལ་བེང་བརྒྱབས་ནས་བསྒྲལ་ཏེ་ཁོག་པ་གཞལ་ཡས་སེམས་གདན་དུ་བྱས་བདུད་ཀྱི་འཁོར་རྣམས་རང་གི་འཁོར་དུ་བསྐོར་རོ༔ དེར་སྐུ་གསུམ་མགོན་པོས་རུ་ཏྲ་སྡེ་གསུམ་དང་ཡོན་ཏན་དང་ཕྲིན་ལས་ཀྱི་མགོན་པོས་ཕོ་རྒྱུད་མོ་རྒྱུད་ཀྱི་རུ་ཏྲ་བཏུལ་ལོ༔ དེ་ནས་ཏུ་ཊ་སྡེ་བརྒྱད་དང་བདུད་བྱེ་བ་དུང་ཕྱུར་དེ་དག་བསྒྲལ་ནས་རྩིག་པ་དང་ཐོག་དང་ཀ་གདུང་བྱས་ནས༔ ངོ་བོ་རུ་ཊའི་ཁོག་པ་ཐོད་མཁར་མེ་རླུང་འཚུབ་པའི་ནང་པད་ཉི་རུ་ཊའི་གདན་ལ༔ ཆེ་མཆོག་ཧེ་རུ་ཀ་ཉིད་མགོན་པོ་མ་ནིང་ནག་པོར་སྤྲུལ་ནས་སྔགས་བརྗོད་པས་རུ་ཊ་ཐུལ་ནས་སྲོག་སྙིང་ཕུལ་བསྟན་པ་སྲུང་བར་ཁས་བླངས་ལས་མགོན་སྲོག་བདུད་དུ་དབང་བསྐུར་རོ༔ དེ་ནས་མ་ནིང་ནག་པོ་སྲོག་བདུད་དུ་སྤྲུལ་ནས་རི་མ་ལ་ཡའི་རྩེར་ཐོད་པའི་མཁར་ན་འཁོར་དུ་མས་བསྐོར་ཏེ་བཞུགས་སོ༔ དེ་ནས་ལྷ་དང་ལྷ་མ་ཡིན་འཐབ་པའི་ཚེ་བརྒྱ་བྱིན་གྱིས་ལྷ་མོ་ཨུ་མ་ཕོ་ཉར་བཏང་སྟེ༔ ཡེ་ཤེས་མགོན་པོའི་སྤྲུལ་པ་སྲོག་བདུད་དེ་ལྷ་ཡུལ་དུ་སྤྱན་དྲངས་ནས་ལྷ་ཐམས་ཅད་ཀྱིས་མཆོད་ཅིང་དམག་དཔོན་དུ་མངའ་གསོལ༔ དཔལ་མགོན་བདུན་ཅུས་བྲན་བྱེད་པར་ཁས་བླངས་སོ༔ དེར་ནག་པོ་ཨུ་མ་དང་རོལ་བས་བུ་


CMR028_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ལྡན་དང་བུ་མོ་ལྷ་མོ་རེ་མ་ཏི་བྱུང་ངོ་༔ དེར་མ་ནིང་སྲོག་བདུད་ནག་པོ་དམག་ཆས་སུ་ཞུགས་ཏེ་ཡན་ལག་བཞི་ལ་པྲ་མ་རཱ་༔ ཡ་མ་རཱ་ཏ༔ ནཱ་ག་རཱ་༔ ཨ་སེ་རྒྱལ་བ་བཞིར་སྤྲུལ༔ འཁོར་གྱི་ལྷ་བརྒྱད་ཁྱེའུ་ཆུང་བརྒྱད་གནོད་སྦྱིན་བརྒྱད་བྱ་ཁྲ་གཤིན་རྗེ་བརྒྱད་སྟག་གཟིག་ཀླུ་བརྒྱད་འབྲུག་བརྒྱད་སོགས་སུ་སྤྲུལ་ཞིང་བདུད་འདུལ་ཉི་ཁྲི་ཆིག་སྟོང་གི་དམག་དང་བཅས་ནས་ལྷ་མ་ཡིན་གྱི་གཡུལ་བཟློག་སྟེ་རྒྱ་མཚོའི་གཏིང་དུ་བྲོས་ཏེ་ཕུང་བར་བྱས་སོ༔ དེ་ནས་བདུད་དང་ལྷ་མིན་ཐུལ་བའི་འོག་མིན་ལྕང་ལོ་ཅན་ན༔ ལག་ན་རྡོ་རྗེ་རྡོ་རྗེ་ཆོས་སུ་སྤྲུལ་ནས་ཕྱི་ནང་གསང་བའི་མཆོད་པ་དང་ཚོགས་ཀྱི་འཁོར་ལོས་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་ལ་མཆོད་ཅིང་ཞུས་པའི་ངོར་མ་ནིང་གི་ལས་རྒྱུད་ཆེན་པོ་གསུངས༔ འདི་ལ་ལེའུ་བཅུ་བཞི་ཡོད༔ མགོན་པོ་མ་ནིང་འདིའི༔ སྐུའི་སྤྲུལ་པ་སྟག་ཞོན༔ གསུང་སྤྲུལ་བེང་ཆེན༔ ཐུགས་སྤྲུལ་གྲི་གུག༔ ཡོན་ཏན་སྤྲུལ་པ་སེང་ཞོན། ཕྲིན་ལས་ཀྱི་སྤྲུལ་པ་ཏྲཀྴད་དུ་གསུངས། མགོན་པོ་དང་། གཟའ་བདུད་དང་། ཀླུ་དང་། སྲོག་བདུད་མ་ནིང་སྟེ་བཞི་དང་། དེ་རྣམས་དོན་གྱི་ངོ་བོ་སྡེ་བརྒྱད་ཡང་གཅིག་ལ། ཡེ་ཤེས་དང་། ལས་


CMR028_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དམ་ཚིག་དང་། སྤྲུལ་པ་དང་། རུ་ཊ་རང་རྒྱུད་གནས་བསྒྱུར་བ་དང་། ཤ་ཟ་མགོན་པོ་སྡེ་ལྔ་དང་། སྤྱིར་མགོན་པོ་ཉི་ཤུ་རྩ་ལྔ་ཡོད་པར་བཤད་དོ། །འཁོར་ནི་དཔལ་མགོན་བདུན་ཅུ་དང་བདུད་འདུལ་ཉི་ཁྲི་གཅིག་སྟོང་ཡོད་ལ། གོང་གི་མགོན་པོ་ཉེར་ལྔ་པོ་དེ་ངོ་བོ་ནི་ཆེ་མཆོག་གི་སྤྲུལ་པ་ཡིན་ཏེ། ལས་རྒྱུད་ནས་བརྒྱ་བྱིན་གྱི་བསྟོད་པ་ལས། ཆོས་སྐུ་སྐྱེ་མེད་ཀུན་ཏུ་བཟང་། །ལོངས་སྐུ་ཆེ་མཆོག་ཧེ་རུ་ཀ །སྤྲུལ་སྐུ་མ་ནིང་ཁྲོ་བོའི་རྒྱལ། །ཅེས་གསུངས་སོ། །ལས་མགོན་སོགས། འཁོར་རྣམས་འཇིག་རྟེན་དབང་ཆོག་ནས་གསུངས་སོ། །འཛམ་གླིང་བྱེ་བ་ཕྲག་བརྒྱ་ན་ཨོ་རྒྱན་བྱེ་བ་ཕྲག་བརྒྱ་བཞུགས་པའི་གཏེར་སྲུང་ཡིན་ཅིང་ཞིང་འདིར་ཡང་། རང་བྱུང་གི་མཆོད་རྟེན་བརྒྱད་དང་དཔལ་ལྡན་འབྲས་སྤྱང་གི་མཆོད་རྟེན་དང་།་ན་ལེནྡྲ་སོགས་གནས་ཆེན་བརྒྱ་རྩ་བརྒྱད་དང་བསམ་ཡས་སོགས་བོད་ཀྱི་གཙུག་ལག་ཁང་ཐམས་ཅད་ཀྱི་སྲུང་མ་ཡིན་པར་བསྟོད་པ་ལས་གསུངས་ཤིང་སྟག་གི་ལོ་ལ་རཏྣ་གླིང་པས་བསམ་ཡས་ལྷུན་གྲུབ་བདེ་ཆེན་གཙུག་ལག་ཁང་དུ་དུས་མཆོད་བསྐང་གསོལ་བྱེད་དུས་མ་ནིང་འཁོར་བཅས་ཞལ་གཟིགས་ཤིང་བསྟོད་པ་ཡང་མཛད་ཅིང་ལྷག་པར་ཐུགས་སྒྲུབ་


CMR028_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་ལེན་པ་ལ་བུ་ལྟར་སྐྱོང་ལ། བརྒྱུད་པ་འདི་ལ་ཤིན་ཏུ་འགོ་བ་ཡིན་ནོ༔ ཨྠྀི༔ ཞེས་པ་འདི་ཨ་རཱ་གས་སྦྱར་བའོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དཔལ་མགོན་མ་ནིང་ལས་མ་ནིང་ཕྱི་སྒྲུབ་དང་དྲིལ་སྒྲུབ་གཉིས་ཀའི་འདོན་འགྲིགས།


CMR028_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་མ་ནིང་ལས༔ མ་ནིང་ཕྱི་སྒྲུབ་དང་དྲིལ་སྒྲུབ་གཉིས་ཀའི་འདོན་འགྲིགས་བཞུགས་སོ༔ ༈ བཅའ་ཚོགས་རྣམས་ནི་གཞུང་ལྟར་རོ༔ རང་མདུན་དུར་ཁྲོད་ཐོད་པ་སྣ་བཞིའི་མཁར༔ ཤར་དུ་མི་ཐོད་ལྷོ་རུ་རྟ་ཐོད་བརྩེགས༔ ནུབ་ཏུ་སྤྲེལ་ཐོད་བྱང་དུ་ལུག་གི་ཐོད༔ ལོགས་བཞི་བརྩེགས་པ་ཟུར་བཞི་ཟངས་ལ་བྱས༔ ཐོད་པ་ལྕང་ལོ་ཁ་བད་གཡུ་ཡིས་བརྒྱན༔ རྨིང་གཞི་གནམ་ལྕགས་འབར་བ་ལས་གྲུབ་པའི༔ སྒོ་བཞི་ཕྱོགས་མཚམས་ཟངས་ཀྱི་གཟེར་བུས་བསྡམས༔ ཞིང་ཆེན་ཀ་གདུང་ཞིང་ཆུང་གྲལ་ལྕམ་བྱས༔ མི་ལྤགས་བླ་བྲེ་རྒྱུ་མའི་དྲྭ་ཕྱེད་འཕྱངས༔ སྙིང་གི་ཕྲེང་བ་དམ་དམ་ཚར་ཚར་བྱས༔ ཞིང་ཆེན་ཀླུ་གདུང་ཞིང་ཆུང་ཟ་ར་ཚག༔ ཀེང་རུས་སྒོ་སྐྱེས་སྒོ་ལེབ་བསེ་ལས་བྱས༔ རིན་ཆེན་འཛེར་བུ་ས་གཞི་ཤ་ཁྲག་མཚོ༔ སྒོ་ཕྱི་ཐམས་ཅད་ཁྲག་གི་རྫབས་སུ་གྱུར༔ དེ་རྒྱབ་སྒོ་ཕྱི་བར་ཁྱམས་ཐམས་ཅད་ན༔ ཤ་ཟ་སྟག་དང་སེང་གེ་སྤྱང་ཀུ་དང་༔ ལྕེ་སྤྱང་ཁྱི་ནག་རྟག་ཏུ་ངུ་ཞིང་ཟུག༔ གཞད་དང་དུར་བྱ་ཀཾ་ཀ་མཆུ་རིང་དང་༔ ཁྲ་དང་ཕོ་རོག་ཚོགས་ནི་རྟག་ཏུ་འཚུབ༔ རྟ་ནག་གཡག་ནག་ཚོགས་ནི་ངུར་ཞིང་རྒྱུགས༔ མི་ཁྲག་རྟ་ཁྲག་ཞམ་ཆུ་རྒྱུན་དུ་འབབ༔ ནད་དང་


CMR028_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དུག་གི་ན་བུན་རྟག་ཏུ་འཐུལ༔ བྱ་ནག་ཤ་ཟན་ཚོགས་ནི་ལྡིང་ཞིང་འཁོར༔ མེ་རླུང་དམར་ནག་ཕྱི་ནང་ཀུན་ཏུ་འཚུབ༔ དེ་རྒྱབ་ཐོད་མཁར་འབར་བའི་ཕྱི་རོལ་ན༔ ཙནྡན་བྱང་ཆུབ་ཤིང་རིས་ཤིང་ལ་སོགས༔ ནགས་ཚལ་སྔོན་པོ་ཐིབས་སེར་ཐིབ་པའོ༔ སྣ་ཚོགས་རབ་འཇིགས་དུར་ཁྲོད་བརྒྱད་ཀྱིས་བསྐོར༔ རྡོ་རྗེ་མཚོན་ཆ་མེ་དཔུང་དམར་ནག་འཁྲིགས༔ དེ་ལྟར་གཞལ་ཡས་གྲུ་བཞི་ཐོག་རྩེ་མོར༔ གུར་འདྲ་ནོར་བུ་རིན་ཆེན་ཏོག་གིས་མཚན༔ ཕོ་བྲང་ཟླ་གམ་དམར་པོ་གྲུ་གསུམ་དབུས༔ གནམ་ལྕགས་འབར་བ་རྡོ་རྗེ་བྲག་ནག་སྟེང་དབུས་ནས་ཡར་རྩེ་མཆོང་གཟུང་གཡུའི་སྐན་ཕོ་བྲང་པད་ཉི་མི་རོའི་གདན་སྟེང་དུ༔ བདག་ལས་རྒྱུ་ཡི་ཡི་གེ་ཧཱུྃ་སྤྲོས་པས༔ ལྷ་ཆེན་མཐིང་ནག་རབ་བརྗིད་འཇིགས་པ་ཡི༔ ཞལ་གཅིག་ཕྱག་གཉིས་བེར་ནག་སྐུ་ལ་གསོལ༔ ཕྱག་གཉིས་རུ་མཚོན་སྙིང་དང་ཞགས་པ་བསྣམས༔ ཐོད་སྐམ་ལྔ་དང་སྦྲུལ་ནག་རལ་པ་འབར༔ སྦྲུལ་ནག་མགོ་ཕྲེང་སྙིང་གི་དམ་དམ་སྤྲས༔ སྐུ་ལ་གསེར་སྐད་མི་ལྤགས་བེང་ཆེན་བཙུགས༔ སྤྱན་གསུམ་ཁྲག་འདྲ་གྱེན་ཐུར་ཕྱོགས་བཅུར་བསྒྲད༔ ཞབས་གཉིས་གྱད་ཀྱི་འདོར་ཐབས་ཚུལ་དུ་བཞུགས༔ གཡས་སུ་


CMR028_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་བདུད་ནག་པོ་ཆེན་པོ་ནི༔ རྟ་ནག་རྟིང་དཀར་རྔམ་པ་རི་ཙམ་ཆིབས༔ མི་རོ་རྐང་བསྣོལ་ཤ་དག་དག་ལ་བཏགས༔ ཁ་ཊྭཱཾ་གྲི་གུག་ལྕགས་པར་ལག་ན་ཐོགས་སྐྲ་མཚམས་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཐོད་རློན་སྦྲུལ་ཆུན་སྙིང་ཕྲེང་རྒྱན་དུ་ཐོགས༔ ལྕགས་གཞུ་བརྡུང་བཀུག་ཞགས་པ་གྲུ་ལ་བཀོན༔ སྟག་རལ་གཟིག་ཤུབས་འཁོར་གསུམ་སྐེད་ལ་བསྐོར༔ བྲང་ལ་སྤྱན་གསུམ་གསལ་བར་བལྟ༔ སྟག་དང་ཞིང་གི་སྐེ་རགས་ཁྲམ་ཤིང་བཙུགས༔ སྤྱན་ནས་ཁྲག་འཛག་མེ་ཡི་ཁ་རླངས་འཕྱོ༔ བདུད་མདའ་ཕྱིར་བཀང་གླིང་བཞི་ཀུན་ཏུ་རྒྱུགས༔ གཡོན་དུ་དཔལ་འབར་སྐུ་མདོག་དམར༔ རལ་གྲི་ཕྱར་ཞིང་ཐོད་ཁྲག་སྟོབ༔ གཡང་གཞི་སྟག་ལྤགས་ཉི་ཟླས་བརྒྱན༔ ཕྱི་རོལ་ཡང་འཁོར་བརྒྱད་པོ་ནི༔ ལྷ་དང་གཤིན་རྗེ་གནོད་སྦྱིན་ཀླུ༔ གཟའ་དང་མ་མོ་བདུད་དང་བཙན༔ འཁོར་གྱི་དམག་ཚོགས་ཁྲོམ་ལྟར་བསྐྱེད༔ དྲིལ་སྒྲུབ་བྱེད་ན༔ དེའི་འཁོར་དུ་རྒྱལ་ཆེན་སྡེ་བཞི༔ རེ་མ་ཏི༔ ཙན་དྲི་མ༔ མོན་ཕོ་མོན་མོ༔ ཡང་ཁོལ་སྡེ་བརྒྱད༔ ཤ་ཟ་ཁྲག་འཐུང་གི་འཁོར་བསམ་གྱིས་མི་ཁྱབ་པའི་ཚོགས་ཀྱིས་བཀའ་ཉན་ལས་བྱེད་པར་གྱུར༔ བདག་གི་ཐུགས་ཀ་ནས་ཨོཾ་


CMR028_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧཱུྃ་འཕྲོས་པས་ཁོའི་སྤྱི་བོ་དང་མགྲིན་པ་ཐུགས་ཀར་ཕོག་པས༔ སྐུ་གསུང་ཐུགས་བྱིན་གྱིས་བརླབས༔ ཐུགས་སྲོག་ཧཱུཾ་ལས་འོད་ཟེར་འཕྲོས༔ བསིལ་བ་ཚལ་དང་ནཱ་ལེནྡྲ༔ རྡོ་རྗེ་གདན་དང་ཨུ་ཙ་ལ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང་༔ ཡི་དམ་ལྷ་ཚོགས་མཁའ་འགྲོ་དང་༔ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་རྣམས༔ མ་ནིང་ལྷ་ཚོགས་གྱུར་ནས་སུ༔ བྱ་ནག་ཤ་ལ་རུབ་པ་བཞིན༔ འུར་འུར་ཐིབ་ཐིབ་ཆེམ་ཆེམ་བྱོན༔ མདུན་གྱི་ལྷ་ལ་གཉིས་མེད་ཐིམ༔ ལྷ་སྲིན་མཆོད་འབུལ་དགྱེས་པར་གྱུར༔ དེ་ནས་སྤྱན་འདྲེན་ནི༔ ཧཱུྃ་དད་པ་དང་ནི་མ་ཧཱ་ཀཱ་ལ་ས་མཱ་ཡ་ཏིཥྛ་ལྷན༔ དེའི་བར་ལས་བྱང་ལྟར༔ རང་གི་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བྱས་ལ༔ ཧཱུྃ༔ ལྷ་ཆེན་མ་ནིང་འཁོར་བཅས་རྣམས༔ སྔོན་ཚེ་ཆེ་མཆོག་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ བདག་གི་ཅི་བཅོལ་ལས་གྱིས་ཤིག༔ གལ་ཏེ་བཀའ་ལས་འདས་གྱུར་ན༔ ཡེ་ཤེས་ལྔ་ཡི་རྡོ་རྗེ་འདིས༔ མགོ་བོ་ཚལ་པ་བརྒྱར་འགེམས་འགྱུར༔ དེ་བས་དམ་ལས་མ་འདའ་ཅིག༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་བཛྲ་ས་མ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་མགོན་པོའི་སྐུ་མཚམས་སུ་ལྕགས་ཀྱི་


CMR028_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྩེ་ལྔ་པ་ཅིག་བཞག་པར་བསམ༔ དེ་ནས་རྡོ་རྗེས་བདུད་རྩིའི་གཏོར་ལ༔ འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ལས་འདས་ན་སྲེག་པར་བྱེད༔ དམ་ཚིག་བསྲུངས་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སརྦ་ཨ་མྲྀ་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨོཾ་ཨཱཿཧཱུྃ༔ དེ་ནས་ལས་བྱང་ནང་གི་ཕྱག་འཚལ་ནས་བཟུང་སྟེ་བསྟོད་པ་མ་རྫོགས་བར་ལས་བྱང་གཞུང་ལྟར་རོ༔ བདག་ཉིད་ཡི་དམ་ལྷར་གསལ་ངང་༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས༔ མདུན་དུ་མགོན་པོའི་ཐུགས་ཀར་ཕོག༔ ཐམས་ཅད་རྒྱུད་བསྐུལ་འོད་ཟེར་དེ༔ སྟེང་འོག་ཕྱོགས་མཚམས་ཁྱབ་པར་སྤྲོས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ནི༔ བུདྡྷ་བྷོ་དྷི་སཏྭ་དང་༔ མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་དང་༔ ལྷ་སྲིན་སྡེ་བརྒྱད་ནུས་མཐུ་དང་༔ འཛམ་གླིང་མཐུ་དང་ནུས་པ་དང་༔ བྱིན་རླབས་ནུས་མཐུ་བསོད་ནམས་དང་༔ བཀྲག་དང་གཟི་མདངས་མ་ལུས་རྣམས༔ བསྡུས་ནས་མགོན་པོའི་ཐུགས་ཀར་ཐིམ༔ མགོན་པོའི་ཐུགས་ནས་རང་ལ་ཐིམ༔ གྲགས་པ་བཞི་ཡི་དངོས་གྲུབ་ཐོབ༔ བདག་གི་སྔགས་རྣམས་བཟླས་པ་ཡིས༔ མདུན་གྱི་གཙོ་འཁོར་ཐམས་ཅད་ཀྱིས༔


CMR028_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་རམ་བུའི་ཚུལ་དུ་ནི༔ འུར་འུར་ལྡིར་ལྡིར་བཟླས་པར་གྱུར༔ ཤིན་ཏུ་གསལ་བའི་དམིགས་པ་བསྒོམས༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གླུ་བྱ་རཾ་སིདྡྷི་ཧཱུྃ་ཿ དེ་ལྟར་རྒྱུན་དུ་བཟླས་གྱུར་ན༔ རི་རབ་གཡོ་ཞིང་རྒྱ་མཚོ་ལུད༔ གླིང་གཞི་གཡོ་འགུལ་སྙན་གྲགས་འཐོབ༔ བཀྲ་ཤིས་བྱིན་ཆེན་རྒྱུད་རྣམས་འཕེལ༔ འཇིགས་པ་ཀུན་ལས་རྣམ་པར་ཐར༔ འཇིག་རྟེན་འདི་ན་ཆེ་བཙན་ལྡན༔ གྲགས་པ་བཞི་ཡི་དངོས་གྲུབ་ཐོབ༔ སྟོང་གསུམ་འཁོར་ལོས་སྒྱུར་བར་ནུས༔ མཐར་ཕྱི་སྒྲུབ་ཡིན་ན་མདུན་བསྐྱེད་རང་ལ་བསྟིམ༔ དྲིལ་སྒྲུབ་ཡིན་ན་སྐུ་གཟུགས་ལ་བསྟིམ་མོ༔ གཞན་རྣམས་སྒྲུབ་གཞུང་ལྟར་རོ༔ ཞེས་པ་འདི་ནི་ཟུར་མང་ནང་སོས་བསྐུལ་ནས༔ སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་པའོ༔ མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

རཏྣ་གླིང་པའི་དཔལ་མགོན་མ་ནིང་གི་དབང་བསྐུར་རྒྱས་བསྡུས་ཀྱི་ལོ་རྒྱུས།


CMR028_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣ་གླིང་པའི་དཔལ་མགོན་མ་ནིང་གི་དབང་བསྐུར་རྒྱས་བསྡུས་ཀྱི་ལོ་རྒྱུས་བཞུགས་སོ།།


CMR028_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་བཅོམ་ལྡན་འདས་ཀུན་བཟང་ཧེ་རུ་ཀ་དང་ཡུམ་ཀུན་ཏུ་བཟང་མོ་དབྱིངས་ཕྱུག་མས་སྦྱོར་སྒྲོལ་གྱི་སྟོན་པར་ཞུས་པས། བཅོམ་ལྡན་འདས་ཀྱི་སྐུ་ལས་འོད་ཟེར་བྱེ་བ་ཕྲག་བརྒྱ་སྤྲོས་པས་ས་རྣམ་པ་དྲུག་ཏུ་གཡོས་ཤིང་། སྦྱོར་མཚམས་ནས་འཆོལ་བའི་ཁྲོ་བོ་བརྒྱད། སྐུ་གསུང་ཐུགས་ལས་ཁྲོ་བོ་འཆོལ་པ་གསུམ། སྐུ་ཡི་གནས་ལྔ་ནས་སྐུ་ཡི་མགོན་པོ་ལྔར་སྤྲུལ་ལོ། །དེའི་ཚེ་རུ་ཊ་སྡེ་གསུམ་དང་སྡེ་བརྒྱད་དང་བདུད་བྱེ་བ་ཕྲག་མང་པོ་འཚོགས་ནས་སེམས་ཅན་ལ་འཚེ་བར་གྱུར་ཏོ། དེར་ཡུམ་གྱིས་བདུད་འདུལ་བར་ཞུས་པས། དཔལ་ཆེན་པོའི་སྤྲུལ་པ་ཞལ་གསུམ་ཕྱག་དྲུག་


CMR028_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། དབུ་དགུ་ཕྱག་བཅོ་བརྒྱད་དང་། དབུ་ཉི་ཤུ་རྩ་གཅིག་ཕྱག་བཞི་བཅུ་རྩ་གཉིས་སོགས་སྤྲུལ་ནས་བདུད་རྣམས་དང་སྟོབས་འགྲན་ནོ། །དེ་ནས་དཔལ་ཆེན་པོ་སྙིང་རྗེས་བསྒྲལ་བའི་ཏིང་ངེ་འཛིན་ལ་བཞུགས་པས་བདུད་རྣམས་ཕྱོགས་ཀུན་ཏུ་བྲོས་ཀྱང་མ་ཐར་ནས། སྲིན་ཡུལ་གནམ་ལྕགས་མ་ལ་ཡའི་རྩེར་འདུས་ནས་ད་རུང་རྩོད་པར་བྱེད་དོ། །དེ་ནས་བཅོམ་ལྡན་ཊ་རུ་ཉིད་དུ་སྤྲུལ་ནས། རུ་ཊའི་ཆུང་མ་ལ་རོལ་བས། བུ་ཁྲོ་བོ་ལྗང་ནག་ཞལ་གསུམ་ཕྱག་དྲུག་པ་གཅིག་བྱུང་བ་རུ་ཊའི་བུར་བརྫུས་ཏེ་རུ་ཊའི་མགོ་བོ་ལ་བེང་བརྒྱབས་ནས་བསྒྲལ་ཏེ། ཁོག་པ་ལ་ཞུགས་སེམས་


CMR028_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

གདན་དུ་བྱས། བདུད་ཀྱི་འཁོར་རྣམས་རང་གི་འཁོར་དུ་བསྐོར། དེར་སྐུ་གསུམ་མགོན་པོས་རུ་ཊ་སྡེ་གསུམ་དང་། ཡོན་ཏན་དང་ཕྲིན་ལས་ཀྱི་མགོན་པོས་ཕོ་རྒྱུད་དང་མོ་རྒྱུད་ཀྱི་རུ་ཊ་བཏུལ་ལོ། །དེ་ནས་རུ་ཊ་སྡེ་བརྒྱད་དང་བདུད་བྱེ་བ་དུང་ཕྱུར་དེ་དག་བསྒྲལ་ནས། རྩིག་པ་དང་ཀ་གདུང་བྱས་ནས། ངོ་བོ་རུ་ཊའི་ཁོག་པ་ཐོད་མཁར་མེ་རླུང་འཚུབ་མའི་ནང་པད་ཉི་རུ་ཊའི་གདན་ལ། ཆེ་མཆོག་ཧེ་རུ་ཀ་ཉིད། མགོན་པོ་མ་ནིང་ནག་པོར་སྤྲུལ་ནས་སྔགས་བརྗོད་པས་རུ་ཊ་ཐུལ་ནས་སྲོག་སྙིང་ཕུལ། བསྟན་པ་སྲུང་བར་ཁས་བླངས། ལས་མཁན་སྲོག་བདུད་དུ་དབང་བསྐུར་རོ། །དེ་ནས་མ་ནིང་ནག་པོ་སྲོག་བདུད་དུ་སྤྲུལ་ནས་རི་མ་ལ་ཡའི་རྩེར་ཐོད་པའི་མཁར་ན་འཁོར་དུ་མས་བསྐོར་ཏེ་བཞུགས་སོ། །དེ་ནས་ལྷ་དང་ལྷ་མ་ཡིན་འཐབ་པའི་ཚེ། །བརྒྱ་བྱིན་གྱིས་ལྷ་མོ་ཨུ་མ་ཕོ་ཉར་བཏང་སྟེ། ཡེ་ཤེས་མགོན་པོའི་སྤྲུལ་པ་སྲོག་བདུད་དེ་ལྷ་ཡུལ་དུ་སྤྱན་དྲངས་ནས་ལྷ་ཐམས་ཅད་མཆོད་ཅིང་དམག་དཔོན་དུ་མངའ་གསོལ། དཔལ་མགོན་བདུན་ཅུའི་བྲན་བྱེད་པར་ཁས་བླངས་སོ། །དེར་ནག་པོ་ཨུ་མ་དང་རོལ་བས་བུ་ལེགས་ལྡན་དང་བུ་མོ་ལྷ་མོ་རེ་མ་ཏི་བྱུང་ངོ་། །དེར་མ་ནིང་སྲོག་བདུད་ནག་པོ་དམག་ཆས་སུ་


CMR028_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ཏེ། ཡན་ལག་བཞི་ལ་པྲ་མ་རཱ་ཙ། ཡ་མ་རཱ་ཙ། ནཱ་ག་རཱ་ཙ། ཨ་སྲེ་རྒྱལ་བ་བཞི་སྤྲུལ། འཁོར་གྱི་ལྷ་བརྒྱད་ཁྱེའུ་ཆུང་བརྒྱད་གནོད་སྦྱིན་བརྒྱད་བྱ་ཁྲ་གཤིན་རྗེ་བརྒྱད། སྟག་གཟིག་ཀླུ་བརྒྱུད་འབྲུག་བརྒྱད་སོགས་སུ་སྤྲུལ་ཞིང་བདུད་འདུལ་ཉི་ཁྲི་ཆིག་སྟོང་གི་དམག་དང་བཅས་ནས། ལྷ་མ་ཡིན་གྱི་གཡུལ་བཟློག་སྟེ་རྒྱ་མཚོའི་གཏིང་དུ་བྲོས་ཏེ་ཕུང་བར་བྱས་སོ། །དེ་ནས་བདུད་དང་ལྷ་མིན་ཐུལ་བའི་འོག་མིན་ལྕང་ལོ་ཅན་ན། ལག་ན་རྡོ་རྗེ་རྡོ་རྗེ་ཆོས་སུ་སྤྲུལ་ནས་ཕྱི་ནང་གསང་བའི་མཆོད་པ་དང་ཚོགས་ཀྱི་འཁོར་ལོས་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་ལ་མཆོད་ཅིང་ཞུས་པའི་ངོར་མ་ནིང་གི་ལས་རྒྱུད་ཆེན་པོ་གསུངས་སོ། །འདི་ལ་ལེའུ་བཅུ་བཞི་ཡོད་དོ། །མགོན་པོ་མ་ནིང་འདི་ནི་སྐུའི་སྤྲུལ་པ་སྟག་ཞོན་། གསུང་སྤྲུལ་བེང་ཆེན། ཐུགས་སྤྲུལ་གྲི་གུག །ཡོན་ཏན་སྤྲུལ་པ་སེང་ཞོན། ཕྲིན་ལས་ཀྱི་སྤྲུལ་པ་ཏྲཀཱད་དུ་གསུངས། མགོན་པོ་དང་། གཟའ་བདུད་དང་། ཀླུ་བདུད་དང་། སྲོག་བདུད་མ་ནིང་སྟེ་བཞི་དང་། དེ་རྣམས་དོན་གྱི་ངོ་བོ་སྡེ་བརྒྱད་ཡང་ཅིག་ལ། ཡེ་ཤེས་དང་། ལས་དང་། དམ་ཚིག་དང་། སྤྲུལ་པ་དང་། རུ་ཊ་རང་རྒྱུད་གནས་


CMR028_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བ་དང་། ཤ་ཟ་མགོན་པོ་སྡེ་ལྔ་དང་། སྤྱིར་མགོན་པོ་ཉི་ཤུ་རྩ་ལྔ་ཡོད་པར་བཤད་དོ། །འཁོར་ནི་དཔལ་མགོན་བདུན་ཅུ་དང་། བདུད་འདུལ་ཉི་ཁྲི་ཆིག་སྟོང་ཡོད་ལ། གང་ལྷགི་མགོན་པོ་ཉེར་ལྔ་པོ་དེ་ངོ་བོ་ནི་ཆེ་མཆོག་གི་སྤྲུལ་པ་ཡིན་ཏེ། ལས་རྒྱུད་ལས། བརྒྱ་བྱིན་གྱིས་བསྟོད་པ་ལས། ཆོས་སྐུ་སྐྱེ་མེད་ཀུན་ཏུ་བཟང་། །ལོངས་སྐུ་ཆེ་མཆོག་ཧེ་རུ་ཀ །སྤྲུལ་སྐུ་མ་ནིང་ཁྲོ་བོའི་རྒྱལ། །ཅེས་གསུངས་སོ། །ལས་མགོན་ལ་སོགས་འཁོར་རྣམས་འཇིག་རྟེན་དབང་ཆོག་ནས་གསུངས་སོ། །འཛམ་གླིང་བྱེ་བ་ཕྲག་བརྒྱ་ན་ཨོ་རྒྱན་བྱེ་བ་ཕྲག་བརྒྱ་བཞུགས་པའི་གཏེར་སྲུང་ཡིན་ཅིང་། ཞིང་འདིར་ཡང་རང་བྱུང་གི་མཆོད་རྟེན་བརྒྱད་དང་། དཔལ་ལྡན་འབྲས་སྤུང་གི་མཆོད་རྟེན་དང་། ནཱ་ལེནྡྲ་སོགས་གནས་ཆེན་བརྒྱ་རྩ་བརྒྱད་། བསམ་ཡས་སོགས་བོད་ཀྱི་གཙུག་ལག་ཁང་ཐམས་ཅད་ཀྱི་སྲུང་མ་ཡིན་པར་བསྟོད་པ་ལས་གསུངས་སོ། །སྟག་གི་ལོ་ལ་རཏྣ་གླིང་པས་བསམ་འགྲུབ་གཙུག་ལག་ཁང་དུ་དུས་མཆོད་བསྐང་གསོལ་བྱེད་དུས་མ་ནིང་འཁོར་བཅས་ཞལ་གཟིགས་ཤིང་བསྟོད་པ་ཡང་མཛད་ཅིང་། ལྷག་པར་ཐུགས་སྒྲུབ་ཉམས་སུ་ལེན་པ་ལ་བུ་ལྟར་འགོ་བ་ཡིན་ནོ། །དེས་ད་ལྟ་མ་


CMR028_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ནིང་གི་དབང་ཐོབ་པའི་ཕན་ཡོན་ནི། ལོ་ཀ་འདི་ན་ཆེ་བཙན་ལྡན། །ཞི་རྒྱས་དབང་དྲག་བསམ་པ་འགྲུབ། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །བཀྲ་ཤིས་ནོར་འཕེལ་མཐུ་རྩལ་ཆེ། །ཀུན་གྱི་ཡིད་འོང་གཙུག་ཏུ་ཁུར། །ཅེས་དང་། ཡང་མདོར་ན་འདི་ཉིད་གསོལ་ཁས་འགྲུབ། མ་ནིང་ཡིན་ཕྱིར་བཟློག་ཏུ་མེད། །བསྙེན་སྒྲུབ་ཡོན་ཏན་བརྗོད་ལས་འདས། །ལས་ཀྱི་ཁ་ཚར་བསམ་མི་ཁྱབ། །ཅེས་དང་། ཐེམས་ཡིག་ལས། ཆོས་སྐྱོང་མཐར་ཐུག་མ་ནིང་ནག་པོ་འདི། །དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར་བུ་འདྲ་། །ནད་རྣམས་ཀུན་འཛོམས་བུ་རམ་རྐྱལ་པ་འདྲ། །ཁམས་གསུམ་དབང་སྡུད་དབང་གི་ཞགས་པ་འདྲ། །དགྲ་བགེགས་ཚར་གཅོད་ཏིལ་མར་རལ་གྲི་འདྲ། །བཀྲ་ཤིས་དར་རྒྱས་དཔག་བསམ་ལྗོན་ཤིང་འདྲ། །ཞེས་དང་། གྲགས་པས་རྒྱལ་ཁམས་བཞིན་ཏུ་ཁྱབ་པར་འགྱུར། །ཕྲིན་ལས་གང་འདོད་བརྩམས་པས་ཐོགས་མེད་འགྲུབ། །དབུ་ནག་མི་ཡི་སྤྱི་བོའི་གཙུག་ཏུ་ཁུར། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་འགྱུར། །ཅེས་དང་། ཕྱི་ནང་ཆོས་སྐྱོང་བྱེ་བ་དཔག་མེད་ལས། །མཐར་ཐུག་མ་ནིང་འདི་འདྲ་ཡོད་རེ་ཀན།


CMR028_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། མངོན་རྟོགས་ཡིག་ཆུང་ལས། དེ་ལྟར་རྒྱུན་དུ་བཟླས་གྱུར་ན། །རི་རབ་གཡོ་ཞིང་རྒྱ་མཚོ་ལུད། །གླིང་བཞི་གཡོ་འགུལ་སྙན་གྲགས་ཐོབ། །བཀྲ་ཤིས་བྱིན་ཆེན་རྒྱུད་རྣམས་འཕེལ། །འཇིགས་པ་ཀུན་ལས་རྣམ་པར་ཐར། །འཇིག་རྟེན་འདི་ན་ཆེ་བཙན་ལྡན། །གྲགས་པ་བཞི་ཡི་དངོས་གྲུབ་ཐོབ། །སྟོང་གསུམ་འཁོར་ལོས་སྒྱུར་བར་ནུས། །ཞེས་དང་། དར་ནག་བསྒྲུབ་པར་ནི། དེས་ནི་བསོད་ནམས་གཟི་བརྗིད་བསྐྱེད། །ཁྲོམ་འདུ་གཡོ་འགུལ་སྙན་གྲགས་བཙན་ཐབས་སུ་འབྱུང་། ཞེས་དང་། རྟགས་ཡིག་ལས། ཚེ་འདི་ཉིད་ལ་དངོས་གྲུབ་ཐོབ། །ཕྱི་མ་རྒྱལ་བའི་སྲས་སུ་འཁྲུངས། །གྲགས་པས་ཕྱོགས་ཀུན་ཁྱབ་པར་གྱུར། །ཅེས་དང་། གནད་ཡིག་ལས། དཔལ་མགོན་པོ་མ་ནིང་ནག་པོ་ནི། །མཐུ་དང་རྫུ་འཕྲུལ་མངོན་ཤེས་ལྡན། །བཀྲ་ཤིས་སྙིང་ཉེ་སྡོང་གྲོགས་བྱེད། །ཆོས་སྐྱོང་ཀུན་གྱི་མཐར་ཐུག་སྟེ། །ཞེས་དང་། རྟེན་རྫས་ཡིག་སྣར། དེ་ལྟར་བརྟེན་རྣམས་འཚོགས་བྱས་ནས། །ཙཎྜའི་འོད་ཟེར་ཀུ་མུའི་པད་སྙིང་བཞིན། །འབྲལ་མེད་རྣལ་འབྱོར་རྟག་ཏུ་སྐྱོབ་པ་ཡིས། །བཀྲ་ཤིས་ནོར་ཕྱུགས་རྒྱུད་རྣམས་དར་བ་དང་། །ཞི་རྒྱས་དབང་དྲག་


CMR028_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་ཐོགས་པ་མེད། །ཡིད་ལ་གང་བསམ་ནོར་རྣམས་འགྲུབ། །འཇིགས་པ་བརྒྱད་ལ་རྒྱབ་ཀྱི་ཕྱོགས། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡི། །བསོད་ནམས་སྟོབས་དང་ལྡན་པར་འགྱུར། །ཅེས་དང་། རྟེན་གཏོར་ལས། ཡོན་ཏན་སྲིད་གསུམ་དབང་དུ་བསྡུས། །བཀྲ་ཤིས་ནོར་འཕེལ་རིགས་རྒྱུད་དར། །ཞེས་དང་། དྲིལ་སྒྲུབ་ལས་རྟག་ཏུ་སྤང་བླང་མེད་པར་མཆོད་བསྒྲུབ་རྫས་འཛོམ་ཞིང་བསྐང་གསོལ་ལ་བརྩོན་ན་མ་བསྐུལ་པར་ཡང་ལས་ཐམས་ཅད་རང་བཞིན་གྱིས་འགྲུབ་པར་ཐེ་ཚོམ་མེད་དོ། །ཕྲིན་ལས་སྒྲུབ་པར། ལན་གཅིག་བསྒྲུབས་ནས་རྗེས་སུ་བསྐུལ། །གཏོར་མཆོད་དུལ་མོ་རྡེབ་པ་ལ་སོགས་བྱས་པས་དགྲ་བོ་སྒྲོལ་བར་འགྱུར་རོ། །བཟློག་པས་མི་བཟློག་སྔགས་བདག་བཟློག་མཁན་ཁོ་རང་འཆིའོ། །ཞེས་དང་། བེང་བཟོ་གནད་དམིགས་ལས། དེས་ལུས་དང་གྲིབ་མ་བཞིན་དུ་འགྲོགས། མཐུ་དང་ནོར་དུས་གཅིག་འབྱུང་བའོ། །ལན་གསུམ་བསྒྲུབས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་འདྲའོ། །མཐུ་དང་ནོར་གང་བསམ་ཡིད་བཞིན་འགྲུབ། བཀྲ་ཤིས་བྱིན་ཆེ། ཞེས་དང་། རྩ་བའི་སྒྲུབ་པ་ལས། ལན་གཅིག་བསྒྲུབས་ནས་


CMR028_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མཆོད་དང་། །དམོད་བཅོལ་གཡབ་མོ་བརྡབ་པས་སྒྲོལ། །མདོར་ན་འདི་ཉིད་གསོལ་ཁས་འགྲུབ། །མ་ནིང་ཡིན་པས་བཟློག་ཐབས་མེད། །བཀྲ་ཤིས་སྙིང་ཉེ་མི་ནོར་འཕེལ། །བཟློག་མེད་ཡོད་ན་དགྲ་བོ་ཡི། །སྔོན་ལ་སྔགས་ནག་ཁོ་རང་ཕུང་། །ཁྱད་པར་ནད་པ་སྲིའུ་གསོ། །གཙུག་ལག་ཁང་གིས་དཀོར་སྲུངས་ཤིས། །ཞེས་དང་། སྐུ་མགོན་སྒྲུབ་པར། འཇིགས་པ་བརྒྱད་ཞི་བ་དང་། དངོས་གྲུབ་ཆར་ལྟར་འབེབས་ཤིང་གསང་བ་བསྒྲུབ། ཅེས་དང་། འདི་ནི་ཡིད་བཞིན་ནོར་བུ་ལྟ་བུའི་སྒྲུབ་པ་སྟེ། རྐྱེན་ཕྱི་ནང་གི་བར་ཆད་སེལ། ཡིད་ལ་འདོད་པའི་དོན་རྣམས་འགྲུབ། །བཀྲ་ཤིས་བྱིན་ཆེ། སྤྱིར་ཕྲིན་ལས་རྣམ་བཞིའི་མཆོད་བསྟོད་ལ་བརྩོན་པ་རང་གིས་བསྒྲུབ། ཅེས་དང་། གསུང་མགོན་བསྒྲུབ་པར། ཆོས་དང་ཟང་ཟིང་མཐུ་དང་སྙན་གྲགས་ལ་སོགས་གང་འདོད་འབྱུང་སྟེ། མགོན་པོ་དམར་པོ་ཡིད་བཞིན་ནོར་བུ་ལྟ་བུའོ། །ཞེས་དང་། འཛམ་ནག་སྒྲུབ་པར། མཐུ་དང་ནོར་དུས་གཅིག་ཏུ་འབྱུང་བས་ཤིན་ཏུ་ཟབ་ཅིང་གནད་ཆེའོ། །རྗེས་ཀྱང་སྔགས་རྒྱུན་དུ་བརྒྱ་རེ་བཟླས་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་འདྲའོ། །ཞེས་


CMR028_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས། ད་ལམ་དབང་བསྐུར་བ་ལ་སློབ་དཔོན་གྱིས་བྱ་བ་དབང་སྒྲུབ་པ་སོགས་སྔོན་དུ་སོང་བས། ཁྱེད་རང་སློབ་མ་རྣམས་ཀྱི་བགོ་བསྐལ་དུ་གྱུར་པ་མཎྜལ་ཕུལ། ཞེས་རཏྣའི་གཏེར་བྱོན་དཔལ་མགོན་མ་ནིང་གི་ལོ་རྒྱུས་དང་། དབང་གི་ཕན་ཡོན། ཨ་རཱ་གས་བྲིས་པ་ཚན་པ་གཉིས་སུ་ཡོད་པ། སྐྱབས་གནས་ཆགས་མེད་མཆོག་སྤྲུལ་ཀྱིས་བཀའ་གནང་ཐོབ་པར་བརྟེན་ནས་གོང་འོག་མཐུད་དེ་གཞན་བཅོས་བསླད་མེད་པར། ཆོས་དབྱིངས་རང་གྲོལ་རྩལ་གྱིས་བྲིས་པ་སྐལ་ལྡན་སྨིན་གྲོལ་ལམ་དུ་འགོད་པའི་རྒྱུར་གྱུར་ཅིག་དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོའི་གཏོར་དབང་འཁྲུགས་བཤངས་བཀླག་ཆོག་ཏུ་བཀོད་པ།


CMR028_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོའི་གཏོར་དབང་འཁྲུགས་བཤངས་བཀླག་ཆོག་ཏུ་བཀོད་པ་རཏྣ་ལུགས་ཏེ་འཇའ་ཚོན་ལུགས་ལ་ཡང་མཚུངས་སོ༔


CMR028_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

སྒེས་དབང་གཏོར་མ་ལ་བསྡུས་ཏེ་བསྐུལ་བ་ནི༔ རྟོག་གཏོར་རྒྱུན་གཏོར་མཆོད་གཏོར་བཤམས༔ ལས་གཞུང་བསྲངས༔ མ་ནིང་སྔགས་ཀྱིས་ལུགས་ལྟར་བཀུག་ལ༔ མཆོད་བསྟོད་ཚར་རྗེས་སུ༔ སློབ་མ་ཁྲུས་བྱས་མཎྜལ་ཕུལ༔ འོ་ན་ད་ལམ་ཁྱེད་ལ་དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ་མ་ནིང་ནག་པོའི་སྲོག་དབང་༔ གཏོར་མ་ལ་བརྟེན་ནས་ཅུང་ཟད་བསྡུས་པ་བསྐུར་བ་ལ༔ ཐོག་མར་ལོ་རྒྱུས་ནི༔ སྔོན་འདས་པའི་དུས་ན་བདུད་རིགས་བྱེ་བ་དུང་ཕྱུར་མང་པོའི་སེམས་ཅན་རྣམས་ལ་འཚེ་བའི་ཚེ༔ དཔལ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀའི་སྐུར་བཞེངས་ནས༔ སྐུ་གསུང་ཐུགས་ཡོན་


CMR028_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཕྲིན་ལས་ལྔ་ལས་མགོན་པོ་མ་ནིང་རིགས་ལྔར་སྤྲུལ་ནས་ཀླུ་རིགས་ལྔ་བཏུལ་ལོ༔ དེར་རུ་ཏྲ་སྡེ་གསུམ་རུ་ཏྲ་སྡེ་བརྒྱད་ལ་སོགས་པ་བདུད་དམག་རྣམས་དང་དཔལ་གྱིས་སྤྲུལ་པ་རྣམས་སྟོབས་འགྲན་པ་ན༔ དཔལ་ཆེན་པོ་ཉིད་ཀྱིས་རུ་ཏྲའི་བུར་སྤྲུལ་ནས་བདུད་ཐམས་ཅད་བསྒྲལ་ཏེ༔ ཐོད་མཁར་དུ་བརྩེགས་པའི་ནང་དུ་མགོན་པོ་མ་ནིང་དུ་སྤྲུལ་ནས་བཞུགས་སོ༔ དེ་ནས་བརྒྱ་བྱིན་གྱིས་སྤྱན་དྲངས་ནས་ལྷ་ཡི་དམག་དཔོན་དུ་བསྐོས༔ དེར་མ་ནིང་ལས་ལ་ཆས་ཏེ༔ སྲོག་བདུད་དུ་སྤྲུལ་ནས་ལྷ་མ་ཡིན་གྱི་གཡུལ་བཟློག་གོ༔ དེའི་ཚེ་ལྕང་ལོ་ཅན་དུ་ཆེ་


CMR028_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཧེ་རུ་ཀ་ལ་ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་ཕུལ་ནས༔ ཕྱག་ན་རྡོ་རྗེས་ཞུས་པ་ལ་བརྟེན་ནས༔ མ་ནིང་ནག་པོའི་ལས་རྒྱུད་རྒྱས་བསྡུས་འབྲིང་གསུམ་གསུངས་སོ༔ དེ་མཁའ་འགྲོ་མ་རྣམས་ཀྱིས་བསིལ་བ་ཚལ་དུ་གཏེར་དུ་སྦས་པ༔ མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེས་ཨོ་རྒྱན་རིན་པོ་ཆེ་ལ་གཏད༔ སྒྲུབ་ཐབས་རྣམས་མཛད་ནས་གཏེར་ཁ་རྣམས་སུ་སྦས་པ༔ ཕྱིས་རཏྣ་གླིང་པ་འཇའ་ཚོན་པ་སོགས་གཏེར་སྟོན་མང་པོས་ཐོན་ནོ༔ འདི་ནི་རཏྣའི་སྲས་རྒྱུད་གཉིས་སློབ་རྒྱུད་གསུམ་ནས་བརྒྱུད་པ་ཡིན་ལ༔ གཞན་འཇའ་ཚོན་ལུགས་སུ་འགའ་རེ་ཡང་ཐོན་ཞིང་༔ གཏོར་དབང་བྱ་ཚུལ་གཅིག་པས་ན་བརྒྱུད་པ་གར་འདོད་དུ་དེད་ཆོག་པར་གདལ༔ དེ་ཡང་མ་ནིང་ལས་རྒྱུད་རྒྱས་འབྲིང་གཉིས་ཚིག་མཐུན་པར༔ དབང་ཐོབ་ཡོན་ཏན་བསམ་མི་ཁྱབ༔ འཇིག་རྟེན་འདི་ན་ཆེ་བཙན་ལྡན༔ ཞི་རྒྱས་དབང་དྲག་བསམ་པ་འགྲུབ༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ བཀྲ་ཤིས་ནོར་འཕེལ་མཐུ་རྩལ་ཆེ༔ ཀུན་གྱི་ཡིད་འོང་གཙུག་ཏུ་ཁུར༔ ཅེས་དང་༔ ཨོ་རྒྱན་རིན་པོ་ཆེས་ཞལ་ནས༔ མཐར་ཐུག་མ་ནིང་ནག་པོ་འདི༔ དགོས་འདོད་ཀུན་


CMR028_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ཡིད་བཞིན་ནོར་བུ་འདྲ༔ ནད་རྣམས་ཀུན་འཇོམས་བུ་རམ་རྐྱལ་པ་འདྲ༔ ཁམས་གསུམ་དབང་སྡུད་དབང་གི་ཞགས་པ་འདྲ། དགྲ་བགེགས་ཚར་གཅོད་ཏིལ་དམར་རལ་གྲི་འདྲ༔ བཀྲ་ཤིས་དར་རྒྱས་དཔག་བསམ་ལྗོན་ཤིང་འདྲ༔ ཕྱི་ནང་ཆོས་སྐྱོང་བྱེ་བ་དཔག་མེད་ལས༔ མཐར་ཐུག་མ་ནིང་འདི་འདྲ་ཡོད་རེ་ཀན༔ ལན་གཅིག་བསྒྲུབས་ནས་གཏོར་ཟོར་དང་༔ རྨོད་བཅོལ་གཡབ་མོས་དགྲ་བོ་སྒྲོལ༔ མདོར་ན་འདི་ཉིད་གསོལ་ཁོས་འགྲུབ༔ མ་ནིང་ཡིན་པས་བཟློག་ཐབས་མེད་བཀྲ་ཤིས་སྙིང་ཉེ་མི་ནོར་འཕེལ༔ ཟློག་བྱེད་ཡོད་ན་དགྲ་བོ་ཡི༔ སྔོན་ལ་སྔགས་ནག་ཁོ་རང་ཕུང་༔ ཁྱད་པར་ནད་པ་སྲིའུ་གསོ༔ གཙུག་ལག་ཁང་གི་དཀོར་སྲུངས་ཤིས༔ ཨོ་རྒྱན་བདག་གི་སྙིང་ཐིག་འདི༔ སྤེལ་བར་འཕངས་ནས་གཏེར་དུ་སྦས། ཞེས་གསུངས་ཏེ༔ འདི་ཡི་ངོ་བོ་ཆེ་མཆོག་ཡིན་པས་སངས་རྒྱས་ཀྱི་གོ་འཕང་སྩོལ༔ ཁྲོ་བོ་རྨེ་བརྩེགས་དང་གཅིག་པས་གྲིབ་དང་མི་གཙང་བས་མི་ཚུགས་ཤིང་༔ ཁྲོ་བོ་སྟོབས་པོ་ཆེ་དང་ངོ་བོ་གཅིག་པས་ཆོས་སྐྱོང་ཀུན་ལས་འདི་སྟོབས་ཆེ༔ རྣམ་པ་སྲོག་བདུད་གཟའ་བདུད་ཀླུ་བདུད་ཡིན་པས་རྣོ་


CMR028_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་འཇིག་རྟེན་ལྷ་འདྲེ་དང་འདྲ༔ སྔགས་བཟློག་གི་གཤེད་མ་ཡིན་པས་མཐུ་བཟློག་པས་མི་ཟློག༔ ཨོ་རྒྱན་བྱེ་བ་ཕྲག་བརྒྱ་ཡི་བཀའ་སྲུང་པས༔ ཆོས་སྐྱོང་ཐམས་ཅད་ཀྱི་རྒྱལ་པོ་ཡིན༔ ཁྱད་པར་དུ་བཀའ་བརྒྱད་ཐུགས་སྒྲུབ་ཀློང་གསལ་ཉམས་སུ་ལེན་པ་ལ་མ་སྒྲུབ་ཀྱང་རང་བཞིན་གྱིས་འཁོར་བས་བར་ཆད་སེལ་བ་ཡིན༔ དེ་ལྟ་བུའི་དབང་ཞུ་བའི་དོན་དུ༔ བླ་མ་དང་ཆེ་མཆོག་ཧེ་རུ་ཀ་དངོས་ཡིན་སྙམ་པ་གྱིས་ལ་རྗེས་ཟློས་མཛོད༔ ཧོ༔ རྒྱལ་བ་ཀུན་དང་མཉམ་པར་སྦྱོར༔ དྲེགས་པ་ཀུན་འདུས་དབང་བསྒྱུར་བས༔ སྒྲུབ་ཆེན་རྣལ་འབྱོར་བདག་ལ་དགོངས༔ བདག་ཅག་བྱང་ཆུབ་སེམས་བསྐྱེད་ཅིང་༔ འཕགས་མཆོད་འགྲོ་དོན་བགྱིད་དགོངས་པས༔ བདུད་དང་འབྱུང་པོ་ལོག་འདྲེན་དང་༔ མི་ནག་སྲིན་པོ་གདོང་དམར་གྱིས༔ བྱང་ཆུབ་བར་ཆད་བསྟན་པ་བཤིགས༔ དེ་ཡི་གཉེན་པོར་དྲེགས་པའི་དབང་༔ ཆོས་སྐྱོང་གཏོར་དབང་མཐུ་རྩལ་ཞུ༔ ཞེས་ལན་གསུམ་ཞུའོ༔ དེ་ནས་བླ་མས་འདི་སྐད་དོ༔ ཧོ༔ ཞི་ཁྲོ་བདེ་གཤེགས་ལྷ་བསྙེན་ཅིང་༔ རྣལ་འབྱོར་དམ་ཚིག་ལ་གནས་ན༔ ཆོས་སྐྱོང་རྣམས་ཀྱང་བྲན་ཁོལ་བྱེད༔ དམ་ཆོས་ཚུལ་བཞིན་སྤྱོད་པ་


CMR028_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ན༔ མ་བསྒྲུབ་པར་ཡང་ཆོས་སྐྱོང་ཉན༔ འོན་ཀྱང་ཞུས་པ་དེ་བཞིན་དུ༔ དྲེགས་པའི་གཙོ་མཆོག་མ་ནིང་ཆེ༔ སྲུང་མར་གཏད་གྱིས་དམ་གཙང་སྲུངས༔ ཞེས་གནང་བ་བྱིན༔ ད་བདག་ཉིད་ཆེ་མཆོག་ཏུ་གསལ་བའི༔ དཔལ་གཏོར་སྐུ་དང་བཅས་པ་དཔལ་མགོན་དངོས་སུ་བསྐྱེད༔ སློབ་མ་ཡང་མ་ནིང་དུ་བསྐྱེད་པར་གསུངས་པས་འདི་ལྟར་སྒོམས་ཤིག༔ ༈ ཕོ་བྲང་པད་ཉི་རོ་ཡི་གདན་སྟེང་དུ༔ བདག་ལས་རྒྱུ་ཡི་ཡི་གེ་ཧཱུྃ་སྤྲོས་པས༔ ལྷ་ཆེན་མཐིང་ནག་རྔམ་བརྗིད་འཇིགས་པ་ཡི༔ ཞལ་གཅིག་ཕྱག་གཉིས་བར་ནག་སྐུ་ལ་གསོལ༔ ཕྱག་གཡས་རུ་མཚོན་སྙིང་དང་ཞགས་པ་བསྣམས༔ ཐོད་སྐམ་ལྔ་དང་སྦྲུལ་ནག་རལ་པ་འཕྱང་༔ སྦྲུལ་ནག་མགོ་ཕྲེང་སྙིང་གི་དོམ་དོམ་སྤྲས༔ སྐུ་ལ་གསེར་རྐེད་མི་ལྤགས་བེང་ཆེན་བཙུགས༔ སྤྱན་གསུམ་ཁྲག་འདྲ་གྱེན་ཐུར་ཕྱོགས་བཅུར་བསྒྲད༔ ཞབས་གཉིས་གྱད་ཀྱི་འདོར་ཐབས་ཚུལ་དུ་བཞུགས༔ འཁོར་གྱི་དམག་ཚོགས་ཁྲོམ་ལྟར་བསྐྱེད་༔ ཐུགས་སྲོག་ཧཱུྃ་ལས་འོད་ཟེར་འཕྲོས༔ བསིལ་བ་ཚལ་དང་ནཱ་ལེནྡྲ༔ རྡོ་རྗེ་གདན་དང་ཨུ་ཙ་ལ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ སངས་རྒྱས་བྱང་


CMR028_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་དང་༔ ཡི་དམ་ལྷ་ཚོགས་མཁའ་འགྲོ་དང་༔ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་རྣམས༔ མ་ནིང་ལྷ་ཚོགས་གྱུར་ནས་སུ༔ བྱ་ནག་ཤ་ལ་རུབ་པ་བཞིན༔ འུར་འུར་ཐིབས་ཐིབ་ཆེམས་ཆེམ་བྱོན༔ མདུན་གྱི་ལྷ་ལ་གཉིས་མེད་ཐིམ༔ སྤྲོས་རོལ་མོ་རྒྱས་པར་སྤྲོ་ན་ལས་བྱང་གི་སྤྱན་འདྲེན་བཞུགས་གསོལ་གཉིས་བྱ༔ བསྡུ་ན་མི་དགོས༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་མཱ་ཡ་ཛ་ཛ་ཛཿཧཱུྃ་བཾ་ཧོ༔ དེ་ལྟར་གཏོར་མ་ཡེ་ཤེས་པར་གསལ༔ ཁྱེད་རང་རྣམས་དམ་ཚིག་པར་གསལ་བ་ལ༔ སློབ་དཔོན་ཆེ་མཆོག་ཏུ་གསལ་བས༔ ཕྱག་གཡས་ན་རུ་མཚོན་བཞག་པའི་མོས་པ་མཛོད༔ རྩ་སྔགས་བརྗོད་ཅིང་གཏད་ལ༔ ཕྱག་གཡོན་དུ་སྙིང་དང་ཞགས་པ་གཏད་པའི་མོས་པ་མཛོད༔ གཏད། རྐེད་ལ་ཙནྡན་གྱི་བེང་བཅུག་པའི་མོས་པ་མཛོད་གཏུག༔ བསྒྲུབ་ཡིག་མགོ་དང་སྙིང་གཏད་ནས་པོ་ཏི་ལུང་གི་དབང་ཐོབ་པར་སྒོམས་ཤིག༔ བཀའ་ཐོབ་པར་གྱུར་ཅིག༔ ལུང་ཐོབ་པར་གྱུར་ཅིག༔ ཆོས་འདི་ཡི་བདག་པོར་གྱུར་ཅིག༔ མགོ་དང་སྙིང་གར་པོ་ཏི་འམ་མེད་ན་དབང་དཔེ་བཞག༔ བླ་རྡོ་མཆན་ཁུང་གཡོན་དུ་གཏད་པས་ནམ་ཡང་མི་འབྲལ་བར་སྒོམས༔ བླ་རྡོ་མེད་ན་དཔེའུ་རིས་ལྟར༔ སྔགས་ཡོད་པའི་དཔེ་བཞག་པས་


CMR028_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

འཐུས༔ ད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལ༔ བཀའ་བསྒོ་དང་དྲུག་ལས༔ དང་པོ་སྐུ་ཡི་དོན་དུ་སློབ་དཔོན་ལ་མོས་འདུན་བྱས་པས༔ སློབ་དཔོན་ཆེ་མཆོག་ཏུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་གྱི་གཏོར་མ་ཡེ་ཤེས་ཀྱི་མགོན་པོ་ལ་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ༔ མགོན་པོས་སློབ་མ་ལ་དབང་བསྐུར་བར་དགོངས་པ་གཏད་པས༔ མགོན་པོའི་དཔྲལ་བ་ནས་སྐུའི་མགོན་པོ་དཀར་པོ་འཕྲོས་ནས་ཁྱེད་རང་གི་དཔྲལ་བར་ཐིམ་པར་སྒོམས་ཤིག༔ གཏོར་མ་ལག་ཏུ་གནང་༔ མཆོད་གཡོག་པས་རྔ་བརྡུངས༔ སྤོས་ཌཱ་དྲིལ་དབྱངས་དང་བཅས༔ ཧཱུྃ༔ འོག་མིན་སོགས། ཚར་གཅིག །གཏོར་མ་དཔྲལ་བར་གཏུགས་ལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བརྗོད༔ མེ་ཏོག་འཐོར་ཞིང་༔ ཧཱུྃ༔ འཇིག་རྟེན་འདས་པའི་དུས་ན་སྔོན་བྱུང་བ༔ ཆེ་མཆོག་ཧེ་རུ་ཀ་དཔལ་སྐུ་གསུམ་རྫོགས༔ སྐུ་ཡི་མགོན་པོས་ཨ་ཀར་རུ་ཏྲ་བཏུལ༔ སྐུ་ཡི་མགོན་པོའི་བཀྲ་ཤིས་ལུས་ལ་ཤོག༔ དེས་སྐུ་ཡི་དབང་ཐོབ༔ དེང་ཕྱིན་ཆད་མགོན་པོ་འདི་ཡི་སྐུ་བསྒོམ་པར་དབང་༔ ལུས་ཀྱི་ནད་གདོན་ཞི་ནས་གཟི་བརྗིད་དང་ལྡན༔ མཐར་ཐུག་གང་ལ་གང་


CMR028_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་གྱིས་སྐུ་སྤྲུལ་ནུས་པ་སྐུ་ཡི་དབང་ངོ་༔ ཡང་མགོན་པོའི་མགྲིན་པ་ནས་གསུང་གི་མགོན་པོ་དམར་པོའི་ཚོགས་འཕྲོས་ནས་ཁྱེད་རང་གི་མགྲིན་པར་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ འོག་མིན་སོགས་གོང་ལྟར་རོ༔ གཏོར་མ་མགྲིན་པར་བཞག་ལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཝཱཀྐ་ཨཱཿབྷི་ཥིཉྩ་ཨཱ༔ མེ་ཏོག་འཐོར་ཞིང་༔ ཧཱུྃ༔ འཇིག་རྟེན་འདས་པའི་དུས་ན་སྔོན་བྱུང་བ༔ ཆེ་མཆོག་ཧེ་རུ་ཀ་དཔལ་སྐུ་གསུམ་རྫོགས༔ གསུང་གི་མགོན་པོས་ཁ་ཊྭཱཾ་རུ་ཏྲ་བསྒྲལ༔ གསུང་གི་མགོན་པོའི་བཀྲ་ཤིས་ངག་ལ་ཤོག༔ དེས་གསུང་གི་དབང་ཐོབ༔ དེང་ཕྱིན་ཆད་མ་ནིང་བསྙེན་སྒྲུབ་རུང་ངག་དིག་ལྐུགས་ཞི༔ ངག་ནུས་པ་དང་མཐར་ངག་བདེན་ཚིག་འགྲུབ་པས་འགྲོ་བའི་དོན་ནུས་པ་གསུང་གི་དབང་ངོ་༔ ཡང་ཐུགས་ཀྱི་དོན་དུ་མགོན་པོའི་ཐུགས་ཀ་ནས་ཐུགས་ཀྱི་མགོན་པོ་མཐིང་ནག་གི་ཚོགས་བྱོན་ནས་ཁྱེད་རང་གི་སྙིང་གར་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ འོག་མིན་སོགས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ཏོག་འཐོར༔ ཧཱུྃ༔ འཇིག་རྟེན་འདས་པའི་དུས་ན་སྔོན་བྱུང་བ༔ ཆེ་མཆོག་ཧེ་རུ་ཀ་དཔལ་སྐུ་གསུམ་རྫོགས༔ ཐུགས་ཀྱི་མགོན་པོས་མ་ཏྲཾ་རུ་ཏྲ་བཏུལ༔ ཐུགས་ཀྱི་མགོན་པོའི་


CMR028_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་སེམས་ལ་ཤོག༔ དེས་ཐུགས་ཀྱི་དབང་ཐོབ༔ ཡོད་མེད་གཉིས་ཀ་མ་ཡིན་པ་མ་ནིང་གི་ལྟ་བ་བསྒོམ་པར་དབང་༔ སེམས་ལ་རྟག་ཆད་གཉིས་ཀ་མ་ཡིན་པ་མ་ནིང་གི་རྟོགས་པ་འཆར༔ མཐར་ཐུག་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པ་ཐུགས་ཀྱི་དབང་ངོ་༔ ཡང་མགོན་པོའི་ལྟེ་བ་ནས་ཡོན་ཏན་གྱི་མགོན་པོ་སེར་པོ་འཕྲོས༔ ཁྱེད་རང་གི་ལྟེ་བར་ཐིམ་པར་སྒོམས་ཤིག༔ ཧཱུྃ་འོག་མིན་སོགས༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སརྦ་ཨ་བྷི་ཥིཉྩ་ཧཱི༔ ལྟེ་བར་གཏུགས༔ ཧཱུྃ༔ འཇིག་རྟེན་འདས་པའི་དུས་ན་སྔོན་བྱུང་བ༔ ཆེ་མཆོག་ཧེ་རུ་ཀ་དཔལ་སྐུ་གསུམ་རྫོགས༔ ཡོན་ཏན་མགོན་པོས་ཕོ་རྒྱུད་རུ་ཏྲ་བཏུལ༔ ཡོན་ཏན་མགོན་པོའི་བཀྲ་ཤིས་དེང་འདིར་ཤོག༔ ཅེས་མེ་ཏོག་འཐོར༔ དེས་ཡོན་ཏན་གྱི་དབང་ཐོབ་པས༔ མགོན་པོ་བསྒྲུབས་པས་དངོས་གྲུབ་རྣམས་འབྱུང་༔ ཚེ་དང་བསོད་ནམས་རྣམས་འཕེལ༔ མཐར་ཐུག་འགྲོ་བའི་རེ་འདོད་བཀང་ནུས་པ་ཡོན་ཏན་གྱི་དབང་ངོ་༔ ཡང་མགོན་པོའི་གསང་གནས་དང་སྐུ་ཡི་ཆ་ཐམས་ཅད་ནས༔ ཕྲིན་ལས་ཀྱི་མགོན་པོ་ལྗང་གུའི་ཚོགས་འཕྲོས་ནས༔ ཁྱེད་རང་རྣམས་ཀྱི་གསང་གནས་དང་༔ ལུས་ཀྱི་ཆ་


CMR028_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ འོག་མིན་སོགས། སྔགས་དང་བཅས་པ་ཚར་ནས༔ ཧོ༔ སྲོག་བདུད་མ་ནིང་ནག་པོ༔ གཟའ་བདུད་མ་ནིང་ནག་པོ༔ ཀླུ་བདུད་མ་ནིང་ནག་པོ༔ བཀའ་འཁོར་དཔལ་མགོན་བདུན་ཅུ༔ ཡང་འཁོར་ལྷ་སྲིན་སྡེ་བརྒྱད༔ ལྷ་དམག་ཉི་ཁྲི་ཆིག་སྟོང་༔ བདུད་དམག་བྱེ་བ་འབུམ་འགྱུར༔ ཡུམ་ཆེན་ལྷ་མོ་དཔལ་འབར༔ སྲིད་པའི་མ་མོ་བྱེ་བ་རྣམས་ཀྱིས༔ རྡོ་རྗེའི་སློབ་མ་འདི་ཡི་དམ་པའི་ཆོས་སྒྲུབ་པའི་འགལ་རྐྱེན་བར་དུ་གཅོད་པ་ཐམས་ཅད་ཕྱིར་བཟློག༔ མཐུན་རྐྱེན་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་འཕེལ་ཞིང་རྒྱས་པ་དང་༔ ཕྲིན་ལས་རྣམ་བཞི་ཐོགས་པ་མེད་པར་འགྲུབ་པའི་ཕྲིན་ལས་མཛོད་ཅིག༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ ཞེས་ལག་ཏུ་བཞག་གོ༔ ཧཱུྃ༔ འཇིག་རྟེན་འདས་པའི་དུས་ན་སྔོན་བྱུང་བ༔ ཆེ་མཆོག་ཧེ་རུ་ཀ་དཔལ་སྐུ་གསུམ་རྫོགས༔ ཕྲིན་ལས་མགོན་པོས་རུ་ཏྲ་མོ་རྒྱུད་བཏུལ༔ ཕྲིན་ལས་མགོན་པོའི་བཀྲ་ཤིས་དེང་འདིར་ཤོག༔ དེས་ཕྲིན་ལས་ཀྱི་དབང་ཐོབ༔ བསམ་པའི་བར་ཆད་ཞི༔ ཕྲིན་ལས་གང་བརྩམ་འགྲུབ༔ མཐར་ཐུག་སངས་རྒྱས་ཀྱི་ཕྲིན་ལས་སྒྲུབ་ནུས་པ་


CMR028_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་ཀྱི་དབང་ངོ་༔ ད་གཏོར་མ་འདི་ཉིད་ཡེ་ཤེས་ཀྱི་མགོན་པོ་མ་ནིང་མགོན་པོ་ལ་སྐུ་ལྔའི་མགོན་པོས་བསྐོར་བ༔ དེ་ཡི་སྟེང་གི་ཆ་ལ་ཆེ་མཆོག་དཔལ་དགུ་བརྒྱུད་པའི་བླ་མ་དང་བཅས་སྤྲིན་འཁྲིགས་པ་ལྟར་སྤྱི་བོར་བྱོན་ནས་དབང་བསྐུར་བྱིན་གྱིས་བརླབ་པར་སྒོམས་ཤིག༔ སློབ་མ་དམ་ཚིག་ཅན་ཡིན་ན་འོད་དུ་ཞུ་ནས་ཐིམ་པར་བསྒོམ༔ མིན་ན་མི་རུང་། གཏོར་མ་ལག་ཏུ་ཐོགས་ལ༔ བཅོམ་ལྡན་འདས་ཀུན་བཟང་ཡབ་ཡུམ༔ རྒྱལ་བ་རིགས་ལྔ་རྡོ་རྗེ་འཆང་༔ རྡོ་རྗེ་སེམས་དཔའི༔ ཤཱཀྱ་ཐུབ་པ༔ རིག་འཛིན་རྡོ་རྗེ་ཆོས༔ མཁའ་འགྲོ་ལས་ཀྱི་དབང་མོ་ཆེ༔ ཆོས་རྒྱལ་ཨིནྡྲ་བྷོ་དྷི༔ དགའ་རབ་རྡོ་རྗེ༔ ཤྲཱི་སེང་ཧ་སྲས་གོ་མ་དེ་བྱི༔ པདྨ་འབྱུང་གནས༔ ཡེ་ཤེས་མཚོ་རྒྱལ༔ རཏྣ་གླིང་པ༔ ཚེ་དབང་གྲགས་པ་ལ་སོགས་བརྒྱུད་པའི་བླ་མ་དམ་པ་རྣམས་དང་༔ ཡི་དམ་ཆེ་མཆོག་དཔལ་དགུ༔ ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོ༔ སྐུ་ཡི་མགོན་པོ་སྟག་ཞོན༔ གསུང་གི་མགོན་པོ་བེང་མ༔ ཐུགས་ཀྱི་མགོན་པོ་གྲི་གུག༔ ཡོན་ཏན་གྱི་མགོན་པོ་སེང་ཞོན༔ ཕྲིན་ལས་ཀྱི་མགོན་པོ་ཏྲཀཱད༔ མགོན་ཆེན་ཉི་ཤུ་རྩ་ལྔའི་ཚོགས་དང་བཅས་པས༔ རྡོ་


CMR028_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་སློབ་མ་འདི་ལ་བྱིན་གྱིས་རླབས་པ་དང་༔ དབང་བསྐུར་དུ་གསོལ༔ ལུས་ངག་ཡིད་གསུམ་ལོག་པའི་ལམ་དུ་མི་འགྲོ་ཞིང་༔ ཐར་པ་བྱང་ཆུབ་ཀྱི་ཕྱོགས་སུ་བློ་འགྲོ་བར་མཛད་དུ་གསོལ༔ ལུས་ངག་ཡིད་གསུམ་བསྲུང་བ་དང་སྐྱབས་པར་མཛད་དུ་གསོལ༔ ནད་དང་གདོན་དང་བར་ཆད་ཞི་བར་མཛད་དུ་གསོལ༔ མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ རྒྱས་པར་ན་ཆེ་མཆོག་དཔལ་དགུའི་སྔགས་བརྗོད༔ བསྡུ་ན་གཞུང་ལྟར་ཆེ་མཆོག་དང་མ་ནིང་སྔགས་གསུམ་བརྗོད་དེ་སྤྱི་བོར་བཞག་གོ༔ ད་མེ་ཏོག་མཐིང་ཀའི་ཕྲེང་བ་ཞིག་ཕུལ་བའི་མོས་པས་རྗེས་ཟློས་གྱིས༔ མགོན་པོ་མ་ནིང་བདག་གིས་བཟུང་ལགས་ཀྱིས༔ བདག་ལ་འགོ་བར་མཛད་དུ་གསོལ༔ སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས་ནས་ཁྱེད་རང་གི་ཞལ་དུ་ཞུགས་ནས༔ ཐུགས་ཀར་ཧཱུྃ་གི་མཐར་འཁོར་བར་བསྒོམ་ལ་སྔགས་ཀྱི་རྗེས་ཟློས་ལན་གསུམ༔ ཨོ་ཤྲཱི་མ་ཧཱ་ཀ་ལ་གྷ་ན་གྷ་ཡ་རཾ་སིདྡྷི་ཧཱུྃ་ཕཊ༔ ད་སྔགས་ཕྲེང་མེ་ཏོག་གི་ཕྲེང་བར་གྱུར་ནས་སྤྱི་བོར་བཞག་པའི་མོས་པ་གྱིས༔ ཙམ་པ་ཀའམ་ནས་བཞག༔ མགོན་པོ་མ་ནིང་འདི་ལ་བསྩལ་


CMR028_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་ཀྱིས༔ འདི་ལ་འགོ་བར་མཛད་དུ་གསོལ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ དེས་མ་ནིང་གི་དབང་ལེགས་པར་ཐོབ་པ་ཡིན་པས༔ མ་ནིང་ལས་རྒྱུད་ཆེན་པོ་ལས༔ དབང་སྲོག་དམ་ཚིག་གིས་བཟུང་བ༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ སྐུ་གསུང་ཐུགས་དང་རྩ་བ་དང་༔ ཡན་ལག་དམ་ཚིག་མ་ཉམས་བསྲུང་༔ བླ་མའི་དམ་ཚིག་སྐུ་མི་སྨདི༔ གསུང་མི་བཅག་ཅིང་ཐུགས་མི་དཀྲུག༔ ཡི་དམ་བསྐྱེད་རྫོགས་གསལ་བ་དང་༔ འཛབ་དང་བཟླས་པ་མི་བཅག་ཅིང་༔ དུས་མཆོད་མི་བཅག་རྟེན་མི་སྤངས་ཆོས་སྐྱོང་དག་གིས་དམ་ཚིག་ནི༔ ལྟ་བས་རྒྱས་བཏབ་གསོལ་མཆོད་རེམ༔ སྒོམ་སྒྲུབ་རེམ་ཞིང་ཕུད་མི་འབགས༔ དམ་རྫས་མི་སྤེལ་མི་བརྟེན་ཅིང་༔ ཆོས་སྐོར་མི་འབགས་སྒྲུབ་ལ་བརྩོན༔ ཉམས་པ་མི་བརྟེན་བསྐང་མདོས་རེམ༔ ཌཱཀྐིའི་དམ་ཚིག་ཚོགས་ལ་འབད༔ སྐྲ་སེན་མི་བྲེག་སྟན་མི་སྤྲུགས༔ རལ་པའི་རྩེ་མོ་མི་བཅད་ཅིང་༔ བླ་མ་མིན་ལ་ཕྱག་མི་བྱ༔ དེ་ལྟར་དམ་ཚིག་གཙང་གྱུར་ན༔ ཚེ་འདིར་བདེ་སྐྱིད་ཕུན་སུམ་ཚོགས༔ ཕྱི་མ་རྒྱལ་བའི་སྲས་སུ་འགྱུར༔ དམ་ཚིག་ཉམས་པའི་སྔ་ལྟས་ནི༔ སྔོན་ན་བུ་དང་


CMR028_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་མ་འཆི༔ ཡིད་དུ་མི་འོང་སྣ་ཚོགས་འབྱུང་༔ ཕྱི་མ་རྡོ་རྗེའི་དམྱལ་བ་ནས༔ བསྐལ་པ་འབུམ་དུ་ཐར་དུས་མེད༔ དེ་བས་དམ་གཙང་ཤིན་ཏུ་གཅེས༔ ཞེས་གསུངས་པས་དམ་ཚིག་ཅི་ནུས་སྲུང་ཞིང་མགོན་པོ་འདི་ཡི་དམ་ཆོས་སྐྱོང་དབྱེར་མེད་དུ་བརྟེན་སྙམ་པས་རྗེས་ཟློས་གྱིས༔ གཙོ་བོའི་ཇི་ལྟར་བཀའ་སོགས༔ གཏང་རག་གི་མཎྜལ་ཕུལ༔ ས་གཞི་སྤོས་སོགས༔ དེ་ནས་སློབ་མ་གྱེས་རང་གི་མཆོད་བསྟོད་བྱའོ༔ ༈ ཡང་སྙིང་གི་སློབ་བུ་དམ་ཚིག་ཅན་ན་ནས་ཅིས་ཀྱང་མ་ཕན་ན༔ འདིའི་གཏོར་དབང་བརྒྱ་རྩ་ལོ་གྲངས་སོགས་བྱ་སྟེ༔ གོང་གི་གསོལ་འདེབས་ནས་བླ་རྡོ་གཏད་ཡན་ཆད་གོང་ལྟར་བྱས་ལ༔ ཉིན་རེ་ལ་ད་ནངས་རེ་རེའི་ཆོག༔ དེ་མན་ཆོད་འདི་ལ་གྲངས་འཛིན་ནོ༔ དེ་ཡང་མ་ནིང་མེ་དབལ་ནག་པོའི་རྒྱུད་ལས༔ ནད་པ་སློབ་མ་བསྲུང་བ་ལ༔ གཏོར་དབང་དག་ལ་ནན་ཏན་བསྐྱེད༔ ཅེས་གསུངས་པས༔ སློབ་དཔོན་ཆེ་མཆོག་ཏུ་གསལ་བའི་མོས་འདུན་བྱས་པས༔ གཏོར་མ་མགོན་པོར་གསལ་བའི་སྐུ་ལས་སྐུ་ཕྲ་མོ་དཀར་ལ་དམར་ལྗང་དང་༔ གསུང་སྔགས་ཕྲེང་༔ ཐུགས་ཧཱུྃ་ཡིག༔ ཡོན་ཏན་ཕྲིན་ལས་འོད་ཟེར་ཁ་དོག་སྣ་ཚོགས་བྱོན་པ༔ ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས༔ བར་ཆད་ཐམས་ཅད་ཞི་


CMR028_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དང་བྱིན་རླབས་ཐམས་ཅད་ཐོབ་པར་སྒོམས་ཤིག༔ ཧཱུྃ༔ འོག་མིན་སོགས་ནས་སྔགས་གཉིས་ནས་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་བཞིར་གཏུགས་ཤིང་༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གནས་བཞིར་གཏུགས༔ སློབ་བུ་ལ་སྤྱན་དྲངས་ནས་བསྟིམ༔ ད་རྩ་སྔགས་རྗེས་ཟློས་གྱིས༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གྷ་ཡ་རཾ་སིདྡྷི་ཧཱུྃ་ཕཊ༔ དེས་ཀྱང་དབང་བཞི་དམ་པ་ཐོབ་པས་ཕྲིན་ལས་འགྲུབ་པར་འགྱུར་རོ༔ དེ་ལྟ་བུའི་དབང་བརྒྱ་རྩ་དང་ལོ་གྲངས་སོགས་ཀྱིས་བར་ཆད་ངེས་པར་སེལ་ཏེ༔ རྒྱུད་འཛིན་བསྟན་པ་ལ་ཕན་ངེས་མིན་པར་བྱས་ན་བཀའ་ཆད་འོང་བས་མི་བྱ༔ མཇུག་ཏུ་གཙོ་བོའི་སོགས་དང་མཎྜལ་ཕུལ་ལོ༔ ༈ མ་ནིང་གསང་སྒྲུབ་དབང་དང་ལས་ཚོགས་བཅས༔ དགེ་རིའི་བྲག་ལ་ཨ་ཐཾ་ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཁ་ཐཾ་རྒྱ་རྒྱ་རྒྱ༔ དགེ་རི་བྲག་ནས་རཏྣ་གླིང་པས་བཏོན༔ ཅེས་པ་ལ་གབ་འཁྲུགས་བསལ་ནས་རཱ་ག་ཨ་སྱས་བྲིས། །ཉེས་འགལ་ཆོས་སྐྱོང་འཁོར་དང་བཅས་ལ་བཤགས། །དགེ་བས་ཨོ་རྒྱན་བསྟན་པ་རྒྱས་གྱུར་ཅིག །མངྒ་ལཾ།

དཔལ་མགོན་མ་ནིང་ནག་པོ་ཡི་མ་ནིང་དཀར་པོའི་འདོན་འགྲིགས།


CMR028_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་མ་ནིང་ནག་པོ་ཡི༔ མ་ནིང་དཀར་པོའི་འདོན་འགྲིགས་བཞུགས་སོ༔


CMR028_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་ཚོགས་ནི་སྒྲུབ་གཞུང་ལྟར་རོ༔ ཧཱུྃ་དེ་ནས་རང་ཉིད་ཆེ་མཆོག་གམ་རྟ་མགྲིན་ནམ་ཕྱག་རྡོར་དུ་གསལ་བའི་ངང་ནས༔ གཏོར་ཧཱུྃ་ལས་དུར་ཁྲོད་ཐོད་མཁར་འབར་བའི་དབུས་སུ༔ པདྨ་དང་ཉི་ཟླ་པཾ་གྱི་སྟེང་དུ༔ རྒྱུ་ཡི་ཡི་གེ་ཧཱུྃ་དཀར་པོ་ལས༔ འོད་ཟེར་ཕྱོགས་སྤྱིར་འགྲོ་བ་ཐམས་ཅད༔ ཁྱད་པར་རྣལ་འབྱོར་པ་བདག་གི་འཇིགས་པ་བརྒྱད་སོགས་ཞི་ཞིང་༔ འདོད་དགུའི་དབང་ཕྱུག་ཡིད་ཧཱུཾ་ལ་ཐིམ་པས་འོད་དུ་འབར༔ དེ་ཉིད་ཡོངས་སུ་གྱུར་པ་ལས༔ དཔལ་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་


CMR028_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ༔ རྒྱལ་པོ་རོལ་པའི་གཡས་བརྐྱང་གཡོན་བསྐུམ་འདུག་སྟང་ཅན༔ སྐུ་འགྱིངས་ཤིང་གསུས་ཁྱིམ་ཆེ་བ༔ གཡས་པ་ཐོད་པ་བུམ་པ་ཅན་དང་༔ གཡོན་ལྕགས་ཀྱུ་འཛིན་པ༔ དར་སྣ་ལྔའི་ཅོད་པན་དང་༔ སྟག་གི་ཤམ་ཐབས་ཅནི༔ ཞལ་ཁྲོ་ལ་འཛུམ་པ༔ གཡས་ན་བདུད་མགོན་རྟ་ནག་ལ་ཞོན་པ༔ གཡོན་དུ་དཔལ་འབར་མ་རལ་གྲི་དང་ཐོད་ཁྲག་འཛིན་པ༔ སྲོག་བདུད་ཡབ་ཡུམ་སྐུ་མདོག་དཀར་པོ༔ གཡས་བུམ་པ་གཡོན་ལྕགས་ཀྱུ་བཟུང་བ༔ མདུན་དུ་མ་ཧཱ་དྷེ་ཝ་དམར་པོ༔ མདའ་གཞུ་ལྕགས་སྒྲོག་འཛིན་པ༔ རྒྱབ་ཏུ་རྡོ་རྗེ་ལེགས་པ་སེང་གེ་ལ་ཞོན་པ་


CMR028_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དང་ནེའུ་འཛིན་པ༔ ཕྱི་རོལ་དུ་ལྷ་སྲིན་སྡེ་བརྒྱད་བསྐྱེད་པ་ནི༔ སྐུ་མདོག་དཀར་པོ་གཡས་བདུད་རྩི་བུམ་པ་སྒྲུབ་པ་པོ་ལ་ཚེའི་དངོས་གྲུབ་སྟེར་བ༔ གཡོན་པས་ཡིད་བཞིན་གྱི་ནོར་བུ་འོད་འབར་བ་བསྣམས་པ་དགོས་འདོད་ཆར་བཞིན་དུ་འབེབས་པ༔ སྐུ་ལ་རིན་པོ་ཆེའི་དར་སྣ་ཚོགས་ཀྱིས་བརྒྱན་པ༔ ཞལ་ཁྲོ་འཛུམ་སྐུ་འཛུམ་པའི་ཆ་ལུགས་ཅན་དུ་བཞུགས་པ༔ ཕྱི་རོལ་ཕྱོགས་སྐྱོང་བཅུ་དང་དཔལ་མགོན་ལ་སོགས་པ༔ དེ་རྣམས་སྐུ་མདོག་དཀར་པོ་ཞི་བའི་ཆ་ལུགས་ཅན༔ གཡས་ལྕགས་ཀྱུ་གཡོན་རིན་པོ་ཆེ་བསྣམས་པ༔ དགོས་འདོད་ཆར་བཞིན་འབེབས་པར་གྱུར༔ འཁོར་ཡུག་ཏུ་ཡང་འཁོར་སྡེ་བརྒྱད་ལ་སོགས་པའི་འཁོར་ཐམས་ཅད་མི་སྡུག་པའི་ཚུལ་གྱིས་མ་ཡིན་པར༔ ཞི་བའི་ལས་དང་དགོས་འདོད་ཆར་ལྟར་འབེབས་པའི་ལས་ལ་བརྩོན་པ༔ བདག་དང་ད་ལའི་ལྷ་རྣམས་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས༔ ཨུ་ཙ་ལ་དང་༔ འོག་མའི་དུར་ཁྲོད་བརྒྱད་ནས་ཡེ་ཤེས་ཀྱི་མགོན་པོ་འཁོར་བཅས་སྤྱན་དྲངས༔ འུར་འུར་ཆེམས་ཆེམ་ཞུང་ཞུང་བྱིན་ཐིབས་ཐིབ་བྱོན་ནས༔ དཀྱིལ་འཁོར་གྱི་ལྷ་དང་གཉིས་སུ་མེད་པར་བཞུགས་པར་གྱུར༔ ལས་བྱང་གི་སྤྱན་འདྲེན་ལ༔


CMR028_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནིང་དཀར་པོ་གཤེགས་སུ་གསོལ༔ ལས་བྱང་ཕུད་བསྐང་ལ༔ ལས་མགོན་སྲོག་བདུད་དཀར་པོ་ཞེས་བསྒྱུར་རོ༔ གཞན་ལས་བྱང་གཞུང་ལྟར་བསྟོད་པ་ལ་མ་ཐུག་པར་བྱ༔ དེ་ནས་བསྟོད་པ་ནི༔ ཧཱུྃ་དུར་ཁྲོད་ཐོད་མཁར་མེ་རླུང་འཚུབ་འཁྱིལ་ནི༔ དངོས་གྲུབ་འབྱུང་གནས་གཏེར་གྱི་བདག་པོ་ནི༔ སྐུ་མདོག་དཀར་པོ་སྒེག་ཅིང་འགྱིང་བའི་གཟུགས༔ ཞི་བའི་ལས་མཛད་ཕྱག་གཡས་ཐོད་བུམ་འཛིན༔ དགོས་འདོད་ཀུན་འབྱུང་འགུགས་པའི་ལྕགས་ཀྱུ་གཡོན༔ སྤྱན་གསུམ་ཁྲོ་འཛུམ་མཆེ་བ་འཚམས་པར་གཙིགས༔ སྦྲུལ་ལྟ་དང་ཐོད་ཕྲེང་སེ་རལ་རྒྱན་དྲུག་སྤྱས༔ གཡས་བརྐྱང་གཡོན་བསྐུམ་རྒྱལ་པོ་རོལ་པའི་སྟབས༔ དར་སྣའི་ཅོད་པན་སྟག་ཤམ་བརྗིད་པར་བསྙིལ༔ དཔའ་བོ་ཆེན་པོ་སྒེག་གཏུམ་གར་དང་ལྡན༔ སྒྲུབ་པའི་རྡོ་རྗེ་རྣལ་འབྱོར་བདག་ཅག་གིས༔ ལྷ་ཆེན་ཁྱེད་ལ་བསྟོད་ཅིང་གསོལ་བཏབ་ཕྱིར༔ མ་གཡེལ་ཐུགས་དམ་གནད་ནས་བསྐུལ་བའི་ཕྱིར༔ བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་བར་ཆད་ཚོགས༔ མ་ལུས་ཐམས་ཅད་ཞི་བར་མཛད་དུ་གསོལ༔ མི་ནོར་ཟས་གསུམ་གདུལ་བྱ་ཕྲིན་ལས་རྣམས༔ ཐམས་ཅད་མ་ལུས་ཆར་བཞིན་དབབ་ཏུ་གསོལ༔


CMR028_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ལ་སོགས༔ ཚར་གཅོད་དྲག་པོའི་དངོས་གྲུབ་བསྩལ་དུ་གསོལ༔ འདོད་པའི་དངོས་གྲུབ་མ་ལུས་སྩོལ་བར་མཛོད༔ གཞན་རྣམས་སྒྲུབ་གཞུང་ལྟར་རོ༔ མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དཔལ་མགོན་མ་ནིང་ནག་པོ་ཡི་མ་ནིང་མགོན་སེར་གྱི་སྒྲུབ་པའི་འདོན་འགྲིགས།


CMR028_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་མ་ནིང་ནག་པོ་ཡི༔ མ་ནིང་མགོན་སེར་གྱི་སྒྲུབ་པའི་འདོན་འགྲིགས་བཞུགས་སོ༔


CMR028_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་ཚོགས་གཞུང་ལྟར་བྱའོ༔ མདུན་དུ་ད་ལའི་ངོ་བོར༔ དུར་ཁྲོད་ཀྱི་ཐོད་མཁར་རྒྱས་པའི་ཕོ་བྲང་གླིང་བཞིས་བསྐོར་བའི་དབུས་སུ༔ གཏོར་མའི་ངོ་བོ་དཔལ་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ༔ ཞལ་གཅིག་ཕྱག་གཉིས་གཡས་པས་ཙནྡན་གྱི་བེང་དང་༔ གཡོན་པས་ནེའུ་ལེ་དང་ཞགས་པ་འཛིན་པ༔ སྐུ་ལ་ཟ་འོག་གི་བེར་ཆེན་གསེར་གྱི་པདྨ་རིས་ཡོད་པ༔ དབུ་ལ་ཐོད་སྐམ་ལྔའི་དབུ་རྒྱན་བྱས་པ༔ དབུ་སྐྲ་གྱེན་དུ་བརྫེས་པ༔ གསེར་སྐེད་རྐེད་ལ་བཅིངས་པ༔ ཞབས་ལ་སག་ཏིའི་ལྷམ་ཡོད་པ༔ པདྨ་དང་ཉི་ཟླ་གསེར་གྱི་བུམ་པ་


CMR028_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བསྣོལ་བའི་སྟེང་དུ་གྱད་ཀྱི་འདོར་ཐབས་སུ་བསྒད་པ༔ སྐུ་རྒྱས་ཤིང་འགྱིང་བག་དང་ལྡན་པ༔ ཞལ་ཁྲོ་འཛུམ་གནོད་སྦྱིན་གྱི་ངང་ཚུལ་ལྟ་བུའོ༔ དེའི་གཡས་སུ་བདུད་མགོན་རྟ་ནག་ལ་ཞོན་པ་ནེའུ་ལེ་དང་ལྕགས་ཀྱུ་འཛིན་པ། གཡོན་དུ་ལྷ་མོ་རིན་པོ་ཆེའི་སྒྲོམ་ཕྱག་གཉིས་ཀྱིས་འཛིན་པ༔ མདུན་དུ་རྣམ་སྲས་དམར་པོ་བསེའི་གཞུ་ཅན༔ གཡས་རྒྱལ་མཚན་དང་གཡོན་ནེའུ་ལེ་འཛིན་པ༔ རྒྱབ་ཏུ་འཛམ་ལྷ་དམར་པོ་གཡས་རྒྱལ་མཚན་དང་གཡོན་པས་ནེའུ་ལེ་འཛིན་པའོ༔ གཞན་ཡང་མཐའ་སྐོར་དུ་ཡང་འཁོར་སྡེ་བརྒྱད་བསྐྱེད་པ་ནི༔ སྐུ་མདོག་སེར་པོ་འགྱིང་


CMR028_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བག་དང་ལྡན་པ༔ ཞབས་གཡས་བསྐུམ་གཡོན་བརྐྱང་རོལ་པའི་འདུག་སྟངས་ཅན༔ ཞལ་ཁྲོ་འཛུམ་གནོད་སྦྱིན་གྱི་ངང་ཚུལ་ཅན༔ ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བསྣམས་པ་དགོས་འདོད་ཆར་བཞིན་འབབ་པ་གཡོན་གཏེར་གྱི་ནེའུ་ལེའི་ཁ་ནས་དགོས་འདོད་རིན་ཆེན་སྐྱུག་པ༔ དར་སེར་པོའི་ཅོད་པན་འཕུར་བ་སྐུ་ལ་དར་དང་རིན་པོ་ཆེས་བརྒྱན་པ༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བའི་ཚུལ་དུ་བསྐྱེད༔ དེའི་ཕྱི་རོལ་དུ་ཕྱོགས་སྐྱོང་བཅུ་དང་དཔལ་མགོན་བདུན་ཅུ་རྩ་གཉིས་ལ་སོགས་པ་ཐམས་ཅད་ཀྱང་༔ སྐུ་མདོག་སེར་པོ་གསེར་བཙོ་མ་ལྟ་བུ་འོད་ཟེར་འཕྲོ་བ༔ འཇིག་རྟེན་གྱི་ཁམས་ཀྱི་ཚེ་བསོད་ནམས་དཔལ་འབྱོར་ཟས་ནོར་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་མངའ་ཐང་ལོངས་སྤྱོད་ཐམས་ཅད་བསྡུས་ནས༔ རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ་བའི་ལས་ལ་བརྩོན་པར་གྱུར༔ འཇིག་རྟེན་ཁམས་ཀྱི་ཚེ་བསོད་དཔལ་འབྱོར་ཟས་ནོར་མངའ་ཐང་ཐམས་ཅད་བསྡུས་ནས་རྣལ་འབྱོར་པ་བདག་ལ་བྱིན་པར་གྱུར༔ བདག་དང་མགོན་པོ་འཁོར་བཅས་ཀྱི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་འོད་འཕྲོས༔ འོག་མིན་ལྕང་ལོ་ཅན་དང་བསིལ་བའི་ཚལ་ལ་


CMR028_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ནས༔ ཡེ་ཤེས་པ་རྣམས་ཛཧཱུྃ་བཾ་ཧོ༔ ཞེས་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་པས་སྤྱན་དྲངས་བས༔ མགོན་པོ་འཁོར་བཅས་བཞད་ཆིལ་ཆིལ་བྱིན་ཐིབས་ཐིབས་བྱོན་ནས༔ དཀྱིལ་འཁོར་ལྷ་རྣམས་ལ་དབྱེར་མེད་དུ་ཐིམ༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་གྱུར༔ ལས་བྱང་གི་སྤྱན་འདྲེན་སྐབས་ལ་མ་ནིང་སོ་སོར་གཤེགས་སུ་གསོལ༔ ཞེས་བསྒྱུར་རོ༔ ལས་བྱང་ཕུད་སྐང་ལ་སྲོག་བདུད་ཅེས་བསྒྱུར་རོ༔ གཞན་ལས་བྱང་གཞུང་ལྟར་རོ༔ བསྟོད་པ་ནི༔ ཧཱུྃ༔ དུར་ཁྲོད་ཆེན་པོ་འབར་བའི་ཀློང་དཀྱིལ་ན༔ འཆོལ་བའི་ཁྲོ་རྒྱལ་རིན་ཆེན་གཏེར་གྱི་བདག༔ མ་བསྐུལ་བར་ཡང་ཕྲིན་ལས་སྒྲུབ་པའི་ལྷ༔ རྣལ་འབྱོར་སྐྱོང་མཛད་ཁྱོད་ལ་ཕྱག་འཚལ་བསྟོད༔ སྐུ་མདོག་ཀླུ་གསེར་འདྲ་ཞལ་གཅིག་ཕྱག་གཉིས་པ༔ ཙནྡན་བེང་ཆེན་སྲིད་གསུམ་དབང་དུ་སྡུད༔ ནེའུ་ལེ་ཞགས་པས་ལོངས་སྤྱོད་ཆར་ལྟར་འབེབས༔ རིན་ཆེན་གཏེར་བདག་ཁྱེད་ལ་ཕྱག་འཚལ་བསྟོད༔ ཐོད་སྐམ་སྙིང་ཕྲེང་དབུ་སྐྲ་གྱེན་དུ་འབར༔ བརྗིད་པའི་སྐུ་ལ་ཟ་འོག་བེར་ཆེན་གསོལ༔ འདོར་ཐབས་ཞབས་གཉིས་རིན་ཆེན་གཏེར་བུམ་མནན༔ དངོས་གྲུབ་


CMR028_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འབྱུང་ཁྱོད་ལ་ཕྱག་འཚལ་བསྟོད༔ ལས་མགོན་ནག་པོས་གླིང་བཞིའི་ལོངས་སྤྱོད་སྡུས༔ ཡུམ་མཆོག་ལྷ་མོས་སྲིད་དང་འཁོར་རྣམས་སྤེལ༔ རྒྱལ་ཆེན་རྣམ་སྲས་ལོངས་སྤྱོད་ཆར་ལྟར་འབེབས༔ ཛམ་ལྷ་རིན་ཆེན་འདོད་དགུའི་རེ་བ་བསྐང་༔ སྤྲུལ་འཁོར་ཡང་སྤྲུལ་བྱེ་བ་འབུམ་དང་བཅས༔ འཇིག་རྟེན་ཁམས་ཀྱི་ཚེ་བསོད་སྙན་དང་གྲགས༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་ཇི་བཞིན་དུ༔ དངོས་གྲུབ་མ་ལུས་བདག་ལ་བསྩལ་དུ་གསོལ༔ ཅེས་བསྟོད་ཅིང་༔ ཀྱེ༔ མ་ཧཱ་ཀཱ་ལ་སྐུ་གསུང་ཐུགས་མི་གཡོ་བའི་ངང་ནས་དངོས་གྲུབ་སྩོལ་ཅིག༔ འཆི་མེད་ཚེའི་དངོས་གྲུབ་སྩོལ་ཅིག༔ འཛད་མེད་ནོར་གྱི་དངོས་གྲུབ་སྩོལ་ཅིག༔ རྒྱུད་འཛིན་སྲིད་ཀྱི་དངོས་གྲུབ་སྩོལ་ཅིག༔ མི་འཛད་གཏེར་གྱི་དངོས་གྲུབ་སྩོལ་ཅིག༔ ཡོན་ཏན་རེ་སྐོང་གི་དངོས་གྲུབ་སྩོལ་ཅིག༔ ཕྲིན་ལས་འགྲོ་འདུལ་དངོས་གྲུབ་སྩོལ་ཅིག༔ དེ་ནས་གཞན་རྣམས་སྒྲུབ་གཞུང་ལྟར་རོ༔ མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

མ་ནིང་གི་ཡོན་ཏན་བཤད་པ་མདོར་བྱ།


CMR028_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནིང་གི་ཡོན་ཏན་བཤད་པ་མདོར་བྱ༔ ༈ མ་ནིང་ལ་རྒྱུད་ལས། མ་ནིང་གི་དབང་ཐོབ་པའི་ཕན་ཡོན་ནི། ལོ་ཀ་འདི་ན་ཆེ་བཙན་ལྡན། །ཞི་རྒྱས་དབང་དྲག་བསམ་པ་འགྲུབ་། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །བཀྲ་ཤིས་ནོར་འཕེལ་མཐུ་རྩལ་ཆེ། །ཀུན་གྱི་ཡིད་འོང་གཙུག་ཏུ་ཁུར། །ཅེས་དང་། ཡང་། མདོར་ན་འདི་ཉིད་གསོལ་ཁས་འགྲུབ་། །མ་ནིང་ཡིན་ཕྱིར་བཟློག་ཏུ་མེད། །ཅེས་དང་། །སྙན་གྲགས་ཡོན་ཏན་བརྗོད་ལས་འདས། །ལས་ཀྱི་ཁ་ཚར་བསམ་མི་ཁྱབ། །ཅེས་དང་། ཐེམས་ཡིག་ལས། ཆོས་སྐྱོང་མཐར་ཐུག་མ་ནིང་ནག་པོ་འདི། །དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར་བུ་འདྲ། །ནད་རྣམས་ཀུན་འཇོམས་བུ་རམ་རྐྱལ་པ་འདྲ། །ཁམས་གསུམ་དབང་སྡུད་དབང་གི་ཞགས་པ་འདྲ། །དགྲ་བགེགས་ཚར་གཅོད་ཏིལ་དམར་རལ་གྲི་འདྲ། །བཀྲ་ཤིས་དར་རྒྱས་དཔག་བསམ་ལྗོན་ཤིང་འདྲ། །ཞེས་དང་། །གྲགས་པས་རྒྱལ་ཁམས་བཞིན་དུ་ཁྱབ་པར་འགྱུར། །ཕྲིན་ལས་གང་འདོད་བརྩམས་པས་ཐོགས་མེད་འགྲུབ། །དབུ་ནག་མི་ཡི་སྤྱི་བོའི་གཙུག་ཏུ་ཁུར། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་འགྱུར། །ཅེས་དང་། ཕྱི་ནང་ཆོས་


CMR028_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་བྱེ་བ་དཔག་མེད་ལས། །མཐར་ཐུག་མ་ནིང་འདི་འདྲ་ཡོད་རེ་ཀན། །ཅེས་དང་། མངོན་རྟོགས་ཡིག་ཆུང་ལས། དེ་ལྟར་རྒྱུན་དུ་བཟླས་གྱུར་ན། །རི་རབ་གཡོ་ཞིང་རྒྱ་མཚོ་ལུད་།གླིང་བཞི་གཡོ་འགུལ་སྙན་གྲགས་ཐོབ། །བཀྲ་ཤིས་བྱིན་ཆེ་རྒྱུད་རྣམས་འཕེལ། །འཇིགས་པ་ཀུན་ལས་རྣམ་པར་ཐར། །འཇིག་རྟེན་འདི་ན་ཆེ་བཙན་ལྡན། །གྲགས་པ་བཞི་ཡི་དངོས་གྲུབ་ཐོབ། །སྟོང་གསུམ་འཁོར་ལོས་སྒྱུར་བར་ནུས། །ཞེས་དང་། དར་ནག་ཁ་པར་དེས་ནི་བསོད་ནམས་གཟི་བརྗིད་བསྐྱེད། །ཁྲོམ་འདུ་གཡོ་འགུལ་སྙན་གྲགས་མཐུ་རྩལ་བཙན་ཐབས་སུ་འབྱུང་། །ཞེས་དང་། རྟགས་ཡིག་ལས། ཚེ་འདི་ཉིད་ལ་དངོས་གྲུབ་ཐོབ། །ཕྱི་མ་རྒྱལ་བའི་སྲས་སུ་འཁྲུངས། །གྲགས་པས་ཕྱོགས་ཀུན་ཁྱབ་པར་འགྱུར་། །ཅེས་དང་། གནད་ཡིག་ལས། དཔལ་མགོན་མ་ནིང་ནག་པོ་ནི། །མཐུ་དང་རྫུ་འཕྲུལ་མངོན་ཤེས་ལྡན། །བཀྲ་ཤིས་སྙིང་ཉེ་སྡོང་གྲོགས་བྱེད། །ཆོས་སྐྱོང་ཀུན་གྱི་མཐར་ཐུག་སྟེ། །ཞེས་དང་། རྟེན་རྫས་ཡིག་པར། དེ་ལྟར་རྟེན་རྣམས་འཚོགས་བྱས་ནས། །ཙནྡའི་འོད་ཟེར་ཀུ་མུའི་པད་སྙིང་བཞིན། །འབྲལ་མེད་རྣལ་འབྱོར་རྟག་ཏུ་སྐྱོབ་པ་


CMR028_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་། །བཀྲ་ཤིས་ནོར་ཕྱུགས་རྒྱུད་རྣམས་དར་བ་དང་། །ཞི་རྒྱས་དབང་དྲག་ཕྲིན་ལས་ཐོགས་པ་མེད། །ཡིད་ལ་གང་བསམ་ནོར་རྣམས་འགྲུབ། །འཇིགས་པ་བརྒྱད་དང་རྒྱབ་ཀྱིས་ཕྱོགས། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡི། །བསོད་ནམས་སྟོབས་དང་ལྡན་པར་འགྱུར། །ཅེས་དང་། རྟེན་གཏོར་ལས། །ཡོན་ཏན་སྲིད་གསུམ་དབང་དུ་སྡུད། །བཀྲ་ཤིས་ནོར་འཕེལ་རིགས་རྒྱུད་དར། །ཞེས་དང་། དྲིལ་སྒྲུབ་ལས། རྟག་ཏུ་སྤང་བླང་མེད་པར་མཆོད་བསྟོད་བསྒྲུབ་རྫས་འཛོམ་ཞིང་བསྐང་གསོ་ལ་བརྩོན་ན། མ་ཐོབསྐུལ་པར་ཡང་ལས་ཐམས་ཅད་རང་བཞིན་གྱིས་འགྲུབ་པར་ཐེ་ཚོམ་མེད་དོ། །ཕྲིན་ལས་སྒྲུབ་པར་ལན་གཅིག་བསྒྲུབས་ནས་རྗེས་སུ་བསྐུལ་དང་གཏོར་ཟོར་དུག་པོ་རྡེབ་པ་ལ་སོགས་བྱས་པས། དགྲ་བོ་སྒྲོལ་བར་འགྱུར་རོ། །བཟློག་པས་མི་བཟློག་སྔགས་བདག་ཟློག་མཁན་ཁོ་རང་འཆིའོ། །ཞེས་དང་། བེང་བཟོ་གདན་ཡིག་ལས། དེས་ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ མཐུ་དང་ནོར་དུས་གཅིག་ཏུ་འབྱུང་བའོ། །ལན་གསུམ་སྒྲུབ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་འདྲའོ། །མཐུ་དང་ནོར་གང་བསམ་ཡིད་བཞིན་འགྲུབ། བཀྲ་ཤིས་བྱིན་


CMR028_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། ཞེས་དང་། རྩོ་བའི་བསྒྲུབ་པ་ལས། ལན་གཅིག་བསྒྲུབས་ནས་གཏོར་ཟོར་དང་། །དམོད་བཅོལ་གཡབ་མོ་བརྡབས་པས་སྒྲོལ། །མདོར་ན་འདི་ཉིད་གསོལ་ཁས་འགྲུབ། །མ་ནིང་ཡིན་པས་བཟློག་ཐབས་མེད། །བཀྲ་ཤིས་སྙིང་ཉེ་མི་ནོར་འཕེལ། །ཟློག་བྱེད་ཡོད་ན་དགྲ་བོ་ཡི། །སྔོན་ལ་སྔགས་ནག་ཁོ་རང་ཕུང་། །ཁྱད་པར་ནད་པ་སྲིའུ་གསོ། །གཙུག་ལག་ཁང་གི་དཀོར་སྲུང་ཤིས། །ཞེས་དང་། སྐུ་མགོན་སྒྲུབ་པར། འཇིགས་པ་བརྒྱད་ཞི་བ་དང་། དངོས་གྲུབ་ཆར་ལྟར་ཕབ་པའི་གསང་སྒྲུབ་ཅེས་དང་། འདི་ནི་ཡིད་བཞིན་ནོར་བུ་ལྟ་བུའི་བསྒྲུབ་པ་སྟེ། རྐྱེན་ཕྱི་ནང་གི་བར་ཆད་སེལ་ཡིད་ལ་འདོད་པའི་དོན་ཐམས་ཅད་འགྲུབ།་བཀྲ་ཤིས་བྱིན་ཆེ། སྤྱིར་ཕྲིན་ལས་རྣམ་བཞིས་མཆོད་ལ་བརྩོན་པ་རང་གིས་འགྲུབ། ཅེས་དང་། སྔགས་མགོན་སྒྲུབ་པར། ཆོས་དང་ཟང་ཟིང་མཐུ་དང་སྙན་གྲགས་ལ་སོགས་གང་འདོད་འབྱུང་སྟེ་མགོན་པོ་དམར་པོ་ཡིད་བཞིན་ལྟ་བུའོ། །ཞེས་དང་་ཛམ་ནག་སྒྲུབ་པར། མཐུ་དང་ནོར་དུས་གཅིག་ཏུ་འབྱུང་བས་ཤིན་ཏུ་ཟབ་ཅིང་གནད་ཆེའོ། །རྗེས་ཀྱང་སྔགས་རྒྱུན་དུ་བརྒྱ་རེ་བཟླས་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་


CMR028_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའོ། །ཞེས་དང་། ཞེས་པ་སྔགས་པ་ཨ་རཱ་གས་བྲིས་སོ། །མངྒ་ལཾ། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དཔལ་མགོན་མ་ནིང་ནག་པོ་ཡི་མ་ནིང་དམར་པོ་སྒྲུབ་པའི་འདོན་འགྲིགས།


CMR028_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་མ་ནིང་ནག་པོ་ཡི༔ མ་ནིང་དམར་པོ་སྒྲུབ་པའི་འདོན་འགྲིགས་བཞུགས་སོ༔


CMR028_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་ཚོགས་རྣམས་གཞུང་ལྟར་ལས་མདུན་དུ་ད་ལ་དམར་པོ༔ ཕྱི་ཐོད་པ་སྐམ་རློན༔ ནང་རིན་ཆེན་ལྔ་ལས་གྲུབ་པའི་དབུས་སུ༔ ཧཱུྃ་དམར་ནག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ རྒྱལ་བ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ སྣང་སྲིད་འཁོར་འདས་འོད་དམར་པོར་བསྡུས་ཏེ༔ ཧཱུྃ་ལ་ཐིམ་འོད་དུ་འབར་བ་ལས་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་དམར་ཟླུམ་གཡོ་ཞིང་ཞལ་མཆེ་བ་བཞི་འཚམ་པར་གཙིགས༔ ཁྲོ་འཛུམ་རབ་ཏུ་འོད་ཟེར་དམར་པོ་འཕྲོས༔ ཐོད་སྐམ་གྱི་དབུ་རྒྱན༔ རལ་པའི་ཐོར་ཅོག་སྐུ་རྒྱབ་


CMR028_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཁེབས་པ༔ ཕྱག་གཡས་གྲི་གུག་དང་༔ གཡོན་པས་ཐོད་ཁྲག་འཛིན་པ༔ སྐུ་ལ་དར་དམར་གྱི་འཇོལ་བེར་གསོལ་བ༔ ཙནྡན་གྱི་བེང་རྐེད་ལ་བཙུགས་པ༔ ཞབས་ལ་བསེ་ཡི་སག་ཏི་དམར་པོ་གསོལ་བ༔ པདྨ་དང་ཉི་ཟླའི་སྟེང་ན་ཚོགས་བདག་དཀར་པོ་གཡས་བེ་ཏའི་འབྲས་བུ་དང་གཡོན་པས་ནེའུ་ལེ་ནོར་བུ་ཁྲ་ཆི་ལི་ལི་སྐྱུགས་པ་ཞབས་ཀྱིས་མནན་པ་ཅིག་བསྐྱེད༔ དེའི་གཡས་སུ་སྲོག་བདུད་དམར་པོ་བསེའི་གདོང་པ་ཅན༔ བྲ་ནག་རྟིང་དཀར་ལ་ཆིབས་པ༔ གཡས་པས་མདུང་དམར་དང་ལྕགས་ཀྱུས་དགྲ་བོའི་རྣམ་ཤེས་སྙིང་ནས་འདྲེན་པ༔ གཡོན་


CMR028_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཁ་ཊྭཱཾ་དང་ཞགས་པས་དགྲ་བོའི་རྣམ་ཤེས་དབང་དུ་སྡུད་པའོ༔ གཡོན་དུ་ཡུམ་དཔལ་འབར་མ་དམར་མོ་རལ་གྲི་བྷན་འཛིན་པས༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད་པའོ༔ མདུན་དུ་མ་ཧཱ་དེ་ཝ་དམར་པོ་ལྕགས་ཀྱུ་དང་ཞགས་པས་དགྲ་བོའི་རྣམ་ཤེས་རང་དབང་མེད་པར་སྡུད་པ༔ རྒྱབ་ཏུ་ཨ་པ་ར་ཙི་ཏ་དཀར་པོ༔ མིག་ལུག་ལ་ཁད་པ༔ གཡས་ནོར་བུ་གཡོན་ནེའུ་ལེ་འཛིན་པར་གྱུར༔ དེའི་ཕྱི་རོལ་དུ་ཡང་ཁོལ་བརྒྱད་ནི༔ སྐུ་མདོག་དམར་པོ་འོད་ཟེར་ལྕགས་ཀྱུའི་ཚོགས་མང་པོ་འཕྲོས་པས༔ ལྷ་འདྲེ་མི་གསུམ་གྱི་རྣམ་ཤེས་འཕྲོག་པ་ཞལ་ནས་འགུལ་འགུལ་ཡེང་ཡེང་སྔགས་དི་རི་རི་བཟླས་པས་འགྲོ་བ་ཕོ་མོའི་རྣམ་ཤེས་ཡིད་ཙམ་དུ་འཕྲོག་པ༔ ཞལ་ཁྲོ་འཛུམ་བཞེངས་པའི་ཆ་ལུགས་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ༔ རྣལ་འབྱོར་པ་ལ་དངོས་གྲུབ་སྩོལ་བའི་ལས་ལ་བརྩོན་པ༔ ཕྱིར་བསྐོར་དུ་ཡང་ཕྱོགས་སྐྱོང་བཅུ་དང་གཙང་རིགས་ཀྱི་མགོན་པོས་བསྐོར་བ་དང་བཅས་པ༔ སྐུ་མདོག་དམར་པོ་བཞེངས་པའི་ཆ་ལུགས་གཡས་ཐམས་ཅད་ཀྱིས་འགུགས་བྱེད་ཀྱི་ལྕགས་ཀྱུ་བསྣམས་པ༔ གཡོན་པས་ཞགས་པ་དམར་པོ་བསྣམས་ནས་འགྲོ་བའི་


CMR028_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་འཕྲོག་པ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད་ཅིང་༔ རྣལ་འབྱོར་པ་བདག་ལ་དངོས་གྲུབ་སྩོལ་བའི་ལས་ལ་བརྩོན་པར་གྱུར༔ བདག་དང་དཀྱིལ་འཁོར་ལྷ་རྣམས་རང་རང་གི་གནས་གསུམ་ལས་འོད་ཟེར་དམར་པོ་འཕྲོས༔ འོག་མིན་དང་བསིལ་བ་ཚལ་ནས་ཡེ་ཤེས་ཀྱི་མགོན་པོ་འཁོར་བཅས་ཐམས་ཅད་དབང་གི་མེ་འོད་རྗིབ་རྗིབ་བྱོན་པ་དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་ཆུ་ལ་ཆུ་ལྟར་དབྱེར་མེད་དུ་འདྲེས་པར་གྱུརཿ་ལས་བྱང་གི་སྤྱན་འདྲེན་ལ་མ་ནིང་དམར་པོ་གཤེགས་སུ་གསོལ༔ ཞེས་བསྒྱུར་རོ་ལས་བྱང་གི་ཕུད་བསྐང་སྐབས་ལ་སྲོག་བདུད་དམར་པོ་ཞེས་བསྒྱུར་རོ༔ གཞན་ལས་གཞུང་ལྟར་རོ༔ བསྟོད་པ་ནི༔ ཧཱུྃ༔ དུར་ཁྲོད་ཐོད་མཁར་འབར་བའི་ཀློང་དཀྱིལ་ཀྱན༔ དཔལ་ཆེན་དངོས་སྤྲུལ་ཡེ་ཤེས་མགོན་པོ་ནི༔ དབང་གི་སྐུ་མདོག་མེ་ཡི་མདོག་ལྟར་དམར༔ སྣང་སྲིད་དབང་དུ་སྡུད་ལ་ཕྱག་འཚལ་ལོ༔ གྲི་གུག་འབར་བས་སྲིད་གསུམ་དབང་དུ་སྡུད༔ བྷནྡ་ཁྲག་བཀང་ལོངས་སྤྱོད་ཆར་ལྟར་འབེབས༔ ཙནྡན་བེང་ཆེན་སྲིད་གསུམ་གཡོ་ཞིང་འགུལ༔ ཡོན་ཏན་མ་ལུས་རྫོགས་ལ་ཕྱག་འཚལ་བསྟོད༔ དབུ་སྐྲ་


CMR028_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

འབར་ཞིང་ནགས་ཚལ་ལྟ་བུར་གཏིབས༔ བརྗིད་པའི་བེར་དམར་གསེར་སྐེད་ཆིངས་དང་བཅས༔ འདོར་ཐབས་ཞབས་གཉིས་ལྷ་ཆེན་ཚོགས་བདག་བརྫིས༔ ཆེ་བའི་ཡོན་ཏན་བརྗོད་མི་ལང་ལ་བསྟོད༔ ཐོད་ཕྲེང་སྦྲུལ་ནག་སྙིང་ཕྲེང་སྐུ་ཡི་རྒྱན་དུ་བཀླུབས༔ སྣང་སྲིད་བྲན་ཁོལ་སྲིད་གསུམ་དབང་དུ་སྡུད༔ རྣལ་འབྱོར་བདག་གིས་མོས་པས་ཁྱོད་བསྐུལ་ན༔ ཁམས་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད༔ ལས་མགོན་ཡུམ་དང་ཚོགས་བདག་ཙིཏྟར་བཅས༔ ཡང་འཁོར་སྤྲུལ་པ་འཁོར་ཚོགས་འབུམ་གྱི་ཚོགས༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས༔ དགོས་འདོད་རེ་སྐོང་ཁྱོད་ལ་ཕྱག་འཚལ་བསྟོད༔ རྣལ་འབྱོར་བདག་ནི་སྒྲུབ་པའི་དམ་ཚིག་ཅན༔ མ་གཡེལ་ཐུགས་དམ་གནད་ནས་བསྐུལ་ལྷ་འདྲེ་མི་གསུམ་སྣང་བ་དབང་དུ་སྡུས༔ རྣལ་འབྱོར་བདག་གི་འདོད་པ་བསྩལ་དུ་གསོལ༔ བསྙེན་པ་ལ་སོགས་རྗེས་རྣམས་སྒྲུབ་གཞུང་ལྟར་རོ༔ མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR028_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་མ་ནིང་ནག་པོ་ཡི༔ ཕྲིན་ལས་མགོན་པོའི་འདོན་འགྲིགས་བཞུགས་སོ༔


CMR028_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་ཚོགས་རྣམས་སྒྲུབ་གཞུང་ལྟར་བྱ༔ མདུན་དུ་པདྨ་དང་ཉི་ཟླ་དང་རུ་ཏྲའི་སྟེང་དུ༔ ཕྲིན་ལས་མགོན་པོ་སྲོག་བདུད་ནག་པོ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ༔ སྐུ་ལ་དར་ནག་གྱི་བེར་ཆེན་གསོལ་བ༔ རྐང་ལ་གསེར་ཞབས་ལ་སག་ཏི་གསོལ་བ༔ རྟ་ནག་རྟིང་དཀར་ལ་ཆིབས་པ༔ གཡས་པས་མདུང་ནག་ལ་བ་དན་བཏགས་པ་ཕྱར་བ༔ གཡོན་པས་སྙིང་དང་ཞགས་པ་བསྣམས་པ༔ ཁྲམ་ནག་རྐེད་ལ་བཅུག་པ༔ གྲུ་མོ་གཡོན་ལ་གཞུ་བཀང་བ༔ ཞལ་གདངས་པ༔ མཆེ་བ་གཙིགས་པ༔ ལྗགས་འདྲིལ་བ༔ སྨ་ར་སེར་པོ་དང་༔ སྨིན་མ་ལ་མེ་


CMR028_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ༔ རལ་པ་དམར་པོ་གནམ་དུ་གཟེངས་བ༔ སྤྲུལ་པའི་མོན་ནག༔ ཁྱི་སྤྱང་༔ དོམ་དྲེད༔ ཡང་འཁོར་བརྒྱད༔ ལྷ་ཀླུ་བརྒྱད༔ གཤིན་རྗེ་གནོད་སྦྱིན་ལ་སོགས་དཔག་ཏུ་མེད་པ་ཁ་གདངས་མིག་བསྒྲད༔ གཅོད་ཅིང་གསོད་པའི་ལས་ལ་རྔམ་པས་བསྐོར་རང་ཉིད་ཡི་དམ་ལྷའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་དུ་མགོན་པོའི་ཐུགས་ཀར་ཕོག༔ མགོན་པོའི་ཐུགས་ཀ་ནས་འོད་ཟེར་ཨུ་ཙ་ལ་དང་འོག་མིན་དང་དུར་ཁྲོད་ཆེན་པོ་བརྒྱད་ནས་མགོན་པོ་འཁོར་དང་བཅས་པ་སྤྱན་དྲངས༔ སྤྱན་འདྲེན་ནས་བཟུང་སྟེ་བཞུགས་


CMR028_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བར་ལས་བྱང་ལྟར་བྱའོ༔ རང་གི་རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་བྱས་ལ༔ ཧཱུྃ༔ ལྷ་ཆེན་མ་ནིང་འཁོར་བཅས་རྣམས༔ སྔོན་ཚེ་ཆེ་མཆོག་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ བདག་གིས་ཅི་བཅོལ་ལས་གྱིས་ཤིག༔ གལ་ཏེ་བཀའ་ལས་འདས་གྱུར་ན༔ ཡེ་ཤེས་ལྔ་ཡི་རྡོ་རྗེ་འདིས༔ མགོ་བོ་ཚལ་པ་བརྒྱ་རུ་འགེམས་པར་འགྱུར༔ དེ་བས་དམ་ལས་མ་འདའ་ཞིག༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་བཛྲ་ས་མ་ཡ་སྟཱ༔ ཨ་བྷི་ཥིཉྩ་ཧཱུཾ་ཞེས་མགོན་པོའི་སྐུ་མཚམས་སུ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ་གཅིག་བཞག་པར་གྱུར་དེ་ནས་རྡོ་རྗེས་བདུད་རྩི་གཏོར་ལ༔ འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ལས་འདས་ན་སྲེག་པར་བྱེད༔ དམ་ཚིག་སྲུང་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སརྦ་པཉྩ་ཨ་མྲྀ་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨོཾ་ཨཱཿཧཱུྃ༔ བདག་གི་ཐུགས་ཀ་ནས་ཨོཾ་ཨཱཿཧཱུྃ་གསུམ་འཕྲོས་པས༔ ཁོ་ཡི་སྤྱི་བོ་མགྲིན་པ་ཐུགས་ཀར་ཕོག་པས༔ སྐུ་གསུང་ཐུགས་བྱིན་གྱིས་རླབས༔ ཕྱག་འཚལ་ནས་བཟུང་བསྟོད་པ་ལ་མ་ཐུག་བར་ལས་བྱང་ལྟར་བྱའོ༔ དེ་ནས་བསྟོད་པ་ནི༔ ལྷ་ཆེན་མགོན་པོའི་བསྟོད་པའི་རྒྱལ་པོ༔ སྤྲུལ་སྐུ་རཏྣ་གླིང་པས་སྦྱར་བ་དེའི་ནང་གིས་


CMR028_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པ༔ དེའི་ནང་གི་ལས་མཁན་སྲོག་བདུད་དང་༔ སྦྱོར་བའི་ཡུམ་མཆོག་ལྷ་མོ་དེ་གཉིས་ཀྱི་བསྟོད་པ་སྐྱུར་ལ༔ དེ་འཕྲོས་བསྟོད་པར་བྱའོ༔ འདི་ལ་བསད་དང་རང་གར་བསྙེན་པ་གཉིས་ཡོད་དེ༔ བསད་ལས་ལྟར་བྱེད་ན་གཞུང་དང་ཞལ་ཤེས་ལྟར་རོ༔ རང་གར་བསྙེན་པའི་ཞལ་ཤེས་གཅིག་ཐུགས་ལ་གབ་བོ༔ སྔགས་འཆང་རཱ་ག་ཨ་མྱས་བསྒྲིགས་པའོ༔ མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR028_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་པོ་མ་ནིང་ནག་པོ་ཡི༔ མ་ནིང་གསང་སྒྲུབ་ཀྱི་འདོན་འགྲིགས་བཞུགས་སོ༔


CMR028_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་ཚོགས་རྣམས་ནི་གཞུང་ལྟར་ལས་རང་ཉིད་མ་ནིང་བདག་བསྐྱེད་ཕྱི་སྒྲུབ་ལྟར་བྱ་བས་ཆོག༔ བདག་གི་མདུན་དུ་དུར་ཁྲོད་ཐོད་མཁར་འབར་བའི་གཞལ་ཡས་མེ་རླུང་འཚུབ་མ་དགུ་ཀློང་འཁྱིལ་བའི་དབུས་སུ༔ རཾ་ཕཊ༔ ཅེས་པས་སྐད་ཅིག་གིས་མ་ནིང་སྲོག་བདུད་ནག་པོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཁ་ཊྭཱཾ་གྲི་གུག་ལྕགས་པར་གཡས་ན་བསྣམས༔ ཐོད་པ་སྙིང་དང་བཅས་པ་གཡོན་ན་བསྣམས༔ བདུད་མདའ་དགྲ་སྙིང་གཟིར་བའི་ཕྱིར༔ རྟའི་འཕོར་བ༔ སྤྱན་གསུམ་ཁྲག་མཚོར་འཁྱིལ༔ ཞལ་ནས་ཁྲག་འཛག་པ༔ རྣོ་ལ་རྔམ་པའི་མཆེ་བ་གཙིགས་


CMR028_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

པ༔ ཤངས་ནས་དུག་གི་རླངས་པ་འཕྱུར་བ༔ སྲིད་གསུམ་གཟིགས་ཕྱིར་སྤྱན་གསུམ་བྲང་ལ་ཤར་བ༔ དམག་དཔོན་བཞི་འགྱེད་པའི་ཕྱིར༔ སྤྱན་བཞིའི་ལྷུ་ཚིགས་ལ་བརྒྱན༔ ཉི་ཟླའི་སྐར་ཆེན་གྱི་འོད་འཕྲོ་བ༔ རྟ་ནག་རྟིང་དཀར་ལ་ཆིབས་ནས་གླིང་བཞི་ཡུད་ཙམ་ལ་བསྐོར་བ༔ སྟག་རལ་གཟིག་ཤུབས་གཡས་གཡོན་དུ་བཏགས་པ༔ ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ༔ རློན་པ་ལྔ་བཅུ་སྙིང་དང་སྤེལ་ནས་དོ་ཤལ་བྱས་པ༔ མི་ལྤགས་དང་སྟག་ལྤགས་རློན་པའི་སྐེ་རགས་ཤམ་ཐབས་ལྟར་བྱས་པ༔ གསེར་རྐེད་རིན་ཆེན་འབར་བས་སྐེ་རགས་བཅིངས་པ༔ ཙནྡན་


CMR028_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བེང་ཆེན་རྐེད་ལ་བཅུག་པ༔ བདུད་ཀྱི་ཁྲམ་ཤིང་ཐུགས་ཀར་འཛིན་པ༔ ཞབས་ལ་སག་ཏིའི་ལྷམ་པོ་ཆེ་གསོལ་བ༔ སྐུ་ལ་ནད་དུག་མཚོན་གྱི་ཆར་པ་དགྲ་བོའི་སྟེང་དུ་འཕྲོ་བ༔ སྣང་སྲིད་དྲེགས་པ་ཅན་ཕོ་རྒྱུད་ཀྱིས་བསྐོར་བ༔ དེའི་གཡོན་དུ་ཡུམ་མཆོག་ལྷ་མོ་དཔལ་འབར་མ༔ སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་མ༔ གཡས་བདུད་ཀྱི་ཁྲམ་ཤིང་ནག་པོ་བསྣམས་པ༔ གཡོན་ནད་ཀྱི་རྐྱལ་པ་སྦྲུལ་ནག་གི་ཁ་ཆིངས་ཅན་བསྣམས་པ༔ སྐུ་ལ་གླང་ཆེན་གྱི་ཀོ་རློན་དང་དར་ནག་གི་གོ་ཟུ་གསོལ་བ༔ གཟིག་གི་ཤམ་ཐབས་ཅན༔ ཞིང་ལྤགས་སྐེད་ལ་དཀྲིས་པ༔ ཐོད་པ་སྐམ་པོས་དབུ་ལ་བརྒྱན་པ༔ ཐོད་རློན་གྱི་ཕྲེང་བ་སེ་རལ་ཁར་ཐོགས་པ༔ དབུ་སྐྲ་གྱེན་དུ་བཅིངས་པ་ལ་ཟླ་ཚེས་རྨ་བྱའི་མདངས་དབུ་ལ་བརྒྱན་པ༔ ཞལ་གདངས་ཤིང་མཆེ་བ་གཙིགས་པ༔ སྤྱན་གསུམ་སྡང་མིག་དམར་ལ་ཟླུམ་པ༔ ཁ་ཊྭཱཾ་ག་ལ་ཞིང་ལྤགས་ཀྱི་གཡབ་མོ་བརྡབས་ནས་ཕྱར་བ༔ ལྕགས་ཀྱི་དྲེལ་ནག་རྐང་གསུམ་ལ་ཆིབས་པ༔ ནད་ཀྱི་གྲུ་གུ་སྔོ་དམར་ཁལ་དུ་བཀལ་བ༔ བཀའ་འཁོར་དྲེགས་པ་མོ་རྒྱུད་ཀྱི་བཀའ་ཉན་པར་གྱུར༔ དེའི་ཤར་དུ་ལྷ་ཆེན་སྲིད་པའི་གཙོ་བོ༔ ལྷོར་གཤིན་རྗེ་ཡ་མ་རཱ་


CMR028_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཙ༔ ནུབ་དུ་ཀླུ་བདུད་ནག་པོ་མགོ་དགུ༔ བྱང་དུ་གནོད་སྦྱིན་ཀ་ལ་ཡཀྵ༔ ཤར་ལྷོར་སྲོག་ཟན་བཙན་རྗེ་དམར་པོ༔ ལྷོ་ནུབ་ཏུ་མ་མོ་རིམས་ནད་བདག་མོ༔ ནུབ་བྱང་དུ་བདུད་པོ་རྐང་རྗེ་དྲང་དཀར༔ བྱང་ཤར་དུ་བཟའ་བདུད་དུ་བ་མཇུག་རིང་༔ དེ་རྣམས་ཀྱི་ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས་ནས༔ དགྲ་བོ་རྡུལ་དུ་བརླག་པར་གྱུར༔ ལྷ་གཙོ་འཁོར་ཐམས་ཅད་ཀྱི་ཞལ་ནས་ཧཱུཾ་ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོག་ཅིང་༔ དམིགས་བྱའི་སྟེང་དུ་ནད་དུག་མཚོན་གྱི་ཆར་པས་རྡུལ་དུ་བརླག་པར་གྱུར༔ དེའི་སྔོན་དུ་ལྕགས་ཀྱི་བྱ་ཁྲ་བརྒྱད་ལྡིང་བ༔ གཡས་སུ་སྟག་གཟིག་ལྕེ་སྤྱང་མཆོང་བ༔ རྒྱབ་ཏུ་ཁྱི་ནག་འཁང་ཟུག་དང་རྒྱུག་པ༔ གཡོན་དུ་མི་ནག་གར་ཐབས་དང་རྒྱུག་པ༔ སྟེང་ན་བྱ་ནག་ལྕོག་མིག་ལྡིང་བ་ལ་གཙོ་འཁོར་རྣམས་ཀྱི་མཚོན་ཆ་དང་༔ ཁྲག་བུན་སྣ་ཚོགས་པ་ཕབ་པ༔ བདག་དཔལ་ཆེན་པོས་གང་བཅོལ་ལས་བསྒྲུབ་པར་གྱུར༔ རང་ཉིད་ཡི་དམ་ལྷ་ཡི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་དུ་མགོན་པོའི་ཐུགས་ཀར་ཕོག༔ མགོན་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ ཨུ་ཙ་ལ་དང་འོག་མིན་གྱི་དུར་ཁྲོད་ཆེན་པོ་བརྒྱད་ནས་མགོན་པོ་འཁོར་བཅས་སྤྱན་དྲངས༔ དེ་ནས་སྤྱན་


CMR028_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་ནས་བཟུང་སྟེ་བཞུགས་གསོལ་བར་ལས་བྱང་ལྟར་རོ༔ རང་ཉིད་ལྷ་ཡི་ཐུགས་ཀའི་ཧཱུྃ་ལས་ཁྲོ་ཆུང་རིང་འདྲ་བ་ཞིག་འཕྲོས་ནས་མགོན་པོའི་སྤྱི་གཙུག་ཏུ་གར་སྟབས་ཁྱུག་ཁྱུག་བྱེད་པར་གྱུར༔ རང་གི་ཕྱག་མཚན་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་གཅིག༔ ཁོའི་སྐུ་མཚམས་སུ་བཞག་ལ༔ ནག་པོ་ཆེན་པོ་ཁྱོད་ཀྱིས་སྔོན་དཔལ་ཆེན་པོའི་སྤྱན་སྔར་ཇི་ལྟར་ཁས་བླངས་དམ་བཅས་པ་བཞིན་དུ༔ སྔོན་ཚེ་དཔལ་ཆེན་པོའི་བཀའ་མ་བཅག༔ ཆེ་མཆོག་ཧེ་རུ་ཀའི་བཀའ་དང་དམ་ལས་མ་འདའ་ཞིག༔ ཨོ་རྒྱན་པདྨ་འབྱུང་གནས་བཀའ་མ་བཅག༔ སྤྲུལ་སྐུ་རཏྣ་གླིང་པའི་དམ་ལས་མ་འདའ་བར༔ སྒྲུབ་པ་པོ་བདག་གིས་ཅི་བྱིན་གྱི་ཟས་ཟོ༔ ཅི་མངག་པའི་ལས་གྱིས་ཤིག༔ དེ་མ་བྱས་ན་ཡེ་ཤེས་རྡོ་རྗེས་མེ་རབ་ཏུ་འབར་བ་འདིས༔ ཁྱོད་ཀྱི་མགོ་བོ་ཚལ་པ་བརྒྱད་དུ་འགེམས་པར་འགྱུར་ཏ་རེ༔ ཞེས་དབང་རྟགས་སུ་བཞག༔ བདུད་རྩི་གཏོར་ཞིང་དམ་ཆུ་བླུད༔ དམ་ཚིག་བསྲུངས་ན་མཐུ་རྩལ་འཐོབ༔ དམ་ཚིག་ཉམས་ན་བརླགས་པར་འགྱུར༔ དེ་བས་དམ་ལས་མ་འདའ་ཞིག༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་མ་ཡཱ་ཨི་དན་ན་ར་ཀན༔ ཞེས་དམ་ཆུ་བླུད་པས་བཀའ་ཉན་གསུང་སྒྲུབ་ཅིང་བསྒོ་བའི་ལས་བྱེད་ཟེར་


CMR028_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ནས༔ དམ་ལས་མི་འདའ་བར་ཁོས་མནའ་བསྐྱལ༔ སྤྱི་བོར་ཡི་དམ་ལྷ་ཚོན་གང་བ་གཅིག་བཞུགས༔ བདག་གི་ཐུགས་ཀ་ནས་ཨོཾ་ཨཱཿཧཱུྃ་གསུམ་འཕྲོས་པས་སྐུ་གསུང་ཐུགས་བྱིན་གྱིས་རླབས་པར་གྱུར༔ ཕྱག་འཚལ་ནས་བཟུང་སྟེ་བསྟོད་པ་ལ་མ་ཐུག་བར་ལས་བྱང་ལྟར་བྱའོ༔ བསྟོད་པ་ནི་ཐོད་མཁར་མས་བྱའོ༔ མགོན་པོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་འོད་འབར་བ་གཅིག་གསལ་བའི་མཐའ་སྐོར༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཞེས་སོགས་སྔགས་ཀྱི་གཡས་སུ་བསྐོར་བར་གྱུར༔ རང་ཉིད་ཡི་དམ་ལྷའི་ཐུགས་ཀ་ནས་འོད་ཟེར་ཕོག༔ མདུན་དུ་མགོན་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ སྟེང་ལྷ༔ བར་མི༔ འོག་ཀླུའི་ཚེ་བསོད་ནམས་དཔལ་གྲགས་པ་བཀྲ་གཟི་མདངས་ཐམས་ཅད་ཀླུ་བསྡུས་ནས་མགོན་པོའི་ཐུགས་ཀར་ཐིམ༔ མགོན་པོའི་ཐུགས་ཀ་ནས་བདག་ལ་དངོས་གྲུབ་ཀྱི་ཚུལ་དུ་རང་གི་ཐུགས་ཀར་ཐིམ་པར་གྱུར༔ སྔགས་བཟླས་པས་མགོན་པོ་འཁོར་དང་བཅས་པས་བཟླ་བར་གྱུར༔ ཡི་དམ་སྔགས་ལ་ཆོས་སྐྱོང་གི་སྔགས་བཏགས་ལ་བཟླས་སོ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གྷ་ཡ་རཾ་སིདྡྷི་ཧཱུྃ་ཕཊ༔ མ་ཧཱ་ཀ་ལ་ཏྲི་ཡཾ༔ རུ་ཏྲ་ནག་པོ་ཛཿppཏྲིང་ལིང་


CMR028_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

གིང་ཀ་ར༔ འདི་ནི་བསྟན་པའི་སྤྱི་དོན་མ་གཏོགས༔ རང་དོན་དུ་སྒྲུབ་ན་དགྲ་སྲོག་བས་ཀྱང་རང་སྲོག་མྱུར་བར་གསུངས་སོ༔ མན་ངག་ཐམས་ཅད་ཐུགས་ལ་གབ༔ སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་པའོ༔ འདོན་འགྲིགས་ཙམ་པོ་འདི་ནི་ཟུར་མང་ནང་སོས་བསྐུལ་བ༔ སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་པའོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR028_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་མ་ཧཱ་ཀཱ་ལ་ཡེ། སྔགས་འཆང་པདྨ་ཡེ་ཤེས་ཀྱིས། །མགོན་པོ་མ་ནིང་བསྒྲུབ་པ་ལ། །གོ་བ་འདི་ལྟར་བསྐྱེད་པ་གཅེས། །མ་ནིང་ཕྱི་ནང་གསང་བ་དང་། །ཡང་གསང་རྣམ་པ་བཞི་རུ་འདུས། །ཕྱི་ཡི་མགོན་པོ་མ་ནིང་ནི། །ཀུན་བཟང་ཆེ་མཆོག་སྤྲུལ་པ་སྟེ། །ས་དང་ལམ་གྱི་བར་ཆད་སེལ། །ཞིང་ཁམས་དག་པར་སྐྱེ་བར་བྱེད། །ཀུན་བཟང་ཧེ་རུ་ཀ་ཡང་ཡིན། །དམ་ཉམས་སྡིག་ཅན་ཐམས་ཅད་ཀྱི། །སྲོག་རྩ་གཅོད་ཕྱིར་སྲོག་བདུད་ཡིན། །རྒྱལ་པོ་དམ་ཅན་ཐམས་ཅད་དང་། །དོན་གྱི་ངོ་བོ་གཅིག་པར་གནས། །བདུད་རིགས་ཀུན་གྱི་རྒྱལ་པོ་སྟེ། །བདུད་རྒྱལ་ཐོད་ཕྲེང་ཞེས་སུ་གྲགས། །རཱ་ཧུ་ལ་དང་ངོ་བོ་གཅིག །ཡན་ལག་བྲང་རྣམས་སྤྱན་གྱིས་མཛེས། །གཟའ་བདུད་མ་ནིང་ཞེས་སུ་གྲགས། །ཀླུ་བདུད་མགོ་དགུ་ངོ་བོ་གཅིག །སྦྲུལ་ནག་རིལ་པས་ས་གཞི་ཁྱབ། །ཀླུ་བདུད་མ་ནིང་ཞེས་བྱའོ། །དཔེར་ན་མི་གཅིག་ལུས་པོ་ལ། །ཕོ་མཚན་མོ་མཚན་གཉིས་ཡོད་ན། །ཕོ་མོ་གཉིས་ཡིན་གཉིས་ཀ་ཡིན། །དེ་ལ་མ་ནིང་ཟེར་བ་ལྟར། །ལྷ་ཡིན་ཡི་དམ་ཧེ་རུ་ཀ །འདྲེ་ཡིན་སྲོག་བདུད་ཀླུ་བདག་གཟའ། །ཡེ་ཤེས་འཇིག་རྟེན་གཉིས་ཀ་ཡིན། །


