cover

མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

གླེགས་བམ། ཇི༽

མཁས་གྲུབ་ཀརྨ་ཆགས་མེད།

Nitartha international
Images scanned by TBRC

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

བསྟན་སྲུང་སྒེར་གྱི་ལྷ་དང་། མདོ་ཁམས་ཡུལ་ལྷའི་རྒྱུན་བསང་དང་། འབྲུ་རིགས་གཉན་པོའི་ལྷ་བསང་།


CMR037_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་སྲུང་སྒེར་གྱི་ལྷ་དང་། མདོ་ཁམས་ཡུལ་ལྷའི་རྒྱུན་བསང་དང་། འབྲུ་རིགས་གཉན་པོའི་ལྷ་བསང་བཞུགས་སོ།།


CMR037_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ། བསང་གི་རྒྱུད་བྱུང་གང་ནས་བྱུང་། །སྔོན་ཆེ་འདས་དུས་བསྐལ་པ་ལ། །རྒྱལ་པོ་ཆོས་ཀྱི་དབང་ཕྱུག་གིས། །བདེ་གཤེགས་ཆོས་ཀྱི་འོད་ཟེར་ནི། །འཁོར་དང་བཅས་པ་སྤྱན་དྲངས་ཏེ། །སིལ་སྙན་རོལ་མོའི་སྒྲ་ཕྱུང་ནས། །སྤོས་ཀྱི་རིལ་བུ་གཅིག་བསྲེགས་ནས། །བདེ་གཤེགས་འཁོར་དང་བཅས་པ་ཡིས། །འཛམ་གླིང་སྤོས་ཀྱི་སྤྲིན་ཕུང་གིས། །ཞག་བདུན་བར་དུ་ཁེབས་པར་གྱུར། །རྒྱལ་པོ་བསོད་ནམས་ཚོགས་ཆེན་རྫོགས། །དེ་ནས་བསང་བྱུང་གང་ནས་བྱུང་། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས། །འཛམ་གླིང་སྤྱི་བསང་བསྡུས་


CMR037_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྩམས། །རྡོ་རྗེ་གདན་ལ་སོགས་པ་ཡི། །གཙུག་ལག་བརྒྱ་དང་རྩ་བརྒྱད་འགྲུབ། །དེ་ནས་ནག་པོ་རྒྱ་ཡི་ཡུལ། །བློན་པོ་མགར་གྱིས་བསང་མཆོད་བརྩམས། །རྒྱ་ནག་ས་བདག་དཀོར་བདག་མཉེས། །ཇོ་མོ་རྒྱ་བཟའ་བོད་དུ་ལོན། །དེ་ནས་སྐུ་རྒྱལ་བོད་ཀྱི་ཡུལ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ཞི་བརྔན་བསང་གསུམ་ཆོ་ག་མཛད། །དཔལ་གྱི་བསམ་ཡས་གཙོར་བྱས་པའི། །གཙུག་ལག་ཁང་ཆེན་བརྒྱ་རྩ་འགྲུབ། །དེ་ནས་རང་བྱུང་རྒྱལ་བ་ཡིས། །འཛམ་གླིང་སྤྱི་བསང་རྒྱས་པ་བརྩམས། །སོག་གི་ཚུ་ལ་ལྕགས་ཟམ་


CMR037_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས། །དགེ་བསྙེན་ཆེན་པོ་དམ་ལ་ཐོག །སྔོན་བྱུང་སྲིད་པ་དེ་བཞིན་དུ། །ད་ལྟ་བདག་ཅག་འཁོར་བཅས་ཀྱིས། །བཟང་ཤིང་སྣ་ཚོགས་དུད་པ་དང་། །སྣ་ཚོགས་ཟས་སྐོམ་ཕུད་རྣམས་བསྲེགས། །རཾ་ཡཾ་ཁཾ་གིས་མི་གཙང་སྦྱངས། །དྷཾ་ལས་དུ་བའི་ལྷ་མོ་སྔོ། །ཕྱག་གཡས་ཁྲུས་བུམ་ཉམས་གྲིབ་བཀྲུ། །གཡོན་པས་སྨན་གཞོང་སྤོས་སྤྲིན་སྤྲོ། །སྤོས་ཀྱི་འཁྲི་ཤིང་སྟོང་གསུམ་ཁྱབ། །དུད་པའི་ཆ་ཤས་རེ་རེ་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །འདོད་ཡོན་སྣ་ཚོགས་ཆར་ལྟར་འབེབས། །བཛྲ་པུཉྫས་བྱིན་གྱིས་བརླབས། །འདི་འདྲའི་ཡ་མཚན་བསང་མཆོད་འདིས། །རྡོ་རྗེ་འཆང་ཆེན་ལ་སོགས་པའི། །ཕྱོགས་དུས་རྒྱལ་བ་སྲས་བཅས་བསང་། །དར་མ་དབང་ཕྱུག་ཏི་ཤི་སོགས། །འབམ་རོམ་བཀའ་བརྒྱུད་ཐམས་ཅད་བསང་། །ཏྲེ་ཧོ་ཆོས་ཀྱི་རྒྱལ་མཚན་སོགས། །ཡབ་མྱེས་བརྒྱུད་པའི་བླ་མ་བསང་། །བཅོམ་ལྡན་བདེ་མཆོག་ཡབ་ཡུམ་སོགས། །བཀའ་བབས་བརྒྱད་པའི་ཡི་དམ་བསང་། །བྱ་རོག་གདོང་ཅན་གཙོ་འཁོར་སོགས། །བཀའ་བབས་བརྒྱུད་པའི་ཆོས་སྐྱོང་བསང་། །དེ་རྣམས་བསང་བའི་བྱིན་རླབས་ཀྱིས། །ལུས་


CMR037_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཡིད་གསུམ་བསྲུང་བ་དང་། །བླ་མེད་མཆོག་གི་དངོས་གྲུབ་སྩོལ། །ཀྱཻ། སུམ་ཅུ་རྩ་གསུམ་ལྷ་གནས་ནས། །ལྷ་ཆེན་ཚོགས་ཀྱི་བདག་པོ་ནི། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་བསང་། །བདུད་རྩི་ཇ་ཆང་ཕུད་ཀྱིས་མཆོད། །སྐུ་ཡི་ཚོགས་བདག་དཀར་པོ་བསང་། །དགྲ་བགེགས་གནོད་པ་ཞི་བར་མཛོད། །གསུང་གི་ཚོགས་བདག་དམར་པོ་བསང་། །ཁམས་གསུམ་དབང་དུ་འདུ་བར་མཛོད། །ཐུགས་ཀྱི་ཚོགས་བདག་སྔོན་པོ་བསང་། །ཕ་རོལ་དམག་ཚོགས་གཡུལ་ངོ་ཟློག །ཡོན་ཏན་ཚོགས་བདག་སེར་པོ་བསང་། །ལོངས་སྤྱོད་མངའ་ཐང་རྒྱས་པར་མཛོད། །ཕྲིན་ལས་ཚོགས་བདག་མཐིང་ནག་བསང་། །གནོད་བྱེད་དགྲ་བགེགས་རྡུལ་དུ་རློགས། །ཡེ་ཤེས་ལས་ལ་གྲུབ་པ་ཡི། །ཚོགས་བདག་གླང་སྣ་སྤེལ་ཐོད་ལ། །བསང་དང་མཆོད་པ་རྒྱ་ཆེན་འབུལ། །རིགས་ཀྱི་བུ་ལ་རྒྱུད་ཀྱི་ལྷ། འཁོར་བ་སྲིད་པའི་ལུགས་ཡིན་པས། །ལུས་མེད་རྡོ་རྗེའི་བཀའ་བཞིན་དུ། །ལྷ་དང་མི་རུ་མི་འབྲལ་བར། །རྟག་ཏུ་སྲུང་སྐྱོབ་སྡོང་གྲོགས་མཛོད། །བཅོལ་བའི་ཕྲིན་ལས་མ་


CMR037_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གཡེལ་ཅིག །ཀྱཻ། མི་མཆོག་རྒྱལ་བུ་མཐིང་གེ་དང་། །འཇོང་ལ་འཕྲུལ་ལ་སོགས་པ་ཡི། །དབུ་ནག་བོད་ཀྱི་ཕ་མཚུན་བསང་། །འགྲུ་རྗེ་རྒྱལ་བ་ཐོད་དཀར་སོགས། །རྭ་ཅོ་ཅན་ལ་བཅོ་བརྒྱད་ནས། །ཡབ་དང་ཁུ་བོ་ཡན་ཆོད་ཀྱི། །འབྲུ་རིགས་ཕ་མཚུན་གཉན་པོ་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་བསང་། །ཇ་ཆང་ཟས་སྣའི་ཕུད་ཀྱིས་མཆོད། །དགྲ་དང་བུ་སྲིང་ཤག་རོགས་ཀྱི། །ཡུལ་དུ་མ་འབྲོས་མ་འཁྱམས་པར། །བུ་དང་ཚ་བོའི་ཁ་འཛིན་མཛོད། །མི་འཕེན་རྟ་ཧྲག་དངོས་གྲུབ་སྩོལ། །ཕ་མཚུན་མི་ལ་མ་འཁོང་བར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཀྱཻ། ཨ་ལྕགས་འབྲུ་ཡི་དགྲ་ལྷ་ནི། །འགྲུ་མོ་ཁྲོ་ཁྲོ་ཞེས་སུ་གྲགས། །བྱ་ཁྲ་གནམ་ལྕགས་མཆུ་སྡེར་ཅན།། །གོང་ཁ་འགྲིམ་ཞིང་དགྲ་ལྷ་ཉུལ། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་བསང་། །ཇ་ཆང་ཟས་སྐོམ་ཕུད་ཀྱིས་མཆོད། །འགྲུ་དར་རྒྱས་ཅན་གྱི་དགྲ་ལྷ་ཁྱོད། །དགྲ་བླ་མི་དང་མ་འབྲལ་བར། །གཉེན་རྒན་དྷེ་ཝའི་བཀའ་བཞིན་ཏུ། །འབྲུ་རིགས་དབོན་སྲས་ཁ་


CMR037_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དང་། །དཔའ་གཡེར་ཐོབ་པའི་ཁ་འཛིན་མཛོད། །ཀྱཻ། མདོ་ཁམས་ཟལ་མོ་སྒང་གི་ཡུལ། །ཟངས་རི་འབར་བ་རྩེ་དགུ་ནས། །སྲིད་པའི་བཙན་རིགས་ཡོངས་ཀྱི་རྗེ། །སྐུ་རྒྱལ་ཤེ་ནེ་འཁོར་དང་བཅས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཇ་ཆང་ཟས་སྣའི་ཕུད་ཀྱིས་zམཆོད། །ཕྱི་ལྟར་ཡམ་ཤུད་བཙན་གྱི་རྗེ། །ནང་ལྟར་རྣམ་སྲས་ནོར་གྱི་ལྷ། །གསང་བ་གཟའ་རྒོད་མིག་དམར་རྗེ། །ཤན་པ་དམར་ནག་གཏེར་སྲུང་མཆོག །བཙན་གྱི་མགོན་པོ་བེག་རྩེ་ཅན། །བཙན་གདོང་དམར་པོ་དྲེགས་པའི་གཙོ། །བཙན་མགོན་བྱ་རོག་གདོང་ཅན་ཏེ། །སྐྱེས་བུ་དབང་གི་མདོག་ཁ་ཅན། །ཡུམ་ནི་སྲིན་མོ་གདོང་དམར་མ། །བཙན་ལ་རོལ་པའི་སྨན་གཅིག་མ། །ཡབ་ཡུམ་འཁོར་དང་བཅས་པ་ལ། །བསང་དང་མཆོད་པ་རྒྱ་ཆེན་འབུལ། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །རྨ་གཡང་ནམ་མཁའི་ཆར་བཞིན་ཕོབ། །སྲུང་སྐྱོབ་ཁ་འཛིན་སྡོང་གྲོགས་མཛོད། །འཛད་མེད་གཏེར་གྱི་དངོས་གྲུབ་སྩོལ། །ཕ་རོལ་དགྲ་དཔུང་རྡུལ་དུ་རློགས། །པདྨའི་བཀའ་


CMR037_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཕྲིན་ལས་མཛོད། །ཀྱཻ། ཤར་ཕྱོགས་གངས་རི་རྩེ་རྒྱལ་ན། །འོད་ཀྱི་གུར་ཁྱིམ་འཇའ་ཚོན་ནང་། །རིན་ཆེན་སྣ་ལྔའི་ཁྲི་སྟེང་ན། །སྐུ་རྒྱལ་ཕུ་བོ་ཆེ་བ་སྟེ། །རྨ་རྒྱལ་སྤོམ་ར་ཡུལ་ལྷའི་གཙོ། །ཐུགས་ཀར་ནོར་བུ་འོད་ཟེར་འབར། །ཡ་མཚན་དུང་མི་དུང་རྟ་ཆིབས། །དུང་རྨོག་དུང་ཁྲབ་ལྡེམ་ཕོ་ཅན། །ཕྱག་ན་མདུང་དར་ནོར་བུ་བསྣམས། །རྨ་རིགས་སུམ་བརྒྱ་དྲུག་ཅུ་དང་། །སྲིང་ལྕམ་བཞི་བཅུ་རྩ་ལྔ་དང་། །རྨ་སྨན་འབུམ་དང་བཅས་པ་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་བསང་། །ཇ་ཆང་ཟས་སྐོམ་ཕུད་ཀྱིས་མཆོད། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །རྨ་གཡང་ནམ་མཁའི་ཆར་བཞིན་ཕོབ། །རིགས་རྒྱུད་བཙན་དར་ཆེ་བ་དང། །དཔུང་ཆེན་དངོས་གྲུབ་བདག་ལ་སྩོལ། །ཀྱཻ། གཟེ་རྒྱལ་གངས་རི་རྩེ་གསུམ་ནས། །སྐུ་རྒྱལ་ནུ་བོ་ཆུང་བ་སྟེ། །སྨོན་སྐྱེས་གངས་ཞུར་མཆེད་གསུམ་པོ། །ཆེ་བ་ཀླུ་རྗེ་འོད་འབར་དང་། །འབྲིང་བ་གནམ་ལྷ་བྱང་ཆུབ་དང་། །ཆུང་བ་རྡོ་རྗེ་དཔལ་བརྩེགས་དང་། །སྲིང་མོ་ལྷ་ལྕམ་གློག་མ་འཕྲུལ། །ཤར་གྱི་དབྱི་རྒྱལ་ར་རོག་དང་། །ལྷོ་


CMR037_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་སྤེན་ནེ་རི་བཀྲ་དང་། །ནུབ་ཀྱི་སྐུ་རྒྱལ་མོ་ནོམ་དང་། །བྱང་གི་ལྕི་རྒྱལ་ནེ་བྲོ་དང་། །ཀླུ་རྒྱལ་དྲག་པོ་བདུད་འདུལ་དང་། །རྐྱང་གི་བཙན་རྒོད་དམར་པོ་དང། །གཡུ་མཚོ་ཆེ་ཆུང་བུད་མེད་གཉིས། །སྣ་ཁྲིད་འཁྱིལ་པ་སྤུན་བདུན་དང་། །ཕོ་ཉ་དགུ་ཁྲི་ཕག་སྟག་དང་། །བཙན་རྒོད་ཧལ་པ་རྟ་མགོ་དང་། །རི་རྒོད་དབྲག་ནག་སོ་ཕྱིར་དང་། །ལྕམ་གཅིག་ར་དུག་མཚོ་སྨན་དང་། །ཇོ་བོ་ངང་མཛངས་མཚེར་མགོ་དང་། །ཕྱག་ཚང་མོན་པ་ནག་པོ་དང་། །ཁྱུང་སེང་སྟག་སྤྱང་ལྷ་གཡག་འབུམ། །དཀར་ཕྱོགས་ལྷ་དམག་འབུམ་དང་བཅས། །ཕོ་ཉ་བྱེ་བ་འབུམ་ཕྲག་རྣམས། །འཁོར་བཅས་འདིར་གཤེགས་བསང་མཆོད་བཞེས། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཇ་ཆང་ཟས་སྐོམ་ཕུད་ཀྱིས་མཆོད། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ཚེ་རིང་བཀྲ་ཤིས་སྙན་གྲགས་རྒྱས། །བཙན་ཞིང་འཕེལ་ཁ་ཆེ་བར་མཛོད། །ཀྱཻ། ལྕི་སྟོད་གསང་གི་ལུང་སྐེད་ནས། །རི་དབང་ཇོ་བོ་སྐྱེད་རྒྱལ་ནི། །བཙན་ལ་འོད་འབར་ཞེས་སུ་གྲགས། །མི་དཀར་རྟ་དཀར་འཕུར་ཤེས་ཆིབས། །ཤེལ་ཁྲབ་ཤེལ་རྨོག་སྐུ་ལ་གསོལ། །


CMR037_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་རལ་གཟིག་ཤུབས་སྐྱེད་ལ་བསྐོར། །ཕྱག་གཡས་གནམ་ལྕགས་རལ་གྲི་ཕྱར། །གཡོན་པས་མདུང་དར་དཀར་པོ་འཛིན། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་བསང་། །ཇ་ཆང་ཟས་སྐོམ་ཕུད་ཀྱིས་མཆོད། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ནད་རིགས་ཐམས་ཅད་ཞི་བ་དང་། །སྐུ་ཚེ་འཕེལ་ཞིང་རྒྱས་པ་དང་། །སྣང་སྲིད་དབང་དུ་འདུ་བ་དང་། །གནོད་བྱེད་དགྲ་བགེགས་ཚར་གཅོད་མཛོད། །ཀྱཻ། །གསང་སྨད་ཟངས་བྲག་བརྩེགས་པ་ནས། །ལྷ་བཙན་གསང་རྒྱལ་རྟ་བྲོ་ནི། །སྐུ་མདོག་དམར་པོ་དཔའ་བརྗིད་ཅན། །སྐུ་སྟོད་ལྷ་ཡི་ཆ་ལུགས་ལ། །སྟོད་གཡོགས་དཀར་པོ་ཕུ་དུང་ཅན། །གཡས་གཡོན་མདུང་དང་རུ་མཚོན་དཀར། །སྐུ་སྨད་བཙན་གཟུགས་ན་བཟའ་དམར། །རྫུ་འཕྲུལ་བཙན་རྟ་དམར་པོ་ཆིབས། །ལྷ་དང་ཀླུ་ཡི་བུ་མོ་གཉིས། །གཡས་གཡོན་ཆིབས་ཀྱི་ཡོབ་ཆེན་འཐེན། །བཙན་གྱི་བུ་མོ་བདུན་གྱིས་ནི། །རྒྱང་གླུ་ལེན་ཞིང་ཆིབས་ཁ་འཁྲིད། །གཉན་གྱི་བུ་མོ་ལྗང་མོ་བདུན། །གླུ་ལེན་བྲོ་བརྡུང་ཕྱི་ནས་འབྲངས། །སྔོན་ན་ཟངས་ཀྱི་འཕར་བ་རྒྱུག །བྱ་དམར་


CMR037_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཀླད་ན་ཀྱི་ལི་ལི། །ཁྱི་དམར་ཕྱི་ན་བྲེངས་སེ་བྲེང་། །གསང་རྒྱལ་རྟ་བྲོ་འཁོར་དང་བཅས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་བསང་། །ཇ་ཆང་ཟས་སྐོམ་ཕུད་ཀྱིས་མཆོད། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ཁ་འཛིན་མཛོད་སྡོང་གྲོགས་མ་གཡེལ་ཅིག །ཀྱཻ། ལྕི་དང་དཔལ་གྱི་ཆུ་རྒྱུད་ནས། །དབང་བསྒྱུར་ཀླུ་ཡི་རྒྱལ་པོ་ནི། །སྨྱོ་ཁ་རྡོ་རྗེ་རྒྱལ་པོ་ཡི། །བཀའ་སྡོད་བར་བློན་ཆེན་པོ་ནི། །དགེ་བསྙེན་འབོ་རང་ཞེས་སུ་གྲགས། །རང་གཟུགས་མི་ནག་སྦྲུལ་ཞགས་ཅན། །ཕྱག་གཉིས་སྦྲུལ་ཞགས་ནད་རྐྱལ་འཛིན། །ཆིབས་སུ་སྦལ་པ་གྲོ་མོ་ཆིབས། །བདུད་ཀྱི་དེད་དཔོན་མཛད་ཙ་ན། །མི་ནག་རྟ་ནག་དར་ནག་ཕྱར། །ཀླུ་ཡི་དེད་དཔོན་མཛད་ཙ་ན། །བཙུན་གཟུགས་ཞྭ་སེར་རྟ་ནག་ཅན། །གཉན་གྱི་དད་དཔོན་མཛད་ཙ་ན། །ཉ་ཡི་མགོ་ཅན་ཉ་དཀར་ཆིབས། །ཡུམ་ནི་སེར་མོ་མཛེས་མའི་གཟུགས། །ནོར་བུ་བེ་ཅོན་པདྨ་འཛིན། །བློན་པོ་མི་དཀར་སྦལ་སྦྲུལ་འཛིན། །དཔྲལ་བར་ཟླ་བའི་གཟུགས་ཀྱིས་བརྒྱན། །མི་བརྫུ་དགུ་བརྫུ་སྟོབས་པོ་ཆེ། །


CMR037_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

འབོ་རང་ཡབ་ཡུམ་བློན་འཁོར་བཅས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་བསང་། །ཀླུ་སྨན་དཀར་གསུམ་མཆོད་པ་བཞེས། །ཐུགས་དང་འགལ་བ་མཐོལ་ལོ་བཤགས། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །གནོད་པའི་དགྲ་བགེགས་ཞི་བ་དང་། །དགྲ་བགེགས་དབང་སྡུད་ཟིལ་གནོན་སོགས། །དགྲ་ཡི་དགྲ་རྣམས་འཕེལ་བ་དང་། །གནོད་བྱེད་དགྲ་བོ་བརླག་པར་མཛོད། །ཀྱཻ། རྫ་ཡི་ཆུ་རྒྱུད་ཕལ་ཆེར་ན། །དབང་བྱེད་ན་བུན་དགེ་བསྙེན་ནི། །སྐུ་སྟོད་གཅེར་བུ་ལྷ་ཡི་ལུས། །སྦྲུལ་དཀར་གསུམ་གྱི་གདེངས་ཀ་ཅན། །སྐུ་སྨད་མི་ལུས་སྦྲུལ་ཤུན་དཀྲིས། །རྟ་དཀར་སྤྲུལ་གྱི་ལྟོ་བ་ཅན། །རྔ་མ་སྦྲུལ་ལས་བྱས་པ་ཆིབས། །ཕྱག་གཉིས་ལྕགས་ཀྱུ་སྦྲུལ་ཞགས་འཛིན། །མཆན་གཡོན་ཁཊཾ་དར་དཀར་ཕྱར། །འདིར་གཤེགས་བསང་དང་མཆོད་པ་དང་། །གཡུ་ཤུག་ཕྱེ་མར་གསུར་གྱི་བསང་། །ཀླུ་སྨན་དཀར་གསུམ་མཆོད་པ་འབུལ། །ཀླུ་ནད་ཐམས་ཅད་ཞི་བ་དང་། །བཀྲ་ཤིས་བདེ་ལེགས་རྒྱས་པར་མཛོད། །ཀྱཻ། ཤར་ལུང་སྟོན་རྒྱལ་དཀར་པོ་ནི། །མི་དཀར་དངུལ་ཁྲབ་དངུལ་


CMR037_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

རྨོག་ཅན། །ཕྱག་ན་དར་མདུང་དཀར་པོ་འཛིན། །སྟག་རལ་གཟིག་ཤུབས་སྐྱེད་ལ་སྐོར། །ཡ་ཚ་སྐར་ཕྲན་གློག་ལྟར་འཁྱུག །ཆིབས་སུ་གྲ་བོ་གཡུ་རྔོག་ཆིབས། །དེ་སོགས་ཆབ་ཤར་གཞི་བདག་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་བསང་། །ཇ་ཆང་ཟས་སྐོམ་ཕུད་ཀྱིས་མཆོད། །ཁ་འཛིན་སྡོང་གྲོགས་མཐུན་རྐྱེན་སྒྲུབས། །ཀྱཻ། ཙཱ་རི་ཏྲ་ཡི་རྡོ་བའི་ཕུག །མཚོ་དཀར་དབུ་རུ་སྙིང་ཚལ་དང་། །ཤམ་པོའི་མགུལ་དང་དུར་ཁྲོད་གནས། །ཁ་རག་གངས་མདུན་ཚ་བ་སྒང་། །དབ་ལུང་མ་ཕམ་གཡུ་མཚོ་སོགས། །ཡུལ་གླིང་དགུ་ལ་དབང་བསྒྱུར་བའི། །སྤྱན་རས་གཟིགས་ཀྱི་ལྕམ་གཅིག་མ། །བོད་སྐྱོང་ལྷན་ཅིག་སྐྱེས་མ་སྟེ། །བརྟན་མའི་གཙོ་མོ་གཡུ་སྒྲོན་མ། །ཞི་མཛད་དཀར་མོ་འོད་ལྡན་མ། །དྲག་མོར་བཞེངས་ཚེ་སྤྱང་ཞོན་མ། །ཆོས་སྐྱོང་ལས་ཀྱི་རེ་མ་ཏི། །བོད་སྐྱོང་དགྲ་ལྷའི་རྒྱལ་མོར་གྲགས། །སྨན་རིགས་ཀུན་གྱི་གཙོ་མོ་ཁྱོད། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་བསང་། །འབྲུ་སྣ་ཟས་ཕུད་མཆོད་པ་


CMR037_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། །འགལ་རྐྱེན་ཐམས་ཅད་ཞི་བ་དང་། །ཅི་བསམ་ཡིད་བཞིན་འགྲུབ་པར་མཛོད། །ཀྱཻ། རྟ་རྣ་ཡེལ་ཕུག་སྐུ་འབུམ་རྩར། །ཁྲོ་བོ་དབུ་དགུ་འབུམ་རྫོང་དང་། །ནམ་རྔུ་མི་གཡེལ་ལ་སོགས་པའི། །ཞིང་སྐྱོང་བཀའ་སྲུང་གནས་བདག་ཀུན། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་བསང་། །ཇ་ཆང་ཟས་སྣའི་ཕུད་ཀྱིས་མཆོད། །མི་ནད་ཕྱུགས་ནད་ཞི་བ་དང་། །སངས་རྒྱས་བསྟན་པ་དར་བར་མཛོད། །ཀྱཻ། གཞན་ཡང་མངའ་རིས་རྒྱལ་ཁམས་འདིར། །གནས་པའི་གཞི་བདག་གཉན་པོ་ནི། །སྨུག་པོ་ལྷ་རྩེ་བདུད་རྫོང་མཆེད། །རིང་མཚོ་མཆོག་སྦྱིན་སྡོམ་རྒྱལ་དང་། །སྐྱོ་ཁྱམས་དཀར་པོ་བཙུན་བློན་འབངས། །དཔའ་རྒྱལ་ཚ་ར་འཁོར་དང་བཅས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་བསང་། །ཇ་ཆང་འོ་ཞོའི་ཕུད་ཀྱིས་མཆོད། །མི་ནད་ཕྱུགས་ནད་ཞི་བ་དང་། །ཁ་འཛིན་སྡོང་གྲོགས་མ་གཡེལ་སྒྲུབས། །ཡེ་རྒྱལ་རྨོག་དཀར་ཡབ་ཡུམ་མཆེད། །ཚ་རྒྱལ་ཐོག་རི་ཙུར་རྟག་རྩེ། །དཔའ་རྒྱལ་རིན་ཆེན་སྤུངས་པ་དང་། །སྤམ་རྒྱལ་སྤོམ་རྒྱལ་ངོམ་


CMR037_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དང་། །རྫ་རྒྱལ་འབྲི་བྱེད་གཉན་པོ་དང་། །གཏམ་རྒྱལ་ངང་པའི་སང་སིང་དང་། །ནེ་རུ་གཡུ་མཚོ་སྔོན་མོ་དང། །རྩུབ་ཀྱི་ཀླུ་སྨན་དཀར་མོ་དང་། །ཆམ་ཕུ་དུང་རྣ་སྤོ་ཉིན་རྔ། །རག་ལོ་ཁ་ཤྭ་ལ་སོགས་པའི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །བདུད་བཙན་སྨན་དང་མ་སངས་རིགས། །བྲག་སྲིན་མཚུན་དང་དགྲ་ལྷའི་ཚོགས། །ས་བདག་གཉན་དང་ཐེའུ་རང་སོགས། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་ཀུན། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་བསང་། །ཇ་ཆང་འོ་ཞོའི་ཕུད་ཀྱིས་མཆོད། །མི་ནད་ཕྱུགས་ནད་ཞི་བ་དང་། །ཅི་བསམ་དོན་རྣམས་འགྲུབ་པར་མཛོད། །ཀྱཻ། སྣང་སྲིད་ལྷ་འདྲེ་ཁྱེད་རྣམས་ལ། །བསང་དང་མཆོད་པ་འདི་ཕུལ་བས། །ཐམས་ཅད་མཉེས་ཤིང་ཚིམ་གྱུར་ཅིག །ན་བ་ཡོད་ན་སོས་གྱུར་ཅིག །རྒུད་པ་ཡོད་ན་དར་གྱུར་ཅིག །མཐུ་སྟོབས་གཟི་བརྗིད་ལྡན་གྱུར་ཅིག །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིས། །ཕ་མྱེས་རིང་ནས་ད་ལྟའི་བར། །ཐུགས་དང་འགལ་བ་གང་བྱུང་བཤགས། །ཕོག་ཐུག་འགྲམ་འཁྲུག་ཞི་གྱུར་ཅིག །ཁྱེད་ཅག་ཡུལ་


CMR037_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་འདིར་གནས་ལྷ། བདག་ཅག་ཡུལ་འདིར་གནས་པའི་མི། །མིས་ཀྱང་ལྷ་ལ་དུས་སུ་མཆོད། །ལྷས་ཀྱང་མི་ལ་ཁ་འཛིན་མཛོད། །མངའ་རིས་ཡངས་པའི་རྒྱལ་ཁམས་འདིར། །བཙའ་སད་སེར་བ་མ་གཏོང་ཞིག །མི་ནད་ཕྱུགས་ནད་ཐམས་ཅད་ཟློག །ཕ་རོལ་དགྲ་ཇག་གནོད་པ་ཟློག །ཕྱི་ནང་འཁྲུག་རྩོད་མེད་པར་མཛོད། །སངས་རྒྱས་བསྟན་པ་དར་བ་དང་། །བསྟན་འཛིན་དབུ་འཕང་མཐོ་བ་དང་། །ལོ་ལེགས་རྐང་བཞི་འཕེལ་རྒྱས་མཛོད། །ཁྱད་པར་བདག་ཅག་ཡོན་མཆོད་རྣམས། །ནད་མེད་ཚེ་རིང་མངའ་ཐང་འཕེལ། །ཆོས་མཐུན་བསམ་པ་འགྲུབ་པར་མཛོད། །དམག་ལ་འགྲོ་ན་དཔུང་རོགས་དང་། །ཇག་ལ་འགྲོ་ན་ཇག་དཔོན་མཛོད། །བུ་རྟ་འཚོས་ལ་སྡང་དགྲ་ཐུལ། །དགྲ་ནོར་སྣ་དགུ་གནང་དུ་ལོངས། །མགྲོན་ལ་འགྲོ་ན་མགྲོན་དཔོན་དང་། །ཚོང་ལ་འགྲོ་ན་ཚོང་དཔོན་མཛོད། །ལམ་དགྲ་ཟློག་ལ་རྒྱལ་ཁ་ཟུངས། །ལ་ཆུ་འཕྲང་གསུམ་འཇིགས་ལས་སྐྱོབས། །གཞི་བྱེས་ཀུན་ཏུ་བཀྲ་ཤིས་མཛོད། །ཁྱད་པར་སྤྱན་སྤྲུལ་སར་གནས་པའི། །སེམས་དཔའ་མི་ཡི་དབང་པོ་ནི། །སྲས་དང་བཙུན་མོ་འཁོར་བཅས་དང་། །


CMR037_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་བདག་ཅག་བསྲུང་བྱར་བཅས། །ཁ་འཛིན་སྡོང་གྲོགས་མ་གཡེལ་བར། །བསྙུང་མེད་སྐུ་ཚེ་བརྟན་པ་དང་། །ཆོས་སྲིད་བརྟན་པ་རབ་འཕེལ་ནས། །ཆུ་དྲུག་གདོང་ལྷ་མ་ལུས་པ། །རང་དབང་མེད་པར་དབང་བསྡུས་ཏེ། །རྒྱལ་བསྟན་ཤཱཀྱ་ཐུབ་པ་དང་། །པད་འབྱུང་བསྟན་པའི་སྙིང་པོ་ནི། །ཡུན་རིང་དར་ཞིང་རྒྱས་པར་མཛོད། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ཇི་ལྟར་བཀའ་བསྒོའི་དམ་བཅས་རྣམས། །དུས་འདིར་མ་བསྙེལ་དྲན་མཛོད་ལ། །མ་ཐོགས་བཅོལ་བའི་ལས་འདི་བསྒྲུབ། །འཇིག་རྟེན་མཐུ་ཆེན་ཁྱེད་རྣམས་ལ། །མཐུ་རྩལ་ཅི་འདུག་ད་ལྟའོ། །རྟགས་དང་མཚན་མ་དངོས་སུ་སྟོན། །མཐུ་རྩལ་སྐྱེད་ལ་སྐུ་ཤུགས་ཕྱུངས། །གལ་ཏེ་ལས་འདི་མ་བསྒྲུབ་ན། །ཁྱེད་རྣམས་མཐུ་རྩལ་མི་བདེན་ཞེས། །འཇིག་རྟེན་ཀུན་གྱིས་ཕྱ་ཁ་གཏོང་། །དེ་བས་སྨྲ་བབ་ཅང་ཡོད་དམ། །ཨོ་རྒྱན་ཆེན་པོའི་དམ་ལ་བཏགས། །དམ་འགལ་གནམ་ལྕགས་སྡིག་པ་ཡིས། །སྙིང་ཁྲག་འཇིབས་ནས་དམྱལ་བར་ལྟུང་། །གལ་ཏེ་ལས་འདི་མྱུར་བསྒྲུབ་ནི། །གཏང་རག་མཆོད་པ་ཡང་ཡང་འབུལ། །འཇིག་རྟེན་


CMR037_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱིས་ཁྱེད་ཅག་བསྟོད། །པདྨའི་དམ་ཚིག་ལེགས་བསྲུང་མཐུས། །ཁྱེད་ཅག་ཚེ་རིང་གཟི་བརྗིད་འཕེལ། །མ་འོངས་བླ་མེད་བྱང་ཆུབ་ཐོབ། །དེ་ལྟར་སྐྱོན་ཡོན་ཤེས་མཛོད་ལ། །བདག་ཅག་ཡོན་མཆོད་ཁ་འཛིན་མཛོད། །རྐང་བཞི་ཕྱུགས་དང་བང་མཛོད་འབྲུ། །རྨ་གཡང་དངོས་གྲུབ་ཐམས་ཅད་ཀུན། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཅེས་མི་དབང་རིན་ཆེན་རྣམ་རྒྱལ་གྱིས་བསྐུལ་བ་ལྟར། རིག་སྔགས་འཆང་བའི་རྣལ་འབྱོར་པ་རཱ་ག་ཨ་སྱས་ལྕི་སྟོད་ལྷ་ཡི་ལུང་པར་བྲིས་པ་བཀྲ་ཤིས་པར་གྱུར་ཅིག །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

བསང་ཡིག་ཤེལ་བྲག་མ།


CMR037_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

བསང་ཡིག་ཤེལ་བྲག་མ་བཞུགས་པའི་དབུ་ཕྱོགས་སོ།


CMR037_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ། ཤེལ་བྲག་རིན་ཆེན་གཞལ་ཡས་ནས། །སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་ནི། །མི་དཀར་དུང་རྨོག་ཤེལ་ཁྲོབ་ཅན། །མདུང་དར་ཕྱར་ཞིང་འཁོར་གསུམ་བསྐོར། །ཆིབས་སུ་རྟ་དཀར་གཡུ་རྔོག་ཆིབས། །རྒྱ་མོ་རི་ཕྱུག་ཡ་རྒྱལ་མ། །རྟ་ཕྱི་ཕྱའུ་གཡང་སྐར་དང་། །མཚལ་རྩེ་ཡོར་རྒྱལ་མཆེད་དགུ་དང་། །སོ་རྒྱལ་ར་དཀར་མགར་ནག་སོགས། །འཁོར་དང་ཡང་འཁོར་བཅས་པ་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །དཀར་གསུམ་ཇ་ཆང་ཕུད་ཀྱི་མཆོད། །ཐམས་ཅད་མཉེས་ཤིང་ཚིམས་


CMR037_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ནས། །དུས་རྣམས་ཀུན་ཏུ་ཁ་འཛིན་མཛོད། །ཨོཾ་ཨ་ཨ་ཨ་ཨུ་རུ་ཨུ་རུ༔ ཨ་ཨ་ཨ་ཨ་ཨ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། དཀར་གཏོར་ཡོད་ན་སྔགས་སྐུར། ཀྱཻ། བླ་མཚོ་ནག་པོའི་ནང་ཤེད་ནས། །དགེ་བསྙེན་ཆེན་པོ་དབྱི་དོ་ནི། །ཆ་ལུགས་གཅིག་ཏུ་མ་ངེས་ཀྱང། །ཞི་བའི་ཚུལ་དུ་བཞེངས་ཙམ་ན། །དཀར་མཛེས་བཅུ་དྲུག་ན་ཚོད་ཅན། །དབུ་ལ་རས་དཀར་ལ་ཐོད་གསོལ། །སྦྲུལ་མགོ་གསུམ་གྱི་གདེངས་ཀ་ཅན། །དར་དཀར་རིན་ཆེན་མགུལ་རྒྱན་དང་། །བཻཌཱུརྱའི་རྣ་རྒྱན་ཅན། །གསེར་དང་དངུལ་གྱི་དཔུང་རྒྱན་དང་། །དར་


CMR037_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མཛེས་པའི་ཕྱག་གདུབ་ཅན། །སྐུ་སྨད་སྤྲུལ་གྱི་རང་བཞིན་ལ། །ཆུ་དར་སྔོན་པོའི་ཤམ་ཐབས་ཅན། །ཡིད་བཞིན་ནོར་བུའི་གཙུག་བརྒྱན་ཅིང་། །ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །མཚོ་ནག་ལ་སོགས་མཚོ་སྨན་དང་། །ཀླུ་བདུད་ཀླུ་བཙན་འཁོར་དང་བཅས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །བཟང་ཤིང་སྣ་ཚོགས་སྤོས་ཀྱིས་མཆོད། །དཀར་གསུམ་ཀླུ་སྨན་མཆོད་པ་འབུལ། །འཁོར་བཅས་མཉེས་ཤིང་ཚིམས་གྱུར་ནས། །ཆུ་ཡི་འཇིགས་པ་ཞི་བ་དང་། །གནོད་འཚེ་ཕྲག་དོག་མ་བྱེད་པར། །ཀླུ་གཡང་དངོས་གྲུབ་ཆར་ལྟར་ཕོབ། །ཨོཾ་ན་ན་ན་ཧི་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཧཱུྃ། བླ་རི་རིན་ཆེན་སྐུ་མཁར་ནས། །སྐྱེས་བུ་གཏམ་རྒྱལ་མདོ་ཟོ་ནི། །མི་དཀར་དཔའ་བརྗིད་གཟི་མདངས་ཅན། །དབུ་ལ་ལ་ཐོད་དཀར་པོ་གསོལ། །ལྗང་སྔོན་དར་བེར་སྐུ་ལ་མནབས། །ཕྱག་གཡས་རྡོ་རྗེ་སྦ་ལྕག་ཕྱར།། །གཡོན་པས་དངུལ་དཀར་དྲིལ་བུ་འཁྲོལ། །ཆིབས་སུ་རྟ་ནག་རྔམས་པ་ཆིབས། །མདོ་ཆུང་ལ་སོགས་ཡུལ་ལྷའི་ཚོགས། །སྨན་ཕྲན་མང་པོའི་འཁོར་དང་བཅས། །འདིར་གཤེགས་བསང་དང་མཆོད་པ་


CMR037_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས། །བཟང་ཤིང་ཕྱེ་མར་གསུར་གྱི་མཆོད། །ཇ་ཆང་ཟས་ཕུད་སྣ་ཚོགས་འབུལ། །འཁོར་བཅས་མཉེས་ཤིང་ཚིམས་གྱུར་ནས། །རིག་འཛིན་བརྒྱུད་པས་བཀའ་བསྒོས་ལྟར། །རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད། །ཨོཾ་རྒྱལ་པ་གཏམ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཀྱཻ། རྒྱལ་པོ་གདན་ལ་བཞུགས་འདྲའི་རི། ཁ་མིག་རྣ་བ་ལྡན་པ་བས། །དགེ་བསྙེན་གནས་པོ་དཔལ་རི་རྩེ། །དཀར་དམར་མདངས་ལྡན་བཙུན་པའི་གཟུགས། །དབུ་ལ་སྔགས་ཞྭ་ནག་པོ་གསོལ། །ཕྱག་ན་གྲི་གུག་ཕུར་པ་འཛིན། །ཞབས་གཉིས་སྐྱིལ་མོ་ཀྲུང་གིས་བཞུགས། །ཞལ་ནས་ཡི་གེ་དྲུག་པ་འདོན། །སྐུ་སྤྲུལ་མི་སྔོན་རལ་པ་ཅན། །སྐུ་ལ་གོས་ཆེན་དཀར་པོའི་གོས། །མེ་ཏོག་པདྨའི་༔ རིས་ཅན་གསོལ། །གསུང་སྤྲུལ་བཙུན་ཆུང་མཛེས་པའི་གཟུགས། །ལྟེ་བ་མན་ཆད་ས་ལ་ནུབ། །ཐུགས་སྤྲུལ་བཙུན་གཟུགས་རྐང་གླིང་འབུད། །འདིར་གཤེགས་བསང་དང་མཆོད་པ་བཞེས། །བཟང་ཤིང་ཕྱེ་མར་གསུར་གྱི་མཆོད། །དཀར་གསུམ་ཟས་སྣ་འབྲུ་སྣ་འབུལ། །གནས་བདག་འཁོར་བཅས་ཚིམས་གྱུར་ནས། །གནས་མགྲོན་གཉིས་ཀྱི་


CMR037_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་སྲུངས། །ཇི་ལྟར་ནུས་པའི་ཁ་འཛིན་མཛོད། །ཨོཾ་དེ་ཧི་ཧྲི་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། གཞན་ཡང་ས་སྐོར་འདིར་གནས་པའི། །སེང་ལྡི་ཙེ་དང་ཨང་རུབ་ལ། །རིས་ནོ་མིང་སྲིང་རྔ་ཁུར་བྲག །གླག་ཚང་བཙན་རྒོད་འཁོར་དང་བཅས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །རྒྱལ་མོ་བུ་སྤངས་སྤྱན་གསུམ་དང་། །བྲག་རས་སྐག་ཆེན་སྐག་ཆུང་དང་། །གྲོ་རི་ལ་གནས་གཞི་བདག་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །རྡོ་སྲག་ཡར་གྷོ་མར་མགོ་དང་། །རྡོ་སྲག་བྲག་འབུར་མ་ཎི་ཤར། །ལྕང་རྒན་ལ་གནས་གཉན་རྣམས་དང་། །ཕོམ་ཏི་ཨོཾ་རོང་གནས་པ་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །སྲིབ་ཆུང་བྲག་རྩེ་ཤིང་དང་ཕུག །བྲག་དམར་ཤིང་གི་གཙུག་ཕུད་ཅན། །གྱེན་ལོང་བྲག་འབུར་ལ་གནས་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །གནས་མདོའི་ས་གཞི་གྲུ་གསུམ་དང་། །ནག་རོག་ཕ་བོང་གྲུ་བཞི་


CMR037_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཕ་བོང་མི་མགོ་ལ་གནས་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །དཔལ་རི་ཐོད་དང་གཟིག་ལུང་ཤར། །ངན་རིང་ཐང་གི་མཚོ་དང་ནི། །གནས་མདོའི་ཆུ་འདུས་ལ་གནས་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཀུན་ཕུག་རྩེ་དང་ར་ལུང་ཁ། །ཆུ་འགོ་མ་ཡི་ཆུ་དང་ཤིང་། །ར་ཉེས་མ་ལ་གནས་པ་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཐང་མགོའི་མཚོ་དང་ཐང་མཐའི་ཤིང་། །གྲོ་བ་ཅོག་དང་ཉ་ཐོག་ཁ། །མགོན་པོ་སྡོང་དང་ཏིང་བཟང་མ། །གནས་རྣམས་འདིར་གཤེགས་བསང་མཆོད་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །གནམ་རྫོང་ཁྲབ་རི་བཙག་རི་དང་། །རག་ཕྲོམ་རྟ་འདྲ་ནོར་བདག་དང་། །ཟོར་རྒྱལ་འཁོར་དང་བཅས་པ་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །།གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །དབྱི་བྲོ་དགྱེ་རི་གླང་དཀར་དང་། །ལུ་ཕུ་བྲག་དམར་ལྷག་ལོ་དང་། །གུར་རྣ་ཟོམ་རྣ་ཐོ་ཁོར་རྣམས། །


CMR037_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

དིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །དབྱིག་ཕུ་བྲག་དམར་ཁྱུང་མཆུ་དང་། །ར་དཀར་བོ་རྫོང་ཁ་གདངས་བྲག །དབྱིག་རྩའི་ནགས་ཚལ་ལ་གནས་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཟངས་མདོ་རྡོ་ཞྭ་དཀར་སྤུན་གསུམ་དང་། །དཔའ་སྒོ་བརྟན་པོ་རྫ་ཁྲ་ཡུ། །སྤྱི་འབྱམས་སེང་གེ་སྤྱན་གསུམ་དང་། །སེ་ཏི་དཀར་འཛངས་རྗེས་ཚོ་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །དཀྱིལ་རི་ཆེ་ཆུང་དབྲི་ས་དང་། །འགྲབ་རྒྱལ་རྨོ་རྒྱལ་བནེ་མ། །སྡོང་ཆེན་ལ་གནས་གཞི་བདག་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །རྨོ་ཝིལ་ཁམ་ཐུགས་ཐོ་མགོ་དང་། །གཟེས་བྲེ་ཏི་བྲོ་རྒྱུ་རྒྱུ་དང་། །རྒས་ཕྲོམ་ལ་གནས་གཞི་བདག་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །གོ་རྒྱལ་བྱང་གྲགས་གསའ་ཡས་དང་། །མོ་ནོ་མཆེད་གསུམ་ཀླུ་རྒྱལ་དང་། །ཀླུ་རྒྱལ་གཙུག་ན་རིན་ཆེན་རྣམས། །


CMR037_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །རྒྱལ་པོ་ཐོ་རྒྱལ་ཡབ་ཡུམ་སྲས། །རྡོ་རྫུ་ཁྲབ་རྩོག་ཁྱུང་མཆུ་དང་། །ཀླུ་རྒྱལ་བྱིསྱའི་གཟུགས་ཅན་དང་། །སྤས་དབྱིག་ཁྲ་བོ་སྒང་ང་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །གཞན་ཡང་ངོམ་ཡུལ་འདིར་གནས་པའི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་སོགས། །བཀའ་དང་དམ་ལ་གནས་པ་ཡི། །ཡིད་ཀྱི་གཟུགས་ཅན་མ་ལུས་པ། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །བསང་དང་མཆོད་པ་འདི་བཞེས་ལ། །ཕོག་ཐུག་བྱུང་ན་བཟོད་པར་བཞེས། །ན་ཚ་གོད་ཁ་མ་བཏང་ཞིག །བཙའ་སད་སེར་བ་མ་བཏང་ཞིག །ཐན་པ་འབུ་སྲིན་མ་བཏང་ཞིག །མི་ནད་ཕྱུགས་ནད་མ་བཏང་ཞིག །དགྲ་རྐུན་གཅན་སྤྱང་མ་བཏང་ཞིག །ལོ་ལེགས་ཕྱུགས་རྣམས་འཕེལ་བར་མཛོད། །ཚེ་རིང་དབང་ཐང་རྒྱས་པར་མཛོད། །དགྲ་འདྲེ་གནོད་བྱེད་རྡུལ་དུ་རློགས། །སྐྱེ་འགྲོ་ལོངས་སྤྱོད་དབང་དུ་སྡུས། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བཀའ་


CMR037_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དང་དམ་ལ་མ་འདའ་བར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་དོན་གྲུབ་ཀྱི་དོན་དུ། ཨ་རཱ་གས་བྲིས་པ་མངྒ་ལཾ། དགེའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ངོམ་གྱི་བསང་མཆོད་བསྡུས་པ།


CMR037_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ངོམ་གྱི་བསང་མཆོད་བསྡུས་པ་བཞུགས་སོ། །


CMR037_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ངོམ་རྒྱལ་མཚོ་བཀྲ་ཡོར་རྒྱལ་གོ་ཆོ་དང་། །སོ་རྒྱལ་དོན་གྲུབ་འཇམ་རྒྱལ་སྟག་རྩེ་དང་། །ཡར་རྒྱལ་ཏ་རེ་དབའ་རྒྱལ་སྐ་ཏི་དང། །གཏམ་རྒྱལ་མདོ་ཟོ་གཏམ་རྒྱལ་མདོ་ཆུང་དང་། །རྨོ་རྒྱལ་རབ་ཕྲོམ་བྲན་རྒྱལ་བྲག་དཀར་དང་། །སྤོ་རྒྱལ་སྟག་ཡག་གྲུས་རྒྱལ་བྱང་བྲག་དང་། །གཙོ་རྒྱལ་རེ་ཏི་མོ་ནོ་རྡོ་རྗེ་རྒྱལ། །རྒྱལ་པོ་ཐོད་རྒྱལ་རྒྱལ་ཕྲུག་ཀ་ན་དང་། །ཀླུ་རྒྱལ་སྤོ་ཏོ་ཟོ་རྒྱལ་གཉེན་པོ་སྟེ། །ངོམ་གྱི་རྒྱལ་ཆེན་བཅོ་བརྒྱད་འཁོར་དང་བཅས། །འདིར་གཤེགས་བསང་དང་མཆོད་པས་དགྱེས་པར་མཛོད། །རྒྱལ་མོ་རི་ཕྱུག་རྒྱལ་མོ་བུ་སྤང་མ། །རྒྱལ་


CMR037_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

མོ་བུ་དགུ་རྒྱལ་མོ་མོ་ནོ་སྟེ། །ངོམ་གྱི་རྒྱལ་མོ་མཆེད་བཞི་འཁོར་བཅས་དང་། །འདིར་གཤེགས་བསང་དང་མཆོད་པས་དགྱེས་པར་མཛོད། །རྡོ་ཟེ་མཚོ་ནག་དབྱི་དོ་མཚོ་ནག་དང་། །གཡོ་རྫོང་མཚོ་ནག་མ་ལ་སོགས་པ་ཡི། །ངོམ་གྱི་མཚོ་ནག་མཆེད་གསུམ་འཁོར་དང་བཅས། །འདིར་གཤེགས་བསང་དང་མཆོད་པས་དགྱེས་པར་མཛོད། །ཕྱའུ་ནོར་བདག་རྟ་འདྲ་འབྲོང་རྫོང་དང་། །སྐྱག་སྡ་རབ་ཕྲོམ་རིན་ཆེན་རྣམས་རྫོང་དང་། །རྫོང་བྲག་དཀར་འཛོང་སི་ཐི་སེངྒེ་སྤྱན། །དེ་སོགས་ངོམ་རྒྱུད་གནས་པའི་ལྷ་ཡི་སྡེ། །འདིར་གཤེགས་བསང་དང་མཆོད་


CMR037_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

པས་དགྱེས་པར་མཛོད། །སྤྱི་འབྱམས་ཁྲ་ཕུ་སྡོང་ཆེན་བན་དེ་མ། །མཚལ་རྩེ་བཙག་རི་མོ་ནོ་ཁྲ་ཚང་མ། །འབྲིས་རི་རྨོ་བིལ་ཁམ་ཐུགས་གཟེད་བྲེ་དང་། །ཁབ་རྩོང་འོད་རྩེ་ཝ་དམར་རྡོ་རྫུ་དང་། །གཞེ་ཚ་ག་གཡས་དབྱིང་ཕུ་བྲག་དམར་དང་། །དཀྱིལ་རི་ནོར་རྫོང་གླང་དཀར་རྫོང་དམར་དང་། །ལུང་ཕུ་བྲག་དམར་མཐའ་དམར་བྲག་དམར་དང་། །ངོམ་རྒྱུད་གང་བུ་དགུ་འབྲེལ་ལ་སོགས་པའི། །ངོམ་རྒྱུད་གནས་པའི་བཙན་རིགས་མ་ལུས་པ། །འདིར་གཤེགས་བསང་དང་མཆོད་པས་དགྱེས་པར་མཛོད། །གསེར་རྒོད་གཡུ་རྒོད་རྒྱལ་བ་ཐོད་དཀར་དང་། །དབས་རོ་ཞ་དཀར་སྤ་སྒོ་རྨིས་ཚོ་དང་། །ཐོད་མགོ་ཏེ་བྲོ་སྒེས་ཕྲོམ་སྤ་ཐག་དང་། །འདོམ་ཅུ་བར་སྒོ་ཁྲ་བོ་སྒོ་ང་སོགས། །ངོམ་རྒྱུད་གནས་པའི་གཉན་རིགས་མ་ལུས་པ། །འདིར་གཤེགས་བསང་དང་མཆོད་པས་དགྱེས་པར་མཛོད། །སྒོ་སྲུང་རེ་དཀར་གཉན་ར་དཀར་པོ་མདའ་ལྟོང་དང་། །ཀླུ་སྒྲོན་སྟག་ཁྱམས་མཚོ་དང་གསེར་ཁའི་མཚོ། །རྡོ་མདའི་མཚོ་དང་དགེ་བསྙེན་ཡོར་མོ་མོ། །གཡུ་ཕྱུག་མདོ་སྣ་གླང་སྐོམ་ཆུ་མིག་ཀླུང་། །གླང་སྒེས་ཀླུ་དང་ཀླུ་རྒྱལ་བྱིས་སྦའི་གཟུགས། །ལུག་ར་ལ་གནས་


CMR037_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ན་རིན་ཆེན་དང་། །གཡོ་མདའི་གཡུ་མཚོ་ཆབ་མདོའི་རྫོང་ནག་སོགས། །ངོམ་རྒྱུད་ཆུ་དང་ཆུ་བོའི་མདོ་རྣམས་དང་། །ཆུ་མིག་ནེའུ་སིང་ཤིང་གཉན་ལ་གནས་པའི། །རིགས་བཞི་ཀླུ་ཡི་ཚོགས་རྣམས་འདུས་པ་ཀུན། །འདིར་གཤེགས་བསང་དང་མཆོད་པས་དགྱེས་པར་མཛོད། །ལས་མཁན་ཆེན་པོ་མགར་ནག་མཆེད་བཞི་དང་། །མཚལ་ཟེའི་འགག་དང་རག་ཤག་གཉན་པོ་སོགས། །ངོམ་རྒྱུད་ལ་གནས་ནག་པོ་བདུད་ཀྱི་ཚོགས། །འདིར་གཤེགས་བསང་དང་མཆོད་པས་དགྱེས་པར་མཛོད། །སྡང་གི་སྡང་ལྷ་སྨུག་པོ་ལ་སོགས་པའི། །དགྲ་བླ་ཝེར་མ་སུམ་བརྒྱ་དྲུག་ཅུ་དང་། །ངོམ་གྱི་རྒྱལ་རིགས་བློན་རིགས་རྣམས་ཀྱི་བླ། །ཕ་མྱེས་བཀྲ་མཚུན་གཉེན་པོ་ཐམས་ཅད་ཀུན། །འདིར་གཤེགས་བསང་དང་མཆོད་པས་དགྱེས་པར་མཛོད། །གོ་རྒྱལ་ཡུམ་མཆོག་ཤེལ་བཟའ་གཡུ་རུ་སྨན། །ཝ་ཕུ་སྨན་བདུན་སྨན་གྱི་བུ་མོ་བདུན། །སྨན་མོ་སྤུན་བདུན་དགེ་བསྙེན་གསའ་ནེ་མ། །དེ་སོགས་ངོམ་ཡུལ་སྟོད་སྨད་བར་གསུམ་གྱི། །སྨན་ར་ཀུན་ལ་གནས་པའི་ལྷ་སྨན་དང་། །ཆུ་བོ་ཀུན་ལ་གནས་པའི་ཀླུ་སྨན་རྣམས། །འདིར་གཤེགས་བསང་


CMR037_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཆོད་པས་དགྱེས་པར་མཛོད། །སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ་དང་། །ས་ག་རྒྱལ་པོ་རྒྱལ་པོ་ལ་ཐོད་ཅན། །དེ་སོགས་ངོམ་གྱི་དཀོར་བདག་དམ་ཚིག་ཅན། །རིག་འཛིན་རྣམས་ཀྱིས་དམ་ལ་བཏགས་པ་རྣམས། །འདིར་གཤེགས་བསང་དང་མཆོད་པས་དགྱེས་པར་མཛོད། །གཞན་ཡང་ངོམ་གྱི་ཡུལ་ཕྱོགས་འདི་ཉིད་ལ། །གཉུག་མར་གནས་པའི་ཡིད་ཀྱི་གཟུགས་འཆང་བ། །ལྷ་ཀླུ་བདུད་བཙན་གཉན་དང་ཐེའུ་རང་དང་། །མཚུན་དང་བྲག་སྲིན་སྨན་དང་གཟའ་དང་དམུ། །གནོད་སྦྱིན་དྲི་ཟ་སྨྱོ་བྱེད་བརྗེད་བྱེད་དང་། །ལུས་སྲུལ་པོ་དང་མོ་དང་མཁའ་འགྲོའི་རིགས། །གཞོན་ནུ་སྐེམ་བྱེད་བྱ་ཡི་རིགས་ལ་སོགས། །ཅེ་རེ་ལྟ་དང་ཀྲོ་གེ་ཉན་པ་རྣམས། །འདིར་བྱོན་བསང་དང་མཆོད་པས་ཚིམ་པར་མཛོད། །ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་ཁྱེད་རྣམས་ལ། །ཕོག་ཐུག་ཉེས་པ་མ་ལུས་དག་གྱུར་ཅིག །ཀོ་ལོང་གང་བྱུང་ཐམས་ཅད་བཟོད་པར་གསོལ། །ཉམ་པ་གསོ་ཞིང་འཁོན་འགྲས་ཡོད་ན་བསྡུམས། །ཁྱེད་རྣམས་བདེ་སྐྱིད་ལོངས་སྤྱོད་ལྡན་གྱུར་ཅིག །དེང་ནས་དཀོན་མཆོག་གསུམ་ལ་སྐྱབས་གསོལ་ལ། །སེམས་ཅན་གཞན་ལ་གནོད་སེམས་


CMR037_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བར་མཛོད། །དེ་ལྟར་ཆོས་དང་ཟང་ཟིང་སྟོན་མོ་འདིས། །ཁྱེད་ཅག་འཁོར་བཅས་དགའ་མགུ་ཡི་རང་ནས། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ལ། །རང་རང་ཅི་ལྟར་ནུས་པའི་ཁ་འཛིན་མཛོད། །ཡག་དང་སྤྱོད་ལ་ཉེས་པ་རྣམས་དང་བསྣོལ། །ཁྱེད་རྣམས་ཚེ་རིང་ནད་མེད་བདེ་སྐྱིད་ལྡན། །ལོངས་སྤྱོད་མངའ་ཐང་འཕེལ་ཞིང་རྒྱས་པར་མཛོད། །ཕྱུགས་རྣམས་འཕེལ་ཞིང་གོད་ཁ་མེད་པར་མཛོད། །ཞིང་རྣམས་རྟག་ཏུ་ལོ་ལེགས་སད་སེར་མེད། །དགྲ་ཇག་ཆོམ་རྐུན་ནམ་ཡང་མེད་པར་མཛོད། །གཞི་ན་འདུག་ན་ཁ་འཛིན་རྒྱབ་རྟེན་དང་། །བྱེས་སུ་འགྲོ་ན་བསྐྱེལ་བསུ་རོགས་དན་མཛོད། །མདོར་ན་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ཕྱྭ་དང་གཡང་གི་དངོས་གྲུབ་བསྩལ་དུ་གསོལ། །ཅེས་ངོམ་གྱི་བསང་མཆོད་བསྡུས་པ། ཨོ་རྒྱན་རིག་འཛིན་གྱི་འདོད་པ་ལྟར། ཨ་རཱ་གས་མྱུར་བར་བྲིས་པའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སྐྱེས་བུ་ངོམ་རྒྱལ་མཚོ་བཀྲའི་བསང་མཆོད་ཚན་པ་བཞི།


CMR037_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་ངོམ་རྒྱལ་མཚོ་བཀྲའི་བསང་མཆོད་གཟི་འབར་བཞུགས་སོ། ཀྱཻ། བཀྲ་ཤིས་སྐལ་ལྡན་བོད་ཀྱི་ཡུལ། །ས་གཙང་ཆུ་གཙང་ངོམ་གྱི་ཡུལ། །སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་ནི། །ཡབ་ནི་ལྷ་ཡི་རྒྱལ་པོ་སྟེ། །ཡུམ་ནི་ཀླུ་ཡི་བཙུན་མོ་ཡིན། །དེ་གཉིས་འཚོགས་ཤིང་སྤྲུལ་པའི་སྲས། །སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་ནི། །མགྱོགས་པ་རླུང་གི་རྟ་ལ་ཞོན། །བཙན་པོ་ཤེལ་གྱི་གོ་ཁྲབ་གསོལ། །དབུ་ཡི་དུང་རྨོག་དཀར་པོ་ལ། །གོས་མན་དར་འཕྲུ་རླུང་ལྟར་འཚུབ། །སྟག་གདོང་གཡས་ལ་གཟིག་ཤུབས་གཡོན། །ཡ་ཆ་སྐར་ཕྲན་གློག་ལྟར་འཁྱུགས། །ཕྱག་གཡས་དར་མདུང་དཀར་པོ་བསྣམས། །གཡོན་པས་ཡིད་བཞིན་ནོར་བུ་བསྣམས། །རང་གི་ཕྱོགས་རྣམས་རྒྱལ་མཛད་ཅིང་། །མི་མཐུན་ཕྱོགས་རྣམས་ཐམས་ཅད་ཟློག །མང་པོ་འདུས་ན་ཁས་དབང་ཆེ། །ཉུང་ངུར་འདུས་ན་ཁས་བཙན་པོ། །ངོམ་གྱི་ལུང་པ་དར་བར་མཛོད། །ཀྱཻ། སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་བསང། །བཙུན་མོ་རྒྱལ་མོ་རི་ཕྱུག་བསང་། །བླ་མཆོད་ཕོ་བ་རྟ་ཕྱི་བསང་། །མོ་མ་ཕྱུ་བུ་གཡང་དཀར་བསང་། །མདའ་ར་ལྷ་རྩེ་མཚལ་རྩེ་བསང་། །མདུང་ར་གོ་ཆོ་སྤྱན་


CMR037_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་བསང་། །བཟང་བྱེད་གཉེན་མོ་ཡ་རྒྱལ་བསང་། །ཕྱི་བློན་གསེར་སྒོ་སེར་པོ་བསང་། །ནང་བློན་གཡུ་སྒོ་སྔོན་པོ་བསང་། །མཛོད་འཛིན་སོ་རྒྱལ་དོན་གྲུབ་བསང་། །སྒོ་སྲུང་ར་དཀར་གཉན་པོ་བསང་། །ལས་མཁན་ཀླུ་བདུད་མགར་ནག་སོགས། །སྲས་འཛིན་ནོར་བུ་ལྷ་རྩེ་བསང་། །སོ་པ་སེ་ར་ནག་ལྕོག་བསང་། །རྟ་རྫི་ག་གཡས་གཉན་པོ་བསང། །སྲས་མོ་ཀླུ་མོ་ཀླུ་སྒྲོན་བསང་། །གཡོག་མོ་སྨན་མོ་འབུམ་ཕྲག་བསང་། །ངོམ་རྒྱལ་མཚོ་བཀྲ་འཁོར་དང་བཅས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་གདོན་བར་ཆད་ཞི་བར་མཛོད། །ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད། །སྣང་སྲིད་དབང་དུ་འདུ་བར་མཛོད། །གནོད་པའི་དགྲ་བགེགས་རྡུལ་དུ་རློགས། །ཟས་ནོར་ལོངས་སྤྱོད་ཆར་ལྟར་ཕོབ། །སྙན་དང་གྲགས་པ་འབྲུག་ལྟར་སྒྲོག །གཞི་བྱེས་ལམ་གསུམ་གར་འགྲོ་ཡང་། །ཁ་འཛིན་སྡོང་གྲོགས་མ་གཡེལ་ཅིག །བཙའ་སད་སེར་བ་མ་བཏང་ཞག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ཨ་རཱ་གས་སོ། །སརྦ་མངྒ་ལཾ།། །།


CMR037_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ། ཡང་ཅིག་བསང་ཞིང་མཆོད་པ་ནི། །སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་བསང་། །ངོམ་གྱི་རྒྱལ་ཆེན་བཅོ་བརྒྱད་བསང་། །དབྱི་དོ་རྡོ་རྗེ་བདུད་འདུལ་བསང་། །ངོམ་གྱི་མཚོ་ནག་སྤུན་གསུམ་བསང་། །བོད་ཀྱི་སྐུ་རྒྱལ་ཤེ་ནེ་བསང་། །བཙན་འཁོར་སུམ་བརྒྱ་དྲུག་ཅུ་བསང་། །མཛོད་འཛིན་སོ་རྒྱལ་དོན་གྲུབ་བསང་། །བཙན་རྒོད་དཀྱིལ་རི་འཁོར་བཅས་བསང་། །དགེ་བསྙེན་རིན་ཆེན་ལྷུན་གྲུབ་བསང་། །ཡིས་ཕོ་གསན་མཁར་གསུམ་པོ་བསང་། །ཁྲ་ཚང་མ་དང་ཁྲ་ཡུ་བསང་། །རྫོང་བྲག་དཀར་པོ་ཕས་ཕས་བསང། །ལྷ་བཙན་རྡོ་རྗེ་ཐོག་མེད་བསང་། །ཨ་མྱེ་ཡོ་ཆོ་ལ་སོགས་པའི། །ཐམ་ཡུལ་ཕུ་མདའི་གཞི་བདག་བསང་། །ཡུལ་འདིར་གནས་པའི་ལྷ་འདྲེ་བསང་། །ལན་ཆགས་སྙིང་རྗེའི་མགྲོན་རྣམས་བསང་། །ཁྱེད་རྣམས་བསང་བའི་བྱིན་རླབས་ཀྱིས། །མཐུན་རྐྱེན་བསམ་པ་འགྲུབ་པ་དང་། །བཀྲ་ཤིས་ཕུན་སུམ་ཚོགས་པར་མཛོད། །ཅེས་པ་འདི་ཨ་རཱ་གས་མཛད་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ།། །།


CMR037_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་ངོམ་རྒྱལ་གྱི་བསང་མཆོད་ནི། ཀྱཻ། སྔོན་ཚེ་པདྨ་འབྱུང་གནས་དང་། །དེ་རྗེས་རང་བྱུང་རྡོ་རྗེ་དང་། །བཀའ་དང་དམ་ལ་བཏགས་པ་ཡི། །ལྷ་ཡི་དགེ་བསྙེན་མཐུ་བོ་ཆེ། །ངོམ་རྒྱལ་མཚོ་བཀྲ་འཁོར་བཅས་བསང་། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཡབ་ནི་ལྷ་ཡི་རྒྱལ་པོ་སྟེ། །ཡུམ་ནི་ཀླུ་ཡི་བཙུན་མོ་ཡིན། །དེ་གཉིས་འཚོགས་ཤིང་སྤྲུལ་པའི་སྲས། །སྐྱེས་བུ་ངོམོ་རྒྱལ་མཚོ་བཀྲ་ནི། །མགྱོགས་པ་རླུང་གི་རྟ་ལ་ཞོན། །བཙན་པོ་ཤེལ་གྱི་གོ་ཁྲབ་གསོལ། །དབུ་ཡི་དུང་རྨོག་དཀར་པོ་ལ། །གོས་མིན་དར་འཕྲུ་རླུང་ལྟར་འཚུབ། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །ཡ་ཚ་ཀར་ཕྲན་གློག་ལྟར་འཁྱུགས། །ཕྱག་གཡས་མདུང་དར་དཀར་པོ་བསྣམས། །ཕྱག་གཡོན་ཡིད་བཞིན་ནོར་བུ་བསྣམས། །རང་གི་ཕྱོགས་རྣམས་རྒྱལ་བྱེད་ཅིང་། །མི་མཐུན་ཕྱོགས་རྣམས་ཐམས་ཅད་ཟློག །མང་པོ་འདུས་ན་ཁས་དབང་ཆེ། །ཉུང་ངུ་འདུས་ན་ཁས་བཙན་ཆེ། །ངོམ་གྱི་ལུང་པ་དར་བར་མཛོད། །སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་བསང་། །བཙུན་མོ་རྒྱལ་མོ་རི་ཕྱུག་བསང་། །


CMR037_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མཆོད་ཕོ་བ་རྟ་ཕྱི་བསང་། །མོ་མ་ཕྱུའུ་གཡང་དཀར་བསང་། །མདའ་ར་ལྷ་བཙན་མཚལ་རྩེ་བསང་། །མདུང་ར་གོ་ཆོ་སྤུན་དགུ་བསང་། །བཟང་བྱེད་གཉེན་མོ་ཡ་རྒྱལ་བསང། །ཕྱི་བློན་གསེར་སྒོ་སེར་པོ་བསང་། །ནང་བློན་གཡུ་སྒོ་སྔོན་པོ་བསང་། །མཛོད་འཛིན་སོ་རྒྱལ་དོན་གྲུབ་བསང་། །སྒོ་སྲུང་ར་དཀར་གཉན་པོ་བསང་། །ལས་མཁན་མགར་ནག་མཆེད་བཞི་བསང་། །སྲས་འཛིན་ནོར་བུ་ལྷ་རྩེ་བསང་། །སོ་པ་སེ་ར་ནག་ལྕོགས་བསང་། །རྟ་རྫི་ག་གཡས་གཉན་པོ་བསང་། །སྲས་མོ་ཀླུ་མོ་ཀླུ་སྒྲོན་བསང། །གཡོག་མོ་སྨན་མོ་སྤུན་གསུམ་བསང་། །ཕྱི་འཁོར་སུམ་བརྒྱ་དྲུག་ཅུ་བསང་། །ཡང་འཁོར་ཀླུ་གཉན་སྟོང་ཕྲག་བསང་། །སྐྱེས་བུ་ངོམ་རྒྱལ་འཁོར་བཅས་ཀྱི། །བསང་མཆོད་དམ་པ་འདི་བཞེས་ལ། །ཁ་འཛིན་སྡོང་གྲོགས་མགོན་སྐྱོབས་མཛོད། །ཆོས་སྲིད་དབང་ཐང་རྒྱས་པ་དང་། །བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །ཅེས་པ་དྲུང་མཁའ་སྤྱོད་པའི་མཛད་པ་ལས་ཁོལ་ཕྱུང་དུ་རཱ་ག་ཨ་སྱས་མཛད་པར་གྲགས། དགེའོ།།


CMR037_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་ངོམ་རྒྱལ་མཚོ་བཀྲའི་བསང་མཆོད་ནི། ཀྱཻ། ངོམ་རི་དུང་མདོག་ལྡན་པ་ནས། །སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་ནི། །མི་དཀར་དུང་གི་ཁྲབ་རྨོག་ཅན། །ཕྱག་ན་མདུང་དར་ནོར་བུ་འཛིན། །ཆིབས་སུ་རྟ་དཀར་འཕུར་ཤེས་ཆིབས། །བླ་མཆོད་མོ་མ་ཕྱི་ནང་བློན། །རུ་འདྲེན་གཉིས་དང་སྲས་མོ་གཉིས། །བཙུན་མོ་གཉིས་དང་མཛོད་འཛིན་བདག །སྒོ་སྲུང་ལས་མཁན་ལ་སོགས་པ། །སུམ་བརྒྱ་དྲུག་ཅུ་འཁོར་དང་བཅས་། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །སྒོ་སྲུང་རྐྱེན་ཟློག་ཁ་འཛིན་མཛོད། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ཅེས་རཱ་ག་ཨ་སྱས་སྦྱར་བའོ། །སརྦ་མངྒ་ལཾ།། ༈ ཀྱཻ། སྔོན་ཚེ་པདྨ་འབྱུང་གནས་དང་། །དེ་རྗེས་རང་བྱུང་རྡོ་རྗེ་ཡིས། །བཀའ་དང་དམ་ལ་བཏགས་པ་ཡི། །ལྷ་ཡི་དགེ་བསྙེན་མཐུ་བོ་ཆེ། །ངོམ་རྒྱལ་མཚོ་བཀྲ་འཁོར་བཅས་ལ། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཁ་འཛིན་སྡོང་གྲོགས་མགོན་སྐྱོབས་མཛོད། །ཆོས་སྲིད་དབང་ཐང་རྒྱས་པ་དང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རཱ་ག་ཨ་སྱས་ཁོལ་དུ་ཕྱུང་བའོ།།


CMR037_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨ་མ་ནུ་ཥ་ནཱ་ག་རཱ་ཛ་ཧཱུྃ། ངོམ་རྒྱལ་ལོ། །ཨོཾ་མ་མ་ཏི་མི་ནི་ཧཱུྃ། རི་ཕྲུག་གོ། ཨོཾ་དེ་ཝ་ཤུ་ལ་ཧཱུྃ། ལྷ་བཙན་ནོ། །ཨོཾ་ནཱ་ག་ཤུ་ལ་ཧཱུྃ། ཀླུ་བཙན་ནོ། །ཨོཾ་པུ་རུ་ཥ་ཛ་ཧཱུྃ། གཡུ་རྒོད་དོ། །ཨོཾ་མནྟ་ཀ་ཧཱུྃ། བླ་མཆོད་དོ། །ཨོཾ་ཨ་མོ་གྷ་སིདྡྷི་ཧཱུྃ། སོ་རྒྱལ་ལོ། །ཨོཾ་གྱེར་ཙེ་ཧཱུྃ། མོ་མའོ། །ཨོཾ་པ་ཎ་པུ་རུ་ཥ་ཧཱུྃ། གསེར་རྒོད་དོ། །ཨོཾ་མ་མ་རུ་ལུ་ཧཱུྃ། ཡ་རྒྱལ་ལོ། །ཨོཾ་ཤཱནྟི་ནཱ་ག་ཧཱུྃ། ར་དཀར་རོ། །ཨོཾ་ནཱ་ག་དུ་ཏྲི་ཧཱུྃ། མག་ར་ནག་གོ །ཨོཾ་ཨཱཿསོགས་སོ་སོའི་སྔགས་མཐར་ཧཱུྃ་སྦྱར་བ་བསྙེན་སྔགས་སོ།། ༈ སྤྱན་འདྲེན་སྐབས་སོ་སོའི་སྔགས་མཐར། ས་མ་ཡ་ཛཿཧཱུྃ་བཾ་ཧོ། །ས་མ་ཡ་ཙིཏྟ་ཧཱུྃ་ཧཱུྃ་ཛ་ཛཿ འབོད་སྔགས་སོ།། ༈ གཡང་སྐྱབས་བསྙེན་སྔགས་མཐར། སརྦ་སིདྡྷི་ཧཱུྃ་སྦྱར། གཡང་འགུགས་མཐར། ཕྱྭ་ཧཱུྃ༔ གཡང་ཧཱུྃ༔ བདེ་ལེགས་སྐྱིད་པ་ཧཱུྃ༔ སྦྱར། ཞི་བ་ལ། ཞི་བ་ཤཱནྟཾ་ཀུ་རུ་སྭཱ་ཧཱ༔ རྒྱས་པ་ལ། པུཏྟིཾ་ཀུ་རུ་སྭཱ་ཧཱ༔ དབང་ལ། པ་ཤཾ་ཀུ་རུ་སྭཱ་ཧཱ༔ དྲག་པོ་དགྲ་ཆོས་སྐབས། དགྲ་བོ་རྒེ་ལ་བློ༔ བསད་པའི་སྐབས། དགྲ་བོ་སྒེའི་སྲོག་ལ་མཱ་ར་ཡ་རྦད་རྦད༔ དགྲ་ཟློག་སྐབས། དགྲ་བོ་སྒྲེ་ས་མ་ཡ་ཟློག་ཟློག༔ མན་ངག་ཤེས་ན་ནོར་བུ་འདྲ༔ ཤེས་པར་དཀའ་ཕྱིར་ནོར་བུ་དཀོན༔ ཨྠྀི༔ གསང་རྒྱ༔ ༈ ཧཱུྃ། དད་པ་དང་ནི་དམ་ཚིག་


CMR037_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

གིས། །ངོམ་རྒྱལ་མཚོ་བཀྲ་སྤྱན་འདྲེན་ནོ། །ཞིབ་མར་གསུར་གྱི་མཆོད་པ་དང་། །དཀར་གསུམ་མངར་གསུམ་ཕུད་ཀྱི་མཆོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཕྲག་དོག་རིམས་ནད་ཞི་བར་མཛོད། །མི་མཐུན་རྐྱེན་དང་བར་ཆད་སོལ། །ནད་དང་གནོད་པ་ཞི་གྱུར་ཅིག །མི་མཐུན་རྐྱེན་རྣམས་ཞི་གྱུར་ཅིག །མི་ནད་ཕྱུགས་ནད་ཞི་གྱུར་ཅིག །ཡམས་ནད་རིམས་ནད་ཞི་གྱུར་ཅིག །ཨོཾ་ཨཱམ་ནུ་ཥ་ནཱ་ག་ར་ཛ་སྭཱ་ཧཱ། ཞི་བ་ཤཱནྟཾ་ཀུ་རུ་སྭཱ་ཧཱའི་བར་འཁོར་རྣམས་ལ་དེས་འགྲེས། །གཡང་སྐྱབས་སྐབས་རྒྱས་པར་ཧཱུྃ། སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་ནི་སོགས་ནས། ངོམ་རྒྱལ་མཚོ་བཀྲ་ཁྱོད་ལ་བསྟོད། །འདིར་གཤེགས་ཕུད་དང་གཏོར་མ་བཞེས། །ཕྱ་དང་གཡང་གི་དངོས་གྲུབ་ནི། །རི་རབ་ལྟ་བུར་སྤུང་དུ་གསོལ། །རྒྱ་མཚོ་བཞིན་དུ་བསྐྱིལ་དུ་གསོལ། །སྤྲིན་སྤུང་བཞིན་དུ་གཏིབས་པ་དང་། །བར་སྣང་ཆར་བཞིན་འབེབས་པར་མཛོད། །ཅེས་དང་འཁོར་རྣམས་ལ་དེ་བཞིན་སྦྱར་བའམ། བསྡུ་ན། བྷྱོ༔ བཙུན་མོ་རྒྱལ་མོ་རི་ཕྱུག་ནི། །འདིར་གཤེགས་ཕུད་དང་སོགས་འཁོར་རྣམས་ལ་སྦྱར། ཨྠྀི༔ ༈ ལས་ཚོགས་ལ། རྒྱས་པར་བསྟོད་པ་རེ་བྱ། བསྡུ་ན་


CMR037_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་རེའི་མཐར། འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །རྒྱས་པ་ལ། ཚེ་དང་བསོད་ནམས་རྒྱས་པར་མཛོད། །དབང་ལ། ཁམས་གསུམ་དབང་སྡུད་དངོས་གྲུབ་སྩོལ། །བསྲུང་བ་ཚེ་སྒྲུབ་སྐབས། བདག་ཅག་འཁོར་བཅས་སྲུང་བ་དང་། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཆར་འབོད་སྐབས། ཆར་པ་འབེབས་པའི་ཕྲིན་ལས་མཛོད། །ནད་པའི་རིམ་གྲོ་ལ། ནད་པ་འདི་ཡི་བར་ཆད་སོལ། །བྱད་ཟློག་ལ། བྱད་ཁ་ཕུར་ཁ་བཟློག་ཏུ་གསོལ། །དམག་ཇག་བཟློག་ན། དམག་སྣ་ཇག་སྣ་བཟློག་ཏུ་གསོལ། །བསད་པ་ལ། དགྲ་བོ་རྨེ་རྡུལ་དུ་རློགས། །རྐྱེན་བཟློག་ལ། བར་ཆད་རྐྱེན་རྣམས་བཟློག་ཏུ་གསོལ། །སྔགས་དང་གྱེར་སྒོམ་ཏིང་འཛིན་གསུམ། །གཞུང་དང་ལས་ཚོགས་མཆོད་རྫས་གསུམ། །དྲུག་པོ་བསྡེབས་ན་ནོར་བུ་ཡིན། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

མགོན་པོ་རྡོ་རྗེ་མོན་པའི་བསང་མཆོད།


CMR037_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་རྡོ་རྗེ་མོན་པའི་བསང་མཆོད་བཞུགས་སོ།། ཀྱཻ། གཙུག་ཕུའི་བྲག་རི་ཆོས་བཤད་དང་། །ཉ་རོང་གཡོན་ཟུར་བྲག་རྒྱུད་ནི། །མགོན་པོ་སྡོང་ཞེས་གྲགས་པ་ལ། །གནས་པའི་མགོན་པོ་ནག་པོའི་རིགས། །རྡོ་རྗེ་མོན་པ་གསང་བའི་མཚན། །མཐིང་མདོག་ཨ་ཙ་ར་ཡི་གཟུགས། །ཐོར་ཅོག་དབང་རྟགས་རྡོ་རྗེས་མཚན། །ཨག་ཚོམ་སྨིན་མ་རིང་ལ་འཕྱུགས། །གཅེར་བུ་སྟག་གི་ཤམ་ཐབས་ཅན། །ཕྱག་གཡས་མི་སྣོད་སྤོས་ཕོར་ལ། །གཡོན་པས་ཐུན་ཀོང་མེ་འབར་བསྣམས། །རྒྱན་དང་ཆ་ལུགས་རྫུ་འཕྲུལ་སྟོབས། །གཉན་མགོན་བྲམ་གཟུགས་ཉིད་དང་མཚུངས། །མིང་ནི་མགོན་པོ་ནག་པོ་ཟེར། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་བསང་། །རབ་ཏུ་མཉེས་ཤིང་ཚིམས་གྱུར་ནས། །སངས་རྒྱས་བསྟན་པ་སྲུང་བ་དང་། །མི་དང་ནོར་ཕྱུགས་འཕེལ་བ་དང་། །འདོད་དགུ་དབང་དུ་སྡུད་པ་སོགས། །ལས་ཚོགས་བཅུ་གཉིས་འགྲུབ་པར་མཛོད། །བཀའ་ཡི་སྲུང་མ་མཛད་དུ་གསོལ། །མགོན་པོ་རྡོ་རྗེ་མོན་པ་ཡི། །ཚེ་རབས་ལས་ཀྱི་ཕོ་ཉ་བ། །ཁྲབ་རི་ལ་གནས་མགོན་པོའི་


CMR037_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

རིགས། །མི་དཀར་དཔའ་བརྗིད་རྟ་དཀར་ཞོན། །རྒྱབ་ན་མཚལ་ཕུག་དམར་པོ་ཁུར། །ཕྱག་གཡས་རལ་གྲི་གཡོན་མདུང་དར། །དེ་ཡི་འཁོར་ནི་བཀའ་སྡོད་གསུམ། །གཅིག་ནི་མི་དམར་རྟ་རུ་དམར། །སྐུ་ལ་བྱི་རུའི་ཁྲབ་རྨོག་གསོལ། །བྱི་རུའི་མདུང་དང་རལ་གྲི་ཕྱར། །གཅིག་ནི་མི་སེར་རྟ་ཡང་སེར། །རྨོག་ཁྲབ་མདུང་དང་རལ་གྲི་ཡང་། །སེར་པོ་སྤོས་ཤེལ་ལས་གྲུབ་པ། །གཅིག་ནི་རྐང་ཐང་ཕུབ་རྨོག་ཅན། །མི་ཡི་ཆ་ལུགས་འདྲ་བ་སྟེ། །ཁྲབ་རི་གཙོ་འཁོར་བཞི་པོ་ཡང་། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཉ་རོང་ཡར་མགོ་ནགས་ཀྱི་རྩེ། །གནམ་རྫོང་ཞེས་བྱ་ལ་གནས་པ། །མི་དམར་ཁྲག་གི་མདོག་ཅན་ལ། །གོས་རྣམས་མེ་ལྕེའི་རང་བཞིན་ཅན། །གཡས་པས་རལ་གྲི་དམར་པོ་ཕྱར། །གཡོན་པས་འཇིམ་པ་ལས་གྲུབ་མདུང་། །ཆིབས་སུ་བཙན་རྟ་མཚལ་བུ་ལ། །རྐང་དུང་མང་པོའི་རྒྱན་ཅན་ཆིབས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཞྭ་དཀར་སྤུན་གསུམ་ཆ་ལུགས་མཚུངས། །ཞལ་མདོག་དམར་སྨུག་བརྗིད་པ་


CMR037_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཞྭ་དཀར་ཕྲུག་དཀར་རལ་གུ་ཅན། །མདའ་གཞུ་འཁོར་གསུམ་སྐེད་ལ་བསྐོར། །གཡས་པ་ཐམས་ཅད་རལ་གྲི་ཕྱར། །གཡོན་གསུམ་མདུང་བསྣམས་བ་དན་དམར། །དར་དམར་ཅོད་པན་བཏགས་པ་བསྣམས། །འཁོར་ནི་རྐང་ཐང་མང་པོས་བསྐོར། །ཞྭ་དཀར་སྤུན་གསུམ་འཁོར་དང་བཅས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །གྲོ་བ་ལྕོག་ལ་གནས་པ་ཡི། །མི་མ་ཡིན་ནི་རྒན་རྒོན་གཉིས། །བུ་ཆུང་མཛེས་པ་གཞོན་ནུ་ལྔ། །བུ་མོ་མཛེས་པ་གཞོན་ནུ་ལྔ། །གྲོ་བ་ལྕོག་གི་ཕ་མ་བུ། །བཅུ་གཉིས་འདིར་གཤེགས་བསང་མཆོད་བཞེས། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཉ་ཐོག་འོག་གི་བྲག་ནག་དང་། །ལམ་ལ་གནས་པའི་བྲག་སྲིན་ནི། །མི་དམར་ཁྲག་རལ་མི་ལ་ཆིབས། །བུད་མེད་དམར་མོ་ཁྲག་རལ་ཅན། །ཁྱི་ཞོན་གཉིས་ཀ་གློ་སྙིང་ཐོགས། །ཐང་མགོའི་མཚོ་བདག་ཀླུ་བདུད་ནི། །བཙན་གཟུགས་མགོ་ལ་ཞྭ་ཁྲ་གྱོན། །མི་རྐང་གླིང་བུ་སྐྱེད་ལ་བཅུག །དེ་ཡི་ལྕམ་གཅིག་སྦྲ་ཁ་ནི། །མཚོ་སྨན་དུང་གི་རྒྱན་ཆ་ཅན། །ཉ་ཐོག་འོག་གི་བྲག་ནག་དང་། །


CMR037_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་དང་ཆུ་ལ་གནས་པ་ཡི། །ཀླུ་དང་ས་བདག་མ་ལུས་པ། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཉ་རོང་ལྕང་རྒན་ཆུ་མིག་ལ། །གནས་བཅས་ཀླུ་བཙན་དྲག་རྩལ་ཅན། །མི་དམར་རལ་པས་སྟོད་ཁེབས་པ། །སྐུ་ལ་གོས་དམར་རལ་གུ་ཅན། །ཕྱག་ན་མདུང་དང་རལ་གྲི་འཛིན། །ཉ་རོང་རི་ཁྲོད་ས་སྐོག་ལ། །གཉུག་མར་གནས་པ་མ་ལུས་པ། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །གསེར་ཁའི་མཚོ་བདག་ཀླུ་བདུད་ནི། །མི་ནག་རལ་པས་ལུས་ལ་ཁེབས། །མཆེ་བ་གཙིགས་ཤིང་སྦྲུལ་ནག་ཆིབས། །སྦྲུལ་གྱི་པགས་པ་གོས་སུ་གྱོན། །ཕྱག་གཡས་ཁབ་ལེན་རྡོ་ཕྱར་ཞིང་། །གཡོན་པས་གྲི་དང་ཕུར་པ་འཛིན། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །གཞན་ཡང་མགོན་པོ་ནག་པོའི་རིགས། །རྡོ་རྗེ་མོན་པའི་བཀའ་ཡི་འཁོར། །གཉན་པོ་ནོར་བདག་ཆོས་ཉན་བྲག །རྡོ་རྗེ་གཡོ་སྨད་ཨ་ཙ་ར། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །གཞན་


CMR037_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྡོ་རྗེ་མོན་པའི་གནས། །རྒྱ་གར་རྒྱ་ནག་བལ་པོ་དང་། །རྨ་ཡུལ་ཚ་བ་འབེ་ཡི་ཡུལ། །གནས་བཞི་ཉི་ཤུ་རྩ་གཅིག་གི །ཉེ་སྐོར་གཞི་བདག་ཕལ་ཆེ་བ། །རྡོ་རྗེ་མོན་པའི་འཁོར་ལགས་པས། །སོ་སོའི་ཕོ་བྲང་གཞལ་ཡས་སུ། །བསང་དུད་མཆོད་པའི་སྤྲིན་ཆེན་པོས། །སོ་སོར་མཉེས་ཤིང་ཚིམ་གྱུར་ཅིག །ཁྱད་པར་གཙུག་རག་ཉ་རོང་གི །ས་ཕྱོགས་འདི་ལ་གནས་པ་ཡི། །མིང་དང་མཚན་ནས་མ་ཐོན་པའི། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་ལ། །བསང་དང་མཆོད་པ་འདི་འབུལ་ལོ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །སོ་སོར་མགུ་ཞིང་ཚིམ་གྱུར་ཅིག །རྗེ་བཙུན་སངས་རྒྱས་དབོན་པོ་སོགས། །རིག་འཛིན་སྤྱན་སྔར་ཁས་བླངས་ལྟར། །ཡུལ་ཕྱོགས་བདེ་ཞིང་སྐྱིད་པ་དང་། །བསྒྲུབ་ལ་བར་ཆད་མེད་པར་མཛོད། །ཁྱེད་རྣམས་ཡུལ་འདིར་གནས་པའི་ལྷ། །བདག་ཅག་ཡུལ་འདིར་གནས་པའི་མི། །གནས་མགྲོན་གཉིས་ཀྱི་དམ་ཚིག་བསྲུང། །མིས་ཀྱང་ལྷ་ལ་དུས་སུ་མཆོད། །ལྷས་ཀྱང་མི་ལ་ཁ་འཛིན་མཛོད། །བཅོལ་བའི་ཕྲིན་ལས་མ་གཡེལ་ཅིག །མཐུ་རྩལ་ནུས་པ་ཅི་གདའ་ལྟ། །རྟགས་མཚན་


CMR037_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་དངོས་སུ་སྩོལ། །ལོ་ལེགས་ཡུལ་ཁམས་བདེ་བར་མཛོད། །ཨ་རཱ་གས་སོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཆུ་བདག་དགེ་བསྙེན་གནས་བརྒྱད་མཚན་བརྒྱད་ཀྱི་བསང་མཆོད།


CMR037_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བདག་དགེ་བསྙེན་གནས་བརྒྱད་མཚན་བརྒྱད་ཀྱི་བསང་མཆོད་བཞུགས། ཧཱུྃ། སྔོན་ཚེ་གསང་བའི་བདག་དང་པད་འབྱུང་གིས། །བཀའ་དང་དམ་ལ་བཏགས་པའི་དམ་ཚིག་ཅན། །ས་བརྒྱད་ནོན་པའི་སེམས་དཔའ་ཀླུ་ཡི་གཟུགས། །དུང་སྐྱོང་སྲས་པོ་ལ་ཐོད་དཀར་པོ་བསང་། །ངོ་བོ་གཅིག་ཀྱང་བཞུགས་ཡུལ་སོ་སོའི་མིང་། །དབུ་རུ་བྱང་གི་དགེ་བསྙེན་ཐང་ལྷ་བསང་། །སྐྱི་ཤོད་མཁར་ནག་རྡོ་རྗེ་རྒྱལ་པོ་བསང་། །ཕོ་མོ་རྫོང་རིང་ཀླུ་བདུད་མགོ་དགུ་བསང་། །ལྷོ་སྟོད་དབུ་རིའི་སྐུ་ལྷ་མཁར་ནག་བསང་། །ལྷོ་རྒྱལ་བདུད་པོ་ཟླ་བའི་མདོག་ཅན་བསང་། །མོན་ཁ་རིང་མོའི་བདུད་པོ་བཀྲག་མེད་བསང་། །སེངྒེ་རྫོང་དུ་ཟུ་ར་ར་སྐྱེས་བསང་། །ལྷོ་བྲག་མཁར་ཆུའི་དགེ་བསྙེན་སྨྱོ་ཁ་བསང་། །དྲི་ཟའི་ཡུལ་དུ་ཟུར་ཕུད་ལྔ་པ་བསང་། །ཁམ་གྱི་ཕྱོགས་ནས་ཉ་ཆེན་ནག་མདངས་བསང་། །འཁོར་དང་སྤྲུལ་པས་བོད་ཁམས་ཁྱབ་པ་བསང། །ལྕི་ཡི་ཀླུ་བདུད་དྲག་པོ་བདུད་འདུལ་བསང། །ངོམ་གྱི་དགེ་བསྙེན་རྡོ་རྗེ་བདུད་འཇོམས་བསང་། །ལྕི་ངོམ་མཚམས་ཀྱི་བླ་མཚོ་དམར་ནག་བསང་། །བཞུགས་ཚེ་སྤྲུལ་པ་སྣ་ཚོགས་མ་ངེས་ཀྱང་། །ཞི་བའི་ཚུལ་དུ་


CMR037_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་མཛད་པ་ནི། །མི་དཀར་ཆས་བཟང་འཁོར་གསུམ་ཞྭ་དཀར་ཅན། །ཕྲུག་དཀར་གོས་ལ་ཟ་འོག་གོང་ལག་ཅན། །སྟག་རལ་གཟིག་ཤུབས་དཔའ་བོའི་ཆས་དང་ལྡན། །ཆིབས་སུ་འཕྲུལ་གྱི་རྟ་དཀར་གཡུ་རྔོག་ཆིབས། །སྤྲུལ་པ་ཉ་ཆེན་དཀར་པོའི་ཆུ་བོ་གང་། །འཁོར་ནི་རྒྱན་ཆ་རང་འདྲ་རྟ་དཀར་ཅན། །བཅུ་གཉིས་དང་བཅས་ཡང་འཁོར་བསམ་མི་ཁྱབ། །འདིར་གཤེགས་བསང་དང་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསང་། །ཕོག་ཐུག་འགྲམ་འཁྲུག་བྱུང་ན་མཐོལ་ཞིང་བཤགས། །རྣལ་འབྱོར་བདག་ཅག་མི་ནོར་འཁོར་བཅས་ལ། །ཀུ་རེ་རྐྱལ་ཁ་གནོད་འཚེ་མ་མཛད་པར། །རྟག་ཏུ་ཁ་འཛིན་སྡོང་གྲོགས་མགོན་སྐྱབས་མཛོད། །མི་དར་ནོར་ཕྱུགས་འབྲུ་རྣམས་འཕེལ་བ་དང་། །ཀླུ་གཡང་དངོས་གྲུབ་སྣ་ཚོགས་ཆར་ལྟར་ཕོབ། །ཁྱོད་ནི་ཡུལ་འདིར་གནས་པ་ཡུལ་གྱི་ལྷ། །ངེད་རྣམས་ཡུལ་འདིར་སྡོད་པའི་ཡུལ་གྱི་མི། །མིས་ཀྱང་ལྷ་ལ་རྒྱུན་དུ་མཆོད་པ་འབུལ། །ལྷས་ཀྱང་མི་ལ་ཁ་འཛིན་མ་གཡེལ་ཅིག །གནས་མགྲོན་གཉིས་ཀྱི་དམ་ཚིག་ཐུབ་པར་བསྲུང་། །སློབ་དཔོན་པདྨའི་བཀའ་ལས་མ་འདའ་བར། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་ནི་རཱ་ག་ཨ་སྱས་བྲིས་པའོ། །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དགེ་བསྙེན་སྨྱོ་ཁའི་བར་བློན་བསང་མཆོད།


CMR037_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཆུ་རྒྱུད་ལ་མངའ་མཛད་དགེ་བསྙེན་སྨྱོ་ཁའི་བར་བློན་བསང་མཆོད་ནི། ཀྱཻ། ལྕི་དང་དཔལ་གྱི་ཆུ་རྒྱུད་ནས། །དབང་བསྒྱུར་ཀླུ་ཡི་རྒྱལ་པོ་ནི། །སྨྱོ་ཁ་རྡོ་རྗེ་རྒྱལ་པོ་ཡི། །བཀའ་སྡོད་བར་བློན་ཆེན་པོ་སྟེ། །དགེ་བསྙེན་འབོ་རང་ཞེས་སུ་གྲགས། །རང་གཟུགས་མི་ནག་སྦྲུལ་ཞགས་ཅན། །ཕྱག་གཉིས་སྦྲུལ་ཞགས་ནད་རྐྱལ་འཛིན། །ཆིབས་སུ་སྦལ་པ་གྲོ་མོ་ཆིབས། །བདུད་ཀྱི་དེད་དཔོན་མཛད་ཙམ་ན། །མི་ནག་རྟ་ནག་དར་ནག་ཕྱིར། །ཀླུ་ཡི་དེད་དཔོན་མཛད་ཙམ་ན། །བཙུན་གཟུགས་ཞྭ་སེར་རྟ་ནག་ཅན། །གཉན་གྱི་དད་དཔོན་མཛད་ཙམ་ན། །ཉ་ཡི་མགོ་ཅན་ཉ་དཀར་ཆིབས། །ཡུམ་ནི་སེར་མོ་མཛེས་མའི་གཟུགས། །ནོར་བུ་བེ་ཅོན་པདྨ་འཛིན། །བློན་པོ་མི་དཀར་སྦལ་སྦྲུལ་འཛིན། །དཔྲལ་བར་ཟླ་བའི་གཟུགས་ཀྱིས་བརྒྱན། །མི་བརྫུ་དགུ་བརྫུ་སྟོབས་པོ་ཆེ། །འབོ་རང་ཡབ་ཡུམ་བློན་འཁོར་བཅས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་བསང་། །ཀླུ་སྨན་དཀར་གསུམ་མཆོད་པ་བཞེས། །ཐུགས་དང་འགལ་བ་མཐོལ་ལོ་བཤགས། །བདག་ཅག་ཡོན་མཆོད་འཁོར་བཅས་


CMR037_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །གནོད་པའི་དགྲ་བགེགས་ཞི་བ་དང་། །དགྲ་བགེགས་དབང་སྡུད་ཟིལ་གནོན་སོགས། །དགྲ་ཡི་དགྲ་རྣམས་འཕེལ་བ་དང་མཛོད། །ཅེས་པ་འདི་ཡང་མདོ་ཁམས་ཡུལ་ལྷའི་རྒྱུན་བསང་། འབྲུ་རིགས་གཉན་པོའི་ལྷ་བསང་རཱ་ག་ཨ་སྱས་མཛད་པའི་ནང་ནས་གེལ་བྲིས་སོ།།

ན་བུན་དགེ་བསྙེན་བསང་མཆོད་བསྡུས་པ།


CMR037_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ན་བུན་དགེ་བསྙེན་གཅིག་བྱོན། །ན་བུན་དགེ་བསྙེན་བསང་མཆོད་བསྡུས་པ་ནི། ཀྱཻ། རྫ་ཡི་ཆུ་རྒྱུད་ཕལ་ཆེར་ན། །དབང་བྱེད་ན་བུན་དགེ་བསྙེན་ནི། །སྐུ་སྟོད་གཅེར་བུ་ལྷ་ཡི་ལུས། །སྦྲུལ་དཀར་གསུམ་གྱི་གདེངས་ཀ་ཅན། །སྐུ་སྨད་མི་ལུས་སྦྲུལ་ཤུན་དཀྲིས། །རྟ་དཀར་སྦྲུལ་གྱི་ལྟོ་བ་ཅན། །རྔ་མ་སྦྲུལ་ལས་བྱས་པ་ཆིབས། །ཕྱག་གཉིས་ལྕགས་ཀྱུ་སྦྲུལ་ཞགས་འཛིན། །མཆན་གཡོན་ཁཊཾ་དར་དཀར་ཕྱར། །འདིར་གཤེགས་བསང་གི་མཆོད་པ་དང་། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཀླུ་སྨན་དཀར་གསུམ་མཆོད་པ་འབུལ། །ཀླུ་ནད་ཐམས་ཅད་ཞི་བ་དང་། །བཀྲ་ཤིས་བདེ་ལེགས་རྒྱས་པར་མཛོད། །ཀརྨ་རཱ་ག་ཨ་སྱས་བྲིས་པ་དགེ་ལེགས་འཕེལ། དགེའོ།། །།

གཏམ་རྒྱལ་མདོ་ཟོའི་གསོལ་མཆོད་བསང་གི་རིམ་པ་ཕན་བདེའི་ཆུ་གཏེར།


CMR037_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་རྒྱལ་མདོ་ཟོའི་གསོལ་མཆོད་བསང་གི་རིམ་པ་ཕན་བདེའི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ།། སིདྡྷི་སྭཱ་ཧཱ།


CMR037_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་སཾ་བྷ་ཡེ། །པད་འབྱུང་སྤྲུལ་པའི་སྐུ་ལ་འདུད། །ཡུལ་ལྷའི་མཆོད་ཆོག་བྲི་བར་བྱ། །གྲ་ཕྱིང་སྟེང་དུ་འདབ་བརྒྱད་བྲི། །བཤོས་བུ་རྩེ་རྒྱལ་ཕྱེ་མར་དང་། །གཡག་ལུག་མདའ་དར་ཕུད་རྣམས་བཤམས། །རང་ཉིད་པད་འབྱུང་ང་རྒྱལ་གྱིས། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། བདུན་བརྗོད་པས་བསང་། ཨོཾ་སྭ་བྷ་ཝས་སྦྱང་། མདུན་དུ་སྤང་ལྗོངས་དང་ནེའུ་སིང་དང་བྲག་རིས་བསྐོར་བའི་དབུས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྐུ་མཁར་གྱི་དབུས་སུ་གཏམ་རྒྱལ་སྐུ་མདོག་དཀར་ལ་ཅུང་ཟད་སྨུག་པའི་མདངས་ཅན། སྐུ་ལ་དར་དཀར་གྱི་རལ་གུ་གསོལ་ཞིང་གཡས་བ་དན་དཀར་པོ་དང་། གཡོན་རིན་པོ་ཆེ་


CMR037_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་པ། སྟག་རལ་དང་གཟིག་ཤུབས་བཏགས་ནས་ཅང་ཤེས་དཀར་པོ་རླུང་གི་ཤུགས་ཅན་ལ་ཆིབས་པའོ། །དེའི་འཁོར་དུ་ལྷ་ཀླུ་བདུད་བཙན་རྨ་དང་སྨན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ་སྤྱན་དྲངས། ཧཱུྃ། རི་དབང་གཏམ་རྒྱལ་མདོ་ཟོ་ནི། །རྒྱལ་པོ་གདན་ལ་བཞུགས་པ་འདྲ། །རྒྱལ་ཕྲན་འཁོར་གྱིས་བསྐོར་བ་འདྲ། །རིན་ཆེན་བྲག་གི་ཟུར་ཕུད་ཅན། །སྤྲིན་དཀར་ལྡིང་བའི་ཅོད་པན་ཅན། །བསྐལ་པའི་འབྲུག་སྒྲ་ལྡི་རི་རི། །དྲག་པོའི་གློག་དམར་ཚུབས་སེ་ཚུབ། །གསེར་སྤང་སེར་པོ་ལམས་སེ་ལམ། །གཡུ་ཡི་ནེའུ་སིང་ཀྱི་


CMR037_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ལི་ལི། །ཤེལ་གྱི་ཆུ་མིག་ཤ་ར་ར། །ན་བུན་ཀྱི་བུན་ཐུ་ལུ་ལུ། །ལྗོན་ཤིང་ནགས་ཚལ་ཐིབས་སེ་ཐིབ། །རི་དྭགས་རྩེ་ཀྱ་སྤྲིངས་སེ་སྤུང་། །གཅན་གཟན་ངར་སྐད་འུ་རུ་རུ། །བྱ་རིགས་གཤོག་ལྡང་ཁྲིགས་སེ་ཁྲིག །དེ་འདྲ་འཕྲུལ་གྱི་ཕོ་བྲང་ནས། །གཏམ་རྒྱལ་མདོ་ཟོ་གཤེགས་སུ་གསོལ། །ཁྱེད་ཀྱི་བཀའ་ཉན་ཕོ་ཉའི་ཚོགས། །ཐམས་ཅད་མ་ལུས་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ རིན་ཐང་མེད་པ་ནོར་བུའི་འཕྲ་བཀོད་ཅིང་། །འོད་འབར་རིན་ཆེན་བརྩེགས་པའི་མི་དམན་ཁྲི། །ཡ་མཚན་རི་མོ་བཀྲ་བའི་དར་འབོལ་སྟེང་། །གཏམ་རྒྱལ་འཁོར་བཅས་དགྱེས་ཤིང་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྡན། རྒྱལ་བ་གཉིས་པ་རྡོ་རྗེ་གྲོ་ལོད་དང་། །རྒྱལ་སྲས་རང་བྱུང་རྡོ་རྗེའི་སྤྱན་སྔ་རུ། །ཇི་ལྟར་ཞལ་བཞེས་ཐུགས་དམ་མི་བསྙེལ་བར། །རྒྱལ་བསྟན་སྲུང་ཞིང་བདག་གི་གྲོགས་མཛོད་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་ལས་རིན་ཆེན་སྣོད་དུ་ཧཱུྃ་ཡིག་ལས། །རིན་ཆེན་འབྲུ་སྨན་རྩི་བཅུད་དཀར་དམར་ཕུད། །གཡག་ལུག་ར་གསུམ་གོ་མཚོན་ཇ་ཆང་ཕུད། །ཞིབ་མར་སྤོས་སྤྲིན་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་སྤ་ར་


CMR037_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཎ་ཁཾ། ཨོཾ། འོ་ཞོའི་མཆོད་ཡོན་ཡན་ལག་བརྒྱད་ལྡན་ཆབ། །བཟང་ཤིང་མེ་ཏོག་རྒྱས་པའི་དུད་སྤྲིན་འཁྲིགས། །མུན་སེལ་བསང་བའི་རྒྱ་ཇའི་དྲི་ལྡན་ཆབ། །རོ་བརྒྱ་ལྡན་པའི་ཞིབ་མར་སྙན་པའི་དབྱངས། །རབ་མཛེས་གཡག་ལུག་ར་དང་རི་དྭགས་གཟུགས། །དབང་པོའི་གཞུ་འདྲ་དར་ཟབ་བལ་ཚོན་གཏིབས། །རིན་ཐང་ཆེ་བའི་རིན་ཆེན་སྣ་ཚོགས་དབྱིག །མི་དབང་བསོད་ནམས་ལས་གྲུབ་རིན་ཆེན་བདུན། །ལྷ་དབང་དཔལ་ལས་བྱུང་བའི་བཀྲ་ཤིས་བརྒྱད། །རྒྱལ་བས་བྱིན་རླབས་རྫ་ས་མཆོག་ཤེས་བྱེད་བརྒྱད། །རྟ་ལུག་གནག་གིས་ཁྱུར་གྱུར་ཤེལ་ཚིགས་དང། །ཕས་རྒོལ་རླག་བྱེད་ངར་ལྡན་མཚོན་པའི་ཚོགས། །གདུག་པའི་བསམ་སྦྱོར་ཟློག་བྱེད་གོ་ཆ་དང་། །ནད་སེལ་སྨན་མཆོག་སྣ་ཚོགས་ཁྱེད་ལ་འབུལ། །ཁྱེད་ཅག་འཁོར་དང་རབ་དགྱེས་མགུ་ཞིང་ཚིམ། །རྨུགས་འཐིབས་ཉམས་དང་རྒུད་པ་དག་གྱུར་ནས། །ནུས་སྟོབས་གཟི་བརྗིད་ཕུན་སུམ་ཚོགས་གྱུར་ཅིག ། ཨརྒྷཾ༴ ཤལྟ་པྲ་ཏཱིཙྪ་སྭཱ་ཧཱ། འདིར་སྤྲོ་ན་གཡག་ལུག་རྒྱས་པར་འབུལ། བསང་དུད་བཏང་ལ། ཀྱཻ། བསང་གི་རྒྱུད་བྱུང་གང་ནས་བྱུང་། །བསང་བྱུང་སྟོང་


CMR037_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབྱིངས་ལས་བྱུང་། །སྟོང་པའི་ངང་ལས་འབྱུང་བ་སྲིད། །འབྱུང་བའི་དྭངས་མ་ཤིང་དུ་སྲིད། །ཙནྡན་ཤུག་པ་གཡུ་ཡི་ཤིང་། །དུང་གི་སུར་དཀར་ལྷ་ཡི་ཤིང་། །བཀྲ་ཤིས་འོམ་འབུ་ཀླུ་ཡི་ཤིང་། །སྟག་པ་གསེར་ལོ་གཉན་གྱི་ཤིང་། །ཉ་བྲིད་བདུད་རྩི་སྨན་གྱི་ཤིང་། །སྤེན་མ་དངོས་གྲུབ་གཡུང་དྲུང་ཤིང་། །དྲི་ལྡན་ས་ཀར་སྤོས་ཀྱི་ཤིང་། །མཁན་དཀར་ཡ་མཚན་འཕྲུལ་གྱི་ཤིང་། །ཐང་ལོ་ཀླུ་གཉན་དགྱེས་པའི་ཤིང་། །ཤིང་སྣ་དགུ་ཡི་དུད་པ་དང་། །ཕྱེ་མར་ཇ་ཆང་ཕུད་རྒོད་ཀྱི། །སྐྱེས་བུ་གཏམ་རྒྱལ་མདོ་ཟོ་བསང། །བཙུན་མོ་བློན་པོ་འབངས་དང་གཡོག །འཁོར་དང་ཡང་འཁོར་ཐམས་ཅད་བསང་། །བསངས་བས་ལྷ་སྲུང་དགྱེས་གྱུར་ཅིག །རྨུགས་དང་འཐིབས་པ་སངས་གྱུར་ཅིག །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཀྲ་ཤིས་བདེ་ལེགས་རྒྱས་གྱུར་ཅིག །གཏོར་མ་ལ་ཆབ་ཀྱིས་བྲན་ལ། ཨོཾ་བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །ཧཱུྃ་ལས་རིན་ཆེན་སྣོད་དུ་ཁཾ་ཡིག་ལས། །གཏོར་མ་འདོད་པའི་ཡོན་ཏན་ཕུན་ཚོགས་ཤིང་། །སྦྲང་རྩིའི་རོ་ལྡན་ཤེལ་གྱི་


CMR037_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་འཆང་བ། །ཟག་མེད་བདེ་སྐྱིད་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་ཨཱཿདེ་ཝ་ཙཀྲ་ས་པཱ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གཏམ་རྒྱལ་འཁོར་བཅས་གཏོར་མ་འདི་བཞེས་ལ། །ཡུལ་ཕྱོགས་འདི་རུ་དུས་རྣམས་ཐམས་ཅད་དུ། །འཁྲུག་རྩོད་དམག་ཇག་རྐུན་པོའི་འཚེ་བ་དང་། །ཡམས་ནད་མུ་གེ་བཙའ་སད་ཞི་བར་མཛོད། །ཚེ་དང་བསོད་ནམས་དབང་ཐང་སྙན་གྲགས་དང་། །ལོངས་སྤྱོད་འབྲུ་ནོར་བཀྲ་ཤིས་རྒྱས་པར་མཛོད། །ཕ་རོལ་དགྲ་དང་རྒྱལ་བློན་ཡུལ་ཁམས་དང་། །མཆོག་དམན་སྐྱེ་འགྲོ་དབང་དུ་འདུ་བར་མཛོད། །སྡང་ཞིང་གནོད་སེམས་འཆང་བའི་དགྲ་དང་བགེགས། །གཟིར་བཅིང་བསྐད་དང་བསད་པའི་ཕྲིན་ལས་མཛོད། །སྔར་བྱས་གཏང་རག་ཕྱིས་བྱེད་ཞུ་སྐྱེམས་དང་། །ད་ལྟའི་གཉེར་བྱས་གཉན་པོ་འདི་བཞེས་ལ། །བསམ་དོན་མཐའ་དག་ཡིད་བཞིན་འགྲུབ་པར་མཛོད། །དེ་ནས་བསྟོད་པ་ནི། ཧཱུྃ། སྐྱེས་བུ་གཏམ་རྒྱལ་མདོ་ཟོ་ནི། །ཆིབས་སུ་འཕྲུལ་གྱི་ཅང་ཤེས་ཆིབས། །ཕྱག་ན་བ་དན་དཀར་པོ་བསྣམས། །གཡོན་ན་ཡིད་བཞིན་ནོར་བུ་འཛིན། །སྐུ་ལ་


CMR037_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

དར་དཀར་ན་བཟའ་གསོལ། །དབུ་ལ་དུང་ཞུ་འབར་བ་མནབས། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །འཁོར་དང་ཡང་འཁོར་ཕོ་ཉར་བཅས། །རྟ་ནི་དཀར་དམར་སྔོ་ནག་ཆིབས། །དར་སྟན་སྒ་སྲབ་གོང་སྨད་ལ། །རིན་ཆེན་གསེར་དངུལ་འཕྲ་ཡིས་མཛེས། །སྐུ་ལ་གསེར་དངུལ་བསེ་ལྕགས་ཁྲབ། །གཡུ་དུང་ཟངས་ཁྲབ་འབར་བ་ལ། །སྟག་གཟིག་དོམ་དྲེད་ཤམ་བུ་ཅན། །དབུ་ཡི་རྨོག་མོ་དཀར་པོ་ལ། །རིན་པོ་ཆེ་ཡི་གཙུག་ཕུད་ཅན། །གཡས་ཀྱི་སྟག་རལ་ཁྲ་བོ་ལ། །ལྷ་མདའ་ལེབ་མ་སྐར་ལྟར་འཁྲུགས། །གཡོན་གྱི་གཟིག་ཤུབས་ཐིག་ལེ་ལ། །སྤྲུལ་པའི་ལྷ་གཞུ་གློག་ལྟར་འཁྱུགས། །སྐེད་ཀྱི་གཟིག་ཤུབས་ཟངས་བཀྲ་ནང་། །ཤང་ལང་རལ་གྲི་མེ་ལྟར་འབར། །སྐུ་ཡི་གོ་ཁྲབ་སྣ་ཚོགས་ལ། །སྤྲུལ་པའི་ཚྭ་ཚྭ་མེ་སྟག་འཕྲོ། །དབུ་ཡི་རྒོད་འཕྲུ་ལྡེམ་པ་ལ། །སྣ་ཚོགས་བ་དན་མེ་ལྟར་འཚུབ། །རེ་རེའི་འཁོར་ལ་གཉན་ཕྲན་སྟོང་། །ཀུན་ཀྱང་མཐུ་ཆེན་རྩལ་དྲག་ཅན། །དྲག་པོའི་བྷྱོ་སྒྲ་དི་རི་རི། །རྣལ་འབྱོར་དམ་ཚིག་ཅན་གྱི་གཉེན། །སྐྱེ་བོ་དགྲ་བླ་ཅན་གྱི་གཉེན། །དབུལ་གྱི་དཀོར་ནོར་སྤེལ་བའི་གཉེན། །རྨོངས་པའི་རྩ་


CMR037_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་བཀྲོལ་བའི་གཉེན། །འཐབ་མོ་གཡུལ་ལས་རྒྱལ་བའི་གཉེན། །སངས་རྒྱས་ཆོས་ལ་ཕྱོགས་པའི་གཉེན། །ཆ་ལ་དགའ་ཞིང་དར་ལ་འདུ། །ཀུ་ལ་དགའ་ཞིང་བློ་ལ་དགྱེས། །གཏམ་རྒྱལ་མདོ་ཟོ་འཁོར་བཅས་ལ། །རབ་ཏུ་གུས་པས་བདག་གིས་བསྟོད། །ཅེས་བསྟོད། གསོལ་ཁ་ནི་གཏོར་མ་བཏེག་ལ། ཀྱཻ། དགྲ་བོ་འདུལ་བའི་ལྷ། རང་ཕྱོགས་རྒྱལ་བའི་ལྷ།གཞན་ཕྱོགས་ཕམ་པའི་ལྷ། དགྲ་བླ་གཏམ་རྒྱུལ་ལ། གསོལ་ལོ་མཆོད་དོ། །དགྲ་བོ་ཐུལ་ཅིག །རང་ཕྱོགས་སྲུངས་ཤིག །དམག་ཇག་རྐུན་པོ་ཟློག་ཅིག །ཀྱཻ། དཀོར་ནོར་སྤེལ་བའི་ལྷ། དཔའ་འབྱོར་རྒྱས་པའི་ལྷ། ནོར་ལྷ་གཏམ་རྒྱལ་ལ། །གསོལ་ལོ་མཆོད་དོ། །ནོར་ཕྱུགས་སྤེལ་ཅིག །རྟ་དྲེལ་སྤེལ་ཅིག །བསོད་ནམས་མངའ་ཐང་སྤེལ་ཅིག །ཀྱཻ། ཆར་ཆུ་འབེབས་པའི་ལྷ། ལོ་ཕྱུགས་སྤེལ་བའི་ལྷ། ཞིང་ལྷ་གཏམ་རྒྱལ་ལ། །གསོལ་ལོ་མཆོད་དོ། །ཆར་ཆུ་དུས་སུ་ཕོབ་ཅིག །ལོ་ཏོག་སྤེལ་ཅིག །བཙའ་སད་སེར་གསུམ་ཟློག་ཅིག །ཀྱཻ། གདོན་བགེགས་འདུལ་བའི་ལྷ། ཡམས་ནད་གཅོད་པའི་ལྷ། རིམས་ནད་བཟློག་པའི་


CMR037_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ། ཡུལ་ལྷ་གཏམ་རྒྱལ་ལ། །གསོལ་ལོ་མཆོད་དོ། །བགེགས་དཔུང་ཆོད་ཅིག །གདོན་དཔུང་ཕུད་ཅིག །རིམས་ཡམས་ཟློག་ཅིག །ཀྱཻ། ཆོས་ལ་ཕྱོགས་པའི་ལྷ། །བསྟན་པ་སྲུང་བའི་ལྷ། ཆོས་སྐྱོང་གཏམ་རྒྱལ་ལ། །གསོལ་ལོ་མཆོད་དོ། །བསྟན་པ་སྲུངས་ཤིག །བསྟན་དགྲ་སྒྲོལ་ཞིག །ཆོས་མི་ནུབ་པའི་རྒྱལ་མཚན་ཕྱོར་ཅིག །བདག་གི་བསམ་པ་ཡིད་བཞིན་དུ་སྒྲུབས་ཤིག །ཅེས་གཏོར་མའི་ཕུད་བསང་ནང་དུ་ཕུལ་ལོ། །ཞེས་པ་འདི་ནི་ཨ་རཱ་གས་མཛད་པ་རེད་ཟེར་བའི་ཞལ་རྒྱུན་ལའང་འདུག་གོ། ༈ གཏམ་རྒྱལ་བསང་ནི། ཧཱུྃ། ཕ་མྱེས་རྒྱུད་ཀྱི་སྲུང་མ་མཆོད། །སྐྱེས་བུ་གཏམ་རྒྱལ་མདོ་ཟོ་ནི། །མི་དཀར་གཟི་བརྗིད་འོད་དུ་འབར། །དབུ་ལ་ལ་ཐོད་དཀར་པོ་བཅིང་། །།ལྗང་སྔོན་དེར་བེར་སྐུ་ལ་གསོལ། །ཕྱག་གཡས་རྡོ་རྗེ་སྦ་ལྕག་ཕྱར། །གཡོན་པས་ཕྱག་གི་དྲིལ་བུ་དཀྲོལ། །ཆིབས་སུ་རྟ་ནག་རྔམ་པ་ཆིབས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཕོག་ཐུག་འགྲམ་འཁྲུག་ཞི་གྱུར་ཅིག །ཨ་རཱ་གས་སོ། །སརྦ་མངྒ་ལཾ།། །།

ཇོ་བོ་གཟེ་རྒྱལ་གྱི་བསང་མཆོད།


CMR037_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་བོ་གཟེ་རྒྱལ་གྱི་བསང་མཆོད་བཞུགས་སོ།། ཀྱཻ། ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །ཕ་གནམ་ལྷ་འོད་འབར་དེ་རྗེ་དར། །མ་ས་ལྷ་དེ་ནི་ཀླུ་མོ་བཙུན། །དེ་གཉིས་བསྡེབས་པའི་མིང་སྲིང་བཞི། །ཆེ་བ་ཀླུ་རྗེ་འོད་འབར་ཡིན། །གསང་མཚན་རྡོ་རྗེ་དབང་དྲག་ནི། །སྐུ་མདོག་གངས་ལ་ཉི་ཤར་འདྲ། །དབུ་ལ་ལེ་ཕྲན་སྨུག་པོ་བཅིང་། །མཛེས་པའི་མེ་ཏོག་ཟུར་ཕུད་ཅན། །སྐུ་ལ་དུང་བེར་དཀར་པོ་གསོལ། །ཕྱག་གཡས་ཉི་ཟླ་སྒྲོན་མེ་ཐོགས། །ཕྱག་གཡོན་དངུལ་མདུང་དཀར་པོ་ལ། །དར་དཀར་བ་དན་བཏགས་པ་བསྣམས། །རག་དཀར་གཡུ་རྔོག་ཆིབས་སུ་ཆིབས། །དཀར་ཕྱོགས་ལྷ་དམག་འབུམ་གྱིས་བསྐོར། །འབྲིང་བ་གནམ་ལྷ་བྱང་ཆུབ་ནི། །གསང་མཚན་རྡོ་རྗེ་དབང་ཕྱུག་ནི། །ཞལ་མདོག་དཀར་གསལ་མཛེས་པ་ལ། །དབུ་ལ་དར་དཀར་ཅོད་པན་བཅིངས། །མཛེས་པ་མེ་ཏོག་ཟུར་ཕུད་ཅན། །ཕྱག་ན་དངུལ་མདུང་དཀར་པོ་བསྣམས། །ཆིབས་སུ་གྲོ་སྨུག་གདོང་སེ་ཆིབས། །འཁོར་དུ་གཉན་དམག་འབུམ་གྱིས་བསྐོར། །ཆུང་བ་རྡོ་རྗེ་དཔལ་བརྩེགས་ནི། །གསང་མཚན་རྡོ་རྗེ་དཔལ་འབར་ནི། །ཞལ་མདོག་གསེར་འོད་


CMR037_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ་ཡིན། །སྐུ་ལ་གསེར་ཁྲབ་སེར་པོ་གསོལ། །དབུ་ལ་མཚལ་ཐོད་དམར་པོ་བཅིངས། །ཕྱག་ན་ཡ་ཚ་དཀར་པོ་བསྣམས། །སྟལ་རལ་གཡས་ལ་གཟིག་ཤུབས་གཡོན། །ཆིབས་སུ་རྐྱང་བུ་ཁ་དཀར་ཆིབས། །བྱ་རྒོད་དཀར་པོ་ཀླད་ན་ལྡིང་། །དུང་གི་སེངྒེ་གཡས་ན་འགྱིང་། །ལྕགས་ཀྱི་བྱ་ཁྲ་གཡོན་ན་འཇུམ། །འཁོར་དུ་ཀླུ་དམག་འབུམ་གྱིས་བསྐོར། །སྲིང་མོ་ལྷ་ལྕམ་གློག་མ་འཕྲུལ། །བུད་མེད་དཀར་མོ་དུང་ཤུ་ཆིབས། །བཙུན་མོ་གཡུ་མཚོ་ཆེ་ཆུང་གཉིས། །གཡུ་དང་བྱི་རུའི་བུད་མེད་གཉིས། །བློན་པོ་ཅི་རྒྱལ་ཀ་རྒྱལ་དང་། །སྤེན་ནེ་རི་བཀྲ་དབྱི་རྒྱལ་བཞི། །སྐུ་རྒྱལ་བཙན་དམག་ལ་སོགས་པའི། །སྨོན་སྐྱེས་གང་ཞུར་མཆེད་ལྕམ་བཞི། །འཁོར་དང་བཅས་པ་མ་ལུས་པ། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་བསང་། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །གཞི་བྱེས་ལམ་གསུམ་གར་འདུག་ཀྱང་། །ཇོ་བོས་མཐུ་རོགས་སྡོང་ཟླ་གྱིས། །སྔོན་ནས་བསུས་ལ་ཕྱི་ནས་སྐྱོལ། །དཔལ་དང་གྲགས་པ་སྒྲུབ་པ་དང་། །འཁོར་དང་བསྟན་པ་སྲུང་བ་དང་། །ཆོས་དང་མཐུན་པའི་སྡོང་


CMR037_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་མཛོད། །ཨོཾ་ཐོག་ཐོག་ཀླུ། ཨོཾ་བྱང་ཆུབ་ཐོག་ཐོག་གཉན་རྒོད། ཨོཾ་གནམ་ཐོག་ཐོག་བཙན་རྒོད། ཛ་ཛ་ས་མ་ཡ་ཛ་ཛཿ རཱ་ག་ཨ་སྱས་མཛད་པའོ།། སརྦ་མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དགེ་བསྙེན་དབྱི་དོའི་བསང་།


CMR037_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བསྙེན་དབྱི་དོའི་བསང་བཞུགས་སོ།། ཀྱཻ། བླ་མཚོ་ཆེན་པོའི་ནང་ཤེད་ནས། །དགེ་བསྙེན་ཆེན་པོ་དབྱི་དོ་ནི། །ཆ་ལུགས་གཅིག་ཏུ་མ་ངེས་ཀྱང་། །ཞི་བའི་ཚུལ་དུ་བཞེངས་ཙམ་ན། །དཀར་མཛེས་བཅུ་དྲུག་ན་ཚོད་ཅན། །དབུ་ལ་དར་དཀར་ལ་ཐོད་གསོལ། །སྦྲུལ་མགོ་གསུམ་གྱི་གདེངས་ཀ་ཅན། །དར་དཀར་རིན་ཆེན་མགུལ་བརྒྱན་ཅན། །ཁེཌཱུརྱ་ཡི་རྣ་རྒྱུན་ཅན། །གསེར་དང་དངུལ་གྱི་དཔུང་རྒྱན་ཅན། །དར་དཀར་མཛེས་པའི་ཕྱག་གདུབ་ལ། །སྐུ་སྨད་སྦྲུལ་གྱི་རང་བཞིན་ལ། །ཆུ་དར་སྔོན་པོའི་ཤམ་ཐབས་ཅན། །ཡིད་བཞིན་ནོར་བུའི་གཙུག་བརྒྱན་བཅིངས། །ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །མཚོ་ནག་མ་སོགས་མཚོ་སྨན་དང་། །ཀླུ་བདུད་ཀླུ་བཙུན་འཁོར་དང་བཅས། །འདིར་གཤེགས་བསངས་དང་མཆོད་པ་བཞེས། །བཟང་ཤིང་སྣ་ཚོགས་སྤོས་ཀྱིས་བསང་། །དཀར་གསུམ་ཀླུ་སྨན་མཆོད་པ་འབུལ། །འཁོར་བཅས་མཉེས་ཤིང་ཚིམས་གྱུར་ནས། །ཆུ་ཡི་འཇིགས་པ་ཞི་བ་དང་། །གནོད་འཚེ་ཕྲག་དོག་མ་མཛད་པར། །ཀླུ་གཡང་དངོས་གྲུབ་ཆར་ལྟར་ཕོབ། །ཨོཾ་ནཱ་ག་ནཱ་དྷི་སྭཱ་ཧཱ། ཨི་དཾ་བ་ལི་ཏ་ཁ་ཁ་


CMR037_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཁཱ་ཧི་ཁཱ་ཧི། གཏོར་མ་མེད་ན་སྔགས་སྐྱུར་དགོས། ཞེས་ཨ་རཱ་གས་སོ།།

ངོམ་ཡུལ་བསང་མཆོད།


CMR037_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་གཅིག་བྱས་ལ། ཀྱཻ། ཡང་གཅིག་བསང་ཞིང་མཆོད་པ་ནི། །རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །རི་བོ་རྩེ་ལྔའི་ནུབ་ཕྱོགས་ན། །རི་རྒྱལ་ལྷུན་པོའི་ལྷོ་ཡི་ཕྱོགས། །གངས་དཀར་ཏི་སེའི་ཤར་ཕྱོགས་ན། །ཐུགས་རྗེ་ཆེན་པོའི་ཞིང་ཁམས་མཆོག །རྒྱལ་བས་ལུང་བསྟན་གདོང་མར་ཡུལ། །མདོ་ཁམས་གླིང་ཁྲི་བར་མ་ན། །ངོམ་དུ་རུང་བའི་ཡུལ་གྱི་སྟོད། །རིན་ཆེན་རི་བོ་བརྗིད་ཆགས་པ། །དགུན་གསུམ་དཀར་པོ་དུང་གི་རི། །དཔྱིད་གསུམ་སྨུག་པོ་མཆོང་གི་རི། །དབྱར་གསུམ་ལྗང་ཁུ་གཡུ་ཡི་རི། ། སྟོན་གསུམ་སེར་པོ་གསེར་གྱི་རི། །རྫ་བྲག་རིན་ཆེན་སྤུངས་པ་འདྲ། །གསེར་སྤང་སེར་པོ་ལམས་སེ་ལམ། །གཡུ་ཡི་ནེའུ་སིང་ཀྱི་ལི་ལི། །ཤེལ་གྱི་ཆུ་མིག་ཤ་ར་ར། །བཟང་ཤིང་ནགས་ཚལ་ཐིབས་སེ་ཐིབ། །གཡུ་ཡི་ན་བུན་ཕྱུ་རུ་རུ། །ལྷོ་སྤྲིན་སྨུག་པོ་ཐིབས་སེ་ཐིབ། །བསྐལ་པའི་འབྲུག་སྒྲ་འུ་རུ་རུ། །དྲག་པོའི་གློག་དམར་ཁྱུགས་སེ་ཁྱུག ། དུང་གི་ཁུ་འཕང་ཤ་ར་ར། །སྦྲང་ཆར་ཟིམ་བུ་སི་ལི་ལི། །འཇའ་སྤྲིན་ཉི་ཟླ་ཏ་ལ་ལ། །བྱ་རིགས་སྐད་སྙན་ཏངས་སེ་ཏང་། །གཅན་གཟན་ངར་སྐད་འུ་རུ་རུ། །རི་དྭགས་རྩེ་


CMR037_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱུ་སྤྲིངས་སེ་སྤྲིང་། །དེ་འདྲ་གནས་ཀྱི་མངའ་བདག་ནི། །རི་རྒྱལ་ཀོ་དོ་ཞེས་སུ་གྲགས། །མི་སྨུག་རལ་པའི་ཅོད་པན་ཅན། །ལོངས་སྤྱོད་མངའ་ཐང་ཕུན་སུམ་ཚོགས། །སྤྲུལ་པ་ཚོང་དཔོན་ཆེན་པོར་བརྫུ། །ཁྱོད་ལ་མཆོད་པ་འབུལ་བ་ནི། །ཕྱེ་མར་འོ་ཞོ་ཇ་ཆང་ཕུད། །འབྲུ་སྣ་ཟས་ཕུད་མཆོད་པ་འབུལ། །བཟང་ཤིང་སྣ་ཚོགས་དུད་པས་བསང། །ཀོ་དོའི་ཕུ་མདའ་ཉིན་སྲིབ་ཀྱི། །མཚོ་དང་ཆུ་མིག་ནེའུ་སིང་ལ། །གནས་པའི་ཀླུ་ཡི་རྒྱལ་པོ་ནི། །སྐུ་མདོག་ལྗང་སེར་འོད་ཟེར་འབར། །སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། །ཕྱག་མཚན་ཕྱག་ན་པདྨ་བསྣམས། །སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ། །འཁོར་ནི་མཚོ་སྨན་མང་པོས་བསྐོར། །སྤྲུལ་པ་བན་དེ་ཆེན་པོར་བརྫུ། །ཀླུ་ཆེན་འཁོར་དང་བཅས་པ་ལ། །དཀར་གསུམ་མངར་གསུམ་མཆོད་པ་དང་། །ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ། །བཟང་ཤིང་རྩི་སྨན་དུད་པས་བསང་། །རི་རྒྱལ་ཀོ་དོ་གཉན་པོ་ཡི། །རྒྱབ་ཀྱི་ཕྱོགས་ལ་གནས་པ་ཡི། །ལྷ་ཆེན་ལྕང་སྡེ་རག་ཕྲོམ་དང་། །བཙག་ཏི་མོ་ནོ་འཁོར་བཅས་བསང་། །གཡས་ཀྱི་ཕྱོགས་ན་གནས་པ་ཡི། །ལུང་ཡང་རག་ཟོར་


CMR037_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་གཙུག་དང་། །ཆོས་བཤད་ཆོས་ཉན་འཁོར་བཅས་བསང་། །ལྷག་གཟར་བྲག་དམར་རི་ནག་སོགས། །གཡས་རིའི་རྒྱུད་ལ་གནས་པ་བསང་། ཤེས་དམར་ཤོག་རིང་དགོན་ལུང་དང་། །རམ་ཁུང་ཡར་ཤོག་མར་ཤོག་དང་། །རྒན་མོ་བྱ་ཁྲིད་ལ་སོགས་པ། །གཡོན་རིའི་རྒྱུད་ལ་གནས་པ་བསང་། །ཞྭ་དཀར་མཆེད་གསུམ་འོད་ཟེར་རི། །ལྕམ་ཆེན་ལྕམ་ཆུང་ཁྲ་རི་དང་། །བང་རྟག་བྱ་ལོང་ལ་སོགས་པ། །མདུན་རི་རྣམས་ལ་གནས་པ་བསང་། །ཡུལ་ལྷ་གཞི་བདག་ཁྱེད་རྣམས་ལ། །མཆོད་དོ་གཙང་མའི་ཕུད་ཀྱིས་མཆོད། །འབུལ་ལོ་དཀར་གསུམ་མཆོད་པ་འབུལ། །བསང་ངོ་རྩི་སྨན་དུད་པས་བསང་། །བསྟོད་དོ་ངོ་སོ་གྱེན་དུ་བསྟོད། །རྣལ་འབྱོར་བདག་དང་ཡོན་བདག་གི །ཕ་མྱེས་སྔ་རབས་མན་ཆད་ནས། །བུ་ཚ་ཕྱི་རབས་ཕན་ཆོད་ཀྱི། །ཐུགས་དང་འགལ་བར་གྱུར་པའི་ལས། །ཤིང་བཅད་ཐབ་གཡོས་རྡོ་རྨོག་དང་། །ཁང་ལས་འཕྲུ་འདུལ་ལིང་བྱས་སོགས། །ཉེས་པ་གང་མཆིས་ཐམས་ཅད་བསང་། །ཁྱེད་རྣམས་ཡུལ་འདིར་གནས་པའི་ལྷ། །བདག་ཅག་ཡུལ་འདིར་གནས་པའི་མི། །གནས་མགྲོན་གཉིས་


CMR037_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དམ་ཚིག་སྲུངས། །མིས་ཀྱང་ལྷ་ལ་དུས་སུ་མཆོད། །ལྷས་ཀྱང་མི་ལ་ཁ་འཛིན་མཛོད། །བྱ་ར་མེལ་ཆེ་བསུ་སྐྱེལ་དང་། །སྡོང་གྲོགས་མགོན་སྐྱབས་རྫི་བོ་གྱིས། །རིང་རང་ཅི་ལྟར་ནུས་པ་ཡི། །དངོས་གྲུབ་མ་ལུས་ཐམས་ཅད་སྩོལ། །ལོ་ལེགས་ཕྱི་ནང་འཁྲུག་པ་ཞི། །ཆར་ཆུ་དུས་འབེབས་སད་སེར་དང་། །བཙའ་འབུ་ལོ་ནད་མེད་པར་མཛོད། །དགྲ་རྐུན་ཅེ་སྤྱང་གནོད་པ་ཟློག །ནོར་ཕྱུགས་འཕེལ་ཁ་ཆེ་བར་མཛོད། །ཡམས་ནད་རིམས་ནད་ཞི་བ་དང་། །ཡུན་རིང་འཚོ་ཞིང་བདེ་ལེགས་མཛོད། །ཁྱེད་རྣམས་མཐུ་རྩལ་ཅི་གདའ་ལྟ། །མ་གཡེལ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་བརྗོད། དཀར་གཏོར་གཡག་ལུག་ཡོད་ན་བྲན་ལ་བཀྱག ༈ བྷྲཱུཾ་ལས་རིན་ཆེན་སྣོད་དུ་གཏོར་མ་ནི། །དཀར་གསུམ་མངར་གསུམ་ཟག་མེད་བདུད་རྩིའི་མཚོ། །ཨོཾ་ཨཱཿཧཱུྃ་གིས་ཟག་མེད་བདུད་རྩི་བསྒྱུར། །གཡག་ལུག་ར་གསུམ་ལ་སོགས་མཐུན་པའི་རྫས། །ཟག་མེད་འདོན་ཡོན་ལྔ་ཡི་གཏེར་ཁ་འདི། །ཡུལ་ལྷ་གཞི་བདག་གཉན་པོ་ཐམས་ཅད་དང་། །ཁྱད་པར་ཀོ་དོ་ལ་གནས་གཞི་ཡི་བདག །ལྷ་ཀླུ་དགེ་བསྙེན་རྣམས་ལ་མཆོད་པ་འབུལ། །ཐམས་ཅད་


CMR037_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་མཉེས་ཤིང་ཚིམ་གྱུར་ཅིག །ཧཱུྃ། སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །རྡོ་རྗེ་གྲོ་ལོད་ཅེས་བྱར་སྤྲུལ་ནས་ཀྱང་། །དཔལ་གྱི་བསམ་ཡས་བྲག་དམར་རྩ་བ་རུ། །བོད་ཀྱི་ལྷ་འདྲེ་ཐམས་ཅད་དབང་བསྡུས་ནས། །སྲོག་སྙིང་བླངས་ནས་དམ་ལ་བཏགས་པའི་ཚེ། །ཀོ་དོ་ལ་སོགས་ལྷ་ཀླུ་ཁྱེད་རྣམས་ཀྱིས། །ཇི་ལྟར་ཁས་བླངས་དམ་ལ་མ་འདའ་བར། །གཏོར་མ་འདི་བཞེས་བདག་གི་ཕྲིན་ལས་སྒྲུབས། །ཡང་གཅིག་སྤྲུལ་སྐུ་པདྨ་འབྱུང་གནས་ཀྱིས། །ཁམས་ཀྱི་སེངྒེ་བྲག་གི་དབེན་གནས་སུ། །གུ་རུ་དྲག་པོ་རིགས་ལྔར་སྐུ་སྤྲུལ་ནས། །ཁམས་ཕྱོགས་ལྷ་འདྲེ་གཅིག་ཀྱང་མ་ལུས་པ། །དབང་དུ་བསྡུས་ནས་དམ་ལ་བཏགས་པའི་ཚེ། །ཀོ་དོའི་ཡུལ་ལྷ་ཀླུ་གཉན་ཁྱེད་རྣམས་ཀྱང་། །དེ་དུས་ཇི་ལྟར་ཁས་བླངས་མ་བརྗེད་པར། །གཏོར་མ་འདི་བཞེས་བདག་གི་ཕྲིན་ལས་སྒྲུབས། །དེ་འོག་བསམ་ཡས་མཆིམས་ཀྱི་ཕུག་པ་རུ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། །གསང་འདུས་དྲག་པོའི་སྐུ་རུ་སྤྲུལ་ནས་ཀྱང་། །ལྷ་སྲིན་མ་ལུས་དམ་ལ་བཏགས་པའི་ཚེ། །ཀོ་དོའི་ཡུལ་ལྷ་ཀླུ་གཉན་ཁྱེད་རྣམས་ཀྱང་། །དེ་ཚེ་དེ་


CMR037_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཁས་བླངས་དྲན་མཛོད་ལ། །གཏོར་མ་འདི་བཞེས་ཕྲིན་ལས་འགྲུབ་པར་མཛོད། །དེ་རྗེས་ཨོ་རྒྱན་པདྨ་ཐོད་ཕྲེང་གིས། །སྐུ་ཡི་སྤྲུལ་པ་བྱེ་བ་གྲངས་མེད་ཀྱིས། །བོད་ཁམས་ས་གཞི་ཏིལ་ཙམ་མ་ལུས་པ། །ཞབས་ཀྱིས་བཅགས་ནས་ལྷ་སྲིན་དམ་ལ་བཏགས། །དེ་ཚེ་ཀོ་དོའི་ཀླུ་དང་ཡུལ་ལྷ་ཁྱོད། །ཇི་ལྟར་དམ་བཅས་ཁས་བླངས་དེ་བཞིན་དུ། །གཏོར་མ་འདི་བཞེས་རྣལ་འབྱོར་ཕྲིན་ལས་སྒྲུབས། །དེ་ནས་རིག་འཛིན་པདྨ་འབྱུང་གནས་དེ། །ལྷོ་ནུབ་སྲིན་པོ་འདུལ་དུ་འབྱོན་དགོངས་ཚེ། །ཆུ་བོ་ལོ་ཧི་ཏ་ཡི་ཀླུང་འགྲམ་དུ། །བོད་ཁམས་ལྷ་འདྲེ་གཅིག་ཀྱང་མ་ལུས་པ། །དེ་རུ་འཚོགས་ནས་སློབ་དཔོན་བཤོལ་བའི་ཚེ། །ང་ཡི་བརྒྱུད་འཛིན་བསྟན་པ་སྲུངས་ཤིག་དང་། །ང་དང་འདུ་འབྲལ་མེད་གསུངས་བཀའ་བསྒོས་ཚེ། །ཀོ་དོའི་ཀླུ་དང་ཡུལ་ལྷ་ཁྱེད་རྣམས་ཀྱང་། །ཁས་བླངས་དམ་བཅའ་ཕུལ་བ་དྲན་མཛོད་ལ། །གཏོར་མ་འདི་བཞེས་བདག་གི་ཕྲིན་ལས་སྒྲབས་་།ང་ནི་སློབ་དཔོན་པདྨའི་བརྒྱུད་འཛིན་ཡིན། །ཁྱེད་ནི་ལྷ་འདྲེ་དེ་ཡིན་དེ་ཡི་རིགས། །དེ་ཕྱིར་སློབ་དཔོན་ཆེན་པོའི་བཀའ་མ་བཅག །དམ་རྫ་ས་བརྒྱན་པའི་གཏོར་


