cover

མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

གླེགས་བམ། མི༽

མཁས་གྲུབ་ཀརྨ་ཆགས་མེད།

Nitartha international
Images scanned by TBRC

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

གཡང་སྐྱབས་བྱིན་འབེབས་དགོས་འདོད་ཀུན་འབྱུང་།


CMR046_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་སྐྱབས་བྱིན་འབེབས་དགོས་འདོད་ཀུན་འབྱུང་བཞུགས་སོ།།


CMR046_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ། ཞིང་ཁམས་སུམ་བརྩེགས་ཕོ་བྲང་ན། །བླ་མེད་ཕྱི་ཡི་དཀོན་མཆོག་གསུམ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །གནས་འདིར་གཡང་གི་བྱིན་ཕོབ་ཅིག །འཇའ་འོད་འཁྱིལ་བ་འོད་ལྔའི་ཀློང་། །བླ་མེད་ནང་གི་དཀོན་མཆོག་གསུམ། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །གནས་འདིར་གཡང་གི་བྱིན་ཕོབ་ཅིག །གནས་གསུམ་དག་པ་ཐིག་ལེའི་ཀློང་། །བླ་མེད་གསང་བའི་དཀོན་མཆོག་གསུམ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །གནས་འདིར་གཡང་གི་བྱིན་ཕོབ་ཅིག །བདེ་བ་ཅན་གྱི་ཞིང་ཁམས་ནས། །རང་བྱུང་སྤྲོས་པ་


CMR046_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

མི་མངའ་ཡང་། །སྣང་བ་མཐའ་ཡས་གཡང་གི་བདག །ཆོས་ཀྱི་ཀློང་ནས་བྱིན་ཕོབ་ཅིག །ལྔ་ལྡན་ཐིག་ལེའི་གཞལ་ཡས་ནས། །འོད་ལྔ་ལྡན་པ་ལོངས་སྤྱོད་རྫོགས། །རིགས་ལྔ་ཡབ་ཡུམ་གཡང་གི་བདག །ཡེ་ཤེས་ལྔ་ཡི་བྱིན་ཕོབ་ཅིག །དཔལ་རི་པདྨའི་གཞལ་ཡས་ནས། །རང་བཞིན་སྐྱེ་འཆི་མི་མངའ་བའི། །ཨོ་རྒྱན་པདྨ་གཡང་གི་བདག །འཆི་མེད་ཚེ་ཡི་བྱིན་ཕོབ་ཅིག །མཁའ་སྤྱོད་རྣམ་དག་ཕོ་བྲང་ནས། །གཞན་དོན་ཕྲིན་ལས་སྒྲུབ་པ་པོ། །མཁའ་འགྲོ་མཚོ་རྒྱལ་གཡང་གི་བདག །ཉམས་རྟོགས་སྤེལ་བའི་བྱིན་ཕོབ་ཅིག །


CMR046_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྲིད་རྣམ་དག་ཆོས་སྐུའི་ཀློང་། །པདྨའི་ལུང་བསྟན་སྙིང་གི་བུ། །སྨོན་ལམ་ལས་འཕྲོ་ལྡན་པ་ཡི། །གཏེར་སྟོན་བརྒྱ་རྩའི་བྱིན་ཕོབ་ཅིག །སྤྱི་གཙུག་ཉི་ཟླའི་གདན་སྟེང་ནས། །རྩ་བརྒྱུད་བླ་མའི་བྱིན་ཕོབ་ཅིག །རང་སྣང་རྩ་བའི་ཕོ་བྲང་ནས། །ཡི་དམ་ལྷ་ཚོགས་བྱིན་ཕོབ་ཅིག །རྣལ་འབྱོར་བུ་བཞིན་སྐྱོང་བྱེད་པ། །མཁའ་འགྲོ་ཆོས་སྐྱོང་བྱིན་ཕོབ་ཅིག །གཡང་གི་ཕོ་ཉ་ལས་བྱེད་རྣམས། །རང་རང་གནས་ནས་བྱིན་ཕོབ་ཅིག །བྱིན་རླབས་སྤྲིན་ཕུང་ཐིབས་སེ་ཐིབ། །དངོས་གྲུབ་ཆར་པ་སི་ལི་ལི། །འཆི་མེད་ན་བུན་ཐུ་ལུ་ལུ། །ཉམས་དང་ཤེས་རབ་བན་མ་བུན། །སྐུ་གསུང་ཐུགས་ཀྱི་བྱིན་ཕོབ་ཅིག །ལུས་ངག་ཡིད་གསུམ་སྨིན་གྲོལ་ནས། །ཟག་མེད་གཏེར་གྱི་དངོས་གྲུབ་སྩོལ། །སྟེང་ཕྱོགས་ལྷ་ཡི་ཕོ་བྲང་ན། །ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས། །གནས་འདིར་གཡང་གི་བྱིན་ཕོབ་ཅིག །གཡང་མཆོག་རྒྱལ་པོ་རྣམ་ཐོས་སྲས། །གནས་འདིར་གཡང་གི་བྱིན་ཕོབ་ཅིག །ནོར་ལྷ་ཨརྱ་ཛཾ་བྷ་ལ། །གནས་འདིར་གཡང་གི་བྱིན་ཕོབ་ཅིག །ནོར་རྒྱུན་ལྷ་མོ་བརྒྱད་དང་བཅས། །གནས་འདིར་གཡང་གི་བྱིན་ཕོབ་ཅིག །གཡང་སྲས་རྨ་


CMR046_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་སྤོམ་ར་ཡིས། །གནས་འདིར་གཡང་གི་བྱིན་ཕོབ་ཅིག །སྤོམ་ར་ལྷ་འཁོར་སུམ་བརྒྱའི་ཚོགས། །གནས་འདིར་གཡང་གི་བྱིན་ཕོབ་ཅིག །རྒྱ་མཚོ་ཀླུ་ཡི་ཕོ་བྲང་ན། །ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི། །གནས་འདིར་གཡང་གི་བྱིན་ཕོབ་ཅིག །སྟེང་འོག་ཕྱོགས་བཞིའི་ཕོ་བྲང་ན། །འབྱུང་བ་ལྔ་ཡི་ལྷ་མོ་རྣམས། །གནས་འདིར་གཡང་གི་བྱིན་ཕོབ་ཅིག །ཧཱུྃ། ཨ་བ་དཀར་པོ་གངས་ཀྱི་རྩི། །ཨ་གྲོང་དཀར་པོ་གཡའ་ཡི་རྩི། །སྤྲ་བ་དཀར་པོ་སྤང་གི་རྩི། །མཁན་པ་གསེར་མགོ་གད་པའི་རྩི། །ཤུག་པ་གཡུ་ལོ་ཉིན་གྱི་རྩི། །བལ་བུ་དཀར་པོ་སྲིབ་ཀྱི་རྩི། །ཙནྡན་དམར་པོ་ནགས་ཀྱི་རྩི། །ག་བུར་དཀར་པོ་གངས་ཀྱི་རྩི། །འབྲི་འོང་དཀར་པོ་ཤ་ཡི་སྨན། །གུར་གུམ་བག་དམར་པོ་རྩི་ཡི་སྨན། །ལྡུམ་བུ་སྟག་ཤ་ལྡུམ་གྱི་རྩི། །རྩི་དང་སྨན་གྱི་མཆོད་པ་འདི། །གཡང་སྲས་སྤྲུལ་པའི་ལྷ་ལ་འབུལ། །ཧཱུྃ། གཡང་འཁྱམ་པ་ཡོད་ན་དེ་རིང་བསྡུས་། །གཡང་ཉམས་པ་ཡོད་ན་དེ་རིང་གསོས། །གཡང་གས་པ་ཡོད་ན་དེ་རིང་སྦྱོར། །གཡང་རལ་བ་ཡོད་ན་དེ་རིང་དྲུབ། །གནམ་ལ་སྤྲིན་ཚོགས་གཏིབས་པ་བཞིན། །


CMR046_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རིང་གཡང་གི་བྱིན་ཕོབ་ཅིག །བར་སྣང་ཉི་ཟླ་ཤར་བ་བཞིན། །དེ་རིང་གཡང་གི་བྱིན་ཕོབ་ཅིག །མཁའ་ལ་འཇའ་ཚོན་བཀྲ་བ་བཞིན། །དེ་རིང་གཡང་གི་བྱིན་ཕོབ་ཅིག །སྤང་ལ་རྩི་ཐོག་བཀྲ་བ་བཞིན། །དེ་རིང་གཡང་གི་བྱིན་ཕོབ་ཅིག །མཚོ་ལ་དར་ཆེན་ཆགས་པ་བཞིན། །དེ་རིང་གཡང་གི་བྱིན་ཕོབ་ཅིག །རི་ལ་ཤ་རྐྱང་འོང་བ་བཞིན། །དེ་རིང་གཡང་གི་བྱིན་ཕོབ་ཅིག །ཤ་ལ་སྦྲང་བུ་འཚུབ་པ་བཞིན། །དེ་རིང་གཡང་གི་བྱིན་ཕོབ་ཅིག །གངས་ལ་སེང་ཆེན་འོང་བ་བཞིན། །དེ་རིང་གཡང་གི་བྱིན་ཕོབ་ཅིག །ཤིང་ལ་བྱ་བྱིའུ་འཚོགས་པ་བཞིན། །དེ་རིང་གཡང་གི་བྱིན་ཕོབ་ཅིག །ཆུ་ལ་ཉ་སྲམ་འོང་བ་བཞིན། །དེ་རིང་གཡང་གི་བྱིན་ཕོབ་ཅིག །འབྲོང་རྒོད་རྣོ་ལ་རུ་བརྡར་བཞིན། །དེ་རིང་གཡང་གི་བྱིན་ཕོབ་ཅིག །ལྷ་གཞི་དཀར་པོའི་ཡང་སྟེང་འདིར། །གཡང་དང་དངོས་གྲུབ་ཆར་ལྟར་ཕོབ། །འཛམ་གླིང་གཏེར་གྱི་བྱིན་ཆེན་ཕོབ། །བཀྲ་ཤིས་སོ། །ཞེས་པ་འདི་ཡང་ཀརྨ་རཱ་ག་ཨ་སྱས་སྨྲས་སོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཕ་མའི་དྲིན་ལན་བསགས་པ་མདོ་རྒྱུད་དང་མཐུན་པར་བན་ལུགས་མཚུན་བཅོས།


CMR046_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་མའི་དྲིན་ལན་བསགས་པ་མདོ་རྒྱུད་དང་མཐུན་པར་བན་ལུགས་མཚུན་བཅོས། ཟས་གཏད་བང་སོ་མཆོད་པ་དང་དོན་གཅིག་བོན་པའི་སྲིད་པའི་ལྷ་སྲས་བརྡར་ཞེས་པ་ཡང་དོན་གཅིག་ཡིན་པར་སྣང་ངོ་།།


CMR046_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཡེ། འཇིག་རྟེན་གསུམ་དབང་ཞབས་ལ་ཕྱག་འཚལ་ནས། །མཚུན་བཅོས་མདོ་རྒྱུད་དགོངས་པ་འདིར་བརྗོད་བྱ། །དེ་ལ་སྤྱིར་ནི་མཚུན་བཅོས་ཟེར་བ་བོན་ལུགས་ལ་གྲགས་ཆེ་བས། དེང་སང་སྔགས་པ་ཕལ་ཆེར་གྱིས་བྱེད་པ་ཡང་བོན་ལུགས་སུ་སྣང་། དེ་ལ་ཡང་རྒྱས་བསྡུས་གཉིས་སུ་འདུག་སྟེ། །བན་གྱིས་སྔགས་པས་བོན་ལུགས་ཀྱི་ལྷ་མཆོད་བསྟོད་བྱས་ན་སྐྱབས་སྡོམ་དང་འགལ་བར་སྣང་། ཡོན་བདག་ཀྱང་བན་ལུགས་ཀྱི་དབང་དང་སྐྱབས་སྡོམ་ཐོབ་པས། བོན་ལུགས་ཀྱི་ལྷ་མཆོད་མི་རུང་བར་སྣང་། འོ་ན་བན་ལུགས་ཀྱི་མཚུན་བཅོས་གང་ནས་བཤད་ཅེ་ན། མོའུ་འགལ་མདོ་ཉུང་བ་ལས། འཛམ་བུ་གླིང་གི་མི་རྣམས་ཀྱི་ཕ་མ་འདས་པའི་དྲིན་ལེན་བསབ་པའི་ཕྱིར། སྟོན་ཟླ་


CMR046_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ར་བའི་ཚེས་བཅོ་ལྔའི་དུས་ལ། དཀོན་མཆོག་གསུམ་སྤྱན་དྲངས་ལ་མེ་ཏོག་དང་ཞལ་ཟས་ཀྱི་མཆོད་པ་ཕུལ་ཏེ། དེའི་བསོད་ནམས་ཀྱི་ཚོགས་ཀྱིས་གང་ཞིག་དེའི་ཉི་མ་ལ་གཞོང་པའི་ནང་དུ་ཟན་ཕུལ་ཏེ། འདས་པའི་ཕ་མ་ལ་བསྔོས་ན་ཟས་དེ་དག་ཐམས་ཅད་ཐོབ་པར་འགྱུར་རོ། །ཞེས་དང་། འཕགས་པ་རྡོ་རྗེ་རི་རབ་ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས་ལས། མཚུན་རྣམས་ལ་སྭཱ་ཧཱ། ཞེས་དང་། ཨོ་རྒྱན་ཆེན་པོའི་ལུང་བསྟན་བཀའ་རྒྱ་མ་ལས། གཤིན་གྱི་དུར་མཆོད་རྒྱུན་མི་བཅད། །ཆད་ན་མཐའ་རྗེས་ལོངས་སྤྱོད་དབུལ། །དེ་ཕྱིར་བང་སོའི་དུར་མཆོད་བརྩོན། །ཞེས་དང་། སྔོན་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་རིང་ལ་དུར་མཆོད་བང་སོ་དར་བས། ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། རྒྱ་གར་གྱི་མཁན་པོ་


CMR046_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱི་ལེནྡྲ་བོ་དྷི་དང་། ཤཱཀྱ་པྲ་ཝ་དང་། དྷ་ན་ཤཱི་ལ་དང་། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ན་དང་། པྲཏི་ཛ་ཡ་སེ་དང་། ཛ་ཡ་ར་ཏྲི་ཏ་ལ་སོགས་པས་མདོ་རྒྱུད་མང་པོ་ནས་བསྡུས་ཏེ། ཟས་གཏད་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་། རྗེ་རང་བྱུང་རྡོ་རྗེས་ཀྱང་། རྒྱལ་བུ་མཐིང་གེ་ལ་སོགས་པའི། །ཕ་མཚུན་གཉེན་པོ་ཐམས་ཅད་བསང་། །ཞེས་སོགས་གསུངས་པའི་དོན་འདིར་བཀོད་པར་བྱའོ། །དེ་ཡང་ཕ་མཚུན་ཞེས་པ་ནི། བླ་ཡིད་རྣམ་ཤེས་གསུམ་སྟེ། ཚེ་འདས་རྣམ་ཤེས་ནི། ཚེ་ཚད་མ་རྫོགས་བར་དུ་བར་དོར་འདུག་དགོས་པ་ཐེག་པ་ཆུང་ངུའི་མདོ་རྣམས་ནས་གསུངས་པ་དེ་ལ་ཡང་ཕན། ལ་ལ་ནི་མི་རབས་མང་པོར་ལུས་མི་ལེན་པར་བར་དོར་འདུག་དགོས་པ་ཡང་ཡོད་པར་གསུངས་པ་དེ་ལ་ཡང་ཕན༔ མདོ་རྒྱུད་སྤྱིའི་ལུགས་ལ་ཞག་ཞེ་དགུ་ནས་རྣམ་ཤེས་རིགས་དྲུག་གང་རུང་དུ་སྐྱེ་བར་བཤད་ཀྱང་། དེ་ལ་བསྔོས་པས་དངོས་སུ་ཐོབ་རྒྱུ་མེད་ཀྱང་། དེ་ལ་ལོངས་སྤྱོད་ཕྱུག་པའི་རྟེན་འབྲེལ་དང་། རང་ལ་ཡང་བསོད་ནམས་ཐོབ་སྟེ་། དཔེར་ན་ཆུ་གཏོར་དང་ལུས་སྦྱིན་དུས་འགྲོ་བ་རིགས་དྲུག་ལ་བསྔོས་ན་ཡང་དེ་དངོས་ཐོབ་རྒྱུ་མེད་ཀྱང་རང་ལ་བསོད་ནམས་འཕེལ་བ་དང་འདྲ། ཚེ་འདས་ཀྱི་བླ་དེ་ནི་ཚེ་འདས་ཀྱིས་གཟུགས་བཟུང་ནས་དུར་ས་དེ་ལ་གནས་པས། དེ་སྐྱིད་ཅིང་ལོངས་སྤྱོད་དང་ལྡན་ན། བུ་ཚ་བོ་དར་རྒྱས་འོང་། དེ་རྒུད་ཅིང་བཀྲེས་སྐོམ་བྱུང་ན་བུ་ཚ་བོ་ལ་སྐྱབས་ཞུས་པས། དེ་མི་འཁྱག་ནས་བུ་ཚ་བོ་ལ་ན་ཚ་དང་གོད་ཁ་འོང་བར་རྒྱ་ནག་གི་རྩིས་གཞུང་ནས་བཤད། ཡང་ཚེ་འདས་ཀྱི་ཟ་


CMR046_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་ཚེ་འདས་དེའི་གཟུགས་བཟུང་ནས་གནོད་པ་ལ་ཡང་འདི་ཡི་གླུད་བྱིན་པས་ཕན། རྨི་ལམ་དུ་ཚེ་འདས་རྨིས་ནས་གནོད་པ་འབྱུང་བ་ལ་ཡང་ཕན། ཡང་རྨི་ལམ་དུ་ཚེ་འདས་རྨིས་ནས་གྲོགས་དང་བདེ་ལེགས་འབྱུང་བ་ལ་ཡང་འདིས་གཏང་རག་ཏུ་སོང་བས་ཕན། ཚེ་འདས་ཡུལ་ལྷ་དང་ལྷ་འདྲེར་སྐྱེས་པ་ལ་འདི་བྱས་པས་བུ་དང་ཚ་བོ་ལ་མགོན་སྐྱབས་འོང་། ཡང་ཕ་མ་སོགས་མུ་གེས་ཤི་བ་ལ་འདི་བྱས་པས་ཤི་གསོན་གཉིས་ཀ་ལ་ཕན། དེའི་རྣམ་ཤེས་རིགས་དྲུག་གང་དུ་སྐྱེས་ཀྱང་། བླ་དེ་ལ་ལྟོགས་སྣང་ཡོད་པས་དེ་བརྒྱག་ན་གསོན་པོ་ཕྱུག །ཡང་ཕ་མྱེས་བཟང་པོའི་རྗེས་ཤུལ་རྒུད་པ་ལ་ཡང་ཕན། བུ་ཚ་མི་རྒྱུད་ཕྲ་བ་ལ་བྱས་ན་ཕན་ཐོགས། ཚེ་འདས་སྐྱིད་དཀྱུས་སོགས་ཀྱིས་ཤི་བ་ལ་ཕན་ཐོགས། དེ་ཡང་ཡར་ངོ་གཟའ་སྐར་བཟང་པོའམ་སྟོན་ཟླ་ར་བའི་ཉ་ཡིན་ན་ཤིན་ཏུ་བཟང་། དེ་མིན་སྐར་སྐྱོན་མེད་དུས་ནམ་ཡང་རུང་སྟེ། གཞི་དཀར་པོའི་སྟེང་དུ་ནས་ཀྱི་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ་རིན་པོ་ཆེའི་སྣོད་དམ་སྡེར་གཙང་མའི་ནང་དུ་རི་རབ་སུམ་བརྩེགས་སྟེང་དུ་གཏོར་མ་ཟུར་བཞི་པའི་རྩེ་ལ་ཟན་གྱི་ཁྱུང་བཙུགས། འབྲང་རྒྱས་ཞལ་དཀར། སྨན་ཏིང་བརྩེགས་མ། དཔལ་བཤོས་ཟུར་གསུམ། གཡག་ལུག་རྟ་རའི་གཟུགས་འགྲོས། མར་མེ། ཕྱེ་མར། འོ་ཞོའི་ཕུད་དང་ཟས་སྣ་གང་འཛོམ་བཤམས་པས་ཆོག ༈ རྒྱས་པར་བྱེད་ན་ལུག་སྙིང་སྐམ་པོའི་རྩ་སྦུབས་སུ། ཨོཾ་ཨཱརྒྱལ་བུ་མཐིང་གེ་ཧཱུྃ་སྭཱ་ཧཱ། ཞེས་པ་ལྟར་རང་གི་ཕ་མྱེས་གྲགས་རིམ་གྱི་མིང་བྲིས་པ་དང་། རྟེན་འབྲེལ་


CMR046_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ། ཨཱ་ལི་ཀཱ་ལི། སྣང་བརྒྱད་སྔགས། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན་གྱི་སྙིང་པོ། ཛམྦྷ་ལ་ནོར་རྒྱུན་མ། སྟོབས་པོ་ཆེ་རྣམས་ཀྱི་སྙིང་པོ་བྲིས་པ་བཅུག །དེ་བཞིན་དུ་རིན་པོ་ཆེ་སྣ་ལྔ། འབྲུ་སྣ་ལྔ་ཡང་།བཅུག །དར་ཚོན་སྣ་ལྔས་དྲིལ། དེ་རྒྱབ་མར་གྱིས་བཏུམ་ལ་རྫའི་བུམ་པར་བཅུག་ལ། ཤུག་པ་མགོ་མཇུག་མ་ལོག་པ་གྲུ་བཞི་རྩེ་མོ་ཅན་མཁྱུད་གང་ཙམ་ལ། ཨོཾ་ཨཱཿཧཱུྃ་དང་ཚེ་དཔག་མེད་ཀྱི་སྔགས་བྲིས་པ་སྲོག་ཤིང་ཚུལ་དུ་བཙུགས། །དེའི་ནང་དུ་རང་གི་ཕ་མྱེས་ཀྱིས་རུས་པ་བཙས་མ་ཁྱེར་བ་བླུག །ཁ་ལ་ཆོས་བཅད་པ་དང་། ཤིང་རིས་ལ་བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན། རྒྱབ་ཏུ་སོ་སོའི་སྔགས་བྲི། མདའ་རྒོད་སྒྲོ་ལ་དར་སྣ་ལྔ་བཏགས་ལ། སུར་རྒྱུདཀར། རྡོ་དཀར། གསས་རྡོ། སྙུག་རྒོད་ལ་སོགས་དང་། ཤུག་ཐིལ་རྟིང་དཀར་ལ་བལ་ཚོན་བཏགས་པ་དང་། གཡག་གམ་ལུག་མགོ་སྐམ་པོར་བཙག་རྭ་མར་གྱིས་བརྒྱན་པ། ལུག་ཤ་ལག་གཡས་པ། ནམ་ཚོང་གཡོན་པ་དེ་རྣམས་བཤམས། དེ་ཚོ་མ་འཛོམ་ཡང་རུང་། སྡེར་རམ་རྡོ་ལེབ་སྟེང་དུ་བགེགས་གཏོར་བཤམས། ཆངས་བུ། ཏིང་ལོ་ལག་པའི་བཙུན་དྲུག་སོགས་མར་ཡས་ཅི་འཛོམ་བླུག་ལ་བཞག་གོ །སུར་ཤུག་དུད་པ་བཏང་། གོ་མཚོན་ཡོད་ཚད་དང་། མོ་ཆས་ནོར་གཡུ་ཡོད་ཚད་དང་། གོས་བཟང་པོ་ཡོད་ཚད་གདང་དུ་གཟར། ཐམས་ཅད་སྤོས་རུམ་བྱེད། ཆབ་ཀྱིས་བྲན་ལ། རང་ཉིད་ཐུགས་རྗེ་ཆེན་པོའམ་ཨོ་རྒྱན་གྱི་བདག་བསྐྱེད་ཞི་བ་གཅིག་བསྒོམས་ལ་འདི་སྐད་


CMR046_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དོ།། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརཿསྭ་བྷ་ཝ་ཤུདྡྷོ྅ཧཾ། མདུན་གྱི་བླ་རྟེན་མི་དམིགས་སྟོང་པའི་ངང་། །བྷྲཱུཾ་ལས་རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་མཚན་ཉིད་ཡོངས་སུ་རྫོགས། །དེ་དབུས་པདྨ་འདབ་མ་སྟོང་ལྡན་གྱི། །ཟེའུ་འབྲུ་རེ་དང་འདབ་མ་རེ་རེའི་སྟེང་། །རིན་ཆེན་ཁྲི་མཆོག་དར་ཟབ་སྟག་གཟིག་གདན། །དབུས་ཀྱི་ཁྲི་སྟེང་སྲོང་བཙན་སྒམ་པོ་ལ། །གཡས་གཡོན་རྒྱ་བཟའ་བལ་བཟའི་ལྡེམས་དང་བཅས། །གཡས་ངོས་ཁྲི་སྟེང་ཁྲི་སྲོང་ལྡེའུ་བཙན་དང་། །གཡོན་དུ་ཁྲི་རལ་ལ་སོགས་རྒྱལ་བློན་རྣམས། །རྒྱབ་ཏུ་དབང་ཕྱུག་ཚངས་པ་ང་ལས་ནུ། །འཁོར་ལོས་སྒྱུར་རྒྱལ་ལྔ་སོགས་རྒྱལ་རབས་རྣམས། །མདུན་དུ་སྤྲེའུ་བྲག་སྲིན་མོ་དང་ནི། །སྨོན་མི་མཐིང་གེ་བོད་རྗེའི་མཛངས་མ་འཕྲུལ། །དེ་སོགས་སྲིད་པའི་ཕ་མཚུན་ཐམས་ཅད་དང་། །ཕྱི་རོལ་པད་འདབ་རྣམས་ལ་བདག་ཅག་དང་། །ཡོན་བདག་རྣམས་ཀྱི་སྲིད་པ་ཆགས་པ་ནས། །ད་ལྟ་ཡན་གྱི་ཕ་མཚུན་མ་མཚུན་རྣམས། །དགའ་བདེའི་ལོངས་སྤྱོད་ཕུན་སུམ་ཚོགས་པར་བཞུགས། །གཙོ་བོའི་དབུ་སྟེང་སྟེང་གི་ནམ་མཁའ་ལ། །


CMR046_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་ཡབ་ཡུམ་ཆོས་སྐུ་ཡུམ་ཆེན་མོ། །རྣམ་སྣང་འཇམ་དབྱངས་པད་འབྱུང་འབྲོམ་སྟོན་དང་། །མོར་པ་ལ་སོགས་རྩ་བརྒྱུད་བླ་མ་རྣམས། །ཐམས་ཅད་སྤྲིན་ཕུང་གཏིབས་པ་ལྟ་བུར་གསལ། །ཕོ་བྲང་ཕྱི་རིམ་གདོང་ལྷ་སྨུག་པོ་སོགས། །དགྲ་བླ་ཝེར་མ་གཉན་པོ་ཐམས་ཅད་བཞུགས། །ཀུན་གྱི་གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས། །རང་བཞིན་གནས་ནས་འཁོར་བཅས་སྤྱན་དྲངས་གྱུར། །ཧཱུྃ། གདོད་ནས་རྣམ་དག་སྐུ་གསུམ་ཞིང་ཁམས་ནས། །ཀུན་བཟང་ཡབ་ཡུམ་འཇམ་དཔལ་པདྨ་འབྱུང་། །མེས་དབོན་ཟློརྣམ་གསུམ་ལ་སོགས་ཡེ་ཤེས་ཀྱི། །ཕ་མཚུན་ཚད་མེད་ཐུགས་རྗེ་མངའ་བ་རྣམས། །གཤེགས་དང་བཞུགས་པའི་མཚན་མ་མི་མངའ་ཡང་། །ཐུགས་རྗེའི་ཐུགས་དམ་དབང་གིས་འདིར་གཤེགས་ཤིག །ཡེ་སྨོན་རྒྱལ་པོ་ཡབ་ལྷ་བདལ་དྲུག་དང་། །ཕྱུ་སྲས་གང་ཆུང་ཕྱུ་འུ་གཡང་དཀར་དང་། །རྒྱལ་བུ་མཐིང་གེ་སྟག་ཆས་བལ་བུ་སོགས། །སྲིད་པའི་ཕ་མཚུན་དགྲ་བླ་བཟང་པོ་རྣམས། །འཛམ་གླིང་མཐའ་དབུས་གང་ན་བཞུགས་གྱུར་ཀྱང་། །སྐད་ཅིག་ཡུད་ཙམ་གཅིག་གིས་འདིར་བྱོན་ཞིག །སྔོན་གྱི་བསྐལ་པ་དང་པོའི་སྲིད་པ་


CMR046_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །བང་སོ་འབུམ་ཁྲིའི་ཕ་མཚུན་བཅོས་པ་བཞིན། །བདག་དང་ཡོན་བདག་ཕ་མེས་ཡང་མྱེས་མཚུན། །མཆོད་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །དེ་རྗེས་ཕྱྭ་རྗེ་ཡབ་བླ་བདལ་དྲུག་གིས། །ཕ་མཚུན་རྣམས་ནི་ཇི་ལྟར་སྤྱན་དྲངས་བཞིན། །ཕ་མྱེས་མཚུན་རྣམས་མཆོད་ཕྱིར་གཤེགས་སུ་གསོལ། །དེ་ནས་མི་མཆོག་རྒྱལ་བུ་མཐིང་གེ་ཡིས། །ཕ་མཚུན་སྤྱན་དྲངས་མཆོད་པ་དེ་བཞིན་དུ། །ཕ་མེས་ཡང་མྱེས་མཚུན་རྣམས་གཤེགས་སུ་གསོལ། །སྟག་ཆས་བལ་པོའི་མཚུན་རྣམས་སྤྱན་དྲངས་བཞིན། །ཁུ་བོ་ཞང་པོའི་མཚུན་རྣམས་གཤེགས་སུ་གསོལ། །ཕྱུ་ལྕམ་དཀར་མོའི་མཚུན་རྣམས་སྤྱན་དྲངས་བཞིན། །མ་སྐྱེས་སྨན་བཙུན་ཐམས་ཅད་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ ཧཱུྃ། སྔོན་ཚེ་སྲིད་པའི་རྒྱལ་པོ་འཁྱམ་དུ་སོང་། །དེ་ཚེ་བུ་ཚ་མིང་སྲིང་གཉིས་པོ་ཡིས། །ཁུ་བྱུག་ཁྲུང་ཁྲུང་གཉིས་པོ་ཕོ་ཉར་བཏང་། །སྲིད་པའི་རྒྱལ་པོ་བུ་དང་འཕྲད་པ་བཞིན། །བདག་དང་ཡོན་གྱི་བདག་པོ་འདི་དག་གིས། །ཕ་མཚུན་འཁྱམས་པ་ཡོད་ན་དེ་རིང་འགུགས། །ཤར་ཕྱོགས་རྒྱ་དང་ལྷོ་ཕྱོགས་འཇང་གི་ཡུལ། །ནུབ་


CMR046_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་མོན་དང་བྱང་ཕྱོགས་ཧོར་གྱི་ཡུལ། །ཡུལ་གྲུ་གཞན་དུ་ཕ་མཚུན་དགྲ་བླ་རྣམས། །གལ་ཏེ་འཁྱམས་པ་ཡོད་ན་དེ་རིང་བསྡུ། །དགུང་སྔོན་སྟེང་དང་དོག་མོ་ས་ཡི་འོག །ཕ་སྤྱན་ཡུལ་དང་བུ་སྲིང་མག་པའི་ཡུལ། །ཤག་རོགས་ཡུལ་དང་དགྲ་ཡུལ་དོན་མེད་ཡུལ། །ཕ་མཚུན་དགྲ་ཡུལ་འཁྱམས་ན་དེ་རིང་བསྡུ། །ལྷ་སྲིན་སྡེ་བརྒྱད་བགེགས་རིགས་སྟོང་ཕྲག་གིས། །ཕ་མཚུན་དགྲ་བླ་བརྐུས་སམ་ཁྱེར་སྲིད་ན། །བགེགས་རིགས་སྡེ་བརྒྱད་ལག་ནས་ཕ་མཚུན་བསླུ། །སྔོན་ཚེ་བོད་རྗེ་མཛངས་མ་འཕྲུལ་དེ་ཡི། །ཕ་མཚུན་རྒྱ་ཡི་ཡུལ་དུ་ཤོར་བ་ལ། །སྣ་ཚོགས་སྒྱུ་མའི་ནོར་གྱིས་བསླུས་པ་ལྟར། །དེ་རིང་བདག་དང་ཡོན་གྱི་བདག་པོ་ཡིས། །ཕ་མཚུན་དགྲ་བླ་གཞན་དུ་འཁྱམས་པ་རྣམས། །གཏོར་མ་ཆངས་བུ་མཐེབ་སྐྱུ་ཏིང་ལོ་དང་། །འབྲུ་སྣ་འདི་ཡིས་ཕ་མཚུན་དགྲ་བླ་བསླུ། །ཕྱོགས་བཅུར་གནས་པའི་སྡེ་བརྒྱད་བགེགས་རིགས་རྣམས། །བླ་གླུད་འདི་བཞེས་ཕ་མཚུན་བླ་མ་བཟུང་། །ཨོཾ་ད་ཤ་དིག་སརྦ་ལོ་ཀ་པཱ་ལ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལྕོག་རྡོག་ཆངས་བུ་ཕྱིར་དོར་རོ། །འབྲུ་སྣ་ཕྱོགས་བཅུར་གཏོར། ཨོཾ་ཨཱཿཧཱུྃ། ཞེས་གླུད་གཏོར་བྲན། ཧཱུྃ། ཕ་མཚུན་


CMR046_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བླ་ཀུན་གྱི་རྗེས་འབྲང་བའི། །ཡེ་ངམ་ནག་པོ་དྲིལ་ནག་སྤུང་སྐྱ་ཅན། །དམ་སྲི་བསེ་རག་ལྟོགས་འགོང་དབུལ་སྲི་དང་། །མཚུན་མིན་མཚུན་དུ་བརྫུ་བའི་བསེ་རིག་རྣམས། །འདྲེ་དྲུག་བླ་རྟགས་ལག་པའི་བཙུན་དྲུག་དང་། །གླུད་དང་གཏོར་མ་ཡས་སྟགས་འདི་ཁྱེར་ལ། །མ་ཉེ་མ་འཁོར་ས་ཕྱོགས་གཞན་དུ་དེངས། །གལ་ཏེ་མི་འགྲོ་བཀའ་ལས་འདའ་བྱེད་ན། །གུ་རུ་རྡོ་རྗེ་གྲོ་ལོད་ཐུགས་འཁྲོས་ནས། །མགོ་བོ་ཚལ་པ་བརྒྱ་རུ་འགས་པར་བྱེད། །དེ་བས་གླུད་འདི་ཁྱེར་ལ་མྱུར་བར་དེངས། །ཨོཾ་སརྦ་བིགྷཱན་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་བྷུ་ཏ་གཙྪ༔ སྡུག་གི་ཁུར་རུ་བོར་གྱུར་ཅིག །གཏམ་ངན་གྱི་སྨེན་བུ་རྒྱབ་ཏུ་སྐྱུར་རོ། །ཞེས་ཕྱིར་དོར་རོ། དེ་ནས་གདན་འབུལ་བ་ནི། ཧཱུྃ། །སྔོན་ཚེ་རྒྱལ་སྲས་དྲི་མེད་གྲགས་པ་དེ། །གདན་མེད་ཐང་ལ་འཁྱམས་ནས་བཞུགས་པ་ལ། །ཉན་ཐོས་ལྷ་རྣམས་རྫུ་འཕྲུལ་གདན་བཏིང་ལྟར། །འཇིག་རྟེན་འདས་དང་འཇིག་རྟེན་ཕ་མཚུན་ལ། །རིན་ཆེན་ཁྲི་དང་དར་ཟབ་ཁྲ་བོའི་གདན། །གྲུམ་ཙེ་སྟག་གཟིག་གདན་དང་ཕྱིང་དཀར་གདན། །དངོས་འབྱོར་ཡིད་སྤྲུལ་ཁྲི་དང་གདན་འབུལ་གྱིས། །


CMR046_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་ཡོན་བདག་བསྲུང་ཕྱིར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། དེ་ནས་ཁྲུས་གསོལ་བ་ནི། ཧཱུྃ། སྔོན་ཚེ་རྒྱལ་བུ་དོན་གྲུབ་བལྟམས་པའི་ཚེ། །ལྷ་རྣམས་བདུད་རྩི་ཆུ་ཡིས་ཁྲུས་གསོལ་ལྟར། །ཕ་མཚུན་དགྲ་བླ་རྣམས་ལ་ཁྲུས་གསོལ་བས། །རྨེ་རྨུགས་གྲིབ་ཀྱི་དྲི་མ་དག་གྱུར་ཅིག །ཡིད་བཞིན་དྲི་བཟང་ཆུ་བོ་ཞབས་བསིལ་གྱིས། །སྐུ་ལུས་མདངས་གསལ་གཟི་བརྗིད་རྒྱས་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། དེ་ནས་ན་བཟའ་འབུལ་བ་ནི། ཧཱུྃ། སྔོན་ཚེ་སྤྱན་རས་གཟིགས་ཡུམ་བྲམ་ཟེ་མོ། །ཡི་དྭགས་ཡུལ་དུ་འཁྱམས་ནས་ཚ་གྲང་མྱོང། །སྤྱན་རས་གཟིགས་ཀྱིས་ན་བཟའ་བྱིན་པས་བདེ། །དེ་བཞིན་ཕ་མཚུན་དགྲ་བླ་ཁྱེད་རྣམས་ལ། །ཚ་བའི་བསིལ་དང་གྲང་བའི་སྐྱབས་གྱུར་པའི། །སྲབ་འཇམས་མཛེས་པའི་ན་བཟའ་སྣ་ཚོགས་དང་། །གོས་ལྷམ་དབུ་ཞྭ་སྐེ་རགས་སྣ་ཚོགས་འབུལ། །ཟད་མེད་གོས་ལ་རྟག་ཏུ་སྤྱོད་པར་ཤོག །ན་མསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། དེ་ནས་མཆོད་པ་རྣམས་མེ་ཤེལ་བྱ། ཆུས་བྲན་ལ། ཧཱུྃ། མཆོད་རྫས་སྣ་ཚོགས་བཤམས་པ་འདི་རྣམས་ལ། །ཕུད་


CMR046_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མ་ཉམས་ལྷག་མ་མ་འདྲེས་ཏེ། །བདག་དང་ཡོན་བདག་སྤྱོད་པ་རྩིང་བ་ཡིས། །འབག་བཙོག་ཕུད་ལྷག་འདྲེས་པའི་སྐྱོན་མཆིས་ན། །སྲེག་བྱེད་མེ་ཡིས་འབག་བཙོག་དྲི་མ་བསྲེགས། །དག་བྱེད་ཆུ་ཡིས་མི་གཙང་དྲི་མ་བཀྲུ། །གཏོར་བྱེད་རླུང་གིས་སྐྱོན་གྱི་དངོས་པོ་གཏོར། །རཾ་ཡཾ་ཁཾ་གིས་དག་པའི་ངོ་བོར་བསྒྱུར། །བྷཾ་གྱིས་སྣོད་རྣམས་རིན་ཆེན་སྣོད་དུ་བསྒྱུར། །ཨོཾ་གྱིས་བཅུད་རྣམས་ཟག་མེད་བདུད་རྩིར་བསྒྱུར། བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ནས། །འཇིག་རྟེན་ཕ་མཚུན་རྣམས་ཀྱིས་ཐོབ་པར་བྱས། །ཨོཾ་ཨཱཿཧཱུྃ་དང་ཧ་ཧོ་ཧཱི༔ཡིས་སྤེལ། །ཉེར་སྤྱོད་བདུན་དང་འདོད་པའི་ཡོན་ཏན་ལྔ། །བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན། །ཕྱེ་མར་ཇ་ཆང་འོ་ཞོ་ཟས་སྣའི་ཕུད། །གོ་མཚོན་དར་ཟབ་སྨན་འབྲུ་རིན་པོ་ཆེ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་དཔག་མེད་ཀུན། །འཇིག་རྟེན་འདས་དང་འཇིག་རྟེན་མ་འདས་པའི། །ཕ་མཚུན་དགྲ་བླ་རྣམས་ལ་མཆོད་པ་འབུལ། །ཐམས་ཅད་མ་ལུས་མཉེས་ཤིང་ཚིམས་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་


CMR046_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཚུན་རྣམས་ལ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་གསུམ། ཧཱུྃ། མཚུན་བཤོས་རི་རབ་གྲུ་བཞི་སུམ་བརྩེགས་དབྱིབས། །ལོགས་བཞི་ཟུར་བཞི་རྩི་བཅུད་མར་གྱིས་བརྒྱན། །རྩེ་ལ་ནོར་བུ་མདུན་རྒྱབ་ཉི་ཟླས་བརྒྱན། །གཡས་ན་སེང་གེ་གཡོན་ན་གཡུ་འབྲུག་བརྒྱན། །ལོགས་ན་ཇ་ཆང་བདུད་རྩིའི་ཆུ་བོ་བབ། །རྩེ་ལ་དཔག་བསམ་ཤིང་གི་རྩེ་མོ་ན། །བྱ་ཁྱུང་དཀར་པོ་གསོན་གཤིན་མགོ་ལ་ལྡིང་། །གསོན་གྱི་གཡང་སྐྱབས་གཤིན་གྱི་མགོན་སྐྱོབ་བྱེད། །གཤོག་པས་ངན་སོང་སྒོ་གཅོད་ཐར་ལམ་འབྱེད། །སྡེར་མོས་ཟ་འདྲེ་ཤི་གཤེད་མ་ལུས་འདུལ། །ཁོག་པ་སྟོད་སྨད་འབྲོག་ཡུལ་གཡང་ཡང་འཁོར། །དབུ་གཙུག་ནོར་བུས་དགོས་འདོད་ཆར་དུ་འབེབས། །ཨོཾག་སྐྱིལ་བང་མཛོད་ལོངས་སྤྱོད་ཟད་མི་ཤེས། །འདི་ཡི་མགོ་ལ་ལྷ་དང་དཔལ་གྱི་གཡང་། །སྙིང་ལ་མཚུན་དང་དགྲ་བླའི་གཡང་ཡོད་དོ། །མཇུག་རྩེ་ཙནྡན་ཁོལ་བཅུའི་གཡང་ཡོད་དོ། །གཤོག་རྩེ་གཡས་ལ་གོ་ཁྲབ་བཙན་པོའི་གཡང་། །གཤོག་རྩེ་གཡོན་ལ་མཚོན་ཆའི་


CMR046_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

རྣོ་གཡང་ཡོད། །རྫུ་འཕྲུལ་མངོན་ཤེས་འཕྲུལ་གྱི་བྱ་ཁྱུང་འདི། །ཕ་མཚུན་དགྲ་བླ་རྣམས་ལ་འབུལ་ལགས་ཀྱིས། །ཕ་མཚུན་དགྲ་བླ་ཐམས་ཅད་རབ་མཉེས་ནས། །གསོན་པོ་འཕེན་དར་བཙན་ཕྱུག་འཛོམ་པར་མཛོད། །གཤིན་པོ་ངན་སོང་གསུམ་གྱི་སྐྱེ་སྒོ་གཅོད། །གཞན་ཡང་ཕོ་ལྷའི་འབྲང་རྒྱས་ཞལ་དཀར་དང་། །མ་ལྷའི་སྨན་ལེབ་ཏིང་ལོ་བརྩེགས་མ་དང་། །དགྲ་བླ་དགྱེས་པའི་དཔལ་བཤོས་ཟུར་གསུམ་དང་། །ཡུལ་ལྷ་དགྱེས་པའི་ཟན་གྱི་གཡག་ལུག་ར། །དབྱར་གསུམ་ཤེ་ཕུད་སྟོན་གསུམ་ཐོག་ཕུད་དང་། །དགུན་གསུམ་ཡིབ་ཕུད་དཔྱིད་གསུམ་རུལ་ཁ་དང་། །ཕྱེ་མར་ཇ་ཆང་ཟས་སྐོམ་ཕུད་ཀྱིས་མཆོད། །ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། དེ་ནས་ཟས་གཏད་པ་ནི། ཧཱུྃ། ཕ་ཁུ་མེས་པོ་ཡང་མེས་མཚུན་རྣམས་དང་། །མ་དང་སྲུ་མོ་ཕྱི་མོ་ཞང་པོའི་མཚུན། །ཐམས་ཅད་མ་ལུས་བདག་ལ་གསན་མཛོད་དང་། །སྔོན་བྱུང་སྟོན་པ་མར་མེ་མཛད་ཀྱི་དུས། །རྒྱལ་པོ་སྣང་གསལ་འོད་ནི་ཚེ་ལས་འདས། །སྲས་མཆོག་རྒྱལ་བུ་འཁོར་ལོ་སྟོང་ལྡན་གྱིས། །ཡབ་ལ་ཟས་གཏད་དགེ་བའི་ཕུལ་དུ་གྱུར། །དེ་བཞིན་


CMR046_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཚ་རྣམས་ཀྱིས་ཟས་འདི་འབུལ། །སྔོན་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོ་འདས། །བུ་མོ་སྣང་བའི་སྒྲོན་མས་ཟས་གཏད་པས། །ཡུན་གྱི་སྲིད་དང་དགེ་བའི་ཕུལ་དུ་གྱུར། །དེ་བཞིན་བུ་མོ་རྣམས་ཀྱིས་ཟས་འབུལ་ལོ། །སྔོན་ཚེ་རྒྱལ་པོ་མ་སྐྱེས་དགྲ་འདས་ནས། །ཚ་བོ་ཤཱ་རིའི་བུ་ཡིས་ཟས་གཏད་པས། །ཆགས་པའི་མདུད་པ་གྲོལ་བ་དེ་བཞིན་དུ། །ཞང་པོའི་མཚུན་རྣམས་ཚ་བོས་མཆོད་པ་འབུལ། །སྔོན་ཚེ་རྒྱལ་པོ་ཀརྨ་འོད་བཟང་འདས། །སྲུ་མོ་དགེ་སློང་མ་ནི་པདྨའི་སྤྱན། །རོ་བརྒྱའི་ཟས་བསྔོས་འཁོར་བའི་སྒོ་འགག་ལྟར། །ཚ་བོའི་མཚུན་རིགས་ཐམས་ཅད་དེ་རིང་མཆོད། །སྔོན་ཚེ་རྒྱལ་པོ་སྣང་མཛད་འོད་འདས་ནས། །འཁོར་ཆེན་བརྒྱད་ཀྱིས་ཡུན་གྱི་ཟས་གཏད་བཞིན། །སྤྱན་དང་གྲོགས་ཀྱིས་མཚུན་རྣམས་མཆོད་པར་བགྱི། །སྔོན་ཚེ་བྲམ་ཟེའི་སྲས་མོ་འོད་ལྡན་འདས། །ཡུམ་ནི་བློ་གྲོས་རྒྱན་མས་ཟས་གཏད་ལྟར། །བུ་དང་ཚ་བོའི་མཚུན་རྣམས་དེ་རིང་མཆོད་། །སྔོན་ཚེ་རྒྱལ་བུ་དགའ་འཛིན་དམྱལ་བར་ལྟུང་། །གྲོགས་པོ་རྒྱལ་བའི་དོན་གྲུབ་ཅེས་བྱ་ཡིས། །ཟས་སྐོམ་བསྔོས་པས་སྡུག་བསྔལ་ཞི་བ་ལྟར། །ཕ་ཁུ་མ་སྐྱེས་མཚུན་


CMR046_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཟས་བསྔོས་པས། །སྡུག་བསྔལ་ཀུན་ཞི་བདེ་དང་ལྡན་པར་ཤོག །སྔོན་ཚེ་མདུན་ན་འདོན་ནི་ཡི་དྭགས་སྐྱེས། །རྒྱལ་བས་ཞལ་ཟས་གནང་བས་ཐར་བ་ལྟར། །ཕ་ཁུ་མ་ཕྱི་བཀྲེས་སྐོམ་ལྡན་རྣམས་ལ། །ཟས་སྐོམ་བསྔོས་པས་བཀྲེས་སྐོམ་ཞི་གྱུར་ནས། །ཟད་མེད་ཟས་ལ་རྟག་ཏུ་སྤྱོད་པར་ཤོག །སྔོན་ཚེ་རྒྱལ་བུ་དགེ་མཐོང་ཚེ་ལས་འདས། །སྲིང་མོ་བདེ་ལྡན་མ་ཡིས་ཆང་བསྔོས་པས། །ཚ་གྲང་སྡུག་བསྔལ་ཞི་ནས་བདེ་བ་ལྟར། །འཇིག་རྟེན་འདས་དང་མ་འདས་མཚུན་རྣམས་དང་། །ཕ་ཁུ་མ་ཕྱིའི་མཚུན་ལ་ཆང་འདི་འབུལ། །སྔོན་ཚེ་ཚ་བོ་ལྷ་སྲས་འདས་པ་དང་། །ཞང་པོ་བདུད་རྗེ་བཙན་པོས་ཟས་བསྔོས་པས། །ལུས་སེམས་བདེ་བའི་དཔལ་ལ་སྤྱོད་པར་ལྟར། །ཚ་བོའི་མཚུན་རིགས་ཐམས་ཅད་དེ་རིང་མཆོད། །རྒྱལ་བུ་ཐུབ་བསྟན་འདས་པ་མུན་པར་འཁྱམས། །སྤྱན་རས་གཟིགས་ཀྱི་སྒྲོན་མེས་མུན་བསལ་ལྟར། །ཕ་མཚུན་རྣམས་ལ་མར་མེ་འདི་ཕུལ་བས། །ཁྱེད་རྣམས་ཡེ་ཤེས་སྤྱན་དང་ལྡན་པར་ཤོག །བདེ་བའི་འོད་འདས་ནོར་ལ་ཆགས་པ་ཡིས། །ཡི་དྭགས་ཡུལ་སྐྱེས་དབུལ་ཞིང་ཕོངས་པ་ལ། །ཚངས་པས་སྤྱི་


