cover

མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

གླེགས་བམ། བི༽

མཁས་གྲུབ་ཀརྨ་ཆགས་མེད།

Nitartha international
Images scanned by TBRC

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཚེ་གཡང་།


CMR045_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔག་མེད་མགོན་སངས་རྒྱས་སྨན་གྱི་བླ། །སྒྲོན་དཀར་ཚེ་འཕེལ་ལྷ་མོ་རྣམ་རྒྱལ་མ། །མ་གཅིག་གྲུབ་པའི་རྒྱལ་མོ་ཚེ་རིང་མ། །ཨོ་རྒྱན་པདྨ་རིག་འཛིན་ཚེ་ཡི་ལྷ། །མི་འཆི་འཆི་མེད་ཚེ་ལ་དབང་བར་ཤོག །འཆི་མེད་བདུད་རྩིས་ཚེ་བུམ་གང་བར་ཤོག །བེ། རྣམ་སྲས་སྐྱ་བརྒྱད་ཛཾ་ལྷ་རིགས་ལྔ་དང་། །ཕྱུགས་ལ་གཡང་འཕེལ་ལྷ་མོ་ནོར་རྒྱུན་མ། །གཡང་གི་ལྷ་མོ་དཔལ་ཆེན་འཁོར་དང་བཅས། །ནོར་ལྷ་གཏེར་བདག་གནོད་སྦྱིན་ནོར་བདག་ཚོགས། །མི་འཛད་ནོར་བུའི་བསོད་ནམས་གང་བར་ཤོག །ཨོཾ་ཨཱཿཧཱུྃ་ཧིདྡྷཾ་སྭཱ་ཧཱ། འདི་ལྟར་བགྱིས་པའི་བསོད་ནམས་དཔག་མེད་ཀྱིས། །མི་ཡི་ན་ཚ་ཕྱུགས་ཀྱི་གོད་ཁ་ཟློག །ཞིང་ལ་བཙའ་སད་སེར་གསུམ་ལ་སོགས་པ། །མྱུར་དུ་མ་ལུས་ཞི་བར་མཛད་དུ་གསོལ། །ཞེས་ཚེ་གཡང་ཁ་སྤྲོད་འདི། ༧ རཱ་ག་ཨ་སྱས་སྦྱར་བའོ།། །།

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་གུད་དུ་ཕྱུང་བ་ཛཾ་བྷ་ལ་ཉི་ཤུ་རྩ་གཅིག་གི་གཡང་སྐྱབས་ཡིད་བཞིན་ནོར་བུ།


CMR045_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་གུད་དུ་ཕྱུང་བ་ཛཾ་བྷ་ལ་ཉི་ཤུ་རྩ་གཅིག་གི་གཡང་སྐྱབས་ཡིད་བཞིན་ནོར་བུ་ཞེས་བྱ་བ་བཞུགས་སོ༔ འདི་ནི་རྒྱུན་དུ་ནོར་ལྷའི་གཏོར་མ་ལ་བརྟེན་ནས་བཏོན་ཀྱང་རུང་བསྐང་བའི་གྲར་བཏོན་ཀྱང་རུང་ངོ་༔ དོན་ལ་ལས་བྱང་གསོལ་ཁ་བསྐང་བ་ཐམས་ཅད་ཚང་བར་ཡོད༔ ཚར་ལྔ་བཏོན་ན་གཡང་སྐྱབས་བརྒྱ་ཚར་གྱི་གོ་ཡང་ཆོད་པར་འགྱུར་རོ༔


CMR045_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རཏྣ་གུ་རུ་ཨརྱ་ཛཾ་བྷ་ལ་ཡེ༔ གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ནས༔ སྙིགས་དུས་ལོ་ཉེས་ཕྱུགས་ནད་གོད་ཁ་སོགས༔ ལྷ་སྲིན་འཁྲུག་པའི་ཆོ་འཕྲུལ་སྣ་ཚོགས་ཀྱིས༔ མི་གཡང་ནོར་གཡང་ས་ཡི་བཅུད་ཉམས་དུས༔ འགྲོ་ལ་ཕན་ཕྱིར་གཡང་སྐྱབས་ཁྱེར་བདེ་བ༔ གནམ་ཆོས་ལས་བྱུང་ཛམ་ལྷའི་སྒྲུབ་པ་རྣམས༔ ངག་འདོན་བྲི་ལ་སྲུང་མས་བཀའ་གནང་སྩོལ༔ བཅའ་ཐབས་རྒྱས་པར་གཡང་སྐྱབས་གཞན་དོང་མཐུན༔ བསྡུ་ན་གཞི་དཀར་ནས་ཀྱི་འདབ་བརྒྱད་སྟེང་༔ གཏོར་མ་ནོར་བུའི་དབྱིབས་ལ་འདབ་བརྒྱད་བསྐོར༔ མར་གྱི་མེ་ཏོག་ཐུད་ཀྱི་རིལ་བུས་བརྒྱན༔ ལྷ་མདའ་ལེབ་མ་རྒོད་སྒྲོ་དར་སྣ་བཏགས༔ གཡང་སྒྱེ་གེ་ལུ་དཀར་པོའི་ནང་དུ་ནི༔ ཕྱུག་པོའི་འབྲུ་དང་གཡང་སྤུ་ཅི་འཛོམ་བསགས༔ ཕྱེ་མར་ལ་


CMR045_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཟས་སྣ་གང་འཛོམ་བཤམས༔ བདག་བསྐྱེད་ཡི་དམ་གང་རུང་གཞུང་བསྲང་ནས༔ རྒྱས་པར་བྱེད་ན་ཛམ་ལྷའི་ལས་བྱང་ནི༔ གནམ་ཆོས་གཞུང་ལས་བྱུང་བ་བཏང་ནས་ཀྱང་༔ གཡང་གླུད་གླུད་གཏོར་ལན་ཆགས་ཚིམ་བྱེད་གཏོང་༔ དེ་ནས་རང་གི་ཐུགས་ཀའི་འོད་ཟེར་གྱིས༔ ལྕང་ལོ་ཅན་ནས་ཛ་ལྷ་སོ་སོ་རྣམས༔ སྤྱན་དྲངས་གནས་འདིར་རྟག་ཏུ་བཞུགས་ནས་ཀྱང༔ རང་ངམ་སྦྱིན་བདག་དེ་ལ་ཕྱ་གཡང་གི༔ དངོས་གྲུབ་སྣ་ཚོགས་ཆར་དུ་འབེབས་པར་བསྒོམ༔ མཆོད་པ་བྲན་ལ་བསང་སྦྱང་བྱིན་བརླབས་ནས༔ གྱེར་སྒོམ་སྦྲག་སྟེ་རྔ་སོགས་རོལ་མོ་བཅས༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་ཝ་སོགས། ཧཱུྃ་ལས་རིན་པོ་ཆེའི་སྣོད་དུ་མཆོད་རྫས་ཀུན་ཏུ་བཟང་


CMR045_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་མཆོད་སྤྲིན་ལྟ་བུར་གྱུར༔ ཨོཾ་བཛྲ་སྤ་ར་ཎ་ཁཾ༔ གཏོར་མ་ཟག་མེད་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧི༔ ཧཱུྃ༔ བཅོམ་ལྡན་ཛཾ་དཀར་ཞལ་གསུམ་པ༔ གཡས་ཞལ་དམར་ལ་གཡོན་ཞལ་སྔོ༔ ཕྱག་དྲུག་ཕྱག་མཚན་འདི་ལྟར་རོ༔ དང་པོ་གཉིས་ཀྱིས་ལྕགས་ཀྱུ་ཞགས༔ དེ་འོག་གཉིས་ཀྱིས་ནོར་བུ་དང་༔ ནེའུ་ལེ་ནི་འཛིན་པའོ༔ ཐ་མ་གཉིས་ཀྱི་ཕྱག་ན་ནི༔ བྷན་དང་ནི་ནོར་བུ་འཛིན༔ ཞབས་བཞི་པད་ཟླའི་གདན་ལ་བསྒྲད༔ ཞལ་ནི་གསུམ་ཀ་ཞི་མ་ཁྲོ༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན་སངས་རྒྱས་ཀུན་གྱི་དཔྲལ་བ་དང་༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ འདིར་གཤེགས་གནས་འདིར་བརྟན་པར་བཞུགས༔ ཐུགས་ཀར་ཟླ་སྟེང་ཛཾ་ཡིག་ལ༔ སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག༔ མི་ནོར་ལོངས་སྤྱོད་ཕྱྭ་གཡང་ཁུག༔ རྟ་ཕྱུགས་སྤུ་ནག་ཕྱུ་གཡང་ཁུག༔ ལོ་ཐོག་འབྲས་དྲུག་ཕྱྭ་གཡང་ཁུག༔ ད་ལྟ་ཉིད་དུ་འདིར་འདུས་ཤིག༔ བཀྲ་ཤིས་བྱིན་ཆགས་འདིར་འདུས་ཤིག༔ ཕྱག་མཚན་རིན་ཆེན་ནེའུ་ལེ་ནས༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ ཕྱྭ་དང་གཡང་


CMR045_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

གི་དངོས་གྲུབ་སྩོལ༔ རི་རབ་ལྟ་བུར་སྤུང་དུ་གསོལ༔ རྒྱ་མཚོ་ལྟ་བུར་བསྐྱིལ་དུ་གསོལ༔ བར་སྣང་ཆར་བཞིན་དབབ་ཏུ་གསོལ༔ འགྱུར་མེད་སྐུ་ཡི་ཁྱུ་གཡང་སྩོལ༔ གཡང་བཤོས་ཟས་ཕུད་མཆོད་གཏོར་བཞེས༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་༔ མ་བྱིན་ལེན་དང་སེར་སྣ་བཤགས༔ རྟག་ཏུ་འབྱོར་པ་ཕུན་ཚོགས་ནས༔ སྦྱིན་པའི་ཕར་ཕྱིན་རྫོགས་པར་ཤོག༔ ཧཱུྃ༔ བཅོམ་ལྡན་ཛཾ་དམར་ཞལ་གསུམ་དང་༔ གཡས་ཞལ་དེ་ནི་དཀར་པོ་ལ་གཡོན་ཞལ་དེ་ནི་ནག་པོའོ༔ ཕྱག་དྲུག་དང་པོ་གཉིས་ཀྱིས་ནི༔ བྷན་དང་ནི་ནེའུ་ལེ༔ དེ་འོག་གིས་ནི་ཕྱག་གཉིས་ན༔ ལྕགས་ཀྱུ་དང་ནི་ཞགས་པ་འཛིན༔ དེ་འོག་གཉིས་ན་ནོར་བུ་དང་༔ ནེའུ་ལེ་ནི་འཛིན་པའོ༔ ཞབས་བཞི་དེ་ནི་བསྒྲད་པའོ༔ པདྨ་ཉི་མའི་གདན་ལ་བཞུགས༔ སངས་རྒྱས་ཀུན་གྱི་མགྲིན་པ་དང་༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ འདིར་གཤེགས་གནས་འདིར་བརྟན་པར་བཞུགས༔ ཐུགས་ཀར་ཟླ་སྟེང་ཛཾ་ཡིག་དམར༔ སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ ཕྲུ་གཡང་ཐམས་ཅད་འདིར་འདུས་ཤིག༔


CMR045_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནོར་ལོངས་སྤྱོད་ཕྱུ་གཡང་ཁུག༔ རྟ་ཕྱུགས་སྤུ་ནག་ཕྱུ་གཡང་ཁུག༔ ལོ་ཐོག་འབྲས་དྲུག་ཕྱྭ་གཡང་ཁུག༔ ད་ལྟ་ཉིད་དུ་འདིར་འདུས་ཤིག༔ བཀྲ་ཤིས་བྱིན་ཆགས་འདིར་འདུས་ཤིག༔ ཕྱག་མཚན་ཐོད་ནང་རིན་ཆེན་དང་༔ ནེའུ་ལེ་གཉིས་བསྐྱུགས་པ་ལས༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ ཕྱྭ་དང་གཡང་གི་དངོས་གྲུབ་སྩོལ༔ རི་རབ་ལྟ་བུར་སྤུང་དུ་གསོལ༔ རྒྱ་མཚོ་ལྟ་བུར་བསྐྱིལ་དུ་གསོལ༔ བར་སྣང་ཆར་བཞིན་དབབ་ཏུ་གསོལ༔ འགག་མེད་གསུང་གི་ཕྱྭ་གཡང་སྩོལ༔ གཡང་བཤོས་ཟས་ཕུད་མཆོད་གཏོར་བཞེས༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་༔ མ་བྱིན་ལེན་དང་སེར་སྣ་བཤགས༔ རྟག་ཏུ་འབྱོར་པ་ཕུན་ཚོགས་ནས༔ སྦྱིན་པའི་ཕར་ཕྱིན་རྫོགས་པར་མཛོད༔ ཧཱུྃ༔ ཛཾ་ལྷ་སྔོན་པོ་ཞལ་གསུམ་པ༔ གཡས་ཞལ་དེ་ནི་དཀར་པོ་ལ༔ གཡོན་ཞལ་དེ་ནི་དམར་པོའི༔ ཕྱག་དྲུག་ཕྱག་མཚན་འདི་ལྟ་སྟེ༔ དང་པོ་གཉིས་ཀྱིས་ལྕགས་ཀྱུ་དང་༔ ནེའུ་ལེ་ནི་འཛིན་པའོ༔ དེ་འོག་ལྕགས་ཀྱུ་ཞགས་པ་དང་༔ མཐའ་གཉིས་ནེའུ་ལེ་རབ་ཏུ་འཛིན༔ དར་དང་རིན་པོ་ཆེ་ཡིས་


CMR045_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན༔ ཞབས་བཞི་དེ་ནི་བསྒྲད་པའོ༔ པདྨ་ཟླ་བའི་གདན་ལ་བཞུགས༔ སངས་རྒྱས་ཀུན་གྱི་ཐུགས་ཀ་དང་༔ ལྕང་ལོ་ཅན་ནས་འདིར་བྱོན་ལ༔ གནས་འདིར་བརྟན་པར་བཞུགས་སུ་གསོལ༔ ཐུགས་ཀར་ཟླ་སྟེང་ཛ་ཡིག་སྔོ༔ སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག༔ མི་ནོར་ལོངས་སྤྱོད་ཕྲུ་གཡང་ཁུག༔ རྟ་ཕྱུགས་སྤུ་ནག་ཕྱུ་གཡང་ཁུག༔ ལོ་ཐོག་འབྲས་དྲུག་ཕྱྭ་གཡང་ཁུག༔ ད་ལྟ་ཉིད་དུ་འདིར་འདུས་ཤིག༔ བཀྲ་ཤིས་བྱིན་ཆགས་འདིར་འདུས་ཤིག༔ ཕྱག་མཚན་ནེའུ་ལེ་སྐྱུག་པ་ན༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ ཕྱྭ་དང་གཡང་གི་དངོས་གྲུབ་སྩོལ༔ རི་རབ་ལྟ་བུར་སྤུང་དུ་གསོལ༔ རྒྱ་མཚོ་ལྟ་བུར་བསྐྱིལ་དུ་གསོལ༔ བར་སྣང་ཆར་བཞིན་དབབ་ཏུ་གསོལ༔ འཁྲུལ་མེད་ཐུགས་ཀྱི་ཕྱུ་གཡང་སྩོལ༔ གཡང་བཤོས་ཟས་ཕུད་མཆོད་གཏོར་བཞེས༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང༔ མ་བྱིན་ལེན་དང་སེར་སྣ་བཤགས༔ རྟག་ཏུ་འབྱོར་པ་ཕུན་ཚོགས་ནས༔ སྦྱིན་པའི་ཕར་ཕྱིན་རྫོགས་པར་མཛོད༔ ཧཱུྃ༔ བཅོམ་ལྡན་


CMR045_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཛི་སེར་ནི༔ ཞལ་གསུམ་གཡས་ཞལ་དཀར་པོ་ལ༔ གཡོན་ཞལ་དེ་ནི་དམར་པོའོ༔ ཕྱག་དྲུག་དང་པོ་གཉིས་ཀྱིས་ནི༔ ལྕགས་ཀྱུ་ཞགས་པ་དེ་འོག་གཉིས༔ ནོར་བུ་ནེའུ་ལེ་ཐ་མ་གཉིས༔ ནོར་བུ་བབ་ལེ་སྤང་བའོ༔ ཞབས་བཞི་པད་ཉིའི་གདན་ལ་བཞུགས༔ དར་དང་རིན་པོ་ཆེ་ཡིས་བརྒྱན༔ སངས་རྒྱས་ཀུན་གྱི་ལྟེ་བ་དང་༔ རྣམ་ཐོས་བུ་ཡི་ཕོ་བྲང་ནས༔ འདིར་གཤེགས་བརྟན་པར་བཞུགས་སུ་གསོལ༔ ཐུགས་ཀར་ཟླ་སྟེང་ཛཾ་ཡིག་སེར༔ སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག༔ མི་ནོར་ལོངས་སྤྱོད་ཕྲུ་གཡང་ཁུག༔ རྟ་ཕྱུགས་སྤུ་ནག་ཕྱུ་གཡང་ཁུག༔ ལོ་ཐོག་འབྲས་དྲུག་ཕྱྭ་གཡང་ཁུག༔ ད་ལྟ་ཉིད་དུ་འདིར་འདུས་ཤིག༔ བཀྲ་ཤིས་བྱིན་ཆགས་འདིར་འདུས་ཤིག༔ ཕྱག་མཚན་ནོར་བུ་ནེའུ་ལེ་ནས༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ ཕྱྭ་དང་གཡང་གི་དངོས་གྲུབ་སྩོལ༔ རི་རབ་ལྟ་བུར་སྤུང་དུ་གསོལ༔ རྒྱ་མཚོ་ལྟ་བུར་བསྐྱིལ་དུ་གསོལ༔ བར་སྣང་ཆར་བཞིན་དབབ་ཏུ་གསོལ༔ ཡོན་ཏན་རེ་སྐོང་ཕྱུ་གཡང་སྩོལ༔ གཡང་བཤོས་ཟས་ཕུད་མཆོད་གཏོར་བཞེས༔ ཇ་ཆང་སྐྱེམས་


CMR045_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང༔ མ་བྱིན་ལེན་དང་སེར་སྣ་བཤག༔ རྟག་ཏུ་འབྱོར་པ་ཕུན་ཚོགས་ནས༔ སྦྱིན་པའི་ཕར་ཕྱིན་རྫོགས་པར་མཛོད༔ ཧཱུྃ༔ ཛཾ་བྷ་ལ་ནི་སྐུ་མདོག་ལྗང་༔ ཞལ་གསུམ་ཕྱག་དྲུག་གཡས་ཞལ་དཀར༔ གཡོན་ཞལ་དེ་ནི་སྔོན་པོའོ༔ ཕྱག་དྲུག་ཕྱག་མཚན་འདི་ལྟར་རོ༔ དང་པོ་གཉིས་ཀྱིས་བབ་ལེ་དང་༔ ནེའུ་ལེ་ནི་བཙིར་བའོ༔ བར་པ་གཉིས་ཀྱི་ཕྱག་ན་ནི༔ ལྕགས་ཀྱུ་དང་ནི་ཞགས་པ་འཛིན༔ དེ་འོག་གཉིས་ཀྱི་ཕྱག་ན་ནི༔ རིན་ཆེན་ཞགས་པ་ཁྱུང་རྐྱལ་འཛིན༔ ཁྱུང་ཤུན་ནོར་བུས་བཀང་བའོ༔ ཞབས་བཞི་དེ་ནི་ཟླ་སྟེང་བསྒྲད༔ ཞལ་ནི་གསུམ་ཀ་ཞི་མ་ཁྲོ༔ དར་དང་རིན་པོ་ཆེ་ཡིས་བརྒྱན༔ སངས་རྒྱས་ཀུན་གྱི་གསང་གནས་དང་༔ བྱང་ཕྱོགས་རིན་ཆེན་གཞལ་ཡས་ནས༔ འདིར་གཤེགས་བརྟན་པར་བཞུགས་སུ་གསོལ༔ ཐུགས་ཀར་ཟླ་སྟེང་པཾ་ཡིག་ལྗང་༔ སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག༔ མི་ནོར་ལོངས་སྤྱོད་ཕྱུ་གཡང་ཁུག༔ རྟ་ཕྱུགས་སྤུ་ནག་ཕྲུ་གཡང་ཁུག༔ ལོ་ཐོག་འབྲས་དྲུག་ཕྱྭ་གཡང་


CMR045_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཁུག༔ ད་ལྟ་ཉིད་དུ་འདིར་འདུས་ཤིག༔ བཀྲ་ཤིས་བྱིན་ཆགས་འདིར་འདུས་ཤིག༔ ཕྱག་མཚན་ནེའུ་ལེ་ཁྱུང་རྐྱལ་ནས༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ ཕྱྭ་དང་གཡང་གི་དངོས་གྲུབ་སྩོལ༔ རི་རབ་ལྟ་བུར་སྤུང་དུ་གསོལ༔ རྒྱ་མཚོ་ལྟ་བུར་བསྐྱིལ་དུ་གསོལ༔ བར་སྣང་ཆར་བཞིན་དབབ་ཏུ་གསོལ༔ ཕྲིན་ལས་འགྲོ་འདུལ་ཕྱུ་གཡང་སྩོལ༔ གཡང་བཤོས་ཟས་ཕུད་མཆོད་གཏོར་བཞེས༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང༔ མ་བྱིན་ལེན་དང་སེར་སྣ་བཤག༔ རྟག་ཏུ་འབྱོར་པ་ཕུན་ཚོགས་ནས༔ སྦྱིན་པའི་ཕར་ཕྱིན་རྫོགས་པར་མཛོད༔ ཧཱུྃ༔ ཛཾ་བྷ་ལ་ནི་སྐུ་མདོག་ནག༔ ཞལ་གསུམ་གཡས་ཞལ་དཀར་པོ་ལ༔ གཡོན་ཞལ་དེ་ནི་དམར་པོའོ༔ ཕྱག་དྲུག་གཡས་ཀྱི་དང་པོ་ན༔ ལྕགས་ཀྱུ་ནེའུ་ལེ་དེ་འོག་ན༔ ནོར་བུ་ཞགས་པ་འཛིན་པའོ༔ ཐ་གཉིས་འབྲང་རྒྱས་བྷཉྫ་འཛིན༔ ཞབས་བཞི་པད་ཟླའི་གདན་ལ་བསྒྲད༔ ཞལ་ནི་གསུམ་ཀ་ཞི་མ་ཁྲོ༔ དར་དང་རིན་ཆེན་རྒྱན་ཆ་ཅན༔ རྡོ་རྗེ་སེམས་དཔའི་ཐུགས་ཀ་དང་༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ འདིར་གཤེགས་བརྟན་པར་


CMR045_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་སུ་གསོལ༔ ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་ལ༔ སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ ཕྲུ་གཡང་ཐམས་ཅད་འདིར་ཁུག་ཅིག༔ མི་ནོར་ལོངས་སྤྱོད་ཕྲུ་གཡང་ཁུག༔ རྟ་ཕྱུགས་སྤུ་ནག་ཕྱུ་གཡང་ཁུག༔ ལོ་ཐོག་འབྲས་དྲུག་ཕྱྭ་གཡང་ཁུག༔ ད་ལྟ་ཉིད་དུ་འདིར་འདུས་ཤིག༔ བཀྲ་ཤིས་བྱིན་ཆགས་འདིར་འདུས་ཤིག༔ ཕྱག་མཚན་ནེའུ་ལེ་ནོར་བུ་ལས༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ ཕྱྭ་དང་གཡང་གི་དངོས་གྲུབ་སྩོལ༔ རི་རབ་ལྟ་བུར་སྤུང་དུ་གསོལ༔ རྒྱ་མཚོ་ལྟ་བུར་བསྐྱིལ་དུ་གསོལ༔ བར་སྣང་ཆར་བཞིན་དབབ་ཏུ་གསོལ༔ བླ་མེད་མཆོག་གི་ཕྱྭ་གཡང་སྩོལ༔ གཡང་བཤོས་ཟས་ཕུད་མཆོད་གཏོར་བཞེས༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང༔ མ་བྱིན་ལེན་དང་སེར་སྣ་བཤགས༔ རྟག་ཏུ་འབྱོར་པ་ཕུན་ཚོགས་ནས༔ སྦྱིན་པའི་ཕར་ཕྱིན་རྫོགས་པར་མཛོད༔ ཧཱུྃ༔ ཛཾ་ཁྲ་སྐུ་མདོག་འདི་ལྟ་སྟེ༔ སྐུ་ལུས་ཕྱེད་གཡས་དཀར་པོ་ལ༔ སྐུ་ལུས་ཕྱེད་གཡོན་དམར་པོའོ༔ ཞལ་གསུམ་གཡས་ཞལ་དམར་པོ་སྟེ༔ གཡོན་ཞལ་དེ་ནི་ལྗང་གུའོ༔ ཕྱག་དྲུག་དང་


CMR045_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཉིས་ཀྱིས་ནི༔ ནེའུ་ལེ་ཡི་རྐྱལ་པ་འཛིན༔ བར་གཉིས་ནོར་སྐྱུགས་ཕོ་མོ་བཙིར༔ ཐ་མ་གཡས་ཀྱིས་ཚོགས་བདག་བཙིར༔ ཐ་མ་གཡོན་གྱི་ཕྱག་ན་ནི༔ གནོད་སྦྱིན་ནོར་སྐྱོང་བཙིར་བའོ༔ ཞལ་ནི་གསུམ་ཀ་ཞི་མ་ཁྲོ༔ ཞབས་བཞི་དེ་ནི་བསྒྲད་པའོ༔ དར་དང་རིན་པོ་ཆེ་ཡིས་བརྒྱན༔ ཞབས་བཞི་པད་ཟླའི་གདན་ལ་བཞུགས༔ ཆོས་སྐུ་ཀུན་བཟང་མཁའ་ཀློང་དང་༔ བྱང་ཕྱོགས་རིན་ཆེན་གཞལ་ཡས་ནས༔ འདིར་གཤེགས་བརྟན་པར་བཞུགས་སུ་གསོལ༔ ཐུགས་དབུས་ཛོ་ཡིག་ཁྲ་བོ་ལ༔ སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག༔ མི་ནོར་ལོངས་སྤྱོད་ཕྱུ་གཡང་ཁུག༔ རྟ་ཕྱུགས་སྤུ་ནག་ཕྱུ་གཡང་ཁུག༔ ལོ་ཐོག་འབྲས་དྲུག་ཕྱྭ་གཡང་ཁུག༔ ད་ལྟ་ཉིད་དུ་འདིར་འདུས་ཤིག༔ བཀྲ་ཤིས་བྱིན་ཆགས་འདིར་འདུས་ཤིག༔ ཕྱག་མཚན་ནེའུ་ལེ་ཚོགས་བདག་དང་༔ ནོར་སྐྱུགས་ཕོ་མོ་བཙིར་བ་ལས༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ ཕྱྭ་དང་གཡང་གི་དངོས་གྲུབ་སྩོལ༔ རི་རབ་ལྟ་བུར་སྤུང་དུ་གསོལ༔ རྒྱ་མཚོ་ལྟ་བུར་བསྐྱིལ་དུ་གསོལ༔ བར་སྣང་ཆར་བཞིན་དབབ་ཏུ་གསོལ༔ དགོས་འདོད་


CMR045_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཞིན་ཕྲུ་གཡང་སྩོལ༔ གཡང་བཤོས་ཟས་ཕུད་མཆོད་གཏོར་བཞེས༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་༔ མ་བྱིན་ལེན་དང་སེར་སྣ་བཤགས༔ རྟག་ཏུ་འབྱོར་པ་ཕུན་ཚོགས་ནས༔ སྦྱིན་པའི་ཕར་ཕྱིན་རྫོགས་པར་མཛོད༔ ཧཱུྃ༔ ཛཾ་བྷ་ལ་ཡི་སྐུ་མདོག་ནི༔ དབུ་དང་ཕྱག་གཡས་དཀར་པོའོ༔ ཞབས་དང་ཕྱག་གཡོན་དམར་པོའོ༔ དེ་མིན་སྐུ་མདོག་སེར་པོའོ༔ ཞལ་གསུམ་གཡས་ཞལ་དཀར་པོ་ལ༔ གཡོན་ཞལ་དེ་ནི་དམར་པོའོ༔ ཕྱག་དྲུག་ཕྱག་མཚན་འདི་ལྟ་སྟེ༔ དང་པོ་གཉིས་ཀྱིས་ལྕགས་ཀྱུ་དང་༔ དེ་འོག་གཉིས་ཀྱིས་ནེའུ་ལེ༔ ཐ་མ་གཉིས་ཀྱིས་ཞགས་པ་དང་༔ ནོར་བུ་དེ་ནི་འཛིན་པའོ༔ ཞབས་བཞི་དེ་ནི་བསྒྲད་པའོ༔ དར་དང་རིན་པོ་ཆེ་ཡིས་བརྒྱན༔ པདྨ་ཟླ་བའི་གདན་ལ་བཞུགས༔ ལོངས་སྤྱོད་རྫོགས་པའི་ཞིང་ཁམས་ནས༔ འདིར་གཤེགས་བརྟན་པར་བཞུགས་སུ་གསོལ༔ ཐུགས་ཀར་ཟླ་སྟེང་ཛ་ཡིག་ཁྲ༔ དེ་ལས་འོད་ཟེར་རབ་འཕྲོས་པས༔ ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག༔ མི་ནོར་ལོངས་སྤྱོད་ཕྱ་གཡང་ཁུག༔ རྟ་ཕྱུགས་སྤུ་


CMR045_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ཕྱུ་གཡང་ཁུག༔ ལོ་ཐོག་འབྲས་དྲུག་ཕྱྭ་གཡང་ཁུག༔ ད་ལྟ་ཉིད་དུ་འདིར་འདུས་ཤིག༔ བཀྲ་ཤིས་བྱིན་ཆགས་འདིར་འདུས་ཤིག༔ ཕྱག་མཚན་ནོར་བུ་ནེའུ་ལེ་ནས༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ ཕྱྭ་དང་གཡང་གི་དངོས་གྲུབ་སྩོལ༔ རི་རབ་ལྟ་བུར་སྤུང་དུ་གསོལ༔ རྒྱ་མཚོ་ལྟ་བུར་བསྐྱིལ་དུ་གསོལ༔ བར་སྣང་ཆར་བཞིན་དབབ་ཏུ་གསོལ༔ འཛད་མེད་གཏེར་གྱི་ཕྲུ་གཡང་སྩོལ༔ གཡང་བཤོས་ཟས་ཕུད་མཆོད་གཏོར་བཞེས༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་༔ མ་བྱིན་ལེན་དང་སེར་སྣ་བཤགས༔ རྟག་ཏུ་འབྱོར་པ་ཕུན་ཚོགས་ནས༔ སྦྱིན་པའི་ཕར་ཕྱིན་རྫོགས་པར་མཛོད༔ ཧཱུྃ༔ ཛཾ་ཁྲའི་སྐུ་མདོག་འདི་ལྟ་སྟེ༔ དབུ་ནི་དཀར་པོ་ཞབས་གཡོན་དཀར༔ ལྟེ་བ་སེར་པོ་ཞབས་གཡས་ལྗང་༔ དེ་མིན་ལུས་དང་གྲུ་མོ་དམར༔ གྲུ་མོ་ཕན་གྱི་ཕྱག་ཆ་རྣམས༔ ལྗང་གུ་ཡིན་པ་ཛི་ཁྲའི་ལུགས༔ ཞལ་གསུམ་གཡས་ཞལ་སྔོན་པོའོ༔ གཡོན་ཞལ་དེ་ནི་སྨུག་པོའོ༔ ཕྱག་དྲུག་ཕྱག་མཚན་འདི་ལྟ་ཏེ༔ རྡོ་རྗེ་དང་ནི་ནེའུ་ལེ༔ བེ་ཅོན་དང་ནི་རལ་གྲི་དང་༔ རིན་ཆེན་ནེའུ་ལེ་འཛིན་


CMR045_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

པའོ༔ ཞབས་བཞི་དེ་ནི་པད་སྟེང་བསྒྲད༔ དར་དང་རིན་པོ་ཆེ་ཡིས་བརྒྱན༔ ཡུམ་ནི་སེར་མོ་སྐུ་ལ་འཁྱུད༔ ལྷ་མི་བདེ་སྐྱིད་ཞིང་ཁམས་དང་༔ རིན་ཆེན་བརྩེགས་པའི་གཞལ་ཡས་ནས༔ འདིར་གཤེགས་གནས་འདིར་བརྟན་པར་བཞུགས༔ ཐུགས་ཀར་ཟླ་སྟེང་ཛ་ཡིག་ཁྲ༔ སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ ཕྱྭ་གཡང་ཐམས་ཅད་འདིར་ཁུག་ཅིག༔ མི་ནོར་ལོངས་སྤྱོད་ཕྱུ་གཡང་ཁུག༔ རྟ་ཕྱུགས་སྤུ་ནག་ཕྱུ་གཡང་ཁུག༔ ལོ་ཐོག་འབྲས་དྲུག་ཕྱྭ་གཡང་ཁུག༔ ད་ལྟ་ཉིད་དུ་འདིར་འདུས་ཤིག །བཀྲ་ཤིས་བྱིན་ཆགས་འདིར་འདུས་ཤིག༔ ཕྱག་མཚན་རིན་ཆེན་ནེའུ་ལེ་ནས༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ ཕྱྭ་དང་གཡང་གི་དངོས་གྲུབ་སྩོལ༔ རི་རབ་ལྟ་བུར་སྤུང་དུ་གསོལ༔ རྒྱ་མཚོ་ལྟ་བུར་བསྐྱིལ་དུ་གསོལ༔ བར་སྣང་ཆར་བཞིན་དབབ་ཏུ་གསོལ༔ བཀྲ་ཤིས་བདེ་སྐྱིད་ཕྱྭ་གཡང་སྩོལ༔ གཡང་བཤོས་ཟས་ཕུད་མཆོད་གཏོར་བཞེས་ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་༔ མ་བྱིན་ལེན་དང་སེར་སྣ་བཤགས༔ རྟག་ཏུ་འབྱོར་པ་ཕུན་ཚོགས་ནས༔ སྦྱིན་པའི་ཕར་


CMR045_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་རྫོགས་པར་མཛོད༔ ཧཱུྃ༔ དབུས་སུ་ཛི་ལྷ་སྐུ་མདོག་སྔོ༔ གཡས་གཡོན་འཁོར་ལོ་ནོར་བུ་འཛིན༔ པདྨ་ཉི་སྟེང་བཞེངས་ཏེ་བཞུགས༔ ཤར་འཁོར་སྐུ་མདོག་དཀར་པོ་སྟེ༔ ཕྱག་གཉིས་རྡོ་རྗེ་ཕྱག་རྒྱ་མཛད༔ ལྷོ་འཁོར་སྐུ་མདོག་སེར་པོ་སྟེ༔ ཕྱག་གཉིས་ནོར་བུའི་ཕྱག་རྒྱ་མཛད༔ ནུབ་འཁོར་སྐུ་མདོག་དམར་པོ་སྟེ༔ ཕྱག་གཉིས་པདྨའི་ཕྱག་རྒྱ་མཛད༔ བྱང་འཁོར་སྐུ་མདོག་ལྗང་གུ་སྟེ༔ ཕྱག་གཉིས་རལ་གྲིའི་ཕྱག་རྒྱ་མཛད༔ ཤར་ལྷོ་འཁོར་ནི་སྐུ་མདོག་སེར༔ ཕྱག་གཉིས་མེ་ལྕེའི་ཕྱག་རྒྱ་མཛད༔ ལྷོ་ནུབ་འཁོར་ནི་སྐུ་མདོག་དཀར༔ ཕྱག་གཉིས་ཆུ་ཡི་ཕྱག་རྒྱ་མཛད༔ ནུབ་བྱང་འཁོར་ནི་སྐུ་མདོག་དམར༔ ཕྱག་གཉིས་ས་ཡི་ཕྱག་རྒྱ་མཛད༔ བྱང་ཤར་འཁོར་ནི་སྐུ་མདོག་ལྗང་༔ ཕྱག་གཉིས་ཤིང་གི་ཕྱག་རྒྱ་མཛད༔ གཙོ་འཁོར་ཐམས་ཅད་ཆ་ལུགས་མཐུན༔ ཞབས་རྣམས་ཐམས་ཅད་འདོར་ཐབས་བཞུགས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ དབུས་ཀྱི་འཛམ་ལྷ་གཙོ་འཁོར་དགུ༔ དབུས་ཕྱོགས་འོག་མིན་གནས་ནས་བྱོན༔ སྟེང་གི་ཕྱོགས་ནས་ཕྱྭ་དང་གཡང་༔ སྦྲང་ཆར་བཞིན་དུ་འབེབས་ཤིང་བྱོན༔ ཚངས་པ་ལྷ་ཡི་ཕྱྭ་གཡང་


CMR045_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཁུག༔ རི་བོའི་རྩེ་ནས་ཕྲུ་གཡང་ཁུག༔ དར་པོའི་དར་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་ཅིག༔ ཕྱུག་པོའི་ཕྱུག་གཡང་འདིར་ཁུག་ཅིག༔ འཕེན་པོའི་འཕེན་གཡང་འདིར་ཁུག་ཅིག༔ གཡང་རྫས་འདི་ལ་བཅུད་ཕོབ་ཅིག༔ མདའ་དར་འདི་ལ་འོད་ཟུག་ཅིག༔ དབུས་ཀྱི་ནོར་ལྷ་མཆེད་དགུ་ལ༔ གཡང་བཤོས་བྷ་ལི་མཆོད་གཏོར་འབུལ༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་༔ བཙན་ཕྱུག་འཕེན་དར་དངོས་གྲུབ་སྩོལ༔ ཤར་དབུས་ཛཾ་བྷ་ལ་དཀར་པོ༔ ལག་ན་རྡོ་རྗེ་ནེའུ་ལེ་འཛིན༔ ཤར་འཁོར་དཀར་པོ་རྡོ་རྗེ་འཛིན༔ ལྷོ་འཁོར་སེར་པོ་རིན་ཆེན་འཛིན༔ ནུབ་འཁོར་དམར་པོ་པདྨ་འཛིན༔ བྱང་འཁོར་ལྗང་གུ་རྒྱ་གྲམ་འཛིན༔ ཤར་ལྷོ་དཀར་པོ་པི་ཝང་འཛིན༔ ལྷོ་ནུབ་སྔོན་པོ་རལ་གྲི་འཛིན༔ ནུབ་བྱང་དམར་པོ་སྦྲུལ་ཞགས་འཛིན༔ བྱང་ཤར་སེར་པོ་ནོར་བུ་འཛིན༔ གཙོ་འཁོར་ཐམས་ཅད་ཆ་ལུགས་མཐུན༔ ཞབས་རྣམས་ཐམས་ཅད་འདོར་ཐབས་བཞུགས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཤར་གྱི་ཛཾ་ལྷ་གཙོ་འཁོར་དགུ༔ ཤར་གྱི་


CMR045_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ནས་གནས་འདིར་བྱོན༔ ཤར་གྱི་ཕྱོགས་ནས་ཕྱྭ་དང་གཡང་༔ ཉི་ཟླ་བཞིན་དུ་ཤར་ཞིང་བྱོན༔ ཤར་ཕྱོགས་དྲི་ཟའི་ཕྱྭ་གཡང་ཁུག༔ ལུས་འཕགས་གླིང་ནས་ཕྱྭ་གཡང་ཁུག༔ ནག་པོ་རྒྱ་ཡི་ཕྲུ་གཡང་ཁུག༔ དར་པོའི་དར་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་ཅིག༔ ཕྱུག་པོའི་ཕྱུག་གཡང་འདིར་ཁུག་ཅིག༔ འཕེན་པོའི་འཕེན་གཡང་འདིར་ཁུག་ཅིག༔ གཡང་རྫས་འདི་ལ་བཅུད་ཕོབ་ཅིག༔ མདའ་དར་འདི་ལ་འོད་ཟུག་ཅིག༔ ཤར་གྱི་ནོར་ལྷ་མཆེད་དགུ་ལ༔ གཡང་བཤོས་བྷ་ལཾ་མཆོད་གཏོར་འབུལ༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་༔ བཙན་ཕྱུག་འཕེན་དར་དངོས་གྲུབ་སྩོལ༔ ལྷོ་དབུས་ཛཾ་བྷ་ལ་སེར་པོ༔ ནོར་བུ་ཟངས་གཞོང་ཕྱག་ན་བསྣམས༔ ཤར་འཁོར་དཀར་པོ་དར་དཀར་འཛིན༔ ལྷོ་འཁོར་སེར་པོ་དར་སེར་འཛིན༔ ནུབ་འཁོར་དམར་པོ་དར་དམར་འཛིན༔ བྱང་འཁོར་ལྗང་གུ་དར་ལྗང་འཛིན༔ ཤར་ལྷོ་དཀར་པོ་དར་དཀར་འཛིན༔ ལྷོ་ནུབ་དམར་པོ་དར་དམར་འཛིན༔ ནུབ་བྱང་སེར་པོ་དར་སེར་འཛིན༔ བྱང་ཤར་སྔོན་པོ་དར་སྔོན་


CMR045_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན༔ གཙོ་འཁོར་ཐམས་ཅད་ཆ་ལུགས་མཐུན༔ ཞབས་རྣམས་ཐམས་ཅད་འདོར་ཐབས་བཞུགས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ལྷོ་ཡི་འཛམ་ལྷ་གཙོ་འཁོར་དགུ༔ ལྷོ་ཡི་ཕྱོགས་ནས་གནས་འདིར་བྱོན༔ ལྷོ་ཡི་ཕྱོགས་ནས་ཕྱུ་དང་གཡང་༔ ལྷོ་སྤྲིན་བཞིན་དུ་འཐིབ་ཅིང་བྱོན༔ ལྷོ་ཕྱོགས་གཤིན་རྗེའི་ཕྲུ་གཡང་ཁུག་འཛམ་བུ་གླིང་གི་ཕྲུ་གཡང་ཁུག༔ རྒྱ་གར་ཡུལ་གྱི་ཕྱུ་གཡང་ཁུག༔ དར་པོའི་དར་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་ཅིག༔ ཕྱུག་པོའི་ཕྱུགས་གཡང་འདིར་ཁུག་ཅིག༔ འཕེན་པོའི་འཕེན་གཡང་འདིར་ཁུག་ཅིག༔ གཡང་རྫས་འདི་ལ་བཅུད་ཕོབ་ཅིག༔ མདའ་དར་འདི་ལ་འོད་ཟུག་ཅིག༔ ལྷོ་ཡི་ནོར་ལྷ་མཆེད་དགུ་ལ༔ གཡང་བཤོས་བྷ་ལཾ་མཆོད་གཏོར་འབུལ༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་༔ བཙན་ཕྱུག་འཕེན་དར་དངོས་གྲུབ་སྩོལ༔ ནུབ་དབུས་ཛཾ་ལྷ་སྐུ་མདོག་དམར༔ པདྨ་བྷནྡྷ་ཕྱག་ན་བསྣམས༔ ཤར་འཁོར་དཀར་པོ་ནོར་བུ་དཀར༔ ལྷོ་འཁོར་སེར་པོ་ནོར་བུ་སེར༔ ནུབ་འཁོར་དམར་པོ་


CMR045_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་དམར༔ བྱང་འཁོར་ལྗང་གུ་ནོར་བུ་ལྗང་༔ ཤར་ལྷོ་སྔོན་པོ་ནོར་བུ་སྔོ༔ ལྷོ་ནུབ་སེར་པོ་ནོར་བུ་སེར༔ ནུབ་བྱང་དམར་པོ་ནོར་བུ་དམར༔ བྱང་ཤར་དཀར་པོ་ནོར་བུ་དཀར༔ གཙོ་འཁོར་ཐམས་ཅད་ཆ་ལུགས་མཐུན༔ ཞབས་རྣམས་ཐམས་ཅད་འདོར་ཐབས་བཞུགས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ནུབ་ཀྱི་ཛཾ་ལྷ་གཙོ་འཁོར་དགུ༔ ནུབ་ཀྱི་ཕྱོགས་ནས་གནས་འདིར་བྱོན༔ ནུབ་ཀྱི་ཕྱོགས་ནས་ཕྱྭ་དང་གཡང་༔ ཆུ་བོ་བཞིན་དུ་འབབ་ཅིང་བྱོན༔ ནུབ་ཕྱོགས་ཀླུ་ཡི་ཕྲུ་དང་གཡང་༔ བ་གླང་སྤྱོད་ཀྱི་ཕྱུ་གཡང་ཁུག༔ ཨོ་རྒྱན་ཡུལ་གྱི་ཕྱུ་གཡང་ཁུག༔ མངའ་རིས་སྐོར་གསུམ་ཕྱུ་གཡང་ཁུག༔ དར་པོའི་དར་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་ཅིག༔ ཕྱུག་པོའི་ཕྱུགས་གཡང་འདིར་ཁུག་ཅིག༔ འཕེན་པོའི་འཕེན་གཡང་འདིར་ཁུག་ཅིག༔ གཡང་རྫས་འདི་ལ་བཅུད་ཕོབ་ཅིག༔ མདའ་དར་འདི་ལ་འོད་ཟུག་ཅིག༔ ནུབ་ཀྱི་ནོར་ལྷ་མཆེད་དགུ་ལ༔ གཡང་བཤོས་བྷ་ལཾ་མཆོད་གཏོར་འབུལ༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་༔ བཙན་ཕྱུག་འཕེན་དར་


CMR045_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་སྩོལ༔ བྱང་དབུས་ཛཾ་ལྷ་སྐུ་མདོག་ལྗང་༔ རྒྱ་གྲམ་རལ་གྲི་ཕྱག་ན་བསྣམས༔ ཤར་འཁོར་དཀར་པོ་རལ་གྲི་འཛིན༔ ལྷོ་འཁོར་སེར་པོ་རལ་གྲི་འཛིན༔ ནུབ་འཁོར་དམར་པོ་རལ་གྲི་འཛིན༔ བྱང་འཁོར་ལྗང་གུ་རལ་གྲི་འཛིན༔ ཤར་ལྷོ་སེར་སྐྱ་རལ་གྲི་འཛིན༔ ལྷོ་ནུབ་སེར་སྐྱ་རལ་གྲི་འཛིན༔ ནུབ་བྱང་དུད་ཁ་རལ་གྲི་འཛིན༔ བྱང་ཤར་ལྗང་སྐྱ་རལ་གྲི་འཛིན༔ གཙོ་འཁོར་ཐམས་ཅད་ཆ་ལུགས་མཐུན༔ ཞབས་རྣམས་ཐམས་ཅད་འདོར་ཐབས་བཞུགས༔ དར་དང་རིན་ཆེན་རྒྱན་གྱིས་ཝཱ་བརྒྱན༔ བྱང་གི་ཛཾ་ལྷ་གཙོ་འཁོར་དགུ༔ བྱང་གི་ཕྱོགས་ནས་གནས་འདིར་བྱོན༔ བྱང་གི་ཕྱོགས་ནས་ཕྱྭ་དང་གཡང་༔ སྐྱི་སེར་བཞིན་དུ་འགྲིམ་ཞིང་བྱོན༔ བྱང་ཕྱོགས་གནོད་སྦྱིན་ཕྲུ་གཡང་ཁུག༔ སྒྲ་མི་སྙན་གྱི་ཕྱུ་གཡང་ཁུག༔ ཧོར་སོག་ཡུལ་གྱི་ཕྲུ་གཡང་ཁུག༔ དར་པོའི་དར་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་ཅིག༔ ཕྱུག་པོའི་ཕྱུག་གཡང་འདིར་ཁུག་ཅིག༔ འཕེན་པོའི་འཕེན་གཡང་འདིར་ཁུག་ཅིག༔ གཡང་རྫས་འདི་ལ་བཅུད་ཕོབ་ཅིག༔ མདའ་དར་འདི་ལ་འོད་ཟུག་ཅིག༔ བྱང་


CMR045_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

གི་ནོར་ལྷ་མཆེད་དགུ་ལ༔ གཡང་བཤོས་བྷ་ལི་མཆོད་གཏོར་འབུལ༔ ཇོ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་༔ བཙན་ཕྱུག་འཕེན་དར་དངོས་གྲུབ་སྩོལ༔ ཤར་ལྷོའི་གཙོ་འཁོར་སྐུ་མདོག་དཀར༔ རྡོ་རྗེ་རིན་ཆེན་ཕྱག་ན་བསྣམས༔ ཤར་འཁོར་དཀར་པོ་མེ་ཏོག་དཀར༔ ལྷོ་འཁོར་སེར་པོ་མེ་ཏོག་སེར༔ ནུབ་འཁོར་དམར་པོ་མེ་ཏོག་དམར༔ བྱང་འཁོར་ལྗང་གུ་མེ་ཏོག་ལྗང་༔ ཤར་ལྷོ་ཁྲ་བོ་མེ་ཏོག་ཁྲ༔ ལྷོ་ནུབ་ཁྲ་བོ་མེ་ཏོག་ཁྲ༔ ནུབ་བྱང་ཁྲ་བོ་མེ་ཏོག་ཁྲ༔ བྱང་ཤར་ཁྲ་བོ་མེ་ཏོག་ཁྲ༔ གཙོ་འཁོར་ཐམས་ཅད་ཆ་ལུགས་མཐུན༔ ཞབས་རྣམས་ཐམས་ཅད་འདོར་ཐབས་བཞུགས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཤར་ལྷོའི་ཛཾ་ལྷ་གཙོ་འཁོར་དགུ༔ ཤར་ལྷོའི་ཕྱོགས་ནས་གནས་འདིར་བྱོན༔ ཤར་ལྷོའི་ཕྱོགས་ནས་ཕྱྭ་དང་གཡང་༔ མེ་དཔུང་བཞིན་དུ་འབར་ཞིང་བྱོན༔ ཤར་ལྷོ་མེ་ལྷའི་ཕྲུ་གཡང་ཁུག །འཇང་གི་ཡུལ་གྱི་ཕྲུ་གཡང་ཁུག༔ དར་པོའི་དར་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་ཅིག༔ ཕྱུག་པོའི་ཕྱུགས་གཡང་འདིར་ཁུག་ཅིག༔ འཕེན་པོའི་


CMR045_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

འཕེན་གཡང་འདིར་ཁུག་ཅིག༔ གཡང་རྫས་འདི་ལ་བཅུད་ཕོབ་ཅིག༔ མདའ་དར་འདི་ལ་འོད་ཟུག་ཅིག༔ ཤར་ལྷོའི་ནོར་ལྷ་མཆེད་དགུ་ལ༔ གཡང་བཤོས་བྷ་ལཾ་མཆོད་གཏོར་འབུལ༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་༔ བཙན་ཕྱུག་འཕེན་དར་དངོས་གྲུབ་སྩོལ༔ ལྷོ་ནུབ་གཙོ་བོ་སྐུ་མདོག་དམར༔ ཕྱག་ན་ནོར་བུ་པདྨ་འཛིན༔ ཤར་འཁོར་དཀར་པོ་འཇའ་དཀར་འཛིན༔ ལྷོ་འཁོར་སེར་པོ་འཇའ་སེར་འཛིན༔ ནུབ་འཁོར་དམར་པོ་འཇའ་དམར་འཛིན༔ བྱང་འཁོར་ལྗང་གུ་འཇའ་ལྗང་འཛིན༔ ཤར་ལྷོ་ཁྲ་བོ་འཇའ་ཁྲ་འཛིན༔ ལྷོ་ནུབ་ཁྲ་བོ་འཇའ་ཁྲི་འཛིན༔ ནུབ་བྱང་ཁྲ་བོ་འཇའ་ཁྲ་འཛིན༔ བྱང་ཤར་ཁྲ་བོ་འཇའ་ཁྲ་འཛིན༔ གཙོ་འཁོར་ཐམས་ཅད་ཆ་ལུགས་མཐུན༔ ཞབས་རྣམས་ཐམས་ཅད་འདོར་ཐབས་བཞུགས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ལྷོ་ནུབ་ཛཾ་ལྷ་གཙོ་འཁོར་དགུ་ལྷོ་ནུབ་ཕྱོགས་ནས་གནས་འདིར་བྱོན༔ ལྷོ་ནུབ་ཕྱོགས་ནས་ཕྱྭ་དང་གཡང་༔ འབྲས་དྲུག་བཞིན་དུ་སྨིན་ཞིང་བྱོན༔ ལྷོ་ནུབ་བདེན་བྲལ་ཕྱྭ་གཡང་ཁུག༔ རྔ་ཡབ་གླིང་གི་ཕྱུ་


CMR045_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་ཁུག༔ བལ་ཡུལ་མཐིལ་ནས་ཕྲུ་གཡང་ཁུག༔ དར་པོའི་དར་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་ཅིག༔ ཕྱུག་པོའི་ཕྱུགས་གཡང་འདིར་ཁུག་ཅིག༔ འཕེན་པོའི་འཕེན་གཡང་འདིར་ཁུག་ཅིག༔ གཡང་རྫས་འདི་ལ་བཅུད་ཕོབ་ཅིག༔ མདའ་དར་འདི་ལ་འོད་ཟུག་ཅིག༔ ལྷོ་ནུབ་ནོར་ལྷ་མཆེད་དགུ་ལ༔ གཡང་བཤོས་བྷ་ལི་མཆོད་གཏོར་འབུལ༔ ཇི་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫ་ས་ཚོགས་ཀྱིས་ཐུགས་དམ་བསྐང་༔ བཙན་ཕྱུག་འཕེན་དར་དངོས་གྲུབ་སྩོལ༔ ནུབ་བྱང་གཙོ་བོ་སྐུ་མདོག་སེར༔ ཕྱག་ན་པདྨ་རྒྱ་གྲམ་འཛིན༔ ཤར་འཁོར་དཀར་པོ་ཁ་ཊཾ་དཀར༔ ལྷོ་འཁོར་སེར་པོ་ཁ་ཊཾ་སེར༔ ནུབ་འཁོར་དམར་པོ་ཁ་ཊཾ་དམར༔ བྱང་འཁོར་ལྗང་གུ་ཁ་ཊཾ་ལྗང་༔ ཤར་ལྷོ་ཁྲ་བོ་ཁ་ཊཾ་ཁྲ༔ ལྷོ་ནུབ་ཁྲ་བོ་ཁ་ཊཾ་ཁྲ༔ ནུབ་བྱང་ཁྲ་བོ་ཁ་ཊཾ་ཁྲ༔ བྱང་ཤར་ཁྲ་བོ་ཁ་ཊཾ་ཁྲ༔ གཙོ་འཁོར་ཐམས་ཅད་ཆ་ལུགས་མཐུན༔ ཞབས་རྣམས་ཐམས་ཅད་འདོར་ཐབས་བཞུགས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ནུབ་བྱང་ཛི་ལྷ་གཙོ་འཁོར་དགུ༔ ནུབ་བྱང་ཕྱོགས་ནས་གནས་འདིར་བྱོན༔ ནུབ་བྱང་


CMR045_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ནས་ཕྱྭ་དང་གཡང་༔ བུ་ཡུག་བཞིན་དུ་འཚུབ་ཅིང་བྱོན༔ ནུབ་བྱང་རླུང་ལྷའི་ཕྲུ་གཡང་ཁུག༔ ཞང་ཞུང་ཡུལ་གྱི་ཕྱུ་གཡང་ཁུག༔ དར་པོའི་དར་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་ཅིག༔ ཕྱུག་པོའི་ཕྱུགས་གཡང་འདིར་ཁུག་ཅིག༔ འཕེན་པོའི་འཕེན་གཡང་འདིར་ཁུག་ཅིག༔ གཡང་རྫ་ས་འདི་ལ་ཆ་བཅུད་ཕོབ་ཅིག༔ མདའ་དར་འདི་ལ་འོད་ཟུག་ཅིག༔ ནུབ་བྱང་ནོར་ལྷ་མཆེད་དགུ་ལ༔ གཡང་བཤོས་བྷ་ལི་མཆོད་གཏོར་འབུལ༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད་གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་༔ བཙན་ཕྱུག་འཕེན་དར་དངོས་གྲུབ་སྩོལ༔ བྱང་ཤར་གཙོ་བོ་སྐུ་མདོག་ནག༔ ལག་ན་རལ་གྲི་རྡོ་རྗེ་འཛིན༔ ཤར་འཁོར་དཀར་པོ་ཟླ་བ་འཛིན༔ ལྷོ་འཁོར་སེར་པོ་ཉི་མ་འཛིན༔ ནུབ་འཁོར་དམར་པོ་ཟླ་བ་འཛིན༔ བྱང་འཁོར་ལྗང་གུ་ཉི་མ་འཛིན༔ ཤར་ལྷོ་ཁྲ་བོ་ཟླ་བ་འཛིན༔ ལྷོ་ནུབ་ཁྲ་བོ་ཉི་མ་འཛིན༔ ནུབ་བྱང་ཁྲ་བོ་ཟླ་བ་འཛིན༔ བྱང་ཤར་ཁྲ་བོ་ཉི་མ་འཛིན༔ གཙོ་འཁོར་ཐམས་ཅད་ཆ་ལུགས་མཐུན༔ ཞབས་རྣམས་ཐམས་ཅད་འདོར་ཐབས་བཞུགས༔ དར་དང་


CMR045_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་ཡིས་བརྒྱན༔ བྱང་ཤར་ཛཾ་ལྷ་གཙོ་འཁོར་དགུ༔ བྱང་ཤར་ཕྱོགས་ནས་གནས་འདིར་བྱོན༔ བྱང་ཤར་ཕྱོགས་ནས་ཕྱྭ་དང་གཡང་༔ ཁ་བ་བཞིན་དུ་བབ་ཅིང་བྱོན་བྱང་ཤར་དབང་ལྡན་ཕྱུ་གཡང་ཁུག༔ ཤམ་བྷ་ལ་ཡི་ཕྲུ་གཡང་ཁུག༔ རི་བོའི་རྩེ་ནས་ཕྱྭ་གཡང་ཁུག༔ དར་པོའི་དར་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་ཅིག༔ ཕྱུག་པོའི་ཕྱུགས་གཡང་འདིར་ཁུག་ཅིག༔ འཕེན་པོའི་འཕེན་གཡང་འདིར་ཁུག་ཅིག༔ གཡང་རྫས་འདི་ལ་བཅུད་ཕོབ་ཅིག༔ མདའ་དར་འདི་ལ་འོད་ཟུག་ཅིག༔ བྱང་ཤར་ནོར་ལྷ་མཆེད་དགུ་ལ༔ གཡང་བཤོས་བྷ་ལི་མཆོད་གཏོར་འབུལ༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་༔ བཙན་ཕྱུག་འཕེན་དར་དངོས་གྲུབ་སྩོལ༔ ཧཱུྃ༔ ཛཾ་ལྷ་སྐུ་མདོག་སེར་པོ་ལ༔ གཡས་པས་ཤིང་ཐོག་པུ་རི་སེར༔ གཡོན་པས་ནེའུ་ལེ་རཏྟ་སྐྱུགས༔ ནོར་བུའི་དབྱིབས་འདྲའི་སྐུ་ལུས་བརྒྱན༔ སྐུ་སྟོད་དར་དམར་སྟོད་གཡོགས་ལ༔ སྐུ་སྨད་དར་ལྗང་སྨད་དཀྲིས་ཅན༔ རིགས་བདག་པད་འབྱུང་དབུ་ལ་བཞུགས༔ གཏེར་བདག་གནོད་སྦྱིན་ཛམྦྷ་ལ༔


CMR045_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཕྱོགས་གསེར་རིའི་རྩེ་ནས་བྱོན༔ ཕྱྭ་དང་གཡང་གི་དངོས་གྲུབ་ནི༔ རླུང་དམར་བཞིན་དུ་འཚུབ་ཅིང་བྱོན༔ ལྕང་ལོ་ཅན་གྱི་ཕྲུ་གཡང་ཁུག༔ དར་པོའི་དར་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་ཅིག༔ ཕྱུག་པོའི་ཕྱུགས་གཡང་འདིར་ཁུག་ཅིག༔ འཕེན་པོའི་འཕེན་གཡང་འདིར་ཁུག་ཅིག༔ གཡང་རྫས་འདི་ལ་བཅུད་ཕོབ་ཅིག༔ མདའ་དར་འདི་ལ་འོད་ཟུག་ཅིག༔ གཏེར་བདག་ཛཾ་ལྷ་སེར་པོ་ལ༔ གཡང་བཤོས་བྷ་ལི་མཆོད་གཏོར་འབུལ༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་༔ བཙན་ཕྱུག་འཕེན་དར་དངོས་གྲུབ་སྩོལཿ་ཧཱུྃ༔ ནོར་ལྷ་འཕགས་པ་སྨུག་འཛིན་ནི༔ སྐུ་མདོག་དམར་པོ་གཡས་ལྕགས་ཀྱུ༔ གཡོན་པས་ནེའུ་ལེ་འཛིན་ནས་ནི༔ ནོར་བདག་པོ་ལ་ཆིབས་ནས་རྒྱུག༔ ཨརྱ་ཛཾ་ལྷ་དམར་པོ་ཁྱེད༔ ཕོ་བྲང་ལྕང་ལོ་ཅན་ནས་བྱོན༔ ཕྱྭ་དང་གཡང་གི་དངོས་གྲུབ་ནི༔ གློག་དམར་བཞིན་དུ་འཁྱུག་ཅིང་བྱོན༔ འདོད་ཁམས་གནས་ཀྱི་ཕྲུ་གཡང་ཁུག༔ དར་པོའི་དར་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་


CMR045_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག༔ ཕྱུག་པོའི་ཕྱུགས་གཡང་འདིར་ཁུག་ཅིག༔ འཕེན་པོའི་འཕེན་གཡང་འདིར་ཁུག་ཅིག༔ གཡང་རྫས་འདི་ལ་བཅུད་ཕོབ་ཅིག༔ མདའ་དར་འདི་ལ་འོད་ཟུག་ཅིག༔ འཕགས་པ་སྨུག་འཛིན་དམར་པོ་ལ༔ གཡང་བཤོས་བྷ་ལི་མཆོད་གཏོར་འབུལ༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་རྣམས་ཀྱིས་ཐུགས་དམ་བསྐང་༔ བཙན་ཕྱུག་འཕེན་དར་དངོས་གྲུབ་སྩོལ༔ ཨོཾ་ཨཅུ་སརྦ་ཛཾ་བྷ་ལ་ས་པཱ་རི་ཝཱ་ར་ཨི་དཾ་བྷ་ལཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨརྒྷཾ་ པཱདྱཾ་ པུཥྤེ་ དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་ཝི་དྱ་ ཤབྟ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སིདྡྷི་ཧཱུྃ༔ ཨོཾ་ཛ་བྷ་ལ་ཛ་ལེནྡྲ་ཡ་དྷ་ན་མི་དྷི་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་ཧཱུྃ་ཧཱིསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་ཛ་བྷ་ལ་མ་མ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཇི་བྷ་ལ་ཡེ་སྭཱ་ཧཱ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་ཧཱུྃ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་སྭཱ་ཧཱ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཛཾ་བྷ་ལ་སིདྡྷི་ཕ་ལ་ཧཱུྃ༔ ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཨོཾ་ཛ་བྷ་ལ་ཛ་ལེནྡྲ་ཡེ་ཧྲིདྷ་ན་མེ་དྷི་ཧཱུྃ་སྭཱ་ཧཱ༔ ཧཱུྃ༔ བཅོམ་ལྡན་ཛཾ་ལྷ་ཉེར་གཅིག་ལ༔ བཀྲ་ཤིས་རྫས་


CMR045_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་རིན་ཆེན་བདུན༔ བདག་ཅག་འཁོར་དང་བཅས་པ་ཡིས༔ མཆོད་པ་འབུལ་ལོ་ཐུགས་དམ་བསྐང་༔ ཧཱུྃ༔ བཅོམ་ལྡན་ཛཾ་ལྷ་ཉེར་གཅིག་ལ། འཁོར་བའི་མ་རིག་འཁྲུལ་པ་ཡི༔ མ་ཤེས་ཐུགས་དང་འགལ་གྱུར་ཏེ༔ མཐོལ་ལོ་བཤགས་སོ་ས་མ་ཡ༔ ཨོཾ་ས་མ་ཡ༔ ས་མ་ཡ༔ ཧཱུྃ་ས་མ་ཡ༔ ཨོཾ་ཨཅུ་ཛཾ་བྷ་ལ་ས་པཱ་རི་ཝཱ་ར༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ ཅེས་པ་ནས། སཏྭ་ཨཱ༔ འདི་ཡན་ཚར་དུ་ཐོན་བྱས་ལ༔ གཡང་རྫས་རྣམས་སྦྱིན་བདག་གིས་བཀྱག་བཅུག་ལ་མདུན་དུ་འཁོད་ལ༔ ཧཱུྃ༔ སྐུ་ཡི་དངོས་གྲུབ་ཀུན་གྱི་བདག༔ ཛཾ་ལྷ་དཀར་པོའི་བཀྲ་ཤིས་ཤོག༔ གསུང་གི་དངོས་གྲུབ་ཀུན་གྱི་བདག༔ ཛཾ་ལྷ་དམར་པོའི་བཀྲ་ཤིས་ཤོག༔ ཐུགས་ཀྱི་དངོས་གྲུབ་ཀུན་གྱི་བདག༔ ཛཾ་ལྷ་སྔོན་པོའི་བཀྲ་ཤིས་ཤོག༔ ཡོན་ཏན་དངོས་གྲུབ་ཀུན་གྱི་བདག༔ ཛཾ་ལྷ་སེར་པོའི་བཀྲ་ཤིས་ཤོག༔ ཕྲིན་ལས་དངོས་གྲུབ་ཀུན་གྱི་བདག༔ ཛཾ་ལྷ་ལྗང་གུའི་བཀྲ་ཤིས་ཤོག༔ མཆོག་གི་དངོས་གྲུབ་ཀུན་གྱི་བདག༔ ཛཾ་ལྷ་ནག་པོའི་བཀྲ་ཤིས་ཤོག༔ ཐུན་མོང་དངོས་གྲུབ་ཀུན་གྱི་བདག༔ ཛཾ་ལྷ་ཁྲ་བོའི་བཀྲ་ཤིས་ཤོག༔ སྣ་ཚོགས་དངོས་གྲུབ་ཀུན་གྱི་བདག༔


CMR045_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཛི་ལྷ་ཁྲ་བོའི་བཀྲ་ཤིས་ཤོག༔ དཔལ་དང་འབྱོར་པའི་དངོས་གྲུབ་བདག༔ ཛཾ་ལྷ་ཁྲ་བོའི་བཀྲ་ཤིས་ཤོག༔ དེ་བཞིན་རིགས་ཀྱི་དངོས་གྲུབ་བདག༔ དབུས་ཀྱི་ཛཾ་ལྷའི་བཀྲ་ཤིས་ཤོག༔ རྡོ་རྗེ་རིགས་ཀྱི་དངོས་གྲུབ་བདག༔ ཤར་གྱི་ཛཾ་ལྷའི་བཀྲ་ཤིས་ཤོག༔ རིན་ཆེན་རིགས་ཀྱི་དངོས་གྲུབ་བདག༔ ལྷོ་ཡི་ཛ་ལྷའི་བཀྲ་ཤིས་ཤོག༔ པདྨ་རིགས་ཀྱི་དངོས་གྲུབ་བདག༔ ནུབ་ཀྱི་ཛཾ་ལྷའི་བཀྲ་ཤིས་ཤོག༔ ལས་ཀྱི་རིགས་ཀྱི་དངོས་གྲུབ་བདག༔ བྱང་གི་ཛ་ལྷའི་བཀྲ་ཤིས་ཤོག༔ དམ་ཚིག་རིགས་ཀྱི་དངོས་གྲུབ་བདག། ཤར་ལྷོ་ཛཾ་ལྷའི་བཀྲ་ཤིས་ཤོག༔ སྣ་ཚོགས་རིགས་ཀྱི་དངོས་གྲུབ་བདག༔ ལྷོ་ནུབ་ཛ་ལྷའི་བཀྲ་ཤིས་ཤོག༔ ཐམས་ཅད་རིགས་ཀྱི་དངོས་གྲུབ་བདག༔ ནུབ་བྱང་ཛི་ལྷའི་བཀྲ་ཤིས་ཤོག༔ འཇིག་རྟེན་རིགས་ཀྱི་དངོས་གྲུབ་བདག༔ བྱང་ཤར་ཛཾ་ལྷའི་བཀྲ་ཤིས་ཤོག༔ འཛད་མེད་གཏེར་གྱི་དངོས་གྲུབ་བདག༔ ཛཾ་ལྷ་སེར་པོའི་བཀྲ་ཤིས་ཤོག༔ ཅི་བསམ་འགྲུབ་པའི་དངོས་གྲུབ་བདག༔ ཛཾ་ལྷ་དམར་པོའི་བཀྲ་ཤིས་ཤོག༔ ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་ཧ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་


CMR045_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། གཡང་རྫས་རྣམས་ནི་མཛོད་དམ་བང་བའམ༔ འབྲོག་པ་ཡིན་ན་བྱུང་གི་སྣོད་དུ་སྱཱ༔ མཆོད་པ་རྣམས་ནི་ཕྱི་ལ་མི་ཁྱེར་བར༔ ནང་མའི་རྣམས་ཀྱིས་དངོས་གྲུབ་ཟ་བ་དང་༔ རྟ་ཕྱུགས་གལ་ཆེན་རྣམས་ལ་བྱིན་རུང་ངོ་༔ ཞག་བདུན་ལྔ་དང་ཞག་གསུམ་ལ་སོགས་པར༔ འདི་ཉིད་བརྒྱ་ཚར་ལ་སོགས་བྱས་པ་ན༔ རྨི་ལམ་ལོ་ལེགས་འབྲུ་ལ་ལོངས་སྤྱོད་དང༔ ནོར་ཕྱུགས་འདུ་དང་དུང་འབུད་ཉི་ཟླ་ཤར༔ དཀར་གསུམ་ཤིང་ཐོག་འབྲུ་སྣ་རིན་པོ་ཆེ༔ སྐྱེས་པ་བུད་མེད་ཆས་བཟང་དག་གིས་སྟེར༔ དེ་སོགས་རྟགས་མཚན་ངོ་མཚར་འབྱུང་བར་འགྱུར༔ ཕན་ཡོན་མི་གཡང་ནོར་གཡང་ཉམས་པ་སོས༔ ཤི་ཆད་གོད་ཁ་ཉུང་ཞིང་ལོ་ཕྱུགས་ལེགས༔ སྒབ་འཕེལ་སྲིས་སྨེ་སྙིང་སྟོང་་གོད་ངོ་ཞི༔ བག་མ་གཏོང་ལེན་གཡང་འགུགས་གཡང་སྐྱབས་དང་༔ བཀྲ་རྒན་ཤི་དང་གཡང་སྐར་ལ་སོགས་དང་༔ དབང་ཐང་རྒུད་དང་དཀར་འགོང་སྒབ་མི་སོས༔ དེ་དག་ཀུན་ལ་འདི་ཉིད་ཕན་ངེས་སོ༔ པདྨ་གཡང་སྐྱབས་གསེར་འོད་གཡང་སྐྱབས་སོགས༔ ལུང་རྒྱུན་ཆད་ཅིང་བྱིན་རླབས་དྲོད་དང་བྲལ༔ འདི་ནི་གནམ་ཆོས་མཁའ་འགྲོའི་ཁ་རླངས་ཅན༔ སྙིགས་དུས་འགྲོ་བ་བསོད་ནམས་མར་འགྲིབ་དུས༔ ཕན་ཕྱིར་གུ་རུ་པདྨ་འབྱུང་གནས་ཉིད༔ ཛཾ་ལྷ་སོ་སོའི་སྐུ་རུ་སྤྲུལ་ནས་ཀྱང་༔ སྤྲུལ་པའི་སྐུ་མཆོག་མི་འགྱུར་རྡོ་རྗེ་ལ༔ ཛཾ་ལྷའི་སྒྲུབ་ཐབས་མང་དུ་གནང་བ་རྣམས༔ ཕྱོགས་གཅིག་ངག་འདོན་འགྲིགས་ཆགས་བསྡེབས་པ་འདི༔ སྤྲུལ་སྐུ་ཉིད་ཀྱི་བཀའ་ཡིས་གནང་བའི་ཕྱིར༔ ཡུལ་ཕྱོགས་


CMR045_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་ནད་འཇིགས་པ་ཆེ་བའི་སྐབས༔ འདི་ཉིད་བསྒྲིག་པར་བྱའམ་སེམས་པའི་ཚེ༔ ནོར་ནད་ཡོད་སར་ནོར་ནད་ཀྱིས་མི་གནོད༔ ཅེས་པའི་སྒྲ་ཞིག་ཉམས་ཀྱི་སྐབས་སུ་གྲག༔ དེ་ཕྱིར་རྟེན་འབྲེལ་ལེགས་སྙམ་བསྒྲིགས་པ་ཡིན༔ འགལ་བ་མཆིས་ན་ནོར་ལྷའི་ཚོགས་ལ་བཤགས༔ དགེ་བས་འགྲོ་ཀུན་བཀྲ་ཤིས་དགེ་ལེགས་འཕེལ༔ བདེ་གཤེགས་རིན་ཆེན་མང་གི་སྐུ་འགྲུབ་ཤོག༔ ཅེས་པ་རཱ་ག་ཨ་སྱས་བསྒྲིགས་པའོ། །བཀྲ་ཤིས་དགོས་འདོད་ཡིད་བཞིན་འགྲུབ་པར་ཤོག །ཨེ་ཀ་པཱིཙྪ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ཛཾ་ལྷ་ཉེར་གཅིག་གི་ལས་བྱང་གཏོར་ཆོག་བསྡུས་པ་དགོས་འདོད་ཆར་འབེབས།


CMR045_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ཛཾ་ལྷ་ཉེར་གཅིག་གི་ལས་བྱང་གཏོར་ཆོག་བསྡུས་པ་དགོས་འདོད་ཆར་འབེབས་བཞུགས་སོ།།


CMR045_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨརྱ་ཛཾ་བྷ་ལ་ཡེ། གནམ་ཆོས་ཐུགས་ཀྱི་གཏེར་ཁའི་སྙན་བརྒྱུད་ལས། །ཇི་ལྷ་རིགས་ལྔ་རིགས་དགུའི་སྒྲུབ་ཐབས་གཞུང་། །རྒྱུད་སྡེ་གསང་སྔགས་བླ་ན་མེད་པའི་ལུགས། །རཏྣ་རྩལ་ཆེན་འདུས་པའི་རྒྱུད་སྡེ་ཞེས། །ནོར་ལྷ་སྤྱི་ཡི་རྒྱུད་གཞུང་ཆེན་པོ་ཡི། །ལེའུ་བརྒྱད་ནི་ཡོད་པར་གསུངས། །དེ་ཡི་རྒྱུད་ཀྱི་དོན་དང་དགོངས་པ་ལ། །སྙིགས་དུས་འགྲོ་བ་བསོད་ནམས་མར་འགྲིབ་དུས། །དེ་ཕྱིར་པད་འབྱུང་ཛཾ་ལྷ་སོ་སོ་ཡིས། །སྐུ་རུ་བཞེངས་ནས་སྒྲུབ་ཐབས་དངོས་སུ་གསུངས། །བརྒྱུད་པ་ཉེ་ཞིང་བྱིན་རླབས་འགྲུབ་རྟགས་མྱུར། །ནོར་ལྷ་སྤྱི་གཏོར་གསོ་བྲན་བྱས་ནས་ཀྱང་། །དྲན་རྫོགས་འདོན་སྒོམ་སྦྲགས་ལ་འདི་སྐད་དོ།། ན་མོ་དཀོན་མཆོག་གསུམ་དང་ཛཾ་བྷ་ལར། །བྱང་ཆུབ་བར་དུ་བདག་


CMR045_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྐྱབས་སུ་མཆི། །འགྲོ་བའི་དབུལ་ཕོངས་བསལ་བའི་ཕྱིར། །བདག་གི་ཛཾ་ལྷ་བསྒྲུབ་པར་བྱ། །ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་རང་གི་མདུན། །རིན་ཆེན་ལྔ་ལས་གྲུབ་པ་ཡི། །གཞལ་མེད་ཁང་གི་དབུས་སུ་ནི། །པདྨ་འདབ་བརྒྱད་པ་ཡི་གདན། །པད་ཉི་ཟླ་སྟེང་ཛཾ་ཡིག་ལས། །འོད་འཕྲོས་ཡོངས་སུ་གྱུར་པ་ལས། །བཅོམ་ལྡན་ཛཾ་ལྷ་ཉེར་གཅིག་ནི། །དབུས་དཀར་ཤར་སྔོ་ལྷོ་སེར་དང་། །ནུབ་དམར་བྱང་ལྗང་ཤར་ལྷོ་ནག །ལྷོ་ནུབ་ནུབ་བྱང་བྱང་ཤར་ཁྲ། །ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ། །བི་ཛི་ནེའུ་ལེ་ལ་སོགས་པའི། །ཕྱག་


CMR045_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་རྣམ་པ་སྣ་ཚོགས་འཛིན། །ཞབས་བཞི་འདོར་ཐབས་གདན་ལ་བཞུགས། །ཁྲོ་འཛུམ་སྦོམ་ཐུང་གསུས་པ་འཕྱང་། །དར་དང་རཏྣའི་རྒྱན་གྱིས་བཀླུབས། །དེ་མཐར་ཇི་ལྷ་རིགས་ལྔ་ནི། །དཀར་སེར་དམར་ལྗང་སྣ་ཚོགས་ཏེ། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཏེ། །འཁོར་ལོ་ནོར་བུ་ལ་སོགས་པའི། །ཕྱག་མཚན་རྣམ་པ་སྣ་ཚོགས་འཛིན། །རེ་རེའི་འཁོར་ནི་བརྒྱུད་རེས་བསྐོར། །ཞབས་རྣམས་པད་ཉིར་བཞེངས་ཏེ་བཞུགས། །དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །གཏེར་བདག་གནོད་སྦྱིན་འཁོར་གྱིས་བསྐོར། །ཟློསྐད་ཅིག་དྲན་རྫོགས་གསལ་བར་བསྐྱེད། །གནས་གསུམ་འབྲུ་གསུམ་ཐུགས་སྲོག་ཛཾ། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །ལྕང་ལོ་ཅན་སོགས་རང་གནས་ནས། །ཇི་ལྷ་ཉེར་གཅིག་སྤྱན་དྲངས་བསྟིམ། །ཧཱུྃ། བྱང་ཕྱོགས་གཏེར་གྱི་གཞལ་ཡས་ནས། །ནོར་གྱི་དབང་ཕྱུག་ཛཾ་བྷ་ལ། །ཐུགས་རྗེས་གནས་འདིར་གཤེགས་སུ་གསོལ། །ཛཾ་ལྷ་རིགས་ལྔ་རིགས་དགུ་སོགས། །གནོད་སྦྱིན་ནོར་ལྷ་ཐམས་ཅད་བྱོན། །ཇི་སྲིད་བར་དུ་བརྟན་པར་བཞུགས། །ཨོཾ་ཨརྱ་སརྦ་ཛཾ་བྷ་ལ་བཛྲ་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ ཏིཥྛ་


CMR045_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན། དམ་ཚིག་ཡེ་ཤེས་དབྱེར་མེད་ཅིང་། །རིགས་བདག་རང་ཆས་སྤྱི་གཙུག་ཏུ། །རང་མདོག་རིན་ཆེན་འབར་བས་བརྒྱན། །ཧཱུྃ། བཅོམ་ལྡན་ཛཾ་ལྷ་འཁོར་བཅས་ལ། །སྟོང་གསུམ་འདི་འམ་གཞན་དག་གི །དཔལ་འབྱོར་བློ་ཡིས་བླངས་ཏེ་འབུལ། །ཡིད་སྤྲུལ་རྟགས་བརྒྱད་རྒྱལ་སྲིད་བདུན། །དངོས་འབྱོར་ཡིད་སྤྲུལ་མཆོད་འབུལ་བཞེས། །ཧཱུྃ། འདོད་ཡོན་གཏོར་མ་མཆོད་པའི་རྫས། །དཀར་གསུམ་མངར་གསུམ་རིན་ཆེན་འབྲུ། །རྟེན་རྫ་ས་སྲོག་འཁོར་མཆོད་རྫས་སོགས། །འཛད་མེད་ནམ་མཁའི་མཛོད་དུ་གྱུར། །དག་དང་མ་དག་ཞིང་ཁམས་ན། །རིན་ཆེན་གཏེར་ཆེན་དཔག་བསམ་ཤིང་། །གཏེར་བུམ་རྟ་ལུག་གནག་གི་ཁྱུ། །སྲིད་གསུམ་ལྷ་ཡི་ལོངས་སྤྱོད་བཅས། །འདོད་ཡོན་མཆོད་གཏོར་འདི་བཞེས་ལ། །བདག་ལ་ནོར་གྱི་དངོས་གྲུབ་སྩོལ། །གཏོར་མ་བདུད་རྩིའི་རང་བཞིན་ཁ་དོག་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱ༔ཧཱུྃ་ཧ་ཧོ་ཧི༔ ལྗགས་རྡོ་རྗེ་སྦུ་གུ་ཅན་གྱིས་གསོལ་བས་མཉེས་ནས་ནོར་གྱི་དངོས་གྲུབ་སྩོལ་བར་གྱུར། ཨོཾ་ཛ་བྷ་ལ་ཛ་ལེནྡྲ་ཡེ་སིདྡྷི་ཧཱུྃ། ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་


CMR045_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཧི་ཁཱ་ཧི། ཨོཾ་ཛ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་སརྦ་སིདྡྷི་ཧཱུྃ། ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་ཧཱུྃ་ཧཱི༔ སིདྡྷི་ཕ་ལ་ཧཱུྃ་ཧྲཱིཿ ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། །ཨོཾ་ཛཾ་བྷ་ལ་མ་མ་སརྦ་སིདྡྷི་ཧཱུྃ༔ ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཛཾ་བྷ་ལ་ཡེ་སྭཱ་ཧཱ༔ ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་ཧཱུྃ། ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་སྭཱ་ཧཱ། ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཨཱཿཧཱུྃ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཛཾ་བྷ་ལ་སིདྡྷི་ཕ་ལ་ཧཱུྃ། ཨི་དཾ་བྷ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ༔ ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་ཧྲིདྷ་ན་མེ་དྷི་ཧཱུྃ་སྭཱ་ཧཱ༔ ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨརྒྷཾ་སོགས། འཕགས་པ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། ཛཾ་བྷ་ལ་རིགས་ལྔ་རིགས་དགུ་རྣམ་སྲས་རིགས་བཞི་རིགས་ཆེན་དགུ་ནོར་དབང་སེ་བ་ཁྲག་འཐུང་རྒྱལ་ཆེན་སྡེ་བཞི་ཀུ་ཝེ་ར་དང་རེ་མན་ངན་ཅན་ཨ་པ་ར་ཙིཏྟ་ནོར་རྒྱུན་ལྔ་སོགས་ནོར་ལྷ་


CMR045_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་བདག་རྒྱ་མཚོའི་ཞལ་དུ་འབུལ་ལོ། །མཉེས་ཤིང་ཚིམས་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་སྟོབས་དང་མངའ་ཐང་ནོར་དང་ལོངས་སྤྱོད་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་འཕེལ་ཞིང་རྒྱས་པ་དང་། བཀྲེས་སྐོམ་མུ་གེ་ཚོང་ཉེས་ཕྱུགས་ནད་གོད་ཁ་སྙིང་སྟོང་ཐམས་ཅད་ཞི་བ་དང་བཟློག་པའི་ཕྲིན་ལས་མཛོད་ཅིག །ཧཱུྃ། གནོད་སྦྱིན་དབང་པོ་ཨརྱ་ཛཾ་བྷ་ལ། །དཀར་སེར་དམར་ལྗང་སྔོ་ནག་ཁྲ་བོའི་མདོག །ཞལ་གསུམ་ཕྱག་དྲུག་ཞལ་གཅིག་ཕྱག་གཉིས་སོགས། །ཆ་ལུགས་སྣ་ཚོགས་ཕྱག་མཚན་སྣ་ཚོགས་ཅན། །ས་བཅུའི་དབང་ཕྱུག་ཅན་ལ་ཕྱག་འཚལ་བསྟོད། །ཧཱུྃ། བདེ་གཤེགས་སྦྱིན་པའི་ཕ་རོལ་ཕྱིན། །གཟུགས་ཀྱི་སྐུར་སྤྲུལ་ཛཾ་བྷ་ལ། །དྲན་པ་ཙམ་གྱིས་དབུལ་ཕོངས་སེལ། །ཛཾ་ལྷ་ཁྱོད་ལ་ཕྱག་འཚལ་བསྟོད། །ཐོག་མེད་སེར་སྣའི་ལས་བསགས་རྣམས། །མཐོལ་བཤགས་བྱང་ཞིང་དག་གྱུར་ཅིག །དབུལ་ཕོངས་ཐམས་ཅད་ཞི་བ་དང་། །དཔལ་འབྱོར་བསོད་ནམས་འཕེལ་ཞིང་རྒྱས། །འདོད་དགུ་སྣང་སྲིད་དབང་དུ་བསྡུས། །སྙིགས་དུས་མུ་


CMR045_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་བསྐལ་པ་ཟློག །ཐམས་ཅད་དུས་བབ་ས་མ་ཡཱ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། །དགོངས་ཤིག་གཏེར་བདག་ནོར་ལྷ་རྒྱ་མཚོ་ཚོགས། །ཚེ་རབས་འདི་དང་ཚེ་རབས་ཐམས་ཅད་དུ། །བརྣབ་སེམས་སེར་སྣ་རྐུ་འཕྲོག་སྦྱིན་པའི་བགེགས། །གང་དང་ཅི་མཆིས་འགྱོད་པས་མཐོལ་ལོ་བཤགས། །ནོར་ལྷ་རྒྱ་མཚོ་མཆོད་བསྟོད་བྱིན་རླབས་ཀྱིས། །ཚེ་རབས་ཀུན་ཏུ་དཔལ་འབྱོར་ཕུན་ཚོགས་ཏེ། །སྦྱིན་པའི་ཕར་ཕྱིན་རྫོགས་པའི་ཕྲིན་ལས་མཛོད། །དེང་ནས་བཟུང་སྟེ་ཚེ་དཔལ་ལོངས་སྤྱོད་རྣམས། །ཡར་ངོའི་ཟླ་ལྟར་འཕེལ་བར་མཛད་དུ་གསོལ། །བདག་གཞན་དུས་གསུམ་དུས་མེད་སེམས་ཅན་རྣམས། །ཇི་ལྷ་ཁྱོད་དང་དབྱེར་མེད་འགྲུབ་གྱུར་ནས། །སངས་རྒྱས་བསྟན་པའི་སྦྱིན་བདག་ཆེན་པོར་ཤོག །དེ་ནས་བསྙེན་པའི་དམིགས་རིམ་ནི། བདག་མདུན་སྐད་ཅིག་དྲན་རྫོགས་ལ། །ཛཾ་ལྷ་སོ་སོའི་ཐུགས་ཀ་རུ། །ཟླ་སྟེང་ཛ་ཡིག་སོ་སོའི་མཐར། །སོ་སོའི་སྔགས་ཀྱིས་གཡས་སུ་བསྐོར། །དེ་ལས་འོད་ཟེར་སྣ་ཚོགས་འཕྲོས། །ལྕང་ལོ་ཅན་སོགས་རང་གནས་ནས། །སངས་རྒྱས་ཀུན་གྱི་དངོས་གྲུབ་བསྡུས། །ཐམས་ཅད་འོད་ཞུ་བདག་ལ་


CMR045_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ། །ལུས་ཀྱི་རེག་པས་ཐམས་ཅད་མཉེས། །ཟག་མེད་བདེ་བས་སྐུ་ལུས་ཚིམས། །འོད་ཟེར་འགྲོ་དྲུག་ཀུན་ལ་ཕོག །སྡིག་སྒྲིབ་དག་ནས་ཛ་ལྷར་གྱུར། །ཀུན་ཀྱང་བུང་བ་ཚང་ཞིག་ལྟར། །འུར་འུར་ཏིར་ཏིར་སྔགས་སྒྲ་སྒྲོག །དེ་ནས་བསྙེན་པའི་དམིགས་པའོ། །བདག་གི་ཐུགས་ཀའི་སྔགས་ཕྲེང་འཕྲོས། །ཞལ་ནས་ཐོན་ནས་མདུན་བསྐྱེད་ཀྱི། །ཛཾ་ལྷའི་ཞལ་ཞུགས་ཐུགས་རྒྱུད་བསྐུལ། །སྔགས་ཕྲེང་ལྟེ་བ་ནས་ཚུར་བྱོན། །རང་གི་ཐུགས་ཀར་ཐིམ་པ་སྟེ། །ཡར་མཆོད་ཚུར་ལ་དངོས་གྲུབ་བསྡུ། །མགལ་མེའི་འཁོར་ལོ་ལྟར་འཁོར་བསྒོམ། །ཕྱག་མཚན་བྷནྡྷ་ནོར་བུ་ལས། །འོད་འཕྲོས་ཟས་ཀྱི་དངོས་གྲུབ་རྣམས། །འོད་ཀྱིས་བསྡུས་ནས་རང་ལ་ཐིམ། །ཟས་བཅུད་ཐོད་པའི་ནང་ཐིམ་པས། །ལོངས་སྤྱོད་ཆར་ལྟར་འབེབས་པར་དམིགས། །ཕྱག་གི་ལྕགས་ཀྱུ་ཞགས་པ་ལས། །འོད་ཟེར་དམར་པོ་ལྕགས་ཀྱུ་དང་། །ཞགས་པའི་དབྱིབས་ཅན་ཕྱོགས་བཅུར་འཕྲོས། །གང་འདོད་ཐམས་ཅད་བཀུག་ཅིང་བསྟིམ། །ནོར་བུ་རིན་ཆེན་ནེའུ་ལེ་ནས། །རིན་ཆེན་རྣམ་པ་སྣ་ཚོགས་དང་། །འབྲུ་ཡི་ཆར་པ་འབེབས་པ་དང་། །གང་འདོད་དངོས་གྲུབ་སྐྱུགས་པ་ཡིས། །རང་གནས་ཁྲ་ཆིལ་གང་བར་


CMR045_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་།གོང་གི་གཏོར་འབུལ་དེ་ཉིད་ཀྱི། །སྔགས་རྣམས་སོ་སོར་ཅི་འགྲུབ་བཟླ། །དེ་ལྟར་ཛ་ལྷའི་གཏོར་ཆོག་འདི། །གཞུང་དང་ཆགས་མེད་མཛད་ཆོས་ལས། །བསྡུས་ནས་འདོན་འགྲིགས་ཕྱོགས་གཅིག་ཏུ། །བྲིས་པ་སྔགས་རྒན་ཨ་རཱ་གས། །རང་གི་རྒྱུན་ཁྱེར་བྱ་ཕྱིར་དུ། །བསྒྲིགས་ནས་ཉེས་པའི་ཆ་མཆིས་ན། །གནོད་སྦྱིན་ནོར་ལྷའི་ཚོགས་ལ་བཤགས། །དགེ་བས་སེམས་ཅན་ཐམས་ཅད་ལ། །དབུལ་བའི་སྡུག་བསྔལ་ཞི་བར་ཤོག །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ཛཾ་ལྷ་ཉི་ཤུ་རྩ་གཅིག་གི་སྐོང་བཤགས།


CMR045_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ཛཾ་ལྷ་ཉི་ཤུ་རྩ་གཅིག་གི་སྐོང་བཤགས་ཡོད།


CMR045_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

མཚཛཡདཛས༔ ཛཾ་ལྷ་ཉེར་གཅིག་གི་བསྐང་གསོལ་དང་བཤགས་པ་རྣམས་ཀྱི་འདོན་འགྲིགས་ལ། ཧཱུྃ། བྱང་ཕྱོགས་གཏེར་གྱི་གཞལ་ཡས་ནས། །གནོད་སྦྱིན་ནོར་ལྷ་འཁོར་བཅས་རྣམས། །གནས་འདིར་སྤྱན་འདྲེན་བརྟན་པར་བཞུགས། །གནས་ཁང་འདི་ལ་བྱིན་གྱིས་རློབས། །ས་མ་ཡ། ཏིཥྛ་ལྷན། ཧཱུྃ། བཅོམ་ལྡན་ཛཾ་ལྷ་རིགས་དགུ་དང་། །རྣམ་སྲས་ནོར་ལྷ་ཐམས་ཅད་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །བདག་ཅག་འཁོར་དང་བཅས་པ་ཡིས། །མཆོད་པར་འབུལ་ལོ་ཐུགས་དམ་བསྐང་། །ཧཱུྃ། བཅོམ་ལྡན་ཛཾ་ལྷ་ནོར་རྒྱུན་མ། །


CMR045_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྲས་རིགས་བཞི་རིན་ཆེན་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །བདག་ཅག་འཁོར་དང་བཅས་པ་ཡིས། །མཆོད་པར་འབུལ་ལོ་ཐུགས་དམ་བསྐང་། །ཧཱུྃ། ནོར་བདག་སེ་བ་ཁྲག་འཐུང་དང་། །རྒྱལ་ཆེན་བཞི་དང་ཀུ་ཝེ་ར། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །བདག་ཅག་འཁོར་དང་བཅས་པ་ཡིས། །མཆོད་པར་འབུལ་ལོ་ཐུགས་དམ་བསྐང་། །ཧཱུྃ། རེ་མན་དང་ཚོགས་ཀྱི་བདག །ངན་ཅན་ཨ་པ་ར་རྣམས་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །བདག་ཅག་འཁོར་དང་བཅས་པ་ཡིས། །མཆོད་པར་


CMR045_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་ལོ་ཐུགས་དམ་བསྐང་། །ཧཱུྃ། སྐུ་ཡི་དངོས་གྲུབ་ཀུན་གྱི་བདག །ཛཾ་ལྷ་དཀར་པོ་འཁོར་བཅས་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །བདག་ཅག་འཁོར་དང་བཅས་པ་ཡིས། །མཆོད་པར་འབུལ་ལོ་ཐུགས་དམ་བསྐང་། །གསུང་གི་དངོས་གྲུབ་ཀུན་གྱི་བདག །ཛཾ་ལྷ་དམར་པོ་འཁོར་བཅས་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །བདག་ཅག་འཁོར་དང་བཅས་པ་ཡིས། །མཆོད་པར་འབུལ་ལོ་ཐུགས་དམ་བསྐང་། །ཐུགས་ཀྱི་དངོས་གྲུབ་ཀུན་གྱི་བདག །ཛཾ་ལྷ་ནག་པོ་འཁོར་བཅས་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །བདག་ཅག་འཁོར་དང་བཅས་པ་ཡིས། །མཆོད་པར་འབུལ་ལོ་ཐུགས་དམ་བསྐང་། །ཡོན་ཏན་དངོས་གྲུབ་ཀུན་གྱི་བདག །ཛཾ་ལྷ་སེར་པོ་འཁོར་བཅས་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །བདག་ཅག་འཁོར་དང་བཅས་པ་ཡིས། །མཆོད་པར་འབུལ་ལོ་ཐུགས་དམ་བསྐང་། །ཕྲིན་ལས་དངོས་གྲུབ་ཀུན་གྱི་བདག །ཛཾ་ལྷ་ལྗང་གུ་འཁོར་བཅས་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །བདག་ཅག་འཁོར་དང་བཅས་པ་ཡིས། །མཆོད་པར་འབུལ་ལོ་ཐུགས་དམ་


CMR045_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་། །མཆོག་གི་དངོས་གྲུབ་ཀུན་གྱི་བདག །ཛཾ་ལྷ་ནག་པོ་འཁོར་བཅས་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །བདག་ཅག་འཁོར་དང་བཅས་པ་ཡིས། །མཆོད་པར་འབུལ་ལོ་ཐུགས་དམ་བསྐང་། །ཐུན་མོང་དངོས་གྲུབ་ཀུན་གྱི་བདག །ཛཾ་ལྷ་ཁྲ་བོ་འཁོར་བཅས་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །བདག་ཅག་འཁོར་དང་བཅས་པ་ཡིས། །མཆོད་པར་འབུལ་ལོ་ཐུགས་དམ་བསྐང་། །སྣ་ཚོགས་དངོས་གྲུབ་ཀུན་གྱི་བདག །ཛཾ་ལྷ་ཁྲ་བོ་འཁོར་བཅས་ལ། །བཀྲ་ཤིས་རྫས་རྟོགས་རིན་ཆེན་བདུན། །བདག་ཅག་འཁོར་དང་བཅས་པ་ཡིས། །མཆོད་པར་འབུལ་ལོ་ཐུགས་དམ་བསྐང་། །དཔལ་དང་འབྱོར་པའི་དངོས་གྲུབ་བདག །ཛཾ་ལྷ་ཁྲ་བོ་འཁོར་བཅས་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །བདག་ཅག་འཁོར་དང་བཅས་པ་ཡིས། །མཆོད་པར་འབུལ་ལོ་ཐུགས་དམ་བསྐང་། །དེ་བཞིན་རིགས་ཀྱི་དངོས་གྲུབ་བདག །དབུས་ཀྱི་ཛཾ་ལྷ་གཙོ་འཁོར་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །བདག་ཅག་འཁོར་དང་བཅས་པ་ཡིས། །མཆོད་པར་འབུལ་ལོ་ཐུགས་དམ་བསྐང་། །


CMR045_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རིགས་ཀྱི་དངོས་གྲུབ་བདག །ཤར་གྱི་ཛཾ་ལྷ་གཙོ་འཁོར་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །བདག་ཅག་འཁོར་དང་བཅས་པ་ཡིས། །མཆོད་པར་འབུལ་ལོ་ཐུགས་དམ་བསྐང་། །རིན་ཆེན་རིགས་ཀྱི་དངོས་གྲུབ་བདག །ལྷོ་ཡི་ཛཾ་ལྷ་གཙོ་འཁོར་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །བདག་ཅག་འཁོར་དང་བཅས་པ་ཡིས། །མཆོད་པར་འབུལ་ལོ་ཐུགས་དམ་བསྐང་། །པདྨ་རིགས་ཀྱི་དངོས་གྲུབ་བདག །ནུབ་ཀྱི་ཛཾ་ལྷ་གཙོ་འཁོར་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །བདག་ཅག་འཁོར་དང་བཅས་པ་ཡིས། །མཆོད་པར་འབུལ་ལོ་ཐུགས་དམ་བསྐང་། །ལས་ཀྱི་རིགས་ཀྱི་དངོས་གྲུབ་བདག །བྱང་གི་ཛཾ་ལྷ་གཙོ་འཁོར་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །བདག་ཅག་འཁོར་དང་བཅས་པ་ཡིས། །མཆོད་པར་འབུལ་ལོ་ཐུགས་དམ་བསྐང་། །དམ་ཚིག་རིགས་ཀྱི་དངོས་གྲུབ་བདག །ཤར་ལྷོའི་ཛཾ་ལྷ་གཙོ་འཁོར་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །བདག་ཅག་འཁོར་དང་བཅས་པ་ཡིས། །མཆོད་པར་འབུལ་ལོ་ཐུགས་དམ་བསྐང་། །སྣ་ཚོགས་རིགས་ཀྱི་དངོས་གྲུབ་བདག །ལྷོ་


CMR045_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཛཾ་ལྷ་གཙོ་འཁོར་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །བདག་ཅག་འཁོར་དང་བཅས་པ་ཡིས། །མཆོད་པར་འབུལ་ལོ་ཐུགས་དམ་བསྐང་། །ཐམས་ཅད་རིགས་ཀྱི་དངོས་གྲུབ་བདག །ནུབ་བྱང་ཇི་ལྷ་གཙོ་འཁོར་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །བདག་ཅག་འཁོར་དང་བཅས་པ་ཡིས། །མཆོད་པར་འབུལ་ལོ་ཐུགས་དམ་བསྐང་། །འཇིག་རྟེན་རིགས་ཀྱི་དངོས་གྲུབ་བདག །བྱང་ཤར་ཛཾ་ལྷ་གཙོ་འཁོར་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །བདག་ཅག་འཁོར་དང་བཅས་པ་ཡིས། །མཆོད་པར་འབུལ་ལོ་ཐུགས་དམ་བསྐང་། །འཛད་མེད་གཏེར་གྱི་དངོས་གྲུབ་སྩོལ། །ཛི་ལྷ་སེར་པོ་འཁོར་བཅས་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །བདག་ཅག་འཁོར་དང་བཅས་པ་ཡིས། །མཆོད་པར་འབུལ་ལོ་ཐུགས་དམ་བསྐང་། །ཅི་བསམ་འགྲུབ་པའི་དངོས་གྲུབ་བདག །ཛཾ་ལྷ་དམར་པོ་འཁོར་བཅས་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །བདག་ཅག་འཁོར་དང་བཅས་པ་ཡིས། །མཆོད་པར་འབུལ་ལོ་ཐུགས་དམ་བསྐང་། །ཤར་ལྷོ་ནུབ་བྱང་སྒོ་བཞི་ནས། །གཡང་གི་ལྷ་


CMR045_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

མོ་བཞི་རྣམས་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །བདག་ཅག་འཁོར་དང་བཅས་པ་ཡིས། །མཆོད་པར་འབུལ་ལོ་ཐུགས་དམ་བསྐང། །སྲས་དང་བཙུན་མོ་གཡོག་འཁོར་བཅས། །གནོད་སྦྱིན་བྱེ་བ་བདུན་འབུམ་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །བདག་ཅག་འཁོར་དང་བཅས་པ་ཡིས། །མཆོད་པར་འབུལ་ལོ་ཐུགས་དམ་བསྐང། །ལྷ་ཀླུ་གཉན་དང་ས་བདག་དང་། །འཇིག་རྟེན་གཡང་གི་ལྷ་ཚོགས་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །བདག་ཅག་འཁོར་དང་བཅས་པ་ཡིས། །མཆོད་པར་འབུལ་ལོ་ཐུགས་དམ་བསྐང་། །ཧཱུྃ། བཅོམ་ལྡན་ལྷ་མོ་ནོར་རྒྱུན་མ། །ཛཾ་ལྷ་རིགས་ལྔ་རིགས་དགུ་དང་། །རྣམ་སྲས་རིགས་བཞི་རིགས་ཆེན་དགུ། །གནོད་སྦྱིན་ནོར་ལྷ་ཐམས་ཅད་ལ། །འཁོར་བའི་མ་རིག་འཁྲུལ་པ་ཡི། །མ་ཤེས་ཐུགས་དང་འགལ་གྱུར་ཏེ། །མཐོལ་ལོ་བཤགས་སོ་ས་མ་ཡཱ། །ཧཱུྃ། ནོར་དབང་སེ་བ་ཁྲག་འཐུང་དང་། །རྒྱལ་ཆེན་བཞི་དང་ཀུ་ཝེ་ར། །རེ་མན་དང་ཚོགས་ཀྱི་བདག །ངན་ཅན་ཨ་པ་ར་རྣམས་ལ། །འཁོར་བའི་མ་རིག་འཁྲུལ་པ་ཡིས། །མ་ཤེས་ཐུགས་དང་འགལ་


CMR045_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཏེ། །མཐོལ་ལོ་བཤགས་སོ་ས་མ་ཡ། །ཧཱུྃ། བཅོམ་ལྡན་ཛཾ་ལྷ་ཉེར་གཅིག་ལ། །འཁོར་བའི་མ་རིག་འཁྲུལ་པ་ཡིས། །མ་ཤེས་ཐུགས་དང་འགལ་གྱུར་ཏེ། །མཐོལ་ལོ་བཤགས་སོ་ས་མ་ཡ། །ཨོཾ་ས་མ་ཡ། ཨཱ་ས་མ་ཡ། ཧཱུྃ་ས་མ་ཡ། ཨོཾ་བཛྲ་སཏཱ་ས་མ་ཡ་སོགས་ཚང་བར་བརྗོད། ཅེས་པ་འདི་ནི་གནམ་ཆོས་ལས། །ཛ་ལྷའི་སྐོང་བཤགས་ཉུང་བསྡུས་འདི། །རཱ་གའི་མིང་ཅན་དགེ་སློང་བདག་གིས་སྦྱར། །ཉེས་འགལ་མཆིས་ན་ནོར་ལྷའི་ཚོགས་ལ་བཤགས། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཛཾ་དཀར་ཡི་དམ་ལྟར་སྒྲུབ་པ་དངོས་གྲུབ་གཏེར་མཛོད།


CMR045_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཛཾ་དཀར་ཡི་དམ་ལྟར་སྒྲུབ་པ་དངོས་གྲུབ་གཏེར་མཛོད་ཅེས་བྱ་བ་བཞུགས་པའི་དབུའོ། །


CMR045_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཡེ། རིན་ཆེན་དཔུང་པའི་རྒྱ་གཞུང་ལས། རང་ཡང་ཛམྦྷ་ལ་རུ་བསྒོམ། །ཞེས་པ་དང་། དབང་ཆོག་ལས། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བའི་བདག་བསྐྱེད་གཙོ་བོ་ཛ་དཀར་གྱི་སྒོམ་བཟླས་མཆོད་བསྟོད་བྱ་ཞེས་དང་། དཀོན་མཆོག་འབངས་ཀྱིས་ཛ་ལྷ་གཙོ་བོའི་བདག་བསྐྱེད་སྒོམ་བཟླས་མཆོད་བསྟོད་བྱ་ཞེས་གསུངས་པ་ལྟར། བདག་བསྐྱེད་ཡི་དམ་ལྟར་བསྒྲུབ་པའི་མན་ངག་ལ། སྐྱབས་འགྲོ་ནི། བདག་དང་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །མགོན་པོ་ཛཾ་བྷ་ལ་དཀར་པོའི་ལྷ་ཚོགས་འཁོར་དང་བཅས་


CMR045_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ལ་སྐྱབས་སུ་མཆིའོ། །སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་བསལ་ནས་སྦྱིན་པའི་ཕར་ཕྱིན་ལ་འགོད་པའི་ཆེད་དུ། །བདག་གིས་ཛཾ་བྷ་ལ་དཀར་པོ་བསྒྲུབ་པར་བྱའོ། །སྐད་ཅིག་གིས་རང་ཉིད་ཛ་དཀར་དུ་གྱུར་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་དཀར་པོ་ཤ་སྟག་གི་གུར་བླ་བྲེ་དྲྭ་བ་རྭ་བ་དང་། ཡེ་ཤེས་ཀྱི་མེ་དཔུང་དཀར་པོ་འབར་བའི་དུམ་བུ་གཅིག་ཏུ་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་སྭཱ་ཧཱ། རང་གི་ཐུགས་ཀའི་ཛཾ་ཡིག་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང་པོ་ཊ་ལ་ནས་ཛ་དཀར་ལྷ་


CMR045_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་དཀྱིལ་འཁོར་བླ་མ་འོད་དཔག་མེད་དབུ་ལ་བཞུགས་པ་སྤྱན་དྲངས་བཛྲ་ས་མ་ཡ་ཛ༔ ཨརྒྷཾ་སོགས་ཀྱིས་མཆོད། འཇིག་རྟེན་མགོན་པོའི་སྤྱན་ཆབ་ལས་འཁྲུངས་ཤིང་། །གངས་རི་ལྟར་དཀར་ནོར་འཆང་ཀུན་གྱི་རྗེ། །མཁའ་འགྲོ་སྡེ་བཞིའི་བསྐོར་ལ་ཕྱག་འཚལ་བསྟོད། །སེར་སྣའི་ལས་ཀྱི་གདུང་བ་ཀུན་སེལ་ཞིང་། །སྐྱེ་དང་སྐྱེ་བར་ཁྱོད་ལ་གསོལ་འདེབས་ཀྱི། །རིན་ཆེན་བདུད་རྩིའི་གཏེར་གྱི་ཆར་རྒྱུན་གྱིས། །བདག་སོགས་དབུལ་བའི་སྡུག་བསྔལ་ཞི་བར་མཛོད། །བསྟོད་པ་བྱ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱི་ཞིང་། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་གྱིས་སྡོམ་པ་བཟུང་། །


CMR045_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ཚད་མེད་བཞི་བསྒོམ། ཚོགས་ཞིང་ལྟརྣམས་རང་གི་སྙིང་ཁར་ཐིམ་པར་གྱུར། ཨོཾ་སྭ་བྷ་ཝས་སྦྱངས་ཡེ་ཤེས་ཀྱི་ཚོགས་བསགས་ལ། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་རི་རབ་ཀྱི་སྟེང་དུ་ཧཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱི་རོལ་གྱི་བར་མཚམས་རྣམས་སུ་རིན་པོ་ཆེ་སྣ་ཚོགས་ཀྱི་བྱེ་མ་བརྡལ་བ། དཔག་བསམ་ཤིང་གི་ཕྲེང་བ་བདུད་རྩིའི་ཆུ་མིག་དང་བུམ་པ་བཟང་པོའི་ཕྲེང་བ་དཀྲིག་པ། དེའི་ཕྱི་རོལ་དུ་རྡོ་རྗེ་རིན་པོ་ཆེའི་རྭ་བ་ཟླུམ་པོ་ཕྱི་རོལ་དུ་འོད་ཟེར་གྱི་ཕྲེང་བ་དང་བཅས་པའི་དབུས་སྣ་ཚོགས་པདྨ་དང་ཟླ་བ་རྒྱས་པའི་གདན་ལ་རང་སེམས་ཛཾ་ཡིག་དཀར་པོ་ལས་འོད་འཕྲོས། རྒྱལ་བ་སྲས་དང་བཅས་པ་ལ་མཆོད་པའི་སྤྲིན་གྱིས་མཆོད། །


CMR045_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དངོས་གྲུབ་ཐམས་ཅད་བསྡུས། སེམས་ཅན་ཐམས་ཅད་ཀྱི་བཀྲེས་སྐོམ་དང་དབུལ་བ་བསལ། བསོད་ནམས་དང་སྟོབས་འབྱོར་བསྡུས་ཛི་ལ་ཐིམ་པ་ལས་རིན་པོ་ཆེ་དཀར་པོའི་བེ་ཅོན་ཛ་གྱིས་མཚན་པ་དེ་ཡོངས་སུ་གྱུར་པ་ལས། རང་ཉིད་འཕགས་མཆོག་ཛཾ་བྷ་ལ་སྐུ་མདོག་དཀར་པོ་སྟོན་ཀའི་ཟླ་བའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་ཅུང་ཟད་གཙིགས་ཤིང་བཞད་པ། ཕྱག་གཉིས་གཡས་རིན་པོ་ཆེ་དཀར་པོ་མེ་འབར་བའི་བེ་ཅོན་ཕྱར་བས་དབུལ་ཕོངས་བཟློག་ཅིང་། གཡོན་གཏེར་གྱི་ནེའུ་ལེ་བཙིར་བས་དགོས་འདོད་ཀྱི་ཆར་ཆེན་པོ་འབེབས་པ། ཡུམ་སངས་རྒྱས་ཌཱཀི་སྦས་པའི་ཚུལ་ཁ་ཊཾ་གི་རྣམ་པར་མཆན་ཁུང་ནས་ཡར་བསྒྲེང་བས་བདེ་སྟོང་གི་ཡེ་ཤེས་རྒྱས་ཤིང་མཆོག་གི་དངོས་གྲུབ་སྟེར་བ། ཐུང་ཞིང་ལྟོ་བ་འཕྱང་ལ་ཡན་ལག་རགས་པ་གནོད་སྦྱིན་གྱི་ངང་ཚུལ་ཅན། དབུ་སྐྲ་དཀར་སེར་གྱེན་དུ་བརྗེས་པ་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་སྲོག་ཞུ་དང། རྣ་རྒྱན་དང་། མགུལ་ཆུ་དང་། དོ་ཤལ་དང་། སེ་རལ་ཁ་དང་། དཔུང་རྒྱན་དང་། ཕྱག་གདུབ་དང་། ཞབས་གདུབ་དང་། སྐ་རགས་དང་། འོག་པག་


CMR045_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྤྲས་པ། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་སྨད་དཀྲིས་དང་། ཅོད་པན་དང་། དར་དཔྱངས་དང་། ཤམ་ཐབས་བྱས་པ་ལ། མུ་ཏིག་དཀར་པོའི་དྲ་བ་དང་། དྲྭ་ཕྱེད་ཆུན་འཕྱང་དུ་མས་ཉེ་བར་སྤྲས་པ། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་གཡུ་འབྲུག་སྔོན་མོ་པདྨ་རཱ་གའི་ཟེ་བ་དང་མྱུར་མགྱོགས་རླུང་གི་གཤོག་པ་ཅན་ལ་ཆིབས་ཤིང་། འབྲུག་སྐད་ནམ་མཁའ་བར་སྣང་ཁྱབ་པར་སྒྲོགས་པས་སྒྲུབ་པ་པོའི་སྙན་གྲགས་ཕྱོགས་བཅུར་རྒྱས་པར་བྱེད་པ། སྐུའི་འོད་ཟེར་ལས་གྲུབ་པའི་མེ་དཔུང་དཀར་པོ་རབ་ཏུ་འཁྲུག་ཅིང་འབར་བས་བར་ཆད་ཐམས་ཅད་སྲེག་པར་བྱེད་པ། སྐུ་ལས་རང་འདྲ་བའི་སྤྲུལ་པ་དུ་མ་འཕྲོ་བ་དང་སྡུད་པའི་རང་བཞིན་ཅན་དུ་གྱུར་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་སྔོན། ཐུགས་ཀའི་དབུས་སུ་ཛཾ་ཡིག་དཀར་པོ་དེ་ལས་འོད་ཟེར་འཕྲོས་པས། རང་བཞིན་ཆོས་ཀྱི་དབྱིངས་ལྕང་ལོ་ཅན། པོ་ཊ་ལ་རྣམས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་དཔག་ཏུ་མེད་པ་དང་། དབང་ལྷ་སངས་རྒྱས་དང་བྱང་སེམས་ཀྱི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་


CMR045_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས༔ བཛྲ་ས་མ་ཡ་ཛ༔ ཨརྒྷཾ་སོགས། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། དབང་ལྷས་དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ཡི་ལྷག་མ་ཡར་ལུད་པ་ལས་རིགས་བདག་འོད་དཔག་མེད་པས་དབུ་བརྒྱན་པར་གྱུར། རང་ལས་སྤྲུལ་པའི་ལྷ་མོ་མཆོད་རྫས་ཐོགས་པ་དཔག་ཏུ་མེད་པས་བདག་ཉིད་ལ་མཆོད་ཅིང་བསྟོད་པར་གྱུར། ཨརྒྷཾ་སོགས་དང་། །འཇིག་རྟེན་མགོན་པོའི་སྤྱན་ཆབ་ལས་འཁྲུངས་ཤིང་། །གངས་རིའི་མདོག་མཚུངས་ནོར་འཆང་ཀུན་གྱི་རྗེ། །སེར་སྣའི་ལས་ཀྱི་གདུང་བ་ཀུན་སེལ་ཞིང་། །མཁའ་འགྲོ་སྡེ་བཞིའི་བསྐོར་ལ་ཕྱག་འཚལ་བསྟོད། །དེ་ལྟ་བུའི་མངོན་རྟོགས་མི་གསལ་ན་ངག་ཏུ་བརྗོད་ཅིང་གསལ་གདབ། ཡིད་ཀྱིས་གསལ་བར་སྒོམ་ནུས་ན་མངོན་རྟོགས་ངག་ཏུ་མ་བརྗོད་ཀྱང་ཆོག །དེ་ལྟ་བུའི་བསྐྱེད་རིམ་དེ་ཡང་རྣམ་པ་གསལ་ཞིང་སྤུ་རིས་དོད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་གསལ་ཡང་རང་བཞིན་མེད་པའི་འཇའ་ཚོན་ལྟ་བུ་སྣང་ཞིང་སྟོང་ལ་ཆུ་ཟླ་ལྟ་བུར་བསྒོམ་པ་བསྐྱེད་རིམ་མོ། །དེ་ནས། རང་གི་ཐུགས་ཀར་པདྨ་དཀར་པོ་དང་ཟླ་བ་རྒྱས་པའི་སྟེང་དུ་ཡིད་བཞིན་ནོར་བུ་ཛཾ་ཡིག་དཀར་པོའི་མཚན་པའི་མཐར་བཟླ་བྱའི་སྔགས་ཕྲེང་མུ་ཏིག་གི་ཕྲེང་བ་ལྟ་བུར་གཡོན་དུ་བསྐོར་བར་དམིགས་ལ། དེ་ཀློག་པའི་ཚུལ་དུ་ཅུང་ཟད་བཟླས་པས།


CMR045_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་འོད་ཟེར་དཀར་པོ་བྱུང་སྟེ་སྔགས་འབྲུ་མི་འཁོར་བར་འོད་ཟེར་དཀར་པོ་ཀྱི་ལི་ལི་འཁོར་བ་དང་། དེ་ནས་སྔགས་ཕྲེང་གཡས་སྐོར་དུ་ཀྱི་ལི་ལི་འཁོར་བར་བསྒོམ་པ་ནི། བསྙེན་པའོ།། སྔགས་ཕྲེང་དེ་ལས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་ལ་མཆོད་པའི་སྤྲིན་དུ་གྱུར་ནས་མཆོད། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བྱིན་རླབས་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་རང་ལ་བསྡུ་བ་དང་། སྔགས་ཕྲེང་འཁོར་བཞིན་འོད་ཟེར་སེམས་ཅན་ཐམས་ཅད་ལ་ཕོག་པས་བཀྲེས་སྐོམ་དབུལ་ཕོངས་ཀྱི་དུཁ་གསལ་ནས་འཕགས་པ་སྨུག་འཛིན་གྱི་གོ་འཕང་ལ་བཀོད། འཇིག་རྟེན་གྱི་ལྷ་འདྲེ་མི་གསུམ་གྱི་བསོད་ནམས་དཔལ་འབྱོར་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་བསྡུས་ནས་རང་ཉིད་ལ་ཐིམ་པས་བསོད་ནམས་དབང་ཐང་རྒྱས་པར་བསམས་ལ་བཟླ་བ་ནི་ཉེ་བར་བསྙེན་པའོ། །ཐུགས་ཀའི་ནོར་བུ་ཇི་ཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དཀར་པོ་འཕྲོས་པས་ལུས་ཀྱི་ནང་ཐམས་ཅད་གང་བས་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སེར་སྣ་དང་། འཕྲོག་པ་བཅོམ་པ་བརྐུས་པ་ལ་སོགས་པའི་སྡིག་སྒྲིབ་ཐམས་ཅད་དག །འོད་ཟེར་ཉི་མའི་ཟེར་


CMR045_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་བ་སྤུའི་བུ་ག་ནས་འཕྲོས། འོད་ཟེར་རེ་རེའི་རྩེ་ལ་ཛཾ་དཀར་རེ་རེ་བཞུགས་པའི་ནེའུ་ལེ་དང་རིན་པོ་ཆེའི་བེ་ཅོན་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་སི་ལི་ལི་བབས་པས་ཕྱོགས་དང་གནས་ཁང་ཐམས་ཅད་ཕྱུར་བུར་གང་བས་དབུལ་བ་དང་བྲལ་བར་བསྒོམས་ལ་ཅི་ནུས་བཟླ་བ་སྒྲུབ་པའོ། །ཡང་ཐུགས་ཀའི་འོད་ཟེར་ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས་བདེ་བ་ཅན་གྱི་ཞིང་ཁམས་ལྟ་བུར་བྱས། གནས་ལ་ཕོག་པས་པོ་ཊ་ལར་བྱས། གནས་ཁང་ལ་ཕོག་པས་རིན་པོ་ཆེའི་གཞལ་ཡས་ཁང་དུ་བྱས། སེམས་ཅན་ཐམས་ཅད་ལ་ཕོག་པས་ཛཾ་དཀར་ཤ་སྟག་ཏུ་གྱུར། དེ་ཐམས་ཅད་ཀྱིས་སྔགས་སྒྲ་འུ་རུ་རུ་སྒྲོགས་པས་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་སི་ལི་ལི་འབབ་པར་བསྒོམས་ལ་བཟླ་བ་ནི་སྒྲུབ་པ་ཆེན་པོའོ། །དེ་ཡན་ཆད་བསྐྱེད་པའི་རིམ་པ་སྟེ་ཉིན་མོའི་རྣལ་འབྱོར་རོ། ༈ །དེ་ཡང་རྒྱ་གཞུང་ལས། དེ་ནས་དུས་རྟག་ཏུ་སྲོད་ལ་རྣམ་པར་མི་རྟོག་པའི་ངང་ལ་བཞག་ཅེས་གསུངས། ནུབ་མུན་རུབ་ནས་སྐྱེ་འགྲོ་ཐམས་ཅད་ཇི་ལྟར་གསལ་བ་དེ་རང་ལ་བསྡུ། ཕྱི་སྣོད་པོ་ཊ་ལ་དང་བདེ་བ་ཅན་གསལ་བ་དེ་གཞལ་ཡས་ཁང་ལ་བསྡུ། དེ་ཡང་རང་ཉིད་ལ་བསྟིམ། འབྲུག་རང་ཉིད་ལ་བསྡུ། རང་ཉིད་དབུ་ནས་མར། ཞབས་ནས་ཡར་བསྡུས་ལ་ཐུགས་ཀའི་སྔགས་ཕྲེང་ལ། དེ་ནོར་བུ་ལ། ནོར་བུ་ཛ་ཡིག་ལ་ཐིམ་དེ་ཐིག་ལེ་མུ་


CMR045_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཏིག་གི་མདོག་ཡུངས་ཀར་ཙམ་ལ་ཡུན་རིང་དུ་སེམས་བཟུང་བ་མཚན་བཅས་ཞི་གནས་སོ། །དེ་ནས་ཐིག་ལེ་ཡང་འཇའ་ཡལ་བ་ལྟར་སོང་ནས་སེམས་གང་ལ་ཡང་མི་རྟོག་པ་བཞག་པ་ནི། མཚན་མེད་ཞི་གནས་སོ། །སེམས་རྣམ་རྟོག་འཕྲོ་ཡང་རུང་སྟེ་དེའི་ངོ་བོ་ལ་ཅེར་གྱིས་བལྟས་པས་རང་བཞིན་མེད་པར་ལྷག་གིས་མཐོང་བ་ལྷག་མཐོང་ངོ་། །དེ་ཡང་རྣམ་རྟོག་རེ་སྐྱེས་ཤིང་དེ་ཡི་ངོ་བོ་ལ་ཅེར་གྱིས་ལྟ་བ་ཐ་མ་རྣམ་རྟོག་སྐྱེས་པ་དང་མཉམ་དུ་དྲན་པས་འཛིན་ནས་ཤར་གྲོལ་དུ་སོང་སྟེ་དྲན་ཙམ་དུ་ཉམས་ལེན་སྟེང་ནས་སླེབས་ན་འབྲིང་ངོ་། །བལྟ་བྱ་ལྟ་བྱེད་དང་བྲལ་ཏེ་སོ་མ་ལྷུག་པར་རང་བབས་སུ་བཞག་པས་དྲན་རིག་ཐམས་ཅད་ཆུ་ལ་ཆུ་རླབས་ལྟར་ཉམས་ལེན་གྱི་ངང་དུ་ཐིམ་ན་རབ་ཡིན་པས་དེ་ལྟར་རྫོགས་རིམ་མི་རྟོག་ཡེ་ཤེས་ཁོ་ན་བསྒོམ་ཞིང་རྣམ་པར་མི་རྟོག་པའི་སྔགས་ཁོ་ན་བཟླའོ། །དེས་ནི་མཆོག་གི་དངོས་གྲུབ་དང་། ཐུན་མོང་ངམ་བཟའ་བཏུང་འདུ་བ་གཉིས་ཀ་འགྲུབ་བོ། །དེ་ནི་རྫོགས་པའི་རིམ་པ་མཚན་མོའི་རྣལ་འབྱོར་རོ། །།ནངས་ནུབ་སོགས་ལ་སྐད་ཅིག་དྲན་རྫོགས་སུ་ཛ་དཀར་དམ་ཡེ་དབྱེར་མེད་པ་རིགས་བདག་སྤྱི་བོར་རང་ཆསསུ་བཞུགས་པ་གཅིག་ཆུ་ལས་ཉ་ལྡང་བའི་ཚུལ་དུ་བསྐྱེད། དེ་ལྟར་བསྐྱེད་མཁན་སེམས་ཡིན་སེམས་སྟོང་པ་ཉིད་ཡིན་སྟོང་པ་ཉིད་ཆོས་སྐུ་ཡིན། སེམས་སྟོང་པ་ཉིད་རྟོགས་པའི་ངང་ལས་བསྐྱེད་རིམ་གསལ་བ་འཇའ་ཚོན་ལྟ་བུ་ཡིན། དེ་གསལ་སྟོང་ཟུང་འཇུག་ཡིན་པ་ཤེས་པར་བྱས་ལ་ཉམས་ལེན་གྱི་དྲན་རྫི་དང་མ་བྲལ་བའི་ངང་ནས་བསྐྱེད་རིམ་བསྒོམས་པས་


CMR045_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རྫོགས་ཟུང་འཇུག་གོ །མཆོག་ཐུན་མོང་གི་དངོས་གྲུབ་ཚེགས་ཆུང་ངུའི་བདེ་བླག་ཏུ་ཐོབ་པའི་ཐབས་ཟབ་མོ་འདི། དབྱིག་མདའ་བླ་མ་ཀརྨ་བརྩོན་འགྲུས་ཀྱིས་བསྐུལ་བར་དགེ་སློང་ཨ་རཱ་གས་བཀོད་པ་ལ་ཉེས་པ་གང་མཆིས་ཛཾ་ལྷ་ཉིད་ལ་བཤགས་ཤིང་དགེ་བས་སེམས་ཅན་ཐམས་ཅད་དབུལ་ཕོངས་དང་བྲལ་ནས་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག །མངྒ་ལཾ།། ༈ སྤྱོད་ལམ་ལམ་ཁྱེར་ཁྱེར་བདེ་བ་བཞུགས་སོ།། ན་མོ་ལོ་ཀི་ཤྭ་ར་ཡ། ཛམ་དཀར་ཡི་དམ་ལྟར་སྒྲུབ་པའི་སྤྱོད་ལམ་རྣལ་འབྱོར་ནི་ནངས་པར་རྣལ་སད་མ་ཐག་ཌཱཀི་བཞིས་རོལ་མོའི་སྒྲས་མ་རིག་གཉིད་ལས་བསླང་བར་མོས་ལ་ཙོག་པུར་བྱ། མལ་ནས་ལངས་ནས་ཆོས་སྐུ་སྟོང་པའི་ངང་ལས་ཐུགས་རྗེ་སྒྱུ་མའི་སྐུ་ཛཾ་ལྷ་དཀར་པོ་ཝལ་གྱིས་གསལ་བཏབ་ལ་སེམས་ཅན་གྱི་དོན་དུ་བཞེངས་པར་བསམ་སྟེ། གོས་རྣམས་ལྷ་རྫས་གོས་ཀྱི་དར་སྣ་ཚོགས་སྟོད་གཡོགས་དང་སྨད་དཀྲིས། སྐ་རགས་ལྷམ་སྒྲོག་སོགས་རིན་པོ་ཆེའི་རྐང་གདུབ་དང་། རིན་པོ་ཆེའི་སྐེད་ཆིངས་ཕྲེང་བ་སོགས་རིན་པོ་ཆེའི་རྒྱན་དུ་བྱིན་གྱིས་བརླབས་ཤིང་གྱོན། འགྲོ་བའི་ཚེ་རང་ཉིད་གི་གཡས་ཕྱོགས་སུ་དཔག་བསམ་ཤིང་གི་རྩེར་པདྨ་དང་ཟླ་བའི་གདན་ལ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཛཾ་དཀར་ལྷ་ལྔ་གསལ་བ་ལ་སྐོར་བ་བྱེད་པར་མོས་ལ་འགྲོའོ། །འདུག་པའི་ཚེ་ཁང་པ་དེ་རིན་ཆེན་གཞལ་ཡས་ཁང་། གདན་པདྨ་དང་ཟླ་བའི་གདན་ལ་དམིགས་ནས་སྲིད་ཞིའི་མཐའ་ལ་མི་གནས་པ་ནམ་མཁའ་ཇི་སྲིད་འགྲོ་བའི་དོན་དུ་ལྡང་བར་བསམ་ལ་འདུག་གོ །ཟ་བའི་


CMR045_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྣོད་རིན་པོ་ཆེའི་སྣོད་དང་ཟས་བདུད་རྩི་དཀར་གསུམ་ལ་སོགས་སུ་བསམས་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ་རང་ཛ་དཀར་དུ་གསལ་བའི་ལུས་ནང་སྟོང་ཞིང་གསལ་བ། ལྟོ་བ་མེ་ཉམས་ཀྱི་རླུང་ངམ་ཨ་ཐུང་གི་་མེ། ཁ་དབང་གི་ཐབ་ཁུང་ཟླ་གམ། ལག་གཉིས་སྒང་གཟར་དང་བླུགས་གཟར་ལྕེ་མེ་ལྕེའི་རང་བཞིན་དུ་གྱུར། ཡེ་ནས་གནས་པ་དེ་གསལ་གདབ། རང་གི་སྙིང་ཁར་ཛ་དཀར་ལྷ་ལྔ་ཡེ་ཤེས་དམ་ཚིག་དབྱེར་མེད་སྐུར་བསྒོམས་ནས། བཟའ་བཏུང་ཐམས་ཅད་བསྲེག་བླུག་ཏུ་དམིགས་ཤིང་། འབུལ་བ་ཞལ་དུ་ལྷག་ལྷག་སོང་ནས་ཐུགས་དགྱེས་སྐུ་ལས་བདུད་རྩི་བབས་པས་ལུས་ཁེངས་པར་བསྒོམས་པས་ཚོགས་རྫོགས་ཤིང་ལུས་ཟུངས་འཕེལ་ལོ། །ཉལ་བའི་ཚེ་སྣོད་བཅུད་།ཐམས་ཅད་རང་ལ་བསྡུའོ། །དེ་ཡང་ཇི་ཡིག་ལ་བསྟིམ་དེ་ཡང་མི་དམིགས་པའི་ངང་ལ་ཉལ་བས་གཉིད་དུ་སོང་། རྨི་ལམ་མ་བྱུང་བའི་བར་དུ་འོད་གསལ་ཡུད་ཙམ་འཆར་བ་དེ་ངོས་ཅི་ཟིན་བྱའོ། །དེ་ལ་ཡུན་རིང་དུ་གོམས་ན་འཆི་དུས་ཡང་འོད་གསལ་ངོས་ཟིན་ནས་འཆི་བ་ཆོས་སྐུར་སངས་རྒྱས་སོ། །གལ་ཏེ་རྨི་ལམ་རྨིས་ན་རྨི་ལམ་དུ་ངོ་ཤེས་པར་བྱས་ལ་ཛཾ་དཀར་གྱི་བསྐྱེད་རིམ་བསྒོམ་པར་བྱའོ། །དེ་ལ་ཡང་གོམས་ན་བར་དོར་བསྐྱེད་རིམ་ཟིན་ནས་བར་དོ་ལོངས་སྐུར་སངས་རྒྱས་སོ། །ཐུན་གྱི་མཇུག་ཐམས་ཅད་དུ། འདི་ལྟར་བགྱིས་པའི་དགེ་བའི་རྩ་བ་འདིས་བདག་སོགས་བདེ་བ་ཅན་གྱི་ཞིང་ཁམས་དེར་སྐྱེ་བར་གྱུར་ཅིག །ཅེས་བརྗོད། ཞིང་དེར་སྐྱེ་བ་སྤྲུལ་པའི་སྐུར་སངས་རྒྱས་སོ། །ཞེས་རཱ་ག་ཨ་སྱས་


CMR045_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་ཟབ་པའི་གདམས་པ་སྤྱི། མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

འཕགས་པ་སྨུག་འཛིན་དཀར་པོ་ལྷ་ལྔའི་ལས་བྱང་འདོད་དགུའི་ཆར་འབེབས།


CMR045_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྨུག་འཛིན་དཀར་པོ་ལྷ་ལྔའི་ལས་བྱང་འདོད་དགུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །


CMR045_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨརྱ་ཛཾ་བྷ་ལ་ཡེ། གཏོར་མ་རིན་པོ་ཆེའི་དབྱིབས་ཅན་དཀར་གསུམ་གྱིས་བརྒྱན་པར་བཤམས་ལ། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨ་སྭ་བྷ་ཝ་ཤུདྡྷོཉཧཾ། རིན་ཆེན་ལྔ་ལས་གྲུབ་པ་ཡི། །གཞལ་མེད་ཁང་གི་དབུས་སུ་ནི། །ཛཾ་ལྷ་སྐུ་མདོག་དཀར་པོ་སྟེ། །ཞལ་གཅིག་ཕྱག་གཉིས་གཡས་བེ་ཅོན། །ཕྱག་གཡོན་ནེའུ་ལེ་བསྣམས་པ་སྟེ། གྲུ་མོར་ཁ་ཊཾ་ག་ལྡན་པ། །དབུ་སྐྲ་དམར་སེར་གྱེན་དུ་བརྫེས། །སྤྱན་གསུམ་ཞལ་གདངས་རིན་ཆེན་གྱིས། །བརྒྱན་ལྡན་འབྲུག་ལ་ཆིབས་པའོ། །ཤར་དུ་རྡོ་རྗེ་ཊཱཀྐི་མ། །མཐིང་ནག་གཡས་ན་རྡོ་རྗེ་དང་། །གཡོན་པས་རྟེན་


CMR045_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ནོར་རྫས་འཛིན། །ལྷོ་རུ་རིན་ཆེན་ཌཱཀྐི་མ། །སེར་མོ་གཡས་ན་ནོར་བུ་དང་། །གཡོན་ན་རིན་ཆེན་བུམ་པ་འཛིན། །ནུབ་ཏུ་པདྨ་ཊཱཀྐི་མ། །དམར་མོ་གཡས་ན་པདྨ་དང་། །གཡོན་ན་འགུགས་བྱེད་ལྕགས་ཀྱུ་འཛིན། །བྱང་དུ་ལས་ཀྱི་ཌཱཀྐི་མ། །ལྗང་གུ་རྡོ་རྗེ་རྒྱ་གྲམ་གཡས། །གཡོན་པས་ནེའུ་ལེའི་རྐྱལ་པ་འཛིན། །ཀུན་ཀྱང་རིན་ཆེན་རྒྱན་ལྡན་ཞིང་། །ཕྱེད་བསྐུམ་ཚུལ་གྱིས་བཞུགས་པར་གྱུར། །གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་དང་། །ཐུགས་དབུས་ནོར་བུ་ཛཾ་ཡིག་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར། །སྤྱན་དྲངས་ཤིང་བཞུགས་སུ་གསོལ་


CMR045_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། ཧཱུྃ། སྔོན་གྱི་བསྐལ་པ་དང་པོ་ལ། །འཕགས་པ་སྤྱན་རས་གཟིགས་དབང་གིས། །འགྲོ་བའི་དབུལ་བ་སེལ་བའི་ཕྱིར། །སྤྱན་ཆབ་གཡས་ལས་སྤྲུལ་པའི་སྐུ། །ཛཾ་ལྷ་འབྲུག་ཞོན་ལྷ་ལྔ་པོ། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །འཕགས་པ་ཐུགས་རྗེ་ཆེན་པོ་ཡི། །གནོད་སྦྱིན་རྒྱལ་པོའི་བུར་སྤྲུལ་ཚེ། །ཛཾ་བྷ་ལྷ་ཞེས་མཚན་གསོལ་ཏེ། །ནོར་ལྷའི་རྒྱལ་པོ་ཐུགས་རྗེ་ཅན། །སྨུག་འཛིན་དཀར་པོ་མཁའ་འགྲོའི་ཚོགས། །དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ། །བདག་གི་གནས་ཁང་རིན་ཆེན་གྱི། །གཞལ་ཡས་ཁང་དུ་བྱིན་གྱིས་རློབས། །དུས་རྣམས་རྟག་ཏུ་བརྟན་པར་བཞུགས། །འགྲོ་བའི་རེ་འདོད་བཀང་བ་དང་། །ཆོས་མཐུན་འབྱོར་པ་སྤེལ་བའི་ཕྱིར། །ཐུགས་རྗེའི་དམ་ཚིག་རྗེས་དགོངས་ལ། །བདག་གིས་བསམ་པ་འགྲུབ་པར་མཛོད། །ཨོཾ་པདྨ་ཀྲོ་དྷ་ཨརྱ་ཛཾ་བྷ་ལ་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡ་ས༔ ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། དབང་ལྷ་རིགས་ལྔ་སྤྱན་དྲངས་དབང་བསྐུར་བས། དབང་རྟགས་འོད་དཔག་མེད་སོགས་དབུ་རྒྱན་གྱུར། ཨོཾ། དངོས་སུ་འབྱོར་དང་