CMR028_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ཕྱི་ཡི་མ་ནིང་ཡིན། །ནང་གི་མ་ནིང་རང་གི་ལུས། །ཕུང་པོ་ལྔ་ནི་རིགས་ལྔ་སྟེ། །ཤ་ཁྲག་མི་གཙང་རྫས་ཀྱང་ཡིན། །གཙང་དང་མི་གཙང་གཉིས་ཀའོ། །གསང་བའི་མ་ནིང་རང་གི་སེམས། །རྟོགས་ན་ཕྱག་རྒྱ་ཆེན་པོ་སྟེ། །དུས་གསུམ་རྒྱལ་བའི་དགོངས་པ་དངོས། །མ་གཏོགས་བདག་འཛིན་འཁོར་བའི་རྒྱུ། །གཉིས་ཀ་ཡིན་པས་མ་ནིང་ཡིན། །ཡང་གསང་སེམས་ཀྱི་ངོ་བོ་དེ། །ཡོད་པ་མ་ཡིན་མེད་པ་མིན། །གཉིས་ཀ་མིན་པས་མ་ནིང་ངོ་། །ཕྱི་ཡི་མ་ནིང་བསྒྲུབས་ནས་ནི། །དགྲ་བགེགས་ཚར་གཅོད་བསྟན་པ་སྲུང་། །ཞི་རྒྱས་དབང་གི་དངོས་གྲུབ་ཞུ། །ནང་གི་མ་ནིང་བསྒྲུབས་ནས་ནི། །ལུས་ངག་ཡིད་གསུམ་གནས་འགྱུར་ནས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེར་འགྲུབ། །གསང་བའི་མ་ནིང་བསྒྲུབས་ནས་ནི། །རྣམ་རྟོག་མ་རིག་ཆེན་པོ་དེ། །དག་པ་རིག་པའི་ཡེ་ཤེས་རྒྱས། །ཡང་གསང་དེ་ཁོ་ན་ཉིད་ཀྱིས། །མ་ནིང་སྒྲུབ་པས་འཁོར་བ་ཡི། །རྩ་བ་བཅད་ནས་མངོན་སངས་རྒྱ། །མ་ནི་སྟོང་ཉིད་བདག་མེད་དེ། །ནིང་ནི་གསལ་ཞིང་མ་འགགས་པ། །དེ་ཉིད་བསྒྲུབ་པའི་ཐབས་བསྟན་པ། །ཕྱི་སྣོད་འཇིག་རྟེན་ས་དང་རྡོ། །སྐྱེས་པ་བུད་མེད་ལ་སོགས་པ།


CMR028_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གི་ཡུལ་དུ་མཐོང་བ་དང་། །རྣ་བའི་ཡུལ་དུ་ཐོས་པ་ཀུན། །རང་གི་སེམས་ཀྱི་རང་འོད་ཡིན། །གཞན་དུ་མ་གྲུབ་བློ་ཐག་ཆོད། །དེ་ནི་མ་ནིང་བསྙེན་པ་ཡིན། །ནང་གི་སེམས་ལ་བཟང་ངན་དང་། །གསལ་དྲན་འཇམ་རྩུབ་ཅི་ཤར་ཡང་། །གང་ཤར་བསྡམ་ག་མེད་པ་རུ། །མ་ཡེངས་ཙམ་དུ་ལྷོད་དེ་ཞོག །དེ་ནི་མ་ནིང་སྒྲུབ་པ་ཡིན། །དུག་ལྔའི་རྣམ་རྟོག་གང་ཤར་ལ། །གཅེར་གཅེར་བལྟས་པས་རང་སར་བསྒྲལ། །ཡེ་ཤེས་ལྔ་རུ་གནས་སྤར་བ། །དེ་ནི་མ་ནིང་ལས་སྦྱོར་ཡིན། །རང་སེམས་མ་ནིང་ནག་པོ་ལ། །རྒྱུན་*་དུ་རང་ཞལ་བལྟས་པ་ན། །དགོས་འདོད་ཐམས་ཅད་ལྷུན་གྱིས་གྲུབ། །དེ་ནི་མ་ནིང་འཛམ་ནག་ཡིན། །རྣམ་རྟོག་ཕྲ་རག་གང་ཤར་ལ། །རང་ངོ་བལྟས་པས་རང་སར་ཞི། །དེ་ནི་སྐུ་མགོན་ཞི་བ་ཡིན། །རང་སེམས་རང་གི་དབང་འདུས་ནི། །སྣང་སྲིད་ཐམས་ཅད་དབང་དུ་འདུས། །དེ་ནི་གསུང་མགོན་དབང་སྡུད་ཡིན། །ང་དང་བདག་ཏུ་འཛིན་པ་དེ། །རུ་ཏྲ་ཡིན་པས་རང་ངོ་བལྟ། །བདག་འཛིན་བདག་མེད་སྟོང་པར་བསྒྲལ། །དེ་ལ་ཐུགས་མགོན་མཐིང་ནག་ཟེར། །རང་སེམས་རྒྱུན་དུ་སྐྱོང་བ་ན། །བསོད་ནམས་ཡོན་ཏན་ཤེས་རབ་


CMR028_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས། །རྒྱས་བྱེད་ཡོན་ཏན་མགོན་པོ་ཡིན། །བདུད་དང་དགྲ་ཞེས་བྱ་བ་སྟེ། །རྣམ་རྟོག་ཡིན་པས་གཅེར་གྱིས་ལྟོས། །སྟོང་པ་ཉིད་དུ་རང་སར་བརླག །མ་རྟོགས་འགྲོ་ལ་སྙིང་རྗེ་ཡང་། །རང་བཞིན་ཤུགས་ལ་འཆར་བ་ནི། །དྲག་པོ་ཕྲིན་ལས་མགོན་པོ་ཡིན། །དེ་ལྟར་བསྒྲུབ་པ་ཉམས་ལེན་གཉིས། །སོ་སོ་མ་ཡིན་ཐ་མི་དད། །དམིགས་པ་བསྒོམ་པ་སེམས་ཉིད་དེ། །ངོ་བོའི་ངང་ནས་བསྒོམ་པར་མཛོད། །ད་ལམ་ཉམས་མཚར་གསལ་འདེབས་སོ། །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

དཔལ་མགོན་མ་ནིང་ནག་པོའི་བསྐང་བ་རིན་པོ་ཆེ་རཱ་ག་ཨ་སྱས་མཛད་པ།


CMR028_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་མ་ནིང་ནག་པོའི་བསྐང་བ་རིན་པོ་ཆེ་རཱ་ག་ཨ་སྱས་མཛད་པ་བཞུགས་སོ།།


CMR028_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ དཔལ་མགོན་ནག་པོ་འཁོར་བཅས་ལ། །གཞན་ཡང་མཐུན་པའི་དམ་རྫས་ནི། །རྩ་བརྒྱད་སྟོང་ལ་སྦྱར་བ་ཡི། །རང་བྱུང་བདུད་རྩི་ཨ་མྲྀ་ཏ། །དུག་ལྔ་སེལ་བའི་བདུད་རྩི་དང་། །རིན་ཆེན་སྣོད་དང་བྷན་རུ། །བཤོས་ནག་འབར་བ་ཁྲག་གིས་བྱུག །ཙིཏྟ་སྙིང་གི་རྒྱལ་མཚན་དང་། །གཡག་ལུག་ནག་པོ་ཁྱི་ཡི་མཚན། །དགྲ་བོའི་ཤ་རུས་ཐོད་ཚིལ་སྤུང་། །རཀྟ་དམར་གྱི་ཞམ་ཆུ་འབབ། །དམ་རྫ་ས་གཏོར་ཆེན་འབར་བ་ཡིས། །དཔལ་མགོན་ནག་པོའི་ཐུགས་དམ་བསྐང་། །ཡེ་ཤེས་མགོན་པོའི་ཐུགས་དམ་བསྐང་། །མ་ཧཱ་ཀཱ་ལིའི་ཐུགས་


CMR028_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བསྐང་། །གཏེར་བདག་ཆེན་པོའི་ཐུགས་དམ་བསྐང་། །མ་ནིང་ནག་པོའི་ཐུགས་དམ་བསྐང་། །རིག་འཛིན་སྲུང་མའི་ཐུགས་དམ་བསྐང་། །ལེགས་ལྡན་ནག་པོའི་ཐུགས་དམ་བསྐང་། །གནམ་ལྕགས་སྤུ་གྲིའི་ཐུགས་དམ་བསྐང་། །བདུད་རྒྱལ་ཐོད་ཕྲེང་ཐུགས་དམ་བསྐང་། །ཆོས་སྐྱོང་ཆེན་པོའི་ཐུགས་དམ་བསྐང་། །སྲོག་བདུད་ནག་པོའི་ཐུགས་དམ་བསྐང་། །དཔལ་ལྡན་ལྷ་མོའི་ཐུགས་དམ་བསྐང་། །ཡང་འཁོར་སྡེ་བརྒྱད་ཐུགས་དམ་བསྐང་། །ལྷ་དམག་འབུམ་གྱི་ཐུགས་དམ་བསྐང་། །ཕྱག་བརྙན་སྤྲུལ་པའི་ཐུགས་དམ་བསྐང་།


CMR028_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་དམག་འབུམ་སྡེའི་ཐུགས་དམ་བསྐང་། །ནག་པོ་སྟོང་གི་ཐུགས་དམ་བསྐང་། །གཤིན་རྗེ་བརྒྱད་ཀྱི་ཐུགས་དམ་བསྐང་། །གནོད་སྦྱིན་བརྒྱད་ཀྱི་ཐུགས་དམ་བསྐང་། །ཉི་ཁྲི་བདུན་སྟོང་ཐུགས་དམ་བསྐང་། །མ་མོ་བྱེ་བའི་ཐུགས་དམ་བསྐང་། །ཕྱོགས་སྐྱོང་བཅུ་ཡི་ཐུགས་དམ་བསྐང་། །ཤན་པ་གྲི་ཐོགས་ཐུགས་དམ་བསྐང་། །བདུད་པོ་ཟོར་ཐོགས་ཐུགས་དམ་བསྐང་། །མ་མོ་ཁྲམ་ཐོགས་ཐུགས་དམ་བསྐང་། །དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་། །འཁོར་གྱི་སྲུང་མའི་ཐུགས་དམ་བསྐང་། །གཞན་ཡང་ཐུགས་དམ་བསྐང་བ་ནི། །བདུད་རྩི་སྨན་གཏོར་རཀྟ་དང་། །ཤ་སྣ་སྙིང་སྣ་ཁྲག་སྣ་དང་། །ཆིབས་རྟ་འགྱིང་གཡག་རྟེན་ལུག་དང་། །བེང་དང་རུ་མཚོན་གསང་བའི་རྫས། །མཐུན་རྫས་དུ་མས་ཐུགས་དམ་བསྐང་། །མ་ནིང་ནག་པོ་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །ཐུགས་དམ་གཉན་པོ་བསྐངས་བ་ཡིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཆག་ཆེན་ཉམ་ང་ཐམས་ཅད་ཟློག །རྐྱེན་དང་བར་ཆད་ཐམས་ཅད་ཟློག །བསྲུང་དང་བསྐྱབ་པར་མཛད་དུ་གསོལ། །ཟས་དང་ཕུད་ཀྱིས་ཁྱོད་མཆོད་


CMR028_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ན། །འདོད་པའི་རེ་བ་བསྐང་དུ་གསོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་མཐར་ཕྱིན་གྱིས་བསྐུལ་ནས། སྔགས་འཆང་རཱ་ག་ཨ་སྱས་དཔལ་མགོན་སྤྱི་གཞུང་ངམ་བསྐུལ་རེ་བསྒྲིགས་པ་ལ་ཉེས་འགལ་མཆིས་ན་མ་ནིང་སྲོག་བདུད་འཁོར་དང་བཅས་ལ་མཐོལ་ལོ་བཤགས་སོ། །དགེ་བས་བདག་གཞན་ཐམས་ཅད་རྐྱེན་ལས་མྱུར་གྲོལ་ཤོག ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

རཏྣའི་གཏེར་ཁ་མ་ནིང་བདུད་རྩི་ཟས་སྒྲུབ་ཀྱི་ལག་ལེན་བལྟས་ཆོག་ཏུ་བཀོད་པའི་ཟིན་བྲིས།


CMR028_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣའི་གཏེར་ཁ་མ་ནིང་བདུད་རྩི་ཟས་སྒྲུབ་ཀྱི་ལག་ལེན་བལྟས་ཆོག་ཏུ་བཀོད་པའི་ཟིན་བྲིས་བཞུགས་སོ༔


CMR028_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡ༔ མ་ནིང་ཟས་སྒྲུབ་ལག་ལེན་ཁྱེར་བདེ་ཟིན་བྲིས་བཀོད༔ ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལ༔ ཟས་ཀྱི་ནང་ནས་བཀྲ་ཤིས་ཞོ་ཡིན་ཏེ༔ ཟླ་རྒྱས་ཞེས་བྱ་དཀར་མོ་སྨིག་རྒྱུ་མ༔ སངས་རྒྱས་ཀུན་གྱིས་རྫོགས་སངས་རྒྱས་ཁར་གསོལ༔ རྒྱ་ཇ་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ༔ ནག་པོ་ལ་སོགས་དཔག་བསམ་ཤིང་གི་བཅུད༔ ཟླ་ཁྲོམ་ཐུད་སོགས་རང་ཉིད་རང་གི་ཟས༔ རང་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་འཕྲོས་མེ་ཆུ་རླུང་གསུམ་གྱུར༔ འབག་བཙོག་དྲི་མ་བསྲེགས་གཏོར་བཀྲུས་ཤིང་སྦྱངས༔ རིན་ཆེན་སྣོད་དུ་རོ་མཆོག་བརྒྱད་ལྡན་ཟས༔ དར་ཟབ་རིན་ཆེན་འབྲུ་སོགས་ཕུན་ཚོགས་


CMR028_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས༔ ཨོཾ་ཨཱཿཧཱུྃ༔ བརྗོད་མེད་ཡེ་ཤེས་བདུད་རྩིར་དམིགས༔ མདུན་དུ་དུར་ཁྲོད་ཐོད་མཁར་མེ་རླུང་དབུས༔ མགོན་པོ་གསེར་མདོག་ཁྲོ་འཛུམ་སྐུ་ཤ་རྒྱས༔ ཟ་འོག་བེར་ཆེན་པདྨ་རིས་ཅན་གསོལ༔ ཙནྡན་བེང་ཆེན་ནེའུ་ལེ་ཞགས་པ་བསྣམས༔ གསེར་སྐེད་སག་ལྷམ་རིན་ཆེན་རྒྱན་རྣམས་རྫོགས༔ པད་ཉི་གཏེར་བུམ་བསྣོལ་སྟེང་འདོར་ཐབས་བསྒྲད༔ གཡས་སུ་སྲོག་བདུད་ལྕགས་ཀྱུ་ནེའུ་ལེ་འཛིན་གཡོན་དུ་དཔལ་འབར་རིན་ཆེན་སྒྲོམ་བུ་འཛིན༔ མདུན་དུ་རྣམ་སྲས་དམར་པོ་གསེར་རྨོག་ཁྲབ༔ རྒྱབ་ཏུ་འཛམ་དམར་རྣམ་རྒྱལ་ནེའུ་ལེ་


CMR028_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན༔ དེ་རྒྱབ་ཡང་འཁོར་བརྒྱད་དང་དཔལ་མགོན་ཚོགས༔ རིན་ཆེན་ནེའུ་ལེ་འཛིན་ཏེ་ཇོ་སེར་འདྲ༔ རང་བཞིན་གནས་ནས་ཡིད་ཀྱིས་སྤྱན་དྲངས་བསྟིམ༔ བདག་གི་ཐུགས་ཀའི་འོད་ཟེར་ཕོག་པ་ཡིས༔ གཙོ་འཁོར་རྣམས་ལས་འོད་དམར་དཔག་མེད་འཕྲོས༔ རྒྱལ་བའི་བྱིན་རླབས་ཆོས་སྐྱོང་དངོས་གྲུབ་སྩོལ༔ འཇིག་རྟེན་ཟས་ནོར་ཚེ་བསོད་བཀུག་དང་བཅུད༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་མངའ་ཐང་སྟོབས༔ འོད་ཟེར་དམར་པོར་བསྡུས་ནས་ཟས་ལ་ཐིམ༔ དེ་ལྟར་བསྒོམ་ཞིང་སྔགས་འདི་ཅི་མང་བསྒྲངས༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་ལྕོགྲུ་ཡ་ཨཱཡུ་པུཎྱ་སིདྡྷི་ཧཱུྃ༔ རཏྣ་སརྦ་སིདྡྷི་ཿ རབ་སྟོང་འབྲིང་བརྒྱ་ཐ་མ་བདུན་ནམ་ཉེར་གཅིག༔ དེ་ནས་བསྟོད་པ་འདི་ཉིད་ཚང་མ་འམ་བསྡུ་ན་ཤོ་ལོ་ཀ་གཅིག་བརྗོད་པས་འཐུས༔ ཧཱུྃ༔ དུར་ཁྲོད་ཐོད་མཁར་འབར་བའི་ཀློང་དཀྱིལ་ནས༔ འཆོལ་བའི་ཁྲོ་རྒྱལ་རིན་ཆེན་གཏེར་གྱི་བདག༔ མ་བསྐུལ་པ་ཡང་ཕྲིན་ལས་སྒྲུབ་པའི་དཔལ༔ རྣལ་འབྱོར་སྐྱོང་མཛད་ཁྱོད་ལ་ཕྱག་འཚལ་བསྟོད༔ སྐུ་མདོག་གསེར་འདྲ་ཞལ་གཅིག་ཕྱག་གཉིས་པ༔ ཙནྡན་བེང་ཆེན་སྲིད་གསུམ་དབང་དུ་བསྡུས༔ ནེའུ་ལེ་ཞགས་པའི་རིན་ཆེན་ཆར་དུ་འབེབས༔ རིན་ཆེན་གཏེར་


CMR028_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཁྱོད་ལ་ཕྱག་འཚལ་བསྟོད༔ ཐོད་སྐམ་སྙིང་འཕྲེང་དབུ་སྐྲ་གྱེན་དུ་འབར༔ བརྗིད་པའི་སྐུ་ལ་ཟ་འོག་བེར་ཆེན་གསོལ༔ འདོར་སྟབས་ཞབས་གཉིས་རིན་ཆེན་གཏེར་བུམ་མནན༔ དངོས་གྲུབ་ཀུན་འབྱུང་ཁྱོད་ལ་ཕྱག་འཚལ་བསྟོད༔ ལས་མགོན་ནག་པོས་གླིང་བཞིའི་ལོངས་སྤྱོད་བསྡུས༔ ཡུམ་མཆོག་ལྷ་མོས་སྲིད་དང་འཁོར་རྣམས་༔ སྤེལ༔ རྒྱལ་ཆེན་རྣམ་སྲས་ལོངས་སྤྱོད་ཆར་ལྟར་འབེབས༔ ཛཾ་ལྷ་རིགས་ལྔས་འདོད་དགུའི་རེ་བ་བཀང་༔ སྤྲུལ་འཁོར་ཡང་སྤྲུལ་བྱེ་བ་འབུམ་གྱིས་བསྟོད༔ འཇིག་རྟེན་ཁམས་ཀྱི་ཚེ་བསོད་སྙན་གྲགས་དང་༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་ཇི་བཞིན་དུ༔ དངོས་གྲུབ་མ་ལུས་བདག་ལ་བསྩལ་དུ་གསོལ༔ བཏུང་བ་ཡིན་ན་སྟབ་ལ་བགྲེས་ཤིང་འཐོར༔ བཟའ་བ་ཡིན་ན་ཕུད་མཆོད་ཚུལ་དུ་བཞག༔ དྲིན་ཆེན་རྩ་བའི་བླ་མའི་ཞལ་དུ་བཟའ་བ་ཡིན་ན། བྷ་ལིཾ་ཏ་ཁཱ་ཧི༔ བཏུང་བ་ཡིན་ན༔ ཨོ་ཨཱཿཧཱུྃ༔ དཔལ་མགོན་མ་ནིང་ནག་པོའི་ཞལ་དུ༔ ལས་མགོན་སྲོག་བདུད་ནག་པོའི༔ ཡུམ་ཆེན་དཔལ་ལྡན་ལྷ་མོའི༴ རྒྱལ་ཆེན་རྣམ་སྲས་དམར་པོའི༴ གཏེར་བདག་ཛཾ་ལྷ་ནག་པོའི༴ ཡང་འཁོར་ལྷ་སྲིན་སྡེ་བརྒྱད༔ དཔལ་


CMR028_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་བདུན་ཅུ་རྩ་ལྔའི་ཞལ་དུ༴ གོང་ལྟར། དེ་ནས་རང་གི་གང་འདོད་དངོས་གྲུབ་ཀུན༔ ཐོབ་པར་བསམ་ཤིང་བཟའ་བཏུང་ལོངས་སྤྱོད་དེ༔ ཕྱི་མའི་ལས་ལ་སྦྱིན་པ་མི་རུང་ཞིང་༔ ནང་འཁོར་རྣམས་ལ་སྦྱིན་ཀྱང་འགལ་བ་མེད༔ མཐར་ནི་ཆོས་སྐྱོང་འཁོར་རྣམས་གཙོ་བོར་བསྟིམ༔ གཙོ་མོ་རང་ཐིམ་བསྒོམ་ཞིང་མི་དམིགས་བཞག་འབད་དང་སྩོལ་བས་སོགས་བཀྲ་ཤིས་ཤོག༔ བཀལ་བ་ཙམ་གྱི་བརྩོན་པས་འགྲུབ་པ་ཡིན༔ བཟའ་བཏུང་ཞིམ་དགུ་ལོངས་སྤྱོད་བྱེད་པ་དང༔ འདི་འདྲའི་དམ་པ་མཆོག་ཏུ་མི་ལྡན་ན༔ གཅིན་སྟུག་ཡང་པའི་སྣོད་ལ་འབྲས་བུ་མེད༔ འདི་ཀུས་བཀའ་ཡིག་ཆེན་པོ་ཐོབ་པའི་ཟས༔ བླ་མ་ཆོས་སྐྱོང་མཆོད་པས་ཚོགས་རྫོགས་ཏེ༔ ཆོས་སྐྱོང་སྒྲུབ་པའི་དམ་རྫས་མཆོག་ཏུ་འགྱུར༔ བསོད་ནམས་མངའ་ཐང་ལོངས་སྤྱོད་སྐྱེད་པ་དང་༔ མགོན་པོ་འཁོར་བཅས་ཡང་ནི་ཞོར་ལ་འགྲུབ༔ རྟག་ཏུ་བརྩོན་ན་འཁོར་ལོས་སྒྱུར་རྒྱལ་གྱི༔ མངའ་ཐང་དག་དང་མཚུངས་པར་འགྲུབ་པར་འགྱུར༔ འོན་ཀྱང་རྟག་ཏུ་འདི་དག་མ་འགྲུབ་ཀྱང་༔ རང་ཉིད་དགའ་བའི་བཟའ་བཏུང་ཡ་མཚན་ཅན༔ རྙེད་ཚད་བྱས་པས་བཟའ་བཏུང་འཕེལ་བ་ཡིན༔ ༧ རཱ་ག་ཨ་སྱ་ཇ་ལ་དགའ་བའི་དཔེ༔ ནག་པོ་བཏུང་རྒྱུ་རྙེད་ཚད་འདི་ལྟར་བྱས༔ དེ་ནས་ཉམས་སུ་མྱོང་བ་དང་༔ བསྡུས་ནས་སློབ་བུ་པདྨ་ཐབས་མཁས་ལ༔ ཤིན་ཏུ་ཡང་ཟབ་གསེར་ཆོས་ཚུལ་དུ་གདམས༔ ཨོ་རྒྱན་བྱེ་བ་ཕྲག་བརྒྱའི་བཀའ་སྲུང་བ༔ ཆོས་སྐྱོང་ཀུན་གྱི་ཡང་སྙིང་མ་ནིང་འདི༔ བཟློག་པས་མི་བཟློག་སྔགས་


CMR028_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་མཁན་གྱི་གཤེད༔ དེ་ཕྱིར་ཆོས་སྐྱོང་ཀུན་གྱི་མཐར་ཐུག་ཡིན༔ འདི་ཡི་སྒྲུབ་པ་ལོགས་སུ་མ་ཐོན་ཀྱང་༔ འདི་ཉིད་རྒྱུན་དུ་བྱས་ན་དེ་གས་མཐུས༔ འདི་ཡང་སྒྲུབ་ཐབས་སྣ་གཅིག་ཡིན་ཕྱིར་རོ༔ དེ་སྐད་སྔགས་འཆང་༧ རཱ་ག་ཨ་སྱས་ཡིས༔ རྟ་ལོ་ཐ་སྐར་ཉེར་གཅིག་གུང་ལ་སྨྲས༔ འབྲོང་བཙུན་པདྨ་ཐབས་མཁས་ཞེས་བྱ་བས༔ ལག་པ་རྫུ་འཕྲུལ་རླུང་གི་རྟ་ལ་ཞོན༔ ཕྱི་རབས་སྔགས་འཆང་རྣམས་ལ་ཕན་ཕྱིར་བྲིས༔ འདི་ལ་སྦ་འོས་གསལ་བཀོད་ཉེས་མཆིས་ན༔ མ་མོ་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་བཤགས༔ དགེ་བས་ཟབ་གཏེར་བསྟན་པ་མཐའ་རྒྱས་ཤོག༔ བཀྲ་ཤིས་ཤོག །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དཔལ་མགོན་སྐུ་ཡི་མགོན་པོའི་འདོན་འགྲིགས།


CMR028_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་སྐུ་ཡི་མགོན་པོའི་འདོན་འགྲིགས་བཞུགས་སོ༔


CMR028_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མགོན་གྱི་འདོན་བསྒྲིགས་ནི༔ ས་སྟེགས་མདའ་གང་པ་བྱ༔ སྨན་དང་དྲི་བཟང་བྱུག༔ དེའི་དབུས་སུ་པདྨ་འདབ་བཞི་ཐོད་ཕྲེང་གིས་བསྐོར་བ་སྒོ་རྫོགས་སུ་བྲིས་པའམ༔ ནས་ཀྱི་ཚོམ་བུ་ལ་བརྟེན་ཀྱང་རུང་བས་དབུས་སུ་ནས་ཀྱི་ཚོམ་བུ་ལྔ༔ དེའི་ཕྱི་རིམ་བརྒྱད༔ དེའི་སྟེང་དུ་མཎྜི་ཁར་གཏོར་མ་ཟླུམ་པོ་མེ་ཏོག་གིས་ཕྲེང་བས་བསྐོར་བ༔ རྩེ་ལ་མར་བརྒྱན་ནོར་བུས་མཚན་པ༔ གཏོར་མའི་མཐའ་པད་འདབ་དང་རིལ་བུའི་བསྐོར་བ༔ ཡང་གཡས་གཡོན་གང་བདེར་དངོས་གྲུབ་ལེན་པའི་གཏོར་མ་གོང་ལྟར་འབྲུའི་ཚོམ་བུ་ཁར་དེ་འདྲ་བ་གཏོར་མ་གཅིག་བཅ༢༔ དེ་ལ་ཙཀླི་


CMR028_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས་པ་དེ་ལྷ་ལ་བསྐྱེད་རྟགས་ཡིན༔ གསོ་བྲན་མི་དགོས༔ གཏོར་མ་གཅིག་དེ་རྒྱུན་དུ་གསོ་བྲན་བྱེད༔ གཞན་ཡང་བདུད་རྩི་གཡས་སུ་བཤམས༔ རཀྟ་གཡོན་དུ་བཤམས༔ མདུན་དུ་མཆོད་པ་བཤམས༔ རྟེན་རྫས་ཀྱི་མདའ་དར་དང་༔ ཐང་སྐུའམ་ཙཀཱི་སོགས་སྤྱན་གཟིགས་ཡོད་ཚད་བཤམས༔ གཞན་ཡང་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་གཏོར་མ་བཤམས༔ རྩ་གསུམ་ལས་བྱང་ངམ༔ བཀའ་བརྒྱུད་དམ་ལས་བྱང་གང་རུང་གཞུང་བསྲང་༔ རྩ་གསུམ་མཆོད་ཕྲེང་གི་གཞུང་བསྲངས་ནི༔ རང་རྟ་ཕག་ཡབ་ཡུམ་དེའི་སྤྱི་གཙུག་ཏུ་ཨོ་རྒྱན་དང་མཚན་བརྒྱད་


CMR028_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་སོགས་ལས་བཛྲ་ཅི་ནུས་ཤིག་འདོན༔ དེ་ནས་སྒྲུབ་གཞུང་གི་མངོན་རྟོགས་བློ་ལས་དུར་ཁྲོད་ཐོད་མཁར་འབར་བའི་དབུས་སུ་སོགས། མགོན་པོ་འཁོར་བཅས་ཀྱིས་དམ་ཚིག་པ་ལ་གསལ་བཏབ་པའི་བར་འདོན། དེ་ནས་ལས་བྱང་ནང་གི་སྤྱན་འདྲེན་ནི༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས་སོགས། བསྟོད་པ་འཇིག་རྟེན་འདས་པའི་དུས་ན་སོགས་ཚང་བར་འདོན༔ དེ་ནས་སྒྲུབ་གཞུང་གི །ཧཱུྃ༔ དུར་ཁྲོད་ཐོད་མཁར་མེ་རླུང་འཚུབ་འཁྱིལ་ནས་སོགས། འདོད་པའི་དངོས་གྲུབ་མ་ལུས་སྩོལ་བར་མཛོད༔ ཅེས་བར་འདོན། དེ་ནས་བསྙེན་པ་བྱ། དེ་ནས་གསོལ་ཁའི་བཅོལ་ཁའི་བཅོལ་དམ་འདོན༔ དེ་ནས་བསྐང་བ་འདོན། དེ་ནས་ལས་བྱང་གི་ཕུད་བསྐང་དེ་འདོན། ལས་བྱང་མཇུག་གི་ཐོད་མཁར་མའི་བསྟོད་བསྐུལ་དེ་རྒྱུན་དུ་མི་འདོན། དེ་ནས་བསྙེན་པའི་དམིགས་རིམ་ནི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གླུ་ན་གླུ་བྱ་ཀཱ་ལི་སརྦ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ༔ དེ་མདུན་དུ་མགོན་པོའི་ཐུགས་ཀར་འཁོར་བར་དམིགས་ལ་བཟླས་པ་བྱ། དེ་ནས་རང་ཉིད་རྟ་ཕག་ཡབ་ཡུམ་དུ་གསལ་བའི་སྤྱི་བོར་ཨོ་རྒྱན་སྤྲུལ་སྐུའི་ཆ་ལུགས་སོགས། ཐུགས་སྒྲུབ་ལྟར་གསལ་བའི། རང་གི་སྙིང་དབུས་ཉི་མའི་


CMR028_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་འདི་ནས་འབྲི་དགོས། དྭིདམར་པོ་འགྲེངས་ཏེ་གནས་པའི་མཐར་ཨོཾ་ཧྲིམ་ཧ་རི་ནི་ས་རི་ཙ་ཧྲི་ཡ་ཙིཏྟ་ཧྲིང་ཧྲིང་ཛཿppགཡས་སུ་ཀྱི་ལི་ལི་འཁོར་བཞིན་ལ། མདུན་དུ་མགོན་པོའི་ཐུགས་ཀར་ཧཱུྃ་དཀར་པོ་འགྲེངས་ཏེ་གནས་པའི་མཐར་གཡས་བསྐོར་དུ་མགོན་པོའི་སྔགས་འཁོར་བཞིན་པ་ཡི་གེ་ཐམས་ཅད་ལངས་ཏེ་གནས་པ་ལ།་རང་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་ལས་གྲུབ་པའི་བཟླས་རྒྱུ་མགོན་པོའི་སྔགས་ཕྲེང་དཀར་པོ་མུ་ཏིག་གི་ཕྲེང་བ་ལྟར་འཕྲོས་ནས། རང་གི་ཞལ་ནས་ཕར་འཕྲོས། མགོན་པོའི་ཞལ་དུ་མཆོད་པའི་ཚུལ་དུ་ཕུལ་བས་མགོན་པོའི་ཐུགས་ཀར་ཐིམ་ཐུགས་ཤིན་ཏུ་མཉེས་ནས་ཞི་བའི་ཕྲིན་ལས་བཅོལ་རྒྱུ་ཡིན་པར་ཐུགས་ཀྱིས་མཁྱེན། སྔོན་གྱི་དམ་ཚིག་དྲན་ནས་སྐུ་ལས་འོད་ཟེར་དཀར་པོ་ཟླ་བའི་འོད་ལྟ་བུ་ཕྱོགས་ཐམས་ཅད་དུ་འཕྲོས་པས་བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་དང་སྤྱིར་འགྲོ་བ་ཐམས་ཅད་དེང་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་གནོད་ཅིང་འཚེ་བའི་ནད་གདོན་བར་ཆད་དང་མེ་ཆུ་དུག་མཚོན་དང་དགྲ་རྐུན་གཅན་གཟན་རྒྱལ་པོས་ཆད་པའི་འཇིགས་པ་བརྒྱད་དང་བཅུ་དྲུག་གི་གནོད་པ་ཐམས་ཅད་བ་མོར་ཉི་ཟེར་ཕོག་པའམ། མུན་པ་ལ་


CMR028_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་ཤར་བ་ལྟར་ཞི། མགོན་པོ་འཁོར་བཅས་ཀྱིས་ཀྱང་རམ་བུའི་ཚུལ་དུ་སྔགས་སྒྲ་དི་རི་རི་བཟླས་པར་བྷེ། དེ་ནས་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་ཞི་བའི་དངོས་གྲུབ་དང་། འཇིག་རྟེན་སྐྱོང་བ་ལྷ་སྲིན་སྡེ་བརྒྱད་ཀྱི་ཞི་བའི་ལས་སྒྲུབ་པའི་ནུས་པ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་མགོན་པོའི་ཐུགས་ཀར་སིབས་སེ་བསྡུས་ནས། མགོན་པོའི་ཐུགས་ཀའི་སྔགས་ཕྲེང་ལས་ཞི་བའི་དངོས་གྲུབ་ཀྱི་ངོ་བོ་ཡིན་པ་ལ། རྣམ་པ་སྔགས་ཕྲེང་དཀར་པོ་མུ་ཏིག་གི་ཕྲེང་བ་ལྟར་མགོན་པོའི་ཞལ་ནས་ཚུར་བྱུང་རང་གི་ཞལ་དུ་ཞུགས་ནས་སྙིང་གའི་ཧྲུདང་སྔགས་ཕྲེང་ལ་ཐིམ་པས་ཞི་བའི་དངོས་གྲུབ་ཐམས་ཅད་ཐོབ་སྟེ་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི་ཞིང་ད་ཕྱིན་ཆད་ཞི་བའི་ཕྲིན་ལས་བསྒྲུབ་པ་ལ་ཐོགས་པ་མེད་པའི་དངོས་གྲུབ་ཐོབ་པར་བསྒོམ་ཞིང་བཟླའོ། །སྔགས་འདི་ཚིག་འགྱུར་སྒྲ་ཐད་ཀར་བསྒྱུར་ན། ཨོཾ་ནི་ཡེ་ཤེས་ལྔ། ཤྲཱི་དཔལ། མ་ཧཱ་ཆེན་པོ། ཀཱ་ལ་ནག་པོ། ག་ཎ་ཚོགས། གུ་རྒྱ་གསང་བ། ཀཱ་ཡི་ནག་མོ། སརྦ་ཐམས་ཅད། པུཥྚིཾ་རྒྱས་པ། ཀུ་རུ་སྤེལ་ཅིག །སྭཱ་ཧཱ་གཞི་ཚུགས། ཞེས་པ་ཅིག་འགྱུར་ན་ཡང་། འདི་དོན་འགྱུར་གྱིས་སྒྲ་ཐང་ལོག་ཡིན་པས། ཡེ་


CMR028_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལྔ་ཡི་དཔལ་ནག་པོ་ཆེན་པོ་སྟེ༔ མགོན་པོ་དང་གསང་བའི་ལྷ་མོ་ནག་མོའི་ཚོགས་ཀྱིས། སྡིག་པ་དང་སྡུག་བསྔལ་ཞི་བ་དང་། དགེ་ལེགས་ཀྱི་ཚོགས་ཐམས་ཅད་རྒྱས་པར་མཛོད། ཅེས་བྱ་བ་ཞིག་འོང་བར་སྣང་ངོ་། །ༀ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་ཀཱ་ལི་སརྦ་པུཏྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་ལྟར་འདོན། འདི་བདུན་གསུམ་ལྷག་ཙམ་ཚར་ནས་དེ་ཡན་བསྙེན་པའོ། །དེ་ནས་དངོས་གྲུབ་ལེན་པ་ནི། དངོས་གྲུབ་ལེན་པའི་གཏོར་མ་ཟླུམ་པོ་རྩེ་ནོར་བུ་དང་ལྟེ་བ་མེ་ཏོག་གིས་བརྒྱན་པ། སྦྲང་བུ་རམ་སོགས་ཟས་སྣ་ཚོགས་ཀྱིས་བརྒྱན་པ་ཐེབ་ཙེ་གང་གསར་དུ་བཅའ། འདོན་ལུགས་གོང་ལྟར་ལས། རང་གི་ཐུགས་ཀའི་འོད་སྔགས་ཕྲེང་མགོན་པོ་ལ་ཕོག །མགོན་པོའི་འོད་ཟེར་གྱིས་སྣང་སྲིད་འཁོར་འདས་ཀྱི་ཞི་བའི་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་བསྡུས་ནས་འབྲང་རྒྱས་ལ་ཐིམ་པར་བྷེ་ཞིང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གྷ་ཡ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཿ འདི་ཞག་གསུམ་མམ་བཟླས་སོ༔ དེ་ནས་ལས་བྱང་གི །ཧོ་དགོངས་སུ་གསོལ་ལོ་སོགས་དང་། འཇིགས་པ་བརྒྱུད་དང་བཅུ་དྲུག་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ༔ ཞེས་བརྗོད་དེ་ནས་གྲོལ་ཁ་


CMR028_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལྟར་སྒྲུབ་གཏོར་གྱིས་རང་ལ་དབང་བསྐུར་ནས། རང་གིས་ཅུང་ཟད་ཟའོ༔ ཕྱི་མི་ལ་མི་སྦྱིན། ལྷ་ཡེ་ཤེས་པ་དར་ནག་གམ་འདག་སྐུ་ལ་བསྟིམ། ལེན་ལུགས་སྒྲུབ་གཞུང་ལྟར་རོ། །བཀྲ་ཤིས་སྨོན་ལམ་སོགས་སྤྱི་ལྟར་བྱའོ། །ཞེས་བུ་ཡེ་ཤེས་ཀྱི་སྒྲུབ་དུས་རཱ་ག་ཨ་སྱས་ཞལ་གདམས་སུ་བྲིས། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སྐུ་མགོན་དཀར་པོའི་ཞལ་གདམས།


CMR028_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མགོན་དཀར་པོའི་ཞལ་གདམས་བཞུགས་པ་བདེ་ལེགས་སུ་གྱུར་ཅིག


CMR028_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མགོན་དཀར་པོའི་མངོན་རྟོགས། ལས་བྱང་བཅོལ་གཏམ། བསྐང་གསོལ་ཐུན་གསུམ་མམ་བཞི་སྟེ། ཐུན་དངོས་ཀྱི་དམིགས་པ་ནི། རང་ཉིད་རྟ་ཕག་ཡབ་ཡུམ་གྱི་སྤྱི་བོར་ཨོ་རྒྱན་སྤྲུལ་སྐུ་སོགས་ཐུགས་ཀར་ལྟར་གསལ་བའི༔ རང་གི་སྙིང་དབུས་ཉི་མའི་སྟེང་དུ་ཧཱིདམར་པོ་འགྲེངས་ཏེ་གནས་པའི་མཐར༔ ཨོཾ་མ་ཧ་རི་ཎི་སོགས་ཛཿppགཡས་སུ་ཀྱི་ལི་ལི་འཁོར་བཞིན་པ་ལ་མདུན་དུ་མགོན་པོའི་ཐུགས་ཀར་ཧཱུྃ་དཀར་པོ་འགྲེངས་ཏེ་གནས་པའི་མཐར་གཡས་བསྐོར་དུ། མགོན་པོའི་སྔགས་འཁོར་བཞིན་པ་ཡི་གེ་ཐམས་ཅད་ལངས་ཏེ་གནས་པ་ལ་རང་གི་ཐུགས་ཀའི་སྔགས་


CMR028_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་ལས་འོད་ཟེར་གྲུབ་པའི་བཟླ་རྒྱུའི་སྔགས་ཕྲེང་དཀར་པོ་མུ་ཏིག་གི་ཕྲེང་བ་ལྟར་འཕྲོས་ནས་རང་གི་ཞལ་ནས་ཕར་འཕྲོས་མགོན་པོའི་ཞལ་དུ་མཆོད་པའི་ཚུལ་དུ་ཕུལ་བས་མགོན་པོའི་ཐུགས་ཀར་ཐིམ། ཐུགས་ཤིན་ཏུ་མཉེས་ནས། ཞི་བའི་ཕྲིན་ལས་བཅོལ་རྒྱུ་ཡིན་པར་ཐུགས་ཀྱིས་མཁྱེན་། སྔོན་གྱི་དམ་ཚིག་དྲན་ནས་སྐུ་ལས་འོད་ཟེར་དཀར་པོ་ཟླ་བའི་འོད་ལྟ་བུ་ཕྱོགས་ཐམས་ཅད་དུ་འཕྲོས་པས་བདག་ཅག་སློབ་དཔོན་མི་ནོར་འཁོར་དང་བཅས་པ་དང་། བསྟན་པ་དང་བསྟན་འཛིན་རྣམས་ལ་དེང་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་གནོད་ཅིང་འཚེ་བའི་ནད་ཐམས་ཅད་དང་།


CMR028_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་ཐམས་ཅད་དང་། བར་ཆད་ཐམས་ཅད་དང་། མེའི་འཇིགས་པ། ཆུའི་འཇིགས་པ། དུག་གི་འཇིགས་པ། དགྲའི་འཇིགས་པ། རྒྱལ་པོའི་ཆད་པའི་འཇིགས་པ། ཆོམ་རྐུན་གྱི་འཇིགས་པ། གཅན་གཟན་གྱི་འཇིགས་པ། མཚོན་ཆའི་འཇིགས་པ་ལ་སོགས་པ། འཇིགས་པ་བརྒྱད་དང་བཅུ་དྲུག་གི་གནོད་པ་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པའམ་མུན་པ་ལ་ཉི་མ་ཤར་བ་ལྟར་ཞི་མགོན་པོ་འཁོར་བཅས་ཀྱིས་ཀྱང་རམ་བུའི་ཚུལ་དུ་སྔགས་སྒྲ་དི་རི་རི་བཟླས། དེ་ནས་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་ཞི་བའི་དངོས་གྲུབ། འཇིག་རྟེན་སྐྱོང་བ་ལྷ་སྲིན་སྡེ་བརྒྱད་ཀྱི་ཞི་བའི་ལས་འགྲུབ་པའི་ནུས་པ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་མགོན་པོའི་ཐུགས་ཀར་སིབས་སེ་བསྡུས་ནས་མགོན་པོའི་ཐུགས་ཀའི་སྔགས་ཕྲེང་ལས་ཞི་བའི་དངོས་གྲུབ་ཀྱི་ངོ་བོ་ཡིན་པ་ལ། རྣམ་པ་སྔགས་ཕྲེང་དཀར་པོ་མུ་ཏིག་གི་ཕྲེང་བ་ལྟར་མགོན་པོའི་ཞལ་ནས་ཚུར་བྱུང་། རང་གི་ཞལ་དུ་ཞུགས་ནས་སྙིང་གའི་ཧྲིདང་སྔགས་ཕྲེང་ལ་ཐིམ་པས་ཞི་བའི་དངོས་གྲུབ་ཐམས་ཅད་ཐོབ་སྟེ། སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི། ད་ཕྱིན་ཆད་ཞི་བའི་ཕྲིན་ལས་བསྒྲུབ་པ་ལ་ཐོགས་པ་མེད་པའི་དངོས་གྲུབ་


CMR028_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་བསྒོམ་ཞིང་བཟླས་སོ། །སྔགས་འདི་ཚིག་གི་འགྱུར་སྒྲ་ཐད་སོར་བསྒྱུར་ན། ཨོཾ་ནི་ཡེ་ཤེས་ལྔ། ཤྲཱི་ནི་དཔལ། མ་ཧཱ་ཆེན་པོ། ཀཱ་ལ་ནག་པོ། གྷ་ན་ཚོགས། གྷ་རྒྱ་གསང་བ། ཀཱ་ལི་ནག་པོ། སརྦ་ཐམས་ཅད། པུཎྜི་རྒྱས་པ། ཀུ་རུ་སྤེལ་ཚིག །སྭཱ་ཧཱ་གཞི་ཚུགས་ཞེས་པར་འགྱུར་ན་ཡང་འདི་དོན་འགྱུར་སྒྲ་ཐང་ལོག་ཡིན་པས། ཡེ་ཤེས་ལྔའི་དཔལ་ནག་པོ་ཆེན་པོ་སྟེ།་མགོན་པོ་དང་གསང་བའི་ལྷ་མོ་ནག་པོའི་ཚོགས་ཀྱིས་སྡིག་པ་དང་སྡུག་བསྔལ་ཐམས་ཅད་ཞི་བ་དང་། དགེ་ལེགས་ཀྱི་ཚོགས་ཐམས་ཅད་རྒྱས་པར་མཛོད། ཅེས་གསུངས་བ་ཞིག་འོང་བར་སྣང་ངོ་། །ༀ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གྲུ་རྒྱ་ཀཱ་ལི་སརྦ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པ་ལྟར་འདོན་ནོ། འདི་ལ་བོདུན་གསུམ་ལྷག་ཙམ་ཚར་ནས་དངོས་གྲུབ་ལེན་པ་ནི།་དངོས་གྲུབ་ལེན་པའི་གཏོར་མ་ཟླུམ་པོ་སུམ་བརྩེགས་སྟེང་དུ་ཟླུམ་པོ་རྩེ་ནོར་བུ། ལྟོ་བར་མེ་ཏོག་གིས་བརྒྱན་པ། སྦྲང་བུ་རམ། ཤིང་ཏོག་ཟས་སྣ་ཚོགས་ཤ་ཐུད་ཀྱིས་བརྒྱན་པ་ཐེབ་ཙེའི་ནང་གསར་དུ་བཅའ་ལ། གཞན་འདོན་ལུགས་ནི་གཞུང་ལྟར་ལས། རང་གི་ཐུགས་ཀའི་འོད་ཟེར་སྔགས་ཕྲེང་མགོན་པོ་ལ་ཕོག །མགོན་པོའི་


CMR028_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་གྱིས་སྣང་སྲིད་འཁོར་འདས་ཀྱི་ཞི་བའི་དངོས་གྲུབ་ཐམས་ཅད་འོད་དཀར་པོའི་རྣམ་པར་བསྡུས་ནས་འབྲང་རྒྱས་ལ་ཐིམ་པར་བསྒོམ་ཞིང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གྷ་ཡ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཿ སྔགས་འདི་ཞག་གསུམ་མམ་ལྔ་ཙམ་ཡང་ན་ཁྲི་སོགས་ཅི་ཐོན་བཟླས། དེ་ནས་ལས་བྱང་གི །ཧོ་དགོངས་སུ་གསོལ་སོགས། འཇིགས་པ་བརྒྱད་དང་བཅུ་དྲུག་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། ཞེས་བརྗོད་ནས་དེ་ནས་གྲོལ་ཁ་གཞུང་ལྟར་སྒྲུབ་གཏོར་གྱིས་རང་ལ་དབང་བསྐུར་ནས། ཅུང་ཟད་དངོས་གྲུབ་ཏུ་བཟའ། ཕྱི་མི་ལ་མི་སྦྱིན་ནོ། །ལྷ་ཡེ་ཤེས་པ་དར་ནག་དང་། ནང་གི་འདག་སྐུ་ལ་བསྟིམ། བཀྲ་ཤིས་བསྔོ་བ་སྨོན་ལམ་སོགས་བྱའོ། །བུ་ཡེ་ཤེས་ཀྱིས་སྒྲུབ་དུས། ༧ རཱ་ག་ཨ་སྱས་ཞལ་གདམས་བྲིས། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR028_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣ་གླིང་པའི་ཐུགས་ཏིག་མ་ནིང་འཛམ་ནག་གི་ཞལ་ཁྲིད་བཞུགས་པ་དགེ་ལེགས་འཕེལ༔


CMR028_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་གཞི་གྲུ་བཞི་མདའ་གང་སྟེང་དུ་འབྲུའི་ཚོམ་བུ་ལྔ། དེ་རྒྱབ་ཏུ་བརྒྱུད་བཀོད་པར་བྱ། དེའི་དབུས་སུ་གཞུང་ལྟར་གའུ་བཞག༔ དེ་དང་མཉམ་དུ་གཏོར་མ་རིན་ཆེན་འབར་བ་རྟག་གཏོར་དུ་བཞག༔ དེའི་མདུན་དུ་རྒྱུན་གཏོར་གསོ་བྲན་བྱེད་རྒྱུ་བཞག༔ མཐར་མཆོད་པས་བསྐོར་བཤམ་བྱ༔ ཡོད་ན་གཡས་སུ་བདུད་རྩི་གཡོན་དུ་རཀྟ་བཞག༔ མེད་ཀྱང་རུང་ངོ་༔ དང་པོ་ཡི་དམ་གང་རུང་བདག་བསྐྱེད་བྱས་ནས་དེ་ནས་སྐད་ཅིག་ལ་གནས་གྱུར་ནས་ཕྱག་རྡོར་བསྒོམ་པའམ༔ ཕྱག་རྡོར་མངོན་རྟོགས་ཡོད་ན་བདག་བསྐྱེད་བྱས༔ མདུན་བསྐྱེད་འདོན་འགྲིགས་ལྟར༔ འཛམ་


CMR028_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ནག་མངོན་རྟོགས་དང་མ་ནིང་ལས་བྱང་སྤྱན་འདྲེན་ནས་བཟུང་སྟེ་བསྟོད་པ་ཡན་ཆད་བྱ༔ རང་ཕྱག་རྡོར་ཐུགས་ཀར་ཕྱག་རྡོར་སྔགས་ཀྱིས་བསྐོར༔ མདུན་མ་ནིང་འཛམ་ནག་གཙོ་བོའི་ཐུགས་ཀར་ཧཱུྃ་མཐིང་གི་ནང་དུ་ཛམ་ཡིག་ནག་པོ༔ ཧཱུཾ་མཐར་སྔགས་གཡས་བསྐོར༔ འཁོར་ཐམས་ཅད་ཀྱི་ཐུགས་ཀར་རང་མདོག་ཛ་ཡིག་རེ་རེ་བྷེ༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་གཙོ་འཁོར་ལ་ཕོག༔ དེ་རྣམས་ཀྱི་སྐུ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་པས་འཇིག་རྟེན་ཁམས་ཀྱི་ཚེ་བསོད་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས༔ སྐུ་འདྲ་དང་


CMR028_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་ཛཾ་ནག་ལ་ཐིམ་པས་གཙོ་འཁོར་ཐམས་ཅད་ཀྱི་ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་ལས་དགོས་འདོད་སྣ་ཚོགས་ཆར་ལྟར་བབ༔ ཕྱག་གཡོན་གཏེར་གྱི་ནེའུ་ལེའི་ཁ་ནས་རིན་པོ་ཆེ་སྣ་ཚོགས་སྐྱགས་པས་གནས་ཁང་བང་མཛོད་དང་༔ ས་ཕྱོགས་འདི་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲ་ཆི་ལི་ལི་གང་བར་བསྒོམ་པ་ཁོ་ན་ཡིན་ནོ༔ དམིགས་པ་དེ་ཁོ་ནས་ཆོག༔ གཞན་བདག་མདུན་བར་དུ་འོད་ཟེར་དང་སྔགས་འཁོར་སོགས་མི་དགོས་སོ༔ དེ་ལ་ཐུན་བཞི་སྟེ། ད་ནངས་ཡི་དམ་རྒྱལ་བ་རྒྱ་མཚོའི་བདག་བསྐྱེད་དམ༔ རྩ་གསུམ་མཆོད་ཕྲེང་པདྨ་འོད་འབར་གུ་དྲག་རྟ་མགྲིན་སོགས་གང་རེད་ཅིག༔ དེ་ནས་ཕྱག་རྡོར་དུ་གནས་འགྱུར་མངོན་རྟོགས་བསྒོམ༔ དེ་ནས་མ་ནིང་ཛོ་ནག་ལས་བྱང་རྐྱང་པ་དང་བསྙེན་པ་ཉིན་ཕྱེད་ལས་བྱང་ཚར་གཅིག་དང་གསོལ་ཁ་བཅོལ་གཏམ༔ དགོང་ཁ་ལས་བྱང་དང་བསྐང་བ་ཆེན་པོ༔ མུན་རུབ་ནས་རྒྱུན་ཁྱེར་ཆག་མེད་གང་ཡོད་དང་བློ་ལ་ཡོད་ན་མངོན་རྟོགས་ཡིད་ཀྱིས་གསལ་བཏབ་ནས་སྤྱན་འདྲེན་མན་ཆད་ལས་བྱང་ཚར་གཅིག་དང་ལས་བྱང་བློ་ལ་མེད་ན་གཏོར་བསྔོས་གྲ་ལ་མ་ནིང་རྩ་སྔགས་ལ་ཁཱ་ཧི་བཏགས་པས་འཐུས༔ དེ་ཐུན་གཅིག་ལ་བརྩི་བ་དེ་ལྟར་ཉིན་


CMR028_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མཚན་བཞི་དང་༔ ཐུན་མཚམས་སུ་ཆག་མེད་ཀྱི་ཐུགས་དམ་རིགས་གང་ཡོད་ནམ་དགར་བྱའོ༔ དུས་ཞག་བདུན་གསུངས་ཀྱང་༔ བསྙེན་སྔགས་རིང་བ་ལ་ཁྲི་ཚོ་བཅུ་གསུམ་བྱ་བ་གལ་ཆེ༔ དེ་ཚར་ནས་བསྙེན་སྔགས་རིང་བ་དེ་ལ་ལས་སྦྱོར་སྔགས་དེ་བཏགས་པ་ཁྲི་ཚོ་གསུམ་བྱའོ༔ དེ་ནས་མདུན་བསྐྱེད་གའུ་ནང་གི་སྐུ་ལ་བསྟིམ༔ བཀྲ་ཤིས་བརྗོད། གཏོར་མ་དངོས་གྲུབ་ཏུ་ཅུང་ཟད་བཟའ་བའོ༔ ཞེས་པ་ཡེ་ཤེས་ལ་ཕན་ཕྱིར་འཕྲལ་དུ་རཱ་ག་ཨ་སྱས་སོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR028_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་མ་ནིང་གི་ཐུགས་ལྕགས་རྟེན་འཛུགས་གཏོར་འབུལ་འདོད་གསོལ་བཞུགས་སོ།། ཧཱུྃ། ཉི་མ་བྱང་ཤར་ཕ་ཀི་ན། །དུར་ཁྲོད་ཆེན་པོའི་དཀྱིལ་ཤེད་ན། །སྐུ་མཁར་དེ་ནི་ལྡེམ་པ་ལ། །མི་མགོ་རྟ་མགོ་ལུག་གི་མགོ །སྤྲེལ་མགོ་བརྩེགས་པའི་ནང་ཤེད་ན། །བདུད་སྤྲུལ་ནག་པོ་བཞུགས་པ་ནི། །སྐུ་མདོག་མཐིང་ནག་འཇིགས་པ་ལ། །སྐུ་ལ་དར་ནག་བེར་ཆེན་གསོལ། །གསེར་ཆབ་དྲི་ལྤགས་སྐེད་ལ་བཅིང་། །དགྲ་མགོ་དགྲ་སྙིང་བསྲེས་མ་ཡི། །དོ་ཤལ་བྱས་ཏེ་བདུད་དམག་འགྱེད། །ཕྱག་གཡས་རྩེ་གསུམ་བ་དན་སྒྱུ་ཕྱིར། །གཡོན་པས་དགྲ་སྙིང་ཞལ་དུ་གསོལ། །འདིར་གཤེགས་དམ་རྫས་གཏོར་མ་བཞེས། །ཐུགས་ལྕགས་ཐོད་མཁར་རྟེན་གཏོར་རྣམས། །མགོན་པོ་ནག་པོའི་རྟེན་དུ་བཙུགས། །རྟེན་ལ་འཁོར་ཞིང་བཞུགས་སུ་གསོལ། །ལྷ་ཆེན་ཁྱོད་ལ་བསྟོད་པའི་མཐུས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །དགྲ་བགེགས་གནོད་པ་མ་བཏང་ཞིག །སངས་རྒྱས་བསྟན་པ་སྲུང་བ་དང་། །དཀོན་མཆོག་དབུ་འཕང་བསྟོད་པ་དང་། །རྣལ་འབྱོར་སྐུ་ཚེ་བསྲིང་བ་དང་། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །ཚེ་


CMR028_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསོད་ནམས་འཕེལ་བ་དང་། །དཔལ་དང་གྲགས་པ་ཐོབ་པ་དང་། །འཁོར་དང་བསྟན་པ་བསྲུང་བ་དང་། །ས་ཞིང་མགོ་སྦྲ་ཁྱིམ་གཞིས་བང་མཛོད་ལ། །ལྷ་དཀར་པོ་དཔེ་རྟེན་ནོར་རྫས་དང་། །རྐང་འགྲོས་ཕྱུགས་ལུག་འོག་རྟ་གྲ་ཁལ་གྱི། །གཉེར་དང་བློན་པོ་ཁྱོད་ཀྱིས་གྱིས། །ཕྱི་རྐུན་ནང་ལ་མ་བཏང་ཞིག །ནང་རྐུན་བྱུང་ལ་མ་འགྱེད་ཅིག །རང་རེ་གཉིས་ཀའི་དཀོར་ནོར་དང་། །དགྲ་རྐུན་ཇག་པས་ཁྱེར་བའི་དུས། །ར་མདའ་རྗེས་གཅོད་ཁྱོད་ཀྱིས་གྱིས། །ཕྲིན་ལས་མཛད་པའི་དུས་ལ་བབ། །ད་ནི་ཕྲིན་ལས་མྱུར་དུ་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རྩ་སྔགས་བྷ་ལིང་ཁཱ་ཧི་སྦྱར། མ་ནིང་གཏོར་འབུལ་མི་འགྱུར་རྡོ་རྗེས་མཛད་པ་ལས། རྟེན་འཛུགས་དང་བཅོལ་གདམ་གྱི་འདོད་གསོལ་ཅུང་ཟད་ཨ་རཱ་གས་སྤེལ་བའོ།།


CMR028_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ འོག་མིན་གནས་མཆོག་དམ་པ་ནས༔ ཡོངས་རྫོགས་དཔལ་གྱིས་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ སྟེང་ཕྱོགས་དགའ་ལྡན་ལྷ་ཡུལ་ནས༔ ལྷ་ཆེན་དཔལ་འབར་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ མ་ནིང་ནག་པོས་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ ཨུ་ཙ་ལ་ཡི་དུར་ཁྲོད་ནས༔ སྲོག་བདུད་ནག་པོའི་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ མེ་རླུང་འཚུབ་མའི་ད་ལ་ནས་ཡུམ་མཆོག་དཔལ་འབར་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ བདུད་རྒྱལ་ཐོད་ཕྲེང་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ གནམ་ལྕགས་སྤུ་གྲིས་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ ཚོགས་བདག་ནག་པོས་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ བྷ་ག་ནག་པོས་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ བྱ་རྒོད་ཐང་ནག་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ ཏ་ཀི་ནག་པོས་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ འཛམ་ལྷ་ནག་པོས་བྱིན་ཕོབ་


CMR028_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ གཟའ་བདུད་ནག་པོས་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ ཆོས་སྐྱོང་ཆེན་པོའི་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ གཙུག་ལག་ཁང་སྐྱོང་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ ཁམས་གསུམ་དབང་དུ་འདུ་བའི་དབང་བསྐུར་ཅིག༔ སྲིད་གསུམ་ཟིལ་གྱིས་གནོན་པའི་དབང་བསྐུར་ཅིག༔ ཕྲིན་ལས་རྣམ་བཞི་འགྲུབ་པའི་དབང་བསྐུར་ཅིག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མ་ཧཱ་ཀྲོ་ཏི་ཤྭ་རི་སིཾ༔ ཨོཾ་ཤྲཱི་མ་ལ་གྷ་ན་གྷ་བྱ་རཾ་སིདྡྷི་ཧཱུྃ་ཿ ཞེས་པ་འདི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་ཚར་ལྔ་ཞིག་དགོས་སོ༔ བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་བྱོན༔ མངྒ་ལཾ།།


CMR028_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནིང་བཟློག་མདོས་ཟིན་བྲིས་བསྡུས་པ་བཞུགས་སོ། །རཏྣ་ལུགས་ཀྱི་མ་ནིང་གི་བཟློག་མདོས་འདི། རྒྱས་པར་བྱེད་ན་ནམ་མཁའ་ཤིང་རིས་སོགས་མདོས་ཆེན་བཅའ་བྱ་བ་ལེགས་ཀྱང་། དེ་ལྟར་མ་འཛོམ་ན་གཏོར་མདོས་ལ་བརྟེན་ཆོག་སྟེ། གཞུང་ལས་ཤིང་རིས་ནམ་མཁའ་སོགས་འདོན་ཆ་མ་གསུངས་པའི་ཕྱིར། དཔེར་ན་གསར་མའི་གདོང་ལྔ་དང་འདྲ་བས། རྒྱས་པར་ན་སོགས་མདོས་བསྡུས་ན་གཏོར་མས་ཆོག་པར་སྣང་ངོ་། །དེ་ལ་ཤིན་ཏུ་བསྡུས་པའི་ཕྱག་ལེན་ལ། ཀ་ཊོ་རའམ་ལྕགས་སྣོད་གཙང་མའི་ནང་དུ། གཙང་མའི་ཕུད་རྒོད་ཐང་ལུད་འདྲ་བས་ཕྱུར་བུར་བཀང་། དེ་ལ་འཇིམ་པས་ལེགས་པར་གཡོགས། དེ་ལ་རི་མོ་རི་རབ་བང་རིམ་བཞི་པའི་ཐེམ་སྐས་བཏོད། ཕྱོགས་བཞི་ཞི་རྒྱས་དབང་དྲག་གི་ཟླུམ་པོ། གྲུ་བཞི་ཟླ་གམ། གྲུ་གསུམ་བྲི། བར་མཚམས་ཁྲག་གི་ཐིག་ལེས་བཀང་། རི་རབ་སྟེང་ན་བྲུབ་ཁུང་གྲུ་གསུམ་གྱི་ཚུལ་བྲུས་པའི་ནང་ཟན་ལིང་གཅིག་བཞག །དེའི་སྟེང་དུ་དཔལ་གཏོར་ཟུར་གསུམ་རབ་གྲུ་གང་འབྲིང་རྐང་གང་། ཐ་མ་མཐོ་གང་། དེའི་མདུན་གཡས་དང་། མདུན་གཡོན་དུ། སྲོག་བདུད་དང་དཔལ་འབར་མ་གཉིས་ལ་དམར་གཏོར་


CMR028_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོའི་ཕྱེད་དུ་སླེབ་ཙམ་གཉིས། གཙོ་བོའི་ལོགས་བཞིར་དམར་གཏོར་གཙོ་བོའི་སུམ་གཉིས་སུ་སླེབ་ཙམ་བཞི་བྱས། དེ་རྒྱབ་དམར་གཏོར་ཆུང་བ་བརྒྱད། དེ་རྒྱབ་མཐེབ་སྐྱུ་མང་དུ་བཞག །ཤ་ཁྲག་དང་ལིངྒས་བརྒྱན། མདུན་ངོས་དེར་ངར་མི་གཙང་མ་གཅིག་དང་ཚངས་བུ་གཙང་མི་མང་ཞིག་བཞག །ཁྲག་གི་ཀོང་བུ་ཟུར་གསུམ་པ་བཅུ་གསུམ་མམ་གསུམ་ཡང་མཐར་སྐོར་དེར་བཞག་གོ །དེ་ནས་གཏོར་མ་ལྔ་ལ་གཙོ་བོ་ལྔ། གཞན་བང་རིམ་ལ་ཙཀྲི་སོ་སོར། མཐའ་བསྐོར་དུ་སོ་སོའི་ཙཀླུ་ཡོད་ན་བཙུགས། ཙཀྲི་མེད་ཀྱང་གཏོར་མས་ཆོག །བྱ་ནག་ལུག་ནག་སོགས་བསང་འབྲས་བཙུགས་ན་ཡང་བཟང་། མཐར་རྩང་གིས་བསྐོར། དབུས་སུ་མདའ་དར་ནག་པོ་བཙུགས། རྩང་དང་མདའ་དར་མེད་ཀྱང་མི་འགལ་ལོ། །དེ་ནས་ཡི་དམ་ཐུགས་སྒྲུབ་ཡིན་ན་ལེགས། གང་རུང་ཞིག་བཏང་ནས་མདོས་གཞུང་གི་མངོན་རྟོགས་འདོན། དེ་ནས་མ་ནིང་གི་ལས་བྱང་གི་སྤྱན་འདྲེན་ནས་བསྟོད་པ་ཡན་ཆད་འདོན་༔ དེ་ནས་མདོས་གསོ་བྲན་བྱས་ལ། གསོལ་ཁ་བཅོལ་གཏམ་འདོན། ཡང་གསོས་ལ་བསྐང་བ་འདོན། དེ་ནས་ཟན་ལིང་ལ་འགུགས་གཞུག་བསྒྲལ་ལས་རྒྱས་བསྡུས་གང་


CMR028_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ཞིག་བྱས་ལ། ལིང་རོ་དང་ཤ་དུམ་གྱིས་མདོས་གསོ། བདུད་རྩིས་བྲན་ལ་མདོས་གཞུང་འདོན་ཏེ། ཟོར་ལས་མ་གཏོགས་ཚང་བར་བཏོན། འབོད་རྦད་བསད་གསུམ་བཟློག་སྔགས་སྦྲེལ་བ་ཅི་ལྕོགས་བཟླས། བསྡུ་ན་བཅོལ་གཏམ་དང་བསྐང་བ་གཉིས་མ་བཏོན་ཀྱང་རུང་ངོ་། །དེ་ལྟར་ཞག་མང་ངམ་ཉིན་རྫོགས་ཀྱང་རུང་སྟེ། ཚར་དུ་ཐོན་བྱས་ལ། འབུལ་ཁ་གསེར་སྐྱེམས་གཞན་གང་རུང་ལྟར་ཕུལ། དཀར་གཏོར་བསྔོས། མདོས་གཞུང་ཚར་གཅིག་ཚར་ནས། མདོས་ཁ་ཕྱིར་བསྒྱུར་ལ་བསྐུལ་བྱང་དམ་བདར་མ་འདོན། །དེ་ནས་མདོས་གཞུང་གི་ཟོར་ལས་དེ་བཏོན་ལ་ཕྱོགས་ལེགས་པར་བརྩིས་ལ། ཕུལ་རྒྱུ་བསྐུར་རམ། གལ་ཆེ་ཟོར་དུ་འཕང་བར་བྱའོ། །ཡང་མངོན་རྟོགས་མདོས་གཞུང་འདི་ཉིད་ལྟར་བྱེད་ནས་སྤྱན་འདྲེན་མཆོད་བསྟོད་རྣམས་དཀྱུས་ལྟར་བྱས་ལ། གནམ་ཆོས་ཀྱི་མདོས་གཞུང་དང་འདི་གཉིས་ཀ་བཏོན་ཀྱང་རུང་སྟེ། གཏོར་མ་ཡིན་པས་ལར་ཆོས་སྐྱོང་གི་རིགས་ཐམས་ཅད་ཀྱི་བཟློག་པ་ཐམས་ཅད་ལས། མ་ནིང་གི་བཟློག་པ་འདི་ཟབ་སྟེ། ལྷ་འདི་ནི་ཕ་རོལ་གང་གིས་ཀྱང་བཟློག་ཏུ་མེད་པའི་ཕྱིར་རོ། །ལྷ་གཞན་གྱི་བཟློག་པ་ནི་ཡང་བཟློག་གིས་ཚུར་


CMR028_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཟློག་ལ། འདི་ནི་ཚུར་བཟློག་མི་སྲིད་པའོ། །ཞེས་རཱ་ག་ཨ་སྱས་ཉེར་མཁོས་ཟིན་བྲིས་བསྡུས་པ་བྱས་པ་སྤྱི། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཡེ་ཤེས་མགོན་པོའི་ལོ་རྒྱུས།


CMR028_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མགོན་པོའི་ལོ་རྒྱུས་བཞུགས། །


CMR028_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་ཀཱ་ལ་ཡེ། བླ་མ་དང་སྤྱན་རས་གཟིགས་དབྱེར་མེད་པའི་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །འདིར་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་གྱི་ལོ་རྒྱུས་ནི། ངོ་བོ་དབྱེ་བ་སྐྱེ་རྒྱུད་དང་། རྒྱུད་མན་ངག་གསུངས་ཚུལ་བརྒྱུད་པའི་ལོ་རྒྱུས་སོ། །དང་པོ་ངོ་བོ་ནི་འཕགས་པ་སྤྱན་རས་གཟིགས་དངོས་ཡིན་ཏེ། འཕགས་པ་རིན་ཆེན་དཔུང་རྒྱན་གྱི་རྒྱུད་ལས། བར་སྣང་ལྷ་རྣམས་ཀྱིས་ནག་པོ་ཆེན་པོ་ལ་བསྟོད་པ་ལས། བསྐལ་པ་གྲངས་མེད་འདས་པའི་སྔོན་རོལ་ནས། །མཐའ་ཡས་ཚོགས་རྫོགས་མངོན་པར་སངས་རྒྱས་ཀྱང་། །ཐུགས་རྗེའི་དབང་གིས་འགྲོ་བའི་དོན་མཛད་


CMR028_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

པ། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་དང་། ཕ་རོལ་ཕྱིན་བཅུ་སྤྱོད་པས་ས་བཅུའི་གཙོ་བོ་མཛད། །ས་བཅུའི་གཙོ་བོ་མཛད་པས་ཆོས་ཀྱི་ཅོད་པན་མཛེས། །མགོན་པོ་སྤྱན་རས་གཟིགས་ཏེ་ཐུགས་རྗེའི་མངའ་བདག་ཅན། །ནག་པོ་ལྷ་མཆོག་ཁྱོད་ལ་བསྟོད་དེ་གུས་པར་ཕྱག་འཚལ་ལོ། །ཞེས་དང་། དཔལ་མགོན་པོའི་གཟུངས་གནོད་སྦྱིན་དྲེགས་པ་འདུལ་བ་ཞེས་བྱ་བ་རྟ་ནག་ཞོན་པ་གཙོ་འཁོར་བསྟོད་པ་ལས་མགོན་པོ་ལ་བསྟོད་པ། མགོན་པོ་སྤྱན་རས་གཟིགས་ཏེ་ཐུགས་རྗེའི་དབང་ཕྱུག་ཅན། །ཡོན་ཏན་རླབས་མངའ་འཇིག་རྟེན་ཀུན་གྱི་


CMR028_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས། །ཞེས་དང་། སྲོག་གི་འཁོར་ལོའི་རྒྱུད་ལས། སྤྱན་རས་གཟིགས་ཀྱིས་མགོན་པོ་ལ་ཕྱག་འཚལ་ཞིང་བསྟོད་པ། བསྐལ་པ་གྲངས་མེད་པ་ཡི་སྔོན་རོལ་ན། །མཐའ་ཡས་མངོན་པར་རྫོགས་པར་སངས་རྒྱས་ཀྱང་། །ཐུགས་རྗེའི་དབང་གིས་འགྲོ་བའི་དོན་མཛད་པ། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ཅེས་དང་། རྒྱུད་དེ་གཉིས་ལས་མགོན་པོར་ཕྱག་ན་རྡོ་རྗེས་བསྟོད་པ། ཕ་རོལ་ཕྱིན་བཅུ་སྤྱོད་པས་ས་བཅུའི་གཙོ་བོ་མཛད། །ས་བཅུའི་མགོན་པོ་ལགས་པས་ཆོས་ཀྱི་ཅོད་པན་མཛེས། །མགོན་པོ་སྤྱན་རས་གཟིགས་ནི་ཐུགས་རྗེའི་མངའ་བདག་ཅན། །ཞེས་གསུངས། གསང་བ་སྙིང་གི་འཁོར་ལོའི་རྒྱུད་ལས་ཀྱང་། །མགོན་པོ་ནག་པོ་ཞེས་བྱ་བ། །རྣལ་འབྱོར་ཀུན་གྱི་མགོན་གྱུར་ཡིན་། །ངོ་བོ་ཡེ་ཤེས་སྤྲུལ་པ་ཡིན། །ཡེ་ཤེས་སྐུ་སྟེ་རྡོ་རྗེ་ཆེ། །ཞེས་གསུངས་པ་དང་། རྒྱུད་དེ་ཉིད་ལས། བཅོམ་ལྡན་འདས་དཔལ་མགོན་པོ་ནག་པོ་ཞེས་བྱ་བ་གསང་བའི་ཡུམ་དང་བཅས་པ། ཞེས་གསུངས་པ་ལྟར། རྒྱུད་མེ་ལྕེ་ཕྲེང་བའི་དབུའི་འགྱུར་ཕྱག་ལ་ཡང་། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནག་པོ་


CMR028_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དང་། ཐབས་ཅིག་པ་ལ་ཕྱག་འཚལ་ལོ། །ཞེས་དང་། གྲུབ་ཆེན་ཀརྨ་པས། དཔལ་མགོན་བེར་ནག་དང་མིང་ཡོངས་སུ་གྲགས་པའི་ཀརྨ་པ་གཉིས་ཐ་དད་མེད་པར་ཁྱེད་རྣམས་ཀྱིས་ཤེས་སམ་མི་ཤེས། ཞེས་གསུངས་པ་དང་། ཞྭ་དམར་མཁའ་སྤྱོད་དབང་པོས་མཛད་པའི་མགོན་པོ་མངོན་འབྱུང་གི་རྒྱུད་དུ་ཡང་། བླ་མ་རྒྱལ་བ་མ་ལུས་པ། །འཇིགས་བྱེད་ཆེན་པོ་ཁྱོད་ལ་བཏུད། །སྤྲུལ་པ་ཀུན་ཏུ་སྤྲུལ་པ་སྟེ། །དེ་སླད་རྟག་ཏུ་ཁྱོད་བསྟེན་ནོ། །ཞེས་གསུངས་པས་ན། མགོན་པོ་འདིའི་ངོ་བོ་ནི་འཕགས་པ་སྤྱན་རས་གཟིགས་དངོས་ཡིན་ནོ། །གཉིས་པ་དབྱེ་བ་ནི། སྤྱིར་མགོན་པོ་འདི་ལ་གྲི་གུག་མ་ཞེས་བྱ་བ་ཡིན་ཏེ། བེར་མེད་པའི་གྲི་གུག་ཅན་སྐོར་གསུམ་དང་། བེར་ནག་ཅན་སྐོར་གསུམ་དྲུག་ཏུ་གཏན་ལ་འབེབས་དགོས་པར་མཚུར་ཕུ་འཇམ་དབྱངས་ཆེན་པོས་གསུངས་ལ། ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་བེར་ནག་ཅན་དང་། ལས་ཀྱི་མགོན་པོ་སྲས་མཆོག་བེར་ནག་ཅན་དང་། འཇིག་རྟེན་མགོན་པོ་བེར་ནག་ཅན་གསུམ་སྟེ། འཇིག་རྟེན་མགོན་པོ་བེར་ནག་ཅན་ནི། གཟི་བརྗིད་ཅན་དང་། བདུད་ནག་པོ་ཐོད་ཕྲེང་ཅན་རྟ་ནག་པོ་རྟིང་དཀར་


CMR028_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞོན་པ་ཞལ་གཅིག་ཕྱག་གཉིས་གཡོན་ཐོད་ཁྲག །གཡས་གྲི་གུག་གི་མདུང་དར་རམ་ཁྲམ་ཤིང་གང་རུང་འཛིན་པ་ཅན་ཏེ་དོན་ལ་ཏྲཀླད་ཡིན་པར་འཇམ་དབྱངས་ཆེན་པོས་བཞེད་དོ། །དེ་བཞིན་དུ་ལེགས་ལྡན་དང་གྲི་གུག་དང་ཏྲཀཱད། སྟག་ཞོན། དོན་ངོ་བོ་ལ་གཅིག་པར་རྒྱུད་རྣམས་ལ་གསལ་ལོ། །དེའི་དོན་སྙིང་གི་འཁོར་ལོའི་རྒྱུད་ལས། མགོན་པོ་ནག་པོ་ཞེས་བྱ་བ། །རྣལ་འབྱོར་ཀུན་གྱི་མགོན་གྱུར་ཡིན། །ངོ་བོ་ཡེ་ཤེས་སྤྲུལ་པ་ལས། །ཡེ་ཤེས་སྐུ་སྟེ་རྡོ་རྗེ་ཆེ། །དེ་ལས་སྤྲུལ་པ་དཔལ་འབར་བ། །དམ་པ་ཆོས་ཀྱི་སྲུང་མ་སྟེ། །རྡོ་རྗེ་སྙིང་པོའི་ལུང་བསྟན་ནས། །བསྟན་པ་འདི་ལ་མངོན་སངས་རྒྱས། །ལས་ཀྱི་ཕོ་ཉ་མངག་པ་སྟེ། །བདུད་རྒྱལ་ལ་སོགས་འཇིགས་པའི་འཁོར། །ལས་ཀྱི་མགོན་པོ་ཞེས་སུ་བརྗོད། །ཅེས་གསུངས་པས། ལས་མགོན་དང་འཇིག་རྟེན་མགོན་པོ་བདུད་རྒྱལ་ཏྲཀཱད། དེ་ཡང་ཡེ་ཤེས་མགོན་པོ་དེ་ཡི་སྤྲུལ་པ་ཡིན་ཏེ། མགོན་པོའི་གཟུངས་གནོད་སྦྱིན་དྲག་པོ་འདུལ་བ་ལས། ཏྲཀཱད་ཀྱི་བསྟོད་པ་ལས། མགོན་པོ་སྤྱན་རས་གཟིགས་ཏེ་ཐུགས་རྗེའི་དབང་ཕྱུག་ཅན། །ཞེས་གསུངས་པ་དང་། རྒྱུད་མེ་ལྕེ་ཕྲེང་བ་ལས། ཆིབས་སུ་དཔའ་བོ་


CMR028_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་ལ་ཆིབས། །ཞེས་སྟག་ཞོན་ལེགས་ལྡན་གཅིག་པར་གསུངས་ཤིང་། སྲོག་གི་འཁོར་ལོའི་རྒྱུད་ལས་ཀྱང་། ལེགས་ལྡན་རྟ་ནག་ལ་ཞོན་ནས་ལྷ་མ་ཡིན་བཏུལ་བའི་ལོ་རྒྱུས་འབྱུང་བས། ཀྐད་ཀྱི་རྒྱུད་ལས་མགོན་པོ་ལེགས་ལྡན་ནག་པོ་རྩ་བའི་རྒྱུད་ཅེས་བྱ་བར་བྱུང་བ་དང་། ལེགས་ལྡན་དང་སྲས་མཆོག་ནག་པོ་དང་འཇིག་རྟེན་མགོན་པོ་དྲེགས་བྱེད་བེར་ནག་ཅན་དང་གསུམ་པོ་ཡང་ལས་ལ་ཆེས་མ་ཆེས་ཀྱི་ཁྱད་པར་ཅན་ཙམ་ལས་མ་གཏོགས་ཐུགས་རྒྱུད་དང་ངོ་བོ་གཅིག་ཡིན་པར་རྒྱུད་རྣམས་ལས་གསལ་ལོ། །འོན་ཀྱང་བླ་མ་ཡི་དམ་ལྟར་སྒྲུབ་པ་དང་། ཆོས་སྐྱོང་ལས་མཁན་ལྟར་སྒྲུབ་པ་དང་། གཅིག་ལྷ་ལྟར་སྒྲུབ་པ་སོགས་སྒྲུབ་ལུགས་ཀྱི་ཁྱད་དང་། བསམ་པའི་ཁྱད་དང་། སྔགས་ཀྱི་ཁྱད་ཀྱིས་རྩུབ་མི་རྩུབ་སོགས་སོ་སོར་བསམ་པ་དང་མཐུན་པར་འབྱུང་བ་སྟེ། དཔེར་ན་ནོར་བུ་སྣ་ཚོགས་མདོག་ལྟ་བུ་ཡིན་པར་མངོན་ནོ། །གཉིས་པ་མགོན་པོ་འདིའི་བྱུང་ཁུངས་སྐྱེ་རྒྱུད་ནི། །སྔོན་གྱི་དུས་ན་རི་རབ་ཀྱི་ལྷོ་ཕྱོགས་དུར་ཁྲོད་གཏུམ་པའི་གྲགས་པ་ཞེས་བྱ་བ་ན། སྲིན་པོའི་རྒྱལ་པོ་ཡཀྵ་ཧེ་རི་ཞེས་བྱ་བ་རྫུ་འཕྲུལ་དང་ལྡན་པ་ཞིག་ཡོད་པ་དེས། རྒྱལ་ཆེན་རིགས་བཞིའི་ལྷའི་རྒྱལ་


CMR028_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བུ་མོ་ཞིག་བརྐུས་ནས་དུར་ཁྲོད་དུ་ཁྲིད་དེ་དབང་མེད་དུ་སྤྱད་ནས་ཟླ་བ་བདུན་ནས་སྲིན་པོ་ཆེའི་དུས་བྱས་སོ། །དེར་ལྷའི་བུ་མོ་དེ་ལ་སྲིན་པོའི་བུ་ཞུགས་པས་ལྷ་གཞན་གྱིས་མ་འདོད་དེ། སྲིན་པོའི་ཕྲུ་གུ་ཞིག་སྐྱེས་ཏེ། མོ་རང་གིས་ལུས་རྒྱན་ནོར་བུ་རིན་པོ་ཆེ་བཀྲོལ་ནས། གླིང་བར་གྱི་ཉ་པ་ལས་ཉ་ཤ་དང་རྒུན་ཆང་སྒོག་གཙོང་ཉོས་ནས་བུ་གསོས་སོ། །བུ་དེ་མྱུར་དུ་ཚར་ནས་གཟུགས་བཟང་ཞིང་མངོན་ཤེས་དང་ལྡན་པ་ཞིག་བྱུང་སྟེ། རྒྱུ་འགགས་ནས་ཚོགས་བདག་ག་ན་པ་ཏི་དང་། ལྷ་མོ་དཔལ་འབར་གཉིས་ལས་མ་ཧཱ་དེ་ཝ་འཁྲུངས་པར་ཡང་བཤད་དོ། །ཡང་བུ་དེས། ད་ངེད་རང་མ་བུ་འདིར་བསྡད་ན་རོ་ལངས་ཀྱིས་བསད་འོང་། དུར་ཁྲོད་འདིའི་ལྷོ་ཕྱོགས་ན་རི་མངོན་པར་འཕགས་པ་ཞེས་བྱ་བ་ལ། དགེ་སློང་བདེ་ལྡན་དཔའ་བོ་ཞེས་བྱ་བ་འཕགས་པ་འཇམ་དབྱངས་ཀྱི་སྐུའི་སྤྲུལ་པ། ཉིན་ཉིན་ཐོས་ཀྱི་ཆ་ལུགས་ཀྱིས་རྣམ་པར་མི་རྟོག་པ་བསྒོམ། མཚན་རུས་རྒྱན་གསོལ་ནས་དུར་ཁྲོད་དུ་མཁའ་འགྲོ་མའི་ཚོགས་དཔོན་མཛད་པ་དངོས་གྲུབ་དང་རྫུ་འཕྲུལ་སྣ་ཚོགས་ལ་མངའ་བརྙེས་པ་ཞིག་བཞུགས་པས་དེར་འགྲོའོ་ཟེར་ནས་མ་བུ་གཉིས་དེར་ཕྱིན། ལྷ་མོ་དེས་ལུས་ཀྱི་རྒྱན་ནོར་བུའི་སེ་མོ་དོ་


CMR028_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲོལ་ནས་ཕུལ། ཕྱག་འཚལ་ཞིང་སྐྱབས་ཞུས་ནས་དངོས་གྲུབ་གནང་བར་ཞུས་སོ། །དེར་སློབ་དཔོན་དེས་ཆོས་ཉིད་ཀྱི་དོན་བཤད་རྫུ་འཕྲུལ་མཐུ་ཡིས་དབང་བསྐུར་བས་།མ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས། བུས་ནི་རྫུ་འཕྲུལ་སྣ་ཚོགས་དབང་བསྐུར་ཞིང་གདུག་པ་ཅན་འདུལ་བ་ལ་མངའ་བརྙེས་ཏེ། ལུས་སྤྲུལ་བསྒྱུར་དཔག་ཏུ་མེད་པ་དང་ཞབས་བརྡབས་པས་ས་གཞི་རི་རབ་གཡོ་ནུས་པར་གྱུར་ཏོ། དེར་སློབ་དཔོན་གྱིས་དེ་ལ་གསང་བའི་དབང་བསྐུར། སྐལ་ལྡན་དཔའ་བོ་རྫུ་འཕྲུལ་འགྲུབ་པར་མཚན་བཏགས་བ་ནས་། དུར་ཁྲོད་ཀྱི་མཁའ་འགྲོ་མ་རྣམས་ཀྱི་དཔོན་དུ་བསྐོས། གདུག་པ་ཅན་འདུལ་བའི་གཉེར་གཏད་ནས། སློབ་དཔོན་དང་ལྷའི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གཉིས་རྡོ་རྗེ་དང་དྲིལ་བུར་གྱུར་ཏེ། ཆོས་ཀྱི་དབྱིངས་སུ་སངས་རྒྱས་ནས་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ལ་གཤེགས་སོ། །དེར་སྐལ་ལྡན་དཔའ་བོས་རྒྱལ་ཚབ་མཛད་དེ། མཁའ་འགྲོ་མ་རྣམས་ལ་ཆོས་སྟོན་ཅིང་། མཁའ་འགྲོ་མ་རྣམས་ཀྱིས་ཕྱག་དང་མཆོད་པ་བྱེད་དེ། དེར་རེ་ཞིག་ན་མཁའ་འགྲོ་མ་ཟས་ཚེལ་དུ་དུར་ཁྲོད་རྣམས་སུ་སོང་བ་ན་སློབ་དཔོན་གཅིག་པུ་བཞུགས་པའི་ཚེ་


CMR028_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ན། སྐལ་ལྡན་དཔའ་བོས་རྫུ་འཕྲུལ་ཆེན་པོ་བསྟན་ཏེ། ཞལ་ཕྱག་མང་པོར་སྤྲུལ་ནས་གར་མཛད་པས་རི་རབ་གླིང་བཞི་དང་བཅས་གཡོ་ཞིང་ལྡེག་པར་གྱུར་ནས། དེ་ལྟ་བུའི་རྫུ་འཕྲུལ་དེ་ལྷ་དབང་བརྒྱ་བྱིན་གྱིས་མཐོང་ནས། །མ་ཀི་སྤྱན་དྲངས་ནས་ལྷའི་དམག་དཔོན་བྱས་ན་ལྷ་མ་ཡིན་གྱི་གཡུལ་བཟློག་སྙམ་ནས། ལྷ་དབང་ཙན་ཏི་ཀའི་བུ་མོ་ལྷ་མོའི་ཨུ་མ་ཞེས་བྱ་ན་སྡུག་པ་ཞིག་ཡོད་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཏེ། ཁྱོད་སོང་ལ་སྐྱེས་བུ་རྫུ་འཕྲུལ་ཅན་དེ་སློང་ལ་ཤོག །སྤྱན་མ་དྲངས་ཀྱི་བར་ལ་ཁྱོད་མ་འོངས་པར་སྡོད་ལ་གསོལ་བ་ཐོབ་ཅིག་ཅེས་བསྒོས་སོ། །དེ་ནས་ལྷ་མོ་དུར་ཁྲོད་དུ་སོང་ནས་ལོ་རྒྱུས་བསྙད་ཅིང་འབྱོན་པར་ཞུས་ཀྱང་། ངེད་མཁའ་འགྲོ་མ་རྣམས་ཀྱི་ཚོགས་དཔོན་ཡིན་ཟེར་ནས་མཁའ་འགྲོ་མ་རྣམས་ཀྱིས་མ་གནང་ངོ་། །དེར་ལྷ་མོ་དེ་དེར་རྒྱུན་དུ་བསྡད་ནས་མཆོད་པ་བྱས་པ་ལས། མཁའ་འགྲོ་མ་རྣམས་དུར་ཁྲོད་དུ་ཟས་ཚོལ་དུ་སོང་བའི་ཚེ་ལྷ་མོ་སྐལ་ལྡན་དཔའ་བོས་རོལ་ནས་བུ་སྲིང་གཉིས་བྱུང་སྟེ། བུ་མོ་ལ་དུར་ཁྲོད་ཀྱི་དུང་གི་མགུལ་དོ་གཅིག་བཏགས། མིང་དཔལ་ལྡན་དུང་སྐྱོང་མར་བཏགས།་བུ་ལ་ནི་རུས་པའི་རྒྱན་ཐོད་པའི་ཕྲེང་བ་བྱས་ཏེ་བརྒྱན་པས། ལེགས་


CMR028_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཐོད་ཕྲེང་ཅན་དུ་བཏགས་སོ། །དེ་གཉིས་ཀ་ཉི་ཤ་དང་། རྒུན་ཆང་སྒོག་གཙོང་ཤ་ཁྲག་རུས་པས་རྐན་ཕབ་སྟེ་གསོས་སོ། །དེའི་དུས་སུ་ལྷ་མ་ཡིན་གྱི་ལྷའི་ཡུལ་འཕྲོག་ནས། རིན་ཆེན་སྣ་ལྔའི་གྲོང་ཁྱེར་སུམ་བརྩེགས་ལྔ་མཆིས་ཀྱང་བཤིགས་ཐབས་མེད་ཅིང་སྒོ་དམ་པ་དེ། །ལྷའི་ཁང་བཟང་བས་ཀྱང་དཔག་ཚད་གཅིག་གིས་མཐོ་བ་གཅིག་ལྷ་མ་ཡིན་གྱིས་ལྷ་ཡུལ་དུ་བརྩིགས་ནས། ལྷའི་ཡུལ་གཏན་ནས་ཤོར་ལ་ཁད་པ་དང་། བརྒྱ་བྱིན་གྱིས་པི་ཝཾ་གིས་བརྡས་བསྐུལ་ནས། ལྷ་ཡུལ་ཤོར་ལ་ཁད་ཟེར་བའི་སྒྲ་ལྷ་མོ་ཨུ་མས་ཐོས་ཏེ། སྐལ་ལྡན་དཔའ་བོ་བསྐུལ་ནས་མཁའ་འགྲོ་མ་རྣམས་ལ་གསང་སྟེ། ཞག་བདུན་འབྱོན་པར་བརྒྱ་བྱིན་ལ་པི་ཝཾ་གི་སྒྲས་བརྡ་བཏང་སྟེ། ལྷའི་དབང་པོ་ལྷའི་འཁོར་མང་པོ་དང་བཅས་པས་ཤིང་རྟའི་འཁོར་ལོ་མང་པོ་ཁྱེར་ཏེ་ལྷ་ཡུལ་དུ་སྐལ་ལྡན་དཔའ་བོ་ཡུམ་བཅས་སྤྱན་དྲངས་སོ། །ཆོས་བཟང་ལྷའི་འདུན་སར་ཕྱག་བྱས་སོ། །དེ་ཡང་དུར་ཁྲོད་ཀྱི་གནས་ནས་ལེགས་ལྡན་ནག་པོ་ཐོད་ཕྲེང་ཅན། མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཞལ་བསྒྲད་མཆེ་བ་གཙིགས་པ། དར་ནག་གི་འཇོལ་བེར་དང་གསེར་སྐྱེད་རིན་ཆེན་བཅིང་བ། ཕྱག་


CMR028_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ན་པར་བུ་བསྣམས་པ། ལྕམ་མོ་དུང་སྐྱོང་མ་ནག་མོ་རེ་ལྡེ་དང་གླང་ཀོ་གྱོན་ཅིང་ཤཀྟི་ཐོགས་ལ་ཡབ་སྐལ་ལྡན་དཔའ་བོ་དྲང་སྲོང་ཤང་དཀར་བདེ་བྱེད་ཡུམ་ཨུ་མ་དང་བཅས་པ་སྤྱན་དྲངས་ཏེ། ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མ་ཧཱ་ཀཱ་ལ་ཆེ། །ཞེས་སོགས་ལྷ་རྣམས་ཀྱིས་གདུང་བའི་དབྱངས་བླངས་པས། རང་དབང་མེད་པར་འཁོར་དང་བཅས་པ་བྱོན་ནོ། །དེ་ནས་རྣམ་པར་རྒྱལ་བའི་ཁང་བཟང་དུ་བརྒྱ་བྱིན་གྱིས་ཉི་ཟླ་པདྨའི་གདན་ཕུལ། སྐུ་མདོག་སྔོ་ནག་དབྱར་གྱི་ཆར་སྤྲིན་འདྲ། །ཞེས་སོགས་ཀྱིས་བཞུགས་སུ་གསོལ། ཧཱུྃ། མཉམ་མེད་ཐུགས་མངའ་གཏུམ་ཆེན་མེ་ལྟར་འབར། །ཞེས་སོགས་ཆོས་བཟང་གི་འདུན་སར་ལྷ་རྣམས་ཀྱིས་ཕྱག་འཚལ་ལོ། །དེ་ནས་ལྷའི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་ཀྱིས། དགའ་བའི་ཚལ་དུ་ཕྱི་ཡི་མཆོད་པ་བྱས། རྩུབ་འགྱུར་གྱི་ཚལ་དུ་ཆང་གི་མཆོད་པ་དང་། ནང་གི་མཆོད་པ་བྱས་ཏེ། ལེགས་ལྡན་ནག་པོ་ལ་གསོལ་ལོ། །ལྷའི་གནོད་སྦྱིན་ལ་གསོལ། གསེར་སྐེད་རིན་ཆེན་ལ་གསོལ། དར་ནག་རལ་ག་ཅན་ལ་གསོལ། །ཞེས་དང་། སྐྱེས་བུ་ཆེན་པོ་ལ་གསོལ། ལྷ་མོ་ནག་མོ་དུང་སྐྱོང་མ་ལ་གསོལ་ལོ། །ཞེས་སོགས་མཆོད་པས་མཉེས་


CMR028_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །འདྲིས་པའི་ཚུལ་དུ་མཚོན་དང་མཁོ་བའི་མཆོད་པ་ཕུལ། ཤིང་ཡོངས་འདུའི་རྩེར་ལྷའི་བུ་མོ་བྱེ་བ་ཁྲག་ཁྲིག་གིས་མཆོད་པ་སྣ་ཚོགས་ཕུལ་ནས། དམ་རྫས་གཏོར་མ་འདི་གསོལ་ལ། །ལྷ་ཆེན་དམག་སྣ་བཟློག་ཏུ་གསོལ། །ཞེས་སོགས་མཆོད་པ་བྱས། དེ་ནས་རྡོ་ཨ་མོ་ལི་ཀའི་སྟེང་དུ་ལྷའི་བུ་བྱེ་བ་ཁྲག་ཁྲིག་གིས། གཏོར་མ་དང་བདུད་རྩི་ལྔའི་མཆོད་པ་བྱས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྣམ་པར་རྒྱལ་བའི་ཁང་བཟང་དུ་མཆོད་པ་བྱས་སོ། །དེ་ནས་ཆོས་བཟང་ལྷའི་འདུན་སར་ལེགས་ལྡན་ལྷ་རྣམས་ཀྱི་དཔོན་དུ་མངའ་གསོལ། ལྷའི་བུ་རྣམས་ཀྱིས་ལེགས་ལྡན་ལ་དར་ནག་གི་བེར་གསོལ། ཨ་ག་རུའི་དུད་པ་བདུག །ཕྱག་མང་པོ་ཕུལ་ནས་ཞུ་བ་བྱས། ཙན་དན་གྱི་བེང་དང་། མཚོན་ཆ་རུ་མཚོན་མང་པོ་ཐོགས་ནས་ལྷ་རྣམས་ཀྱི་དམག་དཔོན་བྱས་སོ། །བུ་མོས་ནི་ལྷའི་བུ་མོ་རྣམས་ཀྱི་དམག་དཔོན་བྱས་སོ། །མ་མོས་ནི་ལྷ་མོ་རྣམས་ཀྱི་དམག་དཔོན་བྱས་སོ། །དེ་ནས་ཕྱག་ན་རྡོ་རྗེས་བྱིན་གྱིས་རླབས་ཏེ་ལེགས་ལྡན་ནག་པོ་ཆེན་པོས་བུ་མོ་ཙ་མུན་ཊི་དང་རོལ་པ་ལས། ལྷ་དམག་བྱེ་བ་སྟོང་ཕྲག་བྱུང་སྟེ་ལྷ་མིན་འདུལ་ཞིང་དམ་ཚིག་ཅན་གྱི་སྡོང་གྲོགས་


CMR028_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ། །དེ་ནས་སྐརྨ་རྒྱལ་གྱི་ཉིན་མོར་རྩུབ་འགྱུར་ཚལ་དུ་འདུས་ནས། ལྷ་རྣམས་ཀྱིས་མགོན་པོ་ལེགས་ལྡན་ནག་པོ་ཐོད་ཕྲེང་ཅན་ལ་དམག་དཔོན་དུ་མངའ་གསོལ་བས། དཀོན་མཆོག་གསུམ་གྱི་མངའ་གསོལ་ཕྱིར། །ཁྲིམས་ཀྱི་ཆ་ལུགས་གསུམ་དང་ལྡན། །ཞེས་སོབ་ས་མངའ་གསོལ་རྒྱས་པར་བྱས་སོ། །དེ་ནས་ལྷ་རྣམས་ཀྱིས། དཀོན་མཆོག་གསུམ་པོ་གཟུ་དང་དཔང་། །ཞེས་སོགས་དཀོན་མཆོག་གསུམ་དང་། ལྷ་ལ་གཟུ་དཔང་རྒྱས་པར་བྱས་ནས། ལེགས་ལྡན་ཐོད་ཕྲེང་ཅན་གྱི་འཁོར་བྱང་ཕྱོགས་གནོད་སྦྱིན་བརྒྱད་ཁྲི་བརྒྱད་དུ་སྤྲུལ་ནས་སྔོན་ལ་འགྲོ་བ་ལྷོ་ཕྱོགས་ཀྱི་གཤིན་རྗེ་བརྒྱད་སྟག་གཟིག་དོམ་དྲེད་དུ་སྤྲུལ་ནས་ཕྱི་ན་འབྲང་ཞིང་ལྷ་མིན་བརླག་པར་མཛད། དེ་ནས་ལྷ་རྣམས་ཀྱིས་ཐ་ཚིག་གནད་ནས་དྲག་ཏུ་བསྐུལ་ནས་རྦད་པས། ལྷ་མ་ཡིན་འགྲས་པའི་ཚུལ་དུ་འཐབ།་ལྷ་མིན་གྱི་གཡུལ་བཟློག་ནས། གྲོང་ཁྱེར་སུམ་བརྩེགས་ཀྱི་གྲོང་གི་ཡང་རྩེར་བྲོས་སོ། །དེར་གྲོང་ཁྱེར་སུམ་བརྩེགས་དེ་ནི་ཤིན་ཏུ་བཙན་པ་ལ་ཁྱབ་འཇུག་གི་མཐུ་བསྟན་པས་ཐབས་མ་རྙེད་དེ།་ཡབ་སྐལ་ལྡན་དཔའ་བོ་ཤང་དཀར་བདེ་བྱེད་ལ་ཞུས་པས་ཕྱིའི་རྒྱ་མཚོ་འཕར་འདེབས་ལྕགས་རི་རྡོ་རྗེ་ཕ་ལམ་


CMR028_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་དང་རྒྱ་མཚོའི་ལྦུ་བ་དང་རྡོ་སོལ་རྣམས་ཀྱིས་བརྒྱན་ན་ཐུབ་གསུངས་པས། །དེར་ལེགས་ལྡན་གྱིས་དེ་ནས་ཞག་བདུན་ནས་གྲོང་ཁྱེར་སུམ་བརྩེགས་བཤིག་གོ་ཞེས་ཕྲེང་བསྐུར་བས། ལྷ་མིན་རྣམས་སྡུག་བསྔལ་ནས་སྐྲག་ཅིང་ཡོད་ཙ་ན། ལེགས་ལྡན་གྱི་རྫུ་འཕྲུལ་གྱིས་རྫས་དེ་རྣམས་བླངས་ནས་ཁ་ཊྭཱཾ་གྱི་རྩེ་ལ་སྦྱར་ནས་ཁང་པ་ལ་བརྒྱབས་པས། གྲོང་ཁྱེར་ཡོ་ཀ་མ་ཤིགས་པར་ཁ་ཊྭཱཾ་བརྒྱབས་པས་ཐམས་ཅད་ཟངས་ཐལ་དུ་ཕུག་གོ །དེ་ནས་ལེགས་ལྡན་གྱིས། ད་རེས་ངས་བལྟས་ཙམ་ཡིན་གྱིས། དེ་བས་ལྷག་པ་མཚོན་ཡོད་པས་ད་ནི་ཞག་བདུན་ན་བཤིག་གསུངས་པས། ཞག་བདུན་གྱི་ནངས་པར་ཁྱབ་འཇུག་གི །ཁར་ཉིན་ཡང་དེ་དུ་བཤིགས། ད་དེ་བས་ཀྱང་འཇིགས་པའི་མཚོན། འོ་ངེས་ཟེར་བ་དང་། ཁོང་འོང་བའི་སྔོན་བསུ་ནས་འཁོར་བསམ་འཐབས་ཀྱིས། ད་ལན་རལ་གྲི་བསམ་ཆོད། འཁོར་ལོ་ཕོག་ཆོད། མདའ་གོ་ཆ་ཅིས་ཀྱང་མི་བརྟན་པ་རི་བོ་མཆོག་རབ་ཀྱང་ཕུག་པའི་མདུང་། དུང་སྲིད་པ་གསུམ། དུ་དྲག་ཆོད་རྣམས་ཡོད། ཁོ་ལག་ཆ་འདི་མེད་པས། ང་ཕམ་མི་སྲིད། གལ་ཏེ་ཕམ་ན་ངས་དུང་ལན་གསུམ་འབུད་ཀྱིས། གྲོང་ཁྱེར་སུམ་


CMR028_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་དེ་ང་རང་རྣམས་ཀྱིས་ཤིག་ཅིག །ཁོས་བཤིགས་ནས་སྙིང་མི་དགའ་ཟེར་ནས། ཁྱབ་འཇུག་འོང་བའི་ལམ་དུ་ལེགས་ལྡན་གྱི་བྲག་ཤིན་ཏུ་སྐྲག་ཅིང་རྒྱ་ཆེ་དཔངས་མཐོ་བ་སུལ་དང་སེར་ག་མེད་ཅིང་སྐོར་ཐབས་མེད་པའི་རྩ་བར་ཆུ་ཤིན་ཏུ་ཆེ་བ་རབས་མེད་པ་རྦ་དྲག་ཅིང་སྐོར་ཐབས་མེད་ཅིང་རྒྱུན་རིང་བ་གཅིག་གི་བར་དུ། ལམ་ཕྲེང་སྤྲེང་བ་གཅིག་ལས་མེད་པར་སྤྲུལ་ལམ་དེར་རྒན་མོ་མིག་གིས་མི་མཐོང་བ་རྣ་བས་མི་ཐོས་པ་གཅིག་ཏུ་སྤྲུལ་ནས་བསྡད་རྩ་ན། ཁྱབ་འཇུག་བྱུང་ནས་རྒན་མོ་ཡར་གཟུར་ཟེར། རྒན་མོས་ཁྱོད་སུ་ཡིན་བྱས་པས་ང་ཁྱབ་འཇུག་ཡིན་ཟེར་འཇིག་རྟེན་ཁམས་ན་ང་ཐུབ་པ་ཡོད་དམ་ཟེར། ཁྱོད་ཁྱབ་འཇུག་ཡིན་ན་ཁོ་ལ་དཔའ་རྟགས་ཀྱི་ཕྱག་རྒྱ་ལྔ་ཡོད་པ་ཡིན་པ་དེ་ཁྱོད་ལ་ཡོད་དམ། ཁྱོད་ཁྱབ་འཇུག་ཀྱང་ཡིན་ནམ་བྱས་པས། ང་ལ་དཔའ་རྟགས་ལྔ་པོ་ཡོད་ཟེར། ཡོད་ན་དུང་བུས་དང་བྱས་པས། ཁོས་དུང་བུས་བྱས་པས་ངས་མ་ཐོས། ཁྱབ་འཇུག་ཁྲོས་ནས་དུང་དྲག་པ་ཞིག་བུས་པས། རྒན་མོས་ན་རེ་ཁྱོད་ལ་དུང་འདུག་སྟེ་ཁྱབ་འཇུག་གི་དུང་མིན། ཁྱབ་འཇུག་གི་དུང་ཡིན་ན་སྲིད་པ་གསུམ་དུ་ཐོས་པ་ཡིན་སྐད། ཆེན་པོ་ཡོད་པ་ཡིན་སྨྲས་པས། ཁྱབ་འཇུག་གིས་རྒན་


CMR028_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་རྣ་བ་ལ་གཏད་ནས་དྲག་པོ་གཅིག་བུས་པས། དེར་དུང་སྐད་ལན་གསུམ་ཚང་བས། ཁྱབ་འཇུག་ཕམ་པར་གོ་ནས་ལྷ་མ་ཡིན་རྣམས་ཀྱིས་རང་གི་གྲོང་ཁྱེར་སུམ་བརྩེགས་རྩ་བ་ནས་བཤིགས་ནས་རྫིང་མེད་པར་བྱས་སོ། །དེར་ལྷ་མ་ཡིན་ལ་རྟེན་མེད་པར་བྱས་ནས་ཁྲོས་ཏེ་རི་རབ་ཁོང་སེང་ནས་ཐོན་ཏེ་རྒྱ་མཚོའི་ཀླུ་ལ་སྐྱབས་ཚོལ་ནས། །ལྷ་མ་ཡིན་རྣམས་ཕུང་ཞིང་བརླག་པར་མཛད་དོ། །དེ་ནས་ལྷ་རྣམས་དགའ་ནས་རྣམ་པར་རྒྱལ་བའི་ཁང་བཟང་དུ་འཚོགས་ནས། ཡབ་ཤང་དཀར་བདེ་བྱེད་དང་མགོན་པོ་མ་ཧཱ་ཀཱ་ལ་ལེགས་ལྡན་། ནག་པོ་ཐོད་ཕྲེང་ཅན་ལ་གཏང་རག་མཆོད་པ་ཆེན་པོ་བྱས་སོ། །དེའི་ཚེ་ཡབ་སྐལ་ལྡན་དཔའ་བོས་སྲས་ལ་བསྟོད་པ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཏུལ། །བྱི་ན་ཡ་ཀའི་ཀླད་ཁྲག་འཐུང་། །གྲོང་ཁྱེར་སུམ་བརྩེགས་འཇིགས་བྱེད་པའི། །མགོན་པོ་ཁྱོད་ལ་བདག་བསྟོད་དོ། །ཞེས་བསྟོད། །ལྷ་རྣམས་ཀྱིས་བསྟོད་ཅིང་ཕྱག་དང་བཀུར་སྟི་ཆེན་པོ་བྱས་སོ། །དེ་ནས་ཡབ་སྐལ་ལྡན་དཔའ་བོ་ཞེས་ཀྱང་བྱང་ཤང་དཀར་བདེ་བྱེད་ཅེས་བྱ་བ་དེ་ནི། མ་ཧཱ་དེ་ཝ་ག་ན་པ་ཏི། ལྷ་ཆེན་པོ་ཚོགས་ཀྱི་བདག་པོ་ལྷའི་སྡེ་དཔོན་ཆེན་པོ་དྲག་པོ། ཡབ་ལྷ་


CMR028_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དུ་གྱུར་ནས་ལྷ་དཀའ་ཐུབ་ལ་གནས་པར་འགྱུར་རོ། །དེ་ནས་ལེགས་ལྡན་དང་དུང་སྐྱོང་མ། ལྷའི་ཟས་དཀར་གསུམ་ལ་མི་དགའ་ནས། ཕ་མས་རྐན་ཕབ་པའི་ཤ་ཁྲག་རྒུན་ཆང་སྣ་རྩང་ལ་དགའ་ནས་དུར་ཁྲོད་དུ་བྱོན། དེར་ལྷ་རྣམས་ཀྱིས་པི་ཝཾ་གི་བརྡ་སྤྱད་ནས་རོལ་མོ་དབྱངས་སྙན་མོས་མཆོད་པ་ལས། ཉ་སྟོང་དུས་དྲུག་ལ་ལན་རེ་འབྱོན་པར་ཁས་བླངས་ནས་བཞུགས་པར་མ་གནང་སྟེ། སྔོན་གྱི་དུར་ཁྲོད་མ་རྣམས་ཀྱི་ཚོགས་དཔོན་དུ་གྱུར་ཏེ། མཁའ་འགྲོ་མ་རྣམས་ཀྱིས་མཆོད་པ་བྱེད་དོ། །དེའི་ཚེ་སྲིང་མོ་དུང་སྐྱོང་མ་ཁྲག་རུལ་འདོད་ནས། ཁྲག་རུལ་གྱི་དྲིལ་གར་དུ་ཕྱིན་པས། སྲིན་པོ་ལང་ཀ་སྤུ་རིའི་ཕུག་ཏུ་ཕྱིན་ནོ། །དེར་སྲིན་པོ་ལང་ཀ་མགྲིན་བཅུའི་ཁྲག་རུལ་ཟངས་གང་བཀོལ་བ་འཕྲད། ཁྲག་བསླང་པས་ཕོར་གང་ན་པས་ཁྲག་གིས་མྱོས་ཏེ་མིག་དམར་པོ་གྱུར་ནས་གཉིད་ལོག་པ་ནས་སྲིན་པོས་རྐང་པ་ལྕགས་སུ་བཅུག་སྟེ་ཆགས་པ་བསྐྱེད་དོ། །དེར་གཉིད་སད་ནས་ངའི་ཆུང་མ་བྱའོ་འདིར་འདུག་ཅིག་ཟེར་ནས། ཁོ་ཤ་ཁྲག་གི་ཟས་ཚོལ་དུ་སོང་བས། དེའི་ཚེ་ལྷ་མོས་སྲིན་པོའི་རལ་གྲི་ཟངས་ཡག་བླངས་ནས་ལྕགས་སྒྲོག་བཅད། སྲིན་ཟངས་ཁལ་བརྒྱ་ཤོང་བ་ཆུས་བཀང་ནས་འདུག་


CMR028_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་བཀོལ་བའི་ནང་དུ། ཁོའི་སྲིན་ཕྲུག་ལྔ་བརྒྱ་འདུག་པ་དེ་བཙོས་ནས་བསད། སྲིན་གྱི་རལ་གྲི་ཁྱེར་ཏེ་བོང་བུ་གྲྭ་དམར་ཞོན་ནས་བྲོས་པས། ཕྱི་མིག་བལྟས་པས་སྲིན་པོ་བྱུང་སྟེ་མྱུར་དུ་བྲོས་པས། མིང་པོ་ལེགས་ལྡན་གྱི་མདུན་དུ་སླེབ་པ་དང་། སྲིན་པོ་ཡང་སྲིན་གླང་དམར་པོར་བརྫུས་ཏེ་བྱུང་བས་མིང་པོ་ལ་ནེའུ་རྒྱབ་པས། མིང་པོ་ལེགས་ལྡན་གྱིས་ནེའུ་ལེའི་ལྟག་པ་བཅད། དུང་སྐྱོང་མའི་ལག་གི་རལ་གྲི་དེ་བླངས་ནས། སྲིན་གླང་གི་མགོ་བོ་བཅད། སྲིན་པོ་ལང་ཀ་པུ་རང་གིས་གྲོང་ཁྱེར་བརླགས་པར་བྱས་སོ། །དེའི་ཚེ་སྲིན་མོ་དུང་སྐྱོང་མས་མིང་པོ་ལ་བསྟོད་པ། ལང་ཀ་མགྲིན་བཅུའི་མགོ་བོ་བཅད། །མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས། སྲིན་པོའི་ཡ་མགལ་མ་མགལ་སྒྲའི་སྔ་རུ་དང་ཕྱི་རུ། ལྤགས་པའི་སྒྲ་གཡོགས་རྒྱུ་མའི་གོང་སྨད་གློ་ནན་བྱས། ནེའུ་ལེ་ནོར་གྱི་རྐྱལ་བུ་དང་རལ་གྲི་ལྷ་མོས་ཕྱག་བྱས་སོ། །དེའི་ཚེ་མགོན་པོ་ལྕམ་དྲལ་ལ་དུར་ཁྲོད་ཀྱི་མཁའ་འགྲོ་མ་རྣམས་ཀྱིས། དུར་ཁྲོད་ཀྱི་ཤ་ཁྲག་གིས་རྒྱུན་དུ་མཆོད་པ་བྱས་པས་དུར་ཁྲོད་ཀྱི་རོ་ཐམས་ཅད་ཟད་དོ། །དེ་རྒྱ་གར་གྱི་གྲོང་ཁྱེར་སུམ་བརྩེགས་ཀྱི་མི་རྣམས་ལ་མཁའ་འགྲོ་མ་


CMR028_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཁ་རླངས་ཀྱི་དུག་བཏང་བས། མི་ཐམས་ཅད་རིམས་ནད་ཀྱིས་ཤི་བར་གྱུར་ནས། དེ་དག་གིས་རོ་ཐམས་ཅད་ནག་པོ་ཆེན་པོ་ལྕམ་དྲལ་ལ་མཆོད་པ་བྱས་སོ། །དེའི་ཚེ་ཡུལ་དེའི་རྒྱལ་པོ་ཚངས་པས་བྱིན་དེ་བྱ་རྒོད་ཕུང་པོའི་རི་ལ་སོང་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་རིམས་ནད་བཅད་པར་ཞུ་བ་ཕུལ་བ་ལས། བཅོམ་ལྡན་འདས་ཀྱི་དབུ་གཙུག་ནས་གདུགས་དཀར་མོ་བཏོན་ཏེ། དབུ་དང་ཕྱག་དང་ཞབས་ནམ་མཁའ་གང་ཞིང་འོད་ཟེར་དཀར་པོ་དང་བཅས། ཨོཾ་སརྦ་ཏ་ཐཱ་ག་ཏོརྞཱི་ཥ་སི་ཏ་ཏ་པ་ཏྲེ་ཧཱུྃ་ཧཱུྃ། ཞེས་སྒྲ་དང་བཅས་ནས་ནག་པོ་ཆེན་པོའི་ཐད་དུ་རྡོ་རྗེ་འཆང་ཆེན་པོར་སྤྲུལ་ནས། ནག་པོ་ཆེན་པོས་དེའི་གཟི་བརྗིད་མ་བཟོད་ནས། བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ནས་ཕྱག་འཚལ་ཞིང་སྐྱབས་གསོལ་ནས། །སྲོག་གི་སྙིང་པོ་ཕུལ་ནས་བསྟན་པ་བསྲུང་བར་དམ་བཅས་སོ། །དེར་གཙུག་ཏོར་གདུགས་དཀར་མོ་ཡང་བཅོམ་ལྡན་འདས་ཀྱི་སྤྱི་བོར་ནུབ། གྲོང་ཁྱེར་གྱི་རིམས་ནད་ཐམས་ཅད་ཀྱང་ཆོད༔ དེ་ནས་བཅོམ་ལྡན་འདས་ཀྱིས་མགོན་པོ་ལ་བཀའ་བསྒོས་ཤིང་། གཉེར་གཏད་པ། སངས་རྒྱས་ཆོས་དང་དགེ་འདུན་གསུམ། །དམོད་པར་བྱེད་པ་བརླག་པར་གྱིས། །ས་


CMR028_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལམ་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་སྲུང་སྐྱོབ་ཅིང་། །དམ་ཚིག་ལྡན་པ་ཅན་དེ་སྲུངས། །དབེན་གནས་སྒོ་ཕྲོག་ཆོས་སྐོར་སྨོད། །བསྟན་པའི་སྤྱི་གྲར་གྱུར་པ་དང་། །དམ་ཚིག་ཅན་གྱི་རྣལ་འབྱོར་པ། །སྒོས་ཀྱི་དགྲ་བོས་དེད་པ་དང་། །ལོག་ལམ་ཞུགས་པ་ཀུན་ཀྱང་སྒྲོལ། །ལེགས་ཉེས་སྟངས་བཟུང་དམ་ཚིག་རྗེས་གཅོད་ཅིང་། །སྲིད་པའི་རྩེ་ནས་སོ་ཚུགས་བྱ་ར་ཡིས། །ཞེས་གསུངས་སོ། །དེར་མགོན་པོས་གསོལ་པ། ཁྱེད་ཀྱི་བཀའ་ལས་མི་འདའ་བར། །བདག་གིས་བཅོལ་བའི་ཕྲིན་ལས་སྒྲུབས། །གལ་ཏེ་དམ་ལས་འདས་པ་ན། །བདག་ཉིད་ཀྱང་ནི་བརླག་པར་འགྱུར། །སྔགས་པ་དམ་ལས་འདས་གྱུར་ན། །སྒྲུབ་པོ་ཉིད་ཀྱང་རླག་པར་བྱེད། །དེ་ཕྱིར་དམ་ལས་མ་འདའ་ཞིག །ཅེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་འཆང་ཆེན་པོའི་སྐུར་བཞེངས་ནས་ཧཱུྃ་གི་སྒྲ་དང་བཅས་པས་མགོན་པོའི་སྲོག་སྔགས་རྣམས་གསུངས་པས། འཁོར་ཐམས་ཅད་རྒྱལ་པོ་སླར་ཐུགས་ཀའི་འོད་ཟེར་གྱིས་དྲེགས་པ་ཐམས་ཅད་བརྒྱལ་སང་ནས། མགོན་པོ་ལ་རྡོ་རྗེ་འཆང་གིས་བཀའ་བསྒོས་པ། མ་འོངས་ཕྱི་མའི་དུས་ཀྱི་ཚེ། །ཁྱོད་ཀྱིས་


CMR028_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་བསྟན་པ་སྲུངས་། །དམ་ཚིག་ཉམས་པའི་བདུད་དུ་ཕོབ། །མནའ་ཟན་རྣམས་ཀྱི་ཚེ་སྲོག་ལོངས། །དམ་ཆོས་སྤྱོད་པའི་དཔལ་མགོན་གྱིས། །ཁྲོ་བོ་རྣམས་ཀྱི་ཡང་རྩེ་གྱིས། །རྣལ་འབྱོར་འཁོར་སྐྱོང་དགྲ་བླ་གྱིས། །དམ་ཚིག་ཅན་གྱི་གྲོགས་གྱིས་ཤིག །ཅེས་གསུངས་ནས་དབང་བསྐུར་བྱིན་བརླབས་ནས་ལྕེ་ལ་དབང་གི་བདུད་རྩི་བྱིན་ནོ། །དེ་ནས་མགོན་པོས་པུས་བཙུགས་ཐལ་མོ་སྦྱར་ནས། སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་ཐམས་ཅད་ཀྱི་གྲོགས་བྱ་བར་དམ་བཅས་ཏེ། དཀོན་མཆོག་བསྟན་པ་བདག་གིས་སྲུངས། །དམ་ཚིག་ཅན་གྱི་སྡོང་གྲོགས་བྱེད། །དམ་ཉམས་རྣམས་ལ་ཆད་པ་ཆོད། །གཙུག་ལག་ཁང་གི་དཀོར་སྲུངས་ཤིང་། །མགོན་མེད་རྣམས་ཀྱི་མགོན་བྱའོ། །ཞེས་ཐ་ཚིག་ཕུལ། བཞི་པ་མགོན་པོ་བེར་ནག་ཅན་སྐོར་གསུམ་གྱི་རྒྱུད་གསུངས་ཚུལ་ནི། བཅོམ་ལྡན་འདས་དུར་ཁྲོད་བསིལ་བའི་ཚལ་དུ་ནག་པོ་ཆེན་པོ་འཁོར་མ་མོའི་ཚོགས་དང་བཅས་པ་ལ་ཆོས་སྟོན་པའི་ཚེ་ནག་པོ་ཆེན་པོ་ཉིད་ཀྱིས་ཞུས་པའི་ངོར། རྒྱུད་དུར་ཁྲོད་ནག་པོ་ལེའུ་བཅུ་གཉིས་པ་གསུངས་ཏེ། བླ་མ་ནག་པོ་རོ་ལངས་དང་། ལོ་ཙཱ་བ་གྱི་ལྗང་ཨུ་གར་གྱིས་བོད་དུ་བསྒྱུར། རྒྱུད་དེའི་


CMR028_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཕྱི་མ་འཕགས་པ་རིན་ཆེན་དཔུང་རྒྱན་གྱི་རྒྱུད་ནི་མགོན་པོ་ཉིད་ཀྱིས་གསུངས་ཏེ། ལེའུ་བཅུ་དྲུག་དུམ་བུ་གསུམ་པའོ། །འདི་ལ་རྒྱ་སྐད་དང་འགྱུར་བྱང་མ་བྱུང་སྟེ་གི་རྒྱུད་ཀྱི་རྒྱུད་ཕྱི་མ་ཡིན་པའི་དོན་ནོ། །བཅོམ་ལྡན་འདས་བྱང་ཆུབ་ཤིང་དྲུང་ན་བཞུགས་པའི་ཚེ་མགོན་པོ་ཉིད་ལ་ཕྱག་འཚལ་ཞིང་། གཟུངས་སྔགས་ཕུལ་བ་མགོན་པོ་གཟུངས་སྔགས་དང་། དེ་དང་འབྲེལ་བ་འཇིག་རྟེན་པའི་སྐུའི་ཆ་ལུགས་སྔགས་བསྟོད་པ་དང་བཅས་པ་དཔལ་མགོན་པོའི་གཟུངས་གནོད་སྦྱིན་དྲག་པོ་འདུལ་བ་ཞེས་བྱ་བ། བལ་དྷི་བ་སུ་རྣ་མ་ཏི་དང་ལོ་ཙཱ་བ་ཆོས་ཀྱི་ཁང་བཟང་པོས་འགྱུར་རོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དུར་ཁྲོད་བསིལ་བའི་ཚལ་ནག་པོ་ཆེན་པོ་དང་བེ་ཏ་ལི་སོགས་འཁོར་བདུད་དང་མ་མོའི་ཚོགས་ཀྱིས་མཆོད་ཅིང་བཞུགས་པའི་ཚེ། ཕྱག་ན་རྡོ་རྗེས་ཞུས་པའི་ངོར། ལེགས་ལྡན་ནག་པོ་རྩ་བའི་རྒྱུད་ཅེས་ཀྱང་བྱ། མགོན་པོ་ནག་པོ་ཏྲཀཱད་རྒྱུད་ཅེས་ཀྱང་བྱ། ནག་པོ་སྲོག་མེད་ཀྱི་རྒྱུད་ཅེས་ཀྱང་བྱ། གཅེར་བུ་ནག་པོའི་རྒྱུད་ཅེས་ཀྱང་བྱ། བདུད་མགོན་ནག་པོའི་རྒྱུད་ཅེས་ཀྱང་བྱ། དུར་ཁྲོད་གསང་བའི་རྒྱུད་ཅེས་ཀྱང་བྱ་བ་གསུངས་འདི་ལ་ལེའུ་བཅུ་དགུ་སྟེ་འགྱུར་


CMR028_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་རྣམས་མི་སྣང་ངོ་། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་རྡོ་རྗེ་གདན་དུ་བདུད་བཏུལ་དུར་ཁྲོད་བསིལ་བའི་ཚལ་ཤིན་ཏུ་འཇིགས་པའི་གནས་སུ། རིགས་གསུམ་མགོན་པོ་དང་མ་ཧཱ་ཀཱ་ལ་ལེགས་ལྡན་ནག་པོ་དང་། མངག་པ་ལས་ཀྱི་མགོན་པོ་རྟ་ནག་ཅན་སོགས་འཁོར་དཔག་ཏུ་མེད་པ་དང་བཅས་ཏེ་བཞུགས་པའི་ཚེ། ཕྱག་ན་རྡོ་རྗེས་ཞུས་པའི་ངོར་མགོན་པོ་སྲོག་གི་འཁོར་ལོའི་རྒྱུད་གསུངས་ཏེ། ལེའུ་ཉི་ཤུ་རྩ་བདུན་པོ་རྒྱ་གར་གྱི་མཁན་པོ་བ་སུ་རྡ་ར་དང་། སྐྱིད་ལོ་ཙཱ་བས་བསྒྱུར། བཅོམ་ལྡན་འདས་དུར་ཁྲོད་བསིལ་བའི་ཚལ་དུ་འཁོར་མང་པོ་དང་བཅས་ཏེ་བཞུགས་པའི་ཚེ། མགོན་པོ་ཉིད་ཀྱིས་ཞུས་པའི་ངོར་མེ་ལྕེ་ཕྲེང་བའི་རྒྱུད་གསུངས་ཏེ། རྒྱུད་འདི་ལ་ལེའུ་བཞི་བཅུ་ཞེ་དྲུག་ཡོད་ཅིང་། རྒྱ་གར་གྱི་མཁན་པོ་དྷ་ན་སཾ་སྐྲྀ་ཏ་དང་། ལོ་ཙཱ་བ་པ་གོར་བེ་རོ་ཙ་ནས་བསྒྱུར་བའོ། །བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོ་ལྕང་ལོ་ཅན་གྱི་ཕོ་བྲང་ན་འཁོར་མང་པོ་དང་ཐབས་ཅིག་ཏུ་བཞུགས་པའི་ཚེ། དྲེགས་པ་འདུལ་བའི་ཏིང་ངེ་འཛིན་ལ་བཞུགས་པས་དེའི་དུས་ན། བཅོམ་ལྡན་འདས་དཔལ་མགོན་པོ་ནག་པོ་ཞེས་བྱ་བ་གསང་བའི་ཡུམ་དང་བཅས་ཕོ་ཉ་ལས་མཁན་དང་བཅས་དེ་ཉིད་དུ་ལྷགས་ཏེ། རང་


CMR028_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་སྲོག་གི་སྙིང་པོ་ཕུལ་བ་ལ་བརྟེན་ནས། གནོད་སྦྱིན་རྣམ་ཐོས་སྲས་ཀྱིས་གསང་བའི་བདག་པོ་ལ་ཞུས་པའི་ངོར། དཔལ་མགོན་པོ་ནག་པོ་གསང་བ་སྙིང་གི་འཁོར་ལོ་དུར་ཁྲོད་ཆེན་པོ་འབྱུང་བའི་རྒྱུད་གསུངས་ཏེ། འདི་ལ་ལེའུ་རྟོགས་པ་བདུན་ཏེ། བལ་པོའི་རྒྱལ་པོ་བ་སུ་རྡ་ར་དང་། བོད་ཀྱི་བན་དེ་ཁྲི་བཙུན་འབར་ལ་གཏད་པའི་རྒྱ་དང་བཅས་པའོ། །རྒྱུད་འདིའི་རྒྱུད་ཕྱི་མ་འཁོར་སྡེ་བརྒྱད་ཀྱི་ཕྱི་རྒྱུད་དང་བཅས། ལེའུ་བཅོ་ལྔ་སྟེ། བལ་ཡུལ་གྱི་རྒྱལ་པོ་པཎྜི་ཏ་བ་སུ་དྷ་རེས། བོད་ཀྱི་བན་དེ་ཁྲི་བཙུན་རྣམས་ཀྱིས་བསྒྱུར་ཞིང་ཞུས་པའོ། །གཞན་ཡང་མགོན་པོ་འདི་གཙོ་བོར་བཏོན་པའི་རྒྱུད། དཔལ་ནག་པོ་ཆེན་པོ་དྲག་པོའི་བསྟན་པ་དུར་ཁྲོད་ཆེན་པོའི་རྒྱུད་དང་། ནག་པོ་ཆེན་པོའི་རྒྱུད་ལེའུ་ལྔ་བཅུ་པ་དང་། ནག་པོ་སྲོག་རྒྱུད་དང་། ཤིང་ཀ་རའི་རྒྱུད་དང་། བེང་ཆེན་བརྩེགས་པའི་རྒྱུད་དང་། གྲི་གུག་བརྩེགས་པའི་རྒྱུད་དང་། གསང་བ་ནག་པོའི་རྒྱུད་རྣམས་ཀྱང་པཀྴི་གསུངས་ཤིང་། མགོན་པོ་ཕྱག་བཞི་པ་གཙོ་བོར་བཏོན་ཅིང་མགོན་པོ་གྲི་གུག་མ་ཞོར་ལ་གསུངས་པའི་རྒྱུད་ནི་མཐའ་ཡས་པ་ཞིག་ཡོད། ལྔ་པ་རྒྱུད་དེ་དག་ལ་བརྟེན་པའི་མན་ངག་ནི། །


CMR028_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཀླུ་སྒྲུབ་དང་ཨོ་རྒྱན་རིན་པོ་ཆེ་དང་དྷ་ན་སཾ་ཀྲྀ་ཏ། ཌོམྦྷི་ཧེ་རུ་ཀ་རྣམས་ཀྱིས་རིགས་མི་འདྲ་བ་དུ་མ་ཞིག་མཛད། བོད་དུ་སྔ་ཕྱི་བར་གསུམ་དུ་ཅི་རིགས་པར་འགྱུར་ཞིང་། དེ་ཡང་ཀླུ་སྒྲུབ་ནས་བརྒྱུད་པ་ལ་གྲི་གུག་མ་དང་གུར་དུ་གྲགས། ཨོ་རྒྱན་ནས་བརྒྱུད་པ་ལ་ཏྲཀཱད་མ་ནིང་དང་། དྷ་ན་སཾ་ཙཱ་ཏ་ལས་བརྒྱུད་པ་སྔ་འགྱུར་ལ་མགོན་པོ་ཚོགས་བདག་དང་། ཕྱི་འགྱུར་ལ་ཏྲཀཱད་དུ་གྲགས། ཌོམྦྷི་ཧེ་རུ་ཀ་ལས་བརྒྱུད་པ་ལ་བེར་ནག་ཏུ་གྲགས་ཏེ། དེ་ཐམས་ཅད་མདོར་ན་རྒྱུད་གཅིག་ཅིང་ངོ་བོ་གཅིག་པ་སྟེ། མགོན་པོ་ལེགས་ལྡན་ནག་པོ་ཉིད་ཡིན་པར་བཤད་དེ། རིན་ཆེན་དཔུང་རྒྱན་ལས། སྤྲུལ་པ་རྣམ་པ་མང་པོའི་ཚོགས་དང་བཅས། །ཅི་འདུལ་ཐབས་ཀྱིས་མཚོན་ཆ་ཀུན་དང་བཅས། །ཞེས་གསུངས་པ་དང་། གྲུབ་ཆེན་ཀརྨ་པས། མགོན་པོ་ཐམས་ཅད་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་བེར་ནག་ཅན་འདིའི་སྤྲུལ་པ་དང་ཡང་སྤྲུལ་ཡིན་ཅིང་། མགོན་པོ་ལེགས་ལྡན་འདི་ལས་འཕྲོས་གསུངས་སོ། །མགོན་པོ་འདི་ཤིན་ཏུ་སྟོབས་དང་རྫུ་འཕྲུལ་ཆེ་བ་སྟེ། རྒྱུད་མེ་ལྕེ་ཕྲེང་བ་ལས། བཅོམ་ལྡན་འདས་ཀྱིས་མགོན་པོ་ནག་པོ་ལ་བཀའ་སྩལ་པ། སྐྱེས་བུ་ཁྱོད་ཀྱི་མཐུ་རྩལ་ནི། །སྲིད་པ་


CMR028_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་བྱོལ་འདེབས་ཤིང་། །ཁམས་གསུམ་དབང་དུ་སྡུད་པར་བྱེད། །འདོད་ཁམས་དཀྲུག་ཅིང་ཟིལ་གྱིས་གནོན། །སྟོང་གསུམ་གཞན་དུ་འཕེན་པར་བྱེད། །འབྱུང་བ་ཀུན་གྱི་རྒྱུན་ལམ་གཅོད། །རྒྱ་མཚོ་ཆེན་པོ་ཧུབ་ཀྱིས་འདེབས། །རི་བོ་ལྟོ་རུ་ཟ་བར་བྱེད། །དགྲ་བགེགས་འབྱུང་པོ་ཚར་གཅོད་ཅིང་། །ཁྱོད་ཀྱི་གད་མོ་བགད་པས་ནི། །གཤེ་བའི་གད་མོས་ལྷ་རྣམས་བརྒྱལ། །བདུད་དང་མུ་སྟེགས་དངངས་བར་བྱེད། །ཤི་ལ་ཐུག་པར་བརྒྱལ་བར་འགྱུར། །ངོ་མཚར་གད་མོས་དབང་དུ་སྡུད། །མ་མོའི་ཚོགས་ཀྱང་ཡིན་པར་འཕྲོག །ཧཱུྃ་སྒྲས་ཁམས་སུམ་དབང་དུ་སྡུད། །ཕཊ་ཀྱིས་སྟོང་གསུམ་དུས་གཅིག་སྒྲོལ། །ཕེ་ཕོ་ཕེ་གྱིས་འཇིག་རྟེན་གཡོ། །གཡོ་བ་ཐམས་ཅད་དབང་དུ་སྡུད། །བང་གི་སྟོབས་ནི་གློག་དང་འདྲ། །སྟོང་གསུམ་དུས་གཅིག་ཁྱབ་པར་འཕྲོ། །མངོན་ཤེས་ལྔ་དང་རབས་ལྡན་ཞིང་། །རྫུ་འཕྲུལ་སྣ་ཚོགས་རབ་བསྟན་ནས། །འགྲོ་བ་ལོག་རྟོག་སྒྲོལ་བར་བྱེད་། །མཁའ་འགྲོ་ཀུན་གྱི་གཙོ་བོ་སྟེ། །དུར་ཁྲོད་ཀུན་གྱི་བདག་པོ་སྟེ། །ལྷ་ཆེན་ཚོགས་ཀྱི་བདག་པོ་སྟེ། །ཞིང་སྐྱོང་དཔའ་བོའི་དམག་དཔོན་བྱེད། །གཤིན་རྗེ་བདུད་ཀྱི་རྗེ་བོ་


CMR028_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། །ལྷ་ཀླུ་གནོད་སྦྱིན་ཀུན་ཀྱང་ཁྲོལ། །དེ་ལྟར་དཔལ་ལྡན་དད་དཔོན་ཁྱེད། །ཅེས་གསུངས་སོ། །རིན་ཆེན་དཔུང་རྒྱན་ལས། གང་ཚེ་ཅི་ཡིས་འདུལ་བ་ཤེས་པ་པོ། །ཅི་དང་ཅིས་འདུལ་སྤྲུལ་པས་ཤེས་པ་སོགས། །ཞེས་གསུངས་པ་དང་། སྲོག་གི་འཁོར་ལོའི་རྒྱུད་ལས། མགོན་པོ་ཉིད་ཀྱིས་སྨྲས་པ། ཨེ་མ་ཧོ། བདག་ཉིད་ཤིན་ཏུ་མི་སྲུན་པས། །སྲིན་པོ་རྣམས་ཀྱང་བྲན་དུ་ཁོལ། །ལྷ་མ་ཡིན་རྣམས་རླག་པར་བྱེད། །ལྷ་སྲིན་སྡེ་བརྒྱད་འཁོར་དུ་བཅས། །ལྷ་མ་ཡིན་གྱི་བུ་རྣམས་དང་། །སྲིན་མོར་བཅས་ཏེ་ཁས་བླངས་ནས། །སངས་རྒྱས་བསྟན་པ་སྲུང་དུ་བཅུག །ཅེས་གསུངས་སོ། མགོན་པོ་བེར་ནག་ཅན་གྱི་སྐྱེ་རྒྱུད་ལོ་རྒྱུས་རྒྱུད་མེ་ལྕེ་ཕྲེང་བ་སོགས་ལ་བརྟེན་ནས་ཨ་རཱ་གས་སྦྱར་བའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR028_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་གྱི་མཆོད་ཕྲེང་ཉུང་ངུར་བསྡུས་པ་བཞུགས་སོ།།


CMR028_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་དོ་ཊོཀ་ཊ་བྷེ་ར་ཝཱ་ཡ་སཾ་སཾ་སཾ་རུ་རུ་རུ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་སྭ་བྷ་ཝ་ཤུདྡྷཱ་སརྦ་དྷརྨསྭ་བྷ་ཝ་ཤུདྡྷོཉཧཾ། སྟོང་པའི་ངང་ལས། ཨ་ལས་ཐོད་པར་ཧཱུྃ་ཡིག་ནག་པོ་ལས། །མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་མཆོད་པའི་སྤྲིན། །རབ་འབྱམས་སྣང་སྟོང་ལྷ་རྣམས་མཉེས་བྱེད་གྱུར། །ཨོཾ་བཛྲ་ཨགྷཾ་ཨཱཧཱུཾ། བཛྲ་པུལླེ་ཨཱཿཧཱུྃ། བཛྲ་དྷ་པེ་ཨཱཿཧཱུྃ། བཛྲ་དཱི་པཾ་ཨཱཿཧཱུྃ། བཛྲ་གནྡྷེ་ཨཱཿཧཱུྃ༔ བཛྲ་ནེ་ཝི་དྱཨཱཿཧཱུྃ། བཛྲ་ཤཔྟ་ཨཱཧཱུཾ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་ཧཱུཾ། །ཁཾ་ལས་བྲག་སྟེང་དུར་


CMR028_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་བརྒྱུད་ཀྱི་དབུས། །ཧཱུྃ་ལས་གཞལ་ཡས་གྲུ་གསུམ་འབར་བའི་ནང་། །འཁོར་ལོ་བཞི་རིམ་ལྟེ་བར་པད་ཉི་ལ། །ཏི་ལས་རྫུ་འཕྲུལ་དྲེལ་རྟའི་གདན་གྱི་སྟེང་། །མ་ལསཾ་ལྷ་མོ་ཞལ་གཅིག་ཕྱག་བཞི་མ། །ཁ་ཊྭཱཾ་ཕུར་པ་མེ་ལོང་སྦྲུལ་ཞགས་བསྣམས། །བཙན་སྟབས་འཁྱིལ་བའི་སྟབས་ཀྱིས་བཞུགས་པའི་པང་། །ཧཱུྃ་ལས་མགོན་པོ་ཞལ་གཅིག་ཕྱག་གཉིས་པ། །མཐིང་ནག་སྤྱན་གསུམ་ལྗགས་འདྲིལ་མཆེ་བ་གཙིགས། །དབུ་སྐྲ་གྱེན་བརྫེས་གཡས་པས་གྲི་གུག་དང་། །གཡོན་གྱིས་ཐོད་ཁྲག་ཐོད་སྐམ་དབུ་རྒྱན་ཅན། །དུག་སྦྲུལ་རུས་པ་སྣ་ཚོགས་དར་


CMR028_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརྒྱན། །དར་ནག་འཇོལ་བེར་སྟག་གི་ཤམ་ཐབས་དང་། །མགོ་ཕྲེང་དོ་ཤལ་ཞབས་གཡས་བརྐྱང་བའི་གར། །གཡོན་པས་ཡུམ་ལ་འཁྲིལ་ཚུལ་འཇིགས་པའི་གཟུགས། །ཁམས་གསུམ་དབང་སྡུད་ཟིལ་གནོན་ཆེན་པོར་གྱུར། །འཁོར་ལོ་དང་པོར་འགུགས་བྱེད་སྙིང་ཁྲག་འཐུང་། །དབུགས་ལེན་སྲོག་བདག་དུར་ཁྲོད་འཇོམས་བྱེད་དང་། །ཁ་ལོ་སྒྱུར་བྱེད་གདུག་འདུལ་སྲེག་བྱེད་དེ། །རང་འདྲའི་ཡུམ་ཅན་གཙོ་བོ་ལྟ་བུའོ། །གཉིས་པར་དཔལ་འབར་འཆང་དང་རྣམ་ཐོས་སྲས། །དབང་ཕྱུག་འབར་བ་ལེགས་ལྡན་ཛམ་བྷ་ལ། །ཤུགས་ལྡན་དམ་ཅན་གཙུག་ཏོར་ལྗང་ལྷ་མགོན། །བརྟན་མ་ཆ་ལུགས་བཞོན་པ་སྣ་ཚོགས་ཅན། །གསུམ་པར་དབང་ཕྱུག་སྲིན་པོ་བདུད་གཤིན་རྗེ། །དགའ་བོ་ཁྱབ་མཇུག་བགེགས་རྒྱལ་ཏྲཀཱད་དེ། །འཇིགས་པའི་གཟུགས་ཅན་རང་འདྲ་བརྒྱད་རེས་བསྐོར། །བཞི་པར་སྤྱང་ཞོན་མ་བདུན་སྲིང་མོ་བཞི། །ཕུར་བུ་མ་བདུན་ནང་གི་འབར་མ་བཞི། །ཟངས་རལ་མ་བདུན་ཕྱི་རིམ་འབར་མ་བཞི། །མཚོན་འཁོར་མ་བདུན་དུས་ཀྱི་ལྷ་མོ་བཞི། །མ་བདུན་སྲིང་བདུན་མཛའི་བདུན་བྲན་མོ་བདུན། །དེ་ཡི་ཕྱི་རིམ་མཆེ་གཙིགས་ལས་