CMR046_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བླུག་བསྔོས་པས་ལོངས་སྤྱོད་ལྡན། །དེ་བཞིན་ཁུ་བོ་མ་ཕྱིའི་མཚུན་རྣམས་ལ། །གཡག་ལུག་ར་དང་ཤེལ་ཚིགས་མང་པོ་རྣམས། །ནོར་གྱི་ཚོགས་སུ་བྱིན་རླབས་མཆོད་པ་འབུལ། །ཚོང་དཔོན་སྲིན་མོའི་གླིང་དུ་འཁྱམས་པའི་ཚེ། །རྟ་མཆོག་བྷ་ལ་ཧ་ཡིས་བསུས་པ་ལྟར། །རྟ་ཡི་གཟུགས་དང་རྟ་མཆོག་སྤྲུལ་ཏེ་འབུལ། །ལྷ་ཡི་ཡུལ་དུ་ལྷ་མིན་དམག་གཡོས་ཚེ། །མགར་གྱི་རྒྱལ་པོ་བི་ཤྭ་ཀརྨ་ཡིས། །གོ་མཚོན་བྱེ་བ་དགུ་ཁྲི་ནུབ་གཅིག་བརྡུང་། །ལྷ་རྣམས་གཡུལ་ལས་རྒྱལ་བ་དེ་བཞིན་དུ། །གོ་མཚོན་སྣ་ཚོགས་ཕ་མཚུན་རྣམས་ལ་འབུལ། །དགྲ་བླའི་རྟེན་དུ་འབུལ་ལོ་བཞེས་སུ་གསོལ། །སྔོན་ཚེ་དྲི་མེད་སྒྲ་ཡི་བུ་འདས་པས། །སྟག་གི་རྒྱལ་མཚན་བྱིན་གྱིས་བརླབས་ཏེ་ཕུལ། །སུམ་ཅུ་རྩ་གསུམ་ལྷ་རུ་སྐྱེས་པ་ལྟར། །ཕ་མཚུན་རྣམས་ལ་སྟག་གི་རྒྱལ་མཚན་འབུལ། །མི་ནུབ་བསྟན་པ་རྒྱས་ཕྱིར་བཞེས་སུ་གསོལ། །གཞན་ཡང་དངོས་འབྱོར་ཡིད་ལས་སྤྲུལ། །མཆོད་པ་རྣམ་པ་དཔག་མེད་ཀྱི། །ཕུད་ཀྱིས་ཡེ་ཤེས་མཚུན་རྣམས་མཆོད། །དེ་མཆན་སྲིད་པའི་མཚུན་རྣམས་མཆོད། །དེ་མཆན་སྲིད་པའི་དགྲ་བླ་མཆོད། །དེ་མཆན་བདག་


CMR046_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡོན་བདག་གི །ཕ་དང་ཁུ་བོ་མེས་པོ་དང་། །ཡང་མྱེས་བདུན་རྒྱུད་མཚུན་རྣམས་མཆོད། །དེ་མཆན་མ་དང་སྲུ་མོ་དང་། །མ་ཕྱི་བུ་སྲིང་ཞང་པོ་ཡི། །མཚུན་རིགས་མ་ལུས་ཐམས་ཅད་མཆོད། །ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཆད་པ་མེད་པ་དང་། །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །ཕ་མ་ཉེ་དུ་མེས་པོ་སོགས། །གང་ཞིག་ལུས་ནི་མ་ཐོབ་ཅིང་། །བར་དོར་གནས་པ་ཐམས་ཅད་ལ། །འཛད་མེད་གཏན་གྱི་ཟས་སུ་བསྔོ། །ཤི་བླ་ཡུལ་གྱི་ལྷ་དང་བསྡོང་། །མགོན་སྐྱབས་བྱེད་པ་ཐམས་ཅད་མཆོད། །མཐུ་རྩལ་ནུས་པ་རྒྱས་གྱུར་ཅིག །དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། །ཆོས་ཉིད་རྣམ་དག་བདེན་པ་དང་། །རྟེན་འབྲེལ་བསླུ་བ་མེད་པའི་མཐུས། །བསྔོས་པ་བཞིན་དུ་ཐོབ་པར་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། གསུམ་མམ་བདུན་བརྗོད། ཕྱེ་མར་འོ་ཕུད་ཀྱིས་བསང་བྱ། ཧཱུྃ། དུས་གསུམ་སངས་རྒྱས་སྤྱི་མྱེས་ལྷ། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །


CMR046_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས་ཞིང་གི་སྤྱི་མྱེས་ལྷ། །སྤྱན་རས་གཟིགས་དབང་གངས་ཆེན་མཚོ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །འཕགས་པ་བཞི་པོ་སྐྱེད་པའི་ཡུམ། །ཆོས་སྐུ་ཡུམ་ཆེན་ཤེར་ཕྱིན་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །རྒྱལ་བའི་ཡབ་གཅིག་འཇམ་དཔལ་དབྱངས། །རྡོ་རྗེ་ཕག་མོ་བདེ་གཤེགས་ཡུམ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང། །བཀའ་བརྒྱུད་པ་རྒན་མར་པ་རྗེ། །བཀའ་གདམས་ཕ་རྒན་འབྲོམ་སྟོན་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །བོད་ཀྱི་ཕ་གཅིག་པདྨ་འབྱུང་། །རིག་འཛིན་གདུང་རྒྱུད་ཕ་མཚུན་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །མཁའ་སྤྱོད་ནམ་མཁའ་རྒྱལ་མཚན་སོགས། །གྲུབ་ཐོབ་ཕ་མཚུན་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཆོས་རྒྱལ་མེས་དབོན་རྣམ་གསུམ་སོགས། །རྒྱལ་བློན་སེམས་དཔའ་ཐམས་ཅད་ལ། །


CMR046_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །འཇིག་རྟེན་ཀུན་གྱི་མེས་པོ་སྟེ། །ལྷ་ཆེན་དབང་ཕྱུག་ཆེན་པོ་ལ། །ཕྱག་པའཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །སྟོང་གསུམ་འཇིག་རྟེན་མེས་པོ་སྟེ། །ལྷ་ཆེན་ཚངས་པ་གདོང་བཞི་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །འཁོར་ལོས་སྒྱུར་རྒྱལ་སྡེ་ལྔ་སོགས། །རྒྱ་གར་ཡུལ་གྱི་མཚུན་རྣམས་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཀོང་ཙེ་འཕྲུལ་རྒྱལ་རྩིའུ་སོགས། །རྒྱ་ནག་ཡུལ་གྱི་མཚུན་རྣམས་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །སྤྲེའུ་བྲག་སྲིན་མོ་ལ་སོགས། །བོད་ཀྱི་ཕ་མཚུན་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །དུང་མི་ལྷ་དཀར་ལ་སོགས་པ། །ལྷ་རིགས་ཕ་མཚུན་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །སྲིད་པའི་སྨོན་མི་ལུ་ལུ་དང་། །


CMR046_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུ་རྨུ་གཙུག་གསུམ་མཚུན་རྣམས་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །དམུ་སྲས་འཕྲུལ་བུ་དབང་ལྡན་དང་། །རྒྱ་བལ་ལི་དང་ཁྲོམ་གྱི་མཚུན། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཕྱུའུ་སྤྱི་གཙུག་རྒྱལ་པོ་དང་། །ཕྱུ་རབས་སྟག་ཆས་བལ་བུ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཡབ་ལྷ་བརྡལ་དྲུག་ཁྲི་རྗེ་འབར། །འོ་དེ་གུང་རྒྱལ་མཆེད་བཞི་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ལྷ་ཚ་ཐུགས་ཀར་བུ་དགུ་དང་། །སྲིན་ཚ་ཐུགས་དམར་བུ་དགུ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཕྱྭ་རྗེ་ཡབ་ལྷ་བརྡལ་དྲུག་གིས། །སྲས་བུ་སུམ་ཅུ་སོ་ལྔ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །མི་སྡུག་ཤ་མཚན་བཅོ་བརྒྱད་ཅན། །ཁྲི་ཆེན་དཔལ་ལྷ་ཞེས་བྱ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །སྲིད་པའི་སྣེ་ཕྲོམ་ལག་


CMR046_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་དང་། །སྲིད་པའི་ཕྲུ་ལྕམ་རྒྱལ་མོ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །རྒྱལ་བུ་མཐིང་གེ་འཛོམ་ལ་རྒན་། །ཁྲི་ལ་ཞོམ་དང་བཙན་ལ་འཕེན། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཨ་མྱེ་ཁྲི་དོ་ཆེན་པོ་དང་། །མིའུ་རུས་དྲུག་ཕ་མཚུན་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཕ་སྤུན་ནག་པོ་རྒྱ་ཡི་མཚུན། །ཁྱིམ་མཚེས་ཝེར་མ་མོན་གྱི་མཚུན། །གཉན་ཡ་ཆུ་གྲི་འཇང་གི་མཚུན། །འཐབ་ཡ་ཨ་ཝ་ཧོར་གྱི་མཚུན། །རྒྱ་གར་ཆོས་ཀྱི་རྒྱལ་པོའི་མཚུན། །རྒྱ་ནག་ཁྲིམས་ཀྱི་རྒྱལ་པོའི་མཚུན། །སྟག་གཟིག་ནོར་གྱི་རྒྱལ་པོའི་མཚུན། །གེ་སར་དམག་གི་རྒྱལ་པོའི་མཚུན། །སྐུ་རྒྱལ་བོད་ཀྱི་རྒྱལ་པོའི་མཚུན། །འཛམ་བུ་གླིང་གི་མཚུན་མགོན་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །བཟང་ཁ་ཟུངས་ལ་ཡག་ཁ་མཛོད། །ཀྱཻ། ཕུ་བོ་གདོང་དང་ཡུམ་གཅིག་འབྲི་སྣ་མ། །གངས་ཅན་ཕྱུག་དྲག་


CMR046_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

སྨུག་པོ་ཏེ་སེ་རྣམས། །འདིར་གཤེགས་བསང་དང་མཆོད་པ་དམ་པ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །མཐོ་བ་གནམ་འཕྱོང་གདོང་གི་དགྲ་བླ་ནི། །དུང་མི་གཡུ་སྨིན་དུང་གི་ཐོར་ཚུགས་ཅན། །བ་དན་དཀར་པོ་ཕྱར་ཞིང་སྦ་ལྕག་གཡུགས། །གདོང་གི་མི་ཕྱེད་གནམ་ལ་ཡོད་པ་རྣམས། །འདིར་གཤེགས་བསང་དང་མཆོད་པ་དམ་པ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །ཡོ་ན་མགོ་ར་གདོང་ཆབ་འཐིབ་པོ་དང་། །དཀར་པོ་གདོང་དང་ནག་པོ་གདོང་གི་མཚུན། །སྨུག་པོ་གདོང་དང་ཁྲ་བོ་གདོང་གི་མཚུན། །རྡོ་རྗེ་རྒྱལ་མཚན་ཁྱུང་མགོ་དགུང་དང་མཉམ། །དབང་བློའི་ལྷ་རྒོད་དགྲ་བོ་ཆམ་ལ་འབེབས། །གླིང་རྗེ་གེ་སར་རྒྱ་ལ་བྱིས་རྟ་སྐྱེས། །དབྲ་ཚ་སྒ་སྡེ་ཁྱུང་ལ་གོང་གླུ་ལེན། །མ་སངས་ཁོང་ཁྲིལ་སྟག་ལ་མགུལ་ཆར་བཏགས། །ཨ་སྟག་ཀླུ་མོས་འབྲོང་གི་རྐང་རློན་བཅག །དེ་སོགས་གདོང་རིགས་སྲིད་པའི་ཕ་མཚུན་རྣམས། །འདིར་གཤེགས་བསང་དང་མཆོད་པ་དམ་པ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་ཁ་འཛིན་མཛོད། །ཆོས་སྲིད་དགུང་


CMR046_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བས་མཐོ་བའི་དངོས་གྲུབ་སྩོལ། །དབྲ་དཀར་དབྲ་ཁྲ་དབྲ་ནག་ཕ་མཚུན་དང་། །ཆེ་དྲུག་བཙུན་དྲུག་ཕྱུག་དྲུག་རྣམས་ཀྱི་མཚུན། །བོད་ཁམས་མུན་སེལ་མར་པ་ལོ་ཙཱ་དང་། །འདྲེ་སྲིན་འདུལ་མཛད་སྒོམ་པ་མར་མེ་དང་། །དུག་སྦྲུལ་འདུལ་མཛད་ལྷ་རྒོད་ངོ་སྐོང་དང་། །སྲིན་པོ་འདུལ་མཛད་བུ་ཚ་རྩོམ་གཡེར་མཚུན། །འཕེན་གཡང་ལྡན་པའི་ཨ་བོ་ཞྭ་དཀར་དང་། །ཕྱུགས་གཡང་ཅན་གྱི་ཉི་མ་རྒྱལ་མཚན་སོགས། །དབྲ་རིགས་སྲིད་པའི་ཕ་མཚུན་གཡང་རྒན་རྣམས། །འདིར་གཤེགས་བསང་དང་མཆོད་པ་དམ་པ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ལ་ཕྱུག་གཡང་ཕོབ། །འགྲུ་རྗེ་ལྷ་དབང་ཐོད་དཀར་ཕྱུ་བཟའ་ཡུམ། །གནམ་ཐེལ་དཀར་པོ་ས་ཐེལ་ཁྲ་བོ་དང་། །འབྲུ་རྗེ་རྭ་ཅོ་ཅན་ལ་བཅོ་བརྒྱད་དང་། །མི་འགྱུར་ཐར་པའི་གནས་བརྒྱད་འགྲུ་ཡི་མཚུན། །བདུད་རིགས་འདུལ་མཛད་ལྷ་དབང་ཐོད་དཀར་དང་། །རྒྱལ་ས་བཙུགས་མཛད་བྷེ་ཇིར་ལང་ཐང་དང་། །རྒྱལ་ཁྲིམས་དར་མཛད་རྒྱལ་པོ་སྐུ་མང་རུ། །རྒྱ་ནག་འདུལ་མཛད་བྷེ་མང་རུ་ཏི་དང་། །ཧོར་དམག་རླག་མཛད་བྷེ་རྩེ་


CMR046_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཏི་དང་། །རྒྱ་བོད་ཀུན་འདུལ་བྷེ་རྒྱལ་རུ་ཏི་དང་། །མུ་སྟེགས་འདུལ་མཛད་གནམ་བྷེ་དཀར་པོ་དང་། །སྲིན་པོ་འདུལ་མཛད་ས་བྷེ་གྲོ་བོ་དང་། །འབྲོམ་སྟོན་དྭགས་པོ་འཇམ་དབྱངས་བདུན་རྒྱུད་སོགས། །འབྲུ་རིགས་ཕ་མཚུན་མ་ལུས་འཁོར་བཅས་རྣམས། །འདིར་གཤེགས་བསང་དང་མཆོད་པ་དམ་པ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །མི་འཕེན་རྟ་ཧྲག་བཙན་ཕྱུག་འཛོམ་པར་མཛོད། །དམུ་ཚ་སྒ་ཡི་བུ་དགུ་ལ་སོགས་པ། །སྒོ་རིགས་སྲིད་པའི་ཕ་མཚུན་ཐམས་ཅད་དང་། །དབལ་ཟླ་གཉིས་ཀྱི་ཕ་མཚུན་ཐམས་ཅད་དང་། །ཁྱད་པར་བདག་དང་ཡོན་བདག་འདི་རྣམས་ཀྱི། །ཕ་མྱེས་ཡང་མྱེས་མ་ཕྱི་ཡང་ཕྱིའི་མཚུན། །ཕ་དང་ཁུ་བོ་སྐྱེས་པོ་མ་ཕྱིའི་མཚུན། །བུ་མོ་མག་པ་ཞང་པོའི་མཚུན་ལ་སོགས། །ཐམས་ཅད་འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བུ་དང་ཚ་བོའི་ཁ་འཛིན་མ་གཡེལ་ཞིག །ཀྱཻ། ལྷ་ཡི་དགྲ་བླ་ལྷ་མིན་གཡུལ་ངོ་ཟློག །ཆོས་ཀྱི་དགྲ་བླ་ལེགས་ལྡན་ནག་པོ་ནི། །བེང་དང་ལྕགས་པར་


CMR046_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་ཤིང་བེར་ནག་གསོལ། །རྟ་ནག་ཆིབས་ཤིང་ལྷ་དམག་འབུམ་གྱིས་བསྐོར། །འདིར་གཤེགས་བསང་དང་མཆོད་པ་གཏོར་མ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །དགྲ་བླའི་རྒྱལ་མོ་མ་གཅིག་རེ་མ་ཏི། །རིན་ཆེན་རྒྱན་ལྡན་དར་དཀར་གོ་ཟུ་གསོལ། །རལ་གྲི་ནེའུ་ལེ་བསྣམས་ཤིང་དྲེའུ་རྟ་ཆིབས། །འདིར་གཤེགས་བསང་དང་མཆོད་པ་གཏོར་མ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །སློབ་དཔོན་ཆེན་པོ་པདྨ་འབྱུང་ཀྱིས། །བོད་ཀྱི་དགྲ་བླའི་རྒྱལ་པོར་མངའ་གསོལ་བ། །བྱང་ཕྱོགས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་སྲས། །གསེར་མདོག་རྨོག་ཁྲབ་གསོལ་ཞིང་སེང་གེ་ཆིབས། །གནོད་སྦྱིན་བྱེ་བ་འབུམ་གྱི་དམག་དང་བཅས། །འདིར་གཤེགས་བསང་དང་མཆོད་པ་གཏོར་མ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །དགྲ་བླའི་མཆོག་གྱུར་ཨཅུ་རེ་མན། །ཤེལ་རྨོག་བསེ་ཁྲབ་གསོལ་ནས་རྟ་སྔོན་ཆིབས། །


CMR046_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་རང་འདྲ་ལྔ་བརྒྱའི་འཁོར་དང་བཅས། །འདིར་གཤེགས་བསང་དང་མཆོད་པ་གཏོར་མ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །སྐྱེ་བོ་ཡོངས་ཀྱི་དགྲ་བླ་རྡོ་རྗེ་ལེགས། །བེར་དམར་གསོལ་ཞིང་སེང་གེ་གོང་སྔོན་ཆིབས། །དགྲ་བླ་སུམ་བརྒྱ་དྲུག་ཅུ་འཁོར་དང་བཅས། །འདིར་གཤེགས་བསང་དང་མཆོད་པ་གཏོར་མ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །དགྲ་བླ་ཡེ་རྫུ་ར་སྐྱེས་ཁམ་པ་ཆིབས། །རྒོད་ཞུ་རྒོད་ཐུལ་གསོལ་ཞིང་ཁ་ཆར་འབེབས། །འབྲུག་ཞོན་སྟག་ཞོན་སེང་ཞོན་འབྲོང་ཞོན་དང་། །ཝ་ཞོན་ལ་སོགས་སུམ་བརྒྱ་དྲུག་ཅུར་བཅས། །འདིར་གཤེགས་བསང་དང་མཆོད་པ་གཏོར་མ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །སེར་ཆགས་དགྲ་བླ་རྒྱལ་ཆེན་པེ་ཧ་ར། །སོག་པོའི་ཆ་ལུགས་སྟག་རལ་གཟིག་ཤུབས་ཅན། །རུ་འདྲེན་བཞི་སོགས་འཁོར་ཚོགས་བསམ་མི་ཁྱབ། །འདིར་གཤེགས་བསང་དང་མཆོད་པ་གཏོར་མ་


CMR046_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །འཁུ་ལྡོག་མ་བྱེད་གཙུག་ལག་ཁང་དུ་གཤེགས་། །འགྲུ་དང་ཧོར་སོགས་དགྲ་བླ་གནམ་ཐེལ་དཀར། །བེར་ཆེན་སྔོ་བཀྲ་གསོལ་ཞིང་རྟ་དཀར་ཆིབས། །ཤེལ་གྱི་རལ་གྲི་བསྲེ་ཡི་འདན་དཀར་བསྣམས། །དགྲ་ནོར་གཡང་དུ་ལེན་པའི་དགྲ་བླ་ཁྱོད། །འདིར་གཤེགས་བསང་དང་མཆོད་པ་དམ་པ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །གདོང་གི་དགྲ་བླ་གདོང་ལྷ་ཕྲོམ་ཕྲོམ་ནི། །གཡུ་འབྲུག་སྔོན་མོ་ཟངས་ཀྱི་ཟེ་བ་ཅན། །ནམ་མཁའི་དབྱིངས་ནས་གདོང་གི་དར་ཕྱུག་བྱེད། །གདོང་རིགས་དར་རྒྱས་ཅན་གྱི་དགྲ་བླ་ཁྱོད། །འདིར་གཤེགས་བསང་དང་མཆོད་པ་གཏོར་མ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད་། །དབྲ་ཡི་དགྲ་བླ་དབྲ་མ་དབྲ་ཁྲ་ནི། །བྱ་ཁྲ་གནམ་ལྕགས་འབར་བའི་མཆུ་སྡེར་ཅན། །ནམ་མཁའི་དབྱིངས་ནས་ལྡིང་ཞིང་གོང་སྲང་ཉུལ། །དབྲ་རིགས་དར་རྒྱས་


CMR046_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་དགྲ་བླ་ཁྱོད། །འདིར་གཤེགས་བསང་དང་མཆོད་པ་གཏོར་མ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །འགྲུ་ཡི་དགྲ་བླ་འགྲུ་མོ་ཕྲོམ་ཕྲོམ་ནི། །དུང་གཡག་དཀར་པོ་ཤེལ་གྱི་རྭ་ཅོ་ཅན། །འགྲུ་བླ་ཉུལ་ཞིང་རྫ་རིའི་རྩེ་ལ་འགྲིམ།་།འགྲུ་རིགས་དར་རྒྱས་ཅན་གྱི་དགྲ་བླ་ཁྱོད་། །འདིར་གཤེགས་བསང་དང་མཆོད་པ་གཏོར་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །ས་ཡི་དགྲ་བླ་སྒ་མོ་ལེགས་ཕྲོམ་ནི། །གསེར་སྟག་སེར་པོ་མཚལ་གྱི་རྭ་ཅོ་ཅན། །ཁམས་གསུམ་ཁྱབ་པར་ཉུལ་ཞིང་སྦ་ལོ་ཉབ། །སྒོ་རིགས་དར་རྒྱས་ཅན་གྱི་དགྲ་བླ་ཁྱོད། །འདིར་གཤེགས་བསང་དང་མཆོད་པ་གཏོར་མ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །ནུ་བོ་དབལ་ཟླ་གཉིས་ཀྱི་དགྲ་བླ་ནི། །ཤེལ་ལས་གྲུབ་པའི་ར་སྐྱེས་ཁམ་པ་དང་། །དུང་ལས་གྲུབ་པའི་ཁྱི་མོ་དཀར་མོ་གཉིས། །དབལ་ཟླ་དར་རྒྱས་ཅན་གྱི་དགྲ་བླ་ཁྱོད། །འདིར་གཤེགས་བསང་དང་


CMR046_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་གཏོར་མ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །གཞན་ཡང་འདོད་ཁམས་དགྲ་བླ་བེང་ཆེན་དང་། །འདོད་ཁམས་དགྲ་བླ་དུང་ཁྲབ་གནམ་ཁེབས་དང་། །ས་གཞིའི་དགྲ་བླ་གསེར་སྦལ་གཡུ་ཐིག་ཅན། །ཆུ་དཀྱིལ་དགྲ་བླ་ཀླུ་ཡི་རྒྱལ་པོ་དང་། །རླུང་དཀྱིལ་དགྲ་བླ་ལྷ་ལུག་དཀར་པོ་དང་། །ཕྱུ་མུ་གཙུག་གསུམ་རྒྱུད་ཀྱི་སྲུང་མ་དང་། །དགྲ་བླ་གཉེན་པོ་གྲ་མ་མཆེད་བརྒྱད་དང་། །སྐྱེས་གཟུགས་དགྲ་བླ་ཆེན་པོ་སྤུན་གསུམ་དང་། །དགྲ་ཐུབ་དགྲ་བླ་སྤྱན་གསུམ་ལ་སོགས་པ། །སྲིད་པའི་དགྲ་བླ་མཐུ་ཆེན་ཐམས་ཅད་ཀུན། །འདིར་གཤེགས་བསང་དང་མཆོད་པ་གཏོར་མ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །གདོང་གི་དགྲ་བླ་ཐོག་འབྲུག་གློག་ལྡེམ་དང་། །དབྲ་ཡི་དགྲ་བླ་མཚལ་བུ་སྨྲ་ཤེས་དང་། །འབྲུ་ཡི་དགྲ་བླ་དུང་གཡག་དཀར་པོ་དང་། །སྒ་ཡི་དགྲ་བླ་མཚལ་སྟག་སྤུ་རིས་དང་། །སྒོ་ཡི་དགྲ་བླ་དུང་མི་དུང་རྟ་དང་། །སྐྱེས་པའི་དགྲ་བླ་ཟངས་ཀྱི་འཕར་བ་


CMR046_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བུ་ཚའི་དགྲ་བླ་གཡུ་ཡི་ཁུ་བྱུག་དང་། །བུ་སྲིང་དགྲ་བླ་གཡུ་ཡི་ནེ་ཙོ་དང་། །བུད་མེད་དགྲ་བླ་རྨ་བྱ་འཇོལ་མཁན་དང་། །ཡུལ་མཁར་དགྲ་བླ་དུང་སྦལ་དཀར་པོ་རྣམས། །འདིར་གཤེགས་བསང་དང་མཆོད་པ་གཏོར་མ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །གོ་ཆའི་དགྲ་བླ་ཁྲ་མོ་ར་མགོ་དང་། །མགྱོགས་པའི་དགྲ་བླ་བྱ་རྟ་དགུ་བརྩེགས་དང་། །མི་འཐོར་དགྲ་བླ་དུང་མི་དུང་རྟ་དང་། །ཟིན་གྱི་དགྲ་བླ་གཉན་པོ་སྤུན་བདུན་དང་། །ལྷ་ལུང་དཀར་པོ་རྗེ་རླུང་འཕྱོ་བ་དང་། །འོད་ཟེར་མི་རྟ་བཅོ་བརྒྱད་ལ་སོགས་པ། །འདིར་གཤེགས་བསང་དང་མཆོད་པ་གཏོར་མ་བཞེས། །གཡུ་ཤུག་ཕྱེ་མར་ཟས་སྣའི་གསུར་གྱིས་མཆོད། །བདག་དང་ཡོན་བདག་རྣམས་ཀྱི་དགྲ་བླ་མཛོད། །བཟང་ཤིང་སྤོས་སྣ་ཕྱེ་མར་དུད་པ་འདིས། །ཕ་མཚུན་དགྲ་བླའི་དབང་པོ་ལྔ་ཡི་རྩི། །དུད་པས་མཚུན་མཉེས་ངད་པས་དགྲ་བླ་མཉེས། །མེ་ལྕེས་ཕ་མཚུན་དགྲ་བླ་བསིལ་བ་དྲོས། །ཕ་མཚུན་དགྲ་བླ་རྨུགས་པ་ཐམས་ཅད་སངས། །བཀྲག་མདངས་གཟི་བརྗིད་ཕུན་སུམ་ཚོགས་གྱུར་ཅིག །དེ་


CMR046_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལུག་མགོའི་ལྕེ་མ་ནེ་ལེན་ལ། ཀྱཻ། བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །སྔོན་ཆད་དགྲ་གཉེན་སུ་ལ་ཡང་། །མ་ནེ་གདན་ལ་བཏིང་མ་མྱོང་། །ད་ཡང་སྔོན་གྱི་ལུག་བཞིན་དུ། །མ་ནེ་གདན་དུ་མི་བཏིང་ངོ་། །ཀྱཻ། སྔོན་གྱི་བསྐལ་པ་དང་པོ་བྱུང་བའི་དུས། །ཕ་མང་འཕེལ་གསུམ་མཚུན་ལུག་ངུར་བསྙེན་བུ། །འཕྲུལ་ལུག་རུ་བརྡར་དངུལ་རྭ་མཆོང་གི་རྨ། །གཡུ་སྤྱན་དུང་ཚེམས་ལེ་བརྒན་དར་གྱི་ལྗགས། །དུང་གི་རུས་ལ་མཚལ་ཁྲག་བསེ་ཡི་ཤ །ལྕགས་རྨིག་བསེ་ལྕགས་སྤྲིན་དཀར་བལ་དང་ལྡན། །སེམས་ཀྱིས་ཀུན་ཤེས་སྤྱན་གྱིས་ཐམས་ཅད་མཐོང་། །སྙན་གྱིས་ཀུན་ཐོས་རྨིག་བཞི་ལྕགས་ལས་གྲུབ། །སྐད་སྙན་ཕ་མཚུན་རྣམས་དང་གཏམ་བྱེད་པ། །ཕ་མཚུན་དགྲ་བླ་རྣམས་ཀྱི་རྟེན་དུ་འབུལ། །མཚུན་ལུག་འདི་ལ་རྟེན་ཆོས་བརྟན་པར་བཞུགས། །མཚུན་མགོ་སོང་བ་ལུག་གི་མགོ་ཡིས་བཅོས། །མཚུན་སྙིང་འགྲམ་པ་ལུག་གི་སྙིང་གིས་བཅོས། །ལྕེ་ཡི་མཚུན་གྱིས་ལྐུགས་པ་ཁ་འབྱེད་པ། །མཚུན་ལུག་ཕུལ་བས་མཚུན་ཁམས་བདེ་གྱུར་ཅིག །མཚུན་ཤིང་ཤུག་པ་ལྷ་རིའི་རྩེ་ལ་སྐྱེས། །རྟིང་པ་དཀར་བ་བཀྲ་ཤིས་འབྱུང་བའི་


CMR046_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་། །སྡོང་བུ་འཁྲུངས་པ་བྱང་ཆུབ་སེམས་ཀྱི་རྟགས། །ལོ་འདབ་རྒྱས་པ་ལོངས་སྤྱོད་འཕེལ་བའི་རྟགས། །འབྲས་བུ་སྨིན་པ་མི་ནོར་འཕེལ་བའི་རྟགས། །ཕ་མཚུན་དགྲ་བླ་རྣམས་ཀྱི་སྐུ་ཤིང་མཛོད། །སྐུ་ཤིང་འདི་ལ་རྟེན་ཆོས་བརྟན་པར་བཞུགས། །མཚུན་ཤིང་སུར་དཀར་དཔལ་གྱི་རི་ལ་སྐྱེས། །རྟིང་པ་དཀར་བ་བཀྲ་ཤིས་འབྱུང་བའི་རྟགས། །སྡོང་བུ་འཁྲུངས་པ་བྱང་ཆུབ་སེམས་ལྡན་རྟགས། །ལོ་འདབ་རྒྱས་པ་ཡོན་ཏན་རྒྱས་པའི་རྟགས། །མེ་ཏོག་བཀྲ་བ་བདེ་ལེགས་འཕེལ་བའི་རྟགས། །ཕ་མཚུན་མོ་སྨན་རྣམས་ཀྱིས་སྐུ་ཤིང་མཛོད། །སྐུ་ཤིང་འདི་ལ་རྟེན་ཆོས་བརྟན་པར་བཞུགས། །སྤྱི་མཚུན་སྒོ་བ་རྣམས་བཅུ་མཚུན་ཆེན་ལྔ། །སྤྲུལ་པའི་བྱ་དཀར་སྲིད་པའི་ཁྱུང་ཆེན་དང་། །འགྱེད་པའི་བྱ་ཁྲ་ཕོ་ལྷའི་རྒྱལ་པོ་དང་། །འགོ་བའི་ལྷ་ལྔ་ཕྲག་པའི་མཚུན་ཉེར་ལྔ། །ཕྱུ་མཚུན་སྤྱི་མཚུན་གྲི་མཚུན་ཕ་མཚུན་དང་། །སྨན་མཚུན་ལ་སོགས་མཚུན་རིགས་མགོན་བྱེད་རྣམས། །མཚུན་ཤིང་འདི་ལ་རྟེན་ཆོས་བརྟན་པར་བཞུགས། །བུ་དང་ཚ་བོ་རྣམས་ལ་ཁ་འཛིན་མཛོད། །ཚེ་བསྲིང་དཔལ་བསྐྱེད་རྒྱུད་འཕེལ་དར་རྒྱས་མཚུན། །ཕ་དང་མེས་པོ་ཡང་མེས་


CMR046_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་རྒྱུད་མཚུན། །མི་རྒན་ལྷ་རུ་སོང་བའི་བཀྲ་མཚུན་དང་། །མ་ཕྱི་ཡང་ཕྱི་ཡུལ་གྱི་སྨན་མཚུན་དང་། །བཙན་ཕྱུག་འཕེན་དར་བྱེད་པའི་ལྷ་མཚུན་རྣམས། །སྐུ་ཤིང་འདི་ལ་རྟེན་ཆོས་བརྟན་པར་བཞུགས། །བདག་དང་བུ་ཚ་རྣམས་ལ་ཁ་འཛིན་མཛོད། །དེ་ནས་རྡོ་ལེབ་ལ་སོལ་བས་ཁྲམ་བྲིས་ལ་མཆོད་གཞི་ལ་བསྐོར་ལ་ཕྱིར་དོར་རོ།། ཀྱཻ། བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡིས། །རུས་དྲུག་སྒོ་ང་བདུན་གྱི་ཆོ་འབྲང་ལས། །རྒྱུད་འདྲེ་ཆེ་སྲི་ཆུང་སྲི་རྒན་སྲི་དང་། །གོད་འདྲེ་དམ་སྲི་བསེ་རག་ཕུང་སྲི་དང་། །རྨང་འདྲེ་མི་ཁ་སྙིང་སྟོང་བསྒྲེན་སྲི་རྣམས། །ཐམས་ཅད་འཁོན་རྡོ་འདི་ལ་ཁྲོམ་དུ་འདེབས། །ཕ་མཚུན་དགྲ་བླ་བཞུགས་པའི་ལྷ་གྲལ་ནས། །སྒབ་འདྲེ་ཕུང་སྲི་བྱུར་རྣམས་ཕྱིར་ཕུད་དོ། །ཀྱཻ། ཕ་མཚུན་དགྲ་བླ་གཉན་པོ་ཁྱེད་རྣམས་ཀྱིས། །བུ་ཚ་རྣམས་ལ་འཁོན་པ་མ་མཆིས་སོ། །གལ་ཏེ་མཆིས་ན་འཁོན་རྡོ་དེ་རིང་བཅག །རི་ཁྱི་བཞིན་དུ་ངུ་འཁོན་མ་བྱེད་ཅིག །ཕོ་རོག་བཞིན་དུ་འགྱོད་འཁོན་མ་བྱེད་ཅིག །ཕུག་རོན་བཞིན་དུ་ཞེ་འཁོན་མ་བྱེད་ཅིག །ཝ་མོ་བཞིན་དུ་བརྒྱལ་འཁོན་མ་བྱེད་ཅིག །བུ་ཚ་རྣམས་ལ་མ་འཁོན་མ་ཁྲོ་ཅིག །ཞྭ་གོས་


CMR046_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ལྷམ་དང་རྒྱུ་ཟས་ནོར་རྣམས་དང་། །ཟས་སྐོམ་རྣམས་ལ་ཁྱེད་རྣམས་མ་འཁོན་ཞིག །གལ་ཏེ་འཁོན་པ་ཡོད་ན་འཁོན་རྡོ་བཅག །ཀྱཻ། ཕ་མཚུན་དགྲ་བླ་ཐམས་ཅད་སྙན་གསོན་དང་། །གླིང་བཞི་གླིང་ཕྲན་འཛམ་གླིང་མཐའ་དབུས་ན། །མཚུན་ཁྱིམ་བཞུགས་ཡུལ་འདི་བས་བཟང་བ་མེད། །ཡུལ་མཁར་རྫོང་ལ་འདི་བས་བཙན་པ་མེད། །བུ་ཚ་དབོན་སྲས་བཙན་དྲག་འདི་ན་རྒྱས། །མནའ་མ་མཛེས་སྡུག་རྒྱན་ཆ་འདི་ན་ཕྱུག །རྟ་དྲེལ་ནོར་ཕྱུགས་དར་རྒྱས་འདི་ན་ཆེ། །མདའ་གཞུ་གོ་མཚོན་བཀོལ་སྤྱོད་འདི་ན་ཕྱུག །མཚུན་རྣམས་མཆོད་པའི་ལོངས་སྤྱོད་འདི་ན་རྒྱས། །དེ་ཕྱིར་དོན་མེད་ཡུལ་དུ་མ་འཁྱམས་ཤིག །ཕ་སྤུན་ཞང་ཉེ་མག་གི་ཡུལ་རྣམས་སུ། །མ་འགྲོ་མ་འཁྱམས་མ་བྲོས་ཡུལ་འདིར་བཞུགས། །སྟག་གཟིག་དར་གདན་དགུང་དུ་མ་སྤུར་བར། །རང་གི་ཡུལ་འདིར་རྟག་ཏུ་བརྟན་པར་བཞུགས། །མཚུན་ཡུལ་ཡུལ་འདིར་མ་རྨོས་ལོ་ཏོག་རྒྱས། །གསེར་རི་མཆོང་ལུང་དུང་རི་དངུལ་ལུང་དང་། །ཤེལ་བྲག་འོ་མཚོ་གསེར་དེལ་སྤུན་གསུམ་ཡོད། །སྦ་སྨྱུག་སུར་ཤུག་མཚུན་ཤིང་ནགས་ཚལ་རྒྱས། །ཁུ་བྱུག་ཐེ་བ་ཁྲུང་ཁྲུང་གསུང་སྙན་


CMR046_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོག །ཉི་ཟླ་སྐར་གསུམ་ཁྱུང་འབྲུག་སེང་གསུམ་ལྡན། །བདུད་རྩིའི་མཚོ་འཁྱིལ་སྨན་སྤོས་དྲི་བཟང་འཐུལ། །དེ་དབུས་མ་བརྩེགས་མཚུན་དང་དགྲ་བླའི་མཁར། །རྨིང་གཞི་ལྕགས་ལ་ལོགས་བཞི་རིན་ཆེན་གསེར། །ཁ་བད་གཡུ་ལ་གསེར་གྱི་ཐེམ་སྐས་ལྡན། །བྱི་རུའི་སྒོ་དང་ལྡན་པ་བཙན་པོའི་རྫོང་། །དེ་ནང་གསེར་དངུལ་རིན་ཆེན་སྣ་ཚོགས་ཁྲི། །རིམ་པ་བཅུ་གསུམ་སྟག་གཟིག་དར་གྱི་གདན། །ཕ་མཚུན་དགྲ་བླའི་ཁྲི་འཕང་ཡར་ལ་བསྟོད། །གསེར་གྱི་ས་གཞིར་རྩི་ཐོག་རྒྱས་པ་བཞིན། །ཕ་མཚུན་དགྲ་བླའི་ཁྲི་འཕང་ཡར་ཡར་བསྟོད། །རི་བོ་མཆོག་རབ་རི་བྲན་བསྐོར་བ་བཞིན། །ཕ་མཚུན་དགྲ་བླའི་ཁྲི་འཕང་ཡར་ཡར་བསྟོད། །མཐའ་ཡི་རྒྱ་མཚོ་ཆུ་བྲན་བསྐོར་བབཞིན། །ཕ་མཚུན་དགྲ་བླའི་ཁྲི་འཕང་ཡར་ཡར་བསྟོད། །གངས་དཀར་རྩེ་ལ་སེང་ཆེན་འགྱིང་བ་བཞིན། །ཕ་མཚུན་དགྲ་བླའི་ཁྲི་འཕང་ཡར་ཡར་བསྟོད། །ཙནྡན་ནགས་ལ་རྒྱ་སྟག་འགྱིང་བ་བཞིན། །ཕ་མཚུན་དགྲ་བླའི་ཁྲི་འཕང་ཡར་ཡར་བསྟོད། །དཔག་བསམ་ཤིང་ལ་བྱ་རྒྱལ་ཚང་བཅས་བཞིན། །ཕ་མཚུན་དགྲ་བླའི་ཁྲི་འཕང་ཡར་ཡར་བསྟོད། །


CMR046_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཤེལ་བྲག་རྩེ་ལ་བྱ་རྒྱལ་ཚང་བཅས་བཞིན། །ཕ་མཚུན་དགྲ་བླའི་ཁྲི་འཕང་ཡར་ཡར་བསྟོད། །མཁའ་ལ་ཉི་ཟླ་སྐར་གསུམ་འཚོགས་པ་བཞིན། །ཕ་མཚུན་དགྲ་བླའི་ཁྲི་འཕང་ཡར་ཡར་བསྟོད། །ཉི་ཟླའི་འོད་ཀྱིས་གླིང་བཞི་ཁྱབ་པ་བཞིན། །ཕ་མཚུན་དགྲ་བླའི་ཁྲི་འཕང་ཡར་ཡར་བསྟོད། །སེང་གེ་གཡུ་རལ་སྟག་གི་འཛུམ་དྲུག་བཞིན། །ཕ་མཚུན་དགྲ་བླའི་ཁྲི་འཕང་ཡར་ཡར་བསྟོད། །ཁྱུང་གི་གཤོག་དྲུག་གཡུ་འབྲུག་གྲག་པ་བཞིན། །ཕ་མཚུན་དགྲ་བླའི་ཁྲི་འཕང་ཡར་ཡར་བསྟོད། །གངས་ལ་ཉི་ཤར་མཚོ་ལ་དར་ཆགས་བཞིན་། །ཕ་མཚུན་དགྲ་བླའི་ཁྲི་འཕང་ཡར་ཡར་བསྟོད། །མི་ནུབ་བསྟན་པའི་རྒྱལ་མཚན་ཕྱར་བ་བཞིན། །ཕ་མཚུན་དགྲ་བླའི་ཁྲི་འཕང་ཡར་ཡར་བསྟོད། །ཕ་མཚུན་ཆོས་སྐུ་ནམ་མཁའ་ཡངས་པ་ལ། །བུ་ཚ་ལོངས་སྐུའི་སྐར་འཚོགས་རྒྱས་པར་མཛོད། །ཕ་མཚུན་ཆུ་འཛིན་ནམ་མཁའ་ཁེབས་པ་ལ། །བུ་ཚ་དབོན་སྲས་ཆར་ལྟར་འབེབས་པར་མཛོད། །ཕ་མཚུན་གསེར་གྱི་ས་གཞི་ཡངས་པ་ལ། །དབོན་སྲས་རྩི་ཤིང་ནགས་ལྟར་འཕེན་པར་མཛོད། །ཕ་མཚུན་དགྲ་བླ་གཉན་པོ་ཁྱེད་རྣམས་ལ། །དྲི་མེད་ན་བཟའ་གཙང་མའི་ཕུད་


CMR046_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཆོད། །རི་དྭགས་གཡུང་དྭགས་འབྲུ་སྨན་རིན་པོ་ཆེ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་ཐམས་ཅད་དང་། །ཐ་ན་ཕོར་ནང་ཟས་ཀྱི་ཕུད་ཀྱིས་མཆོད། །ཁྱེད་རྣམས་མ་འཁོན་མ་འཁྱམས་རང་ཡུལ་ཟུངས། །ཕྱུག་པོའི་ནོར་དང་འཕེན་པོའི་བུ་དང་ནི། །མཛེས་མའི་གཟུགས་ལ་མ་འཕྲེང་གནས་འདིར་བཞུགས། །སྔོན་ཚེ་སྤྲང་པོ་ཐོད་ལོ་དཀར་པོ་བཞིན། །གསོལ་མཆོད་འདི་ལ་ཞེན་པ་མ་ལོག་ཅིག །སྔོན་ཚེ་དམུ་སྐེ་ལོང་བ་ཇི་བཞིན་དུ། །གྲོགས་པོ་རྣམས་ལ་ལྟོགས་འཁོན་མ་བྱེད་ཅིག །གཅན་གཟན་བཞིན་དུ་བུ་ལ་མ་རྒོལ་ཞིག །འདབ་ཆགས་བཞིན་དུ་བུ་ཚ་གཟན་མ་སྐྱུར། །དོམ་དྲེད་བཞིན་དུ་གསོལ་དུས་ངོ་མ་མནག །གདོལ་པ་བཞིན་དུ་ཁྱུ་ནས་མ་འཁྱམས་ཤིག །ཤ་བ་གདོས་མ་བཞིན་དུ་མ་འགྲོགས་ཤིག །གྲོང་རྐུན་བཞིན་དུ་ཁ་ལྕེ་མ་བྱེད་ཅིག །དམུ་རྗེ་བཙན་པོ་བཞིན་དུ་ཡིད་མ་འཆད། །མི་བཟི་ཁྲི་དོར་བཞིན་དུ་མ་འཁོང་ཞིག །རྨ་རྒན་བཞིན་དུ་གངས་སྟེང་མ་འཁྱམས་ཤིག །རྒན་རྒོག་བཞིན་དུ་ལྟོགས་འཁོང་མ་བྱེད་ཅིག །སྨྲ་ཐོལ་བཞིན་དུ་བདུད་དང་ཤག་མ་བཀྱེ། །སྟན་རྒན་གཉན་བཞིན་བཙན་དང་ཤག་


CMR046_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱེད། །བུ་དང་ཚ་བོ་སྐུགས་ལ་མ་གཞོག་ཅིག །དབོན་སྲས་བུ་ཚའི་ཁ་འཛིན་མ་གཡེལ་ཞིག །མཆོད་ཅིང་བསྟོད་ན་ངོ་འཕང་མ་དམའ་ཞིག །མགྱོགས་པ་སྔོན་དང་བཙན་པོ་གཉར་མ་གཏོང་། །དགྲ་འོང་བྱ་ཐོང་དུག་འོང་རྩི་སྨན་ཐོང་། །དཔལ་གྱི་ཉི་མས་ཚེ་ཡི་དམུ་ཐག་སྲིངས། །ཕྱྭ་གཡང་རྟེན་ཕུར་མ་འབུད་དམ་དུ་ཚུགས། །དེ་སྔ་དབུལ་ཕོངས་རྒུད་ནི་མ་མྱོང་སྟེ། །དེ་སྔ་བས་ཀྱང་ཕྱུག་ཅིང་དར་བར་མཛོད། །དེ་སྔ་མི་མེད་རྨོངས་ནི་མ་མྱོང་སྟེ། །དེ་སྔ་བས་ཀྱང་འཕན་དར་ཆེ་བར་མཛོད། །དེ་སྔ་ཕ་སྤུན་ནང་ནི་མི་ཞན་ཏེ། །དེ་སྔ་བས་ཀྱང་ནང་བཟང་ཚང་སྐྱེད་མཛོད། །དེ་སྔ་སྡུག་ཅིང་བསྔལ་ནི་མ་མྱོང་སྟེ། །དེ་སྔ་བས་ཀྱང་སྐྱིད་ཅིང་དགའ་བར་མཛོད། །དེ་སྔ་མ་ཐུབ་དགྲ་བོ་ཡེ་མེད་དེ། །དེ་བས་དགྲ་རྐུན་ཇག་གསུམ་རྡུལ་དུ་རློགས། །མགོ་དཀར་མགོ་ནག་རྩིས་གྲངས་མ་བྱེད་པར། །རྒས་པའི་ཚེ་སྲིངས་གཞོན་པའི་དཔལ་བསྐྱེད་ཅིག །ཀྱཻ། གསོན་དང་ཕ་མཚུན་དགྲ་བླ་གཉན་པོ་རྣམས། །ཡུལ་འདི་ས་ལ་མ་གྲུབ་ཡུལ་གསུམ་ཡོད། །མི་ཡུལ་ལྷ་ཡུལ་མཚུན་ཡུལ་འདི་ན་ཡོད། །ས་མེད་མི་རི་ལྷ་རི་མཚུན་རི་གསུམ། །ཆུ་མེད་མི་


CMR046_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ལྷ་མཚོ་མཚུན་མཚོ་གསུམ། །རྡོ་མེད་མི་མཁར་ལྷ་མཁར་མཚུན་མཁར་གསུམ། །ཤིང་མེད་མི་ཤིང་ལྷ་ཤིང་མཚུན་ཤིང་གསུམ། །དེ་འདྲ་ཡ་མཚན་ལྡན་པའི་ཡུལ་འདི་ལ། །ཕ་མཚུན་དགྲ་བླ་བརྟན་པར་བཞུགས་སུ་གསོལ། །སྔོན་མོ་ནས་ཀྱི་སྙིང་ཁུ་བདུད་རྩིའི་ཆང་། །རིན་ཆེན་གསེར་དང་གཡུ་ཡི་ཕྱེ་མ་བཏབ། །ཕ་མཚུན་དགྲ་བླའི་དཔའ་ཟས་ངར་ཆུ་བླུད། །མི་མཐའ་ཆུ་བས་རིང་ཕྱིར་ཆང་གིས་མཆོད། །མི་འབྲུ་ནས་བས་འཕེལ་ཕྱིར་ནས་ཀྱིས་མཆོད། །མི་སྲོག་ལྕགས་བས་སྲ་ཕྱིར་ལྕགས་ཀྱིས་མཆོད། །མི་བཀྲག་གཡུ་བས་བཀྲག་ཕྱིར་གཡུ་ཡིས་མཆོད། །དཔའ་རྒྱུད་དར་ཕྱིར་སྟག་ལྤགས་ན་བཟའ་འབུལ། །བུ་དང་ཚ་ལ་བྱམས་ཕྱིར་སྙིང་སྣ་འབུལ། །མི་ཞབས་མི་འགྲོ་ཕྱིར་ན་ལུག་མགོ་འབུལ། །མགྱོགས་དར་ཐོབ་ཕྱིར་གསེར་སྲབ་གཡུ་མཐུར་འབུལ། །ཆུས་སྲིད་ཐོབ་ཕྱིར་སྦ་ཡི་ལྕག་ཚན་འབུལ། །སྐྱེ་སྒབ་འཕེལ་ཕྱིར་དཔྱིད་གསུམ་རུལ་ཁས་མཆོད། །རྫོགོད་ཁ་ཞི་ཕྱིར་དབྱར་གསུམ་ཤེ་ཕུད་འབུལ། །ལོ་ཐོག་རྒྱས་ཕྱིར་སྟོན་གསུམ་ཐོག་ཕུད་འབུལ། །ཐབ་ཁ་རྒྱས་ཕྱིར་དགུན་གསུམ་ཡིབ་ཕུད་འབུལ། །མཚུན་ཤ་ལག་གཡས་ལྷ་