CMR045_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱིས་རྣམ་སྤྲུལ་པའི། །།ཉེར་སྤྱོད་སྣ་བདུན་འདོད་པའི་ཡོན་ཏན་ལྔ། །ཞིང་ཁམས་རྒྱ་མཚོ་མཆོད་སྤྲིན་ཐམས་ཅད་པ། །བློ་ཡིས་བླངས་ཏེ་འབྲུག་ཞོན་ལྷ་ལྔ་མཆོད། །ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་བས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བའི་རྣམ་འཕྲུལ་ཛཾ་དཀར་ལྷ་ལྔ་ལ། །བཀྲ་ཤིས་རྫས་རྟགས་དག་གིས་མཆོད་པར་བགྱི། །རིན་ཆེན་གདུགས་དང་གསེར་ཉ་པདྨ་དུང་། །བུམ་པ་རྒྱལ་མཚན་དཔལ་བེའུ་འཁོར་ལོ་སྟེ། །ལྷ་ཡི་དགའ་ཚལ་མཛེས་པར་བྱེད་པ་ཡི། །བཀྲ་ཤིས་རྟོགས་བརྒྱད་དག་ནི་དབུལ་བར་བགྱི། །མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །ཛཾ་དཀར་ཡུམ་དང་བཅས་པ་མ་ལུས་པ། །བཤམས་ཤིང་ཡིད་ཀྱིས་དམིགས་ཏེ་ཕུལ་བ་ཡི། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་པདྨ་ཀྲོ་དྷ་ཨརྱ་ཛཾ་བྷ་ལ་ཧྲི་ད་ཡ་ཧཱུྃ་ཕཊ༔ ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པཉྩ་པཱུ་ཛ། ཨཊྚ་མངྒ་ལཾ་དྲྭ་བྱ་ཨཏྠ་མངྒ་ལཾ་ཧེ་ཏུ། སབ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། དེ་ནས་གཏོར་མ་དཀར་གསུམ་ཅི་འབྱོར་བཤམས་ལ། ཨོཾ་ཨཱཿཧཱུྃ༔ གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །རིན་ཆེན་སྣོད་དུ་གཏོར་མ་


CMR045_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་མེད་ཀྱི། །ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ནོར་ལྷ་རྣམས་ཀྱི་ལྗགས་ཀྱི་པདྨོ་ནི། །ནོར་བུའི་དབྱིབས་ཅན་འོད་ཀྱི་སྦུ་གུ་ཡིས། །གཏོར་མ་དྲངས་ཏེ་གསོལ་བས་དགྱེས་པར་གྱུར། །ཨོཾ་པདྨ་ཀྲོ་དྷ་ཨརྱ་ཛམྦྷ་ལ་ཧྲིདཱ་ཡ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཛྲ་ཌཱཀྐི་ནཱི་ཁཱ་ཧི། རཏྣ་ཊཱཀྐི་ནཱི་ཁཱ་ཧི། པདྨ་ཊཱཀྐི་ནཱི་ལཱ་ཧི། ཀརྨ་ཊཱཀི་ནཱི་ཁཱ་ཧི། དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར་ཅིག །ལན་ཆགས་བུ་ལོན་བྱང་གྱུར་ཅིག །རྣམ་བཞི་མགྲོན་གྱི་ཚོགས་རྣམས་ལ། །ཚད་མེད་མཆོད་སྦྱིན་འདི་བསྔོས་པས། །བདག་དང་སེམས་ཅན་ཐམས་ཅད་ཀུན། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །ཅེས་དང་། བསྟོད་པ་ནི། ཨེ་མ་ཧོ། འཇིག་རྟེན་དབང་ཕྱུག་ནོར་བདག་སྐུ་སྤྲུལ་འཕགས་པ་ནི། །གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །ཞལ་གཅིག་ཕྱག་གཉིས་དབུ་སྐྲ་དམར་སེར་ནོར་བུའི་བརྒྱན། །ཤ་རྒྱས་གསུས་འཕྱང་སྣ་ཚོགས་དར་གྱི་ན་བཟས་བཀླུབས། །ཕྱག་


CMR045_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་བེ་ཅོན་འཛིན་པས་འཇིག་རྟེན་དབང་དུ་བསྡུས། །གཡོན་པས་ནེའུ་ལེ་འཛིན་པས་ལོངས་སྤྱོད་ཆར་བཞིན་འབེབས། །སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་འབྲུག་ལ་ཆིབས། །སྣ་ཚོགས་རིན་ཆེན་རྒྱན་གྱིས་མཛེས་ལ་ཕྱག་འཚལ་བསྟོད། །གཡོན་གྱི་གྲུ་མོར་རྡོ་རྗེ་ཁ་ཊཾ་བསྣམས་པ་ནི། །ཉིད་ཀྱི་སྐུ་ལ་གཉིས་མེད་འཁྲིལ་བའི་ཡུམ་མཆོག་མཚོན། །སྤྱན་གསུམ་ཁྲོ་གཉེར་ཅུང་ཟད་བསྡུས་པ་ཞི་ཁྲོའི་ཚུལ། །ཡིད་ལ་རེ་བའི་འབྲས་བུ་སྦྱིན་ལ་ཕྱག་འཚལ་བསྟོད། །ཤར་དུ་ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་སྐུ། །རྡོ་རྗེ་མཁའ་འགྲོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་པས་རྡོ་རྗེ་གཡོན་པས་རྟེན་འབྲེལ་ནོར་རྫས་འཛིན། །བགེགས་རིགས་ཀུན་འཇོམས་རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་བསྟོད། །ལྷོ་རུ་སེར་སྣ་རྣམ་དག་མཉམ་ཉིད་ཡེ་ཤེས་སྐུ། །རིན་ཆེན་མཁའ་འགྲོ་སེར་མོ་ཞལ་གཅིག་ཕྱག་གཉིས་མ། །གཡས་པས་ནོར་བུ་གཡོན་པས་།རིན་ཆེན་བུམ་པ་འཛིན། །དབྱིག་གིས་ཆར་འབེབས་རིན་ཆེན་མཁའ་འགྲོར་ཕྱག་འཚལ་བསྟོད། །ནུབ་ཏུ་འདོད་ཆགས་རྣམ་དག་སོར་རྟོག་ཡེ་ཤེས་སྐུ། །པདྨ་མཁའ་འགྲོ་དམར་


CMR045_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

མོར་ཞལ་གཅིག་ཕྱག་གཉིས་མ། །གཡས་པས་པདྨ་གཡོན་པས་འགུགས་བྱེད་ལྕགས་ཀྱུ་འཛིན། །འགྲོ་རྣམས་དབང་སྡུད་པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །བྱང་དུ་ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་སྐུ། །ལས་ཀྱི་མཁའ་འགྲོ་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། །གཡས་པས་རྒྱ་གྲམ་གཡོན་པས་ནེའུ་ལེའི་རྐྱལ་པ་འཛིན། །ལས་ཀུན་འགྲུབ་མཛད་སྣ་ཚོགས་མཁའ་འགྲོར་ཕྱག་འཚལ་བསྟོད། །འགྲོ་བ་དབུལ་བའི་སྡུག་བསྔལ་གཟིགས་གྱུར་ནས། །འཇིག་རྟེན་མགོན་པོའི་སྤྱན་ཆབ་ལས་འཁྲུངས་པའི། །གངས་རི་ལྟར་དཀར་ནོར་འཆང་ཀུན་གྱི་རྗེ། །མཁའ་འགྲོ་བཞི་ཡིས་བསྐོར་ལ་ཕྱག་འཚལ་བསྟོད། །སེར་སྣའི་ལས་ཀྱི་མེ་ཡིས་གདུང་བ་སེལ། །སྐྱེ་དང་སྐྱེ་བར་ཁྱོད་ལ་གསོལ་འདེབས་ཀྱི། །ད་ཆེན་བདུད་རྩི་གཏེར་གྱི་ཆར་རྒྱུན་གྱིས། །བདག་སོགས་དབུལ་བའི་སྡུག་བསྔལ་ཞི་བར་མཛོད།། ༈ ཨོཾ་པདྨ་ཀྲོ་དྷ་ཨརྱ་ཛམྦྷ་ལ་ཧྲིདཱ་ཡ་ཧཱུྃ་ཕཊ༔ བཛྲ་ཌཱཀྐི་ནཱི། རཏྣ་ཊཀྐི་ནི། པདྨ་ཊཱཀྐི་ནི། ཀརྨ་ཀི་ནཱི། པི་ཤ་ནི་སརྦ་སིདྡྷི་སྭཱ་ཧཱ། ཞེས་པའོ། །སྨི། མཆན། འདིར་བསྙེན་པ་ཅི་འགྲུབ་བྱ། ཐུན་བསྡུ་བའི་ཚེ། ལྷ་ལྔ་རང་གི་སྙིང་ཁར་ཐིམ། །


CMR045_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་སྤྲིན་བཞིན་འདུ་བར་གྱུར། །མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་བསྩལ་བ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །ཅེས་སྔགས་འཆང་རཱ་ག་ཨ་སྱས་རང་གཞན་ཀུན་ལ་ཕན་པའི་ཕྱིར། རཏྣ་དཱི་པས་མཛད་པའི་ཟིན་བྲིས་ལྟར་བྲིས་པའོ། །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་པར་ཤོག །བསྔོ་སྨོན་བཀྲ་ཤིས་རྒྱས་གདབ་བོ། །ཞེས་རཏ་དཱི་པས་མཛད་པའི་སྒྲུབ་ཐབས་ཀྱི་མཛེས་རྒྱན་དུ། སྔགས་འཆང་རཱ་ག་ཨ་སྱས་བདག་གཞན་ཀུན་ལ་ཕན་པའི་ཕྱིར་བྲིས་པའོ། མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ཛཾ་དཀར་གཞུང་རྒྱས་པའི་དོན་བསྡུས་རྒྱུན་ཁྱེར།


CMR045_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཛཾ་དཀར་གཞུང་རྒྱས་པའི་དོན་བསྡུས་རྒྱུན་ཁྱེར་བཞུགས་སོ།། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨཱསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་ཨརྱ་ཛམྦྷ་ལ། །དཀར་པོ་ཞལ་གཅིག་ཕྱག་གཉིས་འབྲུག་ལ་ཞོན། །ཕྱག་གཡས་བེ་ཅོན་གཡོན་པས་ནེའུ་ལེ་ཡི། །དགོས་འདོད་རིན་ཆེན་ཆར་འབེབས་ཁ་ཊཾ་བསྣམས། །ཁྲོ་འཛུམ་ཉམས་ལྡན་སྤྱན་གསུམ་དབུ་སྐྲ་སེར། །རིན་ཆེན་སྣ་ཚོགས་ཡིད་འོང་རྒྱན་གྱིས་མཛེས། །འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས། །འཇིག་རྟེན་ཁམས་ཀྱི་ཟས་ནོར་ཐམས་ཅད་བསྡུས། །རང་ལ་བྱིན་པས་དབུལ་བའི་སྡུག་བསྔལ་ཞི། །དགོས་འདོད་ཐམས་ཅད་ཡིད་བཞིན་འགྲུབ་གྱུར་ཅིག །ཨོཾ་པདྨ་ཀྲོ་དྷ་ཨརྱ་ཛཾ་བྷ་ལ་ཧྲི་ད་ཡ་ཧཱུྃ་ཕཊ། མང་དུ་བཟླ། ༀ་པདྨ་ཀྲོ་དྷ་ཨརྱ་ཛཾ་བྷ་ལ་ཧྲི་ད་ཡ་ཨརྒྷཾ་པཱཏྱཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤབྟ་ཨཱཿཧཱུྃ། ཞེས་མཆོད་ལ། བསྟོད་པ་ནི། །འཇིག་རྟེན་དབང་ཕྱུག་ཐུགས་ཀྱི་སྤྲུལ་པ་ནི། །འགྲོ་ཀུན་དབུལ་བ་སེལ་མཛད་ནོར་གྱི་ལྷ། །དྲན་པ་ཙམ་གྱིས་རིན་ཆེན་ཆར་འབེབས་པའི། །འཕགས་པ་ཛཾ་བྷ་ལྷ་ལ་ཕྱག་འཚལ་བསྟོད། །དེ་ལྟར་མཆོད་ཅིང་གསོལ་བ་བཏབ་པའི་མཐུས། །ཚེ་འདིར་ནད་མེད་དགོས་འདོད་ཕུན་


CMR045_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས། །བསམ་པ་ཐམས་ཅད་ཡིད་བཞིན་འགྲུབ་པ་དང་། །ཕྱི་མ་བདེ་ཆེན་ཞིང་དེར་སྐྱེ་བར་ཤོག །ཨོཾ་ལས་རིན་ཆེན་སྣོད་ནང་དུ། །ལྷ་རྫས་དཀར་གསུམ་མངར་གསུམ་རྣམས། །ཁ་དོག་དྲི་རོ་ཕུན་ཚོགས་པའི། །ཟག་མེད་ཡེ་ཤེས་བདུད་རྩི་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ༔ ཨོཾ་པདྨ་ཀྲོ་དྷ་ཨརྱ་ཛཾ་བྷ་ལ་ཨི་དམ་བྷ་ལཾ་ཏ་ཁཱ་ཧི་ཁཱ་ཧི། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །འགལ་རྐྱེན་བར་ཆད་ཞི་བ་དང་། །ཚེ་དང་བསོད་ནམས་རྒྱས་པ་དང་། །འདོད་དགུ་ཆར་ལྟར་འབེབས་པར་མཛོད། །ཅེས་རྒྱ་གཞུང་གི་དོན་བསྡུས་ནས་རྒྱུན་ཁྱེར་དུ་ཨ་རཱ་གས་གསུངས་སོ། །སརྦ་མངྒ་ལཾ།། །།

འཕགས་པ་ཛམྦྷ་ལྷ་དཀར་པོའི་སྒྲུབ་ཐབས་ཀྱི་ཟིན་བྲིས།


CMR045_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཛམྦྷ་ལྷ་དཀར་པོའི་སྒྲུབ་ཐབས་ཀྱི་ཟིན་བྲིས་བཞུགས་སོ།


CMR045_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཛཾ་བྷ་ལ་དཀར་པོའི་སྒྲུབ་ཐབས། པཎྜི་ཏ་ཆེན་པོ་ཇོ་བོ་ལྷ་གཅིག་གིས་མཛད་པ་དང་། དེའི་དོན་བསྡུས་ཏེ་ཞྭ་དམར་བ་དཀོན་མཆོག་ཡན་ལག་གིས་མཛད་པ་འདི་ལ་ཕྱི་ནང་གསང་བའི་སྒྲུབ་པ། ལས་ཚོགས་འཐོར་བུར་སྒྲུབ་པ་སོགས་མང་དུ་ཡོད་པ་ལས། གསང་སྒྲུབ་ནི་གཙོ་བོ་ཡིན། དེ་ལ་སྐུ་འདྲའམ་འཁོར་ལོ་གའུ་སོགས། གཞུང་དང་ཕྱག་ལེན་ལྟར་བཅས་ནས་འདོན་བྱ་ལ། ད་ནངས་ཞོགས་པ་ཚེ་སྒྲུབ་སོགས་ཐུགས་དམ་གཞན་བྱ། ཉི་མ་རི་རྩེར་ཕོག་དུས་རང་ཉིད་ཁ་སར་པཱ་ཎིར་སྒོམ། མདུན་དུ་ཐེབ་ཙེའམ་རིན་ཆེན་སྣོད་དུ་ཛ་དཀར་ལྷ་ལྔ་བསྒོམས་ལ་ཆུ་


CMR045_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་ཏེ་སྔགས་བརྒྱ་རྩ་བསྟོད་པ་ཉུང་ངུ་རེ་བྱ། ཆུ་འབུལ་དུས་ཆུ་དེ་མུ་ཏིག་གི་རྒྱུན་དུ་བསྒོམ་ལ་འབུལ། ཆུ་ཐིགས་གཅིག་ལྕེར་བཞག་ལ་དངོས་གྲུབ་ཐོབ་པར་བསྒོམ་དེ་ནས་སྲིན་ལག་སོགས་ཀྱིས་ཕྱོགས་བཞིར་གཏོར་ཞིང་ཡིག་བརྒྱ་ཚར་གཅིག་འདོན། མདུན་བསྐྱེད་རང་ལ་ཐིམ་པར་བསྒོམ། ༈ དེ་ནས་ལས་བྱང་ཚར་གཅིག་གིས་བདག་བསྐྱེད་ཛ་དཀར་ལྷ་ལྔ་དང་། མདུན་གྱི་གའུ་ལྷ་ལྔ་རིན་པོ་ཆེའི་གཞལ་ཡས་ཁང་ལྟར་གྱུར་པའི་ནང་དུ་ལྷ་ལྔ་སོ་སོར་བསྒོམ། སྤྱན་འདྲེན་མཆོད་པ་གཏོར་མ་བསྔོ་བ་བསྟོད་པ་ནས་བསྙེན་པའི་བར་བྱ། ཐོག་མར་བསྙེན་དུས་དཔྲལ་བར་སིན་དྷུ་


CMR045_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

རའི་ཐིག་ལེ་ཐོན་ན་ལེགས། བདག་མདུན་གཉིས་ཀའི་གཙོ་བོའི་ཐུགས་ཀར་ཟླ་བའི་གདན་ལ་ཛཾ་ཡིག་དཀར་པོ་ལ་སྔགས་ཕྲེང་གཡས་སུ་འཁོར་བ། འཁོར་བཞིའི་ཐུགས་ཀར་ཧ་རི་ནི་ས་འབྲུ་རེ་རེའོ། །རང་གི་ཐུགས་ཀའི་སྔགས་ཕྲེང་འཁོར་བཞིན་པ་ལས་དང་པོ་འོད་ཟེར་དང་། ཕྱིས་ནས་སྔགས་ཕྲེང་རང་གི་ཞལ་ནས་ཐོན། མདུན་བསྐྱེད་ཞལ་དུ་ཞུགས། ཐུགས་ཀར་ཐིམ་པས་ཐུགས་བརྒྱུད་བསྐུལ་ཞིང་། སྔགས་ཕྲེང་ཚུར་ལྟེ་བ་ནས་ཐོན། རང་གི་ལྟེ་བ་ནས་ཞུགས་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསྒོམ། དེ་ནས་བདག་མདུན་བར་དུ་འཁོར་བའི་སྔགས་ཕྲེང་ལས། འོད་ཟེར་དཀར་ལ་དམར་མདངས་ཅན་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་ཐམས་ཅད་མཆོད། དེ་རྣམས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་རང་དང་མདུན་གྱི་གའུ་ཡི་ལྷ་ཚོགས་ལ་སིབ་སིབ་ཐིམ། ཡང་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་དང་ཁྱད་པར་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ། སེམས་ཅན་ཐམས་ཅད་བདེ་སྐྱིད་དང་བསོད་ནམས་རྒྱས། འཇིག་རྟེན་


CMR045_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཀྱི་ཚེ་བསོད་ནམས་བདེ་སྐྱིད་ལོངས་སྤྱོད་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་བདག་དང་མདུན་གྱི་གའུ་ལྷ་དང་བཅས་པ་ལ་ཐིམ་པར་བསྒོམ་ཞིང་། ཨོཾ་པདྨ་ཀྲོ་དྷ་ཨརྱ་ཛམྦྷ་ལ་ཧྲི་ད་ཡ་ཧཱུྃ་ཕཊ། ཅེས་བསྙེན་པ་བྱ། དེ་ནས་གཏོར་མ་གསོས་ལ་ཉི་དྲོས་ལས་བྱང་ཚར་གཅིག །ཕྱེད་ཡོལ་ཚར་གཅིག །ཉི་མ་ཐལ་ཁ་ཚར་གཅིག །དེ་ལྟར་ལས་བྱང་ཚར་བཞི་ཆུ་གཏོར་ཚར་ལྔ། མཚན་གཏོར་བསྔོས་ཁཱ་ཧི་ཙམ་དང་ཐུན་དྲུག་གི་རྣམ་པར་བྱ། ཉིན་མོ་ལ་སྔགས་དེ་དང་དམིགས་པ་དེ་ཡིན་ལ། དེ་ནས་མཚན་མོ་ལ་དམིགས་པ་ཅི་ཡང་མི་སྒོམ་པར་དམིགས་མེད་ཕྱག་རྒྱ་ཆེན་པོའི་ཉམས་ལེན་གྱི་ངང་ནས་རྣམ་པར་མི་རྟོག་པའི་གཟུངས། ཏདྱ་ཐཱ༔ ཨོཾ་ཚོམ་མེ་ལེ་དུ་ཀ་ཧཱུྃ་ཕཊ་སྭཱ་ཧཱ༔ འདི་ཁོ་ན་ཅི་ཐོན་བཟླ། དེ་ལྟར་ཞག་བདུན་ནམ་ལྔའམ་བཅུ་བཞི་སྒྲུབ་པ་བྱས་པ་ནི་བསྙེན་སྒྲུབ་གཉིས་ཀའི་དོན་འདུས་ཡིན་ལ། དེ་ནས་སྒྲུབ་པ་ཆེན་པོ་དང་ལས་སྦྱོར་ནི། སྔགས་འཁོར་གོང་ལྟར་ལས་མདུན་བསྐྱེད་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། འཇིག་རྟེན་ཁམས་ཀྱི་རྒྱལ་བློན་ཡུལ་ཁམས་ཟས་ནོར་ཐམས་ཅད་ལོངས་སྤྱོད་ཚེ་བསོད་ནམས་སྟོབས་དང་དབང་ཐང་ཐམས་ཅད་འོད་ཟེར་གྱི་


CMR045_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བསྡུས་ནས། བདག་དང་གའུ་དབུས་མ་ལ་ཐིམ་པར་བསྒོམ། པདྨ་ཀྲོ་དྷའི་སྔགས་མཐར། ༈ ཨོཾ་པི་ཤ་ནི་ལོ་ཀ་སརྦ་པ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་ཞག་གསུམ་ཙམ་བཟླའོ། །༈ དེ་ནས་ཐུན་སོགས་བྱེད་ལུགས་འདྲ་སྟེ་བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་གཙོ་བོ་ལ་ཕོག །དེ་ལས་འོད་ཟེར་འཕྲོས་ཤར་གྱི་རྡོ་རྗེ་མཁའ་འགྲོ་ལ་ཕོག །དེའི་ཐུགས་ཀར་ཟླ་བའི་གདན་ལ། ཧ་སྔོན་པོ་ལ། ཨོཾ་བཛྲ་ཌཱཀྐི་ནི་ཧཱུྃ་ཕཊ༔ ཅེས་གཡོན་དུ་འཁོར་བ་ལས་འོད་ཟེར་སྔོན་པོ་ཕྱོགས་བཅུར་འཕྲོས་པས། སྟེང་ལྷའི་འོག་ཀླུའི་བར་མིའི་འཇིག་རྟེན་ཁམས་ཀྱི་ཚེ་བསོད་ལོངས་སྤྱོད་ཐམས་ཅད་བསྡུས་ནས་བདག་དང་ཤར་གྱི་གའུ་ལ་ཐིམ་པར་བསྒོམ་ཞིང་། པདྨ་ཀྲོ་དྷའི་སྔགས་མཐར། ཨོཾ་བཛྲ་ཌཱཀྐི་ནཱི་པི་ཤ་ནི། དེ་ཝ་ནཱ་ག་མ་ནུ་ལོ་ཀ་སརྦ་པ་ཤཾ་ཀུ་རུ་སྭཱ་ཧཱ། ཞག་གསུམ་ཙམ་བཟླ། ༈ བདག་གི་ཐུགས་ཀའི་འོད་ཟེར་མདུན་བསྐྱེད་གཙོ་བོ་ལ་ཕོག །གཙོ་བོའི་འོད་ཟེར་རིན་ཆེན་མཁའ་འགྲོ་ལ་ཕོག་པས་དེའི་ཐུགས་ཀར་ཟླ་བའི་གདན་ལ་རི་ཡིག་སེར་པོ་ལ་ཨོཾ་རཏྣ་ཌཱཀྐི་ནི་ཧཱུྃ་ཕཊ༔ གཡོན་དུ་འཁོར་བ་ལས་འོད་ཟེར་སེར་པོ་འཕྲོས་པས་འཇིག་རྟེན་ཁམས་ཀྱི་ཟས་རོ་བཅུད་དང་ལྡན་པ་ཅི་


CMR045_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་ཐམས་ཅད་བསྡུས་ནས། རང་ལྷ་མོའི་གའུ་ལ་ཐིམ་པར་བསྒོམ་ཞིང་། ཨོཾ་པདྨ་ཀྲོ་དྷའི་མཐར། ཨོཾ་རཏྣ་ཊཱཀྐི་ནཱི་པི་ཤ་ནི་ན་ན་ཥ་དྷེ་སརྦ་པ་ཤང་ཀུ་རུ་སྭཱ་ཧཱ། ཞག་གསུམ་ཙམ་བཟླ། ༈ རང་གི་ཐུགས་ཀར་འོད་ཟེར་མདུན་བསྐྱེད་ལ་ཕོག་དེའི་འོད་ཟེར་ནུབ་པདྨ་མཁའ་འགྲོ་ལ་ཕོག་པས་དེའི་ཐུགས་ཀར་ཟླ་བ་ལ་ནི་ཡིག་དམར་པོའི་མཐར། ཨོཾ་པདྨ་ཊཱཀྐི་ནི་ཧཱུྃ་ཕཊ༔ གཡོན་དུ་འཁོར་བ་ལས་འོད་ཟེར་དམར་པོ་འཕྲོས་པས། རྒྱལ་བློན་ཡུལ་མི་གཙོ་བོ། ཀླུ་དང་ས་བདག་གཞི་བདག་ཐམས་ཅད་ཀྱི་བསོད་ནམས་དངོས་གྲུབ་མ་འཀ་ཐམས་ཅད་བསྡུས་ནས། བདག་དང་ནུབ་ཀྱི་གའུ་ལ་ཐིམ་པས་དེ་ཐམས་ཅད་དབང་དུ་འདུས་པར་བསྒོམ། པདྨ་ཀྲོ་དྷའི་སྔགས་མཐར། ཨོཾ་པདྨ་ཊཱཀྐི་ནཱི་པི་ཤ་མ་ནུ། དེ་ཝ་བྷུ་མི་ནཱ་ག་སརྦ་པ་ཤཾ་ཀུ་རུ་སྭཱ་ཧཱ། ཞག་གསུམ་ཙམ་བཟླ། ༈ ཐུགས་ཀའི་འོད་ཟེར་མདུན་བསྐྱེད་ལ་ཕོག་དེའི་འོད་ཟེར་བྱང་ལས་ཀྱི་མཁའ་འགྲོ་ལ་ཕོག་པས། དེའི་ཐུགས་ཀར་ཟླ་སྟེང་ས་ལྗང་གུ་ལ། ཨོཾ་ཀརྨ་ཊཱཀྐི་ནི་ཧཱུྃ་ཕཊ། གཡོན་དུ་འཁོར་བ་ལས་འོད་ཟེར་ལྗང་གུ་འཕྲོས་པས། འཇིག་རྟེན་ཁམས་ཀྱི་མི་ནོར་ལོངས་སྤྱོད་ཐམས་ཅད་འོད་ཟེར་དེས་དབང་དུ་བསྡུས་ནས་འོད་


CMR045_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་གྱི་རྣམ་པར་རང་དང་བྱང་གི་གའུ་ལ་ཐིམ་པར་བསྒོམས་ལ། པདྨ་ཀྲོ་དྷའི་སྔགས་མཐར། ཨོཾ་ཀརྨ་ཊཱཀྐི་ནཱི་པི་ཤ་ནི་སརྦ་ལོ་ཀ་མ་ནུ་བ་སུ་པ་ཤང་ཀུ་རུ་སྭཱ་ཧཱ། ཞག་གསུམ་ཙམ་བཟླ། དེ་ལྟར་ཟླ་བ་གཅིག་གམ། ཉེར་གཅིག་གམ། བདུན་ནམ་གང་བསྒྲུབ་ཀྱང་། ནངས་སྔ་ཆུ་གཏོར། ཉིན་ལས་བྱང་ཚར་ལྔའམ་དྲུག །མཚན་གཏོར་བསྔོས་སྔགས་བསྔོས། ཉིན་ཐམས་ཅད་གོང་ལྟར་སྔགས། མཚན་ཐམས་ཅད་ལ་མི་དམིགས་པའི་ངང་ནས་རྣམ་པར་མི་རྟོག་པའི་གཟུངས་ནངས་ནུབ་ཐུགས་དམ་ཆག་མེད་རིམ་པར་བྱའོ། །ཚར་ཉིན་ཆུ་གཏོར་མང་ཞིག་དང་ལས་བྱང་ཅི་ཐོན་ཞིག་བཏང་། མཆོད་པ་བྱ། གཏོར་མ་རང་གི་གནས་གསུམ་དུ་གཏུགས་ལ་དབང་དང་དངོས་གྲུབ་ཐོབ་པར་བསྒོམ། མདུན་བསྐྱེད་གའུ་སོ་སོར་བསྟིམ། བདག་བསྐྱེད་མི་གཤེགས་རང་ལ་བསྟིམ་མོ།། ༈ ཇོ་བོ་རྗེ་ཡི་ཞལ་ནས། འདི་བསྒྲུབ་པ་ལ། ཕན་ཡོན་གཉིས་ཡོད་དེ། ཚེ་འདི་ལ་ཟས་ནོར་གྱིས་མི་འཕོང་ལ། ཕྱི་མ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་སུ་སྐྱེ་བ་ཡིན་གསུངས་སོ། །ཡེ་ཤེས་ཀྱི་དོན་དུ་གོ་སླ་བར་བསྡུས་ཏེ་ཞལ་ཤེས། རཱ་ག་ཨ་སྱས་ཆུ་གཉིས་བདུད་རྩི་སྦྱོར་བའི་ཉིན་བྲིས་པས་གཞན་ཕན་རྒྱ་ཆེན་ཤོག །མངྒ་ལཾ།། །།

ལྷ་མོ་ཀུན་འཁྱིལ་མཆེད་གསུམ་གྱི་གཏོར་ཆོག


CMR045_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨརྱ་ཛཾ་བྷ་ལ་ཡེ། ལྷ་མོ་ཀུན་འཁྱིལ་མཆེད་གསུམ་གྱི་གཏོར་ཆོག་ནི། རང་ཉིད་ཛཾ་དཀར་གསལ་བའི་མདུན། །རང་བྱུང་འཕྲུལ་གྱི་གཞལ་ཡས་དབུས། །པདྨ་ཉི་ཟླའི་གདན་གྱི་སྟེང་། །ལྷ་མོ་ཀུན་འཁྱིལ་མཆེད་གསུམ་ནི། །དབུས་སུ་ཟས་ཀྱི་ལྷ་མོ་མཐིང་། །གཡས་སུ་གོས་ཀྱི་ལྷ་མོ་ལྗང་། །གཡོན་དུ་ནོར་གྱི་ལྷ་མོ་དམར། །ཀུན་ཀྱང་ཆ་ལུགས་མཐུན་པ་རུ། །བཞེངས་སྟབས་ནོར་བུ་བུམ་པ་འཛིན། །དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །ཐུགས་སྲོག་འོད་ཀྱིས་ཡེ་ཤེས་པ། །སྤྱན་དྲངས་གཉིས་སུ་མེད་པར་གྱུར། །ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡ་ཧཱུྃ། ཨརྒྷཾ་ནས་ཤབྟ་པྲ་ཏིཙྪ་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཏདྱ་ཐཱ། ཨོཾ་ཚོམ་མེ་ལེ་དུ་ཁ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལྷ་མོ་ཀུན་མཁྱིལ་མཆེད་གསུམ་གྱིས། །མཆོད་པ་བཞེས་ལ་བདག་གཞན་ཀུན། །བྱང་ཆུབ་སྒྲུབ་པའི་གྲོགས་ཀྱི་ཕྱིར། །སྦྱིན་དང་བསོད་ནམས་ཚོགས་ཀྱི་རྫས། །ཟས་ནོར་གོས་དབྱིག་དགོས་འདོད་ཚོགས། །ཆར་རྒྱུན་བཞིན་དུ་སྩོལ་བར་མཛོད།། དྷཱི༔ དབང་གི་ལྷ་མོ་ཀུན་འཁྱིལ་མཆེད་གསུམ་


CMR045_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །སྒྱུ་མའི་སྐུར་སྟོན་ཕྲིན་ལས་སྒྲུབ་པའི་ལྷ། །སྣ་ཚོགས་འཛད་མེད་ཡིད་བཞིན་ནོར་འདྲ་ཞིང་། །དཔག་བསམ་ཤིང་ལྟར་དགོས་འདོད་རེ་བ་སྐོང་། །མི་ཟད་གཏེར་གྱི་བུམ་བཟང་མཛོད་འཛིན་མ། །དགོས་འདོད་མཆོད་སྦྱིན་མ་ལ་ཕྱག་འཚལ་བསྟོད། །ཅེས་བརྗོད་པས། ལྷ་མོ་གསུམ་གྱི་སྐུ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྲིད་པ་གསུམ་གྱི་ཟས་ནོར་ལོངས་སྤྱོད་ཐམས་ཅད་དབང་དུ་བསྡུས་ནས་བདག་གི་གནས་ཁང་ཡུལ་ཕྱོགས་ཐམས་ཅད་ཁེངས་པར་བསམས་ལ། རྣམ་པར་མི་རྟོག་པའི་སྔགས་ཅི་ནུས་བསྒྲངས། ཏདྱ་ཐཱ། ཨོཾ་ཚོམ་མེ་ལེ་དུ་ཁ་ཧཱུྃ་ཕཊ་སྭཱ་ཧཱ། མཐར་ལྷ་མོ་རང་ལ་བསྡུ། རང་ཡང་མི་དམིགས་པ་སྤྲོས་བྲལ་ཆོས་ཀྱི་དབྱིངས་སུ་མཉམ་པར་བཞག་པས་ཆོག་གོ །འདི་འདོན་མི་ཉིན་མོའི་སྐར་མ་ཙམ་བྱུང་བས་ཤིན་ཏུ་གསང་བར་བྱའོ། །རཱ་ག་ཨ་སྱས་བྲིས་པ་དགེའོ།། །།

གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་ཛཾ་དམར་སྐོར་གྱི་ཐེམ་ཡིག་ནོར་བུའི་ཕྲེང་བ།


CMR045_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

༼ཀ༽ གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་ཛཾ་དམར་སྐོར་གྱི་ཐེམ་ཡིག་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR045_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྱ་ཛ་བྷ་ལ་ཡེ་ན་མོ། སྦྱིན་པའི་ཕར་ཕྱིན་འདོད་དགུ་ཀུན་གྱི་གཏེར། །མཁའ་མཉམ་སྐྱེ་དགུའི་གསོས་སུ་ངོམས་པར་མཛད། རྒྱལ་ཀུན་ཡབ་གཅིག་འཕགས་པ་ཛཾ་བྷ་ལར། །གུས་པས་འདུད་དོ་བཀའ་ཡི་གནང་བ་སྩོལ། ༼ཀ༽ །ཆ་ལག་མ་ནོར་ཚང་ལ་བསླད་མེད་ཕྱིར། །ཐེམ་ཡིག་བཀོད་པ་ནོར་བུའི་ཕྲེང་བ་ཡོད། ༼ཁ༽ །ཀུན་ཀྱང་ཡིད་ཆེས་དད་པ་སྐྱེ་བའི་ཕྱིར། །ཛཾ་དམར་ལོ་རྒྱུས་ཕན་ཡོན་གསལ་བ་ཡོད། ༼ག༽ །རྣལ་འབྱོར་སྤྲོས་མེད་སྒྲུབ་རྫས་དཀའ་བ་ལ། །ཆུ་ལ་བརྟེན་ནས་ཕྱི་ལྟར་སྒྲུབ་པ་ཡོད། ༼ངེ༽ །དམིགས་པ་དང་ནི་ལག་ལེན་གསལ་བའི་


CMR045_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །ཕྱི་སྒྲུབ་གཏོར་མའི་ཟིན་བྲིས་གསལ་བ་ཡོད། ༼ཅ༽ །ལོང་སྐབས་དང་ནི་དབང་སྐུར་བྱེད་པ་སོགས། །ཉེར་མཁོ་རྒྱུན་ཁྱེར་ཆུ་གཏོར་བསྡུས་པ་ཡོད། ༼ཆ༽ །སྒྲུབ་རྫས་གཞན་མང་མེད་ན་སྟབས་བདེ་བ། །གཏོར་མ་ལ་བརྟེན་ནང་ལྟར་སྒྲུབ་པ་ཡོད། ༼ཇ༽ །བཤམས་དང་བཅས་བཀོད་དམིགས་རིམ་ལ་སོགས་པ། །ནང་སྒྲུབ་ཟིན་བྲིས་ཤིན་ཏུ་གསལ་བ་ཡོད། ༼ཉ༽ །སྒྲུབ་རྫས་འཛོམས་ཤིང་ལག་ལེན་བརྩོན་པ་ལ། །གཱའུ་ལ་བརྟེན་གསང་ལྟར་སྒྲུབ་པ་ཡོད། ཏི༽ །རྫས་དང་ལག་ལེན་གནད་དུ་སྨིན་པ་ལ། །ཐོད་པ་ལ་བརྟེན་ཡང་གསང་སྒྲུབ་པ་


CMR045_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། ༼ཐ༽ །བློ་དམན་ཕན་ཕྱིར་གབ་འཁྲུགས་བསལ་བ་ནི། །ཐོད་སྒྲུབ་ཟིན་བྲིས་ཤིན་ཏུ་གསལ་བ་ཡོད། ༼ད༽ །སྒྲུབ་པ་ཀུན་འདྲིལ་འདོད་དོན་ཀུན་འགྲུབ་པའི། །ཛཾ་དམར་ཙཀྲ་ལ་བརྟེན་སྒྲུབ་པ་ཡོད། ༼ན༽ །ལག་ལེན་གབ་པ་ཤིན་ཏུ་གསལ་བ་ཡི། །ཙཀྲའི་བྲི་ཐབས་ཟིན་བྲིས་ཆེ་ཆུང་ཡོད། ༼པ༽ །ཡོན་ཏན་མཁན་པོ་འགྲོ་དོན་རྒྱས་པའི་ཕྱིར། །སྒྲུབ་ཐབས་ཟབ་མོ་གསང་བའི་རྒྱ་ཅན་ཡོད། ༼ཕ༽ །ཆོས་འཁོར་སྐྱོང་དང་བསོད་ནམས་རྒྱས་པའི་ཕྱིར། །ཛཾ་དམར་སྒྲུབ་ཐབས་ཡིད་བཞིན་དབང་རྒྱལ་ཡོད། ༼བ༽ །དེ་ཡི་གཞུང་ནས་འབྱུང་བའི་ལས་ཚོགས་ནི། །ཆུ་དང་གཏོར་མ་སྦྱིན་ཐབས་རྩ་ཚིག་ཡོད། ༼མ༽ །བསྟན་པའི་བྱ་བ་རྒྱ་ཆེན་སྒྲུབ་ནུས་ཕྱིར། །ཛཾ་དམར་དབང་གི་སྒྲུབ་པ་ཟབ་མོ་ཡོད། ༼ཙ༽ ། དམིགས་པ་སྔགས་དང་རྫས་དང་ལག་ལེན་གྱི། །ཞལ་གདམས་ཉུང་ངུ་ཤིན་ཏུ་གསལ་བ་ཡོད། ༼ཚ༽ །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པའི་ཕྱིར། །ཚོགས་མཆོད་ཟིན་བྲིས་འདོན་ཆ་གསལ་བར་ཡོད། ༼ཛ་༽ །ཚེ་བསོད་དཔལ་འབྱོར་དབང་ཐང་འཕེལ་བའི་ཕྱིར། །ཛཾ་དམར་རྒྱས་པའི་སྦྱིན་སྲེག་འདོན་ཆ་ཡོད། ༼ཝ༽ །གཞུང་དུ་མི་གསལ་དམིགས་པ་


CMR045_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ལེན་སོགས། །སྦྱིན་སྲེག་ཞལ་ཤེས་གདམས་པ་བཀོད་པ་ཡོད། ༼ན༽ །ཁམས་གསུམ་སྣང་བ་དབང་དུ་བསྡུ་བའི་ཕྱིར། །དབང་གི་སྦྱིན་སྲེག་ཟབ་པའི་འདོན་ཆ་ཡོད། ༼ཟ༽ །དེ་ཡི་ཕྲིན་ལས་མྱུར་དུ་འགྲུབ་པའི་ཕྱིར། །ཞལ་ཤེས་གདམས་པ་ཤིན་ཏུ་ཟབ་པ་ཡོད། ༼འ༽ །རྣལ་འབྱོར་པ་དག་ཁ་ཟས་བཀྲེས་པ་ལ། །ཟས་སྒྲུབ་རྒྱུན་ཁྱེར་མན་ངག་ཟབ་མོ་ཡོད། ༼ཡ། །སྐལ་ལྡན་སློབ་མ་སྨིན་པར་བྱ་བ་ལ། །ཛཾ་དམར་དབང་དང་རྗེས་གནང་རྩ་ཚིག་ཡོད། ༼ར༽ །དེ་ཉིད་གཞན་ལ་སྤེལ་ཐབས་བདེ་བ་ཡི། །ཇོ་དམར་དབང་བསྐུར་བལྟས་ཆོག་བཀོད་པ་ཡོད། ༼ལ༽ །ཅི་བསམ་ལོངས་སྤྱོད་མྱུར་དུ་འོང་བའི་ཐབས། །མན་ངག་བསྲེ་ཐོད་གསང་བའི་རྒྱ་ཅན་ཡོད། ༼ཤ༽ །སྒྲུབ་ལ་བར་ཆད་བྱེད་པའི་སྒབ་འདྲེ་རྣམས། །མནན་ཐབས་གུད་དུ་སྦས་པ་ཟབ་མོ་ཡོད། །དེ་ཡི་མན་ངག་འདོན་ཆ་ལག་ལེན་རྣམས། །ཟིན་བྲིས་ནག་འགྲོས་གསལ་བར་བཀོད་པ་ཡོད། །༼ཧི། །ལིངྒ་བྲི་ཐབས་རྒྱས་སྐབས་སྔགས་ཀྱི་ཕྲེང་། །གསལ་བར་བཀོད་པའི་མན་ངག་ཟབ་མོ་ཡོད། ༼ཨ༽ །འགུགས་པའི་རྟགས་དང་ཉ་བོའི་གནས་ཡིག་དང་། །ནོན་པའི་


CMR045_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཡིག་གསང་བ་ཞལ་ཤེས་ཡོད། ཊ༽ །གཏེར་གཞུང་རྩ་ཚིག་སྒབ་འདྲེ་བྲེལ་ཕོངས་ཅན། །མནན་ཐབས་གུད་དུ་སྦས་པ་ཉུང་ངུ་ཡོད། ༼༩༽ །སྔགས་ལ་བརྟེན་ནས་ནུས་པ་ལྡན་པ་དང་། །ཟ་འདྲེ་ཁ་ཆིངས་རྒོད་ལྡེམ་གཏེར་མ་ཡོད། ༼?༽ །གནོད་སྦྱིན་ཛི་ལྷའི་གསང་སྒྲུབ་ཟབ་མོ་ཡི། །སྒབ་འདྲེ་མནན་ཐབས་ཆོས་གླིང་གཏེར་མ་ཡོད། ༼ཎ༽ །རབ་འབྲིང་ཐ་མའི་འབྱོར་པ་ལ་བརྟེན་ནས། །ཛཾ་དམར་རྟེན་འཛུགས་འདོད་དགུ་ཀུན་འབྱུང་ཡོད། ༼༽ །སྤྲོས་མེད་རྒྱུན་གྱི་ཉམས་ལེན་བྱེད་པའི་ཐབས། །རྒྱུན་ཁྱེར་ཟིན་བྲིས་གསལ་བར་བཀོད་པ་ཡོད། །དེ་ལྟར་ཆོས་ཚན་སུམ་ཅུ་རྩ་ལྔ་པོ། །བྱིན་རླབས་བརྒྱུད་ལྡན་གཏེར་ཁ་ལས་བྱུང་བ། །རྩ་བའི་གཞུང་ལ་རྗེ་བཙུན་ཆགས་མེད་ཀྱི། །སྙན་བརྒྱུད་ཞལ་གདམས་གསལ་བར་བྱས་ཏེ་བཀོད། །ཕྱི་རབས་རྣམས་ལ་ཕན་ཕྱིར་སྦྱིན་པར་མཛད། །དེས་ན་སྙིགས་མའི་དུས་སུ་འདིར་བརྩོན་རིགས། །ཨེ་མ་པདྨའི་ཐུགས་བཅུད་སྨུག་འཛིན་གྱི། །མན་ངག་ཟབ་མོ་འཛིན་མའི་ཁོང་དུ་སྦས། །སྔོན་སྨོན་མཐུ་ལྡན་གྲྭ་པ་མངོན་ཤེས་ཀྱིས། །གངས་རིའི་ལྗོངས་ཀྱི་བསྟན་འགྲོའི་དཔལ་དུ་བཙས། །གྲུབ་པའི་སྤྱི་མེས་མཁས་པའི་ཚོགས་


CMR045_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས། །ཏི་ལ་ཀ་ཡི་ཨུ་པ་དེ་ཤ་རུ། །ཡང་ཡང་གདམས་པས་སྙིང་གི་ནོར་བུ་འདི། །སྣོད་དང་ལྡན་ལས་གཞན་གྱིས་ལྟ་ཅི་ཞིག །རང་ཕྱོགས་འཆོས་པའི་བྱ་བ་གྱི་ན་མོས། །ཟབ་དོན་ཡང་དག་རྒྱུ་བའི་ལམ་བཞིན་བསླད། །བཅོས་མེད་ཁྲེལ་བའི་གནས་ནས་ངོམས་ལགས་ན། །སྐྱེ་འགྲོའི་བདེ་སྐྱིད་དགུན་དུ་བན་བུན་གྱུར། །དེ་ཕྱིར་མན་ངག་ཟབ་མོའི་ལས་ཚན་རྣམས། །མི་འདོར་མུན་རུམ་གློག་འགྱུ་སྲིད་པ་ན། །ཚང་ཕྱིར་ཐེམ་གྱིས་བཏབ་འདི་དམ་ལྡན་ལས། །གཞན་ལ་མི་སྤེལ་ཟབ་དོན་གསང་བའི་རྒྱ། །དེ་སྐད་གནས་མདོའི་རྗེས་འཇུག་ཐ་ཤལ་པ། །ཨོ་རྒྱན་བསམ་གཏན་གླིང་ཞེས་བྱ་བས་སྦྱར། །ཉེས་འགལ་མཆིས་ན་སྲུང་མའི་ཚོགས་ལ་བཤགས། །དགེ་བས་ཆོས་འདི་མི་ནུབ་དར་ཞིང་རྒྱས། །བསྟན་དང་འགྲོ་བའི་བདེ་སྐྱིད་དགུང་ལ་རེག །ཕན་བདེའི་འབྲས་བུ་ཡུན་དུ་ཁྱབ་གྱུར་ཅིག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་ཛ་བྷ་ལ་དམར་པོའི་སྒྲུབ་ཐབས་ཀྱི་ལོ་རྒྱུས་དང་བཅས་པ།


CMR045_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

༼ཁ༽ །གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་ཛ་བྷ་ལ་དམར་པོའི་སྒྲུབ་ཐབས་ཀྱི་ལོ་རྒྱུས་དང་བཅས་པ་བཞུགས་སོ། །


CMR045_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ། །ཆོས་འདིའི་བརྒྱུད་པ་ནི། སློབ་དཔོན་པདྨ་འབྱུང་གནས་ཀྱིས་བསམ་ཡས་སུ་གཏེར་དུ་སྦས་པ་གྲྭ་པ་མངོན་ཤེས་ཅན་གྱིས་གཏེར་ནས་བཏོན་པ་མས་རིམ་གྱིས་བརྒྱུད་དོ། །ཞེས་གསུངས་པའི་དོན་རྒྱས་པར་འཆད་ན། དང་པོ་ལྷའི་ངོས་འཛིན་རྒྱུད་གསུངས་ཚུལ། རྒྱུད་སྡེ་ངོས་འཛིན་མན་ངག་བརྒྱུད་ཚུལ། དགོས་ཆེད་ཕན་ཡོན་དམ་ཚིག་གི་རྒྱས་གདབ་པ་དང་བདུན་ལས། དང་པོ་ལྷའི་ངོ་བོ་ནི། སྤྱིར་ཉན་ཐོས་དང་རང་སངས་རྒྱས་སར་གནས་ཀྱི་སེམས་དཔའ་རྫོགས་པའི་སངས་རྒྱས་དང་འཕགས་པ་བཞི་པོ་དེ་དག་ཐམས་ཅད་བསོད་


CMR045_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལས་འཁྲུངས་པ་ཡིན་ཏེ། ཡེ་ཤེས་ཀྱི་ཚོགས་ནི་སྟོང་པ་ཉིད་ཡིན། དེ་ལ་གཟུགས་དང་དངོས་པོར་མ་གྲུབ་ཀྱང་སེམས་ཅན་རྣམས་བསོད་ནམས་བསགས་པའི་རྟེན་དུ་གཟུགས་ཀྱི་སྐུར་བཞེངས་པ་ནི། ཡུམ་ཆེན་མོ་དང་རྡོ་རྗེ་ཕག་མོ་ཡིན་པ་ལྟར། རྒྱུ་བསོད་ནམས་ཀྱི་ཚོགས་དེ་གཟུགས་ཀྱི་སྐུར་བཞེངས་པ་ནི་ཛཾ་བྷ་ལ་འདི་ཡིན་པས། སྔོན་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས་ཡོད་པས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡང་མི་དབུལ་པོ་ཕོངས་པ་ཞིག་གི་སྐྱེ་བ་བཞེས་ནས། དེ་ཉིན་ཤིང་བསྡུས་ནས་བཙོངས་པས་དེ་ནུབ་དང་ནང་གི་འཚོ་བ་


CMR045_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དགོས་པ་ཞིག་ཏུ་སྐྱེས་ནས། ཤིང་འཐུ་བ་ལ་འགྲོ་བའི་ལམ་དུ་དགེ་སློང་རྐང་པ་མི་བདེ་ཞིང་གྲང་བའི་ནད་ཡོད་པ་ཞིག་རི་ཁྲོད་དུ་འདུག་པ་ལ་ཉིན་རེ་བཞིན་ཤིང་ཨོཾ་ལུ་རེ་ཕུལ། ལོ་མང་ཞིག་སོང་བ་ན། ཁྱོད་ཀྱིས་ང་ལ་ཤིང་ཕུལ་བས་ཕན་རྒྱུན་དུ་ཐོགས། དེའི་དྲིན་ལན་དུ་ཁྱོད་ཀྱིས་ཤིང་ཐུ་ནས་འཚོ་བ་སྒྲུབ་མི་དགོས་པའི་མན་ངག་སྦྱིན་གསུངས་ནས། ཛཾ་བྷ་ལའི་སྒྲུབ་ཐབས་གནང་ནས་བསྒྲུབས་པས། མི་དེ་སྐྱེ་བ་དེ་ཉིད་ལ་རྒྱལ་པོར་གྱུར་ཏེ་ལོངས་སྤྱོད་ཆེན་པོ་བྱུང་ངོ་། །དེས་རྒྱུན་དུ་སྦྱིན་པ་བཏང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་ནས་ས་དང་པོ་ཐོབ་ཅིང་དེ་ནས་རིམ་གྱིས་ས་ཐོབ་སྟེ་སངས་རྒྱས་ཤཱཀྱ་ཐུབ་པ་ཉིད་ཡིན། དེ་བཞིན་དུ་སངས་རྒྱས་ཐམས་ཅད་ཀྱང་ཛཾ་བྷ་ལ་བསྒྲུབས་པས་སྦྱིན་པའི་ཕར་ཕྱིན་རྫོགས་ནས་རིམ་གྱིས་སངས་རྒྱས་པ་ཁོ་ན་ཡིན་པས། ཡུམ་ཆེན་མོ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཡིན་པ་ལྟར། ཛཾ་བྷ་ལ་སངས་རྒྱས་ཐམས་ཅད་ཀྱི་ཡབ་ཡིན་པ་གནོད་གནས་དབང་པོའི་རྟོགས་བརྗོད་ལས་གསུངས། ཛཾ་བྷ་ལ་དེ་ལའང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིགས་ལྔ་ལས་ཇེ་དམར་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་འོད་དཔག་མེད་དེ་ཉིད་ནོར་ལྷའི་སྐུར་བཞེངས་


CMR045_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ཏེ། བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་ཞིང་། །ཞེས་གསུངས། དེས་ན་འདི་ནོར་ལྷ་གཞན་དང་མི་འདྲ་ཡི་དམ་ནོར་ལྷ་དབྱེར་མེད་ཡིན། སྤྱི་བོར་རིགས་བདག་བླ་མ་ཐུགས་ཀར་མཁའ་འགྲོ་གདན་འོག་ཏུ་ཆོས་སྐྱོང་བཅས་རྩ་གསུམ་ཀུན་འདུས་ཡིན། ཛཾ་བྷ་ལ་ཡི་རིགས་ཐམས་ཅད་འདིའི་སྤྲུལ་པ་ཡང་སྤྲུལ་ཙམ་དུ་གཏོགས་སོ། །བསྟན་པ་འདི་ལ་ནི། རྒྱལ་པོ་རྣམ་ཐོས་སྲས་ལ་སྲས་སྟོང་ཡོད་པའི་མཆོག་ཏུ་གྱུར་པ་གསུམ་ནི་ཇི་སེར་ནག་གཉིས་དང་གར་མཁན་མཆོག་དང་གསུམ་ཡིན་པ་ལས། གར་མཁན་མཆོག་ནི་རྣམ་སྲས་ཉིད་དང་ཐུགས་རྒྱུད་གཅིག །ཛ་སེར་ནག་གཉིས་ཀྱང་དོན་ལ་ཐུགས་རྒྱུད་གཅིག་མོད་ཀྱི། ཛཾ་དམར་འདི་ནི་ཛཾ་ནག་དང་གཅིག་ཡིན་ཏེ། ཞལ་གཡོན་མཐིང་ནག་དང་ཕྱག་གཡོན་དང་པོས་ཐོད་པ་དང་། ཕྱག་གཡས་ཐ་མས་ནེའུ་ལེ། ཀླུ་བརྒྱད་སྐུ་ལ་བརྒྱན་པ། ནོར་སྐྱུགས་ཕོ་མོ་མནན་པ་སོགས་དངོས་སུ་གསལ་ལོ། །གཉིས་པ་རྒྱུད་གསུངས་ཚུལ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་པའི་གནོད་གནས་དབང་པོའི་རྟོགས་བརྗོད་དང་། ཆུ་དབང་སྙིང་རྗེ་ཅན་གྱི་གཟུངས་དང་། ནོར་སྤེལ་བ་ཞེས་བྱ་བའི་གཟུངས་དང་། །


CMR045_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཛཾ་བྷ་ལའི་ཆུ་སྦྱིན་པའི་གཟུངས་དང་། འཇམ་དཔལ་དཔའ་བོ་གཅིག་སྒྲུབ་རྒྱུད་ནས་ཛཾ་བྷ་ལ་ཡབ་ཡུམ་བཅོ་བརྒྱད་ཀྱི་སྒྲུབ་ཐབས་གསུངས་པ་ནི་བྱ་རྒྱུད་དང་། ཕ་རྒྱུད་གསང་བ་འདུས་པ་ནས་ཞལ་གསུམ་ཕྱག་དྲུག་པ་དང་། མ་རྒྱུད་རྡོ་རྗེ་གུར་ནས་ཕྱག་གཉིས་གསུངས་པ་བླ་མེད་ཡིན། སྒྲུབ་ཐབས་རྒྱ་མཚོ་བརྒྱ་རྩ། མི་ཏྲ་བརྒྱ་རྩ་ཁྲིད་དྲུག་སོགས་ཛཾ་བྷ་ལའི་སྒྲུབ་ཐབས་བརྒྱ་རྩ་གཞུང་མཐའ་ཡས་པར་འབྱུང་བ་ནི། འདིའི་རྒྱབ་ཆོས་ཡིན་པས་རིགས་འགྲེ་རུང་། འདི་རང་ནི་བླ་མེད་རྒྱུད་སྡེ་ཆོས་རྙིང་མ་ཡིན་ནོ། །དེས་རྒྱུད་གསུངས་ཚུལ་སོང་ནས། །གསུམ་པ་མན་ངག་བརྒྱུད་ཚུལ་ནི། བཅོམ་ལྡན་འདས་གསང་བའི་བདག་པོས་གནས་མཆོག་ལྕང་ལོ་ཅན་དུ་འཁོར་མཁའ་འགྲོ་དང་གནོད་སྦྱིན་དང་། དྲེགས་པའི་ཚོགས་ལ་རཏྣ་རྩལ་ཆེན་འདུས་པའི་རྒྱུད་ཅེས་བྱ་བ་ལེའུ་སུམ་བརྒྱ་དང་དོན་བདུན་ཡོད་པའི་རྩ་རྒྱུད་དང་། ཛཾ་བྷ་ལ་ནོར་བུ་འབྱུང་བའི་རྒྱུད་གཉིས་གསུངས། ཛཾ་དམར་འདིའི་རྒྱུད་སྡེ་གཉིས་ལ་བརྟེན་པ་ཡིན། གསང་བའི་བདག་པོས་མཁའ་འགྲོ་མ་ཚོགས་ཀྱི་དངོས་གྲུབ་ལ་བཤད། ཁྱོད་ཀྱིས་མིའི་ཡུལ་འཛམ་བུ་གླིང་དུ་སྒྱུར་ལ། ལས་དང་སྐལ་པར་ལྡན་པ་གཅིག་ལ་གཏོད་ཅིག་


CMR045_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། མཁའ་འགྲོ་མས་སློབ་དཔོན་དྷ་ན་ཀོ་ཤ་ལ་གནང་སྟེ་ཚོགས་འཁོར་བཅུ་གསུམ་དང་གསེར་གྱི་གཞོང་པ་གཡུ་ཡིས་བཀང་ནས་ཕུལ། དེས་རྒྱལ་པོ་སུ་ཁ་དེ་ཝ་ལ་གནང་། རྒྱལ་པོས་གསེར་སྲང་བཅོ་བརྒྱད་ཕུལ། ཨོ་རྒྱན་རིན་པོ་ཆེས་རྒྱལ་པོ་དེ་འཆི་ངེས་པའི་ཚེ་མི་ལོ་ལྔ་བཅུར་ཚེ་བསྲིང་བའི་ཡོན་དུ་ཕུལ། ཨོ་རྒྱན་བོད་དུ་ཕེབས་ནས་བོད་སྨྲེ་ཏའི་ཡུལ་འདིར་གང་ཟག་དམ་པའི་ཆོས་ལོངས་སྤྱོད་གདུལ་བྱའི་དོན་དུ་ཀ་བ་དཔལ་བརྩེགས་སོགས་རྗེ་འབངས་རྣམས་ལ་གནང་ནས་གཏེར་དུ་སྦས། པདྨ་བཀའི་ཐང་ཡིག་ལས། དུས་རེ་དང་གཏེར་སྟོན་རེ་ལུང་བསྟན་པའི་སྐབས། སྐབས་སུ་གཙིགས་པའི་གཙིགས་པ་སྡུག་པོ་འོང་༔ བྱང་དང་རྒྱ་རྣམས་གྲོག་མའི་ཚང་བཤིག་འདྲ༔ ཇོ་མོ་རྣམ་གསུམ་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ གཏེར་སྟོན་གྲྭ་པ་མངོན་ཤེས་ཞེས་བྱ་འབྱུང་༔ ས་སྟེང་གནས་གཞི་བརྒྱ་དང་རྩ་བརྒྱད་འགེངས༔ གྲྭ་མདའ་འདི་ལ་གཙུག་ལག་ཁང་ཞིག་འབྱུང་༔ རྒྱལ་པོས་བཞེངས་པའི་ལྷ་ཁང་བདག་པོ་བྱེད༔ ཅེས་གསུངས་པ་ལྟར། དབུས་ཀྱི་ས་ཆ་གྲྭ་ཞེས་པར་སྐུ་འཁྲུངས། ཆོས་མངོན་པ་ལ་མཁས་པས་གྲྭ་པ་


CMR045_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་ཤེས་ཞེས་མཚན་ཐོགས། ཁོང་གིས་ཨོ་རྒྱན་ཞལ་གཟིགས་པས། བདག་ཚུལ་ཆུང་དུས་མ་ཤི་ཤོར་བས་སྡིག་པ་མཚམས་མེད་བྱས་པས་དེ་དག་པའི་ཐབས་ཤིག་གནོང་ཞེས་ངུས་པས། ཁྱོད་ཀྱི་གཙུག་ལག་ཁང་བརྒྱ་དང་རྩ་བརྒྱད་བཞེངས་ན་སྡིག་པ་འདག་གསུངས། བདག་བན་རྐྱང་དབུལ་པོ་ཞིག་གིས་གཙུག་ལག་ཁང་བརྒྱ་རྩ་ག་ལ་འགྲུབ། དེ་སྡིག་པ་མི་འདག་པའི་དཔེ་རུ་འདུག་སྨྲས་ནས་ངུས་པས། ཁྱེད་ལོ་ཙཱ་བ་ཀ་བ་དཔལ་བརྩེགས་ཀྱི་སྐྱེ་མཐའ་ཡིན་པས་ངའི་གཏེར་ལ་དབང་། བསམ་ཡས་ཀྱི་གཙུག་ལག་ཁང་དུ་སྨན་གྱི་རྒྱུད་བཞི་དང་། གནོད་སྦྱིན་ཞང་བློན་གྱི་སྒྲུབ་སྐོར་རྒྱས་པ་རྣམས་སྦས་ཡོད་པ་ཐོན་ལ། དེའི་ནང་དུ་ཛཾ་དམར་གྱི་སྒྲུབ་སྐོར་ཞིག་ཡོད་པས་དེ་ཉམས་སུ་ལོངས་དང་། གཙུག་ལག་ཁང་བརྒྱ་རྩ་ཡོ་བརྒྱད་བཞེངས་པའི་ལོངས་སྤྱོད་འབྱུང་གསུངས་ནས་གཏེར་གྱི་ཁ་བྱང་རྣམས་གནང་། དེ་ནས་གསུངས་པ་ལྟར་བྱས་པས་གྲྭ་པ་དགེ་བཤེས་སུམ་བརྒྱ་ཙམ་རེ་འཚོགས་པས་ལོངས་སྤྱོད་དཔག་ཏུ་མེད་པ་བྱུང་། མ་གཅིག་ལབ་ཀྱི་སྒྲོལ་མ་སོགས་སློབ་མ་ཁམས་ཆེན་ཡང་མང་དུ་བྱུང་། ཡུལ་ཕྱོགས་མི་གཅིག་པ་བརྒྱ་དང་བརྒྱད་ནས་གནས་གཞི་བརྒྱ་དང་བརྒྱད་འབུལ་བ་བྱུང་


CMR045_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བས་ལྷ་ཁང་བརྒྱ་དང་རྩ་བརྒྱད་ཀྱང་བཞེངས། དེ་དུས་ཀྱི་ལྷ་ཁང་འགའ་ཞིག་ད་ལྟའང་སྣང་། དེ་ནས་རིམ་པར་བརྒྱུད་དེ། ཉེ་གནས་བྲག་ནག་པ། བླ་མ་མངའ་རི་བ། གོ་ལུང་པ་ནམ་མཁའ་རྒྱལ་མཚན། གོ་ལུང་པ་མདོ་སྡེ་དཔལ། གྲུབ་ཆེན་ཨོ་རྒྱན་པ། ཚ་ཚ་མོ་ཤེས་རབ་རིན་ཆེན། བྱང་སེམས་གཞོན་ནུ་ཚུལ་ཁྲིམས། ལྷ་མཐོང་བ་རིན་ཆེན་དཔལ། ཉུག་པ་ཆོས་གྲགས་པ། མཁན་ཆེན་རྒྱལ་བ་ཕྱག་ན། དགེ་མ་རིན་ཆེན། རིའུ་རས་པ། རིན་ཆེན་ཆོས་རྒྱལ། བླ་མ་རིན་པོ་ཆེ་ཁྲི་རི་པ། འཇམ་དབྱངས་ཀུན་དགའ་གྲོལ་མཆོག །རྗེ་བཙུན་ནུབ་དགོངས་ཆོས་རྗེ་ལའོ། །ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་ལས། ད་ལྟ་མངའ་བདག་ཆེན་པོའི་སྐྱེ་བ་ནི༔ མཆིམ་གྱི་ཡུལ་དུ་ལུགས་གཉིས་གཙོར་འཛིན་པ༔ མཐུ་སྟོབས་མངའ་བདག་སྟོབས་ལྡན་ཆེན་པོ་འབྱུང་༔ རང་སྐྱེས་རང་ལུས་ཁེངས་པ་འབྱུང་༔ ཞེས་ལུང་བསྟན་པ་ལྟར། གཏེར་སྟོན་དབུ་རལ་པ་བཀྲ་ཤིས་སྟོབས་རྒྱལ་དེ། དང་པོ་བྱང་པ་ཆོས་རྒྱལ་གྱི་ཞལ་ངོ་སྡེ་པ་ཡིན་པ་ལ། མངའ་ཐང་རྣམས་མཆེད་ཡས་འཕྲོག་ནས་ཁོང་རང་བྲོས་པས་ཐར་ཙམ་བྱུང་། སྲས་གཉིས་དང་། གྲྭ་པ་སྒར་ཉོབ་


CMR045_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

མང་བས་ཞལ་ཡང་ཐོན་པར་དཀའ་ཞིང་བསེར་བར་བྱུང་ནས། ཛཾ་དམར་འདི་ཟབ་པར་དགོངས་ཤིང་ཞུ་འདོད་ཀྱང་འདིའི་དབང་ལུང་ཆ་ཚང་ཡོད་པ་དཀོན་པོ་བྱུང་། ཁོང་གིས་དབང་ལུང་ཡོད་མཁན་གདའ་ན་མཐོ་དམན་སུ་ལའང་ཞུ་འདོད་པ་ཞིག་ཡིན་པས། གཏེར་སྟོན་བརྒྱ་དང་རྩ་བརྒྱད་ཀྱི་ཆོས་སྐོར་རྣམས་ཞུས་དུས། སྔགས་པ་རྣམས་ལའང་ཞུས་པའི་ལོ་རྒྱུས་འདུག་སྟེ། ཛཾ་དམར་འདི་སུལའང་མེད་པས་ནུབ་དགོངས་ཆོས་རྗེ་ཞེས་སྐུ་ཤིན་ཏུ་བགྲེས་ཤིང་སྤྱན་མི་གསལ་བ་ཞིག་ལ་ཡོད་པར་གསན་ནས་ཞུ་རུ་བྱོན་ནས་བླ་མཁྱེན་ཆོས་རྗེ་བ་ཞིག་གིས་སྤྱན་ཚབ་མཛད་ནས་ཞུས་དུས་བླ་མ་སྤྱན་མེད་པ་དེས་མེ་ཏོག་གི་ནས་ཁོང་གི་ཕྱག་ཏུ་བླུགས་པས། ཨ་རུ་གསེར་མདོག་གཅིག་གི་ཁོག་སྟོད་གཅིག་སྣང་། དེ་དར་དུ་བསྙུམ་ནས་ཚགས་མཛད། དེ་ནས་མཚམས་ལ་བཞུགས་རྒྱུ་མ་བྱུང་ཡང་། རྒྱུན་བསྙེན་དང་། བླ་མཁྱེན་མཆོག་ལྡན་མགོན་པོའི་སྐུ་སྐྱེ་ཡིན་ཟེར་བའི་བན་ཆུང་གཅིག་ཡོད་པ་ལ། སྒར་དུ་ལྕོགས་མཚམས་འདྲ་བ་བྱས་ནས་རྒྱུན་དུ་ཆུ་སྦྱིན་གཏོང་བཅུག་ནས། འཚོ་བ་ཡང་ཇེ་དྲག་ལ་སོང་ནས་སྒར་མགོ་ཆོས་ཏེ། ཁམས་ཕྱོགས་སུ་བྱོན་ནས་རི་བོ་ཆེ་གྲུ་བ་བུས་ཁྱིམ་དུ་གདན་དྲངས་ནས་


CMR045_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཟློག་ཉིན་རྫོགས་ཤིག་བཅས་ཁྱིམ་དུ་ཕྱག་ནས་དགོས་ཟེར་ནས། ནས་ཀ་ཊོ་ར་གང་ཁྱེར་བྱུང་བའི་ནང་ནས་ཨ་རུ་ར་གསེར་མདོག་གི་ཁོག་སྨད་གཅིག་འདུག་པས། སྔོན་གྱི་ཁོག་སྟོད་དེ་དང་སྦྱར་ནས་ཁྲིག་གེ་འགྲིགས་པས་སྤྱིན་གྱིས་སྦྱར་ཏེ་ཚགས་མཛད། སྔར་ནས་སྔོན་གྱི་དེ་ཉིད་ལས་ཆེ་བའི་འབུལ་བ་འོང་མ་མྱོང་། དེ་ནས་བཟུང་སྟེ་གདུལ་བྱའི་སྒོ་བྱེ་སྟེ་ཇེ་ཆེར་སོང་། རྟ་དྲེལ་རྣམས་ཧོར་གྱིས་ཁྱེར་བ་ལ་གཟའ་དངོས་སུ་རྒྱུགས་ནས་ཆོ་འཕྲུལ་ཆེན་པོ་བྱུང་བས་འབུལ་བ་བྱས་ཤིང་ཚུར་གཏད། མཐུ་ཆེ་བའི་གྲགས་པ་ཐོབ། དར་རྩེ་མདོར་བྱོན་པས་མདོའི་དཔོན་གཉིས་འཁྲུག་པ་བྱུང་བ་ལ་བསྡུམ་པའི་ཞལ་བཀོད་མཛད་པ་ལ། གཅིག་གིས་མ་རྩིས་པས་ཁྱིམ་སྤྲུལ་གྱིས་གང་བའི་ཆོ་འཕྲུལ་དང་། རལ་གྲི་མདུད་པ་དང་། ཆུ་བཅད་པའི་རྫུ་འཕྲུལ་བསྟན་པས། དཔོན་གཅིག་གིས་ཤེལ་གྱི་པར་བུ་ཞིག །གཅིག་གིས་བེཟླུརྒྱའི་གླེགས་ཤིང་སོགས་ནང་ཟོག་རྣམས་ཕུལ། ཁ་མཆུ་རྣམས་དཀར་འཇགས་ལ་སོང་། གཞན་ཡང་ས་ཕྱོགས་དེ་ནས་བཟང་ཇ་འཁོར་དྲུག་ལྔ་བརྒྱ། དེ་འགེལ་སའི་དྲེལ་སྒ་སྟན་དང་བཅས་པ་བྱུང་། ཁོང་རང་གི་སྲས་རིག་འཛིན་ངག་གི་དབང་པོ་


CMR045_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

དེང་སང་རྡོ་རྗེ་བྲག་གི་སྤྲུལ་སྐུ་ཡན་ཆད་མི་རབས་གསུམ་དང་། དར་རྩེ་མདོ་ནས་འབུལ་སྐྱེལ་དང་། གྲྭ་རིགས་སོགས་དེར་ཕྱིན་ནའང་དར་རྩེ་མདོ་ནས་གདུལ་བྱ་དཔག་ཏུ་མེད་པ་བྱུང་བ་འདིས་བྱུང་། དེ་ནས་གཏེར་སྟོན་ངོམ་དུ་ཕེབས་དུས་སྔགས་འཆང་བཀྲ་ཤིས་དབང་ཕྱུག་ལ་གཏེར་སྟོན་ཉིད་ཀྱིས་ཀྱང་གཤིན་རྗེ་འཇོམས་བྱེད་འབར་བ་ལ་སོགས་པའི་དབང་ལུང་འགའ་རེ་ཡང་གསན་འདུག །དེ་ནས་བཀྲ་ཤིས་དབང་ཕྱུག་དང་། ཀརྨ་དོན་ཡོད་སྐུ་ཆུང་ངུའི་དུས་ཛཾ་དམར་འདིའི་དབང་ཞུས་ཀྱང་བཀའ་རྒྱ་དོམ་པས་རེ་ཞིག་མ་གནང་། དེ་དུས་ལྷ་བཟོ་གྲོ་སྒག་མ་བྱ་བས་བཀའ་བརྒྱད་ཀྱི་ཐང་སྐུ་བཅོ་བརྒྱད་དང་ཙཀ་པོད་འགའ་ཟུང་ཐང་སྐུ་གཞན་ཡང་འགའ་ཟུང་རྣམས་བཞེངས་པས། དེ་རྣམས་ཀྱི་ཡོན་བཟང་པོ་རྒྱབ་དགོས་ཤིང་ཡོན་རྒྱབ་ལ་ཁད༔ ལྷ་བཟོ་དེས་ན་རེ། ངེད་ཚང་སྔར་ནས་དབུལ་ཞིང་ཕོངས་རྐང་བཞི་སོགས་རྙེད་ཀྱང་ཕན་མ་ཐོགས། ང་ལ་ལྷ་ཡོན་གཞན་མི་དགོས། ཛཾ་དམར་གྱི་དབང་ལུང་གནང་དགོས་ནན་གྱིས་ཞུས། དེའི་ཞོར་ལ་མགར་ཀརྨ་དོན་ཡོད་ཁུ་མཚན་གྱིས་ཀྱང་ཐོབ་པར་འདུག །ཨ་རུ་ར་གསེར་མདོག་དེ་ཡང་བསྟན། དེ་ནས་བཀྲ་ཤིས་དབང་ཕྱུག་གིས་སྒྲུབ་ལོང་མ་


CMR045_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། ཀརྨ་དོན་ཡོད་སྐུ་ན་གཞོན་ནུའི་དུས་ཡོན་ཏན་ཅི་ཡང་མཁས་པར་མཁྱེན་ཏེ། གདུལ་བྱ་གྲོང་ཆོག་ཅིའང་མ་བྱུང་ཁྱིམ་ཡང་ཤིན་ཏུ་བསེར་བར་ཡོད་པས་བང་བ་གཅིག་གི་ནང་ན་ཞག་བདུན་མཚམས་དམ་པར་མཛད་ནས་བསྒྲུབས་པས། ཉམས་དང་རྨི་ལམ་མཚམས་སུ་བང་བའི་སྟོད་ཀྱི་གནམ་སྒོ་ནས་གཡུ་བྱི་རུ་སྤོས་ཤེལ་ཆུང་ངུ་མང་པོ་རྒྱུན་མ་ཆད་པར་ཟགས་ཏེ་ནས་སྤུངས་བ་ལྟར་བྱུང་སྣང་གྱུར། དེ་ནས་བཟུང་སྟེ་གྲོང་ཆོག་གི་གདུལ་བྱ་རྣམས་གཡེང་ཆེ་དྲགས་པས་དེ་ཕྱིན་མ་བཏོན་ཞིང་ཆུ་སྦྱིན་གཏོར་བསྔོས་ཙམ་ཡང་མ་བྱས་ཀྱང་རྒྱུན་དུ་དེའི་ངང་ལ་འབྱམས། ཁོང་ལ་བདག་རཱ་ག་ཨ་སྱས་ནན་གྱིས་ཞུས། སྒྲུབ་པ་ཞག་བདུན་ལས་མ་ཐོན། དེ་དུས་རྟགས་མ་བྱུང་སྟེ། དགོས་དུས་སྔགས་དམིགས་ནམ་བྱས་དངོས་རྟགས་གསལ་བ་ནི་ལན་མང་ངོ་། །དེས་མན་ངག་གང་ལ་བརྒྱུད་ཚུལ་སོང་ནས། ཕན་ཡོན་དགོས་ཆེད་བསྟན་པ་ནི། ཛཾ་བྷ་ལའི་རྒྱུད་གནོད་གནས་དབང་པོའི་རྟོགས་བརྗོད་ལས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་བའི་རྩ་བ་མ་བསགས་པའི་རྣ་བའི་ཁུང་བུར་ཡང་ཐོས་ཤིང་གྲག་པར་མི་འགྱུར་རོ། །གཞན་ཡང་དགེ་བའི་རྩ་བ་མ་བསགས་པའི་སེམས་ཅན་


CMR045_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཉན་པ་དང་བྲི་བ་དང་ཀློག་པ་ཙམ་ཡང་ནུས་པར་མི་འགྱུར་རོ། །སེམས་ཅན་གང་གིས་ཀྱང་སྙིང་པོ་འདི་འཛིན་པ་ངའི་རྗེས་སུ་བཟུང་བར་འགྱུར་ཞིང་ཕྱིར་མི་ལྡོག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ངན་འགྲོར་སྐྱེ་བར་མི་འགྱུར་རོ། །མཐོང་བ་ཙམ་གྱིས་ནད་འབྱུང་བར་མི་འགྱུར་རོ། །དབུལ་པོ་དང་ཡིད་མི་བདེ་བ་དང་ལུས་ཀྱི་ཟུག་ངུར་འབྱུང་བར་མི་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །མཁས་པ་རྣམས་ཀྱིས་མཆོད་པའི་གནས་སུ་འགྱུར་རོ། །ལྷ་ཐམས་ཅད་དང་ཀླུ་ཐམས་ཅད་དང་གནོད་སྦྱིན་རྣམས་འདུས་པ་ལས་ཀྱང་། སྔགས་འདི་འཛིན་པའི་ཡོན་ཏན་དང་ཕན་ཡོན་རྫོགས་པར་མི་ནུས་སོ། །ཞེས་དང། གནོད་གནས་རྟོགས་བརྗོད་རྒྱས་པར་བརྗོད་པའོ་བར་གསུངས། མདོར་ན་འདི་ལས་གཞན་པའི་དེ་བཞིན་གཤེགས་པ་ཐ་དད་པའི་དེ་བཞིན་གཤེགས་པ་གཞན་མེད་དོ། །འདི་འཛིན་པས་དེ་བཞིན་གཤེགས་པ་ལ་མཆོད་པའི་གནས་ཡོངས་སུ་བྱེད་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྟག་ཏུ་


CMR045_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་རླབས་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པའི་སྟོབས་དང་ས་ཐོབ་པར་འགྱུར་རོ། །ཞེས་གསུངས་སོ། །འཕགས་པ་ཛཾ་བྷ་ལ་གསེར་གྱི་མདོག་ཅན་གནོད་སྦྱིན་ནོར་སྤེལ་བ་ཞེས་བྱ་བའི་གཟུངས་དང་། ནོར་ལྷ་གསེར་འོད་གཉིས་ཀ་ཚིག་མཐུན་པར་བྱ་དང་རི་དྭགས་ཀྱི་རྣ་ལམ་དུ་སྒྲ་གྲག་པར་གྱུར་ནའང་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བྱོལ་སོང་དང་གཤིན་རྗེའི་འཇིག་རྟེན་དུ་ནམ་ཡང་སྐྱེ་བར་མི་འགྱུར་རོ། །གལ་ཏེ་མིར་སྐྱེས་ནའང་རྒྱལ་རིགས་སུ་སྐྱེ་བར་འགྱུར་རོ། །གཟུགས་བཟང་བར་འགྱུར་རོ། དབྱངས་སྙན་པར་འགྱུར་རོ། །ཤེས་རབ་ཆེ་བར་འགྱུར་རོ། །ཆོས་སྤྱོད་པའི་སྐལ་པ་དང་ལྡན་པར་འགྱུར་རོ། །ཟད་པ་མེད་པའི་ལོངས་སྤྱོད་ནི་ཚེ་རབས་རྟག་ཏུ་གཏེར་དང་ལྡན་པར་འགྱུར་རོ། །ཞེས་གསུངས་སོ། །འདིའི་གཞུང་ལས། ནོར་ལྷ་ཀུན་གྱི་ནང་ནས་ཛ་བྷ་ལ་དམར་པོ། ཞེས་གསུངས་པའི་དོན་བཤད་ན་འཇིག་རྟེན་པའི་ནོར་ལྷའི་རིགས་དཔག་ཏུ་མེད་པ་ཡོད་དེ། དེ་དག་བསྒྲུབས་ན་ཐུན་མོང་གི་དངོས་གྲུབ་འབྱུང་སྟེ། མཆོག་གི་དངོས་གྲུབ་མི་འབྱུང་། ཚེ་


CMR045_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་ལོངས་སྤྱོད་ལ་གཡེང་། དེ་དག་འཚོ་སྐྱོང་དགོས་པས་ཉམས་ལེན་སྒྲུབ་པ་ཚུལ་བཞིན་མི་འོང་། ཚེ་གཅིག་སངས་རྒྱས་མི་འགྲུབ་པའི་གེགས་བྱེད་པས། ལྷའི་བུའི་བདུད་ཡིན་པར་རྫོགས་ཆེན་གྱི་རྒྱུད་ནས་གསུངས་ཀྱང་། བེ་གར་ནོར་ལྷར་བརྟེན་ན་ཐ་མ་སྲོག་གཅོད་བྱེད་པ་དང་འདྲ། ཀླུ་དང་གཟའ་རྣམས་ནོར་ལྷར་བརྟེན་ན་ཁ་རླངས་ཀྱི་ནད་བྱུང་སྐྱོན་མང་། ཛཾ་བྷ་ལ་ཡེ་ཤེས་པ་དང་འཇིག་རྟེན་གྱི་རིགས་མང་སྟེ། བདུད་ཛཾ་བྷ་ལ། བཙན་ཛཾ་བྷ་ལ་ལ་སོགས་སྡེ་བརྒྱད་ཀྱི་ཛཾ་བྷ་ལ་རྣམས་ཡོད་པ་གསེར་གཟུངས་དང་མ་ནིང་གི་སྒྲུབ་སྐོར་ལས་གསལ། དེ་ལྟར་ཛཾ་བྷ་ལ་ལ་མཆོག་དམན་གྱི་ཁྱད་པར་མང་དུ་ཡོད་པར་མ་ཕྱེད་ནས། འབྲུག་ལུགས་འགའ་ཞིག་གིས་ཛཾ་བྷ་ལ་འདི་ལྷའི་བུའི་བདུད་ཡིན་པས་ཆུ་སྦྱིན་ཡང་གཏོང་མི་རུང་ཟེར་བ་ནི་དོན་མ་གོ་བའི་གཤེ་སྐུར་ཆེན་པོའི་རྗེས་ཟློས་མི་རུང་བ་ཡིན། ལྷའི་བུའི་བདུད་ཡིན་རྒྱུ་དེ་འཇིག་རྟེན་གྱི་ནོར་ལྷ་རྣམས་ཡིན། ཇི་སེར་ནག་གཉིས་སོགས་ནི་དོན་ལ་རྫོགས་པའི་སངས་རྒྱས་ད་ལྟ་ས་བཅུའི་སེམས་དཔའི་ཚུལ་བཟུང་འཕགས་པ་ནམ་མཁའ་མཛོད་ཅེས་བྱ་བ་ཡིན་ཏེ། སྤྱོད་པ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ལས། ཐུབ་པའི་ཞལ་ནས། ང་ལ་སྟོན་


CMR045_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཁས་ཆེ་ན། །ཛཾ་བྷ་ལ་ལ་ཆུ་སྦྱིན་ཐོངས། །ཞེས་གསུངས་པས་དེ་མ་བཏང་ན་ཐུབ་པའི་ཉན་ཐོས་ལ་མི་ཐེ་བ་ཡིན་པས་མཁས་གྲུབ་ཀུན་གྱིས་ཐུགས་དམ་མཛད་དོ། །ཁྱད་པར་ཇོ་དམར་འདི་ནི་སངས་རྒྱས་འོད་དཔག་མེད་པ་ཉིད་ནོར་ལྷའི་སྐུར་བཞེངས་པ་ཡིན་པས། ཚེ་འདིའི་ཆོས་དང་མཐུན་པའི་ལོངས་སྤྱོད་འབྱུང་ཞིང་ཕྱི་མ་བདེ་བ་ཅན་དུ་སྐྱེ་ནས་སངས་རྒྱས་པར་འགྱུར་བས་འདི་ཕྱི་གཉིས་ཀ་ལ་ལྷ་འདིས་ཆོག །རྣམ་སྲས་དང་མི་འདྲ་སྟེ། སྒྲུབ་རྫས་སླ་བ་དང་། སྒབ་འདྲེ་ཡང་འཇམ་པས་མི་ནོན་པའི་དོགས་པ་མེད། ཇོ་སེར་ནག་གཉིས་ཀྱི་རྗེས་གནང་ནི་སྒྲུབ་ཐབས་རྒྱ་མཚོ་དང་བརྒྱ་རྩ་སོགས་ལ་ཡོད་པ་ཀུན་གྱིས་ཐོབ། ཆུ་སྦྱིན་ཡང་ཀུན་ལ་དར་བས་བཟང་སྤྱོད་ལྟར་སྤྱི་ཆོས་སུ་སོང་ནས་མན་ངག་ཟབ་མོ་ལ་བརྩི་སྲོལ་མི་འདུག །ཇོ་བོ་རྗེའི་ལུགས་ཛ་དཀར་ཡང་ཆོ་ལེ་བ་དར་ཏེ་དེ་དང་འདྲ། འཕན་ཡུལ་དུ་གྲ་པ་ཎ་ཆེན་ཞེས་བྱ་བའི་ས་ལུགས་ཀྱི་དགེ་བཤེས་མཁས་པ་ཆེན་པོ་མངའ་ཐང་ཅན་ཞིག་བྱུང་ཟེར། དེའི་ཕྱག་དཔེ་ཐུགས་དམ་རྟེན་གསར་མའི་ཆག་ལོ་ཙཱ་བ་དང་། ཁ་ཆེ་པཎ་ཆེན་སོགས་ཀྱི་ལུགས་ཛཾ་བྷ་ལའི་སྒྲུབ་ཐབས་རྒྱ་གཞུང་ཐམས་ཅད་ཕྱོགས་གཅིག་ཏུ་བྲིས་པ་ཞིག་


CMR045_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

འདུག །དེའི་ནང་ན་གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་ཛཾ་དམར་འདི་མ་གཏོགས་ཛཾ་དམར་གཞན་མི་འདུག་པས། གསར་མ་ལ་ཛཾ་དམར་འདི་མེད་འདྲ་སྙམ། རྙིང་མའི་གཏེར་ཁ་སོ་སོར་ནས་ཛཾ་དམར་མང་དུ་བྱུང་ཡང་། ཆ་ཚང་བ་ཞིག་མེད་ཅིང་གྲགས་ཆུང་ཞིང་ཆེར་མ་ཁྱབ་པ་དང་། འདི་ནི་གྲགས་པ་ཆེ་ཞིང་མན་ངག་ཟབ་མོ་དཔེ་མེད་དུ་བརྩི་བས་དབང་ལུང་གི་བརྒྱུད་པ་ཤིན་ཏུ་དཀོན། སྨན་གྱི་རྒྱུད་བཞི་ནི་གྲུབ་མཐའ་ཀུན་གྱི་སྤྱི་བོར་ཁུར། འདིའང་རྒྱུད་བཞི་དང་མཉམ་དུ་བཏོན་པས་ཡིད་ཆེས། རྗེ་བློ་བཟང་གྲགས་པས་མཛད་པའི་གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་འདིའི་དབང་ཆོག་དང་། དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་དེའི་ཆུ་གཏོར་གཏོང་ཐབས་ཀྱང་འདུག་པས། མཁས་པ་ཆེན་པོ་རྣམས་ཀྱིས་ཚད་མར་འཛིན་པར་འདུག །འབྲི་གུང་ཞབས་དྲུང་གོང་མ་རྣམས་དང་མགར་དམ་པ་གོང་མ་སོགས་ཀྱིས་གྲྭ་པ་དང་སློབ་མ་ཕལ་ཆེར་ལ་གནང་བས་གསང་ནས་ཐུགས་དམ་མཛད་པར་སྣང་། དེང་སང་འདི་ལ་ཐུགས་དམ་གཙོ་བོར་མཛད་པ་རྣམས་ལོངས་སྤྱོད་ཆེ་བའི་འཕྲག་ལམ་ཡང་སྣང་ངོ་། མཇུག་བཀའ་རྒྱས་གདམས་པ་ནི། ཆོས་ཚུལ་བཞིན་བྱེད་པ་ལ་ཆོས་སྒྲུབ་པའི་མཐུན་


CMR045_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་དུ་འབྱུང་བ་ཡིན་གྱི། དེ་མིན་གཞན་ལ་སྤེལ་ན་ལོག་འཚོ་སྒྲུབ་པའི་རྒྱུར་འགྱུར་བས་ཉེས་སྒྲིབ་ཀྱང་ཆེ། རང་གི་བསོད་ནམས་ཀྱང་ཉམས་པར་འགྱུར་བས་མི་སྤེལ་ལོ། །ཞེས་དགེ་སློང་སྦྱིན་པས་སྦྱིན་པ་གཏོང་བའི་ལྷ་འདི་ཡི་ཟིན་བྲིས་དགོས་ཞེས་བསྐུལ་བ་ལ་བརྟེན་ནས། རཱ་ག་ཨ་སྱས་སྨྲས་པ་ལྟར་བསྐུལ་པ་པོ་ཉིད་ཀྱིས་བྲིས་ཏེ་གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མའི་ཟིན་བྲིས་སུ་ཡོངས་སུ་རྫོགས་སོ། །སྦ་འོས་གསལ་བཀོད་ཉེས་པ་ལྷ་ལ་བཤགས་ཤིང་། འབྲེལ་པ་ཐོག་ཚད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱུར་དུ་རྫོགས་པར་གྱུར་ཅིག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

འཕགས་པ་སྨུག་འཛིན་དམར་པོའི་ཆུ་སྦྱིན།


CMR045_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

༼ག༽ འཕགས་པ་སྨུག་འཛིན་དམར་པོའི་ཆུ་སྦྱིན་གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མའོ༔ དཀོན་མཆོག་གསུམ་དང་ཨརྱ་ཛཾ་བྷ་ལ་ལ་སྐྱབས་སུ་མཆིའོ༔ དེ་ལས་དབུལ་ཕོངས་བསལ་བར་བྱ་བའི་ཕྱིར༔ བདག་གི་མགོན་པོ་ཛཾ་བྷ་ལ་བསྒྲུབ་པར་བྱའོ༔ ཨོཾ་སྭ་བྷ་ཝ་སོགས། བརྟན་གཡོ་ཐམས་ཅད་སྟོང་པར་གྱུར༔ སྟོང་པའི་ངང་ལས་ཨ་ལས་ཟླ་བ་དང་༔ མ་ལས་ཉི་མ༔ ཡི་གེ་ཧཱུྃ་དམར་པོ་ལས་འོད་འཕྲོས༔ སེམས་ཅན་ཐམས་ཅད་དབུལ་བའི་སྡུག་བསྔལ་བསལ༔ ཚུར་འདུས་ཧཱུྃ་ལ་ཕོག༔ དེ་ཡོངས་སུ་གྱུར་པ་ལས་ཛཾ་བྷ་ལ་དམར་པོ་ཞལ་གསུམ་ཕྱག་དྲུག་པ༔ སྐུ་ཤིན་ཏུ་དམར་ཞིང་ཆགས་པ་སྒེག་པའི་ཉམས་དང་ལྡན་པ༔ ཀླུ་ཆེན་པོ་བརྒྱད་དང་རིན་པོ་ཆེ་དུ་མས་སྤྲས་པ༔ གཡས་ཞལ་དཀར་གཡོན་སྔོ་རྩ་ཞལ་དམར་བ༔ ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ༔ གཡས་དང་པོས་རིན་པོ་ཆེ༔ བར་པས་ལྕགས་ཀྱུ༔ གཡོན་དང་པོས་ཐོད་པ་རིན་པོ་ཆེས་བཀང་བ༔ བར་པས་ཞགས་པ༔ ཐ་མ་གཉིས་ན་གཏེར་གྱི་ནེའུ་ལེ་བསྣམས་པ་བཙིར་བས་ནོར་སྐྱུགས་པ༔ ཞབས་བཞིས་གནོད་སྦྱིན་ནོར་སྐྱུགས་གཉིས་མནན་པ༔ དེ་ལྟ་བུའི་


CMR045_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གསུམ་ཨོཾ་ཨཱཿཧཱུྃ་དང་ཐུགས་ཀའི་ཛཾ་ལས་འོད་འཕྲོས་པས་ཛཾ་ལྷ་རིགས་ལྔ་སོགས་ནོར་ལྷ་ཐམས་ཅད་སྤྱན་དྲངས༔ གཉིས་སུ་མེད་པར་ཐིམ༔ དབང་ལྷ་རིགས་ལྔ་བྱོན་ནས་དབང་བསྐུར༔ འོད་དཔག་མེད་ཀྱི་བླ་མས་དབུ་བརྒྱན་པར་གྱུར༔ ཨཅུ་ཛཾ་བྷ་ལ་ཨགྷཾ་སོགས། ཛཾ་ལྷའི་ཐུགས་ཀར་རི་དམར་པོ་བསྒོམ༔ དེ་ལ་རཾ་ཞེས་བརྗོད་པས་མེ་འབར་ཏེ་ཞལ་གྱི་ནང་ནས་ཡར་མེ་ལྕེ་བྱུང་བས་ཤིན་ཏུ་སྐོམ་པས་གདུང་བར་གྱུར༔ ཞལ་དུ་ཆུ་གཙང་ཕུལ་བས་སྐོམ་པའི་སྡུག་བསྔལ་ཞི་སྟེ་མཉེས་ནས་ཛ་བྷ་ལའི་ཞལ་དང་ནེའུ་ལེ་དང་ནོར་སྐྱུགས་རྣམས་ཀྱི་ཁ་ནས་ནོར་བུ་རིན་པོ་ཆེ་སྐྱུགས་པར་བསམ༔ དེ་ནས་ཛཾ་བྷ་ལ་སྐོམ་པ་ལ་ཆུ་ཕུལ་བས་སྐོམ་པ་སངས་ནས་དེས་མཉེས་ཏེ་ནོར་བུ་སྐྱུགས༔ ཛཾ་ལ་དགྱེས་ནས་ནེའུ་ལེ་བཙིར་བས་ནོར་བུ་སྐྱུགས༔ ཛཾ་བྷ་ལ་ནོར་སྐྱུགས་གཉིས་ཀྱི་སྙིང་ཁར་རྟོགས་པས་ཚད་མནན་པས་ནོར་བུ་སྐྱུགས༔ ཞེས་ཆུ་སྦྱིན་ནི༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་བྷིསྭཱ་ཧཱ༔ ཞེས་བརྒྱ་རྩ་བཟླས༔ གཏོར་མ་རིལ་བུ་སྔགས་ལ༔ ཨི་དཾ་བཏགས། ཨརྱ་ཛཾ་བྷ་ལ་ཨརྒྷཾ་སོགས། ཡིད་བཞིན་རིན་ཆེན་གཏེར་འདི་སྒྲུབ་པ་ལ༔ མ་ལུས་འགྲོ་བའི་དབུལ་ཕོངས་བསལ་བའི་ཕྱིར༔ ནོར་ལྷ་ཀུན་གྱི་ནང་ནས་ཛ་བྷ་ལ༔ དམར་པོ་གསུང་གི་ལྷ་ལ་ཕྱག་འཚལ་བསྟོད༔ བདག་ལ་ལོངས་སྤྱོད་ནོར་ཆེན་དངོས་གྲུབ་སྩོལ༔


CMR045_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཛ་བྷ་ལ་དང་ནེའུ་ལེ་དང་ནོར་སྐྱུགས་གསུམ་ལ་ལག་པས་རེག་པར་བསམ༔ ཞེས་བྱང་ཆུབ་སེམས་ཀྱི་ཆུ་དམར་པོ་ལྕེ་ལ་བཞག་སྟེ་དངོས་གྲུབ་བླངས་བས་བརྒྱན་གྱུར་གྱི་ཟབ་ཅིང་མྱུར༔ ཨོཾ་ཨཱ༔ཧཱུྃ་བརྗོད་པ་ཅུང་ཟད་རང་གིས་ལོངས་སྤྱོད༔ ཡང་ན་ཆུ་ཆེན་པོར་དོར་རོ༔ ཆུ་སྦྱིན་དུས་ཡང་ནམ་ལངས་ནས་ཉི་མ་ཤར་ཚུན་ཆད་རེ་མ་ཆག་པར་གལ་ཆེ༔ གྲྭ་པ་མངོན་ཤེས་ཅན་གྱི་གཏེར་གཞུང་ཇི་ལྟ་བ་བཞིན། རཱག་ཨ་སྱས་བསྒྲིགས་པ་སྟེ་འདི་མང་དུ་སྤེལ་བྷན་རང་གི་གཡང་ཉམས་པ་དང་མི་ཁས་སྡང་པ་ནོར་དང་ལོངས་སྤྱོད་ཇེ་ཆུང་དུ་འགྲོ་བས་བཀའ་རྒྱ་དམ་པར་བྱ༔ ཆུ་སྦྱིན་མཇུག་ཏུ་བཛྲ་མུ༔ ཛཾ་ལྷ་རང་ངམ་རྒྱབ་ཡོལ་ལ་ཐིམ་པར་བསམ་མོ། །སརྦ་མངྒ་ལཾ།། །།

ཛཾ་བྷ་ལ་དམར་པོའི་ཕྱི་སྒྲུབ་ཆུ་ལ་བརྟེན་པའི་ཟིན་བྲིས།


CMR045_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཛཾ་བྷ་ལ་དམར་པོའི་ཕྱི་སྒྲུབ་ཆུ་ལ་བརྟེན་པའི་ཟིན་བྲིས་བཞུགས་སོ།


CMR045_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨརྱ་ཛཾ་བྷ་ལ་ས་དྷ་ནི་ནཱ་མ། བོད་སྐད་དུ། འཕགས་པ་ཛཾ་བྷ་ལའི་སྒྲུབ་ཐབས་ཞེས་བྱ་བ། འཕགས་པ་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ། །དེ་ལ་དང་པོ་སེམས་ཅན་ཐམས་ཅད་ཀྱི་དབུལ་བའི་སྡུག་བསྔལ་བསལ་བའི་ཕྱིར། བདག་གིས་ཛཾ་བྷ་ལ་བསྒྲུབ་སྙམ་པའི་བསམ་པ་དང་ལྡན་པས་བསྙེན་པ་ཅི་རིགས་བྱ། སྔོན་ལ་བསྙེན་པ་ཞག་བདུན་བྱས་ནས། དེ་ནས་རྒྱུན་དུ་སྒྲུབ་པ་བྱས་ན་ཤིན་ཏུ་ལེགས། ཆུ་སྦྱིན་པའི་ཐབས་ལ་ཟངས་གཞོང་དུ་སྔར་བཞིན་བསྐྱེད། ཆུ་རང་གིས་ལོངས་སྤྱོད། ཡང་ན་ཆུ་བོ་ཆེན་པོར་དོར་རོ། །འདི་ལ་སྒྲུབ་རྫས་ཅི་ཡང་མི་དགོས།


CMR045_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་མི་དགོས། ད་ནངས་རྒྱལ་བ་རྒྱ་མཚོ་འོད་འབར་སོགས་རང་གི་ཡི་དམ་གང་ཡིན་བདག་བསྐྱེད་ཚང་བར་འདོན། དེ་ནས་ནམ་ལངས་སམ་ཞོགས་ཕྱེད་དམ། ཉི་མ་རྩེ་ཤར་ལས་ཕྱི་མི་རུང་བར་ཆུ་སྦྱིན་གྱི་དབུ་བཙུགས་ཏེ་མདུན་དུ་ཟངས་གཞོང་ཀ་ཊོ་ར་བཞག །མདུན་དུ་ཆུ་ཟོམ་གང་དང་། དེ་བླུགས་པའི་ཟོམ་སོགས་བཞག །བདག་བསྐྱེད་སྐྱབས་སེམས་ད་ནངས་སོང་བས་འཐུས། རང་ཉིད་ཡི་དམ་གནས་འགྱུར་ནས་ཁ་སར་ཎི་བསྒོམས་ནའང་རུང་། མངོན་རྟོགས་མི་དགོས་དམིགས་པས་ཆོག །མངོན་རྟོགས་འདོན་ན་གཏོར་མ་བརྒྱ་རྩའི་མངོན་རྟོགས་དེ་བྱ། ཆུ་


CMR045_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་དམིགས་པ་ནི་ཆུ་སྦྱིན་གཞུང་ན་གསལ་བ་དེ་ཡིན། ཆུ་སྦྱིན་རེ་རེ་ལ་སྐྱབས་འགྲོ་སེམས་བསྐྱེད། མངོན་རྟོགས་ཆུ་སྦྱིན་ཕྲའུ་ཟངས་གཞོང་དུ་བསྒྲེང་ཞིང་སྔགས་བརྒྱ་རྩ་རེ་རེ། དེ་ནས་བསྟོད་པ་ཉུང་ངུས་བསྟོད། དེ་ནས་སྲིན་ལག་གིས་ཆུ་ལ་རེག་ནས་ལོངས་སྤྱོད་དང་ཟས་ཀྱི་དངོས་གྲུབ་འདོད་ན་ལྕེ་ལ་བཞག །རྟ་ཕྱུགས་ནོར་སོགས་འདོད་ན་ལག་མཐིལ་གཡོན་དུ་བཞག་ནས་བཅང་བའི་ཚུལ་དུ་བྱ། དེ་ནས་བསྙེན་པ་བྱ་སྟེ་དམིགས་པ་བཅས། སྔགས་སྟོང་ཚོའམ་ལྔ་བརྒྱའམ་སུམ་བརྒྱའི་མཚམས་སུ་ཆུ་སྦྱིན་རེ་རེ་བྱ། དེ་ལྟར་ཉི་མ་མ་ནུབ་བར་དུ་བྱ། དེའི་བར་དུ་ཟངས་གཞོང་མ་བསྐུལ་བར། ཆུ་མ་ཤོང་ན་གཏོར་འགུ་སོགས་ཀྱིས་བཅུས་ནས་ཟོམ་བསོག་སར་བླུགས། ཉི་མ་ཐལ་བ་དང་། ཟངས་གཞོང་གི་ཛཾ་བྷ་ལ་འོད་དུ་ཞུ་ནས་ཛཾ་ཡིག་དམར་སེར་དུ་གྱུར་པ་དེ། གཞི་ལ་འདུག་ན་རང་གི་རྒྱབ་ཡོལ་ལ་བསྟིམ། ས་གཅིག་ཏུ་འདུག་པའི་ངེས་པ་མེད་ན་རང་གི་སྤྱི་བོར་བསྟིམ། དེ་ནས་ཟངས་གཞོང་གི་ཁ་ཁྱིམ་ཕུག་ཏུ་སྟོན་ལ་ཆུ་དེ་བསོག་སྣོད་བྱ། ཡི་དྭགས་ཆུ་སྦྱིན་བྱེད་ན་འདིར་བྱ། དེ་ནས་སྐབས་དེར་རང་གི་གཏོར་བསྔོས་སོགས་ཆག་མེད་ཀྱི་རིགས་གང་ཡོད་འདོན། གཏོར་མ་གསོས་ལ་ཛཾ་


CMR045_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ལས་བྱང་འདོན། དེ་ནས་ཁ་སར་པཱ་ཎི་མི་བསྒོམ་རང་གི་ཡི་དམ་གང་ཡིན་བདག་བསྐྱེད་བསྒོམ། མདུན་བསྐྱེད་གཏོར་མའི་རྩེར་ལས་བྱང་ལྟར་བསྒོམ། དེ་ནས་མ་གཉིད་བར་དུ་བསྙེན་པ་བྱ། མདུན་བསྐྱེད་མི་བསྡུ་བར་བཞག །ཉིན་དང་ནུབ་བསྙེན་པའི་ཚེ་དམིགས་པ་ནི། མདུན་གྱི་ཟངས་གཞོང་དུ་བསྒོམ་པ་དང་། ནུབ་གཏོར་མའི་རྩེར་བསྒོམ་པ་གཉིས་ཀ་འདྲ་སྟེ། ཐུགས་ཀར་ཡུམ་དང་། དེའི་ཐུགས་ཀར་ཛ་དང་ཧྲུསྔགས་ཀྱིས་བསྐོར་བ་གཡས་སུ་འཁོར་བར་བསྒོམ། རང་ཁ་སར་པཱ་ཎི་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། མདུན་བསྐྱེད་ལ་ཕོག་བསྙེན་པ་བྱས་པས་ཐུགས་མཉེས་ནས་ནོར་གྱི་དངོས་གྲུབ་སྦྱིན་པར་བསྒོམ་ཞིང་སྔགས་བཟླ་བ་ནི་བསྙེན་པའོ། །ཛཾ་བྷ་ལའི་ཞལ་གསུམ་ནེའུ་ལེ་གཉིས། གནོད་སྦྱིན་ཕོ་མོ་གཉིས་ཏེ་ཞལ་བདུན་ནས། གསེར་གཡུ་བྱི་རུ་རིན་པོ་ཆེ་སྣ་ཚོགས་ཟད་མི་ཤེས་པར་སྤྲུལ་ནས། ཁ་ནས་ལྷུད་ལྷུད་སྐྱུགས་པས་རང་གི་ཁང་པ་དང་ས་སྐོར་གང་ནས་རིན་པོ་ཆེའི་གྲམ་པ་ཆེན་པོར་གྱུར་པར་བསྒོམ་ཞིང་བཟླ་བ་ནི་སྒྲུབ་པའོ། །དེ་ནས་ཐུགས་ཀའི་ཧི༔ལས་འོད་འཕྲོས་པ་ལས་ལྷ་མོ་དམར་མོ་གཡས་ལྕགས་ཀྱུ་གཡོན་ཞགས་པ་


CMR045_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་པ་གྲངས་མེད་པ་སྤྲོས་ཏེ། འཇིག་རྟེན་ཁམས་ཀྱི་ཟས་ནོར་རྣམ་པ་གང་འདོད་པ་ཇ་དརའབྲུ་རྟ་དྲེལ་ནོར་ཕྱུགས་སོགས་ལྕགས་ཀྱུས་བཟུང་། ཞགས་པས་བཅིངས་ནས་རང་གི་གནས་དང་ས་སྐོར་དེར་མི་ཤོང་བ་ཙམ་དུ་གང་བར་བསྒོམ་ཞིང་བཟླ་བ་ནི་ལས་སྦྱོར་རོ། །མཚན་ལ་ནི་དམིགས་པ་དེ་གསུམ་ཁོ་ནའོ། །ཉིན་ལ་དེ་ནས་མདུན་གྱི་ཐུགས་ཀའི་ལྷ་མོ་འོད་དུ་ཞུ་ནས་ཐུགས་ཀའི་ཧྲིལ་ཐིམ། ཧཱིཛ་ལ་ཐིམ་པས་ཡབ་རྐྱང་པར་གྱུར་པའི་ཐུགས་ཀའི་ཛཾ་གྱི་འོག་ཏུ་རཾ་དེ་ལས་མེ་འབར་བ་སོགས་གཞུང་གི་ཆུ་སྦྱིན་དམིགས་པ་དང་བཅས་ཆུ་སྦྱིན་པ་གནད་འབེབས་ཏེ། བསྙེན་སྒྲུབ་ལས་གསུམ་གནད་ལ་འབེབས་པ་དང་བཞི་ཀ་ཉིན་བར་གྱི་ཐུན་རེ་རེ་ལ་རྫོགས་པར་བྱའོ། །དེ་ལ་སྔགས་སྟོང་ཚོ་རེ་ལ་ཐུན་རེ་རེ་བྱས་ན་ལེགས་ཏེ། ཆུ་སྦྱིན་སྟོང་ཚིག་གི་མཆོད་པའོ། །ཆུ་སྦྱིན་ནང་ཛཾ་ལུ་ཡོད་ན་ལེགས། མེད་ན་ནས་འབྲུ་ཅུང་ཟད་བཏབ། མང་པོའི་སྲོལ་མེད་དོ། །ཆུ་གཙང་ནི་མཆོད་པའི་གཙོ་བོ་ཡིན་ནོ། །དེ་ལ་བསྙེན་པ་གྲངས་ཀ་ངེས་པ་མེད་དུས་ནི་ཞག་བདུན་ནོ། །རྟགས་ནི་ནོར་སྒྲུབ་སྤྱི་དང་འདྲ་སྟེ་ཁྱད་པར་ནི་ཆར་ཆེན་པོ་འབེབས་པར་རྨིས་ན་བཟང་བའོ། །འདིའི་རྫས་སླ་ཞིང་སྟབས་བདེ་བས་ཀུན་


CMR045_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕན་ནོ། །གེགས་སེལ་དགོང་མོ་སེང་གདོང་མ་སོགས་ཟློག་སྔགས་མང་ཉུང་ཅི་ཐོན་བཟླས་ལ། སྒྲུབ་པའི་བར་ཆད་དམ་སྲི་ཐམས་ཅད་ལག་གཉིས་ཉི་ཟླའི་བར་དུ་བརྡབས་པས་ཐལ་བ་རྡུལ་བུན་དུ་སོང་བར་བསྒོམ་ཞིང་བདུད་བཟློག་བྱའོ། །དངོས་གྲུབ་སྒྲུབ་པ་འདི་བགེགས་ཆེ་བ་ཡིན་པའི་ལོ་རྒྱུས་ཡོད་དོ། །བྱང་བདག་བཀྲ་ཤིས་སྟོབས་རྒྱལ་དང། མགར་དམ་པ་གོང་མ་སོགས་འབྲི་གུང་པ་རྣམས་ཀྱིས་ཛཾ་དམར་ཆུ་སྦྱིན་འདི་ཁོ་ན་ལ་ནོར་ལྷའི་མཆོག་ཏུ་མཛད་དེ། གཞན་ལ་རྫི་མི་བསྒྲགས་པར་ཤིན་ཏུ་གསང་ནས་ཡི་དམ་བྱེད་པ་ཡིན་པར་འདུག་སྟེ། དངོས་གྲུབ་ཀྱང་རྒྱ་ཆེར་བྱུང་བར་སྣང་ངོ་། །ནོར་བུའི་རྒྱུད་ལས། བཅོམ་ལྡན་འདས་ནྱ་གྲོ་ཏའི་ཚལ་ན་འཁོར་མང་པོ་དང་ཐབས་ཅིག་ཏུ་བཞུགས་པའི་ཚེ། །བྱང་ཆུབ་སེམས་དཔའ་སྤྱན་བཟང་པོ་དབུལ་བ་ཕོངས་པ་དང་ནད་དང་ཚེ་ཐུང་བ་རྣམས་དེ་ལས་ཐར་བ་དང་། བསོད་ནམས་དང་། དཔལ་དང་། གྲགས་པ་དང་། ཚེ་རིང་བ་དང་། །བདེ་བ་འདོད་པས་ཇི་ལྟར་བྱ་ཞུས་པས། དེ་ལྟར་ཕུན་སུམ་ཚོགས་པར་འདོད་པས་བྱང་ཆུབ་སེམས་དཔའ་ནོར་བུ་བཟང་པོ་དང་། ཆུ་སྦྱིན་བཟང་མོའི་བུ་དང་། ཨར་ཛཾ་བྷ་ལ་ཞེས་བྱ་བ་


CMR045_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དེ། དེ་ལ་ཆུ་སྦྱིན་པས་ནི་དེའི་ལྷག་མའི་དྲི་མ་གསུམ་ཡང་དག་ཅིང་། མཉམ་པའི་ས་བཅུ་ལ་གནས་ནས་ཕྱིར་མི་ལྡོག་པར་འགྱུར་ཞིང་། གང་གི་བྱེད་པ་པོ་དེ་ཡང་རྒྱུད་ཕུན་སུམ་ཚོགས་པ་ནི་ཐོབ་པ་ལྟ་ཅི་སྨོས། འབྲས་བུ་ས་བཅུ་ལ་གནས་པར་འགྱུར་ཞེས་དང་། སྔ་མོ་ཡང་ན་ཕྱི་དྲོ་གོང་། །བཟའ་དང་ཅུང་ཟད་མི་བྲེལ་དུས། གཟུངས་བཀླག་དེ་རྗེས་ཆུ་སྦྱིན་བྱ། །ལྷག་མའི་ཆུ་རྣམས་ཕྱིས་བྲན་ལ། །ཡི་དྭགས་རྣམས་ལ་སྦྱིན་པར་བྱ། །དེ་བྱིན་བསོད་ནམས་བསོད་མཐའ་ཡས། །སངས་རྒྱས་བགྲང་དུ་འདས་པ་ལ། །སྐྱེ་བ་བདུན་དུ་ཚོགས་བསགས་པས། །ཆུ་སྦྱིན་ཡོན་ཏན་མཐའ་བསམ་མཐའ་ཡས། །ཇི་ཡིག་དངོས་པོར་བསྡུས་བྱས་ལ། །བདག་གི་སྤྱི་བོའི་གཙུག་ཏུ་བསྐུར། །དེ་ལ་བསོད་ནམས་འབྱུང་བར་བསམ། །ཞེས་བཀའ་སྩལ་པའི་ཕྱིར་ཕན་ཡོན་དེ་ལྟར་ལགས་ཤིང་། གཟུངས་བཀླག་ཅེས་པའི་དོན་བསྙེན་པ་ལ་འདུས་སོ། །དགོང་མོ་ཉི་མ་ཐལ་ཀ་ཆུ་སྦྱིན་གྱི་ཆུ་ལྷག་ཅི་གདའ་དེ་ལ་ཛི་ལྷའི་གཏོར་ཆུ་བསྲེས་ལ་ཡི་དྭགས་ལ་ཆུ་སྦྱིན་གཅིག་བྱས་ན་ཕན་ཡོན་ལྷག་པར་ཆེའོ། །ཞེས་རཱ་ག་ཨ་སྱས་ཡེ་ཤེས་ཀྱི་བསྙེན་སྒྲུབ་བྱེད་དུས་འཕྲལ་དུ་བྲིས་པ་སྟེ་འགྲོ་བ་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །ཤུ་བྷཾ།། །།

གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་ཛཾ་དམར་ཆུ་སྦྱིན་བསྡུས་པ།


CMR045_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

༼ཅ༽ གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་ཛཾ་དམར་ཆུ་སྦྱིན་བསྡུས་པ་བཞུགས་སོ། །མདུན་དུ་པཾ་ཨོཾ་རཾ་ཡིག་ལས་བྱུང་བའི། །པདྨ་ཟླ་བ་ཉི་མའི་སྟེང་དུ་ཛཾ། །དེ་ལས་འོད་འཕྲོས་འཕགས་པ་ཐམས་ཅད་མཆོད། །སེམས་ཅན་ཀུན་གྱི་དབུལ་བའི་སྡུག་བསྔལ་བསལ། །བྱིན་རླབས་དངོས་གྲུབ་ཚུར་འདུས་ཡོངས་གྱུར་ལས། །ཛཾ་ལྷ་དམར་པོ་གཡས་དཀར་གཡོན་སྔོའི་ཞལ། །ཕྱག་དྲུག་དང་པོས་ནོར་བུ་རིན་ཆེན་ཐོད། །བར་པས་ལྕགས་ཀྱུ་ཞགས་པ་ཐ་མ་གཉིས། །ནེའུ་ལེ་བཙིར་བས་རིན་ཆེན་ཆར་པ་འབེབས། །ཞབས་བཞིས་འདོར་སྟབས་ནོར་སྐྱུགས་ཕོ་མོ་མནན། །ཁྲོ་འཛུམ་དར་དང་རིན་ཆེན་བརྒྱན་པ་ཡི། །ཐུགས་ཀར་རཾ་ཡིག་མེ་འབར་ཞལ་དུ་བྱུང་། །སྒོམས་པས་གདུང་ལ་ཆུ་ཕུལ་སྐོམ་པ་ཞི། །མཉེས་ནས་ནེའུ་ལེ་བཙིར་ཞིང་ནོར་སྐྱུགས་མནན། །ནོར་བུ་བསྐྱུགས་པས་གནས་ཁང་ཁེངས་པར་གྱུར། །ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་དྷ་ན་མེ་དྷི་ཧཱུྃསྭཱ་ཧཱ། ཆུ་སྦྱིན་ལ། །ཨརྒྷཾ་༴ བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་ཞིང་། །ཐུགས་རྗེ་ཆགས་པས་སྐུ་མདོག་དམར་པོར་བཞུགས། །དབང་གི་ཕྲིན་ལས་རྫོགས་མཛད་ཛམྦྷ་ལ། །མ་


CMR045_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད། །དེའང་ཆུ་སྦྱིན་དུ་འདོན། ཐུགས་ཀའི་ཧཱུྃལས་ཀུ་རུ་ཀུ་ལླེ་དམར། །ལྷ་མོ་ལྕགས་ཀྱུ་ཞགས་པ་འཛིན་པའི་ཚོགས། །གྲངས་མེད་འཕྲོས་ནས་འདོད་དགུ་དབང་སྡུད་གྱུར། །ཞེས་ནུབ་མོ་བསྙེན་པའང་ཉིན་བསྙེན་པའི་དུས་སོ། །ནངས་སྔ་མོར་ཆུ་སྦྱིན། ཅེས་པ་འདི་གྲྭ་པ་མངོན་ཤེས་ཅན་གྱི་གཏེར་ཁ་ལས་བྱུང་བའི་ཛཾ་དམར་གྱི་ཆུ་སྦྱིན་བསྡུས་པ། ༧ རཱ་ག་ཨ་སྱས་བྲིས་པ་སརྦ་མངྒ་ལཾ།། །།

སྨུག་འཛིན་དམར་པོ་ཡམ་ཡུབ་ལས་བྱང་གཏོར་མ་ལ་བརྟེན་ནས་སྒྲུབ་པའི་འདོན་བསྒྲིགས་ཡིད་བཞིན་ནོར་བུ།


CMR045_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

༼ཆ༽ གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་སྨུག་འཛིན་དམར་པོ་ཡམ་ཡུབ་ལས་བྱང་གཏོར་མ་ལ་བརྟེན་ནས་སྒྲུབ་པའི་འདོན་བསྒྲིགས་ཡིད་བཞིན་ནོར་བུ་བཞུགས་སོ།།


CMR045_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་དང་ཨརྱ་ཛཾ་བྷ་ལ་ལ་སྐྱབས་སུ་མཆིའོ། །དེང་ནས་སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ་བའི་ཕྱིར་མགོན་པོ་ཛཾ་བྷ་ལ་བསྒྲུབ་པར་བྱའོ། །ཨོཾ་སྭ་བྷཱ་ཝ་སོགས། བརྟན་གཡོ་ཐམས་ཅད་སྟོང་པར་གྱུར། དེའི་ངང་ལས་ཨ་ལས་ཟླ་བ་མ་ལས་ཉི་མ་པཾ་ལས་པདྨའི་གདན་གྱི་སྟེང་དུ་ཡི་གེ་ཛཾ་དམར་པོ་ལས་འོད་ཟེར་འཕྲོས། སེམས་ཅན་དབུལ་བའི་སྡུག་བསྔལ་བསལ། ཚུར་འདུས་ཛ་ལ་ཕོག །དེ་ཡོངས་སུ་གྱུར་པ་ལས་ཛཾ་བྷ་ལ་དམར་པོ་ཞལ་གསུམ་ཕྱག་དྲུག་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། སྐུ་


CMR045_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་དམར་ཞིང་ཆགས་པ་སྒེག་པའི་ཉམས་དང་ལྡན་པ། ཀླུ་ཆེན་པོ་བརྒྱད་རིན་པོ་ཆེ་དུ་མས་སྤྲས་པ། ཞལ་གཡས་དཀར་བ། གཡོན་སྔོ་བ། རྩ་ཞལ་དམར་བ། ཕྱག་གཡས་དང་པོ་ན་རིན་པོ་ཆེ། བར་པ་ན་ལྕགས་ཀྱུ། གཡོན་དང་པོས་ཐོད་པ་རིན་པོ་ཆེས་བཀང་བ། བར་པ་ན་ཞགས་པ། ཐ་མ་གཉིས་ན་གཏེར་གྱི་ནེའུ་ལེ་བསྣམས་པ་བཙིར་བས་ནོར་བུ་སྐྱུགས་པ། ཞབས་བཞིའི་གནོད་སྦྱིན་ནོར་སྐྱུགས་གཉིས་མནན་པ་དེ་ལྟ་བུ་གསལ་བར་གྱུར། དེའི་ཐུགས་ཀར་ཧཱི༔དམར་པདྨ་དམར་པོ་ལས་ལྷ་མོ་ཀུ་རུ་ཀུལླེ་སྐུ་མདོག་དམར་མོ་ཞལ་གཅིག་


CMR045_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བཞི་མ། དང་པོ་གཉིས་མདའ་གཞུ། འོག་མ་གཉིས་ལྕགས་ཀྱུ་ཞགས་པ་བསྣམས་པ། ཡབ་ཡུམ་གཉིས་ཀྱི་གནས་གསུམ་འབྲུ་གསུམ་དང་། ཐུགས་ཀའི་ཛཾ་དང་ཧྲིལས་འོད་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས། ཧཱུྃ། ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྦྱིན་པའི་ཕ་རོལ་ཕྱིན་པའི་རང་གཟུགས་ནི། །རྒྱལ་བ་ཀུན་གྱི་ཡབ་གྱུར་ཛཾ་བྷ་ལ། །མཆོད་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཡབ་ནི་ས་བརྒྱད་སེམས་དཔའ་རིན་ཆེན་མང་། །ཡུམ་ནི་ཀླུ་མོ་པདྨའི་གཙུག་ཕུད་ཅན། །སྲས་ཀྱི་ཚུལ་བཟུང་ཨཅུ་ཛཾ་བྷ་ལ། །འགྲོ་བའི་དབུལ་ཕོངས་བསལ་ཕྱིར་གཤེགས་སུ་གསོལ། །གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་། །ཚེ་དང་བསོད་ནམས་འབྱོར་པ་རྒྱས་མཛད་པ། །དངོས་གྲུབ་གཏེར་ཆེན་མགོན་པོ་ཛཾ་བྷ་ལ། །སྨུག་འཛིན་དམར་པོ་མྱུར་དུ་འདིར་བྱོན་ཅིག །སྦས་པའི་ཡུམ་མཆོག་ལྷ་མོ་རིག་བྱེད་མ། །ཁམས་གསུམ་སྲིད་གསུམ་དབང་དུ་བྱེད་པའི་ལྷ། །ཁྱོད་ཀྱི་ཐུགས་དམ་ཕྲིན་ལས་དུས་བབ་ཕྱིར། །ཀུ་རུ་ཀུལླེའི་ཕུག་ནས་གཤེགས་སུ་གསོལ། །རྣམ་ཐོས་སྲས་ཀྱི་དཀོར་བདག་ནོར་འཆང་བ། །གཏེར་


CMR045_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བདག་པོ་ནོར་སྐྱུགས་ཕོ་དང་མོ། །རིན་ཆེན་ཆར་ཆེན་མྱུར་དུ་འབེབས་པའི་ཕྱིར། །སྐད་ཅིག་ཉིད་ལ་གནས་འདིར་གཤེགས་སུ་གསོལ། །བདག་གི་གནས་ཁང་རིན་ཆེན་གཞལ་ཡས་སུ། །བྱིན་གྱིས་རློབས་ལ་བརྟན་པར་བཞུགས་ནས་ཀྱང་། །སྔོན་གྱི་ཐུགས་དམ་དམ་བཅའ་ཇི་བཞིན་དུ། །འཛད་མེད་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་ཨརྱཱ་ཛཾ་བྷ་ལ་ཀུ་རུ་ཀུལླེ་ཡཀྵེ་ཡཀྱི་བཛྲ་ས་མཱ་ཛ༔ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། ས་མ་ཡ་ཧོ༔ ས་མ་ཡ་ཧཱུྃ། དེ་ནས་མཆོད་པ་ནི། ཧཱུྃ། མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་། །བཤོས་གཙང་སྒྲ་དབྱངས་གཟུགས་སྒྲ་དྲི་རོ་རེག །དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་པའི་ཚོགས། །སྨུག་འཛིན་ཡབ་ཡུམ་འཁོར་དང་བཅས་ལ་འབུལ། །དབང་པོ་ལྔ་ཡི་མེ་ཏོག་གསུར་ཆེར་སྤོས། །ཞུན་ཆེན་མར་མེ་མཁྲིས་པའི་གནེ་དང་། །བདུད་རྩི་ཞལ་ཟས་རྐང་གླིང་ཐོད་རྔ་རྣམས། །སྨུག་འཛིན་ཡབ་ཡུམ་འཁོར་དང་བཅས་ལ་འབུལ། །ཡབ་ཡུམ་གཉིས་སུ་མེད་པའི་མཁའ་གསང་ནས། །བྱང་ཆུབ་སེམས་ལྡན་ཐབས་དང་ཤེས་རབ་བཅུད། །དངོས་གྲུབ་དགའ་བཞི་ཡེ་ཤེས་བདེ་ཆེན་མཆོག །རྣམ་


CMR045_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་སྨུག་འཛིན་ཡབ་ཡུམ་དགྱེས་པར་རོལ། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །དྲི་མེད་གསེར་ཉ་གཡུ་ཡི་གཤོག་པ་མཛེས། །འདབ་བཟང་ངད་ལྡན་སྣ་ཚོགས་པདྨའི་ཚལ། །རིན་ཆེན་གཡས་འཁྱིལ་དཀར་ཟླུམ་སྒྲ་དབྱངས་ཅན། །བདུད་རྩིའི་བུམ་པ་དཔག་བསམ་ཁ་རྒྱན་སྤྲས། །ཡིད་བཞིན་གཏེར་འབྱུང་ཁོང་སེང་དཔལ་བེའུ། །མི་ནུབ་ཆོས་ཀྱི་རྒྱལ་མཚན་རབ་ཏུ་བརྟན། །སྲིད་པའི་དྲྭ་བ་འཇོམས་བྱེད་འཁོར་ལོ་སྟེ། །རྟེན་འབྲེལ་རྟགས་ཀྱི་བཀྲ་ཤིས་རྣམ་བརྒྱད་འདི། །སྨུག་འཛིན་ཡབ་ཡུམ་འཁོར་དང་། བཅས་ལ་འབུལ། །ཐུགས་རྗེས་འགྲོ་བའི་དོན་དུ་དགོངས་ནས་ཀྱང་། །འགྲོ་རྣམས་བཀྲ་ཤིས་དཔལ་ལ་སྤྱོད་པར་ཤོག །མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སྨུག་འཛིན་དམར་པོ་ཡབ་ཡུམ་འཁོར་བཅས་ལ། །དངོས་དང་ཡིད་ཀྱིས་བཤམས་ཤིང་འབུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ཨརྱ་ཛཾ་བྷ་ལ་ཀུ་རུ་ཀུལླེ་ཡཀྱི་ཡཀྱི་པུཉྫ་དྷཱ་པེ་སོགས། ཤརྡ་སརྦ་པཱུ་ཛ་ཨཊྚ་མངྒ་ལ་ཧེ་ཏུ་སབྟ་རཏྣ་པྲ་ཏཱིཙྪ་སྭཱ་ཧཱ། གཏོར་མ་འབུལ་བ་ནི། ཟངས་གཞོང་ནང་དུ་ཟན་དང་། ཆང་དང་། ཤ་དང་། མར་ཁུ་དང་། བུ་


CMR045_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

རམ་དང་། ཟས་རྣམ་པ་སྣ་ཚོགས་དང་། ནས་ལ་སོགས་པའི་འབྲུ་སྣ་ཚོགས་པ་མང་ཞིང་རྒྱ་ཆེ་བ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གསོལ་བས་མཉེས་ནས་ནོར་གྱི་དངོས་གྲུབ་སྩོལ་བར་གྱུར། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧཱུྃསྭཱ་ཧཱ། ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ། བསྟོད་པ་ནི། ཧཱུྃ། བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་ཞིང་། །ཐུགས་རྗེ་ཆགས་པས་སྐུ་མདོག་དམར་པོར་བཞུགས། །དབང་གི་ཕྲིན་ལས་རྫོགས་མཛད་ཛཾ་བྷ་ལ། །མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད། །གཡས་ཞལ་དཀར་བས་ལྷ་རྣམས་དབང་དུ་སྡུད། །གཡོན་ཞལ་སྔོ་བས་ཀླུ་རྣམས་དབང་དུ་སྡུད། །རྩ་ཞལ་དམར་བས་མི་རྣམས་དབང་དུ་སྡུད། །སྲིད་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད། །ཞལ་གསུམ་ཕྱག་དྲུག་ཞབས་བཞིས་ནོར་སྐྱུགས་མནན། །འགྲོ་བའི་རེ་སྐོང་ཡིད་བཞིན་རིན་ཆེན་བསྣམས། །ཁམས་གསུམ་འགུགས་པར་བྱེད་པའི་ལྕགས་ཀྱུ་གཉིས། །གཡས་གཉིས་དང་པོ་བར་པས་བསྣམས་པར་མཛད། །རིན་ཆེན་ཐོད་པ་


CMR045_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཞགས་པ་གཡོན་ན་བསྣམས། །ཐ་གཉིས་ནེའུ་ལེ་བཙིར་ཞིང་རིན་ཆེན་འབེབས། །རྣམ་མང་རིན་ཆེན་ནོར་གྱི་ཆར་འབེབས་པ། །མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད། །སྐུ་ལ་རིན་ཆེན་དུ་མས་རྣམ་པར་བརྒྱན། །ཀླུ་ཆེན་བརྒྱད་དང་ལྷ་ཡི་ན་བཟའ་བཀླུབས། །སྒེག་པའི་ཉམས་ལྡན་འགྲོ་བ་ཀུན་ཡིད་སྡུད། །མགོན་པོ་ཛཾ་བྷ་ལ་ལ་ཕྱག་འཚལ་བསྟོད། །བདག་ལ་ལོངས་སྤྱོད་ནོར་ཆེན་དངོས་གྲུབ་སྩོལ། །ཅེས་བསྟོད། ༀ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་དྷ་ན་མེ་དྷི་གྷིསྭཱ་ཧཱ། ཞེས་བསྙེན་པ་བྱས་པས་མཉེས་ནས་ནོར་གྱི་དངོས་གྲུབ་སྩོལ་ནས་ཕྱིན་པར་བསམ་མོ། །བསྙེན་པ་ཅི་རིགས་བྱའོ། །རབ་སྟོང་ཚོ། འབྲིང་སུམ་བརྒྱ། ཐ་མ་ཡང་བརྒྱ་ཆག་མི་རུང་ངོ་། །ཐོ་རངས་ཀྱི་ཆའམ་མཚན་མོའི་ཆ་ལ་བཟླ་ཞིང་མན་ངག་ལྟར་དམིགས་པ་ཡང་ཡང་བསྒོམ་ཞིང་རང་གི་སྙིང་ཁར་བསྡུ། བཛྲ་མུ༔ གཏོར་མ་རང་གིས་ལོངས་སྤྱོད། གཏོར་མ་ལ་བརྟེན་ནས་སྒྲུབ་པའོ། །རྒྱུན་དུ་བཟླས་པས་འགྲུབ་སྟེ་སྔོན་ལ་བསྙེན་པ་ཞག་བདུན་དུ་བྱས་ནས་དེ་ནས་རྒྱུན་དུ་བསྒྲུབས་ན་ཤིན་ཏུ་ལེགས། ཞེས་རང་གི་སློབ་བུ་འགའ་ཞིག་ལ་ཕན་པའི་ཕྱིར། རཱ་ག་ཨ་སྱས་བསྒྲིགས་པ་སྟེ་འདི་མང་དུ་སྤེལ་ན་གཡང་ཤོར་ནས་རང་གི་འཚོ་བ་བྲལ་བས་བཀའ་རྒྱ་དམ་པར་གྱིས། དགེ་ལེགས་ཡོན་ཏན་གྱི་དཔལ་ལ་ལོངས་སྤྱོད་པར་ཤོག། །།

གཏོར་སྒྲུབ་ཀྱི་གཞུང་དང་དེའི་ཞལ་གདམས་ཛཾ་དམར་གྱི་ནང་སྒྲུབ་གཏོར་མ་ལ་བརྟེན་པའི་ཟིན་བྲིས།


CMR045_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

༼ཇ༽ གཏོར་སྒྲུབ་ཀྱི་གཞུང་དང་དེའི་ཞལ་གདམས་ཛཾ་དམར་གྱི་ནང་སྒྲུབ་གཏོར་མ་ལ་བརྟེན་པའི་ཟིན་བྲིས་བཞུགས་སོ།།


CMR045_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨརྱཱ་ཛཾ་བྷ་ལ་སཱ་དྷ་ནི་ནཱ་མ། བོད་སྐད་དུ། འཕགས་པ་ཛཾ་བྷ་ལའི་སྒྲུབ་ཐབས་ཞེས་བྱ་བ། འཕགས་པ་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ། །དེ་ནས་ཟངས་གཞོང་དུ་ཟན་དང་། ཆང་དང་། ཤ་དང་། མར་དང་། བུ་རཾ་དང་ཟས་ཀྱི་རྣམ་པ་འཛོམ་ཚད་དང་། ནས་ལ་སོགས་པའི་འབྲུ་དང་། མ་འབྱོར་ན་རང་གི་གང་ཟ་བའི་ཁ་ཟས་ཨོཾ་ཧཱུྃ་གིས་བྱིན་གྱིས་བརླབས་ལ་མང་ཞིང་རྒྱ་ཆེ་བ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པར་བསམས་ལ། རྩ་སྔགས་མཐར་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། བཏགས་པ་བདུན་ལྔ་འབུལ། ཕུལ་བས་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་


CMR045_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བས་མཉེས། ནོར་གྱི་དངོས་གྲུབ་འབྱུང་བར་བསམ་མོ། །ལན་གསུམ་དུས་མཆོད་པ་ཕུལ་ལ་བསྟོད་པས་བསྟོད། བཛྲ་མུས་རང་གི་སྙིང་གར་བསྡུའོ། །གཏོར་མ་རང་གིས་ལོངས་སྤྱོད། གཏོར་མ་ལ་བརྟེན་ནས་སྒྲུབ་པ་རྫོགས་སོ། །འདིའི་མན་ངག་ལ་རྡུལ་ཚོན་ནམ་རས་བྲིས་གང་རུང་པདྨ་འདབ་བརྒྱད་དམ། མ་འཛོམ་ནས་ཀྱི་ཚོམ་བུ་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་ཛཾ་ལྷའི་གཏོར་མ་ཟས་སྣ་ཚོགས་ཀྱིས་བརྒྱན་པ་བཤམས། ཡོད་ན་ཙཀ་ལི་དང་དར་གདུགས་དམར་པོ་བཙུགས། མེད་ཀྱང་རུང་། དེ་ནི་ལྷ་བསྐྱེད་པའི་རྟེན་ཏེ་དང་པོ་བྲན་པ་མ་གཏོགས་ཕྱིས་


CMR045_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་བྲན་མི་དགོས། དེའི་མདུན་དུ་མཆོད་པའི་གཏོར་མ་དེ་དང་འདྲ་བ་རྒྱུན་དུ་གསོ་བྲན་བྱ། དེ་གཉིས་མཐར་མཆོད་པ་སྣ་བདུན་བསྐོར་བཤམས་བྱའོ། །རྒྱུན་དུ་གསོ་བའི་མཐེབ་སྐྱུ་དང་རིལ་བུ། འཛོམས་ན་ཉིན་རེ་ཚོགས་རེ་བྱའོ། །དེའང་ཞོགས་པ་དང་། སྔ་དྲོ་དང་། ཉིན་ཕྱེད་དང་། དགོང་མོ་དང་། མུན་རུབ་དང་། ཉལ་ཁ་སྟེ་ཐུན་དྲུག་གམ། ཉིན་གསུམ་དང་མཚན་བཅས་བཞི་ལ་གཏོར་མ་གསོ་ལས་བྱང་འདོན་ནོ། །དགོང་ཀ་ཚོགས་རེ་བྱའོ། །ཟ་འཐུང་ཐམས་ཅད་ཚོགས་འཁོར་དམིགས་པ་དེ་བྱའོ། །ཐུན་མཚམས་རྣམས་སུ་རང་གི་ཐུགས་དམ་ཆག་མེད་རྣམས་གང་འདོད་དུ་བྱའོ། །དེ་ཚེ་རྒྱུན་གྱི་དམིགས་རིམ་ནི། ལས་བྱང་ཚར་གཅིག་གིས་བདག་ཛཾ་དམར་བསྐྱེད་པ་དང་། མདུན་གྱི་རྟེན་གཏོར་ཛཾ་དམར་དུས་གཅིག་ལ་བསྐྱེད། སྤྱན་འདྲེན་དུས་ཡེ་ཤེས་པ་གྲངས་མེད་སྤྱན་དྲངས་ནས་བདག་མདུན་གཉིས་ལ་བསྟིམ། གཉིས་ཀ་ལ་ཐུགས་ཀར་ཡུམ་ཡང་མཉམ་དུ་བསྐྱེད། མཆོད་པའི་ལྷ་མོ་མང་པོ་རང་གི་ཐུགས་ཀ་ནས་སྤྲུལ་ཏེ་བདག་མདུན་གཉིས་ཀ་ལ་མཆོད་བསྟོད་བྱེད་པར་བསྒོམ། ལས་བྱང་གི་མཆོད་བསྟོད་ཚང་མ་ཚར་གཅིག་བཏོན་པས་འཐུས་སོ། །དེ་ནས་བདག་