CMR037_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་འདི་བཞེས་ལ། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །འཇིག་རྟེན་ཁམས་འདི་བདེ་ཞིང་སྐྱིད་པ་དང་། །རྣལ་འབྱོར་བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །ཚེ་རིང་ནད་མེད་དཔལ་འབྱོར་རྒྱས་པ་སོགས། །ཇི་ལྟར་ནུས་པའི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་དྷེ་ཝ་ཙཀྲ་ནཱ་ག་རཱ་ཛ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་གཏོར་མ་འདིའི་རྩེ་དང་གཡག་ལུག་གི་མགོ་བསང་ནང་དུ་འབུལ། འདི་ཁ་རྐྱང་ཡིན་ན་ཁ་འཛིན་ཁུ་ཡེ་གཤེགས་བསྡུ་སོགས་རང་གཞུང་ལྟར་བྱའོ། །ཞེས་ཨ་མཆོད་ལྷ་ལུས་རིང་ནས་བསྐུལ་བར་ལྟར། ཤིང་ཕོ་རྟའི་ལོ་ཁྲུམས་ཀྱི་ཟླ་བའི་ཡར་ཚེས་བཅུ་གཉིས་སྔ་དྲོར་རྫོགས་པར་བྲིས་པ་ལ། ཉེས་པ་མཆིས་ན་ལྷ་ལ་བཤགས་ཤིང་། དགེ་བས་འཇིག་རྟེན་བདེ་སྐྱིད་འབྱུང་བར་གྱུར་ཅིག །ཅེས་རྣལ་འབྱོར་པ་ཨ་རཱ་གས་སོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཡུལ་ལྷ་སོ་རྒྱལ་དོན་གྲུབ་ཀྱི་བསང་ཡིག་དགོས་འདོད་ཡིད་བཞིན།


CMR037_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལྷ་སོ་རྒྱལ་དོན་གྲུབ་ཀྱི་བསང་ཡིག་དགོས་འདོད་ཡིད་བཞིན་བཞུགས། ༈ གུ་རུ་པདྨ་རྒྱལ་པོར་ཕྱག་འཚལ་ལོ། །ཡུལ་ལྷ་སོ་རྒྱལ་དོན་གྲུབ་ནི། །མཆོད་གཏོར་བསང་རྫས་བཤམས་ནས་ནི། །རང་ཉིད་ཨོ་རྒྱན་གུ་རུ་གསལ། །བསང་གཞུང་སྤྱི་ལྟར་སོང་བའི་རྗེས། །འདོན་སྒོམ་སྦྲགས་ལ་འདི་སྐད་དོ།། ཀྱཻ། འཛམ་གླིང་བྱང་ཕྱོགས་གངས་ཅན་ཡུལ། །མདོ་ཁམས་ཤར་ཕྱོགས་གླིང་ཁྲིའི་བར། །ངོམ་དུ་རུང་བའི་ཡུལ་སྟོད་ན། །རི་རྒྱལ་དགུང་དུ་རྩེ་མཐོ་བ། །སོ་རྒྱལ་དོན་གྲུབ་ཅེས་སུ་གྲགས། །རིན་ཆེན་ས་འཛིན་ལྷུན་རེ་ཆགས། །རི་དྭགས་རྩེ་ཀྱཱ་སྤྲིངས་སེ་སྤྲིང་། །བདུད་རྩི་ཆུ་མིག་ཤ་ར་ར། །བྱ་རིགས་གཤོག་གདང་ཁྲིགས་སེ་ཁྲིག །དེ་འདྲའི་གནས་མཆོག་ཕོ་བྲང་ནས། །སོ་རྒྱལ་དོན་གྲུབ་འཁོར་དང་བཅས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །རང་རང་དགྱེས་པའི་གདན་ལ་བཞུགས། །རིག་འཛིན་བརྒྱུད་པའི་བཀའ་བཞིན་དུ། །དམ་ཚིག་གཉན་ལ་གནས་པར་མཛོད། །བཛྲ་ས་མ་ཡ་ཛ་ཛཿ ཏིཥྛ་ལྷན༔ བཛྲ་ས་མ་ཡ་ཧོཿ ཀྱཻ། ཡུལ་ལྷའི་གཙོ་ཁྱེད་མཆོད་པའི་རྫས། །ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །རིན་ཆེན་


CMR037_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་སྣ་གསེར་སྐྱེམས་ཕུད། །ཇ་ཆང་འོ་ཞོ་བཏུང་བའི་ཚོགས། །སྣ་ཚོགས་མཆོད་པ་རྒྱ་མཚོ་འབུལ། །རིན་ཆེན་སྣོད་དུ་ཁཾ་ཡིག་ལས། །གཏོར་མ་ཁ་དོག་དྲི་རོ་ནུས། །ཕུན་ཚོགས་བདུད་རྩིའི་རང་བཞིན་འབུལ། །ཨོཾ་ཨ་ཀཱ་རོ་སོགས། ཨོཾ་སད་དར་ཝ་མག་ཀ་ན་ཤ་ཎ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་བྷུ་མི་པ་ཏི་ས་པཱ་རི་ཝཱ་ར་ཨི་དཾ་བ་ལི་ཏ་སརྦ་པཱུ་ཙ་ཁ་ཁ་ཁཱ་ཧི། ཀྱཻ། ཕྱེ་མར་འབྲུ་སྣ་འོ་ཞོ་ཕུད། །གཡུ་ཤུག་བལ་བུ་མཁན་དཀར་སོགས། །དྲི་བཟང་ཤིང་སྣ་བསྲེགས་པའི་གསུར། །རྨུགས་འཐིབས་ཉམས་རྒུད་བསང་བྱེད་ཅིང། །ལྷ་སྲུང་དགྱེས་སྐྱེད་དྲི་བཟང་འདིས། །སོ་རྒྱལ་དོན་གྲུབ་འཁོར་དང་བཅས། །རྒྱབ་རྟེན་ངོམ་རྒྱལ་མཚོ་བཀྲ་བསང་། །ཡང་འཁོར་སྡེ་རིགས་བཅས་པ་བསང་། །དཔུང་གྲོགས་གཉེན་ཟླ་ཐམས་ཅད་བསང་། །ཐམས་ཅད་མཉེས་ཤིང་ཚིམ་གྱུར་ཅིག །ན་བ་སོས་ཤིང་རྒུད་པ་དར། །རྨུགས་འཐིབས་ཉམས་པ་སངས་གྱུར་ཅིག །འཁོན་འགྲས་འགྲམས་འཁྲུགས་ཞི་གྱུར་ཅིག །ཀྱཻ། མཛོད་འཛིན་སོ་རྒྱལ་དོན་གྲུབ་ནི། །དཀར་སྨུག་བརྗིད་པའི་ངང་ཚུལ་ཅན། །སྣ་ཚོགས་དར་བེར་ལྷབ་ལྷུབ་གསོལ། །ཕྱག་


CMR037_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལྡེ་མིག་ཆགས་ཤིང་བསྣམས། །ཅང་ཤེས་རླུང་གི་ཤུགས་ཅན་ཆིབས། །སྣ་ཚོགས་ལོངས་སྤྱོད་གཏེར་དང་ལྡན། །འཁོར་དང་སྤྲུལ་པ་དུ་མ་བཅས། །སོ་རྒྱལ་དོན་གྲུབ་ཁྱོད་ལ་བསྟོད། །མཆོད་གསོལ་དམ་པ་འདི་བཞེས་ལ། །བདག་དང་རྒྱུ་སྦྱོར་འཁོར་དང་བཅས། །སྲུང་སྐྱོབ་མེལ་ཚེ་མ་གཡེལ་ཅིག །ནད་གདོན་བར་ཆད་ཐམས་ཅད་ཞི། །ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད། །དགྲ་རྐུན་གཅན་གཟན་གནོད་པ་ཟློག །ཆར་ཆུ་དུས་འཕེལ་ལོ་ཕྱུགས་ལེགས། །གོད་ཁ་ན་ཚ་མེད་པ་དང་། །བླ་རི་གསས་མཁར་ཉིད་ལ་བཞུགས། །ཡུལ་འཁོར་བཀྲ་ཤིས་བདེ་ལེགས་འཕེལ། །བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །གཏོར་མ་གསས་ཁར་ཐོག་ལ་ཕུལ། བསང་ནང་ཕུལ་རུང། །རཱ་གས་སོ།། སརྦ་མངྒ་ལཾ།། །།

དཔའ་རྒྱལ་བསང་མཆོད།


CMR037_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ། བྲག་དཀར་རི་སྤུང་འདྲ་བའི་གཞལ་ཡས་ནས། །རྨ་རིགས་སྐུ་ལྷ་སྦ་ཁོ་དཔའ་རྒྱལ་ནི། །སློབ་དཔོན་སྤྱན་སྔར་ཁས་བླངས་དམ་བཅས་བཞིན། །མ་གཤེགས་མཆོད་འབུལ་གདན་ལ་བཞུགས། །རང་བཞིན་གནས་བཞུགས་སྐུ་དཀར་ཤེལ་མདོག་གསལ། །བྱ་ཞུ་དཀར་པོ་བྱ་རྒོད་ཐུལ་པ་གསོལ། །མུ་ཏིག་ཕྲེང་རྒྱན་མཆོང་གི་སྐུ་རིགས་བྱས། །ཕྱག་གཉིས་ཡིད་བཞིན་ནོར་བུ་མདུང་དར་བསྣམས། །ཤེལ་ཁྲིའི་སྟེང་བཞུགས་ཁྱོད་ལ་གུས་པས་བསྟོད། །མཆོད་འབུལ་ཡུལ་དུ་སྤྱན་འདྲེན་གཤེགས་པའི་ཚེ། །རྨ་རིགས་སུམ་བརྒྱ་ལྷ་དམག་འབུམ་དབུས་ན། །སྟག་དང་གཟིག་ཤུབས་རལ་གྲི་འཁོར་གསུམ་ལ། །དྲག་པོའི་ཐོག་སེར་བུ་ཡུག་ལྟ་བུ་འཚུབ། །བེར་ཆེན་སྐུ་ལ་གསོལ་ནས་རིག་དཀར་ཆིབས། །སྦ་ལྕག་མདུང་དར་བ་དན་བཏགས་པ་བསྣམས། །འཁོར་དུ་ལྷ་ཡི་དམག་དཔོན་བདུན་དང་ནི། །རང་འདྲ་སྟོང་དང་ཁྲི་ཡིས་བསྐོར་བ་རྣམས། །ཐུགས་དམ་གནད་བསྐུལ་འདིར་གཤེགས་བསང་མཆོད་བཞེས། །བར་ཆད་དགྲ་བགེགས་རྡུལ་དུ་བརླག་པར་མཛོད། །ལས་མཁན་ཕོ་ཉ་བདུད་རྗེ་འཁོར་བཅས་


CMR037_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བསང། །དགེ་བསྙེན་ཀླུ་རྒྱལ་གཏུམ་པོ་འཁོར་བཅས་བསང་། །བཙན་ནི་མི་དམར་རྟ་དམར་འཁོར་བཅས་བསང་། །རྡོ་རྗེ་ཤེལ་གིང་གཉན་དང་ཡུལ་ལྷ་བསང་། །ལྷ་མོ་ཀླུ་མོ་ཀླུ་སྨན་འཁོར་བཅས་བསང་། །དྭངས་པ་ཀླུ་མགོན་བློན་པོ་གཉན་རྗེ་བསང་། །བཙུན་མོ་སྨན་བཙུན་དབྱ་སྨན་བསྐོར་བ་བསང་། །མི་མགོན་དཀར་པོ་ལྷ་དམག་དགྲ་འདུལ་བསང། །སྨན་བདུན་དབྱ་སྨན་སྟོད་རིགས་བུ་མོ་བསང་། །ལོ་ཡག་རྐང་བཞི་མི་ཕྱུགས་འཕེལ་དར་རྒྱས། །དཀར་དགེའི་གྲོགས་དང་བསམ་དོན་མྱུར་འགྲུབ་མཛོད། །ཀྱཻ། །བསང་ངོ་དགེ་བསྙེན་རྡོ་རྗེ་དྲལ་རྩལ་བསང་། །འབམ་ལྷ་གེ་ཁོད་སྐུ་ཤན་མཆེད་གསུམ་བསང་། །བཙན་རྒོད་སྤུན་བདུན་བདུད་ཁྲོམ་འཁོར་བཅས་བསང་། །རག་ཕྲོམ་མཆེད་བརྒྱད་སེང་སེང་སྤུན་བདུན་བསང་། །བཀའ་འཁོར་འདིར་ཕྱོགས་ཡུལ་ལྷ་ཐམས་ཅད་བསང་། །གཡག་ལུག་ར་དང་དཀར་གསུམ་གཏོར་མ་དང་། །མཐུན་རྫས་འདོད་ཡོན་བསང་མཆོད་འདི་བཞེས་ལ། །བདག་ཅག་ཡོན་མཆོད་མི་ནོར་འཁོར་བཅས་ལ། །ནད་གདོན་དགྲ་ཇག་ཆོམ་རྐུན་གཅན་གཟན་སོགས། །བར་ཆད་རྐྱེན་ངན་ཀུན་བཟློག་ཕྲིན་


CMR037_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཛོད། །བཙན་ཕྱུག་འཕེན་དར་ལོངས་སྤྱོད་ཚེ་བསོད་ཀུན། །ད་ལྟ་ཉིད་དུ་དར་ཞིང་རྒྱས་པར་མཛོད། །མི་ནད་ཕྱུགས་ནད་ལོ་དགྲ་བཙའ་སད་ཟློག །མཆོད་གཏོར་གཡེལ་དང་ཕུད་ཉམས་ལྷག་ནོར་ཀུན། །ནོངས་པ་གང་མཆིས་མཐོལ་བཤགས་བཟོད་པར་བཞེས། །ཚངས་པར་བསྩལ་ནས་མཆོག་ཐུན་དངོས་གྲུབ་ཀུན། །མྱུར་དུ་ཐོབ་པའི་བཀྲ་ཤིས་བདེ་ལེགས་ཤོག །ཅེས་ཡུལ་ལྷ་སྤ་ཁོ་དཔལ་རྒྱལ་གྱི་བསང་མཆོད་རྒྱས་པ་སློབ་དཔོན་པདྨས་མཛད་པ་ལས་ཁོལ་དུ་ཕྱུངས་ནས་ཉུང་བསྡུས་སུ། རཱ་ག་ཨ་སྱས་སྦྱར་བའོ།།

སྤྱི་འབྱམས་ཀྱི་བསང་མཆོད་དངོས་གྲུབ་ཆར་རྒྱུན་རིན་པོ་ཆེ།


CMR037_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་འབྱམས་ཀྱི་བསང་མཆོད་དངོས་གྲུབ་ཆར་རྒྱུན་རིན་པོ་ཆེ་བཞུགས་སོ།། ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི། །འགྲོ་ཀུན་བདེ་ལ་འགོད་པའི་ཕྱིར། །སྤྱི་འབྱམས་གནས་ལ་བསང་མཆོད་བྱ། །ཆོས་སྐུ་སྟོང་ཉིད་རྫོགས་པ་ཆེ། །དེ་ཡི་རང་མདངས་དྲན་རྫོགས་སུ། །རང་ཉིད་རྡོ་རྗེ་གྲོ་བོ་ལོད། །སྨུག་ནག་སྤུ་གསུམ་ཨོཾ་གཅིག་བསྡམ། །ཐོར་ཚུགས་དར་དམར་ཅོད་པན་འཕུར། །ཕོད་ཁ་ཆོས་གོས་མགོ་ཕྲེང་བརྒྱན། །རྡོ་རྗེ་ཕྱར་ཞིང་ཕུར་པ་གཟིར། །སྟག་མོའི་སྟེང་ལ་འདོར་ཐབས་བསྒྲད། །ཡེ་ནས་དམ་ཡེ་དབྱེར་མེད་པའི། །ཐུགས་སྲོག་ཧཱུྃ་ལས་འོད་འཕྲོས་པས། །བསང་མགྲོན་ཐམས་ཅད་སྤྱན་དྲངས་གྱུར། །སྐུ་གསུམ་དག་པའི་ཞིང་ཁམས་ནས། །འཇིག་རྟེན་འདས་དང་མ་འདས་པའི། །བསང་མགྲོན་ཐམས་ཅད་གཤེགས་སུ་གསོལ། །ནམ་མཁའ་བར་སྣང་ས་གཞི་ལ། །སྤྲིན་ཕུང་གཏིབས་ལྟར་གདན་ལ་བཞུགས། །དངོས་འབྱོར་ཡིད་ལས་སྤྲུལ་པ་ཡིས། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་འབུལ། །བསྟོད་དབྱངས་ཡན་ལག་དྲུག་ཅུས་བསྟོད། །དྷཾ་ལས་དུད་པའི་ལྷ་མོ་སྔོ། །


CMR037_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་སྡུག་དར་དང་རིན་ཆེན་རྒྱན། །ཕྱག་གཡས་ཁྲུས་བུམ་ཉམས་གྲིབ་བཀྲུ། །གཡོན་པས་སྨན་གྱི་གཞོང་པ་ནས། །སྤོས་ཀྱི་དུད་སྤྲིན་སྟོང་གསུམ་ཁྱབ། །སྤོས་སྤྲིན་འཁྲིགས་པའི་དྲ་བ་ཡིས། །སངས་རྒྱས་ཞིང་ཀུན་ཐམས་ཅད་ཁྱབ། །དུ་བའི་ཆ་ཤས་རེ་རེ་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །འདོད་ཡོན་རྣམ་ལྔ་ཆར་དུ་འབེབས། །བཛྲ་དྷུ་པེས་བྱིན་གྱིས་བརླབས། །འདི་འདྲ་ཡ་མཚན་བསང་མཆོད་འདིས། །སྣང་སྲིད་འཁོར་འདས་སྣོད་བཅུད་ཀུན། །ཀ་དག་གནས་སུ་བྱིན་གྱིས་བརླབས། །དང་པོའི་སངས་རྒྱས་གདོད་མའི་མགོན། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་བསང་། །འོག་མིན་ཆེན་པོའི་གནས་མཆོག་ལྔ། །ངེས་པ་ལྔ་ལྡན་རྟག་ཏུ་བཞུགས། །ཞི་ཁྲོ་རབ་འབྱམས་འཁོར་དང་བཅས། །གངས་ཆེན་མཚོ་རྒྱལ་རིགས་ལྔ་བསང་། །སྔོན་ཚེ་རྫོ་གས་ཆེན་ཆོས་འཁོར་བསྐོར། །གྲངས་མེད་འགྲོ་བ་བདེ་ལ་བཀོད། །སྐལ་མགོན་དྲུག་ཅུ་རྩ་གཉིས་དང་། །རྫོགས་ཆེན་སྟོན་པ་བཅུ་གཉིས་བསང་། །དབང་ཕྱུག་ཡབ་ཡུམ་དམ་ལ་བཏགས། །འཛམ་གླིང་གནས་ཀུན་བྱིན་གྱིས་བརླབས། །འཁོར་ལོ་སྡོམ་པ་ཡབ་


CMR037_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡུམ། །དྲུག་ཅུ་རྩ་གཉིས་ལྷ་ཚོགས་བསང་། །བདུད་པོ་མ་ཏྲཾ་རུ་ཊ་བཏུལ། །རྒྱ་བོད་གནས་ཀུན་བྱིན་གྱིས་བརླབས། །ཡི་དམ་རྟ་ཕག་ཡབ་ཡུམ་བསང། །སྐུ་ནི་བོད་དུ་མ་ཕེབས་ཀྱང་། །ཞལ་གྱི་འོད་ཟེར་བོད་དུ་སྤྲོས། །བོད་ཡུལ་གནས་རྣམས་བྱིན་གྱིས་བརླབས། །སྟོན་པ་ཤཱཀྱ་ཐུབ་པ་བསང་། །པོ་ཊ་ལ་ཡི་གནས་མཆོག་ནས། །སྐུ་ཡི་འོད་ཟེར་བོད་དུ་སྤྲོས། །བོད་ཡུལ་གནས་རྣམས་བྱིན་གྱིས་བརླབས། །འཕགས་པ་སྤྱན་རས་གཟིགས་དབང་བསང་། །གནས་ཆེན་བརྒྱ་རྩ་གནས་ཕྲན་སྟོང། །ཞབས་ཀྱིས་བཅགས་ཤིང་གཏེར་ཁ་སྦས། །བཀའ་སྲུང་བསྐོས་ཤིང་ལུང་བསྟན་མཛད། །གུ་རུ་པདྨ་འབྱུང་གནས་བསང་། །སྐྱིད་འབྱམས་ཕུག་ཏུ་སྒྲུབ་པ་མཛད། །སེང་གེ་གནམ་མཆོང་གཏེར་ཁ་སྦས། །སྲིན་པོས་ཀླད་པས་ཡི་གེ་བྲིས། །ཨོ་རྒྱན་རྗེ་འབངས་ཉེར་ལྔ་བསང་། །ཕྱི་ལྟར་བྲག་རི་ཡིག་འབྲུའི་བརྒྱན། །ནང་ལྟར་དཀྱིལ་འཁོར་གཞལ་ཡས་ཁང་། །རྩ་གསུམ་ལྷ་ཚོགས་རྟག་ཏུ་བཞུགས། །རྒྱུད་སྡེ་དྲུག་གི་ལྷ་ཚོགས་བསང་། །ཕྱི་ལྟར་རིན་ཆེན་བྲག་གི་སྐྱིབས། །ནང་ལྟར་མཁའ་འགྲོའི་ཚོགས་ཁང་


CMR037_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །གསང་བ་དག་པ་མཁའ་སྤྱོད་གནས། །གནས་གསུམ་དཔའ་བོ་མཁའ་འགྲོ་བསང་། །ཕྱི་ལྟར་ཆུ་ཤིང་གྲམ་པའི་ཁྲོད། །ནང་ལྟར་རབ་འཇིགས་དུར་ཁྲོད་གནས། །མ་མགོན་ཆོས་སྐྱོང་ཁྲོམ་དུ་འཚོགས། །བཀའ་སྲུང་དམ་ཅན་རྒྱ་མཚོ་བསང་། །གནས་སྒོ་གཏེར་སྒོ་ཀུན་གྱི་བདག །མི་སྔོན་སེངྒེའི་མགོ་བོ་ཅན། །གར་སྟབས་འཁྱུག་ཅིང་རྣལ་འབྱོར་སྐྱོང་། །ཞིང་སྐྱོང་མེ་རླུང་སེང་འཁྲུག་བསང་། །ཕྱི་ལྟར་དཀར་སེར་ནག་པོའི་མཚོ། །ནང་ལྟར་རིན་ཆེན་ཕོ་བྲང་གསུམ། །གསང་བ་སྐུ་གསུང་ཐུགས་ཀྱི་གནས། །གནས་བདག་སྦ་ནག་དགེ་བསྙེན་བསང་། །བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་། །འཇིག་རྟེན་འདས་ཀྱང་དྲེགས་པའི་ཚུལ། །ས་བརྒྱད་སེམས་དཔའི་བསྟན་སྲུང་ཆེ། །གནས་བདག་སྦ་ནག་དགེ་བསྙེན་བསང་། །སྨྱོ་ཁ་ཐང་ལྷ་མཁར་ནག་དང་། །ཀླུ་བདུད་མགོ་དགུ་ཟླ་བའི་གདོང་། །སྐུ་ལྷ་བཀྲག་མེད་ཟུ་ར་སྐྱེས། །སྐུ་གཅིག་མཚན་བརྒྱད་ལྡན་པ་བསང་། །ངོ་བོ་གཅིག་ལ་གནས་གཞི་བརྒྱད། །གནས་གཞི་བརྒྱད་ལ་སྤྲུལ་པ་བརྒྱད། །ལྷ་ཀླུ་བདུད་སོགས་ཅིར་ཡང་བརྫུ། །ཨོ་རྒྱན་བཀའ་ཡི་སྲུང་མ་བསང་། །


CMR037_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱི་སྡེ་དཔོན་མཛད་ཙམ་ན། །མི་ནག་རྟ་ག་དར་ནག་ཕྱིར། །ཆོ་འཕྲུལ་འགྱེད་ཅིང་གཏེར་སྒོ་སྲུང་། །བདུད་པོ་ཟུ་ར་ར་སྐྱེས་བསང་། །སྦ་ནག་མཚོ་ལ་གནས་པའི་ཚེ། །མི་སྔོན་ལུས་ནི་རི་བྲན་ཙམ། །ཉ་ཡི་མགོ་བོ་གནམ་དུ་འཕྱོ། །གནས་བདག་དགེ་བསྙེན་ཆེན་པོ་བསང་། །ཁྱོད་ཀྱི་འཁོར་དུ་གཏོགས་པ་ཡི། །སྤྱི་འདུ་བྲག་དཀར་ཆམ་སྟེ་དང་། །གདོང་ལ་རེ་ཁྱམ་ལ་སོགས་པ། །དཀར་པོ་ལྷ་ཡི་སྡེ་ཚོགས་བསང་། །རི་དམར་དགེ་བསྙེན་གཙོ་ཕུ་བྲག །གནམ་འཕྱོང་གུ་རུ་རི་བཀྲ་དང་། །ཤེལ་ཟོ་དུང་གི་མཆོད་རྟེན་སོགས། །བཙན་དང་གཉན་གྱི་སྡེ་ཚོགས་བསང་། །རྒྱམ་རྒྱལ་སྐྱེར་ཙུ་ཤེ་ཕྲོམ་དང་། །དམྱེ་དམྱག་ལ་སོགས་ཤེལ་ཕྲོམ་གསུམ། །བྲག་སེར་སྙིང་དིལ་རི་བཙུན་སོགས། །ཡུལ་ལྷ་གཞི་བདག་ཐམས་ཅད་བསང་། །དབོམ་ཆུ་ཀླུ་སྨན་དཀར་མོ་དང་། །ཡུལ་ཕྱོགས་འདི་ལ་གནས་པ་ཡི། །ས་བདག་ཀླུ་གཉན་ཐམས་ཅད་དང། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་བསང་། །གཞན་ཡང་སྤྱི་འབྱམས་སེང་གེ་བྲག །གནས་སྒོ་གཏེར་སྒོ་བསྲུང་བ་ཡིས། །གཟའ་སོགས་ལྷ་སྲིན་སྡེ་བརྒྱད་ཚོགས། །


CMR037_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྲུང་གཏེར་སྲུང་ཐམས་ཅད་བསང་། །དཀར་གསུམ་མངར་གསུམ་ཕུད་ཀྱིས་མཆོད། །ཇ་ཆང་འོ་ཞོའི་སྐྱེམས་ཀྱིས་མཆོད། །འབྲུ་སྣ་སྨན་སྣ་རིན་ཆེན་དང་། །དར་ཚོན་བལ་ཚོན་བརྒྱན་ཅན་འབུལ། །བསང་དང་མཆོད་པ་འདི་ཕུལ་བས། །མགྲོན་རྣམས་མཉེས་ཤིང་ཚིམ་གྱུར་ཅིག །ཐུགས་དང་འགལ་བ་ཐམས་ཅད་བཤགས། །ཕོག་ཐུག་འགྲམ་འཁྲུག་ཞི་གྱུར་ཅིག །ལྷ་སྲིན་འཁྲུག་པ་ཞི་གྱུར་ཅིག །མ་མོའི་འཁྲུག་པ་ཞི་གྱུར་ཅིག །ཀླུ་ཡི་ནད་རྣམས་ཞི་གྱུར་ཅིག །གྲིབ་དང་རྨུ་གབ་སངས་གྱུར་ཅིག །ཐམས་ཅད་བཀྲག་མདངས་གཟི་བརྗིད་འབར། །མཐུ་རྩལ་ནུས་པ་ལྡན་གྱུར་ཅིག །བདག་དང་ཡོན་བདག་ཁ་འཛིན་མཛོད།། ༈ ཁུ་ཡེ་ནི། ཀྱཻ། རིག་འཛིན་བརྒྱུད་པའི་བྱིན་རླབས་དེ། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །ཡི་དམ་ཞི་ཁྲོའི་དངོས་གྲུབ་དེ། ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །གནས་གསུམ་མཁའ་འགྲོའི་རྟེན་འབྲེལ་དེ། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །ཡེ་ཤེས་འཇིག་རྟེན་སྲུང་མ་ཡི། །འཆི་མེད་ཚེ་ཡི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་


CMR037_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ལེན། །བང་མཛོད་འབྲུ་ཡི་ནས་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྨ་གཡང་ཟས་ཀྱི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །འབག་བཙོག་ལ་སོགས་ཉེས་པ་བཤགས། །མགྲོན་རྣམས་རང་རང་གནས་སུ་གཤེགས། །ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །དགེ་བས་བདག་སོགས་སེམས་ཅན་རྣམས། །པད་འབྱུང་ཉིད་དང་དབྱེར་མེད་ཤོག །རང་ཉིད་གྲོ་ལོད་ཧཱུྃ་ལ་ཐིམ། །གྱེན་རྫོགས་ཡལ་ནས་སྟོང་པ་ཉིད། །རང་ཉིད་ཆོས་སྐུ་རྗེན་པར་བུད། །ཅེས་པ་བསང་གི་ཁུ་ཡེ་གང་བདེར་སྦྱར་བའོ། །འདི་རྐྱང་པ་བཏོན་ཡང་ཆ་ཚང་། རྒྱུན་བསང་གྲུབ་ན་རབ། ཡང་ན་ནམ་བདེར་བྱའོ། །ཞེས་སྔགས་འཆང་རཱ་ག་ཨ་སྱས་གནས་འབྲེལ་མཛད་དུས་བྲིས་པའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

རྫ་རྒྱལ་འབྲི་བྱེད་ཀྱི་བསང་།


CMR037_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

རྫ་རྒྱལ་འབྲི་བྱེད་ཀྱི་བསང་བཞུགས་སོ།། ཀྱཻ། ཡུལ་ནི་སེང་ཡུམ་ངང་པ་ཞེས་བྱ་ན། །བཀྲ་ཤིས་ཟུར་མང་རི་རྒྱལ་ལྷུན་ཆགས་པ། །རིན་ཆེན་སྣ་ལྔ་ལས་གྲུབ་ཕོ་བྲང་དུ། །བཞུགས་པའི་ལྷ་གཉན་ཟླ་རྒྱལ་འབྲི་བྱེད་ནི། །སྐུ་མདོག་དཀར་པོ་བྱ་རྒོད་ཐུལ་པ་གསོལ། །དབུ་ལ་དུང་རྨོག་རྒོད་ཀྱི་ལྡེམ་འཕྲུ་ཅན། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན་དུ་ཐོགས། །ཕྱག་གཡས་སྦ་ལྕག་དཀར་པོ་གཡོན་པ་ནི། །མདུང་དར་དཀར་པོ་ཕྱར་ཞིང་དུང་རྟ་ཆིབས། །བཙུན་མོ་ཐོག་ཆེན་གོར་མོ་སྤུན་གསུམ་དང་། །ཁམས་པ་གོ་ཉེར་ལ་སོགས་བློན་ཆེན་གསུམ། །ལས་མཁན་ནག་ལྕོགས་ཆེ་ཆུང་སྣ་ཁྲིད་དང་། །སྒོ་སྲུང་བཞི་སོགས་ལྷ་དམག་བདུད་ཀྱི་དམག །འབུམ་སྡེ་དང་བཅས་འཁོར་ཚོགས་མ་ལུས་པ། །འདིར་གཤེགས་བསང་མཆོད་རིགས་མཐུན་གཏོར་མ་དང་། །གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ། །འཇིག་རྟེན་ཁམས་འདིར་ལོ་ལེགས་རྐང་བཞི་འཕེལ། །བདག་ཅིག་དཔོན་སློབ་མི་ནོར་འཁོར་བཅས་ལ། །ནད་གདོན་གནོད་པ་རྐྱེན་ངན་ཀུན་ལས་སྲུངས། །བར་དུ་གཅོད་པའི་དགྲ་བགེགས་བརླག་པར་མཛོད། །བསམ་དོན་ཡིད་བཞིན་

རྫ་རྒྱལ་འབྲི་བྱེད་ཀྱི་ཀ་བསྟོད།


CMR037_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

རྫ་རྒྱལ་འབྲི་བྱེད་ཀྱི་ཀ་བསྟོད་བཞུགས་སོ། །ཀ་ཡེ་གསོན་དང་ཟླ་རྒྱལ་འབྲི་བྱེད་རྗེ། །ཁ་བ་ཅན་གྱི་ཡུལ་ལྗོངས་ཟླ་སྟོད་ཀྱི། །ག་ནས་བསམས་ཀྱང་ས་བདག་ཁྱོད་ཡིན་པས། །ང་ཡི་ཁྱོད་ལ་བསྟོད་པ་འབུལ་བའི་ཕྱིར། །ཅ་ཅོའི་སྤྲིན་དབྱངས་འདི་དག་གསན་པར་མཛོད། །ཆ་ལུགས་མི་དཀར་དུང་རྨོག་རྒོད་ཐུལ་ཅན། །ཇ་ཆང་དཀར་གསུམ་གཏོར་མའི་མཆོད་པ་འབུལ། །ཉ་རྒྱས་ཟླ་ལྟར་དཀར་ཞིང་མཛེས་པའི་ཞལ། །ཏ་ཐཱ་ག་ཏའི་བསྟན་པ་སྲུང་མཛད་ཅིང་། །ཐ་ན་སུས་མཆོད་དེ་ཡི་ལྷ་ཡིན་ཏེ། །ད་ནི་རྣལ་འབྱོར་བདག་གི་སྲུང་མ་མཛོད། །ན་ཚ་ཤི་ཆད་གོད་ཁ་མ་བཏང་ཞིག །པ་དེ་པུ་དེ་ཕན་ཐོགས་དགོས་པ་མེད། །ཕ་རོལ་གནོད་བྱེད་ཐམས་ཅད་ཧུར་ཐུམ་ཟློག །བ་མོར་ཉི་ཟེར་བཞིན་དུ་འགལ་རྐྱེན་སོལ། །མ་སྲིང་མཛེས་པའི་ཆ་ལུགས་བཙུན་མོའི་ཚོགས། །ཙ་ཁ་ལེགས་ཤིང་ལོ་ཕྱུགས་འཕེལ་བ་དང་། །ཚྭ་ཁ་ཚོང་འདུས་འགྲིམ་དུས་ཁ་འཛིན་མཛོད། །ཛ་ཡེ་པདྨ་འབྱུང་གནས་བཀའ་བསྒོས་ལྟར། །ཝ་རེ་ཝུ་རེའི་སྙན་གྲགས་མངའ་ཐང་སྩོལ། །ཞྭ་ལྟར་པད་འབྱུང་སྤྱི་བོར་བཀུར་བྱེད་ཅིང་། །ཟ་བྱེད་བཙན་བདུད་དྲེགས་པའི་ཚོགས་དང་


CMR037_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །འ་རེ་འུ་རེའི་འབྲུག་སྒྲ་ཐོག་སེར་བཅས། །ཡ་མཚན་ཆེ་བའི་སྨན་ཕྲན་མང་པོ་དང་། །ར་སྐྱེས་འབུམ་གྱི་འཁོར་དང་བཅས་པ་ལ། །ལ་ཆེན་འབྲི་བྱེད་འཁོར་དང་བཅས་ལ་བསྟོད། །ཤ་ཚ་སྙིང་ཉེའི་ཕ་མ་ཁུ་བོ་ལྟར། །ས་ཆ་གང་དུ་འདུག་ཀྱང་ཁ་འཛིན་མཛོད། །ཧ་ཧ་དགྱེས་པའི་གད་མོ་དང་བཅས་ལ། །ཨ་ལ་ལ་ཧོ་དངོས་གྲུབ་ཐམས་ཅད་སྩོལ། །ཅེས་པ་ཨ་རཱ་གས་སྦྱར་བའོ། །དགེའོ།། །།

ཟོ་དོར་གཉན་པོ་མོ་ཁད་ལྷ་རྩེའི་བསང་མཆོད།


CMR037_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཟོ་དོར་གཉན་པོ་མོ་ཁད་ལྷ་རྩེའི་བསང་མཆོད་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR037_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲ་ཝཱ་ཀ་ར་ཡེ། རྡོ་རྗེ་གྲོ་ལོད་སྐུ་ལ་འདུད། །དགེ་བསྙེན་ཡེ་བརྫུའི་མཆོད་བསྟོད་ལ། །བཤོས་བུ་མཁར་ཐབས་སྟེང་དུ་ནི། །ཟུར་གསུམ་རྩེ་མོ་རྣོ་བ་བཞག །ཐ་མིར་མཐེབ་སྐྱུ་བཅོ་བརྒྱད་བསྐོར། །བསྡུ་ན་ཟུར་གསུམ་གཅིག་བྱས་ལ། །མ་འཛོམས་པ་རྣམས་མར་ཐུད་བཞག །ཇ་ཕུད་ཆང་ཕུད་འོ་ཞོ་སོགས། །གསེར་སྐྱེམས་ཚུལ་དུ་གཏོར་བར་བྱ། །རང་ཉིད་ཡི་དམ་གང་རུང་བསྒོམ། །མཆོད་རྫས་ཨ་ཀཱ་རོས་བྱིན་རླབས། །འདོད་ཡོན་སྟོང་གསུམ་ཁྱབ་པར་དམིགས་ལ་འདི་སྐད་དོ།། ཧཱུྃ། སྔོན་གྱི་བསྐལ་པའི་དང་པོ་ལ། །རྟ་མཆོག་རྒྱལ་པོ་ཧེ་རུ་ཀ །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །བསྟན་སྲུང་བཛྲ་སཱ་དྷུར་སྤྲུལ། །སྐྱེས་མཆོག་རྡོ་རྗེ་


CMR037_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པ་སྟེ། །འཛམ་གླིང་ཀུན་ལ་དབང་བསྒྱུར་ཕྱིར། །མཆེད་ཟླ་སུམ་བརྒྱ་དྲུག་ཅུར་སྤྲུལ། །སངས་རྒྱས་ཆོས་ཀྱིས་མཚན་བཏགས་པ། །བསྟན་སྲུང་སུམ་བརྒྱ་དྲུག་ཅུ་ཟེར། །གཡུང་དྲུང་བོན་གྱིས་མཚན་བཏགས་པ། །ཝེར་མ་སུམ་བརྒྱ་དྲུག་ཅུ་ཟེར། །སྐྱེ་བོ་རྣམས་ཀྱིས་མཚན་བཏགས་པ། །དགྲ་བླ་སུམ་བརྒྱ་དྲུག་ཅུ་ཟེར། །བྱང་ཁམས་རྣམས་ཀྱིས་མཚན་བཏགས་པ། །ཡེ་བརྫུ་སུམ་བརྒྱ་དྲུག་ཅུ་ཟེར། །ཐུགས་རྒྱུད་ངོ་བོ་གཅིག་ལགས་ཀྱང་། །རྣམ་པ་སྐུ་མཆེད་ཚུལ་དུ་སྟོན། །མིང་ཡང་མི་གཅིག་སོ་སོར་བཏགས། །གནས་ཀྱང་མི་


CMR037_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སོ་སོར་བཞུགས། །བརྒྱ་ནི་རྒྱ་གར་ཡུལ་དུ་བཞུགས། །རྒྱ་གར་ཆོས་ཀྱི་སྲུང་མ་མཛད། །བརྒྱ་ནི་རྒྱ་ནག་ཡུལ་དུ་བཞུགས། །རྒྱ་ནག་རྩིས་ཀྱི་ཨ་ཇོ་མཛད། །བརྒྱ་ནི་ལ་སྟོད་འབྲོག་ཡུལ་བཞུགས། །གཡུང་དྲུང་བོན་གྱི་སྲུང་མ་མཛད། །དྲུག་ཅུ་བོད་ཀྱི་ཡུལ་དུ་བཞུགས། །སྔགས་པ་རྣམས་ཀྱི་སྲུང་མ་མཛད། །དྲུག་ཅུ་ནང་གི་མཆེད་གསུམ་པོ། །གཏན་དུ་བཞུགས་པའི་ཡུལ་དག་ནས། །བོད་ཡུལ་མདོ་ཁམས་ཤར་གྱི་ཕྱོགས། །ཤར་ཟླ་ངང་མའི་སྟེང་ཤོད་ན། །ཤེལ་བྲག་གངས་དཀར་རྩེ་རེ་རེ། །རྩེ་ལ་ན་བུན་ཐུ་ལུ་ལུ། །ལོགས་ན་བྱ་རྒྱལ་ཀྱི་ལི་ལི། །འདབ་ན་ཤ་རྐྱང་ཁྲོ་ལོ་ལོ། །བསྐལ་པའི་འབྲུག་སྒྲ་དི་རི་རི། །དྲག་པོའི་གློག་དམར་འཁྱུགས་སེ་འཁྱུག །ཐོག་དང་སེར་བ་ཤ་ར་ར། །རླུང་ནག་འཚུབ་མ་ཀྱི་ལི་ལི། །ནང་ལྟར་ཤེལ་གྱི་སྐུ་མཁར་ན། །བཅོ་བརྒྱད་རྫོང་གི་དབུས་མ་ན། །གནམ་ལྕགས་ཡ་ཚ་དཀར་པོའི་མཁར། །མོ་ཁད་ལྷ་རྩེ་འདོད་ཡོན་ལོངས་སྤྱོད་བསམ་མི་ཁྱབ། །དེ་འདྲའི་གནས་ཀྱི་མངའ་བདག་ནི། །དགྲ་བླ་ཡེ་བརྫུ་མཆེད་གསུམ་བཞུགས། །མཆེད་གསུམ་ནང་གི་གཙོ་བོ་ནི། །སྐུ་མདོག་དམར་


CMR037_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འོད་ཟེར་འཕྲོ། །ཁྲོ་གཏུམ་དཔའ་བརྗིད་ཕུན་སུམ་ཚོགས། །སྐུ་ལ་དར་ནག་བེར་ཆེན་གསོལ། །དབུ་ལ་རྒོད་ཀྱི་བྱ་ཕོད་གསོལ། །ཆིབས་སུ་ར་སྐྱེས་ཁམ་%པ་ཆིབས། །ཕྱག་གཡས་རལ་གྲི་མདུང་རྣོན་འཛིན། །གཡོན་པས་དགྲ་མགོ་རློན་པ་འཛིན། །སྤྲུལ་པ་ར་སྐྱེས་ཁམ་པ་འགྱེད། །ཤར་གྱི་ཕྱོགས་ཀྱི་ཕོ་ཉ་བདུན། །མི་ལྗང་རྟ་ཡང་ལྡང་བ་སྟེ། །ཕྱག་གཡས་རྐྱལ་པ་གཡོན་པས་གྲི། །ལྷོ་ཡི་ཕྱོགས་ཀྱི་ཕོ་ཉ་བདུན། །མི་དམར་རྟ་ཡང་དམར་པོ་སྟེ། །ཕྱག་ན་ཤིང་ལོ་ལྟ་མོ་འཛིན། །ནུབ་ཀྱི་བཀའ་སྡོད་དྲུག་པོ་ནི། །མི་དཀར་རྟ་ཡང་དཀར་པོ་སྟེ། །ཕྱག་ན་གྲི་དང་རྡོ་རྗེ་འཛིན། །བྱང་གི་བཀའ་སྡོད་དགུ་པོ་ནི། །མི་སྔོན་རྟ་ཡང་སྔོན་པོ་སྟེ། །ཕྱག་ན་སྐྱོགས་དང་བུམ་པ་འཛིན། །ཡེ་བརྫུ་གཙོ་བོ་འཁོར་དང་བཅས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །ཕོ་ལྷོག་ལ་སོགས་ནད་རིམས་སོལ། །མི་འཕེལ་རྟ་རགས་དངོས་གྲུབ་སྩོལ། །ཡེ་བརྫུ་མཆེད་གསུམ་ཆེ་བ་ནི། །སྐུ་མདོག་མཐིང་ནག་འབར་བ་ལ། །སྐུ་ལ་དར་ནག་བེར་ཆེན་གསོལ། །ཕྱག་གཡས་ཁྲོ་ཆུའི་ཐོ་བ་ཐོགས། །གཡོན་པས་ཆུ་གྲི་འབར་བ་


CMR037_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། །ཆིབས་སུ་ཝ་མོ་དམར་མོ་ཆིབས། །སྤྲུལ་པ་བུ་ཆུང་མཛེས་པར་སྤྲུལ། །དེ་ཡི་གཡས་ཀྱི་ཕོ་ཉ་བཅུ། །མི་ནག་བྱ་ཡི་གཤོག་པ་ཅན། །ཕྱག་ན་གླང་ར་རྣོན་མོ་འཛིན། །གཡོན་གྱི་ཕོ་ཉ་མི་དམར་དགུ། །ཏ་ལའི་ལོ་མའི་སྒོ་བ་ནི། །ཏ་ལའི་ཐོག་བུས་བཀང་ནས་འཛིན། །ཡེ་བརྫུ་ཆེན་པོ་འཁོར་དང་བཅས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །རྟ་ནོར་ལུག་གསུམ་དངོས་གྲུབ་སྩོལ། །རྨ་གཡང་དངོས་གྲུབ་ཆར་ལྟར་ཕོབ། །ཡེ་བརྫུ་མཆེད་གསུམ་ཆུང་བ་ནི། །སྐུ་མདོག་སེར་ལ་འོད་ཟེར་འབར། །སྐུ་ལ་བེར་ལྗང་བརྗིད་པ་གསོལ། །ཕྱག་གཡས་བེང་གྲི་རྣོན་མོ་བསྣམས། །གཡོན་པས་འཕེན་གྲི་རྣོན་མོ་བསྣམས། །ཆིབས་སུ་སྟག་མོ་རི་བཀྲ་ཆིབས། །བཀའ་སྡོད་བློན་པོ་བཅུ་གཉིས་ནི། །མི་དམར་ལག་ན་པར་བུ་ཐོགས། །སྤྲུལ་པ་གླང་བུ་སྟག་བྲེ་འགྱེད། །འདིར་གཤེགས་བསང་དང་མཆོད་པ་བཞེས། །ཚོང་ལ་འགྲོ་བའི་ལམ་ལྷ་མཛོད། །ཟས་ནོར་ལོངས་སྤྱོད་དངོས་གྲུབ་སྩོལ། །ཧཱུྃ། ཁྲོ་རྒྱལ་རྟ་མགྲིན་ཐུགས་སྤྲུལ་མཆོག །རྡོ་རྗེ་ལེགས་པའི་སྤྲུལ་པ་མཆེད། །མོ་ཁད་ལྷ་རྩེ་གནས་ཀྱི་བདག །ཟླ་སྟོད་ལུང་པའི་


CMR037_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་འདིའི་ལྷ། །དགྲ་བླ་གཉན་པོ་རྫུ་འཕྲུལ་ཅན། །མི་བརྫུ་དགུ་བརྫུ་ཅི་ཡང་བརྫུ། །ཡེ་བརྫུ་གཉན་པོ་ཞེས་སུ་གྲགས། །ཐོག་དང་སེར་བ་ཁ་ཆར་བདག །མཆེད་ཟླ་སུམ་བརྒྱ་དྲུག་ཅུ་ལ། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོའི་མཆོད་པ་འབུལ། །མཛེས་པའི་གཟུགས་དང་སྙན་པའི་སྒྲ། །ཞིམ་པའི་དྲི་དང་མངར་བའི་རོ། །འཇམ་པའི་རེག་བྱ་སྣ་ཚོགས་འབུལ། །དམ་རྫ་ས་བརྒྱན་པའི་གཏོར་མ་འབུལ། །བདུད་རྩི་ཇ་ཆང་གསེར་སྐྱེམས་འབུལ། །དཀར་གསུམ་མངར་གསུམ་ཟས་ཀྱི་ཕུད། །བཟང་ཤིང་ཕྱེ་མར་ར་ཡི་གསུར། །མདའ་དར་ཁྲབ་བྱང་རྔ་ཁྲབ་སོགས། །མཐུན་རྫས་དུ་མས་ཐུགས་དམ་བསྐང་། །འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །སྔར་བྱས་ལས་ཀྱི་བཏང་རག་འབུལ། །ཕྱི་བྱེད་ལས་ཀྱི་ཞུ་སྐྱེམས་འབུལ། །ད་ལྟ་ལས་ཀྱི་གཉེར་ཟས་བཞེས། །ཁྱེད་ནི་ཡུལ་འདིར་གནས་པའི་ལྷ། །བདག་ཅག་ཡུལ་འདིར་གནས་པའི་མི། །མིས་ཀྱང་ལྷ་ལ་མཆོད་པ་འབུལ། །ལྷས་ཀྱང་མི་ལ་ཁ་འཛིན་མཛོད། །གནས་མགྲོན་གཉིས་ཀྱི་དམ་ཚིག་སྲུངས། །ཁྱེད་


CMR037_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་མཆེད་འཁོར་བཅས་པ་ཡིས། །རང་གི་དམ་བཅས་ཞལ་བཞེས་པའི། །སྐྱེ་བོ་ཡོངས་ཀྱི་དགྲ་བླ་བྱེད། །དམག་དང་ཇག་གི་དཔུང་རོགས་བྱེད། །ཚོང་ལ་འགྲོ་བའི་ལམ་ལྷ་བྱེད་།འཛམ་གླིང་ཕུད་ཀྱི་བདག་པོ་བྱེད། །ཉིད་ཀྱི་དམ་བཅས་མི་བརྗིད་པར། །སློབ་དཔོན་པདྨའི་སྤྱན་སྔ་རུ། །ཁས་བླངས་དམ་དུ་བཅས་པ་བཞིན། །གསང་སྔགས་བཀའ་ཡི་སྲུང་མ་མཛད། །གཏེར་དང་གཙུག་ལག་ཁང་རྣམས་སྲུངས། །སྔགས་པ་རྣམས་ཀྱི་ཕོ་ཉ་བྱེད། །སངས་རྒྱས་བསྟན་པའི་བྱ་ར་བྱེད། །སྔོན་གྱི་དམ་ཚིག་དྲན་མཛོད་ལ། །བདག་ཅག་ཡོན་མཆོད་བསྲུང་བྱ་རྣམས། །མཉམ་གཉིས་མི་དང་ཕྱུགས་འདྲེན་ན། །བེའུ་ལུག་འཕེལ་ཁ་ཁྱེད་ལ་རེ། །ཕྱུགས་གཡང་གཞན་ལ་མ་ཤོར་ཅིག །མཉམ་གཉིས་མི་དང་བུ་འདྲེན་ན། །མི་འཕེལ་རྟ་ཧྲག་ཁྱེད་ལ་རེ། །མི་གཡང་གཞན་ལ་མ་ཤོར་ཅིག །མཉམ་གཉིས་མི་དང་ཤག་འདྲེན་ན། །ཤག་གི་ལྕེ་བདེ་ཁྱེད་ལ་རེ། །རྒྱལ་ཁ་གཞན་ལ་མ་ཤོར་ཅིག །མཉམ་གཉིས་མི་དང་དཔའ་འདྲེན་ན། །དཔའ་བའི་རུ་དར་ཁྱེད་ལ་རེ། །དཔའ་ཁ་གཞན་ལ་མ་ཤོར་ཅིག །མཉམ་གཉིས་མི་དང་གཡུལ་འདྲེན་


CMR037_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ན། །དམག་གི་དམག་དཔོན་ཁྱེད་ལ་རེ། །རྒྱལ་ཁ་གཞན་ལ་མ་ཤོར་ཅིག །སྡང་བའི་དགྲ་ལ་ཇག་རྒྱུག་ན། །ཇག་གི་ཇག་དཔོན་ཁྱེད་ལ་རེ། །དར་ཁ་གཞན་ལ་མ་ཤོར་ཅིག །དལ་བའི་དུས་སུ་ཁྱེད་མཆོད་ན། །བྲེལ་བའི་དུས་སུ་ཐུགས་མ་གཡེལ། །ཉིན་གྱི་དུས་སུ་བྱ་ར་གྱིས། །མཚན་གྱི་དུས་སུ་མེལ་ཚེ་གྱིས། །དགྲ་རྣམས་བྱུང་ན་བྱ་ཐོང་ཞིག །དུག་རྣམས་བྱུང་ན་རྩི་ཐོང་ཞིག །མཆོད་དོ་ཡེ་བརྫུ་རྫུ་འཕྲུལ་ཅན། །མཐུ་དང་ནུས་པ་ཅི་འདུག་བསྐྱེད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཡ་ཡ་ཁུ་ཡ་ཁུ་ཡེ་སརྦ་པཱུ་ཙ་ཁཱ་ཧི་ཁཱ་ཧི། ཅེས་ཇ་ཕུད་ཆང་ཕུད་རི་ཡི་ཕྱོགས་སུ་མཆོད་པ་འབུལ། གཏོར་མ་བསང་ཁང་དུ་མཆོད། ཅེས་པ་འདི་ནི་༧ རཱ་ག་ཨ་སྱས་དམ་ཅན་ཆེན་པོའི་གསོལ་ཁའི་རྒྱུད་གཞུང་ནས་བསྡུས་ཏེ་གསུངས་སོ། །ཁྱད་པར་ཡེ་བརྫུ་མོ་ཁད་ལྷ་རྩེའི་བསང་མཆོད་འདི་ལ་ཉེས་འགལ་ཅི་མཆིས། ཡུལ་ལྷ་ཟོ་དོར་རྣམས་ལ་བཤགས། དགེ་བས་འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཡུལ་ལྷའི་བསང་མཆོད།


CMR037_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལྷའི་བསང་མཆོད་བཞུགས་སོ།། ཀྱཻ། བཀྲ་ཤིས་ལྷ་རི་ཟླ་ཡི་ལུང་པའི་དབུས། །རི་བོ་ལྷུན་ཆགས་རི་མཐའ་ཆབ་ཀྱིས་བསྐོར། །ཆུ་གནས་རི་དྭགས་རྩེ་རྒྱུག་འཁྲབ་པའི་གནས། །འཇའ་ཚོན་གཡུ་ཡི་ན་བུན་འཁྲིགས་པའི་ཀློང་། །གནས་ཆེན་ཆབ་ཏི་བྲག་དཀར་ཞེས་གྲགས་པ། །སྐུ་མདོག་དཀར་མཛེས་དར་དཀར་བེར་ཆེན་གསོལ། །ཕྱག་ལ་གཡས་སྦ་ལྕག་གཡོན་པས་དར་མདུང་བསྣམས། །ཆིབས་སུ་རྟ་དཀར་གཡུ་རྔོག་འཕུར་ཤེས་ཆིབས། །དེ་འཁོར་བཙན་རྒོད་བར་བློན་ཁམ་པ་དང་། །ལྷ་བཙན་ཀླུ་བདུད་བྲན་གཡོག་འབུམ་གྱིས་བསྐོར། །འདིར་གཤེགས་བསང་མཆོད་དམ་པ་འདི་བཞེས་ལ། །སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་དང་། །བར་དུ་སྐྱོ་བྲག་ཆོས་རྗེ་བསོད་ནམས་བཟང། །ཐ་མ་བདུད་འཇོམས་ཀརྨ་མངྒ་ལས། །དམ་ཚིག་རྡོ་རྗེ་སྤྱི་བོར་བཞག་པ་ལྟར། །ཁས་བླངས་དམ་བཅའ་དམ་ལས་མ་འདའ་བར། །ཡུལ་འདིར་མ་གཏོགས་འབྲུ་ཡི་གནོད་པ་དང་། །བཙའ་འབུ་སད་སེར་གནོད་པ་ཀུན་ཞི་ནས། །བདེ་སྐྱིད་རྫོགས་ལྡན་དཔལ་ལ་སྤྱོད་གྱུར་ནས། །མཐར་ཐུག་གདོད་མའི་དབྱིངས་སུ་གྲོལ་བར་ཤོག །ཅེས་པ་

ཟླ་རྒྱལ་ག་པའི་བསང་།


CMR037_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་རྒྱལ་གྲྭ་པའི་བསང་ནི། ཀ་ཡེ་གསོན་དང་ཟླ་རྒྱལ་གྲྭ་པ་ཁྱོད། །ཁ་བ་ཅན་ལྗོངས་སྨར་ཁམས་ཟླ་ཡི་ས། །ག་ནས་བྱས་ཀྱང་ཁྱོད་ཉིད་དྲག་རྩལ་ཆེ། །ང་ཡིས་ཁྱོད་ལ་ད་ཅིང་བསྟོད་པའི་ཕྱིར། །ཅ་ཅོའི་དབྱངས་དང་རོལ་མོའི་སྤྱན་འདྲེན་ན། །ཆ་ལུགས་སྐྱེས་ཕྲན་ཟུར་སྟོན་རལ་པ་ཅན། །ཇ་ཆང་ཟས་ཕུད་གཏོར་མའི་མཆོད་པ་འབུལ། ཉ་རྒྱས་ཟླ་ལྟར་གཟི་བརྗིད་འབར་བ་ཁྱོད། །ཏ་ཐཱ་ག་ཏའི་བསྟན་པ་བསྲུང་བར་མཛོད། །ཐ་མལ་བྲན་གཡོག་ནོར་ཕྱུགས་ཡན་ཆད་ཀྱི། །ད་ནི་བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ན་ཚ་ཤི་ཆད་གོད་ཁ་མ་བཏང་ཞིག །པ་དེ་པུ་དེའི་ཆོ་འཕྲུལ་མ་སྟོན་ཅིག །ཕ་དང་ཁུ་བོ་བཞིན་དུ་མགོན་སྐྱོབ་མཛོད། །བ་མོར་ཉི་ཟེར་ཕོག་ལྟར་བར་ཆད་སོལ། །མ་ལྟར་རྟག་ཏུ་བྱམས་ཤིང་བརྩེ་བ་དང་། །ཙ་ཁ་ལོ་ཏོག་རྟག་ཏུ་ལེགས་པར་མཛོད། །ཚ་གྲང་གདུང་བའི་ནད་རྣམས་ཞི་བར་མཛོད། །ཛ་ཡེ་པདྨ་འབྱུང་གནས་བཀའ་བཞིན་དུ། །ཝ་ལེར་མངོན་ཤེས་ལྡན་པའི་ལྷ་ཁྱོད་ཀྱི། །ཞྭ་ལྟར་བླ་མེད་གསང་སྔགས་སྤྱི་བོར་ཁུར། །ཟ་བྱེད་བཙན་བདུད་དྲག་པོ་འཁོར་དང་བཅས། །འ་འུར་འབྲུག་སྒྲ་གློག་འོད་


CMR037_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་ཏེ། །ཡ་མཚན་ཆེ་བའི་རྟགས་མཚན་སྣ་ཚོགས་དང་། །ར་ཅན་ཁྲི་ཡི་འཁོར་ཚོགས་དང་བཅས་པའི། །ལ་ཆེན་ཟླ་ཡི་གྲྭ་པ་འཁོར་བཅས་མཆོད། །ཤ་ཚ་སྙིང་རྗེའི་སྤུན་ཟླ་ཤག་ཤེས་ལྟར། །ས་ཆ་གར་འགྲོ་གར་འདུག་ཁ་འཛིན་མཛོད། །ཧ་ཧ་དགྱེས་པའི་གད་མོ་དང་བཅས་ཏེ། །ཨ་ལ་ལ་ཧོ་ངོ་མཚར་དངོས་གྲུབ་སྩོལ། །ཅེས་པ་འདི་ཟླ་རྒྱལ་གྲྭ་པའི་ཞོལ་དུ་ཞག་གཅིག་ཉལ་ནུབ་རྨི་ལམ་དུ། སྐྱེས་ཕྲན་ཆས་བཟང་རལ་པས་སོག་འདབ་ཁེབས་པ་གཅིག་ལངས་ནས་ཁོག་སྨད་བྲག་རི་ནང་དུ་ནུབ་པ་གཅིག་གིས་རང་བོན་པོ་ཡིན་ཟེར་ནས་དད་ཅིང་གུས་པ་དང་དགའ་བའི་ཚུལ་བསྟན། ཐོ་རངས་ནས་སྔོ་ལྷུབས་སེ་བའི་རྩྭ་སྒྲོ་བ་གང་ཕུལ་བའི་ཉམས་སྣང་བྱུང་ཕྱིར་ཨ་རཱ་གས་བྲིས་པ་དགེ་ལེགས་འཕེལ།།

སྐུ་ལྷ་རྔམ་རྩའི་བསང་མཆོད།


CMR037_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལྷ་རྔམ་རྩའི་བསང་མཆོད་རཱ་གས་མཛད་པ་བཞུགས་སོ།། ན་མོ་པྲ་ཝ་ཀཱ་ར་ཡེ། སྐུ་ལྷ་རྔམ་རྩའི་བསང་མཆོད་ནི། །དཀར་གཏོར་སྟོད་ནི་ཟུར་གསུམ་པ། །འདབ་མ་བཞི་དང་ལྡན་པ་ལ། །གཙང་མའི་ཤ་དང་ཟས་ཀྱིས་བརྒྱན། །ཕུད་ཀྱིས་བྲན་ལ་རང་ཉིད་ནི། །པདྨ་འབྱུང་གནས་གསལ་བ་ཡི། །ཐུགས་ཀའི་ཧྲཱིཿལས་འོད་ཟེར་གྱིས། །སྐུ་ལྷ་མདུན་དུ་སྤྱན་དྲངས་པས། །ཅི་བགྱིས་བཞིན་དུ་སྩོལ་བར་བསམ། །ཧཱུྃ། ཐུབ་པ་ཆེན་པོའི་ལུང་བསྟན་ཅིང་། །འཇིག་རྟེན་དབང་ཕྱུག་བྱིན་རླབས་པའི། །གདོང་དམར་ཁ་བ་ཅན་གྱི་ལྗོངས། །ལྷོ་ཟླ་ངང་མའི་ཤར་གྱི་ལུང་། །རྡོ་རྗེའི་བྲག་རི་མཐིང་ནག་ལ། །གནས་བཅས་དགེ་བསྙེན་ཆེན་པོ་ནི། །སྐུ་ལྷ་རྔམ་རྩ་ཞེས་སུ་གྲགས། །འདིར་བྱོན་དགྱེས་པའི་གདན་ལ་བཞུགས། །སྔོན་ཚེ་པདྨ་འབྱུང་གནས་དང་། །གསལ་སྟོང་སྒོམ་པའི་སྤྱན་སྔ་རུ། །ཁས་བླངས་དམ་ཚིག་རྗེས་དགོངས་ལ། །སངས་རྒྱས་བསྟན་པ་བསྲུང་བ་དང་། །རྣལ་འབྱོར་བདག་གི་ཕྲིན་ལས་སྒྲུབས། །ཁྱེད་ལ་མཆོད་པའི་དམ་རྫས་ནི། །ཧཱུྃ་ལས་རིན་ཆེན་སྣོད་ཡངས་པར། །ཁཾ་ལས་གཏོར་མ་བདུད་རྩི་བཅུད། །ཁ་དོག་དྲི་རོ་ཕུན་སུམ་ཚོགས། །ཨོཾ་ཨཱཿཧཱུྃ་དང་ཧ་ཧོ༔ཧཱུྃ༔ བྱིན་རླབས་ཡིད་མཐུན་འདོད་


CMR037_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་དང་། །འབྲུ་སྨན་དར་ཟབ་རིན་ཆེན་སོགས། །ཟད་མེད་ནམ་མཁའ་མཉམ་པར་འབུལ། །འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །ཨོཾ་ཨཱཀཱ་ཡ་དྷེ་ཝ་ཧཱུྃ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨནྡྷཾ་སོགས་ཤཔྟ་པཱུ་ཛཿ ཨཱཿཧཱུྃ། བཀའ་སྲུང་སྐུ་ལྷ་རྔམ་རྩ་ནི། །སྐུ་མདོག་སྔོན་པོ་འོད་ཟེར་འབར། །དབུ་སྐྲ་ཐོར་ཚུགས་དར་དཔྱངས་འཕུལ། །སྐུ་ལ་མཐིང་བེར་བརྗིད་པ་གསོལ། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན། །ཕྱག་གཡས་མདའ་ལྔ་གཡོན་པས་གཞུ། །ཆིབས་སུ་འབྲོང་ཆེན་འགྱིང་བ་ཆིབས། །ཡུལ་ལྷ་གཉན་པོ་ཁྱོད་ལ་བསྟོད། །གསོལ་ལོ་མཆོད་དོ་གསུར་གྱི་མཆོད། །འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །བདག་ཅག་ཡོན་མཆོད་མི་ནོར་བཅས། །ནད་གདོན་བར་ཆད་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་རྒྱས་པ་དང་། །འདོད་དགུ་དབང་དུ་བསྡུ་བ་དང་། །གནོད་བྱེད་དགྲ་བགེགས་བཟློག་ལ་སོགས། །ཡིད་ལ་བསམ་པ་ཀུན་འགྲུབ་ཅིང་། །བཀྲ་ཤིས་བདེ་ལེགས་འབྱུང་བ་ཡི། །ཁ་འཛིན་སྡོང་གྲོགས་དམ་པ་མཛོད། །བདག་གིས་སྲུང་མར་ཁྱོད་བསྟེན་ན། །ལེ་ལོ་བཏང་སྙོམས་མ་མཛད་པར། །


CMR037_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཤུགས་ཕྱུང་ལ་ཕྲིན་ལས་མཛོད། །མཐུ་སྟོབས་ཅི་འདུག་ད་ལྟའོ། །རྟགས་དང་མཚན་མ་དངོས་སུ་སྟོན། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་ཨཱཿཀ་ཡ་དྷེ་ཝ་སརྦ་སིདྡྷི་ཧཱུྃ་ཨཱཿ དུས་རྒྱུན་ཐོན་ན་རབ། ནམ་འདོད་ཐུན་གཏོར་དཀར་གཏོར་གྲུབ་ན་ཆོག་གོ །དུས་རྒྱུན་མཆོད་བསྟོད་ལ་བརྩོན་པར་བྱའོ། །རྔམ་རྩའི་བསང་མི་འགྱུར་རྡོ་རྗེའི་ཞལ་གཟིགས་པ་ལ་བསྟུན་ནས། རཱ་ག་ཨ་སྱས་མཛད་པའོ།། །།

རྟ་ནའི་གནས་སྲུང་རྨེ་རྒྱལ་གྱི་བསང་མཆོད།


CMR037_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་ནའི་གནས་སྲུང་རྨེ་རྒྱལ་གྱི་བསང་མཆོད་ནི། ཧཱུྃ། དྲན་པ་གསལ་བར་བྱེད་པའི་ཡུལ། །ཀཉྩའི་གནས་ལག་རྟ་རྣ་ཡི། །ཞིང་སྐྱོང་རྨེ་རྒྱལ་ལྷ་བཙན་རྗེ། །བེར་དཀར་དུང་ཐུལ་ཤེལ་རྨོག་ཅན། །དར་མདུང་ཕྱར་ཞིང་འཁོར་གསུམ་བསྐོར། །རྟ་དཀར་འཕུར་ཤེས་གཡུ་རྔོག་ཆིབས། །ལྷ་དམག་འབུམ་གྱི་འཁོར་དང་བཅས། །འདིར་གཤེགས་བརྒྱན་པའི་བསང་མཆོད་བཞེས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཚེ་རིང་དཔལ་བསྐྱེད་བསམ་པ་སྒྲུབས། །སྡང་བའི་དགྲ་དང་གནོད་པའི་བགེགས། །ཐམས་འཅད་ཐལ་བ་རྡུལ་དུ་རློགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ཨ་རཱ་གས་མཛད་པའོ།།

དགྲ་བླ་ཆེན་པོ་ཇོ་བོ་སྐེད་རྒྱལ་གྱི་བསང་གསོལ་དྲག་བསྐུལ་དགྲ་བོ་ཀླད་འགེམ།


CMR037_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བླ་ཆེན་པོ་ཇོ་བོ་སྐེད་རྒྱལ་གྱི་བསང་གསོལ་དྲག་བསྐུལ་དགྲ་བོ་ཀླད་འགེམ་ཞེས་བྱ་བ་བཞུགས་སོ།།


CMR037_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་ཝ་དྷཱ་ཀི་ནི་ཧཱུྃ། པད་འབྱུང་གནས་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །དེ་ཡི་བཀའ་ཉན་ཡུལ་ལྷ་མཆོད་ཐབས་བྲི། །སྣོད་གཙང་ནང་དུ་བཤོས་བུ་སྟོད་ཟླུམ་པོ། །སྐེད་པའི་སྨད་དུ་འདབ་མ་བརྒྱད་བཏགས་ལ། །སྨད་ནི་ཟུར་གསུམ་ཕུར་པའི་དབལ་དབྱིབས་བྱ། །གྲི་གུག་ཐོད་ཁྲག་སྟག་གཟིག་གཟུགས། །ཟན་ལ་པར་བཏབ་བཤོས་བུའི་མཐའ་ལ་བཞག །ཁ་དོག་ལྔ་ལྡན་མདའ་དར་གཡུ་བཏགས་པའི། །མགུལ་དུ་མཐིང་ཤོག་དག་ལ་གསེར་དངུལ་གྱི། །རྩ་སྔགས་དང་ནི་རྩ་སྔགས་ཤམ་བུ་རུ། །ལས་ཚོགས་འདོད་གསོལ་སྔགས་བྲིས་ཤོལ་དྲིལ་བཏགས། །དེ་ནས་ཕོ་ཉ་སྒྲུབ་པའི་རྟེན་རྫས་ཏེ། །དེ་ཉིད་རྒྱུན་དུ་གཅར་བྱ་སྟེ། །བཏགས་ཐབས་ལ་སོགས་ནང་དུ་བཞག་ཀྱང་རུང་། །བསང་


CMR037_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་སྤྱི་དང་མཐུན་པར་བཤམས་བྱས་ལ། །མཆོད་བསྟོད་རྐྱང་པར་བསང་རྫས་མི་དགོས་སོ། །རྟག་ཏུ་འགོ་བའི་ལྷ་རུ་བསྟེན་པ་ན། །མདའ་དར་རྟེན་རྫས་མེད་ཀྱང་ཆོག་པ་ཡིན། །དེ་ནས་བསང་ལ་ཁུ་ཡེའི་གོང་དུ་སྦྱར། །མཆོད་བསྟོད་རྐྱང་པར་བཀའ་སྲུང་རྣམས་ཀྱི་མཇུག །ཆོས་སྐྱོང་རྣམས་ཀྱི་གྲལ་དུ་བཙུད་པ་སྟེ། །དེ་ལྟར་བྱེད་ཚེ་བསང་གི་ལེའུར་སྒྱུར། །དེ་ཡིན་འདོན་ལུགས་བཀའ་སྲུང་གཞན་དང་མཚུངས། །དེ་ཉིད་ཡི་དམ་གང་བསྒོམས་ཀྱང་། །སྐད་ཅིག་པད་འབྱུང་སྐུ་རུ་གནས་གྱུར་བསམ།། ཨ༔ ཆོས་རྣམས་མི་དམིགས་ཡེ་ནས་སྟོང་པ་ཉིད། །དེ་ཡི་ངང་ལས་མདུན་གྱི་ས་གཞི་འདི། །མཐིང་ནག་གུར་ཆེན་དར་ནག་འཕུར་མ་ཅན། །གུར་ཤིང་དུང་ལ་ཚུགས་ཤིང་


CMR037_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

མཆོང་ལ་བྱས། །མུ་ཏིག་བྱ་ལག་གསེར་གྱི་ཆོན་ཐག་ལ། །དངུལ་གྱི་ཆོན་ཕུར་ལྡན་ཞིང་རབ་ཏུ་བརྗིད། །གསེར་དངུལ་ཟངས་ལྕགས་གཟི་མཆོང་གཡུ་ལ་སོགས། །རིན་ཆེན་གཏེར་ཁ་བཅུ་གསུམ་དག་གིས་ཕྱུགས། །དེ་དབུས་ཨེ་ཡིག་ཡོངས་སུ་གྱུར་པ་ལས། །བཙན་གྱི་རྒྱལ་པོ་ཇོ་བོ་དྲག་རྩལ་ཅན། །སྟོན་ཟླའི་མདོག་ཅན་ཞི་འཛུམ་བརྗིད་བག་ལྡན། ཁྲབ་ལྡན་མཆོང་མདོག་བཻཌཱུའི་རི་མོ་ཅན། །དེ་སྟེང་ཤེལ་ཁྲབ་འོད་འབར་ཞུ་ལུབ་གསོལ། །རྨོག་ལྡན་ནག་པོའི་སྟེང་ན་དཀར་པོ་ཡི། །བྱ་རིགས་གཅན་གཟན་སྣ་ཚོགས་རི་མོ་ཅན། །དེ་སྟེང་ཤེལ་རྨོག་གངས་རི་སྤུངས་འདྲ་གསོལ། །སྟག་རལ་གཟིག་ཤུབས་འཁོར་གསུམ་སྐེད་ལ་བསྐོར། །ཕྱག་གཡས་གནམ་ལྕགས་རལ་གྲི་ནམ་མཁར་ཕྱར། །ཕྱག་ཡེ་གཡོན་དར་མདུང་དཀར་པོ་ཕྲག་ལ་བཀལ། །ཆིབས་སུ་འཕྲུལ་གྱི་རྟ་དཀར་འཕུར་ཤེས་ལ། །རྔོག་མ་གཡུ་རྔོག་རྔ་མ་གསེར་གྱི་མདོག །སྒྲ་སྙན་ཞུ་ལུབ་འདྲ་བའི་ཁྲ་བོ་ལ། །ཁ་དོག་སྣ་ཚོགས་ཐིག་ལེ་གྲུ་བཞི་ཅན། །དེ་སྟེང་ཤེལ་སྒ་གཡུ་སྨད་གཡུ་སྲབ་མཐུར། །རྔམ་བརྗིད་དཔའ་གཏུམ་ལྡན་པ་ལམ་མེར་གསལ། །ཐུགས་ཀའི་ས་བོན་འོད་ཀྱིས་སྤྱན་


CMR037_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་གྱུར། །ཧཱུྃ། རྒྱལ་བས་ལུང་བསྟན་གདོང་དམར་བོད་ཀྱི་ཡུལ། །ཐུགས་རྗེ་ཆེན་པོའི་ཞིང་ཁམས་གངས་རིའི་ལྗོངས། །ཤར་ཕྱོགས་མདོ་ཁམས་གླིང་ཁྲི་བར་མ་ཡི། །རྨ་གཡང་འཚོགས་པ་གསང་གི་ལུང་པའི་སྟོད། །རིན་ཆེན་ས་སྟེང་དགུང་དུ་རྩེ་མཐོ་བ། །འཁོར་ལོས་སྒྱུར་རྒྱལ་གདན་དུ་བཞུགས་པ་ལ། །རྒྱལ་ཕྲན་མང་པོའི་འཁོར་གྱིས་བསྐོར་འདྲའི་རི། །སྟེང་ན་ཆུ་འཛིན་བླ་རེ་གློག་འོད་འཁྱུག །དབྱར་རྔའི་སྒྲ་འབྱིན་བདུད་རྩིའི་ཆར་རྒྱུན་འབེབས། །འདབ་ཆགས་འཕུར་ལྡིང་བར་སྣང་རྒྱན་དུ་མཛེས། །གཡུ་ཡི་ནེའུ་སིང་ཤེལ་གྱི་ཆུ་མིག་བཀྲ། །གསེར་གྱི་སྤང་ལྗོངས་མེ་ཏོག་ཚོམ་བུར་བཀོད། །རི་དྭགས་སྣ་ཚོགས་གཅན་གཟན་བག་ཡང་དྲོ། །དེ་དབུས་ཡིད་ལས་སྤྲུལ་པའི་མཐིང་གུར་ནས། །རིན་ཆེན་གཏེར་ཁ་བཅུ་གསུམ་བདག་པོ་སྟེ། །ཇོ་བོ་སྐེད་རྒྱལ་ཞེས་གྲགས་བཙན་གྱི་རྗེ། །དྲེགས་པ་བཙན་ལ་འོད་འབར་དྲག་རྩལ་ཅན། །རྩེ་གཅིག་གདུང་བའི་ཡིད་ཀྱིས་ཁྱོད་འབོད་ན། །མ་ཐོག་མྱུར་དུ་གནས་འདིར་གཤེགས་སུ་གསོལ། །ཨོཾ་ན་ཤ་ད་ན་བཛྲ་ས་མཱ་ཛཿ ཧཱུྃ། ཡིད་འོང་རྔམ་བརྗིད་མཐིང་གུར་


CMR037_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

དབུས། །རྫུ་འཕྲུལ་ཤུགས་ལྡན་ཅང་ཤེས་དཀར་པོའི་སྟེང་། །དགྱེས་ཤིང་བརྟན་པའི་ཚུལ་གྱི་བཞུགས་ནས་ཀྱང་། །སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཐུགས་དམ་ཞལ་བཞེས་རྗེས་དགོངས་ལ། །གང་བཅོལ་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཨོཾ་ན་ཤ་ད་ན་ཛཿཧཱུྃཔཾ་ཧོཿ ས་མ་ཡ་སྟེ། ས་མ་ཡ་ཧོཿ ཧཱུྃ། དགེ་བསྙེན་བཙན་ལ་འོད་འབར་མཆོད་པའི་རྫས། །ཧཱུྃ་ལས་རིན་ཆེན་སྣོད་མཆོག་རྒྱ་ཆེ་བ། །ༀ་ལས་ལྷ་རྫས་གཏོར་མ་བདུད་རྩིའི་མཚོ། །ཨོཾ་ཨཱཿཧཱུྃ་གིས་ཟག་མེད་བདུད་རྩིར་བསྒྱུར། །ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས། །མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་བཅས། །མཛེས་པའི་གཟུགས་དང་རབ་ཏུ་སྙན་པའི་སྒྲ། །རེག་ན་བདེ་བ་སྐྱིད་ཕྱིར་དར་དང་ཟབ། །ལྷ་མདའ་ལེབ་མ་དར་སྣའི་ཅོད་པན་འཕུར། །དྲུག་དམར་གཡུ་དང་སྟག་དང་གཟིག་གི་གཟུགས། །མཐིང་ཤོག་ངོས་ལ་སྲོག་སྔགས་འབྲུ་ཡིས་སྤྲས། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འབུལ། །ཁྱེད་ཀྱི་སྐུ་གསུང་ཐུགས་རྒྱུད་ཚིམ་གྱུར་ཅིག །ཨོཾ་ན་ཤ་ད་ན་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། །ལན་གསུམ། ཨོཾ་ན་ཤོ་ད་ན་ཨརྒྷཾ་པཱཏྱཾ༔ ཤརྡ་གནྡྷེ་རྭ་


CMR037_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྤངྒེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་ནས་བསང་དང་འབྲེལ་ན་ཕྱེ་མར་སོགས་འབྲུ་སྣ་ཕུད་རྫས་རྣམས་མཆོད་ལ། འདི་སྐད་དོ།། ཀྱཻ། བསང་གི་རྒྱུད་བྱུང་གང་ནས་བྱུང་། །བསང་བྱུང་སྟོང་པའི་ངངལས་བྱུང་། །ཀུན་བཟང་ཡུམ་གྱི་མཁའ་ཀློང་ནས། །རྒྱལ་བ་ཡུམ་ལྔའི་རྫུ་འཕྲུལ་ལས། །འབྱུང་བ་ཆེན་པོ་ལྔ་རུ་ཤར། །འབྱུང་བའི་དྭངས་མ་ཤིང་དུ་སྲིད། །བལ་བུ་དུང་ལོ་ལྷ་ཡི་ཤིང་། །བདུད་རྩི་འོམ་བུ་ཀླུ་ཡི་ཤིང་། །སྟག་པ་གསེར་ལོ་གཉན་གྱི་ཤིང་། །སྤེན་མ་དངོས་གྲུབ་འབྱུང་བའི་ཤིང་། །ཉ་བྲིད་ཀླུ་གཉན་དགའ་བའི་ཤིང་། །ཤུག་པ་གཡུ་ལོ་བསང་གི་ཤིང་། །དྲི་ལྡན་ཨ་གར་སྤོས་ཀྱི་ཤིང་། །བཟང་ཤིང་སྣ་ཚོགས་དུད་པ་དང་། །ཕྱེ་མར་ཟས་ཕུད་འོ་ཞོ་དང་། །ཇ་ཆང་ཕུད་རྒོད་མཆོད་པ་འདིས། །ཡུལ་ཕྱོགས་འདི་ལ་མངའ་མཛད་པའི། །ཡུལ་ལྷ་ཇོ་བོ་སྐེད་རྒྱལ་བསང་། །རིག་པའི་རྒྱལ་པོ་བཙན་གྱི་རིགས། །བཙན་རྗེ་བཙན་ལ་འོད་འབར་བསངས། །སྡང་དགྲ་ཆམ་ལ་འབེབས་མཛད་པས། །དགྲ་བླ་བཙན་ལ་འོད་འབར་བསང་། །ནད་རིགས་ཐམས་ཅད་ཞི་མཛད་པའི། །ཞི་མཛད་ཇོ་བོ་ཆེན་པོ་བསང་། །ཚེ་དང་བསོད་ནམས་རྒྱས་མཛད་


CMR037_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །རྒྱས་མཛད་གཏེར་བདག་ཇོ་བོ་བསང་། །སྣང་སྲིད་དབང་དུ་བསྡུས་མཛད་པའི། །དབང་མཛད་བཙན་ལ་འོད་འབར་བསང་། །དགྲ་བོ་རྩད་ནས་གཅོད་མཛད་པའི། །རྣོ་མྱུར་བཙན་རྒོད་འབར་བ་བསང་། །རིན་ཆེན་གཏེར་ཁ་བཅུ་གསུམ་བདག །གཏེར་བདག་ཇོ་བོ་སྐེད་རྒྱལ་བསང་། །པད་འབྱུང་བཀའ་དང་དམ་ལ་གནས། །དམ་ལྡན་བཙན་ལ་འོད་འབར་བསང་། །དཀར་པོའི་ཕྱོགས་སྐྱོང་བསྟན་པ་བསྲུང་། །བསྟན་སྲུང་བཙན་ལ་འོད་འབར་བསང་། །སྤྲུལ་པའི་རྫུ་འཕྲུལ་བསམ་མི་ཁྱབ། །འཕྲུལ་ལྡན་རྡོ་བོ་སྐེད་རྒྱལ་བསང་། །དཔལ་དང་འབྱོར་པ་ནོར་གྱི་བདག །ནོར་བདག་ཇོ་བོ་ཆེན་པོ་བསང་། །བསང་དང་མཆོད་པ་འདི་ཕུལ་བས། །རྨུགས་པ་འཐིབས་པ་སངས་གྱུར་ཅིག །ཉམས་དང་རྒུད་པ་སོས་གྱུར་ཅིག །མཐུ་སྟོབས་གཟི་བརྗིད་འཕེལ་གྱུར་ནས། །བཀྲག་མདངས་གཟི་བརྗིད་ལྡན་གྱུར་ཅིག །ཕོག་ཐུག་འགྲམས་འཁྲུགས་ཅིག །ཁྱོད་ནི་ཡུལ་འདིར་གནས་པའི་ལྷ། །བདག་ཅག་ཡུལ་འདིར་གནས་པའི་མི། །མིས་ཀྱང་ལྷ་ལ་དུས་སུ་མཆོད། །ལྷས་ཀྱང་མི་ལ་ཁ་འཛིན་མཛོད། །མི་ལ་ན་ཚ་མ་


CMR037_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་ཞིག །ཞིང་ལ་སད་སེར་མ་བཏང་ཞིག །ཕྱི་དགྲ་ནང་དུ་མ་བཏང་ཞིག །ནང་མི་ཕྱི་རུ་མ་བཏང་ཞིག །བཙན་པོ་གོང་དུ་མ་བཏང་ཞིག །མགྱོགས་་སྔོན་དུ་མ་བཏང་ཞིག །ཕྱི་ནང་འཁྲུག་རྩོད་ཞི་གྱུར་ཅིག །ཚེ་རིང་ཆོས་སྲིད་འཕེལ་བར་ཤོག །དཔལ་དང་འབྱོར་པ་རྒྱས་པ་དང་། །ཁམས་གསུམ་དབང་དུ་འདུ་བ་དང། །བཀྲ་ཤིས་བདེ་ལེགས་རྒྱས་པར་མཛོད། །ལྷ་རྒྱལ་ལོ། །དེ་ནས་གསོལ་ཁ་ནི། ཨ་ཀཱ་རོས་བྱིན་གྱིས་བརླབས།ཧཱུྃ། ཉི་མ་ཤར་ཕྱོགས་མདོ་ཁམས་ཡུལ། །རྩི་ཞེས་བྱ་བའི་ཡུལ་གྱི་སྟོད། །གསང་ཞེས་བྱ་བའི་ལུང་པའི་སྟོད། །སྐྱེད་རྒྱལ་ཞེས་བྱའི་རི་བོ་ནས། །བཙན་ལ་འོད་འབར་གཤེགས་སུ་གསོལ། །དགྱེས་པའི་གདན་བཞུགས་གསོལ་མཆོད་བཞེས། །དམ་རྫ་ས་བརྒྱན་པའི་གཏོར་མ་བཞེས། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་བཞེས། །མཐུན་པའི་རྫས་ཀྱི་ཐུགས་དམ་བསྐང་། །གསོལ་ལོ་མཆོད་དོ་དགྱེས་པར་མཛོད། །སྐུ་གསུང་ཐུགས་རྣམས་མཉེས་གྱུར་ནས། །ཁ་འཛིན་སྡོང་གྲོགས་མ་གཡེལ་ཅིག །མཉམ་གཉིས་མི་དང་དཔུང་འགྲན་ན། །དཔའ་བའི་དཔུང་རོགས་ཁྱེད་ལ་


CMR037_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

རེ། །དཔའ་གཡེལ་གཞན་ལ་མ་ཤོར་ཅིག །མཉམ་གཉིས་མི་དང་ཤག་འགྲན་ན། །ཤག་གི་ལྕེ་བདེ་ཁྱེད་ལ་རེ། །རྒྱལ་ཁ་གཞན་ལ་མ་ཤོར་ཅིག །མཉམ་གཉིས་མི་དང་རྟ་རྒྱུག་ན། །མགྱོགས་ཀྱི་དར་ལྕེ་ཁྱེད་ལ་རེ། །མགྱོགས་དར་གཞན་ལ་མ་ཤོར་ཅིག །ལྡེབ་༧་པ་དང་ར་གཉིས་ཆད་སོང་། གྱི་མི་ཆེན་དང་བན་དེ་བོན་པོ་དང་ཚོང་དཔོན་ལ་སོགས་པས་རང་ལ་གུས་འདུད་དང་དངོས་གྲུབ་ཀྱི་རྫ་ས་སྟེར་བ་སོགས་ཀྱི་རྨི་ལམ་འབྱུང་ངོ་། །དེ་ནས་དེ་ཡི་ལས་ཚོགས་ནི་ཆ་ལུགས་མངོན་རྟོགས་ལྟར་སྐུ་མདོག་དཀར་པོ་ཞི་བའི་ཉམས་ཅན་སྤྱན་གསུམ་ཡོད་པར་བསྒོམས་ལ་ཐུགས་ཀ་ནས་འོད་ཟེར་དཀར་པོ་འཕྲོས་པས་ནད་ཐམས་ཅད་ཞི་བར་བསམས་ལ། ཨོཾ་ན་ཤ་ད་ན་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་པས་ནད་ཐམས་ཅད་ཆད་ཅིང་ཞི། མངོན་རྟོགས་གོང་ལྟར་བསྒོམས་ལ། ཐུགས་ཀའི་འོད་ཟེར་བརྟེན་ནས་ཚེ་དང་དངོས་གྲུབ་ཐམས་ཅད་བསྡུས་ཏེ་རང་ལ་ཐིམ་པར་བསྒོམ། ཨོཾ་ན་ཤ་ད་ན་མ་མ་ཨཱ་ཡུཔུཏྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་པས་ཚེ་རྒྱས་སོ། །ཡང་ཐུགས་ཀའི་འོད་ཟེར་དམར་པོས་སྣང་སྲིད་ཐམས་ཅད་དབང་དུ་བསྡུས་པར་བསྒོམ། ཨོཾ་ན་ཤ་ད་ན་ལོ་ཀ་པ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་པས་འཇིག་རྟེན་དབང་དུ་འགྱུར་རོ། །ཡང་སྐུ་མདོག་ནག་པོ་ཆ་ལུགས་ཁྲོས་པ་ལྟར་བསམས་ལ། ཨོཾ་ན་ཤ་ད་ན་སྒེ་མོ་མཱ་ར་ཡ་ཕཊ། ཅེས་བཟླའོ། །དམར་གཏོར་ལ་


CMR037_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

འགུགས་གཞུག་བྱས་ལ་བསྐུལ་པ་དང་མཐུན་པའི་དམིགས་པ་དང་བཅས་ཏེ་དམིགས་བྱའི་ཕྱོགས་སུ་སྐྱ་ཐིག་བདག་གིས་ལ་ཡང་ཡང་ཟོར་བ་ཐུན་དུ་བྲིས་པས་མཱ་ར་ཡ་ཡའི་ལས་འགྲུབ་བོ། །དེ་ལ་འཁོར་ནི་མང་དུ་འདུག་ཀྱང་། དེ་རྣམས་སྦྱར་དགོས་ཤིང་། བསྐུལ་ནི་མི་རུང་པར་འདུག་པས་འཁོར་ཐམས་ཅད་སྦྱར་ན་སྒབ་འདྲེ་བྱེད་མཁན་གཉིས་འདུག་པས་བཀྲ་མི་ཤིས་པས་འཁོར་སོ་སོར་མི་སྨོན་པ་དང་། །འཁོར་ལ་མཆོད་བསྟོད་མ་བྱས་ཀྱང་ཆོག་གོ །གཙོ་བོ་འདི་ལེགས་པར་འདུག །དེ་ནས་དྲག་བསྐུལ་ནི།། ཧཱུྃ། བཙན་ལུང་གསང་ལུང་སྐེད་པ་ན། །སྐྱེད་རྒྱལ་རི་ཡི་གནས་མཆོག་ནས། །བཙན་རྒོད་འབར་བ་དགྲ་ལ་ཆོས། །སྐུ་མདོག་ནག་པོ་མུན་པའི་མདོག །བལྟ་བའི་མིག་དམར་གློག་ལྟར་འཁྱུག །ཁྲོ་གཏུམ་ཡ་སོའི་མ་སོ་མནན། །དབུ་ལ་བསེ་རྨོག་སྨུག་པོ་གསོལ། །དར་འཕྲུ་རྒོད་འཕྲུ་རླུང་ལྟར་འཚུབ། །སྐུ་ལ་བསེ་ཁྲབ་འོད་འབར་གསོལ། །ཕྱག་གཡས་མདུང་དར་བཙན་དམག་སྡུད། །ཕྱག་གཡས་རལ་གྲིས་དགྲ་སྲོག་གཅོད། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །རྟ་དཀར་གཡུ་རྔོག་འཕུར་ཤེས་ཆིབས། །སྲིད་པའི་རླུང་བཞིན་ཡུད་ཡུད་རྒྱུག །དམག་ཚོགས་འབུམ་གྱི་འཁོར་དང་བཅས། །འབྲུག་སྒྲ་ལྡིར་ཞིང་གློག་དམར་འཁྱུག །ཐོག་དང་


CMR037_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

སེར་བ་ཤ་ར་ར། །དམིགས་པའི་དགྲ་ལ་ད་རྒྱུག་ཅིག །གཡས་ནས་སྤྲུལ་པའི་ཁྱི་དམར་བརྒྱད། །ཟུག་སྐད་ཀཾ་ཀས་བླ་འཁྱམས་འདེད། །ཁྱོ་ཁྱོ་དགྲ་བོའི་བླ་ལ་ཁྱོ། །རྒྱུག་རྒྱུག་དགྲ་བོའི་སྲོག་ལ་རྒྱུག །རང་དབང་མེད་པར་ཁྱེར་ལ་ཤོག །གཡོན་ནས་སྤྲུལ་པའི་ཕོ་ཉ་ནི། །བདུད་ཀྱི་ནག་པོ་དོམ་བུ་བརྒྱད། །མཆེ་བ་ཙར་ཙར་དགྲ་ལ་ཟོ། །ཟོ་ཟོ་དགྲ་བོའི་ཤ་ལ་ཟོ། །འཐུང་འཐུང་དགྲ་བོའི་ཁྲག་ལ་འཐུང་། །རྒྱབ་ནས་སྤྲུལ་པའི་ཕོ་ཉ་ནི། །རྒྱ་སྟག་དམར་པོ་འགྱིང་ཤིང་རྔམས། །གཟིག་ཆེན་ཐིག་ལེའི་ངར་སྒྲ་སྒྲོག་སྟག་ངར་གཟིག་ངར་དི་རི་རི། །ཕྲོལ་ཕྲོལ་དགྲ་བོའི་བླ་དང་ཕྲོལ། །མདུན་ནས་སྤྲུལ་པའི་ཕོ་ཉ་ནི། །བཙན་ཁྱི་དམར་པོ་ཞུངས་སེ་ཞུང་། །ཡ་མ་དགྲ་བོའི་སྟེང་དུ་ཡ། །ཁྱེར་ཁྱེར་དགྲ་བོའི་བླ་སྲོག་ཁྱེར། །རཱ་ཙྪ་མི་མགོ་སྤྱང་མོ་སོགས། །ཆོ་འཕྲུལ་སྣ་ཚོགས་ཟེངས་སེ་ཟེང་། །ཕོབ་ཕོབ་དགྲ་ལ་ལྟས་ངན་ཕོབ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བསྟན་དང་བདག་ལ་སྡང་བའི་དགྲ། །མ་ཐོག་མྱུར་དུ་སྒྲོལ་ལ་ཤོག །བཙན་རྗེ་འོད་འབར་མཐུ་མ་ཆུང་། །མ་ཐོགས་མྱུར་དུ་ཕྲིན་ལས་མཛོད། །ཨོཾ་ན་ཤ་ད་ན་དགྲ་


CMR037_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་སྒྲེ་མོ་མཱ་ར་ཡ་ཕཊ། ཅེས་བསྐུལ་ལོ། །བསྐུལ་པ་འདི་གལ་ཆེ་ན་ལན་རེ་ཙམ་མ་གཏོགས་མི་རུང་། རྒྱུན་གྱི་བསང་མཆོད་ཉུང་དུ་བྱེད་འདོད་ན། ཧཱུྃ། གསང་ལུང་སྐེད་ཀྱི་རི་བོ་ནས། །བཙན་ལ་འོད་འབར་མཐུ་བོ་ཆེ། །མི་དཀར་ཅང་ཤེས་གཡུ་རྔོག་ཆིབས། །ཤེལ་གྱི་རྨོག་ཁྲབ་སྐུ་ལ་གསོལ། །རལ་གྲི་མདུང་དར་ཕྱག་ན་བསྣམས། །སྟག་རལ་གཟིག་ཤུབས་སྐྱེད་ལ་བསྐོར། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །གཡུ་ཤུག་ཕྱེ་མར་དུད་པས་བསངས། །ཚེ་བསོད་དཔལ་འབྱོར་རྒྱས་པ་དང་། །སྣང་སྲིད་དབང་དུ་འདུ་བ་དང་། །དགྲ་བགེགས་གནོད་བྱེད་ཚར་གཅོད་སོགས། །གང་བཅོལ་ཕྲིན་ལས་མྱུར་འགྲུབ་མཛོད། །སྔོན་གྱི་དམ་ལས་མ་འདའ་བར། །ད་ལྟ་ཉིད་དུ་ལས་མཛོད་ཅིག །ཨོཾ་ན་ཤ་ད་ན་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་པ་འདི་ས་སྐྱོང་ཆེན་པོ་རིན་ཆེན་རྣམ་རྒྱལ་གྱིས་བཀའ་ཡིས་བསྐུལ་བ་ལ་བརྟེན་ནས་སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་གཏོར་མའི་རྟེན་རྫས་སྔགས་རྒྱན་ཆ་ལུགས་སྤྲུལ་པ་འདི་ལྟར་གདའ་བས། འདི་རྣམས་ཚིགས་བཅད་ཀྱི་བསང་མཆོད་གཅིག་ཁྱོད་ཀྱིས་བརྩམས་ཤིག་ཅེས་བཀའ་གནང་བ་ལ་བརྟེན་ནས། དོན་སྤྲུལ་སྐུའི་གསུང་གི་ཚིག་རེས་ནི། དགེ་སློང་རཱ་ག་ཨ་སྱས་སྦྱར་བ་ལགས། །མངྒ་


CMR037_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ལཾ། ། ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དབྱི་རྒྱལ་གོ་ཕའི་བསང་མཆོད།


CMR037_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

དབྱི་རྒྱལ་གོ་ཕའི་བསང་མཆོད་ནི། ཀྱཻ། ནུབ་ཕྱོགས་དབྱི་རྒྱལ་སྒོ་སྤང་གཡག་ཟེ་ནི། །སྐུ་མདོག་མཐིང་ག་གཡུ་དར་ཕོད་ཀ་ཅན། །དར་ཟབ་མརྒད་ལྗང་གུ་གོ་ཁྲབ་གསོལ། །ཕྱག་གཡས་སྦ་ལྕག་གཡོན་པས་ནོར་བུ་བསྣམས། །རླུང་གི་ཤུགས་ཅན་ཅང་ཤེས་སྔོ་སྐྱ་ཆིབས། །མཆེད་བདུན་ལྕམ་སོགས་འཁོར་ཚོགས་བཅས་པ་རྣམས། །འདིར་གཤེགས་བསང་དང་མཆོད་པ་སྣ་ཚོགས་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་སྤྲིན་བསང་། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད། །ཅེས་ཨ་རཱ་གས་སོ།།

རག་ཕྲོམ་བསང་མཆོད།


CMR037_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

རག་ཕྲོམ་བསང་མཆོད་བཞུགས་སོ།། ཀྱཻ། ཐུགས་རྗེ་ཆེན་པོའི་ཞིང་ཁམས་མཆོག །བསིལ་ལྡན་ཁ་བ་ཅན་གྱི་ཡུལ། །རི་མཐོ་ས་གཙང་ངོམ་གྱི་ཡུལ། །དུང་བྲག་རྩེ་མཐོ་དགོངས་ལ་སྙེགས། །རྩེ་ལ་ལྷོ་སྤྲིན་འདབ་ཆགས་ལྡིང་། །མདུན་དུ་ཤེལ་གྱི་ཆུ་མིག་ལ། །སྨན་དང་བདུད་རྩིའི་ཟིལ་པ་འཕྲོ། །ཞོལ་དུ་རི་དྭགས་རྩེ་ཀྱུ་བྱེད། །ལྗོན་ཤིང་ནགས་ཚལ་བྲག་རིས་བསྐོར། །དེ་འདྲ་ཡུལ་གྱི་གནས་བདག་ནི། །ལྷ་ཆེན་རག་སྦོམ་ཞེས་སུ་གྲགས། །མི་དཀར་ཆས་ལྡན་རྟ་དཀར་ཆིབས། །རབ་དཀར་ཟླ་བའི་བཞིན་རས་ཅན། །ཞྭ་དཀར་དར་འཕྲུ་དར་དཀར་མནབས། །འཁོར་གསུམ་ཐོགས་ནས་དར་མདུང་དང་། །ཕྱག་གཉིས་སྦ་ལྕག་སྲབ་སྐྱོགས་འཛིན། །ཞི་འཛུམ་ལྷ་ཡི་ངང་ཚུལ་ཅན། །ལྷ་འཁོར་མང་པོའི་འཁོར་གྱིས་བསྐོར། །ཉེ་སྐོར་གཞི་བདག་ཕལ་ཆེ་བ། །ཁྱེད་ཀྱི་འཁོར་གཡོག་སྡེ་རིགས་ཏེ། །མ་ལུས་འཁོར་དང་བཅས་པ་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །དཀར་གསུམ་ཇ་ཆང་འབྲུ་སྣས་མཆོད། །རབ་ཏུ་མཉེས་ཤིང་ཚིམས་གྱུར་ནས། །གནས་མགྲོན་གཉིས་


CMR037_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དམ་ཚིག་སྲུངས། །རྟག་ཏུ་ཁ་འཛིན་སྡོང་གྲོགས་མཛོད། །སྔོན་ཚེ་པདྨའི་བཀའ་བསྒོས་བཞིན། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཀྱཻ། རིན་ཆེན་མཆོང་གི་གཡའ་རི་ནས། །མོ་ནོ་མི་སྨུག་སྦྲུལ་རལ་ཅན། །སྐུ་མདོག་ལྗང་སེར་འོད་དང་ལྡན། །དྲེལ་སྔོན་ཆེས་ལྡན་མོ་ཐིག་བསྐལ། །བུད་མེད་རྒྱུན་ལྡན་མང་པོས་བསྐོར། །ཀླུ་གཉན་མོ་ནོ་འཁོར་དང་བཅས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །དཀར་གསུམ་ཇ་ཚང་འབྲུ་སྣ་མཆོད། །ཀྱཻ། རི་རྒྱལ་ཀོ་དོ་ཞེས་བྱ་བ། །མི་སྨུག་རལ་པའི་ཅོད་པན་ཅན། །སྤྲུལ་པ་ཚོང་དཔོན་ཆེན་པོར་བརྫུ། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཀྱཻ། རྒན་མོ་བྱ་ཁྲི་རྒན་མོའི་གཟུགས། །རལ་པ་འཕྱང་ཞིང་རྟ་ནག་ཆིབས། །རམ་ཁང་ཡར་ཤོག་མར་ཤོག་ནས། །འདིར་གཤེགས་བསང་དང་མཆོད་པ་། བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །རྟ་འདྲ་ལྷ་སྒྲོན་འགྱོ་ཚོ་དང་། །རོ་སྡུག་འབྲུག་རང་ལ་གནས་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་


CMR037_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཤུག་ཕྱེ་མར་གསུར་གྱི་མཆོད། །ས་གཉན་ཤིང་ལ་བརྟེན་བཅས་པའི། །བྲག་ནག་འབོམ་ནེ་ན་ཡོན་སོགས། །ཡུལ་ཕྱོགས་འདི་གནས་གཞི་བདག་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །དཀར་གསུམ་ཇ་ཆང་འབྲུ་སྣ་མཆོད། །རབ་ཏུ་མཉེས་ཤིང་ཚིམས་གྱུར་ནས། །ཕོག་ཐུག་བྱུང་ན་བཟོད་པར་གསོལ། །ན་ཚ་གོད་ཁ་མ་བཏང་ཞིག །བཙའ་སད་སེར་བ་མ་བཏང་ཞིག །ལོ་ལེགས་ཡུལ་ཕྱོགས་བདེ་བ་དང་། །རང་རང་ཇི་ལྟར་ནུས་པ་ཡི། ཁ་འཛིན་སྡོང་གྲོགས་ཕྲིན་ལས་མཛོད། །ཅེས་ཨ་རཱ་གས་ཆར་འབོད་སྐབས་སུ་སྦྱར་བའོ། །

རྫ་རྩིའི་དགེ་བསྙེན་འབོ་རང་གི་བསང་མཆོད།


CMR037_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

རྫ་རྩིའི་དགེ་བསྙེན་འབོ་རང་གི་བསང་མཆོད་ནི། ཀྱཻ། ལྕི་དང་ངོམ་གྱི་ཆུ་རྒྱུད་ནས། །དབང་བསྒྱུར་ཀླུ་ཡི་རྒྱལ་པོ་ནི། །སྨྱོ་ཁ་རྡོ་རྗེ་རྒྱལ་པོ་ཡི། །བཀའ་སྡོད་བར་བློན་ཆེན་པོ་སྟེ། །དགེ་བསྙེན་འབོ་རང་ཞེས་སུ་གྲགས། །རིང་གཟུགས་མི་ནག་སྦྲུལ་ཞགས་ཅན། །ཕྱག་གཉིས་སྦྲུལ་ཞགས་ནད་རྐྱལ་འཛིན། །ཆིབས་སུ་སྦལ་པ་གྲོ་མོ་ཆིབས། །བདུད་ཀྱི་དེད་དཔོན་མཛད་ཙ་ན། །མི་ནག་རྟ་ནག་དར་ནག་ཕྱུར། །ཀླུ་ཡི་དེད་དཔོན་མཛད་ཙ་ན། །བཙུན་གཟུགས་ཞྭ་སེར་རྟ་ནག་ཅན། །གཉན་གྱི་དེད་དཔོན་མཛད་ཙ་ན། །ཉ་ཡི་མགོ་ཅན་ཉི་དཀར་ཆིབས། །ཡུམ་ནི་སེར་མོ་མཛེས་མའི་གཟུགས། །ནོར་བུ་བེ་ཅོན་པདྨ་འཛིན། །བློན་པོ་མི་དཀར་སྦལ་སྦྲུལ་འཛིན། །དཔྲལ་བར་ཟླ་བའི་གཟུགས་ཀྱིས་བརྒྱན། །མི་བརྫུ་དགུ་བརྫུ་སྟོབས་པོ་ཆེ། །འབོ་རང་ཡབ་ཡུམ་བློན་འཁོར་བཅས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཀླུ་སྨན་དཀར་གསུམ་མཆོད་པ་འབུལ། །ཐུགས་དང་འགལ་བ་མཐོལ་ལོ་བཤགས། །བདག་ཅག་ཡོན་མཆོག་འཁོར་བཅས་ཀྱི། །གནོད་བྱེད་དགྲ་བགེགས་ཞི་


CMR037_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། །དགྲ་བགེགས་དབང་སྡུད་ཟིལ་གནོན་ཅིང་། །དགྲ་ཡི་དགྲ་རྣམས་འཕེལ་བ་དང་། །གནོད་བྱེད་དགྲ་བོ་བརླག་པར་མཛོད། །ཅེས་རཱ་ག་ཨ་སྱས་སྦྱར་བའོ།།

གཉན་ཆེན་བྱང་ཆུབ་གྲགས་ཀྱི་བསང་མཆོད།


CMR037_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་ཆེན་བྱང་ཆུབ་གྲགས་ཀྱི་བསང་མཆོད་བཞུགས་སོ། །དེ་ནས་མཆོད་པ་གཅིག་བྱས་ལ་འདི་སྐད་དོ།། ཀྱཻ། ཡང་གཅིག་བསང་ཞིང་མཆོད་པ་ནི། །རྡོ་རྗེ་གདན་གྱི་བྱང་གི་ཕྱོགས། །རྒྱལ་བས་ལུང་བསྟན་གདོང་དམར་ཡུལ། །སྤྱན་རས་གཟིགས་ཀྱི་ཞིང་ཁམས་མཆོག །ཁ་བ་ཅན་གྱི་ལྗོངས་ཡུལ་མཐིལ། །མདོ་ཁམས་གླིང་ཁྲི་བར་མ་ཡི། །ངོམ་དུ་རུང་བའི་ཡུལ་གྱི་སྨད། །ཟླ་ངོམ་འདུས་པའི་སོ་མཚམས་ན། །གཉན་ཆེན་བྱང་ཆུབ་གྲགས་པ་ནི། །རིན་ཆེན་རི་བོ་རྔམ་འཇིགས་པོ། །གནམ་ལྕགས་འབར་བའི་རལ་གྲི་འདྲ། །བསམ་ཆོད་འབར་བའི་ཆུ་གྲི་འདྲ། །རིན་ཆེན་འབར་བའི་སྤུ་གྲི་འདྲ། །དམར་སྨུག་དར་གྱི་ཡོལ་བ་འདྲ། །ཟབ་ཆེན་སྨུག་པོ་བརྐྱང་པ་འདྲ། །འབྲུག་ཆེན་དགུང་དུ་མཆོང་བ་འདྲ། །མཆོང་གི་རྫ་སྨུག་ན་བུན་འཐིབས། །གསེར་སྤང་རི་དྭགས་སྣ་ཚོགས་རྩེ། །གཡུ་ཡི་ནེའུ་སིང་མེ་ཏོག་བཀྲམ། །སྤྲིན་ནག་འཇིགས་པའི་འབྲུག་སྒྲ་ལྡིར། །གློག་འོད་འཁྱུགས་ཤིང་ཐོག་མདའ་འཕེན། །སྦྲང་ཆར་ཟམ་ཟིམ་ཁུ་འཕང་འདྲིལ། །དེ་འདྲ་གནས་ཀྱི་མངའ་བདག་ནི། །བྱང་ཆུབ་གྲགས་པ་ཞེས་སུ་གྲགས། །དགེ་བསྙེན་ཆེན་པོ་དམ་


CMR037_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཅན། །འཁོར་དང་བཅས་པ་མ་ལུས་ཀུན། །དིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །འདོད་ཡོན་མཆོད་པ་སྣ་ཚོགས་འབུལ། །འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །མཆོད་ན་མགོན་སྐྱོབ་བྱེད་པའི་ལྷ། །ལྷ་ཆེན་བྱང་གྲགས་འཁོར་བཅས་བསང་། །རིགས་ནི་སྔོན་པོ་ཀླུ་ཡི་རིགས། །ཀླུ་ཆེན་བྱང་གྲགས་འཁོར་བཅས་བསང་། །གཉན་རིགས་རྣམས་ཀྱི་སྡེ་དཔོན་མཛད། །གཉན་ཆེན་བྱང་གྲགས་འཁོར་བཅས་བསང་། །སྐྱབས་གསུམ་འཛིན་པའི་དམ་ཚིག་ཅན། །དགེ་བསྙེན་བྱང་གྲགས་འཁོར་བཅས་བསང་། །སྲུང་ནི་སངས་རྒྱས་བསྟན་པ་སྲུངས། །བསྟན་སྲུང་བྱང་གྲགས་འཁོར་བཅས་བསང་། །སློབ་དཔོན་པདྨའི་བཀའ་ཉན་པ། །བཀའ་སྲུང་བྱང་གྲགས་འཁོར་བཅས་བསང་། །ཁྱད་པར་ཡུལ་འདིའི་མགོན་སྐྱབས་མཛད། །ཡུལ་ལྷ་བྱང་གྲགས་འཁོར་བཅས་བསང་། །བཙའ་སད་སེར་གསུམ་ཟློག་པར་མཛོད། །ཞིང་ལྷ་བྱང་གྲགས་འཁོར་བཅས་བསང་། །རྟ་དྲེལ་ནོར་ཕྱུགས་འཕེལ་བར་མཛད། །ནོར་ལྷོ་བྱང་གྲགས་འཁོར་བཅས་བསང་། །མངག་ན་དགྲ་ལ་རྒྱུག་འདུར་


CMR037_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

མཁས། །དགྲ་བླ་བྱང་གྲོགས་འཁོར་བཅས་བསང་། །དགེ་བསྙེན་ཆེན་པོའི་བཀའ་ཉན་པ། །སྤོ་རྒྱལ་སྟག་ཡག་རུ་གུང་སོགས། །དཀར་པོ་ལྷ་ཡི་སྡེ་ཚོགས་བསང། །མོ་ནོ་མཆེད་གསུམ་ལ་སོགས་པའི། །དགེ་བསྙེན་དམ་ཚིག་ཅན་རྣམས་བསང་། །རྩིང་ངེ་གསའ་ཡེར་རྡོ་རྫུ་སོགས། །ཡུལ་ལྷ་གཉན་པོ་ཐམས་ཅད་བསང་། །སྨན་གདོང་གཡོ་ལྕམ་རོ་རིང་སོགས། །ཁྲ་བོ་གཉན་གྱི་སྡེ་ཚོགས་བསང་། །གཡའ་ཁྱམ་རྣ་ལྗོན་ལ་སོགས་པའི། །ཀླུ་རིགས་གཉན་རིགས་ཐམས་ཅད་བསང་། །སྨན་མོ་སྤུན་བདུན་མོ་འོག་སོགས། །སྨན་རིགས་སྨན་ཟེར་ཐམས་ཅད་བསང་། །བཙན་རྒོད་ཞལ་བཟང་ལ་སོགས་པའི། །ཡུལ་ཕྱོགས་འདིར་གནས་བཙན་རྣམས་བསང་། །ཁྱེད་རྣམས་བསང་བའི་ཡོན་ཏན་གྱིས། །སངས་རྒྱས་བསྟན་པ་དར་བ་དང་། །དཀོན་མཆོག་དབུ་འཕང་མཐོ་བ་དང་། །ནད་རིམས་འཁྲུག་རྩོད་ཞི་བ་དང་། །མི་ནད་ཕྱུགས་ནད་མེད་པ་དང། །བཀྲ་ཤིས་བདེ་ལེགས་རྒྱས་པར་ཤོག །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཁ་འཛིན་སྡོང་གྲོགས་མ་གཡེལ་ཅིག །ཨ་རཱ་གས་སོ།།

བར་སྒོའི་བསང་མཆོད།


CMR037_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྒོའི་བསང་མཆོད་ནི། ཡང་མཆོད་པ་གཅིག་བྱས་ལ། ཀྱཻ། གཞན་ཡང་བསང་ཞིང་མཆོད་པ་ནི། །ངོམ་ཡུལ་ས་ཡི་ཐིག་མཚམས་ན། །བར་སྒོ་རིན་ཆེན་སྤྱང་འདྲའི་རི། །དབྱར་གསུམ་སྔོན་པོ་གཡུ་ཡི་མདོག །ཨིནྡྲ་ནཱི་ལ་སྤུང་པ་འདྲ། །སྟོན་གསུམ་སེར་པོ་གསེར་གྱི་མདོག །ཛམ་བུ་ཆུ་གསེར་སྨྱུང་པ་འདྲ། །དགུན་དཔྱིད་ཁྲ་བོ་གཟི་ཡི་མདོག །གཟི་མཆོང་འདྲེས་མ་སྤུང་པ་འདྲ། །རི་རྒྱལ་བྲག་གི་ཟུར་ཕུད་ཅན། །སྤྲིན་དཀར་ལྡིང་བའི་ཅོད་པན་ཅན། །ན་བུན་སྐྱེ་བུན་ཐུ་ལུ་ལུ། །འཇའ་སྤྲིན་ཉི་ཟླ་ཏ་ལ་ལ། །གསེར་སྤང་སེར་པོ་ལྡེམས་སེ་ལྡེམ། །གཡུ་ཡི་ནེའུ་སིང་ཀྱི་ལི་ལི། །ཤེལ་གྱི་ཆུ་མིག་ཤ་ར་ར། །དུང་གི་ཁུ་འཕང་ཁྲ་ལ་ལ། །མཛེས་སྡུག་མེ་ཏོག་ཡ་ལ་ལ། །བྱ་རིགས་སྐད་སྙན་ཏངས་སེ་ཏང་། །རི་དྭགས་རྩེ་རྒྱུག་སྤྲེངས་སེ་སྤྲེང་། །གཅན་གཟན་ངར་སྐད་ལྷང་སེ་ལྷང་། །རྒྱལ་བའི་ཞབས་ཀྱིས་བཅགས་པའི་ས། །སྒྲུབ་པ་མཐའ་རུ་ཕྱིན་པའི་ས། །དབང་བཞི་ཆུ་བོ་རྒྱས་པའི་ས། །བླ་མེད་གསང་སྔགས་སྒྲུབ་པའི་གནས། །ཉམས་དང་རྟོགས་པ་འཕེལ་བའི་གནས། །བར་སྒོ་རིན་ཆེན་སྤུང་པོ་ལ། །གཉུག་མར་


CMR037_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་དམ་ཚིག་ཅན། །དགེ་བསྙེན་བར་སྒོ་འཁོར་དང་བཅས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །གནས་གནས་ཆེན་པོ་བར་སྒོ་ལ། །གཞན་ཡང་མཆོད་པ་འབུལ་བ་ནི། །གཡག་ལུག་ར་དང་བྱ་རྟ་འབྲུག །ཤེལ་ཚིགས་དར་ཚོན་འབྲུ་སྨན་སྤོས། །ཕྱེ་མར་ཇ་ཆང་ཟས་ཀྱི་ཕུད། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ། །མཆོད་པའི་བྱེ་བྲག་དཔག་མེད་འབུལ། །འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །ཀྱཻ། དྲག་མོ་ན་བར་སྒོ་ལ་སོགས། །ཡུལ་ལྷ་གཞི་བདག་མ་ལུས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་དང་ཡོན་བདག་འདི་རྣམས་ཀྱི། །ཕ་མེས་སྔ་རབས་མན་ཆོད་ནས། །བུ་ཚ་གཞོན་སྐྱེས་ཡན་ཆོད་ཀྱི། །ཁྱེད་རྣམས་ཐུག་གས་དང་འགལ་བའི་ལས། །ས་གཉན་བརྐོས་དང་རྡོ་གཉན་རྫོགས། །ཤིང་གཉན་བཅད་དམ་ན་གཉན་བརྐོས། །ཞིང་མུ་བཅད་དམ་ཁང་ལས་བྱས། །རི་དྭགས་བསད་དང་རི་མེ་བཀྱེས། །ཆུ་གཉན་ཡུལ་དྲང་ཆུ་མིག་བསུབ། །ཉ་ལྕོང་སྦལ་སྦྲུལ་སྐམ་དང་བསད། །ཐབ་གཞོབ་མི་གཙང་བཙོག་ནལ་གཡོས། །མནའ་གཉན་བསྐྱེལ་


CMR037_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྤང་ལེན་བྱས། །རྡོ་ལྕགས་རྙིར་གསུམ་གཉན་ཁ་བཀྲལ། །དཀར་ཐབ་དམར་ཐབ་ཇ་ཐབ་ཤོར། །གཉན་གཏད་དྲག་ལས་ཐུབ་ཐུབ་བྱས། །དེ་རྣམས་ཐུགས་དང་འགལ་བ་རྣམས། །དེ་དག་གང་བྱས་མཐོལ་ལོ་བཤགས། །བཤགས་པས་མི་དག་གང་ཡང་མེད། །ཁྱེད་ཀྱི་བཟོད་པ་དང་དུ་བཞེས། །ཕྱིན་ཆད་མི་བགྱིད་དམ་བཅའོ། །མངོན་ཤེས་མི་ལྡན་བག་མེད་པས། །གལ་ཏེ་ཁྱེད་དང་འགལ་བགྱིད་ན། །ཁྱེད་ཀྱིས་བཟོད་པར་མཛད་དུ་གསོལ། །བདག་ཅག་ཡུལ་འདིར་གནས་པའི་མི། ཁྱེད་རྣམས་ཡུལ་འདིར་གནས་པའི་ལྷ། །མིས་ཀྱང་ལྷ་ལ་དུས་སུ་མཆོད། །ལྷས་ཀྱང་མི་ལ་ཁ་འཛིན་མཛོད། །ཐབ་མགྲོན་གཉིས་ཀྱི་དམ་ཚིག་སྲུངས། །ཉིན་གྱི་དུས་སུ་བྱ་ར་མཛོད། །མཚན་གྱི་དུས་སུ་མེལ་ཚེ་མཛོད། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཀ་མ་བཏང་ཞིག །ཞིང་ལ་བཙའ་སད་སེར་གསུམ་མ་བཏང་ཞིག །དགྲ་རྐུན་གཅན་གཟན་མ་བཏང་ཞིག །ཡམས་ནད་རིམས་ནད་ཞི་བར་མཛོད། །ཕྱི་ནང་འཁྲུག་རྩོད་ཞི་བར་མཛོད། །ཆོས་དང་དབང་ཐང་རྒྱས་པར་མཛོད། །རྟ་དྲེལ་བེལ་ལུག་འཕེལ་


CMR037_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛོད། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ། །རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ། །རྒྱུད་འཛིན་རིགས་ཀྱི་དངོས་གྲུབ་སྩོལ། །གཞན་ཡང་ཇི་ལྟར་བསམ་པ་ཡི། །དངོས་གྲུབ་མ་ལུས་བསྩལ་དུ་གསོལ། །མཆོད་པ་བྱས་ཤིང་ཁ་འཛིན་སྡོང་གྲོགས་དཔའ་ཡ་དཔུང་རོགས། །རོགས་ལྡན་ཟེར་བ་མཛོད་ཅིག །ཅེས་པ་འདི་རིག་འཛིན་དབང་དྲག་རྡོ་རྗེས་བསྐུལ་མར་བརྟེན་ནས་དགེ་སློང་རཱ་ག་ཨ་སྱས་སྦྱར་བའོ།།

ཀླུ་སྨན་རྒྱལ་མོ་མཚོ་ནག་མའི་བསངས་མཆོད།


CMR037_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་སྨན་རྒྱལ་མོ་མཚོ་ནག་མའི་བསངས་མཆོད་བཞུགས་སོ།། ཀྱཻ། མདུན་དུ་མཚོ་དབུས་ཁང་བཟང་དབུས། །སྨན་བཙུན་རབ་མཛེས་རྒྱན་རྣམས་རྫོགས། །བ་དན་ཕྱར་ཞིང་སྦ་གླིང་བསྣམས། །དུ་མའི་འཁོར་བཅས་སྤྱན་དྲངས་གྱུར། །ཧཱུྃ། རབ་བརྗིད་བླ་མཚོ་ནག་པོ་ནས། །ཀླུ་སྨན་རྒྱལ་མོ་མཚོ་ནག་མ། །འཁོར་བཅས་འདིར་གཤེགས་གདན་ལ་བཞུགས། །བསང་མཆོད་དམ་པ་འདི་བཞེས་ལ། །འཁོར་སྲུངས་རྐྱེན་ཟློག་བར་ཆད་སོལ། །ཚེ་སྲིངས་དཔལ་དང་འབྱོར་པ་སྤེལ། །ཀླུ་ལས་གྱུར་པས་ནད་རྣམས་སོལ། །བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །མི་ནོར་ཚེ་ཡི་དངོས་གྲུབ་སྩོལ། །བདག་གི་བསམ་པ་འགྲུབ་པར་མཛོད། །ཀྱཻ། ངོམ་ཡུལ་སྨད་ཀྱི་ཆུ་ལ་དབང་སྒྱུར་བས། །འཇིག་རྟེ་འདི་ན་མཚོ་ནག་སྤུན་གསུམ་ཟེར། །རྡོ་རྗེ་ཕུར་པའི་བཀའ་སྲུང་མཐུ་བོ་ཆེ། །སྨན་མོ་སྦྲུལ་གྱི་མགོ་ཅན་ཞེས་བྱ་བ། །རྫུ་འཕྲུལ་སྟོབས་ཀྱི་ཆ་ལུགས་མ་ངེས་ཀྱང་། །ཞི་བར་བསྟན་ཚེ་ཆ་ལུགས་མཛེས་པའི་གཟུགས། །ཕྱག་ན་སྦ་གླིང་འབུད་ཅིང་མེ་ལོང་བལྟ། །འདིར་གཤེགས་དཀར་གསུམ་ཀླུ་སྨན་མཆོད་པ་བཞེས། །ཤིང་རྩི་ཕྱེ་མར་གསུར་


CMR037_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དུད་པས་བསང་། །ཁྱོད་ཀྱང་མཐུ་ཆེན་དངོས་གྲུབ་བདག་མོ་སྟེ། །མི་ལ་ནཱ་ག་ཀླུ་ཡི་གཡང་ཕོབ་ཅིག །ཀླུ་སྨན་རྒྱལ་མོ་མཚོ་ནག་མའི་བསང་མཆོད་ཨ་རཱ་གས་སོ། །སརྦ་མངྒ་ལཾ།། །།

སྐུ་ཁྱིམ་དགེ་བསྙེན་གྱི་བསང་མཆོད།


CMR037_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཁྱིམ་དགེ་བསྙེན་གྱི་བསང་མཆོད་བཞུགས་སོ། །ན་མོ་པདྨ་བཛྲ་ཡེ། པདྨ་འབྱུང་གནས་སྐུ་ལ་ཕྱག་འཚལ་ལོ། །སྐུ་ཁྱིམ་བསང་མཆོད་བྱེད་འདོད་ན། །གཞི་སྟེང་ནས་ཀྱི་ཚོམ་བུའི་སྟེང་། །ཕྱེ་མར་བདུད་བཤོས་དཀར་གཏོར་དང་། །གཡག་ལུག་ར་གསུམ་གཟུགས་འགྲོས་དང་། །འབྲུ་སྣ་སྨན་སྣ་དར་ཟབ་དང་། །ཇ་ཆང་ཤ་དང་དཀར་གསུམ་མངར་གསུམ་སོགས། །གང་འབྱོར་མཆོད་པ་རྒྱས་པར་བཤམས། །རང་ཉིད་པད་འབྱུང་ང་རྒྱལ་གྱིས། །དབྱངས་དང་རོལ་མོ་བཅས་པས་འདི་སྐད་དོ།། ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་བྱང་ཕྱོགས་ཕ་ཀི་ནི། །ཡུལ་གྱི་མིང་ནི་དབྱི་ལྕིའི་སྒང་། །གནས་ཀྱི་མིང་ནི་སྐུ་ཁྱིམ་གནས། །བྲག་ནག་རིན་ཆེན་སྤུང་པ་འདྲ། །རི་བོ་རྡོ་རྗེ་གནམ་བསླང་འདྲ། །གཡའ་མ་འབྲོང་རུ་གཤིབ་པ་འདྲ། །མཚོ་མོ་ཁྱུང་གཤོག་ལྡིང་བ་འདྲ། །བྲག་དམར་རྟ་སོ་གཤིབ་པ་འདྲ། །ནམ་མཁར་ཉི་ཟླ་གཟའ་སྐར་བཀྲ། །བར་སྣང་ཐོག་གློག་ཚྭ་ཚྭ་འཕྲོ། །གཡུ་འབྲུག་ངར་སྐད་དྷི་རི་རི། །ཁུ་འཕང་སེར་བ་ཐ་ར་ར། །བདུད་རྩི་སྦྲང་ཆར་སི་ལི་ལི། །ན་བུན་སྨུག་པ་ཐིབས་སེ་ཐིབ། །རྩི་སྨན་མེ་ཏོག་བཀྲག་ལ་གསལ། །རྩེ་ལ་བྱ་རྒྱལ་ཏ་ལ་ལ། །རྩ་བར་རི་དྭགས་ཁྲོ་ལོ་ལོ། །སྐེད་པར་གཅན་གཟན་


CMR037_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་རུ་རུ། །གནས་མཆོག་དེ་ཡི་མངའ་བདག་ནི། །སྐུ་ཁྱིམ་དགེ་བསྙེན་དྲག་རྩལ་ཅན། །གདུང་བའི་དབྱངས་ཀྱིས་འབོད་ལགས་ན། །རྫུ་འཕྲུལ་སྐད་ཅིག་ཡུད་ཙམ་གྱིས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གཡས་ཀྱི་ནག་པོ་བཀྲག་མེད་དང་། །གཡོན་གྱི་ཕོ་རོག་གཡའ་སླག་དང་། །རྗེས་ཀྱི་སྨུག་པོ་རི་ཚོན་དང་། །ལྕམ་མོ་མེ་ལོང་འོ་ཐུལ་དང་། །འཁོར་དང་བློན་པོ་སྤྲུལ་པའི་ཚོགས། །བདུད་དམག་བྱེ་བ་འབུམ་དང་བཅས། །སྐད་ཅིག་ཡུད་ཙམ་འདིར་གཤེགས་ལ། །རང་རང་བཤམས་པའི་གདན་ལ་བློབཞུགས། །སྔོན་ཚེ་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །རྣལ་འབྱོར་བདག་གི་སྡོང་གྲོགས་མཛོད། །བཛྲ་ས་མ་ཡ་ཛཛཿ ཛཿཧཱུྃ་བོ་ཧོཿ ས་མ་ཡ་སྟྭཾ༔ ས་མ་ཡ་ཧོཿ ཀྱཻ། སྐུ་ཁྱིམ་དགེ་བསྙེན་དྲག་རྩལ་ཅན། །འཁོར་དང་བཅས་པ་ཐམས་ཅད་ལ། །མཆོད་པ་དམ་པ་འབུལ་བ་ནི། །ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །འབྲུ་སྣ་སྨན་སྣ་ཟས་སྣའི་ཕུད། །ཕྱེ་མར་དཀར་གཏོར་བདུད་བཤོས་དང་། །གཡག་ལུག་ར་ཡི་གཟུགས་འགྲོས་དང་། །འོ་ཞོ་ཇ་ཆང་ཤ་གཙང་ཕུད། །དར་ཟབ་


CMR037_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ཤིང་དུད་སྤྲིན་སོགས། །དངོས་འབྱོར་ཡིད་སྤྲུལ་བསང་མཆོད་འབུལ། །འཁོར་བཅས་མཉེས་ཤིང་ཚིམ་པར་མཛོད། ། ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དེ་ནས་མཆོད་པ་རྣམས་བསང་ཁང་ནང་ཕུལ་ལ་འདི་སྐད་དོ།། ཀྱཻ། སྐུ་ཁྱིམ་དགེ་བསྙེན་དྲག་པོ་ཅན། །སྐུ་མདོག་སྨུག་ནག་འབར་བ་ལ། །དབུ་ལ་དར་ནག་ལ་ཐོད་བཅིངས། །སྐུ་ལ་དར་ནག་བེར་ཆེན་གསོལ། །མཚལ་གྱི་ཐིག་ཕྲན་ཆོ་ལོ་རིས། །ཕྱག་གཡས་གནམ་ལྕགས་ཐོག་མདའ་འཕེན། །དམ་ཉམས་དགྲ་བོ་སྤྱི་ནས་འཇོམས། །ཕྱག་གཡོན་དར་ནག་བདུད་དམག་སྡུས། །དགྲ་བོའི་ཡུལ་དུ་བདུད་དམག་དྲོངས། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །རལ་གྲི་གློག་དམར་ཁྱུགས་སེ་ཁྱུག །ཁྲ་ནག་གདོང་སེ་ཆིབས་སུ་ཆིབས། །དར་ནག་སྟན་སྟང་ལྷབས་སེ་ལྷབ། །བསེ་སྒྲ་སྨུག་པོ་ཝངས་སེ་ཝང་། །བསེ་ཡི་ཡོབ་ལྡན་ལྷབས་སེ་ལྷབ། །མཆོང་གི་ཡོབ་ཆེན་ཁྲ་ལ་ལ། །སྦྲུལ་ནག་གོང་སྨད་ཁྱུགས་སེ་ཁྱུག །བསེ་ལྷམ་ལྕགས་མཐིལ་ཤད་དེ་ཤད། །སྔ་ཤ་བདུད་ཀྱི་ཞགས་པ་ལྡོག །ཕྱི་ཤ་མི་མགོ་ཕྲུ་ལུ་ལུ། །ལྕགས་ཀྱི་བྱ་ཁྲ་ཀླད་ལ་ལྡིང་། །གཡས་ན་


CMR037_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་བྱ་ཕོ་རོག་འགྱེད། །གཡོན་ན་གཡའ་གླག་གཤོག་པ་བཀྲ། །ལྕགས་སྤྱང་སྔོན་མོ་རྗེས་ན་འདུར། །དུར་སྲི་ཝ་མོ་སྡུན་ན་རྒྱུག །བདུད་དམག་འབུམ་དང་བཅས་པ་ལ། །བསང་དང་བརྔན་གྱི་མཆོད་པ་འབུལ། །མི་ནོར་ནད་ཡམས་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད། །སྡང་བའི་དགྲ་བོ་རྡུལ་དུ་རློགས། །ཕྲིན་ལས་གང་བཅོལ་མྱུར་དུ་སྒྲུབས། །གཡས་ཀྱི་བཀའ་ཉན་མདའ་ར་བ། །བྲ་སྨུག་དེ་ནི་བསེ་ཚོས་ཅན། །གློག་ཞགས་དགྲ་ལ་འཕེན་པ་ལ། །བསང་དང་བརྔན་གྱི་མཆོད་པ་འབུལ། །དགྲ་རྐུན་ཇག་གསུམ་གནོད་པ་ཟློག །གཡོན་གྱི་བཀའ་ཉན་མདུང་ར་བ། །བྲ་ནག་དེ་ནི་སྟག་ཆས་ཅན། །ཐོག་མདའ་དགྲ་ལ་འཕེན་པ་ལ། །བསང་དང་བརྔན་གྱི་མཆོད་པ་འབུལ། །གོད་ཁ་ལྕེ་སྤྱང་གནོད་པ་ཟློག །སྔོན་གྱི་བཀའ་ཉན་ལས་མཁན་ནི། །བཙན་བུ་དེ་ནི་སྨན་བཀྲ་ཅན། །ལྕགས་ཀྱུས་དགྲ་སྙིང་འདྲེན་པ་ལ། །བསང་དང་བརྔན་གྱི་མཆོད་པ་འབུལ། །སྡང་བྱེད་དགྲ་བོ་རྡུལ་དུ་རློགས། །རྗེས་ཀྱི་དམག་ཚོགས་གཏིང་གནོན་པ། །ཁྲ་བོ་དེ་ནི་དར་ཆས་ཅན། །གནམ་ལྕགས་ཁྲབ་རྨོག་གྱོན་པ་ལ། །བསང་


CMR037_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དང་བརྔན་གྱི་མཆོད་པ་འབུལ། །དགྲ་སོད་བགེགས་ཐུལ་ཕྲིན་ལས་སྒྲུབས། །ལྕམ་མོ་དེ་ནི་རྫུ་འཕྲུལ་ཅན། །མེ་ལོང་འོད་ཐུལ་ཞེས་བྱ་མ། །ནོར་གཡང་དངོས་གྲུབ་སྟེར་བ་ལ། །བསང་དང་བརྔན་གྱི་མཆོད་པ་འབུལ། །ལོངས་སྤྱོད་ནོར་གྱི་དངོས་གྲུབ་སྩོལ། །བཅོལ་བའི་ཕྲིན་ལས་མྱུར་དུ་སྒྲུབས། །ཀྱཻ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བཀའ་ཉན་བསྟན་སྲུང་མཐུ་རྩལ་ཅན། །སྐུ་ཁྱིམ་དགེ་བསྙེན་འཁོར་བཅས་བསང་། །རྫུན་གྱི་དུར་སྲི་ཝ་མོ་བསང་། །གཡས་ཀྱི་ནག་པོ་བཀྲག་མེད་བསང། །གཡོན་གྱི་ཕོ་རོག་གཡའ་བླག་བསང་། །རྗེས་ཀྱི་སྨུག་པོ་རི་ཚོན་བསང་། །སྡུན་ན་རྒྱུག་པའི་ལས་མཁན་བསང་། །ལྕམ་མོ་མེ་ལོང་འོད་ཐུལ་བསང་། །བླ་མཚོ་ཆུ་མིག་ནག་རིང་ལ། །གནས་པའི་ཀླུ་ཡི་སྡེ་ཚོགས་བསང་། །གཞན་ཡང་འཁོར་དང་སྤྲུལ་པའི་ཚོགས། །བློན་པོ་རྟ་ཟམ་དགེ་བསྙེན་བསང་། །ཀླུ་རྒྱལ་གཙུག་ཆེན་སྦལ་མགོ་བསང། །གཙུག་ཆུང་སྦྲུལ་མགོ་འཁོར་བཅས་བསང་། །རི་ཉིད་རྒྱལ་བ་མཆེད་གསུམ་བསང་། །རྒྱལ་མོ་རི་ཕྱུག་འཁོར་བཅས་བསང་། །རྐང་ཆུང་ཁྲ་ཝང་ཨ་བྷི་བསང་། །


CMR037_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་གཉན་ས་བདག་སྟོང་སྡེ་བསང་། །ཡུལ་ལྷ་གཞི་བདག་འཁོར་བཅས་བསང་། །དཀར་ཕྱོགས་སྐྱོང་བ་ཐམས་ཅད་བསང་། །སྤྲུལ་པ་འབུམ་སྡེར་འཁོར་བཅས་བསང་། །ཡུལ་འདིར་གནས་པའི་གཞི་བདག་བསང་། །གནས་འདིར་ས་ཡི་ས་བདག་བསང་། །བཟང་ཤིང་བསྲེགས་པའི་དུད་པས་བསང་། །ཤ་གཙང་ཇ་ཆང་ཕུད་ཀྱིས་བསང་། །འོ་ཞོ་ཕྱེ་མར་གསུར་གྱིས་བསང་། །གཡག་ལུག་ར་གསུམ་གཟུགས་ཀྱིས་བསང་། །འབྲུ་སྣ་སྨན་སྣ་བསྲེགས་པས་བསང་། །གདུང་དབྱངས་རོལ་མོའི་སྒྲ་ཡིས་བསང་། །དེ་ལྟར་བསང་མཆོད་ཕུལ་བ་ཡི། །ཁྱེད་རྣམས་སྐུ་གསུང་ཐུགས་མཉེས་ནས། །རྟག་ཏུ་ཁ་འཛིན་སྡོང་གྲོགས་མཛོད། །ཟས་ནོར་ལོངས་སྤྱོད་དངོས་གྲུབ་སྩོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཀྱཻ། སྐུ་ཁྱིམ་དགེ་བསྙེན་དྲག་རྩལ་ཅན། །ཡུལ་ལྷ་གཞི་བདག་མཐུ་བོ་ཆེ། །ས་བདག་ཀླུ་གཉན་འཁོར་བཅས་རྣམས། །བརྩེ་བའི་ཐུགས་རྗེས་དགོངས་སུ་གསོལ། །བདག་ཅག་མ་རིག་དབང་གྱུར་པས། །ཁྱེད་རྣམས་ཐུགས་དང་འགལ་བ་ཡི། །ཕོག་ཐུག་འགྲམ་འཁྲུག་གང་མཆིས་པ། །མཐོལ་ལོ་བཤགས་སོ་བཟོད་


CMR037_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསོལ། །ཀླུ་དང་ས་བདག་གནོད་པ་ཡི། །ནད་དང་གནོད་པ་ཞི་བར་མཛོད། །མི་ནད་ཕྱུགས་ནད་ཞི་བར་མཛོད། །གོད་ཁ་གཅན་སྤྱང་གནོད་པ་ཟློག །ལོ་ལེགས་སད་སེར་མེད་པར་མཛོད། །ཚེ་རིང་ནད་མེད་ནོར་ཕྱུགས་འཕེལ། །བདེ་ལེགས་ཕུན་སུམ་ཚོགས་པར་མཛོད། །ནད་ཁ་ཆོད་ལ་ཡམས་ཁ་ཟློག །ཆོས་དང་མཐུན་པའི་དངོས་གྲུབ་སྩོལ། །བཀྲ་ཤིས་བདེ་ལེགས་རྒྱས་པར་མཛོད། །ཅེས་པ་འདི་སྨིན་དྲུག་ཟླ་བའི་ཚེས་བཅུའི་སྔ་དྲོ་ཐུན་མཚམས་གཅིག་ལ་སྦྱར་བ་ལ། འགལ་འཁྲུལ་མཆིས་ན་སྐུ་ཁྱིམ་ཉིད་ལ་བཤགས། །དགེ་བས་བདག་སོགས་འཁོར་བཅས་ཀྱི། །མི་ནད་ཕྱུགས་ནད་ཞི་བ་དང་། །ཚེ་རིང་ནད་མེད་ནོར་ཕྱུགས་འཕེལ་བ་དང་། །དགེ་ལེགས་དཔལ་ལ་སྤྱོད་པར་ཤོག །ཅེས་རཱ་ག་ཨ་སྱས་སྦྱར་བ་འདི་ཉིད་རྗེ་གོང་མའི་བརྒྱུད་འཛིན་དགེ་སློང་ཆོས་དབྱིངས་ཀྱི་ཕྱག་དཔེ་བཀྲ་ཤིས་དར་ལ་རྒྱས་པར་ཤོག ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཇོ་མོ་མོ་དིལ་མའི་ཀ་བསྟོད།


CMR037_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཡེ་གསོན་དང་ཇོ་མོ་མོ་དིལ་མ། །ཁ་དོག་དཀར་ལ་དམར་བའི་མདངས་ཆགས་ཤིང་། །ག་ཤལ་རིན་ཆེན་ཕྲེང་བ་མང་པོའི་བརྒྱན། །ང་ཡིས་ཁྱོད་ལ་མཆོད་ཅིང་བསྟོད་པ་ནི། །ཅ་ཅོའི་བསྟོད་དབྱངས་རོལ་མོའི་སྤྱན་དྲངས་ན། །ཆ་ལུགས་སྨན་བཙུན་གཟུགས་མཛེས་ཇོ་མོ་ལ། །ཇ་ཆང་ཕུད་དང་བསང་གི་མཆོད་པ་འབུལ། །ཉ་རྒྱས་ཟླ་ལྟར་དགྱེས་འཛུམ་མདངས་དང་བཅས། །ཏ་ལུག་ནོར་ལ་གོད་ཁ་མེད་པ་དང་། །ཐ་ན་འཕར་སྤྱང་གནོད་པ་ཡན་ཆད་སྲུངས། །ད་ནི་བདག་ཅག་ཡོན་མཆོད་ཁ་འཛིན་མཛོད། །ན་ཚ་ཤི་ཆད་ནད་ཡམས་མ་བཏང་ཞིག །པ་དེ་པུ་དེའི་ཆོ་འཕྲུལ་མ་སྟོན་ཅིག །ཕ་རོལ་གནོད་པར་བྱེད་པའི་དགྲ་དང་བགེགས། །བ་མོར་ཉི་ཟེར་ཕོག་ལྟར་མེད་པར་མཛོད། མ་རྒན་སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །རྩྭ་ཁ་ལོ་ཏོག་རྟག་ཏུ་ལེགས་པ་དང་། །ཚ་གྲང་འདུས་པའི་ནད་རིམས་ཞི་བར་མཛོད། །ཛ་ཡེ་རྒྱལ་བ་པད་འབྱུང་བཀའ་བཞིན་དུ། །ཝ་ལེར་མངོན་ཤེས་ལྡན་པའི་སྨན་མོ་ཁྱོད། །ཞ་ལྟར་བསྟན་དང་བསྟན་འཛིན་སྤྱི་བོར་བཀུར། །ཟ་བྱེད་དུང་གི་མཆེ་བ་གཙིགས་པ་མོ། །འ་འུར་འབྲུག་སྒྲ་རླུང་འཚུབ་


CMR037_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

སེར་དྲག་བཅས། །ཡ་མཚན་མཛེས་པའི་བརྒྱན་དང་ནི་བཟས་བཀླུབ། །རྭ་ཅོ་བཞིན་དུ་ཤེས་རྒྱུད་གྱོང་ན་ཡང་། །ལ་ཆེན་ཨོ་རྒྱན་ཆེན་པོའི་དགེ་བསྙེན་མོ། །ཤ་ཕུད་ཕྱེ་མར་གཡུ་ཤུག་དུད་པས་བསང་། །ས་ཆ་གར་འགྲོ་གར་འདུག་ཁ་འཛིན་མཛོད། །ཧ་ཧ་ཧི་ཧི་དགྱེས་པའི་གད་མོར་བཅས། །ཨ་ལ་ལ་ཧོ་རྨ་གཡང་དངོས་གྲུབ་སྩོལ། །ཅེས་རཱ་ག་ཨ་སྱས་སོ། །

མཚམས་ཀྱི་ཆུ་མིག་ཀེ་རུའི་བསང་མཆོད།


CMR037_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཀྱི་ཆུ་མིག་ཀེ་རུའི་བསང་མཆོད་བཞུགས་སོ།། ཧཱུྃ། མཚམས་ཀྱི་ཆུ་མིག་ཀེ་རུ་ནི། །རིན་ཆེན་འབར་བའི་གཞལ་ཡས་སུ། །ཀླུ་རྒྱལ་མི་མགོན་དཀར་པོ་ནི། །ཞལ་གཅིག་ཕྱག་གཉིས་ཞི་ཉམས་ཅན། །དར་ཚོན་སྣ་ཚོགས་རྒྱན་གྱིས་སྤྲས། །གསེར་ཁྲི་དྲུག་མགྱོགས་སྟེང་དུ་ནི། །ཁྲི་སྙན་ས་ལེའི་པགས་སྟེང་བཞུགས། །གཡས་གཡོན་རིགས་བཞིའི་གཡུ་མཚོ་དང་། །ཀླུ་ལྕམ་བཙན་བདུད་ལ་སོགས་པའི། །ཆབ་འབངས་གྲོང་ཁྱེར་བསམ་མི་ཁྱབ། །མགྲོན་ལྟར་བྱེས་སུ་འབྱོན་པའི་དུས། །ཤིང་རྟ་སྔོན་པོའི་སྟེང་རོལ་དུ། །གཞལ་ཡས་ཁང་གི་ནང་དུ་བཞུགས། །དེ་ཡི་སྟེང་དུ་གདུགས་རྒྱལ་མཚན། །བ་དན་རོལ་མོ་བསམ་མི་ཁྱབ། །གཡས་གཡོན་རླུང་འཚུབ་མི་སྲུན་ཤིང་། །མཚམས་འཇའ་དམར་སྤྲིན་འབྲུག་སྒྲ་སྒྲོག །ཤིན་ཏུ་མྱུར་བར་འབྱོན་པའི་དུས། །མི་དཀར་རྟ་དཀར་ཆིབས་སུ་བཅིབས། །སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན། །ཕྱག་གཡས་གཡང་ལྷ་དར་དཀར་བསྣམས། །ཕྱག་གཡོན་དོན་ཡོད་ཞགས་པ་འཛིན། །རལ་གྲི་བདུད་དགྲ་དཔུང་འཇོམས་བཏགས། །སྤྱན་གསུམ་ཞལ་སེར་སྐུ་ལུས་དཀར། །དར་དཀར་