CMR046_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གཡབ་པའི་རྫས། །མི་ནོར་རང་སར་བསོག་པས་སོག་གཡས་མཆོད། །ལྷ་མིའི་དཔལ་ཁ་ཆེ་ཕྱིར་ཁ་ཁྱེར་ཆེ། །ལྷ་ཞལ་དུང་ལས་དཀར་ཕྱིར་སོག་རུས་དཀར། །མཚུན་ཞལ་ཤེལ་བས་གསལ་ཕྱིར་སོག་དབྱག་གསལ། །མི་ངོ་མཚལ་བས་དམར་ཕྱིར་སོག་མཚོ་དམར། །དགྲ་འདྲེའི་སྐེ་རུས་ཕྲ་ཕྱིར་སོག་མགུལ་ཕྲ། །དཔུང་པ་མི་ནོར་རང་ལ་སྤུངས་པ་ཡིན། །ལྷ་མི་དཔུང་ཚོགས་རྒྱས་ཕྱིར་དཔུང་མགོ་སྦོམ། །དགྲ་བོ་དམ་དུ་བཟུང་ཕྱིར་དཔུང་མགུལ་ཕྲ། །ལག་ངར་འདྲེ་ལ་ངར་ཕྱིར་ལག་ངར་ཡིན། །གཞུ་མཆོག་རྟ་མཆོག་རང་ལ་ཡོད་པ་ཡིན། །ལྷ་ཁ་དཔལ་ཁ་རང་ལ་གྱུ་བ་ཡིན། །ངོ་མཚར་མཚུན་ཤས་ཕ་མཚུན་དགྲ་བླ་མཆོད། །ཕ་མཚུན་དགྲ་བླ་རྣམས་དང་བུ་རྒྱུད་འདི། །བྱ་དང་འདབ་མ་བཞིན་དུ་མ་འབྲལ་ཞིག །སྟག་དང་འཛུམ་དྲུག་བཞིན་དུ་མ་འབྲལ་ཞིག །སེང་གེ་གཡུ་རལ་བཞིན་དུ་འབྲལ་མེད་མཛོད། །དར་དང་མདུང་སོ་བཞིན་དུ་འབྲལ་མེད་མཛོད། །རྒྱལ་མཚན་གསེར་ཏོག་བཞིན་དུ་འབྲལ་མེད་མཛོད། །ལུས་དང་གྲིབ་མ་བཞིན་དུ་འབྲལ་མེད་མཛོད། །དེ་ནས་གཡང་སྤེལ་བྲན་ལ། །ཀྱཻ། དགུང་སྔོན་རིམ་པ་བཅུ་གསུམ་ཡར་སྟེང་


CMR046_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །གནམ་གྱི་གུང་རྒྱལ་གཡང་གི་བུམ་པ་འཛིན། །འཆི་མེད་ཚེ་ཡི་དངོས་གྲུབ་གཡང་དུ་ལེན། །འོག་ཕྱོགས་གཙུག་ན་རིན་ཆེན་གཡང་གི་བདག །ཕྱག་ན་རིན་ཆེན་གཡང་གི་བུམ་པ་འཛིན། །འཛད་མེད་ནོར་གྱི་དངོས་གྲུབ་གཡང་དུ་ལེན། །བར་སྣང་གཉན་རྗེ་གོང་སྔོན་གཡང་གི་བདག །ཕྱག་ན་གཡང་བུམ་དར་དཀར་ཡུག་གིས་བརྒྱན། །ཕྱོགས་བཅུ་ཀུན་གྱི་ཟས་ནོར་གཡང་དུ་ལེན། །རྒྱ་གར་ཆོས་ཀྱི་རྒྱལ་པོའི་ཆོས་གཡང་རྣམས། །དེ་རིང་ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྒྱ་ནག་ཁྲིམས་ཀྱི་རྒྱལ་པོའི་ཁྲིམས་གཡང་རྣམས། །དེ་རིང་ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །སྟག་གཟིག་ནོར་གྱི་རྒྱལ་པོའི་ནོར་གཡང་རྣམས། །དེ་རིང་ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །གེ་སར་དམག་གི་རྒྱལ་པོའི་སྟོབས་གཡང་རྣམས། །དེ་རིང་ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཇི་གིང་ཧོར་གྱི་རྒྱལ་པོའི་བཙན་གཡང་རྣམས། །དེ་རིང་ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །སྐུ་རྒྱལ་བོད་ཀྱི་རྒྱལ་པོའི་ཚེ་གཡང་རྣམས། །དེ་རིང་ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཧུ་ཡེ་ཧུ་ཡེ་གཡང་བརྟན་ནོ། །སྤུང་སྤུང་སྤུངས་ལ་བྱོན་ལ་བརྟན་ཕུར་ཚུགས། ༈ །ཕ་མཚུན་དགྲ་བླའི་སྤྱན་


CMR046_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་རུ། །འབག་བཙོག་འགལ་འཁྲུལ་གང་མཆིས་བཤགས། །ཕ་མཚུན་དགྲ་བླ་ཁྱེད་རྣམས་ཀྱང་། །ཕ་སྤུན་བུ་སྲིང་ཤག་རོགས་ཀྱི། །ཡུལ་དུ་མ་འཁྱམས་མ་འབྲོས་པར། །ཡུལ་མཁར་ཁང་ཁྱིམ་སྦྲ་གུར་དང་། །གོ་མཚོན་རྟེན་རྫས་འདི་རྣམས་ལ། །དུས་རྣམས་རྟག་ཏུ་བརྟན་པར་བཞུགས། །བུ་ཚ་དབོན་སྲས་འདི་རྣམས་ལ། །ཁ་འཛིན་སྡོང་གྲོགས་མེལ་ཚེ་མཛོད། །མཆོད་པའི་ཕུད་རྣམས་ཐམས་ཅད་ནི། །སྣང་གསལ་མེ་ལ་བཞུས་ཏེ་འབུལ། །མཚུན་ཡུལ་མཆོད་པའི་སྤྲིན་དུ་ཤོག །ལྷག་མ་དངོས་གྲུབ་བླང་བ་ཡིས། །མི་ནོར་ཟས་གསུམ་གཡང་དུ་ལེན། །སྐུ་ཤིང་གསས་རྡོ་མཚུན་སྙིང་མགོ །གལ་ཏེ་ཉམས་པར་གྱུར་ན་ཡང་། །ཕུད་རྣམས་མེ་ལ་བཞུས་པའི་ཕྱིར། །དེ་རིང་ཕྱིན་ཆད་ཀོ་ལོང་མེད། །དུས་བདེ་ལོ་ལེགས་ནོར་ཕྱུགས་འཕེལ། །མི་ཧྲག་ནོར་ཕྱུགས་ཆུས་སྲིད་དར། །དམ་པའི་ཆོས་དར་ཐུབ་བསྟན་རྒྱས། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། བཀྲ་ཤིས་བདེ་ལེགས་འབྱུང་བར་ཤོག །ཨོཾ་སརྦ་མངྒ་ལཾ་བྷ་ཝནྟུ། ཞེས་བརྗོད། དེ་ལ་སྔོན་ཕ་མཚུན་རྒྱུས་ཐོབ་དུས། བྱ་རྒོད་རྫ་བྲག་གི་རྩེ་ན་དར་དཀར་གྱི་གུར་ཕུབ་ནས་བཞག་པ་དང་། དེ་བོད་ཀྱིས་ཐོབ་ནས།


CMR046_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

གསས་མཁར་བཅུ་གསུམ་གྱི་ཁ་བསྟོད་བྱས་ཟེར་བ་དང་། མཚུན་བཅོས་ཆེན་པོ་ལས། གསས་རྡོ་གསས་མཁར་རྩེ་ལ་བཞག་ནས་སྨོན་ལམ་འདེབས་པར་བཤད་པ་དང་། ཕྱག་སྲོལ་ཡང་འདུག་པ་ལྟར། གསས་མཁར་།དུས་མཉམ་དུ་མཚུན་བཅོས་བྱས་པ་ཡང་ལེགས་སོ། །ཡང་བཀྲ་རྒན་གྱི་དཀར་རྩི་ཁྱིམ་ཕུག་ཏུ་བཞག་ནས་མཚུན་བཅོས་བྱེད་པ་ཡང་ཤིན་ཏུ་གལ་ཆེའོ། །ཁྱད་པར་གཡང་སྐར་ལ་ཤི་ན་འདི་གལ་ཆེ། ཡང་མོ་ལུང་གཏོ་སེལ་དང་། རྩིས་གཞུང་ནས་དགྲ་བླའི་འགུགས་ལོས་བྱ་ཟེར་བ་ཡང་འདི་ཡིན་པས། དཀར་རྩི་མེད་ན་ཤིང་རིས་དང་མདའ་དར་ལུག་མགོ་ཤིང་རྩི་དཀྱིལ་ཀ་ལ་བཅིངས་ནས་བཞག་གོ །འདི་མི་རྒྱུད་ཕྲ་བ་ལ་བྱས་ན་སྲིད་འཕེལ། སྔར་དར་རྒྱས་ཆེ་ཞིང་ཕྱིས་རྒུད་པ་ལ་རིམ་གྲོའི་མཆོག་ཡིན་ནོ། །གཡང་དང་དཀོར་བདག་གཞན་དུ་སོང་བ་ལ་ཡང་བཀུག་པའི་མཆོག་ཡིན་ནོ། །རྨི་ལམ་དུ་ཚེ་འདས་རྨིས་ནས་གནོད་པ་ལ་ཡང་ཕན་ནོ། །ཕ་ཁུ་བཙན་སོགས་ལྷ་འདྲེ་ལ་སྐྱེས་པ་ལ་མཆོད་ཐབས་ཀྱང་འདི་ཡིན་ནོ། །མཐའ་དམག་ཟློག་པའི་ལས་ཚོག་ལས། བོན་པོའི་སྲིད་པའི་ལྷ་གསས་བདར་ཟེར་བ་ཡང་འདི་ཡིན་ནོ། །ཡང་མཚུན་བཅོས་རྒྱས་པ་ན་གཤེགས་གསོལ་བཤད་ཀྱང་། མཚུན་བཅོས་བསྡུས་པ་ལ་ཡང་གཤེགས་གསོལ་མི་འདུག་པ་དང་། གཤེགས་གསོལ་མི་འགལ་བར་མདུན་བསྐྱེད་ཡེ་ཤེས་པ་དང་། འཇིག་རྟེན་པ་ཐམས་ཅད་འོད་དུ་ཞུ་ནས་རྟེན་རྫས་མཁར་ཁང་ལ་བསྟིམ་ལ་མི་དམིགས་པར་བཞག་གོ །དེ་ལྟར་འདི་མཁོ་བ་མང་བར་སྣང་ཡང་བོན་ལུགས་མ་


CMR046_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་བན་ལུགས་ལ་མི་འདུག་པས་རང་གཞན་ལ་ཕན་ཕྱིར་བན་ལུགས་ཀྱི་རྒྱུད་གཞུང་མན་ངག་མང་པོ་ནས་བསྡུས། བོན་ལུགས་དང་མི་འགལ་བར་བྱས་ཏེ། ༧ ཨ་རཱ་གས་བྲིས་པ་ལ། ལྟུང་གི་ཆ་མཆིས་ན་བཤགས་ཤིང་། དགེ་བས་སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

མཚུན་བཅོས་ཀུན་གྱི་དོན་བསྡུས་འདོན་འགྲིགས།


CMR046_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

མཚུན་བཅོས་ཀུན་གྱི་དོན་བསྡུས་འདོན་འགྲིགས་གསལ་ཞིང་སྟབས་བདེ་བ་ཞིག་བཞུགས་པའི་དབུ་ཕྱོགས་ལགས་སོ། །


CMR046_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཡེ། འཇིག་རྟེན་དབང་ཕྱུག་ཞབས་ལ་ཕྱག་འཚལ་ནས། །མཚུན་བཅོས་ཉུང་བསྡུས་ཁྱེར་བདེ་འདིར་བཀོད་བྱ་། །གཞི་དཀར་སྟེང་དུ་འདབ་བརྒྱད་བྲིས་པའི་དབུས། །སྣོད་གཙང་ནང་དུ་རི་རབ་བརྩེགས་པའི་སྟེང་། །བཤོས་བུ་གྲུ་བཞི་རྩེ་ལ་བྱ་ཁྱུང་བཙུགས། །གཡག་ལུག་ར་གསུམ་རྟ་དྲེལ་གཟུགས་འགྲོས་དང་། །ཤིང་རིས་མདའ་དར་ཤིང་རྩི་ལུག་མགོ་དང་། །ཕྱེ་མར་འོ་ཞོ་མར་མེ་ཟས་ཕུད་བཤམས། །བསྡུས་པ་འདི་ཙམ་ཞིག་གིས་ཆོག་པ་ཡིན། །རྒྱས་པར་བཤམས་པ་རྟེན་རྫ་ས་གཞུང་ལྟར་བྱ། །དེ་ནས་རང་ཉིད་འདི་ལྟར་གྱེར་བསྒོམ་བྱ། །རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བའི་མདུན། །བླ་རྟེན་མི་དམིགས་སྟོང་པའི་ངང་ཉིད་


CMR046_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །བྷྲཱུཾ་ལས་རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །ཤིན་ཏུ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས། །དེ་དབུས་པདྨ་འདབ་མ་སྟོང་ལྡན་དབུས། །སྲོང་བཙན་སྒམ་པོ་རྒྱལ་རབས་བཙུན་མོར་བཅས། །གཡས་གཡོན་སྲིད་པའི་ཕ་མཚུན་ཐམས་ཅད་དང་། །མདུན་དུ་རིག་འཛིན་བདག་ཅག་གདུང་རབས་ཀྱི། །སྲིད་པ་ཆགས་ནས་ད་ལྟ་ཡན་ཆད་ཀྱི། །ཕ་མཚུན་དགྲ་ལྷ་མཆེད་སྡེ་མ་མཚུན་སོགས། །རྒྱན་དང་ཆ་ལུགས་མདངས་དང་གཟི་བརྗིད་ལྡན། །སྟེང་དུ་ཀུན་བཟང་ཆོས་སྐུ་ཡུམ་ཆེན་དང་། །པད་འབྱུང་མར་པ་རྩ་བརྒྱུད་བླ་མ་དང་། །ཕྱི་རོལ་


CMR046_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

གདུང་རིགས་དགྲ་བླ་ཝེར་མ་དང་། །མགོན་སྐྱབས་ཕན་འདོགས་ནུས་པའི་སྲུང་མས་བསྐོར། །ཀུན་གྱི་གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས། །རང་བཞིན་གནས་ནས་འཁོར་བཅས་སྤྱན་དྲངས་གྱུར། །ཧཱུྃ། པདྨ་འབྱུང་གནས་ལ་སོགས་པའི། །རྒྱ་གར་གྲུབ་ཆེན་མཚུན་རྣམས་དང་། །བོད་ཡུལ་མར་པ་ལོ་ཙཱ་དང་། །སྲོང་བཙན་སྒམ་པོ་ལ་སོགས་པའི། །བོད་ཡུལ་རིག་འཛིན་མཚུན་རྣམས་དང་། །རྒྱལ་བུ་མཐིང་གེ་ལ་སོགས་པའི། །མིའུ་གདུང་དྲུག་མཚུན་རྣམས་ཀུན། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །གཞན་ཡང་རྣལ་འབྱོར་བདག་གི་མཚུན། །ཕ་མཚུན་མེས་མཚུན་མཆེད་ཟླའི་མཚུན། །མ་སྲིང་བུ་མོའི་མཚུན་རིགས་རྣམས། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ་།ཁྱད་པར་མཆེད་ཟླ་རིག་འཛིན་མཚུན། །བསྲུང་བའི་ཚུལ་དུ་གནས་པ་དང་། །མགོན་སྐྱབས་ཕན་འདོགས་ནུས་པ་དང་། །གདུང་བའི་ཡིད་ཀྱིས་འཁོར་བ་རྣམས། །མཆོད་ཕྱིར་བསྟོད་ཕྱིར་སྤྱན་འདྲེན་ནོ། །འདིར་བཤམས་རིན་ཆེན་འབར་བ་དང་། །ཟ་འོག་བརྩེགས་པའི་ཁྲི་སྟེང་དུ། །དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ། །པདྨ་ཀ་མ་


CMR046_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡེ་ཧཱུྃ། དེ་ནས་སྒབ་འདྲེ་བསྐུད་ཐབས་ནི། ཧཱུྃ། མཚུན་རིགས་དགྲ་བླའི་རྗེས་སུ་འབྲང་བ་ཡི། །ཡེ་ངམ་ནག་པོ་དྲིལ་ནག་སྤུང་སྐུ་ཅན། །དམ་སྲི་བསེ་རག་ལྟོགས་འགོང་དབུལ་སྲི་དང་། །མཚུན་མིན་མཚུན་དུ་བརྫུ་བའི་བསེ་རག་རྣམས། །རབ་འཇིགས་ཁྲོ་རྒྱལ་འབར་བའི་བཀའ་བྱུང་གིས། །གནས་འདིར་མ་ཉེ་མ་འཁོར་གཞན་དུ་དེངས། །གལ་ཏེ་མི་འགྲོ་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེའི་མཚོན་ཆ་ཡིས། །མགོ་བོ་ཚལ་པ་བརྒྱ་རུ་འགས་འགྱུར་ཞིང་། །དེ་བས་གླུད་འདི་ཁྱེར་ལ་མྱུར་བར་དེངས། །སརྦ་བྷུ་ཏ་གཙྪ། དེ་ནས་ཁྲུས་གསོལ་བ་ནི། ཧཱུྃ། སྔོན་ཚེ་རྒྱལ་བུ་དོན་གྲུབ་ལ། །བདུད་རྩི་ཆུ་ཡིས་ཁྲུས་གསོལ་ལྟར། །མི་གཙང་དྲི་མ་དག་གྱུར་ཅིག །བཀྲག་མདངས་གཟི་བརྗིད་རྒྱས་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། དེ་ནས་མཆོད་པ་འབུལ་བ་ནི། རཾ་ཡཾ་ཁཾ། ཨ་ལས་པད་སྣོད་ཡིད་འོང་སྣོད་ནང་དུ། །དཀར་གསུམ་མངར་གསུམ་ཇ་ཆང་གསེར་སྐྱེམས་ཕུད། །འབྲུ་སྣ་སྨན་སྣ་ཟས་སྣ་འདོད་ཡོན་དང་། །ནོར་བུ་ཆ་བདུན་དར་ཟབ་གོ་མཚོན་སོགས། །མཁོ་དགུ་ལོངས་


CMR046_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཟད་མེད་རིན་ཆེན་གཏེར། །ཕ་མཚུན་འཁོར་བཅས་དགྱེས་པའི་མཆོད་སྤྲིན་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ་སྔགས་དང་ཕྱག་རྒྱ་དྲུག་གིས་བྱིན་བརླབས་ལ། ཧཱུྃ། རིག་འཛིན་རྣལ་འབྱོར་བདག་ཅག་གིས། །སྲིད་པ་ཆགས་ནས་ད་ལྟའི་བར། །ཕ་མེས་མ་མཚུན་མཆེད་སྡེའི་མཚུན། །ཁྱེད་རྣམས་མཆོད་པའི་ཡོ་བྱད་ནི། །བཀྲ་ཤིས་རྟགས་བརྒྱད་རིན་ཆེན་བདུན། །ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །རིན་ཆེན་གསེར་དངུལ་ཤེལ་གཡུ་དང་། །གོ་མཚོན་དར་ཟབ་འབྲུ་སྣ་དང་། །ཕྱེ་མར་ཇ་ཆང་འོ་ཞོའི་ཕུད། །དཀར་གསུམ་མངར་གསུམ་ཟས་སྣ་དང་། །སྤྱན་གཟིགས་ལོངས་སྤྱོད་སྣ་ཚོགས་འདིས། །ཡེ་ཤེས་ལྷ་ཡི་མཚུན་རྣམས་མཆོད། །དགྲ་བླ་ཝེར་མ་ཐམས་ཅད་དང་། །ཕ་མེས་མཚུན་རིགས་ཐམས་ཅད་མཆོད། །མཆེད་ཟླའི་མཚུན་རིགས་ཐམས་ཅད་མཆོད། །འཇིག་རྟེན་མཚུན་རིགས་ཐམས་ཅད་མཆོད། །མགོན་སྐྱབས་བྱེད་པ་ཐམས་ཅད་མཆོད། །འཁོར་བཅས་མཉེས་ཤིང་ཚིམས་གྱུར་ཅིག །རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་བ་ཡི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དཀོན་མཆོག་


CMR046_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་བདེན་པ་དང་། །ཆོས་ཉིད་རྣམ་པར་དག་པ་དང་། །རྟེན་འབྲེལ་བསླུ་བ་མེད་པའི་མཐུས། །བསྔོས་པ་བཞིན་དུ་ཐོབ་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཨཱཕ་མེས་མཆེད་ཟླའི་མཚུན་ཐམས་ཅད་ཧཱུྃ་སྭཱ་ཧཱ། པཉྩ་ཨ་མྲྀ་ཏ་ཨི་དཾ་བ་ལིཾ་ཏ་ཁཱ་ཧི། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་གསུམ་མམ་བདུན་བརྗོད། ཧཱུྃ། མཚུན་བཤོས་རི་རབ་གྲུ་བཞི་སུམ་བརྩེགས་སྟེང་། །དཔལ་གཏོར་གྲུ་བཞི་རྩི་བཅུད་མར་གྱིས་བརྒྱན། །རྩེ་མོ་ནོར་བུ་མདུན་དུ་ཉི་ཟླས་བརྒྱན། །སེང་གེ་བྱ་ཁྱུང་གཡུ་འབྲུག་རྒྱན་དང་ལྡན། །འབྲང་རྒྱས་ཞལ་དཀར་སྨན་ཏིང་བརྩེགས་མ་དང་། །དཔལ་བཤོས་ཟུར་གསུམ་གཡག་ལུག་ར་གསུམ་དང་། །མཚུན་ཤིང་སུར་དཀར་མཚུན་ལུག་རྟེན་རྫ་ས་དང་། །དངོས་སུ་འབྱོར་དང་ཡིད་ལས་སྤྲུལ་པ་ཡིས། །ལོངས་སྤྱོད་མི་ཟད་རིན་ཆེན་གཏེར་མཛོད་འདིས། །ཡེ་ཤེས་ལྷ་ཡི་མཚུན་རིགས་ཐམས་ཅད་མཆོད། །ཕོ་ལྷ་དགྲ་ལྷ་ཕ་མེས་མཚུན་རྣམས་མཆོད། །བཙན་ཕྱུག་འཕེན་དར་བྱེད་པའི་ལྷ་རྣམས་མཆོད། །འཇིག་རྟེན་ལྷ་རྣམས་མཆེད་ཟླའི་མཚུན་


CMR046_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མཆོད། །མོ་ལྷ་མོ་སྨན་མོ་བཙུན་ཐམས་ཅད་མཆོད། །ལྕམ་མོའི་མཚུན་དང་ཡུལ་ལྷའི་མཚུན་རྣམས་མཆོད། །གསོལ་ལོ་མཆོད་དོ་བསྟོད་དོ་མངའ་གསོལ་ལོ། །ཕ་མཚུན་དགྲ་བླ་མཆོད་དོ་མཐུ་མ་ཆུང་། །མཆེད་ཟླ་ལྷ་མཚུན་བསྟོད་དོ་སྟོང་གྲོགས་མཛོད། །མ་མཚུན་མོ་སྨན་བསྟོད་དོ་གཟི་མདངས་བསྐྱེད། །ཡུལ་ལྷའི་མཚུན་རིགས་བསྟོད་དོ་དངོས་གྲུབ་སྩོལ། །ཕ་མཚུན་དགྲ་བླ་མཚུན་རིགས་ཐམས་ཅད་ལ། །ཅི་འདོད་ཡིད་བཞིན་འདོད་རྒུའི་ཆར་འབེབས་ཤོག །མཆོད་ཅིང་བསྟོད་ན་ངོ་འཕང་མ་དམའ་ཅིག །དབོན་སྲས་བུ་ཚའི་ཁ་འཛིན་མ་གཡེལ་ཞིག །མགྱོགས་པ་སྔོན་དང་བཙན་པོ་གཉར་མ་གཏོང་། །དགྲ་འོང་བྱ་ཐོང་དུག་འོང་རྩི་སྨན་ཐོང་། །དཔལ་གྱི་ཉི་མ་ཚེ་ཡི་དམུ་ཐག་ཟུངས། །ཕྱག་གཡང་རྟེན་ཕུར་མ་འབུད་དམ་དུ་ཆིངས། །བཙན་ཕྱུག་འཕེན་གསུམ་ཟས་ནོར་ལོངས་སྤྱོད་དང་། །མངའ་ཐང་ཆོས་སྲིད་དགུང་ལྟར་མཐོ་བར་མཛོད། །དེ་སྔ་དབུལ་ཕོངས་རྒུད་ནི་མ་མྱོང་སྟེ། །དེ་སྔ་བས་ཀྱང་ཕྱུག་ཅིང་དར་བར་མཛོད། །དེ་སྔ་ཕ་སྤུན་ནང་ནས་མ་ཞན་ཏེ། །དེ་སྔ་བས་ཀྱང་ནང་བཟང་ཚང་སྐྱིད་མཛོད། །དེ་སྔ་སྡུག་


CMR046_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བསྔལ་ནི་མ་མྱོང་སྟེ། །དེ་སྔ་བས་ཀྱང་སྐྱིད་ཅིང་དགའ་བར་མཛོད། །མགོ་དཀར་མགོ་ནག་རྩིས་གྲངས་མ་བྱེད་པར། །རྒས་པའི་ཚེ་བསྲིང་གཞོན་པའི་ཟི་དཔལ་བསྐྱེད་ཅིག །ཀྱཻ། དགུང་སྔོན་ས་གཞི་བར་སྣང་གཞལ་ཡས་ནས། །ལྷ་ཀླུ་གཉན་རྣམས་དངོས་གྲུབ་གཡང་གི་བདག །ཕྱག་ན་བུམ་པ་དར་དཀར་ཡུག་གིས་བརྒྱན། །ཕྱོགས་བཅུ་ཀུན་གྱི་ཟས་ནོར་གཡང་དུ་ལེན། །རྒྱ་གར་རྒྱ་ནག་སྟག་གཟིག་གེ་སར་དང་། །ཇིང་གེར་ཧོར་དང་སྐུ་རྒྱལ་བོད་རྣམས་ཀྱིས། །རང་རང་མངའ་བའི་རྩལ་གཡང་ནོར་གཡང་རྣམས། །དེ་རིང་ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །སྤུང་སྤུང་སྤུངས་ལ་བྱོན་པས་བརྟན་ཕུར་ཚུགས། །ཕ་མེས་མཚུན་རིགས་རྣམས་ཀྱི་སྤྱན་སྔ་རུ། །འབག་བཙོག་འགལ་འཁྲུལ་གང་མཆིས་མཐོལ་ལོ་བཤགས། །ཕ་མེས་མཚུན་རྣམས་སྦྲ་ཁྱིམ་རྟེན་ལ་ཐིམ། །བདག་དང་ཡོན་བདག་མི་ནོར་འཁོར་བཅས་ལ། །བདེ་སྐྱིད་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ཅེས་མཚུན་བཅོས་ཀུན་གྱི་དོན་བསྡུས་ནས། རང་གི་ལག་ཏུ་ལེན་བདེ་ཕྱིར་རཱ་ག་ཨ་སྱས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།། །།

ཕ་མཚུན་དགྲ་བླ་གཉན་པོའི་བསང་མཆོད་མགོན་སྐྱབས་ཆེན་མོ།


CMR046_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་མཚུན་དགྲ་བླ་གཉན་པོའི་བསང་མཆོད་མགོན་སྐྱབས་ཆེན་མོ་ཞེས་བྱ་བ་བཞུགས་སོ། །


CMR046_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་པདྨ་ལ་ཕྱག་འཚལ་ལོ། །ཕ་མཚུན་དགྲ་བླའི་བསང་མཆོད་ནི། །བསང་མཆོད་རྫས་རྣམས་གཞུང་ལྟར་བྱ། །དབྱངས་སྙན་རོལ་མོས་འདི་སྐད་དོ།། ཀྱཻ། སྔོན་གྱི་བསྐལ་པ་དང་པོ་ལ། །ཡེ་མེད་སྟོང་པའི་ངང་ཉིད་ལས། །འབྱུང་བ་རྣམ་ལྔ་རིམ་བཞིན་ཆགས། །དབང་ཆེན་གསེར་གྱི་ས་གཞི་ལས། །གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད། །ཐ་མ་ལྕགས་རི་མུ་ཁྱུད་བསྐོར། །རང་སྣང་དེ་ལ་འགྲོ་དྲུག་སྲིད། །གླིང་བཞི་མཆོག་གི་འཛམ་གླིང་འདིར། །ལུབ་ལེགས་གཡུ་ཡི་དགུང་སྔོན་འོག །བཏིང་ལེགས་གསེར་གྱི་ས་གཞིའི་སྟེང་། །འཇིག་རྟེན་མྱེས་པོ་ཚངས་པ་དང་། །


CMR046_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བྱེད་འཕྲུལ་གཉིས་སྤྲུལ་པ་ལས། །སྲས་བུ་རྒྱལ་རབས་མཆེད་བཞི་དང་། །སྲིད་པའི་མིའུ་གདུང་དྲུག་བྱུང་། །གདུང་དྲུག་འཕེན་ཞིང་རགས་པ་དང་། །བོད་འབངས་རྒྱ་ཆེ་གྲངས་མང་ཡང་། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བཀྲ་ཤིས་ལྷ་གཞི་དཀར་པོའི་སྟེང་། །འབྲུ་ཡི་མེ་ཏོག་གཅལ་དུ་བཀྲམ། །ཞལ་ཟས་མཆོད་པ་རི་ལྟར་སྤུངས། །བདུད་རྩིའི་ཇ་ཆང་མཚོ་ལྟར་བསྐྱིལ། །འདོད་ཡོན་རྣམ་ལྔ་ཆར་ལྟར་འབེབས། །ཀྱཻ། གདོད་ནས་སྐུ་གསུམ་ཞིང་ཁམས་ནས། །ཀུན་བཟང་འཇམ་དཔལ་པདྨ་འབྱུང་། །མེས་དབོན་རྣམ་གསུམ་


CMR046_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་ཀྱི། །ཕ་མཚུན་ཐུགས་རྗེ་མངའ་བ་རྣམས། །གཤེགས་བཞུགས་མཚན་མ་མི་མངའ་ཡང་། །ཐུགས་དམ་དབང་གིས་གནས་འདིར་གཤེགས། །ཡེ་སྨོན་ཡབ་ལྷ་བདལ་དྲུག་དང་། །ཕྱ་བསང་གང་ཆུང་ཕྱ་གཡང་དཀར། །རྒྱལ་བུ་མཐིང་གེ་སྟག་ཆས་སོགས། །སྲིད་པའི་ཕ་མཚུན་དགྲ་བླ་རྣམས། །འཛམ་གླིང་མཐའ་དབུས་གར་བཞུགས་ཀྱང་། །སྐད་ཅིག་ཡུད་ཙམ་འདིར་བྱོན་ཅིག །ཁྱད་པར་བདག་ཅག་ཡོན་མཆོད་ཀྱི། །ཕ་མཚུན་མ་མཚུན་དགྲ་བླ་རྣམས། །རང་རང་གར་བཞུགས་གནས་མཆོག་ནས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །བདག་དང་ཡོན་བདག་བསྲུང་ཕྱིར་དུ། །ལྷ་གཞི་གོང་དུ་བཞུགས་སུ་གསོལ། །བདུད་རྩི་ཆུ་ཡིས་སྐུ་ཁྲུས་གསོལ། །མི་གཙང་ཉམས་གྲིབ་དག་གྱུར་ཅིག །ཀྱཻ། སངས་རྒྱས་ཀུན་གྱི་སྤྱི་སྐྱེས་ལྷ། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །རབ་འབྱམས་ཞིང་གི་སྤྱི་མྱེས་ལྷ། །སྤྱན་རས་གཟིགས་དབང་གངས་ཆེན་མཚོ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །འཕགས་པ་བཞི་པོ་སྐྱེད་པའི་ཡུམ། །ཆོས་སྐུ་ཡུམ་ཆེན་ཤེར་ཕྱིན་ལ། །གཡུ་


CMR046_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཤུག་ཕྱེ་མར་དུད་པས་བསང་། །རྒྱལ་བའི་ཡབ་གཅིག་འཇམ་དཔལ་དབྱངས། །རྡོ་རྗེ་ཕག་མོ་བདེ་གཤེགས་ཡུམ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། བཀའ་བརྒྱུད་ཕ་རྒན་མར་པ་རྗེ། །བཀའ་གདམས་ཕ་རྒན་འབྲོམ་སྟོན་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །བོད་ཀྱི་ཕ་གཅིག་པདྨ་འབྱུང་། །རིག་འཛིན་གདུང་བརྒྱུད་ཕ་མཚུན་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །མཁའ་སྤྱོད་ནམ་མཁའ་རྒྱལ་མཚན་སོགས། །གྲུབ་ཐོབ་ཕ་མཚུན་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཆོས་རྒྱལ་མེས་དབོན་རྣམ་གསུམ་སོགས། །རྒྱལ་བློན་སེམས་དཔའ་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །འཇིག་རྟེན་ཀུན་གྱི་སྐྱེས་པོ་སྟེ། །ལྷ་ཆེན་དབང་ཕྱུག་ཆེན་པོ་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །སྟོང་གསུམ་འཇིག་རྟེན་མྱེས་པོ་སྟེ། །ལྷ་ཆེན་ཚངས་པ་གདོང་བཞི་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །འཁོར་ལོས་སྒྱུར་རྒྱལ་སྡེ་ལྔ་སོགས། །རྒྱ་གར་ཡུལ་གྱི་མཚུན་རྣམས་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཀོང་ཙེ་འཕྲུལ་རྒྱལ་རྩིའུ་སོགས། །རྒྱ་ནག་ཡུལ་གྱི་མཚུན་


CMR046_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །སྤྲེའུ་བྲག་སྲིན་མོ་ལ་སོགས། །བོད་ཀྱི་ཕ་མཚུན་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །དུང་གི་ལྷ་དཀར་ལ་སོགས་པའི། །ལྷ་རིགས་ཕ་མཚུན་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །སྲིད་པའི་སྨོན་མི་ལུམ་ལུམ་དང་། །ཕྱྭ་དམུ་བཙུགས་གསུམ་མཚུན་རྣམས་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །དམུ་སྲས་འཕྲུལ་བུ་དབང་ལྡན་དང་། །རྒྱལ་བལ་ལི་དང་ཁྲོམ་གྱི་མཚུན། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཕྱུའུ་སྤྱི་གཙུག་རྒྱལ་པོ་དང་། །ཕྱུ་རབ་སྟག་ཆས་བལ་བུ་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཡབ་ལྷ་བདལ་དྲུག་ཁྲི་རྗེ་འབར། །འོད་དེ་གུང་རྒྱལ་མཆེད་བཞི་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ལྷ་ཚ་ཐུགས་ཀར་བུ་དགུ་དང་། །སྲིན་ཚ་ཐུགས་དམར་བུ་དགུ་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཕྱ་རྗེ་ཡབ་ལྷ་བདལ་དྲུག་གི །སྲས་བུ་སུམ་ཅུ་སོ་ལྔ་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །མི་སྡུག་ཤ་མཚན་བཅོ་བརྒྱད་ཅན། ཁྲི་ཆེན་དཔལ་ལྷ་ཞེས་བྱ་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །སྲིད་པའི་སྣེལ་


CMR046_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲོམ་ལེགས་བཀྲ་དང་། །སྲིད་པ་ཕྱ་ལྕམ་རྒྱལ་མོ་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །རྒྱལ་བུ་མཐིང་གེ་འཛོམ་ལ་རྒན། །ཁྲི་ལ་ཞིང་དང་བཙན་ལ་འཕེན། །ཕ་མྱེ་ཧྲི་ཐོ་ཆེན་པོ་དང་། །མིའུ་གདུང་དྲུག་ཕ་མཚུན་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཕ་སྤུན་ནག་པོ་རྒྱ་ཡི་མཚུན། །ཁྱིམ་མཚེས་ཝེར་མ་མོན་གྱི་མཚུན། །གཉེན་ཡ་ཆུ་ཁྲི་འཇང་གི་མཚུན། །འཐབ་ཡ་ཨ་བ་ཧོར་གྱི་མཚུན། །རྒྱ་གར་ཆོས་ཀྱི་རྒྱལ་པོའི་མཚུན། །སྟག་གཟིག་ནོར་གྱི་རྒྱལ་པོའི་མཚུན། །རྒྱ་ནག་ཁྲིམས་ཀྱི་རྒྱལ་པོའི་མཚུན། །གེ་སར་དམག་གི་རྒྱལ་པོའི་མཚུན། །སྤུ་རྒྱལ་བོད་ཀྱི་རྒྱལ་པོའི་མཚུན། །འཛམ་གླིང་མི་ཡི་མཚན་མགོན་རྣམས། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཀྱཻ། དཀར་པོ་གདོང་དང་ནག་པོ་གདོང་། །སྨུག་པོ་གདོང་དང་ཁྲ་བོ་གདོང་། །རྡོ་རྗེ་རྒྱལ་མཚན་ལྷ་རྒོད་དང་། །གླིང་རྗེ་གེ་སར་སྦ་ཚ་དགའ། །མ་སང་ཨ་སྟག་ཀླུ་མོ་ཀྱིསོགས། །གདོང་རིགས་སྲིད་པའི་ཕ་མཚུན་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །དབྲ་དཀར་དབྲ་ནག་སྦྲ་དབྲ་དང་། །ཆེ་དྲུག་ཕྱུག་དྲུག་བཙུན་དྲུག་དང་། །མར་པ་


CMR046_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྒད་རྩོམ་སྤྱིར་དང་། །ཞང་དཀར་ཉི་མ་རྒྱལ་མཚན་དང་། །དབྲ་རིགས་ཕ་མཚུན་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ལྷ་དབང་ཐོད་དཀར་ཕྱུ་བཟའ་ཡུམ། །གནམ་ཐིག་དཀར་དང་ས་ཐིག་ཁྲ། །འབྲུ་རྗེ་རྭ་ཅན་བཅོ་བརྒྱད་དང་། །བྷི་ཇིར་རྒྱལ་པོ་ཀུ་མ་དང་། །བྷ་མོང་བྷེ་ཙ་བྷི་རྒྱལ་དང་། །གནམ་བྷེ་དཀར་པོ་ས་བྷེ་གྲོ། །འབྲོམ་དྭགས་འཇམ་དབྱངས་བདུན་རྒྱུད་སོགས། །འབྲུ་རིགས་སྲིད་པའི་མཚུན་རྒན་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །དམུ་ཚ་སྒ་ཡི་བུ་དགུ་སོགས། །སྒྲ་རིགས་ཕ་མཚུན་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །དབལ་ཟླ་གཉིས་ཀྱི་ཕ་མཚུན་དང་། །ཁྱད་པར་བདག་ཅག་ཡོན་མཆོད་ཀྱི། །ཕྱིས་ཡང་མྱེས་ལ་ཕྱི་ཡི་མཚུན། །ཕ་ཁུ་མྱེས་པོ་ཡང་མྱེའི་མཚུན། །བུ་མོ་མག་པ་ཞང་པོའི་མཚུན། །ཐམས་ཅད་མ་ལུས་འཁོར་དང་བཅས། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཀྱཻ། མགོན་པོ་ལེགས་ལྡན་ནག་པོ་སོགས། །ཆོས་ཀྱི་དགྲ་བླ་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །རྣམ་ཐོས་སྲས་དང་རེ་མན། །བོད་ཀྱི་དགྲ་བླ་ཐམས་ཅད་ལ། །


CMR046_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

གཡུ་ཤུག་ཕྱེ་མར་དུད་པས་བསང་། །རྡོ་རྗེ་ལེགས་པ་ལ་སོགས་པའི། །སྐྱེ་བོའི་དགྲ་བླ་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །རྒྱལ་ཆེན་བེ་ཧར་ལ་སོགས། །སེར་ཆགས་དགྲ་བླ་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །གནམ་ཐེའུ་དཀར་པོ་ལ་སོགས་པའི། །འབྲུ་དང་ཧོར་སོགས་དགྲ་བླ་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །གཡུ་འབྲུག་ཟངས་ཀྱི་ཟེ་བ་ཅན། །གདོང་རིགས་དགྲ་བླ་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །བྱ་ཁྲ་གནམ་ལྕགས་མཆུ་སྡེ་ཅན། །དབྲ་ཡི་དགྲ་བླ་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །དུང་གཡག་དབལ་གྱི་རྭ་ཅོ་ཅན། །འབྲུ་ཡི་དགྲ་བླ་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །གསེར་སྟག་མཚལ་གྱི་རི་མོ་ཅན། །ས་རིགས་དགྲ་བླ་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །ཤེལ་གྱི་ར་སྐྱེས་ཁམ་པ་དང་། །དུང་གི་ཁྱི་མོ་དཀར་མོ་སོགས། །དབལ་ཟླ་གཉིས་ཀྱི་དགྲ་བླ་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །འདོད་ཁམས་དགྲ་བླ་བེར་ཆེན་དང་། །འདོད་ལྷའི་དུང་ཁྲབ་གནམ་


CMR046_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཁེབས་དང་། །ས་གཞི་གསེར་སྦལ་གཡུ་ཐིག་ཅན། །ཆུ་དཀྱིལ་ཀླུ་ཡི་རྒྱལ་པོ་དང་། །རླུང་དཀྱིལ་ལྷ་ལུག་དཀར་པོ་དང་། །ལྷ་ཀླུ་གཙུག་གསུམ་སྲུང་མ་དང་། །དགྲ་བླ་གྲ་མ་མཆེད་བརྒྱད་དང་། །སྐྱེས་ཟིན་དགྲ་བླ་སྤྱན་གསུམ་དང་། །དགྲ་ཐུབ་དགྲ་བླ་སྤུན་གསུམ་སོགས། །སྲིད་པའི་དགྲ་བླ་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསང་། །གདོང་གི་ཐོག་འབྲུག་གློག་རྡེབས་དང་། །དབྲ་ཡི་མཚར་བུ་སྨྲ་ཤེས་དང་། །འབྲུ་ཡི་དུང་གཡག་དཀར་པོ་དང་། །སྒྲ་ཡི་མཚལ་སྟག་གཡུ་རིས་དང་། །སྒོ་ཡི་དུང་མི་དུང་རྟ་དང་། །སྐྱེས་པའི་ཟངས་ཀྱི་འཕར་བ་དང་། །བུ་ཚའི་གཡུ་ཡི་ཁུ་བྱུག་དང་། །བུ་སྲིང་གཡུ་ཡི་ནེ་ཚོ་དང་། །བུད་མེད་རྨ་བྱ་འཇོལ་མཁན་དང་། །ཡུལ་མཁར་དུང་སྦལ་དཀར་པོ་སོགས། །མཚུན་རིགས་དགྲ་བླ་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་དུད་པས་བསངས། །གོ་ཆའི་ཁྲ་མོ་ར་མགོ་དང་། །མགྱོགས་པའི་བྱ་རྟ་དགུ་བརྩེགས་དང་། །མི་འཐོར་དུང་མི་དུང་རྟ་དང་། ཟིན་གྱི་དགྲ་བླ་སྤུན་བདུན་དང་། །རླུང་ལྷ་དཀར་པོ་རྗེ་རླུང་འཕྱོ། །འོད་ཟེར་མི་རྟ་བཅོ་བརྒྱད་སོགས། །ཡེ་སྲིད་དགྲ་བླ་ཐམས་ཅད་ལ། །གཡུ་


CMR046_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཤུག་ཕྱེ་མར་དུད་པས་བསང་། །བསང་ངོ་ལྷ་མཚུན་དགྲ་བླ་བསང་། །ཕྱི་མོ་རྒྱུད་ཀྱི་དགྲ་བླ་བསང་། །མ་ཕྱི་རྒྱུད་ཀྱི་བཀྲག་མཚུན་བསང་། །ཕ་མྱེས་རྒྱུད་ཀྱི་མཚུན་མགོན་བསང་། །མ་ཕྱིའི་མཚུན་ལྕམ་དཀར་མོ་བསང་། །དར་མཚུན་ལྡང་ཟླའི་དགྲ་བླ་བསང་། །དང་པོ་སྲིད་པའི་དགྲ་བླ་བསང་། །སྤྲུལ་པའི་དགྲ་བླ་མཆེད་དགུ་བསང་། །ཡེ་སྲིད་དགྲ་བླ་མཆེད་དགུ་བསང་། །ཕྱི་རབས་རྒྱུད་ཀྱི་དགྲ་བླ་བསང་། །མ་སང་སྤྲུལ་པའི་དགྲ་བླ་བསང་། །འཕེན་པར་བྱེད་པའི་དགྲ་བླ་བསང་། །ཕྱུག་པར་བྱེད་པའི་དགྲ་བླ་བསང་། །བཙུན་པར་བྱེད་པའི་དགྲ་བླ་བསང་། །བཙན་པར་བྱེད་པའི་དགྲ་བླ་བསང་། །དཔའ་བཏགས་ལོན་པའི་དགྲ་བླ་བསང་། །བུ་གསོ་ཚེ་སྐྱིད་དགྲ་བླ་བསང་། །དཀར་གསུམ་ཕུད་ཀྱིས་དགྲ་བླ་བསང་། །མངར་གསུམ་ཕུད་ཀྱིས་ཕ་མཚུན་བསང་། །ཕྱེ་མར་འོ་བསྐོལ་གསུར་གྱིས་བསང་། །རྩི་ཤིང་དྲི་ཞིམ་དུད་པས་བསང་། །བཟང་དྲུག་སྨན་གྱི་དུད་པས་བསང་། །བདུད་རྩི་ཇ་ཆང་འོ་མས་བསང་། །དར་ཆེན་སྟག་གཟིག་འཕེན་གྱིས་བསང་། །མདའ་དར་མདུང་དར་རྟེན་གྱིས་བསང་། །གཡག་ལུག་


CMR046_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ར་གསུམ་གཟུགས་ཀྱིས་བསང་། །གོས་དར་གོ་མཚོན་ཆས་ཀྱིས་བསང་། །བསང་ངོ་གསོལ་ལོ་མཆོད་པ་འབུལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བསང་མཆོད་ཡག་པའི་ཡོན་ཏན་གྱི། །ཕ་མཚུན་དགྲ་བླ་ཁྱེད་རྣམས་ཀྱི། །རྨུགས་པ་སངས་ནས་ཁམས་བདེའོ། །འཐིབ་པ་སངསནས་ཉམས་དགའ་འོ། །བཀྲག་མདངས་གཟི་བརྗིད་མཐུ་ལྡན་ནས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །བཟང་ཁ་ཟུངས་ལ་ཡག་དང་སྤྱོད། །བུ་དང་ཚ་བོ་འཚོ་སྐྱོང་མཛོད། །ཕྱུགས་གཡང་ཕོན་ལ་ཁ་འཛིན་མཛོད། །མི་འཕེན་རྟ་ཧྲག་བཙུན་པར་མཛོད། །ཚེ་བསྲིང་དཔལ་བསྐྱེད་རིགས་རྒྱུད་སྤེལ། །ལོངས་སྤྱོད་མངའ་ཐང་རྒྱས་པར་མཛོད། །ཉིན་གསུམ་རྒྱངསནས་བྱ་ར་མཛོད། །མཚན་གསུམ་དྲུང་ནས་མེལ་ཚེ་མཛོད། །འཇིགས་པའི་ལམ་དུ་སྐྱེལ་མ་མཛོད། །འཐབ་པའི་ཚེ་ན་དཔུང་རོགས་མཛོད། །བརྒྱ་ཡི་ནང་གི་གྲྭ་པ་མཛོད། །སྟོང་གི་ནང་གི་ཞུར་པོ་མཛོད། །རྒྱབ་ཀྱི་རྟེན་ས་མཛད་དུ་གསོལ། །མདུན་གྱི་འཁར་བ་མཛད་དུ་གསོལ། །རྒས་པ་རྣམས་ཀྱི་ཚེ་སྲིངས་ལ། །གཞོན་པ་རྣམས་ཀྱི་དཔལ་སྐྱེད་ཅིང་། །བདེ་སྐྱིད་ཕུན་སུམ་ཚོགས་པར་


CMR046_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །ཅི་བསམ་དོན་རྣམས་འགྲུབ་པར་མཛོད། །ཅེས་སློབ་དཔོན་པདྨས་མཛད་པའི་མཚུན་བཅོས་ཆེན་མོ་དང་། རྒྱུད་གཞུང་བསྟན་ཆོས་མང་པོ་ནས་ཁོལ་བུར་ཕྱུངས་ཤིང་ལེགས་པར་བསྒྲིགས་པ་འདི་ནི་མི་རྒྱུད་ཕྲ་བ་ལ་བྱས་ན་སྲིད་འཕེལ། སྔ་དར་ཆེ་བ་ལ་ཕྱིས་རྒུད་སོང་བ་ལ་བྱས་ན་མཆོག་ཡིན། གཡང་དང་དཀོར་བདག་གཞན་དུ་སོང་བ་ལ་བྱས་ན་ཕན། རྨི་ལམ་ཚེ་འདས་རྨིས་ནས་གནོད་པ་ལ་ཕན། ཕ་ཁུ་བཙན་སོགས་ལྷ་འདྲེ་ལ་སྐྱེས་ན་མཆོད་ཐབས་འདི་ཡིན། ཕ་མེས་བཟང་པོའི་རྗེས་ཤུལ་རྒུད་པ་ལ་མཆོག་ཏུ་ཕན། དེ་ཕྱིར་མཁོ་དགོས་མང་བར་སྣང་བས་རང་གཞན་ཀུན་ནས་ཕན་ཕྱིར་དུ། རཱ་ག་ཨ་སྱས་བསྒྲིགས་པ་ལ་ཉེས་ལྟུང་བྱུང་ན་ཡི་དམ་ལྷ་ལ་བཤགས༔ དགེ་བས་འགྲོ་ཀུན་བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གཡང་སྐྱབས་རིན་ཆེན་ཕྲེང་བའི་གཡང་སྒྲོ་བཙན་ཐབས་དང་གཡང་གཏད་བཀྲ་ཤིས་ཆ་གསུམ།