CMR045_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་གཉིས་ཀའི་ཐུགས་ཀར་ཡུམ། དེའི་ཐུགས་ཀར་པདྨ་ཟླ་བ་ཉི་མའི་སྟེང་དུ། ཛཾ་ཧྲཱིཿཞལ་སྦྱོར་གྱི་མཐར་སྔགས་གཡས་སུ་འཁོར་བ་ལས་འོད་ཟེར་འཕྲོས་པས། ལྕང་ལོ་ཅན་ནས་ཛ་བྷ་ལ་དང་ནོར་སྐྱུགས་ཕོ་མོ། ནུབ་ཕྱོགས་ཨོ་རྒྱན་ཡུལ་གྱི་ཀུ་རུ་ཀུལླེའི་ཕུག་པ་ནས་ལྷ་མོ་རིག་བྱེད་མ་བཅས་ཡབ་ཡུམ་རྣམས་ཁ་བ་བུ་ཡུག་ལྟར་སྐུ་ཆེ་ཆུང་སྣ་ཚོགས་བྱོན་ནས་བདག་མདུན་གྱི་སྐུ་སོ་སོར་ལ་ཐིམ་པར་བསྒོམ་ཞིང་བཟླ་བ་ནི་བསྙེན་པའོ། །བདག་བསྐྱེད་ཐུགས་ཀ་ནས་སྔགས་ཕྲེང་འཁོར་བཞིན་པ་ལས་སྔགས་ཕྲེང་འཕྲོས། ཡུམ་གྱི་ཞལ་ནས་ཐོན་ཡབ་ཀྱི་ཞལ་དུ་བརྒྱུད་དེ་བྱི་རུའི་ཕྲེང་བ་ལྟར་མདུན་བསྐྱེད་ཡབ་ཀྱི་ཞལ་ནས་ཞུགས། ཡུམ་ཞལ་ནས་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་དྲག་ཏུ་འཁོར་བས་ཐུགས་དམ་རྒྱུད་བསྐུལ། །དེ་ལས་སྔགས་ཕྲེང་འཕྲོས་ཡུམ་གྱི་བྷ་ག་ནས་ཐོན་ཡབ་ཀྱི་རྡོ་རྗེའི་བུ་ག་ནས་ཚུར་བྱུང་། རང་གི་རྡོ་རྗེའི་བུ་ག་ནས་ཞུགས། ཐུགས་ཀའི་ཡུམ་གྱི་བྷ་ག་ནས་ཞུགས་པ་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ། དེ་ལྟར་རྒྱུན་མ་ཆད་པར་དམར་ཀྱི་ལི་ལི་འཁོར་ཏེ། ཕར་སྤྲོས་དུས་མཆོད་པའི་ཚུལ། ཚུར་འོང་དུས་དངོས་གྲུབ་དུ་དམིགས་ཤིང་། བདག་མདུན་བར་དུ་ཕར་འཕྲོས་


CMR045_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། དེ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་བྱང་སེམས་ཐམས་ཅད་ལ་མཆོད་པ་སྣ་ཚོགས་ཀྱི་སྤྲིན་ཆེན་པོར་གྱུར་ཏེ་མཆོད། སེམས་ཅན་ཐམས་ཅད་ལ་སོ་སོའི་ལོངས་སྤྱོད་ཅི་འདོད་པར་གྱུར་ནས་སྦྱིན་པ་རྒྱ་ཆེན་པོར་གྱུར། བདག་མདུན་གྱི་བར་དུ་འོད་ཟེར་སྔགས་ཕྲེང་ཚུར་འོང་དུས། དེ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་དངོས་གྲུབ། ལྷ་འདྲེ་མི་གསུམ་གྱི་ཚེ་བསོད་ནམས་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ་ཞིང་སྔགས་ཕྲེང་རང་ལ་ཐིམ་པས་དངོས་གྲུབ་དེ་རྣམས་བདག་གིས་ཐོབ་པས་ཚེ་བསོད་ནམས་རྒྱས་པར་བསྒོམ་ཞིང་བཟླ་བ་ནི་སྒྲུབ་པའོ། །དེ་ནས་བདག་མདུན་བར་གྱི་སྔགས་ཕྲེང་མི་བསྒོམ་པར་རང་ལས་འོད་ཟེར་དམར་པོ་འཕྲོས་པས་མདུན་བསྐྱེད་ལ་ཕོག་ནས་ཐུགས་ཀའི་ཧཱུྃལས་ལྷ་མོ་དམར་མོ་གཡས་ལྕགས་ཀྱུ་གཡོན་ཞགས་པ་ཐོགས་པ་གྲངས་མེད་པ་སྤྲོས་ཏེ་འཇིག་རྟེན་ཁམས་ཀྱི་ཟས་ནོར་རྣམས་རྣམ་པ་རིན་པོ་ཆེ་འབྲུ་ཟས་ནོར་རྣམས་ལྕགས་ཀྱུས་བཟུང་། ཞགས་པས་བཅིངས་ནས་རང་གི་གནས་ཁང་དང་ས་ཕྱོགས་དེར་མི་ཤོང་བ་ཙམ་དུ་གང་བར་བསྒོམ་ཞིང་བཟླ་བ་ལས་སྦྱོར་རོ། །དེ་ནས་ཐུན་མཚམས་སུ་བབ་ལ་


CMR045_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཁད་དུ་མདུན་བསྐྱེད་ཀྱི་ཐུགས་ཀ་ལས་འོད་ཟེར་འཕྲོས་པས་ནམ་མཁས་ཁྱབ་ཚད་ཀྱི་ལྷ་ཡེ་ཤེས་པ་ཕོ་རིགས་ཐམས་ཅད་ཛ་དམར། མོ་རིགས་ཐམས་ཅད་སྒྲོལ་མ་ཀུ་རུ་ཀུལླེར་གྱུར། འཇིག་རྟེན་གྱི་ལྷ་དང་སེམས་ཅན་སྲིད་ཚད་ཕོ་རིགས་ཐམས་ཅད་ནོར་སྐྱུགས་ཕོ་དང་། མོ་རིགས་ཐམས་ཅད་ནོར་སྐྱུགས་མོར་གྱུར་པར་མོས་པ་ཙམ་བྱ། རང་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས་གཏོར་མ་གསོ་བྲན་བྱས་པ་དེ་ལ་ཕོག་པས། གཏོར་སྣོད་རིན་པོ་ཆེའི་སྣོད་ནམ་མཁའི་རྒྱ་དང་མཉམ་པ། གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་རོ་བརྒྱ་དང་ལྡན་པས་ལྟེམ་གྱིས་གང་། དེའི་རླངས་པ་ལས་མཆོད་པའི་ལྷ་མོ་གྲངས་མེད་པས་མཆོད་རྫས་དཔག་ཏུ་མེད་པ་ཐོགས་ནས་མགྲོན་དེ་དག་ལ་སོ་སོར་མཆོད། མགྲོན་དེ་དག་ཐམས་ཅད་ཀྱི་ལྗགས་ལས་འོད་ཟེར་གྱི་སྤུ་གུ་རྡོ་རྗེས་མཚན་པ་རེ་རེ་བདུད་རྩི་ལ་ཟུག་ནས་དྲངས་ཏེ་གསོལ་བས་དེ་ཐམས་ཅད་ཤིན་ཏུ་མཉེས་པར་བསྒོམ། ལས་བྱང་གཏོར་ཚོགས་འདོན། །དེ་ནས་མགྲོན་དེ་དག་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ལྟར་ཚུར་འདུས་པའམ། ཉི་མ་ནུབ་དུས་འོད་ཐམས་ཅད་ཉི་མ་ལ་འདུས་འགྲོ་བ་ལྟར། ཐམས་ཅད་ལྷར་གསལ་བ་མདུན་


CMR045_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ལ་ཐིམ་པས། དེ་ལྟར་སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་མཆོད་པ་རྒྱ་ཆེན་པོ་བྱས་པས་ཛཾ་བྷ་ལ་མཉེས་ནས། ཛཾ་བྷ་ལའི་ཞལ་གསུམ་དང་། ནེའུ་ལེ་གཉིས། ནོར་སྐྱུགས་གཉིས་ཀྱི་ཞལ་ཏེ་ཞལ་བདུན་ནས་གསེར་དངུལ་གཡུ་དང་མུ་ཏིག་གཟི་བྱི་རུ་ལ་སོགས་ཟད་མི་ཤེས་པ་བྱུང་ནས་རང་གི་ཁྱིམ་དང་ས་ཕྱོགས་ཐམས་ཅད་ཁྲ་ལྡེམས་སེ་གང་བར་བསྒོམས་ལ་སྔགས་བརྒྱ་སྐོར་བཟླའོ། །དེའི་ཐུན་མཚམས་སུ་ཛཾ་བྷ་ལའི་དམ་ཚིག་ཡིན་པས་གཏོར་སྒྲུབ་ཚེ་ཡང་ནངས་སྔ་ནས་ཉི་ཤར་ཚུན་དེ་ལ་ཆུ་སྦྱིན་རེ་མ་ཆག་པ་དགོས་སོ། །དེ་ལྟར་གཏོར་སྒྲུབ་འདི་ནི་ཞག་བདུན་ལས་མི་ཉུང་བར་ཅི་ལྕོགས་བྱའོ། །དེ་ནས་གྲོལ་ཁ་མདུན་གྱི་གཏོར་མ་ཛཾ་ལྷ་དམར་པོ་དངོས་སུ་གསལ་བའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་སེར་ལྗང་ཁུ་ལྔ་འཕྲོས། རང་གི་དཔྲལ་མགྲིན་སྙིང་ཁ་ལྟེ་བ་གསང་གནས་ལྔར་ཐིམ་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་དབང་ལྔ་ཐོབ་པར་བསྒོམས་ལ་རྩ་སྔགས་མཇུག་ཏུ་ཀཱ་ཡ་སིདྡྷི་ཨོཾ། ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་སྭཱ། ཀརྨ་སིདྡྷི་སྭཱ། ཞེས་གཏོར་མ་རང་གི་གནས་ལྔར་བཏུགས་ལ་དབང་བླངས། དེ་ནས་གཏོར་མའི་ལྷ་བར་སྣང་ལ་


CMR045_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་བཏེགས་ནས་བཞུགས་པར་བསྒོམ། གཏོར་མ་དེ་བྲན་ལ་ལས་བྱང་ཚར་གཅིག་འདོན་ལ་གཏོར་མ་དེ་ཡང་བསྔོ། དེ་ནས་རྩ་སྔགས་མཇུག་ཏུ་བཛྲ་མུཿ ཞེས་བཏགས་ལ་ལན་གསུམ་བརྗོད་པས་མདུན་བསྐྱེད་དེ་འོད་དུ་ཞུ་ནས་རང་གི་སྙིང་ཁར་ཐིམ། རང་ཡང་མཐའ་ནས་དབུས་སུ་ཡལ་ཏེ་ཐུགས་ཀའི་ཛཾ་ལ་ཐིམ། ཛཾ་ཡང་སྟོང་པར་ཡལ་ནས་རང་སེམས་ངོ་བོ་ཡུད་ཙམ་སྐྱོང་། དེ་ནས་བསྔོ་བ་དང་བཀྲ་ཤིས་གང་རུང་བྱའོ། །གཏོར་མ་ཅུང་ཟད་རང་གིས་བཟའ། ཕྱི་མི་ལ་མི་སྦྱིན་ནོ། འདི་ནི་སྒྲུབ་རྫས་སླ་བས་ཀུན་ལ་ཕན་ཐོགས་ཤིང་། གཏོར་སྒྲུབ་འདི་ནི་ལོངས་སྤྱོད་ཁྱད་པར་ཆེ་བ་ཡིན། འཕྲལ་དུ་ཡེ་ཤེས་ལ་ཕན་ཕྱིར་དང་། གཞན་ཡང་རང་ལ་བློ་ཕུག་གཏད་པ་རྣམས་ཀྱི་འཚོ་བ་རྒྱས་པའི་ཆེད་དུ་རཱ་ག་ཨ་སྱས་བྲིས་པ་ལ། ཉེས་འགལ་མཆིས་ན་ལྷ་ལ་བཤགས་སོ། །པུཏྟིཾ་ཀུ་རུ་ཧོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ཛཾ་དམར་གའུ་ལ་བརྟེན་ནས་སྒྲུབ་ཐབས།


CMR045_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

༼ཉ༽ གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་ཛཾ་དམར་གའུ་ལ་བརྟེན་ནས་སྒྲུབ་ཐབས་བཞུགས་སོ། །རྒྱ་གར་སྐད་དུ༔ ཨརྱ་ཛཾ་བྷ་ལ་སཱ་དྷ་ནི་ནཱ་མ༔ བོད་སྐད་དུ༔ འཕགས་པ་ཛཾ་བྷ་ལའི་སྒྲུབ་ཐབས་ཞེས་བྱ་བ༔ གའུ་ལ་བརྟེན་ནས་སྒྲུབ་པ་ནི༔ གའུ་ཟངས་སམ་རྫ་ལས་བྱས་པ་ལ་ལི་ཁྲིའམ་མཚལ་གྱིས་དམར་པོར་བྱུགས༔ འཁོར་ལོ་དཔེའུ་རིས་ཆུང་ལྟར་བྲིས༔ དེའི་ནང་དུ་རྩ་བའི་རྫས་ལ༔ རྒྱལ་པོའམ་བློན་པོ་ལྟ་བུ་འཇིག་རྟེན་ན་རྒྱལ་པོ་ལྟ་བུ་ཡིན་ཀྱང་དབང་ཆེ་བ་ལྟ་བུ་དབང་ཕྱུག་ཆེན་པོ་དགུའི་ཟས་ས༔ ཕྱུག་པོ་བུན་ཁ་མའི་ནས་སྣ་དང་ནོར་ར༔ གནག་རྟ་ལུག་ར་སོགས་པའི་སྤྲུ༔ འགའ་ཞིག་ནས་མཛོ་དྲེལ་སྤུ་མ་གཏོགས་པ་ལ་ཟེར། གསེར་དངུལ་ཟངས་ལྕགས་སོགས་རིན་པོ་ཆེ༔ ཞིང་དུལ་མའི་ས༔ ལུང་པ་ན་ཆེ་བ་གཅིག་ལ་ཟེར། ཁང་པ་བཀྲ་ཤིས་པའི་ས༔ དུས་རྒྱུན་དུ་ཕྱུག་པོའམ་བླ་མ་གྲུབ་ཐོབ་བྱོན་པའི་ཁང་ས༔ གནས་གཞི་རྒྱས་པའི་ཐབ་ཀྱི་ས༔ དགེ་བཤེས་བསོད་ནམས་ཅན་གྱི་གདན་ས༔ མི་བསོད་ནམས་ཅན་གྱི་གོས་དུམ༔ ག་པུར་ལ་སོགས་པའི་སྨན་སྣ་ལྔ༔ ཚོང་དུས་འཚོགས་པའི་ས༔ རྐུན་ཆེན་གྱི་ལག་པ༔ ཟས་སྣའི་རིགས་


CMR045_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཚད༔ ན་ཆུང་འཕྱོན་མའི་ཀ་ཆ༔ སྐྱེས་བུ་གཞོན་ནུའི་ནོར་སྣ༔ རྒྱལ་པོ་དགེ་བཤེས་བསོད་ནམས་ཅན་གྱི་སེམས་རྟེན༔ ཡོན་བདག་ཕྱུག་པོའི་སེམས་རྟེན༔ ལྔ་པོ་དེ་རྣམས་དབང་དུ་འདུ་བའི་རྫས༔ ལོ་ལེགས་པའི་སྙེ་མ༔ ཚོང་ལེགས་པའི་ནོར་དུམ་བུ༔ འབྲོག་ལེགས་པའི་མར༔ འབུལ་བ་མང་པོ་བྱུང་བའི་ནོར་སྣུ༔ རྒྱལ་པོས་ཁྲལ་ལ་བསྡུས་པའི་ནོར་སྣ་རྣམས་བསགས༔ རྒྱལ་ཕུར་དང་སྤེན་སྣར་ས་རི་བྲེ་ཕུར་སོགས་ལ་བསོགས༔ དེ་རྣམས་སྣ་ཚང་མ་རྙེད་ན་གང་འབྱོར་བསགས་ལ་འཁོར་ལོའི་ནང་དུ་བཅུག་ནས་འཁོར་ལོ་ཁེངས་པར་བྱའོ༔ ཁྱད་པར་དུ་ཡང་གང་འདོད་པའི་མིང་རྣམས་ཡི་གེར་བྲིས་ལ་དངོས་གྲུབ་སྩོལ་ཞེས་བྲིས་པ་བཅུག༔ འགྲུབ་སྦྱོར་དང་གཡང་སྐར་ལ་བབ་དུས་མཆོད་བསྟོད་བྱ༔ རང་ལ་འབུལ་བ་བྱུང་བའི་ཕུད་དང་ཟས་ཕུད་རྣམས་གའུར་བསྐྱལ༔ ལྷག་མ་དང་ཟས་སྣ་རྣམས་དངོས་གྲུབ་རྒྱུ་བསྲེ་ལ་ལོངས་སྤྱོད། གོས་སྣ་རྣམས་ལྷན་པ་རློན༔ ཛཾ་བྷ་ལ་དམར་པོའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་རྫོགས་སོ༔ ཨྠྀི༔ འདིའི་ཞལ་ཤེས་ནི། རྫས་སྣ་ཐམས་ཅད་མ་འཛོམས་ན་ཡང་གང་རྙེད་རིམ་གྱིས་བསྣོན་པས་ཆོག །རྐུན་ཆེན་ལག་པ་རྙེད་དཀའ་བས་


CMR045_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཚབ་ལ་དེའི་སོར་མོ་བྲེག་པ་རྙེད་ནའང་ཆོག །མ་རྙེད་ན་བྱི་བའི་ལག་པས་ཀྱང་རུང་སྟེ། སེམས་རྟེན་ཞེས་པ་ནི། དེའི་ཕྲེང་བ་ལ་བཏགས་པ་སོགས་དངོས་གཙང་། །གཡང་སྐར་འགྲུབ་སྦྱོར་སོགས་ལ་སྒྲུབ་པའི་མགོ་བཙུགས། གའུ་རིན་པོ་ཆེའི་གཞལ་ཡས་ཁང་། འཁོར་ལོ་ཛཾ་དམར། རྫས་སྣ་རྣམས་རི་པོ་ཆེ་སྣ་ཚོགས་སུ་བསམ། གཞན་ཡང་༔ མཆོད་གཏོར་བཤམས་ལུགས་སྒྲུབ་ལུགས་འདོན་ལུགས་ཐམས་ཅད་ཐོད་སྒྲུབ་དང་འདྲ། གའུ་རང་གི་དཀོར་ཁང་དུ་སྦ་ཟེར་བ་ཡང་འདི་ཟེར་བ་ཡིན་ཏེ་གཞན་དུ་བྲིས་པ་འཁྲུགས་པ་ཡིན། །ཞེས་པ་སྦྱིན་པས་བསྐུལ་ནས་རཱ་ག་ཨ་སྱས་སོ། །སརྦ་མངྒ་ལཾ།། །།

ཛཾ་བྷ་ལ་ཐོད་པ་ལ་བརྟེན་ཏེ་སྒྲུབ་པ།


CMR045_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

༼ཏ༽ ཛཾ་དམར་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ ཛཾ་བྷ་ལ་ཐོད་པ་ལ་བརྟེན་ཏེ་སྒྲུབ་པ་ནི༔ ཐོད་པ་མཚན་ལྡན་གྱི་ནང་དུ་ཛཾ་བྷ་ལ་དམར་པོ་བསྐྱེད་པ་ནི༔ ཛཾ་བྷ་ལ་འདེར་བཟོའམ་ཤོག་བུ་ལ་བྲིས་པ་གཞུག༔ རང་གིས་གང་འདོད་པའི་མིང་བཅུག༔ གསེར་དངུལ་ཟངས་ལྕགས་ལ་སོགས་རིན་ཆེན་སྣ་ཚོགས༔ ཤ་མར་བུ་རིམ་ལ་སོགས་ཟས་སྣ་ཚོགས༔ ནས་དང་གྲོ་འབྲས་སྲན་མ་ལ་སོགས་འབྲུ་སྣ་ཚོགས༔ དར་ཟབ་སྣ་ཚོགས༔ རས་སྣམ་ལ་སོགས་གོས་སྣ་ཚོགས༔ དེ་རྣམས་ཀྱིས་ཐོད་པ་ཁེངས་པར་བཀང་ལ་ཐོད་པའི་ནང་དུ་མཚལ་ལ༔ རིན་པོ་ཆེ་བདར་བ་བསྲེས་པ་མཐིང་ཤོག་ལ་གཞི་བྱས༔ ཛཾ་དམར་གྱི་སྙིང་པོ་མཚལ་གྱིས་བྲིས་པའི་མཐར་བདག་ལ་རིན་པོ་ཆེའི་ནོར་སྩོལ་བྱ་བ་བྲིས་ལ་བང་མཛོད་དུ་སྦའོ༔ སྐབས་སྐབས་སུ་མཆོད་བསྟོད་བྱའོ༔ འདི་ཤིན་ཏུ་ཟབ་པས་གསང་བར་བྱའོ༔ ཛཾ་དམར་ཐོད་པ་ལ་བརྟེན་ཏེ་སྒྲུབ་པ་རྫོགས་སོ༔ ཨྠྀི༔

ཛཾ་བྷ་ལ་དམར་པོའི་ཐོད་སྒྲུབ་ཀྱི་གཞུང་དང་ཟིན་བྲིས་བལྟས་ཆོག་ཏུ་བཀོད་པ།


CMR045_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཛཾ་བྷ་ལ་དམར་པོའི་ཐོད་སྒྲུབ་ཀྱི་གཞུང་དང་ཟིན་བྲིས་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ༔


CMR045_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ༔ ཨརྱ་ཛཾ་བྷ་ལ་སཱ་དྷ་ནི་ན་མཿ བོད་སྐད་དུ༔ འཕགས་པ་ཛཾ་བྷ་ལའི་སྒྲུབ་ཐབས་ཞེས་བྱ་བ༔ འཕགས་པ་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ༔ ཛཾ་བྷ་ལ་དམར་པོ་ཐོད་པ་ལ་བརྟེན་ནས་བསྒྲུབ་པ་ནི༔ ཐོད་པ་མཚན་ལྡན་གྱི་ནང་དུ་ཛཾ་བྷ་ལ་དམར་པོ་བསྐྱེད་པའམ༔ ཤོག་གུར་བྲིས་ལ་གཞུག༔ རང་འདོད་པའི་མིང་དང་གསེར་དངུལ་ཟངས་ལྕགས་རིན་པོ་ཆེ་སྣ་ཚོགས༔ ཤ་མར་བུ་རམ་ལ་སོགས་ཟས་སྣ་ཚོགས༔ ནས་ལ་སོགས་འབྲུ་སྣ་ཚོགས༔ གོས་དར་སོགས་སྣམ་བུ་སྣ་ཚོགས་ཀྱིས་ཐོད་པ་ཁེངས་པར་བཀང་ལ། ཐོད་པའི་ནང་དུ་མཚལ་ལ་རིན་པོ་ཆེ་སྣ་ཚོགས་


CMR045_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེས་ནས་བརྡར་ལ༔ མཐིང་ཤོག་ལ་གཞི་བྱས་ལ་ཛཾ་བྷ་ལ་དམར་པོའི་སྙིང་པོ་མཚལ་གྱིས་བྲིས་པའི་མཐར་བདག་ལ་ནོར་སྩོལ་བྱ་བ་བྲིས་ལ་བང་མཛོད་དུ་བཞུགས་སུ་གསོལ་སྐབས་སུ་མཆོད་དོ༔ ཛཾ་བྷ་ལ་ཐོད་པ་ལ་བརྟེན་ནས་སྒྲུབ་པ་རྫོགས་སོ༔ གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མའོ།། ༈ འདིའི་ཟིན་བྲིས་ཐོད་པ་རབ་མཚན་ལྡན། མ་རྙེད་ན་ཐོད་པ་བརྟག་པ་ནས་བཤད་པའི་མཚན་ཉིད་ཚང་བ། ཁྱད་པར་དངོས་གྲུབ་ཀྱི་རྟགས་ཡོད་པ་གཅིག་ལ་བྱའོ། །དེའི་ནང་དུ་ཙཀྱི་མངོན་རྟོགས་ལྟར་བྲི། སྤྱན་འབྱེད་རབ་གནས་བསྡུས་པ་ཙམ་དང་རྒྱབ་ཏུ་བསྙེན་སྔགས་བྲིའོ། །


CMR045_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་ཤོག་ལ་རྩ་སྔགས་མཇུག་ཏུ་རང་གི་གང་འདོད་པའི་མིང་དང་དངོས་གྲུབ་སྩོལ་ཞེས་བྱ་བ་བྲིའོ། །དེ་དང་མཉམ་དུ་གོང་གི་རྫས་གང་འཛོམ་དང་ཤོག་དྲིལ་ཙཀྲི་ཐོད་པར་བཞུགས་ལ་པདྨ་འདབ་བརྒྱད་བྲི་བའམ། འབྲུའི་ཚོམ་བུའི་སྟེང་དུ་རང་ལ་ཞལ་ཕྱོགས་པར་བཞག །དེའི་མདུན་དུ་ཛཾ་དམར་གཏོར་མ་ལེགས་པར་བཤམས། མཐར་མཆོད་པ་སྒོར་བཤམས་བྱའོ། །དེ་ནས་ལས་བྱང་མངོན་རྟོགས་ཚར་གཅིག་གིས་བདག་ཛཾ་དམར་བསྐྱེད་པ་དང་། མདུན་དུ་ཐོད་པ་རིན་པོ་ཆེའི་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་སྐུ་གཟུགས་དང་ཤོག་དྲིལ་གཉིས་ཛཾ་དམར་དུ་བསྐྱེད། སྤྱན་འདྲེན་དུས་ལྕང་ལོ་ཅན་ནས་ཡེ་ཤེས་པ་གྲངས་མེད་སྤྱན་དྲངས་ནས་བདག་མདུན་གཉིས་ཀ་ལ་བསྟིམ་མོ། །ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་གྲངས་མེད་སྤྲོས་ནས་བདག་མདུན་གཉིས་ཀ་ལ་སོ་སོར་མཆོད་བསྟོད་བྱེད་པར་བསྒོམ། སྔ་དྲོ་ཉིན་གུང་དགོང་ཀ་མཚན་དང་བཞིར་གཏོར་མ་གསོ་ལས་བྱང་གཏོང་། ཉི་མ་རྩེ་ཤར་ལ་ཆུ་སྦྱིན་གཅིག་བྱའོ། །ཐུན་མཚམས་གང་འདོད་སྐབས་སུ་ཐུགས་དམ་ཆག་མེད་རིམ་པར་རྣམས་བྱའོ། །དེ་མ་གཏོགས་བསྙེན་སྔགས་བཟླ་ཞིང་ཏིང་ངེ་འཛིན་ལ་འབད་དོ། །ནམ་ལངས་ནས་སྔ་དྲོའི་ཚེའི་བདག་


CMR045_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་ཛཾ་དམར་གྱི་ཐུགས་ཀར་སྒྲོལ་མ་ཀུ་རུ་ཀུལླེ་དམར་མོ་ཕྱག་བཞི་མ་གཞུང་ལྟར་དེའི་ཐུགས་ཀར་པདྨ་དམར་པོ་དང་ཟླ་བ་དང་ཉི་མའི་སྟེང་དུ་ཛཾ་དང་ཧཱུྃཞལ་སྦྱོར། དེའི་མཐར་སྔགས་གཡས་སུ་ཀྱི་ལི་ལི་འཁོར་བ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་བྱང་སེམས་ཐམས་ཅད་མཆོད། དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་བསྡུས་ཏེ་བདག་དང་ཐོད་པ་ལ་ཐིམ། ཡང་འོད་ཟེར་དམར་པོ་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་བསལ། འཇིག་རྟེན་ཁམས་ཀྱི་ཚེ་དང་བསོད་ནམས་དངོས་གྲུབ་བསྡུས་ཏེ་བདག་དང་ཐོད་པ་ལ་ཐིམ་པར་བསྒོམ་པ་ནི་བསྙེན་པའོ། །ཉིན་ཕྱེད་ནས་དགོང་ཀ་བར་རང་གི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས། །ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཐོན། མདུན་བསྐྱེད་ཡབ་ཀྱི་ཞལ་ནས་ཞུགས་ཡུམ་གྱི་ཞལ་དུ་བརྒྱུད། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ། སྔགས་ཕྲེང་སྔར་བས་མགྱོགས་པར་འཁོར་བས་ཐུགས་རྒྱུད་བསྐུལ་བས་སྔགས་ཕྲེང་འོག་ནས་སྔགས་ཕྲེང་བྱུང་། ཡུམ་གྱི་བྷ་ག་ནས་ཐོན། ཡབ་ཀྱི་རྡོ་རྗེའི་སྒྲུབ་ནས་བརྒྱུད། རང་གི་རྡོ་རྗེའི་བུ་ག་ནས་ཞུགས་ཐུགས་ཀའི་སྔགས་


CMR045_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་ལ་ཐིམ་པས་དངོས་གྲུབ་ཐོབ། དེ་བཞིན་དུ་བདག་མདུན་བར་དུ་སྔགས་ཕྲེང་མགལ་མེའི་འཁོར་ལོ་ལྟར་དམར་ཀྱི་ལི་ལི་རྒྱུན་མ་ཆད་པར་འཁོར་བས། སྔགས་ཕྲེང་དེ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་བྱང་སེམས་ཐམས་ཅད་མཆོད། སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་བསལ་ཞིང་བདེ་སྐྱིད་ཕུན་སུམ་ཚོགས་པར་བྱས། འོད་ཟེར་ཚུར་འདུས་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་བཅུད་ཐམས་ཅད་འོད་ཟེར་དམར་པོའི་ཚུལ་དུ་རང་དང་ཐོད་པ་ལ་ཐིམ་པར་བསྒོམ་པ་ནི་སྒྲུབ་པ་ཡིན་ནོ། །དགོང་མོ་ནས་མཚན་མོའི་རིང་ལ་བདག་མདུན་སོ་སོའི་ཐུགས་ཀའི། སྔགས་ཕྲེང་གཡས་སུ་འཁོར་བཞིན་པ་ལས། བདག་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས། མདུན་བསྐྱེད་ལ་ཕོག་པས་ཐུགས་ཀའི་ཛ་དང་ཧྲིལས་འོད་ཟེར་དམར་པོའི་སྣ་ལ་ལྷ་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་མཛེས་པ་གཅེར་བུ་ལ་དར་དམར་དང་མེ་ཏོག་དམར་པོ་དང་མེ་ཤེལ་དང་བྱི་རུའི་རྒྱན་ཅན། ཕྱག་གཡས་ལྕགས་ཀྱུ་དམར་པོ། གཡོན་ཞགས་པ་དམར་པོའི་སྣེ་གཅིག་ལ་ལྕགས་ཀྱུ་དང་། གཅིག་ལ་མེ་ཏོག་ཨུཏྤལ་དམར་པོས་མཚན་པ་ཐོགས་པའི་ལྷ་མོ་གྲངས་མེད་པས་


CMR045_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཐམས་ཅད་གང་ནས། འཇིག་རྟེན་ཁམས་ཀྱི་ཟས་ནོར་ལོངས་སྤྱོད་ཀྱི་རྣམ་པར་གསེར་དངུལ་ཇ་དར་འབྲུ་མར་ཐུད་རྟ་ཕྱུགས་ཐམས་ཅད་ལྕགས་ཀྱུས་སྙིང་ནས་བཟུང་ཞགས་པས་སྐེ་ནས་བཅིངས་ཏེ་རང་གི་གནས་ཁང་དང་ཁྱིམ་དུ་མི་ཤོང་ཙམ་དུ་སྤུངས་ཏེ་གང་བར་བསྒོམ་པ་དང་། ཛཾ་ལྷའི་ཞལ་གསུམ་ནེའུ་ལེ་གཉིས་དང་གནོད་སྦྱིན་གཉིས་དང་ཞལ་བདུན་ནས་གསེར་གཡུ་མུ་ཏིག་བྱི་རུ་རིན་པོ་ཆེ་སྣ་ཚོགས་ཟད་པ་མེད་པར་སྐྱུགས་ནས་རང་གི་གནས་ཁང་དང་ས་ཕྱོགས་ཐམས་ཅད་ཁྲ་ཀྱི་ལེར་གང་བར་བསྒོམ་པ་ལས་སྦྱོར་ཡིན་ནོ། །དེ་ལྟར་སྒྲུབ་པ་འདི་ལ་ཞག་བདུན་ལས་མི་ཉུང་བར་བྱ་ཞིང་གྲངས་ནི་སུམ་འབུམ་མམ། བདུན་འབུམ་མམ། འབུམ་ཕྲག་བཅུ་དྲུག་གམ། བཅོ་ལྔ་ཙམ་བཟླའོ། །རྟགས་ནི་དངོས་ཉམས་རྨི་ལམ་དུ་ཐོད་པ་ལ་མེ་འབར་བ་དང་། འོད་འཕྲོ་བ། ཐོད་པ་མར་ཁུས་གང་བ་དང་། གསེར་གཡུ་རིན་པོ་ཆེས་གང་བ། རིན་པོ་ཆེའི་གཏེར་རྙེད་པ་དང་། ནོར་ཕུལ་བ་དང། འབྲུའི་ཕུང་པོར་སྤུངས་པ་དང་། ཁྱིམ་དོས་ཀྱིས་གང་བ་དང་། རྟ་ཕྱུགས་ནོར་ཁྱུ་བསྡུས་པ་དང་། མི་རོ་བཤས་པ་དང་། ལོ་ཐོག་རྒྱས་པ་རྣམས་འབྱུང་ངོ་། །དེ་ནས་


CMR045_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་དངོས་ཐོན་ནས་མཆོད་བསྟོད་བྱ། མདུན་གྱི་ཛཾ་ལྷ་མི་གཤེགས་པར་འོད་དུ་ཞུ་ནས་ཐོད་པ་ལ་བསྟིམས་པས་ཐོད་པ་དགོས་འདོད་ཐམས་ཅད་འབྱུང་བའི་ཡིད་བཞིན་ནོར་བུ་ལྟ་བུར་གྱུར་པར་བསྒོམ། ཐོད་པ་ནོར་བུ་གྱུར་པ་ལས་འོད་ཟེར་དམར་པོ་འོད་ལྔའི་མདངས་ཆགས་པ་རྩེ་ལྕགས་ཀྱུས་མཚན་པ་ཕྱོགས་བཅུར་འཕྲོས་པས། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། རྫས་བརྒྱད། དཔག་བསམ་གྱི་ཤིང་། འོད་འཇོའི་བ། མ་རྨོས་པའི་ལོ་ཏོག །གཏེར་གྱི་བུམ་པ། མི་ནོར་ཟས་གསུམ་རྣམས་འོད་ཟེར་གྱི་ལྕགས་ཀྱུས་བཀུག་རྒྱུནས་ཐོད་པ་ལ་ཐིམ་པར་ཡང་ཡང་བསྒོམ་ཞིང་ཐོད་པ་ནོར་བུ་དགོས་འདོད་ཀུན་འབྱུང་དངོས་སུ་གྱུར་པ་བསྒོམ་ཞིང་། རྩ་སྔགས་ལ་འདི་བཏགས་ལ་བཟླས། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་དྷ་ན་མེ་དྷི་ཧཱིརཏྣ་མ་ཧཱ་ཀ་པཱ་ལ་རཏྣ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ་སྭཱ་ཧཱ༔ ཞེས་པ་ཞག་གཅིག་ཙམ་བཟླའོ། །དེ་ནས་སྒྲུབ་པ་ཐོན་ནས་ཐོད་པ་བང་མཛོད་དམ། སྒམ་མམ། སྒར་པ་ཡིན་ན་ཀོང་རྩེ་སོགས་སུ་བཞག །རྒྱུན་དུ་ལས་བྱང་དུས་ཀྱང་དེ་ལ་བསྟིམ། སྐབས་སྐབས་སུ་འགྲུབ་སྦྱོར་བཟང་དུས་ཛཾ་བྷ་ལ་བསྐྱེད་བསྟིམ་དང་། བསྙེན་པ་ཁ་གསོ། ཟས་སྣ་དང་། འབྲུ་


CMR045_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

དང། ངར་སྣ་སོགས་བཟང་པོ་བྱུང་དུས་ཕུད་འབུལ། འདི་ནི་གསང་སྒྲུབ་ཡིན་པས་ཐོད་པ་གཞན་གྱིས་མི་མཐོང་བར་སྲས་ན་ལེགས་སོ། །ཞེས་པདྨ་ཡེ་ཤེས་ཀྱི་སྒྲུབ་པའི་དུས་བྲིས་ཏེ་གཞན་ལ་ངན་པར་བསམས་ཀྱང་བཀའ་རྒྱ་རབ་ཏུ་དོགས་པ་ཡིན་ནོ། །ཞེས་རཱ་ག་ཨ་སྱས་ཤིང་སྦྲུལ་བདུད་རྩི་འཁྱིལ་བའི་ལོ་རྒྱས་པའི་ལས་འགྲུབ་པའི་མེ་ཏོག་སེར་པོ་རྒྱས་པའི་ཡར་ཚེས་དྲུག་ལ་བྲིས་པ་སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

རྨུགས་འཛིན་དམར་པོའི་ཙཀྲ་ལ་བརྟེན་ནས་སྒྲུབ་ཐབས།


CMR045_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

༼ད༽ གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་རྨུགས་འཛིན་དམར་པོའི་ཙཀྲ་ལ་བརྟེན་ནས་སྒྲུབ་ཐབས་བཞུགས་སོ༔


CMR045_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ༔ ཨརྱ་ཛཾ་བྷ་ལ་སཱ་དྷ་ན་མཿ བོད་སྐད་དུ༔ འཕགས་པ་ཛཾ་བྷ་ལའི་སྒྲུབ་ཐབས་ཞེས་བྱ་བ༔ ཛཾ་བྷ་ལ་ཡིད་བཞིན་ནོར་བུའི་ལྷ་ལ་ཕྱག་འཚལ་ལོ༔ འཕགས་པ་ཛཾ་བྷ་ལ་སྒྲུབ་པར་འདོད་པས་ལུག་སྙེ་མོ་དཀར་མོའི་སྙིང་ཤུན་གྱི་ནང་དུ༔ དར་དམར་པོ་ལ་འཁོར་ལོ་འདི་བྲིས་ཏེ༔ རཏྣ་ལྔ་དང་དེས་བཀང་ལ༔ དར་དམར་པོས་དྲིལ་ལ་དཀྱིལ་འཁོར་འཁོར་སྟེང་དུ་བཞག་ལ༔ གཏོར་མའི་ཡོ་བྱད་དང་ཆང་ཕུད་བཤམས་ཏེ༔ རང་ཉིད་ཛཾ་བྷ་ལ་དམར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་ནོར་བུ་བསྣམས་ནས༔ གཡོན་གཏེར་གྱི་ནེའུ་ལེ་འཛིན་པ་སྐད་ཅིག་གིས་


CMR045_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ལ༔ དེའི་སྙིང་ཁར་ཡི་གེ་ཧཱི༔དམར་པོ་དེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས༔ གནོད་སྦྱིན་གྱི་གནས་རྣམས་དང་༔ རཏྣའི་འབྱུང་གནས་རྣམས་ནས་ནོར་བུ་རིན་པོ་ཆེ་བཀུག་སྟེ༔ བདག་གི་གནས་ཁང་ཁེངས་པར་བསམ་ཞིང་སྔགས་འདི་ཞག་བདུན་སྒྲུབ་སྟེ༔ ཨོཾ་ཛཾ་བྷ་ལ་དྷ་ན་ཨ་མུ་ཀ་བཱ་སུ་སིདྡྷི་མ་ཡ་མ་ལ་འདུས༔ ནོར་རྫས་ཐམས་ཅད་བདག་ལ་དུང་དུང་འདུས་འདུས་སྭཱ་ཧཱ༔ དེ་ལྟར་བཟླས་པས་རྟགས་ནི་རྨི་ལམ་དུ་ནོར་རྫས་སྟེར་བ་དང་༔ བསྙེན་བཀུར་བྱེད་པ་དང་༔ རིན་པོ་ཆེའི་གླིང་དུ་ཕྱིན་པ་དང་༔ རིན་པོ་ཆེའི་འབྱུང་གནས་ནས་ནོར་རྫས་མང་པོ་བྱུང་བ་


CMR045_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

རྨིས་སོ༔ དངོས་སུ་ཡང་ཟས་ནོར་སྟེར་བ་འབྱུང་ངོ་༔ གའུ་རང་གི་དཀོར་མཛོད་དུ་སྦའོ༔ གཏོར་མ་འབུལ་བ་ནི་འདིའོ༔ ཛཾ་བྷ་ལ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་པས་ཕུལ་ལོ༔ དེ་ལྟར་ཕུལ་ནས་ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར་རོ༔ དཔལ་ཛཾ་བྷ་ལའི་སྒྲུབ་ཐབས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་སོ༔ ཨྠྀི༔ ༈ འདིའི་ཞལ་ཤེས་ལ། མགོ་ན་ཧཱིཟེར་བ་འཁོར་ལོའི་རྒྱབ་ཏུ་བྲི་རྒྱུ་ཡིན་ལ། དེས་བཀང་ཞེས་པ་ནི། གའུ་ཅན་ནས་བཤད་པའི་གཡང་རྫས་གང་འཛོམ་གྱིས་ཁ་བཀང་། སྙིང་ཤུན་གྱི་ཕྱི་ནས་དར་དམར་པོས་དྲིལ། གཞན་སྒྲུབ་ལུགས་གཏོར་སྒྲུབ་དང་འདྲ་སྟེ། སྒྲུབ་གཏོར་གྱི་ཚབ་ལ་འཁོར་ལོ་བཞག་རྒྱུ་ཡིན། གཞན་མཆོད་གཏོར་བཤམས་ལུགས་འདོན་ལུགས་གཏོར་སྒྲུབ་དང་འདྲ་སྟེ། ཅུང་ཟད་མི་འདྲ་བའི་ཁྱད་པར་ནི། མངོན་རྟོགས་ཀྱི་གཞུང་ནས་བཤད་པ་ལྟར། ཕྱག་གཉིས་ནོར་བུ་དང་ནེའུ་ལེ་འཛིན་པ། ཞབས་གཉིས་བཞེངས་སྟབས་ཐུགས་སྲོག་ས་བོན་ཧིབསྐྱེད། དེ་ཡིད་ཀྱིས་བསྒོམས་ཀྱང་ཆོག །སྤྱན་འདྲེན་མཆོད་པ་ཡན་ཆོད་ལས་བྱང་གཞུང་ལྟར་ལ། བསྟོད་པ་ནི་གཞུང་གི་སྐྱུར་ལ། ཡིད་བཞིན་རིན་ཆེན་གཏེར་འདི་བསྒྲུབ་


CMR045_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ༔ མ་ལུས་འགྲོ་བའི་དབུལ་བ་བསལ་བའི་ཕྱིར༔ ནོར་ལྷ་ཀུན་གྱིས་ནང་ནས་ཛཾ་བྷ་ལ༔ དམར་པོ་གསུང་གི་ལྷ་ལ་ཕྱག་འཚལ་བསྟོད༔ གཏོར་བསྔོས་ཀྱི་སྔགས་ཀྱང་གཞུང་འདི་ནས་འབྱུང་བ་ལྟར་དང་། དམིགས་པ་ནི་གཞུང་འདི་ནས་བྱུང་ལྟར་དང་། སྒྲུབ་ཡུན་ཞག་བདུན་ལས་མི་ཉུང་བར་སྐབས་དང་བསྟུན། ཞེས་རཱ་ག་ཨ་སྱས་ཞལ་ཤེས་སུ་བཀོད་པའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཛཾ་ལྷ་དམར་པོའི་འཁོར་ལོ་བྲི་ཐབས།


CMR045_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

༼ན༽ །གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་ཛཾ་ལྷ་དམར་པོའི་འཁོར་ལོ་བྲི་ཐབས་བཞུགས་སོ། །


CMR045_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ༔ ཨརྱ་ཛཾ་བྷ་ལ་སཱ་དྷ་ནི་ནཱ་མ༔ བོད་སྐད་དུ༔ འཕགས་པ་ཛཾ་བྷ་ལའི་སྒྲུབ་ཐབས་ཞེས་བྱ་བ༔ དར་དམར་པོ་ལ་འཁོར་ལོ་མུ་ཁྱུད་བརྒྱད་པ་བྲི༔ ལྟེ་བར་འཁོར་ལོ་བྲིས་པའི་ལྟེ་བ་ལ་ཨོཾ་ཁོང་སེང་མའམ་ལཉྩ་བྲི༔ དེའི་ཕྱིར་རིམ་མུ་ཁྱུད་ནང་མ་ལ༔ ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་དྷིསྭཱ་ཧཱ༔ དེའི་ཕྱི་རིམ་མུ་ཁྱུད་གཉིས་པ་ལ༔ ཨོཾ་ཙཀྲ་རཏྣ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་མ་ཎི་རཏྣ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཨོཾ་སྦི་རཏྣ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཨོཾ་པུ་རུ་ཥ་རཏྣ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཨོཾ་ཧསྟི་རཏྣ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཨོཾ་རུ་རཏྣ་ཨ་ཤྭ་རཏྣ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཨོཾ་ཁཧྥ་རཏྣ་


CMR045_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེའི་ཕྱི་རིམ་མུ་ཁྱུད་གསུམ་པ་ལ་སོར་གཉིས་ཀྱི་ཚད་ཙམ་ལ་པདྨ་འདབ་བརྒྱད་སྟེང་དུ་བཀྲ་ཤིས་རྟགས་བརྒྱད་ཀྱི་གཟུགས་བྲི་སྲོལ་འདུག་སྟེ་སྔགས་འདི་བྲི་བ་ལེགས་པས། ཨོཾ་མངྒ་ལ་ཤྲི་ཝཏྠ་སིདྡྷི་ཕ་ལ་ཧཱུྃ། ཨོཾ་མངྒ་ལ་ཙཀྲ་སིདྡྷི་ཕ་ལ་ཧཱུྃ། ཨོཾ་མངྒ་ལ་པདྨ་སིདྡྷི་ཕ་ལ་ཧཱུྃ། ཨོཾ་མངྒ་ལ་དྷྭ་ཛ་སིདྡྷི་ཕ་ལ་ཧཱུྃ། ཨོཾ་མངྒ་ལ་ཚ་ཏྲ་ཀ་སིདྡྷི་ཕ་ལ་ཧཱུྃ། ཨོཾ་མངྒ་ལ་ཀུལླཱ་སིདྡྷི་ཕ་ལ་ཧཱུྃ། ཨོཾ་མངྒ་ལ་ཤདྨ་སིདྡྷི་ཕ་ལ་ཧཱུྃ། ཨོཾ་མངྒ་ལ་མཙྪསིདྡྷི་ཕ་ལ་ཧཱུྃ། དེའི་ཕྱི་རིམ་མུ་ཁྱུད་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲ་ཡ༔ མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཛཾ་བྷ་


CMR045_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ༔ ཨོཾ་ཨིནྡྲ་ནི་མུ་ཁཾ་བྷ་མ་རི་སྭཱ་ཧཱ༔ ཨོཾ་ཛ་ལཾ་སྭཱ་ཧཱ༔ ཨོཾ་ཛ་བྷ་ལ་ཛ་ལེནྡྲ་ཡེ་ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་བཛྲ་ཛ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ༔ ཨོཾ་བཛྲ་པཱ་ཎི་བཛྲ་ཝཱ་ར་ཧི་ཀྲོ་དྷི་ཀཱ་ལི་ཧ་རི་ནི་ས་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་རྨི་ཨ་ཏྲི་ཨ་ཀརཱ་ཡ་ཧི༔ ཨ་ཀརྨ་ཡ་ཛ༔ པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བསྒུལ་བསྐུལ༔ མ་མ་ཧྲི་ཧྲི་མ་མ་ཁ་ཤི། མི་སྙིང་བསྒུལ་བསྐུལ། མི་འགྲམ་ཆོག་ཆོག །ཧྲི་ཧྲི་བསྡུས་བསྡུས་མ་མ་ཁ་ཤི་ཐཾ་ཧཱུྃ་ཛ༔ སརྦ་ལོ་ཀ་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བྲི། དེའི་ཕྱི་རིམ་ཞིང་སོར་གཉིས་ཙམ་ལ་རྩིབས་བཅུ་དྲུག་བྲི། དེ་ལ་གནོད་སྦྱིན་ཕོ་བརྒྱད་མོ་བརྒྱད་ཀྱི་སྙིང་པོ་བྲི། ཨོཾ་མ་ཎི་བྷ་དྲ་ཡེ་སྭཱ་ཧཱ། ཨོཾ་པུརྞ་བྷ་དྲ་ཡེ་སྭཱ་ཧཱ། ཨོཾ་དཱ་ན་ད་ཡེ་སྭཱ་ཧཱ། ཨོཾ་ཀུ་ཝེ་ར་ཡེ་སྭཱ་ཧཱ། ཨོཾ་ཀི་ལི་མི་ལི་ནི་སྭཱ་ཧཱ། ཨོཾ་ཙི་བི་ཀུཎྜ་ལཱི་ནི་སྭཱ་ཧཱ། ཨོཾ་མུ་ཁཎྜ་ཡེ་སྭཱ་ཧཱ། ཨོཾ་ཙ་རེནྡྲ་ཡེ་སྭཱ་ཧཱ། ཨོཾ་ཙནྡྲ་ཀེཎྜསྭཱ་ཧཱ། ཨོཾ་དཏྟ་ཡེ་སྭཱ་ཧཱ། ཨོཾ་སུ་དཏྟ་ཡེ་སྭཱ་ཧཱ། ཨོཾ་སུ་བྷ་དྲ་ཡེ་སྭཱ་ཧཱ། ཨོཾ་བ་སུ་ཏྲ་ཡེ་སྭཱ་ཧཱ། ཨོཾ་གུཏ་ཡེ་སྭཱ་ཧཱ། ཨོཾ་དེ་ཝི་ཤྲཱི་ཡེ་སྭཱ་ཧཱ། ཨོཾ་སྭ་ར་སྭ་ཏི་སྭཱ་ཧཱ། དེ་ཐམས་ཅད་མཇུག་ཏུ་བཱ་སུ་སིདྡྷི་སྭཱ་ཧཱ། ཞེས་བྲི་ཡབ་གཡས་ཡུམ་གཡོན། དེའི་ཕྱི་རིམ་མུ་ཁྱུད་དྲུག་པ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཻ་ཤྲ་


CMR045_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཎ་ཡེ། མ་ཧ་རཱ་ཛ་ཡ། ཏདྱ་ཐཱ། ཨོཾ་སི་མི་སི་མི། སུ་མུ་སུ་མུ། ཙྪིནྡ་ཙྪིན། ས་ར་ས་ར། ཀ་ར་ཀ་ར། ཀི་ལི་ཀི་ལི། ཀུ་རུ་ཀུ་རུ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། ས་དྷཱ་ཨ་ཧ་ར་མ་ནཾ་ནིརྱ་ཏ་ཡ་དྷ་ར་དྷ་ཏུ་ཡེ་སྭཱ་ཧཱ། ཏདྱ་ཐཱ། ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎི་བྷ་དྲ། ཀི་ལི་མ་ཎི་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་མ་ཎི་བྷ་དྲ། ཨོཾ་ཨེ་ཧྱ་ཧི་ཏིཥྛ་ཏིཥྛ་སརྦ་ཨརྦ་མེ་སཱ་དྷ་ནི། ཏདྱ་ཐཱ། སུ་དྷ་ནི། སུ་ར་སྱ། སུ་མ་ཏི། སུ་པུ་ཏི། ཧི་ལི་མི་ལི་སྭཱ་ཧཱ། ཨོཾ་བེ་ཤ་མ་ཎ་ཡེ་སྭཱ་ཧཱ། ཨོཾ་བཱ་སུ་དྷཱ་རི་ཎི་སྭཱ་ཧཱ། ཨོཾ་ཤྲཱི་བཱ་སུ་སྭཱ་ཧཱ། ཨོཾ་བཱ་སུ་ཤི་ཡེ་སྭཱ་ཧཱ། ཨོཾ་ཤྲཱི་བཱ་སུ་མུ་ཎི་སྭཱ་ཧཱ། ཨོཾ་བཱ་སུ་མ་ཏི་ཤྲཱི་ཡེ་སྭཱ་ཧཱ། དེའི་ཕྱི་རིམ་མུ་ཁྱུད་བདུན་པ་ལ། བདག་སྒྲུབ་པ་པོ་འཁོར་དང་བཅས་པ་ལ་གསེར། དངུལ། ཟངས། ལྕགས། བུ་ནོར། རྟ་གླང་། ར་ལུག །ཞིང་ཁང་། འབྲུ་བང་མཛོད། གནག་མཛོ། ཇ་དར་གོས་སྣམ་སོགས་འཇིག་རྟེན་གྱི་དངོས་གྲུབ་མཁོ་དགུ་ཐམས་ཅད་


CMR045_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ་ཅིག །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་ཅིག །འཛད་མེད་ནོར་གྱི་དངོས་གྲུབ་སྩོལ་ཅིག །བརྒྱུད་འཛིན་རིགས་ཀྱི་དངོས་གྲུབ་སྩོལ་ཅིག །བང་མཛོད་འབྲུ་ཡི་དངོས་གྲུབ་སྩོལ་ཅིག །རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ་ཅིག །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ་ཅིག །ལྷབ་ལྷུབ་གོས་ཀྱི་དངོས་གྲུབ་སྩོལ་ཅིག །ཇ་དར་རྫས་ཀྱི་དངོས་གྲུབ་སྩོལ་ཅིག །རིན་ཆེན་གསེར་གཡུའི་དངོས་གྲུབ་སྩོལ་ཅིག །སྲ་བརྟན་གོ་ཆའི་དངོས་གྲུབ་སྩོལ་ཅིག །འཛད་མེད་གཏེར་གྱི་དངོས་གྲུབ་སྩོལ་ཅིག །ཅེས་བྲི། མུ་ཁྱུད་བརྒྱད་པ་བྱེད་ན་འདི་བྲིའོ། །ཧིཛཾ་བྷ་ལ་ཛ་ལེནྡྲ་ཡེ་འགྲོ་བ་མི་ཡི་ཙིཏྟ་ལ་ཨ་པར་ཙིཏྟ་ཛ་ཛཿ ཨོཾ་ཧྲཱིཿཛ་ཧཱུྃ་ཛཾ་བྷ་ལ་རཏྭ་ཨ་མུ་ཀ་ཀམ་ཡ་ཛ་ཛཿ ནོར་རྫས་ཐམས་ཅད་བདག་ལ་དུང་དུང་བསྡུས་བསྡུས་མགོ་ནག་མིའི་སེམས་དཀྲུགས༔ སྙིང་འཕྱོ་རུ་ཆུག༔ རྐང་པ་འགྲོ་རུ་ཆུག༔ ཡིད་ཀྱི་རྣམ་པར་ཤེས་པ་རང་དབང་མེད་པར་ཁུག་ལ་ཤོག༔ སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཧཱུྃ༔ ཚིག་བར་གྱི་མཚམས་བདུན་ཡོད། ཨོཾ་ཡེ་དྷརྨཱ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱ། མུ་ཁྱུད་བརྒྱད་པ་མི་བྱེད་ན་ཞལ་ཕྱག་ལ་བྲི་


CMR045_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་དགོས། ཡིག་ཆུང་གི་ཞལ་ཤེས་གསུངས་པའི་དོན། འཁོར་ལོ་ཟངས་ཀྱི་གའུ་ནང་དུ་གཞུག་རྒྱུ་ལ། ཞལ་གསུམ་ཕྱག་དྲུག་མངོན་རྟོགས་ལྟར་བྲི། ལུག་དཀར་གྱི་སྙིང་ཤུན་ནང་དུ་བཅུག་རྒྱུ་ལ། ཞལ་གཅིག་ཕྱག་གཉིས་དེའི་མངོན་རྟོགས་ལྟར་བྲི། དེའང་བྲི་བའི་ཆས་རྣམས་སྔོན་ནས་འཚག་ལ་འགྲུབ་སྦྱོར་རམ་གཡང་སྐར་བཟང་པོ་ལ་ཉི་མ་གཅིག་གིས་བྲི་ཐུབ་པར་བྱ། དེ་མ་ཐག་ཛཾ་དམར་ཞལ་གསུམ་མམ་ཞལ་གཅིག་གང་ཡིན་བྲིས་པ་ལྟར་བསྒོམ། དེ་གཉིས་སོ་སོའི་སྔགས་བརྒྱ་རྩ་ཡན་ཅི་འགྲུབ་ཀྱི་སྔགས་ཡེ་དྷརྨ་བདུན་ཡན་ཆད་ཅི་འགྲུབ་བཟླས་ལ་རབ་གནས་བྱ། བཀྲ་ཤིས་བརྗོད། ནང་དུ་གཞུང་ནས་བཤད་པའི་གཡང་རྫས་གང་འགྲུབ་ཅུང་ཟད་བཅུག །ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས། །དབུས་ཀྱི་ཨོཾ་མགོ་མཇུག་མ་ལོག་པར་ཟངས་སམ་ལུག་དཀར་གྱི་སྙིང་ཤུན་གང་ཡིན་སོ་སོའི་ནང་དུ་གཞུག །སོ་སོའི་སྒྲུབ་གཞུང་ནས་འབྱུང་བའི་རྫས་ཅི་འཛོམ་དང་བཅས་སོ་སོའི་སྒྲུབ་པ་ཐོན་ན་རབ་ཡིན། མ་ཐོན་ཀྱང་དེ་བཅས་པ་ཙམ་གྱི་དངོས་གྲུབ་འབྱུང་བར་བཤད། ཅེས་གཏེར་གཞུང་རང་ནས་འབྱུང་བའི་སྔགས་རྣམས་སབ་ཅིང་ཞལ་ཤེས་ཅུང་ཟད་ཀྱིས་བརྒྱན་པ་མ་


CMR045_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་གཞན་བཅོས་བསླད་མེད་པ་འདི་པདྨ་སྦྱིན་པས་བསྐུལ་བ་ལྟར་རཱ་ག་ཨ་སྱས་ངག་ནས་སྨྲས་པ་ལྟར་ཡི་གེ་པའང་བསྐུལ་བ་པོ་ཉིད་དོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སྨུག་འཛིན་དམར་པོའི་སྒྲུབ་ཐབས་མན་ངག་གསང་རྒྱ་ཅན།


CMR045_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

སྨུག་འཛིན་དམར་པོའི་སྒྲུབ་ཐབས་མན་ངག་གསང་རྒྱ་ཅན་བཞུགས་སོ༔


CMR045_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ༔ ཡོན་ཏན་མཁན་པོ་འགྲོ་དོན་ཕྲིན་ལས་ཆུང་ན་འདི་ལྟར་བྱའོ༔ ཤོག་བུ་གྲུ་བཞི་གཅིག་ལ་སྟེང་དུ་ཛཾ་བྷ་ལ་དམར་པོའི་སྐུ༔ གཡས་ཐོད་པ་ཁྲག་གིས་བཀང་བ་ཐུགས་ཀར་འཛིན་པ༔ གཡོན་ནེའུ་ལེའི་རྐྱལ་པ་བརླ་ཐོག་ཏུ་འཛིན་པ༔ ཞབས་གཡས་བསྐུམ་གཡོན་བརྐྱང་བ་འདོར་སྟབས་སུ་བསྒྲད་པ༔ དར་དང་རིན་པོ་ཆེའི་བརྒྱན་པ་ཞལ་ཁྲོ་འཛུམ་ཅན་བྲི༔ དེའི་ཞབས་འོག་ཏུ་གནོད་སྦྱིན་ཨ་པར་ཙིཏྟ་སྐུ་མདོག་སྔོན་པོ་གཡས་ལྕགས་ཀྱུ་དང་གཡོན་ཞགས་པ་འཛིན་པ་བཞེངས་སྟབས་སུ་བཞུགས་པའི་བེར་སྔོན་པོ་སོགས་ཀྱི་ན་བཟའ་ཅན༔ དེའི་


CMR045_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་གནོད་སྦྱིན་ཐེའུ་རང་ལས་མཁན་གསུམ༔ ཨ་ཙ་རའི་གཟུགས་ཅན་ལྕགས་ཀྱུ་ཞགས་པ་འཛིན་པ་ཁ་དོག་སྔོན་པོ་རྒྱུག་ཅིང་མཆོང་བ་བྲི༔ ཛཾ་བྷ་ལའི་ཐུགས་ཀར་ཛཾ༔ ཨ་པར་ཙིཏྟའི་ཐུགས་ཀར་ཧྲཱིཿལས་མཁན་གསུམ་གྱི་ཐུགས་ཀར་ཏྲི་རེ་ཁྲི༔ ཡེ་དྷརྨས་རབ་གནས་བྱ༔ དེ་ནས་འབྲུ་བཙོ་མ་གང་གི་ནང་དུ་ཟན་ལ་རུས་སྦལ་གྱི་ཁོག་པ་བཟོས་པའི་སྟེང་དུ་བཙུགས༔ རང་ཉིད་ཛཾ་དམར་གཞུང་ལྟར་བསྒོམ༔ མདུན་བསྐྱེད་བྲིས་ལྟར་བསྒོམ༔ ཛཾ་དམར་གྱི་གཏོར་ཆོག་གཞུང་ལྟར་དུས་བཞིར་བཏང་༔ ཞག་བདུན་བསྙེན༔ དེ་ནི་བསྙེན་སྒྲུབ་བོ༔ སྔགས་ནི༔ ཨོཾ་ཛཾ་བྷ་ལ་ཛ་


CMR045_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ལེནྡྲ་ཡ་ཧྲཱི༔ ཨ་པ་ར་ཙིཏྟ་ཛ༔ འདི་ནི་བསྙེན་སྔགས་ཡིན་ལ༔ དེ་ནས་ལས་ལ་སྦྱར་བ་ནི༔ དེ་ནས་འཁོར་ལོ་དེ་ཛཾ་བྷ་ལ་སྟེང་༔ ཨ་པ་ར་ཙིཏྟ་བར༔ ལས་མཁན་གསུམ་འོག་ཏུ་བྱས་ལ་ཕར་ལྟེབ་ཚུར་ལྟེབ་བྱས་ལ་དེ་གྲུ་བཞིའམ་ཅི་བདེར་བྱ༔ དེ་ཞིང་ལྤགས་ཀྱིས་བཏུམ༔ དེའི་ཕྱི་ནས་ལྡིས་གེ་སོགས་ཀྱིས་བསྟུམ་ནས་ཕྲེང་བའི་མདོ་འཛིན་ལ་བཏགས༔ དེ་དུས་བཞིར་རྐང་པ་གཡོན་པའི་མཐེ་བོང་གི་ཞབས་སུ་མནན་ལ་གོང་གི་སྔགས་མཇུག་ལ་འདི་བཏགས་ལ་བཟླ༔ ཏྲིའུ་ཏྲིའུ་ནཱ་ག་པཱ་ཏི་ཏྲིའུ་ཡོན་ཏན་མཁན་པོ་མྱུར་དུ་ཚོལ་དུ་ཐོངས་ཤིག་པཱ་ཤི་ཀུ་རུ་སྭཱ་ཧཱཿ ཞེས་པ་བརྒྱ་རེ་བཟླའོ༔ དེའི་ཚེ་དམིགས་པ་ནི་རང་ཉིད་ཛཾ་དམར་ཙཀཱི་ལྟར་བསྒོམ༔ དེའི་ཞབས་འོག་ཏུ་ཨ་པ་ར་ཙིཏྟ་མནན༔ ཨ་པ་ར་ཙིཏྟས་ལས་མཁན་གསུམ་མནན༔ ལས་མཁན་གསུམ་ལས་རང་འདྲ་བ་དཔག་ཏུ་མེད་པ་འཕྲོས་ནས༔ ཡོན་ཏན་མཁན་པོ་སུ་ལ་མཁོ་བ་དེ་ཐམས་ཅད་དབང་མེད་དུ་བསྡུས་པར་བསྒོམ་མོ༔ འདི་ནུབ་ཟངས་མཛོད་དམར་པོའི་གཏེར་ཁ་ཡིན་ལ༔ རང་ཉིད་བསྐྱེད་རྫོགས་ཀྱི་ཉམས་ལེན་མཚམས་སྒྲུབ་ཁོ་ན་ལ་འབད་ཅིང་ཕྱི་མ་དོན་དུ་གཉེར་བར་འདོད་ཀྱང་སྒྲུབ་རྒྱགས་བཀྲེས་པ་ལྟ་བུའམ༔


CMR045_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་རྟེན་གསུམ་བཞེངས་པའི་ཆ་རྐྱེན་ནམ༔ རང་གི་དགེ་སྡིག་གི་བླང་དོར་ངོས་ལྐོག་མེད་པར་ཤེས་ཤིང་སེམས་ཅན་གཞན་སྨིན་གྲོལ་གྱི་ལམ་ལ་བཀོད་ནུས་ཀྱང་ཕྲིན་ལས་དང་འགྲོ་དོན་ཚུལ་བཞིན་མ་བྱུང་ན་འདི་ལྟར་ཉམས་སུ་བླང་བར་བྱའོ༔ མན་ངག་འདི་སྣོད་ལྡན་གྱི་སྐྱེས་བུ་རེ་རེ་ཙམ་མ་གཏོགས་ཤིན་ཏུ་གསང་ཞིང་སྦ་བར་གཞན་ལ་མི་བསྟན་པར་བྱ་བ་དམ་ཚིག་གོ༔ ཞེས་པ་འདི་ནི་ཤིང་ཕོ་འབྲུག་གི་ལོ་རྒྱལ་གྱི་ཟླ་ཚེས་དགེ་བར་བླ་མ་བཅུ་སཱ་ག་ར་ལ་སོགས་པའི་དོན་གཉེར་གྱི་སློབ་མ་སྣོད་ལྡན་འགའ་ཞིག་གིས་ནན་ཆེར་བསྐུལ་ཞིང་ཡི་གེར་བྱས་སོ། །སྐྱབས་གནས་རིན་པོ་རཱ་ག་ཨ་སྱས་ཞལ་སྔ་ནས་བསྩལ་བའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཛཾ་བྷ་ལ་དམར་པོ་ཡིད་བཞིན་དབང་གི་རྒྱལ་པོའི་སྒྲུབ་ཐབས་གཏེར་མཛོད་ཟབ་མོ་ལས་ཚོགས་དང་བཅས་པ།


CMR045_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

༼ཕ༽ །གྲྭ་པ་མངོན་ཤེས་ཅན་གྱིས་བརྒྱུད་པའི་ཛཾ་བྷ་ལ་དམར་པོ་ཡིད་བཞིན་དབང་གི་རྒྱལ་པོའི་སྒྲུབ་ཐབས་གཏེར་མཛོད་ཟབ་མོ་ལས་ཚོགས་དང་བཅས་པ་བཞུགས་སོ། །


CMR045_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ༔ ཨརྱ་ཛཾ་བྷ་ལ་སཱ་དྷ་ནི་ན་མ་༔ བོད་སྐད་དུ༔ འཕགས་པ་ཛཾ་བྷ་ལའི་སྒྲུབ་ཐབས་ཞེས་བྱ་བ༔ འཕགས་པ་ཛ་བྷ་ལ་ལ་ཕྱག་འཚལ་ལོ༔ ཡིད་བཞིན་རིན་ཆེན་གཏེར་གྱི་སྒྲུབ་པ་དང་༔ མ་ལུས་འགྲོ་བའི་དབུལ་ཕོངས་བསལ་བའི་ཕྱིར༔ ནོར་ལྷ་ཀུན་གྱི་ནང་ནས་ཛ་བྷ་ལ༔ དམར་པོ་གསུང་གི་སྒྲུབ་པ་ཡང་དག་བཤད༔ དེ་ལའང་དང་པོ་སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་བསལ་ཕྱིར་བསྒྲུབ་སྙམ་པའི་བསམ་པ་དང་ལྡན་པས༔ དཀོན་མཆོག་གསུམ་དང་འཕགས་པ་ཛཾ་བྷ་ལ་ལ་སྐྱབས་སུ་འགྲོ་བར་བྱའོ༔ སྐྱབས་འགྲོ་སེམས་བསྐྱེད་སྤྱི་དང་མཐུན༔ དེ་ནས་སེམས་ཅན་ཐམས་ཅད་དབུལ་བའི་སྡུག་བསྔལ་བསལ་བའི་


CMR045_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར༔ བདག་གིས་འཕགས་པ་ཛཾ་བྷ་ལའི་སྒྲུབ་པ་ཉམས་སུ་བླངས་པར་བགྱིའོ༔ སྙམ་དུ་ལེགས་པར་སེམས་བསྐྱེད་ལ༔ ཨོཾ་སྭ་བྷ་ཝ་སོགས། ཞེས་པས་བརྟན་གཡོ་ཐམས་ཅད་སྟོང་པར་བསྒོམ༔ སྟོང་པའི་ངང་ལས་ཨ་ལས་ཟླ་བ༔ མ་ལས་ཉི་མ༔ པཾ་ལས་པདྨའི་གདན་གྱི་སྟེང་དུ་ཡི་གེ་ཛཾ་དམར་པོ་ལས་འོད་ཟེར་འཕྲོས༔ སེམས་ཅན་ཐམས་ཅད་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ༔ ཚུར་འདུས་ཏེ་ཛོ་ལ་ཕོག༔ དེ་ཡོངས་སུ་གྱུར་པ་ལས་རང་ཉིད་ཛཾ་བྷ་ལ་དམར་པོ་ཞལ་གསུམ་ཕྱག་དྲུག་པ་སྐུ་ཤིན་ཏུ་དམར་ལ་སྐུ་ཤ་ཤིན་ཏུ་ཆགས་པ་དང་སྒེག་པའི་ཉམས་དང་ལྡན་


CMR045_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀླུ་ཆེན་པོ་བརྒྱད་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ༔ ཞལ་གཡས་དཀར་བ་གཡོན་སྔོ་བ་རྩ་ཞལ་དམར་བ༔ ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་དང་པོས་རིན་པོ་ཚེ༔ བར་མས་ལྕགས་ཀྱུ༔ གཡོན་དང་པོས་ཐོད་པ་རིན་པོ་ཆེས་བཀང་བ༔ གཉིས་པ་ན་ཞགས་པ༔ ཐ་མ་གཉིས་ན་གཏེར་གྱི་ནེའུ་ལེ་རེ་རེ་བསྣམས་ནས་བཙིར་བས་ནོར་བུ་སྐྱུགས་པ༔ ཞབས་བཞིས་གནོད་སྦྱིན་ནོར་བུ་སྐྱུགས་པ་གཉིས་མནན་པ་དེ་ལྟ་བུར་བསྒོམ་མོ༔ དེའི་ཐུགས་ཀར་ཡི་གེ་ཧྲཱིཿདམར་པོ་ལས་སྦས་པའི་ལྷ་མོ་ཀུ་རུ་ཀུལླེ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ༔ དང་པོ་གཉིས་མདའ་གཞུ༔ གཡས་འོག་མས་ལྕགས་ཀྱུ༔ གཡོན་འོག་མས་ཞགས་པ་བསྣམས་པ་བསྐྱེད་ལ༔ ཐུགས་ཀའི་ལས་འོད་ཟེར་འཕྲོས་པས་ལྷ་མོ་ཀུ་རུ་ཀུལླེ་དམར་མོ་གཡས་ལྕགས་ཀྱུ༔ གཡོན་ཞགས་པ་བསྣམས་པ་གྲངས་མེད་པ་སྤྲོས་ཏེ༔ འཇིག་རྟེན་ཁམས་ཀྱི་ནོར་རྫས་རྣམས་གང་འདོད་པའི་དངོས་པོ་མི་ལ་སོགས་པའི་འགྲོ་བ་གསེར་དངུལ་ལ་སོགས་པའི་གང་འདོད་པ་ལྕགས་ཀྱུས་སྙིང་ཁ་ནས་བཟུང་ཞགས་པས་མགུལ་པ་ལ་སོགས་པ་ནས་བཅིངས་ཏེ་བཀུག་སྟེ་རང་གི་ཁྱིམ་


CMR045_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་ཤོང་ཙམ་དུ་སྤུངས་ཏེ་སྩོལ་བར་བསམ༔ སླར་ཡང་ཛ་བྷ་ལའི་ཞལ་དང་ནེའུ་ལེའི་ཞལ་དང་གནོད་སྦྱིན་ནོར་སྐྱུགས་གཉིས་པོའི་ཞལ་ནས་གསེར་གཡུ་མུ་ཏིག་བྱི་རུ་ལ་སོགས་པ་ཟད་མི་ཤེས་པ་སྐྱུགས་ནས་ཁང་པ་ཁེངས་པར་བསམས་ནས་སྔགས་འདི་བཟླའོ༔ ཨོཾ་ཛཾ་བྷ་ལ་ཛ་ལེན་ཡེ་དྷ་ན་མེ་དྷི་གྷིསྭཱ་ཧཱ༔ ཞེས་པས་བསྙེན་པ་བྱས་ནས་མཉེས་པས་ནོར་གྱི་དངོས་གྲུབ་བྱིན་པར་བསམ༔ བསྙེན་པ་ཅི་རིགས་བྱ༔ རབ་སྟོང་། འབྲིང་ལྔ་བརྒྱ། ཐ་མ་སུམ་བརྒྱ་ཆག་མི་རུང་། ཐོ་རངས་ཀྱི་ཆ་མཚན་མོའི་ཆ་ལ་བཟླས་ཤིང་དམིགས་པ་ཡང་ཡང་དུ་བསྒོམ། ནམ་ལངས་པ་དང་ཆུ་སྦྱིན་གཏོར་མ་བཏང་། །རྒྱུན་དུ་བཟླས་པས་འགྲུབ་སྟེ། སྔོན་དུ་བསྙེན་པ་ཞག་བདུན་བྱས་ནས་དེ་ནས་རྒྱུན་དུ་སྒྲུབ་པ་བྱས་ན་ཤིན་ཏུ་ལེགས། བཟླས་པའི་རྗེས་ལ་ཨགྷཾ་སོགས་ཀྱིས་མཆོད་ནས། བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་ཞིང་༔ ཐུགས་རྗེས་ཆགས་པས་སྐུ་མདོག་དམར་པོར་བཞུགས༔ དབང་གི་ཕྲིན་ལས་རྫོགས་མཛད་ཛཾ་བྷ་ལ༔ མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད༔ རྗེས་ནས། འཕགས་པ་ཛཾ་བྷ་ལའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ་ཟས་ནོར་ལོངས་སྤྱོད་ཀྱི་དངོས་


CMR045_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆར་ལྟར་འབེབས་པ་དང་། དབུལ་ཕོངས་ཀྱི་སྡུག་བསྔལ་ཐམས་ཅད་མི་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཕྲེང་བ་སྤྱི་བོར་བཞག་ནས་སྔགས་ཀྱི་ནུས་པ་ཐིམ་པར་བསམ། རང་གི་གནས་སྙིང་ཁ་ནས་འོད་ཟེར་འཕྲོས་པས་གདན་འོད་ཟེར་གྱི་རྣམ་པར་གྱུར་ནས་རང་ལ་ཐིམ། དགེ་བ་འདི་ཡིས་མྱུར་དུ་བདག །འཕགས་པ་ཛཾ་ལྷ་འགྲུབ་སོགས་དང་། །ནོར་གྱི་དབང་ཕྱུག་རིན་ཆེན་སོགས། བཀྲ་ཤིས་སྨོན་ལམ་གང་བབ་བྱའོ།། ༈ གཏོར་མ་འབུལ་བར་འདོད་ན་གཏོར་མ་ཟླུམ་པོ་དམར་པོའི་བྱུགས་པ་ལ་ཤ་བུ་རམ་མར་ཐུད་ལ་སོགས་པའི་ཟས་སྣ་གང་འཛོམས་ཀྱིས་བརྒྱན་པ་ལ། ཨོཾ་ཨཱ༔ཧཱུྃ་རིན་པོ་ཆེ་ལས་གྲུབ་པའི་སྣོད་དུ་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཞེས་བརྗོད་ཅིང་བྱིན་རླབས་བྱ་སྟེ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ནས། ཛཾ་བྷ་ལའི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་བསམས་ལ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་དྷ་ན་མེ་དྷི་ཧཱུྃསྭཱ་ཧཱ༔ ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གསུམ་མམ་བདུན་གྱིས་ཕུལ། མཆོད་བསྟོད་གོང་བཞིན་ལ། ཨགྷཾ་སོགས། བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་ཞིང་༔ ཐུགས་རྗེས་ཆགས་པས་སྐུ་མདོག་དམར་པོར་བཞུགས༔ དབང་གི་ཕྲིན་ལས་


CMR045_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་མཛད་ཛཾ་བྷ་ལ༔ མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད༔ འདོད་དོན་གསོལ་བ་བཏབ་པའོ། །དེ་ནས་རྟེན་ཡོད་ན་བརྟན་བཞུགས་དང་། རྟེན་མེད་ན་གཤེགས་གསོལ་ནི། །བཛྲ་གཏོར་མ་རང་གི་སྙིང་གར་བཞག་ལ། གཏོར་མ་རང་གིས་ལོངས་སྤྱོད། གཏོར་མ་ལ་བརྟེན་ཏེ་སྒྲུབ་པའོ།། ༈ འདིའི་བརྒྱུད་པ་ནི། སློབ་དཔོན་པདྨ་འབྱུང་གནས་ནས། གྲྭ་པ་མངོན་ཤེས་ཅན། གྲྭ་པ་ཐུགས་རྗེ་འབུམ། ཤུ་ལ་ཙནྡ། སློབ་དཔོན་ཚུལ་ཁྲིམས་རྒྱལ་བ། མཁན་པོ་ཉི་མ། སློབ་དཔོན་དོན་བཟང་པ། དབུ་མ་དཔལ་གྲུབ་བརྩོན། བཀའ་བཅུ་པ་བཀྲ་ཤིས་བཟང་པོ་བླ་མ་བློ་གྲོས་བཟང་པོ། རྗེ་བཙུན་སེང་གེ །སྨུག་ལ་པཎ་ཆེན་ངག་དབང་གྲགས་པ། སེམས་དཔའ་ཆེན་པོ་སྤྱན་སྔ་བ། ངག་དབང་ཆོས་ཀྱི་གྲགས་པ་རྒྱལ་མཚན་དཔལ་བཟང་པོས། དེའི་བདག་ལའོ། །དེ་ལྟར་བཀོད་པའི་སྒྲུབ་ཐབས་གཏོར་མ་དང་བཅས་པ་འདི་ནི། སྙིགས་དུས་ཀྱི་འགྲོ་བའི་སྐྱབས་མགོན་སེམས་དཔའ་ཆེན་པོ་སྤྱན་སྔ་བ་ངག་དབང་ཆོས་ཀྱི་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་དགུང་ལོ་བརྒྱ་ཅུ་གྱ་གཅིག་བཞེས་པའི་དུས་སུ་འདིའི་རྗེས་གནང་སོགས་དགྱེས་བཞིན་དུ་བཀའ་དྲིན་གྱིས་ལེགས་པར་བསྐྱེད་དེ་ནོད་པའི་ཚེ་སྔོན་གྱི་ཡིག་ཆ་རྣམས་ཞལ་གསལ་བར་མ་མཆིས་པས། ཆོས་མེད་སྙོམས་ལས་པ། མཁོན་ས་སྐྱའི་སྔགས་འཆང་ངག་གི་


CMR045_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ཀུན་དགའ་རིན་ཆེན་གྱི་བཀའི་དགོངས་པ་བཀྲོལ་ནས་བྱ་ཡུལ་དགོན་པར་བྲིས་པའོ། །དགེའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཛཾ་དམར་ཆུ་སྦྱིན་པའི་ཐབས།


CMR045_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

༼བ༽ཆུ་སྦྱིན་པའི་ཐབས་ལ་མདུན་དུ་ཟངས་གཞོང་དུ་སྔར་བཞིན་བསྐྱེད། དེའི་ཐུགས་ཀར་རཾ་དམར་པོ་བསམ༔ དེ་ལ་རཾ་ཞེས་བརྗོད་པས་མེ་འབར་ཏེ༔ ཞལ་གྱི་ནང་ནས་མེ་ལྕེ་ཡར་ལ་བྱུང་བས་ཤིན་ཏུ་སྐོམ་པས་གདུང་བར་བསམ༔ དེའི་ཞལ་དུ་ཆུ་གཙང་སྔགས་ཀྱིས་ཕུལ་བས་སྐོམ་པའི་སྡུག་བསྔལ་ཞི་ནས་མཉེས་ཏེ༔ ཞལ་དང་ནེའུ་ལེ་དང་ནོར་སྐྱུགས་རྣམས་ཀྱི་ཞལ་ནས་རིན་པོ་ཆེ་སྣ་ཚོགས་འབྱུང་བར་བསམ༔ དེའང་ཇོ་བྷ་ལ་སྐོམ་པས་ཕུལ་བ་སྦྱིན་པས་སྐོམ་པའི་སྡུག་བསྔལ་ཞི་སྟེ་མཉེས་ནས་ནོར་བུ་སྐྱུགས༔ ཛཾ་བྷ་ལ་དགྱེས་ཙི་ཏེ་ནེའུ་ལེ་བཙིར་བས་ནོར་བུ་སྐྱུགས་པ༔ ནོར་སྐྱུགས་གཉིས་ཀྱི་སྙིང་གར་རྡོག་པ་ཆེན་པོས་མནན་པས་ནོར་བུ་སྐྱུགས༔ དེ་ནས་ཛཾ་བྷ་ལའི་ཞལ་དང་ནེའུ་དང་ནོར་སྐྱུགས་དང་གསུམ་ལ་ལག་པས་རེག་པར་བསམ་སྟེ༔ ༀ་ཨཱཧུཾ་ཞེས་བྱང་ཆུབ་སེམས་ཀྱི་ཆུ་དམར་པོ་ལྕེ་ལ་རེག་པར་བཞག་ལ་དངོས་གྲུབ་བླངས༔ ཆུ་དེ་རང་གི་ལོངས་སྤྱོད་ཡང་ན་ཆུ་བོ་ཆེན་པོར་དོར༔ དེ་ནས་གཏོར་མ་སྦྱིན་པ་ནི༔ ཟངས་གཞོང་དུ་ཟན་དང་ཆང་དང་ཤ་མར་བུ་རམ་དང་ཟས་སྣ་འབྱོར་ཚད་དང་༔ ནས་ལ་སོགས་པའི་འབྲུ་དང་༔ མ་འབྱོར་ན་རང་གི་གང་ཟ་བའི་ཁ་ཟས་ཨོཾ་


CMR045_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ༔ མང་ཞིང་རྒྱ་ཆེ་བ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པར་བསམས་ལ༔ རྩ་སྔགས་ལ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཏགས་པས་ཕུལ་བས་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གསོལ་བས་མཉེས་ནས་ནོར་གྱི་དངོས་གྲུབ་འབྱུང་བར་བསམ༔ གནས་གསུམ་ནས་རིན་ཆེན་འཛག་པར་བསམ་མོ༔ ལན་བདུན་དུ་མཆོད་པ་འབུལ་བསྟོད་པ་བྱ༔ བཛྲ་མུས་རང་གི་སྙིང་གར་བསྡུ༔ གཏོར་མ་རང་གིས་ལོངས་སྤྱོད༔ གཏོར་མ་ལ་བརྟེན་ནས་སྒྲུབ་པའོ༔

ཛཾ་དམར་དབང་གི་སྒྲུབ་པའི་ཟིན་བྲིས།


CMR045_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

༼མ༽ །གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་ཛཾ་དམར་དབང་གི་སྒྲུབ་པའི་ཟིན་བྲིས་བཞུགས་སོ༔ སྣོད་མིན་དང་ཆོས་བཞིན་མི་བྱེད་པ་ལ་ཤིན་ཏུ་བཀའ་རྒྱ་དམ་པར་གདམས་སོ༔


CMR045_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ༔ ཨརྱ་ཛཾ་བྷ་ལ་སཱ་དྷ་ནི་ན་མ༔ བོད་སྐད་དུ༔ འཕགས་པ་ཛཾ་བྷ་ལའི་སྒྲུབ་ཐབས་ཞེས་བྱ་བ༔ ཛཾ་བྷ་ལའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་དབང་དུ་བྱ་བའི་ཕྲིན་ལས་ནི༔ རང་ཉིད་སྐད་ཅིག་གིས་སྟོང་པར་བསྒོམ༔ སྟོང་པའི་ངང་ལས་ཨ་ལས་ཟླ་བ༔ མ་ལས་ཉི་མ༔ པཾ་ལས་པདྨ༔ དེའི་སྟེང་དུ་ཛཾ་དམར་པོ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས་འགྲོ་བ་སེམས་ཅན་གྱི་སྙིང་རྒྱུད་བསྐུལ༔ སེམས་གཡོས་ནས་བདག་ལ་སེམས་ཅན་ཐམས་ཅད་ཆེར་ཆགས་པར་བསམ༔ དེ་ཚུར་འདུས་པས་ཛོ་ལ་ཕོག་སྟེ༔ ཛཾ་དེ་ཡོངས་སུ་གྱུར་པ་ལས་ཛཾ་བྷ་ལ་དམར་པོ་


CMR045_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གསུམ་ཕྱག་དྲུག་པ༔ གཡས་ཞལ་དཀར༔ གཡོན་ཞལ་སྔོ༔ དབུས་ཞལ་དམར་བ༔ ཕྱག་གཡས་དང་པོ་ན་རིན་པོ་ཆེ༔ གཉིས་པས་ལྕགས་ཀྱུ༔ གཡོན་དང་པོས་ཐོད་པ་རིན་པོ་ཆེས་བཀང་བ༔ གཉིས་པས་ཞགས་པ༔ གསུམ་པ་གཉིས་ཀྱིས་ནེའུ་ལེ་གཉིས་ཀྱི་གཉའ་བ་ནས་བཙིར་བ༔ ཞབས་བཞིས་གནོད་སྦྱིན་ནོར་སྐྱུགས་ཀྱི་སྟེང་ན་བཞུགས་པ་དེ་ལྟ་བུའི་ཉམས་དང་ལྡན་པ་ཞིག་བསྒོམ༔ དེའི་ཐུགས་ཀར་སྦས་པའི་ཡུམ་ཀུ་རུ་ཀུལླེ་དམར་མོ་ཞལ་གཅིག་ཕྱག་བཞི་མ༔ དང་པོ་གཉིས་མདའ་གཞུ་འགེངས་པ༔ འོག་མ་གཉིས་ལྕགས་ཀྱུ་དང་ཞགས་


CMR045_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཛིན་པ༔ དེ་ལ་ལས་ཀྱི་མཁའ་འགྲོ་མ་དམར་མོ་ཞལ་གཅིག་ཕྱག་གཉིས་མ༔ གཡས་ལྕགས་ཀྱུ་དང་གཡོན་ཞགས་པ་བསྣམས་པ་དཔག་ཏུ་མེད་པ་སྤྲོས་ཏེ༔ འཇིག་རྟེན་གྱི་ལྷ་འདྲེ་མི་གསུམ་ཐམས་ཅད་ལྕགས་ཀྱུས་བཟུང་ཞགས་པས་མགུལ་ནས་བཅིངས་ཏེ་བདག་གི་མདུན་དུ་རང་དབང་མེད་པར་བཀུག་པར་བསམ༔ དེ་ཐམས་ཅད་ཀྱིས་བདག་ལ་མོས་པ་དང་གུས་པས་ཐལ་མོ་སྦྱར་ནས་དད་གུས་ཚད་མེད་པར་བསམ༔ ཛཾ་བྷ་ལ་དང་ཐུགས་ཀའི་ཀུ་རུ་ཀུལླེའི་ཐུགས་ཀ་ནས་ལྷ་མོ་དམར་མོ་གཅིག་སྤྲོས་ཏེ་བསྒྲུབ་བྱ་རྣམས་ཀྱི་སྤྱི་བོར་ཐིམ་པས་དབང་བསྐུར་ཏེ་སྤྱི་བོ་ནས་སྙིང་ཁར་བབས་ཏེ་སེམས་བསྒུལ་ཏེ་བདག་ལ་ཡིད་ཆགས་པས་ཆེར་མྱོས་ཏེ་བདག་གི་མདུན་ན་བརྒྱལ་ནས་འདུག་པར་བསམ༔ ཡང་ཀུ་རུ་ཀུལླེའི་ཐུགས་ཀ་ནས་འོད་འཕྲོས་ཏེ་བསྒྲུབ་བྱ་ལ་ཕོག་པས་ལུས་མདོག་དམར་ལམ་ལམ་སོང་བས་ཆགས་པས་མྱོས་ཏེ་རང་དབང་མེད་པར་བདག་ལ་ཡིད་ཆགས་པར་བསམ༔ དེ་ལྟ་བུ་ཡང་ཡང་བསྒོམ་ཞིང་སྔགས་འདི་བཟླའོ༔ ཨོཾ་ཛ་བྷ་ལ་ཛ་ལེནྡྲ་ཡེ་ཀུ་རུ་ཀུལླེ་ཧིསརྦ་ལོ་ཀ་ཝཱ་ཤཾ་ཀུ་རུ་དྷིསྭཱ་ཧཱ༔ ཞེས་བཟླས་པའི་རྟགས་ནི་རྨི་ལམ་དུ་བདག་ལ་བུད་མེད་ཀྱི་ཚོགས་ཀྱིས་བསྙེན་བཀུར་བྱེད་པ་དང་༔ ཕྱག་


CMR045_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་བ་དང་༔ ཟས་ནོར་གྱི་འབུལ་བ་བྱུང་བ༔ མི་ཆེན་རྣམས་ཀྱིས་བདག་ལ་བསྙེན་བཀུར་བྱེད་པ་སོགས་རྨིས་པས༔ དངོས་སུ་ཡང་སྐྱེ་བོ་ཐམས་ཅད་བདག་ལ་ཡིད་ཆགས་ཏེ་མཐོང་བ་ཙམ་གྱིས་དད་པ་སྐྱེས་ཏེ་བློ་ཆོས་ལ་འཛུད་ནས་དབང་དུ་འདུ་ངེས་སོ༔ འདིའི་དམ་ཚིག་ཏུ་ཆོས་ལ་ཕྱོགས་རིས་མི་བྱ༔ གང་ཟག་ལ་སྐུར་པ་མི་གདབ༔ ཆོས་དང་གང་ཟག་ལ་བསྟོད་སྨད་འབའ་ཞིག་མི་བྱ༔ དམར་སྨྲ་མི་བཏང་༔ གནས་སུ་འོང་བ་ཐམས་ཅད་ལ་ཆོས་དང་ཟང་ཟིང་གིས་ཕན་བཏགས༔ ཀུན་དང་བློ་བསྟུན༔ ཀུན་གྱིས་བློ་དང་མཐུན་པའི་ཆོས་བཤད༔ དུག་གསུམ་སྒོ་ནས་ཆོས་བཤད་དང་གྲུབ་མཐའ་ལ་བརྒལ་བརྟག་མི་བྱ༔ འཐད་པ་བརྗོད་པས་དབང་དུ་འདུ་ངེས་སོ༔ གསང་ནས་བསྒྲུབས་ན་དངོས་གྲུབ་ཐོབ་ངེས་སོ༔ མ་གསང་ན་མི་འགྲུབ་བོ༔ གསང་བ་གལ་ཆེ༔ ཨྠྀི༔ འདིའི་མན་ངག་ཞལ་ཤེས་ནི༔ བཅས་དང་ཡོ་བྱད་གཏོར་སྒྲུབ་ལྟར་ལ༔ ཡོད་ན་ཐོད་པ་གའུ་སོགས་བཤམས་མེད་ཀྱང་རུང་ལ། དབང་ལྟགི་སྦྱིན་སྲེག་གི་རྫས་རྣམས་གཞུང་ལྟར་བསགས་ཤིང་། ཐུན་མཚམས་རྣམས་སུ་ཚོགས་རེའམ་ཡང་ན་ཐུན་རྗེས་མར་ཚོགས་རེ་བྱ། སིནྡྷ་ར་དང་མཚལ་རྒྱ་སྐྱེགས་ཀྱི་དཔྲལ་བར་ཐིག་ལེ་བྱ། དེ་ནས་ལས་བྱང་གཞུང་བསྲང་ལ་ཐུན་གསུམ་བཞི་དྲུག་སོགས་བྱ་ཞིང་དགོང་མོའི་ཐུན་མཚམས་སུ་དབང་གི་སྦྱིན་བསྲེག་རེ་བྱ། རང་གི་དགེ་སྦྱོར་ཆག་མེད་རིགས་རྣམས་ཐུན་མཚམས་རྣམས་སུ་བྱ་ཞིང་། དེ་མ་གཏོགས་བསྙེན་སྔགས་བཟླ་ཞིང་། ནམ་ལངས་པར་ཆུ་སྦྱིན་རེ་མ་ཆག་པར་བྱ་


CMR045_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། ༈ དེ་ནས་བདག་མདུན་ཛཾ་དམར་གྱི་ཐུགས་ཀར་སྒྲོལ་མ་ཀུ་རུ་ཀུ་ལླེ་དམར་མོ་ཕྱག་བཞི་མ་གཞུང་ལྟར། དེའི་ཐུགས་ཀར་པདྨ་དམར་པོ་དང་ཟླ་བ་དང་ཉི་མའི་སྟེང་དུ་ཛ་དང་ཞལ་སྦྱོར། དེའི་མཐར་སྔགས་གཡས་སུ་ཀྱི་ལི་ལི་འཁོར་བ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་བྱང་སེམས་ཐམས་ཅད་མཆོད། དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་དམར་པོས་རྣམ་པར་བསྡུས་ཏེ་བདག་དང་མདུན་བསྐྱེད་ལ་བསྟིམ། ཡང་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་བསལ། འཇིག་རྟེན་ཁམས་ཀྱི་ཚེ་དང་བསོད་ནམས་དཔལ་འབྱོར་དངོས་གྲུབ་ཐམས་ཅད་བསྡུས་ཏེ་བདག་ལ་བསྟིམ། དེ་ནས་བདག་བསྐྱེད་ཐུགས་ཀར་སྔགས་ཕྲེང་འཁོར་བཞིན་པ་ལས་སྔགས་ཕྲེང་འཕྲོས་པས་ཡུམ་ཞལ་ནས་ཐོན། ཡབ་ཞལ་དུ་བརྒྱུད་ནས་བྱི་རུའི་ཕྲེང་བ་ལྟར་འོད་ཟེར་དང་བཅས་མདུན་བསྐྱེད་ཡབ་ཞལ་ནས་བརྒྱུད་ཡུམ་ཞལ་དུ་ཞུགས། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་སྔགས་ཕྲེང་དྲག་ཏུ་འཁོར། སྔགས་ཕྲེང་གི་གཤམ་ནས་སྔགས་ཕྲེང་ཐོན་པ་ཡུམ་གྱི་བྷ་ག་ནས་ཐོན། ཡབ་ཀྱི་རྡོ་རྗེའི་སྦུག་ནས་ཐོན་པ། རང་གི་རྡོ་རྗེའི་སྦུབ་


CMR045_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཞུགས་ཐུགས་ཀའི་ཡུམ་གྱི་བྷ་ག་ནས་བརྒྱུད་དེ་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པར་བསྒོམ། དེ་ལྟར་བདག་མདུན་བར་དུ་སྔགས་ཕྲེང་མགལ་མེའི་འཁོར་ལོ་ལྟར་དམར་ཀྱི་ལི་ལི་རྒྱུན་ཆད་མེད་པར་འཁོར་བས། སྔགས་ཕྲེང་དེ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། སངས་རྒྱས་བྱང་སེམས་ཐམས་ཅད་མཆོད། སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་བསལ་ཞིང་བདེ་སྐྱིད་ཕུན་སུམ་ཚོགས་པ་བྱས། འོད་ཟེར་ཚུར་འདུས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་བཅུད་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་བདག་མདུན་གཉིས་ལ་ཡང་ཡང་བསྟིམ། དེ་ནས་བདག་བསྐྱེད་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས་མདུན་བསྐྱེད་ལ་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ། བདག་མདུན་ཐུགས་ཀའི་འོད་ཟེར་དམར་པོ་ཉི་མ་ཤར་བ་ལྟར་སྲིད་གསུམ་འཇིག་རྟེན་གྱི་ཁམས་ཁྱབ་པར་འཕྲོས། སླར་ཡང་བདག་མདུན་ཐུགས་ཀའི་འོད་ཟེར་དམར་པོ་འཕྲོས་པའི་སྣ་ལ་ལྷ་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་མ་ཤིན་ཏུ་མཛེས་པ་གཅེར་བུ་དར་དམར་དང་མེ་ཏོག་དམར་པོ་མན་ཤེལ་བྱི་རུའི་རྒྱན་ཅན། ཕྱག་གཡས་ལྕགས་ཀྱུ་དམར་པོ། གཡོན་ཞགས་པ་དམར་


CMR045_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྣེ་གཅིག་ལྕགས་ཀྱུ་དང་གཅིག་ལ་ཨུཏྤལ་དམར་པོའི་མཚན་པ་ཅན་འཛིན་པ་གྲངས་མེད་འཕྲོས་ནས་འཇིག་རྟེན་ཁམས་ཀྱི་འགྲོ་བ་ཕོ་མོ་སྤྱི་དང་གང་འདོད་ཀྱི་ཕོའི་སྙིང་གར། མོའི་གསང་གནས་སུ་ལྕགས་ཀྱུས་བཏབ་ཞགས་པས་མགུལ་ནས་བཅིངས་འོད་དམར་གྱི་དྲ་བར་བཙུད། དེ་ལས་རླུང་དམར་པོས་དེད་ནས་བདག་བདུན་བར་དུ་གནས་པ། བདག་མདུན་འོད་ཟེར་ཕོག་པས་བདག་ལ་དད་ཅིང་ཆགས་པར་བསྒོམ། ཨོཾ་ཛ་བྷ་ལ་ཛ་ལེནྡྲ་ཡེ་ཀུ་རུ་ཀུལླེ་ཧཱུྃསརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཧཱུྃསྭཱ་ཧཱ༔ ཞེས་བཟླའོ། །ཡང་བསྒྲུབ་བྱ་ཡཾ་ལས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་གནས་པ་འདར་ཡེད་ཡིད་བྱེད་པ་གོང་བཞིན་ལས་ཀྱི་ལྷ་མོ་རྣམས་ཀྱིས་བཀུག་ནས་བདག་ལ་དད་གུས་མོས་པའི་ཐལ་མོ་སྦྱར་ཏེ་གནས་པ་ལ་ཛཾ་ལྷའི་ཐུགས་ཀའི་ཡུམ་གྱི་ཐུགས་ཀ་ནས་ལས་བྱེད་ལྷ་མོ་འཕྲོས་བསྒྲུབ་བྱའི་སྤྱི་བོའི་ནམ་མཁར་བཞེངས་པའི་གསང་གནས་བྱང་སེམས་དམར་པོ་མཚལ་དང་རྒྱ་སྐྱེགས་ཁ་བ་ལྟར་བབས་པས། བསྒྲུབ་བྱ་ལ་དབང་བསྐུར་ཁྲུས་བྱས་པས་མ་དད་པའི་དྲི་མ་ཐམས་ཅད་དག །ཚངས་བུག་ནས་མར་སྙིང་ཁར་བབ་པས་སེམས་བསྒུལ་ཏེ་བདག་ལ་དད་གུས་ཚད་མེད་སྐྱེས་ཤིང་ཡིད་ཆགས་པས་མྱོས་ནས་བྲལ་མི་ཕོད་པར་


CMR045_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། ཡང་ཀུ་རུ་ཀུལླེའི་ཐུགས་ཀ་ནས་འོད་ཟེར་དམར་པོ་ཕྲ་ཞིང་དྲིལ་བ་འཕྲོས་ནས་ཕོའི་སྙིང་གར་ཕོག་པས་སེམས་བསྒུལ་མོའི་གསང་གནས་སུ་ཕོག་ནས་བྱང་སེམས༔ དམར་པོའི་རྒྱུན་བབས་ནས་ཤིན་ཏུ་བདག་ལ་དད་གུས་ཆགས་སེམས་སྐྱེས་ནས་གནས་པ་ལ། ཐུགས་ཀའི་འོད་ཟེར་ཕོག་པས་དམར་ལམ་ལམ་སོང་བས་ཆགས་པས་ཆེར་མྱོས་རང་དབང་མེད་པར་བདག་ལ་ཡིད་ཆགས་པར་བསམ། མཐར་དམིགས་བྱ་འོད་དམར་དུ་ཞུ་ནས་བདག་བསྐྱེད་ལ་ཐིམ་པས་རང་གཞན་སེམས་རྒྱུད་གཅིག་ཏུ་བསྲེས་ལ་ཉམས་ལེན་ངོ་བོ་སྐྱོང་། །དེ་ལྟར་སྒྲུབ་པ་འདི་ལ་བདུན་གཅིག་བདུན་གཉིས་སོགས་གང་འདོད་བྱས་ལ། དེ་ནས་གྲོལ་ཁ་རྗེས་སུ་དབང་གི་སྦྱིན་སྲེག་བརྒྱ་སྟོང་ཁྲི་སོགས་ཅི་འགྲུབ་བྱས་ལ། གལ་ཏེ་བསྒྲུབ་བྱ་ངེས་ཅན་དུ་ཡོད་ན་དབང་དུ་མ་འདུས་ན་ཚེ་ཐུང་བར་བཤད་པས་ཉེས་འགལ་ཆེ་བས་ཧ་ཅང་མི་ལེགས་སོ། །སྔོན་དུ་བསྙེན་སྒྲུབ་ཚུལ་བཞིན་མ་འཆོལ་བས་ལས་སྦྱོར་མི་གཏུབ་བོ། །རྟགས་ནི་དངོས་ཉམས་རྨི་ལམ་དུ་བུད་མེད་མང་པོ་འདུ་བ། ཕྱག་འཚལ་བསྙེན་བཀུར་བྱེད་པ། བདག་ལ་དགའ་ཞིང་བརྩེ་བ། གཞན་ཡང་མི་ཆེན་དང་ཁྲོམ་མང་འདུ་བ། མེ་ཏོག་འཐུ་བ། དར་དམར་གྱོན་པ། ཁྲི་ལ་འདུག་པ་སོགས་རྟགས་ཡིག་སྤྱི་ལྟར་རོ། །ཕྱི་རོལ་དུ་དངོས་སུ་སྐྱེ་བོ་རྣམས་དགའ་ཞིང་ཡིད་ཆགས་པ་ལྷག་པར་བུད་མེད་རྣམས་ལ་


CMR045_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཡང་ཆགས་སེམས་ཤས་ཆེ་བར་འབྱུང་པས་དེའི་དབང་དུ་མ་ཤོར་བ་གལ་ཆེ། དེ་ལྟར་སྒྲུབ་པ་ཐོན་ནས་གཏོར་མ་རང་གི་གནས་བཞིར་གཏུགས་ཤིང་། ཀཱ་ཡ་སིདྡྷི་སོགས་བརྗོད་ཅིང་བཀྲ་ཤིས་བསྔོ་སྨོན་གང་ཤེས་བྱས་ནས་བསྒྲུབས་རྗེས་མི་མངོན་པར་བྱའོ། །ཞེས་གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་ཛཾ་དམར་དབང་གི་སྒྲུབ་པའི་ཟིན་བྲིས་འདི་པདྨ་ཡེ་ཤེས་ཀྱིས་བསྐུལ་བའི་ངོར་། ཨ་རཱ་གས་བྲིས་པ་སྟེ་འདི་ཤིན་ཏུ་བཀའ་རྒྱ་དམ་དགོས་སོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཛཾ་དམར་ཞལ་གདམས།


CMR045_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

༼ཙ༽ འདིའི་ཞལ་གདམས་ལ༔ དམིགས་པ་དེ་དག་ཡིད་ཀྱིས་བསྒོམ་ཞིང་སྔགས་བཟླ་ནུབ་མོ་ལས་བྱང་ཚར་རེ་འདོན་ཞིང་གཏོར་མ་བསྔོ། ནངས་སྔ་ཆུ་སྦྱིན་རེ་བཏང། མཚམས་ཡིན་ན་ཡི་དམ་རྒྱུན་བསྙེན་ཡིན་ཡང་རུང་། སྒྲུབ་པ་བྱེད་ན་དུས་བཞིར་གཏོར་བསྔོས་བྱ་ཞིང་གཏོར་མ་ཟངས་གཞོང་དུ་ཕུལ། ཞག་བདུན་སོགས་རྟགས་ཐོན་པར་བྱ། རྒྱུན་བསྙེན་ཡིན་ནའང་དེ་དང་འདྲ་སྟེ། ལས་བྱང་ཚར་རེས་ཆོག །ཕ་རོལ་གྱི་དགྲ་དང་ཡུལ་མི་དང་དབོན་རིས་གྲྭ་པ་ཡོན་བདག་སོགས་ཀྱིས་ངོ་ལོག་དང་གནོད་པ་བྱེད་ཤོམས་གྲབ་པ་དང་། ནང་འཁྲུག་སོགས་བྱུང་བ་ལ་མཐུ་མི་བྱེད་ཉེས་སྒྲིབ་ཆེ། དེ་བས་འདིའི་དམིགས་པས་གཟིར་ཞིང་སརྦ་ལོ་ཀ་ཞེས་པར་གང་ཡིན་གྱི་མིང་བཅུག་ལ། སྔགས་བཟླས་པས་སེམས་འགྱུར་ནས་བྱམས་ཤིང་འདུད་པ་དང་མཐུན་པར་འགྱུར་ངེས་ལ། དུས་སྙིགས་མའི་སྐབས་སུ་འདི་ཤིན་ཏུ་གལ་ཆེ་བ་ཡིན། སྤྱི་བོར་བསྟིམ་ཞིང་དབང་བསྐུར་ཟེར་བ་ནི་ཁོའི་སེམས་རྒྱུད་བྱིན་གྱིས་བརླབས་པའོ། །བརྒྱལ་ཏེ་འདུག་ཅེས་པ་ནི་དད་གུས་ཆགས་སེམས་ཀྱི་དབང་གིས་དབང་པོ་ཤོར་བ་ལ་ཟེར། མི་དམན་ལམ་དུ་འོང་ཞེས་པ་ནི་མཇལ་དུ་བྱུང་བ་ལ་ཟེར། །


CMR045_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དང་བློ་བསྟུན་ཞེས་པ་ནི་གང་ཟེར་ཁ་ལ་ཉན་པ་ལྟར་བྱ། ཀུན་དང་མཐུན་པར་ཆོས་བཤད་པ་ནི་གྲུབ་མཐའ་ཕྱོགས་རིས་ཀྱིས་གཏམ་མི་བྱ། དུག་གསུམ་ཅན་ལ་དེ་དང་མཐུན་པར་ཆོས་བཤད་པ་ནི། དུག་གསུམ་གང་ཤར་གྱི་ངོ་བོ་ལ་ལྟོས་དང་ཡེ་ཤེས་འཆར་ཚུལ་སོགས་བཤད། གྲུབ་མཐའ་ལོག་པ་ཅན་ལ་བརྒལ་བརྟག་མི་བྱ་བ་ནི། ལུང་བསྟན་ངན་པ་བྱུང་བ་དང་མཐོང་བ་རྣམས་ཀྱང་གསང་སྟེ་མི་སྨྲ། འཐད་པར་བརྗོད་པ་ནི། སེར་གོས་གྱོན་ཙམ་ཡན་ཆད་ཀྱི་ཕན་ཡོན་རྣམས་བརྗོད་ཅིང་སྐྱོན་དང་ཉེས་པ་མི་བརྗོད། རང་གིས་ཀྱང་ལོག་ལྟ་མི་བྱེད་པར་ཀུན་ལ་དག་སྣང་སྦྱངས། གསང་ནས་སྤྱོད་པ་ནི། སྒྲུབ་པ་དང་བསྙེན་པ་སོགས་བྱེད་པ་དེ་སུས་ཀྱང་མི་ཤེས་པར་བྱ། མ་གསང་ན་མི་འགྲུབ་པས་གསང་བ་གལ་ཆེ།། འདི་ལྟ་བུའི་གདམས་ངག་ཡོད་པའམ་བསྙེན་སྒྲུབ་བྱེད་པ་སོགས་གཞན་གྱིས་ཐོས་ན་ལོག་ལྟ་བྱེད་ཅིང་མི་གུས་པ་འབྱུང་། གསང་སྔགས་གསང་བའི་དམ་ཚིག་ཉམས་ན་མི་འགྲུབ་པ་ཡིན་ནོ། །དེས་ན་རང་ལ་བློ་གཏད་པའི་སྙིང་གི་སློབ་བུ་འགའ་རེ་ཙམ་ལས་མང་དུ་སྤེལ་ན་ཡིད་བཞིན་ནོར་བུ་མི་ལ་བྱིན་པ་ལྟར། རང་གི་བསོད་ནམས་དང་ཁ་རྗེ་ཆུང་དུ་འགྲོ་བས་གསང་བའི་


CMR045_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཐུབ་པར་བྱའོ། །འདིའི་དཔེ་ཆ་ཡང་མི་སྟོན་ན་དབང་བསྐུར་བ་དང་ལུང་བྱེད་པ་ལྟ་ཅི་སྨོས། ཤིན་ཏུ་གལ་ཆེན་གྱི་ངོ་མ་ཆོག་ན་ལས་བྱང་དང་ཆུ་སྦྱིན་ཙམ་སྤེལ། དབང་ཡང་འདི་དངོས་མི་བྱེད་པར་རྗེས་གནང་སྤྱིའི་ནང་དུ་བཅུག་ནས་བྱས་ན་བསྐུར་ཅུང་ཟད་དཀའ་ཡང་། སྒྲུབ་སྐོར་གཞན་གྱི་ནང་ནས་ཀྱང་དབང་སྡུད་འདི་གཅིག་བརྒྱུད་ཙམ་ལས་མི་སྤེལ། སྤེལ་ན་འདིའི་དམ་ཚིག་ཉམས་པར་གཞུང་ནས་གསུངས་པའི་ཕྱིར། ཞལ་ཤེས་འདིའང་དགེ་སློང་སྦྱིན་པས་བསྐུལ་བ་ལྟར། ༧ རཱ་ག་ཨ་སྱས་ངག་ནས་སྨྲས་པ་ལྟར་བསྐུལ་བ་པོ་དེས་ཡི་གེར་བྲིས་པའོ།། །།

ཛཾ་བྷ་ལ་དམར་པོའི་ཚོགས་མཆོད་གཞུང་དེའི་འདོན་ཆའི་ཟིན་བྲིས།


CMR045_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

༼ཚ༽ ཛཾ་བྷ་ལ་དམར་པོའི་ཚོགས་མཆོད་གཞུང་དེའི་འདོན་ཆའི་ཟིན་བྲིས་ཡོད༔


CMR045_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ༔ ཨརྱ་ཛཾ་བྷ་ལ་སཱ་དྷ་ནི་ནཱ་མ༔ བོད་སྐད་དུ༔ འཕགས་པ་ཛཾ་བྷ་ལའི་སྒྲུབ་ཐབས་ཞེས་བྱ་བ༔ ཛཾ་བྷ་ལ་ལ་ཚོགས་ཀྱི་མཆོད་པ་འབུལ་བ་ནི༔ ནངས་ནུབ་ཟས་ཚོགས་སུ་བྱེད་ཀྱང་རུང་༔ ནམ་འབྱོར་ལ་བྱེད་ཀྱང་རུང་༔ ཞལ་ཟས་སྣ་ཚོགས་བཤམས་ལ་སྔོན་འགྲོ་ནི༔ ཡི་དམ་ལྷའི་གཞུང་བསྲང་ཡང་ལེགས༔ དེ་མིན་ཛཾ་དམར་མངོན་རྟོགས་བསྒོམ༔ སྭ་བྷ་ཝས་སྦྱངས། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ༔ ཨོཾ་ཨཱཿཧཱུྃ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧིསྭཱ་ཧཱ༔ ག་ཎཱ་ཙཀྲ་པཱ་ཛ་ཧོ༔ ཞེས་པས་དགྱེས་པར་གསོལ་བར་བསམ༔ གསོལ་བས་མཉེས་ནས་ནོར་བུ་འཛག་པ་གསུམ་ལ་དམིགས་པ་གཏད་དོ༔ མགྲིན་པར་ཛཾ་དམར་བསྐྱེད༔ བདག་ཀྱང་ཛ་


CMR045_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དམར་བསྐྱེད་དེ་གསོལ་བས་མཉེས་ནས་ཟས་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ༔ ཨྠྀི༔ རྫོགས་སོ༔ འདི་ཡི་མན་ངག་ལ་གཉིས་ཏེ༔ སྒྲུབ་པའི་དུས་དང་རྒྱུན་དུ་ཡང་རུང་སྟེ༔ ཟས་ཚོགས་སུ་བྱེད་ན་ཟས་སྒྲུབ་པ་ནི༔ ངག་ཏུ་མ་བཏོན་ཡང་རུང་སྟེ༔ བདག་དང་མདུན་དུ་ཛཾ་དམར་ཡབ་ཡུམ་སྐད་ཅིག་དྲན་རྫོགས་སུ་གསལ་བཏབ༔ སྭ་བྷ་ཝའི་སྔགས་གཅིག་བརྗོད་ལ་ཟས་དང་སྣོད་ཀྱི་མི་གཙང་བ་དང་དངོས་པོར་འཛིན་པ་སྟོང་པར་དམིགས༔ དེ་ནས་བཟའ་བ་ཟན་ནམ་ཤ་མར་ཐུད་བཏུང་བ་ཇ་ཆང་འོ་ཞོ་སོགས་གང་ཡིན་ཀྱང་འདྲ་སྟེ༔ ཨོཾ་ཨཱཿཧཱུྃ་བརྗོད་པས་སྣོད་དེ་བྷནྡྷ་ལྕང་ལོ་དུམ་བུ་གཅིག་པ་བཟའ་བཏུང་ཡེ་ཤེས་ཀྱི་བདུད་རྩིར་བསྒོམས་ལ༔ ཨོཾ་ཨཱཿཧཱུྃ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧཱིཝསྭཱ་ཧཱ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔


CMR045_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྗོད་པས་མདུན་བསྐྱེད་ཀྱི་ལྗགས་ལས་འོད་ཟེར་གྱི་སྦུ་གུས་ཚོགས་ལ་ཟུག་ནས་གསོལ་བར་བསམ༔ མཉེས་ནས་ཞལ་བདུན་ནས་ནོར་བུ་སྣ་ཚོགས་འཛག་པས་གནས་ཁང་གང་བར་བསྒོམ༔ དེ་ནས་རང་ཛཾ་དམར་གྱི་གྲེ་ཕུག་ཏུ་ཛཾ་དམར་ཆུང་ངུ་གཅིག༔ རང་གི་སྙིང་གར་ཡུམ་བསྒོམ་ལ༔ དེ་རྣམས་ལ་མཆོད་པར་བསྒོམས་ནས༔ བཟའ་བཏུང་བྱ༔ ཟས་ཀྱི་ལྷག་མ་བཏུང་བའི་སྙིགས་དེ༔ ཞབས་འོག་གནོད་སྦྱིན་ཕོ་མོར་སྦྱིན་པར་བསམས་ལ༔ ཨོཾ་ཡཀྵ་ཡཀཱི་བཱ་ལི་ཏ་ཁཱ་ཧི་ཁཱ་ཧི༔ ཞེས་སྦྱིན་ནོ༔ མདུན་བསྐྱེད་བདག་ལ་བསྟིམ༔ བདག་མི་དམིགས་པར་བྱ་སྟེ༔ སྒྲུབ་པའི་སྐབས་ཡིན་ན་མི་བསྡུ་དེ་གར་བཞག༔ མགྲིན་པའི་ཛཾ་དམར་མགྲིན་པར་བསྟིམས་ནས་མི་དམིགས་པར་བྱའོ༔ སྒྲུབ་པའི་སྐབས་སམ་མཆོད་གཏོར་འཛོམ་དུས་ནམ་ཡང་རུང་སྟེ༔ ཚོགས་དང་ཤ་ཆང་སོགས་ཟས་སྣ་ཅི་འབྱོར་བཤམས༔ ཡི་དམ་གཞན་སྔོན་དུ་བཏང་ན་སྐད་ཅིག་ལ་གནས་འགྱུར་ནས་རང་ཛཾ་དམར་བསྐྱེད༔ ཡི་དམ་གཞན་མ་བཏང་ན་ལས་བྱང་གཅིག་གིས་བདག་མདུན་དུས་གཅིག་བསྐྱེད་དོ༔ ཁྱད་པར་མདུན་བསྐྱེད་ཀྱི་དཀྱིལ་འཁོར་རིགས་བདག་འོད་དཔག་མེད་ལ་རྩ་བརྒྱུད་བླ་མས་བསྐོར་བ་དང་༔ ཡབ་ཡུམ་གྱི་འཁོར་ལ་ནོར་ལྷ་ཕོ་བརྒྱད་མོ་བརྒྱད་དང་༔ གནས་ཡུལ་གྱི་མཁའ་འགྲོ་ཐམས་ཅད་སྤྲིན་ལྟར་གཏིབས་པར་བསྒོམ༔ ཚོགས་བྲན་ལ༔ རཾ་ཡཾ་ཁཾ་བརྗོད་པས་བསངས༔ སྭ་བྷ་ཝས་སྟོང་པར་སྦྱངས་ནས༔ རོལ་མོ་དབྱངས་དང་བཅས་པས་གྱེར་བསྒོམ་དུ་བྱས་ཏེ༔ ཧཱུྃ༔ རང་སེམས་


CMR045_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་དག་ཆོས་སྐུའི་རང་རྩལ་ལས༔ རང་ལུས་ཡི་དམ་འཕགས་མཆོག་ཛཾ་བྷ་ལ༔ སྤྱི་བོར་རིགས་བདག་མགོན་པོ་ཚེ་དཔག་མེད༔ མགྲིན་པར་ནོར་ལྷ་ཨརྱ་ཛཾ་བྷ་ལ༔ སྙིང་གར་ཌཱཀི་བཅོམ་ལྡན་སྒྲོལ་མ་དམར༔ ཞབས་འོག་གནོད་སྦྱིན་ནོར་བདག་ཕོ་མོ་དང་༔ བཞུགས་གནས་ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ མགྲོན་རིགས་རྣམ་བཞི་ཛཾ་ལྷ་ཡབ་ཡུམ་སྐུ༔ དམ་ཡེ་དབྱེར་མེད་དག་པ་རབ་འབྱམས་དང་༔ ཚོགས་ཀྱི་གཉིས་འཛིན་འབག་བཙོག་དྲི་མ་རྣམས༔ བདག་ཉིད་ཡབ་ཡུམ་ཐུགས་ཀའི་ས་བོན་ལས༔ རཾ་ལས་མེ་འཕྲོས་དངོས་པོར་འཛིན་པ་བསྲེགས༔ ཡཾ་ལས་རླུང་འཚུབ་བག་ཆགས་ངན་པ་གཏོར༔ ཁཾ་ལས་ཆུ་འཕྲོས་གཉིས་སུ་འཛིན་པར་བཀྲུས༔ ཨཱའཕྲོས་ཚོགས་གཞོང་བྷན་འབར་བའི་སྣོད༔ ཧཱུྃ་འཕྲོས་ཐུགས་ཀྱི་བདུད་རྩི་མཐིང་འོད་འཕྲོས་ཨཱའཕྲོས་གསུང་གི་བདུད་རྩི་དམར་ལ་དྭངས༔ ཨོཾ་འཕྲོས་སྐུ་ཡི་བདུད་རྩི་དཀར་ལ་འཚེར༔ ཨོཾ་ཨཱཿཧཱུྃ་འཕྲོས་ཡེ་ཤེས་བདུད་རྩིར་བཀུག༔ དབྱེར་མེད་འདྲེས་པས་རོ་བརྒྱ་ནུས་པ་སྟོང་༔ དངོས་གྲུབ་རྣམ་གཉིས་བསྒྲུབ་པའི་རྫས་སུ་གྱུར༔ ཧཱུྃ༔ བདེ་སྐྱིད་ལྡན་པའི་ཞིང་ཁམས་ནས༔ དེ་


CMR045_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་དགྲ་བཅོམ་པ༔ ཡང་དག་རྫོགས་པའི་སངས་རྒྱས་ཏེ༔ ཚེ་དང་བསོད་ནམས་ཡོན་ཏན་དང་༔ ཡེ་ཤེས་དང་ནི་གཟི་བརྗིད་རྣམས༔ ཚད་མེད་པ་ཡི་རྒྱལ་པོ་ཁྱེད༔ ཛི་ལྷའི་སྤྲུལ་གཞི་རིགས་བདག་སྟེ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ ཚེ་བསོད་འཕེལ་བའི་དངོས་གྲུབ་སྩོལ༔ བདེ་བ་ཅན་དང་པོ་ཊ་ལ༔ རང་གཞིན་གར་བཞུགས་གནས་མཆོག་ནས༔ བཅོམ་ལྡན་མགོན་པོ་ཛཾ་བྷ་ལ༔ དཀར་དམར་མཐིང་སེར་ཅིར་ཡང་སྤྲུལ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ བསོད་ནམས་འཕེལ་བའི་དངོས་གྲུབ་སྩོལ༔ ལྕང་ལོ་ཅན་གྱི་གནས་མཆོག་ནས༔ ཛཾ་ལྷ་ཡབ་ཡུམ་བློན་པོ་འབངས༔ ནོར་སྐྱུགས་ཕོ་མོ་ལ་སོགས་པའི༔ གནོད་སྦྱིན་བྱེ་བ་བདུན་འབུམ་འཁོར༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ མངའ་ཐང་སྟོབས་འབྱོར་དངོས་གྲུབ་སྩོལ༔ ཀུ་རུ་ཀུལླེའི་རི་ཕུག་ནས༔ བཅོམ་ལྡན་སྒྲོལ་མ་རིག་བྱེད་མ༔ གནས་ཡུལ་དཔའ་བོ་ཌཱ་ཀིའི་ཚོགས༔ བྱེ་བ་དུང་ཕྱུར་གྲངས་མེད་བཅས༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ སྣང་སྲིད་དབང་སྡུད་དངོས་གྲུབ་སྩོལ༔ ཁྱད་པར་ཛ་ལྷའི་


CMR045_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྡོད་པ༔ ནོར་བུ་བཟང་དང་གང་བ་བཟང་༔ རྣམ་སྲས་གནོད་སྦྱིན་དམར་པོ་དང་༔ ཀི་ལི་མི་ལི་ཀུཎྜ་ལི༔ མུ་ཁེནྡ་དང་ཙ་རན་དྲ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ འབྲུ་དང་ལོངས་སྤྱོད་དངོས་གྲུབ་སྩོལ༔ ཛཾ་ལྷའི་ཡུམ་གྱུར་གནོད་སྦྱིན་མོ༔ ནོར་རྒྱུན་མ་དང་ཆུ་ཤེལ་མོ༔ སོ་ལེགས་མ་དང་འཕགས་མ་དང་༔ ཤིན་ཏུ་བཟང་མོ་སྦས་མ་དང་༔ ལྷ་མོ་དང་ནི་དབྱངས་ཅན་མ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ ནོར་དང་བརྒྱུད་འཛིན་དངོས་གྲུབ་སྩོལ༔ ཛཾ་ལྷའི་ཕོ་ཉ་མངག་གཞུག་པ༔ ཨ་པར་ཛི་ཏ་ཡེ་ཤེས་གྲགས༔ གནོད་སྦྱིན་གང་པོ་མཛེས་མ་གཉིས༔ བསེ་ཡི་ལྷ་མོ་མཆེད་པོ་བཞི༔ གནོད་སྦྱིན་ཐེའུ་རང་ལས་མཁན་གསུམ༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ ལས་ཀུན་འགྲུབ་པའི་དངོས་གྲུབ་སྩོལ༔ བཅོམ་ལྡན་མགོན་པོ་ཛཾ་བྷ་ལ༔ ཡུམ་དང་རིགས་བདག་འཁོར་དང་བཅས༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ གནས་ཁང་འདི་ལ་བྱིན་ཕོབ་ཅིག༔ ལྕང་ལོ་ཅན་དུ་བྱིན་གྱིས་རློབས༔ ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ༔ ཡེ་ཤེས་བདུད་རྩིར་བྱིན་གྱིས་རློབས༔


CMR045_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཚོགས་རྣམས་ལ་དངོས་གྲུབ་སྩོལ༔ བསོད་ནམས་རྒྱས་པར་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སིདྡྷི་ཧོ༔ དེ་ནས་ཚོགས་ཕུད་འབུལ་ཞིང་༔ ཧཱུྃ༔ རིགས་ཀྱི་བདག་པོ་སྣང་མཐའ་ཡས༔ བཅོམ་ལྡན་ཚེ་དཔག་མེད་པ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ དཀར་པོ་སྐུ་ཡི་ཛཾ་བྷ་ལ༔ གཡས་ཞལ་དཀར་པོ་ཞི་བ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ ལྷ་ཡི་ལོངས་སྤྱོད་ཆར་ལྟར་ཕོབ༔ དམར་པོ་གསུང་གི་ཛ་བྷ་ལ༔ དབུས་ཞལ་དམར་པོ་ཞི་མ་ཁྲོ་ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ མི་ཡི་ལོངས་སྤྱོད་དབང་དུ་བསྡུས༔ མཐིང་ནག་ཐུགས་ཀྱི་ཛཾ་བྷ་ལ༔ གཡོན་ཞལ་མཐིང་ནག་ཁྲོས་པ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ༔ པ་འབུལ༔ ཀླུ་གཡང་རྒྱ་མཚོ་ལྷུད་ལྟར་སྩོལ༔ གསང་བའི་ཡུམ་ནི་ཐུགས་ཀར་སྦས༔ དབང་བྱེད་སྒྲོལ་མ་རིག་བྱེད་དམར༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ སྣང་སྲིད་བདག་གི་དབང་དུ་སྡུས༔ ཞབས་འོག་ནོར་སྐྱུགས་ཕོ་དང་མོ༔ གནོད་སྦྱིན་བྱེ་བ་དྲུག་ཅུ་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ ཡིད་ལ་ཅི་བསམ་འགྲུབ་པར་


CMR045_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད༔ ནོར་ལྷ་ཕོ་བརྒྱད་མོ་བརྒྱད་དང་༔ ཨ་པར་ཙིཏྟ་ཡེ་ཤེས་གྲགས༔ གང་མཛེས་བསེ་ཡི་ལྷ་མོ་བཞི༔ གནོད་སྦྱིན་ཐེའུ་རང་སྤུན་གསུམ་བཅས་ཚོགས་ཀྱི་མཆོད་པ་དགྱེས་པར་རོལ༔ ལས་ཀྱི་དངོས་གྲུབ་མྱུར་འགྲུབ་མཛོད༔ ཨོཾ་ཨཱཿཧཱུྃ་ཛ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་གྷིསྭཱ་ཧཱ༔ ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཧོ༔ དེ་ནས་ཚོགས་བར་པས་གསོས་ལ་བསྐང་བཤགས་ནི༔ སྨུག་འཛིན་དམར་པོའི་བསྐང་བ་དངོས་གྲུབ་ཀུན་འབྱུང་རིན་ཆེན་ཆར་འབེབས་འདོད་དགུའི་བང་མཛོད་ནི༔ བྷི་འདོད་ཡོན་ངོ་མཚར་ཚོགས་ཀྱི་འཁོར་ལོ་ནི༔ གཞན་འཕྲུལ་དབང་བྱེད་ལྷ་ཡི་ལོངས་སྤྱོད་བཞིན༔ བདག་གི་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་དང་༔ སྟོང་གསུམ་འདིའམ་འཇིག་རྟེན་གཞན་དག་ན༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་ཅི་མཆིས་པ༔ བློ་ཡིས་བླང་ཞིང་ཡིད་ཀྱིས་སྤྲུལ་བྱས་ཏེ༔ རིགས་བདག་ཚེ་དཔག་མེད་ཀྱི་ཐུགས་དམ་བསྐང་༔ ཛཾ་ལྷ་རིགས་གསུམ་འདུས་པའི་ཐུགས་དམ་བསྐང་༔ ཡུམ་མཆོག་སྒྲོལ་མ་དམར་མོའི་ཐུགས་དམ་བསྐང་༔ ནོར་སྐྱུགས་གནོད་སྦྱིན་ཕོ་མོའི་ཐུགས་དམ་བསྐང་༔ ནོར་ལྷ་ཕོ་བརྒྱད་མོ་བརྒྱད་ཐུགས་དམ་བསྐང་༔ གནོད་སྦྱིན་ཨ་པར་ཙིཏྟའི་ཐུགས་དམ་


CMR045_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་༔ ལས་མཁན་ཡེ་ཤེས་གྲགས་ཀྱི་ཐུགས་དམ་བསྐང་༔ བསེ་ཡི་ལྷ་མོ་མཆེད་བཞིའི་ཐུགས་དམ་བསྐང་༔ གནོད་སྦྱིན་གང་པོ་མཛེས་མའི་ཐུགས་དམ་བསྐང་༔ མྱུར་མགྱོགས་ཐེའུ་རང་མཆེད་གསུམ་ཐུགས་དམ་བསྐང་༔ ཞལ་ཟས་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང་༔ བ་ལཾ་བརྒྱན་གྱི་གཏོར་མས་ཐུགས་དམ་བསྐང་༔ བདུད་རྩི་སྨན་གྱི་མཆོད་པས་ཐུགས་དམ་བསྐང་༔ རཀྟ་དམར་གྱི་ཨརྒྷཾས་ཐུགས་དམ་བསྐང་༔ སྲོག་སྔགས་མཚན་ལྡན་ཐོད་པས་ཐུགས་དམ་བསྐང་༔ སྲོག་འཁོར་གའུ་བཅས་པས་ཐུགས་དམ་བསྐང་༔ ཕྱི་མཆོད་སྣ་བདུན་བཤམས་པས་ཐུགས་དམ་བསྐང་༔ ནང་མཆོད་འདོད་ཡོན་ལྔ་ཡིས་ཐུགས་དམ་བསྐང་༔ གསང་མཆོད་བདེ་སྟོང་ཉམས་ཀྱིས་ཐུགས་དམ་བསྐང་༔ ཡིད་སྤྲུལ་རྒྱལ་སྲིད་བདུན་གྱིས་ཐུགས་དམ་བསྐང་༔ བཀྲ་ཤིས་རྫས་རྟགས་བརྒྱད་ཀྱིས་ཐུགས་དམ་བསྐང་༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐངས་གྱུར་ནས༔ བདག་གི་ཉམས་ཆག་གཡར་དམ་སོར་ཆུད་ཅིག༔ ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ༔ མ་བྱིན་ལེན་དང་རློམ་སེམས་སེར་སྣས་བསྡོམས༔ དབུལ་ཕོངས་རྒུད་པའི་ལས་སྒྲིབ་ཅི་བསགས་པ༔


CMR045_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

མཐོལ་ལོ་བཤགས་སོ་བྱང་ཞིང་དག་གྱུར་ཅིག༔ མི་སྒྲིབ་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ག་ཎ་ཙཀྲ་སཏཱ་ས་མ་ཡ༔ ཞེས་ཡིག་བརྒྱ་བརྗོད༔ སྨུག་འཛིན་དམར་པོའི་བསྐང་བ་དངོས་གྲུབ་ཀུན་འབྱུང་རིན་ཆེན་ཆར་འབེབས་འདོད་དགུའི་བང་མཛོད་གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་ནས་བསྡུས་ཏེ་རཱ་ག་ཨ་སྱས་བསྒྲིགས་པའི་དགེ་བས་འགྲོ་ཀུན་དབུལ་ཕོངས་རབ་ཞི་ནས་ཕྱི་མ་བདེ་ཆེན་དག་པའི་ཞིང་དུ་སྐྱེ་བར་ཤོག༔ ༈ ཚོགས་གསུམ་པ་ཤ་དུམ་དང་བཅས་པ་བྲན་ལ༔ ན་མོ་བཛྲ་པཱ་ཎི་ཡེ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ ལག་ན་རྡོ་རྗེའི་བདེན་པའི་མཐུས༔ སྒྲུབ་ལ་བར་དུ་གཅོད་པའི་བགེགས༔ གནོད་བྱེད་བྲེལ་ཕོངས་ཅན་ལ་སོགས༔ དམ་སྲི་གོད་འདྲེ་གནོད་བྱེད་རྣམས༔ ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཛཿ ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ༔ སྡོམས་ཤིག་བཛྲ་སྤོ་ཊ་ཐཾ༔ མྱོས་པར་གྱིས་ཤིག་བཛྲ་གྷནྡྷེ་ཧོ༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ སྐུ་སྨད་རྣོ་དབལ་ཕུར་པ་ཡིས༔ ལུས་ངག་ཡིད་གསུམ་རྡུལ་དུ་རློགས༔ ཨོཾ་ཨ་མྲྀ་ཏེ་ཧཱུྃཕཊ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་གནོད་བྱེད་དམ་སྲི་བྲེལ་ཕོངས་ཅན་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བསྒྲལ་ནས་ཞལ་བསྟབ་ནི༔ བསྟབ་བོ་བསྟབ་བོ་ཞལ་དུ་བསྟབ༔ བདུད་རྩི་འཁྱིལ་དང་རྟ་


CMR045_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་རྒྱལ༔ མ་ཧཱ་བ་ལའི་ཞལ་དུ་བསྟབ༔ བཞེས་ཤིག་རོལ་ཞིག་ཁ་རཾ་ཁཱ་ཧི༔ ཞེས་ཕུག་གཏོར་ཡི་དམ་གཏོར་མ་ལ་འབུལ་ལོ༔ ཛཾ་བྷ་ལ་ཡི་ལྷ་ཚོགས་ལ༔ ཚོགས་ཀྱི་འཁོར་ལོ་ཕུལ་བས་མཉེས༔ ཞལ་དང་ཕྱག་དང་ཞབས་འོག་ནས༔ ནོར་བུ་སྣ་ཚོགས་ཆར་འབེབས་གྱུར༔ རང་ཉིད་ཛཾ་ལྷའི་མགྲིན་པ་དང་༔ གྲེ་བའི་ཕུག་དང་ལྕེ་རྩེའི་སྟེང་༔ འཕགས་པ་ཛཾ་ལྷ་དམར་པོ་དང་༔ ཐུགས་ཀའི་ཀུ་རུ་ཀུལླེ་ལ༔ མཆོད་པས་ཟས་ཀྱི་དངོས་གྲུབ་སྩོལ༔ ཞེས་ཚོགས་ལ་རོལ༔ དེ་ནས་ལྷག་མ་བྲན༔ ཨོཾ་ཨཱཿཧཱུྃ་ཧ་ཧོ༔ཧི༔ ལྷག་གཏོར་བདུད་རྩིའི་རྒྱ་མཚོ་འདི༔ མགོན་པོ་ཛཾ་ལྷ་ཡབ་ཡུམ་གྱི༔ ཡང་གཡོག་ཡང་འཁོར་འབྱུང་པོའི་ཚོགས༔ ཕུད་ལ་དབང་བའི་སྐལ་མེད་ཅིང་༔ ལྷག་མ་རེ་ཞིང་སྒུག་པ་རྣམས༔ སོ་སོའི་འདོད་པ་ཚིམ་གྱུར་ཅིག༔ གནས་འདིར་མ་འཚེ་གཞན་དུ་དེངས༔ ཨོཾ་སརྦ་བྷུ་ཏ་ཨུ་ཙིཥྚ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི་གཙྪ༔ ཅེས་དོར། དེ་ནས་ཐུན་གཏོར་ཟུར་གསུམ་ཤ་ཁྲག་གིས་བརྒྱན་པ་གཅིག་བཤམས༔ མེད་ན་ཚོགས་ཟན་དུམ་བུ་གཅིག་བཞག་ལ་བྲན་མཐེབ་སྐུ་ཡང་རུང་༔ ཨོཾ་ཨཱཎཱཧཱུྃ་ཧ་ཧོ་ཧི༔ ཞེས་བདུད་རྩིའི་རང་བཞིན་ཟས་སྣ་ཚོགས་སུ་བསྒོམས་ལ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་ཧཱིས་པ་ར་ཛི་ཏ་ཛ་ཛཿ ཏྲིའུ་ཏྲིའུ་


CMR045_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་ག་པ་ཏི་ཏྲིའུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ དཔལ་ལྡན་མགོན་པོ་ཛཾ་བྷ་ལ༔ མྱུར་དུ་དྲག་ཏུ་བསྐུལ་བའི་ཚེ༔ སྐུ་མདོག་དམར་ལ་འོད་ཟེར་འཕྲོ༔ ཕྱག་གཡས་རིན་ཆེན་ཐོད་ཁྲག་བསྣམས༔ གཡོན་པས་གཏེར་གྱི་ནེའུ་ལེ་བཙིར༔ ཞབས་གཉིས་ཨ་པར་ཙིཏྟ་གཟིར༔ དར་དང་རིན་ཆེན་རྒྱན་ཆ་ཁྲོལ༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ ཐུགས་དམ་དམ་བཅའ་དུས་ལ་བབ༔ དགོས་འདོད་དངོས་གྲུབ་ཆར་ལྟར་ཕོབ༔ བཅོལ་བའི་ཕྲིན་ལས་དུས་ལ་བབ༔ གནོད་སྦྱིན་གཞན་གྱིས་མི་ཐུབ་པ༔ སྐུ་མདོག་སྔོན་པོ་བརྗིད་པའི་ཞལ༔ སྐུ་ལ་དར་སྔོན་བེར་ཆེན་གསོལ༔ དབུ་སྐྲ་རལ་པ་ཐོར་ཚུགས་བཅིངས༔ རིན་ཆེན་རྒྱན་ཆ་ཀུན་གྱིས་བརྒྱན༔ ཞབས་གཉིས་འདོར་ཐབས་ལས་མཁན་གཟིར༔ ཕྱག་གཉིས་ལྕགས་ཀྱུ་ཞགས་པ་བསྣམས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ སྟོབས་དང་འབྱོར་བའི་དངོས་གྲུབ་སྩོལ༔ ཞབས་འོག་གནོད་སྦྱིན་ཐེའུ་རང་གསུམ༔ མདོག་སྔོན་ཨ་ཙ་ར་ཡི་གཟུགས༔ དབུ་སྐྲ་ཐོར་ཅོག་ཨག་ཚོམ་རིང་༔ གཅེར་བུ་ལིང་ག་གྱེན་དུ་བསྒྲེངས༔ ཕྱག་ན་ལྕགས་