CMR037_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ཞིང་སྦྲུལ་ཞགས་ཐོགས། །རྒྱལ་རིགས་ཀླུ་དམག་འབུམ་དང་ལྡན། །ཁྱེད་ལ་མཆོད་པ་འབུལ་བ་ནི། །ཀླུ་སྨན་དར་ཟབ་སྣ་ཚོགས་དང་། །མེ་ཏོག་བདུག་སྤོས་མར་མེ་དྲི། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །བདུད་རྩི་སྨན་དང་གཏོར་མ་འབུལ། །མཐུན་རྫས་དུ་མས་མཉེས་གྱུར་ཅིག །ཁྱེད་རྣམས་མཆོད་པའི་ཡོན་ཏན་གྱིས། །བདག་ཅག་རྣལ་འབྱོར་ཐམས་ཅད་ལ། །བསྟན་ཕན་སེམས་དགེ་ཆོས་བྱེད་རྣམས། །ཚེ་བསོད་རྒྱས་པའི་སྡོང་གྲོགས་མཛོད། །སྤྱིར་དང་བསྟན་པ་བླ་མ་དང་། །ཁྱད་པར་རྣལ་འབྱོར་བདག་སོགས་ལ། །མདོར་ན་མི་དང་མི་མ་ཡིན། །སྔར་བྱས་ཕྱི་སེམས་དར་བྱེད་པའི། །།གནོད་པའི་དགྲ་བོ་ད་ལྟ་སྒྲོལ། །དངོས་གྲུབ་ཀུན་སྩོལ་ཕྲིན་ལས་མཛོད། །ཅེས་ཨ་རྭ་གས་སོ།།

ཀླུ་རྒྱལ་ཤེལ་ཁྱིམ་གྱི་བསང་མཆོད་དགོས་འདོད་དཔལ་གཏེར།


CMR037_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་རྒྱལ་ཤེལ་ཁྱིམ་གྱི་བསང་མཆོད་དགོས་འདོད་དཔལ་གཏེར་ཞེས་བྱ་བ་བཞུགས་སོ།། ༈ བསང་རྫས་རྣམས་གཙང་མར་བཤམས་ལ། རང་ཉིད་པད་འབྱུང་གསལ་བའི་ཐུགས་ཀ་ནས། །ལས་འོད་འཕྲོས་ཀླུ་རྒྱལ་འཁོར་དང་བཅས། །གནས་འདིར་སྤྱན་དྲངས་འོས་པའི་གདན་ལ་བཞུགས། །ཡན་ལག་བརྒྱད་ལྡན་མཆོད་ཡོན་ཞབས་བསིལ་དང་། །འདབ་སྟོང་ལྡན་པའི་མེ་ཏོག་དྲི་བཟང་སྨན། །བསྲེགས་པའི་དུད་སྤྲིན་ཞུན་མར་ཕྱོགས་ཀུན་ཏུ། །གསལ་བའི་མདངས་ལྡན་དྲི་ཆབ་དྲི་ལྡན་དང་། །རོ་མཆོག་ལྡན་པའི་ཞལ་ཟས་སྙན་དབྱངས་རོལ། །དངོས་འབྱོར་ཡིད་སྤྲུལ་དག་གིས་མཆོད་པར་བགྱི། །ཀྱཻ། དགེ་བསྙེན་ཆེན་པོ་ཤེལ་ཁྱིམ་སྐུ་མདོག་ནི། །དཀར་བའི་མདངས་ལྡན་གངས་ལ་ཉི་ཕོག་ལྟར།། རྣོ་མཚོན་ངར་འཇོམས་དུང་གི་ཁྲབ་རྨོག་གསོལ། །གཡས་གཡོན་འཁོར་གསུམ་བརྒྱན་ཅིང་ཕྱག་གཡས་གཡོན། །དར་མདུང་གཏེར་སྒྲོམ་ཤེལ་དཀར་ཕྲེང་བ་འཛིན། །ཅང་ཤེས་ལི་ཁྲིའི་མདངས་ལྡན་ལེགས་འགྲོ་ཆིབས། །བཀའ་སྡོད་ཡང་འཁོར་ཕྱི་ནང་བློན་འབངས་བཅས། །འཁོར་དང་བཅས་ལ་ཡིད་ཀྱིས་བདག་བསྟོད་དོ། །ཁྱེད་རྣམས་མཆོད་པའི་


CMR037_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

དམ་རྫས་རྨད་དུ་བྱུང་། །བཟང་ཤིང་སྣ་ཚོགས་ཞུན་མར་དྲི་བཟང་དང་། །ཇ་ཆང་འོ་ཞོའི་མཆོད་པ་འདི་དག་ནི། །རོལ་པའི་མཚོ་བདུན་བས་ཀྱང་ཟབ་ཅིང་འཁྱིལ། །ཕྱེ་མར་འབྲུ་སྣ་རིན་ཆེན་སྣ་ལྔའི་ཚོགས། །གསེར་གྱི་རི་བདུན་བས་ཀྱང་བཀོད་རེ་ལེགས། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་དམ་རྫས་རྣམས། །དགེ་བསྙེན་ཤེལ་ཁྱིམ་འཁོར་དང་བཅས་ལ་འབུལ། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསང་། །འགལ་འཁྲུལ་ཉེས་པའི་ཚོགས་རྣམས་ཅི་མཆིས་བཤགས། །ཁྱེད་རྣམས་གྲིབ་དང་མི་གཙང་རྨུགས་པ་སོལ། །དེ་ལྟར་བསང་མཆོད་གཏོར་མ་ཕུལ་བའི་མཐུས། །སངས་རྒྱས་བསྟན་དར་བསྟན་འཛིན་སྐྱེས་བུ་ཡི། །སྐུ་ཚེ་མཛད་འཕྲིན་དར་ཞིང་རྒྱས་པ་དང་། །ལུང་རྟོགས་ཆོས་སྲིད་འཛིན་པའི་ས་སྐྱོང་རྣམས། །འཕགས་པའི་སྡེ་རྒྱས་རྒྱལ་ཁམས་ཆོས་སུ་སྤྱོད། །ཡུལ་ཁམས་འདི་དང་ཕྱོགས་དུས་གཞན་དག་ཏུ། །ནད་མུག་འཁྲུག་རྩོད་མི་མཐུན་ཞི་གྱུར་ནས། །ལེགས་ཚོགས་འདོད་པའི་ཡོན་ཏན་ཡར་ཟླ་ལྟར། །བདེ་སྐྱིད་རྫོགས་ལྡན་དཔལ་ལ་སྤྱོད་གྱུར་པས། །གང་འདོད་ཅི་བཅོལ་ཕྲིན་ལས་གང་བཅོལ་བ། །ཐོགས་མེད་མྱུར་དུ་འགྲུབ་


CMR037_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛད་དུ་གསོལ། །ཅེས་ཀླུ་རྒྱལ་ཤེལ་ཁྱིམ་གྱི་བསང་མཆོད་འདི་བཞིན་དགོས་ཞེས་དད་ལྡན་བསོད་ནམས་དབང་རྒྱལ་གྱི་བསྐུལ་ངོར། ༧ ཀརྨ་ཨ་རཱ་གའི་མིང་གིས་ལྕགས་སྦྲུལ་ཟླ་༥ཚེས་བཟང་པོར་སྒྲུབ་གནས་དཔལ་རི་རྩེར་བྲིས་པ་དགེ་ལེགས་འཕེལ། མངྒ་ལཾ། །༈ ཀྱི་སངས་རྒྱས་དབོན་པོའི་སྒྲུབ་གནས་ཆེའི། །ཤར་ཕྱོགས་སྐྱོང་བའི་ཡུལ་ལྷ་ཆེ། །ཀླུ་རྒྱལ་ཤེལ་ཁྱིམ་གཉན་པོ་ནི། །ཡུམ་བློན་སྤྲུལ་འཁོར་སྡེ་རིགས་བཅས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །ཁ་འཛིན་སྡོང་གྲོགས་རྒྱབ་རྟེན་མཛོད། །བཀྲ་ཤིས་འདོད་དགུའི་དངོས་གྲུབ་སྩོལ། །ཨ་རཱ་གས་སོ།།

སྡེ་བརྒྱད་ཀྱི་བསང་།


CMR037_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་བརྒྱད་ཀྱི་བསང་ནི། ཧཱུྃ་ཧྲཱིཿ འདུས་ཤིང་ཚོགས་པའི་དཀྱིལ་འཁོར་ཆེན་པོ་ནས། །ལེགས་ཉེས་སྟངས་འཛིན་ལས་མཁན་ཕོ་ཉའི་ཚོགས། །བཀའ་ཉན་གསུང་སྡོད་ལྷ་སྲིན་སྡེ་བརྒྱད་རྣམས། །འདོད་ཡོན་བདུད་རྩིའི་བསང་མཆོད་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །བདག་ལ་གདུག་པའི་དགྲ་བགེགས་ཆམ་ལ་ཕོབ། །འཁོར་རྣམས་སྲུང་ཞིང་རྐྱེན་རྣམས་བཟློག་པ་དང་། །དུས་རྣམས་ཀུན་ཏུ་བསྲུང་དང་སྐྱབས་མཛོད་ཅིག །ཅེས་པའང་ཨ་རཱ་གས་སྦྱར་བའོ།། དགེ་ལེགས་འཕེལ།།

ཡུལ་གར་འདུག་ཟོ་དོར་བསང་མཆོད།


CMR037_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གར་འདུག་ཟོ་དོར་བསང་མཆོད་བཞུགས་སོ།། ཀྱཻ། སྟོང་གསུམ་སྲིད་པའི་འཇིག་རྟེན་ན། །ས་ཕྱོགས་ཡུལ་རིས་འདི་དག་ལ། །གནས་པའི་ས་བདག་ཀླུ་དང་གཉན། །ཡུལ་ཕྱོགས་འདི་ལ་གནས་པ་མ་ལུས་ཀུན། །རྣལ་འབྱོར་བདག་གིས་སྤྱན་འདྲེན་ནོ། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཁྱེད་ནི་རྫུ་འཕྲུལ་སྟོབས་དང་ལྡན། །བར་སྣང་ས་གཞི་ཀུན་གྱི་བདག །བཟང་ངན་གཉིས་ཀྱི་ཤན་ཕྱེས་ལ། །འགྲོ་བ་མི་དང་ལྷན་ཅིག་བཞུགས། །ཁྱད་པར་ཡུལ་འདིར་གནས་པའི་ཡུལ་ལྷ་རྣམས། །ས་གནས་འདིར་མྱུར་དུ་སྤྱན་འདྲེན་ན། །མཆོད་པ་འབུལ་གྱིས་བཞེས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ ཁྱོད་ལ་མཆོད་པ་འབུལ་བ་ནི། །རིན་ཆེན་འབྲས་ཀྱི་གཡག་ལུག་ར་སྐྱེས་དང་། །སྨྱུག་རྒོད་མདའ་དར་རིན་ཆེན་རྣམས། །ཕྱེ་མར་བལ་བུ་མཁན་ཤུག་དང་། །ཆང་ཕུད་གསེར་སྐྱེམས་འབྲུ་ལྔ་དང་། །དཀར་གསུམ་མངར་གསུམ་གསེར་དངུལ་དང་། །དག་ཅིང་གཙང་མའི་མཆོད་པ་ཡི། །བདག་གི་བསམ་པ་དག་པ་དང་། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །བྱིན་གྱིས་རླབས་པའི་


CMR037_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་སྤྲིན་གྱིས། །ཁྱེད་ཀྱི་དབང་པོའི་སྤྱོད་ཡུལ་དུ། །འདོད་དགུ་ཅི་བཞིན་ཚིམ་གྱུར་ཅིག་།བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ཞིང་གི་བཙའ་སད་སེར་གསུམ་དང། །དགྲ་བགེགས་གཡུལ་ངོ་བཟློག་ཏུ་གསོལ། །མི་ཕྱུགས་ནད་ཡམས་མ་བཏང་ཞིག །དཀར་པོ་དགེ་བའི་སྡོང་གྲོགས་མཛོད། །བདག་གི་འདོད་པའི་བསམ་པ་སྒྲུབས། །བསོད་ནམས་ནོར་གྱི་དངོས་གྲུབ་སྩོལ། །སྡང་བའི་དགྲ་ལ་ཕྲིན་ལས་གྱིས། །བདག་ནི་བྱེས་སུ་འགྲོ་ན་སྐྱེལ་མ་མཛོད། །གཞི་ལ་འདུག་ན་ཡུལ་དཔོན་གྱིས། །མཐུ་དཔུང་སྡོང་གྲོགས་རྒྱབ་རྟེན་གྱིས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་ཡུལ་གར་འདུག་གི་ཟོ་དོར་བསང་མཆོད་རཱ་ག་ཨ་སྱས་མཛད་པའོ།།

ཡུལ་ལྷའི་བསང་མཆོད་དུས་སུ་ཆར་གྱི་ཕྲིན་བཅོལ།


CMR037_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལྷའི་བསང་མཆོད་དུས་སུ་ཆར་གྱི་ཕྲིན་ལས་བཅོལ་བ་ནི། ཀྱཻ། རྟེན་འབྲེལ་བསང་མཆོད་རྒྱ་ཆེན་འདི་ཕུལ་བས། །བདག་དང་ཁྱེད་ཅག་ཡུལ་ཕྱོགས་འདི་རྣམས་ལ། །ཆར་པ་མ་བབ་བཙའ་དང་ལོ་ཏོག་སྐམ། །མི་ཕྱུགས་ཐམས་ཅད་བཀྲེས་སྐོམ་མྱ་ངན་གདུང་། །འབུ་སྲིན་རྣམས་ལ་ཚ་དམྱལ་སྡུག་བསྔལ་མྱོང་། །དེ་བས་ཡུལ་ལྷ་ཀླུ་གཉན་ཁྱེད་རྣམས་ལ། །བསང་དང་མཆོད་འབུལ་ཆར་པ་སློང་བ་ཡིན། །རང་རང་ཕྱོགས་ནས་ཆར་སྤྲིན་ན་བུན་སློང་། །ནམ་མཁར་འབྲུག་སྒྲོག་སྤྲིན་སྤུངས་ཆུ་དྲག་འཁྲུགས། །བར་སྣང་སྨུག་ཞོད་ཆར་གྱིས་སྐྱོགས་ཆེན་ཕོབ། །ས་གཞི་ཐམས་ཅད་ཆུ་ཡི་རྒྱ་མཚོར་སྦྱར། །བདག་གི་མཆོད་བསྟོད་དམ་ཚིག་གཉེན་དགོངས་ལ། །ཆར་གྱི་རྒྱུན་བསྒྲེང་བདག་ཅག་སུན་མ་ཕྱུང། །ཞག་ལ་མ་འགོར་ད་ལྟ་ཉིད་དུ་ཕོབ། །བརྔན་པའི་དམ་རྫས་དཀར་གཏོར་རྒྱན་ལྡན་འབུལ། །ཡུལ་ལྷ་ཁྱེད་རྣམས་མཐུ་རྩལ་ཅི་འདུག་ལྟ། །བདག་གི་འདོད་དོན་ཆར་ཕོབ་ཕྲིན་ལས་སྒྲུབས། །ཞེས་ཡུལ་ལྷ་ལ་གཏོར་མ་ཕུལ་བཀའ་བསྒོ་ཆར་འབེབས་པའི་ཕྲིན་ལས་དྲག་ཏུ་བཅོལ། ཅེས་༧ ཨ་རཱ་གས་སྦྱར་བ་མངྒ་ལཾ། །

ཕུག་ལྷ་དཀོར་བདག་གི་བསང་མཆོད།


CMR037_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཕུག་ལྷ་དཀོར་བདག་གི་བསང་མཆོད་བཞུགས་སོ།། ཧཱུྃ། བདག་ཉིད་མཚོ་སྐྱེས་པདྨ་འབྱུང་གནས་སྐུ། །བྱམས་དང་སྙིང་རྗེས་ལྷ་འདྲེ་དབང་དུ་སྡུས། །ཡུལ་ཕྱོགས་ས་ཕྱོགས་དབང་གི་ལྷ་འདྲེ་དང་། །འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ་དགུ་དང་། །ཡུལ་ཕྱོགས་གར་འདུག་གནས་བདག་ཡུལ་ལྷ་རྣམས། །མཆོད་སྦྱིན་དབང་གིས་གནས་འདིར་གཤེགས་སུ་གསོལ། །དགོན་གནས་གཙུག་ལག་ཁང་ལ་གནས་པ་དང་། །གྲོང་དང་གྲོང་ཁྱེར་རྒྱལ་པོའི་དཀོར་མཛོད་དང་། །སྦྲ་གུར་ཁང་ཁྱིམ་འདི་རུ་གནས་པ་དང་། །སྒྲུབ་པའི་ལྷ་དང་ཕ་མཉེས་རྒྱུད་ཀྱི་ལྷ། །མ་སྲུ་རྒན་རབས་དཀོར་མཛོད་ཁ་རྗེར་དབང་། །དཀོར་བདག་ཕུག་ལྷ་གཉན་པོ་གནས་འདིར་བྱོན། །གནས་བདག་དཀོར་བདག་ཕུག་ལྷ་གཉན་པོ་ཁྱོད། །བཙུན་པ་རབ་བྱུང་དགེ་སློང་ཚུལ་འཛིན་དང་། །རྣལ་འབྱོར་ཚུལ་བཟུང་སྔགས་པའི་ཆ་བྱད་དང་། །རྒྱལ་པོའི་ཚུལ་བཟུང་སྐྱེ་བོ་སྟག་ཆས་ཅན། །བུ་ཆུང་སྟག་ཕུད་བུ་མོ་གཡུ་བྱུར་ཅན། །བུད་མེད་ཆོས་སུ་བཟང་ངན་གང་བསྟན་པ། །ཁྱི་སྐྱ་ཁྱི་དམར་ཁྱི་རྒན་གར་སྤྲུལ་རྣམས། །གང་དུ་འདུག་ཀྱང་གང་དུ་འགྲོ་བའི་གནས། །ཡུལ་བདག་གྲོང་


CMR037_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཕུག་ལྷ་དཀོར་བདག་རྣམས། །རུ་ང་ཕྲག་དོག་ཀོ་ལོང་མ་མཛད་པར། །མཆོད་པའི་གནས་འདིར་བདག་གིས་སྤྱན་འདྲེན་ནོ། །མགུ་ཚིམ་ཡི་རང་ངང་ནས་གཤེགས་སུ་གསོལ། །སྦྲ་ཁྱིམ་དཀོར་ནོར་རྟེན་ལ་བཞུགས་སུ་གསོལ། །ཁྱིམ་ལྷ་ཕུག་ལྷ་དཀོར་བདག་ཁྱེད་རྣམས་ལ། །དཀར་གསུམ་མངར་གསུམ་ཤ་ཁྲག་གཙང་མས་མཆོད། །ཇ་ཕུད་ཆང་ཕུད་གསེར་སྐྱེམས་གཙང་མས་མཆོད། །མཆོད་དོ་ཕུག་ལྷ་དཀོར་བདག་གཉན་པོ་མཆོད། །ཨ་གར་ཛཱ་ཏི་རྒྱ་ཤུག་སྤོས་སྣའི་ཚོགས། །སུར་ཤུག་མཁན་དཀར་མེ་ལ་བསྲེགས་ནས་ཀྱང་། །བསྲེགས་པའི་དུད་སྤྲིན་ལྷ་ལམ་ཡོངས་ལ་ཁྱབ། །ཕྱི་ནང་གསང་གསུམ་མཆོད་པ་སྣ་ཚོགས་འདིས། །ཁྱིམ་ལྷ་ཕུག་ལྷ་དཀོར་བདག་གཉན་པོ་བསང་། །ཀྱཻ། གསོན་ཅིག་ཉོན་ཅིག་ཡུལ་ལྷ་གཉན་པོ་རྣམས། །ཕ་མྱེས་རིང་ནས་ཁྱོད་ཉིད་ཡོད་པའི་ལྷ། །མ་གཡེལ་མ་སྐྱེད་རང་ལ་འཁོར་བར་གྱིས། །ད་ནི་བདག་གི་ལས་ལ་འཁོར་བའི་ལྷ། །ཞི་རྒྱས་དབང་དྲག་ལས་ཀ་གང་བྱེད་ཀྱང་། །རུ་ང་ཕྲག་དོག་མ་བྱེད་བརྟན་པར་བཞུགས། །སྒྲུབ་པའི་ལྷ་དང་མཆོད་པའི་ལྷ། །བདག་དང་འདུ་འབྲལ་མེད་པར་མགོན་


CMR037_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོབ་མཛོད། །སྤུ་གཞོབ་གསུར་དང་འཁོན་འཛིན་གང་བྱས་ཀྱང་། །མནོལ་བ་མེད་པར་བསང་གིས་དག་གྱུར་ཅིག །སྦྲ་མཁར་རྩེ་ལྷ་ཁྱིམ་ལྷ་ཐབ་ལྷ་དང་། །ཕ་མཚུན་དགྲ་ལྷ་ནོར་ལྷ་གྲོང་གི་ལྷ། །ཁྱེད་རྣམས་ཀུན་ལ་བསང་གི་མཆོད་པ་འབུལ། །ཇི་སྲིད་འཁོར་བའི་སྦྱིན་པ་མ་ཟད་པར། །དེ་སྲིད་མཆོད་སྦྱིན་འདི་ཡང་མི་འཛད་པའི། །དེ་ལྟར་མཆོད་པའི་བསོད་ནམས་དཔག་མེད་ཀྱིས། །ཕུག་ལྷ་དཀོར་བདག་ཚོགས་རྣམས་མཉེས་གྱུར་ཅིག །མཉེས་ནས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ཕུག་ལྷའི་བསང་མཆོད་འདི་མེད་ན། བསང་གཞན་འདོན་ན་དགོས་པའི་མགྲོན་དེ་སྒྱུར་ནས་གཞན་དོན་མེད་ལ་བྱིན་པ་དང་འདྲ་བས། དེ་ཕྱིར་ཕུག་ལྷ་དཀོར་བདག་མཆོད་པ་གལ་ཆེའོ།། ༧ ཞེས་རཱ་ག་ཨ་སྱས་སྦྱར་བའོ། །སརྦ་མངྒ་ལཾ། དགེའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་གྱུར་ཅིག །

འབྲུ་རིགས་བསང་མཆོད།


CMR037_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་རིགས་བསང་མཆོད། ཀྱཻ། མི་མཆོག་རྒྱལ་བུ་མཐིང་གེ་དང་། །འཇོང་ལ་འཕྲུལ་ལ་སོགས་པ་ཡི། །དབུ་ནག་བོད་ཀྱི་ཕ་མཚུན་བསང་། །འགྲུ་རྗེ་རྒྱལ་བ་ཐོད་དཀར་སོགས། །རྭ་ཅོ་ཅན་ལ་བཅོ་བརྒྱད་ནས། །ཡབ་དང་ཁུ་དབོན་ཡན་ཆོད་ཀྱི། །འབྲུ་རིགས་ཕ་མཚུན་གཉན་པོ་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་བསང་། །ཇ་ཆང་ཟས་སྣའི་ཕུད་ཀྱི་མཆོད། །དགྲ་དང་བུ་སྲིང་ཤག་རོགས་ཀྱི། །ཡུལ་དུ་མ་འབྲོས་མ་འཁྱམས་པར། །བུ་དང་ཚ་བོའི་ཁ་འཛིན་མཛོད། །མི་འཕེན་རྟ་ཧྲག་དངོས་གྲུབ་སྩོལ། །ཕ་མཚུན་མི་ལ་མ་འཁོང་པར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཀྱཻ། ཨ་ལྕགས་འབྲུ་ཡི་དགྲ་ལྷ་ནི། །འགྲུ་མོ་ཕྲོམ་ཕྲོམ་ཞེས་སུ་གྲགས། །བྱ་ཁྲ་གནམ་ལྕགས་མཆུ་སྡེར་ཅན། །གོང་ཁ་འགྲིམ་ཞིང་དགྲ་ལྷ་ཉུལ། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་བསང་། །ཇ་ཆང་ཟས་སྐོམ་ཕུད་ཀྱི་མཆོད། །འགྲུ་དར་རྒྱས་ཅན་གྱི་དགྲ་ལྷ་ཁྱོད། །དགྲ་བླ་མི་དང་མ་འབྲལ་བར། །གཉེན་རྒན་དྷེ་ཝའི་བཀའ་བཞིན་དུ། །འབྲུ་རིགས་

ཀླུ་སྒྲོན་གྱི་བསང་མཆོད།


CMR037_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་སྒྲོན་གྱི་བསང་མཆོད་ནི། ཀྱཻ། རྡོ་རྗེ་གདན་གྱི་བྱང་ཕྱོགས་དང་། །རྒྱལ་བས་ལུང་བསྟན་གདོང་དམར་ཡུལ། །འཇིག་རྟེན་དབང་ཕྱུག་ཞིང་ཁམས་ན། །ངོམ་དུ་རུང་བའི་སྟོད་ཀྱི་ཆ། །མདོ་སྨད་ས་ཡི་ཐིག་ལེ་ན། །རིན་ཆེན་རི་བོ་དགུང་དུ་འཕྱོ། །ལྗོན་ཤིང་ནགས་ཚལ་ཐིབས་སེ་ཐིབ། །གཡུ་མཚོ་སྔོན་མོ་མེ་རེ་རེ། །ཤེལ་གྱི་ཆུ་མིག་ཤ་ར་ར། །རིན་ཆེན་བྲག་རི་སྤུངས་པ་ལ། །ཁ་དོག་སྣ་ལྔ་འོད་དུ་འབར། །གོར་མོ་རྡོ་ཡི་ཕ་བོང་ལ། །རབ་འཇིགས་སྟག་གཟིག་གཟུགས་སུ་གྲུབ། །དེ་འདྲ་ཡུལ་གྱི་མངའ་བདག་ནི། །ཀླུ་མོ་ཀླུ་སྒྲོན་ཞེས་སུ་གྲགས། །ཡབ་ནི་ལྷ་ཡི་རྒྱལ་པོ་སྟེ། །སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་བསང་། །བླ་མཚོ་ཕོ་ཝ་ཏ་ཕྱི་བསང་། །མོ་མ་ཕྱའུ་གཡང་དཀར་g|བསང། །མདའ་ར་ལྷ་བཙན་མཚལ་རྩེ་བསང་། །མདུང་ར་གོ་ཆོ་སྤུན་དགུ་བསང་། །ཕྱི་བློན་གསེར་རྒོད་སེར་པོ་བསང་། །ནང་བློན་གཡུ་རྒོད་སྔོན་པོ་བསང་། །མཛོད་འཛིན་སོ་རྒྱལ་དོན་གྲུབ་བསང་། །སྒོ་སྲུང་ར་དཀར་གཉན་པོ་བསང་། །ལས་མཁན་ཀླུ་བདུད་མགར་ནག་བསང་། །ཡུམ་ནི་ཀླུ་ཡི་བཙུན་མོ་སྟེ། །རྒྱལ་མོ་རི་ཕྱུག་འཁོར་


CMR037_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་བསང་། །བཟང་བྱེད་ཡ་རྒྱལ་གཉེན་མོ་བསང་། །ཞང་པོ་ཀླུ་ཡི་རྒྱལ་པོ་སྟེ། །འབོ་རང་རྡོ་རྗེ་བདུད་འདུལ་བསང་། །དེ་ཡི་འཁོར་དུ་གཏོགས་པ་ཡི། །ཀླུ་བདུད་ཀླུ་བཙན་ཐམས་ཅད་བསང་། །གཉེན་དང་མཚོ་སྨན་ཐམས་ཅད་བསང་། །དགྱེས་སྡེ་རྟ་འདྲ་གཉན་པོ་བསང་། །འཁོར་དང་ཡང་འཁོར་བཅས་པ་བསང་། །གཞན་ཡང་གཉན་པོ་ནོར་བདག་དང་། །འབྲོང་རྫོང་ཇོ་མོ་རྨེ་དིལ་སོགས། །ས་ཕྱོགས་ཡུལ་ཕྱོགས་འདིར་གནས་པའི། །ལྷ་ཀླུ་བཙན་བདུད་སྨན་དང་དམུ། །གཞི་བདག་གཉན་པོ་ཐམས་ཅད་བསང། །ཀྱཻ། སྨན་བཙུན་ཆེན་མོ་ཀླུ་སྒྲོན་མ། །རབ་མཛེས་ཡིད་འཕྲོག་ལྷ་མོའི་གཟུགས། །སྲབ་འཇམ་ན་བཟའ་ལྷུབས་སེ་ལྷུབ། །རིན་ཆེན་རྒྱན་ཆ་སི་ལི་ལི། །མཛེས་པའི་གར་སྟབས་ཁྱུགས་སེ་ཁྱུག །སྙན་པའི་གླུ་ལེན་ཀྱུ་རུ་རུ། །དགྱེས་པའི་འཛུམ་ཞལ་ཡ་ལ་ལ། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཀླུ་སྨན་ཀླུ་སྒྲོན་ཆེན་མོའི་སྲས། །མཛེས་སྡུག་ལྷ་ཡི་སྲས་པོ་འདྲ། །སྤྱན་མིག་དཀར་ཆེན་ཤར་བ་འདྲ། །དབུ་སྐྲ་སིལ་བུས་སྐུ་སྟོད་ཁེབས། །མཛེས་པའི་ན་བཟའ་


CMR037_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལ་གསོལ། །རིན་ཆེན་ལན་ཚར་སྙན་ལ་མཛེས། །དགྱེས་པའི་འཛུམ་ཞལ་ཡ་ལ་ལ། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཀྱཻ། ཀླུ་སྨན་ཀླུ་སྒྲོན་ཡུམ་སྲས་ལ། །དཀར་གསུམ་མངར་གསུམ་རིན་པོ་ཆེ། །འབྲུ་སྣ་སྨན་སྣ་དར་ཟབ་དང་། །དར་ཚོན་བལ་ཚོན་ཤེལ་ཚིགས་དང། །ཀླུ་སྨན་སྣ་ཚོགས་མཆོད་པ་འབུལ། །འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །ཉམས་དང་རྒུད་པ་སངས་གྱུར་ཅིག །རྨུགས་དང་མནོལ་བ་སངས་གྱུར་ཅིག །ཀླུ་ནད་ཐམས་ཅད་ཞི་གྱུར་ཅིག །བཀྲག་དང་གཟི་བརྗིད་འཕེལ་གྱུར་ཅིག །མཐུ་སྟོབས་ནུས་པ་རྒྱས་གྱུར་ཅིག །སྤྲིན་ཆེན་མདོ་ལས་གསུངས་པ་ཡི། །བདེ་གཤེགས་རྣམས་ཀྱི་བདེན་པའི་མཐུས། །ཀླུ་སྒྲོན་ཁྱོད་ཀྱིས་ཀླུ་ནད་ཀུན། །ད་ལྟ་ཉིད་དུ་ཞི་གྱུར་ཅིག །སྟོབས་དང་གཟི་བརྗིད་འཕེལ་གྱུར་ཅིག །བདག་ཅག་ཡོན་མཆོད་འཁོར་བཅས་ལ། ཇི་ལྟར་ནུས་པའི་དངོས་གྲུབ་སྩོལ། །ཀླུ་སྒྲོན་ཡབ་ཡུམ་སྲས་དང་བཅས། །འཁོར་དང་སྡེ་ཚན་བཅས་པ་ལ། །བསང་མཆོད་དམ་པ་འདི་ཕུལ་བས། །འཁོར་བཅས་མཉེས་ཤིང་


CMR037_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཚིམ་པར་མཛོད། །འཁོར་བཅས་མཉེས་ཤིང་ཚིམས་ནས་ཀྱང་། །ཡབ་གཅིག་དགེ་བསྙེན་རྡོ་རྗེའི་མཚན། །བོད་ཁམས་ཡོངས་ཀྱི་སྲུང་མ་ཡིན། །བདག་ཅག་ཡོན་མཆོད་སྲུང་སྐྱོབ་མཛོད། །།ཡུམ་དང་ཞང་པོ་ཀླུ་ཡིན་པས། །དགེ་བསྙེན་རྡོ་རྗེ་བདུད་འདུལ་གྱི། །ཁ་འཛིན་སྡོང་གྲོགས་རྒྱབ་རྟེན་མཛོད། །དགྱེས་སྡེ་ཡུལ་ལྷ་རྟ་འདྲ་ཡིས། །ཡུལ་གྱི་མགོན་སྐྱབས་མེལ་ཚེ་མཛོད། །ཀླུ་སྨན་ཀླུ་སྒྲོན་ཡུམ་སྲས་ཀྱིས། །ཀླུ་གཡང་དངོས་གྲུབ་ཐམས་ཅད་སྩོལ། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་སེར་གསུམ་མ་བཏང་ཞིག །བཙན་ཕྱུག་དར་གསུམ་དངོས་གྲུབ་སྩོལ། །བཀྲ་ཤིས་བདེ་ལེགས་རྒྱས་པར་མཛོད། །ཅེས་པ་འདི་ཡུལ་དེའི་མི་རྣམས་ཀྱིས་ཀླུ་གཏོར་བསྐུར་ཟེར་ནས་དོ་དམ་བྱུང་བའི་གཏེར་སྦ་དུས་འདོན་རྒྱུ་ཡིན་ཀྱང་བསང་ནམ་བྱེད་བཏོན་ཀྱང་ལེགས། ཞེས་ཨ་རཱ་གས་བྲིས་པ་སྟེ། སྔོན་གྱི་ངག་རྒྱུན་ལས་བྱུང་བ་དང་། སྔ་སོར་གནས་དེར་ཀླུ་མཆོད་བྱེད་དུས། དེའི་རང་གཟུགས་གསལ་བར་བྱུང་བས་སོ། །མངྒ་ལཾ།། །།

དགེ་བསྙེན་ཉི་ཤུ་རྩ་གཅིག་གི་བསང་མཆོད།


CMR037_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བསྙེན་ཉི་ཤུ་རྩ་གཅིག་གི་བསང་མཆོད་ནི། ཀྱཻ། སྔོན་གྱི་བསྐལ་པའི་དང་པོ་ལ། །ཡུལ་གྱི་མིང་ནི་བོད་ཀྱི་ཡུལ། །བསམ་ཡས་དཔལ་གྱི་ཕོ་བྲང་དུ། །སློབ་དཔོན་པདྨ་འབྱུང་གནས་ལ། །ཇི་ལྟར་ཁས་བླངས་དམ་བཅས་པའི། །དགེ་བསྙེན་ཉི་ཤུ་རྩ་གཅིག་ནི། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །གཉན་ཐང་ལྷ་རྡོ་རྗེ་ཡར་བཞུད་བསང། །རྨ་སྤོམ་ར་རྡོ་རྗེ་གཡུང་དྲུང་བསང་། །རྒྱམ་རྡོ་ཏི་རྡོ་རྗེ་རྒྱལ་མཚན་བསང་། །དགེ་རྩམ་པོ་རྡོ་རྗེ་ཐོགས་མེད་བསང་། །གནམ་ལྡང་ཁྲམ་རྡོ་རྗེ་རྩེ་མང་བསང་། །ཁྲོ་ཟིལ་ཁྲམ་རྡོ་རྗེ་གཞོན་ནུ་བསང་། །ཕྲུ་ལྷ་ཆེན་རྡོ་རྗེ་དགྲ་འདུལ་བསང་། །དཀར་སེང་ནག་རྡོ་རྗེ་དབང་ཕྱུག་བསང་། །འབྲི་གཉན་རྫོང་རྡོ་རྗེ་བློ་གྲོས་བསང་། །རྨ་རིག་ནག་རྡོ་རྗེ་འབར་བ་བསང་། །ཀྱེ་ལ་སྟོད་རྡོ་རྗེ་སེང་ཁྲམ་བསང་། །རྨ་རོག་པོ་རྡོ་རྗེ་འཕྲད་ཉལ་བསང་། །ཆབ་ལྷ་རྡོ་རྗེ་མགོན་པོ་བསང་། །ཁྱུང་རྒོད་རྡོ་རྗེ་རྩེ་མང་བསང་། །ག་གུར་ར་རྡོ་རྗེ་ལེགས་པ་བསང་། །གཡུ་བུན་རྡོ་རྗེ་དབང་ཆེན་བསང་། །ཇོ་འབར་རྡོ་རྗེ་གཞི་འཛིན་བསང་། །གཙང་སྨི་ཏི་རྡོ་རྗེ་ཆེ་ཡག་བསང་། །སྒོམ་བྲག་དཀར་རྡོ་རྗེ་རྩེ་རྒོད་


CMR037_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བསང། །རྐེ་རོང་རྡོ་རྗེ་ཅོང་ཕུག་བསང་། །ལྷ་ཐོགས་མེད་རྡོ་རྗེ་དབང་ཕྱུག་བསང་། །ཀླུ་རྡོ་རྗེ་ཡར་ལྷ་ཤམ་པོ་བསང་། །དེ་རྣམས་བསང་བའི་ཡོན་ཏན་གྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །བཙན་ཕྱུག་འཕེལ་གསུམ་འཛོམ་པར་མཛོད། །འོ་ཞོ་ཆང་གསུམ་འཛོམ་པར་མཛོད། །བསམ་པའི་དོན་ཀུན་འགྲུབ་པར་མཛོད། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་སེར་གསུམ་མ་བཏང་ཞིག །དགྲ་སྣ་ཡུལ་དུ་མ་འདྲེན་ཅིག །དགྲ་བགེགས་གཡུལ་ངོ་ཟློག་པ་དང་། །ཡུལ་དུ་འཐབ་རྩོད་ཞི་བར་མཛོད། །སྦྱིན་བདག་བསམ་དོན་འགྲུབ་པ་དང་། །གཞི་ལ་འདུག་ན་སྡོང་གྲོགས་མཛོད། །བྱེས་སུ་འགྲོ་ན་སྐྱེལ་མ་མཛོད། །ཉིན་གྱི་དུས་སུ་བྱ་ར་མཛོད། །མཚན་གྱི་དུས་སུ་སྒྲོན་མེ་མཛོད། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །འཚོ་བ་སྦྱོར་ལ་ཡོན་བདག་གྱིས། །བསོད་ནམས་ཟས་ནོར་དངོས་གྲུབ་སྩོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ཨ་རཱ་གས་སོ།། །།

ཤར་ལུང་ཡུལ་ལྷ་སྟོན་རྒྱལ་དཀར་པོའི་བསང་ཡིག་དང་གསོལ་མཆོད།


CMR037_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ལུང་ཡུལ་ལྷ་སྟོན་རྒྱལ་དཀར་པོའི་བསང་ཡིག་དང་གསོལ་མཆོད་བཞུགས་སོ།། ན་མོ་པྲ་ཝ་ཀ་ར་ཡེ། པད་འབྱུང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །གསོལ་མཆོད་ཡུལ་ལྷའི་བསང་མཆོད་རིམ་པ་འབྲི། །གཡུ་ཤུག་ཕྱེ་མར་མཆོད་པ་བྱ། །སྤྲོ་ན་དཀར་གཏོར་གཡག་ལུག་ར། །མདའ་དར་ལ་སོགས་བཤམ་པར་བྱ། །བསང་གཞུང་ཚར་རྗེས་ཁ་འཛིན་གྱི། །གོང་དུ་འདི་ཉིད་སྦྱར་བར་བྱ་བ་སྟེ། །བདག་བསྐྱེད་མཆོད་པ་བྱིན་གྱིས་བརླབས། །འདི་ཉིད་འདོན་ཅིང་ཁུ་ཡེ་བྱས་ཀྱང་རུང་།། ཀྱཻ། རྡོ་རྗེ་གདན་གྱི་བྱང་གི་ཕྱོགས། །རྒྱལ་བས་ལུང་བསྟན་གདོང་དམར་ཡུལ། །ཐུགས་རྗེ་ཆེན་པོས་བྱིན་རླབས་པའི། །ཁ་བ་ཅན་ལྗོངས་བོད་ཀྱི་ཡུལ། །མདོ་ཁམས་གླིང་ཁྲི་བར་མ་ན། །རྨ་གཡང་ཆགས་པའི་ཤར་ལུང་ཞེས། །པད་འབྱུང་སེ་བཙུན་གཞོན་ནུ་སོགས། །དམ་པ་དུ་མས་བྱིན་རླབས་ཤིང། །ཞབས་ཀྱིས་བཅགས་པའི་ཡུལ་གྱི་དབུས། །རིན་ཆེན་ས་གཞི་ལྷུན་ཆགས་པའི། །ཤེལ་བྲག་ངང་དཀར་རྩེ་རེ་རེ། །མཆོང་གི་རྫ་སྨུག་ཐིབས་སེ་ཐིབ། །ཤེལ་གྱི་ཆུ་མིག་ཤ་ར་ར། །གཡུ་ཡི་ནེའུ་སིང་ཀྱི་ལི་ལི། །ན་བུན་སྐྱི་བུན་ཐིབས་སེ་ཐིབ། །རི་དྭགས་རྩེ་སྒྱུ་སྤྲེངས་སེ་སྤྲེང་། །གཅན་གཟན་ངར་སྐད་འུ་རུ་རུ། །བྱ་རིགས་གཤོག་སྡང་


CMR037_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིགས་སེ་ཁྲིག །གཡུ་འབྲུག་སྔོན་མོ་དི་རི་རི། །བདུད་རྩིའི་ཆར་རྒྱུན་སི་ལི་ལི། །དུང་གི་ཁུ་འཕང་ཁྲ་ལ་ལ། །དེ་འདྲའི་གནས་ཀྱི་མངའ་བདག་ནི། །སྟོན་རྒྱལ་དཀར་པོ་ཞེས་སུ་གྲགས། །གསང་མཚན་རྡོ་རྗེ་གོ་ཆ་ཞེས། །མི་དཀར་མཛེས་ཤིང་དཔའ་བརྗིད་ལྡན། །དབུ་ལ་དངུལ་གྱི་རྨོག་ཞུ་གསོལ། །དར་འཕྲུ་རྒོད་འཕྲུ་རླུང་ལྟར་འཚུབ། །སྐུ་ལ་དར་དཀར་རིལ་གའི་སྟེང་། །དངུལ་ཁྲབ་དཀར་པོ་ཞུ་ལུབས་གསོལ། །ཕྱག་གཡས་མདུང་དར་དཀར་པོ་ཕྱར། །གཡོན་པས་རྟ་ཡི་སྲབ་མདའ་འཛིན། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །ཡ་ཚྭ་དཀར་ཕྲན་གློག་ལྟར་འཁྱུག །རྟ་ནི་བྲ་བོ་འཕུར་ཤེས་ལ། །གསེར་སྒ་གསེར་སྲབ་གཡུ་མཐུར་ཅན། །ཆིབས་ནས་སྤྲུལ་པ་སྣ་ཚོགས་འགྱེད། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །གཞན་ཡང་ཡུལ་ལྷ་དྲག་རྩལ་ཅན། །རྣ་བ་ཕྲ་ཕྲོམ་ཞེས་བྱ་ནི། །མི་ནི་དཀར་པོ་ཆས་བཟང་ལ། །མགོ་ལ་སྐྲ་མེད་དུང་གི་མདོག །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །མང་རྒྱལ་འབར་བ་ཞེས་བྱ་ནི། །མི་སྔོན་


CMR037_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གོས་སྔོན་བརྗིད་པ་གསོལ། །ཆིབས་སུ་རྟ་དཀར་གཡུ་རྔོག་ཆིབས། །ཕྱག་ན་ལྷ་མདའ་ལེབ་མ་འཛིན། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ག་པུར་རུ་རྫུ་མི་སྔོན་པོ། །རྟ་དཀར་རླུང་ཤུགས་ལྡན་པ་ཆིབས། །ཕྱག་ན་སྦ་ལྕག་རྔ་གཤང་བསྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །རྩ་དེ་ནས་སྤུངས་ལ་གནས་པའི། །བུད་མེད་མཛེས་སྡུག་རྒྱན་དང་ལྡན། །ཕྱག་ན་གཞོང་པ་འབྲས་ཀྱིས་བཀང་། །དེ་སྟེང་དར་གྱིས་བཀབ་པ་འཛིན། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །རྒྱལ་ཆེན་གྲུ་གུ་ཞེས་བྱ་བ། །མི་དཀར་ཆས་དང་ལྡན་པ་ལ། །རྟ་དཀར་སྒྲ་སྲབ་ལྡན་པ་ཆིབས། །ཕྱག་ན་ཤེལ་ཕྲེང་འཛིན་པར་བྱེད། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཤོ་རོང་ནེ་ཁྱམ་སྤོག་རྨོག་ནི། །མི་ནི་དཀར་པོ་ཆེན་པོ་ལ། །གསེར་ཁྲབ་གསོལ་ཞིང་རྟ་སེར་ཆིབས། །ཕྱག་ན་དར་མདུང་དཀར་པོ་བསྣམས། །འདིར་གཤེགས་བསང་དང་


CMR037_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཁྱུང་ཚང་བྲག་ལ་གནས་པ་ཡི། །མི་དམར་ཆོས་བཟང་མཆེད་གཉིས་ལ། །གཅིག་ནི་ཞལ་རས་མཛེས་པ་ལ། །གཅིག་ནི་ཁ་ཤོ་བརྗིད་པའི་ཞལ། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །སྐུ་ལྷ་རྔམ་རྩ་མི་སྔོན་པོ། །ཆིབས་སུ་འབྲོང་བུ་དར་མ་ཆིབས། །གཡས་གཡོན་ཕྱག་ན་མདའ་གཞུ་འཛིན། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །སྐུ་ཁྱམ་བྲག་དམར་ལ་གནས་པ། །མི་ནི་དམར་པོ་བརྗིད་པའི་ཞལ། །ན་བཟའ་ཕྲུག་དཀར་ལའུ་གསོལ། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཇོ་བོ་ཡར་རྒྱུ་ལ་གནས་པ། །མི་དཀར་སྐུ་ལ་རྨོག་ཕུབ་གསོལ། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །ཕྱག་གཡས་བ་དན་དཀར་པོ་འཛིན། །གཡོན་པས་རྟ་ཡི་སྲབ་སྐྱོགས་སྒྱུར། །ཆིབས་སུ་རྟ་དཀར་དུང་མདོག་ཆིབས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཇོ་བོ་རྡོ་ཚ་ལ་གནས་པའི། །མི་


CMR037_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

དམར་སྐུ་ལ་ཕྲུག་དཀར་གསོལ། །ཕྱག་གཡས་མདའ་དར་དཀར་པོ་ཕྱར། །གཡོན་པས་འཕྲུལ་གྱི་སྲབ་སྐྱོགས་སྒྱུར། །ཆིབས་སུ་རྟ་སྔོན་ཆུ་མདོག་ཆིབས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །གཞན་ཡང་ཤར་ལུང་ས་ཕྱོགས་འདིར། །གནས་པའི་ལྷ་ཀླུ་གཞི་བདག་ཚོགས། །ཕ་རི་གཡས་ལ་ཚུར་རི་གཡོན། །འབབ་པ་ཆུ་ལ་སྲ་བ་བྲག །སྐྱེ་བ་ཤིང་དང་འགྲོ་བ་ལམ། །མཚེར་ས་སྦྲ་ཁང་ལ་གནས་པའི། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་ལ། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །སྟོན་རྒྱལ་དཀར་པོའི་གཙོར་བྱས་པའི། །ཡུལ་ལྷ་གཞི་བདག་ཁྱེད་རྣམས་ལ། །བསང་མཆོད་དམ་པ་འདི་འབུལ་བས། །ཐམས་ཅད་མཉེས་ཤིང་ཚིམ་གྱུར་ཅིག །ཉམས་དང་རྒུད་པ་སོས་གྱུར་ཅིག །བཀྲག་མདངས་གཟི་བརྗིད་འཕེལ་གྱུར་ཅིག །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཕ་མྱེས་སྔ་རབས་འདས་པ་དང་། །བུ་ཚ་ཕྱི་རབས་ཡན་ཆད་ཀྱིས། །ཁྱེད་ཅག་ཐུགས་དང་འགལ་བའི་ལས། །གང་བགྱིས་ཐམས་ཅད་མཐོལ་ལོ་


CMR037_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས། །བདག་ཅག་ཡུལ་འདིར་གནས་པའི་མི། །ཁྱེད་ཅག་ཡུལ་འདིར་གནས་པའི་ལྷ། །མིས་ཀྱང་ལྷ་ལ་དུས་སུ་མཆོད། །ལྷས་ཀྱང་མི་ལ་ཁ་འཛིན་མཛོད། །གནས་མགྲོན་གཉིས་ཀྱི་དམ་ཚིག་སྲུང་། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག །ལོ་ལེགས་ནོར་ཕྱུགས་འཕེལ་བ་དང་། །དགྲ་ཇག་ཆོམ་རྐུན་གནོད་པ་ཟློག །ཕྱི་ནང་འཁྲུག་རྩོད་ཞི་བར་མཛོད། །གཞི་བྱེས་ལམ་གསུམ་གར་འགྲོ་ཡང་། །སྐྱེལ་བསུ་མཐུན་རྐྱེན་རོགས་དན་མཛོད། །ལ་ཆུ་འཕྲང་གསུམ་འཇིགས་ལས་སྐྱོབས། །ཁ་འཛིན་སྡོང་གྲོགས་མ་གཡེལ་ཅིག །ཁྱད་པར་ས་ཕྱོགས་ཡུལ་ཁམས་འདིར། །བདུད་རྩིའི་ཆར་རྒྱུན་མྱུར་དུ་ཕོབ། །གལ་ཏེ་ཆར་པ་མ་བབ་ན། །ཁྱད་པར་གྲོང་པ་སྒེའི། །ལོ་ཏོག་ཁྱེད་ཅག་རྣམས་ལ་བཅོལ། །སེར་བ་མ་གཏོང་ཐུབ་པར་བསྲུངས། །གལ་ཏེ་སེར་བ་ཤོར་བྱུང་ན། །ཁྱེད་རྣམས་མཐུ་རྩལ་མི་ཞན་པས། །དེ་བས་སྨྲ་བབ་ཅང་ཡོད་དམ། །མཐུ་རྩལ་ཅི་གདའ་ད་ལྟ་བལྟ། །མ་གཡེལ་བཅོལ་བའི་ཕྲིན་ལས་མཛོད། །དེ་ནས་གཏོར་མ་ཡོད་ན་སྐབས་འདིར་བསྔོ། བསང་དུས་མིན་ཡང་དཀར་གཏོར་ཕུལ། རཾ་ཡཾ་ཁཾ་གིས་མི་


CMR037_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་དྲི་མ་སྦྱངས། །ཧཱུྃ་ལས་རིན་ཆེན་སྣོད་ཡངས་རྒྱ་ཆེ་བར། །ཁཾ་ཡིག་ལས་བྱུང་གཏོར་མ་བདུད་རྩི་མཚོ། །ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས། །ཨོཾ་གིས་ཟག་མེད་བདུད་རྩིར་གྱུར། །ཕུད་རླངས་རང་རང་མཐུན་རྫས་དཔག་མེད་འཕྲོ། །ས་དང་བར་སྣང་ནམ་མཁའ་གང་བར་གྱུར། །འདོད་གསོལ་ཕྲིན་ལས་བཅོལ་བ་ནི། །ཧཱུྃ། སྔོན་ཚེ་སློབ་དཔོན་པདྨ་ཐོད་ཕྲེང་གི །བཀའ་དང་དམ་ལ་བཏགས་པའི་ཐ་ཚིག་ཅན། །ཡུལ་ལྷའི་གཙོ་བོ་སྟོན་རྒྱལ་དཀར་པོ་ནི། །འཁོར་དང་བཅས་པ་འདིར་གཤེགས་གཏོར་མ་བཞེས། །རྣ་བ་ཕྲ་ཕྲོམ་མང་རྒྱལ་འབར་བ་དང་། །ག་པུར་རུ་རྫུ་རྩ་དེ་ནས་སྤུང་དང་། །རྒྱལ་ཆེན་གྲུ་གུ་ཁྱུང་ཚང་བྲག་དམར་དང་། །ནེ་ཁྱམ་སྤོག་རྨོག་སྐུ་ལྷ་རྔམ་རྩ་དང། །སྐུ་ཁྱམ་བྲག་དམར་ཇོ་བོ་ཡར་རྒྱུ་དང་། །ཇོ་བོ་རྡོ་ཚ་ལ་སོགས་གཞི་བདག་རྣམས། །འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས། །སྔར་བྱས་གཏང་རིག་ཕྱིས་སུ་ཞུ་སྐྱེམས་འབུལ། །ད་ལྟའི་གཉེར་ཟས་གཉན་པོ་འདི་བཞེས་ལ། །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ཡི། །ནད་གདོན་བར་ཆད་ཐམས་ཅད་ཞི་བ་དང་། །


CMR037_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་བསོད་ནམས་དབང་ཐང་འཕེལ་བ་དང་། །འདོད་དགུ་ལོངས་སྤྱོད་དབང་དུ་འདུ་བ་དང་། །གནོད་བྱེད་དགྲ་བགེགས་བཟློག་ཅིང་བསྒྱུར་བ་སོགས། །རང་རང་ཅི་ལྟར་ནུས་པའི་སྡོང་གྲོགས་མཛོད། །རིག་འཛིན་རྒྱལ་བའི་བཀའ་ལས་མ་འདའ་བར། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །།ཨོཾ་ཤ་ར་ཏྲི་སོད། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨབྷྲཱུཾ་སོགས། ཧཱུྃ། ལྷ་ཆེན་སྟོན་རྒྱལ་དཀར་པོ་ནི། །མི་དཀར་དཔའ་བརྗིད་ལྡན་པ་ལ། །དབུ་ལ་དངུལ་གྱི་རྨོག་ཞུ་གསོལ། །བྱ་ཕོད་ལྡེམ་དར་ཉི་ལྟར་ཤར། །སྐུ་ལ་དངུལ་ཁྲབ་འོད་དུ་འབར། །སྟག་རལ་གཟིག་ཤུབས་སྐྱེད་ལ་བསྐོར། །ཕྱག་གཡས་དར་མདུང་དཀར་པོ་ཕྱར། །སྣང་སྲིད་ཡུལ་ལྷའི་དམག་ཚོགས་སྡུས། །གཡོན་པས་འཕྲུལ་གྱི་སྲབ་སྐྱོགས་སྒྱུར། །ཅང་ཤེས་བྲ་བོ་འཕུར་ཤེས་ཆིབས། །ཡུལ་ལྷ་མང་པོའི་འཁོར་དང་བཅས། །དགེ་བསྙེན་ཆེན་པོ་ཁྱེད་ལ་བསྟོད། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གཏོར་མ་གཙང་སར་ཕུལ། ཨོཾ་ཤ་ར་ཏྲི་སོད། ཡིག་འབྲུ་ལྔ་སྟོན་རྒྱལ་དཀར་པོའི་སྲོག་སྔགས་སོ། །སྤྲུལ་སྐུ་མི་


CMR037_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་བྱ་རཱ་ག་ཨ་སྱས་སྤེལ། །འབྲི་བའི་ཐབས་ནི་མར་མེའི་ངོགས། །འཕྲལ་དུ་ཡི་གེར་བྲིས་པ་ལ། །ཉེས་མཆིས་བཤགས་ཤིང་དགེ་མཆིས་ན། །ཡུལ་འདིར་འགྱུར་རྡོ་རྗེས་གསུངས་པ་ལ་དཔང་པོ་བྱས་ནས་ཀྱང་། བདེ་ལེགས་འབྱུང་ཕྱིར་བསྔོ། །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཕ་མཚུན་གྱི་བསང་མཆོད།


CMR037_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་མཚུན་གྱི་བསང་མཆོད་ནི། ཀྱཻ། མི་མཆོག་རྒྱལ་བུ་མཐིང་གེ་སོགས། །བདག་གི་ཕ་དང་ཁུ་བོ་མྱེས་པོ་དང་། །མ་མྱེས་རྒྱུད་ཀྱི་མཚུན་མགོན་དང་། །ཡང་མྱེས་བཟང་པོའི་བླ་ཡིད་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །དགྲ་དང་ཕ་སྤུན་བུ་སྲིང་གིས། །ཡུལ་དུ་མ་བྲོས་མ་འཁྱམས་པར། །བུ་དང་ཚ་བོའི་མགོན་སྐྱབས་མཛོད། །བུ་དང་ཚ་བོ་མནའ་མ་ཡིས། །མཆོད་པ་ཆུང་ཡང་མ་འཁོན་ལ། །རང་ཡུལ་ཟུངས་ལ་ཁ་འཛིན་མཛོད། །ཕ་མཚུན་མི་དང་མ་འབྲལ་ཅིག །ཅེས་པ་འདི་རཱ་ག་ཨ་སྱས་མཛད་པའོ། །

ཕུག་ལྷའི་བསང་མཆོད་བདེ་ལེགས་ཀུན་འབྱུང་།


CMR037_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཕུག་ལྷའི་བསང་མཆོད་བདེ་ལེགས་ཀུན་འབྱུང་བཞུགས་སོ།། ཧྲཱིཿ བདག་ཉིད་གུ་རུ་པདྨ་འབྱུང་གནས་ཀྱིས། །བྱམས་དང་སྙིང་རྗེས་ལྷ་འདྲེ་དབང་དུ་སྡུས། །ཡུལ་ཕྱོགས་ས་ཕྱོགས་འདི་ལ་དབང་བའི་ལྷ། །འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ་ལྔ་དང་། །ཡུལ་ཕྱོགས་ས་ཕྱོགས་གནས་བདག་ཡུལ་ལྷ་རྣམས། །མཆོད་སྦྱིན་དབང་གིས་གནས་འདིར་གཤེགས་སུ་གསོལ། །དགོན་གནས་གཙུག་ལག་ཁང་ལ་གནས་པ་དང་། །དཀའ་ཐུབ་གནས་དང་སྒྲུབ་ཁང་གནས་རྣམས་དང་། །གྲོང་དང་གྲོང་ཁྱེར་རྒྱལ་པོའི་དཀོར་མཛོད་དང་། །སྦྲ་གུར་ཁང་ཁྱིམ་ཕྱུགས་ལྷས་གང་གནས་དང་། །སྒྲུབ་པའི་ལྷ་དང་ཕ་མྱེས་ལས་ཀྱི་ལྷ། །མ་སྲུ་རྒན་རབས་དཀོར་ནོར་རྗེས་སུ་འོངས། །དཀོར་བདག་ཕུག་ལྷ་གཉན་པོ་གནས་འདིར་བྱོན། །གནས་བདག་དཀོར་བདག་ཕུག་ལྷ་གཉན་པོ་ཁྱོད། །བཙུན་པ་རབ་བྱུང་དགེ་སློང་ཚུལ་འཛིན་པ། །རྣལ་འབྱོར་ཚུལ་བཟུང་སྔགས་པའི་ཆས་བྱེད་དང་། །རྒྱལ་པོའི་གཟུགས་བཟང་སྐྱེས་པ་སྟག་ཆས་དང་། །བུ་ཆུང་སྟག་རིལ་བུ་མོ་གཡུ་ཕུད་ཅན། །བུད་མེད་ཆོས་བཟང་རྒན་གཞོན་སྣ་ཚོགས་དང་། །ཁྱི་སྐྱ་ཁྱི་དམར་དགེ་བསྙེན་དཀོར་


CMR037_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བདག་རྣམས། །གང་ན་འདུག་ཀྱང་གང་ན་འགྲོ་བའི་གནས། །ཡུལ་བདག་གྲོང་བདག་དཀོར་བདག་འཁོར་བཅས་རྣམས། །རུ་ང་ཕྲག་དོག་ཀོ་ལོང་མ་མཛད་ལ། །མཆོད་པའི་གནས་འདིར་ཐམས་ཅད་མྱུར་དུ་བྱོན། །དགའ་མགུ་ཡི་རང་ངང་ལ་གཤེགས་སུ་གསོལ། །ཁྱིམ་ལྷ་ཕུག་ལྷ་དཀོར་བདག་འཁོར་བཅས་ལ། །དཀར་གསུམ་མངར་གསུམ་ཤ་ཁྲག་གཙང་མས་མཆོད། །གཟུགས་སྒྲ་དྲི་རོ་རེག་བྱའི་མཆོད་པ་འབུལ། །དཀོར་བདག་ཕུག་ལྷ་གཉན་པོ་འཁོར་བཅས་ལ། །ཇ་ཕུད་ཆང་ཕུད་གསེར་སྐྱེམས་བདུད་རྩིས་མཆོད། །ཕུག་ལྷ་དཀོར་བདག་གནས་བདག་འཁོར་བཅས་མཆོད། །འབྲུ་སྲན་སྣ་ལྔ་ཕྱེ་མར་སྤྱན་གཟིགས་འདིས། །བསང་ངོ་ཕུག་ལྷ་དཀོར་བདག་འཁོར་བཅས་བསང་། །ཨ་གར་ཛཱ་ཏི་རྒྱ་ཤུག་སྤང་སྤོས་དང་། །སུར་དཀར་མཁན་དཀར་མེ་ལ་རབ་བསྲེགས་ནས། །དྲི་བཟང་དུད་སྤྲིན་ཁང་ཁྱིམ་ཡོངས་ལ་ཁྱབ། །ཕྱི་ནང་གསང་གསུམ་བསང་གི་མཆོད་པ་འདིས། །ཁྱིམ་ལྷ་ཕུག་ལྷ་དཀོར་བདག་གཉན་པོ་བསང་། །རྟ་ལྷ་ནོར་ལྷ་ལུག་ལྷ་གཡང་ལྷ་བསང་། །ཟས་ནོར་ལྷ་དང་ཐབ་ལྷ་གཉན་པོ་བསང་། །ཀྱཻ། གསོན་ཅིག་ཉོན་


CMR037_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཕུག་ལྷ་དཀོར་བདག་རྣམས། །ཕ་མྱེས་སྔོན་ནས་ཁྱོད་ཉིད་ཡོད་པའི་ལྷ། །མ་ཡེངས་མ་འཁྱམས་རང་ལ་འཁོར་བར་གྱིས། །ད་ལྟ་བདག་གི་ལས་ལ་འཁོར་བའི་ལྷ། །ཞི་རྒྱས་དབང་དྲག་ལས་ལ་གང་བྱེད་ཀྱང་། །རུ་ང་ཕྲག་དོག་མ་མཛད་བརྟན་པར་བཞུགས། །སྒྲུབ་པའི་ལྷ་དང་མཆོད་ཅིང་འཁོར་བའི་ལྷ། །བདག་དང་འདུ་འབྲལ་མེད་པར་མགོན་སྐྱོབ་མཛོད། །ཐབ་དང་གཞོབ་དང་འཁོན་འཛིན་ལས་བྱས་རྣམས། །མནོལ་བ་མེད་པ་བསང་གིས་དག་གྱུར་ཅིག །མཁར་གྱི་རྩེ་ལྷ་ཐབ་ལྷ་ཁྱིམ་ལྷ་དང། །ཕ་མཚུན་དགྲ་བླ་གྲོགས་ལྷ་ཟས་ནོར་ལྷ། །དེ་དག་རྣམས་ལ་བསང་གི་མཆོད་པ་འབུལ། །སྦྱིན་པའི་སྟོབས་ཀྱིས་བསང་དང་མཆོད་པ་འབུལ། །ཇི་སྲིད་འཁོར་བའི་སེམས་ཅན་མ་ཟད་པར། །དེ་སྲིད་བསང་མཆོད་འདི་ནི་ཟད་མེད་ཤོག །འདི་ལྟར་མཆོད་པའི་བསོད་ནམས་དཔག་མེད་ཀྱིས། །ཕུག་ལྷ་དཀོར་བདག་རྣམས་ཀྱང་མཉེས་གྱུར་ཅིག །མཉེས་ནས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ཕུག་ལྷ་སྤྱི་བསང་འདི་ཕུག་ལྷ་ཉམས་པ་དང་། ཕུག་ལྷ་མི་གཅིག་པ་དང་། བླ་མཆོད་གསར་པ་དང་། གྲུབ་མཐའ་མི་གཅིག་པ་དང་། ཡོན་

ཐབ་ལྷ་བསང་མཆོད།


CMR037_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཐབ་ལྷ་མཆོད་ཐབས་ལ། ཐབ་ཐོག་བཟང་ཤིང་སྣ་ཚོགས་བསང་དུད་དང་། །ཕྱེ་མར་ཇ་ཆང་འོ་ཕུད་དཀར་མངར་མཆོད། །ལྷ་སྔགས་ཕྱག་རྒྱ་ཏིང་འཛིན་རྣམ་གསུམ་གྱིས། །བྱིན་རླབས་གྱེར་སྒོམ་སྒྲུགས་ལ་འདི་སྐད་དོ། །ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཐབ་ལྷ་སེ་ཤར་ནི། །མི་ཕོ་དཀར་པོ་སེང་གེ་འགྱིང་བ་འདྲ། །སྐུ་མདོག་དཀར་པོ་གཟི་མདངས་ཅན། །ཕྱག་ན་བ་དན་དཀར་པོ་རྒྱུཕྱར། །འོད་གསལ་ལྷ་ཡི་སྤྲུལ་པ་ཡིན། །བདེ་གཤེགས་བཀའ་བརྒྱུད་ཁྱེད་ཡིན་པས། །སྔགས་འཆང་བདག་གི་བཀའ་ལ་ཉོན། །ལུས་ནི་མི་རྟག་སྒྱུ་མ་འདྲ། །འབྱུང་བ་རྣམ་ལྔ་ལུས་ལ་ཚང་། །ནམ་མཁའི་དབྱིངས་བྱོན་སངས་རྒྱས་ཡིན། །སེམས་ཅན་ཀུན་ལ་སྲུང་སྐྱོབ་མཛོད། །བདེ་ལྡན་སྡུག་བསྔལ་ཀུན་དང་བྲལ། །ལྷ་ཡི་ཡུལ་བྱོན་ཕམ་ལྟུང་ཞི། །ལྷ་མིན་ཡུལ་བྱོན་འཐབ་རྩོད་ཞི། །མི་ཡི་ཡུལ་བྱོན་དབུལ་ཕོངས་ཞི། །བྱོལ་སོང་ཡུལ་བྱོན་གླེན་ལྐུགས་ཞི། །ཡི་དྭགས་ཡུལ་བྱོན་བཀྲེས་སྐོམ་ཞི། །དམྱལ་བའི་ཡུལ་བྱོན་ཚ་གྲང་ཞི། །རྒྱ་མཚོའི་ཡུལ་བྱོན་ཀླུ་ནད་ཞི། །རི་རབ་རྩེར་བྱོན་གཉན་ནད་ཞི། །ས་གཞིའི་ཁམས་བྱོན་ས་གདོན་ཞི། །ཞིང་གནས་ཞིང་ལྷ་ཚངས་པ་ཡིན། །ལོ་སྨིན་


CMR037_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བཙའ་སད་སེར་གསུམ་ཞི། །མཁར་ལས་མཁར་ལྷ་དཀར་པོ་ཡིན། །དགྲ་གདོན་ཐམས་ཅད་ཁྱོད་ཀྱིས་ཐུབ། །ཁྱིམ་ནས་ཁྱིམ་ལྷ་གེའུ་ཐུང་ཡིན། །འགྱུར་བ་མེད་པའི་བརྟན་ཕུར་མཛོད། །ར་བ་ལྷས་གནས་ཕྱུགས་ལྷ་མཛོད། །གོད་ཁ་གོད་འདྲེ་ཁྱོད་ཀྱིས་སྒྱུར། །ཐབ་གནས་ཐབ་ལྷ་སེ་ཤར་ཁྱེད། །ཐབ་འདྲེ་གཞོབ་གསུམ་མ་བྱེད་ཅིག །བདེ་ལྡན་སྡུག་བསྔལ་ཀུན་དང་བྲལ། །བཀྲེས་སྐོམ་དབུལ་ཕོངས་ཞི་གྱུར་ཅིག །དེ་ནས་མཆོད་པ་འབུལ་བ་ནི། །ཀྱཻ། བཟང་ཤིང་སྣ་ཚོགས་བསང་དུད་དང་། །དཀར་གསུམ་མངར་གསུམ་ཇ་ཆང་དང་། །ཕྱེ་མར་འོ་སྐོལ་མཆོད་པ་འདི། །འོད་གསལ་མི་ཕོ་འཁོར་བཅས་རྣམས། །མཆོད་དོ་གསོལ་ལོ་ཕྱག་འཚལ་བསྟོད། །ཐབ་ལྷ་སེ་ཤར་འཁོར་བཅས་རྣམས། །མཆོད་དོ་གསོལ་ལོ་ཕྱག་འཚལ་བསྟོད། །ཐབ་ལྷ་ཕྱུག་མོ་འཁོར་བཅས་རྣམས། །མཆོད་དོ་གསོལ་ལོ་ཕྱག་འཚལ་བསྟོད། །ཐབ་ལྷ་གཡུ་མཚོ་འཁོར་བཅས་རྣམས། །མཆོད་དོ་གསོལ་ལོ་ཕྱག་འཚལ་བསྟོད། །ཟས་ལྷ་གྲོགས་ལྷ་འཁོར་བཅས་རྣམས། །མཆོད་དོ་གསོལ་ལོ་ཕྱག་འཚལ་བསྟོད། །བཤགས་པ་ནི། དེ་ལྟར་ཐབ་ལྷ་རྣམས་ལ་གསོལ་མཆོད་


CMR037_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །རྨུགས་ཐབས་དྲག་ཤུལ་ལས་བྱས་དང་། །དཀར་ཕྱུར་དམར་ཕྱུར་ཐབ་གཞོབ་སོགས། །རོ་བག་དམར་གཡོས་ལ་སོགས་པ། །མི་མཐུན་འབག་བཙོག་སོང་བ་རྣམས། །མཐོལ་ལོ་བཤགས་སོ་བཟོད་པར་གསོལ། །དེ་ནས་སྨོན་ལམ་ནི། །ཀྱཻ། དེ་ལྟར་ཐབ་ལྷ་འཁོར་བཅས་ལ། །གུས་པས་མཆོད་བསྟོད་བཟོད་གསོལ་ནས། །ཐབ་ཀ་མ་ཞིག་སྐྱེད་པུ་མ་འཐོར་ཅིག །མར་ཁུའི་མཚོ་མོ་མ་སྐམ་ཞིག །འོ་ཞོ་ཞབས་རུལ་མ་ཆད་ཅིག །ཇ་ཆང་རྒྱ་མཚོ་མ་རལ་ཞིག །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས། །རི་རབ་བཞིན་དུ་བརྟན་པར་མཛོད། །རྒྱ་མཚོ་བཞིན་དུ་ཟབ་པར་ཤོག །ལྷོ་སྤྲིན་བཞིན་དུ་ཕྱུག་པར་ཤོག་།སྐར་ཚོགས་བཞིན་དུ་གྲངས་མང་ཤོག །ས་གཞི་བཞིན་དུ་རྒྱས་པར་ཤོག །རྩི་ཐོག་བཞིན་དུ་བཀྲ་བར་ཤོག །དགོས་འདོད་ཐམས་ཅད་འབྱུང་བར་ཤོག །ཡིད་བཞིན་ནོར་བུ་ལྟ་བུ་ཡི། །ཅི་བསམ་ཐམས་ཅད་འགྲུབ་པར་ཤོག །ཅེས་པའི་ཁྱིམ་ལྷ་ཐབ་ལྷའི་གསོལ་མཆོད་འདི། རྒྱ་ནག་ཀོང་ཙེ་པད་འབྱུང་མཛད་པ་དང་། །མཚོ་སྨན་རྒྱལ་མོས་ཞུས་མདོ་ལ་སོགས་པའི། །དཔེ་རྙིང་དུ་མ་སྔོན་འགྲོ་བདག་མདུན་དང་། །སྐུ་མདོག་ཕྱག་མཚན་བཤགས་


CMR037_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་མི་འདུག་པས། །ཕུག་ལུགས་མགུལ་རྒྱན་བཻཌཱུར་དཀར་པོ་ལས། །ཁྱིམ་ལྷ་ཐབ་ལྷའི་སྐུ་མདོག་ཕྱག་མཚན་དང་། །ཀོ་ལོང་གང་སྡོམ་བཤགས་པ་བྱེད་ཐབས་དང་། །མཆོད་བསྟོད་བཤགས་པ་ཤིས་པ་བརྗོད་པ་སོགས། །ཆོས་ལུགས་མཐའ་དག་ཕྱོགས་སུ་བསྒྲིགས་པ་འདི། །ཡེ་ཤེས་སྤྱན་ལྡན་རྣམས་ལ་འགལ་འཁྲུལ་བཤགས། །དགེ་བས་ཕུག་ལྷ་མི་དང་མི་བྲལ་ཞིང་། །དུས་ཀུན་ཁ་འཛིན་མེལ་ཚེ་མ་གཡེལ་ཅིག །དེ་སྐད་སྨྲས་པ་རཱ་ག་ཨ་སྱས་སོ། །སརྦ་མངྒ་ལཾ།། །།

ཐབ་བསང་བསྡུས་པ།


CMR037_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཐབ་བསང་བསྡུས་པ་ནི། ཀ་དག་རྫོགས་པ་ཆེན་པོའི་ངང་། །མ་བཅོས་ཀུན་གཞིའི་རང་རྩལ་ལས། །སྣང་བ་ཐབས་ཀྱི་ལྷར་གྱུར་པ། །དག་པ་འདོད་པའི་རྒྱལ་པོ་དམར། །སྟོང་པ་ཤེས་རབ་རང་བཞིན་སྐུ། །ཀུ་རུ་ཀུལླེ་གཉིས་མེད་འཁྲིལ། །མདུན་དུ་ཐབ་དབུས་པདྨའི་སྟེང་། །དམ་ཡེ་དབྱེར་མེད་མེ་ལྷ་ནི། །ལྗང་སྔོན་ར་ཆིབས་ལྟོ་བའི་དབུས། །རྒྱལ་ཆེན་རྣམ་སྲས་སྐུ་མདོག་སེར། །བེ་ཅོན་ནེའུ་ལེ་བསེ་ཁྲབ་རྒྱབ། །མདུན་དུ་ཁྱིམ་བདག་ཐབ་ལྷ་ནི། །གསེར་མདོག་གསེར་གྱི་གཟར་བུ་བསྣམས། །དར་དང་རིན་ཆེན་ལྕགས་ཀྱུའི་བརྒྱན། །ཐུགས་ཀའི་ཛཡིག་སེར་པོ་ལས། །འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས། །དམ་ཚིག་མེ་དབུས་གཉིས་མེད་གྱུར། །རང་གི་ཐུགས་ཀའི་རཾ་ཡཾ་ཁཾ། །བསང་རྫས་ཀུན་བཟང་རྣམ་སྤྲུལ་གྱུར། །ཁྱིམ་བདག་རྒྱལ་ཆེན་ཐབ་ལྷ་བསང་། །ཟས་ལྷ་གྲོགས་ལྷ་འཁོར་བཅས་བསང་། །ཕོག་ཐུག་གྱུར་པ་མཐོལ་ལོ་བཤགས། །ཐབ་ཤོར་གཞོབ་ཤོར་མནོལ་ཤོར་བསང་། །བང་དམེ་ཤི་བའི་དྲི་མ་བསང་། །མི་གཙང་ཟས་གོས་གྲིབ་ཀུན་བསང་། །ཉམས་ཆག་དྲི་མ་


CMR037_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

སོར་ཆུད་ཤོག །རྒྱལ་ཆེན་དང་ནི་ཁྱིམ་ལྷ་ལ། །ཤུག་པ་སུར་དཀར་ཨ་ཀ་རུ། །ཙནྡན་ཛཱ་ཏིའི་དྲི་ཡིས་བསང་། །ཕྱེ་མར་འོ་ཞོའི་ཕུད་ཀྱིས་མཆོད། །དངོས་ཡིད་བསང་འདིའི་མཉེས་གྱུར་ཅིག །ཕྲིན་ལས་ཅི་བཅོལ་མྱུར་དུ་མཛོད། །བདག་མདུན་ལྷ་རྣམས་མི་དམིགས་པ། །གསལ་སྟོང་བློ་འདས་སྤྲོས་བྲལ་ཨཱ། །ཞེས་ཐབ་བསང་བསྡུས་པ་འདི་ཤཱཀྱའི་དགེ་སློང་རཱ་ག་ཨ་སྱས་མཛད་པའོ། །དགེའོ།། །།

འགོ་བའི་ལྷ་ལྔའི་བསང་མཆོད།


CMR037_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

འགོ་བའི་ལྷ་ལྔའི་བསང་མཆོད་བཞུགས་སོ།། ཀྱཻ༔ སྤྱི་གཙུག་དགྲ་ལྷ་སྟོང་གི་ཕྲག་གཡས་ཕོ་ལྷ་ཕ་ལྟར་བྱམས༔ ཕྲག་གཡོན་མོ་ལྷ་མ་ལྟར་བརྩེ༔ སྙིང་དབུས་སྲོག་ལྷ་བུ་ལྟར་དུང་༔ ལུས་ལ་ཡུལ་ལྷ་གྲིབ་ལྟར་འགྲོགས༔ མགོན་སྐྱབས་ལྷ་སྲུང་སྤྲིན་ལྟར་འཁྲིགས༔ རིགས་ཀྱི་འཁོར་ཚོགས་འབུམ་སྡེར་བཅས༔ གསོལ་ལོ་མཆོད་དོ་མཐུ་དཔུང་བསྐྱེད༔ ལུས་ལ་གྲིབ་བཞིན་འགྲོགས་ནས་ཀྱང་༔ སྲོག་ལུས་དབང་ཐང་རླུང་རྟ་བསྐྱེད༔ ཚེ་སྲོག་མདངས་བསྐྱེད་དཔལ་འབྱོར་སྤེལ༔ སྙན་པ་སྒྲུབས་ལ་གྲགས་པ་སྒྲོག༔ ཡིད་ལ་གང་བསམ་ལྷུན་གྲུབ་སྩོལ༔ ཅེས་པ་འགོ་བའི་ལྷ་ལྔའི་བསང་མཆོད་དོན་ཀུན་གྲུབ་བྱེད་འདི་ནི། འབྲུག་པ་པདྨ་དཀར་པོའི་གསུང་འབུམ་ནས་ཨ་རཱ་གས་ཁོལ་དུ་ཕྱུང་བའོ། །དགེའོ།། །།འགོ་བའི་ལྷ་ལྔའི་བསང་མཆོད་བཞུགས་སོ༔ ཀྱཻ༔ སྲིད་པ་ལས་ཀྱི་བསྐོས་པ་འགོ་བའི་ལྷ༔ ཕ་ལྷ་མ་ལྷ་ཞང་ལྷ་དགྲ་ལྷ་དང་༔ སྲོག་ལྷ་ཕྲག་ལྷ་འགོ་བའི་ལྷ་ཚོགས་ཀུན༔ འདིར་བྱོན་དཀར་གསུམ་བསང་མཆོད་འདི་བཞེས་ལ༔ ཇ་ཆང་གསེར་སྐྱེམས་ཟས་སྣའི་ཕུད་ཀྱིས་མཆོད༔ རྣལ་འབྱོར་བར་ཆད་མ་ལུས་ཞི་བ་དང་༔ མཐུན་རྐྱེན་འབད་མེད་ལྷུན་


CMR037_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གྲུབ་པ་དང་༔ བདག་ཉིད་འགྲོ་སྡོད་གཞི་བྱེས་དུས་ཀུན་ཏུ༔ ཨ་སྱས་མཛད་པའི་ལམ་གཏོར་ནས་བྱུང་བའོ། །སརྦ་མངྒ་ལཾ།། །།

བསང་གི་འདོད་གསོལ་བསྡུས་པ།


CMR037_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལྷ་གཉན་པོ་ཁྱེད་རྣམས་ཀྱིས། །བསང་མཆོད་དམ་པ་འདི་བཞེས་ལ། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །མི་ལ་ན་ཚ་མ་བཏང་ཞིག །ནོར་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་མ་བཏང་ཞིག །ཚེ་དང་བསོད་ནམས་རྒྱས་པ་དང་། །ལོ་ལེགས་འབྲུ་རྣམས་འཕེལ་བ་དང་། །ཕྱི་ནང་འཁྲུག་རྩོད་ཞི་བ་དང། །བསམ་པ་ཆོས་བཞིན་འགྲུབ་པ་དང་། །བཀྲ་ཤིས་བདེ་ལེགས་རྒྱས་པར་མཛོད། །ཅེས་ཨ་རཱ་གས་སོ།།

ཞིང་ལྷའི་བསང་མཆོད་རིན་ཆེན་ཆར་འབེབས།


CMR037_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ལྷའི་བསང་མཆོད་རིན་ཆེན་ཆར་འབེབས་བཞུགས་སོ།། ཨོཾ་སྭ་སྟི། འདིར་ཞིང་ལྷ་བསང་ཞིང་གསོལ་ཁ་འདོད་པས། བསང་གཞུང་སྔོན་འགྲོ་གཞུང་བཞིན་སོང་ནས། འབྲུ་སྣ་ཟས་སྣ་བཟང་ཤིང་གི་རིགས་ཐམས་ཅད་ཕུལ་ཞིང་། དྲི་བཟང་ཕྱོགས་མཐར་ཁྱབ་པར་བྱས་ནས། རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ།། ཀྱཻ། སྔོན་གྱི་ཡ་ཐོག་བསྐལ་པ་ལ། །ཀུན་བཟང་ཆོས་སྐུའི་ཀློང་ཡངས་ནས། །སྣ་ཚོགས་སྤྲུལ་པ་ཅི་ཡང་འཆར། །སངས་རྒྱས་སེམས་ཅན་ཅི་ཡང་སྲིད། །སྟོན་པ་མཉམ་མེད་ཟས་གཙང་སྲས། །མངོན་པར་རྫོགས་སངས་རྒྱས་པའི་ཕྱིར། །ལྷ་སྲིན་བདུད་ཀྱི་འཚེ་བ་ལ། །དབང་པོར་ཁས་བླངས་ས་ལྷ་མཆོད། །སྟོང་གསུམ་ས་ཡི་དཀྱིལ་འཁོར་ལས། །དབང་བྱེད་ལྷ་མོ་བརྟན་མ་ཞེས། །ཁྱད་པར་ཐུབ་པས་ལུང་བསྟན་པ། །སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ། །ཁ་བ་ཅན་གྱི་ལྷ་སྐལ་ཞེས། །རྫུ་འཕྲུལ་ཆུ་ཀླུང་རོལ་པ་ལས། །བྲག་སྲིན་མོ་དང་སྤྲེའུ་སྲིད། །གང་འདུལ་ཐུགས་རྗེའི་སྐུར་བསྟན་ནས། །སྤྲུལ་པ་མིའུ་གདོང་དྲུག་སྲིད། །འཚོ་བའི་མེ་ཏོག་སྣ་ཚོགས་དེ། །ཀླུ་ཡི་ཡུལ་ནས་སྒྲོལ་མས་དྲངས། །སྤྱན་རས་གཟིགས་ཀྱིས་བྱིན་གྱིས་


CMR037_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས། །གསེར་གྱི་མདོག་ཅན་ཞིང་ལ་འཁྲུངས། །འཛམ་གླིང་ཞིང་གི་མངའ་བདག་སྟེ། །ཕྱག་ན་རྡོ་རྗེས་དབང་བསྐུར་ནས། །ཞིང་ལྷ་ཚངས་པར་མངའ་གསོལ་ལོ། །ཀློང་ནས་འབྲུ་གྲངས་ཚར་བབས་ཚེ། །ཞིང་ལྷ་ནམ་མཁའི་ཁམས་ལ་གནས། །ཀླུ་ཆེན་རིགས་བཞིའི་འཁོར་གྱིས་བསྐོར། །ཉི་ཟླ་གཟའ་སྐར་ཕོ་ཉར་འགྱེད། །ལས་སུ་སྤྲིན་སྡུད་སྦྲང་ཆར་འབེབས། །བསང་ངོ་བརྔན་ནོ་ཞིང་ལྷ་བསང་། །ས་ལ་སོ་ནམ་བྱེད་པའི་ཚེ། །ཞིང་ལྷ་ས་ཡི་བཅུད་དུ་བཞུགས། །ས་བདག་ཡུལ་ལྷའི་འཁོར་གྱིས་བསྐོར། །དུས་བཞི་རྒྱལ་མོ་ཕོ་ཉར་འགྱེད། །ལྷ་མོ་བརྟན་མ་ཡུམ་དང་སྦྱོར། །ལས་སུ་འབྲས་དྲུག་ལོ་ཏོག་སྨིན། །བསང་ངོ་བརྔན་ནོ་ཞིང་ལྷ་བསང་། །རྣལ་འབྱོར་བསང་གིས་མཆོད་པའི་ཚེ། །ཞིང་ལྷ་ལྷ་ཆེན་ཞིང་ལ་བཞུགས། །རིན་ཆེན་འབྱུང་དང་དབྱེར་མེད་པར། །ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད། །བསང་ངོ་བརྔན་ནོ་ཞིང་ལྷ་བསང་། །སྟོང་གསུམ་སྟོང་གི་ཞིང་ལྷའི་ཚོགས། །ཐམས་ཅད་འདིར་བྱོན་གདན་ལ་བཞུགས། །བསང་གསུར་བརྔན་མཆོད་འདི་བཞེས་ལ། །ས་བཅུད་ཉམ་པ་བསལ་དུ་གསོལ། །ཞིང་ལྷ་


CMR037_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་འདིར་བཞུགས་སུ་གསོལ། །རུ་ང་ཕྲག་དོག་མ་མཛད་པར། །ཞི་བ་བྱམས་པའི་སེམས་དང་ལྡན། །མི་བདག་ཚེ་རིང་བདེ་སྐྱིད་ལྡན། །ལྷ་ཁྱེད་རྟག་ཏུ་མགོན་ཞིང་སྐྱོབས། །ཞིང་འདིར་ལོ་ལེགས་སད་སེར་དང་། །བཙའ་འབུ་ལ་སོགས་ལོ་དགྲ་ཟློག །རྒྱལ་ཆེན་བཞི་ལ་བཀའ་ཡང་གཏད། །ལྷ་མོ་བཞི་ལ་ཕྲིན་ལས་ཐུབཅོལ། །ཡུལ་ལྷ་རྣམས་ལ་བཀའ་བསྒོས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དབྱངས་གསལ་རྟེན་འབྲེལ་སྙིང་པོ་དང་། སྣང་བརྒྱད་སྙིང་པོ་འབྲུ་སྤེལ་གཟུངས་རྣམས་བརྗོད། ཅེས་པ་ཀླུ་འདི་ཞིང་པ་རྣམས་ལ་ཕན་ཕྱིར། གོ་འཇོ་གཞུང་དུ་བསོད་ནམས་ལྷུན་གྲུབ་ཀྱིས་བསྐུལ་ཕྱིར། ཨ་རཱ་གས་བྲིས་པས་ལོ་ལེགས་འབྲུ་རྣམས་འཕེལ་བའི་བཀྲ་ཤིས་ཤོག །མངྒ་ལཾ། ཤུ་བྷྲཱུཾ།

ཞིང་ལྷའི་བསང་།


CMR037_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ལྷའི་བསང་བཞུགས་སོ།། ཧཱུྃ། ཡུལ་འདིས་ལོ་བཅུད་སྤེལ་བ་ནི། །ཞིང་ལྷ་ཚངས་པ་འབྲུ་ཡི་བདག །དཀར་པོ་ཞི་བ་ཁྲོ་འཛུམ་ཅན། །ཕྱག་ན་འབྲས་ཀྱི་སྙེ་མ་འཛིན། །གཡོན་ན་འབྲུ་བཅུད་སྒྲོན་བུ་བསྣམས། །དར་དང་རིན་ཆེན་སྣ་ཚོགས་བརྒྱན། །ཞབས་གཉིས་རྒྱལ་པོ་རོལ་སྟབས་བཞུགས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །ཡུལ་འདིར་ལོ་ཕྱུགས་རྟག་ཏུ་ལེགས། །ཆར་ཆུ་དུས་སུ་བབ་པ་དང་། །བཙའ་སད་སེར་གསུམ་གནོད་པ་ཞི། །གནོད་སྦྱིན་ནོར་བདག་དྲུག་པོ་དང་། །ཚོགས་ཀྱི་བདག་པོ་གླང་ཆེན་སྣ། །འདིར་གཤེགས་བསང་དང་མཆོད་པ་བཞེས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །ས་ཡི་སྙིང་པོ་སྐུ་མདོག་དཀར། །མྱུ་གུ་དྲིལ་འཛིན་རོལ་སྟབས་བཞུགས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །ས་ཡི་ལྷ་མོ་བརྟན་མ་ནི། །གསེར་མདོག་ཕྱག་ན་བུམ་པ་འཛིན། །འདིར་གཤེགས་བསང་དང་མཆོད་པ་བཞེས། །ཆར་པ་རབ་འབེབས་ལོ་ཐོག་རྒྱས། །ལོ་ཐོག་གནོད་བྱེད་ཞི་བ་དང་། །ས་བཅུད་དངོས་གྲུབ་ཡུལ་འདིར་ཕོབ། །བཀྲ་ཤིས་ལོ་ཕྱུགས་རབ་རྒྱས་སྩོལ། །བཅོལ་

སེར་སྲུང་།


CMR037_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་བསྒོམ། ཀྱཻ། ས་བདག་ཀླུ་གཉན་ཁྱེད་རྣམས་ཀྱིས། །སྟེང་གི་ཀིང་ཀང་མ་འབེབས་ཤིག །འོག་ཏུ་སྤྲིན་ཆེན་མ་འགྲོལ་ཅིག་བར་དུ་བདུད་བཙན་མ་འཕྱོ་ཞིག །རླབས་ཆེན་ཁྱུང་ཆེན་མོ་འབེབས་ཤིག །འོག་ཏུ་དུར་ཕག་མ་འཁུན་ཅིག །གཟའ་མདའ་སྐར་མདའ་མ་ལྷུང་ཞིག །དབྱར་དགུན་སྟོན་དཔྱིད་དུས་བཞི་ལ། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་སེར་གསུམ་མ་བཏང་ཞིག །ལོ་ལེགས་འབྲུ་འཕེལ་བདེ་སྐྱིད་ལྡན། །ཞི་བ་བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །ཅེས་རྭ་ག་ཨ་སྱ་ས་སོ། །

སེར་ལམ་གཅོད་པའི་ཐབས་ཀྱི་བསང་བསྡུས་པ།


CMR037_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

སེར་ལམ་གཅོད་པའི་ཐབས་ཀྱི་བསང་བསྡུས་པ་བཞུགས་སོ། ཧཱུྃ། སློབ་དཔོན་པདྨས་དམ་བཏགས་ལྷ་འདྲེས་ཚོགས། །གཟའ་བརྒྱད་གདོང་མོ་གཟའ་སྲིན་བྱེ་བ་འབུམ། །སྡོང་ཟླ་ལྷ་སྲིན་སྡེ་བརྒྱད་ཡུལ་ལྷའི་གཙོ། །ཐང་ལྷ་འབྲི་བྱེད་རྨ་རྒྱལ་ངོམ་རྒྱལ་དང་། །སྐུ་རྒྱལ་རྫ་རྒྱལ་གཏམ་རྒྱལ་རྨོག་ཤེ་སོགས། །སྟོན་རྒྱལ་སྤོ་རྒྱལ་རྒྱལ་ཆེན་གྲུ་གུ་དང་། །རྫོ་རྒྱལ་ངང་མ་བོད་ཡུལ་ལྷ་འདྲེའི་ཚོགས། །ཡུལ་ཕྱོགས་འདིར་གནས་སེར་བདག་བཅོ་བརྒྱད་ལ། །འབྲུ་སྣ་སྙེ་ཕུད་གཡུ་ཤུག་གསུར་གྱི་བསང་། །ན་བུན་དགེ་བསྙེན་ཉིན་སྒྱུ་འཕྲང་དགེ་བསྙེན་དང་། །སྦ་སེར་སྦ་ནག་སྒྲིལ་གོར་དར་མ་སོགས། །བོད་ཀྱི་དགེ་བསྙེན་ས་བདག་ཀླུ་གཉན་ལ། །ཕྱེར་མར་འབྲུ་སྣ་གཡུ་ཤུག་གསུར་གྱི་བསང་། །ཁྱད་པར་ཡུལ་བདག་གྲོང་བདག་གནས་བདག་ཀྱི། །རྔམ་རྩ་རྡོ་ཚ་སྦོམ་ཤེ་སྐུ་འཁོར་བཅོས། །མདུན་རི་གཡས་རི་རྒྱབ་རི་དང་། །གཡོན་རི་ཕུ་མདའ་ཉིན་སྲིབ་ལ། །གནས་པའི་གཞི་བདག་ཐམས་ཅད་ལ། །ཕྱེ་མར་འབྲུ་སྣ་གཡུ་ཤུག་གསུར་གྱི་བསང་། །བདག་གིས་བསྲུང་བའི་ལོ་ཐོག་འདི་རྣམས་ལ། །སེར་བའི་གནོད་པ་མ་བཏང་ཐུབ་པར་སྲུངས། །སྡེ་


CMR037_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་སེར་བ་ས་ཕྱོགས་གཞན་དུ་བསྒྱུར། །ཞེས་པ་ཤོར་ལུང་སེར་སྲུང་གི་དོན་རུ་རཱ་གས་འཕྲལ་དུ་བྲིས།། ༈ ཧཱུྃ། སློབ་དཔོན་པདྨས་དམ་བཏགས་ལྷ་འདྲེའི་ཚོགས། །གཟའ་བརྒྱད་གདོང་མོ་གཟའ་སྲིན་བྱེ་བ་འབུམ། །སྡོང་ཟླ་ལྷ་སྲིན་སྡེ་བརྒྱད་ཡུལ་ལྷའི་གཙོ། །ཐང་ལྷ་འབྲི་བྱེད་སེར་བདག་བཅོ་བརྒྱད་ལ། །འབྲུ་སྣ་སྙེ་ཕུད་གཡུ་ཤུག་གསུར་གྱི་བསང་། །བདག་གི་བསྲུང་བའི་ལོ་ཐོག་འདི་རྣམས་ལ། །སེར་བའི་གནོད་པ་མ་བྱེད་ཐུབ་པར་སྲུངས། །སྡེ་བརྒྱད་སེར་བ་ས་ཕྱོགས་གཞན་དུ་སྒྱུར། །རཱ་གས་སྦྱར།།

སེར་ལམ་གཅོད་པའི་ཐབས།


CMR037_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་སྤྱི་འདུས་པདྨ་འབྱུང་གནས་ལ༔ བདག་དང་ལོ་ཐོག་འབུ་སྲིན་སྐྱབས་སུ་མཆི༔ འགྲོ་ཀུན་མུ་གེའི་འཇིགས་ལས་སྐྱོབ་པའི་ཕྱིར༔ བདག་གི་ལོ་རིམ་བསང་མཆོད་བསྒྲུབ་པར་བྱ༔ ཆོས་ཀུན་ཡེ་ནས་ཀ་དག་རྫོགས་པ་ཆེ༔ དེ་ཡི་རང་མདངས་ཆུ་ལས་ཉ་འཕར་ཚུལ༔ རང་ཉིད་རྡོ་རྗེ་གྲོ་ལོད་སྐུ་མདོག་སྨུག །ཐོར་ཚུགས་ཕོད་ཀ་ཆོས་གོས་མགོ་ཕྲེང་བརྒྱན༔ བཞིན་བསྡུས་སྤྱན་བསྒྲད་མཆེ་བས་མ་མཆུ་མནན༔ རྡོ་རྗེ་ཕྱར་ཞིང་ཕུར་པ་བགེགས་ལ་གཟིར༔ འདོར་ཐབས་ཞབས་གཉིས་སྟག་མོའི་སྟེང་ན་འགྱིང་༔ དམ་ཡེ་དབྱེར་མེད་ཐུགས་སྲོག་ཧཱུྃ་གིས་མཚན༔ ཧཱུྃ་ལས་འོད་འཕྲོས་སྐུ་གསུམ་ཞིང་ཁམས་ནས༔ བསང་གི་མགྲོན་རྣམས་མདུན་དུ་སྤྱན་དྲངས་གྱུར༔ ཧྲཱི༔ འཁོར་འདས་མཉམ་ཉིད་ཆོས་དབྱིངས་ཞིང་ཁམས་ནས༔ འཇིག་རྟེན་འདས་དང་མ་འདས་བསང་མགྲོན་རྣམས༔ དད་པ་དམ་ཚིག་དབང་གིས་སྤྱན་དྲངས་ན༔ ཐུགས་རྗེས་ཐུགས་དམ་དབང་གིས་འདིར་གཤེགས་ལ༔ ནམ་མཁར་བར་སྣང་ས་གཞི་སོ་སོ་ལ༔ ཡིད་སྤྲུལ་འོས་ཤིང་འཚམས་པའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་དད་པས་


CMR037_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ཞིང་༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྒྱ་མཚོ་འབུལ༔ ཡོན་ཏན་རྒྱ་མཚོ་རྣམས་ལ་གུས་པས་བསྟོད༔ རཾ་ཡཾ་ཁཾ་གིས་མི་གཙང་དྲི་མ་སྦྱངས༔ དཀར་གསུམ་མངར་གསུམ་གཙང་མོ་ཟས་ཀྱི་ཕུད༔ འོ་ཞོ་ཇ་ཆང་ལ་སོགས་ཕུད་ཀྱིས་བྲན༔ སྣང་གསལ་མེ་སྦར་དྲི་བཟང་སྤྲིན་ཕུང་འཁྲིགས༔ བཛྲ་དྷ་པེ་ཧཱུྃ་གིས་བྱིན་གྱིས་བརླབས༔ འདི་འདྲའི་ངོ་མཚར་དཔག་མེད་བསང་མཆོད་འདིས༔ བླ་མ་སྐུ་གསུམ་སྐུ་ལྔ་མཚན་བརྒྱད་བསང་༔ རྟ་ཕག་ཡབ་ཡུམ་གིང་ཆེན་བཅུ་དྲུག་བོསང་༔ སྒོ་མ་བཞི་དང་མུན་རན་སྐྱོང་མཛད་བསང་༔ དྲག་པོ་ཡབ་ཡུམ་གོ་ཆ་ལྷ་ལྔ་བསང་༔ རིགས་བདག་བྱ་ཁྱུང་བླ་མ་ཐོད་ཕྲེང་བསང་༔་དྲག་པོ་ལྷ་བཞི་མཁའ་འགྲོ་སྡེ་བཞི་བསང་༔ ཚེ་བདག་ཁྲོས་ནག་སེང་གདོང་ཕུར་པ་བསང་༔ ཁྲོ་རྒྱལ་བཅུ་དང་སྒོ་བཞི་སྲུང་མ་བསང་༔ དབང་ཆེན་ནག་པོ་ཀླུ་འདུལ་ལྷ་ལྔ་བསང་༔ མེ་དབལ་ལྕགས་རམ་ཁྱུང་དང་སྡིག་རྒོད་བཟང་༔ མ་ནིང་སྡེ་ལྔ་སྲོག་བདུད་དཔལ་འབར་བསང་༔ ཡང་འཁོར་ལྷ་སྲིན་སྡེ་བརྒྱད་འཁོར་བཅས་བསང་༔ སྡེ་དཔོན་སུམ་ཅུ་དྲེགས་པ་བཅོ་བརྒྱད་བསང་༔ ཡེ་ཤེས་ཀླུ་བརྒྱད་སྨྱོ་ཁ་གནས་བརྒྱད་


CMR037_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བསང་༔ ཁྱད་པར་སེར་བདག་ཆེན་པོ་རཱ་ཧུ་ལ༔ གཟའ་བརྒྱད་གདོང་མོ་བཞི་དང་བཅས་པ་བསང་༔ མགུར་ལྷ་བཅུ་གསུམ་བརྟན་མ་བཅུ་གཉིས་བསང་གཉན་ཆེན་སྡེ་བཞི་དགེ་བསྙེན་ཉེར་གཅིག་བསང་༔ རྨ་རྒྱལ་སྤོམ་ར་འཁོར་དང་བཅས་པ་བསང་༔ སྐུ་རྒྱལ་ཤེ་ནེ་གཟེ་རྒྱལ་མཆེད་གསུམ་བསང་༔ དབྱི་རྒྱལ་རིན་ཆེན་སྟག་ལྷ་རི་བཀྲ་བསང་༔ རྟ་འདྲ་ཀ་ན་ཤེ་ཁྱིམ་འཁོར་བཅས་བསང་༔ ཀླུ་ཡི་དགེ་བསྙེན་འབོ་རང་འཁོར་བཅས་བསང་། ངོམ་རྒྱལ་ཚའུ་མཚལ་ཐེ་འཁོར་བཅས་བསང་༔ གཉེན་པོ་ནོར་བདག་ཡབ་ཡུམ་སྲས་བཅས་བསང་༔ འགམ་ཆེན་དགེ་བསྙེན་ཁྲ་ཡུ་ཁྲ་ཚང་བསང་༔ རྡ་རྣ་ངང་ཟོམ་རྒྱལ་མོ་རི་ཕྱུག་བསང་༔ བཙན་རྒོད་ཆེ་ལོང་དྲེལ་ཞོན་མཆེད་བརྒྱད་བསང་༔ སྲིན་མོ་བྲག་ནག་མི་ནག་སྤུན་གསུམ་བསང་༔ བཙན་རྒོད་སྤུན་གསུམ་བོན་པོ་བག་མ་བསང་༔ རི་སྤྱང་ཐོད་དཀར་གོ་གླད་སེར་ཡུ་བསང་༔ མངར་རྒྱལ་རག་ཕྲོམ་གུག་ཇོ་རྫ་སྐྱ་དང་༔ རག་ལྕམ་འཕར་མ་དགེ་བསྙེན་འགམ་ནག་བསང་༔ ཡེ་རྒྱལ་རྨོག་དཀར་ནམ་རུ་འཁོར་བཅས་བསང་༔ ཇོ་བོ་སྐེད་རྒྱལ་འཁོར་དང་བཅས་པ་བསང་༔ སྤ་རྒྱལ་ཚ་ལ་


CMR037_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

རྫོང་རྒྱལ་མཆེད་གསུམ་བསང་༔ རྒྱབ་དེར་རིན་ཆེན་མོ་ནམ་མཆེད་བརྒྱད་བསང་༔ སྐུ་ཁྱིམ་དགེ་བསྙེན་རྟ་ཟམ་འཁོར་བཅས་བསང་༔ འགྲུ་རྒྱལ་དམར་ཟེ་འབོམ་ནེ་རྫ་ནག་བསང་༔ ཚ་རྒྱལ་ཀུས་རྣ་ཚ་སྨན་དཀར་མོ་བསང་༔ ཁྱད་པར་སྤྱི་ཡི་ས་བདག་ཐམས་ཅད་བསང་༔ དེ་ལྟར་བསང་གི་མགྲོན་རིགས་ཐམས་ཅད་བསང་༔ གཡུ་ཤུག་ཕྱེ་མར་ཟས་ཕུད་གསུར་གྱི་མཆོད༔ དེ་ལྟར་མཆོད་ནས་ཕྲིན་ལས་བཅོལ་བ་ནི༔ བདག་གི་བསྲུང་བྱའི་ལོ་ཐོག་འདི་རྣམས་ཀུན༔ བསང་མགྲོན་ཁྱེད་རྣམས་ལ་ནི་བསྲུང་བཅོལ་གྱིས༔ སེར་བའི་གནོད་པ་མ་བཏང་ཐུབ་པར་གྱིས༔ ཡེ་ཤེས་པ་རྣམས་སྔོན་གྱི་དམ་དགོངས་ལ༔ ཡེ་ཤེས་དབྱིངས་ནས་སྲུང་སྐྱོབ་བྱིན་གྱིས་རློབས༔ འཇིག་རྟེན་པ་རྣམས་སྔོན་གྱི་དམ་ཚིག་དགོངས༔ མཐུ་སྟོབས་ཅི་འདུག་བལྟའོ་དྲེགས་པའི་ཚོགས༔ ལེ་ལོ་བཏང་སྙོམས་མ་མཛད་མ་གཡེལ་བར༔ སེར་བ་བསྲུང་བའི་ལས་འདི་འགྲུབ་པར་མཛོད༔ སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཇི་ལྟར་བཀའ་བསྒོས་དམ་ཚིག་དྲན་མཛོད་ལ༔ བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བདག་དང་གཞི་བདག་འཁོར་དང་བཅས་


CMR037_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ༔ གནོད་ཅིང་འཚེ་བའི་ལན་ཆགས་འབྱུང་པོའི་ཚོགས༔ སེར་བའི་སྣ་འདྲེན་ནག་ཕྱོགས་ལྷ་འདྲེའི་ཚོགས༔ ཟ་རེ་འཐུང་སྐོམ་བྱེད་པ་ཐམས་ཅད་ལ༔ བསང་དུད་ལྷག་མའི་ལོ་གླུད་འདི་འབུལ་བས༔ མགུ་ཞིང་ཚིམ་གྱིས་སེར་བའི་སྣ་མ་འདྲེན༔ རང་གི་ལུས་ལ་གནོད་པའི་དཔེ་ལོང་ལ༔ གཞན་ལ་མ་གནོད་བྱམས་པའི་སེམས་ལྡན་མཛོད༔ འཇིག་རྟེན་འཇིག་རྟེན་འདས་པའི་མགྲོན་རྣམས་ཀུན༔ བསང་དང་མཆོད་པ་འདི་ཡིས་མཉེས་གྱུར་ནས༔ བདག་གི་སེར་བ་བསྲུང་བའི་ཁ་འཛིན་མཛོད༔ ལོ་ལེགས་འབྲུ་འཕེལ་ཁུ་ཡེ་གཡང་དུ་ལེན༔ བདེ་ལེགས་ཕུན་སུམ་ཚོགས་པའི་བཀྲ་ཤིས་སྩོལ༔ བསང་མགྲོན་ཐམས་ཅད་རང་རང་གནས་སུ་གཤེགས༔ བདག་ཉིད་ཐུགས་ཀའི་ཧཱུྃ་ཐིམ་གྱེན་རྫོགས་ཡལ༔ བརྗོད་མེད་བློ་འདས་ཆོས་སྐུ་རྗེན་པར་བུད༔ དགེ་བས་འགྲོ་ཀུན་བདེ་དང་ལྡན་གྱུར་ཅིག །ཅེས་སེར་བསང་ཟུར་དུ་བསང་ར་བཅས་ལ༔ རྒྱུན་དུ་ཤུག་ཕྱེ་ཕྱེ་མར་འབྲུ་སྣ་བསྡུས་པ་ཅུང་ཟད་བླུགས་ལ་མཆོད་དོ༔ འོ་མ་ཇ་ཆང་ཆུ་སོགས་གང་འཛོམ་བྲན་ཅིང་འདོན་ནོ༔ འདིས་སེར་བ་ཐུབ་སླ་སེར་བ་བསྲུང་ཡང་ལྷ་འདྲེ་དང་མི་འདྲེས་ཤིང་བཀྲ་ཤིས་པའི་གནད་ཡོད༔ ཅེས་ཨ་རཱ་གས་སྔགས་འཆང་ཨོ་རྒྱན་གྱི་དོན་

སེར་བསང་།


CMR037_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སེར་བསང་ནི། ཤཱཀྱ་ཐུབ་དབང་གསང་བའི་བདག །རྟ་མགྲིན་ཆེ་མཆོག་ཁྲོ་བོ་བཅུ། །མ་ཧཱ་ཀཱ་ལ་ཕྱག་བཞི་པ། །ཁྱད་པར་སློབ་དཔོན་པདྨ་འབྱུང་། །གྲུབ་ཆེན་ནམ་མཁའ་རྒྱལ་མཚན་སོགས། །ཕ་མྱེས་རྒྱུད་དང་རིག་འཛིན་གྱི། །བཀའ་དང་དམ་ལ་མ་འདའ་བར། །རྣལ་འབྱོར་བདག་གི་བསྲུང་བ་ཡི། །ཡུལ་ཕྱོགས་འདི་ཡི་ཞིང་རྣམས་ལ། །སེར་བ་ནམ་ཡང་མ་གཏོང་ཞིག །གཞི་བདག་གཉན་པོ་ཁྱེད་རྣམས་ཀྱིས། །ལོ་ཐོག་འདི་རྣམས་སྲུང་སྐྱོབ་གྱིས། །སེར་བ་ཐུབ་པར་སྲུང་མཛོད་ཅིག །ཁྱེད་རྣམས་མཐུ་རྩལ་ཅི་འདུག་ལྟ། །སྔོན་གྱི་དམ་ཚིག་སྲུང་བ་དང་། །རང་གི་དཔའ་ལྟར་བཞག་པའི་ཕྱིར། །སྐུ་ཤུག་མཐུ་རྩལ་ཕྱུང་མཛོད་ལ། །ཉིན་དང་མཚན་དུ་མ་གཡེལ་བར། །ཡུལ་འདིས་སེར་བ་ཐུབ་པར་བསྲུང་། །བསང་དང་མཆོད་པ་རྒྱ་ཆེན་འདིས། །སྔར་བྱས་ལས་ཀྱི་གཏང་རག་དང་། །ཕྱི་བྱེད་ལས་ཀྱི་ཞུ་སྐྱེམས་མཛོད། །བཀའ་དང་དམ་ལ་མ་འདའ་བར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ཨ་རཱ་གས་འཕྲལ་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །དགེའོ།།

རྒྱུན་བསང་དང་ལམ་བསང་དགྲ་ལྷའི་བསང་མཆོད།


CMR037_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་བསང་དང་ལམ་བསང་དགྲ་ལྷའི་བསང་མཆོད་འབྲེལ་མ་འདི་བསང་གང་བྱེད་ཀྱང་ཆོག །ཐབ་ཀའི་ནང་དུ་རུང་ངོ་། །


CMR037_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ། །སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་བསང་དང་མཆོད་པ་བྱ། །ཆོས་རྣམས་ཡེ་ནས་སྟོང་ཉིད་རྫོགས་པ་ཆེ། །དེ་ཡི་རང་མདངས་སྐད་ཅིག་དྲན་རྫོགས་ངང་། །རང་ཉིད་རྡོ་རྗེ་གྲོ་ལོད་སྐུ་མདོག་སྨུག་ཞལ་གཅིག་སྤྱན་གསུམ་ཨོཾ་གཙིགས་སྡང་མིག་བསྒྲད། །ཐོར་ཚུགས་ཕོད་ཁ་ཆོས་གོས་མགོ་ཕྲེང་བརྒྱན། །རྡོ་རྗེ་ཕྱར་ཞིང་ཕུར་བུ་བགེགས་ལ་གཟིར། །སྟག་མོ་གྲུས་མའི་སྟེང་ན་འདོར་སྟབས་བསྒྲད། །དམ་ཡེ་དབྱེར་མེད་ཐུགས་སྲོག་ཧཱུྃ་ཡིག་ལས། །འོད་འཕྲོས་བསང་


CMR037_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

མགྲོན་ཐམས་ཅད་སྤྱན་དྲངས་གྱུར། །གདོད་ནས་རྣམ་དག་སྐུ་གསུམ་ཞིང་ཁམས་ནས། །ཡེ་ཤེས་ལྷ་དང་འཇིག་རྟེན་དགྲ་བླའི་ཚོགས། །གནས་འདིར་བྱོན་ལ་བསང་དང་མཆོད་པ་བཞེས། །དྷི་ལས་དུ་བའི་ལྷ་མོ་སྐུ་མདོག་སྔོ། །དར་དང་རིན་ཆེན་རྒྱན་ལྡན་ལང་ཚོ་རྒྱུས། །ཕྱག་གཡས་ཁྲུས་བུམ་མི་གཙང་བྱིང་འཐིབས་བཀྲུ། །གཡོན་པས་སྨན་གཞོང་བསང་དུད་སྟོང་གསུམ་ཁྱབ། །དུད་པའི་རྩེ་ལ་བཀྲ་ཤིས་རྫས་རྟགས་བརྒྱད། །འདོད་པའི་ཡོན་ཏན་སྣ་ཚོགས་ཆར་དུ་འབེབས། །རཾ་ཡཾ་ཁཾ་གིས་མི་གཙང་དྲི་མ་བསངས། །བཛྲ་དྷུ་པེ་ཧཱུྃ་གིས་བྱིན་


CMR037_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབས། །འདི་འདྲའི་ངོ་མཚར་བསང་གི་མཆོད་པ་འདིས། །སྐྱེ་འཆི་མི་མངའ་འཇའ་ལུས་རྡོ་རྗེའི་སྐུ། །གུ་རུ་རྡོ་རྗེ་གྲོ་ལོད་ལྷ་ཚོགས་བསངས། །སྲུང་སྐྱོབ་ཚེ་དབང་མཆོག་གི་དངོས་གྲུབ་སྩོལ། །འཕགས་པ་དོན་ཡོད་ཞགས་པའི་ལྷ་ཚོགས་བསང་། །དགྲ་དང་རྒྱལ་པོའི་འཇིགས་པ་ཞི་བར་མཛོད། །འཕགས་མ་སྒྲོལ་མ་ཉི་ཤུ་རྩ་གཅིག་བསང་། འཇིགས་པ་བརྒྱད་དང་བཅུ་དྲུག་ཞི་བར་མཛོད། །འཕགས་མ་དུག་སེལ་ལྷ་མོ་འཁོར་བཅས་བསང་། །སྦྱར་དང་གྱུར་པའི་དུག་རིགས་གནོད་པ་སོལ། །ལྷ་མོ་འོད་ཟེར་ཅན་མ་འཁོར་བཅས་བསང་། །དགྲ་རྐུན་ཚད་པའི་གནོད་པ་ཞི་བར་མཛོད། །གཏེར་བདག་འཛམ་ལྷ་རིགས་ལྷ་འཁོར་བཅས་བསང་། །བསོད་ནམས་དབང་ཐང་རླུང་རྟ་དར་བར་་མཛོད། །ནོར་རྒྱུན་ལྷ་མོ་མཆེད་ལྔ་འཁོར་བཅས་བསང་། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །དཔལ་རབ་འཆང་བ་ཉི་མའི་སྲས་པོ་བསང་། །འདོ་བ་རྟ་ཡི་དངོས་གྲུབ་བསྩལ་དུ་གསོལ། །གནོད་སྦྱིན་སྡེ་དཔོན་གང་བ་བཟང་པོ་བསང་། །གཡང་དཀར་ལུག་རྣམས་འཕེལ་བའི་དངོས་གྲུབ་སྩོལ། །ཇོ་བོ་ལྷ་ཆེན་ཚོགས་བདག་རིགས་ལྔ་


CMR037_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བསང་། །མངའ་ཐང་སྟོབས་དང་འབྱོར་བའི་དངོས་གྲུབ་སྩོལ། །ཀྱཻ། སྲིད་པའི་སྨོན་མི་དབུ་ནག་དང་། །མི་མཆོག་རྒྱལ་བུ་མཐིང་གེ་སོགས། །ཕ་མཚུན་དགྲ་བླ་ཐམས་ཅད་བསང་། །བཙན་ཕྱུག་དར་གསུམ་དངོས་གྲུབ་སྩོལ། །གདོང་གི་གདོང་ལྷ་སྨུག་པོ་ནི། །གཡུ་འབྲུག་ཟངས་ཀྱི་ཟེ་བ་ཅན། །མི་མངོན་ནམ་མཁའི་དབྱིངས་ན་བཞུགས་།གདོང་དར་རྒྱས་ཅན་གྱི་དགྲ་བླ་ཁྱེད། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཉེན་རྒན་དྷེ་ཝའི་བཀའ་བཞིན་དུ། །བདག་དང་ཡོན་བདག་དགྲ་བླ་མཛོད། །དགྲ་བླ་མི་དང་མ་འབྲལ་ཅིག །ཨ་ལྕགས་འབྲུ་ཡི་དགྲ་བླ་ནི། །བྱ་ཁྲ་གནམ་ལྕགས་མཆུ་སྡེར་ཅན། །གོང་ཁ་འགྲིམ་ཞིང་འགྲུ་བླ་སྲུང་། །འབྲུ་ཡི་འགྲུ་མོ་ཁྲོམ་ཁྲོམ་ཁྱེད། །འདིར་གཤེགས་བསང་དང་མཆོད་པ་བཞེས། །འགྲུ་དར་རྒྱས་ཅན་གྱི་དགྲ་བླ་ཁྱེད། །བདག་དང་ཡོན་བདག་དགྲ་བླ་མཛོད། །དགྲ་བླ་མི་དང་མ་འབྲལ་ཅིག །དབྲ་ཡི་དབྲ་མོ་སྤ་སྤུ་ནི། །དུང་གཡག་གཡུ་ཡི་རྭ་ཅོ་ཅན། །རྫ་རི་འགྲིམ་ཞིང་དགྲ་བླ་བསང་། །དགྲ་དར་རྒྱས་ཅན་གྱི་དགྲ་བླ་ཁྱེད། །འདིར་གཤེགས་བསང་དང་མཆོད་པ་


CMR037_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས། །བདག་དང་ཡོན་བདག་དགྲ་བླ་མཛོད། །དགྲ་བླ་མི་དང་མ་འབྲལ་ཅིག །སྒ་ཡི་སྒ་མོ་ལེགས་ཕྲོམ་ནི། །མཚལ་སྟག་གཡུ་ཡི་རི་མོ་ཅན། །ནགས་མཐའ་འགྲིམ་ཞིང་དགྲ་བླ་སྲུང་། །ས་དར་རྒྱས་ཅན་གྱི་དགྲ་བླ་ཡིན། །འདིར་གཤེགས་བསང་དང་མཆོད་པ་བཞེས། །བདག་དང་ཡོན་བདག་དགྲ་བླ་མཛོད། །དགྲ་བླ་མི་དང་མ་འབྲལ་ཅིག །དབལ་ཟླ་གཉིས་ཀྱི་དགྲ་བླ་ནི། །ཤེལ་གྱི་ར་སྐྱེས་ཁམ་པ་དང་། །དུང་གི་ཁྱི་མོ་དཀར་མོ་ཡིན། །འདིར་གཤེགས་བསང་དང་མཆོད་པ་བཞེས། །བདག་དང་ཡོན་བདག་དགྲ་བླ་མཛོད། །དགྲ་བླ་མི་དང་མ་འབྲལ་ཅིག །གཞན་ཡང་བསངས་ཤིང་མཆོད་པ་ནི། །སངས་རྒྱས་ཆོས་ཀྱི་དགྲ་བླ་སྟེ། །དགྲ་བླ་ལེགས་ལྡན་ནག་པོ་བསང་། །སེར་ཆགས་ཡོངས་ཀྱི་དགྲ་བླ་སྟེ། །རྒྱུག་ཅན་ལེགས་བྱིན་དགྲ་བླ་བསང་། །བྱིས་ལ་འགྲོ་བའི་དགྲ་བླ་སྟེ། །ལམ་ལྷ་ཨཅུ་རེ་མན་བསང་། །ས་འཕྲང་འགྲིམས་པའི་དགྲ་བླ་སྟེ། །འཛེག་རྐྱེན་བྲག་ལྷ་མགོན་པོ་བསང་། །སྐྱེ་བོ་ཡོངས་ཀྱི་དགྲ་བླ་སྟེ། །སྐྱེས་བུ་རྡོ་རྗེ་ལེགས་པ་བསང་། །དེ་ཡི་འཁོར་དུ་གཏོགས་པ་སྟེ། །ཡེ་བརྫུ་སུམ་བརྒྱ་དྲུག་ཅུ་


CMR037_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བསང་། །དགྲ་ནོར་གནང་དུ་གཅོད་པའི་ལྷ། །དགྲ་བླ་གནམ་ལྷ་དཀར་པོ་བསང་། །དེད་ན་སློབ་པའི་དགྲ་བླ་སྟེ། །དགྲ་བླ་དུང་ཁྱུང་དཀར་པོ་བསང་། །འཐབ་ན་དཔའ་བའི་དགྲ་བླ་སྟེ། །དགྲ་བླ་དུང་མི་དུང་རྟ་བསང་། །གནམ་ལྕགས་ཐོག་གི་མི་ཕེག་པའི། །དགྲ་བླ་དུང་ཁྲབ་དཀར་པོ་བསང་། །ཁྲོ་ཆུའི་མདུང་གིས་མི་ཐུབ་པའི། །དགྲ་བླ་བསེ་ཕུབ་དམར་པོ་བསང་། །བྱ་རྒྱལ་ཁྱུང་གིས་མི་སླེབ་པའི། །དགྲ་བླ་བྱ་རྟ་དགུ་བརྩེགས་བསང་། །སུས་ཀྱང་མི་ཐུབ་མི་ཤིགས་པའི། །དགྲ་བླ་ཁྲ་མོ་ར་མགོ་བསང་། །མདའ་རྐྱེན་བྱི་ནུ་ར་ཙ་བསང་། །འཐབ་སྐྱེན་ཚོགས་བདག་གླང་སྣ་བསང་། །སོ་པ་དཔའ་རབ་མགོན་པོ་བསང་། །།ཕ་མྱེས་རྒྱུད་ཀྱི་དགྲ་བླ་དང་། །མ་ཕྱི་རྒྱུད་ཀྱི་སྨན་བཙུན་བསང་། །ཕ་མཚུན་དགྲ་བླ་ཁྱེད་རྣམས་ལ། །ཆེ་བ་གཡག་དང་ལུག་གིས་མཆོད། །ཆུང་བ་ཕོར་ནང་ཕུད་ཀྱིས་མཆོད། །ཕྱེ་མར་ཐེབ་ཙེ་གང་གིས་མཆོད། །ཆེ་ཡང་རང་ཆེ་མ་མཛད་ལ། །ཆུང་ཡང་མཁར་ལོང་མ་བྱེད་ཅིག །ཕ་སྤུན་ཤག་རོགས་བུ་སྲིང་གི །ཡུལ་དུ་མ་འཁྱམས་མ་བྲིས་ལ། །མི་དང་ལྷ་གཉིས་མི་འབྲལ་ཅིག །


CMR037_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ། མདོ་ཁམས་སྒང་དྲུག་ཡུལ་ལྷའི་གཙོ། །རྨ་རྒྱལ་སྤོམ་ར་འཁོར་བཅས་བསང་། །མོད་ཁམས་ཟལ་མོ་སྒང་གི་ལྷ། །སྐུ་རྒྱལ་ཤེ་ནེ་འཁོར་བཅས་བསང་། །ཇོ་བོ་གཟེ་རྒྱལ་མཆེད་གསུམ་དང་། །དཔའ་རྒྱལ་ཚ་རིག་འཁོར་བཅས་བསང་། །དགེ་བསྙེན་ཀླུ་བདུད་སྨྱོ་ཁ་དང་། །བར་བློན་འབོ་རང་འཁོར་བཅས་བསང་། །ཡུལ་ཕྱོགས་འདི་ལ་གནས་པ་ཡི། །ཡུལ་ལྷ་གཞི་བདག་ཐམས་ཅད་བསང་། །ཁྱེད་རྣམས་བསངས་ཤིང་མཆོད་པ་ཡིས། །རྨུགས་འཐིབས་ཉམས་རྒུད་སོལ་གྱུར་ཅིག །མཐུ་སྟོབས་གཟི་བརྗིད་རྒྱས་གྱུར་ཅིག །ཐུགས་དང་འགལ་བ་ཐམས་ཅད་བཤགས། །མི་དང་ལྷ་གཉིས་མི་འབྲལ་བ། །རྟག་ཏུ་སྲུང་སྐྱོབ་ཁ་འཛིན་མཛོད། །མི་འཕེལ་རྟ་ཧྲག་དངོས་གྲུབ་སྩོལ། །བཙན་ཕྱུག་དར་གསུམ་དངོས་གྲུབ་སྩོལ། །གཞི་ལ་འདུག་ན་རྒྱབ་རྟེན་མཛོད། །བྱེས་སུ་འགྲོ་ན་ལམ་ལྷ་མཛོད། །དམག་ལ་འགྲོ་ན་དམག་དཔོན་མཛོད། །དཔའ་བའི་རུ་དར་ཁྱེད་ལ་རེ། །ཇག་ལ་འགྲོ་ན་ཇག་དཔོན་མཛོད། །དགྲ་ཕམ་ཟུན་རྒྱལ་ཁྱེད་ལ་རེ། །ཚོང་ལ་འགྲོ་ན་ཚོང་དཔོན་མཛོད། །རྒྱལ་ཁ་ཤག་ཁ་ཁྱེད་ལ་རེ། །སྨྲ་མཆུ་ཤག་གི་ལྕེ་


CMR037_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་རེ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །བང་མཛོད་འབྲུ་ཡི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྨ་གཡང་ཟས་ཀྱི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །འཆི་མེད་ཚེ་ཡི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །བསང་མགྲོན་ལྷ་ཚོགས་ཐམས་ཅད་རྣམས། །གཤེགས་དང་བཞུགས་པ་གང་དགྱེས་མཛོད། །རྟག་ཏུ་སྲུང་སྐྱོབ་མ་གཡེལ་ཅིག །བཀྲ་ཤིས་བདེ་ལེགས་འབྱུང་བར་ཤོག །འདི་ལྟར་བསངས་མཆོད་བྱས་པ་ཡིས། །ཚེ་འདིར་བདེ་སྐྱིད་ཕུན་ཚོགས་ཤིང་། །ཕྱི་མ་བདེ་ཆེན་ཞིང་བགྲོད་ཤོག །ཅེས་རྒྱུན་བསང་དང་ཐབ་བསང་དང་ལམ་བསང་གང་བྱེད་ཀྱང་། ཕྱེ་མར་འབྲུ་སྣ་ཤིང་རྩི་ཐབ་ཀའི་ནང་དུ་བཏབ། ཇ་ཕུད་སོགས་བྲན་ནས་བཏོན་པས་ཆོག་སྟེ། འདི་ཁོ་ན་བཏོན་པས་ཆ་ཚང་བས། བསངས་བྱས་པ་ལ་སྦྱར་ན་གཤེགས་གསོལ་ཤོ་ལོ་ཀ་གཅིག་དེ་བསྐྱུར་བར་བྱའོ། །ཞེས་དཔོན་ལྷ་རྒོད་རྒྱལ་གྱིས་བསྐུལ་ནས། ༧ རཱ་ག་ཨ་སྱས་འཕྲལ་དུ་ཞུན་མར་ངོགས་ནས་བྲིས། ༧ ཆགས་མེད་རིན་པོ་ཆེའི་ཕྱག་བྲིས་རྙིང་པ་ཞིག་ལས་མ་འཁྲུལ་དག་པར་ཞལ་བཤུས། སརྦ་མངྒ་ལཾ།། །།

ལམ་ལྷའི་བསང་མཆོད་མདོ་རྒྱུད་མན་ངག་དུ་མའི་གནད་བསྡུས་པ།


CMR037_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལྷའི་བསང་མཆོད་མདོ་རྒྱུད་མན་ངག་དུ་མའི་གནད་བསྡུས་པ་བཞུགས་སོ།།


CMR037_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཕྱོགས་བཅུའི་མུན་སེལ་པདྨ་དཀར་པོ་སོགས་མདོ་རྒྱུད་མན་ངག་དུ་མའི་དོན་འདུས་པར་ཡོད་པས་ཟབ་རྒྱ་ཆེའོ། །ལམ་ལྷའི་བསང་མཆོད་འགྲོ་ཁ་ཕྱེ་མར་དང་ཤུག་པ་ཐབ་ནང་བཏབ། ཇོ་ཕུད་མཆོད་ལ་རྒྱུན་དུ་བཏོན་ན་ཤིན་ཏུ་ལེགས། ཕྱེ་མར་འབྲུ་སྣ་ཤུག་ཕྱེ་སོགས་ཇ་ཁུག་ཏུ་བླུག་ནས་གསུར་འདྲ་བྱེད་དེ་འགྲོ་ཁ་ཇ་ཕུད་ཀྱང་མཆོད་དོ། །ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་ཆོས་དང་དགེ་འདུན་དང་། །ཡེ་ཤེས་ཆོས་སྐྱོང་སྲུང་མའི་ཚོགས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རང་ཉིད་ཡི་དམ་ལྷར་གསལ་བའི། །སྤྱི་བོར་ཨོ་རྒྱན་རིག་འཛིན་ཚོགས། །དེ་སྟེང་ཟིལ་གནོན་ཁྱུང་ཆེན་ལྡིང་། །རྒྱབ་ཏུ་ཡི་དམ་


CMR037_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་། །གཡས་ན་སེང་ཆེན་འགྱིང་ཞིང་འཕྱོ། །གཡོན་ན་རྒྱ་སྟག་རྔམ་ཞིང་རྒྱུག །མདུན་ན་སྟོབས་ཆེན་གླང་ཆེན་རྒྱུག །དེ་སྔོན་མི་མཐོང་ཙམ་གྱིས་སར། །དམ་ཅན་མགར་དམར་སེང་ཞོན་ལ། །བཙན་རིགས་སྐྱ་པ་མང་པོའི་བསྐོར། །ཀུན་ཀྱང་དར་མདུང་དམར་པོ་ཕྱར། །མདུན་དུ་ཟངས་ཀྱི་འཕར་བ་རྒྱུག །རང་གི་མཐའ་བསྐོར་དཔག་ཚད་ཙམ། །དུར་ཁྲོད་བདག་པོ་ཀེང་རུས་གཟུགས། །གྲངས་མེད་བསྐོར་ནས་སྔགས་སྒྲ་སྒྲོག །གནོད་བྱེད་དགྲ་ཇག་ཆོམ་རྐུན་རྣམས། །དབྱུག་ཏོས་འཇོམས་ཤིང་ཐོད་ཁྲག་གིས། །རླངས་པས་མྱོས་


CMR037_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

པས་དྲན་མེད་གྱུར། །འོད་ཟེར་ཅན་མ་ཕག་ལ་ཆིབས། །སེར་མོ་ཁབ་སྐུད་བསྣམས་པའི་ཚུལ། །རླུང་ལྟར་འཚུབ་པས་གནོད་བྱེད་རྣམས། །ཁ་མིག་ཚིམས་པས་ནུས་མེད་བྱས། །ནམ་མཁའི་དབྱིངས་སུ་ཕྱོགས་དེ་ཡི། །སངས་རྒྱས་སོ་སོར་སྐྱབས་སྦྱིན་ཕྱག །སྒྲོལ་དཀར་སྐྱབས་སྦྱིན་མཛད་པ་དང་། །སྤྱན་རས་གཟིགས་དང་པད་འབྱུང་གིས། །སྐྱབས་སྦྱིན་མཛད་པའི་ཕྱག་འོག་ཏུ། །བདག་ཅག་འཁོར་བཅས་འགྲོ་བར་གྱུར། །སྐུ་གསུམ་དག་པའི་ཞིང་ཁམས་ནས། །འཇིག་རྟེན་འདས་དང་མ་འདས་པའི། །ལམ་གྱི་འཇིགས་པ་སྐྱོབ་པ་ཡི། །སྨོན་ལམ་དམ་ཚིག་ལྡན་པ་ཡི། །འདིར་གཤེགས་ནམ་མཁའ་བར་སྣང་ཀུན། །ཀྱཻ། བསྟན་པའི་དམ་ཅན་རྒྱང་མ་རིང་། །བསྐུལ་ན་དམ་ཅན་ཕྲག་མ་དོག །བོས་ན་དམ་ཅན་སྙན་མ་སྲ། །ཆད་ན་དམ་ཅན་རྩལ་མ་ཞན། །འབོད་དོ་གཡབ་བོ་དེ་རིང་བྱོན། །མཆེད་ཟླ་སུམ་བརྒྱ་དྲུག་ཅུ་དང་། །སྲིང་ལྕམ་བརྟན་མ་བཅུ་གཉིས་བྱོན། །རེ་མནྟ་ལ་སོགས་པ་ཡི། །འཇིག་རྟེན་ལམ་ལྷ་ཐམས་ཅད་བྱོན། །ཁྱེད་རྣམས་མཆོད་པའི་དམ་རྫས་ནི། །ཡི་གེ་དྷི་ལས་བྱུང་བ་ཡི། །བཟང་ཤིང་སྤོས་སྤྲིན་ཕྱེ་


CMR037_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མར་གསུར། །བཛྲ་དྷུ་པེས་བྱིན་བརླབས་ནས། །དུད་པའི་ཟེར་མ་རེ་རེ་ལ། །མཆོད་སྣ་བདུན་དང་འདོད་ཡོན་ལྔ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །གཡུང་དྭགས་ར་སྐྱེས་རི་དྭགས་གཟུགས། །ལྷ་རྫས་བདུད་རྩི་ཀླུ་ཡི་སྨན། །སྣ་ཚོགས་ཆར་བཞིན་འབེབས་པ་ཡི། །སྤྲོས་ཀྱིས་འཁྲི་ཤིང་དྲ་བ་ཡིས། །སངས་རྒྱས་ཞིང་ཀུན་ཁྱབ་པར་དམིགས། །ལམ་ལྷ་ཀུན་ལ་བསངས་མཆོད་འབུལ། །ཐམས་ཅད་མཉེས་ཤིང་ཚིམ་གྱུར་ཅིག །ཕྱོགས་བཅུའི་མུན་པ་སེལ་མཛད་པའི། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ཐུགས་རྗེའི་སྟོབས་ཀྱིས་བསྐྱབ་ཏུ་གསོལ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །མི་འཇིགས་སྦྱིན་མཛད་སྤྱན་རས་གཟིགས། །ཁྱོད་ལ་ཕྱག་འཚལ་བསང་མཆོད་འབུལ། །འཇིགས་པ་ཞི་བའི་ལམ་ལྷ་ཞུ། །ཤར་ཕྱོགས་སངས་རྒྱས་རྗེས་སྤྱོད་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ཤར་ཕྱོགས་འགྲོ་བའི་ལམ་ལྷ་མཛོད། །ལྷོ་ཕྱོགས་སངས་རྒྱས་སེམས་དང་པོ། །བསྐྱེད་པ་ཡིད་ལ་མཛད་ངེས་སོ། །རྣམ་གྲངས་སྙན་པ་དང་


CMR037_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བས། །མངོན་པར་འཕགས་པའི་རྒྱལ་པོ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ལྷོ་ཕྱོགས་འགྲོ་བའི་ལམ་ལྷ་མཛོད། །ནུབ་ཕྱོགས་སངས་རྒྱས་ཁོན་དང་ནི། །རྒྱགས་པ་རྣམ་པར་གནོན་པ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ནུབ་ཕྱོགས་འགྲོ་བའི་ལམ་ལྷ་མཛོད། །བྱང་ཕྱོགས་བཞུགས་པའི་དེ་བཞིན་གཤེགས། །རིན་ཆེན་གཟུགས་བཀོད་འོད་གནོན་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །བྱང་ཕྱོགས་འགྲོ་བའི་ལམ་ལྷ་མཛོད། །བྱང་ཤར་སངས་རྒྱས་བདུད་དང་ནི། །ཡིད་གཉིས་ཀུན་འཇོམས་རྣམ་པར་གནོན། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །བྱང་ཤར་འགྲོ་བའི་ལམ་ལྷ་མཛོད། །ཤར་ལྷོ་སངས་རྒྱས་སེམས་དང་པོ། །བསྐྱེད་པ་ཕྱིར་མི་ལྡོག་པ་ཡི། །འཁོར་ལོ་འབྱུང་བའི་དཔལ་དེ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ཤར་ལྷོ་འགྲོ་བའི་ལམ་ལྷ་མཛོད། །ལྷོ་ནུབ་སངས་རྒྱས་བཅོམ་ལྡན་འདས་།རིན་ཆེན་གདུགས་འཕགས་སྣང་དེ་ལ། །།ཕྱག་འཚལ་བསང་དང་མཆོད་པ་འབུལ། །ལྷོ་ནུབ་འགྲོ་བའི་ལམ་ལྷ་མཛོད། །ནུབ་བྱང་བཞུགས་པའི་སངས་རྒྱས་ནི། །


CMR037_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་འདུལ་ཞན་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ནུབ་བྱང་འགྲོ་བའི་ལམ་ལྷ་མཛོད། །སྟེང་ཕྱོགས་བཞུགས་པའི་སངས་རྒྱས་ནི། །སྐྲག་མེད་མུན་བྲལ་ཏིང་ངེ་འཛིན། །མངོན་པར་འཕགས་པའི་རྒྱལ་པོ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །འདུག་པའི་ཚེ་ན་སྲུང་སྐྱོབ་མཛོད། །འོག་ཕྱོགས་སངས་རྒྱས་བཅོམ་ལྡན་ནི། །དང་པོ་སེམས་བསྐྱེད་ཐེ་ཚོམ་རྣམས། །སྤྱོད་མཛད་ཉོན་མོངས་སྐྱོད་ཅེས་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །འདུག་པའི་ཚེ་ན་སྲུང་སྐྱོབ་མཛོད། །ཤར་ཕྱོགས་བཅོམ་ལྡན་རྡོ་རྗེ་སེམས། །རྡོ་རྗེ་མཁའ་འགྲོ་འཁོར་བཅས་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ཤར་ཕྱོགས་འགྲོ་བའི་ལམ་ལྷ་མཛོད། །ལྷོ་ཕྱོགས་རིན་ཆེན་འབྱུང་ལྡན་དང་། །རིན་ཆེན་མཁའ་འགྲོ་འཁོར་བཅས་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ལྷོ་ཕྱོགས་འགྲོ་བའི་ལམ་ལྷ་མཛོད། །ནུབ་ཕྱོགས་བཅོམ་ལྡན་སྣང་མཐའ་ཡས། །པདྨ་མཁའ་འགྲོ་འཁོར་བཅས་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ནུབ་ཕྱོགས་འགྲོ་བའི་ལམ་ལྷ་མཛོད། །


CMR037_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཕྱོགས་བཅོམ་ལྡན་དོན་ཡོད་གྲུབ། །ལས་ཀྱི་མཁའ་འགྲོ་འཁོར་བཅས་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །བྱང་ཕྱོགས་འགྲོ་བའི་ལམ་ལྷ་མཛོད། །དབུས་ཕྱོགས་རྣམ་པར་སྣང་མཛད་དང་། །སངས་རྒྱས་མཁའ་འགྲོ་འཁོར་བཅས་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །འདུག་པའི་ཚེ་ན་སྲུང་སྐྱོབ་མཛོད། །པད་འབྱུང་སྐུ་ལྔ་མཚན་བརྒྱད་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །གར་འགྲོ་ཡུལ་ལྷ་དབང་བསྡུས་ལ། །ཆོས་མཛད་བདག་གི་ལམ་ལྷ་མཛོད། །རྗེ་བཙུན་སྒྲོལ་མ་དཀར་སྔོན་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །འཇིགས་པ་ཞི་བའི་ལམ་ལྷ་མཛོད། །ལྷ་མོ་འོད་ཟེར་ཅན་མ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །དགྲ་ཇག་འཆིང་བའི་ལམ་ལྷ་མཛོད། །དུར་ཁྲོད་བདག་པོ་ཡབ་ཡུམ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ཆོམ་རྐུན་འཆིང་བའི་ལམ་ལྷ་མཛོད། །ལམ་ལྷའི་རྒྱལ་པོ་བདེ་མཛད་པ། །དཔལ་ལྡན་ཨཅུ་རེ་མན། །འཁོར་ཚོགས་ལྔ་བརྒྱར་བཅས་པ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །རྔོག་ཆགས་བསྲུང་བའི་ལམ་ལྷ་མཛོད། །དམ་


CMR037_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལྕགས་གདོང་སྐུ་མདོག་སྨུག །ཞལ་གཅིག་རབ་ཁྲོས་ཐོར་ཚུགས་ཅན། །རྡོ་རྗེ་ཕྱར་ཞིང་དགྲ་སྙིང་གསོལ། །བཞེངས་ཐབས་རང་དང་མཉམ་དུ་འགྲོ། །ལྟོ་བ་མུན་པའི་གླིང་དགུ་ན། །དགྲ་ཇག་གནོད་བྱེད་མྱོས་འཐིབས་བརྒྱལ། །ཁྱེད་ལ་བསང་དང་མཆོད་པ་འབུལ། །གནོད་བྱེད་བཅིང་བའི་ལམ་ལྷ་མཛོད། །མདུན་དུ་རྡོར་ལེགས་སེང་གེ་ཞོན། །རྟ་ཕག་ཞགས་ཐོགས་མཆེད་དང་འཁོར། །སུམ་བརྒྱ་དྲུག་ཅུ་བསོ་སྒྲས་གང་། །ཁྱེད་ལ་བསང་དང་མཆོད་པ་འབུལ། །དགྲ་ཇག་བཅིང་བའི་ལམ་ལྷ་མཛོད། །རྒྱབ་ནས་དམ་ཅན་སེར་པོ་ལ། །རཏྣ་ལྗོན་ཤིང་ནོར་བུའི་ཚོགས། །བདག་ལ་འབུལ་ཞིང་ཕྱི་ན་འབྲང་། །དངོས་གྲུབ་འབྱུང་བའི་ལམ་ལྷ་མཛོད། །སྟེང་གི་ལྷ་དང་བར་གྱི་གཉན། །འོག་གི་ཀླུ་དང་གཞི་བདག་སོགས། །ཀུན་ལ་བསང་དང་མཆོད་པ་འབུལ། །བདག་ཅག་དཔོན་སློབ་ཡོན་མཆོད་སོགས། །ཕྱོགས་བཞི་མཚམས་བརྒྱད་གར་འགྲོ་ཡང་། །རྟག་ཏུ་སྲུང་སྐྱོབ་ལམ་ལྷ་མཛོད། །དམ་ཅན་རྡོ་རྗེ་ལེགས་པ་ཡི། །མཆེད་འཁོར་སུམ་བརྒྱ་དྲུག་ཅུ་ལ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ། །ལམ་ལྷ་


CMR037_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ལ་སྒྲོན་མེ་ཁྱོག །སྐུ་གསུང་ཐུགས་ལས་སྤྲུལ་པ་ཡི། །མི་དཀར་མི་དམར་མི་ནག་ནི། །ཁྲི་འབུམ་རེ་རེ་བཅས་པ་ལ། །བསང་དང་མཆོད་འབུལ་ལམ་ལྷ་མཛོད། །མགར་དམར་རྨོག་ཞུ་གོ་ཁྲབ་ཅན། །ལྕགས་ཀྱུ་ར་ཡི་རྒྱལ་མཚན་འཛིན། །སེང་ཆིབས་ར་ཁྲིད་ཕྱོགས་ཀྱང་བསྐོར། །ཁྱེད་ལ་བསང་དང་མཆོད་པ་འབུལ། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོག །སྟེང་ན་ཁྱུང་དང་བྱ་ཁྲ་འབུམ། །ལྕགས་སྤྱང་འབུམ་ནི་གཡས་ན་རྒྱུག །ཟངས་འཕར་འབུམ་ནི་གཡོན་ན་རྒྱུག །ཕྱོགས་བཞི་སྲུང་བའི་ལམ་ལྷ་མཛོད། །སྲིང་ལྕམ་བརྟན་མ་བཅུ་གཉིས་ནི། །འཁོར་དང་བཅས་ལ་བསང་མཆོད་འབུལ། །སློབ་དཔོན་པདྨའི་བཀའ་བཞིན་དུ། །དམ་ལྡན་རྣལ་འབྱོར་བདག་ཅག་རྣམས། །སྐྱེལ་བསུ་རོགས་ལྡན་ལམ་ལྷ་མཛོད། །མགུར་ལྷ་བཅུ་གསུམ་འཁོར་བཅས་དང་། །དགེ་བསྙེན་ཉི་ཤུ་རྩ་གཅིག་ལ། །བསང་དང་མཆོད་འབུལ་ལམ་ལྷ་མཛོད། །ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང་། །སྤོམ་ར་རྨ་རིགས་སུམ་བརྒྱའི་ཚོགས། །འཁོར་དང་བཅས་ལ་བསང་མཆོད་འབུལ། །ཤར་ཕྱོགས་འགྲོ་བའི་ལམ་ལྷ་མཛོད། །ལྷོ་ཕྱོགས་རྒྱལ་པོ་འཕགས་