CMR028_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་མ། །མཆུ་འཇིབ་ཁ་འགལ་རིགས་མཐུན་འཁོར་གྱིས་བསྐོར། །ཀུན་གྱི་སྤྱི་བོར་ཨོཾ་ཡིག་དཀར་པོ་དང་། །མགྲིན་པར་ཨཱཿདམར་ཐུགས་ཀར་ཧཱུཾ་སྔོན་པོ། །མགོན་པོའི་ཐུགས་ཀར་ཟླ་བར་ཧཱུྃ་མཐིང་ནག །ལྷ་མོའི་ཐུགས་ཁར་ཉི་མར་བློ་སྔོན་པོ། །ས་བོན་རྣམས་ལས་འོད་འཕྲོས་བྱང་ཕྱོགས་ནས། །ཡེ་ཤེས་མགོན་པོ་སངས་རྒྱས་བྱང་ཆུབ་སེམས། །འཁོར་བཅས་མདུན་གྱི་ནམ་མཁར་གཤེགས་པར་གྱུར། །རྔ་འགྲིག་དབྱངས་དང་བཅས་པས་སྤྱན་འདྲེན་པ་ནི། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །དཔལ་ལྡན་མགོན་པོ་སྤྱན་འདྲེན་ནོ། །ཐུག་རྗེའི་ཐུགས་དམ་དབང་གིས་ནི། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཧཱུྃ། །མགོན་པོའི་ཐུགས་དམ་བསྐང་བ་དང་། །གཞན་གྱི་གནོད་པ་བཟློག་པ་དང་། །བདག་གིས་ལས་རྣམས་བསྒྲུབ་ཕྱིར་དང་། །རྒྱལ་བའི་བསྟན་པ་བསྲུང་སླད་དུ། །མགོན་པོ་ནག་པོ་སྤྱན་འདྲེན་ན། །འདུ་འབྲལ་མེད་པའི་༈ དབྱིངས་ཉིད་ལས། །ལྷ་ཆེན་དཔལ་འབར་སྤྱན་འདྲེན་གྱི། །ནག་པོ་ཆེན་པོ་གཤེགས་སུ་གསོལ། །ཧཱུྃ། །གཏུམ་ཆེན་དྲག་པོར་ཁྲོས་པ་སྲིན་པོའི་གཟུགས། །ནག་པོ་མི་


CMR028_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བཟད་མ་ཧཱ་ཀཱ་ལ་ནི། །དད་པ་དམ་ཚིག་དབང་གིས་སྤྱན་འདྲེན་ན། །ཐུགས་རྗེའི་དབང་གི་གནས་འདིར་གཤེགས་སུ་གསོལ། །བྷྱོ༔ བྱང་ཤར་ཆོས་དབྱིངས་ཕོ་བྲང་ནས། །བསྟན་པ་བསྲུང་ཕྱིར་སྐུ་སྤྲུལ་པ། །ཚུར་གཤེགས་ཚུར་གཤེགས་མ་ཚུར་གཤེགས། །དམ་ཚིག་དབང་གིས་མྱུར་དུ་བྱོན། །ཡོངས་འདུའི་ཤིང་ལ་རྟེན་བཅས་ཤིང་། །རྫུ་འཕྲུལ་མྱུར་མགྱོགས་དྲེལ་ལ་ཞོན། །དུར་ཁྲོད་ཉུལ་ཞིང་འཛམ་གླིང་བསྐོར། །མགྱོགས་བྱེད་ཆེན་མོ་གཤེགས་སུ་གསོལ། །ཁྲག་འཐུང་མ་མོའི་དཀྱིལ་འཁོར་ནས། །སྐྱེ་འགྲོ་ཡོངས་ཀྱི་དབུགས་ལེན་མ། །ཤ་ལ་དགའ་ཞིང་ཁྲག་ལ་རྔམས། །ཟ་བྱེད་ཆེན་མོ་གཤེགས་སུ་གསོལ། །ནག་མོ་མི་བཟད་རལ་པ་ཅན། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། །སྤྲུལ་པའི་མ་མོས་སྟོང་ཁམས་ཁྱབ། །རྫུ་འཕྲུལ་ཆེན་མོ་གཤེགས་སུ་གསོལ། །གྲངས་མེད་བསྐལ་པའི་གོང་རོལ་ནས། །ས་བརྒྱད་ནོན་པའི་སེམས་མ་ཁྱོད། །མི་སྡུག་གཟུགས་འཆང་སྲིན་མོའི་ཚུལ། །འཇིགས་བྱེད་ཆེན་མོ་གཤེགས་སུ་གསོལ། །ཧཱུྃ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཆོས་སྐྱོང་སྲུང་མའི་


CMR028_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །དབང་པོ་མེ་ལྷ་གཤིན་རྗེ་དང་། །བདེན་བྲལ་ཆུ་བདག་རླུང་གི་ལྷ། །གནོད་སྦྱིན་དབང་ལྡན་ཚངས་པ་དང་། །ཉི་ཟླ་གཟའ་སྐར་ས་བདག་སོགས། །བིཥྞུ་མ་མོ་གཤིན་རྗེ་དང་། །སྲིན་པོ་རོ་ལངས་གསོད་བྱེད་ཚོགས། །ཀླུ་དང་བདུད་མོ་འབྱུང་པོ་རྣམས། །གཏུམ་དྲག་འཇིག་རྟེན་ཕོ་ཉའི་ཚོགས། །རང་རང་གནས་ནས་འདིར་དགོངས་ལ། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ་དྷེ་ཝ་རཀཱ་ཛ༔ཧཱུྃ་བཾ་ཧོ༔ འདིར་ཤོག་འདིར་ཤོག །ཨ་གཙྪ་ཡ་ཨ་གཙྪཡ། ཧཱུཾ་ཡ་ཛ་ཧཱུཾ་ཡ་ཛ། ཨོཾ་མ་ཧཱ་ཀཱ་ལི་ཏྲག་རཀྵ་ཏི་ལཾ་ས་མཱ་ཡ་ཛ༔ཧཱུྃ་བཾ་ཧོ༔ ༈ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་དེ་ཝི་ས་པཱ་རི་ཝཱ་ར་ཨཧཱུྃ། ནས། ཤབའི་བར་གྱིས་མཆོད། ཛཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་གྱུར། ༈ ཧཱུྃ། གཏུམ་པོ་འཇིགས་སུ་རུང་བ་སྲིན་པོའི་གཟུགས། །བྱང་ཆུབ་སེམས་དཔའི་དགྲ་བགེགས་འདུལ་མཛད་པ། །སྲིན་པོ་ནག་པོ་མི་ཕམ་ཁྲོ་གཉེར་ཅན། །དམ་ཚིག་དབང་གིས་གནས་འདིར་བཞུགས་སུ་གསོལ། །བྲག་རི་པདྨ་ཉི་མ་རོ་ཡི་གདན། །མདུང་དང་རལ་གྲི་གཤིབས་པའི་གཞལ་ཡས་སུ། །སྲིན་པོའི་གཟུགས་


CMR028_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ནག་པོ་ཆེན་པོ་ནི། །ཕྱག་འཚལ་མཆོད་ཕྱིར་གནས་འདིར་བཞུགས་སུ་གསོལ། །བྷྱོ། ཐོད་རུས་དམར་པོས་གཏམ་པའི་དཀྱིལ་འཁོར་དུ། །ལྷ་སྲིན་དགུ་བརྒྱད་བསྣོལ་བའི་བམ་བརྩེགས་ལ། །རྡོ་རྗེ་རལ་གཅིག་སྲིད་པ་གསུམ་གྱི་ཡུམ། །བརྗིད་ཅིང་འགྱིང་བའི་ཚུལ་གྱིས་བཞུགས་སུ་གསོལ། །བྱང་ཤར་ཕོ་བྲང་མཛེས་པ་ན། །ཉི་ཟླ་པདྨའི་གདན་སྟེང་དུ། །བམ་ཆེན་ཞིང་མཆོག་བསྣོལ་བ་ལ། །ཅི་བདེ་བར་ནི་བཞུགས་སུ་གསོལ། །ཧཱུྃ། །རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །བྱིན་གྱིས་བརླབས་པའི་གནས་འདིར་ནི། །དྲག་པོ་འཁོར་བཅས་བཞུགས་སུ་གསོལ། །ཨོཾ་མ་ཧཱ་ཀཱ་ལི་ཏྲག་རཀ་ཐུན་བྷོ་ས་མ་ཡ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ། ས་མ་ཡ་མ་ནུ་སྨ་ར་ཡ། ས་མ་ཡ་མ་ཏི་ཀྲ་མ་ཏི། ས་མ་ཡ་རཀྵནྟུ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་རྣམས་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མཱ་ཡ་ཿ ཨནྡྷཾ་སོགས་ཀྱིས་མཆོད་ནས། འདི་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཨཱཿཧཱུྃ། ཞེས་


CMR028_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ཡི་ལྷག་མ་ཡར་ལུད་པ་ལས། མི་བསྐྱོད་པས་དབུ་བརྒྱན་པར་གྱུར།། ཕྱག་འཚལ་བ་ནི། ཧཱུྃ། ཆོས་ཀྱི་དབྱིངས་ལས་ཁྲོ་བོའི་སྐུར་སྟོན་པ། །ཆོས་ཉིད་ངང་ལས་མ་གཡོས་བསྟན་སྲུང་ཚུལ། །རྡོ་རྗེ་གཏུམ་པོའི་ཐུགས་ལས་རབ་སྤྲུལ་པ། །ཡེ་ཤེས་མགོན་པོའི་ཚོགས་ལ་ཕྱག་འཚལ་ལོ། །འགྲོ་བའི་དོན་དུ་ཐུགས་རྗེའི་སྐུ་སྤྲུལ་ཞིང་། །སངས་རྒྱས་བསྟན་ལ་སྡང་བའི་དགྲ་བགེགས་འདུལ། །ནག་པོ་མི་བཟད་ཁྲོ་གཉེར་རལ་པ་ཅན། །སྲས་མཆོག་ནག་པོའི་ཚོགས་ལ་ཕྱག་འཚལ་ལོ། །གསང་སྔགས་རྣལ་འབྱོར་ཀུན་གྱི་བཀའ་སྲུང་མཛད། །སངས་རྒྱས་བསྟན་སྲུང་ཕས་ཀྱི་རྒོལ་བ་ཟློག །གཏུམ་པོ་བདུད་འདུལ་དྲེགས་པ་ཤ་ཟའི་གཟུགས་། །འཇིག་རྟེན་མགོན་པོའི་ཚོགས་ལ་ཕྱག་འཚལ་ལོ། །བྷྱོ༔ མཁའ་ལ་དབང་བསྒྱུར་ཡིད་བཞིན་སྤྲུལ་པའི་སྐུ། །ཡ་མཚན་རྨད་བྱུང་ལུས་ལ་ཏིལ་མར་བྱུག །དབང་ཕྱུག་ནག་མོ་གསང་བའི་རེ་མ་ཏི། ནག་མོ་སྟོང་གི་གཙོ་ལ་ཕྱག་འཚལ་ལོ། །མཆོད་པ་ནི། ཨོ། ཁྲག་གི་རྒྱ་མཚོ་མེ་ཏོག་ཨུ་པཀྟ། །ཚིལ་ཆེན་བསྲེགས་དང་དམར་ནག་


CMR028_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་མེ། །ཐལ་ཆེན་ཁྲག་ཞག་བདུད་རྩི་ཤ་ཆེན་ལྔ། །དུར་ཁྲོད་སྒྲ་ཡིས་ཕྱོགས་རྣམས་བཀང་སྟེ་འབུལ། ༈ །ངོ་མཚར་རྣམ་པར་བཀྲ་བའི་ཡིད་འཕྲོག་གཟུགས། །སྒྲ་འཛིན་བདུད་རྩི་ཤིན་ཏུ་སྙན་པ་རྣམས། །ཚིམ་བྱེད་དྲི་ཞིམ་རྣམས་དང་མཆོད་པའི་རོ། །མནབ་བྱེད་རེག་བྱའི་ཁྱད་པར་དུ་མ་འབུལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་དེ་ཝི་ས་པཱ་རི་ཝཱ་ར་ཨརྒྱུ་སོགས། ཤབྷ། སྐབས་གསུམ་གྲོང་གིས་མཚན་པའི་ལྷུན་པོ་དང་། །ལུས་ཅན་ཡོ་བྱད་རྫོགས་པའི་གླིང་རྣམས་དང་། །རིན་ཆེན་ས་འཛིན་རྣམས་དང་བདུད་རྩིའི་མཚོ། །དག་བྱེད་མུ་ཁྱུད་ཕྱོགས་རྣམས་བཀང་སྟེ་འབུལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་དེ་ཝི་ས་པཱ་རི་ཝཱ་ར་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཊཿཧཱུཾ། དེ་ནས་གཏོར་མ་ལ་བདུད་རྩི་གཏོར་ཞིང་། ཨཱི་དཾ་བློ་རྐ་ཊ༴ སྭ་བྷ་ཝ༴ སྟོང་པར་གྱུར་པའི་ངང་ཉིད་ལས། །ཡཾ་ལས་རླུང་དང་དེ་ཡི་སྟེང་། །རཾ་ལས་མེ་འབར་ཕྱོགས་གསུམ་དུ། །ཀཾ་ལས་ཐོད་སྐྱེད་དེ་ཡི་སྟེང་། །ཨ་ལས་ཐོད་པའི་ནང་དུ་ནི། །ཟླ་བའི་དཀྱིལ་འཁོར་དབུས་སུ་མུ། །ཤར་དུ་བི་དང་བྱང་དུ་མ། །ནུབ་ཏུ་ཤུ་དང་ལྷོ་རུ་ར། །དེ་རྣམས་ལས་སྐྱེས་བདུད་རྩི་ལྔ། །སླར་ཡང་དབུས་


CMR028_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ན་ཡིག་དང་། །ཤར་ལྷོར་གོ་དང་ལྷོ་ནུབ་ཏུ། །ཀུ་དང་རླུང་དུ་ད་ཡིག་དང་། །བྱང་ཤར་ཧ་ལས་ཤ་ལྔ་སྟེ། །མིང་གི་ཡི་གེས་རྒྱས་གདབ་བོ། །སྟེང་དུ་ཉི་མའི་དཀྱིལ་འཁོར་ལ། །རྡོ་རྗེ་གྲི་གུག་འབར་བ་ནི། །ལྟེ་བར་ཧཱུྃ་གིས་མཚན་པ་ལས། །འོད་འཕྲོས་འོག་གི་ཕྱོགས་སོང་བས། །རླུང་གིས་མེ་སྦར་ཐོད་པ་དྲོས། །རྫ་ས་རྣམས་དམ་ཚིག་བདུད་རྩི་སྟེ། །བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །སླར་ཡང་སྟེང་དུ་འོད་འཕྲོས་པས། །ཡེ་ཤེས་བདུད་རྩི་སྤྱན་དྲངས་ནས། །ཐོད་པའི་ནང་དུ་ཞུགས་གྱུར་་པས། །གྲི་གུག་གིས་དཀྲུགས་གཉིས་མེད་གྱུར། །ཨོཾ་ཨཱཿཧཱུྃ། ཧཱུྃ། ལྷ་ཆེན་དཔལ་འབར་འཁོར་བཅས་ལ། །འབྲས་ཆེན་ཁྲག་གི་ཨནྡྷཾ་དང་། །མེ་ཏོག་བདུག་པ་བྱུག་པ་ཟླདང་། །བདུད་རྩི་ལྔ་དང་ཤ་ལྔ་དང་། །ཁུ་བ་ཤིང་ཏོག་སྣ་ཚོགས་དང་། །བཅའ་བའི་མཆོད་པའི་ཚོགས་རྣམས་ཀུན། །བདག་ཅག་དད་པས་འབུལ་ལགས་ན། །འཁོར་དང་བཅས་པས་བཞེས་སུ་གསོལ། །ཧཱུྃ། བླ་མེད་མཆོད་པ་ཁྱད་པར་ཅན། །ཤ་ཆེན་ལྔ་ནི་རི་ལྟར་སྤུངས། །བདུད་རྩི་ལྔ་ནི་མཚོ་ལྟར་བསྐྱིལ། །རཀྟ་གྷི་ཝང་ག་པུར་དང་། །


CMR028_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་མྲྀ་ཏ་དང་ཤ་ཆེན་སོགས། །དམ་རྫས་བསམ་གྱིས་མི་ཁྱབ་པའི། །མཆོད་པའི་སྤྲིན་དཔུང་མཐའ་ཡས་པས། །མཁའ་དང་ཕྱོགས་མཚམས་ཀུན་བཀང་སྟེ། །མགོན་པོའི་སྐུ་ལ་མཆོད་པ་འབུལ། །མགོན་པོའི་གསུང་ལ་མཆོད་པ་འབུལ། །མགོན་པོའི་ཐུགས་ལ་མཆོད་པ་འབུལ། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །བྷྱོ༔ རིན་ཆེན་ཨིནྡྲ་ནཱི་ལའི་བུམ་པར་ནི། །འབྲུ་བཅུད་སྟོང་སྦྱར་ཛ་གད་དཔའ་བོས་བཏམས། །གཉིས་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་མཆོག །འཐུང་བས་འཚོ་བའི་ལོངས་སྤྱོད་ཆེན་པོ་འདི། །འབུལ་ནི་ཡེ་ཤེས་དཀྱིལ་འཁོར་ལྷ་ལ་འབུལ། །བསྐང་ནི་མ་མགོན་ལྕམ་དྲལ་ཐུགས་དམ་བསྐང་། །ཨ་ལ་ལ་ཧོ་འདི་ནི་བཞེས་སུ་གསོལ། །ཨ་ལ་ལ་ཧོ་བཞེས་ཏེ་དགྱེས་པར་རོལ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཏྲཀ་རཀཱ་ཛ་གད་ཁ་རཾ་ཁཱ་ཧི། བྷྱོ༔ རཀྟ་ཁྲག་གི་རྒྱ་མཚོ་འཁྱིལ་པ་ལ། །སྣང་སྲིད་ཐམས་ཅད་རྦ་རླབས་ཁྱི་ལི་ལི། །མཁའ་དབྱིངས་རྒྱལ་བ་མ་ལུས་མཆོད་པ་དང་། །འཕགས་པ་རྣམས་མཆོད་ལྕམ་དྲལ་ཐུགས་དམ་བསྐང་། །ཨ་ལ་ལ་ཧོ་འདི་ནི་བཞེས་སུ་གསོལ། །ཨ་ལ་ལ་ཧོ་བཞེས་ཏེ་དགྱེས་པར་


CMR028_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

རོལ། །ཨོཾ་མ་ཧཱ་ཀཱ་ལ་ཏྲཀ་རཀཱ་རཀྟ་པི་པ་ཏོ་ཁཱ་ཧི། བྷྱོ༔ གཞོང་པ་རྣམ་དག་ཟླ་གམ་དཀྱིལ་འཁོར་དུ། །ཚེ་དང་གལ་གྱི་ཐུན་གཉིས་ཐུན་བསྡེབས་ཏེ། །དཀར་གྱིས་ཐིག་བཏབ་དམར་གྱིས་གུར་ཕུབ་པ། །ལོངས་སྤྱོད་རྫས་ཀྱི་མཆོད་པ་ཆེན་པོ་འདི། །འབུལ་ནི་ཡེ་ཤེས་དཀྱིལ་འཁོར་ལྷ་ལ་འབུལ། །བསྐང་ནི་མ་མགོན་ལྕམ་བྲལ་ཐུགས་དམ་བསྐང་། །ཨ་ལ་ལ་ཧོ་འདི་ནི་བཞེས་སུ་གསོལ། །ཨ་ལ་ལ་ཧོ་བཞེས་ཏེ་དགྱེས་པར་རོལ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། དེ་ཝ་རཀྵ་ཛཧཱུྃ་བཾ་ཧོ༔ འདིར་ཤོག་འདིར་ཤོག །ཨ་གཙྩཡ་ཨ་།ཙྪ་ཡ། ཧཱུཾ་ཡ་ཛ་ཧཱུྃ་ཡ་ཛ། སྤྱན་འདྲེན་སྔགས་སོ། །ཨི་དཾ་བ་ལི་ཏ་པཱུ་ཛ་ཁཱ་ཧི། ༀ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། ཤཱ་ས་ནཱཾ། ཨུ་པ་ཀཱ་རི་ཎཾ། ཨེ་ཥ་ཨ་པའི། མ་ཀཱ་ལོ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཾ། ཡ་ཏི་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཨཥྚཾན་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀ་སྣ་གྲྀ་སྣ། བྷན་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དེ་ན་མེ་ཀེ་ན། མཱ་ར་ཡ་ཧཱུྃ་ཕཊ། ཨི་དཾ་བ་ལིང་པཱུ་ཛ་ཁཱ་ཧི། ༀ་ཨེ་ཨཱ་རལླི་ཧོ། ཤྲཱི་མ་ཧཱ་ཀཱ་ལ་ཁཱ་ཧི། ཏྲཀ་རཀྴ་ཁཱ་


CMR028_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཧི། ཏྲག་རཀྵ་ཐུན་བྷོ་ཁཱ་ཧི། ཏྲག་རཀྵ་རྦད་བྷོ་ཁཱ་ཧི། དམ་ཅན་མགོན་པོ་མཁའ་འགྲོའི་ཚོགས་སུ་གྱུར་པ་རྣམས་ཀྱིས་དམ་རྫས་བདུད་རྩིའི་གཏོར་མ་འདི་བཞེས་སུ་གསོལ། ཁཱ་ཧི། བསྟོད་པ་ནི། ཧཱུྃ། སྲིན་པོའི་གཟུགས་ཅན་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིགས་བྱེད་པ། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་པས་ཐོད་པ་ཁྲག་བཀང་གསོལ། །ཐོད་ཕྲེང་ཅན་ལ་བདག་བསྟོད་དོ། །ཁྲོས་པའི་ཞབས་བརྡབས་ས་གཞི་གཡོ། །འཇིགས་པའི་གད་མོས་རི་རབ་སྐྱེལ། །དམ་ཚིག་ཉམས་པའི་སྙིང་འབྱིན་པ། །དམ་ཚིག་ཅན་ལ་བདག་གིས་བསྟོད། །ཧཱུྃ། ལས་རྣམས་རྫོགས་མཛད་ནག་པོ་ཆེན་པོའི་སྐུ། །མཐིང་ནག་མེ་ཡི་འོད་ཀྱིས་ཀུན་ནས་བསྐོར། །སྐུ་ལ་བེར་ནག་གསོལ་བས་སྟོང་གསུམ་འདུལ། །ནག་པོ་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད། །གྲི་གུག་འབར་དང་ཐོད་ཁྲག་བསྣམས་པ་ནི། །སྲོག་རྩ་དམར་པོ་གཅོད་ཅིང་དོན་སྙིང་འབྱིན། །ལས་ངན་ཆོས་འཁོར་འཇིགས་པའི་སྙིང་


CMR028_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་འཐུང་། །བསྟན་པ་རྒྱས་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །ཤངས་ནས་རླུང་བྱུང་འཇིག་རྟེན་རླུང་ནག་འཚུབ། །ཞལ་ནས་ཁྲག་འཛགས་འཇིག་རྟེན་ནད་ཀྱིས་འགེངས། །སྤྱན་རྩ་དམར་པོ་ལྷོག་པས་སྟོང་གསུམ་བསྲེག །འཇིགས་བྱེད་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཁྲོས་པས་ལྷ་མིན་གཡུལ་བཟློག་མཐུ་བོ་ཆེ། །ལྷ་སྲིན་སྡེ་བརྒྱད་ཚོགས་རྣམས་དབང་སྡུད་ནས། །བསྟན་པ་གཉེན་པོ་བསྲུང་ཕྱིར་བྱ་ར་མཛད། །ཚོགས་ཀྱི་བདག་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །བདུད་དང་མུ་སྟེགས་ཕས་ཀྱི་རྒོལ་བ་པོ་ལ་།མཆེ་བ་གཙིགས་ཤིང་ཁྲོ་གཉེར་བསྟན་པ་ནི། །ལོག་པར་ལྟ་བ་ཐམས་ཅད་ཟད་མཛད་པ། །རྒོལ་བ་ཚར་གཅོད་ཁྱོད་ལ་ཕྱག་འཚལ་བསྟོད། །སྨོན་ལམ་སྟོབས་ཀྱིས་རྡོ་རྗེའི་གཟེབ་ནང་དུ། །མ་ཡི་འཁོར་ལོས་བསྟན་པ་གཉེར་སྲུང་ཞིང་། །དམ་རྫས་བདུད་རྩི་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །བྷྱོ༔ རླུང་ནག་འཚུབ་མ་དགུ་ཀློང་འཁྱིལ་བའི་དབུས། །ཕོ་བྲང་གཞལ་ཡས་ཐོད་པའི་སྐུ་མཁར་ནས། །མ་གཅིག་དཔལ་ལྡན་ལྷ་མོ་ཆེན་མོ་ནི། །སྲིན་པོ་ནག་པོའི་ཆུང་མ་རལ་


CMR028_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན། །གསང་བའི་ལྷ་མོ་བོང་ཞོན་དབང་ཕྱུག་མ། །ཞལ་ནས་ཟླ་ལྟར་བཞད་པས་མུན་པ་སེལ། །རྔམས་པའི་ཚུལ་གྱིས་ཐོད་ཁྲག་དམར་ལ་རོལ། །སྐྱེ་བ་རྣམ་བཞིས་འགྲོ་བའི་དོན་སྟོན་མ། །ཁྱོད་ནི་ནག་མོ་འབུམ་གྱི་དབུས་ན་བཞུགས། །དབང་ཕྱུག་དྲག་མོ་ཀུན་གྱི་གཙོ་མོ་སྟེ། །ཁྲོ་མོ་ཀུན་གྱི་ཐུགས་ཀྱི་སྤྲུལ་པ་ཡིན། །ཉེ་བར་དམ་ཚིག་ལས་རྣམས་འགྲུབ་པར་མཛོད། །རྡོ་རྗེ་ནག་མོ་མཆེ་བ་གཙིགས་པའི་ཞལ། །དུས་གསུམ་སངས་རྒྱས་ཀུན་དང་སྦྱོར་བའི་ཡུམ། །སྲིད་གསུམ་ཟ་བར་བྱེད་བའི་ལྷ་མོ་ལ། །ཤིང་ལོ་རླུང་ཁྱེར་ས་ལ་མ་ཕོག་ང་ལ་ཡོད། །མི་དབང་འབྲས་བུ་སྨིན་པའི་ཤ་ནི་སྐམ་ལེགས་དང་། །མཚལ་གྱི་ཤིང་ཏོག་སྐམ་པོ་བུ་ལ་ཡོད། །རྣམ་དག་བདུད་རྩིའི་གཏོར་མའི་མཉེས་མཆོད་འབུལ། །མ་བུས་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཡང་ན། བྷྱོ༔ དུས་གསུམ་ཀུན་ཏུ་མ་སྒྲིབ་ཡེ་ཤེས་སྤྱན། །མ་སྲིང་ཆུང་མ་མ་བུ་བྲན་མོའི་ཚོགས། །ཡེ་ཤེས་མངོན་ཤེས་མངའ་བའི་ཐུགས་བརྩེ་མ། །མཐུ་རྩལ་རྨད་བྱུང་མངའ་བའི་བྱིན་རླབས་ཅན། །སྔོན་དུས་ཞལ་བཞེས་ཉིད་ཀྱིས་དམ་བཅས་ལྟར། །བསྟན་པ་བསྲུང་ཕྱིར་རྟག་ཏུ་


CMR028_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་མཛོད་ཅིག །ནག་པོ་ཡབ་ཡུམ་བཅུ་དྲུག་དང་། །དཔལ་འབར་འཆང་དང་རྣམ་སྲས་སོགས། །དབང་ཕྱུག་ཆེ་སོགས་མ་བདུན་སོགས། །དྲེགས་བྱེད་ཀུན་ལ་བདག་བསྟོད་དོ། །བསྙེན་པ་བྱས་ནས་འདི་སྐབས་ཚོགས་བྱ་མཆན། ༈ དེ་ནས་བསྐང་བ་བྱིན་རླབས་ནི། དོ་ཟློཀ་ཊས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་མགོ་བོའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཤ་ལྔ་བདུད་རྩི་ལྔ་ཞུ་ཞིང་། ཡེ་ཤེས་ཀྱི་བདུད་རྩི་དང་གཅིག་ཏུ་འདྲེས་པར་གྱུར་པའི་གཏོར་མ་རྣམས་དང་། ཧཱུྃ་ཡིག་ནག་པོ་དཔག་ཏུ་མེད་པ་ལས་བྱུང་བའི་བསྒྲུབ་པའི་རྫས་མཆོད་པའི་རྫས་བསྐང་བའི་རྫས་རྟེན་པའི་རྫས་ལ་སོགས་པ་མཆོད་པའི་སྤྲིན། རབ་འབྱམས་ནམ་མཁའི་དབྱིངས་དང་མཉམ་པར་གྱུར། །ཨོཾ་བཛྲ་ཨནྡྷཾ་ཨཱཿཧཱུྃ། དེ་བཞིན་དུ། ཤཔྟ་ཨཱཿཧཱུཾ། ཚོགས་ཀྱི་ཡོ་བྱད་བཟང་ཞིང་རྒྱ་ཆེ་བར་བཤམས། ཚོགས་ལ་བདུད་རྩི་གཏོར་ཞིང་། ཨོ་དབྦོན་ཊ་སོགས། སྭ་བྷ་ཝས་སྦྱང་། སྟོང་པར་གྱུར་པའི་ངང་ཉིད་ལས། །ཡཾ་ལས་རླུང་དང་དེ་ཡི་སྟེང་། །རཾ་ལས་མེ་འབར་ཕྱོགས་གསུམ་དུ། །ཀཾ་ལས་ཐོད་སྐྱེད་དེ་ཡི་སྟེང་། །ཨ་ལས་ཐོད་པའི་ནང་དུ་ནི། །ཟླ་བའི་དཀྱིལ་འཁོར་


CMR028_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་མུ། །ཤར་དུ་བི་དང་བྱང་དུ་མ། །ནུབ་ཏུ་ཤུ་དང་ལྷོ་རུ་ར། །དེ་རྣམས་ལས་སྐྱེས་བདུད་རྩི་ལྔ། །སླར་ཡང་དབུས་སུ་ན་ཡིག་དང་། །ཤར་ལྷོར་གོ་དང་ལྷོ་ནུབ་ཏུ། །ཀུ་དང་རླུང་དུ་ད་ཡིག་དང་། །བྱང་ཤར་ཧ་ལས་ཤ་ལྔ་སྟེ། །མིང་གི་ཡི་གེས་རྒྱས་བཏབ་བོ། །སྟེང་དུ་ཉི་མའི་དཀྱིལ་འཁོར་ལ། །རྡོ་རྗེ་གྲི་གུག་འབར་བ་ནི། །ལྟེ་བར་ཧཱུྃ་གིས་མཚན་པ་ལས། །འོད་འཕྲོས་འོག་གི་ཕྱོགས་སོང་བས། །རླུང་གིས་མེ་སྦར་ཐོད་པ་དྲོས། །རྫས་རྣམས་དམ་ཚིག་བདུད་རྩི་སྟེ། །བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །སླར་ཡང་སྟེང་དུ་འོད་འཕྲོས་པས། །ཡེ་ཤེས་བདུད་རྩི་སྤྱན་དྲངས་ནས། །ཐོད་པའི་ནང་དུ་ཞུགས་གྱུར་པས། །གྲི་གུག་གིས་དཀྲུགས་གཉིས་མེད་གྱུར། །ཨོཾ་ཨཱཿཧཱུྃ། །ལས་ཀྱི་རྡོ་རྗེའི་ཚོགས་བཏེག་ཅིང་། ཧཱུྃ། བཞེངས་ཤིག་བླ་མ་རྣམས་བཞེངས་ཤིག་།བཀའ་བརྒྱུད་བླ་མ་སྐུ་བསྐྱོད་འཚལ། །རིག་འཛིན་མཁའ་འགྲོ་འབུམ་གྱི་དབུས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཧཱུཾ། བཞེངས་ཤིག་ཡི་དམ་རྣམས་བཞེངས་ཤིག །རྡོ་རྗེ་ཕག་མོ་སྐུ་བསྐྱོད་འཚལ། །ཨོ་རྒྱན་གནས་ནས་སྐུ་བསྐྱོད་འཚལ། །འདིར་


CMR028_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཧཱུཾ། བཞེངས་ཤིག་ཆོས་སྐྱོང་རྣམས་བཞེངས་ཤིག །དཔལ་ལྡན་མགོན་པོ་སྐུ་བསྐྱོད་འཚལ། །ཡེ་ཤེས་མཁའ་འགྲོ་འབུམ་གྱི་དབུས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཧཱུཾ། བཞེངས་ཤིག་ཆོས་སྐྱོང་རྣམས་བཞེངས་ཤིག །སྲས་མཆོག་ནག་པོ་སྐུ་བསྐྱོད་འཚལ། །ལས་ཀྱི་མཁའ་འགྲོ་འབུམ་གྱི་དབུས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཧཱུཾ། བཞེངས་ཤིག་ཆོས་སྐྱོང་རྣམས་བཞེངས་ཤིག །འཇིག་རྟེན་མགོན་པོ་སྐུ་བསྐྱོད་འཚལ། །འཇིག་རྟེན་མཁའ་འགྲོ་འབུམ་གྱི་དབུས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཧཱུཾ། བཞེངས་ཤིག་ཆོས་སྐྱོང་རྣམས་བཞེངས་ཤིག །དམ་ཅན་རྒྱ་མཚོ་སྐུ་བསྐྱོད་འཚལ། །བཀའ་སྡོད་མཁའ་འགྲོ་འབུམ་གྱི་དབུས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཧཱུྃ། བཞེངས་ཤིག་ཞིང་སྐྱོང་རྣམས་བཞེངས་ཤིག །གྷ་ཡ་དྷ་ལྟར་སྐུ་བསྐྱོད་འཚལ། །ཕོ་བྲང་མཁའ་སྤྱོད་ཙཱ་རི་ནས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་ཅིག་ཕོབ། །ཚོགས་གཏོར་འདི་ལ་བཅུད་ཅིག་


CMR028_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཕོབ། །འདིར་ཚོགས་རྣལ་འབྱོར་ཐམས་ཅད་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཨ་ཙརྱ་ས་པཱ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཨོཾ་ཤྲཱི་ཛྙཱ་ན་ནཱ་ཐ་ཊཱ་ཀི་ནི་ས་པཱ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ༀ་བཛྲ་མ་ཧཱ་ཀཱ་ལ་ཀརྨ་ཊཱ་ཀི་ནི་ས་པཱ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཨོ་ལོ་ཀ་ནཱ་ཐ་ལོ་ཀ་ཌཱ་ཀི་ནི་ས་པཱ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་བརྗོད་ཅིང་རོལ་མོ་བྱ། ཚོགས་ཕུད་གཏོར་མར་བྲན། བདུད་རྩི་ནམ་མཁའ་ལ་འབུལ་ལོ། །བླ་མ་ཡི་དམ་གྱི་གཏོར་བསྔོས་རྒྱས་བསྡུས་ཅི་རིགས་བྱ། ༈ དེ་ནས་ལས་ཀྱི་རྡོ་རྗེས་ཕུད་དང་ལྷག་མ་རྣམས་སྣོད་གཅིག་ཏུ་བསྡུས་པར་སློབ་དཔོན་གྱིས་ཁ་བཤལ་བའི་ཆང་གིས་བྲན་པ་བཤམ་ཞིང་། ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཟའ་བཏུང་སྣ་ཚོགས་ཀྱི་ཕུད་ལྷག་བཤལ་ཆུའི་གཏོར་མ་བསམ་གྱིས་མི་ཁྱབ་པར་གྱུར༔ ཨོཾ་སརྦ་ཨུཙྪིཥཱ་བ་ལིཾ་ཏ་བྷཀྵ་སི་སྭཱ་ཧཱ། ལས་ཀྱི་མཁའ་འགྲོ། འཇིག་རྟེན་མཁའ་འགྲོ། ཤ་ཟ་མཁའ་འགྲོ། མཁའ་འགྲོ་ཕོ་ཉའི་ཚོགས་རྣམས་ལ་འབུལ་ལོ། །ཕུད་ལྷག་བཤལ་ཆུའི་གཏོར་མ་འདི་བཞེས་ཤིང་ཚིམས་པར་མཛོད་ལ། བསྟན་པ་བསྲུང་བ་དང་། རྣལ་འབྱོར་པ་སྐྱོང་བ་དང་། དགྲ་བགེགས་འདུལ་བའི་ཕྲིན་ལས་མཛོད་ཅིག །


CMR028_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བརྗོད་དེ་རོལ་མོ་དང་བཅས་པས་ཕྱི་རོལ་དུ་གཙང་སར་བསྐྱལ་ལོ། །ཨོཾ་མ་ཧཱ་མཱ་ས། རཀྟ། ཙིཏྟ། བ་སུ་ཏ། མཉྩ་མེ་ཙི། གོ་རོ་ཙ་ན། ཨ་མྲྀ་ཏ། སུ་ར་ཏ། བ་ལྀ་ཏ། ཀིཾ་ནི་རི་ཏི། ཨོཾ་ཨཱཧཱུཾ། ཧཱུཾ། བཀའ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་། །རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་། །དཔའ་བོ་རྒྱ་མཚོའི་ཐུགས་དམ་བསྐང་། །དཔའ་མོ་རྒྱ་མཚོའི་ཐུགས་དམ་བསྐང་། །ཡེ་ཤེས་མགོན་པོའི་ཐུགས་དམ་བསྐང་། །ལས་ཀྱི་མགོན་པོའི་ཐུགས་དམ་བསྐང་། །འཇིག་རྟེན་མགོན་པོའི་ཐུགས་དམ་བསྐང་། །སྲས་མཆོག་ནག་པོའི་ཐུགས་དམ་བསྐང་། །དཔལ་ལྡན་ལྷ་མོའི་ཐུགས་དམ་བསྐང་། །དབུགས་ལེན་ཡབ་ཡུམ་ཐུགས་དམ་བསྐང་།ཕྱོགས་བཅུ་མགོན་པོའི་ཐུགས་དམ་བསྐང་། །དྲེགས་པ་དོན་གཉིས་ཐུགས་དམ་བསྐང་། །དྲེགས་པ་རྣམ་གསུམ་ཐུགས་དམ་བསྐང་། །མ་མོ་བདུན་གྱི་ཐུགས་དམ་བསྐང་། །སྲིང་མོ་བཞི་ཡི་ཐུགས་དམ་བསྐང་། །འབར་མ་དགུ་ཡི་ཐུགས་དམ་བསྐང་། །དུས་བཞིའི་ལྷ་མོའི་ཐུགས་དམ་བསྐང་། །དམག་གི་རྒྱལ་མོའི་ཐུགས་དམ་


CMR028_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་། །དབང་ཕྱུག་ཉེར་བརྒྱད་ཐུགས་དམ་བསྐང་། །བརྟན་མ་བཅུ་གཉིས་ཐུགས་དམ་བསྐང་། །སྤྲུལ་པ་ཡང་སྤྲུལ་ཐུགས་དམ་བསྐང་། །དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་བྱིན་བརླབས་ཀྱིས། །ཆགས་ཆེན་ཉམ་ང་བཟློག་ཏུ་གསོལ། །ཕྱི་ནང་བར་ཆད་བཟློག་ཏུ་གསོལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །དཀྱིལ་འཁོར་གཉེན་པོ་དྲལ་ལ་རེ། །ཉེས་བྱེད་རྡེབ་ཏུ་ཤོར་ལ་རེ། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོ། །རྡོ་རྗེ་སློབ་དཔོན་སློབ་མར་བཅས། །རྡོ་རྗེ་མཆེད་དང་ལྕམ་དྲལ་དང་། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །མི་ལ་ནད་ཡམས་མ་བཏང་ཞིག་།ཕྱུགས་ལ་གོད་ཡམས་མ་བཏང་ཞིག །ནོར་ལ་རྒྱ་གྲམ་མ་བཏང་ཞིག །ཞིང་ལ་བཙའ་སད་མ་བཏང་ཞིག །བདུད་ཀྱི་ཞགས་པ་ནག་པོ་ཆོད། །གཤིན་རྗེའི་ཁྲམ་ཁ་དགྲ་ལ་སྒྱུར། །མི་མཐུན་བར་ཆད་རྐྱེན་རྣམས་ཟློག །འཁོར་རྣམས་སྲུངས་ལ་རྐྱེན་རྣམས་ཟློག །སྡང་བའི་དགྲ་ལ་རྟགས་ཕྱུང་ཞིག །གནོད་པའི་བགེགས་ལ་ལས་མཛོད་ཅིག །འདོད་པའི་དངོས་གྲུབ་སྩོལ་བ་དང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །


CMR028_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །ཁྲོ་བོའི་དྲག་ཤུལ་བཟློག་ཏུ་གསོལ། །ཧེ་རུ་ཀ་ཡི་གཟི་བརྗིད་ཟློག །ཕུར་པའི་བྱད་ཁ་བཟློག་ཏུ་གསོལ། །སྟོབས་པོ་ཆེ་ཡི་ཟིལ་གནོན་ཟློག །ལྷ་རྣམས་ཀུན་གྱི་རྩུབ་རིམས་ཟློག །ལྷ་མིན་རྣམས་ཀྱི་དུག་གཟེར་ཟློག །གཟའ་ཆེན་བརྒྱད་ཀྱི་གཟེར་འདེབས་ཟློག །གཤིན་རྗེ་ཕོ་མོའི་འཕྲུལ་འཁོར་ཟློག །བདུད་དམག་རྣམས་ཀྱི་ཁྲམ་ཁ་ཟློག །མ་མོ་རྣམས་ཀྱི་ཐུན་ཟོར་ཟློག །ཀླུ་ཆེན་རྣམས་ཀྱི་འཆིང་བ་ཟློག །གནོད་སྦྱིན་རྣམས་ཀྱི་གཟེར་ནད་ཟློག །བཙན་གྱི་རྒྱུ་སྲང་བཟློག་ཏུ་གསོལ། །རྒྱལ་པོས་དབྱིངས་སྨྱོ་ཐམས་ཅད་ཟློག །མཁའ་འགྲོའི་ཁྲག་ནད་བཟློག་ཏུ་གསོལ། །འབྱུང་པོ་ཡི་དྭགས་རིམས་ནད་ཟློག །ཐེའུ་རང་འགོང་པོ་ལ་སོགས་པ། །དམ་སྲི་ལོག་འདྲེན་བགེགས་ཚོགས་ཀྱིས། །ཕུག་གི་སྲིས་རྐྱེན་ཐམས་ཅད་ཟློག །བལ་མོའི་དུག་མཚོན་བཟློག་ཏུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱི་མ་ཧཱ་མཾ་ས་ལ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་ལ་རཾ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁ་རཾ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁ་རཾ་ཁཱ་ཧི། མཉྩམེ་ཙི། གོ་རོ་ཙ་ན། ཨ་མྲྀ་ཏ། སུ་ར་ཏ། བྷ་ལི་ཏ། །


CMR028_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཀཾ་ནི་རི་ཏི་ཁ་རཾ་ཁཱ་ཧི། ༀ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། དེ་ཝ་རཀཱ་ཛཧཱུྃ་བཾ་ཧོ༔ འདིར་ཤོག་འདིར་ཤོག །ཨཱ་གཙྪ་ཡ་ཨཱ་གཙྪ་ཡ། ཧཱུཾ་ཡ་ཛཧཱུྃ་ཡ་ཿ སྤྱན་འདྲེན་གྱི་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ་ཤོག་ཧེར་ནི་ཤོག །ཧེར་མ་དཾ་རིལ་ཤོག །འདིར་ཤོག་འདིར་ཤོག །འདིར་དུམ་འདིར་དུམ། གནོད་བྱེད་དགྲ་བོའི་ཙིཏྟ་བི་ཙིཏྟ་ཟད། སྐུའི་སྙིང་པོ་སྟེ་བསྙེན་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ་ཤཱ་ས་ནཱཾ། ཨ་པ་ཀཱ་རི་ཎཱ། ཨེ་ཥ་ཨ་པའི། མ་ཀཱ་ལོ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་ཀཱ་པ་རི་ཎཾ། ཡ་ཏི་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ། ཨི་།དཾ་དུཥྛན་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲི་ཧྭ་གྲྭ་། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུཾ་ཕཊ། གསུང་གི་སྙིང་པོ་སྟེ་བསྙེན་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། དྷེ་ཝ་རཀཱ་དགྲ་བོའི་ཙིཏྟ་ལ་ཧུ་ར་ཧུ་ར་བེ་ར་བེ་ར་དུ་ན་དུ་ན། ཏྲི་ལིང་ཤཾ་ཀ་རུ་ཏྲི་ཏ་ཏྲག་རཀྵ་རྦད། ཨོ་ཙཱ་བྷནྡྷ་ཙཱ་བྷནྡྷ་ཧཱུྃ་ཧཱུྃ་ཕཊ༔ ཐུགས་ཀྱི་སྙིང་པོ་སྟེ་གཅུན་སྔགས་སོ། །ཨོཾ་ཨེ་ཨ་རལླི་ཧོ། ཤྲཱི་མ་ཧཱ་ཀཱ་ལ་ཁཱ་ཧི། ཏྲག་རཀཱ་ཁཱ་ཧི། ཏྲག་རཀྵ་ཐུན་བློ་ཁཱ་ཧི། ཏྲག་རཀྵ་རྦད་བློ་ཁཱ་ཧི། ཟད་སྔགས་ཏེ་ལས་སྔགས་སོ།། ༈ དེ་ནས་


CMR028_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་གྱི་གཏོར་མའི་རིམ་པ་ནི་དམིགས་བྱའི་གཟུགས་བརྙན་རི་མོར་བྲིས་པའམ། འབུར་མ་ལ་སོགས་གཏོར་མ་ལ་གཟུགས། ལས་འགྲིག་མན་ངག་ལས་བྱུང་བ་ལྟར། བདེན་པའི་སྟོབས་བརྗོད་སྔོན་དུ་འགྲོ་བས། ཤ་ཏུ་གྱིས་བཀུག་ལ། འགོ་བའི་ལྷ་དང་སོ་སོར་ཕྲལ་ཏེ།་རྣམ་ཤེས་སྤར་བ་ལ་སོགས་བྱས། བསྡུས་པར་བྱ་བ་ནི། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་།་སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཆོས་ཉིད་དེ་བཞིན་ཉིད་ཀྱི་བདེན་པ་དང་། དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ་བེར་ནག་པོ་ཅན་ལྕམ་དྲལ་བྲན་གཡོག་འཁོར་དང་བཅས་པ་རྣམས་ཀྱི་བདེན་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་བཤིག་པ། དཀོན་མཆོག་གི་དབུ་འཕང་སྨད་པ། བླ་མའི་སྐུ་ལ་བསྡོ་བ། རིག་འཛིན་གྱི་རྒྱུད་པ་བཅད་པ། དགེ་འདུན་གྱི་སྡེ་བཤིག་པ། དབེན་རི་གཉེན་པོ་བཅོམ་པ། མཚམས་མེད་པ་ལྔ་ལ་སྤྱོད་པ། མི་དགེ་བ་བཅུ་ལ་རྔམ་པ། ཁྱད་པར་དུ་དཔལ་ལྡན་ཀརྨ་པའི་བསྟན་པ་


CMR028_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་འཛིན་བརྒྱུད་པ་དང་བཅས་པ་རྣམས་ལ། ཕོད་བཙུགས་པ། དོ་བསྡོ་བ། འགྲས་ཚོལ་བ། ཡ་བོ་བཟུང་བ། སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་བཙུགས་པའི་དགྲ་བོ་བྱད་མ་དྲོད་གཏོང་དང་བཅས་པའི་བླ་སྲོག་རྣམ་པར་ཤེས་པ་སྲིད་པ་གསུམ་གང་དུ་གནས་ཀྱང་རང་དབང་མེད་པར་དྲག་པོ་དམར་གྱི་གཏོར་མ་འདི་ཡི་ནང་དུ་ཁུག་ཅིག །བཛྲ་ཨཾ་ཀུ་ཤ་ཿ བཛྲ་པཱ་ཤ་ཧཱུཾ། བཛྲ་སྤོ་ཊ་པཾ། བཛྲ་གྷནྡྷེ་ཧོ། ཞེས་པས་བཀུག་ལ་རྒྱས་པ་རྣམས་ལས་བྱང་ཆེན་མོར་གསལ་ཞིང་བསྡུས་པ་ནི། གཏོར་མ་བསྒྲུབ་བྱར་དམིགས་ནས་རྣམ་ཤེས་སྤར། ཕྱག་གཡོན་པའི་ཐོད་པར་བཅུག །གཡས་ཀྱི་གྲི་གུག་གིས་གཏུབས་ནས་ཤ་ཁྲག་རྒྱ་མཚོར་གྱུར་པ་ནག་པོ་ཆེན་པོས་གསོལ་བར་བསམ་ཞིང་གདུང་བའི་དབྱངས་ཀྱིས་བསྐུལ་པ་ནི། ཧཱུྃ། གསོན་ཅིག་མ་ཧཱ་ཀཱ་ལཱ་ཆེ། །གསོན་ཅིག་རྣལ་འབྱོར་དབང་ཕྱུག་མ། །ལྕམ་དྲེལ་ཁྱོད་ཀྱི་བཀའ་འཁོར་ན། །ཤ་ཟ་ཁྲག་འཐུང་བྱེ་བ་སྟོང་། །ཁྱད་པར་སྲོག་གཅོད་ཤན་པ་བརྒྱད། །ཕྱོགས་རྣམས་སྐྱོང་བའི་མགོན་པོ་བཅུ། །དྲེགས་པའི་གཙོ་བོ་བདུན་ཅུ་གཉིས། །ཁྱད་པར་མྱུར་མགྱོགས་རྩལ་ལྡན་གསུམ། །མ་བདུན་སྲིང་བཞི་འབར་མ་དགུ། །དུས་ལ་པ་


CMR028_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་བའི་ལྷ་མོ་བཞི། །དམག་གི་རྒྱལ་མོ་ཆེན་མོ་བཞི། །དབང་ཕྱུག་ཉེར་བརྒྱད་བརྟན་མར་བཅས། །གཞན་ཡང་སྤྲུལ་པ་ཡང་སྤྲུལ་ཚོགས། །བྱ་ནག་ཚོགས་དང་ཁྱི་ནག་ཚོགས། །གཅན་གཟན་མཁའ་ལྡིང་གདུག་པའི་ཚོགས། །ནམ་མཁའ་ས་གཞི་བར་སྣང་གང་། །འཇིག་རུང་རྔམས་པའི་ང་རོ་ཅན། །མི་བཟད་མཚོན་ཆའི་ཆར་པ་འབེབས། །འདིར་གཤེགས་བཀའ་ཡི་གཏོར་མ་ལོངས། །དེ་རིང་དཔལ་ཆེན་དམ་ལ་འདུས། །བདེ་གཤེགས་བསྟན་པ་རིན་ཆེན་འདི། །ཁྱོད་ཀྱིས་བསྲུང་བྱ་མ་ཡིན་ནམ། །དམ་ཉམས་ལོག་པར་ལྟ་བ་འདི། །ཁྱོད་ཀྱི་བསྒྲལ་བྱ་མ་ཡིན་ནམ། །ཆོས་བཞིན་སྤྱོད་པའི་སྒྲུབ་པ་པོ། །ཁྱོད་ཀྱི་སྐྱོང་བྱ་མ་ཡིན་ནམ། །དམ་རྫས་དམར་གྱི་གཏོར་ལམ་འདི། །ཁྱོད་ཀྱིས་བླང་བྱ་མ་ཡིན་ནམ། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །ཁས་བླངས་དམ་བཅས་མ་དྲན་ནམ། །པདྨ་ཐོད་ཕྲེང་ལ་སོགས་པའི། །རིག་འཛིན་བཀའ་ལ་མི་བརྩིའམ། །རྩ་བར་བརྒྱུད་པའི་བླ་མ་ཡི། །བཀའ་དང་དམ་ལ་མི་གནས་སམ། །ད་ལྟ་རྣལ་འབྱོར་བདག་ཅག་གིས། །གདུང་བའི་གསོལ་བ་མ་གསན་ནམ། །ཧཱུྃ། མ་


CMR028_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གཡེལ་མ་གཡེལ་ལྷ་ཆེན་པོ། །མ་གཡེལ་མ་གཡེལ་དཔལ་ལྡན་མོ། །མ་གཡེལ་མ་གཡེལ་བཀའ་སྡོད་ཚོགས། །གཡོབ་ཀྱིས་འདེབས་ན་སྤྱན་མ་རྟུལ། །བོས་པའི་ཚེ་ན་སྙན་མ་སྲས། །བསྟེན་པའི་ཚེ་ན་རྒྱང་མ་རིང་། །བསྐུལ་བའི་ཚེ་ན་མཐུ་མོ་ཆུང་། །རྗོད་པའི་ཚེ་ན་རྩལ་མ་ཞན། །ད་དུས་སྙིགས་མ་ལྔ་ཡི་དུས། །ནག་པོའི་སྤྱོད་པ་ཁ་དར་བས། སངས་རྒྱས་བསྟན་པ་འཇིག་ལ་ཁད། །དཀོན་མཆོག་དབུ་འཕང་སྨད་ལ་ཐུག །དམ་ཉམས་ལོག་པར་ལྟ་བ་འདིས། །ངན་སོང་གསུམ་གྱི་ས་བོན་སྒྲུབ། །འདི་ལ་ནག་པོ་ལྕམ་དྲལ་གྱིས། །བྱམས་པའི་ཐུགས་ཀྱིས་བཟོད་ཕོད་དམ། །བསྐུལ་ལོ་བསྐུལ་ལོ་ཁྲོས་པར་བསྐུལ། །བཞེངས་ཤིག་བཞེངས་ཤིག་རྔམས་པར་བཞེངས། །རྒྱུག་ཅིག་རྒྱུག་ཅིག་རིངས་བར་རྒྱུག །མཛོད་ཅིག་མཛོད་ཅིག་ལས་མཛོད་ཅིག །འབར་བའི་ལྕགས་ཀྱུས་སྙིང་ནས་ཟུངས། །བདུད་ཀྱི་ཞགས་པས་དམ་དུ་ཆིངས། །ལྕགས་སྒྲོག་འབར་བས་གནས་ལྔ་སྡོམས། །དྲིལ་ཆེན་སྒྲ་ཡིས་མྱོས་པར་གྱིས། །ཧཱུྃ། སྲུང་བྱེད་འབར་བའི་ལྕགས་ཁང་དུ། །འདེབས་བྱེད་ཁྲོ་ཆེན་ཕུར་པའི་དབལ། །དྲག་པོ་གསོད་བྱེད་ཐུན་གྱི་


CMR028_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཆར། །ཉམས་པའི་དགྲ་བོ་མཱ་ར་ཡ། །གཅོད་བྱེད་རལ་གྲི་རྣོ་བའི་མཚོན། །རྡུང་བྱེད་ཐོ་བ་གཏུན་ཤིང་ཚོགས། །འབིགས་བྱེད་མདའ་དང་མདུང་རྣམས་ཀྱིས། །སྡང་བའི་དགྲ་བོ་མཱ་ར་ཡ། །ཧཱུྃ། ལྕམ་དྲལ་བྲན་གཡོག་འཁོར་བཅས་ཀྱིས། །སྡང་བྱེད་དགྲ་བོ་ཉམ་པ་ཡི། །དབང་པོ་ལྔ་ལ་ཁ་རཾ་ཁཱ་ཧི། །རྣམ་ཤེས་བརྒྱད་ལ་རཾ་ཁཱ་ཧི། །འབྱུང་བ་ལྔ་ལ་ཁ་རཾ་ཁཱ་ཧི། །ཤ་ཁྲག་རུས་ལ་ཁ་རཾ་ཁཱ་ཧི། །དོན་སྙིང་ལྔ་ལ་ཁ་རཾ་ཁཱ་ཧི། །སྲོག་དང་དབུགས་ལ་ཁ་རཾ་ཁཱ་ཧི། །སྡང་བྱེད་དགྲ་བོ་ཉམས་པ་འདིའི། །འགོ་བའི་ལྷ་ཡང་ཁ་རཾ་ཁཱ་ཧི། །བསྲུང་བའི་མགོན་ཡང་ཁ་རཾ་ཁཱ་ཧི། །བྱམས་པའི་ཕ་མ་ཁ་རཾ་ཁཱ་ཧི། །མཐུན་པའི་ཉེ་དུ་ཁ་རཾ་ཁཱ་ཧི། །བརྩེ་བའི་གྲོགས་བཤེས་ཁ་རཾ་ཁཱ་ཧི། །ཕན་པའི་གཉེན་ཡ་ཁ་རཾ་ཁཱ་ཧི། །འཁོར་གྱི་བྲན་གཡོག་ཁ་རཾ་ཁཱ་ཧི། །ཤ་ལ་དགའ་བའི་སྲུང་མ་རྣམས། །དགྲ་བོའི་ཤ་ལ་ད་ཟོ་ཅིག །ཁྲག་ལ་རྔམས་པའི་ཕོ་ཉ་རྣམས་། །དགྲ་བོའི་ཁྲག་ལ་ད་རོལ་ཅིག །གསོད་ལ་དགའ་བའི་ཤན་པ་རྣམས། །ཉམས་པའི་དགྲ་བོ་ད་སོད་ཅིག །གཅོད་ལ་དགའ་བའི་རྔོན་པ་རྣམས། །དགྲ་བོའི་སྲོག་


CMR028_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་ད་ཆོད་ཅིག །ཧཱུྃ། བྱམས་པ་ཆེན་པོས་བསྒྲལ་བའི་ལས། །འདི་ནི་བྱང་ཆུབ་མཆོག་གི་རྒྱུ། །བསྒྲལ་བར་བྱ་བ་མི་དམིགས་པས། །བསྒྲལ་བྱ་སྒོལ་བྱེད་དབྱིངས་སུ་ཞི། །ཞེས་རོལ་མོ་སྒྲ་ཆེན་དང་བཅས་པས། གཏོར་མ་འབུལ་ཞིང་། དྲག་པོས་རིག་སྔགས་གང་ཤེས་བརྗོད།་ཧཱུྃ། བདག་ནི་རིག་འཛིན་སྒྲུབ་པ་པོ། །ཁྱོད་ནི་ཆོས་སྐྱོང་དམ་ཚིག་ཅན། །བསྟན་པའི་བཀའ་སྲུང་རྫུ་འཕྲུལ་ཅན། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །རྣལ་འབྱོར་བཅོལ་བའི་ལས་རྣམས་མཛོད། །ཧཱུྃ། སྤྱན་གསུམ་དུས་གསུམ་ས་ལེར་ཚོགཟིགས། །སྲིད་གསུམ་བསྟན་ལ་བྱ་ར་བྱེད། །ལེགས་ཉེས་ཀུན་གྱི་ཤན་འབྱེད་པ། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །རྣལ་འབྱོར་བཅོལ་བའི་ལས་རྣམས་མཛོད། །ཧཱུྃ༔ སྟོང་ཉིད་ལས་བྱུང་ཧཱུྃ་ལས་སྐྱེས། །རྔམས་པ་གྱད་ཀྱི་འདུག་སྟངས་ཅན། །བམ་ཆེན་རོ་ཡི་གདན་ལ་བཞུགས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །རྣལ་འབྱོར་བཅོལ་བའི་ལས་རྣམས་མཛོད། །ཧཱུྃ། ཞལ་གདངས་མཆེ་བ་གཙིགས་པ་ཡིས། །ཨ་རལླི་ཡི་སྒྲ་སྒྲོག་ཅིང་། །དཔའ་བོ་མཁའ་འགྲོ་ཕོ་ཉར་འགྱེད། །སྔོན་གྱི་ཐུགས་དམ་


CMR028_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་དགོངས་ལ། །རྣལ་འབྱོར་བཅོལ་བའི་ལས་རྣམས་མཛོད། །ཧཱུྃ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི། །དམ་ཚིག་ཡིན་པས་བདག་གིས་སྒྲུབ། །སྒྲུབ་ལ་བར་དུ་གཅོད་པ་འདི། །རུ་ཏྲ་ཡིན་པས་ཁྱོད་ཀྱིས་སྒྲོལ། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །རྣལ་འབྱོར་བཅོལ་བའི་ལས་རྣམས་མཛོད། །ཧཱུྃ། ཞལ་ནས་ཕཊ་ཀྱི་སྒྲ་སྒྲོགས་པས། །སྲིད་པ་གསུམ་ཡང་རྡུལ་དུ་རློགས། །བསྟན་ལ་སྡང་བ་ཚར་གཅོད་པ། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །རྣལ་འབྱོར་བཅོལ་བའི་ལས་རྣམས་མཛོད། །ཧཱུྃ། རྩོད་ལྡན་བསྟན་པ་སྙིགས་མའི་དུས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །སླར་ཡང་རང་དམ་རང་གིས་བཅས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །རྣལ་འབྱོར་བཅོལ་བའི་ལས་རྣམས་མཛོད། །ཧཱུྃ། མཐིང་ནག་ཧ་ལ་སྨན་ཆེན་མདོག །འགྱུར་བ་མེད་པའི་ཐུགས་དམ་ཅན། །གཟི་བརྗིད་ཆེན་པོས་དགྲ་བགེགས་བཅོམ། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །རྣལ་འབྱོར་བཅོལ་བའི་ལས་རྣམས་མཛོད། །ཧཱུྃ། དམ་རྫས་མཆོད་པ་ཆུད་མ་གསན། །རང་གིས་དམ་བཅའ་ཉམས་ལ་


CMR028_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

རེ། །ཉེས་བྱེད་བསྡེབ་ཏུ་ཤོར་ལ་རེ། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །རྣལ་འབྱོར་བཅོལ་བའི་ལས་རྣམས་མཛོད། །ཧཱུྃ། རྣལ་འབྱོར་རིག་འཛིན་བཀའ་མ་བཅག། བསྟན་པའི་སྤྱི་དགྲ་ཤོར་ལ་རེ། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །རྣལ་འབྱོར་བཅོལ་བའི་ལས་རྣམས་མཛོད།། ༈ ཡང་ན། ཧཱུྃ། བྱང་ཕྱོགས་དུར་ཁྲོད་ཆེན་པོ་ཡི། །གྲོང་ཁྱེར་སུམ་བརྩེགས་ཕོ་བྲང་ནས། །ཡབ་གཅིག་ལེགས་ལྡན་ནག་པོ་ནི། །ཕྱག་ན་ཙན་དན་བེང་ཆེན་བསྣམས། །ལྷ་དམག་བྱེ་བ་འབུམ་གྱི་དབུས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། མི་འགྱུར་རྡོ་རྗེ་བྲག་གི་ཐེམ་སྟེང་ནས། །གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ན། །སྲས་མཆོག་ནག་པོ་འཇིགས་པའི་གཟུགས། །ལས་ཀྱི་མགོན་པོ་འབུམ་གྱི་དབུས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཡབ་གཅིག་མགོན་པོའི་བཀའ་ཉན་པ། །ཤར་ཕྱོགས་སྐྱོང་བའི་མགོན་པོ་ནི། །དཔལ་འབར་འཇིགས་པའི་ཆ་བྱད་ཅན། །ཕྱག་ན་ནོར་བུའི་


CMR028_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཞགས་པ་འཛིན། །མགོ་བརྙན་བྱེ་བ་འབུམ་གྱི་དབུས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ་ཡབ་གཅིག་མགོན་པོའི་བཀའ་ཉན་པ། །ལྷོ་ཕྱོགས་སྐྱོང་བའི་ནག་པོ་ཆེ། །སེར་ཆེན་འབེབས་ཤིང་བེང་ཆེན་བསྣམས། །གཤིན་རྗེ་འབུམ་གྱི་འཁོར་གྱིས་བསྐོར། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཡབ་གཅིག་མགོན་པོའི་བཀའ་ཉན་པ། །ནུབ་ཕྱོགས་སྐྱོང་བའི་གཟི་བརྗིད་ཅན། །འཚལ་བུ་རྟིང་དཀར་ཆིབས་ཤིང་གྲུ་ཚལ་བསྣམས། །ཀླུ་བདུད་མང་པོའི་ཚོགས་ཀྱིས་བསྐོར། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཡབ་གཅིག་མགོན་པོའི་བཀའ་ཉན་པ། །བྱང་ཕྱོགས་སྐྱོང་བའི་རྣམ་ཐོས་སྲས། །སེང་གེ་ཆིབས་ཤིང་བེང་ཆེན་བསྣམས། །གནོད་སྦྱིན་སྨུག་ནག་འཁོར་གྱིས་བསྐོར། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཡབ་གཅིག་མགོན་པོའི་བཀའ་ཉན་པ། །ཤར་ལྷོ་


CMR028_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་བའི་ཛམ་བྷ་ལ། །སྔོན་པོ་ཆུ་རིས་ཆིབས་པའི་ལྷ་དམག་འབུམ། །སྔོ་ཁྲ་རོལ་དུ་ཁྲིད་པའི་དམ་ཅན་རྣམས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཡབ་གཅིག་མགོན་པོའི་བཀའ་ཉན་པ། །ལྷོ་ནུབ་སྐྱོང་བའི་མཛེས་ལྡན་སྲས། །སྟོབས་ཆེན་མགོན་པོ་ནག་པོ་ལ། །རཀྴ་སྲིན་པོའི་འཁོར་གྱིས་བསྐོར། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཡབ་གཅིག་མགོན་པོའི་བཀའ་ཉན་པ། །ནུབ་བྱང་ཟློསྐྱོང་བའི་དམ་ཅན་ནི། །བྲག་ལྷ་མགོན་པོ་ཐིག་ལེ་རྩལ། །རླུང་ལ་ཆིབས་ནས་ཕྱོགས་བཅུར་རྒྱུག །དམ་ཅན་སྐྱེས་བུ་གིང་ཆེན་རྣམས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཡབ་གཅིག་མགོན་པོའི་བཀའ་ཉན་པ། །བྱང་ཤར་སྐྱོང་བའི་རྣམ་སྣང་ཅན། །གཙུག་ཏོར་ལྗང་གུ་འཁོར་བཅས་ཀྱང་། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཡབ་གཅིག་མགོན་པོའི་བཀའ་ཉན་པ། །སྟེང་ཕྱོགས་སྐྱོང་བའི་


CMR028_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཕུད་ཅན། །དམག་དཔོན་ཆེན་པོ་ཡ་བདུད་འཇོམས། །གཟའ་ཆེན་བརྒྱད་ཀྱི་འཁོར་གྱིས་བསྐོར། །ལྷ་སྲིན་སྡེ་བརྒྱད་ཕོ་ཉར་འགྱེད། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཡབ་གཅིག་མགོན་པོའི་བཀའ་ཉན་པ། །འོག་ཕྱོགས་སྐྱོང་བའི་བརྟན་མ་ནི། །ཀླུ་ཆེན་ས་བདག་འཁོར་བཅས་ཀྱིས། །གདུག་པ་ཐམས་ཅད་འདུལ་མཛད་པ། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཡབ་གཅིག་མགོན་པོའི་བཀའ་ཉན་པ། །བདུད་དམག་བྱེ་བ་འབུམ་གྱི་དབུས། །གདུག་པ་འདུལ་མཛད་ཐོད་ཕྲེང་ཅན། །རྟ་ནག་ཆིབས་པའི་མགོན་པོ་ཡང་། །འདིར་ཟླགཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཡབ་གཅིག་མགོན་པོའི་བཀའ་ཉན་པ། །ཁྲག་འཐུང་མ་མོ་རྫུ་འཕྲུལ་ཅན། །ལ། སྲིད་གསུམ་མ་མོའི་ཚོགས་ཀྱིས་བསྐོར། །དྲེལ་རྟ་ཆིབས་ཤིང་བསྟན་པ་སྲུངས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །


CMR028_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་གཅིག་མགོན་པོའི་བཀའ་ཉན་པ། །སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ། །བྱ་ནག་ཚོགས་དང་ཁྱི་ནག་ཚོགས། །ཅེ་སྤྱང་ཚོགས་དང་གདུག་པའི་ཚོགས། །ཐོགས་མེད་རྫུ་འཕྲུལ་སྟོབས་དང་ལྡན། །ཤ་ལ་དགའ་ཞིང་ཁྲག་ལ་མོས། །དུར་ཁྲོད་འགྲིམ་ཞིང་བཤུག་གླུ་ལེན། །དཔལ་གྱི་འཁོར་ཚོགས་མ་ལུས་པ། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །རིག་འཛིན་རྣམས་ཀྱི་བསྟན་པ་སྲུངས་། །གཏུམ་ཞིང་གདུག་པའི་དགྲ་བགེགས་རྣམས། །མྱུར་དུ་བསྒྲལ་བའི་ཕྲིན་ལས་མཛོད། །ཡུམ་གྱི་བསྐུལ་པ། སྦྱོ༔ ཡེ་ཤེས་དབྱིངས་ཀྱི་དཀྱིལ་འཁོར་ནས། །རང་བྱུང་ཡེ་ཤེས་དཔལ་ལྷ་མོ། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །སྐུ་གསུང་ཐུགས་ཀྱི་ཕྲིན་ལས་མཆོག །ནག་མོ་མི་བཟད་རེ་མ་ཏི། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །སུམ་ཅུ་རྩ་གསུམ་གནས་མཆོག་ནས། །


CMR028_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མོ་དུང་གི་ཐོར་ཚུགས་ཅན། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རིམ་པ་བཅུ་གསུམ་ཡར་སྟེང་ནས། །རེ་སྡེ་མགོ་ཉག་ཡུམ་གཅིག་མ། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རི་རབ་མཆོག་གི་ཁོང་གསེང་ནས། །ལྷ་མིན་བུ་མོ་གློག་འགྱུ་མ། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གང་བ་བཟང་པོའི་བུ་མོ་ནི། །ལྷ་མོ་རིན་ཆེན་སྐ་རགས་ཅན། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ལྷོ་ཕྱོགས་གཤིན་རྗེའི་གྲོང་ཁྱེར་ནས། །ཆོས་ཀྱི་རྒྱལ་པོའི་ལྕམ་ལྷགཅིག་མ། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གཙུག་ན་རིན་ཆེན་བུ་མོ་ནི། །ཀླུ་མོ་ནག་མོ་ཆུ་སྲིན་གདོང་། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྱང་ཤར་ཐོད་པའི་སྐུ་མཁར་ནས། །དཔལ་ལྡན་ལྷ་མོ་འཁོརདང་བཅས། །འདིར་


CMR028_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་བརྒྱན་པའི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་སུ། །དུས་གསུམ་སངས་རྒྱས་བསྟན་པ་སྲུང་། །དམ་ཅན་རྒྱ་མཚོ་སྐུ་བསྐྱོད་འཚལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །རིག་འཛིན་བསྒྲུབ་པའི་རྣལ་འབྱོར་པས། །མོས་གུས་གདུང་བས་སྤྱན་འདྲེན་ན། །ཕྱི་མའི་མུ་མཐར་ཐུག་གི་བར། །བར་ཆད་མེད་པའི་སྡོང་གྲོགས་མཛོད། །ཅེས་ལེགས་ལྡན་སྤྱི་བསྐུལ་བྱ། དེ་ནས་བཀའ་ཟློག་བྱ་བ་ནི། བྷྱོ༔ རྡོ་རྗེ་གར་གྱི་བཀའ་ཟློག་མ། །ཤར་ཕྱོགས་གདོན་གྱི་བཀའ་སྒྱུར་ཅིག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །རིན་ཆེན་གར་གྱི་བཀའ་ཟློག་མ། །ལྷོ་ཕྱོགས་གདོན་གྱི་བཀའ་སྒྱུར་ཅིག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །པདྨ་གར་གྱི་བཀའ་ཟློག་མ། །ནུབ་ཕྱོགས་གདོན་གྱི་བཀའ་སྒྱུར་ཅིག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །ལས་ཀྱི་གར་གྱི་བཀའ་ཟློག་མ། །བྱང་ཕྱོགས་གདོན་གྱི་བཀའ་སྒྱུར་ཅིག །བཟློག་གོ་དམར་ཆེན་གཏོར་


CMR028_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །གཞན་གྱིས་ཕུར་ཆེན་འདེབས་པ་ཟློག །ཚེ་ཟོར་ཡུངོས་ཟོར་འཕེན་པ་ཟློག །གཤིན་རྗེས་འཁོར་ལོ་བསྐོར་བ་ཟློག །བདུད་ཀྱིས་ཁྲམ་ལ་བཏབ་པ་ཟློག །མ་མོས་ཐུན་ཟོར་འཕེན་པ་ཟློག །ཀླུ་ཡིས་བྱེད་དུ་བཅུག་པ་ཟློག །ཕོ་ཉས་བླ་སྲོག་འཕྲོག་པ་ཟློག །ཐེའུ་རང་སྲིད་ལ་རྐུ་བ་ཟློག །མུ་སྟེགས་བར་ཆད་བྱེད་པ་ཟློག །ཞང་ཞུང་ཛོ་དམར་འཕེན་པ་ཟློག །བོན་པོས་སྔགས་ལོག་སྒྲུབ་པ་ཟློག །སུམ་པས་གླང་ཟོར་འཕེན་པ་ཟློག །སྐྱེས་པས་མདའ་ཟོར་འཕེན་པ་ཟློག །བུད་མེད་དམོད་ཟོར་འཕེན་པ་ཟློག །ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །བྱིས་སྦའི་གདོན་ཆེན་བཅོ་ལྔ་ཟློག་བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །བཀའ་ཟློག་མའོ། །ཐུན་གཏོར་ལའོ། །ལོ་ཏྲི་པ་ལའི་ཟློག་སྔགས་བརྗོད་ལ་ཕུལ། མདུན་བསྐྱེད་གཙོ་བོ་ཤ་ཟའི་བསྐུལ་རྣམས་ནས་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་རྣམས་དང་གཞན་ཡང་གནས་གསུམ་ནས་ཅི་འདོད་པའི་དངོས་གྲུབ་སྐུ་གསུང་ཐུགས་ཀྱི་སྙིང་པོ་ཕྱག་མཚན་གཡུང་དྲུང་རྣམས་ལ་སོགས་པ་སྤྲོས་ནས་


CMR028_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་ཐིམ་པར་བསྒོམ་ཞིང་ངག་ཏུ། དེ་ནས་དངོས་གྲུབ་བླངས་བ་ནི། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས། །ཡེ་ཤེས་མགོན་པོ་འཁོར་དང་བཅས། །འདིར་གཤེགས་བདག་ལ་དགོངས་ནས་ཀྱང་། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་ནས། །སྲས་མཆོག་ནག་པོ་འཇིགས་པའི་གཟུགས། །འདིར་གཤེགས་བདག་ལ་དགོངས་ནས་ཀྱང་། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །རི་རབ་ཆེན་པོའི་སྟེང་ཤེད་ནས། །འཇིག་རྟེན་མགོན་པོ་གཟི་བརྗིད་ཅན། །འདིར་གཤེགས་བདག་ལ་དགོངས་ནས་ཀྱང་། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །མཐོང་བ་ཙམ་གྱིས་བདུད་ཀྱི་དཔུང་། །ཀུན་ནས་སྐྲག་པར་བྱེད་པ་ཡི། །མ་ཧཱ་ཀཱ་ལ་ཁྱོད་ཟཀྱི་ཞལ། །བདག་ལ་དེ་རིང་བསྟན་དུ་གསོལ། །ལས་བཞི་གྲུབ་པ་ཆེན་པོ་བརྒྱད། །སྐད་ཅིག་ཉིད་ཀྱིས་འགྲུབ་བྱེད་པ། །སྔགས་ཀྱི་དངོས་གྲུབ་ཆེན་པོ་དེ། །བདག་ལ་དེ་རིང་བསྩལ་དུ་གསོལ། །བྱམས་པའི་ཐུགས་ཀྱིས་བདག་ལ་དགོངས། །བརྩེ་བའི་སྤྱན་གྱིས་བདག་ལ་གཟིགས། །ལུང་བསྟན་རྗེས་སུ་གནང་བ་ཡི། །བཀའ་སྩལ་བདག་ལ་


CMR028_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

གནང་དུ་གསོལ། །བློ་མ་གཅིག་སྨིན་མཚམས་མཛོད་སྤུ་ཡི། །འོད་ཟེར་གྱིས་ནི་དྲྭ་བ་ལས། །སྐུ་ཡི་སྤྲུལ་པ་གྲངས་མེད་འགྱེད། །དཔལ་ལྡན་ལྷ་མོ་རེ་མ་ཛཿ ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས། །སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །མ་གཅིག་ལྗགས་ཀྱི་དབང་པོ་ཡི། །འོད་ཟེར་གྱི་ནི་དྲྭ་བ་ལས། །གསུང་གི་སྤྲུལ་པ་གྲངས་མེད་འགྱེད། །དཔལ་ལྡན་ལྷ་མོ་རེ་མ་ཛུ། །ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས། །གསུང་གི་དངོས་གྲུབ་བསྩལ་དུ་གསོལ། །མ་གཅིག་ཐུགས་ཀྱི་དཔལ་བེའུ་ཡི། །འོད་ཟེར་གྱི་ནི་དྲྭ་བ་ལས། །ཐུགས་ཀྱི་སྤྲུལ་པ་གྲངས་མེད་འགྱེད། །དཔལ་ལྡན་ལྷ་མོ་རེ་མ་ཏི། །ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས། །ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་རེ་མ་ཏི་སརྦ་སིདྡྷི་ཕ་ལ་ཧཱུྃ། སིདྡྷི་ས་མ་ཡ་ཧཱུྃ་ཨཱཿཧཱུྃ། གོང་དུ་ཚོགས་བྱས་ན་ལྷག་མ་བཏང་ངོ་། ༈ རྗེས་ཆོག་གི་མཆོད་པ་གསོ་བྲན་བྱས་ཏེ། ཨོཾ། ཁྲག་གི་རྒྱ་མཚོ་མེ་ཏོག་ཨུ་པཱཀྵ། །ཚིལ་ཆེན་བསྲེག་དང་དམར་ནག་ཆེན་པོའི་མེ། །ཐལ་ཆེན་ཁྲག་ཞག་བདུད་རྩི་ཤ་ཆེན་ལྔ། །དུར་ཁྲོད་སྒྲ་ཡིས་ཚོགས་རྣམས་བཀང་སྟེ་


CMR028_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། །ཨོཾ་ཤྲཱི་མ་ཧཱ་ཀ་ལ་དེ་ཝི་ས་པཱ་རི་ཝཱ་ར་ཨགྷཾ་སོགས། ཤཔྟ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཧཱུཾ། ཧཱུཾ། ཊཀྐི་བྱེ་བ་འབུམ་གྱིས་རབ་བཏུད་ཅིང་། །བཅོམ་ལྡན་རྡོ་རྗེ་བདེ་མས་ཡང་དག་འཁྱུད། །བདེ་ཆེན་ལྷུན་གྲུབ་མི་ཕྱེད་གོ་འཕང་བརྙེས། །རྒྱལ་བ་ཀུན་ཡབ་ཁྱོད་ལ་ཕྱག་འཚལ་བསྟོད། །ནོངས་པ་བཤགས་པ་ནི། དོན་དམ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེའི་ཐབས་ཀྱིས་སྤྲུལ་པར་སྐུར་སྟོན་ཅིང་། །སྨོན་ལམ་དབང་གིས་གདུག་པའི་ཚུལ་འཛིན་པ། །དཔལ་ལྡན་འཁོར་བཅས་བདག་ལ་དགོངས་སུ་གསོལ། །ཐོག་མེད་དུས་ནས་མ་རིག་དབང་གྱུར་ནས། །མི་ཤེས་སྒྲིབ་པ་ལེ་ལོའི་དབང་གིས་ནི། །ཐམས་ཅད་མཁྱེན་པའི་ལམ་དང་འགལ་བ་རྣམས། །སྤྲུལ་པའི་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ། །ད་ལྟ་བདག་བློ་དམན་པའི་དབང་གྱུར་ཏེ། །བསྐྱེད་རྫོགས་ཏིང་འཛིན་ཡན་ལག་མ་ཚང་དང་། །གསང་སྔགས་གྲངས་ཉུང་ལོག་པར་གྱུར་པ་རྣམས། །ལས་ཀྱི་མགོན་པོའི་ཚོགས་ལ་བཟོད་པར་གསོལ། །སྒོ་གསུམ་སྙོམས་ལས་ལེ་ལོའི་དབང་གིས་ནི། །དམ་རྫས་མ་ཚང་གཏོར་མའི་ཕུད་ཉམས་དང་། །


CMR028_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་འཁྲུལ་ཉམས་པ་ལྷག་ཆད་གྱུར་པ་ནི། །འཇིག་རྟེན་ཕོ་ཉའི་ཚོགས་ལ་བཟོད་པར་གསོལ། །དེ་ལྟར་གསོལ་བའི་ཐུགས་རྗེས་འོད་ཟེར་གྱིས། །བདག་གིས་ཉེས་པའི་ཚོགས་རྣམས་དག་པ་དང་། །རྒྱལ་བའི་བསྟན་པ་ཡུན་རིང་བསྲུང་བ་དང་། །དགྲ་བགེགས་འདུལ་བའི་མཐུ་རྩལ་བསྩལ་དུ་གསོལ། །བྷྱོ༔ རླུང་ནག་དགུ་ཀློང་འཁྱིལ་བའི་དཀྱིལ་འཁོར་ནས། །མ་གཅིག་བཀའ་སྡོད་ཉེ་བའི་སྙིང་ཉེ་མ། །རྒྱལ་བའི་གདུང་འཚོབ་ཁམས་གསུམ་བདུད་འདུལ་མ། །དབང་ཕྱུག་ལྷ་མོ་དཔོན་གཡོག་བདག་ལ་དགོངས། །འདའ་དཀའ་རྡོ་རྗེའི་དམ་ཚིག་གཏན་གྱི་གཉེར། །ཡོངས་སུ་མི་བཏང་འདའ་བར་མི་བགྱིད་ཀྱང་། །ཀློང་དུ་མ་གྱུར་གོམས་པའི་ཤུགས་ཆུང་བས། །ལྟ་བ་འཕང་དམའ་ཆོས་ཉིད་དོན་མ་རྟོགས། །བསྒོམ་པ་ཡུན་ཐུང་ལྷ་མོའི་ཞལ་མ་མཐོང་། །སྙིང་པོ་གྲངས་ཉུང་སྒྲ་ཆག་ཟུར་ཉམས་དང་། །ཉམས་དང་ཚོགས་འདྲེས་ཉམས་པ་མ་བཀང་དང་། ཉམས་དང་གཏམ་བྱས་ཁ་འཕྲོ་བསྲེ་བ་དང་། །ཁས་བླངས་དམ་བཅས་དུས་ལས་ཡོལ་བ་དང་། །དམ་རྫས་མ་ཚང་གཏོར་མའི་ཕུད་ཉམས་དང་། །སྒྲུབ་ལ་མི་བརྩོན་


CMR028_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་ལོས་གཡེལ་བ་དང་། །གསང་བའི་མན་ངག་གཞན་ལ་སྤེལ་བ་རྣམས། །རབ་ཏུ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་ལོ་བཤགས་སོ་ཡེ་ཤེས་ལྷ་མོའི་ཚོགས། །བཤགས་སོ་བསྐང་ངོ་འཇིག་རྟེན་ཕོ་ཉའི་ཚོགས། །ཐུག་རྗེ་ཆེན་པོའི་ཚངས་པར་བསྩལ་དུ་གསོལ། །མ་འོངས་པ་ན་ལུང་བསྟན་པ། །དེ་བཞིན་གཤེགས་པ་ཐལ་བ་ཡི། །དབང་པོ་ཞེས་བྱར་གྱུར་པའི་ཚེ། །གདུག་ཅིང་རྩུབ་པའི་གདུལ་བྱ་རྣམས། །འདྲེན་པའི་ཞབས་དྲུང་སྐྱེས་ནས་ཀྱང་། །ཆོས་ཀྱི་བདུད་རྩི་འཐུང་བར་ཤོག །བདག་ནི་མངོན་པར་བྱང་ཆུབ་སྟེ། །རང་རིག་ཡེ་ཤེས་མངོན་གྱུར་ནས། །སངས་རྒྱས་བསྟན་པ་བསྲུང་སླད་དུ། །ཁྱོད་དང་འབྲལ་མེད་འགྲོགས་པར་ཤོག ༈ །མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོའི་བཟོད་པར་གསོལ། །ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས་ཅི་མང་བརྗོད། ཨ་ཨཱ༔ ཨི་ཨཱི༔ སོགས། ཀ་ཁ་ག་གྷ་ང་སོགས། ལན་གསུམ་བརྗོད། ༈ བཀྲ་ཤིས་ནི། བདག་ནི་ལྕམ་དྲལ་ཐུགས་ཀྱི་དཀྱིལ་འཁོར་དུ། །འབྲལ་བ་མེད་པར་ལྷུན་གྱིས་


CMR028_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་དང་། །རབ་འབྱམས་རྒྱལ་བའི་བཀའ་ལ་དབང་ཐོབ་པའི། །འགྲོ་ཀུན་དཔལ་དུ་གྱུར་པའི་བཀྲ་ཤིས་ཤོག །དཀྱིལ་འཁོར་གཞལ་ཡས་འདིར་ཡང་བཀྲ་ཤིས་ཤིང་། །ཉིན་ཡང་བཀྲ་ཤིས་དཔལ་འབར་ཏ་ལ་ལ། །མཚན་ཡང་བཀྲ་ཤིས་དཔལ་འབར་ཀྱི་ལི་ལི། །ཉིན་མཚན་རྟག་ཏུ་བཀྲ་ཤིས་བདེ་ལེགས་ཤོག །མངྒ་ལཾ་སྭ་སྟི་ཛ་ཡ་ཨ་ལ་ལ་ཧོ། །ཞེས་པའང་ཕྱི་རབས་གསར་བུ་རྣམས་ཀྱིས་མགོན་པོ་འདི་ལ་བསྙེན་སྒྲུབ་མོས་པ་རྣམས་ཀྱི་ཐུགས་དམ་བྱ་ཕྱིར་དུ། རཱ་ག་ཨ་སྱས་སྨྲས་པ་ལྟར་ཉེ་གནས་ཀུན་འགས་ཡི་གེར་བཀོད། མངྒ་ལཾ། །སྣ་ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏ་ལི་ཧཱུྃ་ཿ བསྙེན་སྔགས་སོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR028_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཌོམྦི་མ་མགོན་སྦྲག་སྒྲུབ་ལགས་ཡོད་དོ་ཨོཾ༔


CMR028_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡེ༔ བླ་མ་མ་མགོན་ཞབས་ལ་ཕྱག་འཚལ་ནས༔ ཌོམྦི་མ་མགོན་སྦྲག་སྒྲུབ་ཟིན་བྲིས་བྲི༔ ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལ༔ མདུན་དུ་གཞི་སྟེང་དཀྱིལ་འཁོར་བྲིས་པ་བཤམ༔ མེད་ན་འབྲུ་ཡི་ཚོམ་བུ་བཀོད་ཀྱང་རུང་༔ དེ་སྟེང་ཟངས་ལྕགས་ལ་སོགས་སྣོད་གཙང་དུ༔ དབུས་སུ་བླ་མ་གཏོར་མ་ཟླུམ་པོ་ལ༔ གཡས་གཡོན་མདུན་རྒྱབ་གཏོར་མ་ཟུར་གསུམ་རེ༔ དེ་དག་སོ་སོར་ཙཀ་ལི་བཙུགས་པའམ༔ ཡང་ན་ཐང་སྐུའམ་ནི་དར་ནག་བཤམ༔ གཏོར་མའི་གཡས་གཡོན་སྨན་དང་རཀྟ་དང་༔ དེ་མཐར་མཆོད་པ་སྣ་བདུན་བསྐོར་བཤམ་བྱ༔ ཚོགས་དང་མཐེབ་སྐྱུ་ཐུན་གཏོར་སོགས་ཀྱང་བསགས༔ གནམ་ཆོས་སྐྱབས་འགྲོ་སེམས་བསྐྱེད་མཆོད་བྱིན་རླབས༔ སྔོན་འགྲོ་ཅོག་རྡོག་སྔ་དྲོ་རེ་


CMR028_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

རེས་ཆོག༔ དེ་ནས་རྩ་གསུམ་སྤྱི་ཡི་ལས་བྱང་གི༔ གཞལ་ཡས་ཁང་བསྐྱེད་ཡན་ཆད་བཏོན་པའི་རྗེས་རང་ཉིད་ཌོམྦི་སྐུ་མདོག་སྨུག །ཡུམ་སྨུག་འཁྱུད་དེ་ཡབ་ཡུམ་གྱི༔ ཕྱག་ན་དུག་སྦྲུལ་བུ་ཅན་འཛིན༔ དབུ་སྐྲ་ཐོར་ཚུགས་དར་དམར་བཅིངས༔ རུས་པའི་རྒྱན་དྲུག་སྟག་ཤམ་གསོལ༔ ཡུམ་ནི་གཅེར་བུ་དུག་སྦྲུལ་འཛིན༔ སྟག་མོ་གྲུས་མའི་སྟེང་ན་ནི༔ ཡབ་ཡུམ་སེམས་སྐྱིལ་གྱིས་བཞུགས་པ༔ ཐུགས་ཀར་ཟླ་སྟེང་ཧཱུྃ་གི་མཐར༔ སྔགས་ཀྱིས་གཡས་སུ་བསྐོར་བའོ༔ མདུན་དུ་ཡེ་ཤེས་མགོན་པོ་ནི༔ སྐུ་མདོག་ནག་པོ་ཞལ་གཅིག་པ༔ ཕྱག་གཉིས་གཡས་པས་སེང་ལྡེང་


CMR028_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བེང་༔ གཡོན་པས་ཕྱག་ན་ལྕགས་པར་འཛིན༔ སྐུ་ལ་བེར་ནག་རབ་བརྗིད་གསོལ༔ ཐུགས་ཀར་ཧཱུཾ་ལ་སྔགས་གཡས་བསྐོར༔ དེ་འོག་བེར་ནག་ཅན་ནག་པོ༔ ཞལ་གཅིག་ཕྱག་གཉིས་མི་སྡུག་སྐུ༔ སྐུ་ལ་བེར་ནག་བརྗིད་པ་གསོལ༔ ཕྱག་ན་གྲི་གུག་ཐོད་ཁྲག་བསྣམས༔ ཡུམ་མཆོག་ལྷ་མོ་རེ་མ་ཏི༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཁྱུད༔ སྐུ་ལ་དར་ནག་བེར་ཆེན་གསོལ༔ དྲེའུ་སྔོན་མོའི་སྟེང་ན་བཞུགས༔ དེ་ནས་ཡབ་ཡུམ་ཐུགས་ཀ་ཡི༔ ཧཱུྃ་དང་མ་ལ་སྔགས་ཀྱིས་བསྐོར༔ དེ་གཡས་མགོན་པོ་བེར་ནག་ཅན་ཞལ་གཅིག་ཕྱག་གཉིས་འཇིགས་པའི་གཟུགས༔ སྐུ་ལ་བེར་གསོལ་པད་ཉིར་བགྲད༔ ཕྱག་ན་གྲི་གུག་ཐོད་ཁྲག་བསྣམས༔ སྐུ་ལས་ཡེ་ཤེས་མེ་དཔུང་འབར༔ ཐུགས་ཀར་ཧཱུྃ་ལ་སྔགས་གཡས་བསྐོར༔ གཡོན་དུ་ལྷ་མོ་རེ་མ་ཏི༔ ཞལ་གཅིག་ཕྱག་བཞི་དང་པོ་གཉིས༔ ཁ་ཊྭཱཾ་ཞགས་པ་འོག་མ་གཉིས༔ མེ་ལོང་ཕུར་པ་འཛིན་པ་སྟེ༔ མདོག་ནག་བེར་ཆེན་གླང་ལྤགས་གྱོན༔ ཆིབས་སུ་དྲེའུ་སྔོ་ནག་ཆིབས༔ ཀུན་གྱི་ཐུགས་སྲོག་འོད་འཕྲོས་པས་བེར་ནག་ཡབ་ཡུམ་སྤྱན་དྲངས་ཏེ༔ བསྐྱེད་པ་དེ་ཡི་སྐུ་ལ་ཐིམ༔ དབང་


CMR028_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་རིགས་བདག་དབུ་རྒྱན་གྱུར༔ དེ་ནས་གནམ་ཆོས་ལས་བྱང་གི༔ རྒེ་ཞེས་པ་ཐམས་ཅད་དུ༔ ཌོམྦི་མ་མགོན་ཞེས་སྦྱར་ཏེ༔ སྤྱན་འདྲེན་བསྟོད་པ་ཡན་ཆད་འདོན༔ དེ་ནས་མགོན་པོའི་ལས་བྱང་ལ༔ ཆྒེ་ཞེས་པ་ཐམས་ཅད་དུ༔ བེར་ནག་སྐོར་གསུམ་ཞེས་པ་སྦྱར༔ རྩ་སྔགས་འོག་ནས་འབྱུང་བ་ཡི༔ སྔགས་གསུམ་ལ་ནི་ཁཱ་ཧི་སྦྱར༔ དེ་ནས་ལྷ་མོའི་ལས་བྱང་ལ༔ རྒེ་ཞེས་པའི་ས་དེ་རུ༔ རང་བྱུང་རྒྱལ་མོ་ཞེས་པ་སྦྱར༔ རྩ་སྔགས་དེ་ཡི་རྩ་སྔགས་སྦྱར༔ དེ་ལྟར་ལས་བྱང་གསུམ་ཚར་ནས༔ རང་ཉིད་ཌོམྦི་ཧེ་རུ་ཀའི་ཐུགས་ཀར་ཟླ་སྟེང་ཧཱུཾ་མཐིང་མཐར༔ སྔགས་ཀྱིས་གཡས་སུ་བསྐོར་བ་ལས༔ སྣ་བུག་གཡས་ནས་རླུང་བུས་པས༔ ཌོམ་གྱི་སྒྲ་དང་བཅས་པ་ཡི༔ འོད་ཟེར་ཁ་དོག་སྣ་ཚོགས་པ༔ ནམ་མཁའ་ཁྱབ་པར་འཕྲོས་པ་ཡིས༔ མཁའ་སྤྱོད་གནས་ནས་ཌོམྦི་པ༔ ཡབ་ཡུམ་དཔག་མེད་སྤྱན་དྲངས་ཏེ༔ ནམ་མཁའ་བར་སྣང་གང་བ་ལ༔ སྣ་བུག་གཡོན་ནས་རླུང་རྡུབ་པས༔ བི་ཞེས་བྱ་བའི་སྒྲ་དང་བཅས༔ ཐམས་ཅད་འོད་ཞུ་རང་ལ་ཐིམ༔ རླུང་ནི་རན་པར་བཞག་པའི་ཚེ༔ ཀ་ཞེས་བྱ་བའི་སྒྲ་གྲགས་པས༔ ཌོམྦི་རང་དང་དབྱེར་མེད་བསྒོམ༔ དེ་ལྟར་ཡང་ཡང་བསྒོམ་བྱ་ཞིང་༔ ཨོཾ་ཨཱཿཧཱུྃ་གུ་རུ་ཌོམྦི་ཀ་སརྦ་སིདྡྷི་ཧཱུྃ༔ དེ་ལ་སྟོང་ཕྲག་


CMR028_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བཟླས་སོ༔ དེ་ནས་མདུན་གྱི་བར་སྣང་གི༔ ཡེ་ཤེས་མགོན་པོ་བེར་ནག་ཅན༔ བེང་དང་ལྕགས་པར་འཛིན་པ་ཡི༔ ཐུགས་ཀར་ཉི་སྟེང་ཧཱུཾ་མཐིང་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བ་ལ༔ དམིགས་པ་གཏད་ནས་སྔགས་བཟླས་པས༔ འོད་ཟེར་སྨུག་ནག་བྱང་ཕྱོགས་དང་༔ བྱང་ཤར་ཕྱོགས་སུ་འཕྲོས་པ་ཡིས༔ ཡེ་ཤེས་ལས་དང་འཇིག་རྟེན་གྱི༔ མགོན་པོའི་ཚོགས་དང་ལྷ་མོའི་ཚོགས༔ ཁ་བ་བུ་ཡུག་འཚུབ་བཞིན་བྱོན༔ བདག་མདུན་རྣམས་ལ་སིབ་སིབ་ཐིམ༔ གཟི་བརྗིད་ཇེ་ཆེ་ཇེ་ཆེར་བསྒོམ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་དུ་བེམ་ཛ་ཧཱུྃ་ཕཊ༔ དེ་ལ་སྟོང་ཕྲག་གཅིག་བཟླས་སོ༔ དེ་ནས་དེ་ཡི་གཡས་བཞུགས་པའི༔ ལས་མགོན་སྲས་མཆོག་བེར་ནག་ཅན༔ གྲི་གུག་ཐོད་ཁྲག་འཛིན་པ་ཡི༔ ཐུགས་ཀར་ཉི་སྟེང་ཧཱུཾ་མཐིང་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བ་ལ༔ དམིགས་པ་གཏད་ནས་སྔགས་བཟླས་པས༔ མགོན་པོའི་ཕྲག་གོང་གཡས་གཡོན་དུ༔ བྱ་རོག་ནག་དམར་མདངས་ཅན༔ གཉིས་ནི་བབས་ནས་འདུག་པ་ལས༔ སྤྲུལ་པའི་བྱ་རོག་དཔག་མེད་པ༔ ཆེ་ཆུང་འབྲོང་ཡག་ཙམ་པ་ལ༔ གནམ་ལྕགས་ཐོག་གི་མཆུ་སྡེར་ཅན༔ མེ་


CMR028_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཚྭ་ཚྭ་འཕྲོ་བའི་ཚོགས༔ འཕུར་འཇུམ་ལྡིང་གསུམ་འཇིག་རྟེན་གང་༔ བསྟན་དང་བདག་ཅག་དཔོན་སློབ་ལ༔ གནོད་པའི་དགྲ་བགེགས་ཐམས་ཅད་ནི༔ བྱེ་། འུས་འབུ་སྲིན་ཐུ་བ་ལྟར༔ ཐམས་ཅད་ཟོས་ནས་ཚུར་འདུས་ཏེ༔ འོད་ཞུ་མགོན་པོའི་ཐུགས་ཀར་ཐིམ༔ དེ་ལྟར་ཡང་ཡང་བསྒོམ་བྱ་ཞིང་༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ དེ་ལ་སྟོང་ཕྲག་གཅིག་བཟླས་སོ༔ དེ་ནས་གཡོན་གྱི་ལྷ་མོ་ཡི༔ ཐུགས་ཀར་ཉི་སྟེང་བྷོ་སྔོན་པོ༔ དེ་མཐར་སྔགས་ཕྲེང་གཡོན་དུ་འཁོར༔ དེ་ལས་འོད་ཟེར་སྔོན་དམར་ཚོགས༔ འཇིག་རྟེན་ཁྱབ་པར་འཕྲོས་པ་ཡིས༔ མ་མོ་མཁའ་འགྲོ་ཐམས་ཅད་ལ༔ ཕྱི་ནང་གསང་བའི་མཆོད་པར་གྱུར༔ ཐུགས་མཉེས་གཟི་བརྗིད་འོད་དུ་འབར༔ མ་མོ་མཁའ་འགྲོ་ཐམས་ཅད་ཀྱི༔ རྫུ་འཕྲུལ་མཐུ་སྟོབས་ནུས་པ་ཀུན༔ འོད་དེས་ཚུར་བསྡུས་བདག་ལ་ཐིམ༔ དམིགས་པ་རྩེ་གཅིག་སྔགས་འདི་བཟླས༔ བྷོ་ཏྲག་རཀཱ་དེ་ཝི་ཧཱུྃ༔ དེ་ནས་མདུན་དབུས་བཞུགས་པ་ཡི༔ འཇིག་རྟེན་མགོན་པོ་བེར་ནག་ཅན༔ ཡབ་ཡུམ་ཞབས་སྦྱོར་བཞུགས་པ་ཡི༔ ཡབ་ཀྱི་ཐུགས་ཀར་ཟླ་སྟེང་ཧཱུྃ༔ དེ་མཐར་སྔགས་འདི་གཡས་སུ་འཁོར༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་


CMR028_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ༔ ཡུམ་གྱི་ཐུགས་ཀར་ཉི་མའི་སྟེང་༔ མ་ཡིག་མཐིང་ནག་མཐའ་མ་ལ༔ ཨོ་རེ་མ་ཏི་ཧཱུྃ་ཕཊ༔ ཅེས་པ་གཡོན་དུ་འཁོར་བ་ལས༔ འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་དང་༔ བདུད་དང་ལྷ་སྲིན་སྡེ་བརྒྱད་ཀྱི༔ མཐུ་སྟོབས་རྫུ་འཕྲུལ་ནུས་པ་ཀུན༔ འོད་ཀྱི་རྣམ་པར་ཚུར་བསྡུས་ནས༔ བདག་དང་མདུན་བསྐྱེད་རྣམས་ལ་ཐིམ༔ ཀུན་གྱི་མཐུ་སྟོབས་གཅིག་བསྡུས་ནས༔ སུས་ཀྱང་འགྲན་ཟླ་མེད་པ་ཡི༔ ཁམས་གསུམ་དབང་དུ་སྡུད་པ་དང་༔ སྲིད་གསུམ་ཟིལ་གྱིས་ནོན་པར་བསྒོམ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་མ་ཏི་ཧཱུྃ་ཕཊ༔ དེ་ལ་སྟོང་ཕྲག་གཅིག་བཟླས་སོ༔ དེ་ནས་མགོན་པོ་ཡབ་ཡུམ་དེའི༔ སྐུ་རྒྱབ་གཏད་པའི་མཆོད་རྟེན་ནི༔ རིན་ཆེན་སྣ་ཚོགས་ལས་གྲུབ་རྩ་བ་གསེར་གྱི་ས་གཞིར་བརྟེན༔ རྩེ་མོ་སྲིད་པའི་རྩེ་རུ་སླེབས༔ འོད་ཟེར་འཇའ་ཚོན་འཁྲིགས་པ་ལ༔ མགོན་པོའི་སྐུ་རྒྱབ་གཏད་ནས་བཞུགས༔ རང་བཞིན་ཌོམྦི་ཧེ་རུ་ཀ༔ ཐུགས་ལས་འོད་ཟེར་འཕྲོས་པ་ཡིས༔ མ་མགོན་ཡབ་ཡུམ་ཐུགས་ཀར་ཕོག༔ སྔགས་ཕྲེང་གཡས་གཡོན་དྲག་ཏུ་འཁོར༔ སྔོན་གྱི་ཁས་བླངས་དམ་ཚིག་དྲན༔ ཡབ་


CMR028_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཐུགས་ལས་འོད་ཟེར་ནི༔ ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས༔ སྲིད་པ་གསུམ་གྱི་ལྷ་སྲིན་དང་༔ དྲེགས་པའི་ཚོགས་རྣམས་ཐམས་ཅད་ནི༔ སྦྱར་མ་རླུང་གིས་བསྡུས་པ་ལྟར༔ རང་དབང་མེད་པར་འཁོར་དུ་བཀུག༔ ཀུན་ཀྱང་མ་མགོན་ཡབ་ཡུམ་ལ༔ སྐྲག་ཅིང་འདར་ནས་ཐལ་མོ་སྦྱར༔ ཅི་བགྱིས་བཀའ་ཉན་གསུང་སྒྲུབ་ཟེར༔ མ་མགོན་རྣམས་ཀྱིས་བཀའ་སྩལ་པ༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ དར་ཞིང་རྒྱས་པའི་ཕྲིན་ལས་ནི༔ ཁྱེད་ཅག་རྣམས་ཀྱིས་མྱུར་དུ་སྒྲུབས༔ གསུང་དེ་ལྟར་སྒྲོགས་པ་ཡིས༔ སྲིད་པ་གསུམ་གྱི་ལྷ་འདྲེ་ཀུན༔ གྲོག་ཚང་ལ་ནི་ཆུ་ཕོག་ལྟར༔ བསྟན་པ་སྲུང་མཛད་རྒྱས་པའི་ལས༔ ཤིག་ཤིག་ཡམ་ཡམ་བྱེད་པར་བསྒོམ་ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏཱ་ལི་ཤཱ་ས་ན་པུཎྜི་ཀརྨན་ཏུ་སྭ་ཧྭཿ ཞེས་པ་སྟོང་ཕྲག་གཅིག་བཟླས་སོ༔ དེ་ནས་གཞུང་གི་མཆོད་བསྟོད་འདོན༔ དེ་ལྟར་ཐུན་བཞི་བྱ་བ་སྟེ༔ ཞོགས་པ་སྔ་དྲོ་ཉིན་གུང་དང་༔ དགོང་མོ་དང་ནི་ཐུན་བཞི་སྟེ༔ དགོང་མོ་ཚོགས་རེ་བྱས་ན་ལེགས༔ དགོང་མོའི་ཐུན་མཇུག་ལྷ་འདྲེ་ལ༔ དཀར་གཏོར་གནམ་ཆོས་གཞུང་ལྟར་འབུལ༔ དམར་གཏོར་བཀུག་གཞུག་བྱས་ནས་ཀྱང་༔ པཀཱིས་མཛད་པའི་མ་མགོན་གྱི༔ བསྐུལ་རིང་


CMR028_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་ཐུང་བཏོན་ལ་ཕུལ༔ མཚན་མོ་ཐུགས་དམ་ཆག་མེད་རིགས༔ གང་དགོས་གཏོན་པའི་རྗེས་ཉིད་ལ༔ དམིགས་པ་བསྒོམས་ཤིང་དེ་རིང་གི༔ སྔགས་ཚན་དྲུག་པོ་ཅི་འགྲུབ་བཟླས༔ བསྐྱེད་རིམ་མི་བསྡུ་ལྷ་མི་གཤེགས༔ གཏོར་བསྔོས་མ་དག་མ་དང་ནི༔ བཀའ་བརྒྱུད་བསྐང་ཐུང་བཏོན་ཀྱང་ལེགས༔ མ་བཏོན་ན་ཡང་འགལ་བ་མེད༔ ༈ དེ་ལྟར་ཞག་བདུན་སྒྲུབ་པ་ཡི༔ རྟགས་ནི་ཉམས་དགའ་རིག་པ་དངོས༔ ཉམས་རྟོགས་བཟང་པོ་སྐྱེ་བ་དང་༔ རྨི་ལམ་སློབ་དཔོན་ཕ་ཁུ་དང་༔ བྱ་ནག་ཁྱི་ནག་གཡག་ནག་དང་༔ རྒྱུན་ལྡན་བུད་མེད་བོང་བུ་དྲེལ༔ མ་མགོན་སྐུ་དང་ཕྱག་མཚན་དང་༔ རྒྱུད་ཀྱི་དཔེ་ཆ་བྱིན་ནམ་རྙེད༔ རྔ་བརྡུང་དར་ཕྱར་དུང་འབུད་དང་༔ དཀར་གསུམ་འབྲུ་དང་བདུད་རྩི་བྱིན༔ དེ་སོགས་ཡ་མཚན་རྨི་ལྟས་འབྱུང་༔ ལེགས་པར་འགྲུབ་པའི་རྟགས་བྱུང་ན༔ མ་མགོན་ལུས་དང་གྲིབ་བཞིན་འཁོར༔ གྲོལ་ཁ་ཉིན་པར་སྔ་ཚེ་ནས༔ གཏོར་འབུལ་ཡན་ཆད་ཚར་གཅིག་བྱ༔ སྔགས་ནི་ཕྲེང་སྐོར་རེ་རེས་ཆོག༔ མདུན་གྱི་ལྷ་ཚོགས་དྲུག་པོ་ཡི༔ དཔྲལ་བ་མགྲིན་པ་ཐུགས་ཀ་ནས༔ ཨོ་དཀར་ཨཱདམར་ཧཱུྃ་མཐིང་འཕྲོས༔ རང་གི་ལུས་ངག་ཡིད་ལ་ཐིམ༔ སྔགས་ཚན་ལྔ་པོ་སོ་སོའི་ཤམ༔ ཀཱ་ཡ་སིདྡྷི་ཨོ༔ ཝཱཀ་སིདྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་བརྗོད་གཏོར་མ་གནས་གསུམ་གཏུགས༔ མདུན་བསྐྱེད་སྐུ་ལ་ཐིམ་པར་བསྒོམ༔ བདག་ཉིད་ཐུགས་ཀའི་ཧཱུཾ་ལ་ཐིམ༔ ཧཱུྃ་ཡང་མི་དམིགས་ངང་ལ་


CMR028_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བཞག༔ གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས༔ འདི་དག་སོ་སོར་བསྒྲུབ་གསུངས་ཀྱང་༔ མང་པོ་སྒྲུབ་མཁན་དཀོན་འདུག་པས༔ མདོར་བསྡུས་དྲིལ་སྒྲུབ་འདི་ཙམ་ལ༔ འབྲེལ་པ་འཇོག་མཁན་མང་བའི་ཕྱིར༔ བསྟན་ལ་ཨེ་ཕན་སེམས་བསྐྱེད་ཀྱིས༔ རཱ་ག་ཨ་སྱས་གསལ་བར་བཀོད༔ ཉེས་འགལ་མ་མགོན་ལྷ་ལ་བཤགས༔ དགེ་བས་བསྟན་པ་འཕེལ་རྒྱས་ཤོག༔ ཆོས་དགེའི་བཙུན་པས་ཡི་གེར་བཀོད༔ མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

བླ་མ་ཡི་དམ་མགོན་པོ་དབྱེར་མེད་དུ་སྒྲུབ་པའི་རྒྱུན་ཁྱེར།


CMR028_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡི་དམ་མགོན་པོ་དབྱེར་མེད་དུ་སྒྲུབ་པའི་རྒྱུན་ཁྱེར་བཞུགས་སོ། །


CMR028_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་དཾཥྚོརྐཊ་བེ་ར་ཝ་ཡ་སཾ་སཾ་སཾ་རུ་རུ་རུ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་རྫུ་འཕྲུལ་དྲེལ་རྟའི་སྟེང་། །ཧཱུཾ་ལས་མགོན་པོ་ཞལ་གཅིག་ཕྱག་གཉིས་པ། །མཐིང་ནག་སྤྱན་གསུམ་ལྗགས་འདྲིལ་མཆེ་བ་གཙིགས། །དབུ་སྐྲ་གྱེན་བརྫེས་གཡས་པས་གྲི་ཁུག་དང་། །གཡོན་པས་ཐོད་ཁྲག་ཐོད་སྐམ་དབུ་བརྒྱན་ཅན། །དུག་སྦྲུལ་རུས་པ་སྣ་ཚོགས་དར་གྱིས་བརྒྱན། །དར་ནག་འཇོལ་བེར་སྟག་གི་ཤམ་ཐབས་ཅན། །མགོ་ཕྲེང་དོ་ཤལ་ཞབས་གཡས་བརྐྱངས་བའི་གར། །གཡོན་པས་ཡུམ་ལ་འཁྲིལ་ཚུལ་འགྱིང་བའི་པང་། །མ་ལས་ལྷ་མོ་


CMR028_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གཅིག་ཕྱག་བཞི་པ། །ཁ་ཊྭཱཾ་ཕུར་པ་མེ་ལོང་སྦྲུལ་ཞགས་འཛིན། །བཙན་འཁྱིལ་སྟབས་ཀྱིས་ཞབས་གཉིས་ཡབ་ལ་འཁྲིལ་། །སྤྱི་བོར་རྩ་བརྒྱུད་བླ་མ་ཀུན་འདུས་པ། །གྲུབ་ཆེན་པཀྴི་སྐུ་མདོག་སྨུག་ནག་ལ། །ཆོས་གོས་རྣམ་གསུམ་ཞྭ་ནག་གསེར་མདོངས་ཅན། །སྤྱན་མིག་ཟུར་གསུམ་ཆོས་དབྱིངས་ནམ་མཁར་གཟིགས། །སྐུ་ཤ་རབ་རྒྱས་ཨག་ཚོམ་ཟུར་གསུམ་ལྷག །ཕྱག་གཉིས་བདུད་འདུལ་ཕྱག་རྒྱས་ས་གནོན་གྱིས། །སྣང་སྲིད་ཟིལ་གྱིས་མནན་བཞིན་ལམ་མེར་བཞུགས། །རང་ཉིད་མགོན་པོའི་ཐུགས་ཀར་ཟླ་བའི་སྟེང་། །ཡི་དམ་


CMR028_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་རྒྱ་མཚོ་སྐུ་མདོག་དམར། །ཞལ་གཅིག་ཕྱག་བཞི་དང་པོ་ཐལ་མོ་སྦྱར། །འོག་མ་གཉིས་ན་ཕྲེང་བ་པདྨ་འཛིན། །སྐྱིལ་ཀྲུང་དར་དང་རིན་ཆེན་རྒྱན་གྱིས་སྤྲས། །ཡབ་ཀྱི་ཐུགས་ཀར་ཟླ་སྟེང་ཧཱུྃ་གི་མཐར། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཿ ཞེས་པའི་སྔགས་ཕྲེང་གཡས་སུ་འཁོར་བ་ལས། །འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས་། །བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས། །དཔའ་བོ་མཁའ་འགྲོ་ཡེ་ཤེས་ཆོས་སྐྱོང་ཚོགས། །ཀུན་ལ་འོད་དེས་མཆོད་ནས་ཐུགས་རྒྱུད་མཉེས། །ཐམས་ཅད་མ་མགོན་ལྕམ་དྲལ་སྐུར་གྱུར་ཏེ། །ཁ་བ་བུ་ཡུག་འཚུབ་བཞིན་ཐམས་ཅད་བྱོན། །བདག་ལ་ཐིམ་པས་བྱིན་རླབས་དངོས་གྲུབ་ཐོབ། །བསོད་ནམས་ཡོན་ཏན་ཡེ་ཤེས་རྒྱས་པར་གྱུར། །དེ་ལྟར་བསྒོམ་ཞིང་བསྙེན་སྔགས་ཅི་ནུས་བཟླས། །མཐར་ནི་སྒོམ་མཁན་སེམས་ཀྱི་ངོ་བོར་ལྟ། །བླ་མ་པཀྴི་ཡི་དམ་སྤྱན་རས་གཟིགས། །ཆོས་སྐྱོང་མ་མགོན་དབྱེར་མེད་སྒྲུབ་པའི་ཐབས། །རྒྱུན་ཁྱེར་ཉུང་ངུ་ཟབ་གནད་ལྡན་པ་འདི། །བླ་མ་ཡོན་ཏན་རིང་ནས་བསྐུལ་བའི་ཕྱིར། །རཱ་ག་ཨ་སྱས་འཕྲལ་དུ་བྲིས་པའོ། །དགེ་བས་མ་མགོན་བསྟན་པ་དར་རྒྱས་ཤོག །མངྒ་ལཾ།། །།

མ་མགོན་ཞལ་སྦྱོར་གྱི་དབང་གི་ལོ་རྒྱུས།


CMR028_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

མ་མགོན་ཞལ་སྦྱོར་གྱི་དབང་གི་ལོ་རྒྱུས་སོ། །


CMR028_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ད་ལམ་ཁྱེད་རྣམས་ལ་མ་མགོན་ཞལ་སྦྱོར་གྱི་དབང་བཞི་ཡོངས་རྫོགས་བསྐུར་བ་ལ། ཐོག་མར་ལོ་རྒྱུས་ཟུར་ཙམ་ཞུ་ན། ཡེ་ཤེས་མགོན་པོ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྡོ་རྗེའི་ངོ་བོ་སྟེ། ཀརྨ་པཀིས་རིན་ཆེན་དཔུང་རྒྱན་གྱི་འཚམས་སྦྱོར་དུ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཡེ་ཤེས་རྒྱ་མཚོ་ཀྱེའི་རྡོ་རྗེར་འདུས་ལ། དེ་ཉིད་གདུལ་བྱའི་དབང་གིས་མགོན་པོ་ནག་པོ་སྐད་ཅིག་ཙམ་གྱིས་རྣམ་པར་འཕྲུལ་པ་ལས། ཞེས་དང་། མཁའ་སྤྱོད་དབང་པོས། བླ་མ་རྒྱལ་བ་མ་ལུས་པ། །འཇིགས་བྱེད་ཆེན་པོ་ཁྱོད་


CMR028_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པུའི། །སྤྲུལ་པ་ཀུན་ཏུ་སྤྲུལ་པ་སྟེ། །དེ་སླད་རྟག་ཏུ་ཁྱོད་བསྟེན་ནོ། །ཞེས་དང་། བདེ་གཤེགས་ཀུན་དངོས་བླ་མ་མཆོག །དེ་ཉིད་ནག་པོ་ཆེར་གཟུགས་ཀྱིས། །བདག་ནི་བསྲུང་ཞིང་ཀུན་བསྲུང་བར། །ཐེ་ཚོམ་མེད་པར་བདག་དད་དོ། །ཞེས་དང་། །རྗེ་དོན་ལྡན་ཞབས་ཀྱིས། རྒྱལ་བ་ཁྱབ་བདག་དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་སྟོན་པ་རྡོ་རྗེ་འཛིན་པ་ཉིད། ཆོས་སྡུད་པ་པོ་དང་བསྲུང་བ་པོ་བསྟན་ཕྱིར་དཔལ་མ་ཧཱ་ཀཱ་ལ་ཡབ་ཡུམ་ནི། བཅོམ་ལྡན་འདས་དང་ངོ་བོ་གཅིག་པ་ཁོ་ན་སྟེ། ཞེས་གསུངས། འཕགས་པ་རིན་ཆེན་དཔུང་རྒྱན་


CMR028_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྒྱུད་ལས། བར་སྣང་གི་ལྷ་རྣམས་ཀྱིས་ནག་པོ་ཆེན་པོ་འདི་ལ་བསྟོད་པ་ལས། བསྐལ་པ་གྲངས་མེད་འདས་པའི་སྔོན་རོལ་ནས། །མཐའ་ཡས་ཚོགས་རྫོ་གས་མངོན་པར་སངས་རྒྱས་ཀྱང་། །ཐུགས་རྗེའི་དབང་གིས་འགྲོ་བའི་དོན་མཛད་པ། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ཅེས་དང་། ཕ་རོལ་ཕྱིན་བཅུ་སྤྱོད་པས་ས་བཅུའི་གཙོ་བོ་མཛད། །ས་བཅུའི་གཙོ་བོ་ཆོས་ཀྱི་ཅོད་པན་མཛེས། །མགོན་པོ་སྤྱན་རས་གཟིགས་ཏེ་ཐུགས་རྗེའི་མངའ་བདག་ཅན། །ནག་པོ་ལྷ་མཆོག་ཁྱོད་ལ་བསྟོད་དེ་གུས་པར་ཕྱག་འཚལ་ལོ། །ཞེས་དང་། དཔལ་མགོན་པོའི་གཟུགས་གནོད་སྦྱིན་དྲག་པོ་འདུལ་བ་ཞེས་བྱ་རྟ་ནག་ཞོན་པ་གཙོ་བོར་སྟོན་པ་ལས། མགོན་པོ་ལ་བསྟོད་པ། མགོན་པོ་སྤྱན་རས་གཟིགས་ཏེ་ཐུགས་རྗེའི་དབང་ཕྱུག་ཅན། །ཡོན་ཏན་བརླབས་མངའ་འཇིག་རྟེན་ཀུན་གྱི་སྐྱབས། །ཞེས་དང་། སྲོག་གི་འཁོར་ལོའི་རྒྱུད་ལས། སྤྱན་རས་གཟིགས་ཀྱིས་མགོན་པོ་ལ་ཕྱག་འཚལ་ཞིང་བསྟོད་པ། བསྐལ་པ་གྲངས་མེད་འདས་པའི་སྔོན་རོལ་ནས། །མཐའ་ཡས་མངོན་པར་རྫོགས་པར་སངས་རྒྱས་ཀྱང་། །ཐུགས་རྗེའི་དབང་གིས་འགྲོ་བའི་


CMR028_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མཛད་པ། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ཅེས་དང་། རྒྱུད་དེ་ཉིད་ལས་མགོན་པོ་ལ་ཕྱག་ན་རྡོ་རྗེས་བསྟོད་པ། ཕ་རོལ་ཕྱིན་བཅུ་སྤྱོད་པས་ས་བཅུའི་གཙོ་བོ་མཛད། །ས་བཅུ་མགོན་པོ་ལགས་པས་ཆོས་ཀྱི་ཅོད་པན་མཛེས། །མགོན་པོ་སྤྱན་རས་གཟིགས་ཏེ་ཐུགས་རྗེའི་མངའ་བདག་ཅན། ཞེས་གསུངས་ཤིང་།་གསང་བ་སྙིང་ཐིག་འཁོར་ལོའི་རྒྱུད་ལས་ཀྱང་། མགོན་པོ་ནག་པོ་ཞེས་བྱ་བ། །རྣལ་འབྱོར་ཀུན་གྱིས་མགོན་གྱུར་ཡིན། །ངོ་བོ་ཡེ་ཤེས་སྤྲུལ་པ་ལས། །ཡེ་ཤེས་སྐུ་སྟེ་རྡོ་རྗེ་ཆེ། །ཞེས་གསུངས་པ་དང་། རྒྱུད་དེ་ཉིད་ལས། བཅོམ་ལྡན་འདས་དཔལ་མགོན་པོ་ནག་པོ་ཞེས་བྱ་བ་གསུངས་པའི་ཡུམ་དང་བཅས་པ་ཞེས་གསུངས་པ་དང་། རྒྱུད་མེ་ལྕེ་ཕྲེང་བའི་དབུའི་འགྱུར་ཕྱག་ལ་ཡང་། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནག་པོ་ཆེན་པོ་དང་། ཐབས་ཅིག་པ་ལ་ཕྱག་འཚལ་ལོ། །ཞེས་དང་། གྲུབ་ཆེན་ཀརྨ་པས། དཔལ་གྱི་མགོན་པོ་བེར་ནག་ཅན་དང་མིང་ཡོངས་སུ་གྲགས་པ་ཀརྨ་པ་གཉིས་ཐ་དད་མེད་པར་ཁྱེད་རྣམས་ཤེས་སམ་མི་ཤེས།


CMR028_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པ་དང་། བླ་མ་མགོན་པོ་དབྱེར་མེད། ཡི་དམ་མགོན་པོ་དབྱེར་མེད་ཡིན་ལ། འཇམ་དབྱངས་ཀྱི་ཡུམ་དབྱངས་ཅན་མ། གཤིན་རྗེ་གཤེད་ཀྱི་ཡུམ་རོ་ལངས་མ། མགོན་པོའི་ཡུམ་རང་བྱུང་རྒྱལ་མོ། དེ་རྣམས་ངོ་བོ་གཅིག་པར་རྒྱུད་སྡེ་དུ་མ་ནས་གསུངས་པའི་ཕྱིར། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་མ་མགོན་ཞལ་སྦྱོར་འདི་ལ་འདུས་པའི་ཕྱིར། འདི་ལ་གོང་ནོན་ཡི་དམ་གཞན་མི་དགོས། མལ་གྱོ་ལོ་ཙྪ་བའི་ལུགས་ཡབ་རྐྱང་དང་། དུས་མཁྱེན་གྱི་ལུགས་ཡུམ་རྐྱང་གཉིས་ཀ་འདི་ལ་འདུས། །འཁོར་དྲེགས་པའི་གཙོ་བོ་བདུན་ཅུ་རྩ་གཉིས་སོགས། བཀའ་སྲུང་ཐམས་ཅད་ཀྱང་འདི་ལ་མ་འདུས་པ་མེད། འདི་ལ་བརྒྱུད་པ་གཉིས་སོ། སློབ་དཔོན་པདྨ་སྲིན་པོའི་ཁ་གནོན་ལ་བཞུགས་གསུངས་ནས་གསེར་གྱིས་བརྫང་རྒྱལ་བློན་གྱིས་བསྐྱལ་ནས། ལོག་ནུབ་མི་ནག་པོ་གཅིག་གིས་ཁྱོད་སློབ་དཔོན་ལ་བསྒྲུབ་མི་དགོས་པའི་མཐུ་ཡོད་པ་མི་ཞུ་བ་ཅི་ཡིན་ཟེར་། རྒྱལ་པོ་རིན་པོ་ཆེ་སོགས་བཀའ་སྩལ་ཏེ་རྗེས་སུ་བསྙགས་པས་ཆུ་བོ་རིར་སླེབས། ཆིབས་པ་གསུམ་དང་ནོར་ཕུལ་ནས་ཞུས་པས། ང་ལ་མ་མགོན་གྱི་པར་བུ་གཅིག་ཡོད་


CMR028_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

པ། ལྷོ་ནུབ་སྲིན་པོའི་ཁ་གནོན་ལ་འགྲོ་བ་ལ་འདི་དགོས་གསུངས་མ་གནང་བར་བཞུད་པས་རྒྱལ་པོ་ཕྱི་ལ་འཕྲ་འབྲང་བས། གྲོང་སྲིན་པོའི་རི་ཙར་སླེབ་ཞུས་པས་མ་གནང་། རྒྱལ་པོ་སྤྱན་ཆབ་ཕྱུང་བས་གནང་། ཁྱོད་རང་གི་སྐུ་སྲུང་གྱིས་མ་སྤེལ་གསུངས་པས་ཉིད་རིང་ལ་མ་སྤེལ། སྲས་སད་ན་ལེགས་དང་སད་ན་འགྱིང་ཡོན་གཉིས་ཡོད་པ་སད་ན་ལེགས་མིས་བསད་པ་ལ། སད་ན་ལེགས་འགྱིང་ཡོན་གྱིས་བོད་ཀྱི་མཁས་བཙུན་རྣམས་གདན་དྲངས། མ་མགོན་པར་བུ་ཞག་ཉེར་གཅིག་བསྐོར་བ་དགྲ་བོ་ཕྱགས་དམྱལ་དུ་བཏང་། དེ་ནས་འཕེལ་ལོ། །སྲས་སད་ན་ལེགས་པ་ཀུན་གྱིས་བསྐུལ་བ་འབངས་ཀྱིས་བསད། སད་ན་ལེགས་པ་འགྱིང་ཡོན་ལ་བུ་གསུམ་གྱི་ཆུང་བ་སྟག་་་་་་ནམ་མཁའི་ལྷ་བཟུང་སྟེ། ཨོ་རྒྱན་བི་མ་ནམ་མཁའི་སྙིང་པོ་གསུམ་གྱིས་དབང་བསྐུར་བྱིན་གྱིས་བརླབས། སྔགས་བོད་དུ་བསྒྱུར་ཚད་ལ་མངའ་བརྙེས། དངོས་གྲུབ་རྣམ་གཉིས་ལ་གྲུབ་པ་ཐོབ། ན་བཟའ་ཉི་མའི་སྲས་མདའ་ལ་འགེལ་བ་སོགས། འཇའ་འོད་ཐང་ལ་ཟུག་པ་ལ་འཇུ་ཞིང་ཐམས་ཅད་ཀྱིས་མཐོང་བར་ནམ་མཁའ་ལ་འགྲོ་ནུས། ཁྱད་པར་དཔལ་


CMR028_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སྲིན་པོ་དྲེགས་པ་ཕོ་དགུ་མོ་དགུ་འཁོར་དང་བཅས་པ་ཐ་དད་མེད་པ་སྟེ།་སྟག་ནམ་མཁའ་ལྷ་བཟུང་མན་ཆད་དུ་སྔགས་པ་ཚེ་རིང་ཤོས་མི་རབས་བཅུ་གསུམ། ཚེ་ཐུང་ཤོས་རི་མི་རབས་བཅོ་ལྔ། མིང་ཡོངས་སུ་གྲགས་པ་བཛྲ་རཀྵ་ཡན་ཆད་དུ། །གདམས་ངག་གོང་འོག་རྣམས་ལ་འཛམ་བུ་གླིང་གི་རྒྱལ་པོ་རྒྱུད་ལ་སོགས་པ་ཐམས་ཅད་ཀྱི་མཐོང་བ་དང་ཐོས་པ་དང་། ཕྱི་མའི་མུ་མཐར་ཐུག་གི་བར་དུ། རྟག་ཏུ་བསྟེན་པ་རྣམས་ཕྱི་ཞིང་སྣང་བ་དང་། གསང་དུ་མི་གཏུབ་པར་བསྟན་པའོ། །ཞེས་གསུངས་སོ། །ཌོམ་བྷི་ཧེ་རུ་ཀ་ལ་མ་མགོན་གྱིས་ལུང་བསྟན་ནས་མ་མགོན་གྱི་རྒྱུད་བཅོ་བརྒྱད་ཀྱི་དོན་བསྡུས་ཏེ་མཛད་པ་དང་རྩ་རླུང་གི་གདམས་ངག་དང་བཅས་པ་སྙན་བརྒྱུད་ཏེ་ལོ་ནཱ་རོ་ནས་མར་པར་བརྒྱུད་དེ།་སྟོད་ལས་བྱང་ཆུབ་སྒྲུབ་པའི་རླུང་སེམས་གནད་ཀྱི་འཁོར་ལོའོ། །ལྷོ་བྲག་པའི་མགོན་པོ་བེང་དབང་མ་ཞེས་བྱ་སྟེ། བླ་མེད་ཧེ་རུ་ཀ་ཕྲིན་ལས་སུ་བསྒྲུབ་པའི་ཨུ་པ་དེ་ཤ་བཀའ་རྒྱ་ཅན་ནོ། །འདི་མར་མི་དྭགས་པོ་དུས་མཁྱེན་ལས་བརྒྱུད་དེ། རས་ཆེན་པའི་མགོན་པོའི་མན་ངག་ལ་མཁས་པའི་ཐུགས་རྒྱལ་མངའ་བ་དུས་མཁྱེན་གྱི་འདི་ཉིད་སྙན་བརྒྱུད་དུ་གནང་བའི་


CMR028_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

མལ་གྱོའི་ལུགས་ལས་ཆེས་ཤིན་ཏུ་ཟབ་པར་དགོངས་ཏེ་ཐུགས་དད་ནས་ཐུགས་རྒྱལ་ཆགས་ཤིང་། ཀཾ་ཚང་ལ་ལྷག་པར་ཐུགས་དད་ནས་དོན་བརྒྱུད་འཛིན་པར་གྱུར། ཅེས་མཁའ་སྤྱོད་པས་གསུངས་ཏེ་རྗེ་ཟླ་འོད་གཞོན་ནུ་ལས་བྱུང་བའི་མགོན་པོ་དཔལ་དུས་གསུམ་མཁྱེན་པ་རིན་པོ་ཆེས་སྦས་ཏེ་འགྲོ་མགོན་རས་ཆེན་ལ་བསྟན་པ། གཉལ་པ་ཇོ་སྲས་ལས་བྱུང་བ་ལས་ཁྱད་པར་འཕགས་པ་དགོངས་ཏེ། རབ་ཏུ་གསང་ནས་ཆིག་བརྒྱུད་དུ་བསྟན་ནོ་གསུངས། འོ་ན་ཞལ་སྦྱོར་འདི་དངོས་བསྟན་རྒྱུད་གང་ལས་བྱུང་ཞེ་ན། དྲག་པོའི་ལྷ་རྒྱུད་གསང་བ་ཆེན་པོ་ལས། ཡབ་ཡུམ་ཞལ་སྦྱོར་གྱི་སྒྲུབ་ཐབས་ཞལ་སྦྱོར་སྐུ་གསུང་ཐུགས་ཀྱི་སྔགས་རིགས་དང་བཅས་པ། ཞལ་སྦྱོར་པར་བུ་བསྐོར་ཐབས་རྒྱས་པར་འབྱུང་བ་ལ་བརྟེན་ནས། ཨོ་རྒྱན་རིན་པོ་ཆེས་མ་མགོན་པར་ནག་གི་སྒྲུབ་ཐབས་མཛད་པ་ནི་རྙིང་མ་སྟེ། གྲུབ་ཆེན་པཀྵིའི་ཡབ་ཆོས་ཡིན་ལ། ཞལ་སྦྱོར་ཌོམྦི་པས་མཛད་པ་ནི་སྙན་བརྒྱུད་དེ་གསར་མ་ཡིན་ལ། དེ་ཡང་དངོས་བསྟན་ནི་རྒྱུད་ལས་གསལ་ཏེ། རིན་ཆེན་དཔུང་རྒྱན་གྱི་རྒྱུད་ལས། བེ་ཏ་ལི་དང་ཡང་དག་ལྡན། །གཡོན་དུ་འཁྲིལ་བ་ཡུམ་གྱི་


CMR028_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ། །ཞེས་དང་། སྲོག་གི་འཁོར་ལོའི་རྒྱུད་ལས། དཔལ་ལྡན་མགོན་པོ་ནག་པོ་དང་། །ལྷ་མོ་ནག་མོ་གཉིས་སུ་མེད། །ཅེས་གསུངས་པའི་དོན་ཡིན་ནོ། །སློབ་དཔོན་ཨཎྜ་པའི་ལུགས་ཀྱི་ཡབ་རྐྱང་གི་སྒྲུབ་སྐོར་ཐམས་ཅད་དང་། མར་པ་རིན་ཆེན་གྱི་གཏེར་མ་ལྷ་མོ་རབ་བྱུང་མ་སྐོར་གསུམ། སད་ན་ལེགས་ཀྱི་གཏེར་མ་ཡབ་ཡུམ་ཞལ་སྦྱོར།། ལྷོ་བྲག་གི་སྙན་བརྒྱུད་མགོན་པོ་ཞལ་སྦྱོར། ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་བེར་ནག་ཅན། ལས་ཀྱི་མགོན་པོ་སྲས་མཆོག་བེར་ནག་ཅན། འཇིག་རྟེན་གྱི་མགོན་པོ་དྲེགས་བྱེད་བེར་ནག་ཅན། བེར་ནག་ཅན་སྐོར་གསུམ་སྟེ་སྐོར་གསུམ་དང་། རྒྱུད་གུར་དང་། ཧཱུྃ་མཛད་ནག་པོ་ཆེན་པོ་དང་། མགོན་པོ་ཟངས་གྲི་ཅན་ཏེ་གྲི་གུག་མ་སྐོར་གསུམ། དེ་ཐམས་ཅད་འདི་ལ་ཚང་། ཡབ་ཡུམ་ཞལ་སྦྱོར་སྦྲག་སྒྲུབ་འདི་བཀྲ་ཤིས་ཤིང་ཚན་ཆེ་བའི་གནད་ཟབ། པཀི་ཉིད་ཀྱི་ཞལ་གཟིགས་བྱུང་བ་ལ་བརྟེན་ནས་སྒྲུབ་པའི་གཞུང་མཛད་པ་ཡིན་པས་བཀའ་བབས་བྱིན་རླབས་ཀྱི་བརྒྱུད་པ་ཡིན་ཏེ། གྲུབ་ཆེན་ཀརྨ་པཀྵི་ཉིད་ཀྱི་ཞལ་ནས། ཕོ་རྒྱུད་མགོན་པོ་མོ་རྒྱུད་མ་མོའི་རྩ་བ་དང་ཀུན་གྱི་གཙོ་བོ། དེ་ཡབ་ལེགས་


CMR028_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་མགོན་པོ་ནག་པོ་བེང་ཅན་ལས་ཐམས་ཅད་འཕྲོས་ཏེ། བསྟན་སྲུང་ནག་པོ་བེར་ནག་ཅན་དང་། བེར་མེད་གྲི་གུག་ཐོད་ཁྲག་ཅན་དང་། ཕྱག་བཞི་པ་དང་ཕྱག་དྲུག་པ་དང་ཞལ་ཕྱག་གྲངས་མེད་པ་ལ་སོགས་པ་རྣམས་མགོན་པོ་འདི་ཡི་སྤྲུལ་པ་དང་ཡང་སྤྲུལ། རྫུ་འཕྲུལ་དང་ཆོ་འཕྲུལ་ཡིན་པ་ཀུན་གྱིས་མཁྱེན་པར་མཛད་དོ། །དེ་ལྟར་མངོན་སུམ་ཚད་མར་མགོན་པོ་བེར་ནག་ཅན་མ་མགོན་ལྕམ་དྲལ་ཡོངས་སུ་གྲུབ་པ་མིང་ཡོངས་སུ་གྲགས་པ་ཀརྨ་པ་ཡིན་པ་ཁྱེད་རྣམས་ཀྱི་ཤེས་སམ་མི་ཤེས། ཁྱེད་རྣམས་ཀྱང་བརྒྱུད་པ་འཛིན་ཅིང་བསྒྲུབས་ན་འགྲུབ་སྟེ་མཆིས། མ་མགོན་གཉིས་ཀྱི་པོད་དུམ་མང་དུ་ཡོད་པ་ལས། ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་པ་འདི་ཡིན་པས། ད་ཕྱིན་ཆད་ཐམས་ཅད་ཀྱིས་འདི་ལ་བྲིས་ཤིང་སྒྲུབས་དང་བྱིན་རླབས་ཆེ་ཞིང་ཐམས་ཅད་མ་ལུས་པ་མེད་པ་འདི་ལ་ཚང་བ་གོ་བར་གྱིས། གདམས་ངག་ཤེས་དགོས་པ་དང་། མི་ཤེས་དགོས་པ་གཉིས་ཡིན་པ་གཅིག་བརྒྱུད་སྙན་བརྒྱུད་མ་གཏོགས་ཡི་གེར་འགོད་པ་མེད་ལ། རྗེ་མཁའ་སྤྱོད་དབང་པོ་ལ་རྡོ་རྗེ་ཕག་མོས་ལུང་བསྟན་ནས་ནག་རྒྱལ་ཕག་གསུམ་གྱི་སྙན་བརྒྱུད་ཡི་


CMR028_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

གེར་བཀོད། འདིའི་དབང་བཞི་ཡོངས་རྫོགས་མ་ཡིག་བུ་ཡིག་གཉིས་བཀོད། དེ་དག་མཁའ་སྤྱོད་དབང་པོས་མཛད་པས་རྟོགས་ལྡན་ལུགས་སུ་གྲགས། དེའི་ཚེ་མཚུར་ཕུ་འཇམ་དབྱངས་ཆེན་པོས། འདི་འདྲ་རྒྱུད་གཞུང་གི་ཡིག་ཆ་མེད་པས་རང་བཟོ་ཡིན་ཞེས་བཀག་པ་མཛད། ཁོ་རང་གི་སྙན་བརྒྱུད་མེད་པའི་གཞུང་དངོས་བསྟན་རེ་མཛད། དེ་ནི་མཚུར་ལུགས་ཏེ། བར་སྐབས་སུ་ཆོས་ལུགས་གཉིས་འབྱུང་། དེ་ནས་སྤྲུལ་སྐུ་མཐོང་བ་དོན་ལྡན་གྱིས་རྟོགས་ལྡན་ལུགས་ཀྱི་རྗེས་སུ་འབྲངས་ནས། ཞལ་སྦྱོར་གྱི་ཆོ་ག་མགོན་ཉོབ་མ་མཛད། འདིའི་ཞལ་སྦྱོར་གྱི་དབང་བཞི་རྒྱས་པར་མཛད་དེ། དེ་ནི་མགོན་ཉོབ་མ་ལ་སྦྱར་རྒྱུ་ཡིན་པས། རྗེ་དཀོན་མཆོག་ཡན་ལག་གི་ཞལ་སྦྱོར་གྱི་སྒྲུབ་ཐབས་ཤོག་དྲིལ་མཐའ་དག་རྣམ་པར་སྣང་བར་བྱེད་པའི་སྙིང་པོ་ཞེས་བྱ་བའི་ནང་ནའང་། དེང་སང་གི་མགོན་པོའི་ཆོ་ག་ལ་མི་འབྱར་བའི་ཕྱིར། དོན་ལྡན་གྱི་དབང་ཆོག་མ་བྲིས་པར། མང་ཉུང་འཚམས་ཤིང་དེང་སང་ཆོ་ག་འབྲེལ་བར་དགོངས་ནས། མཁའ་སྤྱོད་པས་དབང་ཆོག་གཉིས་པོ་བྲི་བར་མཛད། རྗེ་མི་བསྐྱོད་ཞབས་ཀྱིས་བཀའ་གནང་བ་ལྟར། མགོན་ཉོབ་མ་


CMR028_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསྡུས་ཏེ་དེང་སང་གི་མཚལ་སེར་གྱི་དཔེ་ཚན་གསུམ་པོ་འདི་བསྒྲིགས་ནས་པར་དུ་འཁོད་པར་མཛད། མགོན་པོ་འདི་ཤིན་ཏུ་སྟོབས་རྫུ་འཕྲུལ་ཆེ་བ་སྟེ། རྒྱུད་མེ་ལྕེ་ཕྲེང་བ་ལས། བཅོམ་ལྡན་འདས་ཀྱིས་མགོན་པོ་ནག་པོ་ལ་བཀའ་སྩལ་པ། སྐྱེས་བུ་ཁྱོད་ཀྱི་མཐུ་རྩལ་ནི། །སྲིད་པ་གསུམ་ན་བྱོལ་འདེབས་ཤིང་། །ཁམས་གསུམ་དབང་དུ་སྡུད་པར་བྱེད། །འདོད་ཁམས་དཀྲུག་ཅིང་ཟིལ་གྱིས་གནོན། །སྟོང་གསུམ་གཞན་དུ་འཕེན་པར་བྱེད། །འབྱུང་པོ་ཀུན་གྱི་རྒྱུ་ལམ་གཅོད། །རྒྱ་མཚོ་ཆེན་པོ་ཧུབ་ཀྱིས་འདེབས། །རི་རབ་ལྷོ་རུ་ཟ་བར་བྱེད། །དགྲ་བགེགས་འབྱུང་པོ་ཚར་གཅོད་ཅིང་། །ཁྱོད་ཀྱིས་གད་མོ་བགད་པས་ནི། །གཤེ་བའི་གད་མོས་ལྷ་རྣམས་བརྒྱལ། །བདུད་དང་མུ་སྟེགས་སྔངས་པར་བྱེད། །ཤི་ལ་ཐུགས་པར་བརྒྱལ་བར་འགྱུར། །ངོ་མཚར་གད་མོས་དབང་དུ་སྡུད། །མ་མོའི་ཚོགས་ཀྱང་དབང་ཡིད་འཕྲོག །ཧཱུཾ་སྒྲས་ཁམས་གསུམ་དབང་དུ་སྡུད། །ཕཊཀྱིས་སྟོང་གསུམ་དུས་གཅིག་སྒྲོག །ལེ་ཕེ་ཕོ་གྱིས་འཇིག་རྟེན་གཡོ། །གཡོ་བ་ཐམས་ཅད་དབང་དུ་སྡུད། །བང་གི་སྟོབས་ནི་གློག་དང་འདྲ། །སྟོང་


CMR028_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུས་གཅིག་ཁྱབ་པར་འགྲོ། །མངོན་ཤེས་ལྔ་དང་རབ་ལྡན་ཞིང་། །རྫུ་འཕྲུལ་སྣ་ཚོགས་རབ་ལྡན་ནས། །འགྲོ་བ་ལོག་རྟོག་སྒྲོལ་བར་བྱེད། །མཁའ་འགྲོ་ཀུན་གྱི་གཙོ་མོ་སྟེ། །དུར་ཁྲོད་ཀུན་གྱི་བདག་པོ་སྟེ། །ལྷ་ཆེན་ཚོགས་ཀྱི་བདག་པོ་སྟེ། །ཞིང་སྐྱོང་དཔའ་བོའི་དམག་དཔོན་བྱེད། །གཤིན་རྗེ་བདུད་ཀྱི་རྗེ་བོ་མཛད། །གནོད་སྦྱིན་ཀུན་ཀྱང་བྲན་དུ་ཁོལ། །དེ་ལྟར་དཔལ་ལྡན་དེད་དཔོན་ཁྱོད། །ཅེས་གསུངས་སོ། །རིན་ཆེན་དཔུང་རྒྱན་ལས། གང་ཚེ་ཅི་ཡི་འདུལ་བར་ཤེས་པ་པོ། །ཅི་དང་ཅི་འདུལ་སྤྲུལ་པར་ཤེས་པ་པོ། །ཞེས་གསུངས་པ་དང་། སྲོག་གི་འཁོར་ལོའི་རྒྱུད་ལས། མགོན་པོ་ཉིད་ཀྱིས་སྨྲས་པ། ཨེ་མ་ཧོ། བདག་ནི་ཤིན་ཏུ་མི་བསྲུན་པས། །སྲིན་པོ་རྣམས་ཀྱང་བྲན་དུ་ཁོལ། །ལྷ་མ་ཡིན་རྣམས་རླག་པར་བྱེད། །ལྷ་སྲིན་སྡེ་བརྒྱད་འཁོར་དུ་བཅས། །ལྷ་མ་ཡིན་གྱི་བུ་མོ་རྣམས། །སྲིན་མོར་བཅས་ཏེ་ཁས་བླངས་ནས། །སངས་རྒྱས་བསྟན་པ་སྲུང་དུ་བཅུག །ཅེས་སོ། །དེང་སང་མགོན་པོ་ལ་ནུས་མཐུ་མི་འདུག་ཅེས་སྨྲས་པ་ནི་དོན་མ་གོ་བ་སྟེ། མགོན་པོ་འདོན་མཁན་མང་ཡང་དབང་ལུང་མ་ཐོབ་པ་དང་