CMR045_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱུ་ཞགས་པ་ཐོགས༔ སྲིད་པའི་རླུང་བཞིན་ཀུན་ཏུ་རྒྱུ༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོ༔ ཕྲིན་ལས་འགྲོ་དོན་རྒྱས་པར་མཛོད༔ ལས་བྱེད་མཁའ་འགྲོ་སྐུ་མདོག་དམར༔ གཅེར་བུ་མེ་ཏོག་དམར་པོ་དང་༔ དར་དམར་རིན་ཆེན་རྒྱན་གྱིས་མཛེས༔ ཕྱག་ན་ལྕགས་ཀྱུ་ཞགས་པ་འཛིན༔ ཀུ་རུ་ཀུལླེའི་སྤྲུལ་པ་སྟེ༔ བསེ་ལམ་མཁའ་འགྲོའི་ངོ་བོ་ཉིད༔ བྱེ་བ་དུང་ཕྱུར་འཇིག་རྟེན་གང་༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ སྣང་སྲིད་ཐམས་ཅད་དབང་དུ་སྡུད༔ བཅོལ་བའི་ཕྲིན་ལས་དུས་ལ་བབ༔ གནོད་སྦྱིན་ནོར་ལྷ་ཌཱཀིའི་ཚོགས༔ ལྕང་ལོ་ཅན་གྱི་ཕོ་བྲང་དུ༔ གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ སྲོག་སྙིང་དབང་དུ་བསྡུས་ནས་ཀྱང་༔ ཐུགས་ཀར་ཐིམ་ནས་དངོས་གྲུབ་བཅུད༔ ཤངས་བུག་གཡས་ནས་འཇའ་ཚོན་ལྟར༔ ཕྱི་རུ་བྱུང་ནས་སེམས་ཅན་དོན༔ རཏྣ་རྩལ་ཆེན་འདུས་པའི་རྒྱུད༔ ལེའུ་བརྒྱ་རྩ་གསུངས་པའི་ཚེ༔ ཇི་ལྟར་ཁས་བླངས་དམ་བཅས་པའི༔ དམ་ཚིག་རྗེས་སུ་དྲན་པར་མཛོད༔ བཅོམ་ལྡན་ཤཱཀྱ་སེང་གེ་ཡིས༔ ཆུ་དབང་སྙིང་རྗེ་ཅན་དང་ནི༔ གནོད་


CMR045_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་གནས་པོ་གར་མཁན་མཆོག༔ རྡོ་རྗེ་ས་འོག་རྒྱུད་གསུང་ཚེ༔ ཁས་བླངས་དམ་བཅའ་མ་གཡེལ་ཞིག༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ སྒྲུབ་ཐབས་མཛད་ནས་གསུང་པའི་ཚེ༔ བཀའ་བསྒོའི་ཐ་ཚིག་དྲན་པར་མཛོད༔ གཏེར་སྟོན་གྲྭ་པ་མངོན་ཤེས་ཅན༔ ཟབ་གཏེར་བཏོན་ནས་བསྒྲུབ་པའི་ཚེ༔ ཕྲིན་ལས་བསྒྲུབ་པའི་རྗེས་ཆ་སྐྱོང་འཚལ༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ བདག་ཅག་སློབ་དཔོན་འཁོར་བཅས་ཀྱི༔ ཚེ་དང་བསོད་ནམས་དཔལ་འབྱོར་སྤེལ༔ སྣང་སྲིད་ཐམས་ཅད་དབང་དུ་སྡུད༔ ལྟོགས་འགོང་དབུལ་སྲི་བསེ་རག་ཟློག༔ གོད་ཁ་ཚོང་ཉེས་སྙིང་སྟོང་ཟློག༔ བཀྲ་མི་ཤིས་དང་རྒུད་པ་ཟློག༔ ལོ་ཉེས་སད་སེར་བཙའ་འབུ་ཟློག༔ ས་བཅུད་ཉམས་པའི་ཕུང་འདྲེ་ཟློག༔ རྟ་ནད་རྟེའུ་སྲི་སྒབ་སྲི་ཟློག༔ དཀར་འགོང་ཞོ་ཉེས་ཚོང་ཉེས་ཟློག༔ སྲིས་མི་སྨེ་བའི་སྲིས་ན་ཟློག༔ མི་ཁ་སྨྲ་མཆུ་ཁ་འདྲེ་ཟློག༔ ནད་འདྲེ་གཅོང་སྲི་དར་སྲི་ཟློག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་བཛྲ་པཱ་ཎི་ཧཱུྃ་ཧྲཱིཿ ཨ་པ་ར་ཙིཏྟ་ཛ་ཛཿ གནོད་བྱེད་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་གཏོར་མ་ཡར་དཀྱིལ་


CMR045_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དྲུང་དུ་འབུལ་ལོ༔ དེ་ནས་བསྒྲུབ་པའི་སྐབས་ཡིན་ན་དེ་གར་བཞག །དུས་གཞན་ཡིན་ན་མདུན་བསྐྱེད་འོད་དུ་ཞུ་བདག་གི་སྙིང་གར་བསྡུ། བདག་ཉིད་འོད་དུ་ཞུ་ཡུམ་ལ་བསྟིམ། ཡུམ་ཐུགས་ཀའི་སྔགས་འཁོར་ལ། སྔགས་འཁོར་ཧཱུྃ་ལ་ཐིམ། ཧྲི༔ཡང་ར་སྟ་ནས་གྱེན་དུ་ཡལ་ནས་སྟོང་པར་བཞག །བསྔོ་བ་དང་བཀྲ་ཤིས་ཤོ་ལོ་ཀ་བྱས་ཏེ། ཚོགས་འཁོར་རྒྱས་པ་ཡིན་ནོ། །ཨེ་མ་ཧོ༔ འཇིག་རྟེན་མི་ཀུན་ལོངས་སྤྱོད་འདོད་པའི་ཕྱིར། །སྡིག་པ་སྣ་ཚོགས་བསགས་པས་ངན་སོང་ལྟུང་། །སེར་མོ་བ་དག་ལོངས་སྤྱོད་འདོད་པའི་ཕྱིར། །ཇོ་རྫུས་གཞན་མགོ་བསྐོར་བས་ངན་འགྲོར་ལྟུང་། །དམག་ཇག་རྐུ་འཕྲོག་ཚོང་དང་གཡོ་སྒྱུ་དང་། །སོ་ནམ་བེའུ་ལུག་འཚོ་སྐྱོང་འཇིག་རྟེན་གྱི། །བྱ་བ་ཐམས་ཅད་ལོངས་སྤྱོད་འདོད་པའི་ཕྱིར། །བྱས་ཀྱང་འགྲུབ་པའི་དུས་མེད་སྡུག་བསྔལ་རྒྱུ། །དེ་བས་འདི་འདྲའི་གདམས་པར་མ་འབད་ན། །ཚེ་འདིར་རང་གི་བསོད་ནམས་དང་བསྟུན་པའི། །བཀྲ་ཤིས་བདེ་ལེགས་སྐྱིད་དགའ་ལོངས་སྤྱོད་འབྱུང་། །ཕྱི་མ་བདེ་ཆེན་དག་པའི་ཞིང་ཁམས་སུ། །སྐྱེ་བ་བདུན་དུ་ལོངས་སྤྱོད་ཟད་མེད་པ། །སྦྱིན་པའི་ཕར་ཕྱིན་རྫོགས་ནས་མངོན་སངས་རྒྱས། །དེ་ཕྱིར་གཏན་གྱི་མདུན་མ་འདི་སྒྲུབས་ཤིག །འདི་ལས་ཟབ་པའི་གདམས་ངག་ས་སྟེང་མེད། །

ཛཾ་བྷ་ལ་དམར་པོའི་རྒྱས་པའི་སྦྱིན་སྲེག་བསྡུས་པའི་ཟིན་བྲིས།


CMR045_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

༼ཛ༽ ཛཾ་བྷ་ལ་དམར་པོའི་རྒྱས་པའི་སྦྱིན་སྲེག་བསྡུས་པའི་ཟིན་བྲིས་བཞུགས་སོ།


CMR045_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བ་སུ་ཤྭ་ར་ཡེ། སྨུག་འཛིན་དམར་པོའི་རྒྱས་པའི་སྦྱིན་སྲེག་ནི། མདོག་སེར་པོ་ཞིག་གིས་ཐབ་རྒྱས་བསྡུས་གང་རུང་བྲིས་པའི་སས་གཡོགས་པའི་སྟེང་དུ་ཤུག་པའམ་འོམ་བུ་སོགས་བཟང་ཤིང་འབྲས་བུ་ཅན་གང་ཡང་རུང་བས་གྲུ་བཞི་བརྩེགས་ལ། ཨོཾ་བཛྲ་སཏཱ་ཨཱཿ ཞེས་ཀུ་ཤས་ཁ་ཁྱེར་བཀོད། ཡམ་ཤིང་བདུན་མར་ཁུ་ཅུང་ཟད། འབྲུ་སྣ་དང་ཟས་སྣ་གང་འཛོམ་ཐམས་ཅད་ཟས་མཆོག་དང་བསྲེས་ལ་རིན་པོ་ཆེའི་སྣོད་དུ་བཤམས་ལ། རྡོར་དྲིལ་དང་མ་བྲལ་བར་དགང་གཟར་བཟུང་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། ཧཱུྃ་ལས་རིན་ཆེན་སྣོད་དུ་ཨོཾ་ཡིག་ལས། །བསྲེག་རྫས་ཟག་མེད་བདུད་རྩིའི་རྒྱ་མཚོར་གྱུར། །དགང་གཟར་གྱིས་རེག་ཅིང་། ཨོཾ་


CMR045_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧཱུྃ༔ ཨོཾ་ཋཋཋཋ། ཡམ་ཤིང་ལ་རེག །ༀ་ཧཱུྃ་སྭཱ་ཧཱ༔ འབྲུ་ཟས་ལ། ༀ་ཛི་སྭཱ་ཧཱ༔ ཨོཾ་སརྦ་སམྤ་དེ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མར་ཁུ་ལ། ཨོཾ་ཨཱཿ སཱ་ཧཱ༔ ཡང་སྔགས་དེས་རྫས་ཐམས་ཅད་ལ་རེག་སྟེ་བཀྲུས་པར་བསམ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ཞེས་ཐམས་ཅད་ལ་རེག་པས་བྱིན་གྱིས་བརླབ་པར་བསམ། དེ་ནས་ཐབ་བསང་སྦྱང་། ཧཱུྃ་ལས་རྒྱས་པའི་ཐབ་ཁུང་གྲུ་བཞི་པ། །གསེར་མདོག་རིན་ཆེན་འབར་བས་མཚན་པའི་ནང་། །རཾ་ལས་མེ་ལྷ་སེར་པོ་ར་སྐྱེས་ཆིབས། །བགྲང་ཕྲེང་རིལ་བ་བསྣམས་པའི་ལྟེ་བ་རུ། །པད་ཉི་ཟླ་སྟེང་ཛཾ་ལས་ཛཾ་ལྷ་དམར། །ཞལ་གསུམ་ཕྱག་དྲུག་གཡས་དཀར་གཡོན་


CMR045_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

སྔོའི་ཞལ། །རྩ་ཕྱག་རིན་ཆེན་ཐོད་པ་བར་མ་གཉིས། །ལྕགས་ཀྱུ་ཞགས་པ་མཐའ་གཉིས་ནེའུ་ལེ་བཙིར། །ཞབས་བཞི་བརྐྱང་བསྐུམ་ནོར་སྐྱུགས་ཕོ་མོ་མནན། །ཀླུ་བརྒྱད་སྦྲུལ་དང་རིན་ཆེན་དར་གྱིས་བརྒྱན། །དེ་ཡི་ཐུགས་ཀར་དབང་གི་ལྷ་མོ་དམར། །མདའ་གཞུ་ལྕགས་ཀྱུ་ཞགས་བསྣམས་གར་སྟབས་བསྒྱུར། །ཀུན་གྱི་གནས་གསུམ་འབྲུ་གསུམ་ས་བོན་ལས། །འོད་འཕྲོས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར། བཛྲ་ས་མཱ་ཛ༔ ཨོཾ་བཛྲ་ཛྭ་ལ་ཧཱུྃ། ཞེས་མེ་སྦར། ཧཱུྃ། ནོར་གྱི་དབང་ཕྱུག་ཨརྱ་ཛཾ་བྷ་ལ། །དབང་གི་བདག་ཉིད་འཕགས་མ་རིག་བྱེད་མ། །གཏེར་གྱི་བདག་པོ་ནོར་སྐྱུགས་ཕོ་དང་མོ། །ཕྲིན་ལས་མྱུར་སྒྲུབ་དྲང་སྲོང་མེ་ལྷར་བཅས། །འདིར་གཤེགས་འབར་བའི་གདན་ལ་བཞུགས་སུ་གསོལ། །ཨོཾ་ཨརུ་ཛཾ་བྷ་ལ་ཀུ་རུ་ཀུལླེ་ཡཀྵ་ཡཀྴི་ཨཀྵེ་ཡེ་དེ་ཝ་ཛཿཧཱུྃ་བཾ་ཧོཿཏིཥྛ་ལྷན༔ དབང་ལྷས་དབང་བསྐུར་རིགས་བདག་དབུར་རྒྱན་གྱུར། ཨགྷཾ་སོགས། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧཱུྃཨགེ་དེ་ཝ་བོ་དྷི་བྲྀཀྵ་ཡ་བདག་ཅག་གམ་བདག་གི་འཁོར་དང་བཅས་པའི་གཟི་བརྗིད་ཕུན་སུམ་ཚོགས་པ་པུཊྚི་ཀུ་རུ་ཨོཾ། ཡམ་ཤིང་བདུན་ཕུལ། བོདྷི་བྲི་ཀའི་


CMR045_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

མལ་དུ་ཨཀྵེ་ཡེ་བདག་གི་འབྱོར་པ་ཕུན་སུམ་ཚོགས་པ་པུཏྟིཾ་ཀུ་རུ་ཨོཾ། མར་ཁུ་ལན་བདུན་འབུལ། ཡང་སྔགས་དེ་ལ། སརྦ་སམྤ་དེ་བདག་གིས་བདེ་བ་ཕུན་སུམ་ཚོགས་པ་པུཊྚ་ཀུ་རུ་ཨོཾ། ཟས་མཆོག་བདུན་ཕུལ། ༀ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧཱིཛྭ་ལ་རཾ་རཾ་རཏྣ་སིདྡྷི་ཧཱུྃ༔ ཞེས་པས་བདག་གི་ལག་པས་ཟས་མཆོག་འབྲུ་སྣ་སོགས་གང་ཟིན་སྔགས་རེ་དང་སྤྲད་ལ་བརྒྱ་རྩ་འབུལ་ཞིང་། །ཕུལ་བས་མཉེས་ནས་ཛ་བྷ་ལའི་ཞལ་ནས་ཡིད་བཞིན་གྱི་ནོར་བུ་འཛེག །ཕྱག་གི་ནེའུ་ལེ་དང་ནོར་སྐྱུགས་ཀྱི་ཁ་ནས་ནོར་བུ་འཛག་པར་བསམ། དེ་ནས་གཏོར་མ་གྲུ་བཞི་ཆུང་ངུ་གཅིག་དགང་གཟར་དུ་བཟུང་མར་ཁུས་བྲན་ལ། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས། ཨོཾ་ཛ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧཱུྃཨགེ་དེ་ཝ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ལན་གསུམ་མམ་བདུན་བརྗོད། བཅོམ་ལྡན་སྨུག་འཛིན་དམར་པོ་གནོད་སྦྱིན་གཉིས། །དབང་གི་ལྷ་མོ་མེ་ལྷ་བཅས་རྣམས་ཀྱིས། །དམ་རྫས་བསྲེག་བླུགས་མཆོད་པ་འདི་བཞེས་ལ། །ཚེ་བསོད་དཔལ་འབྱོར་རྒྱས་པའི་དངོས་གྲུབ་སྩོལ། །ཅེས་དང་། །བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་ཞིང་། །ཐུགས་རྗེ་ཆགས་པས་སྐུ་མདོག་དམར་པོ་བཞུགས། །དབང་གི་ཕྲིན་ལས་རྫོགས་མཛད་ཛཾ་བྷ་ལ། །མ་ལུས་འགྲོ་བའི་རེ་


CMR045_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སྐོང་ཕྱག་འཚལ་བསྟོད། །ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པད་མོ་ལ་བཏུད་ནས། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མའི་ཡུམ་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱཀིས་དབང་བསྒྱུར་བའི། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེགས། །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །རྫས་དང་ཆོ་གར་འགལ་འཁྲུལ་གང་མཆིས་བཤགས། །ཡེ་ཤེས་པ་རྣམས་རྟེན་རྫས་རྣམས་ལ་བཞུགས། །དམ་ཚིག་པ་རྣམས་རང་གི་སྙིང་གར་ཐིམ། །འཇིག་རྟེན་མེ་ལྷའི་ལྷ་ཚོགས་ཤར་ལྷོར་གཤེགས། །དགེ་འདིས་སྦྱིན་པའི་ཕར་ཕྱིན་ཡོངས་རྫོགས་ནས། །དགོས་འདོད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་ཀིརྟི་ཝཱ་ཤཾ་ལྷན་གྱིས་བསྐུལ་ནས། རཱ་ག་ཨ་སྱས་མྱུར་དུ་བྲིས་པའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཛཾ་དམར་གྱི་སྦྱིན་སྲེག་ལ་བརྟེན་ནས་སྒྲུབ་པ།


CMR045_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

༼ཝ༽ ཛཾ་དམར་གྱི་སྦྱིན་སྲེག་ལ་བརྟེན་ནས་སྒྲུབ་པ་ནི༔ རྒྱས་པའི་ཤིང་འོ་མ་ཅན་ལ་སོགས་པའོ༔ རྒྱས་པ་ནི་ས་ལ་རྒྱས་པའི་དཀྱིལ་འཁོར་རིན་པོ་ཆེའི་དབྱིབས་ལ་སོགས་པར་བྲིས་ནས༔ དེ་མེ་ཐབ་གྲུ་བཞི་བརྩེགས་ཏེ༔ བསྲེག་རྫས་ནས་དང་གྲོ་དང་རིན་པོ་ཆེ་དང༔ ཤ་མར་བུ་རམ་ལ་སོགས་པའི་ཟས་སྣ་དང་༔ གོས་ཆེན་ལ་སོགས་པའི་དར་ཟབ་སྣ་ཚོགས་དང་གོས་སྣུ༔ ཞུན་མར་ལ་སོགས་པ་རྣམས་བསགས་ལ༔ མེ་ལྷ་ཛཾ་དམར་བསྐྱེད༔ དེའི་ཞལ་དུ་བསྲེག་རྫས་རྣམས་སྔགས་འདིས་འབུལ་ལོ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧཱིཛྭ་ལ་རཾ་རཾ་རཏྣ་སིདྡྷི་ཧཱུྃ༔ ཞེས་ཕུལ་བས་མཉེས་ཏེ་ཞལ་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འཛག་པ་དང་༔ ཕྱག་གི་ནེའུ་ལེ་གཉིས་དང་ནོར་སྐྱུགས་ཀྱི་ཁ་ནས་ནོར་བུ་རིན་པོ་ཆེ་འཛག་པར་བསམ་མོ༔ དེས་དངོས་གྲུབ་མ་ལུས་ཐོབ༔ ཨྠྀི༔ འདིའི་ཞལ་གདམས་ལ། ལས་བཞིའི་སྦྱིན་སྲེག་རྒྱས་པ་ལས་འབྱུང་བ་ལྟར་རྒྱས་པའི་སྦྱིན་སྲེག་ཇི་ལྟ་བར་བྱས་ཏེ་མེ་ལྷའི་ལྟོ་བར་ཛཾ་དམར་བསྐྱེད། ཡཾ་ཤིང་མར་ཁུ་སོགས་གཞུང་ལྟར་ལས་གཞུང་ནས་བཤད་པའི་ཟས་སྣ་སོགས་ཟས་མཆོག་ཏུ་བསྲེ། རཏྣ་སིདྡྷི་ཅན་གྱིས་ཟས་མཆོག་བརྒྱ་སྟོང་ཅི་འགྲུབ་


CMR045_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། འབྲས་དང་སོ་བ་རྣམས་ཅི་མང་སོ་སོའི་སྔགས་ཀྱིས་ཕུལ། བསྲེག་རྫས་གཞན་ཡོད་ན་སོ་སོའི་སྔགས་ཀྱིས་ཅི་འགྲུབ་འབུལ། མེད་ཀྱང་ཆོག །སྤྱན་འདྲེན་མཆོད་བསྟོད་ཛོ་བྷ་ལའི་ལས་བྱང་ལྟར། དེ་ལྟར་བྱས་པས་ཚེ་དང་བསོད་ནམས་དང་འབྲུ་དང་ནོར་རྣམས་འཕེལ་བའི་མཆོག་ཏུ་འགྱུར་རོ། ཨྠྀི༔ དགེ་སློང་སྦྱིན་པས་བསྐུལ་བ་ལྟར། རཱ་ག་ཨ་སྱས་སྨྲས་ཏེ་བསྐུལ་བ་པོས་ཡི་གེ་བྲིས་པའོ།། །།

འཕགས་པ་སྨུག་འཛིན་དམར་པོའི་དབང་གི་སྦྱིན་སྲེག


CMR045_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

༼ཞ༽འཕགས་པ་སྨུག་འཛིན་དམར་པོའི་དབང་གི་སྦྱིན་སྲེག་བཞུགས་སོ།


CMR045_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཀུ་རུ་ཀུལླེ་ཡེ། དབང་གི་སྦྱིན་སྲེག་ནི། ཚོན་དམར་པོ་རྐྱང་པས་བྲིས་ལ། བསྡུ་ན་དབང་གི་ཐབ་ཟླ་གམ་བྲིས་པའི་སྟེང་དུ་ཤིང་མེ་ཏོག་འབྲས་བུ་དམར་པོ་ཅན་གང་རུང་ཟླ་གམ་དུ་བརྩེགས། ཨོཾ་བཛྲ་སཏྭ་ཨཱ༔ ཞེས་ཀུ་ཤས་ཁ་ཁྱེར་བསྐོར། ཡམ་ཤིང་བདུན་དང་། མར་ཁུ་ཅུང་ཟད་དང་། ཤོག་བུ་ལ་བསྒྲུབ་བྱའི་མིང་དང་། ལིང་ག་མཚལ་དང་རྒྱ་སྣག་སོགས་ཀྱིས་བྲིས་པའམ། སྣག་ཚས་བྲིས་ལ་མེ་ཏོག་དམར་པོའི་ཁུ་བའམ་མཚལ་དང་རྒྱ་སྐག་བྱུགས་པས་ཆོག་སྟེ། བུ་རམ། སེའུ་འབྲུ་སོགས་ཤིང་ཐོག་དམར་པོ་མངར་བ་དང། སྐྱུར་བའི་རིགས་དང་། མེ་ཏོག་དམར་པོ་ཐམས་ཅད་ཟས་སྣ་འབྲུ་སྣའི་རིགས་ཅི་འཛོམ་ཐམས་ཅད་དང་། ཟངས་གཞོང་སྣོད་དུ་ཟས་མཆོག་དང་བསྲེས་ལ་བཤམས། རྡོར་དྲིལ་དང་མ་


CMR045_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བས་དགང་གཟར་བླུགས་བཟུང་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཀྱིས་བསངས། སྭ་བྷ་ཝས་སྦྱངས། ཧཱུྃ་ལས་རིན་ཆེན་སྣོད་དུ་ཨོཾ་ཡིག་ལས། །བསྲེག་རྫས་ཟག་མེད་བདུད་རྩིའི་རྒྱ་མཚོར་གྱུར། །དགང་བླུག་ལ་རེག་ཅིང་། ཨོཾ་ཨཱཿཧཱུྃ༔ ཨོཾ་ཥཱཋཋཋ༔ ཡམ་ཤིང་ལ་རེག་ཅིང་། ཨོཾ་ཤྲཱི་སཱ་ཧཱ༔ འབྲུ་རིགས་ལ། ཨོཾ་ཛྲ་སྭཱ་ཧཱ༔ ཟས་མཆོག་ལ། ཨོཾ་སརྦ་སམྤ་དེ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ མར་ཁུ་ལ། ཨོཾ་ཨཱསཱ་ཧཱ༔ ཡང་སྔགས་དེས་རྫས་ཐམས་ཅད་ལ་རེག་སྟེ་བཀྲུས་པར་བསམ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ༔ ཞེས་ཐམས་ཅད་ལ་རེག་པས་བྱིན་གྱིས་བརླབ་པར་བསམ། དེ་ནས་ཐབ་བསང་སྦྱང་། ཧིལས་དབང་གི་ཐབ་ཁུང་ཟླ་གམ་


CMR045_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དམར། །ལྕགས་ཀྱུ་མེ་ཏོག་དམར་པོས་མཚན་པའི་ནང་། །རཾ་ལས་མེ་ལྷ་དམར་པོ་ར་སྐྱེས་ཆིབས། །བགྲང་ཕྲེང་རིལ་པ་བསྣམས་པའི་ལྟེ་བ་རུ། །པད་ཉི་ཟླ་སྟེང་ཛཾ་ལས་ཇོ་ལྷ་དམར། །ཞལ་གསུམ་ཕྱག་དྲུག་གཡས་དཀར་གཡོན་སྔོའི་ཞལ། །རྩ་ཕྱག་རིན་ཆེན་ཐོད་པ་བར་པ་གཉིས། །ལྕགས་ཀྱུ་ཞགས་པ་མཐའ་གཉིས་ནེའུ་ལེ་བཙིར། །ཞབས་བཞི་བརྐྱང་བསྐུམ་ནོར་སྐྱུགས་ཕོ་མོ་མནན། །ཀླུ་བརྒྱད་སྦྲུལ་དང་རིན་ཆེན་དར་གྱིས་བརྒྱན། །དེ་ཡི་ཐུགས་ཀར་དབང་གི་ལྷ་མོ་དམར། །མདའ་གཞུ་ལྕགས་ཀྱུ་ཞགས་བསྣམས་གར་སྟབས་བསྒྱུར། །ཀུན་གྱི་གནས་གསུམ་འབྲུ་གསུམ་ས་བོན་ལས། །འོད་འཕྲོས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར། །བཛྲ་ས་མཱ་ཛ༔ ཨོཾ་ཛཱ་ལ་ཛཱ་ལ་ཧཱུྃ། ཞེས་མེ་སྦྱར། ཧཱུྃ། ནོར་གྱི་བདག་པོ་ཨརྱ་ཛི་བྷ་ལ། །དབང་གི་བདག་ཉིད་ལྷ་མོ་རིག་བྱེད་མ། །གཏེར་གྱི་བདག་པོ་ནོར་སྐྱུགས་ཕོ་མོ་གཉིས། །ཕྲིན་ལས་མྱུར་སྒྲུབ་དྲང་སྲོང་མེ་ལྷར་བཅས། །འདིར་གཤེགས་འབར་བའི་གདན་ལ་བཞུགས་སུ་གསོལ། །ཨོཾ་ཨརྱ་ཛཾ་བྷ་ལ་ཀུ་རུ་ཀུལླེ་ཡཀྵ་ཡཀྴི་ཨགེ་ཡེ་དེ་ཝ་ཛ༔ཧཱུྃ་བཾ་ཧོཿ ཏིཥྛ་ལྷན། དབང་ལྷས་དབང་


CMR045_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་རིགས་བདག་དབུ་རྒྱན་གྱུར། ཨགྷཾ་སོགས། ཨོཾ་ཛ་བྷ་ལ་ཛ་ལེནྡྲ་ཡ་དྷ་ན་མེ་དྷི་ཧི༔ཨགེ་དེ་ཝ་བོ་དྷི་བྲིཀྵ་ཡེ་འགྲོ་བའི་གཟི་བརྗིད་ཕུན་སུམ་ཚོགས་པ་ཝཱ་ཤི་ཀུ་རུ་ཧོ༔ ཡམ་ཤིང་བདུན་འབུལ། རྩ་སྔགས་ཀྱི་རྗེས་སུ། ཨཀྵེ་ཡེ་འགྲོ་བའི་བདེ་སྐྱིད་ཕུན་སུམ་ཚོགས་པ་ཝཱ་ཤཾ་ཀུ་རུ་ཧོ༔ མར་ཁུ་བདུན་འབུལ། དེ་བཞིན་དུ་ཟས་མཆོག་ལ། སརྦ་སམྤ་དེ་འགྲོ་བའི་བདེ་བ་ཕུན་སུམ་ཚོགས་པ་ཝཱ་ཤཾ་ཀུ་རུ་ཧོ༔ བདུན་འབུལ། ཨོཾ་ཛ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧིངྒེ་མོ་ཝ་ཤཾ་ཀུ་རུ་ཧི༔ ཞེས་ལིངྒ་འབུལ། དེ་ནས་བསྲེག་རྫས་ཟས་མཆོག་འབྲུ་སྣ་མེ་ཏོག་གང་ཟིན་ལ་བརྒྱ་རྩ་བརྒྱད་ལག་པས་བཏབ། དེ་ནས་གཏོར་མ་ཟུར་གཉིས་ཆུང་ངུ་ཞིག་དགང་གཟར་དུ་བཟུང་མར་ཁུས་བྲན་ལ། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་ལ། ཨོཾ་ཛ་བྷ་ལ་ཛ་ལེནྡྲ་ཡ་དྷ་ན་མེ་དྷི་ཧཱུྃཨགེ་དེ་ཝ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཅོམ་ལྡན་སྨུག་འཛིན་དམར་པོ་གནོད་སྦྱིན་གཉིས། །དབང་གི་ལྷ་མོ་མེ་ལྷ་བཅས་རྣམས་ཀྱིས། །དམ་རྫས་བསྲེག་བླུགས་མཆོད་པ་འདི་བཞེས་ལ། ཁམས་གསུམ་དབང་དུ་འདུས་པའི་དངོས་གྲུབ་སྩོལ། །ཅེས་དང་། བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་ཞིང་། །ཐུགས་རྗེ་ཆགས་པས་སྐུ་མདོག་དམར་པོ་བཞུགས། །


CMR045_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་ཕྲིན་ལས་རྫོགས་མཛད་ཛཾ་བྷ་ལ། །མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད། །ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པད་མོ་ལ་བཏུད་ནས། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མའི་ཡུམ་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱཀིས་དབང་བསྒྱུར་བས། །ཤེས་རབ་མཆོག་གི་ཉོན་མོངས་ཐམས་ཅད་བསྲེགས། །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །རྫས་དང་ཆོ་ག་འགལ་འཁྲུལ་ཅི་མཆིས་བཤགས། །ཡེ་ཤེས་པ་རྣམས་རྟེན་རྫས་རྣམས་ལ་བཞུགས། །དམ་ཚིག་པ་རྣམས་རང་གི་སྙིང་གར་ཐིམ། །འཇིག་རྟེན་མེ་ལྷའི་ལྷ་ཚོགས་ཤར་ལྷོར་གཤེགས། །དགེ་འདིས་སྦྱིན་པའི་ཕར་ཕྱིན་ཡོངས་རྫོགས་ནས། །དགོས་འདོད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །འབུལ་དུས་དམིགས་པ་ནི་གཞུང་གི་དེ་ཉིད་ཡིན་པས་ཡིད་ཀྱིས་བསྒོམ་པར་བྱ། ངག་ཏུ་མི་བརྗོད་པར་བདག་ཉིད་ཛཾ་དམར་དུ་གསལ་ཡེ་ཤེས་དམ་ཚིག་དབྱེར་མེད་སྐད་ཅིག་ལ་བསྐྱེད་པར་བྱ། གོང་དུ་ཡི་དམ་གཞན་བཏོན་ནའང་སྐད་ཅིག་ལ་གནས་འགྱུར་བར་བསྒོམ་མོ། །སྤྲོས་པ་ལ་དགའ་ན་གཞུང་གི་ཛཾ་དམར་བསྐྱེད་ཆོག་དེས་བདག་བསྐྱེད་བསྒོམས་ལ་བདག་ཉིད་ཚིག་བསྒྱུར་རོ། །དེ་དམ་ཡེ་དབྱེར་མེད་དང་པོ་


CMR045_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསྒོམ་སྟེ་སྤྱན་འདྲེན་སོགས་མི་དགོས་སོ། །དབང་གི་སྦྱིན་སྲེག་འདིས་བསྒྲུབ་བྱ་བྱེ་བྲག་ངོས་བཟུང་ཡོད་ཅིང་གལ་ཏེ་དབང་དུ་མ་འདུས་ན་བསྒྲུབ་བྱ་དེའི་ཚེ་ལ་བར་ཆད་འབྱུང་སྟེ་འཆི་བར་བཤད་པས་ཉེས་པ་ཆེའོ། །ཞེས་ཟིན་བྲིས། རཱ་ག་ཨ་སྱས་བཀོད་པའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སྦྱིན་སྲེག་ལ་བརྟེན་ཏེ་དབང་དུ་བྱ་བ།


CMR045_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

༼ཟ༽ ཛཾ་དམར་དབང་གི་ལྷ་ལ་ཕྱག་འཚལ་ལོ༔ སྦྱིན་སྲེག་ལ་བརྟེན་ཏེ་དབང་དུ་བྱ་བར་འདོད་ན༔ དབང་གི་སྦྱིན་སྲེག་ནི༔ ཐབ་དང་བསོད་ནམས་བསགས་པ་སྤྱི་དང་མཐུན༔ ཁྱད་པར་ལ་བུ་རམ་སྤས་ཁང་མར། སེ་འབྲུ་སྨིན་པ། མེ་ཏོག་རིགས་དམར་པོ་ཐམས་ཅད་དང་༔ དུག་ཆེན་ཟས་མིན་པའི་ཉོག་དམར་ས་གང་ཞིག་གོ༔ སྣོད་རྣམས་ཀྱང་ཟངས་དང་༔ གྲུབ་ན་འབྲི་མོག་དང་རྒྱ་སྐྱེགས་ཀྱིས་བསྲེག་རྫས་རྣམས་དང་༔ སྣོད་རྣམས་ཁ་དོག་སྒྱུར༔ བསྒྲུབ་དུས་རྒྱན་གོས་དམར་པོ་དང་ལྡན་པར་བྱའོ༔ མེ་ཐབ་ཟླ་གམ་དུ་བརྩེགས་པ་དེར་མེ་ལྷ་ཛཾ་དམར་དུ་བསྐྱེད༔ བསྲེག་རྫས་མེ་ཏོག་གླང་སྣུ༔ ཨུག་ཆོས་དམར་པོར་སྦྱར་བའི་རྒྱ་སྐྱེགས་སམ་འབྲི་མོག་གིས་ཁ་བསྒྱུར་ཏེ༔ རྒྱ་སྐྱེགས་ཀྱིས་ལིངྒ་བྲི་སྟེ༔ ཨོཾ་ཛ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧིནེ་མོ་པཱ་ཤཾ་ཀུ་རུ་ཧིསཱ་ཧཱ༔ ཞེས་པས་ལིངྒ་བསྲེགས་ལ༔ དེ་ནས་བསྲེག་རྫས་རྣམས་སྦྱིན། ཏིང་ངེ་འཛིན་གྱིས་བདག་དང་མེ་ལྷ་ཛཾ་དམར་ཁྱད་མེད་དུ་བསྐྱེད། དེའི་ཐུགས་ཀ་ནས་ལྷ་མོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ལྕགས་ཀྱུས་སྙིང་ནས་བཟུང་། ཞགས་པས་མགུལ་ནས་བཅིངས་ཏེ་མེ་ལྷའི་


CMR045_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་ཡར་འོང་སྟེ་གུས་པའི་ཐལ་མོ་སྦྱར་ནས་འདུག་ལ་བསྲེག་རྫས་རྣམས་མེ་ལྷའི་ཞལ་དུ་ཕུལ་ནས། མེ་ལྷའི་ཐུགས་ཀ་ནས་ལྷ་མོ་དམར་མོ་ཅིག་སྤྲོས་ཏེ་དབང་བསྐུར་བས་བདག་ལ་ཡིད་ཆགས་པར་བསམ། དེ་ནས་བསྲེག་རྫས་རྣམས་མེ་ལྷའི་ཞལ་དུ་ཕུལ་བས་འོད་ཟེར་ཐུགས་ཀ་ནས་དམར་ལམ་ལམ་གྱི་བྱུང་བས་བསྒྲུབ་བྱ་ལ་ཕོག་པས་ཆགས་པས་མྱོས་ཏེ། བསྲེག་རྫས་ཕུལ་བས་མེ་ཆེར་འབར་བར་བསམ་སྟེ། བསྒྲུབ་བྱ་ཆགས་པའི་མེས་གདུང་ནས་བདག་ལ་ཤིན་ཏུ་ཡིད་ཆགས་པར་བསམ། འཇིག་རྟེན་གྱི་མི་ཐམས་ཅད་རང་ལ་བྱམས་པས། །བསོད་ནམས་ཀྱིས་རྒྱལ་ཁམས་ཀུན་འུར་འུར་འོང་ངོ་། །གཅིག་ལ་བྱས་པ་དེ་གང་ལ་བྱས་པ་དེ་བྲན་བཞིན་དུ་འགྲོ་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སྦྱིན་སྲེག་འབུམ་ཕྲག་གཅིག །དགེ་བཤེས་བསོད་ནམས་ཅན་དང་རྒྱལ་པོ་ཆེན་པོ་ལ་ཁྲི་ཕྲག་གཅིག །ཡ་རབ་ལ་སྟོང་ཕྲག་གཅིག །མ་རབ་བུད་མེད་ལ་བརྒྱ་ཕྲག་གཅིག་གིས་འགྲུབ་བོ། །སྦྱིན་སྲེག་གིས་དབང་དུ་བྱ་བའོ། །ཨྠྀི༔ སྦྱིན་སྲེག་ལ་བརྟེན་ནས་དབང་དུ་བྱ་བར་འདོད་ན། མེ་ཐབ་ཟླ་གམ་བྱས་ལ་དེར་མེ་ལྷ་ཛཾ་དམར་དུ་བསྐྱེད། བསྲེག་རྫས་མེ་ཏོག་གླང་སྣ་དམར་


CMR045_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པོ། ཨུག་ཆོས་སམ་མར་དང་སྦྱར་བའི་རྒྱ་སྐྱེགས་སམ་འབྲི་མོག་གིས་མདོག་སྒྱུར་ལ། རྒྱ་སྐྱེགས་ཀྱིས་ལིངྒ་བྲིས་ལ། ཨོཾ་ཛ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧཱིཝནྣེ་མོ་ཝཱ་ཤ་ཀུ་རུ་ཧིསྭཱ་ཧཱ། ཞེས་བྲིས་པས་ལིངྒ་སྦྱིན་ལ་དེ་ནས་བསྲེག་རྫས་རྣམས་སྦྱིན། ཏིང་ངེ་འཛིན་བདག་དང་མེ་ལྷ་ཛཾ་དམར་ཁྱད་མེད་དུ་བསྐྱེད། དེའི་ཐུགས་ཀ་ནས་ལྷ་མོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པར་སྤྲོས་ནས་ལྕགས་ཀྱུས་སྙིང་ནས་བཟུང་། ཞགས་པས་མགུལ་ནས་བཅིངས་ནས་མེ་ལྷའི་མདུན་དུ་ཡར་འོང་ནས་ཐལ་མོ་སྦྱར་ཏེ་འདུག་པ་ལ། །བསྲེག་རྫས་རྣམས་ཕུལ་བས། ཛཾ་བྷ་ལའི་ཐུགས་ཀ་ནས་ལྷ་མོ་དམར་མོ་སྤྲོས་ནས་བདག་ལ་དབང་བསྐུར་བར་བསམས་ལ། བདག་ལ་ཡིད་ཆགས་པར་བསམ། དེ་ནས་བསྲེག་རྫས་རྣམས་མེ་ལྷའི་ཞལ་དུ་ཕུལ་བས་འོད་ཟེར་ཐུགས་ཀ་ནས་དམར་ལམ་ལམ་བྱུང་བས་བསྒྲུབ་བྱ་ལ་ཕོག་པས་ཡིད་མྱོས། བསྲེག་རྫས་ཕུལ་བས་མེ་འབར་ཏེ་བསྒྲུབ་བྱ་ཆགས་པའི་མེས་གདུང་ནས་བདག་ལ་ཡིད་ཆགས་པར་བསམ། ཨྠྀི༔ འཇིག་རྟེན་དང་མི་འགལ་བ་བྱས་ན་བསོད་ནམས་ཀྱིས་རྒྱལ་ཁམས་ཐམས་ཅད་འུར་ལང་ངོ་། །གཅིག་ལ་བྱས་ན་གང་ལ་དམིགས་པ་དེ་


CMR045_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བྲན་བཞིན་དུ་ཉེ་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སྦྱིན་སྲེག་འབུམ་ཕྲག་གཅིག །དགེ་བཤེས་བསོད་ནམས་ཅན་དང་རྒྱལ་པོ་ལ་ཁྲི་ཕྲག་གཅིག །ཡ་རབ་རྣམས་ལ་སྟོང་ཕྲག་གཅིག །མ་རབ་དང་བུད་མེད་རྣམས་ལ་བརྒྱ་ཕྲག་གཅིག་གིས་འགྲུབ་བོ།། ཨྠྀི༔ དེ་ནས་དབང་གི་སྦྱིན་སྲེག་གི་ལས་བཞིའི་ནང་གི་དབང་གི་སྦྱིན་སྲེག་ཅི་ལྟར་འབྱུང་བ་ལྟར་བྱའོ། །དེ་ལྟར་མེ་ལྷའི་མཆོད་བསྟོད་ཚར་ནས་འོད་དུ་ཞུ་ནས་མེ་དཔུང་དུ་བསྒྱུར། དེའི་དབུས་སུ་ཛཾ་ལྷ་བསྐྱེད་པ་དང་སྤྱན་འདྲེན་མཆོད་པ་ལས་བྱང་ལྟར་གཞུང་ནས་བཤད་པའི་མེ་ཏོག་དེའི་ཕྱེ་མ་ནས་འབྲུ་སྦྲང་མ་ལ་བཏབ། དེ་བཙག་གམ་འབྲི་མོག་གིས་མདོག་བསྒྱུར་ཀྱང་ཆོག །དབྱར་ཡིན་ན་མེ་ཏོག་དངོས་རྙེད་ན་བཟང་། ཕྱག་རྒྱ་མ་སོགས་ཡིན་ན་ཤུག་པ་དམར་པོའི་བྱང་བུ་གྲུ་གང་ཙམ་ལ། རྒྱ་སྐྱེགས་དང་མཚལ་ལམ་བཙག་བསྲེས་པས་དེའི་གཟུགས་དང་མིང་བྲི། འགུགས་གཞུག་བྱས་ལ་སྦྱིན་སྲེག་གི་མེ་ལ་ཚིག་ལ་ཁད་དུ་བསྲོ། ཟངས་གྲི་ཡོད་ན་རབ། མེད་ནའང་གྲིས་བཞར། ཕྱེ་མ་བསྲེག་རྫས་ལ་བཏབ་པས། འདི་སྐྱེས་པ་ལའང་རུང་སྟེ། མང་ན་ཕ་རོལ་པོའི་ཚེ་ལ་གནོད་པས་མི་བྱ། སྤྱི་ལ་ཆྒཻ་མོ་སརྦ་ལོ་ཀ་


CMR045_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར། གཞུང་གི་སྔགས་དེས་མེ་ཏོག་སོགས་གཞུང་གི་རྫས་བརྒྱ་སྟོང་སོགས་ཅི་འགྲུབ་འབུལ། སྲན་མ་དང་ནས། ཟས་མཆོག་བརྒྱ་རེ་འབུལ། གཞན་བསྲེག་རྫས་མེད་ཀྱང་ཆོག །ཡོད་ན་ཅི་འགྲུབ་འབུལ། གོང་དུ་ཡམ་ཤིང་མར་ཁུ་སོགས་མེད་ན་ཐབས་ཆག་ནི་མེད་དེ་གཞུང་དུ་གསལ། བསྟོད་པ་དང་རྗེས་ཆོག་ལས་བཞི་གཞུང་ལྟར་འདི་དབང་སྡུད་ཀྱི་མཆོག་ཏུ་འགྱུར་ཚུལ་གཞུང་དུ་གསལ་ལྟར་རོ།། སྦྱི༔ ཞེས་པའང་དགེ་སློང་སྦྱིན་པས་བསྐུལ་བ་ལྟར། རཱ་ག་ཨ་སྱས་སྨྲས་པ་བསྐུལ་བ་པོ་ཉིད་ཀྱིས་གི་གེར་བྲིས་པའོ། །གསང་བའི་རྒྱུ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

རྒྱུན་ཁྱེར་དུ་ཟས་སྒྲུབ་བྱེད་པ།


CMR045_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

༼འ༽ རྒྱུན་ཁྱེར་དུ་ཟས་སྒྲུབ་བྱེད་ན། ཕྱེ་མར་གྱི་ནང་དུ་ཟས་སྣ་རྙེད་ཚད་བསྲེས་ནས་བྲན། མངོན་རྟོགས་འདོན་མི་དགོས་ཏེ་ཐབ་ཀའམ་མདུན་གྱི་མེ་ནང་དུ་དམ་ཡེ་དབྱེར་མེད་ཛཾ་བྷ་ལ་བསྐྱེད། སྤྱན་འདྲེན་མི་དགོས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧི༔ ལན་གསུམ་གྱི་ཕྱེ་མར་བྱིན་གྱིས་བརླབས་ནས་རྒྱས་པའི་སྦྱིན་སྲེག་སྔགས་རཏྣ་སིདྡྷི་ཅན་གྱི་བརྒྱ་རྩ་ཕུལ། །ཨགྷཾ་སོགས་ཀྱིས་མཆོད། བདེ་གཤེགས་ཀུན་གྱི་སོགས་ཀྱི་ཤོ་ལོ་ཀ་གཅིག་གིས་བསྟོད། ཨོཾ་ཨཱཧུཾ་ཞེས་ཛཾ་བྷ་ལ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསྒོམ། དེ་ལྟར་འཚོ་བ་སྲབ་དུས་ཟླ་ཤས་ཙམ་རྒྱུན་ཁྱེར་བྱས་པས་སྒྲུབ་རྒྱགས་ཀྱིས་ཐབས་མི་ཆག་པར་འབྱུང་ངོ་། །ཞེས་སྦྱིན་སྲེག་ཞལ་ཤེས་འདི་དགེ་སློང་སྦྱིན་པས་བསྐུལ་བ་ལྟར། རཱ་ག་ཨ་སྱས་སྨྲས་ཏེ་བསྐུལ་བ་པོ་ཡིས་ཡི་གེར་བྲིས་པ་སརྦ་མངྒ་ལཾ།། ༈ ཛཾ་བྷ་ལ་ལ་ཀླུ་བརྒྱད་ཀྱིས་བརྒྱན་ཅེས་པ་ནི། མཐའ་ཡས་སྔོན་པོས་དབུ་སྐྲ་བཅིངས། །འཇོག་པོ་དམར་པོས་རྣ་བ་བརྒྱན། །པདྨ་དཀར་པོས་མགུལ་རྒྱན་བྱས། །རིགས་ལྡན་ཁྲ་བོས་དཔུང་རྒྱན་བྱས། །དུང་སྐྱོང་སེར་པོའི་ལག་གདུབ་བྱས། །པད་ཅན་ནག་པོའི་རྐང་གདུབ་བྱས་པའོ།།

ཛཾ་བྷ་ལ་དམར་པོའི་དབང་བསྐུར་བ།


CMR045_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

༼ཡ༽ ཛཾ་བྷ་ལ་དམར་པོའི་དབང་བསྐུར་བ་ནི། གནས་དབེན་པར་མཎྜལ་མདའ་གང་བྱས་ནས༔ པདྨ་འདབ་བརྒྱད་བྱ༔ དེའི་སྟེང་དུ་ཆང་ཐོད་པ་གང་ལ་བུ་རམ་བཏབ་པ་ཞིག་བཞག༔ གཏོར་མ་རིན་ཆེན་འབར་བ་ཤ་དང་བུ་རམ་མར་གྱིས་བརྒྱན༔ ཤར་དུ་བུམ་པ༔ ནུབ་ཏུ་ཆུ་སྦྱིན་གྱི་སྣོད་ཟངས་གཞོང་དུ་སྐུ་བཞག་ལ་སྐྱབས་འགྲོ་སེམས་བསྐྱེད་བྱ་སྟེ༔ ཐོད་པ་ལག་ཏུ་བཞག༔ ཁམས་གསུམ་སྙིང་ཁྲག་འདུས་པའི་བཅུད༔ བྱང་ཆུབ་སེམས་ནི་དམར་ལ་དྭངས༔ ཁམས་གསུམ་དབང་དུ་བྱེད་པའི་རྫས༔ བུ་ཡིས་བླངས་པས་དངོས་གྲུབ་ཐོབ༔ ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧཱུྃཨ་བྷི་ཥིཉྩ་ཨཱ༔ གཏོར་མ་རིན་ཆེན་འབར་བ་བྱིན་ལ༔ གཏོར་མ་རིན་ཆེན་འབར་བ་ནི༔ མིང་ནི་རིན་ཆེན་འབར་བ་ཡི༔ ཁམས་གསུམ་ཀུན་གྱི་ནོར་བསྡུས་པས༔ འདོད་དགུའི་ཆར་འབེབས་དབང་གི་རྒྱལ༔ བུ་ལ་བྱིན་པས་དངོས་གྲུབ་ཐོབ༔ ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧཱུྃཨ་བྷི་ཥིཉྩ་ཨཱཿ ལྷ་བསྒོམ་པ་དང་སྔགས་འགྲེས་སོ༔ དེ་ནས་ཆུ་སྦྱིན་བྱས་ལ་ཆུ་སྦྱིན༔ ལྷ་བསྒོམ་པ་དང་སྔགས་འདྲེན་པའི་རྗེས་གནང་སྦྱིན་པར་བྱ༔ དེ་རྗེས་ཚོགས་འཁོར་ལ་རོལ༔ ཛཾ་བྷ་ལ་དམར་པོའི་ལུང་འབོགས་པ་ལ་


CMR045_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བ་མེད་པར་སྦྱིན་མི་རུང་༔ ཆེ་འབྱོར་ཆུང་འབྱོར་ཕུལ་ལ་ལུང་བླངས༔ དེ་ལྟར་བྱས་པས་སློབ་མ་ལ་བྱིན་རླབས་འཇུག་གོ༔ ཨྠྀི༔ ཆོས་འདི་སྒྲུབ་ཐབས་ཀྱི་བརྒྱུད་པ་ནི༔ པདྨ་འབྱུང་གནས་ཀྱིས་བསམ་ཡས་སུ་སྦས༔ གྲྭ་པ་མངོན་ཤེས་ཅན་གྱིས་གཏེར་ནས་བཏོན་པ་ལས་རིམ་གྱིས་བརྒྱུད་པའོ༔ གཏོར་མ་གཞན་གཉིས་གཅིག་ཡི་དམ་ལ་འབུལ༔ ཛཾ་བྷ་ལ་དམར་པོའི་རྗེས་གནང་ནི༔ མཎྜལ་ཚོམ་བུ་དམར་པོ༔ ཛཾ་གཏོར་སྨུག་རྩི་ཅན༔ ཐོད་ཆང་༔ ཤར་དུ་བུམ་པ་ཆུ་གཙང་གིས་བཀང་བ༔ ནུབ་ཏུ་ཟངས་གཞོང་ནང་དུ་སྐུ་བཅས་བཤམས༔ མཆོད་གཏོར་གྱིས་བསྐོར༔ དངོས་གཞི་མཎྜལ༔ སངས་རྒྱས་ཀུན་གྱི་ངོ་བོ་ཉིད༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ལ་ཛཾ་ལྷ་དམར་པོ་ཡི༔ རྗེས་སུ་གནང་བ་བསྩལ་དུ་གསོལ༔ རྒྱུད་བཤད༔ སློབ་མ་ཛཾ་དམར་དུ་བསྐྱེད༔ ཡེ་ཤེས་པ་གཞུག༔ དམིགས་པས་དབང་བསྐུར་རྒྱས་གདབ༔ སྐུ་སློབ་དཔོན་ཛཾ་བྷ་ལའི་ཐུགས་ཀར་ཉི་མ་ལ་ཛཾ་ཡིག་དམར་པོའི་མཐར་སྔགས་ཀྱིས་བསྐོར་བ་སོགས་བཟླ༔ ལུས་ཀྱི་སྤྱི་འགྲོའི་གཟུངས་སུ་སྦྱིན༔ གསུང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཕྱག་མཚན་དྲུག་སྤྲོས༔ འོད་དུ་ཞུ་བ་


CMR045_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སློབ་མའི་སྙིང་གར་བསྟིམ༔ མཉམ་པར་བཞག༔ ཐུགས་བདུད་རྩི་གསང་བ་སྦྱང་ངོ་བོ་ཛཾ་བྷ་ལ་རྣམ་པ་བདུད་རྩི་ཁ་དོག་དམར་པོས་ཁམས་གསུམ་དབང་དུ་འདུས་པར་དམིགས་ལ་སྦྱིན༔ ཁམས་གསུམ་སོགས་ཤོ་ལོ་ཀ་སྔགས་བཟླ༔ ཡོན་ཏན་གཏོར་མ་ལྷར་གསལ་བ་མགོར་བཞག༔ བཀའ་བསྒོ་དངོས་གྲུབ་རྗེས་སྦྱིན༔ ཆུ་སྦྱིན་བྱ༔ ཁས་བླངས་ཡོན་འབུལ་རྗེས་ཆོག་སྤྱི་དང་འདྲའོ༔ ཡིག་ཆར་མི་གསལ་བའི་ཞལ་ལུང་སྤྱི༔ བརྒྱུད་པ་ནི༔ སློབ་དཔོན་པདྨ༔ གྲྭ་པ་མངོན་ཤེས་ཅན༔ ཉེ་གནས་བྲག་ནག་པ༔ བླ་མ་མངའ་རི་པ༔ གོ་ལུང་པ་ནམ་མཁའ་རྒྱལ་མཚན༔ གོ་ལུང་པ་མདོ་སྡེ་དཔལ། གྲུབ་ཆེན་ཨོ་རྒྱན་དཔལ། ཚ་ཚ་མོ་ཤེས་རབ་རིན་ཆེན། བྱང་སེམས་གཞོན་ནུ་ཚུལ་ཁྲིམས། ལྷ་མཐོང་རིན་ཆེན་དཔལ། ཉུག་པ་ཆོས་གྲགས་དཔལ། མཁན་ཆེན་རྒྱལ་བ་ཕྱག་ན། གེ་མོ་རིན་ཆེན། རིའུ་པ་རིན་ཆེན་ཆོས་རྒྱལ། ཁྲམ་པ་རིན་ཆེན་རྒྱལ་མཆོག །རྗེ་བཙུན་གྲོལ་མཆོག་ཞབས། མཁན་ཆེན་ལུང་རིག་རྒྱ་མཚོའོ།། །།

ཛཾ་དམར་གྱི་དབང་བསྐུར་གསལ་བར་བཀོད་པ།


CMR045_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

༼ར༽ །གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མ་ཛཾ་དམར་གྱི་དབང་བསྐུར་གསལ་བར་བཀོད་པ་བཞུགས་སོ། །


CMR045_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ༔ ཨརྱ་ཛཾ་བྷ་ལ་ས་དྷ་ནི་ནཱ་མ༔ བོད་སྐད་དུ༔ འཕགས་པ་ཛཾ་བྷ་ལའི་སྒྲུབ་ཐབས་ཞེས་བྱ་བ༔ འཕགས་པ་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ༔ ཛཾ་བྷ་ལ་དམར་པོའི་དབང་བསྐུར་བ་ནི། གནས་དབེན་པར་མཎྜལ་མདའ་གང་བྱས་ལ་པདྨ་འདབ་བརྒྱད་བྱ། དེའི་ནང་དུ་ཆང་ཐོད་པ་གང་ལ་བུ་རམ་བཏབ་པ་ཞིག་བཞག །གཏོར་མ་རིན་ཆེན་འབར་བ་ལ་ཤ་དང་བུ་རམ་དང་མར་གྱིས་བརྒྱན། ཤར་དུ་བུམ་པ། ནུབ་ཏུ་ཆུ་སྦྱིན་གྱི་སྣོད་ཟངས་གཞོང་དུ་སྐུ་བཞག་ལ༔ ཞེས་གསུངས་པས་མཎྜལ་འཛོམས་ན་གཞི་བཏིང་ཞིང་། མ་འཛོམས་ན་འབྲུའི་ཚོམ་བུའི་ཆོག །དབང་སྒྲུབ་ནི་ལས་བྱང་ཚར་གཅིག་བཏོན་པས་བདག་མདུན་བུམ་གསུམ་གཏོར་མའི་རྩེ་དང་ཐོད་པའི་ནང་དུ་ཛམྦྷ་ལ་ལྷ་


CMR045_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་སོ་སོར་དུས་གཅིག་བསྒོམས་པས་ཆོག །དེ་ནས་བསྙེན་པ་བརྒྱ་རྩ་ཡན་ཆད་ཅི་འགྲུབ་བྱས་ལ། བུམ་ལྷ་འོད་དུ་ཞུ་ནས་བདུད་རྩི་དཀར་པོ་དང་། ཐོད་པའི་ལྷ་འོད་དུ་ཞུ་ནས་བདུད་རྩི་དམར་པོར་གྱུར་པར་བསྒོམ། དེ་ནས་སློབ་མ་ཁྲུས་བྱས། རིན་པོ་ཆེའམ་ཟངས་ཀྱི་རིགས་སོགས་དབང་ཡོན་དུ་ཕུལ་བ་དེ་དངོས་གྲུབ་ཀྱི་ཐོག་མར་འབྱུང་ངོ་། །སྟོང་པར་ཕུལ་མི་རུང་རྟེན་འབྲེལ་གྱིས་གནད་ཆེ་བས་རང་ལ་མེད་ན་གཞན་ནས་གཡར་པོའི་ཚུལ་བྱས་ནས་མདུན་དུ་བཞག་པ་གལ་ཆེ། མཎྜལ་ཕུལ་ལ། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་ཛཾ་དམར་ཡབ་ཡུམ་གྱི། །དབང་རྣམས་རྫོགས་པར་བསྐུར་དུ་གསོལ། །དཀོན་མཆོག་གསུམ་


CMR045_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཨོཾ་སྭ་བྷ་ཝ་སོགས་ནས། །སློབ་མ་མི་དམིགས་པར་སྟོང་པར་གྱུར་ནས་མངོན་རྟོགས་ལས་བྱང་ལྟར་ལ་དབྱེར་མེད་སྤྱན་དྲངས། རོལ་མོ་དབྱངས་དང་བཅས། སྐད་ཅིག་ཉིད་ལ་གནས་འདིར་གཤེགས་སུ་གསོལ། །རྩ་སྔགས་དང་། །ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་མང་དུ་བརྗོད། རྡོ་རྗེ་སྤྱི་བོར་བཞག་ལ། ཏིཥྛ་བཛྲ། བུམ་པ་ལག་ཏུ་ཐོགས་ལ། ཇི་ལྟར་བལྟམས་པ་རྩམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་ནི་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་


CMR045_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡར་ལུད་པ་ལས་འོད་དཔག་མེད་པས་དབུ་བརྒྱན་པར་གྱུར། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། །གནོད་སྦྱིན་ནོར་འཆང་མང་པོའི་འཁོར་གྱིས་བསྐོར། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ། །དངོས་གྲུབ་མཆོག་སྩོལ་སྐུ་ཡི་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་འོག་མ་ཀུན་ལ་འགྲེས། དེས་སྐུའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །འདིའི་སྐུ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུར་འགྲུབ་པར་དབང་ངོ་། །ཐོད་པ་ལག་ཏུ་བཞག་ལ། ཁམས་གསུམ་སྙིང་ཁྲག་བསྡུས་པའི་བཅུད༔ བྱང་ཆུབ་སེམས་ནི་དམར་ལ་དྭངས༔ ཁམས་གསུམ་དབང་དུ་བྱེད་པའི་རྫས༔ བུ་ཡིས་བླངས་པས་དངོས་གྲུབ་ཐོབ༔ ཛཾ་བྷ་ལ་ཛ་ལེནྡྲ་ཡ་དྷ་ན་མེ་དྷི་ཧཱུྃསྭཱ་ཧཱ༔ ཨ་བྷི་ཥིཉྩ་ཨཱ༔ ཞེས་བདུད་རྩི་བླུད། །ནོར་གྱི་དབང་ཕྱུག་སོགས། གསུང་གི་བཀྲ་ཤིས་ཤོག །དེས་ངག་གི་སྒྲིབ་པ་དག༔ གསུང་གི་དབང་ཐོབ། ངག་ལ་ནུས་པ་འབྱུང་། འབྲས་བུ་ལོངས་སྐུ་འགྲུབ་པར་དབང་ངོ། །གཏོར་མ་རིན་ཆེན་འབར་བ་སྦྱིན་ལ། ཡིད་བཞིན་རིན་ཆེན་འབར་བ་ཡི། །ཁམས་གསུམ་ཀུན་གྱི་ནོར་བསྡུས་པས། །འདོད་དགུ་ཆར་འབེབས་དབང་གི་རྒྱལ། །བུ་ལ་བྱིན་པས་


CMR045_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཐོབ། །ཛཾ་བྷ་ལ་ཛ་ལེནྡྲ་ཡེ་ཨ་བྷི་ཥིཉྩ་ཧཱུྃ། ནོར་གྱི་དབང་ཕྱུག་སོགས། ཐུགས་ཀྱི་བཀྲ་ཤིས་ཤོག །འོ་དེས་སེམས་ཀྱི་སྒྲིབ་པ་དག །ཐུགས་ཀྱི་དབང་ཐོབ། །འབྲས་བུ་ཆོས་སྐུ་འགྲུབ་པར་འགྱུར་བའོ། །དེ་ནས་ཆུ་སྦྱིན་བྱས་ཏེ། མདུན་དུ་པཱ་ཨཱི་མ་ཡིག་ལས་བྱུང་བའི། །ཞེས་པ་ནས། གནས་ཁེངས་པར་གྱུར་གྱི་བར་འདོན་སྔགས་བཟླ་ཞིང་སློབ་དཔོན་གྱིས་ཆུ་ཅུང་ཟད་ཕྱར་ཞིང་། སློབ་མ་ལ་ཕྱར་བཅུག །སློབ་དཔོན་སློབ་མ་གཉིས་ཀས་སྔགས་བརྒྱ་ཚར་བརྗོད། སློབ་མས་རྗེས་ཟློས་བྱ་ཞིང་། ཨརྒྷཾ་སོགས། བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་སོགས་ཤཱ་ལོ་ཀ་གཅིག་གི་རྗེས་ཟློས་བཅུག །དེ་ནས་ཇི་བྷ་ལའི་ཞལ་དང་ནེའུ་ལེ་ནོར་སྐྱུགས་གསུམ་ལ་རེག་པར་བསྒོམ། བྱང་ཆུབ་སེམས་ཀྱི་ཆུ་དམར་པོ་ལྕེ་ཐོག་ལ་བཞག་སྟེ་དངོས་གྲུབ་བླངས། ཨོཾ་ཨཱཿཧཱུྃ། ཆུ་དེ་རང་གིས་ཅུང་ཟད་ལོངས་སྤྱོད། །ཆུ་དེ་རང་གི་འཐུང་ཆུ་ནང་དུ་བླུགས། དེ་ནས་ལྷ་སྒོམ་པ་དང་སྔགས་འདྲེས་པའི་རྗེས་གནང་ནི། ཨོཾ་སྭ་བྷ་ཝས་སྦྱངས། བརྟན་གཡོ་ཐམས་ཅད་སྟོང་པར་གྱུར། དེའི་ངང་ལས་ཁྱེད་རང་གི་མདུན་གྱི་གཏོར་མ་འདི་ཞེས་པ་ནས་ནོར་སྐྱུགས་གཉིས་མནན་པ་དེ་ལྟ་བུ་ཞིག་བསྒོམ། ཞེས་པའི་བར་ཆུ་སྦྱིན་རྒྱས་པའི་ནང་ལྟར་རོ། །དེ་ནི་ལྷ་བསྒོམ་པའི་རྗེས་གནང་ངོ་། །ད་ཁྱེད་རང་གིས་ངེད་ལ་མེ་ཏོག་


CMR045_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོའི་ཕྲེང་བ་ཞིག་ཕུལ་བའི་མོས་པས་འདིའི་རྗེས་ཟློས་མཛོད། ཛཾ་དམར་ཡབ་ཡུམ་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །ཕྲིན་ལས་རྫོགས་པར་མཛད་དུ་གསོལ། །སློབ་དཔོན་གྱིས་རྡོ་རྗེ་མེ་ཏོག་མགོར་བཞག་ལ། ཇོ་དམར་ཡབ་ཡུམ་འདི་ལ་བསྩལ་ལགས་ཀྱིས། ཞེས་སོགས་སྔོན་ལྟར་བརྗོད། །རྒྱུད་སྡེ་རྣམས་ནས་འབྱོར་པ་ཐོབ་པའི་དབང་གི་གཙོ་བོ་རྒྱལ་སྲིད་སྣ་བདུན་ཡིན་པར་བཤད་པ་མཐའ་བརྟེན་ནི། ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །ཞེས་སྤྲོ་ན་བསྐུར། ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ་པར་བྱ་བའི་ཕྱིར། གཏོར་མ་འདི་ཉིད་ཛཾ་དམར་ཡབ་ཡུམ་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་དང་བཅས་པ་ཁྱེད་རང་གི་སྤྱི་བོར་བྱོན་པ་འོད་དུ་ཞུ་སྟེ་ཁྱེད་རང་ལ་ཐིམ་པར་བསྒོམ། ཞེས་གཏོར་མ་སྤྱི་བོར་བཞག །ཡིད་བཞིན་རིན་ཆེན་གཏེར་འདི་བསྒྲུབ་པ་ལ། །མ་ལུས་འགྲོ་བའི་དབུལ་བ་སེལ་བའི་ཕྱིར། །ནོར་ལྷ་ཀུན་གྱི་ནང་ནས་ཛཾ་བྷ་ལ། །དམར་པོ་ཡབ་ཡུམ་འཁོར་བཅས་དབང་བསྐུར་རོ། །བཅོམ་ལྡན་ཕྱག་ན་རྡོ་རྗེ། མཁའ་འགྲོ་མ་ཚོགས་ཀྱི་དངོས་གྲུབ། སློབ་


CMR045_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་དྷ་ན་ཀོ་ཤ། རྒྱལ་པོ་སུ་ཁ་དེ་ཝ། སློབ་དཔོན་པདྨ་འབྱུང་གནས། གཏེར་སྟོན་གྲྭ་པ་མངོན་ཤེས། ཉེ་གནས་བྲག་ནག་པ། བླ་མ་མངའ་རི་པ། གོ་ལུང་པ་ནམ་མཁའ་རྒྱལ་མཚན། གོ་ལུང་པ་མདོ་སྡེ་དཔལ། གྲུབ་ཆེན་ཨོ་རྒྱན་དཔལ་ལ་སོགས་པ་བརྒྱུད་པའི་བླ་མ་རྣམས་དང་། རིགས་བདག་སྣང་བ་མཐའ་ཡས། མགོན་པོ་ཛཾ་བྷ་ལ་དམར་པོ། གཡས་ཞལ་དཀར་པོ་ཛཾ་དཀར། གཡོན་ཞལ་ཛཾ་ནག །གསང་ཡུམ་སྒྲོལ་མ་དམར་མོ་རིག་བྱེད་མ། སྐུ་རྒྱན་ཡེ་ཤེས་ཀླུ་བརྒྱད། གདན་ཁྲི་ནོར་སྐྱུགས་ཕོ་མོ། །བཀའ་སྡོད་ཨ་པར་ཙིཏྟ་ལ་སོགས་པ་ནོར་ལྷ་བྱེ་བ་བདུན་འབུམ་གྱི་ཚོགས་དང་བཅས་པས་སློབ་མ་འདི་རྣམས་ལ་བྱིན་གྱིས་བརླབ་པ་དང་དབང་བསྐུར་བར་མཛད་དུ་གསོལ། དབུལ་ཕོངས་སྐལ་ངན་མུ་གེ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་འཁོར་དང་ལོངས་སྤྱོད་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཁམས་གསུམ་སྲིད་གསུམ་ལྷ་འདྲེ་མི་གསུམ་ཐམས་ཅད་དབང་དུ་འདུ་བར་མཛད་དུ་གསོལ། གོད་ཁ་སྙིང་སྟོང་ཐམས་ཅད་བཟློག་པར་མཛད་དུ་གསོལ། ཚེ་


CMR045_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

རབས་ཐམས་ཅད་དུ་འབྱོར་པ་ཕུན་སུམ་ཚོགས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས་མྱུར་དུ་སངས་རྒྱས་པར་མཛད་དུ་གསོལ། རྩ་སྔགས་དང་། ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཤིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་གནས་ལྔར་གཏུགས། བསོད་ནམས་རི་བོ་བཞིན་དུ་སོགས་བརྗོད། འོ་དེས་ཛི་དམར་གྱི་དབང་རྒྱས་པ་ཐོབ་པ་ཡིན་པས་འདི་ཉམས་སུ་ལེན་ནས་དཀོན་མཆོག་ལ་མཆོད་པ་དང་། དབུལ་ཕོངས་ལ་སྦྱིན་པ་གཏོང་། དངོས་གྲུབ་ཀྱི་ཕུད་ཀྱིས་ལྷ་དང་བླ་མ་ཡང་མཆོད་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་མཛོད། གཙོ་བོའི་ཇི་ལྟར་སོགས་དང། མཎྜལ་བྱ། རྗེས་ལ་ཛཾ་དམར་གྱི་ཚོགས་འཁོར་བྱས་ལ་རོལ། ཛཾ་བྷ་ལ་དམར་པོའི་དབང་གི་ལུང་འདི་འབོགས་པ་ལ་འབུལ་བ་མེད་པར་བྱ་མི་རུང་ངོ་། །ཆེ་འབྱོར་ཆུང་འབྱོར་འབུལ་ལ་དབང་བླངས། དེ་ལྟར་བྱས་པས་སློབ་མ་ལ་བྱིན་རླབས་འཇུག་གོ །ཨྠ྄ྀི། གཏེར་གཞུང་ལ་དབང་གི་རྩ་ཚིག་ལས་མེད་དེ། ངག་ལས་ཤེས་དགོས་པས་དགེ་སློང་སྦྱིན་པས་བསྐུལ་ནས། རཱ་ག་ཨ་སྱས་ངག་ནས་སྨྲས་པ་ལྟར་བསྐུལ་བ་པོས་ཡི་གེ་བྲིས་པའོ། །སརྦ་མངྒ་ལཾ་བྷ་ཝནྟུ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཛཾ་དམར་སྲེ་ཐོད་མ།


CMR045_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

༼ལ༽ ཛཾ་དམར་སྲེ་ཐོད་མ་བཞུགས་སོ༔ ན་མོ་གུ་རུ་བྷྱ༔ རྟེན་འབྲེལ་གྱི་བསྒྱུར་ཀ་འདི་ལ་སྲེ་མོང་གི་ཐོད་པ་གས་ཆག་མེད་པ་ཞིག་ལ༔ ཛཾ་བྷ་ལའི་སྙིང་པོ་བྲིས་ལ་རིན་ཆེན་སྣ་ལྔ་བཅས་ཀླད་ཁུང་དུ་བཅུག༔ ཚོགས་བདག་གི་སྙིང་པོ་བྲིས་ལ་ཁ་ནང་དུ་བཅུག༔ ཞང་བློན་གྱི་སྙིང་པོ་བྲིས་པ་ཐོད་པར་དྲིལ༔ དེ་དར་ཚོན་སྣ་ལྔས་བཅིངས༔ དེ་གླ་ལྤགས་ཀྱིས་དྲིལ་ཞིང་བཏུམ༔ མིས་མི་མཐོང་བ་གལ་ཆེ༔ དེས་ནི་ལས་གང་འདོད་འགྲུབ་འོང་༔ ནོར་གོས་སོགས་མི་ཆགས་པ་དང་༔ དོན་མི་འགྲུབ་པ་དང་༔ ཟ་ཐང་ཆུང་བ་དང་༔ དགྲ་མང་བ་དང་༔ ཡི་དྭགས་ཟ་ཁར་ཞུགས་པ་དང་༔ དེ་ཐམས་ཅད་འདི་ཡིས་མི་ཐུབ་མི་སྲིད༔ ལྷག་པར་ཡང་འགོང་པོ་ཟ་ཁར་ཞུགས་ནས་མི་ལ་རེ་དགོས་པ་རྣམས་ཀྱིས་འདི་ལ་བརྩོན་ན་ཕན་ཆེ༔ སྙིང་པོ་བགྲང་མི་དགོས་ལུས་ལ་བཏགས་པས་ཆོག༔ མཆན་འོག་གཡོན་དུ་བཅང་ངོ་༔ ཨོཾ་ཛ་བྷ་ལ་ཛ་ལེནྡྲ་ཡ་དྷ་ན་མེ་དྷི་ཧཱུྃསྭཱ་ཧཱ༔ ཛཾ་བྷ་ལའི་སྙིང་་པོའོ༔ ཨོཾ་ཧཱུྃ་ཧཱུྃ་ག་ན་པ་ཏ་ཡེ་སྭཱ་ཧཱ༔ ཚོགས་བདག་གི་སྔགས་སོ། ཨོཾ་བཛྲ་ཙིཏྟ་རཱ་ག་རུ་གེ་ཧཱུྃ་བསྡུས༔ ཏི་མ་ཏི་སྐྱོལ་སྐྱོལ༔ བདག་གི་བསམ་པ་སྒྲུབས་ལ་རེ་བ་སྐོངས༔ ཞང་


CMR045_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བློན་གྱི་སྙིང་པོའོ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་ཝ་ར་ཀ་ཏྲ་ཡེ་སྭཱ་ཧཱ༔ ཨོཾ་ཝ་ར་ཀ་ར་ཏེ་ཀ་དཾ་ཥ་བིན་དྷ་ཧཱུྃ་ཕཊ་སྭཱ་ཧཱ༔ ཨོཾ་ཧཱུྃ་ཧཱུྃ་ག་ན་པ་ཏི་ཡེ་སྭཱ་ཧཱ༔ ཚོགས་བདག་གི་སྔགས་སོ༔ དབུ་ཅན་ཚག་མེད་དུ་བྲིའོ༔ ཐོད་པའི་ཕྱི་ནས་ཞང་བློན་གྱི་སྔགས་དང་༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་པ་ནས་ག་ན་པ་ཏི་ཡེ་སྭཱ་ཧཱ༔ བར་གྱི་ཚོགས་བདག་གི་སྔགས་གཉིས་བྲིས་པའི་སྔགས་བྱང་གིས་དྲིལ༔ དེ་སྟེང་ཚོན་སྐུད་ཀྱིས་བཅིངས༔ དེ་ནས་པདྨ་རཀྟ་འཁྲུལ་མེད་ཞིག་དང་མཉམ་དུ། གླ་ལྤགས་ཀྱིས་བཏུམ་ལ་བཅང་། སྲེ་ཐོད་ཀྱི་ཁ་ནང་དུ་མཇུག་ཏུ་ཨོཾ་ཨཱཿག་ཧཱུྃ་སྭཱ་ཧཱ།། །།

ཛཾ་དམར་གྱི་སྒབ་འདྲེ་མནན་ཐབས་གུད་དུ་སྦས་པ།


CMR045_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

༼ཤ༽ གྲྭ་པ་མངོན་ཤེས་ཅན་གྱི་ཛཾ་དམར་གྱི་སྒབ་འདྲེ་མནན་ཐབས་གུད་དུ་སྦས་པ་བཞུགས་སོ༔ འཕགས་པ་སྨུག་འཛིན་དམར་པོའི་སྐུ་ལ་སྐྱབས་སུ་མཆིའོ༔ འདིར་སྒབ་འདྲེ་མནན་ཐབས་ཅུང་ཟད་བྲི་ན་བཀའི་གནང་བས་བྱིན་གྱིས་བརླབ་ཏུ་གསོལ༔ མན་ངག་འདི་མ་ཤེས་ན་ཛཾ་དམར་སྒྲུབ་པ་ཡལ༔ དེ་ལ་ཕན་ཕྱིར་མན་ངག་ནི༔ བསེ་གདོང་ཅན་གྱི་གཟུགས་དཔེའུ་རིས་ལྟར་དང་༔ དེའི་ཕྱི་ནས་སྔགས་འདི་བཀོད༔ བྲི་བའི་རྫས་ནི་ཁྱི་ཁྲག་གོ༔ ཨོཾ་བསེ་རག་ཤན་ཏྲི་ཀ་ཏྲི་ཁུག་ཅིག །སྒྲུབ་ལ་བར་དུ་གཅོད་པའི་སྒབ་འདྲེ་བསེ་གདོང་ཅན་གྱི་ལུས་ངག་ཡིད་གསུམ་ཁུག་ཅིག །ནན་ཅིག །ཆིངས་ཤིག་ཛཿཧཱུྃ་བཾ་ཧོཿ བསེ་རག་གི་སྟོབས་ནུས་པ་ཐམས་ཅད་སྟོ་བྷ་ཡ་ནན་ཛཿཛཿཞེས་ཛ་ཁྲམ་གྱིས་བསྐོར། ཁྱི་སྤུ་ར་བལ་གྱི་རྒྱ་གྲམ་དུ་བཅིངས་ལ་ཁྱི་སྣོད་ནང་དུ་བཅུག་དོང་གྲུ་གསུམ་ནང་དུ་བཅུག །རང་གི་ཡི་དམ་གྱི་བསྙེན་པའི་མཐའ་ལ་བསེ་རག་གི་ཁ་ཆིངས་ཤིག །ཁྲི་གཅིག་བཟླས་སོ། །ཡུངས་ཀར་གྱིས་བྲབ་ལ་སྒོ་ཐེམ་འོག་ཏུ་མནན་ནོ། །ཞེས་གཏོར་བྲོ་བརྡུང་ཞིང་ས་རིམ་པ་དགུའི་འོག་ཏུ་སོང་བར་དམིགས་སོ། །ཞེས་པ་འདི་རྒྱ་གཞུང་དུ་མི་གསལ་ཞིང་སྙན་བརྒྱུད་ཡོད་པ་ཡི་གེར་བྲིས་སོ། །འདི་གར་


CMR045_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་ཐོད་དུ་མི་སྤེལ་གཅིག་བརྒྱུད་ཡིན། ལྕི། ཅེས་པ་འདི་རཱ་ག་ཨ་སྱས་སོ། །བཀྲ་ཤིས།།

གནོད་སྦྱིན་ཛཾ་བྷ་ལ་དམར་པོའི་སྒབ་འདྲེ་མནན་པའི་ཟིན་བྲིས་ནག་འགྲོས།


CMR045_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་ཛཾ་བྷ་ལ་དམར་པོའི་སྒབ་འདྲེ་མནན་པའི་ཟིན་བྲིས་ནག་འགྲོས་བཞུགས་སོ། །


CMR045_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པདྨ་ཀྲོ་དྷ་ཡ༔ འདིར་ཛཾ་དམར་གསང་སྒྲུབ་ཀྱི་སྒབ་འདྲེ་མནན་པའི་ལས་རིམ་སྤྲོས་པ་ཉུང་ངུར་བགྱིས་པ་ལས་ལིངྒ་དཔེའུ་རིས་བཞིན་བྲིས་པ་ལྕགས་སམ་བྲུབ་ཁུང་དུ་བཅུག །ཕུང་རེ་ཚལ་བུ་རྡོ་ཡམ་ལ་ངོས་གཅིག་ལ་རྡོ་རྗེ་རྒྱ་གྲམ་དང་ལྷན་ཅིག་ལ་རི་རབ་བྲིས་པ་ཚོན་སྐུད་སྔོ་དམར་དང་ཡུགས་སའི་ཤི་སྐྲའི་སྐུད་པ། གུལ་ནག །ཡུངས་དཀར་ནག །ལྕགས་ཟངས་རག་རྡོའི་ཕྱེ་མ་ལ་དུག་ཁྲག་གིས་ངར་བླུད་པའི་ཐུན་རྫས། སཱཙྪ་དང་གདུང་རྟེན་གྱི་སྲོག་ཤིང་ཙནྡན་གང་རིགས། འབྲུ་སྨན་ཤིང་ཐོག་དར་སྣ་དང་རིན་པོ་ཆེས་བརྒྱན་པ། ཆང་ཕུད་སོགས་གསེར་སྐྱེམས་ཀྱི་ཡོ་བྱད་འོག་ཏུ་དགོས་པའི་རིགས་ཚང་བར་བཤམས། ཡི་དམ་གྱི་རྣལ་འབྱོར་གཞན་ནས་མི་དགོས། དེ་མིན་སྐྱབས་སེམས་སྔོན་འགྲོ། དྭིཞེས་བརྗོད་ནས་སྐད་ཅིག་ལ་སོགས་


CMR045_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བསྐྱེད་བསྡུས་པའི་གཞུང་བསྲང་ནས་བཟླས་དམིགས་མཆན་བུར་གསལ་སྟོང་བཟླས་པ་ནན་བཅར་བྱ། དེ་མཇུག་གསེར་སྐྱེམས་བཤམས་ལ། ཅུང་ཟད་སྤྲོས་པར་དགའ་ཞིང་ལྕོགས་ན་རྒྱུན་བསྙེན་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་སྤྱི་གཏོར་འབུལ་བ་དང་། གནོད་སྦྱིན་གསང་སྒྲུབ་བཀའ་སྡོད་ལྷ་ཆེན་རྣམས་ཀྱི་ལས་བྱང་བསྡུས་པ་ཞིག་བཏང་། བསྡུ་ན་སྟེང་གི་ཆ་ལ་རིག་འཛིན་བརྒྱུད་པ། བར་དུ་ཡི་དམ། འོག་ཏུ་ཆོས་སྲུང་ནོར་ལྷ་གཏེར་བདག་དང་བཅས་པ་ལ་སྒྲུབ་པ་དང་མཆོད་པའི་ཡུལ་དུ་ལམ་གྱིས་གསལ་བཏབ་ལ་གསེར་སྐྱེམས་ནི། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ། ཧོ་དགོངས་སུ་གསོལ་ལོ༔ རིག་འཛིན་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་དང་༔ མདོ་སྔགས་ཐེག་རིམ་


CMR045_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

གསར་རྙིང་རྒྱུད་སྡེ་བཞིའི་ཡི་དམ་ཞི་ཁྲོའི་ལྷ་ཚོགས་དམ་པ་ཆོས་སྐྱོང་བའི་སྲུང་མ་ཕོ་རྒྱུད་མོ་རྒྱུད་སྤྱི་དང་༔ ཁྱད་པར་ཁམས་གསུམ་དབང་བྱེད་ནོར་བདག་ཛཾ་བྷ་ལ་ཡབ་ཡུམ་གཏེར་བདག་གནོད་སྦྱིན་བྱེ་བའི་ཚོགས་དང་བཅས་པ༔ ལས་བྱེད་གུ་ལང་དབང་ཕྱུག་ཁྱོ་ཤུག་གསང་བའི་མ་བཞི་འཇིག་རྟེན་དྲེགས་པའི་ཚོགས་དང་བཅས་པ་རྣམས་ལ་གསེར་སྐྱེམས་བདུད་རྩི་ཕུད་ཀྱི་མཆོད་པ་འབུལ་ལོ། །དགྱེས་པར་བཞེས་ལ་རིག་འཛིན་སྔགས་འཆང་བདག་གི་སྒྲུབ་པ་ལ་བར་དུ་གཅོད་ཅིང་ལོངས་སྤྱོད་མངའ་ཐང་ལ་འཁུ་སེམས་ལྡན་པའི་དམ་སྲི་འབྱུང་པོ་མནན་ཅིང་བཅིངས་བར་བྱེད་པ་ལ་ཁྱེད་རྣམས་ཀྱི་ཡེ་ཤེས་ཀྱི་སྤྱན་ཕྱེས། ལེགས་ཉེས་ཀྱི་སྟངས་ཆོད། བདེན་བརྫུན་གྱི་ཤན་ཐང་ཕྱེས་ལ། བར་ཆད་དམ་སྲི་འདུལ་བའི་ར་མདའ་མི་གཡེལ་ཞིང་ཕྲིན་ལས་གཉན་པོ་སྒྲུབ་པའི་སྡོང་གྲོགས་མཛད་དུ་གསོལ། ཅེས་ཕུད་འཐོར། བྲུབ་ཁུང་དུ་དམིགས་བྱ་བསྐྱེད་པ་ནི། ཨེ་ལས་བྱུང་བའི་གནམ་ལྕགས་ཀྱི་ཁང་སྒོམ་བཙོན་ཁང་འཇིགས་ཤིང་གཡོ་བ། ནད་དང་དུག་གི་རླངས་པ་སྔོ་དམར་འཁྲིགས་ཤིང་མཚོན་ཆའི་ཆར་པ་འབེབས་པ་མི་སྡུག་པའི་སྒྲས་ཁོལ་བ། མུན་ནག་རབ་ཏུ་འཁྲིགས་པའི་


CMR045_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ། ཏྲི་ལས་གནོད་བྱེད་བསེ་རག་ལུས་གཅེར་བུ་རིད་པ་ཡན་ལག་ལྕགས་སྒྲོག་གིས་བསྡམས་པ། སྨེ་སྔགས་འོ་དོད་སྒྲོགས་ཤིང་ཤིན་ཏུ་ཉམ་ཐག་པའི་རྣམ་པ་ཅན་དུ་གྱུར། བདག་མདུན་གཉིས་ཀྱི་ཐུགས་ཀ་ནས་འགུགས་ཆིངས་སྡོམ་མྱོས་ཀྱི་ཕོ་ཉ་འགྱེད་པའི་དམིགས་པ་དང་བཅས། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། དབང་ཆེན་པདྨ་རིགས་ཀྱི་ཁྲོ་བོ་རྟ་མཆོག་རྡོ་རྗེ་སྲིན་པོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། དམ་པ་ཆོས་སྐྱོང་བའི་སྲུང་མ་ཕོ་རྒྱུད་མོ་རྒྱུད་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་དུ་དབང་མཛད་གནོད་སྦྱིན་ཡབ་ཡུམ་ལས་བྱེད་མངག་གཞུག་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པས་གསང་བ་ཟབ་མོའི་དངོས་གྲུབ་སྒྲུབ་པ་ལ་བར་དུ་གཅོད་ཅིང་ཚེ་དང་ནོར་དང་བསོད་ནམས་ལ་གནོད་ཅིང་འཁུ་བར་བྱེད་པའི་གནོད་སྦྱིན་ཆེན་པོའི་སྒབ་འབྲང་ཟ་འདྲེ་བུམ་ལྟོ་ཅན་འཁོར་དང་བཅས་པ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །བཛྲ་ཨང་ཀུ་ཤ་ཛ༔ ཞེས་ལྔའམ་བཅུའམ་ཉེར་གཅིག་


CMR045_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཡིད་མ་ཆེས་ཀྱི་བར་དུ་བཀུག །ཛཿཧཱུྃ་བཾ་ཧོཿ ཞེས་ཕྱག་རྒྱ་བཞི་ཡིས་བཅིངས་བའི་རྟེན་དང་གཉིས་སུ་མེད་པར་གྱུར། རང་ཉིད་རྟ་མགྲིན་དུ་གསལ་བའི་སྐུ་ལས་མེ་རླུང་གི་མཚོན་ཆ་ཁྲོ་ཚོགས་སྐར་ལྟར་འཕྲོས་པས་དམིགས་བྱའི་སྒོ་གསུམ་གཞོབ་རྒོད་ཐུལ་གྱིས་ཚིག་པར་མོས་ལ་དྲག་སྔགས་ཀྱི་ཤམ་བུར། སྒབ་འདྲེ་བསེ་རག་ཐམས་ཅད་ཀྱི་སྲོག་ལ་རྦད༔ སྙིང་ལ་རྦད༔ ལུས་ངག་ཡིད་གསུམ་མཱ་ར་ཡ་ཆིངས་ནན༔ ཨེ་ཧུར་ཤྲཱི་ཛཛ༔ བཏགས་པ་བརྒྱ་རྩ་སོགས་བཟླས་པས་ཐུན་ལ་སྔགས་ཤིང་བྲབ། དེ་ནས་ཕུང་རེ་བཀབ་ནས་རྡོ་གཡམ་རི་རབ་སྟེང་དང་རྡོ་རྗེ་རྒྱ་གྲམ་འོག་ཏུ་བསྟན་ནས་བཀབ་པས་མནན་ཅིང་། ཁང་ཁྲིའུ་སྟེང་དུ་གདུང་རྟེན་སཱཙྪགང་ཡོད་བཞུགས། དམིགས་པ། རང་གི་ཐུགས་ཀ་ནས་ལཾ་ཡིག་གསེར་གྱི་མདོག་ཅན་ཞིག་ཆད་པས་དམིགས་བྱའི་གནས་འབྱུང་བ་ས་གསེར་གྱི་རི་རབ་བང་རིམ་བཞི་ལྡན་ལྕི་ཞིང་འཐིབ་པ། དེའི་ཞབས་འབྱུང་བ་ལྔའི་རང་བཞིན་གྱི་རྡོ་རྗེ་རྒྱ་གྲམ། ཤར་གྱི་རྭ་གསུམ་སའི་རང་བཞིན་སེར་པོ། ལྷོའི་རྭ་བཞི་མེའི་རང་བཞིན་དམར་པོ། ནུབ་ཀྱི་རྭ་གསུམ་ཆུའི་རང་བཞིན་ནག་པོ། བྱང་གི་རྭ་གསུམ་རླུང་གི་རང་བཞིན་ལྗང་གུ། །ལྟེ་བ་ནམ་མཁའི་རང་བཞིན་སྔོན་པོའི་བདག་ཉིད་ཀྱིས་མནན་པས་ཁོའི་


CMR045_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་སྟོབས་ནུས་པ་གཅིག་ཆར་དུ་ཟད་ཅིང་འགུལ་མི་ནུས་པའི་ཁར། རང་ཉིད་ཡི་དམ་ང་རྒྱལ་བརྟན་པས་ཞབས་ཀྱིས་གསེར་རིའི་རྩེ་ནས་མནན་པས་བསྐལ་པའི་བར་དུ་ལྡང་བའི་དབང་མེད་པར་མོས་ལ། ཏྲི་ཛསྟམྦྷ་ཡ་ནན༔ དུ་དུ་གནོད་བྱེད་བུམ་ལྟོ་ཅན་དྲི་ཛནས༔ དངོས་གྲུབ་ལ་བར་དུ་གཅོད་པའི་སྒབ་འདྲེ་བསེ་རག་ཐམས་ཅད་མཱ་ར་ཡ་རྦད༔ སྟམྦྷ་ཡ་ཆིངས་ནན༔ ཞེས་གཙོ་བོར་བཟླ། ཐུན་མཐར་ཡང་སྲུང་མ་རྣམས་ལ་ར་མདའ་བཅོལ་ཕྱིར་གསེར་སྐྱེམས་གོང་བཞིན་ཚར་རེས་བསྔོས་ལ་ཕྲིན་ལས་བཅོལ། ནམ་མཁའ་མེད་པར་གྱུར་ན་ཡང་༔ སོགས་ཀྱིས་བདེན་ཚིག་བརྗོད་ལ་ངེས་ཤེས་བསྐྱེད། དེ་ལྟ་བུའི་ཐུན་ཞག་གྲངས་བསྐྱེད་པའི་དང་པོའི་ཆར་དགུག་གཞུག །བར་དུ་གཟིར་སྔགས། ཐ་མར་མནན་སྔགས་རྣམས་རྟགས་དང་གོ་བསྟུན་ནན་ཆེར་བྱ། ལས་འཇུག་བསྡུ་ཚེ། །རྭ་དང་དབུལ་པོ་མཛོ་ཐོད་ལ་སོགས་པའི་སྣོད་དུ་འདྲེ་ལྟེབ་ཀྱིས་བཅུག་ལ་ཚོན་སྐུད་དང་། ཡུགས་སའི་སྐུས་བཅིང་ལ་ཐུན་རྫས་འབྲུ་ངན་སྦྲང་མ་སློག་གཙང་མི་ཁའི་རྫས་དང་ལྷན་ཅིག་བཅུག་པའི་ཁ་རོ་གཡམ་གྱིས་བཅད། ཕྱི་ནས་ཕུང་རེའི་ཚོན་སྐུད་ཀྱིས་བཅིངས། རྩང་རྩེར་བཙུགས་པ་ལྷ་ཁང་སྒོ་ཐེམ། མཆོད་རྟེན་གྱི་འོག་ཏུ་སོགས་གནོན་ཡུལ་གང་བདེར་གནོན་པ་ལས་འཆི་བདག་ཞལ་དབྱེ་སོགས་གཞན་མའི་རྒྱས་གདབ་མི་དགོས་པ་ཡིན་ནོ། །ཞེས་པ་འདིའང་ཐམས་ཅད་


CMR045_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ་དཀོན་མཆོག་གར་དབང་རྒྱ་མཚོས་ལྗགས་བསྒྲིགས་མཛད་པ་ལས། ཕྲན་ཆུང་རཏ་ཤྲཱི་ལས་བསམ་གཏན་གྱི་ཁང་བུར་རང་གཞུང་དུ་བྲིས་པའི་དགེ་བས་ཟབ་ཆོས་བསྟན་པ་རྒྱས་པའི་རྒྱུར་བསྔོའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཛཾ་དམར་གྱི་སྒབ་འདྲེ་མནན་ཐབས།


CMR045_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

༼ཧ༽ ཛཾ་དམར་གྱི་སྒབ་འདྲེ་མནན་ཐབས་ནི༔ ཁྱི་ར་ལི་ལིའི་ཁྲག་མུ་ཟི་བཙན་དུག་གིས་དགུ་གསུམ་དག་ལ་གྲོ་ཤོག་ལ་ལིངྒ་ཡི་གེ་བྲི༔ ལྟེ་བར་ཏྲིའི་མཐར་གནོད་བྱེད་བྱ་མཆུ་བྲེལ་ཕོངས་ཅན་མཱ་ར་ཡ་ནན་ཛཛནན། སྒབ་འདྲེ་བྲེལ་ཕོངས་ཅན་ཨངྐུ་ཤ་ཛར༔ རྩིབས་བཞི་ལ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཏྲི་ནན་ཙིཏྟ་རྦད་ནན༔ ཧུར་ཐུམ་ཛ༔ ཡཀྵ་ནག་པོ་གནོད་བྱེད་བྲེལ་ཕོངས་བྱ་མཆུ་ཅན་གྱི་སྙིང་ལ་གཟེར་གཟེར་བྲེང་ཤག་སརྦ་ཏྲི་ནན་ཛཛ༔ དེ་རྒྱབ་མུ་ཁྱུད་ལ༔ སྒབ་འདྲེ་གནོད་བྱེད་བྱ་མཆུ་ཅན་ཡཀྵ་ཧུར་ཤྲཱི་ཛ༔ བྱ་མགོ་མཱ་ར་ཡ་ཛཿཧཱུྃ་བཾ་ཧོཿ གནོད་བྱེད་བྱ་མགོ་ཅན་ཨེ་ཌི་ཧུར་ཤྲཱི་ཛམཱ་ར་ཡ་རྦད་རྦད༔ སརྦ་ཆུད་སྲོག་ལ་གཟེར་གཟེར༔ དེ་དག་ཡིག་མགོ་ཕྱིར་བསྟན༔ དེ་རྒྱབ་མི་ལུས་བྱ་མགོ་ཅན་རྐང་ལག་ལྕགས་སུ་བཅུག་པ་མཆུ་ནང་རྡོ་རྗེ་རྒྱ་གྲམ་དང་ཕྱི་རིམ་ལ༔ ཛཾ་བྷ་ལ་རིགས་ལྔ་སྒྲུབ་པ་ལ་གནོད་བྱེད་བྱ་མཆུ་ཅན་ལ་སོགས་པ་སྲིད་པའི་འདྲེ་དགུ༔ གཙུག་ལག་གི་གདོན་བཅུ༔ ཚེ་བསོད་ནམས་ལ་གནོད་པ༔ སྒོའི་ནོར་ལ་གནོད་པ༔ ཕུག་གིས་སྲིས་ལ་གནོད་པ༔ བསྟན་པ་ལ་གནོད་པར་བྱེད་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྩ་བརྒྱད་མཱ་ར་ཡ་ནན་ནན༔


CMR045_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བྱེར་བྱེར་ཛ་ཛཿ ཡིག་མགོ་ཕྱིར་བསྟན་བྲི༔ མནན་པ་སཱཙྪ་ནག་པོ་དེ་ནང་དུ་བཞི་ལྟེབ་བྱས་ལ་ཁྱི་ནག་གིས་སྤུས་བཅིངས༔ བཀུག་གཞུག་མང་དུ་བྱེད༔ གོང་གི་སྔགས་རྣམས་བརྒྱ་སྟོང་ཅི་འགྲུབ་བཟླ༔ གད་པ་ནག་པོ་ཁ་བྱང་དུ་རྒྱུ་བའི་འོག་ཏུ་མནན༔ འདི་མནན་ལུགས་རྒྱས་པ་ཡིན༔ བསྡུས་པ་གཞན་དུ་གསལ༔ འདི་མཚམས་རྒོད་ལྡེམ་གཏེར་མ་ཟ་འདྲེ་ཁ་ཆིངས་སྔགས་འཛུད་མཆན། མནན་པའི་ཐོད་པ་དེ་ཉིད་གནམ་ལྕགས་རྡོ་རྗེ་ཕ་ལམ་ལས་གྲུབ་པའི་སྟེང་འོག་བར་མཚམས་མེད་པར་ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་བསྲུང་བར་བསྒོམ༔ རྒྱལ་བ་ཐམས་ཅད་ཀྱི་མཐུ་སྟོབས་ནུས་པས་རྒྱས་གདབ༔ བདེན་པའི་ཚིག་གིས་གཟིར༔ དྲག་རྩལ་སྟོབས་ཀྱིས་མནན་པར་བསམ༔ དེ་ཉིད་ལས་ཀྱི་གཤིན་རྗེ་གླང་གི་མགོ་ཅན་ཞལ་དུ་བཟུང་ནས་ཐར་མེད་རྒྱས་གདབ་པར་བསམ༔ ཧཱུྃ༔ གནོད་པར་བྱེད་པའི་དམ་སྲིད་ཁྱོད༔ ཉ་མོ་རྟ་རུ་སོང་ཡང་མ་ལྡང་ཞིག༔ དཀར་སྒོང་རྟ་རུ་སོང་ཡང་མ་ལྡང་ཞིག༔ གཡའ་མ་ར་རུ་སོང་ཡང་མ་ལྡང་ཞིག༔ ཅེས་བརྗོད་རང་འཐག་ཡ་ཐོད་རི་རབ་མ་ནོར་བར་སྟེང་ནས་མནན༔ སླར་དབང་ཆེན་གསེར་གྱི་ས་གཞི་སེར་པོ་གྲུ་བཞི་བང་རིམ་གསུམ་པ༔ དེའི་སྟེང་


CMR045_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བཾ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་སུམ་བརྩེགས་དཀར་པོ༔ དེའི་སྟེང་རཾ་ལས་མེ་དཀྱིལ་དམར་ནག་གྲུ་བཞི་པ༔ ཐོག་མ་གསུམ་གསུམ་བརྩེགས་པས་མནན་པར་བསམ༔ ལཾ་ལཾ་སྟམྦྷ་ཡ་ནན༔ སས་མནན༔ ཝཾ་ཝཾ་སྟམྦྷ་ཡ་ནན༔ ཆུས་མནན༔ རཾ་རཾ་སམྦྷ་ཡ་ནན༔ མེས་མནན༔ དེ་ལྟར་ཚར་གསུམ་གྱིས་རིམ་པ་དགུ་ཡིས་མནན༔ དེ་སྟེང་དྲག་པོའི་ཤིང་ལ་སྲོག་ཤིང་བྱས་པའི་བཅའ་ཏི་བང་རིམ་གསུམ་པ་བུམ་པ་དང་བཅས་པའམ་མེད་ན་སཱཙྪ་ནག་པོ་གཅིག་བཞག༔ ཨོཾསྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན༔ དར་དང་རིན་པོ་ཆེས་བརྒྱན་པ༔ ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན་དུ་གསལ་བའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས༔ ཨོཾ་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར༔ ཨོཾ་བེ་རོ་ཙ་ན་ཨརྒྷཾ་སོགས་ཀྱིས་མཆོད༔ རྣམ་པར་སྣང་མཛད་འོད་དུ་ཞུ་བ་ལས་ཐུབ་པ་ནག་པོ་སྐུ་མདོག་དུག་ཧ་ལིའི་མདོག་ལྟ་བུ་གཡས་གསེག་ཤང་གཡོན་མཉམ་བཞག་གི་སྟེང་ན་ལྷུང་བཟེད་འཛིན་པ་གཅིག་ཏུ་གྱུར༔


CMR045_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འོད་དུ་ཞུ་ནས་མཆོད་རྟེན་ནག་པོ་གཞོམ་མེད་དུ་གྱུར༔ དེ་ཆུས་བཅག་ལ་དམ་པར་བྱས༔ རྟ་བྲོ་བརྡུང་ལ་རྒྱས་གདབ་བོ༔ ཨྠྀི༔

མནན་པའི་ཞལ་ཤེས།


CMR045_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

༼ཨ༽ མནན་པའི་ཞལ་ཤེས་ནི། ན་མ་ཨར་གུ་རུ་ཝེ། ཁམས་གསུམ་དབང་དུ་བྱེད་པའི་ཛ་བྷ་ལ་དམར་པོའི་བསྙེན་སྒྲུབ་ཀྱི་ཞལ་ཤེས་ནི་བླ་མ་རིན་པོ་ཆེས་གསུང་རྒྱུན་བྲི་བར་བྱའོ། །དེའང་བླ་མའི་ཞལ་ནས་འདྲེ་མནན་ཚར་ནས་ལྷ་འགྲུབ་ཚར་བ་ཡིན་གསུངས་པས། ཐོག་མར་སྒབ་འདྲེ་མནན་པ་ལ། རང་གི་དྲི་མ་ཁ་རླངས་སོགས་མ་ཕོག་པར་བྱས། དུག་ཤོག་ལ་བྱ་ནག་གི་ཁྲག་གམ། དུག་ཁྲག་སྣག་ཚ་བསྲེས་པས། གནོད་བྱེད་བྲེལ་ཕོངས་ཅན་གྱི་ལིངྒ་མི་ལུས་བྱའི་མགོ་ཅན། ཡན་ལག་ལྕགས་སྒྲོག་གིས་བསྡམས་པ། །དཔུང་མགོ་དང་སྤུས་མགོ་བཞིར་ཛཿཧཱུྃ་བཾ་ཧོཡིས་གཟེར་གྱིས་བསྡམས། སྙིང་གར་ཏྲིའི་མཐར་གནོད་བྱེད་བྲེལ་ཕོངས་ཅན་གྱི་ལུས་ངག་ཡིད་གསུམ་སྟམྦྷ་ཡ་ནནགྱིས་བསྐོར༔ མགོར་ནན་ནན༔ རྣ་བར་འོན་འོས༔ མིག་ལ་ལོང་ལོང་༔ ཁ་ལ་ཐཾ༔ དཔུང་པར་ཆག་ཆག༔ བླ་ལ་བླ་དྭགས༔ རྐང་པར་ཞ་ཞ༔ གསང་གནས་སུ་ཕཊ། རྐང་འོག་ནས་བརྩམས་ཏེ། ཨོཾ་ཏྲི་དྷ་ཡཀྵ་སོགས་ཀྱི་མཐར་དམོད་བཅོལ་དང་བཅས་པས་བསྐོར། དེ་རྒྱབ་ཛ་དང་ཁྲམ་རིས་བསྐོར། དེ་ནས་འབྱུང་བཞིའི་ཁྲུས་བྱས་ལ། བྲུབ་ཁུང་རེ་བ་ནག་པོའི་སྟེང་དུ་


CMR045_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །དེ་ནས་རང་ཉིད་ཕྱག་ན་རྡོ་རྗེ་གང་རུང་གི་ང་རྒྱལ་དང་ལྡན་པས་དེའི་བསྙེན་པ་ཅུང་ཟད་བྱས་པའི་མཐར། མདུན་དུ་གནོད་བྱེད་དེ་བདེན་བདར་བཀུག་གཞུག་མང་དུ་བྱས་ལ་མཐར་ངག་འདོན་ལ། ཨོཾ་ཏྲི་དྷ་ཡཀྵ་ཏྲི་མཱ་ར་ཡ་ཁུག་ནན། དུ་ན་བར་ཆོད་གནོད་བྱེད་ཨ་ར་ནན་ཧྲིཛཙཱ་བྷ་ཡ་ནཱན། ཨོཾ་ཏྲི་དུ་ན་ཡཀྵ་ཏྲི་མཱ་ར་ཡ་ཁུག་ནན། དུ་ན་བར་ཆོད་གནོད་བྱེད་ཨར་ནན། ཧཱིཛ་ཧཱུྃ་བྷ་ཡ་ནན། ཨོཾ་ཏྲི་བྷ་ཡཀྵ་ཏྲི་མཱ་ར་ཡ་ཁུག་ནན། དུ་ན་བར་ཆོད་གནོད་བྱེད་ཨར་ནན་ཧཱིསྟམྦྷ་ཡ་ནན། ཞེས་དྲག་ཏུ་བཟླ་ཞིང་སྐབས་སུ་ཧུ་གདབ་པའི་ཐུན་གྱིས་བྲབ། དེ་ལྟ་བུའི་ཐུན་བཞིའི་རྣལ་འབྱོར་གྱི་ཞག་གསུམ་མམ་བཞིའམ་ལྔའམ་དྲུག་སོགས་རྨི་ལམ་རྟགས་མ་བྱུང་བར་དུ་བསྒྲུབས་ལ་དེ་ནས་ལིངྒ་ཤི་ལྟེབ་བྱས་ལ་རེ་བས་བཏུམ་ལ་གད་པ་ནག་པོའམ་ལྷ་ཁང་མཆོད་རྟེན་ཞབས་སུ་སཱཙྪནག་པོས་མནན་ལ་བཞག་གོ །རྟགས་ནི་བྱ་རྙི་ལ་བཟུང་བ་དང་བསད་པ། གཞན་ཡང་མི་དང་། གཅན་གཟན་བྱ་རིགས་རི་དྭགས་དུད་འགྲོ་འབུ་སྲིན་སོགས་གང་རུང་རྣམས་བཟུང་བ། བསད་པ། བཅོམ་པ། ཤིང་བཅད་པ། ཆུ་བསྒྱུར་བ། བྲ་བྱི་བསད་པ། རང་རྒྱལ་བ་སོགས་རྨིས་ན་འགྲུབ་རྟགས་


CMR045_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དྲིན་ཆེན་རཱ་ག་ཨ་སྱས་གསུང་རྒྱུན་ལྟར་བཱིརྱ་སཱ་ག་རས་བྲིས་པའོ། །།མངྒ་ལཾ།། ༈ འདིའི་དཔེའུ་རིས་གཅིག་ལ། བྱ་མཆུ་ཅན་གྱི་སྙིང་གར་ཛ་ཏྲི་ཏྲ་ལིངྒའི་མགོ་ཐོག་ནས་བཟུང་། ཡིག་མགོ་ནང་དུ་བསྟན་ལ། ཨོཾ་བྱི་ཞུ་ཙ་ར་ཡ་ཨུ་ཙ་ཏ་ཡ་ཕཊ༔ ཨོཾ་ཨཱཕཊ་ཙིཏྟ་ཨུ་ཙ་ཏ་ཡ་ཕཊ། ཅེས་དམོད་བཅོལ་ཚིག་གིས་བསྐོར། སྔགས་ལྔ་བརྒྱ་བསྒྲུང་ལ་ཁྱི་ནག་སྤུས་དྲིལ་ལ་མནན་ཟེར་བའང་འདུག ༈ ལིང་ཁྲུས་བྱེད་པ་ལ། རྫས་ལ། སྐྱེར་ཤུན། གླང་རུ། བྲ་བོ། གུ་གུལ་དེ་རྣམས་མེ་ལ་བསྲེགས་ལ་ལིངྒར་བདུག །སྔགས་ལ། ཨེ་ཀ་ཤིག་ཤིག །ཨེ་ཀ་ཁྲོལ་ཁྲོལ། ན་ར་ཤིག་ཤིག །ན་ར་ཁྲོལ་ཁྲོལ། ཡ་མ་ཤིག་ཤིག །ཡ་མ་ཁྲོལ་ཁྲོལ། གཟའ་བདུད་ཡ་མ་ཤིག་ཤིག གཟའ་བདུད་ཡ་མ་ཁྲོལ་ཁྲོལ། དགེ་བསྙེན་ཡ་མ་ཤིག་ཤིག །དགེ་བསྙེན་ཡ་མ་ཁྲོལ་ཁྲོལ། བདུད་ཡ་མ་ཤིག་ཤིག །བདུད་ཡ་མ་ཁྲོལ་ཁྲོལ། བཙན་ཡ་མ་ཤིག་ཤིག །བཙན་ཡ་མ་ཁྲོལ་ཁྲོལ། དེ་ནས་འབྱུང་ལྔའི་ཁྲུས་ནི། འཁོར་ལོ་དང་ལིངྒ་འདི་རྣམས་ལ་བདག་ཅག་སྒྲུབ་པ་པོ་འཁོར་དང་བཅས་པ་རྣམས་ཀྱི་དྲི་མ་ཁ་རླངས་སོང་བ་དེ། ས་ཡི་ལྷ་མོས་བསལ་


CMR045_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ། ཆུ་ཡི་ལྷ་མོས་བསལ་དུ་གསོལ། རླུང་གི་ལྷ་མོས་བསལ་དུ་གསོལ། མེ་ཡི་ལྷ་མོས་བསལ་དུ་གསོལ། ནམ་མཁའི་ལྷ་མོས་བསལ་དུ་གསོལ། ཞེས་པས་ཁྲུས་བྱས་རང་གིས་འཐུང་བར་བྱའོ། །དེ་ནས་བཀུག་གཞུག་ལ་སོགས་ལན་གྲངས་ལྟར་བྱའོ། །འདི་མེད་ན་བྱིས་པས་རྡོ་བརྩེགས་པ་དང་འདྲ་བ་དེ་བས་འདི་ལ་ནན་ཏན་བྱའོ།། །།

སྒབ་འདྲེ་བྲེལ་ཕོངས་ཅན་མནན་ཐབས།


CMR045_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

༼ཊ༽ ཛཾ་བྷ་ལ་ལ་ན་མོ༔ གནོད་སྦྱིན་ཆེན་པོ་སྒྲུབ་པ་ལ༔ གནོད་བྱེད་བྲེལ་ཕོངས་ཅན་འབྱུང་བས༔ དེ་དག་མནན་པའི་ཐབས་འདི་བྱ༔ མི་ནག་བྱ་ཡི་མཆུ་ཅན་ལ༔ དེ་ཡི་ཐ་མར་སྔགས་ཀྱིས་དྲིལ༔ བཀུག་གཞུག་མང་དུ་བྱས་ནས་བསྟིམ༔ ཁྱི་ནག་སྤུ་ཡིས་ལེགས་པར་བཅིངས༔ སཱཙྪ་ནག་པོའི་འོག་ཏུ་གཞུག༔ གད་པ་ནག་པོའི་འོག་ཏུ་མནན༔ མཆོད་རྟེན་ཞབས་སུ་མནན་པར་བྱ༔ བར་ཆད་མི་འབྱུང་འགྲུབ་ཐག་ཉེ༔ འདི་འདྲའི་གདམས་པ་མ་ཤེས་ན༔ བར་ཆད་དམ་ཉམས་དམ་སྡིག་བྱེད༔ སྔོན་དུ་མཆོད་པ་མཎྜལ་བྱ༔ ཕྱག་ན་རྡོ་རྗེ་བསྒོམ་ཞིང་བཀུག༔ བྱ་ནག་རྙི་ཡིས་ཟིན་པ་སོགས༔ ཉམས་དང་རྨི་ལམ་བྱུང་གྱུར་ན༔ ཁུག་པའི་རྟགས་ཡིན་མནན་པར་བྱ༔ དེ་ཡི་བར་ཆད་འབྱུང་མི་འགྱུར༔ བྲེལ་ཕོངས་མནན་པའི་གདམས་པ་ཟབ༔ ལིངྒའི་མཐའ་བསྐོར་སྔགས་བྲི་རྒྱུ་ཞལ་ཤེས་ནི༔ ཨོཾ་དྷི་ཏྲ་ཡཀྵ་ཏྲི་མཱ་ར་ཡ་ཁུག་ནན༔ དུ་ན་བར་ཆོད་གནོད་བྱེད་ཨར་ནན་ཧཱུྃཛསམྦྷ་ཡ་ནན༔ ཨོཾ་ཏྲི་དུ་ན་ཡཀྵ་ཏྲི་མཱ་ར་ཡ་ཁུག་ནན༔ དུ་ན་བར་གཅོད་གནོད་བྱེད་ཨ་ར་ནན༔ ཧཱིཛསམྦྷ་ཡ་ནན༔ ཞེས་གཟབ་ཏུ་བྲི། དེས་ལིངྒའི་མཐའ་སྐོར། མགོ་ལ་


CMR045_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ནན་ནན། རྣ་བར་འོན་འོན། དཔུང་པར་ཆག་ཆག །རྐང་པར་ཞ་ཞ། ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོཿ དང་ལྕགས་སྒྲོག་གིས་བསྡམས། ཛ་ཁྲམ་གྱིས་བསྐོར་བ་སོགས་སྤྱི་ལྟར་བྱའོ།། ཨྠྀི༔

ཛཾ་དམར་སྔགས།


CMR045_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

༼ཋ༽ ནོར་སྒྲུབ་དངོས་གྲུབ་མ་བྱུང་ན་ཟ་འདྲེས་གནོད་པས་ཡི་དམ་སྔགས་ལ་འདི་བཏགས་པ་བཟླས་པས། ཟ་འདྲེ་ཆིངས། ཏི་མཱ་ར་ཡ་ཐུ་རིལ་རྦད་ཡ༔ རུ་ལུ་རུ་ལུ༔ མ་ལ་ནི་ཆུམ་ཆད༔ བཛྲ་ཡཀྵ་ཏྲི་ཧུར་ཐུ་རིལ་རྦད༔ གུ་ལིང་ཛ་བཛྲ་ནཱ་ག་རཱ་ཙ་ནཱ་ག་ཕུ་པ༔ ཏྲི་ཐུ་རིལ་ཆད༔ གནོད་བྱེད་ཁ་ཐཾ་ཁ་ཐཾ༔ མཆུ་ཆིངས་མཆུ་ཆིངས་ཆད་སོད༔ ཅེས་བཟླས་པས་འགོང་པོ་དང་ཟ་འདྲེ་གནོད་པར་འཆིང་ཞིང་། ནོར་སྒྲུབ་དངོས་གྲུབ་མྱུར་དུ་འོང་བར་འགྱུར་རོ༔ ཞེས་རིག་འཛིན་རྒོད་ལྡེམ་གཏེར་མའི་མན་ངག་གིས་བརྒྱན་ཏེ་ཛཾ་དམར་གེགས་སེལ་དུ། རཱ་ག་ཨ་སྱས་སྦྱར་བའོ།།

གནོད་སྦྱིན་ཛཾ་བྷ་ལ་དམར་པོའི་གསང་སྒྲུབ་སྒབ་འདྲེ་མནན་པ།


CMR045_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

༼ཌ༽ གནོད་སྦྱིན་ཛཾ་བྷ་ལ་དམར་པོའི་གསང་སྒྲུབ་སྒབ་འདྲེ་མནན་པ་བཞུགས༔ ཨོཾ༔ ཙ།ཙ།ཅུ་རྟེནརཙ།ཙ༔ གནོད་སྦྱིན་གྱི་སྒབ་འདྲེ་མནན་པ་ནི༔ ཤོག་གུ་ལ་གནོད་སྦྱིན་བུམ་ལྟོའི་གཟུགས་མགོ་དང་ལྟོ་བ་ཆེ་བ་ཡན་ལག་ཕྲ་བ་ཁ་ནས་མེ་འབར་ཞིང་སྐུ་གཡེང་བ༔ མདོག་སྔོ་སྐྱ་ལྕགས་སྒྲོག་གིས་བཅིངས་པའི་སྙིང་ཁར་རྨི་ཏྲ་ཛ༔ མཐའ་སྐོར་སྣུམ་བྷ་ཡ་ནན༔ དུ་དུ་གནོད་སྦྱིན་བུམ་ལྟོ་ཅན་ནན༔ ཏྲི་ཛ་ནན༔ གཟུགས་ཀྱི་ཕྱི་རོལ་དུ༔ དངོས་གྲུབ་སྒྲུབ་པ་ལ་བར་དུ་གཅོད་པའི་སྒབ་འདྲེ་བསེ་རག་ཐམས་ཅད་མཱ་ར་ཡ་ཛཛསྟམ་བྷ་ཡ་ནན༔ ཞེས་དང་ཛ་ཁྲོ་གྱིས་བསྐོར་བ་དང་༔ ཡི་དམ་ལྷའི་བསྐྱེད་རིམ་དང་ལྡན་པས་བདེན་པ་བདར༔ དགུག་གཞུག་བྱ་ཞིང་ཕྱག་རྒྱ་བཞིས་བཅིངས་པར་བྱས་ལ་བསྟིམ༔ རཱའམ་དབུལ་བ་རབས་ཆད་སོགས་ཀྱི་སྣོད་དུ་འབྲུ་ནག་སྦང་སྐམ་ལན་ཚྭ་སྒོག་བཙོང་སོགས་དང་མི་ཁའི་རྫས་དང་ལྷན་ཅིག་བཅུག་སྟེ༔ ལྷ་ཁང་ངམ་མཆོད་རྟེན་འོག་ཏུ་མནན་ནོ༔ ཙ་ཙ། རྒྱ་རྒྱ་རྒྱ༔ ཆོས་རྗེ་གླིང་པས་དུང་ཆུ་ནས་བཏོན་པའོ༔

ཛཾ་བྷ་ལ་དམར་པོའི་རྟེན་འཛུགས་དགོས་འདོད་བསམ་འཕེལ་གྱི་ཟིན་བྲིས་ཕྱག་ལེན་དང་བཅས་པ་མཐོང་བ་ཀུན་གསལ་འདོད་དགུ་ཀུན་འབྱུང་།


CMR045_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

༼ཎ༽ཛཾ་བྷ་ལ་དམར་པོའི་རྟེན་འཛུགས་དགོས་འདོད་བསམ་འཕེལ་གྱི་ཟིན་བྲིས་ཕྱག་ལེན་དང་བཅས་པ་མཐོང་བ་ཀུན་གསལ་འདོད་དགུ་ཀུན་འབྱུང་ཞེས་བྱ་བ་བཞུགས།


CMR045_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ༔ ཨརྱ་ཛཾ་བྷ་ལ་སཱ་དྷ་ནི་ནཱ་མ༔ བོད་སྐད་དུ༔ འཕགས་པ་ཛཾ་བྷ་ལའི་སྒྲུབ་ཐབས་བཅས་ལ། གཏོར་མ་རབ་དར་གོས་དམར་པོ་ལ་དཔེའུ་རིས་ལྟར་ཚེམ་ལ་དར་དམར་ཞིག་ལ་ཛོ་དམར་མངོན་རྟོགས་ལྟར་བྲིས་ལ། དེའི་རྒྱབ་ཏུ་སྔགས་འདི་རབ་གསེར། འབྲིང་དངུལ། ཐ་མ་མཚལ་གྱིས་བྲི། ༀ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧཱུྃསྭཱ་ཧཱ༔ ཨོཾ་ཛ་བྷ་ལ་ཛ་ལེནྡྲ་ཡེ་ཀུ་རུ་ཀུལླེ་ཧིསརྦ་ལོ་ཀ་ཝཱ་ཤཾ་ཀུ་རུ་ཧིས་སྨུག་འཛིན་དམར་པོ་རྟེན་འདིར་བརྟན་པར་བཞུགས་ལ་སྒྲུབ་པ་པོ་ལ་འཆི་མེད་ཚེའི་དངོས་གྲུབ་སྩོལ། འཛམ་གླིང་གཏེར་གྱི་དངོས་གྲུབ་སྩོལ། །


CMR045_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ནོར་གྱི་དངོས་གྲུབ་སྩོལ། །རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ། །ལྷབ་ལྷུབ་གོས་ཀྱི་དངོས་གྲུབ་སྩོལ། །བང་མཛོད་འབྲུ་ཡི་དངོས་གྲུབ་སྩོལ། །སྲ་བརྟན་གོ་ཆའི་དངོས་གྲུབ་སྩོལ། །དར་ཟབ་རྫས་ཀྱི་དངོས་གྲུབ་སྩོལ། །རིན་ཆེན་གསེར་གཡུའི་དངོས་གྲུབ་སྩོལ། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ། །སྙན་གྲགས་གདུལ་བྱའི་དངོས་གྲུབ་སྩོལ། །འཇིག་རྟེན་ཁམས་འདིར་གནས་པའི་གསེར་དངུལ་ཟངས་ལྕགས་གཡུ་བྱི་རུ་ནོར་བུ་རིན་ཆེན་ཇ་དར་རྟ་གླང་ནོར་ར་ལུག་ཞིང་ཁང་འབྲུ་བང་མཛོད་འཇིག་རྟེན་གྱི་ཟས་ནོར་མཁོ་རྒུ་ཐམས་ཅད་ཀྱི་དངོས་གྲུབ་སྩོལ་ཅིག །


CMR045_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཨོཾ་ཧྲཱིཿཛཾ་བྷ་ལ་ཛ་ལེནྡྲ་ཡེ་འགྲོ་བ་མི་ཡི་ཙིཏྟ་ལ་ཨ་པ་ར་ཙིཏྟ་ཛ༔ ཨོཾ་ཧྲཱི༔ཛཾ་བྷ་ལ་རཏྣ་ཨ་མུ་ཀ་ཨ་ཀར་ཡ་ཛ༔ འཇིག་རྟེན་གྱི་ཆེ་བཙན་ཡོན་ཏན་དང་ལྡན་པ་བཟང་བཙུན་གྲགས་གསུམ་ལྡན་པའི་རྒྱལ་བློན་འབངས་གསུམ། བན་སྔགས་བོན་གསུམ་སྐྱེས་པ་བུད་མེད་སྐྱེ་འགྲོ་ཕོ་མོ་སྟེང་འོག་བར་གསུམ་གྱི་ལྷ་ཀླུ་མིའི་ལུས་ངག་ཡིད་གསུམ་ཚེ་དང་བསོད་ནམས་ཁ་རྗེ་དབང་ཐང་འབྱོར་པ་རླུང་རྟ་བླ་གཟའ་སྙན་གྲགས་གདུལ་བྱ་ཕྲིན་ལས་ལོངས་སྤྱོད་རྟ་གླང་ནོར་ར་ལུག་མཛོ་གཡག་རྐང་འགྲོ་ཡུལ་མཁར་འབྲུ་བང་མཛོད་གསེར་དངུལ་ལྕགས་གོ་མཚོན་ཟས་གོས་ཇ་དར་གོས་ཐམས་ཅད་དབང་དུ་སྡུས་ཤིག །ནོར་རྫས་ཐམས་ཅད་བདག་ལ་དུང་དུང་བསྡུས་བསྡུས། མགོ་ནག་མི་ཡི་སེམས་དཀྲུགས་ལ་སྙིང་འཕྱོ་རུ་ཆུག །རྐང་པ་འགྲོ་རུ་ཆུག །འཇིག་རྟེན་ཁམས་ཀྱི་སྐྱེ་འགྲོ་ཕོ་མོ་ཐམས་ཅད་ཡིད་ཀྱི་རྣམ་པར་ཤེས་པ་རང་དབང་མེད་པར་ཁུག་ལ་ཤོག །སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཧཱུྃ། ཁམས་གསུམ་སྲིད་གསུམ་ཟས་ནོར་ལོངས་སྤྱོད་སརྦ་ལོ་ཀ་ཨཾ་ཀུ་ཤ་ཛཛ༔ སྐུ་གཟུགས་སྔགས་རྣམས་མགོ་མཇུག་མ་ལོག་པར་བཞག །ནང་དུ་འབྲུ་སྣ་ལྔ། སྨན་སྣ་ལྔ། རིན་ཆེན་ལྔ། དྲི་ལྔ། སྙིང་


CMR045_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལྔ། ཇ་དར་ཟས་སྣ་གཡང་རྫས་རྣམས་ཀྱིས་ལེགས་པར་བཀང་། འོག་ཏུ་གཏོར་མའི་སྨད་ཆ་ལ་གཞན་ནས་བྱུང་བའི་གཡང་འགུགས་དང་གནོད་སྦྱིན་འཁོར་ལོ་རྣམས་བཞག་ན་ལེགས། མེད་ཀྱང་རུང་། དེ་ནི་རབ་དར་གཏོར་རྟེན་འཛུགས་སོ། ༈ །འབྲིང་དུ་བྱེད་ན་གཏོར་མ་རས་བསེ་ལ་བཟོ་ཚོན་རྩི་གཙང་སྦྲ་སོགས་ལེགས་པར་བྱེད། །སྐུ་གཟུགས་སྔགས་སོགས་གོང་དང་འདྲ། ཞབས་བསྡམས་ཤིང་ཤུག་པ་སོགས་ཀྱིས་ལེགས་པར་བསྡམས་ནས་འབུ་སྲིན་ནང་དུ་མི་འཇུག་པ་བྱ། དེ་ལྟར་གྲུབ་ན་འབྲིང་དུའོ། ༈ །ཐ་མ་ཟས་སྣ་ལ་གཏོར་མ་གོང་ལྟར་བཅའ། སྐུ་གཟུགས་སྔགས་རྣམས་ཤོག་གུ་ལ་བྲི། མར་ཁུ་ནང་དུ་དྲངས་པས་རུལ་བ་སོགས་མི་འབྱུང་། ལེགས་པར་སྐུ་ཡི་གཡས་ཕྱོགས་ནས་དྲིལ། སྐུ་ནང་དུ་བསྟན་ལ་གཏོར་མའི་ནང་དུ་བཞག །དེ་ནི་རྟེན་གཏོར་ཐ་མའོ། །རི་ཁྲོད་རྟོགས་ལྡན་སོགས་ཡིན་ན་མཚམས་བསྒྲུབས་ཚར་ནས་གྲོལ་ཉིན་ཟས་གཏོར་ཡིན་ན་དངོས་གྲུབ་བྱ། སྐུ་གཟུགས་སྔགས་རྣམས་ཁྱེར་སོང་ནས་རྗེས་སུ་རྟེན་འཛུགས་ཉིན་དར་དང་རས་བསེ་ཡིན་ན་ཆག་གྲུམ་མ་ཤོར་བར་ཁུར་སོང་ན་ཆོག །རྟག་ཏུ་འདུག་པ་རྣམས་ཀྱི་གཏོར་མ་


CMR045_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འཛུགས་ཡིན་པས་གཡོ་འགུལ་མེད་པར་བྱས་ལ་རྟེན་དུ་བཞག །ལྷ་སྤྱན་དྲངས་གཏོར་མ་ལ་བསྟིམ། གཏོར་མ་རབ་འབྲིང་གང་ལ་ཡང་རྟེན་གཏོར་མདུན་དུ་གཏོར་མ་དེ་འདྲ་གཅིག་ཟས་སྣ་ལ་བཅའ། རྟེན་གཏོར་ལྷ་བསྐྱེད་རྟེན་དང་། མདུན་གྱི་གཏོར་མ་མཆོད་གཏོར་ཡིན་པས་རྒྱུན་དུ་ནམ་འདོན་གསོ་བྲན་བྱ། དེ་ལྟར་རྟེན་གཏོར་རབ་འབྲིང་ཐ་མ་གང་བྱེད་ཀྱང་ཡིད་བཞིན་ནོར་བུ་ལས་ཁྱད་པར་ལྷག །ལོངས་སྤྱོད་ཛ་བྷ་ཉིད་དང་མཉམ་པར་ཡིན། །དགོས་འདོད་བསམ་པ་ཡིད་བཞིན་འགྲུབ་པར་འགྱུར། །གསར་རྙིང་རྟེན་གཏོར་མང་པོའི་འབྲུ་དོན་དང་། །ཛཾ་བྷ་ལ་ཉིད་ཀྱི་རང་གཞུང་ལ་བསྟུན་ནས་མན་ངག་ཞལ་ཤེས་མང་པོས་ཁ་བརྒྱན་བྱས་ནས། ༧ རཱ་ག་ཨ་སྱས་རང་གཞན་ལ་ཕན་ཕྱིར་བྲིས། དགེ་བས་དབུལ་ཕོངས་ཅན་ལ་ཕན་ཐོགས་རྒྱ་ཆེར་སརྦ་མངྒ་ལཾ།། །།

དར་དམར་ལ་འཁོར་ལོ་བྲི་བ།


CMR045_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

དར་དམར་ལ་འཁོར་ལོ་བྲི་བ་ནི༔ ལྟེ་བར་ཨོཾ། དེའི་མུ་ཁྱུད་ནང་མ་ལ་ཡི་གེ་ཤོང་ཙམ་དུ༔ ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་དྷིསྭཱ་ཧཱ། ཞེས་པ་བྲི། དེའི་ཕྱི་རིམ་མུ་ཁྱུད་ལ་རིན་ཆེན་སྣ་བདུན་གྱི་སྙིང་པོ་བྲི། དེའི་ཕྱི་རིམ་སོར་གཉིས་ཀྱི་ཚད་ཙམ་ལ་པདྨ་འདབ་མ་བརྒྱད་ལ་བཀྲ་ཤིས་རྟགས་བརྒྱད་བྲི་བར་བྱ། དེའི་ཕྱི་རིམ་མུ་ཁྱུད་ལ་གཟུངས་ཀྱི་སྙིང་པོའི་མཇུག་ཏུ་སརྦ་ལོ་ཀ་ཝཱ་ཤཾ་ཀུ་རུ་ཞེས་པ་ཕྱི་རོལ་དུ་འཁོར་ལོ་རྩིབས་བཅུ་དྲུག་པ་བྲི། དེ་ནས་གནོད་སྦྱིན་ཕོ་བརྒྱད་མོ་བརྒྱད་ཀྱི་སྙིང་པོ་བྲི། དེའི་མུ་ཁྱུད་ལ་རྣམ་སྲས་ནོར་རྒྱུན་མའི་གཟུངས་བྲི། དེའི་ཕྱི་རིམ་ལ་བདག་ལ་གསེར་དངུལ་ཟངས་ལྕགས་གཡུ་བྱི་རུ་མུ་ཏིག་རྟ་བ་ལང་གནག་ལུག་ཞིང་ཁང་འབྲུ་བང་མཛོད་གོས་དར་ལ་སོགས་པའི་དམར་པོ་མཛོ་གཡག་འཇིག་རྟེན་ཁམས་ཀྱི་ནོར་གྱི་དངོས་གྲུབ་འདོད་དགུ་ཐམས་ཅད་སྩོལ་ཞེས་བྲི། དེའི་ཕྱི་རིམ་ཛཾ་བྷ་ལ་དམར་པོའི་ཞལ་བྲིའོ༔ ཛཾ་དམར་རྒྱན་དང་བཅས་པ་བྲི་ཞལ་ཤེས་ཡིན། དེ་ནས་རབ་གནས་མངའ་གསོལ་བྱེད། གའུ་ཐོད་པ་སོགས་སྐབས་དང་སྦྱར་དེ་རྣམས་ཀྱི་ནང་དུ་བཅུག་བང་མཛོད་དུ་སྦས། དུས་སུ་མངའ་གསོལ་བས་ཡིད་བཞིན་ནོར་བུ་བསམ་འཕེལ་དང་འདྲའོ༔


CMR045_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་པ་ལས་ཆེར་ཟབ་པ་གདམས་པ་ཟབ་མོ་འདི་ནི་ཤིན་ཏུ་གསང་བར་བྱའོ། །ཛཾ་དམར་འཁོར་ལོ་འདི་ནང་ན་གཞུག་པ་ཙམ་གྱིས་ཀྱང་ལོངས་སྤྱོད་ལྷུན་གྲུབ་འབྱུང་ངོ་༔ ཨོཾ་ཧྲཱིཿཛཾ་བྷ་ལ་ཛ་ལེན་ཡེ་འགྲོ་བ་མིའི་ཙིཏྟ་ལ་ཨ་པ་ར་ཙིཏྟ་ལ་ཛཔ༔ ཨོཾ་ཧྲཱིཿཛཿཧཱུྃ་ཛཾ་བྷ་ལ་རཏྣ་ཨ་མུ་ཀ་ཨ་ཀརྨ་ཡ་ཛཿཛཿནོར་རྫས་ཐམས་ཅད་བདག་ལ་དུང་དུང་བསྡུས་བསྡུས༔ མགོ་ནག་མིའི་སེམས་དཀྲུག་དཀྲུག་སྙིང་འཕྱོ་རུ་ཆུག༔ རྐང་པ་འགྲོ་རུ་ཆུག༔ ཡིད་ཀྱི་རྣམ་པར་ཤེས་པ་རང་དབང་མེད་པར་ཁུག་ལ་ཤོག༔ སརྦ་ལོ་ཀ་ཝཱ་ཤཾ་ཀུ་རུ་ཧཱུྃ༔ ཚེག་བར་གྱི་མཚམས་བདུན་ཡོད༔ ཨྠྀི༔ རྩིབས་བཅུ་དྲུག་གི་གནོད་སྦྱིན་ཕོ་མོ་བཅུ་དྲུག་ཤར་དུ་མ་ཎི་བྷ་དྲ༔ དེའི་མཆན་ཙནྡྲ་ཀཱནྟེ་ལྟ་བུའི་ཕོ་མོ་སྤེལ་མ་ཡིན། ལར་དབུས་ཀྱི་ས་བོན་སྐུ་འདྲའི་མགོ་ངོས་ལ་དབུ་སྟོན། གཞན་སྔགས་འཁོར་ཐམས་ཅད་སྔགས་མགོ་ས་བོན་གྱི་མདུན་སྐུ་འདྲའི་འདོམས་བར་ནས་བཟུང་དགོས། སྔགས་རིང་སྒོམ་ལུགས་ནི་ཕྱག་གཡས་ཀྱི་དང་པོ་ལ། ཨོཾ་ཧྲཱིཿཛཾ་བྷ་ལ་ཛ་ལེནྡྲ་ཡེ། བར་མ་ལ། འགྲོ་བ་མིའི་ཙིཏྟ་ལ་ཨ་པར་ཙིཏྟ་ཛ༔ ཐ་མ་ལ། ཨོཾ་ཧྲཱིཿཛཿཧཱུྃ་ཛཾ་བྷ་ལ་རཏྣ་ཨ་མུ་ཀ་ཨ་ཀརྨ་ཡ་ཛཿཛཿདེ་གསུམ་སྔགས་མགོ་སོར་རྩེ་ནས་བཟུང་།


CMR045_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་གསུམ་སྔགས་མགོ་དཔུང་པ་ནས་བཟུང་། གཡོན་དང་པོ་ལ། ནོར་རྫས་ཐམས་ཅད་བདག་ལ་དུང་དུང་བསྡུས་བསྡུས། བར་པ་ལ། མགོ་ནག་མིའི་སེམས་དཀྲུག་དཀྲུག །སྙིང་འཕྱོ་རུ་ཆུག །ཐ་མ་ལ་རྐང་པ་འགྲོ་རུ་ཆུག །ཞབས་གཡས་ནང་མ་ལ། ཡིད་ཀྱི་རྣམ་པར་ཤེས་པ་རང་དབང་མེད་པར་ཁུག་ལ་ཤོག །སོར་རྩེ་ནས་མགོ་བཟུང། གཡོན་ནང་མ་ལ། སརྦ་ལོ་ཀ་ཝཱ་ཤཾ་ཀུ་རུ་ཧཱུྃ། པུས་མོ་ངོས་ནས་མགོ་བཟུང་སྒྲི། ཤིན་ཏུ་རྒྱ༔ ཤིན་ཏུ་རྒྱ༔ ཤིན་ཏུ་རྒྱ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ།

ཛཾ་དམར་རྒྱུན་ཁྱེར།


CMR045_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཛཾ་དམར་རྒྱུན་ཁྱེར་བཞུགས་སོ།