CMR037_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པོ། །དམག་དཔོན་དགྲ་འདུལ་དབང་ཕྱུག་ནི། །འཁོར་དང་བཅས་ལ་བསང་མཆོད་འབུལ། །ལྷོ་ཕྱོགས་འགྲོ་བའི་ལམ་ལྷ་མཛོད། །ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང་། །ནུབ་ཀྱི་གཉན་ཆེན་ཐང་ལྷ་ནི། །འཁོར་དང་བཅས་ལ་བསང་མཆོད་འབུལ། །ནུབ་ཕྱོགས་འགྲོ་བའི་ལམ་ལྷ་མཛོད། །བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས། །སྲིད་སྤངས་སྐྱོགས་ཆེན་གདོང་ར་ནི། །འཁོར་དང་བཅས་ལ་བསང་མཆོད་འབུལ། །བྱང་ཕྱོགས་འགྲོ་བའི་ལམ་ལྷ་མཛོད། །ཡག་ལ་སེ་བོ་ལ་སོགས་པའི། །མདོ་ཁམས་སྟོད་ཀྱི་གཞི་བདག་ནི། །ཐམས་ཅད་ཀུན་ལ་བསང་མཆོད་འབུལ། །མདོ་ཁམས་སྟོད་ཀྱི་ལམ་ལྷ་མཛོད། །སྐུ་རྒྱལ་གཟེ་རྒྱལ་ངོམ་རྒྱལ་སོགས། །མདོ་ཁམས་སྒང་གི་གཞི་བདག་ནི། །ཐམས་ཅད་ཀུན་ལ་བསང་མཆོད་འབུལ། །མདོ་ཁམས་སྒང་གི་ལམ་ལྷ་མཛོད། །རྡོ་ཐི་གངས་དཀར་མཆེད་བརྒྱད་དང་། །མི་མགོན་དཀར་པོ་ལ་སོགས་པའི། །སྨར་ཁམས་གཞི་བདག་ཐམས་ཅད་ལ། །བསང་མཆོད་འབུལ་ལོ་ལམ་ལྷ་མཛོད། །དགེ་བསྙེན་གདོང་ར་ཁྲོ་འབར་མཆེད། །བྱ་རྒོད་དུང་གི་ཐུ་ལུ་ཅན། །རྡོ་རྗེ་


CMR037_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བརྩེགས་བཞག་ར་སོགས། །སྨད་ཕྱོགས་གཞི་བདག་ཐམས་ཅད་ལ། །བསང་མཆོད་འབུལ་ལོ་ལམ་ལྷ་མཛོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཕྲིན་ལས་རྣམ་བཞིའི་སྒོ་ནས་ནི། །འགྲོ་དོན་ཕྲིན་ལས་གར་མཛད་ཀྱང་། །རྒྱབ་རྟེན་སྡོང་གྲོགས་མཐུན་རྐྱེན་མཛོད། །ཆུ་ལ་འགྲོ་ན་གྲུ་ཟམ་མཛོད། །བྲག་ལ་འགྲོ་ན་ལམ་ཕྱུང་ལ། །དཔག་བསམ་ཤིང་གི་སྐས་ཚུགས་ཤིག །ཆུ་དང་བྲག་དང་ལམ་ངན་ལ། །རྦབ་གཡང་ཁ་སྨྲ་མེད་པར་མཛོད། །དགྲ་ཇག་ཆོམ་རྐུན་མེད་པར་མཛོད། །ལྷ་འདྲེ་མི་གསུམ་དབང་དུ་སྡུས། །འགྲོ་དོན་བསྟན་པ་རྒྱས་པ་དང་། །བཀྲ་ཤིས་བདེ་ལེགས་རྒྱས་པར་མཛོད། །རྟག་ཏུ་ལུས་དང་གྲིབ་མ་བཞིན། །འགྲོགས་ལ་ཁ་འཛིན་སྡོང་གྲོགས་དང། །རྨ་གཡང་ཁུ་ཡེ་གཡང་དུ་ཁུག་།ནད་མེད་བདེ་སྐྱིད་ཕུན་ཚོགས་ཤིང་། །འབྲེལ་ཚད་དོན་ལྡན་བཀྲ་ཤིས་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཏདྱ་ཐཱ། ནཀྵ་ཏྲེ་པ་ཏ་ཏ་ཐཱ་མུཙྪཱ་དུར་ཏེ། ནཀྵ་ནི་མེ་སྨིན་ཏ་ནི་བྷ་ག་ཝནྟ་སྭཱ་ཧཱ། སྔགས་དེ་འགྲོ་ཁ་ལན་བདུན་བརྗོད་པས་དོན་ཐམས་ཅད་འགྲུབ་པར། འདི་རྗེ་རང་བྱུང་རྡོ་རྗེས་མཛད་པའི་ལམ་ལྷའི་བསང་ཡིག་རྗེས་སུ་འབྲང་


CMR037_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ནས། མདོ་རྒྱུད་མན་ངག་དུ་མའི་གནད་བསྡུས་ཏེ། ༧ རཱ་ག་ཨ་སྱས་སྦྱར་བ་སེམས་ཅན་མཐའ་ཡས་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ལམ་ལྷ་ཁ་འཛིན་བྱ་བ།


CMR037_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལྷ་ཁ་འཛིན་བྱ་བ་ནི། ཀྱཻ། བསང་དང་མཆོད་པ་འདི་ཕུལ་བས། །སྲིད་ཞིའི་མགྲོན་རྣམས་ཐུགས་མཉེས་ནས། །ཚོགས་གཉིས་རྫོགས་པའི་ཁ་འཛིན་མཛོད། །ཡོན་ཏན་མགྲོན་རྣམས་ཐུགས་དམ་བསྐང་། །ཕྲིན་ལས་ཀུན་འགྲུབ་ཁ་འཛིན་མཛོད། །སྙིང་རྗེའི་མགྲོན་ཀུན་ཚིམ་གྱུར་ཅིག །ཅི་ལྟར་ནུས་པའི་ཁ་འཛིན་མཛོད། །ལན་ཆགས་མགྲོན་ཀུན་མགུ་གྱུར་ཅིག །ཕན་སེམས་ལྡན་པའི་ཁ་འཛིན་མཛོད། །འཇིག་རྟེན་ཆོས་སྐྱོང་ཐམས་ཅད་ཀྱིས། །འཇིག་རྟེན་བདེ་བའི་ཁ་འཛིན་མཛོད། །རྣམ་སྲས་ཛི་ལྷ་ནོར་རྒྱུན་མས། །ནོར་རྣམས་འཕེལ་བའི་ཁ་འཛིན་མཛོད། །རེ་མན་དང་ཀུ་བེ་རས། །རྟ་རྣམས་འཕེལ་བའི་ཁ་འཛིན་མཛོད། །ཨ་པར་ཙི་ཏ་གང་བཟང་གིས། །ལུག་རྣམས་འཕེལ་བའི་ཁ་འཛིན་མཛོད། །ལྷ་མོ་དཔལ་དང་བརྟན་མ་ཡིས། །འབྲུ་རྣམས་འཕེལ་བའི་ཁ་འཛིན་མཛོད། །།ཡུལ་ལྷ་གཞི་བདག་ཐམས་ཅད་ཀྱིས། །སད་སེར་མེད་པའི་ཁ་འཛིན་མཛོད། །ཕོ་ལྷ་དགྲ་ལྷ་ཐམས་ཅད་ཀྱིས། །བུ་རྟ་སྤེལ་བའི་ཁ་འཛིན་མཛོད། །ལྷ་དང་སྲུང་མ་ཐམས་ཅད་ཀྱིས། །སྲུང་སྐྱོབ་སྡོང་གྲོགས་ཁ་འཛིན་མཛོད། །ཅེས་པ་


CMR037_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བསང་གི་ཁ་བཀང་དུ་། ༧ ཀརྨ་རཱ་ག་ཨ་སྱས་བྲིས་པའོ།།

རྣལ་འབྱོར་ལམ་ལྷ།


CMR037_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ལམ་ལྷའི་དབུ་ཕྱོགས་སོ།། ཀྱཻ། ཆོས་སྐུ་ཀུན་བཟང་ཡབ་ཡུམ་སྤྱན་འདྲེན་ནོ། །བསང་ཞིང་བརྔན་ནོ་མཆོད་པ་འབུལ། །ཆོས་ཉིད་ཟད་སར་སྐྱོལ་བའི་ལམ་ལྷ་མཛོད། །རྣམ་པར་སྣང་མཛད་སངས་རྒྱས་མཁའ་འགྲོ་སྤྱན་འདྲེན་ནོ། །བསང་ཞིང་བརྔན་ནོ་མཆོད་པ་འབུལ། །ཆོས་དབྱིངས་ངང་ནས་འགྲོ་བའི་ལམ་ལྷ་མཛོད། །རྡོ་རྗེ་སེམས་དཔའ་རྡོ་རྗེ་མཁའ་འགྲོ་སྤྱན་འདྲེན་ནོ། །བསང་ཞིང་བརྔན་ནོ་མཆོད་པ་འབུལ། །མེ་ལོང་ངང་ནས་འགྲོ་བའི་ལམ་ལྷ་མཛོད། །རིན་ཆེན་འབྱུང་ལྡན་རིན་ཆེན་མཁའ་འགྲོ་སྤྱན་འདྲེན་ནོ། །བསང་ཞིང་བརྔན་ནོ་མཆོད་པ་འབུལ། །མཉམ་ཉིད་ངང་ནས་འགྲོ་བའི་ལམ་ལྷ་མཛོད། །སྣང་བ་མཐའ་ཡས་པདྨ་མཁའ་འགྲོ་སྤྱན་འདྲེན་ནོ། །བསང་ཞིང་བརྔན་ནོ་མཆོད་པ་འབུལ། །སོར་རྟོག་ངང་ནས་འགྲོ་བའི་ལམ་ལྷ་མཛོད། །དོན་ཡོད་གྲུབ་པ་ལས་ཀྱི་མཁའ་འགྲོ་སྤྱན་འདྲེན་ནོ། །བསང་ཞིང་བརྔན་ནོ་མཆོད་པ་འབུལ། །བྱ་གྲུབ་ངང་ནས་འགྲོ་བའི་ལམ་ལྷ་མཛོད། །འཕགས་པ་སྤྱན་རས་གཟིགས་དབང་སྤྱན་འདྲེན་ནོ། །བསང་ཞིང་བརྔན་ནོ་མཆོད་པ་འབུལ། །འགྲོ་བ་མ་ལུས་དབང་སྡུད་ལམ་ལྷ་


CMR037_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །པད་འབྱུང་སྐུ་ལྔ་མཚན་བརྒྱད་སྤྱན་འདྲེན་ནོ། །བསང་ཞིང་བརྔན་ནོ་མཆོད་པ་འབུལ། །སྣང་སྲིད་དབང་དུ་སྡུས་པའི་ལམ་ལྷ་མཛོད། །དྲིན་ཅན་རྩ་བར་བརྒྱུད་པའི་བླ་མ་སྤྱན་འདྲེན་ནོ། །བསང་ཞིང་བརྔན་ནོ་མཆོད་པ་འབུལ། །བསྟན་པ་རྒྱས་པའི་ལམ་ལྷ་མཛོད། །ཡི་དམ་སྒོའི་ལྷ་ཚོགས་སྤྱན་འདྲེན་ནོ། །བསང་ཞིང་བརྔན་ནོ་མཆོད་པ་འབུལ། །དངོས་གྲུབ་སྩོལ་བའི་ལམ་ལྷ་མཛོད། །སྒྲོལ་མ་འོད་ཟེར་ཅན་མ་སྤྱན་འདྲེན་ནོ། །བསང་ཞིང་བརྔན་ནོ་མཆོད་པ་འབུལ། །འཇིགས་པ་བརྒྱད་སྐྱོབ་ལམ་ལྷ་མཛོད། །དཔལ་མགོན་མ་ནིང་འཁོར་བཅས་སྤྱན་འདྲེན་ནོ། །བསང་ཞིང་བརྔན་ནོ་མཆོད་པ་འབུལ། །སངས་རྒྱས་བསྟན་པ་སྲུང་བའི་ལམ་ལྷ་མཛོད། །དུར་ཁྲོད་མཁའ་འགྲོ་ངན་ནེ་མ། །བསང་ཞིང་བརྔན་ནོ་མཆོད་པ་འབུལ། །དཀོར་ནོར་བསྲུང་བའི་ལམ་ལྷ་མཛོད། །འཕགས་པ་ཨཅུ་རེ་མན། །བསང་ཞིང་བརྔན་ནོ་མཆོད་པ་འབུལ། །རྔོག་ཆགས་བསྲུང་བའི་ལམ་ལྷ་མཛོད། །ནོར་ལྷ་ཛཾ་ལྷ་རིགས་ལྔ་ལ། །བསང་ཞིང་བརྔན་ནོ་མཆོད་པ་འབུལ། །ལོངས་སྤྱོད་ཆར་ལྟར་འབེབས་པའི་ལམ་ལྷ་མཛོད། །དུར་ཁྲོད་


CMR037_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོ་ཡབ་ཡུམ་ལ། །བསང་ཞིང་བརྔན་ནོ་མཆོད་པ་འབུལ། །དགྲ་ཇག་བཅིང་བའི་ལམ་ལྷ་མཛོད། །དམ་ཅན་མགར་དམར་སེང་ཞོན་ལ། །བསང་ཞིང་བརྔན་ནོ་མཆོད་པ་འབུལ། །བསྟན་དགྲ་འདུལ་བའི་ལམ་ལྷ་མཛོད། །བོད་ཁམས་བརྟན་མ་བཅུ་གཉིས་ལ། །བསང་ཞིང་བརྔན་ནོ་མཆོད་པ་འབུལ། །རྣལ་འབྱོར་བར་ཆད་སེལ་བའི་ལམ་ལྷ་མཛོད། །ས་ཕྱོགས་ཡུལ་རིའི་འདི་ཡི་གཞི་བདག་ལ། །བསང་ཞིང་བརྔན་ནོ་མཆོད་པ་འབུལ། །སྡོང་གྲོགས་བྱེད་པའི་ལམ་ལྷ་མཛོད། །རྒྱལ་པོ་ཆེན་པོ་སྡེ་བཞི་ལ། །བསང་ཞིང་བརྔན་ནོ་མཆོད་པ་འབུལ། །ཕྱོགས་བཞི་འགྲོ་བའི་ལམ་ལྷ་མཛོད། །བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ལ། །བསང་ཞིང་བརྔན་ནོ་མཆོད་པ་འབུལ། །རྣལ་འབྱོར་གྲོགས་མཛོད་ལམ་ལྷ་མཛོད། །ཕར་འགྲོ་སྐྱེལ་ལ་ཚུལ་འོང་བསུ་མ་མཛོད། །འདུག་ན་ཁ་འཛིན་མཛོད་ལ་འཚོ་བ་སྦྱོར། །ཉིན་གྱི་རྫིའུ་མཚན་ནས་སྒྲོན་མེ་ཁྱོག ། དགྲ་ཇག་ཆོམ་རྐུན་འཚེ་བ་སྐྱོབས། །ལྷ་འདྲེ་མི་གསུམ་དབང་དུ་སྡུས། །ཟས་ནོར་ལོངས་སྤྱོད་ཆར་ལྟར་ཕོབ། །གནོད་བྱེད་དགྲ་བགེགས་ཐལ་བར་རློགས། །བསམ་པ་ཡིད་


CMR037_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བསྒྲུབ་ཏུ་གསོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །སྒྱུ་མའི་ཁང་རྒན་ཞིག་ལ་ཁད་པ་ཅིག་གི་ནང་དུ་སྒྱུ་མའི་བན་རྒན་ཁོ་བོ་ཞག་མར་གཡར་ནས་འདུག་དུས་ཡུད་ཙམ་ངར་བསོས་ཏེ་འགྲོ་རན་པའི་དུས་ལ་བྲིས་སོ། །མཁས་གྲུབ་རཱ་ག་ཨ་སྱས་ལམ་ལྷའོ།།

ལམ་ལྷའི་བསང་བསྡུས།


CMR037_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལྷའི་བསང་བསྡུས་ནི། ཀྱཻ། བསང་ངོ་ལམ་ལྷ་གཉན་པོ་བསང་། །མཆོད་དོ་ལམ་ལྷའི་རྒྱལ་པོ་མཆོད། །ཕྱོགས་བཅུའི་མུན་པ་སེལ་མཛད་པ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ཐུགས་རྗེས་སྟོབས་ཀྱིས་བསྐྱབ་ཏུ་གསོལ། །བདེ་གཤེགས་རིགས་ལྔ་ཡབ་ཡུམ་བསང་། །པད་འབྱུང་རིགས་ལྔའི་ཌཱཀྐི་མ། །དབང་བྱེད་ཀུ་རུ་ཀུལླེ་བསང་། །མཐུན་རྐྱེན་སྒྲུབ་པའི་ལམ་ལྷ་མཛོད། །སྤྱན་རས་གཟིགས་དབང་སྒྲོལ་མ་ཡུམ། །སྣ་ཚོགས་ཡུམ་དང་འོད་ཟེར་ཅན། །དུར་ཁྲོད་བདག་པོ་ཡབ་ཡུམ་བསང་། །འཇིགས་པ་སྐྱོབ་པའི་ལམ་ལྷ་མཛོད། །ལམ་ལྷའི་རྒྱལ་པོ་བདེ་མཛད་པ། །དཔལ་ལྡན་ཨཅུ་རེ་མན། །འཁོར་ཚོགས་ལྔ་བརྒྱ་བཅས་པ་བསང། །རྔོག་ཆགས་སྲུང་བའི་ལམ་ལྷ་མཛོད། །མགར་བ་དམར་ནག་མཆེད་འཁོར་བཅས། །སྲིང་ལྕམ་བརྟན་མ་བཅུ་གཉིས་དང་། །སྐུ་རྗེ་གེ་སར་དགྲ་བླའི་དམག །འཁོར་དང་བཅས་ལ་བསང་མཆོད་འབུལ། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོག །སྟེང་གི་ལྷ་དང་འོག་གི་ཀླུ། །བར་གྱི་གཉན་དང་བོད་ཡུལ་གྱི། །སྟོད་སྨད་བར་གྱི་གཞི་བདག་


CMR037_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །འཁོར་དང་བཅས་ལ་བསང་མཆོད་འབུལ། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོག །བདག་ཅག་དཔོན་སློབ་འཁོར་གཡོག་བཅས། །ཕྱོགས་བཞི་མཚམས་བརྒྱད་རང་གནས་སུ། །འདུག་པའི་ཚེ་ན་སྲུང་སྐྱོབ་མཛོད། །ལེགས་ལམ་བློ་ཡི་རྩ་སྒོ་ཕྱེས། །འགྲོ་བའི་ཚེ་ན་སྲུང་སྐྱོབ་མཛོད། །འཇིགས་དང་ལམ་དགྲ་ཀུན་ལས་སྐྱོབས། །ལེགས་དང་སྤྱོད་ལ་ཉེས་དང་བསྣོལ། །གནས་སྐབས་མཐར་ཐུག་ཐམས་ཅད་དུ། །བསམ་དགུ་ཡིད་བཞིན་འགྲུབ་པར་མཛོད། །ཅེས་པ་ལམ་ལྷའི་བསང་མཆོད་བསྡུས་པ་༧ རཱ་ག་ཨ་སྱས་མཛད་པའོ།།

བྱེས་སུ་འགྲོ་ན་བསང་བསྡུས།


CMR037_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བྱེས་སུ་འགྲོ་ན། ཀྱཻ། སངས་རྒྱས་པདྨ་ཐོད་ཕྲེང་གིས། །བཀའ་གཉན་གངས་རིའི་ལྗོངས་འདི་ཡི། །ཡུལ་ལྷ་བརྟན་མ་བཅུ་གཉིས་རྣམས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །ལམ་འཕྲང་འཇིགས་པ་ཉེར་ཞི་ལ། །ཁ་ཆར་བུ་ཡུག་གནོད་པ་བསྲུང་། །གཞི་བྱེས་ཀུན་ཏུ་སྡོང་གྲོགས་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རཱ་གས་སྦྱར།། །།

བསང་བསྡུས།


CMR037_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ། བསང་འོས་མིང་ནས་མ་ཐོན་པའི། །བླ་མ་ཡི་དམ་མཁའ་འགྲོ་དང་།། །སྲུང་མ་དམ་ཅན་རྒྱ་མཚོ་དང་། །ལྷ་སྲུང་ཡུལ་ལྷ་ནོར་ལྷ་དང་། །ཞིང་ལྷ་ལམ་ལྷ་གཉེན་པོ་དང་། །གཞན་ཡང་དུས་གསུམ་ཕ་མ་དང་། །ཁམས་གསུམ་རིགས་དྲུག་ཐམས་ཅད་བསང་། །རྒྱལ་ཕམ་མེད་པར་ཐོབ་ནས་ཀྱང་། །ཡིད་ལ་རེ་བ་རྫོགས་པར་ཤོག །ཨ་རཱ་གས་སོ།།

ས་བདག་ཀླུ་གཉན་ལ་ཕོག་ཐུག་སོང་བ་ཞི་བའི་བསང་།


CMR037_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ས་བདག་ཀླུ་གཉན་ལ་ཕོག་ཐུག་སོང་བ་ཞི་བའི་བསང་ནི། ཀྱཻ། གཞན་ཡང་ཡུལ་ཕྱོགས་འདིར་གནས་པའི། །ཕ་རི་གཡས་དང་ཚུ་རི་གཡོན། །མདུན་རི་རྒྱབ་རི་མཚེར་ས་ལ། །གནས་པའི་ཡུལ་ལྷ་སྡེ་བརྒྱད་དང་། །ས་བདག་ཀླུ་གཉན་ཐམས་ཅད་ལ། །བསང་དང་མཆོད་པ་དམ་པ་འབུལ། །ཐམས་ཅད་མཉེས་ཤིང་ཚིམ་གྱུར་ཅིག །ཐུགས་དང་འགལ་བ་བཟོད་པར་གསོལ། །ཕོག་ཐུག་འགྲམ་འཁྲུག་ཞི་གྱུར་ཅིག །ཁ་འཛིན་སྡོང་གྲོགས་རྒྱབ་རྟེན་མཛོད། །ཅེས་རཱ་ག་ཨ་སྱས་སྦྱར་བའོ།།

རླུང་རྟའི་བསང་།


CMR037_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་རྟའི་བསང་བཞུགས་སོ།། འབྱུང་བ་བཞི་ཡི་ལྷ་ལ་ཕྱག་འཚལ་ལོ། །བསང་གཞུང་རྣམས་སྔོན་དུ་སོང་ནས་འདི་སྐད་དོ།། ཀྱཻ། བསང་མཆོད་ཕུན་སུམ་ཚོགས་པ་འདིས། །སངས་རྒྱས་ཆོས་དང་དགེ་འདུན་བསང་། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་ནོར་ལྷ་གཏེར་བདག་བསང་། །བདག་ལ་སྲུང་ཞིང་སྐྱབས་པ་དང་། །རླུང་རྟ་དར་ཞིང་རྒྱས་པར་མཛོད། །ཀྱཻ། དབུས་ཀྱི་ཕྱོགས་ན་གནས་པའི་ལྷ། །རླུང་རྟ་དར་བའི་དགྲ་བླ་ནི། །རྟ་མཆོག་རྒྱལ་པོ་བ་ལ་ཧཱ། །མྱུར་མགྱོགས་ཆེ་བའི་དགྲ་བླ་བསང་། །བདག་གི་རླུང་རྟ་དར་བར་མཛོད། །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ། །ཀྱཻ། ཤར་གྱི་ཕྱོགས་ན་གནས་པའི་ལྷ། །རླུང་རྟ་དར་བའི་དགྲ་བླ་ནི། །དུང་སེང་གཡུ་ཡི་རལ་པ་ཅན། །དཔའ་རྩལ་ཆེ་བའི་དགྲ་བླ་བསང་། །བདག་གི་རླུང་རྟ་དར་བར་མཛོད། །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ། །ཀྱཻ། ལྷོ་ཡི་ཕྱོགས་ན་གནས་པའི་ལྷ། །རླུང་རྟ་དར་བའི་དགྲ་བླ་ནི། །གཡུ་འབྲུག་ཟངས་ཀྱི་ཟེ་བ་ཅན། །ངར་སྐད་ཆེ་བའི་དགྲ་བླ་བསང་། །བདག་གི་རླུང་རྟ་དར་བར་མཛོད། །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ།


CMR037_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ། ནུབ་ཀྱི་ཕྱོགས་ན་གནས་པའི་ལྷ། །རླུང་རྟ་དར་བའི་དགྲ་བླ་ནི། །རྒྱ་སྟག་མཚལ་གྱི་ཐིག་ལེ་ཅན། །དཔའ་རྩལ་ཆེ་བའི་དགྲ་བླ་བསང་། །བདག་གི་རླུང་རྟ་དར་བར་མཛོད། །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ། །ཀྱཻ། བྱང་གི་ཕྱོགས་ན་གནས་པའི་ལྷ། །རླུང་རྟ་དར་བའི་དགྲ་བླ་ནི། །ཁྱུང་ཆེན་ནོར་བུའི་ཐོར་ཚུགས་ཅན། །སྟོབས་རྩལ་ཆེ་བའི་དགྲ་བླ་བསང་། །བདག་གི་རླུང་རྟ་དར་བར་མཛོད། །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ། །ཀྱཻ། ཕྱོགས་བཞི་མཚམས་ན་གནས་པའི་ལྷ། །འབྱུང་བ་ལྔ་ཡི་ལྷ་རྣམས་བསང་།འབྱུང་ལྔའི་རླུང་རྟ་དར་བར་མཛོད། །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ། །སྤར་ཁ་བརྒྱད་ཀྱི་ལྷ་རྣམས་བསང་། །སྤར་ཁའི་རླུང་རྟ་དར་བར་མཛོད། །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ། །སྨེ་བ་དགུ་ཡི་ལྷ་རྣམས་བསང་། །སྨེ་བའི་རླུང་རྟ་དར་བར་མཛོད། །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ། །ལོ་ཟླ་ཞག་དུས་ལྷ་རྣམས་བསང་། །ལོ་ཟླའི་རླུང་རྟ་དར་བར་མཛོད། །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ། །འགོ་བའི་ལྷ་དང་སྐྱོབ་པའི་ལྷ། །ཕ་ལྷ་མ་ལྷ་ཞང་ལྷ་དང་། །ཕྲག་ལྷ་ལུས་ལྷའི་ལྷ་རྣམས་བསང་། །


CMR037_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་རླུང་རྟ་དར་བར་མཛོད། །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ། །བསྐྱེད་ཅིག་རླུང་རྟ་ཡར་ལ་བསྐྱེད། །བདག་ཅག་སྟོབས་ནུས་དབང་ཐང་བསྐྱེད། །རླུང་རྟ་རྒུད་པ་ཡར་ལ་བསྐྱེད། །ལུས་ལ་གཟི་མདངས་དཔའ་རྩལ་བསྐྱེད། །ངག་ལ་བདེན་པའི་ནུས་མཐུ་བསྐྱེད། །སེམས་ལ་བདེ་བའི་ཏིང་འཛིན་བསྐྱེད། །ནད་གདོན་ཞི་ལ་ཚེ་བསོད་འཕེལ། །སྣང་བ་དབང་སྡུས་དགྲ་བགེགས་སྒྲོལ། །ཕྱོགས་ལས་རྒྱལ་བའི་རྒྱལ་མཚན་ཕྱོར། །འདོད་པའི་དོན་ཀུན་འགྲུབ་པར་མཛོད། །རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ། །བདག་ཅག་ལྷ་ངོ་རྒྱལ་གྱུར་ཅིག །ཕ་རོལ་དགྲ་བགེགས་ཆོམ་ལ་ཕོབ། །ཚེ་བསོད་དཔལ་འབྱོར་སྲོག་ལུས་དང་། །དབང་ཐང་རླུང་རྟ་ཡར་སྐྱེད་ཅིག །ནག་ཕྱོགས་བདུད་རིགས་ཆམ་ལ་ཕོབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །སརྦ་བི་ཛ་ས་མ་ཡ། ཁྱུང་ལ་གསེར་དང་དར་སེར། སེངྒེ་ལ་དངུལ་དང་དར་དཀར་པོ། སྟག་ལ་པདྨ་རཱ་ག་དང་དར་དམར། །འབྲུག་ལ་གཡུ་དང་དར་ལྗང་ཁུ། མུ་མེན་དང་ལེ་བརྒན་དར་མཐིང་ཁ། སྙིང་པོ་ནི། གྷ་ཛ་སིང་ཧ་བེ་ཏྲི་ཁའུ་སརྦ་ཨརླ་ས་དྷ་འདུ་འདུ་ཧོཿ སྨན་ལྔ་བྱུག་གོ །རླུང་རྟ་བཞིའི་སྔགས་རྣམས་ལུས་ལ་འཆང་བའི་ཚེ་ལུས་ངག་

རླུང་རྟའི་བསང་བསྡུས་པ།


CMR037_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་རྟའི་བསང་བསྡུས་པ་ནི། ཀྱཻ། བསླུ་མེད་གཏན་གྱི་སྐྱབས་གནས་མཆོག །དཀོན་མཆོག་གསུམ་དང་ཁྱད་པར་དུ། །ཞིང་ཁམས་རྒྱ་མཚོ་རྒྱལ་བ་ཀུན། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །བསང་མཆོད་མཆོད་སྤྲིན་དམ་པ་ལས། །ཀ་ཤི་ཀ་ནི་མཆོད་ཚོགས་འབུལ། །འདིར་མཐུས་བདག་སོགས་མཁའ་མཉམ་དང་། །ཁྱད་པར་རྣལ་འབྱོར་རླུང་རྟ་དར། །སྟོབས་ཆེ་ལོངས་སྤྱོད་མངའ་ཐང་འཁོར། །དབྱར་གྱི་རྒྱ་མཚོ་འཐུང་བ་བཞིན། །གོང་ནས་གོང་དུ་རྒྱས་གྱུར་ཅིག །གནས་སྐབས་ཉེར་འཚེའི་སེམས་ལྡན་ལྷོ་པའི། །དགྲ་དང་བགེགས་ཀྱི་བར་ཆད་གནོད། །ནམ་ཡང་ཚུགས་པར་མ་གྱུར་ཅིག །སྲོག་ལུས་དབང་ཐང་རྣམས་ཀྱང་དར། །མཐུན་པའི་རྐྱེན་རྣམས་ཚང་བར་མཛོད། །སྟག་སེང་ཁྱུང་འབྲུག་འདིར་ཡར་བསྐྱེད། །ཀུན་འདུས་སརྦ་འདུ་འདུ་ཧོ། །རྣལ་འབྱོར་བདག་གི་རླུང་རྟ་བསྐྱེད། །ཁ་འཛིན་རྒྱབ་རྟེན་དཔུང་གཉེན་མཛོད། །མ་གཡེལ་རྟག་ཏུ་འགྲོགས་པར་མཛོད། །ཨ་རཱ་གས་སོ།།

གཅན་གཟན་ལ་སོགས་གནོད་འཚེ་མི་བྱེད་པའི་བསང་མཆོད།


CMR037_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

གཅན་གཟན་ལ་སོགས་གནོད་འཚེ་མི་བྱེད་པའི་བསང་མཆོད་བཞུགས་སོ།། ཀྱཻ། བསང་ངོ་རྩ་བརྒྱུད་བླ་མ་བསང་། །སྐྱབས་གནས་དཀོན་མཆོག་རྣམ་གསུམ་བསང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བསང་། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་བསང་། །ཡུལ་འདིའི་གཞི་བདག་གཉན་པོ་བསང་། །བདག་ལ་འགོ་བའི་ལྷ་རྣམས་བསང་། །གནོད་བྱེད་འདྲེ་གདོན་འབྱུང་པོ་བསང་། །ཁྱད་པར་བདག་ཅག་སྒོ་ཡི་ནོར། །རྟ་ཕྱུགས་ར་ལུག་བཅས་པ་ལ། །གནོད་ཅིང་འཚེ་བའི་མ་རུངས་པ། །གཅན་གཟན་གཟུགས་སུ་སྤྲུལ་བྱེད་པའི། །ཀྱི་ལོ་ལྷ་སྲིན་གདོན་བགེགས་མཐའ་འདྲེ་རྣམས། །བསང་ངོ་མཆོད་པས་ཚིམ་གྱུར་ཅིག །གནོད་འཚེའི་བསམ་པ་རྒྱུན་ཆོད་ཅིག །དཀོན་མཆོག་བཀའ་ཡི་བདེན་པ་དང་། །རྩ་གསུམ་བདེན་པའི་བྱིན་རླབས་དང་། །མཁའ་འགྲོ་ཆོས་སྐྱོང་ནུས་མཐུ་ཡིས། །འགལ་རྐྱེན་འཚེ་བ་ཀུན་ཞི་ཞིང་། །ལེགས་ཚོགས་བཀྲ་ཤིས་རྒྱས་གྱུར་ཅིག །ཅེས་ཨ་རཱ་གས་སྦྱར་བའོ།།

གློ་ཧོན་ཞི་བའི་བསང་ཕྲིན་ལས་ཀུན་འགྲུབ།


CMR037_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

གློ་ཧོན་ཞི་བའི་བསང་ཕྲིན་ལས་ཀུན་འགྲུབ་ཅེས་བྱ་བ་བཞུགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཕྱོགས་བཅུ་དུས་གསུམ་བཞུགས་པའི་བཅོམ་ལྡན་འདས། །ས་དང་ལམ་ལ་གནས་པ་འཕགས་པའི་ཚོགས། །རིག་འཛིན་རྒྱ་མཚོ་རྒྱལ་བ་ཞི་ཁྲོའི་ལྷ། །བདེ་ལྡན་ཇི་སྙེད་མཁྱེན་པའི་བདེན་སྟོབས་ཀྱིས། །བསྲུང་བྱར་གྱུར་པའི་ནོར་ཕྱུགས་ཐམས་ཅད་ལ། །ཕྱུགས་ནད་གོད་ཁའི་གནོད་པ་ཞི་གྱུར་ཅིག །སྲིད་པའི་མ་མོ་མཁའ་འགྲོ་ཐམས་ཅད་དང་། །བརྟན་མ་བཅུ་གཉིས་མགུར་ལྷ་བཅུ་གསུམ་དང་། །སྡེ་དཔོན་སུམ་ཅུ་དྲེགས་པ་བཅོ་བརྒྱད་དང། །ཁྱད་པར་ཕྱོགས་འདིར་གནས་པའི་ལྷ་འདྲེ་ཀུན། །ཨོ་རྒྱན་ཆེན་པོའི་དམ་ལ་མ་འདའ་བར། །བདག་གིས་བསྲུང་བྱར་གྱུར་པའི་ནོར་ཕྱུགས་ལ། །གློ་ཧོན་གོར་སོགས་ནོར་ནད་མ་བཏང་ཞིག །འཛམ་ལྷ་རིགས་ལྔ་ནོར་རྒྱུན་མཆེད་ལྔ་སོགས། །ནོར་ལྷ་ཀུན་གྱིས་བསྲུང་བྱའི་ནོར་ཕྱུགས་ལ། །སྲུང་ཞིང་སྐྱབས་དང་ཚེ་སྲོག་བརྟན་པར་མཛོད། །ཆོས་དབྱིངས་རྣམ་དག་རྒྱུ་འབྲས་བསླུ་མེད་དང་། །དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་སྟོབས་ཀྱིས། །བསྲུང་བྱར་གྱུར་པའི་ནོར་ཕྱུགས་ཐམས་ཅད་ལ། །ཕྱུགས་ནད་ཧོན་གྱི་


CMR037_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་ཞི་གྱུར་ཅིག །ཅེས་པ་འདི་ཨ་ཙརྱ་རཱ་ག་ཨ་སྱས་མཛད་པའོ།།

ལྷོ་ཧོན་ཞི་བསང་།


CMR037_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ། དཀོན་མཆོག་གསུམ་དང་བླ་མེད་རྩ་བ་གསུམ། །སྨན་ལྷ་མཆེད་བརྒྱད་གུ་རུ་མཚན་བརྒྱད་དང་། །དོན་ཡོད་ཞགས་པ་སྒྲོལ་མ་ཉི་ཤུ་གཅིག །ལོ་མ་གྱོན་མ་ལྷ་མོ་དཔོན་གཡོག་སོགས། །རྩ་བ་གསུམ་གྱི་ལྷ་ལ་གསོལ་བ་འདེབས། །བསྲུང་བྱར་གྱུར་པའི་ནོར་ཕྱུགས་ཐམས་ཅད་ལ། །ཕྱུགས་ནད་ཧོན་གྱི་གནོད་པ་མེད་པར་མཛོད། །ཆོས་ཉིད་གདོད་ནས་རྣམ་པར་དག་པ་ལ། །རྒྱུ་འབྲས་བསླུ་མེད་རྟེན་འབྲེལ་བསླུ་མེད་དང་། །རྒྱལ་བ་སྲས་བཅས་བདེན་པའི་མཐུ་སྟོབས་ཀྱིས། །བསྲུང་བྱར་གྱུར་པའི་ནོར་ཕྱུགས་ཐམས་ཅད་ལ། །གློ་གོར་ཧོན་གྱི་གནོད་པ་ཞི་གྱུར་ཅིག །སརྦ་གྲ་ཧཱ་རོ་ག་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཅི་མང་བཟླ། དུད་པའི་སོལ་བ་མ་དང་རེ་མ་ཏི། །སྲིད་པའི་མ་མོ་བྱེ་བ་འབུམ་ཕྲག་དང་། །དཔལ་མགོན་བདུན་ཅུ་སྡེ་དཔོན་སུམ་ཅུ་དང་། །དྲེགས་ཆེན་བཅོ་བརྒྱད་དགེ་བསྙེན་ཉི་ཤུ་གཅིག །བརྟན་མ་བཅུ་གཉིས་མགུར་ལྷ་བཅུ་།གསུམ་དང་། །ཁྱད་པར་འཛམ་གླིང་བོད་ཁམས་སྒང་གནས་པའི། །ལྷ་ཀླུ་གཞི་བདག་འདྲེ་གདོན་འབྱུང་པོའི་ཚོགས། །སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བཀའ་


CMR037_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དང་དམ་ཚིག་གཉེན་ལ་མ་འདའ་བར། །ཡུལ་ཕྱོགས་འདི་ཡི་མི་ནོར་ཐམས་ཅད་ལ། །མི་ནད་ཕྱུགས་ནད་གོད་ཡམས་མ་བཏང་ཞིག །འདིར་བྱོན་བཀའ་ཡི་གཏོར་མ་འདི་ལོངས་ལ། །ཕྱུགས་ནད་འདི་ཉིད་མྱུར་དུ་ཆད་པར་མཛོད། །མཐུ་རྩལ་ནུས་མཐུ་ཅི་འདུག་ད་ལྟའོ། །བཀའ་དང་དམ་ལ་མ་འདའ་དམ་ཚིག་ཅན། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་དཀར་གཏོར་བསང་ཁང་དུ་ཕུལ། ཞེས་ཕྱུགས་ནད་གཅོད་བྱེད་འདི་རཱ་ག་ཨ་སྱས་སྤོམ་ནི་རྡོ་རྗེའི་བྲག་ཏུ་སྦྱར་བའོ།།

ལྷོག་བསང་།


CMR037_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོག་བསང་བཞུགས། ཀྱཻ། རྩ་གསུམ་རྒྱ་མཚོ་དཀོན་མཆོག་རྣམ་པ་གསུམ། །དམ་ཅན་སྲུང་མ་རྒྱ་མཚོའི་བདེན་པ་དང་། །ཆོས་ཉིད་རྒྱུ་འབྲས་བསླུ་མེད་བདེན་པའི་མཐུས། །ཡུལ་འདིར་མི་ནོར་ཆེ་ཆུང་ཐམས་ཅད་ལ། །ལྷོག་རྒོད་སྡོང་ཟླ་སྡེ་བརྒྱད་བཅས་པ་ཡི། །གནོད་འཚེ་གདུག་རྩུབ་བསམ་སྦྱོར་ཀུན་ཞི་ཞིང་། །ཕན་བདེ་བྱང་ཆུབ་སེམས་དཔའ་འབྱུང་བར་ཤོག །ཅེས་བསང་དང་བསྒྲགས་ནས་ལྷོག་སྲུང་བསང་བསྡུས་འདི་རཱ་ག་ཨ་སྱས་མཛད་པའོ།།

ཚག་བསང་།


CMR037_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ། འབྲུ་སྣ་ཕྱེ་མར་འོ་ཞོའི་ཕུད། །བཟང་ཤིང་སྣ་ཚོགས་དུད་པའི་སྤྲིན་། །དྷུ་པེ་ཧཱུྃ་གིས་བྱིན་གྱིས་བརླབས། །གུ་རུ་རྡོ་རྗེ་གྲོ་ལོད་བསང་། །འཕགས་པ་ཡིད་བཞིན་འཁོར་ལོ་བསང་། །ས་ཡི་ལྷ་མོ་བརྟན་མ་བསང་། །དཔལ་མགོན་བདུན་ཅུ་རྩ་གཉིས་བསང་། །ཚག་པའི་གནོད་པ་ཞི་བར་མཛོད། །དྲེགས་པའི་སྡེ་དཔོན་སུམ་ཅུ་བསང། །སྔགས་བདག་དྲེགས་པ་བཅོ་བརྒྱད་བསང་། །སྔགས་བདག་ཀླུ་ཆེན་བརྒྱད་པོ་བསང་། །མཁར་ནག་རིགས་བཞིའི་ཀླུ་རྣམས་བསང་། །ལྟོ་འཕྱེ་ལ་སོགས་ས་བདག་བསང། །ཚག་པའི་གནོད་པ་མ་བཏང་ཞིག །ངོམ་རྒྱལ་མཚོ་བཀྲ་འཁོར་བཅས་བསང་། །སོ་རྒྱལ་དོན་གྲུབ་འཁོར་བཅས་བསང་། །ཁྱད་པར་ས་སྐོར་འདིར་གནས་པའི། །ས་བདག་ཀླུ་གཉན་ཐམས་ཅད་བསང་། །བསང་དང་མཆོད་པ་འདི་བཞེས་ལ། །སློབ་དཔོན་པདྨ་འབྱུང་གནས་ཀྱི། །བཀའ་དང་དམ་ལ་མ་འདའ་བར། །བསྲུང་བྱར་གྱུར་པའི་ཞིང་རྣམས་ལ། །ཚག་པའི་གནོད་པ་མ་བཏང་ཞིག །ཁྱེད་ཅག་རྣམས་ལ་སྲུང་བཅོལ་བས། །ཚག་པའི་གནོད་པ་ཐུབ་པར་སྲུངས། །ཚག་པའི་ཟ་ཁ་སྤང་ལ་སྒྱུར། །མཐུ་དང་


CMR037_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་ཅི་གདའ་ལྟ། །བཀའ་དང་དམ་ལ་མ་འདའ་བར། །བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ། །ལོ་ཆུ་ལེགས་པའི་ཁ་འཛིན་མཛོད། །འབྲུ་འཕེལ་དངོས་གྲུབ་གཡང་དུ་ལེན། །ཕྱུ་ཧཱུྃ་གཡང་ཧཱུྃ་བདེ་ལེགས་སྐྱིད་པ་ཧཱུྃ། །ཞེས་བ་དམར་སེར་ལྕི་བ་ཕྱེ་མར་འབྲུ་སྣ་ཤིང་རྩིའི་བསང་ཆུང་བྱ། འོ་ཞོའི་ཕུད་བྲན་ནོ། །མངྒ་ལཾ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་ལ་ཕྱག་འཚལ་ལོ། །ཞེས་ཇོ་རྒྱུན་བྱེད་པ་གལ་ཆེའོ། །ཁ་ལབ་ལ་ཚག་པ་བྱུང་སྐབས་ཨ་རཱ་གས་ཕུན་ཚོགས་ལ་གནང་བའོ། །ཕྱག་བྲིས་ལས་སོ།།

འབུ་སྲུང་བསང་མཆོད།


CMR037_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

འབུ་སྲུང་བསང་མཆོད་ནི། ཀྱཻ། འབྲུ་སྣ་ཕྱེ་མར་ཟས་ཕུད་དང་། །བཟང་ཤིང་བསྲེགས་པའི་དུད་སྤྲིན་འཁྲིགས། །དྷཱུ་པེ་ཧཱུྃ་གིས་བྱིན་བརླབས་ནས། །ལྷ་དང་སྲུང་མ་ཐམས་ཅད་བསངས། །འཕགས་པ་ཡིད་བཞིན་འཁོར་ལོ་བསང་། །གུ་རུ་རྡོ་རྗེ་གྲོ་ལོད་བསང་། །ས་ཡི་ལྷ་མོ་བརྟན་མ་བསངོ་། །མགུར་ལྷ་བརྟན་མ་དགེ་བསྙེན་བསང་། །ངོམ་རྒྱལ་མཚོ་བཀྲ་འཁོར་བཅས་བསང་། །གཏམ་རྒྱལ་དབྱི་དོ་དགེ་བསྙེན་བསང་། །དབྱི་བྲོ་ཆེ་ཆུང་འཁོར་བཅས་བསང་། །པོ་རྒྱལ་རྗེས་ཚོ་འཁོར་བཅས་བསང་། །གླང་དཀར་དགྱེ་རི་གུར་རྣ་བསང་། །དབྱིར་ཟོར་ལ་སོགས་ཡུལ་འདི་ཡི། །ས་བདག་ཀླུ་གཉན་ཐམས་ཅད་བསང་། །བསང་དང་མཆོད་པ་འདི་བཞེས་ལ། །བསྲུང་བྱར་གྱུར་པའི་ཞིང་རྣམས་ལ། །ཚག་པའི་གནོད་པ་མ་བཏང་ཞིག །ཚག་པའི་ཟ་ཁ་འཐུང་ཁ་ནི། །སྤང་ལྗོངས་མེ་ཏོག་རྣམས་ལ་སྒྱུར། །ལོ་ལེགས་འབྲུ་རྣམས་འཕེལ་བ་ཡི། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །ཞིང་གི་ལོ་ཐོག་འདི་རྣམས་ལ། །ཚག་པའི་གནོད་པ་ཐུབ་པར་སྲུངས། །ལྷ་སྲིན་ཡུལ་ལྷ་ཁྱེད་རྣམས་ལ། །མཐུ་རྩལ་ནུས་པ་ཅི་གདའ་བལྟ། །བཅོལ་བའི་

སྦྲ་བསང་ཡིད་བཞིན་ནོར་བུ་དང་ཕྱེ་མར་བསྐུ་ཐབས།


CMR037_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲ་བསང་ཡིད་བཞིན་ནོར་བུ་བཞུགས་སོ།། ཀྱཻ། དེ་རིང་སྐྱིད་ཀྱི་ཉི་མ་ལ། །ཡ་མཚན་ཅན་གྱི་གཡུ་སྦྲ་འདི། །རྒྱུ་ནི་བྱང་གི་འབྲོང་བུ་ལ། །ར་རྒྱལ་གཡག་དང་ངུར་མ་འབྲི། །དེ་ཡི་སྤུ་རྩིད་དག་ལས་བྱས། །ཤེས་རིག་གསལ་བའི་བཟོ་བོ་ཡིས། །མ་ཡོ་གྲུ་བཞི་ལེགས་པར་བྱས། །ཙནྡན་ཤིང་གི་གུང་ཤིང་ལ། །ལྷ་ཤིང་དྲང་བས་ཀ་བ་བྱས། །ཆོན་ཐག་གཡུ་མཐིང་སྔོན་པོ་ལ། །སྲ་ཤིང་དག་གི་ཕུར་པ་བྱས། །ཀྱཻ། བླ་མ་ཡི་དམ་རིག་འཛིན་གྱིས། །གཡུ་སྦྲ་འདི་ལ་དབང་བསྐུར་ཅིག །མཁའ་འགྲོ་ཆོས་སྐྱོང་དཔལ་མགོན་གྱིས། །གཡུ་སྦྲ་འདི་ལ་བྱིན་ཕོབ་ཅིག །ཁྱད་པར་དགྲ་བླ་ཝེར་མ་འདིས་། །གཡུ་སྦྲ་འདི་ལ་མངའ་གསོལ་ཅིག །ཅང་ཤེས་ཤུག་མགོན་ཕོ་ལྷ་འདིས། །གཡུ་སྦྲ་འདི་ལ་སྲུང་ཚུགས་ཤིག །ཁྱིམ་ལྷ་ཐབ་ལྷ་ཕུག་ལྷ་འདིས། །གཡུ་སྦྲ་འདི་ལ་ཁ་འཛིན་མཛོད། །མ་ལྷ་ཞང་ལྷ་ཡུལ་ལྷ་འདིས། །གཡུ་སྦྲ་འདི་ལ་རྒྱབ་རྟེན་མཛོད། །ཕྱ་ལྷ་གཡང་ལྷ་ཟས་ལྷ་འདིས། །གཡུ་སྦྲ་འདི་ལ་གཡང་སྐྱིལ་ཅིག །མི་སོགས་ཀྱིས་སྨོན་ལམ་བཏབ། །འབྲུ་སྣ་དང་མེ་ཏོག་འཐོར་ལ་འདི་སྐད་དོ།། ཀྱཻ། རི་བོ་སྦྲ་ཡི་ཡ་ལོག་འདི། །བླ་མ་


CMR037_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཆེན་བཞུགས་པའི་ས། །བྱིན་རླབས་བཀའ་གསལ་འབྱུང་བར་ཤོག །རི་བོ་སྦྲ་ཡི་གོང་དཀྱིལ་ན། །གཉེན་དང་ཕ་ཁུ་འཛོམ་པའི་ས། །དགའ་བྲོ་སྐྱིད་གླུ་བྱེད་པར་ཤོག །རི་བོ་སྦྲ་ཡི་མ་ལོག་འདི། །མ་སྲུ་སྨན་ཤར་འཛོམ་པའི་ས། །བཟའ་བཏུང་ཕུན་སུམ་ཚོགས་པར་ཤོག །རི་བོ་སྦྲ་ཡི་སྒོ་འགྲམ་ན། །དོམ་དྲེད་འདྲ་བའི་སྒོ་ཁྱི་ཡིས། །དགྲ་རྐུན་གོད་འདྲེ་ཁོག་པར་ཤོག །རི་བོ་སྦྲ་ཡི་གཡས་ཕྱོགས་ན། །བཙས་པོའི་བུ་ཁྱིམ་ཕོག་པ་ལ། །ཕ་ཕྱུག་བུ་ཕྲུག་འཛོམ་པར་ཤོག །རི་བོ་སྦྲ་ཡི་གཡོན་ཕྱོགས་ན། །དཀོར་ནོར་ཕྱུགས་ཀྱི་ར་བ་ལ། །བརྒྱ་གྲངས་སྟོང་གྲངས་འཕེལ་བར་ཤོག །རྒྱུ་སྦྱོར་ཡོན་བདག་འདི་དག་ལ། །མི་གྲངས་ནས་ལས་འཕེལ་བར་ཤོག །མི་འབྲུ་གསེར་ལས་བཟང་བར་ཤོག །མི་སྲོག་བྲག་ལས་སྲ་བར་ཤོག །བུ་རྒྱུད་སྟག་ལས་དཔའ་བར་ཤོག །ཟས་ནོར་ཆུ་བོ་རྒྱ་མཚོ་ལྟར། །ལོངས་སྤྱོད་ཕུན་སུམ་ཚོགས་པར་ཤོག །བདག་དང་ཡོན་བདག་འཁོར་བཅས་ལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །འཛད་མེད་གཏེར་གྱི་དངོས་གྲུབ་སྩོལ། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ། །མགྱོགས་བྱེད་རྟ་ཡི་དངོས་


CMR037_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་སྩོལ། །འབྲུ་བཅུད་ནས་ཀྱི་དངོས་གྲུབ་སྩོལ། །རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ། །དཀར་མོ་ལུག་གི་དངོས་གྲུབ་སྩོལ། །བཀྲ་ཤིས་དར་རྒྱས་ཕུན་སུམ་ཚོགས་པར་ཤོག །ཀི་བསྲོ་ཆའོ། །ལྷ་རྒྱལ་ལོ། །ཞེས་སྦྲ་སར་བྱས་པའི་འགའ་ཡི་སྐབས། །རཱ་ག་ཨ་སྱས་སྦྱར་བའོ། །མངྒ་ལཾ།། ༈ ཕྱེ་མར་བསྐུ་ཐབས་བཞུགས་སོ། །ཕོ་ལྷ་ལ་རྟ་བཅས་རྟེན་བཙུགས། ཝེར་མ་ལ་རྟ་བཅས་རྟེན་བཙུགས། ཕྱུགས་ལྷ་ལ་རྟ་བཅས་རྟེན་བཙུགས། ཡ་དཀར་གྱི་ཀ་བར་བསྐུས། ཡ་དཀར་གྱི་བ་ཁ་མ་སྡེར། གཡུ་ཡི་སྡོང་མ་ལ་བསྐུས། གཡུ་ཡི་སྡོང་མ་སྐེད་དུ་མ་ཆག སྦྲ་རི་བོ་ལ་བསྐུས། གསེར་སྦྲ་སེར་པོ་སྲུབ་ཏུ་མ་རལ། སྒོ་བ་གཡས་ལ་བསྐུས། སྒོ་གཡས་སུ་སྟག་འགྱིང་། སྒོ་གཡོན་ལ་བསྐུས། སྒོ་བ་གཡོན་ལ་འབྲོང་འགྱིང་། སྦྲ་སྣེ་བཞི་ལ་བསྐུས། ཕྱོགས་བཞིས་དགྲ་བཞི་ཐུལ། མ་སྐྱེད་ཕྱུག་མོ་ལ་བསྐུས། ཇ་ཆང་འོ་མའི་རྒྱུན་མི་འཆད་པའི་གཡང་སྟེར། ཕྱུ་ཡི་རུ་མ་མ་སྐམ་ཞིག །གཡང་གི་རྟེན་ཕུར་མ་འཆུག་ཅིག །བཀྲ་ཤིས་པར་གྱུར་ཅིག་མངྒ་ལཾ། སརྦ་སིདྡྷི་ཕ་ལ་ཧོ། ཕྱེ་མར་སྐུ་ཐབས་རྫོགས་སོ།། །།

མནོལ་བསང་།


CMR037_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

མནོལ་བསང་བཞུགས་སོ།། ཀྱཻ། བསང་ངོ་བསང་ངོ་རྨུགས་པ་བསང་། །བསང་ངོ་བསང་ངོ་འཐིབས་པ་བསང་། །བསང་ངོ་བསང་ངོ་མནོལ་བ་བསང་། །བསང་ངོ་བསང་ངོ་ཉམས་གྲིབ་བསང་། །བསང་ངོ་བསང་ངོ་བཙོག་གྲིབ་བསང་། །བསང་ངོ་བསང་ངོ་འཁོན་གྲིབ་བསང་། །བསང་ངོ་བསང་ངོ་དམེ་གྲིབ་བསང་། །བསང་ངོ་བསང་ངོ་ཡུགས་གྲིབ་བསང་། །ཀྱཻ། གསང་སྔགས་རྨུགས་ན་ཡེ་ཤེས་ལྷ་ཚོགས་བསང་། །ཏིང་འཛིན་རྨུགས་ན་གསང་སྔགས་ལྷ་ཚོགས་བསང་། །ཉོན་མོངས་དུག་གསུམ་འཁྲུགས་ན་ཆོས་སྐུ་བསང་། །ནོར་འཁྲུལ་མཆིས་ན་རྡོ་རྗེ་སློབ་དཔོན་བསང་། །འཁྲུལ་སྣང་མཆིས་ན་ཞི་ཁྲོའི་ལྷ་ཚོགས་བསང་། །མཚན་མོ་འཁྲུག་ན་མ་མོ་མཁའ་འགྲོ་བསང་། །ལོག་རྟོགས་མཆིས་ན་རྡོ་རྗེ་མཆེད་གྲོགས་བསང་། །འཁོན་གྲིབ་མཆིས་ན་ཡུལ་ལྷ་གཉེན་པོ་བསང་། །དྲི་མ་ཕོག་ན་ཕྲག་ལྷ་གཉེན་པོ་བསང་། །དུ་བ་གནམ་ལ་སོང་བ་ཡི། །ནམ་མཁའ་གང་བའི་ལྷ་རྣམས་བསང་། །ལྷ་ལ་གྲིབ་ཀྱིས་ཕོག་པ་ཀུན། །དེ་རིང་ཉིད་ནས་སངས་གྱུར་ཅིག །མེ་སྟག་བར་སྣང་འཕྲོས་པ་ཡིས། །བར་སྣང་གང་བའི་གཉན་རྣམས་


CMR037_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བསང། །གཉན་ལ་གྲིབ་ཀྱིས་ཕོག་པ་ཀུན། །དེ་རིང་ཉིད་ནས་སོངས་གྱུར་ཅིག །མེ་ལྕེ་ས་ལ་འཁྱིལ་བ་ཡིས། །ས་གཞི་གང་བའི་ཀླུ་རྣམས་བསང་། །ཀླུ་ལ་གྲིབ་ཀྱིས་ཕོག་པ་ཀུན། །དེ་རིང་ཉིད་ནས་སངས་གྱུར་ཅིག །ཀྱཻ། ལྷ་སྲུང་གཉེན་པོ་འཁོར་བཅས་ཀུན། །འབག་བཙོག་གྲིབ་ཀྱིས་ཕོག་པ་དང་། །ཐབ་དང་གཞོབ་ཀྱིས་ཕོག་པ་བསང། །དམེ་གྲིབ་ཡུགས་གྲིབ་དམ་གྲིབ་བསང་། །བྱད་གཏད་ངན་སྔགས་གནོད་པ་བསང་། །ལྷ་དང་མི་རུ་བྱེ་བ་བསང་། །འགོང་པོའི་གྲིབ་གནོན་གྲིབ་གདོན་བསང་། །རྩ་བ་ཡན་ལག་ཉམས་ཆག་དང་། །དམ་ཚིག་ཉམས་པའི་གྲིབ་ཀུན་བསང་། །དེ་ལྟར་ལྷ་སྲུང་འཁོར་བཅས་ཀུན། །རྨུགས་པ་སངས་བས་ཁམས་བདེའོ། །འཐིབས་པ་གསལ་བས་ཉམས་དགའ་འོ། །བསང་གིས་མི་བསང་གང་ཡང་མེད། །ཁྲུས་ཀྱིས་མི་དག་གང་ཡང་མེད། །བདག་དང་རྒྱུ་སྦྱོར་ཡོན་བདག་ཀུན། །འདོད་པའི་དོན་ཀུན་འགྲུབ་པ་ཡི། །དངོས་གྲུབ་མ་ལུས་བསྩལ་དུ་གསོལ། །ཅེས་ལྷ་སྲུང་ཡུལ་ལྷ་གཞི་བདག་ཀུན། མནོལ་བ་བསང་བའི་བསང་མཆོད་འདི། རཱ་ག་ཨ་སྱས་སྦྱར་བ་ལ། ཉེས་འགལ་མཆིས་ན་མཁྱེན་ལྡན་མཁས་པས་བརྩོན་པར་གྱིས་ཤིག །

མནོལ་བསང་བསྡུས་པ།


CMR037_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

མནོལ་བསང་བསྡུས་པ་བཞུགས་སོ།། ཀྱཻ། ཁྱད་པར་མི་གཙང་བུད་མེད་བང་དམེ་མནོལ། །སྟེང་འོག་བར་གསུམ་ལྷ་ཀླུ་གཉན་ལ་སོགས། །ཕུག་ལྷ་སྒོ་ནོར་ཁྱིམ་ལྷ་ཁྱིམ་བདག་དང་། །ལུས་ངག་ཡིད་གསུམ་ཕྲག་ལྷ་དགྲ་བླ་དང་། །མནོལ་འཐིབས་མི་གཙང་དྲི་མ་མ་ལུས་པ། །རྩི་ཤིང་དྲི་བཟང་དྲི་གསུར་སྣ་ཚོགས་དང་། །ཕྱི་ནང་གསང་གསུམ་འདོད་ཡོན་དཔག་མེད་ཀྱིས། །མི་གཙང་མནོལ་འཐིབས་དྲི་མ་སེལ་གྱུར་ཅིག །ལུས་ལྷ་མནོལ་ན་ལྷན་སྐྱེས་ལྷ་རྣམས་བསང་། །ངག་མནོལ་གསུང་སྙན་གྲག་སྟོང་ལྷ་རྣམས་བསང་། །ཡིད་མནོལ་དྲན་བྱེད་གསལ་སྟོང་ལྷ་རྣམས་བསང་། །ཡན་ལག་མནོལ་ན་ཞང་ལྷ་གཉེན་པོ་བསང་། །མི་གཙང་མནོལ་འཐིབས་དྲི་མ་སེལ་གྱུར་ཅིག །ཅེས་ཨ་རཱ་གས་འཕྲལ་དུ་བྲིས་པའོ།། །།

གྲིབ་བསང་ཉུང་བསྡུས།


CMR037_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

གྲིབ་བསང་ཉུང་བསྡུས་བཞུགས་སོ།། ཀྱཻ། དེ་རིང་དམ་གྲིབ་ཐམས་ཅད་བསང་། །དེ་རིང་ནད་གྲིབ་ཐམས་ཅད་བསང་། །དེ་རིང་བཙོག་གྲིབ་ཐམས་ཅད་བསང་། །དེ་རིང་མཛེ་གྲིབ་ཐམས་ཅད་བསང་། །དེ་རིང་གདོན་གྲིབ་ཐམས་ཅད་བསང་། །དེ་རིང་ཡུགས་གྲིབ་ཐམས་ཅད་བསང་། །དེ་རིང་གོས་གྲིབ་ཐམས་ཅད་བསང་། །དེ་རིང་བྷཟས་གྲིབ་ཐམས་ཅད་བསང་། །དེ་རིང་ཉམས་གྲིབ་ཐམས་ཅད་བསང་། །གཤིན་པོའི་རོ་གྲིབ་ཕོག་པ་བསང་། །གསོན་པོའི་བང་གྲིབ་ཕོག་པ་བསང་། །མི་གཙང་ཉམས་གྲིབ་ཕོག་པ་བསང་། །བནྡྷེའི་བྱད་ཁ་ཕོག་པ་བསང་། །བོན་པོའི་ཕུར་ཁ་ཕོག་པ་བསང་། །ལྷ་འཁོན་མི་ལ་ཕོག་པ་བསང་། །མི་འཁོན་ལྷ་ལ་ཕོག་པ་བསང་། །དཀར་ཐབ་དམར་ཐབ་ཕོག་པ་བསང་། །ལྷ་སྲུང་གཉན་པོ་ཁྱེད་རྣམས་ཀྱིས། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བར་དུ་གཅོད་པའི་དགྲ་བགེགས་ཐུལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་རཱ་གས་བྲིས་པའོ། །སརྦ་མངྒ་ལཾ། །དགེའོ།། །།

ཁམས་གསུམ་དབང་སྡུད་ཀྱི་བསང་མཆོད་བྱིན་རླབས་དངོས་གྲུབ་གཟི་འབར།


CMR037_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་དབང་སྡུད་ཀྱི་བསང་མཆོད་བྱིན་རླབས་དངོས་གྲུབ་གཟི་འབར་བཞུགས་སོ།།


CMR037_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་ཝ་ཀི་ནཱི་ཡེ་པཱ་ཤཾ་སིདྡྷི་ཧོཿ འདིར་རྣལ་འབྱོར་པ་གང་ཞིག་གིས་བླ་མའི་ཕྲིན་ལས་སྒྲུབ་པ་དང་། བསྟན་པའི་ཞབས་འདེགས་བདག་གི་བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་སྤེལ་ཞིང་། སྦྱིན་བདག་ཚོགས་གཉིས་རྫོགས་པ་དང་། སྐྱེ་འགྲོ་རྣམས་སྣང་བ་ཆོས་ལ་འགྱུར་བའི་ཆེད་དུ། ཁམས་གསུམ་དབང་སྡུད་བསང་མཆོད་བྱ་བར་འདོད་པས་མན་ངག་ལྟར་གྱི་བསང་རྫ་ས་དབང་གི་རིལ་བུ་དང་སྦྱར་བའི་ཞིབ་མར་དྲི་བཟང་པོའི་ཞུགས་སུ་བསྲེགས། ལྷ་སྔགས་ཏིང་འཛིན་རྩེ་གཅིག་པའི་ངང་ནས་དབྱངས་སྙན་པོས་འདི་སྐད་དོ།། ན་མོ། པད་འབྱུང་སེང་གདོང་འཛམ་དམར་རིག་བྱེད་དམར། །བདག་སོགས་སྐྱབས་མཆི་བྱང་ཆུབ་སེམས་བསྐྱེད་དོ། །རང་ཉིད་སེང་གདོང་


CMR037_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

དམར་མོ་ལྕགས་ཀྱུ་འཛིན། །སྤྱི་བོར་པདྨ་ཐོད་ཕྲེང་སྐུ་མདོག་དམར། །གསང་བར་ལྷ་ཆེན་དབང་ཕྱུག་ཡབ་ཡུམ་དམར། །སྙིང་ཁར་པཾ་ལ་རིག་སྔགས་གཡོན་དུ་འཁོར། །ཡེ་ནས་དམ་ཡེ་དབྱེར་མེད་ངོ་བོར་གསལ། །དྷི་ལས་དུ་བ་རྡོ་རྗེ་བདུག་སྤོས་མ། །ཁྲུས་བུམ་སྤོས་སྤྲིན་ནམ་མཁའི་མཛོད་འཛིན་མ། །དུད་པས་སངས་རྒྱས་ཞིང་ཀུན་ཁྱབ་པར་བསམ། །ཐུགས་ཀའི་ས་བོན་འོད་ཀྱིས་བསང་མགྲོན་རྣམས། །མདུན་གྱི་ནམ་མཁར་སྤྱན་དྲངས་བཞུགས་པར་གྱུར། །བཛྲ་ས་དྷུ་བྷུ་པེ་ཧཱུྃ། ཀྱཻ། ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྐུ་མདོག་དམར། །འཇམ་


CMR037_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་དམར་པོ་དབྱངས་ཅན་དམར་མོ་དང་། །རྡོ་རྗེ་ཕག་མོ་མཁའ་འགྲོ་སེང་གདོང་མ། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁམས་གསུམ་དབང་དུ་སྡུད་པའི་དངོས་གྲུབ་སྩོལ། །དཔའ་བོ་རྟ་མགྲིན་ཡེ་ཤེས་འཇིག་རྟེན་གྱི། །དཔའ་བོ་མཁའ་འགྲོ་ཤུགས་འགྲོ་འཁོར་བཅས་ལ། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁམས་གསུམ་དབང་དུ་སྡུད་པའི་དངོས་གྲུབ་སྩོལ། །རྣམ་སྲས་མདུང་དམར་ཡབ་ཡུམ་འཁོར་དང་བཅས། །མ་ནིང་གསུང་མགོན་ཁམས་གསུམ་དབང་སྡུད་ལ། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁམས་གསུམ་དབང་དུ་སྡུད་པའི་དངོས་གྲུབ་སྩོལ། །སྨུག་འཛིན་དམར་པོ་ཀུ་རུ་ཀུལླེ་མ། །ཚོགས་བདག་དམར་པོ་སྤྲུལ་པ་སྤྲེལ་གདོང་ལ། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁམས་གསུམ་དབང་དུ་སྡུད་པའི་དངོས་གྲུབ་སྩོལ། །ཁམས་གསུམ་དབང་སྡུད་དབང་ཕྱུག་རླུང་ཞགས་ཅན། །དེ་ཡི་ཡུམ་གཅིག་ལྷོ་མོ་ཨུ་མ་ལ། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁམས་གསུམ་དབང་དུ་སྡུད་པའི་དངོས་གྲུབ་སྩོལ། །ལྷ་ཀླུ་མི་དང་སྐྱེས་པ་བུད་མེད་སོགས། །ཐམས་ཅད་མ་


CMR037_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དབང་དུ་འདུ་བར་མཛོད། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསངས། །ཁམས་གསུམ་དབང་དུ་སྡུད་པའི་དངོས་གྲུབ་སྩོལ། །ལྷ་མོ་སྐུལ་བྱེད་མ་དང་ལག་བསྒུལ་མ། །ཟས་སྦྱིན་ནོར་དབྱིག་དབྱུག་གུ་མཆེད་གསུམ་ལ། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསངས། །ཁམས་གསུམ་དབང་དུ་སྡུད་པའི་དངོས་གྲུབ་སྩོལ། །ཟས་ནོར་དབྱིག་དང་གསེར་དངུལ་རྟ་གླང་སོགས། །མོས་པ་རྣམས་བཞི་དབང་དུ་སྡུད་པར་མཛོད། །དམ་ཅན་རྡོ་ལེགས་ཨ་ཇོ་ཆེན་པོ་དང་། །མཆེད་འཁོར་སུམ་བརྒྱ་དྲུག་ཅུ་འཁོར་བཅས་ལ། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསངས། །ཁམས་གསུམ་དབང་དུ་སྡུད་པའི་དངོས་གྲུབ་སྩོལ། །མི་སྙིང་མི་ལག་བསྒུལ་བསྐུལ་མི་འགྲམ་ཁྱོག །མི་སེམས་བསླུས་བསླུས་འདོད་དགུ་དབང་དུ་སྡུས། །དགྲ་བླ་པེ་ཧར་མཆེད་ལྔ་སྤྲུལ་པ་ལྔ། །ཡབ་ཡུམ་ནང་བློན་བྲན་འཁོར་ཕོ་ཉའི་ཚོགས། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསངས། །ཁམས་གསུམ་དབང་དུ་སྡུད་པའི་དངོས་གྲུབ་སྩོལ། །ཁམས་གསུམ་སྐྱེ་འགྲོ་སྐྱེས་པ་བུད་མེད་སོགས། །མོས་པ་རྣམ་བཞིས་དབང་དུ་སྡུད་པ་དང་། །དཀོར་


CMR037_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་འདོད་དགུ་ཆར་བཞིན་འབེབས་པར་མཛོད། །རྨ་རྒྱལ་སྤོམ་ར་སྐུ་རྒྱལ་ངོམ་རྒྱལ་དང་། །སྐྱོགས་ཆེན་གདོང་ར་འབྲི་རྒྱལ་གོ་རྒྱལ་དང་། །ཐང་ལྷ་རྡོ་ཐི་གངས་དཀར་ལ་སོགས་པ། །འཛམ་གླིང་ཡུལ་ལྷ་གཞི་བདག་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁམས་གསུམ་དབང་དུ་སྡུད་པའི་དངོས་གྲུབ་སྩོལ། །ཁྱད་པར་ཡུལ་ཕྱོགས་འདི་ལ་གནས་པ་ཡི། །ཡུལ་ལྷ་སོ་སོའི་མཚན་སྦྱར། ལྷ་ཀླུ་ས་བདག་དགེ་བསྙེན་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསང་། །ཁམས་གསུམ་དབང་དུ་སྡུད་པའི་དངོས་གྲུབ་སྩོལ། །ཡུལ་འདིར་འཁོད་པའི་བླ་མ་རྒྱལ་བློན་འབངས། །སྐྱེས་པ་བུད་མེད་སེར་སྐྱ་ལྷ་འདྲེ་རྣམས། །བདག་གིས་དབང་དུ་སྡུད་པའི་སྡོང་གྲོགས་མཛོད། །ཁྱེད་རྣམས་བསང་ཞིང་མཆོད་པའི་བྱིན་རླབས་ཀྱིས། །བླ་མ་རྒྱལ་བློན་སྐྱེས་པ་བུད་མེད་སོགས། །རྟ་གླང་གསེར་དངུལ་ཟས་གོས་རྒྱན་ཡོ་བྱད། །རིན་ཆེན་ཇ་དར་སྣམ་རས་འབྲུ་མར་སོགས། །ཁྱད་པར་དམིགས་པར་བྱ་བའི་དངོས་པོ་རྣམས། །སྐད་ཅིག་ཙམ་གྱིས་དབང་དུ་འདུ་བ་དང་། །སྙིང་ལག་བསྒུལ་ཞིང་ལུས་སེམས་རབ་ཏུ་གཡོས། །བརྩེ་


CMR037_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་གུས་སོགས་འབྲལ་མི་ཕོད་པ་རུ། །མྱུར་བ་ཉིད་དུ་དབང་དུ་བསྡུས་ནས་ཀྱང་། །བླ་མེད་སངས་རྒྱས་ས་ལ་འགོད་ནུས་མཛོད། །ན་མོ་བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དབང་གི་ལྷ་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་ནི་མ་ལུས་པ། །ཐོགས་པ་མེད་པར་འབྱུང་བར་ཤོག །ཅེས་བསང་ཡིག་དགོས་འདོད་ཀུན་འབྱུང་འདི། དགོས་འདོད་ནོར་བུ་སྐོར་གསུམ་དང་། གྲྭ་པ་མངོན་ཤེས་ཅན་གྱི་སྨུག་འཛིན་སྒྲུབ་ཐབས་དང་།རཏྣ་གླིང་པའི་མདུང་དམར་ཅན་དང་།དབང་གི་རིགས་དང་ཆོས་སྐྱོང་དགྲ་བླ་ཐམས་ཅད་ཀྱི་བསང་བསྡུས་ཏེ། རང་གི་བུ་སློབ་འགའ་འབུལ་སྡུད་ལ་འགྲོ་སྐབས་སུ་༧ ཀརྨ་ཨ་རཱ་གས་སྦྱར་བའོ། །སརྦ་མངྒ་ལཾ། །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

བསང་གཞུང་ཚར་ནས་མཆོད་པ།


CMR037_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བསང་གཞུང་ཚར་ནས་མཆོད་པ་བྱས་ལ། འོ་བསང་ངོ་མཆོད་དོ། །སྟོང་གསུམ་སྟོང་གི་གཞི་བདག །གླིང་བཞི་གླིང་ཕྲན་ལ་གནས་པའི་གཞི་བདག །གནམ་ས་བར་སྣང་ལ་གནས་པའི་གཞི་བདག །སྲིད་པ་ཆགས་པའི་ལྷ་རྒན་དགུ། བསྟན་པའི་ལྷ་ལྔ། སངས་རྒྱས་ཆོས་ཀྱི་སྲུང་མ། གཡུང་དྲུང་བོན་གྱི་ལྷ་གསས། སྐྱེས་པ་ཕོ་ཡི་ཡི་དགྲ་བླ། ཟ་མ་མོའི་ལོ་དཔལ། བྱིས་ཆུང་གི་ལེའུ། རྟ་ལྷ་དང་ནོར་ལྷ། ཁྱིམ་ལྷ་དང་ཞིང་ལྷ། དགྲ་བླ་སུམ་བརྒྱ་དྲུག་ཅུ། ཁས་དྲག་སུམ་བརྒྱ་དྲུག་ཅུ། སྤྱན་ནོ་སུམ་བརྒྱ་དྲུག་ཅུ། རྫིའུ་སུམ་བརྒྱ་དྲུག་ཅུ། དགེ་བསྙེན་ཉི་ཤུ་རྩ་གཅིག བོད་ཀྱི་མགུར་ལྷ་བཅུ་གསུམ། བོད་ཁམས་བརྟན་མ་བཅུ་གཉིས། བོད་ཁམས་སྐྱོང་མ་བཅུ་གཉིས། བོད་ཁམས་ཡ་མ་བཅུ་གཉིས། ཕྱོགས་བཞིའི་གཉན་ཆེན་སྡེ་བཞི། གཉན་ཕྲན་བཞི་བཅུ་རྩ་གཉིས། གངས་གཉན་དུང་གི་སེངྒེ། མཚོ་གཉན་གསེར་གྱི་ཉ་མོ། བྲག་གཉན་གསེར་གྱི་སྤྲེའུ། ཤིང་གཉན་གཟིག་གི་འོད་ཟེར། གཉན་ཟ་དཀར་མོ་ཐོག་ཐོག །ཤར་གྱི་རྨ་ཆེན་སྤོམ་ར། རྨ་རིགས་སུམ་བརྒྱ་དྲུག་ཅུ། ལྷོའི་འཛམ་བུ་གླིང་ཆུང་། ཀླུ་འཁོར་སུམ་བརྒྱ་དྲུག་


CMR037_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཅུ། །ནུབ་ཀྱི་གཉན་ཆེན་ཐང་ལྷ། ལྷ་འཁོར་སུམ་བརྒྱ་དྲུག་ཅུ། བྱང་གི་ལྷ་བཙུན་བུ་ལེ། བཙན་འཁོར་སུམ་བརྒྱ་དྲུག་ཅུ། གཉན་ཆེན་ཨ་བོ་གེར་མཛོད། གེར་མཛོ་།སུམ་བརྒྱ་དྲུག་ཅུ། བཙན་རྗེ་སྐུ་རྒྱལ་ཤེ་ནེ། བཙན་འཁོར་སུམ་བརྒྱ་དྲུག་ཅུ། སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ། འཁོར་དང་ཡང་འཁོར་བཅས་པ། ཕྱི་འཁོར་སུམ་བརྒྱ་དྲུག་ཅུ། ཡང་འཁོར་གཉན་ཆེན་སྟོང་ཕྲག །སྐྱེས་བུ་གཏམ་རྒྱལ་མདོ་ཟོ། དགེ་བསྙེན་དབྱི་དོ་མཚོ་ནག །ཁྱད་པར་དུ་ཡང་ངོམ་དུ་རུང་བའི་ཡུལ་ལྗོངས་ཆེན་པོ་འདིར་གནས་པའི་གཞི་བདག །ཕུའི་རྒྱལ་ཆེན་བཅོ་བརྒྱད། མདའི་མཚོ་ནག་སྤུན་གསུམ། བར་གྱི་གོང་བུ་དགུ་སྦྲེལ། དཀར་པོ་ལྷའི་སྡེ་ཚོགས། སེར་པོ་གཉན་གྱི་སྡེ་ཚོགས། དམར་པོ་བཙན་གྱི་སྡེ་ཚོགས། སྨུག་པོ་དམུའི་སྡེ་ཚོགས། སྔོན་པོ་ཀླུའི་སྡེ་ཚོགས། ལྗང་ཁུ་ས་བདག་གི་སྡེ་ཚོགས། ནག་པོ་བདུད་ཀྱི་སྡེ་ཚོགས། །ཕ་རི་གཡས་ལ་གནས་པ། ཚུར་རི་གཡོན་ལ་གནས་པ། མདུན་རི་རྒྱབ་རི་ལ་གནས་པ། མཚེར་ས་བྲང་ཁང་ལ་གནས་པ། ཅི་རེ་ལྟ་བ། ཀྲོག་གེ་ཉན་པ། ཆ་ལ་དགའ་བ།། དར་ལ་འདུ་བ། ཀི་ལ་དགའ་བ། བསྲོ་ལ་དགྱེས་པའི་གཞི་བདག །ལྷ་ཀླུ་མཐུ་བོ་ཆེ་ཐམས་ཅད་བསང་


CMR037_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་། །བཟང་ཤིང་སྣ་ཚོགས་ཀྱིས་དུད་པས། རྨུགས་པ་ཡོད་ན་བསང་ངོ་། །ཆད་པ་ཡོད་ན་མཐུད་དོ། །ན་བ་ཡོད་ན་གསོའོ། །འཁོན་པ་ཡོད་ན་བསྡུམ་མོ། །འགྲས་པ་ཡོད་ན་སྦྱང་ངོ་། །ཁྱེད་རྣམས་ལ་མཆོད་པ་འབུལ་བ་ནི། ཕྱེ་མར་གངས་རི་སྤུང་འདྲས་མཆོད་དོ། །དཀར་གསུམ་འོ་ཞོའི་རྒྱ་མཚོས་མཆོད་དོ། །ཇ་ཆང་བདུད་རྩིས་མཆོད་དོ། །འབྲུ་སྨན་ཤིང་ཐོག་སྣ་ཚོགས་མཆོད་དོ། །རིན་ཆེན་དར་ཚོན་སྣ་ཚོགས་མཆོད་དོ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ་ལོ། །དེ་ལྟར་བསང་དང་-་མཆོད་པ་ཕུལ་བས། ཁྱེད་རྣམས་མཉེས་ཤིང་ཚིམ། དགའ་ཞིང་མགུ་ནས་སྤྱིར་ཆར་ཆུ་དུས་སུ་འབེབས་པ་དང་། ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། མི་ནད་ཕྱུགས་ནད་མེད་པ་དང། དུས་ཀྱི་འཁྲུག་པ་ཐམས་ཅད་ཞི་བར་མཛོད་ཅིག །ཁྱད་པར་དུ་བདག་ཅག་ཡོན་མཆོད་མི་ནོར་འཁོར་དང་བཅས་པ། བཟུང་བ་ཡོད་ན་ཐོངས། བཅིངས་པ་ཡོད་ན་ཁྲོལ། བསྡམ་པ་ཡོད་ན་སློད། མི་ལ་ན་ཚ་མ་བཏང་། ཕྱུགས་ལ་གོད་ཁ་མ་བཏང་། བསམ་པ་ལ་བར་ཆད་མ་བཏང་། ཕྱི་དགྲ་ནང་དུ་མ་བཏང་། ལྷས་གཉའ་ནས་ཇག་


CMR037_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་བཏང་། ལྷས་འོག་ནས་རྐུན་མ་མ་བཏང་། རྦབ་གཡང་དང་གཅན་སྤྱང་མ་བཏང་། ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེ་གྱིས། ཁ་འཛིན་དང་རྒྱབ་རྟེན་མཛོད། ཆོས་དང་མཐུན་པའི་བསམ་པ་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་གཉེན་པོ་མཛོད་ཅིག །དེ་ནས་ཁ་འཛིན་ཁུ་ཡེ་གྱེར། ཅེས་ཨ་་མཆོད་གཟུངས་སྐྱབས་ཀྱིས་བསྐུལ་ནས། དགེ་སློང་ཨ་རཱ་གས་བྲིས་པའོ།། །།

དགྲ་བླ་བཅུ་གསུམ་གྱི་བསང་ཤིན་ཏུ་བསྡུས་པ།


CMR037_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བླ་བཅུ་གསུམ་གྱི་བསང་ཤིན་ཏུ་བསྡུས་པ་བཞུགས་སོ།། བསོ། ལེགས་ལྡན་དགྲ་བླའི་དམག་ཚོགས་རྣམས། །དར་མདུང་ཕྱར་ལ་དུང་སྐད་སྒྲོག །ལྷ་དམག་མགོན་དམག་གཉན་དམག་གསུམ། །ལྷ་མགོན་དགྲ་བླ་དྲང་མཁན་དྲུག །ནོར་ལྷ་གྲོགས་ལྷ་ཟས་ལྷ་དགུ། །ཚོང་ལྷ་མགྲོན་ལྷ་ལམ་ལྷ་དང་། །སྲོག་ལྷ་དཀར་དང་བཅུ་གསུམ་སྲིད། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །དམ་ཚིག་དབང་གིས་གཤེགས་སུ་གསོལ། །རང་རང་དགྱེས་པའི་གདན་ལ་བཞུགས། །བཙན་པའི་གོ་ཁྲབ་ལུས་ལ་གྱོན། །།རྣོ་བའི་མཚོན་ཆ་ལག་ན་ཐོགས། །མགྱོགས་པའི་རྟ་ཕོ་ཆིབས་སུ་ཆིབས། །མྱུར་བར་སྡང་བའི་དགྲ་ལ་རྒྱུགས། །འཁོར་དང་བཅས་པ་ཁྱེད་རྣམས་ལ། །བདུད་རྩི་བསང་གི་མཆོད་པ་འབུལ། །ཆོས་སྐྱོང་དགྲ་བླ་ཁྱེད་རྣམས་ཀྱིས། །དགྲ་དང་ཟོན་དུ་མ་ནོར་བར། །དགྲ་ཡི་དམག་ལམ་སྟོབས་ཀྱིས་སྒྲོལ། །ཕྲག་ལྷ་བཟུང་ལ་ནོར་གཡང་ཁུག །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །དམག་ལ་འགྲོ་ན་དམག་དཔོན་མཛོད། །ཇག་ལྷ་མགྲོན་ལྷ་ཚོང་ལྷ་དང་། །ཕར་ལ་འགྲོ་ན་སྐྱེལ་མ་མཛོད། །ཟས་ལྷ་གྲོགས་ལྷ་ནོར་ལྷ་དང་། །


CMR037_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཚུར་ལ་འོང་བའི་བསུ་མ་མཛོད། །ཚེ་ལྷ་སྲོག་ལྷ་ཁྱིམ་ལྷ་དང་། །གཞི་ལ་འདུག་པའི་ཁ་འཛིན་མཛོད། །མི་ནོར་ཟས་གསུམ་འཕེལ་བར་མཛོད། །དཀར་པོ་དགེ་བའི་སྡོང་གྲོགས་མཛོད། །ཐེའུ་རང་རྐྱལ་ཁ་མ་བྱེད་ཅིག །རྨོངས་སྡུག་དབུལ་གསུམ་མེད་པར་མཛོད། །དགྲ་འདྲེ་གདོན་གསུམ་མེད་པར་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་མགོན་པོ་དགྲ་ལྷ་བཅུ་གསུམ་ཉུང་བསྡུས་འདི་ནི་ཨ་རཱ་གས་བྲིས་པའོ། །སརྦ་མངྒ་ལཾ།། །།

དགྲ་བླའི་བསང་བསྡུས།


CMR037_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བླའི་བསང་བསྡུས་ནི། ཀྱཻ། སངས་རྒྱས་དཀོན་མཆོག་གསུམ་གྱི་དགྲ་ལྷ་མཛོད། །བླ་མ་ཡི་དམ་མཁའ་འགྲོས་དགྲ་ལྷ་མཛོད། །ཆོས་སྐྱོང་དམ་ཅན་རྒྱ་མཚོས་དགྲ་ལྷ་མཛོད། །སྲིད་པའི་ཕྱུ་དམུ་མཚུན་གསུམ་དགྲ་ལྷ་མཛོད། །བྱེས་ལྷ་ཡུལ་ལྷ་ཟོ་དོར་དགྲ་ལྷ་མཛོད། །དགྲ་ལྷ་བཅུ་གསུམ་ངོ་སོ་ཡར་ལ་བསྟོད། །ཀྱཻ། བླ་མ་ཡི་དམ་མཁའ་འགྲོས་ལམ་ལྷ་མཛོད། །དམ་ཅན་ཆོས་སྐྱོང་སྲུང་མས་ལམ་ལྷ་མཛོད། །བཀའ་གཏེར་སྲུང་མ་ནོར་ལྷས་ལམ་ལྷ་མཛོད། །ཕོ་ལྷ་དགྲ་ལྷ་ཡུལ་ལྷས་ལམ་ལྷ་མཛོད། །ལྷ་ཀླུ་གཞི་བདག་མགྲོན་ལྷས་ལམ་ལྷ་མཛོད། །ཕྱོགས་བཞི་མཚམས་བརྒྱད་གར་འགྲོའི་ལམ་ལྷ་མཛོད། །ཀྱཻ། དཀོན་མཆོག་རྣམ་གསུམ་ཡི་དམ་ལྷ་ཚོགས་དང་། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་ནོར་ལྷའི་ཚོགས། །ཡུལ་ལྷ་གཞི་བདག་འཁོར་བཅས་བསངས་བྱས་ནས། །རྣལ་འབྱོར་བདག་ལ་རྟག་པར་ཁ་འཛིན་མཛོད། །ཞི་རྒྱས་དབང་དྲག་ལས་ལ་ཁ་འཛིན་མཛོད། །དམག་ཇག་བྱེས་ཀྱི་མགྲོན་ལ་ཁ་འཛིན་མཛོད། །ཞིང་ཁང་ནོར་རྫས་གཞི་ལ་ཁ་འཛིན་མཛོད། །ཡོ་བྱད་སོ་ནམ་ལས་ཀྱི་ཁ་འཛིན་མཛོད། །རྒྱལ་ཁ་ཡག་ཁ་


CMR037_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའི་ཁ་འཛིན་མཛོད། །ཀྱཻ། རྐང་བཞི་ཕྱུགས་ཀྱི་གཡང་དང་རྟ་ཡི་གཡང་། །ལུག་གཡང་ནོར་གཡང་བང་མཛོད་འབྲུ་ཡི་གཡང་། །རྨ་གཡང་ཟས་གཡང་རིགས་རྒྱུད་མི་ཡི་གཡང་། །ཕྱྭ་དང་གཡང་རྣམས་ཐམས་ཅད་གཡང་དུ་ལེན། །ཕྲུ་ཁུག་གཡང་ཁུག་བདེ་ལེགས་སྐྱིད་པ་ཧཱུྃ། །ཡེ་ཤེས་ལྷ་རྣམས་ཆོས་ཀྱི་དབྱིངས་སུ་མུ། །འཇིག་རྟེན་པ་རྣམས་རང་རང་གནས་སུ་གཤེགས། །བདག་ཉིད་ལྷ་གསལ་བ་ཡང་སྟོང་པ་ཉིད། །རང་རིག་འོད་གསལ་རྗེན་པ་ཨེ་མ་ཧོ། །འཇིག་རྟེན་འཇིག་རྟེན་འདས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་བདེ་ལེགས་ཤོག །ཅེས་དགྲ་ལྷ་ལམ་ལྷ་ཁ་འཛིན་ཁུ་ཡེ་བཅས་དོན་བསྡུས་ཏེ། ཨ་རཱ་གས་སྦྱར་བའོ།། །།

གེ་སར་གྱི་བསང་མཆོད་དགྲ་བླ་དགྱེས་བྱེད་བདུད་རྩིའི་ཐིགས་པ།


CMR037_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གེ་སར་གྱི་བསང་མཆོད་དགྲ་བླ་དགྱེས་བྱེད་བདུད་རྩིའི་ཐིགས་པ་བཞུགས་སོ།། ཀྱཻ། ལྷ་ཀི་ཀི་ཀི་ལ་བསྲོ་བསྲོ་བསྲོ། །གེ་མཛོ་གཉེན་གྱི་སྤྲུལ་པ་སྟེ། །ཁྲོམ་གེ་སར་དམག་གི་སྤྲུལ་པ་ནི། །ཉི་མའི་རྨོག་ཞུ་དབུ་ལ་གསོལ། །སྐར་མི་ཁྲབ་ཆུང་ལུས་ལ་གྱོན། །ཟླ་བའི་ཕུབ་མོ་རྒྱབ་ན་ཁུར། །བདུད་གཅོད་རལ་གྲི་གཡས་ན་ཕྱར། །ཆིབས་སུ་རྐྱང་རྒོད་འཕེལ་པོ་ཆིབས། །སྟག་རལ་གཡས་ལ་གཟིག་ཤུབས་གཡོན། །གེ་སར་དམག་གི་རྒྱལ་པོ་ནི། །སྔོན་ཡང་བསང་མཆོད་ཕུལ་བ་ལྟར། །དེ་རིང་བདག་གིས་སྤྱན་འདྲེན་ནོ། །ཁྱེད་ལ་བསང་མཆོད་འབུལ་བ་ནི། །ཕྱེ་མར་ཟས་ཕུད་གསེར་སྐྱེམས་དང་། །ཤིང་བདུད་རྩི་ཅན་གྱི་དུད་པས་བསང་། །ཀྱཻ། མྱེས་པོ་གཉན་བྲག་དམར་པོ་བསང་། །སྲིང་མོ་ཀླུ་མོ་སྔོན་མོ་བསང་། །ཡང་མྱེས་པ་ཡི་ཏི་ཚེ་བསང་། །ཡུམ་ནི་ཀླུ་མོ་དཀར་མོ་བསང་། །ཕུ་བོ་དུང་ཁྱུང་དཀར་པོ་བསང་། །ནུ་བོ་ཀླུ་སྦལ་འོད་ཆེན་བསང་། །སྲིང་ལྕམ་ཐེ་རེ་འོད་འཕྲོ་བསང་། །དགྲ་བླ་ཤ་ར་གཡུ་རྩེ་བསང་། །སྐུ་ལྷ་ཁྱུང་འཛིན་ངང་སྐྱ་བསང་། །ཟོ་དོར་ལྷ་འབོད་རང་ཕུབ་བསང་། །འོག་རྟ་ཕ་བོང་དྲེལ་དཀར་བསང་། །ཕོ་ཉ་


CMR037_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

གད་པ་སྐྱ་རིང་བསང་། །ཟོ་དོར་རྒྱ་སྟག་དམར་པོ་བསང་། །རྒྱུག་རོག་སྤྱང་ཐོང་སྔོན་མོ་བསང་། །འཛིན་རོག་གླེག་མོ་མཁར་དཀར་བསང་། །བླ་ཤིང་ཤུག་གུ་ཁེར་སྐྱེ་བསང་། །བླ་ཆུ་ཆུ་མིག་ནག་རིང་བསང་། །བླ་བྲག་དཔལ་བྲག་དམར་པོ་བསང་། །གཡས་ཀྱི་བྲག་དཀར་ངང་ཡག་བསང་། །གཡོན་གྱི་བྲག་དམར་ཁྱུང་འདྲ་བསང་། །ཕ་ཞང་རྨ་རྒྱལ་སྤོམ་ར་བསང་། །མ་ཞང་འབྲི་ཆེན་རྡོ་ངུར་བསང་། །བུ་རྫི་གནམ་སྨན་དཀར་མོ་བསང་། །སྐེད་ལ་རྣོ་མཚོན་ཐོགས་པའི་དགྲ་བླ་བསང་། །ལུས་ལ་གོ་ཁྲབ་གྱོན་པའི་དགྲ་བླ་བསང། །དམག་མི་ཐུབ་པའི་དགྲ་བླ་བསང་། །ཇག་གཡག་གཙང་སེ་དམར་པོ་བསང་། །ནོར་ཐོབ་ཝེར་མའི་དམག་ཚོགས་བསང་། །རྫུ་འཕྲུལ་གེར་མཛོ་གཉན་པོ་བསང། །ཁྲོམ་གེ་སར་དམག་གི་རྒྱལ་པོ་བསང་། །གེ་མཛོ་གཉན་གྱིས་དམག་སྣ་དྲོངས། །གེ་སར་རྒྱལ་པོས་ཁ་འཛིན་མཛོད། །དམག་ལ་འགྲོ་ན་དམག་དཔོན་མཛོད། །དམག་ནི་གནང་འདོད་གནང་དང་སྤྱོད། །དམག་དཔོན་རྒྱལ་འདོད་རྒྱལ་དང་སྤྱོད། །རང་དང་དགྲ་གཉིས་དམག་འདྲེན་ན། །དགྲ་རྟ་མགྱོགས་པའི་དཔུང་པ་ཆིངས། །རང་རྟ་


CMR037_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་མའི་བང་སྣ་ཁྲིད། །རང་མཚོན་ངར་མའི་ངར་ཆུ་ལུད། །དགྲ་མཚོན་ངར་མ་རྡོ་ལ་རྒྱོབ། །བསང་ངོ་གེ་མཛོ་གཉེན་པོ་བསང་། །མཆོད་དོ་གེ་མཛོ་གཉེན་པོ་མཆོད། །ཇག་ལ་འགྲོ་ན་ཇག་དཔོན་མཛོད། །ཇག་པ་རྟ་འདེད་རྟ་དང་སྤྱོད། །བསང་ངོ་གེ་མཛོ་གཉེན་པོ་བསང་། །མཆོད་དོ་གེ་མཛོ་གཉེན་པོ་མཆོད། །ཚོང་ལ་འགྲོ་ན་ཚོང་དཔོན་མཛོད། །ཚོང་པ་ནས་འདོད་ནས་དང་སྤྱོད། །བསང་ངོ་གེ་མཛོ་གཉེན་པོ་བསང་། །མཆོད་དོ་གེ་མཇོ་གཉེན་པོ་མཆོད། །ལྷ་ཁྱོད་འབོད་ན་ཀི་དང་བསྲོ་ཡིས་འབོད། །གཡབ་ནི་མདའ་དང་དར་གྱིས་གཡབ། །བརྟེན་ནི་གོ་དང་ཕུབ་ལ་བརྟེན། །བཟུང་ནི་དཔའ་མདུང་མཚམས་རིང་བཟུང་། །ཕྱར་ནི་དར་དཀར་གོང་བ་ཕྱིར། །རྟ་དང་གཡག་གིས་དཔའ་དར་བསྐྱེད། །སྦ་དང་སྙུག་མས་སྐུ་ལུས་བརྟན། །ལྷ་ཆབ་དཀར་མོས་སྐུ་ཁྲུས་གསོལ། །ཤིང་བདུད་རྩི་ཅན་གྱི་དུད་པས་བསང་། །དཀར་གསུམ་མངར་གསུམ་ཕུད་ཀྱིས་མཆོད། །དཔའ་དར་དཀར་པོས་དགྲ་བླ་མཆོད། །བྱེས་སུ་སྐྱེས་པའི་སྲུང་མ་མཛོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །སྔོན་ནས་སུས་ལ་རྒྱབ་ནས་


CMR037_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོལ། །གོ་ལ་སྲུངས་ལ་མཚོན་ལ་སྐྱོབས། །ཡག་ལ་སྤྱོད་ལ་ཉེས་དང་ཕྱེས། །བཟང་དང་སྤྱོད་ལ་ཉེས་དང་ཕྱེས། །རྐྱེན་དང་ཕྱི་ནང་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཀི་བསྲོ་ཆའོ་ལྷ་རྒྱལ་ལོ། །གེ་མཛོ་གཉེན་གྱི་དབུ་འཕང་བསྟོད། །ཀྱཻ། ཁྱུང་ལྡིང་དབང་ཆེན་ལ་སོགས་པའི། །མཐོན་པོ་དགུང་གི་དགྲ་བླ་བསང་། །བ་གླང་གསེར་གྱི་སྣ་ཐག་ཅན། །བར་སྣང་གང་བའི་དགྲ་བླ་བསང་། །རུས་སྦལ་གསེར་གྱི་ཐིག་ལེ་ཅན། །དོང་མོ་བརྟན་པའི་དགྲ་བླ་བསང་། །ཤར་ཕྱོགས་གླིང་གི་དགྲ་བླ་བསང། །དུང་སེང་གཡུ་ཡི་རལ་པ་ཅན། །དཔའ་རྩལ་ཅན་གྱི་དགྲ་བླ་བསང་། །ལྷོ་ཕྱོགས་གླིང་གི་དགྲ་བླ་བསང་། །གཡུ་འབྲུག་ཟངས་ཀྱི་བྱེ་བ་ཅན། །སྐད་སྙན་ཐོས་པའི་དགྲ་བླ་བསང་། །ནུབ་ཕྱོགས་གླིང་གི་དགྲ་བློ་བསང་། །བ་གླང་གསེར་གྱི་སྣ་ཐག་ཅན། །བར་སྣང་གང་བའི་ས་བདག་བསང་། །བྱང་ཕྱོགས་གླིང་གི་དགྲ་བླ་བསང་། །བྱ་རོག་གཡུ་ཡི་སྐེ་ཚར་ཅན། །ངོ་མཚར་ཅན་གྱི་དགྲ་བླ་བསང་། །རྒྱ་སྟག་དམར་པོ་མཚལ་གྱི་རི་མོ་ཅན། །དཔའ་ཡང་རྩལ་ཅན་གྱི་དགྲ་བླ་བསང་། །རྟ་ཕོ་མགྱོགས་པའི་


CMR037_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བླ་བསང་། །མདའ་ཉག་ཕྲན་སྐྱེན་པའི་དགྲ་བླ་བསང་། །ཁ་ཕོ་ཆེ་བའི་དགྲ་བླ་བསང་། །རླུང་ཁ་ལེན་པའི་དགྲ་བླ་བསང་། །ཁ་ཤག་ལོན་པའི་དགྲ་བླ་བསང་། །ཕོ་ལྷ་མ་རྨུགས་མ་འཐིབས་བསང་གིས་མཆོད། །དགྲ་བླ་མ་རྨུགས་མ་འཐིབས་བསང་གིས་མཆོད། །ཝེར་མ་མ་རྨུགས་མ་འཐིབས་བསང་གིས་མཆོད། །ཅང་ཤེས་མ་རྨུགས་མ་འཐིབས་བསང་གིས་མཆོད། །རྟ་ལྷ་མ་རྨུགས་མ་འཐིབས་བསང་གིས་མཆོད། །མཛོ་ལྷ་མ་རྨུགས་མ་འཐིབས་བསང་གིས་མཆོད། །འབྲི་ལྷ་མ་རྨུགས་མ་འཐིབས་བསང་གིས་མཆོད། །ལུག་ལྷ་མ་རྨུགས་མ་འཐིབས་བསང་གིས་མཆོད། །ཁྱིམ་ལྷ་མ་རྨུགས་མ་འཐིབས་བསང་གིས་མཆོད། །ཐབ་ལྷ་མ་རྨུགས་མ་འཐིབས་བསང་གིས་མཆོད། །ལྷ་ཀི་ཀི་ཀི་ལ་བསྲོ་བསྲོ་བསྲོ། །གེ་མཛོད་གཉེན་གྱི་དམག་འདྲེན་དུས། །སྡང་བའི་དགྲ་ལ་འཁྲོས་པའི་ཚེ། །ཉི་མའི་རྨོག་ཞུ་དབུ་ལ་གསོལ། །སྐར་མའི་ཁྲབ་དཀར་ལུས་ལ་གྱོན། །གཟའ་རྒོད་གདུག་པའི་མདའ་གཅིག་བཏང་། །མྱུར་མགྱོགས་རླུང་གི་རྟ་ལ་ཞོན། །རྒྱུག་རྒྱུག་རྒྱུག་ལ་དགྲ་ལ་རྒྱུག །ཆོས་ཆོས་ཆོས་ལ་དགྲ་ལ་


CMR037_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས། །དགྲ་བོ་མི་མགྱོགས་རྟ་མགྱོགས་ཀྱི། །དཔུང་པ་ཆོག་ལ་རྒྱུས་པ་ཆིངས། །ཟ་ཟི་མ་ཆུང་ཁམས་མ་ཆུང་། །དགྲ་ཡི་མར་དཀར་སྤུ་ལུ་དེ། །དེ་རིང་ཡོན་མཆོད་གར་སོང་བའི། །ཁ་དེར་མྱུར་དུ་འགྲིལ་བར་མཛོད། །སྐྱེས་བུའི་རྒྱུན་བསང་ཁུ་ཡེའི་གོང་དུ་འདོན་དགོས། དེ་ནས་ཁ་འཛིན་ཁུ་ཡེ་གཤེགས་གསོལ་གཞུང་བཞིན་བྱེད་དགོས་ཞེས་༧ ཨ་རཱ་གས་སོ། །སརྦ་མངྒ་ལཾ།། ༈ འདིའི་ལུང་རྒྱུན། ཀརྨ་བསྟན་འཛིན་ཕྲིན་ལས། འབྲོང་དཔོན་བསོད་ནམས་རབ་བརྟན། དཀོན་མཆོག་བརྟན་བཟང་། དེས་བདག་སྨུག་པོ་གདོང་གི་བརྗེ་ལའོ།།

གླིང་རྗེ་གེ་སར་རྒྱལ་པོའི་བསང་བསྡུས།


CMR037_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་རྗེ་གེ་སར་རྒྱལ་པོའི་བསང་བསྡུས་ནི། ཀྱཻ། སངས་རྒྱས་མི་གཟུགས་བྱོན་པའི་རྫུ་འཕྲུལ་ཅན། །མཐུ་རྩལ་རྨད་བྱུང་ཧོར་བདུད་ཆམ་ལ་ཕབ། །འདྲེ་སྲིན་དམ་བཏགས་བོད་ཁམས་ཆོས་ལ་སྒྱུར། །དབུ་ནག་དགྲ་ལྷ་སྐྱེས་བུ་དོན་གྲུབ་རྩལ། །བསང་མཆོད་བདག་གི་ཕོ་ལྷར་མངའ་གསོལ་ལོ། །གཞི་ལ་ཆེ་རིང་བདེ་སྐྱིད་ཕུན་སུམ་ཚོགས། །བྱེས་སུ་གང་བསམ་སྒྲུབས་ལ་རེ་བ་སྐོངས། །བསྟན་པ་མངའ་ཐང་ཕྱོགས་བཅུར་རྒྱས་པར་མཛོད། །ཅེས་པ་འདིའང་ཨ་རཱ་གས་སྦྱར་བའོ།།

དགྲ་བླའི་དཔའ་བསང་།


CMR037_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དགྲ་བླའི་དཔའ་བསང་བྱ་བ་ནི། ཕུད་རྣམས་མཆོད། ཕྱེ་མར་བསྲེགས། མདའ་གཞུ་དང་གོ་ཆ་གྱོན་ལ་བསང་ཁང་གཡས་བསྐོར་དུ། ཀྱཻ། དགྲ་བླའི་སྐུ་མཁར་རྫོང་རྩ་ན། །རྨིང་གཞི་སྲ་བ་ལྕགས་ལས་བྱས། །ལོགས་བཞི་རིན་ཆེན་གསེར་ལས་བྱས། །ཁ་བད་སྔོན་པོ་གཡུ་ལས་བྱས། །གསེར་གྱི་སྐས་ཆེན་ལྡེམས་སེ་ལྡེམ། །བྱི་རུའི་སྒོ་མོ་ཁྲིགས་སེ་ཁྲིག །སྐུ་མཁར་དེ་ཡི་མདངས་གསོལ་བ། །དགྲ་བླའི་ལྷ་ཚོགས་དེ་ནས་བྱུང་། །མཆོད་ཅིང་དགྲ་བླ་དེ་རུ་མཆོད། །སྲིད་པ་ཆགས་པའི་དགྲ་བླ་བསང་། །འབྱུང་བ་རླུང་གི་དགྲ་བླ་བསང་། །སྨོན་པ་འགྲུབ་པའི་དགྲ་བླ་བསང་། །གླིང་བཞི་དར་བའི་དགྲ་བླ་བསང་། །དཔའ་སྙིང་ཆེ་བའི་དགྲ་བླ་བསང་། །མྱུར་མགྱོགས་ཆེ་བའི་དགྲ་བླ་བསང་། །སྲིད་པའི་ལྷ་ལུང་དཀར་པོ་བསང་། །སྨོན་པའི་རྫི་ལུང་འཕྱོ་བ་དགྲ་བླ་བསང་། །འོད་ཟེར་མི་རྟ་ཆ་བརྒྱད་བསང་། །བྱེས་ཀྱི་དགྲ་བླ་སྤུན་གསུམ་བསང་། །ཕྱི་རབས་རྒྱུད་ཀྱི་དགྲ་བླ་བསང་། །སྔ་རབས་རྒྱུད་ཀྱི་དགྲ་བླ་བསང་། །རྨུ་རབས་རྒྱུད་ཀྱི་དགྲ་བླ་བསང་། །གཙུག་རབས་རྒྱུད་ཀྱི་དགྲ་བླ་བསང་། །གདོང་གི་གདོང་ལྷ་སྨུག་པོ་བསང་། །


CMR037_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

དབྲ་ཡི་དབྲ་མོ་ར་ཁྲ་བསང་། །འགྲུ་ཡི་འགྲུ་མོ་ཁྲོམ་ཁྲོམ་བསང་། །སྒྲ་ཡི་སྒྲ་མོ་ལེགས་ཕྲོམ་བསང་། །དབལ་ཟླ་གཉིས་ཀྱི་དགྲ་བླ་བསང་། །དགྲ་བླའི་བྲ་མ་མཆེད་དགུ་བསང། །བྲོས་ན་ཐར་བའི་དགྲ་བླ་བསང་། །བལྟས་ན་ཟས་པའི་དགྲ་བླ་བསང་། །དཔའི་ཁ་རྒྱལ་བའི་དགྲ་བླ་བསང་། །བཟང་ཁ་ཡག་བྱེད་དགྲ་བླ་བསང་། །མི་ཕོ་དཔའ་བའི་དགྲ་བླ་བསང་། །རྟ་ཕོ་མགྱོགས་པའི་དགྲ་བླ་བསང་། །ཀྱཻ། རྟེན་བཙུགས་རྣམས་ལ་བརྟེན་པ་ནི། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །དགུང་ལ་ཉི་ཟླ་ཤར་བ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །གངས་དང་སེང་གེ་འགྲོགས་པ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །བྲག་དང་ཐང་དཀར་འགྲོགས་པ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །ནགས་དང་རྒྱ་སྟག་འགྲོགས་པ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །སྤང་ལ་ཤ་རྐྱང་འགྲོགས་པ་བཞིན། །དགྲ་བླ་


CMR037_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །འཛམ་གླིང་ལོ་ཏོག་རྒྱས་པར་ཤོག །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །མཁར་ལ་གཡུ་འོད་བརྒྱན་པ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །ལུས་དང་གྲིབ་བཞིན་འགྲོགས་པ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །གཞུ་ལ་གྲོ་བས་གཡོགས་པ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །མཚོ་ལ་ཉ་མོ་འགྲོགས་པ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །སྐྱེས་བུ་གོ་ཆས་བརྒྱན་པ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །རྟ་མཆོག་དར་སྣས་བརྒྱན་པ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །རྨོག་ལ་རྒོད་འཕྲུ་བཙུགས་པ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །ཁྲབ་ལ་དར་ཕོན་བརྒྱན་བ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །


CMR037_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བླ་མི་དང་མ་འབྲལ་ཅིག །ཕུབ་ལ་རྔ་ཞོལ་བརྒྱན་པ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །མདུང་ལ་བ་དན་བཏགས་པ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །མདའ་མོ་སྒྲོ་མཚལ་སྒྲོན་པ་བཞིན། །དགྲ་བླ་གཉེན་པོ་དཔང་དུ་བསྟོད། །དགྲ་བླ་མི་དང་མ་འབྲལ་ཅིག །དགྲ་བླ་གཉེན་པོ་བསྟོད་པའི་བྱིན་རླབས་ཀྱིས། །རྟ་རྒྱུག་དཔུང་པ་མ་འབུད་ཅིག །རྨོག་ཞུ་མགོ་ནས་མ་བྲུལ་ཞིག །ཁྲབ་ཀྱི་རྒྱུན་ཐག་མ་ཆད་ཅིག །མདའ་མོ་ལྟོང་ནས་མ་གས་ཤིག །མདུང་མོ་སྐེད་ནས་མ་ཆག་ཅིག །ཁ་འཛིན་སྡོང་གྲོགས་རྒྱབ་རྟེན་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །སྔར་ཡི་གེ་མེད་པ་ལ་དགོས་པ་ཞིག་བྱུང་དུས། ༧ དགེ་སློང་ཀརྨ་ཆགས་མེད་ཀྱིས་སྦྱར་བ་དགེ་ལེགས་འཕེལ། སརྦ་མངྒ་ལཾ།། །།

དགྲ་བླའི་དཔང་བསྟོད།


CMR037_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བླའི་དཔང་བསྟོད་ནི། ཀྱཻ། དགུང་ལ་ཉི་ཟླ་ཤར་བ་བཞིན། །དགྲ་བླ་གཉེན་པོ་དཔང་བསྟོད་དོ། །ཁྲག་དང་ཐང་དཀར་འགྲོགས་པ་བཞིན། །དགྲ་བླ་གཉེན་པོ་དཔང་བསྟོད་དོ། །རྨོག་ལ་རྒོད་འཕྲུ་བཙུགས་པ་བཞིན། །དགྲ་བླ་གཉེན་པོ་དཔང་བསྟོད་དོ། །རྟ་མཆོག་དར་སྣས་བརྒྱན་པ་བཞིན། །དགྲ་བླ་གཉེན་པོ་དཔང་བསྟོད་དོ། །གངས་དང་སེང་གེ་འགྲོགས་པ་བཞིན། །དགྲ་བླ་གཉེན་པོ་དཔང་བསྟོད་དོ། །མཁར་དང་བ་གམ་འགྲོགས་པ་བཞིན། །དགྲ་བླ་གཉེན་པོ་དཔང་བསྟོད་དོ། །མདུང་ལ་བ་དན་བཏགས་པ་བཞིན། །དགྲ་བླ་གཉེན་པོ་དཔང་བསྟོད་དོ། །རྨོག་ལ་ཁྱུང་དར་བསྒྲོན་པ་བཞིན། །དགྲ་བླ་གཉེན་པོ་དཔང་བསྟོད་དོ། །གཞུ་དང་གཞུ་བརྒྱུད་འགྲོགས་པ་བཞིན། །དགྲ་བླ་གཉེན་པོ་དཔང་བསྟོད་དོ། །མདའ་ལ་སྒྲོ་གསུམ་སྒྲོན་པ་བཞིན། །དགྲ་བླ་གཉེན་པོ་དཔང་བསྟོད་དོ། །ལུས་དང་གྲིབ་བཞིན་འགྲོགས་པ་བཞིན། །དགྲ་བླ་གཉེན་པོ་དཔང་བསྟོད་དོ། །ཀྱཻ། དགུང་ལ་ཉི་ཟླ་ཤར་བ་བཞིན། །དགྲ་བླ་མི་དང་མ་འབྲལ་ཅིག །བྲག་ལ་ཐང་དཀར་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་འབྲལ་


CMR037_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ནགས་དང་རྒྱ་སྟག་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་འབྲལ་ཅིག །རྨོག་ལ་ཁྱུང་དར་བསྒྲོན་པ་བཞིན། །དགྲ་བླ་མི་དང་མ་འབྲལ་ཅིག །གངས་དང་སེངྒེ་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་འབྲལ་ཅིག །གཞུ་མོ་རྒྱུད་དང་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་འབྲལ་ཅིག །མདུང་དང་བ་གམ་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་འབྲལ་ཅིག །མདའ་དང་སྒྲོ་གསུམ་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་འབྲལ་ཅིག །ཁྲབ་དང་ཁྲབ་ཤམས་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་འབྲལ་ཅིག །ལུས་དང་གྲིབ་མ་འགྲོགས་པ་བཞིན། །དགྲ་བླ་མི་དང་མ་འབྲལ་ཅིག །རྟ་རྒྱུག་དཔུང་པ་མ་འབུད་ཅིག་།རྨོག་གྱོན་མགོ་ནས་མ་ཡལ་ཅིག །ཁྲབ་གྱོན་བརྒྱུན་ཐག་མ་ཆད་ཅིག །མདའ་མོ་ལྟོང་ནས་མ་ཡལ་ཅིག །མདུང་མོ་སྐེད་ནས་མ་ཆག་ཅིག །སྲབ་མདའ་གང་བས་མགྱོགས་པར་མཛོད། །རྨོག་ཕོར་གང་བས་མཐོ་བར་མཛོད། །ལྕག་ཡུ་གང་བས་རིང་བར་མཛོད། །ཅི་བསམ་འགྲུབ་པའི་དོན་རྣམས་ཀུན། །ད་ལྟ་ཉིད་དུ་འགྲུབ་པར་མཛོད། །ཏདྱ་ཐཱ། ནཀྵ་ཏྲེ། པ་ཏ་ཏ་ཐཱ་མུ་ཧུ་དུར་ཏེ། ནཀྵ་ཏི་ནི་མེ་


CMR037_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ས་རྨི་ཏི་ནི་བྷ་ག་ཝན་དུ་སཱ་ཧཱ། སྔགས་འདི་འགྲོ་ཁ་ལན་གསུམ་བརྗོད་པས་ཐམས་ཅད་འགྲུབ་པར་གསུངས། འདིར་ཆོས་རྗེ་རང་བྱུང་རྡོ་རྗེས་མཛད་པའི་ལམ་ལྷའི་བསང་ཡིག་རྗེས་སུ་འབྲངས་ནས་མན་ངག་དུ་མའི་གནད་བསྡུས་ཏེ། རཱ་ག་ཨ་སྱས་སྦྱར་བའོ།།

དགྲ་ལྷའི་གཡང་ལེན།


CMR037_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བསྭོ་བསྭོ། དགྲ་ལྷ་བཅུ་གསུམ་འཁོར་བཅས་ཀྱིས། །མཐོན་པོའི་དགུང་ནས་བྱ་ར་མཛོད། །དམའ་བ་ས་ནས་མེལ་ཚེ་མཛོད། །གཞི་ཡི་བེའུ་ལུག་ཁ་འཛིན་མཛོད། །བྱེས་ཀྱི་མགྲོན་པོའི་རྒྱབ་རྟེན་མཛོད། །སངས་རྒྱས་ཆོས་ཀྱི་བསྟན་པ་སྲུངས། །དཀོན་མཆོག་དབུ་འཕང་མཐོ་བར་མཛོད། །དམ་ཚིག་གཉེན་ལ་མ་འདའ་བར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཀྱཻ། བཀའ་བརྒྱུད་བླ་མའི་བྱིན་རླབས་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཡི་དམ་ལྷ་ཡི་དངོས་གྲུབ་དེ། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །མ་དང་མཁའ་འགྲོའི་རྟེན་འབྲེལ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཆོས་སྐྱོང་སྲུང་མའི་མཐུ་རྩལ་དེ། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །རྐང་བཞི་ནོར་གྱི་དངོས་གྲུབ་དེ། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །བང་མཛོད་འབྲུ་ཡི་འཕེལ་གཡང་དེ། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །མི་འཕེལ་རྟ་བྲག་དར་གཡང་དེ། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །འཆི་མེད་ཚེ་ཡི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཐུགས་དང་འགལ་བ་ཐམས་ཅད་བཤགས། །མགྲོན་རྣམས་གཤེགས་བཞུགས་ཅི་དགྱེས་


CMR037_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །དགེ་བས་འགྲོ་ཀུན་བྱང་ཆུབ་ཤོག །ཐམས་ཅད་མི་དམིགས་སྤྲོས་དང་བྲལ། །སྐྱེ་མེད་ཆོས་སྐུའི་ཀློང་དུ་ཨཱ། །དེ་ནས་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བརྗོད། །བཀྲ་ཤིས་བསྔོ་སྨོན་བྱ། ཞེས་ཀརྨ་རཱ་གས་མཛད་པའོ།།

ཞི་བརྔན་བསང་གཞུང་ལྷ་མོ་དཔལ་ཆེན། རྣམ་ཐོས་སྲས་སོགས་ལ་སྦྱར་དུ་རུང་བའི་ཁུ་ཡེ།


CMR037_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བརྔན་བསང་གཞུང་ལྷ་མོ་དཔལ་ཆེན། རྣམ་ཐོས་སྲས་སོགས་ལ་སྦྱར་དུ་རུང་བའི་ཁུ་ཡེ་བཞུགས་སོ། །གུ་རུ་ཛ་ཡེ་བི་ཛ་ཡེ། ཀྱཻ། སྟོང་གསུམ་མི་མཇེད་འཇིག་རྟེན་གྱི། །དཀོག་མཆོག་གསུམ་གྱི་ཐུགས་རྗེ་དང་། །ཡི་དམ་ཆོས་སྐྱོང་བྱིན་རླབས་རྣམས། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ནམ་མཁའ་ཡངས་པའི་དབྱིངས་རུམ་ནས། །ལྷ་གནས་ཉི་ཟླ་སྐར་གསུམ་སོགས། །མཐོན་པོ་དགུང་གི་ཕ་གཡང་རྣམས། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །དབང་ཆེན་གསེར་གྱི་ས་གཞིའི་སྟེང་། །གླིང་གཞི་རི་རབ་རྒྱ་མཚོ་སོགས། །དོང་མོ་ས་ཡི་མ་གཡང་རྣམས། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །བར་སྣང་ཆར་སྤྲིན་གཡུ་འབྲུག་དང་། །ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ཀྱི། །བསོད་ནམས་མཐུ་སྟོབས་བུ་གཡང་རྣམས། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཁྱད་པར་འཛམ་གླིང་འདི་ཉིད་ཀྱི། །ཡུལ་དབུས་རྒྱ་གར་རྡོ་རྗེ་གདན། །རྒྱལ་བས་གསུངས་པའི་ཆོས་གཡང་རྣམས། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྒྱལ་པོ་ཆེན་པོ་སྡེ་བཞི་ཡི། །གསེར་དངུལ་ཟངས་ལྕགས་འཁོར་ལོས་སྒྱུར། །རྒྱལ་པོ་རྣམས་ཀྱི་བསོད་ནམས་གཡང་། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ལྷ་མི་དྲང་


CMR037_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

སྲོང་ཚེ་རིང་ལྷ། །ཚེ་ཡི་རིག་འཛིན་ཐོབ་པ་ཡི། །འཆི་མེད་རྣམས་ཀྱི་ཚེ་གཡང་རྣམས། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཛཾ་ལྷ་ནོར་རྒྱུན་རྣམ་སྲས་སོགས། །ནོར་ལྷ་གཏེར་བདག་ཐམས་ཅད་དང་། །ལྷ་ཀླུ་མི་ཡི་ཕྱུག་གཡང་རྣམས། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །དཔལ་མགོན་བདུན་ཅུ་རྩ་ལྔ་སོགས། །འཇིག་རྟེན་སྐྱོང་བྱེད་ཐམས་ཅད་ཀྱི། །རྫུ་འཕྲུལ་མཐུ་སྟོབས་ཡོན་ཏན་རྣམས། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །གཞན་ཡང་འཛམ་གླིང་འདི་ཉིད་ཀྱི། །རྒྱལ་སྲིད་བདུན་དང་བཀྲ་ཤིས་བརྒྱད། །འདོད་ཡོན་ལྔ་དང་བདུད་རྩི་རྣམས། །ཁུ་ཡེ་པྲ་དང་གཡང་དུ་ལེན། །རྒྱ་གར་རྒྱ་ནག་བོད་དང་ཧོར། །བལ་པོ་སོག་པོ་སྟག་གཟིག་ཁྲོམ། །རྒྱལ་བློན་འཁོར་བཅས་བསོད་ནམས་གཡང་། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །གཏེར་གྱི་བུམ་དང་དཔག་བསམ་ཤིང་། །ཡིད་བཞིན་ནོར་བུ་འདོད་འཇོའི་བ། །མ་རྨོས་ལོ་ཐོག་འབྲུ་བཅུད་རྣམས། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །དམ་རྫས་སྣ་ཚོགས་སྤྱན་གཟིགས་དང་། །མཆོད་རྫས་སྣ་ཚོགས་དཀོར་ནོར་དང་། །སེང་གེ་སྟག་གཟིག་ཁྱུང་ཆེན་རྣམས། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །རིན་


CMR037_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གསེར་དངུལ་བྱི་རུ་གཡུ། །རྨོག་རལ་ཕུབ་མདུང་ཁྲབ་དང་བེར། །ཇ་དར་གོས་ཆེན་རས་ཕྲུག་རྣམས། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྟ་ནོར་མཛོ་དྲེལ་ར་ལུག་དང་། །མཁར་ཁང་ས་ཞིང་གུར་དང་སྦྲ། །ཡུལ་འབྲོག་དགོན་གནས་བཅས་པ་རྣམས། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཤ་ཆང་ཐུད་མར་གྲོ་ནས་ཡུང་། །སྦྲང་རྒུན་བུ་རམ་གྲོ་མ་འབྲས། །འཛམ་གླིང་ཚེ་བཅུད་སྨན་མཆོག་རྣམས། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཕོ་གྲགས་མོ་འཛོང་བུ་འཕེལ་དང་། །མི་འཕེན་སྡེ་འཕེལ་ཟས་ནོར་འཕེན། །མི་ནོར་ཟས་གསུམ་འཕེན་གཡང་རྣམས། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །སློབ་དཔོན་རྒྱུད་དང་ཕ་མྱེས་རྒྱུད། །འཇིག་རྟེན་འདས་དང་མ་འདས་པའི། །དགྲ་བགེགས་འདུལ་བའི་དགྲ་བླ་རྣམོས། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །ཁམས་གསུམ་སྣོད་བཅུད་ཐམས་ཅད་ཀྱི། །ལྷ་མིའི་བཀྲ་ཤིས་བདེ་ལེགས་དང་། །ཕུན་སུམ་ཚོགས་པའི་ཡོན་ཏན་རྣམས། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །གནམ་གྱི་འཁོར་ལོ་རྩིབས་བརྒྱད་དང་། །ས་ཡི་པདྨ་འདབ་བརྒྱད་དང་། །ལོགས་ཀྱི་བཀྲ་ཤིས་རྫས་བརྒྱད་རྣམས། །ཁུ་


CMR037_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཕྱྭ་དང་གཡང་དུ་ལེན། །ཕྱུ་སྐོར་དེ་ནི་ཀྱི་ལི་ལི། །གཡང་སྐོར་དེ་ནི་སྒ་ར་ར། །ཕྱུ་ཁུག་གཡང་ལོང་ཨ་ལ་ལ་ཧོ། ཀི་བསྭོ་ཆའོ་ལྷ་རྒྱལ་ལོ། །ཞེས་པའང་ཞི་བརྔན་བསང་གསུམ། འཛམ་གླིང་སྤྱི་བསང་། བདུད་རྩི་ཀུན་ཁྱབ། ལྷ་མོ་དཔལ་ཆེན། རྣམ་སྲས་སྐྱ་བརྒྱད། འཛམ་ལྷ་ཉེར་གཅིག །དགྲ་བླ་དཔང་བསྟོད་སོགས་རྟེན་འབྲེལ་གྱི་ཁུ་ཡེ་གང་ལ་སྦྱར་རུང་བ་འདི་ཡང་༧ ཀརྨ་ཨ་རཱ་གས་སོ། །སརྦ་མངྒ་ལཾ།། །།

རྗེས་ཆོག


CMR037_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཆོས་ཀྱི་བྱ་བ་ནི༔ འཇིག་རྟེན་འདས་དང་འཇིག་རྟེན་ལྷ་རྣམས་དང་༔ ཡུལ་ལྷ་གཞི་བདག་ས་བདག་ཀླུ་གཉན་ལ༔ ཕོག་ཐུག་འགྲམ་འཁྲུག་གང་བྱུང་ཞི་གྱུར་ནས༔ ཀུན་ཀྱང་བཀྲག་མདངས་གཟི་བརྗིད་ལྡན་གྱུར་ཅིག༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ༔ དུས་རྣམས་རྟག་ཏུ་ཁ་འཛིན་སྡོང་གྲོགས་མཛོད༔ ཕྱུ་དང་གཡང་གི་དངོས་གྲུབ་ཐམས་ཅད་རྣམས༔ ཕྲུ་ཁུག་གཡང་ཁུག་བདེ་ལེགས་སྐྱིད་པ་ཧཱུྃ༔ ལྷ་རྣམས་མཆོད་ཅིང་བསྟོད་དོ་ཨེ་མ་ཧོཿ འབག་བཙོག་ཉེས་པའི་ཚོགས་ཀུན་ཐམས་ཅད་བཤགས༔ ལྷ་རྣམས་རང་གནས་གཤེགས་སམ་ཅི་བདེར་བཞུགས༔ འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཚོགས༔ གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག༔ དགེ་བས་འགྲོ་ཀུན་སྡུག་བསྔལ་ཀུན་བྲལ་ཤོག༔ ཅེས་པ་འདི་གནམ་ཆོས་ཞི་བའི་རྒྱུན་བསང་བྱ་ཕྱིར་དོན་གྲུབ་ཀྱིས་བསྐུལ་ནས་སྔགས་འཆང་རཱ་ག་ཨ་སྱས་འཕྲལ་དུ་འགྲུབ་སྦྱོར་གྱི་ཉིན་བྲིས་པའོ། །སརྦ་མངྒ་ལཾ།། །།

མཆོད་བསྟོད།


CMR037_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཛྙཱ་ན་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪསྭཱ་ཧཱ། པཱ་ཏྱཾ༴ པུཥྤེ༴ དྷཱུཔེ༴ ཨཱ་ལོ་ཀེ༴ གནྡྷེ༴ ནཻ་ཝི་དྱ༴ ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཧཱུྃ། མགྲོན་རྣམས་ཀུན་གྱི་སྤྱན་ལམ་དུ། །བདག་གིས་མཆོད་སྦྱིན་བསག་པ་ལས། །འགལ་འཁྲུལ་ནོངས་པ་ཅི་མཆིས་དང་། །ཐམས་ཅད་མ་ལུས་བཟོད་པར་ཀ་གསོལ། །གཙོ་བོ་ནུས་པ་མ་མཆིས་པས། །མ་འབྱོར་མ་རྙེད་མ་ཚང་དང་། །འདིར་ནི་བྱ་མིན་གང་བྱས་པ། །དེ་དག་ཐམས་ཅད་བཟོད་པར་གསོལ། །ཡིག་བརྒྱ་ལན་གསུམ། བསང་མགྲོན་ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་བཛྲ་མུཿ དམ་ཚིག་པ་རྣམས་རང་གི་སྙིང་ཁར་ཛཿཧཱུྃ་བཾ་ཧོཿ མཆོད་སྦྱིན་གནས་འདིར་གང་ལྷགས་པ། །འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་སྟེང་འཁོད་པ་དང་། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །སརྦ་


CMR037_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བྷུ་ཏ་གཙྩ༔ བཀྲ་ཤིས་ནི། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག །ཡན་ལག་དྲུག་ཅུ་གསུང་གི་བཀྲ་ཤིས་ཤོག །མཐའ་བྲལ་འཁྲུལ་མེད་ཐུགས་ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །སྐྱབས་གནས་དམ་པ་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །བདག་གཞན་དུས་གསུམ་དགེ་བ་ཅི་བསགས་པ། །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས་།བླ་མེད་ཐེག་པ་ཆེན་པོའི་སྒོར་ཞུགས་ནས། །ཀུན་ཀྱང་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག།

འདིར་རྒྱ་དཀར་ནག་བོད་གཞུང་རྣམ་དག་བླ་མ་དགོངས་འདུས། གཏེར་ཁ་སོགས་ལས་གསས་མཁར་གཞི་བརྩེགས་ཁ་བསྟོད་མཐའ་ཡས་འབྱུང་བ་ལས་འདོན་ཆ་ཉུང་ངུར་བསྡུས་ཏེ་ཕྱག་ལེན་གྱིས་བརྒྱན་པ་གསལ་བར་བཀོད་པ།


CMR037_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་རྒྱ་དཀར་ནག་བོད་གཞུང་རྣམ་དག་བླ་མ་དགོངས་འདུས། གཏེར་ཁ་སོགས་ལས་གསས་མཁར་གཞི་བརྩེགས་ཁ་བསྟོད་མཐའ་ཡས་འབྱུང་བ་ལས་འདོན་ཆ་ཉུང་ངུར་བསྡུས་ཏེ་ཕྱག་ལེན་གྱིས་བརྒྱན་པ་གསལ་བར་བཀོད་པ་ཡོད་དོ།།


CMR037_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱརྱ་མཉྫ་ཤི་ཡེ། འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །རྒྱ་ནག་ཡུལ་དུ་འཕགས་པ་འཇམ་དཔལ་གྱིས་མཛད་པའི་རྩིས་གཞུང་འགྱུར་དག་པ་རྣམས་སུ། གསས་མཁར་བསྟོད་པ་གསུངས་པས། འཕྲུལ་གྱི་མི་བཞིས་ཕྱག་ལེན་འདོན་ཆོག་གཏན་ལ་ཕབ་པ་དང་། རྒྱ་གར་ཡུལ་དུ་གསས་མཁར་བསྟོད་པ་འདི་དར་བས།སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པའི་འདོན་ཆོག་དང་། བོད་དུ་ཡང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བསམ་ཡས་བཞེངས་དུས། སློབ་དཔོན་ཆེན་པོ་པདྨས་གསས་མཁར་བཅུ་གསུམ་ཁ་བསྟོད་མཛད་པས། བོད་ཀྱི་ཡུལ་ཕྱོགས་ཀུན་ཏུ་དར་སྲོལ་ཆེ་ཞིང་ཕྱག་བཞེས་རྣམ་དག་མང་བ་ཡིན་པས། དེ་རྣམས་ནི་ས་བདག་ཀླུ་གཉན་དབང་ཆེ་བ་རྣམས་མཉེས་པས། ཡུལ་


CMR037_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དེར་མི་ནོར་ལོངས་སྤྱོད་འཕེལ་ཞིང་བཀྲ་ཤིས་དར་རྒྱས་ཆེ་བ་དང་། ཡུལ་ལྷ་གཞི་བདག་མཉེས་པས། ཆར་ཆུ་དུས་སུ་འབབ་ཞིང་ལོ་འབྲས་ལེགས་ལ། མི་ནད་ཕྱུགས་ནད་རྒྱུན་ཆད་ལ་ཡུལ་ཕྱོགས་བདེ་ལ་ལོངས་སྤྱོད་འཕེལ་བ་དང་། ལྷ་དང་སྲུང་མ་དགྲ་བླ་ཝེར་མ་ཕ་མཚུན་རྣམས་ཀྱི་ངོ་སོ་བསྟོད་པས། དེ་རྣམས་དར་རྒྱས་ཆེ་བས་ཡུལ་མི་ཁས་གྲགས་དཔའ་རྩལ་ཆེ་བ་དང་། དགྲ་གྱོད་མདུན་ངོ་ཐམས་ཅད་བཟློག་ཅིང་ཡུལ་དེར་བཀྲ་ཤིས་དར་རྒྱས་ཆེ་ལ། བསམ་པའི་དོན་ཐམས་ཅད་འགྲུབ་ཅིང་བདེ་ལེགས་ཐམས་ཅད་འབྱུང་བར་གསུངས་པས། དེ་ཕྱིར་ཡུལ་སྡེ་ཀུན་ལ་གསས་མཁར་བསྟོད་པ་འདི་གྲགས་ཆེ་བའོ། །དེ་ལ་གསས་མཁར་ས་དཔྱད་དེ། ས་སློང་དང་ས་འབེབས་བྱ་བ། གཞི་བརྩེགས་ལ་སོགས་གཞན་དུ་གསལ་བས། འདིར་


CMR037_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

གསས་མཁར་གཞི་བརྩེགས་སམ། ཁ་བསྟོད་གང་བྱེད་འདོན་ཆ་འདྲ་སྟེ། འདོན་ཆོག་ཉུང་བསྡུས་རྒྱ་གར་རྒྱ་ནག་རྣམས་ཀྱི་ཕྱག་བཞེས་ལྟར། །ཚིགས་བཅད་དུ་བསྡེབས་ནས་བཀོད་པ་ནི། དེ་ལ་སྤྱི་དོན་རྣམ་པ་བཅུ་གསུམ་གྱིས་བསྟན་ཏེ། དང་པོ་དུག་ཕྱུང་བ། གཉིས་པ་ཁྲུས་གསོལ་བ། གསུམ་པ་བགེགས་བསྐྲད་པ། བཞི་པ་མདུན་བསྐྱེད་ཆོ་ག་བྱ་བ། ལྔ་པ་སྤྱན་འདྲེན་པ། དྲུག་པ་གདན་འབུལ་བ། བདུན་པ་མཆོད་པ་འབུལ་བ། བརྒྱད་པ་ཕྱོགས་བཞིའི་རྗེཁ་བསྟོད། དགུ་པ་གཏེར་བུམ་འབུལ་བ། བཅུ་པ་བཀྲ་ཤིས་ཚེ་རིང་གཏོར་སྐུ་ཤིང་རྩི་དར་ཟབ་འབུལ་བ། བཅུ་གཅིག་མི་འགྱུར་མཆོག་དབང་བསྐུར་བ། བཅུ་གཉིས་ཕྱོགས་བཞིའི་སྲུང་བཞི་བཀོད་པ་དང་ཚེ་ཡི་དམུ་ཐག་འཕེན་པ། །བཅུ་གསུམ་རབ་གནས་མེ་ཏོག་འཐོར་བ་སྟེ་བཅུ་གསུམ་ལས། དེ་ལ་དང་པོ་ཞི་བརྔན་བསང་གསུམ་རྒྱས་པར་བཏང་ལ། ཆུ་གཏོར་བསྔོ། ཆ་གསུམ་བཏང་། སྣང་བརྒྱད་ཅི་མང་འདོན། གསས་མཁར་ལ་རྡོ་གསར་པ་བླང་ལ་ཁ་བསྟོད་ལེགས་པར་བརྩེགས། གཏེར་བུམ་ནང་རྟེན་རྣམས་གཞུག །ཁ་བརྒྱན་ཤིང་རྩི་གཏོར་སྐུ་རྣམས་བཙུགས་ལ། དེ་རྣམས་ཐམས་ཅད་ལེགས་པར་གྲུབ་ནས། མཆོད་པ་ཐམས་ཅད་ཁ་གསོས་ལ། བྱིན་རླབས་སྤྱི་ལྟར་བྱ། དེ་ལ་དང་པོ་དུག་ཕྱུང་བྱ་བ་ནི། མཆོད་གཡོག་པས་དུག་ཡས་རྣམས་སྡེར་རམ་ཐེབ་ཙེའི་སྟེང་དུ་བཞག་ནས་བཟུང་བཅོལ་ལ། རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ།། ཀྱཻ། དང་པོ་དུག་བྱུང་གང་ནས་བྱུང་། །དང་པོ་


CMR037_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དུག་བྱུང་དགུང་ནས་བྱུང་། །ཕ་གནམ་ཀ་འོད་ཀྱི་ཐབས་ཀྱི་དུག །གནམ་གྱི་དུག་ནི་གང་སྔོན་དང་། །སྤྲིན་དུག་དེ་ནི་ལྷོག་ལྷོག་བྱུང་། །དེ་ནས་དུག་བྱུང་གང་ནས་བྱུང་། །མ་ས་གཞི་རླངས་པ་ཤེས་རབ་དུག །དེ་གཉིས་ཐབས་ཤེས་བསྡེབས་པ་ལས། །ས་རླངས་ནག་པོའི་མཆིས་པ་དང་། །ས་དུག་དེ་ནི་བོང་བ་དང་། །རྡོ་དུག་དེ་ནི་མཁར་སྒོང་དང་། །ཤིང་དུག་དེ་ནི་གླང་མ་དང་། །སྡུམ་དུག་དེ་ནི་ཐང་ཕྲོམ་དང་། །རྩི་དུག་དེ་ནི་རེ་ལྕག་དང་། །རྩྭ་དུག་དེ་ནི་འཇག་མ་དང་། །གསེར་དུག་དེ་ནི་ར་གན་དང་། །དངུལ་དུག་དེ་ནི་ཞྭ་ནེ་དང་། །དུང་དུག་དེ་ནི་མགྲོན་བུ་དང་། །ལྕགས་དུག་དེ་ནི་སེལ་དོག་དང་། །དུག་ནི་ཕ་དགུ་ཕ་རུ་བསྡུས། །དུག་ནི་མ་དགུ་མ་རུ་འདུས། །དུག་ཡས་སྣ་ཚོགས་འདི་རྣམས་ཀྱིས། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་མགུལ་ནས་དུག་མར་ཕྱུངས། །སངས་རྒྱས་ཆོས་དང་དགེ་འདུན་དང་། །ཉན་རང་མགུལ་ནས་དུག་མར་ཕྱུངས། །ས་སྙིང་ས་བདག་རྒྱལ་བློན་དང་། །དཔལ་མགོན་མགུལ་ནས་དུག་མར་ཕྱུངས། །སྟོང་གསུམ་ཡུལ་ལྷ་གཞི་བདག་དང་། །ཟོ་དོར་མགུལ་


CMR037_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དུག་མར་ཕྱུངས། །བཀའ་སྲུང་དམ་ཅན་རྒྱ་མཚོ་དང་། །གཏེར་སྲུང་མགུལ་ནས་དུག་མར་ཕྱུངས། །འགོ་ལྷ་སྐྱོབ་ལྷ་དགྲ་ལྷ་དང་། །ཝེར་མའི་མགུལ་ནས་དུག་མར་ལྟཕྱུངས། །དུག་ཡས་མགྲོན་འདྲེ་ངན་པ་ཐམས་ཅད་དགྲ་འདྲེའི་སྟེང་དུ་ཕྱིར་བསྒྱུར་རོ། །དུག་པྲ་མ་ཎ་ཡེ་སརྦ་དུཏྟཾ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་དུག་ཡས་ཕྱིར་དོར་རོ། །དེ་ནས་བགེགས་བསྐྲད་པ་ནི། བགེགས་གཏོར་བྲན་ལ། རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ།། ཧཱུྃ། ང་ནི་ཁྲོ་རྒྱལ་གཤིན་རྗེའི་གཤེད། །ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན། །དཔལ་གྱི་དུར་ཁྲོད་ཆས་ཀྱིས་བརྒྱན། །རོ་ལངས་མ་འཁྲིལ་མ་ཧེ་ཆིབས། །ཡེ་ཤེས་མེ་ཡི་ཀློང་དུ་རྔམ། །སྐུ་ལས་ཁྲོ་ཚོགས་སེར་ལྟར་འཕྲོས། །དགེ་ལེགས་བསྒྲུབ་ལ་གནོད་བྱེད་པའི། །སྲིད་པའི་འདྲེ་དགུ་སྒབ་འདྲེའི་རིགས། །བི་ན་ཡ་ཀ་བགེགས་སྟོང་ཕྲག །མཆོད་སྦྱིན་གླུད་གཏོར་འདི་ལོངས་ལ། །གསས་མཁར་བསྟོད་ལ་བར་མ་གཅོད། །རང་རང་གནས་སུ་ཕྱིར་དེངས་ཤིག །ཨོཾ་ཧྲཱིཿཏྟི་ཝི་ཀྲི་ཏཱ་ན་ན་ཧཱུྃ་ཕཊ་སརྦ་བིགྷ་ནཱན་ཨུ་ཙ་ཏ་ཡ་ཕཊ༔ ཅེས་བགེགས་གཏོར་ཕྱིར་དོར། དེ་ནས་གསས་མཁར་ལ་ནས་ལྕགས་བྲབ། རོལ་མོ་དྲག་ཏུ་ལྡིར། དེ་ནས་ཁྲུས་གསོལ་བ་ནི། །