CMR046_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་སྐྱབས་རིན་ཆེན་ཕྲེང་བའི་གཡང་སྒྲོ་བཙན་ཐབས་དང་གཡང་གཏད་བཀྲ་ཤིས་ཆ་གསུམ་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR046_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་སྐྱབས་བྱེད་པར་འདོད་ན། གཡང་ཆ་བཀྲ་ཤིས་པའི། ཞིང་ན་ཆག་པའི་ཡོ་བྱད་ཐམས་ཅད་འཚོགས་ལ། གཡང་འབོད་གཡང་ཕུར་རྣམས་བྱས་ལ་འདི་སྐད་དོ།། །ཀྱཻ། དེ་རིང་བཀྲ་ཤིས་ཉི་མའི་གདུང་གང་ལ། །ཕྱུ་ཆ་གཡང་ཆ་ཕུན་སུམ་ཚོགས། །བཀྲ་ཤིས་གཡང་རྫས་རི་བོ་ལ། །བཀྲ་ཤིས་མར་ཁུ་མཚོ་མོ་འཁྱིལ། །གཡང་ནས་དཀར་མོ་འཕེལ་ཆེན་འདི། །ཕྱི་མི་སྣ་དགུ་སུས་ཟོས་ཀྱང་། །ཕྱུ་འཕེལ་འདི་ལ་ཕྲག་མ་དོག །གཡང་རྟེན་འདི་ལ་རུ་མ་ང་། །མདའ་དར་འདི་ཡིས་གཡབ་ཅིང་འབོད། །གཡང་སྒྲོ་ཁ་བཞི་འདི་ཡི་ནང་དུ་རྩེན། །ཕྲུ་ཟས་གཡང་ཆ་འདི་ལ་ཕྲག་མ་དོག་


CMR046_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱྭ་ནས་དཀར་མོ་འཕེལ་ཆེན་འདི། །ཕྱེ་མར་ཕུར་མ་གངས་ལྟར་སྤང་། །དེ་རིང་མཉེས་པའི་རྒྱན་དང་བཅས། །དེ་ཕྱིར་མི་སྣ་དགུ་ཡི་སུས་ཟོས་ཀྱང་། །ཕྱེ་མར་འདི་ལ་ཕྲག་མ་དོག །གཡང་སྤེལ་འདི་ལ་རུ་མ་ང་། །གཡང་སྒྱེ་ཁ་བཞི་འདི་ཡི་ནང་དུ་རྩེན། །གཡང་ནོར་སྣ་དགུ་བཞུགས་སྣོད་འདི། །རྒྱ་མཚོ་བས་ཀྱང་གཏིང་རེ་ཟབ། །བདུད་རྩི་ངད་ལྡན་དྲི་རེ་བཟང་། །བདུད་རྩི་གཡང་ཁྱབ་མེར་བ་འདི། །ཕྱི་མི་སྣ་དགུ་སུས་ཟོས་ཀྱང་། །གཡང་ཆང་འདི་ལ་ཕྲག་མ་དོག །གཡང་སྤེལ་འདི་ལ་རུ་མ་ང་། །གཡང་དཀར་མོ་འདི་ཡི་ནང་དུ་རྩེན། །


CMR046_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་གི་དཀར་གསུམ་བཟང་པོ་འདི། །ཁ་དོག་དཀར་པོ་དུང་བས་གསལ། །རོ་མཆོག་བརྒྱ་དང་ལྡན་པ་འདི། །ཕྱུ་ཆ་གཡང་ཆ་དཀར་གསུམ་འདི། །ཕྱི་མི་སྣ་དགུ་སུས་ཟོས་ལྟཀྱང་། །ཕྱུ་སྤེལ་འདི་ལ་ཕྲག་མ་དོག །གཡང་སྤེལ་འདི་ལ་རུ་མ་ང་། །གཡང་སྒྲོ་ཁ་བཞི་འདི་ཡི་ནང་དུ་རྩེན། །གསེར་ཟོ་སེར་པོ་ཀྱི་ལི་ལི། །དུང་མཚོ་དཀར་མོ་སྒ་ར་ར། །བཀྲ་ཤིས་དུང་མཚོ་འོ་མ་འདི། །ཕྱི་མི་སྣ་དགུ་སུས་ཟོས་ཀྱང་། །གསེར་ཟོ་འདི་ལ་ཕྲག་མ་དོག །དུང་མཚོ་འདི་ལ་རུ་མ་ང་། །གསེར་ཟོ་འདི་ཡི་ནང་དུ་རྩེན། །བཀྲ་ཤིས་གཡང་ནས་འཕེལ་ཆེན་འདི། །དབྱར་ནི་འབྱུང་བ་ལྔ་ལས་གྲུབ། །འཁྲུངས་ནི་གཡུ་ལྗང་སྔོ་དམར་འཁྲུངས། །འཕེལ་ནི་བརྒྱ་ལ་སྟོང་དུ་འཕེལ། །ནས་འབྲུ་གཅིག་ལ་སྙེ་མ་བརྒྱ། །སྙེ་མའི་ནང་དུ་ནས་འབྲུ་བརྒྱ། །བརྒྱ་སྟོང་འཕེལ་བའི་གཡང་ནས་འདི། །ཕྱི་མི་སྣ་དགུ་སུས་ཁྱེར་ཀྱང་། །གཡང་ནས་འདི་ལ་ཕྲག་མ་དོག །སྔོན་མོ་འཕེལ་ཆེན་འདི་ལ་རུ་མ་ང་། །གཡང་སྒྲོ་ཁ་བཞི་འདི་ཡི་ནང་དུ་རྩེན། །བརྒྱ་ལ་སྟོང་དུ་འཕེལ་བའི་བཀྲ་ཤིས་ཤོག །གཞི་ནི་ཕྱིང་པ་དཀར་པོ་བལ་གྱི་གཞི། །སྤང་ལ་མེ་ཏོག་ཡག་པ་


CMR046_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

འདིར། །ན་བཟའ་ཕྱི་ནང་གཡང་རྫས་འདི། །ཕྱི་མི་སྣ་དགུའི་ཕྱིར་གྱོན་ཀྱང་། །གཡང་ཕྱིང་འདི་ལ་ཕྲག་མ་དོག །ཕྱི་ནང་རྫས་ལ་རུ་མ་ང་། །ནང་མི་ཡོན་གྱི་བདག་པོའི་སྐུ་ལ་བརྟེན། །ཁང་ཁྱིམ་བང་ཁང་ཁང་སྦྲ་འདི། །རྒྱ་མཚོ་འདི་ནི་ཕྱུག་མོ་འདྲ། །རི་རབ་ལྷུན་པོ་བཞིན་དུ་ཕུབ་པ་འདི། །ནང་མི་ཡོན་བདག་མ་གཏོགས་པ། །ཕྱི་མི་སྣ་དགུ་སུས་ཕུབ་ཀྱང་། །ཕྱི་མི་མོ་ཉོག་ཕེབས་ན་ཡང་། །ཁང་ཁྱིམ་འདི་ལ་ཕྲག་མ་དོག །སྣལ་མ་འདི་ལ་རུ་མ་ང་། །དབུས་ཀ་འདི་ཡི་དབུས་སུ་བརྟེན། །སོག་ཡུ་ལྗང་སྔོན་རྟ་ཡི་གསོས། །སྣོར་མ་སྔོན་མོས་འབྲི་གཡག་གསོས། །ཡུང་མ་སྔོན་པོས་མཛོ་དྲེལ་གསོས། །ལོ་མ་སྔོན་པོས་ར་ལུག་གསོས། །ནང་མི་འདིའི་སེམས་ཅན་མ་གཏོགས་པ། །ཕྱི་ཡི་སེམས་ཅན་སུས་ཟོས་ཀྱང་། །རྩྭ་དང་སོག་ལ་ཕྲག་མ་དོག །གཡང་གི་ར་བ་འདི་ཡི་རྩེན། །གཡང་བལ་དེ་ནི་གདན་ཆེན་དང་། །དར་དཀར་དེ་ནི་ལྷབས་སེ་ལྷབ། །གཡང་དར་དེ་ནི་ཡག་ལུག་འདི། །དཀར་དང་དེ་ནི་པུ་རུ་རུ། །ཕྲུ་གཡང་བསོད་ནམས་འབོད་པའི་རྟེན། །ནང་མི་ཡོན་བདག་མ་གཏོགས་པ། །ཕྱི་མི་སྣ་


CMR046_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་སུས་ཁྱེར་ཀྱང་། །ཕྱྭ་དང་གཡང་ལ་ཕྲག་མ་དོག །གཡང་སྒྲོ་ཁ་བཞི་འདི་ཡི་ནང་དུ་རྩེན། །འབྲི་བརྒྱ་དེ་ནི་སྟོང་ཡང་མཆིས། །ལྷ་འབྲི་གཤམ་དཀར་མོ་ལྷ་གཡག་གྲྭ་པ་གཉིས་མ་གཏོགས་ཁྱུ་ནས་མཆིས། །ཕྲུ་དང་གཡང་གི་སྲུང་མ་ཡིན། །ཤར་གྱི་སེང་གེ་དཀར་མོ་དེ། །བང་མཛོད་ཤར་གྱི་སྲུང་མ་ཡིན། །ལྷོ་ཡི་གཡུ་འབྲུག་སྔོན་མོ་དེ། །བང་མཛོད་ལྷོ་ཡི་སྲུང་མ་ཡིན། །ནུབ་ཀྱི་དོམ་བུ་ཐུགས་དཀར་དེ། །བང་མཛོད་ནུབ་ཀྱི་སྲུང་མ་ཡིན། །བྱང་ཕྱོགས་སྟག་མོ་མིག་དམར་དེ་། །བང་མཛོད་བྱང་གི་སྒོ་སྲུང་ཡིན། །བང་མཛོད་སྒོ་བཞི་མ་བྱེ་ཞིག །སྒོ་བ་བཞི་ཡིས་སྒོ་སྲུངས་ཤིག །འཕྲང་མ་བཞི་ཡིས་འཕྲང་ཆོད་ཅིག །གཡང་གི་སྒོ་བཞི་མ་བྱེ་ཞིག །སྲུང་བཞི་དེ་ནི་མ་འཆུག་ཅིག །ཕུར་བཞི་དེ་ནི་མ་བུད་ཅིག །ཕུར་ཐག་དེ་ནི་མ་གཅོད་ཅིག །ཁུ་ཡེ་ཕྱྭ་དང་གཡང་དུ་རྩེན། །དེ་ནས་གཡང་ཕུད་བསང་བྱེད། གཡང་གི་ཡོ་བྱད་ཡོན་བདག་ལ་གཏད་ལ་འདི་སྐད་དོ། །ཀྱཻ། དེ་རིང་བཀྲ་ཤིས་ཉི་མའི་སྔ་དྲོ་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ལོངས་སྤྱོད་ཚོགས་ཕྱིར་གཡང་སྐྱབས་འདི། །གཡང་རྟེན་སྣ་ཚོགས་ཕྱག་ཏུ་བཞེས། །ཚངས་པ་ལ་


CMR046_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལག་ཏུ་གཡང་མི་གཏད། །ཡོན་བདག་མི་ཕྱུགས་ལག་ཏུ་གཡང་གཏད་དོ། །ལྷ་ཆེན་བརྒྱ་བྱིན་ལག་ཏུ་གཡང་མི་གཏད། །ཡོན་བདག་མི་ཕྱུགས་ལག་ཏུ་གཡང་གཏད་དོ། །བརྒྱ་བྱིན་གཤིན་རྗེའི་ལག་ཏུ་གཡང་མི་གཏད། །ཡོན་བདག་མི་ཕྱུགས་ལག་ཏུ་གཡང་གཏད་དོ། །ཕྱོགས་སྐྱོང་གཞི་བདག་ལག་ཏུ་གཡང་མི་གཏད། །ཡོན་བདག་མི་ཕྱུགས་ལག་ཏུ་གཡང་གཏད་དོ། །ཀླུ་བཙན་ས་བདག་ལག་ཏུ་གཡང་མི་གཏད། །ཡོན་བདག་མི་ཕྱུགས་ལག་ཏུ་གཡང་གཏད་དོ། །ཙང་ཀུན་ཡུལ་སའི་ལག་ཏུ་གཡང་མི་གཏད། །ཡོན་བདག་མི་ཕྱུགས་ལག་ཏུ་གཡང་གཏད་དོ། །མི་ལ་བསེ་རག་ལག་ཏུ་གཡང་མི་གཏད། །ཡོན་བདག་མི་ཕྱུགས་ལག་ཏུ་གཡང་གཏད་དོ། །མཐོན་པོ་དགུང་གི་ཕ་གཡང་འཕེལ་བ་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཏད། །དོག་མོ་ས་ཡི་དམའ་གཡང་འཕེལ་བ་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཏད། །རི་རབ་ལྷུན་པོའི་དྲལ་གཡང་འབེབས་པ་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཏད། །རྒྱ་མཚོ་སྟེང་གི་ལྕམ་གཡང་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །


CMR046_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་བསམ་ཤིང་གི་ལོ་འདབ་རྒྱས་པའི་གཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་དུ་གཡང་གཏད་དོ། །རྒྱལ་ཆེན་བཞི་ཡི་གཏེར་གཡང་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །ཉི་ཟླའི་འོད་ཀྱི་གསལ་གཡང་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །གངས་ཐིག་རྣམས་ཀྱི་བླན་གཡང་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །ཆུ་བོ་གཞུང་གི་གསེར་གཡང་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །བྱ་རྒྱལ་ཁྱུང་གཤོག་འབེབས་པའི་གཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །སྟག་གཟིག་ནོར་གྱི་ནོར་གཡང་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །རོག་རོག་འབྲོང་གི་ར་གཡང་འབེབས་པ་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །ཧེ་བ་རྐྱང་གི་རྟ་གཡང་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །ཟལ་དཀར་འབྲི་ཡི་འབྲི་གཡང་དེ། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །བལ་ཆེན་ལུག་གི་སྙན་གཡང་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །ཁ་


CMR046_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བོད་ཀྱི་ལྕེ་གཡང་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །དམར་ཡག་སྟག་གི་འཛུམ་གཡང་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །རྩ་རྩེ་ཆུང་འབོང་གི་ཙེ་གཡང་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །ལོངས་སྤྱོད་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡང་། །དེ་རིང་ཡོན་བདག་ཁྱོད་ཀྱི་ལག་ཏུ་གཡང་གཏད་དོ། །གཏན་ནས་བདེ་སྐྱིད་སྨོན་ལམ་འགྲུབ་པར་ཤོག །རིགས་རྒྱུད་འཕེལ་ཞིང་རྒྱས་པར་ཤོག །ནོར་ཕྱུགས་འཕེལ་བའི་འཕེལ་གཡང་དང་། །ཐེར་ཕྲུག་གོས་ཀྱི་བཙུན་གཡང་དང་། །སྐུ་མཁར་བཙན་པའི་བཙན་གཡང་དང་། །ཉི་མའི་འོད་ཀྱི་གསལ་གཡང་དང་། །རལ་གྲི་རྣོ་བའི་དགྲ་གཡང་དང་། །གོ་ཁྲབ་བཙན་པའི་བཙན་གཡང་དང་། །བཀྲ་ཤིས་ནས་ཀྱི་འཕེལ་གཡང་དང་། །བཀྲ་ཤིས་གཡང་སྣ་དགུ་འདི་ཡང་། །དེ་རིང་ཡོན་བདག་ཁྱོད་ལ་གཏད། །དེ་རིང་བཀྲ་ཤིས་གཡང་གཏད་པས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །དཀོར་ཆ་སྣ་ཚོགས་ཡིད་བཞིན་འགྲུབ། །བཀྲ་ཤིས་བསོད་ནམས་འཕེལ་བར་ཤོག །གཡང་ར་ནོར་གྱིས་གང་བར་


CMR046_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །བང་མཛོད་ནོར་གྱིས་གང་བར་ཤོག །ཅི་བསམ་དོན་རྣམས་འགྲུབ་པར་ཤོག །རྒྱུ་སྦྱོར་ཡོན་གྱིས་བདག་པོ་ཡི། །འགོ་བའི་ལྷ་ལ་འཁོར་བར་ཤོག །ཕོ་ལྷ་དགྲ་ལྷས་བསྲུང་དུ་གསོལ། །བྱེས་ལྷ་ཕྲག་ལྷས་བསྲུང་དུ་གསོལ། །གཡང་ར་བ་སྒོ་བཞིས་བསྲུང་དུ་གསོལ། །གཡང་གི་སྒྲོ་བ་ཁ་བཞི་འདི། །དར་ཚོན་སྣ་ལྔའི་རྒྱན་གྱིས་བརྒྱན།། རིན་པོ་ཆེ་ཡི་བརྒྱན་དུ་བྱས། །རྔ་ཚོན་སྔོ་དམར་སྣ་ཚོགས་བཏགས། །བལ་སྤུད་དཀར་དམར་བརྒྱན་རྣམས་ཀུན། །དེ་རིང་གཡང་གི་རྟེན་དུ་བྱས། །གཡང་སྐྱབས་ཕུད་ཀྱིས་དགྲ་ལྷ་མཆོད། །ཕྲུ་ཉི་མ་ཙམ་ཞིག་ཀྱི་ལི་ལི། །གཡང་ཟླ་བ་ཙམ་ཞིག་སྒ་ར་ར། །དེ་རིང་ཡོན་བདག་འདི་ལ་གཡང་ཁུག་ཅིག །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །འབྲས་དྲུག་ནས་རྣམས་འཕེལ་བར་ཤོག །སངས་རྒྱས་བསྟན་པ་དར་བར་ཤོག །བཀྲ་ཤིས་བདེ་ལེགས་བརྟན་པར་ཤོག །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །བཀྲ་ཤིས་དཔལ་འབར་འཛམ་གླིང་བརྒྱན་དུ་ཤོག །བསང་ལེགས་པར་གང་དུ། གཡང་རྫས་དཀར་གསུམ་མངར་གསུམ་དང་། གོ་མཚོན་སྣ་དགུ་འཚོགས་པ་དང་། བསང་བྱའོ། །ཁུ་ཡེ་གཡང་སྒྲོ་ནང་འདི་ལ་མདའ་དར་གཡབ་པར་བྱའོ། །དེ་


CMR046_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕྱེ་མར་དཀར་གསུམ་མངར་གསུམ་དང་། རྫས་རྣམས་སྣ་ཚོགས་གཡང་ཁུག་ནང་དུ་བླུག་ལ་གཏད་དོ། །དེ་ནས་བཀྲ་ཤིས་བརྗོད་པ་ནི། བདག་གཞན་ཀུན་གྱིས་མེ་ཏོག་འཐོར་ཞིང་འདི་སྐད་དོ།། ཨོཾ་སྭ་སྟི། །ཝཱ་རཱ་ཎ་སཱི་བཞིན་དུ་ཡུལ་ལ་བཀྲ་ཤིས་ཤོག །ནེརཉྫན་བཞིན་དུ་གནས་ལ་བཀྲ་ཤིས་ཤོག །ཟུ་ལེ་འོ་མ་བཞིན་དུ་ཟས་ལ་བཀྲ་ཤིས་ཤོག །རྒྱལ་པོ་ཟས་གཙང་བཞིན་དུ་ཡབ་ལ་བཀྲ་ཤིས་ཤོག །སྒྱུ་མ་ལྷ་མཛེས་བཞིན་དུ་ཡུམ་ལ་བཀྲ་ཤིས་ཤོག །རྒྱལ་བུ་དོན་གྲུབ་བཞིན་དུ་སྲས་ལ་བཀྲ་ཤིས་ཤོག །ལྷ་ཀླུ་གནོད་སྦྱིན་བཞིན་དུ་འཁོར་ལ་བཀྲཤིས་ཤོག །དུང་སོ་ཨང་གྲག་བཞིན་དུ་སྐད་ལ་བཀྲ་ཤིས་ཤོག །སྤྲིན་གྱི་ཤུགས་ཆེན་བཞིན་དུ་རྟ་ལ་བཀྲ་ཤིས་ཤོག །གླང་པོ་རབ་བརྟན་བཞིན་དུ་ཕྱུགས་ལ་བཀྲ་ཤིས་ཤོག །འབྲས་བུ་ཡུངས་ཀར་བཞིན་དུ་འབྲུ་ལ་བཀྲ་ཤིས་ཤོག །ཁ་དོག་ལི་ཁྲི་བཞིན་དུ་རྫ་ས་ལ་བཀྲ་ཤིས་ཤོག །སྨན་མཆོག་གྷི་ཝཾ་བཞིན་དུ་སྨན་ལ་བཀྲ་ཤིས་ཤོག །ས་གཞི་རིན་ཆེན་བཞིན་དུ་གནས་ལ་བཀྲ་ཤིས་ཤོག །ཚོང་དཔོན་ཆུ་འབེབས་བཞིན་དུ་ཚོང་ལ་བཀྲ་ཤིས་ཤོག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བར་ཤོག །ཚེ་རིང་ནད་མེད་ལོངས་སྤྱོད་དཔལ་


CMR046_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཤོག །ལྷ་གཡང་ཆེན་པོའི་བཀྲ་ཤིས་ཤོག །མི་གཡང་མུ་དག་བཀྲ་ཤིས་ཤོག །མཛོ་གཡང་སྣ་ཐག་བཀྲ་ཤིས་ཤོག །ནོར་གཡང་བང་མཛོད་གང་བའི་བཀྲ་ཤིས་ཤོག །གནག་གཡང་བེའུ་ལུག་གང་བའི་བཀྲ་ཤིས་ཤོག །རྟ་གཡང་སྲབ་མདའ་གང་བའི་བཀྲ་ཤིས་ཤོག །ནས་གཡང་བྲེ་ཕུལ་གང་བའི་བཀྲ་ཤིས་ཤོག །བ་གཡང་གཡུང་དྲུང་བཞིན་དུ་བཀྲ་ཤིས་ཤོག །ནོར་གཡང་ར་བ་གང་བའི་བཀྲ་ཤིས་ཤོག །ཟས་གཡང་བང་མཛོད་གང་བའི་བཀྲ་ཤིས་ཤོག །མི་གཡང་དེ་རྣམས་ལྷ་ཆེན་བརྒྱད་ཀྱིས་ལྡེ་མིག་ལ་གཏད་དོ། །བཀྲ་ཤིས་ཡོན་བདག་འདི་ལ་གཡང་བྱིན་ནོ། །ཕྱྭ་དང་གཡང་བྱིན་ནོ། །རྗེ་རྣམ་ཐོས་སྲས་ལ་སོགས་པའི་འཇིག་རྟེན་ནོར་གྱི་འབྱོར་པ་ཐམས་ཅད་དང་། བཀྲ་ཤིས་ཡོན་བདག་འདི་ཡི་ཕྱུ་དང་གཡང་ལེན་ནོ། །ཨོཾ་རྣམ་སྲས་ཀ་རཏྣ་སིདྡྷི་སྡུད་སྡུད་ཛ་ཛ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ བདག་གི་བསམ་པ་ཐམས་ཅད་འགྲུབ་པར་ཤོག །དབུལ་ཕོངས་ཀྱི་སྡུག་བསྔལ་ཐམས་ཅད་ཞི་བར་ཤོག །ལོངས་སྤྱོད་ཕུན་སུམ་ཚོགས་པར་ཤོག །ནོར་གྱི་དབང་ཕྱུག་སོགས་བཀྲ་ཤིས་གང་ཤེས་བརྗོད། དེ་ནས་གཡང་བཤོས་ཆེ་བ་ཡོན་བདག་མོ་ཡི་ལག་ན་བཟུང་། མདའ་དར་སྐྱེས་པ་ཕོ་ཡིས་


CMR046_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་། གཞན་ཡང་དཀོར་ནོར་དང་མཆོད་རྫས་རྣམས་ཡོན་བདག་ཚང་གི་མི་དུ་ཡོད་ཀྱིས་ལག་ཏུ་བཟུང་ནས་ཐམས་ཅད་ཐང་ལ་འདུག །བཀྲ་ཤིས་བརྗོད། ཟས་ཕུད་རེ་དང་འབྲུ་སྣ་ཚོགས་སོགས། གཡང་གེ་ལུ་དཀར་པོའི་ནང་དུ་བླུག་ལ་ཚགས་རྫི་བྱ། མདའ་དར་དཀྱིལ་ཀ་ལ་བཅིངས་སམ། ཡང་ན་སྟག་དོང་ནང་དུ་བཅུག །ཤུག་པ་ཀ་བ་ལ་བཅིངས། འབྲོག་པ་ཡིན་ན་ནོར་སླས་སུ་བཙུགས། དེ་མིན་གཏོར་མ་སོགས་ཕྱི་མི་ལ་མི་སྦྱིན། རང་གིས་དངོས་གྲུབ་བླངས་ལ་བཟའོ། །གཡང་གཞིའི་འོག་གི་ས་ཞིང་ནང་དུ་བླུགས་སམ། འབྲོག་པ་ཡིན་ན་ནོར་སླས་སུ་གཏོར། སླར་ཡང་ཡེ་ཤེས་པ་ཐམས་ཅད་སྦྲ་ཁྱིམ་ལ་ཐིམ་པར་བསྒོམ། འཇིག་རྟེན་པ་སྤོམ་ར་ཐམས་ཅད་རང་གནས་སུ་གཤེགས་པར་བྷེ། ལོ་ཀ་སརྦ་གཙྪགཙྪ། ཅེས་བརྗོད་དེ་ལྟར་བསྒྲུབས་པས་ནོར་ལྷ་མཆེད་བརྒྱད་ལྷ་མོ་དཔལ་ཆེན་མོ་སོགས། ཁྱིམ་དེར་གནས་པར་གྱུར་ནས། འབྲུ་ལ་སོགས་འཕེལ་ཞིང་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། ལོངས་སྤྱོད་འཕེལ་བར་འགྱུར་རོ། །འདི་ཡང་མདོ་སྡེ་གསེར་འོད་དམ་པ་དང་། ལྷ་མོ་དཔལ་གྱི་མདོ་དང་། གར་མཁན་མཆོག་གི་རྒྱུད་དང་། གསེར་འོད་གཡང་སྐྱབས། སློབ་དཔོན་ཙནྡྲ་གོ་མའི་གཡང་སྐྱབས། པདྨའི་གཡང་སྐྱབས། རྨ་སྤོམ་རའི་གཡང་སྐྱབས་རྣམས་ཀྱི་དོན་བསྡུས་བླ་མ་ཙཱ་རི་བས་བསྐུལ་ནས་སྔགས་འཆང་ཨ་རྭགས་གསེར་འཕྱང་གི་ལོ་ཁྲུམས་ཀྱི་ཟླ་བའི་གནམ་གང་ཉིན་པར་བྲིས་པའོ། །དགེ་བས་སེམས་ཅན་


CMR046_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །བཀྲ་ཤིས་པར་གྱུར་ཅིག །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཐབ་ལྷ་མཆོད་ཐབས།


CMR046_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཐབ་ལྷ་བཞུགས་སོ། །ཧཱུྃ། ང་ནི་ཛཾ་བྷ་ལ་ཡི་སྐུ། །མ་ཐབ་ལྷའི་རྒྱལ་མོ་ཚུར་ཉོན་དང་། །ཁྱོད་སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །ཕྱག་ན་ཡིད་བཞིན་ནོར་བུ་བསྣམས། །དགོས་འདོད་ཡིད་བཞིན་ཆར་ལྟར་འབེབས། །མ་ཁྱེད་ཀྱང་འདིར་གཤེགས་གདན་ལ་བཞུགས། །ཁྱེད་ཀྱི་འཁོར་དང་བཀའ་འཁོར་ནི། །ཤར་ཕྱོགས་ཐབ་ལྷ་དཀར་མོ་ནི། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །ཕྱག་གཡས་འབྲས་གཡང་ཐམས་ཅད་སྡུས། །གཡོན་ན་དངུལ་དཀར་དྲིལ་བུ་བརྟེན། །མི་གཡང་སྡུད་པའི་བདག་པོ་སྟེ། །འབྲུ་སྣ་དཀར་གཏོར་ཕྱེ་མར་མཆོད། །འདིར་གཤེགས་བརྒྱན་པའི་མཆོད་པ་བཞེས། །ཐུགས་མཉེས་ནས་བྱང་ཆུབ་མཆོག་ཐོབ་ཤོག །ལྷོ་ཕྱོགས་ཐབ་ལྷ་སེར་པོ་ནི། །སྐུ་མདོག་སེར་ལ་འོད་ཟེར་འཕྲོ། །ཕྱག་ན་སྨན་གྱི་ལྷུང་བཟེད་བསྣམས། །སྡུག་བསྔལ་ནད་ལས་གྲོལ་བར་མཛད། །ཁྱེད་ཀྱང་གནས་འདིར་གཤེགས་སུ་གསོལ། །ནུབ་བྱ༔ ཕྱོགས་ཐབ་ལྷ་དམར་མོ་ནི། །སྐུ་མདོག་དམར་ལ་འོད་ཟེར་འཕྲོ། །ཕྱག་ན་རིན་ཆེན་གཏེར་ཁ་བསྣམས། །ཟས་གཡང་བསྡུས་པའི་བདག་མོ་སྟེ། །གནས་འདིར་བརྩེ་ཕྱིར་


CMR046_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སུ་གསོལ། །བྱང་ཕྱོགས་ཐབ་ལྷ་ལྗང་གུ་ནི། །སྐུ་མདོག་ལྗང་མོ་འོད་ཟེར་འཕྲོ། །ཕྱག་ན་དངུལ་དཀར་མེ་ལོང་བསྣམས། །མི་གཡང་སྡུད་པའི་བདག་མོ་སྟེ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཐབ་ཀྱི་ལྷ་ལ་འཁོར་བ་ཡི། །ལྷ་དང་སྲུང་མ་དམ་ཚིག་ཅན། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཕ་ནི་ཐབ་ལྷ་རོག་པོ་ཡིན། །མ་ནི་ཕྱུགས་ལྷ་ཉེ་བུ་ཡིན། །བུ་ནི་ཕྱུགས་ལྷ་གེ་ཐུང་ཡིན། །ཡབ་ཡུམ་སྲས་གསུམ་འཁོར་དང་བཅས། །འདིར་གཤེགས་དཀར་གྱི་རྒྱ་མཚོ་བཞེས། །མི་གཡོ་དགྱེས་ཤིང་བརྟན་པར་བཞུགས། །ཁྱེད་ལ་མཆོད་པ་འབུལ་བ་ནི། །དཀར་གསུམ་མངར་གསུམ་སྤྱན་གཟིགས་དང་། །ཤིང་སྣ་བལ་ཚོན་མདའ་དར་དང་། །གཡང་རྫས་སྣ་དགུ་འདི་བཞེས་ལ། །ཐབ་ཆེན་འདི་ལ་གཡང་རྟེན་བཞུགས། །གཡང་འཁྱིལ་མི་འགྱུར་བརྟན་པར་ཤོག །ཁྱེད་ཀྱི་སྐུ་གསུང་ཐུགས་མཉེས་ནས། །མི་གཡང་ཟས་གཡང་ནོར་གཡང་དང་། །འབྲུ་གཡང་གཏེར་གཡང་ཟས་ཀྱི་བཅུད། །བདུད་རྩི་བཞིན་དུ་འདིར་ཕོབ་ལ། །རྒྱ་མཚོ་བཞིན་ཏུ་འདིར་འཁྱིལ་ལ། །ཆུ་བོ་བཞིན་ཏུ་འདིར་བོབ་ལ། །དངོས་


CMR046_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མ་ལུས་བསྩལ་དུ་གསོལ། །དེ་རིང་རྒས་པ་རྣམས་ཀྱི་ཚེ་སྲིངས་ལ། །གཞོན་པ་རྣམས་ཀྱི་དཔལ་བསྐྱེད་ཅིག །དེ་རིང་ཁུ་ཡེ་གཡང་དུ་ཁུག །དེ་རིང་ཕྲུ་ཡེ་ཕ་ལྡན་ནོ། །གསེར་གྱི་ཀ་བ་མ་ཡོ་ཅིག །གཡུ་ཡི་གདུང་མ་མ་ཆག་ཅིག །མཐིང་བུ་ལྷོག་ལྷོག་མ་བྱེད་ཅིག །ཕུ་རུ་གཡུ་སྦྲང་མ་ཞད་ཅིག །མདའ་རུ་ཆུ་མ་ཇག་པ་མ་འདེབས་ཤིག །ཁྱེད་རྣམས་འཁོར་དང་བཅས་པ་ལ། །ཡུགས་གྲིབ་བཙོག་གྲིབ་གྲི་བོ་གྲི་མོ་དང་། །མནོལ་གྲིབ་མི་གཙང་ངན་པ་ཐམས་ཅད་ཀྱང་། །ཤེལ་སྒོང་བཞིན་དུ་གསལ་གྱུར་ཅིག །རིན་ཆེན་བསང་གི་སྣུམ་པར་གྱིས། །བསང་ངོ་མཆོད་དོ་ཐབ་ལྷ་བསང་། །ཐབ་སྨན་དེ་ནི་དཀར་མོ་བསང་། །ཁྱིམ་ལྷ་ཕུག་ལྷ་ལྷ་མོ་བསང་། །ཞིང་ལྷནོར་ལྷ་སྦྲ་ལྷ་བསང་། །བྱེས་ལྷ་ལུག་ལྷ་བ་ལྷ་བསང་། །འབུལ་ལོ་བཞེས་སོ་མཉེས་མཆོད་འབུལ། །ཕྱི་མི་སྐྱ་བོ་ནང་མི་སྨུག་པོ་སོགས། །མ་ནོར་མ་འཆུག་ཡིད་བཞིན་བསམ་འཕེལ་ཤོག །སྐུ་ལ་ཡིད་བཞིན་བསམ་འཕེལ་འདོད་དགུ་འབྱུང་། །སྐུ་གསུང་ཐུགས་རྟེན་ཕྲིན་ལས་རྒྱས་གྱུར་ཤོག་།སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས། །མངྒ་ལཾ།།

རིགས་ལྔའི་ཁྱིམ་ལྷ་བསྟོད་པའི་གཏོ་ཆོག


CMR046_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྔའི་ཁྱིམ་ལྷ་བསྟོད་པའི་གཏོ་ཆོག་བཞུགས།


CMR046_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡི་དམ་འཁའ་མགྲོའི་ཚོགས་ལ་ཕྱག་འཚལ་ལོ། །འདི་ཡི་བཅའ་ཐབས་ལ། དཀར་གཏོར་ལྔ་གཟུགས་འགྲོས་སྣ་ཚོགས། གཡག་ལུག་ར་གསུམ། མཆོད་པ་རྣམ་ལྔ། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད། ཤིང་རྩི་སྣ་ཚོགས། ཤིང་རིས་དགུ་ཡང་ན་ལྔ། དར་དཀར་དམར་སྣ་ཚོགས། རིན་ཆེན་སྣ་ཚོགས། འབྲུ་སྣ་ཚོགས། བལ་ཚོན་སྣ་ཚོགས། སྦྲང་དང་བུ་རམ་ལ་སོགས་མངར་རིགས་སྣ་ཚོགས། ཇ་ཕུད་ཆང་ཕུད་འོ་ཕུད་གསུམ། ཕྱོགས་མདོག་གི་ནམ་མཁའ་ལྔ། དེ་མ་འཛོམས་ན་སྣ་ཚོགས་ནམ་མཁའ་གཅིག་བྱ། དེ་རྣམས་ལ་བསང་སྦྱངས་བྱིན་བརླབས་བྱས་ནས། དཀྱིལ་ཀར་ལེགས་པོ་གཅིག་ལ་བསྟོད། ཁྱིམ་ལྷ་དཀྱིལ་ཀར་ལ་གནས་དུས་བསྟོད་ན་ལེགས། བསང་ཆེན་ཕུད་ནས་


CMR046_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་དོ། །ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་སོགས། བདག་དང་དངོས་འཛིན་གྱི་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡི་གེ་ཧཱུྃ་སེར་པོ་ཡོངས་སུ་གྱུར་པ་ལས། རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། མཆོད་རྫས་དང་གཏོར་མ་རྣམས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོ་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཨོཾ་སྭ་བྷ་ཝ་ཤུདྡྷ་སོགས། ཨོཾ་ན་མསརྦ་ཏ་ཐཱ་ག་སོགས། ཨོཾ་བཛྲ་ཨ་མྲྀ་སོགས། ཨོཾ་ཨ་ཀཱ་རོ་སོགས། ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏ་ཨ་སོགས། ཨོཾ་ཛྙཱ་ན་ཨ་བ་ལོ་སོགས། ན་མཿས་མནྟ་བུདྡྷཱ་སོགས། ཞེས་སྔགས་དྲུག་ཕྱག་དྲུག་གིས་བྱིན་


CMR046_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་ལ། དེ་ནས་ཤིང་རྩི་དང་མཆོད་རྫས་རྣམས་དཀྱིལ་ཀ་ལ་ལེགས་པར་བསྡམས་ནས། གསེར་སྐྱེམས་དང་ཇ་ཕུད་ཕྱེ་མར་རྣམས་མཆོད་ནས་འདི་སྐད་དོ།། ཨོཾ་སྭ་བྷ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་བང་རིམ་བཞི་དང་ལྡན་པ། ཤར་ཤེལ་ལས་གྲུབ་པ། ལྷོ་བཻཌཱུརྱ་ལས་གྲུབ་པ། ནུབ་པདྨ་རཱ་ག་ལས་གྲུབ་པ། བྱང་ཨིནྡྲ་ནཱི་ལ་ལས་གྲུབ་པ། ཟུར་བཞི་རིན་ཆེན་ཟངས་ལས་གྲུབ་པ། དེའི་དབུས་སུ་གདན་པདྨ་སུམ་བརྩེགས་ཀྱི་སྟེང་དུ། ཁྱིམ་ལྷ་གེ་ཐུང་སྐུ་མདོག་སྔོན་པོ་སྐུ་ལ་བེར་སུམ་བརྩེགས་མནབས་པ། རིན་པོ་ཆེ་དང་གཡུ་ཡིས་བརྒྱན་པ། ཞལ་གཅིག་ཕྱག་གཉིས་ཁྲོ་འཛུམ་ཅན། ཕྱག་གཡས་གཡོན་གཉིས་ཀྱིས་དུང་གི་ཀ་བ་བསྣམས་པ། ཞབས་གཉིས་པདྨའི་གདན་ལ་བཞུགས་པའོ། །དེའི་གཡས་སུ་མ་ལྷ་བུ་རྫི་ནི་ཞལ་གཅིག་ཕྱག་གཉིས་གསེར་མདོག་དར་དཀར་གྱི་ན་བཟའ་སྐུ་ལ་གསོལ་བ། ཕྱག་གཡས་གཡོན་ན་གྲུ་གུ་དང་འཕང་ལོ་བསྣམས་ཤིང་ཞབས་གཉིས་ཕྱེད་སྐྱིལ་བཞུགས་པའོ། །གཡོན་དུ་ཐབ་ལྷ་གཡུ་མོ་ནི་སྐུ་མདོག་དམར་པོ་གཡུ་ཡིས་བརྒྱན་པ། དར་ཟབ་ན་བཟའ་སྣ་ཚོགས་སྐུ་ལ་གསོལ་བ་


CMR046_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡས་གཡོན་གཉིས་གསེར་གྱི་སྐྱེམས་བུ་འཛིན་པ་ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས་པའོ། །ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཁྱིམ་ལྷ་གེ་ཐུང་མཆེད་གསུམ་སྤྱན་དྲངས་པར་བསམ། བཛྲ་ས་མཱ་ཡ་ཛ་ཛཿ བཀྲ་ཤིས་རྫས་བརྒྱད་རྒྱལ་སྲིད་སྣ་བདུན་མཆོད་པ་སྣ་ཚོགས་འབུལ། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཁྱིམ་ལྷ་གེ་ཐུང་སྤྱན་འདྲེན་ནོ། །མདོག་སྔོན་གཡུ་ཡི་རྒྱན་ཆ་ཅན། །ཕྱག་ན་དུང་གི་ཀ་བ་བསྣམས། །མཆོད་པའི་གནས་འདིར་བཞུགས་སུ་གསོལ། །ཁྱེད་ལ་མཆོད་པ་འབུལ་བ་ནི། །བདུད་རྩིའི་སྨན་གྱི་མཆོད་པ་དང་། །རྒྱལ་སྲིད་སྣ་བདུན་མཆོད་པ་འབུལ། །བཀྲ་ཤིས་རྫས་བརྒྱད་མཆོད་པ་འབུལ། །རིན་ཆེན་སྣ་དགུའི་མཆོད་པ་འབུལ། །དར་ཟབ་སྣ་ཚོགས་མཆོད་པ་འབུལ། །འབྲུ་སྣ་དགུ་ཡི་མཆོད་པ་འབུལ། །དཀར་གསུམ་མངར་གསུམ་མཆོད་པ་འབུལ། །ཇ་ཕུད་ཆང་ཕུད་མཆོད་པ་འབུལ། །ནམ་མཁའ་ཤིང་རིས་མཆོད་པ་འབུལ། །གཡག་ལུག་ར་གསུམ་མཆོད་པ་


CMR046_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། །གཟུགས་འགྲོས་སྣ་ཚོགས་མཆོད་པ་འབུལ། །མཆོད་པ་རྣམ་ལྔའི་མཆོད་པ་འབུལ། །གེ་ཐུང་མཆོད་པའི་ཡོན་ཏན་གྱིས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། མི་ལ་ན་ཚ་མ་གཏོང་ཞིག །ཕྱུགས་ལ་གོད་ཁ་མ་གཏོང་ཞིག །ཞིང་ལ་བཙའ་སད་སེར་གསུམ་མ་གཏོང་ཞིག །ཁ་འཛིན་སྡོང་གྲོགས་ཁྱེད་ཀྱིས་མཛོད། །ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །མ་ལྷ་བུ་རྫི་སྤྱན་འདྲེན་ནོ། །བུད་མེད་ལུས་ལ་གསེར་མདོག་ཅན། །དར་དཀར་སྣ་ཚོགས་སྐུ་ལ་གསོལ། །ཕྱག་ན་གྲུ་གུ་འཕང་ལོ་བསྣམས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཁྱེད་ལ་མཆོད་པ་འབུལ་བ་ནི། །བདུད་རྩི་སྨན་གྱི་མཆོད་པ་དང་། །རྒྱལ་སྲིད་སྣ་བདུན་མཆོད་པ་འབུལ། །བཀྲ་ཤིས་རྫས་བརྒྱད་མཆོད་པ་འབུལ། །རིན་ཆེན་སྣ་བདུན་མཆོད་པ་འབུལ། །དར་ཟབ་སྣ་ཚོགས་མཆོད་པ་འབུལ། །འབྲུ་སྣ་དགུ་ཡི་མཆོད་པ་འབུལ། །དཀར་གསུམ་མངར་གསུམ་མཆོད་པ་འབུལ། །ཇ་ཕུད་ཆང་ཕུད་མཆོད་པ་འབུལ། །ནམ་མཁའ་ཤིང་རིས་མཆོད་པ་འབུལ། །གཡག་ལུག་ར་གསུམ་མཆོད་པ་འབུལ། །གཟུགས་འགྲོས་སྣ་ཚོགས་མཆོད་པ་


CMR046_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། །མཆོད་པ་རྣམ་ལྔའི་མཆོད་པ་འབུལ། །མ་ལྷ་བུ་རྫི་མཆོད་པའི་ཡོན་ཏན་གྱིས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །མི་ལ་ན་ཚ་མ་གཏོང་ཞིག །ཕྱུགས་ལ་གོད་ཁ་མ་གཏོང་ཞིག །ཞིང་ལ་བཙའ་སར་སེད་གསུམ་མ་གཏོང་ཞིག །ཁ་འཛིན་སྡོང་གྲོགས་ཁྱེད་ཀྱིས་མཛོད། །ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཐབ་ལྷ་གཡུ་མོ་སྤྱན་འདྲེན་ནོ། །བུད་མེད་ལུས་ལ་གཡུ་ཆས་ཅན། །དར་ཟབ་ན་བཟའ་སྐུ་ལ་གསོལ། །ཕྱག་ན་གསེར་གྱི་སྐྱེམས་བུམ་བསྣམས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཁྱེད་ལ་མཆོད་པ་འབུལ་བ་ནི། །བདུད་རྩི་སྨན་གྱི་མཆོད་པ་དང་། །རྒྱལ་སྲིད་སྣ་བདུན་མཆོད་པ་འབུལ། །བཀྲ་ཤིས་རྫས་བརྒྱད་མཆོད་པ་འབུལ། །རིན་ཆེན་སྣ་བདུན་མཆོད་པ་འབུལ། །དར་ཟབ་སྣ་ཚོགས་མཆོད་པ་འབུལ། །འབྲུ་སྣ་དགུ་ཡི་མཆོད་པ་འབུལ། །དཀར་གསུམ་མངར་གསུམ་མཆོད་པ་འབུལ། །ཇ་ཕུད་ཆང་ཕུད་མཆོད་པ་འབུལ། །ནམ་མཁའ་ཤིང་རིས་མཆོད་པ་འབུལ། །གཡག་ལུག་ར་གསུམ་མཆོད་པ་འབུལ། །གཟུགས་འགྲོས་སྣ་ཚོགས་མཆོད་པ་འབུལ། །མཆོད་པ་རྣམ་ལྔའི་


CMR046_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་འབུལ། །ཐབ་ལྷ་གཡུ་མོ་མཆོད་པའི་ཡོན་ཏན་གྱིས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །མི་ལ་ན་ཚ་མ་གཏོང་ཞིག །ཕྱུགས་ལ་གོད་ཁ་མ་གཏོང་ཞིག །ཞིང་ལ་བཙའ་སད་སེར་གསུམ་མ་གཏོང་ཞིག །ཁ་འཛིན་སྡོང་གྲོགས་ཁྱེད་ཀྱིས་མཛོད། །ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་དང་། །ཡེ་ཤེས་ཆོས་སྐྱོང་སྲུང་མ་ཚོགས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །བདག་ཅག་རྣལ་འབྱོར་འཁོར་བཅས་རྣམས། །ཕྱོགས་བཞི་མཚམས་བརྒྱུད་གར་འགྲོ་ཡང་། །འཇིག་རྟེན་ལྷ་ཀླུ་བཞི་བདག་རྣམས། །རྟག་པར་བདག་གི་ཁྱིམ་ལྷ་མཛོད། །སྟེང་གི་ལྷ་ཡང་ཁྱིམ་ལྷ་མཛོད། །འོག་གི་ཀླུ་ཡང་ཁྱིམ་ལྷ་མཛོད། །བར་གྱི་གཉན་ཡང་ཁྱིམ་ལྷ་མཛོད། །དཀྱིལ་ཀར་འདི་ལ་བརྟན་པར་བཞུགས། །ཡོན་བདག་འདི་ཡི་ཁ་འཛིན་མཛོད། །ཅི་བསམ་འགྲུབ་པའི་དངོས་གྲུབ་སྩོལ། །བདེ་སྤྱོད་ཕུན་སུམ་ཚོགས་པར་ཤོག །བུ་ནོར་རིགས་རྒྱུད་འཕེལ་བར་མཛོད། །བཀྲ་ཤིས་བདེ་ལེགས་འགྲུབ་པར་མཛོད། །ཀྱཻ། བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །ཤར་གྱི་ཕྱོགས་ནས་རྡོ་རྗེ་སེམས་དཔས་སྲུངས། །ཉི་མ་ཤར་ཕྱོགས་བྱ་ར་མཛོད། །


CMR046_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་འདོད་ཕུན་སུམ་ཚོགས་པར་མཛོད། །ལྷོ་ཡི་ཕྱོགས་ནས་རིན་ཆེན་འབྱུང་ལྡན་སྲུངས། །ཉི་མ་ལྷོ་ཕྱོགས་བྱ་ར་མཛོད། །ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ་། །ནུབ་ཀྱི་ཕྱོགས་ནས་སྣང་བ་མཐའ་ཡས་སྲུངས། །ཉི་མ་ནུབ་ཕྱོགས་བྱ་ར་མཛོད། །ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ། །བྱང་གི་ཕྱོགས་ནས་དོན་ཡོད་གྲུབ་པས་སྲུངས། །ཉི་མ་བྱང་ཕྱོགས་བྱ་ར་མཛོད། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །དབུས་ཀྱི་ཕྱོགས་ནས་རྣམ་པར་སྣང་མཛད་སྲུངས། །ཉི་མ་དབུས་ཕྱོགས་བྱ་ར་མཛོད། །འདོད་པའི་དོན་རྣམས་འགྲུབ་པར་མཛོད། །ཕོ་བྲང་འདི་ལ་བཞུགས་སུ་གསོལ། །དཀྱིལ་ཀར་འདི་ལ་བརྟན་ཆོས་ལ། །ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ། །རྣམ་པར་སྣང་མཛད་ལ་སོགས་པའི། །རྒྱལ་བ་རིགས་ལྔའི་འཁོར་བཅས་ལ། །མཆོད་པ་སྣ་ཚོགས་འབུལ་བ་ནི། །བདུད་རྩི་སྨན་གྱི་མཆོད་པ་འབུལ། །རྒྱལ་སྲིད་སྣ་བདུན་མཆོད་པ་འབུལ། །བཀྲ་ཤིས་རྫས་བརྒྱད་མཆོད་པ་འབུལ། །རིན་ཆེན་སྣ་བདུན་མཆོད་པ་འབུལ། །དར་ཟབ་སྣ་ཚོགས་མཆོད་པ་འབུལ། །འབྲུ་སྣ་དགུ་ཡི་མཆོད་པ་འབུལ། །