CMR028_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ལེན་མི་ཤེས་པ་དང་། བསྙེན་སྒྲུབ་མ་ཐེམས་པས་ལེན་པ་ཡིན་ཏེ། གནམ་ཆོས་ལུང་བསྟན་ལས།་ད་ཨ་ཁ་ཁ་ཐོད་ནག་དད་ཅིག །ཕོ་མེད་ལིས་རེ་གོན་མ་དང་གཉིས་ཟེར་བས་ཀུན་གྱིས་སྐྱོ་སྐྱོ་བྱེད། །སྐྱོ་མི་དགོས་དང་ཁོང་གཉིས་ཕོ་ཅིག་ཡིན། ཞེས་སོགས་འབྱུང་བ་ལྟ་བུ་ཡིན་ནོ། །ཁྱད་པར་རང་བྱུང་རྒྱལ་མོ་ཐུགས་གསང་བའི་རྒྱུད་ལས།་གཞན་ཡང་ལྷ་མོ་དེས་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཁས་བླངས་ཏེ། མངོན་པ་ལ་སོགས་པའི་སྡེ་སྣོད་གསུམ་ལ། གང་ཞིག་མོས་ཤིང་དད་ལ་ཡིད་ཆེས་པའི་གང་ཟག་དེ་ལ་བསྲུང་བ་དང་བསྐྱབ་པར་བགྱིའོ། །གང་ཞིག་འཆད་པ་དང་། ཉན་པ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་ལ་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེའི་སྦྱོར་བ་ངན་པ་གསལ་བར་བགྱིའོ། །གང་སྒོམ་པ་དང་སྒྲུབ་པ་ཉམས་སུ་ལེན་པ་དེའི་གིང་དང་ཕོ་ཉ་དུས་རྟག་ཏུ་བྱའོ། །དེ་ལྟར་དམ་བཅས་པ་བཞིན་བདག་གིས་མ་བགྱིས་ན། བདག་གི་ད་ལྟ་ཉིད་དུ་བཅོམ་ལྡན་འདས་བསླུས་པ་ལགས་སོ། །དེའི་དབང་གིས་རང་གི་སྲོག་གི་སྙིང་པོ་མེ་ལྟར་འབར་ནས་ལུས་སྲོག་ཐལ་བ་བཞིན་དུ་ཚིག་པར་འགྱུར་ལ། མནར་མེད་


CMR028_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

དམྱལ་བ་ཆེན་པོར་གྱུར་ཅིག །ཅེས་སྨོན་ལམ་བཏབ་ཅིང་མནའ་བོར་རོ། །དེའི་གནད་ཀྱིས་དེང་སང་དུས་ཇི་ལྟར་སྙིགས་ཀྱང་གདན་ས་དང་དགོན་པ་དང་གྲྭ་རིགས་ཐམས་ཅད་ལ་དཔལ་ལྡན་ལྷ་མོས་བསྲུང་ཞིང་སྐྱོབ་པའི་རྟགས་དངོས་ཉམས་རྨི་ལམ་དུ་ཀུན་ལ་གསལ་བར་འདུག་པ་འདི་དག་ཡིན། དེ་ལྟར་བརྒྱུད་པ་བཞི་པོ་སོ་སོའི་བཤད་མ་དགོས་གོང་དུ་གསལ་ལྟར་ཡིན་ལ། ཞལ་སྦྱོར་དབང་བཞི་ཡོངས་རྫོགས་འདིའི་བརྒྱུད་པ་ནི། གྲུབ་ཆེན་ཀརྨ་པ་ནས། གཉེན་རས་དགེ་འདུན་འབུམ། རང་བྱུང་རྡོ་རྗེ་གྲགས་པོ་པ། དར་མ་རྒྱལ་མཚན། མཁའ་སྤྱོད་དབང་པོ། ཆོས་ཀྱི་བཟང་པོ། ཆོས་དཔལ་ཡེ་ཤེས། མཐོང་བ་དོན་ལྡན། དཔལ་འབྱོར་དོན་གྲུབ། ཆོས་གྲགས་རྒྱ་མཚོ། མཉན་པ་གྲུབ་ཆེན་། རྒྱལ་དབང་མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག །བ་ལེ་བ་རྣམ་རྒྱལ་དཔལ་བཟང་། ངག་དབང་རྣམ་རྒྱལ། ངག་དབང་བཀྲ་ཤིས་དཔལ་གྲུབ། མཉན་པ་སྤྲུལ་སྐུ་བདེ་ལེགས་སྙིང་པོ། དེའི་དྲུང་ནས་བདག ༧ རཱ་ག་ཨ་སྱས་ཕྱག་ལེན་ངག་ཆད་དང་བཅས་ཏེ་ལན་གསུམ་ཞུས་ཁོང་གིས་དྲུང་པ་རྒྱལ་ཚབ་པ་ལས་ཡང་ཐོབ། ཅེས་


CMR028_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། དེ་ལྟར་ན་དཀོན་མཆོག་ཡན་ལག་ནས་དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །གྲགས་པ་མཆོག་དབྱངས། མཉན་པ་སྤྲུལ་སྐུའོ། །ཡང་ན་མཁའ་སྤྱོད་དབང་པོ། དེ་བཞིན་གཤེགས་པ།། མཚུར་ཕུའི་སློབ་དཔོན་དཀོན་མཆོག་རྒྱལ་པོ། འཇམ་དཔལ་བཟང་པོ། རྒྱལ་དབང་ཆོས་གྲགས་རྒྱ་མཚོའི་མན་སྔར་ལྟར་རོ། །ཡང་མི་བསྐྱོད་རྡོ་རྗེ་ནས། སི་ཏུ་ཆོས་ཀྱི་གོ་ཆ་མི་འཁྲུགས་དཔལ་བཟང་པོ། དེས་དཔལ་ལྡན་མི་ཕམ་ཆོས་ཀྱི་དབང་ཕྱུག་ལ་ཡང་བརྒྱུད། ཡང་ན་ཆོས་གྲགས་རྒྱ་མཚོ། །བཀྲ་ཤིས་དོན་གྲུབ། སྒམ་པོའི་མཁན་པོ་ཤཱཀྱ་བཟང་པོ། ཆོས་ཀྱི་གོ་ཆ། དེས་བཛྲ་ཤྭ་ར་ལའོ། །ཡབ་ཡུམ་ཞལ་སྦྱོར་ཆོ་གའི་ལུང་རྒྱུན་ནི། ཀརྨ་པ། བླ་མ་གཉེན་རས་པ། ཆོས་རྗེ་རང་བྱུང་རྡོ་རྗེ། མགོན་པོ་རྒྱལ་མཚན། ཆོས་རྗེ་རོལ་པའི་རྡོ་རྗེ། རྟོགས་ལྡན་གྲགས་པ་སེང་གེ །དར་མ་རྒྱལ་མཚན། རྟོགས་ལྡན་མཁའ་སྤྱོད་དབང་པོ། ཀུན་དགའ་བློ་གྲོས། བླ་མ་རིན་པོ་ཆེ་རཏྣ་བྷ་དྲ། ཆོས་ཀྱི་བཟང་པོ། སྤྲུལ་སྐུ་ཆོས་དཔལ་ཡེ་ཤེས། ཀུན་མཁྱེན་མཐོང་བ་དོན་ལྡན། བྱང་སེམས་དཔལ་འབྱོར་དོན་གྲུབ།


CMR028_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དབང་ཆོས་གྲགས་རྒྱ་མཚོ། གྲུབ་ཆེན་བཀྲ་ཤིས་དཔལ་འབྱོར། མཚུངས་མེད་མི་བསྐྱོད་རྡོ་རྗེ། རྒྱལ་བ་དཀོན་མཆོག་ཡན་ལག །དེས་དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །ངག་དབང་འཇིགས་མེད་གྲགས་པ། དེའི་དྲུང་དུ་བདག ༧ རཱ་ག་ཨ་སྱས་མཚལ་སེར་ཡོངས་རྫོགས་ཀྱི་ལུང་ཞུས། སི་ཏུ་ཆོས་ཀྱི་རྒྱལ་མཚན་གྱི་དྲུང་ནས་མགོན་༡པོ་མཚལ་སེར་གྱི་དཔེ་དབང་གཅིག་ཀྱང་ཐོབ། མཚམས་དམ་པོ་ལ་འདུག་སྐབས་སི་ཏུ་མི་འཁྲུགས་ཆོས་ཀྱི་གོ་ཆ་དང་མཇལ་ཏེ་མ་མགོན་གྱི་སྒྲུབ་སྐོར་པོ་ཏི་ཆེན་པོ་གཅིག་གི་དབང་ལུང་ཡོངས་སུ་རྫོགས་པ་ཐོབ་པའི་སྣང་བ་གཅིག་བྱུང་། ཉམས་དང་རྨི་ལམ་གྱི་མཚམས་སུ། མ་མགོན་གཉིས་གསལ་པོར་མཇལ་བ། ལན་འགའ་བྱུང་ཞིང་། རང་གིས་བསྙེན་སྒྲུབ་རྟགས་ཐོན་བྱས། གཞན་ལ་དབང་ལུང་དང་ཕྱག་ཁྲིད་བྱས་ནས། བསྙེན་སྒྲུབ་བྱེད་བཅོལ་བས་རྟགས་ལེགས་པོ་ཐོན་པ་མང་དུ་བྱུང་བས། དབང་ལུང་གི་རྒྱུན་ཡོད་པ་ཙམ་མ་ཡིན་པར་བསྒྲུབ་རྒྱུན་བྱིན་གྱིས་བརླབས་ཀྱིས་བརྒྱུད་པ་དང་ལྡན་པ་ཡིན་ནོ། །དེ་ལྟ་བུའི་སྙན་བརྒྱུད་ཀྱི་དབང་ཞུ་བའི་ཕྱིར་དུ་མཎྜལ་ཕུལ། ཞེས་པ་དབང་གི་ལོ་རྒྱུས་ཉུང་ངུར་བསྡུས་པ་འདི། ༧ རཱ་ག་ཨ་


CMR028_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

སྱས་སྨོས་ཤིང་བསྒྲིགས་པ་ལྟར། དགེ་སློང་གསུམ་མའི་མིང་ཅན་གྱི་ཡི་གེར་བཀོད་པ་ལས། ཉེས་འགལ་མཆིས་ན་བཤགས་ཤིང་། དགེ་བས་བསྟན་པ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR028_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་མཁའ་སྤྱོད་དབང་པོས་མཛད་པའི་མ་མགོན་ཞལ་སྦྱོར་གྱི་དབང་བཞི་ཡོངས་རྫོགས་རྒྱན་དབང་དང་བཅས་པ་གབ་སྤྲད་འཁྲུགས་བསལ་བ་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ། །


CMR028_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཧེ་རུ་ཀ་དཔལ་ལ། །བཏུད་དེ་ནག་པོ་ཆེན་པོ་ཡི། །དབང་མཆོག་ཉེ་བར་སྦས་པ་དག །འགྲོ་ལ་ཕན་ཕྱིར་གསལ་བར་བྲི་། །བླ་མ་རྡོ་རྗེ་འཛིན་པ་དང་། །དཔལ་ལྡན་ནག་པོ་ལྕམ་དྲལ་ལ། །བཏུད་དེ་དེ་ཡི་མན་ངག་གི །སྨིན་བྱེད་ཆོ་ག་རྣམ་པར་བསྡུ། །དེ་ལ་རིགས་བསྡུས་དང་། བདེ་བ་དང་། ཕྲིན་ལས་ཏེ་གསུམ་གྱི་སྤྱི་དང་བྱེ་བྲག་གི་ཆོ་ག་ལས། འདིར་ནི་ཕྱི་མའི་ཕྱི་མ་སྟེ། དུར་ཁྲོད་སོགས་གནས་ཇི་ལྟར་རིགས་པར་སའི་ཆོ་ག་མདོར་བསྡུས་པ་སོགས་སྔོན་དུ་འགྲོ་བས། གྲུ་གསུམ་མཐིང་ནག་འཁོར་ལོ་བཞི་རིམ་དང་བཅས་པའི་དཀྱིལ་འཁོར་རྒྱས་པ་མངོན་རྟོགས་ནས་བཤད་པ་ལྟ་བུའམ། བསྡུས་པར་གྲུ་གསུམ་ཐོད་ར་རྡོ་ར་མེ་རི་དང་བཅས་པ་ཙམ་ལ་བརྟེན་པས་ཀྱང་རུང་སྟེ།


CMR028_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་རྟེན་གྱི་གྲི་གུག་དགོད། བྱང་ཕྱོགས་སུ་རྒྱུན་ཐུན་བ་ལིང་བཤམས། ཁྲག་གི་ཨགྷོ་སོགས་མཆོད་རྫས་ཀྱི་བྱེ་བྲག་དུ་མས་བསྐོར། ཡི་དམ་མམ་དཔལ་ཆེན་པོའི་བྱིན་གྱིས་བརླབས་པའི་བུམ་ཆུ་ཡང་སྟ་གོན་བྱ། བཅོམ་ལྡན་འདས་མ་སྒྲུབ་ཅིང་མཆོད་པའི་ཆོ་ག་ལ་སོགས་ཀྱིས་གཞུང་བསྲང་། འདི་ཉིད་ཀྱི་མཆོད་པའི་རིམ་པ་ཆོ་ག་བཞིན་ཞག་གསུམ་མམ་བདུན་སོགས་བྱས་ལ། སྒྲུབ་པ་པོ་སྔོན་དུ་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པས། དཔལ་ལྡན་ནག་པོ་ཆེན་པོ་དང་། བླ་མ་ཡི་དམ་ཐ་དད་དུ་མི་སེམས་པའི་དད་པ་ཅན། གསང་ཆེན་རྡོ་རྗེའི་རིགས་ཀྱི་དམ་ཚིག་ལ་ལྷག་པར་སྤྱོད་པས། རིགས་བཞིའི་དམ་ཚིག་རབ་ཏུ་བསྟན་པ་ཅན་དེ་དག འདི་ཉིད་ཀྱི་དབང་ནོད་པར་འདོད་པས་བླ་མ་ལ་མཎྜལ་ཕུལ་ཏེ་གསོལ་བ་བཏབ་པར་བྱའོ། །སའི་


CMR028_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་ཅི་རིགས་དང་ལྡན་པའི་སྟེགས་སུ་བྱ་ཞིང་། ཐིག་གི་ཆོ་གས་ཐིག་གདབ། སྙན་གསན་གདབ། ཆོས་འབྱུང་མཐིང་ནག་གི་དབུས་སུ་པད་འདབ་བཞི། ལྟེ་བ་ནག་པོ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་སྟེ་འདི། ནི་རིགས་བསྡུས་སོ། །རིགས་སོ་སོ་ལ་ནི་སོ་སོའི་ཚོན་སྤུངས་སམ། ས་བོན་ནམ། མཚན་མ། སྐུ་ནང་རྒྱན་ཕྱག་མཚན། གར་ཉམས། ཕྲིན་ལས་གསང་བའི་སྐུ་དང་། པད་སྣོད་དང་། ཌཱ་ཀིའི་སྐུ་དང་། རྡོ་རྗེ་དང་། གྲི་གུག་རྣམས་སོ་སོར་ཚང་བ་སོགས་ཇི་ལྟར་རིགས་པ་བཀོད། ཟླ་གམ་དམར། མུ་ཁྱུད་ཐོད་ཕྲེང་དཀར། སྒོ་སྒོ་རྒྱན་ཅི་རིགས་ལ། དུར་ཁྲོད་རྡོ་ར་མེ་རི་དང་བཅས་པ་བྲི། ཕྲིན་ལས་བྱེ་བྲག་མངོན་རྟོགས་ལྟར་ན། འཁོར་ལོ་བཞི་རིམ་ལ་སོགས་པའོ། །མཆོད་པའི་བཀོད་པ་དང་། བ་ལིཾ་གསུམ་སོགས་ཕུན་སུམ་ཚོགས་པར་བཤམས། མི་བསྐྱོད་བ་སོགས་ཀྱིས་བདག་ཉིད་རིགས་ཀྱི་མགོན་པོར་བུམ་པར་བསྐྱེད་བཟླས་བདུད་རྩིར་བྱ་བ་རྒྱལ་བྱེད་དང་། ཕྲིན་ལས་ཀྱི་མགོན་པོ་ལས་ཀྱི་བུམ་པ་བྱིན་གྱིས་བརླབས་ལ་ཤར་ཟུར་དུ་བཀོད། དེ་དང་ཉེ་བར་ཐོད་པ་བདུད་རྩི་སིན་དྷུ་རའི་མཎྜལ་ཡང་ཇི་ལྟ་བར་བཤམས། སྲུང་འཁོར་སྔོན་དུ་འགྲོ་བས་བདག་མདུན་བསྐྱེད་བཟླས་མཆོད་བསྟོད་སོགས་གཞུང་བཞིན་བྱས་ལ། སློབ་དཔོན་བདག་ཉིད་ཀྱིས་དབང་བླངས་ཏེ། ཡོལ་བའི་ཕྱི་རོལ་དུ་བགེགས་བསལ་བ་དང་། མཎྜལ་ཕྱག་སྐོར་སྔོན་དུ་འགྲོ་བས། བདག་མདུན་བསྐྱེད་བཟླས་ནི། བདག་བསྐྱེད་ཕག་མོའམ་རྒྱལ་བ་རྒྱ་མཚོ་སོགས་ཀྱི་ཆོ་གའི་


CMR028_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་བསྲངས་ནས། མདུན་བསྐྱེད་མགོན་པོ་མཚལ་སེར་གཉིས་གང་གི་རུང་གཞུང་ལྟར་བཏང་། རྣམ་རྒྱལ་བུམ་པར་མགོན་པོ་རིགས་བསྡུས་ཡབ་ཡུམ་ཞལ་སྦྱོར་གཙོ་འཁོར་ལྔ་རྐང་ཐང་བསྐྱེད། ལས་བུམ་དུ་ཕྲིན་ལས་ཀྱི་མགོན་པོ་ཡབ་རྐྱང་རུང་མོད་ཀྱི། འདི་ནི་པཀྵིའི་ཡབ་ཆོས་རྙིང་མ་རང་རྐང་ཡིན་པས་ཡི་དམ་གཞན་མི་དགོས་པར་མཚལ་སེར་གཉིས་གང་རུང་། མངོན་རྟོགས་ཚར་གཅིག་གིས་བདག་བསྐྱེད་མདུན་བསྐྱེད་བུམ་བསྐྱེད་གཏོར་མ་ལྷར་བསྐྱེད་པ་དང་ཐམས་ཅད་དུས་གཅིག་ལ་བསྐྱེད་ནས་མཆོད་བསྟོད་བཟླས་པ་བྱེད་པས་འཐུས་པ་རྙིང་མའི་ལུགས་གྲུབ་ཆེན་པཀྵིའི་བཞེད་པ་ཡིན། དེའི་ཚེ་སྔགས་ཀྱང་ཞལ་སྦྱོར་གསུང་གི་སྙིང་པོ་རང་བཟླས་པས་འཐུས། ལས་བུམ་ནི་དོན་ལྡན་ཞབས་ཀྱིས་བཞེད་པ་ལྟར། བློ་ལས་ལས་བུམ་ནང་དུ་ཧཱུྃ་ཡིག་ལས། །དྲན་རྫོགས་དམ་ཡེ་དབྱེར་མེད་ལས་མགོན་ནི། །མཐིང་ནག་ཞལ་བཞི་ཕྱག་ནི་བཅུ་གཉིས་པ། །གཡས་དཀར་གཡོན་དམར་དབུས་མཐིང་ཁྲོ་བོའི་ཞལ། །རྒྱབ་ཞལ་ཕག་གདོང་ལྗང་གུ་དབུ་སྐྲ་འབར། །སྔོམ་ཐུང་གསུས་འཕྱང་ཞབས་བཞི་འདོར་སྟབས་བསྒྲད། །དང་པོའི་ཕྱག་གཉིས་ཡུམ་འཁྱུད་མ་མཆུ་བཙིར། །དེ་འོག་གཉིས་ཀྱིས་གྲི་གུག་རྔ་ཡབ་དཀར། །གསུམ་པ་རྡོ་རྗེ་རྩེ་གཅིག་ཁ་ཊྭཱཾ་ག །བཞི་པས་ཐོ་བ་དང་ནི་ཐོད་པ་སྟེ། །ལྔ་པ་གཉིས་ཀྱིས་


CMR028_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

གླང་ཆེན་པགས་པ་བརྒྱངས། །དྲུག་གཉིས་རྡོ་རྗེ་ལོག་འདྲེན་མཆེ་བ་འཛིན། །བདུད་བཞི་མནན་ཞིང་མ་ཧེའི་སྟེང་ན་བཞེངས། །དེ་ལྟར་དམིགས་ལ་ཡིད་ཀྱིས་མཆོད་ཅིང་བསྟོད། །དིཊྛོརྐ་ཊ། ཅི་འགྲུབ་བཟླས་པར་བྱ། དེ་ནི་ལྔ་བཅུ་པ་ཡི་རྒྱུད་ལས་གསུངས། མདུན་བསྐྱེད་མཆོད་བསྟོད་སོགས་གཞུང་བཞིན་བྱས་ལ། སློབ་དཔོན་བདག་ཉིད་ཀྱིས་དབང་བླངས་ཏེ། རང་དོན་ཡིན་ན་བདག་འཇུག་རྒྱས་པར་བླངས། གཞན་དོན་མགྱོགས་དབང་ལ་ཏིང་ངེ་འཛིན་གྱིས་དབང་བླངས་ལ་བུམ་ཆུ་བཏུང་ཡང་ཆོག །བྱིན་རླབས་ནོད་པར་འདོད་པ་དག་ཡོལ་བའི་ཕྱི་རོལ་དུ་བགེགས་གསལ་བའི་གཏོར་མ་བཏང་། བགེགས་བསྐྲད་དེ་མཚམས་བཅད་ལ། བསྐོར་བ་དང་ཕྱག་སྔོན་དུ་འགྲོ་བས། མཎྜལ་ཕུལ་ལ། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །གསང་བདག་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད། །སྔགས་འདི་ཟློས་ཤིག །ཨོཾ་བཛྲ་པཱ་ཎི་ཧཱུྃ། ལུས་ལྷ་ངག་སྔགས་སེམས་ཏིང་ངེ་འཛིན་དང་མ་བྲལ་བར་གྱིས་ཤིག །ཅེས་གདམས། དེ་ཡན་ནི་ས་ཆོག་མ་བྱས་པའི་གོང་དུ་བྱ་རྒྱུ་ཡིན་ཀྱང་མཆོག་དབང་སྐབས་འདིར་ཆད་ལྷག་མེད་ཕྱིར་འདིར་སྦྱར་བའོ། །ཁྲུས་བྱས་ཕྱག་དང་མཎྜལ་ཕུལ་ནས། ཤཱཀྱ་སེངྒེའི་བསྟན་པ་ལ།


CMR028_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །སྨིན་བྱེད་རིམ་པ་བསྟན་དུ་གསོལ། །ལན་གསུམ། དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་ལ་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ལན་གསུམ། ད་ཐུན་མོང་གི་སྐྱབས་འགྲོ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོད་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །


CMR028_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ད་ཁྱེད་རང་གི་སྤྱི་བོར་རྡོ་རྗེ་སེམས་དཔའ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུ་ལས་བདུད་རྩི་བབས་ཉམས་ཆག་སྡིག་སྒྲིབ་དག་པར་སྒོམས་ལ་ཡིག་བརྒྱ་ཟློས། ཨོཾ་བཛྲ་སཏཱ་སོགས། གདོང་གཡོགས་མཐིང་ཀ་བཅིངས་པའི་མོས་པ་གྱིས། ཨོཾ་ཙཀྵ་བྷནྡ་ཝ་ར་མ་ཎ་ཡེ་སྭཱ་ཧཱ། མེ་ཏོག་གི་ཕྲེང་བ་རེ་གཏད་པའི་མོས་པས། ཨ་ཁཾ་བི་ར་ཧཱུྃ། ཁྱེད་རང་སྐད་ཅིག་གིས་མ་ཧཱ་ཀཱ་ལ་སྐུ་མདོག་མཐིང་ནག་གྲི་གུག་དང་ཐོད་ཁྲག་འཛིན་པ་ཡུམ་དང་ཞལ་སྦྱོར་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་རྒྱས་གདབ་པར་བསྒོམ། ཡོལ་བ་བསལ་ནས་ཕྱག་འཚལ་བའི་མོས་པས་རྗེས་ཟློས་མཛོད་དུས་གསུམ་སངས་རྒྱས་ཀུན་གྱི་དངོས། །བླ་མ་མགོན་པོའི་སྐུ་མཆོག་ལ། །བདག་ནི་རྣམ་པ་ཐམས་ཅད་དུ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཀུན་གྱི་གསུངས། །བླ་མ་མགོན་པོའི་གསུང་མཆོག་ལ། །བདག་ནི་རྣམ་པ་ཐམས་ཅད་དུ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཀུན་


CMR028_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཐུགས། །བླ་མ་མགོན་པོའི་ཐུགས་མཆོག་ལ། །བདག་ནི་རྣམ་པ་ཐམས་ཅད་དུ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཡོན་ཏན་མཆོག །བླ་མ་མགོན་པོའི་ཡོན་ཏན་ལ། །བདག་ནི་རྣམ་པ་ཐམས་ཅད་དུ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཕྲིན་ལས་མཆོག །བླ་མ་མགོན་པོའི་ཕྲིན་ལས་ལ། །བདག་ནི་རྣམ་པ་ཐམས་ཅད་དུ། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །རྡོ་རྗེ་ནག་པོ་ཆེ་ཞབས་ཕྱག་འཚལ་ཞིང་། །བསམ་ཡས་མཆོད་པའི་ཁྱད་པར་དུ་མས་མཆོད། །འགལ་འཁྲུལ་ཉེས་པ་མ་ལུས་རབ་བཤགས་ནས། །མངོན་སྤྱོད་བརྟུལ་ཞུགས་འབར་ལ་རྗེས་ཡི་རང་། །ཕྲིན་ལས་རྒྱ་མཚོའི་ཆོས་འཁོར་བསྐོར་བར་བསྐུལ། །རྟག་ཏུ་མྱ་ངན་མི་འདའ་བཞུགས་པར་གསོལ། །འགྲོ་བ་མཐའ་དག་ཁྱོད་དང་དབྱེར་མེད་པའི། །བྱང་ཆུབ་ཆེན་པོ་གེགས་མེད་ཐོབ་གྱུར་ཅིག །ཁྱོད་ནི་རྡོ་རྗེའི་རིགས་སུ་སྐྱེས། །ང་ཡི་ཡེ་ཤེས་རྡོ་རྗེ་བྱིན། །བྱིན་པས་དངོས་གྲུབ་ཐོབ་པར་འགྱུར། །གང་ཞིག་འདི་འདྲ་མ་མཐོང་བའི། །དྲུང་དུ་སྨྲ་བར་མ་བྱེད་ཅིག །གལ་ཏེ་སྨྲས་ན་ཉམས་པར་


CMR028_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཞེས་འཁྱོར་ཆུ་བྱིན་ལ། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི། །རྡོ་རྗེ་འཛིན་པ་ང་ཡིན་གྱིས། །ང་ཡིས་ཇི་ལྟར་བཀའ་སྩལ་པ། །ཁྱོད་ཀྱིས་སྐྱོ་བ་མེད་པར་བསྒྲུབས། །གང་ཡང་ང་ལ་མ་གུས་མིན། །དེ་བཞིན་གུས་པར་མ་བྱས་ན། །བདུད་ཀྱིས་བཅོམ་ནས་ངན་འགྲོ་འགྲོ། །དེ་བས་དམ་ཚིག་གནས་པར་གྱིས། །ཞེས་དམ་བསྒྲགས་ལ། སྲས་བཅས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་རྡོར་སེམས་ཞེས་བགྱི་བས། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་


CMR028_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་བཟུང་། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱི་ཞིང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གི་སྡོམ་པ་མ་ལུས་བཟུང་། །མ་བརྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱིན་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་


CMR028_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

འགོད། །སྡོམ་པ་བཟུང་། སྙིང་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་རེ་སྒོམས་ལ་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ད་ཡ་མི། རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པ་དེ་བརྟན་པའི་མོས་པ་མཛོད། རྡོ་རྗེ་མེ་ཏོག་སྙིང་ཁར་བཞག་ལ། ཨོཾ་སུ་ར་ཏེ་ས་མ་ཡ་སཱུ་ཧོ༔ ད་ཡེ་ཤེས་པ་འབེབས་པའི་དོན་དུ་རྗེས་ཟློས་མཛོད། དཔལ་ཡེ་ཤེས་ཀྱི་མགོན་པོ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ཀྱིས་བདག་ལ་བྱིན་གྱིས་རླབས་པར་མཛད་དུ་གསོལ། ཡེ་ཤེས་དབབ་པར་མཛད་དུ་གསོལ། །དཔལ་ཐུགས་ཀྱི་མགོན་པོ་རྡོ་རྗེ་མཁའ་འགྲོ་མ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ཀྱིས་བདག་ལ་བྱིན་གྱིས་རླབས་པར་མཛད་དུ་གསོལ། ཡེ་ཤེས་དབབ་པར་མཛད་དུ་གསོལ། དཔལ་སྐུའི་མགོན་པོ་སངས་རྒྱས་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཡེ་ཤེས་དབབ་པར་མཛད་དུ་གསོལ། དཔལ་ཡོན་ཏན་གྱི་མགོན་པོ་རིན་ཆེན་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཡེ་ཤེས་དབབ་པར་མཛད་དུ་


CMR028_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། དཔལ་གསུང་གི་མགོན་པོ་པདྨ་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཡེ་ཤེས་དབབ་པར་མཛད་དུ་གསོལ། དཔལ་ཕྲིན་ལས་ཀྱི་མགོན་པོ་ལས་ཀྱི་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཡེ་ཤེས་དབབ་པར་མཛད་དུ་གསོལ། ཁྱེད་རང་རྣམས་འགྲེངས་ཏེ། རྟིང་པ་བཏེག་ནས་གནས་པའི་མོས་པས། ཆོས་འབྱུང་གི་ཕྱག་རྒྱ་སྤྱི་བོར་གྱིས། ལས་བུམ་གྱིས་ཆུ་གཏོར་ཞིང་། དེཊོ་སོགས་ཀྱིས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཁཾ་ལས་བྲག་སྟེང་མཐིང་ནག་གྲུ་གསུམ་འབར་བ། དེའི་དབུས་སུ་པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁྱེད་རང་རྣམས་ཀྱི་རྣམ་པར་ཤེས་པའི་ངོ་བོ། ཧཱུྃ་མཐིང་ནག་དང་མ་སྔོ་སྐྱ་འོད་དུ་ཞུ་བ་ལས། སྐད་ཅིག་གིས་ཁམས་གསུམ་ཟོ་བྱེད་དུར་ཁྲོད་བདག་པོ། འཇིགས་བྱེད་འབར་བ་ཡབ་ཡུམ་གྱི་སྐུར་གྱུར་པ་སྟེ། དེ་ཡང་སྐུ་མདོག་དུད་ཁ་མུན་ཆེན་གྱི་མདོག་ལྟ་བུ། རབ་ཏུ་ཁྲོས་པའི་ཞལ་མཆེ་བ་བཞི་གཙིགས་ཤིང་ལྗགས་འགྱུ་


CMR028_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བ། སྡང་མིག་རྣམ་པར་གཡོ་བའི་སྤྱན་གསུམ་འཁྱིལ་ཞིང་ཕྱོགས་བཅུར་ལྟ་བ། གློག་ལྟར་ཁམས་པའི་སྨིན་མ་དང་སྨ་ར་དམར་སེར་མེ་སྟག་འཕྲོ་བ་གྱེན་དུ་ལངས་པའི་དབུ་སྐྲ་དམར་སེར་སྦྲུལ་དང་དར་གྱིས་བཅིངས་ཤིང་རིན་པོ་ཆེ་དུ་མའི་རྩེ་བྲན་ཅན་གྱི་ཐོད་པ་མེ་རབ་ཏུ་འབར་བའི་ཐོད་དང་ལྡན་པ་རུས་པ་དང་། དུག་སྦྲུལ་གདུག་པས་དབུ་དང་སྐུ་དང་ཡན་ལག་བརྒྱན་ཅིང་། སྟག་གི་པགས་པའི་ཤམ་ཐབས་དང་། དར་ནག་གི་འཇོལ་བེར་དགུ་བརྩེགས་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན་གདུག་པ་ཅན་རྣམས་ཀྱི་མགོ་བོའི་ཕྲེང་བ་ཁྲག་དང་བཅས་པའི་དོ་ཤལ་བྱས་ཤིང་། ཁྲག་གིས་གོས་ཤིང་མེ་འབར་བའི་གྲི་གུག་ཕྱག་གཡས་དག་གིས་གདེངས་པའི་འོད་ཀྱིས་འཇིག་རྟེན་གསལ་བ། ཡུམ་གྱི་ཞལ་དུ་སྟོབ་བཞིན་པའི་ཁྲག་ཅན་གྱི་ཐོད་པ་གཡོན་དུ་འཛིན་ཅིང་། ཞབས་གཡས་བསྐུམ་པའི་གར་དང་། གཡོན་བརྐྱངས་བས་ཡུམ་ལ་འཁྲིལ་བའི་ཚུལ་ཅན་མ་ལུས་པའི་བགེགས་དང་དགྲའི་ཚོགས་ཟ་བར་མཛད་ཅིང་ཆེར་རབ་ཏུ་འབར་བའི་མེའི་དབུས་ན་རྔམ་པའི་གད་མོས་མ་བྷོ༔ཧཱུྃ་གི་སྒྲ་ཆེན་པོས་ཁམས་གསུམ་ཁྱབ་པར་སྒྲོགས་པས་སྲིད་གསུམ་ཟིལ་གྱིས་གནོན་ཅིང་དབང་


CMR028_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྡུད་པ། འཇིག་པ་མཐའ་དག་འཇིགས་པར་བྱེད་པ་དེའི་པང་དུ་དཔལ་ལྡན་ལྷ་མོ་སྐུ་མདོག་མཐིང་ནག་ཏུ་འདུག་པ་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། དབུ་སྐྲ་ཁམ་ནག་གྱེན་དུ་བཅིངས་ཤིང་ཐུར་དུ་གྲོལ་བ་ལ། ཐོད་སྐམ་ལྔའི་ཕྲེང་བས་བཅིངས་བ། སྤྱི་གཙུག་ཏུ་ཟླ་བ་ཕྱེད་པ་དང་རྨ་བྱའི་མདོངས་ཀྱིས་མཛེས་པ། དར་གྱི་ཅོད་པན་དང་སྦྲུལ་ནག་གི་ཆུན་འཕྱངས་རིན་པོ་ཆེ་སྣ་ཚོགས་འཕྲོ་བའི་ཕྲེང་བས་བརྒྱན་པ། སྐུ་ལ་དར་ནག་གི་འཇོལ་བེར་གསོལ་ཞིང་ཐོད་རློན་གྱི་དོ་ཤལ་ཅན་ཞབས་གཉིས་བརྐྱང་བསྐུམ་ཡབ་ལ་འཁྲིལ་བའི་ཚུལ་གྱིས་བཞུགས་པ། ཕྱག་བཞི་གཡས་ཀྱི་དང་པོ་ན་ཁ་ཊྭཱཾ་ག་རྩེ་གསུམ་བསྣམས་པ། གཡོན་གྱི་དང་པོ་ན་འཕྲུལ་གྱི་མེ་ལོང་ཕྱི་ཞིང་བལྟ་བ། གཡས་ཀྱི་འོག་མ་ན་གནམ་ལྕགས་ཀྱི་ཕུར་པ་འདྲིལ་ཞིང་འདེབས་པ། གཡོན་གྱི་འོག་མ་ན་སྦྲུལ་ནག་གི་ཞགས་པ་ལྡོག་ཅིང་འཕེན་པ། གཡས་ཀྱི་འོག་མའི་ཕྱག་གིས་དཔལ་ནག་པོ་ཆེན་པོ་ལ་འཁྱུད་པ་སྟེ། དཔལ་ཆེན་པོའི་སྐུར་གསལ་བའི་དཔྲལ་བར་སྤྱན་དབུས་གཡོན་ཕྱོགས་སུ་དྲག་ཏུ་འཁོར་བ་དང་། གཡུང་དྲུང་རིས་དམར་པོ་ལ་སེམས་


CMR028_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

གཏད། ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་མ་མགོན་ཡབ་ཡུམ་དཔག་ཏུ་མེད་པ་སྤྱན་དྲངས་ནས་སིབ་སིབ་ཐིམ་པར་སྒོམས་ཤིག །ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །དཔལ་ལྡན་མགོན་པོ་སྤྱན་འདྲེན་ན། །ཐུགས་རྗེའི་ཐུགས་དམ་དབང་གིས་ནི། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །བྷྱོཿ བྱང་ཤར་ཆོས་དབྱིངས་ཕོ་བྲང་ནས། །བསྟན་པ་བསྲུང་ཕྱིར་སྐུ་སྤྲུལ་མ། །ཚུར་གཤེགས་ཚུར་གཤེགས་གནས་འདིར་གཤེགས། །དམ་ཚིག་དབང་གིས་མྱུར་དུ་བྱོན། །ཨོ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། མ་ཧཱ་ཀཱ་ལ་དེ་བ་རཀྟ་ཛཧཱུྃ་བཾ་ཧོ༔ ཨེ་ཧྱ་ཧི་ཨ་གཙྩཡ་ཨ་གཙྩཡ། ཧཱུཾ་ཡ་ཛ་ཧཱུྃ་ཡ་ཿ ཞེས་ཡུན་རིང་དུ་དབབ། ཚིལ་ཆེན་གྱིས་བདུག །རོལ་མོ་བྱ། མ་ཕེབས་ན་དམིགས་པ་བསྐྱར་ཏེ་དབབ། ཕེབས་ནས་རྡོ་རྗེའི་གླུ་དབྱངས། ཏིབཛྲ་གྱིས་བརྟན་པར་བྱས། སློབ་དཔོན། སླར་དཀྱིལ་འཁོར་གྱི་མཐོང་བ་བརྟག །པྲ་ཏིཙྪ་བཛྲ་ཧོ༔ མེ་ཏོག་དོར། པྲ་ཏི་གྲིཙྪ་སྭ་ཨི་མཾ། སཏཱ་མ་ཧཱ་བ་ལ། ཞེས་སླར་སྦྱིན། རིགས་ཀྱི་མིང་བཏགས། འཁོར་ལོ་བསྟན་ལྷ་ངོ་སྤྲོད་རྒྱས་བསྡུས་དེ་དག་སྔོན་དུ་བྱའོ། ༈ །དངོས་གཞི་འོད་ཀྱི་དབང་སོགས་ལས་མཎྜལ་ཕུལ་ལ། ཨོཾ་བཛྲ་ཧ་ཕྱེ་ཨུརྒྱུ་ཊ་ཡ་ཧཱུྃ། ཞེས་མིག་


CMR028_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དར་བསལ། ལྷ་ངོ་སྤྱད་དོ། །རྗེས་ཟློས་གྱིས། གདུག་པ་མ་ལུས་འདུལ་མཛད་པ། །ནག་པོ་ཆེན་པོ་བཅོམ་ལྡན་འདས། །མཁའ་འགྲོ་ཀུན་གྱི་དབང་ཕྱུག་གཙོ། །ཁྱོད་ཀྱིས་བདག་ལ་དབང་བསྐུར་སྩོལ། །ཅེས་ལན་གསུམ། ཐིག་ལེ་བྲིས་པའི་ཙཀ་ལི་གཏད་པའམ། དམིགས་པས་རུང་། །བླ་མ་ཡེ་ཤེས་མགོན་པོའི་སྨིན་མཚམས་ནས་འོད་དཀར་པོ་བྱུང་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་ལུས་སྒྲིབ་དག་ནས་སྐུ་ཡི་བྱིན་རླབས་ཐོབ་པར་བསྒོམ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། བླ་མ་ཡེ་ཤེས་མགོན་པོའི་མགྲིན་པ་ནས་འོད་ཟེར་དམར་པོ་བྱུང་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་ངག་སྒྲིབ་དག །གསུང་གི་བྱིན་རླབས་ཐོབ་པར་བསྒོམ། རྩ་སྔགས། ཝཱཀྐ་ཨ་བྷི་ཥིཉྩ་ཨཱ༔ བླ་མ་ཡེ་ཤེས་མགོན་པོའི་ཐུགས་ཀ་ནས། འོད་མཐིང་ཀ་བྱུང་ཁྱེད་རང་རྣམས་ཀྱི་སྙིང་ཁར་ཐིམ། ཡིད་སྒྲིབ་དག །ཐུགས་ཀྱི་བྱིན་རླབས་ཐོབ་པར་བསྒོམ།་རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། བླ་མ་ཡེ་ཤེས་མགོན་པོའི་ལྟེ་བ་ནས་འོད་སེར་པོ་བྱུང་ཁྱེད་རང་རྣམས་ཀྱི་ལྟེ་བར་ཐིམ། བསགས་པ་ཆེ་སྙམས་ཀྱི་སྒྲིབ་པ་དག །ཡོན་ཏན་གྱི་བྱིན་རླབས་ཐོབ་པར་བསྒོམ། རྩ་སྔགས། སརྦ་


CMR028_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་བྷི་ཥིཉྩཧཱུྃ༔ བླ་མ་ཡེ་ཤེས་མགོན་པོའི་གསང་བ་ནས་འོད་ཟེར་ལྗང་ནག་བྱུང་། ཁྱེད་རང་རྣམས་ཀྱི་གསང་བར་ཐིམ། ཤེས་བྱའི་སྒྲིབ་པ་དག །ཕྲིན་ལས་ཀྱི་བྱིན་རླབས་ཐོབ་པར་བསྒོམ། རྩ་སྔགས།་ཀརྨ་ཨ་བྷི་ཥིཉྩ་ཕཊ༔ བླ་མ་མགོན་པོའི་གནས་ལྔར་ༀ་ཨཱཿཧཱུྃ་ཧྲཱིཿཕཊ༔དང་། ཁྱེད་རང་སློབ་མའི་གནས་ལྔར་ༀ་ཨཱཿཧཱུྃ་ཧཱུྃཕཊ་ཀྱིས་མཚན་པར་བསྒོམས། དེ་ནས་མགོན་པོའི་དཔྲལ་བའི་ཨོ་ལས་ཨོ་མང་པོ་བྱུང་། ཁྱེད་རང་གི་དཔྲལ་བའི་ཨོ་ལ་ཐིམ་པར་བསྒོམ། ཨོཾ་ཨོཾ་ཨོཾ། ལན་གསུམ། མགོན་པོའི་མགྲིན་པའི་ཨཱལས་ཨཱཋམང་པོ་བྱུང་། ཁྱེད་རང་གི་མགྲིན་པའི་ལ་ཐིམ་པར་བསྒོམ། ཨཱཿཨཱཿཨཱ༔ མགོན་པོའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་མང་པོ་བྱུང་། ཁྱེད་རང་གི་ཐུགས་ཀའི་ཧཱུཾ་ལ་ཐིམ་པར་བསྒོམ། ཧཱུྃ་ཧཱུྃ་ཧཱུྃ། མགོན་པོའི་ལྟེ་བའི་ཧཱུྃ་ལས་ཧཱིམང་པོ་བྱུང་། ཁྱེད་རང་གི་ལྟེ་བའི་ཧྲཱིཿལ་ཐིམ་པར་བསྒོམ། ཧྲཱིཿཧྲཱིཿཧྲཱི༔ མགོན་པོའི་གསང་བའི་ཕཊ༔ལས་ཕཊ་མང་པོ་བྱུང་། ཁྱེད་རང་གི་གསང་བའི་ཕཊ་ལ་ཐིམ་པར་བསྒོམ། ཕཊ་ཕཊ་ཕཊ༔ ཙཀ་ལིའམ་དམིགས་པས་ཀྱང་རུང་། ཨོ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། ཨཱཿལས་པདྨ་


CMR028_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་ཨཱཿས་མཚན་པ། ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། ཧྲི༔ལས་རིན་པོ་ཆེ་འབར་བ་ཧིས་མཚན་པ། ཕཊ་ལས་རལ་གྲི་ལྗང་གུ་ཕཊ༔ཀྱིས་མཚན་པ། མགོན་པོའི་དཔྲལ་བའི་འཁོར་ལོ་ལས་འཁོར་ལོ་གྲངས་མེད་འཕྲོས། ཁྱེད་རང་གི་དཔྲལ་བའི་འཁོར་ལོ་ལ་ཐིམ་པར་སྒོམས། རྩ་སྔགས། ཙཀྲ་ཨ་བྷི་ཥིཉྩ་ཨོཾ། མགོན་པོའི་མགྲིན་པའི་པདྨ་ལས་པདྨ་གྲངས་མེད་པ་འཕྲོས། ཁྱེད་རང་གི་མགྲིན་པའི་པདྨར་ཐིམ་པར་སྒོམས། པདྨ་ཨ་བྷི་ཥིཉྩ་ཨཱཿ མགོན་པོའི་ཐུགས་ཀའི་རྡོ་རྗེ་ལས་རྡོ་རྗེ་གྲངས་མེད་པ་འཕྲོས། ཁྱེད་རང་གི་ཐུགས་ཀའི་རྡོ་རྗེ་ལ་ཐིམ་པར་བསྒོམ། རྩ་སྔགས། བཛྲ་ཨ་བྷི་ཥིཉྩ་ཧཱུཾ། མགོན་པོའི་ལྟེ་བའི་རིན་པོ་ཆེ་ལས་རིན་པོ་ཆེ་གྲངས་མེད་པ་འཕྲོས། ཁྱེད་རང་གི་ལྟེ་བའི་རིན་པོ་ཆེ་ལ་ཐིམ་པར་སྒོམས། རྩ་སྔགས། རཏྣ་ཨ་བྷི་ཥིཉྩ་ཧྲཱིཿ མགོན་པོའི་གསང་བའི་རལ་གྲི་ལས་རལ་གྲི་གྲངས་མེད་པ་འཕྲོས། ཁྱེད་རང་གི་གསང་བའི་རལ་གྲི་ལ་ཐིམ་པར་སྒོམས། རྩ་སྔགས། ཀརྨ་ཨ་བྷི་ཥིཉྩ་ཕཊ༔ འདི་ནི་མཚན་མའི་དབང་ངོ་། །སླར་ཡང་མཎྜལ་ཕུལ་ཞིང་རྗེས་ཟློས། གདུལ་དཀའ་འདུལ་མཛད་བཅོམ་ལྡན་འདས། །ཁྱེད་ལ་རྟག་


CMR028_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱག་འཚལ་ནས། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་རབ་འབྱམས་དབང་སྐུར་སྩོལ། །ཞེས་ལན་གསུམ་གསོལ་བ་བཏབ་ལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་འགྲུབ་བྱེད་པ། །དཔལ་ལྡན་ནག་པོ་ལྕམ་དྲལ་གྱི། །སྐུ་ཡི་མངོན་པར་དབང་བསྐུར་རོ། །རྩ་སྔགས། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཞེས་སྐུ་ཡི་རྟེན་གང་ཡང་རུང་ལ། མགོར་བཀོད། མེ་ཏོག་གི་ཆར་དབབ། རོལ་མོའི་སྒྲ་བྱ། མངོན་རྟོགས་རྒྱས་པར་བཤད། སྟོང་པའི་ངང་ལས་ཁྱེད་རང་རྣམས། །གོན་པོ་ཞལ་གཅིག་ཕྱག་གཉིས་པ། །མཐིང་ནག་སྤྱན་གསུམ་ལྗགས་འདྲིལ་མཆེ་བ་གཙིགས། །དབུ་སྐྲ་གྱེན་བརྫེས་གཡས་པས་གྲི་གུག་དང་། །གཡོན་གྱི་ཐོད་ཁྲག་ཐོད་སྐམ་དབུ་རྒྱན་ཅན། །དུག་སྦྲུལ་རུས་པ་སྣ་ཚོགས་དར་གྱིས་བརྒྱན། །དར་ནག་འཇོལ་བེར་སྟག་གི་ཤམ་ཐབས་དང་། །མགོ་ཕྲེང་དོ་ཤལ་ཞབས་གཡས་བསྐུམ་པའི་གར། །གཡོན་པ་བརྐྱང་བའི་ཚུལ་གྱིས་འགྱིང་བའི་གཟུགས། །ཁམས་གསུམ་དབང་སྡུད་ཟིལ་གནོན་ཆེན་པོར་གྱུར། །དེ་ཡི་པང་དུ་མ་ལས་ལྷ་མོ་ཞལ་གཅིག་ཕྱག་བཞི་མ། །ཁཊྭཱཾ་ཕུར་པ་མེ་ལོང་སྦྲུལ་ཞགས་བསྣམས། །བཙན་སྟབས་འཁྱིལ་


CMR028_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྟབས་ཀྱིས་བཞུགས་པར་གྱུར། །ཅེས་སློབ་མ་མངོན་པར་བསྐྱེད། དེ་ཡི་སྤྱི་བོར་ཨོཾ་ཡིག་དཀར་པོ་དང་། །མགྲིན་པར་ཨཱཿདམར་ཐུགས་ཀར་ཧཱུཾ་སྔོན་པོ། །མགོན་པོའི་ཐུགས་ཀར་ཟླ་བར་ཧཱུྃ་མཐིང་ནག །ལྷ་མོའི་ཐུགས་ཀར་ཉི་མར་བློ་སྔོན་པོ། །ཞེས་ཡི་གེ་ཕྲ་བཀོད། ད་བླ་མ་མགོན་པོའི་སྨིན་མཚམས་ནས། སྐུ་ཡི་མགོན་པོ་དཀར་པོ་གྲངས་མེད་པ་འཕྲོས། ཁྱེད་རང་གི་སྨིན་མཚམས་སུ་ཐིམ་པས་སྐུའི་མགོན་པོ་དཀར་པོར་སྒོམས་ཤིག །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི། །སྐུ་མགོན་ཡབ་ཡུམ་དབང་བསྐུར་རོ། །ཨོཾ་བཛྲ་རེ་མ་ཏི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོ༔ བླ་མ་མགོན་པོའི་མགྲིན་པ་ནས་གསུང་གི་མགོན་པོ་དམར་པོ་གྲངས་མེད་པ་འཕྲོས། ཁྱེད་རང་གི་མགྲིན་པར་ཐིམ་པས་གསུང་གི་མགོན་པོ་དམར་པོར་སྒོམས་ཤིག །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི། །གསུང་མགོན་ཡབ་ཡུམ་དབང་བསྐུར་རོ། །རྩ་སྔགས། ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ བླ་མ་མགོན་པོའི་ཐུགས་ཀ་ནས་ཐུགས་ཀྱི་མགོན་པོ་མཐིང་ཀ་


CMR028_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མེད་པ་འཕྲོས། ཁྱེད་རང་གི་སྙིང་ཁར་ཐིམ་པས་ཐུགས་ཀྱི་མགོན་པོ་མཐིང་ཀར་སྒོམས་ཤིག །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི། །ཐུགས་མགོན་ཡབ་ཡུམ་དབང་བསྐུར་རོ། །རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། བླ་མ་མགོན་པོའི་ལྟེ་བ་ནས་ཡོན་ཏན་གྱི་མགོན་པོ་སེར་པོ་གྲངས་མེད་པ་འཕྲོས། ཁྱེད་རང་གི་ལྟེ་བར་ཐིམ་པས་ཡོན་ཏན་གྱི་མགོན་པོ་སེར་པོ་སྒོམས་ཤིག །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི། །ཡོན་ཏན་མགོན་པོའི་དབང་བསྐུར་རོ། །རྩ་སྔགས། གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ བླ་མ་མགོན་པོའི་གསང་བ་ནས་ཕྲིན་ལས་ཀྱི་མགོན་པོ་ལྗང་གུ་གྲངས་མེད་པ་འཕྲོས། ཁྱེད་རང་གི་གསང་བར་ཐིམ་པས་ཕྲིན་ལས་ཀྱི་མགོན་པོ་ལྗང་ཁུ་སྒོམས་ཤིག །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི། །ཕྲིན་ལས་མགོན་པོའི་དབང་བསྐུར་རོ། །རྩ་སྔགས། ཀརྨ་ཨ་བྷི་ཥིཉྩ་ཕཊ༔ དེ་ནས་དཔྲལ་བ་ལ་སོགས་པའི་གནས་ལྔར་མགོན་པོའི་སྐུ་གྲངས་མེད་པ་རིམ་གྱིས་


CMR028_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པར་མོས་ལ་རིམ་བཞིན་སྔར་གྱི་ཚིགས་སུ་བཅད་པ་དང་། རོལ་མོ་སོགས་བྱ། ཞེས་པའི་དོན་ནོ། །ད་དཔོན་སློབ་གཉིས་ཀ་ལྷར་གསལ་བའི་གནས་ལྔར་ཉི་ཟླ་ལ་ཧཱུྃ་རེ་རེ། སློབ་དཔོན་གྱི་ཧཱུྃ་ལྔའི་མཐར། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སྙིང་པོ་ལྔ་བཀོད་དེ། ཞལ་ནས་ཐོན་སློབ་མའི་གནས་ལྔ་སོ་སོར་འཁྱིལ་ཏེ་གནས་པར་བལྟས་ལ། སྔགས་རྣམས་གནས་ལྔར་བཀོད་པ་ལས་སྔགས་ཕྲེང་སློབ་མའི་གནས་ལྔར་འཁོར་བར་བལྟས་ལ། སྔགས་སོ་སོ་ལ་བརྒྱ་རེ། ཉེར་གཅིག་རེ་བཟླ་ཞིང་། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི། །སྤྱན་འདྲེན་སྔགས་ཀྱིས་དབང་བསྐུར་རོ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ། དེ་ཝ་རཀྟ། ཛཿཧཱུྃ་བཾ་ཧོཿ འདིར་ཤོག་འདིར་ཤོག །ཨ་གཙྪ་ཡ་ཨ་གཙྪ་ཡ། ཧཱུཾ་ཡ་ཿ ཧཱུྃ་ཡ་ཿ ཨོཾ་མ་ཧཱ་ཀཱ་ལི། ཏྲག་རཀྵ་ཏི་ལཾ། ས་མཱ་ཡ་ཛ༔ཧཱུྃ་བཾ་ཧོ༔ ནག་མོ་ཏི་ལཾ་མ་མ་དུན་བྷྱོཿ ཛཿཧཱུྃ་བཾ་ཧོཿ ཀཱ་ལི་དུན་བྷྱོ༔ ཨེ་ཨ་རལླི་ཧོཿ ཛཧཱུྃ་བཾ་ཧོ༔ མ་ཧི་མ་ཧཱ་ས་མཱ་ཡ། ཕོ་ཕེ་ཕོ། མ་མ་ས་ཤ་ར། ཤ་ཀ་ལ། ས་མཱ་ཡ་ཿ ཛཧཱུྃ་བཾ་ཧོ༔ ཨ་ལ་ལ་ཧོ། མ་མོ་ནག་མོ་ཏུཾ་


CMR028_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ལཾ། མ་མོ་ནག་མོ་དུ་ཏིང་བྷྱོ༔ ཛཧཱུྃ་བཾ་ཧོ༔ ནག་མོ་དུན་བྷྱོ༔ ཨོཾ་ཨཱཿཧཱུྃཿ ས་མ་ཡ། ཨེ་ཧྱ་ཧི་ཿ ཨཱ་རལླི་ཧོ༔ ཧཱུཾ་ཧཱུཾ། ཝཱཀྐ་ཨ་བྷི་ཥིཉྩ་ཨཱ༔ ཞེས་རྡོ་རྗེ་དཔྲལ་བར་རེག རོལ་མོ་བྱ། མེ་ཏོག་འཐོར། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི། །ཧེར་ནའི་སྔགས་ཀྱིས་དབང་བསྐུར་རོ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ། ཤོར་ཧེར་ནི་ཤོག །ཧེར་མ་དུམ་རིལ་ཤོག །འདིར་ཤོག་འདིར་ཤོག །འདིར་དུམ་འདིར་དུམ། གནོད་བྱེད་དགྲ་བོའི་ཙིཏྟ་བཾ་ཙིཏྟ་རྦད། །ཝཱཀྐ་ཨ་བྷི་ཥིཉྩ་ཨཱ༔ རྡོ་རྗེ་མགྲིན་པར་རེག །རོལ་མོ་བྱ།་མེ་ཏོག་འཐོར། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི། །ཧུ་རའི་སྔགས་ཀྱིས་དབང་བསྐུར་རོ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ། དེ་ཝ་རཀྟ་དགྲ་བོའི་ཙིཏྟ་ལ་ཧུ་ར་ཧུ་ར། བེ་ར་བེ་ར། དུ་ན་དུ་ན།་ཏྲི་ལམ་ཤམ་ཀ་རུ་ཏྲི་ཏ་ཏྲག་རཀྵ་རྦད། ཨོ་སྟེ་བྷནྡྷ་སྟེ་བྷནྡྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ ཝཀྐ་ཨ་བྷི་ཥིཉྩ་ཨཱ༔ ཞེས་རྡོ་རྗེ་སྙིང་ཁར་རེག །རོལ་མོ་བྱ། མེ་ཏོག་འཐོར། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་


CMR028_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་བྱེད་པ། །དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི། །ཤཱ་སའི་སྔགས་ཀྱིས་དབང་བསྐུར་རོ། །ཨོཾ་མ་ཧཱ་ཀཱ་ལ་ཡ། ཤཱ་ས་ནཾ། ཨུ་པ་ཀཱ་རི་ཎི། ཨེ་ཥཱ་པཉྩི་མ་ཀཱ་ལོ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀ་རི་ཎཾ། ཡ་ཏི་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཏྟཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲི་སྐྱ་གྲི་། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན། མཱ་ར་ཡ་ཧཱུྃ་ཕཊ༔ ཝཀྐ་ཨ་བྷི་ཥིཉྩ་ཨཱ༔ ཞེས་རྡོ་རྗེ་ལྟེ་བར་རེག །རོལ་མོ་བྱ། མེ་ཏོག་འཐོར། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི། །རྦད་སྔགས་ཀྱི་ནི་དབང་བསྐུར་རོ། །ཨོཾ་ཨེ་ཨཱ་རལླི་ཧོ༔ ཤྲཱི་མ་ཧཱ་ཀཱ་ལ་ཁཱ་ཧི། ཏྲག་རཀྵ་ཁཱ་ཧི། ཏྲག་མི་རཀྵ་ཐུན་བྷོ་ཁཱ་ཧི། ཏྲག་རཀྵ་རྦད་བྷོ་ཁཱ་ཧི། ཝཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་རྡོ་རྗེ་གསང་བར་རེག །རོལ་མོ་བྱ། མེ་ཏོག་འཐོར། ར་ར་སི་སི་སོགས་སྔོན་དུ་འགྲོ་བས་བྱ་བ་སྔགས་ཀྱི་དབང་ངོ་། །དེ་ལྟར་གནས་ལྔ་ཆར་བྱའོ། །སློབ་དཔོན་གྱི་གནས་ལྔའི་འོད་མཐིང་སྐྱ། མཐིང་དམར། མཐིང་ག །མཐིང་སེར། མཐིང་ལྗང་རྣམས་སློབ་མ་འདིའི་གནས་ལྔར་ཐིམ་པས་ལས་སྒྲིབ་


CMR028_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དག་ཅིང་ཆོས་དབྱིངས་ལ་སོགས་པའི་ཡེ་ཤེས་མཐའ་དག་ཐོབ་པར་བལྟས་ནས། སློབ་དཔོན་གྱི་དཔྲལ་བ་ནས་འོད་ཟེར་མཐིང་སྐྱ་འཕྲོས། ཁྱེད་རང་གི་དཔྲལ་བར་ཐིམ། གཏི་མུག་གི་ལས་སྒྲིབ་དག །ཆོས་དབྱིངས་ཡེ་ཤེས་ཐོབ་པར་སྒོམས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི། །ཐུགས་ཀྱིས་མངོན་པར་དབང་བསྐུར་རོ། །ཨོ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི། ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། སློབ་དཔོན་གྱི་མགྲིན་པ་ནས་འོད་ཟེར་མཐིང་དམར་འཕྲོས། ཁྱེད་རང་གི་མགྲིན་པར་ཐིམ། འདོད་ཆགས་ཀྱི་ལས་སྒྲིབ་དག །སོར་རྟོག་ཡེ་ཤེས་ཐོབ་པར་སྒོམས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི། །ཐུགས་ཀྱིས་མངོན་པར་དབང་བསྐུར་རོ། །ༀ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་ཙིཏྟཾ་ཨ་བྷི་ཥིཉྩ་ཧཱུྃ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་མཐོང་ནག་འཕྲོས། ཁྱེད་རང་གི་སྙིང་ཁར་ཐིམ། ཞེ་སྡང་གི་ལས་སྒྲིབ་དག །མེ་ལོང་ཡེ་ཤེས་ཐོབ་པར་སྒོམས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་


CMR028_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

པ། །དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི། །ཐུགས་ཀྱིས་མངོན་པར་དབང་བསྐུར་རོ། །ༀ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སློབ་དཔོན་གྱི་ལྟེ་བ་ནས་འོད་ཟེར་མཐིང་སེར་འཕྲོས། ཁྱེད་རང་གི་ལྟེ་བར་ཐིམ། ང་རྒྱལ་གྱི་ལས་སྒྲིབ་དག །མཉམ་ཉིད་ཡེ་ཤེས་ཐོབ་པར་སྒོམས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི། །ཐུགས་ཀྱིས་མངོན་པར་དབང་བསྐུར་རོ། །ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། སློབ་དཔོན་གྱི་གསང་བ་ནས་འོད་ཟེར་མཐིང་ལྗང་འཕྲོས། ཁྱེད་རང་གི་གསང་བར་ཐིམ། ཕྲག་དོག་གི་ལས་སྒྲིབ་དག །བྱ་གྲུབ་ཡེ་ཤེས་ཐོབ་པར་སྒོམས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི། །ཐུགས་ཀྱིས་མངོན་པར་དབང་བསྐུར་རོ། །ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་རེག །མེ་ཏོག་འཐོར། རོལ་མོ་སྔར་བཞིན་ཏེ། ཚིག་བསྒྱུར་ལ་གནས་ལྔར་རིམ་བཞིན་བྱའོ། །ཧཱུྃ་ལས་རྒྱན་རེ་རེ་བཞིན་རིན་པོ་ཆེ་དང་། སྦྲུལ་དང་། རུས་པ་དང་། སྟག་ལྤགས་དང་། དར་ལྷབ་ལྷུབ་དང་། མགོ་ཕྲེང་རྣམས་བསྐྱེད་དེ། དེ་


CMR028_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཁྲོ་རྒྱལ་ཐམས་ཅད་ཀྱི་ནུས་མཐུ་ཇི་སྙེད་པ་བསྡུས་པར་དམིགས་ཤིང་བསྟིམ། རྒྱན་གྱིས་དམིགས་པ་བརྟན་པར་བྱས་ཏེ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི། །རིན་པོ་ཆེ་ཡི་རྒྱན་ཆ་ཡིས། །ཡོན་ཏན་མངོན་པར་དབང་བསྐུར་རོ། །ༀ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་རནྟ་ཨ་ལངྐ་ཀ་ར་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་སྔགས་ཕལ་ཆེར་འགྲེས་ཏེ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི། །རུས་པ་འདི་ནི་རྒྱན་དྲུག་གི །ཡོན་ཏན་མངོན་པར་དབང་བསྐུར་རོ། །ༀ་བཛྲ་མ་ཧཱ་ཀཱ་ལ་རུ་ནི་རཾ་སུ་ཨ་ལངྐ་ར་ཨ་བྷི་ཥིཉྩ་ཧཱུྃ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །སྦྲུལ་རྒྱན་ཁ་དོག་བརྒྱད་པོ་ཡིས། །ཡོན་ཏན་མངོན་པར་དབང་བསྐུར་རོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ནཱ་ག་ཨཥྚ་ཨ་ལོང་ཀ་ར་ཨ་བྷི་ཥིཉྩ་ཧཱུྃ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །མགོ་ཕྲེང་ལྔ་བཅུའི་དོ་ཤལ་གྱིས་། །ཡོན་ཏན་མངོན་པར་དབང་བསྐུར་རོ། །ༀ་བཛྲ་མ་ཧཱ་ཀཱ་ལ་ཀ་པཱ་མ་ལ་ཨ་ལང་ཀ་ར་ཨ་བྷི་ཥིཉྩ་ཧཱུྃ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །སྟག་པགས་རློན་པའི་ཤམ་ཐབས་


CMR028_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །ཡོན་ཏན་མངོན་པར་དབང་བསྐུར་རོ། །ༀ་བཛྲ་མ་ཧཱ་ཀཱ་ལ་བྱ་ཊི་ཝནྟ་ཨ་ལང་ཀ་ར་ཨ་བྷི་ཥིཉྩ་ཧཱུྃ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ལྷབ་ལྷུབ་དར་གྱི་བེར་ཆེན་གྱིས། །ཡོན་ཏན་མངོན་པར་དབང་བསྐུར་རོ། །ༀ་བཛྲ་མ་ཧཱ་ཀཱ་ལ་ཝཔ་ཨ་ལང་ཀ་ར་ཨ་བྷི་ཥིཉྩ་ཧཱུཾ། རྒྱན་གྱི་དབང་ངོ་། དེ་བཞིན་དུ་ཐོད་པ་ཆང་གིས་བཀང་བ་དང་། གྲི་གུག་གཏད་དེ། དེ་དག་གིས་ལས་བཞི་མཐའ་དག་འགྲུབ་པར་དམིགས་ལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི། །ཕྲིན་ལས་མཆོག་གི་དབང་བསྐུར་རོ། །ༀ་བཛྲ་མ་ཧཱ་ཀཱ་ལ་ཀ་ཏྲ་རི་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། ཁམས་གསུམ་བཅུད་བསྡུས་གསོལ་ཟས་ཟད་པ་མེད་པར་བསྒོམ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི། །ཐོད་ཁྲག་འབར་བས་དབང་བསྐུར་རོ། །ༀ་བཛྲ་མ་ཧཱ་ཀཱ་ལ་བཛྲ་ཀ་པཱ་ལ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། ལྕགས་ཀྱུ་སོགས་གཏད་ལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །འགུགས་བྱེད་ལྕགས་ཀྱུས་དབང་བསྐུར་རོ། །རྩ་སྔགས། ཨོཾ་བཛྲ་མ་ཧཱ་ཀཱ་ལ་བཛྲ་ཨཾ་ཀུ་ཤ་ཀརྨ་ཨ་བྷི་


CMR028_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཥིཉྩ་ཧཱུྃ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །འཆིང་བྱེད་ཞགས་པས་དབང་བསྐུར་རོ། །ༀ་བཛྲ་མ་ཧཱ་ཀཱ་ལ་བཛྲ་པ་ཤ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །སྡོམ་བྱེད་ལྕགས་སྒྲོག་དབང་བསྐུར་རོ། །ༀ་བཛྲ་མ་ཧཱ་ཀཱ་ལ་བཛྲ་སྤོ་ཊ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །མྱུར་བྱེད་དྲིལ་བུས་དབང་བསྐུར་རོ། །ༀ་བཛྲ་མ་ཧཱ་ཀཱ་ལ་བཛྲ་ཌེ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་ཚིག་བསྒྱུར་ལ་ལས་བཞིའི་ཕྱག་རྒྱ་བྲིས་པ་བྱིན། ཕྲིན་ལས་སོ་སོའི་དམིགས་པས་འཁྲུལ་འཁོར་རྒྱས་པར་བྱ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ལས་བཞིའི་ཕྱག་རྒྱས་དབང་བསྐུར་རོ། །ༀ་བཛྲ་མ་ཧཱ་ཀཱ་ལ་ཤཱནྟི་པུཊྛི་ཝ་ཤཾ་མཱ་ར་ཡ་ཀརྨ་ཨ་བྷི་ཥིཉྩ་ཧཱུཾ། བེང་སོགས་ཁྱད་པར་གྱི་ཕྱག་མཚན་སྦྱིན་པར་སྤྲོ་ན། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྱག་མཚན་བེང་དང་པར་བུའི་དབང་བསྐུར་རོ། །ༀ་བཛྲ་མ་ཧཱ་ཀཱ་ལ་གཎྜི་ཀ་ཊོ་ར་ཀརྨ་ཨ་བྷི་ཥིཉྩ་ཧཱུཾ། འདི་དག་ནི་ཕྱག་མཚན་གྱི་དབང་ཞེས་བྱའོ། །བུམ་པ་སྤྱིར་བོར་བཀོད། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱི་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། །


CMR028_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བུམ་ཆུ་སྦྱིན། །མི་བསྐྱོད་པས་གཙོར་བྱས་པའི་རིགས་ལྔས་དབུ་བརྒྱན་པར་བསྒོམ། བཀྲ་ཤིས་བརྗོད། བླ་མ་མགོན་པོའི་སྒེག་ཉམས་སློབ་མ་ལ་འཕྲོས། དེས་ཉམས་ཆེན་པོ་རབ་ཏུ་འབར་བས། བདུད་ཚར་བཅད་རྒྱལ་བ་རྣམས་དགྱེས་པར་བསྐྱེད། རང་ང་རྒྱལ་བརྟན་པར་མོས་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་ནི་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། བླ་མ་མགོན་པོའི་དཔའ་ཉམས་སློབ་མ་ལ་འཕྲོས། དེས་ཉམས་ཆེན་པོ་རབ་ཏུ་འབར་བས། བདུད་ཚར་བཅད་རྒྱལ་བ་རྣམས་དགྱེས་པར་བསྐྱེད། རང་ང་རྒྱལ་བརྟན་པར་མོས་ལ། ཨོ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་ནི་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། བླ་མ་མགོན་པོའི་མི་སྡུག་ཉམས་སློབ་མ་ལ་འཕྲོས། དེས་ཉམས་ཆེན་པོ་རབ་ཏུ་འབར་བས། བདུད་ཚར་བཅད་རྒྱལ་བ་རྣམས་དགྱེས་པར་བསྐྱེད། རང་ང་རྒྱལ་བརྟན་པར་མོས་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་ནི་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། བླ་མ་མགོན་པོའི་རྒོད་ཉམས་སློབ་མ་ལ་འཕྲོས། དེས་ཉམས་ཆེན་པོ་རབ་ཏུ་འབར་བས། །བདུད་ཚར་བཅད་རྒྱལ་བ་རྣམས་དགྱེས་པར་བསྐྱེད། རང་ང་རྒྱལ་བརྟན་པར་མོས་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་ནི་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། བླ་མ་


CMR028_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་དྲག་ཤུལ་ཉམས་སློབ་མ་ལ་འཕྲོས། དེས་ཉམས་ཆེན་པོ་རབ་ཏུ་འབར་བས། བདུད་ཚར་བཅད་རྒྱལ་བ་རྣམས་དགྱེས་པར་བསྐྱེད། རང་ང་རྒྱལ་བརྟན་པར་མོས་ཤུལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་ནི་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། བླ་མ་མགོན་པོའི་འཇིགས་རུང་ཉམས་སློབ་མ་ལ་འཕྲོས། དེས་ཉམས་ཆེན་པོ་རབ་ཏུ་འབར་བས། བདུད་ཚར་བཅད་རྒྱལ་བ་རྣམས་དགྱེས་པར་བསྐྱེད། རང་ང་རྒྱལ་བརྟན་པར་མོས་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་ནི་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། བླ་མ་མགོན་པོའི་སྙིང་རྗེ་ཉམས་སློབ་མ་ལ་འཕྲོས། དེའི་ཉམས་ཆེན་པོ་རབ་ཏུ་འབར་བས། བདུད་ཚར་བཅད་རྒྱལ་བ་རྣམས་དགྱེས་པར་བསྐྱེད། རང་ང་རྒྱལ་བརྟན་པར་མོས་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་ནི་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། བླ་མ་མགོན་པོའི་རྔམ་ཉམས་སློབ་མ་ལ་འཕྲོས། དེས་ཉམས་ཆེན་པོ་རབ་ཏུ་འབར་བས། བདུད་ཚར་བཅད་རྒྱལ་བ་རྣམས་དགྱེས་པར་བསྐྱེད། རང་ང་རྒྱལ་བརྟན་པར་མོས་ལ། ཨོ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་ནི་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། བླ་མ་མགོན་པོའི་ཞི་ཉམས་སློབ་མ་ལ་འཕྲོས། དེས་ཉམས་ཆེན་པོར་རབ་ཏུ་འབར་བས། བདུད་ཚར་བཅད་རྒྱལ་བ་རྣམས་


CMR028_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པར་བསྐྱེད། རང་ང་རྒྱལ་བརྟན་པར་མོས་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་ནི་ཏྲ་ཨ་བྷི་ཥིཉྩ་ཧཱུཾ། གར་ཉམས་ཕུལ་བྱུང་གི་དབང་ངོ་། །བླ་མ་མགོན་པོས་འོད་ཀྱིས་སློབ་མ་མགོན་པོར་གནས་པ་བསྐུལ། དེའི་འོད་ཀྱིས་གནོད་བྱེད་ཐམས་ཅད་བསྐྲད་པར་སྒོམས། རྩ་སྔགས། ཨུ་ཙ་ཏ་ཡ་ཕཊ༔ བླ་མ་མགོན་པོའི་འོད་ཀྱིས་སློབ་མ་མགོན་པོར་གནས་པ་བསྐུལ། དེའི་འོད་ཀྱིས་གནོད་བྱེད་ཐམས་ཅད་བསྐྲད་པར་སྒོམས། རྩ་སྔགས། མཱ་ར་ཡ་ཕཊ༔ བླ་མ་མགོན་པོའི་འོད་ཀྱིས་སློབ་མ་མགོན་པོར་གནས་པ་བསྐུལ། དེའི་འོད་ཀྱིས་གནོད་བྱེད་ཐམས་ཅད་རྨོངས་པར་སྒོམས། རྩ་སྔགས། བཱི་དེ་ཤ་ཡ་ཕཊ༔ བླ་མ་མགོན་པོའི་འོད་ཀྱིས་སློབ་མ་མགོན་པོར་གནས་པ་བསྐུལ། དེའི་འོད་ཀྱིས་གནོད་བྱེད་ཐམས་ཅད་རེངས་པར་སྒོམས། རྩ་སྔགས། བནྡཱ་ཤ་ཡ་ཕཊཿ ཞི་རྒྱས་དབང་འགུགས་རྣམས་རྒྱས་པར་བསྒོམས་པ་ཕྲིན་ལས་ཀྱི་དབང་སྟེ། བླ་མ་མགོན་པོའི་སྐུ་ལས་འོད་ཟེར་དཀར་པོ་འཕྲོས་ཁྱེད་རང་རྣམས་ལ་ཐིམ་པས། ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་བསྒོམ། རྩ་སྔགས། ཧྲུནཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ། བླ་མ་མགོན་པོའི་སྐུ་ལས་འོད་ཟེར་


CMR028_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོ་གསེར་མདོག་འཕྲོས། ཁྱེད་རིང་རྣམས་ལ་ཐིམ་པས། ཚེ་བསོད་དཔལ་འབྱོར་ཐམས་ཅད་རྒྱས་པར་བསྒོམ། རྩ་སྔགས། པུཏྟིཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ། བླ་མ་མགོན་པོའི་སྐུ་ལས་འོད་ཟེར་དམར་པོ་འཕྲོས། ཁྱེད་རང་རྣམས་ལ་ཐིམ་པས། སྣང་སྲིད་དབང་དུ་བསྡུས་པར་བསྒོམ། རྩ་སྔགས། པ་ཤཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ། བླ་མ་མགོན་པོའི་སྐུ་ལས་འོད་ཟེར་ལྗང་ནག་འཕྲོས། །ཁྱེད་རང་རྣམས་ལ་ཐིམ་པས། དགྲ་བགེགས་ཐམས་ཅད་ཚར་བཅད་པར་བསྒོམ། རྩ་སྔགས། མཱ་ར་ཡ་ཕཊཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་དབང་དགུ་པོ་འདི་དག་རེ་རེའམ། གསུམ་ཚན་གང་རུང་ངམ། ཚང་མ། སློབ་མ་སྣོད་དུ་རུང་མི་རུང་གི་དབྱེ་བས་བརྟགས་ལ་སྦྱིན་ནོ། །དེ་ལྟར་ན་སྐུ་ཞལ་ཕྱག་གི་དབང་། གསུང་བཟླས་ལུང་གི་དབང་། ཐུགས་ཏིང་ངེ་འཛིན་གྱི་དབང་། ཡོན་ཏན་རྒྱན་གྱི་དབང་། ཡོངས་སུ་རྫོགས་པ་རྒྱས་གདབ་ཀྱི་དབང་། ཞེས་དབང་དང་པོའི་དོན་ཡིན་ནོ། །ཤིན་ཏུ་སྐལ་པ་མཆོག་དང་ལྡན་པ་དེ་དག་སླར་ཡང་། མཎྜལ་ཕུལ། དཔལ་ལྡན་ཁྲག་འཐུང་ཆེན་པོ་ཡིས། །བདག་ལ་བུམ་པའི་དབང་བསྐུར་སྩོལ། །གསུམ།་སློབ་མ་མགོན་པོ་ལ་བདེར་གཤེགས་དུ་མའི་དབང་བསྐུར་བའི་མོས་པ་མཛོད། ཞེ་


CMR028_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་འཇོམས་མཛད་ཚུ་ཡི་དབང་། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །ཨུ་ད་ཀ་ཨ་བྷི་ཌི། ང་རྒྱལ་འཇོམས་མཛད་ཅོད་པན་དབང་། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །མུ་གུ་ཧཱུྃ་ཨ་བྷི་ཥིཉྩ། འདོད་ཆགས་འཇོམས་མཛད་རྡོ་རྗེའི་དབང་། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །བཛྲ་ཨ་བྷི་ཥིཉྩ། ཕྲག་དོག་འཇོམས་མཛད་དྲིལ་བུའི་དབང་། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །གནྡྷེ་ཨ་བྷི་ཊི། གཏི་མུག་འཇོམས་མཛད་མིང་གི་དབང་། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །ཀྱཻ་དཔལ་ཆྒེ། ཨ་བྷི་ཥིཉྩ། ཟུང་དུ་འཇུག་པ་སློབ་དཔོན་དབང་། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། རྗེས་ཟློས། ཨོཾ་མ་ཧཱ་ཀཱ་ལ་མི་ཏྲག་རཀྟ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ། ཡཀྵ་བེ་ཏཱ་ལི་ཧཱུྃ་ཿ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཿ ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ། ཡཀྵ་གུ་ཎ་ཧྲི་ད་ཧཱུྃ་ཕཊ་ཛ་སྭཱ་ཧཱ། ཨོཾ་ཏྲག་རཀྟ་དུན་ཏི་མ་བྷྱོ༔ ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ། ཤཱ་ས་ནི་ཨུ་པ་ཀཱ་རི་ཎཾ་ཨེ་ཥ་པཉྩི་མ་ཀཱ་ལོ་ཡཾ་དུ་དུ་རཀྟ་ཚལ་པ་ཧ་ལ་དུཏྟཾ་ཤ་ཏུཾ་ཏ་ཐཱ་རུ་ཏྲི་སི་ཏ་དྷ་མི་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀ་རི་ཎཾ། ཡ་ཏི་པྲ་ཏི་


CMR028_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཛྙཱ། སྨར་སི་ཏ་ད། ཨི་དཾ་མ་མ་དུཏྟཾ་དེ་ཝ་བྷ་སི། དྷ་ནི་མི། ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲོ་སྐྱ་གྲི་ཉྩ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དཱི་ན་མེ་ཀེ་ན། དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་པས་ནང་སྒྲུབ་གསང་སྒྲུབ་ཀྱི་སྔགས་སྦྱིན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་སྭཱ། ཨ་ནུ་ར་ག་ཡ་མི། ཞེས་མདའ་འཕང་། ནི་ཏྲ་ཨ་པ་ཧ་ར་ས་ཏྲ་མཾ་ཧྲཱིཿ མིག་སྨན་སྦྱིན། ཨ༔ ཞེས་མེ་ལོང་བསྟན། འདི་དག་ནི་སྐུ་བུམ་དབང་ངོ་། །མཎྜལ་དང་། མཁའ་འགྲོ་ཀུན་གྱི་དབང་ཕྱུག་གིས། །བདག་ལ་གསང་བའི་དབང་བསྐུར་སྩོལ། །གསུམ་ནས་དམ་རྫས་བདུད་རྩི་སྦྱིན་ཞིང་། བླ་མ་མགོན་པོ་བེ་ཏཱ་ལི་དང་སྦྱར་བའི་བྱང་སེམས་སྦྱིན་པར་མོས་ལ། ལུས་ཐམས་ཅད་ཁྱབ་རྩ་གནས་བཞིར་དགའ་བ་བཞི་ཉམས་སུ་མྱོང་བར་སྒོམས། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི། །བདུད་རྩི་རྒྱུན་གྱི་དབང་བསྐུར་རོ། །གུ་བྱེ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དང་ཐོད་པའི་བདུད་རྩི་ཐོད་པ་གཞན་དུ་སྤེལ་ལ། ཨོཾ་ཨཱཿཧཱུྃ། ཞེས་ཧུབ་གསུམ་གྱིས་རོལ་ཏེ། རྩ་འཁོར་སྦྱངས་བའི་དམིགས་པ་རྒྱས་པར་བྱ། གསང་དབང་ངོ་། །སླར་ཡང་


CMR028_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

མཎྜལ། རྡོ་རྗེ་འཛིན་དང་ཕྲིན་ལས་བདག །བདག་ལ་ཤེས་རབ་ཡེ་ཤེས་སྩོལ། །གསུམ། སློབ་མ་མགོན་པོ་ལ། བླ་མས་མཁའ་འགྲོ་དུ་མ་བྱིན་པར་བསྒོམ། །དཔལ་ལྡན་བླ་མ་སྙིང་ཁར་ཐིམ་པར་མོས་ཤིང་། །སྙིང་ཁར་རྡོ་རྗེ་བཀོད་དེ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི། །ཤེས་རབ་མཆོག་གི་དབང་བསྐུར་རོ། །པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ། །ཞེས་སིནྡྷུ་རའི་མཎྜལ་མགོར་བཞག །གནས་ལྔར་བླུག །མན་ངག་བསྟན་ཏེ། ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །དེ་བཞིན་མཎྜལ་དང་། དོན་དམ་རྡོ་རྗེ་ནག་པོ་ཆེ། །བཞི་པའི་དབང་བསྐུར་བདག་ལ་སྩོལ། །ཞེས་ལན་གསུམ། ཡེ་ཤེས་ལྔ་ལྡན་གྲི་གུག་གིས་མཚན་འཛིན་མཐའ་དག་གཅོད་དོན་གོ་བར་བྱ་སྟེ། གྲི་གུག་བྱིན་ཏེ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཕྲིན་ལས་མཐའ་དག་སྒྲུབ་བྱེད་པ། །དཔལ་ལྡན་མགོན་པོ་ལྕམ་དྲལ་གྱི། །ཡེ་ཤེས་མགོན་པོའི་དབང་བསྐུར་རོ། །ཙ་ཏུར་ཨརྦ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་རིག་སྟོང་དབྱེར་མེད་དོན་གྱི་ངོ་སྤྲད་དེ་དབང་བཞི་པའོ། །འདི་དག་དང་པོ་བཞི་སོགས་དོན་ནོ། །དེ་ལྟར་དབང་གསུམ་པོ་རེ་རེ་བཞིན་ཡང་རོལ་མོ་སྔར་ལྟར་བྱའོ། །འཇིག་རྟེན་ཁམས་ནི་


CMR028_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ། །སེམས་ཅན་ཀུན་དོན་བསྒྲུབ་བྱའི་ཕྱིར། །ཇི་ལྟར་སྣ་ཚོགས་གདུལ་བྱ་ལ། །རྡོ་རྗེའི་འཁོར་ལོ་བསྐོར་བར་གྱིས། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་དོན་བསྒྲུབ་བྱའི་ཕྱིར། །ཇི་ལྟར་སྣ་ཚོགས་གདུལ་བྱ་ལ། །རིན་ཆེན་འཁོར་ལོ་བསྐོར་བར་གྱིས། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་དོན་བསྒྲུབ་བྱའི་ཕྱིར། །ཇི་ལྟར་སྣ་ཚོགས་གདུལ་བྱ་ལ། །པདྨའི་འཁོར་ལོ་བསྐོར་བར་གྱིས། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་དོན་བསྒྲུབ་བྱའི་ཕྱིར། །ཇི་ལྟར་སྣ་ཚོགས་གདུལ་བྱ་ལ། །རལ་གྲིའི་འཁོར་ལོ་བསྐོར་བར་གྱིས། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟི། བྷུར་བྷུ་ཝ་སྭཱ་ཧཱ། ཞེས་གནང་ལུང་བསྟན་བྱས། ཁམས་གསུམ་ཀུན་གྱི་རྒྱལ་སྲིད་ཆེ། །རྒྱལ་བའི་སྲས་པོར་བརྟན་གྱུར་པས། །དེས་ནི་བདུད་ལས་རྣམ་རྒྱལ་ལ། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །ཞེས་དབུགས་དབྱུང་། །གཏོར་མ་ཡེ་ཤེས་ལས་དང་འཇིག་རྟེན་གྱི་སྲུང་མ་མཐའ་དག་པའི་དཀྱིལ་འཁོར་དུ་བསྐྱེད་ལ། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས། །ཡེ་ཤེས་མགོན་པོ་འཁོར་དང་


CMR028_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །འདིར་གཤེགས་བདག་ལ་དགོངས་ནས་ཀྱང་། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་ནས། །སྲས་་མཆོག་ནག་པོ་འཇིགས་པའི་གཟུགས། །འདིར་གཤེགས་བདག་ལ་དགོངས་ནས་ཀྱང་། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །རི་རབ་མཆོག་གི་སྟེང་ཤོད་ནས།། འཇིག་རྟེན་མགོན་པོ་གཟི་བརྗིད་ཅན། །འདིར་གཤེགས་བདག་ལ་དགོངས་ནས་ཀྱང་། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །མཐོང་བ་ཙམ་གྱི་བདུད་ཀྱི་དཔུང་། །ཀུན་ནས་སྐྲག་པར་བྱེད་པ་ཡིས། །མ་ཧཱ་ཀཱ་ལ་ཁྱོད་ཀྱི་ཞལ། །དེ་རིང་བདག་ལ་བསྟན་དུ་གསོལ། །ལས་བཞི་གྲུབ་པ་ཆེན་པོ་བརྒྱད། །སྐད་ཅིག་ཡུད་ཀྱི་འགྲུབ་བྱེད་པ། །སྔགས་ཀྱི་དངོས་གྲུབ་ཆེན་པོ་དེའང་། འདི་ལའམ། ས་ག་ལ། བྱམས་པའི་ཐུགས་ཀྱི་འདི་ལ། བདག་ལ་དགོངས། །བརྩེ་བའི་སྤྱན་གྱིས་བདག་ལ་གཟིགས། །ལུང་བསྟན་རྗེས་སུ་གནང་བ་ཡི། །བཀའ་སྩལ་བདག་ལ་གནང་དུ་གསོལ། །བྷྱོ༔ མ་གཅིག་སྨིན་མཚམས་མཛོད་སྤྱ་ཡི། །འོད་ཟེར་གྱི་ནི་དྲ་བ་ལས། །སྐུ་ཡི་སྤྲུལ་པ་གྲངས་མེད་


CMR028_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

འགྱེད། །དཔལ་ལྡན་ལྷ་མོ་རེ་མ་ཛ། །ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས། །སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །མ་གཅིག་ལྗགས་ཀྱི་དབང་པོ་ཡི། །འོད་ཟེར་གྱི་ནི་དྲ་བ་ལས། །གསུང་གི་སྤྲུལ་པ་གྲངས་མེད་འགྱེད། །དཔལ་ལྡན་ལྷ་མོ་རེ་མ་ཛུ། །ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས། །གསུང་གི་དངོས་གྲུབ་བསྩལ་དུ་གསོལ། །མ་གཅིག་ཐུགས་ཀྱི་དཔལ་བེའུ་ཡི། །འོད་ཟེར་གྱི་ནི་དྲྭ་བ་ལས། །ཐུགས་ཀྱི་སྤྲུལ་པ་གྲངས་མེད་འགྱེད། །དཔལ་ལྡན་ལྷ་མོ་རེ་མ་ཏི། །ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས། །ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ། ཞེས་སྨིན་མཚམས་ནས་མགྲིན་པ་སྙིང་ཁ་གསུམ་དུ་གཏུགས་ལ་རོལ་མོ་བྱའོ། །སླར་ཡང་མགོར་བཀོད། དྲུག་པ་རྡོ་རྗེ་འཆང་ཆེན་པོ། གསང་བདག་ཕྱག་ན་རྡོ་རྗེ། དྷ་ན་སཾ་སྐྲྀ་ཏ། གུ་རུ་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། ལྷ་སྲས་སད་ན་ལེགས། སྟག་ནམ་མཁའི་ལྷ་གཟུངས། སྔགས་རབས་ཉི་ཤུ་རྩ་བརྒྱད། སྐྱེས་མཆོག་ཀརྨ་པཀཱི་ལ་སོགས་པ་ཞལ་སྦྱོར་སྤར་ནག་བརྒྱུད་པ་རྣམས་དང་། ཊོ་བྷི་ཧེ་རུ་


CMR028_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཆེན་པོ། བྷི་ན་པ། ལྭ་ཝ་པ། ཨིཎྜ་བྷོ་ཏི། ཙརྱ་ས་ཏཾ་ལོ། ནཱ་རོ་པ། མར་པ། །མི་ལ། དྭགས་པོ། དུས་མཁྱེན་སོགས་ཞལ་སྦྱོར་སྙན་་བརྒྱུད་ཀྱི་བླ་མ་རྣམས་དང་། སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝ། ཞང་བཙུན་དར་མ་རིན་ཆེན། ཁྱུང་པོ་སྟག་ཤམ་ཅན། ཀླུ་ར་རྒྱལ་བའི་ཡེ་ཤེས། ཚིགས་བླ་ཆེན་མགོན་པོ། སྟོང་དཔོན་ཤེས་རབ་མགོན་པོ། དཔལ་ལྡན་དུས་གསུམ་མཁྱེན་པ་ལ་སོགས་པ་ཡུམ་རྐྱང་བརྒྱུད་པ་རྣམས་དང་། སློབ་དཔོན་ཨརྞ་པ། མལ་གྱོ་ལོ་ཙཱ་ཝ།་གཉལ་པ་ཉི་མ་འབར། གཉལ་པ་ཇོ་སྲས། འགྲོ་མགོན་རས་ཆེན། རིན་པོ་ཆེ་སྤོམ་བྲག་པ། ཆོས་རྗེ་ཀརྨ་པ། བླ་མ་གཉེན་རས། ཆོས་རྗེ་རང་བྱུང་རྡོ་རྗེ་ལ་སོགས་པ་རྩེ་བ་དང་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། དཔལ་ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས་བདག་སྒྲུབ་པ་པོ་འདིའི་ལུས་ངག་ཡིད་གསུམ་བྱིན་གྱིས་རླབས་པར་མཛད་དུ་གསོལ། ཞེས་བརྗོད། རྩ་སྔགས་མང་དུ་བརྗོད། དཀྱིལ་འཁོར་གཞལ་ཡས་འདིར་ཡང་བཀྲ་ཤིས། །སོགས། བཀྲ་ཤིས་བརྗོད། སྐུ་གསུང་ཐུགས་ཀྱི་དངོས་


CMR028_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཐོབ་པར་དམིགས་ལ་དམ་རྫ་ས་ལ་ལོངས་སྤྱོད། དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་ནི་གསོན་པའང་འབྲས་བུར་བཅས། །དེ་རིང་སངས་རྒྱས་འབྲས་བུར་བཅས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་གཟེངས་བསྟོད། དེང་ནས་བརྩམས་ཏེ་བདག་བྲན་དུ། །སོགས་ནས། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་ལུས་ཕུལ། མཎྜལ་རྒྱས་པར་ཕུལ། བསྔོ་བ་སྨོན་ལམ་བྱ། གཏོར་ཚོགས་རྒྱས་པར་བྱ་བ་སོགས་རྗེས་ཀྱི་ཆོ་ག་ཅི་རིགས་པར་བྱ། དཔལ་མགོན་ནག་པོའི་དབང་རྒྱས་པར་བླང་བའི་ཆོ་གའོ། །གལ་ཏེ་གཏོར་མ་ཙམ་ལ་བརྟེན་པར་འདོད་ན། རྟེན་གཏོར་བྱིན་རླབས་ཤིང་མགོན་པོ་བསྒོམ། རྒྱུན་གཏོར་རྒྱས་པར་འབུལ། བཟླས་པ་དང་། མཆོད་བསྟོད་རྫོགས་པའི་ཚེ། མཎྜལ་འབུལ། གསོལ་བ་གདབ། སྐྱབས་སེམས་སྔོན་དུ་འགྲོ་བས། ཏིང་ངེ་འཛིན་རྒྱས་པར་བྱས་ཏེ། ཡེ་ཤེས་ཕེབས་ལ། སླར་ཡང་མཎྜལ་གསོལ་བཏབ་བྱས་ནས། དབང་དགུ་པོ་གང་རུང་རེའམ་གསུམ་ཚན་ནམ། དགུ་ཆར་བྱིན་ཞིང་གཏོར་མ་མགོར་བཀོད་དེ། བཀའ་བསྒོ་བཟླས་ལུང་བྱིན་ཏེ། གཏོར་མ་ཕུལ་བའི་ལྷག་མ་དངོས་གྲུབ་ཏུ་ལོངས་སྤྱོད། དེ་ལྟར་དབང་སོ་སོར་དགུ་དང་དགུ་པོ་རྫོགས་པ་དང་བཅུ། དེའི་སྟེང་དུ་དབང་བཞི་རྫོགས་པའི་མཆོག་དབང་སྟེ་བཅུ་གཅིག་གོ །ད་ལྟ་ནི་གཏོར་དབང་ཆུང་ངུའི་ཙམ་ལས་གཞན་སྦས་ཏེ་མི་སྣང་བར་མཛད་པ་ཡིན་ནོ། །འདི་དག་ནི་རྗེ་མར་པའི་མན་


CMR028_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ངག་དང་འགྲོ་མགོན་རས་ཆེན་གྱི་དབང་ཆོག་ཆེན་མོ་ལས་བསྡུས་ཏེ་བླ་མའི་ཞལ་གདམས་ལྟར་བྲིས་སོ། །མ་ཧཱ་ཀ་ལའི་དབང་གི་ཚུལ། །མདོར་བསྡུས་མན་ངག་ཇི་བཞིན་བྲིས། །གཞན་ལ་མེད་པ་ངེས་པ་སྟེ། །རབ་ཏུ་་གསང་ཞིང་སྦ་བར་བྱ། །དཔལ་ལྡན་ནག་པོ་ཆེན་པོའི་དབང་གི་རིམ་པ་དཔལ་མཁའ་སྤྱོད་པས་མོས་པ་ལྟ་བུར་བྱས་ཏེ། མཚུར་ཕུར་འཇིག་རྟེན་དབང་པོ་ཞལ་གཟིགས་ཀྱི་གཙུག་ལག་ཁང་དུ་བྲིས་པའོ། །ཞེས་དང་། དགའ་སྟོན་གྱི་ཆོ་ག་ལ་སོགས་ཀྱིས་མཐའ་རྒྱན་འདི་ནི་ཅུང་ཟད་རྒྱས་པའོ། །བསྡུས་པ་ན། གཏོར་མ་གནས་ལྔར་བཀོད་པ་དང་། སྔགས་ཀྱི་རྗེས་སུ་ཟློས་པ་ཙམ་ཡང་རུང་སྟེ། དེང་སངས་ཡོངས་སུ་གྲགས་པ་ནི་དེ་ཙམ་མོ། །དབང་བཞི་བསྡུས་ཏེ་བསྐུར་བའི་ཚུལ་འདི་ནི་ཤིན་ཏུ་ཟབ་པ་སྟེ་སྦ་བར་འོས་སོ། །རིག་བསྡུས་སོགས་ཀྱི་ཆོ་ག་ནི་གཞན་དུ་ཤེས་སོ། །མ་ཧཱ་ཀཱ་ལ་ལྕམ་དྲལ་གྱི་ཞལ་གདམས་སྨིན་བྱེད་ཆོ་གའི་ཁྲིགས་བརྗོད་པ་ལ་འགལ་བ་རྣམས་བཤགས་ཤིང་། དགེ་བས་སངས་རྒྱས་ཀུན་འགྲུབ་ཤོག །མ་ཧཱ་ཀཱ་ལ་ཞལ་སྦྱོར་གྱི་དབང་གི་རིམ་པ་ཤོག་དྲིལ་ངག་ཏུ་འཐོར་བ་བཤུས་ཏེ་མཁའ་སྤྱོད་དབང་པོས་གནོད་མཛེས་མཁར་དུ་བགྱིས་པའོ། །ཞེས་རྗེ་མཁའ་སྤྱོད་དབང་པོས་མཛད་པའི་མ་ཡིག་བུ་ཡིག་གཉིས་འབྱུང་བ་བཅོས་སླད་མེད་པར། ༧ རཱ་ག་ཨ་སྱས་གབ་སྤྲད་པའི་ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཏེ། འཁྲུགས་བསལ་བ་དང་། འགྲེས་བཤང་བ་ཙམ་མ་གཏོགས་བཅོས་བསླད་མེད་པར་ཡིད་ཆེས་ཀྱི་གནས་སུ་བྱའོ། །མངྒ་ལཾ།། །།

གྲུབ་ཆེན་ཀརྨ་པཀྵིའི་མན་ངག་ཡི་གེ་མེད་པའི་སྙན་བརྒྱུད་མ་མགོན་ཞལ་སྦྱོར་སྒྲུབ་པའི་མན་ངག་ཟིན་བྲིས་ངག་ཁྲིད།


CMR028_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་ཀརྨ་པཀྵིའི་མན་ངག་ཡི་གེ་མེད་པའི་སྙན་བརྒྱུད་མ་མགོན་ཞལ་སྦྱོར་སྒྲུབ་པའི་མན་ངག་ཟིན་བྲིས་ངག་ཁྲིད་ཡོད་དོ། །འདི་ལ་བསྐྱེད་རིམ་ལས་ཚོགས་རྫོགས་རིམ་ཆོ་ག་ཆ་ཚང་ལགས་སོ།།


CMR028_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡེ། དེ་ཡང་དཔལ་ནག་པོ་ཆེན་པོ་སྲོག་གི་འཁོར་ལོའི་རྒྱུད་ལས། དཔལ་ལྡན་མགོན་པོ་ནག་པོ་དང་། །ལྷ་མོ་ནག་མོ་གཉིས་སུ་མེད། །ཅེས་དང་། འཕགས་པ་རིན་ཆེན་དཔུང་རྒྱན་གྱི་རྒྱུད་ལས། གཡོན་དུ་འཁྲིལ་བ་ཡུམ་གྱི་ཚུལ། །རང་སེམས་དག་པ་ལྷ་ཡི་སྐུ། །རྣམ་པར་བསྒོམས་པས་འགྲུབ་པ་ཡིན། །ཞེས་དང་། དྲག་པོའི་ལྷ་རྒྱུད་གསང་བ་ཆེན་པོ་ལས། ཞལ་སྦྱོར་སྐུ་གསུང་ཐུགས་ཀྱི་སྔགས་གསུམ་དང་། ཞལ་སྦྱོར་སྔགས་རིང་དང་། སྤར་ནག་རྒྱས་པར་གསུངས་པའི་རྒྱུད་དོན་དང་། ཌོམྦི་ཧེ་རུ་ཀ་ལ་མ་མགོན་གཉིས་ཀྱིས་ལུང་


CMR028_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ནས། རྒྱུད་བཅོ་བརྒྱད་ཀྱི་དགོངས་པ་བསྡུས་ནས་མཛད་པའི་ཞལ་སྦྱོར་གྱི་སྒྲུབ་ཐབས་ཀྱི་རྒྱ་གཞུང་དང་། སྙན་བརྒྱུད་རླུང་ཁྲིད་རྗེ་མར་པའི་སྙན་བརྒྱུད་ལྷོ་བྲག་མགོན་པོའི་གཞུང་རྣམས་ཀྱི་དོན་གཅིག་ཏུ་བསྡུས་ཏེ། གྲུབ་ཆེན་ཀརྨ་པཀྵི་ཉིད་ཀྱི་ཞལ་གཟིགས་དང་བསྟུན་ནས་མཛད་པའི་གཞུང་འདི་རྩ་བ་ཡིན་ཏེ། དེ་ལ་རས་ཆེན་ལུགས་ཀྱི་མགོན་པོ་ཡབ་རྐྱང་གཙོ་བོ་དང་། དུས་མཁྱེན་ལུགས་ཀྱི་ལྷ་མོ་ཡུམ་རྐྱང་གཙོ་བོ་རྣམས་ཆོ་ག་གཅིག་ཏུ་བསྡོམས་ནས་འཁོར་ལོ་བཞི་རིམ་དུ་བསྒོམ་པ་འདི་རྗེ་མཁའ་སྤྱོད་པས་མཛད། དེ་ལ་མཚུར་ཕུ་འཇམ་དབྱངས་པས་བཀག་པ་


CMR028_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ནའང་། རྗེ་མཁའ་སྤྱོད་པའི་གསང་བའི་རྣམ་ཐར་ནས། མདོ་རྒྱུད་མན་ངག་སྲིད་དོ་འཚལ་གྱི་དབང་ལུང་མན་ངག་རྒྱ་བོད་ཀྱི་གྲུབ་ཆེན་རྣམས་དང་། ཡི་དམ་གྱི་ལྷ་རྣམས་ལ་དངོས་ཉམས་རྨི་ལམ་དུ་ཞུས་པར་གསུངས་པས། རང་བཟོ་ཡིན་པར་མ་ངེས་པས། རྗེ་མཐོང་བ་དོན་ལྡན་གྱིས་མཁའ་སྤྱོད་པའི་རྗེས་སུ་འབྲངས་ནས་མགོན་ཉོབ་མའི་ཆོ་ག་མཛད། དེ་ལ་རྗེ་མི་བསྐྱོད་ཞབས་ཀྱིས་ངེད་རང་གི་རྗེས་འཇུག་རྣམས་ཟ་འདོད་པ་ལ་སློབ་གཉེར་མི་ནུས་པ་ཞིག་འདུག་པས། མགོན་པོ་འདི་ཉུང་ངུར་བསྡུས་པའི་ཆོག་ཁྲིག་གཅིག་བྲིས་ཞེས་བཀའ་གནང་བ་ལ་བསྟེན་ནས། རྗེ་དཀོན་མཆོག་འབངས་ཀྱི་ད་ལྟའི་པར་མ་ཚན་གསུམ་འདི་མཛད་ནས་པར་དུ་འཁོད་པའོ། །འདོན་བྱའི་ཆོ་ག་གཅིག་འདི་ལ་རས་ཆེན་ལུགས་ལྟར་ཡབ་རྐྱང་སྒྲུབ་ལུགས། དུས་མཁྱེན་ལྟར་ཡུམ་རྐྱང་སྒྲུབ་ལུགས། རྗེ་ཀརྨ་པཀྵིའི་ཡབ་ཆོས་ལྟར་སྤར་ནག་སྒྲུབ་ལུགས། མར་པའི་ལུགས་ལྟར་རྩ་རླུང་ཉམས་ལེན་བྱ་ཐབས་སོགས་མི་གཅིག་པ་མཐའ་ཡས་ཏེ། རྗེ་དབང་ཕྱུག་རྡོ་རྗེས་མཛད་པའི་པར་བུའི་སྐོར་སོགས་པོ་ཏི། དཀོན་མཆོག་འབངས་ཀྱིས་དེ་ཉིད་ཕྱོགས་གཅིག་ཏུ་བསྒྲིགས་པའི་པོ་ཏི། སྔར་གྱི་ཡིག་རྙིང་ཚན་མི་འདྲ་


CMR028_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བ་དུ་མ་ཞིག་ཁོ་བོས་མཐོང་ཞིང་། སི་ཏུ་ཆོས་ཀྱི་རྒྱལ་མཚན་པ་དང་། དབེས་གང་ལོ་ཙཱ་བས་བྱས་པའི་མ་མགོན་གྱི་ཆོས་འབྱུང་སོགས་དང་། མ་མགོན་གྱི་རྒྱུད་གླེགས་བམ་རབ་ཏུ་ཆེ་བ་གཉིས་སོགས་ལ་ལེགས་པར་རྟོག་དཔྱོད་བྱས་པས་ཐམས་ཅད་མ་ལུས་པར་ད་ལྟའི་པར་མ་འདི་ལ་ཚང་བར་སྣང་བས། དེ་ལ་གཞན་དང་ཐུན་མོང་མ་ཡིན་པར་གྲུབ་ཆེན་པཀྴིས་བཞེད་པའི་མན་ངག་ནི་ཤིན་ཏུ་ཟབ་པས། གཞུང་ན་རྩ་ཚིག་ཙམ་འཐོར་བུ་མ་གཏོགས་མེད་པས། སློབ་དཔོན་ཉིད་ཀྱི་ཞལ་ཁྲིད་ཁོ་ན་གལ་ཆེ་བ་འདི་ལྟར་རོ། །དགུན་ཟླ་ཐ་ཆུང་གི་ནག་པོའི་བརྒྱད། །དཔྱིད་ཐ་ཆུང་གི་ལྔ། དབྱར་སྟོན་ཐ་ཆུང་གི་ནག་པོའི་བཅུ་བཞི་ལ་ཆོ་ག་བརྩམ་པར་བྱ་སྟེ། དེ་ཡང་དབེན་པའི་གནས་བྲག་ཕུག་སོགས་གཞུང་ལྟར་རམ། སྦྲ་གུར་ནང་དུ་ཡང་རུང་སྟེ། ས་སྟེགས་རྡུལ་ཚོན་བྲི་ན་ཀུན་རིག་ལྟར་ས་ཆོག་བསྡུས་པ་བྱ། རས་བྲིས་སམ་ཚོམ་བུ་ལས་མི་དགོས་ཏེ། གཞི་གཙང་མའི་སྟེང་དུ་འབྲུ་ནག་གམ་ནས་ཀྱི་ཚོམ་བུ་ལྷ་གྲངས་སམ་དགུ་བཀོད་པའི་དབུས་སུ་མཉྫི་འམ། ཤིང་བུ་རྐང་གསུམ་ཁར་ཟངས་ལྕགས་ཀྱི་སྣོད་དུ་གཏོར་མ་ཟུར་གསུམ་ཆེ་བ་གཅིག་ལ་ཆུང་བ་བརྒྱད་ཀྱིས་བསྐོར། དེ་


CMR028_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མར་ནག་བྱུག །མར་གྱི་གྲི་ཐོད་ཁ་ཊྭཱཾ་མེ་རི་བྱ། འཁོར་བརྒྱད་ལ་མེ་རི་དང་ཤ་རྒྱན་བཙུགས། ཡོད་ན་གཙོ་བོ་ཡབ་ཡུམ་དང་ནག་པོ་ཡབ་ཡུམ་བཅུ་དྲུག་གི་ཙཀླུ་སོ་སོར་བཙུགས། མེད་ན་ཡང་གཙོ་བོ་ཡབ་ཡུམ་གྱི་ཙཀླུ་བཙུགས། མ་མགོན་གྱི་ཐང་སྐུ་ཡོད་ན་རྒྱབ་ངོས་ནས་ཚུར་བཤམས་ན་ཙཀྲི་མི་དགོས། གཏོར་མ་དེ་ལ་དར་ནག་གི་དུམ་བུའི་གདུགས་བྱས་ལ་བཙུགས། དང་པོ་བྲན་ནས་གསོ་བྲན་བྱ།་རྒྱུན་ཏུ་གསོ་བྲན་མི་དགོས། མདུན་བསྐྱེད་རྟེན་ཡིན་མི་བསྒུལ་ཏེ། སྒྲུབ་ཚེའི་རྟེན་གཏོར་རོ། །དེའི་གཡས་སུ་བདུད་རྩི། གཡོན་དུ་རཀྟ་། མདུན་དུ་མ་མགོན་གྱི་རྒྱུན་གཏོར་གཞུང་ལྟར་རོ། །དེ་ནས་འདོན་དུས་གསོ་བྲན་བྱ། གཡས་གཡོན་གང་བདེར་བསྐང་གཏོར་དང་གསོལ་ཁའི་གཏོར་མ། དེ་རྣམས་ཀྱི་མཐར་ཤར་དུ་ཁྲག་གི་མཆོད་ཡོན། ཤར་ལྷོར་ཞབས་བསིལ་དུག་ཆུ། ལྷོར་དབང་པོ་རྣམ་ལྔའི་མེ་ཏོག །ལྷོ་ནུབ་ཏུ་སྤྲོས་ནི་གུ་གུལ་ཚིལ་དུམ། ནུབ་ཏུ་ཚིལ་དང་རྐང་གི་མར་མེ། ནུབ་བྱང་དུ་ཁྲག་ཞག་མཁྲིས་པའི་དྲི་ཆབ། བྱང་དུ་ལྷ་བཤོས་ནག་པོ་ཟུར་གསུམ། བྱང་ཤར་ཐོད་རྔའམ་རྐང་དུང་བཀོད་དེ། དེ་རྣམས་ཉིན་རེ་ཁ་གསོ་བ་མ་གཏོགས་མི་རྗེ། ལོགས་


CMR028_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཏོར་ཁང་དུ་མ་མགོན་གཉིས་མ་གཏོགས་པའི་རང་གི་ཕུགས་གཏོར་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སོགས་ཀྱི་སྤྱི་གཏོར་དང་། རང་ཁོ་ན་ལས་གྲོགས་མེད་ན་གཏོར་གསོས་མཐེབ་སྐྱུ་མང་པོ་ཚོགས་ཆུང་ཐུན་གཏོར་སོགས་མང་པོ་བྱས་ཏེ། ལག་པ་བཀྲུ་མི་རུང་བས་སྔོན་འགྲོ་དཀར་བགེགས་བཅས། རང་གི་གདན་བསྒུལ་མི་རུང་བས་ལེགས་པར་གྲ་མལ་བཅའ། རྣམ་འཇོམས་སྔགས་པའི་གཟུངས་ཆུས་རང་ཁྲུས་བྱ། གནས་ཁང་གཏོར་ལ་གྲིབ་བསལ། རང་དང་གོས་གདན་སྤོས་རུམ་བྱ། སྒོ་རྩར་ཐོ་དཀར་པོ་བརྩེགས་པ་དེ་ལ་གཞི་བདག་དཀར་གཏོར་གཅིག་ཕུལ་ནས་བདག་གིས་སྒྲུབ་པ་འདི་མཐར་ཕྱིན་པའི་བར་དུ་ཕྱིའི་བར་ཆད་ནང་དུ་མ་བཏང་ཞིག །ནང་གི་དངོས་གྲུབ་ཕྱིར་མ་བཏང་ཞིག །ཁྱེད་གཞི་བདག་རྣམས་ལ་གཟི་བརྗིད་སྟོན་པ་མ་ཡིན་པས་མ་སྐྲག་མ་སྔངས་བར་གྲོགས་གྱིས་ཤིག །ཅེས་བརྗོད་དོ། །བགེགས་གཏོར་གང་ཞིག་མཚན་མོ་རྒྱུ་བའི་ཅེས་ཀུན་རིག་ལྟར་བསྔོས་ནས་བདེན་སྟོབས་བརྗོད་ལ། གནོད་འཚེ་མ་བྱེད་གཞན་དུ་དེང་བརྗོད། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་སོགས་ཀྱིས་ཆོས་བཤད། སུཾ་བྷ་ནི་དྲག་ཏུ་བརྗོད་ཅིང་ཁྱིམ་ནང་དུ་རྡོ་ཐུན་ནམ་


CMR028_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཡུངས་ཀར་གྱིས་བྲབ། གུ་གུལ་བདུག་སྲུང་འཁོར་བསྒོམ། དེ་ནས་བཟུང་སྟེ་མི་དང་ངོ་མི་གཏུག་པར་ངག་དམ་པར་བཅད། དེ་ནས་ཕག་མོའི་བདག་བསྐྱེད་འདོན་པའམ། མི་འདོན་ན་ཡང་བདུད་རྩི་བྱིན་རླབས་དེའི་བྱ། བདག་བསྐྱེད་བྱས་ན་ཐུན་བསྡུ། འདི་ལ་གོང་ནོན་ཡེ་ཤེས་པ་གཞན་མི་དགོས་བླ་མ་མགོན་པོ་དབྱེར་མེད་ཡིན་གསུངས་པ་འདི་ནི་རྙིང་མའི་ལུགས་ཀྱི་པཀྵིའི་ཡབ་ཆོས་ཡིན་པས་བདག་འདུན་སོ་སོར་འདོན་མི་དགོས། མངོན་རྟོགས་ཚར་གཅིག་གིས། བདག་མགོན་པོ་ལ་ལྷ་མོར་ཚུར་འཁྱུད་པར་བསྒོམ། མདུན་གྱི་གཏོར་མ་ལྷ་མོ་ལ་མགོན་པོ་ཕར་འཁྱུད་པར་བསྒོམ་པ་ནི་ཁྱད་པར་རོ། །མངོན་རྟོགས་རྒྱས་བསྡུས་ཅི་རིགས་འདོན་ཆོག །སྤྱན་འདྲེན་དུས་ཡེ་ཤེས་པ་གྲངས་མེད་པ་སྤྱན་དྲངས་ནས་བདག་མདུན་ཟསོ་སོ་ལ་ཐིམ་པར་བསྒོམ། དམིགས་པ་མ་ཟིན་བར་སྤྱན་འདྲེན་སྔགས་བརྗོད། དབང་བསྐུར་རྒྱས་གདབ་དུས་བདག་གི་སྤྱི་བོར་ཀརྨ་པཀྴི་དང་།་་་་ཡི་དམ་གཞན་མེད་ན་ཡབ་ལེགས་ལྡན་བསྒོམ་པ་མཆོག་ཡིན་གསུང་མཆན། སྙིང་ཁར་མགོན་པོའི་ཧཱུྃ་གི་སྟེང་དུ་རང་གི་ཡི་དམ་གང་ཡིན་པའི་སྐུ་སོར་བཞི་ཙམ་ཞིག་བསྒོམ། མཆོད་བསྟོད་འདོན་ཚེ་རང་གི་ཐུགས་ཀ་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་བྱེ་


CMR028_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བ་དུང་ཕྱུར་སོགས་འཕྲོས་ནས་བདག་མདུན་སོ་སོ་ལ་མཆོད་ཅིང་བསྟོད་པ་བྱེད་པར་བསྒོམ། སྔ་དྲོ་ཞོགས་པ། ཉིན་ཕྱེད། དགོང་མོ། མཚན་མོ་དང་ཐུན་བཞིར་མཚལ་མ་བྱེད་ན་ཚར་བཞི་དགོས་ཀྱང་། ཡོངས་རྫོགས་ཚར་བཞི་བྱས་ན་སྔགས་མི་འགྲོ་བས། །སྔ་དྲོའི་ཐུན་ལ་བསྟོད་པ་ཡན་འདོན།་་་་་སྤྱན་འདྲེན་སྔགས་བདུན་བཟླ་ཞིང་སྤྱན་འདྲེན་དམིགས་པ་ཐུན་སོ་སོར་བྱས་ན་ལེགས་པ་འདྲ་སྙམ་མཆན། དེ་ནས་བསྙེན་པ་བྱ། ཐུན་མཇུག་ཏུ་གཏོར་ཆུང་གཅིག་ལ་འགུགས་གཞུག་དང་། བྱང་ཕྱོགས་དུར་ཁྲོད་མ་ཡབ་ཡུམ་འདོན་ལ་དཀྱིལ་འཁོར་དྲུང་དུ་ཡར་་ཕུལ་ལ་བཞག །བཟློག་པ་མི་དགོས། ཉིན་ཕྱེད་ཐུན་ལ་གསོལ་ཀ་ཚར་གཅིག །དེ་ནས་བསྙེན་པ་བྱ།་ཐུན་མཇུག་ཏུ་རྟགས་བསྟོད་ཡབ་ཡུམ་གྱི་ཐུན་གཏོར་ཡར་ཕུལ། དགོང་ཀའི་ཐུན་ལ་བསྐང་བ་ནས་བདག་སྒྲུབ་མ་དང་སྔགས་རིང་ཚར་གཅིག་སྔགས་ཚར་གཅིག་སྔགས་མཆོད་ཚུལ་དུ་བྱ། དེ་ནས་བསྙེན་པ་བྱ། ཐུན་མཇུག་ཏུ་འདས་དང་མ་བྱོན་ད་ལྟར་གྱིས། ཡབ་ཡུམ་གྱི་ཐུན་གཏོར་ཕུལ། ཐུན་མཚམས་དེར་ཡི་དམ་གཞན་གྱི་མངོན་རྟོགས་ཆག་མེད་ཡོད་ན་འདོན། དཔའ་བོ་རྣམ་རོལ་དམ་ཅན་སོགས་ཆོས་སྐྱོང་གསར་རྙིང་གང་


CMR028_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་དང་། ཟབ་མདོ་སེང་གདོང་མའི་བཟློག་པ་བྱ། མུན་རུབ་ནས་ཡང་མགོན་པོའི་མངོན་རྟོགས་རྒྱས་བསྡུས་གཉིས་གང་ལྕོགས་ནས་བསྟོད་པ་ཡན་འདོན། དེ་ནས་གཉིད་མ་རན་བར་བསྙེན། དེ་ནས་གང་ཞིག་བླ་མ་ལ་སྨོད་ཆོས་ལ་སྡང་། ཞེས་ཡབ་ཡུམ་བསྐུལ་དེས་ཐུན་གཏོར་འབུལ། རྗེས་ཆོག་དངོས་གྲུབ་ལེན་ཆོག་སོགས་མཚམས་གྲོལ་ནུབ་བར་མི་བྱ། བདག་མདུན་བསྐྱེད་རིམ་མི་བསྡུ། གཤེགས་གསོལ་མི་བྱ་བར་དེ་གར་གཉིད་དོ། །དེ་རྙིང་མའི་ལུགས་སོ། །གནད་ཀྱི་མན་ངག་གྲུབ་ཆེན་ཀརྨ་པའི་ཁྱད་ཆོས་བསྲེ་བ་སྐོར་གསུམ་གྱི་རྩ་བ། རང་ཉིད་མགོན་པོ་དང་མདུན་གྱི་མགོན་པོའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་མཐིང་ནག་ལངས་ཏེ་གནས་པའི་མཐར་ཡིག་ངོ་ཕྱིར་བལྟ་བ་གཡོན་དུ་བཀོད་དེ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཿ ཞེས་བཀོད་པ་དང་། བདག་མདུན་ལྷ་མོའི་ཐུགས་ཀར་ཉི་མའི་སྟེང་དུ་བློ་སྔོན་པོ་ལ་ཡིག་ངོ་ནང་དུ་བསྟན་ལ་གཡས་བསྐོར་དུ། ཨོཾ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཿ འདི་ཡིན་གསུངས་འདུག ། ཅེས་བཀོད། དང་པོ་ཡི་གེ་དེ་ཀློག་པའི་ཚུལ་དུ་ཕྲེང་བསྐོར་ཙམ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཿ བཟླ་བ་བསྙེན་པ་དང་། དེ་ནས་མགོན་པོའི་སྔགས་གཡས་དང་། ལྷ་མོའི་


CMR028_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་གཡོན་དུ་དང་པོ་དལ་བུས་འཁོར། དེ་ནས་ཇེ་མགྱོགས་དང་། རྗེས་ནས་དྲག་ཏུ་འཁོར་བར་དམིགས་ལ་སྟོང་ཙམ་བཟླས་པ་ཉེ་བསྙེན་ནོ། །དེ་ནས་སྔགས་འཁོར་བཞིན་པ་དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས་པས། ནམ་མཁའི་མཐར་ཐུག་པའི་ཞིང་ཁམས་རབ་འབྱམས་ན་བོཞུགས་པའི་བླ་མ་རིག་འཛིན་གྲུབ་ཐོབ་སངས་རྒྱས་བྱང་སེམས་ཡི་དམ་ལྷ་ཚོགས་ཡེ་ཤེས་ཀྱི་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་ལ་འོད་ཟེར་དེས་མཆོད་པས། སྐུ་གསུང་ཐུགས་བདེ་བ་ཆེན་པོས་མཉེས་ནས། དེ་ཐམས་ཅད་མ་མགོན་ཡབ་ཡུམ་གྱིས་སྐུ་ཆེ་ཆུང་སྣ་ཚོགས་པ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས་ཆར་ལྟར་དུ་བབས་ནས་རང་དང་མདུན་བསྐྱེད་ལ་སིབ་སིབ་ཐིམ་པར་བསྒོམ་པ་ནི། རྩ་བའི་སྔགས་ཡིན་པས་སྟོང་ཕྲག་ཙམ་བཟླ་བ་སྒྲུབ་པ་ཆེན་པོ་ཡིན་ནོ། །དེ་ནས་རང་མགོན་པོའི་ཐུགས་ཀའི་སྔགས་འཁོར་བཞིན་པ་དེ་ལས་འོད་ཟེར་ཁ་དོག་ལྔ་ལྡན་ཧཱུྃ་གི་རྩེ་ནས་ཐོན། རང་གི་ཞལ་ནས་འཕྲོས་པས་དུམ་བུ་གཉིས་སྟོང་སྐུད་སྐྱ་བྱེ་བ་ལྟར་གྱུར་ནས། མདུན་གྱི་མ་མགོན་གཉིས་ཀའི་ཞལ་དུ་སོ་སོར་ཞུགས། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་སྔོན་གྱི་དམ་བཅའ་ཐུགས་དམ་


CMR028_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་དྲན་པས། སྔགས་འཁོར་ཡང་སྔོན་ལས་མགྱོགས་པར་དྲག་ཏུ་འཁོར་བས་ཐུགས་ཀྱི་རྒྱུད་བསྐུལ་ཏེ་ཧཱུྃ་དང་བྷོ་ཡི་འོག་ནས་འོད་ཟེར་དེ་ཐོན་ནས་ཡབ་ཡུམ་སྦྱོར་མཚམས་ནས་ཚུར་བྱུང་འོད་ཟེར་གཉིས་གཅིག་ཏུ་གྱུར་ཏེ། རང་ཡབ་ཡུམ་སྦྱོར་མཚམས་ནས་རང་མགོན་པོའི་གསང་བའི་རྡོ་རྗེའི་སྦུ་གུ་ནས་ཡར་བྱོན་ཏེ། ཐུགས་ཀའི་ཧཱུཾ་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསྒོམ་སྟེ། དེ་ཡང་དང་པོ་ནི་འོད་ཟེར་དང་དེ་ནས་འོད་ཟེར་དེ་ཡང་བཟླ་བྱའི་སྔགས་ཕྲེང་དུ་གྱུར་ནས་རྒྱུན་ཆད་མེད་པར་འཁོར་བར་བསྒོམ་ཞིང་བཟླས་པ་སྟོང་ཙམ་བྱ་བ་སྒྲུབ་པ་ཆེན་པོ་ཡིན་ནོ། །དེ་ལ་གོམས་ནས། བདག་མདུན་བར་དུ་ཕར་འཕྲོ་ཚེ་སྔགས་ཕྲེང་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་བྱིན་རླབས་ཐམས་ཅད་འོད་ཟེར་དེ་ལ་ཐིམ་པ་དང་། ཚུར་འཕྲོས་ཚེ་འོད་ཟེར་འཕྲོས་པས་ལྷ་འདྲེ་མི་གསུམ་གྱི་ཚེ་བསོད་ནམས་ལོངས་སྤྱོད་དངོས་གྲུབ་ཐམས་ཅད་བསྡུས་ཏེ་འོད་ཟེར་དེ་སྔགས་ཕྲེང་ལ་ཐིམ་པས་རང་ལ་ཞུགས་ཏེ་དངོས་གྲུབ་ཐམས་ཅད་ཐོབ་པར་བསྒོམ་མོ། །དམིགས་པ་དེ་ཐམས་ཅད་ཐུན་རེ་རེ་ལ་རྫོགས་པར་བྱ་རྒྱུ་ཡིན་ནའང་། མ་ཟིན་ན་ཐུན་


CMR028_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལ་སོ་སོར་དམིགས་པ་རེ་རེ་ཨུ་ཚུགས་བྱས་ལ་ཞག་གཅིག་ལ་ཚང་བར་བྱས་ཀྱང་རུང་ངོ་། །དེ་ལྟར་བསྙེན་སྒྲུབ་དམིགས་པ་དེ་རྣམས་ཞག་བདུན་ཡིན་ན་ཞག་བཞི་པ་ཙམ་བསྒོམ། བདུན་གསུམ་བསྒྲུབས་ན་བདུན་གཉིས་ལ་བསྒོམ། ཟླ་བ་གཅིག་བསྒྲུབས་ན་བདུན་གསུམ་ལ་བསྒོམ་མོ། །དེ་ནས་ལས་སྦྱོར་དམིགས་པ་ནི། གཞན་རྣམས་གོང་ལྟར་བསྒོམ་ཞིང་སྔགས་ཕྲེང་བསྐོར་རེ་ཙམ་བསྙེན་པར་བྱས་ནས་རང་གི་ཞལ་ནས་སྔགས་ཕྲེང་དཀར་པོ་མུ་ཏིག་ཕྲེང་བ་ལྟར་འཕྲོས་པ་ལས་ཞི་བའི་ལྷ་ཐམས་ཅད་ཀྱི་བྱིན་རླབས་བསྡུས། མདུན་གྱི་མ་མགོན་གྱི་ཞལ་དུ་ཞུགས། ཞི་བའི་མཆོད་པར་གྱུར་ནས་ཐུགས་ཤིན་ཏུ་མཉེས་ནས་ཐུགས་ཀར་ཐིམ་པས་ཞི་བའི་ཕྲིན་ལས་བཅོལ་བ་ལ་བསྙེན་ལ་ཐུགས་དགོངས་གཏད། ཐུགས་ཀའི་སྔགས་ཕྲེང་ལས་ཞི་བའི་དངོས་གྲུབ་ཀྱི་སྔགས་ཕྲེང་དཀར་པོ་ཚུར་བྱོན་པ་ལས་འོད་ཟེར་ཟླ་བ་ཤར་བ་ལྟ་བུས་རང་དང་བསྲུང་བྱ་ཐམས་ཅད་ཀྱི་ནད་གདོན་བར་ཆད་ཐམས་ཅད་འཇིགས་པ་བརྒྱད་དང་བཅུ་དྲུག་བ་མོ་ལ་ཉི་ཟེར་ཕོག་པ་ལྟ་བུར་ཞི་བ་དང་། སྔགས་ཕྲེང་རང་ལ་ཐིམ་པས་རང་གི་སྡིག་སྒྲིབ་ཉོན་མོངས་ཐམས་ཅད་ཞི་བར་བསྒོམ་སྔ་དྲོའི་དམིགས་པ། ཉི་དྲོས་ནས་


CMR028_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་ཡོལ་བར་དུ་སྔགས་ཕྲེང་འོད་ཟེར་སེར་པོ་འཕྲོ་འདུས་སངས་རྒྱས་པའི་ལྷ་ཚོགས་ཚེ་དཔག་མེད་ཛཾ་ལྷ་སོགས་ཀྱི་བྱིན་རླབས་བསྡུ་བ་དང་། རང་དང་བསྲུང་བྱའི་ཚེ་བསོད་ནམས་ཟླ་བ་ཡར་ངོ་ལྟར་བསྒོམ་པ་སོགས་གོང་གི་རིག་འགྲེས། དགོང་ཀའམ་ཉི་ཐལ་བར་སྔགས་ཕྲེང་འོད་ཟེར་དམར་པོའི་འཕྲོ་འདུས་ཀུ་རུ་ཀུལླེ་སོགས་དབང་གི་ལྷའི་བྱིན་རླབས་བསྡུ་བ་དང་། རྒྱལ་བློན་འབངས་འཁོར་ཡུལ་ཁམས་སྣང་སྲིད་ཐམས་ཅད་ཤ་རུལ་ལ་སྦྲང་མ་འདུ་བ་ལྟར་དབང་དུ་འདུ་བར་བསྒོམ་པ་དང་། མུན་རུབ་ནས་ཉལ་ཁ་ཚུན་སྔགས་ཕྲེང་མཐིང་ནག་དང་འོད་ཟེར་ནག་པོ་ཚ་ལ་རྩུབ་པས་དྲག་པོའི་ལྷ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བྱིན་རླབས་བསྡུ་བ་དང་། གནོད་བྱེད་ཐམས་ཅད་མེ་ལྕེའི་ཁའི་སྦྲང་མ་ལྟར་ཚར་བཅད། རང་གི་ཉོན་མོངས་པ་བདུད་བཞི་ཚར་བཅད་པར་བསྒོམ་པ་ནི་ལས་སྦྱོར་དམིགས་པའོ། །དེ་ལ་ཕྲེང་སྐོར་རེ་རེའི་མཐར་ཤམ་བུ་རེ་སྦྱར་ཏེ། ཞི་བ་ལ། ནད་གདོན་བར་ཆད་ཐམས་ཅད་སརྦ་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། རྒྱས་པ་ལ། ཚེ་བསོད་དཔལ་འབྱོར་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། དབང་ལ། ཁམས་གསུམ་སྲིད་གསུམ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། དྲག་པོ་ལ། གནོད་བྱེད་དགྲ་བགེགས་མཱ་ར་ཡ་


CMR028_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། ཅེས་སྦྱར་རོ། །ཞག་བདུན་བསྒྲུབས་ན་དེ་ལ་ཞག་གསུམ། བདུན་གསུམ་བྱེད་ན་དེ་ལ་བདུན་གཅིག །ཟླ་བ་གཅིག་བྱེད་ན་ཞག་བཅུ་དགུ་ཙམ་སྟེ་ཁྲིག་ཁྲིག་ནི་མེད། ཡང་ལས་སྦྱོར་གང་རུང་རེ་རེའམ་བཞི་ཀ་ལ་རྟགས་མ་ཐོན་བར་དུའམ། ཞག་གསུམ་མམ་བདུན་ཙམ་བྱས་ན་ནི། ཕྱི་རྟགས་ནང་རྟགས་གསལ་པོར་འབྱུང་ངོ་། །དེ་ལ་རྟགས་ནི་བསྙེན་པའི་རྟགས་སྒྲུབ་པའི་རྟགས་ལས་སྦྱོར་རྟགས་ཏེ། རང་དབང་པོ་རབ་འབྲིང་ཐ་མའི་བྱེ་བྲག་གི་ངོས་བཟུང་དངོས་ཉམས་རྨི་ལམ་རྟགས་འབྱུང་སྟེ། ཞལ་མཐོང་བ་དང་། པོ་གསུང་ཐོས་ཤིང་ལུང་སྟོན་པ་དང་། དབང་བསྐུར་ཆོས་གསུང་ནི་སྤྱིར་བཤད་ལ། བྱེ་བྲག་རྨི་ལམ་དུ་རང་གི་སློབ་དཔོན་ནམ་ཆོས་གྲོགས་སམ་དམ་ཚིག་གཅིག་པ། མི་ནག་རྟ་ནག་གཡག་ནག་ལུག་ནག་བྱ་ནག་ཁྱི་ནག་འོད་དང་འཚུབ་མ་ནག་པོ་སྤྲིན་ནག་འབྲུག་སྒྲ། བུད་མེད་རྒྱུན་ཅན་རལ་པ་ཅན། མ་དང་སྲིང་མོ་བུད་མེད་ཀྱི་ཁྲོམ་ཚོགས་འདུ་བ། གཡུ་དང་། རལ་གྲི་དང་། ནེའུ་ལེ། རྨ་བྱའི་སྒྲོ། ཁྲག་གི་མཚོ། དུག་སྦྲུལ་རླུང་ཐོག །དྲེའུ་བོང་བུ་རྣམས་བསྙེན་པའི་རྟགས་སོ། །བྱ་བྲལ་སྤང་དབྱུག་ཐོགས་པ། བུད་མེད་སྤྲང་མོ་བྱུང་


CMR028_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ན་གཏོར་མ་ཆུང་རྟགས་ཏེ། དེ་བཟང་དུ་བྱ། རང་སྙིང་མི་དགའ་བའམ། ཚིག་པ་ཟ་བ། བུད་མེད་ཡུགས་ས་མ་དང་ཁྲོ་བ་དང་། བྱ་ནག་ཁྱི་ནག་གཡག་ནག་མི་ནག་རང་ལ་འཐབ་པ་དང་། བྱིང་རྨུགས་འཐིབས་པ་དང་། ནད་སྙིང་སོགས་ལུས་མི་བདེ་བ་བྱུང་ན་དམ་ཚིག་ལ་སྐྱོན་ཡོད་རྟགས་ཡིན་པས་བསྐང་བ་ཅི་མང་འདོན། བདག་མདུན་སྤྱི་བོར་རྡོར་སེམས་བསྒོམ་པ་ལས་བདུད་རྩི་རྒྱུན་བབས་པས་ཉམས་ཆག་དག་པར་བསྒོམས་ལ། དམ་ཚིག་ཉམས་ཆག་དག་པའི་སྔགས། ཨོཾ་ས་མ་ཡ། ཨཱས་མ་ཡ། ཧཱུཾ་ས་མ་ཡ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཿ ཨོཾ་བཛྲ་སཏཱ་ས་མ་ཡ་སོགས། ཞེས་ཡིག་བརྒྱ་ཚར་བདུན་ནམ་ཅི་ལྕོགས་བཟླའོ། །སེར་ཉོབ་དང་ལྷ་ཁང་དཔེ་རུལ་བནྡྷེ་དམ་ཉམས་རིགས་སོགས་གཞན་ཡང་གདོན་རྟགས་དང་དམ་སྲིའི་རིགས་སོགས་བར་ཆད་རྟགས་བློ་མི་བདེ་བ་སོགས་བྱུང་ན། རང་ཉིད་མགོན་པོའི་ཕྲག་གོང་གཉིས་སུ། བྱ་རོག་ནག་ལ་དམར་བའི་མདངས་ཅན་གཉིས་བསྒོམ༔ དེ་ལས་བྱ་རོག་ཆེན་པོ་འབྲོང་གཡག་ཙམ་དཔག་ཏུ་མེད་པ་འཕྲོས། གཤོག་སྒྲ་འབྲུག་ལྟར་ཚེགས་སྒྲ་འུར་སྒྲ་དང་བཅས་ཏེ་ནམ་མཁའ་བར་སྣང་གང་སྟེ། རང་དང་བསྲུང་བྱ་


CMR028_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནོད་པར་བྱེད་པའི་དགྲ་བགེགས་འབྱུང་པོ་ཐམས་ཅད་བྱ་དང་བྱེའུ་འབུ་སྲིན་བཏུས་པ་ལྟར་ཐམས་ཅད་ཟོས་ནས་གཅིག་ཀྱང་མེད་པར་བྱས་ནས་ཐམས་ཅད་ཚུར་འདུས་བྱ་རོག་གཅིག་ཏུ་གྱུར། འོད་དུ་ཞུ་ནས་རང་མགོན་པོའི་ཐུགས་ཀར་ཐིམ་པར་བསྒོམ་ཞིང་རྩ་སྔགས་ཤམ་དུ། གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ༔ ཅེས་ཕྲེང་བསྐོར་ཙམ་བཟླས་པས་གེགས་སེལ་ལོ། །འདི་སྒྲུབ་དུས་མིན་ཀྱང་རུང་། དེ་ནས་སྐུའི་རྟགས་ཞལ་མཐོང་བ། ཐང་སྐུ་རྙེད་པ། གསུང་གི་རྟགས་སྔགས་སྒྲ་ཐོས་པ། སྐུ་མ་མཐོང་ཡང་གསུང་ལུང་བསྟན་གྱི་སྒྲ་ཐོས་པ། རྒྱུད་དང་སྒྲུབ་ཐབས་ཀྱི་དཔེ་ལེགས་པོ་རྙེད་པ། ནམ་མཁའ་ལ་ཡིག་འབྲུ་མཐོང་བ། ཐུགས་ཀྱི་རྟགས་མ་མགོན་གྱི་ཕྱག་ཆ། རྡོ་དྲིལ་ཌཱ་མ་རུ་རྙེད་པའོ། །མི་ནག་ཕ་ཁུ་ཞང་བློན་དཔོན་རིགས་ཆས་བཟང་བ་བཀའ་ལ་ཉན་པ་དགའ་ཞིང་འོང་བ། བུད་མེད་མ་སྲུ་བག་མ་རྒྱན་ཅན་གྱིས་དངོས་གྲུབ་རྫ་ས་སྟེར་བ། རང་གི་ཆུང་མའི་ཚུལ་དུ་སྟོན་པ། རང་གྱེན་ལ་འགྲོ་བ། ནམ་ལང་བ། ཉི་ཟླ་ཤར་བ། ནམ་མཁའ་ལ་འཕུར་བ། རི་མཐོན་པོའི་རྩེར་ཕྱིན་པ། དར་ཕྱུར་བ། དུང་འབུད་པ། རོལ་མོ་སྒྲོགས་པས་སྐད་སྙན་པ་དང་།


CMR028_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་འབྱུང་བ་སོགས་ནི་གྲུབ་རྟགས་སོ། །བཅོས་མིན་གྱི་མོས་གུས་དང་། བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་བརྟན་པོ་དང་། རང་སེམས་ངོ་བོ་རྗེན་པར་མཐོང་ན། མ་མགོན་དང་རང་སེམས་དབྱེར་མེད་དུ་རྟོགས་པ་ནི་མཆོག་གི་ལྟས་སོ། །དེ་ལྟར་རྟགས་རེ་རེའམ་འགའ་ཟུང་ཐོན་པ་རྟགས་ཀྱི་བསྙེན་པ་དང་། དུས་ནི་ཞག་བདུན་ཚད་ཡིན། དེ་ཡན་བདུན་གཉིས་བདུན་གསུམ་ཟླ་བ་གཅིག་སོགས་དུས་བསྙེན་དང་། གྲངས་ནི་འབྲུ་འབུམ་སྟེ་འབུམ་ཕྲག་བཅུ་གསུམ་མམ། བདུན་འབུམ་ཉི་ཁྲིའམ། ཐ་ན་སུམ་འབུམ་གྱིས་ཀྱང་འགྲུབ། དེ་ལྟར་བསྒྲུབ་པའི་རྩ་ཚིག་ནི། རིན་པོ་ཆེ་ཀརྨ་པས་བྲིས་ཤིང་གཏོར་མ་ལ་བཙུགས་ཏེ་ཞག་བདུན་གྱི་བར་དུ་བསྟོད་བསྐུལ་ཕྲིན་ལས་གཞུང་བཞིན་བྱས་ན་མ་མགོན་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཤིང་ཕྱི་མའི་མུ་མཐར་ཐུག་གི་བར་དུ་བསྟན་པ་རིན་པོ་ཆེ་བསྲུང་བར་འགྱུར་རོ། །ཞེས་དང་། མ་མགོན་ཡབ་ཡུམ་བདག་སྒོམ་དུ་བྱས་ཤིང་ཡེ་ཤེས་སེམས་དཔའི་རྒྱུན་ཆད་མེད་པར་བསྟིམ་ཞིང་བསྙེན་པ་ནུས་ཚད་དུ་བྱས་ན་མཐུ་སྟོབས་མ་མགོན་ལྕམ་དྲལ་དང་མཉམ་ཞིང་། ཕྲིན་ལས་འགྲན་ཟླ་མེད་པར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་པའི་དོན་ཡིན་


CMR028_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེ་ནས་སྒྲུབ་པ་ཞག་བདུན་ཡན་ཆད་ཚར་ནས། དྲག་པོའི་ལས་སྦྱོར་བརྡ་ཙམ་མ་བྱས་ན། འགྲོ་ས་མེད་པར་དམག་བསྡུས་ནས་དམག་མི་འགྲོ་བ་ལྟར། རྣལ་འབྱོར་པ་ཚེ་ཐུང་བར་མགོན་པོའི་རྒྱུད་མང་པོ་ནས་བཤད་པའི་ཕྱིར། ཟན་ལིང་གཉིས་ལ་རང་གི་སྒོས་དགྲ་བསྟན་པའི་སྤྱི་དགྲ་སོགས་བཅས་གཅིག་ལ། འགུགས་གཞུག་ཕུར་འདེབས་སོགས་ལས་འགྲིགས་ལྟར་བྱས་ལ། དམར་གཏོར་གསར་པ་ཆེ་བ་གཅིག་བཤམས་པའི་ནང་དུ་ལིང་རོ་ཕུལ་ལ་ལས་འགྲིགས་ཀྱི་བསྐུལ་པ་ཐམས་ཅད་བྱས་ལ། གཟའ་དང་མཁའ་འགྲོའི་གདོང་མ་ཐུག་པར་གནོད་པའི་ཕྱོགས་སམ། ཕྱོགས་གཙང་སར་ཟོར་དུ་འཕང་། དང་པོ་གསེར་སྐྱེམས་དཀར་གཏོར་སོགས་གཞུང་ལྟར་བྱ། གཏོར་སྣོད་སྦུབ་ལ་རྟ་བྲོ་བརྡུང་། དཀྱིལ་འཁོར་ལ་ཕྱག་འཚལ་གཡུལ་རྒྱལ་གྱེར། སླར་རབ་ཏུ་མཚལ་མ་ཚར་གཅིག །མ་འགྲུབ་ན་བསྐང་བ་ཚར་གཅིག་གཏང་རག་གི་ཚུལ་དུ་བྱས། དེ་ནས་སྒྲུབ་གཏོར་དེ་ཉིད་མ་མགོན་ཡབ་ཡུམ་འཁོར་བཅས་དངོས་སུ་གསལ་བའི་དཔྲལ་མགྲིན་སྙིང་ཁ་ནས་སྐུ་དང་སྔགས་ཕྲེང་དང་། ཧཱུྃ་དང་བྷོ་ཡི་ཐིག་ལེ་ཕྱག་མཚན་དཔག་ཏུ་མེད་པ་ཆར་ལྟར་བབས་པས་རང་གི་ལུས་ངག་ཡིད་