CMR037_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་བུམ་པ་ཁ་བརྒྱན་མགུལ་ཆིངས་མཚན་ཉིད་དང་ལྡན་པའི་ནང་དུ་ཆུ་དཀར་དང་བུམ་རྫས་བཏབ་པ་བཤམས་ལ་བསྒྲུབ་པ་ནི། ཧཱུྃ་ལས་རིན་ཆེན་ལས་གྲུབ་བུམ་པ་ནི། །ཞབས་ཞུམ་ལྟོ་འདིར་མཆུ་འཕྱང་མགྲིན་པ་རིང་། །ཁ་ཡངས་ཆུ་དང་བཅུད་ཀྱིས་གཏམ་པའི་ནང་། །པད་ཟླ་ལྔ་ཚོམ་དབུས་དང་དེ་ཡི་སྟེང་། །ཀུན་བཟང་མཱ་ཀི་སྤྱན་མ་ན་བཟའ་དཀར། །སྒྲོལ་མ་ལྷ་མོ་རིགས་ལྔ་གསལ་བ་ལས༔ སྤྱི་བོར་ཁྲུས་ལྷ་རྣམ་འཇོམས་ལྷ་ལྔ་གསལ༔ མཐིང་དཀར་སེར་དམར་ལྗང་གུ་ཞི་འཛུམ་ཉམས༔ སྣ་ཚོགས་རྡོ་རྗེ་དྲིལ་བུ་མདའ་དར་དང་༔ མེ་ལོང་བསྣམས་པ་སྣང་སྟོང་འཇའ་ལྟར་བསྐྱེད༔ སྤྱན་དྲངས་བསྐྱེད་བསྟིམ་མཆོད་འབུལ་ཕྱག་འཚལ་བསྟོད༔ ཡེ་ཤེས་བདུད་རྩིས་བུམ་པ་གང་བར་གྱུར༔ ཨོཾ་ཨཱབཛྲ་བི་དྷ་ར་ཎ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཨེ་ཁཾ་ལཾ་རཾ་ཡཾ་ཤུདྡྷེ་ཤུདྡྷེ་སརྦ་པ་པཱ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བསྙེན་པ་གཉིས་ལ་བརྒྱ་སྟོང་སྐབས་དང་བསྟུན་ནས་བཟླ། ལྷ་མོ་ལྔའི་དབུ་སྟེང་དུ་རྣམ་འཇོམས་བསྐྱེད། གསལ་སྟོང་མ་ཡེངས་ངང་དུ་བུམ་སྒྲུབ་བྱའོ། །ས་མ་ཡ༔ རྒྱ་རྒྱ་རྒྱ༔ བུམ་ལྷ་འོད་དུ་ཞུ་བ་ལས༔ བདུད་རྩིས་བུམ་པ་གང་བར་གྱུར༔ དེ་མི་དམིགས་པའི་ངང་ལ་ཡུད་ཙམ་བཞག །རྡོ་རྗེ་སློབ་དཔོན་གྱིས་ཤཱཀྱ་ཐུབ་པའམ། པད་འབྱུང་


CMR037_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་འདྲ་ལ་མེ་ལོང་བསྟན་ལ། བུམ་པ་ཐོགས་ནས་དྲིལ་བུ་བསིལ་ཞིང་འདི་སྐད་དོ།། ཧཱུྃ༔ སྔོན་ཚེ་ཤཱཀ་ཐུབ་པདྨ་འབྱུང་༔ འགྲོ་བ་འདྲེན་ཕྱིར་སྐུ་འཁྲུངས་དུས༔ ཀླུ་ཆེན་བརྒྱད་ཀྱིས་ཁྲུས་གསོལ་ལྟར༔ དེ་རིང་བདག་གིས་སྐུ་ཁྲུས་གསོལ༔ ཉོན་མོངས་དྲི་མ་མི་མངའ་ཡང་༔ མཁའ་མཉམ་བདེ་ལ་བཀོད་པ་དང་༔ གཙང་རིས་ཉམས་གྲིབ་སེལ་བའི་ཕྱིར༔ དེ་བཞིན་བདག་གིས་ཁྲུས་གསོལ་ལོ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཡེ་ཧཱུྃ༔ ཞེས་སྐུ་ཁྲུས་གསོལ་མེ་ལོང་ཐོགས་ལ། ཧཱུྃ༔ ལྷ་དབང་བརྒྱ་བྱིན་ཀ་ཤའི་རས་ཕྱིས་ལྟར༔ ལྔ་ལྡན་དར་གྱིས་སྐུ་ཕྱི་ན་བཟའ་གསོལ༔ ཉམས་གྲིབ་དྲི་མས་བསིལ་བ་མི་མངའ་ཡང་༔་ཡུལ་ལྷ་གཞི་བདག་ལྷ་ཀླུ་སྡེ་བརྒྱད་ལ༔ ཕོག་ཐུག་འགྲས་འགྲམ་ན་འཆི་གསོ་སློང་ཕྱིར༔ བཟོད་པ་དམ་པ་གོས་ཀྱིས་རྒྱན་པར་བགྱི༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་བཛྲ་ཝས་ཨཱཿཧཱུྃ༔ མེ་ལོང་ངོས་ནས་སྐུ་ཕྱི་ཚུལ་བྱ་ཞིང་ན་བཟའ་སྐུ་ལ་གསོལ༔ ཁྲུས་ཆུ་བུམ་པར་བླུགས་བུམ་པ་མེད་ན་གཏོར་འགུའི་ཆོག༔ དེ་ནས་མེ་ལོང་གསས་མཁར་དང་ཡུལ་རིས་རྣམས་ལ་བསྟན་ཞིང་རི་ཁྲུས་བྱ་བ་ནི༔ ཧཱུྃ༔ དེ་རིང་བཟང་གསུམ་ཉི་མ་ལ༔ སྟོང་གསུམ་ལྷ་ཀླུ་གཉན་རྣམས་ལ༔ ས་བདག་ཡུལ་རིས་སྲུང་མ་ལ༔ ནམ་


CMR037_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་ལྷ་མོས་ཁྲུས་གསོལ་བས༔ གཏི་མུག་ཉམས་གྲིབ་ཕོག་པ་ཡི༔ སྨྱོ་འབོག་བརྒྱལ་འཐིབ་འདར་ཤིང་གཡེངས༔ དེ་རྐྱེན་རིམས་བྱུང་དག་གྱུར་ཅིག༔ ཨོཾ་ཨེ་དེ་ཝི་སརྦ་པཱ་པཾ་ཤནི་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་མེ་ལོང་ལ་ཁྲུས་བྱའོ། །དེ་ལྟར་རིམ་བཞིན་ཁྲུས་གསོལ་བྱ་བ་ནི། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སངས་རྒྱས་ཆོས་དང་འཕགས་པའི་མཁའ་འགྲོ་ཆོས་སྐྱོང་ནོར་གྱི་ལྷ༔ གཏེར་སྲུང་ཡུལ་ལྷ་གཞི་བདག་ལ༔ ཆུ་ཡི་ལྷ་མོས་ཁྲུས་གསོལ་བས༔ ཞེ་སྡང་ཉམས་གྲིབ་ཕོག་པ་ཡི༔ འཐབ་རྩོད་ཁེངས་ལོག་ན་འཆི་བསྐྱེད༔ མཚོན་གྱི་བསྐལ་དར་དག་གྱུར་ཅིག༔ ཨོཾ་ཁཾ་དེ་ཝི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ས་སྙིང་ས་ཡི་ལྷ་མོ་ལ༔ ལོ་ཟླ་སྤར་སྨེ་རྗེ་བློན་དང་༔ སྣང་སྲིད་ས་བདག་ཀླུ་གཉན་བཙན༔ ཡུལ་རིས་གཞི་བདག་ཐམས་ཅད་ལ༔ ས་ཡི་ལྷ་མོས་ཁྲུས་གསོལ་བས༔ ང་རྒྱལ་ཉམས་གྲིབ་ཕོག་པ་ཡི༔ ཆར་མེད་ཐན་པ་བཙའ་སད་སེར༔ མུ་གེའི་བསྐལ་དར་དག་གྱུར་ཅིག༔ ཨོཾ་ལི་དེ་ཝི་སརྦ་པཱ་པཾ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ སྲིད་པ་ཆགས་པའི་ལྷ་དགུ་དང་༔ བོད་ཀྱི་མགུལ་ལྷ་བཅུ་གསུམ་རྗེ༔ བརྟན་མ་བཅུ་


CMR037_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དགེ་བསྙེན་དང་སྡེ་དཔོན་སུམ་བརྒྱ་དྲུག་ཅུ་དང་༔ ལྷ་སྲིན་སྡེ་བརྒྱད་ཡུལ་ལྷ་ལ༔ མེ་ཡི་ལྷ་མོས་ཁྲུས་གསོལ་བས༔ འདོད་ཆགས་ཉམས་གྲིབ་ཕོག་པ་ཡི༔ དམར་བཤལ་མགོ་གཟེར་ཞྭ་གས་དང་༔ ཁོང་ལྷོག་རིམས་ནད་བེ་གེ་འབུམ༔ ནད་ཀྱི་བསྐལ་དར་དག་གྱུར་ཅིག༔ ཨོཾ་རི་དེ་ཝི་སརྦ་པཱ་པཾ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ཕྱོགས་བཅུ་སྟོང་གི་གཞི་བདག་དང་༔ སྲིད་པ་སྟོང་གི་གཞི་བདག་དང་༔ ཡུལ་རིས་སྟོང་གི་གཞི་བདག་ལ༔ རླུང་གི་ལྷ་མོས་ཁྲུས་གསོལ་བས༔ ཕྲག་དོག་ཉམས་གྲིབ་ཕོག་པ་ཡི༔ ས་ལོག་རི་ཉིལ་མཁར་ཁང་བསྡིབས༔ རི་རྡོ་ཐང་འདྲིལ་རི་བོང་དང་༔ ཕྱི་སྦལ་འབུ་སྲིན་ཞིང་ལ་འཚེ༔ བྱི་བས་བཀག་ཅིང་གཡང་སྒྲོ་ཕུག༔ མི་མཐུན་འགལ་རྐྱེན་དག་གྱུར་ཅིག༔ ཨོཾ་ཡེ་དེ་ཝི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ཕ་ལྷ་མ་ལྷ་ཞང་ལྷ་དང་༔ སྲོག་ལྷ་ལུས་ལྷ་བརྟན་པའི་ལྷ་དགྲ་ལྷ་ལམ་ལྷ་མགོན་སྐྱབས་ལྷ༔ སྐྱེས་ལྷ་ཡུལ་ལྷ་གཉེན་པོ་ལ༔ རྣམ་པར་འཇོམས་པས་ཁྲུས་གསོལ་བས༔ བསང་མཆོད་ཞེན་དང་གཏེར་མ་སྦས༔ དུར་བཏབ་བྲག་བཤིག་ཤིང་གཉན་བཅད༔ རི་དྭགས་བཤོར་དང་རི་མེ་


CMR037_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བཀྱེས༔ རྨེ་རྨུགས་བཙོག་དང་ནལ་གྲིབ་ཕོག༔ མི་ལ་ནད་མང་ནོར་གོད་ཆེ༔ ཞིང་ལ་བཙའ་སད་སེར་ཐན་འབར༔ བཀྲ་མི་ཤིས་པའི་ལྟས་དགུ་འབྱུང་༔ ཐམས་ཅད་མ་ལུས་བྱང་གྱུར་ཅིག༔ ཡེ་ཤེས་ཁྲུས་མཆོག་འདི་གསོལ་བས༔ ལྷ་ངོ་དགུང་བས་མཐོ་བར་ཤོག༔ སྲིད་གསུམ་ཤེལ་བས་གསལ་བར་ཤོག༔ ཡུལ་ལྷ་བཀྲག་མདངས་རྒྱས་པར་ཤོག༔ འདོད་དགུ་དཔལ་འབྱོར་རྒྱས་པར་ཤོག༔ ཆར་ཆུ་དུས་འབབ་ལོ་འབྲས་ལེགས༔ བཀྲ་ཤིས་བསྟན་པ་མཐའ་རྒྱས་ཤོག་ཨོཾ་ཨ་བཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ སརྦ་པཱ་པཾ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་རི་ཁྲུས་འདི་བྱས་པས་ཡུལ་ལྷ་གཞི་བདག་ཕོག་ཐུག་ཉམས་ཆག་སོང་བ་བྱང་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨོཾ༔ དེ་ནས་གསས་མཁར་ཆུ་གཙང་གིས་བྲན་ལ༔ བསྐྱེད་ཆོག་ནི། ཨོཾ་སྭ་བྷ་ཝས་བསང་སྦྱངས་ལ། གསས་མཁར་མི་དམིགས་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་གསས་མཁར་ནི༔ རིན་ཆེན་ལས་གྲུབ་གཞལ་ཡས་ཁང་༔ གྲུ་བཞི་སྒོ་བཞི་རྟ་བབས་ལྡན༔ ཤེལ་དང་བཻ་ཌཱུར་པདྨ་རག༔ ཨིནྡྲ་ནཱི་ལ་ལས་གྲུབ་པའི༔ དབུས་སུ་པད་ཟླའི་གདན་སྟེང་དུ༔ དྷིཡིག་སེར་པོར་འོད་འཕྲོས་པས༔


CMR037_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གཉིས་བྱས་འདུས་ཡོངས་གྱུར་ལས༔ འཇམ་དཔལ་དམར་སེར་ཞལ་གཅིག་འཛུམ༔ རལ་གྲི་པད་འཛིན་ལོངས་སྤྱོད་རྫོགས༔ གཉིས་བསྡུས་ཆོས་གཟིགས་ཟིལ་གྱིས་གནོན༔ གཡས་སུ་སྤྱན་གཟིགས་གཡོན་ཕྱག་རྡོར༔ དེ་གསུམ་གཡས་སུ་ཤཱཀྱ་ཐུབ་རྒྱབ་ཏུ་ཡུམ་ཆེན་གཡོན་བྱམས་པ༔ དཀོན་མཆོག་སྲིད་ཞུའི་མགྲོན་གྱིས་བསྐོར༔ སྟེང་དུ་ཀུན་བཟང་རྡོར་འཆང་ལ༔ གསར་རྙིང་བཀའ་བརྒྱུད་བླ་མས་བསྐོར༔ མདུན་དུ་ཨོ་རྒྱན་པདྨ་ལ༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་བསྐོར༔ འོག་ཏུ་ས་བདག་བརྟན་མ་ལ༔ ལོ་འཁོར་ཟླ་འཁོར་སྤར་སྨེ་དང་༔ ཁམས་ལྔའི་རྒྱལ་པོ་ཕྱོགས་སྐྱོང་བཅུ་རྒྱལ་ཆེན་སྡེ་བཞི་སྲུང་བཞིས་བསྐོར༔ སྟོང་གསུམ་ལྷ་ཀླུ་གཞི་བདག་ལ༔ ཡུལ་ལྷ་ཟོ་དོར་གཉེན་པོས་བསྐོར༔ དགྲ་བླ་ཝེར་མ་མཚུན་གཡང་ལ༔ རྟ་ནོར་ལུག་གི་གཡང་ལྷས་བསྐོར༔ རང་རང་རྒྱན་དང་ཆ་ལུགས་ལྡན༔ ལྷ་ཚོགས་རྣམས་ཀྱི་གནས་གསུམ་གྱི༔ འབྲུ་གསུམ་འོད་ཀྱིས་སྤྱན་དྲངས་བསྟིམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝཱ་ཌཱཀྐི་ནི་ལོ་ཀ་སིདྡྷི་བཛྲ་ས་མ་ཡ་ཛ་ཛཿ དེ་ནས་སྤྱན་འདྲེན་པ་ནི་རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ༔ ཧཱུྃ༔ གནས་


CMR037_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་རི་བོ་རྩེ་ལྔ་པོ་ཊ་ལ༔ ལྕང་ལོ་ཅན་དང་རང་བཞིན་གནས་མཆོག་ནས༔ རིགས་གསུམ་མགོན་དང་དཀོན་མཆོག་རྩ་གསུམ་ལྷ༔ དེ་རིང་འགྲོ་དོན་མཛད་ཕྱིར་གཤེགས་སུ་གསོལ༔ ཨོ་རྒྱན་དྷ་ར་དང་ནི་མཚོ་རྒྱལ་མ༔ སྐུ་ལྔ་མཚན་བརྒྱད་ཀུན་བཟང་རྡོ་རྗེ་འཆང་༔ གསར་རྙིང་བཀའ་བརྒྱུད་བླ་མ་ཡི་དམ་ལྷ༔ དེ་རིང་འགྲོ་དོན་མཛད་ཕྱིར་གཤེགས་སུ་གསོལ༔ ས་བདག་རྒྱལ་བློན་བརྟན་མ་ས་འཛིན་དང་༔ ལོ་ཟླ་ཞག་དུས་སྤར་སྨེ་ཁམས་ལྔའི་ལྷ༔ སྟོང་གསུམ་གནས་སྲུང་ཕྱོགས་སྐྱོང་ཡུལ་རིས་ལྷ་དེ་རིང་འགྲོ་དོན་མཛད་ཕྱིར་གཤེགས་སུ་གསོལ༔ ཕོ་ལྷ་དགྲ་ལྷ་ཝེར་མ་ལ་སོགས་དང་༔ མགྲོན་ཡག་དར་མ་རྟ་ནོར་ལུག་གི་ལྷ༔ སྦྲ་ལྷ་ཁང་ལྷ་ཞིང་གི་ལྷ་ཚོགས་རྣམས༔ དེ་ཡར་རིང་འགྲོ་དོན་མཛད་ཕྱིར་གཤེགས་སུ་གསོལ༔ ལྷ་ཀླུ་གནོད་སྦྱིན་གཟའ་དང་རྒྱུ་སྐར་གཉན༔ ཉི་ཟླ་རྒྱལ་ཆེན་སྡེ་བཞི་སྲུང་དང་འཁོར༔ ཁྱད་པར་ཡུལ་འདིའི་གཞི་བདག་ཟོ་དོར་རྣམས༔ དེ་རིང་འགྲོ་དོན་མཛད་ཕྱིར་གཤེགས་སུ་གསོལ༔ ཨོཾ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛ་ཛཿ ཨོཾ་ཀྵི་ཧི་ར་ཙ་པྲི་ཐི་དྷེ་ཝི་བྷུ་མི་པཱ་ཏི་ལོ་ཀ་པ་ལ་ས་པཱ་རི་ཝཱ་ར་ས་


CMR037_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡ་ཛ་ཛཿ དེ་ནས་སྤྱན་དྲངས་ལ་གདན་འབུལ་བ་ནི། ཧཱུྃ༔ རིན་ཆེན་གཞལ་ཡས་ཉམས་རེ་དགའ༔ པདྨ་ཉི་ཟླ་བག་རེ་དྲོ༔ ཁྲི་ཆེན་བཀོད་པ་བརྗིད་རེ་ཆེ༔ སོ་སོའི་གདན་ལ་དགྱེས་པར་བཞུགས༔ པདྨ་ཀ་མ་ལཱ་ཡ་སིཾ༔ དེ་ནས་ཕྱག་འཚལ་མཆོད་པ་འབུལ་བ་ནི། དྷཱི༔ མ་བཅོས་སྤྲོས་བྲལ་ལྷུན་གྲུབ་ཀྱི༔ ཀ་དག་རང་གསལ་ཆོས་ཀྱི་སྐུ༔ མི་གཡོ་འགགས་མེད་འཇིག་རྟེན་མགྲོན༔ ཐམས་ཅད་དབྱིངས་གཅིག་གུས་ཕྱག་འཚལ༔ ཧོཿ བདུད་རྩི་སྨན་གཏོར་འདོད་ཡོན་ལྔ༔ མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས༔ མར་མེ་དྲི་ཆབ་ཞལ་ཟས་རོལ༔ བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན༔ རྒྱལ་བ་འཁོར་དང་བཅས་ལ་འབུལ༔ བཞེས་ནས་བཀྲ་ཤིས་བདེ་ལེགས་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨེ་མ་ངོ་མཚར་རྨད་ཀྱི་ཆོས༔ ཀུན་བཟང་ཡབ་ཡུམ་རོལ་པ་ལས༔ ཡོན་ཏན་མཆིས་ལ་བསྟོད་པར་བགྱི༔ དེ་ནས་ཁ་བསྟོད་བྱ་བ་ལ༔ མཆོད་གཡོག་པས་ཕྱོགས་བཞི་ནས་རྡོ་དཀར་སེར་དམར་ལྗང་བྱས་པ་བཞག་ལ་འདི་སྐད་དོ།། ཀྱཻ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གིས༔ ནད་གདོན་བར་ཆད་ཞི་བའི་ཕྱིར༔ ཤར་ཕྱོགས་ཤེལ་གྱི་གསས་མཁར་བརྩེགས༔ ཞི་བའི་


CMR037_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྲུབ་འོད་དཀར་འབར༔ དེ་འདྲའི་གསས་མཁར་གཉེན་པོ་འདི༔ ཞི་ལྷ་ཤར་ཕྱོགས་ས་བདག་ཀླུ༔ གཉན་བཙན་ཡུལ་ལྷ་གཞི་ཡི་བདག༔ ཕ་མཚུན་དགྲ་བླ་མཉེས་པའི་ཕྱིར༔ དེ་རིང་གསས་མཁར་ཁ་ཡར་བསྟོད༔ ནད་གདོན་བར་ཆད་ཞི་བ་ཤཱནྟཾ་ཀུ་རུ་སྭཱ་ཧཱ༔ ཀྱཻ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གིས༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྱིར༔ ལྷོ་ཕྱོགས་བེར་གསས་མཁར་བརྩེགས༔ རྒྱས་པའི་ལས་གྲུབ་གཡུ་འོད་འབར༔ དེ་འདྲའི་གསས་མཁར་གཉེན་པོ་འདི༔ རྒྱས་ལྷ་ལྷོ་ཕྱོགས་ས་བདག་ཀླུ༔ གཉན་བཙན་ཡུལ་ལྷ་གཞི་ཡི་བདག༔ ལྷ་བཙུན་དགྲ་བླ་མཉེས་པའི་ཕྱིར༔ དེ་རིང་གསས་མཁར་ཁ་ཡར་བསྟོད༔ ཚེ་བསོད་དཔལ་འབྱོར་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ༔ ཀྱཻ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གིས༔ ཁམས་གསུམ་དབང་དུ་སྡུད་པའི་ཕྱིར༔ ནུབ་ཕྱོགས་པདྨ་རཱ་གའི་གསས་མཁར་བརྩེགས༔ དབང་གི་ལས་གྲུབ་ཟངས་འོད་འབར༔ དེ་འདྲའི་གསས་མཁར་གཉེན་པོ་འདི༔ དབང་ལྷ་ནུབ་ཕྱོགས་ས་བདག་ཀླུ༔ གཉན་བཙན་ཡུལ་ལྷ་གཞི་ཡི་བདག༔ ལྷ་བཙུན་དགྲ་བླ་མཉེས་པའི་ཕྱིར༔ དེ་རིང་གསས་མཁར་ཁ་


CMR037_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་བསྟོད༔ ཁམས་གསུམ་སྲིད་གསུམ་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཀྱཻ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གིས༔ གནོད་བྱེད་དགྲ་བགེགས་བསྒྲལ་བའི་ཕྱིར༔ བྱང་ཕྱོགས་ཨིནྡའི་གསས་མཁར་བརྩེགས༔ དྲག་པོའི་ལས་གྲུབ་ལྕགས་འོད་འབར༔ དེ་འདྲའི་གསས་མཁར་གཉེན་པོ་འདི༔ དྲག་ལྷ་བྱང་ཕྱོགས་ས་བདག་ཀླུ༔ གཉན་བཙན་ཡུལ་ལྷ་གཞི་ཡི་བདག༔ ལྷ་མཚུན་དགྲ་བླ་མཉེས་པའི་ཕྱིར་དེ་རིང་གསས་མཁར་ཁ་ཡར་བསྟོད༔ གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཕཊ༔ གསས་མཁར་བཅུ་གསུམ་ཁ་ཡར་བསྟོད་ཀྱེ༔ གཅིག་པ་གསེར་གྱི་གསས་མཁར་བརྩེགས༔ མི་འཕན་དར་བའི་རྟེན་དུ་བཙུགས༔ གཉིས་པ་དངུལ་གྱི་གསས་མཁར་བརྩེགས༔ རྒྱལ་ཁམས་བདེ་བའི་རྟེན་དུ་བཙུགས༔ གསུམ་པ་མཆོང་གི་གསས་མཁར་བརྩེགས༔ བསྟན་པ་དར་བའི་རྟེན་དུ་བཙུགས༔ བཞི་པ་བཻཌཱུར་གསས་མཁར་བརྩེགས༔ རྟ་ནོར་ཕྱུགས་ལུག་རྟེན་དུ་བཙུགས༔ ལྔ་པ་དུང་གི་གསས་མཁར་བརྩེགས༔ ལོ་ལེགས་འབྲུ་འཕེལ་རྟེན་དུ་བཙུགས༔ དྲུག་པ་གཡུ་ཡི་གསས་མཁར་བརྩེགས༔ ཁྱུང་དཀར་མཛོ་ཡི་རྟེན་དུ་བཙུགས༔


CMR037_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པ་བྱི་རུའི་གསས་མཁར་བརྩེགས༔ འདོ་བ་རྟ་ཡི་རྟེན་དུ་བཙུགས༔ བརྒྱད་པ་སྦྱར་ལེན་གསས་མཁར་བརྩེགས༔ ཟལ་དཀར་འབྲི་ཡི་རྟེན་དུ་བཙུགས༔ དགུ་པ་མུ་ཏིག་གསས་མཁར་བརྩེགས༔ གཡང་དཀར་ལུག་གི་རྟེན་དུ་བཙུགས༔ བཅུ་པ་ཟངས་ཀྱི་གསས་མཁར་བརྩེགས༔ ཚེ་ཚེ་ར་ཡི་རྟེན་དུ་བཙུགས༔ བཅ་གཅིག་ཤེལ་གྱི་གསས་མཁར་བརྩེགས༔ སྨུག་ཆུང་དྲེལ་གྱི་རྟེན་དུ་བཙུགས༔ བཅུ་གཉིས་མུ་མན་གསས་མཁར་བརྩེགས༔ ཡུལ་དང་སྦྲ་ཁང་རྟེན་དུ་བཙུགས༔ བཅུ་གསུམ་རྡོ་ཡི་གསས་མཁར་བརྩེགས༔ ལྷ་སྲུང་མགོན་བྱེད་རྟེན་དུ་བཙུགས༔ ས་གཞི་རིན་ཆེན་འབར་བའི་སྟེང་༔ རིན་ཆེན་སྣ་ཚོགས་རྡོ་མཁར་བརྩེགས༔ རྨིང་གཞི་བརྗིད་ཀྱིས་མནན་པ་དེ༔ རྨོངས་འདྲེ་རྨོངས་སྲི་མནན་པའི་དོན༔ ལོགས་བཞིར་སྒོ་བཞི་བཏོད་པ་དེ༔ ལྷ་སྲུང་དགྲ་བླ་འདུ་བའི་དོན༔ རྩེ་མོ་དགུང་ལ་སྙེགས་པ་དེ༔ རྨོངས་ཀྱི་རྩ་མདུད་བཀྲོལ་བའི་དོན༔ དེ་ལྟར་ཡོན་ཏན་རབ་ལྡན་པའི༔ བཀྲ་ཤིས་ལྷ་མཁར་འདི་བརྩེགས་པས༔ མི་འཕེལ་རྟ་ཧྲག་དར་རྒྱས་ཤིང་༔ ནད་མུག་མཚོན་གྱི་བསྐལ་ཞི་ཤོག༔ མི་


CMR037_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ནོར་གོད་ཞི་བར་ཤོག༔ སྤར་ཁའི་འགྲམ་འཁྲུགས་ཞི་བར་ཤོག༔ ལོ་ནད་བཙའ་སད་སེར་ཞི་ཤོག༔ ལྷ་སྲུང་རྟེན་ལ་འཁོར་བར་ཤོག༔ བཀྲ་ཤིས་བསྟན་པ་མཐའ་རྒྱས་ཤོག༔ དེ་ནས་གཏེར་བུམ་ནི། རབ་གསེར་དངུལ། འབྲིང་རིན་པོ་ཆེའམ་རྫ་བུམ། ཐ་མ་སྨྱུག་ཚིགས་ཀྱི་ནང་དུ་འབྲུ་སྣ་རིན་ཆེན་སྣ་ཚོགས་དར་སྣ་ཀླུ་སྨན་བདུད་རྩི་ཆོས་སྨན་མ་ཎི་རིལ་བུ་ཀླུ་གཟུངས་ནོར་ལྷའི་གཟུངས། བཀྲ་ཤིས་གཟུངས་སྣང་བརྒྱད་གཟུངས་རྣམས་བཅུག་ལ། ཁ་ཆོད་རིགས་ལྔའི་ཕྱག་མཚན་ལྟེ་བར་བཀྲ་ཤིས་རྟགས་བརྒྱད་བྲིས་པ་གསས་མཁར་ནང་བུ་ཚ་མགོ་གཙང་གིས་བཅུག་ལ། ཧཱུྃ༔ འབྱུང་བ་ལྔ་ནི་སངས་རྒྱས་ཞིང་། །ས་ཡི་ལྷ་མོ་མཁའ་ཕྱེས་ཤིག །བརྟན་པ་མི་འགྱུར་བཀྲ་ཤིས་ཕྱིར། །ཧཱུྃ། སྙིང་པོ་ལྔ་དང་འབྲུ་སྣ་རིགས། །སྤོས་དང་སྨན་སྣ་དམ་རྫས་སོགས། །ཡིད་བཞིན་གཏེར་བུམ་འདི་སྦས་པས། །འདིར་འདུས་སྐལ་ལྡན་བདག་ཅག་རྣམས། །བླ་མེད་བྱང་ཆུབ་མ་ཐོབ་བར། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་རྣམས། །ཟབ་གཏེར་འདི་སྦས་བྱིན་བརླབས་ཀྱིས། དེ་རྣམས་མ་ལུས་བྱང་གྱུར་ཅིག །ནད་དང་མུ་གེའི་མཚོན་ལ་སོགས། །འཇིགས་པ་བརྒྱད་ལས་ཐར་གྱུར་ཅིག །ཚེ་དང་བསོད་ནམས་འཕེལ་གྱུར་ཅིག །དུག་ལྔ་གནས་སུ་རྣམ་


CMR037_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནས། །སྐུ་གསུམ་སྐུ་ལྔ་ལྷུན་གྲུབ་ཅིང་། །ཡེ་ཤེས་ལྔ་དང་ལྡན་པར་ཤོག །ལྷ་མཁར་རིན་ཆེན་གཞལ་ཡས་ནང་། །རིན་ཆེན་སྣ་ཚོགས་གཏེར་སྦས་པས། །བོད་དུ་སངས་རྒྱས་བསྟན་པ་དར། །ཆོས་དང་ལོངས་སྤྱོད་ཕུན་སུམ་ཚོགས། །དེང་འདིར་བདག་དང་ཡོན་བདག་གི །ལོ་ཀག་ཟླ་ཀག་ཟློག་པ་དང་། །མོ་ངན་ལྟས་ངན་བསྒྱུར་བ་དང་། །ས་བདག་ཚོགས་རྣམས་མཆོད་པ་དང་། །ཀླུ་རྣམས་གནས་སུ་བཅོལ་བ་དང་། །གཞི་བདག་རྟེན་ལ་བསྐོས་པ་དང་། །ཆར་ཆུ་དུས་སུ་འབེབས་པ་དང་། །སད་སེར་བཙའ་འབུ་ཞི་བ་དང་། །རྟག་ཏུ་ལོ་ལེགས་རྩྭ་འཕེལ་ཕྱིར། །ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །བང་མཛོད་འབྲུ་ཡི་གཏེར་སྦས་ལ། །མི་རྟག་སྐྱེ་འཆི་འབྱུང་བའི་་ཚེ། །རིན་ཆེན་གཏེར་གྱིས་མདུན་བསུས་ཤིང་། །འདོད་ཡོན་ལོངས་སྤྱོད་འཕྲད་པར་ཤོག །དེ་ནས་སྲོག་ཤིང་ཤུག་གུ་རྩེ་རྒྱལ་ལ་ཚེ་གཟུངས་བྲིས་པ་བཙུགས་ལ། ཧྲཱིཿ ཚེ་དཔག་མེད་པའི་བྱིན་བརླབས་ཀྱིས། །ལྷ་ཤུག་རྩེ་རྒྱལ་ཚེ་གཟུངས་ཅན། །གསས་མཁར་འདི་ཡི་སྲོག་ཤིང་འཛུགས། །ཡོན་བདག་ཚེ་སྲོག་བརྟན་པར་ཤོག །ཡལ་ག་ལོ་འདབ་ཕྱོགས་བཅུར་


CMR037_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས། །དཔལ་འབྱོར་ཕུན་སུམ་ཚོགས་པར་ཤོག །འབྲས་བུ་རིན་ཆེན་ཚད་དུ་སྨིན། །སྒྲུབ་པ་མཐའ་རུ་ཕྱིན་པར་ཤོག །ཅེས་ཚེ་གཟུངས་འདོན་ཞིང་རྟིང་པ་གཏེར་བུམ་ཁར་བཙུགས། ཁ་ཤིང་ལ་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། གཡག་ལུག་ར་གསུམ། ཤ་གནའ་དགོ་གསུམ། སྟག་གཟིག་དོམ་གསུམ། ཁྱུང་འབྲུག་སེང་གསུམ། ཉི་ཟླ་ནོར་བུ་གསུམ་བྲིས་པ་དང་། བཟང་ཤིང་སྣ་ཚོགས་བལ་ཚོན་བརྒྱན། སྨྱུག་རྒོད་ཚིགས་གསུམ་དར་ཚོན་བརྒྱན། ཁྲབ་བྱང་བཏགས་པ་རྣམས་བཅུག་ལ༔ ཀྱེེ༔ དུས་བཟང་ལྷ་ཡི་ཉི་མ་ལ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཞབས་ཀྱིས་བཅགས་པའི་ས་བཟང་འདི༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ལོ་ཟླ་ཞག་དུས་སྤར་སྨེའི་སྐག༔ ན་འཆི་དུར་ཞུགས་རླུང་རྟ་རྒུད༔ མི་ནོར་ལོ་ནད་ཐན་པ་བཙའམི་ནོར་ལོ་ནད་ཐན་པ་སད་སེར་མཚོན་མུག་བསལ་བའི་ཕྱིར༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་ནོར་ལྷ་གཏེར་གྱི་བདག་ཕོ་ལྷ་དགྲ་ལྷ་ཝེར་མའི་ཚོགས༔ ལྷ་ཀླུ་གཞི་བདག་མཉེས་པའི་ཕྱིར༔ གསས་མཁར་རྩེ་ལ་རྒྱན་གཅིག་བཀོད༔ ཉི་ཟླ་ནོར་བུ་འབར་བ་དང་༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན༔ རྩ་གསུམ་དཀོན་མཆོག་ཡེ་ཤེས་ལྷ༔ འཇིག་རྟེན་ལྷ་ཀླུ་གཞི་བདག་


CMR037_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ བཀྲ་ཤིས་ཚེ་རིང་གཏོར་སྐུ་བཙུགས༔ ལྷ་སྲུང་རྟེན་ལ་འཁོར་གྱུར་ཅིག༔ ཁྱུང་འབྲུག་སེང་གེ་དཀར་མོ་དང་༔ སྟག་གཟིག་དོམ་གྱི་གཟུགས་བརྙན་འདི༔ ཕོ་ལྷ་དགྲ་བླ་ཝེར་མ་དང་༔ མཚུན་ལྷ་གཡང་གི་ལྷ་རྣམས་ལ༔ བཀྲ་ཤིས་ཚེ་རིང་གཏོར་སྐུ་བཙུགས༔ ཤ་གནའ་དགོ་བ་གཡག་ལུག་རཿ༔ གཟུགས་འགྲོས་རྣམ་པ་སྣ་ཚོགས་ཀྱིས༔ ལྷ་ཀླུ་གཞི་བདག་སྡེ་བརྒྱད་དང་༔ བརྟན་མ་མགུལ་ལྷ་དགེ་བསྙེན་དང་༔ ཁྱད་པར་ཡུལ་འདིའི་གཞི་བདག་ལ༔ བཀྲ་ཤིས་ཚེ་རིང་གཏོར་སྐུ་བཙུགས༔ རྟེན་བཙུགས་རྟེན་ལ་འཁོར་གྱུར་ཅིག༔ དཔལ་གྱི་མདའ་བཀྲ་འཕང་བཀྲ་དང་༔ ཁང་བུ་རྒྱང་བུ་བཟང་ཤིང་རིས་སྙུག་རྒོད་དར་སྣ་ཁྲབ་བྱང་བརྒྱན༔ བལ་ཚོན་དཀར་དམར་ནག་སྔོན་བརྒྱན༔ མདའ་དར་དཀར་དམར་རུ་མཚོན་བརྒྱན༔ གསས་མཁར་གཉེན་པོའི་ཁ་བརྒྱན་བསྟོད༔ འདབ་ཆགས་སྡེར་ཆགས་རི་དྭགས་རིགས༔ གཡུང་དྭགས་སྣ་ཚོགས་ལྟོ་འཕྱེའི་རིགས༔ གསས་མཁར་གཉེན་པོའི་ཁ་བརྒྱན་བསྟོད༔ ཕྱི་ནི་རིན་ཆེན་གཞལ་ཡས་ཁང་༔ ནང་བཅུད་རིན་ཆེན་གཏེར་དང་ལྡན༔ ཉེར་སྤྱོད་འདོད་ཡོན་སྤྲིན་ལྟར་


CMR037_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གཏིབས༔ སྲོག་ཤིང་དཔག་བསམ་ཚེ་ཡི་གཟུངས༔ རྩེ་ལ་ནམ་མཁའ་ཤིང་རིས་བཀྲ༔ རྒྱང་བུ་ཤིང་རིས་འདོད་དགུའི་གཏེར༔ སྨུག་རྒོད་དར་ཁྲབ་རྒྱན་མདུང་དར༔ རྨིང་ན་སྒབ་འདྲེའི་དགྲ་བགེགས་མནན༔ སྒོ་བཞིར་རྒྱལ་ཆེན་སྲུང་བཞིས་སྲུངས༔ ཡིད་བཞིན་འདོད་དགུའི་ཆར་དུ་འབེབས༔ ཡིད་བཞིན་ནོར་བུ་སྤྲིན་ཕུང་གཏིབས༔ གསས་མཁར་གཉེན་པོའི་ཁ་བརྒྱན་བསྟོད༔ དེ་འདྲའི་ལྷ་མཆོག་རྒྱན་ལྡན་འདིས༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ རིགས་གསུམ་མགོན་དང་དཀོན་མཆོག་གསུམ༔ ཆོས་སྐྱོང་ནོར་ལྷ་གཏེར་གྱི་བདག༔ ས་བདག་ཀླུ་གཉན་ལོ་ཟླའི་བདག༔ སྤར་སྨེ་ཉི་ཟླ་གཟའ་སྐར་རྒྱུ༔ སྡེ་བརྒྱད་དཔལ་མགོན་བདུན་ཅུ་གཉིས༔ རྨ་རྒྱལ་སྐུ་རྒྱལ་གཙོར་བྱས་པའི༔ མདོ་ཁམས་ལྷ་ཀླུ་གཞི་བདག་གཉན༔ ཁྱད་པར་ཡུལ་འདིའི་གཞི་ཡི་བདག༔ སྣང་སྲིད་ལྷ་འདྲེའི་ཚོགས་ལ་འབུལ༔ ཁྱོད་ལ་འབུལ་བའི་དོན་ཆེན་ནི༔ བདག་ཅག་དཔོན་སློབ་འཁོར་བཅས་དང་༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ༔ ལི་ལ་བུག་དང་སྟོང་པ་ཡིས༔ མདུན་གོད་རྟ་གོད་ཞི་བར་ཤོག༔ གནམ་ས་གཞུང་རལ་གནམ་སའི་སྒོ༔ བསྒྱུར་བའི་


CMR037_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

སྐག་རྣམས་ཞི་བར་ཤོག༔ ཕྱོགས་བཞི་སྒོ་བཞི་བྱེ་བ་ཡིས༔ དགྲ་སྒོ་སྡུག་བྱེད་ཞི་བར་ཤོག༔ མཚམས་བཞི་བུག་གམ་སྤུངས་པ་ཡིས༔ རྩ་བཞི་འཁུམ་སྐག་ཞི་བར་ཤོག༔ སྟོད་གསུམ་སྟོང་ལ་རྩེ་བསྙིལ་སྐག༔ སྨད་གསུམ་སྟོང་ན་མཚོ་སྐེམ་སྐག༔ དྭ་ཟིན་སྟོང་ན་སྐྱིད་སྐད་ཆད༔ བསྒྱུར་དཀའི་རྐྱེན་སྐག་མ་ལུས་པ༔ ལྷ་མཁར་གཏོར་སྐུས་སེལ་བར་ཤོག༔ ནད་སྲི་འཆི་སྲི་རྒན་གཞོན་སྲི༔ ཆུང་སྲི་ལོ་སྲི་དགྲ་གོད་སྲི༔ ལྷ་མཁར་གཏོར་སྐུས་སེལ་བར་ཤོག༔ གསས་མཁར་གཏོར་སྐུའི་ཡོན་ཏན་གྱིས༔ སངས་རྒྱས་བསྟན་པ་དར་བ་དང་༔ དགེ་འདུན་དབུ་འཕང་མཐོ་བ་དང་༔ ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག༔ རྣལ་འབྱོར་སྐུ་ཚེ་རིང་བ་དང་༔ བཤད་སྒྲུབ་བསྟན་པ་རྒྱས་པར་ཤོག༔ ཡོན་བདག་བདེ་སྐྱིད་འཛོམ་པར་ཤོག༔ ཆར་ཆུ་དུས་སུ་འབབ་པར་ཤོག༔ ལོ་འབྲས་རྟག་ཏུ་ལེགས་པར་ཤོག༔ རྟ་ནོར་ཕྱུགས་ལུག་འཕེལ་བར་ཤོག༔ དགོན་གནས་ཡུལ་གྲོང་བརྟན་པ་དང་༔ སྒྲུབ་པ་མཐའ་རུ་ཕྱིན་པར་ཤོག༔ མི་འཕེལ་ནས་བས་འཕེལ་བར་ཤོག༔ མི་སྲོག་བྲག་ལས་སྲ་བར་ཤོག༔ མི་མགོ་དགུང་བས་མཐོ་བར་


CMR037_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག༔ མི་མཐའ་ཆུ་བས་རིང་བར་ཤོག༔ རྟ་ནོར་ལུག་གསུམ་འཕེལ་བར་ཤོག༔ གཡང་གི་མཚོ་མོ་འཁྱིལ་བར་ཤོག༔ དེ་ནས་སྲུང་བཞི་བཀོད་པ་ནི༔ དཀར་གཏོར་རེ་དང་གཟུགས་བརྙན་སྟག་སོགས་བཀོད༔ འབྲུ་སྣ་བཏབ་ཅིང་གསེར་སྐྱེམས་མཆོད་ལ་འདི་སྐད་དོ༔ ཀྱཻ༔ གསས་མཁར་གཉེན་པོའི་ཤར་སྒོ་ནས༔ དྲི་ཟའི་མངའ་བདག་ཡུལ་འཁོར་སྲུང་༔ འཁོར་ནི་དྲི་ཟ་འབུམ་གྱིས་བསྐོར༔ ཕོ་ཉ་སྟག་སྐྱ་ངང་རིས་ཅན༔ བར་ཆད་ཞི་བའི་སྲུང་དུ་བསྐོས༔ གསེར་སྐྱེམས་མཆོད་བཞེས་ཤར་སྒོ་སྲུང་༔ ཀྱཻ༔ གསས་མཁར་གཉེན་པོའི་ལྷོ་སྒོ་ནས་གྲུལ་བུམ་མངའ་བདག་འཕགས་སྐྱེས་པོ༔ འཁོར་ནི་གྲུལ་བུམ་འབུམ་གྱིས་བསྐོར༔ ཕོ་ཉ་གཡུ་འབྲུག་ཟངས་ཟེ་ཅན༔ དཔལ་འབྱོར་རྒྱས་པའི་སྲུང་དུ་བསྐོས༔ གསེར་སྐྱེམས་མཆོད་བཞེས་ལྷོ་སྒོ་སྲུང་༔ ཀྱཻ༔ གསས་མཁར་གཉེན་པོའི་ནུབ་སྒོ་ནས༔ ཀླུ་ཡི་མངའ་བདག་སྤྱན་མི་བཟང་༔ འཁོར་ནི་ཀླུ་དབང་འབུམ་གྱིས་བསྐོར༔ ཕོ་ཉ་བྱ་དམར་གཡུ་ཟེ་ཅན༔ ཚེ་དབང་བརྟན་པའི་སྲུང་དུ་བསྐོས༔ གསེར་སྐྱེམས་མཆོད་བཞེས་ནུབ་སྒོ་སྲུང་༔ ཀྱཻ༔ གསས་མཁར་གཉེན་པོའི་བྱང་སྒོ་ནས༔ གནོད་སྦྱིན་མངའ་བདག་


CMR037_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཐོས་སྲས༔ འཁོར་ནི་གནོད་སྦྱིན་འབུམ་གྱིས་བསྐོར༔ ཕོ་ཉ་རུ་སྤྲུལ་གསེར་འབྲུམ་ཅན༔ དགྲ་བགེགས་བསྒྲལ་བའི་སྲུང་དུ་བསྐོས༔ གསེར་སྐྱེམས་མཆོད་བཞེས་བྱང་སྒོ་སྲུང་༔ ལྷ་མི་མི་འབྲལ་གཡང་རྟེན་ཕྱིར༔ ཇི་སྲིད་བར་དུ་ཐུབ་པར་སྲུངས༔ དེ་ནས་ཚེ་ཐག་འཐེན་པ་ནི། ཧོཿ དེ་རིང་དམུ་ཐག་ཤར་དུ་འཐེན༔ ཞི་བྱེད་ལྷ་མོ་རྡོ་རྗེ་དཀར༔ མདའ་དར་འཛིན་ཅིང་དམུ་ཐག་འཐེན༔ མི་འཕེལ་ས་ཡི་རྟེན་ཕུར་བཙུགས༔ ཧོཿ དེ་རིང་དམུ་ཐག་ལྷོ་རུ་འཐེན༔ རྒྱས་བྱེད་རིན་ཆེན་ལྷ་མོ་སེར། བུམ་པ་འཛིན་ཅིང་དམུ་ཐག་འཐེན༔ ཕྱུགས་འཕེལ་གཡང་གི་རྟེན་ཕུར་བཙུགས༔ ཧོཿ དེ་རིང་དམུ་ཐག་ནུབ་ཏུ་འཐེན༔ དབང་སྡུད་པདྨའི་ལྷ་མོ་དམར༔ ལྕགས་ཀྱུ་འཛིན་ཅིང་དམུ་ཐག་འཐེན༔ ཚེ་འགུགས་ཚེ་གཡང་རྟེན་ཕུར་བཙུགས༔ ཧོ་དེ་རིང་དམུ་ཐག་བྱང་དུ་འཐེན༔ སྒྲོལ་བྱེད་ལས་ཀྱི་ལྷ་མོ་ལྗང་༔ རལ་གྲི་འཛིན་ཅིང་དམུ་ཐག་བཟུང་༔ བར་ཆད་བསྒྲལ་བའི་རྟེན་ཕུར་བཙུགས༔ ཧོཿ དེ་རིང་དམུ་ཐག་གནམ་དུ་འཐེན༔ མི་འགྱུར་ཆོས་དབྱིངས་ལྷ་མོ་མཐིང་༔ དཔལ་བེའུ་འཛིན་ཅིང་དམུ་ཐག་


CMR037_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ གནམ་གྱི་འཇུ་དང་སྲ་བརྟན་ཚུགས༔ ཧོཿ དེ་རིང་རྟེན་ཕུར་ས་ལ་བཙུགས༔ ལྷ་མོ་བརྟན་མ་སྐུ་མདོག་སེར༔ ནོར་བུ་བུམ་འཛིན་རྟེན་ཕུར་བཙུགས༔ ལོ་ལེགས་ཡུལ་མཁར་རྟེན་ཕུར་བཙུགས༔ མི་མགོ་དགུང་བས་མཐོ་བར་ཤོག༔ མི་སྲོག་བྲག་བས་སྲ་བར་ཤོག༔ བདེ་ལེགས་ཕུན་སུམ་ཚོགས་པར་ཤོག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་ཤོག༔ དེ་ནས་ཁྲི་འཕང་བསྟོད་པ་ནི༔ ཀྱཻ༔ དགུང་ལ་ཉི་ཟླ་ཤར་བ་བཞིན༔ བླ་མ་ཡི་དམ་ཁྲི་འཕང་བསྟོད༔ མཁའ་ལ་ལྷོ་སྤྲིན་ཚེའཁྲིགས་པ་བཞིན༔ དཀོན་མཆོག་རིགས་གསུམ་ཁྲི་འཕང་བསྟོད༔ བྲག་ལ་ཐང་དཀར་ལྡིང་བ་བཞིན༔ མཁའ་འགྲོ་ཆོས་སྐྱོང་ཁྲི་འཕང་བསྟོད༔ རྫ་ལ་བྲེ་སེར་འགྱིང་བ་ལྟར༔ ནོར་ལྷ་གཏེར་བདག་ཁྲི་འཕང་བསྟོད༔ སྤང་ལ་ཤ་རྐྱང་འགྲོགས་པ་ལྟར༔ ས་བདག་ཀླུ་གཉན་ཁྲི་འཕང་བསྟོད༔ མཚོ་ལ་ལྟོ་འཕྱེ་འཕྱོ་བ་ལྟར༔ སྟོང་གསུམ་གཞི་བདག་ཁྲི་འཕང་བསྟོད༔ ཁྲབ་རྨོག་དར་སྣས་བརྒྱན་པ་ལྟར༔ ཕོ་ལྷ་དགྲ་བླའི་ཁྲི་འཕང་བསྟོད༔ མདུང་ལ་བ་དན་བཏགས་པ་ལྟར༔ ཡུལ་ལྷ་གཞི་བདག་ཁྲི་འཕང་བསྟོད༔


CMR037_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག༔ དམ་ཅན་ཐུགས་དམ་བསྐང་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ བགེགས་རིགས་ལན་ཆགས་འཁོར་གྱུར་ཅིག༔ སྣང་སྲིད་འཁྲུག་པ་སྡུམ་གྱུར་ཅིག༔ ཚད་མེད་མཆོད་བསྟོད་འདི་བྱས་མཐུས༔ བདག་དང་སེམས་ཅན་ཐམས་ཅད་ཀུན༔ ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས༔ ཐམས་ཅད་སངས་རྒྱས་ཐོབ་པར་ཤོག༔ དེ་ནས་དབང་བསྐུར་རྒྱས་གདབ་ནི། རྡོ་རྗེ་ཐོགས་ལ། ཧཱུྃ༔ རྡོ་རྗེ་འབར་བས་དབང་བསྐུར་བས༔ ལྷ་མཁར་ཚེ་རིང་གཏོར་སྐུའི་གཏེར༔ མི་འགྱུར་མི་ཤིགས་རབ་ཏུ་གནས༔ ནོར་བུ་ཐོགས་ལ༔ ཧཱུྃ༔ རིན་ཆེན་འབར་བས་དབང་བསྐུར་བས༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས༔ པདྨ་ཐོགས་ལ༔ ཧཱུྃ༔ པདྨ་འབར་བས་དབང་བསྐུར་བས༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ཆགས་མེད་སྐྱོན་བྲལ་ཡོན་ཏན་རྫོགས༔ རལ་གྲི་ཐོགས་ལ༔ ཨཱཿ རལ་གྲི་འབར་བས་དབང་བསྐུར་བས༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ བདུད་བཞིའི་བར་ཆད་རྩད་ནས་གཅོད༔ འཁོར་ལོ་ཐོགས་ལ༔ ཨོཾ༔ འཁོར་ལོ་འབར་བས་


CMR037_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་བས༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ཉོན་མོངས་འཁོར་བའི་སྡུག་བསྔལ་ཞི༔ རྒྱལ་བ་རིགས་ལྔའི་བྱིན་རླབས་ཀྱིས༔ སངས་རྒྱས་བསྟན་པ་དར་བ་དང་༔ སེམས་ཅན་བདེ་སྐྱིད་ལྡན་པའི་ཕྱིར༔ བསྟན་པའི་བཙས་སུ་འདི་གྱུར་ཅིག༔ ༈ ས་བརྐོས་ས་བདག་འགྲས་ན་འདི་ཡིས་བསྡུས༔ ཤིང་བཅད་གཉན་དང་འགྲས་ན་འདི་ཡིས་བསྡུམ༔ ཆུ་དཀྲུག་ཀླུ་དང་འགྲས་ན་འདི་ཡིས་བསྡུམ༔ ལམ་བཅད་བཙན་དང་འགྲས་ན་འདི་ཡིས་བསྡུམ༔ རི་ལ་མེ་བཀྱེས་གཞི་བདག་འགྲས་ན་འདི་ཡིས་བསྡུམ་འདི་ཕྱི་ཀུན་དུ་གང་དང་གར་སྐྱེས་ཀྱང་༔ ལྷ་འདྲེ་མི་གསུམ་ཀུན་གྱི་བསྐུར་བའི་གནས༔ མི་མཐུན་འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་སྒྲུབས༔ མི་ཟད་རིན་ཆེན་གཏེར་ལ་ལོངས་སྤྱོད་ཅིང་༔ ཆོས་མཐུན་བདེ་སྐྱིད་རྒྱུན་ཆད་མེད་པར་ཤོག༔ དེ་ནས་རབ་གནས་མེ་ཏོག་འཐོར་ལ༔ རྒྱས་པར་བཀྲ་ཤིས་བརྩེགས་མདོ་འདོན་པར་བྱའོ༔ བསྡུ་ན་རང་ལུགས་གང་རུང་གི་བཀྲ་ཤིས་བརྗོད༔ སྤྲོ་ན་གསེར་ལོ་མ་སོགས་བྱ༔ དེ་ནས་བརྔན་གྱེར་ལ་གསས་མཁར་གྱི་མདུན་བཀྱག་སྟེང་དུ་ཡར་ཕུལ༔ གཡང་འགུགས་བྱ་ཞིང་བསང་གི་ཁུ་ཡེ་སོགས་བྱ་དངོས་གྲུབ་བླངས་ནས་ཕྱེ་མར་སོགས་ལ་རོལ་བཀྲ་ཤིས་དགའ་སྟོན་སོགས་བྱ། གསས་


CMR037_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་ལྷ་ཚོགས་ཐམས་ཅད་མི་གཤེགས་པར་བརྟན་བཞུགས་བྱ། བསང་གི་མདུན་བསྐྱེད་གཤེགས་གསོལ་བྱ། ༈ ཞེས་པ་འདི་ནི་འཕགས་པ་འཇམ་དཔལ་གྱི་རྒྱུད་ས་བདག་འཁོར་འབུམ་ནས་གསས་མཁར་བརྩེགས་པར་གསུངས་པ་འཕྲུལ་གྱི་མི་བཞིས་ཕྱག་ལེན་གཏན་ལ་ཕབ་པར་གྲགས་པ། ཀོང་རྩེ་འཕྲུལ་རྒྱལ་གྱིས་མཛད་པར་གྲགས་པའི་གསས་མཁར་གཞི་ལེན་དང་། འདོན་འགྲིགས། རྒྱ་མོ་ཀོང་ཇོས་བོད་དུ་བསྒྱུར་བ་དང་། ཧྭ་ཤང་མ་ཧཱ་ཡ་ནས་མཛད་པ་དང་། ཕྱིས་ཁྱུང་རྒོད་ནམ་མཁའ་ལྡིང་གིས་མཛད་པའི་ས་དཔྱད་སོགས། བོད་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་རིང་ལ་བསྒྱུར་བས་བོན་དང་འབྲེལ་ཆེ་བ་གསས་མཁར་ཁ་བསྟོད་མཚུན་བཅོས་བང་སོ་དུར་མཆོད་རྒྱས་པར་གསུངས་པ་དང་། རྒྱ་ནག་འགྱུར་དང་། སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པའི་གསས་མཁར་གཞི་ལེན་ཁ་བསྟོད་དང་། ཀླུ་སྒྲུབ་སྙིང་པོའི་མཛད་པའི་ཀླུ་ཐོ་དང་། གཏོར་ཁུའི་ཕྱག་ལེན་དང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བསམ་ཡས་བཞེངས་དུས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ས་འདུལ་མཛད། སྤྱིར་ས་བདག་ཐམས་ཅད་མཉེས་པ་དང་། སྒོས་བོད་ཡུལ་ས་བདག་ལ་བཙན་ཁང་། གསས་མཁར་གཞི་ལེན་དང་། བཅུ་གསུམ་ཁ་བསྟོད་འདི་དང་། །བསང་བརྔན་བུམ་གཏེར་སོགས་མཛད་ཅིང་ཕྱག་ལེན་དུ་ཕབ་པས་ལྷ་ཀླུ་གཞི་བདག་ཐམས་ཅད་མཉེས་པས། བསམ་ཡས་ཀྱི་གཙུག་ལག་བཞེངས་གྲུབ་པ་དང་། བོད་འབངས་ཐམས་ཅད་བདེ་ཞིང་ཆར་ཆུ་དུས་སུ་འབབ་པས་ལོ་འབྲས་ལེགས་


CMR037_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། རྗེ་ཡི་ཐུགས་དགོངས་རྫོགས་ཤིང་བོད་ཐམས་ཅད་བཀྲ་ཤིས་པར་གསུངས་པ། བླ་མ་དགོངས་འདུས་སོགས་གཏེར་ཁ་མང་པོ་ནས་གསས་མཁར་གཞི་ལེན་གསུངས་པ་ཕྱོགས་རྒྱ་དཀར་པོའི་འགྱུར་རྣམས་བོད་དུ་དར་སྲོལ་ཆེ་བ་བོད་གཞུང་རྣམ་དག་ལ་ཡུལ་སྡེ་དགོན་གནས་གྲོང་ཆེན་ཀུན་གྱི་ཟོ་དོར་གང་གཉེན་ནམ། རྒྱབ་རི་བསྟོད་པ་ཀུན་ལ་གྲགས་ཆེ་འདུག་པ། ད་ལྟ་ཀུན་གྱིས་ཁ་བསྟོད་འདི་ལོ་རེ་བཞིན་བྱེད་སྲོལ་འདུག་པས། དེ་རྣམས་ལ་ཕན་སྙམ་ནས་གོང་དུ་སྨོས་པའི་གསས་མཁར་ཁ་བསྟོད་དེ་རྣམས་ཀྱི་འདོན་ཆ་ཤིན་ཏུ་བསྡུས་པ་འདོན་འགྲིགས་བྱས་པ་འདི་ནི། རྒྱ་ནག་གབ་རྩེ་ལ་ཡང་དག་བསླབ་པའི་རྩིས་མཁན། ༧ རཱ་ག་ཨ་སྱས་བཀོད་པ་ཉེས་འགལ་མཆིས་ན། འཇམ་དཔལ་དབྱངས་དང་ས་བདག་ཡུལ་ལྷའི་ཚོགས་ལ་བཤགས་ཤིང་། དགེ་བས་གཞི་བདག་ལྷ་སྲུང་ཐམས་ཅད་རྟེན་ལ་དགྱེས་པར་བཞུགས། ཡུལ་ཕྱོགས་ཐམས་ཅད་ལོ་ལེགས་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་གྱུར་ཅིག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཚེ་རིང་གཏོར་ཁུ་བཙུགས་ཐབས།


CMR037_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རིང་གཏོར་ཁུ་བཙུགས་ཐབས་བཞུགས་པའི་དབུ་ཕྱོགས་ལགས་སོ། །


CMR037_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱརྱ་མཉྫ་ཤི་ཡེ། མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ལྷ་དང་སྲུང་མའི་ངོ་སོ་བསྟོད་པ་དང་། །ཡུལ་ལྷ་གཞི་བདག་མཉེས་པར་བྱ་བ་དང་། །མི་ནོར་ལོངས་སྤྱོད་འཕེལ་ཞིང་རྒྱས་པ་དང་། །དགྲ་ངོ་མདུན་ངོ་ལ་སོགས་ཞི་བའི་ཕྱིར། །ཚེ་རིང་གཏོར་སྐུ་བཙུགས་ཐབས་འདིར་བརྗོད་བྱ། །ཁང་པའི་སྟེང་ཕྱོགས་ས་དཔལ་བཟང་ངོས་སུ། །ས་རྡོ་གཙང་མས་ཟླུམ་པོ་དྲིལ་བུའི་དབྱིབས། །ལེགས་པར་བརྩེགས་ལ་ཞ་ལ་ས་དཀར་གསོལ། །དེ་ནང་རིབ་ནི་རིན་ཆེན་བུམ་པའང་། །རྫ་བུམ་དཀར་ཡོལ་ལ་སོགས་སྣོད་གཙང་ནི། །གས་ཆག་མེད་པ་ལྔ་ཕྲག་ཉེར་ལྔ་དང་། །རིན་ཆེན་དར་ཟབ་འབྲུ་སྣ་མང་པོ་དང་། །ཁྱད་པར་དུང་དང་མགྲོན་བུ་མུ་ཏིག་དང་། །ཉ་ཕྱེས་བྱི་རུ་བཻཌཱུརྱ་སོགས་


CMR037_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བཀང་། །ཚེ་གཟུངས་དབྱངས་གསལ་རྟེན་འབྲེལ་སྙིང་པོ་དང་། ༈ ཨེ་ག་ག་ན་དེ་ཝི་སྭ་ཧཱ། ཡཾ་ཝ་ཡ་ཝ་དེ་ཝི་སྭ་ཧཱ།རཾ་ཨཀྵེ་དེ་ཝི་སྭཱ་ཧཱ། ཁཾ་ས་ཎི་དེ་ཝི་སྭ་ཧཱ། ལཾ་ཐུ་མི་དེ་ཝི་སྭ་ཧཱ། ས་ཡི་ལྷ་མོ་འབྱུང་བ་ལྔ་ཡི་སྔགས། །ནོར་ལྷ་གཏེར་བདག་སྙིང་པོ་བྲིས་ལ་བཅུག །ཁ་ཆོད་ལེགས་བསྡམས་ཆུ་མི་འགྲོ་བར་བྱ། །གཞན་ཡང་ལྷ་འདྲེ་ཡུལ་ལྷ་གཉེན་པོ་ཡི། །ས་རྡེལ་རྡོ་རྡེལ་ཀུན་ཀྱང་དེ་རུ་བཞག །སྟེང་ན་སྲོག་ཤིང་ཚུལ་དུ་ཤུག་པ་དང་། །བཟང་ཤིང་སྣ་ཚོགས་དར་ཚོན་བལ་གྱིས་བརྒྱན། །གཏོར་ཁུའི་དངོས་ལ་ཉི་ཟླ་ནོར་བུ་དང་། །ཁྱུང་འབྲུག་སེང་གསུམ་བཀྲ་ཤིས་རྟགས་བརྒྱད་སོགས། །རྒྱབ་སོགས་བཀྲ་ཤིས་སྨོན་ལམ་འདོད་གསོལ་བྲི། །མདའ་དར་མདུང་ཁྲ་གྲི་ཁྲབ་རྣམས་ཀྱང་


CMR037_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས། །མཁར་སྒོང་སྲིན་མེད་ལེགས་ཤིང་ཆེ་བ་དང་། །འབྲས་ཀྱི་གཡག་ལུག་ར་གསུམ་བཅས་ལ་བཞག །ཞི་བརྔན་བསང་གསུམ་གང་རུང་ཚར་བའི་རྗེས། །ཁུ་ཡེའི་གོང་དུ་འདི་ཉིད་འདོན་པར་བྱ། །དེ་ནས་གཏོར་ཁུ་ཆབ་དང་ཕུད་ཀྱིས་བྲན། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི། །རིན་ཆེན་གཞལ་ཡས་གྲུ་བཞི་སྒོ་བཞི་པ། །དེ་ནང་རིན་ཆེན་ཁྲི་སྟེང་པད་ཟླ་ལ། །དྷཱི༔ལས་བྱུང་བའི་འཇམ་དཔལ་གསེར་གྱི་མདོག །རལ་གྲི་པོ་ཏི་བསྣམས་ནས་སྐྱིལ་ཀྲུང་བཞུགས། །མཚན་དཔེའི་རབ་རྒྱན་རིན་ཆེན་བརྒྱན་གྱིས་མཛེས། །དེ་ཡི་གཡས་སུ་འཕགས་པ་སྤྱན་རས་གཟིགས། །རྒྱབ་ཏུ་གསང་བདག་གཡོན་དུ་ཤཱཀྱ་ཐུབ། །སྟེང་གི་ཆ་ལ་དྲུག་པ་རྡོ་རྗེ་འཆང་། །བཀའ་བརྒྱུད་བླ་མ་སྤྲིན་ཚོགས་བཞིན་དུ་གཏིབས། །བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས་དང་། །འོག་གི་ཆ་ལ་ཆོས་སྐྱོང་སྲུང་མའི་ཚོགས། །འཇམ་དཔལ་མདུན་དུ་ས་བདག་དབང་ཆེན་ནི། །ཤི་བྷ་དྲ་ཞལ་གཅིག་ཕྱག་བཞི་སེར། །དང་པོ་ཐལ་སྦྱར་སྐུ་སྨད་སྦྲུལ་དུ་འཁྱིལ། །གཡས་གཡོན་ཐ་མས་ལྗོན་ཤིང་རི་རབ་འཛིན། །ར་བ་བཞི་ཡིས་དབུ་ལ་བརྒྱན་པའོ། །གཡས་སུ་


CMR037_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་མཆོག་ས་འཛིན་ལག་པ་ཆེ། །གཡོན་དུ་བཙུན་མོ་ལྷ་མོ་བརྟན་མ་དང་། །མདུན་དུ་ཡུལ་འདིས་ས་བདག་ཆེན་པོ་སྟེ། །ཕྱི་རོལ་འབྱུང་བ་དུས་བཞི་སྤར་སྨེ་དང། །ལོ་སྐོར་བཅུ་གཉིས་རྒྱལ་བློན་བཅུ་བདུན་པོ། །ལོ་རྒན་དྲུག་ཅུ་དཔལ་མགོན་བདུན་ཅུ་གཉིས། །དགྲ་བླ་ཝེར་མ་ཕ་མཚུན་མ་མཚུན་ཚོགས། །སྐྱོབ་པའི་ལྷ་ལྔ་བརྟན་པའི་ལྷ་དགུ་དང་། །མགོན་སྐྱོབ་སྡོང་གྲོགས་བྱེད་པའི་ལྷ་སྲུང་རྣམས། །ཏིལ་གྱི་གོང་བུ་ཁ་ཕྱེས་ལྟ་བུར་བཞུགས། །སྒོ་བཞིར་སྟག་སྐྱ་གཡུ་འབྲུག་བྱ་དམར་དང་། །རུས་སྦལ་རྒྱ་བོ་སྒོ་སྲུང་ཚུལ་དུ་གནས། །ཕྱི་ཁྱམས་འདོད་ཡོན་སྣ་ཚོགས་མཆོད་སྤྲིན་གཏིབས། །ཀུན་གྱི་གནས་གསུམ་ཡིག་འབྲུ་གསུམ་པོ་དང་། །མིང་ཡིག་དང་པོའི་མཚན་ལས་འོད་ཟེར་འཕྲོས། །འཕགས་པ་འཇམ་དཔལ་འབྱུང་བའི་ལྷ་ཚོགས་དང་། །འཇིག་རྟེན་སྐྱོང་བ་དང་བཅས་སྤྱན་དྲངས་གྱུར། །བཛྲ་ས་མ་ཡ་ཛཿ ཀྱཻ། དེ་རིང་གནམ་ལ་སྐར་མ་བཟང། །ས་ལ་དུས་ཚོད་དགེ་བ་ཡིན། །བཀྲ་ཤིས་གདུགས་ཀྱི་སྔ་དྲོ་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །མགོན་སྐྱབས་བྱེད་


CMR037_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ་སྲུང་ལ། །ཕྱི་དང་ནང་གི་རྟེན་བཙུགས་ན། །སྐྱབས་གནས་དཀོན་མཆོག་གསུམ་པོ་དང་། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་ནོར་ལྷའི་ཚོགས་དང་བཅས། །གཙུག་ལག་འབྱུང་བའི་ལྷ་ཚོགས་དང་། །འཇིག་རྟེན་སྐྱོང་བའི་ཐམས་ཅད་དང་། །འགོ་ཞིང་སྡོང་གྲོགས་བྱེད་པ་རྣམས། །རྟེན་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཆོས་སྐྱོང་སྲུང་མ་རྟེན་ལ་བྱོན། །འདིར་ཆོས་སྐྱོང་གང་དགོས་སྦྱར། ཕོ་ལྷ་དགྲ་ལྷ་རྟེན་ལ་བྱོན། །ཚེ་ལྷ་སྲོག་ལྷ་རྟེན་ལ་བྱོན། །ཕ་མཚུན་མ་མཚུན་རྟེན་ལ་བྱོན། །སྟོང་ཆ་གསུམ་གཞི་བདག་རྟེན་ལ་བྱོན། །ཡུལ་ལྷ་ཟོ་དོར་རྟེན་ལ་བྱོན། །འདིར་ཡུལ་ལྷ་གང་དགོས་སྦྱར། མ་ལྷ་བུ་རྫི་རྟེན་ལ་བྱོན། །མཁར་ལྷ་ཞིང་ལྷ་རྟེན་ལ་བྱོན། །ནོར་ལྷ་གཏེར་བདག་རྟེན་ལ་བྱོན། །འདིར་ནོར་ལྷ་གང་དགོས་སྦྱར། ས་བདག་ཀླུ་གཉན་རྟེན་ལ་བྱོན། །ཁྱིམ་ལྷ་ཕུག་ལྷ་རྟེན་ལ་བྱོན། །མགོན་སྐྱོབས་སྡོང་གྲོགས་བྱེད་པ་རྣམས། །ཐམས་ཅད་མ་ལུས་རྟེན་ལ་བྱོན། །ཨོཾ་ཨཱརྱ་མཉྫ་ཤི་སརྦ་དེ་ཝ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ བཅོམ་ལྡན་མགོན་པོ་འཇམ་པའི་དབྱངས། །འཇིག་རྟེན་འདས་དང་


CMR037_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདས་པ། །ལྷ་སྲུང་མགོན་བྱེད་ཁྱེད་རྣམས་ལ། །ཕྱི་དང་ནང་གི་རྟེན་འཛུགས་ན། །རྣལ་འབྱོར་བདག་ཅག་ཡོན་མཆོད་ལ། །རྟག་ཏུ་མགོན་སྐྱབས་མཛད་པའི་ཕྱིར། །རྟེན་འདི་རྣམས་ལ་རྟེན་ཆོས་ལ། །མཆོད་པའི་གནས་འདིར་བཞུགས་གསོལ། །ཨོཾ་ཨཱརྱ་མཉྫ་ཤྲཱི་སརྦ་དེ་ཝ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་ས་མ་ཡ་ཏིཥྛ་ལྷན། པདྨ་ཀ་མ་ལཱ་ཡེ་ཧཱུྃ། སླར་ཡང་རིགས་ལྔ་སྤྱན་དྲངས་ནས། །དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་སྤྱི་བོར་ལུད་པ་ལས། །ཡེ་ཤེས་ལྷ་རྣམས་ཐམས་ཅད་ལ། །རང་རང་ཀྱི་བདག་པོ་དང་། །འཇིག་རྟེན་པ་རྣམས་ཐམས་ཅད་ལ། །འཇམ་པའི་དབྱངས་ཀྱིས་དབུ་བརྒྱན་གྱུར། །ཀྱཻ། དཀོན་མཆོག་གསུམ་གྱི་ཐུགས་རྗེ་ཡིས། །འཇིག་རྟེན་འདས་དང་མ་འདས་ཚོགས། །ས་བདག་ཀླུ་གཉན་ཐམས་ཅད་ལ། །དགོས་འདོད་ཆར་ལྟར་འབེབས་པ་ཡི། །ཟག་མེད་ལོངས་སྤྱོད་སྣ་ཚོགས་པ། །ཀུན་བཟང་མཆོད་པའི་སྤྲིན་ཕུང་ལྟར། །ཐམས་ཅད་ཕུན་སུམ་ཚོགས་གྱུར་ཅིག །ཨོཾ་བཛྲ་སྤ་ར་ཎ་ཁཾ། རྒྱས་པར་སྤྲོ་ན་འདིར་སྔགས་དྲུག་ཕྱག་དྲུག་སྦྱར། ཀྱཻ། དགོས་འདོད་ཐམས་ཅད་འབྱུང་བ་ཡི། །


CMR037_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཞིན་ནོར་བུ་རིན་ཆེན་དང་། །གཟི་བརྗིད་འོད་འབར་གསེར་ཉི་དང་། །མུན་སེལ་སྒྲོན་མེ་དུང་ཟླ་དང་། །མཁའ་ལ་བཀྲག་ཕྱུག་སྐར་ཚོགས་དང་། །འོད་ཟེར་འཇའ་ར་སྣ་ཚོགས། །རིན་ཆེན་གདུགས་དང་གསེར་ཉ་དང་། །གཏེར་ཆེན་བུམ་པ་པདྨ་བཟང་། །དུང་དཀར་གཡས་འཁྱིལ་དཔལ་བེའུ་དང་། །མཆོག་གི་རྒྱལ་མཚན་འཁོར་། དོན་ཀུན་འགྲུབ་པའི་བཀྲ་ཤིས་བརྒྱད། །ཚེ་རིང་སྲ་བརྟན་མཆོད་རྫས་རྣམས། །བླ་མ་ཡི་དམ་ཆོས་སྐྱོང་དང་། །ནོར་ལྷ་བཀའ་སྡོད་རྣམས་ལ་འབུལ། །མགོན་སྐྱབས་བྱེད་པའི་ལྷ་རྣམས་དང་། །ལྷ་ཀླུ་སྡེ་བརྒྱད་འཁོར་དང་བཅས། །སྲུང་མ་རྣམས་ཀྱི་རྟེན་དུ་བཙུགས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཚེ་དབང་ལོངས་སྤྱོད་རྒྱས་པ་དང་། །བདག་གི་བསམ་པ་འགྲུབ་པར་མཛོད། །ཀྱཻ། དཔག་བསམ་ཤིང་གི་རྩེ་མོ་ན། །ནམ་མཁའ་ལྡིང་གི་བྱ་རྒྱལ་ཁྱུང་། །གནམ་ལྕགས་འབར་བའི་མཆུ་སྡེར་ཅན། །སྤྱན་ལ་ཉི་ཟླའི་འོད་ཟེར་འཕྲོས། །གཤོག་པ་བར་སྣང་ཁམས་སུ་ཁྱབ། །ཁྱུང་གི་སྤྱི་གཙུག་ནོར་བུ་ལ། །དངོས་གྲུབ་སྣ་ཚོགས་ཆར་ལྟར་འབེབས། །རྭ་དང་མཆུ་


CMR037_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

སྡེར་ཐམས་ཅད་ལ། །གནམ་ལྕགས་ཐོག་གི་ཚྭ་ཚྭ་འཕྲོ། །སྟོབས་དང་ལྡན་པའི་བྱ་ཁྱུང་འདི། །བླ་མ་ཡི་དམ་མཁའ་འགྲོ་དང་། །ནོར་ལྷ་བཀའ་སྡོད་རྣམས་ལ་འབུལ། །མགོན་སྐྱབས་བྱེད་པའི་ལྷ་རྣམས་དང་། །ལྷ་ཀླུ་སྡེ་བརྒྱད་འཁོར་དང་བཅས། །སྲུང་མ་རྣམས་ཀྱི་རྟེན་དུ་བཙུགས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཚེ་དབང་ལོངས་སྤྱོད་རྒྱས་པ་དང་། །བདག་གི་བསམ་པ་འགྲུབ་པར་མཛོད། །ཀྱཻ། ནམ་མཁའ་སྟོང་པའི་དབྱིངས་རུམ་ན། །གཡུ་འབྲུག་མེ་ཡི་ཟེ་བ་ཅན། །བར་སྣང་ཁམས་སུ་པགས་བཞི་བརྡལ། །སྤྲིན་དང་ཕྱོགས་མཚམས་རྣམས་སུ་རྒྱུག །གློག་གི་ལྕེ་ལ་ཐོག་གི་རྐང་། །འབྲུག་རུ་སྲིད་པའི་རྩེ་ལ་སླེབས། །འབྲུག་ལྕེ་བར་སྣང་ཁམས་སུ་ཁྱབ། །འབྲུག་སྐད་དྲག་པོས་ཀུན་ཏུ་ཁྱབ། །དུས་ཚོད་འཛིན་ཅིང་མཚམས་བཞིར་སྲུང་། །སྟོབས་དང་ལྡན་པའི་གཡུ་འབྲུག་འདི། །བླ་མ་ཡི་དམ་ཆོས་སྐྱོང་དང་། །ནོར་ལྷ་བཀའ་སྡོད་རྣམས་ལ་འབུལ། །མགོན་སྐྱོབ་བྱེད་པའི་ལྷ་རྣམས་དང་། །ལྷ་ཀླུ་སྡེ་བརྒྱད་འཁོར་དང་བཅས། །སྲུང་མ་རྣམས་ཀྱི་རྟེན་དུ་བཙུགས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །


CMR037_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་ལོངས་སྤྱོད་རྒྱས་པ་དང་། །བདག་གི་བསམ་པ་འགྲུབ་པར་མཛོད། །ཀྱཻ། གངས་རི་དཀར་པོའི་རྩེ་མོ་ནས། །སེམས་ཅན་ཀུན་གྱི་རྒྱལ་པོ་ནི། །དུང་སེང་གཡུ་ཡི་རལ་པ་ཅན། །སྤྱན་མིག་སྐར་ཆེན་ཤར་བ་འདྲ། །ཤངས་ནི་ཁྲོ་གཉེར་དག་དང་ལྡན། །མཆེ་བ་ཟླ་བ་ཚེས་པ་འདྲ། །གཡུ་རལ་ཨག་ཚོམ་སྤྲིན་ལྟར་གཏིབས། །རྔ་མ་སྤྲིན་ཕུང་གཏིབས་པ་འདྲ། །མཐུ་ཆེན་སེང་གེའི་ངར་སྐད་ཀྱིས། །གནོད་བྱེད་མ་ལུས་རྡུལ་དུ་རློགས། །རྩལ་ཆེན་སེངྒེའི་སྟོབས་དང་ལྡན། །བླ་མ་ཡི་དམ་ཆོས་སྐྱོང་དང་། །ནོར་ལྷ་བཀའ་སྡོད་རྣམས་ལ་འབུལ། །མགོན་སྐྱབས་བྱེད་པའི་ལྷ་རྣམས་དང་། །ལྷ་ཀླུ་སྡེ་བརྒྱད་འཁོར་དང་བཅས། །སྲུང་མ་རྣམས་ཀྱི་རྟེན་དུ་བཙུགས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཚེ་དབང་ལོངས་སྤྱོད་རྒྱས་པ་དང་། །བདག་གི་བསམ་པ་འགྲུབ་པར་མཛོད། །ཀྱཻ། དགྲ་བླའི་མདུང་མོ་འཚམ་རིང་ལ། །བ་དན་དཀར་པོའི་ལྕེ་བརྒྱད་བཏགས། །ཉི་ཟླ་ནོར་བུ་གཡུང་དྲུང་དང་། །དཔའ་མཚན་སྟག་གཟིག་ཁ་སྤྲོད་དང་། །མཐུ་རྩལ་སྣ་ཚོགས་བཀོད་པ་འདི། །བླ་མ་ཡི་དམ་ཆོས་སྐྱོང་དང་། །ནོར་ལྷ་བཀའ་


CMR037_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

སྡོད་རྣམས་ལ་འབུལ། །མགོན་སྐྱོབ་བྱེད་པའི་ལྷ་རྣམས་དང་། །ལྷ་ཀླུ་སྡེ་བརྒྱད་འཁོར་དང་བཅས། །སྲུང་མ་རྣམས་ཀྱི་རྟེན་དུ་བཙུགས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཚེ་དང་ལོངས་སྤྱོད་རྒྱས་པ་དང་། །བདག་གི་བསམ་པ་འགྲུབ་པར་མཛོད། །ཀྱཻ། དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། །ཆོས་སྐྱོང་སྲུང་མའི་མཐུ་སྟོབས་དང་། །འབྱུང་བ་ལྔ་ཡི་རྒྱུ་རྐྱེན་ལས། །ངོ་མཚར་རྨད་བྱུང་གཡུ་ཤུག་འདི། །ལོ་མ་འབྲས་སུ་དྲི་ངད་ལྡན། །བཀྲ་ཤིས་ཡ་མཚན་རྨད་དུ་ཆེ། །ལོ་འབྲས་སྣ་ཚོགས་ཐིབས་སེ་ཐིབ། །དྲི་བཟང་དུད་པ་ཕ་ལ་ལ། །དཔག་བསམ་ཤིང་དང་བྱང་ཆུབ་ཤིང་། །སྲ་བརྟན་རྡོ་རྗེ་ཕུར་པའི་ཤིང་། །དཀོན་མཆོག་གསུམ་པོའི་བྱིན་གྱིས་བརླབས། །ཆོས་སྐྱོང་སྲུང་མའི་མཐུ་སྟོབས་ཀྱིས། །ལྷ་སྲིན་སྡེ་བརྒྱད་གནས་པའི་ཤིང་། །ཡོན་བདག་འཁོར་བཅས་སྐྱོབ་པའི་ཤིང་། །ངོ་མཚར་རྨད་བྱུང་ཤིང་མཆོག་དང་། །དར་ཚོན་སྣ་ལྔས་བརྒྱན་པ་འདི། །དཀོན་མཆོག་གསུམ་གྱི་རྟེན་དུ་འབུལ། །ཡི་དམ་ལྷ་ཚོགས་རྟེན་དུ་འབུལ། །ཆོས་སྐྱོང་སྲུང་མའི་རྟེན་དུ་བཙུགས། །འདིར་ཆོས་སྐྱོང་ནོར་ལྷ་ཐམས་ཅད་སྦྱར། །


CMR037_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་ལྷ་གཏེར་བདག་རྟེན་དུ་བཙུགས། །ཕོ་ལྷ་དགྲ་བླའི་རྟེན་དུ་བཙུགས། །མ་ལྷ་ཞང་ལྷའི་རྟེན་དུ་བཙུགས། །སྟོང་གསུམ་གཞི་བདག་རྟེན་དུ་བཙུགས། །ཡུལ་ལྷ་ཟོ་དོར་རྟེན་དུ་བཙུགས། །མ་ལྷ་བུ་རྫིའི་རྟེན་དུ་བཙུགས། །ས་བདག་ཀླུ་གཉན་རྟེན་དུ་བཙུགས། །ཚེ་ལྷ་སྲོག་ལྷའི་རྟེན་དུ་བཙུགས། །མཁར་ལྷ་ཞིང་ལྷའི་རྟེན་དུ་བཙུགས། །སྦྲ་ལྷ་རི་བོ་ལ་སོགས་པའི། །ལྷ་ཚོགས་མ་ལུས་རྟེན་དུ་བཙུགས། །འདིར་ཡུལ་ལྷ་གང་དགོས་སྦྱར། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཚེ་དབང་ལོངས་སྤྱོད་རྒྱས་པ་དང་། །བདག་གི་བསམ་པ་འགྲུབ་པར་མཛོད། །ཀྱཻ། གཡུ་འབྲུག་མཚལ་གྱི་ཟེ་བ་ཅན། །སྨུག་པོ་གདོང་གི་ཕོ་ལྷ་ཡིན། །བརྟན་ཤིང་རྟེན་ལ་ཕོ་ལྷ་བཞུགས། །གཏོར་ཁུ་འདི་ལ་རྟེན་ཆོས་ལ། །བདག་དང་ཡོན་བདག་མགོན་སྐྱབས་མཛོད། །དགྲ་བླ་ཀརྨ་ལེགས་ཕྲོམ་འདི། །མི་བུ་སྒྲ་ཡི་ཕོ་ལྷ་ཡིན། །བརྟན་ཤིང་རྟེན་ལ་ཕོ་ལྷ་བཞུགས། །གཏོར་ཁུ་འདི་ལ་རྟེན་ཆོས་ལ། །བདག་དང་ཡོན་བདག་མགོན་སྐྱབས་མཛོད། །དགྲ་བླ་དུང་གཡག་དཀར་པོ་དེ། །མི་བུ་འབྲུ་ཡི་དགྲ་བླ་ཡིན། །མདའ་དང་བལ་ཚོན་རྟེན་ལ་འཁོར། །


CMR037_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཁུ་འདི་ལ་རྟེན་ཆོས་ལ། །བདག་དང་ཡོན་བདག་མི་ནོར་སྤེལ། །དགྲ་བླ་དུང་མི་དཀར་པོ་དེ། །མི་བུ་དབྲ་ཡི་དགྲ་བླ་ཡིན། །མདུང་དར་རྟེན་ལ་དགྲ་བླ་འཁོར། །གཏོར་ཁུ་འདི་ལ་རྟེན་ཆོས་ལ། །བདག་དང་ཡོན་བདག་མི་ནོར་སྤེལ། །དགྲ་བླ་མཚལ་སྟག་དམར་པོ་འདི། །དབལ་ཟླ་གཉིས་ཀྱི་དགྲ་བླ་ཡིན། །བརྟན་ཤིང་རྟེན་ལ་ཕོ་ལྷ་བཞུགས། །གཏོར་ཁུ་འདི་ལ་རྟེན་ཆོས་ལ། །བདག་དང་ཡོན་བདག་མི་ནོར་སྤེལ། །འོག་རྟ་མགྱོགས་པའི་ཁ་འཛིན་མཛོད། །དགྲ་བླ་ཀུན་ཐུབ་འཇིག་མེད་དེ། །སྐྱེ་བོ་ཡོངས་ཀྱི་དགྲ་བླ་ཡིན། །བཟང་ཤིང་འདི་ལ་རྟེན་ཆོས་ལ། །བདག་དང་ཡོན་བདག་མི་ནོར་སྤེལ། །དགྲ་བླ་གཡུ་ཡི་ཁུ་བྱུག་ནི། །གཏམ་སྙན་ཐོས་པའི་དགྲ་བླ་ཡིན། །གཏོར་ཁུ་འདི་ལ་རྟེན་ཆོས་ལ། །བདག་དང་ཡོན་བདག་མི་ནོར་སྤེལ། །དགྲ་བླ་གཡུ་ཡི་ནེ་ཚོ་ནི། །བུ་སྲིང་ཡོངས་ཀྱི་དགྲ་བླ་ཡིན། །གཏོར་ཁུ་འདི་ལ་རྟེན་ཆོས་ལ། །བདག་དང་ཡོན་བདག་མི་ནོར་སྤེལ། །དགྲ་བླ་གསེར་སྦལ་སེར་པོ་འདི། །ཡུལ་མཁར་འཛིན་པའི་དགྲ་བླ་ཡིན། །བཟང་ཤིང་འདི་ལ་རྟེན་ཆོས་ལ། །ཡུལ་མཁར་


CMR037_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའི་དགྲ་བླ་མཛོད། །ཀྱཻ། དེ་རིང་ཚེ་རིང་གཏོར་སྐུ་བཙུགས། བཟང་ཤིང་སྣ་དགུའི་རྟེན་ཤིང་བཙུགས། །བདག་དང་ཡོན་བདག་འཁོར་བཅས་རྣམས། །མི་ན་ལུས་ཀྱི་རྟེན་ཕུར་བཙུགས། །མི་འཆི་སྲོག་གི་རྟེན་ཕུར་བཙུགས། །འཕེན་པོ་མི་ཡི་རྟེན་ཕུར་བཙུགས། །ཕྱུག་པོ་ནོར་གྱི་རྟེན་ཕུར་བཙུགས། །བསམ་པ་འགྲུབ་པའི་རྟེན་ཕུར་བཙུགས། །བཙན་ཕྱུག་འཕན་གསུམ་རྟེན་ཕུར་བཙུགས། །རིན་ཆེན་ལོ་ཐོག་རྟེན་ཕུར་བཙུགས། །ལྷ་མི་དཔལ་གསུམ་རྟེན་ཤིང་བཙུགས། །ཁྱུང་དཀར་མཛོ་ཡི་རྟེན་ཕུར་ཀློབཙུགས། །ཟལ་དཀར་འབྲི་ཡི་རྟེན་ཤིང་བཙུགས། །ཅང་ཤེས་རྟ་ཡི་རྟེན་ཤིང་བཙུགས། །གཡང་མོ་ལུག་གི་རྟེན་ཤིང་བཙུགས། །ཚེ་རེ་ར་ཡི་རྟེན་ཤིང་བཙུགས། ཁ་རྗེ་བརྟན་པའི་རྟེན་ཤིང་བཙུགས། །ཕ་ཚན་མི་འཐོར་རྟེན་ཤིང་བཙུགས། །ཁམས་གསུམ་དབང་སྡུད་རྟེན་ཤིང་བཙུགས། །དགོས་འདོད་ལྷུན་གྲུབ་རྟེན་ཤིང་བཙུགས། །རྟེན་ཤིང་འདི་རྣམས་མ་འབུད་ཅིག །ཚེ་སྲོག་དུར་ལ་མ་ཁྱེར་ཅིག །སྲོག་གི་རྟེན་ཕུར་མ་འབུད་ཅིག །ཚེ་ཡི་དམུ་དག་མ་ཆད་ཅིག །ལྷ་དང་སྲུང་མ་ཐམས་ཅད་ཀྱང་། །རྟེན་


CMR037_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་འདི་ལ་རྟེན་ཆོས་ལ། །རྣལ་འབྱོར་བདག་གི་མགོན་སྐྱབས་མཛོད། །ཡོན་བདག་འདི་ལ་ཁ་འཛིན་མཛོད། །ཀྱཻ། སྟག་སྐྱ་གཡུ་འབྲུག་བྱ་དམར་དང་། །རུ་སྦལ་རྒྱུ་བོ་བཞི་པོ་ནི། །ཕྱོགས་བཞི་སྲུང་བའི་སྲུང་མ་ཡིན། །རྟེན་ཤིང་འདི་ལ་རྟེན་ཆོས་ལ། །ཕྱོགས་བཞི་སྲུང་བའི་སྲུང་མ་མཛོད། །ཕྱི་དགྲ་ནང་དུ་མ་ཤོར་ཅིག །དངོས་གྲུབ་ཕྱི་རུ་མ་གཏོང་ཞིག །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཚེ་དབང་ལོངས་སྤྱོད་རྒྱས་པ་དང་། །བསམ་པ་ཡིད་བཞིན་འགྲུབ་པ་དང་། །ལྷ་དང་སྲུང་མ་ཁྱེད་རྣམས་ཀྱང་། །ཇི་སྲིད་རྟེན་འདི་འབྱུང་བཞི་ཡིས། །གནོད་པས་ཞིག་པར་མ་གྱུར་བར། །དེ་སྲིད་བརྟན་པར་བཞུགས་ནས་ཀྱང་། །མགོན་སྐྱབས་སྡོང་གྲོགས་རྒྱབ་རྟེན་མཛོད། །ཉིན་གྱི་དུས་སུ་མེལ་ཚེ་མཛོད། །མཚན་གྱི་དུས་སུ་བྱ་ར་མཛོད། །དགྲ་རྐུན་དམག་ཇག་གནོད་པ་ཟློག །གདོན་དང་གྱོད་བྱུར་ངན་པ་ཟློག །བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །དངོས་གྲུབ་མ་ལུས་བསྩལ་དུ་གསོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་བཀྲ་ཤིས་བརྗོད། སྨོན་ལམ་བཏབ། རྟེན་འབྲེལ་སྙིང་པོ་བརྗོད་ཅིང་རབ་


CMR037_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བྱའོ། །ཞེས་པ་འདི་ནི་སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པའི་གཏོར་ཁུ་ལ་གཞི་བྱས་ཨོ་རྒྱན་རིན་པོ་ཆེའི་མཛད་པའི་བུམ་གཏེར་མན་ངག་དང་། དགའ་རབ་རྡོ་རྗེས་མཛད་པའི་གསས་མཁར་ཁ་བསྟོད། ཀླུ་ཐོ་བཅའ་ཐབས་རྒྱས་པ་དང་། གཏོར་ཁུ་ཕྱག་ལེན་ངག་ཁྲིད་སོགས་ཐོས་པ་ལ་བརྟེན་ནས་བྲིས་པ་ཡིན། འདི་བྲིས་ཉེས་འགལ་གང་མཆིས་ཐམས་ཅད་བཤགས། དགེ་བས་འགྲོ་ཀུན་བདེ་སྐྱིད་འཕེལ་ཕྱིར་བསྔོ། ཞེས་པ་འདི་སྔགས་འཆང་༧ ཀརྨ་ཨ་རཱ་གས་ཕག་ལོ་ཆོ་འཕྲུལ་ཆེན་པོའི་ཚེས་བཅུ་གཅིག་ཉིན་པར་སྦྱར་བའོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཆར་འབེབས་ཆོ་གའི་འདོན་འགྲིགས་ཟིན་བྲིས་བལྟས་ཆོག་ཏུ་བཀོད་པ་བདུད་རྩི་བུམ་ཆུང་དགེ་ལེགས་རྒྱ་མཚོ།


CMR037_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་འབེབས་ཆོ་གའི་འདོན་འགྲིགས་ཟིན་བྲིས་བལྟས་ཆོག་ཏུ་བཀོད་པ་བདུད་རྩི་བུམ་ཆུང་དགེ་ལེགས་རྒྱ་མཚོ་བཞུགས་སོ།།


CMR037_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་རཱ་ཡ། ཡི་དམ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ནས། །སྙིགས་དུས་སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །ཆར་འབོད་ཆོ་གའི་ཟིན་བྲིས་བཀོད་པར་བྱ། །རྩ་བ་གསུམ་གྱིས་བཀའ་གནང་བྱིན་གྱིས་རློབས། །དགུན་ཁ་ཆར་སྒྲུབ་བྱ་ཐབས་ལོགས་སུ་གསལ། །འདི་ནི་གློ་བུར་ཆར་པ་འབེབས་ཐབས་ཡིན། །ལོ་ཟླའི་གོང་ནས་རྫས་དང་ཡོ་བྱད་གསག །དུག་རིགས་མ་གཏོགས་མེ་ཏོག་རྙེད་ཚད་རྣམས། །འབུ་སྲིན་རོ་མེད་ལྷ་ལ་མ་ཕུལ་བ། །གྲིབ་སྐམ་བྱས་པ་ཤིན་ཏུ་མང་བ་དང་། །འབྲུ་ནག་མིན་པའི་འབྲུ་སྣ་རྙེད་ཚད་དང་། །དྲི་མ་མེད་པའི་དར་ཚོན་རྙེད་ཚད་རྣམས། །བརྡུང་ཞིང་བཏགས་ལ་རྩི་བཞིན་བཏགས་པར་བྱ། །ཁྱད་པར་སོས་ཀའི་ཐང་ཤིང་ལོ་མ་དང་། །ཨུཏྤལ་སྔོན་པོ་སྤང་རྒྱན་སྔོན་པོ་དང་། །སྤང་སྤོས་


CMR037_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་བུངས་ཆེར་བསགས་བྱས་ལ། །ཟི་ར་དཀར་ནག་སྨྱུག་ལོ་རྨ་བྱའི་མདོངས། །ཛཱ་ཏི་དབང་ལག་ཆུ་སྲིན་སྡེར་མོ་དང་། །ཞོ་ཤ་རྣམ་གསུམ་རྒྱ་མཚོ་ལྦུ་བ་དང་། །རྒྱ་མཚལ་སྤུ་ཤེལ་རྩེ་དང་ཆུ་དག་དཀར། །གེ་སར་རྣམ་གསུམ་ཀ་ར་བུ་རམ་སྦྲང་། །ཙན་དན་དཀར་དམར་སྤོས་དཀར་རྡོ་རྒྱུས་དང་། །ཨ་རུ་ར་དང་ཀུ་བ་གུར་ཀུམ་དང་། །ག་པུར་ཏིལ་དཀར་ཏིལ་ནག་སོགས་བཟང་སྨན། །གླ་རྩིའི་དྲི་མ་ཞད་ཙམ་མེད་པ་དང་། །ལྕགས་ནི་མ་གཏོགས་རིན་ཆེན་རྙེད་ཚད་རྣམས། །ཞིབ་པར་བཏུལ་ལ་མེ་ཏོག་རྣམས་དང་བསྲེ། །དེ་དང་མཉམ་མམ་མང་ཙམ་གྲོ་ཕྱེ་བསྲེ། །བ་དཀར་བ་དམར་ར་དཀར་འབྲི་ཟལ་མོ། །གསུམ་ཀ་རབ་ཡིན་གང་འཛོམ་འོ་མས་སྤུ། །རིལ་བུ་ར་རིལ་ཙམ་མམ་སྲན་མ་ཙམ། །གྲངས་མེད་བྱས་ལ་གྲིབ་སྐམ་མེ་ཉི་


CMR037_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

སྤང། །ཡི་དམ་གང་ཡང་རུང་བའི་སྔགས་གཤམ་དུ། །ནཱ་ག་ཀཱ་ལ། ནཱ་ག་ཀཱ་ལ། བྷ་རི་ཤ་ཡ་བྷ་རི་ཤ་ཡ་སྭཱ་ཧཱ། བརྒྱ་སྟོང་ཁྲི་སོགས་གང་འགྲུབ་བཟླ་བྱ་ཞིང་། །ཁ་རླངས་མ་སོང་ཕུ་ཡིས་རིལ་བུ་བསྔགས། །ཨོཾ་ཀཱ་པ་ཧྥེ་པ་ནི། བྷ་ཙ་ནེ། བྷ་ག་བྷ་ལི་སྭཱ་ཧཱ། སྔགས་དེ་རིལ་བུ་ནང་དུ་སིབ་སིབ་ཐིམ། །སོང་བར་བསམས་ལ་བརྒྱ་སྟོང་ཅི་འགྲུབ་སྔགས། །དགོས་པའི་དུས་སུ་ཆུ་མིག་ནང་བཅུག་ཅིང་། །ཀླུ་གཏོར་ནང་དུ་བཏབ་པ་དཀར་རྟ་ཡིན། །གཙོད་ཁྲག་མཛེ་ཁྲག་ཁྱི་ནག་ཁྲག་དང་ནི། །ཡུགས་ས་ལན་གསུམ་བྱས་པའི་ཁྲག་དང་ནི། །མུ་ཟི་སེར་ནག་བཙན་དུག་གུ་གུལ་ནག །ཤ་བའི་བོག་རུ་རྟ་བོང་ཙམ་གྱིས་ཆོག །རྒྱས་པར་མཛོ་རུ་མ་ནས་བཤད་པ་ལྟར། །ཤ་སྣ་ཁྲག་སྣ་རྙེད་ཚད་བསྲེས་པ་རུང་། །མཛོ་རུ་མ་ཡི་རྫས་དེ་འཛོམ་ན་བཅའ། །མ་འཛོམས་ན་ཡང་གང་འཛོམ་ཁྲག་སྣ་དེ། །བག་ཕྱེ་དང་སྦྱར་ཆང་སྦྲུས་བྲ་རིལ་ཙམ། །དམར་པོས་མདོག་བསྒྱུར་གྲི་བསྐམ་བྱས་པ་དེ། །དྲག་འབོད་སྔགས་ནི་བརྒྱ་སྟོང་ཙམ་གྱིས་སྔགས། །སྨྱུག་ཚིགས་གས་ཆག་མེད་པའི་ནང་དུ་ནི། །རེ་རེའི་ནང་དུ་རིལ་བུ་བཅུ་གཅིག་རེ། །ཆར་མི་བཏང་ན་འདི་ཉིད་མི་བཏང་རེ། །ཟེར་བའི་ཡི་གེ་བྲི་ལ་སྨྱུག་ཚོགས་བཅུག།ལ་ཆས་ཁ་བཅད་ཆུ་མི་འགྲོ་བར་བྱ། །ཁྱུ་གཡག་རོག་པོའི་སྙིང་རྩིད་དག་གིས་དཀྲི། །དེ་རྗེས་སྐུད་པ་ནག་པོས་ལེགས་པར་དཀྲི། །དེ་འདྲ་མང་དུ་བྱས་པ་དམར་རྟ་ཡིན། །དེ་འདྲ་རེ་ཡིས་ཆར་འབོད་ལན་གཉིས་རུང་། །དེ་


CMR037_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རིལ་བུ་གསར་པ་བརྗེ་བྱས་པ། །རྙིང་པ་མང་བ་རུ་རྩི་དག་དང་བསྲེ། །དམར་རྟའི་རི་རྩི་རྫས་བཅའ་མང་དུ་བྱ། །ལ་ལ་བསྡིག་ཕྱིར་སྒམ་དུ་བཅུག་ལ་ཁྱེར། །ལ་ལ་ཁྱིམ་དུ་སྦས་ལ་རུ་རྩི་བྱ། །ཁྲག་སྣ་གསར་པ་རྙེད་དུས་དེ་ལ་བསྣན། །རྒྱ་གར་ཆུ་འཁོར་རྒྱ་ནག་ཆུ་འཁོར་དང་། །བལ་པོ་ཆུ་འཁོར་རྟེན་འབྲེལ་ཆུ་འཁོར་དང་། །ཆུ་བོ་བཞི་འདུས་ནས་གསུངས་ཆུ་འཁོར་སོགས། །མང་དུ་ཡོད་ན་ཤིན་ཏུ་བཟང་བ་སྟེ། །མེད་ན་སྟེང་དུ་རྣམ་འཇོམས་ཉེ་སྙིང་དང་། །གནམ་ས་སྣང་བརྒྱད་སྙིང་པོ་བྲི་བར་བྱ། །དེ་འོག་ཞི་འབོད་སྔགས་རྣམས་གཡས་བསྐོར་བྲི། །དྲག་འབོད་ཐམས་ཅད་གཡོན་སྐོར་བྲི་བྱས་ཏེ། །བྲི་ལུགས་བསྐོར་ལུགས་ཇོ་འཁོར་རྣམས་ལ་བལྟ། །ཞི་འབོད་གཡས་སྐོར་དྲག་འབོད་གཡོན་བསྐོར་བྱ། །སྡེབ་གྲངས་འཁོར་ལོ་ཅི་ཙམ་མང་བཞིན་བཟང་། །འདོན་རོགས་མི་གཅིག་ཡོད་དང་ཁྱད་པར་མེད། །གྲོ་ཤོག་གང་རུང་སྣག་ཚ་གཙང་མ་ཡིས། །རླུང་ལྷའི་ལིངྒ་དཔེའུ་རིས་བཞིན་བྲི། །དེ་ཡང་གལ་ཆེ་ན་ནི་བཞི་བྲིའོ། །ཆར་པ་བཀག་བྱེད་འདྲེ་འདི་བཞིའམ་གཅིག །རྟེན་འབྲེལ་སྙིང་པོ་བཞིའམ་གཅིག་བྲི་ཞིང་། །རྒྱལ་ཆེན་སྔགས་ཀྱང་དེ་བཞིན་ཤོག་དྲིལ་བཞི། །ཤ་བའི་སྣེ་མེ་སཱཙྪ་ཞིག་པོའི་ས། །ཟངས་ཕྱེ་ཏིལ་ནག་ལྕང་ཐང་ཙེ་ཡི་འབྲུ། །ཐུན་རྫས་སྣ་ཚོགས་བསྲེས་པའི་ཐུམ་པོ་དང་། །ཀ་ཏོ་རའམ་བལ་མ་ཟངས་ཀྱི་སྣོད། །ཁྲག་ནི་སྐམ་པོའམ་རློན་པ་གཙང་མ་འགལ། །དྲག་པོའི་ཤིང་གི་ཕུར་པ་ཁྲུ་གང་བརྒྱད། །ཆེ་ཞིང་སྦོམ་པོ་གཅིག་དང་དགུ་དང་ནི། །སེང་


CMR037_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེང་ངམ་ནི་ལྕགས་ཕུར་ལས་ཕུར་གཉིས། །གྲོ་བ་སྲབ་མོ་དྲི་མ་མེད་པ་ལ། །སྣག་ཚ་གཙང་མ་གླ་རྩི་མ་འདྲེས་པ། །སྦལ་པའི་ནང་དུ་གཞུག་རྒྱུའི་ཤོག་དྲིལ་དང་། །གའུའི་ཁོང་དུ་བཅུག་རྒྱུའི་ཤོག་དྲིལ་བྲི། །དྲི་མས་མ་གོས་རས་སམ་ཤོག་བུར་བཏུམ། །ཕ་མ་འཛོམ་ཞིང་མགོ་གཙང་ནལ་ཕྲུག་མིན། །མཚན་ངན་མིན་པའི་སྣམ་བུའི་འགའ་ལུ་གཡར། །ཚོན་སྐུད་ལྔ་ཡི་སྐུད་པ་ལྔ་དྲུག་དང་། །རྫ་ཡི་བུམ་པ་ཆུང་ངུ་མང་པོ་དང་། །རྫ་ཡི་གླང་བུ་ནང་ནི་སྟོང་པ་ཅན། །མང་དུ་སྔར་ནས་བཟོས་ལ་ཚག་བྱའོ། །དར་རམ་རས་སྔོན་ཇོ་དར་སྔགས་བྲིས་པ། །རང་སྲུང་རྭ་སྲུང་ལ་སོགས་ཡོད་ན་རབ། །བྱ་རྒོད་ཁྲག་དང་གཙོད་ཁྲག་གྲི་ཁྲག་གསུམ། །སྤྱི་བོར་བཏགས་པས་རང་གཞན་ཐོག་སྲུང་རྫས། །ཁྱི་ནག་ཁྲག་དང་ཡུགས་སའི་མངལ་ཁྲག་དང་། །མཛེ་ཁྲག་རྐེད་པར་བཏགས་པ་སྡེ་བརྒྱད་སྲུང་། །རྟ་ནག་ཁྲག་དང་གླ་རྩི་བཙན་དུག་གསུམ། །རྐང་པར་བཏགས་པས་ཀླུ་གཉན་ས་བདག་སྲུང་། །ཀླུ་སྲུང་འཁོར་ལོ་གཞན་ནས་འབྱུང་བ་བཞིན། །གང་ཟག་མང་དུ་ཡོད་ན་རང་ལ་བཏགས། །དེ་ནས་སྔར་ནས་སྟ་གོན་བྱ་དགོས་ཏེ། །གློ་བུར་ཉིད་དུ་འཛོམ་པར་དཀའ་ཕྱིར་རོ། །དེ་ནས་འབབ་སྐར་ཐེབས་ལྡོག་རྟེན་འབྲེལ་དཔྱད། །སྙིགས་དུས་བབ་སྐར་ལ་ཡང་འབབ་དཀའ་སྟེ། །དེ་ཉིན་གནམ་ཡུལ་འཁོར་བ་ཙམ་རེ་འབྱུང་། །ཆར་འབོད་ཡོད་ན་ངེས་པར་འབབ་ཐུབ་ཕྱིར། །འབབ་སྐར་ཡོད་པའི་ཞག་གསུམ་གོང་ཙམ་ནས། །འགྲོ་རྒྱུ་བྱུང་ན་ཤིན་ཏུ་ལེགས་པ་ཡིན། །ནབས་སོ་ཕུར་བུ་བྱ་རོག་ཕུར་བུ་


CMR037_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ལག་དང་ཕུར་བུ་རྒྱལ་དང་ཕུར་བུ་འཛོམ། །ཞོད་ཀྱི་ལྡེའུ་མིག་བཞི་སྟེ་འབབ་སྐར་ཡིན། །དབྱར་འབྲིང་རྟ་ཟླ་ས་ག་ཟླ་བ་ཡི། །ཚེས་ལྔ་ཚེས་གཉིས་ཚེས་བདུན་ཚེས་བརྒྱད་དང་། །ཉེར་གཉིས་ཉེར་གསུམ་ཉེར་ལྔ་ཉེར་དྲུག་དང་། །ཉེར་བདུན་གནམ་སྟོང་རྣམས་ལ་འབབ་དུས་ཡིན། །དབོ་དང་བྲ་ཉེ་མགོ་དང་བེའུ་རྭ། །དེ་རྣམས་ཟླ་བ་འདི་ཡི་འབབ་སྐར་ཡིན། །དབྱར་ཐ་ལུག་ཟླ་སྒྲོན་གྱི་ཟླ་བ་ཡི། །གཅིག་གཉིས་དྲུག་བརྒྱད་བཅོ་བརྒྱད་བཅུ་གསུམ་དང་། །ཉི་ཤུ་ཉེར་གཉིས་ཉེར་གསུམ་ཉི་ཤུ་བཞི། །ཉེར་བདུན་ཉེར་ལྔ་འབབ་པའི་དུས་ཚོད་ཡིན། །རྒྱལ་དང་སྐག་གཉིས་ཟླ་བ་འདི་འཛོམ་བབ། །སྟོན་ཟླ་ཆུ་སྟོད་སྤྲེའུ་ཟླ་གོ་ཕུག་ཟླར། །གཅིག་བཞི་ཚེས་བདུན་བརྒྱད་དང་བཅུ་གཉིས་དང་། །ཉེར་གཅིག་ཉེར་གཉིས་རྣམས་ནི་འབབ་པའི་དུས། །མཆུ་དང་ས་རི་སྨིན་དྲུག་འབབ་སྐར་ཡིན། །སྟོན་འབྲིང་བྱ་ཟླ་གྲོན་ཞུན་སྲུས་ཡོད་ཟླའི། །ལྔ་དགུ་ཉི་ཤུ་ཉེར་ལྔ་ཉེར་དྲུག་འབབ། །ས་རི་ཆུ་སྟོད་སྐག་རྣམས་འབབ་སྐར་ཡིན། ༈ །དེ་ནས་ཀླུ་ཡི་ཐེབས་ལྡོག་བརྩི་བ་ནི། །རྟ་ཟླ་བྱ་གྲགས་ས་ག་ཟླ་བ་ཡི། །ཚེས་གཉིས་ཉིན་ཕྱེད་ཀླུ་རྣམས་བྱང་དུ་རྒྱུ། །ཚེས་གཉིས་བཅུ་དང་བཅུ་དྲུག་ཉི་ཤུ་རྣམས། །ལྔ་དང་བཅུ་གཉིས་གསུམ་དང་བཅུ་ཧཱུྃ། གསུམ་དང་། །ཉེར་གཉིས་ཉེར་གསུམ་གནམ་སྟོང་ཀླུ་ཐེབས་ཡོད། །བཅོ་ལྔ་བཅོ་བརྒྱད་ཉེར་ལྔ་ཚེས་བརྒྱད་དང་། །ཉེར་གཉིས་རྣམས་ལ་ཀླུ་ལྡོག་ལས་རྣམས་སྤང་། །དབྱར་ཐ་ལུག་ཟླ་སྣོན་གྱི་ཟླ་བ་ཡི། །ཚེས་པ་ཉི་ཤུ་ཉི་མ་རྩེ་ཤར་


CMR037_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཀླུ་རྣམས་ཤར་ལྷོ་མཚམས་ནས་ནུབ་བྱང་རྒྱུ། །ལྔ་དང་བཅོ་ལྔ་ཉེར་ལྔ་ཉེར་གསུམ་དང་། །བརྒྱད་དང་བཅུ་བཞི་བཅོ་བརྒྱད་དང་། །ཚེས་གསུམ་བཅུ་གསུམ་ཉེར་བརྒྱད་ཀླུ་ཐེབས་ཡོད། །བཅུ་གཅིག་ཉེར་བདུན་ཚེས་གཅིག་ཚེས་ལྔ་དང་། །བཅུ་དང་བཅུ་བདུན་ཉི་ཤུ་ཉེར་གཉིས་བཅུ་དྲུག་ལྡོག །སྟོན་ར་ཆུ་སྟོད་གོ་བོ་ཕུག་ཟླ་ཡི། །ཉེར་གཉིས་ཉིན་ཕྱེད་པོ་ལ་ཤར་དུ་རྒྱུ། །གཅིག་དགུ་དང་ནི་བཅུ་དྲུག་བཅུ་དགུ་དང་། །ཉེར་བརྒྱད་ཉེར་གཉིས་ཉེར་གསུམ་ཉེར་དགུ་དང། །བཅོ་ལྔ་ཚེས་བདུན་བཅོ་བརྒྱད་ཉི་ཤུ་དང་། །ཉེར་བདུན་ཚེས་བརྒྱད་རྣམས་ལ་ཀླུ་ཐེབས་ཡོད། །ཚེས་ལྔ་ཚེས་དྲུག་ཚེས་བཅུ་ཉི་ཤུ་དང་། །ཉེར་ལྔ་ཉེར་དྲུག་རྣམས་ལ་ཀླུ་ལྡོག་གོ །སྟོན་འབྲིང་དབྱར་ཟླ་གྲོ་ཞུན་སོས་ཟླ་ལ། །བཅུ་བདུན་ཉེར་ལྔ་ཉེར་བརྒྱད་གནམ་གང་དང་། །ཚེས་ལྔ་བཅོ་ལྔ་དེ་བཞིན་ཉི་ཤུ་གཅིག །བཅུ་གཅིག་ཚེས་བཞི་ཚེས་དགུ་ཀླུ་ཐེབས་སོ། །ཚེས་ལྔ་ཚེས་དྲུག་དགུ་དང་བཅུ་བཞི་དང་། །ཚེས་བདུན་ཉེར་བདུན་བཅུ་དྲུག་ཀླུ་ལྡོག་གོ །ཀླུ་ཡི་ཐེབས་ལྡོག་འདྲ་མིན་མི་མཚུངས་ཀྱང་། །འདི་ནི་དཔེ་ཆ་བཞི་ལ་དག་ཐེར་བྱས། །དེ་ནི་ཀླུ་ཐེབས་ཆེན་པོ་བྱ་བ་ཡིན། །གལ་ཏེ་དེ་ལྟར་འཛོམ་པར་མ་གྱུར་ན། །ཟླ་བ་གང་ཡང་རུང་བ་དེ་ཉིད་ཀྱི། །ཚེས་གཉིས་བཅུ་གཉིས་ཉི་ཤུ་གཉིས་དང་ནི། །ཚེས་བཞི་བཅུ་བཞི་ཉི་ཤུ་བཞི་དང་ནི། །ཚེས་ལྔ་བཅོ་ལྔ་དེ་བཞིན་ཉི་ཤུ་ལྔ། །ཚེས་དྲུག་བཅུ་དྲུག་ཉི་ཤུ་དྲུག་དང་ནི། །ཚེས་བཅུ་ཉི་ཤུ་གནམ་གང་ཆར་འབེབས་ངན། །ཚེས་གཅིག་བཅུ་གཅིག་ཉི་ཤུ་གཅིག་དང་ནི། །


CMR037_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་གསུམ་བཅུ་གསུམ་དེ་བཞིན་ཉི་ཤུ་གསུམ། །ཚེས་བདུན་བཅུ་བདུན་ཉི་ཤུ་བདུན་དང་ནི། །ཚེས་བརྒྱད་བཅོ་བརྒྱད་ཉི་ཤུ་བརྒྱད་རྣམས་དང་། །ཚེས་དགུ་བཅུ་དགུ་ཉི་ཤུ་དགུ་རྣམས་ལ། །ཆར་པ་ཕབ་ན་ཕེབས་པར་གསུངས་པ་ཡིན། །འདི་དག་དང་པོ་འགྲོ་ཉིན་བརྩི་བ་ཡིན། །དེ་ནས་དྲག་ལས་ལ་སོགས་བྱེད་དུས་བརྩི། །དེ་ནས་ཐན་ཆེན་གོང་ནི་ཡིན་མིན་བརྟགས། །སྤྲིན་ཚད་ནུབ་ནས་ཤར་དུ་རྒྱུ་བ་དང་། །དེ་བཞིན་བྱང་ནས་ལྷོ་རུ་དལ་བུས་འགྲོ། །ཉིན་ལ་སྤྲིན་ཡོད་སྲོད་ལ་སྤྲིན་དམར་ཆགས། །ཉིན་མོ་འཐིབས་ཤིང་མཚན་མོ་ཡལ་བ་དང་། །སྤྲིན་དཀར་དུམ་བུར་ཆད་ཅིང་ཡར་ལང་འགྲོ། །སྲོད་ལ་བྱང་ནས་སྤྲིན་ནི་ཁམ་ནག་འོང་། །ལུག་གྲོའི་བལ་འདྲ་ནུབ་བྱང་མཚམས་སུ་རྒྱུག །དབུས་སུ་ཆགས་དང་མཐའ་ནས་བརྗེས་པ་དང་། །སྔ་དྲོ་འཐིབས་ཀྱང་ཕྱི་དྲོ་སངས་པ་རྣམས། །ཐན་སྤྲིན་ཡིན་པས་དང་པོ་གཏོར་བར་བྱ། །ནཱ་ག་སྤྲིན་ཤིག་ཤིག །ནཱ་ག་སྤྲིན་ཧྲིལ་ཧྲིལ། ན་ག་སྤྲིན་གཏོར་གཏོར། ན་ག་སྤྲིན་གྱེས་གྱེས་སྭ་ཧཱ། །སྟོང་ཚོ་ཡན་ཆད་གང་འགྲུབ་བཟླས་བྱས་ལ། །ཕུ་བཏབ་སྤྲིན་གྱིས་ནམ་མཁའ་སྔོ་སངས་འགྲོ། །མི་ཀུན་ཆར་པ་མི་ཕེབས་བསམ་པ་འོང་། །དེ་ནས་ཆར་པའི་བར་ཆད་སུས་པཧཱུྃབྱེད་བརྟག །ཤར་ནས་མཆོད་རྟེན་བསྒྲིགས་འདྲའི་སྤྲིན་བྱུང་ན། །རྒྱལ་པོས་བཀག་ཕྱིར་མཆོད་གཏོར་བཀའ་བསྒོ་བྱ། །ལྷོ་ནས་རལ་པ་འབར་འདྲའི་སྤྲིན་བྱུང་ན། །མ་མོས་བཀག་ཕྱིར་གཏོར་མ་བཀའ་བསྒོ་བྱ། །ནུབ་ནས་རྟ་དམར་


CMR037_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

དར་དམར་ཕྱར་འདྲའི་སྤྲིན། །བཙན་གྱིས་བཀག་ཕྱིར་མཆོད་ཅིང་བཀའ་བསྒོ་བྱ། །བྱང་ནས་གཡག་ནག་ཁམ་པ་མཆོངས་འདྲའི་སྤྲིན། །བདུད་ཀྱི་བཀག་ཕྱིར་གཏོར་མས་བཀའ་བསྒོ་བྱ། །སྤྲིན་ནི་ཆེ་ཡང་ཆར་པ་མི་འབབ་ན། །ཡུལ་ལྷས་བཀག་ཕྱིར་བསང་དང་བཀའ་བསྒོ་བྱ། །སྤྲིན་ནི་འདུས་ཤིང་བྱེར་ན་ཆར་འབོད་སར། །ནང་དུ་དམ་ཚིག་མི་གཙང་ཡོད་པའི་རྟགས། །ཁྲུས་དང་བཤགས་པ་གཙང་སྦྲ་དག་ལ་འབད། །གནམ་སྔོན་འབྲུག་སྒྲ་ཆེ་ཞིང་ཆར་མེད་ན། །རྒྱལ་བསེན་བཀག་པས་མ་མོའི་ཕོ་ཉ་བསྐུལ། །ཐོག་སྨན་རྒྱལ་མོས་བཀག་རྟགས་ཡིན་ཡང་ཟེར། །གནམ་མདོག་མང་ཞིང་སྤྲིན་སྲབ་རླུང་འཚུབ་ཆུད། །ན་བུན་དང་བཅས་སྔ་དྲོ་ཉིན་ཕྱེད་འཐིབས། །རླུང་འཚུབ་ཆུད་ཅིང་ཆར་མེད་གཟའ་ཡིས་བཀག །དེ་ལ་དཔལ་མགོན་བདུན་ཅུའི་གཏོར་མ་བཏང་། །དེ་བཞིན་ཆ་གསུམ་བཏང་ཞིང་ཆོས་སྐྱོང་བསྐུལ། །དགོང་མོ་ཉི་ནུབ་སྤྲིན་དམར་སྲབ་བུ་ཆགས། །དེ་ནས་དྭངས་ན་ཀླུ་སྲིན་སེར་པོས་བཀག །དེ་ལ་ཀླུ་གཏོར་བཏང་ལ་བཀའ་བསྒོ་བྱ། །ཆར་རླུང་འདྲེས་མ་བྱུང་ཞིང་མི་འབེབས་ན། །རླུང་ལྷས་བཀག་ཕྱིར་རླུང་ནོན་ནན་ཏན་བྱ། །རླུང་ཆུང་སེར་བུ་ཤར་རླུང་སྐྱོན་མེད་དེ། །ནུབ་རླུང་བྱང་རླུང་འུར་སྒྲ་ཅན་རྣམས་ནི། །བར་ཆད་ཡིན་པས་གསེར་སྐྱེམས་མཆོད་པ་དང་། །རླུང་ནོན་དག་ལ་བསྐྱར་ཞིང་བྱ་བར་གཅེས། །ཕལ་ཆེར་རྒྱལ་འགོང་དག་གིས་བཀག་པའི་ཕྱིར། །ཆར་འབོད་འགྲོ་ཁ་རྒྱལ་གསོལ་བཤོས་བུ་སྦྱིན། །ཆར་པ་མ་བཀག་ཅེས་བརྗོད་བཀའ་བསྒོ་དང་། །དམ་བརྡར་བྱ་བ་


CMR037_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

རྙིང་མའི་ཕྱག་ལེན་ཡིན། །དེ་ནས་ཆར་ཞུས་འོང་ཁའི་ནུབ་མོ་ལ། །རྨི་ལམ་རང་ཉིད་གོས་དང་རྒྱན་ཆ་བཟང་། །ཤྭ་ཐོབ་ཤག་རྒྱལ་ཁྲལ་བསྡུས་ར་ནོར་འཚོས། །ལོ་ལེགས་ལོ་ཏོག་བརྔ་བ་རྨིས་ན་བཟང་། །ཁང་སྟོང་མཚེར་རྙིང་ཆབ་བྲམ་ཧྲལ་ཧྲལ་དང་། །མེ་ཆེན་འབར་དང་ལོ་ཉེས་རྨིས་ན་ངན། །ཆར་ཞུས་བྱེད་མཁན་མཚོ་དང་ཀླུ་ཡི་མིང་། །ཕྱུགས་དང་ལོ་ལེགས་མིང་ཅན་བྱུང་ན་བཟང་། །དཀོན་དང་རིན་ཆེན་མི་འབྱུང་ཆར་པ་དཀོན། །ཚིག་དང་སྐམ་དང་མེ་ཡི་མིང་ཅན་ངན། །དེ་ནས་འགྲོ་བའི་ས་ལ་བརྟགས་པ་ནི། །ཆུ་མིག་ཤར་རྒྱུ་དཀར་ཕྱོགས་མྱུར་དུ་བབ། །ལྷོ་རྒྱུ་གདིང་ཆེ་ཕྱུག་པས་ཆར་ཆེན་འབབ། །ནུབ་གྲུ་བྲམ་ཟེ་དབུལ་ཏེ་ཆར་ཤོག་འབབ། །བྱང་གྱུ་གདོལ་པ་ནག་ཕྱོགས་འབབ་པར་དཀའ། །འོན་ཀྱང་ས་གཞི་བྲག་རྣམས་དཀར་ཤས་ཆེ། །ཡར་ཤིང་བཟང་པོ་སྐྱེས་ན་ཆར་འབོད་རུང་། །སྤྱིར་ནི་སྔོན་ཆད་བརྡུང་བཙོག་མ་སོང་བ། །ས་གཙང་རོ་དང་རུ་ནག་མ་བསྡད་པ། །ཤིང་སྣ་ན་བ་ཕྱུགས་ཤིང་ཆུ་རྩ་གྲིམ། །ཆུ་མིག་ཕྲན་བུ་མང་དུ་ཡོད་པ་ཡི། །ཆུ་མིག་མགོ་གསུམ་ལྔ་བདུན་དགུ་པ་སོགས། །དེ་འདྲ་ཞིག་ཏུ་ཆར་འབོད་བྱ་བར་ཤིས། །ཡང་ན་མཚོ་གཉན་ཀླུ་ནི་ཡོད་ངེས་ལ། །ཆར་འབོད་བྱ་བར་རུང་ཞེས་གསུངས་པ་ཡིན། །དེ་རྣམས་དྲིས་ཤིང་རང་གི་ཡིད་ཀྱིས་དཔྱད། །འདི་རུ་འགྲོ་ཞེས་ངག་ཏུ་བརྗོད་མི་བྱ། །སང་ཉིན་འགྲོ་བའི་དོ་ནུབ་བམ་འགྲོ་ཁར། །ཧཱུྃ། རང་ཉིད་སྐད་ཅིག་ཡི་དམ་ལྷར་གསལ་བའི། །ཐུགས་ཀའི་ཧཱུྃ་ལས་


CMR037_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་རྡོ་རྗེ་ནི། །སེར་བ་ཕྲ་མོ་གྲངས་མེད་འཕྲོས་པ་ཡིས། །ཆུ་མིག་གམ་ནི་མཚོ་དེའི་མཐའ་བསྐོར་དུ། །རྡོ་རྗེའི་ར་བ་འོད་ཟེར་འབར་བས་བསྐོར། །ཀླུ་དང་ས་བདག་འབྲོས་པའི་ལམ་བཅད་ཅིང་། །ཆུ་མིག་གམ་ནི་མཚོ་དབུས་པད་ཟླའི་སྟེང་། །ཀླུ་དེ་སྐུ་སྟོད་མི་ལ་སྐུ་སྨད་སྦྲུལ། །སྦྲུལ་མགོའི་གདེངས་ཀ་རིན་ཆེན་རྒྱན་ཆ་ཅན། །གསེར་གྱི་རྡོ་རྗེས་ལུས་དང་པད་གདན་འཛེར། །གཡོ་འགུལ་མེད་པར་ལྷན་ནེར་གནས་པར་གྱུར། །ཏདྱ་ཐཱ། པ་ཀི་ཙ་ཊི། ཤུ་ལི་མུ་ལི། ཤ་ཤ་ཤུ་ཤུ། ཏི་ཏི། རུ་ཧི་ཧུ་ཡ་ཧུ་ཡ། ཧུ་རུ་ཊི་སྭཱ་ཧཱ། སྔགས་དེ་ལན་བདུན་བརྗོད་ཅིང་དམིགས་པ་བཟུང་། །དེ་ནས་གར་འགྲོ་བཤད་ཀྱང་སྐྱོན་མེད་དོ། །དེ་ནས་ལམ་དུ་འགྲོ་ཚེ་རྟེན་འབྲེལ་བརྟག །རྫིང་དང་ཡུར་བ་ཆུ་ཡིས་ཁེངས་པ་དང་། །ཆང་ཟོམ་ཆུ་ཟོམ་ཁུར་པོ་རྫི་མོ་ཁུར། །བུད་མེད་སྦྲུམ་མ་དགེ་སློང་ཚུལ་ཁྲིམས་ལྡན། །ཆང་བཟི་ཆུ་ཁྲིད་བུ་ཚ་བུ་མོ་དང་། །སྐྱེས་པ་དར་མ་རྣམས་དང་འཕྲད་པ་དང་། །ཁ་ལྟས་བཟང་པོ་བརྗོད་དང་འཕྲད་ན་བཟང་། །ཚུལ་ཁྲིམས་འཆལ་དང་ནད་པ་གཅོང་ནད་ཅན། །རྒས་འཁོག་འཆི་ལ་ཁད་དང་སྣོད་སྟོང་ཁྱེར། །ཁ་ལྟས་ངན་པ་བརྗོད་དང་འཕྲད་ན་ངན། །སྔོན་དུ་མི་འགྲོ་བསམ་པ་གཅིག་ཏུ་ནི། །སྔོན་གྱི་ཟིལ་གནོན་དམིགས་པ་སྤྱི་ལ་འགྲོ། །དེ་ནས་མཚོའམ་ཆུ་མིག་དེར་ཕྱིན་ནས། །


CMR037_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ཆུང་ཆུ་མིག་ཡིན་ན་དེ་ཉིད་ཀྱི། །ཕྱོགས་མཚམས་བརྒྱད་དུ་ཐོ་བརྒྱད་བྱ་བཅུག་ཅིང་། །སྟེང་འོག་གཉིས་ནི་ཤར་ནུབ་གཉིས་སུ་བྱ། །གལ་ཏེ་ཆུ་ཆེན་མཚོ་ཆེན་བརྒལ་དཀའ་ན། །ཆུ་དེའི་འགྲམ་དུ་ཐོ་བཅུ་བྱས་ནས་ནི། །དེ་ཡི་ཕྱོགས་བཅུར་བྱས་པའི་དམིགས་པ་བྱ། །ཡང་ན་རང་གི་སྡོད་སའི་ཕྱོགས་བཅུར་བྱ། །ཡང་ན་ཆུ་དེའི་འགྲམ་དུ་མཚོ་ཆུང་བསྐྱིལ། །དེ་ཡི་ཕྱོགས་བཅུར་ཐོ་བཅུ་བརྩིག་པར་བྱ། །དེ་ཚེ་དམིགས་པ་འདོན་བསྒོམ་འདི་ལྟར་རོ། །ཧཱུྃ། རང་ཉིད་སྐད་ཅིག་དྲན་རྫོགས་སུ། །དྲག་པོ་རྟ་མགྲིན་གསང་བདག་ལ་སོགས་པ། །ཡི་དམ་ཁྲོ་བོའི་སྐུ་རུ་གསལ་བར་གྱུར། །སྟེང་ཕྱོགས་ནམ་མཁར་ཁྲོ་བོ་ཧཱུྃ་ཀ་ར། །སྐུ་མདོག་སྔོན་པོ་ཕྱག་ན་མདའ་གཞུ་འགེངས། །རང་འདྲའི་ཁྲོ་བོ་འབུམ་གྱིས་སྟེང་ཕྱོགས་སྲུང་། །བྱ་ཁྱུང་སྔོན་པོས་དབུ་ལ་རབ་ཏུ་བརྒྱན། །སྟེང་ཕྱོགས་ཀླུ་གཉན་འབྲོས་པའི་ལམ་ཆོད་ཅིག །ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀ་ར་ཧཱུྃ། སྟེང་ཕྱོགས་ཀྱི་འབྲོས་ལམ་གརྫ་གརྫ་ཧཱུྃ་ཕཊ། ཧཱུྃ། ཤར་གྱི་ཕྱོགས་ན་ཁྲོ་བོ་རྣམ་པར་རྒྱལ། །སྐུ་མདོག་དཀར་པོ་འཁོར་ལོ་ཁ་ཊཾ་འཛིན། །རང་འདྲའི་ཁྲོ་བོ་འབུམ་གྱིས་ཤར་ཕྱོགས་སྲུང་། །ཁྱུང་ཆེན་དཀར་པོས་དབུ་ལ་རབ་ཏུ་བརྒྱན། །ཀླུ་གཉན་ཤར་དུ་འབྲོས་པའི་ལམ་ཆོད་ཅིག །ཨོཾ་


CMR037_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ་ཕཊ། ཤར་ཕྱོགས་ཀྱི་འབྲོས་ལམ་ཧ་ན་ཧ་ན་ཧཱུྃ་ཕཊ། ཧཱུྃ། ཤར་ལྷོ་མཚམས་ན་ཁྲོ་བོ་དབྱུག་སྔོན་ཅན། །གཡས་གཡོན་ཕྱག་ན་དབྱུག་ཏོ་མེ་དཔུང་འཛིན། །རང་འདྲའི་ཁྲོ་བོ་འབུམ་གྱིས་ཤར་ལྷོར་སྲུང་། །ཁྱུང་ཆེན་སྔོན་པོས་དབུ་ལ་རབ་ཏུ་བརྒྱན། །ཀླུ་གཉན་ཤར་ལྷོའི་མཚམས་ཀྱི་འབྲོས་ལམ་ཆོད། །ཨོཾ་བཛྲ་ཀྲོ་ཏ་ནི་ལ་དཎྜ་ཧཱུྃ། ཤར་ལྷོའི་འབྲོས་ལམ་ད་ཧ་ད་ཧ་ཧཱུྃ་ཕཊ། ཧཱུྃ། ལྷོ་ཡི་ཕྱོགས་ན་ཁྲོ་བོ་གཤིན་རྗེའི་གཤེད། །སྐུ་མདོག་སྔོན་མོ་བེ་ཅོན་ལྟ་མོ་འཛིན། །རང་འདྲའི་ཁྲོ་བོ་འབུམ་གྱིས་སྨྲེལྷོ་ཕྱོགས་སྲུང་། །ཁྱུང་སེར་འབར་བས་དབུ་ལ་རབ་ཏུ་བརྒྱན། །ཀླུ་གཉན་ས་བདག་ལྷོ་ཡི་འབྲོས་ལམ་ཆོད། །ཨོཾ་བཛྲ་ཀྲོ་ཏ་ཡ་མཱན་ཀ་ཧཱུྃ། ལྷོ་ཕྱོགས་ཀྱི་འབྲོས་ལམ་པ་ཙ་པ་ཟཙ་ཧཱུྃ་ཕཊ། ཧཱུྃ། ལྷོ་ནུབ་མཚམས་ན་ཁྲོ་བོ་མི་གཡོ་མགོན། །སྐུ་མདོག་སྨུག་ནག་རལ་གྲི་སྦྲུལ་ཞགས་འཛིན། །རང་འདྲའི་ཁྲོ་བོ་འབུམ་གྱིས་ལྷོ་ནུབ་སྲུང་། །ཁྱུང་ཆེན་སྨུག་ནག་འབར་བས་དབུ་ལ་བརྒྱན། །ཀླུ་དང་ས་བདག་ལྷོ་ནུབ་འབྲོས་ལམ་ཆོད། །ཨོཾ་བཛྲ་ཀྲོ་ཏ་ཨཱརྱ་ཨ་ཙ་ལེ་ཧཱུྃ། ལྷོ་ནུབ་མཚམས་ཀྱི་འབྲོས་ལམ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཧཱུྃ།


CMR037_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཀྱི་ཕྱོགས་ནས་ཁྲོ་བོ་རྟ་མགྲིན་རྒྱལ། །སྐུ་མདོག་དམར་པོ་དབྱུག་ཐོ་ལྕགས་སྒྲོག་འཛིན། །རང་འདྲའི་ཁྲོ་བོ་འབུམ་གྱིས་ནུབ་ཕྱོགས་སྲུང་། །ཁྱུང་ཆེན་དམར་པོས་དབུ་ལ་རབ་ཏུ་བརྒྱན། །ཀླུ་དང་ས་བདག་ནུབ་ཀྱི་འབྲོས་ལམ་ཆོད། །ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲི་ཝ་ཧཱུྃ། ནུབ་ཕྱོགས་ཀྱི་འབྲོས་ལམ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཧཱུྃ། འོག་གི་ཕྱོགས་ན་ཁྲོ་བོ་སྟོབས་པོ་ཆེ། །སྐུ་མདོག་ལྗང་ནག་སྟ་རེ་ཐོད་དབྱུག་འཛིན་། །རང་འདྲའི་ཁྲོ་བོ་འབུམ་གྱིས་འོག་ཕྱོགས་སྲུང་། །ཁྱུང་ཆེན་ལྗང་ནག་འབར་བས་དབུ་ལ་བརྒྱན། །ཀླུ་དང་ས་བདག་འོག་གི་འབྲོས་ལམ་ཆོད། །ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུྃ། འོག་ཕྱོགས་ཀྱི་འབྲོས་ལམ་སྤོ་ཊ་སྤོ་ཊ་ཧཱུྃ་ཕཊ། ཧཱུྃ། ནུབ་བྱང་ཁྲོ་བོ་གཞན་གྱིས་མི་ཐུབ་པ། །སྐུ་མདོག་དམར་སྐྱ་ལྕགས་ཀྱུ་ནེའུ་ལེ་འཛིན། །རང་འདྲའི་ཁྲོ་བོ་འབུམ་གྱིས་ནུབ་བྱང་སྲུང་། །ཁྱུང་ཆེན་དམར་སྐྱས་དབུ་ལ་རིབ་ཏུ་བརྒྱན། །ཀླུ་དང་ས་བདག་ནུབ་བྱང་འབྲོས་ལམ་ཆོད། །ཨོཾ་བཛྲ་ཀྲོ་ཏ་ཨ་པ་རཱ་ཛི་ཏ་ཧཱུྃ། ནུབ་བྱང་གི་འཕྲོས་ལམ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ། ཧཱུྃ། བྱང་གི་ཕྱོགས་ན་ཁྲོ་བོ་བདུད་རྩི་འཁྱིལ། །སྐུ་མདོག་ལྗང་ནག་རྒྱ་


CMR037_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

གྲམ་དྲིལ་བུ་འཛིན། །རང་འདྲའི་ཁྲོ་བོ་འབུམ་གྱིས་བྱང་ཕྱོགས་སྲུང་། །ཁྱུང་ཆེན་ལྗང་ནག་འབར་བས་དབུ་ལ་བརྒྱན། །ཀླུ་དང་ས་བདག་བྱང་གི་འཕྲོས་ལམ་ཆོད། །ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ། བྱང་གི་ཕྱོགས་ཀྱི་འབྲོས་ལམ་ཚིནྡྷ་ཚིན་ཧཱུྃ་ཕཊ། ཧཱུྃ། བྱང་ཤར་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་ནི། །སྐུ་མདོག་སྔོ་སྐྱ་འཁོར་ལོ་ཞགས་པ་འཛིན། །རང་འདྲའི་ཁྲོ་བོ་འབུམ་གྱིས་བྱང་ཤར་སྲུང་། །ཁྱུང་ཆེན་སྔོ་སྐྱ་འབར་བས་དབུ་ལ་བརྒྱན། །ཀླུ་དང་ས་བདག་བྱང་ཤར་འབྲོས་ལམ་ཆོད། །ཨོཾ་བཛྲ་ཀྲོ་ཏ་ཏྲི་ལོཀྱ་བི་ཛ་ཡ་ཧཱུྃ་ཕཊ་༔ བྱང་ཤར་གྱི་འབྲོས་ལམ་བྷིནྡ་བྷིནྡྷ་ཧཱུྃ་ཕཊ། །དེ་ནས་ཆུ་གཙང་རྣམ་འཇོམས་སྔགས་བཏབ་ལ། །མདའ་འབེན་ཙམ་གྱི་སོ་ནས་ཆུ་མིག་བསྐོར། །དེ་ཡིས་འབྲོས་ལམ་གཅོད་ཅིང་མནོལ་བ་སངས། །ན་མཙཎྜ་བཛྲ་ཀྲོ་ཏ་ཡ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ་བན་བན་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུྃ་ཕཊ། དེ་ནས་མཚོ་འམ་ཆུ་མིག་སྔས་དེ་རུ། །ཟིལ་གནོན་ཆུ་དར་སྔོན་པོར་སྔགས་བྲིས་བཅུག །ཆུ་མིག་དེ་ཡི་མ་ཟད་དེར་སོང་ལ། །རང་དང་ཆར་གཡོག་འཁོར་དང་བཅས་པ་ཡིས། །ཡིག་བརྒྱའམ་སྨེ་བརྩེགས་སྔགས་བཟླས་ཁྲུས་བྱ་སྟེ། །དེ་ནས་ཤ་ཆང་སྒོག་པ་རྟག་ཏུ་སྤང་། །འོ་མའི་ནང་དུ་ཀླུ་སྨན་བཏབ་བྱས་ལ། །ཆུ་མིག་མཐའ་བསྐོར་སྡོད་ས་ཀུན་ཏུ་གཏོར། །ཀླུ་ཡི་


CMR037_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པ་མི་འབྱུང་བཀྲ་ཤིས་སོ། །དེ་ནས་ཆུ་མིག་མཚོ་ཆུང་བསྐྱིལ་བ་ནི། །ཆུ་མིག་དངོས་དེ་ཀླུ་ཡི་མིག་ཡིན་ལ། །དེ་ནས་ཁྲུ་གང་ཀླུ་ཡི་ཁ་ཡིན་ནོ། །དེ་ནས་ཁྲུ་གང་སྙིང་ག་ཡིན་པ་སྟེ། །དེ་ནས་ཁྲུ་གང་ཀླུ་ཡི་ལྟེ་བ་ཡིན། །དེ་ནས་ཁྲུ་གང་ཀླུ་ཡི་གསང་གནས་ཡིན། །དེ་ནས་ཐུར་དུ་ཁྲུ་གང་མཇུག་མའི་རྩེ། །གསང་གནས་གཡས་གཡོན་ཁྲུ་རེ་པུས་མོ་གཉིས། །པུས་ནས་ཐུར་དུ་ཁྲུ་གང་རྐང་མཐིལ་ལོ། །སྙིང་ནས་གཡས་གཡོན་ཁྲུ་རེ་གྲུ་ཁུག་གཉིས། །དེ་ནས་ཁྲུ་རེ་ལག་པའི་མཐིལ་གཉིས་སོ། །མིག་ནས་གྱེན་དུ་ཁྲུ་གང་རྭ་ཅོ་གཉིས། །རྭ་གཉིས་བར་དུ་ཁྲུ་དོ་ཡོད་པར་བཤད། །ཧ་ཅང་ཆུ་མིག་ཆེ་ན་འདོམ་རེ་འཇལ། །ཆུ་མིག་ཀླུ་ཁྱིམ་དངོས་ཡིན་དེ་ནས་ནི། །ཡར་ལ་འདོམ་གང་མིག་ཕམ་དེ་ནས་ཕར། །འདོམ་གང་རྭ་རྩེ་དེ་ནས་མར་འདོམ་གང་། །སྙན་ཡིན་དེ་ནས་འདོམ་གང་རྟ་ལྷས་དང་། །ཕར་ལ་ལུག་ར་འདོམ་དོ་མར་འདོམ་དོ། །ནོར་ལྷས་ཡིན་ཅིང་སྙན་ནི་གཡས་གཡོན་ནས། །འདོམ་ཕྱེད་མར་འཇལ་ཞིང་ས་དེ་ནས་མཐོ་དོ་རེ། །འཇལ་བས་ར་ཚང་ཁྱི་ཚང་བྱ་ཚང་ཡིན། །དེ་ནས་མཐོ་དེ་སྒོ་ཐོག་ཡིན་པ་སྟེ། །དེ་ནས་ཕར་འཇལ་འདོམ་གང་སྒོ་ཐེམ་ཡིན། །དེ་ནས་ཕར་ལ་མཐོ་རེ་སྒོ་འགྲམ་ཡིན། །སྤང་དང་ཕ་ཝང་ཕུབ་འདྲ་འཕང་ར་དང་། །སྤོ་ཐོ་གད་པ་སྨིན་མ་འདྲ་བ་ནི། །བྲོ་བརྡུང་ས་ཡིན་སྙན་གོང་གཡས་པ་ནས། །འདོམ་གང་ས་རུ་དཀྱིལ་འཁོར་བྱ་བ་ལེགས། །ཆུ་མིག་ཧ་ཅང་མི་ཆེ་གང་ལའང་། །ཁ་དང་གསང་གནས་མཇུག་རྩེ་ར་ཡི་རྩེ། །རྐང་