CMR046_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གསུམ་མངར་གསུམ་མཆོད་པ་འབུལ། །ཇ་ཕུད་ཆང་ཕུད་མཆོད་པ་འབུལ། །ནམ་མཁའ་ཤིང་རིས་མཆོད་པ་འབུལ། །གཡག་ལུག་ར་གསུམ་མཆོད་པ་འབུལ། །གཟུགས་འགྲོས་སྣ་ཚོགས་མཆོད་པ་འབུལ། །མཆོད་པ་རྣམ་ལྔའི་མཆོད་པ་འབུལ། །མ་ལྷ་བུ་རྫི་མཆོད་པའི་ཡོན་ཏན་གྱིས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །མི་ལ་ན་ཚ་མ་གཏོང་ཞིག །ཕྱུགས་ལ་གོད་ཁ་མ་གཏོང་ཞིག །ཞིང་ལ་བཙའ་སད་སེར་གསུམ་མ་གཏོང་ཞིག །ཅི་བསམ་དོན་རྣམས་འགྲུབ་པར་མཛོད། །དེ་ནས་སྨྱུག་རྒོད་ཚིགས་གསུམ་པའམ་ཡང་ཚུན་དགུ་ཅན་ལ་དར་ཚོན་སྣ་ཚོགས་རིན་ཆེན་སྣ་ཚོགས་བཏགས་ལ་འདི་སྐད་དོ། །ཀྱཻ། སྲིད་པ་འདི་ནི་ཡུལ་གྱི་དབུས། །འཛམ་གླིང་ལྷོ་ཡི་རྒྱལ་ཁམས་ན། །སྲ་ཤིང་དེ་ནི་སྨྱུག་མ་ཡིན། །སྨྱུག་རྒོད་གཙང་མ་ཤ་ར་ར། །སྨྱུག་གི་མྱེས་པོ་གནམ་ཞེས་བྱ། །སྨྱུག་གི་ཕྱི་མོ་ས་ཞེས་བྱ། །ཕ་མ་གཉིས་ཀྱང་གནམ་ས་ཡིན། །དེ་གཉིས་སྲས་ནི་སྦ་དང་སྨྱུག །སྐྱེས་ལེགས་དེ་ནི་པུ་རུ་རུ། །ཡོན་ཏན་དེ་ནི་བརྒྱད་དང་ལྡན། །དྲང་དྲང་དེ་ནི་ཀ་ར་ར། །ཁོག་སྟོང་བྱང་ཆུབ་སེམས་ཀྱི་ངང་། །སྨྱུག་སྐད་གསུང་སྐད་ཀྱུ་རུ་རུ། །སྦ་སྐད་དེ་ནི་ལྷངས་སེ་


CMR046_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ལྷང་། །ཕྱི་ཤུན་དུང་ལྟར་སི་ལི་ལི། །རྩེ་ལ་གཡུ་འོད་སྔོན་པོ་འབར། །ལོ་ལྗང་དེ་ནི་ཐིབས་སེ་ཐིབ། །མེ་ཏོག་དེ་ནི་གཡུ་ལོ་སྔོ། །འབྲས་བུ་དེ་ནི་དུང་ལོ་དཀར་། །དེ་འདྲའི་རིན་ཆེན་སྨྱུག་རྒོད་འདི། །སྐུ་མཉེས་རིན་ཆེན་ཐབས་ཀྱིས་བླང་། །སྒྲུབ་པ་པོ་ཡིས་ཕྱག་ཏུ་ཕུལ། །སྐུ་སྐྱེས་མངའ་བདག་སྔགས་འཆང་གིས། །སྟེང་དུ་མི་འགོ་ཞིང་དུ་སྤེལ། །སྨྱུག་གིས་བརྒྱན་དུ་སྣ་ཚོགས་བཏགས། །ཁྱིམ་ལྷ་འཁོར་དང་བཅས་ལ་འབུལ། །སྐུ་གསུང་ཐུགས་ཀྱི་རྒྱན་མཛོད་ཅིག །སྐུ་གསུང་ཐུགས་ཀྱི་རྟེན་མཛོད་ཅིག །དེ་ནས་བལ་ཚོན་སྣ་ཚོགས་འབུལ་བ་ནི། །ཀྱཻ། མཛེས་པའི་བལ་ཚོན་སྣ་ལྔ་འདི། །རྒྱུ་ནི་བཀྲ་ཤིས་ལུག་ལས་བྱུང་། །ཁ་དོག་སྣ་ཚོགས་ཚོན་གྱིས་བསྒྱུར། །འཇའ་ཚོན་སྣ་ལྔ་འོད་འབར་ཁྱུགས་སེ་ཁྱུག །སྔགས་འཆང་བདག་གི་ཕྱག་ཏུ་ཕུལ། །སྣ་ཚོགས་ལྡེམ་པའི་བལ་ཚོན་འདི། །བཀྲ་ཤིས་སྨྱུག་མའི་རྩེ་ལ་ཕྱར། །འབྱུང་བ་རླུང་གིས་བསྐྱོད་དེ་་གཤེགས་།ལྷ་ཡི་གནས་སུ་ཕྱ་ར་ར། །འདོད་པའི་ཡོན་ཏན་བསམ་མི་ཁྱབ། །མེ་ཏོག་ཧ་ལོ་རྣམ་ལྔ་འབྱུང་། །མཛེས་པའི་བལ་ཚོན་སྣ་ལྔ་འདི། །ཁྱིམ་ལྷ་འཁོར་དང་


CMR046_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལ་འབུལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །དུག་ལྔའི་སྡུག་བསྔལ་ཞི་བར་མཛོད། །དེ་ནས་དར་ཟབ་འབུལ་བ་ནི། །ཀྱཻ། ལྷ་ཡི་དར་ཟབ་པཉྩ་ལི། །རྒྱུ་ནི་རྒྱ་མཚོའི་ཆུ་ལས་གྲུབ། །ཐབས་ཤེས་རྫུ་འཕྲུལ་ཡ་མ་ཟུང་། །དཀར་སེར་དམར་ལྗང་མཐིང་ག་འདི། །འགྲོ་བ་ལྷ་དང་མི་ཡི་བརྒྱན། །ཁ་དོག་སྣ་ཚོགས་འོད་དང་ལྡན། །ཡ་མཚན་རྨད་དུ་ཆེ་བའི་རྫས། །རྒྱལ་པོ་བཙུན་མོ་རྣམས་ཀྱིས་བསྐོར། །སྲོག་མེད་དོན་སྣོད་མདངས་དང་ལྡན། །དཀར་སེར་དམར་ལྗང་དར་ཟབ་འདི། །ཁྱིམ་ལྷ་འཁོར་དང་བཅས་ལ་འབུལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །རྒྱལ་བསེན་གདུག་རྩུབ་ཞི་བར་མཛོད། །དེ་ནས་བྱ་སྤུ་སྣ་ཚོགས་འབུལ་བ་ནི། །ཀྱཻ། རྒྱལ་བ་རིགས་ལྔ་ཁྱིམ་ལྷ་གེ་ཐུང་བ་འཁོར་བཅས་ལ། །ཡོན་བདག་ཚེ་སྲོག་བསླུ་བའི་ཕྱིར། །ཁྱིམ་ལྷ་འཁོར་བཅས་རྒྱན་དུ་ཆེ། །རྒྱུ་ནི་རིན་ཆེན་ཁྱུང་ལས་གྲུབ། །སྣ་ཚོགས་མཛེས་པའི་བྱ་སྤུ་འདི། །ཁྱུང་བཙུན་ཚངས་པའི་སྒོ་ནས་བྱུང་། །བྱ་ཡི་སྤུ་བཟང་འདི་འབུལ་ལོ། །དང་པོ་ཚངས་པ་ལྷ་ཡི་དཀོར། །བར་དུ་བཀྲ་ཤིས་མཛེས་པའི་བྱ། །ཐ་མ་མི་ཡི་ཡུལ་དུ་བབས། །རྨ་བྱ་


CMR046_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་བྱ་ནེ་ཚོ་ཁྲུང་ཁྲུང་དང་། །རྒོད་གླག་དེ་ཕོ་ཁྲ་དང་འུག་པ་དང་། །འདབ་ཆགས་རིགས་རྣམས་བསམ་མི་ཁྱབ། །སྐྲ་དང་བ་སྤུ་མཛེས་པའི་རྒྱུ། །ངོ་མཚར་ཆེ་བའི་བྱ་སྤུ་འདི། །སྔགས་འཆང་རྒྱལ་པོས་ཕྱག་ཏུ་འབུལ། །རྣལ་འབྱོར་སྔགས་འཆང་ཐབས་ལ་མཁས། །ཕོ་བྲང་ཁང་ཁྱིམ་བྱ་སྤུས་བརྒྱན། །བྱ་རིགས་སྤུ་འདི་རྒྱན་དུ་འབུལ། །སྔགས་འཆང་སྐྱེས་བུ་དབང་ཕྱུག་གིས། །ཁྱིམ་ལྷ་འཁོར་དང་བཅས་ལ་འབུལ། །སོ་སོའི་དཀོར་དུ་བཞེས་སུ་གསོལ། །སྦྱོར་བ་ངན་ན་སླད་ལ་སྒྱུར། །དེ་ནས་འབྲུ་སྣ་ཚོགས་དང་ཤེལ་ཚིགས་འབུལ་ལ། །ཀྱཻ། ཁྱིམ་ལྷ་འཁོར་དང་བཅས་པ་ལ། །ནས་འབྲས་གྲོ་ལ་སོགས་པ་ཡི། །འབྲུ་སྣ་དགུ་ཡི་མཆོད་པ་འབུལ། །དཀར་གསུམ་མངར་གསུམ་མཆོད་པ་འབུལ། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །ཁྱིམ་ལྷ་འཁོར་དང་བཅས་ལ་འབུལ། །ཁྲ་བོ་ཀུ་རུ་རྟ་རྒྱ་འབུལ། །ནག་པོ་ཟ་ལེ་འབྲི་རྒྱ་འབུལ། །ཁམ་པ་འགྱིང་བའི་གཡག་བརྒྱ་འབུལ། །དཀར་མོ་གཡང་མོ་ལུག་བརྒྱ་འབུལ། །བ་ལ་བེའུ་ཁྲིད་བ་བརྒྱ་འབུལ། །ར་ལ་རིས་ཁྲིད་ར་བརྒྱ་འབུལ། །ཉི་མ་དེ་རིང་ཕྱིན་ཆད་ནས། །མི་ལ་


CMR046_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཚ་མ་གཏོང་ཞིག །ཕྱུགས་ལ་གོད་ཁ་མ་གཏོང་ཞིག །ཞིང་ལ་བཙའ་སད་སེར་གསུམ་མ་གཏོང་ཞིག །ཅི་བསམ་དོན་རྣམས་འགྲུབ་པར་མཛོད། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཚེ་དང་བསོད་ནམས་སྟོབས་འབྱོར་ལ། །ཡོ་བ་ཡོད་ན་བསྲང་བར་མཛོད། །བུག་པ་ཡོད་ན་གཙང་དུ་གསོལ། །རལ་བ་ཡོད་ན་དྲུབ་ཏུ་གསོལ། །ཆད་པ་ཡོད་ན་མཐུད་དུ་གསོལ། །སྔོན་ནས་བསུས་ལ་རྒྱབ་ནས་སྐྱོལ། །ཆུ་ལ་འགྲོ་ན་ཟམ་པ་ཚུགས། །འཕྲང་ལ་འགྲོ་ན་སྐྱེལ་མ་མཛོད། །བྲག་ལ་འགྲོ་ན་ཐེམ་པར་མཛོད། །ཁ་འཛིན་རྒྱབ་རྟེན་མགོན་སྐྱབས་མཛོད། །བཅོལ་བའི་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད། །དེ་ནས་གཡག་ལུག་ར་གསུམ་འབུལ་བ་ནི། ཀྱཻ། དེ་རིང་ལྷ་ཡི་གཡག་ལུག་ར་གསུམ་འབའ་ཤེས་ངུར་ཤེས་འདི། །རིན་ཆེན་དུང་གི་བ་སྤུ་ཅན། །མགོ་ལ་རྭ་སྐྱེས་གཡུ་རུ་འཁྲུངས། །འབའ་སྐད་བདེ་ལ་ངུར་སྒྲ་སྙན། །རྔ་མ་སྤྲིན་ཕུང་གཏིབས་པ་འདྲ། །རྭ་གཉིས་ཐབས་དང་ཤེས་རབ་ཚུལ། །རྣ་བ་གཡས་དང་གཡོན་པ་ལ། །རིན་ཆེན་དར་ཚོན་སྣ་ལྔས་བརྒྱན། །ཕྲག་ཟེ་ཐུབ་ཆོད་གྲུམ་པས་བརྒྱན། །ཞལ་ནས་གཡུ་ཡི་ན་བུན་


CMR046_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

འཐུལ། །ལྗགས་ལ་ལི་ཁྲི་མཚལ་གྱིས་བྱུག །ལུས་རིན་ཆེན་དར་ཚོན་སྣ་ལྔས་བརྒྱན། །དེ་འདྲ་མཛེས་པའི་གཡག་ལུག་ར་གསུམ་འདི། །ལྷ་དང་སྲུང་མའི་རྟེན་དུ་བཙུགས། །ཁྱིམ་ལྷ་འཁོར་བཅས་རྟེན་དུ་བཙུགས། །ནོར་ལྷ་གཡང་ལྷའི་རྟེན་དུ་བཙུགས། །ཕོ་ལྷ་དགྲ་ལྷའི་རྟེན་དུ་བཙུགས། །ཤེལ་སྒོང་ནག་པོ་རྟེན་དུ་བཙུགས། །གཡག་ལུག་ར་གསུམ་སྤྱི་དཀར་འདི། །ཚེ་ལྷ་སྲོག་ལྷ་རྟེན་ལ་བྱོན། །ཡུལ་ལྷ་མགོན་བྱེད་རྟེན་ལ་བྱོན། །མ་ལྷ་བུ་རྫི་རྟེན་ལ་བྱོན། །ཁྱིམ་ལྷ་འཁོར་བཅས་རྟེན་ལ་བྱོན། །ཞང་ལྷ་གཉེན་པོ་རྟེན་ལ་བྱོན། །ལྷ་སྲུང་གཉེན་པོ་ཁྱེད་རྣམས་ལ། །ཕྱི་དང་ནང་གི་རྟེན་དུ་བཙུགས། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །ཉིན་གྱི་དུས་སུ་བྱ་ར་མཛོད། །མཚན་གྱི་དུས་སུ་མེལ་ཚེ་མཛོད། །ཡག་དང་སྤྱོད་ལ་ངན་དང་ཕྱེས། །རྒན་པ་རྣམས་ཀྱི་ཚེ་སྲིངས་ཤིག །གཞོན་པ་རྣམས་ཀྱི་དཔལ་བསྐྱེད་ཅིག །ནོར་དང་ལོངས་སྤྱོད་འཕེལ་བ་དང་། །བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །དེ་ནས་ནམ་མཁའ་འབུལ་བ་ནི། །ཀྱཻ། ཡང་གཅིག་ནམ་མཁའི་མཚན་ཉིད་བཤད། །ནམ་མཁའི་ཕ་དེ་གང་ཡིན་གང་མ་


CMR046_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ནམ་མཁའི་མ་དེ་གང་ཡིན་གང་མ་ཡིན། །བུ་སྤྱི་ལ་གྲུབ་པའི་ནམ་མཁའ་ཡིན། །དབུས་སུ་དཀར་པོ་བྲན་པ་ནི། །ལས་ཀྱི་རྟེན་འབྲེལ་ཅི་འདྲ་ཡིན། །དེ་འོག་མཐིང་ཁ་བྲན་པ་ནི། །ལས་ཀྱི་རྟེན་འབྲེལ་ཅི་འདྲ་ཡིན། །དེ་འོག་སེར་པོ་བྲན་པ་ནི། །ལས་ཀྱི་རྟེན་འབྲེལ་ཅི་འདྲ་ཡིན། །དེ་འོག་དམར་པོ་བྲན་པ་དེ། །ལས་ཀྱི་རྟེན་འབྲེལ་ཅི་འདྲ་ཡིན། །དེ་འོག་ལྗང་ཁུ་བྲན་པ་དེ། །ལས་ཀྱི་རྟེན་འབྲེལ་ཅི་འདྲ་ཡིན། །དེ་འོག་ནག་པོ་བྲན་པ་དེ། །ལས་ཀྱི་རྟེན་འབྲེལ་ཅི་འདྲ་ཡིན། །ཀྱཻ། སྣ་ཚོགས་ནམ་མཁའི་ཞལ་ན་རེ། །ང་ཡི་ཕ་དེ་ནམ་མཁའ་སྟོང་པ་ཡིན། །མ་ནི་བར་སྣང་སྟོང་པ་ཡིན། །བུ་ནི་འཇའ་ཚོན་རིགས་སུ་སྐྱེས། །དབུས་སུ་དཀར་པོ་དྲན་པ་དེ། །རྣམ་པར་སྣང་མཛད་རྟེན་དུ་བཙུགས། །དེ་འོག་མཐིང་ཁ་བྲན་པ་དེ། །ཤར་རྡོ་རྗེ་སེམས་དཔའི་རྟེན་དུ་བཙུགས། །དེ་འོག་སེར་པོ་བྲན་པ་དེ། །ལྷོ་རིན་ཆེན་འབྱུང་ལྡན་རྟེན་དུ་བཙུགས། །དེ་འོག་དམར་པོ་བྲན་པ་དེ། །ནུབ་སྣང་བ་མཐའ་ཡས་རྟེན་དུ་བཙུགས། །དེ་འོག་ལྗང་ཁུ་བྲན་པ་དེ། །བྱང་དོན་ཡོད་གྲུབ་པ་རྟེན་དུ་བཙུགས། །དེ་འོག་ནག་པོ་བྲན་པ་ནི། །


CMR046_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་ལྷ་གེ་ཐུང་རྟེན་དུ་བཙུགས། །ཕྱོགས་བཞི་བལ་ཚོན་བཏགས་པ་ནི། །རྣམ་པར་སྣང་མཛད་ལ་སོགས་པའི། །རྒྱལ་བ་རིགས་ལྔའི་རྟེན་དུ་འཛུགས། །ཁྱིམ་ལྷ་གེ་ཐུང་རྟེན་དུ་འཛུགས། །ཕ་མཚུན་མ་མཚུན་རྟེན་དུ་འཛུགས། །ཕོ་ལྷ་དགྲ་ལྷའི་རྟེན་དུ་འཛུགས། །མ་ལྷ་བུ་རྫི་རྟེན་དུ་འཛུགས། །རྟེན་དུ་བཙུགས་པའི་ཡོན་ཏན་གྱིས། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །མི་ལ་ན་ཚ་མ་གཏོང་ཞིག །ཕྱུགས་ལ་གོད་ཁ་མ་གཏོང་ཞིག །ཞིང་ལ་བཙའ་སད་སེར་བ་མ་གཏོང་ཞིག །ཅི་བསམ་དོན་རྣམས་འགྲུབ་པར་མཛོད། །དེ་ནས་ཤིང་བཀྲརྣམས་འབུལ་བ་ནི། ཀྱཻ། བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །རྒྱལ་བ་རིགས་ལྔ་འཁོར་བཅས་དང་། །ཁྱིམ་ལྷ་འཁོར་དང་བཅས་པ་ལ། །ཤིང་རིས་སྣ་ཚོགས་འདི་འབུལ་ལོ། །ཕ་མཚུན་འཁོར་དང་བཅས་ལ་འབུལ། །ཕོ་ལྷ་དགྲ་ལྷ་རྣམས་ལ་འབུལ། །མ་ལྷ་བུ་རྫི་རྣམས་ལ་འབུལ། །ནོར་ལྷ་གཡང་ལྷ་རྣམས་ལ་འབུལ། །ཡུལ་ལྷ་གཞི་བདག་རྣམས་ལ་འབུལ། །ཁ་འཛིན་སྡོང་གྲོགས་མཛད་དུ་གསོལ། །ངན་དང་ཕྱེས་ལ་བཟང་དང་སྤྱོད། །སྡང་བྱེད་དགྲ་བོ་རྡུལ་དུ་


CMR046_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

རློགས། །མི་ལ་ན་ཚ་ཁྱོད་ཀྱིས་ཟློག །ཕྱུགས་ཀྱི་གོད་ཁ་ཁྱོད་ཀྱིས་ཟློག །བསམ་པའི་བར་ཆད་ཁྱོད་ཀྱིས་ཟློག །ཞིང་ལ་བཙའ་སད་སེར་གསུམ་ཁྱོད་ཀྱིས་ཟློག །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་ཤིང་རྩི་སྣ་ཚོགས་འབུལ་བ་ནི། །ཀྱཻ། དེ་རིང་སྲིད་པའི་གནམ་གང་ལ། །ཁྱིམ་ལྷ་འཁོར་དང་བཅས་པ་ལ། །ཤིང་རྩི་བརྒྱན་ལྡན་འདི་འབུལ་བས། །དེ་རིང་ཕོ་བྲང་འདི་ལ་བརྟན་པ་བཞུགས་སུ་གསོལ། །ཤིང་རྩི་སྣ་ཚོགས་འདི་ལ་བརྟན་དར་བྱོན། །ཙནྡན་དཀར་པོ་ཕོ་ལྷའི་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །སུར་དཀར་མཚུན་གྱི་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །སྤེན་མ་ཀླུ་ཡི་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །སྦ་སྨྱུག་ལྷ་ཡི་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །དབྱར་པ་ས་བདག་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །ཚར་བུ་སྟོད་ཀྱི་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །སྟག་པ་གཉན་གྱི་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །འབོ་དཀར་མི་ཡི་བླ་ཤིང་ཡིན། །སྐུ་ཤིང་


CMR046_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་བརྟན་པར་བཞུགས། །ཉ་སྦྲིད་ཡུལ་ལྷའི་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །ཚེར་མ་མི་སྨན་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །ཤུག་པ་དགྲ་ལྷའི་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །གླ་སྒང་དགེ་བསྙེན་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །ལྕང་མ་འདྲེ་གདོན་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །ཤིང་རྩི་སྣ་ཚོགས་ཀླུ་དང་ས་བདག་བླ་ཤིང་ཡིན། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །ཀྱཻ། དེ་ལྟར་ཤིང་རྩི་སྣ་ཚོགས་འདི། །ཆག་གྲུགས་གཞོབ་ཏུ་མ་སོང་བ། །བལ་ཚོན་སྣ་ཚོགས་བརྒྱན་པ་འདི། །རྒྱལ་བ་རིགས་ལྔ་འཁོར་བཅས་དང་། །ཁྱིམ་ལྷ་འཁོར་དང་བཅས་ལ་འབུལ། །སྐུ་ཤིང་འདི་ལ་བརྟན་པར་བཞུགས། །ཡོན་བདག་འདི་ལ་ཁ་འཛིན་མཛོད། །ཁྱིམ་ལྷ་འཁོར་དང་བཅས་པ་ལ། །ཤིང་རྩི་སྣ་ཚོགས་ཕུལ་བའི་བསོད་ནམས་ཀྱིས། །བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །མི་ལ་ན་ཚ་མ་གཏོང་ཞིག །ཕྱུགས་ལ་གོད་ཁ་མ་གཏོང་ཞིག །ཞིང་ལ་བཙའ་སད་སེར་གསུམ་མ་གཏོང་ཞིག །


CMR046_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་རིན་པོ་ཆེ་སྣ་ཚོགས་འབུལ་བ་ནི། །ཀྱཻ། སྐུ་ནི་རྣམ་པར་སྣང་མཛད་ལྷ། །གསུང་ནི་སྣང་བ་མཐའ་ཡས་ལྷ། །ཐུགས་ནི་རྡོ་རྗེ་སེམས་དཔའ་ལྷ། །རིན་ཆེན་འབྱུང་ལྡན་ཡོན་ཏན་ལྷ། །དོན་ཡོད་གྲུབ་པ་ཕྲིན་ལས་ལྷ། །རིགས་ལྔ་ཡོངས་རྫོགས་ཁྱིམ་གྱི་ལྷ། །རིན་པོ་ཆེ་ཡི་རྟེན་གཅིག་འབུལ། །རྟེན་ལ་བཀོད་ཅིང་བཞུགས་སུ་གསོལ། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཧཱུྃ། དེ་རིང་བཀྲ་ཤིས་ཁྱིམ་ལྷ་ལ། །རིན་ཆེན་སྣ་ཚོགས་རྟེན་དུ་བཙུགས། །དུང་དཀར་རྣམ་སྣང་རྟེན་དུ་བཙུགས། །ཤེལ་འདི་རྡོ་རྗེ་སེམས་དཔའི་རྟེན་དུ་བཙུགས། །གསེར་འདི་རིན་ཆེན་འབྱུང་ལྡན་རྟེན་དུ་བཙུགས། །ཟངས་འདི་སྣང་བ་མཐའ་ཡས་རྟེན་དུ་བཙུགས། །གཡུ་འདི་དོན་ཡོད་གྲུབ་པའི་རྟེན་དུ་བཙུགས། །ལྕགས་འདི་ཡི་དམ་ལྷ་ཚོགས་རྣམས་ཀྱི་རྟེན་དུ་བཙུགས། །དངུལ་འདི་མ་རྒྱུད་མཁའ་འགྲོ་རྣམས་ཀྱི་རྟེན་དུ་བཙུགས། །ཁེཌུརླ་འདི་ཆོས་སྐྱོང་སྲུང་མ་རྣམས་ཀྱི་རྟེན་དུ་བཙུགས། །མུ་ཏིག་ཁྱིམ་ལྷ་རྣམས་ཀྱི་རྟེན་དུ་བཙུགས། །སྦ་སྨྱུག་དར་ཟབ་བལ་ཚོན་སྣ་ཚོགས་འདི། །གཉན་ཆེན་


CMR046_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་བཞི་རྣམས་ཀྱི་རྟེན་དུ་བཙུགས། །དཀར་གསུམ་མངར་གསུམ་མཆོད་པ་འབུལ། །སྨན་སྣ་བཟང་དྲུག་མཆོད་པ་འབུལ། །ས་བདག་ཀླུ་གཉན་རྣམས་ཀྱི་རྟེན་དུ་བཙུགས། །ཀྱཻ། བཀའ་བརྒྱུད་བླ་མ་རྟེན་ལ་བཞུགས་སུ་གསོལ། །ཡི་དམ་ལྷ་ཚོགས་རྟེན་ལ་བཞུགས་སུ་གསོལ། །མ་རྒྱུད་མཁའ་འགྲོ་རྟེན་ལ་བཞུགས་སུ་གསོལ། །ཆོས་སྐྱོང་སྲུང་མ་རྟེན་ལ་བཞུགས་སུ་གསོལ། །ཁང་ཁྱིམ་འདི་ལ་བྱིན་ཕོབ་ཅིག །སྔགས་འཆང་སྤྲོ་བ་བསྐྱེད་པར་མཛོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །བཀྲ་ཤིས་དབང་ཐང་རྒྱས་པར་མཛོད། །རིགས་རྒྱུད་བུ་ནོར་འཕེལ་བར་ཤོག །ཀྱཻ། དེ་རིང་ཡོན་གྱི་བདག་པོ་ཡི། །ཁྱིམ་ལྷ་གཉེན་པོའི་ལྷ་ཚོགས་ལ། །རིན་ཆེན་སྣ་ལྔའི་མཆོད་པ་འབུལ། །ཁྱིམ་ལྷ་གཉེན་པོའི་ལྷ་ཚོགས་ལ། །འབྲུ་སྣ་ལྔ་ཡི་མཆོད་པ་འབུལ། །ཁྱིམ་ལྷ་གཉེན་པོའི་ལྷ་ཚོགས་ལ། །དར་སྣ་ལྔ་ཡི་མཆོད་པ་འབུལ། །ཁྱིམ་ལྷ་གཉེན་པོའི་ལྷ་ཚོགས་ལ། །མེ་ཏོག་སྣ་ལྔའི་མཆོད་པ་འབུལ། །ཁྱིམ་ལྷ་གཉེན་པོའི་ལྷ་ཚོགས་ལ། །ཞལ་ཟས་ལྔ་ཡི་མཆོད་པ་འབུལ། །ཁྱིམ་ལྷ་གཉེན་པོའི་ལྷ་ཚོགས་ལ། །སྒྲ་སྙན་སྣ་


CMR046_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་མཆོད་པ་འབུལ། །ཁྱིམ་ལྷ་གཉེན་པོའི་ལྷ་ཚོགས་ལ། །ཇ་ཕུད་ཆང་ཕུད་མཆོད་པ་འབུལ། །ཁྱིམ་ལྷ་གཉེན་པོའི་ལྷ་ཚོགས་ལ། །གཡག་ལུག་ར་གསུམ་མཆོད་པ་འབུལ། །ཁྱིམ་ལྷ་གཉེན་པོའི་ལྷ་ཚོགས་ལ། །དཀར་གསུམ་མངར་གསུམ་མཆོད་པ་འབུལ། །ཁྱིམ་ལྷ་གཉེན་པོའི་ལྷ་ཚོགས་ལ། །ཕྱེ་མར་ཟས་ཕུད་མཆོད་པ་འབུལ། །ཕྱི་ནང་བར་ཆད་ཞི་བར་མཛོད། །ཀི་བསྭ་ཆའོ་ལྷ་རྒྱལ་ལོ། །ཀྱཻ། རིན་ཆེན་སྣ་ལྔའི་གཡག་ལུག་ར་གསུམ་འདི། །ཆེ་ཚོ་མཛེས་ཤིང་རྩལ་མྱུར་ལྡན། །སྐུ་ནི་རི་བོ་བཞེངས་པ་འདྲ་། །རྒྱ་ནི་ཆེ་བ་སྟོང་གསུམ་ཁེངས། །ནམ་མཁའ་བས་ཀྱང་འཕང་རེ་མཐོ། །སྤུ་ཐོག་མར་ལས་བྱས་པ་ཡིན། །ཁྲག་ནི་ཆུ་ལ་གནས་པ་ཡིན། །དབུགས་ནི་རླུང་ལ་བྱས་པ་ཡིན། །རྨིག་བཞི་ལྕགས་ལ་བྱས་པ་ཡིན། །རྭ་ལ་ཡེ་ཤེས་མེ་འོད་འབར་བ་ཡིན། །སྐར་ཕྲན་བས་ཀྱང་གྲངས་མང་འདི། །བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་འཁོར་བཅས་དང་། །ཁྱིམ་ལྷ་འཁོར་དང་བཅས་ལ་འབུལ། །རྒྱལ་བ་རིགས་ལྔ་ལ་སོགས་པའི། །ཁྱིམ་ལྷ་འཁོར་བཅས་ཁྱེད་


CMR046_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི། །ཕོ་བྲང་བཞུགས་ཡུལ་ཞིང་ཁམས་སུ། །འདོད་ཡོན་ལྔ་དང་ལྡན་གྱུར་ཅིག །དགྱེས་རབ་མཆོག་ལ་མཉེས་པར་འབུལ། །དམ་པ་མཆོག་དང་ལྡན་གྱུར་ཅིག །འཁོར་རྣམས་སྲུངས་ལ་རྐྱེན་རྣམས་ཟློག །སྡང་དགྲ་སོད་ལ་གདོན་བགེགས་ཐུལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །མཆོད་པ་སྣ་ཚོགས་ཕུལ། དེ་ནས་བཀྲ་ཤིས་དང་འདོད་གསོལ་བྱ་དགོས་བརྟན་བཞུགས་ཕྲིན་བཅོལ་སྤྱི་དང་མཐུན་པར་བྱའོ། །ཞེས་པ་སྔགས་འཆང་རཱ་ག་ཨ་སྱས་སྦྱར་བ་ལ་ཉེས་འགལ་མཆིས་ན་མཁའ་འགྲོའི་ཚོགས་ལ་བཤགས། བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར་ཅིག །དགེ་བས་བདག་ཅག་འཁོར་བཅས་དགེ་ལེགས་ཤོག །སརྦ་མངྒ་ལཾ།། དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཁྱིམ་ལྷ་བསྟོད་པ་རིན་པོ་ཆེའི་ལེགས་ཚོགས།


CMR046_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་ལྷ་བསྟོད་པ་རིན་པོ་ཆེའི་ལེགས་ཚོགས་བཞུགས་སོ།


CMR046_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །དུས་བཟང་གི་ཡར་ཚེས་གཟའ་སྐར་བཟང་ཞིང་རྒྱལ་ཕུར་ལྟ་བུ་ལ། རིན་ཆེན་དར་སྣ་འབྲུ་སྣ་སྨན་སྣ་ཤིང་སྣ་ལ་བལ་ཚོན་གྱིས་ཅི་མཛེས་བསགས་ལ། ནམ་མཁའ་དང་ཤིང་རིས་ལྔ་ལ་རིགས་ལྔའི་ཕྱག་མཚན་ས་བོན་དང་། བཀྲ་ཤིས་རྟགས་བརྒྱད་ཉེ་བའི་རིན་ཆེན་སྣ་བདུན་སོགས། །ཚོན་རྩི་སོགས་ཀྱིས་ཅི་མཛེས་པ་བསགས་ལ། ཁང་པའི་ཕུགས་སམ། ཀ་བའི་ངོས་ལྟ་བུ་ལ་འཛུགས་ཤིང་འདི་གྱེར་རོ། །ཨོཾ་སྭ་བྷ་ཝ་སོགས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེའི་གཞལ་ཡས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་དང་ཉི་ཟླའི་གདན་ལ་ཁྱིམ་ལྷ་གེའུ་ཐུང་སྐུ་མདོག་གསེར་རི་


CMR046_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་པོ་ལ་ཉི་མ་འབུམ་གྱི་མདངས་དང་ལྡན་པ་ཞལ་གཅིག་ཕྱག་གཉིས་གཡས་བཱི་ཛ་པུ་ར་དང་། གཡོན་ནེའུ་ལེ་འཛིན་པ། དར་དང་རིན་པོ་ཆེས་རྒྱན་གྱིས་བརྒྱན་པ། རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ། འཁོར་དུ་ནོར་བདག་འབུམ་གྱིས་བསྐོར་བ། དེའི་སྟེང་གི་ཆ་ལ་རྩ་བརྒྱུད་ཀྱི་བླ་མ། བར་གྱི་ཆ་ལ་ཡི་དམ་གྱི་ལྷ་ཚོགས། འོག་གི་ཆ་ལ་ཆོས་སྐྱོང་བའི་སྲུང་མའི་ཚོགས་དཔག་ཏུ་མེད་པ། ལྷ་ཚོགས་དེ་དག་གི་གནས་གསུམ་རྡོ་རྗེ་གསུམ་གྱི་མཚན་པ་ལས་འོད་ཟེར་འཕྲོས། རང་བཞིན་དག་པའི་ཕོ་བྲང་ནས་མཆོག་གསུམ་རྒྱལ་བ་སྲས་བཅས་སྤྱན་


CMR046_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས། བཛྲ་ས་མཱ་ཡ་ཛཿ ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །རྩ་གསུམ་ནོར་ལྷ་ཆོས་སྲུང་སོགས། །མ་ལུས་འཁོར་དང་བཅས་པ་རྣམས། །ཚུར་བྱོན་ཚུར་བྱོན་གཤེགས་སུ་གསོལ། །གཤེགས་ནས་གནས་འདིར་བཞུགས་སུ་གསོལ། །བཞུགས་ནས་རྣལ་འབྱོར་བདག་ཅག་ལ། །དྲན་པ་ཙམ་གྱིས་དངོས་གྲུབ་ཀྱི། །འདོད་དགུའི་ཆར་ཆེན་འབེབ་ཏུ་གསོལ། །ཛཿཧཱུྃ་བཾ་ཧོས་དམ་ཡེ་འདྲེས། པདྨ་ཀ་མ་ལཱ་ཡ་ཧཱུྃ། དབང་ལྷ་སྤྱན་དྲངས་དབང་བསྐུར་ནས། །རིན་ཆེན་འབྱུང་ལྡན་རྒྱས་གདབ་གྱུར། །ཞིང་ཁམས་རྒྱ་མཚོ་དཔག་མེད་ན། །མཆོད་རྫས་རྒྱ་མཚོ་དཔག་མེད་དང་། །གུས་པས་དངོས་བཤམས་ཡིད་སྤྲུལ་བཅས། །བདག་ལ་བརྩེ་བས་བཞེས་ནས་ཀྱང་། །བདག་དང་སེམས་ཅན་ཐམས་ཅད་ལ། །དངོས་གྲུབ་ཀུན་གྱི་བཀའ་དྲིན་སྩོལ། །གཞན་ཡང་བཀྲ་ཤིས་རྫས་རྟགས་བརྒྱད། །རྒྱལ་སྲིད་ཉེ་བའི་རིན་ཆེན་བདུན། །ལྷ་མིའི་འབྱོར་པ་ལས་བྱུང་བའི། །འདོད་ཡོན་མ་ཚང་མེད་པ་རྣམས། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །དགྱེས་པ་སྐྱེད་བྱེད་རྟེན་དུ་འབུལ། །ནམ་ཞེས་བྱ་བ་སྟོང་པ་དང་། །མཁའ་ཞེས་བྱ་


CMR046_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཅི་ཡང་སྟོང་། །དུག་ལྔ་རང་དག་སྐུ་ལྔ་ཡི། །འོད་ཟེར་ཁ་དོག་ལྔ་ལྡན་འདི། །སྐུ་ལྔའི་བདག་ཉིད་ཁྱེད་ལ་འབུལ། །བཞེས་ནས་སྣང་སྲིད་གསལ་བར་སྟོན་། །དགོས་འདོད་འབྱུང་བའི་དཔག་བསམ་ཤིང་། །ཕྱག་མཚན་ལྔ་ཡི་མཆོད་པའི་ཚོགས། །ཤིང་རིས་འཇའ་ཚོན་འོད་དུ་འབར། །ཡུལ་མཁར་ཞིང་གི་རྟེན་དུ་འབུལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཁ་འཛིན་རྒྱབ་རྟེན་སྡོང་གྲོགས་མཛོད། །འདོད་པའི་ཡོན་ཏན་ལྔ་ལྡན་པའི། །ཤིང་རྩི་རྒྱན་ལྡན་འདི་འབུལ་བས། །ཕོ་བྲང་འདི་ལ་བཞུགས་སུ་གསོལ། །མོན་ཡུལ་ལྷོ་སྨྱུག་ལྡེམ་པ་ལ། །བྱ་རྒྱལ་རྒོད་ཀྱི་དང་རུས་བརྒྱན། །ཁ་དོག་དམར་བ་མཚལ་གྱིས་བྱུག །རྣོ་དབལ་ལྡན་པའི་མདེའུ་སྤྱད། །སྐྱེས་པ་ཕོ་ཡེ་ཡི་རྟེན་ཤིང་འབུལ། །མཆོག་གི་རྒྱལ་བ་སྲས་བཅས་དང་། །ས་བདག་ཡུལ་ལྷ་གཞི་བདག་དང་། །གྲོགས་ལྷ་ཕོ་ལྷ་དགྲ་བླ་དང་། །མ་ལྷ་ཞང་ལྷ་གཉན་པོ་དང་། །མཆོད་ཡུལ་དམ་པ་ཁྱེད་རྣམས་ཀྱིས། །རྣལ་འབྱོར་བདག་ལ་བརྩེར་དགོངས་ཏེ། །ཚེ་དཔལ་ནོར་སྤེལ་དགྲ་བགེགས་སྒྲོལ། །ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་མཛོད། །ཕར་འགྲོ་སྐྱེལ་


CMR046_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཚུར་འོང་དུས་བདག་གིས། །བསུ་མ་ལྟ་བུའི་མྱུར་དུ་ཕྲིན་ལས་མཛོད། །མི་ཡི་ན་ཚ་བཟློག་ཏུ་གསོལ། །ནོར་གྱི་གོད་ཡམས་བཟློག་ཏུ་གསོལ། །ཞིང་གི་བཙའ་སད་བཟློག་ཏུ་གསོལ། །སྔོན་གྱི་ལས་ངན་བཟློག་ཏུ་གསོལ། །འཕྲལ་གྱི་རྐྱེན་ངན་བཟློག་ཏུ་གསོལ། །གཞན་གྱི་བྱད་ཁ་བཟློག་ཏུ་གསོལ། །སྡེ་བརྒྱད་ཟོར་ཁ་བཟློག་ཏུ་གསོལ། །མོ་རྩིས་རྨི་ལྟས་ངན་པ་བཟློག་ཏུ་གསོལ། །སྐག་དང་སྲི་ངན་ཐམས་ཅད་བཟློག་ཏུ་གསོལ། །དངོས་གྲུབ་མ་ལུས་བསྩལ་དུ་གསོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་བརྟན་བཞུགས་ནི། །ཀྱཻ། མཆོག་གསུམ་ཡི་དམ་ཆོས་སྲུང་བཅས། །འོད་དུ་ཞུ་ནས་ཛ་ལྷར་ཐིམ། །གནས་ཁང་གཞལ་ཡས་ཁང་དུ་གྱུར། །ཡོ་བྱད་མཆོད་པའི་རྫས་སུ་གྱུར། །འཁོར་བ་ཇི་སྲིད་མ་སྟོངས་བར། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཉིན་རེ་བཞིན་དུ་དུས་ཀུན་ཏུ། །ཅི་ནུས་སུ་ནི་མཆོད་པར་བགྱི། །རྣལ་འབྱོར་བདག་ལ་ཅི་འདོད་པའི། །དངོས་གྲུབ་བླ་ན་མེད་པ་སྩོལ། །ཡེ་དྷརྨ་བརྗོད་ཅིང་མེ་ཏོག་འཐོར། །ཤིས་པ་བརྗོད་ལ་རོལ་མོ་དཀྲོལ། །དགའ་སྤྲོ་བྱེད་ཅིང་ཚིག་སྙན་སྨྲ། །གོས་བཟང་གཡོགས་ཤིང་རྒྱན་བཟང་


CMR046_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས། །དུས་ཀུན་ཟས་ནོར་ཕུད་ཀྱིས་མཆོད། །གང་བཅོལ་ལས་ལ་སོམ་ཉི་སྤང་། །ཐུན་མོང་དངོས་གྲུབ་སྟེར་བར་བྱེད། །མཐར་ཐུག་མཆོག་གི་དངོས་གྲུབ་ཀྱང་། །བདེ་བླག་ཉིད་དུ་རྙེད་པར་གྱུར། །དེ་སྐད་རཱ་ག་ཨ་སྱས་སྨྲས།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཁྱིམ་ལྷ་བསྟོད་པའི་སྲུང་བ་རྩེན་པ།


CMR046_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་ལྷ་བསྟོད་པའི་སྲུང་བ་རྩེན་པ་བཞུགས་སོ།


CMR046_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་སྲུང་རྩེན་པ་ནི། ཀྱཻ། ཕྱྭ་གཡང་དང་པོ་གང་ནས་སྲིད། །ཕྱྭ་དང་གཡང་ལས་བྱུང་བ་ཡིས། །གནམ་ལ་གཡང་གི་ཆར་འབེབས་འབབས། །ས་ལ་འབྱུང་ལྔའི་དྲོད་སྐྱེས་པ། །ཞིང་ལྷ་སྔོན་མོ་ནས་ཀྱིས་གང་། །འབྲུ་དྲུག་ནས་ཀྱི་འཕེལ་གཡང་ནི། །གཞི་མཉམ་བང་བའི་ནང་དུ་བླུགས། །གཞི་མཉམ་བང་བ་ཚུར་ལྕགས་ཅན། །བང་བ་ལྡེའུ་མིག་མ་བྱེ་ཅིག །ཕུ་ལྷ་གཡང་ལྷ་བང་ལྷ་གསུམ། །ལྡེའུ་མིག་འདི་ལ་བསྲུང་དུ་གསོལ། །རྒྱ་སྒོ་ལ། །ཀྱཻ། ཕྱོགས་བཞི་རིགས་བཞིའི་སྒོ་མོ་ལ། །གཡས་སུ་སྟག་མོ་ངར་ཆེན་གནས། གཡོན་དུ་གཡག་


CMR046_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྭ་ཆེན་གནས། །སྒོ་ལྷ་སྟག་གཡག་ངར་ཞིང་འགྱིང་། །ཕྱི་ཡི་དགྲ་བགེགས་ནང་དུ་མ་ཤོར་ཅིག །ནང་གི་དངོས་གྲུབ་ཕྱི་རུ་མ་གཏོང་ཞིག །སྒོ་སྲུང་ཁྲོ་བོ་ཁྲོ་མོ་དང་། །གཏེར་བདག་ནོར་སྒོ་བསྲུང་བའི་ལྷ། །ཕྱུ་ལྷ་གཡང་ལྷ་སྒོ་ལྷ་ཡིས། །སྒོ་མོ་འདི་ལ་བསྲུང་དུ་གསོལ། །དབུས་ཀ་ལ། ཀྱཻ། སྐུ་མཁར་ཁྲ་མོའི་དབུས་ཀ་འདི། །གསེར་གྱི་ཀ་བ་ཁ་ནས་མ་གས་ཤིག །གཡུ་ཡི་གདུང་མ་སྐེད་ནས་མ་ཆག་ཅིག །དུང་གི་དར་ཁྲབ་མ་འཐོར་ཞིག །སྲིད་པ་རྒྱལ་པོའི་ཕྱུ་གཡང་དང་། །མཐའ་སྨན་རྒྱལ་མོའི་མ་གཡང་དང་། །ཕྱྭ་ལྷ་གཡང་ལྷ་


CMR046_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་ལྷ་རྣམས། །དབུས་ཀ་འདི་ལ་བསྲུང་དུ་གསོལ། །ཐབ་ཀ་ལ། །ཀྱཻ། ཐབ་ཀ་རིན་ཆེན་ཕྱུག་མོའི་མ་སྐྱེད་འདི། །ཕ་སྐྱེད་གཡས་སུ་མ་ཡོ་ཅིག །མ་སྐྱེད་གཡོན་དུ་མ་ཡོ་ཅིག །ཐབ་དང་འཁོན་ཐབ་མ་གཏོང་ཞིག །ཐབ་ཁ་རིན་ཆེན་ཕྱུག་མོའི་ཁར། །བཙོ་བསྲེག་གཡོ་བཀོལ་རྒྱུན་མི་འཆད། །ལོངས་སྤྱོད་མི་བཟད་ཟས་གཡང་ལྷ། །ཕྱུ་ལྷ་གཡང་ལྷ་ཐབ་ལྷ་རྣམས། །ཐབ་ཁ་མ་སྐྱེད་འདི་ལ་བསྲུང་དུ་གསོལ། །ཆུ་ར་ལ། ཀྱཻ། ཆུ་ར་རྒྱ་མཚོ་ཕྱུག་མོ་འདི། །ཞབས་རྡོལ་གློ་བུར་མ་ཟག་ཅིག །ཁ་སྦུབ་མགོ་རྟིང་མ་ལོག་ཅིག །བདུད་རྩིའི་ཆུ་རྒྱུན་མ་ཆད་ཅིག །ཀླུ་ཆེན་བརྒྱད་ཀྱི་འཕེལ་གཡང་དང་། །ཕྲུ་ལྷ་གཡང་ལྷ་ཆུ་རའི་ལྷ། །ཆུ་ར་རྒྱ་མཚོ་འདི་ལ་བསྲུང་དུ་གསོལ། །རང་འཐག་ལ། །ཀྱཻ། རང་འཐག་རུས་སྦལ་རྒྱ་བོ་འདི། །རུས་སྦལ་ཁ་འཐམ་མ་བྱུང་ཞིག །འཚོ་བ་གཡོན་སྐོར་བྱེད་དུས་སུ། །ལྟས་ངན་ཁྲག་ཏུ་མ་འབེབས་ཤིག །ལོངས་སྤྱོད་ཕྱེ་རྒྱུན་མ་ཆད་ཅིག །ས་བདག་ཀླུ་གཉན་མགོན་གཡང་དང་། །ཕྲུ་ལྷ་གཡང་ལྷ་བཟའ་བཏུང་ལྷ། །རང་འཐག་འདི་ལ་བསྲུང་དུ་གསོལ། །ཕུགས་ཁང་ཁྲ་མོ་ལ། ཀྱཻ། ཕུགས་ཁང་ཁྲ་


CMR046_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་མཛོད་ཕུགས་སུ། །ཕུག་གི་བཟའ་བཏུང་སྣ་ཚོགས་དང་། །སྲིད་པ་ཕྱ་མུ་གཙུག་གསུམ་གྱི། །ཕོ་རྒྱུད་ཡབ་ཀྱི་བཀྲ་གཡང་དང་། །མོ་རྒྱུད་ཡུམ་གྱི་བཟང་གཡང་དང་། །བུ་རྒྱུད་སྲས་ཀྱི་དར་གཡང་དང་། །སྨན་རྒྱུད་བུ་མོའི་མཛངས་གཡང་རྣམས། །ཕུགས་ཁང་ཁྲ་མོ་འདི་ལ་བསྲུང་དུ་གསོལ། །མདའ་དར་ལ། ཀྱཻ། བཀྲ་ཤིས་ཕུན་སུམ་ཚོགས་པའི་རྟེན། །ཕྱུ་གཡང་ནོར་གཡང་བཞུགས་པའི་རྟེན། །མི་སྲོག་འདི་ནི་མདའ་ལ་རྟེན། །མདའ་སྲོག་འདི་ནི་ལྷ་ལ་བཅོལ། །ལྷ་སྲུང་གཉན་པོས་བསྲུང་དུ་གསོལ། །ཕྱྭ་གཡང་ནོར་གཡང་བསྲུང་དུ་གསོལ། །མདའ་འདི་ལྟོང་ལ་རྟེན་དུ་གསོལ། །སྨྱུག་མའི་ཚིགས་ལ་རྟེན་དུ་གསོལ། །སྒོ་ཡི་ཟུར་ལ་རྟེན་དུ་གསོལ། །དར་གྱི་ལྕེ་ལ་རྟེན་དུ་གསོལ། །མ་ཡོ་མ་འཁྱུགས་རྟེན་དུ་གསོལ། །ཁྱིམ་ལྷ་བསྲུང་རྩེན་ཨ་རཱ་གས་སྦྱར་བ་རེ་ཞིག་དགེའོ། །ཡེ་དྷརྨ་སོགས་བརྗོད། སྤྱན་འདྲེན་པའི་ལྷ་ཐམས་ཅད་གནས་ཁང་ལ་བསྟིམ་པར་གྱུར་ཅིག །བསོད་ནམས་རི་སོགས། མངྒ་ལཾ། ཤུ་བྷཾ། དགེའོ།། །། ༧ ནང་ཆེན་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཕུགས་ལྷ་དང་ཀ་ལྷ་བསྟོད་པ།