CMR028_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་ཐིམ་པས་དབང་དང་དངོས་གྲུབ་ཐོབ་པར་བསྒོམས་ལ། དངོས་གྲུབ་ལེན་ཆོག་སྔགས་སྟོང་ངམ་བརྒྱ་རྩ་བཟླས། རང་གིས་རྡོ་དྲིལ་དང་བཅས་གཏོར་མ་དེ་བཟུང་ལ། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས་སོགས་འདོན་ལ། གཏོར་མ་དེ་རང་གི་གནས་གསུམ་དུ་གཏུགས་ལ། རྩ་སྔགས་ཤམ་དུ། ཀཱ་ཡ་ཨ་བྷི་ཥིཉྩ་ཨོ། རྩ་སྔགས་དང་ཝཱཀྐ་ཨ་བྷི་ཥིཉྩ་ཨཱ། རྩ་སྔགས་དང་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་བླངས། དེ་ནས་རྗེས་ཆོག་གཞུང་ལྟར་བྱས་ལ། མདུན་བསྐྱེད་ཡེ་ཤེས་པ་ཙཀ་ལི་སོགས་ལ་བསྟིམས་ནས་མིས་མི་མཐོང་བར་རྟེན་དུ་འཆང་། དམ་ཚིག་པ་རང་ལ་བསྟིམ། བདག་བསྐྱེད་ཀྱི་ཡེ་ཤེས་པ་ནི་རང་ལ་བསྟིམ་པ་མ་གཏོགས་བྱང་ཆུབ་མ་ཐོབ་བར་དུ་མི་གཤེགས་ཏེ། ཕྱག་རྒྱ་སྒོ་བཅད་ཀྱི་སྒྲུབ་པ་ཞེས་བྱ་བ་གསང་སྔགས་རྙིང་མའི་ཁྱད་ཆོས་འདི། ཡབ་ཡུམ་བདག་སྒོམ་འདི་ལའང་བྱ་བ་དང་། རྗེ་དབང་ཕྱུག་རྡོ་རྗེ་དང་ཀརྨ་པཀྵིའི་གསུངས་ལ་ཡང་གསལ་ལོ། །དེ་ལྟར་རྩ་བའི་བསྙེན་སྒྲུབ་དེ་ཐོན་ནོ་མཆོག་ཡིན་ལ། མ་ཐོན་ནའང་རྒྱུན་ཁྱེར་དུ་རྒྱས་པའི་མཚལ་མ་འདོན་ན་ཡང་། གོང་གི་སྔགས་དང་དམིགས་པ་དེ་ལྟར་བསྙེན་པ་བརྒྱ་སྟོང་ཅི་འགྲུབ་བྱའོ། །སྒྲུབ་གཏོར་ནི་ཕྱི་


CMR028_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལ་མི་སྦྱིན་པར་དངོས་གྲུབ་ཏུ་རོལ་པའམ། དགོན་པ་ཡིན་ན་གཙང་སར་སྦས། འབྲོག་སྒར་ལ་ཡང་གཏོར་མ་རྐང་ཚེ་སོགས་སུ་དུམ་བུ་འཆང་བར་བྱའོ། །གཏོར་རུལ་མ་ལྕོགས་ན་ཡང་མངའ་གསོལ་དུས་བསང་དུ་འབུལ་ལོ། །རིན་པོ་ཆེ་ཀརྨ་པས་མ་མགོན་གྱི་དཔེ་དུམ་བུ་མང་དུ་ཡོད་པ་རྣམས། དོན་ཡོད་མེད་དཀྲུགས་པ་ལྟ་བུ་ཡིན། མ་ལུས་ཤིང་ལུས་པ་མེད་པ་འདི་ལ་ཚང་བ་ཡིན་གསུངས་པ་དང་། ཁྱེད་རྣམས་ཀྱིས་ཀྱང་བརྒྱུད་པ་འཛིན་ཅིང་སྒྲུབས་ན་འགྲུབ་པར་མཆིས་ཞེས་གསུངས་པའི་དོན་ཞལ་སྦྱོར་བསྙེན་བསྒྲུབ་བྱ་ཚུལ་ངག་ཁྲིད་འདི་རྡོ་རྗེའི་སྤྱན་དུ་གྱུར་པ་ཤཱཀྱའི་དགེ་སློང་འོག་མ་བླ་མ་ཀརྨ་བཛྲ་གྱིས་བསྐུལ་ཕྱིར། ༧ སྔགས་འཆང་རཱ་ག་ཨ་སྱས་བྲིས་པ་ལ་སྙན་བརྒྱུད་ཡི་གེར་བཀོད་པ་ཆོས་སྐྱོང་ཌོཀྐི་རྣམས་ཀྱིས་བཟོད་པར་བཞེས་ལ། སྙིང་པོ་དོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

བེར་གྱི་ལས་ཚོགས།


CMR028_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བེར་གྱི་ལས་ཚོགས་བཞུགས།


CMR028_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་ཞལ་སྦྱོར་གྱི་ལས་སྦྱོར་ཞི་རྒྱས་དབང་དྲག་ནི། ཆོ་ག་མཚལ་སེར་གཞུང་ལྟར་ལས། ཚར་གཅིག་གིས་བདག་མདུན་གཉིས་དང་། བུམ་པའི་ནང་དུ་དཀྱིལ་འཁོར་ཚང་བ་བསྒོམ་པ་དུས་གཅིག་ཏུ་བྱ། མདུན་བསྐྱེད་ལ་ཞི་བའི་དམིགས་པ་སྒྲུབ་པ་དུས་ལྟར་བྱ་ཞིང་། །ཁྱད་པར་ལྷ་ཚོགས་ཐམས་ཅད་སྐུ་མདོག་དཀར་པོ་ཞི་བའི་ཆ་ལུགས་ཞལ་འཛུམ་པ། ཡུམ་ལྷ་མོ་ནམ་མཁའ་ལ་གཟིགས་ནས་བཞད་པ། ཕྱག་གཡས་འོག་ལྕགས་ཀྱུ་དང་གཡོན་འོག་མས་ཚེ་བུམ་འཛིན་པ། ཡབ་ཡུམ་དར་དཀར་གྱི་བེར་ཅན་དུ་བསམ།་་འདོན་པའི་ཚིག་བསྒྱུར་མི་དགོས་མཆོད་གཏོར་


CMR028_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཁྲག་མ་འདྲེས་པ་དཀར་གསུམ་བྱ། སྔགས་ཡབ་ཡུམ་ཞལ་སྦྱོར་གསུང་གི་སྙིང་པོ་ལ། ནད་གདོན་བར་ཆད་སརྦ་ཤཱནཾ་ཀུ་རུ་སྭཱ་ཧཱ། ཞེས་པ་བརྒྱ་སྟོང་ཅི་འགྲུབ་བཟླས་ནས། ཐུན་གཏོར་ཡང་ཟླུམ་པོ་ལ། བྱང་ཕྱོགས་དུར་ཁྲོད་མ་དང་ཡེ་ཤེས་དབྱིངས་མས་འབུལ་ལོ། །བུམ་ལྷའི་སྐུ་ལས་བདུད་རྩི་འབེབས་པར་བསམ་ཞིང་རྩ་སྔགས་ལ། ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། །ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ། བརྒྱ་རྩ་བརྒྱད་ལས་མི་ཉུང་བར་བཟླས་སོ། །བུམ་ལྷ་ཡེ་ཤེས་པ་མདུན་བསྐྱེད་ལ་ཐིམ་པར་


CMR028_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ༔ དམ་ཚིག་པ་འོད་དུ་ཞུ་ནས་བདུད་རྩིར་བསམས་ལ། ནད་པ་ལ་ཁྲུས་དང་འཐུང་པ་སོགས་བྱེད་དུ་བཅུག །རང་ཡང་འཐུང་བཀྲུ་སོགས་བྱ། སྦྲ་ཁྱིམ་ནོར་ཕྱུགས་ལ་གཏོར་བས་ནད་གདོན་གྲིབ་དང་བར་ཆད་ཞི་བའོ། ༈ །གཏོར་མ་རིན་ཆེན་འབར་བའི་དབྱིབས་ལ་འབྲུ་སྣ་རིན་པོ་ཆེ་སྣ་ཚོགས་དར་ཚོན་ས་ཕུད་སྣ་ཚོགས་བྱུགས་ལ་མགོན་པོའི་གཞུང་ལྟར་ལ། བདག་མདུན་ལྷ་ཚོགས་ཐམས་ཅད་སྐུ་མདོག་སེར་པོ་བེར་སེར་པོ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བཀླུབས་པ། ཞལ་ཁྲོ་འཛུམ་སྐུ་ཤ་རྒྱས་པ་གནོད་སྦྱིན་གྱི་ཆ་ལུགས་ལྟར་བསྒོམ། བསྙེན་དུས་རྒྱས་པའི་དམིགས་པ་ལྟར་ལས། རྩ་སྔགས་ལ། བདག་ལ་རཏྣ་སིདྡྷི་སིདྡྷི་ཧཱུྃ། ཞེས་བསྙེན། གསོལ་ཁ་ཚར་ཅི་མང་འདོན། ཁྱད་པར་མདུན་བསྐྱེད་ཀྱི་བེར་གྱི་སུལ་ནས་རིན་པོ་ཆེ་དང་དགོས་འདོད་ཐམས་ཅད་ཀྱི་ཆར་བབས་ནས་བདག་ཉིད་ཀྱི་སྦྲ་ཁྱིམ་གང་བར་བསྒོམས་པས་ལོངས་སྤྱོད་འཕེལ་ལོ། །ཁྱད་པར་རྟ་གོད་གཅོད་ན། བདག་མདུན་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བདག་མདུན་གཉིས་ཀྱི་ཤར་གྱི་མགོན་པོ་ལ་ཕོག་པས་དཔལ་རབ་འཆང་བའི་ཐུགས་ཀ་ནས་ཉི་མའི་སྲས་པོ་ཨརྱ་རེ་མན་ཏ་སྐུ་མདོག་


CMR028_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་བསེ་ཁྲབ་ཤེལ་རྨོག་ཅན། རྟ་སྔོན་ཞོན་པ་ཕྱག་གཡས་གསེར་གྱི་རལ་གྲིས་རྟ་གདོན་ཐམས་ཅད་དམྱལ་དམྱལ་གཏུབས་པ། གཡོན་ལྕགས་ཀྱུས་རྟའི་གཡང་སྡུད་པ། ནམ་མཁའ་བར་སྣང་གང་བར་འཕྲོས། རྟ་ལ་གནོད་བྱེད་ཐམས་ཅད་བསད། རྒྱ་མཚོའི་ཕར་འགྲམ་དུ་བསྐྱོད་ནས་ཚུར་འདུས་རྒྱུན་དུ་རྟེ་ཐམས་ཅད་ལ་བསྐོར་ཞིང་སྲུང་བའི་རྟ་ལ་ཐིམ་པར་བསྒོམས་ཤིང་། མ་མགོན་གྱི་གསུང་གི་སྙིང་པོ་ལ། ཨོཾ་བཛྲ་ཀྲོ་དྷ་ཨརྱ་རེ་མན་ཏ་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་བཟླས་པ་བརྒྱ་སྟོང་ཅི་འགྲུབ་བྱ། །སྲུང་སྐུད་སྔགས་ལ་བཏགས་། དམིགས་པ་བསྒོམ་ཞིང་གསོལ་ཁ་ཚར་གསུམ་བདུན་ལ་སོགས་བཏང་བས་རྟ་གོད་ཆད། རྟ་འཕེལ་ལོ། །རེ་མནྟ་ཤར་གྱི་མགོན་པོ་གཅིག་ཡིན་ནོ། ༈ །དེ་བཞིན་ནོར་ལུག་གི་གོད་ཁ་གཅོད་འདོད་ན། ནུབ་བྱང་གི་མགོན་པོ་ལས་འོད་ཟེར་འཕྲོས་པས་རང་འདྲ་གྲངས་མེད་པ་འཕྲོས་པས་གོད་འདྲེ་ཐམས་ཅད་རྡོ་རྗེས་བརྡུང་ཞིང་བསླད། ཕྱག་གཡོན་བུམ་པ་ནས་བདུད་རྩིས་རྒྱུན་བབ་ཁྲུས་བྱས་པས་ནད་བཀྲུས་པར་བསྒོམ་ཞིང་གསོལ་ཀ་མ་མགོན་རྩ་སྔགས་ལ་འདི་བཏགས། ཨོ་པཎ་ཤ་ཝ་རི་སྭཱ་ཧཱ། བ་སུ་རོ་ག་རཀྟ༔ ཞེས་ཅི་ནུས་


CMR028_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས། བུམ་པ་ཡང་སྔར་ལྟར་བསྒོམ་ཞིང་བུམ་ཆུ་གཏོར། དེས་སྒབ་སྤེལ་ལོ། །གོད་ཉུང་ངོ་། དེ་བཞིན་དུ་ཤར་ལྷོའི་མགོན་པོ་ལས་དེ་འདྲ་གྲངས་མེད་པ་འཕྲོས་པས་འཇིག་རྟེན་གྱི་ཚེ་བསོད་བསྡུས་ཏེ་སྦྲ་གུར་ནོར་ཕྱུགས་ལ་བསྟིམ་པས་གཡང་ཆགས། ཕྱྭ་གཡང་ཐམས་ཅད་ནོར་ཕྱུགས་དང་སྦྲ་གུར་ལ་བསྟིམ་ཞིང་རྩ་སྔགས་ལ། ཨོ་ཛཾ་བྷ་ལ་ཛ་ལན་ཏྲ་ཡ་པུཎྱེ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་པས་བསོད་ནམས་དབང་ཐང་ཡར་དར་བ་འོང་ངོ་། །དབང་དང་དྲག་པོ་ལ་སོགས་ལོགས་སུ་གསལ་ལོ། །ཡང་རི་ཁྲོད་སོགས་སུ་འཚོ་བ་སྲབ་པར་བྱུང་ན་གང་འདོད་པའི་ཟས་ཇ་མར་ཐུད་སོགས་ཅི་མང་གིས་གསོལ་ཁའི་གཏོར་མ་གསོ། བཟའ་བཏུང་རུང་བའི་དངོས་པོ་གང་ཡོད་བྲན་ལ་གསོལ་ཁ་བྱ། ཡབ་ཡུམ་རྩ་སྔགས་ལ།་ན་ན་ཁ་དྷེ་པུཏྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཟླས་པས་ཁ་ཟས་ཤུགས་ཀྱིས་འབྱུང་བས་ཟབ་བོ། །དེ་ཐམས་ཅད་གསོལ་ཁ་ལ་བུངས་ལེན་ནོ། །ཨྠྀི། །ཞེས་པ་འདི་ནི་གྲུབ་ཆེན་ཀརྨ་པཀྵིའི་བཞེད་པ་སོར་བཞག་རས་ཆེན་དང་དུས་མཁྱེན་ལུགས་དང་མ་འདྲེས་པར་བསྐྱེད་རྫོགས་ཆ་ཚང་གསལ་བར་བཀོད་པ་ལ། སྦ་འོས་གསལ་བཀོད་ཉེས་པ་མཆིས་ན་མ་མགོན་ཚོགས་ལ་


CMR028_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་ཤིང་། དགེ་བས་བསྟན་པ་དང་བསྟན་འཛིན་རྣམ་ལ་ཕན་པ་རྒྱ་ཆེན་པོར་གྱུར་ཅིག །ཅེས་སྔགས་འཆང་རཱ་ག་ཨ་སྱས་སོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཤྲཱི་མ་ཧཱ་ཀཱ་ལ་རྡོ་རྗེ་བེར་ནག་པོ་ཅན་ཡབ་ཡུམ་ཞལ་སྦྱོར་གྱི་བསྙེན་སྒྲུབ་ཀྱི་མན་ངག་ཞལ་ཤེས་སྔོན་ཆད་ཡི་གེ་མེད་པའི་སྙན་བརྒྱུད་ཟབ་མོ་གསལ་བར་བཀོད་པ་གྲུབ་ཆེན་ཀརྨ་པཀྵིའི་དགོངས་པ་གསལ་བར་བྱེད་པའི་རྒྱན་ཕྲེང་ལས་མྱུར་དུ་དངོས་གྲུབ་ཀྱི་བུམ་བཟང་།


CMR028_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་མ་ཧཱ་ཀཱ་ལ་རྡོ་རྗེ་བེར་ནག་པོ་ཅན་ཡབ་ཡུམ་ཞལ་སྦྱོར་གྱི་བསྙེན་སྒྲུབ་ཀྱི་མན་ངག་ཞལ་ཤེས་སྔོན་ཆད་ཡི་གེ་མེད་པའི་སྙན་བརྒྱུད་ཟབ་མོ་གསལ་བར་བཀོད་པ་གྲུབ་ཆེན་ཀརྨ་པཀྵིའི་དགོངས་པ་གསལ་བར་བྱེད་པའི་རྒྱན་ཕྲེང་ལས་མྱུར་དུ་དངོས་གྲུབ་ཀྱི་བུམ་བཟང་ཞེས་བྱ་བ་བཞུགས་སོ།།


CMR028_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མ་ཧཱ་ཀཱ་ལ་དྷེ་ཝ་སིདྡྷི་ཧཱུཾ། འདིར་མ་མགོན་ཞལ་སྦྱོར་གྱི་བསྐྱེད་རྫོགས་བསྙེན་སྒྲུབ་ཀྱི་ཟིན་བྲིས་མདོར་བསྡུས་བཀོད་པ་ལ་བཀའ་ཡི་གནང་ཞིང་བྱིན་གྱིས་བརླབ་ཏུ་གསོལ། དེ་ཡང་གྲུབ་ཆེན་ཌོམྦྷི་པ་ལ་མགོན་པོས་ལུང་བསྟན་ནས། བེང་ཆེན་བརྩེགས་པ་དང་། གྲི་གུག་བརྩེགས་པ་དང་། ཀི་ཀ་རའི་རྒྱུད་ལ་བརྟེན་ནས་མཛད་པའི་རྒྱ་གཞུང་ཞལ་གདམས་དང་བཅས་པ་མལ་ཇོ་ལོ་ཙཱས་བསྒྱུར་བ་དེ་ལ་བསྟེན་ནས་འགྲོ་མགོན་རས་ཆེན་སོགས་ཡབ་སྲས་ན་རིམ་གྱིས་མཛད་པ་དཔག་ཏུ་མེད་པར་ཡོད་པ་ནི། ཡབ་བེར་ནག་ཅན་ལ་ཕྱོགས་བཅུ་མགོན་པོས་བསྐོར་བ་སྟེ།


CMR028_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་སྒྲུབ་པར་བུ། ནང་སྒྲུབ་ཛ་བརྡུང་། གསང་སྒྲུབ་ཕུར་བུ་གསུམ་མ་སྟེ་ཤོག་དྲིལ་སྐོར་སོགས་དྲག་སྔགས་གཙོ་ཆེའོ། །སློབ་དཔོན་པདྨ་སམྦྷ་ཝས། དཔལ་ལྷ་མོ་ཐུགས་གསང་བའི་རྒྱུད་དང་། ལྷ་མོའི་སྲོག་རྒྱུད་དང་། དངོས་གྲུབ་བསྟན་གཟིགས་ཀྱི་རྒྱུད། མ་མོ་སྲིད་པའི་རྒྱུད་ལུང་སོགས་ལ་བརྟེན་ནས་མཛད་དེ། གཏེར་དུ་སྦས་པ་པུ་རང་ཞང་བཙུན་དར་མ་རིན་ཆེན་གྱིས་བཏོན་པར་བརྒྱུད་དེ། རྗེ་དུས་མཁྱེན་གྱི་ཡབ་ལ་ཞུས། དེ་ནས་ན་རིམ་སོ་སོའི་མཛད་པ་ནི། རང་བྱུང་རྒྱལ་མོ་ཡུམ་རྐྱང་ལ་མ་བདུན་སྲིང་བཞི་སོགས་ཀྱིས་བསྐོར་བ་སྟེ་དྲག་སྔགས་གཙོ་ཆེ། དེ་


CMR028_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་བརྒྱུད་པ་དང་འདོན་བྱ་རྣམས་འདིར་འདུས་ཀྱང་། སྒྲུབ་ལུགས་ནི་འདི་མ་ཡིན་ནོ། །ཨོ་རྒྱན་ཆེན་པོས་དྲག་པོའི་ལྷ་རྒྱུད་གསང་བ་ཆེན་པོ་དང་། རིན་ཆེན་སྤུངས་རྒྱན་སོགས་ལ་བརྟེན་ནས་ཡབ་ཡུམ་ཞལ་སྦྱོར་སྒྲུབ་ཐབས་མཛད་དེ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་གནང་བ། སྲས་སད་ན་ལེགས་དེའི་སྲས་སྟག་ནམ་མཁའི་ལྷ་བཟུང་ལ་གནང་ནས། །གྲུབ་པ་ཐོབ་པའི་སྔགས་པ་རྒྱུན་མ་ཆད་པར་བྱོན་པའི་སྲས་ལ། ཀརྨ་པཀི་འཁྲུངས་ནས་ཡབ་ལ་ཞུས་པ་ནི་མ་མགོན་པར་ནག་ཅེས་བྱ་དང་། དེ་དག་གི་བརྒྱུད་པ་འདོན་བྱ་ཡང་འདི་ལ་འཐུས་སོ། །ཡང་ཌོམྦྷི་ཧེ་རུ་ཀ་ལ་མ་མགོན་གཉིས་ཀྱིས་ལུང་བསྟན་ནས། རྒྱུད་བཅོ་བརྒྱད་ཀྱི་དོན་བསྡུས་ཏེ། ཞལ་སྦྱོར་གྱི་སྒྲུབ་ཐབས་མགོན་པོ་དཔག་བསམ་ཆར་འབེབས་ཞེས་བྱ་བའི་རྒྱ་གཞུང་ཉུང་ངུ་ཞིག་མཛད་པ། ཏེ་ལོ་ནཱ་རོ་ནས་མར་པ་ལ་བརྒྱུད་དེ་སྙན་བརྒྱུད་མགོན་པོ་ཟེར། དེ་ཀརྨ་པཀྵིའི་བར་ལ་གཅིག་བརྒྱུད་ཡིན། འདི་ནི་མཆོག་སྒྲུབ་ཁོ་ན་གཙོ་ཆེ་བས་འདིའི་སྒྲུབ་ལུགས་དེ་ཡིན་ནོ། །དེའང་རྒྱ་བོད་མཚམས་སུ་གྲུབ་ཆེན་ཀརྨ་པས་དཔལ་མ་མགོན་གཉིས་ཀྱིས་གཙོར་བྱས་པའི་དམ་ཅན་རྒྱ་མཚོ་འཛམ་གླིང་གང་བ་ཞལ་གཟིགས་པ་དང་བསྟུན་


CMR028_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འདིའི་སྒྲུབ་ཐབས་གཞུང་མཛད་དེ། དེ་ཕྱིས་བཀའ་རྒྱ་བཀྲོལ་ནས་རྗེས་འཇུག་ཐམས་ཅད་ལ་གནང་བའོ། །དེ་ལ་ཡང་ཟབ་ཁྱད་དམིགས་རིམ་རྣམས་ནི་གྲུབ་ཆེན་ཀརྨ་པཀཱི་ལ་རྒྱ་ནག་རྒྱལ་པོས་ཕྲིན་ལས་ཀྱི་བོགས་འདོན་མེ་ཆུ་དུག་མཚོན་སོགས་ཕུལ་བ་ཅིས་ཀྱང་མ་ཐུབ་པར་རྫས་དང་ངན་སྔགས་ཡིན་སྙམ་ནས་དཔེ་ཆ་དང་ཀ་ཆ་ཐམས་ཅད་འཕྲོག་སྟེ་སྐུ་རྐྱང་པར་བཞག་དུས། རྒྱ་བོད་ཀྱི་གྲུབ་ཆེན་ཐམས་ཅད་ཨ་ཙ་རའི་གཟུགས་ཀྱི་རྣམ་པ་ཅན་དག་གིས་གདམས་ངག་རྩ་རླུང་གི་གནད་དམིགས་པ་རེ་བྲི་བ་གཟིགས་ནས་ཐུགས་ལ་འཇག་པས། ཕྱི་རོལ་གྱི་རྫས་དང་ཡོ་བྱད་གང་ལའང་མི་ལྟོས་པར་རྩ་རླུང་དང་དམིགས་པ་ཁོ་ནས་ཕྲིན་ལས་ཐམས་ཅད་འགྲུབ་པའི་གནད་ཐམས་ཅད་ཐུགས་ལ་ཤར་ནས་གདམས་ངག་རྒྱ་མཚོ་མཐའ་ཡས། ཟབ་ཆོས་རྒྱ་མཚོ་མཐའ་ཡས་སོགས་མཛད་པ་སྟེ། འདིའི་གནད་སྒྲུབ་ཐབས་སྟབས་བདེ་བྱིན་རླབས་ཆེ་བ་ནི་ཀརྨ་པཀྵིའི་གདམས་ངག་ཁྱད་པར་ཅན་ཡིན་ནོ། །དུས་ཕྱིས་ཁྱེར་ཁ་ཆེ་བས་གྱེར་རྔ་བརྡུང་མཁས་སྐད་བཟང་ན་མགོན་པོ་མཁས་ཟེར་བ་ལ་མ་གཏོགས། དཔེ་ཆ་མགོ་ལ་བཞག་པས་ཐམས་ཅད་ཐོབ་པར་བརྩི་བ་ཁོ་ན་མང་བ་ལས་དབང་ལུང་ཙམ་


CMR028_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དོན་དུ་མི་གཉེར་ན་ཉམས་ལེན་གྱི་གནད་ལྟ་ཅི་སྨོས། བསྙེན་སྔགས་གང་ཡིན་ཡང་ངོས་མ་ཟིན་ཅིང་། ཆོ་ག་ཚར་གྲངས་བསོགས་པ་ལས་བསྙེན་པ་བྱེ་ཆུང་རེ་ཡང་ཐོན་མཁན་དཀོན་། བསྐང་གསོ་ལ་བརྩོན་པ་ཙམ་ལས་སྒྲུབ་པ་ཐ་ན་ཞག་བདུན་ཙམ་ཡང་ཐོན་མཁན་ཙམ་ཡང་མེད་པར་རྟགས་མཚན་མ་བྱུང་ཞེས་ལྷ་ལ་འཁང་བར་འདུག་ཀྱང་། བདག་གིས་བླ་མ་བཞི་ཙམ་ལ་དབང་ལུང་ཞལ་ཁྲིད་ཞུས། འདིའི་རྒྱུད་གདམས་ངག་པོ་ཏི་བཞི་ཙམ་གྱི་སྲོལ་མཐོང་། དེ་དག་གི་དོན་ལ་གོ་བའང་ཐེབ།་རང་གི་ཅི་ནུས་ཉམས་སུ་བླངས་པས་རྨི་ལམ་དང་ཉམས་སྣང་ལ་མ་མགོན་གྱི་ཞལ་ལན་མང་དུ་མཐོང་། སི་ཏུ་ཆོས་ཀྱི་གོ་ཆ་སོགས་བཀའ་བརྒྱུད་གོང་མ་རྣམས་ལ་འདིའི་སྐོར་གྱི་པོད་ལུང་དང་གདམས་ངག་རྨི་ལམ་དུ་ཐོབ་པའི་སྣང་བ་ཡང་བྱུང་། གདམས་པ་འདི་གཞན་འགའ་ཟུང་ལ་ཁྲིད་པས་ཁོང་རྣམས་བདུན་ཕྲག་རེ་ཟུང་བསྒྲུབས་པས་རྟགས་མཚན་ངོ་མཚར་བ་བྱུང་ནས་ངེས་ཤེས་སྐྱེས་པར་གདའ། དེ་བས་ཁྱེད་རྣམས་ང་ཡི་ཟིན་བྲིས་འདི་རྩིས་མ་ཆུང་བར་ངེས་ཤེས་ཀྱིས་ཉམས་སུ་ལོངས་ཤིག །བྱིན་རླབས་མ་བྱུང་ན་པཀཱིས་བསླས་པ་ཡིན་ནོ། །དེ་ཡན་ནི་མཐའ་ཆོད་ལེའུའོ།། ༈ །


CMR028_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་དངོས་ལ་བསྐྱེད་རིམ་བསྙེན་སྒྲུབ། རྫོགས་རིམ་རྩ་རླུང་སེམས་གཉིས་སོ། དང་པོ་ནི། རིན་པོ་ཆེ་ཀརྨ་པས་བྲིས་ཤིང་གཏོར་མ་ལ་བཙུགས་ཏེ་ཞག་བདུན་གྱི་བར་མཆོད་བསྟོད་ཕྲིན་ལས་གཞུང་བཞིན་དུ་བྱས་ན། མ་མགོན་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཤིང་ཕྱི་མའི་མུ་མཐའ་ཐུག་གི་བར་དུ་བསྟན་པ་རིན་པོ་ཆེ་བསྲུང་བར་འགྱུར་རོ། །ཞེས་གསུངས་པའི་དོན་སློབ་དཔོན་གྱི་ཞལ་ཁྲིད་ཁོ་ན་གལ་ཆེ་བ་ནི། དབེན་པའི་གནས་བྲག་ཕུག་སོགས་གཞུང་ལྟར་རམ། །སྦྲ་གུར་ནང་དུའང་རུང་སྟེ། རབ་ས་སྟེགས་རྡུལ་ཚོན་བྲི་ན་ས་ཆོག་དང་བཅས་བྱ། འབྲིང་དཀྱིལ་ཐང་བཏིང་། ཐ་མ་གཞི་གཙང་མའི་སྟེང་དུ་འབྲུ་ཡི་ཚོམ་བུ་ལྷ་གྲངས་སམ་དགུ་བཀོད། དེའི་སྟེང་མཉྫིའམ་ཤིང་བུའི་རྐང་གསུམ་ཁར་ཟངས་ལྕགས་སམ་བྷནྡའི་སྣོད་དུ་གཏོར་མ་ཟུར་གསུམ་སྙིང་ལ་ཟུར་གསུམ་བཏོད་པ་ལྟ་བུ་ཟུར་མི་རྣོ་བ་གཅིག་ལ་ཆུང་བ་བཅུས་བསྐོར། དེ་ལ་མར་ནག་བྱུགས། གཙོ་བོ་ལ་ཧཱུྃ་བྷོའམ་། གྲི་གུག་ཐོད་ཁྲག་ཁ་ཊོ་མེ་རི་སོགས་མར་རྒྱན་དང་ཤས་བརྒྱན། འཁོར་རྣམས་ལ་མེ་ལྕེ་རེ་དང་ཤ་རྒྱན་བཙུགས། དེའི་རྒྱབ་ཤར་དུ་ལྷ་བཤོས། བྱང་དུ་གསང་ཕྱི་སྟོད་


CMR028_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

མར་བྱུག །ནུབ་ཏུ་ཟུར་བཞི་རྩེ་རྒྱལ་ནག །ལྷོར་ཟུར་གསུམ་ཁྲག་གམ་འབྲི་མོག་བྱུག་པ་སྟེ་བཞི་ནི་ཡང་འཁོར། ལྷ་དང་སྲོག་བདག་མ་མོ་བཙན་དང་དབང་ཕྱུག་དགེ་བསྙེན་གྱི་མཐུན་རྫས་སོ། དེ་ལ་གཙོ་འཁོར་གྱི་ཙཀྐི་དང་དར་ནག་གི་གདུགས་ཡོད་ན་འཛུགས། །མ་མགོན་གྱི་ཐང་སྐུ་རྒྱབ་ངོས་ནས་ཚུར་བཤམས་ན་ཙཀྲི་མེད་ཀྱང་ཆོག མཐར་མཐེབ་སྐྱུ་དང་ཤ་དུམ་གྱིས་བསྐོར། དེ་ལ་བདུད་རྩིས་བྲན་ཏེ་ལྷར་བསྐྱེད་ནས་མི་བསྒུལ་གསོ་བྲན་མི་དགོས་པ་རྟག་གཏོར་རམ་རྟེན་གཏོར་ཡིན། དེའི་མདུན་སྣོད་ཅུང་ཟད་ཆེ་བ་གཅིག་ན་རྒྱུན་དུ་བསྔོ་རྒྱུའི་གཏོར་མ་མར་རྒྱན་ལེགས་པོ་ཅན་ཕྱག་ལེན་དཔེའུ་རིས་ལྟར་བཅས་ལ་བཞག་པར་དེ་ཆོ་ག་ནམ་འདོན་ལ་གསོ་བྲན་བྱ། བསྡུ་ན་གསོལ་ཀ་བསྐང་བ་གཉིས་ཀྱང་དེ་གསོ་ནས་འདོན་ཆོག །དེའི་གཡས་སུ་བདུད་རྩི། གཡོན་དུ་རཀྟ། རྒྱས་པར་འབྱོར་ན་གསོལ་ཀའི་གཏོར་མ་ཟུར་གསུམ་གཅིག་ལ་བཅུས་བསྐོར། བསྐང་བའི་གཏོར་མ་གཉིས་ཀྱང་ཕྱག་ལེན་ལྟར་གཡས་གཡོན་གཉིས་སུ་བཤམས། བསྡུ་ན་རྒྱུན་གཏོར་ལ་གསོ་བྲན་བྱས་ནས་འདོན་པས་ཆོག །དཀྱིལ་འཁོར་མཐར། ཤར་དུ་ཁྲག་གི་མཆོད་ཡོན། ཤར་ལྷོར་དུག་


CMR028_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཆུའི་ཞབས་བསིལ། ལྷོར་དབང་པོ་རྣམ་ལྔའི་གཟུགས་ཟན་ལ་བྱས་པའམ་མེ་ཏོག་སྔོན་པོ། ལྷོ་ནུབ་ཏུ་གུ་གུལ་ལམ་ཚིལ་དུམ་སྤོས། ནུབ་ཏུ་རྐང་ཚིལ་འདྲེས་པའི་མར་མེ། ནུབ་བྱང་དུ་ཁྲག་ཞག་གི་དྲི་ཆབ། བྱང་དུ་ལྷ་བཤོས་དམར་ནག་ཟུར་གསུམ་ཤེས་བརྒྱན་པ། བྱང་ཤར་དུ་ཐོད་པའི་ཌ་མ་རུའམ་རྐང་དུང་རྣམས་བཀོད་དེ། རྡུལ་ཚོན་ཡིན་ན་མཆོད་པ་བསྐོར་བཤམ་དང་། ཚོམ་བུ་ལ་མདུན་དུའང་ཆོག །སྤོས་སྦྱོར་ལ་ཙནྡན་ཤ་ཆེན་ནམ། ད་ལི་ཤུགས་པ་བལ་བུ་སྦྱང་དང་བུ་རམ་ཀ་ར་ཚིལ་ཆེན་ཤ་ཆེན་བསྲེས་པ་ཡོད་ན་རབ། མེད་ན་ཤ་ཆེན་རྐྱང་པའི་སྤོས། མཆོད་པ་དེ་རྣམས་སྐམ་ན་ཁ་གསོ་ཡི་བརྗེ་མི་དགོས་སོ། །མེད་ན་དེས་ཆོག །ཡོད་ན་མདུན་དུ་ལྕོག་ཆུང་དུ་རྒྱུན་དུ་བརྗེ་རྒྱུའི་མཆོད་པའང་ཕྲེང་དུ་བཤམས། གཡས་གཡོན་གང་བདེར་ལོགས་སུ་གཏོར་སྒམ་བྱས་ལ་ཐུགས་དམ་གྱི་ཕུགས་གཏོར་གཞན་དག་ཀྱང་ལྟར་བཅས་ལ་འདོན་དུས་གསོའོ། །རང་ཁོ་ན་ལས་རོགས་མེད་ན་གཏོར་གསོས་མཐེབ་ཀྱུ་དང་ཤ་དུམ་ཐུན་གཏོར་སོགས་མང་དུ་འཚག་བྱ། འབྱོར་ན་ཚོགས་ཆུང་མང་པོ་ཡང་བཅས་ལ་བཞག་སྟེ་ལག་པ་བཀྲུ་མི་རུང་བས་སོ། །རང་གི་གདན་


CMR028_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བསྒུལ་མི་རུང་བས་ལེགས་པར་གྲལ་མལ་བཅའ། རྣམ་འཇོམས་སྔགས་པའི་ཆུས་རང་ཁྲུས་བྱས་གནས་ཁང་ལ་གཏོར་ལ་གྲིབ་བསངས། ཆབ་བླངས། རང་དང་གོས་གདན་སྤོས་རུམ་བྱ། སྒོ་རྩར་ཐོ་བརྩེགས་ལ་དེར་གཞི་བདག་གི་དཀར་གཏོར་གཅིག་ཕུལ་ནས། སྒྲུབ་པ་འདི་མཐར་མ་ཕྱིན་བར་དུ་ཕྱི་ཡི་བར་ཆད་ནང་དུ་མ་གཏོང་ལ། ནང་གི་དངོས་གྲུབ་ཕྱིར་མ་བཏང་ཞིག །ཁྱེད་གཞི་བདག་རྣམས་ལ་བདག་གིས་གཟི་བརྗིད་སྟོན་པ་མ་ཡིན་པས་མ་སྐྲག་མ་དངངས་ཕྲག་དོག་མ་བྱེད་པར་གྲོགས་གྱིས་ཤིག །ཅེས་བརྗོད། བགེགས་གཏོར་བསྔོས་ལ་བདེན་སྟོབས་བརྗོད་གནོད་འཚེ་མ་བྱེད་གཞན་དུ་དེངས་བརྗོད། ཆོས་རྣམས་ཐམས་ཅད་སོགས་ཀྱིས་ཆོས་བཤད། སུམྦྷ་ནི་དྲག་ཏུ་བརྗོད་ཅིང་ཁྱིམ་ནང་རྡོ་ཐུན་ནམ་ཡུངས་ཀར་གྱིས་བྲབ། གུ་གུལ་བདུག །སྲུང་འཁོར་བསྒོམ། དེ་ནས་བཟུང་སྟེ་མི་དང་ངོ་མི་གཏུག་པར་མཚམས་དང་ངག་དམ་པར་བཅད་དོ། །དེ་ནས་ཕག་མོ་རྒྱལ་བ་རྒྱ་མཚོ་སོགས་ཡི་དམ་གྱི་བདག་བསྐྱེད་ཆག་མེད་ཡོད་ན་འདོན་ལ་ཐུན་བསྡུ། བདག་བསྐྱེད་མི་འདོན་ནའང་ལག་མཆོད་བདུད་རྩི་བྱིན་རླབས་དེ་ནི་བྱས་ན་ལེགས། འདི་ལ་གོང་ནོན་ཡེ་ཤེས་པ་གཞན་མི་


CMR028_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་ནི་བླ་མ་ཀརྨ་དང་། ཡི་དམ་ཐུགས་རྗེ་ཆེན་པོ་དང་། ཀྱེ་རྡོ་རྗེ། ཆོས་སྐྱོང་བེར་ནག་ཅན་རྣམས་ཆ་ལུགས་མི་འདྲ་ཡང་དོན་ལ་ངོ་བོ་གཅིག་ཡིན་པའི་ལོ་རྒྱུས་དཔག་ཏུ་མེད་པས་ཐེ་ཚོམ་མི་བྱ། སྐྱབས་སེམས་གང་རུང་བྱས་ནས། མགོན་པོའི་མཚལ་སེར་གང་རུང་གི་མངོན་རྟོགས་ཚར་གཅིག་གིས། བདག་བསྐྱེད་མགོན་པོ་བེར་ནག་ཅན་དྲེའུ་ཡི་སྟེང་ན་ཞབས་གཡས་ཅུང་ཟད་བརྐྱང་སྟེ་གཡོན་བསྐུམས་ནས་བཞུགས་པ་ལ་ལྷ་མོ་ཚུར་འཁྱུད་པ་དང་། མདུན་བསྐྱེད་གཞུང་ལྟར་དྲེལ་གྱི་སྟེང་དུ་ལྷ་མོ་ཞལ་ཚུར་གཟིགས་པར་མགོན་པོ་ཕར་འཁྱུད་པ་ལ་འཁོར་རྣམས་གཞུང་ལྟར་ཏེ། བདག་མདུན་བསྐྱེད་དུས་གཅིག་བསྐྱེད་པ་ལས་མངོན་རྟོགས་སོ་སོར་འདོན་མི་དགོས་པ་འདི་རྙིང་མའི་ལུགས་པཀྵིའི་ཡབ་ཆོས་ལུགས་ཡིན། སྤྱན་འདྲེན་དུས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་བདག་མདུན་ལ་སོ་སོར་ཐིམ་པར་དམིགས་པ་མ་ཟིན་གྱི་བར་དུ་སྤྱན་འདྲེན་སྔགས་འདོན། དམ་བཞག་དུས་བདག་བསྐྱེད་ཡི་དམ་གྱི་ཚུལ་མདུན་བསྐྱེད་ཆོས་སྐྱོང་གི་ཚུལ་ལ་དམ་ལ་བཞག་པར་བསམ། དབང་བསྐུར་རྒྱས་གདབ་དུས་བདག་མདུན་གྱི་སྤྱི་བོར་ཀརྨ་པཀྴི་དང་། མགོན་པོའི་ཐུགས་ཀའི་ཧཱུཾ་


CMR028_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྟེང་དུ་པད་ཉི་ལ་རང་གི་ཡི་དམ་གང་ཡིན་ནམ་ལེགས་ལྡན་གྱི་སྐུ་སོར་བཞི་ཙམ་བསྒོམ། མཆོད་བསྟོད་དུས་རང་གི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་དཔག་ཏུ་མེད་པས་བདག་མདུན་སོ་སོ་ཤུལ་མཆོད་ནས་བསྟོད་པར་དམིགས་ཏེ་འདོན། ཚོགས་བྱེད་རྒྱུ་ཡོད་ན་ཚོགས་ཕུད་ཕུལ་ནས་གཏོར་བསྔོས་བྱེད་པ་ཡིན་ཅིང་། མེད་ན་ལྷ་ཚོགས་ཞེས་ཚོགས་གཅིག་བཅས་ལོ་རྒྱུན་དུ་གསོ་བྲན་བྱས་ནས་འདོན་རུང་ལ་རྒྱུན་དུ་ཚོགས་མ་འབྱོར་ཀྱང་འགལ་བ་མེད་དེ། དེ་ཡང་སྔ་དྲོ། ཉིན་ཕྱེད། དགོང་ཀ་མཚན་མོ་དང་ཐུན་བཞི་ལ་མཚལ་མ་བྱེད་ན་བསྟོད་པ་ཡན་ཚར་བཞི་དགོས་ཀྱང་། ཡོངས་རྫོགས་ཚར་བཞི་བྱས་ན་བསྙེན་པ་མི་འགྲོ་བས། སྔ་དྲོའི་ཐུན་ལ་བསྟོད་པ་ཡན་འདོན་ནས་བསྙེན་པ་ཉི་མ་ཕྱེད་ཟིན་ལ་ཁད་བར་བྱ། ཐུན་གཏོར་ལ་བཀུག་གཞུག་བརྡའ་ཙམ་བྱས་ལ་བྱང་ཕྱོགས་དུར་ཁྲོད་མ་ཡབ་ཡུམ་གྱིས་དཀྱིལ་འཁོར་དྲུང་དུ་ཡར་ཕུལ་ལ་བཞག །ངག་མི་བཏང་ཀ་མེད་ཡོད་ན་བཏང་། ཆབ་གཏོར་སོགས་ཆོས་སྤྱོད་ཆག་མེད་ཡོད་ན་འདོན། སླར་ཉིན་ཕྱེད་ནས་མཚལ་མ་ཚར་གཅིག་རབ། མ་ལྕོགས་ནའང་གསོལ་ཀ་འདོན་ནས་སྔར་ལྟར་བསྙེན་པ་དགོང་ཆེན་བར་བྱ། རྟོགས་བསྟོད་ཡབ་ཡུམ་གྱིས་


CMR028_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་གཏོར་ཡར་ཕུལ། ཐུན་མཚམས་དེར་གལ་ཆེ་བའི་བྱ་བ་ཡོད་ན་བྱ། སླར་དགོང་མོ་ནས། རབ་མཚལ་མོ་ཚར་གཅིག །མ་ལྕོགས་ནའང་བསྐང་བ་རྒྱས་བསྡུས་གང་རུང་དང་། དམིགས་པ་དང་བཅས་ཡིག་བརྒྱ་ཚར་གསུམ་འདོན། བདག་སྒྲུབ་མ་ནས་སྔགས་རིང་ཚར་གཅིག་སྔགས་མཆོད་ཀྱི་ཚུལ་དུ་བྱས་ནས་མུན་རུབ་ལ་ཁད་བར་བསྙེན་པ་བྱ། འདས་བྱོན་མ་ཡབ་ཡུམ་གྱི་ཐུན་གཏོར་ཡར་ཕུལ། ཐུན་མཚམས་དེར་ཡི་དམ་ཆོས་སྐྱོང་གཞན་གྱི་ལས་བྱང་དང་གཏོར་བསྔོས། ཟབ་མདོ་སེང་གདོང་མ་སོགས་སྲུང་ཟློག་ཆག་མེད་ཀྱི་རིགས་གང་དགོས་ཚར་བར་བྱ། བསྔོ་སྨོན་གྱིས་རྒྱས་གདབ། མུན་རུབ་ནས་ཡང་མཚལ་མ་བསྟོད་པ་ཡང་འདོན། དེ་ནས་གཉིད་མ་རན་བར་བསྙེན། གང་ཞིག་བླ་མ་ཡབ་ཡུམ་གྱི་ཐུན་གཏོར་ཡར་ཕུལ། རྗེས་ཆོག་དང་ཐུན་བསྡུ་བ་སོགས་མཚམས་གྲོལ་དུས་བར་མི་བྱ། བདག་མདུན་གསལ་བར་བསྒོམ་བཞིན་པར་སེམས་ལྟ་བར་བསྐྱེད་རྫོགས་ཟུང་འཇུག་བསྒོམ་པ་མ་གཏོགས་མཐའ་ནས་དབུས་ཡལ་སོགས་བློས་བྱས་ཀྱི་རྫོགས་རིམ་མི་བསྒོམ་པར། ཐུགས་ཀའི་ཧཱུྃ་ལ་རིག་པ་གཏད་དེ་ཉམས་ལེན་ངང་ལ་ཉལ། ཕྱིར་ནངས་ཞོགས་པ་ནས་བརྩམས་


CMR028_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཐུན་གྱི་ཚུལ་སྔ་ཉིན་ལྟར་བྱའོ། །དེའང་གནད་ཀྱི་མན་ངག་གྲུབ་ཆེན་ཀརྨ་པཀྵིའི་ཁྱད་ཆོས་བསྲེ་བ་སྐོར་གསུམ་གྱི་རྩ་བ་ནི། རང་ཉིད་མགོན་པོ་དང་མདུན་བསྐྱེད་མགོན་པོའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་མཐིང་ནག་ལངས་ཏེ་གནས་པའི་མཐར་མདུན་ནས་བརྩམས་ཏེ་ཡི་གེ་ངོ་ཕྱིར་ལྟ་བར།་ཨོ་བཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཿ ཞེས་གཡོན་བསྐོར་དུ་བཀོད་པ་དང་། བདག་མདུན་ལྷ་མོ་གཉིས་ཐུགས་ཀར་ཉི་མའི་སྟེང་དུ་བྱོཝསྔོན་པོ་ལ་མདུན་ནས་བརྩམས་ཏེ་ཡིག་ངོ་ནང་དུ་ལྟ་བར། ཨོཾ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཿ ཞེས་གཡས་བསྐོར་དུ་བཀོད་དེ། དང་པོ་དེ་དག་ཀློག་པའི་ཚུལ་དུ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཿ ཞེས་བཟླས་ཏེ། དེའང་སྐུའི་སྔགས་ལྷ་སྐུ་བསྒོམ་པ་དང་། ཐུགས་ཀྱི་སྔགས་ཏིང་ངེ་འཛིན་བསྒོམས་པས་འཐུས་ཤིང་། ཞལ་སྦྱོར་གསུང་གི་སྙིང་པོ་ཡིག་འབྲུ་བཅུ་གསུམ་པ་འདི་ཉིད་བཟླ་བ་གལ་ཆེ་བའི་སྔགས་སུ་གསུངས་སོ། །དེ་ན་སྔགས་ཚན་བཞིའི་མགོན་པོའི་སྔགས་གཡས་དང་། ལྷ་མོའི་སྔགས་གཡོན་དུ་སོ་སོར་ཀྱི་ལི་ལི་དང་པོ་དལ་བུའི་འཁོར། དེ་ནས་ཇེ་མགྱོགས་སུ་དང་། དེ་ནས་དྲག་ཏུ་འཁོར་བཞིན་པ་ལས་འོད་ཟེར་ཁ་དོག་སྣ་ཚོགས་


CMR028_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུར་འཕྲོས་པས་ནམ་མཁའི་མཐར་ཐུག་པའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་བླ་མ་རིག་འཛིན་གྲུབ་ཐོབ་སངས་རྒྱས་བྱང་སེམས་ཡི་དམ་ལྷ་ཚོགས་ཡེ་ཤེས་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་ལ་འོད་ཟེར་དེ་ཕོག་པས་སྐུ་གསུང་ཐུགས་བདེ་བ་ཆེན་པོས་ཤིན་ཏུ་མཉེས་ནས་དེ་ཐམས་ཅད་མ་མགོན་གྱི་སྐུ་ཁོ་ནར་གནས་འགྱུར་ཏེ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས་ཁ་བ་བུ་ཡུག་ལྟར་ཆི་ལི་ལི་བྱོན་ནས་བདག་དང་མདུན་བསྐྱེད་ལ་སིབ་སིབ་ཐིམ་པར་རྩེ་གཅིག་ཏུ་བསྒོམས་ལ་བཟླས་པ་བྱ་བ་ནི་བསྙེན་པ་དང་ཉེ་བར་བསྙེན་པ་སྟེ་རྩེ་བ་ཡིན་ནོ། །དེ་ནས་ཡང་གཞན་ཐམས་ཅད་གོང་དང་འདྲ་བ་ལས། རང་གི་ཐུགས་ཀའི་སྔགས་འཁོར་བཞིན་པ་ལས་མཐིང་ཁ་ཤས་ཆེ་བའི་འོད་ཟེར་ཁ་དོག་ལྔ་ལྡན་འཕྲོས་པ་ཞལ་ནས་ཐོན་པར་སྟོང་སྐུད་སྐྱ་ཕྱེས་པ་ལྟར་གཉིས་སུ་གྱུར་ཏེ་མདུན་བསྐྱེད་ཡབ་ཡུམ་གཉིས་ཀྱི་ཞལ་དུ་སོ་སོར་ཞུགས་པ་མཆོད་པར་གྱུར་པས་མཉེས། ཐུགས་ཀའི་སྔགས་འཁོར་གཉིས་ལ་ཐིམ་པས་སྔགས་འཁོར་ཡང་སྔོན་ལས་མགྱོགས་པར་དྲག་ཏུ་འཁོར་བས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་ས་བོན་ཧཱུྃ་དང་བྷོ་ལས་འོད་ཟེར་སོ་སོ་ནས་བྱུང་བ་སྦྱོར་མཚམས་ནས་ཐོན་འོད་ཟེར་གཅིག་ཏུ་གྱུར་


CMR028_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཚུར་བྱུང་རང་ཡབ་ཡུམ་སྦྱོར་མཚམས་རྡོ་རྗེའི་སྦུག་ནས་ཞུགས་ཏེ་རང་གི་ཐུགས་ཀའི་ཧཱུཾ་ལ་ཐིམ་པས་མ་མགོན་གྱི་བྱིན་རླབས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསྒོམ་སྟེ། དེ་ཡང་དང་པོ་འོད་ཟེར་དང་གོམས་ནས་བཟླའི་སྔགས་ཕྲེང་དུ་བསྒྱུར་ཏེ་བདག་མདུན་བར་དུ་འཁོར་ཚེ་ཡང་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་བྱིན་རླབས་ནུས་པ་དངོས་གྲུབ་ཐམས་ཅད་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་དང་ལྷ་འདྲེ་མི་གསུམ་གྱི་ཚེ་བསོད་ནམས་ལོངས་སྤྱོད་མཐུ་ནུས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་སྔགས་ཕྲེང་ལ་ཐིམ་པས། དེ་ཕར་ལ་མཆོད་པའི་ཚུལ་དང་། ཚུར་དངོས་གྲུབ་ཀྱི་ཚུལ་དུ་བསྒོམ་པ་སོགས་གོང་ལྟར་ལ་བཟླས་པ་བྱ་བ་ནི་སྒྲུབ་པ་དང་སྒྲུབ་པ་ཆེན་པོའོ། །དེ་ཡང་ཐུགས་ཀའི་ས་བོན་མཐར་སྔགས་ཕྲེང་འཁོར་བ་ནི་ཟླ་དཀར་ཕྲེང་བ་ལྟ་བུའི་བཟླས་པ་དང་། བདག་མདུན་བར་དུ་འཁོར་བ་ནི་མགལ་མེའི་འཁོར་ལོ་ལྟ་བུའི་བཟླས་པ་ཞེས་བྱའོ། །དེ་ལྟར་མཚམས་ཞག་བདུན་བྱེད་ན། ཞག་གསུམ་བསྙེན་པ་དང་། ཞག་གསུམ་སྒྲུབ་པའི་དམིགས་པ་བྱ། ཞག་བདུན་གསུམ་བྱེད་ན་བསྙེན་སྒྲུབ་ཀྱི་


CMR028_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་གཉིས་སོ་སོར་ཞག་བདུན་རེ་ལ་བྱའོ། །ཡང་ན་བསྙེན་སྒྲུབ་ཀྱི་དམིགས་པ་རྣམས་ཐུན་ཁང་རེ་ལ་རྫོགས་པར་བྱ་བའམ། ཐུན་བཞི་ལ་སོ་སོར་དམིགས་པ་རེ་རེ་ཨུ་ཚུགས་བྱས་ལ་བསྒོམ་ཡང་རུང་ངོ་། །དེ་ནས་ཡང་གཞན་ཐམས་ཅད་གོང་དང་འདྲ་བ་ལས། བདག་མདུན་བར་གྱི་སྔགས་ཕྲེང་དེ་ཞོགས་པ་ནས་ཉི་དྲོས་བར་མུ་ཏིག་གི་ཕྲེང་བ་ལྟ་བུར་འཕྲོས་པའི་འོད་དཀར་པོའི་ཞི་བའི་ལྷ་ཐམས་ཅད་ཀྱི་བྱིན་རླབས་བསྡུས་ཏེ་མདུན་བསྐྱེད་ཡབ་ཡུམ་གྱི་ཞལ་དུ་སྔགས་ཕྲེང་སོ་སོར་གྱུར་ཏེ་ཞུགས་ཞི་བའི་མཆོད་པར་གྱུར། ཐུགས་ཀར་ཐིམ་པས་ཞི་བའི་ཕྲིན་ལས་སྒྲུབ་པར་ཐུགས་རྒྱུད་བསྐུལ། ཐུགས་ཀའི་སྔགས་འཁོར་ལས་ཞི་བའི་དངོས་གྲུབ་ཀྱི་སྔགས་ཕྲེང་དཀར་པོ་སོ་སོ་ནས་བྱུང་བ་སྦྱོར་མཚམས་ནས་ཚུར་བྱུང་བ་དེ་ལས་འོད་ཟེར་ཟླ་བ་ཤར་བ་ལྟ་བུའི་རང་དང་བསྲུང་བྱའི་ནད་གདོན་འཇིགས་པ་བརྒྱད་དང་བཅུ་དྲུག་སོགས་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་ཞི་བར་བྱས་ནས་རང་ཡབ་ཡུམ་སྦྱོར་མཚམས་རྡོ་རྗེའི་སྦུབས་ནས་ཞུགས་པས་ལུས་འོད་ཟེར་དཀར་པོའི་ཁྱབ། དེས་རང་གི་སྡིག་སྒྲིབ་ཉོན་མོངས་ནད་གདོན་ཐམས་ཅད་ཞི་ཞིང་ས་བོན་ལ་ཐིམ་པར་བསྒོམ་ཞིང་བཟླ། དེས་


CMR028_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་འགྲེས་ཏེ། ཉི་དྲོས་ནས་ཕྱེད་ཡོལ་བར་སྔགས་ཕྲེང་སེར་པོའི་འཕྲོ་འདུའི་རྒྱས་པའི་ལྷ་ཚེ་དཔག་ཛམ་ལྷ་སོགས་བྱིན་རླབས་བསྡུ་བ་དང་། རང་དང་བསྲུང་བྱའི་ཚེ་བསོད་ནམས་ཟླ་བ་ཡར་ངོ་ལྟར་བསྒོམ་པ་གོང་ལྟར། དགོང་ཀ་ནས་ཉི་མ་ཐལ་བར། སྔགས་ཕྲེང་དམར་པོས་དབང་གི་ལྷ་ཀུ་རུ་ཀུལླེ་སོགས་ཀྱི་བྱིན་རླབས་བསྡུ་བ་དང་། རྒྱལ་བློན་འབངས་འཁོར་ཡུལ་ཁམས་སྣང་སྲིད་ཐམས་ཅད་ཤ་རུལ་ལ་སྦྲང་མ་ལྟར་དབང་དུ་འདུ་བར་བསྒོམ་པ་སོགས་དང་། མུན་རུབ་ནས་ཉལ་ཁ་ཚུན་སྔགས་ཕྲེང་མཐིང་ནག་དང་འོད་ཟེར་ནག་པོ་ཚ་ལ་རྩུབ་པས། དྲག་པོའི་ལྷའི་བྱིན་རླབས་མཐུ་ནུས་བསྡུ་བ་དང་། གནོད་བྱེད་ཐམས་ཅད་མེ་ལྕེའི་ཁ་ཡི་སྦྲང་མ་ལྟར་བསད་བཅད་གཏུབས་པ་དང་། རང་གི་ཉོན་མོངས་བདུད་བཞི་ཚར་བཅད་པར་བསྒོམ་པ་སོགས་ནི་ལས་སྦྱོར་དམིགས་པའོ། །དེ་ལ་སྔགས་ཕྲེང་སྐོར་རེ་རེའི་མཐར་ཤམ་བུ་རེ་རེ་སྦྱར་ཏེ། ཞི་བ་ལ་ནད་གདོན་བར་ཆད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། རྒྱས་པ་ལ། ཚེ་བསོད་དཔལ་འབྱོར་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། དབང་ལ། ཁམས་གསུམ་སྲིད་གསུམ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། དྲག་པོ་ལ། གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ།


CMR028_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་སྦྱར། དེ་དག་ནི་ཞག་བདུན་བསྒྲུབས་ན་ཞག་གཅིག་དང་། བདུན་གསུམ་བྱེད་ན་བདུན་གཅིག་ལ་བྱ་བ་ལས་སྦྱོར་ཏེ་ཁྲིག་ཁྲིག་ནི་མེད། ཡང་ན་ལས་སྦྱོར་གང་རུང་རེའམ། བཞི་ཀ་ལ་རྟགས་མ་ཐོན་བར་དུ་ཞག་གསུམ་མམ། བདུན་རེ་ཙམ་བྱས་ན་ནི་ཕྱི་ནང་གི་རྟགས་གསལ་པོ་འབྱུང་ངོ་། ༈ །དེ་ལ་དུས་ཀྱི་བསྙེན་པ་ནི། རབ་ཀྱིས་ཞག་བདུན། འབྲིང་བཅུ་བཞིའམ་ཉེར་གཅིག །ཐ་མ་ཟླ་བ་གཅིག ཡང་ཐ་ཟླ་བ་གསུམ་གྱིས་འགྲུབ། གྲངས་ནི་རབ་འབུམ་ཕྲག་གཅིག་གམ། འབྲིང་འབུམ་ཕྲག་བཞི། ཐ་མ་འབྲུ་གསུམ་སྟེ་འབུམ་ཕྲག་བཅུ་གསུམ། ཡང་ཐ་ནི་འབུམ་ཕྲག་ལྔ་བཅུ་རྩ་དྲུག་སྟེ། བྱེ་ཆུང་ལྔ་དང་ཁྲི་ཚོ་དྲུག་ཅུའི་ངེས་པར་འགྲུབ་བོ། ༈ །དེ་ལ་རྟགས་ནི་རབ་དངོས། འབྲིང་ཉམས། ཐ་མ་རྨི་ལམ། ཡང་ཐ་ཡིད་ཡུལ་དུ་འཆར་ཏེ། སྐུའི་རྟགས་ཞལ་མཇལ། བྲིས་འབུར་གྱི་སྐུ་རྙེད་པ། གསུང་གི་རྟགས་སྔགས་སྒྲ་ཐོས། སྐུ་མ་མཐོང་ཡང་ལུང་བསྟན་གྱི་སྒྲ་ཐོས་པ། རྒྱུད་དང་སྒྲུབ་ཐབས་ཀྱི་དཔེ་ཆ་ལེགས་པོ་རྙེད་པ། ནམ་མཁའ་ལ་ཡིག་འབྲུ་མཐོང་བ། ཐུགས་ཀྱི་རྟགས་ལ་མ་མགོན་གྱི་ཕྱག་ཚ་རྡོ་དྲིལ་ཌ་མ་རུ་རྙེད་པ་སོགས་


CMR028_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྤྱིར་བཤད་པ་ལ། བྱེ་བྲག་རང་གི་བླ་མ་སློབ་དཔོན་ཆོས་གྲོགས་དམ་ཚིག་གཅིག་པ། མི་ནག་གསུས་འཕྱང་ཕ་ཁུ་ཞང་བློན་དཔོན་རིགས་ཆས་བཟང་སོགས་དགའ་ཞིང་གུས་པ། །གོས་ནག་པོ་བཟང་པོ་གྱོན་པ། མཚོན་ཐོགས་པ། སྔགས་པ་རྔ་དར་ཆེན། རང་ཉིད་ཆས་བཟང་རྡོར་དྲིལ་ཐོགས་པ།་མི་ནག་པོ་སྦོམ་ཐུང་གསུས་འཕྱངས་བ། བྱ་ནག་ཁྱི་ནག་རྟ་ནག་གཡག་ནག་སོགས་མགོན་པོའི་རྟགས་དང་། རྟགས་བཟང་ཡང་དགའ་ཚོར་ལ་ངན་ཡང་རྣམ་རྟོག་སོགས་གང་ཡང་མི་བྱ། རྟགས་བཟང་ངེས་དུས་དངོས་གྲུབ་ལེན་ཆོག་བདུད་རྩི་ལྕེ་ལ་བཞག །ལྷ་མོའི་རྟགས་མཁའ་འགྲོས་གཏམ་སྨྲ་བ། དྲི་བཟང་བྲོ་བ། ལུས་ལས་འོད་བྱུང་བ། སྔར་མི་ཤེས་པའི་ཆོས་དང་སྔགས་རང་གིས་ཐོལ་བྱུང་དུ་སྨྲ་བ། གླལ་བ་སོགས་སྐྱུགས་ཤིང་མཆི་མ་འོང་བ། སྙིང་དགའ་ནས་ཅི་བྱེད་མི་ཚོར་བ། ལུས་སེམས་ལ་བདེ་བ་སྐྱེས་པ། བུད་མེད་དཀར་སེར་དམར་ལྗང་རལ་པ་ཅན་བུད་མེད་ཀྱི་ཁྲོམ་ཚོགས་འདུ་བ། མེ་ཏོག་གི་ཆར། འབྲུག་སྒྲ་རླུང་འཚུབ་འཇའ་འོད། གཡུ་དང་རལ་གྲི་རྩེ་གསུམ་ནེའུ་ལེ་རྨ་བྱའམ་སྒོ། ཁྲག་མཚོ་སྤྲུལ། དྲེལ་དང་བོང་བུ་ཤ་བ། མ་སྲིང་སྲུ་མོ་བུད་མེད་རྒྱན་ཅན་


CMR028_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དངོས་གྲུབ་ཀྱི་རྫས་སྟེར་བ། གྲོགས་ཀྱི་ཚུལ་དུ་སྟོན་པ། མིག་འདར་ཞིང་འགུལ་བ་དང་། །རང་གིས་ལེགས་ཉེས་ཐོལ་བྱུང་དུ་སྨྲ་བ། ལུས་འདར་བ། ཁང་པ་འཚག་པ། སྒོ་བརྡུང་བ། ཐིབ་ཐིབ་གནོན་པ། ཐལ་ཐལ་གཏམ་སྨྲ་བ་ལ་སོགས་པ་དང་། གཞན་ཡང་རང་གྱེན་ཁ་ལ་འགྲོ་བ། ནམ་ལངས་བ། ཉི་ཟླ་ཤར་བ། ནམ་མཁར་འཕུར་བ། རི་མཐོན་རྩེར་ཕྱིན་པ། དར་ཕྱར་བ། དུང་འབུད་པ། རོལ་མོ་སྒྲོགས་པས་སྐད་སྙན་པ་དང་། ཆེ་བར་མཐོང་པ་སོགས་ནི་འགྲུབ་པའི་རྟགས་དང་བཅོས་མིན་གྱི་མོས་གུས་དང་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་བརྟན་པོ་དང་། རང་སེམས་ངོ་བོ་རྗེན་པར་མཐོང་། མ་མགོན་རང་སེམས་དབྱེར་མེད་དུ་རྟོགས་པ་སོགས་ནི་མཆོག་གི་རྟགས་སོ། །བྱ་བྲལ་སྤྲང་པོ་དབྱུག་ཐོགས་བྱུང་ན་མཆོད་གཏོར་བཟང་དུ་བསྐྱེད་དོ། །བུད་མེད་ངུ་བ་དང་མཆི་རིས་ཅན་རྒྱན་བཀྲོལ་ནས་གཏད་པ། ཡུགས་ས་མཛེ་མོ་བུད་མེད་འཐབ་པ་དང་འཁྲོ་བ། མི་རྟ་བྱ་ཁྱི་གཡག་ནག་རང་ལ་འཚེ་བ། བྱིངས་རྨུགས་འཐིབས་ཤིང་། ནད་རྙིང་སོགས་ལུས་མི་བདེ་བ་བྱུང་ན་བསྐང་བ་མང་དུ་འདོན་ལ་ཐུན་མཚམས་སུ་བདག་མདུན་གྱི་


CMR028_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོར་རྡོར་སེམས་བསྒོམ་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་དམ་ཚིག་ཉམས་ཆག་དང་མ་མགོན་གྱི་ཐུགས་མི་མཉེས་པ་ཐམས་ཅད་དག་པར་བསྒོམས་ལ། ཨོཾ་ས་མ་ཡ། ཨཱས་མ་ཡ། ཧཱུྃ་ས་མ་ཡ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཿ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས། སཏྭ་ཨཱ༔ ཞེས་སྦྱར་བའི་ཡིག་བརྒྱ་ཚར་ཅི་ལྕོགས་འདོན། དེས་ནི་བཀྲ་ཤིས་པ་དང་། ས་མ་ཡའི་དམ་ཚིག་གི་སྔགས་སྡེབས་ཟབ་ཁྱད་ཅན་ནོ། །ཡང་སྒྲུབ་པ་དུས་སམ་ནམ་ཡང་རུང་བ་དངོས་སམ་རྨི་ལམ་དུ་ལྷ་ཁང་དཔེ་རུལ་གོག་པ་དང་བནྡེ་དམ་ཉམས་རིགས་སོགས་གདོན་རྟགས་དང་། གཞན་ཡང་དམ་སྲིའི་བར་ཆད་རྟགས་བློ་སྙིང་མི་བདེ་བ་བྱུང་ན་རང་ངམ་མདུན་བསྐྱེད་མགོན་པོའི་ཕྲག་གོང་གཉིས་སུ་བྱ་རོག་ནག་ལ་དམར་མདངས་ཅན་གཉིས་བསྒོམ། །དེ་ལས་བྱ་རོག་དཔག་ཏུ་མེད་པ་ཐམས་ཅད་བྱ་ཁྱུང་ལྟར་འཁྱིལ་ཞིང་སྟོབས་དང་ལྡན་པ་གཤོག་སྒྲ་འབྲུག་ལྟར་ཚག་སྒྲ་འུར་སྒྲ་དང་བཅས་འཇིག་རྟེན་ཐམས་ཅད་གང་བ་འཕྲོས། འཕུར་འཇུམ་ལྡིང་གསུམ་བྱེད་ཅིང་མཆུ་སྡེར་གནམ་ལྕགས་ལས་གྲུབ་པས་གནོད་བྱེད་འབྱུང་པོ་ཐམས་ཅད་བྱེའུ་ཡིས་འབུ་སྲིན་བཏུས་པ་ལྟར་ཟོས་ནས་ཐམས་ཅད་ཚུར་འདུས། ཕྲག་གོང་བྱ་རོག་


CMR028_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་ཐིམ། ཡང་མགོན་པོའི་ཐུགས་ཀ་ནས་བྱ་རོག་སྤྲོས་པས་གོང་ལྟར་བྱས་ནས་ཐུགས་ཀར་བསྟིམ། དེ་གཉིས་རེས་མོས་སུ་བསྒོམས་ནས་སྔགས་ཤཱ་ས་ནའམ་རྩ་སྔགས་ལ་གནོད་བྱེད་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ། ཅེས་སྦྱར་ལ་བརྒྱ་རེ་ཙམ་བཟླས་ནས་ཐུན་གཏོར་ཕྱག་ལེན་ལྟར་འབུལ་ལོ། །དེ་ལྟར་ཞག་བདུན་ལས་མི་ཉུང་བར་སྒྲུབ་པ་བྱ་སྟེ། གྲུབ་ཆེན་ཀརྨ་པཀྵིའི་གསུང་ལས། མགོན་པོ་ཡབ་ཡུམ་བདག་བསྒོམ་དུ་བྱས་ནས། ཡེ་ཤེས་སེམས་དཔའ་རྒྱུན་ཆད་མེད་པར་བསྟིམ་ཞིང་བསྙེན་པ་ནུས་ཚད་དུ་བྱས་ན། མཐུ་སྟོབས་མ་མགོན་འཁོར་བཅས་དང་མཉམ་ཞིང་། མིང་ཐོས་པ་ཙམ་གྱིས་ཀྱང་ཐམས་ཅད་སྐག་ཅིང་འཛམ་གླིང་ཟིལ་གྱིས་གནོན་པར་འགྱུར་རོ། །ཞེས་དང་། ཞག་བདུན་གྱི་བར་དུ་བསྟོད་བསྐུལ་ཕྲིན་ལས་གཞུང་བཞིན་དུ་བྱས་ན། མ་མགོན་ལུས་དང་གྲིབ་མ་ལྟར་འགྲོགས་ཤིང་ཕྱི་མའི་མུ་མཐར་ཐུག་གི་བར་དུ་བསྟན་པ་རིན་པོ་ཆེ་བསྲུང་བར་འགྱུར་རོ། །ཞེས་གསུངས་པའི་དོན་ཡིན་ནོ། ༈ །དེ་ནས་སྒྲུབ་པ་ཞག་དྲུག་བདུན་སོང་བའི་མཚན་མོའམ། ཡུན་རིང་བྱས་ན་གྲོལ་ཁ་ཉི་མ་གཅིག་ལ་ལས་སྦྱོར་བརྡའ་ཙམ་ཞིག་བྱེད་དགོས། དེ་མ་བྱས་ན་རྣལ་འབྱོར་


CMR028_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཚེ་ཐུང་བ་མགོན་པོའི་རྒྱུད་རྣམས་ལས་བཤད་པས། ཟིན་ལིང་གཅིག་ལ་བསྟན་པའི་སྤྱི་དགྲ་དང་རང་གི་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པའི་གནོད་བྱེད་ཐམས་ཅད་བཀུག་གཞུག་བྱས་ལ་བསྒྲལ་ལས་ཕུར་འདེབས་རྒྱས་པ་ལས་འགྲིགས་ལྟར་རམ། བསྡུ་ན་ཤཱ་ས་ན་བརྒྱ་ལས་མི་ཉུང་བ་འདོན་ཅིང་། མདུན་བསྐྱེད་བེར་ཕྱི་མའི་སུལ་ནས་མཚོན་ཆ་སྣ་ཚོགས་ཆར་བབས་པས་དགྲ་བགེགས་ཐམས་ཅད་རྡུལ་དུ་བརླག་པར་དམིགས་ལ། ཕུར་པའམ་གྲིས་ལིང་ག་དེ་གཏུབ་སྟེ་དམར་གཏོར་ཆེ་བ་གཅིག་བཤམ་པའི་ནང་དུ་བླུགས་ནས་བྲན་ལ། མ་མགོན་གྱི་བསྐུལ་པ་ཤེས་ཚད་བཏོན་ལ། གཟའ་དང་མཁའ་འགྲོའི་གདོང་མ་ཐུག་པར་གནོད་བྱེད་ཀྱི་སོགས་རྒྱང་རིང་སར། གསེར་སྐྱེམས་དཀར་གཏོར་བཞེས་འབོད་དང་བཅས་ཟོར་དུ་འཕེན་པ་ནས་༔ དངོས་གྲུབ་བླང་བའི་བར་ཕྱག་ལེན་ལྟར་བྱ། ཟོར་འཕེན་མ་འགྲིགས་ཀྱང་ཕྱོགས་གཙང་སར་ཕྱི་རོལ་དུ་རྒྱང་བསྲིངས་ལ་ཕུལ་བཅུག་གོ །དེ་ནས་རབ་མཚལ་མ་གཅིག་མ་འགྲུབ་ནའང་བསྐང་བ་ཚར་གཅིག་གཏང་རག་ཚུལ་དུ་བཏང་ནས། སྒྲུབ་གཏོར་དེ་ཉིད་མ་མགོན་འཁོར་བཅས་སུ་གསལ་བའི་བེར་ནང་མའི་སུལ་ནས་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་བབས་


CMR028_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

པས་རང་གི་གནས་ཁང་ཕྱུར་བུར་གང་བ་དང་། དཔྲལ་མགྲིན་ཐུགས་ཀ་རྣམས་ནས་སྐུ་དང་སྔགས་ཕྲེང་ཧཱུཾ་བྷོ་ཐིག་ལེ་ཕྱག་མཚན་སོགས་ཆར་བབ་པ་ལྟར་རང་གི་གནས་གསུམ་ལ་ཐིམ་པས་དབང་དང་དངོས་གྲུབ་ཐོབ་པར་བསྒོམ་ལ་བསྙེན་པ་དང་། དངོས་གྲུབ་ལེན་ཆོག་གི་སྔགས་སྟོང་ངམ་བརྒྱ་སོགས་བཟླས་ཏེ་རང་གིས་རྡོར་དྲིལ་དང་བཅས་གཏོར་མ་དེ་བཟུང་ལ། ཧཱུྃ། ཆོས་ཀྱི་དབྱིངས་སོགས་དམིགས་པ་དང་བཅས་འདོན་ལ་རང་གི་གནས་གསུམ་དུ་གཏུགས་ཏེ་རྩ་སྔགས་ཤམ་དུ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོ། རྩ་སྔགས། ཝཱཀྐ་ཨ་བྷི་ཥིཉྩ་ཨཱ༔ རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་དེ་དབང་བླང་། སླར་གཏོར་མའི་ལྷ་དེ་ནམ་མཁར་ཡིད་ཀྱིས་བཏེག་ལ། གཏོར་མ་དེ་བྲན་ནས་བྱིན་གྱིས་རླབས་ཏེ། བྷྱོ། གཞོང་པ་རྣམ་དག་སོགས་ཀྱིས་གཏོར་མ་བསྔོ་བསྟོད་པ་བྱ། དེ་ནས་རྗེས་ཆོག་གི་མཆོད་བསྟོད་བཤགས་པ་སོགས་གཞུང་ལྟར་བྱ་ཞིང་། མདུན་གྱི་ཡེ་ཤེས་པ་གཤེགས་པའམ་རྟེན་ལ་བསྟིམ། དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་ཡེ་ཤེས་པ་ནི་བྱང་ཆུབ་མ་ཐོབ་བར་དུ་མི་གཤེགས་པ་ཕྱག་རྒྱ་སྒོ་བཅད་ཀྱི་སྒྲུབ་པ་ཞེས་བྱ་བ་གསང་སྔགས་རྙིང་མའི་ཁྱད་ཆོས་སོ། །


CMR028_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཐམས་ཅད་ཀྱང་འཇིག་རྟེན་པ་རང་རྒྱུད་པ་མིན་ཅིང་མ་མགོན་གྱི་སྤྲུལ་པ་ཆགས་ལུགས་འཇིག་རྟེན་ལྟར་སྟོན་པ་ཁོ་ནར་གསུངས་པས་རང་ལ་བསྡུ། ཡུམ་ཡབ་ལ་ཡབ་ཧཱུྃ་ལ་ཧཱུཾ་གྱེན་རྫོགས་སུ་ཡལ་བར་སྟོང་ཉིད་ཀྱི་ངང་ལ་བཞག །བསྔོ་བ་སྨོན་ལམ་བཀྲ་ཤིས་སོགས་རྒྱས་པར་བྱ། རྟེན་རྫ་ས་ཙཀ་ལི་སོགས་གཞན་གྱིས་མི་མཐོང་བར་རྟེན་སྒམ་དུ་འཆང་། སྒྲུབ་གཏོར་ཕྱི་མི་ལ་མི་སྦྱིན་པར་དངོས་གྲུབ་ཏུ་རོལ། དུམ་བུ་མཛོད་དམ་རྐང་ཚེ་སོགས་སུ་དངོས་གྲུབ་རྫས་སུ་འཆང་། གཏོར་རྩེ་མངའ་གསོལ་དུས་བསང་དུ་འབུལ་ལོ། །བསྒྲུབས་རྗེས་ཤུལ་མི་མངོན་པར་བྱ། དེས་ནི་བསྙེན་སྒྲུབ་ལག་ལེན་བསྟན་ཟིན་ཏོ། །ད་ནི་རྒྱུན་ཁྱེར་ཐུགས་དམ་བྱ་ལུགས་ནི། ཕུགས་གཏོར་གྲ་ལ་མ་མགོན་རྒྱུན་གཏོར་གཅིག་བཅས་ལ་བཞག་གཏོར་མགྲོན་གྲྭ་ལ་འདོན་པའམ། མཚལ་སེར་གང་རུང་ཁ་རྐྱང་ལ་འདོན། བདག་ལྷར་བསྐྱེད་པ་དང་། མདུན་གྱི་གཏོར་མའི་རྩེ་ལྷ་དང་སྨད་མཆོད་པར་བསྐྱེད་དེ་གཏོར་བསྔོས་བསྟོད་པ་བྱ། དེ་ནས་བསྙེན་པ་ནི། རང་མགོན་པོའི་ཐུགས་ཀའི་སྔགས་འཁོར་ལས་སྔགས་ཕྲེང་འཕྲོས་རང་གི་ཡུམ་གྱི་ཞལ་དུ་ཞུགས། རང་གི་ཡུམ་གྱི་ཞལ་དུ་ཞུགས། །


CMR028_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་སྔགས་ཕྲེང་འཁོར་ལ་ཕོག་པས་ཐུགས་རྒྱུད་བསྐུལ་བྱིན་རླབས་དངོས་གྲུབ་སྔགས་ཕྲེང་གི་རྣམ་པར་ཚུལ་བྱུང་བྷ་ག་ནས་རང་གི་རྡོ་རྗེའི་སྦུག་ནས་ཞུགས། རང་གི་ཐུགས་ཀའི་ཧཱུཾ་ལ་ཐིམ་པས་དཔལ་ལྡན་རང་བྱུང་རྒྱལ་མོའི་བྱིན་རླབས་དངོས་གྲུབ་ཐོབ་པར་བསྒོམས་ནས་བསྙེན་པ་བརྒྱ་སྟོང་སོགས་ཅི་ལྕོགས་བྱ་བ་ནི་ཡབ་ལ་བསྟེན་ནས་ཡུམ་སྒྲུབ་པའི་གདམས་པའོ། །ཡང་བདག་བསྐྱེད་ལྷ་མོ་ལ་མགོན་པོས་ཚུར་འཁྱུད་པར་བསྒོམས་ནས་སྔགས་ཕྲེང་གོང་ལྟར་ལ་རང་ལྷ་མོའི་ཐུགས་ཀའི་བློ་ལ་ཐིམ་པས་དཔལ་མགོན་པོའི་བྱིན་རླབས་དངོས་གྲུབ་ཐོབ་པར་བསྒོམས་ནས་བསྙེན་པ་བྱ་བ་ནི་ཡུམ་ལ་བསྟེན་ནས་ཡབ་སྒྲུབ་པ་སྟེ། ཡབ་ཡུམ་ལྡོག་བསྒོམ་བསྐྱེད་རིམ་གྱི་བོགས་འདོན་ཡང་ཡིན་ཞིང་ལྷག་པར་འགྲུབ་སླ་བ་མི་བསྐྱོད་རྡོ་རྗེས་གསུངས། དེ་ཡན་ནི་བསྐྱེད་རིམ་གཙོ་བོ་ཡིན་པས། ཚོགས་སྒྱུར་བའི་མཚལ་མ་ཚར་རེ་གལ་ཆེ་བ་ཡིན། དེ་ལྟར་མ་གྲུབ་ནའང་རང་ཉིད་སྐད་ཅིག་གིས་མ་མགོན་ཞལ་སྦྱོར་གཙོ་ཀྱང་བསྒོམས་ལ་བསྙེན་སྒྲུབ་དུས་ཀྱི་དམིགས་པ་དང་བཅས་ཅི་ནུས་བསྙེན་ནས། གཏོར་བསྔོས་ཐ་ནའང་མ་དག་མ་ཙམ་མ་ཆག་པར་བྱའོ། ༈ །དེ་ནས་རྫོགས་རིམ་རྩ་རླུང་ཐིག་


CMR028_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ལེའི་མན་ངག་ནི། བསྙེན་བརྒྱུད་གཞུང་ལས། མགོན་པོའི་རིགས་བསྡུས་ལ་བསྟེན་ནས་མཆོག་སྒྲུབ་པ་ཞེས་དང་། དངོས་གྲུབ་འབྱུང་བའི་རྒྱུད་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །འབྱུང་བ་བཞི་ལ་སོགས་པ་རྣམས། །ཐམས་ཅད་གདོད་ནས་དག་པ་ཡི། །ཡེ་ཤེས་ཆེན་པོའི་བྱིན་རླབས་ཀྱིས། །ངོ་བོ་དུ་མར་གསལ་བར་སྣང་། །ཞེས་གསུངས་པ་ལྟར། ཕུང་པོ་ལྔ་དང་དུག་ལྔ་ནི་མགོན་པོ་རིགས་ལྔ། འབྱུང་བ་ལྔ་དང་ཁམས་ལྔ་ནི་ལྷ་མོ་རིགས་ལྔ། རྩ་ནི་ལྷ་མོ། རླུང་ནི་མགོན་པོ། རཀྟ་ནི་ལྷ་མོ། ཐིག་ལེ་ནི་མགོན་པོ། ལུས་ཀྱི་རྩ་མདུད་ལྔ་ནི་ལྷ་མོ་རིགས་ལྔ། རྩ་བྲན་ཐམས་ཅད་འཁོར་གྱི་ལྷ་མོ། རྩ་འཁོར་ལྔའི་དབུས་ཀྱི་ཐིག་ལེ་ལྔ་ནི་མགོན་པོ་རིགས་ལྔ། རྩ་གནས་ཐིག་ལེའི་རྒྱུ་བ་རྣམས་ལས་མགོན། །སེམས་ཀྱི་ངོ་བོ་སྟོང་པ་ནི་ལྷ་མོ། རང་བཞིན་གསལ་བ་ནི་མགོན་པོ། མ་འགག་ཅིར་ཡང་འཆར་བ་ནི་ལས་མགོན་འཁོར་ཚོགས། དེ་ལྟར་ཡེ་གདོད་མ་ནས་ཡིན་ཀྱང་། མ་རྟོགས་པས་འཁོར་བ་དང་ངན་སོང་། དེ་ཡང་མཆན་ལ་ཕབས་བཏབ་པ་ལྟར་ཉོན་མོངས་ཡེ་ཤེས་སུ་བསྒྱུར་བའི་ཐབས་ཟབ་མོའི་དབང་དེ་ངོ་སྤྲད་པ་པོ་ནི་བླ་མ་དྲིན་ཅན། དེའི་བསྒོམ་པ་ཉམས་ལེན་


CMR028_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་མཆོག་ཐུན་མོང་གི་དངོས་གྲུབ་གཞན་ནས་མ་བཙལ་རང་ལས་འབྱུང་བ་ནི་འབྲས་བུ་ཡིན་ནོ། །དེ་དག་གི་དོན་དང་པོར་གོ་བར་བྱའོ། །དེ་ནས་གདམས་པ་དངོས་ནི། རང་ཉིད་མགོན་པོ་ལ་ལྷ་མོ་ཚུར་འཁྱུད་པར་བསྒོམ་པ་སྔར་ལྟར་ལ། རང་གི་ཐུགས་ཀར་ཧཱུྃ་མཐིང་ནག་ལ་སྔགས་ཀྱིས་བསྐོར་བར་བསྒོམ། ལུས་ནང་ཐམས་ཅད་སྟོང་སེང་ངེ་བའི་དབུས་སུ་ཧཱུཾ་དེའོ། །ལུས་ཀྱི་གར་ཁྱབ་ཐམས་ཅད་རྩ་དབུ་མ་ཉིད་ཀྱིས་ཁྱབ་པར་མོས། དེ་ནས་རླུང་ཕྱིར་བུས་པས་སྣ་བུག་གཡས་ནས་ཧཱུྃ་ཡིག་མཐིང་ནག་གྲངས་མེད་པར་འཕྲོས་དེ་ཐམས་ཅད་མགོན་པོར་གྱུར་པས་འཇིག་རྟེན་ཐམས་ཅད་གང་ནས་ཧ་ཧ་དང་ཧཱུྃ་ཧཱུྃ་གི་སྒྲ་སྒྲོག་ཅིང་གྲི་གུག་གིས་དགྲ་བགེགས་ཐམས་ཅད་གཏུབས། སངས་རྒྱས་དང་བྱང་སེམས་རྣམས་ཀྱི་བྱིན་རླབས། ཆོས་སྐྱོང་ཐམས་ཅད་ཀྱི་ནུས་མཐུ་ཐམས་ཅད་བསྡུས་ནས་མགོན་པོ་དེ་རྣམས་ལ་ཐིམ། རླུང་རྡུབ་པས་མགོན་པོ་ཐམས་ཅད་ཨོཾ་ཡིག་དཀར་པོ་ཤ་སྟགས་སུ་གྱུར་ནས་སྣ་བུག་གཡོན་ནས་ཞུགས། ཁོང་དུ་སླེབ་ཙམ་ནས་ཨཱཡིག་དམར་པོར་གྱུར་ནས་ཐུགས་ཀའི་ཧཱུཾ་ཡིག་ལ་ཐིམ་པས་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམས་ལ་སེམས་ངོ་བོའི་སྟེང་དུ་


CMR028_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ནས་རླུང་ཐུབ་ཚད་མནན། ཡན་ལག་ལྔ་སྦྱོང་སོགས་འཁྲུལ་འཁོར་ཡང་ཅི་ནུས་བྱ། མ་བྱས་ཀྱང་ཆོག །ཡང་རང་ལྷ་མོ་ལ་མགོན་པོས་འཁྱུད་པར་བསྒོམ། རང་གི་ཐུགས་ཀའི་བྷྱོ་སྔོན་པོ་ལ་སྔགས་ཀྱིས་བསྐོར་བ་ལས་ཧཱུྃ་གི་དབྱུང་དུས་ལྷ་མོས་འཇིག་རྟེན་གང་བ་སོགས་སྤྲོ་བསྡུ་གོང་དང་འདྲའོ། །དེ་ནི་རླུང་རྡོ་རྗེའི་བཟླས་པ་རྩ་རླུང་གི་བསྙེན་པ་ལྟ་བུའོ། །དེ་ནས་ནམ་མཁས་ཁྱབ་པའི་འཇིག་རྟེན་ཐམས་ཅད་ཆོས་འབྱུང་གྲུ་གསུམ་པ་ཕྱི་དཀར་ནང་དམར་བའི་གཞལ་ཡས་ཁང་དུ་བསྒོམ། བཅུད་ཀྱི་སེམས་ཅན་དང་སངས་རྒྱས་ཐམས་ཅད་མཚུངས་པར་ས་འོག་ས་སྟེང་ཐམས་ཅད་ནི་མ་མགོན་ཡབ་ཡུམ་ཞལ་སྦྱོར་དཀར་པོ་ཤ་སྟག་ཐུགས་ཀར་ཨོ་དཀར་པོས་མཚན་པ། ས་སྟེང་ཐམས་ཅད་དམར་པོ་ཐུགས་ཀར་ཨཱཿདམར་པོས་མཚན་པ་ཤ་སྟག་ས་བླ་སྟེ་བར་སྣང་ཡན་གྱི་ཐམས་ཅད་ཡབ་ཡུམ་མཐིང་ནག་ཐུགས་ཀར་ཧཱུཾ་སྔོན་པོ་ཅན་དུ་གསལ་བཏབ། རླུང་ནང་དུ་རྔུབས་པས་དེ་ཐམས་ཅད་ཀྱི་བྱིན་རླབས་དངོས་གྲུབ་ནུས་པ་ཐམས་ཅད་ཨོ་དཀར་པོའི་རྣམ་པར་སྣ་བུག་གཡོན་དུ་ཞུགས། ནང་དུ་ཕྱིན་ནས་ཨཱདམར་པོའི་ཚུལ་དུ་ཐུགས་ཀར་ཐིམ་པས་དངོས་གྲུབ་རྣམ་གཉིས་ཐོབ་པར་བསམས་ལ་ཉམས་ལེན་ངང་ངོ་བོའི་


CMR028_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ངང་དུ་རླུང་ཐུབ་ཚད་མནན། ཕྱིར་དབུགས་དབྱུང་ཚེ་ཧཱུྃ་སྔོན་པོའི་རྣམ་པར་སྣ་བུག་གཡས་ནས་འཕྲོས་སྣོད་བཅུད་ཐམས་ཅད་རྣམ་པར་དག་ནས་མ་མགོན་དཀར་དམར་མཐིང་གསུམ་དུ་གསལ་གདབ། དེ་ནི་ཉེ་བར་བསྙེན་པའོ། །དེ་ནས་རིགས་ལྡན་གྱི་གཞི་བཟུང་བ་ཡུམ་ལྷ་མོ་རང་ལ་ཐིམ་པས། རང་བེར་ནག་ཅན་ཡབ་རྐྱང་སྐུ་ལུས་སྟོང་སེང་བར་བསྒོམ་པའི་དབུས་སུ་རྩ་དབུ་མ་མཐིང་ཀ་ཡར་སྣེ་ཚངས་བུག་དང་མར་སྣེ་གསང་གནས་དང་ཅུང་མ་འབྲེལ་བ། གཡོན་དུ་རྐྱང་མ་དཀར་པོ། གཡས་སུ་རོ་མ་དམར་པོ་གཉིས་ཡར་སྣེ་སྣ་བུག་གཉིས་དང་། མར་སྣེ་ལྟེ་འོག་ནས་དབུ་མ་དང་གཅིག་ཏུ་གྱུར་པ། སྤྱི་བོའི་རྩ་འདབ་སོ་གཉིས་དཀར་པོ། མགྲིན་པའི་བཅུ་དྲུག་དམར་པོ། སྙིང་གའི་བརྒྱད་སྔོན་པོ། ལྟེ་བའི་རེ་བཞི་སེར་པོ། གསང་བའི་ཉེར་བརྒྱད་ལྗང་གུ། རང་ལུས་འདི་ཙམ་ལ་རྩ་གཙོ་བོ་གསུམ་མདའ་སྨྱུག་ཙམ་དང་། རྩ་འདབ་གདུགས་རྩིབས་ལྟ་བུ་རྣམས་གྲོ་སོག་ཙམ་པ་ཐམས་ཅད་ནང་སྟོང་སེང་བར་བསྒོམས་ན་ནང་རྩའི་སྟོང་རའམ་དཔག་བསམ་གྱི་ཤིང་འཛུགས་པའོ། །སྐུ་ཆེན་པོ་བསྒོམས་ན་རྩའང་དེ་དང་འཚམ་པར་བསྒོམ་མོ། །དེ་ནས་དབུ་མའི་ཡར་སྣེ་སྣ་


CMR028_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྡོ་རྗེས་བཀག་པའི་ལྟེ་བ་ནས་ཧཾ་ཡིག་དཀར་པོ་མགོ་ཐུར་དུ་བསྟན་པ། མར་སྣེ་གསང་གནས་ཀྱི་འོག་འདོམས་བར་དུ་ཨ་ཐུང་དམར་པོ་མར་མེའི་རྩེ་མོ་ལྟ་བུ། སྤྱི་བོའི་རྩ་འདབ་དབུ་མའི་ནང་དུ་བདག་དང་སེམས་ཅན་ཐམས་ཅད་ཀྱི་གཏི་མུག་གི་ངོ་བོ་ཨོ་དཀར་པོ། དེ་བཞིན་དུ་མགྲིན་པར་འདོད་ཚགས་དམར་པོ། སྙིང་གར་ཞེ་སྡང་ཧཱུཾ་མཐིང་ནག །ལྟེ་བར་ང་རྒྱལ་སྭ་སེར་པོ།་གསང་བར་ཕྲག་དོག་ཧྭ་ལྗང་གུ་རྣམས་ལ་གསལ་བཏབ། རླུང་རོ་ལན་གསུམ་བུས་པས་སྡིག་སྒྲིབ་རྣམ་སྨིན་ཐམས་ཅད་ནག་ཉིལ་གྱིས་སོང་བར་བསྒོམ། རླུང་བཟུང་བས་སྣ་བུག་ནས་རོ་རྐྱང་དུ་བརྒྱུད་དེ་གསང་གནས་འོག་གི་ཨ་ཡིག་ལས་བུས་པས་སོལ་མེ་ལ་སྦྱད་པ་རྒྱབ་པ་ལྟར་དམར་ནར་གྱིས་འབར། གསང་གནས་ཧ་བསྲེགས་པས་ཕྲིན་ལས་མགོན་པོ་ཡབ་ཡུམ་དོན་གྲུབ་ཀྱི་དབུ་བརྒྱན་ཅན། རྩ་འདབ་ལ་ལྷ་མོ་ལྗང་མོ་ཉེར་བརྒྱད་རྒྱ་གྲམ་གྱིས་མཚན་པའི་གྲི་ཐོད་འཛིན་པར་གྱུར་པ་དང་། དེ་བཞིན་དུ་ལྟེ་བའི་སྭ་བསྲེགས་པས་ཡོན་ཏན་མགོན་པོ་སེར་པོ་ཡབ་ཡུམ་རིན་འབྱུང་དབུ་རྒྱན་དང་། འཁོར་སེར་མོ་རེ་བཞི་རིན་པོ་ཆེའི་གྲི་ཐོད་ཅན། སྙིང་གའི་ཧཱུྃ་བསྲེགས་པས་ཐུགས་མགོན་ཡབ་ཡུམ་མི་བསྐྱོད་པའི་དབུ་རྒྱན་


CMR028_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འཁོར་སྔོན་མོ་བརྒྱད་རྡོ་རྗེའི་གྲི་ཐོད་ཅན། མགྲིན་པའི་ཨཱབསྲེགས་པས་གསུང་མགོན་ཡབ་ཡུམ་འོད་དཔག་དབུ་རྒྱན་དང་། འཁོར་དམར་མོ་བཅུ་དྲུག་པདྨའི་གྲི་ཐོད་ཅན། སྤྱི་བོའི་ཨོ་བསྲེགས་པས་སྐུ་མགོན་ཡབ་ཡུམ་རྣམ་སྣང་དབུ་རྒྱན་ཅན། འཁོར་དཀར་མོ་སོ་གཉིས་འཁོར་ལོའི་གྲི་ཐོད་ཅན། ཡབ་ལྔ་རང་མདོག་གི་བེར་དང་རིགས་ཀྱི་ཕྱག་མཚན་ཅན། ཐུགས་ཀར་ཧཱུཾ་ཡིག་རང་མདོག་དང་ཡུམ་ལྔའི་ཐུགས་ཀར་བྷོ་ཡིག་རང་མདོག་ལ་སྔགས་ཕྲེང་སྔར་ལྟར་འཁོར་བར་བསྒོམ། དེ་ནས་རླུང་ཕར་དབྱུང་དུས་ལྷ་ལྔ་ལས་འོད་ཟེར་ལྔ་སྣ་བུག་ནས་འཕྲོས། འཇིག་རྟེན་གང་བས་སངས་རྒྱས་བྱང་སེམས་ཡེ་ཤེས་ཀྱི་མགོན་པོ་ཐམས་ཅད་མཆོད། སེམས་ཅན་ཐམས་ཅད་ཀྱི་དུག་ལྔའི་སྒྲིབ་པ་སྦྱངས་ནས་སྐུ་ལྔའི་མགོན་པོ་ཡབ་ཡུམ་གྱི་གོ་འཕང་ལ་བཀོད། ཚུར་རྔུབས་པས་ཡེ་ཤེས་ཀྱི་ལྷ་ཐམས་ཅད་མགོན་པོ་སྐུ་ལྔ་ཡབ་ཡུམ་གྱི་རྣམ་པར་ཚུར་སྣ་བུག་ནས་ཞུགས། གནས་ལྔའི་ལྷ་སོ་སོ་ལ་ཐིམ་པར་བསྒོམ། ནང་དུ་དགང་ཆེ་སྔགས་ཕྲེང་བཅུ་པོ་ལ་དམིགས་པའམ་ཉམས་ལེན་ངོ་བོ་སྐྱོང་ངོ་། དེ་ནི་སྒྲུབ་པའོ། །སླར་ཡང་རླུང་བཟུང་བས་གསང་གནས་ཀྱི་གཏུམ་མོ་དྲག་ཏུ་


CMR028_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

འབར་། འཁོར་ལོ་ལྔའི་རྩ་དང་ལུས་ཐམས་ཅད་གང་བས་སྐུ་ལྔའི་མགོན་པོ་ཡབ་ཡུམ་འཁོར་དང་བཅས་པ་ཞུ་ནས་ཐིག་ལེ་རང་རང་གི་མདོག་ཅན་སྣུམ་འོད་དང་ལྡན་པར་གྱུར། སླར་ཡང་རླུང་བཟུང་བས་མེ་རབ་ཏུ་འབར་བས་སྤྱི་བོའི་ཧཾ་ལས་བདུད་རྩི་བྱང་སེམས་དཀར་ཀྱི་ལི་ལི་བབས། རྩ་གནས་ལྔ་པོ་རིམ་གྱིས་གང་བས། བྱང་སེམས་ཕོག་མ་ཐག་ཐིག་ལེ་དེ་དག་སོ་སོའི་སྐུར་ལྟར་གྱུར་སྔར་ལས་བཀྲག་མདངས་གཟི་མདངས་ཆེ་བར་གྱུར། གཏུམ་མོའི་མེས་རྩ་གནས་དང་། ལུས་ཐམས་ཅད་གང་བས་ལུས་ལ་དྲོད་འབར་བར་བསྒོམ། བྱང་སེམས་རྒྱུན་ལྷ་དེ་དག་གི་ཞལ་དུ་ཞུགས། སྐུ་ལུས་གང་བས་ཐམས་ཅད་སྐུ་བདེ་བ་ཆེན་པོས་ཁྱབ་སྟེ་གར་སྟབས་དང་རྣམ་འགྱུར་ཁྱུག་ཁྱུག་མཛད་པར་བསྒོམས་ལ་རླུང་དྲག་ཏུ་མནན། བདེ་ཉམས་དངོས་སུ་སྐྱེས་ཏེ་ཐིག་ལེ་འཆོར་བ་འདྲ་ན་གསང་བའི་སྦུབ་ཧཱུྃ་གིས་ཐེམ་བུ་ལྟར་བཀག །ཐིག་ལེ་ཆུའི་རླབས་ལོག་པ་ལྟར་སྐྱ་ཆི་ལི་ལི་གྱེན་དུ་ལོག་ནས་སྤྱི་བོའི་ཧཾ་ལ་ཐིམ་པར་བསྒོམས་ནས་མིག་གྱེན་དུ་ལྡོག་།ལྕེ་ཡ་རྐན་ལ་སྦྱར། ལྟོ་བ་སྒལ་པར་བཅར། ཧིང་རིང་བདུན་གྱིས་རླུང་གྱེན་དུ་དྲངས། འོག་སྒོ་གློད། སོར་མོ་ཁུ་ཚུར་བྱ། སེམས་ཅི་ཡང་མི་


CMR028_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པར་ལྟ་བ་ནམ་མཁའི་དབྱིངས་སུ་གཏད་ལ་བདེ་བའི་ངོ་བོར་ལྟའོ། །དེ་ལྟར་རྒྱུན་དུ་བསྒོམ་ཞིང་བདེ་བ་སྐྱེས་རྩ་སྟོང་པ་རྒྱས། གདབ་ཅིང་བསྒོམས་པས་བདེ་སྟོང་དབྱེར་མེད་རྡོ་རྗེ་འཆང་གི་སྐུ་ཚེ་གཅིག་ལ་འགྲུབ་བོ། །དེ་ནི་སྒྲུབ་པ་ཆེན་པོ་སྟེ། ལྔ་སྦྱོང་དྲུག་སྐོར་སོ་བདུན་མ་སོགས་འཁྲུལ་འཁོར་ལ་འབད་ན་རས་ཐུབ་བོ། །དེ་དག་ལ་ཡུན་རིང་བསྒོམས་པས་རླུང་སེམས་ལ་དྲོད་རྟགས་ཅུང་ཟད་ཐོན་ནས། ལས་སྦྱོར་འདི་དག་རླུང་དང་དམིགས་པ་ཁོ་ནས་ཆོག་པར་བཤད་དེ། རྩ་གསུམ་འཁོར་ལོ་ལྔ་མགོན་པོ་རིགས་ལྔ་འཁོར་བཅས་གསལ་བཏབ་ལ། ཚེས་གཅིག་གི་སྔ་དྲོ་ཁ་ཤར་དུ་རྒྱུ་ནས། རླུང་བུས་པས་སྤྱི་བོའི་མགོན་པོ་ཡབ་ཡུམ་འཁོར་བཅས་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་ལུས་གང་བས་ཉོན་མོངས་པ་དང་སྡིག་སྒྲིབ་ཞི། ཕྱིར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཞི། ཁྱད་པར་རང་དང་བསྲུང་བྱའི་ནད་དང་གནོད་པ་འཇིགས་པ་བཅུ་དྲུག་སོགས་གང་ལ་དམིགས་པ་བ་མོ་ལ་ཉི་ཟེར་ཕོག་ལྟར་ཞི། མུན་པ་ལ་ཟླ་བ་ཤར་བ་ལྟར་གསལ། སངས་རྒྱས་ཐམས་ཅད་ལ་སྐུ་མཉེས་པའི་མཆོད་པར་གྱུར། ཚུར་རྔུབས་པས་སངས་རྒྱས་ཐམས་ཅད་ཀྱི་སྐུའི་


CMR028_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་དང་ཞི་བའི་ནུས་པ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་སྣ་བུག་ནས་ཞུགས། སྤྱི་བོའི་ལྷ་ཚོགས་ལ་ཐིམ་པས་སྔར་བས་བཀྲག་མདངས་གཟི་བརྗིད་ཆེ་ཞིང་། བདག་གི་སྐུ་འཆི་མེད་ཚེའི་དངོས་གྲུབ་ཐོབ། ཞི་བའི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམས་ལ་ཐུགས་ཀའི་སྔགས་ཕྲེང་དཀར་པོ་ལ་དམིགས་བཞིན་པས་ཉམས་ལེན་ངོ་བོ་སྐྱོང་ངོ་། །དེ་བཞིན་དུ་མགྲིན་པའི་འོད་ཟེར་དམར་པོའི་སྤྲོ་བསྡུའི་ནང་གི་རླུང་སེམས་དང་ཕྱིའི་སྣང་བ་དབང་དུ་སྡུད་ཅིང་གསུང་ནུས་མཐུའི་དངོས་གྲུབ། ཐུགས་ཀའི་འོད་ཟེར་སྔོན་པོས་ནང་གི་ཉོན་མོངས་པ་རྣམ་རྟོག་ཕྱི་ཡི་དགྲ་བགེགས་ཚར་གཅོད་པ་དང་། ཕྱག་རྒྱ་ཆེན་པོའི་དངོས་གྲུབ། ལྟེ་བའི་འོད་ཟེར་སེར་པོའི་སྤྲོ་བསྡུས་ནང་གི་ཡེ་ཤེས་ཕྱིའི་བསོད་ནམས་འབྱོར་པ་རྒྱས་ཤིང་ཡོན་ཏན་རེ་སྐོང་དངོས་གྲུབ། གསང་བའི་འོད་ཟེར་ལྗང་གུའི་ནང་དུ་རྟེན་འབྲེལ་སྣ་ཚོགས་དང་ཕྱི་ཡི་ཅི་བསམ་ལྷུན་གྲུབ་དང་ཕྲིན་ལས་འགྲོ་འདུལ་གྱི་དངོས་གྲུབ་ཐོབ་པར་བསྒོམ་མོ། །ཁྱད་པར་དྲེག་པོའི་དགྲ་བགེགས་ཚར་གཅོད་པ་ནི། རང་ཡབ་རྐྱང་ངམ་ཡུམ་རྐྱང་། ཕག་མོའམ་རྒྱལ་བ་རྒྱ་མཚོ་སོགས་ཡི་དམ་གང་རུང་སྐུ་ཤིན་ཏུ་ཆེ་བ་བློས་འཁྱུད་ཅིག་བསྒོམ། ནང་དུ་རྩ་སོགས་མི་


CMR028_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་སྟོང་སེང་ངེ་བའི་ལྟེ་འོག་ཏུ་གཏུམ་མོའི་ངོ་བོ་མེའི་དཀྱིལ་འཁོར་གྲུ་གསུམ་པའི་ནང་ན་མགོན་པོ་ཡབ་ཡུམ་ཞལ་སྦྱོར་རམ་ཡབ་རྐྱང་ངམ་ཡུམ་རྐྱང་། གཉིས་ཀ་བསྒྲིགས་ནས་བཞུགས་པ་གང་འདོད་ཞལ་རབ་ཏུ་གདངས་པའི་ནང་ནས་མེ་དཔུང་འབར་བར་བསྒོམ། རང་ཡི་དམ་གྱི་ཐུགས་ཀའི་ཧཱུཾ་ངམ་ཧྲིལས་འོད་ཟེར་ལྕགས་ཀྱུ་ལྟ་བུའམ་གློག་ཞགས་ལྟ་བུ་ཕྱོགས་ཐམས་ཅད་དུ་སྤྲོས་པ་དང་མཉམ་དུ་རླུང་སྣ་བུག་གཡོན་ནས་ཕྱིར་བུས་པས་རང་དང་བསྲུང་བྱའམ་བསྟན་པ་ལ་གནོད་པའི་དགྲ་བགེགས་ཐམས་ཅད་སྤུར་མ་རླུང་གིས་བསྡུས་པ་ལྟར་བཀུག་ནས། རླུང་རྡུབས་པས་རང་ཡི་དམ་མགོན་པོའི་སྣ་བུག་གཡོན་ནས་དྲངས་ཏེ་མགོ་རྟིང་ལྡོག་ནས་ལྟེ་བའི་ཆོས་སྐྱོང་གི་ཞལ་དུ་རྐང་མཐིལ་སྐྱ་ལྷག་ལྷག་སོང་བས་ཁོ་ཡི་ལུས་ངག་ཡིད་གསུམ་སྟོབས་ནུས་དང་བཅས་པ་གཞོབ་ཐུལ་གྱིས་བསྲེགས་ཏེ། རྣམ་པར་ཤེས་ཆོས་སྐྱོང་གི་ཐུགས་ཆོས་ཉིད་ཀྱི་ཀློང་དུ་ཐིམ་པར་བསྒོམས་ལ། རླུང་ཐུབ་ཚད་མནན་ཅིང་སེམས་ཀ་དག་ངོ་བོ་སྐྱོང་། རྗེས་ལ་སྙིང་རྗེ་དྲག་པོ་ཞིག་བསྒོམ། དེ་ལྟར་དམིགས་པ་རླུང་དང་སྤྱད་པ་ལན་མང་ཞིག་བྱས་པས་ཐུལ་ཞིང་ཆུན་ཆེ་སྟེ། ཕྱི་ཡི་དྲག་པོའི་སྦྱིན་སྲེག་གང་ལས་ཀྱང་ཟབ་


CMR028_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟེ་བའི་གཏུམ་མོ་ནི་ཕྱི་འབྱུང་བའི་མེ་ལས་བརྒྱ་སྟོང་གི་ནུས་པ་ལྷག་པའི་ཕྱིར་ཡིན་ནོ། །རྗེས་ནས་བསྐྱེད་རིམ་བསྡུ་བ་སོགས་མི་དགོས་ངོ་བོ་སྐྱོང་བས་ཆོག་སྟེ། དེ་ལྟར་བསྒོམ་མཁན་སེམས་ལ་བལྟས་པས་གཟུགས་ཁ་དོག་མེད་པའི་སྟོང་ཉིད་དངོས་སུ་འཆར་གྱིས། །མཐའ་ནས་དབུས་ཡལ་སྟོང་པར་བསྒོམ་པ་སོགས་ནི་བློས་བྱས་ཏེ་སྟོང་ཉིད་དངོས་མ་ཡིན་ནོ། །དེ་བཞིན་དུ་ཚེ་འདས་སམ་གསོན་པོའི་སྒྲིབ་སྦྱོང་ལའང་གོང་དུ་བཤད་པ་ལྟར་རྩ་གནས་ཡི་གེ་ལྔ་བསྒོམ། རླུང་བུས་པས་འོད་ཟེར་ཁ་དོག་ལྔ་འཕྲོས་པས་ཕ་རོལ་པོའི་དུག་ལྔས་བསླང་བའི་སྡིག་སྒྲིབ་རིགས་དྲུག་གི་ས་བོན་ཐམས་ཅད་གཙང་སང་ངེ་ཚུར་བསྡུས་རང་གི་ཡི་གེ་ལྔ་ལ་བསྟིམས། ཁོ་ལ་སྙིང་རྗེ་དྲག་པོ་དང་བཅས་པས་གཏུམ་མོ་སྦར་ནས་བསྲེགས་ཏེ་མགོན་པོ་ཡབ་ཡུམ་རིགས་ལྔའི་དབུ་རྒྱན་དང་བཅས་པར་བསྒྱུར་བ་དེ་ནན་ཆེར་བསྒོམས་ན་ཕྱིའི་བྱང་བུ་རོ་བསྲེགས་གང་ལས་ཀྱང་ཕན་ཆེ་སྟེ། དེ་ཡང་རྩ་རླུང་ལ་ནུས་རྟགས་ཐོན་པ་གཅིག་ནི་གལ་ཆེའོ། །རྩ་རླུང་ལ་རྟགས་མ་ཐོན་ན་དམིགས་པ་ཙམ་གྱིས་ནི་མི་འགྲུབ་བོ། །དེ་དག་ནི་གྲུབ་ཆེན་ཀརྨ་པཀྵིའི་སྐུ་བཞི་ངོ་སྤྲོད་ཀྱི་གནད་ལ་དབང་ཐོབ་ཅིང་རྩལ་རྫོགས་ན་ཕོ་རྒྱུད་མོ་རྒྱུད་གང་སྒྲུབ་ནའང་


CMR028_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་གཏད་ཅིང་རླུང་སེམས་གནད་ཀྱི་འཁོར་ལོ་བསྐོར་ན་ཕྲིན་ལས་ཐམས་ཅད་མི་འགྲུབ་མི་སྲིད་གསུངས་པའི་དོན་ནོ། །དེ་དག་ནི་ལྷོ་བྲག་མར་པའི་སྙན་བརྒྱུད་མགོན་པོ་བདེ་དབང་མ་ཞེས་པ། སྟོད་ལས་བྱང་ཆུབ་སྒྲུབ་པའི་རླུང་སེམས་གནད་ཀྱི་འཁོར་ལོའི་དམིགས་རིམ་གྱི་རྩ་བ་མདོར་བསྡུས་པ་ཚང་བ་ཡིན་ལ། རྒྱས་པར་འདི་ལ་ཕྲིན་ལས་བརྒྱ་རྩ་བརྒྱད་ཀྱི་རྣལ་འབྱོར་ཡོད་པར་གསུངས་སོ། །རིན་པོ་ཆེ་ཀརྨ་པཀྵིའི་ཞལ་ནས། མགོན་པོ་བེར་ནག་ཅན་མ་མགོན་ལྕམ་དྲལ་གྱི་གདམས་ངག་མན་ངག་གིས་འཛམ་གླིང་ཁྱབ་ན་ཡང་། རྒྱུད་ལུང་མན་ངག་གི་དགོངས་པ་གཅིག་ཏུ་བསྡུས་པ་འདི་འདྲ་སྔོན་ཆད་མེད་པའི་ཕྱིར། ཞེས་དང་། ཡིག་རོའི་ཚོགས་གཞན་གྱིས་ཅི་ཞིག་བྱ། ཞེས་གསུངས་སོ། །སི་ཏུ་ཆོས་ཀྱི་རྒྱལ་མཚན་གྱི་གསུངས་ལས། སྒྲུབ་པ་པོ་ལ་འདོད་པའི་ལོངས་སྤྱོད་མཁོ་དགུ་སྣ་ཚོགས་དང་། ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་མངའ་ཐང་། ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་སྩོལ་ཞིང་། མཐར་ཐུག་རྡོ་རྗེ་འཛིན་པའི་ས་ལ་ཡུད་ཙམ་གྱིས་སྦྱོར་ནུས་པའི་འབྲེལ་བ་ཐོག་ཆོག་གི་ཆོས་སྐྱོང་སྲུང་མ་དམ་པ་འབུལ་དུ་བྱུང་བ་སྟེ། ཞེས་གསུངས་པ་ལྟར་


CMR028_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེའང་དམ་ཚིག་གནས་པ་ནི་ཐམས་ཅད་དུ་གཙོ་བོ་སྟེ། ལེགས་ཉེས་ཀྱི་སྟོང་གཅོད་ཡལ་དམ་ཅན་འདི་རྣམས་འཁྲུངས་པས། ཉམས་ན་ལྷ་བདུད་དུ་འབབ་ལ། མ་ཉམས་པར་གཙང་ན་ཅི་བསྒོ་བ་ཐམས་ཅད་བསྙེན་སྒྲུབ་མ་བྱས་ཀྱང་ངང་གིས་བྱེད་པའོ། །དེས་ན་ལུས་ཀྱི་ལྷ། ངག་གི་མཚང་ཚིག་སྔགས། ཡིད་ཆོས་ཉིད་ཀྱི་རྩ་བ་ཏིང་ངེ་འཛིན་གྱི་འཕྲོ་འདུ་དང་སེམས་ཅི་བྱེད་གཞན་དོན་དུ་བསམ་པས་རང་རྒྱུད་བྱིན་གྱིས་རློབས་ནས། དམ་ཅན་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་པདྨའི་མཚོ་ལ་ངང་པ་ལྟ་བུར་འདུ་ཞིང་དེས་དངོས་གྲུབ་ཅི་འདོད་པ་འགྲུབ་པས་བསྙེན་པ་སྟེ། དཔལ་ལྡན་ཁྲག་འཐུང་ཡེ་ཤེས་ཆེ། །རྣམ་དག་དམ་ཚིག་ཀུན་འགྲུབ་ལ། །བདེ་བའི་བསོད་ནམས་རྒྱུན་གནས་པས། །རྣལ་འབྱོར་སྟོབས་ནི་རྒྱས་པར་བྱེད། །ཅེས་གསུངས་པས་སོ། །རང་གི་སེམས་ཀྱི་ངོ་བོ་སྟོང་པ་ནི་ལྷ་མོ། རང་བཞིན་གསལ་བ་ནི་མགོན་པོ། སྣ་ཚོགས་འགག་མེད་དུ་འཆར་བ་ནི་འཁོར་གྱི་དྲེགས་བྱེད། རང་སེམས་སངས་རྒྱས་སུ་ཡེ་ནས་གནས་པ་དེ་ཤེས་པ་ཡེ་ཤེས། དེ་བསྒོམ་པས་སྡུག་བསྔལ་ཐམས་ཅད་ཀྱི་མགོན་དང་སྐྱབས་ཀྱི་མཆོག་སྟེ་ཡེ་ཤེས་མགོན་པོའོ། །དེས་ཕྱི་ནང་སྣོད་བཅུད་ཐམས་ཅད་


CMR028_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

མ་མགོན་ཡབ་ཡུམ་གྱི་རང་བཞིན་ལས་མ་འདས་སོ། །པཀྴིས་གཞུང་ལས། གདམས་ངག་འདི་ཤིན་ཏུ་དྲག་ཟབ་པས་དཔེ་གཞུང་རྣམས་དོན་ཡོད་མེད་དཀྲུག་པ་འདྲ་བ་ཡིན་པར་ཤེས་པར་གྱིས། རྒྱུད་ལུང་མན་ངག་གི་དགོངས་པ་གཅིག་ཏུ་བསྡུས་པ་འདི་འདྲ་སྔོན་ཆེད་མེད་པའི་ཕྱིར། རྒྱུད་ཀྱི་ཚིག་རེ་རེ་ཙམ་ལ་བསྟེན་ནས་ལོཙྪ་བ་དང་བོད་ཀྱི་སྔགས་པ་རྣམས་ཀྱིས་རང་བཟོ་བྱས་པའི་ཡིག་རོས་ཡུལ་ཁམས་ཁྱབ་ཅིང་། ཕྲིན་ལས་རྣམ་བཞི་འགྲུབ་པ་ཅིག་ཀྱང་མེད་པ་སྟེ། ཁ་ཕྱིར་ཁ་འཁྱིལ་རྣམས་ཀྱིས་བདག་གཞན་མགོ་བསྐོར་བྱས་པའོ། །ད་ཕྱིན་ཆད་ཐམས་ཅད་ཀྱིས་འདི་ལ་བྲིས་ཤིང་བསྒྲུབ་པ་དང་བྱིན་རླབས་ཆེ་ཞིང་ཐམས་ཅད་མ་ལུས་པ་མེད་པ་འདི་ལ་ཚང་བ་གོ་བར་གྱིས། དཔལ་ལྡན་མགོན་པོ་བེར་ནག་ཅན་དང་། མིང་ཡོངས་སུ་གྲགས་པ་ཀརྨ་པ་གཉིས་ལ་ཐ་དད་མེད་པར་ཤེས་སམ་མི་ཤེས་ཞེས་གསུངས་པ་ལྟར་རོ། །འདིའི་སྐོར་རྒྱས་པར་བཀོད་ན་པོ་ཏིར་ལོང་བ་སྣང་ན་ཡང་དོན་དུ་གཉེར་བ་ཉུང་བས་ཐུགས་དམ་ཆགས་སྙམ་ནས་མ་བཀོད། སྔར་ཉུང་ངུར་བཀོད་པ་ཞིག་ཡོད་པ་ཡང་བོར་བར་རྟོགས་ལྡན་རས་པ་འོད་གསལ་སྐུ་མཆེད་དང་། རྟོགས་ལྡན་འགའ་ཟུང་གིས་སྒྲུབ་


CMR028_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉམས་སུ་ལེན་པའི་ཁས་ལེན་བྱས་ཤིང་། རས་ཆེན་པས་བསྐུལ་ནས་བྲི་བསམ་ཡང་མ་སྐབས། ཤོག་གུ་ཡང་གྲས་ཤིང་ཨུར་ནས་བཞག །ད་ཟིན་བྲིས་རྒྱས་པར་བྲི་ན་དཔེ་ཆོད་དཀའ་བས་ཕན་ཆུང་། བསྡུས་དྲགས་ན་གོ་དཀའ་བས། ཉུང་ལ་གོ་སླ་བ་ཞིག་སོང་ཙམ་བྲི་སྙམ་པའི་ནུབ་མོ་རྨི་ལམ་དུ་ང་ལ་སྔར་མེད་པའི་བེར་ནག་ཅན་གྱི་དཀྱིལ་ཐང་གསར་པོ་ཤིན་ཏུ་ལེགས་པ་མང་པོ་འདུག་པར་གདའ། ང་ལ་ནི་རྙིང་པ་ཐིག་རྩ་ཚང་བ་གཅིག་ལས་མེད་པ་དད་རྟེན་ཡིན་ཅིང་། འདིས་ཐིག་རྩ་ཤེས་པ་དཀོན་པས་སུ་ཡིན་གྱིས་བྲི་མི་ཤེས་ཀྱང་ངའི་རྙིང་པ་༈ དེ་ལ་དཔེ་བྱས་ནས་བཞེངས་པ་རེད་སྙམ་ཞིང་ཡིད་དགའ་བ་ཆེན་པོ་སྐྱེས་པ་རྨིས་པའི་ཕྱིར་ཉིན་རྫོགས་པར་བྲིས་པ་སྟེ་འདིས་མང་པོ་ཞིག་ལ་ཕན་ནོ་སྙམ་མོ། །སྔོན་ཆེད་ཡི་གེ་མེད་པའི་སྙན་བརྒྱུད་ཟབ་མོ་གསལ་བར་བཀོད་པ་ལ་ཉེས་པ་མཆིས་ན་བཤགས་ཤིང་། དགེ་བས་སེམས་ཅན་ཐམས་ཅད་དཔལ་ཀྱེ་རྡོ་རྗེའི་གོ་འཕང་ཐོབ་པར་གྱུར་ཅིག །ཅེས་རིག་སྔགས་འཆང་བའི་རྣལ་འབྱོར་པ་༧ རཱ་ག་ཨ་སྱས་བགྱིས་པ་དགེ་ལེགས་འཕེལ། མངྒ་ལཾ།། །།

མ་མགོན་གཉིས་ཀྱི་གཞུང་པར་མ་ལིས་ཁ་གསུམ་འདིའི་ཞལ་ཤེས་ཡི་གེ་མེད་པའི་སྐོར་དོན་འདུས་གོ་བདེར་བཀོད་པའི་ཚིགས་བཅད།


CMR028_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

མ་མགོན་གཉིས་ཀྱི་གཞུང་པར་མ་ལིས་ཁ་གསུམ་འདིའི་ཞལ་ཤེས་ཡི་གེ་མེད་པའི་སྐོར་དོན་འདུས་གོ་བདེར་བཀོད་པའི་ཚིགས་བཅད་དུམ་གཅིག་བཞུགས་སོ།།


CMR028_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡེ། རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །དམ་ཅན་རྒྱ་མཚོའི་དཀྱིལ་འཁོར་ལ། །རབ་ཏུ་བཏུད་དེ་ཕྱག་འཚལ་ནས། །ཉམས་ལེན་ཁྱེར་བདེ་བཀོད་པ་ལགས། །བཀའ་གནང་བྱིན་གྱིས་བརླབ་ཏུ་གསོལ། །ཟ་མ་ཏོག་སོགས་མདོ་སྡེ་ནས། །འཕགས་པ་སྤྱན་རས་གཟིགས་དབང་གིས། །ནག་པོ་ཆེན་པོ་འདུལ་བ་ལ། །དེ་ཡི་གཟུགས་ཀྱིས་ཆོས་སྟོན་གསུངས། །མེ་ལྕེ་ཕྲེང་བ་དཔུང་རྒྱན་རྒྱུད། །འཇིག་རྟེན་ཏྲཀཱད་རྒྱུད་ལས་ཀྱང་། །སྤྱན་རས་གཟིགས་སྤྲུལ་གསལ་བར་བྱས། །ཨོ་རྒྱན་ལུང་བསྟན་པཀྵིའི་གསུངས། །མཚུངས་མེད་ཉིད་རང་


CMR028_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་གསུངས། །དགྱེས་རྡོར་རྒྱུད་འགྲེལ་མང་པོ་ནས། །མགོན་པོ་གྲི་ཐོད་ཅན་འདི་ནི། །ཀྱེ་ཡི་རྡོ་རྗེ་དངོས་སུ་གསུངས། །ས་གུར་རྣམས་ཀྱིས་བཤད་པ་ལ། །རྣམ་པར་སྣང་མཛད་སྤྲུལ་པར་བཤད། །དེ་ཕྱིར་བདག་བྷེ་ཁྲིད་སྲོལ་ཡོད། །གྲི་ཐོད་ཅན་ལ་དྲུག་ཏུ་དབྱེ། །བེར་མེད་བེར་ཡོད་གསུམ་གསུམ་སྟེ། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ། །དོན་ལ་ངོ་བོ་གཅིག་པར་ནི། །འཇམ་དབྱངས་ཆེན་པོ་སོགས་ཀྱིས་བཞེད། །བེར་མེད་ཡེ་ཤེས་རྒྱུད་གུར་ཏེ། །ལས་ནི་ས་གུར་ས་སྐྱའི་ལུགས། །འཇིག་རྟེན་མགོན་པོ་ཟངས་གྲི་ཅན། །ཧཱུྃ་མཛད་ནག་པོ་གྲི་གུག་


CMR028_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར། །བེར་ཅན་ཡེ་ཤེས་ལེགས་ལྡན་ཏེ། །རྙིང་མས་མ་ནིང་ཚོགས་བདག་ཟེར། །ཞི་བྱེད་ལུགས་ལ་ཨ་གྷོ་ར། །མགོན་པོ་བེང་ཞེས་གྲགས་པ་སྟེ། །དེ་ལ་དམར་ནག་གཉིས་ཡོད་དོ། །ལས་མགོན་སྲས་མཆོག་བེར་ནག་ཅན། །འདི་ལའང་གྲི་གུག་མ་ཞེས་གྲགས། །འཇིག་རྟེན་དྲེགས་བྱེད་བེར་ནག་ཅན། །བདུད་རྒྱལ་ཐོད་ཕྲེང་སྲོག་བདུད་དང་། །ཏྲཀཱད་སྟག་ཞོན་སེང་ཞོན་ཡིན། །འཇམ་རྩུབ་སོ་སོའི་ཚུལ་སྟོན་ཡང་། །ཐུགས་རྒྱུད་ངོ་བོ་སྤྱན་རས་གཟིགས། །ཀུན་གྱི་རྩ་བ་ལེགས་ལྡན་ཏེ། །ཕྱག་བཞི་ཕྱག་དྲུག་ལ་སོགས་ཀྱང་། །དེ་ཡི་སྤྲུལ་པར་པཀིས་གསུངས། །ཅི་ཕྱིར་སྤྱི་རྒྱུད་ཐམས་ཅད་ལ། །དང་པོ་ཕྱག་གཉིས་གསུངས་ཕྱིར་རོ། །དེ་ཕྱིར་རང་བྱུང་རྡོ་རྗེ་ཡིས། །ཕྱག་བཟོ་ཙནྡན་དཀར་པོ་ཡི། །བེར་ནག་ཅན་སྐུ་ལྷ་སྟེང་དུ། །བཞུགས་པ་གཅེར་བུ་གྲི་ཐོད་ཅན། །འདུག་པ་ངོ་བོ་གཅིག་ཕྱིར་ལགས། །ཕྱི་སྒྲུབ་ལྷ་མོ་དབྱངས་ཅན་མ། །ནང་སྒྲུབ་རྡོ་རྗེ་ཕག་མོ་སྟེ། །གསང་སྒྲུབ་དུད་སོལ་ལྷ་མོ་རུ། །གྲུབ་ཆེན་མཚོ་སྐྱེས་གཞུང་ལས་གསུངས། །པདྨ་གཟི་ལྡན་རྟ་མགྲིན་ཡུམ། །རོ་ལངས་མ་ནི་འཇིགས་བྱེད་ཡུམ། །དེ་རྣམས་ལྷ་མོར་དབྱེར་མེད་


CMR028_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། །དོན་ལ་ཕྱག་རྡོར་སྤྲུལ་པར་གསལ། །རྣམ་པ་ཡེ་ཤེས་ལས་འཇིག་རྟེན། །དཔོན་མོ་བོང་ཞོན་རེ་མ་ཏི། །བློན་མོ་དྲེལ་སྔོན་རེ་མ་ཏི། །གཡོག་མོ་བ་ལམ་དྲེལ་ནག་མ། །རེ་ཏི་ཆེ་འབྲིང་ཆུང་གསུམ་ཟེར། །མ་མོའི་རྒྱུད་གཞུང་ཆེན་པོ་ནས། །མི་མངོན་ནམ་མཁའི་དབྱིངས་རུམ་ནས། །དཔལ་ལྡན་ལྷ་མོ་རེ་མ་ཏི། །སྐུ་ལུས་གཅིག་ལ་སྤྲུལ་པ་སྟོང་། །སྤྲུལ་པ་རེ་ལ་ཕྱག་བརྙན་འབུམ། །སྐུ་ཡང་མི་གཅིག་སོ་སོར་བསྒོམ། །སྔགས་ཀྱང་མི་གཅིག་སོ་སོར་བཟླ། །ཇི་ལྟར་བྱས་ཀྱང་ངོ་བོ་གཅིག །ཇི་ལྟར་བྱས་ཀྱང་ཕྲིན་ལས་འགྲུབ། །ཞེས་གསུངས་ལྟར་དུ་ངོ་བོ་གཅིག །དོན་ལ་མ་མགོན་ལྕམ་དྲལ་གཉིས། །སྤྱན་རས་གཟིགས་དང་ཕག་མོ་ཉིད། །ཡིན་ཕྱིར་གོང་ནོན་མི་དགོས་པར། །བདག་མདུན་དུས་གཅིག་བསྐྱེད་པ་ནི། །རྙིང་ལུགས་པས་ཟབ་ཁྱད་ལགས། །ངོ་བོ་དབྱེ་བའི་ལེའུའོ།། ༈ །།གསར་མའི་མགོན་པོ་བེར་ཅན་དང་། །རྙིང་མའི་རང་བྱུང་རྒྱལ་མོ་གཉིས། །ཞལ་སྦྱོར་དཀྱིལ་འཁོར་བློ་བཟོ་རང་། །རྒྱུད་ནས་མ་བཤད་ཟེར་བ་དང་། །ཞལ་གཟིགས་རྐྱང་པ་ཡིན་ཟེར་བ། །ཐོས་ཆུང་དེ་འདྲས་རང་མཚང་བསྟན། །


CMR028_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་འདི་ཡི་རྒྱུད་རྣམས་ལ། །ཆོས་ནག་པོད་ཆེན་གཅིག་དང་ནི། །ལྷ་མོའི་རྒྱུད་ལ་པོད་ཆེན་གཅིག །ཐོས་ཆུང་བདག་གི་མིག་གིས་མཐོང་། །མ་མཐོང་པ་ནི་བསམ་འདས་མོད། །གྲི་ཐོད་འཛིན་ཅིང་བེར་མནབས་པའི། །དེས་རྒྱུད་གྲི་གུག་བརྩེགས་པ་སྟེ། །གྲི་གུག་བརྩེགས་པའི་རྒྱུད་གཉིས་ཡོད། །གཅིག་ནི་ཕྱག་བཞི་པ་ཡི་ཡིན། །རང་བྱུང་རྒྱལ་མོ་ཕྱག་བཞི་མ། །གསལ་བར་གསུངས་པའི་གེལ་རྒྱུད་ནི། །ལྷ་མོའི་ཐུགས་གསང་རྒྱུད་དང་ནི། །ལྷ་མོའི་སྲོག་རྒྱུད་གཉིས་སུ་སྣང་། །དྲག་པོའི་ལྷ་རྒྱུད་གསང་བ་ལས། །ཞལ་སྦྱོར་སྤར་ནག་ལ་སོགས་དང་། །ཞལ་སྦྱོར་སྐུ་གསུང་ཐུགས་སྔགས་དང་། །ཞལ་སྦྱོར་སྔགས་རིང་གསུངས་པ་ཡིན། །ཨཙྪའི་རྒྱ་གཞུང་རྒྱས་བསྡུས་དང་། །པར་བུ་ཛ་རྡུང་ཕུར་བུ་གསུམ། །དྲག་སྔགས་གཙོ་བོར་སྟོན་པ་ནི། །མལ་གྱོ་ལོ་ཙཱས་བསྒྱུར་བ་སྟེ། །འཁོར་ནི་ཕྱོགས་བཅུའི་མགོན་པོའོ། །གསར་མའི་བེར་ནག་ཅན་ཡིན་ནོ། །སློབ་དཔོན་པདྨས་གཏེར་སྦས་པ། །ཞང་བཙུན་དར་མས་གཏེར་ཐོན་པ། །དུས་མཁྱེན་ཡབ་དང་མྱེས་པོར་ཞུས། །རྙིང་ལུགས་ལྷ་མོ་རང་བྱུང་མ། །འཁོར་ནི་མ་བདུན་སྲིང་བཞི་སོགས། །ཨོ་རྒྱན་


CMR028_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་སྲོང་ནས་བརྒྱུད་པ། །ཀརྨ་པཀྵིའི་ཡབ་ཆོས་ཏེ། །ད་ལྟའི་དཀྱིལ་འཁོར་འདི་ལགས་ཏེ། །མཚན་ལ་མ་མགོན་སྤར་ནག་ཟེར། །འཁོར་ནི་དྲེགས་པ་དོན་གཉིས། །ཞལ་གཟིགས་ཡབ་ཆོས་གཉིས་ཀའོ། །དེ་ལ་ཡུམ་ལ་ཕྱག་གཉིས་ཏེ། །ཕྱག་བཞིར་མཛད་མཁན་རང་བྱུང་བ། །འཁོར་ནི་ནག་པོ་བཅུ་དྲུག་རང་། །མ་མགོན་གཉིས་ཀྱིས་ལུང་བསྟན་ནས། །ཊོམ་བི་ཧེ་རུ་ཀས་མཛད་པའི། །ཞལ་སྦྱོར་རྒྱ་གཞུང་དབང་བཞི་དང་། །ཁྲིད་རིམ་རྩ་ཚིག་མར་པས་བསྒྱུར། །ལྷོ་བྲག་མགོན་པོའི་སྙན་བརྒྱུད་ཟེར། །ཆིབས་ནི་མི་གསལ་རྐང་ཐང་ངོ་། །མར་མི་དྭགས་པོ་དུས་མཁྱེན་བརྒྱུད། །དེ་ལྟར་བརྒྱུད་པ་བཞི་ཡི་ལུགས། །དཀྱིལ་འཁོར་གཅིག་ཏུ་བསྒྲིགས་མཁན་ནི། །ཞྭ་དམར་མཁའ་སྤྱོད་དབང་པོའོ། །དེ་ལ་མཚུར་ཕུ་འཇམས་དབྱངས་པས། །རང་བཟོར་མཐོང་ནས་བཀག་མོད་ཀྱང་། །མཁའ་སྤྱོད་དབང་པོའི་རྣམ་ཐར་ལས། །དངོས་དང་ཉམས་དང་རྨི་ལམ་དུ། །མདོ་རྒྱུད་མན་ངག་ཆོས་རྣམས་ལ། །དབང་ལུང་མ་ཐོབ་མེད་གསུངས་པས། །མན་ངག་ལུང་བསྟན་ཡིན་པར་ངེས། །དེ་ཕྱིར་མཐོང་བ་དོན་ལྡན་པས། །མཁའ་སྤྱོད་ལུགས་ཀྱི་མགོན་


CMR028_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཉོབ་མོ། །མཛད་པས་མཚུར་ལུགས་ནུབ་པར་གྱུར། །ནག་རྒྱལ་ཕག་གསུམ་མཚུངས་པའོ། །མི་བསྐྱོད་རྒྱལ་བའི་བཀས་བསྐུལ་ནས། །དཀོན་མཆོག་འབངས་ཀྱིས་དོན་ལྡན་པའི་། །མགོན་ཉོབ་ནང་ནས་བསྡུས་པ་འདི། །ཆོག་འགྲིགས་བསྒྲིགས་ནས་པར་ལ་འཁོད། །གོང་གི་བརྒྱུད་པ་བཞི་པོ་དེ། །གང་གི་ལུགས་ལྟར་བསྒྲུབ་ན་ཡང་། །ཚན་པ་གསུམ་འདིས་འཐུས་པར་མཛད། ༈ །ཡབ་རྐྱང་རས་ཆེན་ལུགས་བྱེད་ན། །སྲུང་འཁོར་ལེགས་ལྡན་བདག་བསྐྱེད་བྱ། །མངོན་རྟོགས་ནང་ནས་བསལ་ཤེས་བྱ། །ཡབ་རྐྱང་ཕྱོགས་བཅུའི་མགོན་པོས་བསྐོར། །ཡབ་ཀྱི་སྤྱན་འདྲེན་མཆོད་བསྟོད་འདོན། །དྷེ་ཝ་རཀཱ་བསྙེན་པ་དང་། །ཤཱ་ས་ན་ལ་བསྒྲུབ་པ་དང་། །གུ་རུའི་སྔགས་དང་གཏོར་མ་སྦྲེལ། །བཞི་སྦྲེལ་ལས་སྦྱོར་སྔགས་ཡིན་ནོ། ༈ །ཡུམ་རྐྱང་དུས་མཁྱེན་ལུགས་བྱེད་ན། །བདག་བསྐྱེད་ཕྱག་རྡོར་གཤིན་རྗེ་གཤེད། །རྟ་མགྲིན་ལ་སོགས་ཁྲོ་བོ་བསྒོམ། །དེ་ནི་གཏོར་མའི་སོར་བཞག་སྟེ། །དུས་མཁྱེན་རང་གི་རྟོགས་ཆོས་ལ། །བདག་མདུན་གཉིས་ཀར་ལྷ་མོ་བསྐྱེད། །མ་བདུན་སྲིང་བཞི་ལ་སོགས་འཁོར། །ཡབ་སྐྱུར་ཡུམ་གྱི་སྤྱན་འདྲེན་དང་། །མཆོད་


CMR028_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་ལྷ་མོའི་བསྙེན་སྔགས་བཟླ། ༈ །སྙན་བརྒྱུད་ལུགས་ལ་ཡབ་ཡུམ་གཉིས། །རྐང་ཐང་ཞལ་སྦྱོར་འཁོར་བརྒྱད་དམ། གཙོ་རྐྱང་ཡིད་ཀྱིས་བསྒོམས་བྱས་ནས། །རྩ་རླུང་གདམས་པ་བསྒོམ་པའོ། ༈ །དེང་སང་དགུ་གཏོར་དུས་མཆོད་ལུགས། །བདག་བསྐྱེད་ཕག་མོ་མདུན་མགོན་པོ། །མ་རྒྱུད་སྐོར་བཞིའི་ཆོས་སྐྱོང་ནི། །གྲི་གུག་ཅན་འདི་ཡིན་པའི་ཕྱིར། །འབྲེལ་ཆེ་རུང་ཞིང་འཐད་དོ་གསུངས། །འཁོར་ལྔ་མགོན་པོའི་འཁོར་དངོས་མིན། །གཏོར་མགྲོན་གྲ་ཚར་བསྒྲིགས་པ་སྟེ། །འོན་ཀྱང་དོན་ལ་འབྲེལ་ཆེ་སྟེ། །རྣམ་སྲས་བྱང་གི་མགོན་པོ་སྟེ། །ལྷོ་ནུབ་མགོན་པོ་སྲིན་མགོན་དང་། །ནུབ་བྱང་མགོན་པོ་བྲག་མགོན་དང་། །དམ་ཅན་ངོ་བོ་གཅིག་པར་གསུངས། །སེང་གདོང་ཏྲཀྐད་དོན་གཅིག་པའི། །མགོན་པོ་ཉིད་དང་དབྱེར་མེད་དོ། །འོག་མགོན་འཁོར་ལ་ཀླུ་རིགས་ཀུན། །དེ་ཕྱིར་སྔགས་བདག་འཁོར་དུ་གཏོགས། །དེ་ཕྱིར་འཁོར་ལྔ་བརྗོད་དུ་རུང་། །དམ་ཅན་ལྷ་མོ་ལྷ་རུ་ཞེས། །ཀུན་ལ་གྲགས་ཤིང་འཛེམ་ན་འང་། །ལྷ་མོའི་ཟླ་གྲོགས་གྱུར་པ་ཡི། །བཙན་སྐྱ་རྡོ་རྗེ་ཟླ་བ་ནི། །དམ་ཅན་ཡིན་པར་པཀཱིས་གསུངས། །མགོན་པོ་རྟ་


CMR028_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་ངོ་བོ་གཅིག །དེ་སྤྲུལ་དམ་ཅན་ལས་མཁན་ཚུལ། །དེ་ཕྱིར་མི་འགལ་ཟུང་འཇུག་མཐུན། །མ་མགོན་མགར་གསུམ་ཟེར་བ་འདི། །ཀཾ་ཚང་གསར་དྲན་མ་ལགས་ཏེ། །སྔར་ནས་ཀཿཐོག་རྙིང་ལུགས་གསུངས། །རྒྱས་པར་འདོན་ལུགས་ཁྱད་མེད་དོ། །མཚལ་མ་འདོན་ལུགས་གཉིས་སུ་སྣང་། །མ་མགོན་མགར་གསུམ་མཚལ་མ་ལ། །འཁོར་ལྔ་གཞན་རྣམས་སྔགས་བསྔོས་དང་། །བསྟོད་པ་ཤོ་ལོ་ཀ་རེ་སྦྱར། །སྒར་ཆེན་སྐུ་མདུན་ཡང་ཟུར་ལུགས། །མཚལ་མ་མ་མགོན་མགར་གསུམ་ལ། །འཁོར་གཞན་རྒྱས་པ་ཞྭ་དམར་ལུགས་། །ལྕོག་གྲ་ཉིན་གླིང་ལ་སོགས་མཐུན། །རྗེས་ཆོག་ཡོངས་སུ་རྫོགས་འདོན་ལ། །གྲྭ་སའི་བསྒྲིགས་ཏེ་དུས་མཆོད་ལུགས། །བསྒྲུབ་པའི་ལུགས་དང་གཅིག་མ་ཡིན། །འཕགས་པ་ཀླུ་སྒྲུབ་ཀྱིས་བཞེངས་པའི།། སྒྲོལ་མ་བརྒྱད་དང་མགོན་པོ་བརྒྱད། །ཀླུ་སྒྲུབ་ཁོ་རང་བཞུགས་བཞིན་དུ། །ལྷ་ཁང་མུ་སྟེགས་པ་ཡིས་བཤིགས། །བྱང་ཆུབ་ཤིང་ཡང་བཅད་པ་ལ། །ཨོ་རྒྱན་ཕྱག་ནས་མཛད་པས་སྐྱེས། །རྡོ་རྗེ་གདན་དུ་བཀའ་སྲུང་དང་། །ཆོས་སྐྱོང་མེད་དམ་ལེན་པར་སོམས། །དར་མཐའ་གུད་དང་བརྩིགས་མཐའ་འཇིག་