CMR045_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཛཾ་བྷ་ལ་དམར་པོའི་གཞུང་ལས། བསྙེན་པ་ཅི་རིགས་བྱ། རབ་སྟོང་། འབྲིང་ལྔ་བརྒྱ། ཐ་མ་སུམ་བརྒྱ་ཆག་མི་རུང་། ཐོ་རངས་ཀྱི་ཆའམ་མཚན་མོའི་ཆ་ལ་བཟླ་ཞིང་། གོང་གི་དམིགས་པ་ཡང་ཡང་བསྒོམ། ནམ་ལངས་པ་དང་ཆུ་སྦྱིན་ལ་གཏོར་མ་བཏང་། རྒྱུན་དུ་བཟླས་པས་འགྲུབ་སྟེ། སྔོན་དུ་བསྙེན་པ་ཞག་བདུན་བྱས། དེ་ནས་རྒྱུན་དུ་བཟླས་པ་བྱས་ན་ལེགས། ཞེས་གསུངས་པས། ནུབ་བསྙེན་པ་དང་གཏོར་བསྔོས་གྲལ་གཏོར་མ་བསྔོ་བ་དང་། ནངས་སྔ་ཆུ་སྦྱིན་པ་གསུམ་དམ་ཚིག་ཡིན་པས་མ་ཆག་པར་གལ་ཆེ། དེ་ཡང་བསྙེན་པ་དེ་ཙམ་མ་ཆག་པར་མ་བྱུང་ན་ཆག་ཐེབས་བྱ། དེའང་མ་ལྕོགས་ན་སྟོང་མན་ཆད་ནས་ཚར་བདུན་ཡན་ནུབ་གང་ཐོན། ཚར་བདུན་སོགས་མ་ཐོན་ན། རང་ཉིད་ཡི་དམ་མམ། ཛཾ་


CMR045_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དམར་བྱེ་བ་ཕྲག་བརྒྱ་དུས་གཅིག་ལ་གསལ་བཏབ་ལ་སྔགས་ཅུང་ཟད་བཟླས་པས་ཀྱང་དམ་ཚིག་དང་མི་འགལ་བར་འགྱུར་རོ། །དམིགས་པ་ནི་རྩ་བའི་དམིགས་པ་ཉིད་ཡིན་ནོ། །རྒྱུན་ཁྱེར་གཏོར་ཆོག་མང་པོ་མ་ལྕོགས་ན་རྩ་སྔགས་ལ་བ་ལིཾ་ཏ་ཁཱ་ཧི་བཏགས་པས་ཀྱང་དམ་ཚིག་མི་འགལ་བ་ཙམ་འོང་། དེ་བས་རྒྱུས་ཙམ་བྱེད་ན། གཞུང་གི་བསྟོད་པ་དེ་བརྒྱུད་ཚིག་བྱིན་རླབས་ཆེ་བས་དེ་གཏོར་ཆོག་ཚིག་བསྒྱུར་ལ་འདོན། མངོན་རྟོགས་སྐད་ཅིག་ལ་གསལ་བཏབ་པས་ཆོག །ངག་ཏུ་བརྗོད་མི་དགོས། ནུབ་བསྙེན་པ་དུས་ཀྱང་མངོན་རྟོགས་སྐད་ཅིག་ལ་ཡིད་ཀྱིས་གསལ་བཏབ་ལ་བསྙེན། ངག་ཏུ་འདོན་མི་དགོས་པ་ཡིན། མཐར་རང་ལ་བསྟིམ། ཨོཾ་ཨཱ༔ཧཱུྃ་གིས་བྱིན་གྱིས་བརླབས། བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་


CMR045_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་ཞིང་། །ཐུགས་རྗེ་ཆགས་པས་སྐུ་མདོག་དམར་པོར་བཞུགས། །དབང་གི་ཕྲིན་ལས་རྫོགས་མཛད་ཛཾ་བྷ་ལ། །མ་ལུས་འགྲོ་བའི་རེ་སྐོང་འདིར་གཤེགས་བཞུགས༔ ཕུན་སུམ་ཚོགས་པའི་གཟུགས་སྒྲ་དྲི་རོ་རེག༔ མང་ཞིང་རྒྱ་ཆེ་བདུད་རྩིའི་མཆོད་གཏོར་བཞེས༔ གཡས་ཞལ་དཀར་བས་ལྷ་རྣམས་དབང་དུ་སྡུད༔ གཡོན་ཞལ་སྔོ་བས་ཀླུ་རྣམས་དབང་དུ་སྡུད༔ རྩ་ཞལ་དམར་བས་མི་རྣམས་དབང་དུ་སྡུད༔ སྲིད་གསུམ་དབང་དུ་སྡུད་པའི་ཕྲིན་ལས་མཛོད༔ ཞལ་གསུམ་ཕྱག་དྲུག་ཞབས་བཞིས་ནོར་སྐྱུགས་མནན༔ འགྲོ་བའི་རེ་སྐོང་ཡིད་བཞིན་རིན་པོ་ཆེ༔ ཁམས་གསུམ་འགུགས་པར་བྱེད་པའི་ལྕགགས་ཀྱུ་གཉིས༔ གཡས་གཉིས་དང་པོ་བར་པས་བསྣམས་པར་བྱེད༔ འཕགས་པ་སྨུག་འཛིན་ཡབ་ཡུམ་ཐུགས་དམ་བསྐང་༔ རིན་ཆེན་ཐོད་པ་ཞགས་པ་གཡོན་གཉིས་ན༔ ཐ་གཉིས་ནེའུ་ལེ་བཙིར་བས་རིན་ཆེན་འབེབས༔ རྣམ་མང་རིན་ཆེན་ནོར་གྱི་ཆར་པ་ཕོབ༔ མ་ལུས་འགྲོ་བའི་རེ་སྐོང་ཡབ་དང་ཡུམ༔ ནོར་སྐྱུགས་ཕོ་མོར་བཅས་ལ་གསོལ་ཞིང་མཆོད༔ སྐུ་ལ་རིན་ཆེན་དུ་མས་རྣམ་པར་བརྒྱན༔ ཀླུ་ཆེན་བརྒྱད་དང་ལྷ་ཡི་ན་བཟའ་


CMR045_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བཀླུབས༔ སྒེག་པའི་ཉམས་ལྡན་འགྲོ་བ་ཀུན་ཡིད་འགུགས༔ མགོན་པོ་ཛཾ་བྷ་ལ་ལ་ཕྱག་འཚལ་བསྟོད༔ བདག་ལ་ལོངས་སྤྱོད་ནོར་ཆེན་དངོས་གྲུབ་སྩོལ༔ ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་གྷིསྭཱ་ཧཱ༔ བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ། བཛྲ་མུཿ ཞེས་པས་རང་གི་སྙིང་གར་བསྡུའོ༔ དེ་ལྟར་ཤོ་ལོ་ཀ་ཕྱེད་དྲུག་གི་ལས་བྱང་བསྐང་བ་གསོལ་ཁ་ཚང་། བརྩམས་པ་དང་མི་འདྲ་རྒྱུད་ཚིག་བྱིན་རླབས་ཆེ་སྟེ་བསྟོད་པའི་ཕྲེང་སྔགས་ཀྱང་ཡིན་པའོ། །ནངས་སྔ་ཆུ་སྦྱིན་ནི། ཆུ་བླུགས་པ་སོགས་མ་ཐོན་ཀྱང་དོ་དགོང་ནས་ཟངས་ཐེབ་ནང་དུ་ཡོན་ཆབ་གཅིག་བཤམས་ལ་བྲན་བཞག་ནས། ནངས་སྔ་ཆུ་ཕུལ་བ་གསོལ་བར་བསྒོམས་པས་ཆོག དེར་སྐད་ཅིག་གིས་ཛཾ་དམར་ཡབ་རྐྱང་བསྐྱེད་ནས་ཡེ་ཤེས་སྤྱན་འདྲེན་སོགས་མི་དགོས༔ དམ་ཡེ་དབྱེར་མེད་ལ་ཡུམ་མེད་པ། ཐུགས་ཀར་རཾ་ལས་མེ་འབར་བས་སྐོམ་པ་ལ་ཆུ་ཕུལ་བས་མཉེས་ནས་ཞལ་བདུན་ནས་རིན་པོ་ཆེ་སྐྱུགས་པ་ཡིད་ཀྱིས་བསྒོམ་ཞིང་སྔགས་བརྒྱ་རྩའམ་བདུན་ལས་མི་ཉུང་བ་བརྗོད་ནས། ཡིད་བཞིན་རིན་ཆེན་གཏེར་འདི་བསྒྲུབ་པ་དང་༔ མ་ལུས་འགྲོ་བའི་དབུལ་བ་བསལ་བའི་ཕྱིར༔ ནོར་ལྷ་ཀུན་གྱི་ནང་ནས་ཛཾ་བྷ་ལ༔ དམར་པོ་གསུང་གི་ལྷ་ལ་ཕྱག་འཚལ་བསྟོད༔ བདག་ལ་ལོངས་སྤྱོད་ནོར་ཆེན་དངོས་གྲུབ་སྩོལ༔ ཆུ་དེ་བྱང་ཆུབ་སེམས་ཀྱི་ངོ་བོ་དམར་ལྟེམ་མེ་


CMR045_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བ་དངོས་གྲུབ་བླངས་པར་བསྒོམས་ལ་སྲིན་ལག་གིས་ལྕེ་ལ་བཞག །དེ་མ་ལྕོགས་ན་བཞག་པའི་ཚུལ་བྱ། ཆུ་ལ་སྲིན་མཛུབ་སྦྱར་བ་ལྕེ་ལ་བཞག་ཚུལ་བྱས་ལ་དངོས་གྲུབ་ཐོབ་པར་བསམས་ལ། འདི་ཙམ་མ་ཆག་པ་གལ་ཆེ་ཞིང་། གལ་ཏེ་རྣམ་གཡེང་ཆེ་བས་ཆག་ཤོར་ན། དེ་དམ་ཚིག་གསོ་ཐབས་ནི། ཚེས་བརྒྱད་དང་། བཅོ་ལྔ། གནམ་གང་དང་མར་ངོའི་ཚེས་བརྒྱད་དམ་ཉི་ཤུ་གསུམ་ཉིན་ཆག་ཐེབས་ཀྱི་གཏོར་མ་ཆུ་གཏོར་བཏང་། དེ་ནུབ་ཆག་ཐེབས་ཀྱི་བསྙེན་པ། །གཏོར་བསྔོས་ཆག་ཐེབས་རྣམས་བྱའོ། །དུས་དེ་རྣམས་ནོར་ལྷ་རྒྱུ་བའི་དུས་ཁྱད་པར་ཅན་ཡིན་པ་དང་། འབུམ་འགྱུར་གྱི་དུས་ཀྱང་ཡིན་པས་ཆག་ཉམས་སོར་ཆུད་པར་འགྱུར་རོ། །ཞེས་པ་སློབ་བུ་པདྨ་ཡེ་ཤེས་ཀྱིས་བསྐུལ་བ་ལ་བརྟེན་ནས་ཤིང་སྤྲུལ་བདུད་རྩི་འཁྱིལ་བའི་ལོར་མེ་ཏོག་སེར་པོ་རྒྱས་པའི་ཕྲིན་ལས་འགྲུབ་པའི་ཟླ་བ་དམར་པོའི་ཕྱོགས་ཀྱི་ཚེས་བཅུའི་ཉི་དྲོས་རྒྱས་པའི་ཕྲིན་ལས་དབུ་བཙུགས་པར་ཤིས་པའི་དུས་ལ་བྲིས་པ་ལ་ཉེས་འགལ་མཆིས་ན་ལྷ་ལ་བཤགས་ཤིང་དགེ་བས་སེམས་ཅན་དཔག་ཏུ་མེད་པ་བདེ་སྐྱིད་ལོངས་སྤྱོད་ཕུན་སུམ་ཚོགས་པའི་རྒྱུ་རུ་གྱུར་ཅིག །ཁྱད་པར་དུ་དམ་པའི་ཆོས་སྒྲུབ་པ་རྣམས་ཀྱི་མཐུན་རྐྱེན་ཕུན་སུམ་ཚོགས་པའི་ཆེད་དུ། རཱ་ག་ཨ་སྱས་བྲིས་པ་མངྒ་ལཾ། །

ཡོན་ཏན་མཁན་པོ་ཕྲིན་ལས་འགྲོ་དོན་ཆུང་བ་རྒྱས་པར་བྱེད་པའི་མན་ངག


CMR045_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་མཁན་པོ་ཕྲིན་ལས་འགྲོ་དོན་ཆུང་བ་རྒྱས་པར་བྱེད་པའི་མན་ངག་བཀའ་རྒྱ་ཅན་གཞན་ལ་སྤེལ་བའི་སྲོལ་མེད་དོ།།


CMR045_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཀརྨ་དེ་ཝ་པུཤྲཱི་ཡེ། མགོན་པོ་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ། །ཡོན་ཏན་མཁན་པོ་ཕྲིན་ལས་འགྲོ་དོན་རྣམས། །ཆུང་བར་འགྱུར་ན་བསྙེན་སྒྲུབ་མཆོད་གཏོར་བརྩོན། །རང་ཉིད་ཛཾ་ལྷ་དམར་པོ་ཞལ་གཅིག་པ། །ཕྱག་གཉིས་གཡས་པས་ཐོད་ཁྲག་གཡོན་ནེའུ་ལེ། །དར་དང་རིན་ཆེན་རྒྱན་ལྡན་འདོར་ཐབས་བཞེངས། །ཐུགས་ཀར་ཡི་གེ་ཛཾ་ཡིག་མཚན་པའོ། །དེ་ཡི་ཞབས་འོག་ཨ་པར་ཙིཏྟ་སྔོ། །དར་སྔོན་བེར་གྱོན་ལྕགས་ཀྱུ་ཞགས་པ་ཐོགས། །ཞབས་གཉིས་འདོར་ཐབས་ཐུགས་ཀར་ཧྲཱིཿཡིས་མཚན། །དེ་ཡི་ཞབས་འོག་ཐེའུ་རང་ལས་མཁན་གསུམ། །སྔོན་པོ་གཅེར་


CMR045_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཨ་ཙ་ར་ཡི་གཟུགས། །མཚན་མ་གྱེན་བསྒྲེང་རྒྱུག་ཅིང་འཕྱོང་བའི་ཚུལ། །གསུམ་ཀའི་ཐུགས་ཀར་ཡི་གེ་ཏྲི་ཡིག་མཚན། །རང་ཉིད་ཛཾ་ལྷས་ཨ་པར་ཙིཏྟ་མནན། །ཙིཏྟས་འོག་གི་ཐེའུ་རང་སྤུན་གསུམ་མནན། །གཅིག་གིས་གཅིག་གཟིར་འོག་མས་མ་བཟོད་ནས། །རང་འདྲའི་ལས་མཁན་ཡུལ་ཕྱོགས་ཁྱབ་པར་འཕྲོས། །ཡོན་ཏན་མཁན་པོ་སུ་ལ་མཁོ་ཚད་ཀུན། །ལྕགས་ཀྱུས་སྙིང་བཟུང་ཞགས་པས་མགུལ་ནས་བཅིངས། །རང་དབང་མེད་པར་རང་གི་མདུན་དུ་ཁྲིད། །གུས་ཤིང་འདུད་ནས་གསོལ་བ་འདེབས་པར་བསྒོམ། །བསྙེན་པ་ཅུང་ཟད་བཟླ། །


CMR045_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མདུན་རང་རང་ཐུགས་ཀར་རང་རང་སྔགས། །གཡས་བསྐོར་དྲག་ཏུ་འཁོར་བར་བསྒོམ་པ་དང་། །བདག་ལས་འོད་འཕྲོས་མདུན་བསྐྱེད་ལྷ་རྣམས་བསྐུལ། །གོང་མས་ལྟའོག་མ་གཟིར་བས་སྤྲུལ་པ་འགྱེད། །ཡོན་ཏན་མཁན་པོ་སུ་ལ་མཁོ་ཚད་ཀུན། །ལྕགས་ཀྱུས་སྙིང་བཟུང་ཞགས་པས་མགུལ་ནས་བཅིངས། །རང་དབང་མེད་པར་རང་གི་མདུན་དུ་ཁྲིད། །གུས་ཤིང་འདུད་ནས་གསོལ་བ་འདེབས་པར་བསྒོམ། །བསྙེན་པ་དུས་བཞི་ལ་སུམ་བརྒྱ་རེ་ཞལ་ཤེས་བཞིན་བཟླ། དེ་ནས་མཐུན་གཏོར་ཟུར་གསུམ་ཤ་ཁྲག་གིས་བརྒྱན་པ་ཅིག །འབྲིང་མར་དང་ཐུད་དང་ཐ་མ་མཐེབ་སྐྱུ་བཞག་ལ་བྲན། ཨོཾ་ཨཱཿཧཱུྃ་ཧ་ཧོ༔ཧི༔ ཞེས་བདུད་རྩིས་རང་བཞིན་ཟས་སྣ་ཚོགས་སུ་བསྒོམས་ལ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་ཧྲཱིཿ ཨ་པར་ཙིཏྟ་ཛཛ༔ ཏྲིའུ་ཏྲིའུ་ནཱ་ག་པ་ཏི་ཏྲིའུ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ལན་གསུམ་བརྗོད། ཧཱུྃ། དཔལ་ལྡན་མགོན་པོ་ཛཾ་བྷ་ལ༔ མྱུར་དུ་དྲག་ཏུ་བསྐུལ་བའི་ཚེ༔ སྐུ་མདོག་དམར་ལ་འོད་ཟེར་འཕྲོ༔ ཕྱག་གཡས་རིན་ཆེན་ཐོད་ཁྲག་བསྣམས༔ གཡོན་པས་གཏེར་གྱི་ནེའུ་ལེ་བཙིར༔ ཞབས་གཉིས་ཨ་པར་ཙིཏྟ་གཟིར༔ དར་དང་རིན་ཆེན་རྒྱན་ཆ་ཁྲོལ༔ འདིར་གཤེགས་བརྒྱན་པའི་གཏོར་མ་


CMR045_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས༔ ཐུགས་དམ་དམ་བཅའི་དུས་ལ་བབ༔ དགོས་འདོད་ལོངས་སྤྱོད་ཆར་ལྟར་ཕོབ༔ བཅོལ་བའི་ཕྲིན་ལས་དུས་ལ་བབ༔ གནོད་སྦྱིན་གཞན་གྱིས་མི་ཐུབ་པ༔ སྐུ་མདོག་སྔོན་པོ་བརྗིད་པའི་ཞལ༔ སྐུ་ལ་དར་སྔོན་བེར་ཆེན་གསོལ༔ དབུ་སྐྲ་རལ་པའི་ཐོར་ཚུགས་བཅིངས༔ རིན་ཆེན་རྒྱན་ཆ་ཀུན་གྱིས་བརྒྱན༔ ཞབས་གཉིས་འདོར་ཐབས་ལས་མཁན་གཟིར༔ ཕྱག་གཉིས་ལྕགས་ཀྱུ་ཞགས་པ་བསྣམས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ སྟོབས་དང་འབྱོར་བའི་དངོས་གྲུབ་སྩོལ༔ ཞབས་འོག་གནོད་སྦྱིན་ཐེའུ་རང་གསུམ༔ མདོག་སྔོན་ཨ་ཙ་ར་ཡི་གཟུགས༔ དབུ་སྐྲ་ཐོར་ཅོག་ཨག་ཚོམ་རིང་༔ གཅེར་བུ་ལིང་ག་གྱེན་དུ་བསྒྲེང་༔ ཕྱག་ན་ལྕགས་ཀྱུ་ཞགས་པ་ཐོགས༔ སྲིད་པའི་རླུང་བཞིན་ཀུན་ཏུ་རྒྱུ༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོ༔ ཕྲིན་ལས་འགྲོ་དོན་རྒྱས་པར་མཛོད༔ ལས་བྱེད་མཁའ་འགྲོ་སྐུ་མདོག་དམར༔ གཅེར་བུ་མེ་ཏོག་དམར་པོ་དང་༔ དར་དམར་རིན་ཆེན་རྒྱན་གྱི་མཛེས༔ ཕྱག་ན་ལྕགས་ཀྱུ་ཞགས་པ་འཛིན༔ ཀུ་རུ་ཀུལླེའི་སྤྲུལ་པ་


CMR045_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ༔ བསེ་ལམ་མཁའ་འགྲོའི་ངོ་བོ་ཉིད༔ བྱེ་བ་དུང་ཕྱུར་འཇིག་རྟེན་གང་༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས༔ སྣང་སྲིད་ཐམས་ཅད་དབང་དུ་སྡུད༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ༀ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་ཧྲཱིཿ ཨ་པ་ར་ཙིཏྟ་ཧཱུྃ་ཧཱུྃ་ཛ༔ཛ༔ ཏྲིའུ་ཏྲིའུ་ནཱ་ག་པ་ཏི་ཏྲིའུ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ལན་གསུམ་བརྗོད། བསྙེན་པ་བརྒྱ་སྟོང་ཁྲི་སོགས་གང་མོས་བཟླ༔ ཡོན་ཏན་འགྲིམ་སྒོ་ཅི་ཡང་མེད་པའི་མིས། །འདི་ཉིད་བསྒྲུབས་ནས་ཟླ་ཤས་ཙམ་སོང་ནས། །གདུལ་བྱའི་སྒོ་འབྱེད་དེ་ནས་ཇེ་རྒྱས་འགྲིམ། །ཞག་གཅིག་ཙམ་ཡང་གདུལ་བྱས་མི་ཁོམ་པ། །ཟླ་མཚམས་ཙམ་ཡང་འདུག་ཏུ་མི་བཅུག་པ། །དེ་འདྲ་མང་པོ་བྱུང་བ་མྱོང་བས་འགྲུབ། །གཡེང་བ་ཆེ་དྲགས་ཐུགས་དམ་མི་འཕེལ་ན། །འཁོར་ལོ་བཀྲོལ་ལ་སྔགས་ཀྱི་བཟླས་འཕྲོ་བཅད། །དེས་ཀྱང་མི་ཕན་དེ་མུས་འབྱམས་ཉན་གདའ། །དེ་ཚེ་ཞེ་བཅད་གྱིས་ལ་བསྒྲུབ་ལ་འབུངས། །གནད་ཀྱི་ཞལ་ཤེས་གཉིས་ནི་ཐུགས་ལ་གབ། །འདི་བྲིས་ཉེས་ལྟུང་ལྟུང་བཤགས་ལྷ་ལ་བཤགས། །འདི་ཕྱིར་གང་དུའང་སྒྲིབ་པར་མ་གྱུར་ཅིག །འདི་བྲིས་དགེ་བའི་རྩ་བ་མཆིས་སྲིད་ན། །བླ་མ་མཚན་ལྡན་ཁྱི་ལྟར་མི་འཁྱམས་པ། །འགྲོ་བ་ཀུན་གྱིས་གཙུག་ཏུ་བཀུར་བར་ཤོག །རྫུན་ཟོབ་ཁྲམ་གྱིས་མི་མགོ་བསྐོར་བའི་མིས། །འདི་ཉིད་བསྒྲུབས་ན་འདི་ཡི་གཏེར་སྲུང་ནི། །གཉན་ཆེན་ཐང་ལྷ་འཁོར་དང་བཅས་པ་ཡིས། །དེ་ཡི་


CMR045_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་བསྒྲུབ་ཏུ་མ་བཅུག་ཅིག །བཀའ་འདིའི་སྲུང་མ་གཏེར་སྲུང་ཁྱོད་ཀྱིས་མཛོད། །ད་ལམ་སྙིང་གི་སློབ་བུ་ཁྱོད་ཉིད་ལ། །དཔེ་ཆ་མང་པོ་བྲིས་པའི་ཚག་གླར་སྦྱིན། །སྙིང་གི་སློབ་མ་རེ་ཙམ་མ་གཏོགས་པ། །མང་དུ་སྤེལ་བས་གསང་བའི་དམ་ཚིག་ཉམས། །གདམས་པ་འཆལ་བས་ཁ་འབྱང་མཁའ་འགྲོ་འཁྲུག །ལོག་ཚོགས་མང་པོས་གཞི་འགྱུར་ངན་སོང་རྒྱུ། །དེ་བས་གསང་བའི་དམ་ཚིག་ཐུབ་པར་སྲུངས། །དེ་སྐད་རཱ་ག་ཨ་སྱས་འཕྲལ་དུ་བྲིས། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཛཾ་དམར་གཏོར་ཆོག་ཉུང་བསྡུས།


CMR045_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཛཾ་དམར་གཏོར་ཆོག་ཉུང་བསྡུས་ནི། ན་མོ། དཀོན་མཆོག་གསུམ་དང་ཛཾ་བྷ་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །འགྲོ་བའི་དབུལ་ཕོངས་བསལ་བའི་ཕྱིར། །བདག་གི་ཛཾ་ལྷ་བསྒྲུབ་པར་བྱ། །ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་རང་མདུན་དུ། །པད་ཉི་ཟླ་སྟེང་ཛ་ཡིག་ལས། །འོད་འཕྲོས་ཡོངས་སུ་གྱུར་པ་ལས། །ཛཾ་ལྷ་དམར་པོ་སྒེག་པའི་ཉམས། །གཡས་དཀར་གཡོན་སྔོ་དབུས་ཞལ་དམར། །ཕྱག་དྲུག་དང་པོ་རིན་ཆེན་ཐོད། །བར་པས་ལྕགས་ཀྱུ་ཞགས་པ་དང་། །མཐའ་གཉིས་གཏེར་གྱི་ནེའུ་ལེ་བསྣམས། །ཀླུ་བརྒྱད་དར་དང་ནོར་བུའི་བརྒྱན། །ཞབས་བཞི་གནོད་སྦྱིན་ནོར་སྐྱུགས་མནན། །དེ་ཡི་ཐུགས་ཀར་ཧཱི༔ཡིག་ལས། །ཀུ་རུ་ཀུལླེ་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་གར་སྟབས་བཞུགས། །ཕྱག་བཞི་དང་པོའི་མདའ་གཞུ་འགེངས། །འོག་མས་ལྕགས་ཀྱུ་ཞགས་པ་བསྣམས། །ཐུགས་ལས་ལྷ་མོ་གྲངས་མེད་འཕྲོས། །ཀུན་གྱི་གནས་གསུམ་འབྲུ་གསུམ་དང་། །ཐུགས་སྲོག་ཛཾ་ལས་འོད་འཕྲོས་པས། །རང་བཞིན་གནས་ནས་སྤྱན་དྲངས་སོ། །ཧཱུྃ། རང་བཞིན་དག་པའི་གཞལ་ཡས་ནས།


CMR045_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་ཀུན་གྱི་གསུང་སྤྲུལ་ཏེ། །བསོད་ནམས་ལོངས་སྤྱོད་ཀུན་གྱི་བདག །སྨུག་འཛིན་དམར་པོ་གཤེགས་སུ་གསོལ། །ཨོ་རྒྱན་རང་བྱུང་གནས་མཆོག་ནས། །དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ། །དབང་གི་རང་བཞིན་དངོས་གྲུབ་ཅན། །ཀུ་རུ་ཀུལླེ་གཤེགས་སུ་གསོལ། །ལྕང་ལོ་ཅན་གྱི་གནས་མཆོག་ནས། །རྣམ་ཐོས་སྲས་ཀྱི་དཀོར་སྲུང་སྟེ། །རིན་ཆེན་ཆར་རྒྱུན་འབེབས་མཛད་པ། །ནོར་སྐྱུགས་ཡབ་ཡུམ་གཤེགས་སུ་གསོལ། །ཛཾ་ལྷ་ཡབ་ཡུམ་འཁོར་དང་བཅས། །འགྲོ་བའི་དོན་དུ་བྱོན་པ་ལེགས། །རབ་ཏུ་གུས་པར་ཕྱག་འཚལ་ཞིང་། །སྣ་ཚོགས་པདྨ་ཉི་ཟླའི་སྟེང་། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོཾ་ཛཾ་བྷ་ལ་ཡཀྵ་ཛཿཧཱུྃ་བཾ་ཧོཿ ཧཱུྃ། ཛཾ་ལྷ་ཡབ་ཡུམ་འཁོར་བཅས་ལ། །དངོས་འབྱོར་ཡིད་ལས་སྤྲུལ་པ་ཡི། །ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །བཀྲ་ཤིས་རྟགས་བརྒྱད་རིན་ཆེན་བདུན། །གསང་བའི་རིག་མ་བཅུ་དྲུག་དང་།། ཛ་གད་ཚྭ་ས་ཞུན་མར་དང་། །རིན་ཆེན་འབྲུ་སྨན་དར་ཟབ་བཅས། །དཀར་དམར་རྒྱན་ལྡན་བ་ལིཾ་ཏ། །གུས་པས་འབུལ་གྱིས་བཞེས་སུ་གསོལ། །དགྱེས་པའི་ཚུལ་གྱིས་


CMR045_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ནས་ཀྱང་། །བསོད་ནམས་ནོར་གྱི་དངོས་གྲུབ་སྩོལ། །འཛམ་གླིང་གཏེར་གྱི་དངོས་གྲུབ་སྩོལ། །རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ། །ལྷབ་ལྷུབ་གོས་ཀྱི་དངོས་གྲུབ་སྩོལ། །བང་མཛོད་འབྲུ་ཡི་དངོས་གྲུབ་སྩོལ། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ། །སྙན་གྲགས་གདུལ་བྱའི་དངོས་གྲུབ་སྩོལ། །འཛད་མེད་གཏེར་གྱི་༔ དངོས་གྲུབ་སྩོལ། །སྔོན་གྱི་ཐུགས་དམ་མ་གཡེལ་བར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་མང་ཞིང་རྒྱ་ཆེ་བའི་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་དང་། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧི༔ ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་ནི། བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་ཞིང་། །ཐུགས་རྗེས་ཆགས་པས་སྐུ་མདོག་དམར་པོར་བཞུགས། །དབང་གི་ཕྲིན་ལས་རྫོགས་མཛད་ཛམྦྷ་ལ། །མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད། །ཅེས་པ་ཙམ། སྤྲོ་ན་བསྟོད་པ་རྒྱས་པར་བྱ། འཕགས་པ་ཛཾ་ལྷ་ཡབ་ཡུམ་དགོངས་སུ་གསོལ། །བདག་ནི་ཐོག་མེད་དུས་ནས་


CMR045_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟའི་བར། །རྐུ་འཕྲོག་རློམ་སེམས་སེར་སྣ་བགྱིས་པ་སོགས། །དབུལ་ཕོངས་སྦེ་ཏའི་རྒྱུ་བསགས་ཅི་མཆིས་པ། །རབ་ཏུ་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས། །འདི་ཕྱི་སྒྲིབ་པར་མི་འགྱུར་དངོས་གྲུབ་སྩོལ། །ཅེས་ཡི་གེ་བརྒྱ་པ་བཟླ། འདི་བྲིས་ཉེས་བཤགས་དགེ་བ་བྱང་ཆུབ་བསྔོ། །ཞེས་པ་སྤྲུལ་སྐུ་བ་ལྷ་མོས་བཞེད་པ་ལྟར་ཀརྨ་ཨ་རཱ་གས་སྦྱར་བའོ། །མངྒ་ལཾ།། །།

ཛཾ་ལྷ་ལ་དམར་པོའི་རྒྱུན་ཁྱེར་ནོར་བུའི་བང་མཛོད།


CMR045_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཛཾ་ལྷ་ལ་དམར་པོའི་རྒྱུན་ཁྱེར་ནོར་བུའི་བང་མཛོད་བཞུགས་སོ། །ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ནས། བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་ཞིང་༔ ཐུགས་རྗེས་ཆགས་པས་སྐུ་མདོག་དམར་པོར་བཞུགས༔ དབང་གི་ཕྲིན་ལས་རྫོགས་མཛད་ཛཾ་བྷ་ལ༔ མ་ལུས་འགྲོ་བའི་རེ་སྐོང་འདིར་གཤེགས་བཞུགས༔ ཕུན་སུམ་ཚོགས་པའི་གཟུགས་སྒྲ་དྲི་རོ་རེག་མང་ཞིང་རྒྱ་ཆེ་བདུད་རྩིའི་མཆོད་གཏོར་བཞེས༔ གཡས་ཞལ་དཀར་བས་ལྷ་རྣམས་དབང་དུ་སྡུས༔ གཡོན་ཞལ་སྔོ་བས་ཀླུ་རྣམས་དབང་དུ་སྡུས༔ རྩ་ཞལ་དམར་བས་མི་རྣམས་དབང་དུ་སྡུས༔ སྲིད་གསུམ་དབང་དུ་སྡུད་པའི་ཕྲིན་ལས་མཛོད༔ ཞལ་གསུམ་ཕྱག་དྲུག་ཞབས་བཞིའི་ནོར་སྐྱུགས་མནན༔ འགྲོ་བའི་རེ་སྐོང་ཡིད་བཞིན་རིན་པོ་ཆེ༔ ཁམས་གསུམ་འགུགས་པར་བྱེད་པའི་ལྕགས་ཀྱུ་གཉིས༔ གཡས་གཉིས་དང་པོ་བར་པས་བསྣམས་པར་བྱེད༔ འཕགས་པ་སྨུག་འཛིན་ཡབ་ཡུམ་ཐུགས་དམ་བསྐང་༔ རིན་ཆེན་ཐོད་པ་ཞགས་པ་གཡས་གཡོན་བསྣམས༔ མཐའ་གཉིས་ནེའུ་ལེ་བཙིར་ཞིང་རིན་ཆེན་འབེབས༔ རྣམ་མང་རིན་ཆེན་ནོར་གྱི་ཆར་པ་ཕོབ༔ མ་ལུས་འགྲོ་བའི་རེ་སྐོང་ཡབ་དང་ཡུམ༔


CMR045_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་སྐྱགས་ཕོ་མོར་བཅས་ལ་གསོལ་ཞིང་མཆོད༔ སྐུ་ལ་རིན་ཆེན་དུ་མས་རྣམ་པར་བརྒྱན༔ ཀླུ་ཆེན་བརྒྱད་དང་ལྷ་ཡི་ན་བཟས་བཀླུབས༔ སྒེག་པའི་ཉམས་ཅན་འགྲོ་བ་ཀུན་ཡིད་སྡུད༔ མགོན་པོ་ཛཾ་བྷ་ལ་ལ་ཕྱག་འཚལ་བསྟོད༔ བདག་ལ་ལོངས་སྤྱོད་ནོར་གྱི་དངོས་གྲུབ་སྩོལ༔ ཨོཾ་ཛ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧཱུྃསྭཱ་ཧཱ༔ བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་བརྗོད༔ བཛྲ་མུ༔ ཞེས་རང་གི་སྙིང་ཁར་བསྡུའོ། །དེ་ལྟར་ཤོ་ལོ་ཀ་ཕྱེད་དྲུག་གི་ལས་བྱང་བསྐང་བ་གསོལ་ཁ་ཚང་བ༔ བརྩམས་པ་དང་མི་འདྲ་བྱིན་རླབས་ཆེ་སྟེ༔ བསྟོད་པ་འདི་ཕྲེང་སྔགས་ཀྱང་ཡིན་པས་སོ༔ ཞེས་སློབ་བུ་པདྨ་ཡེ་ཤེས་ཀྱིས་བསྐུལ་པ་ལ་བརྟེན་ནས་ཤིང་སྤྲུལ་བདུད་རྩི་འཁྱིལ་པའི་ལོར་ཨ་རཱ་གས་བྲིས།།

གནམ་ཆོས་ནོར་དབང་གི་སྒྲུབ་ཐབས་ཀྱི་ལྷན་ཐབས་སུ་བསྒྲིགས་པའི་འདོན་ཆ།


CMR045_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ནོར་དབང་གི་སྒྲུབ་ཐབས་ཀྱི་ལྷན་ཐབས་སུ་བསྒྲིགས་པའི་འདོན་ཆ་ཞེས་བྱ་བ་བཞུགས་སོ༔ ཧཱུྃ༔ ཡི་གེ་རི་གསེར་ལས་བྱུང་བའི༔ ནོར་དབང་སྐུ་མདོག་ཤིན་ཏུ་དམར༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་ཞལ་དམར་སྐྱས་ལྷ་ཀུན་སྡུད༔ གཡོན་ཞལ་སྨུག་པོས་ཀླུ་ཀུན་སྡུད༔ དབུས་ཞལ་དམར་གསེར་མི་ཀུན་སྡུད༔ དང་པོ་གཉིས་ཀྱིས་ནོར་བུ་ཞུགས༔ བར་མ་གཉིས་ཀྱིས་ལྕགས་ཀྱུ་ནེའུ་ལེ༔ འོག་མ་གཉིས་ཀྱིས་མདའ་དར་དང་༔ ཏང་ཏང་ཏིང་ཏིང་ཕྱག་ན་བསྣམས༔ ཞབས་བཞི་ནེའུ་ལེ་སྟེང་ན་བསྒྲད༔ གཡོན་ན་ཡུམ་མཆོག་དམར་མོ་ནི༔ ཞལ་གཅིག་ཕྱག་གཉིས་ལྕགས་ཀྱུ་དང་༔ གཡོན་པའི་ཕྱག་ན་མེ་ལོང་འཛིན༔ འདིར་གཤེགས་དགྱེས་པའི་གདན་ལ་བཞུགས༔ དམ་རྫས་མཆོད་གཏོར་དགྱེས་པར་བཞེས༔ ཨོཾ་ཨ་བ་སུ་པ་ཤཾ་ཧཱུྃ་ཛ༔ ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨརྒྷཾ་སོགས། ལྷ་ཡི་དབང་པོ་ཀུ་མེ་ཏ༔ ནོ་མེ་ཞེས་ནི་ལྷ་ཡུལ་གྲགས༔ ཀླུ་ཡུལ་ངར་མ་ནི་ཀ་ཞེས༔ མི་ཡུལ་ད་ཆུང་གྲོད་ཆེན་ཟེར༔ ལྕང་ལོ་བ་ཝ་ཡ་མེད་ཟེར༔ གཟའ་ཡུལ་ང་རྒྱལ་དབང་ཆེན་ཟེར༔ ཡ་མཚན་ཅན་ལ་ཕྱག་འཚལ་བསྟོད༔ ཁྱོད་ལ་


CMR045_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཅིང་བསྟོད་པའི་མཐུས༔ ཕྱུགས་ནད་གོད་ཁ་ཞི་བ་དང་༔ ནོར་ལ་ལོངས་སྤྱོད་རྒྱས་པར་མཛོད༔ སྣང་སྲིད་དབང་དུ་འདུ་བ་དང་༔ དགྲ་ཇག་ཆོམ་ཀུན་འཆིང་བར་མཛོད༔ མདོར་ན་ཡིད་ལ་གང་འདོད་པ༔ ཡིད་བཞིན་ནོར་བུ་རིན་ཆེན་ལྟར༔ ཅི་བསམ་ཡིད་བཞིན་འགྲུབ་པར་མཛོད༔ ཨོཾ་ཨ་བཱ་སུ་པ་ཤཾ་ཧཱུྃ་ཛ༔ ཞེས་པ་འདི་ནི་ཐུན་མོང་མ་ཡིན་པའི་ཆོས་སྐལ་དུ་བྱུང་ཞིང་༔ སྔོན་ཆད་འཛམ་གླིང་དུ་མ་གྲགས་པའི་ནོར་ལྷ་ཁྱད་པར་ཅན་གནམ་ཆོས་སྙན་བརྒྱུད་ཟབ་མོ་སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་གཏེར་མ་སྒྲུབ་གཞུང་ནས་བྱུང་སྟེ༔ སྤྲུལ་སྐུ་ཉིད་ཀྱིས་བཀའ་གནང་བ་ལ་བརྟེན་ནས༔ ཨ་རཱ་གས་བྲིས་པའོ།། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག༔ སརྦ་མངྒ་ལཾ། །

ཛཾ་ལྷ་ཉེར་གཅིག་གི་སྐོར་ལས་ཛམ་ནག་བཀའ་རྒྱ་མ།


CMR045_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཛཾ་ལྷ་ཉེར་གཅིག་གི་སྐོར་ལས་ཛམ་ནག་བཀའ་རྒྱ་མ་བཞུགས་སོ༔ ཧཱུྃ༔ ཧཱུྃ་ལས་ཛམྦྷ་ལ་ནག་པོ༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ ཁྲག་གིས་བཀང་བའི་ཐོད་པ་དང་༔ གཡོན་པས་ནེའུ་ལེ་རབ་ཏུ་འཛིན༔ སྤྱན་གསུམ་དམར་ཟླུམ་ཅུང་ཟད་ཁྲོ༔ ཞབས་གཉིས་བརྐྱང་བསྐུམ་འདོར་ཐབས་བཞེངས༔ སྐུ་ལ་རིན་ཆེན་རྒྱན་ཆ་གསོལ༔ གནོད་སྦྱིན་བྱེ་བ་འབུམ་གྱིས་བསྐོར༔ ཁམས་གསུམ་སེམས་ཅན་ཐམས་ཅད་ལ༔ སྙིང་རྗེས་ནོར་གྱི་ཆར་པ་འབེབས༔ ཨཱརྱ་ཛཾ་ལྷ་ནག་པོ་ཁྱེད༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱྭ་དང་གཡང་གི་དངོས་གྲུབ་ནི༔ རི་རབ་ལྟ་བུར་སྤུངས་ཤིང་བྱོན༔ རྒྱ་མཚོ་ལྟ་བུར་འཁྱིལ་ཞིང་བྱོན༔ བར་སྣང་ཆར་བཞིན་འབེབས་ཤིང་བྱོན་བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ སྙིང་རྗེའི་ཤུགས་ཀྱིས་མྱུར་དུ་བྱོན༔ སྦྲ་ཁྱིམ་གཡང་རྟེན་འདི་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ མ་བྱིན་བླངས་དང་སེར་སྣ་བཤགས༔ རི་རབ་གླིང་བཞིའི་ཕྱུ་གཡང་ཁུག༔ དར་པོའི་དར་གཡང་འདིར་ཁུག་ཅིག༔ བཙན་པོའི་བཙན་གཡང་འདིར་ཁུག་


CMR045_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག༔ ཕྱུག་པོའི་ཕྱུག་གཡང་འདིར་ཁུག་ཅིག༔ འཕེན་པོའི་འཕེན་གཡང་འདིར་ཁུག་ཅིག༔ གཡང་རྫས་འདི་ལ་བཅུད་ཕོབ་ཅིག༔ མདའ་དར་འདི་ལ་རྟེན་ཆོས་ཤིག༔ ཨཱརྱ་ཛི་ལྷ་ནག་པོ་ལ༔ གཡང་བཤོས་བ་ལི་མཆོད་པ་འབུལ༔ ཇ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད༔ གཡང་རྫས་རྣམས་ཀྱིས་ཐུགས་དམ་བསྐང་༔ བཙན་ཕྱུག་འཕེན་དར་དངོས་གྲུབ་སྩོལ༔ ཨོཾ་ཨརྱ་ཛཾ་བྷ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁ་ཧི༔ ཞེས་སྔགས་བརྗོད། རི་རབ་གླིང་བཞིའི་དངོས་གྲུབ་བདག༔ ཛཾ་ལྷ་ནག་པོའི་བཀྲ་ཤིས་ཤོག༔ ཅེས་པའི་།ཛཾ་ལྷ་ནག་པོ་འདི་ནི་བཀའ་གཏད་ཡོད་པས་ཛ་ལྷ་ཉེར་གཅིག་གི་གཞུང་དུ་གསང་བར་བྱས་ནས་ལས་བྱང་གཅིག་བྱས་པ་འདི་ནི་ཨ་རཱ་གས་བྲིས་པ་འདི་ཁོ་ན་ལ་བརྒྱ་ཚར་བཏོན་ན་དངོས་གྲུབ་ཆར་ལྟར་འབེབས་པ་ནི་གར་མཁན་མཆོག་གི་རྒྱུད་ལས་གསུངས་སོ༔ ལས་བྱ་དུས་བཏོན་ན་བཟང་བར་བཤད་དོ༔ བཀའ་རྒྱ་ཡོད་པས་གཞན་ལ་མང་དུ་མ་སྤེལ་ཅིག༔

ཛཾ་ལྗང་།


CMR045_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཛཾ་ལྗང་ནི། ཛཾ། སངས་རྒྱས་ཀུན་གྱི་ཕྲིན་ལས་རྫུ་འཕྲུལ་ཅན། །ཨརྱ་ཛཾ་ལྷ་མརྒད་ལྷུན་པོའི་མདོག །རང་འདྲའི་སྤྲུལ་པ་ཕོ་ཉ་ཟུང་འབྲེལ་བརྒྱད། །ཡང་འཁོར་ནོར་ལྷ་རྒྱ་མཚོའི་ལྷ་ཚོགས་རྣམས། །འདིར་བྱོན་ཟག་མེད་གཏོར་མ་བདུད་རྩིའི་མཚོ། །དཀོར་ནོར་རིན་ཆེན་མང་པོའི་མཆོད་པ་འབུལ། །རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང། །མཐུན་རྐྱེན་འབད་མེད་ལྷུན་གྱིས་འགྲུབ་པར་མཛོད། །ཁྱད་པར་བདག་གི་འཁོར་གཡོག་བུ་སློབ་རྒྱས། །དེ་དག་ཀུན་ཀྱང་ཆོས་ལྡན་འབྱོར་པ་འཕེལ། །བཤད་སྒྲུབ་འདུས་པའི་འགྲོ་བ་ཐམས་ཅད་འདུལ། །རྒྱལ་བའི་ཕྲིན་ལས་རྒྱས་པའི་ཕྲིན་ལས་མཛོད།། ༈ ཨ་པ་ར་ཙི་ཏྟ། ཡེ་ཤེས་གྲགས། རྟ་ལྷ་རྣམས་ཀྱི་མཐར། སྔགས་བསྔོས་ཀྱི་མགོར། ཨོཾ་བེ་ཤྲ་མ་ཎ་ཡེ་སྭཱ་ཧཱ། གུ་རུ་མ་ཧཱ་ཀཱ་ལ་ཧ་རི་ནི་ས་སིདྡྷི་ཧཱུྃ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ། ས་པཱ་རི་ཝཱ་ར་སོགས། དེ་མཐར་ལམ་གཏོར་བཏང་ན་དགྲ་རྐུན་ཇག་སོགས་གནོད་པ་མེད་ལ་ཤིན་ཏུ་ཕན་ཆེ་ཞིང་ལེགས། ལམ་གཏོར་རྒྱས་པ་འདི་བཀྲ་ཤིས་དོན་ཚང་བས། ལར་རྒྱུན་དུ་གཞི་སྡོད་སོགས་ཀྱི་ཚེ་ཡང་རྒྱུན་གཏོར་བགྱིས་ན། རྣལ་འབྱོར་ལམ་གྱི་བར་ཆད་ཞི་བ་དང་། ཞེས་པའི་ཚབ་ཏུ། བདག་ཅག་འཁོར་བཅས་བར་ཆད་ཞི་བ་


CMR045_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དང། །མཐུན་རྐྱེན་འབད་མེད་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་སྦྱར་བ་ཡིན། གསོལ་ན་རྩ་གསུམ་གཏོར་མ་ཆེ་བ་སྤྱི་གཏོར་ཡིན། དེའི་འཁོར་ཛཾ་དམར་ལ་ཟླུམ་བཤོས། རྣམ་སྲས་ལ་དམར་གཏོར། དབང་ཕྱུག་ལ་ཟླུམ་བཤོས། ཇི་སེར་ནག་ལ་དཀར་གཏོར། ཛཾ་དཀར་ཀུ་རུ་ཀུལླེ་གཞན་གྱི་མི་ཐུབ་པ་ཡེ་ཤེས་གྲགས་རྣམས་ལ་སོ་སོར་ཟླུམ་བཤོས་རེ་རེ། ཀུ་བེ་ར། རེ་མན། ཉི་མའི་སྙིང་པོ་གསུམ་ལ་དཀར་གཏོར་རེ། དུར་ཁྲོད་བདག་པོ་ངས་ནུས་མ་རྒྱལ་པོ་གསུམ་ལ་དམར་གཏོར་རེ་རེ། གཡུ་སྒྲོན་མ་ཚེ་རིང་མ་སྙིང་དྲུང་བཙན་པོ་གསུམ་ལ་དཀར་གཏོར་རེ་རེ། དམ་ཅན་ལ་དཀར་གཏོར། གེ་སར་ལ་དཀར་གཏོར་འདབ་ལྡན། འགོ་བའི་ལྷ་ལྔ། ཡུལ་ལྷ་ལ་དཀར་གཏོར་རེ། །གཞི་བདག་གཏོར་མ་སྤྱི་གསལ་བཅའ་བ་ཕྱག་ལེན་ནོ། །དེ་ལྟར་མ་ལྕོགས་ཚེ། མར་ཐུད་དུམ་བུ་གྲངས་འདི་འབྱུང་བ་བཅད་ལ་བཤམས་སོ།། ༈ གཏོར་མ་རྒྱས་པ་མ་ལྕོགས་སྐབས། ཟངས་གཞོང་ཡངས་པའི་ནང་དུ། དབུས་སུ་ཞལ་ཟས་དྲིལ་ཁ་མ། གཡས་སུ་དཀར་གཏོར། གཡོན་དུ་དམར་གཏོར། མཐར་འབྲུ་སྣ། ཕྱེ་མར། རིལ་བུ་གང་འཛོམ། རཱ་གས་སོ།། །།

གནོད་སྦྱིན་ཛོ་ཁྲའི་ཟིན་བྲིས།


CMR045_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་ཛོ་ཁྲའི་ཟིན་བྲིས། ན་མོ་ཨརྨ་ཛམྦྷ་ལ་ཡེ། ཛི་ལྷ་ཀུན་འདུས་རླུང་སྒྲུབ་ལག་ལེན་ནི། །ད་ལ་སྤོས་བྱུགས་སྣ་ཚོགས་པདྨའི་སྟེང་། །ཟངས་ལྕགས་གའུ་སྔགས་བྱང་གཡང་ཊི་དང་། །འབྲུ་སྣ་རིན་ཆེན་སྣ་ལྔ་བཅུག་ལ་བཞག །གཏོར་མ་འབྲི་མོག་བྱུགས་པ་ཟུར་གསུམ་ལ། །གཙང་མའི་ཤས་བརྒྱན་མཆོད་པ་སྤྱི་ལྟར་བཤམས། །ཟངས་ཁབ་དར་ཚོན་ལྔ་བཏགས་གོང་རྩར་འཆང་། །སྤོས་དང་སྤུ་ཤེལ་རྩི་སྦྱར་དུད་པ་བཏང་། །རང་ཉིད་ཡི་དམ་ལྷར་གསལ་མདུན་གྱི་གཞིར། །སྣ་ཚོགས་པད་ཉིད་ཇི་ལས་ཁྲོ་བོ་ནི། །ཞལ་གཅིག་གསེར་མདོག་སྤྱན་གསུམ་ཁྲོ་ཞིང་བཞད། །སྐུ་དཀར་མགུལ་དང་ཕྱག་ནི་སྔོན་པོ་སྟེ། །སྨེ་བ་དམར་པོའི་ག་ཤལ་གསུས་ཁྱིམ་ཆེ། །ཕྱག་གཡས་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་མཛད། །གཡོན་པས་ནེའུ་ལེ་འཛིན་ཅིང་འདོར་སྟབས་བཞུགས། །སྒེག་འགྱིང་ནོར་གྱི་དབང་ཕྱུག་ཆེན་པོ་ནི། །གནས་གསུམ་འབྲུ་གསུམ་ཐུགས་ཀའི་འོད་ཟེར་གྱིས། །ཛ་ལྷའི་རིགས་རྣམས་ཐམས་ཅད་སྤྱན་དྲངས་གྱུར། ཧཱུྃ། རབ་འབྱམས་ཞིང་ཁམས་རྒྱ་མཚོ་ཐམས་ཅད་དང་། ལྕང་ལོ་ཅན་གནས་བྱེ་བ་ཕྲག་བརྒྱ་ནས། །ཛ་ལྷའི་རིགས་གྱུར་ཐམས་ཅད་སྤྱན་འདྲེན་ན། །ཐུགས་རྗེ་ཐུགས་དམ་


CMR045_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་མྱུར་དུ་བྱོན། །ཨོཾ་སརྦ་ཛམྦྷ་ལ་བཛྲ་ས་མ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ དམ་ཡེ་དབྱེར་མེད་དབང་ལྷས་དབང་བསྐུར་ནས། །དབང་རྟགས་རྒྱལ་བ་རིགས་ལྔས་དབུ་བརྒྱན་གྱུར། །ཉེར་སྤྱོད་བདུན་དང་འདོད་ཡོན་རྣམ་པ་ལྔ། །བཀྲ་ཤིས་རྫས་བརྒྱད་རྟགས་བརྒྱད་རྒྱལ་སྲིད་བདུན། །འབྲུ་སྣ་དར་སྣ་རིན་ཆེན་སྣ་ལྔ་དང་། །བདུད་རྩི་གཏོར་མ་དངོས་འབྱོར་ཡིད་སྤྲུལ་མཆོད། །ཨོཾ་སརྦ་ཛམྦྷ་ལ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ། རྒྱལ་དང་རྒྱལ་བའི་སྲས་པོ་ཐམས་ཅད་ཀྱི། །སྦྱིན་པའི་ཕར་ཕྱིན་རྫོགས་པའི་རང་གཟུགས་ལས། །གཏེར་བདག་ཛ་ལྷ་རྒྱལ་བ་བསྐྱེད་པའི་ཡབ། །རྒྱལ་བ་ཀུན་དངོས་ཁྱོད་ལ་ཕྱག་འཚལ་བསྟོད། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཛཾ་བྷ་ལ། །གཅིག་ཏུ་བསྡུས་པ་ཁྲོ་བོ་ཛཾ་བྷ་ལ། །སྐུ་མདོག་ཁྲ་བོ་རིགས་རྣམས་ཐམས་ཅད་མཚོན། །གཏེར་བདག་ནམ་མཁའ་མཛོད་ལ་བདག་བསྟོད་དོ། །ཞག་གཅིག་སྒྲུབ་ཀྱང་ཡིད་བཞིན་བསམ་པ་འགྲུབ། །ཞག་བདུན་བསྒྲུབས་ན་དབུལ་ཕོངས་རྒྱུན་གཅོད་པའི། །ཐུགས་རྗེ་མྱུར་མགྱོགས་ཅན་ལ་ཕྱག་འཚལ་བསྟོད། །བདག་ལ་ལོངས་སྤྱོད་རྒྱ་ཆེན་མྱུར་དུ་སྩོལ། །ཛཾ་ལྷའི་


CMR045_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཉི་སྟེང་ཛི་ཡིག་མཐར། །སྔགས་ཕྲེང་གཡས་སུ་འཁོར་བའི་འོད་ཟེར་གྱིས། །རིན་ཆེན་ཟས་ནོར་ལོངས་སྤྱོད་མཁོ་དགུ་རྣམས། །ཆར་པ་ན་བུན་ཚུལ་དུ་འབེབས་པར་གྱུར། །ཞག་གཅིག་གམ་ནི་ཞག་བདུན་རྩེ་གཅིག་བསྒྲུབ། །ཨོཾ་ཛམྦྷ་ལ་བྷུར་ཀུར་མ་ཧཱ་ས་རད་ན་དེ་བོར་བྱི་བོར་ཀེ་བྱེ་ལོ་ནི་སོ་རྣོ་ཤོག་མུ་གུ་ལུད་སྭཱ་ཧཱ། སྒྲུབ་པ་ཚར་ནས་ཟངས་ཁབ་འཆང་། །གའུ་མཛོད་དུ་སྦས་ལ་འཆང་། །སྒྲུབ་དུས་སམ་ནི་ཞུ་དུས་ལ། །ཚོགས་འཁོར་རཏྣའི་མཎྜལ་ཕུལ། །གསང་སྒྲུབ་འདི་བྱས་དབུལ་གྱུར་ན། །པདྨ་ང་ཡིས་འགྲོ་བ་བསླུས། །མ་འོངས་ཆོས་མཛད་སྐལ་ལྡན་ལ་རྣམས། །དབུལ་ཕོངས་སྡུག་སྲན་མ་བྱེད་པ། །སྒྲུབ་པ་འདི་ལ་ནན་ཏན་གྱིས། །དེ་སྐད་ཨོ་རྒྱན་རྗེ་ཡིས་གསུངས། །གཏེར་གཞུང་རྒྱུད་ཚིག་མི་གསལ་བ། །འདིར་ནི་ཟིན་བྲིས་བལྟས་ཆོག་བཀོད། །ཉེས་འགལ་སྲུང་མ་རྣམས་ལ་བཤགས། །དགེ་བས་སྦྱིན་ཕར་རྫོགས་པར་ཤོག །དེ་སྐད་རཱ་ག་ཨ་སྱས་སོ། །མངྒ་ལཾ།། །།

རྣམ་སྲས་དང་མགོན་དཀར་ཡིད་བཞིན་ནོར་བུ་གནོད་སྦྱིན་ཤན་དམར་བཅས།


CMR045_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྲས་ནི། བཻ། བྱང་ཕྱོགས་ལྕང་ལོ་ཅན་གྱི་ཁང་བཟང་ནས། །སངས་རྒྱས་སྟོང་གི་སྦྱིན་བདག་དབང་བསྐུར་བས། །ས་བརྒྱད་སེམས་དཔའ་མགོན་པོ་རྣམ་ཐོས་སྲས། །དབང་གི་ལས་མཛད་རྒྱལ་ཆེན་མདུང་དམར་ཅན། །དྲག་པོའི་སྐུར་སྟོན་རྒྱལ་ཆེན་རྟ་སྔོན་ཅན། །ནང་བློན་སྲས་གསུམ་ཕོ་ཉ་བྲན་གྱི་འཁོར། །ལས་མཛད་སྤྲུལ་པ་རྟ་བདག་བརྒྱད་ཀྱི་ཚོགས། །ཀླུ་བརྒྱད་ཡུལ་སྐྱོང་འབྲོག་གནས་ཡུལ་འཁོར་སྐྱོང་། །གནོད་སྦྱིན་ཞིང་གི་རྡུལ་མཉམ་མ་ལུས་ཀུན། །འདིར་བྱོན་སྨན་གཏོར་རཀྟ་བདུད་རྩིའི་མཚོ། །དཀོར་ནོར་རིན་ཆེན་ལོངས་སྤྱོད་དགྱེས་དགུར་འབུལ། །རྣལ་འབྱོར་གཞི་བྱེས་གར་སོང་ལོངས་སྤྱོད་སྤེལ། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །སྟོང་ཁམས་དབང་སྡུད་གཞན་སྣང་ཟིལ་གྱིས་གནོན། །ཕྱི་ནང་སྣོད་བཅུད་དཔལ་འབྱོར་ཕྱུ་གཡང་བསྡུས། །སྟོབས་རྩལ་མངའ་ཐང་རྒྱས་པའི་ཕྲིན་ལས་མཛོད། ༄༅། མགོན་དཀར་ཡིད་བཞིན་ནོར་བུ་ནི། ཧཱུྃ། སྤྱན་རས་གཟིགས་དབང་སྙིང་རྗེའི་རང་གཟུགས་ནི། །བསྟན་པ་བསྲུང་ཕྱིར་མ་ཧཱ་ཀཱ་ལའི་སྐུ། །ཙན་དན་ལྗོན་ཤིང་འཁྲིགས་པའི་དུར་ཁྲོད་ནས། །


CMR045_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ཀའི་སྤྲིན་དཀར་ཕུང་པོ་ཆེར་ལྡང་བཞིན། །མགོན་དཀར་ཡིད་བཞིན་ནོར་བུའི་ཚོགས་དང་བཅས། །འདིར་བྱོན་ཟག་མེད་གཏོར་མ་སྨན་རཀ་ཕུད། །དཀོར་ནོར་ལོངས་སྤྱོད་རིན་ཆེན་དགྱེས་དགུར་འབུལ། །རྣལ་འབྱོར་གཞི་བྱེས་གར་སོང་ལོངས་སྤྱོད་སྤེལ། །མཐུན་རྐྱེན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །སྲིད་ཞིའི་ལེགས་ཚོགས་མ་ལུས་འབྱུང་བའི་གནས། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བཀའ་བརྒྱུད་པའི། །བསྟན་རྩ་འཕགས་ཚོགས་དགེ་འདུན་སྡེ་རྒྱས་ཤིང་། །འཁོར་ལོ་རྣམ་བཞིའི་བཤད་སྒྲུབ་བསྟན་པ་རྒྱས། །མཐུན་རྐྱེན་དཔལ་འབྱོར་འཛད་མེད་རྒྱས་པར་མཛོད། །ཨ་རཱ་གས་སོ། དགེའོ།། ༈ གནོད་སྦྱིན་ཤན་དམར་ནི། ཧཱུྃ། བྱང་ཕྱོགས་གནོད་སྦྱིན་གཏེར་གྱི་བདག །འཛད་མེད་ནོར་ལ་དབང་མཛད་ཆེ། །གནོད་སྦྱིན་ཤན་པ་དམར་ནག་ནི། །ཞལ་གཅིག་ཕྱག་གཉིས་མཛེས་པའི་སྐུ། །ཆིབས་སུ་ཟངས་ཀྱི་ཁྱུང་དམར་ཆིབས། །སྐུ་མདོག་དམར་འཚེར་འོད་དུ་འབར། །རིན་ཆེན་སྣ་ལྔའི་རྒྱན་གྱིས་སྤྲས། །ཕྱག་གཡས་ལྕགས་ཀྱུས་ཟས་ནོར་འགུགས། །ཕྱག་གཡོན་ནེའུ་ལེས་དགོས་འདོད་སྟེར། །འཁོར་དུ་གནོད་སྦྱིན་སྟོང་གིས་


CMR045_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར། །སྔོན་གྱི་ཐུགས་དམ་ཆེན་པོ་ནི། །མི་ཟད་ནམ་མཁའི་མཛོད་སྟེར་བ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །མི་ནོར་ཟས་གསུམ་དབང་དུ་བསྡུས། །གཏེར་བདག་འཁོར་དང་བཅས་པ་ལ། །མཆོད་ཚོགས་བ་ལི་གཏོར་མ་འབུལ། །ཟས་ནོར་ལོངས་སྤྱོད་ཆར་ལྟར་ཕོབ། །འགྲོ་བ་མི་ཡི་རྣམ་ཤེས་བསྒྱུར། །སྦྱིན་བདག་རྣམས་ཀྱི་ལག་པ་བསྐུལ། །ཅི་བསམ་འགྲུབ་པའི་དངོས་གྲུབ་སྩོལ། །རྡོ་རྗེ་གཏུམ་པོའི་བཀའ་མ་བཅག །རྣལ་འབྱོར་བདག་གི་རེ་བ་སྒྲུབས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ་དམར་པོ་ལྷ་གསུམ་གྱི་མཚན་སྔགས་མཐར། མཆན། ཨེ་ཧེ་དམར་རུ་ཙེ་གུ་ཎ་ཧྲཱིཿཏྲི་ཧཱུྃ་ཛ༔ ས་པཱ་རི་ཝཱ་ར་སོགས། །

ཛཾ་ལྷ་ཉེར་གཅིག་ལྷ་མོ་དཔལ་འབྲེལ་བའི་གཡང་སྐྱབས་ཟིན་བྲིས་ཡིད་ཀྱི་དོགས་གསལ་ཤེལ་དཀར་མེ་ལོང་།


CMR045_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཛཾ་ལྷ་ཉེར་གཅིག་ལྷ་མོ་དཔལ་འབྲེལ་བའི་གཡང་སྐྱབས་ཟིན་བྲིས་ཡིད་ཀྱི་དོགས་གསལ་ཤེལ་དཀར་མེ་ལོང་བཞུགས་སོ། །


CMR045_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་དྷེ་ཝི་ཤྲཱི་ཛམྦྷ་ལ་ཡེ། གནམ་ཆོས་ལས་བྱུང་ཛ་ལྷ་ཉེར་གཅིག་དང་། །ལྷ་མོ་དཔལ་གྱི་གཡང་སྐྱབས་ཟིན་བྲིས་ཐོ། །མདོ་ཙམ་ཚུལ་མཐོང་ཤེལ་དཀར་མེ་ལོང་བཞིན། །རྨོངས་པ་འགའ་ལ་ཕན་སྙམ་འདིར་བཀོད་བྱ། །དེ་ཡང་དུས་ཀྱི་དབང་དང་སེམས་ཅན་རྣམས། །བསོད་ནམས་དམན་པས་ཕྲུ་གཡང་ལོངས་སྤྱོད་ཉམས། །ནམ་ཟླ་མི་སྙོམས་སད་སེར་མུ་གེ་རྒོད། །ཆར་ཆུ་མི་འབབ་ལོ་ཕྱུགས་རྟག་ཏུ་ཉེས། །གོད་ཁ་ནད་ཡམས་རྒྱལ་ཁམས་ཡུལ་ཉམས་ལྟས། །སྒོས་སུ་རང་དང་ཡོན་བདག་རྣམས། །ཕ་མ་ལ་སོགས་གཡང་རྒན་ཤི། །གཟའ་སྐར་ལ་སོགས་གཡང་སྐར་


CMR045_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

དུས། །ཟས་ནོར་དངོས་པོ་ཕྱིར་བཏང་དང་། །སྔོན་འབྲས་སྦྱིན་རྣམས་ལས་ངན་གྱིས། །ཕྲུ་གཡང་བསོད་ནམས་ཉམས་པ་དང། །དབང་ཐང་རླུང་རྟ་རྒུད་པ་ཡིས། །བསམ་པའི་དོན་རྣམས་མི་འགྲུབ་ཅིང་། །གཏོར་བརླག་ཚོང་ཉེས་ལོ་ཉེས་དང་། །བློ་ཉེས་གོད་ཁ་དགྲ་ཡིས་འཚེ། །རྒྱུད་ལས་བཤད་ལྟར་ངན་རྟགས་འབྱུང་། །དེ་ལ་ཕན་ཕྱིར་གཡང་སྐྱབས་བྱེ། །བཀྲ་རྒན་ལ་སོགས་ཤི་བ་ལ། །ཕ་མཚུན་གཡང་སྐྱབས་བྱ་མོད་ཀྱང་། །འདི་ལྟར་བྱས་ན་མི་འགལ་སྙམ། ༈ །དེ་ཡང་གཡང་སྐྱབས་གསར་རྙིང་དང་། །བོན་ལུགས་ལ་སོགས་མང་དུ་དར། །


CMR045_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བོན་ལུགས་བརྗེས་བཅའ་མི་རུང་། །སྲིད་པ་རྒྱུད་ཀྱི་གཡང་འབུམ་དང་། །པདྨ་གཡང་འབུམ་གཏེར་གཡང་སོགས། །ཕལ་ཆེར་མགོ་སྟེང་མ་ཚང་ཞིང་། །ལ་ལར་བཀའ་ཆད་ལུང་སྡུམ་སྐྱོན། །རྣམ་སྲས་ནོར་ལྷ་བཅོ་བརྒྱད་སོགས། །དངོས་གྲུབ་བདག་པོ་མངག་ཡོད་ཀྱང་། །སྒབ་འདྲེ་བེ་དཀར་རྒྱལ་པོ་ངན། །མནན་པ་རྟགས་ཐོན་མ་གྲུབ་ན། །བར་ཆད་ཆེན་པོ་བརྩམ་པར་ངེས། །ལྷ་བཅོ་བརྒྱད་ཀྱིས་གཡང་སྐྱབས་མ་ཎི་གཡང་སྐྱབས་སོགས། མཆན། །ནོར་ལྷའི་རིགས་ནི་བསྒྲུབས་ན་ཡང་། །སྒྲུབ་པ་རྟགས་ཐོན་བྱེད་དགོས་སོ། །སྒབ་འདྲེ་རེ་ཡང་མཉམ་དུ་ཡོད། །རྟགས་ཐོན་བྱེད་ན་མནན་པ་བཀའ་ཚད་ཆེ། །དུས་ངན་ཚེ་ཐུང་དེ་འདྲ་ག་ལ་ལོང་། །དེ་བས་སྟབས་བདེ་བྱིན་རླབས་ཆེ། །གནམ་ཆོས་མཁའ་འགྲོའི་ཁ་རླངས་ཡིན། །རྒྱུད་སྡེ་དུ་མའི་ཡང་སྙིང་བཅུད། །དཔལ་གྱི་ལྷ་མོ་ལྷ་དགུ་ཡིན། །འདི་ཉིད་གཞུང་བཟུང་བྱིན་རླབས་ཆེ། །རྒྱུད་འཇམ་སྒབ་འདྲེ་རྒོད་པ་མིན། །དེ་ཕྱིར་འདི་ཡི་ལག་ལེན་ནི། །གཞི་དང་རྫས་དང་དུས་སྐར་མ། །གཞུང་ལ་གསལ་ཕྱིར་འདིར་མ་སྨོས། །རྫས་སྣ་གང་འཛོམ་བྱེད་པས་ཆོག༔ ༈ །གཡང་མདའ་གཡང་སྐྱེ་གཡང་ཕོར་དང་། །སྡེར་མ་ཤུག་པ་


CMR045_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བལ་ཚོན་དང་། །གཡང་ཟོ་བལ་གྱིས་བརྒྱན་པ་འོ་ཞོས་བཀང་། །མེད་ཐབས་མེད་པ་རྣམ་དྲུག་ཡིན། །ཟོ་བ་ཆུ་དཀར་གང་བ་དང་། །ཐུན་རྒྱུ་རྡོ་དཀར་ཡུངས་དཀར་སོགས། །ཡོ་བྱད་རྫས་ཀྱི་རིམ་པའོ།། ་་འདི་རྣམས་བྱེད་ཅིང་རབས་ཆད་ཡུགས་ས་དམེ་ཕོ་སོགས་ཀྱི་ལག་ལེན་མ་ཡིན་པར་མཆན། ༈ དེ་ནས་གཏོར་མའི་བཅའ་འགྲིགས་རིམ་པ་ནི། །གོང་གཏོར་ཞེས་། བྱ་ཡར་གཞི་བླ་མ་དང་། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་བསྐང་གཏོར་དང་། །ཕྱི་རྒྱུད་ལ་སོགས་བཅས་ལ་ལོགས་གཅིག་བཤམས། །གཡང་གཞིའི་སྟེང་དུ་ཛཾ་ལྷ་ཉེར་གཅིག་གི༔ ། གཏོར་མ་ནོར་བུ་སུམ་ཚོམ་གདན་ཟླུམ་པོ། །པདྨ་འདབ་བརྒྱད་ཟླུམ་པོ་རང་བཏོད་པ། །ཛཾ་ལཾ་ཅོག་རྡོག་ཉི་ཤུས་བསྐོར་བའོ། །ལྷ་མོ་དཔལ་ལ་ཟླུམ་པོ་བང་རིམ་གསུམ། །དེ་སྟེང་ནོར་བུ་ཟུར་བརྒྱད་དེ་ཡི་སྟེང་། །དྲྭ་བ་རིས་སྟེང་གཡང་ཞག་འཁྱིལ་པ་ཞེས། །སྟོད་ནི་ཟུར་གཉིས་སྨད་ནི་ཟླུམ་པོ་ལ། །པད་འདབ་བཞིས་བརྒྱན་འཁོར་ནི་ཟུར་གཉིས་བརྒྱད། །དེ་དག་གཡང་སྡེར་ནང་དུ་བཞག་བྱ་ཡིན། །དཀར་གཏོར་གསུམ་པོ་གཞུང་ལས་གསལ་ལྟར་བཅའ། །རྣམ་སྲས་ཛཾ་ལྷ་གཙོར་བྱས་པའི་ལྷ་བཅོ་བརྒྱད་གཡང་སྐྱབས་ནི་སྒབ་འདྲེ་བེ་དཀར་


CMR045_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཡིན་པས་ཕྲག་དོག་ཆེ་གསུངས་སོ།། ༈ །རྨ་གཡང་དང་འབྲེལ་ན་སྤོམ་རའི་དཀར་གཏོར་དང་། །ཟླུམ་པོ་ཟུར་བརྒྱད་ར་བ་སྒོ་བཞི་དང་། །རིལ་བུ་བཅུ་གསུམ་འབྲང་རྒྱས་མཉམ་དུ་བཤམས། །གཡང་ཕོར་མར་ཁུའི་ཁ་དེར་མར་གྱིས་ནི། །མཛོ་མོ་དཀར་མོ་རྭ་ཅོ་སྔོ་སར་བ། །སྟོང་སྐུད་དམར་པོ་སྐེ་བཏགས་གཡང་ཕོར་ལ། །བསྟོད་པའི་ཚུལ་བྱེད་མར་ཁུའི་ཁ་ལ་གཟུགས། །རང་རང་ཙཀི་ཡོད་ན་རྩེ་ལ་བཙུགས། །ཀུན་ལ་མར་གྱིས་ནོར་བུ་ཆར་འབེབས་བརྒྱན། །རྨ་ནི་དམར་ལ་དགྱེས་ཕྱིར་ཤ་དར་ཡང་བཙུགས། །མ་བཙུགས་ན་ཡང་མ་ཚང་འགལ་བ་མེད། ༈ །མཚུན་བཅོས་ལ་སོགས་བཅའ་ལུགས་གསལ་ལྟར་བཅའ། །གཞན་ཡང་དཀར་གཏོར་དམར་གཏོར་མཐེབ་ཀྱུ་དང་། །མར་སྡར་ཐུད་སྡར་མར་རིལ་ཐུད་རིལ་དང་། །ཟན་རིལ་ལ་སོགས་གསོ་བྲན་རྒྱུ་ཡང་བཅའ། །འབྲུ་སྣ་ཕྱེ་མར་བསང་གི་ཕྱེ་ཡང་བྱ། །ས་སྤྲིན་དག་ལ་བཀར་ཡས་གཏོར་མ་ནི། །གནམ་ཆོས་གཞུང་ནས་བྱུང་ལྟར་བཅའ་བ་དང་། །རྒྱུན་དུ་གཡང་སྐྱབས་ནང་གི་བཀར་ཡས་ནི། །འདོན་ཆ་ལྟར་ཏུ་བཅའ་འམ་གཙོ་བོ་རང་། །གཅིག་པུ་བཅའ་ལ་ཆངས་ཏིང་མར་མེ་དང་། །མི་ཁའི་རྫས་


CMR045_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཡས་རྣམས་ཀུན་ལ་དགོས། །དང་པོ་བཅའ་གཞི་འདོན་ཆའི་རིམ་པ་ནི། །དང་པོ་གསང་སྔགས་རྙིང་མའི་སྐྱབས་སེམས་དང་། །དཀར་བགེགས་ཡན་འདོན་༈ ཐུགས་སྒྲུབ་སྤྱི་འདུས་སོགས། །རང་གི་ཡི་དམ་གང་ཡིན་བཞུང་སྲོང་ལ། །མ་ནིང་ལ་སོགས་ཆོས་སྐྱོང་ཐམས་ཅད་འདོན། །ཕྱི་རྒྱུད་གོང་དེར་དུང་ཆུས་འོ་ཆབ་དང་། །དྲི་བཟང་བཏབ་པའི་བསང་ཆུས་ལེགས་པར་བྲན། །སྤོས་རུམ་ཤུག་རུམ་འདོན་ཚེ་བསང་དུད་བྱ། །དང་པོ་བསེ་རག་ཡས་ལ་ཆུ་གཙང་བྲན། །གནམ་ཆོས་གཞུང་ལྟར་རང་ཉིད་ཡི་དམ་ནས། །མཆོད་བསྟོད་ཡན་འདོན་བསྙེན་པ་རིང་ཐུང་གཉིས། །བརྒྱ་སྟོང་གང་འགྲུབ་ལོང་སྐབས་དག་དང་བསྟུན། །རྡོ་དཀར་ཐུན་དང་ཆུ་དཀར་སྔགས་ཀྱིས་བཏབ། །དེ་ནས་དཀྱུས་ལྟར་་བཀར་ཡས་ཡོངས་རྫོགས་འདོན། །བདེ་གཤེགས་རིན་ཆེན་མང་ཞེས་ཚིགས་བཅད་སྔགས། །ལན་བདུན་བརྗོད་ཧཱུྃ་ལྷ་གེ་ཁོད་ཅེས་པའི། །སྔགས་ཀྱིས་ཐུན་རྡོའི་ཅུང་ཟད་བྲབ། །རྫོངས་འདེབས་སྐབས་སུ་ཚ་ཡས་སྣ་དགུ་བཏབ། །ལམ་བསྟན་བྱས་ནས་གཏོར་གཡོག་པས་བཟུང་བཅོལ། །ཧཱུྃ་ང་ནི་ཞེས་རྡོ་ཐུན་ཚིག་དེར་འདོན། །ཧཱུྃ་བཞིའི་སྔགས་དང་རོལ་མོ་དྲག་


CMR045_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བརྡུང་། །གླད་ཡས་སྦྲ་ཁྱིམ་མི་མཐོང་ས་རུ་སྐྱལ། །དེ་ནས་དཔལ་གཡང་ནང་ལྟར་ཐུན་བཟུང་ལ། །ཧཱུྃ་ང་ནི་ཁྲོ་བོ་བདུད་རྩི་འཁྱིལ་ཞེས་སོགས། །ཡི་དམ་དྲག་སྔགས་རྣམས་ལྟའདོན་སྦྲ་ཁྱིམ་གྱི། །ཕྱི་ནང་ཐམས་ཅད་རྡོ་ཐུན་ཁྱབ་པར་གཏོར། །དེ་ནས་ཆུ་དཀར་འཐོར་ཡབ་ཤུག་ལོས་གཏོར། །ཧཱུྃ་བདུད་རྩི་འཁྱིལ་པའི་བྱིན་རླབས་སོགས། །རྣམ་འཇོམས་གཟུངས་འདོན་སྦྲ་ཁྱིམ་མི་ནོར་གཏོར། །ཐུན་རྫས་ཆུ་དཀར་འཐོར་ལྷག་གཞི་ཟུར་བཞག །དེ་ནས་བདག་གིས་བྱས་པའི་ནོར་ལྷ་སྤྱི་གཏོར་འདོན། །མཆོད་བསྟོད་རྒྱས་བསྡུས་སྐབས་དང་བསྟུན་པར་བྱ། །དེ་ནས་ཛ་ལྷ་ཉེར་གཅིག་མཆོད་པ་བྱིན་བརླབས་ནས། །བཀའ་རྒྱ་ཛཾ་ནག་དང་བཅས་ཡོངས་རྫོགས་འདོན། །གནམ་ཆོས་ལས་བྱུང་ནོར་དབང་དེ་ལ་སྦྱར། །དེ་ནས་ལྷ་མོ་དཔལ་གཡང་བྱིན་བརླབས་ནས། །ཨོཾ་བཛྲ་ཨ་མྲྀ་ཏ་ནས་ཨ་ཀཱ་རོ་དང་སྤ་ར་ཎ་ཁཾ། །ལན་གསུམ་བརྗོད་ནས་གཞུང་ལྟར་འདོན་པར་བྱ། །སངས་རྒྱས་ཆོས་གཉིས་ཕྱག་མཆོད་ལན་གསུམ་བྱ། །བཅུ་གཉིས་མཚན་ལ་བདུན་འདེབས་བྱ་རྒྱུ་སྟེ། །སྔགས་དེ་ལན་བདུན་འདོན་པ་བསྡུས་པའི་ལུགས། །ནོར་རྒྱུན་མཆེད་བརྒྱད་སྔགས་དེ་སུམ་སྡེབ་བྱ། །


CMR045_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གཏོར་བྲན་ལ་ཚོགས་བདག་སྔགས་བཅས་འདོན། །ཀླུ་ལ་ཀླུ་སྨན་བྲན་འདོན་སྤོམ་ར་འདོན། །འབུལ་སྔགས་ལན་གསུམ་སྒྲུབ་སྔགས་བདུན་རེ་བྱ། །ལྷ་མོ་དཔལ་དེ་དུ་ཐོན་བྱ་བ་ལེགས། །གྲོལ་ཁ་ཕྱིན་ལ་ཛཾ་ལྷ་ཉེར་གཅིག་དེ། །ཚར་ལྔ་ཡན་འདོན་བརྒྱ་ཚར་གོ་ཡང་ཆོད། །ལྷ་རེ་ལ་ཡང་ལས་བྱང་མཆོད་བསྟོད་བསྐང་། །ཚང་མ་རེ་ཡོད་དོན་ལ་ངོ་བོ་ཡང་ཅིག ༈ །རྨ་གཡང་འབྲེལ་ན་རྨ་རྒྱལ་ལས་བྱང་འདོན། །བསྙེན་པ་བྱས་ལ་རྨ་གཡང་བཅུ་གསུམ་ནི། །ཀྱཻ། །དེ་རིང་སྲིད་པའི་གནམ་གང་ནས། །ཁུ་ཡེ་ཕྱུ་ཞེས་བྱིན་འབེབས་བྱ། །ཀྱཻ། །ཤར་ཕྱོགས་དགའ་བའི་འཇིག་རྟེན་སོགས། །གཡང་གི་གཏེར་མཛོད་ཚེ་གཡང་འགུགས། །གཡང་སྲས་བླ་འགུགས་བཅས་པར་བྱ། །གཡང་འབོད་བྱས་ལ་མཛོ་མོ་བྲན། །དཀར་གསུམ་ཇ་ཆང་འབྲུ་ཡིས་མཆོད། །ཀྱཻ། །ཟོ་ཟོ་གཡང་གི་མཛོ་མོ་ནས། །ལེའུ་གསུམ་འདོན་ཐ་མ་སྐྱུར། ༈ །གཞན་ཡང་མཚུན་བཅོས་གཡང་སྐྱབས་སོགས། །དམིགས་བསལ་དགོས་ན་འདི་བར་བྱ། ༈ །དེ་ནས་ཚེ་ཡི་གཡང་འགུགས་བྱ། །མེད་ཐབས་མེད་པའི་གནད་གཅིག་ཡིན། །ཚེ་ནོར་ཆོས་གསུམ་ཟེར་བའི་དོན། །


CMR045_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་གཡང་ཤིན་ཏུ་དོ་གལ་ཆེ། །འཇིག་རྟེན་འདི་ན་དཀོན་པའི་ནོར། །ཚེ་སྲོག་ལས་ལྷག་ནོར་གཞན་མེད། །འདི་མེད་ནོར་གྱི་དགོས་པ་སྒྱུར། །དེ་ཕྱིར་རིགས་ལྔའི་ཚེ་འགུགས་ནི། །ཧཱུྃ། དབུས་ཀྱི་ཚོགས་ན་བཞུགས་པ་ཡི། །ཞེས་པ་མདའ་དར་གཡབ་ཅིང་འདོན། ༈ །དེ་ནས་ཚོགས་མཆོད་བྱ་ན་ཚོགས་བྲན་ལ། །ཛཾ་ལྷ་དམར་པོའི་ཚོགས་མཆོད་བྱ་བར་རིགས། །སངས་རྒྱན་ཀུན་གྱི་སྦྱིན་འབྲས་ལས་གྲུབ་པའི། །འཕགས་པ་གནོད་གནས་མགོན་པོ་ཛཾ་བྷ་ལྷ། །སྐུ་གཅིག་མཚན་གྱི་རྣམ་གྲངས་དུ་མ་རུ། །སྐུ་ལྔ་བྱེ་བ་བརྒྱ་སོགས་སྤྲུལ་སྒྱུར་མཛད། །ཡབ་གཅིག་ངལ་གསོ་ཡུམ་གཅིག་པདྨའི་མཚན། །ལྷ་མོ་དཔལ་གཡང་ཕྱི་མོ་ཡིན་པ་དང་། །བཙུན་མོ་ལྷ་མོ་ནོར་རྒྱུན་མ་ལ་སོགས། །ནོར་ལྷ་ཐམས་ཅད་ཛ་ལྷའི་འཁོར་ལ་ཚང་། །དེ་ཕྱིར་འབྲེལ་ཆགས་བྱིན་རླབས་ཕན་ཡོན་ཆེ། །རཾ་ཡཾ་ཁཾ་ནས་བྱིན་རླབས་ཚོགས་སྤྱན་འདྲེན། །ཧྲཱི༔ བདེ་སྐྱིད་ལྡན་པའི་ཞིང་ཁམས་སོགས། །དེ་ནས་ཚོགས་ཕུད་རིམ་གསུམ་བཅད། །ཚོགས་ཕུད་འབུལ་ལ་རིགས་ཀྱི་བདག་པོ་སོགས། །ཕྱི་རྒྱུད་ལ་སོགས་སྔར་གྱི་འཕྲོ་དེར་འདོན། །བར་པས་བསྐང་བ་གསོས་ལ་ཡི་དམ་ཆོས་སྐྱོང་གི །


CMR045_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ཁ་བསྐང་བ་འདོན་ལ་འདིའི་བསྐང་བཤགས། །ཧྲཱི༔ འདོད་ཡོན་ངོ་མཚར་སོགས་དང་ཡིག་བརྒྱ་བརྗོད། །གསུམ་པ་བྲན་ལ་བཀུག་བསྒྲལ་བསྟབ་པ་བྱ། །དེ་ནས་ཛ་བྷ་ལ་ཡི་ལྷ་ཚོགས་ལ། །ཞེས་སོགས་གཏོར་མ་དཀྱིལ་འཁོར་དྲུང་དུ་འབུལ། །ཞེས་པས་ཚོགས་རོལ་ཚོགས་ལྷག་བཤམས་ལ་བྲན། །ཨོཾ་ཨཱཿཧཱུྃ་ཧོ་ལྷག་གཏོར་བདུད་རྩི་སོགས། །ལྷག་མ་ཕྱི་རོལ་འབུལ་ལ་ཐུན་གཏོར་བཤམས། །བྱིན་བརླབས་བྱས་ནས་རྩ་སྔགས་ཁཱ་ཧིའི་བསྔོ། །ཧཱུྃ། དཔལ་ལྡན་མགོན་པོ་ཛཾ་བྷ་ལ། །ཞེས་སོགས་གཏོར་མ་དཀྱིལ་འཁོར་དྲུང་དུ་འབུལ། །ཡི་དམ་ཚོགས་ལྷག་ཆད་མདོ་བརྟན་མ་དང་། །རྟ་བྲོ་བཟོད་གསོལ་བསྡུ་རིམ་གཞུང་ལྟར་བྱ། །ཞག་མང་བཅས་ན་ཕྱིར་ནངའང་སྔར་ལྟར་ལ། །བཀར་ཡས་རྒྱས་པ་མི་དགོས་གཞུང་དེས་ཆོག །དེ་མིན་སྔ་ཉིན་ལྟར་དུ་ཡོངས་རྫོགས་ཡིན། །ཞག་གྲངས་ལྔ་བདུན་དགུ་སོགས་གང་འགྲུབ་བཅའ། །ལྷ་མོ་དཔལ་དེ་ཅི་ཐོན་བྱ་བ་ལེགས། །བརྒྱ་ཚར་ཐོན་ན་ངེས་པར་ལྷ་མོ་ཡི། །ཐུགས་རྗེས་སྐྱོབས་ལ་སྦྲ་ཁྱིམ་དེར་འཁོར་ཞེས། །རྒྱུད་ནས་གསུངས་པ་ཕུག་ཆེ་ཡིད་ཆེས་གནད། །གཤེགས་གསོལ་མི་བྱ་འདོན་


CMR045_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཆའི་རིམ་པའོ། ༈ །དེ་ནས་གྲོལ་ཁ་དེ་དགོང་ངམ་ནི་ཕྱིར་ཉིན་ནངས། །ཕྱིར་ཉིན་བྱས་ན་བསྡུས་པ་ཙམ་ཞིག་འདོན། །བསང་ནི་རྒྱས་བསྡུས་སྐབས་བསྟུན་ཁུ་ཡེའི་མཚམས། མདའ་དར་ཐོགས་ལ་ཐོག་མར་གཡང་སྒོ་ཕྱེ། །གཡང་འབོད་དང་ནི་མདའ་དར་ཤིས་བརྗོད་བྱ། །མདའ་དར་ཡོན་བདག་གཏད་ལ་གཡང་གཏད་ནི། །ཀྱཻ། །ཚངས་པ་བརྒྱ་བྱིན་ལག་ཏུ་སོགས་འདོན་ལ། །གཡང་རྫས་ཐོག་མ་གཡང་ཁུག་ཤིས་བརྗོད་བྱས་ལ་གཏད། །དེ་བཞིན་གཡང་གཏད་དངོས་གྲུབ་ཀུན་འབྱུང་བཞིན། །གཡང་གཏོར་ལ་སོགས་མཛོ་མོ་མ་གཏོགས་གཏད། །དེ་ནས་མདའ་དར་ལ་སོགས་གཡས་སུ་གཡབ། །ཀྱཻ། །མི་བུ་བརྒྱ་ནི་སོགས་དང་གཡང་ལེན་འདོན། །ཁུ་ཡེ་ལེན་ཞིང་མཛོ་མོ་ལག་ལེན་ལྟར། །ཕྱག་ལེན་ལ་ལེའུ་དང་པོ་སྟོང་སྐུད་སྣེ་ནས་སློབ་དཔོན་གྱིས་བཟུང་ལ་མཆོད། གཉིས་པ་གདན་སར་ཙམ་མཆོད། གསུམ་པ་སྟོང་སྐུད་ཡོན་བདག་ལ་གཏད་ལ་མཆོད། བཞི་པ་མཛོ་མོ་ལག་ཏུ་གཏད་ལ་མཆོད། དེ་ནས། ཀྱི་དགུང་སྔོན་རིམ་པ་བཅུ་གསུམ་གཡང་གཏད་བྱ། །བལ་ཚོན་ཀར་བ་བཅིང་ལ་རྟེན་བཙུགས་བྱ། དེ་ནས་སྲུང་བཙུགས་སྲུང་བཀོད་གཡང་སྒོ་


CMR045_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བསྡམས། །ཧཱུྃ། གཡང་གི་ལྷ་མོ་སོགས་ཀྱི་བརྟན་བཞུགས་བྱ། །འཇིག་རྟེན་པ་རྣམས་ཕྱི་དར་ཡོད་ན་བསྟིམ། །མེད་ན་རང་རང་གནས་སུ་གཤེགས་པར་བྱ། །གཡང་རྫས་ཕུད་རྣམས་ཅུང་ཟད་གཡང་ཁུག་བླུག །ཀྱཻ། །གཡང་ཁུག་ཕྱྭ་གཡང་འབེབས་ཞེས་འདོན་ཆ་ལྟར། །གཡང་ཁུག་གྲོགས་པོ་བྱ་བ་གཡང་ཕུར་འདོགས། །ཀྱཻ། །གཡང་ལ་རྒྱས་གསུམ་བཏབ་པ་སོགས། །དེ་ནས་འདོན་ཡོན་ལྟར་དུ་དངོས་གྲུབ་རོལ། །ཚེ་མར་ཤིས་བརྗོད་འདོན་ཆ་ལྟར་དུ་བྱ། །ཧཱུྃ། སྐུ་ཡི་དངོས་གྲུབ་ཀུན་གྱི་བདག །ཅེས་སོགས་བཀྲ་%ཤིས་གང་ཤེས་ཡེ་དྷར་དང་། །ཨ་ལི་ཀཱ་ལི་བསྔོ་བ་སྨོན་ལམ་བྱ། །དེ་ནས་རྗེས་ཀྱི་བྱ་བའི་རིམ་པ་ནི། །ས་བདག་དང་ནི་གཡང་སྐྱབས་འགྲེལ་བ་ནི། །ཚོགས་ཀྱི་གོང་དེར་ས་བདག་འདོན་པ་ཡིན། །ས་བདག་རྒྱས་བསྡུས་སྒྲུབ་པའི་ཟོལ་དང་བསྟུན། །གཞན་ཡང་ལུགས་མང་འབྲེལ་པ་མང་བྱེད་ཀྱང་། །ས་བདག་འབྲེལ་པ་འདི་ནི་འབྲེལ་ཆགས་སྙམ། །བྱིན་རླབས་ཆེ་ཞེས་མི་ཡི་ཁ་སྤྲོས་སྣང་། །དེ་ལྟར་ད་ལྟ་གྲགས་ཆེ་གཡང་སྐྱབས་ཞེས། །གྲོང་དུ་རྒྱུ་བ་སྔགས་བཙུན་གང་རིགས་ཀྱི། །དབྱར་ཐོག་བྱུང་ན་དར་སྲོལ་ཆེ་མོད་ཀྱང་། །ལ་ལར་


CMR045_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་འདོད་བན་བོན་མང་པོ་བསྲེ། །རས་ལ་སློག་པའི་ལྷན་དེ་དགོད་རེ་བྲོ། །ལ་ལས་བསྡུས་འདོད་རང་གཞུང་ཡང་མི་ཚང་། །གཞུ་ལ་མདའ་མེད་འབེན་དེ་ངོ་རེ་ཚ། །ལ་ལས་དབང་མེད་ལུང་མེད་དོན་མ་གོ །ལུང་སྟོང་འབོད་པ་གྲེ་བ་འགགས་པའི་རྒྱུ། །དེ་ཕྱིར་ཡོན་ཏན་ལྡན་རྣམས་མི་སྤྲོ་ཀྱང་། །རང་འདྲའི་རྨོངས་པ་འགའ་ལ་ཕན་པར་བསམ། །དབང་ལུང་ཐོབ་ན་སློབ་དཔོན་དཔེ་ཡིས་ཆོག །ཚད་དང་ལྡན་ན་མཁས་པའི་ཡང་རབ་ཡིན། །དེ་སྐད་ཨ་རཱ་ཨ་སྱས་སྨྲས་པ་བཞིན། །པདྨ་ཐབས་མཁས་བསྐུལ་བ་པོ་དེས་བྲིས། །ཉེས་འགལ་མཆིས་ན་ནོར་ལྷའི་ཚོགས་ལ་བཤགས། །དགེ་བས་འགྲོ་བའི་དབུལ་ཕོངས་སྡུག་བསྔལ་ཞི། །མགོན་པོ་ཛཾ་བྷ་ལ་ཉིད་འགྲུབ་གྱུར་ནས། །སྦྱིན་པའི་ཕར་ཕྱིན་བསྟན་པའི་སྦྱིན་བདག་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ལྷ་མོ་དཔལ་གཡང་སྐྱབས་མདུན་བསྐྱེད།


CMR045_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དཀོན་མཆོག་རྣམ་གསུམ་ལ། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །འགྲོ་རྣམས་དབུལ་ཕོངས་བསལ་བའི་ཕྱིར། །བདག་གིས་བླ་མེད་སངས་རྒྱས་བསྒྲུབ། །འགྲོ་ཀུན་བདེ་ལྡན་སྡུག་བསྔལ་བྲལ། །བདེ་ལས་མི་ཉམས་བཏང་སྙོམས་ཤོག །སྐད་ཅིག་དྲན་རྫོགས་ངང་ཉིད་ལས། །པདྨ་ཟླ་བའི་གདན་སྟེང་དུ། །མདུན་མཁར་སངས་རྒྱས་རིན་པོ་ཆེ། །མེ་ཏོག་ཡོན་ཏན་གྱི་རྒྱ་མཚོ། །བཻ་ཌཱུརྱ་དང་གསེར་གྱི་རི། །ཁ་དོག་བཟང་པོ་གསེར་དག་ཏུ། །སྣང་བའི་དཔལ་གྱི་བཅོམ་ལྡན་འདས། །གསེར་མདོག་ཆོས་གོས་རྣམ་གསུམ་གསོལ། །མཆོག་སྦྱིན་མཉམ་བཞག་རྡོ་རྗེ་ཡི། །སྐྱིལ་ཀྲུང་བཞུགས་ཤིང་འོད་ཟེར་འབར། །གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཐིམ། །ཧཱུྃ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །སངས་རྒྱས་རིན་ཆེན་མེ་ཏོག་ཡོན་ཏན་མཚོ། །བཻ་ཌཱུརླ་དང་གསེར་རི་ཁ་དོག་བཟང། །གསེར་དུ་སྣང་བའི་དཔལ་གྱི་བཅོམ་ལྡན་འདས། །ལྷ་མོ་དཔལ་ཆེན་མོ་ཡི་བཤེས་གཉེན་ཁྱོད། །གཤེགས་དང་བཞུགས་པའི་མཚན་མ་མི་མངའ་ཡང་། །ཆུ་ཟླ་


CMR045_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་གནས་འདིར་སྣང་བར་མཛོད། །མདུན་མཁར་དམ་ཡེ་དབྱེར་མེད་བརྟན་པར་བཞུགས། །སྒོ་གསུམ་རབ་ཏུ་གུས་པས་ཕྱག་འཚལ་ལོ། །བདག་སོགས་སྒྲིབ་གཉིས་སྦྱང་ཕྱིར་སྐུ་ཁྲུས་གསོལ། །ཨོཾ་ན་མོ་བྷ་ག་ཝ་ཏེ་རཏྣ་ཀ་མ་ལ་གུ་ཎ་ས་མུ་དྲ་བཛྲ་ས་མ་ཡ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། ཨ་ཏི་པཱུ་ཧོ༔ ཀཱ་ཡ་ཤུདྡྷེ་ཨཱཿ ཞེས་སྔགས་ལན་གསུམ་གྱིས་གསལ་བཏབ། མཆོད་ཡོན་ཞབས་བསིལ་མེ་ཏོག་བདུས་སྤོས་དང་། །སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོ་སོགས། །ཉེར་སྤྱོད་བདུན་དང་འདོད་ཡོན་རྣམ་པ་ལྔ། །བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན། །ཀུན་བཟང་སྨོན་ལམ་ལྟ་བུའི་མཆོད་པས་མཆོད། །ཨོཾ་ན་མོ་བྷ་ག་ཝ་ཏེ་རཏྣ་ཀ་མ་ལ་གུ་ཎ་ས་མུ་དྲ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤཔྟ་པྲ་ཏིཙྪ་སྭཱ་ཧཱ། རཱུ་པ་ཤབྡ་གནྡྷེ་རྭ་ས་སྤརེ་སརྦ་པཱུ་ཛ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། འདས་པའི་སངས་རྒྱས་བཅོམ་ལྡན་དེ་བཞིན་གཤེགས། །རིན་ཆེན་མེ་ཏོག་ཡོན་ཏན་རྒྱ་མཚོ་ནི། །བཻ་ཌཱུརྱ་དང་གསེར་རི་ཁ་དོག་བཟང་། །གསེར་དུ་སྣང་བའི་དཔལ་ལ་ཕྱག་འཚལ་བསྟོད། །མདུན་བསྐྱེད་ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་མཐར། །སྔགས་ཕྲེང་


CMR045_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སུ་འཁོར་བའི་འོད་ཟེར་གྱིས། །རྒྱལ་མཆོད་བྱིན་རླབས་བསྡུས་ནས་བདག་སྦྱིན་བདག །གནས་ཁང་ཡུལ་ཞིང་ལ་ཐིམ་ཐམས་ཅད་ནི། །སྣང་སྟོང་།འཇའ་ཚོན་སངས་རྒྱས་ཞིང་ལྟར་གྱུར། །ན་མསརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་ཨ་ནུ་ག་ཏེ་ༀ་ཀུ་རུཾ་གི་ནི་སྭཱ་ཧཱ། །ཞེས་དེ་བཞིན་གཤེགས་པ་སྤྱིའི་སྙིང་པོ་འདི་ལན་གཅིག་བརྗོད་པས་བསྐལ་པ་བརྒྱད་ཁྲིའི་སྡིག་པ་འདགས་པར་གསུངས། མཚན་སྔགས་བཟླ་བར་སྤྲོ་ན། ཨོཾ་ན་མོ་བྷ་ག་ཝ་ཏེ་རཏྣ་ཀ་མ་ལ་གུ་ཎ་ས་མུ་དྲ་བེ་ཌཱུརྱ་ཀ་ན་ཀ་སུ་མེ་རུ་སུ་ཝརྞ་ཀ་ན་ཀ་བྷ་ས་ཤྲཱི་ཡེ་ཨཱཿཧཱུྃ། ཞེས་བཟླའོ། །ཞེས་པའང་གནས་མདོའི་རིང་ལུགས་འཛིན་པ་བླ་མ་བདེ་ཆེན་སྙིང་པོ་ཞེས་པས་བཀོད་པའོ། །སརྦ་མངྒ་ལཾ།། །།

བཀར་ཡས་ལྷན་ཐབས།


CMR045_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། རང་ཉིད་ཡི་དམ་གནས་འགྱུར་ཏེ། །དྲན་རྫོགས་ཁྲོ་བོ་བདུད་རྩི་འཁྱིལ། །སྐུ་མདོག་ལྗང་ལ་དམར་བའི་མདངས། །གཡས་པས་རྡོ་རྗེ་ནམ་མཁར་ཕྱར། །གཡོན་པས་སྡིགས་མཛུབ་མེ་འབར་མཛད། །ཁྲོ་བོའི་ཆས་ཀུན་ཡོངས་སུ་རྫོགས། །ཞབས་གཉིས་འདོར་ཐབས་དགྲ་བགེགས་མནན། །ཐུགས་ཀར་ཉི་སྟེང་ཧཱུྃ་ལྗང་མཐར། །སྔགས་ཀྱིས་གཡས་སུ་བསྐོར་བ་ལས། །འོད་ཟེར་ལྗང་གུ་ཕྱོགས་བཅུར་འཕྲོས། །འོག་མིན་གནས་ནས་བདུད་རྩི་འཁྱིལ། །རང་འདྲ་དཔག་མེད་སྤྱན་དྲངས་ཏེ། །བདག་དང་ནས་འབྲུ་རྣམས་ལ་ཐིམ། །ཐུན་རྡོ་རེ་དང་ནས་འབྲུ་རེའང་། །རང་འདྲའི་བདུད་རྩི་འཁྱིལ་པ་རེ། །མེ་འབར་ཚྭ་ཚྭ་འཕྲོ་བར་གྱུར། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཅེས་སྟོང་ཕྲག་ཙམ་ཞིག་བཟླས་པ་བྱ་བ་དང་། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། སྔགས་དེ་ཕྲེང་སྐོར་གཅིག་གཉིས་ཀྱིས། །འོ་དཀར་དང་ནི་ཐུན་སྔགས་བཞག །ཨོཾ་ཨ་མྲྀ་ཏེ་ཨརྒྷཾ་སོགས་ནས། ཤབྡའི་བར། ཧཱུྃ༔ འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ཧཱུྃ། ང་


CMR045_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དཔལ་ཆེན་ཧེ་རུ་ཀ །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །བགེགས་རིགས་འདུལ་བའི་གཉེན་པོར་བསྐོས། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །བདུད་རྩི་འཁྱིལ་པའི་མཐུ་སྟོབས་ཀྱིས། །བདག་དང་ཡོན་གྱི་བདག་པོ་ལ། །གནོད་ཅིང་འཚེ་བར་བྱེད་པ་དང་། །ཁང་ཁྱིམ་འདི་ལ་འཁྲི་བ་ཡི། །ལྟོགས་འགོང་དབུལ་སྲི་བསེ་རག་རྣམས། །རང་གཟུགས་ཡས་སྟགས་འདི་ལ་ཁུག །བསེ་རག་དཔལ་རྒྱལ་པོ་གཞོན་ནུ་པ། །རྟོགས་འགོང་དབུལ་སྲི་མང་པོས་བསྐོར། །གོད་ཀ་ཐམས་ཅད་ཁྱོད་ལས་བྱུང་། །དབུལ་འདྲེ་དབུལ་སྲི་ཁྱོད་ལས་བྱུང་། །ལོ་ཉེས་ཐོག་ཉེས་ཁྱོད་ལས་བྱུང་། །མི་ལ་ན་ཚ་ཁྱོད་ལས་བྱུང་། །ནོར་ལ་གོད་ཀ་ཁྱོད་ལས་བྱུང་། །མི་ཁ་བྲ་མཆུ་ཁྱོད་ལས་བྱུང་། །ཚེ་ལ་བར་ཆད་ཁྱོད་ལས་བྱུང་། །དམེ་འདྲེ་ཐམས་ཅད་ཁྱོད་ལས་བྱུང་། །ཟ་ཁ་འཐུང་ཁ་ཁྱོད་ཀྱིས་འཕྲོག །བུ་ཚའི་བླ་ནི་ཁྱོད་ཀྱིས་བརྐུས། །བཟའ་མིའི་འཐབ་འདྲེ་ཁྱོད་ཀྱིས་བྱས། །དེ་ཕྱིར་གནོད་བྱེད་འཁོར་དང་བཅས། །གཟུགས་བརྙན་འདི་ལ་ཐིམ་པར་གྱུར། །ཛཿཧཱུྃ་བཾ་ཧོཿ ཅེས་གནོད་བྱེད་ཐམས་ཅད་གཟུགས་བརྙན་ལ་སིབ་སིབ་ཐིམ་པར་བསྒོམ། དེ་ནས་གཡང་གླུད་ངར་མི་བྲན།

ལྷ་མོ་དཔལ་ཆེན་མོའི་གཡང་སྐྱབས་ཀྱི་སེལ་དཀར་ནག་དབྱེ་བསལ།


CMR045_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་དཔལ་ཆེན་མོའི་གཡང་སྐྱབས་ཀྱི་སེལ་དཀར་ནག་དབྱེ་བསལ་བཞུགས་སོ།


CMR045_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་མ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ལྷ་མོ་དཔལ་གྱི་གཡང་སྐྱབས་ནི། །འགྲོ་བ་རྣམས་ལ་ཕན་ཕྱིར་དུ་།དབྱེ་བསལ་དཀར་ནག་བྲི་བར་བྱ། །གོང་དུ་གཞི་མ་དཀར་པོའི་སྟེང་། །ནས་ཀྱི་པདྨ་འདབ་བརྒྱད་བྲི། །གཡང་རྟེན་རྫས་རྣམས་བཀྲམ་པར་བྱ། །མདུན་དུ་ས་སྟེགས་གྲུ་བཞིའི་སྟེང་དུ་ཚོན་རྩི་དཀར་དམར་གྱི་མུ་ཁྱུད་སྟེང་འོག །དེའི་ཕྱི་མུ་ཁྱུད་ལ་པདྨ་འདབ་བརྒྱད་བཀོད། བཅའ་ཚོགས་ནི། དཀར་གཏོར་བཅུ། དམར་གཏོར་བཅུ། ལྗོན་ཤིང་།དཀར་ནག་བཅུ། རྡོ་དཀར་རྡོ་ནག་བཅུ། མར་ཁུའི་མཚོ་བཅུ། ཏིང་ལོ་ནག་པོའི་ནང་ཟོ་བཤལ་སྐྱ་བཤལ་བཅུ། ངར་མི་དཀར་པོ་བཅུ། ངར་མི་ནག་པོ་བཅུ། འཇོར་དཀར་པོ་བཅུ།


CMR045_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་ལེབ་ནག་པོ་བཅུ། སྐུ་རེ་དཀར་པོ་བཅུ། གཉའ་ཤིང་ནག་པོ་བཅུ། སྐས་དཀར་སྐས་ཐེམ་བཅུ་གསུམ་པ་བཅུ། སྐས་ནག་སྐས་ཐེམ་དགུ་པ་བཅུ། དམུ་དག་དཀར་ནག་བཅུ་རེ་བྱ། དཀར་པོ་ཐམས་ཅད་ཡར་གཡང་གཞིའི་དཀྱིལ་འཁོར་སྟེང་དུ་མཆོད། ནག་པོ་ཐམས་ཅད་མར་ཡས་གླུད་འགོང་བཀར་ནང་དུ་བསྔོ། དེ་ནས་གསེར་སྐྱེམས་འབུལ་བ་ནི། །རཾ་ཡཾ་ཁཾ། འདོད་ཡོན་ཟག་པ་མེད་པའི་བདུད་རྩིར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཧཱུྃ། དེ་རིང་གཟའ་སྐར་ཚེས་གྲངས་བཟང་པོ་ལ།། མཆོག་གསུམ་རྩ་བརྒྱུད་བླ་མ་དམ་པ་དང་། །ཡི་དམ་ཞི་ཁྲོ་རབ་འབྱམས་འཁོར་ལོའི་བདག །གཡང་གི་ལྷ་མོ་དཔལ་ཆེན་མཆེད་དགུ་དང་། །


CMR045_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་འོག་བར་གསུམ་བཞུགས་པའི་ནོར་ལྷ་དང་། །རྩ་གསུམ་ལྷ་ཚོགས་བརྒྱུད་པའི་བླ་མ་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །སྔགས་འཆང་བདག་ལ་འགོ་བའི་ལྷ་སྲུང་དང་། །བཀའ་སྲུང་ཕོ་ཉ་མ་མགོན་ལྕམ་དྲལ་དང་། །སྡེ་དཔོན་སུམ་ཅུ་དབང་ཕྱུག་བརྟན་མ་དང་། །དགེ་བསྙེན་ཉེར་གཅིག་སྟོང་གསུམ་ས་བདག་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །ཁྱད་པར་འཛམ་གླིང་ཡུལ་ལྷ་ཟོ་དོར་རྣམས། །ཕྱོགས་འདིར་གནས་པའི་ལྷ་སྲིན་དྲེགས་པའི་ཚོགས། །ལོ་ཟླ་ཞག་དུས་སྤར་སྨེ་ས་བདག་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །དཀར་ནག་དབྱེ་བསལ་གཟུ་དཔང་གྲོགས་མཛོད་ཅིག །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འགོང་བཀར་བསྐྱེད་ལ་འགུགས་གཞུག་དང་། སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ལ། སེལ་དངོས་ནི། །ཀྱཻ། དེ་རིང་སེལ་གཞི་འདི་ལ་ལྟོས། །གོང་དུ་སེལ་དཀར་བཏིང་བ་འདི། །ལྷ་མོ་དཔལ་དགུའི་ཕོ་བྲང་ཡིན། །ཨོཾ་ཨཱཿཧཱུྃ། གསུམ། རཾ་ཡཾ་ཁཾ། གསུམ། ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ། དབུས་སྟེང་ཕྱོགས་ནས་དབྱེ་བསལ་བྱ།


CMR045_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ། །གཡང་བཤོས་དཀར་གཏོར་རྒྱས་པ་འདི། །མཆོག་གསུམ་རྩ་གསུམ་ལྷ་ཚོགས་དང་། །གཡང་གི་ལྷ་མོ་དཔལ་ཆེན་མོ། །གཡང་ལྷ་འཁོར་བཅས་ངོ་སོ་བསྟོད། །མི་གཡང་ཕྱུགས་གཡང་ཚེ་གཡང་དང་། །རྟ་གཡང་ཟོག་གཡང་རིན་ཆེན་སྣ་བདུན་གཡང་། །དར་ཟབ་གོས་གཡང་ཟས་གཡང་འབྲུ་སྣ་བདུན། །ཚེ་དཔལ་བསོད་ནམས་དངོས་གྲུབ་བདག་ལ་སྩོལ། །གཡང་ལྷ་འཁོར་བཅས་ངོ་སོ་མཆོད་པས་བསྟོད། །འཛམ་གླིང་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཀྱཻ། །མ་ཧཱ་མཱི་སས་བརྒྱན་པའི་གཏོར་མ་འདི། །འགོང་པོ་སྤུན་དགུ་འཁོར་བཅས་ལ། །ཁྱོད་ལ་གླུད་དང་གཏོར་མ་སྦྱིན། །འདི་རུ་མ་འདུག་གཞན་དུ་སོང་། །ཡོན་བདག་འདི་ལ་གནོད་མ་བྱེད། །མི་ནད་ཕྱུགས་ནད་མར་ལ་བསལ། །རྨོངས་སྡུག་དབུལ་གསུམ་མར་ལ་བསལ། །བསེ་རག་འགོང་པོ་མར་ལ་བསལ། །དམ་སྲི་སྤུན་དགུ་མར་ལ་བསལ། །སྲིད་པའི་འདྲེ་དགུ་མར་ལ་བསལ། །གདོན་བགེགས་འབྱུང་པོ་མར་ལ་བསལ། །ཀྱཻ། །གཡང་གི་དཔག་བསམ་ལྗོན་ཤིང་འདི། །བདུད་རྩི་འོ་མས་གསོས་སྨན་བསྐྱེད། །ལྷུན་གྱིས་གྲུབ་པའི་ལྷ་


CMR045_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་འདི། །མཆོག་གསུམ་རྩ་གསུམ་ལྷ་ཚོགས་དང་། །གཡང་གི་ལྷ་མོ་དཔལ་ཆེན་མོ། །གཡང་ལྷ་འཁོར་བཅས་ངོ་སོ་བསྟོད། །མི་གཡང་ཕྱུགས་གཡང་ཚེ་གཡང་དང་། །རྟ་གཡང་ཟོག་གཡང་རིན་ཆེན་སྣ་བདུན་གཡང་། །དར་ཟབ་གོས་གཡང་ཟས་གཡང་འབྲུ་སྣ་བདུན། །ཚེ་དཔལ་བསོད་ནམས་དངོས་གྲུབ་བདག་ལ་སྩོལ། །གཡང་ལྷ་འཁོར་བཅས་ངོ་སོ་མཆོད་པས་བསྟོད། །འཛམ་གླིང་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཀྱཻ། །རྨོངས་སྡུག་དབུལ་གསུམ་ཚིམ་པའི་ཤིང་ནག་འདི། །བསེ་རག་སྤུན་དགུ་འཁོར་བཅས་ལ། །ཁྱོད་ལ་ཤིང་ནག་བལ་ཚོན་སྦྱིན། །འདི་རུ་མ་འདུག་གཞན་དུ་སོང་། །ཡོན་བདག་འདི་ལ་གནོད་མ་བྱེད། །མི་ནད་ཕྱུགས་ནད་མར་ལ་བསལ། །རྨོངས་སྡུག་དབུལ་གསུམ་མར་ལ་བསལ། །བསེ་རག་འགོང་པོ་མར་ལ་བསལ། །དམ་སྲི་སྤུན་དགུ་མར་ལ་བསལ། །སྲིད་པའི་འདྲེ་དགུ་མར་ལ་བསལ། །གདོན་བགེགས་འབྱུང་པོ་མར་ལ་བསལ། །ཀྱཻ། །གཡང་གི་ཨ་མོ་ལི་ཀ་རྣམ་རྒྱལ་རྡོ། །ཐམས་ཅད་ཀུན་འགྲུབ་དུང་རྡོ་དང་། །འདོད་དགུ་འབྱུང་བའི་ལྷ་རྡོ་འདི། །མཆོག་གསུམ་རྩ་གསུམ་ལྷ་ཚོགས་


CMR045_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །གཡང་གི་ལྷ་མོ་དཔལ་ཆེན་མོ། །གཡང་ལྷ་འཁོར་བཅས་ངོ་སོ་བསྟོད། །མི་གཡང་ཕྱུགས་གཡང་ཚེ་གཡང་དང་། །རྟ་གཡང་ཟོག་གཡང་རིན་ཆེན་སྣ་བདུན་གཡང་། །དར་ཟབ་གོས་གཡང་ཟས་གཡང་འབྲུ་སྣ་བདུན། །ཚེ་དཔལ་བསོད་ནམས་དངོས་གྲུབ་བདག་ལ་སྩོལ། །གཡང་ལྷ་འཁོར་བཅས་ངོ་སོ་མཆོད་པས་བསྟོད། །འཛམ་གླིང་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཀྱཻ། །བསེ་རག་འགོང་པོའི་བླ་རྡོ་ནག་པོ་འདི། །རྨོངས་སྡུག་དབུལ་གསུམ་འཁོར་བཅས་ལ། །ཁྱོད་ལ་སྲིད་པའི་བླ་རྡོ་ནག་པོ་སྦྱིན། །འདི་རུ་མ་འདུག་གཞན་དུ་སོང་། །ཡོན་བདག་འདི་ལ་གནོད་མ་བྱེད། །མི་ནད་ཕྱུགས་ནད་མར་ལ་བསལ། །རྨོངས་སྡུག་དབུལ་གསུམ་མར་ལ་བསལ། །བསེ་རག་འགོང་པོ་མར་ལ་བསལ། །དམ་སྲི་སྤུན་དགུ་མར་ལ་བསལ། །སྲིད་པའི་འདྲེ་དགུ་མར་ལ་བསལ། །གདོན་བགེགས་འབྱུང་པོ་མར་ལ་བསལ། །ཀྱཻ། །གཡང་གི་འདོད་འཇོ་བ་ཡི་བླ་མཚོ་དང་། །དཔལ་འབྱོར་ཕུན་ཚོགས་བླ་མཚོ་འདི། །མཆོག་གསུམ་རྩ་གསུམ་ལྷ་ཚོགས་དང་། །གཡང་གི་ལྷ་མོ་དཔལ་ཆེན་མོ། །གཡང་ལྷ་འཁོར་བཅས་


CMR045_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་སོ་བསྟོད། །མི་གཡང་ཕྱུགས་གཡང་ཚེ་གཡང་དང་། །རྟ་གཡང་ཟོག་གཡང་རིན་ཆེན་སྣ་བདུན་གཡང་། །དར་ཟབ་གོས་གཡང་ཟས་གཡང་འབྲུ་སྣ་བདུན། །ཚེ་དཔལ་བསོད་ནམས་དངོས་གྲུབ་བདག་ལ་སྩོལ། །གཡང་ལྷ་འཁོར་བཅས་ངོ་སོ་མཆོད་པས་བསྟོད། །འཛམ་གླིང་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཀྱཻ། །སྲིད་པའི་འདྲེ་དགུའི་བླ་མཚོ་ནག་པོ་འདི། །འགོང་པོ་སྤུན་དགུ་འཁོར་བཅས་ལ། །ཁྱོད་ལ་བླ་མཚོ་ནག་པོ་སྦྱིན། །འདི་རུ་མ་འདུག་གཞན་དུ་སོང་། །ཡོན་བདག་འདི་ལ་གནོད་མ་བྱེད། །མི་ནད་ཕྱུགས་ནད་མར་ལ་བསལ། །རྨོངས་སྡུག་དབུལ་གསུམ་མར་ལ་བསལ། །བསེ་རག་འགོང་པོ་མར་ལ་བསལ། །དམ་སྲི་སྤུན་དགུ་མར་ལ་བསལ། །སྲིད་པའི་འདྲེ་དགུ་མར་ལ་བསལ། །གདོན་བགེགས་འབྱུང་པོ་མར་ལ་བསལ། །ཀྱཻ། །གཡང་གི་འདོད་ཡོན་དུང་མི་འདི། །དངོས་གྲུབ་འབྱུང་བའི་དུང་འོད་དཀར་པོ་འཁྲིགས། །འདོད་དགུ་ལྷུན་གྲུབ་མི་ཕོ་འདི། །མཆོག་གསུམ་རྩ་གསུམ་ལྷ་ཚོགས་དང་། །གཡང་གི་ལྷ་མོ་དཔལ་ཆེན་མོ། །གཡང་ལྷ་འཁོར་བཅས་ངོ་སོ་བསྟོད། །མི་གཡང་ཕྱུགས་གཡང་ཚེ་


CMR045_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་དང་། །རྟ་གཡང་ཟོག་གཡང་རིན་ཆེན་སྣ་བདུན་གཡང་། །དར་ཟབ་གོས་གཡང་ཟས་གཡང་འབྲུ་སྣ་བདུན། །ཚེ་དཔལ་བསོད་ནམས་དངོས་གྲུབ་བདག་ལ་སྩོལ། །གཡང་ལྷ་འཁོར་བཅས་ངོ་སོ་མཆོད་པས་བསྟོད། །འཛམ་གླིང་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཀྱཻ། །འགོང་པོ་སྤུན་དགུ་བླ་གླུད་ནག་པོ་འདི། འགོང་པོ་སྤུན་དགུ་འཁོར་བཅས་ལ། །ཁྱོད་ལ་འདོད་པའི་ངར་མི་ནག་པོ་སྦྱིན། །འདི་རུ་མ་འདུག་གཞན་དུ་སོང་། །ཡོན་བདག་འདི་ལ་གནོད་མ་བྱེད། །མི་ནད་ཕྱུགས་ནད་མར་ལ་བསལ། །རྨོངས་སྡུག་དབུལ་གསུམ་མར་ལ་བསལ། །བསེ་རག་འགོང་པོ་མར་ལ་བསལ། །དམ་སྲི་སྤུན་དགུ་མར་ལ་བསལ། །སྲིད་པའི་འདྲེ་དགུ་མར་ལ་བསལ། །གདོན་བགེགས་འབྱུང་པོ་མར་ལ་བསལ། །ཀྱཻ། །གཡང་གི་དུང་འཇོར་དཀར་པོ་འདིས། །སྤྱི་བོར་དམུ་གབ་རྡོ་ལེབ་ཁོག །བཀོག་ནས་འོད་ཟེར་སླར་ལ་འདུས། །དུང་འཇོར་དཀར་པོའི་མཆོད་པ་འདིས། །མཆོག་གསུམ་རྩ་གསུམ་ལྷ་ཚོགས་དང་། །གཡང་གི་ལྷ་མོ་དཔལ་ཆེན་མོ། །གཡང་ལྷ་འཁོར་བཅས་ངོ་སོ་བསྟོད། །མི་གཡང་ཕྱུགས་


CMR045_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་ཚེ་གཡང་དང་། །རྟ་གཡང་ཟོག་གཡང་རིན་ཆེན་སྣ་བདུན་གཡང་། །དར་ཟབ་གོས་གཡང་ཟས་གཡང་འབྲུ་སྣ་བདུན། །ཚེ་དཔལ་བསོད་ནམས་དངོས་གྲུབ་བདག་ལ་སྩོལ། །གཡང་ལྷ་འཁོར་བཅས་ངོ་སོ་མཆོད་པས་བསྟོད། །འཛམ་གླིང་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཀྱཻ། །རྨོངས་སྡུག་དབུལ་གསུམ་ཚིམས་པའི་དབུ་གབ་ནག་པོ་འདི། །གདོན་བགེགས་འབྱུང་པོ་འཁོར་བཅས་ལ། །ཁྱོད་ལ་འདོད་པའི་དམུ་གབ་ནག་པོ་སྦྱིན། །འདི་རུ་མ་འདུག་གཞན་དུ་སོང་། །ཡོན་བདག་འདི་ལ་གནོད་མ་བྱེད། །མི་ནད་ཕྱུགས་ནད་མར་ལ་བསལ། །རྨོངས་སྡུག་དབུལ་གསུམ་མར་ལ་བསལ། །བསེ་རག་འགོང་པོ་མར་ལ་བསལ། །དམ་སྲི་སྤུན་དགུ་མར་ལ་བསལ། །སྲིད་པའི་འདྲེ་་དགུ་མར་ལ་བསལ། །གདོན་བགེགས་འབྱུང་པོ་མར་ལ་བསལ། །ཀྱཻ། །ལྟག་པའི་གཉའ་ཤིང་གདོན་བགེགས་སྤྲུལ། །གཡང་གི་འོད་ཟེར་གསེར་སྟ་རེས། །གདར་ནས་འོད་ཟེར་སླར་ལ་འདུས། །གསེར་སྟར་དཀར་པོའི་མཆོད་པ་འདིས། །མཆོག་གསུམ་རྩ་གསུམ་ལྷ་ཚོགས་དང་། །གཡང་གི་ལྷ་མོ་དཔལ་ཆེན་མོ། །གཡང་ལྷ་འཁོར་བཅས་ངོ་


CMR045_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

སོ་བསྟོད། །མི་གཡང་ཕྱུགས་གཡང་ཚེ་གཡང་དང་། །རྟ་གཡང་ཟོག་གཡང་རིན་ཆེན་སྣ་བདུན་གཡང་། །དར་ཟབ་གོས་གཡང་ཟས་གཡང་འབྲུ་སྣ་བདུན། །ཚེ་དཔལ་བསོད་ནམས་དངོས་གྲུབ་བདག་ལ་སྩོལ། །གཡང་ལྷ་འཁོར་བཅས་ངོ་སོ་མཆོད་པས་བསྟོད། །འཛམ་གླིང་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཀྱཻ། །རྨོངས་སྡུག་དབུལ་གསུམ་ཚིམས་པའི་གཉའ་ཤིང་ཆག་པོ་འདི། །གདོན་བགེགས་འབྱུང་པོ་འཁོར་བཅས་ལ། །ཁྱོད་ལ་འདོད་པའི་གཉའ་ཤིང་ཆོག་པོ་སྦྱིན། །འདི་རུ་མ་འདུག་གཞན་དུ་སོང། །ཡོན་བདག་འདི་ལ་གནོད་མ་བྱེད། །མི་ནད་ཕྱུགས་ནད་མར་ལ་བསལ། །རྨོངས་སྡུག་དབུལ་གསུམ་མར་ལ་བསལ། །བསེ་རག་འགོང་པོ་མར་ལ་བསལ། །དམ་སྲི་སྤུན་དགུ་མར་ལ་བསལ། །སྲིད་པའི་འདྲེ་དགུ་མར་ལ་བསལ། །གདོན་བགེགས་འབྱུང་པོ་མར་ལ་བསལ། །ཀྱཻ། །བཅུ་གསུམ་གངས་ཀྱི་ཡར་རྩེ་ལ། །ཕོ་ལྷ་དགྲ་བླ་བཅུ་གསུམ་བཞུགས། །དུང་སྐས་བཅུ་གསུམ་འགྲིམས་ནས་འགྲོ། །བཅུ་གསུམ་ཚིགས་ལ་དུང་ཁྱུང་སྲིད། །མཆོག་གསུམ་རྩ་གསུམ་ལྷ་ཚོགས་དང་། །གཡང་གི་ལྷ་མོ་དཔལ་


CMR045_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མོ། །གཡང་ལྷ་འཁོར་བཅས་ངོ་སོ་བསྟོད། །མི་གཡང་ཕྱུགས་གཡང་ཚེ་གཡང་དང་། །རྟ་གཡང་ཟོག་གཡང་རིན་ཆེན་སྣ་བདུན་གཡང་། །དར་ཟབ་གོས་གཡང་ཟས་གཡང་འབྲུ་སྣ་བདུན། །ཚེ་དཔལ་བསོད་ནམས་དངོས་གྲུབ་བདག་ལ་སྩོལ། །གཡང་ལྷ་འཁོར་བཅས་ངོ་སོ་མཆོད་པས་བསྟོད། །འཛམ་གླིང་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཀྱཻ། རྨོངས་སྡུག་དབུལ་གསུམ་ཚིམས་པའི་སྐས་ནག་འདི། །གདོན་བགེགས་འབྱུང་པོ་འཁོར་བཅས་ལ། །ཁྱོད་ལ་འདོད་པའི་སྐས་ནག་སྦྱིན། །འདི་རུ་མ་འདུག་གཞན་དུ་སོང་། །ཡོན་བདག་འདི་ལ་གནོད་མ་བྱེད། །མི་ནད་ཕྱུགས་ནད་མར་ལ་བསལ། །རྨོངས་སྡུག་དབུལ་གསུམ་མར་ལ་བསལ། །བསེ་རག་འགོང་པོ་མར་ལ་བསལ། །དམ་སྲི་སྤུན་དགུ་མར་ལ་བསལ། །སྲིད་པའི་འདྲེ་དགུ་མར་ལ་བསལ། །གདོན་བགེགས་འབྱུང་པོ་མར་ལ་བསལ། །དམུ་དག་དཀར་ནག་དབྱེ་བསལ་ནི། །ཀྱཻ། དམུ་དག་དཀར་ནག་འདྲེས་ནས་བསྒྲིལ། །དམུ་དག་དཀར་པོ་ལྷ་ཡིས་ཁྲོལ། །དམུ་དག་ནག་པོ་སེལ་གྱིས་བསལ། །དམུ་དག་དཀར་པོའི་མཆོད་པ་འདི། །ལྷ་དང་སྲུང་མའི་ངོ་སོ་


CMR045_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། །གཡང་ལྷ་འཁོར་བཅས་ངོ་སོ་བསྟོད། །ཡེ་ཤེས་མཚོན་ཆ་རྣོན་པོ་ཡིས། །གདོན་བགེགས་གནོད་བྱེད་འབྲེལ་ཐག་ཆོད། །གདོན་བགེགས་འབྱུང་པོ་རང་རང་གནས་སུ་དེངས། །ཨོཾ་བྷྲཱུཾ། ཧཱུྃ་བྷྲཱུཾ། ཧྲཱི་བྷྲཱུཾ། ཨཱཿབྷྲཱུཾ། དེ་ནས་ཕྱོགས་བཞི་མཚམས་བརྒྱད་ནས་དབྱེ་བསལ་འདི་ལྟར་བྱེད། །ཀྱཻ། གཡང་བཤོས་དཀར་གཏོར་རྒྱས་པ་འདི། །མཆོག་གསུམ་རྩ་གསུམ་ལྷ་ཚོགས་དང་། །ཤར་གཡང་གི་ལྷ་མོ་ནོར་རྒྱུན་མ། །འགྲེས་སོ། ༈ ལྷོ་གཡང་གི་ལྷ་མོ་ཟླ་ཤེལ་མ། སོགས། ༈ །ནུབ་གཡང་གི་ལྷ་མོ་སྦྱིན་བྱེད་མ། སོགས། ༈ །བྱང་གཡང་གི་ལྷ་མོ་རབ་སྦྱིན་མ། སོགས། ༈ །ཤར་ལྷོ་གཡང་གི་ལྷ་མ་འཕགས་མ་དང་། སོགས། ༈ །ལྷོ་ནུབ་གཡང་གི་ལྷ་མོ་སྦས་མ་དང། སོགས། ༈ །ནུབ་བྱང་གཡང་གི་ལྷ་མོ་རབ་བཟང་མ། སོགས། ༈ །བྱང་ཤར་གཡང་གི་ལྷ་མོ་དབྱངས་ཅན་མ། །སྟེང་འོག་བར་གསུམ་ནས། ཚོགས་བདག་ཀླུ་རྒྱལ་སྤུརྨ་ཆེན་སྤོམ་ར་དང་། །ཅེས་སོགས་ཁ་བསྒྱུར་ལ་དམུ་དག་དཀར་པོ་ཚར་ནས། ཨོཾ་ཨཱཿཧཱུྃ། ཡེ་ཤེས་མཚོན་ཆ་རྣོན་པོ་ཡིས། །རྩེ་མོ་རཾ་ལས་མེ་འབར་བས། །བསྐལ་པ་གསུམ་གྱི་ནད་


CMR045_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བསྲེགས། །སོ་ལ་ཡཾ་ལས་རླུང་འཕྲོས་པས། །བསྐལ་པ་གསུམ་གྱི་ནད་རྣམས་ཕྱགས། །རྩ་བ་ཁཾ་ལས་ཆུ་བྱུང་བས། །བསྐལ་པ་གསུམ་གྱི་ནད་རྣམས་བཀྲུས། །ཡེ་ཤེས་མཚོན་ཆ་རྣོན་པོ་ཡིས། །རྨོངས་སྡུག་དབུལ་གསུམ་འབྲེལ་ཐག་ཆོད། །བསེ་རག་སྤུན་དགུའི་འབྲེལ་ཐག་ཆོད། །གདོན་བགེགས་དམ་སྲིའི་འབྲེལ་ཐག་ཆོད། །ཨོཾ་བྷྲཱུཾ། ཧཱུྃ་བྷྲཱུཾ། ཧྲཱི་བྷྲཱུཾ། ཨཱཿབྷྲཱུཾ། །ཀྱཻ། འགོང་པོ་དམ་སྲི་སྤུན་དགུ་དང་། །གནོད་བྱེད་འབྱུང་པོ་ཐམས་ཅད་ཀུན། །རང་རང་དམུ་དག་མར་ལ་དྲོངས། །རང་རང་འདོད་ཡོན་དམིགས་ཏེ་བསྔོ། །རང་རང་འདོད་པ་ཚིམས་ནས་སུ། །ཆོས་ཉིད་ཡེ་ཤེས་ཀློང་དུ་ཐིམ། །ཐམས་ཅད་ཆོས་དབྱིངས་ལྷུན་གྲུབ་ཤོག །དཀར་ནག་དབྱེ་བསལ་ཚར་ནས་གོང་གི་འགོང་བཀར་ཟནང་དུ་ཡས་གླུད་ངར་མི་ཆངས་བུཏིང་ལོ་སྦྱང་མ་རམ་པ་ཟོ་བཤལ་སྐྱ་བཤལ་ཆང་ལད་འོ་རུལ་རྣམས་བྲན་ལ་བཞག །ཁྱིམ་ལ་གཏོར་རྒྱུའི་ཆུ་དཀར་དང་། ཐུན་རྡོ་དཀར་ནག་སྔགས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཕྲེང་སྐོར་ཙམ་བཟླ། །རྣམ་འཇོམས་འདོན་ལ་ཐུན་རྡོ་དཀར་ནག་སྔགས། དེ་ནས་འགོང་བཀར་འཕང་ལ། ཧཱུྃ། ང་ནི་ཁྲོ་བོ་བདུད་རྩི་འཁྱིལ། །སོགས་ནས། སུམྦྷ་ནི་དང་རྣམ་འཇོམས་འདོན་ལ། ཐུན་རྡོ་དཀར་ནག་བྲབ། གནོད་


CMR045_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་འབྱུང་པོ་གདོན་བགེགས་ཐམས་ཅད་ཕྱིར་བསྐྲད། འོད་ཟེར་ཐམས་ཅད་ཚུར་འདུས་སྟེང་ཐམས་ཅད་རྡོ་རྗེའི་བླ་བྲེ། འོག་ཐམས་ཅད་རྡོ་རྗེའི་ས་གཞི། །ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་རྭ་གུར་ཡེ་ཤེས་ཀྱི་མེ་རི་འབར་བའི་མཚོན་ཆ་སྣ་ལྔའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བ་གཅིག་ཏུ་གྱུར། ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་རཀྟས་སྲུངས་ཤིག གནས་ཁང་ལ་ཤུག་ལོས་འོ་དཀར་གཏོར་ལ། ཁྲུས་བདུན་སྔགས་བཟླ། གཏང་རག་གི་མཆོད་བསྟོད་དང་ཡིག་བརྒྱ་ཡེ་དྷ་བརྗོད། བཀྲ་ཤིས་བརྗོད། ཅེས་བླ་མ་ཙཱ་རི་བས་བསྐུལ་བ་ལ་བརྟེན་ནས་གསེར་འཕྱང་གི་ལོར་སྔགས་འཆང་རཱ་ག་ཨ་སྱས་འབྲུག་གི་ཟླ་བའི་གནམ་གང་ཉིན་པར་བྲིས་པ་སརྦ་ཛ་ཡནྟུ། དགེའོ། ༈ གོང་གི་གཞི་མ་དཀར་པོའི་སྟེང་དུ་འབྲས་ཀྱི་ཚོམ་བུ་བཀོད་སྟེང་གསས་མཁར་བཅུ་བཞག །འོག་ཏུ་གཡང་གཞི་ནག་པོའི་སྟེང་དུ་འགོང་བཀར་བཤམས། གང་བདེར་གཅིག་ཏུ་གསེར་སྐྱེམས་དཀར་གཏོར་ཕྱེ་མར་སྒྲོན་མེ་ལྷ་རྟེན་ཟས་སྣ་རིན་པོ་སྣ་ཚོགས་མདའ་དར་བཤམས། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སེལ་དཀར་ནག་དབྱེ་བསལ་གྱི་འགྲེས་བྱང་།


CMR045_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་དཀར་ནག་དབྱེ་བསལ་གྱི་འགྲེས་བྱང་ངོ་། ཤར་གཡང་གི་ལྷ་མོ་ནོར་རྒྱུན་མ། །གཡང་ལྷ་འཁོར་བཅས་ངོ་སོ་བསྟོད། །མི་གཡང་ཕྱུགས་གཡང་ཚེ་གཡང་དང་། །རྟ་གཡང་ཟོག་གཡང་རིན་ཆེན་སྣ་བདུན་གཡང་། །དར་ཟབ་གོས་གཡང་ཟས་གཡང་འབྲུ་སྣ་བདུན། །ཚེ་དཔལ་བསོད་ནམས་དངོས་གྲུབ་བདག་ལ་སྩོལ། །གཡང་ལྷ་འཁོར་བཅས་ངོ་སོ་མཆོད་པས་བསྟོད། །འཛམ་གླིང་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། ༈ །འདི་རུ་མ་འདུག་གཞན་དུ་སོང་། །ཡོན་བདག་འདི་ལ་གནོད་མ་བྱེད། །མི་ནད་ཕྱུགས་ནད་མར་ལ་བསལ། །རྨོངས་སྡུག་དབུལ་གསུམ་མར་ལ་བསལ། །བསེ་རག་འགོང་པོ་མར་ལ་བསལ། །དམ་སྲི་སྤུན་དགུ་མར་ལ་བསལ། །སྲིད་པའི་འདྲེ་དགུ་མར་ལ་བསལ། །གདོན་བགེགས་འབྱུང་པོ་མར་ལ་བསལ། །ཀྱཻ། །མ་ཧཱ་མཱི་སས་བརྒྱན་པའི་གཏོར་མ་འདི། །འགོང་པོ་སྤུན་དགུ་འཁོར་བཅས་ལ། །ཁྱོད་ལ་གླུད་དང་གཏོར་མ་སྦྱིན། །འདི་རུ་མ་འདུག་གཞན་དུ་སོང་། །ཡོན་བདག་འདི་ལ་གནོད་མ་བྱེད། །མི་ནད་ཕྱུགས་ནད་མར་ལ་བསལ། །རྨོངས་སྡུག་དབུལ་གསུམ་མར་ལ་བསལ། །བསེ་