CMR046_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཕུགས་ལྷ་དང་ཀ་ལྷ་བསྟོད་པའི་དབུ་ཕྱོགས་བཞུགས་སོ།


CMR046_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཕྲུ་གཡང་ཕུགས་ལྷ་བསྟོད་པའི་ཐབས་ལ། རི་རབ་བང་རིམ་གསུམ་གྱི་སྟེང་དུ། ཕུགས་རི་དིལ་དཀར་གྱི་མདུན་དུ་ཞལ་དཀར་སྟེང་དུ། དབུས་སུ་རིན་པོ་ཆེ་སྣ་ཚོགས་བཞག །ཁྱུང་དང་བྱ་རྒོད་ཁྲ་གླག་བཙུགས། གཡས་གཡོན་སྦལ་སྦྲུལ། མདུན་རྒྱབ་གསེར་གྱི་མི་ཕོ། ལྕགས་ཀྱི་ར་སྐྱེས། དུང་གི་སེང་གེ་རྣམས་ཀྱིས་བསྐོར། དཀར་གསུམ་མངར་གསུམ་གྱིས་བརྒྱན་པ་བཤམས། ཕུག་རྟེན་ལ་ཤིང་རྩི་སྣ་ཚོགས་རིན་པོ་ཆེ་སྣ་ལྔ་འབུལ། དར་སྣ་ལྔ་། དཀར་རིགས། མངར་རིགས། ཕྱུག་པོ་འཕེན་པོ། བཀྲ་ཤིས་པའི་ལག་ནས་བླངས་པའི་ཞིང་ས་འབྲུ་སྣ། རྟ་ནོར་གྱི་སྤུ། བསོད་ནམས་ཁས་དྲག་ཅན་གྱི་གཡུ་ཁྲབ་ཤིང་ཐོག་རྒྱ་སྤོས། ཤ་མར་ཐུད་གསུམ།


CMR046_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་དར་དར་གོས། དུད་འགྲོའི་རིགས། གཅན་གཟན་རྣམས་ཀྱི་སྤུ་སྣ་ཚོགས། ཤིང་རྩི་ལ་བརྒྱན། ཕུགས་ལ་རྟེན་བཙུགས། ཡི་དམ་གང་རུང་གི་བསྐང་ཚོགས་སྐབས་སུ་བྱ། དེ་ནས་བདེ་བའི་སྟན་ལ་འདུག །བསྐང་ཚོགས་ཚར་ནས་བསྟོད་པ་ནི། གཞི་སྟེང་ནས་ཀྱི་ཚོམ་བུ་བཀོད། ཕྱྭ་གཡང་ཕུག་ལྷ་ནི། །ཀྱཻ། ལྷ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཕུགསལྷ་དཔལ་ལྡན་ལྷ་མོ་ས་མདོག་སེར་མོ་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། དབུ་སྐྲ་ཁམ་སེར་གྱེན་དུ་བཅིངས་ཤིང་ལྷག་མ་ཐུལ་དུ་གྲོལ་བ་ལ། ཐོད་སྐམ་རིན་པོ་ཆེའི་ཕྲེང་བས་བཅིངས་


CMR046_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྤྱི་གཙུག་ཏུ་ཟླ་བ་ཕྱེད་པ་དང་རྨ་བྱའི་མདོངས་ཀྱིས་མཛེས་པ། སྐུ་ལ་དར་སེར་གྱི་འཇོལ་བེར་གསོལ་ཞིང་རིན་པོ་ཆེའི་ཕྲེང་བའི་དོ་ཤལ་ཅན། ཞབས་གཉིས་རྒྱལ་མོ་རོལ་སྟབས་འཁྱིལ་བའི་ཚུལ་གྱིས་བཞུགས་པ། ཕྱག་བཞི་གཡས་ཀྱི་དང་པོ་ན་རིན་པོ་ཆེ་ཁ་ཊཾ་རྩེ་གསུམ་བསྣམས་པ། གཡོན་གྱི་དང་པོ་ན་གསེར་གྱི་མེ་ལོང་ཕྱི་ཞིང་བལྟ་བ། གཡས་ཀྱི་འོག་མ་ན་རིན་པོ་ཆེའི་ཕུར་པ་འདྲིལ་ཞིང་འདེབས་པ། གཡོན་གྱི་འོག་མ་ན། རིན་པོ་ཆེའི་རྐྱལ་པ་ནེའུ་ལེ་འཛིན་པ། དཔལ་ལྡན་ལྷ་མོའི་གཡས་སུ་ཛཾ་བྷ་ལ་སེར་པོ་གཡས་རྒྱལ་མཚན་དང་། གཡོན་ནེའུ་ལེ་འཛིན་པ། གཡོན་དུ་ལྷ་མོ་ནོར་རྒྱུན་མ་སེར་མོ་གཡས་མཆོག་སྦྱིན་དང་གཡོན་འབྲས་ཀྱི་སྙེ་མ་འཛིན་པ། ཞབས་སྐྱིལ་ཀྲུང་དུ་བཞུགས་པ། །དེའི་སྟེང་གི་ནམ་མཁའ་ལ་སྣང་སྲིད་ཟིལ་གནོན་པདྨ་འབྱུང་གནས་ལ་འཁོར་དཔའ་བོ་མཁའ་འགྲོ་འཇའ་སྤྲིན་འཐིབས་ནས་བཞུགས་པ། གཞལ་ཡས་ཁང་གི་བླ་མ་ཡི་དམ་ལྷ་ཚོགས་ཆོས་སྐྱོང་སྲུང་མ་ཡུལ་ལྷ་གཞི་བདག་དང་བཅས་ཏེ། སྣང་ལ་རང་བཞིན་མ་གྲུབ་པར་བཞུགས་པའི་གནས་གསུམ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་པ་


CMR046_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གཞལ་ཡས་ཁང་འདི་ཉིད་ལ་སྤྱན་དྲངས། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར། བསང་དང་རོལ་མོ་དབྱངས་རིང་པོས་སྤྱན་འདྲེན་ནོ། །སྤོས་རིང་བལྟམས་། ཀྱཻ། དེ་རིང་གནམ་ལ་སྐར་མ་བཟང་། །ས་ལ་དེ་ནི་དུས་ཚོད་བཟང་། །བར་ལ་དེ་ནི་བཀྲ་ཤིས་བཟང་། །ལོ་ལ་དེ་ནི་བཀྲ་ཤིས་བཟང་། །ཟླ་བ་ལ་ནི་བཀྲ་ཤིས་བཟང་། །ཞག་དང་དེ་ནི་ཟ་མ་དགེ །དུས་ཚོད་དང་ནི་ཚེས་གྲངས་བཟང་། །བཀྲ་ཤིས་ཕུན་སུམ་ཚོགས་པའི་གཞི་ཐོག་འདིར། །གནས་ཁང་འདི་ཡི་ཕུག་ལྷ་ནི། །དེ་རིང་ཕུག་ལྷ་འཁྱམས་པ་གར་གནས་ཀྱང་། །གནས་ཁང་འདི་ལ་སྤྱན་འདྲེན་ནས། །ཕུག་རྟེན་འདི་ལ་བཞུགས་སུ་གསོལ། །བང་མཛོད་འདི་ལ་གཡང་ཅིག་ཕོབ། །དར་ཚོན་ཡ་འདི་ལ་རྟེན་བྱིན་བཞུགས། །རྒྱུ་སྦྱོར་ཡོན་བདག་གནས་ཁང་འདིས། །ཕུག་ལྷ་འཁྱམས་པ་ཡོད་ན་གནས་འདིར་བཞུགས། །ཕུག་ལྷ་ཆག་པ་ཡོད་ན་གནས་འདིར་བྱོན། །ཕུག་ལྷ་འཁྲུག་པ་ཡོད་ན་གནས་འདིར་ཟླུམ། །ཕུག་ལྷ་རལ་བ་ཡོད་ན་གནས་འདིར་དྲུབ། །ཕུག་ལྷ་བྱེར་བ་ཡོད་ན་གནས་འདིར་སྡུས། །ཕུག་ལྷ་སྟོར་བ་ཡོད་ན་གནས་འདིར་བྱོན། །


CMR046_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཕུག་ལྷ་འཁོན་པ་ཡོད་ན་གནས་འདིར་ཟླུམ། །ཀྱཻ། ཤར་ཕྱོགས་ཕུག་ལྷ་ཆེན་པོ་ནི། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་ན་ཕུག་ལྷའི་དམུ་དག་འཛིན། །རྒྱུ་སྦྱོར་ཡོན་བདག་གནས་ཁང་ལ། །ཤར་གྱི་ཕྱོགས་ནས་སྤྱན་འདྲེན་གཤེགས་སུ་གསོལ། །ཕུག་རྟེན་འདི་ལ་བསྟིམ་དུ་གསོལ། །བང་མཛོད་འདི་ལ་བརྟན་པར་མཛོད། །ཀྱཻ། ལྷོ་ཕྱོགས་ཕུག་ལྷ་ཆེན་པོ་ནི། །སྐུ་མདོག་སྔོ་ལ་འོད་ཟེར་འབར། །ཕྱག་ན་ཕུག་ལྷའི་དམུ་དག་འཛིན། །རྒྱུ་སྦྱོར་ཡོན་བདག་གནས་ཁང་ལ། །ལྷོ་ཡི་ཕྱོགས་ནས་སྤྱན་འདྲེན་གཤེགས་སུ་གསོལ། །ཕུག་རྟེན་འདི་ལ་བསྟིམ་དུ་གསོལ། །བང་མཛོད་འདི་ལ་བརྟན་པར་མཛོད། །ཀྱཻ། ནུབ་ཕྱོགས་ཕུག་ལྷ་ཆེན་པོ་ནི། །སྐུ་མདོག་དམར་ལ་འོད་ཟེར་འབར་། །ཕྱག་ན་ཕུག་ལྷའི་དམུ་དག་འཛིན། །རྒྱུ་སྦྱོར་ཡོན་བདག་གནས་ཁང་ལ། །ནུབ་ཀྱི་ཕྱོགས་ནས་སྤྱན་འདྲེན་གཤེགས་སུ་གསོལ། །ཕུག་རྟེན་འདི་ལ་བསྟིམ་དུ་གསོལ། །བང་མཛོད་འདི་ལ་བརྟན་པར་མཛོད། །ཀྱཻ། བྱང་ཕྱོགས་ཕུག་ལྷ་ཆེན་པོ་ནི། །སྐུ་མདོག་ལྗང་ལ་འོད་ཟེར་འབར། །ཕྱག་ན་ཕུག་ལྷའི་དམུ་དག་འཛིན། །རྒྱུ་


CMR046_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ཡོན་བདག་གནས་ཁང་ལ། །བྱང་གི་ཕྱོགས་ནས་སྤྱན་འདྲེན་གཤེགས་སུ་གསོལ། །ཕུག་རྟེན་འདི་ལ་བསྟིམ་དུ་གསོལ། །བང་མཛོད་འདི་ལ་བརྟན་པར་མཛོད། །ཀྱཻ། དབུས་ཕྱོགས་ཕུག་ལྷ་ཆེན་པོ་ནི། །སྐུ་མདོག་གསེར་གྱི་སྙིང་པོ་འདྲ། །ཕྱག་ན་ཕུག་ལྷའི་དམུ་དག་འཛིན། །རྒྱུ་སྦྱོར་ཡོན་བདག་གནས་ཁང་ལ། །དབུས་ཀྱི་ཕྱོགས་ནས་སྤྱན་འདྲེན་གཤེགས་སུ་གསོལ། །ཕུག་རྟེན་འདི་ལ་བསྟིམ་དུ་གསོལ། །བང་མཛོད་འདི་ལ་བརྟན་པར་མཛོད། །བདུད་རྩི་ཆར་པ་སི་ལི་ལི། །གསེར་གྱི་ཐང་མ་བརྡལ་རེ་ཡག །བདུད་རྩི་ཆར་པ་བཅུད་རེ་ཆེ། །ཕུག་ལྷ་མནོལ་བ་ཡོད་གྱུར་ན། །བདུད་རྩི་གཙང་མའི་སྐུ་ཁྲུས་གསོལ། །ཕུག་ལྷ་འཁྱམས་པ་ཡོད་ན་ཡང་། །ཕུག་རྟེན་འདི་ལ་བསྟིམ་དུ་གསོལ། །ཕུག་ལྷ་འཆལ་བ་ཡོད་ན་ཚུར་ལ་ཁུག །ཕུག་ལྷ་མནོལ་བ་ཡོད་ན་ཡར་ལ་བསངས། །ཕུག་ལྷ་ཡོ་བ་ཡོད་ན་ཡར་ལ་སྲོངས། །ཕུག་ལྷ་ཆད་པ་ཡོད་ན་ཡར་ལ་འཐུད། །ཕུག་ལྷ་དམའ་བ་ཡོད་ན་ཡར་ལ་བསྟོད། །ཕུག་ལྷ་འཁྱམས་པ་ཡོད་ན་ཡང་། །ཕུག་རྟེན་འདི་ལ་བསྟིམ་དུ་གསོལ། །བང་མཛོད་འདི་ལ་བརྟན་པར་


CMR046_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །དེ་ནས་གནས་བདག་བརྔན་བསང་དང་རྒྱལ་པོ་མནོལ་བསང་རྨུགས་བསང་རྣམས། སྤྱད་པར་བྱའོ། །ཕུག་ལྷའི་རྫས་དང་མདའ་དར། མདུང་དར། ཤིང་རྩི་རྣམས། བང་མཛོད་དམ། ཀ་བའམ། སྟག་འགྱིང་སྤོ་ཚེ་སོགས་བྱ། རྟེན་ཤིང་བཙུགས་ཐབས་བྱ། སྦྱིན་བདག་གིས་བསྐང་ཚོགས་སྣ་ཚོགས་མཆོད། སྔགས་འཆང་རང་གིས་རོལ་མོ་དང་དབྱངས་སྙན་པོས་འདི་སྐད་གྱེར་རོ། །ཀྱཻ། དེ་རིང་ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །གངས་ལ་ཉི་མ་ཤར་བ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །ས་ལ་གཡུ་ལྗང་འཁྲུངས་པ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །གཡའ་རི་ལ་གཡུ་བུན་འཁྲིགས་པ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །བར་སྣང་འཇའ་ཚོན་ཤར་བ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །གངས་ལ་སེང་གེ་རྒྱུ་བ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །སྤང་ལ་རྩི་ཐོག་རྒྱས་པ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །མཚོ་ལ་ཉ་སྲམ་འཕྱོ་བ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །མཁར་ལ་མདུང་མོ་བཙུགས་པ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །མདུང་ལ་བ་དན་བཏགས་པ་བཞིན། །ཕུག་ལྷ་གཉན་པོའི་ཁ་


CMR046_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་བསྟོད། །མགོ་ལ་རྨོག་མོ་གྱོན་པ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །རྨོག་ལ་རྒོད་འཕྲུ་བཙུགས་པ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །ལུས་ལ་གོ་ཁྲབ་གྱོན་པ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །ཁྲབ་ཐོག་བེར་གྱིས་གཡོགས་པ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །ལྷ་ཁང་གསེར་འཕྲུ་བཙུགས་པ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །གསེར་འཕྲུལ་རྒྱ་དར་འདོགས་པ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །ཁྱུང་ལ་དོང་རུ་སྐྱེས་པ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །རྭ་བར་ནོར་བུ་སྐྱེས་པ་བཞིན། །ཕུག་ལྷ་གཉན་པོའི་ཁ་བརྒྱན་བསྟོད། །རྔམ་ཆེན་བསྲོ་སྒྲ་དབང་ཐང་མཚེར་། །དགྲ་བླ་མི་དང་མ་འབྲལ་བར། །ཕུག་ལྷ་གནས་ཁང་འདི་དང་མ་བྲལ་ཞིག །བྱ་དང་འདབ་གཤོག་འགྲོགས་པ་བཞིན། །ཕུག་ལྷ་གནས་ཁང་འདི་དང་མ་བྲལ་ཞིག །ཁྱུང་དང་དཔག་བསམ་འགྲོགས་པ་བཞིན། །ཕུག་ལྷ་གནས་ཁང་འདི་དང་མ་བྲལ་ཞིག །སེང་གེ་གངས་དང་འགྲོགས་པ་བཞིན། །ཕུག་ལྷ་གནས་ཁང་འདི་དང་མ་བྲལ་ཞིག་


CMR046_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དུང་དང་རྒྱ་མཚོ་འགྲོགས་པ་བཞིན། །ཕུག་ལྷ་གནས་ཁང་འདི་དང་མ་བྲལ་ཞིག །སྟག་ཕྲུག་མ་བུ་བརྩེ་བ་བཞིན། །ཕུག་ལྷ་གནས་ཁང་འདི་དང་མ་བྲལ་ཞིག །མཁའ་དང་ཉི་ཟླ་འགྲོགས་པ་བཞིན། །ཕུག་ལྷ་གནས་ཁང་འདི་དང་མ་བྲལ་ཞིག །འབྲུག་དང་རི་རབ་འགྲོགས་པ་བཞིན། །ཕུག་ལྷ་གནས་ཁང་འདི་དང་མ་བྲལ་ཞིག །སྟག་གཟིག་ནགས་ཚལ་འགྲོགས་པ་བཞིན། །ཕུག་ལྷ་གནས་ཁང་འདི་དང་མ་བྲལ་ཞིག །རྟག་ཏུ་སྲུང་མས་འཚོ་རྫི་མཛོད། །ཕུག་ལྷ་བསྟོད་པའི་ཡོན་ཏན་གྱིས། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་སེར་གསུམ་མ་བཏང་ཞིག །དགྲ་རྐུན་གཅན་གཟན་གནོད་པ་སྲུངས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །བསོད་ནམས་ནོར་གྱི་དངོས་གྲུབ་སྩོལ། །དབང་ཐང་བུ་ཡི་དངོས་གྲུབ་སྩོལ། །བསྟན་སྲུང་མཐུ་ཡི་དངོས་གྲུབ་སྩོལ། །མི་མགོ་དགུང་བས་མཐོ་བར་ཤོག །མི་འབྲུ་གསེར་བས་བཟང་བར་ཤོག །མི་མདོག་དུང་བས་དཀར་བར་ཤོག །མི་འཕེལ་ཕོ་རུ་འཕེལ་བར་ཤོག །མི་མཐའ་ཆུ་བས་རིང་བར་ཤོག །མི་སྲོག་ལྕགས་བས་སྲ་བར་ཤོག །སྐྱེ་ཚེ་ཤིང་བས་


CMR046_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བར་ཤོག །ཕྱུགས་འཕེལ་མོ་རུ་འཕེལ་བར་ཤོག །མི་དར་བཙན་ལ་རགས་པར་ཤོག །བཙན་ཕྱུག་དར་གསུམ་འཛོམ་པར་ཤོག །སྐྱིད་དར་ལོངས་སྤྱོད་འཛོམ་པར་ཤོག །བཀའ་བརྒྱུད་བླ་མ་རྣམས་ཀྱི་ངོ་སོ་བསྟོད། །ཡི་དམ་ལྷ་ཚོགས་རྣམས་ཀྱི་ངོ་སོ་བསྟོད། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་ངོ་སོ་བསྟོད། །གནས་བདག་དཀོར་བདག་རྣམས་ཀྱི་ངོ་སོ་བསྟོད། །ལྷ་བཙུན་དགྲ་བླ་རྣམས་ཀྱི་ངོ་སོ་བསྟོད། །ཕོ་ཉ་སྒོ་སྲུང་རྣམས་ཀྱི་ངོ་སོ་བསྟོད། །གཡང་ར་སྒོ་བཞི་རྣམས་ཀྱི་ངོ་སོ་བསྟོད། །ཡུལ་ལྷ་༧་གཞི་བདག་རྣམས་ཀྱི་ངོ་སོ་བསྟོད། །དབེན་རི་སྲུང་མ་རྣམས་ཀྱི་ངོ་སོ་བསྟོད། །གཞི་བདག་གཞི་སྲུང་རྣམས་ཀྱི་ངོ་སོ་བསྟོད། །ཀྱཻ། བཀའ་བརྒྱུད་བླ་མ་རྣམས་ཀྱི་རྟག་བཙུགས་རྟེན་ཡར་བཀྱགས།་།ཡི་དམ་ལྷ་ཚོགས་རྣམས་ཀྱི་རྟག་བཙུགས་རྟེན་ཡར་བཀྱགས། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་རྟག་བཙུགས་རྟེན་ཡར་བཀྱགས། །ཕོ་ལྷ་དགྲ་ལྷ་རྣམས་ཀྱི་རྟག་བཙུགས་རྟེན་ཡར་བཀྱགས། །ཞི་བའི་ལྷ་ཚོགས་རྣམས་ཀྱི་རྟག་བཙུགས་རྟེན་ཡར་བཀྱགས། །གཞི་བདག་ཡུལ་བདག་རྣམས་ཀྱི་རྟག་བཙུགས་རྟེན་ཡར་བཀྱགས། །


CMR046_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལྷ་ཟོ་དོར་རྣམས་ཀྱི་རྟག་བཙུགས་རྟེན་ཡར་བཀྱགས། །ལྷ་བཙུན་དགྲ་བླ་རྣམས་ཀྱི་རྟག་བཙུགས་རྟེན་ཡར་བཀྱགས། །གནས་བདག་གཏེར་བདག་རྣམས་ཀྱི་རྟག་བཙུགས་རྟེན་ཡར་བཀྱགས། །དཔའ་སྐྱེམས་དམ་པ་ལྷ་ཚོགས་འདིར་བྱོན་ལ། །བདག་དང་ཡོན་བདག་འཁོར་བཅས་ཁ་འཛིན་མཛོད། །བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད་། །ཅེས་པ་ལྷ་སྲུང་ཆོས་སྐྱོང་སྲུང་མ་མཆོད་ཅིང་བསྟོད། རྟེན་ལ་བསྟིམ། བརྟན་གཞུག་ལན་གསུམ་མམ་བདུན་ནམ་སྐབས་དང་བསྟུན། ཡེ་དྷརྨས་རབ་གནས་ལེགས་པར་བྱ། ཞེས་སོགས་དགའ་སྟོན་ཚོགས་འཁོར་རྒྱས་པ་ཡི་དམ་ལྟར་བྱ། རྗེས་སུ་འབགས་བཙོག་དང་ཉེས་པ་སོགས་ལ་ཡིག་བརྒྱས་བཤགས། ཚེ་འགུགས་དང་གསེར་འོད་འགྲུབ་ན་ལེགས། པདྨ་འབྱུང་གནས་ཀྱིས་མཛད་པའི་བཀྲ་ཤིས་སོགས་གང་སྐབས་བྱའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

བཀྲ་རྒན་ལ་སོགས་བཀྲ་ཤིས་པའི་རོ་ལ་གཡང་ལེན་བྱ་བ།


CMR046_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་རྒན་ལ་སོགས་བཀྲ་ཤིས་པའི་རོ་ལ་གཡང་ལེན་བྱ་བ་ནི། ཕྱེ་མར་དང་གཤིན་པོའི་སྲོག་དང་དབང་ཐང་གི་མདའ་དར་བཟུང་ལ་འདི་སྐད་དོ། །ཀྱཻ། དེ་རིང་དུས་དྲུག་ལྷ་ཡི་ཉི་མ་ལ། །གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་འོག་ཏུ་ནི། ཉི་ཟླ་གཟའ་སྐར་ནི་བཟང་། ས་པདྨ་འདབ་བརྒྱད་ཀྱི་སྟེང་དུ་ནི། ནང་མི་ཡོན་གྱི་བདག་པོ་ཁྱོད་ཀྱི། མ་ཤི་གསོན་པོའི་དུས་སུ། །ཆོས་དགེ་བ་བཅུ་ནི་དར་ཞིང་རྒྱས་པར་བྱས། གཉེན་ལམ་མཐའ་བཞི་ནི་ལུགས་དང་ཚུལ་བཞིན་དུ་བསྐྱངས། སྡང་བའི་དགྲ་ནི་ཐབས་ཀྱིས་བཏུལ། བུ་དང་ཚ་བོ་ནི་མང་དུ་སྤེལ། དཀོར་ནོར་མང་པོ་ནི་ཚོགས་སུ་བསོགས། སྡེ་དང་འཁོར་འབངས་མང་པོ་ནི་རྒྱས། ཆེའི་ཕུགས་སུ་ནི་ཕྱིན། བཀྲ་ཤིས་གཡང་རྒན་གྱི་མིང་ནི་ཐོབ། ད་ནི་ཚེ་ཕ་རོལ་དུས་ལས་འདས་པ་ལ། བཀྲ་ཤིས་ལ་ཚེ་རིང་བ་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། དཔལ་ལ་སྙིང་སྟོབས་ཆེ་བ་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། །ཕུག་ལ་དམ་ཆོས་དར་བ་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། ཚེའི་དམུ་དག་དཀར་པོ་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། སྲོག་གི་འཛིན་ཤིང་དཀར་པོ་ནི་


CMR046_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། སྲུང་རྟའི་བ་དན་དཀར་པོ་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། དབང་ཐང་གི་བང་མཛོད་ཆེན་པོ་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། ཕོ་ལྷ་དུང་ཆུང་དཀར་པོ་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། མོ་ལྷ་མོ་སྨན་དཀར་མོ་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། །དགྲ་བླ་དཔལ་རྩལ་ཆེན་པོ་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། རྟ་ལྷ་ཅང་ཤེས་རྒྱལ་པོ་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། ནོར་ལྷ་ཨཱརྱ་ཛཾ་བྷ་ལ་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། ལུག་ལྷ་གཡང་གི་ལྷ་བ་ལྷ་རུས་ཆེན་པོ་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། གོ་ཁྲབ་རྣོ་མཚོན་གྱི་གཡང་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། ལྷ་ཆ་དཔེ་རྟེན་གྱི་གཡང་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། ཞིང་ལྷ་ཚངས་པའི་གཡང་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན་། ཕྱེ་མར་འོ་སྐོལ་ལྷའི་ཞལ་ཟས་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། དར་པན་པཉྩ་ལི་ཀ་ལྷའི་གོས་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། ཚེ་དང་


CMR046_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དང་བཀྲག་མདངས་གཟི་བརྗིད་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་ནི་གཤིན་ལ་མི་གཏད་གསོན་གྱི་གཡང་དུ་ལེན། ཅེས་བརྗོད་ལ་ཕྱེ་མར་དང་མདའ་དར་སོགས་གཡང་རྫས་གང་ཡོད་རྣམས་བུ་དང་ཚ་བོའི་ལག་ཏུ་བཞག་ནས་ཇ་ཆང་ཕྱེ་མར་ཐུད་འོ་ཞོ་རྣམས་ཕོར་སྡེར་ནང་དུ་བཞག །དར་རས་རྣམས་ཕྱི་ནང་བཀོད་ལ། ཀྱཻ། འབྲུ་སྣའི་བཅུད་བསྡུས་སྐྱེམས་འཕང་ཆང་། སྐོམ་གྱི་སྡུག་བསྔལ་བསལ་ཕྱིར་གཤིན་ལ་གཏད། །ཤིང་ཁུ་བཅུད་ལྡན་ཡུ་མར་ཇ། །དབང་པོའི་ཡུལ་རྣམས་ཚིམ་ཕྱིར་གཤིན་ལ་གཏད། །ཞོ་ནི་སྐྱུར་མཆོག་ཡིད་དུ་འོང་། །ལྗགས་ཀྱི་དབང་པོ་ཚིམ་ཕྱིར་གཤིན་ལ་གཏད། །འོ་མ་མདང་ལྡན་བཏུང་བའི་མཆོག །ལུས་བཅུད་གསོ་ཕྱིར་གཤིན་ལ་གཏད། །ཤ་མར་ཐུད་ནི་ཟས་ཀྱི་མཆོག །བཀྲེས་པའིསྡུག་བསྔལ་བསལ་ཕྱིར་གཤིན་ལ་གཏད། །འབྲུ་མཆོག་བཏགས་པའི་ཕྱེ་མར་རྣམས། །མེ་ལ་བསྲེགས་པའི་གསུར་གྱི་མཆོག །གཤིན་གྱི་ལུས་ངག་ཡིད་གསུམ་ཚིམ་ཕྱིར་གཤིན་ལ་གཏད། །བཀྲེས་སྐོམ་སྡུག་བསྔལ་ཞི་བར་ཤོག །གསུར་དྲི་མ་དག་པའི་དུད་པ་འདིས། །གཤིན་ལ་གཏད་པའི་དུག་གསུམ་དག་པར་ཤོག །གསུར་བྱ། འོ་གཤིན་པོ་ཚེ་ལས་


CMR046_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་ཁྱོད། །མ་ཤི་གསོན་པོའི་བྱ་བ་ཐམས་ཅད་ནི་རྫོགས། །བཀྲ་རྒན་གཡང་ཆེན་ནི་མཐོང་། འཕེན་པོའི་མི་ནོར་མང་པོ་ནི་ཤུལ་དུ་བཞག །ད་ནི་ཚེ་ལས་འདས་པ་ལ། གནམ་བགོས་པའི་སྐལ་བ་ནི་སྤྱི་བོ་གང་ཡོད། ས་བགོས་པའི་སྐལ་བ་ནི་རྐང་མཐིལ་གང་ཡོད། ཁྱོད་ཀྱི་རྗེས་སུ་ཕ་མ་བུ་དང་ཚ་བོ་རྣམས་ཀྱིས། ཡར་བླ་མ་དགེ་འདུན་གྱི་ཚོགས་ལ་མཆོད་པ་རྒྱ་ཆེན་པོ་ནི་ཕུལ། ཕྱིར་ལ་ལོང་སྤྲང་གི་ཚོགས་ལ་སྦྱིན་པ་ནི་བཏང་། ཡུལ་མི་དང་ཁྱིམ་མཚེས་ལ་ཕ་ཞིག་ཆོས་སྟོན་ནི་བྱས། ང་ས་མཁན་གྱིས་ཀྱང་ཁྱོད་འདུག་སའི་དགོན་བཟང་པོ་ཡང་འདེབས། གཤེད་མའི་ཟ་འདྲེ་དང་ཁ་ཕྲལ། གཏད་ཡར་དང་ཚོགས་བསགས་མང་ཡང་བྱས། སྟོན་པ་ས་རྩིས་མཁན་པོ་ལ་ཡང་ཡོན་བཟང་པོ་ནི་ཕུལ། །དགོས་པའི་ཡས་སྟགས་མང་པོ་ནི་བསགས། ད་ཁྱོད་ཀྱི་དུར་འདེབས་པ་ལ། ཕྲག་དོག་དང་ཀོ་ལོང་མ་བྱེད་ཅིག །ལ་ཁ་ན་དང་སྡེ་མ་རྒྱུག་ཅིག །ལུང་ཁུང་ན་བདུད་དང་ཤོ་མ་འགྱེད་ཅིག །ལྷ་འདྲེ་མང་པོའི་ཚོང་འདུས་སུ། ཁ་རྒྱལ་ཆོ་ལོ་མ་རྩོད་ཅིག །ལྷ་འདྲེ་དང་བྲང་ཁ་མ་འགྱེད་ཅིག །བུ་དང་ཚ་བོ་སྐུག་ཏུ་མ་བཅུག །མནའ་མ་མི་ཁ་ན་མ་བཀྲམ་


CMR046_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག །བེལ་ལུག་ཚོགས་པོར་མ་འཕེན། ཁྱོད་མ་ཤི་གསོན་པོའི་དུས་ཀྱང་། ཁ་དྲག་དབང་ཆེན་གྱི་དཔོན་པོ་ཡིན་པས། ད་ལྟ་ཤི་བའི་ཚེ་ན་ཡང་། བརླ་དྲག་གཞུང་བཟང་གི་གཤིན་པོ་ཁྱོད་ཀྱིས། ཆོས་བྱེད་པའི་སྡོང་གྲོགས་གྱིས། དགྲ་བཏུལ་བའི་དཔུང་པ་གྱིས། ཟོག་སྲུང་བའི་རུ་མ་གྱིས། སྡེ་སྐྱོང་བའི་སྲིད་འཛིན་གྱིས། །གཞི་ན་འདུག་ཚེ་ཁ་འཛིན་གྱིས་ཤིག །བྱེས་སུ་འགྲོ་དུས་དགྲ་བླ་གྱིས། ཁྱོད་ཀྱི་སྲོག་ལུས་དབང་ཐང་ལ་དགྲ་མེད་པའི་དུར་ས་འདེབས། བཀྲ་རྒན་བཀྲ་ཤིས་པའི་དུར་ས་འདེབས་པ་ལ་ཡང་བཀྲ་ཤིས་སོ། །གནམ་ལ་ཉི་ཟླ་སྐར་གསུམ་གྱི་བཀྲ་ཤིས་སོ། །ས་ལ་རྩེ་འཛིན་ཕུན་སུམ་ཚོགས་པའི་བཀྲ་ཤིས་སོ། །གཤིན་དགེ་ཞིང་ཆོས་སྟོན་མོ་ཕུན་སུམ་ཚོགསཔའི་བཀྲ་ཤིས་སོ། །རྗེས་ཤུལ་དུ་ཁ་རྗེ་བསོད་ནམས་དར་རྒྱས་ཕུན་སུམ་ཚོགས་པར་འཛོམ་པའི་བཀྲ་ཤིས་སོ། །རྫོགས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གསུར་མཆོད་སྐྱ་ལྡོག་གི་བསྐུལ་བ།


CMR046_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

རཾ་ཡཾ་ཁཾ་གིས་མི་གཙང་དྲི་མ་སྦྱང་། །ཨོཾ་ཨཱཿཧཱུྃ་གིས་བྱིན་རླབས་གསུར་གྱི་སྤྲིན། །རབ་འབྱམས་འཇིག་རྟེན་ཡིད་འཕྲོག་དྲི་ཡིས་བཀང་། །ནམ་མཁའ་རྒྱལ་མཚན་ཆོས་ཀྱི་རྒྱལ་མཚན་སོགས། །རྩ་བརྒྱུད་བླ་མ་ཡི་དམ་གསུར་གྱིས་མཆོད། །བདེ་མཆོག་ཡབ་ཡུམ་གུ་རུ་ཞི་དྲག་སོགས། །རྒྱུད་སྡེ་བཞི་ཡི་ལྷ་ཚོགས་གསུར་གྱིས་མཆོད། །མ་གཅིག་ལབ་སྒྲོན་ཁྲོས་མ་ལྷ་ལྔ་སོགས། །གནས་གསུམ་དཔའ་བོ་མཁའ་འགྲོ་གསུར་གྱིས་མཆོད། །དཔལ་མགོན་བདུན་ཅུ་བརྟན་མ་བཅུ་གཉིས་སོགས། །འཇིག་རྟེན་སྐྱོང་བ་་ཐམས་ཅད་གསུར་གྱིས་མཆོད། །རྡོ་རྗེ་ལེགས་པ་མཆེད་འཁོར་སུམ་བརྒྱ་སོགས། །ཕ་མྱེས་རྒྱུད་ཀྱི་དགྲ་ལྷ་གསུར་གྱིས་མཆོད། །ངོམ་རྒྱལ་གཏམ་རྒྱལ་གཟེ་རྒྱལ་དབྱི་དོ་སོགས། །ཡུལ་ལྷ་གཞི་བདག་ཐམས་ཅད་གསུར་གྱིས་མཆོད། །ཟས་ནོར་སྲོག་གི་ལན་ཆགས་བདག་པོ་དང་། །ལན་ཆགས་བུ་ལོན་མགྲོན་རྣམས་གསུར་གྱིས་མཆོད། །ཚེརབས་དུ་མའི་དྲིན་ལེན་མ་འཁོར་བའི། །ཕ་མ་རིགས་དྲུག་སེམས་ཅན་གསུར་གྱིས་མཆོད། །དེ་ལྟར་བསམ་པ་དག་པའི་གསུར་མཆོད་འདིས། །རྩ་གསུམ་ལྷ་ཡི་ཐུགས་དམ་


CMR046_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་གྱུར་ཅིག །འཇིག་རྟེན་ལྷ་འདྲེ་གཞི་བདག་མཉེས་གྱུར་ཅིག །འགྲོ་དྲུག་སེམས་ཅན་སངས་རྒྱས་ཐོབ་པར་ཤོག །ཨོཾ་བཛྲ་དྷུ་པེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ ཅེས་གསུར་མཆོད་སྐྱ་རྡོག་གིས་བསྐུལ་ནས་ཨ་རཱ་གས་སོ།།

གནམ་ཆོས་ལས་བསང་གསུར་རྒྱུན་ཁྱེར།


CMR046_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ལས་བསང་གསུར་རྒྱུན་ཁྱེར་ཟབ་པ་བཞུགས་སོ༔ རཾ་ཡཾ་ཁཾ་གིས་མི་གཙང་དྲི་མ་སྦྱང་༔ ཨོཾ་ཨཱཿཧཱུྃ་གིས་བྱིན་རླབས་གསུར་གྱི་སྤྲིན༔ རབ་འབྱམས་འཇིག་རྟེན་ཡིད་འཕྲོག་དྲི་ཡིས་བཀང་༔ ཕྱོགས་བཅུའི་བླ་མ་ཡི་དམ་བྱང་ཆུབ་སེམས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་གསུར་གྱིས་མཆོད༔ ནམ་མཁའ་རྒྱལ་མཚན་ཀརྨ་ཆགས་མེད་སོགས་རྩ་བརྒྱུད་བླ་མ་ཐམས་ཅད་གསུར་གྱིས་མཆོད༔ བདེ་མཆོག་ཡབ་ཡུམ་གུ་རུ་ཞི་དྲག་སོགས༔ རྒྱུད་སྡེ་བཞི་ཡི་ལྷ་ཚོགས་གསུར་གྱིས་མཆོད༔ རྡོ་རྗེ་ཕག་མོ་མཁའ་འགྲོ་སེང་གདོང་སོགས༔ དཔའ་བོ་མཁའ་འགྲོ་ཐམས་ཅད་གསུར་གྱིས་མཆོད༔ ཕྱག་བཞི་ཕྱག་དྲུག་གུར་མགོན་མ་ནིང་སོགས༔ མ་མགོན་ཆོས་སྐྱོང་ཐམས་ཅད་གསུར་གྱིས་མཆོད༔ དཔལ་མགོན་བདུན་ཅུ་བརྟན་སྐྱོང་ཡ་མ་སོགས༔ འཇིག་རྟེན་སྐྱོང་བ་ཐམས་ཅད་གསུར་གྱིས་མཆོད༔ ངོམ་རྒྱལ་གཏམ་རྒྱལ་གཟེ་རྒྱལ་དབྱི་དོ་སོགས༔ ཡུལ་ལྷ་གཞི་བདག་ཐམས་ཅད་གསུར་གྱིས་མཆོད༔ འཇིག་རྟེན་ཁམས་ཀྱི་ལྷ་ཀླུ་གཞི་བདག་སོགས༔ མ་ལུས་ཟོ་དོར་ཐམས་ཅད་གསུར་གྱིས་མཆོད༔ ཟས་ནོར་སྲོག་གི་ལན་ཆགས་ཤ་འཁོན་དང་༔ ལན་


CMR046_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་བུ་ལོན་མགྲོན་རྣམས་གསུར་གྱིས་མཆོད༔ ཚེ་རབས་དུ་མའི་དྲིན་ལེན་འཁོར་མེད་པས༔ ཕ་མ་རིགས་དྲུག་སེམས་ཅན་གསུར་གྱིས་མཆོད༔ དེ་ལྟར་བསམ་པ་དག་པའི་གསུར་མཆོད་འདིས༔ རྩ་གསུམ་ལྷ་ཡི་ཐུགས་དམ་བསྐང་གྱུར་ཅིག༔ འཇིག་རྟེན་ལྷ་ཀླུ་གཞི་བདག་མཉེས་གྱུར་ཅིག༔ ལན་ཆགས་བུ་ལོན་ཐམས་ཅད་བྱང་གྱུར་ཅིག༔ འགྲོ་དྲུག་སེམས་ཅན་སངས་རྒྱས་ཐོབ་པར་ཤོག༔ ཨོཾ་བཛྲ་དྷུ་པེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ ཞེས་གསུར་མཆོད་འདི་ཉིད་རྒྱུན་ཁྱེར་བདེ་ཕྱིར་རང་ལ་མཁོ་བ་བྱུང་དུས་གནམ་ཆོས་གཞུང་ནས་བསྡུས་ཏེ་རཱ་ག་ཨ་སྱས་སྦྱར་བ་དགེ་བས་འགྲོ་དྲུག་སེམས་ཅན་སངས་རྒྱས་ཐོབ་པར་ཤོག །སརྦ་མངྒ་ལཾ།། །།

བསེ་རག་བཀར་ཡས།


CMR046_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བསེ་རག་བཀར་ཡས་བཞུགས་སོ། །ན་མོ་པདྨ་ཀྲོ་དྷ་ཡ། བསེ་རག་བཀར་ཡས་བྱ་བར་འདོད་ན། གླུད་རྫས་བསེ་རག་རྒྱལ་པོའི་གཟུགས་སོགས་བྱས་ལ། སྔགས་དྲུག་ཕྱག་དྲུག་གི་ས་བྱིན་རླབས་ཏེ། ཧཱུྃ༔ ང་ནི་བདུད་འདུལ་ཁྲོ་བོའི་རྒྱལ། །དབང་དྲག་པདྨ་ཀཱི་ལ་ཡ། །ང་ནི་སངས་རྒྱས་ཀུན་གྱི་རྒྱལ། །ཁམས་གསུམ་རིགས་དྲུག་སྙིང་རྗེའི་བདག །ང་ལས་ཆེ་བཙན་སུ་ཡང་མེད། །གནམ་ས་བར་གསུམ་འགོང་པོ་དང་། །བར་ཆད་བྱེད་པའི་བགེགས་ཚོགས་རྣམས། །ཁྲོ་ཆེན་ང་ཡི་བཀའ་ལ་ཉོན། །མཆོད་སྦྱིན་མདོས་རྫས་ལེན་པ་ལ། །ད་ལྟ་ཉིད་དུ་འདིར་འདུས་ཤིག །སརྦ་བྷཱུ་ཏ་པྲ་ཏ་ཨ་ཀརྨ་ཡ་ཛཿ ཧཱུྃ། བསེ་རག་རྒྱལ་པོ་སྡེ་འཁོར་ལ། །མཐུན་པའི་གླུད་གཟུགས་གཏོར་མ་དང་། །མར་མེ་ཤ་སྣ་འབྲུ་སྣའི་ཚོགས། །ཆངས་བུ་ཤེལ་ཚིགས་འདོད་ཡོན་ཚོགས། །མཆོད་སྦྱིན་རྒྱ་མཚོ་འདོད་དགུ་ཡི། །ལོངས་སྤྱོད་འདི་ཡིས་ཚིམ་གྱིས་ལ། །གནས་འདིར་མ་འདུག་གཞན་དུ་སོང་། །གནམ་གྱི་འགོང་པོ་ཆེན་པོ་ནི། །མི་ལུས་བྱ་ཡི་མགོ་བོ་ཅན། །སྤྲུལ་པ་གནམ་འགོང་སྤུན་དགུ་འགྱེད། །ཁྱོད་ལ་མདོས་གླུད་འདོད་ཡོན་འབུལ། །བར་འགོང་མི་ལུས་རི་བོང་


CMR046_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

མགོ །སྤྲུལ་པ་བསེ་རག་རྒན་པོ་འགྱེད། །འཁོར་དུ་བར་འགོང་སྤུན་དགུའི་བསྐོར། །ཁྱོད་ལ་མདོས་གླུད་འདོད་ཡོན་འབུལ། །ས་ཡི་འགོང་པོ་ཞེས་གྲགས་པ། །མི་ལུས་བྱི་བའི་མགོ་བོ་ཅན། །སྤྲུལ་པ་ས་འགོང་སྡེ་དགུ་བཅས། །མཆོད་སྦྱིན་མདོས་གླུད་འདོད་ཡོན་འབུལ། །ཧཱུྃ། སྔགས་འཆང་ཀུན་གྱི་རྒྱལ་པོ་ངས། །བསྐྱེད་པ་ལྷ་ཡི་འཁོར་ལོ་གསལ། །རྡོ་རྗེའི་བཟླས་པའི་སྔགས་སྒྲ་སྒྲོག །ཏིང་འཛིན་སེམས་ལ་རང་དབང་ཐོབ། །སྣང་སྲིད་རེ་དོགས་གཉིས་འཛིན་ཀུན། །མཉམ་ཉིད་ཆོས་སྐུའི་ཀློང་དུ་ཆུད། །དོན་དམ་ཀ་དག་ཟང་ཐལ་འདིར་ཁུག་ཅིག །ཛཿཧཱུྃ་བཾ་ཧོ༔ ལན་བདུན་གྱིས་བཀུག །གླུད་བསྔོ་བ་ནི། བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་བསྟོད། །གླུད་ཀྱི་གཏོར་མ་འདོད་ཡོན་ལྔ་ལྡན་འདི། །བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས། །ཟས་ནོར་སྲོག་གི་ལན་ཆགས་བདག །བུ་ལོན་ཤ་འཁོན་ཆགས་རྣམས་ལ། །ད་ལྟ་ཉིད་དུ་འབུལ་གྱིས་བཞེས། །།ཐམས་ཅད་ངོམ་ཞིང་ཚིམ་གྱུར་ཅིག །ན་མ་སརྦ་


CMR046_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་བདུན་བསྔོས། ཡི་དམ་སྔགས་མཐར་འདི་བཏགས་ཐུན་གྱིས་བྲབ། ན་མོ་ཁ་ལ་དུན་ཙེ་ཐུན་རྦད། ནག་མོ་ཟ་འདྲེ་མི་ལ་ཁ་ཆིངས། འགྲིག་ཤོག །དུན་ཧབ་དུལ་དུལ་ནན་རྦས༔ མྱག་མྱག་བསེ་རག་ཁ་ཆིངས༔ མི་ལའི་ཁ་ཆིངས༔ ཆུང་སྲིའི་ཁ་ཆིངས༔ ནད་འདྲེའི་ཁ་ཆིངས༔ རབས་ཆད་ཀྱི་ཁ་ཆིངས༔ ཅི་མང་བཟླ། །ཀྱཻ། བསེ་རག་མི་ལ་གཞོན་ནུ་པ། །བུ་ཆུང་ལུས་ལ་གཡུ་རྣ་ཅན། །སྟག་རལ་གཟིག་ཤུབས་གྲི་ཆུང་སྐྱེད། །དར་ཟབ་པད་རིས་སག་ལྷམ་ཅན། །འཕུ་བཙུགས་ལག་ན་སྡུད་མོ་བཟུང་། །སྲེག་པ་བདུན་ནི་ཀླད་ན་ལྡིང་། །རི་བོང་ཆིབས་ཤིང་དུང་སོ་ཅན། །མིག་རྣོ་སྐུ་ནི་ཁམ་པ་སྟེ། །བསེ་རག་ལྟོགས་འགོང་མང་པོས་བསྐོར། །ཆངས་བུ་ཏིང་ལོ་ཁ་ལྷག་འདིས། །ཁྱེད་ཅག་འཁོར་བཅས་ཚིམས་གྱུར་ཅིག །གནས་འདིར་མ་འདུག་གཞན་དུ་དེངས། །ཕྱིན་ཆད་འཁོར་འདིར་མ་གནོད་ཅིག །ཟ་ཁ་འཐུང་ཁ་དགྲ་ལ་སྤོས། །ཟད་མེད་ཟ་རྒྱུ་དེ་ན་ཡོད། །བཅོམ་ལྡན་ཕྱག་ན་རྡོ་རྗེ་དང་། །སློབ་དཔོན་པདྨ་འབྱུང་གནས་ཀྱི། །དམ་ལ་མ་འདའ་ད་སོང་ཞིག །ཨོཾ་སུམྦྷ་ནི་སོགས་བརྗོད་ཐུན་གྱིས་བྲབ། སྦྲ་ཁྱིམ་མི་མཐོང་བར་དོར། ཕྱི་


CMR046_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

མིག་མི་བལྟ། ཞེས་ཨུ་རྒྱན་གྱིས་མཛད་པའི་དོན་ཨ་རཱ་གས་བསྡུས་ཏེ་སྦྱར་བའོ། །དེ་ཁ་ཅིག་ལ་འདི་བྱས་པས་ཞོ་ལད་འོ་མ་མི་ཐོན་པ་ཚོང་ཉེས་བོར་སྟོར་ཤོར་དང་། ཆག་གྲུག་སོགས། སྐམ་འགོང་བསེ་རག་གནོད་པ་ལ་ཕན་ཕྱིར་རཱ་ག་ཨ་སྱས་འཕྲལ་དུ་མཛད་པའོ།།