CMR028_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་མཐའ་འཛད་པ་འདུས་བྱས་ཀྱི། །དངོས་པོ་ཀུན་ལ་མེད་མི་སྲིད། །དེ་དོན་མ་རྟོགས་ལ་ལ་ཡིས། །བེར་ཅན་རྒས་སམ་ཤི་བའམ། །འདི་ལ་ནུས་པ་མི་འདུག་ཟེར། །ལེགས་ལྡན་མེ་ལྕེ་ཕྲེང་བའི་རྒྱུད། །གསེར་འོད་ལས་ནི་ཨེ་ཉུང་ཙམ། །དེ་ལ་བཅོམ་ལྡན་འདས་ཉིད་ཀྱིས། །མགོན་པོ་ནག་པོར་བཀའ་སྩལ་པ། །སྐྱེས་བུ་ཁྱོད་ཀྱི་མཐུ་རྩལ་ནི། །སྲིད་པ་གསུམ་ལ་བྱོལ་འདེབས་ཤིང་། །ཁམས་གསུམ་དབང་དུ་སྡུད་པར་བྱེད། །འདོད་ཁམས་དཀྲུགས་ཤིང་ཟིལ་གྱིས་གནོན། །སྟོང་གསུམ་གཞན་དུ་འཕེན་པར་བྱེད་། །འབྱུང་པོ་ཀུན་གྱི་རྒྱུ་ལམ་གཅོད། །རྒྱ་མཚོ་ཆེན་པོ་ཧུབ་ཀྱིས་འདེབས། །རི་བོ་ལྟོ་རུ་ཟ་བར་བྱེད། །དགྲ་བགེགས་འབྱུང་པོ་ཚར་གཅོད་ཅིང་། །ཁྱོད་ཀྱིས་གད་མོ་བགད་པའི་ཚེ། །གཤེ་བའི་གད་མོས་ལྷ་རྣམས་བརྒྱལ། །བདུད་དང་མུ་སྟེགས་སྔངས་བར་བྱེད། །ཤི་ལ་ཐུག་པར་བརྒྱལ་བར་འགྱུར། །ངོ་མཚར་གད་མོས་དབང་དུ་སྡུད། །མ་མོའི་ཚོགས་རྣམས་ཡིད་ཀྱང་འཕྲོག །ཧཱུྃ་སྒྲས་ཁམས་གསུམ་དབང་དུ་སྡུད། །ཕཊ་ཀྱིས་སྟོང་གསུམ་དུས་གཅིག་སྒྲོལ། །ཕོ་ཕེ་ཕེ་གྱིས་འཇིག་རྟེན་གཡོ། །གཡོ་བ་ཐམས་ཅད་དབང་དུ་


CMR028_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་། །བང་གི་སྟོབས་ནི་གློག་དང་འདྲ། །སྟོང་གསུམ་དུས་གཅིག་ཁྱབ་པར་འགྲོ། །མངོན་ཤེས་ལྔ་དང་རབ་ལྡན་ཅིང་། །རྫུ་འཕྲུལ་སྣ་ཚོགས་རབ་བསྟན་པས། །འགྲོ་བ་ལོག་རྟོག་སྒྲོལ་བར་བྱེད། །མཁའ་འགྲོ་ཀུན་གྱི་གཙོ་བོ་སྟེ། །དུར་ཁྲོད་ཀུན་གྱི་བདག་པོ་སྟེ། །ལྷ་ཆེན་ཚོགས་ཀྱི་བདག་པོ་སྟེ། །ཞིང་སྐྱོང་དཔའ་བོའི་དམག་དཔོན་བྱེད། །གཤིན་རྗེ་བདུད་ཀྱི་གཙོ་བོ་མཛད། །གནོད་སྦྱིན་ཀུན་ཀྱང་བྲན་དུ་ཁོལ། །དེ་ལྟར་དཔལ་ལྡན་ནག་པོ་ཁྱོད། །ཅེས་གསུངས་དཔལ་ལྡན་ལྷ་མོ་ཡང་། །ནད་རིམས་དལ་གྱི་བདག་མོ་སྟེ། །འགྲོ་བ་དབུགས་དང་བྲེལ་ཁ་རུ། །མི་སླེབ་མི་སྲིད་དབུགས་བདག་མོར། །ལྷ་མོའི་མཚན་བརྒྱའི་རྒྱུད་ལས་གསུངས། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་། །འཇིག་རྟེན་བརྟན་མ་བཅུ་གཉིས་ཡང་། །དོན་ལ་ལྷ་མོའི་སྤྲུལ་པར་གསུངས། །གསར་མར་དབང་ཕྱུག་ཆེན་པོ་ཟེར། །རྙིང་མར་རུ་ཏྲ་ནག་པོ་ཟེར། །རྟ་མགྲིན་རུ་ཏྲ་བཏུལ་བའི་སེམས། །མགོན་པོ་ལེགས་ལྡན་བྱུང་ཟེར་དང་། །ཕྱག་རྡོར་དབང་ཕྱུག་བསད་པའི་སེམས། །མགོན་པོ་བེང་བྱུང་ཟེར་བ་མཐུན། །ལེགས་ལྡན་དོན་ལ་དབང་ཕྱུག་ཡིན། །དབང་ཕྱུག་སྤྱན་རས་གཟིགས་སྤྲུལ་


CMR028_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། །མེ་ལྕེ་འབར་མའི་རྒྱུད་སོགས་ལས། །དབང་ཕྱུག་སྲས་མོ་ལྷ་མོ་དང་། །མིང་པོ་མགོན་པོ་བྱུང་བ་སྟེ། །གཤིན་རྗེ་མ་ཧཱ་ཀཱ་ལར་གྲགས། །དབང་ཕྱུག་ཁྲོས་པའི་དྲག་པོ་ནི། །དྲག་པོ་འཇིགས་བྱེད་ནག་པོ་དང་། །ལྷ་ཆེན་བརྒྱད་ཀྱི་ལེགས་ལྡན་གཅིག །ལེགས་ལྡན་ཆེ་བ་དབང་ཕྱུག་དང་། །ཆུང་བ་སྲས་མཆོག་བེར་ཅན་ལགས། །འཇིག་རྟེན་ཁམས་ན་དབང་ཕྱུག་ལས། །སྟོབས་ཆེ་ཡོད་པར་ཕྱི་པ་དང་། །ནང་པ་བོན་ལུགས་སུ་ལའང་མེད། །དེ་ཕྱིར་ནུས་པ་མེད་སྙམ་འཁྲུལ། །མཐའ་ཆོད་ཀྱི་ལེའུ་གཉིས་པའོ།།་༈ །།འདི་ཉིད་རང་ལ་ལུགས་མང་ནའང་། །ཀརྨ་པཀི་ཁོ་ནའི་ལུགས། །དེང་སང་ཆོ་ག་འདི་ཉིད་ཀྱི། །མན་ངག་ཡི་གེར་གསལ་བ་མེད། །ཅི་ཕྱིར་ཟབ་དྲག་སྙན་དུ་བརྒྱུད། །དཀོན་མཆོག་འབངས་ཀྱིསྒྲིགས་པ་ཡིས། །མ་མགོན་སྒྲུབ་ཐབས་པོ་ཏི་ཡང་། །སྔོན་གྱི་རྒྱ་གཞུང་ཁོ་ན་དང་། །ཡབ་རྐྱང་ཡུམ་རྐྱང་པོད་གཞུང་བསྒྲིགས། །དེ་དག་གསེབ་ཏུ་ཞལ་སྦྱོར་གྱི། །མན་ངག་ཚིག་དུམ་རེ་རེ་སྦས། །དབང་ཕྱུག་རྡོ་རྗེས་བསྒྲིགས་པ་ཡི། །ཕྱི་ནང་གསང་སྒྲུབ་རྒྱས་པ་ཡང་། །ཡབ་རྐྱང་ཁོ་ནའི་ལུགས་སུ་སྣང་། །དེ་ཕྱིར་


CMR028_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་ལེགས་བལྟས་ཀྱང་། །ཞལ་ཁྲིད་མེད་པར་གདམས་ངག་འདི། །སུས་ཀྱང་རྙེད་པར་མ་མཆིས་སོ། །དེ་ཕྱིར་མ་མགོན་ཆོ་ག་ལ། །གྱེར་དང་རྔ་རྡུང་མཁས་མཐར་ཕྱིན། །དད་གུས་མི་ཆེ་ཐུགས་དམ་གྱི། །གཙོ་བོ་བྱེད་པ་མང་པོས་ཀྱང་། །བསྐང་གསོ་ཆོ་ག་ཚར་གྲངས་ལས། །བསྒྲུབ་པ་ཤེས་པར་མ་གྱུར་པས། །རྟགས་མཚན་ཐོན་པར་མི་སྣང་ངོ་། །ཁོ་བོས་མ་མགོན་རྒྱུད་གཞུང་ལ། །མཐོང་རྒྱ་ཤིན་ཏུ་ཆེ་བ་དང་། །སློབ་དཔོན་མང་དུ་བསྟེན་པ་དེས། །ཟབ་གསང་མན་ངག་ལེགས་རྟོགས་ནས། །རང་ཉམས་བླངས་བས་ངེས་ཤེས་ཐོབ། །གཞན་ལ་བསྟན་པས་བརྟན་ཐོབ་གྱུར། །དེ་ཕྱིར་རང་བཟོ་མ་སེམས་ༀ། །སྒྲུབ་པ་ཉམས་སུ་ལོངས་མཛོད་དམ། །རང་གར་བསྐང་གསོ་བྱེད་པ་དང་། །ཨེ་འདྲ་རྟགས་ཀྱི་གསལ་བར་མཆིས། ༈ །དང་པོ་སྒྲུབ་པའི་སྟ་གོན་ནི། །ས་སྟེགས་སྟེང་དུ་མགོན་པོ་ཡི། །རྡུལ་ཚོན་རས་བྲིས་དཀྱིལ་འཁོར་རབ། །མེད་ན་ལྷ་གྲངས་ཚོམ་བུ་འམ། །ཚོམ་བུ་དགུས་ཆོག་གཞི་ཡི་སྟེང་། །ཟམ་སོ་ནག་པོའི་སྟེང་དུ་འགོད། །ཡོད་ན་མ་མགོན་ཞལ་ཐང་བཤམས། །མེད་ན་གཏོར་མར་ཙཀླུ་འཛུགས། །ཟངས་ལྕགས་སྣོད་དུ་གཏོར་མ་ནི། །


CMR028_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་གསུམ་ཟུར་ནི་མི་རྣོ་བ། །གཅིག་ལ་ཆུང་བ་བརྒྱད་ཀྱིས་བསྐོར། །མཉྫིའི་སྟེང་དུ་དབུས་སུ་བཞག །མར་རྒྱན་མེ་རི་ཧཱུྃ་ཡིག་དང་། །གྲི་ཐོད་ལ་སོགས་དབང་གཏོར་ལྟར། །ཤ་བརྒྱན་དར་གདུགས་ནག་པོ་བཙུགས། །དེ་ནི་ལྷ་བསྐྱེད་གསོ་མི་དགོས། །དེ་མདུན་མ་མགོན་གཏོར་མ་དང་། །གཡས་སུ་གསོལ་ཁ་གཡོན་བསྐང་བ། །ཀཾ་ཚང་ཕྱག་ལེན་དཀྱུས་ལྟར་བཅའ། །མདུན་གཡས་བདུད་རྩི་གཡོན་རཀྟ། །དེ་རྒྱབ་ཁྲག་གི་མཆོད་ཡོན་སོགས། །དྲག་པོའི་མཆོད་པ་བསྐོར་བཤམས་བྱ། །ཐུན་གཏོར་ཟུར་གསུམ་མང་པོ་དང་། །ཚོགས་དང་མཐེབ་སྐྱུ་མང་དུ་བསགས། །གནས་བདག་དཀར་གཏོར་བགེགས་གཏོར་བཏང་། །མཚམས་བཅད་ངག་ནི་དམ་དུ་བཅད། །ཕག་མོ་རྒྱལ་བ་རྒྱ་མཚོ་སོགས། །ཡི་དམ་ཆག་མེད་རྣམས་ཀྱང་འདོན། །འདི་ལ་ཡི་དམ་དགོས་རྒྱུ་མིན། །མཚལ་སེར་མངོན་རྟོགས་གང་འདོན་པ། །གཅིག་གིས་བདག་མདུན་དུས་གཅིག་བསྐྱེད། །བདག་བསྐྱེད་མགོན་པོར་ལྷ་མོས་འཁྱུད། །མདུན་བསྐྱེད་ལྷ་མོར་མགོན་པོ་ཉིད། །ཕར་འཁྱུད་དམིགས་པས་ཕྱེ་བ་ལས། །སོ་སོར་བརྗོད་སོགས་མི་དགོས་སོ། །སྤྱན་འདྲེན་གཅིག་


CMR028_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཡེ་ཤེས་པ། །གྲངས་མེད་སྤྱན་དྲངས་བདག་མདུན་ལ། །སོ་སོར་ཐིམ་པའི་དམིགས་པ་ནི། །མ་ཟིན་བར་དུ་སྤྱན་འདྲེན་གྱི། །སྔགས་རིང་གཉིས་པོ་མང་དུ་བརྗོད། །དེ་ནས་མཆོད་བསྟོད་བྱེད་ཚེ་ཡང་། །སྤྲུལ་པའི་ལྷ་མོ་གྲངས་མེད་སྤྲོ། །བདག་མདུན་སོ་སོར་མཆོད་བསྟོད་བསྒོམ། །འདོན་པ་གཅིག་གིས་ཆོག་པ་ཡིན། །སྔ་དྲོ་ཉིན་ཕྱེད་དགོང་ཁ་དང་། །མཚན་དང་ཐུན་བཞིར་མཚལ་མའམ། །རྒྱས་པ་ཚར་བཞི་དགོས་ན་ཡང་། །དེ་བྱས་བསྙེན་པ་མི་འགྲོ་བས། །སྔ་དྲོ་བསྟོད་པ་ཡན་དེས་ཆོག །དེ་ནས་བསྙེན་པ་བྱ་བ་དང་། །ཐུན་མཇུག་ཐུན་གཏོར་གཅིག་འབུལ་བ། །ཕྱི་རུ་མི་འབུལ་དཀྱིལ་འཁོར་འགྲམ། །ཕུལ་ལམ་བསྒྲིགས་ནས་བཞག་པར་བྱ། །ཉིན་ཕྱེད་གསོལ་ཁ་ཚར་གཅིག་བཏང་། །དེ་ཡིས་གོ་བཅད་བསྙེན་པ་བྱ། །མཐུན་མཇུག་ཐུན་གཏོར་གཅིག་འབུལ་ལོ། །དགོང་ཀ་བསྐང་བ་ཚར་གཅིག་བྱ། །དེ་ནས་བསྙེན་པ་གོང་ལྟར་ལས། །ཐུན་མཚམས་ཐུན་གཏོར་འབུལ་བ་ཡིན། །ཐུན་གཏོར་དམར་གཏོར་ཤ་ཁྲག་བརྒྱན། །འགུགས་གཞུག་གཞུང་ལྟར་བྱས་པ་ལ། །གཅིག་ལ་བྱང་ཕྱོགས་དུར་ཁྲོད་དང་། །ཡེ་ཤེས་དབྱིངས་མས་ཕུལ་བའོ། །དེ་རྒྱབ་


CMR028_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་བསྟོད་ཡབ་ཡུམ་དང་། །འདས་དང་མ་བྱོན་ཡབ་ཡུམ་དང་། །གང་ཞིག་བླ་མ་ལ་སྨོད་མ། །དེ་བཞིན་རེས་མོས་འབུལ་བའོ། །མཚན་མོ་མངོན་རྟོགས་ནས་བཟུང་སྟེ། །བསྟོད་པ་ཡིན་དེ་མཚལ་མའམ། །རྒྱས་པ་ཡིད་ལ་གང་འདོད་ཆོག །དེ་ནས་བསྙེན་པ་བྱ་བ་སྟེ། །གཉིད་ཁ་ཐུན་གཏོར་གཅིག་འབུལ་ནས། །རྗེས་ཆོག་མི་བྱ་བདག་མདུན་རྣམས། །མི་གཤིགས་མི་བསྡུ་རྙིང་མའི་ལུགས། །དེ་ཡིས་རྟགས་མཚན་གསལ་བ་ཡིན། །དམ་ཅན་འཁོར་ལྔ་ལ་སོགས་པ། །བཏོན་ན་མི་རུང་མེད་ན་ཡང་། །འདི་ལ་དགོས་རྒྱུ་ཅུང་མེད་དོ། །ཆག་མེད་གཏོར་བསྔོས་ཆུ་གཏོར་སོགས། །ཡོད་ན་ཐུན་མཚམས་རྣམས་སུ་རུང་། །གལ་ཏེ་ལུས་སྦྱིན་ཆག་མེད་ཀྱི། །དམ་བཅའ་ཡོད་པ་མི་ཆག་ཕྱིར། །བདག་མདུན་ལྷ་ཚོགས་ཡོད་ཚུགས་བཞུགས། །བདག་བསྐྱེད་ཐུགས་ལས་ཐ་མལ་པའི། །རྣམ་སྨིན་ཤ་ཁྲག་ལུས་པོ་གཅིག །ཕྱིར་ལ་སྤྲོས་ཏེ་བདག་མདུན་གྱི། །ལྷ་དང་མགྲོན་རིགས་ཀུན་ལ་འབུལ། །དཔེར་ན་འབུལ་གཏོར་དམིགས་པ་བཞིན། །དེ་ཡིས་མི་འགལ་འཁུ་ལྡོག་དང་། །མི་ནོན་པ་ཀུན་སེལ་བར་བྱེད། །ཆག་མེད་མིན་ནི་མ་བྱས་ལེགས། །


CMR028_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་རྣམ་གྲངས་མཐའ་ཡས་ཀྱང་། །མདོར་བསྡུས་རྩ་བ་འདིར་བཤད་པ། །བདག་མདུན་མགོན་པོའི་ཐུགས་ཀ་རུ། །ཟླ་སྟེང་ཧཱུཾ་མཐིང་ལངས་པའི་མཐར། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཿ །ཡི་གེ་ངོ་ནི་ཕྱིར་བསྟན་ནས། །ལངས་ཏེ་མདུན་ནས་གཡོན་བསྐོར་བཀོད། །བདག་མདུན་ལྷ་མོའི་ཐུགས་ཀ་རུ། །ཉི་སྟེང་བྷོ་ཡིག་སྔོན་པོའི་མཐར། །ཨོཾ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཛཿ མདུན་ནས་བརྩམས་ཏེ་ཡི་གེའི་ངོ་། །ནང་དུ་བསྟན་ཏེ་གཡས་བསྐོར་བཀོད། །དེ་དག་བཟླས་པའི་ཚུལ་དུ་ནི། །ཅུང་ཟད་བཟླས་པ་བསྙེན་པའོ། །དེ་ནས་སྔགས་ལས་འོད་ཟེར་བྱུང་། །ཁ་དོག་ལྔ་ལྡན་མཐིང་ཤས་ཆེ། །ཕྲེང་བའི་ཕྲེང་ལུང་ལྟ་བུ་རུ། །མགོན་པོའི་གཡས་དང་ལྷ་མོའི་གཡོན། །འོད་ཟེར་འཁོར་བ་ཉེ་བསྙེན་ནོ། །དེ་ནས་དང་པོར་དལ་བུས་འཁོར། །ཇེ་མགྱོགས་ཕྱིས་ནས་ཤིན་ཏུ་མགྱོགས། །སྔགས་ཕྲེང་འཁོར་བ་སྒྲུབ་པར་བརྩི། །དེ་ཚེ་སྔགས་ཕྲེང་འོད་ཟེར་གྱིས། །སངས་རྒྱས་བྱང་སེམས་མ་མགོན་ཚོགས། །མཆོད་པས་ཐམས་ཅད་མ་མགོན་སྐུར། །གྱུར་ནས་ཁ་བ་བུ་ཡུག་ལྟར། །རང་ལ་སིབ་སིབ་ཐིམ་པར་བསྒོམ། །བདག་བསྐྱེད་མ་མགོན་གཉིས་ཀ་ཡང་། །དོན་ལ་བདག་ཉིད་ཡེ་ཤེས་


CMR028_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

པས། །གཉིས་ཀའི་ཐུགས་ལས་སྔགས་ཕྲེང་འཕྲོས། །ཞལ་ནས་ཐོན་ཏེ་མདུན་བསྐྱེད་ཀྱི། །མ་མགོན་ཞལ་ཞུགས་ཐུགས་ཀར་ཐིམ། །སྔགས་ཕྲེང་འཕྲོས་ནས་ལྟེ་བ་ནས། །ཚུར་བྱུང་བདག་བསྐྱེད་མ་མགོན་གྱི། །ལྟེ་བ་ནས་ཞུགས་ཐུགས་ཀར་ཐིམ། །ཡང་ན་བདག་ཉིད་མགོན་པོ་ཡི། །ཐུགས་ནས་སྤྲོ་དང་ལྟེ་ནས་བསྡུ། །བདག་ཡུམ་རང་གར་བཞག་ཀྱང་རུང་། །ཕར་ལ་མཆོད་པ་འབུལ་བར་དམིགས། །ཚུར་ལ་དངོས་གྲུབ་བསྡུ་བར་བསམ། །བར་དུ་འཁོར་ཚེ་སྔགས་ཕྲེང་ལས། །འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས་། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཡེ་ཤེས་ཆོས་སྐྱོང་ཐམས་ཅད་མཆོད། །བྱིན་རླབས་འོད་ཟེར་ཚུལ་དུ་བསྡུས། །སྔགས་ཕྲེང་ཉིད་ལ་ཐིམ་པ་དང་། །འོད་ཟེར་འགྲོ་དྲུག་སྒྲིབ་པ་སྦྱོངས། །ཚེ་བསོད་མཐུ་སྟོབས་བཅུད་བསྡུས་ནས། །སྔགས་ཕྲེང་ལ་ཐིམ་སྔགས་ཕྲེང་ཉིད། །རང་གི་ཐུགས་ཀར་ཐིམ་པ་དེས། །འཁོར་བཅས་བྱིན་རླབས་དངོས་གྲུབ་ཐོབ། །འགྲོ་དྲུག་མ་མགོན་ཤ་སྟག་གྱུར། །སྔགས་སྒྲ་འུར་འུར་ཏིར་ཏིར་སྒྲོག །དེ་ནི་སྒྲུབ་པ་ཆེན་པོའོ། །དེ་ལྟར་དམིགས་པ་ཚན་བཞི་པོ། །ཐུན་རེ་ལ་ནི་རྫོགས་པའམ། །


CMR028_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་ཐུན་རེར་རེ་རེ་བྱ། །ཞག་གཅིག་ལ་ནི་རྫོགས་ཀྱང་རུང་། །དེ་ལྟར་ཞག་པོ་བདུན་ཡིན་ན། །ཞག་ལྔ་ཙམ་དུ་བྱ་བའོ། །དེ་ནས་སྔོན་གྱི་དམིགས་པ་བཞི། །ཐུན་རེའི་མགོ་རུ་ཡུད་ཙམ་རེ། །ཁྱད་པར་ནམ་ལངས་ནས་བཟུང་སྟེ། །སྔགས་ལས་འོད་ཟེར་དཀར་པོ་དང་། །སྔགས་ཕྲེང་དཀར་པོ་མུ་ཏིག་འདྲ། །ཕར་ལ་ཞལ་ཞུགས་ཐུགས་ཀར་ཐིམ། །ཞི་བའི་ལས་ལ་དགོངས་པ་གཏད། །ཚུར་ལ་རང་ལུས་ཞུགས་པ་ཡིས། །ནད་གདོན་སྡིག་སྒྲིབ་ཉོན་མོངས་ཞི། །བར་དུ་འཁོར་ཚེ་སྔགས་ཕྲེང་ལས། །ཟླ་འོད་ལྟ་བུའི་འོད་དཀར་པོས་། །སེམས་ཅན་ཀུན་གྱི་སྡུག་བསྔལ་དང་། །སྡིག་སྒྲིབ་ཞི་ཞིང་བདེ་བར་བཀོད། །བསྲུང་བྱ་དཔོན་སློབ་ཡོན་བདག་གི །བར་ཚད་ནད་གདོན་ཐམས་ཅད་ནི། །བ་མོར་ཉི་ཟེར་ཕོག་ལྟར་ཞི། །དེ་ནི་སྔ་དྲོའི་ཐུན་དམིགས་སོ། །དྲོས་ཆེན་ནས་བཟུང་ཕྱེད་ཡོལ་བར། །སྔགས་ལས་སྔགས་ཕྲེང་འོད་ཟེར་བཅས། །བཙོ་མ་གསེར་གྱི་མདོག་འདྲ་འཕྲོས། །ཞལ་ཞུགས་ཚུར་བསྡུ་གོང་ལྟར་ལ། །འོད་ཟེར་སེར་པོ་ཉི་ཤར་བཞིན། །འགྲོ་བའི་བདེ་སྐྱིད་རྒྱས་པར་བྱ། །བསྲུང་བྱའི་ཚེ་བསོད་དཔལ་འབྱོར་དང་། །བསྟན་དང་བླ་མའི་སྐུ་ཚེ་


CMR028_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །ཟླ་བ་ཡར་གྱི་ངོ་ལྟར་རྒྱས། །མདུན་བསྐྱེད་རྒྱས་པའི་ཐུགས་དགོངས་མཛད། །དེ་ནི་ཕྱེད་ཀྱི་ཐུན་ལའོ། །དགོང་ཆེན་ནས་བཟུང་མུན་རུབ་བར། །སྔགས་ཕྲེང་འོད་ཟེར་རཱ་གའི་མདོག །གློག་ཞགས་ལྟ་བུར་ཕྱོགས་བཅུར་འཕྲོས། །འགྲོ་ཀུན་རླུང་སེམས་དབང་དུ་བྱས། །རང་དང་བསྲུང་བྱས་གང་འདོད་པའི། །འདོད་དགུ་དབང་དུ་འདུས་པ་ནི། །ཤ་རུལ་སྦྲང་མ་བཞིན་དུ་བསྒོམ། །མུན་རུབ་ནས་ནི་ཉལ་ཁའི་བར། །སྔགས་ཕྲེང་འོད་ཟེར་མཐིང་ནག་སྟེ། །འོད་ཟེར་ཚ་བའི་ངར་ལྡན་པས། །འགྲོ་བའི་སྡིག་སྒྲིབ་ཉོན་མོངས་དང་། །རང་དང་བསྲུང་བྱའི་བར་ཆད་བགེགས། །བྱ་སྒྲོ་མེ་ལ་བསྲེགས་པ་ལྟར། །ཐམས་ཅད་ཚར་བཅད་མེད་པར་བསྒོམ། །ཐུན་གཏོར་བཞི་པོ་གོང་ལྟར་རོ། །ཞག་བདུན་བྱེད་ན་ཞག་གཉིས་སོ། །སྒྲུབ་པའི་ཚད་ནི་ཞག་བདུན་ཏེ། །དེ་ལས་མང་དུ་བྱེད་ནའང་། །ཞག་བདུན་སྒྲུབ་པ་གཅིག་རྫོགས་བྱེད། །དེ་ནས་སྤོག་ཚུལ་ཝིག་ན་ལེགས། །རབ་ཀྱིས་ཞག་བདུན་འབྲིང་བདུན་གཉིས། །ཐ་མ་བདུན་གསུམ་ཡོང་མཐའ་ཡང་། །ཟླ་གཅིག་མི་འགོར་རྟགས་འབྱུང་ངོ་། །གྲངས་ནི་རབ་ཀྱིས་སུམ་འབུམ་འགྲུབ། །འབྲིང་གིས་


CMR028_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་འབུམ་ཉི་ཁྲི་སྟེ། །ཐ་མས་འབུམ་ཕྲག་བཅུ་གསུམ་ཡིན། །ཡང་ཐ་གང་ཐོན་ངེས་པ་མེད། ༈ །རྟགས་ནི་སྒྲིབ་པ་འཐུག་སྲབ་ཁྱད། །རབ་དངོས་འབྲིང་ཉམས་ཐ་མ་ཡང་། །རྨི་ལམ་དུ་ནི་ངེས་པའོ། །རང་གི་དད་མདུན་ཆེ་བ་ཡི། །བླ་མ་དཔོན་སློབ་རྡོ་རྗེ་སྤྱན། །མི་ནག་ཕ་ཁུ་དཔོན་ཆེན་དང་། །གོས་སྔོན་རྟ་ཞོན་དམག་ཆས་ཅན། །བྱ་ནག་ཁྱི་ནག་གཡག་ནག་དང་། །སྤྲིན་ནག་འབྲུག་སྒྲ་ཐོག་སེར་འཚག །མ་སྲུ་སྲིང་ལྕམ་དགེ་སློང་མ། །བུད་མེད་ཆོས་བཟང་རལ་པ་ཅན། །མཛེས་སྡུག་སྣུམ་བག་སྤོས་དྲི་ཅན། །བོང་བུ་དྲེལ་དང་རྨ་བྱ་དང་། །རྨ་བྱའི་སྒྲོ་དང་རལ་གྲི་དང་། །སྦྲུལ་དང་ནེ་ལེ་ཁྲག་ཆུས་མཚོ། །རླུང་ནག་འཚུབ་མ་ལྕགས་སྒྲོག་རྙེད། །དེ་དག་ཉེ་དང་འཁོར་བའི་རྟགས། །དངོས་གྲུབ་རྫས་བྱིན་ཕྱག་འཚལ་དང་། །ལུང་སྟོན་ཆོས་འཆད་ལེགས་ཉེས་སྨྲ། །བག་དྲོ་བྱིན་ཆགས་རིག་པ་དྭངས། །ཉམས་རྟོགས་བོགས་ཐོན་དད་གུས་འཕེལ། །དར་ཕྱར་དུང་འབུད་བསང་ཆེན་གཏོང་། །ཁྲི་ལ་འདུག་དང་ཁྲོམ་ཆེན་འདུ། །ཉི་ཟླ་ཤར་དང་བདུད་རྩི་འཐུང་། །འབྲུ་དང་རིན་ཆེན་ལོངས་སྤྱོད་རྙེད། །ཆོས་གཏེར་ནོར་གཏེར་ཕྱག་མཚན་རྙེད། །མ་མགོན་


CMR028_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་གཞུང་གླེགས་བམ་རྙེད། །དེ་སོགས་ལེགས་ཤིང་འགྲུབ་པའོ། །བྱ་བྲལ་སྤུང་དབྱུག་ཐོགས་བྱུང་ན། །གཏོར་མ་ངན་པས་བཟང་དུ་བྱ། །བུད་མེད་ངུ་དང་བྲང་། རྡུང་དང་། །སྐྲ་བལ་མཆི་རིས་དོད་པ་དང་། །རྒྱན་ཆ་བཀྲོལ་ནས་རང་ལ་གཏད། །བར་ཆད་ཡོད་པས་བསྐང་བ་བྱ། །སྐབས་སུ་མ་མགོན་དབུ་གཙུག་ཏུ། །རྡོར་སེམས་བསྒོམས་ལ་ཡིག་བརྒྱ་འདོན། །བཀྲ་ཤིས་པ་ཡི་གདམས་ངག་གོ །དམིགས་པ་རྡོར་སེམས་སྒོམ་བཟླས་ལྟར། །ཨོ་ས་མ་ཡ། ཨཱས་མ་ཡ། ཧཱུཾ་ས་མ་ཡ། མ་མགོན་སྔགས་དེར་ཡིག་བརྒྱ་མཐུད། །དེ་ཉིད་ཉམས་ཆག་སྐོང་བའི་མཆོག་།རྒྱལ་འགོང་དམ་སྲི་ལ་སོགས་ཀྱིས། །བར་དུ་གཅོད་པའི་རྟགས་བྱུང་ངམ། །ལར་ཡང་རྩུབ་ཅིང་རྐྱེན་མང་ན། ༈ །ཐུན་མཚམས་གེགས་སེལ་དམིགས་པ་ནི། །རང་ཉིད་མགོན་པོའི་དཔུང་པའི་སྟེང་། །བྱ་རོག་ནག་ལ་དམར་མདངས་ཅན། །མཆུ་སྡེར་རྡོ་རྗེ་ཕ་ལམ་གྲུབ། །དེ་གཉིས་ལས་ནི་སྤྲུལ་པ་ཡི། །བྱ་རོག་འབྲོང་གཡག་ཙམ་པ་ནི། །ནམ་མཁའ་བར་སྣང་ཁྱབ་པར་འཕྲོས། །གཤོག་སྒྲ་འུར་འུར་འབྲུག་ལྟར་སྒྲོག །གནོད་བྱེད་གདོན་བགེགས་ཐམས་ཅད་ནི། །བྱེའུས་


CMR028_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

འབུ་སྲིན་ཟ་བ་བཞིན། །ཏོག་ཏོག་བཏུས་ནས་ཐམས་ཅད་ཟོས། །ཐམས་ཅད་ཚུར་འདུས་གཅིག་ཏུ་གྱུར། །འོད་ཞུ་རང་གི་ཐུགས་ཀར་བསྡུ། །ཡང་ན་མདུན་བསྐྱེད་ལ་དམིགས་ཆོག །འདི་ནི་སྒྲུབ་དུས་མིན་ན་ཡང་། །བར་ཆད་སེལ་དམིགས་ནམ་ཡང་རུང་། །ཞལ་སྦྱོར་སྐུ་གསུམ་སྙིང་པོ་ནི། །པར་མ་ནང་དུ་དག་པར་བཞུགས། །ལྷ་བསྐྱེད་པ་ཡི་དོན་ཚང་ཕྱིར། །སྐུ་ཡི་སྙིང་པོ་འདོན་མི་དགོས། །ཏིང་ངེ་འཛིན་གྱི་དོན་ཚང་བས། །ཐུགས་ཀྱི་སྙིང་པོ་འདོན་མི་དགོས། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཿ གསུང་གི་སྙིང་པོ་འབྲུ་བཅུ་གསུམ། །རྒྱུན་དུ་འདོན་རྒྱུ་ངོས་ཟིན་བྱ། །དེ་ཉིད་ཞལ་ཤེས་མི་ལྡན་པས། །སྔགས་མང་འདོན་ཚོད་མ་ཟིན་ནས། །ཕལ་ཆེར་གྱི་ནར་ལུས་པ་མང་། །དེ་ནས་སྒྲུབ་པ་ཡུན་རིང་ཐུང་། །གང་ལྟར་བྱས་ཀྱང་གྲོལ་ཁ་ལ། །དྲག་ལས་བརྡ་ཙམ་མ་བྱས་ན། །རང་གི་ཚེ་ལ་གནོད་པ་ནི། །མགོན་པོའི་རྒྱུད་གཞུང་ཀུན་ཏུ་གསལ། །ཅི་ཕྱིར་འགྲོ་ས་མེད་པ་ན། །དམག་བསྡུས་དམག་མི་ཁྲོ་དང་འདྲ། །རྒྱས་པར་གཞུང་གི་ཕུར་འདེབས་སོགས། །བསྡུ་ན་དམར་གཏོར་ཆེ་བ་གཅིག །ཤ་ཁྲག་རྒྱུན་བཟང་ལྡན་པར་བཤམས། །ཟན་གྱིས་ལིངྒ་


CMR028_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བྱས་ལ། །བཀུག་གཞུག་གཞུང་ལྟར་ལན་གསུམ་བྱས། །ཕུར་འདེབས་ལ་སོགས་མ་ཐོན་ཀྱང་། །གྲིས་གཏུབས་དམར་གཏོར་ནང་དུ་བླུགས། །བྲན་ལ་བསྐུལ་པ་ཐམས་ཅད་འདོན། །ཐམས་ཅད་འདོན་པར་མ་ཐུབ་ན། །གསོན་གཅིག་མ་ཡིས་ཆོག་པ་ཡིན། །རྒྱས་པར་བཞེས་འབོད་གཞུང་ལྟར་བྱ། །མ་བྱས་ན་ཡང་རུང་བ་སྟེ། །ཕྱོགས་དང་རྒྱུ་ལྡོག་བརྩི་མཁས་ན། །ཟོར་དུ་འཕངས་ལ་དར་ནག་རྡེབ། །མི་ཤེས་ན་ནི་གཙང་ས་འམ། །གནོད་པའི་ཕྱོགས་སུ་གོམ་པ་ཡང་། །བདུན་ཅུ་འདས་པའི་ཕ་རོལ་ཏུ། །བསྐུར་ཆོག་རང་ཉིད་འགྲོ་མི་དགོས། །གཏོར་སྣོད་སྦུབ་ལ་རྟ་བྲོ་བྱ། །ཐོན་ན་ཞི་དྲག་གང་འདོད་ཀྱི། །སྦྱིན་སྲེག་བླུག་ན་མཆོག་ཡིན་ཏེ། །མ་ཐོན་ན་ཡང་མི་འགལ་ལོ། །དེ་ནས་་རྗེས་ཆོག་གཞུང་ལྟར་ལས། །དངོས་གྲུབ་ལེན་མཆོག་སྔགས་དེ་ནི། །སྟོང་ངམ་བརྒྱ་སོགས་བཟླས་བྱ་ལ། །དངོས་གྲུབ་ལེན་ཆོག་དེ་འདོན་ནས། །རང་གི་གནས་གསུམ་རྟེན་གཏོར་དེས། །རང་ལ་དབང་ནི་ལེན་ཚུལ་བྱ། །མདུན་བསྐྱེད་རྟེན་གསུམ་ཡོད་ན་བསྟིམས། །མེད་ན་གཤེགས་གསོལ་གཞུང་ལྟར་ལས། །བདག་བསྐྱེད་མཐའ་ནས་དབུས་ཡལ་ནས། །


CMR028_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པར་བསྡུ་བ་མ་གཏོགས་པ། །བདག་བསྐྱེད་ཡེ་ཤེས་གཤེགས་མི་རུང་། །དེ་ནི་གཅིག་གིས་བསྒྲུབ་ལུགས་ཏེ། །དཔའ་བོ་གཅིག་བསྒྲུབ་ཅེས་སུ་གྲགས། །གྲྭ་སློབ་མཆེད་གྲོགས་དམ་ཚིག་ཅན། །མང་པོས་དུས་གཅིག་སྒྲུབ་པ་ལ། །ཐམས་ཅད་གོང་དང་འདྲ་བ་ལ། །གཏོར་མ་ཀ་ཏོ་ར་ལ་སོགས། །ཆེན་པོ་བཅའ་ཞིང་མཆོད་གཏོར་བསྐྱེད། །གསུང་བཟང་གྱེར་དབྱངས་སུ་མཁས་རྣམས། །གཞུང་བསྲང་ལས་བྱང་ལ་སོགས་པ། །འདོན་ལུགས་གྲྭ་ས་ལྟ་བུར་བྱ། །མང་མར་དམིགས་པ་སྤྱོད་ནས་ཀྱང་། །སྔགས་ཉིད་ཁོ་ན་འདོན་དུ་ཚེབཅུག་རྡོ་རྗེ་སློབ་དཔོན་གང་ཡིན་གྱིས། །ལྟ་བའི་གདེང་བསྐྱེད་སྔགས་རང་འདོན། །མཚན་ལའང་སྔགས་རྒྱུན་མ་ཆད་བྱ། །མང་ན་བསྐང་ཐུང་རྒྱུན་ཅིག་བྱ། །གཞན་རྣམས་ཐམས་ཅད་གོང་དང་འདྲ། །དེ་ནི་ཚོམ་བུ་འབུམ་བསྒྲུབ་ཟེར། །འདོན་པ་ལ་སོགས་མི་ཤེས་ཀྱང་། །དེ་རུ་ཡོད་ཚད་ཐམས་ཅད་ཀྱིས། །སྒྲུབ་པ་ཐེམ་པ་སྨོས་ཅི་དགོས། །རེ་རེས་ལོ་གཅིག་བསྒྲུབ་པ་བས། །སྔགས་རྒྱུན་ཞག་བདུན་མ་ཆད་ན། །རེ་རེས་ལོ་སྒྲུབ་ཐོན་དང་མཉམ། །དེ་ནི་ཨོ་རྒྱན་རྡོ་རྗེའི་གསུངས། །དེ་ལ་ཐེ་ཚོམ་མི་བྱ་སྟེ། །རྟགས་ཀྱང་ཆེ་ལ་


CMR028_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་ནི། །ངེས་མེད་ཐུན་པ་སོ་སོར་འབྱུང་། །གྲིབ་ནོན་འདྲ་བའི་སྐྲག་སྔངས་དང་། །མཐོང་སྣང་ལ་སོགས་ཅི་ཡང་འོང་། །བར་ཆད་མ་ཡིན་འགྲུབ་རྟགས་སུ། །མགོན་པོའི་རྒྱུད་ལས་གསུངས་པ་ཡིན། །སྟེང་ནས་ཐིབ་ཐིབ་གནོན་པ་དང་། །གཟུགས་མེད་ལྷང་ལྷང་སྨྲ་བ་དང་། །སྒོ་ནི་བརྡུང་སོགས་ལྷ་མོའི་རྟགས། །རྒྱུད་ལས་གསུངས་ཕྱིར་སྐྲག་མི་བྱ། །སྒྲུབ་ཐབས་ལེའུ་སྟེ་གསུམ་པའོ།། ༈ །།དེ་ལྟར་བསྙེན་སྒྲུབ་ལེགས་ཐོན་ནས། །རྗེས་ནས་སྐུ་རིམ་བསྐང་གསོའི་དུས། །བུམ་པ་གཞུང་ལྟར་ལེགས་བཤམས་ལ། །བདག་མདུན་བུམ་ལྷ་དུས་གཅིག་བསྐྱེད། །ཞི་བའི་དུས་ཀྱི་དམིགས་པ་བྱ། །བུམ་ལྷར་བདུད་རྩིའི་རྒྱུན་བབ་བསྒོམ། །རྩ་སྔགས་དེ་ཡི་ཤམ་བུ་རུ། །ནད་གདོན་སརྦ་ཤཱན་ཀུ་རུ་སྭཱ་ཧཱ། །བུམ་ལྷ་མ་མགོན་དཀར་པོ་བསྒོམ། །ཡེ་ཤེས་གཤེགས་ལ་དམ་ཚིག་ཞུ། །ཆུ་ཡིས་ཁྲུས་དང་འཐུང་བ་དང་། །ནོར་ཕྱུགས་ལ་སོགས་གཏོར་བྱས་ན། །ནད་གདོན་ཞི་བའི་ཕྲིན་ལས་འགྲུབ། །རྒྱས་པའི་དུས་ཀྱི་དམིགས་པ་དང་། །གཏོར་མ་ཟས་སྣ་ཕུད་ཀྱིས་སྤུངས། །མདུན་བསྐྱེད་བེར་ནི་ནང་མ་ཡི། །སུལ་ནས་ནོར་བུའི་


CMR028_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་པ་བབ། །རང་གནས་ཆིལ་ཆིལ་གང་བར་བསྒོམ། །ཡབ་ཡུམ་ཕྱོགས་བཅུའི་མགོན་པོ་ཡི། །སྐུ་ལ་རིན་ཆེན་རྒྱན་ཕྱུག་བསྒོམ། །གསོལ་ཁ་ཉིད་ལ་དཔུང་བླངས་ཤིང་། །དངོས་གྲུབ་ལེན་ཆོག་སྔགས་དེ་འམ། །རྩ་སྔགས་དག་ལ་འདི་ཉིད་བཏགས། །སརྦ་སིདྡྷི་པུཏྟིཾ་ཀུ་རུ་སྭཱ་ཧཱ། སྒྲུབ་པ་དངོས་ཀྱི་ནོར་སྒྲུབ་ཀྱི། །སྒྲུབ་གཏོར་ཕྱི་མིར་མི་སྦྱིན་ནོ། །དེ་ཡིས་རྒྱས་པའི་ཕྲིན་ལས་འགྲུབ། །དབང་གི་དུས་ཀྱི་དམིགས་པ་དང་། །ལྷ་ཚོགས་སྐུ་མདོག་དམར་ངམ་བསྒྱུར། །འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས། །འཕྲོས་པས་གང་འདོད་དབང་བསྡུས་བསྒོམ། །རྩ་སྔགས་ཤམ་བུ་འདི་བཟླས་པས། །སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། གསོལ་ཁ་དག་ལ་བུང་བླངས་ཤིང་། །ཆང་དང་མེ་ཏོག་དམར་པོས་མཆོད། །དེ་ཡིས་དབང་གི་ཕྲིན་ལས་འགྲུབ། །མདུན་བསྐྱེད་བེར་ནག་ཕྱི་མ་ཡི། །སུལ་ནས་མཚོན་ཆའི་ཆར་ཆེན་པོས། །གནོད་བྱེད་དགྲ་བགེགས་ཐམས་ཅད་ནི། །ཤོ་མང་སེར་བས་བྲབ་འདྲར་བསྒོམ། །དམར་གཏོར་བཀུག་གཞུག་བསྐུལ་པ་འདོན། །སྔགས་ནི་པར་མ་ནང་ཉིད་ཀྱི། །མ་མགོན་ཞལ་སྦྱོར་སྔགས་རིང་དེའོ། །དེ་ཡིས་དྲག་པོའི་ཕྲིན་ལས་འགྲུབ། །


CMR028_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཚོགས་ལེའུ་སྟེ་བཞི་པའོ།། ༈ །།འདི་ཡི་གཏོར་ནག་པར་བུ་སོགས། །རྒྱུད་གཞུང་རྣམས་སུ་གབ་ནས་བཞུགས། །ཡི་གེར་བྲིས་པ་མེད་པའི་ཕྱིར། །བདག་གིས་བྲི་བར་མི་སྤོབས་ཏེ། །དམྱལ་བ་ཉིད་ལ་འཇིགས་ཕྱིར་རོ། །འོན་ཀྱང་ནུས་པ་ལྡན་ན་ནི། །དེ་ཙམ་ཁོ་ནས་ཆོག་པར་ངེས། །འོ་ན་གདམས་ངག་འདི་ངག་རྒྱུན་ཙམ་དུ་སོང་བས་ཡིད་མི་ཆེས་མ་མགོན་གྱི་སྒྲུབ་ཡིག་ཤིན་ཏུ་མང་བ་འདུག་སྟེ་གང་དང་ཡང་མ་མཐུན་ནོ་སྙམ་ན། འཕགས་པ་རིན་ཆེན་དཔུང་རྒྱན་གྱི་རྒྱུད་ལས། དེ་ནས་མགོན་པོ་ནག་པོ་ཉིད། །རབ་ཏུ་ཁྲོས་ཏེ་སྔགས་འདི་བརྗོད། །ཡབ་ཡུམ་རྣམ་པར་གྱུར་པ་འཇིགས། །ཨོཾ་བཛྲ་ཡཀཱ་དེ་བ་མ་ཧཱ་ཀཱ་ལ་ཀྲོ་དེ་ཧཱུྃ་ཛཿppབཅུ་དྲུག་གསང་སྔགས་ཡིད་འཛིན་ན། །ཐམས་ཅད་འཛིན་པར་གྱུར་པ་ལ། །ཚོགས་བདག་ཆེན་པོས་སྔགས་རྣམས་བསྟན། །ཨོཾ་བཛྲ་ཡཀཱ་དེ་བ་མ་ཧཱ་ཡཀྵ་མ་བེ་ཏཱ་ལི་ཛཿppབཅུ་དྲུག་གསང་སྔགས་ནང་འཛིན་པ། །བེ་ཏ་ལི་དང་ཡང་དག་ལྡན། །གཡོན་དུ་འཁྲིལ་བ་ཡུམ་གྱི་ཚུལ། །རང་སེམས་རྫོགས་པ་ལྷ་ཡི་སྐུ། །རྣམ་པར་བཟླས་པས་འགྲུབ་པ་ཡིན། །འཕགས་པ་རིན་ཆེན་དཔུང་རྒྱན་གྱི་རྒྱུད་ལས་


CMR028_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་གསང་སྔགས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ། །ཞེས་དང་། ལྷའི་དམག་དཔོན་བྱེད་པའི་ཚེ། །ལྷ་མིན་འདུལ་བའི་ཕྱག་རྒྱ་སྟེ། །མཐིང་ནག་དར་བེར་ཡང་དག་མནབས་། །ཞེས་དང་། སྔགས་ཤཱ་ས་ན་ཡང་གསུངས་ཏེ། འདི་གསར་མའི་རྒྱུད་འབུམ་དང་དཀར་ཆག་ན་ཡོད་དེ་ཀུན་གྱིས་ཚད་ལྡན་དུ་བཞེད། རྙིང་མའི་དྲག་པོའི་ལྷ་རྒྱུད་གསང་བ་ཆེན་པོ་ནས་ཞལ་སྦྱོར་སྐུ་གསུང་ཐུགས་ཀྱི་སྔགས་གསུམ་སྔགས་རིང་དང་བཅས་པ། སྤར་ནག་གི་ལས་སྦྱོར་སོགས་གསུངས་སོ། །ཁྱད་པར་དུ་གྲུབ་ཆེན་རིན་པོ་ཆེ་ཀརྨ་པཀྵིའི་གསུངས་བསླད་མེད་འདི་རྣམས་ལགས་སོ། །སྒྲུབ་ཐབས་འདིའི་རྒྱུད་ཀྱི་དགོངས་པ་བསྡུས་པ། ཌོམྦི་ཧེ་རུ་ཀས་ཧ་ཧ་སྒྲོག་པའི་དུར་ཁྲོད་དུ་མཛད་པ་སྟེ། དེ་མིན་བོད་ཀྱི་རྒྱལ་པོའི་དུས་ཐོསུ་ཡང་ལོ་པཎ་རྣམས་ཀྱིས་བསྒྱུར་ཅིང་། ན་ནིང་ཕྱིས་མལ་གྱོ་ལོ་ཙཱ་ཡིས་བསྒྱུར་བ་དེས། རྒྱུད་ཀྱི་ཚིག་རེ་རེ་ཙམ་ལ་བརྟེན་ནས། ལོ་ཙཱ་བ་རྣམས་དང་། བོད་ཀྱི་སྔགས་པ་རྣམས་ཀྱིས་རང་དྲན་རང་བཟོ་བྱས་ནས་ཡིག་རོས་ཡུལ་ཁམས་ཁྱབ་ཅིང་། འདྲ་མིན་གྱི་འཛམ་གླིང་ཁྱབ་པར་གྱུར་ཀྱང་ཕྲིན་ལས་རྣམ་བཞི་འགྲུབ་པ་ནི་གཅིག་ཀྱང་མེད་པ་སྟེ། ཁ་ཕྱར་ཁ་འཁྱིལ་


CMR028_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བདག་གཞན་མགོ་གཅིག་བསྐོར་བར་བྱས་པའོ། །ཞེས་དང་། དེ་ལྟར་མངོན་སུམ་ཚད་མར་མགོན་པོ་བེར་ནག་ཅན་མ་མགོན་ལྕམ་དྲལ་དངོས་སུ་གྲུབ་པ་མིང་ཡོངས་སུ་གྲགས་པ་ཀརྨ་པ་ཡིན་པ་ཁྱེད་རྣམས་ཀྱིས་ཤེས་སམ་མི་ཤེས། ཁྱེད་རྣམས་བརྒྱུད་པ་འཛིན་ཅིང་བསྒྲུབས་ན་འགྲུབ་སྟེ་མཆིས། མ་མགོན་གཉིས་ཀྱི་དཔེ་དུམ་བུ་མང་དུ་ཡོད་པ་ལས་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་པ་འདི་ཡིན་པས། ད་ཕྱིན་ཆོད་ཐམས་ཅད་ཀྱིས་འདི་ལ་བྲིས་ཤིང་བསྒྲུབས་དང་བྱིན་རླབས་ཆེ་ཞིང་ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པ་འདི་ལ་ཚང་བ་གོ་བར་གྱིས། གདམས་ངག་ལ་ཤེས་དགོས་པ་དང་མི་ཤེས་དགོས་པ་གཉིས་ཡིན་པ་ལས། གདམས་འདི་ཤིན་ཏུ་ཟབ་པར་དྲགས་པས། དཔེ་གཞུང་གཞན་རྣམས་དོན་ཡོད་མེད་དཀྲུག་པ་འདྲ་བ་ཡིན་པར་ཤེས་པར་གྱིས། འདི་རྣམས་ཀྱི་གནད་མ་ཤེས་ན་ལོ་བརྒྱར་བསྒྲུབ་ཀྱང་འབྲས་བུ་མི་འབྱུང་ངོ་། །ཞེས་དང་། མགོན་པོ་བེར་ནག་ཅན་མ་མགོན་གྱི་གདམས་ངག་གིས་འཛམ་གླིང་ཁྱབ་ནའང་། རྒྱུད་མན་ངག་གི་དགོངས་པ་གཅིག་ཏུ་བསྡུས་པ་འདི་འདྲ་སྔོན་ཆད་མེད་པའི་ཕྱིར་ན། མ་མགོན་ཤེས་ཤིང་གྲུབ་ལ་མཐུ་དབང་དང་


CMR028_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཐོབ་པ་གཅིག་ཀྱང་མེད་པ་རིག་ལྡན་ཀུན་གྱིས་ཤེས་པར་མཛོད། མ་མགོན་འཁོར་བཅས་འདི་རྣམས་བརྒྱུད་པ་འཛིན་ཅིང་། གྲུབ་རྟགས་མ་ཐོན་གྱི་བར་དུ་ཐམས་ཅད་ཀྱིས་བསྒྲུབ་ཅིང་མཆོད་ན། འཛམ་བུའི་གླིང་ལ་དབང་བསྒྱུར་ཞིང་ཟིལ་གྱིས་གནོན་པ་ཡིན་པ་ཤེས་པར་གྱིས་ལ་རྟགས་ཐོན་པར་གྱིས། ཡིག་རོའི་ཚོགས་གཞན་གྱིས་ཅི་ཞིག་བྱ། ཞེས་དང་མིང་ཡོངས་སུ་གྲགས་པ་ཀརྨ་པ་དང་། མགོན་པོ་བེར་ནག་ཅན་འདིའི་སྐོར་གསུམ་བར་ན་བརྒྱུད་པ་ཡོད་ཀྱང་ཉན་མེད་ཀྱང་ཉན། ཅིའི་ཕྱིར་ན། འཛམ་གླིང་ཁྱབ་པའི་ཕྲིན་ལས་བསྒྲུབ་པ་ཀུན་གྱིས་ཐོས་སམ་མ་ཐོས། མ་ཐོས་ན་ཐོས་ཤིང་ཤེས་པ་རྣམས་ལ་དྲི་བར་མཛོད། བྲིས་ཤིང་གཏོར་མ་ལ་བཙུགས་ནས་གཞུང་བཞིན་བསྐྱེད་བསྟིམ། བསྟོད་བསྐུལ་ཞག་བདུན་གྱི་བར་དུ་བྱས་ན། དཔལ་མ་མགོན་གྱིས་ལུས་དང་གྲིབ་མ་བཞིན་དུ་སྡོང་གྲོགས་བྱེད་ཅིང་ཕྱི་མའི་མི་མཐར་ཐུག་གི་བར་དུ་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་རོ། །ཞེས་དང་། མགོན་པོ་ཡབ་ཡུམ་བདག་བསྒོམ་དུ་བྱས་ཤིང་། མགོན་པོ་ཡེ་ཤེས་སེམས་དཔའ་རྒྱུན་ཆད་མེད་པར་བསྟིམ་ཞིང་། བསྙེན་པ་ནུས་ཚད་དུ་བྱས་ན། མཐུ་སྟོབས་མ་མགོན་


CMR028_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཅས་དང་མཉམ་ཞིང་། མིང་ཐོས་པ་ཙམ་གྱིས་ཀྱང་། ཐམས་ཅད་སྐྲག་ཅིང་འཛམ་གླིང་ཟིལ་གྱིས་གནོན་པར་འགྱུར་རོ། །བརྒྱུད་པ་འཛིན་ཚད་ཐམས་ཅད་ལ་སྟོན་ཅིང་ཁྱབ་ཏུ་ཆུག །ཅེས་དང་། མིང་ཡོངས་སུ་གྲགས་པ་ཀརྨ་པ་ཡི་བརྒྱུད་པ་འཛིན་ཚད་རྣམས་ཀྱིས། ལས་རབ་འབྱམས་རྒྱ་མཚོ་ཆོས་སྐྱོང་འདི་རྣམས་ཀྱི་བསྒྲུབ་པ་ཡིན་པའི་ཕྱིར་ན། དམ་ཚིག་བསྲུང་ཞིང་གཏོར་མ་རི་ལྟར་སྤུངས་ཤིང་རྒྱུན་ནས་རྒྱུན་དུ་ཤོད་ཅིག །སྒྲུབས་ཤིག །མཆོད་ཅིག །མ་མགོན་ཐམས་ཅད་ལ་དུས་གསུམ་དུས་མེད་དུ་བསྟོད་བསྐུལ་མཛོད་ཅིག །ཅེས་པ་རྣམས་པོད་གཞུང་དང་རྒྱུད་ཀྱི་མཚམས་སྦྱར་རྣམས་སུ་གྲུབ་ཆེན་པཀྵིའི་གསུངས་དེ་རྣམས་འཐོར་ནས་ཡོད་དོ། །མན་ངག་འདིའི་རྩ་ཚིག་ནི་དེ་རྣམས་ཁོ་ན་ཡིན་ནོ། །བསྟོད་བསྔགས་མཛད་པ་ནི་ཉིད་ཀྱི་དགོངས་པ་ཞལ་སྦྱོར་འདི་ཁོ་ནའོ། །ཡིད་ཆེས་ལུང་འདྲེན་གྱི་ལེའུ་སྟེ་ལྔ་པའོ།། ༈ །།འདི་ཡན་བསྐྱེད་རིམ་ཐོ་ཙམ་རྫོགས། །དེ་ནས་རྫོགས་པའི་རིམ་པ་ལ། །མ་མགོན་རྒྱུད་སྡེ་ཐམས་ཅད་ན། །རྫོགས་རིམ་རྩ་རླུང་ལེའུ་གསུངས། །ཏེ་ལོ་ནཱ་རོ་མར་པ་ལས་བརྒྱུད་པའི། །ལྷོ་བྲག་མགོན་པོའི་རྒྱ་


CMR028_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ཞེས། །ཞལ་སྦྱོར་བསྒྲུབ་པའི་དབང་བཞི་དང་། །བསྐྱེད་རིམ་རྒྱ་གཞུང་ཉུང་དུ་སྟེ། །དེ་ལ་འདྲ་མན་མང་ཞིག་ཡོད། །རྫོགས་རིམ་རྒྱ་སྐད་མེད་པ་ཡི། །ཚིག་རྡུམ་ཤོག་ངོས་ཙམ་ལས་མེད། །རྒྱུད་ཚིག་གོ་བར་དཀའ་བ་ཡིན། །དེ་དོན་སྙན་བརྒྱུད་གཅིག་བརྒྱུད་དེ། །དུས་མཁྱེན་མ་གཏོགས་སུ་ལ་མེད། །རས་ཆེན་ཟངས་རིའི་སློབ་མ་སྟེ། །མགོན་པོར་མཁས་པའི་ང་རྒྱལ་ལྡན། །འོན་ཀྱང་མཆོག་སྒྲུབ་མི་དགོངས་པ། །དུས་མཁྱེན་ཀྱིས་གནང་ངེས་ཤེས་ཐོབ། །དུས་མཁྱེན་བརྒྱུད་པ་དེ་ནས་བཟུང་། །དབང་ཆོག་རྒྱས་པར་རས་ཆེན་མཛད། །རླུང་སྒྲུབ་ཤོག་དྲིལ་གཅིག་ཀྱང་མཛད། །འོན་ཀྱང་ཡབ་རྐྱང་ཤས་ཆེའོ། །མཁའ་སྤྱོད་པ་ཡིས་བཀའ་རྒྱ་བཀྲོལ། །གདམས་པ་ཅུང་ཞིག་ཡི་གེར་མཛད། །དཔལ་འབྱོར་དོན་གྲུབ་ཀྱིས་ཞུས་པ། །དོན་ལྡན་ཞབས་ཀྱི་རྩ་རླུང་གི །གདམས་པ་དུམ་བུ་ཚིགས་བཅད་མཛད། །རང་བྱུང་རྡོ་རྗེའི་ཁ་བྱང་ལས། །ཤིན་ཏུ་སྙིང་ཐག་ཉེ་བའི་ཐབས། །རྩ་རླུང་གདམས་པ་ཇི་ལྟར་བྱེད། །ཅེས་གསུངས་བརྗེད་ཐོ་མགོ་འབོད་ཙམ། །ཞེས་སོགས་བརྗེད་ཐོ་ཙམ་རེ་ལས། །སྙན་བརྒྱུད་ཡིན་ཕྱིར་ཡི་གེ་མེད། །ཆོས་ལུགས་འདི་ཡི་རྩ་རླུང་གི །


CMR028_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་གནད་ཐུན་མོང་མ་ཡིན་པ། །ལོགས་སུ་ཡི་གེ་དགོས་མིན་ཏེ། །གྲུབ་ཆེན་པཀཱིས་མཛད་པ་ཡི། །གདམས་ངག་རྒྱ་མཚོ་མཐའ་ཡས་དང་། །ཟབ་ཆོས་རྒྱ་མཚོ་མཐའ་ཡས་གཉིས། །དེ་ཡི་ཆ་ལག་འགའ་ཟུང་བཅས། །ཀཾ་ཚང་ནག་རྒྱལ་ཕག་གསུམ་དང་། །བདེ་དགྱེས་གསང་གསུམ་སྤྱི་ཡི་ཡིན། །བསྒོམ་བྱའི་དམིགས་རིམ་དེ་ཉིད་དེ། །དེ་ཡི་རྒྱབ་ཆོས་བཤད་པའི་བསྐོར། །ཟབ་མོ་ནང་དོན་གཞུང་དང་ནི། །འགྲེལ་པ་བཅས་པ་ཡིན་མོད་ཀྱང་། །ཞལ་ཤེས་ངག་ཁྲིད་མི་ལྡན་ན། །སོ་སོར་སྦྱར་མཚམས་ཤེས་དཀའ་བས། །འདི་རུ་གོ་བདེ་ལག་བླངས་ནི། །སྤྲོས་བཅས་སྤྲོས་མེད་གཉིས་སུ་བཤད། །སྤྲོས་བཅས་མཚལ་སེར་གང་རུང་གི །བསྐང་གསོ་མཆོད་བསྟོད་ཚར་བའི་རྗེས། །རང་ཉིད་རྒྱལ་བ་རྒྱ་མཚོ་འམ། །ཕག་མོ་ལ་སོགས་ཡི་དམ་གྱི། །ལྟེ་བར་ཆོས་འབྱུང་དམར་པོའི་ནང་། །ཆོས་སྐྱོང་སྲོག་ནི་ཧཱུྃ་མཐིང་བསྒོམ། །དེ་ནས་རླུང་གཅིག་བུས་པ་ཡི། །ཧཱུྃ་ལས་ཧཱུྃ་ཡིག་གྲངས་མེད་འཕྲོས། །ཐམས་ཅད་མགོན་པོའི་སྐུར་གྱུར་ནས། །མདུན་བསྐྱེད་སྤྲུལ་པ་དང་བཅས་པའི། །ཆོས་སྐྱོང་འཁོར་བཅས་འཇིག་རྟེན་གང་། །ཧ་ཧ་ཧཱུཾ་ཧཱུཾ་སྒྲ་སྒྲོག་


CMR028_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། །གྲི་གུག་ལ་སོགས་མཚོན་ཆ་ཡིས། །བསྟན་དགྲ་གནོད་བགེགས་ཐམས་ཅད་གཏུབས། །ཟོས་ཤིང་ཡེ་ཤེས་མེ་ཡིས་བསྲེགས། །སངས་རྒྱས་བྱང་སེམས་བྱིན་རླབས་རྣམས་། །འོད་ཀྱིས་བསྡུས་ནས་ལྷ་ལ་ཐིམ། །རླུང་གཅིག་ནང་དུ་རྔུབ་པ་ཡིས། །ཐམས་ཅད་འོད་ཞུ་ཚུར་འདུས་ནས། །ལྟེ་བོའི་ཧཱུཾ་ལ་ཐིམ་པརྭ་བསྒོམ། །མཐར་ནི་མདུན་བསྐྱེད་ལྷ་ཚོགས་ཀུན། །འཁོར་ཀུན་འོད་ཞུ་གཙོ་བོར་བསྡུས། །གཙོ་བོ་འོད་ཞུ་རླུང་དང་སྦྲག །ལྟེ་བའི་ཧཱུཾ་ལ་ཐིམ་དམིགས་ནས། །རླུང་བཟུང་ལྟ་བའི་ངང་ལ་བཞག །ཐུན་རེར་ཆག་མེད་བྱེད་པ་ཚང་། །རྒྱུན་ཁྱེར་བསྐང་གསོ་དང་བཅས་པ། །དེ་ལ་ལུས་དང་གྲིབ་བཞིན་ཏེ། །འགྲོ་མགོན་རས་པའི་གདམས་པའོ། །སྤྲོས་བཅས་རྫོགས་རིམ་ཟུབ་རྒྱའོ།་ཟ༈ །དེ་ནས་སྤྲོས་མེད་རྫོགས་རིམ་ནི། །བསྐང་གསོ་མི་དགོས་མངོན་རྟོགས་ཀྱང་། །འདོན་ནི་མི་དགོས་ཡིད་ཀྱིས་བསྒོམ། །སྐད་ཅིག་དྲན་རྫོགས་རང་ཉིད་ནི། །མགོན་པོ་ཡབ་རྐྱང་བསྒོམ་པར་བྱ། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །ཕྱི་རོལ་སྣོད་ཀྱི་འཇིག་རྟེན་ཁམས། །ནམ་མཁས་གར་ཁྱབ་ཐམས་ཅད་ནི། །ཆོས་འབྱུང་ཕྱི་དཀར་ནང་དམར་གྱུར། །


CMR028_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱང་། །སངས་རྒྱས་བྱང་སེམས་དང་བཅས་པ། །ཐམས་ཅད་མགོན་པོའི་སྐུར་བསྒོམས་ཏེ། །ས་འོག་མན་ཆད་གནས་པ་ཀུན། །སྐུ་ཡི་མགོན་པོ་དཀར་པོ་སྟེ། །ཐུགས་ཀར་ཧཱུཾ་ཡིག་དཀར་པོས་མཚན། །ས་སྟེང་གནས་པ་ཐམས་ཅད་ནི། །གསུང་གི་མགོན་པོ་དམར་པོ་སྟེ། །ཐུགས་ཀར་ཨཱཡིག་དམར་པོས་མཚན་། །བར་སྣང་ཡན་ཆད་གནས་པ་ཀུན། །ཐུགས་ཀྱི་མགོན་པོ་མཐིང་ནག་སྟེ། །ཐུགས་ཀར་ཧཱུྃ་མཐིང་མཚན་པར་བསྒོམ། །རླུང་རོ་འབུད་པ་སྤྱི་ལྟར་ལས། །རླུང་ནི་ནང་དུ་རྔུབ་པ་དེ། །དྷེ་ཝ་རཀྟའི་སྔགས་སུ་བསྒོམ། །ཡང་ན་ཨོ་ཡིག་ཡིན་པར་བསྒོམ། །རླུང་ནི་ཁོག་ཏུ་གནས་པའི་ཚེ། །ཤཱ་ས་ན་ཡི་སྔགས་སུ་བསྒོམ། །ཡང་ན་ཨཱཿཡིག་དམར་པོར་བསམ། །རླུང་ནི་ཕྱི་རུ་འབུད་པའི་ཚེ། །ཧུ་རའི་སྔགས་ནི་ཡིན་པར་བསྒོམ། །ཡང་ན་ཧཱུཾ་ཡིག་སྔོན་པོར་བསམ། །དེ་ནི་མཐོང་བ་དོན་ལྡན་ལུགས། །མཐར་ནི་རླུང་དང་རྔུབ་པ་ཡིས། །ས་འོག་ས་སྟེང་ས་བླ་ཡི། །སྐུ་གསུང་ཐུགས་ཀྱི་མགོན་པོ་རྣམས། །ཨོཾ་ཨཱཿཧཱུྃ་གི་ངོ་བོར་ཞུ། །རླུང་ནི་རྔུབ་པ་དང་བསྟུན་ནས། །རང་གི་དཔྲལ་མགྲིན་སྙིང་ག་ཡི། །ཡིག་


CMR028_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་གསུམ་ལ་ཐམས་ཅད་བསྟིམས། །མགོན་པོའི་སྐུ་གསུང་ཐུགས་འགྲུབ་ཅིང་། །ཁམས་གསུམ་དབང་དུ་འདུས་པར་བསྒོམ། །དེ་ནས་དམིགས་མེད་ངང་ལ་བཞག །དེ་ལྟར་སྤྲོས་བཅས་སྤྲོས་མེད་གཉིས། །ཞལ་སྦྱོར་ལ་ཡང་སྦྱར་རུང་སྟེ། །གཙོ་ཆེར་ཡབ་ཀྱང་གདམས་པ་ཡིན། །སྙན་བརྒྱུད་དངོས་དེ་མ་ཡིན་ནོ། ༈ །དེ་ནས་སྙན་བརྒྱུད་རླུང་ཁྲིད་ནི། །ཐུན་མོང་ཀུན་ལ་མ་ཡིན་པའི། །སྔོན་འགྲོ་བརྒྱད་དང་སྤྱི་དང་མཚུངས། །ཁྲིད་ནི་མཇུག་ན་དགོས་མོད་ཀྱིས། །སྔོན་དུ་ཕྱག་ཆེན་ཁྲིད་ཀྱིས་འཐུས། །དངོས་གཞི་ཁྲིད་རིམ་དམིགས་པའི་ཚེ། །མཚལ་སེར་ལ་སོགས་མཆོད་བསྟོད་ནི། །འགྲུབ་ན་ལེགས་ཀྱི་མ་འགྲུབ་ན། །ནུབ་མོ་མ་དག་མ་ཙམ་གྱི། །གཏོར་བསྔོས་ཆག་མེད་ཙམ་གྱིས་འཐུས། །ངག་གི་འདོན་བརྗོད་མི་གཙོ་སྟེ། །དམིགས་པ་རླུང་དང་འཁྲུལ་འཁོར་གཙོ། །རླུང་རོ་འབུད་པ་དགུ་ཕྲུག་དང་། །སྦྱོར་བ་བཞི་ལྡན་ཞེས་བྱ་བ། །རྔུབ་དང་གཞིལ་དང་དགངས་པ་དང་། །མདའ་ལྟར་འཕེན་དང་སྦྱོར་བ་བཞི། །རྩ་ཁྲུས་ཡན་ལག་ལྔ་སྦྱོང་དང་། །དྲུག་སྐོར་ལུས་སྦྱོར་སོ་བདུན་མ། །ཆོས་དྲུག་ཉིད་དང་ཁྱད་པར་མེད། །མི་འདྲའི་ཁྱད་པར་དམིགས་པ་སྟེ། །


CMR028_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་རྟོགས་ཡིད་ཀྱིས་བསྒོམ་པ་ལས། །ངག་ཏུ་བརྗོད་པ་མ་ཡིན་ཀྱང་། །གཞན་ལ་སྟོན་ནི་ངག་ནས་སྤྱོད། །ཆ་ལུགས་མངོན་རྟོགས་ཆེན་མོའོ། །དེ་ཡང་སྐད་ཅིག་དྲན་རྫོགས་ལ། །རང་ཉིད་མགོན་པོར་ལྷ་མོ་འཁྱུད། །འཁོར་ནི་ནག་པོ་བཅུ་དྲུག་བསྐོར། །མ་ཟིན་ཡབ་ཡུམ་གཙོ་རྐྱང་ཆོག །སྒར་སོགས་འགྲོ་འདུག་སྐབས་ཡིན་ན། །གཞུང་ལྟར་དྲེལ་ལ་ཆིབས་པ་བསྐྱེད། །རི་ཁྲོད་མཚམས་སོགས་འདུག་དུས་སུ། །པད་ཉི་རོ་གདན་འདོར་སྟབས་བསྒོམ། །ཡབ་ཡུམ་ཆ་ལུགས་མངོན་རྟོགས་ལྟར། །ཡུམ་ནི་ཕྱག་བཞིའམ་ཕྱག་གཉིས་པ། །ཡིད་ལ་གང་འདོད་ཁྱད་པར་མེད། །ཡབ་ཡུམ་ཕྱི་ནི་ལྷ་ཡི་སྐུ། །རྒྱན་དང་ཆ་ལུགས་གསལ་བར་བསྒོམ། །ནང་ནི་སྟོང་པ་སང་ངེ་བ། །དར་སྔོན་གུར་ཕུབ་ལྟ་བུར་བསྒོམ། །དེ་ནི་སྟོང་རའི་ལྷ་ཡིན་ནོ། །དེ་ནས་ཡུམ་ནི་ཡབ་ལ་ཐིམ། །ནང་གི་རྩ་ནི་མཁའ་འགྲོ་མ། །ཡིན་ཕྱིར་ཡུམ་གོ་དེས་ཆོག་པས། །དབུ་རྐྱང་རོ་གསུམ་མཐིང་དཀར་དམར། །ཡར་སྣེ་དབུ་མ་རྩ་སྦུག་ཏུ། །སྣ་ཚོགས་རྡོ་རྗེས་མཚན་པའོ། །རོ་རྐྱང་ཡར་སྣེ་སྣ་བུག་གཉིས། །གཡས་ཀྱི་རོ་མ་དམར་པོ་ལ། །གཡོན་གྱི་རྐྱང་མ་དཀར་པོ་


CMR028_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །སྤྱི་བོར་རྩ་འདབ་སུམ་ཅུ་གཉིས། །མགྲིན་པར་བཅུ་དྲུག་སྙིང་གར་བརྒྱད། །ལྟེ་བར་རེ་གཉིས་གསང་ཉེར་བརྒྱད། །བསྒོམ་ལུགས་ཆོས་དྲུག་དང་མཚུངས་པ། །དཔག་བསམ་ཤིང་ནི་འཛུགས་པ་ཟེར། །རྩ་ཡི་སྟོང་ར་གསལ་ཐེབ་ནས། །གཡས་གཡོན་གསུམ་དང་མཉམ་དུ་གསུམ། །ཞི་དང་འབྲིང་དང་དྲག་པོ་ཡི། །རླུང་རོ་བསལ་ཚེ་ནད་གདོན་སྡིག ། ཕྱིར་སོང་ལུས་ནང་སྟོང་སང་དམིགས། །སྣ་རྩེ་སོར་ནི་བཅུ་གཉིས་ཚད། །རླུང་ནི་ཁ་དོག་ལྔ་ལྡན་པ། །སྟོང་སྐུད་དྲིལ་བ་ལྟ་བུར་བྱུང་། །སྣ་ནས་ཞུགས་ཏེ་སུམ་མདོ་ནས་།དབུ་མར་ཞུགས་སྒོམ་རླུང་རྔུབ་ནས། །བྱ་མོ་སླེབ་འདབ་མན་ཆད་ནས། །ལྟེ་བ་གསང་གནས་མཚམས་ཡན་དུ། །བཀང་ལ་ཡུན་རིང་མནན་པར་བྱ། །མ་ཐུབ་མཆན་བརྡབ་རྡུབ་ཆུང་བརྩེགས། །མ་ཐུབ་སྣ་ནས་ལྷག་མེད་འབུད། །འདི་དུས་ཡན་ལག་ལྔ་སྦྱོང་བྱ། །དེ་ནས་སྤྱི་བོའི་དབུ་མའི་སྣར། །ཐིག་ལེ་དཀར་པོ་སྲན་མ་ཙམ། །ཧཾ་ཡིག་མགོ་བོ་ཐུར་བསྟན་མཚན། །ཡེ་ཤེས་མགོན་པོའི་ངོ་བོར་དམིགས། །ལྟེ་འོག་སུམ་མདོ་དབུ་མའི་ནང་། །ཐིག་ལེ་དམར་པོ་སྲན་མ་ཙམ། །ཨཱཡིག་དམར་པོས་མཚན་པ་ནི། །རང་བྱུང་


CMR028_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མོའི་ངོ་བོར་བསམ། །དུག་ལྔ་དང་ནི་ཡེ་ཤེས་ལྔ། །རྒྱུ་དང་འབྲས་བུའི་ཚུལ་དུ་གཅིག །སྤྱི་མགྲིན་སྙིང་ལྟེ་གསང་བ་ཡི། །རྩ་མདུད་དབུས་སུ་དུག་ལྔ་ཡི། །ངོ་བོ་ཧཱུྃ་ཡིག་དཀར་དམར་མཐིང་། །སེར་པོ་ལྗང་གུ་ལྔ་བསྒོམ་སྟེ། །རླུང་གཅིག་ཕར་བུས་འོད་ཟེར་གྱིས། །འགྲོ་དྲུག་སེམས་ཅན་ཀུན་ལ་ཕོག །ཚུར་རྔུབ་འགྲོ་དྲུག་སེམས་ཅན་གྱི། །དུག་ལྔའི་དབང་གིས་གང་བསགས་པའི། །སྡིག་སྒྲིབ་ཐམས་ཅད་འོད་ལྔ་རུ། །བསྡུས་ནས་རང་གི་གནས་ལྔ་ཡི། །ཧཱུྃ་ཡིག་ཁ་དོག་ལྔ་ལ་ཐིམ། །རང་གི་ཕུང་ལྔ་ཁམས་ལྔ་དང་། །དུག་ལྔ་ཧཱུྃ་ལྔ་དབྱེར་མེད་བསམ། །ཡང་ནི་རླུང་རྔུབ་བཟུང་བ་ཡིས། །ལྟེ་འོག་ཨ་ཐུང་ཐིག་ལེ་ལས། །མེ་ནི་ཐུར་འབར་གྱེན་དུ་འབར། །རྩ་གནས་ལྔ་པོ་མེ་ཡིས་གང་། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །དུག་ལྔ་ལས་གྱུར་སྡིག་དང་སྒྲིབ། །མ་དག་ཕུང་ཁམས་སྐྱེ་མཆེད་དང་། །དབྱེར་མེད་ཧཱུྃ་ཡིག་ལྔ་པོ་དེ། །ཡེ་ཤེས་གཏུམ་མོའི་མེས་བསྲེགས་ལ། །དག་འབྲས་མ་མགོན་རིགས་ལྔར་བསྒྱུར། །སྤྱི་བོར་སྐུ་མགོན་བེར་དཀར་ཅན། །ཡུམ་ནི་རེ་མ་ཛ་དཀར་མོ། །རྩ་འདབ་རེར་ཡང་ལྷ་མོ་ནི། །གཅེར་བུ་གྲི་


CMR028_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་འདོར་སྟབས་ཅན། །ཀུན་གྱི་ཕྱག་གཡས་གྲི་གུག་ནི། །འཁོར་ལོའི་ཡུ་བ་ཅན་སྦྱར་ཞིང་། །ཡབ་ཡུམ་རིགས་བདག་རྣམ་སྣང་རྒྱལ། །མགྲིན་པར་གསུང་མགོན་བེར་དམར་ཅན། །ཡུམ་ཡང་རེ་མ་ཛུ་དམར་མོ། །རྩ་འདབ་བཅུ་དྲུག་དམར་མོ་སྟེ། །ཕྱག་གཡས་གྲི་གུག་པདྨས་མཚན། །གཙོ་བོ་ཡབ་ཡུམ་རིགས་བདག་ཏུ། །འོད་དཔག་མེད་པས་དབུ་རྒྱན་པའི། །སྙིང་གར་ཐུགས་མགོན་བེར་ནག་ཅན། །ཡུམ་ཡང་རེ་མ་ཏི་ནག་མོ། །རྩ་འདབ་བརྒྱད་ལ་སྔོན་མོ་བརྒྱད། །ཀུན་ཀྱང་གྲི་གུག་རྡོ་རྗེས་མཚན། །ཡབ་ཡུམ་རིགས་བདག་མི་བསྐྱོད་པ། །ལྟེ་བར་ཡོན་ཏན་བེར་སེར་ཅན། །ཡུམ་ཡང་སེར་མོ་མཁའ་ལ་བཞད། །པད་འདབ་རེ་བཞིར་སེར་མོ་རེ། །གྲི་གུག་རིན་ཆེན་ཡུ་བ་ཅན། །ཡབ་ཡུམ་དབུ་གཙུག་རིན་འབྱུང་བརྒྱན། །གསང་བར་ཕྲིན་ལས་བེར་ལྗང་ཅན། །ཡུམ་ཡང་ལྡང་མོ་རལ་འཛིན་མ། །རྩ་འདབ་ཉེར་བརྒྱད་ལྗང་མོ་རེ། །ཕྱག་གཡས་གྲི་གུག་རྒྱ་གྲམ་མཚན། །ཡབ་ཡུམ་རིགས་བདག་དོན་གྲུབ་མཚན། །ཡབ་ལྔའི་ཐུགས་ཀར་ཟླ་བའི་སྟེང་། །རང་མདོག་ཧཱུཾ་ལ་སྔགས་གཡས་བསྐོར། །ཡུམ་ལྔའི་ཐུགས་ཀར་ཉི་མའི་སྟེང་། །བྷོ་ཡིག་རང་


CMR028_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་སྔགས་གཡོན་བསྐོར། །འཁོར་གྱི་ལྷ་མོ་ཐམས་ཅད་ལ། །ཐུགས་ཀར་རང་མདོག་བྱུ་ཡིག་རེ། །དེ་དག་སྒོམ་ཞིང་འཁྲུལ་འཁོར་ནི། །དྲུག་སྐོར་ཅི་ནུས་བྱ་བའོ། །དེ་ལྟར་དམིགས་པ་གསལ་ཐེབ་ནས། །རླུང་གཅིག་ཕྱི་རུ་བུས་བྱས་པས། །སྤྱི་བོའི་ཡབ་ཡུམ་དཀར་པོ་ལས། །རང་འདྲའི་སྐུ་ནི་ཆུང་ངུ་འམ། །ཨོ་དཀར་འོད་ཟེར་དཀར་པོ་གསུམ། །གང་འདོད་འཇིག་རྟེན་ཁྱབ་པར་སྤྲོས། །སེམས་ཅན་ཀུན་གྱི་གཏི་མུག་དང་། །དུད་འགྲོར་སྐྱེ་བའི་ལས་སྒྲིབ་དང་། །རང་དང་བསྟན་དང་བསྲུང་བྱ་ལ། །གནོད་པའི་ནད་གདོན་བར་ཆད་ཀུན། །བ་མོར་ཉི་ཟེར་ཕོག་ལྟར་ཞི། །སངས་རྒྱས་བྱང་སེམས་ལ་སོགས་པ། །ཡེ་ཤེས་པ་ཀུན་མཆོད་པས་མཉེས། །དེ་དག་ཀུན་དང་འཇིག་རྟེན་གྱི། །དྲེགས་བྱེད་ལུས་ཀྱི་གཟི་བརྗིད་བཅས། །ཡབ་ཡུམ་སྐུ་ནི་དམར་པོ་ལ། །ཨོ་དཀར་རམ་ནི་འོད་དཀར་པོ། །བསྒྱུར་ནས་ཚུར་རྔུབ་རང་ཉིད་ཀྱི། །སྤྱི་བོར་མ་མགོན་སྐུ་ལ་བསྟིམ། །ཚོསྐུ་ཡི་བྱིན་རླབས་དངོས་གྲུབ་ཐོབ། །རླུང་ནི་ཅི་ཐུབ་མནན་པའི་ཚེ། །སྤྱི་བོར་ཡབ་ཡུམ་སྔགས་འཁོར་གཉིས། །གཡས་གཡོན་འཁོར་ལ་དམིགས་པ་གཏད། །དེ་བཞིན་མགྲིན་པར་


CMR028_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་དང་ཨཱཿ འོད་ཟེར་དམར་པོའི་སྤྲོ་བསྡུ་ཡིས། །འགྲོ་བའི་འདོད་ཆགས་ཡི་དྭགས་རྒྱུར། །སྦྱངས་ཤིང་གསུང་གི་དངོས་གྲུབ་བསྡུ། །ཐུགས་ཀའི་སྐུ་དང་ཧཱུཾ་འོད་ཀྱིས། །འགྲོ་བའི་ཞེ་སྡང་དམྱལ་བ་སྦྱངས། །ཐུགས་ཀྱི་བྱིན་རླབས་དངོས་གྲུབ་བསྡུ། །ལྟེ་བའི་འོད་ཟེར་སྐུ་དང་སཱའི། །འགྲོ་བའི་ང་རྒྱལ་ལྷ་མིན་སྦྱངས། །ཡོན་ཏན་བྱིན་རླབས་དངོས་གྲུབ་བསྡུ་། །གསང་བའི་འོད་དང་སྐུ་ལྗང་ཧཱས། །འགྲོ་བའི་ཕྲག་དོག་ལྷ་མིན་སྦྱངས། །ཕྲིན་ལས་བྱིན་རླབས་དངོས་གྲུབ་བསྡུ། །གོམས་ན་ལྔ་ཀ་དུས་གཅིག་བསྒོམས། །དེ་ནས་རླུང་བཟུང་མེ་དྲག་འབར། །ལུས་ཀུན་མེ་ཡིས་རབ་ཏུ་གང་། །བ་སྤུའི་ཁུང་ནས་མེ་ལྕེ་རྣམས། །དམར་དང་ཀྱུར་ཀྱུར་ཕྱི་ལ་འབར། །དེ་ལས་མེ་འབར་གནས་ཁང་གང་། །ས་ཕྱོགས་ཡེ་ཤེས་མེ་ཡིས་གང་། །འདི་བསྒོམ་ལུས་སྦྱངས་སོ་བདུན་བྱ། །དྲོད་སྐྱེ་བགེགས་རིགས་ཐམས་ཅད་བྲོས། །དེ་ནས་མེ་ནི་རང་ལ་བསྡུ། །ཡང་ནི་ལུས་ནང་མེ་སྦར་བས། །རྩ་གནས་ལྷ་ཚོགས་ཐམས་ཅད་ཞུ། །རང་མདོག་ཐིག་ལེ་རེ་རེར་གྱུར། །སྤྱི་བོའི་ཧཾ་ལས་བདུད་རྩི་ནི། །ཆར་ཟིམ་ལྟ་བུར་བབ་པ་ཡི། །ཐིག་ལེ་རྣམས་ལ་རེག་མ་ཐག །སྔར་ལྟར་སོ་


CMR028_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

སོའི་སྐུར་གསལ་བ། །སྔོན་ལས་བརྒྱ་འགྱུར་བཀྲག་མདངས་བཟང་། །སླར་ཡང་ཐིག་ལེའི་རྒྱུན་ཆེན་བབ། །སྤྱི་བོ་མགྲིན་པ་ལྟེ་བ་དང་། །གསང་གནས་རྩ་བའི་་བར་དུ་བབ། །བདེ་བའི་ཉམས་ནི་སྐྱེས་པ་ན། །ངོ་བོ་ལྟ་ལ་བདེ་སྟོང་བསྲེ། །བདེ་ཉམས་སྐྱེ་བར་མ་གྱུར་ན། །གསང་བ་རྡོ་རྗེའི་བུ་གའི་རྩེར། །བྱང་སེམས་ཡུངས་འབྲུ་ཙམ་ཞིག་ལ། །དམིགས་པ་རྩེ་གཅིག་གཏད་པར་བྱ། །བདེ་བའི་ཐིག་ལེ་འཆོར་འདྲ་ན། །ཡུངས་ཀར་ཙམ་དེ་གསང་བར་བསྟིམ། །ཆུ་རླབས་གྱེན་དུ་ལོག་པོ་ལྟར། །རིམ་བཞིན་ཡར་ལ་ལྡོག་ནས་ནི། །ཐམས་ཅད་སྤྱི་བོའི་ཧཾ་ལ་བསྟིམས། །རིག་པ་ནམ་མཁའི་དབྱིངས་ལ་གཏད། །ཉམས་ལེན་ལྟ་བའི་ངང་ལ་བཞག །དེ་ཡིས་ཐིག་ལེ་ལྡོག་ཅིང་ཁྲེམ། །ནད་དུ་མི་འགྱུར་ཉམས་རྟོགས་འཕེལ། །དེ་ནས་ཐུན་མཚམས་བཞག་དུས་ཀྱང་། །མཐའ་ནས་དབུས་ཡལ་སྟོང་པ་སོགས། །བློས་བྱས་བསྡུ་རིམ་མི་དགོས་ཏེ། །སེམས་ངོ་རང་ལ་བལྟས་པས་འཐུས་། །དེ་ནས་སླར་ཡང་བསྒོམ་ནའང་། །ནམ་དྲན་ནམ་མཁའི་འཇའ་ཤར་བཞིན། །ལམ་མེ་གསལ་བཏབ་བྷེ་པ་ནས། །སྟོང་ར་ལ་སོགས་རིམ་བཞིན་དུ། །དང་པོ་དུས་


CMR028_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མི་དགོས་སོ། །རླུང་དང་འཁྲུལ་འཁོར་འབད་བྱས་ན། །རྟགས་ཐོན་རས་རྐྱང་ཐུབ་འགྱུར་ཞིང་། །བདེ་སྟོང་དངོས་སུ་འཆར་མོད་ཀྱི། །ནད་མང་ན་སོ་རྒས་སོགས་ཀྱིས། །རླུང་དང་འཁྲུལ་འཁོར་མི་ཆུན་ཀྱང་། །དམིགས་པ་བསྒོམ་ཞིང་བསྙེན་པ་བྱ། །སྤྲོས་མེད་སྒྲུབ་ཐབས་མཆོག་ཏུ་ཟབ། །མ་དག་མ་ཡི་གཏོར་བསྔོས་ཙམ། །ཆག་མེད་བྱུང་ན་བཟང་མོད་ཀྱི། །བསྐང་གསོ་ཤེས་ནི་མི་དགོས་སོ། །རྫོགས་རིམ་ལེའུ་སྟེ་དྲུག་པའོ།། ༈ །།དེ་ནས་གོང་གི་དམིགས་རིམ་ལ། །ཁུལ་དུ་ཚུད་པའི་གང་ཟག་གིས། །རླུང་དང་དམིགས་པ་ལ་བསྟེན་ནས། །དགྲ་བགེགས་ཚར་གཅོད་ལས་སྦྱོར་ནི། རང་ཉིད་བདག་བསྐྱེད་མགོན་པོའི་སྐུ། །གནམ་ས་གང་བ་གཅིག་ཏུ་བསྒོམ། །སྐུ་ལུས་སྟོང་པ་ནམ་མཁའ་བཞིན་།དེ་ཡི་ལྟེ་འོག་གྲུ་གསུམ་ནི། །ཡངས་ཤིང་རྒྱ་ཆེ་སྟོང་གསུམ་ཙམ། །དེ་ནང་མ་མགོན་ཡབ་ཡུམ་ནི། །ཞལ་སྦྱོར་སྐྱ་རྐང་གང་རུང་བསྒོམ། །ཞལ་ནི་ཡར་ལ་གདངས་བ་ནི། །གྲུ་གསུམ་མེ་ཡི་རང་བཞིན་འབར། །རང་གི་ཐུགས་ཀར་ཧཱུྃ་མཐིང་ནི། །གཟི་བརྗིད་ལྡན་པ་གཅིག་ལས་ནི། །འོད་ཟེར་མཐིང་ནག་ཤངས་གཡས་འཕྲོས། །གནོད་བྱེད་


CMR028_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་གང་ཡིན་པ། །སྤུར་མ་རླུང་གིས་བསྡུས་བཞིན་བཀུག །ཤངས་གཡོན་ནས་ཞུགས་ལྟེ་བ་ཡི། །ཡབ་ཡུམ་ཞལ་ནི་གདངས་བའི་ནང་། །རྐང་འཐིལ་སྐྱ་དང་ལྷག་ལྷག་སོང་། །ལུས་ངག་སྟོབས་ནུས་ཚེ་སྲོག་བཅས། །གཞོབ་ཏུ་ཐུལ་ཐུལ་བསྲེག་ཅིང་གསོལ། །རྣམ་ཤེས་ཐུགས་ཉིད་ཆོས་སྐུར་བསྟིམ། །དེ་འདྲ་བསྒོམ་ཞིང་རླུང་ཡང་སྙ་མནན་། །མང་ཞིག་ཚར་ནས་མི་དམིགས་པ། །ངོ་བོ་རྗེན་པའི་སྟེང་དུ་བཞག་།དེ་ནས་སྙིང་རྗེ་ཐུན་གཅིག་བསྒོམ། །དགྲ་དང་བགེགས་དང་བྱེད་མ་སོགས། །ཚར་གཅོད་མཆོག་ཏུ་དེ་འགྱུར་ཏེ། །གྲུབ་ཆེན་པཀཱིའི་གདམས་པའོ། །རྫོགས་རིམ་ལས་སྦྱོར་ལེའུ་སྟེ་བདུན་པའོ།།་༈་།།འོ་ན་དེ་དག་གི་སྙན་བརྒྱུད་རྩ་བའི་རྡོ་རྗེའི་གསུངས་དེ་གང་ཞེ་ན། སྟོད་ལས་བྱང་ཆུབ་སྒྲུབ་པ་དང་། སྨད་ལས་དགྲ་བགེགས་བསྒྲལ་བ་གཉིས་ལས། སྟོད་ལས་བྱང་ཆུབ་བསྒྲུབ་པའི་རྩ་ཚིག་ཌོམྦིའི་སྙན་བརྒྱུད་རྩ་ཐོ་ལས། ཕྲིན་ལས་ཀྱི་ཕྱིར་༈ བདེ་བར་གཤེགས་པ་ཉེ་བར་བསྡུས་པ།་གཏི་མུག་རྣམ་པར་དག་པ་ནི་སྐུའི་མགོན་པོའོ། །འདོད་ཆགས་རྣམ་པར་དག་པ་ནི་གསུང་གི་མགོན་པོའོ། །ཞེ་སྡང་རྣམ་པར་དག་པ་ནི་ཐུགས་


CMR028_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མགོན་པོའོ། །ང་རྒྱལ་རྣམ་པར་དག་པ་ནི་ཡོན་ཏན་གྱི་མགོན་པོའོ། །ཕྲག་དོག་རྣམ་པར་དག་པ་ནི་ཕྲིན་ལས་ཀྱི་མགོན་པོའོ། །ཐམས་ཅད་དག་པ་ནི་ཐམས་ཅད་ཀྱི་མགོན་པོ་སྟེ་སྙིང་པོའོ། །ཕྲིན་ལས་ཀྱི་མགོན་པོ་ལས་ཕྲིན་ལས་དྲག་པོ་མ་རུངས་པ་ཉེ་བར་འདུལ་བའི་ལས་གསང་བ་དང་། གཞན་སྣ་ཚོགས་པ། སྔགས་ཀྱི་ལས་ཁོང་དུ་ཆུད་པའི་བསྒྲུབ་པའོ། །རྡོ་རྗེ་ཁྲོ་བོ་ཀཱ་ལ་ཆེན་པོ། པད་སྣོད་ཟངས་གྲི་རྩེ་བ། མགོ་བོ་དང་། རུས་པ་དང་། རིན་པོ་ཆེའི་ཕྲེང་བ་དང་། ཀླུ་དབང་དང་། སྟག་ལྤགས་དང་། ལྷ་རྫས་ཀྱི་གོས་ཅན་ཀུན་ལ་དབང་བྱེད་པ། འཇིགས་སུ་རུང་བར་བལྟས་ལ། ཨོཾ་མ་ཧཱ་ཀཱ་ལི་ཡེ་ཧཱུྃ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ་དེ་བ་རཀྟ་ཛཧཱུྃ་བཾ་ཧོ༔ ཨེ་ཧི་ཨེ་ཧི། ཨཱ་གཙྪ་ཡ། ཨཱ་གཙྪ་ཡ། ཧཱུཾ་ཡ་ཛ་༈ཧཱུཾ་ཡ་ཿ ཞེས་བཟླས་པས་འགྲུབ་བོ། །སྐུའི་སྙིང་པོ། གསུང་གི་སྙིང་པོ། ཐུགས་ཀྱི་སྙིང་པོ། ཡོན་ཏན་གྱི་སྙིང་པོ། ཕྲིན་ལས་སྙིང་པོ་ལས་བྱའོ། །བདེ་དབང་རྡོ་རྗེ་གསང་ཆེན་མགོན་པོ་མ་ལུས་པའི་དམ་ཚིག་གིས་ཏེ། སྙིང་པོ་ཉིད་སྒྲུབ་པའི་དབང་ཕྱུག་གོ །གཏོར་མ་དང་བཅས་པ། སྲིན་པོའི་གཟུགས་ཅན་སོགས་བརྗོད་ཅིང་། གང་འདོད་པ་དེ་ཡིད་


CMR028_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱས་པས་དེ་བདེ་བླག་ཏུ་འགྲུབ་བོ། །མགོན་པོའི་སྤྱི་གཞུང་སློབ་དཔོན་ཌོམྦི་པའི་ཞབས་ཀྱིས་མཛད་པའོ། །མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་བའོ། །རྫོགས་སོ། ༈ །ཞེས་པ་འདི་སྙན་བརྒྱུད་ཡིན་ཕྱིར་རྒྱ་སྐད་དང་མགོ་ན་མཆོད་བརྗོད་མེད་དེ། མར་པའི་སྙན་བརྒྱུད་ཀྱི་གཞུང་འདི་ལས་གཞན་མེད་དོ། །འདི་དང་ཕྱོགས་མཐུན་པའི་ཕྱག་གཉིས་པ་གཅེར་བུའི་དབང་ཆོག་ཡོད་པ་འདིའི་དབང་དུ་བརྩི་བར་སྣང་། འདིའི་དོན་རྣམས་ངག་ཁྲིད་ཁོ་ན་ལས། མགོན་པོའི་རིགས་ཡི་གེར་འཁོད་པ་མེད་པ་ལས། །འདིའི་དོན་ཅུང་ཟད་རྒྱས་པར་མཁའ་སྤྱོད་པས་ཡི་གེར་བཀོད་པ་ལས། མགོན་པོའི་རིགས་བསྡུས་ལ་བསྟེན་ནས་མཆོག་སྒྲུབ་པ། བདེ་དབང་ལ་བསྟེན་ནས་སྙིང་པོ་སྒྲུབ་པ། གསང་སྔགས་ལ་བསྟེན་ནས་དྲག་པོར་སྒྲུབ་པ། ཞེས་སྡོམ་ཚིག་དང་། ཕྲིན་ལས་ཀྱི་ཕྱིར་བདེ་བར་གཤེགས་པ་ཐམས་ཅད་ཉེ་བར་བསྡུས་པ་ཞེས་པ་ནས། ཕྲིན་ལས་ཀྱི་སྙིང་པོ་ལས་བྱའོ། །ཞེས་རིགས་བསྡུས་ལ་བསྟེན་ནས་མཆོག་སྒྲུབ་པ་དང་། བདེ་དབང་རྡོ་རྗེ་གསང་ཆེན་མགོན་པོ་མ་ལུས་པའི་དམ་ཚིག་སྟེ་སྙིང་པོ་ཉིད་བསྒྲུབ་པའི་དམ་ཚིག་གོ །ཞེས་བདེ་དབང་ལ་བསྟེན་


CMR028_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྙིང་པོར་སྒྲུབ་པ་དང་། གཏོར་མ་དང་བཅས་པས། སྲིན་པོའི་གཟུགས་ཅན་སོགས་བརྗོད་ཅིང་། གང་འདོད་པ་དེ་ཡིད་ལ་བྱས་པས་བདེ་བླག་ཏུ་འགྲུབ་བོ། །གསང་སྔགས་ལ་བསྟེན་ནས་དྲག་པོར་བསྒྲུབ་པ་ཡིན་པར་མཁའ་སྤྱོད་པས་གསུངས། ཡང་རིགས་བསྡུས་མཆོག་བསྒྲུབ་ལ་སྤྱིར་སྒྲུབ་རིགས་ལྔར་བསྒྲུབ་པ། བྱེ་བྲག་ཀར་རམ་དཀར་པོས་ཚེ་སྒྲུབ། སེར་པོས་ལོངས་སྤྱོད། དམར་པོས་འགུགས་པ། ལྗང་གུས་སྣ་ཚོགས་སྒྲུབ་པ། །ལྗང་ཁུ་ལ་སྐུ་གསུང་ཐུགས་དང་ཕྲིན་ལས་བཞི། འབྱུང་བ་བཞི་སོགས་ཕྲིན་ལས་བརྒྱ་རྩའི་རྣལ་འབྱོར་ཡོད་པར་གསུངས་སོ། །ཡབ་ཡུམ་གོ་ལྡོག་དང་། རང་ཉིད་ཡབ་ཏུ་གནས་པས་ཡུམ་སྒྲུབ་པ། ཡུམ་དུ་གནས་པས་ཡབ་སྒྲུབ་པ་སོགས་ཤེས་པར་བྱའོ་གསུངས། སྟོད་ལས་བྱང་ཆུབ་བསྒྲུབ་པའི་རླུང་སེམས་གནད་ཀྱི་འཁོར་ལོའོ། །ལྷོ་བྲག་གི་མགོན་པོ་བདེ་དབང་མ་ཞེས་བྱ་སྟེ། བླ་མེད་ཧེ་རུ་ཀ་ཕྲིན་ལས་སུ་བསྒྲུབ་པའི་ཨུ་པ་དེ་ཤ་བཀའ་རྒྱ་ཅན་ནོ། །འདི་མར་མི་དྭགས་པོ་དུས་མཁྱེན་ལ་བརྒྱུད་དེ། ཞེས་པ་མཁའ་སྤྱོད་པས་གསུངས་པ་དང་། གྲུབ་ཆེན་ཀརྨ་པས་རྒྱུད་རིན་ཆེན་དཔུང་རྒྱན་གྱི་མཚམས་སྦྱར་དུ། ཁམས་གསུམ་ཟ་བྱེད་སྲིད་གསུམ་


CMR028_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་བྱེད། ཕོ་རྒྱུད་མགོན་པོའི་ཚོགས་དང་། མོ་རྒྱུད་མ་མོའི་ཚོགས་རྣམས་དང་། རང་ཉིད་མགོན་པོ་ནག་པོའི་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རང་བཞིན་གྱི་རྫོགས་ཤིང་བསྟིམ་པ་ནི། ལོངས་སྐུ་བདེ་བ་ཆེན་པོའི་གདམས་ངག་གི་ཁྲིད་བཞིན་ཟླ་བ་དྲུག་གི་བར་དུ་རླུང་སེམས་ཀྱི་བསྙེན་པ་རྒྱུན་ཏུ་བྱས་ན། མགོན་པོ་ནག་པོའི་སྐུ་གསུང་ཐུགས་སུ་བརྒྱན་པར་འགྱུར་པའི་ཕྲིན་ལས་ཐམས་ཅད་རླུང་འགྲོ་འོང་གིས་འགྲུབ་པར་འགྱུར་རོ། །ཞེས་གསུངས་པ་དང་། རྗེ་དོན་ལྡན་ཞབས་ལ། གོར་ཤྲི་དཔལ་འབྱོར་དོན་གྲུབ་ཀྱིས་ཞུས་པའི་ངོར། རྩ་རླུང་གི་གདམས་པ་སྙན་བརྒྱུད་ཚིགས་བཅད་དུ་བྱས་པ་ནི། ༈ བདག་ཉིད་མགོན་པོ་བསྒོམ་པ་གོང་དང་འདྲ། ཕྱི་རོལ་འཇིག་རྟེན་ཆོས་འབྱུང་ནི། །ཕྱི་ཀར་ནང་དམར་གཞལ་ཡས་ཁང་། །བཅུད་ཀྱི་སེམས་ཅན་ནག་པོ་ཆེ། །ས་འོག་གནས་རྣམས་སྐུ་དང་ཨོ། །ས་སྟེང་གནས་རྣམས་གསུང་དང་ཨཱ། །ས་བླར་གྱུར་རྣམས་ཐུགས་དང་ཧཱུཾ། །དེ་ནས་རླུང་གི་རྩོལ་བ་ནི། །དབྱུང་རྔུབ་གནས་པ་ཧཱུྃ་ཨོཾ་ཨཱ། །ཡང་ན་ཧེར་ཤ་ཧུ་རར་མོས། །ཞེས་གསུངས་སོ། །དེའི་དོན་གོ་ཤྲི་པས་རྒྱས་པར་བཀྲོལ་བ་ལས། དེ་ནི་གཙོ་བོར་


CMR028_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་གྱིས། ཞོར་ལ་ཞི་བ་ལ་ཆོས་སྐྱོང་དཀར་པོ་རྣམ་སྣང་གི་དབུ་བརྒྱན། རླུང་རྩོལ་སོགས་གོང་དང་མཐུན་ལ། རང་གཞན་གྱི་ནད་གདོན་ཞི་བར་བསྒོམ་པ་དང་། དེ་ནི་སེར་པོ་རིན་འབྱུང་གི་དབུ་རྒྱན་ཅན། ཚེ་བསོད་རྒྱས་པར་བསྒོམ་པ་དང་། དམར་པོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། འགྲོ་བ་དབང་དུ་སྡུད་པར་བསྒོམ་པ་དང་། ལྗང་ཁུ་དོན་ཡོད་གྲུབ་པའི་དབུ་རྒྱན་ཅན། སེམས་ཅན་ཕྲག་དོག་ཞི་བར་བསྒོམ་པ་དང་། མཐིང་ཁ་མི་བསྐྱོད་པའི་དབུ་རྒྱན་ཅན། བདག་དང་སེམས་ཅན་གྱི་ཞེ་སྡང་ཞི་བར་བསྒོམ་པ་དང་། སྣོད་བཅུད་ས་འོག་དང་རླུང་རྩོལ་སོགས་ཀྱི་དམིགས་པ་གོང་དང་འདྲའོ། །དེ་ནི་རྩ་རླུང་གི་གདམས་པའི་ཟིན་བྲིས་ཐོ་ཙམ་མོ། །ཞེས་པ་རྩ་ཐོ་ཡིན་གྱིས། རྒྱས་པར་བཀོད་པ་ནི་མེད་དོ། །དེ་དག་གི་ཉམས་ལེན་གཙོ་བོ་རྣམས་གོང་གི་དེ་ལ་འཐུས་ཀྱིས། རྒྱས་པར་ཕྱེ་ན་མཐའ་ཡས་ཏེ། རྣལ་འབྱོར་བརྒྱད་གསུངས་པས་ཤེས་སོ། །ཡིད་ཆེས་ལུང་འདྲེན་གྱི་རྩ་བ་སྟེ་བརྒྱད་པའོ།། །།གོ་ལྡོག་གསུངས་པའི་གདམས་ངག་ནི། །སྤྲོས་མེད་རྫོགས་རིམ་ཁོ་ན་སྟེ། །དམིགས་པ་རང་ཉིད་མགོན་པོ་ལ། །ལྷ་མོས་ཚུར་ལ་འཁྱུད་བསྒོམ་


CMR028_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །རང་ལ་ཆགས་ཤིང་དགྱེས་ཚུལ་དུ། །རང་དང་ལྷ་མོའི་ཐུགས་ཀ་རུ། །སྔར་ལྟར་སྔགས་ཕྲེང་བཀོད་བྱས་ལ། །སྔར་ལྟར་བཅུ་གསུམ་འབྲུ་ཅན་ནམ། །ཡང་ན་ལྷ་མོའི་སྔགས་ཀྱང་བཟླས། །སྔགས་ཕྲེང་རང་གི་ཞལ་ནས་ཐོན། །ལྷ་མོའི་ཞལ་ཞུགས་ཐུགས་རྒྱུད་བསྐུལ། །བྷ་ག་ནས་ཐོན་རྡོ་རྗེའི་སྦུབ། །ནས་ཞུགས་རང་གི་སྙིང་ཁར་ཐིམ། །དེ་ལྟར་འཁོར་ཡུག་བསྒོམ་ཞིང་བསྙེན། །ལྷ་མོ་མཛའ་མོའི་ཚུལ་དུ་བསྒྲུབ། །བདག་བསྐྱེད་ལྷ་མོ་གཞུང་ལྟར་ལ།་་།མགོན་པོས་ཚུར་ལ་འཁྱུད་བསྒོམ་ཞིང་། །རང་གི་ཞལ་ནས་མགོན་པོའི་ཞལ། །ཞུགས་ནས་རྒྱུད་བསྐུལ་སྔགས་ཕྲེང་དེ། །མགོན་པོའི་རྡོ་རྗེའི་སྦུབ་ནས་ཐོན། །རང་ཉིད་ལྷ་མོའི་བྷ་ག་ནས། །ཞུགས་ཏེ་ཐུགས་ཀའི་བློ་ལ་བསྟིམས། །ཞོལ་སྦྱོར་སྔགས་འབྲུ་བཅུ་གསུམ་མམ། །ཡང་ན་དྷེ་བ་རཀྟ་སོགས། །མགོན་པོའི་བསྙེན་སྔགས་གང་རུང་བཟླས། །རང་ཉིད་ལྷ་མོའི་འདུ་ཤེས་ཀྱིས། །མགོན་པོ་ཁྱོ་ཡི་ཚུལ་དུ་བསྒྲུབ། །ཤིན་ཏུ་ཟབ་ཅིང་མྱུར་བར་གསུངས། །དེ་དག་དམིགས་བཅས་རྫོགས་རིམ་སྟེ། །ཤིན་ཏུ་ཟབ་པའི་རྫོགས་རིམ་ནི། །རང་གི་སེམས་ཉིད་ངོ་བོ་ནི། །སྟོང་ཉིད་ཤེས་རབ་


CMR028_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྷ་མོ། །ཡེ་ནས་རང་བྱུང་ཆོས་ཀྱི་སྐུ། །འཁོར་འདས་ཀུན་ལ་དབང་ཆེ་བ། །རང་བྱུང་རྒྱལ་མོ་དེ་ཉིད་དོ། །སེམས་ཀྱི་རང་བཞིན་གསལ་ལམ་མེ། །ཡེ་ཤེས་ལྔ་པོ་རང་ཆས་ཏེ། །དེ་ཉིད་ཤེས་ན་འཁོར་བ་ཡི། །སྡུག་བསྔལ་ཀུན་ལས་སྐྱོབས་པའི་མགོན། །ཡེ་ཤེས་མགོན་པོ་དེ་ཉིད་དོ། །སེམས་ཀྱི་རང་རྩལ་སྣ་ཚོགས་འཕྲོ། །འགགས་མེད་ཅིར་ཡང་འཆར་བ་ནི། །མ་གཏོགས་རང་ངོ་མ་ཤེས་པའི། །རང་གཟུགས་ཕྱི་ནས་ཤར་བ་ལ། །དྲེགས་པ་ལྷ་སྲིན་ཐམས་ཅད་བྱུང་། །ཤེས་ཤིང་རྟོགས་ན་ཡེ་ཤེས་ཀྱི། །མ་མགོན་འཁོར་ཚོགས་དམ་ཅན་རྣམས། །རང་གི་རྩ་ལམ་ཡིན་ཤེས་བྱ། །དེ་ལ་དང་པོ་གོ་བ་སྐྱེས། །དེ་ནས་རྟོགས་པ་ཤར་བར་འགྱུར། །རྟོགས་པ་ཤར་ན་འགྲུབ་པ་སྟེ། །མ་གྲུབ་ན་ཡང་ཕྲིན་ལས་བསྒྲུབ། །མངོན་དུ་གྱུར་ན་འགྲུབ་བོ་གསུངས། །རྒྱུན་ཁྱེར་དང་ལྟ་སྒོམ་ལེའུ་སྟེ་དགུ་པའོ།། ༈ །།རབ་ཀྱིས་དེ་ལྟར་ཤེས་པའམ། །མ་ཤེས་བླ་མགོན་དབྱེར་མེད་མཛོད་། །རྩེ་གཅིག་དད་པ་འགྱུར་མེད་དེ། །སློབ་དཔོན་པདྨའི་ལུང་བསྟན་ལས། །བསིལ་བ་ཚལ་གྱི་ཆོས་སྐྱོང་གི །རྣམ་འཕྲུལ་ཀརྨ་པ་ཞེས་གྲགས། །སྐྱེ་བ་དུ་མར་འགྲོ་དོན་


CMR028_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད་མཛད། །ཅེས་གསུངས་གྲུབ་ཆེན་ཀརྨ་པཀིས། མིང་ཡོངས་སུ་གྲགས་པ་ཀརྨ་པ་དང་ཆོས་སྐྱོང་བེར་ནག་ཅན་གཉིས་ཐ་དད་མེད་པར་ཁྱེད་རྣམས་ཀྱི་ཤེས་སམ་མི་ཤེས། ཞེས་དང་། མཚུར་ཕུ་ན་བཞུགས་དུས་ང་རང་བེར་ནག་ཅན་ཡིན་པའི་སྣང་བ་ཞག་བདུན་ཙམ་དུ་བྱུང་ཞེས་གསུངས་སོ། །དེ་རྣམས་ལ་ངེས་ཤེས་བྱའོ། །གལ་ཏེ་དེ་གཉིས་གང་ལ་ཡང་། །ངེས་ཤེས་མེད་པའི་གང་ཟག་གིས། །བསྙེན་སྒྲུབ་གཞན་ཡང་མ་སོང་པར། །གསར་བུས་ཐོག་མ་ཉིད་རང་ནས། །གོང་ནོན་མེད་པར་མ་མགོན་གཉིས། །བདག་བསྐྱེད་བྱས་ན་ཅུང་ཞིག་རྩུབ། །དེ་ལ་མི་རྩུབ་གེགས་སེལ་ནི། །རང་ཉིད་མགོན་པོའི་དབུ་སྐྲའི་གསེབ། །གྲུབ་ཆེན་ཀརྨ་པཀི་དེ། །ཕྱག་གཉིས་ས་གནོན་མཛད་པར་བསྒོམ་། །རང་ཉིད་མགོན་པོའི་སྙིང་ཁའི་སྟོད། །མགོན་པོའི་ཐུགས་སྲོག་ཧཱུྃ་གི་སྟེང་། །རྒྱལ་བ་རྒྱ་མཚོ་ཕག་མོ་དང་། །ཕྱག་རྡོར་ལ་སོགས་གང་འདོད་ཀྱི། །ཡི་དམ་སྐུ་ནི་ཆུང་ངུ་གཅིག །ཐུགས་ཀའི་ས་བོན་སྔགས་བཅས་བསྒོམ། །དང་པོར་ཡི་དམ་གང་ཡིན་དེའི། །སྙིང་པོ་ཕྲེང་སྐོར་གཅིག་ཙམ་བཟླས། །དེ་ནས་ཞལ་སྦྱོར་སྙིང་པོ་ཡི། །བསྙེན་པ་བྱ་


CMR028_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་གོང་དང་འདྲ། །དེ་ཡང་ཟབ་གནད་གཅིག་ཡིན་ནོ། །རྫོགས་རིམ་གེགས་སེལ་ལེའུ་སྟེ་བཅུ་པའོ།། ༈ །།ཡབ་རྐྱང་ཡུམ་རྐྱང་བསྒྲུབ་པའི་སྐོར། །རྒྱུད་དང་རྒྱ་གཞུང་བོད་གཞུང་གི །ཡི་གེ་གསར་རྙིང་མང་འདུག་མོད། །ཡབ་སྲས་སོ་སོས་མཛད་པ་དང་། །བསྒྲིགས་པའི་གླེགས་བམ་མང་བ་དང་། །ཐོར་བུའི་སྐོར་ནི་ས་སྟེང་ཁྱབ། །དེ་དག་ལེགས་པར་བལྟས་བྱས་ན། །གབ་སྦས་མེད་དེ་ཤིན་ཏུ་གསལ། །ཧ་ཅང་རྒྱས་གྲགས་ཉོབ་ཞེད་ཆེ། །དེ་ཕྱིར་ཉམས་སུ་ལེན་མཁན་དཀོན། །ཞོལ་སྦྱོར་འདི་ཡི་ཆོ་ག་ནི། །དེང་སང་ལོ་རྒྱུས་རྩ་བ་སྟེ། །མན་ངག་སྦས་ནས་ཚིག་དུམ་རྩམ། །འཐོར་ནི་ཡོད་པ་མ་གཏོགས་པ། །ཧ་ཅང་ཟབ་དྲགས་སྙན་བརྒྱུད་ཕྱིར། །ཕྱོགས་གཅིག་གསལ་བར་བྲི་བ་ནི། །སྔོན་ཆད་གཅིག་ཀྱང་མེད་ངེས་ཏེ། །ཞལ་ཤེས་ཁོ་ནར་རག་ལས་སོ། །སྙན་བརྒྱུད་ཡི་གེར་བྲིས་པ་དང་། །སྦ་འོས་གསལ་བར་བཀོད་པ་ནི། །ཆོས་བདག་མཁའ་འགྲོ་མི་དགྱེས་པས། །འབྲི་མཁན་སྲོག་ལ་ཡ་ང་ཟ། །འོན་ཀྱང་བསྟན་པ་སྙིགས་ཆེས་པའི། །མན་ངག་ཟབ་མོ་ནུབ་ལ་ཉེ། །ཟབ་ཆོས་ནུབ་ན་ཤིན་ཏུ་ཕངས། །འོན་ཀྱང་གྱ་ཚོམ་བྲི་མི་རུང་། །


CMR028_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་བ་པོ་དེ་ལས་ཅན་གྱི། །སྐྱེས་བུས་བསྐུལ་ནས་བཀའ་རྒྱ་གྲོལ། །དེ་ཕྱིར་ས་ཡི་ཁོལ་འདི་རུ། །བརྒྱུད་པ་འདི་དང་ལྷ་འདི་ལ། །དད་གུས་བློ་སེམས་རྩེ་གཅིག་ཏུ། །ཉམས་ལེན་སྙིང་ལ་འཆང་བའི་ཕྱིར། །འདི་ཡི་ཆོས་བདག་མངོན་སུམ་པ། །རིགས་རུས་རྣམ་དཔྱོད་ཕུན་ཚོགས་པ། །བླ་མ་ཀརྨ་རྒྱ་མཚོ་པས། །རིན་ཆེན་སྤེལ་ལེགས་ཕྲེང་བ་ཡི། །མཎྜལ་དང་བཅས་བསྐུལ་བའི་ཕྱིར། །གདམས་ངག་རིན་ཆེན་ཕྲེང་འདྲ་འདི། །ཤིང་སྦྲུལ་ས་ག་ཆེན་པོ་ཡིས། །དམར་པོའི་ཕྱོགས་ཀྱི་ཚེས་བརྒྱད་ནས། །དབུ་བཙུགས་ཉིན་གཉིས་རྫོགས་པར་ནི། །སྔགས་འཆང་རཱ་ག་ཨ་སྱས་བྲིས། །ཉེས་འགལ་སྦ་འོས་གསལ་བཀོད་རྣམས། །ཆོས་བདག་སྲུང་མའི་ཚོགས་ལ་བཤགས། །དགེ་བས་ཆོས་འདི་དར་རྒྱས་ནས། །འདི་ལ་མོས་པའི་གང་ཟག་རྣམས། །མཆོག་ཐུན་དངོས་གྲུབ་ལྷུན་གྲུབ་ནས། །ཚེ་གཅིག་རྡོ་རྗེ་འཆང་འགྲུབ་ཤོག །མངྒ་ལཾ།། རྩོམ་དོན་ལེའུ་དང་བཅུ་གཅིག་བཞུགས་ཏེ། འདི་ལ་མོས་པའི་གང་ཟག་ལ། གསེར་སྲང་གཅིག་ལས་མི་དགའ་རེ། འདི་སྐོར་ལ་མི་མོས་པ་ལ་ཤོག་སྣག་ཟད་ལགས་སོ།། བྷ་ཝནྟ།། །།

མགོན་པོ་བེར་ནག་ཅན་ཡབ་ཡུམ་གྱི་བསྙེན་པའི་ཟིན་བྲིས།


CMR028_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་བེར་ནག་ཅན་ཡབ་ཡུམ་གྱི་བསྙེན་པའི་ཟིན་བྲིས་བཞུགས་སོ། །གྲུབ་ཆེན་ཀརྨ་པཀྵིའི་ཁྱད་ཆོས་ཁོ་ནའི་དབང་དུ་བྱས་ཏེ་གཞན་དང་ཐུན་མོང་དུ་ནི་མ་ལགས་སོ། །


CMR028_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡེ། བླ་མ་མགོན་པོ་དབྱེར་མེད་ཀརྨ་པ། །ཆོས་ཀྱི་དབང་ཕྱུག་ཞབས་ལ་ཕྱག་འཚལ་ལོ། །དེ་ཉིད་བསྒྲུབ་པའི་མན་ངག་ཞལ་ཤེས་བཀོད། །ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལ། །དབང་ཐོབ་དམ་ཚིག་ལྡན་པའི་རྣལ་འབྱོར་པས་དབེན་གནས་སུ། སྟེགས་བུའི་སྟེང་རས་ནག་པོ་བཏིང་བའི་སྟེང་དུ། ནས་ནག་གམ། སྲན་མའི་ཚོམ་བུ་དགུའམ། ལྷ་གྲངས་བཀོད་པའི་སྟེང་དུ། མཉྫིའམ་ཁྲིའུ་ཁར་ཟངས་ལྕགས་ཀྱི་སྣོད་དུ། གཏོར་མ་ཟུར་གསུམ་ནག་པོ་ལ། འཁོར་བརྒྱད་ཀྱིས་བསྐོར། མར་གྱི་མེ་རི་ཤ་རྒྱན་སོགས་མཛེས་པར་བྱས་


CMR028_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ལ། བསྡུ་ན་ཡབ་ཡུམ་ཞལ་འབྱོར་ཙཀ་ལི་བཙུགས། རྒྱས་པར་ན། ནག་པོ་ཡབ་ཡུམ་བཅུ་དྲུག་གམ། ཕྱོགས་བཅུ་མགོན་པོའི་ཙཀ་ལི་བཙུགས། མགོན་པོའི་ཞལ་ཐང་ངམ། དར་ནག་གི་སྐུ་ཡོད་ན་ཙཀྲི་མི་དགོས་རྒྱབ་ཕྱོགས་ནས་ཚུར་བཤམས་པས་འཐུས་སོ། །གཏོར་མ་སྒྲུབ་པ་མ་ཚར་བར་གྱི་རྟེན་གཏོར་ཏེ། གཏོར་མར་ལྷར་བསྐྱེད་པ་ཡིན་པས་དང་པོ་བྲན་ནས་བསྒུལ་མི་རུང་། གསོ་བྲན་མི་དགོས། དེའི་མདུན་དུ་སྣོད་ཡངས་པར་མ་མགོན་གྱི་གཏོར་མ་གཞུང་ལྟར་བཤམས་པ་ནི། རྟག་གཏོར། བསྐང་གཏོར། གསོལ་ཁ་ཡང་བཤམས། དེ་ལ་རྒྱུན་དུ་


CMR028_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་བྲན་བྱ་བ་རྒྱུན་གཏོར་ཡིན་ནོ། །དེ་གཉིས་ཀྱི་མཐར་མཆོད་པ་སྣ་མདུན་བསྐོར་བཤམ་བྱ་ཞིང་། ཉིན་རེ་བཞིན་ཁ་གསོ། དེ་ནི་སྒྲུབ་རྟེན་ཡིན་པས་མི་རྗེའོ། །དབུས་ཀྱི་གཏོར་ཆེན་གྱི་གཡས་སུ་བདུད་རྩི་གཡོན་དུ་རཀྟ་གཉིས་བྷནྡྷའི་ནང་དུ་བཤམས། དེ་ཡན་དཀྱིལ་འཁོར་གྱི་ལྷ་རྣམ་པའོ། །དེའི་མདུན་མཆོད་སྟེགས་བྱས་ལ་མཆོད་པ་སྣ་བདུན་ཁྲག་གི་ཡོན་ཆབ་སོགས་དང་། ལག་མཆོད་བདུད་རྩི། ཚོགས་དང་ཐུན་གཏོར་བཤམས། གཞན་དུ་མཐེབ་སྐྱུ་མང་པོ། །ཚོགས་ཆུང་ཉིན་རེ་རེ་རེ། ཐུན་གཏོར་ཆུང་དུ་ཤ་དུམ་རྣམས་མང་དུ་ཚུབྱའོ། །དེ་རྣམས་བཅའ་གཞིའོ། །གཞན་རྣམས་དཀྱིལ་འཁོར་གྱི་ཟུར་གང་བདེའོ། །ཡང་ན་གཏོར་སྒམ་སོགས་སུ་བླ་མ་ཡི་དམ་འཁོར་ལྔ་མཁའ་འགྲོ་སྤྱི་གཏོར་སོགས་སྤྱི་དཀྱུས་ལྟར་བྱའོ། །དེ་ནས་ཁྲུས་བྱས། རང་ཉལ་ས་མཆོད་པ་རྣམས་སུ་སྤོས་རུམ་བྱ། ཆ་གསུམ་མམ་བགེགས་གཏོར་གཏོང་སུམྦྷ་ནའི་བགེགས་བསྐྲད། གུ་གུལ་བདུག སྒོ་དྲུང་དུ་ཐོ་དཀར་པོ་གཅིག་བརྩེགས་གཏོར་མ་གཞི་བདག་ལ་ཕུལ། སྒྲུབ་པ་འདི་མཐར་མ་ཕྱིན་བར་དུ་ཕྱི་ཡི་བར་ཆད་ནང་དུ་མ་བཏང་། ནང་གི་དངོས་སྒྲུབ་ཕྱི་ལ་མ་བཏང་། བར་གྱི་ནང་གི་མཚམས་


CMR028_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

སྲུངས་ཤིག་ཅེས་བཀའ་བསྒོའོ། །དེ་ནས་མི་དང་གདོང་མི་སྤྲད།་ངག་དམ་བཅད་དོ། །དེ་ནས་རྒྱུན་ཆག་མེད་ཀྱི་ཡི་དམ་ཡོད་ན་འདོན་ནས་ཐུན་བཟུང་བར་བྱའོ། མེད་ན་མ་མགོན་གྱི་མངོན་རྟོགས་རྒྱས་བསྡུས་གང་རུང་ཚར་གཅིག་འདོན་པས་བདག་གི་མ་མགོན་ཞལ་སྦྱོར་གྱི་དཀྱིལ་འཁོར་བསྒོམ་པ་དང་། མདུན་གྱི་གཏོར་ཆེན་སྐུ་གཟུགས་དང་བཅས་པ་མ་མགོན་གྱི་དཀྱིལ་འཁོར་བསྒོམ་པ་དུས་གཅིག་ལ་བྱའོ། །དེ་ནས་སྤྱན་འདྲེས་རྒྱས་བསྡུས་གང་འདོད་འདོན་ལ། མ་མགོན་གྱི་ལྷ་ཚོགས་ཁ་བ་བུ་ཡུག་ལྟར་བདག་མདུན་གཉིས་ཀ་ལ་བསྟིམ་ཞིང་། སྤྱན་འདྲེན་གྱི་སྔགས་རིང་རྣམས་བདུན་ནམ་ཉེར་གཅིག་གམ་དམིགས་པ་མ་གསལ་བར་བྱའོ། །བཞུགས་གསོལ་ཕྱག་འཚལ་གཉིས་ནི་རང་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་དཔག་ཏུ་མེད་པས་མཆོད་བསྟོད་སོགས་བདག་མདུན་སོ་སོ་ལ་བྱེད་པར་བསྒོམ་ཞིང་བསྟོད་པ་ཡན་ཆད་ཚང་བར་བྱའོ། །དེ་ནས་བདག་མདུན་མགོན་པོའི་ཐུགས་ཀ་ཟླ་བའི་གདན་ལ་ཧཱུྃ་འགྲེངས་ཐབས་སུ་གནས་པའི་མཐར་ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཛཞེས་པའི་སྔགས་ཕྲེང་འགྲེངས་ཐབས་སུ་ཡིག་ངོ་ཕྱིར་བསྟན་འཁོད་པར་གཡས་བསྐོར་དུ་ཀྱི་ལི་ལི་འཁོར་བར། དབུས་ཀྱི་ཧཱུྃ་


CMR028_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་འགུལ་མེད་པ། བདག་མདུན་ལྷ་མོའི་ཐུགས་ཀར་ཉི་མའི་སྟེང་དུ་བྷོ་སྔོན་པོ་འགྲེངས་ཐབས་སུ་གནས་པའི་མཐར་ཨོཾ་ཡཀྵ་བེ་ཏ་ལི་ཧཱུྃ་ཿ ཞེས་པའི་སྔགས་ཕྲེང་འགྲེངས་ཐབས་སུ་གནས་པའི་ཡིག་ངོ་ནང་དུ་བསྟན་ནས་གཡོན་བསྐོར་དུ་བཀོད་པ་དེ་གཡོན་དུ་ཀྱི་ལི་ལི་འཁོར་ཞིང་དབུས་ཀྱི་བྷོ་གཡོ་འགུལ་མེད་པའོ། །དེ་ཡང་བདག་བསྐྱེད་ནི་མགོན་པོ་ལ་ལྷ་མོའི་ཚུལ་འཁྱུད་པ་དང་། མདུན་བསྐྱེད་ནི་ལྷ་མོ་ལ་མགོན་པོའི་ཕར་འཁྱུད་པ་སྟེ། བདག་བསྐྱེད་ཡབ་ཡུམ་གྱི་ཐུགས་ཀའི་སྔགས་ཕྲེང་འཁོར་བཞིན་པ་ལས་འོད་ཟེར་ཁ་དོག་ལྔ་ལྡན་འཕྲོས་ཞལ་ནས་ཐོན། མདུན་བསྐྱེད་ཡབ་ཡུམ་སོ་སོའི་ཞལ་དུ་མཆོད་པའི་ཚུལ་དུ་ཞུགས། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས། ཐུགས་དམ་གྱི་རྒྱུད་བསྐུལ། སྔགས་ཕྲེང་ལས་འོད་ཟེར་བྱུང་། མདུན་བསྐྱེད་ཡབ་ཡུམ་གྱི་ལྟེ་བ་ནས་ཐོན་བྱིན་རླབས་དངོས་གྲུབ་ཀྱི་ཚུལ་དུ་རང་ཡབ་ཡུམ་གྱི་ལྟེ་བ་ནས་ཞུགས། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསྒོམ་པ་དང་། བདག་མདུན་ཡབ་ཡུམ་རྣམས་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས་བླ་མ་ཡི་དམ་མཁའ་འགྲོ་མ་མགོན་ཆོས་སྐྱོང་ཐམས་ཅད་འོད་ཟེར་དེས་མཆོད་


CMR028_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཉེས། དེ་ཐམས་ཅད་ཀྱང་མ་མགོན་ཡབ་ཡུམ་གྱི་སྐུ་ཆེ་ཕྲ་སྣ་ཚོགས་པར་གྱུར་ཏེ། ཁ་བ་བུ་ཡུག་ལྟར་ཕྱོགས་མཚམས་སྟེང་འོག་ཐམས་ཅད་ནས་བྱོན་ཏེ། བདག་མདུན་རྣམས་ལ་སིབ་སིབ་ཐིམ་པར་བསྒོམ་པ་ནི། རྒྱུད་དུ་བསྒོམ་རྒྱུ་ཡིན་ལ་གོང་མ་རྣམས་ནི་སྐབས་སྐབས་སུ་ཐུན་རེར་བསྒོམ། དེ་ནས་ཉི་མ་ཕྱེད་ལ་ཟིན་ཁད་པ་དང་། ཐུན་གཏོར་གཅིག་ལ་བཀུག་གཞུག་བྱས་ནས་བསྐུལ་གང་རུང་གཅིག་འདོན་ལ། དཀྱིལ་འཁོར་དྲུང་དུ་ཡར་ཕུལ་ལ་བཞག་།བཟློག་པ་མི་འདོན་ནམ། ཉིན་ཕྱེད་གསོལ་ཁ་ཚར་གཅིག་བྱེད། ཡང་སྤྱན་འདྲེན་དམིགས་པ་བཅས་སྤྱན་འདྲེན་སྔགས་ཚར་བདུན། དམིགས་པ་གོང་བཞིན་ཉི་མ་མདུང་གང་ཙམ་ལ་བསྐང་བ་ཚར་གཅིག །སྤྱན་འདྲེན་སྔགས་དང་དམིགས་པ་གོང་ལྟར་རོ། །དེ་ནས་བསྟོད་པ་ཡན་ཆད་ཀྱིས་ཆོག་།གཉིད་མ་ཡུར་བར་བསྙེན་པ་བྱེད། བསྙེན་སྔགས་ནི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏ་ལི་ཧཱུྃ་ཿ སྔགས་འབྲུ་བཅུ་གསུམ་འདི་ཁོ་ན་ཟབ་བོ། །དེ་ཅིའི་ཕྱིར་ན་སྐུའི་སྙིང་པོ་ལྷ་བསྒོམས་པས་འཐུས་སོ། །ཐུགས་ཀྱི་སྙིང་པོ་བསྐྱེད་རྫོགས་ཟུང་འཇུག་ཤེས་ན་རབ། མེད་ཀྱང་ཧཱུཾ་བྷོ་བསྒོམས་པས་འཐུས་སོ། །གསུང་གི་


CMR028_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་འདི་ནི་ངེས་པར་བཟླ་དགོས་སོ། །སྔགས་དོན་ནི་དོན་གྱི་འགྱུར་གཙོ་ཆེ་བའི་སྐུ་ལྔ་ཡེ་ཤེས་ལྔའི་དཔལ་ནག་པོ་ཆེན་པོ་ཡབ་ཡུམ་གནོད་སྦྱིན་རོ་ལངས་མའི་ཧཱུཾ་སྲོག་བདག་ལ་ཞུགས་ཤེས་སམ། འདུས་ཟེར་བའོ། །དེ་ནས་ཕྱིར་ནངས་ནམ་ལང་སྔར་ལྟར་བྱའོ། །གཏོར་མ་གཏོང་སོགས་རྒྱུན་དུ་ཆག་མི་རུང་བའི་ཐུགས་དམ་ཡོད་ན་ཐུན་མཚམས་སུ་བྱ་ཞིང་། ངག་མི་བཏང་ཁ་མེད་ན་ཐུན་མཚམས་སུ་བཏང་རུང་ཡང་། ངག་འཁོར་ཡུག་ཏུ་བཅད་ན་རྟགས་གསལ་མཚམས་གཡོག་པ་རེ་ཟུང་མི་གཏུག་ཁ་མེད་ན། དང་པོ་མཚམས་བསྡམས་དུས་ནས་བཞག་ན་རུང་ཡང་། གཅིག་ཀྱང་མ་གཏུགས་ན་རྟགས་གསལ་ལོ། །མཚམས་གྲོལ་ཁ་བར་རྗེས་ཆོག་མི་བྱ་ཞིང་། མདུན་བསྐྱེད་གཤེགས་པ་དང་བསྡུ་བ་མི་བྱ། ཡང་ཡང་གསལ་འདེབས། བདག་བསྐྱེད་མི་གཤེགས་ཀྱང་ཉལ་ཁའི་ཧཱུཾ་ལ་བསྡུས་ནས་གཉིད་ལོག་ཀྱང་། ཕྱི་ཡི་སྲུང་འཁོར་མི་བསྡུའོ། །དུས་ཀྱི་བསྙེན་པ་ཞག་བདུན་དུ་གསུངས་ཀྱང་། བདུན་གཉིས་སམ་བདུན་གསུམ་ཟླ་གཅིག་གང་འདོད་དང་གྲངས་ནི་རབ་འབུམ་ཕྲག་བཅུ་གསུམ། འབྲིང་བདུན་འབུམ་ཁྲི་ཉི་ཐ་མ་སུམ་འབུམ།་རྟགས་རབ་དངོས། འབྲིང་ཉམས་སྣང་། ཐ་


CMR028_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྨི་ལམ་དུ་ཞལ་མཐོང་ལུང་སྟོན་པ། མི་ནག་རྟ་ནག་གཡག་ནག་བྱ་ནག །ཨ་ཙ་ར། དཔོན་རིགས་ཆོས་བཟང་། བཀའ་བརྒྱུད་འདི་ཕའི་བླ་མ། སློབ་དཔོན་ཆས་བཟང་རྣམས་མགོན་པོ་དང་། མེ་འབར་འོད་འཁྱུག་པ། ཉམས་དགའ་བ་བག་དྲོ་བ། ཤེས་པ་གསལ་བ་རྣམས་འབྱུང་། ལྷ་མོའི་རྟགས་ལ་མཚོ་རྨ་བྱའི་མདངས། སྤྲུལ་རྗེལུ། བོང་བུ་བྱ་མོ་བུད་མེད་ཆས་བཟང་། ཁྲག་་མཚོ་རླུང་ནག་འཚུབ་མ། རལ་གྲི། འཇའ་ཚོན། གུར་དཀར་ནག་སོགས་བྱུང་བ་འགྲུབ་རྟགས། ཡང་ཟིལ་ཆེན་པོས་སྐྲག་ཅིང་དངངས་བ། གྲིབ་ནོན་འདྲ་བའི་སྐྲག་སྔངས་དེ་རྣམས་འགྲུབ་རྟགས་སོ། །བུད་མེད་དུ་བ་མཆི་རིས་ཅན། ཡུགས་ས་མ། བྱ་བྲལ་ཆས་གོས་ངན་པ་ཅན་རྣམས་བར་ཆད་ཡོད་པའི་རྟགས་ཡིན་པས་བསྐང་བ་དང་ཡིག་བརྒྱ་དང་། ཐུན་མཚམས་སུ་ཟབ་མདོ་སེང་གདོང་མའི་བཟློག་པ་བྱ་སྟེ། རྟགས་བཟང་པོ་ལའང་དགའ་ཚོར་མི་བྱ། ངན་པ་ལ་རྣམ་རྟོག་མི་བྱ། རྟགས་བཟང་པོ་བྱུང་དུས་དངོས་གྲུབ་ལེན་ཆོག་བཏོན་ལ། བདུད་རྩིའི་ཐིགས་པ་ལྕེ་ལ་བཞག །ངན་པ་ལ་བཟློག་པ་དང་བསྐང་གསོལ་ལ་འབད། རྟགས་མ་བྱུང་ཡང་དགེ་སྦྱོར་ལ་བོགས་བྱུང་ན་


CMR028_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་རྟགས་ཡིན་ནོ། །དེ་ནས་མཚམས་གྲོལ་ཁ་ཟན་ལིང་གཅིག་ལ་བཀུག་གཞུག་བསྒྲལ་ལས་རྒྱས་པར་བྱས་རྒྱུན་གཏོར་དུ་འབུལ། དངོས་གྲུབ་ལེན་ཆོག་བྱས་ལ། གཏོར་མ་ཆེ་བ་དེ་རང་གི་གནས་གསུམ་དུ་གཏུགས་ལ་དབང་དང་དངོས་གྲུབ་བླངས། དམར་གཏོར་བཟང་བ་གཅིག་བཤམས་ལ་ལས་འགྲིགས་ཀྱི་བསྐུལ་ཐམས་ཅད་བྱས་ལ་དགྲ་བགེགས་ཀྱི་ཕྱོགས་སམ། ཕྱོགས་གཙང་སར་ཐོར་དུ་འཕང་ངོ་། །དེ་ནས་རྗེས་ཆོག་རྒྱས་པར་བྱས་ལ་གཏོར་མ་རྣམས་དངོས་གྲུབ་ཏུ་རོལ་བ་དང་མཛོད་ཕུག་ཏུ་སྦ། ཕྱི་མི་ལ་མི་སྦྱིན། སྦྱིན་སྲེག་གྲུབ་ན་ལེགས་མ་གྲུབ་ཀྱང་རུང་བའོ། །གྲུབ་ཆེན་ཀརྨ་པཀྵིའི་ཞལ་ནས་མ་མགོན་གཉིས་ཀྱི་དཔེ་དུམ་བུ་མང་དུ་ཡོད་པ་ལས་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་པ་འདི་ཡིན་ལ། ཕྱིན་ཆད་ཀྱིས་འདི་ལ་བྲིས་ཤིང་བསྒྲུབ་དང་བྱིན་རླབས་ཆེ་ཞིང་ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པ་འདི་ལ་ཚང་བའི་གོ་བར་གྱིས། གདམས་ངག་ལ་ཤེས་དགོས་པ་མི་ཤེས་དགོས་པ་གཉིས་ཡིན་པ་ལ། གདམས་ངག་འདི་ཤིན་ཏུ་ཟབ་གྲགས་པས་དེས་གཞུང་གཞན་རྣམས་དོན་ཡོད་མེད་དཀྲུག་པ་འདྲ་བ་ཡིན་ཤེས་པར་གྱིས་ཞེས་དང་། མགོན་པོ་ཡབ་ཡུམ་བདག་བསྒོམ་དུ་


CMR028_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཤིང་མགོན་པོ་ཡེ་ཤེས་སེམས་དཔའ་རྒྱུན་ཆད་མེད་པར་བསྟིམ་ཤིང་། བསྙེན་པ་ནུས་ཚད་དུ་བྱས་ན་མཐུ་སྟོབས་མ་མགོན་འཁོར་བཅས་དང་མཉམ་ཞིང་མིང་ཐོས་པ་ཙམ་གྱིས་ཀྱང་སྐྲག་ཅིང་འཛམ་གླིང་ཟིལ་གྱིས་གནོན་འགྱུར་རོ། །བརྒྱུད་པ་འཛིན་ཚད་ཐམས་ཅད་ལ་སྟོན་ཅིང་ཆེད་དུ་བཅུག་ཆུག་ཅེས་དང་། མགོན་པོ་བེར་ནག་ཅན་མ་མགོན་གྱི་གདམས་ངག་གིས་འཛམ་གླིང་ཁྱབ་ན་ཡང་རྒྱུད་ལུང་མན་ངག་གི་དགོངས་པ་གཅིག་ཏུ་བསྡུས་པ་འདི་འདྲ་སྔོན་ཆད་མེད་པའི་ཕྱིར། ཡིག་རོའི་ཚོགས་གཞན་གྱིས་ཅི་ཞིག་བྱ་ཞེས་དང་བྲིས་ཤིང་གཏོར་མར་བཙུགས་ནས་ཞག་བདུན་གྱི་བར་ཞེས་སོགས་གསུང་པའི་མན་ངག་ཉུང་བསྡུས་ཟབ་ཅིང་ལག་ཏུ་བླངས་བདེ་བ། ཞལ་ཁྲིད་རང་གིས་ལག་ཏུ་བླངས་བའི་ཉམས་མྱོང་གི་ཡི་གེ་ཟབ་བམ་མི་ཟབ་བདེན་རྫུན་སྙམ་ན་འདི་ལྟར་མ་འཆུག་པར་ཞག་བདུན་ཕྲག་གསུམ་སྒྲུབས་ཤིག །རང་འགའ་བསྐང་གསོ་བྱེད་པ་དང་ཨི་འདྲ་གསལ་ནི་འོང་ངོ་། །ཞེས་པ་འདི་སྤྲུལ་སྐུ་བླ་མཚན་གཉིས་ཀྱིས་བསྐུལ་ནས། སྔགས་འཆང་རཱ་ག་ཨ་སྱས་ཞུན་མར་ངོགས་ནས་གང་དྲན་བྲིས་ཀྱང་། དོན་ལ་འགལ་བ་བྱུང་ན་ལྷ་སྲུང་རྣམས་ལ་འཆག་ཅིང་དགེ་བས་བསྟན་པ་རིན་པོ་


CMR028_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་དར་ཞིང་རྒྱས་ལ་སེམས་ཅན་ཐམས་ཅད་མགོན་པོ་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །དབང་ལུང་མ་ཐོབ་པ་རྣམས་ཀྱིས་དཔེ་འདི་ལ་བལྟས་ན་དཔལ་མགོན་པོས་སྙིང་ཁྲག་འཐུང་ཞིང་མི་བསྟན་པའི་བཀའ་རྒྱ་ཡོད་དོ། །ས་མ་ཡ་ཁ་ཐཾ། གུ་ཧྱ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

བེར་གྱི་རྫོགས་རིམ་བསྡུས་པ།


CMR028_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

བེར་གྱི་རྫོགས་རིམ་བསྡུས་པ་བཞུགས་པ་ལགས་སོ།


CMR028_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་མ་ཧཱ་ཀཱ་ལ་ཡེ། ཌོམྦི་པ་ནས་མར་མི་དྭགས་པོ་དུས་གསུམ་མཁྱེན་པར་གཅིག་བརྒྱུད། ལྷོ་བྲག་གི་མགོན་པོ་ཞེས་བྱ་བའི་ཁྲིད་རྒྱས་པར་མཁའ་སྤྱོད་པས་མཐའ་ཡས་པར་གསུང་མོད་ཀྱང་། པཀཱིའི་དགོངས་པ་གདམས་ངག་རྒྱ་མཚོ་མཐའ་ཡས་དང་བསྟུན་པའི་དམིགས་རིམ་བརྗེད་ཐོ་ནི། སྔོན་དུ་ཆོ་ག་འདོན་པའི་མཇུག་གམ་མིན་ཀྱང་ནམ་རུང་རྒྱུན་ཁྱེར་བྱ་སྟེ། རང་ཉིད་དྲན་རྫོགས་སུ་མགོན་པོ་བེར་ནག་ཅན་རྐང་ཐང་ལ་ལྷ་མོས་འཁྱུད་པ་གཅིག་བསྒོམ། རང་ལུས་དམ་ཚིག་སེམས་དཔའ་ཡིན་པས་སྤྱན་འདྲེན་མི་དགོས། བཟའ་བཏུང་བདུད་རྩིར་མོས་ལ་