CMR045_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

རག་འགོང་པོ་མར་ལ་བསལ། །དམ་སྲི་སྤུན་དགུ་མར་ལ་བསལ། །སྲིད་པའི་འདྲེ་དགུ་མར་ལ་བསལ། །གདོན་བགེགས་འབྱུང་པོ་མར་ལ་བསལ། །ཀྱཻ། གཡང་གི་དཔག་བསམ་ལྗོན་ཤིང་འདི། །བདུད་རྩི་འོ་མས་གསོས་སྨན་བསྐྱེད། །ལྷུན་གྱིས་གྲུབ་པའི་ལྷ་རྫས་འདི། །མཆོག་གསུམ་རྩ་གསུམ་ལྷ་ཚོགས་དང་། །ཤར་གཡང་གི་ལྷ་མོ་ནོར་རྒྱུན་མ། །གཡང་ལྷ་འཁོར་བཅས་ངོ་སོ་བསྟོད། །མི་གཡང་ཕྱུགས་གཡང་ཚེ་གཡང་དང་། །རྟ་གཡང་ཟོག་གཡང་རིན་ཆེན་སྣ་བདུན་གཡང་། །དར་ཟབ་གོས་གཡང་ཟས་གཡང་འབྲུ་སྣ་བདུན། །ཚེ་དཔལ་བསོད་ནམས་དངོས་གྲུབ་བདག་ལ་སྩོལ། །གཡང་ལྷ་འཁོར་བཅས་ངོ་སོ་མཆོད་པས་བསྟོད། །འཛམ་གླིང་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཀྱཻ། །རྨོངས་སྡུག་དབུལ་གསུམ་ཚིམ་པའི་ཤིང་ནག་འདི། །བསེ་རག་སྤྱན་དགུ་འཁོར་བཅས་ལ། །ཁྱོད་ལ་ཤིང་ནག་བལ་ཚོན་སྦྱིན། །འདི་རུ་མ་འདུག་གཞན་དུ་སོང་། །ཡོན་བདག་འདི་ལ་གནོད་མ་བྱེད། །མི་ནད་ཕྱུགས་ནད་མར་ལ་བསལ། །རྨོངས་སྡུག་དབུལ་གསུམ་མར་ལ་བསལ། །བསེ་རག་འགོང་པོ་མར་ལ་བསལ། །


CMR045_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

དམ་སྲི་སྤུན་དགུ་མར་ལ་བསལ། །སྲིད་པའི་འདྲེ་དགུ་མར་ལ་བསལ། །གདོན་བགེགས་འབྱུང་པོ་མར་ལ་བསལ། །ཀྱཻ། །གཡང་གི་ཨ་མོ་ལི་ཀ་རྣམ་རྒྱལ་རྡོ། །ཐམས་ཅད་ཀུན་འགྲུབ་དུང་རྡོ་དང་། །འདོད་དགུ་འབྱུང་བའི་ལྷ་རྡོ་འདི། །མཆོག་གསུམ་རྩ་གསུམ་ལྷ་ཚོགས་དང་། །ཤར་གཡང་གི་ལྷ་མོ་ནོར་རྒྱུན་མ། །གཡང་ལྷ་འཁོར་བཅས་ངོ་སོ་བསྟོད། །མི་གཡང་ཕྱུགས་གཡང་ཚེ་གཡང་དང་། །རྟ་གཡང་ཟོག་གཡང་རིན་ཆེན་སྣ་བདུན་གཡང་། །དར་ཟབ་གོས་གཡང་ཟས་གཡང་འབྲུ་སྣ་ཟབདུན། །ཚེ་དཔལ་བསོད་ནམས་དངོས་གྲུབ་བདག་ལ་སྩོལ། །གཡང་ལྷ་འཁོར་བཅས་ངོ་སོ་མཆོད་པས་བསྟོད། །འཛམ་གླིང་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཀྱཻ། །།བསེ་རག་འགོང་པོའི་བླ་རྡོ་ནག་པོ་འདི། །རྨོངས་སྡུག་དབུལ་གསུམ་འཁོར་བཅས་ལ། །ཁྱོད་ལ་སྲིད་པའི་བླ་རྡོ་ནག་པོ་སྦྱིན། །འདི་རུ་མ་འདུག་གཞན་དུ་སོང་། །ཡོན་བདག་།འདི་ལ་གནོད་མ་བྱེད། །མི་ནད་ཕྱུགས་ནད་མར་ལ་བསལ། །རྨོངས་སྡུག་དབུལ་གསུམ་མར་ལ་བསལ། །བསེ་རག་འགོང་པོ་མར་ལ་བསལ། །དམ་སྲི་སྤུན་དགུ་མར་ལ་


CMR045_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བསལ། །སྲིད་པའི་འདྲེ་དགུ་མར་ལ་བསལ། །གདོན་བགེགས་འབྱུང་པོ་མར་ལ་བསལ། །ཀྱཻ། གཡང་གི་འདོད་འཇོ་བ་ཡི་བླ་མཚོ་དང་། །དཔལ་འབྱོར་ཕུན་ཚོགས་བླ་མཚོ་འདི། །མཆོག་གསུམ་རྩ་གསུམ་ལྷ་ཚོགས་དང་། །ཤར་གཡང་གི་ལྷ་མོ་ནོར་རྒྱུན་མ། །གཡང་ལྷ་འཁོར་བཅས་ངོ་སོ་བསྟོད། །མི་གཡང་ཕྱུགས་གཡང་ཚེ་གཡང་དང་། །རྟ་གཡང་ཟོག་གཡང་རིན་ཆེན་སྣ་བདུན་གཡང་། །དར་ཟབ་གོས་གཡང་ཟས་གཡང་འབྲུ་སྣ་བདུན། །ཚེ་དཔལ་བསོད་ནམས་དངོས་གྲུབ་བདག་ལ་སྩོལ། །གཡང་ལྷ་འཁོར་བཅས་ངོ་སོ་མཆོད་པས་བསྟོད། །འཛམ་གླིང་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཀྱཻ། །སྲིད་པའི་འདྲེ་དགུའི་བླ་མཚོ་ནག་པོ་འདི། །འགོང་པོ་སྤུན་དགུ་འཁོར་བཅས་ལ། །ཁྱོད་ལ་བླ་མཚོ་ནག་པོ་སྦྱིན། །འདི་རུ་མ་འདུག་གཞན་དུ་སོང་། །ཡོན་བདག་འདི་ལ་གནོད་མ་བྱེད། །མི་ནད་ཕྱུགས་ནད་མར་ལ་བསལ། །རྨོངས་སྡུག་དབུལ་གསུམ་མར་ལ་བསལ། །བསེ་རག་འགོང་པོ་མར་ལ་བསལ། །དམ་སྲི་སྤུན་དགུ་མར་ལ་བསལ། །སྲིད་པའི་འདྲེ་དགུ་མར་ལ་བསལ། །གདོན་བགེགས་འབྱུང་པོ་མར་ལ་


CMR045_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བསལ། །ཀྱཻ། །གཡང་གི་འདོད་ཡོན་དུང་མི་འདི། །དངོས་གྲུབ་འབྱུང་བའི་དུང་འོད་དཀར་པོ་འཁྲིགས། །འདོད་དགུ་ལྷུན་གྲུབ་མི་ཕོ་འདི། །མཆོག་གསུམ་རྩ་གསུམ་ལྷ་ཚོགས་དང་། །ཤར་གཡང་གི་ལྷ་མོ་ནོར་རྒྱུན་མ། །གཡང་ལྷ་འཁོར་བཅས་ངོ་སོ་བསྟོད། །མི་གཡང་ཕྱུགས་གཡང་ཚེ་གཡང་དང་། །རྟ་གཡང་ཟོག་གཡང་རིན་ཆེན་སྣ་བདུན་གཡང་། །དར་ཟབ་གོས་གཡང་ཟས་གཡང་འབྲུ་སྣ་བདུན། །ཚེ་དཔལ་བསོད་ནམས་དངོས་གྲུབ་བདག་ལ་སྩོལ། །གཡང་ལྷ་འཁོར་བཅས་ངོ་སོ་མཆོད་པས་བསྟོད། །འཛམ་གླིང་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཀྱཻ། །འགོང་པོ་སྤུན་དགུ་བླ་གླུད་ནག་པོ་འདི། །འགོང་པོ་སྤུན་དགུ་འཁོར་བཅས་ལ། །ཁྱོད་ལ་འདོད་པའི་ངར་མི་ནག་པོ་སྦྱིན། །འདི་རུ་མ་འདུག་གཞན་དུ་སོང་། །ཡོན་བདག་འདི་ལ་གནོད་མ་བྱེད། །མི་ནད་ཕྱུགས་ནད་མར་ལ་བསལ། །རྨོངས་སྡུག་དབུལ་གསུམ་མར་ལ་བསལ། །བསེ་རག་འགོང་པོ་མར་ལ་བསལ། །དམ་སྲི་སྤུན་དགུ་མར་ལ་བསལ། །སྲིད་པའི་འདྲེ་དགུ་མར་ལ་བསལ། །གདོན་བགེགས་འབྱུང་པོ་མར་ལ་བསལ། །


CMR045_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ། གཡང་གི་དུང་འཇོར་དཀར་པོ་འདིས། །སྤྱི་བོར་དམུ་གབ་རྡོ་ལེབ་ཁོག །བཀོག་ནས་འོད་ཟེར་སླར་ལ་འདུས། །དུང་འཇོར་དཀར་པོའི་མཆོད་པ་འདིས། །མཆོག་གསུམ་རྩ་གསུམ་ལྷ་ཚོགས་དང་། །ཤར་གཡང་གི་ལྷ་མོ་ནོར་རྒྱུན་མ། །གཡང་ལྷ་འཁོར་བཅས་ངོ་སོ་བསྟོད། །མི་གཡང་ཕྱུགས་གཡང་ཚེ་གཡང་དང་། །རྟ་གཡང་ཟོག་གཡང་རིན་ཆེན་སྣ་བདུན་གཡང་། །དར་ཟབ་གོས་གཡང་ཟས་གཡང་འབྲུ་སྣ་བདུན། །ཚེ་དཔལ་བསོད་ནམས་དངོས་གྲུབ་བདག་ལ་སྩོལ། །གཡང་ལྷ་འཁོར་བཅས་ངོ་སོ་མཆོད་པས་བསྟོད། །འཛམ་གླིང་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཀྱཻ། །རྨོངས་སྡུག་དབུལ་གསུམ་ཚིམས་པའི་དབུ་གབ་ནག་པོ་འདི། །གདོན་བགེགས་འབྱུང་པོ་འཁོར་བཅས་ལ། །ཁྱོད་ལ་འདོད་པའི་དམུ་གབ་ནག་པོ་སྦྱིན། །འདི་རུ་མ་འདུག་གཞན་དུ་སོང་། །ཡོན་བདག་འདི་ལ་གནོད་མ་བྱེད། །མི་ནད་ཕྱུགས་ནད་མར་ལ་བསལ། །རྨོངས་སྡུག་དབུལ་གསུམ་མར་ལ་བསལ། །བསེ་རག་འགོང་པོ་མར་ལ་བསལ། །དམ་སྲི་སྤུན་དགུ་མར་ལ་བསལ། །སྲིད་པའི་འདྲེ་དགུ་མར་ལ་བསལ། །གདོན་བགེགས་


CMR045_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་པོ་མར་ལ་བསལ། །ཀྱཻ། །ལྟག་པའི་གཉའ་ཤིང་གདོན་བགེགས་སྤྲུལ། །གཡང་གི་འོད་ཟེར་གསེར་སྟ་རེས། །གདར་ནས་འོད་ཟེར་སླར་ལ་འདུས། །གསེར་ལྟར་དཀར་པོའི་མཆོད་པ་འདིས། །མཆོག་གསུམ་རྩ་གསུམ་ལྷ་ཚོགས་དང་། །ཤར་གཡང་གི་ལྷ་མོ་ནོར་རྒྱུན་མ། །གཡང་ལྷ་འཁོར་བཅས་ངོ་སོ་བསྟོད། །མི་གཡང་ཕྱུགས་གཡང་ཚེ་གཡང་དང་། །རྟ་གཡང་ཟོག་གཡང་རིན་ཆེན་སྣ་བདུན་གཡང་། །དར་ཟབ་གོས་གཡང་ཟས་གཡང་འབྲུ་སྣ་བདུན། །ཚེ་དཔལ་བསོད་ནམས་དངོས་གྲུབ་བདག་ལ་སྩོལ། །གཡང་ལྷ་འཁོར་བཅས་ངོ་སོ་མཆོད་པས་བསྟོད། །འཛམ་གླིང་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཀྱཻ། །རྨོངས་སྡུག་དབུལ་གསུམ་ཚིམས་པའི་གཉའ་ཤིང་ཆག་པོ་འདི། །གདོན་བགེགས་འབྱུང་པོ་འཁོར་བཅས་ལ། །ཁྱོད་ལ་འདོད་པའི་གཉའ་ཤིང་ཆག་པོ་སྦྱིན། །འདི་རུ་མ་འདུག་གཞན་དུ་སོང་། །ཡོན་བདག་འདི་ལ་གནོད་མ་བྱེད། །མི་ནད་ཕྱུགས་ནད་མར་ལ་བསལ། །རྨོངས་སྡུག་དབུལ་གསུམ་མར་ལ་བསལ། །བསེ་རག་འགོང་པོ་མར་ལ་བསལ། །དམ་སྲི་སྤུན་དགུ་མར་ལ་


CMR045_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བསལ། །སྲིད་པའི་འདྲེ་དགུ་མར་ལ་བསལ། །གདོན་བགེགས་འབྱུང་པོ་མར་ལ་བསལ། །ཀྱཻ། །བཅུ་གསུམ་གངས་ཀྱི་ཡར་རྩེ་ལ། །ཕོ་ལྷ་དགྲ་བླ་བཅུ་གསུམ་བཞུགས། །དུང་སྐས་བཅུ་གསུམ་འགྲིམས་ནས་འགྲོ། །བཅུ་གསུམ་ཚིགས་ལ་དུང་ཁྱུང་སྲིད། །མཆོག་གསུམ་རྩ་གསུམ་ལྷ་ཚོགས་དང་། །ཤར་གཡང་གི་ལྷ་མོ་ནོར་རྒྱུན་མ། །གཡང་ལྷ་འཁོར་བཅས་ངོ་སོ་བསྟོད། །མི་གཡང་ཕྱུགས་གཡང་ཚེ་གཡང་དང་། །རྟ་གཡང་ཟོག་གཡང་རིན་ཆེན་སྣ་བདུན་གཡང་། །དར་ཟབ་གོས་གཡང་ཟས་གཡང་འབྲུ་སྣ་བདུན། །ཚེ་དཔལ་བསོད་ནམས་དངོས་གྲུབ་བདག་ལ་སྩོལ། །གཡང་ལྷ་འཁོར་བཅས་ངོ་སོ་མཆོད་པས་བསྟོད། །འཛམ་གླིང་གཏེར་གྱི་དངོས་གྲུབ་བསྩལ་དུ་གསོལ། །ཀྱཻ། རྨོངས་སྡུག་དབུལ་གསུམ་ཚིམས་པའི་སྐས་ནག་འདི། །གདོན་བགེགས་འབྱུང་པོ་འཁོར་བཅས་ལ། །ཁྱོད་ལ་འདོད་པའི་སྐས་ནག་སྦྱིན། །འདི་རུ་མ་འདུག་གཞན་དུ་སོང་། །ཡོན་བདག་འདི་ལ་གནོད་མ་བྱེད། །མི་ནད་ཕྱུགས་ནད་མར་ལ་བསལ། །རྨོངས་སྡུག་དབུལ་གསུམ་མར་ལ་བསལ། །བསེ་རག་འགོང་པོ་མར་ལ་


CMR045_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བསལ། །དམ་སྲི་སྤུན་དགུ་མར་ལ་བསལ། །སྲིད་པའི་འདྲེ་དགུ་མར་ལ་བསལ། །གདོན་བགེགས་འབྱུང་པོ་མར་ལ་བསལ། །དམུ་དག་དཀར་ནག་དབྱེ་བསལ་ནི། །ཀྱཻ། དམུ་དག་དཀར་ནག་འདྲེས་ནས་བསྒྲིལ། །དམུ་དག་དཀར་པོ་ལྷ་ཡིས་ཁྲོལ། །དམུ་དག་ནག་པོ་སེལ་གྱིས་བསལ། །དམུ་དག་དཀར་པོའི་མཆོད་པ་འདི། །ལྷ་དང་སྲུང་མའི་ངོ་སོ་བསྟོད། །གཡང་ལྷ་འཁོར་བཅས་ངོ་སོ་བསྟོད། །ཡེ་ཤེས་མཚོན་ཆ་རྣོན་པོ་ཡིས། །གདོན་བགེགས་གནོད་བྱེད་འབྲེལ་ཐག་ཆོད། །གདོན་བགེགས་འབྱུང་པོ་རང་རང་གནས་སུ་དེངས། །ཨོཾ་བྷྲཱུཾ། ཧཱུྃ་བྷྲཱུཾ། ཧྲཱི་བྷྲཱུཾ། ཨཱཿབྷྲཱུཾ། གོང་ལྟར་ཐམས་ཅད་འགྲེས་བཤངས། སེལ་དཀར་ནག་དབྱེ་བསལ་གྱི་འགྲེས་བྱང་ངོ་།། ༈ །ལྷོ་གཡང་གི་ལྷ་མོ་ཟླ་ཤེལ་མ། ༈ །ནུབ་གཡང་གི་ལྷ་མོ་སྦྱིན་བྱེད་མ། ༈ །བྱང་གཡང་གི་ལྷ་མོ་རབ་སྦྱིན་མ། ༈ །ཤར་ལྷོ་གཡང་གི་ལྷ་མ་འཕགས་མ་དང་། ༈ །ལྷོ་ནུབ་གཡང་གི་ལྷ་མོ་སྦས་མ་དང། ༈ །ནུབ་བྱང་གཡང་གི་ལྷ་མོ་རབ་བཟང་མ། ༈ །བྱང་ཤར་གཡང་གི་ལྷ་མོ་དབྱངས་ཅན་མ། ༈ །ཚོགས་བདག་ཀླུ་རྒྱལ་རྨ་ཆེན་སྤོམ་ར་དང་། ༈

ལྷ་མོ་དཔལ་ཆེན་མོའི་གཡང་སྐྱབས་འདོད་དགུའི་ཆར།


CMR045_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་དཔལ་ཆེན་མོའི་གཡང་སྐྱབས་འདོད་དགུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ།


CMR045_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ལྷ་མོ་དཔལ་གྱི་གཡང་སྐྱབས་ནི། །འགྲོ་བ་རྣམས་ལ་ཕན་ཕྱིར་བྲི། །གཞི་ནི་དཀར་པོ་གཙང་མའི་སྟེང་། །ནས་ཀྱི་པདྨ་འདབ་བརྒྱད་བྲི། །དེ་སྟེང་གཡང་བཤོས་དཔེའུ་རིས་ལྟར། །སྡེར་གཙང་ཆག་གས་མེད་པར་བཤམས། །གཡས་གཡོན་མདུན་དུ་ནས་ཚོམ་གསུམ། །དེ་སྟེང་དཀར་གཏོར་གསུམ་བཞག་གོ །དེ་མཐར་གྲོ་དང་གྲོ་མ་དང་། །མར་དང་ཐུད་ཀྱི་སྔར་ཆུང་གཟུགས། །བྱུང་གི་ཚུལ་དུ་འཁོར་བར་བསྐོར། །ཕྱེ་མར་ཟས་ཕུད་གང་འཛོམ་དང། །གཡང་ཕོར་མར་ཁུའི་བཀང་བ་དང་། །གཡང་སྒྱེ་གེ་ལུ་དཀར་པོ་ལ། །རྔ་མ་དར་ཚོན་རྒྱན་བཏགས་པ། །སྲུང་སྐུད་དཀར་པོས་ཁ་ཐིག་བྱ། །ནང་དུ་འབྲུ་སྣ་གཡང་རྫས་བཅུག །


CMR045_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་དར་ཇ་ཆང་ལ་སོགས་ཕུད། །བཤམས་པ་དེ་ནི་བསྡུས་པ་ཡིན། ༈ །རྒྱས་པར་གཡང་བཤོས་ཆེ་བའི་མཐར། །རིན་ཆེན་འདྲ་བའི་བཤོས་ཕྲན་བརྒྱད། །ནས་ཀྱི་འདབ་བརྒྱད་སྟེང་དུ་བཀོད། །གཡས་ཀྱི་དཀར་གཏོར་དྲུང་དུ་ནི། །ཐུད་ཀྱི་གཡག་དང་མར་གྱི་ལུག །འབྲུ་སྣ་ཚོགས་ཚད་ཅི་འཛོམ་བཀོད། །གཡོན་གྱི་དཀར་གཏོར་དྲུང་དུ་ནི། །མར་གྱི་སྦལ་སྦྲུལ་ཉ་གསུམ་བཞག །འོ་མ་ཞོ་ལ་ཀླུ་སྨན་བཏབ། །མདུན་གྱི་དཀར་གཏོར་དྲུང་དུ་ནི། །ཟན་གྱི་བྱ་རྟ་གླིང་གསུམ་བཞག །ཤུག་པ་རྩེ་རྒྱལ་རྟིང་དཀར་ལ། །བལ་ཚོན་སྣ་ལྔ་བཏགས་པ་བཤམ། །དེ་ཡང་དོ་དམ་ཆེར་བྱེད་ན། །སྐྱེས་པ་བུ་བདུན་ཡོད་པའི་མདའ། །བུད་མེད་བུ་བདུན་ཡོད་པ་ཡི། །སྐྲའམ་ཡང་ན་གོས་དུམ་མམ། །ནོར་གཡུ་སྣ་གཅིག་གང་རྙེད་དང་། །


CMR045_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་པོ་མི་རབས་མང་པོ་ལ། །དོམ་བཏང་རྒྱུན་མི་ཆད་པའི་ནས། །རྒྱལ་པོས་ཁྲལ་ལ་བསྡུས་པའི་ནས། །ལུག་ནི་ཕྱུག་པོའི་བལ་དུམ་དང་། །རྟ་ནོར་ཕྱུག་པའི་རྟ་ནོར་སྤུ། །སྡེ་བ་ཆེན་པོའི་ཐབ་ཀའི་དྲག །སྟོན་མོ་ཆེན་པོའི་ཟས་སྣ་རྣམས། །གཡང་སྒྱེའི་ནང་དུ་བླུགས་པར་བྱ། །ཞིང་ནི་བཟང་པོ་མང་པོའི་ས། །གཡང་གཞིའི་ཞབས་སུ་བཀོད་པར་བྱ། །རྫས་ནི་མ་འཛོམ་ན་ཡང་རུང་། །སྐར་མ་སྨིན་དྲུག་སྣར་མ་དང་། །མགོ་ལག་རྒྱལ་དང་སྒོ་ང་དང་། །བྱ་རོག་ས་རི་ས་ག་དང་། །སྒྲོག་དང་བྲེ་དང་བྲ་ཉེ་ལ། །གཡང་སྐྱབས་བྱེད་དམ་རྫས་བསགས་རུང་། །སྐར་མ་མ་འཛོམ་ན་ཡང་རུང་། །གཡང་གླུད་ངར་མི་ཆངས་བུ་དང་། །སྦྲང་མ་ཤ་ཤུན་རམ་པ་རྣམས། །གྱོ་ཆག་གམ་ནི་སྡེར་ཆག་ནང་། །བཞག་ལ་ཁྲུས་ཆུ་ཆང་སྐྱུར་རམ། །ཞོ་ལད་འོ་རུལ་བྲན་ལ་བཞག །གཡང་སྐྱབས་གཞི་ཡི་གཡས་གཡོན་དུ། །བཞོ་ཟོ་མར་གྱིས་བརྒྱན་པ་དང་། །སྐྱིད་ཐག་དར་རས་སྐུད་པས་བཅིང་། །གོ་ཁྲབ་གོས་ཟས་གང་རུང་བཤམ། །ཤུག་པ་སུར་དཀར་མཁན་དཀར་གྱི། །བསང་དུད་ཅུང་ཟད་བྱེད་རྒྱུ་བཞག །ཁྱིམ་ལ་གཏོར་རྒྱུའི་འོ་དཀར་དང་། །ཐུན་གཏོར་རྒྱུ་ཡི་རྡོ་ཕྱེ་བསགས། །དང་པོ་ཡི་དམ་གཏོར་མ་བཤམ། །རང་གི་ཡི་དམ་གང་ཡིན་ལྷ་གཞུང་གྱེར། །ཧཱུྃ། རང་ཉིད་ཡི་དམ་གནས་འགྱུར་ཏེ། །དྲན་རྫོགས་ཁྲོ་བོ་བདུད་རྩི་འཁྱིལ། །སྐུ་མདོག་ལྗང་ལ་དམར་བའི་མདངས། །གཡས་པས་རྡོ་རྗེ་ནམ་མཁར་ཕྱར། །


CMR045_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པས་སྡིགས་མཛུབ་མེ་འབར་མཛད། །ཁྲོ་བོའི་ཆས་ཀུན་ཡོངས་སུ་རྫོགས། །ཞབས་གཉིས་འདོར་ཐབས་དགྲ་བགེགས་མནན། །ཐུགས་ཀར་ཉི་སྟེང་ཧཱུྃ་༈ ལྗང་མཐར། །སྔགས་ཀྱིས་གཡས་སུ་བསྐོར་བ་ལས། །འོད་ཟེར་ལྗང་གུ་ཕྱོགས་བཅུར་འཕྲོས། །འོག་མིན་གནས་ནས་བདུད་རྩི་འཁྱིལ། །རང་འདྲ་དཔག་མེད་སྤྱན་དྲངས་ཏེ། །བདག་དང་ནས་འབྲུ་རྣམས་ལ་ཐིམ། །ཐུན་རྡོ་རེ་དང་ནས་འབྲུ་རེའང་། །རང་འདྲའི་བདུད་རྩི་འཁྱིལ་པ་རེ། །མེ་འབར་ཚྭ་ཚྭ་འཕྲོ་བར་གྱུར། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཅེས་སྟོང་ཕྲག་ཙམ་ཞིག་བཟླས་པ་བྱ་བ་དང་། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། སྔགས་དེ་ཕྲེང་སྐོར་གཅིག་གཉིས་ཀྱིས། །འོ་དཀར་དང་ནི་ཐུན་སྔགས་བཞག །ཨོཾ་ཨ་མྲྀ་ཏེ་ཨགྷཾ་སོགས་ནས། ཤབྡའི་བར། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ཧཱུྃ༔ ང་ནི་དཔལ་ཆེན་ཧེ་རུ་ཀ །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །བགེགས་རིགས་འདུལ་བའི་གཉེན་པོར་བསྐོས། །དཀོན་མཆོག་གསུམ་གྱི་


CMR045_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་དང་། །བདུད་རྩི་འཁྱིལ་པའི་མཐུ་སྟོབས་ཀྱིས། །བདག་དང་ཡོན་གྱི་བདག་པོ་ལ། །གནོད་ཅིང་འཚེ་བར་བྱེད་པ་དང་། །ཁང་ཁྱིམ་འདི་ལ་འཁྲི་བ་ཡི། །ལྟོགས་འགོང་དབུལ་སྲི་བསེ་རག་རྣམས། །རང་གཟུགས་ཡས་སྟགས་འདི་ལ་ཁུག །བསེ་རག་རྒྱལ་པོ་གཞོན་ནུ་པ། །རྟོགས་འགོང་དབུལ་སྲི་མང་པོས་བསྐོར། །གོད་ཀ་ཐམས་ཅད་ཁྱོད་ལས་བྱུང་། །དབུལ་འདྲེ་དབུལ་སྲི་ཁྱོད་ལས་བྱུང་། །ལོ་ཉེས་ཐོག་ཉེས་ཁྱོད་ལས་བྱུང་། །མི་ལ་ན་ཚ་ཁྱོད་ལས་བྱུང་། །ནོར་ལ་གོད་ཀ་ཁྱོད་ལས་བྱུང་། །མི་ཁ་བྲ་མཆུ་ཁྱོད་ལས་བྱུང་། །ཚེ་ལ་བར་ཆད་ཁྱོད་ལས་བྱུང་། །དམེ་འདྲེ་ཐམས་ཅད་ཁྱོད་ལས་བྱུང་། །ཟ་ཁ་འཐུང་ཁ་ཁྱོད་ཀྱིས་འཕྲོག །བུ་ཚའི་བླ་ནི་ཁྱོད་ཀྱིས་བརྐུས། །བཟའ་མིའི་འཐབ་འདྲེ་ཁྱོད་ཀྱིས་བྱས། །དེ་ཕྱིར་གནོད་བྱེད་འཁོར་དང་བཅས། །གཟུགས་བརྙན་འདི་ལ་ཐིམ་པར་གྱུར། །ཛཿཧཱུྃ་བཾ་ཧོཿ ཅེས་གནོད་བྱེད་ཐམས་ཅད་གཟུགས་བརྙན་ལ་སིབ་སིབ་ཐིམ་པར་བསྒོམ། དེ་ནས་གཡང་གླུད་ངར་མི་བྲན། ཧཱུྃ། ང་ནི་ཁྲོ་བོ་བདུད་རྩི་འཁྱིལ། །ལྗང་ནག་རྒྱ་གྲམ་སྡིགས་མཛུབ་མཛད། །ཁྲོ་བོའི་ཆས་ཀུན་སྐུ་ལ་རྫོགས། །ཉོན་ཅིག་བསེ་


CMR045_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

རག་འགོང་པོའི་ཚོགས། །རྒྱུ་སྦྱོར་ཡོན་བདག་འདི་ཉིད་ལ། །ཚེ་རབས་འཁོར་བ་ཐོག་མེད་ནས། །རྐུ་འཕྲོག་རློམ་པའི་ལན་ཆགས་བདག །ཐམས་ཅད་༈ འདིར་འདུས་གླུད་གཏོར་ལོངས། །གཟུགས་མཛེས་འབྱམས་ཀླས་འཇིགས་བྲལ་དང་། །རིན་ཆེན་མང་ལ་ཕྱག་འཚལ་ལོ། །རང་རང་ཡིད་མཐུན་སྣོད་ནང་དུ། །གླུད་གཏོར་འདོད་པའི་ཡོན་ཏན་ལྔ། །ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ནས། །ཁྱེད་རྣམས་འགུ་ཞིང་ཚིམ་གྱུར་ཅིག །བསེ་རག་རྒྱལ་པོ་གཞོན་ནུ་པ། །བུ་ཆུང་གཟུགས་ལ་གཡུ་རྣ་ཅན། །སྦ་དམར་གྲི་ཆུང་སྐེད་ལ་བཅུག །ཆིབས་སུ་རི་བོང་ཁ་ཤྭ་ཆིབས། །སྲེག་པ་བདུན་ནི་ཀླད་ན་ལྡིང་། །ཁྱི་གུ་རིའུ་ཆེ་ཤིས་དང་སྒྲིས། །ཆུང་གསུམ་བསེ་རག་མང་པོས་བསྐོར། །ཡོད་ལ་མི་དགའ་མེད་ལ་དགའ། །གང་ལ་མི་དགའ་སྟོང་ལ་དགའ། །བརྒྱག་ལ་མི་དགའ་ལྟོགས་ལ་དགའ། །ཕྱུག་ལ་མི་དགའ་དབུལ་ལ་དགའ། །བློ་ཉེས་ཚོང་ཉེས་གཏོང་བའི་བདག །ཁྱོད་ལ་གླུད་དང་གཏོར་མ་སྦྱིན། །ཡོན་བདག་འདི་ལ་མ་གནོད་ཅིག །བསེ་རག་རྒྱལ་པོ་ནག་པོ་ནི། །མི་རྒན་ནག་པོ་ཆེན་པོ་ཞིག །གོས་སུ་ཁོ་ཤོག་སྐམ་པོ་


CMR045_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

གྱོན། །ཁ་ན་རུས་པ་སྣུམ་མེད་མུར། །ཁ་ནས་སྡུག་གླུ་མུག་གླུ་ལེན། །སྤྲུལ་པ་བྱི་ལ་བྱིས་པ་འགྱེད། །མཆིག་གི་སྟེང་ནས་ཕྱེ་ལ་རྐུ། །དཀར་ཐོག་རློམ་ཞིང་སྐྱུར་ཐོག་བཅོམ། །ཁྱོད་ལ་ལན་ཆགས་གླུད་གཏོར་སྦྱིན། །འདི་རུ་མ་འདུག་གཞན་དུ་སོང་། །གོད་འདྲེ་མི་ནག་ཕག་ལ་ཞོན། །གྲོད་པའི་ཞྭ་ལ་རྒྱུ་མས་བརྒྱན། །ལག་ན་བཤའ་གྲི་དམར་པོ་ཁུར། །ནོར་བདུད་ཁམ་པ་ཁྱི་མགོ་སོགས། །གོད་འདྲེ་གྲི་བོ་འགོང་པོས་བསྐོར། །ཁྱོད་ལ་གླུད་དང་གཏོར་མ་སྦྱིན། །འདི་རུ་མ་འདུག་གཞན་དུ་སོང་། །གཞན་ཡང་འགོང་པོ་དམ་སྲི་དང་། །འདྲེ་མོ་གྲི་བོ་གྲི་མོ་དང་། །སྒབ་འདྲེ་ལྟོགས་འགོང་དབུལ་སྲི་རྣམས། །ངར་མི་ཏིང་ལོ་ཆངས་བུ་དང་། །ཤ་ཤུན་སྦང་སྐམ་ཆང་སྐྱུར་དང་། །ཞོ་ལད་རམ་པ་ལ་སོགས་པའི། །རང་རང་མཐུན་རྫས་འདི་ཁྱེར་ལ། །འདི་རུ་མ་འདུག་གཞན་དུ་དེངས། །ཡོན་བདག་མི་ནོར་འཁོར་བཅས་ལ། །མ་ཉེ་མ་འཁོར་མ་གནོད་པར། །དཔག་ཚད་མང་པོའི་ཕ་རོལ་དུ། །ད་ལྟ་ཉིད་དུ་འགྲོ་བར་གྱིས། །ཨཾ་ནི་ཏྲི་ཤན་ཏྲི་ཀ་ཏྲི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་


CMR045_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

སཾ་བྷ་ར་ཧཱུྃ། ལན་བདུན་གྱིས་བསྔོ། སརྦ་བིགྷཱན་གཙྩ་གཞེས་སྦྲ་ཁྱིམ་མི་མཐོང་སར་བསྐྱལ་བཅུག་གོ །དེ་ནས་སྔགས་པས་ཐུན་བཟུང་ལ། ཧཱུྃ། ང་ནི་ཁྲོ་རྒྱལ་བདུད་རྩི་འཁྱིལ། །རང་འདྲའི་ཁྲོ་ཆུང་སེར་ལྟར་འབེབས། །བསྐལ་པའི་མེ་དཔུང་འཚུབས་ཤིང་འབར། །གང་དག་འགྲོ་བར་མི་བྱེད་པའི། །བསེ་རག་ལྟོགས་འགོང་རྡུལ་དུ་རློགས། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སུཾ་བྷ་ནི་སོགས་བརྗོད་ཅིང་སྦྲ་ཁྱིམ་ནོར་སླས་ཐམས་ཅད་དུ་ཐུན་གཏོར། དེ་ནས་འོ་དཀར་ཤུག་ལོས་གཏོར་ཞིང་། ཧཱུྃ། བདུད་རྩི་འཁྱིལ་པའི་བྱིན་རླབས་ལས། །ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས། །ཕུག་གི་ལྷ་ལ་ཁྲུས་གསོལ་ལོ། །ཕུག་ལྷ་ཕ་མཚུན་གཡང་རྒན་ལ། །གྲིབ་ཀྱིས་ཕོག་པ་དག་གྱུར་ཅིག །སྦྲ་དང་ཁྱིམ་ལ་ཁྲུས་གསོལ་ལོ། །བཙོག་འདྲེ་དམེ་སྨུག་དག་གྱུར་ཅིག །མི་དང་ནོར་ལ་ཁྲུས་གསོལ་ལོ། །བསེ་རག་གོད་འདྲེ་སངས་གྱུར་ཅིག །ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་ཨ་སྭཱ་ཧཱ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་དང་རྣམ་འཇོམས་སོགས་འདོན་ཞིང་སྦྲ་ཁྱིམ་ནོར་སླས་ཐམས་ཅད་ལ་གཏོར།


CMR045_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཡང་སྐྱབས་བྲན་ལ་དབྱངས་དང་བཅས་པས། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཁང་་་འབྲོག་པ་ཡིན་ན་སྦྲ་ཞེས་བསྒྱུར། ཁྱིམ་འདིར། །རིན་ཆེན་སྣ་བདུན་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་ཅན། །འཁོར་ཡུག་གསེར་གྱི་ར་བས་བསྐོར། །རིན་ཆེན་སྣ་ཚོགས་བཅལ་དུ་བཀྲམ། །མ་རྨོས་ལོ་ཏོག་སྤུངས་སེ་སྤུང་། །དཔག་བསམ་ལྗོན་ཤིང་ལྡེམས་སེ་ལྡེམ། །འོད་ཟེར་འཇའ་ཚོན་ལམས་སེ་ལམ། །རྨ་གཡང་སྤྲིན་ཕུང་ཐིབས་སེ་ཐིབ། །དེ་དབུས་རིན་ཆེན་སྣ་ཚོགས་ཁྲི། །པདྨ་ཟླ་བ་བརྩེགས་པའི་གདན། །ཧཱུྃ་ལས་རིན་ཆེན་སྣོད་ཡངས་པར། །ཁཾ་ལས་ལྷ་མིའི་འདོད་ཡོན་ཚོགས། །གཡང་རྫས་མཆོད་པའི་སྤྲིན་ཕུང་སྟེ། །ཟག་མེད་ནམ་མཁའི་མཛོད་གྱུར་པ། །རྨ་གཡང་ལྷ་ཚོགས་ཐམས་ཅད་རྣམས། །རབ་ཏུ་དགྱེས་པའི་རང་བཞིན་གྱུར། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་དྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷསརྦ་ཐ་ཁཾ་ཨུཏྤ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོ༔ ཨོཾ་བཛྲ་སྤ་ར་ཎ་ཁཾ། ཧཱུྃ། དེ་རིང་གཟའ་སྐར་ཚེས་གྲངས་བཟང་། །གཡང་རྫས་


CMR045_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་རི་ལྟར་སྤུངས། །དར་དཀར་མདའ་དར་གཡབ་མོས་གཡབ། །རོལ་མོ་སྙན་པའི་དབྱངས་ཀྱིས་འབོད། །འདི་ནས་བྱང་གི་ཕྱོགས་རོལ་ན། །རི་རབ་ཆེན་པོའི་བྱང་གི་ངོས། །གཉའ་ཤིང་འཛིན་གྱི་རྩེ་མོ་ཡི། །ལྕང་ལོ་ཅན་གྱི་གནས་མཆོག་ན། །སྐྱེད་མོས་ཚལ་བཟང་མེ་ཏོག་འོད། །ཁང་བཟང་གསེར་གྱི་རྒྱལ་མཚན་ན། །བཞུགས་པའི་ལྷ་མོ་ཆེན་པོ་དཔལ། །གྲོགས་མོ་ལྷ་མོ་བརྒྱད་དང་བཅས། །ཡོན་བདག་དད་པས་ཁྱོད་འབོད་ན། །མ་ཐོགས་མྱུར་དུ་གཤེགས་སུ་གསོལ། །མཚན་ནི་པདྨའི་ཕྲེང་བ་ཅན། །མཚན་ནས་འབོད་ཀྱིས་ད་ཚུར་བྱོན། །དཔལ་ལྡན་མ་དང་བཀྲ་ཤིས་མ། །མཚན་ནས་འབོད་ཀྱིས་ད་ཚུར་བྱོན། །དཀར་མོ་ནོར་གྱི་བདག་མོ་སྟེ། །མཚན་ནས་འབོད་ཀྱིས་ད་ཚུར་བྱོན། །གྲགས་པ་ཆེན་མོ་པདྨའི་སྤྱན། །མཚན་ནས་འབོད་ཀྱིས་ད་ཚུར་བྱོན། །བྱེད་པ་མོ་དང་འོད་ཆེན་མོ། །མཚན་ནས་འབོད་ཀྱིས་ད་ཚུར་བྱོན། །རིན་པོ་ཆེ་ནི་རབ་སྦྱིན་མ། །མཚན་ནས་འབོད་ཀྱིས་ད་ཚུར་བྱོན། །ཟས་སྦྱིན་མོ་དང་དཔལ་ཆེན་མོ། །མཚན་ནས་འབོད་ཀྱིས་ད་ཚུར་བྱོན། །ཁྱེད་ཀྱི་འཁོར་གྱི་


CMR045_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་མོ་བརྒྱད། །ནོར་རྒྱུན་མ་དང་ཟླ་ཤེལ་མ། །མཚན་ནས་འབོད་ཀྱིས་ད་ཚུར་བྱོན། །སྦྱིན་བྱེད་མ་དང་རབ་སྦྱིན་མ། །མཚན་ནས་འབོད་ཀྱིས་ད་ཚུར་བྱོན། །འཕགས་མ་སྦས་མ་རབ་བཟང་མ། །མཚན་ནས་འབོད་ཀྱིས་ད་ཚུར་བྱོན། །ལྷ་མོ་ཆེན་མོ་དབྱངས་ཅན་མ། །མཚན་ནས་འབོད་ཀྱིས་ད་ཚུར་བྱོན། །ད་ལྟ་སྙིགས་མ་ལྔ་ཡི་དུས། །ལྷ་མོ་འབྱོན་པའི་གནས་ངན་ཡང་། །ཁྱོད་ལ་སེམས་ཅན་དོན་ལས་མེད། །བྱང་ཆུབ་སེམས་མ་ཁྱེད་དགུ་ཡང་། །བདག་དང་ཡོན་གྱི་བདག་པོ་ལ། །སྙིང་རྗེའི་ཐུགས་ཀྱིས་མྱུར་དུ་བྱོན། །ཁང་ཁྱིམ་གཡང་རྫས་འདི་རྣམས་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོཾ་དེ་ཝཱི་མ་ཧཱ་ཤྲཱི་དེ་ཝཱི་ཨཊྚ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། མཆོད་པ་ནི། ཧཱུྃ། དུས་གསུམ་རྒྱལ་བའི་རིག་སྟོང་ཡུམ། །ཤེས་རབ་ཆེན་མོ་ལྷ་མོ་དཔལ། །འཁོར་ནི་ནོར་རྒྱུན་མ་ལ་སོགས། །ལྷ་མོ་བརྒྱད་དང་བཅས་པ་ལ། །དགྱེས་པའི་མཆོད་པ་འབུལ་བ་ནི། །ཡན་ལག་བརྒྱད་ལྡན་མཆོད་ཡོན་དང་། །དག་ཅིང་དྲི་བྲལ་ཞབས་བསིལ་དང་། །སྣ་ཚོགས་མཛེས་པའི་མེ་ཏོག་དང་། །ཙན་དན་ལ་


CMR045_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བདུག་སྤོས་དང་། །མ་རིག་མུན་སེལ་སྣང་གསལ་དང་། །ག་པུར་སོགས་སྦྱར་རྨད་བྱུང་དྲི། །རོ་བརྒྱ་དང་ལྡན་བཤོས་གཙང་དང་། །སྒྲ་སྙན་རོལ་མོ་སྣ་ཚོགས་འབུལ། །མཛེས་པའི་གཟུགས་དང་སྙན་པའི་སྒྲ། །དྲི་བཟང་ལྷ་མིའི་བཅུད་ལྡན་ཟས། །སྣ་ཚོགས་རེག་བྱ་དཔག་མེད་འབུལ། །དཀར་གསུམ་མངར་གསུམ་བཟའ་བཏུང་དང་། །ཟག་མེད་བདུད་རྩི་གཏོར་མའི་ཚོགས། །སྨན་འབྲུ་དྲི་དང་སྙིང་པོ་ལྔ། །དར་ཟབ་གོས་ཀྱི་བྱེ་བྲག་འབུལ། །གདུགས་བཟང་གསེར་ཉ་པདྨ་དུང་། །བུམ་པ་རྒྱལ་མཚན་དཔལ་བེའུ་འབར། །འཁོར་ལོ་ནོར་བུ་བཙུན་མོ་དང་། །བློན་པོ་གླང་པོ་རྟ་མཆོག་དང་། །དམག་དཔོན་ལ་སོགས་རིན་ཆེན་འབུལ། །ཡུངས་ཀར་དདྨ་བིལ་བ་ཞོ། །མེ་ལོང་ལི་ཁྲི་དུང་དཀར་དང་། །གི་ཝཾ་ལ་སོགས་སྲིད་གསུམ་ན། །མཆོད་འོས་རྨད་བྱུང་ཇི་སྙེད་འབུལ། །རྟ་གླང་གནག་ལུག་འདོད་འཇོའི་བ། །མ་ཧེ་ལ་སོགས་བཞོན་པའི་ཚོགས། །ཁང་བཟང་དཔག་བསམ་སྐྱེད་ཚལ་འབུལ། །ལྷ་ཀླུ་དག་ལ་ཆེ་བའི་ནོར། །རིན་ཆེན་བཻཌཱུར་གསེར་གཡུ་དངུལ། །མུ་ཏིག་བྱུ་རུ་ཤེལ་ལ་སོགས། །རིན་


CMR045_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་ཆེ་བའི་ནོར་རྣམས་འབུལ། །གདུགས་དང་བླ་བྲེ་དར་དཔྱངས་དང་། །འཕན་དར་ཆུན་འཕྱང་རྔ་ཡབ་དང་། །རིན་ཆེན་དར་ཟབ་ཟ་འོག་གི །གདན་གོས་ཡོ་བྱད་དཔག་མེད་འབུལ། །ནས་འབྲས་གྲོ་སྲན་ཏིལ་དང་ཁྲེ། །སྣ་ཚོགས་འབྲུ་ཡི་ཕུང་པོ་དང་། །རྩི་བཅུད་མར་གྱི་ལོངས་སྤྱོད་དང་། །ཉེ་བར་འཚོ་བའི་ཁ་ཟས་ཚོགས། །དཔག་མེད་རྣམ་དག་བློ་ཡིས་འབུལ། །མདོར་ན་རབ་འབྱམས་ཞིང་ཁམས་ན། །བདག་པོས་བཟུང་དང་མ་བཟུང་བའི། །མཆོད་འོས་མཆོད་པའི་བྱེ་བྲག་ཚོགས། །ཐམས་ཅད་གཅིག་ཏུ་བསྡུས་ཏེ་འབུལ། །བདག་ལ་བརྩེ་བར་བཞེས་ནས་ཀྱང་། །ཚེ་བསོད་དཔལ་འབྱོར་མཆོག་ཐུན་གྱི། །དངོས་གྲུབ་གངྒཱའི་རྒྱུན་ལྟར་ཕོབ། །བྱང་ཆུབ་རྒྱལ་སར་འཚོ་མཛད་གསོལ། །ཨོཾ་དེ་ཝཱི་ཤྲཱི་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས། ཞེས་པའི་མཆོད་ཕྲེང་གྲགས་པའི་མཚན་གྱིས་སྦྱར་བ་དང་། དེ་ནས་གཏོར་འབུལ་ནི། ཨོཾ་དེ་ཝཱི་མ་ཧཱ་ཤྲཱི་ཡེ་དེ་ཝཱི་ཨཊྚ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་ལན་གསུམ་མམ་བདུན་གྱིས་འབུལ། ཧཱུྃ། གཡང་གི་ལྷ་མོ་དཔལ་ཆེན་མོ། །སྐུ་མདོག་ལྗང་གུ་འོད་ཟེར་འབར། །ཕྱག་གཡས་རིན་ཆེན་པདྨ་འཛིན། །གཡོན་


CMR045_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྐྱབས་སྦྱིན་ཕྱག་རྒྱ་མཛད། །པདྨ་གཏེར་གྱི་བུམ་པའི་སྟེང་། །ཞབས་གཉིས་བཙུན་མོ་རོལ་པའི་སྟབས། །མཛེས་སྡུག་ལྟ་བས་ཆོག་མི་ཤེས། །རིན་ཆེན་རྒྱན་ཆ་སི་ལི་ལི། །དར་གྱི་ཅོད་པན་པུ་རུ་རུ། །དྲི་ཞིམ་ངད་པ་སངས་སེ་སང་། །ན་བཟའ་མང་པོ་ལྷུབས་སེ་ལྷུབ། །ཁྱེད་ལ་མཆོད་པ་འབུལ་བ་ནི། །གཡང་བཤོས་རིན་ཆེན་འབར་བའི་དབྱིབས། །ཕྱེ་མར་ཤིང་རྩི་དྲི་བཟང་འཐུལ། །གཡང་ཕོར་མར་ཁུས་ལྟེམས་སེ་ལྡེམ། །རོ་བཅུད་ཟས་སྣ་རྫ་ལྟར་བཀྲམ། །ནོར་སྣ་གཡང་རྫས་བྱུང་ལྟར་པ་བརྩེགས། །ཇ་ཆང་འོ་ཞོ་མཚོ་ལྟར་བསྐྱིལ། །འབྲུ་སྣ་ཕྱེ་མར་གངས་ལྟར་སྤུངས། །ཟད་མེད་ཀུན་བཟང་མཆོད་སྤྲིན་འདིས། །མཆོད་དོ་གཡང་གི་ལྷ་མོ་མཆོད། །གསོལ་ལོ་མཆོད་དོ་དགྱེས་གྱུར་ཅིག །མདའ་དར་འདི་ལ་རྟེན་ཆོས་ལ། །ཁང་ཁྱིམ་འདི་ལ་བཞུགས་སུ་གསོལ། །ཡོན་བདག་འདི་ལ་དངོས་གྲུབ་སྩོལ། །ཕྱྭ་དང་གཡང་གི་དངོས་གྲུབ་ནི། །རི་རབ་ལྟ་བུར་སྤུང་དུ་གསོལ། །རྒྱ་མཚོ་བཞིན་དུ་བསྐྱིལ་བ་དང་། །སྤྲིན་ཕུང་བཞིན་དུ་གཏིབས་པ་དང་། །བར་སྣང་ཆར་བཞིན་དབབ་ཏུ་གསོལ། །བཅོམ་ལྡན་


CMR045_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མེ་ཏོག་ཡོན་ཏན་རྒྱ་མཚོ་བཻཌཱུརྱ་དང་གསེར་གྱི་རི་ཁ་དོག་བཟང་པོ་གསེར་དུ་སྣང་བའི་དཔལ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཅེས་ལན་གསུམ་བརྗོད། དམ་པའི་ཆོས་དཀོན་མཆོག་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ལན་གསུམ། གཡང་གི་ལྷ་མོ་དཔལ་ཆེན་མོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། གཡང་གི་ལྷ་མོ་དཔལ་ལྡན་མ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། གཡང་གི་ལྷ་མོ་བཀྲ་ཤིས་མ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། གཡང་གི་ལྷ་མོ་པདྨའི་ཕྲེང་བ་ཅན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། གཡང་གི་ལྷ་མོ་ནོར་གྱི་བདག་མོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། གཡང་གི་ལྷ་མོ་དཀར་མོ་ལ་


CMR045_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། གཡང་གི་ལྷ་མོ་གྲགས་པ་ཆེན་མོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། གཡང་གི་ལྷ་མོ་པདྨའི་སྤྱན་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། གཡང་གི་ལྷ་མོ་བྱེད་པ་མོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། གཡང་གི་ལྷ་མོ་འོད་ཆེན་མོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། གཡང་གི་ལྷ་མོ་ཟས་སྦྱིན་མ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། གཡང་གི་ལྷ་མོ་རིན་པོ་ཆེའི་རབ་ཏུ་སྦྱིན་མ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། རྒྱུ་སྦྱོར་ཡོན་བདག་འདི་ལ་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཟས་ནོར་ལོངས་སྤྱོད་གཡང་གི་དངོས་གྲུབ་ཆེན་པོ་མྱུར་དུ་སྩོལ་ཅིག །དཔའ་བོ་གཅིག་གྲུབ་ལས་གསུངས་པའི་རྩ་བའི་སྙིང་པོ་ནི། ཨོཾ་ཀ་མ་ལ་ཝཱ་སི་ནི། ཀ་མ་ལེ། མ་ཧཱ་ལགྷི་རཱ་ཛུ་མེ། བ་སུ་ནཱ་ནཱ་ཁ་དྷེ་སརྦ་སིདྡྷི།


CMR045_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཧི་དེ་ཧི་བ་ར་དེ་སྭཱ་ཧཱ། ཞེས་པ་ཅི་འགྲུབ་དང་། སྡུད་ཡ་ཐེ་དན། ཛི་ནི་གྲི་ནི་སརྦ་ཨརྱ་སཱ་དྷ་ནི། ཤ་ཤི་ནི། ཨ་ལཀཱ་མི་ནི། མེ་ནཱ་ཤ་ཡ། སིངྒྷནཱ་མེ་མན་པ་དཿསྭཱ་ཧཱ། ཨོཾ་བྷི་ཀུ་ཊི་པ་ར་མ་སུ་བྷ་གེ་སྭཱ་ཧཱ། ཞེས་བདུན་ལས་མི་ཉུང་བར་བརྗོད། ཧཱུྃ། གཡང་གི་ལྷ་མོ་ནོར་རྒྱུན་མ། །སྐུ་མདོག་སེར་མོ་གསེར་གྱི་མདོག །ཕྱག་གཡས་འབྲས་ཀྱི་སྙེ་མ་འཛིན། །འབྲུ་ཡི་ཆར་པ་སི་ལི་ལི། །གཡོན་པས་གཏེར་གྱི་བུམ་པ་འཛིན། །འཛད་མེད་དངོས་གྲུབ་ཆུ་བོའི་རྒྱུན། །རིན་ཆེན་རྒྱན་ཆ་སི་ལི་ལི། །དར་གྱི་ཅོད་པན་པུ་རུ་རུ། །པདྨ་གཏེར་གྱི་བུམ་པའི་སྟེང་། །སྒེག་བཞད་གར་སྟབས་ཁྱུགས་སེ་ཁྱུག །ཁྱེད་ལ་མཆོད་པ་འབུལ་བ་ནི། །གཡང་བཤོས་ཕྱེ་མར་ཟས་ཕུད་འབུལ། །བཟང་ཞིང་ཕྱེ་མར་སྤོས་པའི་ཀྱིས་མཆོད། །མདའ་དར་འདི་ལ་རྟེན་ཆོས་ལ། །ཁང་ཁྱིམ་འདི་ལ་བཞུགས་སུ་གསོལ། །ཡོན་བདག་འདི་ལ་དངོས་གྲུབ་སྩོལ། །ཕྱ་དང་གཡང་གི་དངོས་གྲུབ་ནི། །རི་རབ་ལྟ་བུར་སྤུང་དུ་གསོལ། །རྒྱ་མཚོ་བཞིན་དུ་བསྐྱིལ་དུ་གསོལ། །སྤྲིན་ཕུང་བཞིན་དུ་གཏིབས་པ་དང་། །བར་སྣང་ཆར་བཞིན་འབེབས་པར་མཛོད། །ཧཱུྃ། གཡང་གི་ལྷ་མོ་ཟླ་


CMR045_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཤེལ་མ། །སྐུ་མདོག་སེར་མོ་གསེར་གྱི་མདོག །ཕྱག་གཡས་འབྲས་ཀྱི་སྙེ་མ་འཛིན། །འབྲུ་ཡི་ཆར་པ་སི་ལི་ལི། །གཡོན་པས་གཏེར་གྱི་བུམ་པ་འཛིན། །འཛད་མེད་དངོས་གྲུབ་ཆུ་བོའི་རྒྱུན། །རིན་ཆེན་རྒྱན་ཆ་སི་ལི་ལི། །དར་གྱི་ཅོད་པན་པུ་རུ་རུ། །པདྨ་གཏེར་གྱི་བུམ་པའི་སྟེང་། །སྒེག་བཞད་གར་སྟབས་ཁྱུགས་སེ་ཁྱུག །ཁྱེད་ལ་མཆོད་པ་འབུལ་བ་ནི། །གཡང་བཤོས་ཕྱེ་མར་ཟས་ཕུད་འབུལ། །བཟང་ཞིང་ཕྱེ་མར་སྤོས་ཀྱིས་མཆོད། །མདའ་དར་འདི་ལ་རྟེན་ཆོས་ལ། །ཁང་ཁྱིམ་འདི་ལ་བཞུགས་སུ་གསོལ། །ཡོན་བདག་འདི་ལ་དངོས་གྲུབ་སྩོལ། །ཕྱ་དང་གཡང་གི་དངོས་གྲུབ་ནི། །རི་རབ་ལྟ་བུར་སྤུང་དུ་གསོལ། །རྒྱ་མཚོ་བཞིན་དུ་བསྐྱིལ་དུ་གསོལ། །སྤྲིན་ཕུང་བཞིན་དུ་གཏིབས་པ་དང་། །བར་སྣང་ཆར་བཞིན་འབེབས་པར་མཛོད། །ཧཱུྃ། གཡང་གི་ལྷ་མོ་སྦྱིན་བྱེད་མ། །སྐུ་མདོག་སེར་མོ་གསེར་གྱི་མདོག །ཕྱག་གཡས་འབྲས་ཀྱི་སྙེ་མ་འཛིན། །འབྲུ་ཡི་ཆར་པ་སི་ལི་ལི། །གཡོན་པས་གཏེར་གྱི་བུམ་པ་འཛིན། །འཛད་མེད་དངོས་གྲུབ་ཆུ་བོའི་རྒྱུན། །རིན་ཆེན་རྒྱན་ཆ་སི་ལི་ལི། །དར་གྱི་ཅོད་


CMR045_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

པན་པུ་རུ་རུ། །པདྨ་གཏེར་གྱི་བུམ་པའི་སྟེང་། །སྒེག་བཞད་གར་སྟབས་ཁྱུགས་སེ་ཁྱུག །ཁྱེད་ལ་མཆོད་པ་འབུལ་བ་ནི། །གཡང་བཤོས་ཕྱེ་མར་ཟས་ཕུད་འབུལ། །བཟང་ཞིང་ཕྱེ་མར་སྤོས་ཀྱིས་མཆོད། །མདའ་དར་འདི་ལ་རྟེན་ཆོས་ལ། །ཁང་ཁྱིམ་འདི་ལ་བཞུགས་སུ་གསོལ། །ཡོན་བདག་འདི་ལ་དངོས་གྲུབ་སྩོལ། །ཕྱྭ་དང་གཡང་གི་དངོས་གྲུབ་ནི། །རི་རབ་ལྟ་བུར་སྤུང་དུ་གསོལ། །རྒྱ་མཚོ་བཞིན་དུ་བསྐྱིལ་དུ་གསོལ། །སྤྲིན་ཕུང་བཞིན་དུ་གཏིབས་པ་དང་། །བར་སྣང་ཆར་བཞིན་འབེབས་པར་མཛོད། །ཧཱུྃ། གཡང་གི་ལྷ་མོ་རབ་སྦྱིན་མ། །སྐུ་མདོག་སེར་མོ་གསེར་གྱི་མདོག །ཕྱག་གཡས་འབྲས་ཀྱི་སྙེ་མ་འཛིན། །འབྲུ་ཡི་ཆར་པ་སི་ལི་ལི། །གཡོན་པས་གཏེར་གྱི་བུམ་པ་འཛིན། །འཛད་མེད་དངོས་གྲུབ་ཆུ་བོའི་རྒྱུན། །རིན་ཆེན་རྒྱན་ཆ་སི་ལི་ལི། །དར་གྱི་ཅོད་པན་པུ་རུ་རུ། །པདྨ་གཏེར་གྱི་བུམ་པའི་སྟེང་། །སྒེག་བཞད་གར་སྟབས་ཁྱུགས་སེ་ཁྱུག །ཁྱེད་ལ་མཆོད་པ་འབུལ་བ་ནི། །གཡང་བཤོས་ཕྱེ་མར་ཟས་ཕུད་འབུལ། །བཟང་ཞིང་ཕྱེ་མར་སྤོས་ཀྱིས་མཆོད། །མདའ་དར་འདི་ལ་རྟེན་ཆོས་ལ། །ཁང་ཁྱིམ་འདི་ལ་


CMR045_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་སུ་གསོལ། །ཡོན་བདག་འདི་ལ་དངོས་གྲུབ་སྩོལ། །ཕྱྭ་དང་གཡང་གི་དངོས་གྲུབ་ནི། །རི་རབ་ལྟ་བུར་སྤུང་དུ་གསོལ། །རྒྱ་མཚོ་བཞིན་དུ་བསྐྱིལ་དུ་གསོལ། །སྤྲིན་ཕུང་བཞིན་དུ་གཏིབས་པ་དང་། །བར་སྣང་ཆར་བཞིན་འབེབས་པར་མཛོད། །ཧཱུྃ། གཡང་གི་ལྷ་མོ་འཕགས་མ་ནི། །སྐུ་མདོག་སེར་མོ་གསེར་གྱི་མདོག །ཕྱག་གཡས་འབྲས་ཀྱི་སྙེ་མ་འཛིན། །འབྲུ་ཡི་ཆར་པ་སི་ལི་ལི། །གཡོན་པས་གཏེར་གྱི་བུམ་པ་འཛིན། །འཛད་མེད་དངོས་གྲུབ་ཆུ་བོའི་རྒྱུན། །རིན་ཆེན་རྒྱན་ཆ་སི་ལི་ལི། །དར་གྱི་ཅོད་པན་པུ་རུ་རུ། །པདྨ་གཏེར་གྱི་བུམ་པའི་སྟེང་། །སྒེག་བཞད་གར་སྟབས་ཁྱུགས་སེ་ཁྱུག །ཁྱེད་ལ་མཆོད་པ་འབུལ་བ་ནི། །གཡང་བཤོས་ཕྱེ་མར་ཟས་ཕུད་འབུལ། །བཟང་ཞིང་ཕྱེ་མར་སྤོས་ཀྱིས་མཆོད། །མདའ་དར་འདི་ལ་རྟེན་ཆོས་ལ། །ཁང་ཁྱིམ་འདི་ལ་བཞུགས་སུ་གསོལ། །ཡོན་བདག་འདི་ལ་དངོས་གྲུབ་སྩོལ། །ཕྲུ་དང་གཡང་གི་དངོས་གྲུབ་ནི། །རི་རབ་ལྟ་བུར་སྤུང་དུ་གསོལ། །རྒྱ་མཚོ་བཞིན་དུ་བསྐྱིལ་དུ་གསོལ། །སྤྲིན་ཕུང་བཞིན་དུ་གཏིབས་པ་དང་། །བར་སྣང་ཆར་བཞིན་འབེབས་


CMR045_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛོད། །ཧཱུྃ། གཡང་གི་ལྷ་མོ་སྦས་མ་ནི། །སྐུ་མདོག་སེར་མོ་གསེར་གྱི་མདོག །ཕྱག་གཡས་འབྲས་ཀྱི་སྙེ་མ་འཛིན། །འབྲུ་ཡི་ཆར་པ་སི་ལི་ལི། །གཡོན་པས་གཏེར་གྱི་བུམ་པ་འཛིན། །འཛད་མེད་དངོས་གྲུབ་ཆུ་བོའི་རྒྱུན། །རིན་ཆེན་རྒྱན་ཆ་སི་ལི་ལི། །དར་གྱི་ཅོད་པན་པུ་རུ་རུ། །པདྨ་གཏེར་གྱི་བུམ་པའི་སྟེང་། །སྒེག་བཞད་གར་སྟབས་ཁྱུགས་སེ་ཁྱུག །ཁྱེད་ལ་མཆོད་པ་འབུལ་བ་ནི། །གཡང་བཤོས་ཕྱེ་མར་ཟས་ཕུད་འབུལ། །བཟང་ཞིང་ཕྱེ་མར་སྤོས་ཀྱིས་མཆོད། །མདའ་དར་འདི་ལ་རྟེན་ཆོས་ལ། །ཁང་ཁྱིམ་འདི་ལ་བཞུགས་སུ་གསོལ། །ཡོན་བདག་འདི་ལ་དངོས་གྲུབ་སྩོལ། །ཕྱ་དང་གཡང་གི་དངོས་གྲུབ་ནི། །རི་རབ་ལྟ་བུར་སྤུང་དུ་གསོལ། །རྒྱ་མཚོ་བཞིན་དུ་བསྐྱིལ་དུ་གསོལ། །སྤྲིན་ཕུང་བཞིན་དུ་གཏིབས་པ་དང་། །བར་སྣང་ཆར་བཞིན་འབེབས་པར་མཛོད། །ཧཱུྃ། གཡང་གི་ལྷ་མོ་རབ་བཟང་མ། །སྐུ་མདོག་སེར་མོ་གསེར་གྱི་མདོག །ཕྱག་གཡས་འབྲས་ཀྱི་སྙེ་མ་འཛིན། །འབྲུ་ཡི་ཆར་པ་སི་ལི་ལི། །གཡོན་པས་གཏེར་གྱི་བུམ་པ་འཛིན། །འཛད་མེད་དངོས་གྲུབ་ཆུ་བོའི་རྒྱུན། །རིན་ཆེན་རྒྱན་ཆ་སི་ལི་ལི། །


CMR045_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

དར་གྱི་ཅོད་པན་པུ་རུ་རུ། །པདྨ་གཏེར་གྱི་བུམ་པའི་སྟེང་། །སྒེག་བཞད་གར་སྟབས་ཁྱུགས་སེ་ཁྱུག །ཁྱེད་ལ་མཆོད་པ་འབུལ་བ་ནི། །གཡང་བཤོས་ཕྱེ་མར་ཟས་ཕུད་འབུལ། །བཟང་ཞིང་ཕྱེ་མར་སྤོས་ཀྱིས་མཆོད། །མདའ་དར་འདི་ལ་རྟེན་ཆོས་ལ། །ཁང་ཁྱིམ་འདི་ལ་བཞུགས་སུ་གསོལ། །ཡོན་བདག་འདི་ལ་དངོས་གྲུབ་སྩོལ། །ཕྱྭ་དང་གཡང་གི་དངོས་གྲུབ་ནི། །རི་རབ་ལྟ་བུར་སྤུང་དུ་གསོལ། །རྒྱ་མཚོ་བཞིན་དུ་བསྐྱིལ་དུ་གསོལ། །སྤྲིན་ཕུང་བཞིན་དུ་གཏིབས་པ་དང་། །བར་སྣང་ཆར་བཞིན་འབེབས་པར་མཛོད། །ཧཱུྃ། གཡང་གི་ལྷ་མོ་དབྱངས་ཅན་མ། །སྐུ་མདོག་སེར་མོ་གསེར་གྱི་མདོག །ཕྱག་གཡས་འབྲས་ཀྱི་སྙེ་མ་འཛིན། །འབྲུ་ཡི་ཆར་པ་སི་ལི་ལི། །༔ གཡོན་པས་གཏེར་གྱི་བུམ་པ་འཛིན། །འཛད་མེད་དངོས་གྲུབ་ཆུ་བོའི་རྒྱུན། །རིན་ཆེན་རྒྱན་ཆ་སི་ལི་ལི། །དར་གྱི་ཅོད་པན་པུ་རུ་རུ། །པདྨ་གཏེར་གྱི་བུམ་པའི་སྟེང་། །སྒེག་བཞད་གར་སྟབས་ཁྱུགས་སེ་ཁྱུག །ཁྱེད་ལ་མཆོད་པ་འབུལ་བ་ནི། །གཡང་བཤོས་ཕྱེ་མར་ཟས་ཕུད་འབུལ། །བཟང་ཞིང་ཕྱེ་མར་སྤོས་ཀྱིས་མཆོད། །མདའ་དར་འདི་


CMR045_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྟེན་ཆོས་ལ། །ཁང་ཁྱིམ་འདི་ལ་བཞུགས་སུ་གསོལ། །ཡོན་བདག་འདི་ལ་དངོས་གྲུབ་སྩོལ། །ཕྱྭ་དང་གཡང་གི་དངོས་གྲུབ་ནི། །རི་རབ་ལྟ་བུར་སྤུང་དུ་གསོལ། །རྒྱ་མཚོ་བཞིན་དུ་བསྐྱིལ་དུ་གསོལ། །སྤྲིན་ཕུང་བཞིན་དུ་གཏིབས་པ་དང་། །བར་སྣང་ཆར་བཞིན་འབེབས་པར་མཛོད། །ཏདྱ་ཐཱ། ཛི་ནི་གྲོ་ནི། སརྦ་ཨ་ཀར་སིདྡྷ་ནི། སི་སི་མི། སི་ལི་སི། ནི་མི་ནི་མི། ཨ་ལཀྵ་ཡཱ་མེ། ནཱ་ཤ་ཡེ་སྭཱ་ཧཱ། ཨོཾ་བཱ་སུ་དྷ་རི་ཎྱེ་སྭཱ་ཧཱ། ཨོཾ་ཙནྡྲ་ཀཱནྟི་ཡེ་སྭཱ་ཧཱ། ཨོཾ་དཱ་དཱ་ཡེ་སྭཱ་ཧཱ། ཨོཾ་སུ་དཱ་དཱ་ཡི་སྭཱ་ཧཱ། ཨོཾ་ཨཱརླ་ཡེ་སྭཱ་ཧཱ། ཨོཾ་སུ་བྷ་དྲ་ཡེ་སྭཱ་ཧཱ། ཨོཾ་གུཔྟ་ཡེ་སྭཱ་ཧཱ། ཨོཾ་དེ་བྱེ་སྭཱ་ཧཱ། ཨོཾ་སྭ་ར་སྭ་སྟེ་སྭཱ་ཧཱ། སརྦ་བ་སུ་སིདྡྷི་ཧཱུྃ་སྭཱ་ཧཱ། ཞེས་ཚར་གསུམ་མམ་ལྔའམ་བདུན་བརྗོད། དེ་ནས་གཡས་ཕྱོགས་ཀྱི་དཀར་གཏོར་བྲན་ལ། ཧཱུྃ། སྟེང་ཕྱོགས་འདོད་ཁམས་ལྷ་ཡི་ཡུལ། །སུམ་ཅུ་རྩ་གསུམ་གནས་མཆོག་ནས། །ནོར་དང་གཡང་གི་བདག་པོ་ནི། །ནོར་ལྷ་ལྷ་ཆེན་ཚོགས་ཀྱི་བདག །སྐུ་མདོག་དཀར་ལ་གླང་ཆེན་དབུ། །ཕྱག་བཞི་ལ་ཕུག་དགྲ་སྟ་དང་། །ཟས་གཞོང་རིན་ཆེན་ཕྲེང་བ་འཛིན། །ཆིབས་སུ་བྱི་བ་སྔོན་པོ་ཆིབས། །འདིར་བྱོན་དཀར་


CMR045_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མཆོད་པ་བཞེས། །ཐུད་གཡག་མར་གྱི་ལུ་གུ་དང་། །འབྲུ་སྣའི་མཆོད་པ་འདི་བཞེས་ལ། །ཡོན་བདག་རྟ་ནོར་ཞིང་ཁང་ལ། །བགེགས་ཀྱི་གནོད་པ་ཁྱེད་ཀྱིས་སྲུངས། །འཁོར་ལ་བཀའ་ནན་མ་ཆུང་ཞིག །སྟེང་ཕྱོགས་ལྷ་ཡི་ཕྱྭ་དང་གཡང་། །ཆར་པ་བཞིན་དུ་འབེབས་པར་མཛོད། །ཁྱད་པར་དུད་འགྲོ་རྐང་བཞི་རྣམས། །འཕེལ་ཞིང་རྒྱས་པའི་དངོས་གྲུབ་སྩོལ། །ཨོཾ་ག་ཎ་པ་ཏི་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། ཨོཾ་བ་ར་ཀ་ཏ་སྭཱ་ཧཱ། བ་སུ་སརྦ་སིདྡྷི་སིདྡྷི་ཧཱུྃ་སྭཱ་ཧཱ། དེ་ནས་གཡོན་ཕྱོགས་ཀྱི་དཀར་གཏོར་བྲན་ལ། ཧཱུྃ། འོག་ཕྱོགས་རྒྱ་མཚོ་ཀླུ་ཡི་ཡུལ། །བཀྲ་ཤིས་འོ་མའི་རྒྱ་མཚོ་ནས། །ཀླུ་གཡང་དངོས་གྲུབ་ཀུན་གྱི་བདག །ཀླུ་རྒྱལ་མི་མགོན་དཀར་པོ་ནི། །སྐུ་མདོག་དཀར་པོ་དུང་གི་མདོག །སྦྲུལ་མགོ་བདུན་གྱི་གདེངས་ཀ་ལ། །རིན་ཆེན་འབར་བའི་ཅོད་པན་ཅན། །ཕྱག་གཉིས་གཏེར་བུམ་ཐུགས་ཀར་འཛིན། །སྐུ་སྨད་གསེར་སྦྲུལ་སེར་པོ་འཁྱིལ། །གཡང་གི་རྒྱ་མཚོ་མེ་རི་རི། །འདིར་གཤེགས་གཡང་རྟེན་འདི་ལ་བཞུགས། །ཁྱེད་ལ་མཆོད་པ་འབུལ་བ་ནི། །དཀར་གཏོར་ཀླུ་སྨན་འོ་ཞོའི་ཕུད། །དུང་སྦྲུལ་


CMR045_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དུང་སྦལ་དུང་ཉ་འབུལ། །འོག་ཕྱོགས་ཀླུ་གཡང་དངོས་གྲུབ་དེ། །རྒྱ་མཚོ་བཞིན་དུ་བསྐྱིལ་བར་མཛོད། །བུ་ནོར་བདེ་སྐྱིད་དངོས་གྲུབ་སྩོལ། །ཀླུ་གཡང་མི་ལ་དབབ་ཏུ་གསོལ། །ཨོཾ་ནཱ་ག་རཱ་ཙ་མ་ནུ་ཥ་ནཱ་ཐ་ཨི་དཾ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། ཨོཾ་ནཱ་ག་རཱ་ཙ་སརྦ་སིདྡྷི་སིདྡྷི་ཧཱུྃ་སྭཱ་ཧཱ། དེ་ནས་མདུན་གྱི་དཀར་གཏོར་བྲན་ལ། ཧཱུྃ། བར་ཕྱོགས་ལྷ་སྲིན་གཉེན་གྱི་ཡུལ། །ཤར་ཕྱོགས་གངས་རི་རྩེ་རྒྱལ་ན། །རྨ་གཡང་ཀུན་གྱི་མངའ་བདག་སྟེ། །རྨ་རྒྱལ་སྤོམ་ར་ལྷ་ཡི་སྲས། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །དབུ་ལ་དུང་རྨོག་སྟག་འཕྲུ་ཅན། །སྐུ་ལ་བེར་དཀར་གསེར་ཁྲབ་གསོལ། །སྟག་དང་གཟིག་ཤུབས་སྐེད་ལ་བསྐོར། །ཕྱག་ན་མདུང་དར་ནོར་བུ་འཛིན། །ཆིབས་སུ་རྟ་དཀར་འཕུར་ཤེས་ཆིབས། །རྨ་རིགས་སུམ་བརྒྱ་དྲུག་ཅུ་དང་། །རྨ་སྨན་འབུམ་གྱི་འཁོར་གྱིས་བསྐོར། །ཐུགས་ཀར་ཡིད་བཞིན་ནོར་བུ་ལས། །དངོས་གྲུབ་སྣ་ཚོགས་ཆར་དུ་འབེབས། །འདིར་གཤེགས་ཡོན་བདག་ཁ་འཛིན་མཛོད། །དཀར་གཏོར་ཟས་ཕུད་སྣ་ཚོགས་དང་། །བྱ་རྟ་གླང་གཟུགས་མཆོད་པ་འབུལ། །རྨ་དང་གཡང་གི་དངོས་གྲུབ་ནི། །ན་བུན་བཞིན་དུ་འཐིབས་


CMR045_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛོད། །མི་འཕེན་རྟ་ཧྲག་དངོས་གྲུབ་སྩོལ། །བཙན་ཕྱུག་འཕེན་གསུམ་འཛོམ་པར་མཛོད། །ཨོཾ་ཀུ་མཱ་ར་ཕུ་ཏྲི་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། ༈ ཨོཾ་ཀུ་མཱ་ར་ཕུ་ཏྲི་སརྦ་སིདྡྷི་སིདྡྷི་ཧཱུྃ་སྭཱ་ཧཱ། ཞེས་རབ་བརྒྱ་ཚར་འབྲིང་ལོ་གྲངས་སམ་ཉེར་གཅིག་གམ་བཅུ་གསུམ། ཐ་མ་བདུན་ནམ་ཡང་ཐ་ཚར་གསུམ་འདོན། འདོན་ཆེ་ཤུག་དུད་ཕྱེ་མར་གསུར་མ་ཆད་པར་བྱའོ། །ཞག་གཅིག་གམ་ཞག་མང་ན་ལེགས། དེ་ནས་གཡང་བཤོས་ཆེ་བ་ཡོན་བདག་མོས་བཀྱག མདའ་དེར་སྐྱེས་པ་དེས་བཟུང་། གཞན་ཡང་དཀར་གཏོར་རྣམས་དང་། ཟས་སྣ་གཏོར་མ་སོགས་སྡེར་དུ་བཞག །ཡོན་བདག་ཚང་གི་མི་དུ་ཡོད་ཀྱི་ཀླུ་ལག་ཏུ་བཟུང་ལ། ཐམས་ཅད་དྲུང་དུ་འདུག་བཅོལ། རང་གིས་ནས་གཏོར་ཞིང་བཀྲ་ཤིས་བརྗོད། དེ་ནས་ཟས་ཕུད་ཅུང་ཟད་རེ་དང་འབྲུ་སྣ་སོགས་གཡང་སྐྱེ་ནང་དུ་བླུགས་ལ་ཚག་བྱའོ། །མདའ་དཀྱིལ་ཀ་ལ་བཅིང་ནས་ཚག་དམ་དུ་བྱ། ཤུག་པ་ཀ་བ་ལ་བཅིངས་སམ། འབྲོག་པ་ཡིན་ན་སླས་ནང་དུ་བཙུགས། དེ་མིན་གཏོར་མ་མཆོད་རྫས་ཐམས་ཅད་ཕྱི་མི་ལ་མི་སྦྱིན་དངོས་གྲུབ་ཏུ་བཟའ། གཡང་གཞིའི་འོག་གི་ས་ཞིང་ནང་དུ་བླུགས། འབྲོག་པ་ཡིན་ན་སླས་ནང་དུ་གཏོར། གཡང་ལྷ་ཡེ་ཤེས་པ་ཐམས་ཅད་སྦྲ་ཁྱིམ་མི་ནོར་ལ་ཐིམ་པར་བསྒོམ། འཇིག་རྟེན་པ་སྤོམ་ར་སོགས་རང་གནས་སུ་གཤེགས་པར་བསྒོམ། ལོ་ཀ་སརྦ་གཙྪགཙྪ་ཞེས་བརྗོད། དེ་ལྟར་བྱས་པས་ལྷ་མོ་དཔལ་ཆེན་མོ་རབ་ཁྱིམ་དེར་


CMR045_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་འགྱུར་ལ་ཕྱུག་ཅིང་བདེ་སྐྱིད་ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར་རོ། །ཐ་ནའང་ལྷ་མོ་དེས་ཐུགས་ཀྱིས་དགོངས་པར་འགྱུར་ཏེ་ལོངས་སྤྱོད་དངོས་གྲུབ་འབྱུང་བར་གསུངས་སོ། །འདི་ནི་མདོ་སྡེ་གསེར་འོད་དམ་པ་དང་། ལྷ་མོ་དཔལ་གྱི་མདོ་དང་། གར་མཁན་མཆོག་གི་རྒྱུད་དང་། གསེར་འོད་གཡང་སྐྱབས་དང་། པདྨ་གཡང་སྐྱབས་དང་། རྨ་སྤོམ་རའི་གཡང་སྐྱབས་རྣམས་ཀྱི་དོན་བསྡུས་ཏེ། བླ་མ་ཙཱ་རི་བས་བསྐུལ་བའི་ངོར། ༧ སྔགས་འཆང་རཱ་ག་ཨ་སྱས་གསེར་འཕྱང་གི་ལོ་ཁྲུམས་ཀྱི་ཟླ་བའི་གནམ་གང་གི་ཉིན་རྫོགས་པར་བྲིས་པ་ལ། ཉེས་འགལ་མཆིས་ན་རྩ་བ་གསུམ་ལ་བཤགས་ཤིང་དགེ་བས་སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར་ཅིག །སརྦ་མངྒ་ལཾ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ལྷ་མོ་ཆེན་མོ་དཔལ་གྱི་གཡང་སྐྱབས་ཀྱི་མདུན་བསྐྱེད་ལྷན་ཐབས།


CMR045_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་ཆེན་མོ་དཔལ་གྱི་གཡང་སྐྱབས་ཀྱི་མདུན་བསྐྱེད་ལྷན་ཐབས་བཞུགས་སོ།


CMR045_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོའི་དྷེ་ཝི་ཡེ། ལྷ་མོ་དཔལ་གྱི་གཡང་སྐྱབས་མདུན་བསྐྱེད་ལྷན་ཐབས་ནི། གཞན་ཡང་གནས་ཁང་གཡང་རྫས་བྱིན་གྱིས་རླབས་པ་ནི། བཛྲ་སྤ་ར་ཎ་ཁཾ༔ ཞེས་བརྗོད་ནས་འདི་སྐད་དོ།། དེ་ལྟར་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པའི་ནང་དུ་གཡང་རྫས་མཆོད་པའི་སྤྲིན་ཕུང་གི་དབུས་སུ་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཡི་གེ་བྷིཡོངས་སུ་གྱུར་པ་ལས་གཡང་གི་ལྷ་མོ་དཔལ་ཆེན་མོ་བཅུ་གཉིས་མཚན་ལྡན་མ། སྐུ་མདོག་ལྗང་གུ་རྩྭ་མཆོག་དཱུརྦ་ཚེ་འཕེལ་གྱི་མདངས་ལྡན་འོད་ཟེར་འཕྲོ་བ་ཞལ་གཅིག་ཕྱག་གཉིས་གཡས་པས་དགོས་འདོད་ཀུན་འབྱུང་པདྨ་རིན་པོ་ཆེའི་


CMR045_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པ་ལ་ལོངས་སྤྱོད་ཆར་བཞིན་དུ་འབེབས་པ། གཡོན་པས་སྐྱབས་སྦྱིན་གྱི་ཕྱག་རྒྱས་འགྲོ་བའི་དབུལ་བ་སེལ་བ། སྐུ་ལ་དར་སྣ་ཚོགས་ཀྱི་ན་བཟའ་དང་རིན་པོ་ཆེ་དུ་མས་བརྒྱན་པ། ཞབས་གཉིས་བཙུན་མོ་རོལ་པའི་སྟབས་ཀྱིས་རིན་པོ་ཆེའི་གཏེར་གྱི་བུམ་པའི་སྟེང་ན་བཞུགས་པའོ། །དེའི་ཕྱི་རོལ་པདྨ་འདབ་མ་ལ། བཀྲ་ཤིས་གཡང་གི་ལྷ་མོ་བརྒྱད་ཤར་དུ་ནོར་རྒྱུན་མ། ལྷོ་རུ་ཟླ་ཤེལ་མ། ནུབ་ཏུ་སྦྱིན་བྱེད་མ། བྱང་དུ་རབ་སྦྱིན་མ། ཤར་ལྷོར་འཕགས་མ། ལྷོ་ནུབ་ཏུ་སྦས་མ། ནུབ་བྱང་དུ་རབ་བཟང་མ། བྱང་ཤར་དུ་དབྱངས་ཅན་མ། དེ་


CMR045_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་སྐུ་མདོག་སེར་པོ་གསེར་བཙོ་མའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་གཡས་པས་འབྲས་ཀྱི་སྙེ་མ་འཛིན་པ་དགོས་འདོད་འབྲུ་དང་རིན་པོ་ཆེའི་ལོངས་སྤྱོད་ཆར་བཞིན་འབེབས་པ། གཡོན་པས་ཡིད་བཞིན་གཏེར་གྱི་བུམ་པ་བསྣམས་པ་འཛད་མེད་བདུད་རྩིའི་ཆར་རྒྱུན་འབེབས་པས་དབུལ་བའི་སྡུག་བསྔལ་སེལ་བ། སྐུ་ལ་དར་དང་རིན་པོ་ཆེས་བརྒྱན་པ། ཞབས་གཉིས་པདྨ་དང་གཏེར་གྱི་བུམ་པའི་སྟེང་ན་སྒེག་བཞད་གར་ཐབས་ཀྱིས་བཞུགས་པའོ། །དེའི་ཕྱི་རོལ་གཡས་ཀྱི་འདབ་མ་ལ། ནོར་ལྷ་ལྷ་ཆེན་ཚོགས་ཀྱི་བདག་པོ་གླང་པོ་ཆེའི་དབུ་ཅན་སྐུ་མདོག་དཀར་པོ་ཕྱག་བཞི་ལ་ཕུག་དང་དགྲ་སྟ་ཟངས་གཞོང་ཟས་སྣས་བཀང་བ་དང་། རིན་པོ་ཆེ་ཕྲེང་བ་འཛིན་པ་དར་སྣ་ཚོགས་ཀྱིས་བརྒྱན་ཅིང་གཡང་གི་བྱི་བ་སྔོན་མོ་ལ་ཆིབས་པ། སྟེང་ཕྱོགས་ལྷའི་ཕྱྭ་གཡང་གིས་བསྐོར་བའོ། །གཡོན་གྱི་པད་འདབ་ལ་ཀླུ་རྒྱལ་མི་མགོན་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རིན་པོ་ཆེའི་གཏེར་གྱི་བུམ་པ་ཐུགས་ཀར་འཛིན་པ་སྐུ་སྨད་གསེར་སྦྲུལ་སེར་པོ་གཡང་གི་རྒྱ་མཚོ་འཁྱིལ་བ། སྐུ་སྟོད་ལ་དར་སྣ་ཚོགས་གསོལ་བ། འོག་ཕྱོགས་ཀླུ་ཡི་ཕྱྭ་དང་གཡང་གི་


CMR045_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བའོ། །མདུན་གྱི་པད་འདབ་ལ་ཡུལ་ལྷ་རྨ་རྒྱལ་སྤོམ་ར་སྐུ་མདོག་དཀར་པོ་མདངས་དང་ལྡན་པ་ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་པས་མདུང་དར་དཀར་པོ་དང་། གཡོན་པས་དགོས་འདོད་ཀུན་འབྱུང་ནོར་བུ་རིན་པོ་ཆེ་བསྣམས་པ། སྐུ་ལ་བེར་དཀར་དང་བསེ་ཁྲབ་གསོལ་བ། དབུ་ལ་དུང་རྨོག་དར་འཕྲུས་བརྒྱན་པ། སྟག་རལ་གཟིག་ཤུབས་རལ་གྲི་འཁོར་གསུམ་དཔའ་ཆས་དང་ལྡན་པ། ཐུགས་ཀར་ཡིད་བཞིན་ནོར་བུས་མཚན་པ་ལས་བདག་དང་ཡོན་བདག་ལ་དངོས་གྲུབ་ཆར་ལྟར་འབེབས་པ། རྟ་དཀར་འཕུར་ཤེས་རླུང་གི་ཤུགས་ལྡན་ལ་ཆིབས་པ། བར་ཕྱོགས་རྨ་གཡང་གིས་བསྐོར་བའོ། །དེའི་ཕྱི་རོལ་དུ་ཡེ་ཤེས་དང་འཇིག་རྟེན་ལས་ལ་གྲུབ་པའི་གཡང་གི་ལྷ་ཚོགས་ཐམས་ཅད་སྤྲིན་འཁྲིགས་པ་ལྟར་དུ་གཏིབས་ནས་བསྐོར་བའོ། །དེ་ལྟར་གསལ་བའི་གཙོ་མོའི་ཐུགས་ཀར་ཤྲིདང་རང་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རི་རབ་ཆེན་པོའི་བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས་མཆོག་གཉའ་ཤིང་འཛིན་གྱི་རྩེ་མོ་ཙན་དན་ཚལ་གྱི་མེ་ཏོག་ཁང་བཟང་གསེར་གྱི་རྒྱལ་མཚན་ནས་གཡང་གི་ལྷ་མོ་དཔལ་ཆེན་མོ་ལ་གྲོགས་མོ་ལྷ་


CMR045_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

མོ་བརྒྱད་དང་བཅས་པ། གཞན་ཡང་ལྷ་ཀླུ་གཉན་ལ་སོགས་པའི་ཕྱུ་དང་གཡང་གི་བདག་པོ་ཐམས་ཅད་སྐད་ཅིག་གིས་སྤྱན་དྲངས། མདུན་བསྐྱེད་དང་གཉིས་སུ་མེད་པར་གྱུར། །ཨོཾ་དེ་ཝ་ཤྲཱི་ཛྙཱ་ན་ལོ་ཀ་བ་སུ་དེ་བ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿ དེ་ནས་སྤོས་བསྲེག་རོལ་མོ་སྒྲོགས། མདའ་དར་དཀར་པོ་གཡབ་ལ། དབྱངས་སྙན་པོས་གཞུང་གི །ཀྱེ། དེ་རིང་གཟའ་སྐར་ཚེས་གྲངས་སོགས་གཞུང་ལ་འཇུག་གོ། ཞེས་པ་ལྷ་མོ་དཔལ་གྱི་གཡང་སྐྱབས་ཀྱི་མདུན་བསྐྱེད་ལྷན་ཐབས་སྦྱོར་བར་རུང་བ་རཱ་ག་ཨ་སྱས་བྲིས་པའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ལྷ་མོ་དཔལ་གྱི་གཡང་སྐྱབས།


CMR045_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་དཔལ་གྱི་གཡང་སྐྱབས་ཚེ། མདུན་བསྐྱེད་ལྷ་མོ་གཙོ་འཁོར་ལས་འོད་ཟེར་འཕྲོས་པས་སངས་རྒྱས་བྱང་སེམས་ཐམས་ཅད་ལ་མཆོད་པ་ཕུལ་བས་མཉེས་ཤིང་ཐུགས་རྒྱུད་བསྐུལ་བས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྩ་གསུམ་ཆོས་སྐྱོང་ཐམས་ཅད་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་དང་། ལྷ་ཀླུ་མི་གསུམ་སོགས་སྲིད་གསུམ་གྱི་ཕྱུ་གཡང་དང། འབྱོར་པ་ཐམས་ཅད་དང་། ལྕང་ལོ་ཅན་ནས་གནོད་སྦྱིན་ནོར་ལྷ་རྣམས་ཀྱི་དཔལ་གཡང་དངོས་གྲུབ་ཐམས་ཅད་དང་། མདོར་ན་འཁོར་འདས་སྣང་སྲིད་ཀྱི་ཕྱྭ་གཡང་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་སྣ་བདུན་གྱི་རྣམ་པར་འབ་འུབ་བསྡུས་ནས་མདུན་བསྐྱེད་གཙོ་འཁོར་ལ་ཐིམ་པས་མདུན་བསྐྱེད་ལས་སླར་༔ དངོས་གྲུབ་ཕྲུ་གཡང་འོད་ཟེར་སྣ་ཚོགས་དང་། བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་སྣ་བདུན་གྱི་རྣམ་པར་བབ་ནས་གཡང་རྟེན་རྣམས་ལ་ཡང་ཡང་ཐིམ་པས་རང་དང་སྦྱིན་བདག་གི་ཁང་ཁྱིམ་དང་སྤྱོད་ཡུལ་དུ་རི་ལྟར་སྤུངས་ཤིང་གངས་ལྟར་ཆགས་པར་བསམས་ནས་སྔགས་རྣམས་བཟླའོ། །སྔགས་གྲངས་བདུན་དང་གསུམ་སོགས་གསུངས་པ་སྤྱིར་བཏང་ཙམ་ཡིན། གལ་ཆེ་ན་བརྒྱའམ་ཉེར་གཅིག་


CMR045_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བཟླས་ན་ལེགས་ཤིང་། ཛཾ་ལྷ་ཉེར་གཅིག་སོགས་གཡང་སྐྱབས་གཞན་བཅའ་ན་ཡང་དམིགས་པ་དེ་ལྟར་སྤོ་ནས་བསྒོམ་ཞིང་། ཛཾ་ལྷ་རྣམས་དང་རྣམ་སྲས་སོགས་ཀྱི་སྔགས་བཟླའོ། །ཨ་རཱ་གས་སོ།། །།

ལྷ་མོ་དཔལ་གྱི་བསང་མཆོད་དགོས་འདོད་ཀུན་འབྱུང་།


CMR045_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་དཔལ་གྱི་བསང་མཆོད་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ།


CMR045_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ཨ་མྲྀ་ཏ་སོགས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧི༔ ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨ་ཝརྟ་ཡ་ཨ་ཝརྟ་ཡ་ཧོ༔ བཛྲ་སྤ་ར་ཎ་ཁཾ་སྭཱ་ཧཱ། ཧཱུྃ། གཡང་གི་ལྷ་མོ་དཔལ་ཆེན་མོ། །བཅུ་གཉིས་མཚན་ལྡན་ཟས་ནོར་བདག །སྐུ་མདོག་ལྗང་མཛེས་འོད་ཟེར་འཕྲོ། །ཕྱག་གཉིས་རིན་ཆེན་པདྨ་དང་། །སྐྱབས་སྦྱིན་རོལ་སྟབས་བུམ་སྟེང་བཞུགས། །དཔལ་ལྡན་མ་དང་བཀྲ་ཤིས་མ། །པདྨའི་ཕྲེང་བ་ནོར་གྱི་བདག །དཀར་མོ་གྲགས་པ་ཆེན་མོ་དང་། །པདྨའི་སྤྱན་དང་བྱེད་པ་མོ། །འོད་ཆེན་མ་དང་ཟས་སྦྱིན་མ། །རིན་པོ་ཆེ་ནི་རབ་སྦྱིན་མ། །གསེར་མདོག་


CMR045_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མོ་ལྔ་བརྒྱར་བཅས། །བདག་ལ་དངོས་གྲུབ་སྟེར་མཛད་པའི། །བསང་མཆོད་འདི་ཡིས་ཐུགས་དམ་བསྐང་། །རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ། །ནོར་རྒྱུན་མ་དང་ཟླ་ཤེལ་མ། །སྦྱིན་བྱེད་རབ་སྦྱིན་འཕགས་མ་དང་། །སྦས་མ་རབ་བཟང་དབྱངས་ཅན་མ། །གསེར་མདོག་འབྲས་ཀྱི་སྙེ་མ་འཛིན། །ཟས་ནོར་ལོངས་སྤྱོད་གཡང་གི་བདག །བདག་ལ་དངོས་གྲུབ་སྟེར་མཛད་པའི། །བསང་མཆོད་འདི་ཡིས་ཐུགས་དམ་བསྐང་། །རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ། །ཤུག་སྔོན་གཡུ་ཡི་ཐོག་བུ་ཅན། །བལ་བུ་བྱུ་རུའི་ལན་ཚར་


CMR045_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །མཁན་དཀར་གསེར་གྱི་ཐོག་བུ་ཅན། །སྦ་སྨྱུག་ལ་སོགས་ལྷ་ཤིང་དང་། །ཕྱེ་མར་ཞལ་ཟས་འོ་སྐོལ་དང་། །ཇ་ཆང་ཟས་ཕུད་གསེར་སྐྱེམས་རྣམས། །འབྱུང་བ་མེ་ལ་བསྲེགས་པ་ཡིས། །དྲི་ཞིམ་ཡིད་འོང་རྣམས་ཀྱི་བསང་། །དེ་ལྟར་བསང་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །འབྲུ་སྣ་བདུན་གྱི་དངོས་གྲུབ་སྩོལ། །རིན་ཆེན་བདུན་གྱི་དངོས་གྲུབ་སྩོལ། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ། །ལྷབ་ལྷུབ་གོས་ཀྱི་དངོས་གྲུབ་སྩོལ། །སྙན་གྲགས་མཐུ་ཡི་དངོས་གྲུབ་སྩོལ། །ཚེ་རྒྱུདང་དཔལ་འབྱོར་དངོས་གྲུབ་སྩོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །དགྲ་དང་བགེགས་ཀྱི་གནོད་པ་རྣམས། །སྐད་ཅིག་ཉིད་ལ་ཞི་བར་མཛོད། །རྟག་ཏུ་སྲུང་ཞིང་སྐྱོབ་པར་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་ཚོགས་བདག་བསང་ནི། །ཀྱཻ། སུམ་ཅུ་རྩ་གསུམ་གནས་མཆོག་ན། །ལྷ་ཆེན་ཚོགས་ཀྱི་བདག་པོ་ནི། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་བསང་། །བདུད་རྩི་ཇ་ཆང་ཕུད་ཀྱིས་མཆོད། །སྐུ་ཡི་ཚོགས་བདག་དཀར་པོ་བསང་། །དགྲ་


CMR045_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་གནོད་པ་ཞི་བར་མཛོད། །གསུང་གི་ཚོགས་བདག་དམར་པོ་བསང་། །ཁམས་གསུམ་དབང་དུ་འདུ་བར་མཛོད། །ཐུགས་ཀྱི་ཚོགས་བདག་སྔོན་པོ་བསང། །ཕ་རོལ་དམག་དཔུང་གཡུལ་ངོ་ཟློག །ཡོན་ཏན་ཚོགས་བདག་སེར་པོ་བསང་། །ལོངས་སྤྱོད་མངའ་ཐང་རྒྱས་པར་མཛོད། །ཕྲིན་ལས་ཚོགས་བདག་མཐིང་ག་བསང། །གནོད་བྱེད་དགྲ་བགེགས་རྡུལ་དུ་རློགས། །ཡེ་ཤེས་ལས་ལ་གྲུབ་པ་ཡི། །ཚོགས་བདག་གླང་སྣ་སྤྲེལ་ཐོད་ལ། །བསང་དང་མཆོད་པ་རྒྱ་ཆེན་འབུལ། །རིགས་ཀྱི་བུ་ལ་རྒྱུད་པའི་ལྷ། །འཁོར་བ་སྲིད་པའི་ལུགས་ཡིན་པས། །ཕྱག་ན་རྡོ་རྗེའི་བཀའ་བཞིན་དུ། །མི་དང་ལྷ་རུ་མ་འབྲལ་ཞིག །རྟག་ཏུ་སྲུང་སྐྱོབ་སྡོང་གྲོགས་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་ཀླུ་མི་མགོན་དཀར་པོའི་བསང་ནི། །ཀྱཻ། རྒྱ་མཚོ་ཆེན་པོ་དྭངས་བའི་དབུས། །རིན་ཆེན་གཞལ་ཡས་ཁང་པ་ནས། །པདྨ་ཟླ་བའི་གདན་སྟེང་དུ། །ཀླུ་རྒྱལ་མི་མགོན་དཀར་པོ་དང་། །ཀླུ་མོ་ཀུན་ཤེས་འོད་ལྡན་དང་། །བློན་པོ་དུང་སྐྱོང་འབར་བ་དང་། །ཀླུ་རྒྱལ་གཙུག་ན་རིན་ཆེན་དང་། །ཀླུ་མོ་མལ་དྲོ་གཟི་


CMR045_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དང་། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་རྣམས། །སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། །རིན་ཆེན་དར་གྱི་རྒྱན་དང་ལྡན། །གཞོང་པ་ནོར་བུའི་གང་བ་འཛིན། །ཀླུ་རྒྱལ་འཁོར་དང་བཅས་པ་ལ། །རིན་པོ་ཆེ་དང་ཀླུ་སྨན་དང་། །ཤུག་སྔོན་གཡུ་ཡི་ཐོག་བུ་ཅན། །བལ་བུ་བྱུ་རུའི་ལན་ཚར་ཅན། །མཁན་དཀར་གསེར་གྱི་ཐོག་བུ་ཅན། །སྦ་སྨྱུག་ལ་སོགས་ལྷ་ཤིང་དང་། །ཕྱེ་མར་ཞལ་ཟས་འོ་སྐོལ་དང་། །ཇ་ཆང་ཟས་ཕུད་གསེར་སྐྱེམས་རྣམས། །འབྱུང་བ་མེ་ལ་བསྲེགས་པ་ཡི། །དྲི་ཞིམ་ཡིད་འོང་རྣམས་ཀྱིས་བསང། །དེ་ལྟར་བསང་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །འབྲུ་སྣ་བདུན་གྱི་དངོས་གྲུབ་སྩོལ། །རིན་ཆེན་བདུན་གྱི་དངོས་གྲུབ་སྩོལ། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ། །ལྷབ་ལྷུབ་གོས་ཀྱི་དངོས་གྲུབ་སྩོལ། །སྙན་གྲགས་མཐུ་ཡི་དངོས་གྲུབ་སྩོལ། །ཚེ་དང་དཔལ་འབྱོར་དངོས་གྲུབ་སྩོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །དགྲ་དང་བགེགས་ཀྱི་གནོད་པ་རྣམས། །སྐད་ཅིག་ཉིད་ལ་ཞི་བར་མཛོད། །དེ་ནས་རྨ་རྒྱ་སྤོམ་རའི་བསང་ནི། །ཀྱཻ། ཤར་ཕྱོགས་གངས་རི་རྩེ་རྒྱལ་


CMR045_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ན། །འོད་ཀྱི་གུར་འཁྱིལ་འཇའ་ཚོན་ནང་། །རིན་ཆེན་སྣ་ལྔའི་ཁྲི་སྟེང་ན། །སྐུ་རྒྱལ་ཕུ་བོ་ཆེ་བ་སྟེ། །རྨ་རྒྱལ་སྤོམ་ར་ཡུལ་ལྷའི་གཙོ། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །ཐུགས་ཀར་ཡིད་བཞིན་ནོར་བུ་འབར། །ཡ་མཚན་དུང་མི་དུང་རྟ་ཆིབས། །དུང་རྨོག་དུང་ཁྲབ་ལྡེམ་འཕྲུ་ཅན། །ཕྱག་ན་མདུང་དར་ནོར་བུ་འཛིན། །རྨ་རིགས་སུམ་བརྒྱ་དྲུག་ཅུ་དང་། །སྲིང་ལྕམ་བཞི་བཅུ་ཞེ་ལྔ་དང་། །རྨ་སྨན་འབུམ་དང་བཅས་པ་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཇ་ཆང་ཟས་ཕུད་སྐོམ་གྱིས་མཆོད། །བདག་ཅག་དཔོན་སློབ་འཁོར་བཅས་ལ། །རྨ་གཡང་ནམ་མཁའི་ཆར་བཞིན་ཕོབ། །བཙན་ཕྱུག་འཕེན་དར་ཆེ་བ་དང་། །ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ། །ཞེས་ལྷ་མོ་དཔལ་དང་ཚོགས་བདག་ཀླུ་རྒྱལ་མི་མགོན་དཀར་པོ་རྨ་སྤོམ་ར་སོགས་ཀྱི་གཡང་བསང་བསྡུས་པ་ཨ་རཱ་གས་བྲིས་པའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ལྷ་མོ་དཔལ་ཆེན་མོའི་གཡང་བསང་།


CMR045_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་དཔལ་ཆེན་མོའི་གཡང་བསང་རཱ་ག་ཨ་སྱས་མཛད་པ་བཞུགས།


CMR045_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཝི་ཤྲཱི་ཡེ། དེ་ནས་གཡང་བསང་བྱ་བ་ནི། ཐབ་ཀའི་ནང་དུ་ཤིང་སྣ་ཕྱེ་མར་འབྲུ་སྣ་ཚོགས་བསྲེག་ཅིང་བྲན། ཧཱུྃ། སྣ་ཚོགས་ཤིང་གི་མེས་པོ་ལ། །ས་ལ་གློག་རྩི་གྱ་མ་གྱུ། །ཕ་གནམ་ལ་སྤྲིན་ཕུང་ལྷབ་མ་ལྷུབ། །མ་ས་ལ་རྩི་ཐོག་ཕྱར་མ་ཕྱུར། བུ་ནི་གཡུ་ཤུག་སྔོན་པོ་སྲིད། །བལ་བུ་མཁན་དཀར་ཨ་ག་རུ། །ཕྱེ་མར་གསེར་ཕུད་འདོད་ཡོན་ཚོགས། །འབྱུང་བ་མེ་ལ་བསྲེགས་པ་ཡི། །ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། །དཔག་མེད་ནམ་མཁའི་མཐའ་བསྐྱེད་པའི། །མཆོད་སྤྲིན་རབ་འབྱམས་རྒྱ་མཚོ་ཡི། །ཀྱཻ། །བླ་མ་ཡི་དམ་དཀོན་མཆོག་


CMR045_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། །མཁའ་འགྲོ་ཆོས་སྐྱོང་གཏེར་བདག་བསང་། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། རྟ་བདག་བརྒྱད་དང་བཅས་པ་བསང། །ལྷ་མོ་ཆེན་མོ་ནོར་རྒྱུན་མ། །ནོར་ལྷ་མོ་རིགས་བརྒྱད་པོ་བསང་། །སྐུ་སྤྲུལ་ཛཾ་དཀར་མཁའ་འགྲོ་བཞི། །ཀུན་འཁྱིལ་ལྷ་མོ་རྣམ་གསུམ་བསང་། །གསུང་སྤྲུལ་ཛོ་དམར་སྦས་ཡུམ་དང་། །ནོར་སྐྱུགས་གནོད་སྦྱིན་གཉིས་བཅས་བསང་། །ཐུགས་སྤྲུལ་ཛ་ནག་ཀླུ་ཡི་ཚོགས། །གནོད་སྦྱིན་ཕག་གདོང་མཆེད་ལྔ་བསང་། །ཡོན་ཏན་ཇི་སེར་ལྷ་མོ་དཔལ། །གྲོགས་མོ་ལྷ་མོ་བརྒྱད་རྣམས་བསང་། །ཕྲིན་ལས་ཛཾ་


CMR045_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཁྲ་བོ་དང་། །གནོད་སྦྱིན་ཨ་པར་ཙིཏྟ་བསང་། །ནོར་བདག་སྐྱེས་བུ་ཡེ་ཤེས་གྲགས། །གནོད་སྦྱིན་སྡེ་དཔུང་འཁོར་བཅས་བསང་། །ཀྱཻ། །ཡང་གཅིག་བསང་ཞིང་མཆོད་པ་ནི། །གནམ་གྱི་ཕ་གཡང་མ་གཡང་བསང་། །རི་རབ་དྲལ་གཡང་རྒྱ་མཚོ་འཁྱིལ་གཡང་བསང་། །ཉི་ཟླའི་གསལ་གཡང་རྒྱུ་སྐར་བཀྲག་གཡང་བསང་། །ལི་ཡི་ཕྱྭ་གཡང་ཕྱུགས་ཀྱི་རྨ་གཡང་བསང་། །ཕྱུགས་ལྷ་གཉེན་པོ་ནོར་ལྷ་དཀར་མོ་བསང་། །འབྲི་ལྷ་ཤམ་པོ་གཡག་ལྷ་དྲལ་པོ་བསང་། ་།ལུག་ལྷ་སྨན་བུ་ར་ལྷ་ཚེ་རེ་བསང་། །བླ་ལྷ་བོལ་པོ་གནག་ལྷ་ལྟོ་ཡ་བསང་། །ཞིང་ལྷ་ཚངས་པ་འབྲས་དྲུག་ལོ་ལྷ་བསང་། །མ་ལྷ་བུ་རྫི་ཐབ་ལྷ་ཕྱུག་མོ་བསང་། །ཁྱིམ་ལྷ་གེལ་ཐུང་སྒོ་ལྷ་སྟག་ཡག་བསང་། །ཕྲག་ལྷ་གཉེན་པོ་ཕོ་ལྷ་དགྲ་ལྷ་བསང་། །ཀྱཻ། །ཡང་གཅིག་བསང་ཞིང་མཆོད་པ་ནི། །ཁྱིམ་ལྷ་གེལ་ཐུང་བྱ་བ་ནི། །ཚེ་བཙན་བྱེད་པའི་དགྲ་བླ་ཡིན། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་ན་ཚེ་ཡི་བུམ་པ་བསྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །རྟེན་རྫས་རྣམས་ལ་བརྟན་ཆོས་ཤིག །ཁྱིམ་ལྷ་གཞན་དུ་མ་འཁྱམས་ཤིག །ཀྱཻ། །མ་ལྷ་བུ་རྫི་


CMR045_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི། །འཕན་དར་བྱེད་པའི་དགྲ་བླ་ཡིན། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་ན་ལྕགས་ཀྱི་བྱ་ཁྲ་འགྱེད། །འདིར་གཤེགས་བསང་དང་མཆོད་པ་བཞེས། །རྟེན་རྫས་རྣམས་ལ་བརྟན་ཆོས་ལ། །མ་ལྷ་གཞན་དུ་མ་འཁྱམས་ཤིག །ཀྱཻ། །ནོར་ལྷ་རྨ་གཡང་བྱ་བ་དེ། །བཙན་ཕྱུག་འཛོམ་པའི་དགྲ་བླ་ཡིན། །སྐུ་མདོག་སྨུག་ལ་འོད་ཟེར་འབར། །ཕྱག་ན་ཡིད་བཞིན་ནོར་བུ་བསྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །རྟེན་རྫས་རྣམས་ལ་བརྟན་ཆོས་ལ། །ནོར་ལྷ་གཞན་དུ་མ་འཁྱམས་ཤིག །ཀྱཻ། །ཐབ་ལྷ་རོག་པོ་བྱ་བ་ནི། །གྲགས་འཛངས་བྱེད་པའི་དགྲ་བླ་ཡིན་། །སྐུ་མདོག་སྣ་ཚོགས་ཅིར་ཡང་འཕྲོ། །ཕྱག་ན་བདུད་རྩི་བུམ་པ་བསྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །རྟེན་རྫས་རྣམས་ལ་བརྟན་ཆོས་ལ། །ཟས་གཡང་དངོས་གྲུབ་བཅུད་བསྡུས་ལ། །ཐབ་ལྷ་གཞན་དུ་མ་འཁྱམས་ཤིག །ཀྱཻ། །སྒོ་ལྷ་སྟག་ཡག་བྱ་བ་ནི། །དཔའ་དར་བྱེད་པའི་དགྲ་བླ་ཡིན། །སྐུ་མདོག་ནག་ལ་འོད་ཟེར་འབར། །ཕྱག་ན་ལྕགས་ཀྱི་ཐུ་ལུམ་བསྣམས། །དགྲ་འདྲེའི་ཀླད་པ་འགེམ་པར་


CMR045_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། །འདིར་གཤེགས་བསང་དང་མཆོད་པ་བཞེས། །རྟེན་རྫས་རྣམས་ལ་བརྟན་ཆོས་ལ། །གསེར་གྱི་འདན་བུར་བརྟན་ཆོས་ལ། །སྒོ་ལྷ་གཞན་དུ་མ་འཁྱམས་ཤིག །ཀྱཻ། ཡང་གཅིག་བསང་ཞིང་མཆོད་པ་ནི། །གདོང་ལྷ་འོད་འཕྲོ་ལ་སོགས་པའི། །གདོང་རིགས་སྲིད་པའི་དགྲ་ལྷ་བསང་། །འགྲུ་མོ་ཕྲོམ་ཕྲོམ་ལ་སོགས་པའི། །འབྲུ་རིགས་སྲིད་པའི་དགྲ་བླ་བསང་། །དབྲ་མོ་དབྲ་དཀར་ལ་སོགས་པའི། །དབྲ་རིགས་སྲིད་པའི་དགྲ་བླ་བསང་། །སྒྲ་མོ་ལེགས་ཕྲོམ་ལ་སོགས་པའི། །སྒོ་རིགས་སྲིད་པའི་དགྲ་བླ་བསང། །དགུ་རྒྱུད་དགུ་སྤྲུལ་ལ་སོགས་པའི། །དགུ་རིགས་སྲིད་པའི་དགྲ་བླ་བསང་། །མཚལ་སྟག་དམར་པོ་ལ་སོགས་པའི། །དབལ་ཟླ་གཉིས་ཀྱི་དགྲ་བླ་བསང་། །སྨོན་མི་དབུ་ནག་ལ་སོགས་པའི། །ཕ་མྱེས་མཚུན་རྒན་ཐམས་ཅད་བསང་། །རྒྱལ་བུ་མཐིང་གེ་ལ་སོགས་པའི། །ཕ་མཚུན་གཉེན་པོ་ཐམས་ཅད་བསང་། །དེ་མོ་གངས་དཀར་ལ་སོགས་པའི། །མ་ཕྱི་སྨན་བཙུན་ཐམས་ཅད་བསང་། །དེ་རྣམས་བསང་བའི་ཡོན་ཏན་གྱིས། །རྣལ་འབྱོར་ཡོན་མཆོད་འཁོར་བཅས་ཀྱི། །ཚེ་རབས་སྔོན་ནས་ད་ལྟའི་བར། །


CMR045_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགེ་བཙོག་མནལ་གཡོས་པ་དང་། །ཐབ་གཞོབ་མནའ་དང་ངན་རྫས་ཀྱི། །ལྷ་དང་སྲུང་མ་མནོལ་བ་རྣམས། །རབ་ཏུ་བསང་ངོ་དག་གྱུར་ཅིག །རྨུགས་འཐིབ་གྲིབ་ཀྱི་ཕོག་པ་བསང་། །དམེ་གྲིབ་ཡུགས་གྲིབ་དམ་ཉམས་གྲིབ། །མི་གཙང་ཟས་གོས་གྲིབ་རྣམས་བསང་། །བསང་གི་མི་བསང་གང་ཡང་མེད། །ཁྲུས་ཀྱི་མི་དག་གང་ཡང་མེད། །མི་གཙང་དྲི་ཡི་ཚོགས་ཀུན་བསང་། །ནམ་མཁའ་བཞིན་དུ་དག་གྱུར་ཅིག །ཉི་ཟླ་བཞིན་དུ་གསལ་གྱུར་ཅིག །རྒྱུ་སྐར་བཞིན་དུ་བཀྲག་གྱུར་ཅིག །ཤེལ་སྒོང་བཞིན་དུ་གསལ་གྱུར་ཅིག །དེ་ལྟར་ཚོགས་གཉིས་ལེགས་བྱས་ཀྱི། །དེང་འདིར་ལྷ་ཁྱིམ་དཔལ་ཁང་འདིར། །རིན་ཆེན་སྣ་ལྔས་རབ་བཀྲས་ཤིང་། །གཞལ་མེད་ཁང་པ་མཚན་ཉིད་ལྡན། །འཇའ་ཚོན་དྲྭ་བས་བརྒྱན་གྱུར་ཅིག །ནང་མི་ཡོན་མཆོད་འཁོར་བཅས་རྣམས། །ཚངས་སྲས་ཕོ་མོ་ཇི་བཞིན་དུ། །འཇོ་སྒེག་ལང་ཚོའི་དཔལ་ཡོན་གྱུར། །དངོས་འབྱོར་མཆོད་པའི་ཡོ་བྱད་ཀུན། །ཀུན་བཟང་སྤྲིན་ཕུང་འབྱམས་ཀླས་པའི། །རབ་འབྱམས་ཞིང་ཀུན་འགེངས་བར་ཤོག །སྲིད་ཞིའི་དགེ་ལེགས་དཔལ་ཡོན་ཀུན། །དེ་


CMR045_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ཁུ་ཡེ་ཕྱུ་གཡང་སྐྱོབས། །ལོངས་སྤྱོད་འཛད་མེད་ནམ་མཁའི་མཛོད། །ཇི་སྲིད་བར་དུ་སྤྱོད་གྱུར་ཅིག །ཅེས་བསང་གི་དུད་སྤྲིན་གྱིས་ཡོ་བྱད་གནས་ཁང་ཀུན་འགེང་བར་བྱའོ། །སྐབས་འདིར་གཡང་སྐྱབས་གང་ཡིན་གྱི་གཞུང་བསང་ནས་ལྔ་བདུན་སོགས་བསྒྲུབ་ཅིང་གཞུང་མཐུན་རྟགས་མཚན་རྨིས་ལྟས་ལེགས་པར་འབྱུང་ངོ་། །ཞེས་རཱ་ག་ཨ་སྱས་སྦྱར་བའོ། །དགེ་བས་འགྲོ་བ་སེམས་ཅན་རྣམས། །བདེ་གཤེགས་རིན་ཆེན་མང་གི་སྐུ་འགྲུབ་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དཔལ་ཆེན་མོ་ཀུན་འདུས་ཀྱི་རྒྱུན་གཏོར་དང་གསོལ་མཆོད་གཅིག་ཏུ་དྲིལ་བ།


CMR045_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་མོ་ཀུན་འདུས་ཀྱི་རྒྱུན་གཏོར་དང་གསོལ་མཆོད་གཅིག་ཏུ་དྲིལ་བ་བཞུགས་སོ།


CMR045_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་ཐུགས་རྗེ་ཅན་ལ་ཕྱག་འཚལ་ནས། །ལྷ་མོ་དཔལ་གྱི་གསོལ་མཆོད་འདི། །འགྲོ་བ་རྣམས་ལ་ཕན་ཕྱིར་བྲི། །ཁྱད་པར་གསང་སྔགས་རྣལ་འབྱོར་པའི། །དཔལ་ལྡན་ལྷ་མོ་ཆེན་མོ་ལ། །མཆོད་བསྟོད་ཕྲིན་ལས་གཞོལ་འདོད་ན། །གཡང་སྒྲུབ་ལས་གསུངས་རང་གཞུང་བཞིན། །དཀྱིལ་འཁོར་བཅའ་གཞི་ལས་ལ་སྦྱོར། །ཀུན་གྱི་ཁ་སྐོང་ལས་གཞུང་བསྲང་། །ཁྱད་པར་ཉ་སྟོང་དུས་ཆེན་དང་། །ཡར་ངོའི་མར་ངོའི་ཚེས་བཅུ་སོགས། །ལྷ་མོ་མཆོད་ཅིང་བརྟེན་འདོད་ན། །ལྷ་མོའི་བཤོས་དུ་ལྷ་གྲངས་བཤམས། །འབྲུ་སྣ་དཀར་གསུམ་དག་གིས་བརྒྱན། །སྨྱུག་རྒོད་མདའ་དར་སྐུ་གཟུགས་རྣམས། །ཙཀ་ལི་བཏགས་ཤིང་དར་གུར་ཕུབ། །གཏོར་མར་བཙུགས་ཤིང་སྨན་རཀ་


CMR045_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

བཤམ། །གཏོར་རྫས་འབྲུ་སྣ་ཡིན་པར་བཤད། །སྣོད་གཙང་ནང་དུ་གཏོར་མཆོད་ཚོགས། །ཅི་འབྱོར་བཤམས་ལ་བདག་ཉིད་ཡི་དམ་གྱི། །ཏིང་ངེ་འཛིན་གསལ་བའི་ངང་ལས། །རཾ་ཡཾ་ཁཾ། ལན་གསུམ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས་ཤིང་། །གྱེར་སྒོམ་གསལ་འདེབས་འདི་ལྟར་རོ།། རང་ཉིད་ཡི་དམ་ལྷའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་བྱང་ཕྱོགས་ལྕང་ལོ་ཅན་ནས་ལྷ་མོ་ཆེན་མོ་དཔལ་ཆེན་མོའི་ཐུགས་ཀར་ཕོག་པས་སྔོན་གྱི་དམ་ཚིག་དྲན་ནས་ལྷ་མོ་འཁོར་དང་བཅས་པ་རྣམས་སྤྱན་དྲངས་ཏེ་བདག་གིས་ཅི་བཅོལ་བའི་ལས་ཐམས་ཅད་བྱེད་པར་བསམས་ལ། སྤོས་དང་ཤུག་པ་ཕྱེ་མར་བསྲེགས་ལ་


CMR045_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཀྱིས་འདི་སྐད་དོ།། ཧཱུྃ། ཕྱོགས་ནི་ཉི་མ་བྱང་གི་ཕྱོགས། །རི་རབ་ཆེན་པོའི་བྱང་གི་ངོས། །གཉའ་ཤིང་འཛིན་གྱི་རྩེ་མོ་ན། །ལྕང་ལོ་ཅན་གྱི་ཕོ་བྲང་ན། །སྐྱིད་མོའི་ཚལ་བཟང་མེ་ཏོག་འོད། །ཁང་བཟང་གསེར་གྱི་རྒྱལ་མཚན་ན། །བཞུགས་པའི་ལྷ་མོ་ཆེན་མོ་དཔལ། །གྲོགས་མོ་ལྷ་མོ་བརྒྱད་དང་བཅས། །མཚན་ནི་པད་ཕྲེང་དཔལ་ལྡན་མ། །བཀྲ་ཤིས་དཀར་མོ་ནོར་གྱི་བདག །གྲོགས་ཆེན་པད་སྤྱན་བྱེད་པ་མོ། །འོད་ཆེན་རབ་སྦྱིན་རིན་ཆེན་མ། །ཟས་སྦྱིན་དཔལ་ཆེན་གྲོགས་མོ་བརྒྱད། །ནོར་རྒྱུན་ཟླ་ཤེལ་སྦྱིན་བྱེད་མ། །རབ་སྦྱིན་འཕགས་སྦས་རབ་བཟང་མ། །ལྷ་མོ་ཆེན་མོ་དབྱངས་ཅན་མ། །མ་ཐོགས་མྱུར་དུ་ད་ཚུར་བྱོན། །ཞལ་བཞེས་དགོངས་ལ་གནས་འདིར་བྱོན། །དམ་བཅས་དགོངས་ལ་ཕྲིན་ལས་སྒྲུབས། །བུ་ཡིས་སྒྲུབ་པའི་གནས་མཆོག་འདིར། །མ་ལ་གདུང་བས་འབོད་པའི་ཆེ། །དམ་ལ་འདུས་ཤིག་དམ་ལྡན་མ། །ཆ་ལ་བྱོན་ཅིག་ལྷ་མོའི་ཚོགས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ལྷ་མོ་འབུམ་སྡེ་གཤེགས་སུ་གསོལ། །བཀའ་ཉན་བྲན་


CMR045_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

གཡོག་གཤེགས་སུ་གསོལ། །དྲག་ཏུ་སྤྱོན་ལ་ལས་མཛོད་ཅིག །དགྲ་རྣམས་བསྒྲལ་ཕྱིར་གཤེགས་སུ་གསོལ། །བགེགས་རྣམས་འདུལ་ཕྱིར་གཤེགས་སུ་གསོལ། །ནད་རྣམས་བཟློག་ཕྱིར་གཤེགས་སུ་གསོལ། །བར་ཆད་སེལ་ཕྱིར་གཤེགས་སུ་གསོལ། །རྐྱེན་རྣམས་བསྒྱུར་ཕྱིར་གཤེགས་སུ་གསོལ། །དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ། །ཨོཾ་དེ་ཝཱི་ཤྲཱི་བཱ་སུ་དྷ་རི་ཎི་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། ཨ་ལ་ལ་ཧོ། མཆོད་པ་འབུལ་བ་ནི། ཧཱུྃ། དཔལ་ལྡན་ལྷ་མོ་འཁོར་བཅས་ལ། །མཆོད་རྫས་སྣ་ཚོགས་འབུལ་བ་ནི། །དཀར་གསུམ་འོ་ཞོ་རྒྱ་མཚོ་འབུལ། །བ་ལི་བརྒྱན་ལྡན་མཆོད་འབུལ་བཞེས། །ཨརྒྷཾ་༴ ཤཔྟ་ཨཱཿཧཱུྃ། དེ་ནས་ལྷ་མོ་རྣམས་ལྗགས་འོད་ཟེར་གྱི་སྦུ་གུས་མཆོད་རྫས་རྣམས་དང་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་དགྱེས་ནས་བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་བར་བསམས་ལ། ཨོཾ་དེ་ཝཱི་ཤྲཱི་བཱ་སུ་དྷ་རི་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་བརྗོད། བསྟོད་པ་ནི། ཧཱུྃ། དཔལ་ཆེན་བཀྲ་ཤིས་པདྨའི་ཕྲེང་། །ནོར་བདག་དཀར་མོ་གྲགས་


CMR045_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མོ། །པདྨའི་སྤྱན་བྱེད་འོད་ཆེན་མོ། །ཟས་སྦྱིན་རིན་ཆེན་རབ་སྦྱིན་མ། །ཟླ་ཤེས་འཕགས་སྦས་རབ་བཟང་མ། །དབྱངས་ཅན་འཁོར་དང་བཅས་ལ་བསྟོད། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ། །ཅེས་བཟླས་པ་ལ་འབུང་། ཨོཾ་དྷེ་ཝི་ཤི་བ་སུ་དྷ་རི་ཎི་སྭཱ་ཧཱ། རཏ་ན་ཕ་ལ་སི་ཏི་ན་ན་ཁ་ཏི་པུཎྜི་སིདྡྷི་ཧཱུྃ། ཞེས་ཡང་ཡང་བཟླ། འདི་ལྷ་མོའི་རྒྱུད་ནས་བྱུང་བའོ། །འབྲུ་སྣ་གཏོར། གསུར་དུད་རོལ་མོ་འདིར་ཞིང་གཉེར་གཏད་པ་ནི། ཧོ༔ དགོངས་སུ་གསོལ་ལོ་དཔལ་ཆེན་མོ། །གསན་དུ་གསོལ་ལོ་དཔལ་ལྡན་མ། །སྔོན་གྱི་བསྐལ་པ་དང་པོ་ལ། །རི་རབ་ཆེན་པོའི་བྱང་ཕྱོགས་ནས། །ཡང་དག་དཔལ་ཆེན་ཧེ་རུ་ཀས། །དམ་ལ་བཏགས་པའི་གཡར་དམ་དགོངས། །གཡར་དམ་དགོངས་པ་གཉེར་བྱང་ལོངས། །དེ་འོག་བར་གྱི་བསྐལ་པ་ལ། །རི་རབ་ཆེན་པོའི་བྱང་ཤར་མཚམས། །ཡོངས་འདུས་ཤིང་གི་རྩ་བ་ན། །གུ་རུ་རྡོ་རྗེ་ཐོད་ཕྲེང་གིས། །དམ་ལ་བཏགས་པའི་ཐ་ཚིག་དགོངས། །ཐ་ཚིག་དགོངས་ལ་གཉེར་བྱང་ལོངས། །དེ་འོག་བསྐལ་པའི་ཐ་མ་ལ། །ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ། །སློབ་དཔོན་དྷ་ན་སང་ཀྲི་ཏས། །དམ་ལ་བཏགས་པའི་ཁས་ལེན་དགོངས། །


CMR045_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་ལེན་དགོངས་ལ་གཉེར་བྱང་ལོངས། །ཧཱུྃ། མ་གཅིག་ཁྱོད་ལ་གཉེར་གཏད་པ། །སངས་རྒྱས་བསྟན་པའི་བཞུགས་གཉེར་འདི། །བསྟན་པ་འཛིན་པའི་སྐྱེས་བུ་རྣམས། །ཁྱོད་ལ་གཉེར་གཏད་སྲུངས་ཤིག་སྐྱོབས། །སྐུ་དགྲ་སྒྲོལ་ལ་སུན་མ་ཟློག །བླ་མེད་ཆོས་ཀྱི་ཐེག་པ་རྣམས། །ཁྱོད་ལ་གཉེར་གཏད་སྲུངས་ཤིག་རྒྱུ། །སྒྲུབ་པའི་རྟགས་སྟོན་བཀའ་སྐྱོངས་ཤིག །འཕགས་པའི་དགེ་འདུན་ཆོས་གྲྭ་རྣམས། །ཁྱེད་ལ་གཉེར་གཏད་སྲུངས་ཤིག་སྐྱོབས། །བཤད་སྒྲུབ་ཕྱོགས་བཅུར་རྒྱས་པར་མཛོད། །འཛམ་བུ་གླིང་གི་སྐྱེ་འགྲོ་རྣམས། །ཁྱོད་ལ་གཉེར་གཏད་ལེགས་ཉེས་གཟིགས། །སྡིག་ལྡན་སྒྲོལ་ལ་ཆོས་ལྡན་སྐྱོངས། །རྣལ་འབྱོར་བདག་གི་དགོན་གཞི་མཁར། །ཁྱོད་ལ་གཉེར་གཏད་བདག་ཏུ་ཟུངས། །ཀ་ཆ་དཀོར་སྲུང་དཀོར་རྐུན་སྒྲོལ། །རྣལ་འབྱོར་བདག་གི་རྟ་ཕྱུགས་ནོར། །ཁྱོད་ལ་གཉེར་གཏད་དགྱེས་བསྐང་བཞེས། །ཇག་ཆོམ་སྒྲིབ་ལ་གཅན་སྤྱང་སྲུངས། །རྣལ་འབྱོར་བདག་གི་འཁོར་སློབ་བྲན། །ཁྱོད་ལ་གཉེར་གཏད་སྲུང་སྐྱོབ་མཛོད། །དམ་ལྡན་སྐྱོང་ལ་དམ་མེད་སྒྲོལ། །ཧཱུྃ། དཔལ་ལྡན་ལྷ་མོ་དཔལ་


CMR045_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མོ། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོ། །རྗེ་ལྟར་བརྟེན་ནོ་དབང་མ་ཆུང་། །མ་ལྟར་བརྟེན་ནོ་སྙིང་མ་རིང་། །སྲིང་ལྟར་བརྟེན་ནོ་ཚུལ་མ་ཞན། །ཆུང་མར་བྱས་སོ་མཚུངས་མ་ཞན། །མཛའ་མོ་བྱས་སོ་གཞུང་མ་ངན། །གཡོག་མོར་བྱས་སོ་རྒན་མ་ལྗི། །བྲན་ལྟར་བརྟེན་ནོ་རྩལ་མ་ཆུང་། །ཕོ་ཉར་བཏང་ངོ་བང་མ་བུལ། །ཤན་པར་བསྐོས་སོ་དགྲ་མ་ཤོར། །སྲུང་མར་བྱས་སོ་བགེགས་མ་གཏོང་། །བོས་པའི་ཚེ་ན་སྙན་མ་ས། །གཡབ་པའི་ཚེ་ན་སྤྱན་མ་རྟུལ། །བསྐུལ་བའི་ཚེ་ན་རྒྱང་མ་རིང་། །རྦད་པའི་ཚེ་ན་ལས་མ་འགྱངས། །མངག་པའི་ཚེ་ན་བང་མ་བུལ། །དཀར་གསུམ་མངར་གསུམ་བདུད་རྩིའི་མཚོ། །མཆོད་རྫས་སྣ་ཚོགས་འདི་བཞེས་ལ། །བསྔོས་པ་ཙམ་གྱིས་ལྷ་མོ་རྣམས། །ཐམས་ཅད་དགའ་འགུ་ཚིམ་པར་དམིགས། །གཏོར་མ་ཕར་ལ་ཕུལ་བ་ཡིས། །དངོས་གྲུབ་བདག་ལ་ཚུལ་སྩོལ་ཅིག །དགྲ་བགེགས་བཟློག་ལ་བར་ཆད་སྒྱུར། །དེང་ནས་བྱང་ཆུབ་མ་ཐོབ་བར། །བདག་གིས་མགོན་སྐྱབས་སྟོང་གྲོགས་མཛོད། །མཆོད་པ་ཡིན་ནོ་ངོ་མ་ཆུང་། །བརྟེན་པ་ཡིན་ནོ་རྒྱང་མ་རིང་། །སྒྲུབ་པ་ཡིན་ནོ་འཕྲག་མ་


CMR045_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དོག །ལུས་དང་གྲིབ་མའི་ཚུལ་དུ་འགྲོགས། །བསྡུ་བ་རྣམ་བཞི་དབང་དུ་སྡུས། །དཔལ་འབྱོར་ཚེ་བསོད་ཉམས་རྟོགས་སྤེལ། །བཅོལ་བའི་ཕྲིན་འགྲུབ་པར་མཛོད་།ཅེས་གཏོར་མ་གཙང་སར་གཤེགས། །འདོད་པའི་དངོས་གྲུབ་ལེགས་སྩོལ་ནས། །ལྷ་མོ་དཔལ་ཆེན་འཁོར་བཅས་ཀྱི། །སྙིང་ཁྲག་དྭངས་མ་འདི་ཡིན་ཏེ། །དམ་ལྡན་རྣམས་ཀྱིས་བརྩོན་པར་བྱ། །དམ་མེད་རྣམས་ལ་འདི་གསང་ཞིག །དམ་མེད་སྲོག་གི་དབང་པོའི་སྦུབས། །འདི་ལྟར་མཆོད་བསྟོད་ལེགས་བརྟེན་པའི། །ལུས་དང་གྲིབ་མ་ལྟར་འགྲོགས་ཤིང་། །མགོན་སྐྱོབ་སྡོང་གྲོགས་བྱེད་པ་དང་། །དམ་ལ་འགལ་ན་འཁུ་ཞིང་ལྡོག །རང་གཤེད་རང་ལ་འབབ་པར་འགྱུར། །ཡན་ལག་ངེས་ཤེས་དམ་ཚིག་སྲུངས། །མཆོད་བསྟོད་འབུལ་བ་གལ་ཆེ་འོ། །ལྷ་མོ་དབྱིངས་སུ་གཤེགས་པར་བསམ། །འདི་ནི་ཕྲིན་ལས་ཀུན་གྱི་བདག །ཁྱད་པར་ཐུན་མོང་ལས་རྣམས་ཀུན། །མཆོད་ཅིང་བསྟོད་པས་འགྲུབ་པར་བྱེད། །སྒྲུབ་པ་ལས་སྦྱོར་མི་དགོས་སོ། །གསོལ་མཆོད་འབུལ་བས་དོན་ཀུན་འགྲུབ། །སྙིང་ཉེ་དམ་གཙང་འཁུ་ལྡོག་ཆུང་། །རྒྱུན་དུ་ཆག་མེད་མཆོད་བསྟོད་ན། །དཀོར་བདག་མེ་ཚེ་ངེས་པར་བྱེད། །མོ་ཆགས་ཡིན་པས་སེར་སྣ་ཆེ། །ལྷ་མོ་ཡིན་པའི་སྤོས་ངད་ནི། །མེ་ཏོག་ལ་སོགས་ཕྱི་མཆོད་དགྱེས། །ཀླུ་མོ་ཡིན་པས་དཀར་གསུམ་དང་། །མངར་གསུམ་མཆོད་པས་ཐུགས་རྒྱུད་དགྱེས། །ནོར་བདག་ཡིན་པས་འབྲུ་སྣ་དང་། །དར་


CMR045_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་གཏོར་མས་ཤིན་ཏུ་དགྱེས། །འདི་ཉིད་རྒྱུན་དུ་བརྟེན་བྱེད་ན། །སྐུ་གཟུགས་བཟོས་ནས་མཛོད་དུ་སྤ། །སྤྱན་གཟིགས་ཀ་ཆ་ཅི་འབྱོར་བཤམས། །དུས་སུ་མཆོད་ཅིང་གཏོར་མ་འབུལ། །དམ་ཚིག་ཡུགས་ས་མཛེ་ཕོ་དང་། །ནལ་དང་རྨུགས་ཀྱི་གྲིབ་ལ་འཛེམ།། ༈ འདི་ལྟར་བྱས་པའི་ལྷ་མོ་དཔལ་ཆེན་མོ། །རབ་ཀྱིས་སྦྲ་ཁྱིམ་དེ་རུ་གནས་འགྱུར་ཏེ། །འབྲིང་གིས་ཞལ་མཇལ་ཐ་མ་རྨི་ལམ་བཟང་། །ལྷ་མོ་འགྲུབ་པའི་རྟགས་ལ་འབྲུ་སྡུད་དང་། །རང་ལ་གཞན་གྱིས་ཕྱག་འཚལ་ཡོན་འབུལ་དང་། །ནས་དང་རོལ་མོའི་སྐད་སྙན་འབུལ། །གཞན་ལ་དབང་བསྐུར་ཆོས་བཤད་ལ་སོགས་རྨི། །མཆོད་བསྟོད་ཡང་ཡང་འབུལ་བ་གལ་ཆེའོ། །ཕྱུག་ཅིང་བདེ་སྐྱིད་ཕུན་སུམ་ཚོགས་པར་འགྱུར། །ཡང་ཐ་ལྷ་མོའི་ཐུགས་ཀྱིས་དགོངས་འགྱུར་ཏེ། །ལོངས་སྤྱོད་དངོས་གྲུབ་འབྱུང་བར་གསུངས་སོ། །འདི་ནི་མདོ་སྡེ་གསེར་འོད་དམ་པ་དང་། ལྷ་མོ་དཔལ་གྱི་མདོ་གར་མཁན་མཆོག་གི་རྒྱུད། གསེར་འོད་གཡང་སྐྱབས་དང་། པདྨ་གཡང་སྐྱོབས་དང་། རྨ་སྤོམ་རའི་གཡང་སྐྱོབས་རྣམས་ཀྱི་དོན་བསྡུས་ཏེ། བདག་གིས་མང་དུ་བསྒྲུབ་སྟེ་དངོས་གྲུབ་མ་བྱུང་། ནུབ་གཅིག་རྨི་ལམ་དུ་བུད་མེད་མཛེས་མ་གཅིག་བྱུང་། བདག་ལ་འོ་མ་ཟངས་སྐྱོགས་གང་གནང་། དངོས་གྲུབ་ཡིན་གསུངས། ལྷ་མོའི་གསོལ་མཆོད་དགོས་པ་ཡིན་གསུངས། དེ་ཕྱིར་རཱ་ག་ཨ་སྱས་སྦྱར་བའོ། །ཉེས་འགལ་མཆིས་ན་ཡེ་ཤེས་སྤྱན་ལྡན་རྣམས་ལ་བཤགས་ཤིང་། དགེ་བས་འབྲེལ་ཐོགས་བར་ཆད་རྐྱེན་ཞི་ནས། བདེ་བ་ཅན་


CMR045_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཞིང་དུ་སྐྱེ་བར་ཤོག །དགེའོ། །སརྦ་མངྒ་ལཾ། །བཀྲ་ཤིས་པར་གྱུར་ཅིག ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ལྷ་མོ་དཔལ་གྱི་གཡང་གི་བྱུང་ཐེམ་དང་བྱུང་ཁུངས་གཡང་བྱུང་དང་གཡང་ལེན།


CMR045_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་དཔལ་གྱི་གཡང་གི་བྱུང་ཐེམ་དང་བྱུང་ཁུངས་རྣམས་བཞུགས་སོ༔ གཡང་བྱུང་དང་གཡང་ལེན་བཞུགས་སོ། །