བསེ་རག་བཀར་བ་བསྡུས་པ།


CMR046_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བསེ་རག་བཀར་བ་བསྡུས་པ་ནི། །ན་མོ་ཨཱརྱ་ཛཾ་བྷ་ལཱ་ཡ། །ཁ་འགོང་ཆངས་བུ་ཏིང་ལོ་དང་། །ཁ་ལྷག་བོར་གཏོར་ཤོར་བ་བསྡུས་ལ་བླུགས། །ཨ་ཀཱ་རོས་བྱིན་རླབས་བྱས་ལ། བསེ་རག་ཁ་འགོང་མདུན་དུ་འགུགས་གཞུག་བྱ་བ་ལ། ཡི་དམ་སྔགས་ཤམ་ལ་འདི་བཏགས་ཐུན་གྱིས་བྲབ། ཨོཾ་འགྲིག་ཤོག །ན་མོ་ཁ་ལ་དུན་ཙེ་རྦད། ན་མོ་ཟ་འདྲེ་མི་ལ་ཁ་ཆིངས། འགྲིག་ཤོག །དུན་ཧབ་དུལ་དུལ་སྨྱུནན་རྦད། མྱག་མྱག་བསེ་རག་ཁ་ཆིངས། མི་ལ་ཁ་ཆིངས། ཆུང་སྲིའི་ཁ་ཆིངས། ན་འདྲེ་ཁ་ཆིངས། རབས་ཆད་ཀྱི་ཁ་ཆིངས། ཅི་མང་བཟླས། ཀྱཻ། བསེ་རག་མི་ལ་གཞོན་ནུ་པ། །བུ་ཆུང་ལུས་ལ་གཡུ་རྣ་ཅན། །སྟག་རལ་གཟིག་ཤུབས་གྲི་ཆུང་སྐྱེད། །དར་ཟབ་པད་རིས་ཆག་ལྷམ་ཅན། །འཕུ་བཙུགས་ལག་པ་སྡུད་མོ་བཟུང་། །སྲེག་པ་བདུན་ནི་ཀླད་ན་ལྡིང་། །རི་བོང་ལ་ཆིབས་དུང་སོ་ཅན། །མིག་རྣོ་སྐུ་ནི་ཁམ་པ་སྟེ། །བསེ་རག་ལྟོགས་འགོང་མང་པོས་བསྐོར། །ཆངས་བུ་ཏིང་ལོ་ཁ་ལྷག་འདིས། །ཁྱེད་ཅག་འཁོར་བཅས་ཚིམས་གྱུར་ཅིག །གནས་འདིར་མ་འདུག་གཞན་དུ་དེངས། །ཕྱིན་ཆད་འཁོར་འདིར་མ་གནོད་ཅིག །ཁ་ཟས་ཆངས་བུ་འདི་ཁྱེར་ལ། །ཟ་ཁ་འཐུང་ཁ་དགྲ་


CMR046_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྤོས། །ཟད་མེད་ཟ་རྒྱུ་དེ་ན་ཡོད། །སློབ་དཔོན་པདྨ་འབྱུང་གནས་ཀྱི། །དམ་ལ་མ་འདའ་ད་སོང་ཞིག །ཨོཾ་སུམྦྷ་ནི་སུམྦྷ་ནི་སོགས་བརྗོད། ཐུན་གྱིས་བྲབ་ལ་ཕྱི་རོལ་དུ་དོར་བཅུག །སྲུང་འཁོར་བསྒོམ། འདི་བྱས་པས་ཆང་ལད་པ་དང་། འོ་མ་ལ་མར་མི་ཐོན་པ་དང་། ཚོང་ཉེས། བོར་གཏོར། ཆག་ཉམས། འགོང་པོ་བསེ་རག་ཁ་འགོང་ཞི་ཞིང་གནོད་པ་ཐམས་ཅད་ལ་ཕན། ཞེས་ཨུ་རྒྱན་གྱིས་མཛད་པའི་དོན་རཱ་ག་ཨ་སྱས་བསྡུས་པའོ། །སརྦ་མངྒ་ལཾ།། ༈ འདི་ལ་རང་ཡི་དམ་ལྷ་གང་ཡང་རུང་བའི་ང་རྒྱལ་དང་བཅས་སྔགས་ཅུང་ཟད་བཟླས་རྗེས་གཏོར་མ། ཨ་ཀཱ་རོ་ལན་གསུམ་ཕྱག་རྒྱ་བཅས་པས་བརླབས། ན་མོ། དཀོན་མཆོག་གསུམ་གྱི་བདེན་པ་དང་། །རྩ་བ་གསུམ་གྱི་བྱིན་རླབས་དང་། །ཆོས་སྐྱོང་སྲུང་མའི་མཐུ་སྟོབས་ཀྱིས། །གནོད་བྱེད་ཁ་འགོང་བསེ་རག་ཀུན། །མཆོད་སྦྱིན་གནས་འདིར་མྱུར་དུ་ཁུག །གནོད་བྱེད་ཁ་འགོང་བསེ་རག་ཐམས་ཅད་ཨཱརཱ་ཡ་ཛར༔ ལན་གསུམ་གྱིས་བཀུག །ན་མསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ལན་བདུན་གྱིས་བསྔོ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། དེ་ནས་སྔགས་བཟླ་ཞིང་ཐུན་གྱིས་གཟིར་བ་མན་བྱའོ། །མངྒ་ལཾ། །

བསེ་རག་བཀར་ཐབས་མདོར་བསྡུས།


CMR046_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱརྱ་ཛཾ་བྷ་ལ་ཡ། བསེ་རག་བཀར་ཐབས་མདོར་བསྡུས་འདོད་ན། ཁ་འགོང་ལ་ཆངས་བུ་ཏིང་ལོ་དང་ཁ་ལྷག་བོ་ཤོར་ནའང་བསྡུས་ནས་བླུགས། ཨ་ཀཱ་རོ་ཡིས་བྱིན་གྱིས་བརླབས་ནས། བསེ་རག་ཁ་འགོང་མདུན་དུ་བཀུག་ནས། ཡི་དམ་སྔགས་ལ་འདི་བཏགས་ཐུན་གྱིས་བྲབ། ནག་མོ་ཁ་ཚེ་ཐུན་རྦད། ནག་མོ་བྱ་འགྲོ་མ་ཁ་ཆིངས། འགྲིག་ཤོང་ཐུན་ཧབ་དུལ་དུལ་ནན་རྦད་མྱག་མྱག་བསེ་ཝཱརག་ཁ་ཆིངས། མི་ལའི་ཁ་ཆིངས། ཆུང་སྲིའི་ཁ་ཆིངས། ནད་འདྲེའི་ཁ་ཆིངས། རབས་ཆད་ཀྱི་ཁ་ཆིངས། ཅི་མང་བཟླའོ།། ཀྱཻ། བསེ་རག་མི་ལ་གཞོན་ནུ་པ། །བུ་ཆུང་ལུས་ལ་གཡུ་རྣ་ཅན། །སྟག་རལ་གཟིག་ཤུབས་གྲི་ཆུང་སྐྱེད། །དར་ཟབ་པད་རིས་ཆག་ལྷམ་ཅན། །འཕྲུ་བཙུགས་ལག་ན་སྡུད་མོ་བཟུང་། །སྲེག་པ་བདུན་ནི་ཀླད་ན་ལྡིང་། །རི་བོང་ལ་ཆིབས་དུང་སོ་ཅན། །མིག་རྣོ་སྐྲ་ནི་ཁམ་པ་སྟེ། །བསེ་རག་ལྟོགས་འགོང་མང་པོས་བསྐོར། །ཆངས་བུ་ཏིང་ལོ་ཁ་ལྷག་འདིས། །ཁྱེད་ཅག་འཁོར་བཅས་ཚིམ་གྱུར་ཅིག །གནས་འདིར་མ་འདུག་གཞན་དུ་དེངས། །ཕྱིན་ཆད་འཁོར་འདིར་མ་གནོད་ཅིག །ཟ་ཁ་འཐུང་ཁ་དགྲ་ལ་སྤོས། །ཟ་མེད་ཟ་རྒྱུ་དེ་ན་ཡོད། །སློབ་དཔོན་པདྨ་


CMR046_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གནས་ཀྱི། །དམ་ལ་མ་འདའ་ད་སོང་ཞིག །ཨོཾ་སུམྦྷ་ནི་སུམྦྷ་ནི་སོགས་བརྗོད་ཅིང་ཕྱིར་དོར། འདི་བྱས་པས་ཞོ་ལད་ཆང་ལད་འོ་མར་མར་མི་ཐོན་ཚོང་ཉེས་བོ་སྟོར་ཤོར་དང་ཆག་གྲུམ་སོགས་སྐམ་འགོང་བསེ་རག་གནོད་པ་ལ་ཕན་ཕྱིར་རཱ་ག་ཨ་སྱས་འཕྲལ་དུ་སྨྲས། མངྒ་ལཾ།།

ཛཾ་དཀར་དམར་དང་རྣམ་སྲས་སེར་དམར་བཞི་ཡིས་ཆུ་སྦྱིན་ལ་བརྟེན་པ་སྒྲུབ་པ་གཏོར་མ་བརྒྱ་རྩ་བསྡུས་པ།


CMR046_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཛཾ་དཀར་དམར་དང་རྣམ་སྲས་སེར་དམར་བཞི་ཡིས་ཆུ་སྦྱིན་ལ་བརྟེན་པ་སྒྲུབ་པ་གཏོར་མ་བརྒྱ་རྩ་བསྡུས་པ་དང་དེ་བཞིན་བཞུགས་སོ།།


CMR046_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དཀོན་མཆོག་རྣམ་གསུམ་ལ། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །འགྲོ་ཀུན་བདེ་ཆེན་ཞིང་སྐྱེས་ཕྱིར། །བདག་གིས་མཆོད་སྦྱིན་བརྩམ་པར་བྱ། །རང་ཉིད་ཁ་སར་པཱ་ཎི་གསལ། །མདུན་དུ་ཛཾ་ལྷ་སྐུ་མདོག་དཀར། །ཞལ་གཅིག་ཕྱག་གཉིས་ཁྲོ་བོའི་སྐུ། །བེ་ཅོན་ནེ་ལེ་ཁ་ཊཾ་བསྣམས། །འབྲུག་ལ་ཆིབས་ཤིང་རྒྱན་རྣམས་རྫོགས། །ཕྱོགས་བཞིར་མཁའ་འགྲོ་སྡེ་བཞི་ནི། །གར་སྟབས་དམ་ཡེ་དབྱེར་མེད་གསལ། །ཆུ་རྒྱུན་མུ་ཏིག་ཕྲེང་བ་ཕུལ། །མཉེས་ནས་ནོར་བུ་མུ་ཏིག་ཆར། །ས་ཕྱོགས་ཁྱབ་པར་འབེབས་པར་གྱུར། །ཨོཾ་པདྨ་ཀྲོ་དྷ་


CMR046_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཨརྱ་ཛཾ་བྷ་ལ་ཧྲི་ད་ཡ་ཧཱུྃ་ཕཊ། སྔགས་བརྒྱ་རྩ་བཟླས་ནས། ཨོཾ་ཨཱཿཧཱུྃ། ལན་གསུམ། གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་པདྨ་ཀྲོ་དྷ་ཨརྱ་ཛཾ་བྷ་ལ་ཧྲི་ད་ཡ་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་འབུལ། ༀ་བཛྲ་ཨརྒྱུ་པཱདྱེ་པུབྦེ་དྷུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནེ་ཝི་དྱ་ཤརྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། འགྲོ་བ་དབུལ་བའི་སྡུག་བསྔལ་གཟིགས་གྱུར་ནས། །འཇིག་རྟེན་མགོན་པོའི་སྤྱན་ཆབ་ལས་འཁྲུངས་ཤིང་། །གངས་རིའི་མདོག་འཆང་ནོར་བདག་ཀུན་གྱི་རྗེ། །མཁའ་འགྲོ་བཞི་ཡིས་བསྐོར་ལ་ཕྱག་འཚལ་བསྟོད། །ལྷ་ལྔ་རང་གི་སྙིང་


CMR046_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

གར་ཐིམ། །ལོངས་སྤྱོད་སྤྲིན་བཞིན་འདུ་བར་མཛོད། །འབད་དང་རྩོལ་བ་སོགས། བསོད་ནམས་རི་བོ་སོགས། ཆུ་སྲིན་ལག་གིས་ཕྱོགས་བཞིར་གཏོར་ཚུལ་བྱ། ལྗགས་ལ་བཞག་ལ་དངོས་གྲུབ་ཐོབ་པར་བསམ། ཇོ་བོ་རྗེ་ཡི་ཞལ་ནས། འདི་བསྒྲུབས་པ་ལ་ཕན་ཡོན་གཉིས་ཏེ། ཚེ་འདིར་ཟས་ནོར་གྱིས་མི་ཕོངས་ལ། ཕྱི་མ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞིང་དུ་སྐྱེ་བར་འགྱུར་བ་ཡིན་གསུངས། ༈ མདུན་དུ་ཛཾ་ལས་ཛཾ་ལྷ་དམར། །དམར་དཀར་སྔོ་བའི་ཞལ་གསུམ་པ། །ཕྱག་དྲུག་དང་པོས་རིན་ཆེན་ཐོད། །བར་པས་ལྕགས་ཀྱུ་ཞགས་པ་སྟེ། །མཐའ་མ་ནེའུ་ལེའུ་རིན་ཆེན་འབེབས། །སྤྲུལ་བརྒྱད་དར་དང་རིན་ཆེན་རྒྱུན། །ཞབས་བཞིས་ནོར་སྐྱུགས་ཕོ་མོ་མནན། །ཐུགས་ཀར་རཾ་ལས་མེ་འབར་བས། །སྒོམ་ཞིང་ཞལ་ནས་མེ་ལྕེ་བྱུང་། །དེ་ལ་ཆུ་ཕུལ་མེ་ཞི་མཉེས་། །ཞལ་དང་ཕྱག་དང་ཞབས་འོག་ནས། །རིན་ཆེན་སྣ་ཚོགས་ཆར་འབེབས་གྱུར། །ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡ་དྷ་ན་མེ་དྷི་ཧཱུྃསྭཱ་ཧཱ། བརྒྱ་རྩ་བརྒྱད་བཟླས་ནས། ཨོཾ་ཨཱཿཧཱུྃ། །གསུམ། གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ༀ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧཱུྃ༔ ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ། ཨརྒྱུ་སོགས། བདེ་གཤེགས་ཀུན་གྱི་གསུང་ལས་


CMR046_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སྤྲུལ་ཞིང་། །ཐུགས་རྗེའི་ཆགས་པས་སྐུ་མདོག་དམར་པོར་བཞུགས། །དབང་གི་ཕྲིན་ལས་རྫོགས་མཛད་ཛཾ་བྷ་ལ། །མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད། །ཆུ་ཐིགས་ལྕེ་ལ་བཞག་ཚུལ་བྱ། ཛཾ་དམར་འདི་འོད་དཔག་མེད་ནོར་ལྷའི་སྐུར་བཞེངས་པ་ཡིན་པས། བདེ་བ་ཅན་དུ་སྐྱེ་བའི་ཕན་ཡོན་ཡོད། ༈ མདུན་དུ་རྣམ་སྲས་སེར་ཆེན་ལ། །གནོད་སྦྱིན་བརྒྱད་ཀྱིས་བསྐོར་བར་བསམ། །འཁོར་གྱི་གནོད་སྦྱིན་བྱེ་བ་ཡང་། །ནམ་མཁའི་སྤྲིན་ཚོགས་བཞིན་དུ་གསལ། །དེ་ནས་རང་གི་ལག་མཐིལ་དུ། །དཔག་བསམ་ཤིང་ཆེན་བསམ་པར་བྱ། །རྒྱལ་པོའི་སྤྱི་བོར་བདུད་རྩིས་ཆུས། །རྒྱུན་མི་འཆད་པར་སྦྲེང་བར་བྱ། །ཨོཾ་ཨ་མྲྀ་ཏ་ཨ་མྲྀ་ཏེ་པྲ་ས་ར་བྷེ་སྭཱ་ཧཱ། བརྒྱ་རྩ་བརྒྱད་དང་། ཨོཾ་ཨཱཿཧཱུྃ། གསུམ། །གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་བྷི་ཤ་ཝ་ཎ་ཡེ་ས་པ་རི་ཝཱ་ར་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ། ཨནྡྷཾ་སོགས། མི་འཇིགས་སེང་གེའི་ཁྲི་སྟེང་དུ། །བེ་ལས་བྱུང་བའི་མགོན་པོ་ནི། །ངལ་བསོ་དགེ་བ་སྟོབས་པོ་ཆེ། །ས་བརྒྱད་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་བསྟོད། །ལྷ་ཚོགས་རྟེན་ལ་ཐིམ་པར་གྱུར། །རང་གི་དོན་རྣམས་ཐམས་ཅད་ནི། །ནོར་བུ་


CMR046_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་འགྲུབ་པར་གྱུར། །བརྒྱ་ཕྲག་གཅིག་གིས་འབྲུ་རྣམས་འཕེལ། །སྟོང་ཕྲག་གཅིག་གིས་རྐང་འགྲོ་འཕེལ། །ཚེ་ཡི་རིག་འཛིན་ཐོབ་པར་འགྱུར། །དམར་མོ་ཆུ་ལ་བརྟེན་ནས་སྒྲུབ་པའི་གདམས་པའོ།། ༈ མདུན་དུ་རྣམ་སྲས་དམར་པོ་ནི། །གནོད་སྦྱིན་བརྒྱད་ཀྱིས་བསྐོར་བར་དམིགས། །འཁོར་གྱི་གནོད་སྦྱིན་བྱེ་བ་ཡང་། །ནམ་མཁའི་སྤྲིན་ཚོགས་བཞིན་དུ་བསམ། །དེ་ནས་རང་གི་ལག་མཐིལ་དུ། །དཔག་བསམ་ཤིང་ཆེན་བསམ་པར་བྱ། །རྒྱལ་པོ་སྤྱི་བོར་བདུད་རྩིའི་ཆུ། །རྒྱུན་མི་འཆད་པར་སྦྲེང་བར་བྱ། །ཨོཾ་ཨཱཿཧཱུྃ་མྲྀ་ཏེ་ༀ༔ ཨ་མྲྀ་ཏེ་པྲ་ས་ར་བྷེ་སྭཱ་ཧཱ། རྒྱ་རྩ་སོགས་ནས། ཨོཾ་ཨཱཿཧཱུྃ། གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་བྷེ་ཤྲ་མ་ན་ཡེ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ། ཨརྒྷཾ་སོགས། ཡང་དག་སངས་རྒྱས་རིན་ཆེན་མང་། །འགྲོ་བའི་དོན་དགོངས་སྤྲུལ་པའི་སྐུ། །ས་བརྒྱད་སེམས་དཔར་བཞུགས་པ་པོ། །ཁྱོད་ལ་གུས་པས་ཕྱག་འཚལ་བསྟོད། །ལྷ་རྣམས་རྟེན་ལ་ཐིམ་པར་གྱུར། །རྣམ་སྲས་དམར་པོ་སྣང་བ་མཐའ་ཡས་ཀྱི་གསུང་གིས་སྤྲུལ་པའི་ནོར་ལྷ་ཡིན་གསུངས་པས། ཚེ་རིང་བ་དང་ཕྱི་མ་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བའི་ཕྱིར་མཆོག་ཐུན་མོང་གཉིས་ཀ་འགྲུབ་བོ། །འདི་རྣམས་ལ་གཞུང་ནས་ཡེ་ཤེས་པ་


CMR046_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་འདྲེན་མ་གསུངས་པས། དམ་ཡེ་དབྱེར་མེད་བསྐྱེད་རྒྱུ་ཡིན་ལ། སྤྱན་འདྲེན་འདོད་ན་ཡིད་བསྟིམ་བྱ། ཆུ་ནི་ལོངས་སྤྱོད་གསུངས་པས་འཐུང་ཆུ་བྱས་ན་ཟབ་ཅིང་། སྣོད་ནས་ཆུ་བྱོ་དུས་ཁ་ཕྱིར་མི་བསྟན་ནང་དུ་ཡར་བསྟན་ནས་བླུགས་པ་གལ་ཆེའོ། །འདི་ཛཾ་དཀར་དམར་ཕྱི་སྒྲུབ་ཆུ་སྦྱིན་ལ་བརྟེན་ནས་སྒྲུབ་པ་དང་རྣམ་སྲས་སེར་དམར་མར་ངོ་ཆུ་ལ་བརྟེན་ནས་སྒྲུབ་པའི་དོན་འཐུས་ཁྱེར་བདེ་བར་རཱ་ག་ཨ་སྱས་རྒྱུད་གཞུང་ནས་བསྡུས་ནས་འགྲུབ་སྦྱོར་ཉིན་བྲིས་པའོ།། ༈ གཏོར་མ་བརྒྱ་རྩ་བསྡུས་པ་ནི། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །བླ་མ་ཡི་དམ་དཀོན་མཆོག་སྲིད་ཞུའི་མགྲོན། །ཆོས་སྐྱོང་སྲུང་མ་ཕྲིན་ལས་སྒྲུབ་པའི་མགྲོན། །རིགས་དྲུག་འགྲོ་བ་བྱམས་དང་སྙིང་རྗེས་མགྲོན། །གནོད་བྱེད་གདོན་བགེགས་ལན་ཆགས་ཤ་འཁོན་མགྲོན། །དེ་དག་སོ་སོར་མཆོད་པས་ཚིམ་གྱུར་ཅིག །སྦྱིན་པས་ཚིམ་ཞིང་སྡུག་བསྔལ་ཞི་གྱུར་ཅིག །དཀོར་སྒྲིབ་ལན་ཆགས་ཐམས་ཅད་བྱང་གྱུར་ཅིག །ཀུན་ཀྱང་རྣམ་མཁྱེན་སངས་རྒྱས་ཐོབ་པར་


CMR046_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། སྔགས་བདུན། ཨོཾ་ཛཱ་ལ་མི་དཾ་སརྦ་པྲ་ཏེ་བྷ་སྭཱ་ཧཱཿ ཁྱད་པར་ཡི་དྭགས་རྣམས་དང་བར་སྲིད་རྣམས། །ཆུ་སྲིན་འདིས་ཚིམ་བླ་མེད་བྱང་ཆུབ་ཤོག །ཅེས་རྗེ་ཆོས་ཀྱི་དབང་ཕྱུག་གི་གཟིམ་དཔོན་སྡེ་པ་སྤྱི་ཆུང་བ་ཡི་དྭགས་སུ་སྐྱེ་བར་ཆོས་ཀྱི་རྡོ་རྗེས་ལུང་བསྟན་པས། དེ་ཡི་སྐྱེ་སྒོ་ཆོད་ཕྱིར་ཞྭ་དམར་བ་ཉིད་ཀྱིས་གནང་བ་ཡིན་ནོ། །དེ་ནས་དམིགས་པ་ཅི་ཡང་མི་བསྒོམ་པ། སེམས་ངོ་ཕྱག་རྒྱ་ཆེན་པོའི་ངང་ལས་རྣམ་པར་མི་རྟོག་པའི་གཟུངས་འདི་ནུབ་མོའམ་དགོང་མོ་བརྒྱ་རྩ་རེ་མ་ཆག་ན་ཁ་ཟས་ཤུགས་ལ་འབྱུང་སྐྱིད་པར་འོང་ཞེས་ཇོ་བོ་རྗེས་གསུངས། ཏདྱ་ཐཱ༔ ཨོཾ་ཚོམ་མུ་ལེ་དུཀ་ཧཱུྃ་ཕཊ་སྭཱ་ཧཱཿ འདི་ལྷ་མོ་ཀུན་འཁྱིལ་མ་ཡི་སྙིང་པོ་སྟེ། རབ་བྱུང་རྣམས་འཚོ་བ་རྙེད་པའི་ཕྱིར། ཤཱཀྱ་ཐུབ་པའི་ཕྱག་གིས་སོར་མོ་ལ། ཟས་ཀྱི་ལྷ་མོ། གོས་ཀྱི་ལྷ་མོ། ནོར་གྱི་ལྷ་མོ་གསུམ་སྤྲུལ་པ་ཡིན་ནོ། །འབད་དང་རྩོལ་བས་མ་གོས་པའི། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་པ་ནམ་མཁའ་བཞིན་དུ་ཁྱབ་གྱུར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །


CMR046_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བསྔོ་སྨོན་བྱའོ། །ཞེས་པ་གྲྭ་པ་རྣམས་རེ་ཞིག་སྒྲུབ་པ་འདྲ་མི་སྐབས་དོ་བས་ཐུགས་དམ་བྱར་རྒྱུར་རཱ་ག་ཨ་སྱས་ནག་པོ་འགྲོ་ཤེས་སུ་བྲིས་པ་མངྒ་ལཾ།། ༈ གནོད་གནས་དབང་པོའི་རྟོག་བརྗོད་ལས་ཛཾ་བྷ་ལ་འདི་འཛིན་པས་དེ་བཞིན་གཤེགས་པ་ལ་མཆོད་པའི་གནས་ཡོངས་སུ་བྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི་སངས་རྒྱས་ཀྱིས་རྟག་ཏུ་བྱིན་གྱིས་བརླབས་པར་འགྱུར་རོ། །ཕ་རོལ་དུ་ཕྱིན་པའི་སྟོབས་དང་ས་ཐོབ་པར་འགྱུར་རོ། །ཞེས་དང་། ཛཾ་བྷ་ལ་རྣམས་ཀྱིས་སྔགས་རྣམས་བྱ་དང་རི་དྭགས་ཀྱི་རྣ་ལམ་དུ་ཐོས་ན་ཡང་མཐར་སངས་རྒྱས་འཐོབ་པར་འགྱུར་རོ། །ཞེས་དང་ནམ་ཡང་དམྱལ་བ་ཡི་དྭགས་དུད་འགྲོར་མི་སྐྱེ། མིར་སྐྱེས་ན་ཡང་རིགས་མཐོན་པོ་ལོངས་སྤྱོད་ཆེ་ཞིང་། ཆོས་སྤྱོད་པའི་སྐལ་པ་ཅན་དུ་སྐྱེ་བ་ཐུབ་པའི་ཞལ་ནས། གསེར་འོད་མདོ་ལས་གསུངས། འདི་ལྟར་ཆུ་སྦྱིན་ལ་བརྟེན་ནས་བསྒྲུབས་ན་ཕན་ཡོན་རྒྱ་ཆེན་པོ་སྨོས་ཅི་དགོས་ཏེ། ཚེ་འདིར་བསམ་པ་འགྲུབ། ཕྱི་མ་དག་པའི་ཞིང་དུ་སྐྱེ་བར་འདི་དགོས། ༈ ཆུ་སྦྱིན་བསྡུས་པ་ཡོད༔ མདུན་དུ་པཾ་ཨ་མ་ཡིག་ལས་བྱུང་བའི༔ པདྨ་ཟླ་བ་ཉི་མའི་སྟེང་དུ་ཛཾ༔ དེ་ལས་འོད་འཕྲོས་འཕགས་པ་ཐམས་ཅད་མཆོད༔ སེམས་ཅན་ཐམས་ཅད་དབུལ་བའི་སྡུག་བསྔལ་བསལ༔ བྱིན་རླབས་དངོས་གྲུབ་ཚུར་འདུས་ཡོངས་གྱུར་ལས༔ ཛཾ་ལྷ་དམར་པོ་གཡས་དཀར་གཡོན་སྔོ་ཞལ༔ ཕྱག་


CMR046_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་དང་པོས་ནོར་བུ་རིན་ཆེན་ཐོད༔ བར་པས་ལྕགས་ཀྱུ་ཞགས་པ་ཐ་མ་གཉིས༔ ནེའུ་ལེ་བཙིར་ནས་རིན་ཆེན་ཆར་པ་འབེབས༔ ཞབས་བཞི་འདོར་ཐབས་ནོར་སྐྱགས་ཕོ་མོ་མནན༔ ཁྲོ་འཛུམ་དར་དང་རིན་ཆེན་རྒྱན་ལྡན་པའི༔ ཐུགས་ཀར་རཾ་ཡིག་མེ་འབར་ཞལ་དུ་བྱུང་༔ སྐོམ་པས་གདུང་བ་ཆུ་ཕུལ་སྐོམ་པ་ཞི༔ མཉེས་ནས་ནེའུ་ལེ་བཙིར་ཞིང་ནོར་སྐྱུགས་མནན༔ ནོར་བུ་སྐྱུགས་པས་གནས་ཁང་ཁེངས་བར་གྱུར༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧཱིཝསྭཱ་ཧཱ༔ ཆུ་སྦྱིན་ལ། ཨརྒྷཾ་སོགས་དང་༔ བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་ཞིང་༔ ཐུགས་རྗེ་ཆགས་པས་སྐུ་མདོག་དམར་པོར་བཞུགས༔ དབང་གི་ཕྲིན་ལས་རྫོགས་མཛད་ཛཾ་བྷ་ལ༔ མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད༔ ཐུགས་ཀའི་ཧཱི༔ལས་ཀུ་རུ་ཀུལླེ་དམར༔ ཞལ་གཅིག་ཕྱག་བཞི་དར་དང་རིན་ཆེན་རྒྱན༔ མདའ་གཞུ་འགེངས་ཤིང་ལྕགས་ཀྱུ་ཞགས་པ་བསྣམས༔ གར་ཐབས་བཞུགས་པའི་ཐུགས་ལས་སྤྲུལ་པ་ཡི༔ ལྷ་མོ་ལྕགས་ཀྱུ་ཞགས་པ་འཛིན་པའི་ཚོགས༔ གྲངས་མེད་འཕྲོས་ནས་འདོད་དགུ་དབང་སྡུད་གྱུར༔ ཅེས་ནུབ་མོ་མི་བསྙེན་ནངས་སྔ་མོར་ཆུ་སྦྱིན་བྱའོ། །ཞེས་རཱ་ག་ཨ་སྱས་སོ།། །།

གནམ་ཆོས་ཛ་དམར་ཆུ་སྦྱིན་དངོས་གྲུབ་ཀུན་འབྱུང་།


CMR046_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཛ་དམར་ཆུ་སྦྱིན་དངོས་གྲུབ་ཀུན་འབྱུང་བཞུགས་སོ།། ཨོཾ༔ དཀོན་མཆོག་གསུམ་དང་ཨརྱ་ཛཾ་བྷ་ལྷ། །སྐྱབས་སུ་མཆི་ཞིང་སེམས་ཅན་ཐམས་ཅད་ཀྱི། །དབུལ་ཕོངས་བསལ་ཕྱིར་བདག་གིས་ཛ་ལྷ་བསྒྲུབ། །སྟོང་པའི་ངང་ལས་པད་ཟླ་ཉི་མའི་སྟེང་། །ཛཾ་ལས་ཛ་དམར་ཞལ་གསུམ་ཕྱག་དྲུག་པ། །དཀར་སྔོན་དམར་བའི་ཞལ་གསུམ་སྤྱན་དགུ་བསྒྲད། །ཁྲོ་འཛུམ་དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །ཕྱག་དྲུག་དང་པོ་དང་ནི་བར་མ་གཉིས། །རིན་ཆེན་ཞགས་པ་ལྕགས་ཀྱུ་ཐོད་པ་སྟེ། །ཐ་གཉིས་ནེའུ་ལེ་བཙིར་ཞིང་རིན་ཆེན་འབེབས། །ཞབས་བཞི་འདོར་སྟབས་ནོར་སྐྱུགས་ཕོ་མོ་མནན། །གནས་གསུམ་འབྲུ་གསུམ་ཐུགས་ཀའི་ཛཾ་འོད་ཀྱིས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་གཉིས་མེད་ཐིམ། །ཛཿཧཱུྃ་བཾ་ཧོ༔ ཨརྒྱུ་སོགས། ཛཾ་ལྷའི་ཐུགས་ཀར་རཾ་ཡིག་དམར་པོ་གསལ། །རཾལས་མེ་འབར་མེ་ལྕེ་ཞལ་དུ་བྱུང་། །ཤིན་ཏུ་སྐོམ་པའི་གདོང་ལ་ཆུ་ཕུལ་བས། །སྐོམ་པ་ཞི་བས་ཛཾ་ལྷ་རབ་ཏུ་མཉེས། །ཞལ་གསུམ་དག་ནས་རིན་ཆེན་ཆར་པ་བབ། །ནེའུ་ལེ་གཉིས་བཙིར་ནོར་སྐྱུགས་རྡོག་པས་བཙིར། །ནོར་བུ་སྐྱུགས་པས་གནས་


CMR046_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གང་བར་གྱུར། །ཆུ་ཕྱར་ཞིང་། ཨོཾ་ཛ་བྷ་ལ་ཛ་ལེནྡྲ་ཡ་དྷ་ན་མེ་དྷི་གྷིསྭཱ་ཧཱ༔ བརྒྱ་རྩ་བརྒྱད་དམ་ཅི་ལྕོགས་བཟླ་བར་བྱ། །བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་ཞིང་། །ཐུགས་རྗེའི་ཆགས་པས་སྐུ་མདོག་དམར་པོར་བཞུགས། །དབང་གི་ཕྲིན་ལས་རྫོགས་མཛད་ཛཾ་བྷ་ལ། །མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད། །བདག་ལ་ལོངས་སྤྱོད་ནོར་ཆེན་དངོས་གྲུབ་སྩོལ། །ཛཾ་ལས་ནེའུ་ལེ་ནོར་སྐྱུགས་གཉིས་བཅས་ལ། །རེག་པས་དངོས་གྲུབ་མྱུར་དུ་འཐོབ་པར་ཤོག །ཨོཾ་ཨཱཿཧཱུྃ། ཆུ་སྲིན་ལག་གིས་ལྕེ་ཐོག་ལ་བཞག །ཆུ་སྦྱིན་བསྡུས་པ་རཱ་ག་ཨ་སྱས་སོ། །མངྒ་ལཾ། དགེའོ།། །།

ཛཾ་དམར་ཆུ་སྦྱིན།


CMR046_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཛཾ་དམར་ནི། རང་ཉིད་ཁ་སར་པཱ་ཎིར་གསལ། །མདུན་དུ་ཛཾ་ལྷ་སྐུ་མདོག་དམར། །དམར་དཀར་སྔོ་བའི་ཞལ་གསུམ་པ། །ཕྱག་དྲུག་དང་པོས་རིན་ཆེན་ཐོད། བར་པས་ལྕགས་ཀྱུ་ཞགས་པ་འཛིན། །ཐ་གཉིས་ནེའུ་ལེ་རིན་ཆེན་འབེབས། །སྦྲུལ་བརྒྱད་དར་དང་རིན་ཆེན་རྒྱན། །ཞབས་བཞིའི་ནོར་སྐྱུགས་ཕོ་མོ་མནན། །ཐུགས་ཀར་རཾ་ལས་མེ་འབར་ནས། །སྐོམ་ཞིང་ཞལ་ནས་མེ་ལྕེ་བྱུང་། །དེ་ལ་ཆུ་ཕུལ་མེ་ཞི་མཉེས། །རིན་ཆེན་སྣ་ཚོགས་ཆར་འབེབས་གྱུར། །ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་ཧཱུྃསྭཱ་ཧཱ། གང་རིགས་བཟླས་རྗེས། ཨརྒྱུ་སོགས། བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་ཞིང་། །ཐུགས་རྗེའི་ཆགས་པས་སྐུ་མདོག་དམར་པོར་བཞུགས། །དབང་གི་ཕྲིན་ལས་རྫོགས་མཛད་ཛཾ་བྷ་ལ། །མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད། །སེར་སྣའི་ལས་ཀྱི་སྒྲིབ་པ་ཞི་བར་མཛོད། །ཛཾ་སིདྡྷི་ཕ་ལ་ཧོ༔ ཨ་རཱ་གས་སོ། །

རྒྱུན་ཁྱེར་ཆུ་གཏོར་བསྡུས་ཆ་ཚང་ཤིན་ཏུ་བསྡུས་པ།


CMR046_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཁྱེར་ཆུ་གཏོར་བསྡུས་ཆ་ཚང་ཤིན་ཏུ་བསྡུས་པ་བཞུགས།


CMR046_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ཛ་གཏོར་ཆུ་སྦྱིན་ཆག་མེད་འདི། །རྒྱས་པ་མ་ལྕོགས་རྒྱུན་ཁྱེར་ཉམས་ལེན་ནི། །མདུན་དུ་ཀ་ཊོ་རའམ་ཟངས་སྡེར་བཤམས། །དེ་ནང་ནས་འབྲུ་ཅུང་ཟད་བཏབ་ནས་བཤམས། །གཏོར་འགུ་ལ་སོགས་ཆུ་སྣོད་མདུན་དུ་བཞག ༈ རང་ཉིད་ཐུགས་རྗེ་ཆེན་པོ་ནི། །ཞལ་གཅིག་ཕྱག་གཉིས་རྣམ་པར་གྱུར། །རང་གི་ཕྱག་ནས་བདུད་རྩིའི་རྒྱུན། །བབ་པས་ཡི་དྭགས་ཀུན་ཚིམ་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ། ཨོྃ་ཨཱ༔ཧཱིཧཱུྃ། ༀ་ཛྭ་ལ་མི་དཾ་སརྦ་པྲ་ཏེ་བྱཱ་སྭཱ་ཧཱ། མཆན། རང་ཉིད་སྐད་ཅིག་དྲན་རྫོགས་སྤྱན་རས་གཟིགས། །ཁ་སར་པཱ་ཎིའི་སྐུ་རུ་ལམ་མེར་གསལ། །ཟངས་གཞོང་ཡངས་ཤིང་རྒྱ་ཆེ་ཡུལ་གྲུ་ཙམ། །དེ་ནང་ཕྱོགས་བཞི་དབུས་ལྔ་


CMR046_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དང་། །ཟླ་བའི་གདན་ནི་ལྔ་ཚོམ་སྒོམ་པ་ཡི། །དབུས་སུ་འཁོར་ལོ་བདེ་མཆོག་སྐུ་མདོག་དམར། །གྲི་ཐོད་འཛིན་ཅིང་ཕག་མོ་ཡུམ་དང་འཁྲིལ། །ཕྱོགས་བཞིར་མཁའ་འགྲོ་སྡེ་བཞི་མོས་པ་ཙམ། །ཤར་དུ་ཛཾ་ལས་ཛཾ་དཀར་ཁྲོ་བོའི་སྐུ། །གཡས་པས་བེ་ཅོན་གཡོན་པས་ནེའུ་འཛིན། །ཁ་ཊཾ་མཆན་བཅུག་འབྲུག་ལ་ཆིབས་པའོ། །ཕྱོགས་བཞིར་མཁའ་འགྲོ་སྡེ་བཞི་ཡོད་པར་བསྒོམ། །ལྷོ་རུ་ཛཾ་ལས་ཛ་སེར་ནོར་རྒྱུན་མ། །བི་ཛ་ནེའུ་ལེ་འབྲས་སྙེ་མཆོད་སྦྱིན་འཛིན། །ཕྱོགས་མཚམས་བརྒྱད་དུ་ནོར་ལྷ་ཕོ་བརྒྱད་དེ། །དེ་དག་ཀུན་གྱི་གཡོན་དུ་སོ་


CMR046_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

སོའི་ཡུམ། །ཆ་ལུགས་ནོར་རྒྱུན་མ་དང་འདྲ་བར་བསྐྱེད་། །ནུབ་ཏུ་ཛཾ་ལས་ཛ་དམར་ཕྱག་དྲུག་པ། །དམར་དཀར་སྔོ་བའི་ཞལ་གསུམ་ཞི་མ་ཁྲོ། །དང་པོས་ནོར་བུའི་ཐོད་པ་ནོར་བུས་བཀང་། །བར་པས་ལྕགས་ཀྱུ་ཞགས་པ་ཐ་མ་གཉིས། །ནེའུ་ལེ་བཙིར་བས་རིན་ཆེན་ཆར་པ་འབེབས། །ཞབས་བཞིའི་ནོར་སྐྱུགས་ཕོ་མོ་མནན་པར་བསམ། །བྱང་དུ་ཧཱུྃ་ལས་ཛཾ་ནག་ཁྲོ་བོའི་སྐུ། །གཅེར་བུ་སྦྲུལ་རྒྱན་ཐོད་ཁྲག་ནེའི་ལེ་འཛིན། །ཞབས་གཉིས་གནོད་སྦྱིན་ནོར་བདག་སེར་པོ་མནན། །རང་འདྲའི་སྡེ་བརྒྱད་ཛ་ནག་བརྒྱད་ཀྱིས་བསྐོར། །དེ་དག་འདོན་ནི་མི་དགོས་ཡིད་ཀྱིས་བསྒོམ། །ངག་ཏུ་སྔགས་འདི་བརྗོད་པས་སྤྱན་དྲངས་བསྟིམ། །གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་ལས། །འོད་འཕྲོས་ཡེ་ཤེས་པ་ཡི་ཚོགས། །སྤྱན་དྲངས་གཉིས་སུ་མེད་པར་གྱུར། །ཤྲཱི་ཧེ་རུ་ཀ་ཝཱ་ར་ཧི་སརྦ་ཛམྦྷ་ལ་ས་པ་རི་ཝཱ་ར་བཛྲ་སཱ་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོ༔ ཨརྒྷཾ་སོགས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཅེས་བརྗོད། རང་གི་ཕྱག་གཡས་རིན་ཆེན་བུམ་པ་ནས། །བདུད་རྩིའི་ཆུ་རྒྱུན་བདེ་མཆོག་ཡབ་ཡུམ་ལ། །ཕུལ་བས་ཁམས་གསུམ་དབང་སྡུད་དངོས་གྲུབ་ཐོབ། །བདུད་རྩི་གསོལ་དང་སྐུ་ལ་ཁྲུས་གསོལ་གྱུར། །


CMR046_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་ཛ་བྷིར་མོ་ཧར་ལ་སྭཱ་ཧཱ། དེ་ནི་ཆུ་སྦྱིན་གཏེར་གྱི་འདོད་འཇོ་ཡིན། །བུམ་པའི་ཆུ་ནི་མུ་ཏིག་ཆར་པའི་རྒྱུན། །ཛཾ་དཀར་ལྷ་ལྔའི་དབུ་ལ་བབ་པར་བསམ། །ཨོཾ་པདྨ་ཀྲོ་དྷ་ཨརྱ་ཛཾ་བྷ་ལ་ཧྲི་ད་ཡ་ཧཱུྃ་ཕཊ། ཇོ་བོ་རྗེ་ཡི་ཛ་དཀར་ཕྱི་སྒྲུབ་ཡིན། །བུམ་པའི་བདུད་རྩི་ཛ་སེར་ནོར་རྒྱུན་མ། །ནོར་ལྷ་ཕོ་བརྒྱད་མོ་བརྒྱད་བསྐོར་བ་ཡི། །སྐུ་ལ་ཁྲུས་དང་ཞལ་དུ་བདུད་རྩི་དྲངས། །མཉེས་ནས་དངོས་གྲུབ་ཐམས་ཅད་སྩོལ་བར་བསམ། །ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། དེ་ཡིས་ནོར་ལྷ་བཅོ་བརྒྱད་ཆུ་སྦྱིན་ཚང་། །ཇི་དམར་ཐུགས་ཀའི་རཾ་ལས་མེ་འབར་བས། །ཞལ་ནས་མེ་ལྕེ་བྱུང་ཞིང་སྐོམ་པ་ལ། །ཆུ་ཕུལ་སྐོམ་མཆོད་རབ་ཏུ་ཐུགས་མཉེས་ནས། །ཇི་ལའི་ཞལ་གསུམ་ནོར་སྐྱུགས་གཉིས་ཀྱི་སྐུབ། །ནེའུ་གཉིས་དང་ནོར་སྐྱུགས་གཉིས་ཀྱི་ཁ། །ནོར་བུ་སྐྱུགས་པས་རང་གནས་ཁྲ་ལྟེམ་གང་། །ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་དྷི་གྷིསྭཱ་ཧཱ། དེ་ནི་གྲྭ་པ་མངོན་ཤེས་ཅན་གྱི་གཏེར་མའི་ལུགས། བུམ་པའི་བདུད་རྩི་བྱང་སེམས་དཀར་པོ་ཡིས། །རང་བཞིན་ཛ་ནག་སྡེ་བརྒྱད་ཛ་ནག་བཅས། །སྐུ་ལ་ཁྲུས་དང་ཞལ་དུ་བདུད་རྩི་ཕུལ། །སྐུ་ལུས་བདེ་བ་རྒྱས་པས་


CMR046_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ནེའུ་ལེ་བཙིར། །དགོས་འདོད་སྣ་ཚོགས་ཆར་བཞིན་འབེབས་པར་བསམ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲ་ཡ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཏདྱ་ཐཱ༔ ཨོཾ་ཛཾ་བྷ་ལ་ཛ་ལེན་ཡེ་སྭཱ་ཧཱ། གཅིག་དང་། ཨོཾ་ཛིལླི་སྭཱ་ཧཱ། ཞེས་སྔགས་ཐུང་བརྗོད་པར་བྱའོ།། དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་བསྟོད། །ཁྱོད་ནི་འདོད་པའི་གཙོ་མོ་སྟེ། །སྲིད་གསུམ་ཐམས་ཅད་དབང་དུ་སྡུས། །བདག་ལ་འདོད་པའི་དངོས་གྲུབ་སྩོལ། །འགྲོ་བ་དབུལ་བའི་སྡུག་བསྔལ་གཟིགས་གྱུར་ནས། །འཇིག་རྟེན་མགོན་པོའི་སྤྱན་ཆབ་ལས་འཁྲུངས་པའི། །གངས་རི་ལྟར་དཀར་ནོར་འཆང་ཀུན་གྱི་རྗེ། །མཁའ་འགྲོ་བཞི་ཡིས་བསྐོར་ལ་ཕྱག་འཚལ་བསྟོད། །ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། །གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛཾ་བྷ་ལ། །དངོས་གྲུབ་མཆོག་སྩོལ་མཛད་ལ་ཕྱག་འཚལ་བསྟོད། །བདེ་གཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་ཞིང་། །ཐུགས་རྗེའི་ཆགས་པས་སྐུ་མདོག་དམར་པོར་བཞུགས། །དབང་གི་ཕྲིན་ལས་རྫོགས་མཛད་ཛ་བྷ་ལ། །མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད། །


CMR046_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ནམ་མཁའི་མདོག་ཅན་རིན་ཆེན་ཆར་འབེབས་པ། །མ་སྐྱེས་རང་བཞིན་དག་པས་སྐུ་མདོག་སྔོན་པོར་བཞུགས། །ཁྱོད་ནི་རྡོ་རྗེ་སེམས་དཔའ་ཉིད་དེ་བདག་དྲན་ན། །རྟག་ཏུ་ཡིད་ལ་རེ་བའི་འབྲས་བུ་མཆིས་པར་མཛོད། །ཅེས་བརྗོད་ཀུན་གྱི་དངོས་གྲུབ་ཐོབ་པར་བསམ། ཨོཾ་ཨཱཿཧཱུྃ། ཞེས་ཆུ་ཐིགས་ལྕེ་ལ་བཞག །སོར་མོས་ཆུ་དེ་ཕྱོགས་བཞིར་གཏོར་ཚུལ་བྱ། ཨོཾ་བཛྲ་སཏྭ་ཧཱུྃའམ་ཡིག་བརྒྱ་བཟླ། །ལྷ་ཚོགས་ཐམས་ཅད་རང་ལ་ཐིམ་པ་དང་། །ལོངས་སྤྱོད་ཐམས་ཅད་སྤྲིན་ལྟར་འདུ་བར་བསམ། འབད་དང་རྩོལ་བ་སོགས་ཀྱི་འདོད་གསོལ་བྱ། །མཆན། ཆུ་ལྷག་དེ་ཁ་གསོས་ལ། ཨོཾ་ཨཱཿཧཱུྃ། རིན་ཆེན་སྣོད་དུ་བདུད་རྩི་རྒྱ་མཚོར་གྱུར། །བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །བླ་མ་ཡི་དམ་དཀོན་མཆོག་སྲི་ཞུའི་མགྲོན། །ཆོས་སྐྱོང་སྲུང་མ་ཕྲིན་ལས་སྒྲུབ་པའི་མགྲོན། །གནོད་བྱེད་གདོན་བགེགས་ལན་ཆགས་ཤ་འཁོན་མགྲོན། །འགྲོ་བ་རིགས་དྲུག་བྱམས་དང་སྙིང་རྗེའི་མགྲོན། །དེ་དག་སོ་སོར་མཆོད་པས་མཉེས་གྱུར་ཅིག །སྦྱིན་པས་ཚིམ་ཞིང་སྡུག་བསྔལ་ཞི་གྱུར་ཅིག །དཀོར་སྒྲིབ་ལན་


CMR046_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཐམས་ཅད་བྱང་གྱུར་ཅིག །ཀུན་ཀྱང་རྣམ་མཁྱེན་སངས་རྒྱས་ཐོབ་པར་ཤོག །ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཁྱད་པར་ཡི་དྭགས་རྣམས་དང་བར་སྲིད་རྣམས། །ཆུ་སྦྱིན་འདིས་ཚིམ་བླ་མེད་སངས་རྒྱས་ཤོག །ཨོཾ་ཛྭ་ལ་མི་དཾ་སརྦ་པྲ་ཏེ་སྭཱ་ཧཱ། དེ་ཡིས་གཏོར་མ་བརྒྱ་རྩའི་ཆུ་སྦྱིན་ཚང་། །ཞྭ་དམར་པ་ཡིས་མཛད་པ་ཅུང་ཟད་བཅོས། །དེ་ནས་གཤེགས་གསོལ་མི་དགོས་མི་དམིགས་དང་། །སྤྱན་འདྲེན་ལ་སོགས་ཡང་ནི་མི་དགོས་སོ། །བསྔོས་པ་ཙམ་གྱིས་སོ་སོའི་གནས་རྣམས་སུ། །བདུད་རྩི་ལོངས་སྤྱོད་ལ་སོགས་ཐོབ་པར་དམིགས། །གོང་གི་ཛཾ་བྷ་ལ་ཡི་སྔགས་དེ་རྣམས། །རབ་ལ་བརྒྱ་རྩ་འབྲིང་ལ་ལོ་གྲངས་དང་། །ཐ་མ་བདུན་ནམ་ཉེར་གཅིག་རེ་ཡིས་ཆོག །ཉུང་ལ་འདུས་ཆེ་ཆག་མེད་འདོན་སླ་བ། །གཉེར་པ་ཆོས་འཕེལ་ཞེས་བྱས་བསྐུལ་བའི་ངོར། །དགེ་སློང་རཱ་ག་ཨ་སྱ་ཞེས་བྱ་བས། །ཤིང་སྤྲུལ་བདུད་རྩི་འཁྱིལ་པ་ཞེས་བྱའི་ལོར། །སྟོབས་ཆེན་གླང་གི་ཟླ་བའི་ཡར་ཚེས་ལྔར། །དཔལ་རི་རྩེ་ཡི་མཚམས་ཀྱི་ཁོང་ནས་བྲིས། །ཚེ་དཔལ་བསོད་ནམས་ཡར་ངོས་ཟླ་བཞིན་འཕེལ། །དཔལ་དང་འབྱོར་པ་འདོད་ཁམས་ལྷ་ལས་ཕྱུག །ཆོས་སྲིད་དབང་ཐང་དབྱར་གྱི་ཆུ་བཞིན་རྒྱས། །བསྟན་དང་འགྲོ་ལ་ཕན་ཐོགས་རྒྱ་ཆེན་ཤོག །མངྒ་ལཾ།། །།