CMR028_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་མགོན་པོ་ལུས་ལྷ་མཆོད་པས་མཆོད་པ་གཞན་མི་དགོས། རླུང་འཇུག་པ་ཨོ། ཁོག་ཏུ་གནས་པ་ཨཱ། ཕྱིར་དབྱུང་བ་ཧཱུྃ་དུ་ཤེས་པས་བཟླས་བརྗོད་མི་དགོས། དེ་ནས་རང་ལུས་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟར་བསྒོམ་པ་ཕྱི་ལུས་ཀྱི་སྟོང་ར། རིགས་ལྡན་གྱི་གཞི་བཟུང་བ་ཡུམ་ལྷ་མོ་རང་ལ་ཐིམ་པས། རང་གི་ལུས་ཀྱི་དབུས་སུ་རྩ་དབུ་མ་སྔོན་པོ་མདའ་སྨྱུག་ཙམ་ཡར་སྣེ་སྤྱི་བོའི་ཚངས་བུག་ཏུ་ཟུག་པ་སྣ་ཚོགས་རྡོ་རྗེ་རྗེས་མཚན་པ། མར་སྣེ་གསང་གནས་ཀྱི་རྩ་བར་ཟུག་པ་ལ། གསང་གནས་དང་ཅུང་ཟད་མ་འབྲེལ་བར་ཆད་མེད་འབྱུང་བ་སྡོམ་པ་ཐུབ་


CMR028_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནད་དོ། །གཡས་སུ་རོ་མ་དམར་པོ། །གཡོན་དུ་རྐྱང་མ་དཀར་པོ་ཡར་སྣེ་སྣ་བུག་དང་། མར་སྣེ་ལྟེ་འོག་ནས་དབུ་མ་དང་གཅིག་ཏུ་གྱུར་པ། སྤྱི་བོར་བདེ་ཆེན་འཁོར་ལོ་རྩ་འདབ་སོ་གཉིས། མགྲིན་པར་བཅུ་དྲུག །སྙིང་གར་བརྒྱད། ལྟེ་བར་དྲུག་ཅུ་རེ་བཞི། གསང་གནས་ཉི་ཤུ་རྩ་བརྒྱད་རྣམས། གདུགས་ཀྱི་རྩིབས་མ་ལྟ་བུ། ཐམས་ཅད་སྟོང་སང་ངེ་བར་བསྒོམ་ལ། ནང་རྩའི་སྟོང་རའམ་དཔག་བསམ་གྱི་ཤིང་འཛུགས་པའོ། །དེ་ནས་རྩ་མདུད་ལྔའི་དབུས། དཔྲལ་བར་གཏི་མུག་གི་ངོ་བོ་ཨོདཀར་པོ། །མགྲིན་པར་འདོད་ཆགས་ཀྱི་ངོ་བོ་ཧཱི༔དམར་པོ། སྙིང་གར་ཞེ་སྡང་གི་ངོ་བོ་ཧཱུྃ་མཐིང་ནག །ལྟེ་བར་ང་རྒྱལ་གྱི་ངོ་བོ་ཧཱུཾ་སེར་པོ། གསང་བར་ཕྲག་དོག་གི་ངོ་བོ་ཧཱ་ལྗང་གུ་བསྒོམ་སྟེ། དུག་ལྔ་ཡེ་ཤེས་ལྔ་རིག་མ་རིག་ཁྱད་པར་མ་གཏོགས་གཅིག་པོས། དེ་དག་ལས་འོད་ཟེར་འཕྲོས་པས་བདག་དང་སེམས་ཅད་ཐམས་ཅད་ཀྱི་དུག་ལྔས་ཀུན་ནས་བསླང་བའི་སྡིག་སྒྲིབ་ཐམས་ཅད་སིབ་ཀྱིས་ཡིག་འབྲུ་ལྔ་ལ་ཐིམ་པར་བསྒོམ་ལ། རླུང་རོ་འབུད་པ་དགུ་ཕྲུག་གིས་བུས། ཚུར་རྔུབ་པས་ཡིག་འབྲུ་ལ་བསྟིམ་པ་སྤྱད། རང་གི་ལྟེ་འོག་སོར་བཞི་དབུ་མའི་


CMR028_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་ཨ་ཐུང་གི་ཐིག་ལེ་དམར་པོ་སྲན་མ་ཙམ་བསམ་རླུང་བཟུང་བས་དེ་ལ་ཡེ་ཤེས་ཀྱི་མེ་ཐུར་དུ་འབར་བས། གསང་གནས་ཀྱི་ཧ་སྲེག །གྱེན་དུ་འབར་བས་ཡིག་འབྲུ་བཞི་པོ་བསྲེགས་པས་དུག་ལྔའི་སྒྲིབ་པ་དག་པར་བསྒོམ་ལ་རླུང་ཁུག་གཅིག་མནན། དེ་ནས་ཡིག་འབྲུ་བསྲེགས་པའི་ངོ་བོ་དེ་དཔྲལ་བར་སྐུ་མགོན་ཡབ་ཡུམ་ཞལ་སྦྱོར་དཀར་པོ། །རྩ་འདབ་སོ་གཉིས་ལ་མཁའ་འགྲོ་དཀར་མོ་གྲི་ཐོད་ཅན་སོ་གཉིས། མགྲིན་པར་གསུང་མགོན་ཡབ་ཡུམ་དམར་པོ། རྩ་འདབ་ལ་མཁའ་འགྲོ་མ་དམར་མོ་བཅུ་དྲུག །ཐུགས་ཀར་ཐུགས་མགོན་ཡབ་ཡུམ་མཐིང་ཁ། རྩ་འདབ་བརྒྱད་ལ་ལྷ་མོ་མཐིང་ཁ་བརྒྱད། ལྟེ་བར་ཡོན་ཏན་མགོན་པོ་ཡབ་ཡུམ་སེར་པོ། རྩ་འདབ་ལ་མཁའ་འགྲོ་རེ་གཉིས་སེར་མོ། གསང་བར་ཕྲིན་ལས་མགོན་པོ་ཡབ་ཡུམ་ལྗང་ཁུ། རྩ་འདབ་ལ་མཁའ་འགྲོ་ལྗང་གུ་ཉེར་བརྒྱད་དེ། སྐུ་མདོག་ཕྱག་མཚན་མདོས་གཞུང་ནས་གསུངས་པ་ལྟ་བུ། སོ་སོའི་ཐུགས་ཀར་ཧཱུྃ་རང་མདོག་ལ་སྔགས་ཕྲེང་རང་མདོག་བཀོད། རླུང་ཕྱིར་འབུད་པ་དང་བསྟུན། ལྷ་ཚོགས་རྣམས་ལས་འོད་ཟེར་རང་མདོག་ཕྱོགས་བཅུར་འཕྲོས་


CMR028_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

པས། སངས་རྒྱས་བྱང་སེམས་ཡི་དམ་ཆོས་སྐྱོང་ཐམས་ཅད་མཆོད་པས་དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ངོ་བོ་མ་མགོན་དཀར་དམར་མཐིང་སེར་ལྗང་གུའི་རྣམ་པར་བྱོན་མཚོ་ལ་ཆར་པ་བབ་ལྟར་བདག་གི་ལུས་ཀྱི་ལྷ་སོ་སོ་ལ་ཐིམ་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐོབ་པར་བསྒོམ། ཡང་རྩ་འཁོར་ལྔའི་ལྷ་ལས་འོད་ཟེར་རང་མདོག་འཕྲོས་པས། བདག་དང་སྲུང་བྱའམ་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་ཞི་བ། རླུང་སེམས་དབང་དུ་འདུས་པས་བདུད་བཞི་ཚར་བཅད། ཚེ་བསོད་ཉམས་རྟོགས་རྒྱས། ལས་སྣ་ཚོགས་འགྲུབ་པར་བྱས་པས། སེམས་ཅན་ཐམས་ཅད་མ་མགོན་ཡབ་ཡུམ་དུ་གྱུར། རྡུང་ཚུར་རྔུབ་པས་དེ་ཐམས་ཅད་ཀྱི་ཚེ་བསོད་ནམས་འོད་ཟེར་གྱི་རྣམ་པར་རང་ལ་ཐིམ་པར་བསྒོམ་ལ་རླུང་ནང་དུ་དགང་ངོ་། །ཡང་རླུང་བཟུང་བས་ལྟེ་འོག་གི་མེ་འབར་ནས་རྩ་གནས་ཀྱི་ལྷ་ཐམས་ཅད་ཞུ་ནས། ཐིག་ལེ་རང་མདོག་ཏུ་གྱུར༔ སྤྱི་བོའི་ཡར་སྣེ་རུ་ཧཾ་ཡིག་དཀར་པོ་མགོ་ཐུར་དུ་བསྟན་པ་ལས་བདུད་རྩི་བྱང་སེམས་དཀར་པོ་བབས་པས། ཐིག་ལེ་རྣམས་ལ་རེག་པས་སྔར་ལྟར་གྱི་སྐུ་སྔར་ལས་བཀྲག་


CMR028_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་གཟི་བརྗིད་ལྷག་པར་ཆེ་བར་གྱུར། གཏུམ་མོའི་མེས་རྩ་འདབ་གང་ནས་ལུས་ལ་དྲོད་འབར། སྤྱི་བོ་ནས་བྱང་སེམས་བབས་པས་རྩ་གནས་ལྷ་ཐམས་ཅད་ཀྱི་ཞལ་དུ་ཞུགས་པས་སྐུ་ལུས་བདེ་བ་རྒྱས། རང་གི་རྩ་གནས་ཐམས་ཅད་གང་བས་ལུས་སེམས་བདེ་བ་ཚད་མེད་པར་གྱུར། བདེ་བ་རྒྱས་པས་ཐིག་ལེ་འཆོར་བ་འདྲ་ན། གསང་གནས་ཀྱི་སྦུ་གུ་ཧཱུྃ་ཡིག་གིས་ཐེམ་བུ་ལྟར་བཀགས། ཐིག་ལེ་ཆུའི་རླབས་ལྟར་སྐྱ་ཆ་ལི་ལི་གྱེན་དུ་ལོག་ནས། སྤྱི་བོའི་ཧཾ་ཡིག་ལ་ཐིམ་པར་བསྒོམས་ནས་མིག་གྱེན་དུ་ལྡོག །ལྕེ་ཡ་རྐན་ལ་སྦྱར། ལྟོ་བ་སྒལ་པར་བཅར། སྟེང་རིང་བདུན་གྱིས་རླུང་གྱེན་དུ་དྲངས། འོག་སྒོ་ཀློད། སོར་མོ་ཁུ་ཚུར་ཕྱེས། སེམས་ནམ་མཁའི་དབྱིངས་སུ་གཏད་ལ་བདེ་སྨྲ་བའི་ངོ་བོར་ལྟའོ། །དེ་ལྟར་རྒྱུན་དུ་བསྒོམ་ཞིང་བདེ་བ་སྐྱེས་ཙ་སྟོང་པས་རྒྱས་བཏབ་ཅིང་བསྒོམས་པས་བདེ་སྟོང་དབྱེར་མེད་རྡོ་རྗེ་འཆང་གི་སྐུ་ཚེ་གཅིག་ལ་འགྲུབ་བོ། །ལྔ་སྦྱོར་དྲུག་སྐོར་སོ་བདུན་མ་སོགས་འཁྲུལ་འཁོར་ལ་འབད་ན་རས་ཐུབ་བོ། །རྗེས་ནས་བསྐྱེད་རིམ་བསྡུ་བ་སོགས་ནི་མི་དགོས་སོ། །ངོ་བོ་སྐྱོང་བ་ཁོ་ནས་ཆོག་སྟེ། དེ་ལྟར་སྒོམ་མཁན་


CMR028_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལ་བལྟས་པས་གཟུགས་ཁ་དོག་མེད་པའི་སྟོང་ཉིད་དངོས་སུ་འཆར་གྱིས། མཐའ་ནས་དབུས་ཡལ་སྟོང་པར་བསྒོམ་པ་སོགས་ནི་བློས་བྱས་ཏེ་སྟོང་ཉིད་དངོས་མ་ཡིན་པས་སོ། །རླུང་ལ་བརྟེན་ནས་དགྲ་བགེགས་ཚར་གཅོད་པ་ནི། རང་ཉིད་སྐད་ཅིག་ལ་མགོན་པོ་ཡབ་རྐྱང་གནམ་ས་གང་བ་མེ་འབར་བར་བསྒོམ་པོའི་ལྟེ་འོག་སྐུ་ལུས་ནང་དུ་མེ་དཔུང་འབར་བའི་དབུས་སུ་མ་མགོན་ཡབ་ཡུམ་ཞལ་སྦྱོར་རྐང་ཐང་ངམ། དྲེལ་ཆིབས་པ་རི་རབ་ཙམ་ཞལ་གནམ་དུ་གདང་བྱའི་ནང་དུ་ཡེ་ཤེས་མེ་འུ་རུ་རུ་འབར་བ་གཅིག་བསྒོམ། རང་གི་རླུང་འབུད་པས་སྣ་བུག་གཡས་ནས་འོད་ཟེར་དམར་ནག་གློག་གམ་ལྕགས་ཀྱུ་ལྟར་ཕྱོགས་ཐམས་ཅད་དུ་འཕྲོས་རང་དང་བསྲུང་བྱོའམ་བསྟན་ལ་གནོད་པའི་དགྲ་བགེགས་ཐམས་ཅད་སྦྱར་མ་རླུང་གིས་བསྡུས་པ་ལྟར་བཀུག་ནས་རང་མགོན་པོའི་སྣ་བུག་གཡོན་ནས་ཞུགས་ཏེ་རླུང་ནང་དུ་རྔུབ་པ་དང་བསྟུན། ལྟེ་འོག་གི་མ་མགོན་གྱི་ཞལ་དུ་རྐང་མཐིལ་སྐྱ་ལྷག་ལྷག་སོང་བར་བསྲེགས་ཏེ། རྣམ་ཤེས་ཐུགས་ཆོས་ཉིད་ཀྱི་ཀློང་དུ་ཐིམ་པར་བསྒོམ་ལ་ངོ་བོ་སྐྱོང་། རྗེས་ལ་སྙིང་རྗེ་དྲག་པོ་གཅིག་བསྒོམ། དེ་ལྟར་དམིགས་པ་རླུང་དང་སྤྱད་པ་ནན་


CMR028_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་བསྒོམས་ན་དགྲ་བགེགས་ཐམས་ཅད་མེ་ལྕེ་ཁའི་སྦྲང་བུ་ལྟར་འགྱུར་བར་གསུངས་སོ། །རང་གི་སེམས་ཀྱི་ངོ་བོ་སྟོང་པ་ནི་ལྷ་མོ། རང་བཞིན་གསལ་བ་ནི་མགོན་པོ། སྣ་ཚོགས་འགགས་མེད་དུ་འཆར་བ་ནི་འཁོར་གྱི་དྲེགས་བྱེད། རང་སེམས་སངས་རྒྱས་སུ་ཡེ་ནས་གནས་པ་ཤེས་པ་དེ་ཡེ་ཤེས། དེ་བསྒོམས་པས་སྡུག་བསྔལ་ཐམས་ཅད་ཀྱི་མགོན་སྐྱབས་ཀྱི་མཆོག་སྟེ་ཡེ་ཤེས་མགོན་པོའོ། །དེས་ན་ཕྱི་ནང་སྣོད་བཅུད་ཐམས་ཅད་མ་མགོན་ཡབ་ཡུམ་གྱི་རང་བཞིན་ལས་མ་འདས་སོ། །སྙན་བརྒྱུད་ངག་ཁྲིད་ཁྱེར་བདེ་འདི། རྡོ་རྗེ་སྤུན་ཀརྨ་རྡོ་རྗེས་བསྐུལ་ཕྱིར་རཱ་ག་ཨ་སྱས་བྲིས་པ་སརྦ་མངྒ་ལཾ།། ཡབ་ཡུམ་ཞལ་སྦྱོར་སྙན་བརྒྱུད་ཀྱི་བརྒྱུད་རིམ་ནི། ཌོམྦྷི་ཧེ་རུ་ཀ་ཆེན་པོ། བི་ན་པ། ལྭ་བ་པ། ཨིནྡྲ་བྷུ་ཏི། ཙརྨ་པ། ཏེ་ལོ། ནཱ་རོ། མར་པ། མི་ལ། དྭགས་པོ། དུས་གསུམ་མཁྱེན་པ་ནས་སོ། །མགོན་པོའི་བསྐྱེད་རྫོགས་འདི་གཉིས་ཕུལ། ཨེ་ཀ་པཱིཙྪ། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཞལ་ཤེས་ཟབ་མོ།


CMR028_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཞལ་ཤེས་ཟབ་མོ་བཞུགས་སོ། །


CMR028_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ལར་ངན་སྔགས་ཕལ་ཆེར་ལྷ་ཞིག་གི་ལས་ཚོགས་མིན་པ་ཆེར་མེད་ལ། ལས་ཚོགས་མིན་པའི་ཡན་གར་འགའ་རེ་བྱུང་ཡང་། ཏྲིའུ་ཕོ་མོའི་རྫ་ས་ལ་བརྟེན་པ་རྣམས་བཀྲ་མི་ཤིས་གསུངས་པས་རྟགས་ཅུང་ཟད་བྱུང་ཡང་རྗེས་སུ་མི་ལེགས། དེ་བས་རང་གིས་དྲག་ཏུ་མཆོད་ཅིང་བརྟེན་པའི་ཆོས་སྐྱོང་གི་ལས་ཚོགས་བདེ་མོ་ཞིག་ཡོད་ན་རྟགས་ཀྱང་མྱུར་དུ་དེར་མ་བྱུང་ཡང་བབས་ཀྱིས་འོང་། བྱུང་ཡང་རང་ལ་བཀྲ་ཤིས་པ་ལས་རྗེས་ངན་པ་མི་འོང་ལ། ཆོས་སྐྱོང་བརྟེན་པའི་དགོས་ཆེད་ཀྱང་ཡིན། དེ་ལ་མནན་པ་རླུང་འཁོར་སོགས་དང་མི་འདྲ་རང་ལ་ལྡོག་དོག་མེད་པ། རྫས་མི་རྙེད་པ་མིན་


CMR028_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣོ་ཞིང་བྱ་སླ་བའི་མན་ངག་འདི་གཉིས་ལ། གནས་ནི་ཆོ་ག་གསུང་རབ་སོགས་བཀླགས་མར་མིན་པ། །གལ་ཏེ་ཁང་པ་གཅིག་ཡིན་ཡང་དེའི་མགོར་སྔར་དགེ་བའི་བྱ་བ་བྱས་ས་མིན་པ་གཅིག་ཏུ་ཡོལ་བ་བྱས་ལ་བཅའོ། །རི་ཁ་གཉེན་ཅིང་གཞི་བདག་རྒོད་སར་སྦྲ་གུར་ཕུབ་ནས་བྱས་ན་བཟང་། བེར་ནག་གི་གིང་ནག་པོའི་རྟེན་མདའ་དར་ལ་སྙིང་གཉིས་རས་ཐུམ་བྱས་ལ་བཏགས་པ་གཞི་འགྲམ་དུ་བཙུགས། དེ་རྒྱུན་དུ་རྟེན་རྫས་སུ་བྱས་ལ་བཅངས། ནམ་གྲུབ་སྟེང་ལིང་ག་བཏིང་པའི་སྟེང་ཨོམ་ཁར་དམར་གཏོར་བཤམས་མཚལ་མ་གཞུང་ལྟར་བཏང་སྤྱན་འདྲེན་དུས་དེ་ཝ་རཀྵ་


CMR028_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་གཅིག་ཙམ་བཟླས་ལ་མགོན་པོ་གིང་ནག་པོའི་ཚོགས་ཐམས་ཅད་བྱོན་པར་བསམ། བསྙེན་པའི་སྐབས་སུ་ཤ་ས་ན་ཉེར་གཅིག་ཙམ་དང་། སྙིང་པོ་སྔགས་ཐུང་བརྒྱ་ཙམ་བཟླས། །དེ་ནས་ཐུན་གཏོར་བཀུག་གཞུག་གི་ས་དེར་ཕྱིན་པ་དང་ལིངྒ་དང་དམར་གཏོར་དང་ཐུན་གཏོར་གསུམ་ཀ་ལ་མཉམ་དུ་བཀུག་གཞུག་རྒྱས་པ་ལས་འགྲིགས་ལྟར། བཀུག་གཞུག་བདུན་ཙམ་མིང་ནས་བཟུང་ལ་བྱ། བླ་འགུགས་སྔགས་བརྒྱའམ་ཉེར་གཅིག་བཟླའོ། །ཀ་ལ་རུ་པ་ནི་ཀུ་རུ་ཨ་ཀར་ཡ་ཨ་ཀར་ཡ་ཐིང་མ་ཐིང་མ་ཧྲི་ཏི་ག་ཡེ་ཨུ་ནི་ཨུ་ནི་ལ་ར་ཛཿppདེ་ནས་ཧཱ་ཀཱ་ལ་སོགས་འདོན་ཚེ་རང་ཉིད་ཡི་དམ་གྱི་བསྐྱེད་རིམ་བསྡུས་ལ་གཞུང་ལྟར་གིང་ཤན་པ་ནག་པོ་བསྒོམ། མདུན་མདའ་དར་ཡང་རང་འདྲ་བར་བསྒོམ། འཁོར་རང་འདྲ་བ་མང་པོ་བཀུག་ལ་ལིངྒར་བསྟིམ་པ་དང་ཆོ་འཕྲུལ་སྣ་ཚོགས་བཏང་བར་བསམས་ལ་སྔགས་བརྒྱ་ཚོ་གསུམ་ཡན་སྟོང་མན་ཅི་ལྕོགས་བཟླས། གཏོར་མ་དེ་ཤན་པའི་ཚོགས་ལ་ཡིད་ཀྱིས་བསྔོ་རུ་མི་བརྗོད༔ དེ་ནས་ས་རྗེན་ནམ་ཕྱུར་ནག་སྟེང་དུ་ལིངྒ་བཞག་ལ། མདའ་དར་དེའི་མདེལ་གྱི་གོང་སྔགས་བཟླས་ཤིང་བརྒྱབ། དམར་གཏོར་དེ་ལིངྒའི་སྟེང་དུ་བརྒྱབ། འོ་གིང་ཤན་པ་


CMR028_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ཞེས་འབོད་པ་གཅིག་བྱས། དེ་ནས་ཆོ་འཕྲུལ་སོགས་གང་འདོད་དམོད་མོ་སོགས་ངག་གི་མི་བརྗོད་པར་ཡིད་ཀྱིས་བརྗོད། ལིངྒ་ཐུན་གཏོར་སྟེང་དུ་མེ་རུ་སྦར་་ལ་ཐལ་བ་ཐུན་གཏོར་དུ་བླུག་ལ་བྲན་ལ་མགོན་པོའི་བསྐུལ་ཅི་མང་བཏོན་ལ། དཀར་གཏོར་གསེར་སྐྱེམས་ཕུལ་ནས། ནམ་སྲོད་ལ་དགྲ་ཕྱོགས་སུ་གཟའ་མཁའ་འགྲོ་དང་གདོང་མ་ཐུག་པར་གཏོར་མ་འཕེན་ནས་གིང་གི་སྔགས་དང་བཞེས་འབོད་ཤུབ་བུར་བརྗོད། དར་ནག་རྡོབ། རང་འགྲོ་མ་བདེ་ན་གྲྭ་པ་བསྐྱེད་རིམ་ཅུང་ཟད་ཤེས་པ་གཅིག་ལ་འཕེན་བཅུག །རང་ཁྱིམ་ནས་རང་གིས་རྔ་བརྡུང་ཞིང་གིང་ནག་གི་སྔགས་དང་རྨོད་བཅོལ་བྱའོ། །མགོན་པོའི་འཁོར་ཚོགས་གིང་ཀ་རིའི་ཚོགས་ཐམས་ཅད་སོང་ནས་ཆོ་འཕྲུལ་སྣ་ཚོགས་བཏང་བར་བསམ་མོ། །༈ །དེ་གཏོར་མ་མཁར་ཐབས་དང་ས་སྤྱིན་ལ་དཔོན་གཡོགས་ཀྱི་གཟུགས་བརྡ་ཙམ་བྱས་པའི་གཙོ་བོའི་ཐུགས་ཀར་གྲུ་གསུམ་བྲིས་ལ་སྔགས་མཐར་ནོར་མིང་དང་འདི་ཁྱེར་ཤོག་ཟེར་བར་བྲིས་པ་བཙུགས་ལ་དར་མ་ཐལ་ཆེན་རབ། མེད་ན་ཐལ་དཀར་གྱི་ས་རྗེན་གྱི་སྟེང་ན་དཀྱིལ་འཁོར་སྒོ་གཅིག་བརྡ་ཙམ་བྲིས་པའི་སྟེང་ལིང་བཏིང་བཀུག་གཞུག་བྱ། དེ་སྟེང་སྐུ་བཞག །


CMR028_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྟེང་ཨོམ་ཁར་གཏོར་མ་གཞུང་ལྟར་ལས་དམ་ཅན་བསྙེན་པའི་སྐབས་སུ་ཏྲི་མི་ལེ་སྟོང་ཙམ་བྱ། དཀྱིལ་འཁོར་དེའི་སྒོ་ངོས་ནས་གཟུགས་ལ་ཁ་གྲུ་ལ། རྒྱ་བོ་གྲྭ་ཞུར་ཅན་རྐང་དཀར་གྱི་སྤུ་ཆུན་ལ་རྔ་ཐོག་བྱས་གཡུག་ལ་གསུར་བཏང་། མང་པོ་འོ་ཡུག་གཙང་ནས་བྱོན་ཏེ་གཟུགས་ལ་ཐིམ་པར་བསམ། གསོལ་ཁ་གཞུང་ལྟར་བྱས། ཐུན་གཏོར་བཀུག་གཞུག་གི་སྐབས་སུ་ལིངྒ་ཐུན་གཏོར། གཏོར་མ་གསུམ་མཉམ་དུ་བཀུག་གཞུག་མིང་ནས་མིང་ནས་བཟུང་ལ་བྱ། བླ་འགུགས་སྔགས་མགོན་པོའི་དེ་བརྒྱའམ་ཉེར་གཅིག་བྱ། དཀར་གཏོར་གསེར་སྐྱེམས་བྱས། དེ་ནས་ཧཱུྃ་ཐལ་ཆེན་སོགས་བསྐུལ་དེ་དང་། རྩ་སྔགས་ལ་ཁཱ་ཧི་བཏགས་པ་བདུན་གྱིས་མཐར་ཐབ་དེར་བསྔོ། འགྲམ་ལྕགས་རྒྱོབ་ཀྱི་བར་ཕྲིན་ལས་བཅོལ། དེ་ལན་གསུམ་གསུམ་བྱ། དེ་ནས་ཏྲི་མི་ལིའི་སྔགས་མཐར་དམ་ཅན་རྡོ་རྗེ་ལེགས་པ་ཞེས་ནས་ཀ་ཆ་ཁྱེར་ཤོག་གི་བར་དམོད་བཅོལ་འདྲ་བ་དེ། ཆེད་སྔགས་ཡིན་ཚར་བརྒྱ་ལས་མི་ཉུང་བར་དྲག་ཏུ་བརྗོད། གསུར་བཅད་དྲོད་སྔགས་འདོན་ཚེ་རྒྱབ་ངོས་ནས། ཐུན་ཐལ་ཆེན་སོགས་ཀྱིས་བྲབ་ཅིང་འདོན་ཏེ། དང་པོ་ནས་དཀྱིལ་འཁོར་གྱི་སྒོ་ཤར་ཕྱོགས་སུ་ལྟ་བར་བྲིའོ། །དེ་


CMR028_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལིངྒ་མཁར་ཐབས་སུ་བཏེག་ལ་བྲན། དང་པོ་ཉི་མ་ནུབ་ཕྱོགས། དེ་ནས་མགོན་པོའི་བསྐུལ་རྣམས་ཅི་ལྕོགས་བྱས་ལ། གཟའ་མཁའ་འགྲོ་དང་གདོང་མ་ཐུག་པར་དགྲ་ཕྱོགས་སམ། ནོར་ཁྱེར་ངོས་སུ་སྲོད་ཙམ་ལ་དང་པོ་དམ་ཅན་གཏོར་མ་འཕེན་རྦད་སྔགས་འདོན། དེ་ནས་གཡོག་པོ་དེ་ནས་སྐུ་དེ་འཕེན། དེ་ནས་མགོན་པོའི་ཐུན་གཏོར་བསྐུལ་ཐུང་གཅིག་འདོན་ལ་འཕེན། དར་ནག་རྡོབ། དེ་ནས་རྒྱུན་དུ་བསྐང་གསོ་ནམ་བྱེད་དུས་ཀྱང་། ཕྱི་རྟགས་མ་བྱུང་བར་ཆད་སྔགས་གིང་ནག་སྔགས་རྣམས་ཐུན་གཏོར་དུས་སུ་ཅི་ལྕོགས་བཟླས་ལ་གཏོར་མ་འཕེན་པའི་ཕྱོགས་སུ་བསྐྱལ་ལོ། །རྟགས་ཐོན་ནས་གཏང་རག་གི་གསོལ་ཁ་གཟབ་པས་ཇེ་ཇེར་རྣོ་ལ་འགྲོ། རང་ལ་ནུས་པ་ཅུང་ཟད་ཡོད་ཕྱིན་ཆད་འདི་གཉིས་ལས་བྱ་སླ་བ་དང་རྣོ་བ་མེད། ཐུགས་དམ་མཚལ་མ་བྱེད་པ་རྣམས་ཀྱིས་བེར་ནག་གི་ལས་གིང་ནག་དང་འདི་གཉིས་ཞག་རེ་ཙམ་དགུ་གཏོར་ཞོར་བྱས་ན་སྟོབས་ཆེ་བར་ལགས། ཨ་རཱ་གས་བྲིས་སོ། །ཕྱག་བྲིས་ངོས་ལ་བཤུས་པས་དག་གོ ༈ །སྤྱང་ག་མ་ནི་ག་མ་སོད། ལི་མ་ནི་ལི་མ་སོད། སྲེ་མོ་ལྔ་ལྕགས་ཐེས་རྡེབ་མ། །ཡ་མཆུ་ཡར་ཆིངས། མ་


CMR028_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

མཆུ་མར་ཚིངས། གཟུགས་བཞིའི་བང་ཆིངས། རྔ་མའི་མདུར་ཆིངས། ཁྲ་ཁྲིས་ལ་གསུམ་བྱའོ། །རེ་རེས་ཆོག་ཁྲི་ཚོ་བཟླའོ། །ཨ་ཏི་ལ། རན་འཐག་ལན་གསུམ་རེ་གཡོན་བསྐོར་བྱའོ། །ཕུ་བྱེད་དུས་ཆུ་ཐིགས་རེ་རམ་པ་ཐུམ་རེ་བླུགས་ནས་གཡོན་བསྐོར་བྱའོ། །རྟགས་བྱུང་དུས་ལིང་ག་མེ་ལ་སྲེག་གོ ༈ །ཡང་མུ་སྟེགས་མན་ངག་དགྲ་བོ་གློ་བུར་དུ་བཙན་ཐབས་སུ་བསད་པའི་མན་ངག་རྗེས་བསྟན་པ་ནི། རྟ་ནག་གཡག་ནག་ཁྱི་ནག་ཁྲག་རྒྱ་སྣག་ཏུ་བསྲེས་ལ་ལིང་ག་བྲིས་པའི་ལྟེ་བར། མིང་རུས་མཐར་ཁུག་ཅིག་ཚྭ་ཛ་ཛཙནཾ་མཱ་ར་ཡ་སོད་སོད། ལིང་གའི་མཐར་སྔགས་ཀྱིས་བསྐོར། ཨོ་ར་ཙ་འབའ་དྲེལ་དུམ་པ་ཡེ་ཤུག་ཤུག །འབན་ཤུག་ཧ་དྷ་འགྱུར་ནག་འབུ་ཧྲིཾ་ཧྲིཾ་ཧབ་མ་ཧྲིཾ་ཧྲིཾ་སོད་དགྲ་བོ་སོད་སོད། ངོར་མ་ཨ་མུ་ཀ་དགྲ་བོའི་སྲོག་ལ་ཡ་དྲི་ལ་དྲི་རྦད། མ་དྲི་མུ་དྲི་ཆད་ཧ་ན་ཐ་ཤར་དགྲ་བོའི་སྲོག་ལ་ཆད། འབུད་འདའ་ཨ་ནུ་ཁཾ་དགྲ་བོའི་རྣམ་ཤེས་འདིར་ད་ཁུག་ད་ཁུག །དགྲ་བོའི་འཆིང་བྱེད་དྲིན་པ་སོད་སོད། །སྔང་འདི་སུམ་བརྒྱ་བཟླས་ལ་ལིང་ག་ལ་ཕུ་བཏབ་བྲུབ་ཁུང་གསུམ་ནང་དུ་བཞག་ལ་འགུགས་གཞུག་ཅི་མང་བྱས་ལ་སྔགས་འདི་སུམ་བརྒྱ་བཟླས་ལ་གྲུ་གསུམ་ནང་གི་ལིང་


CMR028_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ག་ལ་ཕུ་བཏབ། རྟོགས་བྱུང་ན་ལིང་ག་གསུམ་ཕུང་ལ་བྱིན་ཆང་ཆངས་བུ་གསུམ་གྱི་ནང་དུ་བཅུག་ནས་ཕྱི་དྲོ་ཉི་མའི་ཟེར་ལ་སྐབས་བབ་དུས་སུ་ཁྱི་ནག་པོ་གཅིག་ལ་བྱིན། ཡང་བྱ་རོག་ཤ་གཏད་བྱ་བ་ནི། ལིང་ག་གསུམ་བྲན་ལ་ཨོ་ཏི་ར་ཏི་ར་ཕུང་ཕུང་ཤག་ཤག། །འགུར་ཏི་ནན། རཱ་ཧུ་ལ་ནན། གཡོན་བསྐོར་བྱས་ལ་བྲིས་སོ། །སྔགས་འདི་ཁྲི་ཚོ་བཟླས་ལ་ཡི་གེ་དབུ་ཅན་བྲིས་པས་དྲིལ་ལ་ར་ཤ་ར་ཁྲག་གི་བསྡུམས་ནས་བྱ་རོག་ལ་སྟེར་རོ། །སྔགས་ནི་ཏྲི་སུམ། ཏྲི་ཁ་ཡེ། དམར་སེལ་བདུད་ཎི་ནག་གི་ཤ་ཁྱེར་ལ་བྷྱོ་བྷྱོ། ཞེས་པ་ཟབ་རྒྱ། ༈ །ཕུང་ཤིག་འཁོར་ལོ་ནག་པོའི་མན་ངག་ནི། དུག་ཤོག་གྲི་ཁྲག་མཛེ་ཁྲག །མངལ་ཁྲག །བཙན་དུག །ར་དུག །ཐར་ནུ། །རྟ་ནག་བྲུན། དོམ་ཁྲག །སྔགས་པ་དམ་ཚིག་ཉམས་པའི་སྐུ། བཙུན་པ་ཚུལ་ཁྲིམས་ཉམས་པའི་སྐུ། དྲེད་མོང་ཁྲག །དེ་རྣམས་བསྲེས་པའི་སྣག་ཚས་འཁོར་ལོ་མུ་ཁྱུད་ལྔ་བསྐོར་བའི་ལྟེ་བར་ལིང་ག་ལྕེ་བྲང་དུ་དྲང་བའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་གྱི་མཐར་ཆེ་གེ་མོའི་ངག་ནུས་སྟོ་བྷ་ཡ་ནན། བསྒོམ་པའི་ལྷ་སྟམ་བྷ་ཡ་ནན། བཟླས་པའི་སྔགས་སྟམ་བྷ་ཡ་ནན། ཝཱཀྐ་སྟམ་བྷ་ཡ་ནན།


CMR028_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

དཔྲལ་བར་རུས། ཁ་ལ་དུང་དུང་། ཡན་ལག་བཞི་ལ་ཛ་ཧཱུཾ་བཾ་ཧོཿ །འདོམས་སུ་ཕཊ། རྐང་མཐིལ་དུ་ཡཾ། ཉ་བཞི་ལ་ཞ་ཏྲི། སྤྱི་བོར་ཨོ་ལཾ། མགྲིན་པར་སྙམ་བྷ་ཡ་ལཾ། ལྟོ་བར་སྲིད་པ་དཀྲུག་ཁ་ཤི་ཐཾ་རྣམས་བྲིས་པའི་རུས་པ་ལ། སྔགས་མགོ་ནང་བསྟན། སྤྱི་བོ་ནས་བརྩམས་ཏེ། དགྲ་བོ་བྱད་མའི་ཙིཏྟ་མྱག་རྦད་མྱོག་རྦད། དུ་ཡ་རྦད། ལཾ་དྲིལ་སུཾ་ཎི་ཆེ་གེ་མོ་མཱ་ར་ཡ་རྦད། ཡཾ་ཡཾ་ཡཾ་ནག་པོ་ཏི་པ་ཙ་ཡ། ནཱ་ག་རཀཱ་ཡཀྭ་ཙཀྲ་རྦད། ཁཾ་ཁཾ། ཚྭ་ཿ ཙཀྲ་ཧཱུཾ་ཧཱུཾ་རྦད་ཡ་རྦད་ཡ་དུ་ལིང་དུ་ལིང་ཨ་ཤན་ནག་པོ་ན་ག་དུ་ན་ཧེ་མ་ཧེ་ཧེ་མ་མ་སུ་རུ་རཀྟ་དགྲ་བོ་མཱ་ར་ཡ་རྦད་ཕྱི་རིམ་མུ་ཁྱུད་ལ། ནག་པོ་བི་ཙི་ཙི་ཏྲག་ཐུར་སྙིང་འགུལ་མྱག་མྱག །རྩ་བཞི་བཀུམ། ཤན་ཤར་སྲོག་ལ་ཤན། ཐུར་ཐུར་སོད། ར་ཙ་རཀཱ་དགྲ་བོ་ཧེ་ཕུ་ལ་ཕོ་ཤན་ཕོས་ཕོས་ཤོག་ཤིག །ཆུམ་ཆུམ། ཧུ་ཡ་ཧུ་ཡ་ར་ཙ་མཱ་ར་ཡ། རྒེ་མོ་ལ་ཛ་ཛཿ ནག་པོ་ཏི་པ་ཙ་ཡ་ཛ་ཛ་ཛ་ཛ་ཎི་ཙ་མར་དུ་རཾ་ཡཾ་ནན་ཁྲི་ཤིང་ཆེ་མཾ་ཙིཏྟ་བྱི་མ་ལ་ཨ་ཀརྨ་ཡ་ཿ མན་ཨུ་བུག་ཤ་ཆད་ཛ་ཛ་ནན། ཕྱི་རིམ་མུ་ཁྱུད་ལྔ་པ། ཧེ་ཤག་ར་ཙ་རྦད་མུ་ཤག་ཐུ་རྦད། ར་ཙ་ཧྥེ་མོ་ལ་རྦད། གུལ་གུལ་ནན། སྣེ་མོ་བླ་མ་ར་ཁུག །དུ་


CMR028_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲི་ནི་པྲ་མ་ཡ་ཁུག །དུ་ཏྲི་སྤྲ་ཤ་སྤུ་ཤ་མ་ཡ་རྒེ་མོའི་ཙིཏྟ་ཀ་ལ་རྦད། པྲ་ཤག་ཤ་ཁུག་ཐུ་རིལ་རྦད་མཱ་ར་ཡ་རྦད། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། དུ་ཏྲི་ཙ་ཙ་ཙ་གྷ་དི་ད་ད་དོ་ཤི་ཤི་ཤི་ཡ་ཏྲི་ན་ཧེ་ཧེ་པཾ་ཁཾ་ཏི་ཨེ་ཨེ་མེ་སཾ་ཏཾ་གིང་ག་ག་གཾ་སུ་ཏྲི་པྲ་པྲ་ཛ་ས་ཏྲི་ཁ་ཁ་རཾ་འུ་འུ་ཤི། ཞེས་བྲིས་ལ། གཞུང་ལྟར་བཀུག་གཞུག བརྒྱ་རྩ་བླ་འགུགས་སྔགས་རྟགས་མ་བྱུང་བར་བཟླས༔ གནད་གཅིག་ཡོད་པ་ཞལ་ལ་དྲིས། ཁ་ཐཾ། །ཀ། ༈ མནན་གཏད་ཀྱི་གདན་དམིགས་གབ་པ་ཕུང་གཏད་ནག་པོ་འདི་ལ་བཞི་སྟེ། རྫས་བསགས་ཅིང་སྔགས་དང་བསྒྲུབ་པ་གོང་དུ་ཡང་ཡིག་གནད་ཡིག་ནང་དུ་གསལ་ལྟར་སྨྲ་དགོས་པ་མ་ཡིན་ནོ། །ཆས་མཐའ་མནན་པའི་དུས་ལ་བབ་པའི་དུས་དེ་ལྟར་ལིང་ག་དགྲ་མནན་གང་བྱ་བའི་ལིང་ག་བྲི་ཚར་ནས་ཁྲུས་གཞུང་ལྟར་བྱས་ནས་ལིང་ག་དྲིལ་ལ། རིན་ཐག་མིག་ཏུ་ཆོས་བསྐོར་མ་ལན་གསུམ་བསྐོར་འཁོར་ལ་མི་ལྡོག །དགྲ་ལ་མི་ཐེབ་མི་སྲིད་གཡག་ཤིའི་བུག་པར་ལན་གསུམ་བསྐོར་གཞན་ལ་མི་འབྱམས། རང་གི་བརླ་གཡས་པར་ལན་གསུམ་བསྐོར་རང་ལ་མི་ལྡོག །མ་ཐེམ་ལ་ལན་གསུམ་བསྐོར་འཁོར་ལ་མི་ལྡོག །འཁོར་ལོར་ཟག་རྫས་ཀྱིས་


CMR028_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

བྱུགས་ལ་ཕྱི་བའི་ཐོད་པར་བཅུག་ལ་བླ་མའི་ཕྱག་ལེན་ལྟར་དགྲ་བོའི་ཁང་རྨིང་ལྷས་འོག་གང་དུ་བཞག་པས་ཕུང་བར་འགྱུར་རོ། །ཁྱི་གུ་སྦོ་ཞབས་ནས་ལན་གསུམ་བསྐོར་ནོར་ལ་མི་ལྡོག སརྦ་ཆད་ཀ་ཤི་རྦད་ཀ་ཤི། ཞེས་བརྗོད་ནས་ཧོམ་དུ་འཛུད། དེ་ལྟར་གྱི་ལིང་ག་དེ་འགུགས་རྟགས་བྱུང་ནས་ལིང་ལྟེབས་འགོ་ནས་འབྱུང་ལྟར་བྱས། ཁྱི་རིའི་སྐུད་པ་ཕྱི་སྒྲིལ་བྱས་པས་དཀྲིས་ལ། གཡག་རུ་སོགས་མནན་ཐོད་གཞུང་ལྟར་བྱ། ནང་དུ་བཅུག་ཁ་ལ་ཆའམ། སྤྲ་ཚིལ་གྱིས་ལེགས་པར་དམ་པར་བྱོས། ཟླ་བ་མར་ངོའི་ཉི་མ་ནུབ་དུས་སམ། ཐོ་རངས་ཟླ་བ་ནུབ་དུས་ཤེས་སམ། སྡེ་བརྒྱད་གཟའ་ཀླུ་རང་རང་ཐེབ་ཡོད་དུས་སྤྱོད། སྔགས་པ་གཤིན་རྗེའི་ལག་ཏུ་གཏད་ཅེས་པ། ལྷོ་ཕྱོགས་བྲག་ནག་གི་སྣ་ལ་མནན་ནོ། །བན་དེ་རྒྱལ་པོའི་ལག་ཏུ་གཏད་ཅེས་པ་ལྷ་ཁང་ངམ་མཆོད་རྟེན་བྱིན་འོག་ཏུ་མནན། སྐྱེ་བོ་གྲི་བཙན་ལག་ཏུ། རི་བྲག་དམར་པོའམ། ལ་བཙས་འོག་ཏུ་མནན། བུད་མེད་མ་མོ་བསེན་མོར་གཏད་ཅེས་པ་མཚོ་འགྲམ་མམ། ཕུག་པ་ཁ་བྱང་དུ་གྱུ་སར་མནན། ཕ་ཚན་ཆེ་ན་གཟའ་ལ་གཏད། སྔགས་པའི་གཏོར་ཁྲིའམ། ལྷ་ཁང་འོག་ཏུ་མནན། འོག་རྟ་ཤོར་ན་བཙན་ལ་


CMR028_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་གཏད། རི་བྲག་དམར་པོ་ཉི་ཟླའི་ལྟག་བདུད་ཡོད་སར་མནན། ནོར་རྫས་ཤོར་ན་བདུད་ལ་གཏད། ཆུ་བོ་བྱང་རྒྱུའི་ཆུ་གཉིས་བར་དུ་བྲག་ནག་པོ་ཡོད་སར་མནན། རྟེན་གསུམ་ཤོར་ན་ཀླུ་ལ་གཏད་ཅེས་པ་རི་རྩེའམ་མཚོ་ནང་དུ་མནན། བྱིས་པ་ཐེའུ་རང་ལ་གཏད། ཕུག་པའམ་ཤིང་རྐང་གཅིག་དྲུང་དུ་མནན། གཞན་ཡང་གནད་རང་ནི། སྟག་ཡོས་ལོ་པ་ནུབ་ཀྱི་བྲག་དཀོར་ལ་གཏད། རྟ་སྦྲུལ་ལོ་པ་བྱང་གི་ཆུ་བོ་རྒྱུན་འབབ་ལ་གཏད། བྱི་ཕག་ལོ་པ་བྱང་གི་རི་སེར་པོ་ལ་གཏད། མཚམས་བཞི་ལོ་པ་ཤིང་ལ་གཏད། ཅེས་པ་འདི་ནི་གནད་ཤིན་ཏུ་ཟབ་བོ། ༈ །ལིང་ག་བྲི་ཐབས་གབ་པ་ནི། དང་པོ་དུག་ཤོག་ཕྱོགས་སོ་སོ་ནས་སོར་མོ་ཉི་ཤུ་རྩ་ལྔ་ཡོད་པ་ལ། ཆེ་བཞི་ཆུང་བརྒྱད་ལྟེབས་ཆག་བྱས་ལ། དབུས་ཀྱི་ལྟེ་བ་ལ་ལིང་ག་ལྟེ་བ་དང་འཚུག་པ་བྱས། ཡང་མཐའ་ནས་གསུམ་ལྟེབས་པའི་ནང་དུ། ལིང་གའི་མགོ་ལ་རྩེ་སོར་བཞི། དཔུང་པ་གཉིས་ལ་ཁུག་སོར་བཞི་རེ། ལག་ངར་གཉིས་ལ་སོར་བཞི་རེ། བརླ་ལ་ཁུག་སོར་བཞི་རེ། རྐང་པ་ལ་སོར་བཞི་རེ། ཁོག་སྟོད་སྨད་སོར་བཅུ་གཅིག་རེ། དེ་རང་ཚད་དང་ལྡན་པ་བྲི། གནས་ཡིག་


CMR028_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གཟབ་མ། གཞན་སྔགས་དང་ཕ་རོལ་པོས་མིང་བྱུང་བ་རྣམས་གཤར་མ་བྲིས་ཚེག་མེད་བྱ་རུས་མ་ཤེས་ན་མན་ངག་ཡིག་འབྲུ་བཅུ་གཉིས་པ་བྲིའོ། །བླ་རྟགས་མ་ཤེས་ན། ཆོ་ཆོ་བྲིས། ར་ལུགས་པ། ༈ དེ་ལྟར་དགྲ་ཆོས་ལིང་ག་དངོས་བསྟན་ཡིན། གཞན་ཡང་ཡིད་དུ་གསལ་བའི་མནན་གཏད་གང་བྲིས་མཐའི་སྤྲུལ་བཅུད་ཡོད་པ་དང་། ཡི་གེ་མི་ཤོང་དོགས་ཚེ་ཤོག་བུ་ཅུང་ཆེ་ན་མ་གཏོགས་ལིང་གའི་ཚད་འདི་ལས་ཆེ་བ་དང་། ཆུང་བ་བྱེད་མི་ཆོག་པ་སྨིན་གྲོལ་གླིང་གི་ཕྱག་བཞེས་གནད་ཡིན་པའི་ཁོ་བོས་དོགས་བཅད་ཡང་ཡང་བྱས་པས་གལ་ཤིན་ཏུ་ཆེའོ། ༈ །དགྲ་ཆོས་དགྲ་བགེགས་ཚར་གཅོད་ཀྱི་འདོན་ལུགས་གབ་པ་ནི། དང་པོ་ཀིང་ནག་ལས་བྱང་མང་ཉུང་གང་ལྕོགས་འདོན་ལ། སྲུང་ཟློག་གི་སྔགས་མང་དུ་བསྒྲངས་། དེ་ནས་དགྲ་ཟློག་ནག་པོ་ཀག་ཟློག་གི་འགུགས་གཞུག་བསྟིམ་བྱས་ལ་བཟློག་ཐུང་མདོས་ཟོར་ལ་གོང་དུ་དགྲ་བགེགས་ཚར་གཅོད་ཀྱི་སྟེང་དུ་ཕུལ་བྱས་ལ་འདོན། བློ་གདབ་གཞན་ནས་བྱས་ཡོད་ལྟར་དང་། ལམ་ལྷའི་ཚིག་ཐོ་ཕྲན་བུ་ལྡེབ་ངོས་ཞིག་ཡོད་པ་ལམ་གཏོར་ཡིན་པས་དགྲ་ཆོས་དུས་མ་ཡིན། འབུལ་དུས་བཟློག་ཐུང་འདོན་ལ་དགྲ་ལིང་གཟུགས་སྟེང་


CMR028_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕུལ། ༈ དམིགས་རིམས་ནི་གཏོར་སྣོད་གཉིས་སོ། །ཡུལ་དང་ཁང་པ་སྦྲ། གཏོར་མ་དགྲ་བོ་དངོས་སུ་གསལ་བར་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ལས་ཀྱི་གཤིན་རྗེའི་ངོ་བོ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་དྲུག་པ་འཕྲོས་པས་གཏོར་མ་དང་དགྲ་བོ་གཉིས་སུ་མེད་པའི་སྙིང་ནང་དུ་གསོར་ལྟར་འཁོར་བའི་ཤ་ཁྲག་ཕྱེ་མར་གཏུབས་པས་གཏོར་མ་དགྲ་བོར་གསལ་བའི་ཤ་ཁྲག་བདུ་རྩིར་མི་བསྒྱུར་བ་འདི་རྣོ་བའི་གནད་དམ་པའོ། །ལྷ་ཚོགས་རྣས་ཀྱིས་བཞེས་པས་ལས་ཀྱི་གཤིན་རྗེ་མ་མགོན་ཆོས་སྐྱོང་གྱི་སྐུར་གྱུར་ནས་ཕོ་བྲང་བཏབ་པར་བསམ། ༈ མཐར་འབུལ་བའི་དམིགས་པ་ནི། ལས་གཤིན་ཀིང་ཀང་ལ་མ་མགོན་ཕྱོགས་སྐྱོང་གི་དམག་ཚོགས་ཐམས་ཅད་ཀྱིས་བྱད་མ་ཐམས་ཅད་གྲོག་ཚང་སེར་བས་བརྡུང་བ་ལྟར་རྗེས་མེད་པར་བསྒོམ། ༈ ཞེས་པ་དགྲ་ཆོས་ཀྱི་གབ་ཡིག་སྲོག་གི་སྤུ་གྲི་འདི། མགོན་ནག་སྔགས་འཆང་ལ་དགྲ་ཆོས་ཡང་ཡིག་གནང་བ་འདིས་སངས་རྒྱས་བསྟན་པའི་བཙས་སུ་བྲི་སྐབས་ནས་བརྟག་པ་བྱས་པའི་སྐབས་སུ། བར་སྣང་ནས་སྒྲ་གྲགས་ནས་ལུས་དེ་གཏད་ཀྱང་སྙིང་དེ་མ་གཏད། དེ་ནས་བསྒྲིགས་མ་ཕོད་པས་ཕྱིས་ཞིག་མ་མགོན་ཆོས་སྐྱོང་ལ་གསོལ་


CMR028_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བརྒྱ་རྩ་བྱས་ནས་བརྟག་པ་བྱས་པས། རང་སྙིང་མི་ལ་གཏད་པའི་བུ་ཁྱོད་ཟེར་བས་བྲིས་ནས་གཏད་པའི་སྤོབས་པ་བྱེད་ཀྱང་། གཉེར་པ་ཆོས་འཕེལ་ལ་དགོས་པ་གལ་ཆེན་ཞིག་བྱུང་ནས། ༧ ཨ་རཱ་གས་བསྒྲིགས་པའི་གཅིག་བརྒྱུད་རང་གི་ཆོས་བརྒྱུད་འཛིན་ངེས་མ་གཏོགས་མནན་བྱས་ལ་གཞན་ལ་མ་སྤེལ་ཞིག །ས་མ་ཡ་རྒྱ་རྒྱ་རྒྱ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

མ་མགོན་ལྕམ་དྲལ་གྱི་ནོར་སྒྲུབ་རིན་ཆེན་བསམ་འཕེལ།


CMR028_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

མ་མགོན་ལྕམ་དྲལ་གྱི་ནོར་སྒྲུབ་རིན་ཆེན་བསམ་འཕེལ་ཞེས་བྱ་བ་བི་ཛ་ཧ་ར།


CMR028_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་རཏྣ་མ་ཧཱ་ཀཱ་ལ་དེ་ཝི་ཡེ། གསོལ་བ་གང་བཏབ་འབྱུང་བའི་རིན་པོ་ཆེ། །བླ་མ་ཡི་དམ་མགོན་པོ་ནོར་ལྷ་རྣམས། དབྱེར་མེད་གཅིག་བསྡུས་ཀརྨ་པ་ལ་འདུད། །མགོན་པོ་ཡབ་རྐྱང་ནོར་སྒྲུབ་རྒྱས་བསྡུས་གཉིས། །ཞལ་སྦྱོར་དངོས་གྲུབ་ལེན་ཆོག་དང་ནི་གསུམ། །གབ་སྤྱད་ཉམས་སུ་ལེན་པར་བྱ་བའི་ཐབས། །རིན་ཆེན་སྣོད་ནི་ཆེ་ཆུང་གཉིས་ཀྱི་ནང་། །གཏོར་མ་རིན་ཆེན་འབར་བ་གཅིག་ལ་ནི། །དེ་འདྲ་དེ་བས་ཆུང་བ་བཅུ་ཡིས་བསྐོར། །ཆུང་བའི་རྩེ་དེར་ཞལ་སྦྱོར་ཙཀླི་བཙུགས། །མེད་ན་མར་རྒྱན་ཧཱུྃ་ནག་བྷོ་སྔོན་བྲི། །གཞི་གཙང་སྟེང་དུ་ནས་ཀྱི་པདྨ་


CMR028_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །འདབ་བཅུའི་དབུས་སུ་མཉྫིའི་སྟེང་དུ་བཞག །རྩེ་ལ་དར་གདུགས་སེར་པོ་བཙུག་པར་བྱ། །དེ་ཉིད་དང་པོ་བྲན་ནས་གསོ་མི་དགོས། །དེ་མདུན་གཏོར་མ་ཆེ་བ་བཞག་པའི་ནང་། །འབྲུ་སྣ་ཟས་ཕུད་ཤིང་ཏོག་གང་རྙེད་བླུག །གཡས་སུ་བདུད་རྩི་གཡོན་དུ་རཀྟ་དང་། །མཐའ་སྐོར་མཆོད་པ་སྣ་བདུན་བསྐོར་བཤམ་བྱ། །ཡོད་ན་མ་མགོན་གཉིས་ཀྱི་ཞལ་ཐང་དང་། །མདའ་དར་སེར་པོ་ཡང་ནི་བཤམ་པར་བྱ། །ཐུན་གཏོར་ནོར་བུའི་དབྱིབས་ཅན་འབུལ་རྒྱུ་དང་། །ཕུགས་གཏོར་ཚོགས་སོགས་སྤྱི་དང་མཐུན་པར་བཤམས། །བདུད་རྩི་བྱིན་རླབས་སྔོན་འགྲོ་གཏོར་མ་


CMR028_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ཕག་མོའི་བདག་བསྐྱེད་རྫོགས་པར་བྱས་ནས་བསྡུས། །དེ་ནས་མགོན་པོ་མཚལ་སེར་གང་རིགས་ཀྱི། །མངོན་རྟོགས་ཚར་གཅིག་བཏོན་པ་དེ་ཉིད་ཀྱི། །བདག་མདུན་དུས་གཅིག་སོ་སོར་དམིགས་པ་སྒོམ། །དེ་ནི་པཀྵིའི་དགོངས་པ་འཁྲུལ་མེད་དེ། །རྙིང་མའི་ལུགས་ཡིན་མི་འཐད་མི་དགོངས་འཚལ། །དེ་ནས་སྤྱན་འདྲེན་མཆོད་བསྟོད་བསྙེན་པའི་བར། །མཚལ་སེར་གང་བྱེད་གཞུང་ལྟར་བཏོན་པའི་རྗེས། །བདག་མདུན་མགོན་པོ་གཉིས་ཀྱི་ཐུགས་ཀ་རུ། །ནོར་བུ་རིན་ཆེན་འོད་དུ་འབར་བའི་ནང་། །ཟླ་སྟེང་ཧཱུྃ་ཡིག་མཐིང་ནག་མཐའ་མ་ལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ཧཱུྃ། བདག་ལ་རཏྣ་སིདྡྷི་སྭཱ་ཧཱ། ཞེས་པའི་སྔགས་ཕྲེང་གཡས་སུ་འཁོར་བ་དང་། །ལྷ་མོའི་ཐུགས་ཀར་ཉི་སྟེང་ཧཱུཾ་སྔོན་མཐར། །ཨོཾ་མ་ཧཱ་ཀཱ་ལི་དེ་ཝི་ཡེ་ཧཱུྃ། བདག་ལ་རཏྣ་སིདྡྷི་སྭཱ་ཧཱ། ཞེས་པའི་སྔགས་ཕྲེང་གཡོན་དུ་འཁོར་བ་སྟེ། །ཁྱད་པར་བདག་བསྐྱེད་ཐུགས་ཀའི་ནོར་བུའི་རྩེར། །ཡི་དམ་དམ་ནི་ལེགས་ལྡན་ཚོན་གང་སྒོམ། །བདག་མདུན་མ་མགོན་ནག་པོ་བཅུ་དྲུག་གིས། །དར་ནག་བེར་དང་རིན་ཆེན་སྣ་ཚོགས་ཀྱིས། །དྲྭ་བ་དྲྭ་ཕྱེད་བྲོབ་བེར་ཡོད་པར་བསྒོམ། །གཙོ་འཁོར་ཀུན་ལ་ནོར་བུའི་


CMR028_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་རྒྱན་དང་། །དར་དང་རིན་ཆེན་སྣ་ཚོགས་རྒྱན་གྱིས་བཀླུབ། །ཁྱད་པར་ཤར་ལྷོའི་མགོན་པོའི་འཁོར་དུ་ནི། །ནོར་ལྷ་མཆེད་བརྒྱད་རྟ་སྔོན་ཆིབས་པས་བསྐོར། །བྱང་གི་མགོན་པོའི་འཁོར་དུ་གནོད་སྦྱིན་ཚོགས། །ནོར་ལྷ་བྱེ་བ་བདུན་འབུམ་བསྐོར་བར་དམིགས། །དེ་ནས་སེམས་བསྐྱེད་ཡིད་ལ་བསམ་བྱ་སྟེ། །འགྲོ་བ་ཀུན་གྱི་དབུལ་ཕོངས་སྡུག་བསྔལ་བསལ། །བདག་ཀྱང་སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཕྱིར། །འདི་ཉིད་སྒྲུབ་སྙམ་ཁ་ཞེ་མེད་པར་བྱ། །རང་དོན་བསམ་ན་འགྲུབ་པར་མི་འགྱུར་རོ། །དེ་ནས་བདག་མདུན་གཙོ་བོའི་འོད་ཟེར་གྱིས། །གཙོ་འཁོར་ཀུན་ཁྱབ་བཀྲག་དང་གཟི་མདངས་རྒྱས། །གཙོ་འཁོར་ཀུན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །རང་རང་གནས་དང་ཁྱད་པར་བྱང་གི་ཕྱོགས། །ལྕང་ལོ་ཅན་གྱི་ཕོ་བྲང་དམ་པ་ནས། །རྣམ་སྲས་འཛམ་ལྷ་ནོར་ལྷ་མཆེད་བརྒྱད་དང་། །གནོད་སྦྱིན་བྱེ་བ་བདུན་དང་འཁོར་ཚོགས་བྱོན། །ཉི་མའི་དཀྱིལ་ནས་དཔལ་རབ་འཆང་བ་དང་། །ཨོ་རྒྱན་བྲག་རིའི་རྩེ་ནས་ཤ་བ་རི། །དཔག་མེད་བྱོན་ནས་རང་རང་སྐུ་ལ་ཐིམ། །དེ་ལྟར་བསྒོམ་ཞིང་དེ་ཝ་རཀྟའི་སྔགས། །བརྒྱའམ་ཡང་ན་ཉེར་གཅིག་ཙམ་ཞིག་


CMR028_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས། །དེ་ནས་བདག་མདུན་གཙོ་བོའི་འོད་ཟེར་གྱིས། །ནུབ་བྱང་མཚམས་ཀྱི་མགོན་པོ་ལ་ཕོག་པས། །དེ་ལས་རང་འདྲའི་སྤྲུལ་པ་གྲངས་མེད་འཕྲོས། །གོད་འདྲེ་བསེ་རག་ཐམས་ཅད་བསྐྲད་པར་བསྒོམ། །གཞུང་གི་ཧེད་ནིས་སྔགས་ཀྱི་མཇུག་དེ་རུ། །གནོད་བྱེད་གོད་འདྲེའི་ཙིཏྟ་བཾ་ཙིཏྟ་སྲིད། །ཅེས་པ་བརྒྱའམ་ཉེར་གཅིག་ཆོག་པ་སྟེ། །གོད་ཁ་ཆེ་ན་དེ་ཉིད་ཅི་མང་བཟླས། །སླར་ཡང་བདག་མདུན་གཙོ་བོའི་འོད་ཟེར་གྱིས། །འཁོར་རྣམས་ཀུན་གྱི་སྲོག་སྙིང་བཅུད་བསྡུས་ཏེ། །བདག་ལ་ཐིམ་པས་ནོར་གྱི་དངོས་གྲུབ་ཐོབ། །འཁོར་རྣམས་ཀུན་ལས་སྤྲུལ་པའི་ཕོ་ཉ་ནི། །རང་འདྲ་དཔག་མེད་འཇིག་རྟེན་ཁྱབ་པར་འཕྲོས། །ཁམས་གསུམ་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི། །བཅུད་དང་དངོས་གྲུབ་འོད་ཟེར་གསེར་མདོག་གི །རྣམ་པར་བསྡུས་ནས་བདག་ལ་སིབ་སིབ་ཐིམ། །ཆོས་སྐྱོང་སྤྱི་ཡི་གཏོར་མའི་ལས་རྒྱུད་ལས། །ཤཱ་ས་ན་འདི་ཆོས་སྐྱོང་སྤྱི་ཡི་སྔགས། །ཕྲིན་ལས་གང་འདོད་འདི་ཡིས་འགྲུབ་གསུངས་པས། །ཤཱ་ས་ན་ལ་བརྒྱའམ་ཉེར་གཅིག་བཟླས། །དེ་མིན་འདི་ཡི་བསྙེན་པ་ཡིན་པ་སྟེ། །དེ་ནས་འདི་ཡི་དངོས་གྲུབ་ལེན་ཆོག་འདོན། །བདག་དང་མདུན་


CMR028_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་མ་མགོན་ཡབ་ཡུམ་དང་། །ནག་པོ་བཅུ་དྲུག་ཀུན་གྱི་བེར་ནག་ལ། །གསེར་གྱི་གཡུང་དྲུང་རིས་ལྡན་དགུ་བརྩེགས་ཀྱི། །སུལ་ནས་རིན་ཆེན་སྣ་ཚོགས་ཆར་ཆེན་འབེབས། །འགྲོ་བ་ཀུན་གྱི་དབུལ་ཕོངས་ཞི་བར་བྱས། །ཁྱད་པར་རང་གི་གནས་དང་ཁང་ཁྱིམ་སོགས། །ནོར་བུའི་ཚོགས་ཀྱིས་ཕྱུར་བུར་གང་བ་ཡི། །གང་འདོད་དངོས་གྲུབ་ལྷུན་གྱིས་གྲུབ་པར་བསྒོམ། །དངོས་གྲུབ་ལེན་སྔགས་སྔགས་འབྲུ་ཉེར་གཉིས་པ། །སྟོང་ཕྲག་ཡན་ཆད་ཅི་མང་བཟླ་བར་བྱ། །དེ་ནས་ཐུན་གཏོར་དཀར་དམར་རྒྱན་ལྡན་བཤམས། །གཞུང་གི་ཐུན་གཏོར་བཀུག་གཞུག་དེ་ཡི་མཇུག །བྱད་མ་རྦོད་གཏོང་ཞེས་པ་དེ་ཡི་མཚམས། །གོད་འདྲེ་གོད་སྲི་ཞེས་པ་འཛུད་པར་བྱ། །བྱང་ཕྱོགས་དུར་ཁྲོད་མ་ཡི་བསྐུལ་རིང་དང་། །ཡེ་ཤེས་དབྱིངས་མ་གཉིས་པོ་འདོན་པར་བྱ། །འདི་གཉིས་ཕྲིན་ལས་རྣམ་བཞི་གང་འདོད་ཀྱང་། །འགྲུབ་པར་འགྱུར་ཞེས་ཀརྨ་པཀྱིས་གསུངས། །དེ་ལྟར་གཏོར་མ་ཕུལ་བའི་ལས་སྦྱོར་ཏེ། །ཐུན་གཏོར་ཕྱི་རུ་མི་འབུལ་དཀྱིལ་འཁོར་མདུན། །རིམ་པ་བཞིན་དུ་བསྒྲིགས་ནས་བཞག་པར་བྱ། །དེ་ནས་མདུན་དུ་ས་ལ་གྲུ་གསུམ་བྲི། །དེ་སྟེང་གཏོར་སྣོད་


CMR028_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

སྦུབ་སྟེང་རྡོ་རྗེ་བཞག །ས་གཞི་ལྕགས་མཁར་གྲུ་གསུམ་མེ་འབར་ནང་། །གནོད་བྱེད་གོད་འདྲེ་བསེ་རག་མངོན་སུམ་གསལ། །གཏོར་སྣོད་སུམ་ལས་སྐྱེས་པའི་རི་རབ་སྟེང་། །རྡོ་རྗེ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེས་མནན། །རིམ་དགུ་ས་ཡི་འོག་སོང་ཐལ་མེད་སྒོམ། །གཞུང་གི་རྟ་བྲོ་ཚར་གཅིག་འདོན་པའི་རྗེས། །གཏོར་སྣོད་ཡར་ཟེད་ནང་དུ་ནས་འབྲུ་བཏབ། །གང་གྱུར་ཅིག་སོགས་ཤོ་ལོ་ཀ་དེ་བརྗོད། །དེ་ནས་ཐུན་མཚམས་བྱ་བ་གང་དགོས་བསྒྲུབ། །དེ་ལྟར་སྔ་དྲོ་ཉིན་གུང་དགོང་མོ་དང་། །སྲོད་དང་ཐུན་བཞིར་ཉམས་སུ་ལེན་བྱ་སྟེ། །ཐུན་ནི་བཞི་ཀར་གསོལ་ཁ་རྒྱས་པར་དགོས། །གསོལ་ཁ་འདོན་ཚེ་གསོལ་ཁའི་དམིགས་པ་ནི། །རང་གི་ཐུགས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །སངས་རྒྱས་བྱང་སེམས་ཀུན་གྱི་བྱིན་རླབས་དང་། །ཁྲོ་བོ་ཁྲོ་མོ་ཀུན་གྱི་མཐུ་སྟོབས་དང་། །བདུད་དང་ལྷ་འདྲེ་ཀུན་གྱི་སྟོབས་གཟི་བརྗིད། །ལྷ་ཀླུ་མི་ཡི་ཚེ་བསོད་དཔལ་འབྱོར་རྣམས། །འོད་ཟེར་ཁ་དོག་སྣ་ཚོགས་རྣམ་པ་རུ། །བསྡུས་ནས་མདུན་གྱི་གཙོ་བོ་རྣམས་ལ་བསྟིམ། །དཔེར་ན་མེ་དཔུང་ནང་ན་ཤིང་བསྣན་ལྟར། །བཀྲག་མདངས་གཟི་བརྗིད་ཀུན་ཀྱང་ཇེ་ཆེར་གྱུར། །དམིགས་པ་ལྔ་


CMR028_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་བཅུ་གཅིག་བར་དུ་ཝིག །ཆོས་སྐྱོང་ནུས་པ་ཉམས་པ་སོས་པར་བཤད། །དུས་ནི་ཞག་པོ་ལྔ་བདུན་དགུ་སོགས་བསྒྲུབས། །འདོན་མི་མང་ན་ཞག་པོ་ཉུང་ཡང་རུང་། །དངོས་རྟོགས་སྒྲུབ་པ་མེད་པར་ཟས་ནོར་འདུ། །མ་ཟོས་ན་ཡང་མི་ལྟོགས་དང་ཁ་མེར། །གཏོར་མ་བཀྲག་བཟང་ནང་མཆོད་ཁོལ་ལམ་འཕྱུར། །དགུན་ཁ་ཡིན་ན་ཡོན་ཆབ་ཆབ་བྲལ་འཕྱུར། །ཉམས་དང་རྨི་ལམ་ཟང་ཟིང་འདུ་འཚོགས་ཆེ། །ཚོང་པ་རྟ་ཁྱུ་ནོར་ཁྱུ་ཚུར་ལ་བྱུང་། །ལོ་ལེགས་འབྲུ་ཡི་ཕུང་པོ་མང་པོ་མཐོང་། །རྩ་ཤིང་ལྕི་ལུད་མང་པོ་སྤུང་བ་དང་། །རང་ལ་མཛེ་བྱུང་མི་རོ་བཤས་རྨིས་བཟང་། །ཚོང་དཔོན་སྐྱེས་ཕྲན་བུད་མེད་མཛེས་མ་ཡིས། །དཀར་གསུམ་རྩྭ་སྔོན་རིན་ཆེན་བྱིན་རྨིས་འགྲུབ། །ཁྲིར་འདུག་གོས་བཟང་གྱོན་རྨིས་དཔལ་འབྱོར་འཕེལ། །ཁྲོམ་འདུ་དར་ཕྱར་དུང་འབུད་སྙན་གྲགས་འབྱུང་། །རྨི་ལམ་འཁྲུལ་པ་ཡིན་པས་མི་བདེན་ཀྱང་། །རྩེ་གཅིག་སྒྲུབ་ཚེ་རྟགས་ཅན་རྨི་ལམ་ནི། །འབྲས་བུ་དངོས་སུ་འབྱུང་བར་རྒྱུད་གཞུང་གསལ། །དེ་ལྟར་མ་མགོན་ནོར་སྒྲུབ་འདི་ཉིད་ལ། །གཞུང་བྱས་སྔགས་དང་དམིགས་པའི་བསྒྱུར་ཁ་ཡི། །ལས་ཚོགས་ཕྲན་བུ་ཞོར་ལ་སྒྲུབ་


CMR028_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ན། །ཐུན་གཏོར་མ་ཕུལ་བ་ཡི་གོང་དེ་རུ། ༈ །དང་པོ་རྟ་ཡི་གོད་གཅོད་བྱ་བ་ནི། །རྟ་ལྷ་དཔལ་ལྡན་ཨརྱ་རེ་མནྟ། །དཔལ་རབ་འཆང་གཉིས་དོན་གཅིག་མིང་གི་གྲངས་། །བདག་མདུན་གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། །ཤར་གྱི་མགོན་པོ་ལ་ཕོག་དེ་ཉིད་ཀྱིས། །རང་འདྲའི་ཕོ་ཉ་འཇིག་རྟེན་ཁྱབ་པར་སྤྲོས། །རྟ་གཡང་ཀུན་བསྡུས་རང་གི་རྟ་ལ་བསྟིམ། །རྟ་ལ་གནོད་བྱེད་ཐམས་ཅད་མཐར་བསྐྱེད་ནས། །འོད་ཀུན་རྟ་ལ་ཐིམ་པས་གོད་གཅོད་སྒོམ། །མ་མགོན་གསུང་གི་སྙིང་པོའི་སྔགས་ཤམ་དུ། །ཨརྱ་རེ་མན་གྷོ་ར་ཟློར༔ ཞེས་པ་བརྒྱ་སྟོང་ཅི་འགྲུབ་བཟླ་བར་བྱ། ༈ །ནོར་ཕྱུགས་བེལ་ལུག་གོད་ཁ་གཅོད་འདོད་ན། །བདག་མདུན་གཙོ་བོའི་ཐུགས་ཀའི་འོད་ཟེར་ལས། །ནུབ་བྱང་མགོན་པོ་ལ་ཕོག་དེ་ཉིད་ལས། །རང་འདྲ་སྤྲུལ་པའི་ཕོ་ཉ་དཔག་མེད་སྤྲོས། །གོད་འདྲེ་མཐར་བསྐྲད་འོད་ཟེར་བེའུ་ལུག་ཐིམ། །གོད་ཁ་གཅོད་ཅིང་བེའུ་ལུག་ལ་ཐིམ། །གོད་ཁ་གཅོད་ཅིང་བེའུ་ལུག་བསྲུང་བར་བསྒོམ། །རྩ་སྔགས་ཤམ་བུར་འདི་ཉིད་བརྒྱ་སྟོང་བཟླས། །པཎ་ཤ་ཝ་རི་སརྦ་བཱ་སུ་རཀྵ། ༈ །རྟ་ནོར་སྒབ་ཟོས་འཕེལ་ཁ་ཆེ་འདོད་ན། །བདག་མདུན་འོད་


CMR028_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་ཤར་ལྷོའི་མགོན་པོ་བསྐུལ། །རང་འདྲའི་ནོར་ལྷ་མཆེད་བརྒྱད་འཁོར་དང་བཅས། །དཔག་མེད་སྤྲུལ་ནས་འཇིག་རྟེན་ཐམས་ཅད་ཀྱི། །ཕྲུ་གཡང་དངོས་གྲུབ་ཀུན་འདུས་རང་ཉིད་དང་། །ནོར་ཕྱུགས་ལ་ཐིམ་དམིགས་ཤིང་རྩ་སྔགས་མཐོར། །ཛམྦྷ་ལ་སརྦ་བཱ་སུ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། ༈ །ཆོས་སྲིད་དབང་ཐང་བསོད་ནམས་འཕེལ་འདོད་ན། །གཙོ་བོའི་འོད་ཀྱིས་བྱང་ཕྱོགས་མགོན་པོ་བསྐུལ། །རང་འདྲའི་གནོད་སྦྱིན་བྱེ་བ་དུང་ཕྱུར་རྣམས། །མདུང་དར་དམར་པོ་ཕྱར་ཞིང་འཇིག་རྟེན་གང་། །རང་གི་ཆོས་སྲིད་དབང་ཐང་སྤེལ་བའི་ཕྱིར། །ཕྲིན་ལས་ཤིག་ཤིག་ཡཾ་ཡཾ་བསྒྲུབ་པར་སྒོམ། །རྩ་སྔགས་ཤམ་ལ་འདི་བཏགས་ཅི་ནུས་བཟླས། །བེ་ཤ་ཝ་ཎ་ཡེ་པུཎྱ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། ༈ །དབང་སྡུད་འདོད་ན་གཙོ་བོའི་འོད་ཟེར་གྱིས། །ཤར་གྱི་ལྷ་ཆེན་ནུབ་ཀྱི་མགོན་པོ་བསྐུལ། །དེ་ལས་འོད་ཟེར་གློག་ཞགས་ལྟ་བུ་འཕྲོས། །གང་འདོད་དབང་དུ་སྡུད་ལ་བདག་ལ་བསྟིམ། །རྩ་སྔགས་ཤམ་དུ་འདི་བཏགས་ཅི་འགྲུབ་བཟླས། །མ་ཧཱ་དེ་ཝ་སརྦ་ལོ་ཀ་པཱ་ལ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ༈ དེ་དག་ཐམས་ཅད་སྦྱར་རམ་གང་འདོད་རུང་། །དེ་ལྟར་སྔགས་དམིགས་


CMR028_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བསྒྲུབ་པར་བརྩི། །དེ་བཞིན་སྒྲུབ་པ་མ་རྫོགས་བར་དུ་ནི། །རྗེས་ཆོག་མི་བྱ་མདུན་བསྐྱེད་མི་གཤེགས་བཞུགས། །བདག་བསྐྱེད་སྟོང་པར་བསྡུ་སོགས་མི་དགོས་ཏེ། །སྒོམ་མཁན་ངོ་བོར་བལྟས་པས་སྟོང་པ་དངོས། །དེ་ནས་སྒྲུབ་པ་གྲོལ་ཁའི་ཞོགས་པ་ལ། །དངོས་གྲུབ་ལེན་ཆོག་དེ་ཉིད་འདོན་བཞིན་དུ། །སྒྲུབ་གཏོར་རང་གི་གནས་གསུམ་དུ་གཏུགས་པས། །སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་ཐོབ། །གཞུང་ལྟར་སྐུ་དང་སྔགས་ཕྲེང་ཕྱག་མཚན་རྣམས། །འཕྲོས་ནས་རང་གི་གནས་གསུམ་ཐིམ་པར་བསྒོམ། །མདུན་བསྐྱེད་གཏོར་མའི་ལྷ་རྣམས་ནམ་མཁར་བཏེག །གཏོར་མ་དེ་ཉིད་བྲན་ལ་མཚལ་མ་འདོན། །དེ་ནས་རྗེས་ཆོག་གཞུང་ལྟར་བྱས་ལ་གྲོལ། །གཞུང་ལྟར་བསང་བཏང་མངའ་གསོལ་བྱེད་པའི་ཚེ། །གཏོར་མའི་ཕུད་རྣམས་བསང་གི་ནང་དུ་མཆོད། །ལྷག་མ་ཕྱི་ལ་མི་འཁྱར་དངོས་གྲུབ་བཟའ། །མདའ་དར་མེད་པར་མི་བྱ་རྟེན་དུ་འཆང་། །འདི་ནི་ནོར་ལྷའི་མཆོག་གྱུར་ནོར་བུ་འདྲ། །འཛམ་གླིང་དབང་སྡུད་དངོས་གྲུབ་ཆར་ལྟར་འབེབས། །འདི་འདྲ་གཞན་ལ་མེད་ཅེས་པཀཱིས་གསུངས། །འཕགས་པའི་ས་ཐོབ་རྣམས་ནི་མ་གཏོགས་པ། །


CMR028_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལུས་ཐོབ་ཚད་བསམ་མནོ་འཕྲོད་ཙམ་ན། །བསྒྲུབ་རྒྱུའི་གཙོ་བོ་ཟས་ནོར་ལོངས་སྤྱོད་ལགས། །སྡིག་པ་ཀུན་དང་བསྡོམས་ནས་བསྒྲུབས་ལགས་ཀྱང་། །སྦྱིན་འབྲས་མེད་ན་མི་འགྲུབ་དབུལ་ཕོངས་དང་། །འདི་ནི་ཡིད་བཞིན་ནོར་བུ་རིན་ཆེན་ཏེ། །བསོད་ནམས་ལྡན་ན་མངའ་ཐང་དགུང་དང་མཉམ། །བསོད་ནམས་དམན་ཀྱང་འདི་ལ་འབད་པ་ན། །དབུལ་ཕོངས་སྡུག་བསྔལ་མི་འབྱུང་ལོངས་སྤྱོད་ལྡན། །སྐྱེ་བ་ཀུན་ཏུ་ལོངས་སྤྱོད་ལྡན་གྱུར་ན། །སྦྱིན་པའི་ཕར་ཕྱིན་རྫོགས་ནས་མངོན་འཚང་རྒྱ། །ཚེ་འདིར་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་ནི། །གསོད་སར་ཁྲིད་པའི་གཤེད་མའི་དགའ་སྟོན་བཞིན། །ཞེན་པ་གཏིང་ནས་ལོག་པ་མིན་ན་ནི། །རྒྱ་འགྲོ་དབུས་སྐོར་སོ་ནམ་ཁེ་སྐྱེད་སྐྱུར། །སྒྲུབ་པ་འདི་ལ་རྩེ་གཅིག་འབད་པར་རིགས། །དར་རྒྱས་མཚན་འཆོང་བདུད་མོ་བླ་མ་ཡིས། །བསྐུལ་ཕྱིར་དགེ་སློང་རཱ་ག་ཨ་སྱ་ཡི། །མགོན་པོའི་དགུ་ཆེན་དགུ་གཏོར་ཆེན་པོའི་ཉིན། །ངག་མཚནས་སྨྲས་ལྟར་བརྩོན་འགྲུས་ཞེས་བྱས་བྲིས། །ཉེས་འགལ་མཆིས་ན་ལྷ་དང་སྲུང་མར་བཤགས། །དགེ་བས་བསྟན་པ་འཛིན་པའི་སྐྱེས་བུ་རྣམས། །འཁོར་ལོས་སྒྱུར་ལྟ་བུར་འབྱོར་


CMR028_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཤོག །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

མགོན་པོའི་སྲུང་འཁོར་གྱི་དམིགས་རིམ་ཟབ་མོའི་མན་ངག་བསྲུང་བ་རྡོ་རྗེའི་གོ་ཁྲབ་བི་ཛ་ཧ་རཾ།


CMR028_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་སྲུང་འཁོར་གྱི་དམིགས་རིམ་ཟབ་མོའི་མན་ངག་བསྲུང་བ་རྡོ་རྗེའི་གོ་ཁྲབ་བི་ཛ་ཧ་རཾ།།


CMR028_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཛྙཱ་ན་ནཱ་ཐ་ཡེ། ཡེ་ཤེས་མགོན་པོའི་ཚོགས་ལ་ཕྱག་འཚལ་ལོ། །མགོན་པོའི་སྲུང་འཁོར་ཟིན་བྲིས་ཅུང་ཟད་བྲི། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །སྲུང་འཁོར་འདི་ལ་རྒྱས་བསྡུས་མི་འདྲ་གསུམ། །བསྡུས་པ་འདི་ཉིད་སྟབས་བདེ་དོན་འདུས་ཕྱིར། །དཀོན་མཆོག་འབངས་ཀྱིས་ཚིགས་བཅད་འདོན་བདེར་མཛད། །པར་དུ་འཁོད་པ་འདི་ཉིད་འགྲོ་དོན་ཆེ། །འོན་ཀྱང་སྔགས་ལ་འཁྲུགས་དང་གབ་སྐུང་ཆེ། །དེ་དག་ཇི་བཞིན་ཞལ་ཁྲིད་མི་ལྡན་ན། །ཅི་འགྱུར་ཆ་མེད་དུག་དང་སྨན་བསྲེས་འདྲ། །ཚིག་ཉུང་དོན་མང་ཤིན་ཏུ་རྟོགས་པར་དཀའ། །


CMR028_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ཉམས་སུ་ལེན་པའི་ཐབས་བསྟན་པ། །སྒྲུབ་པའི་ལུགས་དང་རྒྱུན་ཁྱེར་རྣམ་པ་གཉིས། །སྒྲུབ་ན་མགོན་པོ་མཚལ་སེར་འདོན་པའི་ཆས། །གཏོར་མ་མཆོད་པ་ཐམས་ཅད་གཞུང་ལྟར་བཅའ། །སྲུང་འཁོར་ཁོ་ན་མ་རྟོགས་མི་འདོན་ན། །ཐུན་བཞིར་དམར་གཏོར་འབུལ་རྒྱུ་བཅའ་བས་འཐུས། །རྒྱས་པར་དང་པོ་ཕག་མོ་ལ་སོགས་པ། །རང་གི་ཡི་དམ་གང་ཡིན་བདག་བསྐྱེད་འདོན། །དེ་ནས་ཐུན་བསྡུ་སྟོང་པར་བྱས་པའི་རྗེས། །སྲུང་འཁོར་འདི་ཉིད་གཞུང་ལྟར་འདོན་བསྒོམ་སྦྲག །འདི་ལ་བསྙེན་པ་ལས་ཚོགས་གསུམ་ཀ་ཚང་། །དང་པོ་བསྙེན་པའི་སྔགས་


CMR028_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྦྲེལ་བ་ནི། །ཕྲལ་ནས་སྔགས་དང་དམིགས་པ་སྦྲུགས་པ་ཟབ། །ལེགས་ལྡན་འདི་ལ་རིགས་གསུམ་ཡོད་པ་སྟེ། །ཡེ་ཤེས་ལེགས་ལྡན་སྤྱན་རས་གཟིགས་ཁྲོས་པ། །ཟ་མ་ཏོག་གི་མདོ་ལས་སྤྱན་རས་གཟིགས། །ནག་པོ་ཆེན་པོས་འདུལ་བའི་སེམས་ཅན་ལ། །ནག་པོ་ཆེན་པོའི་གཟུགས་ཀྱི་ཆོས་སྟོན་ཏེ། །ཞེས་གསུངས་དེ་བཞིན་ལེགས་ལྡན་རྒྱུད་བསྟོད་ལས། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་གསུངས། །ལས་ཀྱི་ལེགས་ལྡན་མ་ཊྭཱཾ་རུ་ཊ་སྟེ། །རྟ་མགྲིན་གྱིས་ནི་རུ་ཊ་བཏུལ་བའི་ཚེ། །རྣམ་ཤེས་དགེ་བསྙེན་ལེགས་ལྡན་ནག་པོར་གྱུར། །བསྐལ་པ་འདི་ཡི་སངས་རྒྱས་བསྟན་པ་སྲུངས། །མ་འོངས་ཐལ་བས་ཁེབས་པའི་འཇིག་རྟེན་དུ། །ཐལ་བའི་དབང་པོ་ཞེས་བྱར་སངས་རྒྱས་གསུངས། །འཇིག་རྟེན་ལེགས་ལྡན་ལྷ་ཆེན་བརྒྱད་ཀྱི་གྲངས། །ལེགས་ལྡན་སྨུག་ནག་ཕྱག་ན་བེང་ཆེན་བསྣམས། །གསུངས་པ་དེ་མིན་གསུམ་པོ་ཐ་དད་ཏེ། །ས་ལམ་མཐོ་དམན་ཁྱད་པར་ཡོད་ན་ཡང་། །ཡེ་ཤེས་པ་དེས་གཉིས་པོ་བྱིན་བརླབས་པས། །བྱིན་གྱིས་བརླབས་པའི་སྤྲུལ་པ་ཡིན་པའི་ཕྱིར། །མིང་དང་ཆ་ལུགས་ཕྲིན་ལས་གཅིག་པ་ཡིན། །དེ་ཕྱིར་མགོན་པོ་ཡོངས་ཀྱི་


CMR028_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་སྒྲུབ་དང་། །མགོན་པོ་སྐོར་གསུམ་མན་ངག་ཅེས་ཀྱང་གསུངས། །བེར་ནག་ཅན་སོགས་མགོན་ཆེན་བཞི་པོ་ཀུན། །ལས་ཀྱི་ལེགས་ལྡན་འདི་ཡི་སྲས་ཡིན་པས། །མགོན་པོ་ཡོངས་ཀྱི་ཕ་རྒན་ལེགས་ལྡན་དང་། །བེར་ནག་ཅན་ལ་སྲས་མཆོག་ནག་པོ་ཟེར། །བདུད་རྒྱལ་ཏྲཀཱད་ཕྱོགས་སྐྱོང་བཅུ་ལ་སོགས། །བདུད་རིགས་ལྷ་སྲིན་སངས་རྒྱས་བསྟན་སྲུང་ཀུན། །ཡེ་ཤེས་པ་དེས་དམ་བཏགས་བྱིན་གྱིས་བརླབས། །ཕྲིན་ལས་བསྒྲུབ་ཕྱིར་འཇིག་རྟེན་མགོན་པོ་ཟེར། །ཆ་ལུགས་མ་ངེས་ཕལ་ཆེར་གཙོ་དང་མཚུངས། །སྔགས་དང་དམིགས་པ་ཁྱད་པར་ཆེ་བ་ཡི། །རང་ཉིད་ལེགས་ལྡན་ཐུགས་ཀར་པད་ཉིའི་སྟེང་། །ཧཱུྃ་ཡིག་མཐིང་ནག་མེ་དཔུང་འབར་བའི་མཐར། །སྔགས་གསུམ་སྦྲེལ་མ་གཡས་སུ་འཁོར་བ་ལས། །འོད་ཟེར་སྨུག་ནག་སངས་རྒྱས་ཞིང་ཀུན་ཁྱབ། །སྤྱན་རས་གཟིགས་སོགས་དུས་གསུམ་སངས་རྒྱས་དང་། །སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་མཆོད། །ཐམས་ཅད་ཐུགས་མཉེས་ལེགས་ལྡན་སྐུར་གྱུར་ཏེ། །ཆར་བཞིན་བབས་ནས་རང་ལ་ཐིམ་བསྒོམ་ཞིང་། །དང་པོ་ཡིག་འབྲུ་བཅུ་པ་བརྒྱ་སྟོང་དང་། །སླར་ཡང་འོད་འཕྲོས་ཕྱོགས་བཅུའི་ཞིང་


CMR028_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའི། །ཁྲོ་བོ་ཁྲོ་མོ་དཔའ་བོ་མཁའ་འགྲོ་དང་། །ལས་ཀྱི་མགོན་པོ་ཀུན་ལ་འོད་དེས་མཆོད། །ཐམས་ཅད་མགོན་པོ་ལེགས་ལྡན་སྐུར་གྱུར་ནས། །བུ་ཡུག་འཚུབ་བཞིན་བྱོན་ནས་བདག་ལ་ཐིམ། །མཐུ་སྟོབས་ནུས་པ་ཇེ་ཆེར་འབར་བསྒོམ་ཞིང་། །སྔགས་འབྲུ་བཅུ་དྲུག་པ་དེ་བརྒྱ་སྟོང་བཟླས། །སླར་ཡང་འོད་ཟེར་སྨུག་ནག་དཔག་མེད་པ། །འཇིག་རྟེན་ཁམས་ཀུན་ཁྱབ་པར་འཕྲོས་པ་ཡིས། །འཇིག་རྟེན་ཁམས་ཀྱི་ལྷ་སྲིན་ཐམས་ཅད་ཀྱི། །སྲོག་སྙིང་མཐུ་སྟོབས་ནུས་པ་འོད་དེས་བསྡུས། །རང་ལ་ཐིམ་པས་མཐུ་སྟོབས་ཐོགས་མེད་ཅིང་་། །ལྷ་སྲིན་ཀུན་གྱི་བཀའ་ཉན་གསུང་སྡོད་བསྒོམ། །སྭཱ་ཧཱ་འབྱོར་བའི་རྩ་སྔགས་བརྒྱ་སྟོང་བཟླས། །འདི་ཡི་སྲུང་འཁོར་འདི་ཡི་བསྙེན་པ་སྟེ། །ལེགས་ལྡན་སྒྲུབ་པའི་གོ་ཡང་ཆོད་པ་ཡིན། །དེ་ནས་རང་གི་ཐུགས་ཀར་ཆོས་འབྱུང་དབུས། །རང་སེམས་ཡི་དམ་གང་བསྒོམ་འདྲ་ན་ཡང་། །ཕྱག་རྡོར་སྒོམ་ན་ཤིན་ཏུ་ལེགས་པ་སྟེ། །གསར་མི་རྒྱུད་སྡེ་རྣམས་ལས་ཕྱག་རྡོར་གྱི། །དབང་ཕྱུག་ཆེན་པོ་བསྒྲལ་བའི་རྣམ་ཤེས་ནི། །འོག་ཕྱོགས་འཇིག་རྟེན་ཁམས་སུ་སངས་རྒྱས་ཤིང་། །རྣམ་ཤེས་ཆ་གཅིག་ཁོ་རང་ལུས་ལ་ཞུགས། །ཕྱག་རྡོར་


CMR028_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་བྱེད་བསྟན་པ་སྲུང་བར་བཤད། །དེ་དང་རྙིང་མའི་རུ་ཊ་དོན་གཅིག་སྟེ། །ཕྱག་ན་རྡོ་རྗེས་བྱིན་གྱིས་བརླབ་པའི་ཕྱིར། །བྱིན་རླབས་སྤྲུལ་པ་ཐུགས་རྒྱུད་གཅིག་ཏུ་གྱུར། །སྐྱེ་རྒྱུད་དབང་ཕྱུག་ཡིན་ཕྱིར་རྣོ་ལ་མྱུར། །ཙཎྜ་མ་ཧཱ་ཀཱ་ལ་ཞེས་པ་འདི། །ལས་མགོན་ལེགས་ལྡན་དེ་ཡི་སྔགས་ཡིན་ནོ། །ཐུགས་ཀར་ཕྱག་རྡོར་གསལ་བའི་ཐུགས་ཀ་རུ་། །ཧཱུཾ་མཐིང་མཐའ་ལ་ཕྱག་རྡོར་སྔགས་གཡས་བསྐོར། །ཕྱག་རྡོར་ཙཎྜ་མ་ལ་བརྒྱ་སྟོང་བསྙེན། །དེ་དོན་ཡི་དམ་ལྷ་ཡི་སྙིང་པོ་ཡང་། །མང་དུ་འདོན་པར་བྱ་ཞེས་ཡིག་རྙིང་གསལ་།དེ་ནས་རང་སེམས་ཕྱག་རྡོར་དེ་ཉིད་ཀྱིས། །གཡས་སུ་བསྲུང་བྱ་ཕོ་རིགས་ཐམས་ཅད་དང་། །དེ་བཞིན་གཡོན་དུ་བསྲུང་བྱ་མོ་རིགས་དང་། །མདུན་དང་རྒྱབ་དང་མཚམས་ནི་ཐམས་ཅད་དུ། །སྦྲ་ཁང་དཀོར་ནོར་རྟ་ཕྱུགས་ཐམས་ཅད་དེ། །ཀུན་ཀྱང་ངོ་བོ་ཁོང་རྣམས་ཡིན་པ་ལ། །རྣམ་པ་ཐམས་ཅད་ཚེ་དཔག་མེད་ཀྱི་སྐུ། །སྙིང་ཁར་ཚིགས་ལ་རང་རང་མིང་ཡིག་བསྐོར། །ཡེ་ཤེས་མགོན་པོའི་ཚོགས་ནི་སྤྲིན་ལྟར་འདུ། །བསྲུང་བྱ་རྣམས་ལ་བྱིན་གྱིས་བརླབས་མཛད་ཅིང་། །ལས་ཀྱི་ལེགས་ལྡན་ཚོགས་ནི་ཆར་ལྟར་བབས། །ཕྱི་


CMR028_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ནང་བར་ཆད་ཐམས་ཅད་བཟློག་པར་བསྒོམ། །གོང་གི་ལེགས་ལྡན་སུམ་སྦྲེལ་སྔགས་ཀྱི་མཇུག །མ་མ་ཀ་བ་ཙི་རཀྵ་རཀྵཿ དེ་ལྟར་བསྲུང་སྔགས་དེ་ཉིད་ཡར་སྦྱར་ནས། །སྟོང་ལས་མི་ཉུང་ཅི་ནུས་འབད་དེ་བཟླས། །དེ་ནས་རྩིབས་བཅུ་ནང་གི་མགོན་པོ་སོགས། །ཀུན་གྱིས་སྲུང་སྔགས་འུར་འུར་འདོན་པར་བསྒོམ། །དེ་ནས་འཁོར་ལོ་རྩིབས་བཅུ་བསྒོམ་པ་དེ། །དཔེར་ན་སྦྱབ་ཆོལ་ཁ་སྦྱོར་ལྟ་བུ་སྟེ། །ཕྱོགས་མཚམས་རྩིབས་བརྒྱད་སྟེང་འོག་གཉིས་དང་བཅུ། །རྩིབས་ཐད་རྩིབས་ལ་མ་རེག་ཚུན་ཙམ་དུ། །སྲས་མཆོག་བཅུ་བསྒོམ་སྲུང་དུས་ཞལ་ནང་གཟིགས། །བསྡུས་པར་འཁོར་ལོ་བསྒོམ་པ་འདིས་ཆོག་སྟེ། །རྒྱས་པར་སྤྲོ་ན་འཁོར་ལོའི་ཕྱི་རོལ་དུ། །གྲི་གུག་སོ་འཐབས་གུར་དང་རྡོ་རྗེའི་གུར། །རིན་ཆེན་གུར་དང་རྒྱ་གྲམ་ཁ་གདེངས་གུར། །ཙནྡན་བེང་གི་གུར་དང་ལྔ་རིམ་རྒྱབ། །ཕྱོགས་བཅུར་ཕྱོགས་བཅུའི་མགོན་པོའི་དམག་གི་ཚོགས། །དེ་རྒྱབ་ཙནྡན་བེང་ལས་སྤྲུལ་པ་ཡི། །ལྷ་དམག་བྱེ་བ་ཕྲག་བརྒྱའི་གྲངས་ལྡན་པ། །གསེར་དངུལ་ཟངས་ལྕགས་བསེ་ཡི་ཁྲབ་རྨོག་གྱོན། །མཚོན་ཆ་སྣ་ཚོགས་ཕྱི་ལ་འཕེན་པར་བསྒོམ། །ནང་གི་འཁོར་ལོ་རྩིབས་བརྒྱད་རྩིབས་སྟེང་


CMR028_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ན། །རང་ལ་གནོད་པ་ཆེ་བའི་དགྲ་བགེགས་རྣམས། །རང་ལ་འཚེ་བའི་ཚུལ་དུ་འདུག་པ་སྟེ། །འཁོར་ལོ་རྩིབས་བརྒྱད་རལ་གྲི་སོ་གཉིས་ཀྱི། །རྩེ་ལྟར་རྣོ་ངར་སྤུ་གྲི་ལྟ་བུ་དེ། །གཡོན་དུ་དྲག་ཏུ་འཁོར་བས་ཕུལ་ཕུལ་གཏུབ། །རང་དང་སྲས་མཆོག་བཅུ་སོགས་འཁོར་བཅས་ཀྱི། །སྐུ་ལས་བསྐལ་པའི་མེ་དཔུང་འཚུབ་ཅིང་འབར། །གཏུབས་པའི་རོ་མ་ཐམས་ཅད་རྗེས་མེད་བསྲེགས། །མེ་དཔུང་རྒྱ་ཆེན་མཆེད་ཅིང་དྲག་ཏུ་འབར། །གནོད་བྱེད་གདོན་བགེགས་ནམ་མཁའི་ཕ་མཐར་བྲོས། །སྔགས་འབྲུ་ཉེར་གཉིས་མཱ་ར་ཡ་ཅན་དེ། །བརྒྱ་སྟོང་ལ་སོགས་ཅི་འགྲུབ་བཟླས་པར་བྱ། །རང་གི་འོག་ཕྱོགས་ལྷོ་འམ་ལྷོ་ནུབ་ཕྱོགས། །ལས་ལས་གྲུབ་པའི་ལྕགས་ཁང་གྲུ་གསུམ་ནི། །རྒྱ་ཆེ་མཐིལ་ཡངས་གཏིང་ཟབ་མུན་གླིང་ནང་། །གནོད་བྱེད་དགྲ་བགེགས་མངོན་སུམ་ལྟ་བུར་གསལ། །སྤྲུལ་པའི་མགོན་པོ་རྣམས་ཀྱིས་བཀུག་ལ་བསྟིམ། །རླུང་ཡང་མི་རྒྱུ་ཁ་ལེབ་དམ་པོར་བསྒྲིག །རང་འོག་མགོན་པོའི་གདན་ལས་སྤྲོས་པ་ཡི། །གནམ་ལྕགས་རྡོ་རྗེ་རྒྱ་གྲམ་རི་ལས་བརྗིད། །དེ་ཉིད་དེ་ཡི་སྟེང་དུ་བཞག་ཙམ་གྱིས། །རིམ་དགུ་ས་ཡི་འོག་ཏུ་ཏལ་གྱིས་སོང་། །རཀྟ་ཅན་


CMR028_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྔགས་དེ་མི་སྦྱར་བ། །སྟམ་བྷ་ཡ་ནན་ཟེར་བའི་སྔགས་བར་པ། །དམིགས་པ་དེ་ཉིད་བསྒོམ་ཞིང་སྔགས་དེ་བཟླས། དེ་ནས་དམར་གཏོར་ཤ་ཁྲག་བརྒྱན་པ་བཤམས། མགོན་པོའི་གཞུང་གི་བཀུག་གཞུག་བསྡུས་པར་བྱས། །སྤྲུལ་པའི་མགོན་པོ་དཔག་ཏུ་མེད་པ་འཕྲོས། །གནོད་བྱེད་རིང་དབང་མེད་པར་བཀུག་ལ་བསྟིམ། །འཁོར་ཚོགས་རྣམས་ཀྱིས་མཚོན་ཆའི་ཆར་ཕབ་བསྒྲལ། །ཁོ་ཡི་རྣམ་ཤེས་ཨ་ཡིག་དཀར་པོ་དེ། །འོག་ཕྱོགས་ཐལ་བས་ཁེབས་པའི་ཞིང་དུ་འཕང་། །རྡོ་རྗེ་འཆང་ནི་ཚོན་གང་ཙམ་དུ་གྱུར། །ཁོ་ཡི་ཚེ་དང་བསོད་ནམས་ལྷག་མ་ཀུན། །ནཾ་ཡིག་ལྗང་གུར་གྱུར་ནས་བདག་ལ་ཐིམ། །སྤྲུལ་པའི་ལས་མཁན་དཔག་ཏུ་མེད་པ་ཡིས། །ཁོ་ཡི་ཤ་ཁྲག་རུས་པ་དོན་སྙིང་རྣམས། གྲི་གུག་གིས་དཀྲུགས་གཡོན་པའི་ཐོད་པར་བཅུག །གཏོར་མ་དེ་དང་དབྱེར་མེད་ལྷ་ཀུན་མཆོད། །ཀུན་གྱིས་ཧབ་ཧབ་ཆེམ་ཆེམ་གསོལ་བར་བསྒོམ། །ཁཱ་ཧི་ཞེས་པའི་སྔགས་དེ་བརྒྱ་སྟོང་བཟླས། །བྱང་ཕྱོགས་དུར་ཁྲོད་མ་ཡི་བསྐུལ་རིང་འདོན། །དྲག་སྔགས་བཀའ་བབས་བེ་རོ་ཙ་ན་ཡིས། །ལེགས་ལྡན་མེ་ལྕེ་ཕྲེང་བའི་རྒྱུད་ཀྱི་དོན། སྔ་འགྱུར་མགོན་པོ་ཚོགས་བདག་ཞེས་གྲགས་


CMR028_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

པ། །དེ་ཡི་དགྲ་ཆོས་པོ་ཏི་ཆེན་པོ་གཅིག །ཤིན་ཏུ་རྣོ་མྱུར་དྲག་སྔགས་ཐོག་འདྲ་བ། །དེང་སངས་ཀཿཐོག་ཕྱོགས་སུ་གྲགས་ཆེ་བ། །དེ་ཡི་དོན་བསྡུས་གྲུབ་ཆེན་པཀྴི་ཡིས། །བྱང་ཕྱོགས་དུར་ཁྲོད་མ་ཡི་བསྐུལ་འདི་མཛད། །ཡེ་ཤེས་འཇིག་རྟེན་མགོན་པོ་འཁོར་བཅས་ཀྱི། །བསྐུལ་རིང་འདི་ལ་གཏོར་མ་ཆེན་པོ་འབུལ། །དུས་གསུམ་ལྷ་ཆ་དཀྲོལ་ཞིང་འདོན་བྱས་ནས། །ཕྲིན་ལས་བཞི་འགྲུབ་དགྲ་འདྲེ་ཐམས་ཅད་ཐུབ། །མཐུ་ཡང་གཞན་ནས་སྒྲུབ་ནི་མི་དགོས་ཏེ། །གཏོར་ཟོར་ཁོ་ན་འཕེན་པ་ཆོག་པར་གསུངས། །ཡེ་ཤེས་དབྱིངས་མ་སྦྱར་རུང་མ་སྦྱར་རུང་། །དེ་ནས་ལས་ཀྱི་རྡོ་རྗེས་གཏོར་མ་བཏེག །མེད་ན་ཅུང་ཞིག་ཕྱིར་ལ་སྣུད་ནས་བཞག །ནུབ་མོ་ཡིན་ན་དཔལ་འབར་བཙུགས་བྱས་ལ། །རྡོ་རྗེ་གར་གྱི་བཀའ་ཟློག་མ་དེ་གྱེར། །ཕྱོགས་བ་གཙང་དམིགས་པའི་ཕྱོགས་གཉིས་འགྲིགས་གྱུར་ན། །གཏོར་མ་རང་གིས་ཁྱེར་ཏེ་ཟོར་དུ་འཕང་། །ཡང་ན་གནོད་པའི་ཕྱོགས་སུ་འབུལ་རྒྱུ་བསྐུལ། །བདག་བསྐྱེད་མ་གཏོགས་འཁོར་དང་ཡང་འཁོར་བཅས། །དམག་དཔོན་ལེགས་ལྡན་ཉིད་ཀྱིས་བྱས་ནས་ཀྱང་། །གནོད་པའི་གདོན་བགེགས་ལོག་འདྲེན་ཐམས་ཅད་


CMR028_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །རང་དབང་མེད་པར་བཙོན་དུ་ཁྱེར་ནས་ཀྱང་། །རི་རབ་རྩེ་ཡི་བྱང་ཕྱོགས་རྩུབ་འགྱུར་ཚལ། །བྲག་སྟེང་གྲུ་གསུམ་གནས་དེར་གཤེགས་པར་བསྒོམ། །དེ་ནི་བགེགས་ལ་དམིགས་པའི་ལུགས་ཡིན་ཏེ། །དམག་ཚོགས་འཁོར་བཅས་དགྲ་ཡི་ཡུལ་སོང་ནས། །ཤ་ཟ་ཁྲག་འཐུང་བྱེད་དམིགས་དགྲ་ལ་ཡིན། །དེ་ནས་བདག་བསྐྱེད་མཐའ་ནས་དབུས་སུ་ཡལ། །དབུས་ཀྱི་རང་ཉིད་ལེགས་ལྡན་གནས་གྱུར་ནས། །དྲང་སྲོང་ལོཀྟི་པ་ལ་སྐུ་མདོག་མཐིང་། །ཞལ་གཅིག་ཕྱག་བཞི་ཁྲོ་བོས་ཆས་ཀུན་རྫོགས། །དང་པོའི་ཕྱག་གཉིས་ཉི་མ་ཟླ་བ་ཕྱིར། །འོག་གཉིས་ཐོ་བ་དང་ནི་ཞགས་པ་འཛིན། །དྲན་རྫོགས་དམ་ཡེ་དབྱེར་མེད་ཐུགས་སྲོག་ཧཱུྃ། །དེ་ལྟར་བསྒོམས་ལ་ལོཀྟི་པ་ལའི་སྔགས། །བདུན་ནམ་ཉེར་གཅིག་བརྒྱ་སྟོང་སྐབས་དང་བསྟུན། །བཀའ་ལ་མི་ཉན་དམ་ལ་མི་གནས་པའི། །གདོན་བགེགས་དམ་སྲི་མགོ་གཡོག་མགོ་བསྐོར་མཁན། །ཕ་རོལ་བྱད་མ་ཆོད་གཏོང་ལྷ་དང་བཅས། །སྐུ་ཡི་འོད་ཀྱིས་རང་དབང་མེད་པར་བསྡུས། །ཕྱག་གཡོན་ཉི་མའི་མཐིལ་དུ་སྤུངས་པ་དེ། །ཕྱག་གཡས་ཟླ་བ་སྟེང་དུ་བརྡབས་པ་ཡིས། །སྒོ་ང་བྲག་ལ་བརྡབ་ལྟར་དམར་ཆ་ལེ། །ཉི་མ་མེ་


CMR028_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

འབར་གཞོབ་ཏུ་བསྲེགས་པའི་ཐལ། །ཟླ་བ་ཆུ་ཆེན་འབབས་པས་བཀྲུས་པ་དེ། །རིམ་དགུ་ས་ཡི་འོག་ཏུ་སོང་བསྒོམས་ལ། །ཐལ་མོ་དགུ་བརྡབ་དེ་ནས་དམིགས་མེད་བཞག །དེ་ལྟར་སྔ་དྲོ་ཐུན་གཅིག་ཉིན་གུང་གཅིག །དགོང་མོ་ཐུན་གཅིག་སྲོད་དང་ཐུན་བཞི་བྱ། །ཐུན་མཚམས་ཆོས་སྤྱོད་གཏོར་བསྔོས་ལ་སོགས་བྱ། །སྲུང་འཁོར་ཁོ་ན་སྒྲུབ་ན་དེས་ཆོག་གི །མགོན་པོའི་གཞུང་དང་འབྲེལ་ན་ལེགས་པའི་ཕྱིར། །དགོང་ཐུན་བདག་བསྐྱེད་སྲུང་འཁོར་སྒོམ་བཟླས་རྗེས། །མདུན་བསྐྱེད་མཚལ་སེར་གང་འདོད་གཞུང་ལྟར་བཏང་། །ཐུན་གཏོར་སྐབས་སུ་གོང་ལྟར་སྔགས་དམིགས་དང་། །བསྐུལ་པ་རྒྱས་བསྡུས་གང་འདོད་བྱས་པའི་རྗེས། །རྡོ་རྗེ་གར་བཟློག་མ་དང་ལོཀྟི་སྦྱར། །ལོཀྟི་པ་ལ་འདི་ནི་བཟློག་པ་དང་། །ཡང་བཟློག་ལྷ་སྔགས་མཆོག་ཏུ་གྱུར་པ་སྟེ། །ཕ་རོལ་བྱད་ཀ་རྦོད་གཏོང་གཏད་མནན་དང་། །རང་གི་བྱད་ཀ་ཚུར་ལ་ལོག་པ་དང་། །སྡེ་བརྒྱད་ལྷ་འདྲེའི་ངོ་ལོག་བཟློག་པའི་མཆོག །འདི་ཡང་སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྟེ། །མགོན་པོ་ཉིད་དང་ཐུགས་རྒྱུད་གཅིག་པ་ཡིན། །དེ་ཕྱིར་མགོན་པོའི་བཟློག་པའི་རྣོ་སོར་བཞག །དྲང་སྲོང་དམོད་


CMR028_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཡིན་པས་ཤིན་ཏུ་རྣོ། །རྐྱེན་ཁ་ཆེའམ་མཐུ་འདྲེན་བྱེད་པ་ཡི། །ཕ་རོལ་བྱད་མ་སྟོབས་ཆེན་དང་འགྲས་ན། །མཚམས་བཅད་ཞག་པོ་གསུམ་ལྔ་བདུན་སོགས་བསྒྲུབ། །དགོན་པ་ལ་སོགས་དགེ་འདུན་མང་ཡོད་ན། །མང་པོས་བསྒྲུབས་ན་སྔགས་རྒྱུན་མ་ཆད་པར། །སྔགས་རྣམས་ཤུབ་བུར་བཟླས་ཚེ་དམིགས་པ་སྤོ། །མི་གྲངས་མང་ན་ཞག་གྲངས་ཉུང་ཡང་ཆོག །གཅིག་ག་གིས་སྒྲུབ་ན་དེ་ལུགས་ཞག་གྲངས་བསྲིང་། །དེ་དོན་སྲུང་འཁོར་འདི་ཡི་ཡིག་རྙིང་ལས། །སྲུང་ཟློག་འདྲེན་མཆོག་རྒྱ་ཆེར་བྱེད་དགོས་ན། །ཚོགས་དང་གཏོར་མ་ལ་སོགས་རྒྱ་ཆེན་བྱ། །བསྟོད་བསྐུལ་ཕྲིན་ལས་གཞུང་ལྟར་སྒྲུབ་པ་དང་། །བྱད་མའི་ཕྱོགས་སུ་ནུབ་མོ་གཏོར་ཟོར་འཕང་། །སྔགས་རྣམས་རྒྱུན་ཁྱེར་སྲུང་བའི་དོན་ཡིན་ནོ། །སྔགས་གྲངས་ངེས་མེད་རྟགས་ནི་གཙོ་ཆེ་སྟེ། །རྫོང་བརྩེགས་བཙན་པའི་མཁར་དང་བྲག་ན་འདུག །རགས་དང་རིབ་མ་བརྩིགས་དང་གོ་ཆ་གྱོན། །སེམས་ཅན་སྲུང་སྐྱོབ་བྱས་རྨིས་སྲུང་བ་འགྲུབ་། །ཆུ་བསྒྱུར་སེར་བ་བཟློག་དང་གཡུལ་ལས་རྒྱལ། །མེ་མཆེད་བལྟས་དང་ཕུར་པ་དམར་གཏོར་བཅག །དེ་དག་བཟློག་པ་འགྲུབ་པའི་རྟགས་སུ་བཤད། །སྲོག་ཆགས་


CMR028_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

བསད་དང་ཤ་ཁྲག་དོན་སྙིང་ཟོས། །དགྲ་འདྲེ་ཐུབ་པའི་རྟགས་སུ་བཤད་པ་ཡིན། །དེ་ལྟར་རྟགས་ཐོན་ཞག་གྲངས་རྫོགས་པ་དང་། །མགོན་པོ་ཚར་གཅིག་བཏང་རྗེས་ཆོ་ག་རྣམས། །མགོན་པོའི་གཞུང་དང་བཀྲ་ཤིས་ཡན་ཆད་བྱ། །གཞུང་དང་མི་འབྲེལ་སྲུང་འཁོར་ཁ་རྐྱང་གི །སྒྲུབ་པ་ཡིན་ན་རྗེས་ཆོག་མི་དགོས་སོ། །དེ་དག་སྲུང་འཁོར་སྒྲུབ་པ་བྱེད་ལུགས་ཡིན། །སྒྲུབ་པ་མི་བྱེད་རྒྱུན་ཁྱེར་ཉམས་ལེན་ནི། །གོང་དུ་བཤད་ལྟར་སྲུང་འཁོར་ཚར་གཅིག་བསྒོམ། །གཏོར་འབུལ་མི་དགོས་དམིགས་པའི་ཞལ་བསྟབ་ཆོག ། དམིགས་པ་དང་བསྟུན་སྔགས་ཚན་དྲུག་པོ་རྣམས། །རེ་རེ་ལའང་བརྒྱའམ་ཉེར་གཅིག་རེ། །རང་ལ་རྐྱེན་བགེགས་ཆེ་ཆུང་དེ་དང་བསྟུན། །གལ་ཏེ་བསྙེན་སྔགས་གསུམ་པོ་སྦྲེལ་འདོད་ན། །དམིགས་པ་གསུམ་པོ་དུས་གཅིག་བསྒོམ་བྱ་ཞིང་། །མ་མ་རཀྟ་དེ་ལ་བཏགས་པ་གཅེས། །བཟློག་བསད་སྔགས་གསུམ་སྦྲེལ་ཏེ་འདོན་ན་ཡང་། །དེ་ལ་རཀྟའི་སྔགས་དེ་མེད་པ་གཅེས། །གཞན་སྲུང་འཁོར་ལོ་འདོགས་པར་བྱེད་འདོད་ན། །འཁོར་ལོའི་ལྟེ་བར་ཧཱུྃ་ཡིག་ཁོང་སེང་ཅན། །དེ་མཐར་ཕྱག་རྡོར་ཙཎྜ་མ་ཡི་སྔགས། །མཇུག་ཏུ་འཆང་བ་པོ་ནི་ཆེ་གེ་


CMR028_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །ལུས་ངག་ཡིད་ལ་གནོད་པར་བྱེད་པ་ཡི། །ནད་གདོན་བྱེད་ཀ་རྒྱལ་བསེན་དམ་སྲི་དང་། །གཟའ་ཀླུ་ས་བདག་གནོད་པ་སྲུངས་ཤིག་དང་། །མ་མ་གྲྭ་བ་ཙི་རཀྵ་རཀྵ་བྲི། །དེ་རྒྱབ་རྩིབས་བཅུ་ལ་ནི་ཧཱུྃ་བཅུ་སྟེ། །དེ་རྒྱབ་མུ་ཁྱུད་ཅུང་ཞིག་ཆེ་བ་ལ། །བསྙེན་སྔགས་གསུམ་དང་བཟློག་བསད་སྔགས་ཚན་གསུམ། །སྦྲེལ་མ་སྔགས་མགོ་ཕྱིར་བསྟན་ཏེ། །སྔགས་མཇུག་ནང་དུ་གཅུད་ལ་སྔགས་ཚན་གསུམ། །དེ་རྒྱབ་མེ་རིའི་གཡས་སུ་བསྐོར་བར་བྲི། །ལྟེ་བའི་ཧཱུཾ་དང་ལྟེ་བ་སྔོན་པོ་སྟེ། །རྩིབས་བཅུ་སྔོན་པོ་རྩིབས་མཆན་དམར་པོ་སྟེ། །མུ་ཁྱུད་སེར་པོ་མེ་རི་དམར་པོ་བྱ། །འཁོར་ལོ་དེ་ཉིད་སྲུང་འཁོར་བདག་བསྐྱེད་ལྟར། །མདུན་དུ་བསྒོམས་ལ་ཡེ་ཤེས་སེམས་དཔའ་བསྟིམ། །དེ་ཡི་ཐུགས་ཀར་བསྲུང་བྱ་ཚུད་བསྒོམ་ཞིང་། །སྔགས་ཚན་དྲུག་པོ་མང་བཟླས་ཕུ་བཏབ་སྟེ། །རྟེན་འབྲེལ་སྙིང་པོ་བཟླས་ལ་མེ་ཏོག་འཐོར། །ཧཱུྃ་ཡིག་མགོ་མཇུག་མ་ལོག་ཅི་བདེར་བལྟེབ། །བྱིན་རླབས་རྟེན་ནི་གང་རྙེད་ནང་དུ་བཅུག །ཚོན་རྩི་སྐུད་པས་རྒྱ་གྲམ་དེམ་པོར་བཅིངས། །དར་རས་ནག་པོས་ན་བཟའ་གསོལ་བྱས་ལ། །ཅི་བདེར་གཡོག་བྱས་བསྲུང་བྱར་བཏགས་པ་དེར། །ཧཱུྃ་གི་ཡིག་ངོ་རང་ལ་


CMR028_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་བར་བྱ། །སྲུང་ཟློག་མཐར་ཐུག་ནག་པོ་ཆེན་པོ་ཡི། །སྲོག་གི་འཁོར་ལོ་ཤིན་ཏུ་ཟབ་པར་གསུངས། །དེ་ལྟར་མགོན་པོའི་སྲུང་འཁོར་མན་ངག་འདི། ། བདུད་མོ་བླ་མ་ཀརྨ་དར་རྒྱས་ཀྱིས། །བསྐུལ་ཕྱིར་སྔགས་འཆང་རཱ་ག་ཨ་སྱ་ཡིས། །གནམ་ལོ་འགལ་བྱེད་ལྕགས་མོ་ཕག་གི་ལོ། །སྟག་གི་ཟླ་བའི་བཅུ་དྲུག་ཉིན་པར་སྨྲས། །དགེ་སློང་ཀ་ལའི་མིང་ཅན་དེ་ཡིས་བྲིས། །སྦ་འོས་གསལ་བཀོད་ཉེས་པ་ལྷ་ལ་བཤགས། །དགེ་བས་བསྟན་འཛིན་སྐྱེས་བུ་དམ་པ་ཡི། །བཙན་པའི་མཁར་དང་གོ་ཆར་འགྱུར་བར་ཤོག །བརྒྱུད་པ་འདི་ནི་ལྷ་དང་བླ་མ་ལ། །རྩེ་གཅིག་དད་པའི་བརྒྱུད་འཛིན་མ་གཏོགས་པ། །གཞན་ལ་སྤེལ་ན་བཀའ་ཆད་འབྱུང་འགྱུར་ཞེས། །གྲུབ་ཆེན་པཀིས་བཀའ་སྩལ་གནང་བ་ལ་། །ཡིད་ཆེས་ཉམས་ལེན་བརྩོན་ཅིག་སྒྲུབ་ལ་བརྩོན། །མཐར་ཐུག་ནག་པོ་ཆེན་པོའི་དཀྱིལ་འཁོར་དུ། །དབང་བསྐུར་ཐོབ་ཅིང་ལས་བཞི་ཕྲིན་ལས་འགྲུབ། །ཆོས་སྐྱོང་ཡེ་ཤེས་མགོན་པོ་རྗེས་འཛིན་ཤོག །མངྒ་ལཾ།། ༈ སྲུང་བའི་འཁོར་ལོ་འདིའི་རབ་གནས་སྲུང་འཁོར་ལྟར་དབུས་སུ་བལྟེབས་ནས། དེའི་ཐུགས་ཀར་ཡི་དམ་ཧཱུྃ་གི་ནང་དུ་བསྲུང་བྱ་


CMR028_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་། རྩིབས་བཅུ་ལ་སྲས་མཆོག་བཅུ་བསྐྱེད། སྤྱན་འདྲེན་མཆོད་བསྟོད་སོགས་མགོན་པོའི་གཞུང་ལྟར་བཏང་། ལེགས་ལྡན་སྔགས་གསུམ་དང་། སྲུང་འཁོར་སྔགས་བརྒྱ་སྟོང་ཅི་འགྲུབ་ཀྱིས་ཕུ་བྱ། ཡེ་དྷརྨས་རབ་གནས་མེ་ཏོག་འཐོར། ལྟེབ་ལུགས་ཅི་བདེ་ལ་དབུས་སུ་ཧཱུྃ་མགོ་མཇུག་མ་ལོག་པར་བྱས་ལ། ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་དཀྲིས། དར་རས་སམ་གོས་ཆེན་ནག་པོས་བཏུམས་ལ། གཡོགས་བྱས་མགུལ་དུ་བཏགས་ཏེ། ལྟེ་བའི་ཧཱུྃ་རང་ལ་ཁ་ཚུར་བསྟན་ནས་བཏགས་ནི་སྲུང་འཁོར་དང་། ཕར་བསྟན་ན་བཟློག་པར་འགྱུར་རོ། །རྒྱས་པར་འདོད་ན་ཕྱིའི་མུ་ཁྱུད་གཅིག་བསྐོར་ལ་དབྱངས་གསལ་དང་རྟེན་འབྲེལ་སྙིང་པོ་བྲི། མེད་ཀྱང་རུང་། ནང་རྟེན་བྱིན་རླབས་རྟེན་ཇི་སྙེད་བཅུག །ཚོན་ཡིག་དབུས་ཀྱི་ཧཱུྃ་སྔོན་པོ། ལྟེ་བ་སྔོན་པོ། རྩིབས་སེར། རྩིབས་མཆན་དམར། མུ་ཁྱུད་སྤྲོ། དེ་རྒྱབ་ཡོད་ན་དཀར། མེ་རི་དམར། ཨཱ་ར་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ལྷོ་བྲག་མགོན་པོ་དཔག་བསམ་ཆར་འབེབས་མ།


CMR028_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

གར་དབང་རྒྱས་པའི་མགོན་པོ་སྟེ། །ལྷོ་བྲག་མགོན་པོ་བདེ་དབང་མ། །བླ་མེད་ཧེ་རུ་ཀ་དཔལ་ཉིད། །མགོན་པོ་དཔག་བསམ་ཆར་འབེབས་མ། །སྔོན་འགྲོ་རིགས་བསྡུས་དང་མཚུངས་ཏེ། །གསེར་གྱི་ལྷུན་པོ་སྟེང་ཉིད་དུ། །གསེར་གྱི་མདུང་དང་རལ་གྲི་ནི། །རྡོ་རྗེས་མཚན་པ་གཤིབ་པའི་གུར། །པདྨ་སྣ་ཚོགས་རྡོ་རྗེའི་ལྟེར། །དུར་ཁྲོད་ཆོས་འབྱུང་དམར་པོ་ནི། །ནོར་བུ་འབར་བས་བརྒྱན་པའོ། །དེ་དབུས་པདྨ་རཱ་གའི་གཞལ་ཡས་དབུས། །པདྨ་དམར་པོ་ཉི་མ་རོས་མཚན་སྟེང་། །ཧཱི༔ཡིག་སྲོག་ཏུ་གྱུར་པས་ཧཱུྃ་ཡིག་ལ། །རྡོ་རྗེ་གྲི་གུག་དམར་ནག་ལས་བྱུང་བའི། །མགོན་པོ་དམར་པོ་དུར་ཁྲོད་ཆས་བརྒྱད་དང་། །སྣ་ཚོགས་དར་གྱི་བེར་གསོལ་སྟག་ཤམ་གྲོལ། །གསང་མཚན་ནོར་བུ་འབར་བ་རབ་ཏུ་རྒྱས། །ཕྱག་གཉིས་དར་དཀར་གྱིས་བརྒྱན་བེར་ཆེན་གསོལ། །ལྷ་མོ་དམར་མོ་འཁྱུད་ཅིང་གཡས་བརྐྱང་འཁྱུད། །ཌཱ་ཀི་དམར་མོ་བཅུ་དྲུག་བསྐོར་བ་ནི། །གྲི་ཐོད་འཛིན་བཞི་ཌཱ་རུ་ཁ་ཊྭཱཾ་བཞི། །མདའ་གཞུ་འཛིན་བཞི་ལྕགས་ཀྱུ་ཞགས་འཛིན་བཞི། །སྤྲུལ་པ་ཡང་སྤྲུལ་དུ་མ་འཕྲོ་ཞིང་འདུ། །གཙོ་བོའི་གནས་གསུམ་པདྨ་ཉི་མ་ལ། །སྤྱི་བོར་ཧཱུྃ་ལ། །


CMR028_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་མ་ཧཱ་ཀཱ་ལ་རུ་པ་ག་གུསྟ་ཤྲཱི་ཎི་ཧཱུྃ་ཕཊ། མགྲིན་པར་ཐཾ་ཡིག་ལ། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུྃ་ཕཊ། སྙིང་གར་དི་ཡིག་ལ། ཨོཾ་མ་ཧཱ་ཀཱ་ལ་རཀཱནྟ་བི་ཛཿ ཞེས་བསྐོར་བ་དང་གསང་གནས་གཉིས་ཀྱི་རྩེར། ཧཱུྃ་ལ་ཧཱུྃ་ཿ ཉི་ཤུ་རྩ་བཞིས་བསྐོར། མགུལ་པར་ཐཾ་ཡིག་ལ། ཨོཾ་མ་ཧཱ་ཀཱ་ལ་ཀ་ལི་ཡེ་དང་ནི། རྐེད་པར་དེ་ཡིག་ལ། ཨོཾ་མ་ཧཱ་ཀཱ་ལ་དེ་ཝ་རཀྵ་སོགས་འཁོར་རྣམས་སྙིང་ཁར་ཤྲཱི་ལ་ཛབཞིས་བསྐོར། ཐམས་ཅད་པདྨ་རཱ་གའི་མདོག་ཅན་ཏེ། །ཡེ་ཤེས་སྤྱན་དྲངས་དབང་བསྐུར་འོད་དཔག་བརྒྱན། །ཡིད་ཀྱིས་མཆོད་ཅིང་འཁོར་གྱིས་བསྟོད་པར་བསམ། །འོད་དམར་ལྕགས་ཀྱུ་ཧྲིཛས་མཚན་པ་འཕྲོས། །ཕོ་མོ་ཀུན་གྱི་སྙིང་དབུས་ནི་བསྡུས་བསྟིམ། །དེ་ཝ་ཧཱུྃ་གི་གསང་སྔགས་དྲུག་ཏུ་འདོན། །ཅུང་ཟད་རྟགས་བྱུང་བེང་དང་ནོར་བུའི་རྩེར། །ས་བོན་ཧཱུྃ་ཛམི་འཁོར་ཉེར་བཞི་གཡོན་དུ་འཁོར། །སྔགས་མགོ་བུང་བ་དམར་ནག་གྲངས་མེད་འཕྲོས། །འཁོར་འདས་བཅུད་འཇིབ་ཏོག་གི་སྔགས་ལ་ཐིམ། །རབ་འབར་གཡོ་བས་ས་གསུམ་དབང་དུ་བྱས། །ཡིག་གསུམ་རྡོ་རྗེའི་བཟླས་པ་བྱ་བའོ། །དེ་བཞིན་བེང་གི་དྷེ་ཝ་རཀླུ་འཁོར། །ལྕགས་ཀྱུས་མཚན་པའི་བེང་


CMR028_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

དམར་དཔག་མེད་འཕྲོས། །འགྲོ་བའི་སྙིང་ནས་བཅུད་དྲངས་སྔགས་ལ་ཐིམ། །གཟི་བརྗིད་འབར་བསམ་ཏིང་ངེ་འཛིན་གྱིས་བཟླས། །ལྟེ་བའི་ནོར་བུའི་བུམ་པར་པད་ཉི་ལ། །སྔགས་མཐར་ས་གསུམ་མཐའ་དག་ལྷན་སྐྱེས་ཀྱི། །བདེ་བས་བདུད་རྩི་ཞུ་བ་སྔགས་ལ་ཐིམ། །ཀཱ་ལ་ཧྲིཾ་ཧྲིཾ་ཞེས་བྱ་ཤམ་བུར་བཟླས། །སེམས་ཀུན་ནཱ་དའི་གཟུགས་ཀྱི་ཐུགས་ཀར་བསྟིམ། །ངག་མིང་ཡི་གེའི་གཟུགས་ཀྱི་མགྲིན་པར་ཐིམ། །སྣང་སྲིད་པྲ་ཡི་གཟུགས་ཀྱི་དཔྲལ་བར་ཐིམ། །རང་ན་རང་ཉིད་ཡུམ་ལ་ཡབ་འཁྱུད་བསམ། །ས་བླ་ས་འོག་ས་སྟེང་བཅུད་བསྡུས་ཐིམ། །ཧྲི་སྦྱོ་ཛ་ཞེས་བཟླ་བ་ལས་སྦྱོར་ཡིན། །འོད་ཀྱི་ཁ་བསྒྱུར་ཞི་སོགས་ལས་ཀྱིས་བསྒྲུབ། །ཌོམྦི་མར་པ་མི་ལ་དྭགས་པོར་བརྒྱུད། །གཅིག་བརྒྱུད་ཤིན་ཏུ་རབ་ཏུ་གསང་བའོ། །གཞུང་དང་མཁའ་སྤྱོད་པ་ཡི་ཞལ་གདམས་རྒྱུན། །རྒྱུན་ཁྱེར་རང་གི་ཉམས་སུ་བླངས་བདེའི་ཕྱིར། །རཱ་ག་ཨ་སྱས་དད་པའི་ཡིད་ཀྱིས་བྲིས། །ཉེས་འགལ་ལྷ་ལ་བཤགས་ཤིང་དགེ་བ་དེས། །ཀཾ་ཚང་སྒྲུབ་བརྒྱུད་འཕེལ་ཞིང་རྒྱས་གྱུར་ཅིག །མངྒ་ལཾ།། དེ་ཡང་གཙོ་བོ་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་རྩ་རླུང་ཐིག་ལེའི་ཉམས་ལེན་ལ་འབད་


CMR028_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཕུང་ཁམས་སྐྱེ་མཆེད་ཀྱི་སྙིགས་མ་ཐམས་ཅད་བཅད་ཅིང་། དྭངས་མ་སྟོབས་སུ་གྱུར་པས་ལུས་དང་། སེམས་ལྷན་ཅིག་སྐྱེས་དགའ་ཟག་པ་མེད་པའི་བདེ་ཆེན་དུ་གྲོལ་བར་འགྱུར་ཞིང་༔ དེ་ཡང་བསྙེན་སྒྲུབ་ཀྱི་སྐབས་ཐམས་ཅད་དུ་དྭངས་མའི་སྲོག་ཕྱག་རྒྱ་ཆེན་པོའི་ལྟ་བ་རྒྱས་བཏབ་པས་གནས་ལུགས་རང་བཞིན་མགོན་པོ་གློ་བུར་དྲི་མའི་སྦུབ་ལས་གྲོལ། བསྒྲུབ་བྱ་ལམ་གྱི་མགོན་པོ་རིག་པའི་རང་རྩལ་དུ་ཤེས། ལྷུན་གྲུབ་འབྲས་བུའི་མགོན་པོ་ནང་ནས་རང་བྱུང་དུ་འཆར་བར་འགྱུར་རོ། །ཞེས་སོ། །ཡང་ན་ཕྱི་མདུན་བསྐྱེད་བཀའ་སྡོད་ལྟར་སྒྲུབ་པ། ནང་བདག་བསྐྱེད་ཡི་དམ་ལྟར་སྒྲུབ་པ། གསང་བ་སྲོག་སྙིང་ནར་མར་སྒྲུབ་པ་སྟེ་གསུམ་ཀའང་དྭངས་མ་སྲོག་ཕྱག་རྒྱ་ཆེན་པོ་ཏིང་འཛིན་དང་ཟུང་དུ་འཇུག་པའི་ཉམས་ལེན་དུ་བྱའོ། །ཤུ་བྷཾ་བྷ་ཝནྟ་སརྦ་ཛ་ག་ཏཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

མ་མགོན་ཞལ་སྦྱོར་གྱི་སྲོག་འཁོར་བྲི་ཐབས་དང་བླ་རྡོ་འཆང་ཐབས་ཀྱི་ཟིན་བྲིས།


CMR028_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

མ་མགོན་ཞལ་སྦྱོར་གྱི་སྲོག་འཁོར་བྲི་ཐབས་དང་བླ་རྡོ་འཆང་ཐབས་ཀྱི་ཟིན་བྲིས་བཞུགས།


CMR028_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མ་ཧཱ་ཀཱ་ལ་དེ་ཝི་ཡེ། དེང་སང་བཏང་བའི་བེར་གྱི་ཆོ་ག་འདིས། །དཀྱིལ་འཁོར་གཙོ་བོ་ལྷ་མོ་ཡིན་པའི་ཕྱིར། །མ་མགོན་གཉིས་ལས་ལྷ་མོ་གཙོ་ཆེ་སྟེ། །སྔགས་དང་དམིགས་པ་ཁོ་ནས་འགྲུབ་པའི་ཕྱིར། །སྒྲུབ་རྫས་མི་དགོས་སྙམ་ན་མི་རུང་སྟེ། །ལྷ་མོ་རྫས་ལ་དགའ་བས་རྫས་དགའ་མ། །སྒྲུབ་རྫ་ས་འཛོམ་ན་ཤ་རུལ་སྦྲང་མ་ལྟར། །རང་བཞིན་ཤུགས་ཀྱིས་འཁོར་བ་རྒྱུད་ནས་བཤད། །སྒྲུབ་རྫས་རྣམ་པ་དཔག་མེད་འཛོམ་དཀའ་ཡང་། །བླ་རྡོ་སྲོག་འཁོར་གཉིས་ནི་གཙོ་བོ་ཡིན། །མ་མགོན་སོ་སོའི་འཁོར་ལོ་མང་ན་ཡང་། །ཞལ་སྦྱོར་སྲོག་འཁོར་རྒྱུད་


CMR028_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཤད་འདི་ཟབ། །དེ་ལ་བསད་འཁོར་སྲོག་འཁོར་རྣམ་པ་གཉིས། །འདིར་ནི་རྟེན་རྫས་སྲོག་གི་འཁོར་ལོ་སྟེ། །བྲི་གཞི་སྣག་ཚ་རབ་འབྲིང་ཐ་མ་གསུམ། །དར་ནག་མཐིང་ཤོག་ཤོག་དཀར་སྲབ་མོ་ལ། །གསེར་དངུལ་མཚལ་དང་རྒྱ་སྣག་གང་རུང་གིས། །ཉེར་དགུའི་ཉིན་པར་བྱང་ཤར་ཁ་བལྟས་བྲི། །ལྟེ་བར་ཧཱུྃ་བྷོ་མཐིང་ནག་ཁོང་སེང་ཅན། །དེ་ལྟར་འདོད་གསོལ་དག་གིས་བསྐོར་བ་སྟེ། །དེ་རྒྱབ་རྩིབས་བཅུ་སྔོན་པོ་ཐུགས་ཀྱི་སྔགས། །དེ་རྒྱབ་རྩིབས་བརྒྱད་དམར་པོ་གསུང་གི་སྔགས། །དེ་རྒྱབ་རྩིབས་བརྒྱད་དཀར་པོ་སྐུ་ཡི་སྔགས། །དེ་ཡི་རྩིབས་མཆན་


CMR028_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་གཞུང་རྒྱ་གཞུང་ནས། །འབྱུང་བའི་འཁོར་གྱི་ནག་པོ་བརྒྱད་ཀྱི་སྔགས། །དེ་ཡི་རྒྱབ་ཀྱི་མུ་ཁྱུད་སྔོན་པོ་ལ། །མ་མགོན་སྤྱི་དྲིལ་སྔགས་རིང་བྲི་བར་བྱ། །དེ་རྒྱབ་མུ་ཁྱུད་སེར་པོ་བདེ་མཆོག་དང་། །ཕག་མོ་གཤིན་རྗེ་རྟ་མགྲིན་ཕྱག་རྡོར་སྔགས། །དབྱངས་གསལ་རྟེན་འབྲེལ་སྙིང་པོ་བྲི་བར་བྱ། །དེ་རྒྱབ་མ་མགོན་ཞལ་སྦྱོར་སྐུ་བྲི་སྟེ། །ལུས་ལ་འདོགས་ན་འདོར་ཐབས་པད་ཉིའི་གདན། །མདའ་དར་བཏགས་སམ་རྟེན་སྒམ་ནང་འཆང་ན། །དྲེལ་ལ་ཆིབས་པ་ལ་སོགས་མངོན་རྟོགས་ལྟར། །བྲི་དང་ཚོན་དང་རབ་གནས་བརྡ་ཙམ་ཡང་། །ཉི་མ་གཅིག་ལ་འགྲུབ་ན་མཆོག་ཏུ་བཤད། །དེ་ནི་སྲོག་གི་འཁོར་ལོ་དམ་པའོ། །བྲག་ནག་རི་གཉེན་རྡེལ་བུའམ་བྲག་གི་ཕྱེ། །ཟུར་གསུམ་དབྱིབས་ཅན་སེན་མོ་ཆུང་ཤོས་ཙམ། །ལག་གིས་མི་རེག་གྲི་གུག་གྲི་རྩེས་བླངས། །དར་ནག་བཏུམ་སྟེ་ཁྱིམ་དུ་ཁྱེར་བ་དང་། །མཚོ་ཆེན་ནང་ནས་རྡེའུ་སྐྱོགས་ཀྱིས་གཅུས། །རྡེའུ་སྔོན་པོ་སེན་མོ་ཙམ་ཅིག་ནི། །ལག་གིས་མི་རེག་ཁེམ་གྱིས་དར་ནག་བོཏུམ། །ཁྱིམ་དུ་ཁྱེར་ནས་གསེར་རམ་མཚལ་གྱིས་ནི། །རྡེལ་ནག་ཧཱུྃ་དང་རྡེལ་སྔོན་བྷོ་ཡིག་བྲི། །གང་རྙེད་བྱིན་རླབས་རྟེན་དང་ལྷན་ཅིག་ཏུ། །སྲོག་


CMR028_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ནང་བཅུག་མགོ་མཇུག་མ་ལོག་པར། །རྟ་ནག་གཡག་ནག་ལུག་ནག་གང་རུང་གི །ཙིཏྟའི་ནང་དུ་བཅུག་པ་མཆོག་ཡིན་ཏེ། །མ་རྙེད་དར་རས་ནག་པོས་སུམ་རིལ་བཏུམ། །སྒྲུབ་པའི་དུས་སུ་གཏོར་མའི་རྩེ་ལ་བཙུགས། །ལུས་ལ་འཆང་ངམ་རྟེན་སྒམ་ནང་དུ་སྦ། །ཡང་ན་མདའ་དར་མགུལ་དུ་བཏགས་ལ་འཆང་། །རྒྱུན་དུ་མགོན་པོའི་ཆོ་ག་ནམ་བཏང་དུས། །རྒྱུན་དུ་ཡེ་ཤེས་མི་གཤེགས་དེ་ལ་བསྟིམ། །དེས་ནི་ལུས་དང་གྲིབ་བཞིན་འཁོར་བར་བཤད། །གཞན་ཡང་མ་མགོན་གཞུང་ནས་གསུངས་པ་ཡི། །རྟེན་རྫས་ཐམས་ཅད་འཛོམས་ན་མཆོག་ཡིན་ཏེ། །མ་འཛོམ་དེ་དག་ཀུན་གྱི་གཟུགས་བྲིས་ལ། །སོ་སོར་ཚོན་བྱས་ཁ་ཡིག་དང་བཅས་པ། །རྟེན་སྒམ་ནང་དུ་འཆང་བ་མན་ངག་ཡིན། །རྟེན་ལ་རྫས་མ་ཚང་ཡན་ལག་དམ་ཚིག་ཉམས། །མ་འཛོམ་གཟུགས་བརྙན་བྲིས་པས་ཆོག་པར་བཤད། །མགོན་པོའི་རྟེན་རྫས་གཙོ་བོ་གྲི་སྙིང་དང་་། །ལྷ་མོའི་རྟེན་རྫས་གཙོ་བོ་ནལ་བུའི་སྙིང་། །མགོན་པོའི་འབོད་རྫ་ས་གྲི་རྒོད་རྐང་དུང་གཡས། །ལྷ་མོའི་འབོད་རྫས་ནི་གྲིར་ཤི་རྐང་གཡོན། །དེ་དག་དངོས་སུ་རྙེད་པར་དཀའ་བའི་ཕྱིར། །རང་ཉིད་སྐྱེ་བ་དཔག་ཏུ་