CMR037_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

མཐིལ་ལག་མཐིལ་བརྐོས་ན་ཀླུ་ནད་འབྱུང་། །མིག་དང་སྙིང་ལ་བསྐོས་ན་གནོད་པ་ཆེ། །ལྟོ་བར་བརྐོས་ནས་མཚོ་བསྐྱལ་དངོས་གྲུབ་འབྱུང་། །དེ་ཕྱིར་གཙོད་རུས་དང་པོ་རློག་པ་ན། །ཀླུ་ཡི་དུག་རྣམས་རང་ལ་མི་འབྱུང་ཞིང་། །ཆུ་མིག་རློག་པའི་ཕྲག་དོག་མི་འབྱུང་ངོ་། །གཙོད་རུ་མེད་ན་ཤིང་ཕུར་ལ་སོགས་ཀྱིས། །རློག་ཅིང་རྡོ་བསལ་མཚོ་ཆུང་བག་དྲོ་བསྐྱིལ། །རང་ཡང་ཀླུ་ཡི་ལུས་ནས་འདོམ་གང་རིང་། །རྦབ་སྒོ་གཤའ་སྣ་མིན་ཅིང་གཙང་སར་བསྡད། །རང་ལས་ཆར་གཡོག་མདའ་འཕེན་ཙམ་རིང་བྱ། །ཐབ་གསུར་འཛིང་མོ་མི་བྱ་དམ་དུ་བསྒག །ཁྱི་དང་བུད་མེད་ཆུ་མིག་སར་མི་བཏང་། །བྱ་ཁྱིས་མཆོད་གཏོར་མི་ཁྱེར་དོ་དམ་བྱ། །ཕྱི་ནས་ཟས་ནོར་རྣམ་པ་གང་བྱུང་བར། །རྣམ་འཇོམས་གཟུངས་ཆུ་བཞག་ལ་བྲན་ཏེ་བླང་། །རྨེ་ཡུགས་མཛེ་ཕོ་ཤན་པ་སྡིག་ཆེན་ནི། །སློབ་དཔོན་དྲུང་དང་ཆུ་མིག་རྩར་མི་བཏང་། །དེ་བཞིན་སྤྱད་ནག་ཆུ་མིག་རྩར་མི་ཁྱེར། །ནངས་རེ་བཞིན་དུ་ཁྲུས་དང་གཙང་སྦྲ་བྱ། །རྫས་དང་ཡོ་བྱད་ཐམས་ཅད་སྤོས་ཕྱུང་བྱ། །རང་གི་གདན་ནི་བཏིང་ནས་བསྒུལ་མི་བྱ། །དེ་ནས་གུར་རམ་ཅོག་པུ་གཡས་ཕུབ་ལ། །གཞི་ནི་དཀར་པོའི་སྟེང་དུ་ཕུག་གཏོར་ནི། །རང་ལུགས་རྒྱས་བསྡུས་གང་ཡང་རུང་བ་བཅལ། །དེ་ཡང་ཤ་ཡིས་བརྒྱན་པར་མི་བྱའོ། །གཞི་སྟེང་ལྷ་ཡི་བུམ་པ་སྤྱི་ལྟར་བཅའ། །དེ་འོག་ས་ནི་གཙང་མ་བཅག་བྱས་ལ། །དེ་སྟེང་ནས་ཀྱི་པདྨ་འདབ་བརྒྱད་བྲི། །དེ་དབུས་རྫ་འམ་ཟངས་བུམ་གཙང་མའི་ནང་། །ཆུ་བོ་རྒྱུན་འབབས་ཆུ་མིག་ཤར་གྱུའི་ཆུ། །


CMR037_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གྲུ་གང་དུ་འབབ་པར་འདོད་པའི་ཆུ། །ཀླུ་སྨན་འོ་མ་དང་བཅས་ལེགས་པར་བཀང་། །ཤུག་པ་ལ་སོགས་ཤིང་སྣས་ཁ་བརྒྱན་ནོ། །དཀར་གཏོར་རྒྱན་ལྡན་བཤམས་པ་ཀླུ་ཡི་དང་། །གཞི་བདག་དཀར་གཏོར་བཟང་པོ་སོ་སོར་བཤམ། །ཞོ་དང་འོ་མའི་མཆོད་པ་ཅི་འབྱོར་བཤམ། །གཏོར་མ་གཉིས་ལ་ཀླུ་སྨན་ཅུང་ཟད་བཏབ། །དེ་མཐར་ཤིང་སྣ་བཙུགས་པར་རྭ་བས་བསྐོར། །དེ་ནང་ཟན་ནམ་ཡང་ན་བག་ཟན་ལས། །ཀླུ་གཟུགས་ཆུ་གནས་བཅའ་བར་གྲུབ་ན་ལེགས། །མེད་ཀྱང་སྐྱོན་མེད་མཆོད་པ་རྐྱང་པས་ཆོག །དཀར་བགེགས་ལྷ་བཤོས་མཐེབ་སྐྱུ་མང་པོ་དང་། །འབུལ་རྒྱུའི་དཀར་གཏོར་ཆུང་ངུ་ཅི་མང་བཅའ། །ཆུ་གཏོར་བཏང་བའི་གཏོར་རིལ་མང་དུ་བྱ། །དེ་ཡན་ཞི་ཡི་འབོད་རྐྱང་པའི་བཅའ་གཞིའོ། ༈ །དེ་ནས་ཞི་དྲག་ཕྱེད་མའི་བཅའ་ཆོག་ནི། །བག་ཟན་ལ་ནི་རཱ་ཧུ་ལ་ཡི་གཟུགས། །ནང་དུ་ཤོག་དྲིལ་བཅུག་ལ་བཟོ་བྱས་ཏེ། །ཁོག་སྟོད་མི་ལུས་མགོ་དགུ་གདེངས་ཀ་ཅན། །ཁོག་སྨད་སྦྲུལ་མཇུག་གཡས་སུ་འཁྱིལ་པ་བྱ། །ལག་གཡས་སྤྲུལ་བརྒྱད་གཡོན་པས་སྦྲུལ་ཞགས་དང་། །སྤྲིན་གྱི་རྔ་གཡབ་བཟུང་བ་བྱས་ནས་ནི། །ཀླུ་ཡི་དཀྱིལ་འཁོར་བུམ་པའི་དྲུང་དུ་བཞག །དེ་མཐར་བག་ཟན་ཀླུ་ཆེན་བརྒྱད་ཀྱི་གཟུགས། །སྦལ་སྦྲུལ་ཉ་ལྕོང་ཆུ་སྲིན་ཆུ་རྟ་དང་། །ཆུ་ལུག་ཆུ་འབྲི་ཆུ་གླང་གཟུགས་བྱས་ཏེ། །རྒྱས་པར་བརྒྱད་རེ་བསྡུ་ན་ལྔ་རེས་ཆོག །དེ་ནས་མཚོ་ཡི་དྲུང་ངམ་ཆུ་མིག་སྔས། །དབྱར་གསུམ་ཤར་དང་སྟོན་གསུམ་ལྷོ་ཕྱོགས་སུ། །ཁ་ནི་རྒྱུས་ལ་དོང་


CMR037_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གྲུ་གསུམ་པ། །ཁྲུ་གང་བརྐོས་ན་རི་གཉན་གསུམ་གྱི་རྡོ། །སྒྱེད་པུ་བྱས་ཏེ་རྡོ་ལེབ་བཀབ་བྱས་ལ། །བག་ཟན་སྦལ་པར་སྔགས་བཅུག་རྡོ་ལེབ་སྟེང་། །རང་ལ་ཁ་རྒྱུས་བཞག་ལ་ཀླུ་རྣམས་བསྟིམ། །དེ་ལ་རྟེན་འབྲེལ་སྙིང་པོས་རབ་གནས་བྱ། །དེ་སྟེང་ཤིང་སྣས་བཀབ་ལ་མི་མཐོང་བྱ། །བྱ་ཁྱིས་མི་ཁྱེར་རྡོ་ལེབ་སོགས་ཀྱིས་མནན། །དེ་ནི་ཞི་དྲག་ཕྱེད་མའི་བཅའ་གཞིའོ། །དེ་ནས་ཆུ་མིག་མཚོ་དཀྱིལ་སྟེང་ཉིད་དུ། །ཐོ་བཞི་ཀ་བའི་ཚུལ་དུ་བྱས་པ་ལ། །ཤིང་བྲེས་ཁང་ཆུང་བཀབ་ནས་ས་བླུག་གམ། །ཡང་ན་རྡོ་ལེབ་ཆེན་པོས་བཀབ་པའི་སྟེང་། །རྡུལ་ཚོན་ནམ་ནི་སོལ་བས་བྲིས་ཀྱང་རུང་། །འཁོར་ལོ་རྩིབས་བརྒྱད་བྲིས་པའི་སྟེང་ཉིད་དུ། །དབུས་དང་ཕྱོགས་མཚམས་ཕུར་པ་བརྒྱད་བཙུགས་གསུངས། །ཡང་ན་ཤིང་ནི་མདའ་ཚད་བརྒྱད་ཙམ་བྱ། །ཕྱོགས་མཚམས་བསྣོལ་བས་འཁོར་ལོ་རྩིབས་བརྒྱད་དོ། །དེ་ཡི་དབུས་དང་རྩིབས་ནང་ནས་བརྒྱུས་ཏེ། །ཕུར་པ་དགུ་ནི་བཙུགས་ན་སྟབས་བདེའོ། །དབུས་མར་ཚོན་སྐུད་བཏགས་ལ་རང་ཉིད་ཀྱིས། །བཟུང་བའི་ཚུལ་དུ་རང་ངོས་བརྐྱང་ལ་བཞག །དེ་ལ་རྡོ་རྗེ་བཏགས་ནས་བཞག་ཀྱང་ལེགས། །དེ་ནི་དྲག་འབོད་བྱེད་པའི་བཅའ་ལུགས་སོ། །༈ །དེ་ནས་རང་ཉིད་གནས་པའི་ཕྱོགས་བཞི་རུ། །དོང་བཞི་བྲུས་པར་རླུང་ལྷ་མནན་བྱས་ལ། །སྟེང་དུ་ཐོ་བརྩིགས་ཚ་ཚ་མ་ནོར་བཞག །བསྡུ་ན་ནུབ་བྱང་མཚམས་སུ་གཅིག་བྱས་ཆོག །དེ་དང་མཉམ་དུ་བགེགས་ཀྱི་ལིངྒའང་མནན། །དོང་རྣམས་བྲུ་དུས་དབྱར་གསུམ་ཤར་དང་ནི། །


CMR037_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་གསུམ་ཡིན་ན་ལྷོ་རུ་ཁ་གྱུ་ཞིང་། །འགུགས་གཞུག་རྟ་བྲོ་བྱ་བ་ཀུན་ལ་འགྲེས། །ཐོ་བཞི་རྒྱལ་ཆེན་བཞི་བསྒོམ་རབ་གནས་བྱ། །དེ་ལྟར་སྟ་གོན་རིམ་པ་ཀུན་ཚར་ནས། །ཉེ་ལོགས་ཆུ་མིག་གཉན་པོ་ཐམས་ཅད་ལ། །ཆར་གཡོག་བཏང་ལ་ཕུགས་སུ་ཀླུ་སྨན་བཅུག །འདོམ་བདུན་ས་རུ་དམར་རྟ་བཞག་བྱས་ལ། །ཐོ་བརྩེགས་བྱ་ཁྱི་སོགས་ཀྱིས་མི་ཁྱེར་བྱ། །འགྲོ་འགྲིམ་རྣམས་ལ་ཀླུ་སྨན་བསྐུར་བྱས་ལ། །རང་རང་ཡུལ་གྱི་ཆུ་མིག་མཚོ་ལ་སོགས། །ཀུན་ལ་སྦས་དང་རྡོ་བཏགས་ཆུར་བསྐྱུར་བཅོལ། །དེ་ནས་དང་པོ་བགེགས་གཏོར་སྤྱི་ལྟར་བསྔོ། །ཆར་ལ་བར་ཆད་མ་བྱེད་བཀའ་བསྒོ་བྱ། །མཚམས་གཅོད་ལ་སོགས་ལྷ་གཞུང་ལྟར་དུ་བྱ། །དེ་ནས་ཞི་དྲག་ལྷ་གཞུང་གང་ཡིན་བཏང་། །དེ་ནས་ཆར་གཞུང་ལས་བྱང་འདོན་སྒོམ་སྦྲགས། །།རང་གི་ཐུགས་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས། །དཔག་མེད་འཕྲོས་ནས་ཀླུ་གཉན་ཐམས་ཅད་ཀྱི། །སྙིང་ནས་བཟུང་སྟེ་རང་དབང་མེད་པར་བཀུག །ཆུ་མིག་ཀླུ་གཟུགས་རྣམས་ལ་ཐིམ་པར་གྱུར། །ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ། །གསང་བདག་རྟ་མགྲིན་བྱ་ཁྱུང་བདེན་པའི་མཐུས། །སྟོང་གསུམ་ཁམས་ཀྱི་ས་བདག་ཀླུ་གཉན་རྣམས། །ཆུ་མིག་འདི་ལ་ད་ལྟ་ཉིད་དུ་ཁུག །ཏཱ་ཀི་ཧཱུྃ་ཛཿ སརྦ་ནཱ་ག་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ལྕགས་ཀྱུའི་ཕྱག་རྒྱས་


CMR037_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱའམ་ཉེར་གཅིག་བརྗོད། ཧཱུྃ། ཕྱི་རོལ་གླིང་བཞི་ནམ་མཁའི་ཕར་མཐའ་ནས། །རྡོ་རྗེའི་གུར་ཁང་དཔག་ཚད་བརྒྱད་ཁྲི་པ། །སྲ་མཁྲེགས་རྔམས་མཐུག་རླུང་ཡང་མི་ཐར་བ། །དེ་ནང་བྱ་ཁྱུང་གཤོག་གདང་བསྒྲིགས་པའི་གུར། །དེ་ནང་ཕྱག་རྡོར་ནང་དུ་གཟིགས་པའི་གུར། །དེ་ནང་ཕྱོགས་བཅུར་ཁྲོ་བོ་བཅུ་ཡི་ཚོགས། །ཀླུ་རྣམས་འབྲོས་ལམ་བཅད་དེ་ཐར་མེད་གྱུར། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་སྭཱ་ཧཱ། ཧཱུྃ། ཉོན་ཅིག་སྟོང་གསུམ་ཁམས་ཀྱི་ཀླུ་གཉན་དང་། །ཁྱད་པར་གནས་འདིའི་ཀླུ་དང་ས་བདག་ཉོན། །རྣལ་འབྱོར་བདག་ནི་འདི་ན་འོང་བའི་དོན། །ཁྱེད་ཅག་རྣམས་ལ་དོ་བསྡོ་ཕོད་བཙུགས་དང་། །སྟོབས་དང་རྫུ་འཕྲུལ་འགྲན་ཕྱིར་འོང་བ་མིན། །ཡུལ་ཕྱོགས་ཆེ་གེ་ཞེས་བྱ་འདི་རྣམས་སུ། ཆར་པ་མ་བབས་ལོ་ཏོག་ཐམས་ཅད་སྐམ། །འབུ་སྲིན་རྣམས་ལ་ཚ་དམྱལ་སྡུག་བསྔལ་མྱོང་། །མི་རྣམས་མུ་གེའི་འཇིགས་པས་རབ་ཏུ་སྐྱག །འདི་འདྲའི་དུས་སུ་བྱང་ཆུབ་སེམས་བསྐྱེད་ནས། །འགྲོ་ལ་ཕན་ཕྱིར་ཆར་པ་འབེབས་ཕྱིར་འོང་། །ཁྱེད་ཅག་སྔོན་ཚེ་གསང་བདག་པད་འབྱུང་སོགས། །རྒྱལ་བའི་སྤྱན་སྔར་འགྲོ་ལ་ཕན་པའི་ཕྱིར། །དུས་སུ་ཆར་


CMR037_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབེབས་པར་ཁས་བླངས་པའི། །དམ་ཚིག་དྲན་མཛོད་མྱུར་དུ་ཆར་ཆེན་ཕོབ། །གལ་ཏེ་མྱུར་དུ་ཆར་པ་མ་ཕབ་ན། །ངས་ནི་དྲག་པོའི་ལས་ཀྱིས་གཟིར་བྱེད་པས། །ང་ནི་མ་ལེན་ཁྱོད་རྣམས་ལེན་པ་ཡིན། །དེ་བས་མ་འགོར་མྱུར་དུ་ཆར་ཕོབ་ཅིག །བཅོམ་ལྡན་རྣམ་སྣང་སྙིང་པོའི་སྤྲིན་ཆེན་དང་། །ཀླུ་རིགས་ལས་བྱུང་སྤྲིན་གྱི་རྣམ་མཛེས་དང་། །སྤྲིན་ཆེན་ཆུ་འཛིན་སྤྲིན་གྱི་གཟི་བརྗིད་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །སྤྲིན་ཆེན་འབྱུང་དང་རླུང་དཀྱིལ་རྣམ་འཇོམས་སྤྲིན། །སངས་རྒྱས་ནམ་མཁའ་དཔག་མེད་ནམ་འོང་འཕྲོ། །།སྤྲིན་ཆེན་གློག་འབར་མཐུ་རྩལ་དཔའ་བོ་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་མཛེས་སྤྲིན་སྡུག་ཆེན་མོ་དང་། །བདེ་གཤེགས་སྤྲིན་གྱི་དཀྱིལ་འཁོར་སྤྲིན་འོད་དང་། །སྤྲིན་ཆེན་སེང་གེ་དང་ནི་སྤྲིན་གདུགས་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །སངས་རྒྱས་བལྟ་སྡུག་སྤྲིན་ཆེན་སྤྲིན་ཆེན་ཁེབས། །སྤྲིན་བྱུང་ཕྱོགས་བཅུར་འགེངས་པའི་སྒྲ་དབྱངས་སྒྲོག །བསིལ་འབྱུང་མི་དགའ་རབ་འབྱམས་སྒྲ་སྒྲོག་ལ། །བདག་དང་ཀླུ་


CMR037_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཐམས་ཅད་སྐྱབས་སུ་མཆི། །སྤྲིན་ཆེན་གདལ་བ་གངྒཱའི་ཆུ་སྤྲིན་དང་། །ཆུ་སྤྲིན་རྩལ་ལྟར་རབ་རྒྱས་དཔའ་བོ་དང་། །སངས་རྒྱས་འབྲུག་སྒྲ་སྒྲོག་དང་སྤྲིན་སྟོན་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །བདེ་གཤེགས་སྤྲིན་རྒྱ་ཆེ་དང་སྤྲིན་ཆུ་འཛག །སྤྲིན་ལྟར་རྣམ་སྒྲོག་སྤྲིན་སྦྱངས་སྤྲིན་སྐུ་དང་། །སངས་རྒྱས་སྤྲིན་འཕགས་སྤྲིན་གྱི་ན་བཟའ་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །བདེ་གཤེགས་སྤྲིན་གྱིས་ལོ་ཏོག་བསྐྱེད་པ་དང་། །སྤྲིན་གྱི་མེ་ཏོག་སྤྲིན་གྱིས་ལོ་ཏོག་བསྐྲུན། །སྤྲིན་གནས་ལ་གནས་སྤྲིན་སྟོབས་སྒྲུབ་པ་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་ལྟར་མཐོ་དང་སྤྲིན་རྣམས་མཐོང་། །རྒྱལ་བ་ཆར་གྱི་སྤྲིན་དང་སྤྲིན་འདུ་མཛད། །སྤྲིན་རབ་གཡོ་དང་སྤྲིན་རྣམས་རྒྱས་པ་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །བདེ་གཤེགས་སྤྲིན་གྱི་ཨུཏྤལ་སྤྲིན་རི་བརྩེགས། །སྤྲིན་གྱི་མེ་ཏོག་བཀྲམ་དང་སྤྲིན་ཆོས་སྐུ། །སྤྲིན་ཆེན་རབ་འཕགས་སྤྲིན་གྱི་དབང་ཕྱུག་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །སྤྲིན་ཆེན་འོད་མཛད་སྤྲིན་ཆེན་འོད་འབྱུང་


CMR037_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །སངས་རྒྱས་སྤྲིན་ཆེན་ཕྱིན་དང་སྤྲིན་ས་བོན། །སྤྲིན་གྱི་མྱུ་གུ་འཛིན་དང་རིན་ཆེན་སྤྲིན། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །སྤྲིན་ཆེན་གློག་འབར་སྤྲིན་མཐུ་རྩལ་དཔལ་དང་། །སངས་རྒྱས་སྤྲིན་མཛེས་སྤྲིན་འཐིབས་ཆེན་པོ་དང་། །སྤྲིན་གྱི་དཀྱིལ་འཁོར་སྤྲིན་གྱི་སེང་གེ་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །བདེ་གཤེགས་སྤྲིན་གྱི་ང་རོ་དབྱངས་དང་ནི། །སྤྲིན་སྟུག་སྤྲིན་ལྟར་མཛེས་དང་སྤྲིན་ཆེན་ཁེབས། །སྤྲིན་བྱུང་མཐོ་འགེབས་རྔ་སྒྲའི་དབྱངས་སྒྲོག་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །སྤྲིན་ཆེན་བསིལ་འབྱུང་དཀའ་རབ་ཟབ་སྒྲོག་དང་། །སངས་རྒྱས་སྤྲིན་ཆེན་བརྡལ་བ་སྤྲིན་རྣམས་འདུལ། །སྤྲིན་གྱི་རྣམ་འཇོམས་སྤྲིན་གྱི་ཆུ་བ་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །བདེ་གཤེགས་སྤྲིན་སྡུད་དུས་མིན་རྣམ་འཇོམས་དང་། །སྤྲིན་ཆེན་མཁའ་མཐོ་རབ་སྒྲོག་སྤྲིན་སྒྲ་འབྱིན། །སྤྲིན་ཆེན་ཆར་གྱི་ཆུ་ལས་སྐྱེས་པ་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །སངས་རྒྱས་སྙེམས་པའི་གཟི་བརྗིད་སྒྲུབ་པའི་སྤྲིན། །རོ་བྲོ་དྲུག་དང་ལན་པ་ཆུ་ཆེན་


CMR037_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན། །ཆུ་དྲག་སྤྲིན་ལས་ཆུ་འཐོར་སྤྲིན་ཆེན་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །བདེ་བར་གཤེགས་པ་ཆུ་ཤེལ་ཆུ་སྤྲིན་དང་། །སྤྲིན་ཆེན་རྒྱ་མཚོས་འགེངས་དང་སྤྲིན་ཀུན་འགེངས། །དེ་བཞིན་གཤེགས་པ་སྤྲིན་གཟུགས་མཐའ་ཡས་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་ཆེན་རྣམ་སྒྲུབ་སྤྲིན་གྱི་དཔལ། །གཟི་བརྗིད་འོད་ཟེར་འབྱུང་གནས་སྤྲིན་གྱི་ནི། །འོད་ཟེར་ཅན་དང་ཀླུ་དབང་རྒྱལ་པོ་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །ཀླུ་རིགས་སྒྲོན་མེ་ཤཱཀྱ་ཐུབ་པ་དང་། །ཀླུ་ཡི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས། །དམ་པའི་ཆོས་དང་འཕགས་པའི་དགེ་འདུན་ལ། །བདག་དང་ཀླུ་རིགས་ཐམས་ཅད་སྐྱབས་སུ་མཆི། །ཀླུ་དང་ས་བདག་ཐོག་དྲངས་སེམས་ཅན་ཀུན། །བདག་གི་ཚེ་རབས་མང་པོའི་ཕ་མ་སྟེ། །འཁོར་བའི་སྡུག་བསྔལ་མྱོང་བ་སྙིང་རེ་རྗེ། །ཀླུ་དང་ས་བདག་ཀུན་གྱི་སྡུག་བསྔལ་དང། །སྡིག་སྒྲིབ་ཐམས་ཅད་བདག་ལ་ཐིམ་གྱུར་ནས། །ཀླུ་དང་ས་བདག་སྡུག་བསྔལ་བྲལ་བར་ཤོག །བདག་གི་བསོད་ནམས་བདེ་སྐྱིད་ཅི་ཡོད་པ། །ཀླུ་དང་ས་བདག་


CMR037_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཐིམ་གྱུར་ནས། །ཀླུ་དང་ས་བདག་བདེ་སྐྱིད་འབྱུང་བར་ཤོག །དེ་ལྟར་བྱམས་དང་སྙིང་རྗེ་བསྒོམ་པའི་མཐུས། །ཀླུ་ཡི་ནད་དང་སྡུག་བསྔལ་ཀུན་བྲལ་ནས། །ཆར་ཆུ་དགོས་པའི་དུས་སུ་འབེབས་མཛད་གསོལ། །ད་ལྟ་ཉིད་དུ་ཆར་ཆེན་འབེབས་གྱུར་ཅིག །ཏདྱ་ཐཱ། དྷ་ར་ཎི་དྷཱ་ར་ཎཱི། ཨུཏྟཱ་རི་ཎཱི། སཾ་པྲ་ཏིཥྛ་ཏེ། བི་ཛ་ཡ་བཛྲ། སཏྱ་པྲ་ཏི་ཛྙཱ་ན་ས་ར་ཧ། ཛྷཱ་ན་བ་ཏི། ཨུད་དེ་པཱ་ད་ནི་བི་ནཱ་མ་ནི། ཨ་བྷི་ཁེ་ཙ་ནི། ཨ་བྷི་བྱཱ་ཧཱ་ར། ཤུ་བྷ་ཝ་ཏི། ཨ་ཛི་མ་ཏུ། ཨེ་ཧི་ཧཱུྃ་བྷ་ལ་ནི། །བ་ཧ་ཧཱ་རཀྵེ་ཤན། དྷུ་ན་པཱ་པཾ་ཤོ་དྷ་ཡ་མརྒ་ཎ། ནི་ར་ཏི་ཀ །དྷརྨ་ཏཱ་ཤུདྡྷ། ལོ་ཀ་བི་ཏི་མི་ར་ར་ཙ་ས། དུཁ་ཤ་མ་ན་སརྦ་བུདྡྷ་ཨ་ཝ་ལོ་ཀ་ན་ཨ་དྷིཥྛི་ཏེ། པྲཛྙཱ་ཛྙཱ་ན་བྷེ་སྭཱ་ཧཱ༔ ༈ སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །རང་ཉིད་སྤྱན་རས་གཟིགས་དབང་སྐུ་མདོག་དཀར། །ཞལ་གཅིག་ཕྱག་བཞི་དར་དང་རིན་ཆེན་བརྒྱན། །དང་་པོའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །འོག་མས་ཤེལ་ཕྲེང་པདྨ་དཀར་པོ་འཛིན། །པད་དཀར་ཟླ་བའི་གདན་ལ་སྐྱིལ་ཀྲུང་བཞུགས། །ཐུགས་ཀར་ཟླ་སྟེང་ཧྲཱིཿལ་ཡིག་དྲུག་


CMR037_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་དབྱེར་མེད་བསྟིམ། །དབང་ལྷས་དབང་བསྐུར་རིགས་བདག་དབུ་བརྒྱན་གྱུར། ༈ །མདུན་གྱི་བུམ་པ་མི་དམིགས་སྟོང་པའི་ངང། །ཧཱུྃ་ལས་རིན་ཆེན་གཞལ་ཡས་ཁང་གི་དབུས། །པདྨ་ཟླ་བ་བརྩེགས་པའི་གདན་གསུམ་གྱི། །དབུས་མར་ཧྲཱིཿལས་བླ་མ་སྤྱན་རས་གཟིགས། །གཡས་སུ་ཧཱུྃ་ལས་ཡི་དམ་འཇམ་པའི་དབྱངས། །གཡོན་དུ་ཧཱུྃ་ལས་མཁའ་འགྲོ་གསང་བའི་བདག །གསུམ་ཀ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་མཆོག་སྦྱིན་གཡོན་པ་པདྨའི་སྟེང་། །ཕྱག་རྡོར་རྡོ་རྗེ་འཇམ་དབྱངས་པུ་ཏིས་མཚན། །དར་དང་རིན་ཆེན་རྒྱན་ལྡན་སྐྱིལ་ཀྲུང་བཞུགས། །ཀླུ་རིགས་བྱང་ཆུབ་སེམས་དཔའ་དཔག་མེད་བསྐོར། །གནས་གསུམ་འབྲུ་གསུམ་ཐུགས་ཀའི་ས་བོན་གྱིས། །རང་བཞིན་གནས་ནས་འཁོར་བཅས་སྤྱན་དྲངས་གྱུར། །ཧཱུྃ། ལྷོ་ཕྱོགས་པོ་ཏ་ལ་ཡི་རྩེ་མོ་ནས། །བླ་མ་ཐུགས་རྗེ་ཆེན་པོ་གཤེགས་སུ་གསོལ༴ །ཤར་ཕྱོགས་རི་བོ་རྩེ་ལྔའི་ཕོ་བྲང་ནས། །ཡི་དམ་འཕགས་པ་འཇམ་དཔལ་གཤེགས་སུ་གསོལ། །བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །མཁའ་འགྲོ་ཕྱག་ན་རྡོ་


CMR037_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་གཤེགས་སུ་གསོལ། །དག་དང་མ་དག་ཞིང་ཁམས་ཐམས་ཅད་ནས། །ཀླུ་རིགས་སེམས་དཔའ་སེམས་མ་གཤེགས་སུ་གསོལ། །གྲངས་མེད་བསྐལ་པའི་་གོང་ནས་ཐུགས་བསྐྱེད་པའི། །འགྲོ་ལ་ཕན་པའི་བྱ་བ་བདག་བསྒྲུབ་ན། །ཚད་མེད་ཐུགས་རྗེས་སྐད་ཅིག་ཉིད་ལ་བྱོན། །རིན་ཆེན་བུམ་ནང་གཞལ་ཡས་པད་ཟླའི་སྟེང་། །འགྲོ་ལ་ཕན་ཕྱིར་བརྟན་པར་བཞུགས་སུ་གསོལ། །གུ་རུ་ལོ་ཀེ་ཤྭ་ར་དྷེ་ཝ་ཨཱརྱ་མཉྫ་ཤི་དྷ་ཀི་བཛྲ་པཱ་ཎི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡ་སྟེ།དབང་ལྷ་སྤྱན་དྲངས་དབང་བསྐུར་དྲི་མ་དག །ཆུ་ལྷག་སྤྱན་རས་གཟིགས་ལ་འོད་དཔག་མེད། །འཇམ་དབྱངས་རྡོར་སེམས་ཕྱག་རྡོར་མི་བསྐྱོད་པས། །དབུར་བརྒྱན་དབང་ལྷ་རིགས་བདག་རྣམས་ལ་ཐིམ། །ཧཱུྃ་ལས་རིན་ཆེན་སྣོད་དུ་མཆོད་རྫས་རྣམས། །དཔག་ཡས་ཀུན་བཟང་མཆོད་པའི་སྤྲིན་ཕུང་དང་། །གཏོར་མ་དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་བཛྲ་སྤ་རཾ་ཎ་ཁཾ། མཆོད་ཡོན་མེ་ཏོག་བདུག་སྤོས་སྣང་གསལ་དྲི། །ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག །བཀྲ་ཤིས་རྫ་ས་རྟགས་བརྒྱད་དང་རིན་ཆེན་


CMR037_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བདུན། །རི་རབ་གླིང་བཞི་རོལ་མཚོ་བདུད་རྩིའི་རྫིང་། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་དཔག་མེད་རྣམས། །རིགས་གསུམ་མགོན་པོ་འཁོར་དང་བཅས་ལ་འབུལ། །ཐུགས་རྗེས་ཆར་གྱི་རྒྱུན་ཆེན་དབབ་ཏུ་གསོལ། །རིན་ཆེན་བུམ་པ་ཐོགས་པའི་ལྷ་མོའི་ཚོགས། །ནམ་མཁའ་གང་བར་སེམས་ཀྱིས་མངོན་སྤྲུལ་ཏེ། །རིགས་གསུམ་མགོན་དང་ཕྱོགས་བཅུའི་རྒྱལ་བ་ལ། །བདག་དང་ཡོན་བདག་དད་པས་ཁྲུས་གསོལ་གྱིས། །ཆར་གྱི་རྒྱུན་ཆེན་མྱུར་དུ་དབབ་ཏུ་གསོལ། །རྒྱལ་བའི་སྐུ་ལ་སྐྱེམས་པ་མི་མངའ་ཡང་། །དག་པའི་ཞིང་དང་ལྷ་མའི་ཡུལ་རྣམས་ན། །བདུད་རྩིའི་མཚོ་དང་ཡན་ལག་བརྒྱད་ལྡན་ཆབ། །ཆུ་བོ་རྒྱ་མཚོ་ཆུ་མིག་ཅི་མཆིས་པ། །བློ་ཡིས་བླངས་ཏེ་རྒྱལ་བ་སྲས་བཅས་མཆོད། །ཐུགས་རྗེས་དགོངས་ཏེ་བརྩེ་བས་བཞེས་ནས་ཀྱང་། །དངོས་གྲུབ་ཆར་གྱི་རྒྱུན་ཆེན་མྱུར་དུ་ཕོབ། །དངོས་བཤམས་དཀར་གསུམ་བརྒྱན་པའི་གཏོར་མ་འདི། །ཡིད་ཀྱིས་བདུད་རྩིའི་རྒྱ་མཚོ་ཆེན་པོར་དམིགས། །གུས་པས་འབུལ་གྱིས་ཚར་ཆེན་དབབ་ཏུ་གསོལ། །ཨོཾ་ལོ་ཀེ་ཤྭ་ར་མཉྫ་ཤྲཱི་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི།


CMR037_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཨནྡྷཾ་སོགས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ་སྭཱ་ཧཱ། ཧཱུྃ། ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་གསུམ་གཅིག་བསྡུས་ངོ་བོ་ཉིད། །འཕགས་མཆོག་རིགས་གསུམ་མགོན་ལ་ཕྱག་འཚལ་བསྟོད། །ཐུགས་རྗེས་ཆར་གྱི་རྒྱུན་ཆེན་དབབ་ཏུ་གསོལ། །ཕྱོགས་བཅུ་དུས་གསུམ་བཞུགས་པའི་བཅོམ་ལྡན་འདས། །དེས་གསུང་ཆོས་དང་འཕགས་པའི་དགེ་འདུན་ལ། །ཕྱག་འཚལ་མཆོད་པ་འབུལ་ལོ་གསོལ་བ་འདེབས། །ཐུགས་རྗེས་ཆར་གྱི་རྒྱུན་ཆེན་དབབ་ཏུ་གསོལ། །ཆོས་ཉིད་ཆོས་ཅན་འགོག་དང་ལམ་གྱི་བདེན། །ལྷ་དང་དྲང་སྲོང་བདེན་པ་གྲུབ་རྣམས་དང་། །བདེན་ལྡན་ཇི་སྙེད་བདེན་པའི་བདེན་མཐུ་ཡིས། །མྱུར་བ་ཉིད་དུ་ཆར་གྱི་རྒྱུན་ཕོབ་ཅིག །ཁྱད་པར་ཀླུ་ཡི་རིགས་ལས་བྱུང་བ་ཡི། །རྒྱལ་བ་སྲས་བཅས་བདེན་པས་ཆར་ཕོབ་ཅིག །དགོངས་འདུས་རྩ་བ་གསུམ་།དང་པདྨ་འབྱུང་། །རིག་འཛིན་བརྒྱུད་པའི་བདེན་པས་ཆར་ཕོབ་ཅིག །ཨོཾ་ཨཱཿཧཱུྃ་ཧཱུྃ༔ བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ རྩ་གསུམ་སྔགས་དེ་བརྒྱ་ཕྲག་ཙམ་ཞིག་བཟླའོ། །


CMR037_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་ལྷ་རིགས་གསུམ་མགོན་པོའི་ཐུགས་ཀ་རུ། །ཟླ་སྟེང་རང་རང་ས་བོན་སྔགས་ཀྱིས་བསྐོར། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། །སྟོང་གསུམ་ཁམས་ཀྱི་ལྷ་ཀླུ་གཞི་བདག་ལ། །ཕོག་པས་ཐམས་ཅད་ཆར་དབབ་ལས་ལ་བསྐུལ། །ཀུན་ཀྱང་གུས་པས་ཆར་ཆེན་འབེབས་པར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་ཝཱ་གཱི་ཤྭ་རི་མུཾ། ཨོཾ་བཛྲ་པཱ་ཎི་ཧཱུྃ། །ཞེས་པ་རེ་རེའང་སུམ་བརྒྱ་ཙམ་རེ་བཟླ། ༈ དེ་ནས་ཀླུ་སྒྲུབ་བུམ་པ་ལ་དམིགས་ནས། །ཨོཾ་སྭ་བྷ་བ༔ སྟོང་པའི་ངང་ལས་ཧཱུྃ་ལས་བུམ་པ་ནི། །བདུད་རྩིའི་རྒྱ་མཚོ་སྟོང་གསུམ་མཉམ་པའི་ནང་། །རིན་ཆེན་སྣ་ཚོགས་ལས་གྲུབ་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་ཕྱོགས་ཚོན་སྦྲུལ་གྱིས་བརྒྱན། །རིན་ཆེན་རྣམ་པ་སྣ་ཚོགས་གཅལ་དུ་བཀྲམ། །སྤྲུལ་སྦྲུལ་ཉ་ལྕོང་ཆུ་བྱ་སྣ་ཚོགས་དང་། །ཆུ་གླང་ཆུ་འབྲི་ཆུ་ལུག་ཆུ་ཡི་མི། །ཆུ་སྲིན་ཉ་མིད་དེ་མེད་དུང་ལ་སོགས། །ཆུ་གནས་སྣ་ཚོགས་རྐྱལ་དང་འཕྱོ་བར་བྱེད། །སྟེང་ན་ལྷོ་སྤྲིན་འཐིབས་ཤིང་འབྲུག་སྒྲ་སྒྲོག །ན་བུན་འཕྱུར་ཞིང་འཇའ་འོད་སྣ་ལྔ་འཁྱིལ། །ཕོ་བྲང་དབུས་སུ་པད་དཀར་ཟླ་བའི་གདན། །བུམ་རྫས་ངོ་བོ་ཕུ༔ཡིག་དཀར་པོ་ལས། །འོད་


CMR037_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་འཇིག་རྟེན་ཁམས་ཀྱི་ཀླུ་ཐམས་ཅད། །ཚུར་འདུས་ཕུལ་ཐིམ་པས་འོད་དུ་ཞུ། །ཀླུ་བདུད་སྐུ་མདོག་དཀར་གསལ་དུང་གི་མདོག །ཞལ་གཅིག་སྦྲུལ་གུ་ཡི་གདེངས་ཀ་ཅན། །དབུ་གཙུག་ཡིད་བཞིན་རིན་ཆེན་འབར་བས་བརྒྱན། །ཕྱག་གཉིས་ཐལ་སྦྱར་བར་ན་ནོར་བུ་འཛིན། །སྐུ་སྟོད་འཛུམ་མཛེས་དར་དང་རིན་ཆེན་བརྒྱན། །ལྷ་ཡི་ལུས་འདྲ་གཟི་བརྗིད་འོད་འབར་བ། །སྐུ་སྨད་ཀླུ་ལུས་སྦྲུལ་མཇུག་གཡས་སུ་འཁྱིལ། །འདབ་བརྒྱད་སྟེང་དུ་ཕུ་བརྒྱད་ཡོངས་གྱུར་ལས། །ཤར་དུ་མཐའ་ཡས་ཤར་ལྷོར་འཇོག་པོ་དང་། །ལྷོ་རུ་ནོར་རྒྱས་ལྷོ་ནུབ་དུང་སྐྱོང་སྟེ། །ནུབ་ཏུ་པདྨ་ནུབ་བྱང་ཆུ་ཡི་ལྷ། །བྱང་དུ་རིགས་ལྡན་བྱང་ཤར་སྟོབས་ཀྱི་རྒྱུ། །ཀུན་ཀྱང་རྒྱན་དང་ཆ་ལུགས་གཙོ་དང་མཐུན། །སྦྲུལ་མགོ་བདུན་གྱི་གདེངས་ཀ་རིན་ཆེན་གཙུག །རང་རང་བཙུན་མོ་སྲས་དང་བློན་པོར་བཅས། །དེ་རྒྱབ་ཤར་དུ་རྒྱལ་རིགས་ལྷོར་རྗེ་རིགས། །ནུབ་ཏུ་བྲམ་ཟེ་བྱང་དུ་དམངས་རིགས་དང་། །མཚམས་བཞིར་གདོལ་པ་ཀླུ་བདུད་ཀླུ་ཡི་བཙན། །མཚོ་སྨན་རྣམས་ནི་འཁོར་ཚོགས་དཔུང་དང་བཅས། །དེ་རྒྱབ་སྟོང་གསུམ་ཁམས་དང་


CMR037_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་འདི་ཡི། །ཀླུ་གཉན་ས་བདག་ཀུན་གྱིས་བསྐོར་བར་གྱུར། །ཀུན་གྱི་ཐུགས་ཀར་ཕུཝཡིག་འོད་ཟེར་དང་། །བདག་གི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུའི་དབྱིབས། །འཕྲོས་པས་ཀླུ་རིགས་ཐམས་ཅད་སྤྱན་དྲངས་གྱུར། །ཧཱུྃ། རི་རབ་རི་ཕྲན་ཀུན་གྱི་སྟེང་ཤོད་དང་། །རྒྱ་མཚོ་མཚོ་བྲན་རྣམས་ཀྱི་ཁ་ཞབས་དང་། །སྟོང་གསུམ་འཛམ་གླིང་ཀུན་གྱི་མཐའ་དབུས་ནས། །ཀླུ་གཉན་ས་བདག་འཁོར་དང་བཅས་པ་རྣམས། །འགྲོ་ལ་ཕན་པའི་དོན་དུ་སྤྱན་འདྲེན་ན། །འདོད་ཆགས་མྱོས་པའི་སེམས་ཀྱིས་མ་བྱོན་ཅིག །ཞེ་སྡང་ཁྲོས་པའི་སེམས་ཀྱིས་མ་བྱོན་ཅིག །གཏི་མུག་རྨོངས་པའི་སེམས་དང་མ་བྱོན་ཅིག །བྱམས་དང་སྙིང་རྗེའི་སེམས་དང་བཅས་ཏེ་བྱོན། །དགའ་བ་བཏང་སྙོམས་ལྡན་པས་ཚུར་གཤེགས་ཤིག །ཀླུ་ཡི་བདག་པོ་ཀླུ་ཆེན་ཚུར་གཤེགས་ཤིག །སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། །བདེན་པའི་སྟོབས་དང་ཚད་མེད་བཞི་ཡི་མཐུས། །ཀླུ་གཉན་ས་བདག་ཐམས་ཅད་ཚུར་གཤེགས་ཤིག །ཐེག་ཆེན་ལྷག་བསམ་ལྡན་པས་ཚུར་གཤེགས་ཤིག །སངས་རྒྱས་རྣམས་དང་དེས་གསུངས་ཆོས་རྣམས་དང་། །བྱང་ཆུབ་


CMR037_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་ཡོན་ཏན་དྲན་གྱིས་ལ། །ཀླུ་ཡི་བདག་པོ་ཐམས་ཅད་ཚུར་གཤེགས་ཤིག །ཆུ་ཀླུང་ཆེན་པོའི་ཆུ་དང་སྤྱིན་ཆུ་འཆང་། །ལག་འགྲོ་ཆེན་པོའི་གཡོག་རྣམས་ཚུར་གཤེགས་ཤིག །དྲག་ཤུལ་ཁྲོ་བོ་མགྱོགས་པའི་ཤུགས་ཆེན་པོ། །དུག་ཆེན་ལྕེ་འབྱིན་སྲིད་པ་ལ་བྱམས་པའི། །ཀླུ་ཡི་རྒྱལ་པོ་ཐམས་ཅད་ཚུར་གཤེགས་ཤིག །ཆུ་བོ་ལ་གནས་སྤྲིན་ཕུང་ལ་ཞོན་ནས། །མངོན་པར་འགྲོ་བ་ཐམས་ཅད་ཚུར་གཤེགས་ཤིག །ཀླུ་ཡི་རྒྱལ་པོ་ལག་གིས་འགྲོ་བྱེད་རྣམས། །གཉིད་དང་ལེ་ལོ་མེད་པར་ཚུར་གཤེགས་ཤིག །ཨོཾ་ནཱ་ག་ཀཱ་ལ་ནཱ་ག་རཱ་ཙ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཧཱུྃ་ཛཿཛཿ གྷ་མི་གྷ་མི། གླུ་མ་གྲུ་མ་སྭཱ་ཧཱ། ཧཱུྃ། རིན་ཆེན་བུམ་པ་ཡིད་སྤྲུལ་བདུད་རྩིའི་མཚོ། །རིན་ཆེན་ཕོ་བྲང་པདྨ་ཟླ་བའི་གདན། །གཙོ་དང་འཁོར་དུ་འཚམས་པའི་གདན་སྟེང་དུ། །ཅི་བདེ་བར་ནི་བརྟན་པར་བཞུགས་སུ་གསོལ། །ཨོཾ་ནཱ་ག་ཀཱ་ལ་ནཱ་ག་རཱ་ཙ་ས་པ་རི་ཝཱ་ར་ཛཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡ་ཧཱུྃ། ཧཱུྃ། འཇིག་རྟེན་ལས་འདས་འཕགས་ལམ་རབ་ཐོབ་ཀྱང་། །འགྲོ་བའི་དོན་དུ་ཀླུ་དབང་གཟུགས་སུ་སྤྲུལ། །ཆར་གྱི་རྒྱུན་འབེབས་འགྲོ་བའི་


CMR037_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དབུལ་ཕོངས་སེལ། །ཡེ་ཤེས་ཀླུ་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་དང་དེ་སྲས་ཞལ་མཐོང་བསླབ་གཞི་འཛིན། །ཆར་འབེབས་འབྲུག་སྒྲོག་འཇིག་རྟེན་སྐྱོང་མཛད་པ། །བཙུན་མོ་བློན་པོ་འཁོར་གྱི་ཚོགས་དང་བཅས། །འཇིག་རྟེན་ཀླུ་གཉན་རྣམས་ལ་ཕྱག་འཚལ་ལོ། །ཨོཾ་ནཱ་ག་ཀཱ་ལ་ནཱ་ག་རཱ་ཙ་ན་མོ་པུ་རུ་ཤ་ཡ་ཧོཿ དེ་ནས་ཆངས་བུ་ཏིང་ལོ་ཆུ་གཙང་གིས་བྲན་ལ། ཧཱུྃ། ཀླུ་རྒྱལ་ཆེན་པོ་དགུ་ལ་གནོད་གྱུར་པའི། །ར་དང་རྟ་དང་ཁྱི་དང་ཝ་མགོ་ཅན། །ཕག་དང་ཝ་དང་སྦྲུལ་དང་པུ་ཤུད་མགོ །བ་ལང་མགོ་སོགས་ཀླུ་ཐེའུ་སྒབ་འདྲེ་རྣམས། །འདོད་ཡོན་གླུད་གཏོར་ཆངས་བུ་འདི་ཁྱེར་ལ། །མ་ཉེ་མ་འཁོར་མ་གནོད་གཞན་དུ་དེངས། །གལ་ཏེ་མི་འགྲོ་འདི་རུ་གནོད་བྱེད་ན། །གསང་བདག་ཁྲོས་པའི་བྱ་ཁྱུང་རྒྱལ་པོ་ཡིས། །སྲོག་གི་སྙིང་པོ་དྲངས་ནས་རླག་པར་བྱེད། །དེ་བས་བཀའ་ལས་མ་འདའ་རང་གནས་དེངས། །དྲི་ནཱ་ག་བ་ལིཾ་ཏ་ཁཱ་ཧི། ནཱ་ག་རཱ་ཙ་ཏྲི་ཕྲལ་ཤག །ནོར་གྷཙྪ་ཐ། ཨུཙྪཏ་ཡ་ཕཊ། ༈ རཾ་ཡཾ་ཁཾ་གིས་མི་གཙང་དྲི་མ་སྦྱང་། །ཧཱུྃ་ལས་སྟོང་གསུམ་མཉམ་པའི་རིན་ཆེན་སྣོད། །ཨོཾ་ཡིག་ལས་བྱུང་སྣ་ཚོགས་མཆོད་པའི་སྤྲིན། །


CMR037_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་བདུད་རྩིའི་རྒྱ་མཚོ་ཟག་མེད་པ། །ཀླུ་རྣམས་མཉེས་ཤིང་ཚིམ་པ་སྐྱེད་བྱེད་གྱུར། །ཨོཾ་བཛྲ་སྤ་ར་ཎ་ཁཾ།འོ་ཞོའི་མཆོད་ཡོན་ཡན་ལག་བརྒྱད་ལྡན་ཆབ། །ཤང་དྲིལ་དཀར་དམར་ཀླུ་ཤིང་མེ་ཏོག་རྒྱས། །སྤོས་དཀར་ན་གིའི་དུད་པ་ཆུ་ཤེལ་འོད། །ཙན་དན་དཀར་དམར་རྒྱ་ཇ་དྲི་ལྡན་ཆབ། །དཀར་གསུམ་མངར་གསུམ་རོ་བརྒྱ་ལྡན་པའི་ཟས། །དྲིལ་བུ་ཏིང་ཏིང་ཤག་དང་སྙན་པའི་དབྱངས། །ཀླུ་རྒྱལ་དགུ་པོ་འཁོར་དང་བཅས་ལ་འབུལ། །ཆུ་གནས་སྣ་ཚོགས་གཟུགས་བརྙན་འབུར་དུ་བཏོད། །བསྟོད་དབྱངས་ཀླུ་ཡི་སྲོག་སྔགས་རོལ་མོར་བཅས། །སྤོས་དཀར་ན་གིའི་དྲི་དང་ཀླུ་སྨན་ཟས། །དར་ཟབ་བལ་ཚོན་བཀྲ་ཤིས་རྫས་རྟགས་བརྒྱད། །ཕྱེ་མར་ཟས་ཕུད་སྣ་ཚོགས་འབྲུ་སྨན་དང་། །རིན་ཆེན་རྣམ་པ་སྣ་ཚོགས་ཤེལ་ཚིགས་སོགས། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་དཔག་མེད་འབུལ། །རིན་ཆེན་བུམ་པ་འབྲུ་སྨན་རིན་ཆེན་བཀང་། །རྫ་ཟངས་བག་ཟན་གླང་བུ་ཀླུ་སྨན་བཀང་། །ཀླུ་རྣམས་འཛད་མེད་གཏེར་དུ་བྱིན་གྱིས་བརླབས། །རྟག་པ་རྒྱུན་གྱི་ནོར་དུ་དབུལ་བར་བགྱི། །དཀར་གསུམ་གཏོར་མ་ཀླུ་སྨན་ཁ་ཚར་


CMR037_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ། །བ་དཀར་ར་དཀར་འབྲི་ཟལ་འོ་མས་བྲན། །ཀླུ་དང་ས་བདག་འཁོར་དང་བཅས་ལ་འབུལ། །འཁོར་དང་ཡང་འཁོར་བཅས་པ་ཚིམས་གྱུར་ཅིག །ཨོཾ་ནཱ་ག་ཀཱ་ལ་ནཱ་ག་ཀཱ་ལི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ༀ་ཝ་རུ་ཎ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ༀ་ཨ་ནན་ཏ་ཡ་ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི། ཨོཾ་བ་སུ་ཀི་ཡེ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་ཏག་ཤ་ཀཱ་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ༀ་ཀརྐོ་ཏཱ་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་པདྨ་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ༀ་མ་ཧཱ་པདྨ་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་ཤང་པཱ་ལཱ་ཡ་ཨི་དཾ་བ་ལཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་ཀུ་ལིང་ཀཱ་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་སརྦ་ནཱ་ག་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་ཀུ་མཱ་ར་ཕུ་ཏྲི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་ནཱ་ག་རཱ་ཙ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། དེ་ནས་གཞི་བདག་དཀར་གཏོར་བྲན་ལ། །ཧཱུྃ་ལས་རིན་ཆེན་སྣོད་དུ་གཏོར་མ་ནི། །དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ་གིས་ཟག་མེད་བདུད་རྩིར་གྱུར། །བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །ཚངས་དང་བརྒྱ་བྱིན་ལ་སོགས་ལྷ་


CMR037_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བརྒྱད། །རཱ་ཧུ་ལ་སོགས་གཟའ་བརྒྱད་གདོང་མོ་བཞི། །རྒྱུ་སྐར་ཉེར་བརྒྱད་ཕྱོགས་སྐྱོང་ཆེན་པོ་བཅུ། །རྒྱལ་ཆེན་སྡེ་བཞི་སྡེ་དཔོན་སུམ་ཅུ་དང་། །དྲེགས་ཆེན་བཅོ་བརྒྱད་དགེ་བསྙེན་ཉི་ཤུ་གཅིག །བརྟན་མ་བཅུ་གཉིས་མགུར་ལྷ་བཅུ་གསུམ་དང་། །སྔགས་ཀྱི་བདག་པོ་བཙུན་མོ་སྲས་འཁོར་བཅས། །མཁར་ནག་སྨྱོ་ཁ་ཀླུ་ཆེན་མིང་སྲིང་དང་། །བར་བློན་ཆེན་པོ་མལ་དྲོ་གཟི་ཆེན་དང་། །ཀླུ་བདུད་དུག་གི་སྤུ་གྲི་འཁོར་དང་བཅས། །ཁྱད་པར་མདོ་ཁམས་ཆུ་ཀླུང་ཆེན་པོ་དྲུག །དེར་གནས་ཀླུ་རྒྱལ་དགེ་བསྙེན་ཆེ་དྲུག་དང་། །མཚོ་སྨན་རྒྱལ་མོ་མཆེད་ལྔ་ལ་སོགས་པ། །མཚོ་ཆེན་མཚོ་བྲན་ཆུ་ཆེན་ཆུ་བྲན་དང་། །ཆུ་མིག་ལུ་མ་གདེངས་ཀ་ལ་གནས་པའི། །ཀླུ་རིགས་བཞི་པོ་རྒྱལ་བློན་བཙུན་འཁོར་འབངས་་་་་ཆགས་མེད་རིན་པོ་ཆེའི་གཞུང་དུ་ངོམ་རྒྱུད་ཀླུ་དང་གཞི་བདག་མཚན་སྨོས་གཙོར་མཛད་ཀྱང་སྤྱི་ཁྱབ་འདི་ལྟར་འབྲེལ་བས་གསར་བཙུད་དོ། །མཆན། །སྤོམ་ར་ལ་སོགས་གཉན་ཆེན་སྡེ་བཞི་དང། །རྡོ་རྗེའི་མཚན་ཅན་དགེ་བསྙེན་ཉེར་གཅིག་སོགས། །མདོ་ཁམས་སྒང་དྲུག་ཤོད་ཆེན་བཅོ་བརྒྱད་ཀྱི། །ཡུལ་ལྷ་གཞི་བདག་མ་ལུས་འཁོར་དང་བཅས། །འདིར་


CMR037_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་དཀར་གསུམ་བརྒྱན་པའི་གཏོར་མ་བཞེས། །ཁྱད་པར་ཡུལ་འདིར་གནས་པའི་གཞི་བདག་ལ། །དམ་རྫས་བདུད་རྩིའི་གཏོར་མ་འདི་འབུལ་ལོ། །ཨོཾ་སརྦ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ། ཀླུ་བདུད་ཆེན་པོ་ཀླུ་ཆེན་བརྒྱད་དང་བཅས། །དུང་མདོག་འཛུམ་མཛེས་རིན་ཆེན་གཙུག་ཕུད་ཅན། །སྦྲུལ་གྱི་གདེངས་ཀ་སྤྲིན་ཕུང་དབུ་ལ་བརྒྱན། །སྐུ་སྨད་མཚོར་ནུབ་སྦྲུལ་མཇུག་གཡོན་དུ་འཁྱིལ། །འབྲུག་སྒྲོག་གློག་འབྱིན་དུས་སུ་ཆར་འབེབས་པའི། །ཀླུ་ཡི་རྒྱལ་པོ་འཁོར་དང་བཅས་ལ་བསྟོད། །ཀླུ་རྒྱལ་བཙུན་མོ་སྲས་འཁོར་དཔུང་དང་བཅས། །དཔལ་མགོན་བདུན་ཅུ་བརྟན་མ་དགེ་བསྙེན་དང་། །འཇིག་རྟེན་དྲེགས་པ་ཡུལ་ལྷ་གཞི་བདག་སོགས། །འཇིག་རྟེན་སྐྱོང་བ་འཁོར་དང་བཅས་ལ་བསྟོད། །ཁྱེད་ཅག་སྔོན་ཚེ་ཤཱཀ་ཐུབ་གསང་བདག་དང་། །རྟ་མགྲིན་པད་འབྱུང་ལ་སོགས་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་ཚིག་དྲན་མཛོད་ལ། །འགྲོ་ལ་ཕན་ཕྱིར་ཆར་ཆེན་མྱུར་དུ་ཕོབ། །སྟོན་པ་དང་ནི་བསྟན་པ་དྲན་པར་གྱིས། །རང་རང་རིགས་དང་ཆོ་འབྲང་དྲན་མཛོད་ལ། །མྱུར་བ་ཉིད་དུ་ཚར་གྱི་


CMR037_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཕོབ་ཅིག །ཁྱེད་ཅག་རྣམས་ལ་མཐུ་རྩལ་ཅི་འདུག་བལྟ། །སྐད་ཅིག་ད་ལྟ་ཉིད་དུ་ཆར་ཕོབ་ཅིག །དུས་གསུམ་བདེ་གཤེགས་རྣམས་ཀྱི་བདེན་པ་དང། །བྱམས་པའི་ཐུགས་ཀྱིས་ཀླུ་རྣམས་ཆར་ལ་བསྐུལ། །གསང་བདག་རྟ་མགྲིན་པད་འབྱུང་མཐུ་སྟོབས་ཀྱིས། །ཀླུ་རྣམས་ཐམས་ཅད་ཚར་ལ་རབ་ཏུ་བསྐུལ། །ཀླུ་ཡི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས། །ཀླུ་ཡི་རྒྱལ་པོ་ཆེན་པོ་གཡོག་མཐའ་ཡས། །ཀླུ་བདུད་ནག་པོ་ཀླུ་ཆེན་བརྒྱད་རྣམས་དང་། །རིགས་བཞི་ཀླུ་ཡི་རིགས་རྣམས་མ་ལུས་པ། །ཆར་པ་དབབ་ཕྱིར་ཡང་དག་པར་བསྐུལ་ལོ། །མྱུར་དུ་ཆར་གྱི་རྒྱུན་ཆེན་འདིར་ཕོབ་ཅིག །དེ་ལྟར་བསྐུལ་བས་ཀླུ་རྒྱལ་གཙོ་འཁོར་ཀུན། །སྐུ་སྨད་བདུད་རྩིའི་རྒྱ་མཚོ་ལ་ནུབ་ཅིང་། །སྦྲུལ་གྱི་མཇུག་མས་རྒྱ་མཚོ་རབ་ཏུ་དཀྲུགས། །དབའ་རླབས་ཆིལ་ཆིལ་འཕྱོ་ཞིང་ཟེར་མ་ལས། །ཆར་ཆེན་དབབ་པས་ས་དང་བར་སྣང་གང་། །རྩི་ཤིང་ལོ་འབྲས་སྔོ་ལྷུབ་སྐྱེ་བར་གྱུར། །དམིགས་པ་དེ་ཉིད་རྩེ་གཅིག་བསྒོམ་བྱ་ཞིང་། །ཨོཾ་ནཱ་ག་རཱ་ཙ་ས་མ་ཡ་ཛཛཿ ཕྲོམ་ཕྲོམ་ཕོབ་ཕོབ། ནཱ་ག་རཱ་ཙ་ཆར་ཕོབ་ཕོབ། ནཱ་ག་རཱ་ཙ་རྦད་རྦད་ཆར་ལ་རྦད། །


CMR037_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་ག་རཱ་ཙ་རྦུད་རྦུད་ཆར་ལ་རྦུད། ནཱ་ག་རཱ་ཙ་བསྐུལ་བསྐུལ་ཆར་ལ་སྐུལ། བྷ་རི་ཤ་ཡ་པ་ཏ་ཡ་མྱུར་དུ་ཕོབ། ནཱ་ག་རཱ་ཙ་ཕྲོམ་ཕྲོམ་ཧྲིལ་ཧྲིལ། ཤར་ཤར། ཕོབ་ཕོབ། ཨོཾ་ནཱ་ག་ཏ་ལི་ནན་ཧཱུྃ་ཕཊ། སྔགས་འདི་བཏགས་ན་ཆར་འབྲུ་ཆེ་བ་ཡིན། །ཅེས་པ་ཐུན་རེ་སྟོང་བས་མི་ཉུང་བཟླ། །དེ་ནས་རིགས་གསུམ་མགོན་པོའི་བུམ་ཆུ་ནས། །ཅུང་ཟད་ཀླུ་ཡི་བུམ་པ་ལ་གཏོར་ཞིང་། །བུམ་ལྷ་རིགས་གསུམ་མགོན་པོའི་ཐུགས་ཀ་ནས། །འོད་ཟེར་འཕྲོས་པས་ཀླུ་རྣམས་ཀུན་ལ་ཕོག །ཐུགས་རྗེའི་དགོངས་པས་ཆར་འབེབས་ལས་ལ་བསྐུལ། །རིགས་གསུམ་མགོན་པོའི་གསུང་ནི་འབྲུག་སྟོང་ཙམ། །ཀླུ་ཡི་རྒྱལ་པོ་འཁོར་བཅས་ཁྱེད་རྣམས་ཀྱིས། །མྱུར་དུ་ཆར་གྱི་རྒྱུན་ཆེན་ཕོབ་ཅིག་གསུངས། །བཀའ་འདི་ཐོས་ནས་མྱུར་དུ་ཆར་འབེབས་གྱུར། ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ༔ ཨོཾ་ཝཱ་གི་ཤྭ་རི་མཾ། ཨོཾ་བཛྲ་པཱ་ཎི་ཧཱུྃ། ཨོཾ་ནཱ་ག་རཱ་ཙ་ས་མ་ཡ་ཛཛཿ ཕྲོམ་ཕྲོམ། ཞེས་སོགས་གོང་གི་སྔགས་དེ་བརྒྱ་རེ་ཙམ། །ལྷ་ཡི་སྔགས་དང་ཀླུ་སྔགས་སྤྲེལ་ལ་བཟླ། །སྤྲོས་པར་དགའ་ན་སྐབས་འདིར་སྔགས་བདག་དང་། །མཁར་ནག་སྨྱོ་ཁ་ཀླུ་བདུད་སྤུ་གྲི་སོགས། །གཏོར་ཆོག་བཞིན་དུ་གཏོར་འབུལ་བཀའ་བསྒོ་དང་། །བསང་དང་ཀླུ་གཏོར་གང་མང་གཞུང་ལྟར་བྱ། །གཏོར་མ་ཐམས་ཅད་ཆུ་ལ་


CMR037_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པར་བྱ། །མ་ཐོན་ན་ཡང་གཞུང་ཉིད་བྱས་པས་འཐུས། །ཉིན་ཕྱེད་བར་དུ་ཞི་འབོད་དེ་ཉིད་ལ། །གོང་ལྟར་ལན་གྲངས་གཉིས་སམ་གསུམ་ལ་སོགས། །སྔགས་གྲངས་ཐུན་དང་བཅས་པར་བྱ་བར་གཅེས། །དེ་ནས་ཉིན་ཕྱེད་རླུང་ནོན་བྱ་བ་ནི། །རང་ཉིད་དྲག་པོ་གསང་བདག་རྟ་མགྲིན་སོགས། །ཡི་དམ་ཁྲོ་བོ་གང་རུང་གསལ་བར་བསྐྱེད། །ཧཱུྃ། ཕྱོགས་བཞིའམ་ནི་ནུབ་བྱང་མཚམས་ཉིད་དུ། །བྲུབ་ཁུང་གྲུ་གསུམ་ཁ་དོག་མཐིལ་ཡངས་པ། །དེ་ནང་ཡཾ་ལས་རླུང་ལྷ་དུད་ཁ་ནི། །ལག་ཏུ་བ་དན་བསྒྲིལ་ཞིང་བསྙལ་ནས་འཛིན། །ཤ་བ་ཡུ་མོ་ཉལ་བ་ལ་ཞོན་ནས། །དེ་མཐར་ཆར་པ་བཀག་བྱེད་འདྲེ་ངན་རྣམས། །སྐེམས་ཤིང་རིད་པ་རྐང་ལག་ལྕགས་སུ་བཅུག །རླུང་ལྷའི་སྙིང་གར་ཡཾ་དང་འདྲེ་ངན་གྱི། །སྙིང་གར་དྲིཡིག་དང་བཅས་གསལ་བར་གྱུར། །རང་གི་ཐུགས་ལས་ཁྲོ་བོ་འདོད་པའི་རྒྱལ། །དམར་པོ་ལྕགས་ཀྱུ་ཞགས་པ་འཛིན་པའི་ཚོགས། །ནམ་མཁའ་ཁྱབ་པར་འཕྲོས་ཏེ་རླུང་ལྷ་དང་། །ཆར་པ་ལ་གནོད་འདྲེ་ངན་ཐམས་ཅད་ཀུན། །རང་དབང་མེད་པར་བཀུག་ནས་གཟུགས་ལ་ཐིམ། །ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །གསང་བདག་རྟ་མགྲིན་པད་འབྱུང་བདེན་པའི་


CMR037_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

མཐུས། །རླུང་ལྷ་རླུང་དང་བཅས་པ་ཐམས་ཅད་དང་། །ཆར་ལ་གནོད་བྱེད་འདྲེ་ངན་མ་ལུས་པ། །ལིང་འདི་ལ་སྐད་ཅིག་ཉིད་དུ་ཁུག །ཏཱ་ཀི་ཧཱུྃ་ཛཿ ཛཿཧཱུྃ་བཾ་ཧོཿ ལན་གསུམ་མམ་བདུན་བརྗོད། ལྕོག་རྡོག་ཆངས་བུ་བྲན། ཨོཾ་ཨཱཿཧཱུྃ། གཏོར་མ་བདུད་རྩིའི་རྒྱ་མཚོ་ཟད་མེད་འདི། །རླུང་ལྷ་རླུང་གི་བདག་པོ་འཁོར་དང་བཅས། །ཆར་པ་བཀག་བྱེད་འདྲེ་ངན་ཀུན་ལ་སྦྱིན། །བདག་གི་ཆར་པ་འབེབས་ལ་གེགས་མ་བྱེད། །ཨོཾ་བྷ་ཡ་བྷེ་སརྦ་བིགྷཱན་བ་ལིཾ་ཏ་ཁཱ་ཧི། ཞེས་དོར། རླུང་ལྷ་འདྲེ་ངན་ཐམས་ཅད་མགོ་མཇུག་ལོག །དེ་སྟེང་རྡོ་རྗེ་རྒྱ་གྲམ་ཁ་བཅད་ཅིང་། །འབྱུང་བ་རིམ་བརྩེགས་རི་རབ་གླིང་བཞིས་མནན། །རི་རབ་རྩེ་རུ་རྣམ་སྣང་ཤཱཀྱ་ཐུབ། །གསང་བདག་ཁྲོ་བོ་བཅུ་དང་བཅས་པས་མནན། །རི་རབ་ཕྱོགས་བཞིར་རྒྱལ་པོ་ཆེན་པོ་བཞི། །རང་རང་དཔུང་དང་བཅས་པས་མནན་པར་གྱུར། །འདིར་གསང་བདག་སོགས་ཡི་དམ་གང་ཡིན་སྔགས་སྦྱར་ནའང་ལེགས། །མེད་ཀྱང་རུང་ངོ་། །ཨོཾ་དྷྲྀ་ཥྚ་རཥྚཱ་ཡ་སྭཱ་ཧཱ། ཨོཾ་བེརུ་ཌྷ་ཀཱ་ཡ་སྭཱ་ཧཱ། ཨོཾ་བི་རུ་པཱཀ་ཡ་སྭཱ་ཧཱ། ཨོཾ་བེ་ཤ་ཝ་ཎ་ཡ་སྭཱ་ཧཱ། ཨོཾ་ཆར་ཡ་ཆུར་ཡ་བཱ་ཡུ་སྟོ་བྷ་ཡ་ནན། རླུང་སྒྲ་ཆེ་ན་སྟོང་བཟླས་ཆུང་ན་བརྒྱ། །དེ་ནས་སྤྲིན་ནི་


CMR037_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་པའི་ལས་བྱ་བ། །ཧཱུྃ། རང་ཉིད་གསང་བའི་བདག་པོ་ཕྱག་རྡོར་རམ། །ཡི་དམ་ཁྲོ་བོ་གང་ཡིན་གསལ་བ་ཡི། །དབུ་གཙུག་བྱ་ཁྱུང་རིགས་ལྔས་བརྒྱན་པར་གསལ། །རང་གི་ཐུགས་ལས་སྤྲུལ་པའི་མི་ནག་པོ། །ལྕགས་ཀྱི་དྲྭ་བ་ཐོགས་པ་དཔག་མེད་འཕྲོས། །ས་འོག་ས་སྟེང་ཀླུ་རྣམས་གཟིར་བས་འཁྲུགས། །ཕྱོགས་མཚམས་ནམ་མཁས་གར་ཁྱབ་སྤྲིན་རྣམས་ཀུན། །བསྡུས་ནས་རང་ཐད་ནམ་མཁར་སྤུངས་པར་གྱུར། །ཁྱེའུ་མགོ་གཙང་གོས་སམ་སྣམ་བུ་ཡིས། །རང་གི་ཐོད་བྱ་ཡང་ན་ཕྱོགས་བཅུར་གཡབ། །ཟངས་གཞོང་ངམ་ནི་ཟངས་སྣོད་ཆུ་ཕྱར་ཞིང་། །ཨ་ཏྲ་ཀ་རེ་ཕོ་ཀ་རེ། ཨུ་ཏྲ་ཀ་རེ་ཙནྡ་ལི། ཀླུ་ཧུ་བྷ་ལི། དྷེ་ཧུ་སི་ཏི། ཨ་ཀྲ་སིདྡྷི། མ་ཧཱ་སིདྡྷི་ཧཱུྃ་ཧཱུྃ། སྤྲིན་མེད་ན་ནི་སྟོང་ཕྲག་ལ་སོགས་འདོན། །སྤྲིན་ཆེ་ན་ནི་གང་འོས་སྐབས་དང་སྦྱར། །དེ་ནས་ཆུ་དེ་ཕྱོགས་བཅུར་གཏོར་བྱ་ཞིང་། །ཁྱེའུའི་གོས་ཀྱིས་ཕྱོགས་བཅུར་གཡབས་བྱས་ཏེ། །ཀླུ་ཐམས་ཅད་ཀྱིས་ཡུལ་ཆེ་གེ་མོ་འདིར་སྤྲིན་སྡུས། །འབྲུག་སྒྲོག །ཆར་ཕོབ། རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པས་རླུང་དང་རླུང་ལྷ་རླུང་བདག་ཐམས་ཅད་རི་རབ་ཆེན་པོའི་འོག་ཏུ་ནོན་ཅིག །ཆར་དབབ་པ་ལ་གནོད་ཅིང་བར་དུ་གཅོད་པ་ཐམས་ཅད་


CMR037_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཐུལ་ཅིག །ཕྱོགས་སྐྱོང་བཅུ་འཁོར་དང་བཅས་པས་བར་སྣང་གི་ཁམས་སུ་སྤྲིན་དང་ན་བུན་གྱི་ཚོགས་ཆེན་པོ་རབ་ཏུ་གཏིབས་ཤིག །ཀླུ་ཆེན་པོ་བརྒྱད་འཁོར་དང་བཅས་པ་རྣམས་ཀྱིས་འཛམ་བུ་གླིང་དང་ཡུལ་ཁམས་དང་ས་ཕྱོགས་ཆེ་གེ་འདིར་ཆར་གྱི་རྒྱུན་རབ་ཏུ་ཕོབ་ཅིག །མྱུར་དུ་ཕོབ་ཅིག །དྲག་ཏུ་ཕོབ་ཅིག །ལོ་འབྲས་འབྲུ་བཅུད་ཕུན་སུམ་ཚོགས་པར་སྤེལ་ཅིག །ཡུལ་རིས་དང་རྒྱལ་ཁམས་ཐམས་ཅད་བཀྲ་ཤིས་དང་དཔལ་འབྱོར་དར་ཞིང་རྒྱས་པར་མཛོད་ཅིག །ཅེས་འོ་དོད་ཆེན་པོས་བརྗོད་པར་བྱ། །དེ་ཡན་ཞི་འབོད་རྐྱང་པ་དེ་ཡིན་ཏེ། །ཁོ་ན་ཐུན་ནི་བཞིའམ་དྲུག་ཏུ་འབད། །དེས་ཀྱང་ཞག་གསུམ་ཚུན་ལ་འབབ་པར་གསུངས། །འོན་ཀྱང་ཞི་དྲག་ཕྱེད་མ་མྱུར་བའི་ཕྱིར། །སྔ་དྲོ་དེ་ལྟར་ཞི་བ་བྱས་ནས་ཀྱང་། །ཕྱི་དྲོ་ཞི་དྲག་ཕྱེད་མའི་དྲག་པོ་ནི། །ཧཱུྃ། རང་ཉིད་ངོ་བོ་རང་གི་ཡི་དམ་ལྷ། །རྣམ་པ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་། །སྐུ་ཆེ་ཡན་ལག་རིགས་ཤིང་ནམ་མཁའ་གང་། །ཞལ་གདངས་མཆེ་གཙིགས་དུར་ཁྲོད་ཆས་བརྒྱད་རྫོགས། སྦྲུལ་རིགས་ལྔ་ཡིས་སྐུ་ལ་རབ་ཏུ་བརྒྱན། །དབུ་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར། །རྟ་མགོའི་སྟེང་དུ་བྱ་ཁྱུང་མཐིང་ནག་བརྒྱན། །དེ་སྟེང་སངས་རྒྱས་སྣང་བ་མཐའ་ཡས་


CMR037_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །བརྒྱུད་པའི་བླ་མ་རིག་འཛིན་རྒྱ་མཚོས་བསྐོར། །ཕྱག་གཡས་གསེར་གྱི་རྡོ་རྗེ་ནམ་མཁར་ཕྱར། །རྟ་སྐད་འཚེར་ཞིང་རྡོ་རྗེས་གཟིར་བ་ཡིས། །ལྷ་ཀླུ་སྡེ་བརྒྱད་ས་བདག་ཀླུ་གཉན་ཀུན། །སྔངས་བརྒྱལ་བྱེད་འདར་ཁ་ནས་ཁྲག་ཏུ་སྐྱུག །ཞབས་གཡས་བསྐུམས་པས་རི་རབ་རྩེ་ནས་གནོན། །ཞབས་གཡོན་མར་བརྐྱངས་རྒྱ་མཚོའི་གཏིང་དུ་སླེབ། །གནས་གསུམ་ཨོཾ་ཨཱཿཧཱུྃ་དང་ཐུགས་ཀ་རུ། །ཧཱུྃ་མཐིང་ཐ་མར་སྔགས་ཀྱི་ཡིག་འབྲུ་ནི། །ཨོཾ་བཛྲ་པཱ་ཎི་ཧཱུྃ་བཛྲ་ག་རུ་ཊ་ཧཱུྃ། དེ་ལས་འོད་འཕྲོས་ལྕང་ལོ་ཅན་སོགས་ནས། །བསྒོམས་པ་རང་འདྲའི་ལྷ་ཚོགས་ཆར་ལྟར་བབས། །རང་ལ་ཐིམ་པས་དབང་བསྐུར་བྱིན་གྱིས་བརླབས། །དེ་ནས་དོང་ནང་སྦལ་པ་ལ་དམིགས་ནས། །ན་མོ། །བསླུ་མེད་དཀོན་མཆོག་གསུམ་དང་རྩ་བ་གསུམ། །གསང་བདག་ཁྱུང་དང་བཅས་པའི་བདེན་པའི་མཐུས། །སྟོང་གསུམ་ཁམས་ཀྱི་ཀླུ་རིགས་འཁོར་དང་བཅས། །གཟའ་དང་སྡེ་བརྒྱད་ཡུལ་རིས་གཞི་བདག་རྣམས། །ཐམས་ཅད་སྦལ་པ་འདི་ལ་མྱུར་དུ་ཁུག །ཛཿཧཱུྃ་བཾ་ཧོས་དབྱེར་མེད་གཅིག་ཏུ་གྱུར། །ནཱ་ག་རཱ་ཙ་ཕུས་མ་ཡ་ཛཿ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་


CMR037_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། ཞེས་པས་དགུག་གཞུག་རབ་གནས་ལན་གསུམ་བྱ། །ཧཱུྃ། སྦལ་པ་ཀླུ་བདུད་ནག་པོ་འཇིགས་པའི་གཟུགས། །སྦྲུལ་མགོའི་གདེངས་ཀ་སྦྲུལ་མཇུག་རྒྱ་མཚོ་དཀྲུག །ཆུ་གནས་།གཟུགས་རྣམས་ཀླུ་ཡི་འཁོར་དང་གཡོག །གཙོ་བོའི་ཐུགས་ཀར་ཟླ་སྟེང་ཕུཡི་མཐར། །ཨོཾ་ནཱ་ག་རཱ་ཙ་ཕུས་མ་ཡ་ཛཿ ཛཿ ཞེས་པའི་སྔགས་ཀྱིས་བསྐོར་ལས་འོད་འཕྲོས་པས། །ཀླུ་ཆེན་བརྒྱད་སོགས་ཀླུ་དང་ས་བདག་ཀུན། །ཁབ་ལེན་ལྕགས་བཞིན་བསྡུས་ནས་དབྱེར་མེད་ཐིམ། །ཀླུ་བདུད་ཁ་རླངས་སྤྲིན་དང་ན་བུན་འཐིབས། །བ་སྤུ་ཐམས་ཅད་སྦྲུལ་དུ་གྱུར་པ་ཡི། །ཁ་ནས་ཆུ་རྒྱུན་རྒྱང་རྒྱང་འབབ་པར་གྱུར། །བག་ཟན་གཟའ་ཡི་གཟུགས་དང་དབྱེར་མེད་པའི། །རང་ཉིད་ཕྱག་ན་རྡོ་རྗེའི་ཕྱག་གཡོན་པས། །རཱ་ཧུ་ལ་ནི་སྐུ་སྟོད་མི་ཡི་ལུས། །མགོ་དགུ་སྦྲུལ་གྱི་གདེངས་ཀ་མང་པོ་ཅན། །མགོ་ལུས་མིག་གང་སྐུ་སྨད་སྦྲུལ་དུ་འཁྱིལ། །ཕྱག་གཡས་ཀླུ་བརྒྱད་ངོ་བོ་སྦྲུལ་བརྒྱད་བཟུང་། །སྦྲུལ་བརྒྱད་ཁ་ནས་ནོར་བུའི་ཆར་ཆེན་འབེབས། །ས་དང་བར་སྣང་ཐམས་ཅད་ཆར་གྱིས་འགེངས། །ཕྱག་གཡོན་སྦྲུལ་ཞགས་སྤྲིན་གྱི་རྔ་ཡབ་འཛིན། །དེ་ཡི་སྐེ་ནས་རང་གིས་གཟུང་བྱས་


CMR037_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །བར་སྣང་གདེངས་པས་གཟའ་ཀླུ་འཁྲུག་པའི་ཆར། །འབྲུག་སྒྲ་དྲག་པོ་དང་བཅས་འབེབས་པར་གྱུར། །དམིགས་པ་དེ་བཟུང་སྔགས་འདི་དྲག་ཏུ་བཟླ། །ཨོཾ་བཛྲ་པཱ་ཎི་ཧཱུྃ། བཛྲ་ག་རུ་ཊ་ཧཱུྃ། རཱ་ཧུ་ལ་ནཱ་ག་རཱ་ཙ་ཕུ་ས་མ་ཡ་ཛཛཿ ནཱ་ག་གྲུ་ནཱ་ག་གྲུ་དྲག་པོར་ཕོབ། མགོ་ལ་ཐུན་ཁྲག་ཕོབ། པྲ་ཏ་ཡ། པྲ་ཏ་ཡ། ཨཱ་བེ་ཤ་ཡ། ཨཱ་བེ་ཝཱ་ཤ་ཡ། བྷ་རི་ཤ་ཡ། བྷ་རི་ཤ་ཡ། འུ་ཤི་ཤ་ཡ། འུ་ཤི་ཤ་ཡ། ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། ནཱ་ག་ནཱ་ག་དུག་ཁྲག་ཕོབ། ནཱ་ག་ནཱ་ག་ཆར་ཕོབ། ནཱ་ག་ཁྲག་ཐུན་དྲག་པོར་ཕོབ། ནཱ་ག་སྤུ་སྤུ། ནཱ་ག་ཧཱུྃ་ཧཱུྃ། ནཱ་ག་ཕུ༔ ས་མ་ཡ་ད་མ་ཛཛཿ ལྷ་སྲིན་སྡེ་བརྒྱད་ཀྱིས་ཆར་མྱུར་དུ་ཕོབ་ཅིག །ཅེས་པ་སྟོང་ངམ་ལྔ་བརྒྱ་ཙམ་རེ་བཟླ། །དེ་ནས་ཐུན་མཚམས་ཕུར་པ་ཁྲག་ཐུན་གྱིས། །སྦལ་བར་གཟིར་ཞིང་ཁྲག་ཀྱང་ཅུང་ཟད་གཏིག །ཧཱུྃ་ལས་ཕུར་པ་སྐུ་སྟོད་རྟ་མགྲིན་ལ། །སྐུ་སྨད་གནམ་ལྕགས་འབར་བའི་ཕུར་པ་ཡིས། །ཀླུ་བདུད་ནག་པོའི་སྙིང་གར་རབ་ཏུ་གཟིར། །ཁྱད་པར་ངན་པའི་དུག་ཁྲག་སྣ་ཚོགས་ནི། །ཀླུ་བདུད་སྟེང་དུ་བྱོས་པས་ཀླུ་བདུད་ནི། །ཁྲག་ཏུ་སྐྱུགས་པས་སྟོང་གསུམ་ཁྲག་ཆར་གང་། །ཀླུ་བདུད་བ་སྤུ་ཐམས་


CMR037_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྦྲུལ་ནག་གི །ཁ་ནས་ཆུ་རྒྱུན་ཆུ་ཆེན་བཞིན་དུ་བབས། །འུར་སྒྲ་དང་བཅས་འཇིག་རྟེན་ཆར་ཆུས་གང་། །འབྲུག་གློག་ཆར་དྲག་སྟོང་གསུམ་གང་བར་གྱུར། །ཅེས་བརྗོད་གོང་གི་སྔགས་བརྗོད་ཁྲག་གཏིག་ཅིང་། །ཁྲོ་བོའི་སྟངས་སྟབས་འཆམས་ཤིང་ང་རྒྱལ་བསྐྱེད། །ཕུར་པ་དེ་ཉིད་དར་ནག་བཏགས་བྱས་ལ། །མཚོ་འམ་ཆུ་མིག་སྔས་སུ་བཅུགས་ལ་བཞག །དེ་ལྟར་ཐུན་ནི་གཉིས་གསུམ་གང་ཐོན་ནི། །ཕྱི་དྲོའི་རིགས་ལ་དེ་ལྟར་ནན་ཏན་བྱ། །དེ་ཡན་བྱེད་པ་ཞི་དྲག་ཕྱེད་མ་སྟེ། །ཅིས་ཀྱང་ཞག་གསུམ་ཚུན་ལ་འབབ་པར་གསུངས། །དེ་ནས་ཉི་ཐལ་ནས་བཟུང་དྲག་འབོད་བྱ། །ཕུར་པ་དགུ་པོའི་དབུས་ཀྱི་ཚོན་སྐུད་སྣེ། །རང་གིས་བཟུང་ལ་གྱེར་སྒོམ་སྦྲགས་པར་བྱ། །ཧཱུྃ། རང་ཉིད་ངོ་བོ་ཡི་དམ་གང་ཡིན་ལ། །རྣམ་པ་རྟ་མགྲིན་རབ་ཏུ་ཁྲོས་པ་ནི། །རྒྱན་དང་ཆ་ལུགས་ཐམས་ཅད་ཡོངས་རྫོགས་པ། །དབུས་ཀྱི་ཕུར་པ་ཉིད་དང་དབྱེར་མེད་པའི། །ཕྱོགས་མཚམས་ཕུར་པ་བརྒྱད་དང་དབྱེར་མེད་པར། །ཏྲག་ཅེས་བྱ་བའི་ཡིག་འབྲུ་ལས་གྲུབ་པའི། །།སྲིན་པོ་དམར་རྒྱ་རབ་ཁྲོས་འཇིགས་སུ་རུང། །ཁོག་སྟོད་ནམ་མཁའ་ཐམས་ཅད་ཁེབས་པ་ལ། །ལུས་ལ་སྤུ་ནི་ཁམ་ཞོལ་རིང་བ་སྟེ། །རྐེད་པ་ཡན་ཆད་སྤུ་རྣམས་གྱེན་ལངས་ཤིང་། །རྐེད་པ་མན་ཆད་སྤུ་རྣམས་ཐུར་


CMR037_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཉལ། །མིག་ནས་གློག་འཁྱུག་སྣ་ནས་ན་བུན་འཚུབ། །ཁ་ནས་འབྲུག་སྒྲོག་ལུས་ཀྱི་སྤུ་རྣམས་ལས། །ཟིལ་པ་ཆར་རྒྱུན་དྲག་པོ་རབ་ཏུ་འབེབས། །རྐང་པ་རྒྱ་མཚོའི་གཏིང་སླེབས་རབ་ཏུ་དཀྲུག །རང་ཉིད་གཙོ་བོས་དྲག་སྔགས་རབ་བརྗོད་པས། །རང་དབང་མེད་པར་སྲིན་པོ་བརྒྱད་ཀྱིས་བཟླས། །སྔགས་སྒྲས་སྟོང་གསུམ་ཁྱབ་པའི་འུར་ཆེམ་གྱིས། །འཇིག་རྟེན་ཁམས་ཀྱི་ཀླུ་རྣམས་ཐམས་ཅད་སྐག །རང་དབང་མེད་པར་སྤྲིན་བསྡུས་འབྲུག་སྒྲ་ལྡིར། །ད་ལྟ་ཉིད་དུ་ཆར་ཆེན་འབེབས་པར་གྱུར། །དམིགས་པ་དེ་ཉིད་ཕུར་ཚུགས་བསྒོམས་བྱས་ལ། །ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཧ་ཡ་གྲི་ཝ་ཧཱུྃ་ཕཊ། ཨོཾ་ནཱ་ག་རཱ་ཙ་ས་མ་ཡ་ཡཿཛཿཛཿ ཕྲོ་ཕྲོ༔ ཕོབ་ཕོབ༔ བྷ་རི་ཤ་ཡ། བྷ་རི་ཤ་ཡ། པ་ཏ་ཡ། པ་ཏ་ཡ། ནཱ་ག་རཱ་ཙ་ཕྲོམ་ཕྲོམ། ཏྲི་ཙ་ཏྲི་ཙ་ཕོབ་ཕོབ། ཏྲི་ཙ་ཏྲི་ཙ་རྦད་རྦད། ནཱ་ག་རཱ་ཙ་རྦད་རྦད། ནཱ་ག་རཱ་ཙ་རྡུད་རྡུད། ནཱ་ག་རཱ་ཙ་སྐུལ་སྐུལ། ཅེས་པའི་སྔགས་སྒྲ་དྲག་པོར་བརྗོད་བྱ་སྟེ། །འདི་ལ་མཚན་ཐུན་གཅིག་དང་ཐུན་གཉིས་བྱ། །ཐུན་རེར་སྟོང་ངམ་ལྔ་བརྒྱ་སུམ་བརྒྱ་ཙམ། །ལོང་སྐབས་དག་དང་བསྟུན་ཏེ་བརྗོད་པར་བྱ། །ས་ཕྱོགས་རབ་ཏུ་གཉན་ན་ཞག་གཅིག་དང་། །འབྲིང་གཉིས་ཐ་


CMR037_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

མ་གསུམ་ནས་འབབ་པར་གསུངས། །དེ་ནས་མཚན་མོ་ཡི་དམ་ཆོས་སྐྱོང་གི །གཏོར་བསྔོས་ལ་སོགས་ཆག་མེད་ཐུགས་དམ་དང་། །ལུས་སྦྱིན་དམིགས་པ་དག་ཀྱང་བྱ་བ་ཡིན། །དེ་ནས་ནུབ་མོ་ཉལ་དུས་གདམས་པ་ནི། །གོང་གི་དམིགས་པ་ཐམས་ཅད་མི་བསྡུ་བར། །རང་ཉིད་ཕྱག་རྡོར་རྟ་མགྲིན་གུར་དྲག་སོགས། །བསྒོམས་པའི་ཐུགས་ཀར་ཚར་གཡོག་རྟ་ཁལ་སྦ། །རང་གི་བུ་ག་དགུ་དང་བ་སྤུ་རྣམས། །བྱ་ཁྱུང་ཆུང་ངུ་རེ་རེས་བཀག་དམིགས་ཉལ། །ཕྱིར་ནངས་སྔོན་བཞིན་ཞི་འབོད་སྤྲིན་སྡུད་དང་། །རླུང་ནོན་ཞི་དྲག་ཕྱེད་མ་དྲག་འབོད་སོགས། །སྔར་ཉིན་བཞིན་དུ་ཐམས་ཅད་རིམ་བཞིན་བྱ། །མི་མང་ཡོད་ན་ལ་ལས་ཞི་འབོད་དང་། །ལ་ལས་དྲག་འབོད་ལ་ལས་ཕྱེད་མ་དང་། །ལ་ལས་སྤྲིན་སྡུད་ལ་ལས་རླུང་གནོན་བྱ། །གཅིག་གིས་བྱེད་ན་རིམ་པ་བཞིན་དུ་བྱ། །དེ་ལྟར་བྱས་པས་རྟགས་ཀྱི་རིམ་པ་ནི། །སྤྲིན་ནི་དཀར་པོ་ལྗང་གུ་དམར་པོ་རྣམས། །བལ་འདབ་འདྲ་བ་བྱུང་ན་ཆར་སྤྲིན་ཡིན། །ནུབ་བྱང་མཚམས་ནས་མྱུར་དུ་རྒྱུག་པ་དང་། །སྤྲིན་རྣམས་འབྲུབ་དང་ཉི་མའི་རྣ་ཚར་བཏགས། །སྐམ་ཆར་དག་ཀྱང་ཟིམ་ཟིམ་འབབ་པ་དང་། །ཉི་མས་གུར་ཕུབ་སྐམ་གློག་ས་འབྲུག་གྲགས། །ཆུ་སྲིན་སྦྲུལ་མགོ་རྦ་ཀློང་འཁྲུགས་འདྲའི་སྤྲིན། །རླུང་ནག་འཚུབ་འདྲ་ཁྲབ་ཆེན་རྒྱུག་འདྲའི་སྤྲིན། །སྲབ་ལ་རྒྱ་ཆེ་སྐྲ་ཤད་འཛིང་འདྲ་དང་། །སྤྲིན་དམར་སྤྲིན་ནག་གྱུར་དང་ཕག་ཁྱུ་འདྲ། །ར་ནག་འགྲོགས་འདྲ་ཤར་དུ་དམར་སེར་ཆགས། །སྤྲིན་རྣམས་བྲེལ་དང་ཁོལ་དང་འཐབས་པ་དང་། །ནངས་སྔ་


CMR037_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་དུ་སྤྲིན་དམར་ཆེ་བ་དང་། །དགོང་ཁ་ཉི་མའི་རྩ་ན་རྣ་ཚར་ཆགས། །ཟླ་བ་དམར་པོ་གྱུར་དང་ན་བུན་རྣམས། །རྟ་ལྟར་རྒྱུག་དང་སྦྲུལ་ལྟར་འཁྱིལ་བ་དང་། །རི་རྩེར་ཞྭ་ལྟར་གྱོན་ན་འབབ་པའི་རྟགས། །མཚོའམ་ཆུ་མིག་སྔར་ལས་སྐྱེ་བ་དང་། །འོག་ནས་འབྲུག་འདྲའི་སྒྲ་གྲག་འབབ་རྟགས་སོ། །རྔོན་པ་མི་བདུན་སྤྲིན་ནག་འཐུག་པོས་བཀབ་་་་གནམ་ཁྱི་སྤུན་བདུན་ཡང་ཟེར། །ཞག་གཉིས་ནས་འབབ་དེ་བཞིན་སེར་པོས་བཀབ། །གསུམ་ནས་འབབ་སྟེ་ཉིན་མཚན་སྦྲེལ་མར་འབབ། །དམར་པོས་བཀབ་ན་ཞག་པོ་ལྔ་ནས་འབབ། །དཀར་པོས་བཀབ་ན་བཅུ་ནས་འབབ་པའོ། །སྤྲིན་ནི་སྣ་ཚོགས་འཛོམ་ནས་བུག་སྒྲོ་འདྲ། །ཤར་ནས་ནུབ་རྒྱུག་ལྷོ་ནས་བྱང་རྒྱུག་དང་། །སྤྲིན་འཇའ་འདབ་མ་སྔོན་དམར་ཆགས་ན་འབབ། །ན་བུན་འཐོར་ཞིང་རྒྱུག་པ་དེ་བཞིན་འབབ། །འབྲུག་སྐད་ནུབ་ནས་གྲགས་ན་དེ་ནུབ་འབབ། །ཤར་ནས་གྲགས་ན་ཞིག་པོ་གསུམ་ནས་འབབ། །བྱང་ནས་གྲགས་ན་དེ་ནུབ་ནམ་ཕྱེད་འབབ། །རྨི་ལམ་ཆུ་འབྲུབ་ཡུར་དྲངས་ཆབ་བཙགས་དང་། །མི་ཆེན་ལ་སོགས་བྱུང་ན་འབབ་པའོ། །བུ་ཚ་བུ་མོ་ཁྲོམ་ཚོགས་གུས་འདུད་བྱེད། །རྔ་ཆང་བཟའ་བཏུང་ལོངས་སྤྱོད་ཆེ་ན་འབབ། །དབུལ་ཕོངས་བཀྲེས་སྐོམ་ཅན་ནམ་བྱུང་བ་དང་། །འུར་ཞོག་རུ་སྐྱ་མཚེར་སྟོང་སྨིས་ན་ནི། །གཞན་དུ་སྤོ་བར་གསུངས་ཀྱང་སྤོ་དཀའ་བས། །དཀུག་གཞུག་དམིགས་པ་ཡང་ཡང་བྱ་བར་གཅེས། །ས་ལ་དོང་བརྐོས་རྡོ་ལེབ་བཀབ་བྱས་ཏེ། །སྲུབ་མེད་ས་ཡིས་དབྱིབས་ལ་ཕྱིར་


CMR037_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ནངས་བལྟ། །རྡོ་ལ་ཟིལ་པ་ཆགས་ན་འབབ་རྟགས་ཡིན། །ཆབ་བྲམ་ཧྲལ་ཧྲིལ་མེ་ཆེན་ལོ་ཉེས་དང་། །ཚྭ་སྒོག་གཡེར་མ་མི་ཁའི་རྫས་བྱིན་དང་། །ལོ་ཉེས་རྨིས་ན་ཕེབས་དཀའ་སྤོ་བར་གསུངས། །དེ་བཞིན་མཚོ་དང་ཆུ་མིག་བྲི་སོང་ན། །ཀླུ་དེས་ཆར་འབེབས་ནུས་པ་མེད་རྟགས་སོ། །མཛེ་ཕོ་ནད་ཅན་ལོང་བ་སོགས་བྱུང་ན། །ཀླུ་གཏོར་འབད་པས་འབབ་པར་འགྱུར་བར་སྣང་། །ཞག་གསུམ་ཚུན་ལ་གནད་འབེབས་མི་རུང་སྟེ། །གསུམ་མམ་ལྔ་ལ་རྟགས་མེད་འབབ་དཀའ་ན། །སྔ་དྲོ་ལྷ་སྔགས་ཀླུ་སྔགས་རྒྱུན་དུ་སྦྲེལ། །དམར་རྟ་རྣམས་ཀྱང་ཡང་ཡང་ཆུ་འགོར་སྤོ། །ཞི་དྲག་ཕྱེད་མའི་སྔགས་ཀྱང་སྐད་ཆེར་འདོན། །ཕུར་པས་མཚོ་དང་ཆུ་མིག་རྣམས་ཀྱང་དཀྲུག །དགོང་མོ་དྲག་འབོད་སྔགས་བཟླས་ཚེར་ལྕག་གིས། །བྲག་དང་ཤིང་བྲབ་མཚོ་དང་ཆུ་མིག་དཀྲུག །དམིགས་པ་འདི་ཉིད་འདོན་བསྒོམ་སྦྲག་པར་བྱ། །ཧཱུྃ། རང་ཉིད་ཕྱག་རྡོར་ཐུགས་ལས་སྤྲུལ་པ་ཡི། །ཁྲོ་བོ་བཅུ་དང་སྲིན་པོའི་ཚོགས་སྤྲོས་ཏེ། །ས་འོག་རིམ་དགུ་རྒྱ་མཚོའི་གཏིང་རྣམས་དང་། །མཐའ་ཡི་རྒྱ་མཚོ་རོལ་པའི་མཚོ་སོགས་ནས། །ཀླུ་རྣམས་རང་དབང་མེད་པར་དེད་ཅིང་བཀུག །སྐག་སྔངས་བྱེད་འདར་རང་དབང་མེད་པ་རུ། །འབྲུག་གློག་དྲག་ཆར་འཇིག་རྟེན་ཁྱབ་པར་གྱུར། །ཞེས་བརྗོད་སྔགས་རྣམས་དྲག་ལ་མྱུར་བར་བཟླ། །དེས་ནི་ཅེས་ཀྱང་ཕེབས་པར་ངེས་པ་ཡིན། །དེས་ཀྱང་


CMR037_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་པར་དཀའ་བར་གྱུར་པ་ན། །ཉེ་ལོགས་ཆུ་མིག་གཉན་པོ་གཞན་ཞིག་ཏུ། །ཐུན་གྱི་མཚམས་ལ་རང་ཉིད་འགྲོ་བྱས་ལ། །ཆུ་མིག་མཚོ་བསྐྱིལ་སྟེང་དུ་གཡམ་པས་བཀབ། །དེ་སྟེང་སྐྱེད་པུ་གསུམ་བཙུགས་རྡོ་ལེབ་དགབ། །དེ་སྟེང་བག་ཟན་སྦལ་པ་གཅིག་བྱས་ལ། །དུག་སྣ་ཁྲག་སྣ་ཆུ་སྦྱར་སྣོད་དུ་འཚགས། །ཧཱུྃ། རང་ཉིད་ངོ་བོ་ཡི་དམ་ལྷ་ཉིད་ལ། །རྣམ་པ་ཀླུ་བདུད་ནཱ་ག་རཱ་ཙའི་སྐུ། །རྩ་ཞལ་ཆུ་སྲིན་ཡ་ ི་ཁ་གནམ་ལ་རེག །མ་ཁ་སར་ཐུག་ཁ་ནས་འབྲུག་ལྡིར་ན་བུན་ཕྱུར། །ལྕེ་ནས་གློག་འཁྱུག་ཉི་ཟླའི་སྤྱན་མིག་བསྒྲད། །སྦྲུལ་ནག་འབར་བའི་དབུ་རྒྱན་བར་སྣང་འཕྱོ། །རུས་སྦལ་ནག་པོའི་པགས་པ་གོས་སུ་གྱོན། །མ་ཧཱ་གསེར་གྱི་རུ་སྦལ་གདན་དུ་བཏིང་། །ལུས་ལ་ན་བུན་མཐིང་ནག་འཐིབས་ཤིང་ཕྱུར། །ལག་གཡས་སྦྲུལ་ཞགས་གཡོན་པས་ནད་རྐྱལ་འཛིན། །ཀླུ་གཉན་ས་བདག་ཐམས་ཅད་བྲན་དུ་ཁོལ། །ཀླུ་ཆེན་བརྒྱད་ཀྱི་འཁོར་གྱིས་བསྐོར་བ་ཡི། །གཙོ་བོའི་ཐུགས་ཀར་ཕེ༔ཡིག་འོད་ཟེར་གྱིས། །རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། །ཨོཾ་ཕོ་ལཾ་ཧཱུྃ། ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །འཇམ་དཔལ་ནཱ་ག་རཀཱའི་བདེན་པའི་མཐུས། །སྟོང་གསུམ་ཁམས་དང་


CMR037_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གནས་ཀླུ་གཉན་རྣམས། །སྦལ་པ་འདི་ལ་ད་ལྟ་ཉིད་དུ་ཁུག །ནཱ་ག་རཱ་ཙ་ས་མ་ཡ་ཛཿཧཱུྃ་བཾ་ཧོཿ གསུམ་མམ་བདུན། དེ་ནས་རྡོ་ལེབ་འོག་ནས་དུག་ཤིང་རིགས། །ཚེར་མ་ཅན་གྱི་མེ་བུས་ནས། །རྡོ་ལེབ་གོང་ལ་དྲོས་ཙམ་བྱ། །སྦལ་པ་ཚིག་པར་བྱར་ནི་མི་རུང་ངོ་། །ཨོཾ་ནཱ་ག་གྲུ་ནཱ་ག་གྲུ། དྲག་པོར་མགོ་པ་ཐུན་ཁྲག་ཕོབ། པྲ་ཝེ་ཤ་ཡ། པྲ་ཝེ་ཤ་ཡ། པྲ་ཏ་ཡ། པྲ་ཏ་ཡ། ཨཱ་བྷེ་ཤ་ཡ། ཨཱ་བྷེ་ཤ་ཡ། བྷ་རི་ཤ་ཡ། བྷ་རི་ཤ་ཡ། ཨུ་ཤི་ཤ་ཡ། ཨུ་ཤི་ཤ་ཡ། ཨུ་ཤ་ཡ། ཨུ་ཤ་ཡ། ནཱ་ག་ནཱ་ག་དྲག་པོར་ཕོབ་ཕོབ། ཅེས་པ་བརྒྱ་ཡན་གང་འགྲུབ་བཟླས་བྱས་ལ། །སེང་ལྡེང་ཕུར་པས་སྦལ་པར་ཁྲག་གཏིག་གོ །ཆར་གཡོག་པའམ་རང་ཉིད་གཅེར་བུར་བུད། །མཚོའམ་ཆུ་མིག་ནང་དུ་སྦལ་འགྲོས་བྱ། །མ་གྲུབ་ན་ནི་ཡིད་ཀྱིས་བྱས་ཀྱང་རུང་། །ཞག་གཅིག་མི་འགྱང་ཆར་དྲག་འབབ་པ་ཡིན། །དྲག་ལས་ཆེ་བས་ཐོག་མདའ་འོང་དྭགས་པས། །སྤྱི་བོར་གསེར་གྱི་འཁོར་ལོ་རྩིབས་སྟོང་སྟེང་། །ཤཱཀ་ཐུབ་སངས་རྒྱས་སྟོང་རྩ་བཞུགས་པར་བསྒོམ། །རྐང་ཞབས་གཡུ་ཡི་གྲོད་པ་མནན་པར་བསྒོམ། །སྔགས་འདི་བདུན་ནམ་ཉེར་གཅིག་ཙམ་གྱིས་ཆོག །ནི་ན་ག་ཛམུན་ཏི་ཨཱཿ །ཐོག་སྔགས་རྒྱལ་པོ་དྲན་པས་ཆོག་པའོ། །ཐན་ཆེན་རབ་འབར་ཅི་བྱས་ཆར་མེད་ན། །ཁམ་སའི་བྲུབ་ཁུང་ཁ་ཆོད་བཅས་པ་བྱ། །དེ་ནང་བག་ཟན་


CMR037_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་ཀླུ་གཟུགས་བྱ། །ནང་དུ་ཀླུ་ཡི་སྔགས་དང་ས་བོན་བཅུག །ཡུངས་ཀར་ཡུངས་ནག་ཟངས་ལྕགས་ཕྱེ་མ་དང་། །ཏིལ་ནག་ལུང་ཏང་ཙེ་ཡི་འབྲས་བུ་དང་། །ཀེ་ཚེ་རྣམས་ནི་བསྲེས་ཏེ་སྣོད་དུ་བཞག །ཧཱུྃ། རང་ཉིད་ངོ་བོ་ཡི་དམ་ལྷ་ཉིད་ལ། །རྣམ་པ་ཁྲོ་ལས་གནམ་ལྕགས་བྱ་ཁྱུང་ནི། །མཐིང་ནག་རྡོ་རྗེའི་མཆུ་གཤོག་རྡོ་རྗེའི་རྭ། །ནོར་བུས་དབུ་བརྒྱན་སྐུ་ཡིས་ནམ་མཁར་ཁྱབ། །ཐུགས་ཀར་ས་བོན་ཁྲོ་ཡིག་འོད་ཟེར་གྱིས། །རང་འདྲའི་ཁྱུང་ཚོགས་ཆར་བབ་རང་ལ་ཐིམ། །ཨེཿ དུག་གསུམ་ལས་ལས་གྲུབ་པའི་བཙོན་ཁང་ནི། །གྲུ་གསུམ་མཐིང་ནག་རི་རབ་ཙམ་གྱི་ནང་། །ཕུཋལས་ཀླུ་གཉན་ཐམས་ཅད་མངོན་སུམ་གསལ། །ན་མོ། དཀོན་མཆོག་གསུམ་དང་གསང་བའི་བདག །རྟ་མགྲིན་པད་འབྱུང་བྱ་ཁྱུང་བདེན་པའི་མཐུས། །སྟོང་གསུམ་ཁམས་ཀྱི་ཀླུ་གཉན་ཐམས་ཅད་ཀུན། །བྲུབ་ཁུང་ནང་གི་གཟུགས་བརྙན་འདི་ལ་ཁུག །ཏཱ་ཀི་ཧཱུྃ་ཛཿ ཛཿཧཱུྃ་བཾ་ཧོཿ གསུམ་མམ་བདུན་བརྗོད་དེ་ནས་འདི་སྐད་དོ། །ཧོཿ ཉོན་ཅིག་སྟོང་གསུམ་ཁམས་ཀྱི་ཀླུ་གཉན་རྣམས། །ངས་ནི་འགྲོ་ལ་ཕན་ཕྱིར་ཆར་འབེབས་པ། །རྒྱལ་བའི་བཀའ་བཞིན་བསྒྲུབས་ཀྱང་མ་ཕེབས་པས། །ཁྱེད་


CMR037_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་རྒྱལ་བའི་བཀའ་ལས་འདའ་བའི་ཕྱིར། །ད་ནི་དམ་ཚིག་ཆད་པས་བསྡིག་པ་ཡིན། །ང་ནི་མ་ལེན་ཆར་པ་ད་ལྟ་ཕོབ། །ཆར་མ་ཕབ་ན་ཁྱེད་ཅག་བརླག་པར་འགྱུར། །ལན་གསུམ་བརྗོད་ལ་ཐུན་བྲབ་སྔགས་འདི་བཟླ། །ཕོབ་ཕོབ། ཤར་ཤར། ཧྲིལ་ཧྲིལ། ཕྲོམ་ཕྲོམ། ཙ་རཱ་ག་ནཱ། ཕོབ་ཏུ་དྲག །ཡ་ཏ་པ། ཡ་ཤ་རི་བྷ་ཕཊ་ཧཱུྃ། ཙ་རཱ་ག་ནཱ། ལེ་ལེ་ཕ་དུ། ལེ་ལེ་ག་ནཱ་ཧཱུྃ་ལ་ཀཱ་ག་ནཱ་ཨོཾ། ནཱ་ག་ནཱ་ག །མགོ་ལ་དྲག་པོར་ཐུན་ཁྲག་ཕོབ། སུ་པྲ་ཏ་ཡ། ཨཱ་བྷེ་ཤ་ཡ། ཨཱ་བྷེ་ཤ་ཡ། བྷ་རི་ཤ་ཡ། བྷ་རི་ཤ་ཡ། ཨཱ་བྷེ་ཤ་ཡ། ཨཱ་བྷེ་ཤ་ཡ། ནཱ་ག་ནཱ་ག་དྲག་ཏུ་ཕོབ་ཕོབ། ཉིན་ཞག་ཕྲུགས་གཅིག་བར་དུ་བཟླས་ཤིང་གཟིར། །དེ་ཡིས་དྲག་ཆར་མྱུར་དུ་འབབ་པར་ངེས། །ཨུས་ཐུག་མ་གཏོགས་གནད་འབེབས་བྱ་མི་རུང་། །གནད་འབེབས་སྔ་ན་རང་ལ་རྐྱེན་ཁ་འོང་། །ལྷ་འདྲེ་རྣམས་ལ་གནོད་ཅིང་ཉེས་པའང་ཆེ། །དེ་ཕྱིར་གནད་འབེབས་རྒྱབ་མ་འདི་གཉིས་ནི། །ཤེས་པར་བྱ་ཡིས་ལག་ཏུ་མི་བླང་གསུངས། ༈ །དེ་ནས་ཆར་པ་འབབས་ནི་བྱུང་ཙ་ན། །ད་རུང་ཆར་པ་མང་དུ་ཕབ་འདོད་ན། །དྲག་འབོད་ཞི་དྲག་ཕྱེད་མ་གཉིས་ཀ་བསྒྱུར། །སྔ་དྲོའི་ཞི་འབོད་དེ་ལ་སྔ་དྲོ་དང་། །དགོང་མོ་ཉིན་ཕྱེད་ཐུན་བཞིར་འབད་བྱས་ཤིང་། །ཀླུ་གཏོར་མཆོད་པ་ལ་སོགས་མང་དུ་བྱ། །དེ་འདྲ་བྱས་ན་


CMR037_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་འགའ་བསྡད་ཀྱང་རུང་། །དྲག་འབོད་སྔར་མུས་བབས་ན་བྱེད་མི་རུང་། །གལ་ཏེ་བྱས་ན་རང་ལ་རྐྱེན་ངན་འོང་། །གཡག་ཆད་རྔ་མ་མ་རྫི་ཞེས་པའི་དོན། །གཡུལ་ཚོད་བཟུང་ལྟར་ཚོད་འཛིན་གལ་ཆེའོ། །དེ་ལྟར་ཆར་པས་ཚིམས་པར་གྱུར་པ་དང་། །དེ་ནས་དྲག་ལས་བྱས་པ་གསོ་བ་ནི། །རང་ཉིད་སྐད་ཅིག་ཐུགས་རྗེ་ཆེན་པོའི་སྐུ། །སྐུ་སྟོད་གཟུགས་ཁམས་སྐུ་སྨད་འདོད་ཁམས་ཁྱབ། །རིགས་བདག་དབུ་བརྒྱན་དར་དང་རིས་བརྒྱན། །པད་དཀར་ཟླ་བའི་གདན་ལ་ཕྱེད་སྐྱིལ་བཞུགས། །རི་དྭགས་ལྤགས་པས་ནུ་མ་གཡོན་པ་བཀབ། །གཡོན་པས་པད་དཀར་ཡུ་བ་ཐུགས་ཀར་འཛིན། །ཡེ་ནས་དམ་ཡེ་དབྱེར་མེད་ཐུགས་སྲོག་ཧྲཱིཿ །ཕྱག་གཡས་མཆོག་སྦྱིན་མཐིལ་ནས་བདུད་རྩིའི་རྒྱུན། །འོ་མ་ལྟ་བུ་གང་གཱའི་རྒྱུན་བཞིན་འབབ། །ཀླུ་དང་ས་བདག་གཉན་དང་ཡུལ་ལྷ་ཀུན། །བདུད་རྩི་འཐུང་ཞིང་ཁྲུས་བྱས་རྩེད་མོ་རྩེ། །ནད་དང་སྡུག་བསྔལ་སྨྲས་འགྲམ་ཐམས་ཅད་སོས། །སྔར་བས་བཀྲག་མདངས་ཆེ་ཞིང་མཐུ་སྟོབས་རྒྱས། །བདག་ལ་དད་གུས་ཕྱག་འཚལ་བསྐོར་བ་བྱེད། །ཀུན་ཀྱང་བྱམས་དང་སྙིང་རྗེའི་སེམས་བསྐྱེད་ནས། །ཡི་གེ་དྲུག་པ་འུར་འུར་འདོན་པར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ།


CMR037_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་སྐོར་ཙམ་ཞིག་འདོན་ཞིང་བྱམས་པ་བསྒོམ། །རང་གིས་དབུགས་གཅིག་ཕར་ལ་བཏང་བ་ཡིས། །རང་གི་བདེ་སྐྱིད་བསོད་ནམས་དགེ་རྩ་རྣམས། །ཀླུ་དང་ས་བདག་རྣམས་ལ་སིབ་སིབ་ཐིམ། །ཁོང་རྣམས་བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར། །རང་གིས་དབུགས་གཅིག་ཚུར་ལ་རྔུབ་པ་ཡིས། །ཀླུ་གཉན་ས་བདག་ཡུལ་ལྷ་ཐམས་ཅད་ཀྱི། །ནད་དང་སྡུག་བསྔལ་སྡིག་སྒྲིབ་ཅི་ཡོད་པ། །བདག་ལ་ཐིམ་པས་བདག་གི་བཀྲག་མདངས་རྒྱས། །ཁོང་རྣམས་སྡུག་བསྔལ་ཀུན་དང་བྲལ་བར་གྱུར། །དམིགས་པ་དེ་ཉིད་ཉེར་གཅིག་ཙམ་བསྒོམ་ཞིང་། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལས་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་བརྗོད་ཀླུ་དང་ས་བདག་ཡུལ་ལྷ་རྣམས། །ཚེ་སྔོན་ཕ་མ་ཡིན་སྙམ་སྙིང་རྗེ་བསྒོམ།༈ དེ་ནས་རྗེས་ཀྱི་ཆོ་ག་བྱ་བ་ནི། །རྒྱས་པར་གྲུབ་ན་ཀླུ་མཆོད་གཞུང་ལྟར་བྱ། །འབྲིང་དུ་ཀླུ་


CMR037_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཆོས་སྐྱོང་ཐམས་ཅད་ལ། །སོ་སོའི་གཏོར་ཆོག་བཞིན་དུ་གཏོར་མ་འབུལ། །བསང་དང་ཀླུ་གཏོར་རྒྱས་བསྡུས་སྐབས་དང་བསྟུན། །ཀླུ་ཡི་བསང་ཡིག་ཁོ་བོས་བྱས་པ་འདོན། །བསྡུ་ན་དཀར་གཏོར་ཆེ་ལེགས་གཉིས་བཤམས་ལ། །འོ་མ་ཀླུ་སྨན་བྲན་ནས་གཏང་རིག་བཏང་། །ཧཱུྃ། ཧཱུྃ་ལས་རིན་ཆེན་སྣོད་མཆོག་གཉིས་ཀྱི་ནང་། །ཁཾ། ཁཾ་ལས་དཀར་གསུམ་བརྒྱན་པའི་གཏོར་མ་གཉིས། །ཡིད་མཐུན་ལོངས་སྤྱོད་ནམ་མཁའི་མཐའ་མཉམ་པ། །ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས། །ཨོཾ་ཨཱཿཧཱུྃ་གིས་ཟག་མེད་བདུད་རྩིར་བསྒྱུར། །ཀླུ་བདུད་ནག་པོ་ཀླུ་ཆེན་བརྒྱད་པོ་རྒྱུདང། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེ་གདོལ་པའི་རིགས། །གཉན་དང་མཚོ་སྨན་ཀླུ་བདུད་ཀླུ་ཡི་བཙན། །སྟོང་གསུམ་ཁམས་དང་ཀླུ་རིགས་ཐམས་ཅད་དང་། །ཁྱད་པར་ཀྱི་འདིར་གནས་ཀླུ་རིགས་ཐམས་ཅད་ལ། །སྔར་བྱས་ལས་ཀྱི་གཏང་རག་འདི་འབུལ་ལོ། །ཐམས་ཅད་མ་ལུས་མཉེས་ཤིང་ཚིམས་གྱུར་ཅིག །ཨོཾ་ནཱ་ག་ཀཱ་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཟློཧི། ཨོཾ་ནཱ་ག་རཱ་ཙ་ཨཏྠ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། སརྦ་ནཱ་ག་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། གཞན་ཡང་གཉན་དང་ས་བདག་ཡུལ་གྱི་ལྷ། །སྡེ་བརྒྱད་བརྟན་མ་དགེ་


CMR037_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་མགུར་ལྷའི་ཚོགས། །ཁྱད་པར་ཡུལ་འདིར་གནས་པའི་གཞི་བདག་ལ། །སྔར་བྱས་ལས་ཀྱི་གཏང་རག་འདི་འབུལ་ལོ། །འཁོར་བཅས་མ་ལུས་མཉེས་ཤིང་ཚིམས་གྱུར་ཅིག།ཨོཾ་སརྦ་ལོ་ཀ་པཱ་ལ་བྷ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། །ཨབྷྲཱུཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ། སྔོན་གྱི་བསྐལ་པ་དང་པོ་བྱུང་བའི་དུས། །ཀླུ་ཡི་རྒྱལ་པོ་ཁྱུང་གི་སྒོ་ང་བརྐུས། །བྱ་ཁྱུང་ཁྲོས་ཏེ་རྒྱ་མཚོའི་གཏིང་དུ་འཇུམ། །གཙུག་ན་རིན་ཆེན་སྦྲུལ་ནག་འབར་བ་ཡི། །མགོ་ནས་བཟུང་སྟེ་རི་རབ་རྩེ་ན་ཁྱེར། །དེ་ཚེ་རྒྱལ་བ་ཤཱཀྱ་ཐུབ་པ་ཡིས། །ཀླུ་དང་ཁྱུང་གཉིས་འཁྲུག་པ་བསྡུམ་པར་མཛད། །ཀླུ་རྒྱལ་གཙུག་གི་ནོར་བུ་རིན་ཆེན་དེ། །སྒོ་ང་བརྐུས་པའི་ཆེད་དང་སྟོང་ལ་འཇལ། །དང་པོ་འཁོན་ཡང་ཐ་མར་དུམ་པ་ལྟར། །དེ་བཞིན་བདག་དང་ཀླུ་གཉན་ས་བདག་ཀུན། །འཁོན་པ་བསྡུམས་ལ་འགྲས་པ་ཐམས་ཅད་སྦྱང་། །ཕོག་ཐུག་འགྲམ་འཁྲུག་གྱུར་པ་ཐམས་ཅད་བཤགས། །རྩི་སྨན་དཀར་གསུམ་བདུད་རྩིའི་མཆོད་པ་འབུལ། །ག་རུ་ཊ་སྟེ་གསེར་མིག་འཁྱིལ་པ་དང་། །ཀླུ་ཡི་རྒྱལ་པོ་དུང་གཙུག་བྱ་བ་གཉིས། །དང་པོ་འཁོན་ཡང་ཐ་མ་


CMR037_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

དུམ་པ་ལྟར། །བདག་དང་ཀླུ་གཉན་འཁོན་པ་དེ་རིང་བསྡུམ། །ཕོག་ཐུག་འགྲམ་འཁྲུག་གྱུར་པ་ཐམས་ཅད་བཤགས། །རྩི་སྨན་དཀར་གསུམ་བདུད་རྩིའི་གཏོར་མ་འབུལ། །སྔོན་ཚེ་རྒྱལ་པོ་ཨ་ཤྭ་ཞེས་བྱ་དང་། །ཀླུ་ནི་ཤངྐ་རུ་ར་བྱ་བ་གཉིས། །དང་པོ་འཁོན་ཡང་ཐ་མ་དུམ་པ་ལྟར། །བདག་དང་ཀླུ་གཉན་འཁོན་པ་དེ་རིང་བསྡུམ། །ཕོག་ཐུག་འགྲམ་འཁྲུག་གྱུར་པ་ཐམས་ཅད་བཤགས། །རྩི་སྨན་དཀར་གསུམ་བདུད་རྩིའི་གཏོར་མ་འབུལ། །རྒྱ་ཡི་རྒྱལ་པོ་མ་ཏ་ཞེས་བྱ་དང་། །འཛམ་གླིང་བརྟན་པ་ཞེས་བྱའི་ཀླུ་རྒྱལ་གཉིས། །དང་པོ་འཁོན་ཡང་ཐ་མ་དུམ་པ་ལྟར། །བདག་དང་ཀླུ་གཉན་འཁོན་པ་དེ་རིང་བསྡུམ། །ཕོག་ཐུག་འགྲམ་འཁྲུག་གྱུར་པ་ཐམས་ཅད་བཤགས། །རྩི་སྨན་དཀར་གསུམ་བདུད་རྩིའི་གཏོར་མ་འབུལ། །རྒྱལ་པོ་དྷརྨ་ཨ་ཤྭ་ཞེས་བྱ་དང་། །ཀླུ་ནི་སྲིད་པའི་ཁང་བརྟེན་བྱ་བ་གཉིས། །དང་པོ་འཁོན་ཡང་ཐ་མ་དུམ་པ་ལྟར། །བདག་དང་ཀླུ་གཉན་འཁོན་པ་དེ་རིང་བསྡུམ། །ཕོག་ཐུག་འགྲམ་འཁྲུག་གྱུར་པ་ཐམས་ཅད་བཤགས། །རྩི་སྨན་དཀར་གསུམ་བདུད་རྩིའི་གཏོར་མ་འབུལ། །སྲིད་པའི་ཀླུ་གླང་


CMR037_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་བཙུན་བྱ་བ་དང་། །མཁའ་ལྡིང་ཐོགས་མེད་འཇིག་བྱེད་བྱ་བ་གཉིས། །དང་པོ་འཁོན་ཡང་ཐ་མ་དུམ་པ་ལྟར། །བདག་དང་ཀླུ་གཉན་འཁོན་པ་དེ་རིང་བསྡུམ། །ཕོག་ཟླ་ཐུག་འགྲམ་འཁྲུག་གྱུར་པ་ཐམས་ཅད་བཤགས། །རྩི་སྨན་དཀར་གསུམ་བདུད་རྩིའི་གཏོར་མ་འབུལ། །སྔོན་ཚེ་སྲིད་པའི་དཔེ་དང་ལུང་བཞིན་དུ། །བདག་དང་ཀླུ་གཉན་ས་བདག་འཁོན་པ་བསྡུམ། །སྨས་འགྲམ་ཉམས་པ་བདུད་རྩི་སྨན་གྱིས་གསོ། །ཤེལ་ཚིགས་འབྲུ་སྣ་དར་ཚོན་ཆས་སུ་འཇལ། །ཧཱུྃ་ལས་རིན་ཆེན་གཏེར་གྱི་བུམ་པ་ནི། །འབྲུ་སྨན་རིན་ཆེན་ཀླུ་ཡི་གཟུངས་སྔགས་བཅས། །མི་ཟད་འདོད་དགུ་འབྱུང་བར་བྱིན་གྱིས་བརླབས། །ཀླུ་ཡི་ནོར་ཚབ་ས་ཡི་བཅུད་དུ་འབུལ། །ཟངས་རྫ་བག་ཟན་ལས་བྱས་གླང་བུ་ནི། །དངུལ་ཆུ་ཀླུ་སྨན་རིན་ཆེན་སྔགས་ཀྱིས་བཀང་། །ཀླུ་རྣམས་མི་ཟད་ཡུན་གྱི་གཏེར་དུ་འབུལ། །འདི་ལྟར་འཇལ་དུམ་ལེགས་པར་བྱས་ཟིན་གྱིས། །ཕྱིན་ཆད་འཁོན་སེམས་གདུག་པའི་སེམས་སྤོངས་ལ། །ཕ་བུ་སྤུན་ཟླ་ཤག་རོགས་ཇི་བཞིན་དུ། །བདག་ལ་རྟག་ཏུ་ཁ་འཛིན་སྡོང་གྲོགས་མཛོད། །རིག་འཛིན་རྒྱལ་བའི་བཀའ་ལས་མ་འདའ་བར། །རྣལ་


CMR037_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །དེ་ནས་འོ་མ་ཆུ་ཀར་མང་བྱ་ལ། །ནང་དུ་ཀླུ་སྨན་ཕྱེ་མ་བཏབ་པར་བྱ། །ཡོད་ན་ཡུངས་ཀར་གཙང་མ་ཅུང་ཟད་བླུག །སྔགས་འདི་བརྒྱ་རྩ་བཟླས་ལ་ཕུ་བཏབ་སྟེ། །ཆུ་མིག་གཡས་གཡོན་དྲག་ལས་གར་བྱས་སར། །ཐམས་ཅད་ཁྱབ་པར་ཤིང་ལོས་བྲན་པར་བྱ། །ཨོཾ་སུ་པྲ་ཏིཥྛ་བཛྲ་དུན་ཏི་མི་ལི་མི་ལི་ཡེ་སྭཱ་ཧཱ། །དེ་ཡིས་བཀྲ་ཤིས་ཀླུ་དང་དུམ་བྱས་འགྱུར། །གླང་བུ་དང་ནི་བུམ་གཏེ་ར་ཡོད་ན་ནི། །དེ་ཡི་ཉེ་ལོགས་གང་བདེར་སྦས་ལ་བཞག །དམར་རྟ་གང་སྦས་ཐམས་ཅད་ཚུར་ལ་བླང་། །དེ་ཞོར་གཏང་རག་འོ་མ་ཀླུ་སྨན་རྣམས། །གཏོར་ཆུ་དག་ཀྱང་ཀུན་ལ་བཀྲམ་པར་བྱ། །སྦལ་པ་བསྲེག་ཤོམ་གང་བྱས་ཐབ་ཁ་བཤིག །ཀླུ་སྨན་བཏབ་ཅིང་སྦལ་པའི་གཟུགས་རྣམས་བསྡུ། །དེ་ནས་རྗེས་ཆོག་མཆོད་བསྟོད་བྱ་བ་ནི། །ཨོ། དངོས་འབྱོར་ཡིད་སྤྲུལ་མཆོད་པ་དཔག་མེད་རྣམས། །རིགས་གསུམ་མགོན་པོ་ཁྲོ་བཅུ་ཁྱུང་གི་ཚོགས། །ཀླུ་བདུད་ཀླུ་ཆེན་བརྒྱད་སོགས་རྣམས་ལ་འབུལ། །སོ་སོའི་ཡོན་ཏན་ཚོགས་ལ་གུས་པས་བསྟོད། །ལྷག་ཆད་ནོར་འཁྲུལ་ཉེས་པ་ཐམས་ཅད་བཤགས། །ཡེ་ཤེས་ལྷ་རྣམས་རང་རང་གནས་སུ་གཤེགས། །ཀླུ་དང་ས་བདག་ཡུལ་ལྷ་གཞི་བདག་རྣམས། །སོ་སོ་རང་རང་གནས་སུ་བདེ་བར་དེངས། །ནཱ་ག་རཱ་ཙ་ས་པ་རི་


CMR037_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཝཱ་ར་བཛྲ་མུཿ སེ་གོལ་གཏོགས་ལ་ཐམས་ཅད་བྱེར་བར་བསྒོམ། །ཐོ་བསྒྱེལ་ཕུར་པ་ཐམས་ཅད་བཏོན་པར་བྱ། །ཆུ་མིག་སྟེང་དུ་ཁ་གབ་བཀབ་སོགས་བཤིགས། །རླུང་ལྷ་ཆར་བཀག་གནོད་བྱེད་མནན་པ་བཏོན། །ཚོན་སྐུད་བཀྲོལ་ལ་འདི་ལྟར་བཤགས་པ་བྱ། །རླུང་ལྷ་ལ་སོགས་གནོད་བྱེད་ཁྱེད་རྣམས་ལ། །བདག་གིས་མནན་ཅིང་གཟིར་བ་མཐོལ་ལོ་བཤགས། །རང་གི་ལུས་ལ་གནོད་པའི་དཔེ་ལོངས་ལ། །སེམས་ཅན་གཞན་ལ་གནོད་པ་མ་བྱེད་ཅིག །ད་ནི་ཐམས་ཅད་རང་རང་གནས་སུ་དེངས། །ཝཱ་ཡ་བེ་སརྦ་བིག་ནཱན་གཙྩ། །ཞེས་བརྗོད་ལིངྒ་རླུང་ཁར་ལན་གསུམ་གཡུགས། །དེ་ནས་གཟའ་ཀླུའི་གཟུགས་དང་སྦལ་པ་ཡང་། །ནང་གཞུག་ཤོག་དྲིལ་བླངས་ལ་ཚག་བྱ་ཞིང་། །རྒྱལ་ཐོའི་ཚ་ཚ་ཤོག་དྲིལ་ཚག་བྱའོ། །ལིངྒ་རྣམས་ཀྱང་ཚག་བྱ་རྗེས་སོར་མཁོ། །ཀླུ་གཟུགས་ཆུ་གནས་མཚོའམ་ཆུ་མིག་སྦ། །ཤིང་ལོས་བཀབ་ལ་བྱ་ཁྱིས་མི་ལོན་བྱ། །སྦལ་གཟུགས་གཉིས་ལ་ཁྲག་ཐུན་འགོས་ཡོད་པས། །ཆུ་ལ་མི་འགྲོའི་བྲག་གསེབ་ས་ཕུག་པོ། །ཀླུ་དང་གཞི་བདག་གཏོར་མ་དེ་རྣམས་ནི། །ད་རུང་འབབ་འདོད་ཆུ་ཡི་ནང་དུ་འབུལ། །དེ་ནས་མི་འབབ་འདོད་ན་གཙང་སར་འབུལ། །འབབ་འདོད་ཆུ་ཡི་མཚོ་ཆུང་དེ་གར་སྒྱུར། །ཆར་འདོད་མཚོ་ཆུང་བཏང་ལ་མེད་པར་བྱ། །ཕུར་བུ་ཀུན་བཏོན་གྲལ་མལ་བཤིག་ཅིང་ཕྱགས། །ཀླུ་ཡི་བུམ་ཆུ་མཚོའམ་ཆུ་མིག་བླུག །རིགས་གསུམ་མགོན་


CMR037_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བུམ་ཆུ་དེ་ཡིས་ནི། །རང་དང་ཆར་གཡོག་ཁྲུས་བྱ་ཁོག་ཏུ་འཐུང་། །རང་གཞན་བསྡད་མལ་རྣམས་སུའང་གཏོར་བར་བྱ། །དེ་ནས་བསྔོ་བ་སྨོན་ལམ་རྩེ་གཅིག་བཏབ། །ན་མོ། ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་དང་། །པད་འབྱུང་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས། །ཐུགས་རྗེའི་དབང་གིས་གསན་ཅིང་དགོངས་སུ་གསོལ། །བདག་གིས་ཆར་པ་ཕབ་པའི་དགེ་བ་འདིས། །མུ་གེའི་འཇིགས་པས་ཉེན་པའི་མི་རྣམས་ལ། །ལོངས་སྤྱོད་ཟང་ཟིང་སྦྱིན་པར་འགྱུར་བར་ཤོག། །ཚད་པས་གདུང་བའི་འབུ་སྲིན་སེམས་ཅན་ལ། །མི་ཀྱི་འཇིགས་སྐྱབས་ཀྱི་སྦྱིན་པར་འགྱུར་བར་ཤོག །ཀླུ་དང་གཉན་དང་ས་བདག་ཐམས་ཅད་ལ། །དམ་པའི་ཆོས་ཀྱི་སྦྱིན་པར་འགྱུར་བར་ཤོག །བདག་དང་བདག་གི་ཆར་གཡོག་བྱེད་རྣམས་དང་། །ཆར་ཞུས་བྱེད་པའི་རྒྱུ་སྦྱོར་ཡོན་བདག་དང་། །ཆར་པ་འབེབས་བྱེད་ས་བདག་ཀླུ་གཉན་དང་། །ཆར་པས་ཁྱབ་པའི་སེམས་ཅན་སྲོག་ཆགས་ཀུན། །འདི་ནས་ནམ་ཞིག་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་གྱི་ཞིང་དུ་བརྫུས་སྐྱེས་ཏེ། །ལུས་རྟེན་དེ་ལ་མངོན་པར་སངས་རྒྱས་ཤོག །དཀོན་མཆོག་རིན་ཆེན་གསུམ་དང་རྩ་བ་གསུམ། །


CMR037_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་གནས་དམ་པ་རྣམས་ཀྱི་བཀྲ་ཤིས་ཤོག །རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་བདག །ཡི་དམ་རིགས་གསུམ་མགོན་པོའི་བཀྲ་ཤིས་ཤོག །ལྷ་སྲིན་དྲག་པོ་འདུལ་བའི་སྟོབས་མངའ་བ། །ཨོ་རྒྱན་རིན་པོ་ཆེ་ཡི་བཀྲ་ཤིས་ཤོག །སར་གནས་སེམས་དཔའ་འགྲོ་ལ་ཕན་བྱེད་པ། །སྤྲུལ་པའི་ཀླུ་རྒྱལ་རྣམས་ཀྱི་བཀྲ་ཤིས་ཤོག །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །དེ་ནས་རྫོགས་རིམ་སྟོང་ཉིད་བསྒོམ་པ་ནི། །སྣོད་བཅུད་ཐམས་ཅད་འོད་ཞུ་བདག་ལ་ཐིམ། །བདག་ཉིད་ཐུགས་རྗེ་ཆེན་པོ་འོད་དུ་ཞུ། །ཧྲཱིཿལ་ཐིམ་ཞིང་དེ་ཡང་མི་དམིགས་པ། །རང་རིག་སྤྲོས་བྲལ་ཆོས་སྐུ་རྗེན་པར་བུད། །རང་གིས་སྟོང་ཉིད་ཐུན་གཅིག་བསྒོམ་པའི་ཚེ། །ཆར་གཡོག་རྣམས་ཀྱིས་ཁལ་བཀལ་འགྲོ་རན་ཙ། །ཧཱུྃ། རང་ཉིད་སྟོང་པའི་ངང་ལས་སྒྱུ་མའི་སྐུ། །རྟ་མགྲིན་དམར་པོ་དབྱུག་ཐོ་སྡིགས་མཛུབ་ཅན། །རྟ་དབུ་འཚེར་ཞིང་བ་སྤུ་ཁྱུང་གིས་གཏམས། །ཐུགས་དབུས་ཧིནང་ཚར་གཡོག་ཁལ་རྟ་ཚུད། །མེ་འབར་གར་སྟབས་དང་བཅས་འགྲོ་བར་གྱུར། །ཨོཾ་བཛྲ་ཀྲོ་དྷ་


CMR037_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ཡ་གྲི་ཝ་བདག་ཅག་འཁོར་བཅས་སྲུངས་ཤིག་རཀྵ་རཀྵཿ དེ་ནས་ཚུར་ཟད་ཕྱིན་ལ་ཐོ་གཅིག་བྱ། །དེ་ན་ཁྲོ་ཡིག་གཅིག་ཀྱང་བྲི་བྱས་ལ། །ཁྲོ་ལས་ཐོ་ཉིད་བྱ་ཁྱུང་མཐིང་ནག་ནི། །ཁ་གདངས་མིག་བསྒྲད་རལ་གྲིའི་གཤོག་པ་གདེངས། །ཕར་ལ་ཞལ་གཟིགས་རྗེས་ཁྱི་སྲུང་བར་གྱུར། །ཨོཾ་ཁྲོ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། །ཅེས་བསྒོམ་ཁྱུང་སྔགས་དེ་ཉིད་འདོན་ཞིང་འོང་། །དེ་ནས་རང་གཞན་ཁྱིམ་དུ་འགྲོ་བས་ཆོག །འདི་མིན་སོང་ན་འགྲིམ་སྣ་གནོད་འཚེ་འོང་། །དེ་ནས་རྒྱུན་དུའང་ཆར་འབོད་བྱས་པ་དེ། །རང་གི་ཡོན་བདག་ཡིན་སྙམ་འདུན་པ་བྱ། །ཨེ་མ་གསར་རྙིང་ཆར་འབོད་མཐའ་ཡས་གྲངས་མང་ཡང་། །ཟབ་ལ་ཚན་ཆེ་བདུད་རྩི་བུམ་ཆུང་ཡིན།་་་།བླ་མ་དགོངས་འདུས་ལས་ཚོགས་ལོ་ཏོག་ཕན་བྱེད་ལྷན་ཐབས་དྲུག་གི་ནང་ཚན་ནོ། །དགུན་སྒྲུབ་ཐོན་ན་ལེགས་ཀྱང་ཐོན་པར་དཀའ། །གློ་བུར་ཆར་འབེབས་ཞི་དྲག་རྣམ་གསུམ་ཡང། །ཞི་འབོད་འཛམ་ཡང་མྱུར་དུ་འབབ་པར་དཀའ། །དྲག་འབོད་མྱུར་ཡང་ཝ་ཐོན་ཙམ་རེ་ཡིན། །དེ་བས་ཞི་དྲག་གསུམ་ཀ་གཅིག་དྲིལ་བས། །མྱུར་ལ་ཚན་ཆེ་ཟབ་ལ་རྒྱ་ཆེ་བ། །ཞལ་ཤེས་ཕྱག་ལེན་ཟབ་མོ་མང་པོས་བརྒྱན། །གཞན་ནས་ཁ་བསྐང་གང་དགོས་གཞུང་དུ་ཕབ། །དམིགས་པ་ཐམས་ཅད་གྱེར་སྒོམ་ཟིན་པར་སླ། །ཕྱག་ལེན་ཐམས་ཅད་བལྟས་ཆོག་གོ་བདེ་བ། །སྙིགས་དུས་ཆར་ཆུ་དུས་སུ་མི་འབེབས་ཤིང་། །མན་ངག་ཕྲན་བུ་ཐམས་ཅད་སྣ་རྡུགས་


CMR037_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །ལྷ་སྲིན་ནག་ཕྱོགས་ཤུགས་ཆེ་དཀར་ཕྱོགས་ཉམས། །ཆར་ཆུ་མེད་པས་མུ་གེ་དར་བའི་དུས། །འགྲོ་ལ་ཕན་བསམ་བལྟས་ཆོག་ཉིད་དུ་བཀོད། །འདི་ལ་འགལ་འཁྲུལ་ཉེས་པའི་ཆ་མཆིས་སམ། །སྦ་འོས་གསལ་བཀོད་ཉེས་པ་མཆིས་སྲིད་ན། །པད་འབྱུང་རྩ་གསུམ་ཀླུ་དབང་ཚོགས་ལ་བཤགས། །དགེ་བས་འཇིག་རྟེན་བདེ་ཞིང་ལོ་ལེགས་ཤོག །དེ་སྐད་རཱ་ག་ཨ་སྱ་ཞེས་བྱས་སྨྲས། །དཔེ་འདི་རྒྱ་ཆེར་འཕེལ་ཞིང་མི་ནུབ་པར། །སེམས་ཅན་དཔག་མེད་རྣམས་ལ་ཕན་གྱུར་ཅིག །མངྒ་ལཾ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR037_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ནཱ་ག་རཱ་ཙ་ས་མ་ཡ་ཛཛཿ ཕྲོམ་ཕྲོམ་ཕོབ་ཕོབ། །ནཱ་ག་རཱ་ཙ་ཆར་ཕོབ་ཕོབ། ནཱ་ག་རཱ་ཙ་རྦད་རྦད་ཆར་ལ་རྦད། ནཱ་ག་རཱ་ཙ་རྡུད་རྡུད་ཆར་ལ་རྡུད། ནཱ་ག་རྭ་ཙ་སྐུལ་སྐུལ་ཆར་ལ་སྐུལ། བྷ་རི་ཤ་ཡ་པ་ཏ་ཡ་མྱུར་དུ་ཕོབ། ནཱ་ག་རཱ་ཙ་ཁྲོམ་ཁྲོམ། ཧྲིལ་ཧྲིལ། ཤར་ཤར། ཕོབ་ཕོབ། ཨོཾ་ནཱ་ག་ཏ་ལི་ནན་ཧཱུྃ་ཕཊ། ༈ ཨོཾ་བཛྲ་པཱ་ཎི་ཧཱུྃ། བཛྲ་ག་རུ་ཊ་ཧཱུྃ། རཱ་ཧུ་ལ་ནཱ་ག་རཱ་ཙ་ཕུ༔ ས་མ་ཡ་ཛཛཿ ནཱ་ག་གྲུ་ནཱ་ག་གྲུ་དྲག་པོར་ཕོབ། མགོ་ལ་ཐུན་ཁྲག་ཕོབ། པྲ་ཏ་ཡ། པྲ་ཏ་ཡ། ཨཱ་ཝེ་ཤ་ཡ། ཨཱ་ཝེ་ཤ་ཡ། བྷ་རི་ཤ་ཡ། བྷ་རི་ཤ་ཡ། འུ་ཤི་ཤ་ཡ། འུ་ཤི་ཤ་ཡ། ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། ནཱ་ག་ནཱ་ག་དུག་ཁྲག་ཕོབ། ནཱ་ག་ནཱ་ག་ཆར་ཕོབ། ནཱ་ག་ཁྲག་ཐུན་དྲག་པོར་ཕོབ། ནཱ་ག་སྤུ་སྤུ། ནཱ་ག་ཧཱུྃ་ཧཱུྃ། ནཱ་ག་ཕུ༔ ས་མ་ཡ་དམ་ཛཿ ལྷ་སྲིན་སྡེ་བརྒྱད་ཀྱིས་ཆར་མྱུར་དུ་ཕོབ་ཅིག། །།

ཆར་འབེབས་གཟུངས།


CMR037_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཏདྱ་ཐཱ། དྷཱ་ར་ཎི་དྷཱ་ར་ཎི། ཨུཏྟཱ་ར་ཎི། སཾ་པྲ་ཏིཥྛི་ཏེ། བི་ཛ་ཡ་བཎ། སཏྱ་པྲ་ཏི་ཛྙཱ་ན་ས་ར་ཧ། ཛྙཱ་ན་པ་ཏི། ཨུད་དེ་པཱ་ད་ནཾ་བི་ནཱ་མ་ནི། ཨ་བྷི་བྱུ་ཧཱ་ར། ཤུ་བྷ་བ་ཏི། ཨ་ཛི་མ་ཏུ། ཨེ་ཧི་ཀུ་མ་བ་ལ་ནི། བ་ཧ་ཧཱ་རཀེ་ཤན། དྷུ་ན་པཱ་པཾ། ཤོ་དྷ་ཡ་མརྒ་ཎ། ནི་ར་ཏི་ཀ །དྷརྨ་ཏཱ་ཤུདྨ། ར་ཙ་ས། དུབྷཁ་ཤ་མ་ན་སརྦ་བུདྡྷ། ཨ་ཝ་ལོ་ཀ་ན་ཨ་དྷིཥྛི་ཏེ། པྲ་ཛྙཱ་ཛྙཱ་ན་བྷེ་སྭཱ་ཧཱ། གཟུངས་འདུས་ཝཾ་ལས་བཤུས་སོ། །ཀླུ་ལ་བདེ་བ་སྦྱིན་པའི་གཟུངས་དགེ། །།

ཆར་འབོད་ཉེར་མཁོ་ཟབ་ཅིང་སྟབས་བདེ་བདུད་རྩིའི་སྤྲིན་ཆེན།


CMR037_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་འབོད་ཉེར་མཁོ་ཟབ་ཅིང་སྟབས་བདེ་བདུད་རྩིའི་སྤྲིན་ཆེན་བཞུགས། །


CMR037_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཆར་འབོད་ཉེར་མཁོཟབ་ཅིང་སྟབས་བདེ་བ་ནི། ནས་རྗེན་བཏགས་གཙང་མ་ལ་ཀླུ་སྨན་རུ་རྩི་གང་འཛོམ་བསྲེ། དབྱར་ཁ་ཡིན་ན་དུག་རིགས་མ་ཡིན་པའི་མེ་ཏོག་གང་འཛོམ་རྙེད་ཚད་བསྲེ། བ་དཀོར་ར་དཀར། བ་དམར་མོ་དང་འབྲི་ཟལ་མོ་གང་རུང་གི་འོ་མ་རྙེད་ན་རབ། མ་རྙེད་ནའང་འོ་མ་གང་འཛོམ་གྱིས་སྦྲུས། གྲིབ་སྐམ་བྱས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ནཱ་ག་ཀཱ་ལ་ནཱ་ག་ཀཱ་ལ་བྷ་རི་ཤ་ཡ་བྷ་རི་ཤ་ཡ་སྭཱ་ཧཱ། ཞེས་འདི་ལ་ཁྲི་ཚོ་ཙམ་སྔགས་ལ་ཕུས་གདབ། མཆིལ་མ་དང་ཁ་རླངས་མ་སོང་བར་བྱ། རིལ་བུ་བརྒྱ་རེ་ཟེར་བ་ཡོད་ཀྱང་རིལ་བུ་རེ་ཟུང་གྲོ་ག་ཤུག་ཤུན་ནམ་རས་སུ་བཏུམ། ཆུ་མིག་གང་བཟང་རྣམས་སུ་བཅུག་རྒྱུ་བསྐུར། ཚུར་ལེན་མི་དགོས་པས་