CMR045_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་གཡང་བྱུང་ནི༔ ཀྱེ༔ དང་པོ་གཡང་ལེན་གར་སྲིད་ན༔ སྔོན་གྱི་བསྐལ་པ་དང་པོ་ལ༔ ཁ་བ་ཅན་གྱི་རྒྱལ་ཁམས་སུ༔ སྤྱན་རས་གཟིགས་ཀྱི་སྤྲུལ་པ་ལས༔ སྤྲེའུ་བྱང་ཆུབ་སེམས་དཔའ་བྱུང་༔ ཇོ་མོ་སྒྲོལ་མའི་སྤྲུལ་པ་ལས༔ འབད་པ་ཅན་གྱི་སྲིན་མོ་བྱང་༔ དེ་གཉིས་ཐབས་ཤེས་འབྲེལ་བ་ལས༔ གདོང་དམར་ཕོ་མོ་ཐམས་ཅད་བྱུང་༔ མ་ཡི་འབད་པས་མནར་བ་ལས༔ སྤྲེའུ་རྒྱལ་པོ་ཡར་གཤེགས་པའི༔ པོ་ཊ་ལ་ཡི་རྩེ་མོ་ལ༔ སྤྱན་རས་གཟིགས་ཀྱི་དྲུང་དུ་ཕྱིན༔ སྤྲེའུ་རྒྱལ་པོས་འདི་སྐད་ཞུས༔ ཀྱེ་མ་ལས་ཀྱི་འབྲས་བུ་ལས༔ དབོན་


CMR045_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

སྲིང་མང་པོ་འཕེལ་བ་ལས༔ དྲན་པ་གསལ་བ་ལྷ་དང་འདྲ༔ གདུག་རྩུབ་ཆེ་བ་ལྷ་མིན་འདྲ༔ གོས་མེད་གཅེར་བུ་དུད་འགྲོ་འདྲ༔ བཀྲེས་སྐོམ་སྡུག་བསྔལ་ཡི་དྭགས་འདྲ༔ ཤིན་ཏུ་སྡུག་བསྔལ་དམྱལ་བ་འདྲ༔ རིགས་དྲུག་སྡུག་བསྔལ་ང་ལ་ཚང་༔ འདི་ལས་ཐབས་ཤིག་ཞུས་པ་ལ༔ སྤྱན་རས་གཟིགས་ཀྱིས་འདི་སྐད་གསུངས༔ སྤྲེའུ་རྒྱལ་པོ་ལེགས་པར་ཉོན༔ ཁྱོད་ཀྱི་བུ་དང་ཚ་བོ་རྣམས༔ གདོང་དམར་སྲིན་པོ་ཡིན་པར་གསུངས༔ ཁ་བ་ཅན་གྱི་ཞིང་ཁམས་སུ༔ བྱིན་རླབས་སྤྲུལ་པའི་སྤྲེའུ་ཁྱོད༔ ཟས་ལ་འབྲས་ཟན་སྣ་ཚོགས་ཟོ༔ སྐོམ་ན་


CMR045_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ཆུ་ལ་འཐུང་༔ གོས་ལ་ལྷ་ཡི་ན་བཟའ་གྱོན༔ བསྐལ་པའི་ཕྱྭ་གཡང་དངོས་གྲུབ་ལོངས༔ སྤྱན་རས་གཟིགས་ཀྱིས་དེ་སྐད་གསུངས༔ དེ་ནས་སྤྲེའུ་རྒྱལ་པོ་དེས་སྔགས་འཆང་རྒྱལ་པོ་སྤྱན་དྲངས་ནས༔ ལྷ་གཞི་དཀར་པོའི་སྟེང་དུ་ནི༔ དཀོན་མཆོག་མཆོད་པ་རྒྱ་ཆེན་བཤམས༔ མདའ་དར་དངུལ་དཀར་མེ་ལོང་གཡབ༔ ཁུ་ཡེ་ཟེར་ཞིང་འོ་དོད་བོས༔ ཐུགས་རྗེ་ཆེན་པོའི་བྱིན་རླབས་ལས༔ སྔགས་འཆང་བདག་གིས་སྨྲས་སྔགས་བོས༔ དབུ་ནག་བོད་ཀྱི་བསོད་ནམས་ལས༔ འོད་ཟེར་དེ་ལས་འོད་འཕྲོས་པས༔ ཚངས་པ་དུང་འོད་དཀར་པོ་ལས༔ ལྷ་ཡི་ལོངས་སྤྱོད་འཕེལ་བ་ལས༔ འོད་དཔུང་དཀར་པོ་གཅིག་ཏུ་སྤྲུལ༔ ལྷ་ཡི་ལོངས་སྤྱོད་བོད་དུ་འོང་༔ བོད་ལྷ་ཁམས་འདྲ་བ་དེ་ནས་སྲིད༔ འོད་ཟེར་འོག་ཏུ་འཕྲོས་པ་ལས༔ ཀླུ་རྒྱལ་གཙུག་ན་རིན་ཆེན་ལ༔ ཀླུ་ཡི་ལོངས་སྤྱོད་འཕེལ་བ་ལས༔ ཀླུ་ཡི་ལོངས་སྤྱོད་བོད་དུ་འོང་༔ བོད་ཀླུ་དང་འདྲ་བ་དེ་ནས་སྲིད༔ འོད་ཟེར་བར་སྣང་ཁམས་སུ་འཕྲོས༔ བར་གཉན་གྱི་ལོངས་སྤྱོད་འཕེལ་བ་ལས༔ གཉན་གྱི་ལོངས་སྤྱོད་བོད་ལ་འོང་༔ བོད་གཉན་དང་འདྲ་བ་དེ་ནས་སྲིད༔


CMR045_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་ཤར་ཕྱོགས་གླིང་དུ་འཕྲོས༔ ཡུལ་འཁོར་སྲུང་གི་རྒྱལ་པོ་ལ༔ ལོངས་སྤྱོད་ལྡན་ཞིང་སྐྱེ་བ་བཟང་༔ ཤར་ཕྱོགས་གཡང་རྣམས་བོད་ལ་འོང་༔ བོད་སྐྱེ་བ་བཟང་བ་དེ་ནས་སྲི༔ འོད་ཟེར་ལྷོ་ཕྱོགས་གླིང་དུ་འཕྲོས༔ འཕགས་སྐྱེས་པོ་ཡི་རྒྱལ་པོ་ལ༔ ལོངས་སྤྱོད་ལྡན་ཞིང་དཀོར་ནོར་ཕྱུགས༔ ལྷོ་ཕྱོགས་གཡང་རྣམས་བོད་ལ་འོང་༔ བོད་ལོངས་སྤྱོད་ཆེ་བ་དེ་ནས་སྲིད༔ འོད་ཟེར་ནུབ་ཕྱོགས་གླིང་དུ་འཕྲོས༔ སྤྱན་མི་བཟང་གི་རྒྱལ་པོ་ནི༔ ལོངས་སྤྱོད་ལྡན་ཞིང་དཀོར་ནོར་ཕྱུག༔ ནུབ་ཕྱོགས་གཡང་རྣམས་བོད་དུ་འོང་༔ བོད་མི་འཕེལ་མང་བ་དེ་ནས་སྲིད༔ འོད་ཟེར་བྱང་ཕྱོགས་གླིང་དུ་འཕྲོས༔ རྣམ་ཐོས་སྲས་ཀྱི་རྒྱལ་པོ་ནི༔ ལོངས་སྤྱོད་ལྡན་ཞིང་སྐུ་ཚེ་རིང་༔ བྱང་ཕྱོགས་གཡང་རྣམས་བོད་དུ་འོང་༔ བོད་སྐུ་ཚེ་རིང་བ་དེ་ནས་སྲིད༔ འོད་ཟེར་ཕྱོགས་མཚམས་གླིང་དུ་འཕྲོས༔ ཕྱོགས་མཚམས་ནོར་ལྷ་རྣམས་ལ་འཕྲོས༔ དེ་རྣམས་ལོངས་སྤྱོད་བོད་དུ་འོང་༔ བོད་ནོར་ཕྱུགས་འཕེལ་བ་དེ་ནས་སྲིད༔ འོད་ཟེར་རྒྱ་གར་ཡུལ་དུ་འཕྲོས༔ རྒྱ་གར་ཆོས་རྣམས་བོད་དུ་འོང༔ བོད་ཆོས་ལ་དཀར་བ་དེ་ནས་སྲིད༔ འོད་


CMR045_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་སྟག་གཟིག་ཡུལ་དུ་འཕྲོས༔ སྟག་གཟིག་དཀོར་ནོར་བོད་ལ་འོང་༔ བོད་དཀོར་ནོར་ཆེ་བ་དེ་ནས་སྲིད༔ འོད་ཟེར་རྒྱ་ནག་ཡུལ་དུ་འཕྲོས༔ རྒྱ་ཡི་གོས་དར་བོད་དུ་འོང་༔ བོད་གོས་དར་ཆེ་བ་དེ་ནས་སྲིད༔ འོད་ཟེར་བོད་ཡུལ་ཀུན་ཏུ་འཕྲོས༔ མི་དང་གཡང་གཉིས་ཆི་ལི་ལི༔ ཕྱྭ་དང་གཡང་གཉིས་སྒ་ར་ར༔ ལོངས་སྤྱོད་སྣ་ཚོགས་དེ་ནས་འཚོགས༔ སྔོན་གྱི་སྨོན་ལམ་དབང་གིས་ནི༔ དར་དཀར་གཡབ་ཅིང་སྤྱན་འདྲེན་ན༔ དེ་རིང་གཡང་འབོད་གཡང་ཞིག་འབོད༔ སྟེང་ཕྱོགས་ལྷ་ཁམས་ཡོངས་ཀྱི་གཡང་། དེ་རིང་གཡང་འབོད་གཡང་ཞིག་འབོད༔ བར་སྣང་གཉན་གྱི་རྒྱལ་པོའི་གཡང་༔ དེ་རིང་གཡང་འབོད་གཡང་ཞིག་འབོད༔ ས་གཞི་ཀླུ་ཁམས་རྒྱལ་པོའི་གཡང་༔ དེ་རིང་གཡང་འབོད་གཡང་ཞིག་འབོད༔ ཤར་ཕྱོགས་ཡུལ་འཁོར་སྲུང་གི་གཡང་༔ དེ་རིང་གཡང་འབོད་གཡང་ཞིག་འབོད༔ ལྷོ་ཕྱོགས་འཕགས་སྐྱེས་པོ་ཡི་གཡང་༔ དེ་རིང་གཡང་འབོད་གཡང་ཞིག་འབོད༔ ནུབ་ཕྱོགས་སྤྱན་མི་བཟང་གི་གཡང་༔ དེ་རིང་གཡང་འབོད་གཡང་ཞིག་འབོད༔ བྱང་ཕྱོགས་རྣམ་ཐོས་སྲས་ཀྱི་གཡང་༔ དེ་རིང་གཡང་འབོད་


CMR045_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་ཞིག་འབོད༔ ཕྱོགས་སྐྱོང་ནོར་ལྷ་རྣམས་ཀྱི་གཡང་༔ དེ་རིང་གཡང་འབོད་གཡང་ཞིག་འབོད༔ ཡི་དམ་ལྷ་ཡི་དངོས་གྲུབ་གཡང་༔ དེ་རིང་གཡང་འབོད་གཡང་ཞིག་འབོད༔ མ་དང་མཁའ་འགྲོའི་རྟེན་འབྲེལ་གཡང་༔ དེ་རིང་གཡང་འབོད་གཡང་ཞིག་འབོད༔ ཆོས་སྐྱོང་སྲུང་མའི་མཐུ་རྩལ་གཡང་༔ དེ་རིང་གཡང་འབོད་གཡང་ཤིག་འབོད༔ ལྷ་སྲིན་སྡེ་བརྒྱད་དྲག་རྩལ་གཡང་༔ དེ་རིང་གཡང་འབོད་གཡང་ཞིག་འབོད༔ རྒྱ་གར་ཆོས་གཡང་རྒྱ་ནག་དར་གཡང་དེ༔ དེ་རིང་གཡང་འབོད་གཡང་ཞིག་འབོད༔ སྟག་གཟིག་ནོར་གཡང་གེ་སར་དམག་གཡོང་དེ༔ དེ་རིང་གཡང་འབོད་གཡང་ཞིག་འབོད༔ དགུང་སྔོན་ཆུ་གཡང་ས་ཡི་རྨ་གཡང་དེ༔ དེ་རིང་གཡང་འབོད་གཡང་ཞིག་འབོད༔ ཉི་ཟླ་སྐར་གསུམ་བཀྲག་གཡང་དེ༔ དེ་རིང་གཡང་འབོད་གཡང་ཞིག་འབོད༔ རི་རབ་བརྟན་གཡང་མཚོ་བདུན་འཁྱིལ་བའི་གཡང་༔ དེ་རིང་གཡང་འབོད་གཡང་ཞིག་འབོད༔ གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད་ཀྱི་གཡང་༔ དེ་རིང་གཡང་འབོད་གཡང་ཞིག་འབོད༔ དཔག་བསམ་ཤིང་དང་རྩི་ཐོག་འབྲས་བུ་གཡང་༔ དེ་


CMR045_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

རིང་གཡང་འབོད་གཡང་ཞིག་འབོད༔ འཆི་མེད་རྡོ་རྗེ་ཚེ་ཡི་གཡང་༔ དེ་རིང་གཡང་འབོད་གཡང་ཞིག་འབོད༔ ཕྱུག་པོ་རྣམས་ཀྱི་ཕྱུག་གཡང་དེ༔ དེ་རིང་གཡང་འབོད་གཡང་ཞིག་འབོད༔ བཙན་པོ་རྣམས་ཀྱི་བཙན་གཡང་དེ༔ དེ་རིང་གཡང་འབོད་གཡང་ཞིག་འབོད༔ སྙན་གྲགས་བསོད་ནམས་ཚེ་ཡི་གཡང་༔ དེ་རིང་གཡང་འབོད་གཡང་ཞིག་འབོད༔ ཕྱྭ་དང་གཡང་གི་གདོང་རིགས་ཤོག༔ གཡང་རྫས་འདི་ལ་བརྟན་པར་ཤོག༔ ཕྱྭ་གཡང་ཇི་སྲིད་ཐམས་ཅད་འདིར་ཤོག་ཤོག༔ ཛ༔ཧཱུྃ་བཾ་ཧོཿ ལྷ་མོ་དཔལ་གྱི་གཡང་འགུགས་གཡང་འབོད་བྱ་བ་འདི་ནི༔ རཱ་ག་ཨ་སྱས་སྦྱར་བའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ལྷ་མོ་དཔལ་གྱི་ལྷ་མོ་བཅུ་གཅིག་གི་གཡང་འགུགས།


CMR045_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་དཔལ་གྱི་ལྷ་མོ་བཅུ་གཅིག་གི་གཡང་འགུགས་བཞུགས་སོ།


CMR045_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། ཤར་གྱི་ཕྱོགས་ནས་གཡང་འགུགས་མ། །དཀར་མོ་ཆེན་མོ་ཞི་བའི་ཞལ། །ཕྱག་གཡས་གཡང་གི་ལྕགས་ཀྱུ་བསྣམས། །གཡོན་ན་གཡང་གི་གའུ་འཛིན། །དྲི་ཟའི་ལག་ནས་གཡང་ཉམས་ན། །ཁམས་གསུམ་གནས་ནས་གཡང་ཁུག་ཅིག །དྲི་ཟའི་ལག་ནས་གཡང་དྲོངས་ཤིག །གཡང་གི་དངོས་གྲུབ་དབང་སྡུས་ལ། །གཡང་གི་དངོས་གྲུབ་བདག་ལ་སྩོལ། །ཧཱུྃ། ལྷོ་ཡི་ཕྱོགས་ནས་གཡང་འགུགས་མ། །སེར་མོ་གཡང་གི་ཐོར་ཙུགས་ཅན། །ཕྱག་གཡས་གཡང་གི་ལྕགས་ཀྱུ་བསྣམས། །གཡོན་པས་གཡང་གི་རྐྱལ་པ་


CMR045_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། །གཤིན་རྗེའི་ལག་ནས་གཡང་ཉམས་ན། །སྲིད་གསུམ་གནས་ནས་གཡང་ཁུག་ཅིག །གཤིན་རྗེའི་ལག་ནས་གཡང་དྲོངས་ཤིག །གཡང་གི་དངོས་གྲུབ་དབང་སྡུས་ལ། །གཡང་གི་དངོས་གྲུབ་བདག་ལ་སྩོལ། །ཧཱུྃ། ནུབ་ཀྱི་ཕྱོགས་ནས་གཡང་འགུགས་མ། །དམར་པོ་བྱི་རུའི་ཅོད་པན་ཅན། །ཕྱག་གཡས་བྱི་རུའི་ལྕགས་ཀྱུ་བསྣམས། །གཡོན་པས་གཡང་གི་རྐྱལ་པ་འཛིན། །ཀླུ་ཡི་ལག་ནས་གཡང་ཉམས་ན། །ཁམས་གསུམ་གནས་ནས་གཡང་ཁུག་ཅིག །ཀླུ་ཡི་ལག་ནས་གཡང་དྲོངས་ཤིག །གཡང་གི་དངོས་གྲུབ་དབང་


CMR045_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

སྡུས་ལ། །གཡང་གི་དངོས་གྲུབ་བདག་ལ་སྩོལ། །ཧཱུྃ། བྱང་གི་ཕྱོགས་ནས་གཡང་འགུགས་མ། །སྔོན་མོ་གཡུ་ཡི་ལན་ཕྲན་ཅན། །ཕྱག་གཡས་གཡང་གི་ལྕགས་ཀྱུ་བསྣམས། །གཡོན་པས་གཡང་གི་སྙེ་མ་འཛིན། །གནོད་སྦྱིན་ལག་ནས་གཡང་ཉམས་ན། །འཇིག་རྟེན་ཁམས་ནས་གཡང་ཁུག་ཅིག །གནོད་སྦྱིན་ལག་ནས་གཡང་དྲོངས་ཤིག །གཡང་གི་དངོས་གྲུབ་དབང་སྡུས་ལ། །གཡང་གི་དངོས་གྲུབ་བདག་ལ་སྩོལ། །ཧཱུྃ། ཤར་ལྷོ་མཚམས་ནས་གཡང་འགུགས་མ། །གཙུག་ཏོར་ལྷ་མོ་གདུགས་དཀར་ཅན། །ཕྱག་གཡས་གཡང་གི་ལྕགས་ཀྱུ་བསྣམས། །གཡོན་པས་གཡང་གི་ཞགས་པ་འཛིན། །མེ་ལྷའི་ལག་ནས་གཡང་ཉམས་ན། །ཁམས་གསུམ་གནས་ནས་གཡང་ཁུག་ཅིག །མེ་ལྷའི་ལག་ནས་གཡང་དྲོངས་ཤིག །གཡང་གི་དངོས་གྲུབ་དབང་སྡུས་ལ། །གཡང་གི་དངོས་གྲུབ་བདག་ལ་སྩོལ། །ཧཱུྃ། ལྷོ་ནུབ་མཚམས་ནས་གཡང་འགུགས་མ། །རིག་པའི་རྒྱལ་མོ་ཝ་ཏི་མ། །ཕྱག་གཡས་གསེར་གྱི་ལྕགས་ཀྱུ་བསྣམས། །གཡོན་པས་གཡང་གི་པར་བུ་འཛིན། །སྲིན་པོའི་ལག་ནས་གཡང་ཉམས་ན། །


CMR045_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཁམས་གནས་ནས་གཡང་ཁུག་ཅིག །སྲིན་པོའི་ལག་ནས་གཡང་དྲོངས་ཤིག །གཡང་གི་དངོས་གྲུབ་དབང་སྡུས་ལ། །གཡང་གི་དངོས་གྲུབ་བདག་ལ་སྩོལ། །ཧཱུྃ། ནུབ་བྱང་མཚམས་ནས་གཡང་འགུགས་མ། །གཡང་གི་ལྷ་མོ་དབྱངས་ཅན་མ། །ཕྱག་གཡས་དུང་གི་ལྕགས་ཀྱུ་བསྣམས། །གཡོན་ན་དུང་གི་རྐྱལ་པ་ཟླའཛིན། །རླུང་ལྷའི་ལག་ནས་གཡང་ཉམས་ན། །ཕྱོགས་བཅུ་ཀུན་ནས་གཡང་ཁུག་ཅིག །རླུང་ལྷའི་ལག་ནས་གཡང་དྲོངས་ཤིག །གཡང་གི་དངོས་གྲུབ་དབང་སྡུས་ལ། །གཡང་གི་དངོས་གྲུབ་བདག་ལ་སྩོལ། །ཧཱུྃ། བྱང་ཤར་མཚམས་ནས་གཡང་འགུགས་མ། །མི་གཡང་འགུགས་བྱེད་ཙན་ལི། །ཕྱག་གཡས་གཡང་གི་ལྕགས་ཀྱུ་བསྣམས། །གཡོན་ན་གཡང་གི་རྐྱལ་པ་འཛིན། །དབང་ལྡན་ལག་ནས་གཡང་ཉམས་ན། །སྲིད་གསུམ་གནས་ནས་གཡང་ཁུག་ཅིག །དབང་ལྡན་ལག་ནས་གཡང་དྲོངས་ཤིག །གཡང་གི་དངོས་གྲུབ་དབང་སྡུས་ནས། །གཡང་གི་དངོས་གྲུབ་བདག་ལ་སྩོལ། །ཧཱུྃ། སྟེང་གི་ཕྱོགས་ནས་གཡང་འགུགས་མ། །ཆོས་ཀྱི་ལྷ་མོ་ཀུན་བཟང་མོ། །ཕྱག་གཡས་གཡང་


CMR045_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལྕགས་ཀྱུ་བསྣམས། །གཡོན་པས་གཡང་གི་རྐྱལ་པ་འཛིན། །ཚངས་པའི་ལག་ནས་གཡང་ཉམས་ན། །ལྷ་མིན་གནས་ནས་གཡང་ཁུག་ཅིག །ཚངས་པའི་ལག་ནས་གཡང་དྲོངས་ཤིག །དངོས་གྲུབ་ཡེ་ཤེས་ཀུན་སྡུས་ལ། །གཡང་གི་དངོས་གྲུབ་དབང་སྡུས་ཤིག །གཡང་གི་དངོས་གྲུབ་བདག་ལ་སྩོལ། །ཧཱུྃ། འོག་གི་ཕྱོགས་ནས་གཡང་འགུགས་མ། །དབྱིངས་ཀྱི་ལྷ་མོ་རྣམ་པར་རྒྱལ། །ཕྱག་གཡས་ཡེ་ཤེས་ལྕགས་ཀྱུ་བསྣམས། །གཡོན་པས་གཡང་གི་རྐྱལ་པ་འཛིན། །ས་བདག་ཀླུ་གཉན་ལག་ནས་གཡང་ཉམས་ན། །ས་གཞིའི་གནས་ནས་གཡང་ཁུག་ཅིག །ས་བདག་ཀླུ་གཉན་ལག་ནས་གཡང་དྲོངས་ཤིག །གཡང་གི་དངོས་གྲུབ་དབང་སྡུས་ལ། །གཡང་གི་དངོས་གྲུབ་བདག་ལ་སྩོལ། །ཧཱུྃ། བར་སྣང་ཁམས་ནས་གཡང་འགུགས་མ། །བར་སྣང་ལྷ་མོ་ཀུན་ཏུ་བཟང་། །ཕྱག་གཡས་གཡང་གི་ལྕགས་ཀྱུ་བསྣམས། །གཡོན་ན་གཡང་གི་རྐྱལ་པ་འཛིན། །སྡེ་བརྒྱད་ལག་ནས་གཡང་ཉམས་ན། །བར་སྣང་གནས་ནས་གཡང་ཁུག་ཅིག །སྡེ་བརྒྱད་ལག་ནས་གཡང་དྲོངས་ཤིག །གཡང་གི་དངོས་གྲུབ་དབང་སྡུས་ལ། །


CMR045_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་གི་དངོས་གྲུབ་བདག་ལ་སྩོལ། །མཆོག་ཐུན་དངོས་གྲུབ་བདག་ལ་སྩོལ། །ཡོན་བདག་འདི་ལ་བསྲུང་དུ་བཀོད། །ཁུ་ཡེ་ཨཱ་ཡུ་པཎྞཾ་ཀུ་རུ་ཡེ་སྭཱ་ཧཱ། མོ་དཔལ་ཆེན་མོའི་གཡང་གི་ལྷ་མོ་བཅུ་གཅིག་གི་གཡང་འགུགས་འདི་བླ་མ་ཙཱ་རི་བས་བསྐུལ་བའི་ཕྱིར། ༧ རཱ་ག་ཨ་སྱས་གསེར་འོད་གཡང་སྐྱབས་དོན་བསྡུས་ཏེ་སྦྱར་བའོ། །མངྒ་ལཾ། བཀྲ་ཤིས། དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཚེ་འགུགས་གཡང་འགུགས།


CMR045_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འགུགས་གཡང་འགུགས་བཞུགས་པའི་དབུ་ཕྱོགས་ལགས་སོ།


CMR045_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་དཔལ་གྱི་ཚེའི་གཡང་འགུགས། རྨ་སྤོམ་རའི་གཡང་སྐྱབས། པདྨ་གཡང་སྐྱབས། གསེར་འོད་གཡང་སྐྱབས་སོགས་ཚེ་འགུགས་གཡང་འགུགས་གང་ལྟར་དཔེར་ན་གཟེ་མ་ལ་ལྡེའུ་མིག་མེད་པ་དང་འདྲ། གཡང་སྐྱབས་ཚེ་འགུགས་གང་ཡང་མེད་ཐབས་མེད། །ཧཱུྃ། དབུས་ཀྱི་ཕྱོགས་ན་བཞུགས་པ་ཡི། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །དམར་པོ་མཉམ་བཞག་ཚེ་བུམ་བསྣམས། །ཚེ་ཡི་རིག་འཛིན་སྟོང་གིས་བསྐོར། །དབུས་ཕྱོགས་ཚེ་ཡི་གཡང་སྡུས་ལ། །རྒྱུ་སྦྱོར་ཡོན་བདག་འདི་ལ་སྩོལ། །འཆི་མེད་ཚེ་ཡི་དབང་ཐོབ་ནས། །ཁྱེད་དང་སྐུ་ཚེ་མཉམ་པར་ཤོག །ཤར་གྱི་ཕྱོགས་ན་བཞུགས་པ་ཡི། །


CMR045_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

མི་བསྐྱོད་རྡོ་རྗེ་ཚེ་ཡི་ལྷ། །ཤར་ཕྱོགས་ཚེ་ཡི་གཡང་སྡུས་ལ། །རྒྱུ་སྦྱོར་ཡོན་བདག་འདི་ལ་སྩོལ། །འཆི་མེད་ཚེ་ཡི་དབང་ཐོབ་ནས། །ཁྱེད་དང་སྐུ་ཚེ་མཉམ་པར་ཤོག །ལྷོ་ཡི་ཕྱོགས་ན་བཞུགས་པ་ཡི། །རིན་ཆེན་འབྱུང་ལྡན་ཚེ་ཡི་ལྷ། །ལྷོ་ཕྱོགས་ཚེ་ཡི་གཡང་སྡུས་ལ། །རྒྱུ་སྦྱོར་ཡོན་བདག་འདི་ལ་སྩོལ། །འཆི་མེད་ཚེ་ཡི་དབང་ཐོབ་ཤོག །ཁྱེད་དང་སྐུ་ཚེ་མཉམ་པར་ཤོག །ནུབ་ཀྱི་ཕྱོགས་ན་བཞུགས་པ་ཡི། །སྣང་བ་མཐའ་ཡས་ཚེ་ཡི་ལྷ། །ནུབ་ཕྱོགས་ཚེ་ཡི་གཡང་སྡུས་ལ། །རྒྱུ་སྦྱོར་ཡོན་བདག་འདི་ལ་སྩོལ། །འཆི་མེད་ཚེ་ཡི་


CMR045_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐོབ་ཤོག །ཁྱེད་དང་སྐུ་ཚེ་མཉམ་པར་ཤོག །བྱང་གི་ཕྱོགས་ན་བཞུགས་པ་ཡི། །དོན་ཡོད་གྲུབ་པ་ཚེ་ཡི་ལྷ། །བྱང་ཕྱོགས་ཚེ་ཡི་གཡང་བསྡུས་ལ། །རྒྱུ་སྦྱོར་ཡོན་བདག་འདི་ལ་སྩོལ། །འཆི་མེད་ཚེ་ཡི་དབང་ཐོབ་ཤོག །ཁྱེད་དང་སྐུ་ཚེ་མཉམ་པར་ཤོག །མཚམས་བཞི་བཞུགས་པའི་ཚེ་ཡི་ལྷ་མོ་འབུམ། །དཀར་སེར་དམར་ལྗང་མདའ་དར་བུམ་པ་འཛིན། །ཕྱོགས་མཚམས་ཀུན་ནས་ཚེ་གཡང་འདིར་ཁུག་ཅིག །ཡོན་བདག་སྦྲ་ཁྱིམ་འདི་ཡི་ནང་དུ་ཁུག །མདའ་དར་འདི་ལ་རྟེན་ཆོས་ཤིག །ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང་། །ཁྱེད་དང་ལོངས་སྤྱོད་མཉམ་པ་དང་། །བཙན་ཕྱུག་དར་གསུམ་འཛོམ་པར་ཤོག །ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ། །ཁྱེད་དང་ལོངས་སྤྱོད་མཉམ་པ་དང། །བཙན་ཕྱུག་འཕེན་གསུམ་འཛོམ་པར་ཤོག །ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང་། །ཁྱེད་དང་ལོངས་སྤྱོད་མཉམ་པ་དང་། །བཙན་ཕྱུག་འཕེན་གསུམ་འཛོམ་པར་ཤོག །བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས། །ཁྱེད་དང་ལོངས་སྤྱོད་མཉམ་པ་དང་། །བཙན་ཕྱུག་འཕེན་གསུམ་འཛོམ་པར་ཤོག །ཧཱུྃ། ཤར་གྱི་ཕྱོགས་ནས་ཛཾ་བྷ་ལའི། །


CMR045_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

་་་ནོར་བུ་འདི་ལ་ནོར་གཡང་འཁོར། །བདག་ལ་ནོར་གྱི་གཡང་ཁུག་ཅིག །རྒྱུན་ཆད་མེད་པར་ནོར་འཕེལ་ཤོག །ལྷོ་ཡི་གང་བ་བཟང་པོ་ཡིས། །བདག་ལ་་ལུག་གི་གཡང་ཁུག་ཅིག །རྒྱུན་ཆད་མེད་པར་ལུག་འཕེལ་ཤོག །བྱང་གི་རྟ་བདག་ཀུ་བེ་རས། །བདག་ལ་རྟ་ཡི་གཡང་ཁུག་ཅིག །རྒྱུན་ཆད་མེད་པར་རྟ་འཕེལ་ཤོག །ཧཱུྃ། ཤར་ལྷོ་ཡང་དག་ཤེས་ཀྱིས་ནི། །བདག་ལ་གནག་གི་གཡང་ཁུག་ཅིག །རྒྱུན་ཆད་མེད་པར་གནག་འཕེལ་ཤོག །ཧཱུྃ། ལྷོ་ནུབ་འབྲོག་གནས་ཆེན་པོས་ནི། །བདག་ལ་གོ་ཁྲབ་གཡང་ཁུག་ཅིག །རྒྱུན་ཆད་མེད་པར་གོ་ཁྲབ་འཕེལ་བར་ཤོག །ཧཱུྃ། ནུབ་བྱང་རྔས་རྩེན་སེར་སྐྱ་ནི། །བདག་ལ་ར་ཡི་གཡང་ཁུག་ཅིག །རྒྱུན་ཆད་མེད་པར་ར་འཕེལ་ཤོག །ཧཱུྃ། བྱང་ཤར་ཇི་བི་ཀུཎྜ་ལཱིས། །བདག་ལ་བཙན་ཕྱུག་དར་གསུམ་གཡང་ཁུག་ཅིག །ཕུ་ཁུ་ཡེ། གཡང་ཁུ་ཡེ་ཕྱུགས་གཡང་ར་བ་ནང་དུ་ཁུག །ནས་གཡང་བང་བ་ནང་དུ་ཁུག །ཟས་གཡང་ཐབ་ཁུང་གཡང་ཁུག་ཅིག །བཛྲ་སིདྡྷི་ཕ་ལ་ཧཱུྃ། ཞེས་པའང་རཱ་ག་ཨ་སྱས་སོ།། མངྒ་ལཾ།། །།

ལྷ་མོ་དཔལ་གྱི་གཡང་སྐྱབས་ཀྱི་ལྷན་ཐབས་ཕྲུ་གཡང་འགུགས་པ་དང་ཤིས་བརྗོད་རྟེན་ལ་བསྟིམ་ཐབས་དགོས་འདོད་ཀུན་འབྱུང་།


CMR045_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་དཔལ་གྱི་གཡང་སྐྱབས་ཀྱི་ལྷན་ཐབས་ཕྲུ་གཡང་འགུགས་པ་དང་ཤིས་བརྗོད་རྟེན་ལ་བསྟིམ་ཐབས་དགོས་འདོད་ཀུན་འབྱུང་བཞུགས་སོ། །


CMR045_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་མཆོད་ན་མཆོག་དང་ཐུན་མོང་གི །དངོས་གྲུབ་ཆར་གྱི་རེ་བ་ཀུན་འགེངས་པ། །ནོར་ལྷའི་ཚོགས་ལ་ཕྱག་བྱས་སྐྱབས་བཙལ་ནས། །གཡང་སྐྱབས་ལྷན་ཐབས་འབྲི་ལ་དགེ་ལེགས་སྩོལ། །དེ་ལ་གཡང་སྐྱབས་ཀྱི་ལྷན་ཐབས་མཇུག་གི་ལས་ཚར་ནི། །མདའ་དར་གཡབ་ཅིང་། །ཀྱི་གཡང་འགུགས་གཡང་ལེན་གར་སྲིད་ན། །སྔོན་ཚེ་བསྐལ་པའི་དང་པོ་ལ། །སྤྱན་རས་གཟིགས་དང་སྒྲོལ་མ་ཡི། །སྤྲུལ་པ་སྤྲེའུ་བྲག་སྲིན་བྱུང་། །དེ་གཉིས་ཐབས་ཤེས་བསྡེབས་པ་ལས། །རིགས་བརྒྱུད་འཕེལ་བའི་ལོངས་སྤྱོད་ཀྱིས། །འཕང་ཚེ་སྤྲེའུ་བྱང་སེམས་དེས། །


CMR045_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་སྤྱན་སྔར་ཞུས་པ་ལ། །ཐུགས་རྗེ་ཆེན་པོས་བཀའ་སྩལ་པ། །གཡང་སྐྱབས་གཡང་ལེན་གྱིས་ཤིག་གསུངས། །འབྲུ་སྣ་མང་པོ་བྱིན་བརླབས་ནས། །བོད་ཀྱི་ཡུལ་དུ་གཏོར་ཏེ་བཏང་། །སྤྲེའུ་བྱང་ཆུབ་སེམས་དཔའ་ཡིས། །སྔགས་འཆང་རྒྱལ་པོ་སྤྱན་དྲངས་།ནས། །ལྷ་གཞི་དཀར་པོའི་གདན་སྟེང་དུ། །གཡང་རྫས་མཆོད་པ་རྒྱ་ཆེན་བཤམས། །ལྷ་མདའ་དར་དཀར་དངུལ་དཀར་གྱི། །མེ་ལོང་བཏགས་པ་གཡབ་ནས་ཀྱང་། །ཁུ་ཡེ་བརྗོད་ཅིང་གཡང་བླངས་པས། །ལྷ་ཀླུ་གཉན་དང་གླིང་བཞི་ཡི། །ཕྲུ་གཡང་མ་ལུས་བོད་དུ་བླངས། །


CMR045_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་རྒྱ་ནག་སྟག་གཟིག་དང་། །ཧོར་འཇང་བལ་པོ་ལ་སོགས་པའི། །ཕྱྭ་གཡང་མ་ལུས་བཀུག་པའི་མཐུས། །བོད་དུ་བདེ་སྐྱིད་འཕེལ་གཡང་སྲིད། །དེ་རྗེས་བསྐལ་པའི་ཕྱི་མ་ལ། །ཆོས་རྒྱལ་བྱང་ཆུབ་སེམས་དཔའ་ཡིས། །ཕྲུ་གཡང་སྐྱབས་པའི་ལས་མཛད་པས། །བོད་ཁམས་ཆོས་ནོར་འདོད་དགུ་འཕེལ། །དེ་བཞིན་དེ་རིང་ལྷ་ཁྱིམ་འདིར། །སྔགས་འཆང་རྣལ་འབྱོར་བདག་ཅག་གིས། །གཡང་རྫས་སྣ་ཚོགས་བཀྲམ་བྱས་ནས། །དར་དཀར་གཡབ་མོས་གཡབ་པའི་ཚེ། །ཕྲུ་གཡང་ཐམས་ཅད་འདི་རུ་ལེན། །སྟེང་ཕྱོགས་ལྷ་ཁམས་རྣམས་ཀྱི་གཡང་། །དེ་རིང་འདི་རུ་གཡང་དུ་ལེན། །བར་སྣང་གཉན་གྱི་ཕྱུ་དང་གཡང་། །དེ་རིང་འདི་རུ་གཡང་དུ་ལེན། །ས་གཞི་ཀླུ་ཡི་ཕྱྭ་དང་གཡང་། །དེ་རིང་འདི་རུ་གཡང་དུ་ལེན། །རི་རབ་ཆེན་པོའི་ཕྱོགས་བཞི་ནས། །རྒྱལ་ཆེན་བཞི་དང་གླིང་བཞི་ཡི། །ཕྲུ་གཡང་དཔལ་འབྱོར་བདེ་ལེགས་ཀུན། །དེ་རིང་འདི་རུ་གཡང་དུ་ལེན། །ཕྱོགས་སྐྱོང་ནོར་ལྷ་རྣམས་ཀྱི་གཡང་། །དེ་རིང་འདི་རུ་གཡང་དུ་ལེན། །རྒྱ་གར་རྒྱལ་པོའི་ཆོས་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །རྒྱ་ནག་རྒྱལ་པོའི་དར་


CMR045_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །སྟག་གཟིག་རྒྱལ་པོའི་ནོར་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །གེ་སར་རྒྱལ་པོ་རྩལ་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །བལ་པོ་བྱེད་བཞིན་ལེགས་པའི་གཡང་། །དེ་རིང་འདི་རུ་གཡང་དུ་ལེན། །དགུང་སྔོན་མཐོན་པོའི་ཕ་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །དོག་མོ་ས་ཡི་རྨ་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །ཉི་ཟླ་སྐར་གསུམ་བཀྲག་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །རི་རབ་ལྷུན་པོའི་བརྟན་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །གླིང་ཆེན་བཞི་ཡི་བཀོད་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །གླིང་ཕྲན་བརྒྱད་ཀྱི་འཁོར་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །གསེར་གྱི་རི་བདུན་བརྗིད་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །རོལ་པའི་མཚོ་བདུན་བཙུན་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །རྒྱ་མཚོ་ཆེན་པོའི་འཁྱིལ་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །དཔག་བསམ་ཤིང་གི་འཕེལ་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །ཕྱུག་པོ་རྣམས་ཀྱི་ཕྱུག་གཡང་དེ། །དེ་རིང་འདི་རུ་


CMR045_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་དུ་ལེན། །འཕེན་པོ་རྣམས་ཀྱི་འཕེན་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །བཙན་པོ་རྣམས་ཀྱི་བཙན་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་གཡང་། །དེ་རིང་འདི་རུ་གཡང་དུ་ལེན། །འཆི་མེད་རྡོ་རྗེའི་ཚེ་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །རྐང་བཞི་ཕྱུགས་ཀྱི་ཕྱུགས་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །བང་མཛོད་འབྲུ་ཡི་འབྲུ་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །རྨ་གཡང་ཟས་ཀྱི་ཟས་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །ལྷབ་ལྷུབ་གོས་ཀྱི་གོས་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །རིན་ཆེན་གསེར་དངུལ་ནོར་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །བརྒྱུད་འཛིན་སྲིད་ཀྱི་བུ་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །མི་འཛད་གཏེར་གྱི་དངོས་གྲུབ་དེ། །དེ་རིང་འདི་རུ་གཡང་དུ་ལེན། །བླ་མེད་མཆོག་གི་དངོས་གྲུབ་དེ། །དེ་རིང་འདི་རུ་གཡང་དུ་ལེན།། མདོར་ན་སྲིད་ཞིའི་དཔལ་འབྱོར་དང་། །ལོངས་སྤྱོད་ཕྱུ་གཡང་མ་ལུས་ཀུན། །དེ་རིང་འདི་རུ་འགུགས་ཤིང་ལེན། །གཡང་རྫས་རྣམས་ལ་ཕྱྭ་གཡང་བརྟན། །ཕྱུ་འདི་རི་ལ་མ་


CMR045_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

འབྲོས་ལ། །གཡང་འདི་སྒོ་ལ་མ་ཉམས་ཤིག །ཛ་ཡ་ཛ་ཡ་སིདྡྷི་ཧོ༔ ཞེས་ཕྲུ་གཡང་དང་གཡང་རྫས་རྣམས་གཡང་རྟེན་རྣམས་ལ་ཐིམ་པར་བསམ། དེ་ནས་ཡོན་བདག་རྣམས་མདུན་དུ་བོས་ལ་གཡང་རྫས་རྣམས་གཏད་ཅིང་། །ཀྱཻ། དེ་རིང་ཡོན་གྱི་བདག་པོ་ཡི། །མི་ཡི་གཡང་དང་ཕྱུགས་ཀྱི་རྩི། །ཕ་མཚུན་དགྲ་བླའི་བཀྲག་གཡང་དེ་དང་བཅས། །བཀྲ་ཤིས་གཡང་རྟེན་བཅས་པ་རྣམས། །གཏི་མུག་རྨོངས་པའི་ལག་ཏུ་གཡང་མི་གཏད། །ང་རྒྱལ་དྲེགས་པའི་ལག་ཏུ་གཡང་མི་གཏད། །འདོད་ཆགས་གླེན་པའི་ལག་ཏུ་གཡང་མི་གཏད། །ཕྲག་དོག་གཏུམ་པོའི་ལག་ཏུ་གཡང་མི་གཏད། །ཕ་སྤུན་ཕྱི་ཚེའི་ལག་ཏུ་གཡང་མི་གཏད། །བུ་སྲིང་མག་པའི་ལག་ཏུ་གཡང་མི་གཏད། །འདྲེ་སྲིན་བྱུར་གསུམ་ལག་ཏུ་གཡང་མི་གཏད། །མི་ལ་བསེ་རག་ལག་ཏུ་གཡང་མི་གཏད། །གོད་འདྲེ་ཐེའུ་རང་ལག་ཏུ་གཡང་མི་གཏད། །ད་གཡང་གཏད་སུ་དང་གང་ལ་གཏད། །གཡང་གཏད་ཡོན་བདག་འདི་ལ་གཏད། །གཡང་སྒྱེ་རིན་ཆེན་སྣ་ལྔའི་བཅུད། །དར་སྣ་རྔ་མའི་རྒྱན་གྱིས་བརྒྱན། །མི་ནོར་ཕྱུགས་གསུམ་འཕེལ་བའི་གཡང་། །དེ་རིང་ཡོན་བདག་ཁྱོད་ལ་གཏད། །རིན་


CMR045_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གཡང་བཤོས་རྒྱན་ལྡན་འདི། །བརྗིད་ལྡན་རི་རབ་ལྷུན་པོ་བཞིན། །དགོས་འདོད་འབྱུང་བའི་ནོར་བུ་འདྲ། །དེ་རིང་ཡོན་བདག་ཁྱོད་ལ་གཏད། །གཡང་སྤེལ་པདྨ་འདབ་བརྒྱད་དང་། །གཡང་གི་གསེར་སྦྲུལ་འཁྱིལ་བ་འདི། །དེ་རིང་ཡོན་བདག་ཁྱོད་ལ་གཏད། །རིན་ཆེན་འབྲུ་སྣ་ལྔ་པོ་འདི། །གཡང་ཕོར་མར་ཁུས་བཀང་བ་དང་། །སྣ་ཚོགས་ཟས་སྣ་མང་པོ་དང་། །བདུད་རྩིའི་ཇ་ཆང་འོ་མའི་མཚོ། །རིན་པོ་ཆེ་ནི་སྣ་ལྔ་དང་། །གཡང་ཤུག་རྩེ་རྒྱལ་རྟིང་དཀར་དང་། །ལྷ་མདའ་དར་དཀར་བརྒྱན་པ་དང་། །སྣ་ཚོགས་གཡང་རྫས་འདི་རྣམས་ཀུན། །ཡིད་བཞིན་ནོར་བུ་རིན་ཆེན་འདྲ། །དེ་རིང་ཡོན་བདག་ཁྱོད་ལ་གཏད། །གཡང་སྒྱེའི་གྲོགས་པོ་མ་ཤུད་ཅིག །ནང་བཅུད་སྲུབ་ཏུ་མ་རལ་ཞིག །དར་ཐག་བཀྲག་མདངས་མ་ཡལ་ཞིག །འདྲེ་སྲིན་ཞབས་སུ་མ་འཇབ་ཅིག །གཡང་བཤོས་ལག་ནས་མ་ཤོར་ཞིག །གཡང་སྤེལ་པདྨ་མ་བྲལ་ཞིག །གསེར་སྦྲུལ་མཁའ་ལྡིང་མ་འཇབ་ཅིག །ཞུན་གསུམ་འདྲེ་ཡིས་མ་རློམས་ཤིག །བདུད་རྩིའི་ཆུ་རྒྱུན་མ་སྐམ་ཞིག །གཡང་ནས་དགྲ་ཡིས་མ་ཁྱེར་ཞིག །ཚེ་ཡི་རྟེན་ཕུར་མ་བུད་ཅིག །


CMR045_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་གི་མཚོ་མོ་མ་སྐམ་ཞིག །བཀྲ་ཤིས་བདེ་ལེགས་འབྱུང་བར་ཤོག །སྐྱིད་ཀྱི་ཉི་མ་ཤར་བར་ཤོག །ཚེ་ཡི་རྟེན་ཕུར་ཚུགས་པར་ཤོག །གཡང་གི་རྒྱ་མཚོ་འཁྱིལ་བར་ཤོག །ནོར་གྱི་དཔལ་གཡང་འཕེལ་བར་ཤོག །སྲིད་ཀྱི་ཆུ་མིག་བརྡོལ་བར་ཤོག །བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཅེས་དང་། དེ་ནས་གཡང་སྒོ་བསྡམ་པ་ནི། །འབྲུ་སྣ་གསེར་སྐྱེམས་མཆོད་ཅིང་། །ཀྱཻ། དེ་རིང་ཕྱྭ་གཡང་བརྟན་པའི་ཕྱིར། །ལོངས་སྤྱོད་སྤྱན་གཟིགས་བདུད་རྩིའི་ཕུད། །སྣ་ཚོགས་མཆོད་པའི་གཡང་ལྷ་དང་། །མགྲོན་ལྷ་བཞི་པོ་དགྱེས་པར་མཛོད། །གཡང་ར་བ་སྒོ་བཞི་སྙན་གསོན་དང་། །སྔགས་འཆང་བདག་གི་བཀའ་འདི་བསྒོ། །ཁྱིམ་ལྷ་གེ་ཐུང་བྱ་བ་དེ། །ཆེ་བཙན་བྱེད་པའི་དགྲ་བླ་ཡིན། །དཀར་གསལ་ཚེ་ཡི་བུམ་པ་འཛིན། །ཡོན་བདག་མི་ནོར་འཁོར་བཅས་ཀྱི། །ཚེ་ཡི་དམུ་ཐག་བཟུང་དུ་གསོལ། །སྟག་རལ་གཟིག་ཤུབས་འཁོར་གསུམ་དང་། །ཁྲ་བོ་སྤུངས་དང་དཀྱིལ་ཀ་ལ། །བརྟན་ཆོས་གཞན་དུ་མ་འཁྱམས་ལ། །ཕུག་གི་ལྷ་སྲུང་དམ་པ་མཛོད། །མ་ལྷ་བུ་རྫི་བྱ་བ་དེ། །འཕེན་དར་བྱེད་པའི་དགྲ་བླ་ཡིན། །དམར་གསལ་ཕྱག་


CMR045_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ན་བྱ་ཁྲ་འཛིན། །ཡོན་བདག་མི་ནོར་འཁོར་བཅས་རྣམས། །འདོད་དགུ་འཕེལ་ཞིང་རྒྱས་པར་མཛོད། །མོ་དཔལ་ཕྲག་པ་གཡས་གཡོན་དང་། །རིན་ཆེན་བྱ་ཁྲ་སྦ་ཁྲིག་དང། །སྟག་རས་དར་སྣ་ཤེལ་ཕྱར་ལ། །བརྟན་ཆོས་གཞན་དུ་མ་འཁྱིལ་ལ། །ནོར་ལྷ་རྨ་གཡང་བྱ་བ་དེ། །བཙན་ཕྱུག་བྱེད་པའི་དགྲ་བླ་ཡིན། །སྨུག་པོ་ཡིད་བཞིན་ནོར་བུ་འཛིན། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ནོར་ཕྱུགས་སྐྱོང་བའི་སྲུང་མ་གྱིས། །ཕྱུགས་ཀྱི་སླས་དང་གསེར་གྱི་སྲབ། །གཡུ་མཐུར་ལུག་གི་སོག་གཡས་དང་། །ལྷ་རྟ་ལྷ་ལུག་ལྷ་གཡག་དང་། །བརྟན་ཆོས་གཞན་དུ་མ་འཁྱམས་ལ། །བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །ཐབ་ལྷ་རོག་པོ་བྱ་བ་དེ། །གྲགས་འཛང་བྱེད་པའི་དགྲ་བླ་ཡིན། །སྣ་ཚོགས་མདོག་ཅན་བུམ་པ་འཛིན། །ཡོན་བདག་མི་ནོར་འཁོར་བཅས་ལ། །བདུད་རྩི་བཅུད་ཀྱི་དངོས་གྲུབ་སྩོལ། །ཐབ་འདྲེ་གཞོབ་འདྲེ་ཐལ་བར་རློགས། །གསེར་སྐྱེམས་ཕུད་དང་སྣ་ཚོགས་ཟས། །བཀྲ་ཤིས་གཡུང་དྲུང་འཁྱིལ་བ་ཡི། །རྟེན་ལ་བརྟན་ཆོས་མ་འཁྱམས་ལ། །མི་ནོར་ཟས་གསུམ་བསྲུང་བར་མཛོད། །སྒོ་ལྷ་སྟག་གཡག་བྱ་བ་དེ། །


CMR045_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་དར་བྱེད་པའི་དགྲ་བླ་ཡིན། །ནག་པོ་ལྕགས་ཀྱི་ཐུ་ལུམ་བསྣམས། །དགྲ་འདྲེའི་ཀླད་པ་སྤྱི་ནས་འཇོམས། །བསེ་རག་འདྲེ་གདོན་ཕྱིར་ལ་ཟློག །འཆིང་མོ་སྟོང་དང་གསེར་གྱི་ནི། །འདན་བུ་རིན་ཆེན་ལྡེའུ་མིག་ལ། །བརྟན་ཆོས་གཞན་དུ་མ་འཁྱམས་ལ། །ཟས་ནོར་ཐམས་ཅད་བསྲུང་བར་མཛོད། །གཡང་ར་བ་སྒོ་བཞིའི་སྲུང་མ་རྣམས། །སྣ་ཚོགས་མཆོད་པ་འདི་བཞེས་ལ། །འཁོར་འདས་ཕྲུ་གཡང་གཡང་རྫ་ས་བཅས། །རྒྱུ་སྦྱོར་འདི་ཡི་སྤྱོད་ཡུལ་དུ། །འཛད་མེད་གཏེར་དུ་གྱུར་པ་དང་། །ཡོན་བདག་མི་ནོར་ཟས་གསུམ་བཅས། །དུས་རྣམས་ཀུན་ཏུ་བསྲུང་བར་མཛོད། །དཔལ་འབྱོར་ལོངས་སྤྱོད་ཕྱུ་གཡང་ཀུན། །མི་ཉམས་འཕེལ་རྒྱས་རབ་བརྟན་ནས། །སྦྱིན་བདག་གནས་སྐབས་མཐར་ཐུག་ཀུན། །མི་འཛད་གཏེར་ལ་སྤྱོད་པར་ཤོག །དེ་ནས་གཡང་སྒོ་བསྡམ་པ་ནི། །འདན་བུའི་ཐོགས་ལ་འདི་སྐད་དོ། །ཀྱཻ། །དེ་རིང་ཉི་མའི་གདུང་གང་ལ། །མི་གཡང་ཕྱུགས་རྩི་བསྟན་པ་ནི། །མི་གཡང་མ་ཉམས་གཡང་སྒོ་བསྡམས། །ཕྱུགས་རྩི་མ་འཆུག་གཡང་སྒོ་བསྡམས། །ལྷ་སྲུང་འཁོར་བཅས་གཡང་སྒོ་བསྡམས། །མཆོང་གི་སྒོ་


CMR045_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཐག་གི་འདན། །གསེར་གྱི་འདན་བུས་ཐག་གི་བཀག །ཕྲུ་གཡང་ཕྱི་རུ་མ་འཐོར་ཞིག །ཤར་སྒོ་ཤིང་སྟག་སྐྱ་བོས་སྲུངས། །ལྷོ་སྒོ་གཡུ་འབྲུག་སྔོན་མོས་སྲུངས། །ནུབ་སྒོ་གཉན་བྱ་དམར་མོས་སྲུངས། །བྱང་སྒོ་རུས་སྦལ་རྒྱལ་བོས་སྲུངས། །ཕྱི་སྒོ་གསེར་གྱི་མི་བོ་དང་། །ནང་སྒོ་ལྕགས་ཀྱི་མི་བོ་ཆེས། །སྲུང་ལ་ཕྲུ་གཡང་བརྟན་པར་མཛོད། །སྒོ་སྲུང་མཐུ་རྩལ་མ་ཆུང་ཞིག །བཀྲ་ཤིས་གཡང་རྟེན་མ་འཆུག་ཅིག །འདྲེ་སྲིན་ནང་དུ་མ་ཞུགས་ཤིག །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཤོག །དེ་ནས་ཤིས་བརྗོད་ནི། གཡང་ལྷ་རྣམས་ཀྱིས་ཤིས་བརྗོད་མཛད་པར་བསམ། སྟོན་མཆོག་དམ་པ་ལྷ་མིའི་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིའི་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེར་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཚོགས་ཀྱི་དམ་པ་ལྷ་མིའི་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །


CMR045_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །རྒྱལ་མཚན་རྩེ་མོ་དབང་གི་རྒྱལ་པོ་ནི། །ལྷག་པ་ལྷ་ཡི་གཙུག་གི་རྒྱན་གྱུར་པ། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་པའི། །མཉམ་མེད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་མཛད་པའི། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ཀྱི་བཀྲ་ཤིས་ཤོག །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་། །ཉེ་བའི་སྲས་ཆེན་བརྒྱད་ཀྱི་བཀྲ་ཤིས་ཤོག །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་མ་ལུས་དང་། །བྱང་ཆུབ་སེམས་དང་རྒྱལ་སྲས་མ་ལུས་ཚོགས། །རྡུལ་གཅིག་སྟེང་ན་རྡུལ་སྙེད་བཞུགས་པ་ཡི། །བསླུ་མེད་འཕགས་པའི་ཚོགས་ཀྱི་བཀྲ་ཤིས་ཤོག །བྱ་སྤྱོད་རྣལ་འབྱོར་རྒྱུད་སྡེ་བཞི། །སྟོན་པ་ཉིད་ཀྱིས་གང་གསུངས་པ། །ཕྱི་དང་ནང་དང་གསང་བ་ཡི། །ཡི་དམ་རྣམས་ཀྱི་བཀྲ་ཤིས་ཤོག །རྩྭ་དང་ཞིང་ལ་གནས་གྱུར་


CMR045_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ། །དམ་ཚིག་ཅན་རྣམས་སྐྱོང་མཛད་པའི། །མཁའ་འགྲོའི་ཚོགས་ཀྱི་བཀྲ་ཤིས་ཤོག །བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྒྲུབ་པ་བྱེད་པའི་གང་ཟག་ལ། །བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག །ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། །གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་རྒྱལ་པོ་ཛཾ་བྷ་ལ། །དངོས་གྲུབ་མཆོག་སྩོལ་ནོར་ལྷའི་བཀྲ་ཤིས་ཤོག །རབ་འབྱམས་རྒྱལ་བ་མ་ལུས་སྐྱེད་པའི་ཡུམ། །ཐུགས་རྗེ་ཚད་མེད་ནོར་གྱི་ཆར་པ་འབེབས། །མརྒད་མདོག་ཅན་རིན་ཆེན་རྒྱན་གྱིས་བརྒྱན། །ལྷ་མོ་དཔལ་ཆེན་མོ་ཡི་བཀྲ་ཤིས་ཤོག །གྲངས་མེད་གོང་ནས་མངོན་པར་བྱང་ཆུབ་ཀྱང་། །ཐུགས་རྗེའི་མཐུ་ཡིས་ནོར་སྦྱིན་སེམས་མའི་ཚུལ། །གསེར་མདོག་རིན་ཆེན་རྒྱན་ལྡན་མཛེས་སྡུག་མ། །ལྷ་མོ་ཆེན་མོ་བརྒྱད་ཀྱི་བཀྲ་ཤིས་ཤོག །ཚེ་གཅིག་སངས་རྒྱས་སྒྲུབ་པ་ལ། །ཆོས་དང་མཐུན་པའི་འཚོ་བ་ཡི། །ཚོགས་རྣམས་མ་ལུས་སྟེར་མཛད་པའི། །ནོར་ལྷའི་ཚོགས་ཀྱི་བཀྲ་ཤིས་ཤོག །ཚངས་དང་བརྒྱ་བྱིན་རྒྱལ་པོ་ཆེན་པོ་


CMR045_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

བཞི། །རང་རང་སྡེ་བཅས་མཐུ་དང་དཔལ་ལྡན་པའི། །སྟོན་པའི་དམ་ཆོས་སྐྱོང་བར་མཛད་པ་ཡི། །ལྷ་ཡི་དགེ་བསྙེན་རྣམས་ཀྱི་བཀྲ་ཤིས་ཤོག །ཅེས་རྒྱས་བསྡུས་གང་ལྕོགས་དང་། མི་འགྱུར་ལྷུན་པོ་ཟསོགས། འབད་དང་རྩོལ་བས་ལོ་བརྒྱ་འཚོ་༔ བསོད་ནམས་རི་བོ་སོགས༔ ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་དང། །ནོར་དང་ལོངས་སྤྱོད་འདོད་རྒུས་ཕོངས་མེད་པ། །གོང་ནས་གོང་དུ་འཛད་མེད་གཏེར་ལ་སྤྱོད། །སྦྱིན་པའི་ཕར་ཕྱིན་རྫོགས་པའི་བཀྲ་ཤིས་ཤོག །བགེགས་རིགས་སྟོང་ཕྲག་སོགས། སྟོན་པ་འཇིག་རྟེན་༴ འབྱུང་པོ་གང་དག་འཇིག་རྟེན་བདེ་ཞིང་གནས་འདིར་ཉིན་མོ་སོགས། དེ་ནས་བརྟན་གཞུག་ནི། དཀོན་མཆོག་རྩ་གསུམ་ཨརྱ་ཛཾ་བྷ་ལ། །ལྷ་མོ་དཔལ་དང་འཁོར་གྱི་གྲོགས་མོ་བརྒྱད། །རྣམ་ཐོས་སྲས་སོགས་ཡེ་ཤེས་ནོར་ལྷའི་ཚོགས། །སྦྱིན་བདག་འདོད་པའི་རེ་བ་བསྐང་སླད་དུ། །གཡང་རྟེན་རྣམས་ལ་བརྟན་པར་བཞུགས་ནས་ཀྱང་། །སྦྱིན་བདག་ཚེ་གཡང་ཚོགས་གཉིས་སྤེལ་དུ་གསོལ། །ཨོཾ་ཛྙཱ་ན་བ་སུ་དེ་ཝཱི་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཚོགས་བདག་ཀླུ་རྒྱལ་རྨ་གཉན་འཁོར་


CMR045_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་རྣམས། །སྦྱིན་བདག་འདོད་དོན་མ་ལུས་སྒྲུབ་ནས་སླར། །རང་རང་གནས་སུ་གཤེགས་སོ་བཛྲ་མུ། །ཞེས་གཡང་རྟེན་མདའ་དར་རམ་ཤུག་པ་རིན་ཆེན་སྣ་སོགས་དང་། སྐུའམ་སྔགས་བྲིས་པ་སོགས་ཡོད་ན་དེ་ལ་ཐིམ་པར་བསམ། མདའ་དར་ཤུག་པ་ཡིན་ན་དེ་ཕྱིས་ནས་རྗེ་བ་དང་འདོར་བར་མི་བྱའོ། །བསོད་ནམས་ལོངས་སྤྱོད་འཕེལ་བར་འདོད་པ་ཡི། །གཡང་སྐྱབས་བྱས་ཚེ་མདའ་ཡི་མདེའུ་འམ། །ཁང་པའི་བང་མཛོད་སྒོ་ལྕགས་ཇི་བཞིན་དུ། །མཇུག་དོན་འདི་ནི་རབ་ཏུ་གཅེས་པར་ཟུང་། །པདྨ་རབ་དགས་བསྐུལ་ཕྱིར་སྙོམས་ལས་པ། ༧ །ཀརྨ་པྲཛྙཱ་ཀིརྟིའི་སྔོན་རབ་ཀྱི། །ཡིག་ཆའི་དོན་བསྡུས་ཚིག་ཚོགས་གསར་དུ་བསྡེབས། །སྔགས་ཆུང་མང་པོའི་དགའ་སྟོན་རོལ་མོ་སྤེལ། །དགེ་བས་སེམས་ཅན་གནས་སྐབས་མཐར་ཐུག་གི །རྒུད་པ་བྲལ་ནས་རྫོགས་བྱང་མངོན་བྱེད་ཤོག །ཉེས་པ་མཆིས་བཤགས་ནོངས་པའི་གནས་མཆིས་ན། །བློ་གྲོས་ལྡན་པའི་ཐུགས་ཀྱིས་གཟིགས་སྤྱད་ནས། །ལེགས་པར་འཚོལ་མཛོད་ཁོང་ཁྲོའི་དགྲ་བཙལ་བྱ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གཡང་གཏད་བསྡུས་པ་དང་བཀྲ་ཤིས།


CMR045_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་གཏད་བསྡུས་པ་དང་བཀྲ་ཤིས་བཅས་བཞུགས་སོ།


CMR045_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་མདའ་དར་བཟུང་ལ་འདི་སྐད་དོ།། ཧཱུྃ། རྣམ་ཐོས་བུ་ཡི་ཕྱག་མདའ་འདི། །བསྐོར་བ་ཙམ་གྱིས་གཡུལ་ལས་རྒྱལ། །རག་པ་ཙམ་གྱིས་ཕྱུ་གཡང་འབེབས། །གཡང་མདའ་གཡང་བསྐོར་སྒ་ར་ར། །གཡང་མདའ་གཡང་བསྐོར་ཀྱི་ལི་ལི། །ཕྱེ་མར་ཐོགས་ལ། ཧཱུྃ། སྔོན་ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས། །ལྷ་ཡི་ཕྱེ་མར་བཀོལ་ནས་སུ། །མ་རྨོས་ལོ་ཏོག་རབ་ཏུ་འཕེལ། །ཁྲུས་ཀྱི་རྫིང་བུ་རབ་ཏུ་རྡོལ། །ལྷ་བྲན་མང་པོ་དར་ཞིང་རྒྱས། །དེ་བཞིན་ཡོན་བདག་ལྷ་ཁྱིམ་དཔལ་ཁང་འདིར། །ཕྱེ་མར་གཡང་བསྐོར་སྒ་ར་ར། །ཕྱེ་མར་གཡང་བསྐོར་ཀྱི་ལི་ལི། །


CMR045_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་བཤོས་ཐོགས་ལ། ཧཱུྃ། གཡང་བཤོས་རི་རབ་བྱས་འདྲ་འདི། །བང་རིམ་གསུམ་ནི་སྐྱབས་གནས་གསུམ། །དབུ་ལ་ཡིད་བཞིན་ནོར་བུ་འབར། །རྒྱུ་སྐར་ལྷ་མོ་གཅལ་དུ་བཀྲམ། །རག་པ་ཙམ་གྱིས་ཚེ་རིང་ཐོབ། །བསྐོར་བ་ཙམ་གྱིས་ཕྱྭ་གཡང་འབེབས། །གཡང་བཤོས་གཡང་བསྐོར་སྒ་ར་ར། །གཡང་བཤོས་གཡང་བསྐོར་ཀྱི་ལི་ལི། །གཡང་ཁུག་ཐོགས་ལ། ཧཱུྃ། གཡང་ཁུག་རིན་ཆེན་སྣོད་ལྡན་འདི། །སྐྱོན་སྐྱོན་ཕྱི་བའི་པགས་པ་དང་། །མྱུར་མགྱོགས་སྲེ་མོང་ཁ་སྤུད་དང་། །གཡང་མོ་ལུག་གི་སོག་བལ་དང་། །སྐར་མ་རྒྱལ་གྱི་ཉིན་པར་


CMR045_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བཟོས། །འདི་ཡི་ནང་སྙིང་འབྲུ་ཡིས་བཀང་། །མི་གྲངས་འཕེལ་བའི་བླ་གནས་ཡིན། །དུང་དང་མགྲོན་བུ་བཏགས་པ་འདི། །བཙན་ཕྱུག་འཕེལ་བའི་བླ་གནས་ཡིན། །སྦ་དང་སྨྱུག་མ་བཏགས་པ་ནི། །ཕྲུ་གཡང་འབེབས་པའི་བླ་གནས་ཡིན། །དམ་དམ་ཕར་ཕུར་བཏགས་པ་ནི། །ཕྱུགས་ནོར་འཕེལ་བའི་བླ་གནས་ཡིན། །འདི་རག་པ་ཙམ་གྱིས་ཕྱུ་གཡང་འབེབས། །བསྐོར་བ་ཙམ་གྱིས་ཚེ་རིང་ཐོབ། །གཡང་ཁུག་གཡང་བསྐོར་ཀྱི་ལི་ལི། །མར་མེ་ཐོགས་ལ། ཧཱུྃ། མར་མེ་གཡང་བསྐོར་སྒ་ར་ར། །མར་མེ་གཡང་བསྐོར་ཀྱི་ལི་ལི། །གཡང་གི་མུན་པ་གསལ་བར་ཤོག །ད་ནི་བཀྲ་ཤིས་བྱ་བ་ནི། ཀུན་ལ་དབང་བསྒྱུར་འཁོར་ལོའི་ཕྱུ། །དབང་དུ་སྡུད་པའི་བཀྲ་ཤིས་གསོལ། །མུན་སེལ་འོད་འབར་ནོར་བུའི་ཕྱུ། །དགོས་འདོད་འབྱུང་བའི་བཀྲ་ཤིས་གསོལ། །ཐམས་ཅད་ཀུན་བསྐྱེད་བཙུན་མོའི་ཕྱུ། །མཛེས་སྡུག་དཔལ་གྱི་བཀྲ་ཤིས་གསོལ། །ཕྱི་ནང་དངོས་གྲུབ་བློན་པོའི་ཕྱུ། །ཕྱི་ནང་བརྗིད་པའི་བཀྲ་ཤིས་གསོལ། །ཐེག་ཆེན་སྟོབས་ལྡན་གླང་པོའི་ཕྱུ། །སྟོབས་ཆེན་ཟིལ་གནོན་བཀྲ་ཤིས་གསོལ། །ཅང་ཤེས་ཤུགས་ལྡན་རྟ་མཆོག་


CMR045_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུ། །བདེ་ཆེན་ཞིང་བསྒྲོད་བཀྲ་ཤིས་གསོལ། །ལོག་རྟོག་དཔུང་འཇོམས་དམག་དཔོན་ཁྱུ། །བདུད་ལས་རྒྱལ་བའི་བཀྲ་ཤིས་གསོལ། །མི་དབང་འཁོར་ལོས་སྒྱུར་རྒྱལ་གྱིས། །རིན་ཆེན་སྣ་བདུན་བཀྲ་ཤིས་གང་། །དེང་འདིར་བདག་ཅག་འཁོར་བཅས་ལ། །ཐམས་ཅད་ལྷུན་གྲུབ་བཀྲ་ཤིས་ཤོག །ན་མོ། དབུ་ལ་བཀྲ་ཤིས་གདུགས་ལྟར་མཛེས། །སྐུ་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་མཆོག །གསུང་ལ་བཀྲ་ཤིས་ཆོས་དུང་གཡས་སུ་འཁྱིལ། །ཐུགས་ལ་བཀྲ་ཤིས་དཔལ་གྱི་བེའུ་གསལ། །སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་གྱི་ཉ། །ལྗགས་ལ་བཀྲ་ཤིས་པདྨ་ལོ་འདབ་རྒྱས། །མགུལ་ལ་བཀྲ་ཤིས་རིན་ཆེན་བུམ་པ་བཟང་། །ཕྱག་ན་བཀྲ་ཤིས་ཡོན་ཏན་ནོར་བུ་མཆོག །ཞབས་ལ་བཀྲ་ཤིས་ཕྲིན་ལས་འཁོར་ལོས་མཚན། །རྫས་མཆོག་བརྒྱད་ཀྱི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སརྦ་མངྒ་ལཾ།། ༈ ལྷ་མོ་དཔལ་གྱི་ཆ་ལག་གཡང་སྐྱབས་ལོངས་སྤྱོད་ཀུན་འདུས་བཞུགས་སོ། །གཡང་བཤོས་སོགས་གཡང་རྫས་ཡོན་བདག་ཕོ་མོ་རྣམས་ཀྱིས་བཀྱག་ལ་གཡང་འགུགས་པ་ནི། །ཀྱཻ། དེ་རིང་གནམ་ལ་སྐར་མ་བཟང་། །དེ་


CMR045_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ས་ལ་ཉི་མ་དྲོ། །དེ་རིང་དགའ་བའི་ལྷ་གསོལ་ལོ། །དེ་རིང་སྐྱིད་པའི་ཁྱིམ་ཕུབ་བོ། །ཆེ་བཙུན་དེ་ནི་ཆུང་བཙུན་ཡང་། །གཡང་འགུགས་པའི་རྟེན་ནི་འཛུགས་པར་འཚལ། །ཆེ་བསྐོར་དེ་ནི་ཆུང་བསྐོར་ཡང་། །གཡང་ལྷ་དེ་ནི་མ་བསྐོར་ན། །ཟས་ནོར་དེ་ནི་ཉམས་མི་དོགས། །གཡང་འགུགས་དེ་ནི་ལྷ་གསོལ་འཚལ། །དང་པོ་གཡང་འགུགས་གང་དུ་སྲིད། །རྗེ་གཅིག་གཉའ་ཁྲི་བཙན་པོ་དང་། །གནམ་གཟའ་དེ་ནི་སྨིན་དྲུག་གཉིས། །ལྷ་ཁྱིམ་དེ་ནི་གུར་དུ་ཕུབ། །གཡུ་སྒོང་དེ་ནི་རྣམ་དག་མཆོང་། །དེ་དུས་བཀྲ་ཤིས་གཡང་ཁུག་གི །ཁ་ལ་ཉི་མ་ཟླ་བས་བརྒྱན། །ཞབས་ལ་འཁོར་ལོ་རྩིབས་བརྒྱད་ལྡན། །ནང་ནི་རྒྱ་མཚོ་འཁྱིལ་པ་འདྲ། །ཆེ་རྙེད་ཆུང་རྙེད་གཡང་རྫས་རྣམས། །གཡང་ཁུག་དེ་ཡི་ནང་དུ་བསོག །འཇིག་རྟེན་འདས་དང་མ་འདས་དང་། །ནོར་ལྷ་རྣམས་ཀྱི་རྟེན་དུ་བཙུགས། །གཡང་ལྷ་གང་རྒྱལ་འཁོར་བཅས་ཀྱི། །མི་ནོར་ཟས་གསུམ་འཛོམས་པར་བྱས། །སྔོན་ཡང་བཀྲ་ཤིས་གཡང་སྐྱོབ་ནི། །རྗེ་གཅིག་གཉའ་ཁྲི་བཙན་པོ་ཡི། །གཡང་སྐྱོབ་བཀྲ་ཤིས་དེ་ལྟར་ཤོག །ཀྱཻ། དེ་རིང་རྒྱུ་སྦྱོར་ཡོན་བདག་


CMR045_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

གིས། །གཡང་སྐྱོབ་བཀྲ་ཤིས་ལྷ་གསོལ་ལོ། །གཡང་སྐྱོབ་བཀྲ་ཤིས་ཕོ་བྲང་དུ། །གཡང་བཤོས་གཏོར་མ་རི་ལྟར་སྤུངས། །གཡང་གི་བདུད་རྩི་མཚོ་ལྟར་བསྐྱིལ། །འདོད་ཡོན་ལོངས་སྤྱོད་སྤྲིན་ལྟར་འཁྲིགས། །ཕྱེ་མར་གངས་ཀྱི་རི་ལྟར་སྤུངས། །སྣ་ཚོགས་ཟས་ཕུད་རྫ་ལྟར་བསྙིལ། །མི་འགྱུར་གཡང་གི་རྟེན་རྣམས་བཤམས། །གཡང་གི་དུད་པ་སྤྲིན་ལྟར་འཁྲིགས། །བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཆོས་སྐྱོང་སྲུང་མ་ཐམས་ཅད་དང་། །འགོ་བའི་ལྷ་ལྔ་འཁོར་བཅས་ཀྱི། །ནོར་ལྷ་གཡང་ལྷའི་ཚོགས་བཅས་མཆོད། །བསོད་ནམས་ནོར་གྱི་དངོས་གྲུབ་སྩོལ། །འཛམ་གླིང་གཏེར་གྱི་དངོས་གྲུབ་སྩོལ། །མི་ནོར་ཟས་གསུམ་འཕེལ་བར་མཛོད། །དེ་རིང་ཚེ་ཁུག་གཡང་ཁུག་ཅིག །ཀྱཻ། །ཚེ་བདག་ཆེན་པོའི་ཚེ་ཁུག་ཅིག །གཡང་བདག་ཆེན་པོས་གཡང་ཁུག་ཅིག །ནོར་བདག་ཆེན་པོས་ནོར་ཁུག་ཅིག །བཅུད་བདག་ཆེན་པོས་བཅུད་ཁུག་ཅིག །ཟས་བདག་ཆེན་པོས་ཟས་ཁུག་ཅིག །དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱིས། །མི་ནོར་ཟས་གསུམ་གཡང་ཁུག་ཅིག །བླ་མ་ཡི་


CMR045_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཐུགས་རྗེ་ཡིས། །ཁམས་གསུམ་གནས་ནས་གཡང་ཁུག་ཅིག །ཕྱུ་བདག་ཆེན་པོའི་ཕྲུ་ཁུག་ཅིག །མཁའ་འགྲོ་ཆོས་སྐྱོང་ནུས་མཐུ་ཡིས། །སྲིད་གསུམ་གནས་ནས་གཡང་ཁུག་ཅིག །ནོར་ལྷའི་ཚོགས་རྣམས་འཁོར་བཅས་ཀྱིས། །སྟོང་གསུམ་གཡང་རྣམས་འདིར་ཁུག་ཅིག །འགོ་བའི་ལྷ་ལྔ་འཁོར་བཅས་ཀྱིས། །འཛམ་གླིང་གཡང་རྣམས་འདིར་ཁུག་ཅིག །ཀྱཻ། །གཡང་གི་ཡུལ་གསུམ་བྱ་བ་ནི། །སྲིད་པ་ཕྱ་ཡི་ཡུལ་དང་གཅིག །ཡོད་པ་གཡང་གི་ཡུལ་དང་གཉིས། །ཕྱུ་བྲལ་ཏིང་འཛིན་དེ་དང་གསུམ། །གཡང་ཡུལ་གསུམ་ནས་གཡང་ཁུག་ཅིག །གཡང་ཡུལ་གསུམ་ནས་གཡང་ལེན་ནོ། །ཀྱཻ། །གཡང་གི་རི་གསུམ་བྱ་བ་ནི། །འབྲུ་ཡི་ཕུང་པོ་གཡང་གི་རི། །ཕྱུ་བཤོས་གཡང་བཤོས་གཡང་གི་རི། །གཙུག་རི་ཕྱུག་མོ་གཡང་གི་རི། །གཡང་རི་གསུམ་ནས་གཡང་ཁུག་ཅིག །གཡང་རི་གསུམ་ནས་གཡང་ལེན་ནོ། །ཀྱཻ། །གཡང་གི་མཚོ་གསུམ་བྱ་བ་ནི། །བདུད་རྩི་འོ་མའི་མཚོ་དང་གཅིག །སྨུག་པོ་ཞག་གི་མཚོ་དང་གཉིས། །བདུད་རྩི་རིན་ཆེན་མཚོ་དང་གསུམ། །གཡང་མཚོ་གསུམ་ནས་གཡང་ཁུག་ཅིག །གཡང་མཚོ་གསུམ་


CMR045_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཡང་ལེན་ནོ། །ཀྱཻ། །གཡང་གི་བྱ་གསུམ་བྱ་བ་ནི། །གཅིག་ནི་ཁྱིམ་བྱ་སྤུ་སྡུག་ལགས། །གཅིག་ནི་གཡང་བྱ་དཀར་མོ་ཡིན། །གཅིག་ནི་བྱ་ཁྱུང་མེ་རུ་གང་། །བྱ་གསུམ་གནས་ནས་གཡང་ཁུག་ཅིག །བྱ་གསུམ་གནས་ནས་གཡང་ལེན་ནོ། །ཀྱཻ། །གཡང་གི་མཁར་གསུམ་བྱ་བ་ནི། །ཕྲུ་ཁུག་གཡང་ཁུག་གཡང་གི་མཁར། །གའུ་ཁ་སྦྱར་གཡང་གི་མཁར། །གཉན་ཆེན་དགུ་བརྩེགས་གཡང་གི་མཁར། །གཡང་མཁར་གསུམ་ནས་གཡང་ཁུག་ཅིག །གཡང་མཁར་གསུམ་ནས་གཡང་ལེན་ནོ། །འདི་ཡན་རྒྱུན་དུ་བཏོན་ཀྱང་རུང་། །ཅེས་གཡང་རྫས་རྣམས་གཡང་ཁུག་ནང་དུ་བླུགས་ནས་འདི་སྐད་དོ།། །ཀྱཻ། གཡང་གི་སྔགས་གསུམ་བྱ་བ་ནི། །ཁུ་ཡེ་ཁུ་སྟོན་ཕྱུ་ཡ་ཕུ་སྟོན་དང་། །གཡང་སྔགས་གསུམ་ནས་གཡང་ཁུག་ཅིག །གཡང་སྔགས་གསུམ་ནས་གཡང་བསྐོར་རོ། །ཁུ་ཡེ་ཁུ་ཡེ་ཕུ་ཁུ་ཡེ། །ཁུ་ཡེ་ཁུ་ཡེ་གཡང་ཁུ་ཡེ། །དེ་ནས་གཡང་གི་གྲོགས་པོ་བྱས་ལ་འདི་སྐད་དོ།། །ཀྱཻ། གཡང་གི་རྒྱ་གསུམ་བྱ་བ་ནི། །མི་གྲོལ་མདུད་ཀྱི་རྒྱ་དང་གཅིག །མི་འཆད་ཕྱག་གི་རྒྱ་དང་གཉིས། །མི་ཤིགས་ཕྱག་གི་རྒྱ་དང་གསུམ། །རྒྱས་བཏབ་འདི་


CMR045_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མ་འཇིགས་ཤིག །རྒྱས་བཏབ་འདི་ནི་བརྟན་གྱུར་ཅིག ༈ ཕྱེ་མར་གཡང་སྐྱབས་བཞུགས། དེ་ནས་ཕྱེ་མར་གཡང་སྐྱབས་ལ་བསྐུས་ནས་འདི་སྐད་དོ།། །ཀྱཻ། མགོ་ནག་མི་ཡི་ཕྱུ་ལོངས་ལ། །དུད་འགྲོ་ཀུན་གྱི་ཕྲུ་ཁུག་ཅིག །གཡང་ལ་གཡང་འཕེལ་གནག་གིས་གང་། །གཡང་ལ་གཡང་འཕེལ་ལུག་གིས་གང་། །གཡང་ལ་གཡང་འཕེལ་རྟ་ཡིས་གང་། །གཡང་ལ་གཡང་འཕེལ་བོང་བུས་གོང་། །ནོར་ལ་གཡང་འཕེལ་ཕྱུགས་ཀྱིས་གང་། །ཁྱིམ་ལ་གཡང་འཕེལ་མི་ཡིས་གང་། །དེ་ལྟར་བདག་ལ་བསྩལ་དུ་གསོལ། །དེ་རིང་ཧུ་ཡེ་ཧུ་ལྡན་ནོ། །དེ་རིང་ཕྱུ་ཡེ་ཕྱུ་ལྡན་ནོ། །དེ་ནས་དཀྱིལ་ཀ་ལ་བསྐུས་ཏེ་འདི་སྐད་དོ།། །ཀྱཻ། ད་ནི་ཁྱིམ་ལྷ་གཡང་དུ་ལེན། །ཕ་ནི་སྤྱི་ལྷ་གང་པོ་ཡིན། །མ་ནི་སྤྱན་གཟིགས་རྒྱལ་མོ་ཡིན། །བུ་ནི་ཁྱིམ་ལྷ་གེལ་ཐུང་ཡིན། །གསེར་གྱི་ཀ་བ་མ་འབུད་ཅིག །གཡུ་ཡི་གདུང་མ་མ་ཆག་ཅིག །མཐིང་བུ་ལྷོག་ལྷོག་མ་བྱེད་ཅིག །ཕུ་རུ་གཡུ་སྦྲང་མ་ཞན་ཅིག །དབྱར་གསུམ་སྦྲ་ལ་ཐོག་མ་ལྷུང་། །དགུན་གསུམ་གུར་ལ་མེ་མ་ཤོར། །དུང་གི་བྱ་ལག་མ་འཐོར་ཅིག །དངུལ་གྱི་ཆོན་ཐག་མ་ཆད་ཅིག །དེ་རིང་ཧུ་ཡེ་ཧུ་ལྡན་ནོ། །དེ་རིང་ཕྱུ་ཡེ་ཕྲུ་


CMR045_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ནོ། །དེ་ནས་སྒོ་ཐེམ་ལ་བསྐུས་ལ་འདི་སྐད་དོ།། །ཀྱཻ། ཕྱི་སྒོ་ཕྱི་མའི་ནང་ཤེད་ན། །རིན་ཆེན་གསེར་གྱི་མི་བོ་ཆེ། །གསེར་གྱི་སྦ་འཁར་ཕྱག་ན་བསྣམས། །ནང་སྒོ་ཕྱུག་མོ་བྱ་བ་ནི། །ལྕགས་ཀྱི་རྟེན་མཁར་ཕྱག་ན་བསྣམས། །ཕྱི་མི་སྐྱ་བོ་ནང་དུ་མ་བཏང་ཞིག །ནང་མི་སྨུག་པོ་ཕྱི་ལ་མ་འབུད་ཅིག །ལྷ་ལུག་ཐང་ལ་མ་ལྷུང་ཞིག །སྲིད་ཀྱི་གླང་ཆེན་ནང་ལ་མ་གཏོང་ཞིག །དེ་རིང་ཧུ་ཡེ་ཧུ་ལྡན་ནོ། །དེ་རིང་ཕྱུ་ཡེ་ཕུ་ལྡན་ནོ། །དེ་ནས་ཐབ་ནང་དུ་བཏབ་ལ་འདི་སྐད་དོ།། །ཀྱཻ། ཕ་ནི་བཙན་ལྷ་ཕུར་བུ་དང་། །མ་ནི་བྱམས་ལྡན་བཙུན་མོ་ཡིན། །བུ་ནི་ཐབ་ལྷ་རོག་པོ་ཡིན། །སྐྱེད་པུ་གསུམ་པོ་སྐུ་གསུང་ཐུགས། །མེ་ནི་འབྱུང་བའི་དྭངས་མེ་དྲོད། །སྣོད་དགུ་བཙུགས་པ་གཞལ་ཡས་ཁང་། །འདོད་དགུ་གཡང་གི་ཟས་དང་ལྡན། །དེ་རིང་ཧུ་ཡེ་ཧུ་ལྡན་ནོ། །དེ་རིང་ཕྱུ་ཡེ་ཕྱུ་ལྡན་ནོ། །དེ་ནས་སྒམ་ནང་དུ་བླུགས་ལ་འདི་སྐད་དོ།། །ཀྱཻ། དེ་རིང་ཟས་བརྒྱ་ཕར་བཏང་ཡོད། །སང་ཉིན་ཟས་སྟོང་ཚུར་ལ་ཤོག །བརྩིགས་པའི་རི་བོ་མ་ཉིལ་ཞིག །འཁྱིལ་བའི་མཚོ་མོ་མ་སྐམ་ཅིག །ཟད་མེད་གཏེར་ལ་སྤྱོད་པར་ཤོག །དེ་རིང་ཧུ་ཡེ་ཧུ་ལྡན་ནོ། །དེ་


CMR045_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

རིང་ཕྱུ་ཡེ་ཕུ་ལྡན་ནོ། །དེ་ནས་བག་མ་ཚུར་ལེན་པའི་ཁ་ལ་བླུག་པར་བྱའོ། །ཕར་འགྲོ་མི་ལ་མི་སྦྱིན། དེ་ནས་ནང་མི་རྣམས་ལ་བྱིན་ནས་འདི་སྐད་དོ། །ཀྱཻ། སྐྱིད་པའི་ཟས་མཆོག་ཕྱེ་མར་འདི། །རིགས་བཟང་ལྡན་པའི་བུའམ་བུ་མོར་སྦྱིན། །དཀོན་མཆོག་གསུམ་གྱི་ཐུགས་རྗེ་ཡིས། །ལོ་བརྒྱ་ཐུབ་པའི་སྨོན་ལམ་དང་། །སྟོན་བརྒྱ་མཐོང་བའི་སྨོན་ལམ་ཞུ། །བདེ་སྐྱིད་དཔལ་ལ་སྤྱོད་པར་ཤོག །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་གྲགས་ནམ་མཁའ་ལྟ་བུར་ཁྱབ་གྱུར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བྱང་ཕྱོགས་སྐྱོང་བའི་རྒྱལ་ཆེན་རྣམ་ཐོས་སྲས། །ནོར་གྱི་བདག་པོ་ཨར་ཛཾ་བྷ་ལ། །དབུལ་བ་སེལ་བའི་ལྷ་མོ་ནོར་རྒྱུན་མ། །ནོར་ལྷ་གཏེར་བདག་རྣམས་ཀྱི་བཀྲ་ཤིས་ཤོག །བྱང་ཕྱོགས་སྐྱོང་ཡུམ་ལྷ་མོ་དཔལ་ཆེན་མོ། །ཟས་ནོར་འབྲུ་སྤེལ་བཀྲ་ཤིས་ལྷ་མོ་བཅུ། །སེམས་མ་བརྒྱད་དང་ལྷ་ཆེན་ཚོགས་བདག་ཀླུ། །རྨ་རྒྱལ་ལ་སོགས་ནོར་ལྷའི་བཀྲ་ཤིས་ཤོག །རབ་འབྱམས་རྒྱལ་བ་མ་ལུས་སྐྱེད་པའི་ཡུམ། །ཐུགས་རྗེ་ཚད་མེད་ནོར་གྱི་ཆར་པ་འབེབས། །མརྒད་མདོག་ཅན་


CMR045_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་རྒྱན་གྱིས་སྤྲས། །ལྷ་མོ་དཔལ་ཆེན་མོ་ཡི་བཀྲ་ཤིས་ཤོག །གྲངས་མེད་གོང་ནས་མངོན་པར་བྱང་ཆུབ་མ། །ཐུགས་རྗེ་མཐུ་ཡི་ནོར་སྦྱིན་སེམས་མའི་སྐུ། །གསེར་མདོག་རིན་ཆེན་རྒྱན་ལྡན་མཛེས་སྡུག་མ། །ལྷ་མོ་ཆེན་མོ་བརྒྱད་ཀྱི་བཀྲ་ཤིས་ཤོག །འབད་དང་རྩོལ་བས་མ་གོས་སོགས་དང་། ཉིན་མོ་བདེ་ལེགས་སོགས་བརྗོད། རྟེན་འབྲེལ་སྙིང་པོ་དང་སུ་པྲ་ཏིཥྛ་སོགས་བརྗོད། མདའ་དར་དཀྱིལ་ཀ་ལ་བཙུགས་པར་བྱའོ། །ཞེས་སྔགས་འཆང་རཱ་ག་ཨ་སྱས་སྦྱར་བའོ། །གཡང་ལྷ་ཡེ་ཤེས་པ་རྣམས་སྦྲ་ཁྱིམ་མི་ནོར་འཁོར་དང་བཅས་པ་ལ་བཞུགས། འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་ལོ་ཀ་སརྦ་གཙྪ།

ལྷ་མོ་དཔལ་གྱི་རྗེས་ཆོག


CMR045_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཆོག་མཆོད་བསྟོད་ཞལ་རྒྱུན་ལྟར་ལ། བཱ་སུ་དྷ་རི་ནི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པཱ་དཾ་སོགས་ཤབྟ་པྲ་ཏིཙྪ་སྭཱ་ཧཱ། གྲངས་མེད་གོང་ནས་མངོན་པར་བྱང་ཆུབ་ཀྱང་། །ཐུགས་རྗེའི་མཐུ་ཡིས་ནོར་སྦྱིན་སེམས་མའི་ཚུལ། །གསེར་མདོག་རིན་ཆེན་རྒྱན་ལྡན་མཛེས་སྡུག་མ། །ལྷ་མོ་ཆེན་མོ་བརྒྱད་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་ནུས་པ་མ་མཆིས་པ། །བགྱིས་པ་དང་ནི་བགྱིད་བསྩལ་བ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །དཀོན་མཆོག་གསུམ་དང་ཨརྱ་ཛཾ་བྷ་ལ། །ལྷ་མོ་དཔལ་དང་འཁོར་གྱི་གྲོགས་མོ་བརྒྱད། །རྣམ་ཐོས་སྲས་སོགས་ཡེ་ཤེས་ནོར་ལྷའི་ཚོགས། །སྦྱིན་བདག་འདོད་པའི་རེ་བ་སྐོང་སླད་དུ། །གཡང་རྟེན་རྣམས་ལ་བརྟན་པར་བཞུགས་ནས་ཀྱང་། །སྦྱིན་བདག་ཆེ་གཡང་ཚོགས་གཉིས་སྤེལ་དུ་གསོལ། །ཨོཾ་ཛྙཱ་ན་བཱ་སུ་དེ་ཝཱི་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཚོགས་བདག་ཀླུ་རྒྱལ་རྨ་གཉན་འཁོར་དང་བཅས། །སྦྱིན་བདག་འདོད་དོན་མ་ལུས་


CMR045_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་ནས་སླར། །རང་རང་གནས་སུ་གཤེགས་སོ་བཛྲ་མུཿ །སརྦ་ལོ་ཀ་གཙྪ། ཞེས་འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས། །གཡང་ལྷ་ཡེ་ཤེས་པ་རྣམས་མདའ་དར་རམ། ཤུག་པ་སྦྲ་ཁྱིམ་སོགས་ལ་ཐིམ་པར་བསམས་ལ། གཡང་ཁུག་ལ་ཉིན་པར་ཚགས་བྱ། གཏོར་མ་ཚོགས་གཡང་རྫས་ལྷག་མ་ནང་མིས་དངོས་གྲུབ་རོལ་ལ་ཞག་བདུན་འབྲིང་ལྔ་ཐ་མའང་གསུམ་ལ་ཟས་དཀར་མཚན་ཅན་ཕྱིར་སྟོང་བར་མི་བྱ། ཤ་ཁྲག་སོགས་མི་གཙང་བའི་ཟས་དང་ཕྱིས་མི་ཡོང་ནང་དུ་མི་འོང་པའི་མཚམས་སྲུང་བསོད་ནམས་ལོངས་སྤྱོད་འཕེལ་བར་བྱ་བ། ལྷ་མོ་དཔལ་གྱི་གཡང་སྐྱབས་བྱ་བའི་ཚེ། ལྷན་ཐབས་སྒོ་ལྕགས་ལྟ་བུ་འདི། པདྨ་རབ་གསལ་བསྐུལ་ཕྱིར་སྙོམས་ལས་པ། ཀརྨ་རཱ་ག་ཨ་སྱའི་སྔོན་རབས་ཀྱི། དོན་བསྡུས་ཚིག་རབ་གསར་དུ་སྤེལ། སྔགས་ཆུང་མང་པོའི་དགའ་སྟོན་རོལ་མོ་སྤེལ།། །།

ལྷ་མོ་དཔལ་གྱི་གཡང་སྐྱབས་ཀྱི་སྒྲུབ་ཐབས་དམིགས་རིམ་ཞལ་གདམས་དཔེའུ་རིས་མན་ངག་ཐུགས་ཀྱི་ཡང་ཏིག་གསལ་བར་བཀོད་པ།


CMR045_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོ་དཔལ་གྱི་གཡང་སྐྱབས་ཀྱི་སྒྲུབ་ཐབས་དམིགས་རིམ་ཞལ་གདམས་དཔེའུ་རིས་མན་ངག་ཐུགས་ཀྱི་ཡང་ཏིག་གསལ་བར་བཀོད་པ་བཞུགས་སོ། །


CMR045_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དེ་ཝ་ཛཾ་བྷ་ལ་ཡེ། སེམས་ཅན་དབུལ་ཕོངས་ཞི་མཛད་ལྷ་མོ་དཔལ། །བཀྲེས་པའི་སྡུག་བསྔལ་སེལ་བྱེད་ཆེན་མོ་ལ། །བསོད་ནམས་ལོངས་སྤྱོད་མངའ་ཐང་རྒྱས་མཛད་ཕྱིར། །གུས་པས་ཕྱག་འཚལ་འགྲོ་ལ་ཕན་དོན་དུ། །ལྷ་མོ་དཔལ་གྱི་སྒྲུབ་ཐབས་ཟབ་ཁྱད་བྲི། །ཤིན་ཏུ་དབེན་ཞིང་ཉམས་དགའི་གཞི་མ་ལ། །གཞུང་དུ་བཤད་པའི་གཡང་རྫས་སྣ་ཚོགས་བསགས། །བཤོས་ཆེན་བཤོས་ཕྲན་རྣམས་ཀྱང་གཞུང་བཞིན་བཤམས། །གཡས་སུ་ཕོ་ཡི་རྟེན་ལ་མདའ་དར་དང་། །གསེར་དངུལ་ལ་སོགས་རིན་པོ་ཆེ་ཡི་རིགས། །དར་ཚོན་སྣ་ལྔས་བརྒྱན་པ་གཡས་སུ་བཙུགས། །གཡོན་དུ་འབྲི་བརྒྱའི་མར་ལ་མར་ཁུའི་མཚོ། །ལོངས་སྤྱོད་ཐབ་ཁ་རྒྱས་ཕྱིར་གཡོན་དུ་བཤམས། །མདུན་དུ་གཡང་སྒྱེ་གེ་ལུ་བལ་ཚོན་བརྒྱན། །


CMR045_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་ནང་དུ་འབྲུ་སྣ་གང་འཛོམ་དང་། །ཕྱུག་པོ་ཡུལ་གྲགས་ཅན་གྱི་སྤུ་སྣ་བཅུག །ལོ་ཐོག་དབང་སྡུད་བཟང་ཞིང་ས་སྣ་བསྡུས། །ཚེ་སྲོག་བརྟན་པའི་བླ་ཤུག་རྒྱབ་ཏུ་འཛུགས། །དངོས་གྲུབ་གང་འདོད་འབྱུང་བའི་ཕྱེ་མར་བཤམས། །ཚེ་རིང་དཔལ་འབྱོར་རྒྱས་པའི་གཡང་རྫས་བསགས། །གཡས་གཡོན་ལྷ་ཀླུ་མདུན་དུ་རྨ་རྒྱལ་གྱི། །བཤོས་བུ་རང་མཐུན་རྫས་ཀྱིས་བསྐོར་བར་བསྐོར། །རྗེ་ལ་འབངས་འཁོར་རྒྱས་པའི་བརྡ་ཡིན་ཕྱིར། །སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་བཅའ་ཚུལ་གསུངས། །བདག་གིས་གནམ་ཆོས་ནས་བྱུང་གཏེར་ཆོས་དང་། །ཁྱེད་ཀྱི་ཐུགས་ལས་བྱུང་བའི་ཆོས་གཏེར་འདི། །ཚིག་གི་བསྒྱུར་སོ་མ་གཏོགས་འདྲ་བར་གསུངས། །དེ་སྐད་མི་འགྱུར་རྡོ་རྗེས་གསུངས་པའོ། །བདག་གིས་མི་འགྱུར་རྡོ་རྗེར་འདི་སྐད་ཞུས། །མ་


CMR045_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་ཕྱི་རབས་དབུལ་པོའི་དོན་ཕྱིར་དུ། །ལྷ་མོ་དཔལ་གྱི་སྒྲུབ་ཐབས་ཆ་ཚང་ཞིག །བྲིས་ནི་འགལ་འཁྲུལ་ཉེས་པ་ཨེ་འབྱུང་ཞུས། །གཞན་ལ་ཕན་ཡང་རང་ཉིད་དབུལ་ཉེས་ཡོད། །དེ་ཕྱིར་མང་དུ་སྤེལ་བར་མི་རུང་གསུངས། །སློབ་དཔོན་ཐུགས་ཀྱིས་གཏེར་ལ་ཉེས་འགལ་མེད། །དེ་སྐད་གསུངས་པས་དམིགས་རིམ་སྒྲུབ་ཐབས་བཀོད། །འདི་ཡི་སྒྲུབ་ཐབས་དམིགས་རིམ་བཀོད་པ་འདི། །དམ་ལྡན་སྙིང་གི་བུ་ནི་མ་གཏོགས་པར། །བཀའ་རྒྱ་ཤིན་ཏུ་ཆེ་བས་སྤེལ་མི་རུང། །ཞེས་སོ། །སྒྲུབ་སྔགས་དམིགས་རིམ་འདི་ཉིད་ནི། །སྒྲུབ་པ་བྱེད་དམ་གཡང་སྐྱབས་དུས། །རྣོ་མྱུར་ལྡན་པའི་དམིགས་རིམ་དང་། །བྱིན་རླབས་ལྡན་པའི་སྒྲུབ་པ་རྣམས། །ཚེས་གྲངས་གཟའ་སྐར་བཟང་པོར་བྱ། །ཞེས་གསུངས། །ཁྲོ་བོ་བདུད་རྩི་འཁྱིལ་པ་ཡི། །ཐུགས་ཀའི་ཧཱུྃ་ཡིག་དེ་ཉིད་ལས། །བདུད་རྩི་རྒྱུན་དུ་བབ་པ་ཡི། །མི་གཙང་ནད་གདོན་སྡིག་སྒྲིབ་ཚོགས། །སྲིན་བུའི་ཚུལ་དུ་བུད་པར་བསམ། །ཁྲུས་ཆུ་གཏོར་བའི་དམིགས་རིམ་ནི། ཧཱུྃ། ང་ནི་ཁྲོ་བོ་བདུད་རྩི་འཁྱིལ། །བདུད་རྩི་འཁྱིལ་པའི་བྱིན་རླབས་ཀྱིས། །སོགས་བརྗོད། སྦྲ་ཁྱིམ་རྣམས་ཐ་མལ་དུ་མ་ཡིན་པ་སྐད་ཅིག་རྒྱུ་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཀྱི་ཁང་པ་གྲུ་བཞི་སྒོ་བཞི་པ། སྟོང་ཞིང་གསལ་ལ་གསལ་ཞིང་སྟོང་པ་གསེར་གྱི་ར་བ་དང་རིན་པོ་ཆེ་དང་མ་རྨོས་པའི་ལོ་ཏོག་ཕུན་


CMR045_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པ་དུས་འཁོར་བ་མ་སྟོང་བར་དུ་རྒྱུན་མི་འཆད་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པར་བསྒོམས་ལ། གནས་ཁང་བྱིན་གྱིས་རླབས་པ་ནི། ཧཱུྃ། དངོས་གྲུབ་ཀུན་གྱི་བདག་པོ་སྟེ། །ལྷ་མོའི་བྱིན་རླབས་མཛད་པ་ཡི། །ཚེ་དབང་ལོངས་སྤྱོད་ཀུན་གྱི་བདག །གནས་ཁང་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་བྱིན་གྱིས་བརླབས་ནས། སྟོང་པའི་ངང་ལས་སྦྲ་ཁྱིམ་འདི། །ཅེས་སོགས་ནས། ས་གཞི་གསེར་ལས་གྲུབ་པའི་པདྨ་འདབ་བརྒྱད་དང་ལྡན་པའི་སྟེང་གི་གཡང་རྫས་བསམ་གྱིས་མི་ཁྱབ་པ་ལས་འོད་འཕྲོས་པས། །གཡང་གི་ལྷ་མོ་དེ་ཉིད་ཀྱིས་དགོངས་ནས། ངས་ཡོན་བདག་འདི་ལ་མི་ཟད་པའི་གཏེར་འཕེལ་ཆེ་བ་འབྲུ་ཡི་དངོས་གྲུབ་ས་ཡི་ལྷ་མོ་དང་ལོངས་སྤྱོད་མཉམ་པའི་མོས་གུས་གདུང་ཤུགས་ཀྱིས་གསོལ་བ་ཡང་ཡང་བཏབ་པ། །ཀྱཻ། དེ་རིང་གཟའ་སྐར་ཚེས་གྲངས་བཟང་། །སོགས་ཅེས་པས། གཡང་གི་ལྷ་མོ་སྐུ་མདོག་ལྗང་སྔོན། ཞལ་གཅིག་ཕྱག་གཉིས་ཞི་འཛུམ་མཛེས་པའི་ཉམས་ཅན་དེ་ཡི་ཐུགས་ཀ་ནས་བཾ་ཡིག་སྔོན་པོ་ལས་འོད་ཟེར་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་ཕོག་པས་ཕྱི་སྣོད་འཇིག་རྟེན་གྱི་ཚེ་དང་


CMR045_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་བཀྲག་མདངས་གཟི་མདངས་ཐམས་ཅད་འོད་ཟེར་སྔོན་པོའི་ཚུལ་དུ་བསྡུས་ནས་སྦྲ་ཁྱིམ་དང་གཡང་རྫས་རྣམས་ལ་ཐིམ་པས་འབྱོར་པ་ལོངས་སྤྱོད་ལ་སོགས་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་མཉམ་པར་བསམས་ལ། ཧཱུྃ། གཡང་གི་ལྷ་མོ་དཔལ་ཆེན་མོ། སྐུ་མདོག་ལྗང་ཁུ་སོགས་ནས་མོས་གུས་དྲག་པོའི་དབྱངས་སྙན་པོས། བུ་ཡིས་མ་ལ་འབོད་པའི་ཚུལ་ལྟར་ཡིད་བྱམས་པའི་སེམས་ཀྱིས་སྐྱབས་སུ་མཆིའོ་བསམ་ཞིང་མཆོད་དོ།། ཧཱུྃ། གཡང་གི་ལྷ་མོའི་ཐུགས་ཀར་ཉི་གདན་ལ། །སྔགས་ཕྲེང་གཡས་སུ་འཁོར་ཚེ་དཔལ་འབྱོར་རྒྱས། །གཡོན་དུ་འཁོར་ཚེ་བདེ་སྐྱིད་ལོངས་སྤྱོད་ལྡན། །བར་དུ་འཁོར་ཚེ་སྙན་གྲགས་མངའ་ཐང་ཆེ། །སྟེང་དུ་འཁོར་བས་དབུལ་ཕོངས་དགུང་དང་མཉམ། །འོག་ཏུ་འཁོར་བས་གོད་འདྲེ་རྡུལ་དུ་བརླག །སྔགས་ཀྱི་འོད་ཀྱིས་གཡང་གི་ལྷ་ཚོགས་བསྐུལ། །དེ་ཡི་འོད་ཟེར་ནོར་རྒྱུན་མ་ལ་ཕོག །འོག་མིན་གནས་དང་ཕྱོགས་བཅུའི་ཞིང་ཁམས་དང་། །ཁམས་གསུམ་སྲིད་གསུམ་ཚེ་རིང་དཔལ་འབྱོར་སོགས། །བདག་དང་ཡོན་བདག་ལ་ཐིམ་ལོངས་སྤྱོད་ལྡན། །སྔགས་སྒྲ་སྒྲོག་པ་འབྲུག་ལྟར་གྲག་པར་གྱུར། །བསམ། སྙད་ཐེ་དན་ཛི་ནི་གི་ནི་སོགས་


CMR045_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཕྲག་བདུན་ལས་མི་ཉུང་བར་བཟླས་སོ། ལྷ་མོ་ནོར་རྒྱུན་མའི་ཐུགས་ཀ་བཻ་ཡིག་སེར་པོ་ལས་འོད་ཟེར་འཕྲོས་པས་སྲིད་པ་གསུམ་ལ་ཕོག །སྲིད་པ་གསུམ་གྱི་མངའ་ཐང་དཔལ་འབྱོར་ཐམས་ཅད་ཚུལ་བསྡུས་ནས་གཡང་རྫས་དང་མི་ནོར་ལ་ཐིམ་པར་བསྒོམས་ལ། །ཧཱུྃ། གཡང་གི་ལྷ་མོ་ནོར་རྒྱུན་མ། །ཞེས་སོགས་ནས། ནོར་རྒྱུན་མ་ཡི་ཐུགས་ཀར་བཻ་ཡིག་སེར། །དེ་ལས་འོད་འཕྲོས་ལྷ་མོ་མཆེད་བརྒྱད་བསྐུལ། །མཆེད་བརྒྱད་ཐུགས་ཀའི་འོད་ཟེར་ཕྱོགས་བཅུར་འཕྲོས། །སྲིད་པ་གསུམ་གྱི་ཐུགས་རྗེའི་མཐུ་སྟོབས་དང་། །བདེ་སྐྱིད་ལོངས་སྤྱོད་འདོད་དོན་ཕུན་སུམ་ཚོགས། །ཚེ་དཔལ་བསོད་ནམས་མངའ་ཐང་རབ་རྒྱས་ནས། །རྟག་ཏུ་མི་འབྲལ་ཐུགས་རྗེས་བཟུང་དུ་གསོལ། །མི་འབྲལ་འགྲོགས་ལ་གཡང་ལྷ་བརྟན་པར་བཞུགས། །སྔགས་སྒྲ་སྒྲོགས་པས་འགོང་པོ་དམ་སྲི་འདུལ། །གྲག་སྟོང་སྒྲ་དེས་བདེ་སྐྱིད་དངོས་གྲུབ་ཐོབ། །ཅེས་བསྒོམས་ལ། ཏདྱ་ཐཱ། ཛི་ནི་གྷི་ནི་སརྦ་ཨརྦ་ས་དྷ་ན་སོགས་གཞུང་བཞིན། ཨོཾ་ཙནྡ་ཀནེ་ཡེ་སྭཱ་ཧཱ། སོགས་མཆེད་བརྒྱད་སྔགས་ལ། སརྦ་བྷ་སུ་སིདྡྷི་སིདྡྷི་ཧཱུྃ་སྭཱ་ཧཱ། བཏགས། སྒྲུབ་ཐབས་འདི་ལ་རབ་འབུམ་ཕྲག་བརྒྱད། འབྲིང་འབུམ་ཕྲག་


CMR045_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ། ཐ་མའང་འབུམ་ཕྲག་གསུམ་ལས་མི་ཉུང་བར་བཟླའོ། །དེ་ལྟར་བཟླས་པས་འགྲུབ་པའི་རྟགས་རྣམས་ནི། །མེ་ཏོག་སྣ་ཚོགས་སྐྱེས་སར་ཕྱིན་པ་དང་། །གསེར་དངུལ་རིན་ཆེན་བང་མཛོད་རྙེད་པ་དང་། །རིན་ཆེན་འབྲས་བུ་ལོ་ཐོག་བརྗེ་བ་དང་། །དེ་དག་རྨིས་ན་འགྲུབ་པའི་རྟགས་ཡིན་ནོ། །དུས་ངན་སྙིགས་མར་སྔགས་པ་དམ་མེད་ཀྱི། །ཚད་དང་མི་ལྡན་བསྙེན་སྒྲུབ་མི་བརྩོན་པ། །ཡི་དམ་ལྷ་ལ་སྨད་ཅིང་སྐུར་པ་འདེབས། །ལྷ་ཡང་ཡི་མུག་རི་རབ་ཕར་ལ་གཟིགས། །ལྷ་སྲིན་སྡེ་བརྒྱད་མང་པོ་རླུང་ལྟར་འཚུབ། །འགོང་པོ་དམ་སྲི་སྤུན་དགུསའིས་ཁམས་གང་། །མི་ལ་ཚེ་མེད་ནོར་ལ་དབུལ་ཕོངས་མང་། །ས་བཅུད་ཉམས་ཤིང་ལོ་ཏོག་འབྲས་བུ་མེད། །ཕུན་སུམ་ཚོགས་པའི་རྟགས་རྣམས་ཐམས་ཅད་ནུབ། །མུ་གེ་ནད་ཡམས་མང་པོའི་བསྐལ་པ་དར། །དེ་ཡི་སྡུག་བསྔལ་དཔག་མེད་འབྱུང་བའི་དུས། །ནོར་སྒྲུབ་འདི་ལ་བརྩོན་དང་བུ་སློབ་ཀུན། །མན་ངག་མང་པོའི་བཅུད་བསྡུས་ཡང་སྙིང་ཡིན། །མང་གྲགས་ཆེ་ན་ཀུན་གྱིས་ཉམས་ལེན་དཀའ། །ཉམས་ལེན་བདེ་ཕྱིར་ཀུན་གྱི་དོན་བསྡུས་ཡིན། །འདི་ཉིད་བསྒྲིགས་ན་རུང་དང་མི་རུང་སྙམ། །ཡི་དམ་ལྷ་ལ་གསོལ་བ་ཡང་ཡང་བཏབ། །དེ་ནས་ནོར་རྒྱུན་མ་སོགས་ལྷ་མོ་ལ། །ཚོགས་འཁོར་བསྐོར་ནས་མཎྜལ་བརྒྱ་རྩ་ཕུལ། །དེ་ནས་ཡེངས་མེད་འཁྲུལ་མེད་ངང་ཉིད་ལས། །རྫོགས་རིམ་ཕྱག་རྒྱ་ཆེན་པོ་ནན་ཆེར་སྒོམ། །དེ་དུས་ཡེངས་བའི་སྣང་བ་ཡུད་ཙམ་ལ། །མདུན་གྱི་ནམ་མཁར་པདྨ་ཟླ་བའི་གདན། །དེ་སྟེང་རིན་ཆེན་སྣ་ཚོགས་ཁྲི་


CMR045_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་སྟེང་། །བུད་མེད་གཞོན་ནུ་མཛེས་མ་ལྟ་ན་སྡུག །ལྟ་བས་མི་བཟོད་གཟི་བརྗིད་མདངས་ལྡན་པའི། །ཞལ་ནས་མཁའ་འགྲོའི་གསུང་དབྱངས་སྙན་པ་ཡིས། །ཚེ་གཅིག་སངས་རྒྱས་སྒྲུབ་པའི་རྣལ་འབྱོར་ལ། ང་ཡི་སྒྲུབ་ཐབས་ཟབ་མོ་བཀོད་པ་ལས། །ཉེས་འགལ་མི་འབྱུང་སེམས་ཅན་དོན་ཕྱིར་དུ། །ཐུགས་ཀྱི་ཡང་སྙིང་བུ་སློབ་གཅིག་ལ་གཏོད། །དངོས་གྲུབ་ལུང་བསྟན་ཐུགས་ཀྱི་ཡང་སྙིང་འདི། །རུ་པ་བརྩོན་འགྲུས་རྒྱ་མཚོ་ཞེས་བྱ་དང་། །། བདག་ལས་ལྷག་པའི་པདྨ་རིག་འཛིན་གྱིས། །ཐུགས་དམ་མཛོད་ལ་ཉམས་ལེན་བརྩོན་འགྲུས་སྐྱོང་། །བཀའ་ཡི་སྲུང་མ་རྨ་རྒྱལ་སྤོམ་ར་ཡིས། །ཐུབ་པར་སྲུངས་ཤིག་མི་མགོན་དཀར་པོའི་ཚོགས། །ཕྱི་རབས་སེམས་ཅན་ལོངས་སྤྱོད་ལྡན་གྱུར་ཅིག །དེ་སྐད་བཀའ་སྩལ་རཱ་ག་ཨ་སྱ་ཡིས། །ལེགས་གཏམ་ཚིག་འཁྱལ་སྨྲས་པ་མ་ཡིན་ཏེ། །ཤིང་རྟ་གྲོ་ཞུན་ཟླ་བའི་ཡར་ཚེས་ཉིན། །ཐུན་བཞི་བར་མར་རྫོགས་པར་བྲིས་པ་འདི། །ཡི་གེ་པདྨ་ཐབས་མཁས་ཞེས་བྱས་བཀོད། །ཉེས་འགལ་བཤགས་ཤིང་དགེ་བས་འགྲོ་ཕན་ཤོག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ལྷ་མོ་དཔལ་གྱི་གཡང་གཏད།


CMR045_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ། དགུང་སྔོན་རིམ་པ་བཅུ་གསུམ་ཡང་སྟེང་ནས། །གནམ་གྱི་གུང་རྒྱལ་གཡང་གི་བུམ་པ་འཛིན། །འཆི་མེད་ཚེ་ཡི་དངོས་གྲུབ་གཡང་དུ་ལེན། །འོག་ཕྱོགས་གཙུག་ན་རིན་ཆེན་གཡང་གི་བདག །ཕྱག་ན་རིན་ཆེན་གཡང་གི་བུམ་པ་འཛིན། །འཛད་མེད་ནོར་གྱི་དངོས་གྲུབ་གཡང་དུ་ལེན། །བར་སྣང་གཉན་རྗེ་གོང་སྔོན་གཡང་གི་བདག །ཕྱག་ན་གཡང་བུམ་དར་དཀར་གཡུ་གིས་བརྒྱན། །ཕྱོགས་བཅུ་ཀུན་གྱི་ཟས་ནོར་གཡང་དུ་ལེན། །རྒྱ་གར་ཆོས་ཀྱི་རྒྱལ་པོའི་ཆོས་གཡང་དང་། །རྒྱ་ནག་ཁྲིམས་ཀྱི་རྒྱལ་པོའི་ཁྲིམས་གཡང་དང་། །སྟག་གཟིག་ནོར་གྱི་རྒྱལ་པོའི་ནོར་གཡང་དང་། །གེ་སར་དམག་གི་རྒྱལ་པོའི་དམག་གཡང་དང་། །ཇི་གིང་ཧོར་གྱི་རྒྱལ་པོའི་བཙན་གཡང་དང། །སྐུ་རྒྱལ་བོད་ཀྱི་རྒྱལ་པོའི་ཚེ་གཡང་རྣམས། །དེ་རིང་ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཧྭ་ཡེ་ཧུ་ཡེ་གཡང་བརྟན་ནོ། །སྤུང་སྤུང་བྱོན་ལ་བརྟེན་ཕུར་ཚུགས། །འཆི་མེད་ཚེ་ཡི་དངོས་གྲུབ་དང་། །འཛད་མེད་ནོར་གྱི་དངོས་གྲུབ་དང་། །འཛམ་གླིང་གཏེར་གྱི་དངོས་གྲུབ་དང་། །ཕྱྭ་དང་གཡང་གི་དངོས་གྲུབ་དང་། །རྒྱུ་སྦྱོར་ཡོན་གྱི་བདག་པོ་


CMR045_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི། །ཕ་མཚུན་དགྲ་བླ་གཡང་དང་བུ་རྒྱུད་འདི། །ཁྱུང་དང་གཤོག་པ་བཞིན་དུ་མ་འབྲལ་ཅིག །སེང་གེ་གཡུ་རལ་བཞིན་དུ་མ་འབྲལ་ཅིག །སྟག་དང་འཛུམ་དྲུག་བཞིན་དུ་མ་འབྲལ་ཅིག །ཉ་མོ་གསེར་མིག་བཞིན་དུ་འབྲལ་མེད་མཛོད། །ཕ་བཙུན་དགྲ་བླའི་གཡང་དང་དངོས་གྲུབ་རྣམས། །ཕ་སྤུན་ཤག་རོག་བུ་སྲིང་གི །ཡུལ་དུ་མ་འཁྱམས་མ་བྲོས་བར། །ཡུལ་མཁར་ཁང་ཁྱིམ་སྦྲ་གུར་དང་། །གོ་མཚོན་རྟེན་རྫས་འདི་རྣམས་ལ། །དུས་རྣམས་རྟག་ཏུ་བརྟན་པར་བཞུགས། ༈ །མཁའ་འགྲོ་ཆོས་སྐྱོང་ཚོགས་ལ་ཕྱག་འཚལ་ལོ། །ཁྱིམ་ལྷ་གེ་ཐུང་ཁྱོད་ལ་གཡང་གཏད་དོ། །གསེར་གྱི་ཀ་བ་ཤགས་སེ་མ་གས་ཤིག །གཡུ་ཡི་གདུང་མ་གྲུམས་སེ་མ་ཆག་ཅིག །ཕྱུ་གཡང་ཐམས་ཅད་ཁྱིམ་ལྷ་གེ་ཐུང་ཁྱོད་ལ་གཏད་དོ། །བཅོལ་ལོ་ཕྱི་སྒོ་འདི་ཕྱི་ནས་སྡོམས་ཤིག །ཕྱི་གསེར་གྱི་མི་བོ་ཆེ་འདི་ཡི་ཕྱག་ན་གསེར་གྱི་འདན་དཀར་བསྣམས། ཕྱི་མི་སྐྱ་བོ་ནང་ལ་མ་བཏང་ཞིག །ནང་སྒོ་འདི་ནང་ནས་སྡོམས་ཤིག །ནང་ལྕགས་ཀྱི་མི་བོ་ཆེ་འདི་ཡི་ཕྱག་ན་ལྕགས་ཀྱི་འདན་སྔོན་བསྣམས། ནང་མི་སྨུག་པོ་ཕྱི་རུ་མ་བཏང་ཞིག །ཁྱིམ་ལྷ་གེ་ཐུང་ཁྱོད་ཀྱིས་སྲིན་


CMR045_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གླང་སྣ་སུ་ལ་མ་བཏང་ཞིག །ལྷ་ཡི་ལུ་གུ་ཐང་ལ་མ་འབུད་ཅིག །ཁྱིམ་ལྷ་གེ་ཐུང་ཁྱོད་ལ་གཡང་གཏད་དོ། །ཐབ་ལྷ་ཡུ་མོ་ཁྱོད་ལ་གཡང་གཏད་དོ། །ཞིང་ལྷ་ཚངས་པ་ཁྱོད་ལ་གཡང་གཏད་དོ། །ཕྱུགས་ལྷ་ལྗང་གུ་ཁྱོད་ལ་གཡང་གཏད་དོ། །རྟ་ལྷ་ཨརླ་ཁྱོད་ལ་གཡང་གཏད་དོ། །ལུག་ལྷ་སྨན་བུ་ཁྱོད་ལ་གཡང་གཏད་དོ། །གཡག་ལྷ་རལ་དཀར་ཁྱོད་ལ་གཡང་གཏད་དོ། །འབྲི་ལྷ་ཤམ་པོ་ཁྱོད་ལ་གཡང་གཏད་དོ། །ར་ལྷ་ཚེ་རེ་ཁྱོད་ལ་གཡང་གཏད་དོ། །ཕྱུ་མ་འབྲོས་གཡང་མ་ཉམས་ཤིག །བཀྲ་ཤིས་ཕྱུ་གཡང་བརྟན་པར་མཛོད། བདེ་ལེགས་ཕུན་སུམ་ཚོགས་པའི་གཡང་བརྟན་ནོ། །ཧཱུྃ། གཡང་གི་ལྷ་མོ་དཔལ་ཆེན་མོ། །ལྷ་མོ་ཆེན་མོ་བརྒྱད་དང་བཅས། །ཕྱུ་དང་གཡང་གི་དངོས་གྲུབ་རྣམས། །ཡོན་བདག་སྦྲ་ཁྱིམ་ཞིང་ཁང་ལ། །དུས་རྣམས་ཀུན་ཏུ་བརྟན་པར་བཞུགས། །བུ་ཚ་དབོན་སྲས་འདི་རྣམས་ལ། །ཁ་འཛིན་སྡོང་གྲོགས་མེལ་ཚེ་མཛོད། །ཕྱྭ་དང་གཡང་གི་བརྟན་ཕུར་ཚུགས། །དེ་སྔ་དབུལ་ཕོངས་རྒུད་ནི་མ་མྱོང་སྟེ། །དེ་སྔ་བས་ཀྱང་ཕྱུག་ཅིང་དར་བར་མཛོད། །དེ་སྔ་མི་མེད་རྨོངས་ནི་མ་མྱོང་སྟེ། །དེ་


CMR045_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་བས་ཀྱང་འཕེན་དར་ཆེ་བར་མཛོད། །དེ་སྔ་ཕ་སྤུན་ནང་ནི་མི་ཞན་ཏེ། །དེ་སྔ་བས་ཀྱང་ནང་བཟང་ཚང་སྐྱིད་མཛོད། །དེ་སྔ་སྡུག་ཅིང་བསྔལ་ནི་མ་མྱོང་སྟེ། །དེ་སྔ་བོས་ཀྱང་སྐྱིད་ཅིང་དགའ་བར་མཛོད། །མགོ་དཀར་མགོ་ནག་རྩིས་བགྲང་མེད་པར་མཛོད། །རྒས་པའི་ཚེ་སྲིངས་གཞོན་པའི་དཔལ་སྐྱེད་ཅིག །ཀྱཻ། །གསོན་དང་ལྷ་མོ་མཆེད་དགུ་ཡང། །ཡུལ་འདིར་ས་ལ་མ་གྲུབ་ཡུལ་གསུམ་ཡོད། །མི་ཡུལ་ལྷ་ཡུལ་གཡང་ཡུལ་འདི་ནི་ཡོད། །ས་མེད་མི་རི་ལྷ་རི་གཡང་རི་གསུམ། །ཆུ་མེད་མི་མཚོ་ལྷ་མཚོ་གཡང་མཚོ་གསུམ། །རྡོ་མེད་མི་མཁར་ལྷ་མཁར་གཡང་མཁར་གསུམ། །ཤིང་མེད་མི་ཤིང་ལྷ་ཤིང་གཡང་ཤིང་གསུམ། །དེ་འདྲའི་ཡ་མཚན་ལྡན་པའི་ཡུལ་འདི་ན། །གཡང་གི་ལྷ་མོ་མཆེད་དགུ་བཞུགས་སུ་གསོལ། །སྔོན་པོ་ནས་ཀྱི་སྙིང་ཁུ་བདུད་རྩི་ཆང་། །ཕྱེ་མར་ཟས་ཕུད་མར་ཁུ་ཇ་ཆང་ཕུད། །གཡང་གི་ལྷ་མོ་མཆེད་དགུར་མཆོད་པར་འབུལ། །མི་རྒྱུད་ཆུ་བས་རིང་ཕྱིར་ཆང་གིས་མཆོད། །མི་འབྲུ་ནས་བས་མང་ཕྱིར་ནས་ཀྱིས་མཆོད། །མི་སྲོག་ལྕགས་ལས་སྲ་ཕྱིར་ལྕགས་ཀྱིས་མཆོད། །མི་བཀྲ་གཡུ་བས་བཀྲ་ཕྱིར་གཡུ་ཡིས་


CMR045_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། །དཔའ་རྒྱུད་དར་ཕྱིར་དར་ཚོན་སྣ་ལྔ་འབུལ། །བུ་དང་ཚ་ལ་བྱམས་ཕྱིར་བལ་ཚོན་འབུལ། །མགྱོགས་དར་ཐོབ་ཕྱིར་གསེར་སྲབ་གཡུ་མཐུར་འབུལ། །ཆོས་སྲིད་ཐོབ་ཕྱིར་སྦ་ཡི་ལྕག་ཚན་འབུལ། །སྐྱེ་རྒབ་འཕེལ་ཕྱིར་དཔྱིད་གསུམ་རོལ་ཁས་འབུལ། །གོད་ཁ་ཞི་ཕྱིར་དབྱར་གསུམ་ཤེ་ཕུད་འབུལ། །ཐབ་ཀ་རྒྱས་ཕྱིར་ཇ་ཆང་ཕུད་ཀྱིས་མཆོད། །འདོད་ཡོན་ཕྱེ་མར་ཟས་སྣ་དང་། །གྲོ་དང་གྲོ་མ་མར་ཐུད་དང་། །ཤིང་རྩི་ཇ་ཆང་ཕུད་རྣམས་ཀྱིས། །གཡང་གི་ལྷ་མོ་མཆེད་དགུ་མཆོད། །ཡོན་བདག་མི་ནོར་འཁོར་བཅས་ཀྱི། །སྦྲ་ཁྱིམ་འདི་ལ་བཞུགས་སུ་གསོལ། །བཀྲ་ཤིས་ཅི་རིགས་བརྗོད་པ་བྱའོ། །མཐར་བསྔོ་བ་སྨོན་ལམ་རྣམ་པར་དག་པས་རྒྱས་བཏབ་བྱའོ། །ཨེ་མ་ཧོ། ལྷ་མོ་དཔལ་གྱི་ཆ་ལག་གཡང་༔ གཏད་འདི། །དད་མོས་ཅན་རྣམས་འགའ་རེས་བསྐུལ་བའི་ངོར། །ས་ག་ཟླ་བའི་ཡར་ཚེས་རྒྱལ་ཕུར་ལ། །སྔགས་འཆང་རཱ་ག་ཨ་སྱ་བདག་གིས་སྨྲས། །ཕྱི་རབས་བྱོན་པའི་སྔགས་ཆུང་རྣམས་དང་ཡང་། །འགྲོ་བ་མང་པོའི་དབུལ་ཕོངས་སེལ་བ་དང་། །གཞན་ཕན་མཐའ་ཡས་འབྱུང་བའི་རྒྱུར་གྱུར་ཅིག། །། ༧ བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ནོར་རྒྱུན་མའི་སྒྲུབ་ཐབས།


CMR045_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་རྒྱུན་མའི་སྒྲུབ་ཐབས་བཞུགས་སོ། །


CMR045_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འགྲོ་ཀུན་དབུལ་ཕོངས་སྡུག་བསྔལ་བསལ་བའི་ཕྱིར། །བདག་གིས་བཅོམ་ལྡན་ནོར་ལྷ་ཐམས་ཅད་བསྒྲུབ། །འགྲོ་ཀུན་བདེ་ལྡན་སྡུག་བསྔལ་ཀུན་བྲལ་ཞིང་། །བདེ་ལས་ཉམས་བདེ་བཏང་སྙོམས་ལ་གནས་ཤོག་།ཨ་ཆོས་ཀུན་རང་བཞིན་སྟོང་པའི་ངང་ཉིད་ལས། །གཞལ་ཡས་ཁང་གི་ར་བ་གུར་ཁང་ནང་། །པད་ཟླའི་སྟེང་དུ་རང་སེམས་པཾ་ཡིག་ལས། །འོད་འཕྲོས་རྒྱལ་བ་སྲས་བཅས་ཐམས་ཅད་མཆོད། །སེམས་ཅན་ཀུན་གྱི་དབུལ་ཕོངས་བཀྲེས་སྐོམ་བསལ། །འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་


CMR045_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །རང་ཉིད་བཅོམ་ལྡན་ལྷ་མོ་ནོར་རྒྱུན་མ། །གསེར་མདོག་ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ། །ཕྱག་གཡས་མཆོག་སྦྱིན་མཛད་ཅིང་ཕྱག་གཡོན་ན། །གཏེར་གྱི་བུམ་པ་སྙེ་མས་བརྒྱན་པ་འཛིན། །སྣ་ཚོགས་དར་གྱི་སྟོད་གཡོགས་ཤམ་ཐབས་བཅིངས། སྣ་ཚོགས་རིན་ཆེན་དུ་མས་རྣམ་པར་བརྒྱན། །དེ་ཡི་དཔྲལ་བར་ཨོཾ་ཡིག་དཀར་པོ་དང་། །མགྲིན་པར་ཨཱདང་ཐུགས་ཀར་ཧཱུྃ་སྔོན་པོ། །ཐུགས་དབུས་ཟླ་སྟེང་པཾ་ཡིག་སྔགས་ཀྱིས་བསྐོར། །དེ་ལས་འོད་འཕྲོས་རི་རབ་ཆེན་པོའི་བྱང་། །ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། །ནོར་


CMR045_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ལྷ་མོ་ནམ་མཁར་སྤྱན་དྲངས་གྱུར། །རང་གི་ཐུགས་ཀ་ནས་སྤྲུལ་མཆོད་པའི་ཚོགས། །ནམ་མཁའ་གང་བས་ལྷ་མོ་མཆོད་པར་གྱུར། །ཨོཾ་བཱ་སུ་དྷ་རི་ནི་སརྦ་པཱུ་ཛ་པྲ་ཏིཙྪ་སྭཱ་ཧཱ། ཛཿཧཱུྃ་བཾ་ཧོས་ལྷ་མོ་བདག་ལ་ཐིམ། །རྒྱལ་བ་རིགས་ལྔ་སྤྱན་དྲངས་དབང་བསྐུར་ནས། །དབུ་གཙུག་རིན་ཆེན་འབྱུང་ལྡན་དབུ་བརྒྱན་གྱུར། །རང་གི་སྙིང་དབུས་ཟླ་བའི་གདན་གྱི་སྟེང་། །ཁཾ་ཡིག་མཐའ་མར་མདུན་ནས་གཡོན་བསྐོར་དུ། །ཡིག་ངོ་ཕྱིར་བསྟན་སྔགས་ཀྱིས་བསྐོར་བ་ལས། །དེ་ཉིད་ཀློག་པའི་ཚུལ་དུ་སྔགས་བཟླས་པས། །སྔགས་ཕྲེང་སེར་པོ་གཡོན་དུ་ཀྱི་ལི་ལི། །འཁོར་བཞིན་པ་ལས་འོད་ཟེར་གསེར་གྱི་མདོག །ཕྱོགས་བཅུར་འཕྲོས་པས་སངས་རྒྱས་བྱང་སེམས་མཆོད། །ཐུགས་རྗེ་བྱིན་རླབས་ཚུར་བསྡུས་བདག་ལ་ཐིམ། །སེམས་ཅན་ཀུན་གྱི་བཀྲེས་སྐོམས་དབུལ་ཕོངས་བསལ། །ཚེ་དང་བསོད་ནམས་ཚུར་བསྡུས་བདག་ལ་ཐིམ། །ཁྱད་པར་གཏེར་བདག་ནོར་ལྷ་ཐམས་ཅད་ཀྱི། །དངོས་གྲུབ་ཡིད་བཞིན་ནོར་བུའི་མཐུ་རྩལ་གྱིས། །ཐམས་ཅད་ཚུར་བསྡུས་ཕྱག་གཡོན་བུམ་པར་ཐིམ། །བུམ་པའི་མཆུ་ནས་དགོས་འདོད་སྣ་ཚོགས་ཀྱི། །ཆུ་བོའི་


CMR045_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་རྒྱུན་བབས་པས་རང་བཞིན་གང་། །བུམ་པའི་ཁ་རྒྱན་འབྲས་ཀྱི་སྙེ་མ་ལས། །འབྲུ་ཡི་ཆར་བབ་བདག་གི་ཁྱིམ་ཁེངས་གྱུར། ཨོཾ་བཱ་སུ་དྷ་རི་ཎི་སྭཱ་ཧཱ། ཞེས་བརྒྱ་རེ། ཨོཾ་བཱ་སུ་དྷ་རི་རཏྣ་དྷ་རཀྵ་སྭཱ་ཧཱ། ཞེས་བརྒྱ་རེ། ཨོཾ་བཱ་སུ་དྷ་རེ་མ་ཧཱ་བཱ་སུ་བྷིལླི་ནི་ས་ཏཱ་ནི་བཱ་སུ་སྭཱ་ཧཱ། ཞེས་བརྒྱ་རེ། ཨོཾ་བཱ་སུ་དྷ་རི་ནི་མ་མ་ཝ་སུ་པུར་ཎེ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། ཞེས་དེ་ཉིད་བརྒྱ་འདོན། དེ་ནས་མར་རམ་ཐུད་བྲན། འབྲུ་དང་མེ་ཏོག་སེར་པོ་ཞོ་འོ་མའི་མཆོད་པ་བཤམས་ལ། མདུན་གྱི་གནས་འདིར་མེ་ཏོག་པདྨ་ནི། །འདབ་མ་བཞི་ལྡན་ཡངས་ཤིང་རྒྱ་ཆེ་བའི། །དབུས་དང་ཕྱོགས་བཞིར་ཟླ་བའི་གདན་ལྔ་གསལ། །རང་གི་ཐུགས་ཀའི་ཛཾ་ཡིག་འོད་ཟེར་གྱིས། །ནོར་རྒྱུན་ལྷ་མོ་མཆེད་ལྔ་སྤྱན་དྲངས་ནས། །མདུན་གྱི་པད་ཟླའི་གདན་ལ་བཞུགས་པར་གྱུར། །ཧཱུྃ། རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ལྕང་ལོ་ཅན། །རིན་ཆེན་གཏེར་མཛོད་མང་པོའི་ཕོ་བྲང་ནས། །ནོར་རྒྱུན་ལྷ་མོ་མཆེད་ལྔ་གཤེགས་སུ་གསོལ། །རིན་ཆེན་པདྨ་ཟླ་བའི་གདན་སྟེང་དུ། །བདག་ལ་སྤྱན་གྱིས་གཟིགས་ཤིང་བཞུགས་སུ་གསོལ། །སྔོན་གྱི་ཐུགས་བསྐྱེད་དམ་བཅའ་མ་གཡེལ་བར། །བདག་གི་


CMR045_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་དོན་རྣམས་འགྲུབ་པར་མཛོད། །ཨོཾ་བཱ་སུ་དྷ་རི་ཎི་ས་པཱ་རི་ཝ་ར་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཧཱུྃ། ས་མ་ཡ་ཧོ། ཨ་ཏི་པཱུ་ཧོ། པྲ་ཏི་ཛ་ཧོ༔ ལྷ་མོ་ལྔ་ཡི་ཐུགས་ཀར་ཟླ་བའི་སྟེང་། །གསེར་མདོག་བཻ་ཡིག་རང་རང་སྔགས་ཀྱིས་བསྐོར། །དེ་ལས་འོད་འཕྲོས་སྣང་སྲིད་འཁོར་འདས་ཀྱི། །དངོས་གྲུབ་བསོད་ནམས་ཀུན་བསྡུས་བདག་ལ་ཐིམ། །ཨོཾ་བཱ་སུ་དྷ་རི་ཎི་སྭཱ་ཧཱ། ཨོཾ་བི་བ་སུ་སྭཱ་ཧཱ། མདུན་གྱི་དཔལ་མོ་ནོར་སྦྱིན་མའི་སྙིང་པོའོ། །ཨོཾ་བཱ་སུ་ཤྲཱི་ཡེ་སྭཱ་ཧཱ། གཡས་ཀྱི་ནོར་གཏེར་མའི་སྙིང་པོའོ། །ༀ་ཤྲཱི་བཱ་སུ་མུ་ཁི་སྭཱ་ཧཱ། རྒྱབ་ཀྱི་ནོར་གྱི་དཔལ་ཞལ་མའི་སྔགས་སོ། ཨོཾ་བཱ་སུ་མ་ཏི་ཤྲཱི་ཡེ་སྭཱ་ཧཱ། གཡོན་གྱི་ནོར་གྱི་བློ་གྲོས་མའི་སྔགས་སོ།། འཁོར་རེ་རེ་ལ་གཙོ་མོའི་ཕྱེད་རེ་ཙམ་འདོན་ནོ། །དེ་ནས་དངོས་གྲུབ་ཞུ་བ་ནི། འཕགས་མ་ནོར་རྒྱུན་མཆེད་ལྔ་དགོངས་སུ་གསོལ། །ཁྱེད་ཀྱི་བསྐལ་པ་གྲངས་མེད་གོང་རོལ་ནས། །བཀྲེས་སྐོམ་དབུལ་ཕོངས་ལྡན་པའི་སེམས་ཅན་ཀུན། །ལོངས་སྤྱོད་དངོས་གྲུབ་སྩོལ་བར་བྱ་བའི་ཕྱིར། །སེམས་བསྐྱེད་དམ་བཅའ་དགོངས་མཛད་རྗེས་དགོངས་ལ། །བདག་ལ་འཛད་མེད་ནོར་གྱི་དངོས་གྲུབ་སྩོལ། །ཐུགས་དམ་དུས་ལ་བབ་བོ་ས་མཱ་ཡ། །