CMR028_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ནས། །དེ་འདྲ་ཤི་བ་གྲངས་མེད་བྱུང་བའི་ཕྱིར། །རང་གི་སྙིང་གིས་དེ་དག་སྙིང་གོ་ཆོད། །རང་གི་རྐང་དེས་དེ་དག་རྐང་གོ་ཆོད། །དེ་བཞིན་བུད་མེད་རྒྱ་མཚོར་ཤི་བའི་མགོ །ནལ་བུའི་ཐོད་པ་རང་གི་ཐོད་པས་ཆོག །དེ་ཕྱིར་རང་གི་མགོ་རྙིང་རྐང་སྙིང་རྣམས། །དེ་དག་ཡིན་པར་ཤེས་པའི་རྟེན་རྫས་སུ། །ཡིན་པར་དམིགས་པ་ངེས་ཤེས་བསྒོམས་བྱས་པས། །རྟེན་རྫས་མ་ཚང་བ་ཡི་ཉེས་པ་ཁོག །འབྲོག་རིགས་རྣམས་ཀྱིས་རྙེད་པར་སླ་བའི་ཕྱིར། །མགོན་པོའི་ཕྱི་རྟེན་གཡག་ནག་རྩེན་པ་དང་། །ལྷ་མོའི་རྟེན་རྫས་ལུག་ནག་རྩེན་པ་མཆོག །དེ་དག་མངའ་གསོལ་སྐབས་སུ་རྩེན་བྱ་ཞིང་། །བསྐང་བ་ནམ་འདོན་བསྐང་བའི་རྫས་སུ་དམིགས། །སྤུ་ནི་མི་བྲེག་ཁལ་ནི་བཀལ་མི་བྱ། །མ་མགོན་རྒྱུད་གཞུང་འོ་མའི་རྒྱ་མཚོ་ལས། །བཅུད་ཕྱུང་མར་གྱི་སྙིང་པོ་ལྟ་བུ་འདི། །དུལ་མོ་ཀརྨ་དར་རྒྱས་ཀྱིས་བསྐུལ་ནས། །སྔགས་འཆང་རཱ་ག་ཨ་སྱས་སྨྲས་པ་ལྟར། །པདྨ་ཐབས་མཁས་ཞེས་བྱས་ཡི་གེར་བཀོད། །ཤུ་བྷ་མ་ཏུ་སརྦ་ཛ་ག་ཏཾ།། ༈ གྲི་གུག་བརྩེགས་པའི་རྒྱུད་ལས། དེ་ནས་ཡང་དག་བཤད་བྱ་བ། ཛཧཱུྃ་བཾ་ཧོ༔ ཨེ་ཧྱ་ཧི་མ་ཧཱ་ཀ་རུ་ཎི་ཀ་ཛ་ཛཧཱུཾ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧ་ན་


CMR028_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ན་བཛྲ་ནི་ནི་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལ་མཱ་ར་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་རཀྵ་དྷེ་ཝ་མ་ཧཱ་ཀཱ་ལ་ཁྲེ་ད་ཧཱུྃ༔ ཛ་ཛཿppཧ་ན་ཧ་ན། མ་ཧཱ་ཀཱ་ལ་མཱ་ར་ཡ་ཧཱུྃ་ཕཊ། པ་ཙ་པ་ཙ་མ་ཧཱ་ཀཱ་ལ་ཆེ་གེ་མཱ་ར་ཡ་ཧཱུྃ་ཕཊ༔ བནྡྷ་བནྡྷ་མ་ཧཱ་ཀཱ་ལ་མཱ་ར་ཡ་ཧཱུྃ་ཕཊ༔ ཚིནྡྷ་ཚིན་མ་ཧཱ་ཀཱ་ལ་མཱ་ར་ཡ་ཧཱུྃ་ཕཊ༔ བྷིནྡ་བྷིནྡྷ་མ་ཧཱ་ཀཱ་ལ་མཱ་ར་ཡ་ཧཱུྃ་ཕཊ༔ ཨོཾ་མ་ཧཱ་ཀཱ་ལ་ཧྥེ་ཤ་ཏཱཾ་མཱ་ར་ཡ་ཧཱུྃ་ཕཊ༔ ཨོཾ་མ་ཧཱ་ཀཱ་ལ་རུ་ལུ་རུ་ལུ་བྷྱོཿ མ་ར་མ་ར་གྲི་གྲི། བནྡྷ་བནྡྷ། ད་ཧ་ད་ཧ། པ་ཙ་པ་ཙ། དེ་ན་མེ་ཀེ་ན་ཧཱུྃ་ཕཊ༔ ཨོ་ཙནྡྲ་མ་ཧཱ་ཀཱ་ལ་བཛྲ་དྷཾ་ཏྲི་ནི། ཨོ་ཙན་མ་ཧཱ་ཀཱ་ལ་བཛྲ་དྷཾ་ཏྲི་ནན་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ༔ རྒེ་མཱ་ར་ཡ་ཧཱུྃ་ཕཊ་གསང་སྔགས་ཀྱི་ལེའུ་སྟེ་བཅུ་པའོ། །ཨྠྀི། ༈ ནག་པོ་ཡབ་ཡུམ་བཅུ་དྲུག་གི་སྔགས་ནི། ཨོཾ་མ་ཧཱ་ཀཱ་ལ་ཡ་ཿ ཡཀྵ་ཛཿ ཡཀྵ་དུ་ན་ལ༔ སུ་ཏང་པ་ཤ་ཿ ས་ཏྲི་ཡཀྵ་ཿ མེ་ཤ་ཿ ཡཀྵ་ཿ ཁ་ལ་ཐཾ་ཐཾ་ཛཿ རྒྱ་གཞུང་ལས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཡ་ཿ མ་ཧཱ་ཀཱ་ལ་ཡཀྵ་ཛ་མ་ཧཱ་ཀཱ་ལ་ཡཀྲུ་དུ་ན་ཿ མ་ཧཱ་ཀཱ་ལ་སུ་ཏང་པ་ཤ་ཛཿ མ་ཧཱ་ཀཱ་ལ་ས་ཏྲི་ཡཀྟ་ཿ མ་ཧཱ་ཀཱ་ལ་མེ་ཤ་ཛཿ མ་ཧཱ་ཀཱ་ལ་ཡཀྵ་ཿ ཨོཾ་མ་ཧཱ་ཀཱ་ལ་ཁ་ལ་བོ་བི་ཛཿ ཞེས་སོ།། །།


CMR028_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

རྩིབས་མཆན་བརྒྱད་ལ་སྒྲུབ་གཞུང་སྔགས་འདི་བྲི་རྒྱུ་མཛད་འདུག་པ་དཔེའུ་རིས་ལྟར་ཞུས་སོ། །ཤུ་བྷཾ།།

མ་མགོན་གྱི་གདམས་པ་ལས་སྣ་ཚོགས་ཀྱི་སྒྲུབ་ཐབས་རིགས་བསྡུས།


CMR028_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

མ་མགོན་གྱི་གདམས་པ་ལས་སྣ་ཚོགས་ཀྱི་སྒྲུབ་ཐབས་རིགས་བསྡུས་བཞུགས་སོ། །


CMR028_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡེ། རང་ཉིད་དྲན་རྫོགས་དམ་ཡེ་དབྱེར་མེད་པའི། །རྩ་བའི་བླ་མ་གར་དབང་རྡོ་རྗེ་འཆང་། །སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས་པའི་སྐུ། །རྡོ་རྗེ་དྲིལ་བུ་རང་འདྲའི་ཡུམ་ལ་འཁྱུད། །སྐྱིལ་ཀྲུང་པད་ཟླ་ཁྱུང་གི་གདན་ལ་བཞུགས། །གནས་གསུམ་པད་ཟླར་ཧཱུཾ་ཡིག་དཀར་དམར་མཐིང་། །ཨོ་གུ་རུ་ཛྙཱ་ན་མ་ཧཱ་ཀཱ་ལ་ཀཱ་ལི་ཡེ་ཧཱུཾ། ཞེས་པའི་སྔགས་ཕྲེང་དཀར་དམར་མཐིང་གས་བསྐོར། །དཀར་པོའི་འོད་ཀྱིས་རྒྱལ་བ་སྲས་བཅས་ཀུན། །བླ་མའི་སྐུར་བྱས་རང་གི་དཔྲལ་བར་ཐིམ། །དམར་པོའི་འོད་ཀྱིས་སྒྲ་ཀུན་བླ་མའི་གསུང་། །སྔོན་པོའི་


CMR028_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱིས་འཁོར་འདས་བླ་མའི་ཐུགས། །ཐམས་ཅད་ཚུར་བསྡུས་རང་ལ་ཐིམ་གྱུར་པས། །རང་ཉིད་མགོན་པོ་པདྨ་རཱ་གའི་མདོག །དར་དམར་བེར་གསོལ་གྲི་གུག་ཐོད་ཁྲག་འཛིན། །པདྨ་དབྱིངས་ཕྱུག་དམར་མོ་སྐུ་ལ་འཁྲིལ། །འདོར་ཐབས་པད་ཉི་དགྲ་བགེགས་གདན་ལ་འགྱིང་། །ཐུགས་ཀར་ཉི་སྟེང་བཟླ་བྱའི་སྔགས་ཕྲེང་ལས། །འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་ནི། །ཕྱོགས་བཅུར་འཕྲོས་པས་འཁོར་འདས་ཐམས་ཅད་ཀྱི། །དངོས་གྲུབ་དབང་དུ་བསྡུས་ནས་བདག་ལ་ཐིམ། །ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུྃ་ཕཊ། སརྦ་སིདྡྷི་པཱ་ཤཾ་ཀུ་རུ་ཧོ༔ ཅི་ནུས་བཟླས་


CMR028_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་མི་དམིགས་སྟོང་ཉིད་བཞག །འདི་ནི་མ་མགོན་བླ་མའི་རྣལ་འབྱོར་ཏེ། །བར་ཆད་ཀུན་སེལ་ཉམས་དང་རྟོགས་པ་འཕེལ། །ཕྲིན་ལས་ཀུན་འགྲུབ་མཆོག་ཏུ་ཟབ་པར་གསུངས། །ཨྠྀི། །ཡང་ན་རང་ཉིད་ཡི་དམ་སྤྱན་རས་གཟིགས། །བསྒོམས་རྗེས་གོང་ལྟར་མགོན་པོ་དམར་པོར་བསྒྱུར། །གོང་ལྟར་སྒོམ་བཟླས་བྱས་པས་དབང་འགྲུབ་བོ། །དེ་བཞིན་རང་ཉིད་ཚེ་དཔག་དཀར་པོར་བསྒོམ། །སྔགས་ཤཾ་ཨཱ་ཡུསིདྡྷི་ཧཱུྃ་བཏགས་སོ། །དེ་ལྟར་རང་ཉིད་དང་པོར་ཕྱག་རྡོར་བསྒོམ། །དེ་ཉིད་མགོན་པོར་བྱས་པས་ཀླུ་འདུལ་ལོ། །རྟ་མཆོག་མགོན་པོར་བྱས་པས་རྒྱལ་བསེན་འདུལ། །དང་པོར་མགོན་པོར་གནས་པ་རྡོར་སེམས་བསྒྱུར། །རྒྱལ་བ་རྣམས་ཀྱིས་དབང་བསྐུར་ཁྲུས་བྱས་པས། །མགོན་པོར་གྱུར་པ་རྡོར་སེམས་རྒྱས་བཏབ་པས། །ཉམས་སྒྲིབ་སྦྱོང་བའི་མཆོག་ཏུ་གྱུར་པའོ། །དོན་ལ་བླ་མ་ཡི་དམ་ཆོས་སྐྱོང་ཀུན། །སོ་སོར་འཛིན་པ་བྱིས་སྔའི་བློ་ཅན་ཏེ། །དབྱེར་མེད་ངོ་བོ་གཅིག་པའི་གནད་ཤེས་པའི། །རིགས་གསུམ་གཅིག་དྲིལ་གདམས་པ་ཟབ་མོ་འདི། །མཁའ་སྤྱོད་དབང་པོའི་གསུངས་ལས་བྱུང་བ་དང་། །རྒྱུད་དང་པཀྵིའི་དགོངས་པ་བསྡེབས་པ་ཡིན། །


CMR028_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི། །དྲན་རྫོགས་སྲུང་འཁོར་དབུས་སུ་རང་ཉིད་ནི། །མགོན་པོར་གསལ་བའི་འོད་ཀྱིས་ལྷ་ཚོགས་རྣམས། །སྤྱན་དྲངས་མཆོད་བསྟོད་ཡན་ལག་བདུན་པ་ནི། །དངོས་བཤམས་ཡིད་ཀྱིས་བྱས་རྗེས་སྟོང་པར་བསམ། །འབྱུང་བ་རིམ་བརྩེགས་མེ་དཔུང་རཀྟའི་མཚོ། །ཀེ་རུས་ས་གཞི་གསེར་གྱི་རི་རབ་སྟེང་། །མེ་དཔུང་རྡོ་རྗེ་ནག་པོའི་གུར་གྱི་ནང་། །འཇིགས་རུང་དུར་ཁྲོད་གྲུ་གསུམ་མཐིང་ནག་དབུས། །པདྨ་འབུམ་ལྡན་སྣ་ཚོགས་རྡོ་རྗེའི་ལྟེར། །ཧཱུྃ་ལས་བྱུང་བའི་དུར་ཁྲོད་གཞལ་ཡས་ཁང་། །པད་ཉི་རོ་གདན་ཕྱོགས་བཞི་དབུས་དང་ལྔར། །གསང་བདག་བགེགས་དགྲ་གཤིན་རྗེ་རྟ་མཆོག་དང་། །བདུད་རྩི་འཁྱིལ་བའི་ངོ་བོ་ཧཱུྃ་ཡིག་ལྔ། །དེ་ལས་འོད་འཕྲོས་དོན་བྱས་ཚུར་འདུས་པས། །རྡོ་རྗེ་རིན་ཆེན་འཁོར་ལོ་པད་དབྱུག་དང་། །རལ་གྲི་གུར་རྣམས་འོད་དུ་ཞུ་བ་ལས། །དབུས་མཐིང་ཤར་དཀར་ལྷོ་སེར་ནུབ་དམར་དང་། །བྱང་ལྗང་མགོན་པོ་ཡབ་ཡུམ་ལྔར་གྱུར་ཏེ། །རང་རྟགས་གྲི་ཐོད་རང་མདོག་བེར་དང་ནི། །ཁྲོ་བོའི་ཆས་རྫོགས་གཡོན་བརྐྱང་པད་ཉི་དང་། །རོ་གདན་ལ་བཞུགས་ཡུམ་རྣམས་གྲི་ཐོད་འཛིན། །རིགས་མཐུན་ཌཱཀྐི་བྱེ་བ་དུ་མ་དང་། །


CMR028_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་སྐྱོང་བ་རྣམས་ཀྱི་བཀའ་སྡོད་བྱེད། །གནས་གསུམ་འབྲུ་གསུམ་འོད་ཀྱིས་ཡེ་ཤེས་པ། །སྤྱན་དྲངས་དབང་བསྐུར་རིགས་བདག་སོ་སོའི་བརྒྱན། །ཡིད་སྤྲུལ་མཆོད་ཅིང་འཁོར་འདས་མངོན་པར་བསྟོད། །རང་རང་ཐུགས་ཀའི་ཧཱུཾ་མཐར་སྔགས་ཕྲེང་བསྐོར། །རང་རང་མདོག་མཚུངས་འོད་ཟེར་ཕྱོགས་བཅུར་འཕྲོས། །རང་རང་རིགས་ཀྱི་མ་མགོན་དཔག་མེད་རྣམས། །བསྡུས་ནས་བསྟིམ་དམིགས་སྔགས་འདི་བཟླ་བའམ། །ཨོཾ་མ་ཧཱ་ཀཱ་ལ་དེ་ཝ་རཀྟ་ཛཧཱུྃ་བཾ་ཧོཨེ་ཧྱ་ཧི། ཨ་ཀར་ཡ། ཨ་ཀརྨ་ཡ། ཧཱུཾ་ཡ་ཿ ཧཱུྃ་ཡ་ཿ ཞེས་བྱ་བ་དང་། ༀ་མ་ཧཱ་དེ་ཝ་རཀྵ་ཧཱུཾ་ཕཊ། ཨོ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ། ཡང་ན་པཀཱིའི་དགོངས་པ་གུ་ཎ་བཟླས། །ཅུང་ཟད་རྟགས་ཐོན་ལས་ལ་སྦྱར་བ་ནི། །གཙོ་བོ་དང་ནི་ཤར་གྱི་མགོན་པོ་ཡི། །སྨིན་མཚམས་རང་འདྲའི་མགོན་པོ་གྲངས་མེད་འཕྲོས། །སྐུ་ཡི་ཕྲིན་ལས་བར་དུ་གཅོད་པ་དང་། །འགྲོ་བའི་ལུས་ཀྱི་བདུད་བགེགས་སྒྲིབ་པ་བཅོམ། །དེ་བཞིན་ལྷོ་ཡི་མགོན་པོའི་ཡོན་ཏན་དང་། །ནུབ་ཀྱི་གསུང་དང་བྱང་གི་ཕྲིན་ལས་དེར། །སླར་ཡང་རང་ཉིད་ཞལ་བཞི་ཕྱག་བརྒྱད་པ། །ཞབས་བརྒྱད་རང་འདྲའི་སྤྲུལ་བ་དུ་མ་དང་། །འཁོར་


CMR028_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལའང་རང་འདྲ་གྲངས་མེད་འཕྲོས། །ཐུགས་ཀྱི་བར་ཆད་འགྲོ་བའི་ཡིད་སྒྲིབ་བཅོམ། །སྔགས་ནི་ཕྱི་མ་གཉིས་པོ་གང་རུང་ངམ། །ཁྱད་པར་གུ་ཎ་བཟླ་བ་མན་ངག་ཡིན། །འདི་ནི་རིགས་བསྡུས་ཞེས་བྱ་སྤྱི་སྒྲུབ་ཡིན། ཨྠྀི༔ ཨོཾ་མ་ཧཱ་ཀཱ་ལ་རུ་རུ་རཀློ་ཞེས་པ་ལ་སརྦ་ཤཱནཾ་ཀུ་རུ་སྭཱ་ཧཱ་འམ། སརྦ་པུཊྚི་ཀུ་རུ་སྭཱ་ཧཱ་འམ། སརྦ་ཝ་ཤཾ་ཀུ་རུ་སྭཱ་ཧའམ་། སརྦ་མཱ་ར་ཡ་ཕཊ་སོགས་སམ། སརྦ་ཤན་པུཏྟཾ་ཝ་ཤཾ་མཱ་ར་ཡ་ཕཊ་ཅེས་སོགས་གང་འོས་སྐབས་སུ་སྦྱར་ཀྱང་ལེགས། ཨྠྀི། སྤྱི་སྒྲུབ་དེ་ལ་ཅུང་ཟད་རྟགས་ཐོན་ནས། །རང་ཉིད་མགོན་པོ་ཡབ་ཡུམ་དཀར་པོ་བསྒོམ། །འཁོར་དུ་མཁའ་འགྲོ་དཀར་མོ་བརྒྱད་ཀྱིས་བསྐོར། །ཕྱོགས་བཞི་བུམ་པ་མཚམས་བཞིས་ཐོད་པ་འཛིན། །སྤྱི་བོར་ཚེ་དཔག་དཀར་པོས་ཚེ་བུམ་འཛིན། །པདྨ་ཊཱ་ཀི་ཐོད་པ་འཛིན་པས་འཁྱུད། །ལྟེ་བར་པདྨ་ཊཱ་ཀི་ཚེ་དཔག་འཁྱུད། །དེ་ཡི་ཐུགས་ཀར་ཤེལ་དཀར་འཁོར་ལོ་ནི། །རྩིབས་བཅུའི་ལྟེ་བར་པད་དཀར་ཟླ་བ་ལ། །ཟླ་ཤེལ་གྲི་གུག་གསེར་རྡོར་ཡུ་བའི་དཀྱིལ། །པད་སྣོད་དཀར་པོ་བདུད་རྩི་དམར་པོས་བཀང་། །དེ་དབུས་ནོར་བུའི་བུམ་པ་དམར་པོ་ནི། །བདུད་རྩི་དཀར་པོས་གང་ནང་


CMR028_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་དཀར་པོ། །མུ་ཏིག་མདོག་ཅན་ཧྲིདམར་བཅུ་དྲུག་བསྐོར། །ཉི་ཟླའི་གའུའི་དབུས་སུ་གནས་པར་བསམ། །རྩིབས་བརྒྱད་གཡོན་བསྐོར་དང་ནི་སྟེང་འོག་ཏུ། །ཧཱུྃ་ཡིག་སྤང་པའི་ཡིག་འབྲུ་རེ་རེར་བསམ། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་། །འགྲོ་བ་རིགས་དྲུག་གདོན་བགེགས་ཐམས་ཅད་ཀྱང་། །ཚེ་དཔག་ཡབ་ཡུམ་སྐུར་གྱུར་འཆི་མེད་ཀྱི། །བདུད་རྩིའི་དབང་བསྐུར་སྤྱི་བོའི་ཡབ་ཡུམ་གྱི། །སྦྱོར་མཚམས་བདུད་རྩི་སྙིང་གི་ཧཱུྃ་རྒྱས་བྱས། །ལྟེ་བའི་ཡབ་ཡུམ་བདུད་རྩིའི་ལུས་ཀུན་གང་། །བ་སྤུའི་བུག་ཀུན་ཧྭཡིག་མེ་འབར་བལྟམས། །ༀ་བཛྲ་མ་ཧཱ་དེ་ཝ་ཨཱ་ཡུ་ཥེ་ཧཱུྃ་ཨཱ། །ཡང་ན་གུ་ཎའི་སྔགས་ལ་ཨ་ཡུ་བཏགས། །ཡིད་ཀྱིས་མཆོད་བསྟོད་དམིགས་མེད་ངང་ལ་བཞག །དེ་ལྟར་རྒྱུན་ཁྱེར་བྱས་པས་འཐུས་པ་ཡིན། །འཆི་མེད་བདུད་རྩིའི་བཅུད་ལེན་མཆོག་ཏུ་ཟབ། །ཌོམ་བྷི་ཧེ་རུ་ཀ་ཡི་གདམས་པའོ། ༈ །སྤྲོ་ན་ཟུར་གསུམ་རྡོ་ར་མེ་རིས་བསྐོར། །ཟླ་གམ་དམར་པོ་གྲི་གུག་དཀར་པོས་མཚན། །དེ་སྟེང་ཐོད་པ་བདུད་རྩི་རིལ་བུས་བཀང་། །ཤེལ་ལམ་དུང་གི་བུམ་གཟུགས་ཡོད་ཀྱང་བཞག །དར་དཀར་བཀབ་པའི་ཕྱོགས་མཚམས་དབུས་རྣམས་སུ། །


CMR028_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

མར་གྱི་གཏོར་མ་མདའ་དར་དཀར་པོ་རེ། །མཆོད་གཏོར་རྒྱས་བཤམ་བདག་མདུན་སྤྲེལ་མ་བསྒྲུབ། །མངའ་གསོལ་བྱ་ཞིང་སྦྱིན་སྲེག་མཐའ་བརྟེན་ནོ། ཨྠྀི། རང་ཉིད་མགོན་པོ་ཡབ་ཡུམ་གསེར་མདོག་ལ། །ཌཱ་ཀི་སེར་མོ་བརྒྱད་ཀྱིས་བསྐོར་བ་སྟེ། །ཕྱོགས་བཞི་ནོར་བུ་མཚམས་བཞི་དཔག་བསམ་འཛིན། །ལྟེ་བར་ཇོ་སེར་ནོར་རྒྱུན་མ་དང་སྦྱོར། །མུ་ཏིག་རྒྱན་འཐུག་ཤ་རྒྱས་འབྲས་བུ་ཆེ། །པད་སྣོད་ཤེལ་འཛིན་གཡས་བརྐྱང་པད་ཟླར་བཞུགས། །རང་གི་སྙིང་གར་རིན་ཆེན་འབར་བའི་དབུས། །གྲི་གུག་སེར་པོའི་ལྟེ་བར་ཧཱུྃ་སྔགས་བསྐོར། །འོད་ཟེར་ལྕགས་ཀྱུ་ལྟ་བུས་ལྷ་མི་ཀླུ། །འགྲོ་བའི་བསོད་ནམས་དབང་ཐང་ནོར་བུའི་བཅུད། །ཐམས་ཅད་བསྡུས་ཏེ་ཛམ་ལྷ་ཡབ་ཡུམ་ཐིམ། །དེ་ལས་ཕྱི་ནང་དགོས་འདོད་རབ་འཕེལ་དམིགས། །ཨོ་བཛྲ་མ་ཧཱ་དྷེ་ཝ་སམ་བྷོ་ག་ཧཱུཾ་ཛ། །ཞེས་སམ་གུ་ཎ་ལ་སོགས་སྐབས་སྦྱར་བཟླས། །སྤྲོ་ན་དཀྱིལ་འཁོར་མཆོད་གཏོར་ཚེ་སྒྲུབ་ལྟར། །ཐོད་པ་སེར་པོ་བདུད་རྩི་རིལ་བུས་བཀང་། །འདིས་ནི་ལོངས་སྤྱོད་འདོད་དགུ་ཆར་འབེབས་ཞེས། །ཨརྞ་པ་ཡི་ཞལ་གདམས་རབ་ཏུ་གསང་། །ཨྠྀི། །རང་ཉིད་མགོན་པོ་ཡབ་ཡུམ་དམར་


CMR028_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ། །ཌཱ་ཀི་དམར་མོ་བརྒྱད་ཀྱིས་བསྐོར་བ་ཡང་། །ན་བཟའ་འཛིན་ཅིང་ཡབ་ལ་འདུད་པའི་ཚུལ། །སྨིན་མཚམས་འདོད་རྒྱལ་དམར་པོ་ཉི་ཟླ་འཛིན། །རིག་བྱེད་དམར་མོ་མདའ་གཞུ་འཛིན་པས་འཁྱུད། །རང་གི་སྙིང་གར་པདྨ་དམར་པོའི་དབུས། །གྲི་གུག་དམར་པོའི་ལྟེ་བར་ཧཱུྃ་སྔགས་འཁོར། །དེ་ཡི་འོད་ཀྱིས་ལྷ་མི་ལ་སོགས་བསྐུལ། །མདའ་སྟོང་ཛ་དང་མདེལ་རྩེར་ཧཱིས་མཚན་པ། །ཕོ་ཡི་སྙིང་དང་མོ་ཡི་གསང་བར་བསྣུན། །བཅུད་རྣམས་འོད་ཀྱིས་བསྡུས་ཏེ་རང་ལ་ཐིམ། །ཨོཾ་བཛྲ་མ་ཧཱ་དྷེ་ཝ་ཏི་ལ་ཀ་ཧཱུྃ་ཧཱིཿ །ཐོད་པ་དམར་པོ་རིལ་བུ་རྟེན་བཅས་བསྒྲུབས། །རབ་འགུགས་དབང་གི་ལྕགས་ཀྱུ་ཌོམྦིས་གསུངས། །ཨྠྀི། །རང་ཉིད་མགོན་པོ་ཡབ་ཡུམ་ལྗང་གུ་ལ། །ལྗང་མོ་ལྗང་གུ་རལ་གྲི་འཛིན་པས་བསྐོར། །མགྲིན་པར་ལས་ཀྱི་མཁའ་འགྲོ་ལྗང་གུ་ནི། །རལ་གྲི་བགྲང་ཕྲེང་འཛིན་པ་དེ་ཡི་ཡུམ། །རལ་གྲི་ཨུཏྤལ་ཅན་གྱི་སྒྲོལ་མས་འཁྱུད། །རང་གི་སྙིང་གར་རྡོ་རྗེ་རྒྱ་གྲམ་གྱི། །ལྟེ་བར་གྲི་གུག་ལྗང་གུའི་བུམ་པའི་སྟེང་། །ཧཱུྃ་ལས་སྔགས་ཀྱིས་བསྐོར་ལས་འོད་འཕྲོས་པས། །ཁྲོ་བོ་བདུད་རྩི་ཡབ་ཡུམ་དཔག་མེད་གྱུར། །རབ་འབྱམས་ལས་རྣམས་ཐམས་ཅད་འགྲུབ་


CMR028_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ཤིང་། །ༀ་བཛྲ་མ་ཧཱ་དེ་ཝ་ས་དྷ་ཀ་ཧཱུྃ་ཕཊ། ཅེས་སམ་གུ་ཎ་ལ་སོགས་ཅི་འགྲུབ་བཟླས། །ཐོད་པ་ལ་སོགས་རིག་པས་བརྟག་སྟེ་བསྒྲུབ། །སྣ་ཚོགས་ལས་གྲུབ་ཌོམྦྷི་མན་ངག་གོ །ཨྠྀི། རང་ཉིད་མགོན་པོ་ཡབ་ཡུམ་མཐིང་ནག་ལ། །ལྷ་མོ་སྔོན་མོ་བརྒྱད་ཀྱིས་བསྐོར་བ་ཡང་། །ཕྱོགས་བཞིའི་རྡོ་རྗེ་མཚམས་བཞིའི་མེ་ལོང་འཛིན་། །གསང་བར་འཇམ་དབྱངས་དབྱངས་ཅན་མ་དང་སྦྱོར། །དེ་གཉིས་སྐུ་མདོག་རབ་ཏུ་དམར་བ་སྟེ། །རང་གི་ཐུགས་ཀར་པད་ཉིར་གྲི་གུག་ནི། །ཨིན་དྲ་ནི་ལའི་ཡུ་ཅན་ཧཱུཾ་སྔགས་བསྐོར། །འོད་ཀྱིས་ཤེས་བྱ་མཐའ་དག་གསལ་བར་དམིགས། །ༀ་བཛྲ་མ་ཧཱ་དྷེ་ཝ་ཛྷཱ་ན་སཾ་ཧཱུྃ་ཕཊ། ཅེས་སམ་གུ་ཎ་ལ་སོགས་སྐབས་ཐོབ་བཟླས། །ཐོད་སྔོན་མེ་ལོང་སོགས་ལ་བརྟེན་ཏེ་བསྒྲུབ། །མངོན་ཤེས་ཞལ་མཐོང་སྒྲུབ་པ་ཌོམྦྷི་གསུངས། །སྤྱི་དང་སོ་སོར་སྒྲུབ་པ་ཐུན་མོང་སྟེ། །བུམ་ཅན་རླུང་དང་བསྲེ་བསྒོམ་ཐུན་མོང་མིན། །མཆོད་གཏོར་སྒོ་ནས་སྒྲུབ་ན་མདུན་བསྐྱེད་དེ། །སྤྱན་འདྲེན་མཆོད་པ་རྒྱས་བསྡུས་ཅི་རིགས་བྱ། །ཕྱོགས་བཅུ་དུས་གསུམ་ཁྲོ་བོ་ཐམས་ཅད་བསྡུས། །མདུན་བསྐྱེད་བསྟིམས་པས་གཟི་བརྗིད་ཇེ་


CMR028_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

འབར་དམིགས། །གཏོར་ཆེན་དྲུང་དུ་གཏོར་ཆུང་རྣམས་འབུལ་ཞིང་། །མཐེབ་སྐྱུ་དམར་དང་རཀྟ་སུ་ར་དང་། །མེ་ཏོག་ནག་པོ་བཅས་པ་འབུལ་བྱ་སྟེ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལི་དྷེ་ཝ་རཀྟ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞལ་དུ་གསོལ་དམིགས་བརྒྱ་འམ་སྟོང་རྩ་འབུལ། །སྔགས་སྒྲ་འོད་དང་སྐུ་དང་མཚོན་ཆ་ཡིས། །གང་འདོད་ཕྲིན་ལས་འགྲུབ་པ་སྤྱི་ལྟར་ཏེ།་ཆོ་གའི་གཞུང་བསྲང་རྗེས་རྣམས་སྤྱི་ལྟར་རོ། །ལྔ་ཚོམ་བརྒྱད་བརྒྱད་འཁོར་བཅས་བསྒོམ་ཡང་རུང་། །དཀྱིལ་འཁོར་བསྡུས་པ་རྡོ་ར་དུར་ཁྲོད་དང་། །གྲུ་གསུམ་པདྨ་བྲིས་ཀྱང་ཆོག་པར་གསུངས། །འདི་ནི་རིགས་བསྡུས་ལ་བརྟེན་མཆོག་སྒྲུབ་ཟེར། །འདི་ལ་རྒྱས་པར་ཕྲིན་ལས་བརྒྱ་རྩ་བརྒྱད། །ཌོམྦིའི་མན་ངག་མཁའ་སྤྱོད་དབང་པོས་གསུངས། །རང་གི་ཉམས་ལེན་རྒྱུན་ཁྱེར་བྱ་བའི་ཕྱིར། །རཱ་ག་ཨ་སྱས་ཅུང་ཞིག་གསལ་བར་བྱས། །ཉེས་འགལ་ལྷ་ལ་བཤགས་ཤིང་དགེ་བ་དེས། །སྒྲུབ་བརྒྱུད་བསྟན་པ་འཕེལ་བའི་རྒྱུར་གྱུར་ཅིག། ཀུརླན་ཏུ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

མ་མགོན་གཏོར་ནག་ཟིན་བྲིས།


CMR028_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

མ་མགོན་གཏོར་ནག་ཟིན་བྲིས་བཞུགས་སོ།


CMR028_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་མ་ཧཱ་ཀཱ་ལ་ཡེ། ལྷ་རྒྱུད་གསང་བ་ཆེན་པོའི་དོན། །མ་མགོན་སྤར་ནག་སྒྲུབ་པ་ནི། །སློབ་དཔོན་པདྨ་ཁྲི་སྲོང་རྗེ། །སད་ན་ལེགས་ནས་གདུང་རྒྱུད་ལ། །བརྒྱུད་པའི་པཀྵིའི་ཡབ་ཆོས་ཏེ། །རྒྱས་པ་ཐོད་ནག་པར་བུ་དང་། །བསྡུས་པ་གཏོར་ཆེན་པར་བུ་ལས། །བསྡུས་པའི་ཟིན་བྲིས་ཐོ་ཙམ་བཀོད། །ཞིབ་པར་ངག་ལས་ཤེས་བྱ་སྟེ། །རྒྱས་པར་བྲིས་ན་དམྱལ་བར་ལྟུང་། །དེ་ཕྱིར་སྔོན་ཆད་ཡི་གེ་མེད། །ཟུར་ཙམ་བྲི་བར་མ་བྱས་ན། །བསྟན་པ་སྙིགས་ཕྱིར་རྒྱུན་ཆད་དོགས། །མང་དུ་སྤེལ་ན་དམ་ཚིག་ཉམས། །སྙིང་ཁྲག་སྒྲོལ་གིང་ནག་པོས་འཐུང་། །


CMR028_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་སྣོད་ནང་དུ་གཏོར་མ་ནི། །ཟུར་གསུམ་རྣོ་བ་ནག་པོ་བྱ། །དེ་ཡི་སུམ་གཉིས་མན་ཆད་བཅད། །ནང་དུ་གྲུ་གསུམ་ཧམ་ཁུང་བྲུ། །ཁྲག་བྱུག་ནང་དུ་ལིང་ག་བཙུག །མཚམ་སྦྱར་ཤ་ཁྲག་རྩང་གིས་བརྒྱན། །དེ་ལ་དཀར་རྒྱན་སྤོང་བར་བྱ། །རྩེ་ལ་མ་མགོན་ཙཀྐི་བཙུགས། །མཐའ་ལ་གཏོར་ཆུང་ནག་པོ་བརྒྱད། །ཐམས་ཅད་རྩང་དང་ཤ་ཡིས་བརྒྱན། །དེ་ཉིད་མདུན་དུ་དྲག་པོ་ཡི། །མཆོད་པ་སྣ་བདུན་བཤམས་པ་དང་། །དམར་གཏོར་ཐུན་གཏོར་ཟིན་ལིང་དང་། །ཕུགས་གཏོར་ལ་སོགས་གཞུང་ལྟར་རོ། །གཏོར་མ་དགུ་པོའི་སྟོད་ཆ་ནི། །མ་


CMR028_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ཡབ་ཡུམ་གཞུང་ལྟར་བསྐྱེད། །སྨད་ཀྱི་ལིངྒ་ལྕགས་ཁུང་ནང་། །དགྲ་བགེགས་གང་ཡིན་དངོས་ལྟར་བསམ། །མཚལ་སེར་གང་བྱེད་གཞུང་ལྟར་ལས། །ཟན་ལིང་ཕུར་། འདེབས་ལ་སོགས་པ། །ལས་འགྲིགས་གཞུང་ལྟར་དུས་བཞིའམ། །ཐ་ན་དགོང་མོ་མཚན་མོ་གཉིས། །བྱས་ལ་ལིང་རོ་གཏོར་ཆེན་དུ། །མགོན་པོ་འཁོར་བཅས་ཞལ་དུ་བསྟབ། །ཐུན་གཏོར་གསོན་གཅིག་མ་འདོན་ཞིང་། །དགྲ་བགེགས་ཕྱོགས་སུ་འཕེན་པའམ། །ཡང་ན་དེ་ཕྱོགས་རྒྱུན་དུ་འབུལ། །མདུན་བསྐྱེད་ཡབ་ཡུམ་བེར་གྱི་སུལ། །སྣ་ཚོགས་མཚོན་ཆའི་ཆར་ཆེན་བབ། །དགྲ་བགེགས་གྲོག་ཚང་སེར་རྒྱབ་ལྟར། །ཁྱད་པར་མ་མགོན་ཐུགས་ཀ་དང་། །ཕྱག་མཚན་རྩེ་ནས་ཧཱུྃ་བྷོའཕྲོས། །ཁོ་ཡི་སྣ་བུག་བཤང་ལམ་ཞུགས། །སྙིང་དཀྱིལ་ཟངས་ལྕགས་འཁོར་ལོ་གཉིས། །རྩིབས་རྣམས་གྲི་གུག་ཁ་ཊྭཱཾ་དབྱིབས། །གཡས་དང་གཡོན་དུ་དྲག་ཏུ་འཁོར། །བླ་ཚེ་ནང་ཁྲོལ་སྲོག་རྩ་གཏུབས། །ཤ་སྐྱོ་ཁྲག་སྐྱོ་ལྟར་གྱུར་པ། །འཁོར་རྣམས་ཀུན་གྱི་ཟ་བ་སོགས། །དམིགས་པ་གསོན་གཅིག་མ་ལྟར་བསྒོམ། །སྔགས་ནི་ཞལ་སྦྱོར་སྔགས་རིང་ལ། །ཐུན་བཞིར་འབད་ཅིང་རྟགས་ཐོན་བྱ། །ལིངྒ་


CMR028_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

བཏོན་ལ་སྦྱིན་སྲེག་གམ། །ཡང་ན་མེ་ཐབ་གཞུང་ལྟར་ཕུལ། །ཐལ་བ་ཚུམ་གཅིག་དམར་གཏོར་བཅས། །བཞེས་འབོད་བྱས་ལ་ཟོར་དུ་འཕང་། །ཐལ་བ་ཆ་གཅིག་གཉེན་སར་ཕྱོར། །ཆ་གཅིག་ལིངྒ་བཀུག་གཞུག་བྱས། །མ་རུངས་ལྷ་སྲིན་གནས་སར་མནན། །སྒྲུབ་པའི་ཚད་ནི་ཞག་བདུན་ཏེ། །སྒྲུབ་གྲོགས་མང་ན་ཞག་གསུམ་ཆོག །གལ་ཆེར་རྟོགས་དང་བསྟུན་ཏེ་བྱ། །ལོ་གཅིག་ནང་དུ་ཁ་ཕུང་འགྲོ། །མྱུར་ན་ཟླ་གཅིག་མི་འགོར་རོ། །རྒྱུན་དུ་དམིགས་ནི་བདུན་རྒྱུད་ཆད། །པར་ནག་སྲོག་གི་སྤུ་གྲི་ཡི། །རྩ་་ཚིག་ས་བོན་ཙམ་འདི་ནི། །གྲོགས་མཆེད་སྐུ་ངོ་ཆེ་བའི་ཕྱིར། །སྔགས་འཆང་རཱ་ག་ཨ་སྱས་བཀོད། །གཞན་ལ་བསྟན་ན་དམྱལ་བར་འགྲོ། །ས་མ་ཡ་ཁ་ཐཾ་རྒྱ་རྒྱ་རྒྱ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒོང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གཏོར་ནག་པར་བུའི་མན་ངག


CMR028_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ནག་པར་བུའི་མན་ངག་བཞུགས་སོ།


CMR028_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཌོམྦི་ཧེ་རུ་ཀ་ལ་མ་མགོན་གྱི་ལུང་བསྟན་ནས། རྒྱུད་བཅོ་བརྒྱད་ཀྱི་དགོངས་པ་བསྡུས་ཏེ་མཛད་པའི་ཡབ་ཡུམ་ཞལ་སྦྱོར་གྱི་རྒྱ་གཞུང་གསང་སྔགས་ལ་བསྟེན་ནས་དྲག་པོའི་སྒྲུབ་པ་ཞེས་གསུངས་པ་དང་། ཀརྨ་པཀྵིའི་ཡབ་ཆོས་ཡབ་ཡུམ་ཞལ་སྦྱོར་མགོན་པོ་སྤར་ནག་བསྡུས་གཏོར་ཆེན་པར་བུའི་མན་ངག་ཟབ་མོ་གཟའ་སྐར་རྩུབ་མོ་ལ་ལིང་ག་སྤྱི་ལྟར་བྲིས་པའི་མཐར་ཞལ་སྦྱོར་གྱི་སྔགས་རིང་དང་ཛ་ཁྲོ་གྱིས་བསྐོར་བ་བཀུག་གཞུག་ལྷ་དབྱེ་བྱ་ཚོན་སྐུད་དམ་ར་ཁྱིའི་སྐུད་པས་བཅིངས་ལ། དེ་མདོས་སྣོད་སྟེང་དུ་ཟན་གྲུ་གསུམ་ལ་ནང་གྲུ་གསུམ་ཧོ་ཁུང་བྲུས་ཁྲག་


CMR028_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བྱུག་པར་བཅུག །དེ་སྟེང་གཏོར་མ་ཟུར་གསུམ་རྣོ་བ། ནག་པོ་ཤ་དང་སྙིངགཟུགས་ཀྱིས་བརྒྱན་པར་བཞག །དར་ནག་གི་གདུགས་སམ་ནམ་མཁའ་ནག་པོ་འཛུགས། དེ་མཐར་གཏོར་ནག་ཆུང་བ་བརྒྱད། གཙོ་བོའི་ཟུར་གསུམ་ལ་རྩང་ཐུང་བདུན་རེ་སྟེ་ཉེར་གཅིག་འཁོར་ལ་བདུན་རེ་འཛུགས། མར་རྒྱུན་མི་བྱ། མདོས་མཐར་རྩང་རིང་ཉེར་བརྒྱད་འཛུགས་པ་སྔོ་དམར་སྐུད་པའམ་བ་སུ་ཏའི་ཅུད། ལིང་ག་དང་གཏོར་ཆུང་མང་དུ་བསགས། གཏོར་མའི་སྟོད་ཡབ་ཡུམ་འཁོར་བརྒྱད་དབུགས་ལེན་ཡབ་ཡུམ། སྐེད་པ་མཆོད་རྫས། འོག་གྲུ་གསུམ་ཧོ་ཁུང་དུ་


CMR028_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་མགོ་ཐུར་དུ་གནས་པ་བསྐྱེད། རབ་དུས་བཞི། འབྲིང་སྔ་དྲོ་དགོང་མོ་མཚན་དང་གསུམ། ཐ་མ་སྔ་དྲོ་སྤྱོད་གཉིས་ལ་མཚལ་མ་ཚར་རེ་བཏང་། བསྙེན་པའི་འདབ་ཏུ་ཕྱིན་པ་དང་། ལས་འགྲིགས་ལྟར་བཀུག་གཞུག །ལྷ་དབྱེ་བྱས་ཏེ་ལིང་ག་བྲིས་པ་དེ་དང་འཕྲལ་དུ་ཟན་ལིང་ལྕགས་སྣོད་དམ་ཐོད་པར་བཤམས་པ་ལ་ཕུར་འདེབས་བྱས། ཟན་ལིང་གཏོར་ཆེན་དུ་བསྟབ། གཏོར་ཆུང་རེ་ལ། གསོན་ཅིག་མ་འདོན་ལ། གཏོར་ཆེན་དུ་འབུལ་ལོ།:།དངོས་གཞི་ལིང་ག་དག་བགེགས་དངོས་སུ་གསོལ་བ་དང་། མ་མགོན་ཐུགས་ནས་ཧཱུྃ་དང་ཛའཕྲོས། ཁོའི་བཤང་ལམ་ནས་སྙིང་དཀྱིལ་དུ་ཞུགས་པ། ཧཱུཾ་ལས་གྲི་གུག་གི་འཁོར་ལོ་གཡས་སུ་འཁོར་བ། ཛ་ལས་རུལ་གྲིའི་འཁོར་ལོ་གཡོན་དུ་འཁོར་བ་རྣོ་ངར་ཤུགས་དང་ལྡན་པས། བླ་སྲོག་ནང་གྲོལ་དམར་ཉི་ལི་ལི་གཏུབ་པ། འཁོར་དང་སྤྲུལ་པས་ཧབ་ཐོབ་ཏུ་ཟླ་བ་རྩེ་གཅིག་ཏུ་དམིགས་པ་གཏད་ལ། བསྙེན་སྔགས་དང་འབྲེལ་མི་དགོས་པར་། མ་མགོན་ཞལ་སྦྱོར་གྱི་སྔགས་རིང་དྲག་ཏུ་འདོན་ཏེ། ཐུག་མཇུག་ཏུ་ཡང་གཏོར་ཆུང་བོསྐྱོལ་པ་དང་། བཞེས་འབོད་མཛུག་གི་དམོད་མོ་བྱ་ཞིང་། གཏོར་ཆེན་དུ་འབུལ། ཐལ་


CMR028_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

མོ་བརྡབ་བོ། །ཡང་སྔར་ལྟར་མཚལ་མ་སོགས་བྱ། དེ་ལྟར་ཐུན་བཞིའམ་གསུམ་མམ་གཉིས་བྱས་ལ་ངག་བཅད་ཅིང་ཞག་བདུན་ནམ། གསུམ་མམ། ལྔའམ། ཡུན་རྟགས་ལ་ལྟ། རི་དྭགས་སོད་དམ། སེམས་ཅན་བསད་པ། ནང་གྲོལ་སྟེར་བ། ཤིང་སྡོང་གཅོད་པ། དངོས་སུ་བསད་པ་སོགས་ཁུག་རྟགས་སོད་རྟགས། ལན་གཅིག་མིན་པ་གསུམ་ཡན་བྱུང་བ་དང་། གཏོར་མ་བཏེག་ལ་ལིང་ག་ལོ་ཕུར་འདེབས་རྒྱས་པར་བྱ། གྲུབ་ན་གཅིག་སྦྱིན་སྲེག་བྱ་མ་གྲུབ་ན་གཏོར་ཆེན་ལ་མེ་རུ་སྦྱར་བས་བསྲེགས་ཏེ། མགོན་པོའི་ཞལ་ནས་མེ་འབར་བས་སྲེག་པར་སྒོམ། ལིང་ག་གཅིག་དགྲ་ཕྱོགས་དང་། ཕྱོགས་གཙང་འགྲིགས་ན་རབ། མ་འགྲིགས་ན་ཕྱོགས་གཙང་སར་བཙུགས། དེ་དགྲ་བགེགས་དངོས་སུ་བསམ་ལ། བསྐུལ་ཐམས་ཅད་དང་བཞེས་འབོད་ཆེན་མོ་བྱས་ལ། གཏོར་མ་དང་པོ་འཁོར་བརྒྱད། དེ་ནས་གཙོ་བོ་དེ་ལ་ཟོར་དུ་འཕེན། སྔགས་རིང་བཟླ་ཞིང་ལིང་ག་ལ་བརྒྱབ་། ལིང་རོ་བསྲེགས་ལ་རླུང་ལ་བསྐུར། ལིང་ག་གཅིག་ཀླུ་གདུག་པ་ཅན་གནས་ས་ས་དགྲ་ངན་པའམ་མཚོ་སོགས་ལ་མནན་གཏད་སྤྱི་ལྟར་བྱ། དེ་ནས་རྒྱུན་དུའམ་དགུ་གཏོར་


CMR028_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཟའ་སྐར་ངན་དུས་བསྐུལ་པ་བྱ་ཞིང་ཐུན་གཏོར་འཕེན་ནམ་དེ་ངོས་སུ་ཕུལ། ཁོ་བསོད་ནམས་ནུས་པ་ཆེའམ་སྲུང་ཟློག་མང་ན། ལྡོག་དོག་ལ་ཐུན་གཏོར་རྗེས། ལོག་ཏྲི་པཱ་ལ་ཅི་ནུས་བཟླས། རང་ཡང་མགོན་པོའི་སྲུང་འཁོར་བསྒོམ། དེས་ཉེ་ན་ཟླ་བ། འབྲིང་ལོ་མི་འགོར། ཤིན་ཏུ་རིང་ཡང་ལོ་ངོ་གསུམ་ཧྲིལ་ཕྱེད་གཉིས་ལས་མི་འགྱང་བ་ཁ་ཕུང་དུ་འགྲོའོ། །འདྲེ་ལ་ཡང་ཚུལ་དེ་ལྟར་བྱས་ན་ཚར་གཅོད་པར་ངེས་སོ། །ནག་པོ་སྲོག་གི་འཁོར་ལོའི་རྒྱུད་ལས། ལེགས་ལྡན་སྔགས་ཀྱི་རྩ་ཟིན་པ། །ཐ་མ་རྩ་བ་འདུས་རྒྱུད་འཆད།། གང་ལ་དམིགས་པའི་སྲོག་དབུགས་ལེན། །དམ་ཉམས་རྣམས་ལ་ཆད་པས་གཅོད། །ཅེས་རང་བྱུང་རྒྱལ་མོའི་རྒྱུད་ལས། ལྷ་མོས་དམ་བཅས་པ། གང་བསྒོམ་པ་དང་སྒྲུབ་པ་དང་ཉམས་སུ་ལེན་པ་དེའི་གིང་དང་ཕོ་ཉ་བྲན་དུ་བྱའོ། །དེ་ལྟར་དམ་བཅས་པ་བཞིན་བདག་གིས་མ་བགྱིད་ན། བདག་གིས་ད་ལྟ་ཉིད་དུ་བཅོམ་ལྡན་འདས་བསླུ་བར་ལགས་སོ། །དེའི་དབང་གི་རང་སྲོག་གི་སྙིང་པོ་མེ་ལྟར་འབར་ནས་ལུས་སྲོག་ཐལ་བ་བཞིན་དུ་ཚིག་པར་གྱུར་ལ། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་གྱུར་ཅིག །ཅེས་དམོད་བོར་བའི་ཕྱིར་


CMR028_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མི་འགྲུབ་མི་སྲིད་དོ། །འདི་མན་ངག་ཡི་གེར་བཀོད་པ་ཤིན་ཏུ་དཀོན་པས། བསྟན་པ་ལ་ཕན་ངེས་བརྒྱུད་པ་འཛིན་ངེས་མ་གཏོགས་སུ་ཡིན་ལ་སྤེལ་ན་མ་མགོན་། མགར་གསུམ་གྱིས་བཀའ་ཆད་དྲག་པོ་ཕོབ་ཅིག །སྔགས་ནག་ཨ་རཱ་གས་ཞལ་ཤེས་ཡི་གེ་ལ་ཕབ་པས་ཉེས་འགལ་མཆིས་ན་སྲུང་མ་རྣམས་ལ་བཤགས། དགེ་བས་ཀཾ་ཚང་བསྟན་དར་རྒྱས་ཤོག །ཤུ་བྷཾ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

མ་མགོན་ཤིན་ཏུ་བཀྲ་ཤིས་པའི་ཐབས།


CMR028_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

མ་མགོན་ཤིན་ཏུ་བཀྲ་ཤིས་པའི་ཐབས་ཞེས་བྱ་བ་བཞུགས་སོ།


CMR028_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་སཏཱ་ནཱ་ཐ་ཡེ། མགོན་པོའི་གདམས་པ་ཤིན་ཏུ་བཀྲ་ཤིས་ཐབས། །གྲི་གུག་བརྩེགས་རྒྱུད་ནས་གསུངས་གཟུངས་དང་གཉིས། །གཞུང་གི་བསྐང་བ་བཤགས་པ་གབ་སྤྱད་དགོས། །བཅའ་ཚོགས་འདོན་ལུགས་བསྐང་གསོ་གཞུང་དང་མཚུངས། །དགོས་ཆེད་མཁས་གྲུབ་ཨོ་རྒྱན་པ་ཡིས་གསུངས། །བོད་གངས་ཅན་གྱི་སྤྱང་པོ་ཨོ་རྒྱན་པ། །དགྲ་དམ་སེལ་མིན་པས་ཐུབ་པ་མེད། །གཉེན་བླ་མ་མིན་པས་འཁྱོངས་བ་མེད། །གསུངས་ཕྱིར་མ་མགོན་སྒྲུབ་པའི་རྣལ་འབྱོར་ལ། །ནང་གི་དམ་ཚིག་སེལ་ཞིག་མ་ཞུགས་ན། །ཕྱི་ཡི་དགྲ་གདོན་གང་གིས་


CMR028_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་མི་ནུས། །དམ་སེལ་ཅུང་ཟད་མེད་པ་ཤིན་ཏུ་དཀའ། །རྒྱས་པར་དམ་ཚིག་ས་ཡ་འབུམ་སྡེ་གསུངས། །དེ་དག་སྲུང་རྒྱུ་གང་ཡིན་མི་ཤེས་ན། །མདོར་བསྡུས་རྩ་ལྟུང་བཅུ་བཞི་སྦོམ་པོ་བརྒྱད། །ཡན་ལག་དམ་ཚིག་ཉི་ཤུ་རྩ་བརྒྱད་རྣམས། །དམ་ཚིག་རྒྱ་མཚོའི་གཞུང་འགྲེལ་རྣམས་ནས་གསལ། །དེང་སང་བླ་མ་ཉིད་དང་མ་འཁོན་ཙམ། །སྡོམ་པ་མ་ཤོར་ཙམ་ཞིག་གཙང་མར་བརྩི། །དེ་ཡིས་ཆོག་པར་རྒྱུད་ནས་གསུངས་པ་མེད། །ཁྱད་པར་མགོན་པོའི་དམ་ཚིག་རྩ་བ་ནི། །བསྙེན་སྒྲུབ་ཐམས་ཅད་བསྟན་པའི་སྤྱི་དོན་དམིགས། །བྱ་ནག་ཁྱི་ནག་རྣམས་ལ་རྡོ་མི་


CMR028_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

འཕེན། །ཁྱད་པར་ལྷ་མོའི་དམ་ཚིག་བསྲུང་བྱ་ནི། །མེ་དང་རླུང་ལ་མི་དམོད་དགའ་བ་སྒོམ། །བུད་མེད་སྦྲུམ་མར་མི་དམོད་མེ་ཏོག་འཐོར། །ནལ་ཕྲུག་རྣམས་ལ་ཟས་སྦྱིན་དགའ་བར་བྱ། །རལ་གྲི་མི་བཅག་བོང་བུ་མི་བརྡུང་ཞིང་། །བསྙེན་སྒྲུབ་ཕྲེང་བ་མི་ལག་འགྲིམ་མི་བྱ། །ཤིང་ལོ་རླུང་ཁྱེར་མཐོང་ན་ཨེ་ཟིན་ལྟ། །དབང་མ་ཐོབ་པར་ཞལ་སྦྱོར་སྐུ་མི་བསྟན། །སྒྲུབ་རྫས་རྣམས་ཀྱང་མི་ལ་གསང་ཞིང་སྦ། །དེ་དག་དམ་ཚིག་ཅུང་ཟད་ཉམས་ན་ཡང་། །བཀའ་ཆད་འབྱུང་ཕྱིར་ལྷ་མོ་བསྟེན་པར་དཀའ། །དེ་ཕྱིར་བསྟེན་ཚུལ་དཀའ་མ་ཞེས་སུ་གྲགས། །བསྐང་བཤགས་ཤེས་ན་དེ་དག་བཅོས་སླ་བས། །དེ་ཕྱིར་བཅོས་སླ་མ་ཞེས་རྒྱུད་ལས་གསུངས། །བསྐང་གསོ་གཞུང་ནི་ཚར་བའི་རྗེས་དེ་རུ། །མདུན་དུ་མ་མགོན་པའི་འཁོར་བཅས་གསལ་བའི་མདུན། །བདག་དང་བསྲུང་བྱ་ཐམས་ཅད་ཐལ་སྦྱར་ཏེ། །མགྲིན་གཅིག་དམ་ཚིག་ཆག་ཉམས་བཤགས་པར་བསྒོམ། །ཧཱུྃ་དོན་དམ་ཆོས་ཀྱི་དབྱིངས་ལས་ཞེས་པ་ནས། །ཚངས་པར་བསྩལ་དུ་གསོལ་བར་བཤགས་པ་འདོན། །བདག་དང་མདུན་གྱི་མ་མགོན་དབུ་གཙུག་དང་། །བསྲུང་བྱ་ཀུན་གྱི་སྤྱི་བོར་པད་ཟླའི་སྟེང་། །ངོ་བོ་རྒྱལ་བ་


CMR028_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་སྲས་ཡིན་པ་ལ། །རྣམ་པ་རྡོར་སེམས་ཡབ་ཡུམ་ཞལ་སྦྱོར་སྐུ། །རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ་ཡི། །དཔྲལ་བ་མགྲིན་པ་ཐུགས་ཀར་ཟླ་བའི་སྟེང་། ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་གྱི་མཐར། །ཡིག་བརྒྱ་དཀར་དམར་མཐིང་གསུམ་གཡས་སུ་འཁོར། །དེ་ལས་འོད་ཟེར་རང་མདོག་ཕྱོགས་བཅུར་འཕྲོས། །རྒྱལ་བ་སྲས་བཅས་ཀུན་གྱི་བྱིན་རླབས་བསྡུས། །ཡིག་བརྒྱ་ལ་ཐིམ་བདུད་རྩི་རང་མདོག་གིས། །སྐུ་གང་སྦྱོར་མཚམས་ཞབས་ཀྱི་མཐེ་བོང་ནས། །དཀར་སྔོ་དམར་མདངས་བདུད་རྩི་མུ་ཏིག་མདོག ། བབས་པས་མ་མགོན་ཚངས་བུག་ནས་ཞུགས་པས། །སྐུ་ལུས་གང་བས་མ་མགོན་ཐུགས་མཉེས་པས། །དམ་ཚིག་ཆག་ཉམས་མཁོན་འགྲས་ཐམས་ཅད་དག །རྡོར་སེམས་སྦྱོ་མཚམས་བདུད་རྩི་ཟེག་མའི་ཚུལ། །འཕྲོས་པས་འཁོར་རྣམས་བཀྲུས་པ་དེ་བཞིན་གྱུར། །ལྷ་ཚོགས་ཐམས་ཅད་ཐུགས་མཉེས་བཀྲག་མདངས་རྒྱས། །རང་དང་བསྲུང་བྱའི་སྤྱི་བོའི་རྡོར་སེམས་ལས། །བདུད་རྩི་བབས་པས་ལུས་ཀྱི་ནང་གང་ཞིང་། །ཕྱི་ནས་བཀྲུས་པས་དམ་ཚིག་ཉམས་ཆག་དག །བདུད་རྩི་ལུས་གང་ཤེལ་བུམ་ཞེས་གང་བཞིན། །ལུས་ཀུན་དྲི་མེད་


CMR028_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཤེལ་སྒོང་ལྟར་བསྒོམ་ཞིང་། །ཨོཾ་ས་མཱ་ཡ། ཨཱས་མ་ཡ། ཧཱུཾ་ས་མ་ཡ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཿ ཨོཾ་བཛྲ་སཏཱ་ས་མ་ཡ་སོགས།། ས་ཏཱ་ཨཱཿབར། སུམ་སྦྲེལ་སྔགས་དེ་བདུན་ནམ་ཉེར་གཅིག་བརྗོད། །དམ་ཚིག་ཉམས་ཆག་བསྐང་བའི་སྔགས་བསྡེབ་ཟབ། །དེ་ནས་མགོན་པོའི་གཞུང་གི་གཟུངས་འདོན་ཏེ། །ཚེ་རབས་སྔོན་ནས་ཞེས་པ་ནས་བཟུང་སྟེ། །ཞི་བར་ཤོག་བར་བདུན་ནམ་ཉེར་གཅིག་བཟླས། །བསྐང་གསོ་གྲོལ་ཁ་ཚུན་ལ་བསྐང་ཐུང་དང་། །ཡིག་བརྒྱ་ཅན་གྱི་སྔགས་དང་གཟུངས་དེ་རྣམས། །བརྒྱ་རྩ་བརྒྱད་རེ་ངེས་པར་ཚང་བར་བྱ། །དེས་ནི་རང་གཞན་སྲུང་བ་རིམ་གྲོའི་མཆོག །ནད་པ་སོས་དང་ནད་ཡམས་ཆད་པ་དང་། །ཅི་བསམ་དོན་ཀུན་ཡིད་བཞིན་འགྲུབ་པར་གསུངས། །གལ་ཏེ་དགེ་འདུན་མང་པོ་ཡོད་ན་ནི། །དྲག་རིམ་རྣམས་ཀྱིས་བསྐང་གསོ་གཞུང་ལྟར་དང་། །མང་མ་རྣམས་དང་མང་ཉུང་གཉིས་ཕྱེ་ནས། །ཉུང་བས་གོང་ལྟར་ཡིག་བརྒྱ་ཅན་གྱི་སྔགས། །མང་མས་མགོན་པོའི་གཟུངས་དེ་སྔགས་རྒྱུན་བྱ། །མང་མས་བློ་ལ་མེད་ན་དཔེ་ཆོག་བྱ། །ཞག་གྲངས་གསུམ་ལྔ་བདུན་སོགས་དེ་བྱས་ན། །སྤྱིར་གྱི་དམ་ཚིག་ཆག་ཉམས་ཐམས་ཅད་


CMR028_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ལོ་ཟླ་དུས་ཀྱི་མཆོད་པ་ཆག་ཉམས་དང་། །བསྟན་དོན་མ་བསམ་མཆོད་གཏོར་མ་གཙང་དང་། །ལྷ་དང་བླ་མར་མ་དད་ལོག་ལྟ་དང་། །ཟས་ནོར་འདོད་ཕྱིར་དྲག་ལས་མངའ་བ་དང་། །བསྟན་བཤིག་སྡིག་ཆེན་སྲུང་ཁ་བཟུང་བ་དང་། །ལྷ་སྲུང་འཁྲུག་ནས་བཀའ་ཆད་མི་དགེ་བ། །ཇི་ལྟར་བྱུང་ཡང་དེ་ཡིས་ཞི་བར་གསུངས། །བདེ་རིམ་བཀྲ་ཤིས་འདོད་ཀྱང་འདི་ཉིད་ཟབ། །དེ་ཕྱིར་ཤིན་ཏུ་བཀྲ་ཤིས་ཐབས་ཞེས་གསུངས། །ཨྠྀི། །ཞོར་ལ་ཁྲུས་ཀྱི་ཆོ་ག་བྱེད་འདོད་ན། །བུམ་པ་རྫས་ལྡན་སྤྱི་ལྟར་བཤམས་བྱས་ཏེ། །མདུན་བསྐྱེད་མངོན་རྟོགས་སྒོམ་པའི་སྐབས་ཉིད་ནས། །ཕྱི་ནི་རིན་ཆེན་བུམ་པ་མཚན་ཉིད་ལྡན། །ནང་ནི་ཡངས་ཤིང་རྒྱ་ཆེར་གྱུར་པའི་ནང་། །བུམ་བསྐྱེད་དང་ནི་མདུན་བསྐྱེད་སོ་སོ་སྟེ། །མངོན་རྟོགས་གཅིག་གིས་དུས་གཅིག་སོ་སོར་བསྐྱེད། །སྤྱན་འདྲེན་མཆོད་བསྟོད་དེ་བཞིན་དུས་གཅིག་བྱ། །བསྙེན་པའི་སྐབས་སུ་གོང་ལྟར་བུམ་བསྐྱེད་ཀྱི། །སྤྱི་བོར་རྡོར་སེམས་བདུད་རྩིའི་རྒྱུན་བབས་པས། །མ་མགོན་སྐུ་གང་སྦྱོར་མཚམས་བདུད་རྩི་བབས། །བུམ་པ་བདུད་རྩིས་གང་བར་བསྒོམ་བྱ་ཞིང་། །གོང་ལྟར་ཡིག་བརྒྱའི་གཟུངས་སྔགས་ཅུང་


CMR028_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་བཟླས། །ༀ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཿ ནད་གདོན་སརྦ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པ་དེ་ལ་སྟོང་ཙམ་བཟླས་པའི་རྗེས། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ། ཞེས་པ་དེ་ལ་བརྒྱ་རྩ་ཙམ་ཞིག་བཟླས། །ཨགྣི་ལ་སོགས་སྔགས་ཀྱིས་མཆོད་པ་དང་། །ཊཱཀྐི་བྱེ་བ་འབུམ་སོགས་སོ་སོའི་བསྟོད། །ཡེ་ཤེས་བུམ་ལྷ་མདུན་བསྐྱེད་ལ་ཐིམ་དམིགས། །བུམ་ལྷ་དམ་ཚིག་འོད་ཞུ་བདུད་རྩིར་བསམ། །རང་དང་བླ་མ་མཆེད་གྲོགས་གྲྭ་པ་སོགས་། །བུམ་ཆུ་འཐུང་ཞིང་ཡན་ལག་ལྔ་ཁྲུས་ཆེ། །ཨེ་ཧོ་ཞེས་པའི་སྔགས་བརྗོད་དྲིལ་བུ་འཁྲོལ། །སྦྱིན་བདག་ལ་སོགས་བསྲུང་བྱ་གཞན་རྣམས་ལ། །བུམ་ཆུ་ཅུང་ཟད་ངག་ཏུ་བླུད་ཙམ་བྱ། །རྟ་ཕྱུགས་ཁང་ཁྱིམ་བསྲུང་བྱར་གྱུར་རྣམས་ལ། །བུམ་ཆུས་ཅུང་ཟད་བྲན་པ་ཙམ་རེ་བཏུང་། །དམ་ཚིག་གཙང་མའི་ནད་པ་ཁག་ཆེ་ལ། །བྱབ་ཁྲུས་རྒྱས་པར་བྱ་བར་འདོད་ན་ནི། །ལྷ་དང་སྔགས་གཉིས་རྗེ་བར་མ་གཏོགས་པར། །བྱ་ཚུལ་རྣམ་འཇོམས་བྱབ་ཁྲུས་སྤྱི་དང་མཚུངས། །དམ་ཚིག་གཙང་མའི་སྐལ་ལྡན་མ་གཏོགས་པར། །དམ་ཉམས་


CMR028_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་ཆེན་རིགས་ལ་མི་རུང་སྟེ། །ཡབ་སྲས་ལ་སོགས་ཐུ་མོར་བསྙུང་བའི་དུས། །འདི་ལྟར་ནག་རྒྱལ་ཕག་གསུམ་བུམ་ཆུ་ཡིས། །སྐུ་ཁྲུས་གསོལ་བའི་ཕྱག་སྲོལ་ཡོད་པའི་ཚུལ། །སྐྱེས་ཆེན་གཙུག་ལག་ཕྲེང་བའི་གསུངས་ལས་བྱུང་། །དེ་ཕྱིར་སྐུ་གྲིབ་སེལ་བའི་མཆོག་ཡིན་ཕྱིར། །སུ་མ་ཡིན་ལ་བྱ་རྒྱུ་མིན་པ་སྣང་། །དེ་ལྟར་མ་མགོན་ཞི་བའི་ལས་སྦྱོར་འདི། །བདུད་མོ་ཀརྨ་དར་རྒྱས་ཀྱིས་བསྐུལ་བས། །ཕག་ལོ་རྒྱལ་ཟླའི་གནམ་སྟོང་སྔ་དྲོ་ལ། །དགེ་སློང་རཱ་ག་ཨ་སྱས་སྨྲས་པ་ལྟར། །བརྩོན་འགྲུས་རྒྱ་མཚོ་ཞེས་བྱས་བརྩོན་པས་བྲིས། །ཉེས་འགལ་མེད་ཕྱིར་བཤགས་བྱ་མ་མཆིས་ཀྱང་། །དགེ་བས་འགྲོ་ཀུན་ཆག་ཉམས་སྡིག་སྒྲིབ་དག །ཕན་དང་བདེ་བའི་དཔལ་ལ་སྤྱོད་པར་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གཏོར་ནག་པར་བུའི་ལིངྒ་བྲི་བའི་ཞལ་ཤེས།


CMR028_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ཆེན་པོའི་མན་ངག་བྲིས་པ། གཏོ་ནག་པར་བུའི་ལིང་ག་བྲི་བའི་ཞལ་ཤེས། བཛྲ་མ་ཧཱ་ཀཱ་ལ་མནྡཱ་ལི་ཀ་རི་ཤུ་བྷཾ། དཀོཙ་ངག་ཝཙྩ་ཇུཝ་ཚིན་ཇི་ཇཡི་ཧ་ཚ་ཝ། ལིང་ག་་་ཚིན་ཡི་ཕྱི་ཛ་ཁྲོ་གྱིས་བསྐོར་བའི་ནང་དེར་ཧ་ཚ་ཝོ་ཙ་སྔགས་རིང་ཚར་གཅིག་གམ་དུ་ཤོང་ཤོག་སྟོང་མ་ལུས་པར་བྲིས།་་ཆ་གསུམ་བྱས་ན་ལེགས། ལིང་ག་སྟེང་མ་་་ཚིན་ཝིན་ཉ་ཡི་སྔགས་མགོ་ནང་བསྟན་ཡོད། འོག་མའི་ཁ་སྔགས་མགོ་ཕྱི་བསྟན། ཕྱི་ནས་ནང་དུ་བཅུག །་སྦྱིན་སྲེག །དེ་གཉིས་་ཁ་སྦྱོར། ཐ་ཝོ་ཙ། ཇི་ཕ་ད་ཝུ་ཉ་རཉ་ཇཝ་ང་མེད། སྔགས་མགོ་ནང་བསྟན་རྣམས། ཇ་ཝེ་་་སྲེག་ལིང་སྟེ། ཚིན་ཝེ་གཏུབ་རྒྱུ་དང་། ཝིང་ལྡེད་་་་བྱ་རྒྱུ་ཡིན། སྔགས་མགོ་ཕྱི་བསྟན་རྣམས། མནན་ལིང་་་་ཉངང་ཚིན་སྟེ། མནན་པ་དང་གཏད་རྒྱབ་རྒྱུ་་་ཉངང་ཅ་གན་དཀག་ཙེར་ཙ་ཡིན། སྔགས་ཐེམ། སྔགས་རིང་། དགྲ་བགེགས་ཟེར་ས་དེ་ན་གདྲ་དགྲ། འི་ཉིན་ཛརུག་་་མིང་བཙུད། གཏད་་་་དཀག་ཀྱི་རིག་ལ་གདྲ་་དགྲ། ཟད་ནས་ཚུར་ཇན་་བླ། ཚ་་་ལ། ཚིན་་་་ལིང་ག བསྲེག་དེ་ཡི་ཉཚ་དལ། གུ་་་དུ། ཝ་་་་་པདྨའི་བུམ་པའི་ནང་དུ། ཇུཉ་ཕུན་ནང་དུ་ཀླུ་སྨན། འབྲུ་སྣ་རིན་པོ་ཆེ་བླུགས་པ་་་སྦས་ན། ཝཝ་ང་རང་བཀྲ་ཤིས།


CMR028_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མ་ཤེས་ན། གདྲ་གེ །ཟད་ནས་རང་མ་ཟ་ནི་འོང་། ཀླུ་འདི་དུད་འགྲོ་ཡིན་ལན་གཅིག་ཟ་ལོབ་ནས་རྒྱུན་དུ་ཟ་དགོས་ཟེར། མཚོ་ནང་དུ་འཕེན་ཆོག་པའི་ཞལ་ཤེས་་་༧ ཉོལ་ངན་གུ་མཆེང་ཕོག་ཅཡི་ཧཚ་ཛེཝ། ཚིན་་ལིང་ག ཡི་མིང་ཡིག་མཇུག་ཏུ་གདྲ།་་དགྲ འདི་རྣམས་ཟད་ནས་བསྟན་པའི་སྤྱི་གདྲ་་་་དགྲ ཨོ།་་་ཟོ། ས་དྷོ་རི་བྲག་རྩི་ཤིང་ནགས་ཚལ་ཨོ་་་ཟོ། ནམ་མཁའ་སྟོང་པ་སྔོ་སང་བ་འདི་ཨོ།་་་ཟོ། ཟེར་བ་བྲིས་པ་ཨེ་ཙ་ཇ་ཇི་ཝ་ཅཝ་ཚུར་ལེན་མི་དགོས། རྐུན་མ་ལ་རྦད་རྒྱུ་རི་ཆོས་་་་༢ ཙང་བད་ལ་ཙག་ཙ་ཙི་ཕོཝ། ནང་གི་ཆོ་འཕྲུལ་བཏང་ཐབས་དེ་གཉིས་ལས་ཟབ་པ་མེད། རྒྱུ་མ་ལོན་ནས་ནན་ཏན་ཆེ་ན་ཁོ་ཡི་སྲོག་ལའོང་བསྒྲལ་ལས་གཞན་མི་དགོས། ས་ཆ་འདི་ཞེས་བྱ་བ་ནས་རྟའམ་ནོར་ཆེ་གེ་ཁྱེར་མི་ཞེས་མིང་འཛུད། ཆད་དུས་ཡང་དེ་ལྟར་བརྗོད་པའོ། །རྐུན་མའི་ཞལ་ཤེས། ས་ཆ་འདི་ཞེས་བྱ་བ་ནས་རྟའམ་ནོར་ཕྱུགས་འདི་ཞེས་བྱ་བ་ཁྱེར་མའི་ཞེས་བྲིས། ༢ སྦྱིན་སྲེག་ཞལ་ཤེས། ནང་ནམ་མཁའ་གསུངས་ལྟར་ཡུངས་ཀར་ལ་ཆེ་གེ་མོ། །བགེགས་མེད་པར་ཕུན་སུམ་ཚོགས་པ་མཱ་ར་ཡ་ཕཊ༔ སོགས་འགྲེས་སོ། །སྦྱིན་སྲེག་སྔགས་ཀྱིས་རྒྱུར་ཁ་སྔོན་དེ་དང་འདྲ་བ་ལ། དམིགས་པ་


CMR028_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ལིང་ག་འབུལ་དུས་མེ་ཡི་ནང་གི་མ་མགོན་ཞལ་གནམ་ས་ཙམ་གདང་བ་མེ་ཡི་རང་བཞིན་འབར་བའི་ནང་དུ་དགྲ་བོ་རྐང་གཏིང་སྐྱ་ལྷག་སོང་བས་གཞོབ་ཏུ་བསྲེགས་པར་བསྒོམ་། ༧ དབུ་རྩང་ནི་དབུ་དུ་ཡོད་པའི་གྲངས་ཕྱག་རྩོང་ཕྱག་དུ་ཡོད་ཀྱི་གྲངས་ཡིན། མགོན་པོ་ལ་རྩེ་རུ་རྩང་གཉིས། ཡབ་ཡུམ་དབུ་གྲངས་དེ་འོག་རྩང་བཞི་ཡབ་ཡུམ་ཕྱག་གི་ཚུལ་ལོ། །མདའ་བཟོ་ཚར་ནས་མི་བསིར་ས་ལ་འགྱེལ་ནི་མི་བཞག །བཙུགས་བཞག །རྒྱུན་དུ་ཡང་སག་དག་ནང་སོགས་མི་བསྐྱེལ་བར་བསླང་བའི་ཚུལ་དུ་བཞག །ཨྠྀི། འདི་ཊཱ་ཀི་དང་བཀའ་སྲུང་གི་གནང་བའི་རྟགས་གསལ་བར་མ་བྱུང་བར་གཞན་ལ་བསྟན་ན་ཕན་ཚུན་གྱི་སྲོག་ལ་མྱུར་དུ་བསྒོལ་བར་ངེས་པའི་གནད་ཆེ་བས་ཤེས་བར་གྱིས། ༧ ཨ་རཱ་གས་བདུད་མོ་དར་རྒྱས་ཕུན་ཚོགས་ལ་གདམས་པའོ། །ཨྠྀི། ས་མ་ཡ་རྒྱ་རྒྱ་རྒྱ་རྒྱ་རྒྱ་རྒྱ།

འཇིག་རྟེན་མགོན་པོ་བེར་ཅན་གྱི་སྒོ་ནས་བསྟན་པ་དར་བའི་ཐབས།


CMR028_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་མགོན་པོ་བེར་ཅན་གྱི་སྒོ་ནས་བསྟན་པ་དར་བའི་ཐབས་ལ། རང་ཉིད་ཡི་དམ་གསལ་བའི་མདུན་དུ། བེར་ཅན་ཡབ་ཡུམ་མཆོད་རྟེན་ལ་རྒྱབ་གཏད་པ་གཅིག་བསྒོམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་མགོན་པོའི་ཐུགས་ཀར་ཕོག །དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་སྲིད་པ་གསུམ་གྱི་ལྷ་སྲིན་དྲེགས་པ་ཐམས་ཅད་བཀུག་ནས་བསྟན་པ་བསྲུང་བའི་ལས་བྱེད་པར་བསམས་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏ་ལི་ཤ་ས་ན་པུཊཱིཀརྨ་མན་ཏུ་སྭཱ་ཧཱ། ཞེས་བཟླས་ན་བསྟན་པ་རྒྱས་སོ།།་༈ དགོངས་གཏེར་མན་པ་ངག་གསལ་བྱེད་ནི༔ རང་ཉིད་མགོན་པོ་ཡབ་ཡུམ་ནི༔ ཡི་དམ་ལྷ་དང་དབྱེར་མེད་གསལ༔ སྤྱི་བོར་ཀརྨ་པཀི་བཞུགས༔ མདུན་དུ་འཇིག་རྟེན་མགོན་པོ་བེར་ནག་ཅན༔ ཡབ་ཡུམ་ཞལ་སྦྱོར་གཞུང་ལྟར་ལས༔ མཆོད་རྟེན་བཀྲ་ཤིས་སྒོ་མང་ནི༔ རྩེ་མོ་སྲིད་པའི་རྩེ་མོར་སླེབ༔ དེ་ལ་སྐུ་རྒྱབ་གཏད་ནས་བཞུགས༔ འཁོར་སོགས་གཞུང་དང་འདྲ་བ་ལས༔ རང་གི་ཐུགས་ནས་འོད་ཟེར་འཕྲོས༔ མདུན་བསྐྱེད་ཡབ་ཡུམ་ཐུགས་ཀར་ཕོག༔ ཐུགས་ཀའི་སྔགས་ཕྲེང་དྲག་ཏུ་འཁོར༔ སྔོན་གྱི་ཁས་བླངས་དམ་ཚིག་དྲན༔ ཡབ་ཡུམ་ཐུགས་ལས་འོད་


CMR028_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་འཕྲོས༔ སྲིད་པ་གསུམ་གྱི་ལྷ་འདྲེ་དང་༔ སྡེ་བརྒྱད་ཡུལ་ལྷ་ཐམས་ཅད་བཀུག༔ ཁྲོམ་ལྟར་འཛམ་གླིང་ལྟེམས་སེ་གང་༔ ཀུན་ཀྱང་བསྟན་པ་བསྲུང་བ་དང་༔ བསྟན་པ་རྒྱས་པའི་ཕྲིན་ལས་ནི༔ ཤིག་ཤིག་ཡམ་ཡམ་བྱས་པར་བསྒོམ༔ སྒྲུབ་བརྒྱུད་སྤྱི་དང་ཁྱད་པར་དུ༔ རང་རེའི་བསྟན་པ་རྒྱས་པར་བསྒོམ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏ་ལི་ཤ་ས་ན་པུཊྚ་ཀརྨ་མན་ཏུ་སྭཱ་ཧྭ༔ མཚལ་མ་འདོན་ལུགས་ཐུན་གྱི་བཟུང་ལུགས་སོགས་སྔོན་དང་ཁྱད་མེད་ཞག་བདུན་བཟླས་པ་བྱ། ལས་དང་ཡེ་ཤེས་མགོན་པོ་གཉིས་ཁོལ་དུ་ཕྱུང་སྟེ་ཨ་རཱ་གས་བཀོད༔

མ་མགོན་གྱི་གཏོར་རྒྱག་ནད་གདོན་ཚར་གཅོད།


CMR028_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

མ་མགོན་གྱི་གཏོར་རྒྱག་ནད་གདོན་ཚར་གཅོད་བཞུགས་སོ།


CMR028_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཀརྨ་ནཱ་ཐ་ཡེ། སྣང་སྲིད་ཟིལ་གནོན་གྲུབ་ཆེན་ཀརྨ་པ། །མགོན་པོ་འདི་ནི་བཀའ་ཉན་འགྲུབ་ཐག་ཉེ། །དགྲ་འདྲེ་གཉིས་ལ་བྱུང་བས་ཆོག་གསུངས་པས། །མགོན་པོའི་གཏོར་མས་འདྲེ་གདོན་འདུལ་བའི་ཐབས། །འདི་ལ་རུང་དང་མི་རུང་རྣམ་པ་གཉིས། །གདོན་ནི་གཟའ་ཀླུ་མ་མོ་མཁའ་འགྲོ་ལ། །དྲག་ལས་བྱས་ན་རང་ངམ་ཡོན་བདག་ལ། །ལྡོག་པར་འགྱུར་ཞེས་སྦྱོང་རྒྱུད་བཤད་པར་གསལ། །ནད་ནི་གཉན་དང་ཚད་པ་རིམས་ཀྱི་རིགས། །དེ་ལ་བྱས་ན་ནད་པ་འཆི་བར་འགྱུར། །དེ་ཕྱིར་དེ་དག་རྣམས་ལ་བརྩམ་མི་བྱ། །གདོན་ནི་རྒྱལ་འགོང་ཆུང་


CMR028_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

སྲི་ན་ཚ་རྒོད། །འདྲེ་མོ་ཐེའུ་རང་དམ་སྲི་འགོང་པོའི་རིགས། །ནད་ནི་སྲོག་རླུང་སྨྱོ་འབོག་མཁྲིས་སྣ་རྒོད། །གཉིད་མི་གཉིད་ཅིང་ཡུན་རིང་ཕན་རྒྱུ་མེད། །ལམ་འདྲེ་གདོན་བགེགས་བཏབ་ལ་ཤིན་ཏུ་ཕན། །གློ་བུར་ཉིད་དུ་གཏོར་མ་མི་སྒྲུབ་པར། །ཆ་གསུམ་གླུད་གཏོར་སོགས་བཏང་སྙིང་རྗེ་བསྒོམ། །ཡོན་བདག་འབྱོར་བ་ཡོད་ན་ཞག་འགའ་ལ། །བསྐང་གསོ་བྱས་པའི་མཇུག་ཏུ་བྱ་རྒྱུ་སྟེ། །འབྱོར་པ་མེད་ན་ཞག་གཅིག་ལ་ཡང་རུང་། །བསྐང་གསོའི་བཅའ་ཚོགས་རྒྱས་བསྡུས་གཞུང་ལྟར་ཏེ། །དམར་གཏོར་ཆུང་འབྲིང་ཆེ་བ་གཅིག་དང་བདུན། །རེ་རེ་ལ་ཡང་རྩང་ཐུར་


CMR028_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་རེ་བཙུགས། །ཤིང་ལེབ་བམ་ནི་སྟེགས་གཞིར་རིམ་པར་བསྒྲིགས། །ཤས་བརྒྱན་མེ་རུ་རེ་ཡང་བཙུགས་ལ་བཞག །སྔོན་འགྲོ་དཀར་གཏོར་གཉིས་དང་བགེགས་གཏོར་གཅིག །གསེར་སྐྱེམས་བཤམས་རྣམས་འདི་ཡི་བཅའ་ཚོགས་ཡིན། །བདག་བསྐྱེད་མགོན་པོའི་སྲུང་འཁོར་བསྒོམ་པའི་རྗེས། །མགོན་པོའི་མཚལ་སེར་གང་འདོད་གཞུང་ལྟར་འདོན། །དེ་ནས་བསྙེན་པ་ཅུང་ཟད་བྱས་པའི་རྗེས། །ཐུན་གཏོར་འབུལ་བའི་མཚམས་དེར་སླེབ་པ་དང་། །ནད་པ་གང་ཡིན་མདུན་དུ་འདུག་བཅུག་ལ། །གཟའ་དང་མཁའ་འགྲོ་རང་གི་གདོང་མི་གཏུག །དེ་ནས་གཞི་བདག་དཀར་གཏོར་གཞུང་ལྟར་བསྔོ། །གཏོར་མ་འཕེན་པའི་ཕྱོགས་ངོས་འབུལ་རྒྱུ་བསྐུར། །དེ་ནས་ཤར་ལ་སོགས་པའི་ཕྱོགས་བཅུ་ན། །ཞེས་སོགས་སྣ་སེལ་གཏོར་མ་ཕུལ་རྒྱུ་བསྐུར། །གང་ཞིག་མཚན་མོ་སོགས་ཀྱིས་བགེགས་གཏོར་ཕུལ། །དཀོན་མཆོག་གསུམ་གྱི་བདེན་པ་བདར་བྱས་ཏེ། །བདེན་པས་གདོན་ཁྱོད་མ་གནོད་དེངས་ཞེས་བརྗོད། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་སོགས་བརྗོད། །དཀར་པོ་ཡིན་ན་དེ་གས་འགྲོ་བར་བཤད། །དེས་ཀྱང་མི་འགྲོ་རྣམས་ལ་གཏོར་རྒྱག་སྟེ། །གསེར་སྐྱེམས་འདོན་


CMR028_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་གསེར་སྐྱེམས་ཐོར་དུ་ཆུག །དེ་ནས་སྲུང་མདུད་འཁོར་ལོ་ལ་སོགས་ལ། །རང་ལ་མགོ་བསྟན་སྔས་བཞག་ཉལ་བཅུག་སྟེ། །གཞོག་གཡས་སར་ཕབ་གོས་ཀྱང་མཐུག་པར་བཀོན། །རང་ཉིད་ལེགས་ལྡན་བསྐྱེད་རིམ་ང་རྒྱལ་བསྐྱེད། །ནད་པའི་རྐང་མཐིལ་ཐིག་ལེ་དཀར་དམར་གཉིས། །ཡར་སོང་ལྟེ་འོག་དབུ་མའི་ནང་དུ་འདྲེས། །ནད་པའི་བླ་སྲོག་ཚེ་དང་བསོད་ནམས་དང་། །དབང་ལྷ་བསྟིམ་པའི་བྱིན་རླབས་ཀུན་འདུས་པ། །ཐིག་ལེ་དཀར་དམར་མདངས་ལྡན་བཀྲག་མདངས་ཅན། །མ་སར་བྱ་ཡི་སྒོ་ང་ཙམ་པ་དེ། །རིམ་པར་སྙིང་ཁ་མགྲིན་པ་སྤྱི་བོ་ནས། །ཕཊ་ཅེས་རྒྱངས་སེ་ནམ་མཁར་སྤུར་བ་དེ། །ནམ་མཁར་གྲུབ་ཆེན་པཀྴི་བཞུགས་པ་ཡི། །ཐུགས་ཀར་གཏམས་པའི་ཚུལ་གྱིས་བསྟིམ་ལ་བཞག། །སྨྱོ་རྒོད་ཡིན་ན་རྣམ་ཤེས་སྤྱར་མི་རུང་། །སྨྱོ་འདྲེ་རྣམ་ཤེས་གཉིས་པོ་འདྲེས་ནི་ཡོད། །རྣམ་ཤེས་སྤར་རིམ་མི་སྤར་གང་བྱེད་ཀྱང་། །དེ་ཡི་ལུས་པོ་ལྕགས་ཁོང་གྲུ་གསུམ་པ། །དེ་ནང་གདོན་དེ་ལིང་གའི་ཆ་ལུགས་ལ། །སྙིང་གར་དྲི་ཡིས་མཚན་པ་གསལ་བར་དམིགས། །དེ་དག་རྟག་ཏུ་མི་བརྗེད་བསྒོམས་པས་འཐུས། །དེ་ནས་དམར་གཏོར་ཐམས་


CMR028_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བྲན་བྱས་ལ། །ཐུན་གཏོར་སྐབས་ཀྱི་འགུགས་པ་བྱས་པའི་རྗེས། །ལྷ་ཚོགས་སྤྱི་ལ་ཤཱ་ས་ན་ཡིས་བསྔོ། །དེ་ནས་ནད་པའི་ལུས་ལ་གདོན་བཀུག་སྟེ། །ན་མོ་རྗེ་བཙུན་ཞེས་པ་ནས་བཟུང་ནས། །ཁྱད་པར་དུ་བོར་ཐུན་གཏོར་བཀུག་གཞུག་སྟེ། །ནད་པ་འདི་ཡི་དང་པོ་ནད་ཀྱི་སྣ་འདྲེན་པ། །བར་དུ་ནད་ཀྱི་ཚང་བཅའ་བ། །ཐ་མ་ནད་ཀྱིས་སྲོག་འཕྲོག་པར་། །བྱེད་པའི་གདོན་བགེགས་བྱད་མ་ཞེས་པ་ནས། །དྲག་པོ་ཐུན་གྱི་གཏོར་མ་མི་ཟེར་བར། །གཟུགས་ཀྱི་ཕུང་པོ་འདི་ལ་ཞེས་པ་སྦྱར། །གནེ་ཧོ་བར་བཀུག་གཞུག་ལན་གསུམ་བྱ། །བསྐུལ་པ་མཇུག་ནས་ཡར་ལ་འདོན་པ་སྟེ། །ཆོས་སྐྱོང་ཆུང་ཆུང་སྔོན་ལ་འདོན་པ་དང་། །ཆེ་ཆེ་རྗེས་ན་བཞག་པ་དམག་ཐབས་ཡིན། །བསྐུལ་པ་འདོན་ཚེ་གཏོར་མ་ལྷ་དེས་གསོལ། །གསོལ་ལྷག་མེ་དཔུང་ཆེན་པོར་གྱུར་པ་སྟེ། །རྒྱབ་པས་ནད་གདོན་གཞོབ་ཐུལ་བསྲེགས་པར་བྷེ། །གཏོར་མ་རྒྱོབ་ཁ་སོ་སོར་མེ་རུ་སྦར། །སྔགས་ཡོད་རྣམས་ལ་སོ་སོའི་སྔགས་ཀྱིས་བརྒྱབ། །མེད་ལ་སྤྱི་སྔགས་ཤཱ་ས་ན་ཡིས་རྒྱབ། །བྷྱོ། བཀའ་ཡི་ཚོགས་དང་བཅས་ཉིད་སོགས། །བརྟན་མའི་དམར་གཏོར་གཅིག་རྒྱབ་བོ། །ཧཱུཾ། རྡོ་རྗེ་དབང་


CMR028_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་མ་བདུན་སོགས་གྱེར། །ཉམས་པའི་གདོན་དང་ལྷན་ཅིག་བཞེས་ཞེས་བསྒྱུར། །དབང་ཕྱུག་ཉེར་བརྒྱད་གཏོར་མ་གཅིག་རྒྱབ་བོ། །ཧཱུཾ། དབང་ཕྱུག་ལྗང་སྔོན་ལ་སོགས་བཙན་རྒྱབ་སྟེ། །གདོན་ལ་ཁྲམ་ཁ་དི་རི་རི་སོགས་སྦྱར། །དྲེགས་པ་དོན་གཉིས་གཏོར་མ་གཅིག་རྒྱབ་བོ། །དེ་བཞིན་དབུགས་ལེན་ཡབ་ཡུམ་བཅུ་དྲུག་དང་། །ཟས་སུ་གདོན་བགེགས་ཤ་ཟོ་ཞིག །སྐོམ་དུ་གདོན་བགེགས་ཁྲག་འཐུང་ཞིག །ཅེས་བསྒྱུར་བཅུ་དྲུག་ལ་གཅིག་རྒྱབ་བོ། །རཀྟ་ལ་སོགས་སྲིན་མགོན་ཡབ་ཡུམ་ལ། །གང་ལ་དམིགས་པའི་གདོན་བགེགས་རྣམས། །གདོན་བགེགས་ལུས་སྲོག་རྡུལ་དུ་རློགས། །དམ་ཉམས་གདོན་བགེགས་ལས་ངན་འདིའི། །ཞེ་སྡང་ཆེན་པོས་གདོན་བགེགས་འདུལ། །གང་ལ་དམིགས་པའི་གདོན་བགེགས་རྣམས། །ཞེས་བསྒྱུར་སྲིན་མགོན་སྔགས་ཤམ་དུ། །གདོན་བགེགས་མཱ་ར་ཡ་ཧཱུྃ་ཕཊ་ཅེས། །དྲག་ཏུ་བརྗོད་ཅིང་གཅིག་བརྒྱབ་བོ། །ཕོ་བྲང་མཁའ་སྤྱོད་ཙཱ་རི་དམར། །མཚོན་ཆ་མང་པོ་བགེགས་ལ་འདེབས། །དམ་ཉམས་གདོན་བགེགས་སྒྲོལ་ལ་ཤོག །རྩ་སྔགས་ཤམ་དུ་གོང་ལྟར་རྒྱབ། །དེ་ནས་མགོན་པོའི་གཏོར་མ་ལ། །བྱང་


CMR028_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་དུར་ཁྲོད་མ་དེ་གྱེར། །དེ་ནས་གཏོར་མ་ལག་ཏུ་བཟུང་། །འདས་དང་མ་བྱོན་མ་གྱེར་ཞིང་། །ཁྱོད་ནི་ཉམས་པར་འགྱུར་གྱི་མཇུག །ཤཱ་ས་ན་ནི་དྲག་ཏུ་བརྗོད། །རྦད་སྔགས་ཨཱ་རལླི་བརྗོད་རྒྱབ། །སྨྱོ་རྒོད་ཡིན་ན་རང་ལངོས་ལ། །རྐང་པ་གཡོན་པས་མགོ་མནོན་ནས། །ལྷམ་དང་དར་ནག་ཆོས་གོས་རྒྱབ། །རྡོ་ཐུན་ཡོད་ན་སྔགས་བཟླས་བྲབ། །དེ་ནས་ཡུད་ཙམ་ཉམས་ལེན་བསྐྱང་། །ནམ་མཁའི་ཐིག་ལེ་མར་ཕབ་ལ། །སྤྱི་བོའི་གཙུག་ནས་སྙིང་གར་བསྟིམ། །དེ་ནས་ཕྲེང་བ་མགོར་བཞག་ལ། །མགོན་པོ་ཡབ་ཡུམ་རྩ་སྔགས་མཇུག །བཛྲ་རཀྵ་རཀྵ་བརྗོད། །སྲུང་འཁོར་སོགས་བཀོན་མལ་སར་བཏང་། །དེ་ནུབ་གཏོར་འབུལ་མི་བྱ་ཞིང་། །སྲུང་ཟློག་སྔགས་དམིགས་མི་བྱ་བར། །དམིགས་མེད་ཉམས་ལེན་ངང་ལ་ཉལ། །ཕྱིར་ནངས་ཚེ་དབང་བསྐུར་བར་བྱ། །ལས་ནད་འཆི་ནད་མ་གཏོགས་པའི། །ནད་པ་གདོན་ཆེན་གང་ལ་ཡང་། །ཕན་པའི་ལག་བླང་གྲངས་མང་ངོ་། །གདོན་ཆེན་གལ་ཆེན་མ་གཏོགས་པའི། །གཞན་ལ་དེ་ལྟར་མི་རུང་སྟེ། །འབྲོག་པའི་སྦྱིན་བདག་བླུན་པོ་རྣམས། །བདེ་རིམ་ལ་ཡང་གཏོར་ཁ་འདི། །མ་བསྟན་ན་ནི་མི་ཚིམས་ཟེར། །དེ་


CMR028_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རྣམ་རྟོག་དགག་པའི་ཐབས། །དམར་གཏོར་མི་ཡི་ལོ་གྲངས་བཅའ། །གསེར་སྐྱེམས་དཀར་བགེགས་མི་དགོས་ཏེ། །མདུན་དུ་ཁོང་རྣམས་འདུག་བཅུག་ལ། །ཁོང་རྣམས་རྒྱབ་དེར་ཆོས་སྐྱོང་བསྒོམ། །དེ་ཡི་ཞལ་དུ་ཕུལ་བར་བསྒོམ། །སྟེང་ངམ་པང་དུ་གཏོར་མ་རྫོངས། །མི་གྲངས་བདུན་ལས་མང་འདུག་ན། །ཕྱོགས་བཅུ་མགོན་པོ་ལ་ཡང་གཅིག །བྱང་ཕྱོགས་དུར་ཁྲོད་འདས་མ་བྱོན། །སོ་སོར་ཕྱེ་ན་གཏོར་མ་དགུ། །གཏོར་མ་དེ་ནི་བཟའ་ཡང་རུང་། །གཏོར་རྒྱོབ་དངོས་ཀྱི་གཏོར་མ་ནི། །སྨྱོན་པས་ཟོས་ན་ཕན་མི་ཐོག་གཞན་ལ་མི་འཁྱུར་མེ་ལ་བསྲེགས། །མ་འཕྲོད་བྱ་ཁྱིར་སྦྱིན་རུང་ཙམ། །རྩང་རྣམས་ངེས་པར་བསྲེགས་དགོས་ཏེ། །ཡུལ་མི་སྒོ་ནོར་ལ་བཏགས་ན། །གཤེད་ཁ་ལ་སོགས་གདོན་ཁོག་ཟེར། །བསྐུལ་པ་གཞན་རྣམས་མི་རུང་སྟེ། །དགྲ་ལ་རྦད་པ་ཁོ་ནའི་ཕྱིར། །ཚིག་གི་བསྒྱུར་ཐབས་དཀའ་བར་གདའ། །ལྷ་མོའི་གཏོར་མ་རྒྱབ་ན་ནི། །ཕ་རོལ་པོ་ལ་ཕན་ན་ཡང་། །ལྷ་མོ་ཇེ་རག་ཆེ་བའི་ཕྱིར། །ཕ་རོལ་ཉམས་གྲིབ་རང་ལ་འགོས། །ལུས་མི་བདེ་ཞིང་ནད་ཀྱིས་ཟིན། །དེ་ཕྱིར་ལྷ་མོ་མི་གླེབ་པར། །སློབ་དཔོན་མཁས་པའི་གསུང་


CMR028_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཡིན། །བདུད་མོ་བླ་མས་བསྐུལ་བའི་ཕྱིར། །ཕག་ལོ་རྒྱལ་ཟླའི་གནམ་གང་གི །ཕྱི་དྲོ་རཱ་ག་ཨ་སྱས་སྨྲས། །དགེ་སློང་ཆོས་དགས་ཡི་གེར་བཀོད། །ཉེས་འགལ་ལྷ་དང་སྲུང་མར་བཤགས། །དགེ་བས་སློབ་མ་བརྒྱུད་པར་བཅས། །འཚོ་བ་སྦྱར་བའི་ཡོན་བདག་རྣམས། །བདུད་བཞིའི་གཡུལ་ལས་རྒྱལ་བར་ཤོག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཆིག་བརྒྱུད་མགོན་པོའི་ཞལ་གདམས་གབ་སྐུང་ཕུད་པ་མན་ངག་ཤོག་དྲིལ།


CMR028_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཆིག་བརྒྱུད་མགོན་པོའི་ཞལ་གདམས་གབ་སྐུང་ཕུད་པ་མན་ངག་ཤོག་དྲིལ་ནི།


CMR028_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་མགོན་པོའི་ཐན་འགྱེད་ནི། །ཐན་འགྱེད་དུག་མདའི་ཞལ་ཤེས་གཞན་མེད་ཅིང་། །འོན་ཀྱང་དགྲ་བོ་ཆེ་ཐན་ཕོབ་ཚེ། །ཆེ་ཟེར་དུས་དགྲ་བོའི་མིང་བརྗོད་དགོས། །དགྲ་ལ་ངེས་མེད་ཀ་ཆ་ཤོར་བའམ། །དགྲ་མིང་མ་ཤེས་ན་ནི་ཀ་ཆ་སོགས། །གང་ཤོར་ས་ཆ་དེ་ཡི་མིང་བརྗོད་ནས། །ཡུལ་ནི་སྨྲེ་ཀ་ཆ་འདི་ཁྱེར་མི། །གནོད་འཚེ་ཟླ་སྐྱེལ་མི་ཐན་ཕོབ་ཕོབ། །བསྒྱུར་ཁ་བྱས་ཤིང་སྔགས་རིང་འདོན་པར་བྱ། །གོང་དུ་མཚལ་མ་འདོན་ནི་ཅེས་ཀྱང་དགོས། །ཤར་ཕྱོགས་དམག་རྒྱལ་བསྐུལ་འདོན་གཏོར་ཟོར་འཕེན། ༈ །ཁྲེས་པོ་ཁ་སྲུང་གབ་རྐུང་གཞན་མེད་


CMR028_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

དེ། །རྐུན་མ་ལ་སོགས་ཞལ་ཤེས་དགོས་ཟེར་བ། །ལིང་ག་སྤྱི་མཐུན་བྲི་དུས་དགྲ་བོ་ཡང་། །ངོས་ཟིན་མེད་དམ་མིང་ནི་མ་ཤེས་ན། །ས་ཆ་ཡུལ་མིང་འདི་ཞེས་བྱ་བ་ལས། །ཀ་ཆ་དཀོར་ནོར་རྒེ་ཁྱེར་མི་ལ། །ལིངྒའི་མལ་དུ་དེ་ལྟར་བྲིས། །འགུགས་གཞུག་དུས་དང་གཏོར་མ་འཕང་བའི་ཚེ། །རྗེ་ཟེར་བ་རྣམས་ལ་དེས་རིགས་འགྲེ། ༈ སྦྱིན་སྲེག་སྔགས་དང་དམིགས་བསྒྱུར་ཁ་ཤེས་དགོས་ཀྱང་། དྲག་པོའི་སྦྱིན་སྲེག་ལྷ་སྔགས་མཐར། ཡམ་ཤིང་སྔགས་དང་དགྲ་བོ་ཆེའི་གཟི་བརྗིད་ཕུན་སུམ་ཚོགས་པ་མཱ་ར་ཡ་ཕཊ༔ ཅེས་སྤེལ་ཚིག་རིགས་འགྲེས་ཐམས་ཅད་ཤེས་པར་


CMR028_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །བསྲེག་རྫས་ཡམ་ཤིང་མར་ཁུ་ཉ་བོ་དང་། །ཤོག་ལིང་གཏུབ་པའི་དུམ་བུ་ཡུངས་ཀར་སོགས། །གང་འཐད་རིགས་པས་ཕྱེ་ཤེས་དམིགས་པ་ཀྱང་། །རི་ཆོས་དྲག་པོའི་སྦྱིན་། སྲེག་སྤྱི་དང་མཐུན། ༈ །ཕུང་རེ་དགྲ་འདྲེས་བཏབ་པའི་བདག་མེད་དེ། །རོ་རུལ་རྙེད་ན་ལིང་ག་བཏུམ་པའི་གོས། །གཏོར་ནག་པར་བུ་གཞུག་པར་བྱ་བ་སྟེ། །ལིང་ག་གཉིས་པ་ཁ་སྦྱོར་ཞལ་ཤེས་བྱ། །བསྡུས་པ་ལིངྒ་སྤྱི་མཐུན་མིང་ཡིག་ཅན། །གཅིག་བྲིས་གཏོར་མའི་འོག་ཏུ་བཞག་པས་འཐུས། །ལིངྒའི་དཔྲལ་བར་རུས་བྲིས་སྙིང་གར་མིང་། །འདོམས་སུ་བླ་རྟོགས་འབྲི་དགོས་གསུངས་ན་ཡང་། །དེ་ལ་རུས་ལ་ངེས་མེད་ཆ་ཆོད་དཀའ། །རུས་མིང་གཏད་ཀྱང་ཡིན་པའི་ངེས་པ་མེད། །ངེས་མེད་མི་ལ་ཁ་སྦྱོར་བྱས་ན་ཕུང་། །བླ་ནི་གདོང་ལ་ཤ་བ་གླ་བ་སོགས། །བླ་རྟགས་གང་ཡིན་ཟེར་བ་བྲི་བའམ། །དེ་ཡང་ངེས་པར་ཤེས་མི་དཀོན་པའོ། །མ་ཤེས་བཞིན་དུ་ལས་སྦྱོར་ཉེས་པ་ཆེ། །དེ་ཕྱིར་རུས་ནི་གལ་ཏེ་མ་ཤེས་ན། །རུས་ཀྱི་མལ་དུ་ཕ་ཡི་མིང་དེ་སྨོས། །བླ་རྟགས་མ་ཤེས་མ་ལ་གང་མིང་སྨོས། །དེ་ཡང་ཕ་ནི་འདི་ཞེས་བྱ་བའི་བུ། །འདི་ཞེས་བྱ་བའི་མ་ཡི་བུ་ཞེས་བྱ། །འགུགས་


CMR028_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག་ལྷ་དབྱེ་མགོན་པོའི་ལས་འགྲིགས་ལྟར། །སྔགས་ཐེམ་མན་ངག་ལས་གསུངས་བསྙེན་སྐབས་བཞིན། །དགྲ་བགེགས་མཱ་ར་ཡ་ཕཊ་ཀྱི་ཚེ། །བགེགས་ནི་མི་བརྗོད་ཕ་རོལ་དགྲ་ཡི་སྨོས། །ཡང་ན་དགྲ་བོ་མཱ་ར་ཡ་ཕཊ་ཅེས་འདོགས། ༈ །སྦྱིན་སྲེག་སྔགས་ཀྱི་བསྒྱུར་སོ་སྔར་ཤེས་བཞིན། །རོ་གཡམ་ཞེས་པ་དུར་རྡོར་རྒྱ་གྲམ་བྲིས། །གཏིང་རྡོ་བཏགས་འཕེན་ཞེས་བྱ་འདི་ལྟ་སྟེ། །རི་གཉན་མཚོ་གཉན་དགྲ་བོ་གཏད་པའི་སྐྱོན། །ས་བདག་ཀླུ་གཉན་ཞེ་ནག་གདུག་པའི་སྐྱོན། །དང་པོ་དགྲ་བོ་ཕོ་རྒྱུད་མོ་རྒྱུད་ནི། །མིང་ཙམ་མེད་པར་མ་ཟད་བར་དུ་ཟ། །དེ་ནས་གཏད་མནན་མཁན་གྱི་སྔགས་པ་ཡི། །ཕོ་རྒྱུད་མོ་རྒྱུད་རིགས་རུས་མཐུན་ཚད་ནི། །མ་ཟད་བར་དུ་མིང་ཙམ་མེད་པར་ཟ། །རང་གཞན་གཉིས་ཀ་ཕུང་བ་ཐེ་ཚོམ་མེད། །སྔར་ཡང་དེ་འདྲ་མཐོང་ཐོས་མང་བའི་ཕྱིར། །མཚམས་མནན་འདི་ལ་ཉེས་པ་ཆེན་པོ་ཡོད། །ཁ་ལག་འབྲེལ་ཚད་དམྱལ་བར་ལྷུང་བའི་ཕྱིར་། །མཚམས་མེད་ལྔ་ལས་ཀྱང་ནི་འདི་སྡིག་ཆེ། །དེ་ཕྱིར་མཐུ་གཏད་སྔགས་འཁོར་གཏད་མནན་སོགས། །རང་ལ་འགགས་ཐུག་སྡུག་བསྔལ་ཅི་བྱུང་ཡང་། །ཡིད་ལ་དྲན་པ་


CMR028_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཡང་བྱ་མི་རུང་། །ཅི་ཕྱིར་མི་ལུས་ཐོབ་པ་ཉིན་སྐར་ཙམ། །ཤེས་བཞིན་དམྱལ་བར་བཏུང་བ་འདི་ཕོད་དམ། །ཆོས་སྐྱོང་ལས་སྦྱོར་འདི་དག་རུང་མི་རུང་། །ཞིང་བཅུ་ཚང་བའི་དགྲ་བོ་ཡིན་ན་རུང་། །དེ་ཡང་རང་གཞན་མང་པོར་མི་གནོད་པར། །ཞིང་བཅུ་ཚང་བའི་དགྲ་བོ་གཅིག་པུ་ཡིན། །ལིངྒ་མིང་ཡིག་བྲིས་པ་འདི་ཟོ་ཞིག །དེ་ནས་ས་ཟོ་རྡོ་ཟོ་ཟེར་བ་བྲིས་། །མན་ངག་འདི་ལྡན་རིང་ལ་མི་གནོད་ཅིང་། །ཕ་རོལ་དོན་མེད་མི་ལ་མི་གནོད་ཅིང་། །མན་ངག་འདི་ཡང་འཛམ་གླིང་ཙམ་ན་ཉུང་། །འོན་ཀྱང་དགོས་པ་སྤུ་ཙམ་མེད་ན་ཡང་། །གསང་སྔགས་ཕྱག་ལེན་བརྒྱུད་པ་མ་ཆད་ཙམ། །བྱང་ཆུབ་སེམས་ལྡན་སྣོད་ལྡན་རེ་ཙམ་སྤེལ། །མང་དུ་སྤེལ་ན་རླུང་ཕྱོགས་བརྗོད་མི་རུང་། །སློབ་བུ་སྙིང་འདྲ་བརྩོན་འགྲུས་རྒྱ་མཚོ་ལ། །གབ་ཚིག་ཞལ་ཤེས་གབ་སྐུང་ཕུད་པ་འདི། །སུ་ལ་མ་སྤེལ་ངག་གསང་དམ་དུ་ཆོད། །དོན་མེད་ལས་འབྲས་དམྱལ་བར་ལྟུང་ཉེས་ཆེ། །འདི་འདྲའི་ཉེས་མཆིས་ཆོས་སྐྱོང་ཚོགས་ལ་བཤགས། །དགེ་བས་ཆོས་བརྒྱུད་བསྟན་པ་མཐར་རྒྱས་ཤིང་། །ཕྲིན་ལས་རྣམ་བཞི་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་རིག་སྔགས་འཆང་བ་ཨ་རཱ་གས་སོ།། །།

དཔལ་མ་མགོན་གྱི་མན་ངག


CMR028_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མ་མགོན་གྱི་མན་ངག་བདུད་མོ་དར་རྒྱས་ཀྱིས་ཞུས་ངོར་ཨ་རཱ་གས་གདམས་པ།། ༈ ཕཊ་ཧཱུྃ་ཡ་རཱ་མ་ཆེ་གེ་མོ་ན་ཀེ་མེ་ན་དི། ཙ་པ་ཙ་པ། ཧ་ད་ཧ་ད། ན་ཧ་ན་ཧ། །དྷ་བྷན་དྷ་བྷན། ཎ་ཧ་གྲི་ཎ་ཧ་གྲི། ར་མ་ར་མ། ཧི་ཁཱ་ཧི་ཁཱ། ཁ་ཁ་མི་ན་དྷ། སི་བྷ་ཝ། དེ་ཏཱཾ་ཤ་ཊྭཱཾ་དུཥ་མ་མ་དོ་ཨི། དྭ་ཏ་སི་ར་སྨ་ཉྫཏི་པྲ་ཏི་ཡ། ཊྭཱཾ་རི་ཀ་པ་ཨ། ཡ་ཡཱ་ཏྲ་ཎཱ་རད་མི་དྷ། ཏ་བི་ཏྲི་རུ་ཐ་ཏ་ཅུ་ཤ་ཊ་དུཥ་ལ། ཧ་ས་པ་ཚལ་ཀ་རིག་དུམ་དུམ། ཡཾ་ལོ་ཀ་མ་ཙི་པན་ཥ་ཨེ་ཎ་རི་ཀ་པ་ཨུ། ནཾ་ས་ཤ་ཡ་ལ་ཀ་ལ་ཀ་ཧ་མ་ཨོ་བྷོ་མ་ཏིང་དུན་ཀ་རག་ཏྲག་ཨོ། གནད་འབེབས་ཀྱི་སྔགས་འདི་བློ་ལ་འཛིན་མི་རུང་། ༈ ཡང་འདིའི་མན་ངག་གཅིག་ལ་རྣལ་འབྱོར་པས་སྔོན་དུ་མ་མགོན་གྱི་བསྙེན་སྒྲུབ་མང་དུ་ཐེམས་ཤིང་། འགྲུབ་པའི་རྟགས་ཐོན་ངེས་གཅིག་ལ་གློ་བུར་དུ་དགྲ་བྱུང་ན། ལས་སྦྱོར་སྒྲུབ་པ་སོགས་ཀྱི་ལོང་མེད་པར་ཆད་གོས་བྱུང་ན། དམར་གཏོར་ཆེ་ལེགས་གཅིག་བཤམས་ལ་མཚལ་མ་ཚར་གཅིག་བཏང་། དེ་ཝོང་པིད་ཉ་སོགས་གཞུང་གི་བསྐུལ་པ་རྣམས་འདོན། བཟློག་སྔགས་འདི་འཛིན་བྱང་དཔིད་ལ་འདྲེན་ཆེན་དཔིད་ཚུ་ཝ་ཝ་ཛི་ལ། དེ་ནས་ཕྱི་རོལ་དུའམ། སྟབས་གར་བདེ་ཞིག་ནས། དགྲཕྱོགས་སུ་ཁ་གྲུ་ལ་བཞེས་འབོད་བྱ། སྔགས་དེ་ཤིང་བྱང་ངོས་ནས་ཚར་བདུན་ནམ་ཉེར་གཅིག་སོགས་བཏོན་ལ། དང་པོ་ཤིང་


CMR028_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དེ་འཕང་། དེ་ཡི་རྗེས་ནས་གཏོར་མ་འཕངས། དེ་ནས་དར་ནག་བརྡབ། དེ་ནས་ཆོས་གོས་རང་གི་དུག་པོ་མགོ་མཇུག་བཟློག་ལ་ལན་གསུམ་བརྡབ། དེ་ནས་ཕྱི་མིག་མི་བལྟ་ཚུར་འོང་རྗེས་ནས་ཤིང་བྱང་བླངས་ལ། ཤིང་བྱང་གྲིས་བཞར་ཏེ་ཕྱེ་མ་དགྲ་ཕྱོགས་སུ་བཏབ། དེ་ལྟར་བྱས་པས་རང་གི་ལྷ་དེ་འགྲུབ་ངེས་ཡིན་ན་རབ་ཞག་གཅིག །འབྲིང་ཞག་གསུམ་མམ་ལྔ། ཐ་མ་བདུན་ལས་མི་འགྱང་བར་རྟགས་དང་ཆོ་འཕྲུལ་སྣ་ཚོགས་དགྲ་ལ་འོང་། འདི་ལ་གློ་བུར་ལས་བཅོལ་གཏོར་མའི་རྣོ་སོ་སྙན་བརྒྱུད་ཡི་གེ་མེད་པ་སྟེ། དེ་རིང་ཡི་གེ་བཀོད་པ་ཁྱེད་ལ་ཐགས་རིང་ཞིང་དཀའ་ལས་ཆེ་བའི་ཚག་རིན་ཡིན། གཞན་ལ་མ་སྤེལ་ས་མ་ཡ། དབོན་རྒྱུད་སོགས་ལ་གཅིག་བརྒྱུད་ནི་བསྟན་པའི་བརྩིས་སོ། །ཨྠྀི། བདུད་མོ་བླ་མར་ཨ་རཱ་གས་གདམས་པའི་མན་ངག་གོ །ས་མ་ཡ། རྒྱ་རྒྱ་རྒྱ། རྒྱ་རྒྱ་རྒྱ།

བསྒྲལ་ལས་ཀྱི་མན་ངག་ཞལ་ཤེས།


CMR028_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་དཀར་ནག་མཚམས་སུ་དམིགས་བྱའི་རྣམ་ཤེས་ནི་སྔོ་ལྗང་མར་མེ་འཆི་ཁའི་འོད་ལྟར་གསལ་བ་ལ་ཕུར་པ་བཏབ་པས། ནག་ཐུམ་གྱིས་སོང་། ༈ ཚེ་ལུང་ཁྲུས་ལུང་ནི། བདག་མགོན་པོ་ཡབ་ཡུམ་དུ་གསལ་བའི་གནས་གསུམ་ཨོཾ་ཨཱཿཧཱུྃ་ལས་འོད་ཟེར་འཕྲོས་ཁོ་ཡི་སྙིང་ཁར་ནི་ལྗང་གསལ་བཀྲག་མདངས་དང་ལྡན་པ་དེ་ལ་ལུས་ངག་ཡིད་ཀྱི་ཚེ་བསོད་ནམས་བཀྲག་གཟི་བརྗིད་དྭངས་མ་ལྔ་ནི་དང་བཅས་པ་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་འུབ་གྱིས་ཚུར་བསྡུས་ནས། འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་ཤེས་ཕུར་པའི་ཁོང་སེང་ནས་བརྒྱུད་དེ་ཡི་གེ་གསུམ་གྱི་ངོ་བོར་གྱུར་ནས་རང་གི་གནས་གསུམ་ལ་ཐིམ་པས། རང་ཉིད་བཀྲག་གཟི་མདངས་ཤིན་ཏུ་རྒྱས་པར་གྱུར་པར་བསམ། ༈ ཚེ་ལུང་ཁྲུས་ལུང་ནི་དམིགས་པས་དགྲ་བོའི་སྙིང་དཀར་ནག་མཚམས་སུ་ནི་སྔོ་ལྗང་གསལ་བ་ལ་ཕུར་པ་བཏབ་ཅིང་གཟིར་ནས། བདག་མགོན་པོ་ཡབ་ཡུམ་གསལ་བའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། དགྲ་བོའི་ལུས་ངག་ཡིད་གསུམ་བཀྲག་གཟི་མདངས་ཚེ་བསོད་ནམས་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་འུབ་ཀྱིས་བསྡུས་ནས།


CMR028_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཡི་གེ་གསུམ་ལ་རྣམ་པ་འོད་ཟེར་དཀར་དམར་མཐིང་གསུམ་ཚུར་དུ་ཕུར་རྩེ་ནས་ཕུར་པའི་ཁོང་སེང་ནས་བརྒྱུད་དེ་ཚུར་བྱུང་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས། སྐུ་གསུང་ཐུགས་མཐུ་སྟོབས་གཟི་བྱིན་བཀྲག་མདངས་ཕུན་སུམ་ཚོགས་པ་དང་ལྡན་པར་བསམ། ཁོ་ཡི་རྣམ་པར་ཤེས་པ་མར་མེ་འཆི་ཁ་ལྟ་བུ་དེ་ནག་ཐུམས་སེ་སོང་བར་བསམ། སརྦ་མངྒ་ལཾ།།

མགོན་པོའི་ལས་མཐའི་སྐོར་གབ་རྒྱ།


CMR028_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་ལས་མཐའི་སྐོར་གབ་རྒྱ།


CMR028_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཤྲཱི་མ་ཧཱ་ཀཱ་ལ་ཡེ། ཡེ་ཤེས་མགོན་པོའི་ལས་ཚོགས་སྙན་བརྒྱུད་ནི། །སྔོན་ཆད་ཡི་གེ་མེད་པའི་ཡི་གེའི་སྐོར། །མགོན་པོ་འཁོར་བཅས་བཀའ་ཡི་གནང་བ་སྩོལ། །ས་གནས་བྱང་ཆུབ་སེམས་དཔའ་ཆེན་པོ་དང་། །རྟོགས་པ་མཆོག་དང་ལྡན་པའི་རྣལ་འབྱོར་ལ། །མི་ངན་ཕལ་གྱིས་བརྙས་ཤིང་དོ་བསྡོས་ལ། །དེ་ཡི་སྟོབས་དང་བསོད་ནམས་ཉམས་པའི་ཐབས། །རང་ཉིད་སྐད་ཅིག་འཕགས་པ་སྤྱན་རས་གཟིགས། །ཕྱག་སྟོང་སྤྱན་སྟོང་སྐུ་རུ་དྲན་རྫོགས་སྒོམ། །དེ་ཡི་གནས་ལྔ་རྒྱལ་བ་རིགས་ལྔ་བསྒོམ། །བ་སྤུའི་བུ་གར་བསྐལ་བཟང་སངས་རྒྱས་སྟོང་། །ཐམས་


CMR028_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བཞེངས་ཏེ་ཐལ་མོ་སྦྱར་བར་བསྒོམ། །དངོས་སམ་ཡང་ན་ས་ཐག་རིང་སམ་ནས། །རང་ཉིད་སྐུ་ཆེ་ནམ་མཁའ་གང་བ་དེས། །དགྲ་དེ་ཁོ་རང་ས་ཆ་གར་ཡོད་དེར། །རང་གི་མདུན་དུ་མངོན་སུམ་ཡོད་པར་དམིགས། །རང་ལུས་ལྷར་གསལ་ཁོ་ལ་ཕྱག་དགུ་འཚལ། །ཁོ་ཡི་མིང་ནས་བརྗོད་ཅིང་བརྒྱ་ཕྱག་འཚལ། །དེ་ནས་དུས་བཟང་དུས་སུ་ལན་འགའ་བྱ། །གལ་ཏེ་རང་ཉིད་ས་ཐོབ་མིན་པ་ཡི། །རྟོགས་པ་མཆོག་དང་ལྡན་པ་མ་ཡིན་ན། །ཐུབ་དབང་གསེར་སྐུ་བྱིན་རླབས་ལྡན་པ་གཅིག །རང་གི་སྣམ་ཕྲག་གཅིག་ཏུ་བཅུག་པར་བྱ། །སྡུད་པ་ལ་སོགས་བཀའ་ཡི་གླེགས་


CMR028_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

བམ་ཞིག །རང་གིས་ཁུར་རམ་རང་གིས་སྣམ་ཕྲག་བཅུག །དེ་ནས་བརྒྱ་ཕྱག་ལ་སོགས་ཅི་མང་མཚལ། །དེ་བྱས་ཁོ་ཡི་ཕོ་ལྷ་དགྲ་ལྷ་དང་། །མགོན་སྐྱབས་བྱེད་པའི་ལྷ་ཀུན་དཔག་ཚད་བྲོས། །ཁོ་ཡི་བསོད་ནམས་དབང་ཐང་ཁ་རྗེ་ཟད། །དཔེར་ན་ཆུ་བཅད་པ་ཡི་ཉ་བཞིན་དུ། །ཇེ་ཆུང་ཇེ་མེད་ཇེ་ངན་རྗེས་མེད་འགྲོ། །གཏད་མནན་རྫས་ངན་བརྒྱ་བས་དེ་ཉིད་ཟབ། །བདེན་པའི་སྟོབས་ཡིན་དེ་ལ་བཟློག་རྒྱུ་མེད། །བསྟན་ལ་གནོད་དང་བླ་མའི་སྐུ་དགྲ་དང་། །རང་གི་སྲོག་ལ་བསྡོ་བ་མ་གཏོགས་པ། །འདི་བྱས་མཚམས་མེད་ལྔ་ཡི་སྡིག་དང་མཉམ། །ཅི་ཕྱིར་སེམས་ཅན་བློས་བཏང་བྱང་སྡོམ་འཆོར། །སེམས་ཅན་དེ་ལ་གནོད་པ་ཆེར་གྲགས་པས། །ཆོས་ལ་སྐྱབས་སུ་སོང་བའི་སྡོམ་པ་འཆོར། །བོན་ཀྱང་སངས་རྒྱས་བསྟན་ལ་གནོད་ངེས་དང་། །དམ་ཆོས་སྒྲུབ་ལ་བར་ཆད་བྱེད་ངེས་ན། །བསྒྲལ་ཞིང་ཚང་ན་ངའི་ཉིད་བྱ་རུང་ཞིང་། །ཚེ་འདིར་ཁོ་ཡི་ཁ་རྗེ་སྐམ་པ་དེ། །ཁོ་ཡི་སྡིག་འཕྲོ་གཅོད་ཅིང་བསྟན་ལ་ཕན་པ་དང་། །མ་འོངས་སྐྱེ་བ་གཞན་དང་གཞན་དག་ཏུ། །ཁོ་ཉིད་རང་གི་རྗེས་སུ་བཟུང་བྱས་ཏེ། །རིམ་གྱིས་བྱང་ཆུབ་ལམ་ལ་འགོད་པ་ཡིས། །ཐོག་མར་སེམས་བསྐྱེད་


CMR028_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་སྨོན་ལམ་བཏབ། །དེ་བྱས་རང་ལ་ལྟུང་བ་མི་འབྱུང་ཞིང་། །སྐྱེ་བ་གཞན་དུ་ཁོ་ལ་ཕན་ཐོགས་ངེས། །འདི་འདྲ་གདམས་ངག་སྔོན་ཆད་ཡི་གེ་མེད། །སློབ་དཔོན་མཁས་པའི་སྙན་བརྒྱུད་ཁོ་ན་སྟེ། །ཐུབ་པས་གསུངས་པ་མདོ་རྒྱུད་ཀུན་གྱི་དོན། །ཤིན་ཏུ་ཟབ་ཅིང་རྟགས་མཚན་ཆེ་བ་ནི། །རྡོ་རྗེ་འཆང་དངོས་བླ་མའི་གསུང་ཐོས་པས། །གནམ་ལོ་རྒྱལ་པོ་གླེན་པ་ལུག་གི་ལོ། །སྒྲ་རྒྱལ་འབྲུག་གི་ཟླ་བ་རྫོགས་མཚམས་སུ། །ཞེ་སྡང་སྦྲུལ་གྱི་དུས་ཚོད་ཉི་དྲོས་ལ། །སྔགས་ནག་རཱ་ག་ཨ་སྱས་སྨྲས་པ་ལྟར། །ཡི་གེ་པ་ཡང་ཞེ་སྡང་སྦྲུལ་ལོ་པ། །གུ་ཎའི་མིང་ཅན་པ་དེས་མགྱོགས་པར་བྲིས། །འདི་བྲིས་བརྩེ་བྲལ་བསྟན་བཅོས་ཀྱི། །ཉེས་པ་གང་མཆིས་མགོན་པོའི་ཚོགས་ལ་བཤགས། །དགེ་བས་དཀོན་མཆོག་དབུ་འཕང་མཐོ་བར་ཤོག། མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ལིང་གའི་བཅའ་གཞི།


CMR028_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལིང་གའི་བཅའ་གཞི་བྱ་སྟེ། ལིངྒའི་རྣམ་གྲངས་མང་དུ་ཡོད་པ་ལས། ཤིང་ལིང་གི་གཟུགས་མི་བྲི་བར་མིང་རུས་ཤིང་བྱང་ལ་བྲི་བའོ། །སྤྱང་ལིང་ནི་ཁག་ཆེ་བ་གཅིག་འདི་ལིངྒ་ལ་གཞན་གང་ཡོད་ཀྱི་མིང་རུས་ཀྱིས་བསྐོར་བའོ། །ཤོག་ལིང་ནི་ཤོག་བུ་ལ་ལིང་རྐྱང་བྲིས་ཏེ་ཁྲག་ཐིགས་པ་རེ་བསྐུ། ཤ་དུམ་བུ་རེ་དང་སྦྲགས་ནས་གཏོར་མར་འཛུགས། སྤྲ་ཚིལ་ལ་བཟོས་པའམ་རྫས་ལ་བཟོས་པའི་ལིང་གའི་ནང་དུ་གཞུག་རྒྱུའི་རྩ་བའི་ལིངྒའོ། །དེའི་སྙིང་གི་ཛ་ཁ་སྤྱོད་ནི་སྲིད་པ་ཕོ་མོའི་རྟེན་ཡིན། འགྲིམ་ལིང་ནི་ཤོག་ལིང་མང་དུ་བྱ་བའོ། །འདིའི་ལིང་ག་དངོས་བྲི་བའི་དུག་ཤོག་གམ་གྲོ་ག་ལྟ་བུ་ལ་གཟའ་སྐར་དྲག་ཅིང་རྩུབ་པའི་དུས་སྦྱོར་ལ། །དུག་ཆུ་རོ་སོལ་དུར་ཁྲོད་དུ་བསྒྲུབ་པའི་སྣག་ཚ་ཁྱི་བྱ་རོག་གི་ཁྲག་གྲི་ཁྲག་རྣམས་བསྲེས་ལ་མི་རུས་ཀྱི་སྙུ་གུའམ། ལུག་པའི་སྒྲོ་རྩས་བྲི་བར་བཤད། ཐམས་ཅད་མ་འཛོམ་ན་དུག་ཁྲག་གམ་དགྲ་ཕྱགས་ས་གཅིག་གི་ཐབ་ཀྱི་སྲེ་ནག་དང་སྣག་ཚ་སྨྱུ་གུ་ཇི་ལྟར་འོས་པས་བྲིས་ཀྱང་ཆོག །བྲི་དུས་དྲག་པོའི་འདུག་སྟངས་ཀྱིས་བསྡད་དེ། མགོན་པོའི་ང་རྒྱལ་དང་ལྡན་པས་ངག་བཅད། ཕྱོགས་གཤིན་རྗེའི་ཕྱོགས་སུ་ཁ་བལྟས་ལ། ཁ་རླངས་མི་འགྲོ་


CMR028_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འབག་དང་ལག་དྲི་མི་འགྲོ་བའི་ལག་ཀོ་གྱོན། རང་གི་ཁ་རླངས་དང་དྲི་མ་མ་སོང་བ་གལ་ཆེ། དེ་ནས་ལིང་གའི་གྲངས་ཕོ་དུ་ཡོད་པ་ལ་གཅིག །མོ་དུ་ཡོད་པ་གཅིག །ཕོ་མོ་ལྟོ་སྦྱར་བ་གསུམ། འདི་གསུམ་ལས་ཁུང་བྲུབ་ཁུང་ལྷ་དབྱེ་ཁང་ས་གསུམ་དུ་བཞག་རྒྱུ་ཡིན། །ལིང་རྐྱང་གཅིག་རྟེན་གཏོར་རམ་གཏའ་གཏོར་ཞེས་པའི་མིང་གི་རྣམ་གྲངས་དེའི་གདན་བྱ། ཅིག་རྒྱུན་གཏོར་སྟེང་དུ་འཛུགས། ཐུན་གཏོར་བསྐྱལ་ཚེ་ལིང་ག་ཡར་བླངས་ལ་རྒྱུན་གཏོར་འགྲམ་དུ་བཞག །ཡང་ཐུན་གཏོར་བཤམས། ལིང་ག་ཐུན་གཏོར་མ་འཛུགས་ལིངྒ་གཅིག་ཐུན་གཏོར་བསྐྱལ་སར་བཞག་ལ་དེ་ལ་གཏོར་མ་བརྡེག །གཞན་ལིངྒ་བྲི་བོས་ཡོད་ཚེ་བྲིས་པ་རྣམས་མིང་རྐྱང་ཤིང་ལིང་རྣམས་སྤྱང་མིང་ཟན་ལིང་སོགས་གང་འོས་བཟོ། ཉུང་ན་ལས་མྱུར་རོ། །བྲི་བྱའི་ལུས་ནི་གཟུགས་ལྟོ་ཆེ་བ། སྐེ་དང་རྐང་ལག་ཕྲ་བ། ལག་པ་རྒྱབ་ལག །རྐང་པ་ལྕགས་སྒྲོག་ཏུ་བཅུག་པ། མིག་ཤི་མིག །སྐུ་གཟེངས་པ། སྔོ་ཧཾ་ཉམས་ཞན་པ་ཞིག་བྲི། སྙིང་གི་ནིའི་གཡས་གཡོན་དུ་ཁོས་བྱས་པའི་སྡིག་སྒྲིབ་སྡིག་པ་རྭ་ཆེན་གྱི་ངོ་བོ་མཚོན་བྱེད་ཛ་ཁ་སྤྲོད། མིང་འདི་ཞེས་བྱ་བགྱི་བ་མཱ་ར་ཕཊ། ཅེས་དང་། ཆེ་གེ་མོ་མེས་


CMR028_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེགས་ཆུས་ཁྱེར་རླུང་གིས་གཏོར་ལྷག་མ་རྗེས་ཤུལ་མེད་པར་རྡུལ་དུ་རློགས་ཞེས་སོགས་བྲི། དཔུང་པ་གཡས་གཡོན་དུ་ཛཧཱུཾ། པུས་མོ་གཡས་གཡོན་དུ་བོ་ཧོཿ ལག་ལེན་འགའ་ལ། མིང་པོ་དང་སྐྱེས་པོ་དང་། ཁོ་རང་གི་མིང་སྤྱི་བོར་བྲི། དཔྲལ་བར་རུས་དང་། ཁོ་རང་གི་མིང་། མགྲིན་པའམ་ཁར་མ་དང་ཁོ་རང་གི་མིང་། སྙིང་ཁར་ཁོ་རང་གི་ལིང་ག་བཞིན། ཚིགས་རྣམས་ལ་ཿ བརླ་གཉིས་ལ་བླ་དག །རྐང་ཞབས་སུ་ཡཾ་ཧཾ། འདོམས་སུ་ཆེ་གེ་མོ་མཱ་ར་ཡ་ཕཊ། མཐའ་སྐོར་དུ། ཧེར་ནི་ཤ་ས་ན། །ཧུ་ར། ཨོ་ཨེ་རལླི་ཧོ༔ ཤྲཱི་མ་ཧཱ་ཀཱ་ལ་ཁཱ་ཧི། ཏྲག་རཀྟ་ཁཱ་ཧི། ཏྲག་རཀྵ་ཐུན་ཧཱུཾ་ཁཱ་ཧི། ཏྲག་རཀྵ་ཟད་བློ་ཁཱ་ཧི། དམ་ཅན་མགོན་པོ་མཁའ་འགྲོའི་ཚོགས་སུ་གྱུར་པ་རྣམས་ཀྱིས་དགྲ་བོ་ཆེ་གེ་མོའི་ཤ་ཁྲག་བཞེས་སུ་གསོལ་ཁཱ་ཧི། ཞེས་པ་དང་། ཏྲག་རཀྵ་ཁཾ་ཁཾ་བུ་བུ་ཤན་ཏེ་ཤག་ཆེ་གེ་མོ་མཱ་ར་ཡ་ཕཊ། ཅེས་བླ་འབྱེད་བྲི། དེའི་མཐའ་སྐོར་དུ་ཛ་ཁྲམ་གྱིས་བསྐོར། སྔགས་རྣམས་སྔགས་མགོ་ནང་བསྟན་ལ་གཡོན་བསྐོར་དུ་བྲི། མོ་ལིང་ལའང་རྒྱས་པར་གོང་བཞིན་དང་མ་བྱུང་ན་སྙིང་གར་ནི་ཛ་ཁ་སྤྲོད། དཔུང་པ་གཉིས་པུས་མོ་གཉིས་ཏེ་བཞི་ལ་ཛཿཧཱུྃ་བཾ་ཧོཿ


CMR028_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོར་མིང་། དཔྲལ་བར་རུས། མགྲིན་པར་ཡང་མོའི་མིང་། བརླ་ལ་བླ་དག རྐང་ཞབས་སུ་ཡཾ་ཧཾ། འདོམས་སུ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཅེས་མཐར་བསྐོར་དུ། ཧུ་ར། ཧེར་ནི་། རྦད་སྔགས། བླ་འབྱེད་རྣམས་གོང་བཞིན་བྲི། ཕོ་དེ་ལ་བུད་མེད་མེད་ན་ཁམ་ས་གང་འདོད་པའི་རོག་མོ་གཅིག་ལ་བྱ། ཕོ་ལ་མོ་དང་མོ་ལ་ཕོའི་བརླ་ཆགས་པས་ངེས་པར་གཉིས་ཁ་སྦྱོར་འདི་བྲུབ་ཁུང་དུ་གཞུག་རྒྱུའི་ལིང་ག་ལ་མེད་ཀ་མེད་ཡིན་པས་བྲུབ་ཁུང་ལས་ཁུང་ལྷ་དབྱེའི་ཁོང་དུ་ཡོད་པ་གསུམ་ཀ་ལ་ཕོ་མོ་ཆ་རེ་བྱ། ལྷ་སི་པི་ལིང་ཕོ་བ་རིས་བསྒྲུབ་བྱའི་རྐང་རྗེས་ས་བྲ་བོ་སྦྲང་མ་སྲན་མ་གྲོ་རྣམས་ཀྱི་ཕྱེ་མ་བཙན་དུག་གི་ཆུས་སྦྲུས་ལིངྒ་སོར་བཞི་པའམ་བརྒྱད་པ་བྲུབ་ཁུང་ཆེ་ཆུང་ལ་དཔག་ལ་བྱ། ཡང་ན་བྲ་བོ་གྲོ་ཕྱེ་སྲན་ཕྱེ་རྐང་རྗེས་ས་རྙེད་ན་རབ། མ་རྙེད་ཀྱང་ཕྱེ་དེ་རྣམས་ལ་བཟོ་བའམ། ཡང་ན་སྤ་ཚིལ་གཅིག་པུ་ལ་བཟོས་ཀྱང་ཆོག །སྤྲོ་ན་བསྒྲུབ་བྱའི་རྐང་པ་གཡོན་པ་ས་སོགས་ལ་མིའི་ཐོད་པའི་ལྟག་ཀོ་ར་བཏགས་པའི་ལིང་ག་སོར་བརྒྱད་པ། བསྒྲུབ་བྱ་དེའི་སྲུང་མ་རྡོ་དཀར་མེ་ཆད་པ་སྤྲ་ཚིལ་སོགས་ལིང་ག་སོར་བརྒྱད་པ་གཉིས་བཟོས་སྙིང་ཁར་ཧེ་དང་སྙིང་པོ་ལིང་ག་གོང་མའི་སྙིང་ཁར་མིང་གཞུག །ཁ་སྦྱར་བསྡོམས་


CMR028_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ལིངྒ་ཕོ་མོ་ཁ་སྦྱར་བའི་རྒྱབ་ཏུ་བསྡོམས། ལྷ་དབྱེ་ཚར་བ་དང་གྲི་གུག་གིས་ཕྲལ་ལ་སྲུང་མའི་སྤྲ་མིང་པོ་དྲི་བཟང་གིས་བཀྲུས་སྤོས་ཀྱིས་བདུག་སྲུང་མ་ཁོ་ལ་རྒྱབ་ཀྱིས་ཕྱོགས་ནས་རང་གི་སྡོང་གྲོགས་བྱེད་པར་བསམ་པ་སོགས་བྱ་པ་ཆོས་མཛད་པས་བྱས་པའི་བསྒྲུབ་བསྐོར་དུ་གསལ་བ་ལྟར་རོ། །མི་སྤྲོ་ན། དེ་ནས་གོང་གི་ལིང་ག་རྣམས་ཤིང་ཁ་སྲག་ལ་བསྐྱོན་ལ་རླུང་ལ་གཡབ། མེ་ལྕེ་ལ་མ་ཚིག་པར་བཤུར། ཡི་གེ་ལ་མི་གནོད་ཙམ་གྱིས་ཆུ་བཏབ། མི་ཁྱིས་མ་འགོངས་པའི་སས་བཀྲུས་ཏེ། རིམ་པ་བཞིན། ཡཾ་ཤུདྡྷེ་སྭཱ་ཧཱ། རཾ་ཤུདྡྷེ་སྭཱ་ཧཱ། བི་ཤུདྡྷེ་སྭཱ་ཧཱ། ལཾ་ཤུདྡྷེ་སྭཱ་ཧཱ། ཞེས་སོ་སོར་སྦྱར་ཞེས་མི་ཁྲུས་བྱེད་པས་སྐྱོན་སྦྱངས། སྟོང་པའི་ངང་ལས་བསྒྲུབ་བྱ་གང་ཡིན་པའི་ཆུང་མའམ་འཛའ་མོ། གང་རུང་ཁ་སྦྱར་བ་དང་བསྒྲུབ་བྱའི་སྲུང་མ་དང་བཅས་པ་སྐད་ཅིག་གིས་གསལ་བར་གྱུར། འདིར་བདག་ཉིད་ཡི་དམ་གྱི་བསྐྱེད་རིམ། མདུན་བསྐྱེད་བཟླས་པའི་བར་སོང་བ་བྱས། ལས་འགྲིགས་གོང་རང་ཡི་དམ་དུ་གསལ་བའི་ཐུན་བསྡུ་བའམ། ཡང་ན་མགོན་པོ་གནས་འགྱུར་ནས་སྐད་ཅིག་གིས་མགོན་པོ་བདག་བསྒོམ་བྱས་ཀྱང་ཆོག་པས་


CMR028_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བསྒོམ་བསྙེན་པའི་བར་བྱ། དེ་ནས་ལས་གཏོར་མདུན་བསྐྱེད་མགོན་པོ་གཅེར་བུ་འཁོར་བཅས་ཡང་བསྐྱེད་པ་བཤད་པས་དེ་བསྐྱེད་ཚུལ་འོག་ཏུ་གསལ། ལིང་ག་འཁྱམས་རྒྱུག་ལ་སོགས་པ་མི་སོང་པའི་གནད་བཞི་ནི། གཞན་ལས་ཁ་བསྐང་ན་དགྲ་ལ་མི་ཐེབ་མི་སྲིད་པའི་གནད་ནི། དང་པོར་ལིངྒ་དྲིལ་ལ་རང་ཐག་གི་མིག་ལ་གཡས་བསྐོར་གསུམ་བསྐོར། དེས་དགྲ་ལ་མི་ཐེབ་མི་སྲིད། གཡག་ཤི་བུག་པ་ལན་གསུམ་སྐོར་དེས་གཞན་ལ་འཁྱམས་མི་སྲིད། རང་གི་བརླ་གཡས་པ་ལ་ལན་གསུམ་བསྐོར། དེས་རང་ལ་མི་ལྡོག །མ་ཐེམ་ལ་གཡས་བསྐོར་ལན་གསུམ་བསྐོར་དེས་རང་གི་འཁོར་ལ་ལྡོག་པར་མི་སྲིད། སྔགས་ནི་སརྦ་རྦད་ཀ་ཤི་རྦད་ཀ་ཤི་ཞེས་བརྒྱ་རྩ་བརྒྱད་བཟླས་ལ་བསྐོར་རོ། །དེ་ནས་ལིངྒ་རྣམས་རེ་བ་ནག་པོའམ་ལྕགས་སྣོད་དུ་བཞག་ལ། འདིར་ལྕགས་ཁང་བསྐྱེད་ཆོག་དང་། དགྲ་བོ་གསལ་བཏབ་བྱེད་པ་ཡིན། འདིར་བྱེད་ན་ལྕགས་ཁང་བསྐྱེད། དགྲ་བོ་གསལ་བཏབ་དེ་ལ་ཉེས་པ་བསྒོ་བསྒག་སོགས་བྱེད་པར་བསམ། ཐོག་མར་ཉེས་པ་བསྒོ་ཞིང་བསྒྲག་པ་དང་། མཁྱེན་པར་གསོལ་བའི་མན་ངག་གཉིས་ལས། དང་པོ་ལ། །


CMR028_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ། སྤྱད། བསྒྲག ཁྲོས། ལུང་བསྟན་ཏེ་ཏིང་འཛིན་ལྔ་ལས། དང་པོ་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་དུག་ལྔ་དུག་གསུམ་ཐམས་ཅད་བསྡུས་ཆེ་གེ་མོའི་རྒྱུད་ལ་ཐིམ་པར་གྱུར་སྙམ་དུ་བསྒོམ་པ། དེས་ཆེ་གེ་མོ་དུག་ལྔ་རྒྱས་ཏེ། སྤྱིར་སངས་རྒྱས་ཀྱི་བསྟན་པ་བཤིགས། ཀརྨ་ཀཾ་ཚང་གི་བསྟན་པ་ལ་གནོད་པ་བསྐྱལ། མཚམས་མེད་ལྔ་དང་མི་དགེ་བཅུ་ལ་འབད་པས་སྤྱད། །བདག་ཅག་དཔོན་སློབ་རྣམས་ལ་ཉེས་མེད་ཀྱང་གནོད་ཅིང་འཚེ། མདོར་ན་བསྒྲལ་བའི་ཞིང་བཅུ་ཚང་བར་གྱུར་སྙམ་དུ་བསྒོམ། ཨྠྀི། ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།