CMR037_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་རྣམས་སུ་རྡོ་ལ་བཏགས་ནས་འཕེན་བཅུག །ཞག་གསུམ་ལས་མི་འགྱང་བར་འབབ་གསུངས། རྒྱལ་བ་རྒྱ་མཚོ་དང་དགོངས་འདུས་གཉིས་ཀའི་ལས་ཚོགས་ཡིན། དཀར་གཏོར་དང་ཀླུ་སྨན་མཚོའམ་ཆུ་མིག་ཏུ་ཕུལ། དེ་བྱ་ཁྱིས་མ་ཟོས་པར་བྱ། དགོངས་གཏེར་གྱི་ཆར་འབོད་ཤིན་ཏུ་ཟབ་པ་ནི། རང་ཉིད་ཕྱག་ན་རྡོ་རྗེར་གསལ་བའི་ཐུགས་ཀ་ནས་མེ་འཕྲོས་པས་ཆུ་མིག་ཐམས་ཅད་མེ་དཔུང་དུ་གྱུར་པས། ཀླུ་ཐམས་ཅད་ནམ་མཁར་སོང་ནས་ཆར་པའི་རང་བཞིན་གྱི་ཆུའི་རྐྱལ་པ་མང་པོ་བྱོས་པར་བསམས་ལ། ན་མབཛྲ་པཱ་ཎི། ཏདྱ་ཐཱ། ནཱ་ག་ས་ཏཱ་ནཱ་ག་རཱ་ཙ་ནཱ་ག་ནཱ་གི་བྷ་རི་ཤ་ཡ་ཕོབ་ཕོབ། དེས་འབེབས་ངེས་སོ། །ས་མ་ཡ། རྒྱ་རྒྱ་


CMR037_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ། གནམ་ཆོས་ལུགས་ལ་དེ་ལས་ཟབ་པ་མེད། །གཞན་ཡང་། ན་མབཛྲ་པཱ་ཎི། ཏདྱ་ཐཱ། ནཱ་ག་སརྦ་ནཱ་ག་རཱ་ཙ་ནཱ་ག་ནཱ་གི་བྷ་རི་ཤ་ཡ་ཕོབ་ཕོབ། མང་བཟླས་ཐེ་ཚོམ་མེད་དོ་ལག་བླང་ཟབ་བོ། ༈ །གཅོད་ལུགས་ཟབ་ཅིང་སྟབས་བདེ་བ་ནི། །ལུས་སྦྱིན་དམིགས་པ་དམར་འགྱེད་བྱས། །རང་གི་པགས་པ་བཏིང་པས་འཛམ་གླིང་ཁྱབ། །དེའི་སྟེང་དུ་ཀླུ་དང་གཞི་བདག་ལྷ་འདྲེ་ཐམས་ཅད་ཁྲོམ་ལྟར་འདུས་ཤ་ཁྲག་རང་རང་གིས་ཅི་འདོད་པའི་ལོངས་སྤྱོད་དུ་གྱུར་ནས་བྱིན་པས་དགའ་མགུ་ཡི་རང་། རང་ཁྲོས་མའམ་ཕག་མོ་རི་རབ་ཙམ་དུ་གྱུར་པའི་ཞལ་ནས་ད་ལྟ་ཉིད་དུ་ཆར་ཕོབ་ཅེས་བཀའ་བསྒོས་པས། ལྷ་འདྲེ་ཐམས་ཅད་ཀྱི་བུ་ག་དགུ་དང་བ་སྤུ་ཐམས་ཅད་ནས་ན་བུན་ཆར་ཞོད་ཕྱུ་རུ་རུ་བྱུང་། འཇིག་རྟེན་སྤྱི་དང་རང་གིས་འདོད་པའི་ས་དེར་ཆུ་སྐྱོགས་ཆེན་པོས་སྔོ་ལྟེམ་ལྟེམ་གང་བར་བསྒོམ་དམིགས་པ་གསལ་ཞིང་བརྟན་ན་ཞག་གསུམ་ལས་འགྱང་མི་སྲིད་པར་གསུངས། དགོང་མོ་རང་སེང་གདོང་མར་བསྒོམ་པའི་ཞབས་འོག་ཏུ་རླུང་ལྷ་དང་ཆར་བཀག་པའི་འདྲེ་ངན་ཐམས་ཅད་ཚུད་པ་ཞབས་ཀྱིས་མནན་པས་ཁབ་ས་ལ་བརྡབ་པ་ལྟར་རིམ་དགུ་ས་ཡི་འོག་ཏུ་སོང་བར་བསྒོམ། སེང་གདོང་མའི་སྔགས་ཕྲེང་སྐོར་དང་ཐལ་རྡེབ་བྱ། ཆར་བབས་ནས་གཏང་རག་དཀར་གཏོར་ཕུལ། རང་སྤྱན་རས་གཟིགས་ཁ་སར་པཱ་ཎི་ནམ་མཁའ་ཁྱབ་པའི་ཕྱག་གཡས་ནས་བདུད་རྩི་འོ་མ་ལྟ་བུ་ཆུ་ཆེན་ལྟར་བབ། དེ་ལ་ཀླུ་དང་གཞི་བདག་ཐམས་ཅད་ཀྱིས་ཁྲུས་བྱས་པ་དང་འཐུང་བས། སོ་


CMR037_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

སོའི་ནད་དང་སྡུག་བསྔལ་ཐམས་ཅད་ཞི། བདེ་སྐྱིད་བཀྲག་མདངས་ཕུན་སུམ་ཚོགས། དགའ་ཞིང་ཡིག་དྲུག་འདོན་ཏེ་རང་གནས་སུ་སོང་བར་བསྒོམ། རྟོགས་ལྡན་སངས་རྒྱས་དར་རྒྱས་དང་། སྟོབས་བཅུ་སོགས་ལ་ཕན་པའི་ཕྱིར་ཟབ་ཅིང་དོན་འདུས་གཏི་ཐུག་ཆོ་ག་རཱ་ག་ཨ་སྱས་ངག་ནས་སྨོད་པ་ལྟར་འོ་ཁྲོ་དགེ་སློང་ཤྲཱི་ནས་བྲིས་པ་འགྲོ་དོན་དཔག་ཏུ་མེད་པར་གྱུར་ཅིག། ༈ སྤྲིན་ཆེན་པོའི་མདོ་སྡེའི་དོན་བསྡུས་ཆར་འབེབས་སྨོན་ལམ་བདེན་སྟོབས་བཞུགས་སོ།། ན་མོ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འགྲོ་དྲུག་སེམས་ཅན་ཐམས་ཅད་དང་། །ཁྱད་པར་ཀླུ་དང་ས་བདག་རྣམས། །སྡུག་བསྔལ་ཐམས་ཅད་རྒྱུན་ཆད་ཅིང་། །བདེ་བ་ཀུན་དང་ལྡན་ནས་ཀྱང་། །ཆར་ཆུ་དུས་སུ་འབེབས་པ་དང་། །ལོ་ལེགས་འཇིག་རྟེན་བདེ་བའི་ཕྱིར། །བདག་གིས་ཆར་ཆེན་འབེབས་པར་བྱ། །སྤྲིན་གྱི་རིགས་ལས་བྱུང་བ་ཡི། །བྱིན་རླབས་བཀོད་པའི་གཟི་བརྗིད་ཀྱི། །སྙིང་པོར་སྤྲུལ་པ་སྣང་བྱེད་པ། །ཡེ་ཤེས་དཔལ་གྱི་ཆུ་ཡི་རྒྱུན། །སྤྲིན་གྱི་དཀྱིལ་འཁོར་དཔལ་དང་ལྡན། །གསེར་གྱི་འོད་ཟེར་སྣང་བྱེད་པ། །སྐྲ་ཡི་རྩེ་མོའི་ཆ་ཤས་གཅིག །ལས་བྱུང་རུས་དང་རིགས་ཀྱི་ནི། །དེ་བཞིན་གཤེགས་པ་རྣམས་ལ་འདུད། །བཅོམ་ལྡན་


CMR037_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་མཆོག །རྣམ་པར་སྣང་མཛད་སྙིང་པོ་ཅན། །སྤྲིན་ཆེན་པོ་ལ་ཕྱག་འཚལ་ལོ། །བདེ་གཤེགས་ཀླུ་རིགས་ལས་བྱུང་བའི། །སྤྲིན་གྱིས་མཛེས་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྲིན་གྱི་ཆུ་འཛིན་དང་། །དཔལ་ལྡན་སྤྲིན་གྱི་གཟི་བརྗིད་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་ཆེན་འབྱུང་བ་དང་། །རླུང་གི་དཀྱིལ་འཁོར་རྣམ་འཇོམས་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་ནམ་མཁའ་དཔག་མེད་དང་། །སངས་རྒྱས་མཐུ་རྩལ་དཔའ་བོ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །དེ་བཞིན་གཤེགས་པ་འབྲུག་སྒྲོག་དང་། །སངས་རྒྱས་སྤྲིན་ཀུན་སྟོན་པ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་གྱི་ཆུ་ཟག་དང་། །སངས་རྒྱས་སྤྲིན་རྣམ་སྦྱོང་བ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་གྱི་སྒྲ་དང་ནི། །སྤྲིན་འདྲའི་ན་བཟའ་མནབས་པ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སྤྲིན་གྱིས་ལོ་ཏོག་མངོན་སྐྲུན་དང་། །སངས་རྒྱས་སྦྱིན་གནས་ལ་གནས་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །


CMR037_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སྤྲིན་གྱི་སྟོབས་སྒྲུབ་དང་། །སངས་རྒྱས་སྤྲིན་ལྟར་མཐོ་བ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །བདེ་གཤེགས་སྤྲིན་ནི་རྣམ་པར་འཐོར། །སངས་རྒྱས་སྤྲིན་ཆེན་ཨུཏྤལ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་ཆེན་སྤོས་ཀྱི་སྐུ། །སངས་རྒྱས་སྤྲིན་ཆེན་འཕགས་པ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་གྱི་དབང་ཕྱུག་དང་། །སྤྲིན་ཆེན་འོད་ཀྱི་འབྱུང་གནས་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །བདེ་གཤེགས་སྤྲིན་གྱི་ས་བོན་དང་། །ནོར་བུ་རིན་ཆེན་ཆེ་སྤྲིན་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་ཆེན་གློག་འབར་དང་། །སྤྲིན་ཆེན་མཐུ་རྩལ་དཔལ་ལ་ནི། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །དེ་བཞིན་གཤེགས་པ་སྤྲིན་མཛེས་དང་། །སངས་རྒྱས་སྤྲིན་འཐིབས་ཆེན་པོ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སྤྲིན་གྱི་དཀྱིལ་འཁོར་ཆེན་པོ་དང་། །དེ་བཞིན་གཤེགས་པ་སྤྲིན་འོད་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་ཆེན་སེང་གེ་དང་། །བདེ་


CMR037_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སྤྲིན་ཆེན་གདུགས་ལ་ནི། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་ལྟ་མཛེས་སྤྲིན་ཆེན་དང་། །སྤྲིན་ཆེན་པོ་ཡིས་ཁེབས་པ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སྤྲིན་འབྱུང་སྣང་བྱེད་དཀྱིལ་འཁོར་ནི། །ཕྱོགས་བཅུར་མཐོ་འགེབས་རྔའི་སྒྲ་དབྱངས། །ཤིན་ཏུ་རབ་སྒྲོགས་དེ་ལ་ནི། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སྤྲིན་ཆེན་བསིལ་འབྱུང་དགའ་རབ་ཏུ། །འབྱུང་བའི་སྒྲ་ཟབ་སྒྲོག་པ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་ཆེན་བརྡལ་བ་དང། །སྤྲིན་ནི་རྣམ་པར་འདུལ་བ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །དེ་བཞིན་གཤེགས་པ་སྤྲིན་གྱི་ཆུ། །དེ་བཞིན་གཤེགས་པ་སྤྲིན་སྡུད་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །དུས་མིན་སྤྲིན་དང་ལྕེ་འབབ་འཇོམས། །སྤྲིན་ཆེན་ནམ་མཁའི་མཐོང་བསྒྲག་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་སྤྲིན་ཆེན་སྒྲ་འབྱིན་དང་། །སྤྲིན་ཆེན་ཆར་གྱི་ཆུ་སྐྱེས་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་གཟི་བརྗིད་སྒྲུབ་པའི་སྤྲིན། །བདེ་གཤེགས་ཆུ་གྲགས་སྤྲིན་


CMR037_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སངས་རྒྱས་ཆུ་སྐྱེས་ཆེ་སྤྲིན་དང་། །སྤྲིན་ཆེན་རྒྱ་མཚོ་འགེངས་པ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །ཆར་མི་འབེབས་ན་སྤྲིན་ཆེན་འགེབས། །སངས་རྒྱས་སྤྲིན་གཟུགས་མཐའ་ཡས་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སྤྲིན་ཆེན་རྣམ་སྒྲུབ་འཛམ་བུའི་སྟོབས། །སྒྲུབ་པའི་གཟི་བརྗིད་འོད་ཟེར་གྱི། །འབྱུང་གནས་སྤྲིན་གྱི་འོད་ཟེར་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་འདས། །བདེ་གཤེགས་ཀླུ་དབང་རྒྱལ་པོ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །ཀླུ་ཡི་རྒྱལ་པོ་གཡོག་མཐའ་ཡས། །རྒྱ་མཚོའི་སྤྲིན་བཀོད་སངས་རྒྱས་ཀྱི། །དཀྱིལ་འཁོར་གདུགས་ལྟར་རྒྱལ་པོ་ལ། །ཕྱག་འཚལ་ཀླུ་སྨན་སྣ་ཚོགས་མཆོད། །འཇམ་པའི་དབྱངས་ཀྱི་རྣམ་པར་འཕྲུལ། །ནཱ་ག་རཀ་མི་མགོན་དཀར། །ཀླུ་ཡི་རྒྱལ་པོ་འཇོག་པོ་ལ། །ཕྱག་འཚལ་ཀླུ་སྨན་སྣ་ཚོགས་མཆོད། །སྤྱན་རས་གཟིགས་ཀྱི་རྣམ་པར་འཕྲུལ། །ཆུ་བདག་ཝ་རུ་ཎ་ཉིད་དང་། །ཀླུ་ཡི་རྒྱལ་པོ་ནོར་རྒྱས་ལ། །ཕྱག་འཚལ་ཀླུ་སྨན་སྣ་ཚོགས་


CMR037_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། །ཕྱག་ན་རྡོ་རྗེའི་རྣམ་པར་འཕྲུལ། །ཀླུ་ཡི་རྒྱལ་པོ་དགའ་བོ་ལ། །ཕྱག་འཚལ་ཀླུ་སྨན་སྣ་ཚོགས་མཆོད། །ནམ་མཁའི་སྙིང་པོའི་རྣམ་པར་འཕྲུལ། །མཁར་ནག་དགེ་བསྙེན་སྨྱོ་ཁ་ལ། །ཕྱག་འཚལ་ཀླུ་སྨན་སྣ་ཚོགས་མཆོད། །ས་དྲུག་ལ་གནས་སེམས་དཔའ་ཆེ། །ཀླུ་རྒྱལ་སོག་མ་མེད་དེ་ལ། །ཕྱག་འཚལ་ཀླུ་སྨན་སྣ་ཚོགས་མཆོད། །མཐའ་ཡས་ལ་སོགས་ཀླུ་ཆེན་བརྒྱད། །བཙུན་མོ་སྲས་དང་གཡོག་འཁོར་ལ། །ཕྱག་འཚལ་ཀླུ་སྨན་སྣ་ཚོགས་མཆོད། །མ་དྲོས་དང་ནི་གཟི་ཆེན་དང་། །ཁམས་ཀྱི་བྱ་ཐུལ་ལ་སོགས་པ། །བོད་ཡུལ་ཀླུ་རིགས་ཐམས་ཅད་ལ། །ཕྱག་འཚལ་ཀླུ་སྨན་སྣ་ཚོགས་མཆོད། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས། །དམངས་རིགས་གདོལ་པ་ས་བདག་རིགས། །སྣང་སྲིད་ཀླུ་རིགས་ཐམས་ཅད་ལ། །ཕྱག་འཚལ་ཀླུ་སྨན་སྣ་ཚོགས་མཆོད། །བདག་ཅག་མི་རྣམས་ཐམས་ཅད་ཀྱིས། །ཕོག་ཐུག་ཉེས་པ་གང་ཤོར་བཤགས། །ཤཱཀ་ཐུབ་གསང་བདག་པད་འབྱུང་དང་། །རྟ་མགྲིན་པཀི་ལ་སོགས་ཀྱི། །སྤྱན་སྔར་ཁས་བླངས་དམ་བཅས་པའི། །དམ་ཚིག་རྗེས་སུ་དྲན་མཛོད་ལ། །ཆར་གྱི་རྒྱུན་ཆེན་མྱུར་


CMR037_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཕོབ། །སྤྲིན་ཆེན་མདོ་ལས་གསུངས་པ་ཡི། །སངས་རྒྱས་དེ་རྣམས་བདེན་པ་ཡིས། །ཀླུ་རིགས་ཀུན་གྱི་སྡུག་བསྔལ་དང་། །ནད་དང་གནོད་པ་རྒྱུན་ཆད་ནས། །ཀླུ་རྣམས་བདེ་ཞིང་སྐྱིད་གྱུར་ཅིག །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི། །ཐུགས་རྗེ་ཐུགས་བསྐྱེད་བདེན་པ་དང་། །ཆོས་ཉིད་རྣམ་དག་བདེན་པའི་མཐུས། །ཆར་ཆེན་མྱུར་དུ་འབབས་གྱུར་ཅིག །འཇམ་དབྱངས་མཁྱེན་རབ་ཚད་མེད་དང་། །གསང་བདག་མཐུ་སྟོབས་ཚད་མེད་དང་། །སྤྱན་རས་གཟིགས་དབང་སྙིང་རྗེ་ནི། །ཚད་མེད་བདེན་པའི་བདེན་སྟོབས་ཀྱིས། །ཆར་གྱི་རྒྱུན་ཆེན་མྱུར་འབེབས་ཤོག །དགྲ་བཅོམ་ཉོན་མོངས་ཟད་བདེན་ཞིང་། །རང་རྒྱལ་རྟེན་འབྲེལ་རྟོགས་བདེན་ན། །དེ་ཡི་བདེན་པས་ཆར་ཆེན་ཕོབ། །བརྒྱ་བྱིན་ལག་གི་རྡོ་རྗེ་དང་། །ཁྱབ་འཇུག་ལག་གི་འཁོར་ལོ་དང་། །དྲག་པོའི་ལག་གི་མདུང་རྩེ་རྣམས། །ལྟ་གལ་ཏེ་ནུས་པར་ལྡན་བདེན་ན། །དེ་ཡི་བདེན་པས་ཆར་ཆེན་ཕོབ། །སྡུག་བསྔལ་བདེན་དང་ཀུན་འབྱུང་བདེན། །འགོག་པ་བདེན་ཅིང་ལམ་བདེན་ན། །བདེན་པས་ཆར་ཆེན་


CMR037_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས་གྱུར་ཅིག །སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས། །གསང་བདག་རྟ་མགྲིན་ཕྱག་རྡོར་གྱི། །གལ་ཏེ་དམ་ལ་གནས་བདེན་ན། །དམ་ཚིག་བདེན་པས་ཆར་རྒྱུན་ཕོབ། །མཁའ་ལྡིང་རྒྱ་མཚོ་ལས་རྒྱལ་ཞིང་། །ནོར་བུས་དགོས་འདོད་འབྱུང་བ་དང་། །ཉི་ཟླས་མུན་པ་སེལ་བདེན་ན། །བདེན་པས་ཆར་ཆེན་རྒྱུན་འབེབས་ཤོག །སངས་རྒྱས་ཆོས་དང་དགེ་འདུན་བདེན། །གསང་སྔགས་རིག་སྔགས་གཟུངས་སྔགས་བདེན། །སྙིང་པོ་སྔགས་དང་ཕྱག་རྒྱ་བདེན་། །བླ་མ་ཡི་དམ་མཁའ་འགྲོ་བདེན། །གཞི་དང་ལམ་དང་འབྲས་བུ་བདེན། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་བདེན། །རྒྱུ་འབྲས་བསླུ་བ་མེད་པ་བདེན། །དེ་དག་ཐམས་ཅད་བདེན་ངེས་ན། །བདེན་པས་མྱུར་དུ་ཆར་ཆེན་ཕོབ། །ཀླུ་རྣམས་ཐམས་ཅད་སྟོབས་ཆེ་ཞིང་། །ཁ་དོག་ལྡན་ཞིང་འོད་དང་ལྡན། །ལོངས་སྤྱོད་ཆེ་ཞིང་མཐུ་ཆེ་བ། །བདེན་ན་བདེན་པས་ཆར་ཆེན་ཕོབ། །ཁྱད་པར་གཟུངས་སྔགས་འདི་བརྗོད་པས། །ཀླུ་ཡི་སྡུག་བསྔལ་རྒྱུན་ཆད་ནས། །ཆར་ཆེན་མྱུར་དུ་འབེབས་པར་ཤོག །ཏདྱ་ཐཱ། དྷ་ར་ཎི་དྷཱ་ར་ཎཱི། ཨུཏྟཱ་ར་ཎི། སཾ་པྲ་ཏིཥྛི་ཏེ། བི་ཛ་ཡ་བཎ། སཏྱ་


CMR037_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་ཏི་ཛྙཱ་ན་ས་ར་ཧ། ཛཱ་ན་པ་ཏི། ཨུད་དེ་པཱ་ད་ནཾ་བི་ནཱ་མ་ནི། ཨ་བྷི་ཥི་ཙ་ནི། ཨ་བྷི་བྷ་ཧཱ་ར། ཤུ་བྷ་བ་ཏི། ཨ་ཛི་མ་ཏུ། ཨེ་ཧི་ཀུ་མ་བ་ལ་ནི། །བ་ཧ་ཧཱ་རཀྵ་ཤ་ན། དྷུ་ན་པཱ་པཾ། ཤོ་དྷ་ཡ་མཱརྒ་ཎ། ནི་ར་ཏི་ཀ །དྷརྨ་ཏཱ་ཤུདྡྷཾ། ལོ་ཀ་བི་ཏི་མི་ར་རཱ་ཙ་ས། དུཁ་ཤ་མ་ན་སརྦ་བུདྡྷ། ཨ་ཝ་ལོ་ཀ་ན་ཨ་དྷིཥྛི་ཏེ། པྲ་ཛྙཱ་ཛྷཱ་ན་བྷེ་སྭཱ་ཧཱ། ཞེས་དང་། ནཱ་ག་ཙ་ཏྲི་པ་ལ་ཛཿཧཱུྃ་བཾ་ཧོཿ ཨོཾ་ཕུ་ཏ་ཕུ་ཏ་མ་ཧཱ་ཀྲོ་དྷ་ཧཱུྃ། སིདྡྷི་སིདྡྷི་སྤོ་ཊ་ཡ་ཧཱུྃ་ཕཊ། བྷ་རི་ཤ་ཡ་ནཱ་ག་རཱཙ་ས་མ་ཡ། བྷ་རི་ཤ་ཡ་པྲ་མ་ནི་སྭཱ་ཧཱ། ཨོཾ་ཕུ་ནཱ་ག་ཤ་ཤ་ཕོབ། ཨོཾ་ཕེ་ནཱ་ག་ཤུ་ཤུ་ཕོབ། ཨོཾ་ཕུ་ནཱ་ག་ཧྲིང་ཧྲིང་ཕོབ། བྷ་རི་ཤ་ཡ་དྷ་ན་ནི་སྭཱ་ཧཱ། ལྷ་ཀླུ་སྡེ་བརྒྱད་ཀྱིས་ད་ལྟ་ཉིད་དུ་ཆར་ཆེན་ཕོབ་ཅིག་སྭཱ་ཧཱ། ཞེས་པ་འདི་སྤྲིན་ཆེན་པོའི་མདོ་སྡེའི་དོན་བསྡུས་ཏེ་ཆར་དཀོན་པའི་ཚེ། ཨ་རཱ་གས་བྲིས་ཏེ། རྒྱ་ནག་གླང་རྩིས་ལ་ཡང་ད་ལོ་སྔ་ཐན་ཕྱི་ཞོད་གསུངས་པ་ལྟར་དབྱར་སྟོད་ཐན་པ་ཆེ་བས་ཕན་པའི་སེམས་ཀྱིས་ཆུ་ཡོས་ས་ག་ཆེན་པོའི་ཚེས་བཅུ་ལ་བྲིས་པས་སེམས་ཅན་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་གྱུར་ཅིག །མངྒ་ལཾ།། །། ༈ ཆར་འབེབས་གསོལ་འདེབས་བདུད་རྩིའི་སྤྲིན་དཀར་བཞུགས། །ན་མོ་ལོ་ཀེ་ཤཱ་རཱ་ཡ། །ཀླུ་རྣམས་བདེ་ལ་འགོད་མཛད་


CMR037_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་འདས། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བྱིན་རླབས་ཆར་རྒྱུན་མྱུར་དུ་ཕོབ། །ཀླུ་ཡི་ལྟུང་བ་སེལ་མཛད་པ། །བདེ་གཤེགས་ཀླུ་དབང་རྒྱལ་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བྱིན་རླབས་ཆར་རྒྱུན་མྱུར་དུ་ཕོབ། །ཀླུ་ནད་ཐམས་ཅད་སེལ་མཛད་པ། །རིག་འཛིན་ནཱ་གཱརྫུ་ན་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བྱིན་རླབས་ཆར་རྒྱུན་མྱུར་དུ་ཕོབ། །ས་བཅུའི་དབང་ཕྱུག་ཀླུ་ཡི་རྒྱལ། །ལག་འགྲོ་ཆེན་པོ་གཡོག་མཐའ་ཡས། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བྱིན་རླབས་ཆར་རྒྱུན་མྱུར་དུ་ཕོབ། །བདེ་གཤེགས་ཀླུ་དབང་སྤྲུལ་པ་སྟེ། །ཀླུ་རྒྱལ་གཞོན་ནུ་གཏུམ་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བྱིན་རླབས་ཆར་རྒྱུན་མྱུར་དུ་ཕོབ། །ཨཱརྱ་པ་ལོའི་སྤྲུལ་པ་སྟེ། །ཆུ་བདག་ཆེན་པོ་ཝ་རུ་ཎ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བྱིན་རླབས་ཆར་རྒྱུན་མྱུར་དུ་ཕོབ། །འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་སྟེ། །ཀླུ་རྒྱལ་ཆེན་པོ་འཇོག་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བྱིན་རླབས་ཆར་རྒྱུན་


CMR037_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་དུ་ཕོབ། །གསང་བའི་བདག་པོའི་སྤྲུལ་པ་སྟེ། །ཀླུ་རྒྱལ་ཆེན་པོ་དགའ་བོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བྱིན་རླབས་ཆར་རྒྱུན་མྱུར་དུ་ཕོབ། །ཟླ་བའི་མདོག་ཅན་རྡོ་རྗེ་འཛིན། །ཡེ་ཤེས་ཀླུ་ཆེན་བརྒྱད་ཀྱིས་བསྐོར། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བྱིན་རླབས་ཆར་རྒྱུན་མྱུར་དུ་ཕོབ། །མ་དྲོས་ལ་སོགས་ཀླུ་ཡི་ཚོགས། །སྟོན་པའི་བཀའ་ལས་མ་འདའ་བར། །ཆར་གྱི་རྒྱུན་ཆེན་མྱུར་དུ་ཕོབ། །ལོ་ཕྱུགས་ལེགས་པའི་ཕྲིན་ལས་མཛོད། །གཟི་ཆེན་ལ་སོགས་ཀླུ་ཡི་ཚོགས། །པད་འབྱུང་བཀའ་ལས་མ་འདའ་བར། །ཆར་གྱི་རྒྱུན་ཆེན་མྱུར་དུ་ཕོབ། །ལོ་ཕྱུགས་ལེགས་པའི་ཕྲིན་ལས་མཛོད། །མཁར་ནག་ལ་སོགས་ཀླུ་ཡི་ཚོགས། །རང་བྱུང་རྒྱལ་བའི་བཀའ་མ་བཅག །ཆར་གྱི་རྒྱུན་ཆེན་མྱུར་དུ་ཕོབ། །ལོ་ཕྱུགས་ལེགས་པའི་ཕྲིན་ལས་མཛོད། །བྱིས་པའི་གཟུགས་ཅན་ལ་སོགས་ཀླུ། །ནམ་མཁའ་རྒྱལ་མཚན་བཀའ་མ་བཅག །ཆར་གྱི་རྒྱུན་ཆེན་མྱུར་དུ་ཕོབ། །ལོ་ཕྱུགས་ལེགས་པའི་ཕྲིན་ལས་མཛོད། །ཀླུ་གཉན་ས་བདག་སྣང་སྲིད་ཀུན། །ཨོ་རྒྱན་ཆེན་པོའི་དམ་མ་བཀྲལ། །ཚར་


CMR037_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྒྱུན་ཆེན་མྱུར་དུ་ཕོབ། །ལོ་ཕྱུགས་ལེགས་པའི་ཕྲིན་ལས་མཛོད། །ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི། །འཇིག་རྟེན་སྐྱོང་བར་ཁས་བླངས་ལྟར། །ཆར་གྱི་རྒྱུན་ཆེན་མྱུར་དུ་ཕོབ། །ལོ་ཕྱུགས་ལེགས་པའི་ཕྲིན་ལས་མཛོད། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། །ལྷ་དང་དྲང་སྲོང་བདེན་པའི་མཐུས། །ཆར་གྱི་རྒྱུན་ཆེན་མྱུར་དུ་ཕོབ། །ལོ་ཕྱུགས་ལེགས་པའི་ཕྲིན་ལས་མཛོད། །རླུང་ལྷ་ལ་སོགས་གདོན་གྱི་ཚོགས། །རྒྱལ་བའི་བཀའ་ལས་མ་འདའ་བར། །ཆར་ལ་བར་ཆད་མ་བྱེད་ཅིག །གལ་ཏེ་བཀའ་ལས་འདས་གྱུར་ན། །ཚེ་འདིར་མགོ་བོ་ཚལ་བརྒྱར་འགས། །ཕྱི་མ་མནར་མེད་སྡུག་བསྔལ་མྱོང་། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པའི་སེམས་སྤོངས་ཤིག ། ལྷ་ཀླུ་རྣམས་ཀྱིས་ཆར་འབེབས་ཤིང་། །འཇིག་རྟེན་བདེ་ཞིང་སྐྱིད་པ་དང་། །བཀྲ་ཤིས་ལོ་ལེགས་འཕེལ་བར་མཛོད། །ཅེས་ཆར་འབེབས་དུས་སྨྲས་པས་དེ་མ་ཐག་འབྲུག་སྒྲ་སྒྲོག་པ་ལ་སོགས་རྟེན་འབྲེལ་ལེགས་པར་བྱུང་ངོ་། །ཞེས་ཨ་རཱ་གས་སོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སྤྲིན་ཆེན་མདོ་བསྡུས།


CMR037_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྤྲིན་ཆེན་མདོ་ལས་གསུངས་པ་ཡི༔ ཨོཾ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྫོགས་པའི་སངས་རྒྱས་རྣམ་སྣང་སྙིང་པོ་ཅན་གྱི་སྤྲིན་ཆེན་དང་། ཀླུ་རིགས་ལས་བྱུང་སྤྲིན་གྱི་རྣམ་མཛེས་དང་། །སྤྲིན་ཆེན་ཆུ་འཛིན་སྤྲིན་གྱི་གཟི་བརྗིད་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས། །རླུང་དཀྱིལ་རྣམ་འཇོམས་སྤྲིན་དང་སྤྲིན་ཆེན་འབྱུང་། །ནམ་མཁའ་དཔག་མེད་སྤྲིན་ཆེན་གློག་འབར་དང་། །སྤྲིན་ཆེན་མཐུ་རྩལ་དཔའ་བོ་སྤྲིན་མཛེས་དང་། །སྤྲིན་གདུགས་ཆེན་པོ་སྤྲིན་གྱི་དཀྱིལ་འཁོར་ཆེ། །སྤྲིན་ཀ་འོད་དང་སྤྲིན་ཆེན་སེང་གེ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས། །སྤྲིན་ཆེན་ཁེབས་དང་སྤྲིན་ཆེན་གདུགས་ལྟར་སྟུག །སྤྲིན་བྱུང་སྣང་བྱེད་དཀྱིལ་འཁོར་རྔ་སྒྲ་སྒྲོག །སྤྲིན་རྣམས་རྒྱས་པ་སྤྲིན་ཆེན་ཨུཏྤལ་ལ། །སྤྲིན་ཆེན་སྤོས་སྐུ་སྤྲིན་ཆེན་དབང་ཕྱུག་དང་། །སྤྲིན་ཆེན་འོད་མཛད་སྤྲིན་ཆེན་ཕྱིན་རྣམས་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས། །ནོར་བུ་རིན་པོ་ཆེན་པོའི་སྤྲིན་ལྟ་བུ། །སྤྲིན་ལྟར་རྣམ་འཇོམས་སྤྲིན་གྱི་ཆུ་བ་དང་། །སྤྲིན་སྡུད་དུས་མིན་སྤྲིན་དང་ལྕེ་


CMR037_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

འབབས་འཇོམས། །སྤྲིན་ལྟར་ནམ་མཁའ་མཐོང་བ་སྤྲིན་སྒྲ་འབྱིན། །སྤྲིན་ཆེན་ཆར་སྐྱེས་ཆུ་འཐོར་སྤྲིན་རྣམས་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས། །གཟི་བརྗིད་སྒྲུབ་སྤྲིན་སྤྲིན་གཟུགས་མཐའ་ཡས་དང་། །རོ་བྲོ་དྲུག་ལྡན་ཆུ་ཆེན་སྤྲིན་རྣམ་སྒྲུབས། །སྤྲིན་ཆེན་རྒྱ་མཚོས་འགེངས་དང་སྤྲིན་འོད་ཟེར། །ཆར་མི་འབེབས་དུས་སྤྲིན་གྱིས་ཀུན་འགེངས་དང་། །སྤྲིན་བསིལ་མི་དགའ་རབ་འབྱམས་ཟབ་སྒྲོག་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས། །སྤྲིན་ཆེན་གདལ་བ་གང་གཱའི་ཆུ་སྤྲིན་དང། །རྩལ་གྱིས་སྤྲིན་ལྟར་དཔའ་བོ་འབྲུག་སྒྲོག་དང་། །སྤྲིན་སྟོན་སྤྲིན་རྒྱ་ཆེ་དང་སྤྲིན་འཛག་དང་། །སྤྲིན་ལྟར་རྣམ་སྒྲོག་སྤྲིན་འཕགས་སྤྲིན་ན་བཟའ། །སྤྲིན་གྱི་གདན་ལ་གནས་པ་རྣམས་ལ་ནི། །ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས། །སྤྲིན་འདུ་མཛད་དང་ཆར་སྤྲིན་གྱིས་ནི་སྤྲིན། །སྤྲིན་གྱི་ལོ་ཐོག་བསྐྱེད་དང་ཤཱཀ་ཐུབ་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས། །དེ་དག་རྣམས་ལ་ཕྱག་འཚལ་མཆོད་པའི་མཐུས། །སྟོང་གསུམ་ཁམས་དང་ཡུལ་འདིའི་ཀླུ་རྣམས་ཀྱི། །སྡུག་བསྔལ་


CMR037_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཆད་བདེ་བ་ཐམས་ཅད་ལྡན། །དུས་སུ་ཆར་འབེབས་ལོ་ཐོག་ལེགས་པར་ཤོག །ཀླུ་རྣམས་ཀུན་དང་སེམས་ཅན་ཐམས་ཅད་ཀུན། །བདེ་བ་ཀུན་ལྡན་སྡུག་བསྔལ་ཀུན་བྲལ་ཤོག །ཏདྱ་ཐཱ། དྷ་ར་ཎི་དྷ་ར་ཎཱི། ཨུཏྟཱ་ར་ཎི། སཾ་པྲ་ཏིཥྛི་ཏེ། བི་ཛ་ཡ་བ། སཏྱ་པྲ་ཏི་ཛྙཱ་ན་ས་ར་ཧ། ཛྙཱ་ན་པ་ཏི། ཨུད་དེ་པཱ་ད་ནཾ་བི་ནཱ་མ་ནི༔ ཨ་བྷི་ཥི་ཙ་ནི། ཨ་བྷི་བྱུ་ཧཱ་ར། ཤུ་བྷ་བ་ཏི། ཨ་ཛི་མ་ཏུ། ཨེ་ཧི་ཀུ་མ་བ་ལ་ནི། བ་ཧ་ཧཱ་རཀྵ་ཤ་ན། དྷུ་ན་པཱ་པཾ། ཤོ་དྷ་ཡ་མཱརྒ་ཎ། ནི་ར་ཏི་ཀ །དྷརྨ་ཏཱ་ཤུདྡྷ། ལོ་ཀ་བི་ཏི་མི་ར་རཱ་ཙ་ས། དུཉྩཁ་ཤ་མ་ན་སརྦ་བུདྡྷ། ཨ་ཝ་ལོ་ཀ་ན་ཨ་དྷིཥྛི་ཏེ། པྲ་ཛྙཱ་ཛྙཱ་ན་བྷེ་སྭཱ་ཧཱ། བདེ་བ་ཀུན་སྦྱིན་གཟུངས་འདི་བརྗོད་པའི་མཐུས། །ཀླུ་ཡི་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་ནས། །ཀླུ་ཡི་བདེ་སྐྱིད་ཐམས་ཅད་རབ་འཕེལ་ཏེ། །ཆར་ཆུ་དུས་འབེབས་ལོ་ཐོག་ལེགས་པར་ཤོག །རྣམ་སྣང་ལ་སོགས་སངས་རྒྱས་བྱང་ཆུབ་སེམས། །ཐམས་ཅད་ཀུན་ལ་གུས་པས་ཕྱག་འཚལ་ལོ། །དེ་དག་བདེན་པས་ཆར་པ་འབེབས་པ་ལ། །བར་ཆད་བྱེད་པ་ཐམས་ཅད་བསལ་དུ་གསོལ། །ཀླུ་ཆེན་འཁོར་


CMR037_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

གཡོག་བཅས་པ་ཐམས་ཅད་ཀུན། །དཀོན་མཆོག་གསུམ་དང་ཐུབ་བསྟན་དྲན་གྱིས་ལ། །བྱམས་དང་སྙིང་རྗེའི་སེམས་ཀྱིས་འདིར་གཤེགས་ལ། །འགྲོ་ལ་ཕན་ཕྱིར་ཆར་རྒྱུན་མྱུར་དུ་ཐོངས། །སྟོབས་ལྡན་གཟི་བརྗིད་ཆེ་བའི་ཀླུ་རྒྱལ་རྣམས། །རྒྱལ་བའི་བཀའ་བསྒོས་བྱིན་རླབས་དམ་བཅས་དང་། །རང་རང་ཆོས་དྲིན་ཆེ་བ་དྲན་གྱིས་ལ། །ཡུལ་ཕྱོགས་འདི་རུ་ཆར་ཆེན་མྱུར་དུ་ཕོབ། །དཀོན་མཆོག་གསུམ་དང་གསང་བདག་རྡོ་རྗེ་ཅན། །ཚངས་དང་བརྒྱ་བྱིན་ཉེ་དབང་རྒྱལ་པོ་བཞི། །ཀླུ་རྒྱལ་བརྒྱད་པོ་འཁོར་དང་བཅས་པ་ཡི། །བདེན་པ་ཆེན་པོས་མྱུར་དུ་ཆར་ཕོབ་ཅིག །སྤྲིན་འབྱུང་མ་སོགས་སྤྲིན་གྱི་ལྷ་མོའི་ཚོགས། །འབྲུག་སྒྲོག་ལ་སོགས་ཀླུ་ལ་བསྐུལ་མཛད་པ། །བདེར་གཤེགས་བྱིན་རླབས་སྟོབས་ཀྱིས་ཆར་ཕོབ་ཅིག །ཀླུ་རྣམས་མྱུར་དུ་བསྐུལ་བར་མཛད་དུ་གསོལ། །དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱིས། །བྱམས་དང་སྙིང་རྗེའི་ཐུགས་ཀྱིས་ཀླུ་རྣམས་བསྐུལ། །ཀླུ་རྒྱལ་གཡོག་མཐའ་ཡས་དང་རྒྱ་མཚོ་དང་། །མ་དྲོས་གཟིགས་ཅན་ཆུ་ལྷ་འཇོག་པོ་དང་། །ཡུལ་འཁོར་སྲུང་དང་བཏང་བཟུང་ནོར་རྒྱས་བུ། །ས་བསྲུང་བུ་དང་ནུ་


CMR037_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་དཔལ་གཟི་བརྗིད། །དཔལ་བཟང་གློག་འཕྲེང་གཙུག་ན་ནོར་བུ་ཆེ། །གཙུག་ན་ནོར་བུ་ཐོག་དང་སྣང་ལྡན་གཙུག །དེ་སོགས་ཀླུ་ཡི་རྒྱལ་པོ་ཐམས་ཅད་དང། །ཡང་དག་བསྐུལ་ལོ་ཆར་ཆེན་མྱུར་དུ་ཕོབ། །དུས་གསུམ་སངས་རྒྱས་ཀུན་གྱི་བདེན་པ་དང་། །བྱམས་པའི་ཐུགས་ཀྱིས་མྱུར་དུ་ཆར་ཕོབ་ཅིག །ན་མ་སརྦ་བྷུདྡྷ་བྱེ་སིདྡྷི་དྷེན་ཏུ་མན་ཏྲ་པ་ཏྲ་ནི་སྭཱ་ཧཱ། མདོ་སྡེ་སྤྲིན་ཆེན་པོའི་བསྡུས་དོན་ཆར་འབོད་དུས་སུ་བདེན་པའི་ཆེད་དུ་དགེ་སློང་རཱ་ག་ཨ་སྱ་ཞེས་བྱ་བས་སྦྱར་བ་ལ། ཉེས་པ་གང་མཆིས་རྒྱལ་བའི་སྤྱན་སྔར་འཆག་ཅིང་དགེ་བས་སེམས་ཅན་ཐམས་ཅད་མུ་གེའི་འཇིགས་པ་ལས་གྲོལ་ནས་ཆར་པས་ཁྱབ་ཚད་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཆར་འབེབས་ཤིན་ཏུ་ཉུང་བསྡུས།


CMR037_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་འབེབས་ཤིན་ཏུ་ཉུང་ངུ་བསྡུས་པ། ཆར་འབེབས་ཤིན་ཏུ་ཉུང་ངུ་ལས། །ཟབ་པའི་མཐར་ཐུག་ལག་ལེན་ཡིན། སྐྱབས་གནས་དཀོན་མཆོག་རྩ་གསུམ་ལ། །སྙིང་ནས་བདག་སོགས་སྐྱབས་སུ་མཆི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་འཕགས་པོ་བསྒྲུབ་པར་བགྱི། །ལན་གསུམ། ཨོཾ་སྭ་བྷ་ཝས་སྦྱངས། ཆོས་རྣམས་མི་དམིགས་སྟོང་པ་ཉིད། །སྟོང་པའི་ངང་ལས་པད་ཟླར་ཧྲཱིཿ །ཡོངས་གྱུར་བདག་ཉིད་སེང་གེའི་སྒྲ། །སྐུ་མདོག་དཀར་པོ་ལོངས་སྐུའི་ཆས། །ཕྱག་གཡས་རྩེ་གསུམ་སྦྲུལ་གྱིས་དཀྲིས། །གཡོན་པས་མཆོག་སྦྱིན་རལ་གྲི་དང་། །ཐོད་སྣོད་བཅས་ཤིང་སྟག་ཤམ་ཅན། །རོལ་སྟབས་སེང་གེ་དཀར་མོའི་སྟེང་། །རྒྱལ་བ་རིགས་ལྔའི་སྤྲིན་སྤྲོས་གྱུར། །གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས། །ཡེ་ཤེས་དབང་ལྷ་བཅས་པ་རྣམས། །སྤྱན་དྲངས་ཐིམ་ཞིང་དབང་བསྐུར་ནས། །འོད་དཔག་མེད་པའི་དབུ་རྒྱན་གྱུར། །ཨོཾ་ཨཱཙཱཧཱུསེང་ཧ་ན་དཱ་ཧཱུྃ་ཕཊ། མདུན་བསྐྱེད་ནི། ཨོཾ་སྭ་བྷཱ་ཝས་སྦྱངས། མདུན་བསྐྱེད་མི་དམིགས་སྟོང་པར་གྱུར། །སྟོང་པའི་ངང་ལས་རྒྱ་མཚོའི་དབུས། །རིན་ཆེན་ཁང་བཟང་དབུས་སུ་ནི། །པདྨ་


CMR037_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་བརྒྱད་ལྟེ་བར་ཕུཿ །དེ་ལས་ཆུ་བདག་ཝ་རུ་ཎ། །ཤར་དུ་མཐའ་ཡས་ལྷོར་འཇོག་པོ། །ནུབ་ཏུ་སྟོབས་རྒྱུ་བྱང་རིགས་ལྡན། །ཤར་ལྷོར་ནོར་རྒྱས་སྲིན་དུང་སྐྱོང་། །ནུབ་བྱང་པདྨ་རླུང་པད་ཆེན། །ཀུན་ཀྱང་མདོག་སྔོ་སྟོད་མི་ལུས། །སྐུ་སྨད་སྦྲུལ་འཁྱིལ་བུམ་པ་བསྣམས། །དར་དང་རིན་ཆེན་དུ་མས་བརྒྱན། །སྦྲུལ་མགོའི་གདེངས་ཀ་ཆར་སྤྲིན་དབུས། །ཀླུ་རིགས་དུ་མས་བསྐོར་བའོ། །རང་རང་མདུན་གྱི་ཐུགས་འོད་ཀྱིས། །ཀླུ་རྒྱལ་འཁོར་བཅས་སྤྱན་དྲངས་ཐིམ། །ནཱ་ག་ར་ཛ་སརྦ་ནཱ་ག་ནཱ་གི་ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། ཀླུ་རྒྱལ་འཁོར་དང་བཅས་པ་ལ། །ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །རིན་ཆེན་འབྲུ་དང་དར་ཟབ་མཛོད། །སྐྱེད་ཚལ་ཁང་བཟང་ཆུ་མཚོ་དང་། །ཉ་སྦལ་སྦྲུལ་ལྕོང་དཀོར་ནོར་རིགས། །ནད་སེལ་ཀླུ་སྨན་སྣ་ཚོགས་དང་། །དཀར་གསུམ་མངར་གསུམ་མཆོད་པ་འབུལ། །འཛམ་གླིང་སྤྱི་དང་ཁྱད་པར་དུ། །ས་ཕྱོགས་འདི་རུ་ཆར་གྱི་རྒྱུན། །ཕོབ་ལ་བཀྲེས་ཕོངས་ཞི་བར་མཛོད། །སརྦ་ནཱ་ག་རཱ་ཛ་ནཱ་ག་ནཱ་གི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤཔྟ་པྲ་ཏིཙྪ་ཡེ་སྭཱ་ཧཱ། སརྦ་པཱུ་ཛ་ཨཱཿཧཱུྃ། བསྟོད་པ་ནི། ཐུབ་པའི་


CMR037_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་སྔར་བསྟན་པ་སྲུང་བ་དང་། །འགྲོ་བའི་ཕན་བདེ་སྤེལ་བའི་གཡར་དམ་ཅན། །དམ་ལྡན་བུ་བཞིན་སྐྱོང་བའི་ཀླུ་ཆེན་དགུ། །ཡབ་ཡུམ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །བསྙེན་པ་ནི། ཕུནཱ་ག་རཱ་ཛ་སརྦ་ནཱ་ནི་སྭཱ་ཧཱ། ཅི་ནུས་བཟླའོ། །སྤྲིན་སྡུད་པ་དང་ཆར་དབབ་པ་ནི། སརྦ་མ་ཧཱ་མེ་གྷ་ཐིབ་ཐིབ། བྷ་རི་ཤ་ཡ་ཕོབ་ཕོབ། ཤར་ཤར། ཟིལ་ཟིལ། ཕྲོ་ཕྲོ། སྤྲིན་གཏིབས་གཏིབས། ཆར་ཕོབ་ཕོབ། ཕུནཱ་ག་རཱ་ཛ་ནཱ་ག་ནཱ་གི་ཏི་པ་ར་ཙ་ནཱ་ག་ཀ་ལ་བྷ་རི་ཤ་ཡ་ཕོབ་ཡ། ཞེས་དྲག་ཏུ་བཟླའོ། །གཏོར་མ་ཨོཾ་སྭ་བྷཱ་ཝས་སྦྱངས། ཨོཾ་ལས་རིན་ཆེན་སྣོད་དུ་ནི། །ཁཾ་ཞུ་གཏོར་མ་བདུད་རྩིར་གྱུར། །འདོད་ཡོན་ལྔ་ལྡན་གཏོར་མ་འདི། །ཀླུ་རྒྱལ་འཁོར་བཅས་དགྱེས་པར་རོལ། །ཨོཾ་སརྦ་ནཱ་ག་རཱ་ཛ་ནཱ་ག་ནཱ་གི་ས་པ་རི་ཝཱ་ར་ཨི་དམ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན། ཀླུ་རྒྱལ་འཁོར་བཅས་གཏོར་མ་འདི། །བཞེས་ལ་འཛམ་གླིང་ནམ་མཁའ་ལ། །སྤྲིན་བསྡུས་ཆར་གྱི་རྒྱུན་ཕོབ་ལ། །མུ་གེ་ཞི་དང་འབྲུ་འཕེལ་མཛོད། །ཅེས་ཟངས་ཀྱི་སྣོད་དུ་ཀླུ་སྨན་སྦྱར་བའི་ཆུ་སྦྱིན་ནི། ཨོཾ་བཱ་སུ་ཀི་ནཱཾ་སྭཱ་ཧཱ། བརྒྱ་རྩ་བརྒྱད་བཟླས་ལ། ཆུ་རྒྱུན་མ་ཆད་པར་བླུག །རླུང་


CMR037_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྤྲིན་གཏོར་ན། རླུང་ནོན་སྔགས་ནི། ཨོཾ་ཡཾ་ཡཾ་བཱ་ཡུ་དེ་ཝ་ཆར་ཡུ་ཆུར་ཡ་ནྟཾ་བྷ་ཡ་ནན། ཆར་ཡ་ནན། ཆུར་ཡ་ནན། བཱ་ཡུ་ནན་སྭཱ་ཧཱ། ཨོཾ་བ་ཡུ་དེ་ཝ་ཡཾ་ཡཾ་བྷནྡ་རླུང་མཱ་ར་། ཡ། མཱ་ར་ཡ་ཆར་བབ་པའི་བར་དུ་གཅོད་པ་ཐམས་ཅད་བྷནྡྷ་བྷནྡྷ་ནན། སྔགས་རྒྱས་པ་འདི་བརྒྱ་རེ་རྡོ་དཀར་ནག་ལ་བསྔགས་ལ། རླུང་གང་ནས་བྱུང་བ་ལ་གཏོར། །རྗེས་ཆོག་ནི། ཨོཾ་སིདྡྷ་ནཱ་ད་ན་ག་རཱ་ཛ་ནཱ་ག་ནཱ་གི་ཨརྒྷཾ་ནས། ཤཔྟ་པྲ་ཏིཙྪ་ཡེ་སྭཱ་ཧཱ། རྗེ་བཙུན་སྤྱན་རས་གཟིགས་དབང་དང་། །ཀླུ་རྒྱལ་འཁོར་བཅས་ཕྱག་འཚལ་ལོ། །ཆོ་ག་ལྷག་ཆད་ཉམས་པ་དང་། །ཐུགས་འགལ་ཉེས་རྣམས་བཟོད་པར་གསོལ། །བཀྲ་ཤིས་བརྗོད། ཆར་བབ་ན་ཀླུ་མཆོད་བྱ། ཆར་ཆོག་འདི་ཚིག་ཉུང་ཡང་དོན་ཤིན་ཏུ་ཚང་ཞིང་ཟབ་པར་ཡོད་དོ། །ཆར་འབེབས་ཟབ་ཅིང་སྟབས་བདེ་བ་ནི། དུག་རིག་མ་ཡིན་པའི་མེ་ཏོག་སྣ་ཚོགས་དང་། གླ་རྩི་གུ་གུལ་དུག་རིགས་མ་འདྲེས་པའི་སྨན་སྣ་ཚོགས། ཀླུ་གཏོར་ནང་ལ་ཡོད་པའི་སྨན་གང་འཛོམ། ནས་རྗེན་ཐག་ལ་བསྲེས། བ་དཀར་ར་དཀར་འབྲི་ཟལ་འོ་མ་འཛོམ་ན་རབ། མ་རྙེད་ན་འོ་མ་གང་འཛོམ་གྱིས་སྦྲུས། རིལ་བུ་སྲན་མ་ཙམ་བརྒྱ་སྟོང་གང་འགྲུབ་བྱ། སྔགས་འདི་ཁྲི་ཙམ་དུ་བཟླས་ནས་ཁ་རླངས་མ་སོང་བར་ཕུ་བཏབ་ལ་སྔགས། ཉི་མའི་ཟེར་ཙམ་མ་ཕོག་པར་གྲིབ་སྐམ་བྱས་ལ་འཚགས། དེ་ནས་ཆར་འབོད་དུས་


CMR037_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

རིལ་བུ་རེ་བཟུང་གྲོ་ཤོག་གམ་རས་སོགས་ཀྱིས་བཏུམ་ལ། མཚོ་དང་ཆུ་མིག་རྣམས་སུ་བཅུག །སྔགས་འདི་ཅི་མང་བཟླ་བར་བྱ། རང་ཉིད་ཕག་མོར་བསྒོམས་པས་ཆར་ཕོབ་ཅེས་བཀའ་བསྒོ་བར་བསྒོམ། ཨོཾ་བཛྲ་བེ་རོ་ཙ་ནི་ཡེ་ཧ་རི་ནི་ས་ནཱ་ག་ཀ་ལ་བྷ་རི་ཤ་ཡ་སྭཱ་ཧཱ། འབབ་དཀའ་བར་གྱུར་ན་ཁག་མང་དུ་སྦས། ཞག་གསུམ་ནས་འབབ་པར་གསུངས་ཏེ་མྱོང་བ་ལན་མང་དུ་འགྲུབ། ཅེས་པའི་ལས་ཚོགས་དེ་རྣམས་འོག་མིན་ཀརྨའི་དགེ་སློང་གིས་བསྐུལ་ངོར་རཱ་ག་ཨ་སྱས་སྨྲས་པ་དགེ་སློང་པདྨ་སྦྱིན་པས་བྲིས་པའོ། །འདི་མང་དུ་སྤེལ་ན་རང་གི་བསོད་ནམས་ལ་ཅུང་ཞིག་གནོད་པས་སྤེལ་ཚོད་རང་གིས་རིགས་པས་རྟོགས་དགོས། །བཀྲ་ཤིས། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

བདེན་སྟོབས་ཆར་འབོད།


CMR037_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་སྟོབས་ཆར་འབོད་བཞུགས་སོ།། ན་མོ། ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །གྲངས་མེད་བསྐལ་པར་ཕར་ཕྱིན་དྲུག་རྣམས་ལ། །བསླབ་ཅིང་ཐ་མ་མངོན་པར་སངས་རྒྱས་ཕྱིར། །དེ་ལྟར་གསུངས་པའི་ལོ་རྒྱུས་དེ་བདེན་ན། །དེ་ཡི་བདེན་པས་ཆར་ཆེན་མྱུར་དུ་ཕོབ། །ལམ་གྱི་མཆོག་གྱུར་དམ་པའི་ཆོས་ཡིན་ཞིང་། །ཚོགས་ཀྱི་ཞིང་མཆོག་འཕགས་པའི་དགེ་འདུན་ཡིན། །གསུངས་པ་དེ་བདེན་དེ་ཡི་བདེན་པའི་མཐུས། །།མྱུར་བ་ཉིད་དུ་ཆར་ཆེན་ཀྱིས་འབེབས་གྱུར་ཅིག །འཇིག་རྟེན་སྐྱོང་བའི་དཔལ་མགོན་བདུན་ཅུ་ཡི། །སོ་སོར་མཐུ་སྟོབས་གཟི་བརྗིད་ཆེར་བདེན་པ། །བདེན་ན་དེ་ཡི་བདེན་པས་ཆར་ཆེན་ཕོབ། །སྤྲིན་ཆེན་པོ་ཡི་མདོ་ལས་གསུངས་པ་ཡི། །སངས་རྒྱས་རྣམས་ཀྱིས་བདེན་པས་ཀླུ་རྣམས་ཀྱི། །ནད་དང་སྡུག་བསྔལ་ཐམས་ཅད་ཞི་གྱུར་ཅིག །སྔགས་བདག་ཀླུ་ཆེན་བརྒྱད་དང་རིགས་བཞིའི་ཀླུ། །ཡུལ་ཕྱོགས་འདིར་གནས་ཀླུ་རིགས་ཐམས་ཅད་ཀྱིས། །ཡུལ་ཕྱོགས་འདི་རུ་ཆར་རྒྱུན་མྱུར་དུ་ཕོབ། །གལ་ཏེ་ཆར་རྒྱུན་མྱུར་དུ་མི་འབེབས་ན། །ཀླུ་རྣམས་བྱ་ཁྱུང་


CMR037_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོས་ཟ་གྱུར་ཅིག །ཆར་པ་ཕབ་ན་ཀླུ་རྣམས་ཐམས་ཅད་ཀུན། །བཀྲག་མདངས་མཐུ་སྟོབས་ཕུན་སུམ་ཚོགས་གྱུར་ཅིག །སྣང་སྲིད་ལྷ་འདྲེ་གཞི་བདག་ཐམས་ཅད་ཀྱིས། །ཡུལ་འདིར་ཆར་པ་འབེབས་པའི་སྡོང་གྲོགས་མཛོད། །ཆར་པ་འབེབས་ལ་བར་ཆད་མ་བྱེད་ཅིག །ཆར་པ་དེ་ལ་གནོད་བྱེད་བགེགས་རིགས་རྣམས། །ད་ལྟ་ཉིད་དུ་སྟོབས་ནུས་མེད་གྱུར་ཅིག །བདེན་ལྡན་ཇི་སྙེད་བདེན་པའི་ནུས་པ་ཡིས། །མྱུར་བ་ཉིད་དུ་ཆར་ཆེན་འབེབས་པར་ཤོག །ཅེས་ྋརཱ་ག་ཨ་སྱས་སྦྱར་བའོ།། །།


CMR037_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་ཡི་ཚོགས་ལ་བསྟོད་བཤགས་ཕྲིན་ལས་མཛད་པ་ནི། ན་མོ་ནཱ་ག་སརྦ་སཏྭ་ཡེ། ས་བཅུ་ལ་གནས་སེམས་དཔའ་ཆེ། །སྟོང་གསུམ་ཀླུ་རྣམས་ཀུན་གྱི་བདག །ལག་འགྲོ་ཆེན་པོར་ཕྱག་འཚལ་བསྟོད། །ཀླུ་དབང་རྒྱལ་པོའི་སྤྲུལ་པ་སྟེ། །ཀླུ་རིགས་ཀུན་ལས་མཐུ་ཆེ་བ། །སྔགས་ཀྱི་བདག་པོར་ཕྱག་འཚལ་བསྟོད། །རིགས་གསུམ་མགོན་པོའི་སྤྲུལ་པ་སྟེ། །དགའ་བོ་འཇོག་པོ་ནོར་རྒྱས་ཀླུ། །ཀླུ་ཡི་སེམས་དཔར་ཕྱག་འཚལ་བསྟོད། །འཇམ་དབྱངས་སྤྲུལ་པས་ཀླུ་རྣམས་འདུལ། །ནཱ་ག་རཀཱ་མི་མགོན་དཀར། །ཀླུ་ཡི་མགོན་པོར་ཕྱག་འཚལ་བསྟོད། །ས་བརྒྱད་སེམས་དཔའ་ཀླུ་ཡི་རྗེ། །རྡོ་རྗེ་རྒྱལ་པོ་སྨྱོ་ཁ་སོགས། །བསྟན་སྲུང་རྣམས་ལ་བསྟོད་པ་བགྱི། །ཀླུ་བདུད་དུག་གི་སྤུ་གྲི་སོགས། །བཀའ་དང་བསྟན་པ་སྲུང་མཛད་པའི། །ཀླུ་རིགས་སྲུང་མ་རྣམས་ལ་བསྟོད། །དེ་དག་འཁོར་དུ་གཏོགས་པ་ཡི། །ཀླུ་དང་ས་བདག་ཐམས་ཅད་ཀྱི། །ཐུགས་དང་འགལ་བ་མཐོལ་ལོ་བཤགས། །བདག་ཅག་འཁོར་དང་བཅས་པ་ལ། །ཀླུ་ལས་གྱུར་པའི་ནད་ཀུན་སོལ། །ཀླུ་གཡང་དངོས་གྲུབ་བསྩལ་དུ་གསོལ། །ཞེས་པ་འདི་བཀའ་བསྒོ་འགའ་རེ་བྱེད་དགོས་


CMR037_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་སྐབས། གཟུགས་ནི་མ་མཐོང་བར། གནས་འདིའི་སའི་འོག་མར་ཟད་ཅིག་ནས། ཀླུ་ཡིན་སྙམ་པ་ཞིག་གིས་སྐད་ཆེན་པོས་རྒྱུན་ཏུ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཟེར་བ་འདིས་ང་ལ་གནོད་དོ་མ་བྱེད་ཟེར་བ་གྲགས། བཀའ་བསྒོ་ནམ་བྱེད་དུས། ནཱ་ག་ཀླུ་འདུལ་གྱི་སྔགས་རིང་གཉིས་དམིགས་པ་དང་བཅས་པ་བྱས་པས་ཕོག་ཐུག་སོང་བར་གོ་ནས། དེ་མི་བྱེད་བསམས་ནས་བཤགས་པ་དེ་ཨ་རཱ་གས་མཛད་པའོ།། །།

ཆར་འབེབས་བསང་མཆོད་བདུད་རྩི་སྤྲིན་ཕུང་འཁོར་བའི་སེམས་ཅན་ཚ་གདུང་སེལ་བའི་དངོས་གྲུབ་ཆུ་རྒྱུན།


CMR037_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་འབེབས་བསང་མཆོད་བདུད་རྩི་སྤྲིན་ཕུང་འཁོར་བའི་སེམས་ཅན་ཚ་གདུང་སེལ་བའི་དངོས་གྲུབ་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ།།


CMR037_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གསུམ་མངར་གསུམ་འབྲུ་སྣ་ཀླུ་སྨན་གསེར་སྐྱེམས་རྩི་བཅུད་བདུད་རྩིས་སྦྲུས་པའི་ཕྱེ་ཕུད། ཀླུ་བཤོས་རྒྱན་ལྡན་དར་ཚོན་སྣ་ལྔས་བརྒྱན་པ། ཀླུ་ཤིང་སྣ་ཚོགས་རྫས་བསགས་བྱིན་གྱིས་བརླབས་ལ། ཨེ་མ་ཧོཿ བདག་དང་ཀླུ་ཡི་གཙོར་བྱས་སེམས་ཅན་ཀུན། །བླ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །བདག་གིས་ཡུལ་ཕྱོགས་གནས་ཡུལ་འདི་རྣམས་སུ། །ཆར་པ་མ་བབས་ལོ་ཏོག་ཐམས་ཅད་སྐམ། །འབུ་སྲིན་རྣམས་ལ་ཚ་དམྱལ་སྡུག་བསྔལ་མྱོངས། །འགྲོ་ཀུན་མུ་གེའི་འཇིགས་པ་བསལ་བའི་ཕྱིར། །འགྲོ་ལ་ཕན་ཕྱིར་ཆར་པ་འབེབས་པར་བྱ། །རང་ཉིད་འཕགས་པ་ཐུགས་རྗེ་ཆེན་


CMR037_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྐུ། །དཀར་གསལ་ཞལ་གཅིག་ཞི་འཛུམ་ཐོར་ཙུགས་ཅན། །དར་དང་རིན་ཆེན་རྒྱན་ལྡན་སེམས་སྐྱིལ་བཞུགས། གཡས་པས་མཆོག་སྦྱིན་བདུད་རྩི་སྨན་ཆར་འབེབས། །གཡོན་པས་པད་དཀར་ཡུ་བ་ཐུགས་ཀར་འཛིན། །ཡེ་ནས་དམ་ཡེ་དབྱེར་མེད་ངང་དུ་གསལ། །ཐུགས་ཀའི་ཧཱུྃལས་བྱམས་པའི་འོད་ཟེར་འཕྲོས། །འཇིག་རྟེན་འདས་དང་མ་འདས་ཀླུ་ཡི་ཚོགས། །ཆར་ལ་དབང་བའི་ལྷ་སྲིན་ཡུལ་ལྷ་བཅས། །ནམ་མཁའ་ས་གཞི་གང་བར་སྤྱོད་གྱུར་ཅིག །སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་ལས། །འབྱུང་བའི་དྭངས་མ་ཀླུ་


CMR037_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སྣ་ཚོགས་འཁྲུངས། །བསྲེགས་པའི་དུད་པས་བདུད་རྩིས་ནམ་མཁའ་གང་། །སྤོས་སྤྲིན་དྲ་བས་སངས་རྒྱས་ཞིང་ཀུན་ཁྱབ། །དེ་ལ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །འདོད་ཡོན་ལོངས་སྤྱོད་ཆར་རྒྱུན་ལྟ་བུར་འབེབས། །བདུད་རྩི་ཀླུ་སྨན་ན་བུན་བཞིན་དུ་གཏིབས། །ཟད་མི་ཤེས་པ་ནམ་མཁའི་མཛོད་བཞིན་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་སྤ་ར་ཎ་ཁཾ།མཁའ་མཉམ་སེམས་ཅན་བདེ་ལ་འགོད་མཛད་པའི། །ཀླུ་སྒྲུབ་པཀི་སྐྱེར་སྒང་སངས་རྒྱས་དབོན། །བྱ་ཡུལ་པ་དང་རང་བྱུང་རྡོ་རྗེ་སོགས། །བདེ་གཤེགས་སྤྲིན་གྱི་སྒྲོན་མ་ཆོས་ཀྱི་རྗེ། །ཀླུ་འདུལ་མགོན་པོ་བླ་མའི་ཚོགས་བཅས་ལ། །མཆོད་རྫས་སྤྲིན་ཕུང་ཞིང་ཀུན་ཁྱབ་པར་འབུལ། །ཐུགས་རྗེའི་ཆར་གྱིས་སེམས་ཅན་ཚིམས་པར་མཛོད། །རྒྱལ་བ་སྲས་བཅས་བདེན་པས་ཆར་ཕོབ་ཅིག །འཇམ་པའི་དབྱངས་དང་ཕྱག་རྡོར་སྤྱན་རས་གཟིགས། །འཁོར་ལོ་སྡོམ་པ་ཤཱཀ་ཐུབ་པདྨ་འབྱུང་། །འཁོར་ཆེན་ནཱ་ག་རཀྵ་རྟ་མགྲིན་སོགས། །ལྔ་བཅུ་རྩ་ལྔ་ཡི་དམ་ལྷ་ཚོགས་ལ། །མཆོད་རྫས་བདུད་རྩི་དྲི་ལྡན་བསང་མཆོད་འབུལ། །ཡུལ་ཕྱོགས་འདི་རུ་ཆར་རྒྱུན་དངོས་གྲུབ་སྩོལ། །ཀླུ་རིགས་ལས་བྱུང་


CMR037_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་མ་དང་། །སྤྲིན་ཆེན་སྤྲིན་ལ་གནས་བཅས་སྤྲིན་ལ་དབང་། །གང་གཱའི་བྱེ་སྙེད་སངས་རྒྱས་བྱང་སེམས་ལ། །དཀར་གསུམ་འབྲུ་སྨན་དྲི་བཟང་དུད་པས་བསང་། །ཐུགས་རྗེའི་སྤྲིན་དང་ཆར་རྒྱུན་དབབ་ཏུ་གསོལ། །དངོས་གྲུབ་འཛད་མེད་གཏེར་ལ་དབང་བ་ཡི། །རྣམ་སྲས་མཆེད་འཁོར་གཏེར་བདག་ཆེན་པོ་བརྒྱད། །འཛམ་ལྷ་རིགས་ལྔ་ལྷ་མོ་ནོར་རྒྱུན་མ། །གནོད་སྦྱིན་བྱེ་བ་འབུམ་སྡེ་ཚོགས་བདག་ལ། །འབྲུ་སྣ་ཟས་སྣ་ཕྱེ་མར་གསུར་གྱི་བསང་། །དངོས་གྲུབ་ཆར་གྱི་གཏེར་ཆེན་བསྩལ་དུ་གསོལ། །ཀྱཻ། རྒྱ་མཚོ་ཆེ་དང་རོལ་མཚོ་ཆེན་པོ་བདུན། །ཆུ་བོ་ཆུ་ཆེན་འབབ་ཆུ་གདེངས་ཀ་ནས། །ལོངས་སྤྱོད་ཟད་མེད་ཆར་ལ་དབང་བའི་ཕྱིར། །ཀླུ་རྒྱལ་ཆེན་པོ་གཙུག་ན་རིན་ཆེན་ནི། །སྐུ་སྟོད་མཚན་ལྡན་མི་ཡི་ལུས་པོ་ལ། །སྐུ་སྨད་སྦྲུལ་མཇུག་རྒྱ་མཚོའི་ནང་ལ་བསྐྱོད། །སྦྲུལ་མགོ་བདུན་གྱི་གདེངས་ཀས་རབ་ཏུ་མཛེས། །ཕྱག་གཉིས་ཐལ་སྦྱར་བདུད་རྩིའི་བུམ་པ་ནས། །འཛད་མེད་ཆར་གྱི་རྒྱུན་ནི་རབ་ཏུ་འབེབས། །ཀླུ་ཚོགས་མང་པོའི་འཁོར་གྱིས་བསྐོར་ནས་ནི། །དངོས་གྲུབ་ཆར་རྒྱུན་སྩོལ་ཕྱིར་


CMR037_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འདིར་གཤེགས། །ཁྱད་པར་ཀླུ་ལ་མཁོ་བའི་ཡོ་བྱད་དང་། །དཀར་གསུམ་མངར་གསུམ་བདུད་རྩི་ཀླུ་སྨན་འབུལ། །འབྲུ་སྣ་དྲི་བཟང་དར་ཟབ་སྤོས་སྣས་བསང་། །ས་ཕྱོགས་ཡུལ་རིས་རྒྱལ་ཁམས་འདི་ཉིད་དུ། །འཛད་མེད་ཆར་གྱི་རྒྱུན་ནི་མྱུར་དུ་ཕོབ། །དེ་ཝའི་ཀོ་ཊའི་བླ་མཚོའི་ཕོ་བྲང་ནས། །སྦལ་སྦྲུལ་ཆུ་གནས་བརྩེ་ཞིང་འཕྱོ་བའི་དབུས། །གནས་བདག་གཏེར་སྲུང་དགེ་བསྙེན་སྨྱོ་ཁ་ནི། །སྐུ་སྟོད་མི་ལ་སྐུ་སྨད་སྦྲུལ་དུ་འཁྱིལ། །མགོ་ལུས་མིག་གང་སྦྲུལ་གྱི་གདེངས་ཀ་ཅན། །གདེངས་ཀའི་གསེབ་ནས་ཆར་རྒྱུན་ཤ་ར་ར། །དངོས་གྲུབ་འཛད་མེད་གཏེར་གྱི་བུམ་པ་བསྣམས། །བུམ་པའི་ཁ་ནས་སྨན་ཆར་ཐུ་ལུ་ལུ། །སྤྲུལ་པ་ཀླུ་གཉན་ཀླུ་བདུད་བྱེ་བ་འབུམ། །ཆར་པ་སློང་ཕྱིར་གནས་འདིར་སྤྱན་འདྲེན་གཤེགས། །ཡིད་སྤྲུལ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །རྟ་གླང་ར་ལུག་ཆུ་གནས་རྟེན་རྫས་འབུལ། །དཀར་གཏོར་ཇ་ཆང་མང་པོ་གསུར་གྱི་བསང་། །ཡུལ་ཕྱོགས་འདི་རུ་ཚོར་གྱི་དངོས་གྲུབ་སྩོལ། །མཆེད་འཁོར་སྨྱོ་ཁ་ཐང་ལྷ་མཁར་ནག་དང་། །ཀླུ་བདུད་མགོ་དགུ་ཟླ་བའི་གདོང་པ་ཅན། །སྐུ་ལྷ་བཀྲག་མེད་ཟུ་ར་ར་སྐྱེས་


CMR037_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཕྱི་འཁོར་བཙན་དང་ནང་འཁོར་ཀླུ་སྨན་འབུམ། །ཕྱག་ན་ཆར་སྤྲིན་ཆུ་ཡི་ཞགས་པ་བསྣམས། །རྫུ་འཕྲུལ་ཆར་དང་གློག་ཞགས་ཁྱུགས་སེ་ཁྱུག །གསེར་སྐྱེམས་དར་སྣ་ཀླུ་སྨན་དྲི་ཡིས་བསང་། །གནས་ཡུལ་འདི་རུ་དྲག་ཆར་མྱུར་དུ་ཕོབ། །ཀླུ་རྣམས་ཀུན་གྱི་གཙོ་བོ་ཀླུ་ཆེན་བརྒྱད། །མཐའ་ཡས་འཇོག་པོ་ནོར་རྒྱས་དུང་སྐྱོང་དང། །པདྨ་ཆུ་ལྷ་རིགས་ལྡན་སྟོབས་ཀྱི་བདག །ཀླུ་རྒྱལ་དགའ་བོ་མི་མགོན་ཝ་རུ་ཎ། །སྐུ་སྟོད་མཚན་ལྡན་ལྷ་ཡི་ལུས་པོ་ལ། །སྐུ་སྨད་གསེར་སྤྲུལ་རྒྱ་མཚོའི་ནང་ནས་འཕྱོ། །སྦྲུལ་གྱི་གདེངས་ཀ་སྤྲིན་ཕུང་དབུ་ལ་བརྒྱན། །འབྲུག་སྒྲོག་གློག་འབྱིན་དུས་སུ་ཆར་འབེབས་པ། །སྐུ་ལ་སྤྲུལ་པའི་ཀླུ་ཚོགས་སྤྲིན་བཞིན་གཏིབས། །ཕྱག་ན་དགོས་འདོད་ཆར་གྱི་སྒྲོམ་བུ་བསྣམས། །ཀླུ་སྨན་དཀར་གསུམ་མངར་གསུམ་གསུར་གྱི་བསངས། །ཡུལ་ཕྱོགས་འདི་རུ་ཆར་གྱི་རྒྱུན་ཕོབ་ཅིག །ཀྱཻ། ཀླུ་ཡི་རྒྱལ་པོ་ནག་པོ་ཆེན་པོ་དང་། །ཀླུ་ཡི་རྒྱལ་པོ་མ་དྲོ་གཟི་ཆེན་དང་། །རྒྱ་མཚོ་དང་ནི་རྒྱ་མཚོ་ཆེན་པོ་དང་། །དཔལ་གྱི་འོད་དང་འོད་པོ་ཆེ་ལ་སོགས། །ཀླུ་རྒྱལ་ཉེ་དགའ་ཚངས་པ་སྟག་སྨྱོས་ཆེ། །


CMR037_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་ལེའི་འདབ་མ་འགེལ་པ་དཀར་ཀོ་གསུམ། །གདོང་བུ་ཅན་དང་གཙུག་ཕུད་གདེངས་ཀ་ཅན། །ཁ་བརྒྱ་མིག་སྟོང་རྐང་ལག་མང་པོའི་ཀླུ། །ཁམས་གསུམ་སྲིད་པ་གསུམ་གྱི་ཀླུ་རྣམས་ཀྱིས། །ཐམས་ཅད་ཕྱག་ན་རིན་ཆེན་ཆར་སྒྲོམ་འཛིན། །ཀླུ་སྨན་བདུད་རྩི་ཀླུ་ཤིང་དྲི་ཡི་བསང་། །ཡུལ་ཕྱོགས་འདི་ན་ཆར་གྱི་རྒྱུན་བསྒྲེངས་ཤིག །ཀྱཻ། ཀླུ་ཆེན་བརྒྱད་ཀྱི་བདག་མོ་ཀླུ་མོའི་གཙོ། །ཡུམ་ཆེན་དཔལ་མོ་ཀུན་ཤེས་འོད་ལྡན་མ། །སྐུ་མདོག་དཀར་གསལ་གཟི་བརྗིད་འོད་དང་ལྡན། །སྤྱི་གཙུག་ནོར་བུ་འབར་བའི་རྒྱལ་མཚན་ཥྛིལ། །འགྲོ་དྲུག་དབུལ་ཕོངས་སྡུག་བསྔལ་སེལ་བའི་ཕྱིར། །རྟག་ཏུ་བདུད་རྩིའི་ཆུ་རྒྱུན་འབབས་པར་མཛོད། །སྐུ་ལ་རིན་ཆེན་སྣ་ཚོགས་བརྒྱན་དང་ལྡན། །ཕྱག་ན་ནོར་བུ་ཆར་གྱི་སྒྲོམ་བུ་བསྣམས། །འཛམ་གླིང་བདུད་རྩི་སྨན་གྱི་ཆར་ཆེན་འབེབས། །ཀླུ་སྨན་ཀླུ་མོ་ཀླུ་ཕྲུག་འཁོར་གྱིས་བསྐོར། །ཆར་གྱི་དངོས་གྲུབ་སྩོལ་ཕྱིར་གནས་འདིར་གཤེགས། །མཚོ་དང་རྫིང་བུ་གདེངས་ཀ་ནེའུ་གསིང་དང་། །མངར་གསུམ་ཀླུ་སྨན་རྒྱ་མཚོ་ཆེན་པོ་ལ། །མཛེས་པའི་དཀར་གསུམ་བདུད་རྩིའི་གཏོར་མ་འབུལ། །ཡུལ་ཁམས་འདི་དག་ཆར་


CMR037_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འགེངས་པར་མཛོད། །ཀླུ་ཆེན་བརྒྱད་ཀྱི་བཙུན་མོ་ཆར་པས་དངོས་གྲུབ་ཆར་འབེབས་ཞེས་བྱ་བའོ། །ཀླུ་ཡི་རྒྱལ་པོ་ཆར་འབེབས་འབྲུག་སྒྲ་སྒྲོག །རྒྱལ་རིགས་རྗེའུ་རིགས་དམངས་རིགས་བྲམ་ཟེའི་རིགས། །ཀླུ་སྨན་ཀླུ་བཙན་ཀླུ་བདུད་གདོལ་པའི་རིགས། །ཀླུ་གཉན་ས་བདག་བྱེ་བ་དུང་ཕྱུར་ལ། །བདུད་རྩི་ཀླུ་ཤིང་འབྲུ་སྣ་གསུར་གྱི་བསང་། །ཀླུ་ཡིས་སྙིང་ནས་ཆར་དྲག་མྱུར་དུ་ཕོབ། །འབྱུང་བ་རིམ་བརྩེགས་རིན་ཆེན་གཞལ་ཡས་ཁང་། །བདུད་རྩིའི་རྫིང་བུ་དཔག་བསམ་ཤིང་གིས་བསྐོར། །དེ་དབུས་མ་ཧཱ་གསེར་གྱི་རུས་སྦལ་ཏེ། །ཀིཾ་ལས་ས་སྙིང་སྨྱུ་གུ་དྲིལ་འཛིན་དཀར། །ས་ཡི་ལྷ་མོ་བརྟན་མ་བུམ་འཛིན་དཀར། །ས་བདག་དབང་ཆེན་ཤྲཱི་བྷ་དྲ་སེར། །ཞལ་གཅིག་ར་བ་བཞི་ཡི་གདེངས་ཀ་ཅན། །ཕྱག་བཞི་ཐལ་སྦྱར་ལྗོན་ཤིང་རི་རབ་འཛིན། །དེ་ལས་འཇའ་སྤྲིན་བདུད་རྩིའི་ཆར་རྒྱུན་འབེབས། །སྐུ་སྨད་སྦྲུལ་འཁྱིལ་རུས་སྦལ་སྟེང་དུ་བཞུགས། །ལྟོ་འཕྱེ་ས་འཛིན་ལག་པ་ཆེན་པོ་སྔོ། །སྐུ་ལ་བདུད་རྩིའི་ཟིལ་པ་ན་བུན་འཁྲིགས། །ཀླུ་ཚོགས་ས་བདག་མང་པོའི་འཁོར་གྱིས་བསྐོར། །བྱམས་པའི་ཚུལ་གྱིས་ཆར་པ་འབེབས་ཕྱིར་


CMR037_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས། །ཀླུ་སྨན་མེ་ཏོག་ཤིང་ཐོག་སྣ་ཚོགས་དང་། །གསེར་དངུལ་གཟི་མཆོང་བཻཌུར་གཡུ་བྱུར་སོགས། །རིན་ཆེན་སྣ་ཚོགས་དཀོར་ནོར་ཁྲི་འབུམ་འབུལ། །རྩི་བཅུད་འབྲུ་སྣ་དྲི་བཟང་དུད་པས་བསང་། །སྟོང་གསུམ་ས་བཅུད་བསྡུས་ནས་གནས་འདིར་བསྟིམ། །སྲིད་པ་གསུམ་གྱི་ཆར་གཡང་ཀུན་བསྡུས་ལ། །སེམས་ཅན་འཆི་གསོས་བདུད་རྩི་ཆར་རྒྱུན་ཕོབ། །ཐེ་སེ་ཧལ་ཁྱི་བླ་མཁྱེན་ལྔ་སེར་དང་། །སྤར་སྨེ་ལོ་ཟླ་ཞག་དུས་ས་བདག་སོགས། །གཟའ་བརྒྱད་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་བཅས། །ས་བདག་བྲག་བདག་ཆུ་བདག་ཤིང་གི་བདག །ས་བདག་རྗེ་བློན་མ་ལུས་འཁོར་བཅས་ལ། །དཀར་གསུམ་མངར་གསུམ་ཀླུ་ཤིང་དུད་པས་བསང་། །ས་གཞི་འབྱུང་བའི་ཁུ་རླངས་ནམ་མཁར་འཕྱུར། །སྤྲིན་གྱིས་ཚོགས་གཉིས་ཆར་གྱི་རྒྱུན་ཆེན་ཕོབ། །གཞན་ཡང་རྒྱལ་ཆེན་སྡེ་བཞི་ཕྱོགས་སྐྱོང་བཅུ། །བརྟན་མ་བཅུ་གཉིས་མགུར་ལྷ་བཅུ་གསུམ་དང་། །དགེ་བསྙེན་ཉེར་གཅིག་ཚེ་རིང་མཆེད་ལྔ་སོགས། །ཆེར་ལ་དབང་བའི་ལྷ་སྲིན་ཡུལ་ལྷ་ལ། །དམ་རྫས་གསེར་སྐྱེམས་ཀླུ་བཤོས་བརྒྱན་ལྡན་འབུལ། །དྲི་ཞིམ་འབྲུ་སྣ་གཡུ་ཤུག་གསུར་གྱི་བསང་། །ཞག་


CMR037_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མ་འགོར་ད་ལྟ་མྱུར་དུ་ཕོབ། །བདག་གི་ཆར་པ་འབེབས་ལ་བར་ཆོད་པའི། །ལྷ་འདྲེ་མི་གསུམ་སྡེ་བརྒྱད་ཡུལ་ལྷ་དང་། །རླུང་ལྷ་རླུང་གི་བདག་པོ་འབྱུང་པོའི་རིགས། །དཀར་ཕྱོགས་མི་དགའ་བསམ་ངན་གདུག་རྩུབ་ཅན། །འདོད་ཡོན་ལྔ་ལྡན་གསུར་གྱི་ཚིམས་གྱུར་ཅིག །སྔོན་ཚེ་ཐུབ་དབང་གསང་བདག་པད་འབྱུང་གི །དམ་ཚིག་གཉན་པོ་རྗེས་སུ་དྲན་མཛོད་ལ། །ཆར་ལ་བར་ཆད་མ་བྱེད་སྡོང་གྲོགས་མཛོད། །བཀའ་ལ་མི་ཉན་བར་ཆད་བགེགས་བྱེད་ན། །རིགས་གསུམ་མགོན་པོའི་ལྷ་ཚོགས་ཐུགས་ཁྲོས་ནས། །ལྕང་ལོ་ཅན་དུ་ཁྲོ་བོའི་ཆད་པས་སྡིག །དམ་ཚིག་ཉམས་ན་རྡོ་རྗེའི་དམྱལ་བར་ལྟུང་། །ལུས་ངག་རྡུལ་ཕྲན་བརླགས་པར་གདོན་མི་ཟ། །དེ་བས་ས་ཕྱོགས་འདི་རུ་ཆར་ཕོབ་ཅིག །ཐུགས་རྗེའི་བྱིན་རླབས་ལྡན་རྣམས་དགོངས་སུ་གསོལ། །སེམས་ཅན་རྣམས་ལ་བརྩེ་བས་གཟིགས་མཛོད་ལ། །སངས་རྒྱས་དཀོན་མཆོག་བདེན་པས་ཆར་ཕོབ་ཅིག །དམ་ཆོས་དཀོན་མཆོག་བདེན་པས་ཆར་ཕོབ་ཅིག །དགེ་འདུན་དཀོན་མཆོག་བདེན་པས་ཆར་ཕོབ་ཅིག །རྒྱུ་འབྲས་བསླུ་མེད་བདེན་པས་ཆར་ཕོབ་ཅིག །བསང་གིས་


CMR037_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བརྔན་ཞིང་བདེན་པའི་སྟོབས་ཚིག་གིས། །ལྷ་ཚོགས་རྣམས་ཀྱིས་ཀླུ་གཉན་ཆར་ལ་བསྐུལ། །ནམ་མཁར་འབྲུག་སྒྲོག་སྤྲིན་དཔུང་ཆུ་དྲག་འཁྲུགས། །བར་སྣང་སྨུག་གཞོབ་ཆར་གྱིས་སྐྱོགས་ཆེན་ཕོབ། །ས་གཞི་ཐམས་ཅད་ཆུ་བོའི་རྒྱ་མཚོར་གྱུར། །དེ་ལྟར་ཕབ་པའི་བསངས་མཆོད་དགེ་བ་འདིས། །ཀླུ་གཉན་ས་བདག་ལྷ་སྲིན་མ་ལུས་པ། །ཐབ་གཞོབ་ཕོག་ཐུག་འགྲམ་འཁྲུག་ཞི་གྱུར་ནས། །ནད་མེད་སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིག །བྱེ་ཚན་མེ་ཆེན་བྱ་ཁྱུང་འཇིགས་པ་དང་། །ཤ་རུལ་མི་གཙང་མེ་རྡུལ་གནམ་ལྕགས་དུག༔ དཀར་ནག་འཁྲུག་རྩོད་འཇིགས་དང་བྲལ་གྱུར་ཅིག །ཞྭ་བོ་གྲུམ་པོ་མཛེ་ཕོ་ལུས་ངན་དང་། །ཀླུ་ནད་མི་རུང་སྣ་ཚོགས་ཞི་གྱུར་ཅིག །ཀླུ་རྣམས་བཀྲག་མདངས་གཟི་བརྗིད་ལྡན་གྱུར་ནས། །སྦྲུལ་མགོ་གདེངས་ཀ་དཔལ་འབྱོར་རྒྱས་གྱུར་ཅིག །ལོངས་སྤྱོད་ཆར་གྱི་རྒྱུན་ལ་དབང་གྱུར་ནས། །ས་གཞི་འབྱུང་བའི་སྟོབས་རྣམས་འཕེལ་གྱུར་ཅིག །རྩྭ་ཤིང་རྩི་བཅུད་ལོ་འདབ་རྒྱས་གྱུར་ནས། །སེམས་ཅན་མུ་གེའི་འཇིགས་པ་ཞི་གྱུར་ཅིག །འབྲས་བུ་ལོ་ཏོག་ཕུན་སུམ་ཚོགས་གྱུར་ནས། །མི་རྣམས་བདེ་སྐྱིད་ལོངས་


CMR037_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་རྒྱས་གྱུར་ཅིག །ཚད་པས་གདུང་བའི་འབུ་སྲིན་སེམས་ཅན་ལ། །མི་འཇིགས་སྐྱབས་ཀྱིས་སྦྱིན་པར་འགྱུར་བར་ཤོག །ཀླུ་གཉན་ས་བདག་ཡིད་གཟུགས་ཐམས་ཅད་ལ། །དམ་པ་ཆོས་ཀྱི་སྦྱིན་པ་འབྱུང་བར་ཤོག །ཆར་པས་ཁྱབ་པའི་སེམས་ཅན་མ་ལུས་ཀུན། །ལུས་རྟེན་འདི་ལ་མངོན་པར་སངས་རྒྱས་ཤོག །ཅེས་པ་༧ རཱ་ག་ཨ་སྱས་སོ། །བསང་ཞོར་ཆར་འབེབས་ཕྲིན་བཅོལ་ལོ། །འདི་བྲིས་དགེ་བས་སེམས་ཅན་ཐམས་ཅད་ལ། །འཛད་མེད་ཆར་གྱིས་རྒྱུན་ལ་མངའ་བརྙེས་ནས། །འགྲོ་ཀུན་མུ་གེའི་འཇིགས་དང་བྲལ་བར་ཤོག །ཀླུ་གཏོར་གཏོར་ཆུ་དཀར་གཏོར་ཀླུ་སྨན་ཕུལ་བ་ཐམས་ཅད་ཆུ་མིག་ཏུ་འཕང་ངོ་། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གནམ་ཆོས་སྔགས་བདག་གསོལ་བསྡུས།


CMR037_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་སྔགས་བདག་གསོལ་བསྡུས་ནི། གཏོར་མ་ཀླུ་སྨན་འོ་མས་སྦག་ལ། ཨ་ཀཱ་རོས་བྱིན་རླབས་ཏེ། ཧཱུྃ། ཇོ་བོ་སྔགས་ཀྱི་བདག་པོ་སེར། །སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། །ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །སྐུ་སྨད་གདུག་པ་སྦྲུལ་དུ་འཁྱིལ། །དེ་ཡི་ཤར་དང་ཕྱོགས་བརྒྱད་དུ། །ཀླུ་ཆེན་བརྒྱད་ནི་བཞུགས་པ་ཡང་། །སེར་པོ་ཕྱག་གཉིས་ཐལ་མོ་སྦྱར། །གཙོ་བོ་དང་མཚུངས་ཆ་ལུགས་ཅན། །སྔགས་བདག་ཀླུ་ཆེན་བརྒྱད་དང་བཅས། །མ་དྲོས་པ་དང་རོལ་མཚོ་བདུན། །སྤོས་ངད་ལྡན་ནས་གཤེགས་སུ་༧་གསོལ། །ནེའུ་སིང་པད་ཟླའི་གདན་ལ་བཞུགས། །དཀར་གསུམ་ཀླུ་སྨན་མཆོད་གཏོར་བཞེས། །བདག་དང་བསྲུང་བྱ་ཐམས་ཅད་ལ། །ཕྱོགས་བཅུར་གནས་པའི་ཀླུ་རྣམས་ཀྱིས། །གང་གིས་གནོད་པ་མི་ཚུགས་མཛོད། །བདག་ལ་དགོས་པའི་དུས་བྱུང་ན། །མྱུར་བ་ཉིད་དུ་ཆར་ཆེན་ཕོབ། །བདག་ལ་གནོད་པའི་དགྲ་དེ་ནི། །མི་ཐོབ་བཞིན་དུ་ཟ་བར་གྱིས། །སྡང་བའི་དགྲ་བོ་མྱུར་དུ་སྒྲོལ། །དགྲ་ལ་མྱུར་དུ་སེར་བ་ཕོབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་དང་། ཨོཾ་ཕུ་ཏ་ཕུ་ཏ་མ་ཧཱ་ཀྲོ་དྷ་ཧཱུྃ། སིདྡྷི་


CMR037_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

སིདྡྷི་སྥོ་ཊ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱུ་ཛ་ཁཱ་ཧི། བསྙེན་སྔགས་རྐྱང་པ་ཡི་གེ་ཉེར་གཅིག་འདི་ཡིན། ཅེས་ཨ་རཱ་གས་བཀོད་ཏེ་བྲིས་པའོ།།

ལྷ་ཀླུ་གཉན་གསུམ་བཤགས་པ་དང་ས་བདག་ཀླུ་གཉན་ལ་ཕོག་ཐུག་སོང་བ་ཞི་བའི་བསང་བཅས།


CMR037_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཀླུ་གཉན་གསུམ་བཤགས་པ་ནི། ཀྱཻ། བདག་ཅག་རྒྱུ་སྦྱོར་ཡོན་བདག་གིས། །གར་འགྲོ་གར་འདུག་གནས་པའི་ཚོགས། །ཡུལ་ཕྱོགས་འདི་ལ་བརྟན་པའི་གནས། །ལྷ་ཀླུ་གཉན་གསུམ་ཁྱེད་རྣམས་ལ། །ཕ་མ་སྔ་རབས་འདས་པ་དང་། །བུ་ཚ་ཕྱི་རབས་མན་ཆད་དུ། །ས་གཉན་བརྐོས་དང་རྡོ་གཉན་རློགས། །ཆུ་གཉན་དཀྲུག་དང་ཤིང་གཉན་བཅད། །མ་རིག་མ་ཤེས་ཅི་བགྱིས་པ། །མཐོལ་ལོ་བཤགས་སོ་དག་གྱུར་ཅིག །ཅེས་པ་འདི་ཨ་རཱ་གས་སོ།། །། ༈ ས་བདག་ཀླུ་གཉན་ལ་ཕོག་ཐུག་སོང་བ་ཞི་བའི་བསང་ནི། ཀྱཻ། གཞན་ཡང་ཡུལ་ཕྱོགས་འདིར་གནས་པའི། །ཕ་རི་གཡས་ལ་ཚུར་རི་གཡོན། །མདུན་རི་རྒྱབ་རི་མཚེར་ས་ལ། །གནས་པའི་ཡུལ་ལྷ་གཞི་བདག་དང་། །ས་བདག་ཀླུ་གཉན་ཐམས་ཅད་ལ། །བསང་དང་མཆོད་པ་འདི་འབུལ་ལོ། །ཐམས་ཅད་མཉེས་ཤིང་ཚིམ་གྱུར་ཅིག །ཐུགས་དང་འགལ་བ་བཟོད་པར་གསོལ། །ཕོག་ཐུག་འགྲམ་འཁྲུག་ཞི་གྱུར་ཅིག །ཁ་འཛིན་སྡོང་གྲོགས་རྒྱབ་རྟེན་མཛོད། །ཅེས་པ་འདི་ནི་རཱ་ག་ཨ་སྱས་མཛད་པའོ། །སརྦ་མངྒ་ལཾ།། །།

ཆུ་བདག་དགེ་བསྙེན་ཆེན་པོའི་བསང་མཆོད།


CMR037_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བདག་དགེ་བསྙེན་ཆེན་པོའི་བསང་མཆོད་བཞུགས་སོ། །ན་མོ། སངས་རྒྱས་ཀུན་དངོས་པདྨ་འབྱུང་གནས་ལ། །བདག་དང་བསྲུང་བྱ་ཐམས་ཅད་སྐྱབས་སུ་མཆི། །འཇིག་རྟེན་བདེ་ཕྱིར་བསངས་དང་མཆོད་པ་བརྩམས། །ཆོས་ཀུན་མི་དམིགས་ཡེ་ནས་རྫོགས་པ་ཆེ། །དེ་ཡི་ངང་ལས་རང་ཉིད་སྐད་ཅིག་ལས། །རྡོ་རྗེ་གྲོ་ལོད་སྨུག་ནག་ཞི་མ་ཁྲོ། །ཐོར་ཚུགས་སྤྱན་གསུམ་མཆེ་བས་མ་མཆུ་མནན། །རྡོ་རྗེ་ཕྱར་ཞིང་ཕུར་བུ་བགེགས་ལ་གཟིར། །ཕོད་ཁ་ཆོས་གོས་མི་མགོའི་ཕྲེང་བས་བརྒྱན། །སྟག་མོ་སྦྲུམ་མའི་སྟེང་དུ་འདོར་ཐབས་བསྒྲད། །ཡེ་ནས་དམ་ཡེ་དབྱེར་མེད་ཐུགས་སྲོག་ཧཱུྃ། །དེ་ལས་འོད་འཕྲོས་སྐུ་གསུམ་ཞིང་ཁམས་ནས། །བསང་མགྲོན་ཀུན་ཀྱང་ནམ་མཁར་སྤྱན་དྲངས་གྱུར། །ཀྱི་དགེ་བསྙེན་ཆེན་པོ་གནས་འདིར་གཤེགས་སུ་གསོལ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྒྱ་མཚོས་མཆོད། །རཾ་ཡཾ་ཁཾ་གིས་མི་གཙང་དྲི་མ་སྦྱངས། །དུ་བའི་ཟེགས་མ་རེ་རེའི་ཆ་ཤས་ལ། །འདོད་ཡོན་ལྔ་དང་བཀྲ་ཤིས་རྫ་ས་རྟགས་བརྒྱད། །དེ་འདྲའི་དཔག་མེད་བསང་མཆོད་དམ་པ་འདིས། །སྔོན་ཚེ་གསང་བའི་བདག་དང་པད་འབྱུང་གི་


CMR037_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དང་དམ་ལ་བཏགས་པའི་དམ་ཚིག་ཅན། །ས་བརྒྱད་ནོན་པའི་སེམས་དཔའི་ཀླུ་ཡི་གཟུགས། །དུང་སྐྱོང་སྲས་པོ་ནེ་ལེ་ཐོད་དཀར་བསང་། །ངོ་བོ་གཅིག་ལ་ཡུལ་བཞུགས་སོ་སོའི་མིང་། །དབུ་རུ་བྱང་གི་དགེ་བསྙེན་ཐང་ལྷ་བསང་། །ལྕི་ཤོད་མཁོར་ནག་རྡོ་རྗེ་རྒྱལ་པོ་བསང་། །ཕོ་མོ་རྫོང་རིང་ཀླུ་བདུད་མགོ་དགུ་བསང་། །ལྷོ་སྟོད་དབུ་རའི་སྐུ་ལྷ་མཁར་རི་བསང་། །ལྷོ་རྒྱབ་བདུད་པོ་ཟླ་བའི་མདངས་ཅན་བསང་། །མོན་ཁ་རིང་མོའི་བདུད་པོ་བཀྲག་མེད་བསང་། །སེངྒེ་རྫོང་གསུམ་ཟུ་ར་ར་སྐྱེས་བསང་། །ལྷོ་བྲག་མཁར་ཆུའི་དགེ་བསྙེན་སྨྱོ་ཁ་བསང་། །དྲི་ཟའི་ཡུལ་ནས་ཟུར་ཕུད་ལྔ་པ་བསང་། །ཁམས་ཀྱི་ཕྱོགས་ནས་ཉ་ཆེན་ནག་འདོང་བསང་། །འཁོར་དང་སྤྲུལ་པས་བོད་ཁམས་ཡོངས་ལ་ཁྱབ། །ལྕི་ཡི་ཀླུ་རྒྱལ་དྲག་པོ་བདུད་འདུལ་བསང་། །ངོམ་གྱི་དགེ་བསྙེན་རྡོ་རྗེ་རྒྱལ་པོ་བསང་། །ལྕི་ངོམ་མཚམས་ཀྱི་བླ་མཚོ་དམར་ནག་བསང་། །བཞུགས་ཚེ་སྤྲུལ་པ་སྣ་ཚོགས་མ་ངེས་ཀྱང་། །ཞི་བའི་ཚུལ་དུ་སྤྲུལ་པ་མཛད་པའི་ཚེ། །མི་དཀར་ཆས་བཟང་འཁོར་གསུམ་ཞྭ་དཀར་ཅན། །ཕྲུག་དཀར་གོས་ལ་ཟ་འོག་གོང་ལག་ཅན། །སྟག་དོང་


CMR037_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གཟིག་ཤུབས་དཔའ་བོའི་ཆས་དང་ལྡན། །ཆིབས་སུ་རྟ་དཀར་འཕུར་ཤེས་གཡུ་རྔོག་ཆིབས། །སྤྲུལ་པ་ཉ་ཆེན་དཀར་པོའི་ཆུ་བོ་གང་། །འཁོར་ནི་རང་འདྲ་རྒྱན་ལྡན་རྟ་དཀར་ཅན། །བཅུ་གཉིས་དང་བཅས་ཡང་འཁོར་བསམ་མི་ཁྱབ། །འདིར་གཤེགས་བསང་དང་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་གསུར་གྱི་དུད་པས་བསང། །ཕོག་ཐུག་འགྲམ་འཁྲུག་གང་བྱུང་མཐོལ་ཞིང་བཤགས། །རྣལ་འབྱོར་བདག་ཅག་མི་ནོར་འཁོར་བཅས་ལ། །ཀུ་རེ་ཀྱལ་ཀ་གནོད་འཚེ་མ་མཛད་པར། །རྟག་ཏུ་ཁ་འཛིན་སྡོང་གྲོགས་སྲུང་སྐྱོབ་མཛོད། །མི་ནོར་ལོ་ཕྱུག་འབྲུ་རྣམས་འཕེལ་བ་དང་། །ཀླུ་གཡང་དངོས་གྲུབ་སྣ་ཚོགས་ཆར་ལྟར་ཕོབ། །ཁྱེད་ནི་ཡུལ་གྱི་གནས་པ་ཡུལ་གྱི་ལྷ། །ངེད་རྣམས་ཡུལ་འདིར་སྡོད་པའི་ཡུལ་གྱི་མི། །མིས་ཀྱང་ལྷ་ལ་དུས་སུ་མཆོད་པ་དང་། །ལྷས་ཀྱང་མི་ལ་ཁ་འཛིན་མ་གཡེལ་ཅིག་།གནས་མགྲོན་གཉིས་ཀྱི་དམ་ཚིག་ཐུབ་པར་སྲུངས། །སློབ་དཔོན་པདྨའི་བཀའ་ལ་མ་འདའ་བར། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཀརྨ་ཨ་རཱ་གས་སྦྱར་བའོ།། །།

གསེར་སྐྱེམས་འདོད་དགུ་ཆར་འབེབས།


CMR037_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་སྐྱེམས་འདོད་དགུ་ཆར་འབེབས་བཞུགས་སོ།


CMR037_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་གྱི་གསེར་སྐྱེམས་འདོད་དགུ་ཆར་འབེབས་འདི་ལ་སྤྱི་ལྟར་བཤམས་ལ། ཨོཾ་ཨཱཿཧཱུྃ་ཧཱུྃ༔ བདག་གཞན་ཕྱི་ནང་མི་དམིགས་གསལ་སྟོང་ངང་། །མ་བཅོས་ལྷུག་པར་རང་སེམས་ཡི་གེ་ཧི། །དེ་ཉིད་འོད་ཟེར་འཕྲོས་འདུས་དོན་གཉིས་བྱས། །ཚུར་འདུས་རང་ཉིད་ཁ་སར་པཱ་ཎིའི་སྐུ། །འོད་དཀར་འཇའ་ཟེར་ལམ་མེར་ཀྲོང་བསྐྱེད་གསལ། །ཐུགས་ཀར་པདྨ་འདབ་དྲུག་ལྟེ་བར་ཧྲཱིཿ །མཐའ་མར་ཡིག་དྲུག་མགལ་མེ་ལྟ་བུར་འཁོར། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ༔ ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫར་ཎ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨཱསྭ་བྷ་ཝ་


CMR037_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར་སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གསེར་སྐྱེམས་བདུད་རྩིའི་རྒྱ་མཚོ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པ་ནམ་མཁའ་མཛོད་ཀྱི་རང་བཞིན་དུ་གྱུར། སྔགས་དྲུག་ཕྱག་དྲུག་དང་། ཨོཾ་ཨཱཿཧཱུྃ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཨཱོྃ་ལས་འདོད་པའི་ཡོན་ཏན་ལྔ། །བྷྲཱུཾ་ལས་རིན་ཆེན་གཞལ་ཡས་ཁང་། །ཏྲཱཾཿལས་རིན་ཆེན་རཏྣའི་སྣོད། །ཧྲཱི༔ལས་གསུང་དབྱངས་དྲུག་ཅུ་སྟེ། །ཨཱཿལས་ཅི་འདོད་ཕུན་སུམ་ཚོགས། །སོ་


CMR037_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

སོར་དགའ་མགུ་ཚིམ་བྱེད་པའི། །འདོད་པའི་ཡོ་བྱད་ཆེན་པོར་གྱུར། །སླར་ཡང་གནས་གསུམ་ཡིག་འབྲུའི་འོད་ཟེར་གྱིས། །མདུན་དུ་མཆོད་པའི་མགྲོན་རྣམས་སྤྱན་དྲངས་གྱུར། །ན་མོ། སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག །ཆོས་ཉིད་ཆགས་དང་བྲལ་ཏེ་བདེན་པའི་མཆོག །དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག །བདེན་པའི་མཆོག་ནི་དཀོན་མཆོག་གསུམ་གྱི་བཀའ། །དཀོན་མཆོག་བཀའ་ལ་མི་ཉན་གང་ཡང་མེད། །འཕགས་པའི་སྤྱན་གྱིས་མི་གཟིགས་གང་ཡང་མེད། །འབྱུང་བ་ལྔ་ལ་མི་བརྟེན་གང་ཡང་མེད། །ཟས་དང་སྐོམ་ལ་མི་ཆགས་གང་ཡང་མེད། །བདེན་པའི་ཚིག་གིས་མི་ཁྲོལ་གང་ཡང་མེད། །དེ་ཕྱིར་དཀོན་མཆོག་གསུམ་གྱི་བཀའ་བཞིན་དུ། །རྣམ་བཞིའི་མགྲོན་དང་ཡུལ་འདིའི་གཞི་ཡི་བདག །མཆོད་སྦྱིན་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ པདྨ་ཀ་མ་ལཱ་ཡེ་ཧཱུྃ། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་ཐམས་ཅད་དང་། །ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་དང་། །མ་སྲིང་མཁའ་འགྲོ་རྒྱ་མཚོ་ཆོས་སྐྱོང་བཅས། །ནོར་ལྷ་དམ་ཅན་གཏེར་བདག་ཐམས་ཅད་རྣམས། །


CMR037_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཡོན་བདུད་རྩི་གསེར་སྐྱེམས་འདི་བཞེས་ལ། །བདག་རྒྱུད་བྱིན་རླབས་མཆོག་ཐུན་དངོས་གྲུབ་སྩོལ། །ལྷ་ཀླུ་གནོད་སྦྱིན་རྒྱལ་པོ་གཟའ་བཙན་དང་། །དྲི་ཟ་གྲུལ་བུམ་མིའམ་ཅི་ལ་སོགས། །བདུད་དང་སྲིན་པོ་མ་མོ་གཟའ་སྨན་དང་། །རྨ་དང་ཐེའུ་རང་གྲོང་སྲིན་འདྲེ་མོར་བཅས། །ཡུལ་ལྷ་གཞི་བདག་གནས་བདག་གཏེར་བདག་དང། །དཀོར་བདག་ལ་སོགས་ལྷ་སྲིན་འབྱུང་པོའི་ཚོགས། །བཀའ་དང་དམ་ལ་གནས་པའི་དགེ་བསྙེན་རྣམས། །འདོད་ཡོན་བདུད་རྩི་གསེར་སྐྱེམས་འདི་བཞེས་ལ། །གནོད་སེམས་སྤོང་ལ་བདག་གི་སྡོང་གྲོགས་མཛོད། །ས་ཡི་ལྷ་མོ་བརྟན་མ་ལ་སོགས་པའི། །ས་བདག་རྗེ་བློན་འཁོར་དང་བཅས་པ་རྣམས། །སྡེ་དཔོན་སུམ་ཅུ་དགེ་བསྙེན་ཉེར་གཅིག་སོགས། །རྒྱུ་སྐར་ཉེར་བརྒྱད་བརྟན་མ་མགུར་ལྷ་རྣམས། །འདོད་ཡོན་བདུད་རྩི་གསེར་སྐྱེམས་འདི་བཞེས་ལ། །སངས་རྒྱས་བསྟན་སྲུངས་བདག་གི་མཐུན་རྐྱེན་སྒྲུབས། །བོད་ཁམས་དཀར་པོའི་ཕྱོགས་རྣམས་སྐྱོང་བ་ཡི། །དགེ་བསྙེན་ཡུལ་ལྷ་གཞི་བདག་ཐམས་ཅད་དང་། །ཁྱད་པར་ཡུལ་ལྗོངས་གནས་མཆོག་དམ་པ་འདིར། །ཡུལ་ལྷའི་རྒྱལ་པོ་ཆྒེ་


CMR037_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་བཅས། །འདིར་ཕྱོགས་གནས་པའི་ཟོ་དོར་ཐམས་ཅད་ལ། །འདོད་ཡོན་བདུད་རྩི་གསེར་སྐྱེམས་འདི་བཞེས་ལ། །བདག་གི་བསམ་པའི་དོན་ཀུན་བསྒྲུབ་ཏུ་གསོལ། །གར་འགྲོ་གར་འདུག་ས་ཕྱོགས་ཐམས་ཅད་ལ། །གཉུག་མར་གནས་པའི་ལྷ་ཀླུ་གཞི་བདག་དང་། །འགོ་ཞིང་གྲོགས་མཛོད་ལེགས་སྤེལ་ཉེས་བཟློག་པའི། །ཕོ་ལྷ་དགྲ་བླ་རྒྱུད་ཀྱི་ལྷ་སྲུང་རྣམས། །འདོད་ཡོན་བདུད་རྩི་གསེར་སྐྱེམས་འདི་བཞེས་ལ། །འབྱོར་སྤེལ་བསུ་སྐྱེལ་ཁ་འཛིན་རྒྱབ་རྟེན་མཛོད། །རྟག་ཏུ་དགེ་ཞིང་ཡུལ་རིས་རྒྱལ་ཁམས་སུ། །ནད་མུག་མཚོན་ཞི་བདེ་ལེགས་ཕུན་ཚོགས་ཤོག །མི་ཤེས་འཁྲུལ་པས་ཁྱེད་རྣམས་ཐུགས་ཕོག་པ། །ཉེས་པའི་ཚོགས་མཆིས་འདོད་ཡོན་བདུད་རྩིས་བཤགས། །དགེ་བས་རྣམ་མཁྱེན་རྒྱལ་བའི་ཞིང་ཁམས་སུ། །བདག་གཞན་ཕྱིར་མི་ལྡོག་པའི་ས་ཐོབ་ཤོག །ན་མོ། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་དང་། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་བདག་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་


CMR037_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པ་འབྱུང་བར་ཤོག །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལས་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོའི་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །རྒྱུན་དུ་བྱ་བའི་ལས་བཟང་ངན་རྣལ་འབྱོར་འགྲོ་འདུག་སྐབས་སོགས་མཁོ་ས་མང་ཕྱིར་དང་སྒར་པ་འགྲོ་སར་གནས་བདག་འགའ་རེའི་སློང་ལ་བརྟེན་ནས་ཨ་རཱ་གས་ངོམ་སྟོད་དུ་བྲིས་པས་དགེ་བར་གྱུར་ཅིག་༈ །ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས་པ་ཐམས་ཅད་ལ་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་རྣལ་འབྱོར་པ་བདག་གི་བསྲུང་ཡུལ་འདི་ལ་བཙའ་སད་སེར་བ་མི་འབེབས་པའི་སྲུང་སྐྱོབ་དང་རྣལ་འབྱོར་པ་བདག་གི་མི་མཐུན་གནོད་པའི་རྐྱེན་དང་བྲལ་ནས་མཐུན་པའི་བསམ་པ་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་སྡོང་གྲོགས་རྒྱ་ཆེན་པོ་མཛོད་ཅིག། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

མདོས་གཏོར་སྤྱི་ལ་སྦྱར་རུང་བའི་གསེར་སྐྱེམས།


CMR037_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་གཏོར་སྤྱི་ལ་སྦྱར་རུང་བའི་གསེར་སྐྱེམས་བཞུགས་སོ། །


CMR037_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ ཡེ་ཐོག་དང་པོའི་བསྐལ་པ་ལ༔ དཔལ་ཆེན་ཀུན་བཟང་ཧེ་རུ་ཀས༔ མྱོས་བྱེད་རྫས་ཀྱི་སྦྱོར་བ་གསུངས༔ འབྲུ་མཆན་བསིལ་དྲོད་བསྡེབས་པ་ལ༔ བདུད་རྩི་སུ་ར་ཆང་དུ་སྲིད༔ ལྷ་འདྲེ་མི་གསུམ་མྱོས་པའི་རྫས༔ བཏུང་བས་ཆང་བས་ངོ་ཆེ་མེད༔ ནོར་ལ་གསེར་བས་རིན་ཆེ་མེད༔ ཆང་དང་གསེར་གཉིས་སྦྱར་བ་འདི༔ འཇིག་རྟེན་སྲིད་པའི་མཆོད་རྫས་མཆོག༔ འཇིག་རྟེན་འདས་དང་མ་འདས་པའི༔ ལྷ་དང་སྲུང་མ་ཐམས་ཅད་མཆོད༔ ནམ་མཁའི་མཐར་ཐུག་ཆོས་ཀྱི་དབྱིངས༔ སངས་རྒྱས་བྱང་སེམས་འཁོར་གྱི་ཚོགས༔ དུས་


CMR037_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུས་མེད་ཐམས་ཅད་དུ༔ ཏིལ་གྱི་སྒང་བུ་ཁ་ཕྱེས་བཞིན༔ དག་པའི་སྣང་ངོར་རྟག་ཏུ་བཞུགས༔ གསེར་སྐྱེམས་ཡེ་ཤེས་བདུད་རྩིས་མཆོད༔ བདག་དང་ཡོན་བདག་བྱིན་གྱིས་རློབས༔ སྟོང་གསུམ་མི་མཇེད་འཇིག་རྟེན་ཁམས༔ སྐྱོང་ཞིང་བསྟན་པ་བསྲུང་མཛད་པའི༔ ཚངས་དང་བརྒྱ་བྱིན་རྒྱལ་ཆེན་བཞི༔ དཔལ་མགོན་བདུན་ཅུ་རྩ་ལྔ་ལ༔ བདུད་རྩི་གསེར་སྐྱེམས་མཆོད་པ་འབུལ༔ རྣལ་འབྱོར་བདག་གི་རྒྱབ་རྟེན་མཛོད༔ ཡུལ་ཆེན་ཉི་ཤུ་རྩ་བཞི་དང་༔ གནས་ཆེན་སུམ་ཅུ་སོ་གཉིས་དང་༔ དུར་ཁྲོད་ཆེན་པོའི་ཚལ་བརྒྱད་ལ༔


CMR037_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་དཔའ་བོ་མཁའ་འགྲོ་དང་༔ ཕྱོགས་སྐྱོང་ཞིང་སྐྱོང་ཐམས་ཅད་ལ༔ བདུད་རྩི་གསེར་སྐྱེམས་མཆོད་པ་འབུལ༔ ཕྲིན་ལས་འགྲུབ་པའི་སྡོང་གྲོགས་མཛོད༔ ལྷ་ཆེན་བཙུན་མོ་བློན་པོའི་ཚོགས༔ དུས་མཚན་ཆེན་མོ་གྲུལ་བུམ་དང་༔ ཀླུ་གཉན་བ་དན་ཁྲ་བོ་དང་༔ ཙང་ཀུན་འཕྱེ་བོ་སྒྲ་གཅན་སོགས༔ ཀོ་ལོང་སྡོམ་པའི་སྟོབས་ལྡན་རྣམས༔ བདུད་རྩི་གསེར་སྐྱེམས་མཆོད་པ་འབུལ༔ གལ་ཏེ་ཐུགས་ལ་ཕོག་ན་ཡང་༔ ཁྱེད་ལ་བསྡོ་བ་མ་ཡིན་པས༔ ལེ་ལན་དགྲ་དང་བགེགས་ལ་ཕོབ༔ རྣལ་འབྱོར་བདག་གི་གྲོགས་མཛོད་ཅིག༔ ལོ་ལ་འཁོར་བའི་ས་བདག་ཚོགས༔ ཐེ་སེ་ཧལ་ཁྱི་བླ་མཁྱེན་སོགས༔ ས་བདག་རྗེ་བློན་བཅུ་བདུན་རྣམས༔ བདུད་རྩི་གསེར་སྐྱེམས་མཆོད་པ་འབུལ་མདོས་དང་ཟོར་གྱི་ལམ་ཕྱེས་ཤིག་གལ་ཏེ་གདོང་ལ་བབ་གྱུར་ན༔ ཀོ་ལོང་དགྲ་དང་བགེགས་ལ་མཛོད༔ གནམ་ལྷ་སེར་ནག་སྒྲོམ་བུ་དང་༔ འཕར་བ་མགོ་དགུ་བྱི་ལམ་སོགས༔ ཟླ་འཁོར་ས་བདག་ཐམས་ཅད་ལ༔ བདུད་རྩི་གསེར་སྐྱེམས་མཆོད་པ་འབུལ༔ མདོས་དང་ཟོར་གྱི་ལམ་ཕྱེས་ཤིག༔ གལ་ཏེ་ཉེས་འགལ་བྱུང་སྲིད་ན༔ ལེ་ལན་


CMR037_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་དང་བགེགས་ལ་ཕོབ༔ བདག་གི་མགོན་དང་གྲོགས་མཛོད་ཅིག༔ རྣལ་འབྱོར་མ་བརྒྱུད་གཟའ་ཆེན་བརྒྱད༔ བིཥི་པི་ལིང་ལྔ་སེར་དང་༔ གསེར་མཛོད་སེར་པོ་ལ་སོགས་པ༔ ཞག་ལ་རྒྱུ་བའི་ས་བདག་རྣམས༔ བདུད་རྩི་གསེར་སྐྱེམས་མཆོད་པ་འབུལ༔ མདོས་དང་ཟོར་གྱི་ལམ་ཕྱེས་ཤིག༔ གལ་ཏེ་ཉེས་འགལ་བྱུང་སྲིད་ན༔ ཉེས་ལེན་དགྲ་དང་བགེགས་ལ་ཕོབ༔ རྣལ་འབྱོར་བདག་གིས་གྲོགས་མཛོད་ཅིག༔ རིགས་ལྔའི་མཁའ་འགྲོ་གཙོ་དང་འཁོར༔ གཟའ་བརྒྱད་འཕར་བ་གོང་རྒྱུག་བརྒྱད༔ ཟིན་ཕུང་གཡུ་མཛོད་སྔོན་པོ་སོགས༔ དུས་ཚོད་རྒྱུ་བའི་ས་བདག་རྣམས༔ བདུད་རྩི་གསེར་སྐྱེམས་མཆོད་པ་འབུལ༔ མདོས་དང་ཟོར་གྱི་ལམ་ཕྱེས་ཤིག༔ གལ་ཏེ་གདོང་ལ་བབ་གྱུར་ན༔ ཉེས་ལེན་དགྲ་དང་བགེགས་ལ་མཛོད༔ འགལ་འཁྲུལ་ཕོག་ཐུག་བྱུང་སྲིད་ན༔ རྩུབ་འཁྲུགས་བཀའ་ཆད་དགྲ་ལ་ཕོབ༔ རྣལ་འབྱོར་བདག་གི་མགོན་མཛོད་ཅིག༔ དབང་ཕྱུག་གཟའ་ཀླུ་སྡེ་བརྒྱད་ལ༔ ཕུར་འདེབས་དྲག་ལས་གཏད་མནན་སོགས༔ ལྡོག་པའི་དུས་ལ་བབ་གྱུར་ཀྱང་༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ ཟས་


CMR037_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངོ་དེ་ཁྱོད་ཀྱིས་མཛོད༔ ལྡོག་པའི་ཉེས་སྐྱོན་ཐམས་ཅད་ནི༔ དགྲ་དང་བགེགས་ཀྱི་སྟེང་དུ་སྒྱུར༔ བདག་གི་དཔལ་དང་མགོན་མཛོད་ཅིག༔ རྗེ་ཡི་མགུར་ལྷ་བཅུ་གསུམ་དང་༔ བརྟན་སྐྱོང་ཡ་མ་བཅུ་གཉིས་དང་དགེ་བསྙེན་ཉི་ཤུ་རྩ་གཅིག་སོགས༔ གངས་ཅན་བོད་ཀྱི་སྲུང་མ་རྣམས༔ བདུད་རྩི་གསེར་སྐྱེམས་མཆོད་པ་འབུལ༔ མདོས་དང་ཟོར་གྱི་ལམ་ཕྱེས་ཤིག༔ རྣལ་འབྱོར་བདག་གི་དཔུང་རོགས་མཛོད༔ ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི༔ ཡུལ་ལྷ་གཞི་བདག་ཐམས་ཅད་དང་༔ ཁྱད་པར་མདོས་གཏོར་འཕེན་ཕྱོགས་ཀྱི༔ གདོང་ལ་གནས་པའི་གཟུགས་ཅན་རྣམས༔ ལྷ་སྲིན་འབྱུང་པོ་ཐམས་ཅད་ཀུན༔ བདུད་རྩི་གསེར་སྐྱེམས་མཆོད་པ་འབུལ༔ མདོས་དང་ཟོར་གྱི་ལམ་ཕྱེས་ཤིག༔ མཐོ་བ་རྣམས་ཀྱིས་ཞབས་ཡར་སྐུམས༔ དམའ་བ་རྣམས་ཀྱིས་དབུ་མར་ཆུམས༔ བར་པ་རྣམས་ཀྱི་སྐུ་གཟུར་ཅིག༔ གཡས་སུ་ཡོད་པ་གཡས་སུ་གཟུར༔ གཡོན་དུ་ཡོད་པ་གཡོན་དུ་གཟུར༔ ན་བཟའ་ལྷབ་ལྷུབ་མཐུ་བ་བསྡུས༔ ཕོ་བྲང་རྣམས་ཀྱང་སྒོ་ཆོད་ལ༔ ཅེ་རེ་ལྟ་བའི་སྤྱན་རྣམས་གཡོར༔ ཀྲོག་གེ་ཉན་པའི་སྙན་རྣམས་གཡོར༔


CMR037_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་མདོས་གཏོར་ཟོར་ཕོག་ན༔ ང་ནི་མ་ཉེས་མ་ལེན་ནོ༔་ཉེས་ལེན་དགྲ་དང་བགེགས་ལ་ཕོབ༔ དཀོན་མཆོག་བདེན་པའི་བཀའ་མ་བཅག༔ རྣལ་འབྱོར་བདག་གི་དམ་མ་བཀྲལ༔ མཆོད་པའི་ངོ་ཅིག་ཁྱེད་ཀྱིས་གྱིས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་མདོས་གཏོར་སྤྱི་ལ་སྦྱར་རུང་བའི་གསེར་སྐྱེམས་ཉེ་གནས་དགེ་སློང་སྦྱིན་པས་བསྐུལ་བ་ལ་བརྟེན་ནས༔ སྔགས་རྒན་རཱ་ག་ཨ་སྱས་སྨྲས་པ་ལྟར༔ བསྐུལ་བ་པོས་ཡི་གེ་བྲིས་པའོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སྡེ་བརྒྱད་གསེར་སྐྱེམས།


CMR037_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་བརྒྱད་གསེར་སྐྱེམས་བཞུགས་སོ། །ཧཱུྃ། ང་ནི་ཁྲོ་རྒྱལ་བདུད་རྩི་འཁྱིལ། །ཐམས་ཅད་ང་ཡི་བཀའ་ལ་ཉོན། །སྔོན་མོ་འབྲུ་ཡི་སྙིང་ཁུ་སྟེ། །རིན་ཆེན་དམ་པ་གསེར་བརྡར་ནས། །བླ་མ་དཀོན་མཆོག་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་འབུལ། །དེ་རིང་གཟུ་དང་དཔང་པོར་མཛོད། །མ་ཧཱ་ཀཱ་ལ་ལྕམ་དྲལ་དང་། །དཔལ་མགོན་བདུན་ཅུ་འཁོར་དང་བཅས། །མ་ཐོགས་ཚུར་མཆིས་སྐྱེམས་ལ་བྱོན། །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །བར་ཆད་རྐྱེན་རྣམས་བཟློག་པ་དང་། །གཟའ་བདུད་གདོང་མོ་རྒྱུ་སྐར་ཚོགས། །དབྱུ་གུ་དྲུག་ཅུ་མཁའ་འགྲོ་བདུན། །ས་བདག་རྗེ་བློན་བཅུ་བདུན་སོགས། །དུས་ཚོད་ཚེས་གྲངས་བདག་པོ་རྣམས། །མ་ཐོགས་ཚུར་མཆིས་སྐྱེམས་ལ་བྱོན། །གཉུག་མར་གནས་པ་མ་ལུས་ཀུན། །མ་ཐོགས་ཚུར་མཆིས་སྐྱེམས་ལ་བྱོན། །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །ཀོ་ལོང་ཕྲག་དོག་མ་མཛད་ཅིག །སྡེ་བརྒྱད་ཡུལ་ལྷ་གཞི་ཡི་བདག །ཡུལ་དང་ས་སྐོར་ཁང་ཁྱིམ་འདིར། །གཉུག་མར་གནས་པ་མ་ལུས་ཀུན། །མ་ཐོགས་ཚུར་མཆིས་སྐྱེམས་ལ་བྱོན། །རིན་ཆེན་གསེར་སྐྱེམས་


CMR037_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཞེས་ལ། །རུ་ང་ཕྲག་དོག་མ་བྱེད་ཅིག །མཐོ་མཐོ་རྣམས་ཀྱིས་ཞབས་ཡར་སྐུམས། །དམའ་དམའ་རྣམས་ཀྱི་དབུ་ཐུམ་ཅིག །ཐད་དུ་འདུག་པ་སྐུ་གཟུར་ཅིག །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །མདོས་དང་ཟོར་གྱི་ལམ་ཕྱེས་ཤིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ཕྱོགས་ཐམས་ཅད་འབུལ་བའི་ཕྱོགས་སུ་གཏོར། སྔགས་འཆང་ཀརྨ་ཆགས་མེད་ཀྱི་ལེགས་པར་སྦྱར་བས་སྣང་སྲིད་གཞི་བདག་ཐམས་ཅད་ཀྱི་ཕྲག་དོག་ཞི་བའི་ཕྱིར་དུ་བསྔོའོ། །སརྦ་མངྒ་ལཾ།། །།

དགྲ་བླའི་གསེར་སྐྱེམས།


CMR037_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བླའི་གསེར་སྐྱེམས་བཞུགས་སོ། །ཀྱཻ། འཛམ་གླིང་སེང་ཆེན་གེ་སར་རྒྱལ་པོ་ནི། །སྐྱེས་བུ་དོན་གྲུབ་དགྲ་བླའི་དམག་དཔུང་བཅས། །འདིར་བྱོན་དཀར་གསུམ་གཏོར་མ་རྒྱན་དང་བཅས། །ཇ་ཆང་གསེར་དངུལ་ཟས་སྣའི་ཕུད་ཀྱིས་མཆོད། །རྣལ་འབྱོར་བདག་གིས་དེང་ནས་བྱང་ཆུབ་བར། །ཁྱེད་བསྒྲུབ་ཁྱེད་གསོལ་ཁྱེད་མཆོད་ཁྱེད་བསྟེན་ན། །རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང་། །མཐུན་རྐྱེན་མ་ལུས་ལྷུན་གྱིས་འགྲུབ་པར་མཛོད། །ལམ་གྱི་བར་ཆད་དགྲ་ཇག་ཆོམ་རྐུན་སོགས། །མ་ལུས་རྡུལ་ཕྲན་བཞིན་དུ་བརླག་པ་དང་། །གང་བསམ་ཐོགས་མེད་སྒྲུབ་པའི་རྒྱལ་ཁ་ཐོབ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་རཱ་ག་ཨ་སྱས་སྦྱར་བའོ།། །།

འདིར་ཡུལ་སྐྱོང་གཉན་པོ་ཙཱ་རི་ཞིང་སྐྱོང་ལ་གསེར་སྐྱེམས།


CMR037_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཡུལ་སྐྱོང་གཉན་པོ་ཙཱ་རི་ཞིང་སྐྱོང་ལ་གསེར་སྐྱེམས་འབུལ་བར་འདོད་ན། རིན་པོ་ཆེའི་སྣོད་དུ་ཇ་ཆང་གི་ཕུད་གང་འབྱོར་བཤམས་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེའི་སྣོད་དུ་གསེར་སྐྱེམས་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ཀྱཻ། རབ་འབྱམས་རྒྱལ་ཀུན་སྤྱི་གཟུགས་པདྨ་འབྱུང་། །གྲུབ་བརྙེས་རྩ་བརྒྱུད་བླ་མ་རིམ་བྱོན་གྱི། །བཀའ་དམ་རྡོ་རྗེའི་ཐ་ཚིག་གཙུག་འཆང་བའི། །ཡུལ་སྐྱོང་ཆེན་པོ་མཐུ་དང་རྩལ་ལྡན་པ། །གནས་མཆོག་ཙཱ་རི་གཉན་པོའི་བཀའ་སྲུང་བ། །ལྷ་གཉན་ཞིང་སྐྱོང་མོ་ནོ་འཁོར་དང་བཅས། །མ་ཐོགས་མྱུར་གཤེགས་དགྱེས་པའི་གདན་ལ་བཞུགས། །མཁའ་སྤྱོད་དག་པའི་གནས་མཆོག་ཙཱ་རི་ཏྲ། །དཔལ་གྱི་གནས་མཆོག་བསྟན་པ་རྒྱས་པ་ལ། །གནས་པའི་མཆོག་གསུམ་དཔའ་བོ་མཁའ་འགྲོ་ལ། །གསེར་སྐྱེམས་འབུལ་ལོ་བྱིན་རླབས་དངོས་གྲུབ་སྩོལ། །གནས་མཆོག་དེ་ཡི་བཀའ་སྲུང་ཞིང་སྐྱོང་བ། །མཐུ་དང་རྩལ་ལྡན་མོ་ནོ་གཉན་པོ་ལ། །གསེར་སྐྱེམས་འབུལ་ལོ་ལས་བཞིའི་སྡོང་གྲོགས་མཛོད། །སྐུ་ཡི་དགྱེས་མཆོག་གསང་བའི་རྒྱལ་མོ་དང་། །གཡུ་མཚོ་ལ་གནས་


CMR037_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་སྨན་ཇི་སྙེད་ལ། །གསེར་སྐྱེམས་འབུལ་ལོ་ཀླུ་གཡང་དངོས་གྲུབ་སྩོལ། །བཀའ་ཡི་བློན་པོ་ཕྲིན་ལས་སྒྲུབ་པའི་བདག །མྱུར་མགྱོགས་སྒོམ་ཆེན་སྒམ་ཆུང་གཉིས་པོ་ལ། །གསེར་སྐྱེམས་འབུལ་ལོ་ཕྲིན་ལས་མྱུར་དུ་སྒྲུབས། །གཞན་ཡང་གཡས་གཡོན་མདུན་རྒྱབ་ལ་གནས་པའི། །རྒྱབ་རྟེན་རུ་འདྲེན་འཁོར་ཚོགས་རྒྱ་མཚོ་ལ། །གསེར་སྐྱེམས་འབུལ་ལོ་བསམ་དོན་འགྲུབ་པར་མཛོད། །རྒྱལ་བསྟན་སྙིང་པོ་གསང་སྔགས་དར་ཞིང་རྒྱས། །བསྟན་འཛིན་སྐྱེས་བུའི་ཕྲིན་ལས་རྒྱས་པར་མཛོད། །ཡུལ་ཁམས་སྤྱི་དང་བྱེ་བྲག་ལྗོངས་འདི་རུ། །མི་མཐུན་གནོད་པའི་ཕྱོགས་རྣམས་ཀུན་ཞི་ནས། །བདེ་སྐྱིད་དཔལ་གྱིས་འཚོ་བར་མཛད་དུ་གསོལ། །ཁྱད་པར་རྣལ་འབྱོར་བདག་གིས་གང་བཅོལ་བའི། །ལས་བཞིའི་ཕྲིན་ལས་མ་གཡེལ་མྱུར་དུ་སྒྲུབས། །ཕུན་ཚོགས་དགེ་ལེགས་དཔལ་གྱིས་རབ་འཚོ་བའི། །བསམ་དོན་ཆོས་བཞིན་འགྲུབ་པར་མཛད་དུ་གསོལ། །ཞེས་ཡུལ་མི་རྣམས་ལ་ཕན་བདེ་འབྱུང་བའི་ཕྱིར་དུ་༧ རཱ་ག་ཨ་སྱས་འཕྲལ་དུ་བྲིས་པ་དགེ་ལེགས་འཕེལ།། །། ༈ ཀྱཻ། རིན་ཆེན་མཆོང་གི་གཡའ་རི་ནས། །མོ་ནོ་མི་སྨུག་སྦྲུལ་རལ་ཅན། །སྐུ་མདོག་ལྗང་


CMR037_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

སེར་འོད་དང་ལྡན། །དྲེལ་སྔོན་ཆས་ལྡན་མོ་ཐིག་དཀར། །བུད་མེད་རྒྱན་ཅན་མང་པོའི་བསྐོར། །ཀླུ་གཉན་མོ་ནོ་འཁོར་དང་བཅས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །དཀར་གསུམ་ཇ་ཆང་འབྲུ་སྣའི་མཆོད། །རབ་ཏུ་མཉེས་ཤིང་ཚིམས་གྱུར་ནས། །ཕོག་ཐུག་གང་བྱུང་བཟོད་པར་གསོལ། །ན་ཚ་གོད་ཁ་མ་བཏང་ཞིག །བཙའ་སད་སེར་བ་མ་བཏང་ཞིག །ལོ་ལེགས་ཡུལ་ཕྱོགས་བདེ་བ་དང་། །རང་རང་ཇི་ལྟར་ནུས་པ་ཡིས། །ཁ་འཛིན་སྡོང་གྲོགས་རྒྱབ་རྟེན་མཛོད། །ཨོཾ་ཨ་ཏི་ཧྲཱིཿམོ་ནོ་རུ་རུ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཆར་འབོད་སྐབས་སུ་ཨ་རཱགས་སྦྱར་བའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ལས་ཐབས་བཟང་ངན་འགྲོས་སོགས་ལ་སྔོན་འགྲོ་གསེར་སྐྱེམས།


CMR037_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐབས་བཟང་ངན་འགྲོས་སོགས་ལ་སྔོན་འགྲོ་གསེར་སྐྱེམས་འབུལ་བ་བཞུགས་སོ། །


CMR037_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

དམག་དང་བག་མ་མགྲོན་སྣ་སྐྱེས་ལ་སོགས། །ལས་ཐབས་གང་ལ་སྔོན་འགྲོ་གསེར་སྐྱེམས་འདོན། །ཇ་ཆང་ཕུད་དང་འོ་མ་གང་འཛོམ་གྱི། །ནང་དུ་འབྲུ་སྣ་བཏབ་ལ་གསེར་སྐྱེམས་བརྡར། །རིན་ཆེན་ཕྱེ་མ་གང་འཛོམ་བཏབ་ལ་ཕྱོགས་བཅུར་མཆོད། །ཧཱུྃ༔ རང་ཉིད་སྐད་ཅིག་དམ་ཡེ་དབྱེར་མེད་པའི། །དམག་དང་བག་མ་སྐྱས་སྣ་མགྲོན་སྣ་སོགས། །མི་རུང་ལས་ཐབས་འཇོམས་ཤིང་ཞི་བའི་ལྷ། །སྤྱན་རས་གཟིགས་དབང་ཤིན་ཏུ་དཀར་བའི་སྐུ། །ཕྱག་གཡས་མཆོག་སྦྱིན་གཡོན་པས་བགྲང་ཕྲེང་འཛིན། །ལོངས་སྐུའི་རྒྱན་རྫོགས་དར་དང་རིན་ཆེན་བརྒྱན། །སྐུ་ཡིས་ནམ་མཁའ་བར་སྣང་ཐམས་ཅད་


CMR037_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ། །ཞབས་གཉིས་བཞེངས་པས་འགྲོ་དྲུག་གནས་ནས་འདྲེན། །ཐུགས་ཀར་ཧྲཱིཿལ་སྔགས་ཕྲེང་གཡས་སུ་འཁོར། །ཨོཾ་མ་ཎི་པདྨེ་ཧཱུྃ། བརྒྱ་རྩ་བཟླ། ཀྱཻ། སྣང་ཞིང་སྲིད་པའི་ས་བདག་ཐམས་ཅད་དང་། །གནམ་ས་བར་གྱི་ལྷ་འདྲེ་ཐམས་ཅད་ཉོན། །བྷྲཱུཾ་ལས་རིན་ཆེན་སྣོད་མཆོག་རྒྱ་ཆེ་བར། །ཁཾ་ལས་བྱུང་བའི་ཟག་མེད་བདུད་རྩིའི་མཚོ། །འབྲུ་ཡི་སྙིང་ཁུ་བདུད་རྩི་ཆང་དང་ནི། །དཔག་བསམཾ་ཤིང་གི་སྙིང་ཁུ་ཡུ་མར་ཇ། །མེ་ཏོག་རྩི་ཐོག་སྙིང་པོ་འོ་མ་མར། །སྟོང་གསུམ་སེམས་ཅན་ཀུན་གྱི་ཟས་ཀྱི་མཆོག །གསེར་ཕྱེ་དངུལ་ཕྱེ་བརྡར་བའི་


CMR037_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་མཆོག །མཚོ་རོ་གཡུ་དང་བ་ལ་དུང་ལ་སོགས། །རིན་ཆེན་ཕྱེ་མ་ལྷ་ཀླུ་གཞི་བདག་ནོར། །འབྲས་མཆོག་ས་ལུ་གྲོ་དང་འཕེལ་ཆེན་ནས། །འདི་དག་འཛམ་བུ་གླིང་གི་ནོར་གྱི་མཆོག །གཅིག་ཏུ་སྦྱར་བའི་གསེར་སྐྱེམས་མཚན་དུ་གསོལ། །ཨོཾ་ཨཱཿཧཱུྃ་དང་ཧ་ཧོ་ཧྲཱིཿརྣམས་ཀྱིས། །ཟག་མེད་ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས། །སྣང་སྲིད་ལྷ་འདྲེ་ས་བདག་རྣམས་ལ་འབུལ། །ཁྱེད་ཅག་ཐོགས་མེད་ཡིད་ཀྱི་མངོན་ཤེས་དང་། །རྫུ་འཕྲུལ་མྱུར་མགྱོགས་ཤུགས་ཀྱིས་མཆོད་པ་བཞེས། །བདག་དང་ཡོན་བདག་རྣམས་ལ་བདེ་ལེགས་སྩོལ། །ཧཱུྃ། སྟོང་གསུམ་འཛམ་གླིང་དཀྱིལ་འཁོར་འདིར། །གནས་ཤིང་བརྟན་བཅས་ཕྱོགས་ལ་དབང་བའི་ལྷ། །ཤར་ཕྱོགས་ཤིང་ཁམས་བུ་མོ་ལྗང་གུ་ཟིན། །ཤར་སྟོད་སྟག་ལྔ་ཤར་སྨད་ཡོས་བུ་ལྔ། །སྨིན་དྲུག་ལ་སོགས་ཤར་གྱི་སྐར་མ་དྲུག །ཤར་གྱི་གཟའ་བདུན་འབར་བ་རཱ་ཙ་དང་། །གླང་པོའི་གདོང་དང་བརྒྱ་བྱིན་ལ་སོགས་པ། །ཤར་ན་གནས་དང་ཤར་ནས་འོང་བ་ཡི། །སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་ཀྱི། །གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ། །དམག་དང་བག་མ་སྐྱེས་མགྲོན་ལམ་


CMR037_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེས་ཤིག །་་ལོ་རིམ་སྐབས། ཡུལ་འདིར་བཙའ་སད་སེར་བའི་རྒྱུན་ཆོད་ཅིག །ལོ་ལེགས་ཆར་འབེབས་ཅི་བསམ་ལྷུན་གྲུབ་མཛོད། །ཅེས་བསྒྱུར། རོ་ལམ་སྐབས། རོ་དང་ཐལ་སོལ་དཀར་རྩིའི་ལམ་སོལ་ཅིག །ཅེས་བསྒྱུར། །ཕྱོགས་དེར་ལས་ཐབས་ངན་པ་གང་བྱུང་ཡང་། །ཁྱོད་ལ་སྟོན་པ་མིན་པས་བཟོད་པར་བཞེས། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་ཅིག །ཤར་ལྷོ་རླུང་ཁམས་བུད་མེད་སྨྱོན་མ་ཟོན། །འབྲུག་ལྔ་ས་སྐར་སྐག་དང་གཟའ་ཆེན་པོ། །རཱ་ཧུ་ལ་དང་མེ་ལྷ་གདོང་ར་སོགས། །ཤར་ལྷོར་གནས་དང་ཤར་ལྷོར་རྒྱུ་བ་རྣམས། །གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ། །དམག་དང་བག་མ་སྐྱེས་མགྲོན་ལམ་ཕྱེས་ཤིག །ལས་ཐབས་མ་ཤེས་ཕོག་ཐུག་གང་བྱུང་ཡང་། །ཁྱོད་ལ་སྟོན་པ་མིན་པས་བཟོད་པར་བཞེས། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་ཅིག །ལྷོ་ཕྱོགས་མེ་ཁམས་བུ་མོ་དམར་མོ་ལི། །ལྷོ་སྟོད་སྦྲུལ་ལྔ་ལྷོ་སྨད་རྟ་ལྔ་དང། །མཆུ་ལ་སོགས་ཏེ་ལྷོ་ཕྱོགས་མེ་སྐར་དྲུག །གཟའ་ཆེན་ཁྱབ་འཇུག་ཕྱོགས་སྐྱོང་གཤིན་རྗེ་དང་། །ཞིང་སྐྱོང་མ་ཧེའི་གདོང་ཅན་ལ་སོགས་པ། །ལྷོ་ན་གནས་དང་ལྷོ་ནས་


CMR037_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་བ་ཡི། །སྣང་སྲིད་ལྷ་འདྲེ་གཉེན་པོ་ཐམས་ཅད་ལ། །གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ། །དམག་དང་བག་མ་སྐྱས་མགྲོན་ལམ་ཕྱེས་ཤིག །ལས་ཐབས་མི་རུང་བྱ་བ་གང་བྱས་ཀྱང་། །ཁྱོད་ལ་སྟོན་པ་མིན་པས་བཟོད་པར་བཞེས། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་ཅིག །ལྷོ་ནུབ་ས་ཁམས་ཁོན་མ་རྒན་མོ་དང་། །ལུག་ལྔ་སྲིན་པོའི་སྐར་མ་ས་ག་དང་། །ཞིང་སྐྱོང་ཤ་ཟའི་གདོང་དང་གཟའ་བདུད་ནི། །བིའི་པ་ཏྲ་ལ་སོགས་ལྷོ་ནུབ་ན། །གནས་དང་དེ་ན་རྒྱུ་བ་ཐམས་ཅད་ཀྱིས། །འབྲུ་དང་གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །དམག་དང་བག་མ་སྐྱེས་མགྲོན་ལམ་ཕྱེས་ཤིག །ལས་ཐབས་བྱ་བ་མི་རུང་གང་ཡིན་ཀྱང་། །ཁྱོད་ལ་སྟོན་པ་མིན་པས་བཟོད་པར་བཞེས། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་ཅིག །ནུབ་ཕྱོགས་ལྕགས་ཁམས་སྐྱེས་བུ་ཆེན་པོ་དང་། །ནུབ་སྟོད་སྤྲེལ་ལྔ་ནུབ་སྨད་བྱ་ལྔ་དང་། །ལྷ་མཚམས་ལ་སོགས་ལྕགས་ཀྱི་སྐར་མ་དྲུག ། དུ་བ་འཇུག་རིང་ས་བདག་ཝ་རུ་ཎ། །ཆུ་སྲིན་གདོང་ཅན་ལ་སོགས་ནུབ་བྱང་ན། །གནས་དང་ནུབ་ན་རྒྱུ་བ་ཐམས་ཅད་ལ། །གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་