CMR045_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་པའི་ལྷ་མོ་མཆེད་ལྔ་ཡི། །ཕྱག་གཡོན་རིན་ཆེན་གཏེར་གྱི་བུམ་པ་ནས། །ནོར་དང་ལོངས་སྤྱོད་འདོད་དགུའི་ཆར་རྒྱུན་བབ། །བུམ་པའི་ཁ་རྒྱན་འབྲས་ཀྱི་སྙེ་མ་ལས། །འབྲུ་ཡི་ཆར་བབ་གནས་དང་ས་ཕྱོགས་གང་། །བདག་དང་འགྲོ་ཀུན་དབུལ་ཕོངས་བྲལ་བར་གྱུར། །ཨོཾ་བཱ་སུ་དྷ་རི་ཎི་མ་མ་ན་ན་ཀ་དྷེ་བཱ་སུ་སིདྡྷི་སྭཱ་ཧཱ༔ ཞེས་བརྒྱ་རེ། ཨོཾ་ཤྲཱི་བཱ་སུ་ན་ན་ཁ་དྷེ་བཱ་སུ་སིདྡྷི་སྭཱ་ཧཱ། ཨོཾ་བཱ་སུ་ཤྲཱི་ཡེ་ན་ན་ཁ་དྷེ་བཱ་སུ་སིདྡྷི་སྭཱ་ཧཱ། ༀ་ཤྲཱི་བཱ་སུ་མུ་ཁི་ན་ན་ཁ་དྷེ་བཱ་སུ་སིདྡྷི་སྭཱ་ཧཱ། ཨོཾ་བཱ་སུ་མ་ཏི་ཤྲཱི་ཡེ་ན་ན་ཁ་དྷེ་བཱ་སུ་སིདྡྷི་སྭཱ་ཧཱ། ཞེས་འཁོར་རེ་ལ་གཙོ་མོ་ཅི་ཙམ་བཏོན་པའི་ཕྱེད་རེ་ཙམ་འདོན་ནོ། །དེ་ནས་མཆོད་བསྟོད་བྱ་སྟེ། དེ་ནས། ཧཱུྃ་ལས་རིན་ཆེན་སྣོད་དུ་གཏོར་མ་དང་། །མཆོད་རྫས་ལོངས་སྤྱོད་ཟད་མི་ཤེས་པ་རྣམས། །ཨོཾ་ཨཱཿཧཱུྃ་གིས་ཟད་མེད་བདུད་རྩིར་བསྒྱུར། །ལྷ་མོ་རྣམས་ཀྱིས་གཏོར་མ་བདུད་རྩི་གསོལ། །མཆོད་ཅིང་བསྟོད་པས་ཤིན་ཏུ་མཉེས་པར་གྱུར། །མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་འདོད་པའི་ཡོན་ཏན་ལྔ། །བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན། །འབྲུ་སྣ་དར་ཟབ་རིན་ཆེན་སྣ་ལྔ་


CMR045_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་སྤྲིན་ཕུང་འདི། །ནོར་རྒྱུན་ལྷ་མོ་མཆེད་ལྔ་རྣམས་ལ་འབུལ། །དགྱེས་པར་བཞེས་ལ་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་བཱ་སུ་དྷ་རི་ཎི་ས་པཱ་རི་ཝཱ་ར་བྷུ ཛཿཧཱུྃ་བཾ་ཧོཿ པུཝེ དྷུ་པེ་དི་པཾ། གནེ་ནེ་ཝི་དྱ་ཨི་དཾ་བྷ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷཀྵ་ནི་བྷཀྵ་ནི་སྭཱ་ཧཱ། ཞེས་གསུམ་མམ་བདུན་བརྗོད། །ཧཱུྃ། ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྦྱིན་པའི་ཕ་རོལ་ཕྱིན་པའི་ངོ་བོ་ཉིད། །རྒྱལ་བའི་བསྐྱེད་ཡུམ་ལྷ་མོ་ནོར་རྒྱུན་མ། །ས་བཅུའི་སེམས་མ་ཁྱོད་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ལུས་ཅན་མཚན་དང་དཔེ་བྱད་རྫོགས། །དར་སྣའི་སྟོད་གཡོགས་ཤམ་ཐབས་སྨད་དཀྲིས་ཅན། །རིན་ཆེན་དབུ་རྒྱན་ཕྱག་ཞབས་གདུབ་བུས་མཚན། །ནོར་རྒྱུན་མ་ཡི་སྐུ་ལ་ཕྱག་འཚལ་བསྟོད། ་།སེམས་ཅན་དབུལ་ཕོངས་ནད་མང་སྡུག་བསྔལ་ལས། །ཕན་ཕྱིར་སངས་རྒྱས་ཀུན་གྱིས་གསུངས་པའི་སྔགས། །དངོས་གྲུབ་མྱུར་དུ་ཐོབ་པའི་སྙེ་མ་འཛིན། །ནོར་རྒྱུན་མ་ཡི་གསུང་ལ་ཕྱག་འཚལ་བསྟོད། །དུས་གསུམ་སངས་རྒྱས་ཀུན་དང་དགོངས་པ་མཉམ། །འགྲོ་བ་སེམས་ཅན་ཀུན་ལ་བུ་ལྟར་


CMR045_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེ། །མངོན་ཤེས་དྲུག་ལྡན་ཐུགས་རྗེ་གློག་ལྟར་མྱུར། །ནོར་རྒྱུན་མ་ཡི་ཐུགས་ལ་ཕྱག་འཚལ་བསྟོད། །གང་ཞིག་ཁྱོད་ལ་གུས་པས་གསོལ་བཏབ་ན། །གནོད་སྦྱིན་སྲིན་པོ་ཤ་ཟ་གདོན་གྱི་རིགས། །རླུང་མཁྲིས་བད་ཀན་ལ་སོགས་ནད་ཀྱི་རིགས། །ཐམས་ཅད་ཞི་མཛད་ལྷ་མོ་ཁྱོད་ལ་བསྟོད། །ཚེ་དང་བསོད་ནམས་བཟའ་བཏུང་ལོངས་སྤྱོད་དང་། །འབྲུ་ནོར་བསོད་ནམས་དབང་ཐང་ཐམས་ཅད་རྒྱས། །འཕེལ་ཞིང་རྒྱས་ལ་ཟད་པ་མེད་པར་མཛོད། །གཏེར་བདག་ཆེན་པོ་ཁྱོད་ལ་བདག་བསྟོད་དོ། །གང་གིས་ཁྱོད་ལ་མཆོད་ཅིང་བསྟོད་བྱས་ན། །སྐྱེ་བ་ཀུན་ཏུ་གཟུགས་མཛེས་སྐྱེ་བ་དྲན། །ཕྱུག་ཅིང་ནོར་མང་ཚུལ་ཁྲིམས་ལྡན་པར་སྐྱེ། །ཚེ་རབས་ཀུན་ཏུ་ཕན་བྱེད་མ་ལ་བསྟོད། །གཞན་ཡང་ཁྱོད་ལ་མཆོད་ཅིང་བསྟོད་བྱས་ན། །མི་དགེ་མཚམས་མེད་སྡིག་སྒྲིབ་ཐམས་ཅད་བྱང་། །བདེ་བ་ཅན་དུ་སྐྱེ་ཞིང་ས་བཅུ་ནོན། །གཏན་གྱི་སྐྱབས་གནས་འཕགས་མ་ཁྱོད་ལ་བསྟོད། །དཔལ་གྱི་ནོར་སྦྱིན་མ་དང་ནོར་གཏེར་མ། །ནོར་ཞལ་མ་དང་ནོར་གྱི་བློ་གྲོས་མ། །སྐུ་མདོག་ཆ་ལུགས་ལྷ་མོ་ཉིད་དང་མཚུངས། །འཁོར་གྱི་ལྷ་མོ་བཞི་ལ་


CMR045_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་བསྟོད། །འཕགས་མ་ནོར་རྒྱུན་མ་ཁྱོད་བདག་ལ་དགོངས། །བདག་གིས་ཁྱོད་ལ་རྩེ་གཅིག་གསོལ་འདེབས་ན། །ཐུགས་རྗེ་མ་ཆུང་སྔོན་གྱི་ཐུགས་དམ་དགོངས། །ནད་གདོན་གནོད་པ་ཞི་བའི་ཕྲིན་ལས་མཛོད། །ཚེ་དང་བསོད་ནམས་རྒྱས་པའི་ཕྲིན་ལས་མཛོད། །ཟས་གོས་ལོངས་སྤྱོད་དངོས་གྲུབ་ཆར་ལྟར་ཕོབ། །བང་མཛོད་འབྲུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །རྨ་གཡང་ཟས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ལྷབ་ལྷུབ་གོས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །ནམ་ཞིག་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་གྱི་ཞིང་དེར་དྲང་དུ་གསོལ། །མ་གཡེལ་ལས་མཛོད་འཕགས་མ་ནོར་རྒྱུན་མ། །མ་གཡེལ་མ་གཡེལ་དཔལ་གྱི་ནོར་སྦྱིན་མ། །མ་གཡེལ་མ་གཡེལ་ལྷ་མོ་ནོར་སྟེར་མ། །མ་གཡེལ་མ་གཡེལ་དཔལ་གྱི་ནོར་ཞལ་མ། །མ་གཡེལ་མ་གཡེལ་ནོར་གྱི་བློ་གྲོས་མ། །དེ་ལ་རྟག་ཏུ་དངོས་གྲུབ་བསྩལ་དུ་གསོལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ཐུན་གཅིག་ལ་བཏོན་ནས། ཐུན་བསྡུ་བ་ནི། ལྷ་མོ་ལྔ་ལ་ཕྱག་


CMR045_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་མཆོད་ཅིང་བསྟོད། །ཆད་ལྷག་འགལ་འཁྲུལ་གང་བྱུང་བཟོད་པར་གསོལ། །སེར་སྣ་འཕྲོག་བཅོམ་ལས་སྒྲིབ་གང་མཆིས་བཤགས། །ཡེ་ཤེས་པ་རྣམས་རང་གནས་གཤེགས་པའམ། །སྐུ་གཟུགས་རྟེན་ལ་བརྟན་པར་བཞུགས་སུ་གསོལ། །བདག་བསྐྱེད་དམ་ཚིག་འོད་ཞུ་སྟོང་པར་གྱུར། །རང་གི་སེམས་ཀྱིས་སེམས་ལ་ཧྲིག་གེ་ལྟོས། །གཟུགས་དང་ཁ་དོག་མེད་པས་སྟོང་པ་ཉིད། །མི་འཕྲོ་ཀྱི་ལེ་གནས་པས་གནས་པ་ཟེར། །སྣ་ཚོགས་གར་ཡང་རྒྱུགས་པས་འགྱུ་བ་ཟེར། །གནས་འགྱུ་ཅི་མཛད་རིག་པས་རིག་པ་ཟེར། །མ་ཡེངས་རྒྱང་སྲུང་བྱེད་པ་ཉམས་ལེན་ཡིན། །དེ་ལ་རྟག་ཏུ་འཇུག་པས་བསྒོམ་ཞེས་ཟེར། །མཐོང་རྒྱུ་མེད་ཡང་མཐོང་བ་ཀུན་གྱི་མཆོག །སེམས་ཉིད་སྟོང་པའི་རང་ངོ་མཐོང་བ་ཡིན། །འདི་ལྟར་འཕགས་མ་བསྙེན་སྒྲུབ་བྱས་པ་སོགས། །དུས་གསུམ་བསགས་པའི་དགེ་བ་ཅི་བསགས་མཐུས། །ཚེ་འདིར་ཚེ་རིང་ནད་མེད་དཔལ་འབྱོར་རྒྱས། །ནམ་ཞིག་འཕོས་ཚེ་བདེ་ཆེན་ཞིང་ཁམས་སུ། །བརྫུས་ཏེ་སྐྱེས་ནས་ས་བཅུ་ཐོབ་པར་ཤོག །འདི་དང་པོ་གཙོ་མོའི་སྙིང་པོ་བྱེ་བ་བཟླ། དེ་ནས་ས་སྟེགས་གྲུ་བཞི་ཁྲུ་དོ་ལ་འབྲུ་ཡི་ཚོམ་བུ་


CMR045_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་བཀོད་སྐུ་ཡོད་ན་བཤམས་མེད་ཀྱང་རུང་སྟེ་པདྨ་ཟླ་བའི་གདན་དུ་བསྒོམ་ལ་ལྷ་མོ་ལྔ་གོང་དུ་བཤད་པ་ལྟར་སྤྱན་དྲངས་ལ། སེ་བའི་མེ་ཏོག་སེར་ཆེན་སོགས་མེ་ཏོག་དྲི་ཞིམ་པོ་རྙེད་ཚད་ཀྱི་མཆོད་ནས་བསྙེན་པ་སྟོང་ཕྲག་བཞི་བཟླས་ན་ཟླ་བ་དྲུག་ཚུན་ལ་ཡིད་ལ་ཅི་བསམ་པ་ཐམས་ཅད་འགྲུབ་པར་གསུངས། དེ་མ་ལྕོགས་ན་བདག་མདུན་ལྷ་བསྒོམ་ཞིང་སྙིང་པོ་ཁྲི་ཕྲག་་་་་་་་་་་་་་་བདག་བསྐྱེད་རྐྱང་པ་སྒོམ་བཟླས་བྱས་པས་ཀྱང་ཡིད་ལ་ཅི་བསམ་པ་ཐམས་ཅད་རྫོགས་པར་འགྱུར། ཅེས་པ་འདི་ནོར་རྒྱུན་མའི་མདོ་དང་། ནོར་རྒྱུན་མའི་རྟོགས་པ་གཉིས། ནོར་རྒྱུན་་་་་་་་་བརྒྱ་རྩ་མའི་བསྟོད་པ་དང་། དཔའ་བོ་གཅིག་གྲུབ་རྒྱུད་དང་རྡོ་རྗེ་གུར་གྱི་རྒྱུད་རྒྱ་གཞུང་གསུམ་དང་སྒྲུབ་ཐབས་ཡིག་རྙིང་རྣམས་ཀྱི་དོན་བསྡུས་ཐ་མལ་པས་ཉམས་སུ་ལེན་བདེ་བར་བྱས་སོ། །དེ་སྔོན་བསྐལ་པ་གྲངས་མེད་པའི་སྔོན་རོལ་དུ། སངས་རྒྱས་རྡོ་རྗེ་འཆང་རྒྱ་མཚོའི་དབྱངས་ཞེས་བྱ་བས་ནོར་རྒྱུན་མའི་སྔགས་འདི་གསུངས་སྐད་དོ། །དེ་ནས་བསྟན་པ་འདི་ལ་སྟོན་པ་ཤཱཀྱ་ཐུབ་པ་ཡུལ་ཀོའུ་ཤམ་བའི་ཚེར་མ་ཅན་གྱི་ནགས་ན་སྔོན་བཞུགས་པའི་ཚེ། ཡུལ་དེའི་ཁྱིམ་བདག་ཟླ་བ་བཟང་པོ་ཞེས་བྱ་བ། དབུལ་ཞིང་ཕོངས་པ་བཟའ་མི་མང་པོ་ཡོད་པ་གཅིག་གིས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་བསྐོར་བ་འབུམ་ཐེར་བྱས་ནས། དབུལ་ཕོངས་དང་ནད་མང་བའི་སྡུག་བསྔལ་སེལ་བའི་ཐབས་ཞུས་པས། བཅོམ་ལྡན་འདས་ཀྱིས་ནོར་རྒྱུན་མ་འདི་གསུངས་པས། སྐད་ཅིག་དེ་མ་ཐག་ཏུ་ཁྱིམ་བདག །ནོར་དང་འབྲུ་སྣ་


CMR045_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱིས་གང་བར་གྱུར་ཏོ། །འདི་ཉིད་ཐོས་པ་ཙམ་གྱིས་ཀྱང་བདེ་བ་དང་ལོ་ལེགས་གསུངས་སོ། །རྡོ་རྗེ་གུར་གྱི་རྒྱུད་ལས་ནོར་རྒྱུན་མའི་སྒྲུབ་ཐབས་གསུངས་ནས། ནོར་རྒྱུན་རྒྱལ་མོ་བསྒོམ་པར་བྱ། །ནོར་སྦྱིན་ཕྱུག་ཅིང་རྒྱས་པར་གྱུར། །ཅེས་པ་དང་། དཔའ་བོ་གཅིག་གྲུབ་རྒྱུད་ལས་འདི་ཡི་སྒྲུབ་ཐབས་གསུངས་ནས། ཡིད་ལ་བསམ་པ་ཐམས་ཅད་རྫོགས་པར་འགྱུར་རོ། །ཞེས་གསུངས་སོ། །ཞེས་པ་འདི་ཀུན་ལ་ཕན་པའི་དོན་དུ། ཨ་རཱ་གས་བྲིས་པ་ལ་ཉེས་པ་གང་མཆིས་བཤགས་ཤིང་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་འཕེལ་ཞིང་རྒྱས་ནས། ཚེ་འདིར་ཕུན་སུམ་ཚོགས་ཞིང་ཕྱི་མ་བདེ་བ་ཅན་དུ་སྐྱེས་ནས་ས་བཅུའི་གོ་འཕང་ཐོབ་པར་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གནམ་ཆོས་སྤོམ་རའི་གསོལ་མཆོད་གཡང་སྐྱབས་ཡིད་བཞིན་བསམ་འཕེལ་ནོར་བུ།


CMR045_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་སྤོམ་རའི་གསོལ་མཆོད་གཡང་སྐྱབས་ཡིད་བཞིན་བསམ་འཕེལ་ནོར་བུ་ཞེས་བྱ་བ་བཞུགས་སོ། །


CMR045_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་འདུད༔ སྤོམ་ར་ནོར་ལྷ་ལྟར་དུ་བསྒྲུབ་པ་ནི༔ གཡང་འཕེལ་ཞེས་བྱའི་གཏོར་མ་ཟླུམ་པོ་ནི༔ ཟུར་བརྒྱད་ཟུར་ལ་མར་གྱི་སྐུད་པ་འཐེན༔ རྩེ་མོར་ཉི་ཟླ་ནོར་བུས་བརྒྱན་པར་བྱ༔ མཐའ་ལ་མར་ཐུད་རིལ་བུས་བསྐོར་བ་བྲན༔ རང་ཉིད་པད་འབྱུང་ལ་སོགས་ཡི་དམ་བསྐྱེད༔ མདུན་དུ་རྨ་གཉན་སྤོམ་ར་ནི༔ སྐུ་མདོག་སེར་པོ་ཆས་དང་ལྡན༔ གཡས་པས་སྦ་ལྕག་གཡོན་ནེའུ་ལེ༔ ཆིབས་སུ་རྟ་སེར་འཕུར་ཤེས་ཆིབས༔ ཡུམ་དང་སྲས་འཁོར་ཁྲོམ་ལྟར་བསྐྱེད༔ ཧཱུྃ༔ ཤར་ཕྱོགས་རྨ་གཡང་ཆགས་པའི་ཡུལ༔ གངས་དཀར་རིན་ཆེན་གཞལ་ཡས་ནས༔ གཏེར་སྲུང་སྤོམ་ར་འཁོར་


CMR045_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས༔ མཆོད་ཕྱིར་བསྒྲུབ་ཕྱིར་སྤྱན་འདྲེན་ནོ༔ སྐད་ཅིག་ཉིད་ལ་འདིར་བྱོན་ནས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ སྔོན་ཚེ་སློབ་དཔོན་པདྨ་ཡིས༔ བཀའ་བསྒོས་དམ་ཚིག་དྲན་མཛོད་ལ༔ རྣལ་འབྱོར་བདག་གིས་གང་བཅོལ་བའི༔ ལས་རྣམས་མྱུར་མགྱོགས་འགྲུབ་པར་མཛོད༔ བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན༔ ས་མ་ཡ་ཧོ༔ ཧཱུྃ༔ ཕྱི་ལྟར་ལྷ་བཙན་སྤོམ་ར་གཉན༔ ནང་ལྟར་རྒྱལ་ཆེན་ཡུལ་འཁོར་སྲུང་༔ གསང་བ་ཁྲོ་བོ་རྣམ་པར་རྒྱལ༔ ཡང་གསང་བཅོམ་ལྡན་རྡོ་རྗེ་སེམས༔ འཇིག་རྟེན་འདས་ཀྱང་འཁོར་


CMR045_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚུལ༔ གངས་ཅན་ཤར་ཕྱོགས་སྲུང་མ་མཛད༔ ཁྱེད་ལ་གུས་པས་ཕྱག་འཚལ་ལོ༔ རྨ་རྒྱལ་སྤོམ་ར་འཁོར་བཅས་ལ༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན༔ འབྲུ་སྨན་དར་ཟབ་རིན་ཆེན་ཚོགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ༔ དཔག་མེད་མཆོད་སྤྲིན་རྒྱ་མཚོས་མཆོད༔ བྷཾ་ལས་རིན་ཆེན་སྣོད་ཡངས་པར༔ ཁཾ་ལས་གཏོར་མ་བདུད་རྩིའི་མཚོ༔ ཧ་ཧོ་ཧྲི༔ཡིས་བྱིན་བརླབས་པས༔ ཞིམ་མངར་རོ་བཅུད་ཕུན་སུམ་ཚོགས༔ ཟག་མེད་བདེ་བ་སྐྱེད་པ་འདིས༔ གཉན་ཆེན་རྨ་རྒྱལ་སྤོམ་ར་དང་༔ རྨ་རི་རབ་འབྱམས་དྲག་མོ་རྒྱལ༔ རྨ་སྲས་དུང་མི་དཀར་པོ་དགུ༔ རྨ་རིགས་སུམ་བརྒྱ་དྲུག་ཅུ་དང་༔ སྲིང་ལྕམ་བཞི་བཅུ་རྩ་ལྔ་དང་༔ རྨ་སྨན་འབུམ་དང་བཅས་པ་ལ༔ གསོལ་ལོ་མཆོད་དོ་དགྱེས་པར་བཞེས༔ ཨོཾ་ཨཱབཛྲ་ཀུ་ལི་མི་མན་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ གསུམ་མམ་བདུན། ཨརྒྷཾ་སོགས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ༔ ཕྱི་ལྟར་སྤོམ་ར་མགུར་ལྷའི་གཙོ༔ མདོ་ཁམས་སྒང་དྲུག་ཀུན་གྱི་བདག༔ ནང་ལྟར་རྒྱལ་པོ་ཡུལ་འཁོར་སྲུང་༔ དྲི་ཟ་བྱེ་བ་འབུམ་གྱི་རྗེ༔ གསང་བ་རྒྱལ་ཆེན་


CMR045_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཐོས་སྲས༔ ས་བརྒྱད་སེམས་དཔའ་ནོར་ལྷའི་མཆོག༔ ཁྱེད་ལ་བསྟོད་དེ་ཕྱག་ཀྱང་འཚལ༔ མངའ་ཐང་ལོངས་སྤྱོད་འཕེལ་བ་དང་༔ ཁས་དྲག་སྟོབས་ཤུགས་ལྡན་པ་ཡི༔ ཁྱེད་ལ་ཡོད་པའི་དངོས་གྲུབ་དེ༔ བདག་ལ་ད་ལྟ་ཉིད་དུ་སྩོལ༔ ཚེ་དཔལ་རླུང་རྟ་མངའ་ཐང་སྤེལ༔ གཞི་བྱེས་བྱ་བ་གང་ལ་ཡང་༔ དུས་ཀུན་ཁ་འཛིན་སྲུང་སྐྱོབ་མཛོད༔ ༈ གོད་ཁ་ཆོད་ལ་གོད་སྲིད་ཆིངས༔ རྐང་བཞི་རྟ་ནོར་དངོས་གྲུབ་སྩོལ༔ དཔལ་འབྱོར་ཚེ་བསོད་ཀླུང་རྟ་སྤེལ༔ ཨོཾ་ཨཱཋཀུལ་ལི་མིལ་མན་སྭཱ་ཧཱ༔ ཨོཾ་ཨཱཎཱབཛྲ་ཀུ་ལི་མིལ་མན་བཱ་སུ་ན་ན་ཁ་དྷེ་སིདྡྷི་ཕ་ལ་ཧཱུྃ༔ ༈ སྦྲུལ་ཤད་གཉིས་བར་འདི་ཧ་ཤྲཱི་བ་ན་ཐས་སོ།། ཕས་རྒོལ་གཡུལ་ལས་རྒྱལ་བ་དང་༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་པའམ། རྒྱས་པར་སྤྲོ་ན། ཧཱུྃ༔ སློབ་དཔོན་པདྨའི་བཀའ་ཉན་པ༔ གཏེར་སྲུང་རྨ་གཉན་སྤོམ་ར་ནི༔ འདོད་རྒུར་བསྒྱུར་བའི་རྫུ་འཕྲུལ་གྱིས༔ ཆ་ལུགས་གཅིག་ཏུ་མ་ངེས་ཀྱང་༔ རྒྱས་པའི་ཕྲིན་ལས་བསྒྲུབ་པའི་ཕྱིར༔ གསེར་མདོག་ཁྲོ་འཛུམ་བརྗིད་པའི་ཞལ༔ དབུ་ཡི་དུང་རྨོག་དཀར་པོ་ལ༔ བྱ་ཕོད་ལྡེམ་པར་ཉི་ལྟར་ཤར༔ སྐུ་ལ་


CMR045_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

དར་བེར་སུམ་བརྩེགས་སྟེང་༔ གསེར་ཁྲབ་སྟག་གི་ཡང་ཤམ་ཅན༔ ཕྱག་གཡས་སྦ་ལྕག་ཀླད་ལ་བསྐོར༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས༔ གཡོན་པས་ནེའུ་ལེའི་རྐྱལ་པ་འཛིན༔ རིན་ཆེན་ནོར་གྱི་ཆར་པ་འབེབས༔ ཆིབས་སུ་རྟ་སེར་འཕུར་ཤེས་ལ༔ སྟག་སྒྲ་གསེར་སྲབ་གཡུ་མཐུར་རྒྱན༔ རྨ་སྲས་དུང་མི་དཀར་པོ་དགུ༔ སྤུ་རིས་ལྡན་པའི་རྟ་དགུ་ཆིབས༔ རྨ་རིགས་སུམ་བརྒྱ་དྲུག་ཅུ་དང་༔ ཆུ་དྲུག་སྒང་ལྔའི་ཡུལ་ལྷའི་ཚོགས༔ ཀུན་ཀྱང་མི་དཀར་རྟ་དཀར་ལ༔ གོ་ཆ་སྲ་ལ་མཚོན་ཆ་རྣོ༔ སྟག་རལ་གཡས་ལ་གཟིག་ཤུབས་གཡོན༔ བ་དན་དཀར་པོ་གནམ་ལ་གཡུགས༔ ཀུ་བསྲོ་ཆ་སྒྲ་ཏི་རི་རི༔ རྡོ་རྗེ་དྲག་མོ་རྒྱལ་ལ་སོགས༔ འཁོར་གྱི་རྨ་སྨན་འབུམ་ཕྲག་ནི༔ འཛུམ་མཛེས་དར་དང་རིན་ཆེན་བརྒྱན༔ གླུ་ལེན་བྲོ་བརྡུང་གར་སྟབས་འཁྱུགས༔ སྤོམ་ར་འཁོར་དང་བཅས་ལ་བསྟོད༔ ་མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ བདག་དང་བསྲུང་བྱར་གྱུར་རྣམས་ཀྱི༔ ནད་གདོན་བར་ཆད་ཞི་བར་མཛོད༔ བཀྲ་ཤིས་བདེ་ལེགས་དངོས་གྲུབ་སྩོལ༔ རིགས་བརྒྱུད་བཙན་དར་ཆེ་བ་དང་༔ མི་འཕེན་རྟ་ཧྲག་དངོས་གྲུབ་སྩོལ༔ སྣང་


CMR045_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ལྷ་འདྲེ་མི་གསུམ་དང་༔ འདོད་རྒུའི་དངོས་གྲུབ་དབང་དུ་སྡུས༔ རྐང་བཞི་ཕྱུགས་དང་བང་མཛོད་འབྲུ༔ རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ༔ མི་གཡང་རྟ་གཡང་ནོར་གྱི་གཡང་༔ རྨ་གཡང་ནམ་མཁའི་ཆར་བཞིན་ཕོབ༔ ཨོཾ་ཁུ་ཡེ་ཁུ་ཡེ་གཡང་ཕོབ་ཅིག༔ མུ་ཡེ་མུ་ཡེ་གཡང་ཕོབ་ཅིག༔ ཏིང་ལམ་ཏིང་ལམ་གཡང་ཕོབ་ཅིག༔ ཟུ་ཡུ་ཟུ་ཡུ་གཡང་ཕོབ་ཅིག༔ ཧུ་ཡ་ཧུ་ཡ་གཡང་ཕོབ་ཅིག༔ རྨ་ཡེ་རྨ་ཡེ་གཡང་ཕོབ་ཅིག༔ ཕྲུ་ཁུག་ནང་དུ་ཀྱི་ལི་ལི༔ གཡང་ཁུག་ནང་དུ་སྒ་ར་ར༔ ཕྲུ་ཉི་མ་ཙམ་ཞིག་ཀྱི་ལི་ལི༔ གཡང་ཟླ་བ་ཙམ་ཞིག་སྒ་ར་ར༔ རྩྭ་འདི་རི་ལ་མ་བྲོས་ལ༔ གཡང་འདི་སྒོ་ལ་མ་ཉམས་ཤིག༔ འདི་འོག་གི་ན་ན་ཁ་རྙེ་ཞེས་པའི་སྔགས་བཟླ༔ རྒྱ་གླི་བ་ནཱ་ཐས་སོ། མཆན། སྤོམ་རི་ཐུགས་ཀར་ཟླ་བའི་སྟེང་༔ ཤ་ཡིག་དཀར་སེར་ཐ་མ་རུ༔ སྔགས་དེས་གཡས་སུ་བསྐོར་བ་ལས༔ འོད་ཟེར་གསེར་མདོག་ཕྱོགས་བཅུར་འཕྲོས༔ རྨ་གཡང་དངོས་གྲུབ་ཐམས་ཅད་དང་༔ རིན་ཆེན་སྣ་ཚོགས་ཆར་འབེབས་བསམ༔ ཨོཾ་ཨཱཿབཛྲ་ཀུ་ལི་མིལ་མན་བཱ་སུ་ན་ན་ཁ་དྷེ༔ སིདྡྷི་ཕ་ལ་ཧཱུྃ༔ རྨ་རྒྱལ་སྤོམ་ར་འཁོར་བཅས་ཀྱིས༔ ཡུལ་ཁམས་མ་ལུས་


CMR045_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྡུས་བསམ༔ ཨོཾ་ཨཱཿབཛྲ་ཀུ་ལི་མིལ་མན༔ ཡུལ་ཁམས་ཐམས་ཅད་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་ཕྲུ་དར་མདའ་དར་སོགས༔ ཡོད་ན་གཙོ་བོ་དེ་ལ་བསྟིམ༔ འཁོར་རྣམས་རང་གནས་གཤེགས་པར་བསམ༔ སརྦ་བྷ་ཏ་གཙ༔ འདི་ནི་སྲུང་མར་བརྟེན་པ་ན༔ ས་བརྒྱད་སེམས་དཔའ་ཡིན་པའི་ཕྱིར༔ ས་ལམ་བར་ཆད་སེལ་བར་ནུས༔ རིགས་བརྒྱུད་བཙན་དར་ཆེ་བ་དང་༔ ཕྱུག་བར་དབུལ་གྱིས་མི་ཆོད་ཅིང་༔ མི་འཕེན་རྟ་ཧྲག་འབྱུང་བ་དང་༔ སྡེ་དཔོན་ཡིན་ན་ཆུས་སྲིད་རྒྱས༔ གཞན་གྱིས་མི་ཐུབ་དཔུང་ཆེ་བ༔ འདི་ཡི་དངོས་གྲུབ་ཡིན་པར་བཤད༔ རྣལ་འབྱོར་པ་ནི་ཡིན་ན་ཡང་༔ གཞི་བདག་ཡིན་ཕྱིར་རྣོ་མྱུར་ཆེ༔ གང་འདོད་བསམ་པ་འགྲུབ་པ་ཡིན༔ ཁྱད་པར་འབྲི་ཆུ་ཕན་ཆད་ཀྱི༔ ཡུལ་ལྷའི་གཙོ་བོ་འདི་ཡིན་ཞིང་༔ ཁྱད་པར་གླིང་གི་མི་རིགས་ཀྱི༔ ཕོ་ལྷ་དགྲ་ལྷ་འདི་ཡིན་པས༔ ཕྱོགས་དེའི་མི་ལ་ཐུགས་བརྩེའི་ཕྱིར༔ འདི་ཉིད་བརྟེན་ན་བཀྲ་ཤིས་དགེ༔ དེ་ཕྱིར་གླིང་གི་ས་སྐྱོང་བར༔ རིག་འཛིན་མགོན་པོ་ལྷུན་གྲུབ་དང་༔ བླ་མ་བྷ་དྲའི་མཚན་ཅན་གྱིས༔ ནོར་ལྷ་དཀོར་གྱི་བདག་པོ་རུ། །རྒྱུན་དུ་བརྟེན་པར་བྱ་བའི་ཕྱིར། །སྔགས་འཆང་ཀརྨ་ཨ་རཱ་གས། །གནམ་ཆོས་སྒྲུབ་ཐབས་ཁ་སྐོང་དུ། །ངག་ནས་ཇི་ལྟར་སྨྲས་པ་བཞིན། །གླིང་གི་མི་རིགས་དགེ་བཤེས་ནི། །པདྨ་དད་པས་ཡི་གེར་བྲིས། །ཉེས་འགལ་སྲུང་མ་ཉིད་ལ་བཤགས། །དགེ་བས་འདི་ཉིད་སུས་བཏོན་པ། །བསོད་ནམས་མངའ་ཐང་འཕེལ་ཞིང་


CMR045_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས། །འཁོར་ལོས་སྒྱུར་རྒྱལ་ལྟ་བུར་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

རྨ་རྒྱལ་སྤོམ་རའི་གཡང་འབོད་རྟེན་བཙུགས་སྲུང་ཕུར།


CMR045_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

རྨ་རྒྱལ་སྤོམ་རའི་གཡང་འབོད་རྟེན་བཙུགས་སྲུང་ཕུར་བཞུགས་སོ།


CMR045_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

རྨ་རྒྱལ་སྤོམ་རའི་གཡང་འབོད་ལ། དབུས་ལྷ་གཞི་དཀར་པོའི་སྟེང་དུ་འཕེལ་ཆེན་བླུགས། ཟན་གྱི་བྱ་ར་རྟ་གླང་གཟུགས་བཀོད། དེ་ནས་རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ།། །ཀྱཻ། ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན། །ཉི་མ་ཤར་ཕྱོགས་ཕ་ཀི་ནས། །གངས་དཀར་དུང་འོད་མཁར་ནང་ནས། །ཤེལ་གུར་དཀར་པོའི་ནང་ཤེད་ནས། །རྨ་ཆེན་སྤོམ་ར་ཡབ་ཡུམ་དང་། །རྨ་ཡི་དྲག་པོ་ལྕམ་མོ་དང་། །རྨ་ཤོད་ཡུལ་ས་འཁོར་བཅས་རྣམས། །བདག་གིས་བསྒྲུབ་ཅིང་གཡང་འབོད་ནས། །ལྷ་ཁྱིམ་གཙང་མའི་གནས་འདི་རུ། །ལྷ་གཞི་དཀར་པོའི་གདན་སྟེང་དུ། །གཡང་ཆས་གཡང་རྟེན་སྣ་


CMR045_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བཀྲམ། །གཡུ་ཤུག་སྔོན་པོའི་དུད་པ་དང་། །རྔ་ཤང་སྒྲ་སྙན་སྣ་ཚོགས་དང་། །གདུང་བའི་སྙན་ངག་གནད་བཀྲོལ་ཏེ། །དད་པའི་ཡིད་ཀྱིས་སྤྱན་འདྲེན་ན། །མ་ཐོགས་མྱུར་དུ་གཤེགས་སུ་གསོལ། །རྨ་གཡང་མཐུ་དང་དཔུང་ལ་བྱོན། །རྨ་ཡི་གཡང་ཆེན་བསྐྱིལ་ལ་བྱོན། །རྨ་གཡང་ལྷབ་ལྷུབ་ཕོབ་ལ་བྱོན། །རྨ་ཡི་ཕྱུ་ཚེ་ཁུག་ལ་བྱོན། །རྨ་ཡི་གཡང་ཆེན་ཕོབ་ལ་བྱོན། །རྨ་ཡི་ནོར་གཡང་ཕོབ་ལ་བྱོན། །རྨ་ཡི་རྟ་གཡང་ཕོབ་ལ་བྱོན། །རྨ་ཡི་འབྲི་གཡང་ཕོབ་ལ་བྱོན། །རྨ་ཡི་ལུག་གཡང་ཕོབ་ལ་བྱོན། །རྨ་ཡི་ར་གཡང་ཕོབ་ལ་བྱོན། །


CMR045_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

རྨ་ཡི་འོ་གཡང་ཕོབ་ལ་བྱོན། །རྨ་ཡི་མར་གཡང་ཕོབ་ལ་བྱོན། །རྨ་ཡི་ལོ་གཡང་ཕོབ་ལ་བྱོན། །རྨ་ཡི་ཟས་གཡང་ཕོབ་ལ་བྱོན། །ཕྱུ་འཁྱིལ་གཡང་འཁྱིལ་ཀྱི་ལི་ལི། །ཕྲུ་སྐོར་གཡང་སྐོར་སྒ་ར་ར། །ཕྱུ་འབེབས་དེ་ནི་མ་ཆུང་ལ། །ཕྱུ་སྤེལ་གཡང་སྤེལ་མཛད་ནས་ཀྱང་། །རྣལ་འབྱོར་གྲ་འཁོར་རྒྱས་པར་མཛོད། །ཀྱཻ། །རྨ་གཉན་སྤོམ་ར་གཡང་གི་རྟེན། །ཆིབས་སུ་དུང་རྟ་དཀར་པོ་བཅིབས། །སྐུ་ལ་དུང་ཁྲབ་དཀར་པོ་གསོལ། །ཕྱག་ན་མདུང་དར་དཀར་པོ་ཕྱར། །སྟེང་ནས་གཡུ་འབྲུག་ལྡི་རི་རི། །གཡས་ནས་ཁྱུང་ཕུར་ལྷབས་སེ་ལྷབ། །གཡོན་ནས་སྟག་གཟིག་ངར་དང་བཅས། །དེ་རིང་གཡང་གི་ལྷ་རུ་འབོད། །རྨ་གཡང་མཐུ་དང་དཔུང་ལ་བྱོན། །དེ་རིང་མི་འཕེལ་ནོར་ཕྱུགས་ཀྱི། །ཁུ་ཡེ་ཕྱྭ་དང་གཡང་ཕོབ་ཅིག །ཀྱཻ། །རྨ་རི་ལྗོན་པ་བཅུ་གསུམ་ཡང་། །ཕྱག་ན་གཡང་དར་བཅུ་གསུམ་བསྣམས། །དེ་རིང་གཡང་གི་ལྷ་རུ་འབོད། །དངུལ་རི་ལྗོན་པ་བཅུ་གསུམ་ཡང་། །ཕྱག་ནི་དངུལ་བུམ་བཅུ་གསུམ་བསྣམས། །དེ་རིང་གཡང་གི་ལྷ་རུ་འབོད། །གཡུ་རི་ལྗོན་པ་བཅུ་གསུམ་ཡང་། །ཕྱག་ན་གཡུ་བུམ་བཅུ་གསུམ་བསྣམས། །


CMR045_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རིང་གཡང་གི་ལྷ་རུ་འབོད། །ཆང་རི་ལྗོན་པ་བཅུ་གསུམ་ཡང་། །གཡང་གི་དམུ་ཐག་བཅུ་གསུམ་བསྣམས། །དེ་རིང་གཡང་གི་ལྷ་རུ་འབོད། །གསེར་རི་ལྗོན་པ་བཅུ་གསུམ་ཡང་། །ཕྱག་ན་དམུ་དག་བཅུ་གསུམ་བསྣམས། །དེ་རིང་གཡང་གི་ལྷ་རུ་འབོད། །རྨ་གཡང་མཐུ་དང་དཔུང་ལ་བྱོན། །དེ་རིང་མི་འཕེལ་ནོར་ཕྱུགས་ཀྱི། །ཁུ་ཡེ་ཕྱྭ་དང་གཡང་ཕོབ་ཅིག །ཀྱཻ། །རྨ་སྡེ་དྲག་པོ་དགུ་རྣམས་ཡང་། །ལྷ་གཡག་དཀར་པོ་རེ་རེ་བཅིབས། །དུང་ཁྲབ་རེ་རེ་སྐུ་ལ་གསོལ། །ཕྱག་ན་མདུང་དར་རེ་རེ་བསྣམས། །དེ་རིང་གཡང་གི་ལྷ་རུ་འབོད། །རྨ་གཡང་མཐུ་དང་དཔུང་ལ་བྱོན། །དེ་རིང་མི་འཕེལ་ནོར་ཕྱུགས་ཀྱི། །ཁུ་ཡེ་ཕྱྭ་དང་གཡང་ཕོབ་ཅིག །ཀྱཻ། །ཇོ་མོ་གནམ་སྨན་དཀར་མོ་ནི། །ཆིབས་སུ་གཡུ་ཤ་སྔོན་མོ་ཆིབས། །སྐུ་ལ་དར་དཀར་གོ་ཟུ་གསོལ། །ཕྱག་ན་གཡང་གི་རྒྱལ་མཚན་ཕྱར། །དེ་རིང་གཡང་གི་ལྷ་རུ་འབོད། །ཤར་ཕྱོགས་རྒྱལ་མོ་ཚེ་བརྟན་མ། །ཕྱག་ན་གཡང་བུམ་དཀར་པོ་བསྣམས། །དེ་རིང་གཡང་གི་ལྷ་རུ་འབོད། །བྱང་ཕྱོགས་གཡང་ལྷ་ཚེ་རིང་མ། །ཕྱག་ན་ཚེ་ཡི་བུམ་པ་བསྣམས། །


CMR045_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རིང་གཡང་གི་ལྷ་རུ་འབོད། །ནུབ་ཕྱོགས་གཡང་ལྷ་འཕེན་བྱེད་མ། །ཕྱག་ན་གཡང་གི་བུམ་པ་བསྣམས། །དེ་རིང་གཡང་གི་ལྷ་རུ་འབོད། །ལྷོ་ཕྱོགས་གཡང་ལྷ་འབྲུ་རྒྱལ་མ། །ཕྱག་ན་གཡང་གི་རྒྱལ་མཚན་བསྣམས། །དེ་རིང་གཡང་གི་ལྷ་རུ་འབོད། །རྨ་གཡང་མཐུ་དང་དཔུང་ལ་བྱོན། །དེ་རིང་མི་འཕེལ་ནོར་ཕྱུགས་ཀྱི། །ཁུ་ཡེ་ཕྱུ་དང་གཡང་ཕོབ་ཅིག །ཀྱཻ། །རྨ་ཡི་ལྷ་མོ་དགུ་རྣམས་ཀྱང་། །ཆིབས་སུ་སྨན་ཤ་རེ་རེ་ཆིབས། །དར་དཀར་གོ་ཟུ་རེ་རེ་མནབོས། །མདའ་དར་མེ་ལོང་རེ་རེ་ཕྱར། །དེ་རིང་གཡང་གི་ལྷ་རུ་འབོད། །རྨ་གཡང་ལྡེམ་པའི་ཕོ་བྲང་ནས། །རྨ་ཡི་མཚོ་སྨན་བཅུ་གསུམ་ཡོད། །གཡང་གི་དམུ་དག་བཅུ་གསུམ་བསྣམས། །དེ་རིང་གཡང་གི་ལྷ་རུ་འབོད། །དྲག་པོ་གཡག་ཕྱུགས་གཡང་གི་ལྷ། །ལྕམ་མོ་འབྲི་ཕྱུགས་གཡང་གི་ལྷ། །ལྷམ་འཇམ་ལུག་ཕྱུགས་གཡང་གི་ལྷ། །ནུ་ར་ར་ཕྱུགས་གཡང་གི་ལྷ། །དེ་རིང་གཡང་གི་ལྷ་རུ་འབོད། །རྨ་གཡང་མཐུ་དང་དཔུང་ལ་བྱོན། །དེ་རིང་མི་འཕེལ་ནོར་ཕྱུགས་ཀྱི། །ཁུ་ཡེ་ཕྱྭ་དང་གཡང་ཕོབ་ཅིག །ཀྱཻ། །བསྲེ་རི་ངང་ཡག་བུ་མོ་སྟེ། །དཀར་མོ་སྨན་གཅིག་


CMR045_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་ཕོབ་ཅིག །རྨ་རི་བྱ་ཞུའི་བུ་མོ་སྟེ། །སྔོན་མོ་སྨན་གཅིག་གཡང་ཕོབ་ཅིག །རྨ་ཟོ་བ་རིའི་བུ་མོ་སྟེ། །དཀར་མོ་ཁྱུང་ལྕམ་གཡང་ཕོབ་ཅིག །གར་མ་ཁྱུང་བཙུན་བུ་མོ་སྟེ། །དཀར་མོ་ནོར་ཕྱུག་གཡང་ཕོབ་ཅིག །རྨ་ཡི་ལྷ་ཆབ་དཀར་མོ་ནས། །དཀར་མོ་སུམ་འགྲོལ་གཡང་ཕོབ་ཅིག །རྨ་ཡི་གསེར་རི་ཆུ་མིག་ནས། །ཀླུ་སྨན་སེར་མོ་གཡང་ཕོབ་ཅིག །དྲག་པོ་གཡག་ཕྱུག་ཆུ་མིག་ནས། །སྐྱེད་ཀྱི་གངས་དཀར་གཡང་ཕོབ་ཅིག །སེར་པོ་ལྷ་ལྗང་ཆུ་མིག་ནས། །ཀླུ་སྨན་སེར་མོས་གཡང་ཕོབ་ཅིག །ཀྱཻ། །རྨ་འབྲུ་རྒྱལ་མོའི་འབྲུ་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྨ་བྱ་ཞུ་རྟ་ཕུར་རྟ་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྨ་གཡང་དྲག་པོ་གཡག་༔ ཕྱུགས་གཡག་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྨ་ལྕམ་མོ་འབྲི་ཕྱུགས་འབྲི་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྨ་ལྷང་འཛམ་ལུག་ཕྱུགས་ལུག་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྨ་ཟོ་བ་རི་ཡི་འོ་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྨ་ལྷ་ལྗང་ཆུ་མིག་དམག་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྨ་བསེ་ཁུག་


CMR045_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བང་བའི་ནས་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཕྱྭ་སྐོར་དེ་ནི་ཀྱི་ལི་ལི། །གཡང་སྐོར་དེ་ནི་སྒ་ར་ར། །ད་ཕྱུ་འབེབས་དེ་ནི་མ་ཆུང་ཞིག །གཡང་འབེབས་དེ་ནི་མ་ཞན་ཞིག །སྐུ་བླ་རྨ་ཆེན་སྤོམ་ར་དང་། །རྨ་རིགས་ཡུལ་པ་འཁོར་བཅས་དང་། །བདག་གིས་བསྒྲུབས་ཤིང་གཡང་འབོད་ནས། །དེ་ལྟར་དངོས་གྲུབ་གཡང་ཆེན་ཕོབ། །ཀྱཻ། རྨ་ཡི་གཡང་ཆེན་འཁྱིལ་བ་དེ། །སྤོམ་ར་འཁོར་བཅས་ཁྱེད་ཀྱི་དྲིན། །རྨ་གཡང་ལྷབ་ལྷུབ་འབེབས་པ་དེ། །སྤོམ་ར་འཁོར་བཅས་ཁྱེད་ཀྱི་དྲིན། །རྨ་ཡི་ཕྱ་ཚེ་ཁུག་པ་དེ། །སྤོམ་ར་འཁོར་བཅས་ཁྱེད་ཀྱི་དྲིན། །རྨ་ཡི་ལུག་གཡང་འབེབས་པ་དེ། །སྤོམ་ར་འཁོར་བཅས་ཁྱེད་ཀྱི་དྲིན། །རྨ་ཡི་ར་གཡང་འབེབས་པ་དེ། །སྤོམ་ར་འཁོར་བཅས་ཁྱེད་ཀྱི་དྲིན། །རྨ་ཡི་འོ་གཡང་འདེབས་པ་དེ། །སྤོམ་ར་འཁོར་བཅས་ཁྱེད་ཀྱི་དྲིན། །རྨ་ཡི་མར་གཡང་འབེབས་པ་དེ། །སྤོམ་ར་འཁོར་བཅས་ཁྱེད་ཀྱི་དྲིན། །རྨ་ཡི་ལོ་གཡང་འབེབས་པ་དེ། །སྤོམ་ར་འཁོར་བཅས་ཁྱེད་ཀྱི་དྲིན། །རྨ་ཡི་ནས་གཡང་འབེབས་པ་དེ། །སྤོམ་ར་འཁོར་བཅས་ཁྱེད་ཀྱི་དྲིན། །རྨ་ཡི་ཟས་གཡང་འབེབས་པ་དེ། །


CMR045_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

སྤོམ་ར་འཁོར་བཅས་ཁྱེད་ཀྱི་དྲིན། །ད་ནི་ཁྱེད་ཀྱི་དྲིན་ཚོར་བས། །ཁྱེད་ཀྱི་དྲིན་ཚོར་རྟེན་བཙུགས་པས། །གཡང་རྟེན་འདི་ལ་འཁོར་བར་མཛོད། །དེ་ནས་གཡང་རྟེན་བཙུགས་པ་ནི། མདའ་དར་མདུང་དར་ཙན་དན་འཕང་མ་དར་སྣས་བརྒྱན་པ་གཅིག །གཞན་ཡང་གོ་ཁྲབ་གོ་མཚོན་གཡང་སྒྲོ་དར་སྣས་བརྒྱན་པ་རིན་ཆེན་ལྔ་གསེར་གཡུ་དུང་གསུམ་གྱིས་བརྒྱན་ལ་བཞག །རྔ་དུང་སིལ་སྙན་དྲིལ་བུ་ལ་སོགས་དཀྲོལ་ཞིང་དབྱངས་སྙན་པོའི་འདི་སྐད་དོ།། །ཀྱཻ། ཁྱེད་ལ་གཡང་རྟེན་བཙུགས་པ་ནི། །ལྷ་གཡག་དཀར་པོའི་གཡང་རྟེན་དང་། །ལྷ་གཡག་གྲྭ་པའི་གཡང་རྟེན་དང་་། །ལྷ་གཡག་ཟལ་པོའི་གཡང་རྟེན་དང་། །ལྷ་གཡག་རོག་པོའི་གཡང་རྟེན་དང་། །ལྷ་གཡག་སྔོན་པོའི་གཡང་རྟེན་རྣམས། །དར་ཟབ་བརྒྱན་གྱིས་ལྷབ་མ་ལྷུབ། །སྟག་གཟིག་བརྒྱན་གྱིས་ཁྲལ་མ་ཁྲོལ། །སོག་སྟེང་མཚལ་དང་རྔ་ཚོན་བརྒྱན། །འདི་ཡིས་དཔྲལ་བར་མར་གྱི་གཡུང་དྲུང་བྲིས། །སྤྱི་བོར་བཀྲ་ཤིས་ཕྱེ་མར་བླུག །ཕྱེ་མར་གཡང་ལྷ་རྣམས་ལ་མཆོད། །དེ་རིང་ལྷ་གཡག་བཞིན་ཡག་འདི། །གཡང་ལྷ་རྣམས་ཀྱི་རྟེན་དུ་བཙུགས། །ཁྱེད་རྣམས་འདི་ལ་གཡང་རྟེན་མཛོད། །གཡང་གི་རྟེན་ཕུར་མ་འབུད་ཅིག །ཕྱྭ་


CMR045_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་མ་ཉམས་སྐྱོང་བར་མཛོད། །ཁྱེད་རྨ་གཡང་དྲག་པོ་གཡག་ཕྱུགས་ཀྱི། །རྩིས་རྩིས་བསྒྲངས་བསྒྲངས་གཡག་ལ་བྱས། །གཡག་ལ་ཁྲི་ཚོ་འབུམ་ཚོ་མངའ། །བདག་ལ་གཡག་གིས་ཕྱུགས་གཡང་ཕོབ། །གཡང་གི་ལྷ་གཡག་བཞིན་བཟང་འདི། །ཉིན་གྱི་དུས་སུ་རྫི་བུར་མཛོད། །མཚན་གྱི་དུས་སུ་མེལ་ཚེ་མཛོད། །གོད་འདྲེ་ཡམས་ཀྱི་ཁ་ཁོག་ཅིག །དགྲ་དང་རྐུན་མའི་ངོ་ལོངས་ཤིག །སྤོམ་ར་རྨ་སྲས་གཡང་གི་ལྷ། །གཡང་རྟེན་འདི་ལ་འཁོར་བར་མཛོད། །བདག་དང་ཡོན་བདག་འཁོར་བཅས་ལ། །གཡང་གི་རུ་མ་མ་སྐེམ་ཞིག །གཡང་གི་རྟེན་ཕུར་མ་བུད་ཅིག །གཡང་གི་དམུ་དག་མ་ཆད་ཅིག །གཡང་གི་ར་བ་མ་འགྱེལ་ཞིག །གཡང་འདི་གཞན་ལ་མ་འཁྱམས་ཤིག །ཕྲུ་གཡང་མ་ཉམས་བསྲུང་བར་མཛོད། །ཀྱཻ། །ཁྱེད་ལ་གཡང་རྟེན་བཙུགས་པ་ནི། །ལྷ་འབྲི་དཀར་པོའི་གཡང་རྟེན་དང་། །ལྷ་འབྲི་ཤམ་པོའི་གཡང་རྟེན་དང་། །ལྷ་འབྲི་སྔོན་མོའི་གཡང་རྟེན་དང་། །ལྷ་འབྲི་ཟལ་མོའི་གཡང་རྟེན་རྣམས། །དར་ཟབ་རྒྱན་གྱིས་ལྷབ་མ་ལྷུབ། །སྟག་གཟིག་རྒྱན་གྱིས་ཁྲལ་མ་ཁྲོལ། །མོན་ཅོན་སྔོ་དམར་པུ་རུ་རུ། །གཡང་


CMR045_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཁུག་དཀར་པོའི་མགུལ་དུ་བཏགས། །དཔྲལ་བར་མར་གྱི་གཡུང་དྲུང་བྲིས། །སྤྱི་བོར་བཀྲ་ཤིས་ཕྱེ་མར་བླག །ཕྱེ་མར་གཡང་ལྷ་རྣམས་ལ་མཆོད། །དེ་རིང་ལྷ་འབྲི་ན་བཟང་འདི། །གཡང་ལྷ་ཁྱེད་ལ་རྟེན་དུ་བཙུགས། །ཁྱེད་རྣམས་འདི་ལ་གཡང་རྟེན་མཛོད། །གཡང་གི་རྟེན་ཕུར་མ་བུད་ཅིག །ཕྱུ་གཡང་མ་ཉམས་སྐྱོང་བར་མཛོད། །ཁྱེད་རྨ་ཡི་ལྕམ་མོ་འབྲི་ཕྱུགས་ཀྱི། །རྩིས་རྩིས་བསྒྲངས་བསྒྲངས་འབྲི་ལ་བྱས། །འབྲི་ལ་ཁྲི་ཚོ་འབུམ་ཚོ་མངའ། །བདག་ལ་འབྲི་ཡི་ཕྱུགས་གཡང་ཕོབ། །གཡང་གི་ལྷ་འབྲི་བཞིན་བཟང་འདི། །ཉིན་གྱི་དུས་སུ་བྱ་ར་གྱིས། །མཚན་གྱི་དུས་སུ་མེལ་ཚེ་མཛོད། །གོད་འདྲེ་ཡམས་ཀྱི་ཁ་ཁོག་ཅིག །དགྲ་དང་རྐུན་མའི་ངོ་ལོངས་ཤིག །སྤོམ་ར་རྨ་སྲས་གཡང་གི་ལྷ། །གཡང་རྟེན་འདི་ལ་འཁོར་བར་མཛོད། །བདག་དང་ཡོན་བདག་འཁོར་བཅས་ལ། །གཡང་གི་རུ་མ་མ་སྐེམ་ཞིག །གཡང་གི་རྟེན་ཕུར་མ་འབུད་ཅིག །གཡང་གི་དམུ་དག་མ་ཆད་ཅིག །གཡང་གི་ར་བ་མ་འགྱེལ་ཞིག །གཡང་འདི་གཞན་ལ་མ་འཁྱམས་ཤིག །ཕྲུ་གཡང་མ་ཉམས་བསྲུང་བར་མཛོད། །ཀྱཻ། །ཁྱེད་


CMR045_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཡང་རྟེན་བཙུགས་པ་ནི། །ལྷ་ལུག་སྐྱ་རྩ་བང་མིག་དང་། །ལྷ་ལུག་དམར་རྩ་བཞིན་བཟང་དང་། །ལྷ་ལུག་སྔོ་རྩ་བང་མིག་དང་། །ལྷ་ལུག་གྲྭ་བོ་ལྕགས་རུ་རྣམས། །རྣ་བར་དར་ཟབ་རིན་ཆེན་བརྒྱན། །སོག་པར་སྟག་གཟིག་བལ་ཚོན་བརྒྱན། །དཔྲལ་བར་མར་གྱི་གཡུང་དྲུང་བྲིས། །སྤྱི་བོར་བཀྲ་ཤིས་ཕྱེ་མར་བླུག །ཕྱེ་མར་གཡང་ལྷ་རྣམས་ལ་མཆོད། །དེ་རིང་ལྷ་ལུག་བཞིན་བཟང་འདི། །གཡང་ལྷ་ཁྱེད་ལ་རྟེན་དུ་བཙུགས། །ཁྱེད་རྣམས་འདི་ལ་གཡང་རྟེན་མཛོད། །གཡང་གི་རྟེན་ཕུར་མ་འབུད་ཅིག །ཕུ་གཡང་མ་ཉམས་བརྟན་པར་མཛོད། །ཁྱེད་རྨ་ཡི་ལྕམ་མོ་ལུག་ཕྱུགས་ཀྱིས། །རྩིས་རྩིས་བསྒྲང་བསྒྲངས་ལུག་ལ་བྱས། །།ལུག་ལ་ཁྲི་ཚོ་འབུམ་ཚོ་མངའ། །བདག་ལ་ལུག་གི་ཕྱུགས་གཡང་ཕོབ། །གཡང་གི་ལྷ་ལུག་བཞིན་བཟང་འདི། །ཉིན་གྱི་དུས་སུ་བྱ་ར་གྱིས། །མཚན་གྱི་དུས་སུ་མེལ་ཚེ་མཛོད། །གོད་འདྲེ་ཡམས་ཀྱི་ཁ་ཁོག་ཅིག །དགྲ་དང་རྐུན་མའི་ངོ་ལོངས་ཤིག །སྤོམ་ར་རྨ་སྲས་གཡང་གི་ལྷ། །གཡང་རྟེན་འདི་ལ་འཁོར་བར་མཛོད། །བདག་དང་ཡོན་བདག་འཁོར་བཅས་ལ། །གཡང་གི་རུ་མ་མ་སྐེམ་ཅིག །


CMR045_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་གི་རྟེན་ཕུར་མ་འབུད་ཅིག །གཡང་གི་དམུ་དག་མ་ཆད་ཅིག །གཡང་གི་ར་བ་མ་འགྱེལ་ཅིག །གཡང་འདི་གཞན་ལ་མ་འཁྱམས་ཤིག །ཕྲུ་གཡང་མ་ཉམས་བསྲུང་བར་མཛོད། །ཀྱཻ། །ཁྱེད་ལ་གཡང་རྟེན་བཙུགས་པ་ནི། །ལྷ་རྟ་དཀར་པོ་ངང་ཡག་དང་། །ལྷ་རྟ་དམར་པོ་མཚལ་བུ་དང་། །ལྷ་རྟ་བྲ་བོ་རྔོག་ནག་དང་། །ལྷ་རྟ་རྐྱང་བུ་མཚལ་བུ་དང་། །ལྷ་རྟ་གྲྭ་པ་ཟུར་མདངས་རྣམས། །དར་ཟབ་རྒྱན་གྱིས་ལྷབ་མ་ལྷུབ། །གསེར་སྲབ་གཡུ་མཐུར་སི་ལི་ལི། །སྦ་ལྕག་དར་སྒྲོགས་སྤྲིངས་སེ་སྤྲིང། །མེ་ལོང་དུང་ཁེབས་ལྷབས་སེ་ལྷབ། །དར་ཚོན་སྟག་རས་ཝངས་སེ་ཝང་། །མགྲོན་བུ་ཐང་བཞད་ཁྲ་ལ་ལ། །དཔྲལ་བར་མར་གྱི་གཡུང་དྲུང་བྲིས། །སྤྱི་བོར་བཀྲ་ཤིས་ཕྱེ་མར་བླུག །ཕྱེ་མར་གཡང་ལྷ་རྣམས་ལ་མཆོད། །དེ་རིང་ལྷ་རྟ་བཞིན་བཟང་འདི། །གཡང་ལྷ་ཁྱེད་ལ་རྟེན་དུ་བཙུགས། །ཁྱེད་རྣམས་འདི་ལ་གཡང་རྟེན་མཛོད། །གཡང་གི་རྟེན་ཕུར་མ་འབུད་ཅིག །ཕྱུ་གཡང་མ་ཉམས་བརྟན་པར་མཛོད། །ཁྱེད་རྨ་ཡི་བྱ་ཞུ་རྟ་ཕྱུགས་ཀྱིས། །རྩིས་རྩིས་བསྒྲངས་བསྒྲངས་རྟ་ལ་བྱས། །རྟ་ལ་ཁྲི་ཚོ་འབུམ་ཚོ་


CMR045_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

མངའ། །བདག་ལ་རྟ་ཡི་ཕྱུག་གཡང་ཕོབ། །གཡང་གི་ལྷ་རྟ་བཞིན་བཟང་འདི། །ཉིན་གྱི་དུས་སུ་བྱ་ར་གྱིས། །མཚན་གྱི་དུས་སུ་མེལ་ཚེ་མཛོད། །གོད་འདྲེ་ཡམས་ཀྱི་ཁ་ཁོག་ཅིག །དགྲ་དང་རྐུན་མའི་ངོ་ལོངས་ཤིག །སྤོམ་ར་རྨ་སྲས་གཡང་གི་ལྷ། །གཡང་རྟེན་འདི་ལ་འཁོར་བར་མཛོད། །བདག་དང་ཡོན་བདག་འཁོར་བཅས་ལ། །གཡང་གི་རུ་མ་མ་སྐེམ་ཞིག །གཡང་གི་རྟེན་ཕུར་མ་བུད་ཅིག །གཡང་གི་དམུ་དག་མ་ཆད་ཅིག །གཡང་གི་ར་བ་མ་འགྱེལ་ཞིག །གཡང་འདི་གཞན་ལ་མ་འཁྱམས་ཤིག །ཕྲུ་གཡང་མ་ཉམས་བསྲུང་བར་མཛོད། །ཀྱཻ། །ཁྱེད་ལ་གཡང་རྟེན་བཙུགས་པ་ནི། །སྦ་དཀར་ཚིགས་པ་དགུ་པ་ལ། །ཡུག་ཆེན་དུང་གི་མདུང་ཤིང་ལ། །སྔོན་མོ་ལྕགས་ཀྱི་མདུང་སོ་བྱས། །དར་སྣ་ལྔ་ཡི་རྒྱན་གྱིས་བརྒྱན། །རྔ་ཚོན་དཀར་པོ་སྤུངས་སེ་སྤུང་། །དེ་རིང་སྦ་མདུང་རྒྱན་ལྡན་འདི། །སྤོམ་ར་འཁོར་བཅས་རྟེན་དུ་བཙུགས། །ཕྱེ་མར་གཡང་ལྷ་རྣམས་ལ་མཆོད། །ཚེ་རྟེན་བཙུགས་པས་ཚེ་སྲུངས་ཤིག །ཚེ་རྟེན་འདི་རྣམས་མ་ཆག་ཅིག །ཚེ་ཕུར་འདི་རྣམས་མ་བུད་ཅིག །སྲོག་རྟེན་འདི་ནི་མ་ཆག་ཅིག །ཚེ་


CMR045_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲག་འདི་ནི་མ་ཡར་ཞིག །བཅུད་མདངས་འདི་ནི་མ་སྐེམ་ཞིག །དེ་རིང་སྦ་མདུང་རྒྱན་ལྡན་འདི། །རྨང་པོ་ཐམས་ཅད་འཕེན་པའི་རྟེན། །དབུལ་པོ་ཐམས་ཅད་ཕྱུག་པའི་རྟེན། །སྲི་བུ་སྐག་ལས་ཐར་བའི་རྟེན། །བཀྲ་ཤིས་ཚེ་རིང་དར་རྒྱས་མཛོད། །ཁྱེད་ཀྱི་འདི་ལ་གཡང་རྟེན་མཛོད། །།ཕྱྭ་གཡང་གཞན་ལ་མ་འཁྱམས་ཤིག །ཁུ་ཡེ་ཕྱུ་དང་ཚེ་དཔལ་མཛོད། །ཀྱཻ། །ཁྱེད་ལ་གཡང་རྟེན་འབུལ་བ་ནི། །སྨྱུག་རྒོད་ཚིགས་པ་དགུ་པ་ལ། །བྱ་རྒྱལ་རྒོད་པོའི་སྒྲོ་ཡིས་བསྒྲོན། །དར་དཀར་མེ་ལོང་ལྷབས་སེ་ལྷབ། །རིན་ཆེན་རྒྱན་ཆ་ཁྲ་ལ་ལ། །མདའ་དར་མེ་ལོང་རྒྱན་བཟང་འདི། །སྤོམ་ར་འཁོར་བཅས་རྟེན་དུ་བཙུགས། །ཕྱེ་མར་གཡང་ལྷ་རྣམས་ལ་མཆོད། །ཚེ་རྟེན་བཙུགས་པས་ཚེ་སྲུངས་ཤིག །ཚེ་རྟེན་འདི་རྣམས་མ་ཆག་ཅིག །ཚེ་ཕུར་འདི་རྣམས་མ་བུད་ཅིག །སྲོག་རྟེན་འདི་ནི་མ་ཆག་ཅིག །ཚེ་བཀྲག་འདི་ནི་མ་ཡར་ཞིག །བཅུད་མདངས་འདི་ནི་མ་སྐེམ་ཞིག །དེ་རིང་སྦ་མདུང་རྒྱན་ལྡན་འདི། །རྨང་པོ་ཐམས་ཅད་འཕེན་པའི་རྟེན། །དབུལ་པོ་ཐམས་ཅད་ཕྱུག་པའི་རྟེན། །སྲི་བུ་སྐག་ལས་ཐར་བའི་


CMR045_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན། །བཀྲ་ཤིས་ཚེ་རིང་དར་རྒྱས་མཛོད། །ཁྱེད་ཀྱི་འདི་ལ་གཡང་རྟེན་མཛོད། །ཕྱུ་གཡང་གཞན་ལ་མ་འཁྱམས་ཤིག །ཁུ་ཡེ་ཕྱུ་དང་ཚེ་དཔལ་མཛོད། །ཀྱཻ། །ཁྱེད་ལ་གཡང་རྟེན་བཙུགས་པ་ནི། །སྨན་མཆོག་ཙནྡན་མོ་འཕང་ལ། །དར་ཚོན་སྣ་ལྔ་ལྷབས་སེ་ལྷབ། །སྣང་གསལ་མེ་ལོང་ལྡེམས་སེ་ལྡེམ། །དུང་དང་མགྲོན་བུ་ཁྲ་ལ་ལ། །དེ་རིང་མོ་འཕང་རྒྱན་ལྡན་འདི། །སྤོམ་ར་འཁོར་བཅས་རྟེན་དུ་བཙུགས། །ཕྱེ་མར་གཡང་ལྷ་རྣམས་ལ་མཆོད། །ཚེ་རྟེན་བཙུགས་པས་ཚེ་སྲུངས་ཤིག །ཚེ་རྟེན་འདི་རྣམས་མ་ཆག་ཅིག །ཚེ་ཕུར་འདི་རྣམས་མ་བུད་ཅིག །སྲོག་རྟེན་འདི་ནི་མ་ཆག་ཅིག །ཆེ་བཀྲག་འདི་ནི་མ་ཡར་ཞིག །བཅུད་མདངས་འདི་ནི་མ་སྐེམ་ཞིག །དེ་རིང་སྦ་མདུང་རྒྱན་ལྡན་འདི། །རྨང་པོ་ཐམས་ཅད་འཕེན་པའི་རྟེན། །དབུལ་པོ་ཐམས་ཅད་ཕྱུག་པའི་རྟེན། །སྲི་བུ་སྐག་ལས་ཐར་བའི་རྟེན། །བཀྲ་ཤིས་ཚེ་རིང་དར་རྒྱས་མཛོད། །ཁྱེད་ཀྱི་འདི་ལ་གཡང་རྟེན་མཛོད། །ཕུ་གཡང་གཞན་ལ་མ་འཁྱམས་ཤིག །ཁུ་ཡེ་ཕྲུ་དང་ཚེ་དཔལ་མཛོད། །དེ་ནས་མཆོད་པ་འབུལ་བ་ནི། །ཀྱཻ། ཁྱེད་ལ་གཡང་རྟེན་འཛུགས་པ་ནི། །


CMR045_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

མར་ཁུའི་མཚོ་མོ་གནས་འདིར་ཡོད། །འོ་མའི་མཚོ་མོ་གནས་འདིར་ཡོད། །འབྲས་ཆང་དེང་བ་གནས་འདིར་ཡོད། །སྦྲང་ཆར་རྒུན་ཆང་གནས་འདིར་ཡོད། །ཤ་ཁྲག་ཕུད་རྒོད་གནས་འདིར་ཡོད། །དྲི་བཟང་གསུར་དུད་གནས་འདིར་ཡོད། །མར་ཐུད་པུ་ལུ་གནས་འདིར་ཡོད། །འབྲང་རྒྱས་ཞལ་དཀར་གནས་འདིར་ཡོད། །བདུད་ཞགས་འཁོར་ལོ་གནས་འདིར་ཡོད། །ཟླ་ཕྲོམ་ཟླ་རྒྱས་གནས་འདིར་ཡོད། །དམ་རྫས་ཚང་བ་གནས་འདིར་ཡོད། །ལོངས་སྤྱོད་ཚང་བ་གནས་འདིར་ཡོད། །ཀྱཻ། །དེ་ལྟར་གཡང་རྟེན་ཕུལ་བ་ཡིས། །ཁྱེད་ཀྱི་ཐུགས་རྗེའི་སྤྱན་གྱིས་གཟིགས། །རྨ་ཤོད་ཡུལ་ས་གཞི་བདག་རྣམས། །དེ་རིང་གཡང་གི་རྫི་བུ་མཛོད། །རྨ་ཡེ་མུ་ལེ་རྟ་ཕྱུགས་པའི་ཀྱིས། །རྩིས་རྩིས་བསྒྲངས་བསྒྲངས་རྟ་ལ་བྱས། །ཡོ་མ་ཁྲི་ཚོ་འབུམ་ཚོ་མངའ། །རྟེའུ་ཆུང་ཡང་གྲོན་མི་སྲིད། །དེ་ཕྱིར་རྒྱུ་སྦྱོར་ཡོན་བདག་གི །རྟ་རྣམས་འཚོ་བའི་རྫི་བུ་མཛོད། །རྟ་གཡང་བདག་ལ་དབབ་ཏུ་གསོལ། །ཡང་རྨ་ཡི་བུ་ལེ་ལུག་ཕྱུགས་ཀྱིས། །རྩིས་རྩིས་བསྒྲངས་བསྒྲངས་ལུག་ལ་བྱས། །ལུག་ལ་ཁྲི་ཚོ་འབུམ་ཚོ་མངའ། །ལུག་


CMR045_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

གུ་གཅིག་ཀྱང་གྲོན་མི་སྲིད། །དེ་ཕྱིར་རྒྱུ་སྦྱོར་ཡོན་བདག་གིས། །ལུག་རྣམས་འཚོ་བའི་རྫི་བུ་མཛོད། །ལུག་གཡང་བདག་ལ་དབབ་ཏུ་གསོལ། །ཡང་རྨ་ཡི་ལྕམ་མོ་འབྲི་ཕྱུགས་ཀྱིས། །རྩིས་རྩིས་བསྒྲངས་བསྒྲངས་འབྲི་ལ་བྱས། །འབྲི་ལ་ཁྲི་ཚོ་འབུམ་ཚོ་མངའ། །བེའུ་གཅིག་ཀྱང་གྲོན་མི་སྲིད། །དེ་ཕྱིར་རྒྱུ་སྦྱོར་ཡོན་བདག་གི །འབྲི་རྣམས་འཚོ་བའི་རྫི་བུ་མཛོད། །འབྲི་གཡང་བདག་ལ་དབབ་ཏུ་གསོལ། །ཡང་རྨ་ཡི་དྲག་པོ་གཡག་ཕྱུགས་ཀྱིས། །རྩིས་རྩིས་བསྒྲངས་བསྒྲངས་གཡག་ལ་བྱས། །གཡག་ལ་ཁྲི་ཚོ་འབུམ་ཚོ་མངའ། །གཡག་གུ་གཅིག་ཀྱང་གྲོན་མི་སྲིད། །དེ་ཕྱིར་རྒྱུ་སྦྱོར་ཡོན་བདག་གི །ནོར་རྣམས་འཚོ་བའི་རྫི་བུ་མཛོད། །ནོར་གཡང་བདག་ལ་དབབ་ཏུ་གསོལ། །ཡང་རྨ་ཡི་ནུ་ར་ར་ཕྱུགས་ཀྱིས། །རྩིས་རྩིས་བསྒྲངས་བསྒྲངས་ར་ལ་བྱས། །ར་ལ་ཁྲི་ཚོ་འབུམ་ཚོ་མངའ། །རེའུ་ཆུང་གཅིག་ཀྱང་གྲོན་མི་སྲིད། །དེ་ཕྱིར་རྒྱུ་སྦྱོར་ཡོན་བདག་གི །ར་རྣམས་འཚོ་བའི་རྫི་བུ་མཛོད། །ར་གཡང་བདག་ལ་དབབ་ཏུ་གསོལ། །ཡང་རྨ་ཡི་བསྲེ་ཁུག་ནས་ཕྱུག་གིས། །རྩིས་རྩིས་བསྒྲངས་བསྒྲངས་ནས་ལ་བྱས། །ནས་ལ་


CMR045_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་ནས་འབུམ་ནས་མངའ། །བང་མཛོད་ཐམས་ཅད་ནས་ཀྱིས་བཀང་། །དེ་ཕྱིར་རྒྱུ་སྦྱོར་ཡོན་བདག་གི །ནས་གཡང་བདག་ལ་དབབ་ཏུ་གསོལ། །ཡང་རྨ་ཡི་ཀླུ་སྨན་མར་ཕྱུག་གིས། །རྩིས་རྩིས་བསྒྲངས་བསྒྲངས་མར་ལ་བྱས། །མར་ལ་ཁྲི་མར་འབུམ་མར་གྱིས། །ཕྱི་སྣུམ་ནང་སྣུམ་ཐམས་ཅད་སྣུམ། །དེ་ཕྱིར་རྒྱུ་སྦྱོར་ཡོན་བདག་གི །ཕྱི་ནང་ཐམས་ཅད་སྣུམ་པར་མཛོད། །མར་གཡང་བདག་ལ་དབབ་ཏུ་གསོལ། །ཡང་རྨ་ཡི་བསྲེ་ཞོ་དར་སྐྱིད་ཀྱིས། །རྩིས་རྩིས་བསྒྲངས་བསྒྲངས་བ་ལ་བྱས། །འདོད་འཇོ་བདུད་རྩི་བ་མོ་ལ། །བདུད་རྩི་འོ་མ་ཤ་ར་ར། །དེ་ཕྱིར་རྒྱུ་སྦྱོར་ཡོན་བདག་གི །འདོད་འཇོའི་བདུད་རྩི་འབབ་པར་མཛོད། །འོ་གཡང་བདག་ལ་དབབ་ཏུ་གསོལ། །ཡང་རྨ་ཡི་ལྷ་མོ་འབྲུ་བརྒྱ་མས། །རྩིས་རྩིས་བསྒྲངས་བསྒྲངས་མི་ལ་བྱས། །མི་ལ་ཁྲི་ཚོ་འབུམ་ཚོ་མངའ། །བྱིས་པ་གཅིག་ཀྱང་གྲོན་མི་སྲིད། །དེ་ཕྱིར་རྒྱུ་སྦྱོར་ཡོན་བདག་གི །གྲྭ་འཁོར་དར་ལ་རྒྱས་པར་མཛོད། །མི་གཡང་བདག་ལ་དབབ་ཏུ་གསོལ། །དེ་ཕྱིར་རྒྱུ་སྦྱོར་ཡོན་བདག་རྣམས། །རྨང་པོ་ཐམས་ཅད་འཕེན་པར་མཛོད། །དབུལ་པོ་


CMR045_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཕྱུག་པར་མཛོད། །སྲི་བུ་སྐག་ལ་ཐར་བ་མཛོད། །བཀྲ་ཤིས་ཚེ་རིང་དར་རྒྱས་མཛོད། །བདག་ཅག་སློབ་དཔོན་འཁོར་བཅས་ལ། །གཞི་ལ་འདུག་ན་བུ་ལྟར་སྐྱོངས། །ཕྱོགས་བཞི་མཚམས་བརྒྱད་གར་འགྲོ་ཡང་། །སྔོན་ནས་བསུས་ལ་རྒྱབ་ནས་སྐྱོལ། །མཐུ་དཔུང་སྡོང་གྲོགས་རྒྱབ་རྟེན་མཛོད། །ཟས་ནོར་གྲོས་ལ་ཆུམ་ནས་སྤྱོད། །ཟས་ནོར་དངོས་གྲུབ་བདག་ལ་སྩོལ། །ཅི་བསམ་དོན་རྣམས་ཡིད་བཞིན་སྒྲུབས། །ལོངས་སྤྱོད་ཚེ་ནོར་འཕེལ་བར་མཛོད། །འཆི་བདག་ཟློག་ལ་བར་ཆད་སེལ། །བཀྲ་ཤིས་སྨོན་ལམ་བཙན་པར་མཛོད། །ཅི་བཅོལ་ལས་རྣམས་འགྲུབ་པར་མཛོད། །ཚེ་གཡང་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། །དོན་གཉིས་ལྷུན་གྲུབ་འགྲོ་དོན་མཐར་ཕྱིན་ཤོག །བསྟན་པ་དར་ལ་རྒྱས་པའི་བཀྲ་ཤིས་ཤོག །དེ་ནས་གཡང་ཕུར་བཙུགས་པ་ནི། སྦ་སྨྱུག་དང་། སེ་བ་དང་སྟག་པ་དང་། ཤུག་པ་དང་བཞི་ལ་ཕུར་པ་བཟོ། ཕུར་པ་གཡང་སྒྲོ་ལ་བཏགས་ཏེ་འདི་སྐད་དོ།། །ཀྱཻ། ཤར་དུ་སྦ་སྨྱུག་ཚིགས་མང་དེ། །གཡང་གི་ཕུར་པ་བསྲུང་དུ་བཙུགས། །དར་གྱིས་གཡང་ཐང་བཏགས། །དུང་སེང་དཀར་པོ་དེ། །གཡང་གི་ཕུར་པ་བསྲུང་དུ་བཙུགས།


CMR045_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་ལྷོ་ཕྱོགས་སུ། །ཤིང་རྒྱས་སེ་བ་དེ། །གཡང་གི་ཕུར་པ་བཙུགས། །བལ་ཐག་དཀར་པོ་བཏགས། །གཡུ་འབྲུག་སྔོན་མོ་དེ། །གཡང་གི་ཕུར་པ་བསྲུང་དུ་བཙུགས། །ཉི་མ་ནུབ་ཕྱོགས་སུ། །གཡུ་ཤུག་ལོ་བཟང་དེ། །གཡང་གི་ཕུར་པ་བསྲུང་དུ་བཙུགས། །རྟ་རྔ་ཤར་ཅིག་བཏགས། །རུས་སྦལ་རྒྱ་བོ་དེ། །གཡང་གི་ཕུར་པ་བསྲུང་དུ་བཙུགས། །ཉི་མ་བྱང་ཕྱོགས་སུ། །རྨ་ཤིང་སྟག་པ་དེ། །གཡང་གི་ཕུར་པ་བསྲུང་དུ་བཙུགས། །ཉི་མ་རྩོད་ཐག་སྨུག་པོ་བཏགས། །རྨ་བྱིལ་སྤུ་བདུག་དེ། །གཡང་གི་ཕུར་པ་བསྲུང་དུ་བཙུགས། །སྒེལ་ཆེན་རྣ་གཡང་དེ། །གཡང་གི་ཕུར་པ་བསྲུང་དུ་བཙུགས། །ད་སྲུང་བཞི་དེ་མ་འཁྱུགས་ལ། །ཕུར་བཞི་དེ་མ་བུད་ཅིག །ཐང་བཞི་དེ་མ་ཆད་ཅིག །བདེན་པ་དེ་མ་བསླུ་ཤིག །ཨོཾ་རཏྣ་སིདྡྷི་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ། ཨོཾ་ཀུ་མ་རི་ཕུ་ཏྲི་སིདྡྷི་སིདྡྷི་ཧཱུྃ༔ ཞེས་རབ་བརྒྱ་རྩ། འབྲིང་ཉེར་གཅིག །ཐ་མ་བཅུ་གསུམ། ཡང་ཐ་གསུམ་བརྗོད་དོ། །འདོན་ཚེ་ཕྱེ་མར་ཤུག་དུད་བྱ། ཞག་མང་ཐོན་ན་བཟང་། ཞེས་པ་འདི་ནི་རྨ་སྤོམ་རའི་ཡིག་རྙིང་གཏེར་གསར་སོ་སོའི་སྤོམ་ཡིག་ཚན་བདུན་ཙམ་བསྒྲིགས་པ། ༧ ཨ་རཱ་གས་གསེར་འཕྱང་ཁྲུམས་ཀྱི་ཟླ་བའི་བཅོ་ལྔ་ཉིན་


CMR045_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྲིས་པས་དགེ་བས་སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །དགེའོ། །བཀྲ་ཤིས་པར་གྱུར་ཅིག ༈ ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་དང་། །ནོར་དང་ལོངས་སྤྱོད་འདོད་རྒུའི་ཕོངས་མེད་པར། །གོང་ནས་གོང་དུ་མི་བཟད་གཏེར་ལ་སྤྱོད། །སྦྱིན་པའི་ཕར་ཕྱིན་རྫོགས་པའི་བཀྲ་ཤིས་ཤོག །བསོད་ནམས་རི་བོ་བཞིན་དུ་འབད་དང་རྩོལ་བ༔ ལོ་བརྒྱ་འཚོ་ཞིང༔ ཧཱུྃ། རྒྱལ་ཀུན་རིགས་མཆོག་གཅིག་བསྡུས་རྡོ་རྗེ་སེམས། །ཚེ་དཔལ་ལོངས་སྤྱོད་རྒྱས་མཛད་རྣམ་མང་ཐོས། །ཤར་ཕྱོགས་ཡུལ་འཁོར་སྲུང་བྱེད་སྒྱུ་འཕྲུལ་གར། །ནོར་ལྷ་རྨ་གཉན་སྤོམ་རའི་བཀྲ་ཤིས་ཤོག །སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྣ་ཚོགས་ཀྱིས། །གང་འདུལ་སྐུར་སྟོན་ཞི་རྒྱས་དབང་དྲག་ལས། །རབ་འབྱམས་ཐོགས་མེད་སྤྲུལ་པ་ཡུམ་སྲས་ལྕམ། །བཀའ་འཁོར་ཡོངས་རྫོགས་རྣམས་ཀྱི་བཀྲ་ཤིས་ཤོག །དགེ་སྦྱོང་ཐ་ཤར་ཙནྡྲ་དྷཱ་ཛས་ཤར་མར་བྲིས་་་ཟླ་བ་རྒྱལ་མཚན། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

རྨ་སྤོམ་རའི་གཡང་འགུགས།


CMR045_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

རྨ་སྤོམ་རའི་གཡང་འགུགས་ནི། །ཀྱཻ། རྨ་རྒྱལ་སྤོམ་ར་གཡང་གི་ལྷ། །ཆིབས་སུ་དུང་རྟ་དཀར་པོ་ཆིབས། །སྐུ་ལ་དུང་ཁྲབ་དཀར་པོ་གསོལ། །ཕྱག་ན་མདུང་དར་དཀར་པོ་ཕྱར། །སྟེང་ན་གཡུ་འབྲུག་ལྡིར་རི་རི། །གཡས་ན་ཁྱུང་འཕུར་ལྷབས་སེ་ལྷབ། །གཡོན་ན་སྟག་གཟིག་དོམ་དང་བཅས། །སྤོམ་ར་འཁོར་དང་བཅས་པ་ལ། །དེ་རིང་གཡང་གི་ལྷ་རུ་འབོད། །རྨ་གཡང་འབྲུ་དང་སྤུངས་ལ་བྱོན། །དེ་རིང་མི་འཕེལ་ནོར་ཕྱུགས་གཡང་། །ཁུ་ཡེ་ཕྱྭ་དང་གཡང་ཁུག་ཅིག །རྨ་ལྷ་མོ་འཕྲུལ་རྒྱལ་མི་གཡང་ལྷོ་དེ། །ཁུ་ཡེ་ཕྱྭ་དང་གཡང་ཁུག་ཅིག །རྨ་ཕྲུ་ཞུ་རྟ་ཕྱུགས་རྟ་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་ཁུག་ཅིག །རྨ་ལྕམ་མོ་འབྲི་ཕྱུགས་འབྲི་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་ཁུག་ཅིག །རྨ་ལུག་ལྷ་རྨན་པོའི་ལུག་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་ཁུག་ཅིག །རྨ་ཧུར་ར་ར་ཕྱུགས་ར་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་ཁུག་ཅིག །རྨ་ཟོ་བ་རི་ཡི་འོ་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་ཁུག་ཅིག །རྨ་ལྷ་ལྗང་ཆུ་མིག་རྨ་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྨ་བསྲེ་ཁུག་ནང་གི་ནས་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །


CMR045_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་རྨ་གཡང་ཟས་གཡང་དང་། །དཀོར་ནོར་ལོངས་སྤྱོད་དབང་ཐང་རྣམས། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཕྱུ་འབེབས་དེ་ནི་སྒ་ར་ར། །གཡང་འབེབས་དེ་ནི་ཤ་ར་ར། །ཕྱུ་གཡང་ལོངས་སྤྱོད་ལྡན་གྱུར་ཅིག །བཀྲ་ཤིས་དཔལ་འབར་རྒྱན་གྱུར་ཅིག །ཨ་རཱ་གས་སོ། །སརྦ་མངྒ་ལཾ། བཀྲ་ཤིས་པར་གྱུར་ཅིག །། །།

ཇོ་བོ་སྔགས་ཀྱི་བདག་པོའི་གཡང་སྐྱོབས་ཡིད་བཞིན་ནོར་གྱི་ཆུ་གཏེར།


CMR045_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་བོ་སྔགས་ཀྱི་བདག་པོའི་གཡང་སྐྱོབས་ཡིད་བཞིན་ནོར་གྱི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ། །


CMR045_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་པཱ་ཎི་ལ་ན་མོ། མཉམ་མེད་དྭགས་པོ་བཀའ་བརྒྱུད་ཆོས་སྐྱོང་དང་སྒྲུབ་བརྒྱུད་རིན་པོ་ཆེ་ཀཾ་ཚང་གི་བཀའ་སྲུང་སྔགས་ཀྱི་བདག་པོའི་སྒོ་ནས་ཀླུ་ཡི་གཡང་སྐྱབས་བྱ་བ་ནི། གཞི་དཀར་པོའི་སྟེང་དུ་ནས་ཀྱི་གཡུང་དྲུང་བྲིས་པའི་དབུས་སུ། གཡང་སྤེལ་ཟུར་བརྒྱད་པ་མར་གྱི་ནོར་བུའི་སྤྲས་པའི་མཐར། ཐུད་ཀྱི་པུ་ལུ་བཅུ་གསུམ་མར་ཁུས་བཀང་བ་དང་། ཕྱེ་མར་འབྲུ་སྣ་ཅི་འཇོམ་བཤམས། བུམ་པའི་ནང་དུ་ཆུ་མིག་བཅུ་གསུམ་གྱི་ཆུ་ལ་ཀླུ་སྨན་བཏབ། ཤེལ་ཚིགས་ལྤགས་བུ་དཀར་པོའམ། བལ་ལམ་དར་དཀར་པོའི་མདའ་དར་བཤམས། རྒྱས་པར་བྱེད་ན་ཁུག་རྒྱན་དང་རིན་པོ་ཆེ་སྣ་ཚོགས། ཤིང་ཐོག་མེ་ཏོག་དར་སྣ་འབྲང་རྒྱས་ཞལ་དཀར་ཐུད་གཡག་མར་ལུག་འོ་ཞོ་སོགས་བཤམས། ཀླུ་མཆོད་རྒྱས་པའམ་སྔགས་བདག་གི་ཆོ་ག་


CMR045_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་བསྲང་ནས། རང་ཉིད་ལྷར་གསལ་བའི་མཐེ་བོང་ལ་སྣ་ཚོགས་རྡོ་རྗེའི་མཚན་པ་ལས་བྱུང་བའི་རྡོ་རྗེའི་གོ་ཁྲབ་ཞུ་ལུབས་སུ་གྱོན་པས་ཀླུའི་གདུག་པས་མི་ཚུགས་པར་གྱུར། ཨོཾ་བཛྲ་ཙཎྜ་མཎྜ་ལ་ཨ་མྲྀ་ཏ་མ་མ་རཀྵ་རཀྵ་ཧཱུྃ། ཞེས་རྡོ་རྗེ་ཁུ་ཚུར་གནས་ལྔར་གཏུགས། རང་གི་འཁོར་སློབ་ཡོན་བདག་རྣམས་ཀྱི་སྤྱི་བོར་ཨོཾ། །མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དཔྲལ་བར་ཛ། མིག་གཡས་གཡོན་ལ་ཧྲིདང་ཏྭཾ། རྣ་བ་གཡས་གཡོན་ལ་ཛ་དང་ཧརྣམས་ཀྱིས་མཚན་པས་བསྲུང་བར་གྱུར། ཧཱུྃ། རྒྱ་མཚོ་མུ་མེད་མཐའ་ཡས་ནས། །ཀླུ་ཡུལ་རབ་ཏུ་དགའ་བ་ནས། །ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་


CMR045_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

འདས། །སྟོང་གསུམ་བདག་པོ་གཡོག་མཐའ་ཡས། །བདེ་གཤེགས་ཀླུ་དབང་རྒྱལ་པོ་ཡི། །ཕྲིན་ལས་སྤྲུལ་པ་སྔགས་ཀྱི་བདག །མི་མགོན་དཀར་པོ་ཝ་རུ་ཎ། །ཀླུ་རྒྱལ་མ་དྲོས་གཟི་ཆེན་དང་། །ཀླུ་ཆེན་བརྒྱད་དང་རིགས་བཞིའི་ཀླུ། །ཀུན་ཀྱང་བཙུན་མོ་སྲས་འཁོར་བཅས། །དངོས་གྲུབ་ཚོགས་དང་བཅས་ཏེ་བྱོན། །ཀླུ་ཡི་ཕྱུགས་གཡང་འཕེལ་གཡང་དང་། །ཀླུ་ཡི་དར་གཡང་སྐྱིད་གཡང་དང་། །ཀླུ་ཡི་འཕེལ་གཡང་བཙན་གཡང་དང་། །ཀླུ་ཡི་བཀྲ་ཤིས་དངོས་གྲུབ་དང་། །ཀླུ་ཡི་སྟོབས་དང་གཟི་བརྗིད་དང་། །དེ་རྣམས་ཕྱྭ་དང་གཡང་དུ་བྱོན། །ཀླུ་ཡི་རྫུ་འཕྲུལ་བསམ་མི་ཁྱབ། །ཀླུ་ཡི་ཕོ་བྲང་བསམ་མི་ཁྱབ། །ཀླུ་ཡི་ལོངས་སྤྱོད་བསམ་མི་ཁྱབ། །ཀླུ་ཡི་དངོས་གྲུབ་བསམ་མི་ཁྱབ། །ཀླུ་ཡི་རྨ་གཡང་བསམ་མི་ཁྱབ། །དེ་རྣམས་ཕྱྭ་དང་གཡང་ལ་བྱོན། །གཡང་སྤེལ་རིན་ཆེན་ཟུར་བརྒྱད་འདི། །ཕྱྭ་དང་གཡང་རྣམས་འབྱོན་པའི་རྟེན། །རྟེན་ལ་འབྱོན་ཞིག་གཡང་ལ་འདུས། །ཤར་ཕྱོགས་དུང་རི་དུང་གླིང་ན། །མི་མགོན་དཀར་པོ་དངོས་གྲུབ་ཅན། །ཀླུ་ཡི་རྒྱལ་པོ་མི་གྲངས་སྤེལ་མཛད་ཀྱི། །དཔལ་དང་དངོས་གྲུབ་གཡང་ལ་འདུས། །


CMR045_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་ཕྱོགས་རྒྱ་མཚོ་ནོར་གྱི་འཁོར་ལོ་ན། །ཀླུ་རྒྱལ་རིན་ཆེན་འབར་བ་བཞུགས། །ཀླུ་ཡི་རྒྱལ་པོ་ནོར་གྲངས་སྤེལ་མཛད་ཀྱིས། །ནོར་གྱི་དངོས་གྲུབ་གཡང་ལ་འདུས། །ནུབ་ཕྱོགས་རྫ་རི་རྫ་བྲག་མང་པོས་བསྐོར། །ཀླུ་ཡི་རྒྱལ་པོ་པདྨ་རིགས་འབྱུང་བྱ་བ་བཞུགས། །ཀླུ་ཡི་རྒྱལ་པོ་ཆོས་སྲིད་དབང་ཐང་སྤེལ་མཛད་པ། །ཆོས་སྲིད་དབང་ཐང་གཡང་ལ་འདུས། །བྱང་ཕྱོགས་བྲག་རི་དངོས་གྲུབ་ཆུ་ཡི་གླིང་། །དེ་ན་ཀླུ་ཡི་རྒྱལ་པོ་རིན་ཆེན་དངོས་གྲུབ་བཞུགས། །ཀླུ་ཡི་རྒྱལ་པོ་བཀྲ་ཤིས་དོན་གྲུབ་པའི། །མི་འཕེལ་རྟ་ཧྲག་གཡང་དུ་འདུས། །ཀླུ་རིགས་ལྔ་ཡི་ཆུ་མིག་ཐམས་ཅད་དང་། །རྫ་ཆུ་ཁྲོན་པ་ཐམས་ཅད་དང་། །ལུ་མ་ལྡིང་ཀ་ཐམས་ཅད་དང་། །རིན་ཆེན་རི་བོ་ཐམས་ཅད་དང་། །མཚོ་ཆེན་མཚོ་བྲན་ཐམས་ཅད་དང་། །ནེའུ་གསིང་སྤང་ལྗོངས་ཐམས་ཅད་ལ། །གནས་པའི་ཀླུ་གཉན་ཐམས་ཅད་ཀུན། །དངོས་གྲུབ་ཚོགས་དང་བཅས་ཏེ་བྱོན། །ཨོཾ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨ་གཙྪ་ཡ་ཨ་གཙྪ་ཡ་སྭཱ་ཧཱ། ཧཱུྃ། རིན་ཆེན་ཟུར་བརྒྱད་གཡང་གི་རྟེན། །གཡང་རྟེན་འདི་ལ་བཞུགས་སུ་གསོལ། །མར་ཁུའི་མཚོ་མོ་གཡང་གི་རྟེན། །


CMR045_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་རྟེན་འདི་ལ་བཞུགས་སུ་གསོལ། །ཟླ་ཕྲོམ་རིལ་བུ་གཡང་གི་རྟེན། །གཡང་རྟེན་འདི་ལ་བཞུགས་སུ་གསོལ། །བུམ་པ་ཆུ་སྣ་གཡང་གི་རྟེན། །གཡང་རྟེན་འདི་ལ་བཞུགས་སུ་གསོལ། །ཕྱེ་མར་ཟས་ཕུད་གཡང་གི་རྟེན། །གཡང་རྟེན་འདི་ལ་བཞུགས་སུ་གསོལ། །ཐུད་གཡག་མར་ལུག་གཡང་གི་རྟེན། །གཡང་རྟེན་འདི་ལ་བཞུགས་སུ་གསོལ། །ཨོཾ་ནཱ་ག་ར་ཛ་ཀུ་མ་རཱ་ཛ་ཏི་ཛ་ཏི་ཧཱུྃ་ཧཱུྃ། ཨོཾ་ནཱ་ག་རཱ་ཛ་གྷོ་རུ་གྷོ་རུ་མ་མ་ཧཱུྃ་ཧཱུྃ། ཀླུ་ཡི་རྒྱལ་པོ་ཁྱེད་རྣམས་ལ། །དཀར་གསུམ་མངར་གསུམ་ཕྱེ་མར་དང་། །གཡང་བཤོས་མཆོད་པ་སྣ་ཚོགས་དང་། །རིན་ཆེན་འབྲུ་སྨན་དར་ཟབ་དང་། །ཤེལ་ཚིགས་བལ་ཚོན་མེ་ཏོག་དང་། །འདོད་ཡོན་ལྔ་དང་རིན་ཆེན་བདུན། །བཀྲ་ཤིས་རྟགས་བརྒྱད་རྫས་བརྒྱད་སོགས། །དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ། །མཆོད་པའི་སྤྲིན་ཕུང་རྒྱ་མཚོ་འབུལ། །ཀླུ་གཡང་དངོས་གྲུབ་རྒྱ་མཚོ་རྣམས། །ད་ལྟ་ཉིད་དུ་བསྩལ་དུ་གསོལ། །ཡིད་བཞིན་ནོར་བུའི་དངོས་གྲུབ་སྩོལ། །འདོད་པའི་ནོར་གྱི་དངོས་གྲུབ་སྩོལ། །སྲིད་ཀྱི་ཆུ་མིག་ཁ་ཕྱེས་ལ། །སྲིད་ཀྱི་རྩ་དཀར་བཀྲོལ་དུ་གསོལ། །ནོར་བུ་རིན་


CMR045_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བདག་ལ་བྱིན། །ཀླུ་ཡི་དངོས་གྲུབ་ཆེན་པོ་དང་། །མི་གྲངས་རྩ་དཀར་བཀྲོལ་བ་དང་། །ནོར་གྱི་ཕྱུགས་གཡང་ཅི་ཡོད་ཀུན། །བདག་དང་ཡོན་བདག་འདི་ལ་ད་སྩོལ་ཅིག །བཙན་པོའི་བཙན་གཡང་ཐམས་ཅད་དང་། །འཕེན་པོའི་འཕེན་གཡང་ཐམས་ཅད་དང་། །ཕྱུག་པོའི་ཕྱུག་གཡང་ཐམས་ཅད་དང་། །དངོས་གྲུབ་ཐམས་ཅད་ད་སྩོལ་ཅིག །ཧཱུྃ། ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་འདས། །ཕྱག་ན་རིན་ཆེན་ལྗོན་ཤིང་བསྣམས། །ཀུན་ཀྱང་རྨ་གཡང་འོད་ཟེར་འཕྲོ། །མཆོད་པ་དམ་པ་འདི་བཞེས་ལ། །མི་གཡང་ནོར་གཡང་ཟས་གཡང་སློངས། །བཙན་ཕྱུག་འཕེན་གསུམ་གཡང་དུ་བླན། །ཨོཾ་ནཱ་ག་རཱ་ཛ་སིདྡྷི་ཧཱུྃ། ཀླུ་ཡི་རྒྱལ་པོ་སོག་མ་མེད། །མ་དྲོས་ཀླུ་ཡི་དབང་པོ་སྟེ། །སྦྲུལ་མགོ་སྟོང་གི་གདེངས་ཀ་ཅན། །སྦྲུལ་མགོ་དག་ནི་རེ་རེ་ལ། །གླིང་བཞི་གང་བའི་ལོངས་སྤྱོད་ལྡན། །སངས་རྒྱས་སྟོང་གི་སྦྱིན་བདག་སྟེ། །བཙུན་མོ་སྲས་དང་བློན་པོ་དང་། །ཁྲི་ཕྲག་དྲུག་གི་འཁོར་དང་བཅས། །འོད་ཟེར་ནོར་གྱི་ཆར་པ་འབེབས། །མཆོད་པ་དམ་པ་འདི་བཞེས་ལ། །མི་གཡང་ནོར་གཡང་ཟས་གཡང་བླན། །


CMR045_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་ཕྱུག་འཕེན་གསུམ་གཡང་དུ་བསླང་། །ཨོྃ་ཕུ་ཏ་ཕུ་ཏ་མ་ཧ་ཀྲོ་ཏ་ཧཱུྃ། སིདྡྷི་སིདྡྷི་སྤོ་ཊ་ཡ་ཧཱུྃ་ཕཊ། ཆུ་བདག་ཝ་རུ་སྣ་ཚོགས་མདོག །ཕྱག་ན་ནོར་བུ་པད་དཀར་བསྣམས། །ཀླུ་མོ་དབང་ཕྱུག་རྒྱལ་མོ་དཀར། །ཕྱག་ན་ཚེ་བུམ་དམུ་དག་བཟུང་། །པང་ན་ཀླུ་སྲས་དུན་ཚུགས་ཚར། །འཁོར་ནི་ཀླུ་བྲན་འབུམ་གྱིས་བསྐོར། །ཀུན་ཀྱང་རྨ་གཡང་འོད་ཟེར་འཕྲོ། །མཆོད་པ་དམ་པ་འདི་བཞེས་ལ། །མི་གཡང་ནོར་གཡང་ཟས་གཡང་བསླང་། །བཙན་ཕྱུག་འཕེན་གསུམ་གཡང་དུ་བླུན། །ཨོཾ་སྤུང་སྤུང་སྭཱ་ཧཱ། ཀླུ་རྒྱལ་མཐའ་ཡས་སྐུ་མདོག་དཀར། །ཨུཏྤལ་ཚེ་ཡི་དམུ་དག་བསྣམས། །ཀླུ་མོ་རླུང་འབྱིན་སྔོན་པོ་ལ། །ཕྱག་ན་མེ་ལོང་གཡང་ཟོ་བསྣམས། །པང་ན་ཀླུ་སྲས་ནོར་བུ་འཛིན། །འཁོར་ནི་ཀླུ་བྲན་འབུམ་གྱིས་བསྐོར། །ཀུན་ཀྱང་རྨ་གཡང་འོད་ཟེར་འཕྲོ། །མཆོད་པ་དམ་པ་འདི་བཞེས་ལ། །མི་གཡང་ནོར་གཡང་ཟས་གཡང་བསླང་། །བཙན་ཕྱུག་འཕེན་གསུམ་གཡང་དུ་བླང་། །ༀ་གྲུབ་གྲུབ་སྭཱ་ཧཱ། ཀླུ་རྒྱལ་ནོར་རྒྱས་གསེར་གྱི་མདོག །འཁོར་ལོ་གཡང་གི་གཟུངས་ཐག་བསྣམས། །ཀླུ་མོ་འོད་ཟེར་མར་གད་མདོག །འོ་མའི་རྒྱ་


CMR045_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་མར་རྐྱལ་བསྣམས། །ཀླུ་སྲས་ཟུར་ཕུད་ཅན་ལ་སོགས། །འཁོར་ནི་ཀླུ་བྲན་འབུམ་གྱིས་བསྐོར། །ཀུན་ཀྱང་རྨ་གཡང་འོད་ཟེར་འཕྲོ། །མཆོད་པ་དམ་པ་འདི་བཞེས་ལ། །མི་གཡང་ནོར་གཡང་ཟས་གཡང་བསླང་། །བཙན་ཕྱུག་འཕེན་གསུམ་གཡང་དུ་བླང་། །ཨོཾ་འབྲུག་འབྲུག་སྭཱ་ཧཱ། ཀླུ་རྒྱལ་འཇོག་པོ་སྐུ་མདོག་སྔོ། །དགྲ་སྟ་རྨ་བྱའི་རྒྱལ་མཚན་བསྣམས། །ཀླུ་མོ་མེ་ཏོག་མདངས་ལྡན་སེར། །དམུ་དག་དུང་གི་རྒྱལ་མཚན་འཛིན། །ཀླུ་སྲས་གཙུག་རྒྱན་ལ་སོགས་པའི། །འཁོར་ནི་ཀླུ་བྲན་འབུམ་གྱིས་བསྐོར། །ཀུན་ཀྱང་རྨ་གཡང་འོད་ཟེར་འཕྲོ། །མཆོད་པ་དམ་པ་འདི་བཞེས་ལ། །མི་གཡང་ནོར་གཡང་ཟས་གཡང་བསླང་། །བཙན་ཕྱུག་འཕེན་གསུམ་གཡང་དུ་བླང། །ཨོཾ་ནོར་འདུས་འདུས་སཱ་ཧཱ། ཀླུ་རྒྱལ་སྟོབས་རྒྱུ་མཐིང་ནག་འབར། །དར་མདུང་དམར་པོ་བཤོལ་མར་འཛིན། །ཀླུ་མོ་འོད་འབྱོན་མདངས་བཟང་མ། །དམར་སྐྱ་སྣང་གསལ་སྒྲོམ་བུ་འཛིན། །ཀླུ་སྲས་ཡིད་བཞིན་དཔལ་ལ་སོགས། །འཁོར་ནི་ཀླུ་བྲན་འབུམ་གྱིས་བསྐོར། །ཀུན་ཀྱང་རྨ་གཡང་འོད་ཟེར་འཕྲོ། །མཆོད་པ་དམ་པ་འདི་


CMR045_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ལ། །མི་གཡང་ནོར་གཡང་ཟས་གཡང་བསླང་། །བཙན་ཕྱུག་འཕེན་གསུམ་གཡང་དུ་བླང་། །ༀ་འབུར་བ་འབུར་བ་སྭཱ་ཧཱ། ཀླུ་རྒྱལ་པདྨ་བྱི་རུའི་མདོག །པདྨ་དར་མདུང་དཀར་པོ་བསྣམས། །ཀླུ་མོ་འཁོར་ལོ་མཛེས་ལྡན་མ། །ལྗང་སྐྱ་སྣང་གསལ་ཚེ་སྒྲོམ་བསྣམས། །ཀླུ་སྲས་ཟུར་ཕུད་ལྔ་པ་སོགས། །འཁོར་ནི་ཀླུ་བྲན་འབུམ་གྱིས་བསྐོར། །ཀུན་ཀྱང་རྨ་གཡང་འོད་ཟེར་འཕྲོ། །མཆོད་པ་དམ་པ་འདི་བཞེས་ལ། །མི་གཡང་ནོར་གཡང་ཟས་གཡང་བསླང་། །བཙན་ཕྱུག་འཕེན་གསུམ་གཡང་དུ་བླནང་། །ཨོཾ་ཁྲོལ་ཁྲོལ་སྭཱ་ཧཱ། ཀླུ་རྒྱལ་པད་ཆེན་སྐུ་མདོག་དམར། །ཨུཏྤལ་ཚེ་ཡི་དམུ་དག་བསྣམས། །ཀླུ་མོ་གྲུབ་པ་དཀར་མོ་ནི། །རིན་ཆེན་བུམ་པ་ཕྱག་ན་བསྣམས། །ཀླུ་སྲས་ཡིད་བཞིན་པ་ལ་སོགས། །འཁོར་ནི་ཀླུ་བྲན་འབུམ་གྱིས་བསྐོར། །ཀུན་ཀྱང་རྨ་གཡང་འོད་ཟེར་འཕྲོ། །མཆོད་པ་དམ་པ་འདི་བཞེས་ལ། །མི་གཡང་ནོར་གཡང་ཟས་གཡང་བསླང། །བཙན་ཕྱུག་འཕེན་གསུམ་གཡང་དུ་བླང་། །ཨོཾ་སྤུ་ཏ་སྤུ་ཏི་ཕཊ། ཀླུ་རྒྱལ་དུང་སྐྱོང་ཨིནྡྲའི་མདོག །དུང་དཀར་གཡང་གི་ཞགས་པ་བསྣམས། །ཀླུ་མོ་དོན་གྲུབ་


CMR045_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མོ་ནི། །སྒྲོམ་བུ་གཡང་གི་མུ་དག་བསྣམས། །ཀླུ་སྲས་ནོར་བུ་འཛིན་ལ་སོགས། །འཁོར་ནི་ཀླུ་བྲན་འབུམ་གྱིས་བསྐོར། །ཀུན་ཀྱང་རྨ་གཡང་འོད་ཟེར་འཕྲོ། །མཆོད་པ་དམ་པ་འདི་བཞེས་ལ། །མི་གཡང་ནོར་གཡང་ཟས་གཡང་བསླང་། །བཙན་ཕྱུག་འཕེན་གསུམ་གཡང་དུ་བླང་། །ཨོཾ་ནཱ་ག་མྱེར་སྲུང་མྱེར་སྲུང་སྭཱ་ཧཱ། །ཀླུ་རྒྱལ་རིགས་ལྡན་ལ་སོགས་པའི། །ཀླུ་ཡི་རྒྱལ་པོ་དེ་དག་ནི། །སྐུ་མདོག་སྣ་ཚོགས་འོད་ཟེར་འབར། །སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། །ཐུགས་རྗེའི་སྤྲིན་གྱི་དབུ་བརྒྱན་ཅན། །ནོར་བུ་རིན་ཆེན་རྒྱན་ཆ་ཅན། །འོད་ཟེར་འཕེན་གཡང་ཕྱུག་གཡང་འཕྲོ། །ཀླུ་མོ་དཔའ་མོ་ནག་མོ་སོགས། །ཀླུ་ཡི་རྒྱལ་མོ་དེ་དག་ནི། །སྐུ་མདོག་སྣ་ཚོགས་འོད་ཟེར་འཕྲོ། །སྦྲུལ་མགོ་གསུམ་གྱི་གདེངས་ཀ་ཅན། །ཐུགས་རྗེའི་སྤྲིན་གྱི་དབུ་རྒྱན་ཅན། །རིན་ཆེན་མེ་ཏོག་ལུས་ལ་བརྒྱན། །འོད་ཟེར་དངོས་གྲུབ་ཕྱོགས་བཅུར་འཕྲོ། །འཁོར་ལོ་དཔལ་སོགས་ཀླུ་སྲས་དགུ། །བློན་པོ་འབངས་འཁོར་ཐམས་ཅད་ལ། །ཕྱག་འཚལ་བསྙེན་བཀུར་མཆོད་པ་འབུལ། །བདག་དང་ཡོན་མཆོད་འཁོར་བཅས་ལ། །མི་


CMR045_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་འཕེལ་གཡང་བསྩལ་དུ་གསོལ། །ནོར་གྱི་ཕྱུགས་གཡང་བསྩལ་དུ་གསོལ། །དགོས་འདོད་ཡིད་བཞིན་འགྲུབ་པར་མཛོད། །ཨོཾ་ནཱ་ག་རཱ་ཛ་སྲི་དུ་སྟེ། ཨོཾ་ནཱ་ག་རཱ་ཛ་ཧེ་སྟ་ཕོབ་ཕོབ། ཨོཾ་ནཱ་ག་རཱ་ཛ་ཧེ་སྟ་ཀ་ལ་ཕོབ་ཕོབ། ཅེས་དང་ཀླུ་གཡང་འབེབས་པའི་སྔགས་བརྒྱ་ཙམ་བཟླས་ཤིང་བུམ་པའི་ཆུ་སྣ་རང་དང་ཡོན་བདག་ལ་གཏོར་རོ། །དེ་ནས་མདའ་དར་གཡབ་ཅིང་། ཧཱུྃ། ཀླུ་ཡི་རྒྱལ་པོ་འཁོར་བཅས་རྣམས། །འདོད་ཡོན་མཆོད་པ་འདི་བཞེས་ལ། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །མི་ལ་ཀླུ་གཡང་འབེབ་ཏུ་གསོལ། །གཡང་གི་སྒོ་མོ་ཤར་ནས་ཕྱེས། །མི་མགོན་དཀར་པོའི་འཕེན་གཡང་ཕོབ། །གཡང་གི་སྒོ་མོ་ལྷོ་ནས་ཕྱེས། །གཙུག་ན་རིན་ཆེན་ནོར་གཡང་ཕོབ། །གཡང་གི་སྒོ་མོ་ནུབ་ནས་ཕྱེས། །ཀླུ་རྒྱལ་དགའ་བོའི་བཙན་གཡང་ཕོབ། །གཡང་གི་སྒོ་མོ་བྱང་ནས་ཕྱེས། །ཀླུ་རྒྱལ་འཇོག་པོའི་ཕྱུགས་གཡང་ཕོབ། །མི་རྣམས་འཕེལ་བའི་འཕེན་གཡང་ཕོབ། །ནོར་རྣམས་ཕྱུག་པའི་ཕྱུགས་གཡང་ཕོབ། །རྟག་ཏུ་སྐྱིད་པའི་སྐྱིད་གཡང་ཕོབ། །རྒྱུན་ཏུ་བཙན་པའི་བཙན་གཡང་ཕོབ། །ལོངས་སྤྱོད་ཟས་ཀྱི་རྨ་གཡང་ཕོབ། །རྐང་བཞི་ཕྱུགས་ཀྱི་འཕེལ་གཡང་


CMR045_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཕོབ། །བང་མཛོད་འབྲུ་ཡི་འཕེལ་གཡང་ཕོབ། །ལྷབ་ལྷུབ་གོས་ཀྱི་བཀྲག་གཡང་ཕོབ། །འཛད་མེད་གཏེར་གྱི་གཡང་ཕོབ་ཅིག །དེ་ནས་མཚོའམ་ཆུ་མིག་འགྲམ་ཡིན་ན་ལག་པ་བཀྲུས་ནས་རྡེའུ་དང་སྦྲུལ་གྱི་གཟུགས་དང་ཆུ་བླང་ཞིང་། ཧཱུྃ། རྒྱ་མཚོ་ཆེན་པོའི་གཏིང་རུམ་ན། །ཀླུ་ཡུལ་གནས་མཆོག་དམ་པ་ན། །ཀླུ་ཡི་ཕོ་བྲང་བསམ་མི་ཁྱབ། །དེ་ན་བཀྲ་ཤིས་འོ་མ་ཡིས། །བདུད་རྩིའི་མཚོ་མོ་དེ་ན་འཁྱིལ། །བདུད་རྩིའི་ཟིལ་ཆར་དེ་ན་འབབས། །ཀླུ་རྒྱལ་འཁོར་བཅས་དེ་ན་བཞུགས། །བཀྲ་ཤིས་སྲས་བརྒྱད་དེ་ན་བཞུགས། །དངོས་གྲུབ་མཆོག་བརྒྱད་དེ་ན་མངའ། །ཀླུ་དགོས་འདོད་ཕུན་སུམ་ཚོགས་པ་དེ་ན་འཚོགས། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །བཀྲ་ཤིས་བདུད་རྩི་ཆུ་ཡི་གཡང་། །མི་མཐའ་ཆུ་བས་རིང་བའི་གཡང་། །མི་འཕེལ་ནས་བས་འཕེལ་བའི་གཡང་། །མི་སྲོག་བྲག་བས་སྲ་བའི་གཡང་། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །བསོད་ནམས་ཕུན་སུམ་ཚོགས་པ་ཀླུ་ཡི་གཡང་། །དངོས་གྲུབ་ཕུན་སུམ་ཚོགས་པ་ཆུ་ཡི་གཡང་། །མི་གཡང་ནོར་གཡང་ཟས་


CMR045_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཡང་། །དགོས་འདོད་ཕུན་སུམ་ཚོགས་པའི་གཡང་། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཀླུ་ཡི་རྒྱལ་པོ་འཁོར་དང་བཅས། གངས་རིའི་རྩེ་ན་བཞུགས་པའི་ཚེ། །སྟོན་ཟླ་འབྲིང་པོའི་ཉ་གསུམ་ལ། །ཀླུ་ཡི་དངོས་གྲུབ་དམ་པ་སྩོལ། །གཡང་གི་ཁ་འཛིན་མ་གཡེལ་ཞིག །ནོར་གྱི་རྫི་བོ་མ་གཡེལ་ཞིག །མི་ཡི་མགོན་སྐྱབས་མ་གཡེལ་ཞིག །ཀླུ་ཡི་རྒྱལ་པོ་བཅོམ་ལྡན་འདས། །ཀླུ་ཡི་སེམས་དཔའ་གཡོག་མཐའ་ཡས། །ཀླུ་དབང་རྒྱལ་པོ་སྔགས་ཀྱི་བདག །མི་མགོན་དཀར་པོ་ཝ་རུ་ཎ། །མ་དྲོས་ཀླུ་ཆེན་བརྒྱད་རྣམས་ཀྱི། །མཐུ་སྟོབས་ཕུན་སུམ་ཚོགས་པ་ཡི། །བྱིན་རླབས་སྟོབས་ཀྱི་གཡང་རྟེན་ནོ། །སྔགས་དང་ཕྱག་རྒྱས་གཡང་རྟེན་ནོ། །ཏིང་འཛིན་སྟོབས་ཀྱིས་གཡང་རྟེན་ནོ། །གཡང་གི་དངོས་གྲུབ་བརྟན་གྱུར་ཅིག །བཀྲ་ཤིས་ཕུན་སུམ་ཚོགས་གྱུར་ཅིག །ཨོཾ་པཎ་ཤ་ཝ་རི་པུ་རུ་སིདྡྷི་ཕ་ལ་ས་མ་ཡ་སྟེ། ས་མ་ཡ་ཧོ༔ ཏིཥྛ་ལྷན་སྭ་ཧཱ། ཤེལ་ཚིགས་ཆུ་གནས་གཟུགས་རྣམས་ཆུར་མཆོད། ཕྱེ་མར་དངོས་གྲུབ་ཏུ་རོལ། གཡང་སྤེལ་མར་གྱི་སྤྲུལ་རྡེའུ་རྣམས་ཁྱིམ་དུ་གཡང་སྒམ་དུ་བཞག །གཡང་ལེན་ཅུང་ཟད་མཐོང་བ་བརྒྱུད་པ་ལྟར་


CMR045_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །འདི་ཀླུ་མཆོད་རྒྱས་པ་མཚོའམ་ཆུ་མིག་ལ་བྱེད་པའམ། ཡང་ན་སྔགས་བདག་ཆོ་ག་གཞུང་ལས་ཀྱང་རུང་། ཡང་ཁྱིམ་དུ་སྔགས་བདག་ཆོ་ག་ལ་བཏགས་ན་རུང་སྟེ་ཀླུ་ཐེབས་བརྩི་བ་གལ་ཆེ་ཞིང་དམིགས་པ་ཅུང་ཟད་གབ་བོ། །ཞེས་ཨ་རཱ་གས་མགྱོགས་པར་བྲིས་པའོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གཡང་ཉམས་ཤོར་བ་དེ་རྣམས་འགུགས་པར་བྱ་བ།


CMR045_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཡང་ཉམས་ཤོར་བ་དེ་རྣམས་འགུགས་པར་བྱ་བ་ནི་འདི་སྐད་དོ།། །ཀྱཻ། ད་ནི་གཡང་ཤོར་འགུགས་པ་ལ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །ཛཾ་བྷ་ལ་དང་གང་བ་བཟང་། །ནོར་བུ་བཟང་དང་ཀུ་བེ་ར། །ཡང་དག་ཤེས་དང་འབྲོག་གནས་དང་། །རྔས་རྩེན་པི་ཅི་ཀུན་དྷ་ལི། །ཕྱུགས་ལྷ་ལྷ་མོ་ནོར་རྒྱུན་མ། །ལྷ་མོ་ཆེན་མོ་དབྱངས་ཅན་མ། །འཕགས་མ་སྦས་མ་རབ་བཟང་མ། །སྦྱིན་བྱེད་མ་དང་རབ་སྦྱིན་མ། །ཟས་སྦྱིན་མ་དང་འོད་སྦྱིན་མ། །གཡང་གི་ལྷ་ཚོགས་མ་ལུས་པས། །ཕྱྭ་གཡང་འགུགས་པའི་ཕྲིན་ལས་མཛོད། །ཧཱུྃ། སངས་རྒྱས་ཆོས་ཀྱི་གཡང་ཤོར་བ། །བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་ཁུག །ཉི་ཟླ་ཟུང་གཅིག་འོད་ལས་ཁུག །སྐར་མ་ས་རིའི་ཉིན་པར་ཁུག །སྐུ་གསུང་ཐུགས་ཀྱི་རྟེན་ལ་སྟིམས། །རྗེ་རྒྱལ་བཙན་པོའི་གཡང་ཤོར་དེ། །རྣམ་མང་ཐོས་སྲས་སྟོབས་ཀྱིས་ཁུག །དགུང་སྔོན་མཐོན་པོའི་སྟེང་ནས་ཁུག །སྐར་མ་རྒྱལ་གྱི་ཉིན་པར་ཁུག །གཉེན་གཡུ་འོད་འབར་དེ་ལ་བསྟིམ། །ཇོ་བཟང་བཙུན་མོའི་གཡང་ཤོར་དེ། །ལྷ་མོ་བརྟན་མའི་ནུས་མཐུ་ཡིས། །དོག་མོ་ས་ཡི་སྟེང་ནས་ཁུག །སྐར་མ་སྨིན་


CMR045_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཉིན་པར་ཁུག །གཟི་མོ་མིག་དྲུག་འདི་ལ་བསྟིམ། །སྐྱེས་པ་ཕོ་ཡི་གཡང་ཤོར་དེ། །ཕོ་ལྷ་དགྲ་བླའི་ནུས་སྟོབས་ཀྱིས། །སྲ་བརྟན་རྡོ་རྗེའི་བྲག་ནས་ཁུག །སྐར་མ་མགོ་ཡི་ཉིན་པར་ཁུག །མདའ་མོ་ལྟོང་བཟང་འདི་ལ་བསྟིམ། །ཟ་མ་མོ་ཡི་གཡང་ཤོར་དེ། །མོ་ལྷ་སྨན་བཙུན་དཀར་མོའི་མཐུས། །གཡུ་མཚོ་རྟེན་འཁྱིལ་ནང་ནས་ཁུག །སྐར་མ་ནམ་གྲུའི་ཉིན་པར་ཁུག །གསེར་གྱི་མོ་འཕང་འདི་ལ་བསྟིམ། །བྱིས་སྦ་ཆུང་གི་གཡང་ཤོར་དེ། །མ་ལྷ་བུ་རྫིའི་མཐུ་བྱིན་གྱིས། །ཕྱོགས་མཚམས་ཀུན་ནས་ཚེ་ཁུག་ཅིག །སྐར་མ་ནག་པའི་ཉིན་པར་ཁུག །རིགས་མཆོག་ཡུམ་གྱི་པང་དུ་བསྟིམ། །གྱི་ལིང་རྟ་ཡི་གཡང་ཤོར་དེ། །རྟ་ལྷ་རེ་མནྟ་ཡིས་མཐུས། །འདོ་བ་ཆུ་ཡི་ནང་ནས་ཁུག །སྐར་མ་མོན་གྲུའི་ཉིན་པར་ཁུག །ས་ལྕགས་སྒྲོག་གསུམ་འདི་ལ་བསྟིམ། །ཟེར་ཆུང་འབྲི་ཡི་གཡང་ཤོར་དེ། །དཔལ་ལྡན་ལྷ་མོ་ནོར་རྒྱུན་མས། །ཟ་ལེ་འབྲི་ཡི་ཁྱུ་ནས་ཁུག །སྐར་མ་ཆུ་སྨད་ཉིན་པར་ཁུག །རྒྱུ་དག་གསེར་ཟོ་འདི་ལ་བསྟིམ། །འདོད་འཇོ་བ་ཡི་གཡང་ཤོར་དེ། །འདོད་རྒྱལ་ཁྲོ་བོའི་མཐུ་བྱིན་གྱིས། །གཡུང་དྲུང་བ་ཡི་ཁྱུ་ནས་ཁུག །སྐར་མ་


CMR045_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བེའུ་རྫིའི་ཉིན་པར་ཁུག །ཤེལ་གྱི་ཟོ་བ་འདི་ལ་བསྟིམ། །གཡང་མོ་ལུག་གི་གཡང་ཤོར་དེ། །ལུག་ལྷ་གང་བ་བཟང་པོ་ཡི། །གཡང་མོ་ལུག་གི་ཁྱུ་ནས་ཁུག །སྐར་མ་སྦོ་ཡི་ཉིན་པར་ཁུག །དུང་གི་དར་ཐག་འདི་ལ་བསྟིམ། །ཚེ་རེ་ར་ཡི་གཡང་ཤོར་དེ། །ར་ལྷ་ཚེར་མོ་ཨག་ཚོམ་ཅན། །ཚེ་རེ་ར་ཡི་ཁྱུ་ནས་ཁུག །སྐར་མ་སྣོན་གྱི་ཉིན་པར་ཁུག །གདང་ཐག་ཕུར་པ་འདི་ལ་བསྟིམ། །བཤོལ་ཞིང་འོལ་མོའི་གཡང་ཤོར་དེ། །ཞིང་ལྷ་ཚངས་པའི་གཟི་བྱིན་གྱིས། །དོག་མོ་ས་གཡང་དཀྱིལ་ནས་ཁུག །སྐར་མ་ས་གའི་ཉིན་པར་ཁུག །ཞིང་ས་བཟང་པོ་འདི་ལ་བསྟིམ། །རྨ་གཡང་ཟས་ཀྱི་གཡང་ཤོར་ན། །འབྲུ་ལྷ་འཇིག་རྟེན་དབང་ཕྱུག་གི །འབྲུ་སྣ་དྲུག་གི་ཕྱྭ་གཡང་ཁུག །སྐར་མ་བྲེ་ཕུལ་ཉིན་འདི་རུ། །བསྡུས་མཛོད་བང་བ་འདི་ལ་བསྟིམ། །རྨ་གཡང་ཟས་ཀྱི་གཡང་ཤོར་ན། །ཟས་ལྷ་བདུད་རྩི་འཁྱིལ་པ་ཡིས། །ཟས་རྣམས་ཀུན་གྱི་བཅུད་བསྡུས་ལ། །སྐར་མ་ཆུ་སྟོད་ཉིན་འདི་རུ། །ཟད་མེད་གཏེར་ཁ་མཛད་དུ་གསོལ། །གཡུང་དྲུང་བོན་གྱི་གཡང་ཤོར་ན། །གཤིན་ལྷ་འོད་དཀར་ཐུགས་རྗེ་ཅན། །


CMR045_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མཆོག་བོན་རི་བླ་གབ་ནས། །སྐར་མ་བོན་གྱི་ཉིན་མོ་འདི། །བསྡུས་མཛོད་གྲྭ་སློབ་དར་རྒྱས་མཛོད། །འདིར་ནི་བདག་ཅག་ཡོན་མཆོད་ལ། །གཡང་འཐོར་བ་ཐམས་ཅད་བསྡུས་མཛོད་ལ། །བྱེར་བ་ཐམས་ཅད་ཤུགས་ལ་འཁོར། །ཤོར་བ་ལག་ཏུ་ཚུད་པར་མཛོད། །སརྦ་སིདྡྷི་ཕ་ལ་ཧོ། ཨ་ལ་ལ་ཧོ། ཞེས་བརྗོད་ནས་གཡང་ཤོར་བ་ནས་གཡང་བླང་བྱའོ། ལྷ་མོ་དཔལ་གྱི་གཡང་འགུགས་ཚེ་འགུགས་རྨ་སྤོམ་རའི་གཡང་སྐྱབས། པདྨ་གཡང་སྐྱབས། གསེར་འོད་གཡང་སྐྱབས་སོགས་ཚེ་གཡང་འགུགས་པ་གཞུང་ལས། འདིར་ནི་ཚེ་གཡང་འགུགས་བསྐུལ་མེད་ཐབས་མེད་པ་དཔེར་ན་གཟེ་མ་ལ་གཟུས་མེད་པ་ལྟ་བུ་ཡིན་པའི་ལྷན་ཐབས། །ཨ་རཱ་གས་སྦྱར་བའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

རྨི་ལམ་སྔགས་དམིགས།


CMR045_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ནོར་སྒྲུབས་སྐབས་རྨི་ལམ་དུ་བྱིས་པ་གཅེར་བུ་སོགས་བྱུང་བ། དེ་གཉེར་བ་ནི། ནུབ་མོ་ཉལ་ཁ་སོགས་སུ། རང་ཉིད་སྐད་ཅིག་གིས་མཁའ་འགྲོ་སེང་གདོང་མར་གསལ་བཏབ་ནས། ཡི་གེ་བཅུ་བཞི་པ་ཕྲེང་སྐོར་ཡན་བཟླ་ཞིང་། རང་གི་ཐུགས་ཀ་ནས་འོདཟེར་ལྕགས་ཀྱུའི་དབྱིབས་དཔག་ཏུ་མེད་པ་འཕྲོས་པས་སེང་གདོང་ལྷ་མོ་སྐུ་ཆེ་ཆུང་མ་ངེས་པ་གྲངས་མེད་པ་འཕྲོས་པས་ནོར་སྒྲུབ་ལ་བར་ཆད་བྱེད་པའི་སྒབ་འདྲེ། དམ་སྲི་བསེ་རག་ཐམས་ཅད་རང་དབང་མེད་པར་རང་སེང་གདོང་མའི་ཞབས་འོག་ཏུ་བཀུག་ནས། སྟེང་དུ་ཞབས་ཀྱིས་བྲོ་བརྡུང་བས་གདོན་དེ་དག་གི་སྐད་ངན་ཙེར་ཙེར་གནོད་པ་མི་བྱེད་ན་ར་ཀན་ཟེར་བར་བསམ་ཞིང་ཡི་གེ་བཅུ་བཞི་པའི་ཤམ་བུར། གནོད་བྱེད་སྒབ་འདྲེ་བསེ་རག་ཐམས་ཅད་མཱ་ར་ཡ་ཆད་ནན། ཞེས་སྔགས་དམིགས་དྲག་ཏུ་བྱ། ཡང་རང་གི་ཐུགས་ཀ་དང་སྐུ་ལས་མེ་དཔུང་དང་མཚོན་ཆ་ཁྲོ་ཆུང་དཔག་ཏུ་མེད་པ་འཕྲོས་པས། སྒབ་འདྲེ་བསེ་རག་ཐམས་ཅད་མཐའི་རྒྱ་མཚོའི་ཕ་རོལ་དུ་བསླད་པར་བསམ་ཞིང་། ཡིག་འབྲུ་བཅུ་བཞི་པོའི་མཐར། སྒབ་འདྲེ་བསེ་རག་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ༔ ཅེས་བཟླས་པའི་མཐར་རང་སེང་གདོང་


CMR045_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཕྱག་རྒྱ་ཉི་ཟླའི་ཆ་ལང་བརྡབ་པའི་བར་དུ་གནོད་བྱེད་སྒབ་འདྲེ་ཐམས་ཅད་འོད་ཟེར་དང་ཁྲོ་ཆུང་གི་བསྡུས་ནས་ཕྱག་ཐལ་མོ་བརྡབས་པས་རྡུལ་དུ་བརླགས་པར་བསམ་ནས་བཅུ་བཞི་པའི་ཤམ་བུ་སྔ་མ་བཅས་སྔགས་དྲག་ཏུ་བཟླའོ། །དེ་ལྟར་སྔགས་དམིགས་དེ་རྣམས་ལན་གཅིག་ཙམ་རེ་མིན་པར་ཡང་ཡང་བྱའོ། །ཤེར་སྙིང་དང་བདུད་བཟློག་ཤམ་བུར་སྒྲུབ་པོའི་བར་ཆད་དང་སྒབ་འདྲེ་ཐམས་ཅད་ཟློག་ཅེས་བྱས་ནས་མང་དུ་བཟླས་ན་ཕན་ཐོགས་ཆེ་བ་མྱོང་བས་གྲུབ་བོ། །ལྷ་མོ་དཔལ་གྱི་གཡང་སྐྱབས་བཅའ་ཚེ་མདུན་བསྐྱེད་ལྷ་མོ་གཙོ་འཁོར་ལས་འོད་ཟེར་འཕྲོས་པས་སངས་རྒྱས་བྱང་སེམས་ཐམས་ཅད་ལ་མཆོད་པ་ཕུལ་བས་མཉེས་ཤིང་ཐུགས་རྒྱུད་བསྐུལ་བས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྩ་གསུམ་ཆོས་སྐྱོང་ཐམས་ཅད་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་དང་། ལྷ་ཀླུ་མི་གསུམ་སོགས་སྲིད་གསུམ་གྱི་ཕྱུ་གཡང་དང་འབྱོར་པ་ཐམས་ཅད་དང་། ལྕང་ལོ་ཅན་ནས་གནོད་སྦྱིན་ནོར་ལྷ་རྣམས་ཀྱི་དཔལ་གཡང་དངོས་གྲུབ་ཐམས་ཅད་དང་མདོར་ན་འཁོར་འདས་སྣང་སྲིད་ཀྱི་ཕྲུ་གཡང་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་གྱི་རྣམ་


CMR045_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

པར་འུབ་འུབ་བསྡུས་ནས་མདུན་བསྐྱེད་གཙོ་འཁོར་ལ་ཐིམ་པས་མདུན་བསྐྱེད་ལས་སླར་དངོས་གྲུབ་ཕྲུ་གཡང་འོད་ཟེར་སྣ་ཚོགས་དང་། བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་གྱི་རྣམ་པར་བབ་ནས་གཡང་རྟེན་རྣམས་ལ་ཡང་ཡང་ཐིམ་པས་རང་དང་སྦྱིན་བདག་གི་ཁང་ཁྱིམ་དང་སྤྱོད་ཡུལ་དུ་རི་ལྟར་སྤུངས་ཤིང་གངས་ལྟར་ཆགས་པར་བསམས་ལ་སྔགས་གོང་འོག་རྣམས་བཟླ། སྔགས་གྲངས་བདུན་དང་གསུམ་སོགས་གསུངས་སྤྱི་བཏང་ཙམ་ཡིན་གྱི་གལ་ཆེ་ན་བརྒྱའམ་ཉེར་གཅིག་སོགས་བཟླས་ན་ལེགས་ཤིང་། ཛི་ལྷ་ཉེར་གཅིག་སོགས་གཡང་སྐྱབས་གཞན་བཅའ་ན་ཡང་དམིགས་པ་དེ་ལྟར་སྤོ་ནས་བསྒོམ་ཞིང་། ཛཾ་ལྷ་རྣམས་དང་རྣམ་སྲས་ཀྱི་སྔགས་སོགས་བཟླ་བར་བྱའོ། །ཡང་རང་ཉིད་ཡི་དམ་་རྒྱལ་བ་རྒྱ་མཚོ་བསྒོམ་ཞིང་དེ་ཡང་དབུ་རྒྱན། མགུལ་རྒྱན། སྙན་རྒྱན། དཔུང་རྒྱན། ཕྱག་ཞབས་གདུ་བུ་སྐེ་རགས་སོགས། ནོར་བུ་རིན་པོ་ཆེའི་རྒྱན་དྲྭ་བ་དྲྭ་ཕྱེད་ཆུན་འཕྱང་གི་ཚུལ་དང་། སྟོད་གཡོགས་སྨད་དཀྲིས་དར་དཔྱང་གིས་བཀླུབ་པ། ཕྱག་ཐལ་མོ་སྦྱར་བའི་བར་དུ་རིན་པོ་ཆེ་བསྣམས་པ། འཁོར་རྣམས་ཀྱང་དེ་འདྲ་བར་བསྒོམ་པ་ནི།


CMR045_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ནམ་བསྒོམས་པས་བསྐྱེད་རིམ་གྱི་སྒོ་ནས་ནོར་སྒྲུབ་ཡིན་པས་ཤིན་ཏུ་ཟབ་བོ། །དེ་བཞིན་དུ་ཡི་དམ་གཞན་རྣམས་སྒོམ་དུས་བསྒོམ་པ་ཡིན་ནོ། །དེ་ལྟར་གེལ་དུ་ནོར་སྒྲུབ་ཁོ་ནར་དམིགས་ན་མི་དགོས་ལྷ་ནམ་བསྒོམ་དུས་གཤིས་ཀྱི་བསྒོམས་པས་ཆོག་གོ །གཞན་ཡང་ཚེས་བཅུ་སོགས་དུས་གཏོར་གཟབ་ཅིང་ཚོགས་གཏོར་ཐམས་ཅད་རང་གཞན་གང་དུ་བཅའ་ཡང་ཆེ་ཞིང་བཟང་བ་དང་། གཏོར་ཟན་སྐུ་བར་བྱ་བ་ལོངས་སྤྱོད་ཆེ་བའི་རྟེན་འབྲེལ་ཟབ་བོ། །དེ་ལྟར་ཞལ་ཤེས་འདི་ཀརྨ་བསོད་ནམས་ཀྱིས་བསྐུལ་ནས་སྦོ་ཟླའི་དཀར་ཕྱོགས་བཟང་པོ་གཉིས་ལ། སྤེན་སྣར་འགྲུབ་སྦྱོར་དུས་དབུ་བཙུགས་བཟང་པོ་གསུམ་པ་གྲུབ་ལུགས་རྒྱལ་ཕུར་ཉིན་གྲུབ་པར་ཀརྨ་ཨ་རཱ་གས་སོ། །སརྦ་མངྒ་ལཾ།། །།


CMR045_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།