CMR037_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །དམག་དང་བག་མ་སྐྱེས་མགྲོན་ལམ་ཕྱེས་ཤིག །ལས་ཐབས་ངན་པའི་ཕོག་ཐུག་གང་བྱུང་ཡང་། །བཟོད་པར་བཞེས་ལ་དགེ་བའི་སྡོང་གྲོགས་མཛོད། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་ཅིག །ནུབ་བྱང་ཕ་རྒན་ཁེན་པ་གནམ་ཁྱི་དང་། །ཁྱི་ལྔ་སྐར་མ་བྱི་བཞིན་སྲིན་པོ་རོག་ཏི་དང་། །བ་ཡ་བེ་དང་ཤ་བའི་གདོང་པ་ཅན། །ནུབ་བྱང་གནས་དང་ནུབ་བྱང་ནས་རྒྱུ་བ། །ཀུན་གྱིས་གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །དམག་དང་བག་མ་སྐྱེས་མགྲོན་ལམ་ཕྱེས་ཤིག །ལས་ཐབས་བྱ་བ་ཁྱེད་ལ་སྟོན་པ་མིན། །བཟོད་པར་བཞེས་ནས་དགེ་བའི་སྡོང་གྲོགས་མཛོད། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་ཅིག །བྱང་ཕྱོགས་ཆུ་ཁམས་བྱིསྦ་སྔོན་པོའི་ཁམས། །བྱང་སྟོད་ཕག་ལྔ་བྱང་སྨད་བྱི་བ་ལྔ། །མོན་གྲེ་ལ་སོགས་ཆུ་ཡི་སྐར་མ་དྲུག །གནོད་སྦྱིན་རྟ་གདོང་ཧ་ལིང་ཀ་ལ་སོགས། །བྱང་ན་གནས་དང་བྱང་ནས་རྒྱུ་བ་དང་། །གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ། །དམག་དང་བག་མ་སྐྱེས་མགྲོན་ལམ་ཕྱེས་ཤིག །ལས་ཐབས་ངན་པ་ཁྱོད་ལ་སྟོན་པ་མིན། །བཟོད་པར་བཞེས་ལ་དགེ་བའི་སྡོང་གྲོགས་མཛོད། །ཀོ་ལོང་


CMR037_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ང་ཕྲག་དོག་མ་མཛད་ཅིག །བྱང་ཤར་རི་ཡི་བནྡེ་སེར་པོ་གིན། །གླང་ལྔ་བྲ་ཉེ་བགེགས་དང་འབྱུང་པོ་དང་། །སྒྲ་གཅན་ལ་སོགས་བྱང་ཤར་ལ་གནས་པ། །དེ་དག་ཀུན་ལ་འབྲུ་སྣ་གསེར་སྐྱེམས་འབུལ། །དམག་དང་བག་མ་སྐྱེས་མགྲོན་ལམ་ཕྱེས་ཤིག །ལས་ཐབས་ངན་པ་ཁྱོད་ལ་སྟོན་པ་མིན། །བཟོད་པར་བཞེས་ལ་དགེ་བའི་སྡོང་གྲོགས་མཛོད་།ཀོ་ལོང་རུ་ང་ཕྲག་དོག་མ་མཛད་ཅིག །ཧཱུྃ། ལོ་ལ་འཁོར་ཞིང་ཕྱོགས་ལ་དབང་བ་ཡི། །ཐེ་སེ་རྒྱལ་པོ་ཐེ་ཁྱིམ་བཙུན་མོ་དང་། །ཧོ་པན་ཡུམ་རྒན་བརྟན་སོ་སྲས་བུ་དང་། །གཙང་ཀུན་འཕྱེའོ་གཙང་ཀུན་བློན་པོ་དང་། །རྩིས་མཁན་སེ་བ་བླ་མཁྱེན་སྔ་ཕྱི་གཉིས། །སྐུ་སྲུང་སེ་ཤར་ཤན་པ་མི་གསོད་དང་། །སེ་ལོ་ས་འཕྱགས་སེའུ་གདན་བཏིང་དང་། །སེ་ཏེ་རྟ་ཁྲིད་སེ་བ་རང་རྟ་དང་། །ཧོ་པན་བྱ་ར་སེ་བྱི་ནོར་སྲུང་དང་། །ས་བྱ་དུས་འཛིན་དཀར་ཤམ་བུ་མོ་དང་། །སྦལ་ཏེ་མག་པ་ཧལ་ཁྱི་རོ་ཟན་སོགས། །ལོ་ལ་འཁོར་བའི་ས་བདག་ཁྱེད་རྣམས་ཀྱི། །འབྲུ་སྣ་གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །དམག་དང་བག་མ་སྐྱེས་མགྲོན་ལམ་ཕྱེས་ཤིག །གལ་ཏེ་ཁྱེད་ཅག་སྟེང་དུ་ལམ་


CMR037_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བརྟོད་ན། །མཐུ་ཆེན་ཁྱེད་རྣམས་དོ་བསྡོ་མ་ཡིན་གྱིས། །ངེད་ཅག་མངོན་ཤེས་མི་ལྡན་འཁྲུལ་པའི་དབང་། །བཟོད་པར་བཞེས་ལ་དངོས་གྲུབ་དམ་པ་སྩོལ། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་ཅིག །ཟླ་བ་ལ་འཁོར་ཕྱོགས་ལ་དབང་བ་ཡི། །འབྲུག་ལྷ་གྲྭ་པ་ཐེ་སེ་གྲུལ་བུམ་དང་། །ཟླ་འགྲོས་བྱི་ལམ་ཕག་མགོ་ཟླ་དངོས་ལྷ། །ས་སྨན་ས་རྒྱལ་ལྷ་མོ་བརྟན་མ་དང་། །ས་བདག་རྒན་རྒོན་རྔ་ཟོར་དམར་པོ་དང་། །བྱི་ལམ་སྔོན་མོ་གནམ་ཐིག་སེར་ནག་དང་། །གཉན་འཕར་མགོ་དགུ་ས་བདག་ལྟོ་འཕྱེ་དང་། །འགྲོལ་བུ་ལྷ་ལྔ་གནམ་ཁྱི་ནག་པོ་དང་། །ཧལ་ཁྱི་ལ་སོགས་ཟླ་བའི་ས་བདག་རྣམས། །འབྲུ་སྣ་གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །དམག་དང་བག་མ་སྐྱེས་མགྲོན་ལམ་ཕྱེས་ཤིག །ཁྱེད་ཅིག་ཕྱོགས་སུ་གལ་ཏེ་ལམ་བྱུང་ན། །སྟོབས་ཆེན་ཁྱོད་ལ་བསྡོ་བ་མ་ཡིན་ཏེ། །བདག་ཅག་མ་རིག་འཁྲུལ་པས་སྒྲིབ་པ་ལ། །བཟོད་པར་བཞེས་ལ་ཀོ་ལོང་མ་མཛད་ཅིག །ཞག་གི་དམག་མི་སུམ་བརྒྱ་དྲུག་ཅུ་ལ། །དབང་གི་ལོ་དང་སྤར་ཁ་གཟའ་སྐར་དང་། །ཁྲ་ཚ་ཟིན་ཕུང་གཟའ་ཡི་བུ་བཞི་སོགས། །དུས་ཚོད་མཚོན་ཆའི་བདག་པོ་


CMR037_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

སྤར་སྨེ་ལོ། །ཀླུ་བརྒྱད་རྣལ་འབྱོར་མ་བརྒྱད་བིཥི་དང་། །གསེར་མཛོད་སེར་པོ་གཡུ་མཛོད་སྔོན་མོ་སོགས། །ཞག་དང་ཟ་མ་དུས་ཚོད་བདག་པོ་ལ། །འབྲུ་སྣ་གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །དམག་དང་བག་མ་སྐྱེས་མགྲོན་ལམ་ཕྱེས་ཤིག །ཁྱེད་རྣམས་ཕྱོགས་སུ་མི་རུང་ལས་བྱས་ཀྱང་། །ཁྱེད་ཅག་རྣམས་ལ་བརྙས་ནས་འགྲན་བཙུགས་མིན། །མ་ཤེས་མ་རིག་འཁྲུལ་ན་བཟོད་པར་བཞེས། །བདག་དང་ཡོན་བདག་དགེ་བའི་སྡོང་གྲོགས་མཛོད། །ཕྱོགས་བཞི་སྐྱོང་བའི་རྒྱལ་པོ་ཆེན་པོ་བཞི། །ཤར་གྱི་སྟག་སྐྱ་ལྷོ་ཡི་གཡུ་འབྲུག་སྔོ། །ནུབ་ཀྱི་བྱ་དམར་བྱང་གི་རུས་སྦལ་རྒྱུ། །བྱང་ཤར་མེ་གླང་ལྷོ་ནུབ་རྡོ་ལུག་དང་། །ནུབ་བྱང་གནམ་ཁྱི་ཤར་ལྷོར་ར་གན་འབྲུག །བར་སྣང་གསེར་སྤྲེལ་གནམ་ཁྱི་བྱ་ཁྱུང་དཀར། །གངས་རི་གཡའ་རི་བྲག་རི་སྤང་གི་རི། །མཚོ་དང་གདེངས་ཀ་ཆུ་མིག་གད་བྲག་ཕུག །དེ་དག་ལ་གནས་ས་བདག་ཀླུ་དང་གཉན། །སྲིད་པ་བརྐོས་པའི་མཐུ་རྩལ་དྲག་ཤུལ་ཅན། །ཁ་དོག་ལྡན་ཞིང་འོད་དང་གཟི་བརྗིད་ལྡན། །སྡེ་ཆེ་སྟོབས་ཆེན་ཕ་རོལ་དཔུང་འཇོམས་པ། །ཁྱེད་ཅག་ཀུན་ལ་འབྲུ་སྣ་གསེར་སྐྱེམས་འབུལ། །


CMR037_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

དམག་དང་སྐྱས་སྣ་བག་མགྲོན་ལམ་ཕྱེས་ཤིག །དམའ་དམའ་དབུ་ཆུམ་མཐོ་མཐོ་ཞབས་ཡར་སྐུམས། །བར་མ་སྐུ་གཟུར་སྤྱན་གཡོར་མཐུ་བ་སྡུས། །ཐབ་གཞོབ་འཁོན་དང་དམག་སྣ་སྟོན་པ་དང་། །བག་མ་སྐྱས་དང་མགྲོན་སྣ་ཅི་བྱས་ཀྱང་། །ཀོ་ལོང་རུ་ང་ཕྲག་དོག་མ་བྱེད་ཅིག །མ་ཤེས་དབང་གིས་ཕོག་ཐུག་བྱུང་ན་ཡང་། །བྲག་ཆེན་མ་རལ་མཚོ་ཆེན་མ་ལྷུད་ཅིག །གངས་ཆེན་མ་ཉིལ་ཆུ་ཆེན་མ་འཁྲུགས་ཤིག །ཤིང་ཆེན་མ་ཆག་སྐར་མདའ་མ་ལྷུང་ཞིག །གློག་ལྕེ་མ་བརྐྱང་སེར་བ་མ་འབེབས་ཤིག ། གནམ་གྱི་བྱ་ཁྱུང་གཤོག་པ་མ་རྡེབས་ཤིག །གཡུ་འབྲུག་སྔོན་མོས་རྐན་སྒྲ་མ་རྡེབས་ཤིག །གསེར་སྦལ་བར་སྣང་གསེར་སྤྲེལ་གར་མ་བྱེད། །མཆོང་ཉ་དུང་ཉས་རྔ་མ་མ་གཡུགས་ཤིག །ཁམ་པ་གཡག་གི་རྭ་ཅོ་མ་བརྡར་ཅིག །བཙན་གྱི་ཤ་བས་རྒྱབ་ནི་མ་སྤྲུགས་ཤིག །ནག་པོ་ཕག་གི་ཕུང་སྣ་མ་རྒྱུད་ཅིག །སྦྲུལ་ནག་གདུག་པའི་ལྕེ་གཉིས་མ་བརྐྱངས་ཤིག །གླང་བུ་སྟག་རིས་ས་ནི་མ་གཏོར་ཅིག །གདུག་པའི་ཕྱག་བརྙན་མ་བཏང་བདུད་མ་འབེབས། །བཙན་གྱི་རྐྱ་འཁྲུགས་མ་བཏང་གཤེད་མ་འབེབས། །སོ་སོར་བཅོས་སོ་


CMR037_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བ་བདེ་ལེགས་མཛོད། །ར་ལ་ཕོག་ཀྱང་རུ་གཡུགས་མ་བརྡུངས་ཤིག །རྨིག་པའི་ཚིག་ལ་ཕོག་ཀྱང་མ་འཕྲལ་ཅིག །སྤུ་ཡི་དྲྭ་ལ་ཕོག་ཀྱང་མ་སྤྲུགས་ཤིག །སྤྱན་ལ་ཕོག་ཀྱང་སྡང་མིག་མ་བགྲད་ཅིག །ལྗགས་ལ་ཕོག་ཀྱང་དར་ལྕེ་མ་སྐྱོངས་ཤིག །སྙིང་དཀྱིལ་ཕོག་ཀྱང་བསམ་ངན་མ་འཆང་ཞིག །དམག་ཇག་སྐྱས་མགྲོན་བག་སྣ་ལ་སོགས་པ། །གཡས་སུ་བཟུར་ལ་གཡོན་དུ་འཆོར་མཛོད་ཅིག །ཐད་དུ་བྱོལ་ལ་བཙན་གཏམ་མ་བྱེད་ཅིག །ཁ་སྒམ་ཅན་གྱིས་ལྐོག་སྨྲས་མ་བྱེད་ཅིག །ཁྱེད་རྣམས་སོ་སོར་རང་རང་གནས་སུ་ཟློབཅོས། །དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་དང་། །བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་བདེན་པ་དང་། །ཉན་ཐོས་ཆེན་པོ་མཆོག་བརྒྱད་བདེན་སྟོབས་མཐུས།།དེ་རིང་ཉི་མ་དགེ་ཞིང་རྒྱུ་སྐར་བཟང་། །སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེན་པོ་སྟེ། །དགྲ་བཅོམ་ཐམས་ཅད་ཟག་པ་ཟད་པ་ཟད། །བདེན་པ་དེ་ཡིས་ཆོ་ག་འདི་འགྲུབ་ཤོག ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་བཞིན་གཤེགས་པ་བཞིའི་སྔགས་བརྗོད། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་


CMR037_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀླུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། །ཨོཾ་ཀཱི་ལི་ཀཱི་ལི་ཨ་ཏི་པ་ལི་སྭཱ་ཧཱ། ཕུན་སུམ་ཚོགས་པ་བརྒྱད་ཀྱི་སྔགས་འདི་བརྗོད་པ་ཙམ་གྱིས། བདེན་པའི་ཆོས་ལ་ས་བདག་ཀླུ་གཉན་ཀུན་ཡིད་ཆེས་ནས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་གྱུར་ཅིག །ཨོཾ་ཨ་ཀ་ནི་ནི་ཀ་ནི། ཨ་བྷི་ལ་མ་དྷ་ལ་མནྟ་ཡེ་སྭཱ་ཧཱ། གནམ་ས་སྣང་བརྒྱད་ཀྱི་སྙིང་པོ་འདི་བརྗོད་པ་ཙམ་གྱིས། སྣང་སྲིད་ས་བདག་ཀླུ་གཉན་ཐམས་ཅད་ཞི་བ་དང་བདེ་ལེགས་སུ་གྱུར་ཅིག །ཨཙནྡྲསུཏྲིདྡེདུལཿ སརྦ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པ་འདི་ནི་རོ་བག་སྐྱས་མགྲོན་སོགས་ཀུན་ལ་མཁོ་བའི་ཕྱིར་དུ་རིག་སྔགས་འཆང་བའི་རྣལ་འབྱོར་པ་ཨ་རཱ་གས་སྦྱར་བ་འདིས་སྣང་སྲིད་ཐམས་ཅད་བདེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གཡས་རུའི་ཡུལ་ལྷའི་གསེར་སྐྱེམས།


CMR037_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་རུའི་ཡུལ་ལྷའི་གསེར་སྐྱེམས་དཀར་གསུམ་འོ་ཞོ་ཇ་ཆང་དཀར་གཏོར་སོགས་བཤམས་ལ། བྷྲཱུཾ་ལས་རིན་ཆེན་སྣོད་མཆོག་རྒྱ་ཆེ་བར། །ཨོཾ་ལས་དཀར་གསུམ་གསེར་སྐྱེམས་བདུད་རྩིའི་མཚོ། །མདོག་དཀར་དྲི་ཞིམ་སྦྲང་རྩི་རོ་ལྡན་པ། །ཨོཾ་ཨཱཿཧཱུྃ་གིས་ཡེ་ཤེས་བདུད་རྩིར་གྱུར། །ཨོསརྦ་ལོ་ཀ་པཱ་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨ་ཡ་མ་དུ་རུ་ཙ་ཤ་ན་ཨི་དཾ་བ་ལཾ་ཏ་ཁ་ཁ་ཁཱ་ཧི།་ཀྱི། དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོ་འདི། །དཔལ་མགོན་བདུན་ཅུའི་ལྷ་སྲིན་སྡེ་བརྒྱད་དང་། །སྤྲུག་གི་བཙན་རྒོད་སྐྱ་དགུ་བྲན་དང་ཕྱོགས་བཅས། །བརྟན་མ་བཅུ་གཉིས་མགུར་ལྷ་བཅུ་གསུམ་སོགས། །པད་འབྱུང་བཀའ་སྲུང་དམ་ཅན་ཐམས་ཅད་ལ། །འབུལ་ལོ་མཆོད་དོ་མཉེས་ཤིང་ཚིམས་གྱུར་ཅིག །ངོམ་རྒྱལ་མཚོ་བཀྲ་འཁོར་དང་བཅས་པ་དང་། །རབ་དཀར་ག་ཡས་ལས་མཁན་མགར་ནག་དང་། །དགེ་བསྙེན་འབོ་རང་འཁོར་དང་བཅས་པ་སོགས། །དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་གཞི་བདག་ལ། །འབུལ་ལོ་མཆོད་དོ་མཉེས་ཤིང་ཚིམས་གྱུར་ནས། །ཁ་འཛིན་སྡོང་གྲོགས་མེལ་ཚེ་མ་གཡེལ་ཅིག །དགྲ་ཇག་ཆོམ་རྐུན་གོད་ཁ་ཞི་བ་དང་། །ལོ་


CMR037_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་འབྲུ་འཕེལ་ཚེ་བསོད་རྒྱས་པར་མཛོད། །ཨོ་རྒྱན་ཆེན་པོའི་བཀའ་ལས་མ་འདའ་བར། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་རཱ་ག་ཨ་སྱས་བླ་མ་སྲུང་ལའོ།།

བླ་མ་དགོངས་པ་འདུས་པ་ལས། རླུང་རྟ་བསྐྱེད་པའི་མན་ངག


CMR037_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དགོངས་པ་འདུས་པ་ལས། རླུང་རྟ་བསྐྱེད་པའི་མན་ངག་བཞུགས། ན་མོ་ཨཱརྱ་མཉྫ་ཤྲཱི་ཡེ། འཇམ་དཔལ་གྱིས་གསུངས་པའི་རྩིས་གཞུང་རྣམས་ལས། རླུང་རྟ་རྒུད་ན་དགྲ་དང་མི་ཁ་ལྡང་། །ཅི་བསམ་ལམ་དུ་མི་འགྲོ་ལོག་པར་འགྲོ། །དེ་ལ་རླུང་རྟ་བསྐྱེད་པའི་མན་ངག་གཅེས། །རྙིང་མའི་མདོ་སྡེ་དགོངས་འདུས་ཞེས་པ་ནས། །རླུང་རྟ་བསྐྱེད་ཐབས་དར་ལྕོག་མཆོག་ཡིན་གསུངས། །དེ་ཡི་མན་ངག་ལག་ཏུ་བླང་བྱ་ནི། །རླུང་རྟ་རང་མདོག་གམ་ནི་མ་མདོག་སྟེ། །སྟག་རྟ་ཁྱི་གསུམ་ལོ་པར་དར་ལྕོག་དཀར། །དར་ལྕེ་རྣམས་ནི་ཁ་དོག་སེར་པོ་བྱ། །ཕག་ལུག་ཡོས་གསུམ་ལོ་པར་དར་ལྕོག་དམར། །དེ་ལ་དར་ལྕེ་ལྗང་གུ་བཏགས་པར་བྱ། །བྱི་འབྲུག་སྤྲེལ་གསུམ་དར་ལྕོག་ལྗང་གུ་བྱ། །དར་ལྕེ་རྣམས་ནི་སྔོན་པོ་བྱ་བ་ཡིན། །བྱ་གླང་སྦྲུལ་གསུམ་དར་ལྕོག་སྔོན་པོ་སྟེ། །དར་ལྕེ་རྣམས་ནི་དཀར་པོ་བྱ་བ་ཡིན། །ཀུན་ཀྱང་སྟེང་གི་གོང་བ་སྔོན་པོ་བྱ། །དེ་ལ་ཉི་ཟླའི་གཟུགས་ཀྱི་ལྷན་པོ་བྱ། །སྨད་ཀྱི་ཤམ་ནི་སེར་པོ་ས་གཞི་མཚོན། །རྒྱན་གྱི་གོང་བ་དར་ལྕེའི་ཁ་དོག་མཐུན། །དེ་ཉིད་རླུང་རྟ་མ་ཡི་ཁ་དོག་ཡིན། །འབྱུང་བའི་མ་དེས་བུ་ནི་


CMR037_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཕྱིར་རོ། །དར་ལྕོག་རང་གི་རླུང་རྟའི་མདོག་ཡིན་ནོ། །དེ་ནས་དེ་ལ་བྲི་བའི་སྔགས་རྣམས་ནི། །རབ་ནི་རྒྱ་སྣག་འབྲིང་སྣག་ཚ་གཙང་མས་བྲི། ཨོཾ་ཨ་ར་པ་ཙ་ན་དྷི། ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོའི་སྔགས། ཨོཾ་པདྨ་ཚིནྡ་མ་ཎི་ཛཱ་ལ་ཧཱུྃ། དེ་ཉིད་མང་དུ་བྲིས་ན་ལེགས་པ་ཡིན། །ཨོཾ་བཛྲ་པཱ་ཎི་ཧཱུྃ། དེ་ནས་རླུང་རྟ་བསྐྱེད་པར་བྱ་བའི་སྔགས། ཧེ་ཧེ་སྟག་སེང་ཁྱུང་འབྲུག་ལྡིར་ཡར་བསྐྱེད། ཀུན་འདུས་སརྦ་འདུས་འདུས་ཧོ། ཨོཾ་བེ་ཤཱ་མ་ཎ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཨོཾ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ། བདག་ལ་སརྦ་སིདྡྷི་སིདྡྷི་ཧཱུྃ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་རེ་མ་ཏི་ས་མ་ཡ་དུ་རུ་ཙ་ཤ་ན་སརྦ་སིདྡྷི་ཧཱུྃ་ཨཱ༔ ཡང་དེ་དང་འདྲ་མིན་ལ། ཧེ་ཧེ་སྟག་སེང་ཁྱུང་འབྲུག་ལྡིར་ཡར་བསྐྱེད། །ཀུན་འདུས་སརྦ་འདུ་འདུ་ཧོ། །སྔགས་ནི་དེ་ཉིད་ཅི་འགྲུབ་བྲི། །དེ་ཡི་མཇུག་ཏུ་འདོད་གསོལ་བྲི། རླུང་རྟ་ཡར་ལ་བསྐྱེད་པར་མཛད་དུ་གསོལ། །སྲོག་ལུས་དབང་ཐང་རླུང་རྟ་དར་ཞིང་རྒྱས་པར་ཤོག །མངྒ་ལཾ་སརྦ་སིདྡྷི་ཧཱུྃ། ཞེས་བྲི་རབ་གནས་བྱེད་པ་ནི། །རྟེན་འབྲེལ་སྙིང་པོ་བརྗོད་པའམ། །ཡང་ན་བྲིས་པའི་སྔགས་དེས་སྔགས། །ཤུག་པ་ལ་སོགས་དྲི་བཟང་ཤིང་། །རྩེ་མོར་ནོར་བུའི་ཏོག་གི་གཟུགས། །མགོ་མཇུག་མ་ལོག་པ་རུ་བསྒྲོན། །དར་ལྕོག་རབ་ནི་ལུས་ཚད་ཡིན། །འབྲིང་ནི་མདའ་ཚད་ཐ་མ་གྲུ་གང་ཡིན། །


CMR037_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་སྐར་ཚེས་གྲངས་བཟང་པོ་ལ། །སྦྲ་གུར་ཁང་པ་གང་ཡིན་གྱི། །རང་གི་ལོ་ལྷའི་ཕྱོགས་སུ་འཛུགས། །ཡང་ན་དགོན་སྡེ་ཚོང་འདུས་སམ། །གནས་རི་བཟང་པོ་རྣམས་སུ་འཛུགས། །ལྷ་འདྲེ་གདུག་པ་ཅན་གནས་སར། །དར་ལྕོག་མི་འཛུགས་ཕྲག་དོག་ཡོངས། །མི་རིགས་དུ་མ་འདུས་པའི་སར། །རླུང་རྟ་བསྐྱེད་པའི་རྟེན་བཙུགས་སོ། །རླུང་རྟ་རྒུད་པས་ཁ་སྨྲས་མང་། །དེ་འདྲར་དར་ལྕོག་གར་བཙུགས་པས། །ཕན་ཐོགས་འབྱུང་དགའ་མྱོང་བས་གྲུབ། །འབྲུ་རྗེ་དཀར་པོའི་འཁོར་ལོ་འདི། །རྒྱལ་པོ་རཏྟ་རཱ་ཛ་ཡི་་ནང་ཆེན་དཀོན་མཆོག་རྒྱལ་པོ། བཀའ་ཡིས་ཟུར་ཙམ་བསྐུལ་བའི་ཕྱིར། །རཱ་ག་ཨ་སྱས་སྨྲས་པ་ལྟར། །དགེ་སློང་ཡེ་ཤེས་ཞེས་བྱས་བྲིས། །འགྲོ་བ་ཀུན་ལ་ཕན་པར་ཤོག །སརྦ་མངྒ་ལཾ། བྷ་ཝནྟུ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཕྱོགས་གར་འགྲོ་ཡང་མགོ་ཐོན་པའི་གདམས་པ་བཀའ་གསར་རྙིང་མདོ་སྔགས་ཀྱི་དོན་བསྡུས་ཁྱེར་བདེ་བར་བཀོད་པ།


CMR037_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གར་འགྲོ་ཡང་མགོ་ཐོན་པའི་གདམས་པ་བཀའ་གསར་རྙིང་མདོ་སྔགས་ཀྱི་དོན་བསྡུས་ཁྱེར་བདེ་བར་བཀོད་པ་གཅིག་ཡོད་ལགས།།


CMR037_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། །སང་འགྲོ་བའི་དོ་དགོང་ལམ་གཏོར་ནི། །དཀར་གཏོར་དང་དམར་གཏོར་གཅིག་འབུལ་ལ། ལམ་གཏོར་དགྲ་ཆོས་བསྡུས་པ་ནི། དགྲ་ཆིངས་དམིགས་པ་ནི། དུས་གཏོར་འབུལ། བསྡུས་པ་འདི་བྱའོ། །གཏོར་སྣོད་བྷན་ཡངས་པའི་ནང་དུ་གནོད་བྱེད་དགྲ་ཇག་ཆོམ་རྐུན་ཐམས་ཅད། དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པས་འདིར་ཁུག་ཅིག །དགྲ་བགེགས་ནི༔ཏྲིབཛྲ་ཨཾ་ཀུ་ཤ་ཛ་ཛཿ ཛཧཱུྃ་བཾ་ཧོཿ དགྲ་བགེགས་བསྒྲལ་བའི་ཤ་ཁྲག་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཨོཾ་མཉྫའི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ཧཱུྃ་ཕཊ། ཨི་


CMR037_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷྱོ། ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །རིམ་པ་བདུན་གྱི་ས་འོག་ནས། །འཇམ་དཔལ་ཀིང་ཀང་དམར་ནག་དང་། །ལས་ཀྱི་གཤིན་རྗེའི་དམག་ཚོགས་རྣམས། །ཁྲི་དང་དྲུག་སྟོང་འཁོར་དང་བཅས། །རྒྱལ་ཆེན་ཕྱོགས་སྐྱོང་ཕོ་ཉར་འགྱེད། །ལྷ་འདྲེ་སྟོང་སྡེ་ལས་ལ་འཛུད། །ཀུན་ཀྱང་འུར་སྒྲ་ཆེམས་སེ་ཆེམ། །ཕྱག་ན་ཟློག་པའི་རྐང་ཟོར་དང་། །རང་རྟོགས་མཚོན་ཆ་མེ་ལྟར་འབར། །སྔོན་ནས་བྱད་ཟོར་བཟློག་པའི་ལྷ། །དམར་ཆེན་གཏོར་མ་འདི་བཞེས་ལ། །དོ་ནུབ་བཟློག་པའི་དཔུང་ལ་ཆོས། །བརྒྱན་


CMR037_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཏོར་མ་འདི་བཞེས་ལ། །དགྲ་ཇག་ཆོམ་རྐུན་གནོད་པ་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ཀེང་རུས་ཐོད་པའི་གུར་ཁང་ནས། །རཀྟའི་རྦ་ཀློང་དཀྱིལ་འཁོར་ནས། །མི་རོ་ཁ་སྦུབས་གདན་སྟེང་ནས། །དཔལ་ལྡན་དུར་ཁྲོད་བདག་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །གཡས་པས་ཐོད་དབྱུག་འབར་བ་བསྣམས། །སྡང་བའི་དགྲ་བོའི་ཀླད་པ་འཇོམས། །ཙིཏྟ་ཕྱུང་ནས་ཞལ་དུ་གསོལ། །གཡོན་པས་བྷནྡ་ཁྲག་བཀང་གསོལ། །དགྲ་དང་བགེགས་ཀྱི་སྙིང་ཁྲག་འཐུང་། །ཀེང་རུས་མཆེ་བ་གཙིགས་པ་ཡིས། །དུག་གསུམ་རྩད་ནས་གཅོད་པར་བྱེད། །དབུ་ལ་རིན་ཆེན་པྲོག་ཞུ་གསོལ། །དངོས་གྲུབ་ཐམས་ཅད་གཏེར་དང་ལྡན། །མི་མགོ་ལྔ་བཅུའི་དོ་ཤལ་བྱས། །དུས་གསུམ་སངས་རྒྱས་མཆོད་པ་ཡིན། །རིན་ཆེན་སྣ་ཚོགས་རྒྱན་དང་ལྡན། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །སྐུ་ལ་འཁྲིལ་བའི་ཡུམ་ཆེན་ནི། །རྒྱན་དང་ཆ་ལུགས་ཡབ་དང་མཐུན། །ཨེ་ཀ་ར་ས་མཐུ་བོ་ཆེ། །ཁྱེད་ཀྱི་སྤྲུལ་པས་གར་ཡང་ཁྱབ། །རྩ་གསུམ་ལྷ་གནས་མན་ཆད་


CMR037_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ན་རཀ་དམྱལ་ཁམས་ཡན་ཆད་ནས། །སྤྲུལ་པ་བྱེ་བ་དཔག་མེད་འགྱེད། །བྱང་ཆུབ་སེམས་མ་ཞེས་ཀྱང་བྱ། །ཡབ་ཡུམ་གཉིས་སུ་མེད་པ་ལ། །སྐུ་ཡི་སྤྲུལ་པ་གཅིག་ཏུ་བྱུང་། །གཅིག་ལས་བརྒྱ་བྱུང་བརྒྱ་ལས་སྟོང་། །དེ་ལས་ཁྲི་བྱུང་གནམ་ས་གང་། །།ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །སྟོང་ཕྲག་བརྒྱད་ཅུ་ཁྱོད་ཀྱི་འཁོར། །དམར་གྱི་གཏོར་མ་འདི་བཞེས་ལ། །དགྲ་ཇག་ཆོམ་རྐུན་གཅན་གཟན་ཆིངས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དུར་ཁྲོད་བདག་མོའི་ཞལ་དུ་ཁ་རཾ་ཁཱ་ཧི། །ཤ་ཟ་ཆེན་མོའི་ཞལ་དུ་ཁ་རཾ་ཁཱ་ཧི། ཁྲག་འཐུང་རྒྱལ་མོའི་ཞལ་དུ་ཁ་རཾ་ཁཱ་ཧི། །དཔལ་ཧེ་རུ་ཀའི་ཞལ་དུ་ཁ་རཾ་ཁཱ་ཧི། །ཨོཾ་གྷི་རཱ་ཛ་ཀུ་མ་ཀུ་མ་ཁུམ་ཐིས་མ་ཧཱ་ཐ་ནུ་དགྲ་རྐུན་གཅན་གཟན་བྷནྡྷ་བྷན་སྭཱ་ཧཱ། ཧཱུྃ། མ་མོ་ནག་མོ་མཐུ་རྩལ་ཅན། །མུ་སྟེགས་ལྷ་མོ་རྫུ་འཕྲུལ་ཅན། །ནོར་སྲང་གཅིག་གི་རྗེས་གཅོད་མ། །ནས་བྲེ་གང་གི་ཕྱིར་འབྲང་མ། །དཀོར་བདག་ཆེན་མོ་ངན་ནེ་མ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །དཀོར་ནོར་ཀ་ཆ་ཐུབ་པར་སྲུངས། །དམ་ཅན་ཐུགས་དམ་དུས་ལ་བབས། །ཨོཾ་ར་ལི་པྲ་མ་


CMR037_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཛཿ དགྲ་རྐུན་ཇག་གསུམ་བྷནྡྷ་བྷན་སྭཱ་ཧཱ། གཏོར་མ་དགྲ་ཕྱོགས་སུ་ཕུལ། ཚུར་ལེན་མི་ཉན་ནོ། །འགྲོ་ཕྱོགས་སུ་འབུལ་ལོ། །གཏོར་མ་འགྲོ་ཕྱོགས་སུ་མིན་པར་ཕུལ་ན་ཤོལ་སྡོད་འོང་། དེ་ནུབ་རང་མདུན་དུ་དུར་ཁྲོད་བདག་པོ་ཡབ་ཡུམ་སྐུ་ལས་དེ་འདྲ་བ་གྲངས་མེད་འཕྲོས་ཏེ་ཕྱོགས་ཀྱི་དགྲ་རྐུན་མ་གཅན་གཟན་ཐམས་ཅད་དེད་ཅིང་བདས། དབྱུག་ཏོས་མགོ་དང་སྙིང་གར་བརྒྱབས་པས་མྱོས་ཏེ་དྲན་པ་མེད་པར་བསྒོམས་ལ། དུར་ཁྲོད་བདག་པོའི་སྔགས། ཨོཾ་གི་རཱ་ཛ་ཀུ་མ་ཀུ་མ་ཁུམ་ཐིས་མ་ཧྭ་ཐར་ནུ་དགྲ་རྐུན་གཅན་གཟན་བྷན་བྷན་སྭཱ་ཧཱ། ཞེས་བརྒྱ་ལས་མི་ཉུང་བོ་བཟླ། དམ་ཅན་གསོལ་ཀ་བྱས་ལ། ལམ་ལྷ་མཛོད་ཅེས་བརྗོད། ཕྱིར་ནངས་འགྲོ་ཁ་བྱང་དུ་འགྲོ་ན། སངས་རྒྱས་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། །བྱང་ལས་ཀྱི་མཁའ་འགྲོ་ལ་ཕྱག་འཚལ་ལོ། །བྱང་ཕྱོགས་ཀྱི་སངས་རྒྱས་རིན་ཆེན་གཟུགས་བཀོད་འོད་སྣང་ལ་ཕྱག་འཚལ་ལོ། །ལན་གསུམ་བརྗོད་དོ། །དེ་ནས། ལྷའི་བུ་ཉི་མའི་སྲས་པོ་ཨཱརླ་རེ་མཱན་ལ་ཕྱག་འཚལ་ལོ། །ཨོཾ་ཨཱརྨ་རེ་མནྟ་སྭཱ་ཧཱ། གསུམ། ཉི་མ་དང་ཕྱོགས་ངན་པ་ཐམས་ཅད་སེལ་སྔགས་མང་ན་ཡང་དག་པོ་གཅིག་འོང་དཀའ་དོ་བས། སེང་གདོང་མའི་སྔགས་ཕྲེང་སྐོར་ཙམ་འདོན། ཕྱོགས་ངན་ཉི་མ་དུས་ཚོད་ངན་པ་ཟློག །དེ་


CMR037_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་ཐལ་མོ་བརྡབས་པས་ཐུབ་པར་གསུངས་སོ། །དེ་ནས་འགྲོ་དུས་དམིགས་པ་ནི། རང་ཉིད་རྒྱལ་བ་རྒྱ་མཚོ་སྐུ་ཤིན་ཏུ་ཆེ་བ་པདྨ་དང་ཟླ་བའི་གདན་ལ་བཞུགས་པ་དེ་ཉིད་མཁའ་འགྲོ་སྡེ་བཞིས་པདྨ་དེ་ལ་བཀྱགས་ནས་འགྲོ་བར་བསྒོམ། རང་གི་སྤྱི་བོའི་ནམ་མཁའ་ལ་ཨོ་རྒྱན་རིན་པོ་ཆེ་ལ་རྩ་བརྒྱུད་བླ་མ་ཐམས་ཅད་སྤྲིན་འཁྲིགས་པ་ལྟ་བུའི་ཐུགས་རྗེས་གཟིགས་པའི་ཚུལ་དུ་ཡོད་པ། རང་གི་རྒྱབ་ཏུ་གུར་དྲག་ལ་སོགས་པ་ཡི་དམ་མཁའ་འགྲོའི་དམག་དཔུང་ཆེན་པོ་རྒྱབ་རྟེན་ཚུལ་དུ་ལུས་དང་གྲིབ་མ་ལྟར་རྗེས་རྗེས་ནས་འབྱོན་པ། རང་གི་སྤྱི་བོའི་ཐད་བར་སྣང་སྔོན་ན་ཁྱུང་ཆེན་གཅིག་ལྡིང་བས་ལམ་འདྲེ་ཆུ་འདྲེ་ཐམས་ཅད་དཔག་ཚད་དུ་མི་ཆགས། རང་གི་གཡས་སུ་སེང་གེ་དཀར་མོ་གཅིག་གཡུ་རལ་བསིགས་ནས་འགྲོ་བ། རང་གི་གཡོན་ནས་སྟག་མོ་དར་མ་གཅིག་ངར་ཞིང་འགྲོ་བ། རང་གི་མདུན་སྒར་པའི་ཤོ་སྣ་དེ་ན་གླང་པོ་ཆེ་སྟོབས་ཆེན་སྣ་ལ་མཚོན་ཆའི་འཁོར་ལོ་བསྐོར་བ་གཅིག་འགྲོ་བར་བསྒོམ། སྒར་པའི་སྣ་ནས་ཕ་ཟད་མདའ་རྒྱང་གང་བས་མི་ཉེ་མི་མཐོང་ཙམ་ན། དམ་ཅན་རྡོ་རྗེ་ལེགས་པ་སེང་གེ་ལ་ཆིབས་པ་མདུང་དམར་པོ་ཕྱར་བ། འཁོར་ན་བཙན་རྒོད་མི་


CMR037_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

དམར་རྟ་དམར་སྟོང་ཙམ་གྱིས་བསྐོར་བ་ཐམས་ཅད་མདའ་གཞུ་མདུང་དར་ཅན། ཀུ་བསོའི་ཆ་སྒྲ་དི་རི་རི་རྒྱུག་པ། གཡས་ན་སྟག་མང་པོ། གཡོན་ན་ལྕགས་ཀྱི་སྤྱང་ཀི་མང་པོ། མདུན་ན་ཟངས་ཀྱི་འཕར་བ་མང་པོ། སྟེང་ན་བྱ་ཁྲི་མང་པོ་ལྡིང་ཞིང་ཕར་གཤར་བར་བསྒོམ། དེ་བས་ཚུན་ཙམ་གྱིས་སྒར་པ་གཤར་བས་ཤོ་སྣའི་ཐད་ཀྱི་བར་སྣང་ལ་སྤྱན་རས་གཟིགས་འཇིགས་པ་ཀུན་སྐྱོབ་པདྨ་དཀར་པོ་འཛིན་པ། དེའི་མདུན་དུ་འོད་ཟེར་ཅན་སེར་མོ་ཕྱག་གཡོན་མྱ་ངན་མེད་པའི་ཤིང་གི་ཡལ་ག་འཛིན་པ། གཡས་གཡོན་དུ་སྒྲོལ་མ་དཀར་སྔོན། རྒྱབ་ཏུ་སྒྲོལ་མ་སྣ་ཚོགས་ཡུམ་དཀར་མོ་ཕྱག་གཡོན་པདྨ་དཀར་པོ་འཛིན་པ་ཐམས་ཅད་ཕྱག་གཡས་སྐྱབས་སྦྱིན་མཛད་པའི་ཞབས་ནས་ཕར་གཤར་བར་བསྒོམ་ཞིང་འགྲོ་སྟེ། ཨོཾ་མ་ཎི་པདྨེ་ཧཱུྃ། འཇིགས་པ་བཅུ་དྲུག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་ཏུ་རེ་འཇིགས་པ་བཅུ་དྲུག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཕྲོ་བི་ཤྭ་མ་ཏ་སྭཱ་ཧཱ། འཇིགས་པ་བཅུ་དྲུག་སོགས། །ཨོཾ་མཱ་རི་ཙེ་འོད་ཟེར་ཅན་མས་བདག་ཅག་དཔོན་སློབ་མི་ནོར་ཐམས་ཅད་ལ་སྐྱོབས་ཤིག་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། འཇིགས་པ་བཅུ་དྲུག་ཤཱནྟི་ཀུ་རུ་སྭཱ་ཧཱ། སྔགས་འདི་


CMR037_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཅུང་ཟད་རེ་དང་གང་འདོད་ཁོ་ན་བསྙེན་ཅིང་འགྲོའོ།། ༈ སོག་འགྲིམ་གྱིས་གནོད་དོགས་ན། རང་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མཚོན་ཆ་དང་མེ་དཔུང་གི་འཚུབ་མ་ཆེན་པོ་སོང་ནས་དགྲ་ཡི་གནོད་པ་བསམ་ངན་གདུག་རྩུབ་ཟློག །ཡང་འོད་ཟེར་འཕྲོས་པས་རྡོ་རྗེའི་གུར་སྲ་ཞིང་བརྟན་པས་རང་དང་མི་རྟ་ནོར་ཕྱུགས་རྣམས་བསྐོར་བར་བསྒོམས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། བཛྲ་མ་མ་རཀྟ༔ ཞེས་བཟླས་པས་མི་འཕྲད་པ་དང་འཕྲད་ཀྱང་མི་གནོད། ཁྱད་པར་དུ་རང་དང་བསྲུང་བྱ་ཐམས་ཅད་ལྷ་མོ་འོད་ཟེར་ཅན་གྱི་སྐུར་གྱུར་པ་ཉི་ཟླའི་གའུ་སུམ་རིམ་ནང་ཚུད་པས་འོད་ཀྱིས་ཁོ་ཡི་མིག་བསྒྲིབས། དེ་རྒྱབ་ཏུ་ཕག་སེར་པོ་ཁ་ཕྱིར་བསྟན་ནས་ངུར་སྒྲ་བསྒྲགས་པའི་ར་བ་སུམ་རིམ་གྱིས་བསྐོར་བར་བསྒོམས་ལ། འོད་ཟེར་ཅན་གྱི་སྔགས་རིང་ཐུང་རྣམས་འདོན་པ་དང་། ཡང་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གྱི་སྐུས་སྒར་ཐམས་ཅད་བསྐོར་ཞིང་ཞལ་ཕྱིར་གཟིགས་ནས་སྔགས་སྒྲ་སྒྲོག་པར་བསྒོམས་ལ། དུར་ཁྲོད་བདག་པོའི་སྔགས་ཀྱང་འདོན་ནོ།། ༈ ནོར་ནད་ཡོད་སར་སྒར་གཤར་དགོས་བྱུང་ན། ནམ་མཁའ་ནས་ལྷ་མོ་ལོ་མ་ཅན་ཆར་ལྟར་བབས་ནས་ནོར་ཐམས་ཅད་ལ་ཐིམ། ཤར་ཕྱོགས་ནས་སྨན་བླ་


CMR037_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་ཆར་ལྟར་བབས་པས། ནོར་ཐམས་ཅད་ཀྱི་སྤྱི་བོ་མགྲིན་པ་སྙིང་ག་གསུམ་དང་བུ་ག་དགུ་ལ་སྨན་བླ་རེ་རེ་བཞུགས་པར་བསྒོམས་ལ། སངས་རྒྱས་སྨན་གྱི་བླ་དང་། ལྷ་མོ་རི་ཁྲོད་ལོ་མ་གྱོན་མ་ལ་ནོར་ཕྱུགས་པ་འདི་རྣམས་སྐྱབས་སུ་མཆིའོ། །ཕྱུགས་ནད་ཀྱི་འཇིགས་པ་ལས་སྐྱོབས་ཤིག །ཅེས་ལན་འགའ་ཟུང་བརྗོད་ནས། ཨོཾ་ལ་ཏི་སྭ་ཏི་སྭཱ་ཝ། འདི་མང་དུ་བཟླས་ལ་ཕྱོགས་དེ་ངོས་དང་ནོར་ཡོད་ཕྱོགས་ལ་ཕུ་བྱའོ། ༈ རྟ་ནད་ཡོད་ས་ནས་འགྲོ་དགོས་ན། རྟ་བདག་ཀུ་བེ་ར་ནག་པོ་གཡས་རལ་གྲི་ཕྱར་བས་རྟ་ལ་གནོད་བྱེད་བསྡིགས། གཡོན་རྟའི་སྲབ་མདའ་བཟུང་ནས་སྲུང་བ་རྟ་ཡི་མགོ་གྲངས་བསྒོམ། ཐམས་ཅད་བསེ་ཁྲབ་བསེ་རྨོག་ཅན་རྟ་ནག་ཆིབས་པར་བསྒོམས་ལ་རྟ་ཐམས་ཅད་དང་འབྲལ་མེད་བསྒོམས་ལ། ཨོཾ་ཨཱཀུ་བེ་ར་རྟིང་གྷོ་ར་རཀྟ༔ ཞེས་བཟླས་རྟ་ཡོད་ཕྱོགས་སུ་ཕུ་བྱའོ། ༈ །ཇག་རྐུན་ཡོད་དོགས་ན་གསོལ་ཀ་དུས་བཀའ་བསྒོ་རྒྱུན་དུ་བྱ་ཞིང་ཧེ་འདོད་སྔགས་འདི་བཟླའོ། །ༀ་བཛྲ་སཱ་དྷུ་ས་མ་ཡ་དགྲ་རྐུན་ཇག་གསུམ་བྷནྡྷ་བྷན་སྭཱ་ཧཱ། ཞེས་བཟླའོ། ༈ ཁྱི་སྨྱོན་ཡོད་ས་ན་འགྲོ་དགོས་བྱུང་ན། མི་རྟ་ཁྱི་དང་ནོར་ཐམས་ཅད་ཀྱི་སྤྱི་བོར་རྒྱལ་བ་རྒྱ་མཚོ་རེ་རེ་བསྒོམ་ཞིང་དེ་ཕྱིར་ཐིམ་པར་སྒོམ་པ་མང་དུ་བྱ་ཞིང་། ཨོཾ་ཝ་ལེ་ཡེ་ཝ་ལེ་ཡེ་ཨེ་སྭཱ་


CMR037_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ། ཞེས་བཟླའོ། ༈ །རྩ་འགོ་ཡོད་པའི་ཕྱོགས་སུ་འགྲོ་བའམ་འདུག་དགོས་བྱུང་ན། རང་ལྷ་མོ་རྨ་བྱ་ཆེན་མོ་རི་ཙམ་ཕྱག་གཉིས་ཀྱིས་སྙན་ཀྱི་ཐད་དུ་བུམ་པ་འཛིན་པ་ནས་བདུད་རྩི་དཀར་པོ་ཆར་རྒྱུན་བབས་པས་མི་ནོར་རྟ་ཕྱུགས་ས་ཆ་དང་བཅས་པའི་ནད་དེ་བཀྲུས་པར་བསྒོམ་ཞིང་སྔགས་འདི་ཅི་མང་འདོན། ལྷ་མོ་རྨ་བྱ་ཆེན་མོས་རྩི་དུག་སྦྱར་དུག་ལྷོག་དུག་གནའ་དུག་དུག་རིགས་ཐམས་ཅད་ལས་ཐར་བར་མཛོད། ཨོཾ་བྲམ་ཟེ་ནག་པོ་རྦད། ཡ་མ་ནག་པོ་རྦད། ལྡོག་པ་ཟེད། འབུ་ཀ་ཉིལ་ཉིལ། འབུ་ཁྲག་སྐེམ། ཞེས་བཟླའོ། ༈ །རྟ་ནོར་ཕྱིར་རྗེས་ཤོར་དོགས་ན། རང་རྒྱལ་བ་རྒྱ་མཚོའི་ཐུགས་ཀ་ནས་འོད་ཟེར་ལྕགས་སྒྲོག་ལྟར་འཕྲོས་པས་རྐང་པ་བཅིངས། ཡང་འོད་ཟེར་འཕྲོས་པས་ལམ་ཐམས་ཅད་བསྒྲིབས་ཏེ་འགྲོ་ས་མི་རྙེད་པར་བསྒོམས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཧ་ཏ་ཧིཾ་ཏ་ཟློག་ཀྱི་ལི་ལི། ཞེས་བཟླའོ། ༈ །དེ་ནས་སྒར་པ་ནང་ཕྱིན་ལ་ཁད་དམ་ཕྱིན་ཀྱང་རུང་སྟེ། རང་རྒྱལ་བ་རྒྱ་མཚོའི་ཟླཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས་པས་ཁྲོམ་དང་དགེ་འདུན་ཡོན་ཏན་མཁན་ཐམས་ཅད་མྱུར་དུ་བསྡུས་ནས། འོད་དེས་བསྟུམས་ནས་སྒར་དེ་ཡང་བསྟུམ་པར་བསྒོམ། ཨོཾ་མ་


CMR037_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཎི་པདྨེ་ཧཱུྃ། སངྒྷ་ལོ་ཀ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཁྲོམ་འདུ་འཚོགས་མྱུར་དུ་འབྱུང་། ༈ རང་རྒྱལ་བ་རྒྱ་མཚོའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་འཕྲོས་པས་ཁྲོམ་ཐམས་ཅད་ལ་ཕོག །ནམ་མཁའ་ནས་ལྷ་མོ་ལོ་མ་ཅན་ཆར་ལྟར་བབས་པས་ཕྱོགས་གང་ཞིག་ཁྲོམ་ལ་ཐིམ་པར་བསྒོམས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། བཛྲ་རཀྵ་རཀྵ༔ ཞེས་བཟླའོ། །རང་གིས་ཅུང་ཟད་བཟླས་པ་དང་ཁྲོམ་ལ་པི་ཤ་ཙི་འདོན་བཅུག་པས་ནད་མི་འོང་། ༈ ཁྲམ་པ་རྐུན་མས་ཟ་འདོད་དང། སེར་མོ་བས་ཆགས་སྡང་གནོད་འཚེ་བྱེད་དོགས་ན། རང་རྒྱལ་བ་རྒྱ་མཚོའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་འཕྲོས་པས་སེར་མོ་བ་དང་ཇག་པ་རྐུན་མ་ཐམས་ཅད་ལ་ཕོག་པས་གནོད་སེམས་དང་བྲལ་ནས། ཐུགས་རྗེ་ཆེན་པོ་འགྲོ་འདུལ་དཀར་པོ་ཞལ་གཅིག་ཕྱག་བཞི་པའི་སྐུར་གྱུར་པར་བསྒོམ་ཞིང་། ཨོཾ་མ་ཎི་པདྨེ་ཧཱུྃ། ཨ་ཀ་ནི་ལོ་ཀ་ཝ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླའོ། །དེ་ཐམས་ཅད་ཀྱིས་བྱམས་ཤིང་མི་གནོད། ༈ ཁྲོམ་འདུས་ན། རང་རྒྱལ་བ་རྒྱ་མཚོའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་འཕྲོས་ཁྲོམ་ཐམས་ཅད་ལ་ཕོག །ཡང་འོད་ཟེར་འཕྲོས་པས་སངས་རྒྱས་ཐམས་ཅད་ལ་མཆོད་པ་འབུལ། དེ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས་ཁྲོམ་


CMR037_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་སིབ་སིབ་ཐིམ་པས། ཁྲོམ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་སྐུ་རེ་རེར་གྱུར་ཁྲ་གཙིགས་སེ་བསྒོམས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། བཛྲ་ཡུ་ཧཱུྃ་ཧཱུྃ་ནི་ཧཱུྃ་ཧཱུྃ། །ཞེས་བཟླས་པས་ཁྲོམ་རྣམས་མི་འཛིངས། ཉམས་རྟོགས་སྐྱེ་སླ་ཞིང་མཐར་ཆོས་མགོ་ཐོན་པ་ཡིན་ནོ། ༈ །རང་རང་གི་གྲྭ་པ་རྣམས་དང་ཁྲོམ་དང་སྡེ་ཤོག་ནང་འཛིངས་འོངས་དོགས་ཡོད་ན། རང་རྒྱལ་བ་རྒྱ་མཚོ་ཐུགས་རྗེ་ཆེན་པོ་ཕྱག་གཉིས་པའི་ཕྱག་གཡས་ཀྱི་སྐྱབས་སྦྱིན་ལས་འོད་དཀར་པོ་འཕྲོས་པས་བསྲུང་བྱ་ཐམས་ཅད་འོད་དེས་བཀབས་ནས་ཡོད་པར་བསྒོམས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། བྷི་ཏ་རཀྵ་རཀྵ༔ ཞེས་བཟླའོ། ༈ །ཡང་རང་དང་གྲྭ་པ་དང་འཁོར་རྣམས་ལ་མི་ཁ་གཏམ་ངན་འགོས་དོགས་ན། རང་རྒྱལ་བ་རྒྱ་མཚོའི་ཐུགས་ཀ་ནས་འོད་ཟེར་ལྗང་གུ་འཕྲོས་པས་མི་ཁ་གཏམ་ངན་ཐམས་ཅད་སྤྲིན་ནག་རླུང་གིས་གཏོར་བ་ལྟར་བཟློག་པར་བསྒོམས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཧུར་ཐུམ་མི་ཁ་གཏམ་ངན་ཐམས་ཅད་ཟློག་རི་ལི་ལི། ཞེས་བརྗོད། འདུག་དུས། སྟེང་ཕྱོགས་ཀྱི་སངས་རྒྱས་སྐྲག་མེད་མུན་བྲལ་ཏིང་ངེ་འཛིན་མངོན་འཕགས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འོག་ཕྱོགས་ཀྱི་སངས་རྒྱས་དང་པོ་སེམས་བསྐྱེད་ཐེ་ཚོམ་གཅོད་ཉོན་མོངས་


CMR037_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ལ་ཕྱག་འཚལ་ལོ། །དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ནས་ས་ཕྱོགས་དེ་རྡོ་རྗེའི་ས་གཞིའི་སྟེང་དུ་གསེར་གྱི་རྡོ་རྗེ་རྒྱ་གྲམ་ཆེ་བའི་ལྟེ་བ་ནས་སྐྱེས་པའི་པདྨའི་སྟེང་དུ་རང་རྒྱལ་བ་རྒྱ་མཚོ་སྒོམ་གདན་པདྨ་འདབ་མ་སྟོང་ལྡན་དེས་ཕྱོགས་དེ་ཁེབས་པར་བསྒོམ། ༈ རང་གི་དབུགས་ནང་དུ་རྔུབ་པའི་ཚེ། སྤྱིར་སེམས་ཅན་ཐམས་ཅད་དང་ཁྱད་པར་ཡུལ་ཕྱོགས་དེའི་ལྷ་འདྲེ་མི་གསུམ་གྱི་སྡིག་སྒྲིབ་དང་སྡུག་བསྔལ་ཐམས་ཅད་བསྡུས་ནས་བསྟིམས་པས་རང་རྒྱལ་བ་རྒྱ་མཚོའི་སྐུ་དེ་ལ་མེ་དཔུང་ལ་ཤིང་བསྣན་པ་ལྟར་གཟི་བརྗིད་བཀྲག་མདངས་སྔར་བས་ཆེ་བར་གྱུར། ཁོང་རྣམས་སྡུག་བསྔལ་དང་བྲལ་བར་བསྒོམ། རླུང་གཅིག་ཕར་ལ་སྣ་ནང་ནས་སོང་བ་དང་མཉམ་དུ་རང་གི་དགེ་བ་དང་བདེ་སྐྱིད་ཐམས་ཅད་དང་ཡུལ་དེའི་ལྷ་འདྲེ་མི་གསུམ་ལ་སིབ་སིབ་ཐིམ་པར་བསྒོམ་ཞིང་ཡིག་དྲུག་འདོན། འདི་སྐབས་སུ་ཡང་ཡང་བསྒོམ་པས་ལྷ་འདྲེས་མི་གནོད་ཕན་འདོགས་པ་དང་བར་ཆད་ཞི་བ་དང་། ཅི་བསམ་འགྲུབ་པའི་མཆོག་དམ་པའོ། །དེ་རྣམས་འདྲ་བ་ལས། ཁྱད་པར་དུ་ཤར་དུ་འགྲོ་ན། སངས་རྒྱས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་སངས་རྒྱས་རྗེས་སྤྱོད་ཞབས་ལ་ཕྱག་འཚལ་ལོ། །ཤར་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །གསུམ་བརྗོད། ལྷོར་འགྲོ་ན། སངས་རྒྱས་རིན་ཆེན་


CMR037_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ལྡན་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་ཀྱི་སངས་རྒྱས་སེམས་དང་པོ་བསྐྱེད་པ་ཡིད་ལ་མཛད་པ་རྣམ་གྲངས་བསྙེངས་བ་དང་བྲལ་བ་མངོན་པར་འཕགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ལྷོ་རིན་ཆེན་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ནུབ་ཏུ་འགྲོ་ན། སངས་རྒྱས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །ནུབ་ཕྱོགས་ཀྱི་སངས་རྒྱས་འཁོན་དང་རྒྱགས་པ་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །ནུབ་པདྨ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །བྱང་དུ་འགྲོ་ན། སངས་རྒྱས་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། །བྱང་ཕྱོགས་ཀྱི་སངས་རྒྱས་རིན་ཆེན་གཟུགས་བཀོད་འོད་གནོན་ལ་ཕྱག་འཚལ་ལོ། །བྱང་ལས་ཀྱི་མཁའ་འགྲོ་ལ་ཕྱག་འཚལ་ལོ། །བྱང་ཤར་དུ་འགྲོ་ན། བྱང་ཤར་གྱི་སངས་རྒྱས་བདུད་དང་ཡིད་གཉིས་ཀུན་འཇོམས་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འཇིག་རྟེན་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཤར་ལྷོར་འགྲོ་ན། ཤར་ལྷོའི་སངས་རྒྱས་སེམས་དང་པོ་བསྐྱེད་པ་ཕྱིར་མི་ལྡོག་པའི་འཁོར་ལོ་འབྱུང་བའི་དཔལ་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དམ་ཚིག་མཁའ་འགྲོ་


CMR037_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་འཚལ་ལོ། །ལྷོ་ནུབ་ཏུ་འགྲོ་ན། ལྷོ་ནུབ་ཀྱི་སངས་རྒྱས་རིན་ཆེན་གདུགས་འཕགས་སྣང་ལ་ཕྱག་འཚལ་ལོ། །མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །སྣ་ཚོགས་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ནུབ་བྱང་དུ་འགྲོ་ན། ནུབ་བྱང་གི་སངས་རྒྱས་བྱང་ཆུབ་སེམས་དཔའ་འདུལ་ཞེས་བྱ་བ་ལ་ཕྱག་འཚལ་ལོ། །མགོན་པོ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཞེས་ཕྱོགས་ཕྱོགས་སོ་སོའི་ལྷ་ལ་ཕྱག་གསུམ་རེ་མཛད་ཅིང་ཡིད་ལ་དྲན་པར་བྱས་ན་བར་ཆད་མེད་པར་བསམ་པ་འགྲུབ་བོ། །དེ་ནས་ཆུ་སོགས་གྲུ་ཟམ་ལ། དེ་བཞིན་གཤེགས་པ་བདེ་བའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ན་མོ་བྷི་ཏྲི་ཡཾ་སྭཱ་ཧཱ། དེ་རིང་ཆུ་འདྲེའི་གནོད་པ་ལས་སྲུངས་ཤིག །དེ་ནས་དམ་ཅན་སོགས་བཀའ་སྲུང་ཚོས་ཆུ་བརྒྱབ་བོ། །རྗེས་ལྷ་མོ་ཆུའི་སྐག་ཟློག་མ་སྔོན་མོ་བེར་སྔོན་ཅན་ལག་ན་ཐོ་བ་དང་ཆུ་རྐྱལ་འཛིན་པ་གཅིག་སོང་བར་བསྒོམས་ལ། ཁཾ་ཏ་ཆུ་ཟློག །ཅུང་ཟད་བཟླ། དེ་ནས་གནམ་ལྕགས་སེང་གེ་རི་རབ་ཙམ་ཞིག་གིས་ཆུ་དེ་འཇངས་ནས་གྲམ་པ་སྐྱ་སྒེགས་སོང་བར་བསྒོམ་པ་ནི་ཆུའི་ཤེད་བཅག་པའོ། ༈ །དེ་ནས་ཆུ་དེ་བདེ་བ་ཅན་གྱི་ཞིང་ཁམས་ཆུ་རླབས་ཐམས་ཅད་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་བསྒོམ་པ་ནི་ཆུ་བྱིན་གྱིས་བརླབ་པའོ། ༈ །དེ་ནས་གྲུའམ་རབ་ཀྱི་འགོ་


CMR037_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཆུའི་སྟེང་བར་སྣང་ལ་ཨོ་རྒྱན་དང་སྒྲོལ་མ་དཀར་སྔོན་སྤྱན་རས་གཟིགས་དང་སྣ་ཚོགས་ཡུམ་རྣམས་གྲལ་བྱས་ནས་ཕྱག་གིས་སྐྱབས་སྦྱིན་མཛད་ནས་ཆུའི་འཇིགས་པ་ལས་སྐྱོབ་པར་བསྒོམ། ༈ ལམ་ངན་པ་ཡང་དེ་དང་འདྲའོ། །སྔགས་ནི་མི་དགོས། ཨོཾ་མ་ཎི་པདྨེ་ཧཱུྃ། ཏདྱ་ཐཱ། ཨོཾ་ཐེ་ར་ཐེ་ར་ནེ་ར་ནེ་ར་ཨེ་ཧ་སྭཱ་ཧཱ། ཞེས་དང་། རྒྱལ་བ་རྒྱ་མཚོ་སྒྲོལ་མ་གུ་རུ་ཞི་བའི་སྔགས་རྣམས་ལ། ཆུའམ་ལམ་གྱི་འཇིགས་པ་ཤཱནཾ་ཀུ་རུ་སྭཱ་ཧཱ། ཞེས་བཏགས་པ་ཕར་ཁར་མ་ཐར་བར་དུ་བརྗོད། མཐར་ལྷ་བསྒོམས་པ་ཐམས་ཅད་རང་ལ་བསྡུའོ། །གལ་ཆེ་ན་དེ་དགོང་ནས་ཆུ་དང་རབ་དང་པོའི་གཞི་བདག་ལ་དཀར་གཏོར་བསྔོས་ལ་མགོ་ཐོན་པའི་ཕྲིན་ལས་མཛོད་ཅིག །ཨོ་རྒྱན་གྱི་དམ་ལ་མ་འདའ་ཞིག །ཅེས་བརྗོད་ལ་དེ་དངོས་སུ་ཕུལ་བ་གལ་ཆེ། ༈ སྤྱིར་གཟའ་སྐར་གཞན་ལས་འགྲོས་སྐར་ཚེས་གྲངས་འདི་གལ་ཆེའོ། །སྒར་བཀྱག་འགྱོགས་ཐམས་ཅད་འདི་དང་བསྟུན། ཚེས་གཉིས་བརྒྱད་བཅུ་བཞི་ཉི་ཤུ་ཉེར་དྲུག་རྣམས་དྲུག་ཚག་དྲུག་ཅུ་གཉིས་བཅོ་བརྒྱད་ཉེར་བཞི་གནམ་གང་རྣམས་རྟ་ཧོ་ཏའི་ཉི་མ་སྟེ། རྟ་ཤི་སྒ་ཆག་བོར་སྟོར་ཁ་མཆུ་དགྲ་རྐུན་དང་ཐུག་འཕྲད་སྨས་འགྲམ་སོགས་འོང་བར་བཤད་པས་འཛེམ་པ་གལ་ཆེ། གཞན་ཡང་ཉི་མ་ནག་ཆེ་ཆུང་མེ་དུད་ལ་ཡང་འཛེམ་ཐོན་ན་བཟང་། གལ་ཆེ་ནས་ངན་པར་མི་འགྲོ་ཀ་མེད་བྱུང་ན་གཟུངས་འདི་འདོན། ན་མོ་རཏྣ་ཏྲ་ཡ་ཡཱ། ན་མོ་པ་ཏ་ར་ཙ་ཡ། དེ་


CMR037_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

བ་པ་ཏྲ་པུ་ཏྲ་ས་ཉ་ཏེ། ཕུ་ཧ་དེ་ན་སྭཱ་ཧཱ། དེ་ཝ་པུ་ཏ་པུ་ཏ་ས་ཏ་ནི།། ས་ཧེ་ཕུ་དེ་ནི་སྭཱ་ཧཱ། ཡང་རིགས་གཅིག་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བ་ཏ་རཱ་ཛཱ་ཡ། དེ་བ་བུ་ཏ་ཡ། དེ་བ་སུ་ཏ་པ་ཧཱུྃ། སྤ་ནི་ཏྲ་པ་པུ་ཏྲ། པ་ཏྲ་ཏ་སྟེ་ཕུ་ཧ་དེ་ནི་སྭཱ་ཧཱ། སྟེ་སྟེ་སྟེ་ཕུ་ཧ་སྟེ་ཧ་དེ་ན་སྭཱ་ཧཱ། ཞེས་ཚར་བདུན་རེའམ་གསུམ་རེ་བརྗོད། ༈ ཡང་འཇམ་དབྱངས་ཀྱིས་ཀླུ་སྒྲུབ་ལ་གསུངས་པ། རྟེན་འབྲེལ་བཅོས་ཤར་དུ་འགྲོ་ན་ལྕགས་མཚོན་དམ་གསུངས་པས་གྲི་མདུང་གཅིག་ལག་ཏུ་བཟུང་། ལྷོར་འགྲོ་ན་ཆུ་སྐྱོགས་གང་གསུངས་པ། དགུན་འཁྱག་དར་དུམ་གཅིག་ལག་ཏུ་བཟུང་། ནུབ་ཏུ་འགྲོ་ན་མེ་ཚོན་དམ་གསུངས་པ། མེ་མགལ་ཆུང་ངུ་གཅིག་ལག་ཏུ་བཟུང་། བྱང་ས་སྤར་གང་ངམ་ས་ཁུག་གཅིག་བཟུང་ནས་ཕར་མི་མཐོང་ཙམ་ནས་འགྲོ་ཕྱོགས་སུ་འཕེན།། གྲི་ཡིན་ན་སྟོང་གཡུག་གསུམ་བྱ། དེས་ཕྱོགས་ཐམས་ཅད་ཐུབ་སྟེ། ཁྱིམ་ནས་ཐོན་ཚུགས་ལ། ཁྱི་རྐང་པ་འཐེངས་པ་དང་འཕྲད་ན་དེས་བཤོལ་བ་གལ་ཆེའོ་གསུངས། ༈ གདམས་ངག་གཅིག་ལ། ཏདྱ་ཐཱ། ཨཱ་ལི་ཀཱ་ལི་ཨུ་ཙ་ཏེ་སྭཱ་ཧཱ། ཁ་ཤར་དུ་གྱུས་ཏེ་ཆུ་ཁྱོར་གང་ལ་ལན་བདུན་སྔགས་ནས་འགྲོ་ཕྱོགས་སུ་གཏོར། ལམ་དུ་ཞུགས་མ་ཐག་མདུང་གི་མེ་མདའ་སོགས་མཚོན་ཆའི་གླེང་སློང་བྱ། མིང་ཚོ་བགྲང་ཞིང་འགྲོ་བས་ཉི་མ་ངན་པ་དང་ཕྱོགས་ངན་པ་ཐུབ་བོ། །ཞེས་རཱ་ག་ཨ་སྱ་ཞེས་བགྱི་བས། བླ་མ་རྒྱལ་མཚན་གྱི་དོན་དུ་བྲིས་པ་མི་སྤེལ་


CMR037_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཀའ་རྒྱ་བྱས་ཏེ། སྤེལ་མང་ན་ནུས་པ་ཆུང་དུ་འགྲོ་བ་ཡིན་ནོ། །མ་མོ་གཟའ་དང་རྡོ་རྗེ་ལེགས་པས་སྲུངས་ཤིག །སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

འགྲོ་དུས་ཀྱི་ལམ་གཏོར་དང་གཏོར་འབུལ་བསྡུས་པ།


CMR037_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དུས་ཀྱི་ལམ་གཏོར་དང་། གཏོར་འབུལ་བསྡུས་པ་བཞུགས།


CMR037_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་བྱ་ཁྱི་ཕྱི་མི་ལ་མི་སྦྱིན་དངོས་གྲུབ་བྱ། གཏོར་མ་འཛོམ་ན་ཕུད་རྒོད་འབྲུ་སྣ་བཏབ་པ་སོ་སོར་བྱ་བ་ལགས་སོ། དམར་གཏོར་འབྲི་མོག་བྱུག་པ་ལྔ་ཚོམ་མམ། རང་རང་སོ་སོའི་གཏོར་མ་སོ་སོར་འབུལ་བ་འཛོམ་ནའམ། ཡང་ན་སྤྱིར་གཅིག་གམ། ཐ་མ་མར་ཐུད་སོགས་ལ་བསྔོས་ཀྱང་ཆོག །གཏོར་མ་ཡིན་ན་འགུགས་གཞུག་བྱ་བ་ནི། ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བཀའ་བདེན་པས། རྣལ་འབྱོར་པ་བདག་གི་ཚེ་བསོད་ཁ་རྗེ་ལ་གནོད་བྱེད་ཐམས་ཅད་གཏོར་མ་འདི་ལ་ཁུག་ཅིག་ཛཿཧཱུྃ་བཾ་ཧོཿ ལན་གསུམ། དམར་གཏོར་རམ་མར་ཐུད་གང་ཡིན་ཡང་། གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨ་ཀཱ་རོ་


CMR037_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། ཨོཾ་ཧིབཛྲ་ཀྲོ་དྷ་ཧྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱིཿཡ་ཙིཏྟ་ཧཱུྃ་ཧཱུྃ་ཛཿཛཿ མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཞེས་པའི་སྔགས་ཀྱིས་བསྔོས་ནས་བསྐུལ་པ་ནི། ཧཱུྃ༔ དུར་ཁྲོད་རབ་འཇིགས་མེ་དཔུང་ནང་། །ཀེང་རུས་ཤ་ཁྲག་རྒྱ་མཚོར་འཁྱིལ། །ཤ་ཟ་གཅན་གཟན་མང་པོའི་གནས། །ཁྲོ་བཅུ་རྒྱུ་བར་མི་ནུས་ཤིང་། །ཕྱག་ན་རྡོ་རྗེ་སྐྱི་གཡའི་གནས། །དེ་འདྲའི་གནས་མཆོག་དམ་པ་ནས། །དུས་གསུམ་སངས་རྒྱས་ཀུན་གྱི་གཙོ། །དབང་ཆེན་ཡབ་ཡུམ་འདིར་གཤེགས་ཤིག །ཡབ་ཡུམ་སྐུ་ཡི་འཁོར་ལོ་ལ། །མཁའ་འགྲོ་འབུམ་ཚོ་ཉི་ཤུ་རྫོགས། །


CMR037_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་ལོ་གཙོ་བོ་ལས་ལ་བསྐུལ། །ཤ་ཁྲག་དམར་གཏོར་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ༔ གཞན་ཡང་ཡེ་ཤེས་སྣོད་བཅུད་དང་། །ཕྱི་ནང་གསང་བ་གྲུབ་པའི་ཚོགས། །ཉི་ཤུ་རྩ་བཞིའི་གནས་རྣམས་ཉུལ། །སྲས་དང་ཕྲ་མེན་དབང་ཕྱུག་གཙོ། །སྐུ་མདོག་ཕྱག་མཚན་མ་ངེས་ཏེ། །གྲི་གུག་ཐོད་ཁྲག་ཁ་ཊ་དང། །དྲེའུ་ཆུང་བརྡེགས་འཇོམས་མཚོན་ཆ་འཛིན། །སྐེ་རགས་དྲིལ་ཆུང་གཡེལ་ཁས་བརྒྱན། །དར་དཔྱངས་རུས་པའི་རྒྱན་དྲུག་མཛེས། །དབུ་རྒྱན་དར་གྱི་ཅོད་པན་ཅན། །རླུང་གིས་བསྐྱོད་ཅིང་པུ་རུ་རུ། །རྐང་པ་རྡོ་རྗེའི་སྒེག་འགྲོས་ཅན། །མཁའ་ལ་ཐོགས་མེད་བུན་བུན་རྒྱུ། །ལག་པ་གསེར་གྱི་གདུ་བུ་ཅན། །སྣ་ཚོགས་གར་བྱེད་ཁྱུགས་སེ་ཁྱུག །ཕྲིན་ལས་གཅིག་ཏུ་མ་ངེས་ཏེ། །འཕྲིན་ལས་རྣམ་བཞི་ཐོགས་མེད་སྒྲུབ། །དམ་རྫས་གཏོར་མ་འདི་བཞེས་ལ། །ཅི་བསམ་ཕྲིན་ལས་འགྲུབ་པར་མཛོད། །འཛམ་དམར་ཡབ་ཡུམ་ཚོ་གཅིག་ནི། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་ཀུ་རུ་ཀུ་ལླེ་ཧཱུཛྙཱ་ན་ཀཱིརྟི་ས་པ་རི་ཝཱ་ར་ཨི་དཾ་སོགས། ཧཱུྃ། དཔལ་ལྡན་མགོན་པོ་ཛཾ་བྷ་ལ། །མྱུར་དུ་དྲག་ཏུ་བསྐུལ་བའི་ཚེ། །སྐུ་


CMR037_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དམར་ལ་འོད་ཟེར་འཕྲོ། །ཕྱག་གཡས་རིན་ཆེན་ཐོད་ཁྲག་བསྣམས། །གཡོན་པས་གཏེར་གྱི་ནེའུ་ལེ་བཙིར། །ཞབས་གཉིས་ཨ་པར་ཙིཏྟ་གཟིར། །དར་དང་རིན་ཆེན་རྒྱན་ཆ་འཁྲོལ། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །ཐུགས་དམ་དམ་བཅས་དུས་ལ་བབས། །དགོས་འདོད་དངོས་གྲུབ་ཆར་ལྟར་ཕོབ། །བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད། །ལས་བྱེད་མཁའ་འགྲོ་སྐུ་མདོག་དམར། །གཅེར་བུ་མེ་ཏོག་དམར་པོ་དང་། །དར་དམར་རིན་ཆེན་རྒྱན་གྱིས་མཛེས། །ཕྱག་ན་ལྕགས་ཀྱུ་ཞགས་པ་འཛིན། །ཀུ་རུ་ཀུལླེའི་སྤྲུལ་པ་སྟེ། །བསེ་ལམ་མཁའ་འགྲོའི་ངོ་བོ་ཉིད། །བྱེ་བ་དུང་ཕྱུར་འཇིག་རྟེན་གང་། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །སྣང་སྲིད་ཐམས་ཅད་དབང་དུ་སྡུས། །དགོས་འདོད་དངོས་གྲུབ་ཆར་ལྟར་ཕོབ། །ཧཱུྃ། གླིང་བཞི་བྱང་ཕྱོགས་གསེར་རི་བདུན་གྱི་རྩེར། །རིན་ཆེན་སྣ་བདུན་བརྩེགས་པའི་ལྡིང་ཁང་ནས། །རྣམ་ཐོས་བུ་ཡི་བང་མཛོད་གཉེར་ཁ་བ། །གནོད་སྦྱིན་དབང་པོ་གཞན་གྱིས་མི་ཐུབ་པ། །འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས།


CMR037_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་ཐང་སྟོབས་དང་འབྱོར་བའི་དངོས་གྲུབ་སྩོལ། །ཧཱུྃ། སྟོང་གསུམ་འཛམ་གླིང་དབང་བསྒྱུར་རྫུ་འཕྲུལ་ཅན། །ནོར་ལྷ་ཀུན་གྱི་ཕོ་ཉ་མྱུར་མགྱོགས་ཅན། །ནོར་གྱི་བདག་པོ་དགེ་བསྙེན་ཡེ་ཤེས་གྲགས། །འདིར་གཤེགས་དཀར་གསུམ་བརྒྱན་པའི་གཏོར་མ་བཞེས། །སྣང་གསལ་པྲ་དང་ལོངས་སྤྱོད་དངོས་གྲུབ་སྩོལ། །རྣམ་སྲས་མདུང་དམར་ཅན་ནི། ཨོཾ་མ་ཧཱ་རཱ་ཛ་ཡཀྵ་ས་མ་ཡ། བཻ་ཤྲ་མ་ཎ་ཡེ་སརྦ་རཏ་ཙིཏྟ་ཧཱུྃ་ཧཱུྃ་ཛ་ཛཿ མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི། ཧཱུྃ། རི་རབ་ལྷུན་པོའི་བྱང་ཕྱོགས་ནས། །ལྕང་ལོ་ཅན་གྱི་གནས་མཆོག་ནས། །རིན་ཆེན་འབར་བའི་ཕོ་བྲང་ནས། །རྣམ་སྲས་འཁོར་བཅས་གཤེགས་སུ་གསོལ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །སྟོང་གསུམ་རིན་ཆེན་གཏེར་གྱི་བདག ། གླིང་བཞི་བྱང་ཕྱོགས་སྐྱོང་ཙ་ན། །ཕྲིན་ལས་བཞི་ལ་མངའ་བརྙེས་པ། །ཨིནྡྲ་ནཱི་ལའི་མདངས་དང་ལྡན། །ས་བརྒྱད་སེམས་དཔའ་བཞུགས་པ་པོ། །གནོད་སྦྱིན་ཕོ་མོ་མང་པོ་དང། །ཀླུ་ཡི་དེད་དཔོན་མཛད་ཙ་ན། །རིན་ཆེན་གསེར་གྱི་ཁ་དོག་ཅན། །ཊཱཀི་མ་དང་ཀླུ་མོ་དང་། །བདུད་མོའི་དེད་དཔོན་མཛད་ཙ་ན། །བེཌཱུར་སྔོན་པོའི་སྐུ་མདོག་


CMR037_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །སྣང་སྲིད་དབང་དུ་བསྡུས་པ་དང་། །འགྲོ་བའི་རྣམ་ཤེས་འགུགས་པའི་ཚེ། །པདྨ་རཱ་གའི་མདོག་འདྲ་ཞིང་། །མིའུ་ཐུང་གི་ཆ་ལུགས་ལ། །ལེ་བརྒན་དར་གྱི་ཅོད་པན་ཅན། །སྐུ་ལ་བསེ་ཁྲབ་དམར་པོ་གསོལ། །དབུ་ལ་བསེ་རྨོག་རྒྱ་ཞུ་གསོལ། །ཕྱག་གཡས་མདུང་དར་རྒྱལ་མཚན་བསྣམས། །སྲིད་གསུམ་ཟིལ་གྱིས་གནོན་པར་མཛད། །ཕྱག་གཡོན་ནེའུ་ལེ་ལྕགས་ཀྱུ་བསྣམས། །འགྲོ་བའི་རྣམ་ཤེས་དབང་དུ་སྡུད། །སྐུ་ལས་འོད་ཟེར་དམར་པོ་འཕྲོས། །སྲིད་པ་གསུམ་ཡང་དབང་དུ་སྡུད། །འགྲོ་བ་མི་ཡི་རྣམ་ཤེས་འགུགས། །སྦྱིན་བདག་རྣམས་ཀྱི་སྙིང་ལག་བསྐུལ། །གཡང་ཅན་ནོར་དང་བརྗིད་ཅན་གོས། །བཅུད་ཅན་ཟས་ལ་སོགས་པ་ཡི། །བདག་ལྷལ་ཟས་ནོར་ལོངས་སྤྱོད་ཀྱི། །དངོས་གྲུབ་མ་ལུས་བསྩལ་དུ་གསོལ། །ནོར་བདག་རྒྱལ་པོ་ཆེན་པོ་ཡི། །ཐུགས་དམ་གནད་ནས་བསྐུལ་བའི་ཚེ། །ཁྱོད་ཀྱི་སྤྲུལ་པའི་རྒྱལ་ཕྲན་ནི། །འགྲོ་བ་མི་ཡི་སྙིང་ལ་ཞུགས། །རྣམ་ཤེས་སྒྱུར་ལ་དབང་དུ་སྡུས། །འཇིག་རྟེན་ཁམས་ཀྱི་ལོངས་སྤྱོད་རྣམས། །མ་ལུས་ཐམས་ཅད་དབང་སྡུས་ལ། །སྒྲུབ་པ་པོ་ལ་


CMR037_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་སྩོལ། །ཧཱུྃ། ཤར་ཕྱོགས་མགོན་པོའི་དཔལ་རབ་འཆང་། །ཉི་མའི་སྲས་པོ་འཕགས་པ་རེ་མན། །ཟླ་བའི་སྲས་པོ་རྟ་བདག་ཀུ་བེ་ར། །འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས། །རྔོག་ཚོགས་འཕེལ་སྲུང་ལམ་དགྲ་རྟ་ནད་ཟློག །དེ་ནས་དམ་ཅན་ནི། ཀྱཻ། ཉི་མ་ནུབ་ཕྱོགས་ཕ་ཀི་ན། །ཕ་ནི་བདུད་ལ་མ་ནི་དམུ། །དམུ་བདུད་བཤོས་པའི་མཐུ་རྩལ་ཅན། །སྐྱེས་བུ་དགེ་བསྙེན་ཆེན་པོ་སྟེ། །ཞྭ་ཡི་མགོན་པོ་ར་རྟ་ཅན། །གནོད་སྦྱིན་ནོར་བདག་མཐུ་རྩལ་ཅན། །གཏེར་བདག་མཐུ་སྟོབས་རྫུ་འཕྲུལ་ཅན། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །ཕྱག་གཡས་ལྕགས་ཀྱུས་མི་ནོར་འགུགས། །ཕྱག་གཡོན་ནེའུ་ལེས་དབུལ་ཕོངས་སེལ། །ཕྱེད་བསྐུམ་རིན་ཆེན་སྣ་ལྔས་བརྒྱན། །ཀོང་བཙུན་གཉེན་དང་གཉིས་སུ་མེད། །བརྟན་མ་བཅུ་གཉིས་འཁོར་གྱིས་བསྐོར། །སྐུ་མཆེད་སུམ་བརྒྱ་དྲུག་ཅུ་དང་། །ཐེའུ་རང་དམག་དཔོན་རྫུ་འཕྲུལ་ཅན། །རྫུ་འཕྲུལ་སྐད་ཅིག་སྟོང་གསུམ་བསྐོར། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །འཇིག་རྟེན་ཁམས་ཀྱི་ནོར་ལ་སྤྱོད། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབས། །མི་ནོར་


CMR037_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་གསུམ་དབང་དུ་སྡུད། །རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ། །ཨོཾ་བཛྲ་སཱ་དྷུ་ས་མ་ཡ་བཛྲ་ལི་ལ་མ་བ་ལིཾ་ཏ་ཁཱ་ཧི། ཀྱཻ། དམ་ཅན་སྐྱེས་བུ་ཆེན་པོ། མཐུ་དང་རྫུ་འཕྲུལ་གྱི་བདག་པོ། བདག་ལ་བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་དང་། ཁྱེད་བསྒྲུབ་ཅིང་མཆོད་པའི་ཡོ་བྱད་དང་ལྡན་པས། མི་སྙིང་སྤྲུལ་ཅིག །མི་སེམས་གཡོས་ཤིག །སྣང་བ་བསྒྱུར་ཅིག །བདག་ལ་གཡང་ཅན་གྱི་ནོར་སྩོལ་ཅིག །བརྗིད་ཅན་གྱི་གོས་བསྐོན་ཅིག །བཅུད་ཆེན་གྱི་ཟས་སྡུས་ཤིག །འབྲུ་དང་ནས་ཀྱི་ཆར་ཕོབ་ཅིག །སྐྱེས་བུ་ཆེན་པོ་རེམ་ཞིག །མཐུ་དང་རྫུ་འཕྲུལ་རྩལ་དང་ནུས་པ་ད་ལྟ་བལྟའོ། །དེ་ནས་སྨན་བཙུན་ལྕམ་སྲིང་ནི། ཨོཾ་ཨཱཿཧཱུྃ་གཏོར་མ་ལྷའི་ཞལ་ཟས་སུ་གྱུར། ༀ་བཛྲ་པྲ་མོ་ཧ་ཧྲིཾ་ཧྲིཾ་ཛ་ཛཿ ཨོཾ་བྷི་ཤུ་ཙ་ན་ས་མ་ཡ་ཁྲག་ཏ་ཀུ་ཤུ་ཙ་ར་ན་ཧཱུྃ་ཧཱུྃ་ན་རུ་ཙ། རྡོ་རྗེ་གཡུ་སྒྲོན་མ། སྐྱེས་བུ་ལུང་བཙན་ལྕམ་སྲིང་འཁོར་དང་བཅས་པའི་ཞལ་དུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བདག་གི་འདོད་དོན་ཐམས་ཅད་འགྲུབ་པར་མཛད་དུ་གསོལ། ཧཱུྃ། སྟེང་ཕྱོགས་དག་པ་འཕྲུལ་གྱི་གཞལ་ཡས་ནས། །རིན་ཆེན་སྤྲིན་དཀར་བརྩེགས་པའི་གུར་ནང་


CMR037_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །རྡོ་རྗེ་གཡུ་སྒྲོན་སྨན་བཙུན་འཁོར་དང་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས་སུ་གསོལ། །བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད། །ཨོཾ་བཛྲ་པྲ་མོ་ཧ་ཧྲིཾ་ཧྲིཾ་ཡཿཛཿ མ་མཱ་ལ་ལཱ་ལི་ལཱི་སྲིང་འགྲོ་ཧཱུྃ་སིདྡྷི་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། མི་ནོར་ཟས་གསུམ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། ངན་ནེ་མ་ནི། སྦྱོ། བསིལ་བ་ཚལ་དང་ཉེ་བའི་ཚནྡྷོ་ཧ། །བདེན་བྲལ་མུན་པ་ཅན་གྱི་དུར་ཁྲོད་ནས། །དཀོར་གྱི་སྲུང་མ་རྡོ་རྗེ་ངན་ནེ་མ། །འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས། །དཀོར་རྣམས་སྲུང་ཞིང་སྤེལ་བའི་ཕྲིན་ལས་མཛོད།། །ཨོཾ་ར་ལི་པྲ་མ་ཡ་ཛཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་རཱ་ག་ཨ་སྱས་བསྒྲིགས་པ་དགེའོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

རྣལ་འབྱོར་ལམ་དུ་འགྲོ་བའི་གཏོར་འབུལ་དངོས་གྲུབ་མྱུར་དུ་སྟེར་བའི་དགའ་སྟོན་པད་དཀར་འཛུམ་པའི་ཟླ་གཞོན་གསར་པ།


CMR037_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ལམ་དུ་འགྲོ་བའི་གཏོར་འབུལ་དངོས་གྲུབ་མྱུར་དུ་སྟེར་བའི་དགའ་སྟོན་པད་དཀར་འཛུམ་པའི་ཟླ་གཞོན་གསར་པ་ཞེས་བྱ་བ་བཞུགས་སོ།།


CMR037_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་མངྒ་ལཾ་སིདྡྷི། བསླུ་མེད་དངོས་གྲུབ་མ་ལུས་མྱུར་སྟེར་བའི། །རྩ་གསུམ་ལྷག་པའི་ལྷ་ལ་གུས་བཏུད་ནས། །རྣལ་འབྱོར་ལམ་དུ་འཇུག་པའི་ལམ་གཏོར་ནི། །དངོས་གྲུབ་འདོད་པ་འཇོ་བའི་བཅུད་དུ་ལོངས། །གང་ཟག་སྡོམ་ལྡན་རྒྱལ་ཁམས་ཀུན་ཉུལ་བའི། །རྙེད་པ་འདོད་ཕྱིར་རྒྱུ་བའི་སྒྲུབ་པ་པོའི། །ཐོ་རངས་སམ་ནི་དགོང་མོའི་དུས་ལྟ་བུར། །གཏོར་ཐེབས་སམ་ནི་མཚན་ལྡན་ཐོད་པའི་ནང་། །དམར་གཏོར་ཆེ་བ་གཅིག་ལ་ཆུང་བ་དྲུག །ཟླུམ་བཤོས་དགུ་དང་དཀར་གཏོར་དྲུག་བསྐོར་བ། །ཟས་ཕུད་འབྲུ་སྣ་ཇ་ཆང་འོ་མ་བཅས། །ལེགས་སྦགས་གཙང་སྦྲ་ལྡན་པ་སྟེགས་ཁར་བཤམས། །རང་ཉིད་ལྷ་ཡི་ང་རྒྱལ་གསལ་བ་ཡི། །རཾ་ཡཾ་ཁཾ་ཞེས་གཏོར་མ་ཆུ་གཙང་བྲན། །སུ་བྷ་ཝས་སྦྱངས། གཏོར་


CMR037_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

མ་མི་དམིགས་སྟོང་པའི་ངང་ཉིད་ལས། །གཏོར་སྣོད་ཨེ་ལས་ལྕགས་ཁང་གཏིང་ཟབ་པ། །གནོད་བྱེད་དགྲ་འདྲེ་མངོན་སུམ་གསལ་བ་ལ། །བདག་ལས་སྤྲུལ་པའི་ཕོ་ཉ་གྲངས་མེད་ཀྱིས། །གནོད་བྱེད་ཐམས་ཅད་རང་དབང་མེད་པར་བཀུག །དམིགས་པའི་རྟེན་ལ་སིས་སིབ་ཐིམ་པར་གྱུར། །ན་མོ། རྩ་གསུམ་མཆོག་གསུམ་བཀའ་སྲུང་ལྷ་ཚོགས་ཀྱིས། །བདེན་པའི་མཐུ་ཡིས་རྣལ་འབྱོར་བདག་ཅག་གི །ཚེ་བསོད་ཁ་རྗེ་དབང་ཐང་ཟ་ཐང་ལ། །གནོད་པར་བྱེད་པའི་སྒབ་འདྲེ་ལྟོགས་འགོང་ཚོགས། །སྲིད་གསུམ་འཇིག་རྟེན་བྲོས་ཡུལ་གར་


CMR037_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱང་། །སྐད་ཅིག་རང་དབང་མེད་པར་འདིར་ཁུག་ཅིག །གུ་རུ་དྷེ་ཝ་ཌཱཀི་ནཱི། བི་དྷརྨཱ་པ་ལ་ས་པཱ་རི་བཱ་ར་དགྲ་འདྲེ་ཐམས་ཅད་ནི་ཏྲི་ཨངྐུ་ཤ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་པ་ལན་གསུམ་བརྗོད། དམིགས་བྱའི་སྙིང་ཁར་མཚོན་ཆའི་ཙཀྲ་ནི། །མུ་ཁྱུད་མེད་ཅིང་རྩིབས་རྩེ་གྲངས་མེད་པ། །དྲག་ཏུ་འཁོར་བའི་རྣམ་ཤེས་ཚེ་སྲོག་ལུས། །བཅད་གཏུབ་རྡུལ་ཕྲན་བཞིན་དུ་བརླག་པར་གྱུར། །ཡི་དམ་སྔགས་མཐར། ནི་ཏྲི་ཧུར་ཐུ་ཛཿ གནོད་བྱེད་སྒབ་འདྲེ་བྲེལ་ཕོངས་མཱ་ར་ཡ་ཙིཏྟ་ནན་ཧུར་ཐུ་ཛཿ ཡཀཱ་ནག་པོ་གནོད་བྱེད་ཀྱི་སྙིང་ལ་གཟིར་ཟློབྲེང་ཤག །སརྦ་ཀྲིག་ནན་ཛཿ ཡཀྵ་ཧུར་ཐུ་ཛཿ སྒབ་འདྲེ་མཱ་ར་ཡ་ཛཿཧཱུྃ་བཾ་ཧོཿ གནོད་བྱེད་ཨེ་ཏྲི་ཧུར་ཐུ་ཛཿ མཱ་ར་ཡ་རྦད་སརྦ་ཆུད། སྲོག་ལ་གཟེར་གཟེར། གནོད་བྱེད་ཨེ་སྒབ་འདྲེ་འབྱུང་པོ། སྲིད་པའི་འདྲེ་དགུ། གཙུག་ལག་གདོན་བཅུ། བདག་ཅག་འཁོར་དང་བཅས་པའི་ཚེ་བསོད་ནམས་ལ་གནོད་པ། སྒོ་ཡི་ནོར་ལ་གནོད་པ། ཕུག་གི་སྲས་ལ་གནོད་པ། མཚན་གྱི་བུ་ལ་གནོད་པ། རྟེན་གྱི་གྲོགས་ལ་གནོད་པ། ཁ་རྗེ་དབང་ཐང་ལ་གནོད་པ། བསྟན་པ་དང་སློབ་མའི་རིགས་དང་ཆོས་བརྒྱུད་ལ་གནོད་པར་


CMR037_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་བགེགས་རིགས་བརྒྱ་དང་རྩ་བརྒྱད་སརྦ་མཱ་ར་ཡ་ནན་ནན་བྱེར་བྱེར་ཛ་ཛཿ ཞེས་ལན་གསུམ་མམ་བདུན་བརྗོད། འདི་ནི་དབང་དང་རྒྱས་པའི་ལྷ་བརྟེན་ནས། །དངོས་གྲུབ་སྒྲུབ་ཀྱང་སྒབ་འདྲེའི་གནོད་པ་ཡི། །གྲགས་གཡེར་ཆེ་ཞིང་བུ་ཡུག་བཞིན་བབ་ཀྱང་། །བཤེས་གཉེན་པ་ལ་གཏོ་ནང་བཅུད་ཆུང་བ། །མི་ཁ་མི་དྲོ་ཁ་སྨྲས་འོང་བ་སོགས། །ཐབས་འདི་བགྱིས་པས་བཟློག་པའི་མན་ངག་ཡིན། །དེ་ནས་གཏོར་མ་བདུད་རྩིས་བྲན་བྱས་ལ། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། བྷྲཱུཾ། རང་རང་ཡིད་མཐུན་སྣོད་ཀྱི་ནང་དུ་བཅུད། །ངོ་བོ་དགྲ་བགེགས་ཤ་ཁྲག་རྣམ་པ་ནི། །སོ་སོའི་དགྱེས་རྫས་ཟག་མེད་བདེ་བའི་ཚོགས། །རྒྱ་ཆེ་གཏིང་ཟབ་ཀུན་བཟང་མཆོད་སྤྲིན་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧི༔ ཞེས་ལན་གསུམ་གྱིས་བརླབས། རོལ་མོ་བཅས་སོ། །ཌཱ་དྲིལ་ཙམ་མམ། རྡོ་དྲིལ་རྐྱང་པས་རུང་སྟེ། གཏོར་འབུལ་དངོས་ནི། ཧཱུྃ། བརྒྱུད་པ་དགུ་ལྡན་རྩ་བརྒྱུད་བླ་མ་དང་། །རྒྱལ་བ་རབ་འབྱམས་བྱང་སེམས་ཉན་རང་ཚོགས། །བསླུ་མེད་དཀོན་མཆོག་རིན་ཆེན་རྣམ་པ་གསུམ། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང་། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །ཕྱོགས་བཅུའི་སངས་


CMR037_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་སྲས་བཅས་དགྲ་བཅོམ་ཚོགས། །འཇིག་རྟེན་དབང་ཕྱུག་འཕགས་པ་སྤྱན་རས་གཟིགས། །སྒྲོལ་མ་དཀར་ལྗང་འོད་ཟེར་ཅན་མ་སོགས། །འཇིགས་པ་ཀུན་སྐྱོབ་ལྷ་ཚོགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང་། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །ཁྱད་པར་རིག་འཛིན་ཆེན་པོ་པདྨ་འབྱུང་། །སྐུ་གསུམ་སྐུ་ལྔ་གུ་རུ་མཚན་བརྒྱད་དང་། །རྒྱ་གར་རིག་འཛིན་བརྒྱད་དང་རྗེ་འབངས་ཚོགས། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང་། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །རྒྱལ་བ་ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་ལྷ། །བདེ་གསང་དགྱེས་རྡོར་མཱ་ཡཱ་ཐོད་པ་དང་། །གཤིན་རྗེའི་གཤེད་པོ་དུས་འཁོར་ཆེན་པོའི་ཚོགས། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང་། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །རྟ་ཕག་ཡབ་ཡུམ་མཁའ་འགྲོ་གིང་ལ་སོགས། །བླ་མེད་རྣལ་འབྱོར་བྱ་སྤྱོད་རྒྱུད་སྡེ་བཞི། །ཐེག་པ་རིམ་དགུའི་ཡི་དམ་


CMR037_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ལྷ། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང་། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །དབང་དྲག་པདྨ་རིགས་ལྔ་ཁྲོ་བོ་བཅུ། །གུ་རུ་དྲག་པོའི་ལྷ་ཚོགས་མ་ལུས་དང་། །ཕག་ཁྲོས་སེང་གསུམ་གནས་གསུམ་མཁའ་འགྲོའི་ཚོགས། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང་། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །ལེགས་ལྡན་ཚོགས་བདག་སྐུ་གསུང་ཐུགས་ཀྱི་མགོན། །ཕྱོགས་བཅུའི་མགོན་པོ་སྡེ་བརྒྱད་མགོན་པོ་དང་། །ལྷ་དམག་བྱེ་བ་དུང་ཕྱུར་འཁོར་བཅས་རྣམས། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་རྗེལ། །རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང་། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །ཤོ་ལོ་ཀ་འདི་གསར་དུ་བསྒྲིགས། །མ་ནིང་དཔལ་འབར་སྲོག་བདུད་ལེགས་ལྡན་ནག །སྐུ་གསུང་ཐུགས་ཡོན་ཕྲིན་ལས་མགོན་པོ་སོགས། །ཕྱག་བཞི་ཕྱག་དྲུག་གུར་ཞལ་བེར་ནག་ཅན། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་


CMR037_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་བར་ཆད་ཞི་བ་དང་། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །ཨ་གྷོ་གཙང་རིས་དཔལ་མགོན་བདུན་ཅུ་ལྔ། །དུད་སོལ་རང་བྱུང་དམག་ཟོར་དཔལ་ལྷ་མོ། །ཕུར་སྲུང་ལ་སོགས་མོ་རྒྱུད་ལྷ་མོ་རྣམས། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང་། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །ཞང་བློན་རྡོ་རྗེ་བདུད་འདུལ་སྡེ་བདུན་དང་། །གསོ་རིག་སྨན་གྱི་བཀའ་སྲུང་མ་ལུས་ཚོགས། །ལས་གཤིན་ཞིང་སྐྱོང་གཟའ་བརྒྱད་བེག་རྩེ་དམར། །ལྷ་སྲིན་སྡེ་བརྒྱད་གིང་ཆེན་བཅོ་བརྒྱད་དང་། །བརྟན་མ་བཅུ་གཉིས་དྲེགས་ཆེན་བཅོ་བརྒྱད་ལ། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང་། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །དགེ་བསྙེན་ཉེར་གཅིག་རྒྱལ་ཆེན་བཅོ་བརྒྱད་དང་། །ཡུལ་རིས་སྐྱོང་བའི་ལྷ་ཀླུ་གཞི་བདག་དང་། །འཇིག་རྟེན་འདས་དང་མ་འདས་སྲུང་མ་རྣམས། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང་། །མཐུན་རྐྱེན་འབད་མེད་ལྷུན་


CMR037_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གྲུབ་པར་མཛོད། །རྣལ་འབྱོར་བདག་གིས་དེང་ནས་བྱང་ཆུབ་བར། །ཁྱོད་བསྒྲུབ་ཁྱོད་གསོལ་ཁྱོད་མཆོད་ཁྱོད་བསྟེན་ན། །སྔོན་གྱི་ཞལ་བཞེས་དམ་བཅའོ་མ་གཡེལ་བར། །མ་གཡེལ་མ་འདའ་བརྩེ་གདུང་ཆེ་བར་མཛོད། །འགལ་རྐྱེན་བར་དུ་གཅོད་པའི་ཚོགས་ཞི་ཞིང་། །མི་ལ་ན་ཚ་ཕྱུགས་ལ་གོད་ཁ་དང་། །ཞིང་ལ་བཙའ་སད་སེར་བ་མི་འབྱུང་ཞིང་། །འཁོར་དང་ལོངས་སྤྱོད་རྒྱས་པ་ཉིད་དུ་མཛོད། །མདུན་བསུ་བློ་ནས་སྐྱོལ་མ་རྒྱབ་ནས་རྟེན། །ལེགས་ཁ་དཔའ་ཁ་ཟུང་ལ་རྒྱལ་ཁ་གཏོད། །མཐུ་དཔུང་སྡོང་གྲོགས་རྒྱབ་རྟེན་མ་གཡེལ་བར། །ནད་ཡམས་འཁྲུག་རྩོད་མ་ལུས་མི་འབྱུང་མཛོད། །ལམ་བསྒྲོད་བདེ་ཞིང་དགྲ་རྐུན་ཇག་གསུམ་དབེན། །མཐོང་ཚད་ཀུན་གྱིས་བསྐུལ་ཞིང་ཡོངས་ཀྱིས་བསྟོད། །ལུས་སེམས་དབང་བསྒྱུར་དགོས་འདོད་ཆར་བཞིན་ཕོབ། །རྙེད་པ་ཆེན་པོ་རྒྱས་ཤིང་ཉམས་བདེ་མཛོད། །མདོར་ན་གང་བཅོལ་ལས་ཀྱི་ཕྲིན་ལས་རྣམས། །དུས་འདིར་མྱུར་དུ་སྒྲུབས་ཤིག་ས་མ་ཡ། །ཞེས་མཆོད་སྔགས་ནི། ཨོཾ་ཨཱཿཧཱུྃ། མ་ཧཱ་གུ་རུ་དེ་ཝ་ཌཱཀི་ནཱི་བྷི་དྷརྨཱ་པཱ་ལ་ལོ་ཀ་པ་ལ་བྷུ་མི་པ་ཏི་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་


CMR037_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་པཱུ་ཛ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་སིདྡྷི་མེ་པྲ་ཡཙྪནྟ་མ་མ་སརྦ་སིདྡྷི་ཨ་མོ་གྷ་ཡ་སྭཱ་ཧཱ། ཞེས་ལྷ་ཚོགས་སྤྱི་ལ་གཏོར་མ་ཆེ་བ་དེ་ཉིད་བསྔོ། དེ་ནས་བྱེ་བྲག་ཏུ་ཛ་དམར་ནི། ཧྲཱིཿདབང་གི་རང་བཞིན་ཛ་དམར་པད་རག་མདོག །ཀུ་རུ་ཀུལླེ་ཡུམ་དང་བཅས་པ་དང་། །ཛཾ་ལྷ་གནོད་སྦྱིན་ཕོ་ཉ་གྲངས་མེད་བཅས། །ཁམས་གསུམ་དབང་དུ་བསྡུས་པའི་མཐུ་སྟོབས་ཆེ། །འདིར་བྱོན་ཟག་མེད་གཏོར་མ་བདུད་རྩིའི་མཚོ། །དཀོར་ནོར་རིན་ཆེན་མང་པོ་ཁྱོད་ལ་འབུལ། །རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང་། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །ཁྱད་པར་འགྲོ་བ་མི་དང་མི་མིན་སོགས། །མཐོང་ཐོས་ཙམ་གྱིས་ཀུན་གྱིས་ཡིད་བསྐུལ་ནས། །ཟས་ནོར་ལོངས་སྤྱོད་འབད་མེད་དབང་དུ་བསྡུས། །འཁོར་ནོར་ལོངས་སྤྱོད་རྒྱས་པར་མཛད་དུ་གསོལ། །ཞེས་དང་། མདུང་དམར་ཅན་ནི། བོ། ནོར་སྐྱོང་རྒྱལ་པོ་གནོད་སྦྱིན་མདུང་དམར་ཅན། །ཕོ་ཉ་མངག་གཞུག་གནོད་སྦྱིན་འབུམ་དང་བཅས། །དབང་གི་བདག་ཉིད་གཡུལ་ལས་རྣམ་རྒྱལ་ལྷ། །སྔོན་གྱི་ཐུགས་དམ་ཞལ་བཞེས་དྲན་མཛོད་ལ། །འདིར་བྱོན་དམར་གྱི་གཏོར་མ་སྨན་རཀ་མཚོ། །དཀོར་ནོར་


CMR037_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་གཟིགས་རིན་ཆེན་མཆོད་པ་འབུལ། །རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང་། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །ཁྱོད་ཀྱི་ཕོ་ཉ་མྱུར་མགྱོགས་ལྡན་པ་རྣམས། །འགྲོ་བ་ཕོ་མོའི་སྙིང་དུ་རབ་ཞུགས་ཏེ། །སྣང་སེམས་དབང་བསྡུས་ཟས་ནོར་ཆར་ལྟར་ཕོབ། །འཛད་མེད་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་དང་། ལྷ་ཆེན་དབང་ཕྱུག་ནི། ཛཿ ལེགས་ལྡན་ལྷ་ཆེན་དབང་ཕྱུག་སྐུ་མདོག་དམར། །ཨུ་མ་དེ་ཝི་དབང་གི་འཁོར་དང་བཅས། །ཁམས་གསུམ་དབང་བསྒྱུར་རླུང་ཞགས་བསྒྲུབ་པའི་ལྷ། །འཇིག་རྟེན་དབང་ཕྱུག་པད་འབྱུང་བཀའ་བཞིན་དུ། །འདིར་གཤེགས་ཟག་མེད་གཏོར་མ་རྒྱན་གྱིས་བརྒྱན། །སྨན་རཀ་ཛ་གད་ཕུད་ཀྱིས་མཆོད་པ་འབུལ། །རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང་། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །རྣལ་འབྱོར་བདག་ཉིད་འགྲོ་བའི་ཡུལ་ཕྱོགས་ཀྱི། །ཆེ་བཙན་དྲག་པོ་མི་དང་མི་མིན་སོགས། །ལྕགས་ཀྱུས་ཟུངས་ལ་རླུང་གི་ཞགས་པས་ཆིངས། །མོས་པ་རྣམ་བཞིས་དབང་དུ་འདུ་བར་མཛོད། །ཅེས་དང་། ལྷ་ཆེན་དབང་ཕྱུག་མཇུག་ཏུ་གནོད་སྦྱིན་ཤན་


CMR037_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

དམར་མཆན། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧཱུྃསྭཱ་ཧཱ། ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ། ཨོཾ་མ་ཧཱ་དེ་བ་ཛཿ ས་པཱ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་སརྦ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་མ་སརྦ་ལོ་ཀ་ཝ་ཤཾ་ཀུ་རུ་ཧཱུྃསྭཱ་ཧཱ༔ ཞེས་འབུལ། གལ་ཆེན་ཐུན་མོང་མ་ཡིན་པའི་དབང་སྡུད་ཀྱི་དམིགས་པ་གནད་དང་སྦྱར་ཏེ། དབང་སྔགས་རྣམས་མན་ངག་བཞིན་བཟླ། ༈ ད་ནི་དབང་སྡུད་ཀྱི་དམིགས་པའི་ལྷ་ལ་ཕྲིན་ལས་བཅོལ་བ་ནི། ཇི་སེར་ནི། བོ། བྱང་ཕྱོགས་རིན་ཆེན་གཏེར་གྱི་གཞལ་ཡས་ནས། །ནོར་གྱི་བདག་པོ་ཨཱརླ་ཛཾ་བྷ་ལ། །དབུལ་བ་སེལ་བྱེད་ལྷ་མོ་ནོར་རྒྱུན་མ། །འཁོར་དུ་ནོར་ལྷ་ཕོ་མོའི་ཚོགས་དང་བཅས། །འདིར་བྱོན་ཟག་མེད་གཏོར་མ་བདུད་རྩིའི་མཚོ། །དཀོར་ནོར་སྤྱན་གཟིགས་རིན་ཆེན་མཆོད་པ་འབུལ། །རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང་། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །ཁྱད་པར་བདག་གི་བང་མཛོད་ཕྱི་ནང་དུ། །བསོད་ནམས་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ། །འཛམ་གླིང་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། །འཛད་མེད་གཡང་གི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་དང་། ཛཾ་ནག་ནི། ཧཱུྃ། ཛཾ་ལྷ་ནག་པོ་སྟོང་ཟིལ་ལྷུན་པོའི་བདག །འཛད་


CMR037_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ནམ་མཁའི་མཛོད་ལ་མངའ་བརྙེས་པ། །ནོར་སྐྱུགས་གནོད་སྦྱིན་བྱེ་བ་འབུམ་དང་བཅས། །སྔོན་ཚེ་རྒྱལ་བའི་སྤྱན་སྔར་ཞལ་བཞེས་བཞིན། །འདིར་བྱོན་ཟག་མེད་གཏོར་མ་བདུད་རྩིའི་མཚོ། །དཀོར་ནོར་སྤྱན་གཟིགས་རིན་ཆེན་མཆོད་པ་འབུལ། །རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང་། །མཐུན་རྐྱེན་འབད་མེད་ལྷུན་གྱིས་འགྲུབ་པར་མཛོད། །བདག་གི་མི་ནོར་ཟས་གོས་ལོངས་སྤྱོད་ལ། །བརྗིད་ཅིང་བག་དྲོ་སྣུམ་ཞིང་བཅུད་ཆགས་པ། །མི་ཟད་དགོས་འདོད་ཐམས་ཅད་ལྷུན་གྲུབ་པའི། །ཕྱུ་དང་གཡང་གི་དངོས་གྲུབ་རྒྱ་ཆེན་ཕོབ། །ཅེས་དང་། །ཛ་ནག་མཇུག་ཏུ་ཇི་ལྗང་འདོན་མཁན། ཛཾ་དཀར་ལྷ་ལྔ་ནི། ཧཱུྃ། འཇིག་རྟེན་དབང་ཕྱུག་ཕྲིན་ལས་ཟློས་གར་ལས། །ལེགས་བྱུང་སྨུག་འཛིན་དཀར་པོ་འབྲུག་ལ་ཞོན། །འཁོར་དུ་ཌཱཀྐི་མཐིང་སེར་དམར་ལྗང་མདོག །ཕྲིན་ལས་བཞི་ཡི་ལྷ་མོའི་ཚོགས་དང་བཅས། །འདིར་བྱོན་ཟག་མེད་གཏོར་མ་བདུད་རྩིའི་མཚོ། །དཀོར་ནོར་སྤྱན་གཟིགས་རིན་ཆེན་མཆོད་པ་འབུལ། །རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང་། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །བདག་ལ་ཚེ་


CMR037_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསོད་ནམས་ཁ་རྗེ་ནོར། །དབང་ཐང་མཁོ་དགུའི་ཡོ་བྱད་མ་ལུས་པ། །ཁམས་གསུམ་སྲིད་པ་གསུམ་གྱི་གཡང་སྡུས་ལ། །དུས་འདིར་མྱུར་བ་ཉིད་དུ་བསྩལ་དུ་གསོལ། །ཞེས་དང་། གནོད་སྦྱིན་ཨ་པར་ཙི་ཏ་དང་། ཡེ་ཤེས་གྲགས་ནི། ཧཱུྃ། གནོད་སྦྱིན་དབང་པོ་གཞན་གྱིས་མི་ཐུབ་པ། །ནོར་སྟེར་དབང་པོ་བྲན་འཁོར་ཕོ་ཉའི་ཚོགས། །དགེ་བསྙེན་ཆེན་པོ་ནོར་བདག་ཡེ་ཤེས་གྲགས། །འཇིག་རྟེན་ནོར་ལྷའི་དཔུང་ཚོགས་དང་བཅས་ལ། །འདིར་བྱོན་ཟག་མེད་གཏོར་མ་བདུད་རྩིའི་མཚོ། །འབྲུ་སྨན་དཀོར་ནོར་རིན་ཆེན་མཆོད་པ་འབུལ། །རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང་། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །སྣང་བ་མཐའ་ཡས་པདྨའི་བཀའ་བཞིན་དུ། །མི་ཕྱུགས་ཟས་ནོར་ར་ལུག་གཡང་ཁུག་ལ། །འགྲོ་བ་ཕོ་མོའི་སྣང་སེམས་རབ་བསྐུལ་ནས། །རིན་ཆེན་གཏེར་མཛོད་མྱུར་དུ་རྒྱས་པར་མཛོད། །ཅེས་དང་། རེ་མནྟ་ཉི་མའི་སྙིང་པོ་དང་། ལུས་ངན་པོ་ནི། །ཧཱུྃ༔ ཅང་ཤེས་སྐྱོང་བའི་གནོད་སྦྱིན་ཀུ་བེ་ར། །རྟ་ལྷའི་རྒྱལ་པོ་ཨཱརླ་རེ་མན། །ཉི་མའི་སྙིང་པོ་ལ་སོགས་གནོད་སྦྱིན་གྱི། །ཕོ་ཉ་མངག་གཞུག་གཏེར་གྱི་སྲུང་མའི་


CMR037_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །འདིར་གཤེགས་དམར་གྱི་གཏོར་མ་ཇ་ཆང་ཕུད། །འབྲུ་ཟས་དཀོར་ནོར་ལོངས་སྤྱོད་མཆོད་པ་འབུལ། །རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །རྣལ་འབྱོར་བདག་གི་རྐང་བཞི་ཅང་ཤེས་རྟ། །སྲུང་སྐྱོབ་འཕེལ་རྒྱས་འགྲོ་བའི་རྔོག་ཆགས་གཡང་། །མ་ལུས་བདག་གིས་དབང་དུ་འདུ་བ་དང་། །མི་ཟད་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་དང་། ༀ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཨོཾ་ཛ་ལཾ་སྭཱ་ཧཱ། ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛཾ་བྷ་ལ་ཧྲི་ད་ཡ་ཧཱུྃ་ཕཊ། ཨ་པ་ར་ཙིཏྟ་ཛྷཱ་ན་ཀཱིརྟི་ཡ། ཀུ་བེ་ར། ཨཱརླ་རེ་མན། ས་པཱ་རི་ཝཱ་ར་ཨི་དམ་བ་ལི་ཏ་སརྦ་མ་ཧཱ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་མ་སིདྡྷི་ས་མ་ཡ་ཕ་ལ་བསྡུས་བསྡུས་ཐམས་ཅད་བདག་ལ་དུང་དུང་སྭཱ་ཧཱ། ཞེས་ཕུལ་དེ་རྣམས་ནི་རྒྱས་པའི་ལྷ་ལ་ཕྲིན་ལས་བཅོལ་བའོ། །མགོན་པོ་དུར་ཁྲོད་བདག་པོ་ནི། ཧཱུྃ། ཨོ་རྒྱན་དུར་ཁྲོད་སྐྱོང་བའི་ནོར་བདག་ཆེ། །ཀེང་རུས་མགོན་པོ་དཀར་པོ་ཡབ་ཡུམ་ནི། །ཤ་ཟ་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས། །འཁོར་ལོ་སྡོམ་པ་ཡབ་ཡུམ་པད་འབྱུང་བཀའ། །དྲན་པར་མཛད་ལ་གནས་འདིར་


CMR037_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སུ་གསོལ། །ཤ་ཁྲག་དམར་གྱི་བརྒྱན་པའི་གཏོར་མ་བཞེས། །རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང་། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །རྣལ་འབྱོར་བདག་གི་ལོངས་སྤྱོད་དཀོར་ནོར་ལ། །དགྲ་ཇག་རྐུན་གསུམ་ཐལ་བ་རྡུལ་བཞིན་རློགས། །ཁམས་གསུམ་དབང་སྡུས་ཟས་ནོར་དངོས་གྲུབ་སྩོལ། །མ་གཡེལ་སྲུང་མས་མེལ་ཚེ་མཛད་དུ་གསོལ། །ཞེས་དང་། ངས་ནུས་མ་ནི། བྷྱོ། དུར་ཁྲོད་གནས་དང་ཉེར་བཞིའི་ཡུལ་སྐྱོང་བའི། །དཀོར་གྱི་བདག་པོ་རྡོ་རྗེ་ངས་ནུས་མ། །འདིར་གཤེགས་དམར་གྱི་གཏོར་མ་སྨན་རཀ་ཆང་། །དམ་རྫས་རྣམ་པ་དུ་མའི་མཆོད་པ་འབུལ། །རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང་། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །རྣལ་འབྱོར་བདག་གིས་དཀོར་ནོར་ཁབ་སྐུད་ཅིག །གཞན་ལ་མ་བསྐུལ་སྲུང་སྐྱོབ་འཕེལ་རྒྱས་མཛོད། །ཅེས་དང་། དཀོར་སྲུང་རྒྱལ་པོ་སྐུ་ལྔ་ནི། ཧཱུྃ། རྒྱལ་པོ་ཆེན་པོ་གནོད་སྦྱིན་པེ་ཧར་ཆེ། །སྐུ་ལྔ་ཡབ་ཡུམ་བློན་འབངས་འཁོར་ཚོགས་བཅས། །འདིར་བྱོན་དམར་གྱི་གཏོར་མ་ཤ་ཁྲག་ཆང་། །སྤྱན་གཟིགས་དཀོར་ནོར་དུ་མའི་མཆོད་པ་


CMR037_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། །རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང་། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །ང་ཡི་ལྷ་ཆ་དཀོར་ཆ་ཟས་ནོར་བཅས། །བཅོལ་ཏད་དོ་གཡར་དམ་མ་གཡེལ་ཅིག །འགྲོ་བ་ཀུན་གྱི་ཡིད་བསྐུལ་ཟས་ནོར་རྣམས། །མྱུར་དུ་ལོངས་ལ་ཤུགས་ཀྱིས་འདུ་བར་མཛོད། །ཅེས་དང་། ཨོཾ་ཧི་རཱ་ཛ་གྷི་རཱ་ཛ་ཀུ་མ་ཀུ་མ་ཊུ་ཐིས་སྭཱ་ཧཱ། མ་མ་ར་ལི་པྲ་མ་ཛ་ཛཿ རཱ་ཛ་གིང་ཀ་ར་ས་པཱ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དགྲ་རྐུན་ཇག་གསུམ་ཐམས་ཅད་མཱ་ར་ཡ་ཆིངས་ཆིངས་སརྦ་ཨུཏ་ཙ་ཏ་ཡ་ཕཊ། མ་མ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཕུལ་དེ་རྣམས་ནི་སྲུང་སྐྱོབ་ལྷ་ལ་ཕྲིན་ལས་བཅོལ་བའོ། །གཡུ་སྒྲོན་མ། ཚེ་རིང་མ། སྙིང་དྲུང་བཅས་ནི། ཀྱི།ལྷ་སྨན་རྒྱལ་མོ་རྡོ་རྗེ་གཡུ་སྒྲོན་མ། །འཁོར་དུ་པྲ་སྟོན་སྨན་མོ་འབུམ་དང་བཅས། །ཇོ་མོ་འཕྲུལ་གྱི་རྒྱལ་མོ་ཚེ་རིང་མ། །མཐིང་གི་ཞལ་བཟང་ལ་སོགས་པྲ་ཡི་བདག །སྙིང་དྲུང་བཙན་པོ་པྲ་བདག་རྣོ་མཐོང་རྒྱལ། །སྣང་གསལ་པྲ་ཡི་ལྷ་ཚོགས་ཐམས་ཅད་ཀུན། །འདིར་བྱོན་དཀར་གསུམ་གཏོར་མ་རྒྱན་དང་ལྡན། །ཇ་ཆང་གསེར་སྐྱེམས་ཕུད་ཀྱིས་མཆོད་པ་འབུལ། །རྣལ་འབྱོར་


CMR037_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་བར་ཆད་ཞི་བ་དང་། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །རྣལ་འབྱོར་བདག་གིས་གང་སྨྲས་གང་འདོད་ཀུན། །མངོན་ཤེས་འཆུག་མེད་རི་མོ་ཇི་བཞིན་རྒྱུ། །ཅི་བྱས་ལམ་འགྲོ་གང་བཤད་རྣོ་མཐོང་བའི། །དངོས་གྲུབ་མ་ལུས་ད་ལྟ་མྱུར་སྒྲུབས་ཤིག །ཅེས་དང་། ཨོཾ་མ་མ་ཌཱཀི་མ་མ་ཌཀི་ནཱི་དཱ་ན་ར་ཙ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་སརྦ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་མ་ཨ་ལ་ཀ་ཁ་ཡ། ཁྲ་ཁྲ་ཀ་ཁ་ཡ། ཙཀྲ་ཀ་ཁ་ཡ། པྲ་མོ་ཤག །པྲ་མོ་སྟོན། ཆུ་བུར་མིག་གི་སྒོ་སོལ། རྣོ་མཐོང་བ་ལྷ་ཡི་ཡུལ་སྟོན། རྣོ་མཐོང་གསལ་བའི་སྒྲོན་མེ་སྦོར་སྭཱ་ཧཱ། ཞེས་ཕུལ། དེ་རྣམས་རྣོ་མཐོང་བའི་ལྷ་ལ་ཕྲིན་ལས་བཅོལ་བའོ། །དམ་ཅན་ནི། ཀྱཻ། དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས་པ་རྩལ། །མཆེད་འཁོར་སུམ་བརྒྱ་དྲུག་ཅུ་འཁོར་དང་བཅས། །འདིར་གཤེགས་ཤ་ཁྲག་དམར་གྱི་གཏོར་མ་དང་། །སྨན་རཀ་ཇ་ཆང་ཕུད་ཀྱི་མཆོད་པ་འབུལ། །རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །ཁྱོད་ཀྱི་མཐུ་སྟོབས་རྫུ་འཕྲུལ་དཔག་མེད་ཀྱིས། །འགྲོ་བའི་ཡིད་བསྐུལ་དམག་ཇག་ཁེ་སྤོག་འགྲུལ། །ཀུན་ལ་


CMR037_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་མེད་དཔའ་གདིང་ལེགས་དང་སྤྱོད། །མ་གཡེལ་རེམ་ཞིག་ཕྲིན་ལས་མྱུར་དུ་སྒྲུབས། །ཞེས་དང་། གླིང་རྗེ་གེ་སར་རྒྱལ་པོ་ནི། ཀྱཻ། འཛམ་གླིང་སེང་ཆེན་གེ་སར་རྒྱལ་པོ་ནི། །སྐྱེས་བུ་དོན་གྲུབ་དགྲ་བླའི་དམག་དཔུང་བཅས། །འདིར་བྱོན་དཀར་གསུམ་གཏོར་མ་རྒྱན་དང་ལྡན། །ཇ་ཆང་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ། །རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང་། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །ལམ་གྱི་བར་ཆད་གྲ་ཇག་ཆོམ་རྐུན་སོགས། །མ་ལུས་རྡུལ་ཕྲན་བཞིན་དུ་བརླག་པ་དང་། །གང་བསམ་ཐོགས་མེད་འགྲུབ་པའི་རྒྱལ་ཁ་ཐོབ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་དང་། འགོ་བའི་ལྷ་ལྔ་ནི། ཀྱཻ། ཕ་ལྷ་མ་ལྷ་ཞང་ལྷ་དགྲ་ལྷ་དང་། །སྲོག་ལྷ་ཕྲག་ལྷ་འགོ་བའི་ལྷ་མཆོག་ཀུན། །འདིར་བྱོན་དཀར་གསུམ་གཏོར་མ་རྒྱན་དང་ལྡན། །ཇ་ཆང་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ། །རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང་། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །བདག་ནི་འགྲོ་སྡོད་གཞི་བྱེས་དུས་ཀུན་ཏུ། །སྲུང་སྐྱོབ་སྡོང་གྲོགས་རྒྱབ་རྟེན་མ་གཡེལ་


CMR037_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཅེས་དང་། གཞི་བདག་ནི། ཀྱཻ། ཡུལ་འདིའི་གཞི་བདག་རྒེ་ཞེས་བྱ་བ། །ཡབ་ཡུམ་བློན་འབངས་བྲན་གཡོག་འཁོར་དང་བཅས། །ཁྱད་པར་གནས་འདིའི་ས་མིག་ཉེ་འཁོར་ལ། །ལྷ་ཀླུ་བདུད་བཙན་མ་མོ་ཐེའུ་རིང་སོགས། །གནས་བདག་གཞི་བདག་མ་ལུས་ཡོད་དོ་ཅོག །ཤཱཀ་ཐུབ་པདྨ་འབྱུང་གནས་བཀའ་བཞིན་དུ། །འདིར་བྱོན་ཟག་མེད་གཏོར་མ་རྒྱན་གྱིས་བརྒྱན། །ཇ་ཆང་གསེར་སྐྱེམས་ཕུད་ཀྱི་མཆོད་པ་འབུལ། །རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང་། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །རྣལ་འབྱོར་བདག་ཅག་ཡུལ་འདིའི་འགྲོ་སྡོད་ལ། །ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར། །མགོན་སྐྱོབས་དཔུང་གཉན་དཔའ་ཡ་དཔུང་རོགས་གྱིས། །སྙན་པའི་དར་ཕྱོར་གྲགས་པའི་དུང་བུས་ལ། །ཁྱེད་རྣམས་སྐྱབས་མཆིས་ཡུལ་འདིའི་མི་སྡེ་ཀུན། །རྣལ་འབྱོར་བདག་ལ་མྱུར་དུ་འདུན་ཅིང་འཁོར། །ཟས་ནོར་ལོངས་སྤྱོད་ཆར་བཞིན་འབེབས་པ་སོགས། །བཅོལ་བའི་ཕྲིན་ལས་མ་གཡེལ་མྱུར་དུ་མཛོད། །ཅེས་དང་། ༀ་བཛྲ་སཱ་དྷུ་ས་མ་ཡ་ཧཱུྃ་ཕཊ། ཨོཾ་ཨ་ཏིང་མི་བུ་གེ་སར་རྒྱལ་པོ་ཧཱུྃ། དེ་བ་པཉྩ་བྷུ་མི་པ་ཏི་


CMR037_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་མ་སརྦ་སིདྡྷི་ཀརྨ་ཨ་མོ་གྷ་ཀུརླན་སྭཱ་ཧཱ། ཞེས་ཕུལ། དེ་རྣམས་ནི་འཕྲལ་གྱི་ལས་ལ་མྱུར་བའི་ལྷ་རྣམས་ལ་ཕྲིན་ལས་བཅོལ་བའོ། །དེ་ནས་གཏོར་མ་བཏེག་ལ། ཕུད་སྣོད་འཐོར་ཞིང་། ཧོཿ དགོངས་སུ་གསོལ་ལོ། །གསོལ་ལོ། །མཆོད་དོ། །བསྔོའོ། །འབུལ་ལོ། །འདྲེན་ནོ། །བཞེས་སུ་གསོལ། བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་མཐུ་ལྡན་གྱི་སྲུང་མ་མཐུ་དང་རྫུ་འཕྲུལ་གྱི་བདག་པོ་ཁྱེད་རྣམས་བདག་གི་བྱང་ཆུབ་སྒྲུབ་པའི་མཐུ་རྐྱེན་དང་། ཁྱེད་རྣམས་བསྒྲུབ་ཅིང་མཆོད་པའི་ཡོ་བྱད་དང་ལྡན་པའི་མི་སྙིང་བསྒུལ། མི་སེམས་གཡོས་ཤིག །སྣང་བ་སྒྱུར་ཅིག །བདག་ལ་གཡང་ཅན་གྱི་ནོར་སྩོལ་ཅིག །བརྗིད་ཅན་གྱི་གོས་བཀོན་ཅིག །བཅུད་ཅན་གྱི་ཟས་སྡུས་ཤིག །འབྲུ་དང་ནོར་གྱི་ཆར་ཕོབ་ཅིག །མཐུ་ལྡན་ཁྱེད་རྣམས་རེམ་ཞིག །མཐུ་དང་རྫུ་འཕྲུལ་རྩལ་དང་ནུས་པ་ཅི་འདུག་ད་རེས་བལྟའོ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་ད་ལྟ་ཉིད་དུ་སྒྲུབས་ཤིག །ཧཱུྃ། སྐྱབས་ཀྱི་དམ་པ་ཁྱེད་རྣམས་ཀྱིས། །རྣལ་འབྱོར་འདོད་པའི་རེ་བ་སྐོངས། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ལས་ཀྱི་དངོས་


CMR037_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མྱུར་དུ་སྩོལ། །མཐུ་ལྡན་རྣམས་ཀྱི་རྫུ་འཕྲུལ་གྱིས། །སྲིད་པ་གསུམ་ཡང་དབང་དུ་སྡུས། །འགྲོ་བ་མི་ཡི་རྣམ་ཤེས་ཁུག །སྦྱིན་བདག་རྣམས་ཀྱི་སྙིང་ལག་བསྐུལ། །གཡང་ཅན་ནོར་དང་བརྗིད་ཅན་གོས། །བཅུད་ཅན་ཟས་ལ་སོགས་པ་ཡི། །བདག་ལ་ཟས་ནོར་ལོངས་སྤྱོད་ཀྱི། །དངོས་གྲུབ་མ་ལུས་བསྩལ་དུ་གསོལ། །བདག་གི་སྲུང་མ་ཁྱེད་རྣམས་ཀྱིས། །ཐུགས་དམ་གནད་ནས་བསྐུལ་བའི་ཚེ། །ཁྱེད་རྣམས་སྤྲུལ་པའི་ཕོ་ཉ་ནི། །འགྲོ་བ་མི་ཡི་སྙིང་ལ་ཞུགས། །རྣམ་ཤེས་བསྒྱུར་ལ་དབང་དུ་བསྡུས། འཇིག་རྟེན་ཁམས་ཀྱི་ལོངས་སྤྱོད་རྣམས། །མ་ལུས་ཐམས་ཅད་དབང་དུ་བསྡུས། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །ཅེས་བརྗོད་གཏོར་མ་འགྲོ་ཕྱོགས་གཙང་སར་འབུལ། ཁྱི་དང་སློང་མོར་མི་སྦྱིན་དམ་ཚིག་ཡིན། །དུས་རྒྱུན་ནངས་སྔ་དགོང་མོ་གཉིས་ཀ་འམ། །གང་རུང་རྒྱུན་དུ་འདི་ལྟར་བརྩོན་བྱས་ན། །ཐེ་ཚོམ་མེད་ན་དངོས་གྲུབ་མྱུར་ཐོབ་འབྱུང་། །གནང་སྦྱིན་གང་རུང་དགེ་ཕྱོགས་གཏོང་བ་གནད། །ལོག་མཚོའི་མ་སྦག་བྱང་ཆུབ་ལམ་དུ་འགྱུར། །དེ་སྐད་བླ་མ་པདྨ་ཆོས་དབང་དང་། །སྔགས་འཆང་གུ་རུ་སྐྱབས་སོགས་དོན་གཉེར་འགས། །ལམ་གཏོར་ཧ་ཀྱང་རྒྱས་མིན་བསྡུས་པ་མིན། །གནད་དོན་ཤིན་ཏུ་གསལ་བ་དགོས་ཞེས་ངོར། །སྔགས་འཆང་བརྫུ་


CMR037_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆགས་མེད་ཨ་རཱ་གས། །ཐུན་མཚམས་ཤིག་ཏུ་བགྱིས་པའི་དགེ་བ་དེས། །གང་བྱས་ལམ་དུ་འགྲོ་ཞིང་བྱང་ཆུབ་བསྒྲོད། །མཐར་ཐུག་པདྨ་འོད་དུ་སྐྱེ་བར་ཤོག །བཀྲ་ཤིས་ཤོག །ཞལ་དྲོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ལམ་གཏོར་དངོས་གྲུབ་ཀུན་འབྱུང་།


CMR037_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གཏོར་དངོས་གྲུབ་ཀུན་འབྱུང་བཞུགས་སོ།


CMR037_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨ་ཀཱ་རོ་སོགས། ཨོཾ་མ་ཧཱ་རཱ་ཛ་ཡཀྵ་ས་མ་ཡ་བེ་ཤྲ་མ་ཎ་ཡ་སརྦ་ཙིཏྟ་རཏྣ་ཧྲིང་ཧྲིང་ཛ་ཛཿ མ་ཧཱ་བ་ལིཾ་ཏ་ཁཱ་ཧི། ཧཱུྃ། རབ་ལྷུན་པོའི་བྱང་ཕྱོགས་ནས། །ལྕང་ལོ་ཅན་གྱི་གནས་མཆོག་ནས། །རིན་ཆེན་འབར་བའི་ཕོ་བྲང་དབུས། །རྣམ་སྲས་འཁོར་བཅས་གཤེགས་སུ་གསོལ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །སྟོང་གསུམ་རིན་ཆེན་གཏེར་གྱི་བདག །གླིང་བཞི་བྱང་ཕྱོགས་སྐྱོང་ཙམ་ན། །ཕྲིན་ལས་བཞི་ལ་མངའ་བརྙེས་པས། །ཨིནྡྲ་ནཱི་ལེའི་མདངས་དང་ལྡན། །ས་བརྒྱད་སེམས་དཔའ་བཞུགས་པ་པོ། །གནོད་སྦྱིན་ཕོ་མོ་མང་པོ་


CMR037_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཀླུ་ཡི་དེད་དཔོན་མཛད་ཙམ་ན། །རིན་ཆེན་གསེར་གྱི་ཁ་དོག་ཅན། །ཌཱ་ཀི་མ་དང་ཀླུ་མོ་དང་། །བདུད་མོའི་དེད་དཔོན་མཛད་ཙམ་ན། །བཻཌཱུར་སྔོན་པོའི་སྐུ་མདོག་ཅན། །སྣང་སྲིད་དབང་དུ་བསྡུ་བ་དང་། །འགྲོ་བའི་རྣམ་ཤེས་བཀུག་པའི་ཚེ། །པདྨ་རཱ་གའི་མདོག་འདྲ་ཞིང་། །མིའུ་ཐུང་བཞེངས་པའི་ཆ་ལུགས་ཅན། །ལེ་བརྒན་དར་གྱི་ཅོད་པན་ཅན། །སྐུ་ལ་བསེ་ཁྲབ་དམར་པོ་གསོལ། །དབུ་ལ་བསེ་རྨོག་རྒྱ་ཞྭ་གསོལ། །ཕྱག་གཡས་མདུང་དར་རྒྱལ་མཚན་བསྣམས། །ཁམས་གསུམ་ཟིལ་གྱིས་གནོན་པར་མཛད། །ཕྱག་གཡོན་


CMR037_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ནེའུ་ལེ་ལྕགས་ཀྱུ་འཛིན། །འགྲོ་བའི་རྣམ་ཤེས་དབང་དུ་སྡུད། །སྐུ་ལས་འོད་ཟེར་དམར་པོ་འཕྲོས། །སྲིད་པ་གསུམ་ཡང་དབང་དུ་སྡུད། །འགྲོ་བ་མི་ཡི་རྣམ་ཤེས་བཀུག །སྦྱིན་བདག་ཕོ་མོའི་སྙིང་ལག་བསྒུལ། །གཡང་ཆེན་ནོར་དང་བརྗིད་ཅན་གོས། །བཅུད་ཆེན་ཟས་ལ་སོགས་པ་ཡི། །བདག་ལ་ཟས་ནོར་ལོངས་སྤྱོད་ཀྱི། །དངོས་གྲུབ་མ་ལུས་བདག་ལ་སྩོལ། །ནོར་བདག་རྒྱལ་པོ་ཆེན་པོ་ཡི། །ཐུགས་དམ་གནད་ནས་བསྐུལ་པའི་ཚེ། །ཁྱོད་ཀྱི་སྤྲུལ་པའི་རྒྱལ་ཕྲན་ནི། །འགྲོ་བ་མི་ཡི་སྙིང་ལ་ཞུགས། །རྣམ་ཤེས་བསྒྱུར་ལ་དབང་དུ་སྡུས། །འཇིག་རྟེན་ཁམས་ཀྱི་ལོངས་སྤྱོད་རྣམས། །མ་ལུས་ཐམས་ཅད་དབང་དུ་སྡུས། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །ཀྱཻ། ཉི་མ་ནུབ་ཕྱོགས་ཕ་ཀི་ན། །ཕ་ནི་བདུད་ལ་མ་ནི་དམུ། །དམུ་བདུད་གཡོས་པའི་མཐུ་རྩལ་ཅན། །སྐྱེས་བུ་དགེ་བསྙེན་ཆེན་པོ་སྟེ། །ཞྭ་ཡི་མགོ་བོ་ར་རྟ་ཅན། །གནོད་སྦྱིན་ནོར་བདག་མཐུ་རྩལ་ཅན། །གཏེར་བདག་མཐུ་སྟོབས་རྫུ་འཕྲུལ་ཅན། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །ཕྱག་གཡས་ལྕགས་ཀྱུས་མི་ནོར་འགུགས། །ཕྱག་གཡོན་ནེའུ་ལེས་དབུལ་


CMR037_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཕོངས་སེལ། །ཕྱེད་བསྐུམ་རིན་ཆེན་སྣ་ལྔས་བརྒྱན། །ཀོང་བཙུན་མོ་དང་གཉིས་སུ་མེད། །བརྟན་མ་བཅུ་གཉིས་འཁོར་གྱིས་བསྐོར། །སྐུ་མཆེད་སུམ་བརྒྱ་དྲུག་ཅུ་བཅས། །ཐེའུ་རང་དམག་དཔོན་རྫུ་འཕྲུལ་ཅན། །རྫུ་འཕྲུལ་སྐད་ཅིག་སྟོང་གསུམ་བསྐོར། །འཇིག་རྟེན་ཁམས་ཀྱི་ནོར་གྱི་བདག །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །མི་ནོར་ཟས་གསུམ་དབང་དུ་སྡུས། །རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ། །ཨོཾ་བཛྲ་སཱ་དྷུ་ས་མ་ཡ་སྲོག་ཏྲིའུ་ཛཛཿ བཛྲ་ལི་ལ་མ་ཧཱུྃ་ཛཿ བ་ལི་ཏ་ཁཱ་ཧི་ཁཱ་ཧི། །ཀྱེ༔ དམ་ཅན་སྐྱེས་བུ་ཆེན་པོ། མཐུ་དང་རྫུ་འཕྲུལ་གྱི་བདག་པོ། བདག་ལ་བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན། ཁྱེད་བསྒྲུབ་ཅིང་མཆོད་པའི་ཡོ་བྱད་དུ་མ་དང་ལྡན་པས། མི་སྙིང་སྤྲུལ་ཅིག །མི་སེམས་གཡོས་ཤིག །སྣང་བ་སྒྱུར་ཅིག །བདག་ལ་གཡང་ཅན་གྱི་ནོར་སྩོལ་ཞིག །བརྗིད་ཅན་གྱི་གོས་བཀོན་ཅིག །བཅུད་ཅན་གྱི་ཟས་སྩོལ་ཅིག །མི་ནོར་ཟས་གསུམ་དབང་དུ་སྡུས་ཤིག །འབྲུ་དང་ནོར་གྱི་ཆར་ཕོབ་ཅིག །སྐྱེས་བུ་ཆེན་པོ་རེམ་ཞིག །མཐུ་དང་རྫུ་འཕྲུལ་རྩལ་དང་ནུས་པ་ཅི་འདུག་ལྟའོ། །ཨོཾ་ཨཱཿཧཱུྃ་གིས་


CMR037_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ལྷའི་ཞལ་ཟས་སུ་གྱུར། ཨོཾ་བཛྲ་པྲ་མོ་ཧ་ཧྲིང་ཧྲིང་ཛཿ རྡོ་རྗེ་གཡུ་སྒྲོན་མ་འཁོར་དང་བཅས་པའི་ཞལ་དུ་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བདག་གི་འདོད་པའི་དོན་ཐམས་ཅད་སྒྲུབ་པར་མཛད་དུ་གསོལ། །ཧཱུྃ། སྟེང་ཕྱོགས་དག་པ་འཕྲུལ་གྱི་གཞལ་ཡས་སུ། །རིན་ཆེན་སྤྲིན་དཀར་བརྩེགས་པའི་གུར་ཁང་ནས། །རྡོ་རྗེ་གཡུ་སྒྲོན་སྨན་བཙུན་འཁོར་དང་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས་སུ་གསོལ། །བཅོལ་བའི་ཕྲིན་ལས་མ་ལུས་བསྒྲུབ་པར་མཛོད། །ཧཱུྃ། རྒྱལ་བའི་ཡུམ་མཆོག་རྡོ་རྗེ་གཡུ་སྒྲོན་མ། །ཆོས་སྐུ་དབྱིངས་ལས་སྤྲོས་པ་མི་མངའ་ཡང་། །ལོངས་སྐུ་རིགས་ལྔ་མ་དང་མཁའ་འགྲོ་སྟོན། །སྤྲུལ་སྐུ་སྨན་མོ་འགྲོ་དོན་མཛད་ལ་བསྟོད། །སྤྲུལ་པའི་གནས་ལ་ངེས་པ་མ་མཆིས་ཀྱང་། །རི་རབ་གླིང་དང་ནགས་ཚལ་མཚོ་གླིང་དང་། །ལྷོ་མོན་བོད་དང་རྒྱ་གར་ལ་སོགས་པ། །ཡུལ་རྣམས་ཀུན་ཏུ་དངོས་གྲུབ་སྟེར་ལ་བསྟོད། །ཨོཾ་བཛྲ་པྲ་མོ་ཧ་ཧྲིཾ་ཧྲིཾ་ཛཛཿ མ་མ་ལ་ལ་ལི་ལི་སྲིང་འགྲོ་མ་ཧཱུྃ། སིདྡྷི་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། མི་ནོར་ཟས་གསུམ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པ་འདི་གཏེར་གཞུང་ཁོ་ནར་བསྒྲིགས་པའོ། །གཏོར་མ་གསུམ་སོ་


CMR037_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

སོར་ཡོད་ན་རབ། འབྲིང་ཟུར་གསུམ་གཅིག་ལ་བསྡུ། ཐ་མ་མར་ཐུད་སོགས་ལ་བསྔོས་ཀྱང་ཆོག །འགྲོ་ན་འགྲོ་ཕྱོགས་སུ་ཕུལ། བྱ་ཁྱི་དང་མི་ལ་མི་སྦྱིན་དངོས་གྲུབ་ཏུ་རོལ་པར་བྱ། ཞེས་ཨ་རཱ་གས་བསྒྲིགས་པའོ།། །།གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རྭ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།