གནམ་ཆོས་ཐུགས་གཏེར་ཟབ་མོ་ལས་སྤོ་རེ་ཎའི་སྐོར་ལས་ཆབ་གཏོར་རིམ་པ།


CMR046_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་གཏེར་ཟབ་མོ་ལས་སྤོ་རེ་ཎའི་སྐོར་ལས་ཆབ་གཏོར་རིམ་པ་བཞུགས་སོ། །


CMR046_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་ཀ་རུ་ཎ་ཡེ༔ གནམ་ཆོས་ཐུགས་གཏེར་ཟབ་མོ་ལས༔ སྤོ་རེ་ཎའི་སྐོར་ལས་བྱུང་བའི་ཆབ་གཏོར་བཏང་བའི་རིམ་པ་ནི། ཐེབ་ཙེ་ལྔ་ཚར་བཤམས་དེ་བཤལ་ཚེ་སྐྱབས་འགྲོ་ནི༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ་འདོན་ཚེ་སྣོད་བཤམ་པ་དང་༔ སྤྱན་འདྲེན་བཞུགས་གསོལ༔ སེམས་བསྐྱེད་དང་བཅས་པ་རྣམས་གཞུང་ཚིག་ལྔ་པ་ནི༔ ཐེབ་ཙེ་ལྔ་ནང་དུ་གཏོར་རིལ་ལམ་ནས་འབྲུ་དང་ཆུ་བླུགས་ལ༔ རང་ཉིད་ཁ་སར་པཱ་ཎིར་བསྐྱེད༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ སྭ་བྷ་ཝས་སྦྱངས། སྟོང་


CMR046_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ལས་རིན་ཆེན་སྣོད་ནང་དུ༔ གཏོར་མ་དམ་ཚིག་བདུད་རྩིར་གྱུར༔ གཟུགས་མཛེས་འབྱམས་ཀླས་འཇིགས་ཀུན་བྲལ༔ རིན་ཆེན་མང་ལ་ཕྱག་འཚལ་ལོ༔ ཧཱུྃ༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ འགྲོ་བ་སེམས་ཅན་མ་ལུས་ཀུན༔ ཀུན་ཏུ་བཟང་པོའི་ས་ཐོབ་ཤོག༔ བླ་མ་བརྒྱུད་པར་བཅས་རྣམས་དང་༔ ཡི་དམ་ལྷ་ཚོགས་མ་ལུས་ལ༔ བདུད་རྩི་གཏོར་མ་འདི་འབུལ་ལོ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་གཱ་ཏ་ཨབྷཾ་སོགས། པྲ་


CMR046_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཏཱིཙྪ་སྭཱ་ཧྭ༔ ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝཱ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། རབ་བརྒྱ་རྩ་འབྲིང་ཉེར་གཅིག ཐ་མ་བདུན་སོགས་བརྗོད། བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ༔ ཐེབ་གཉིས་པ་ལ༔ ཨ་ཀཱ་རོའི་བྱིན་གྱིས་བརླབས་ལ་ཆུ་ཕྱར་ཞིང་༔ གཏོར་མ་ཤ་ལྔ་བདུད་རྩི་ལྔ༔ ཆོས་སྐྱོང་སྲུང་མ་རྣམས་ལ་འབུལ༔ སཾ་བྷ་ར་གོང་བཞིན་བགྲང་༔ དཀོར་སྒྲིབ་བྱང་ནས་ཚོགས་རྫོགས་ཤོག༔ ཐེབ་གསུམ་པ་ལ༔ ཨ་ཀཱ་རོས་བྱིན་གྱིས་བརླབས་ལ་ཆུ་ཕྱར་ཞིང་༔ གཏོར་མ་བདུད་རྩིའི་རྒྱ་མཚོ་འདི༔ འཇིག་རྟེན་པ་རྣམས་ཀུན་ལ་འབུལ༔ གཟུགས་མཛེས་སོགས། སམྦྷ་ར་གོང་བཞིན་བསྒྲང་༔ མཉེས་ཤིང་ཚིམས་ནས་བར་ཆད་ཐེབ་བཞི་པ་ལ། ཨ་ཀཱ་རོས་བྱིན་གྱིས་བརླབས་ཆུ་ཕྱར་ཞིང༔ གཏོར་མ་འདོད་པའི་ཡོན་ཏན་ལྔ༔ གཉུག་མར་གནས་པ་རྣམས་ལ་འབུལ༔ གཟུགས་མཛེས་སོགས༔ སམྦྷ་ར་གོང་བཞིན་བསྒྲང་༔ ཁྱད་པར་ཡུལ་ཁམས་བདེ་ལེགས་མཛོད༔ ཐེབ་ལྔ་པ་ལ། ཨ་ཀཱ་རོས་བྱིན་གྱིས་བརླབས་ལ་ཆུ་ཕྱར་ཞིང་༔ ཁྱད་པར་ཚེ་རབས་ཐོག་མེད་ནས༔ ལན་ཆགས་བགེགས་རིགས་རྣམས་ལ་འབུལ༔ གཟུགས་མཛེས་སོགས༔ སམྦྷ་ར་སོགས་གོང་བཞིན༔ ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་༔ སོགས་ཀྱི་ཆོས་བཤད་ཤོ་ལོ་ཀ་


CMR046_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ༔ དེ་ལྟར་ཆོས་དང་ཟང་ཟིང་གི༔ སྦྱིན་པ་རྒྱ་ཆེན་འདི་བྱས་མཐུས༔ ཐམས་ཅད་མཉེས་ཤིང་ཚིམས་གྱུར་ནས༔ མཐར་ཐུག་སངས་རྒྱས་ཐོབ་པར་ཤོག༔ གཙོ་བོ་ནུས་པ་མ་མཆིས་པས༔ མ་འབྱོར་མ་རྙེད་མ་ཚང་དང་༔ འདི་ནི་བྱས་མིན་གང་བྱས་པ༔ དེ་དག་ཐམས་ཅད་བཟོད་པར་གསོལ༔ འཇིག་རྟེན་འདས་དང་མ་འདས་པའི༔ མགྲོན་རྣམས་མ་ལུས་ཐམས་ཅད་ཀུན༔ རང་རང་བདེ་བར་གཤེགས་ནས་ཀྱང་༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ བཛྲ་མུ༔ ཕྱོགས་དུས་རྒྱལ་བ་སྲས་བཅས་དགོངས༔ ཚོགས་གཉིས་རྫོགས་ལ་རྗེས་ཡི་རང་༔ བདག་གི་དུས་གསུམ་དགེ་བསགས་པ༔ དཀོན་མཆོག་གསུམ་ལ་མཆོད་པ་འབུལ༔ རྒྱལ་བའི་བསྟན་པ་འཕེལ་གྱུར་ཅིག༔ དགེ་བ་སེམས་ཅན་ཀུན་ལ་བསྔོ༔ འགྲོ་ཀུན་སངས་རྒྱས་ཐོབ་གྱུར་ཅིག༔ དགེ་རྩ་ཐམས་ཅད་གཅིག་བསྡུས་ཏེ༔ བདག་གི་རྒྱུད་ལ་སྨིན་གྱུར་ཅིག༔ སྒྲིབ་གཉིས་དག་ནས་ཚོགས་རྫོགས་ཏེ༔ ཚེ་རིང་ནད་མེད་ཉམས་རྟོགས་འཕེལ༔ ཚེ་འདིར་ས་བཅུ་ནོན་གྱུར་ཅིག༔ ནམ་ཞིག་ཚེ་འཕོས་གྱུར་མ་ཐག༔ བདེ་བ་ཅན་དུ་སྐྱེ་བར་ཤོག༔ སྐྱེས་


CMR046_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ནས་པདྨོ་ཁ་བྱེ་སྟེ༔ ལུས་རྟེན་དེ་ལ་སངས་རྒྱས་ཤོག༔ བྱང་ཆུབ་ཐོབ་ནས་ཇི་སྲིད་དུ༔ སྤྲུལ་པས་འགྲོ་བ་འདྲེན་པར་ཤོག༔ དེ་ལྟར་སྤྲོས་པ་མི་ལྕོགས་སམ་ཐེབ་ཙེ་ལྔ་ཚར་མེད་ན་ཐེབ་གཅིག་གི་ནང་དུ་ཆུ་བླུག་འདོན་བྱ་གོང་བཞིན་བྱ༔ ཐེབ་ལྔ་པ་ལ་ནས་གཏོར་རིལ་གང་ཡང་མི་བླུག༔ གཞན་རྣམས་ལ་ཆབ་གཏོར་རིལ་བླུག༔ དེ་ལྟར་གཡོན་ནས་བླུགས་གཡས་ནས་གཤེགས༔ མི་འགྱུར་རྡོ་རྗེ་དགོངས་གཏེར་ལས་བྱུང་བ་ཕྱག་ལེན་རཱ་ག་ཨ་སྱས་གཏན་ལ་ཕབ་པའོ༔ འདི་ཡི་ཞལ་གདམས་ལ། རང་ཉིད་སྐད་ཅིག་ལ་ཁ་སར་པ་ཎིར་བསྐྱེད། ཐེབ་ཙེ་ལྔ་ཚར་བཤམས། མེད་ན་གཅིག །བདུད་རྩི་གཉིས་པ་ཡན་ལག་ལྔ་སོགས། བདུད་རྩི་གསུམ་པ་དཀར་གསུམ། བཞི་པ་སོ་སོའི་ཡིད་མཐུན། ལྔ་པ་ཆུ་གཙང་དུ་བསམ་མོ། །ས་མ་ཡ་རྒྱ་རྒྱ་རྒྱ༔ འདིའི་སྤྱན་འདྲེན་ལ་ཏིང་ཤག་བརྡུང་༔ བླ་མ་ལ་༠༠མཐིང་རྡུང་། ཡི་དམ་ལ་༠༠༠སུམ་བརྡུང་། དཔལ་མགོན་ལ་༠༠དྲག་བརྡུང་། །རིགས་དྲུག་ལ་བབའཐིང་ཐབས། བར་དོ་ལ་༠༠༠སུམ་བརྡུང་བྱའོ། །རྗེས་ཆོག་དུས་ཏིང་ཤག་ཁ་ཕྱིར་བསྟན། མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གནམ་ཆོས་ལས་ཆབ་གཏོར་གྱི་འདོན་འགྲིགས་ཁོལ་དུ་ཕྱུང་བ།


CMR046_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ལས་ཆབ་གཏོར་གྱི་འདོན་འགྲིགས་ཁོལ་དུ་ཕྱུང་བ་བཞུགས་སོ།། ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ རང་ཉིད་འཇིག་རྟེན་དབང་ཕྱུག་དཀར༔ ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན༔ གཡོན་པས་པདྨ་དཀར་པོ་འཛིན༔ ཐུགས་ཀར་ཡིག་དྲུག་གཡས་བསྐོར་བསམ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཧཱུྃ༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ འགྲོ་བ་སེམས་ཅན་མ་ལུས་པ༔ ཀུན་ཏུ་བཟང་པོའི་ས་ཐོབ་ཤོག༔ ཨོཾ་བཛྲ་ཨ་མྲྀ་ཏ༔ ཨོཾ་སྭ་བྷ་ཝ༔ གཟུགས་མཛེས་འབྱམས་ཀླས་འཇིགས་བྲལ་དང་༔ རིན་ཆེན་མང་ལ་ཕྱག་འཚལ་བསྟོད༔ ལན་གསུམ། གཏོར་མ་བདུད་རྩིའི་རྒྱ་མཚོ་འདི༔ བླ་མ་ཡི་དམ་ལྷ་ལ་འབུལ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ༔ བདུན་ནམ་ཉེར་གཅིག་བརྗོད༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔


CMR046_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གཉིས་དང་༔ བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཨོཾ་ཨ་ཀཱ་རོ༴ གཏོར་མ་ཤ་ལྔ་བདུད་རྩི་འདི༔ མཁའ་འགྲོ་ཆོས་སྐྱོང་ཀུན་ལ་འབུལ༔ ན་མཿསརྦ་སོགས། དཀོར་སྦྱོང་སྡིག་སྒྲིབ་དག་གྱུར་ཅིག༔ གསུམ། ཨ་ཀཱ་རོ༴ གཏོར་མ་འཇིག་རྟེན་སྐྱོང་བ་འདི༔ དཔལ་མགོན་བདུན་ཅུ་རྣམས་ལ་འབུལ༔ ན་མསརྦ་ཏ་ཐཱ་སོགས། བར་ཆད་སོལ་ལ་དངོས་གྲུབ་སྩོལ༔ གསུམ། ཨ་ཀཱ་རོ༔ གཏོར་མ་འདོད་པའི་ཡོན་ཏན་འདི༔ འགྲོ་བ་རིགས་དྲུག་ལན་ཆགས་ཅན༔ གདུག་སེམས་ཅན་དང་གནོད་བྱེད་དང་༔ ཁྱད་པར་ཡི་དྭགས་བར་དོ་ལ༔ ཀུན་ལ་གཏོར་མ་འདི་འབུལ་ལོ༔ ན་མསརྦ་ཏ་ཐཱ་སོགས། སརྦ་པྲ་ཏ་ཀ་ཛྭ་ལ་ཁཱ་ཧི༔ སོགས། ལན་ཆགས་བུ་ལོན་བྱང་ནས་ཀྱང་༔ སྡུག་སེམས་སྡུག་བསྔལ་ཞི་གྱུར་ཅིག༔ གསུམ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་༔ དེ་རྒྱུ་དེ་བཞིན་གཤེགས་པས་གསུངས༔ རྒྱུ་ལས་འགོག་པ་གང་ཡིན་པ༔ དགེ་སྦྱོང་ཆེན་པོའི་འདི་སྐད་གསུངས༔ སྡིག་པ་ཅི་ཡང་མི་བྱ་ཞིང་༔ དགེ་བ་ཕུན་སུམ་ཚོགས་པར་སྤྱད༔ རང་གི་སེམས་ནི་ཡོངས་སུ་འདུལ༔ གཞན་གྱི་སེམས་ནི་དཀྲུག་མི་བྱ༔ འདི་ནི་སངས་རྒྱས་


CMR046_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ཡིན༔ དེ་ལྟར་ཆོས་དང་ཟང་ཟིང་གི༔ སྦྱིན་པ་རྒྱ་ཆེན་འདི་བྱས་མཐུས༔ ཐམས་ཅད་མ་ལུས་ཚིམ་གྱུར་ཅིག༔ མཐར་ཐུག་སངས་རྒྱས་ཐོབ་པར་ཤོག༔ གཙོ་བོར་ནུས་པ་མ་མཆིས་པས༔ མ་འབྱོར་མ་རྙེད་མ་ཚང་བ༔ འདི་ནི་བྱ་མིན་གང་བྱས་པ༔ དེ་དག་ཐམས་ཅད་བཟོད་པར་གསོལ༔ གཤེགས་གསོལ་ནི། འཇིག་རྟེན་འདས་དང་མ་འདས་པའི༔ མགྲོན་རྣམས་མ་ལུས་ཐམས་ཅད་ཀུན༔ རང་གནས་བདེ་བར་གཤེགས་ནས་ཀྱང་༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ བཛྲ་མུ༔

སྨུག་འཛིན་དཀར་པོའི་ཆུ་སྦྱིན།


CMR046_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

སྨུག་འཛིན་དཀར་པོའི་ཆུ་སྦྱིན་བཞུགས་སོ།


CMR046_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་ཟངས་གཞོང་ནང་དུ་ལྷ་ལྔ་བསྐྱེད་ལ། ཨོཾ་སྭ་བྷ་ཝ་༔ རིན་ཆེན་ལྔ་ལས་གྲུབ་པ་ཡི། །གཞལ་མེད་ཁང་པའི་དབུས་སུ་ནི། །ཛཾ་ལྷ་སྐུ་མདོག་དཀར་པོ་སྟེ། །ཞལ་གཅིག་ཕྱག་གཉིས་གཡས་བ་ཅོན། །ཕྱག་གཡོན་ནེའུ་ལེ་བསྣམས་པ་སྟེ། །གྲུ་མོར་ཁ་ཊཾ་ག་ལྡན་པ། །དབུ་སྐྲ་དམར་སེར་གྱེན་དུ་བརྗེས། །སྤྱན་གསུམ་ཞལ་གདངས་རིན་ཆེན་གྱི། །རྒྱན་ལྡན་འབྲུག་ལ་བཅིབས་པའོ། །ཤར་དུ་རྡོ་རྗེ་དྷ་ཀི་མ། །མཐིང་ནག་གཡས་ན་རྡོ་རྗེ་དང་། །གཡོན་པས་རྟེན་འབྲེལ་ནོར་རྫས་འཛིན། །ལྷོ་རུ་རིན་ཆེན་དྷཱ་ཀི་མ། །སེར་མོ་གཡས་ན་ནོར་བུ་དང་། །གཡོན


CMR046_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

པས་རིན་ཆེན་བུམ་པ་འཛིན། །ནུབ་ཏུ་པདྨ་དྷཱ་ཀི་མ། །དམར་མོ་གཡས་ན་པདྨ་དང་། །གཡོན་པས་འགུགས་བྱེད་ལྕགས་ཀྱུ་འཛིན། །བྱང་དུ་ལས་ཀྱི་དྷཱ་ཀི་མ། །ལྗང་གུ་རྡོ་རྗེ་རྒྱ་གྲམ་འཛིན། །གཡོན་པས་ནེའུ་ལེ་རྐྱལ་པ་འཛིན། །ཀུན་ཀྱང་རིན་ཆེན་རྒྱན་ལྡན་ཞིང་། །ཕྱེད་བསྐུམ་ཚུལ་གྱིས་བཞུགས་པར་གྱུར། །གནས་གསུམ་ཨོཾ་ཨཱཿཧཱུྃ་རྣམས་ལས། །འོད་འཕྲོས་ཡེ་ཤེས་པ་ཡི་ཚོགས། །སྤྱན་དྲངས་གཉིས་སུ་མེད་པར་གྱུར། །ཛཿཧཱུྃ་བཾ་ཧོ༔ སླར་ཡང་ཧཱུྃ་གི་འོད་ཟེར་གྱིས། །དབང་གི་ལྷ་རྣམས་སྤྱན་དྲངས་གྱུར། །ཨགྷོ༴ དབང་བསྐུར་སྐུ་


CMR046_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གང་དྲི་མ་དག །ཆུ་ཞབས་སྤྱི་བོར་ལུད་པ་ལས། །རིགས་ལྔ་སོ་སོའི་དབུ་བརྒྱན་གྱུར། །ཟངས་གཞོང་ནང་དུ་ཆུ་འཕྱར་ཞིང་། །རང་ཁ་སར་པཱ་ཎི་ཕྱག་གི་བུམ་པས་ཆུ་བླུགས་པས་ཆུ་ཡེ་ཤེས་ཀྱི་བདུད་རྩི་དང་། །མུ་ཏིག་གི་ཕྲེང་བར་བསྒོམ། ལྷ་ལྔའི་ཞལ་སྐྱེམས་པར་བཞུགས་པས་ཆུ་ཕུལ་བས་མཉེས། མུ་ཏིག་གི་ཕྲེང་བ་ཕུལ་བས་སྐུའི་རྒྱན་དུ་བཀླུབས་པས་མཉེས་ཏེ། གཙོ་བོའི་ཞལ་ནས་མུ་ཏིག་གི་ཆར་བབས་པས་རང་གནས་ཁེངས། ཕྱག་གི་ནེའུ་ལེ་བཙིར་བའི་ཁ་ནས་རིན་པོ་ཆེའི་སྣ་ཚོགས་དང་གང་འདོད་པའི་ལོངས་སྤྱོད་ཐམས་ཅད་སྐྱུགས་པའི་ཚུལ་གྱིས་ཆར་སྐྱོགས་ལྟར་བབས་པར་བསྒོམ། རང་ཉིད་སྤྱན་རས་གཟིགས་གྱུར་པའི། །ཕྱག་གི་བུམ་པས་ཆུ་བླུག་གྱུར།། ཨོཾ་པདྨ་ཀྲོ་དྷ་ཨརྱ་ཛཾ་བྷ་ཧྲི་ད་ཡ་ཧཱུྃ་ཕཊ༔ བརྒྱ་རྩ་བཟླས་ལ། གཏོར་མ་བསྔོ་བ་ནི། ཨོཾ་ཨཱཿཧཱུྃ་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། རྩ་སྔགས་ལ། ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་པདྨ་ཀྲོ་དྷ་ཨརྱ་ཛཾ་བྷ་ལ་ས་པཱ་རི་ཝཱ་ར་ཨརྒྱུ་༔ བསྟོད་པ་ནི། འགྲོ་བ་དབུལ་བའི་སྡུག་བསྔལ་གཟིགས་གྱུར་ནས། །འཇིག་རྟེན་མགོན་པོའི་སྤྱན་ཆབ་ལས་འཁྲུངས་ཤིང་། །གངས་རི་ལྟར་དཀར་ནོར་འཆང་ཀུན་གྱི་རྗེ། །མཁའ་འགྲོ་བཞི་ཡིས་བསྐོར་ལ་ཕྱག་འཚལ་བསྟོད། །སེར་སྣའི་ལས་ཀྱི་མེ་ཡིས་གདུང་བ་དག །སྐྱེ་དང་སྐྱེ་བར་ཁྱེད་ལ་གསོལ་


CMR046_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་ཀྱིས། །རིན་ཆེན་བདུད་རྩིའི་གཏེར་གྱི་ཆར་རྒྱུན་གྱིས། །སེམས་ཅན་དབུལ་བའི་སྡུག་བསྔལ་ཞི་བར་མཛོད། །ཨོཾ་པདྨ་ཀྲོ་དྷ་ཨརྱ་ཛ་བྷ་ལ་རཏྣ་སིདྡྷི་ཕ་ལ་ཧོ༔ ཅེས་ཆུ་ཐིགས་སྲིན་ལག་གིས་ལྕེ་ཐོག་ཏུ་བཞག་སྟེ་དངོས་གྲུབ་བླངས། འཕགས་པ་ཛཾ་བྷ་ལས་བདག་ལ་ཟས་ནོར་ལོངས་སྤྱོད་ཀྱི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། དེ་ནས་མདུན་བསྐྱེད་ནི། ལྷ་ལྔ་རང་གི་ཐུགས་ཀར་ཐིམ། །ལོངས་སྤྱོད་སྤྲིན་བཞིན་འདུས་པར་བསམ། །མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །ཉེས་པ་བགྱིས་དང་བགྱིད་བསྩལ་བ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །ཡིག་བརྒྱ་བཟླ་ཞིང་ཆུ་ཕྱོགས་བཞིར་གཏོར། བསོད་ནམས་རི་བོ་འབད་དང་རྩོལ་སོགས། བཀྲ་ཤིས་ཅི་རིགས་བརྗོད། ཨ་རཱ་གས་བྲིས་སོ། མངྒ་ལཾ། །༄༅། འབྱུང་གཏོར་བཞུགས་སོ།། ཨོཾ་བཛྲ་ཨ་མྲྀ་ཏེ༔ ཨོཾ་སྭ་བྷཱ་༔ སྟོང་པའི་ངང་ལས་རིན་ཆེན་སྣོད། །ཡངས་ཤིང་རྒྱ་ཆེ་རྣམས་ཀྱི་ནང་། །ཨོཾ་ཨཱཿཧཱུྃ་ལས་བྱུང་བ་ཡི། །གཏོར་མ་ལྷ་རྫས་ཐོགས་མེད་ནི། །ངོ་བོ་ཡེ་ཤེས་བདུད་རྩི་ལ། །རྣམ་པ་འབྱུང་བ་བཞི་ཡི་དངོས། །བྱེད་ལས་དབང་པོ་དྲུག་གི་ཡུལ། །


CMR046_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་མེད་བདེ་བ་བསྐྱེད་པར་གྱུར། །ཨོཾ་ཨཱཿཧཱུྃ་གསུམ། རང་ཉིད་དམ་པ་སངས་རྒྱས་སྐུ། །སྨུག་ནག་སེང་ལྡེང་ཌཱ་རུ་འཁྲོལ། །དངུལ་དཀར་དྲིལ་བུ་དཀུར་བརྟེན་ཞིང་། །རྟེན་འབྲེལ་གལ་ཏ་ཕྲག་ལ་གཟར། །མདོ་རྒྱུད་བསྟན་བཅོས་དགོངས་པ་རྟོགས། །ཨཱ་ལི་ཀཱ་ལི་སྒྲ་སྒྲོག་གྱུར། །ཡཾ་ཨི་ཨི་ཙ་ཚ་ཛ་ཛྷ་ཉ། ཞེས་པ་ལན་བདུན་གྱིས་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། རླུང་རྫས་སྔོན་པོ་ཡངས་ཤིང་གཡོ་བ་འདི་དག་རྣམས། །དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་འཁོར་དང་བཅས། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་རྣམས་ལ་འབུལ། །ཉོན་མོངས་ཞེ་སྡང་རླུང་ནད་ལྷ་དང་དྲི་ཟའི་གདོན། །ཐམས་ཅད་སྲུངས་ཤིག་ཟློག་ཅིག་བསྒྱུར་བར་མཛད་དུ་གསོལ། །སྣང་བ་སྣ་ཚོགས་རྟེན་ཅིང་འབྲེལ་འབྱུང་དུ་རྟོགས་ནས། །འགྲོ་དོན་ཕྱོགསམེད་རྟེན་འབྲེལ་སྒོ་ནས་འགྲུབ་པར་ཤོག །དེ་བཞིན་དུ། རཾ་རི་རི་ཊ་ཋ་ཌ་ཌྷ་ཎ། ལན་བདུན། ཨརྒྷཾ་མེ་རྫས་དམར་པོ་ཚ་ཞིང་སྲེག་པ་འདི་དག་རྣམས། །དཔལ་ལྡན་བླ་མ་རིན་ཆེན་འབྱུང་ལྡན་འཁོར་བཅས་དང་། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་ལྷ་ཚོགས་རྣམས་ལ་འབུལ། །ཉོན་མོངས་ང་རྒྱལ་ཚད་ནད་ཕོ་གདོན་གཤིན་རྗེའི་གདོན། །ཐམས་ཅད་སྲུངས་


CMR046_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་ཟློག་ཅིག་བསྒྱུར་བར་མཛད་དུ་གསོལ། །སྣང་བ་སྣ་ཚོགས་རྟེན་ཅིང་འབྲེལ་འབྱུང་དུ་རྟོགས་ནས། །འགྲོ་དོན་ཕྱོགས་མེད་རྟེན་འབྲེལ་སྒོ་ནས་འགྲུབ་པར་ཤོག པཾ་ཨུ་ཨུ་པ་ཕ་བ་བྷ་མ། ལན་བདུན། ཨབྷཾ་ཆུ་རྫ་ས་དཀར་པོ་རླན་ཞིང་གཤེར་བ་འདི་དག་རྣམས། །དཔལ་ལྡན་བླ་མ་སྣང་བ་མཐའ་ཡས་འཁོར་བཅས་དང་། །ནུབ་ཕྱོགས་པདྨ་རིགས་ཀྱི་ལྷ་ཚོགས་རྣམས་ལ་འབུལ། །ཉོན་མོངས་འདོད་ཆགས་གྲང་ནད་མོ་གདོན་ཀླུ་ཡི་གདོན། །ཐམས་ཅད་སྲུངས་ཤིག་ཟློག་ཅིག་བསྒྱུར་བར་མཛད་དུ་གསོལ། །སྣང་བ་སྣ་ཚོགས་རྟེན་ཅིང་འབྲེལ་འབྱུང་དུ་རྟོགས་ནས། །འགྲོ་དོན་ཕྱོགས་མེད་རྟེན་འབྲེལ་སྒོ་ནས་འགྲུབ་པར་ཤོག །ལཾ་ལཾ་ལིཏ་ཐ་ད་དྷ་ན། ལན་བདུན། ཨཱཿཧཱུྃ༴ ས་རྫས་སེརཔོ་སྲ་ཞིང་བརྟན་པ་འདི་དག་རྣམས། །དཔལ་ལྡན་བླ་མ་དོན་ཡོད་གྲུབ་པ་འཁོར་བཅས་དང་། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་ལྷ་ཚོགས་རྣམས་ལ་འབུལ། །ཉོན་མོངས་ཕྲག་དོག་བད་ཀན་འགོང་པོ་གནོད་སྦྱིན་གདོན། །ཐམས་ཅད་སྲུངས་ཤིག་ཟློག་ཅིག་བསྒྱུར་བར་མཛད་དུ་གསོལ། །སྣང་བ་སྣ་ཚོགས་རྟེན་ཅིང་འབྲེལ་འབྱུང་དུ་རྟོགས་ནས། །འགྲོ་


CMR046_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཕྱོགས་མེད་རྟེན་འབྲེལ་སྒོ་ནས་འགྲུབ་པར་ཤོག །གླུད་ནི་སཾ་བྷ་ར་དང་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་པས་བསྔོས་ལ། སྔོན་ཚེ་ལྷ་དབང་བརྒྱ་བྱིན་གླུད། །ད་ལྟ་རྒྱུ་སྦྱོར་ཡོན་བདག་གླུད། །ཤ་ཡི་གླུད་འདི་ས་ལ་གཏོང་། །ས་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །ཁྲག་གི་གླུད་འདི་ཆུ་ལ་གཏོང་། །ཆུ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །དྲོད་ཀྱི་གླུད་འདི་མེ་ལ་གཏོང་། །མེ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །དབུགས་ཀྱི་གླུད་འདི་རླུང་ལ་གཏོང་། །རླུང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རུས་པའི་གླུད་འདི་བྲག་ལ་གཏོང་། །བྲག་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རྩ་རྒྱུས་གླུད་འདི་ཤིང་ལ་གཏོང་། །ཤིང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་


CMR046_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་མ་བྱེད་ཅིག །པགས་པའི་གླུད་འདི་ཐང་ལ་གཏོང་། །ཐང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །སེམས་ཉིད་གླུད་འདི་མཁའ་ལ་གཏོང་། །མཁའ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །གཞན་གྱི་བྱད་ཁ་ཕུར་ཁ་དང་། །ཟོར་ཁ་མནན་པ་ལ་སོགས་པ། །སྐག་དང་སྲི་ངན་ཐམས་ཅད་དང་། །གནོད་བྱེད་ཐམས་ཅད་བཟློག་ཏུ་གསོལ། །བགེགས་རིགས་སྟོང་ཕྲག་སོགས་བརྗོད། །ཐལ་མོ་ཁང་སྟོང་སྙིང་གར་བཅའ་ལ། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾ། ལན་གསུམ་བརྗོད། རང་ཉིད་སྤྱན་རས་གཟིགས་སུ་གསལ་བའི་ཐུགས་ཀའི་ཧཱུྃལས་འོད་ཟེར་འཕྲོས་པས་སྣང་སྲིད་ཐམས་ཅད་ལ་ཕོག་པས། དངོས་པོ་མཚན་མར་འཛིན་པའི་མ་དག་པ་ཐམས་ཅད་སྦྱངས་ནས། དག་པ་ཡེ་ཤེས་ལྔའི་རང་བཞིན་འོད་ཀྱི་རྣམ་པར་གྱུར། དེའི་སྐུ་ཕོར་ཕྱོགས་ཐམས་ཅད་དུ་རླུང་འདེབས་བྱས་ལ། ཨོཾ་ཨཱཿཧཱུྃ་ཧི༔ ཨོཾ་མ་ཎི་པདྨེ་ཧཱུྃ། ཅི་ནུས་བཟླས་རྗེས། ཕྱི་མཆོད་རྟེན་གྱི་རྣམ་པ་ལ་ནང་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་


CMR046_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། དེ་འདྲའི་ཚོགས་དཔག་ཏུ་མེད་པས་སྟོང་གསུམ་འཇིག་རྟེན་གྱི་ཁམས་གང་བ་གཅིག་ཏུ་གྱུར། ཨོཾ་ཡེ་དྷརྨ་ཨོཾ་སུ་པྲ་ཏིཥྛ། ཀྱཻ། ཕྲིན་ལས་རྣམ་དག་སྐུ་གསུང་ཐུགས། །ཡོན་ཏན་མ་ལུས་རྒྱ་ཆེ་བ། །བཞེངས་པ་རྣམས་ལ་བྱིན་གྱིས་རློབས། །རྟེན་མཆོག་ཏུ་གྱུར་པའི་བཀྲ་ཤིས་ཤོག །རྟེན་མཆོག་འདི་བཞེངས་དགེ་བ་ཡིས། །ཕ་མ་འགྲོ་བ་མ་ལུས་པ། །ཀུན་མཁྱེན་རྒྱལ་བའི་གོ་འཕང་དུ། །མྱུར་བ་ཉིད་དུ་ཐོབ་གྱུར་ཅིག །མི་འགྱུར་ལྷུན་པོ༔ སྐུ་གསུམ་བླ་མ་གནས་འདིར་ཉིན་མོ༴ སོགས་ཀྱི་བཀྲ་ཤིས་བརྗོད་དོ།། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གཏོར་མ་བརྒྱ་རྩའི་དམིགས་རིམ་མདོར་བསྡུས་པའི་ཟིན་བྲིས།


CMR046_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་བརྒྱ་རྩའི་དམིགས་རིམ་མདོར་བསྡུས་པའི་ཟིན་བྲིས་བཞུགས་སོ། །


CMR046_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཡེ། གཏོར་མ་བརྒྱ་རྩ་འདི་ཉིད་ལ། །མདུན་བསྐྱེད་མགྲོན་བཞིའི་བསྐྱེད་ཆོག་རྒྱས་པ་དང་། །སྤྱན་དྲངས་བཞུགས་གསོལ་ཡན་ལག་བདུན་པ་སོགས། །རྒྱས་པར་ཡོད་ཀྱང་དཀོན་མཆོག་འབངས་ཀྱིས་ནི། །བསྡུས་པ་ཡིན་པས་དེ་རྣམས་མི་དགོས་གསུངས། །འདོན་ཆ་ཐམས་ཅད་བྷེ་རྒྱུ་ཡིན་པའི་ཕྱིར། །ལོགས་ནས་དམིགས་རིམ་སྒོམ་ཡང་མི་དགོས་ཏེ། །བློ་ཆུང་གཞུང་ཚིག་ཅུང་ཞིག་གོ་དཀའ་བས། །ཕྱག་ལེན་དམིགས་རིམ་ཟུར་ཙམ་འདིར་འགོད་བྱ།། ༈ སངས་རྒྱས་ཆོས་ཚོགས་སྐྱབས་སེམས་རྗེས་དེ་ནས། །རང་ཉིད་ཁ་སར་པཱ་ཎི་


CMR046_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་རྫོགས་བྷཻཾ། །ཕྱག་གཡས་མཆོག་སྦྱིན་གཡོན་པས་པད་དཀར་འཛིན། །འདི་སྐབས་ཞབས་གཉིས་བཞེངས་ནས་བཞུགས་པ་ཡིན། །ཕྱག་སོར་བཅུ་དང་ཞབས་ཀྱི་སོར་མོ་བཅུར། །ཆུ་མགོ་རྡོལ་བ་ལྟ་བུའི་བདུད་རྩི་བབས། །བདུད་རྩི་དེ་དག་རྟ་ཡི་རྔ་མ་བཞིན། །རྩ་བ་གཅིག་ལ་ཕྲན་བུ་མང་པོའི་རྒྱུན། །ཡི་དྭགས་ཡུལ་དུ་ན་ར་ར་བབས་པས། །ཡི་དྭགས་ཁ་ནི་ཁབ་ཀྱི་མིག་ཙམ་དུ། །བདུད་རྩིའི་ཟེར་ནི་རྟ་རྔའི་ཉག་མ་ཙམ། །ཡི་དྭགས་ཀུན་གྱི་ཁ་རུ་སོ་སོར་ཞུགས། །བཀྲེས་སྐོམ་ཞི་ཞིང་ལུས་རྣམས་བཟང་པོར་གྱུར། །ཆུ་རྒྱུན་དེ་ཉིད་རྒྱུན་ཆད་མེད་བབས་


CMR046_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

པས། །ལྟོ་བ་གང་ཞིང་བདེ་སྐྱིད་ལྡན་པར་བྷོ། །མ་ཎི་ཧཱིཧཱུྃ་བརྒྱ་རྩའི་བར་དུ་བསྒྲུང་། །ཛ་ལ་མི་དཾ་གསུམ་མམ་བདུན་གྱིས་ཆོག །སེ་གོལ་གཅིག་མ་བརྡབ་ན་མི་ཐོབ་ཅིང་། །གཅིག་ལས་མང་ན་ཁོ་ལ་སྐྲག་སྣང་འབྱུང་། །ཡི་དྭགས་ཁོ་ཡི་གྲལ་ནི་དམའ་ན་ཡང་། །ལྟོགས་སྐོམ་ཆེ་དྲགས་རྗེས་ནས་སྒུག་ལོང་མེད། །གནས་ཀྱི་ཡི་དྭགས་འདི་རུ་མི་ཕྱིན་ཀྱང་། ཁ་ཐོར་ཡི་དྭགས་ཁ་བ་བུ་ཡུག་ཙམ། །གཏོར་ཐེབ་བཤམས་པ་ཙམ་ནས་འོང་བར་གསུངས། །དེ་ལ་སྔོན་དུ་ཆུ་གཏོར་མ་བསྔོས་ན། །གཉོམ་ཆུང་ལ་ལ་ལྟོགས་སྐོམ་བརྒྱལ་ནས་འགྲོ་།འདྲེ་ཡི་རིགས་ཀུན་ཡི་དྭགས་རིགས་སུ་གཏོགས། །སྟོབས་ཆེན་རྣམས་ཀྱིས་མགྲོན་གྱི་སྡེ་འཇོམས་བྱེད། །དེ་ཕྱིར་ཡི་དྭགས་སྔོན་དུ་བསྔོས་པ་ཡིན། །ལུས་མ་ཐོབ་པའི་བར་དོའི་སེམས་ཅན་ནི། །ཉི་ཟེར་རྡུལ་ལྟར་རྒྱུན་དུ་མང་པོ་འོང་། །དེ་ཀུན་སྐྱབས་མེད་མགོན་མེད་བཀྲེས་ཤིང་སྐོམ། །དེ་ཡང་ལས་ཀྱི་སྒྲིབ་པ་ཡིན་པའི་ཕྱིར། །ལས་སྒྲིབ་སྦྱོང་བྱེད་ཀཾ་ཀའི་གཟུངས་རིང་རིགས། །བྱིན་གྱིས་བརླབས་པའི་རང་གི་ཕྱག་སོར་གྱིས། །ཆུ་སྦྱིན་བཀྲེས་སྐོམ་འཇིགས་སྐྲག་ཞི་བར་བྷེ། །བར་དོར་མ་བསྔོས་ཟས་ནི་མི་ཐོབ་ཕྱིར། །བར་དོའི་


CMR046_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཀུན་ཚིམ་ལ་སོགས་བརྗོད། །ཡི་དྭགས་དང་ནི་བར་དོ་འདྲ་བ་སྟེ། །གཟུགས་ནི་མ་ངེས་རྣམ་པ་སྣ་ཚོགས་ཡོད། གཟུགས་བྷེ་མི་དགོས་ཐོབ་པར་བྷེ་པས་ཆོག། ༈ དེ་ནས་ཇོ་གཏོར་བཏང་བའི་ཐེབ་ཙེ་དེ། །ཡངས་ཤིང་རྒྱ་ཆེ་འཛམ་གླིང་ཙམ་རེ་བྷོ། །དེ་ནས་ཛ་སེར་ཛཾ་ནག་མངོན་རྟོགས་ལྟར། །བསྐྱེད་དང་སྤྱན་དྲངས་དབང་བསྐུར་རྒྱས་གདབ་བྱ། །རང་གི་ཐུགས་ཀར་སྤྲུལ་པའི་མཆོད་པའི་སྤྲིན། །མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་དཔག་མེད་མཆོད་པར་བྷེ། །ཨརྒྱུ་ལ་སོགས་སྔགས་དེ་བརྗོད་པར་བྱ། །ཤརྡ་ནམ་ཟེར་ཏིང་ཤག་རྡེབ་རྒྱུ་ཡིན། །རང་ཉིད་ཁ་སར་པཱ་ཎིའི་ཕྱག་རྒྱའི་མཐིལ། །བུམ་སོགས་ཡིག་འབྲུ་ལྔ་ལ་སྐད་ཅིག་གིས། །རྒྱལ་བ་རིགས་ལྔའི་སྐུ་རུ་ལམ་མེ་བྱུང་། །དེ་རྣམས་འོད་ཞུ་འོད་ཀྱི་ཁ་དོག་ལྔ། །དེ་ལྟར་ཆབ་ཕྲོམ་ལྔ་ཆུ་བབས་པ་ལྟར། །འོད་ཕུང་ཞུ་བའི་བདུད་རྩིའི་ཆུ་རྒྱུན་ནི། །ཇི་སེར་གྱི་ནི་དབུ་ལ་ཁྲུས་གསོལ་ཏེ། །དེ་དོན་སྔོན་ཚེ་བདུད་རྒྱལ་ལྷ་སྦྱིན་གྱིས། །སྐྱོགས་ཆེན་བཅས་ནས་ཐུབ་པའི་སྟེང་དུ་འཕངས། །ཕྱག་ན་རྡོ་རྗེས་རྡོ་རྗེ་འཕང་བའི་དུས། །སྐྱོགས་ཆེན་ལ་ཕོག་དུམ་བུ་གསུམ་དུ་


CMR046_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བཅག །ཛཾ་བྷ་སེར་པོས་ཐུབ་པར་གནོད་དོགས་པས། །སྐུ་ལུས་བཀབ་པས་ཛ་བྷའི་དབུ་ལ་ཕོག །བདུད་ཀྱིས་བྱས་པའི་རྨ་དེ་སོས་རྒྱུ་མེད། །རྨ་དེ་བཀྲུ་བའི་ཚུལ་ནི་ཡིན་མོད་སྐད་། །ཆུ་ནི་འཆོར་བ་བརྒྱ་རྩ་ཕུལ་དགོས་ཀྱང་། །དེང་སང་སྔགས་ནི་བརྒྱ་རྩ་མ་ཚར་བར། །ཆུ་ནི་ཕྱུར་བས་ཆོག་པ་ཕྱག་ལེན་ཡིན། །དེ་ལྟར་བྱས་ན་དངོས་གྲུབ་སྩོལ་བ་ནི། །ཛོ་སེར་བསྟོད་པ་འདོད་གསོལ་མཛད་པའི་རྗེས། །ཇི་སེར་འོད་ཞུ་ཛཾ་ཡིག་གསེར་གྱི་མདོག །རང་གི་སྤྱི་བོའི་གཙུག་ཏུ་ཐིམ་པར་བྷོ། །དེ་ཡིས་བསོད་ནམས་ཡར་ངོའི་ཟླ་ལྟར་འཕེལ།། ༈ ཇོ་ནག་བཏང་ལུགས་གོང་དང་འདྲ་ན་ཡང་། །མི་འདྲའི་ཁྱད་པར་ཟབ་ཁྱད་མན་ངག་ནི། །རང་ཉིད་ཕྱག་གི་བདུད་རྩིའི་ཆུ་རྒྱུན་དེ། །དང་པོ་རང་གི་ཞལ་དུ་སོང་བར་བསྒོམ། །རང་གི་ལུས་བརྒྱུད་བྱང་སེམས་ངོ་བོར་གྱུར། །རྡོ་རྗེ་རྩེ་ནས་མར་བྱུང་ལག་སྟེང་བྱུང་། །དེ་ཉིད་ཛཾ་ནག་ཞལ་དུ་སོང་བ་ཡིས། །སྐུ་ལུས་བདེ་བ་ཚད་མེད་སྐྱེས་པར་བྷོ། །དམིགས་པ་འདི་ནི་རྡོ་རྗེ་གདན་པའི་ལུགས། །གལ་ཏེ་ཆུ་སྦྱིན་ཡུན་རིང་བྱས་གྱུར་ན། །དངོས་གྲུབ་ཅི་ཡང་འབྱུང་བར་མ་གྱུར་ན། །ཛ་ནག་གནད་ལ་དབབ་པའི་མན་ངག་


CMR046_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཛཾ་ནག་ལྟེ་བར་ཡི་གེ་རཾ་དམར་པོ། །དེ་ལས་མེ་འབར་མེ་ལྕེ་ཞལ་དུ་བྱུང་། །ཤིན་ཏུ་སྐོམ་ཞིང་སྐུ་ལུས་སྐམ་ལ་ཁད། །དེ་ལ་ཆུ་དབུལ་སྐོམ་ཞི་བཀྲག་མདངས་རྒྱས། །ཛཾ་ལྷ་མཉེས་ནས་ནེའུ་ལེ་བཙིར་ནས། །རིན་ཆེན་སྣ་ཚོགས་ཆར་བབ་རང་གི་གནས། །ནོར་བུ་སྣ་ཚོགས་ཁྲ་ལྟེམ་གང་བར་བྷོ། །དེ་ནས་མཆོད་བསྟོད་འདོད་གསོལ་བྱ། །དེ་ནས་དངོས་གྲུབ་བླངས་བའི་བསམ་པ་ཡིས། །སྲིན་ལག་གཡས་པས་ཆུ་ལ་རེག་བྱ་སྟེ། །བཟའ་བཏུང་འདོད་ན་ལྕེ་ལ་རེག་པར་བྱ། །ནོར་སོགས་འདོད་ན་ལག་མཐིལ་གཡོན་རེག་བཅང་། །དབང་སྡུད་འདོད་ན་སྲིན་ལག་ཕྱོགས་བཞིར་གཏོར། །དེ་ནས་ཛཾ་ནག་འོད་ཞུ་ཧཱུྃ་དུ་གྱུར། །གཞི་ན་འདུག་ན་རྒྱབ་ཡོལ་ལ་བསྟིམ་མམ། །འཁོར་སློབ་མངའ་ཐང་འཕེལ་བར་གསུངས་པ་ཡིན། །ས་གཅིག་མི་འདུག་རང་གི་སྙིང་གར་བསྟིམ། །འདི་ཡི་ཡབ་ནི་རྒྱལ་པོ་རྣམ་ཐོས་སྲས། །དེ་ཕྱིར་འབྲུ་དང་རིན་ཆེན་འཕེལ་བར་གསུངས། །ཡུམ་ནི་ཀླུ་མོ་ཡིན་པས་ནོར་ཕྱུགས་འཕེལ། །ཀླུ་བརྒྱད་ལུས་ལ་བརྒྱན་པས་ཀླུ་ནད་ཞི། །རིམས་ནད་ཞི་བའི་ནོར་བུ་རིན་ཆེན་དེ། །གསང་རྡོར་གྱེན་དུ་བསླང་བའི་ནང་དུ་ཡོད། །དེ་ལ་


CMR046_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུས་གསོལ་རིམས་ནད་ཞི་བར་བཤད། །ཆགས་ལོ་ནས་བརྒྱུད་ཛ་ནག་སྒྲུབ་ཐབས་ཀྱི། །དམིགས་འདི་ཟབ་ཁྱད་དེ་དག་རྣམས་ཀྱིས་འཐུས། །སྤྱིར་ནི་ཇོ་སེར་ཛ་ནག་ཛཾ་ལྷའི་རིགས། འདི་དག་མཆོད་པས་སངས་རྒྱས་ཐམས་ཅད་ནི། །མཆོད་པར་འགྱུར་ཞིང་ཐུབ་པས་རྗེས་སུ་བཟུང་། །གནོད་གནས་དབང་པོའི་རྟོགས་བརྗོད་ནས་བཤད་ཅིང་། །ཛཾ་བྷ་ལྷ་ལ་ཆུ་སྦྱིན་མ་བྱས་ན། །ཐུབ་པའི་ཉན་ཐོས་གྲལ་དུ་མི་གཏོགས་གསུངས། །ཛ་ལྷའི་གཏོར་མ་སྔོན་དུ་བཏང་བའི་དོན། །ཛཾ་བྷའི་ཆུ་སྦྱིན་བྱས་པའི་ཆུ་དེ་ནི། །ཅུང་ཟད་གཏོར་ཆུ་ནང་དུ་ཚུར་བསྲེས་ནས།། ༈ དེ་ནས་ཆ་བཅུ་ལ་སོགས་གཞན་བཏང་ན། །ཛཾ་བྷ་ལྷ་ནི་སྦྱིན་པའི་ལྷ་ཡིན་ཕྱིར། །མགྲོན་རྣམས་མཉེས་ཤིང་ཡི་དྭགས་རྣམས་ཀྱང་ཚིམ། །ཕན་ཡོན་ཤིན་ཏུ་ཆེ་བའི་ཟབ་གནད་ཡོད། །དེ་མིན་ཛཾ་བྷ་ལྷ་ཡི་ཆུ་དེ་ནི། །འཐུང་ཆུ་བྱས་ན་དངོས་གྲུབ་མྱུར་བ་དང་། །རྟ་ལུག་ནོར་ལ་བཏབ་ན་འཕེལ་བར་བཤད། །ཆུ་རྣམས་དོར་དུས་སྣོད་ཁ་ཕྱིར་མི་བསྟན། །ཕྱིར་བསྟན་གཡང་ཉམས་ནང་བསྟན་དངོས་གྲུབ་འབྱུང་། །ཛཾ་ལཾ་བྱ་ཁྱིར་བྱིན་ན་གཡང་ཉམས་ཏེ། །རང་གིས་བཟའ་འམ་རྟ་ནོར་རྣམས་ལ་བྱིན། །བ་ལང་གླང་དང་བོང་


CMR046_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བུར་བྱིན་མི་རུང་། །དེ་བས་ཁྱིམ་གྱི་ཕུག་ཏུ་སྦས་ན་ལེགས། །དེ་ཡིས་ཆུ་སྦྱིན་ཇི་གཏོར་ཞལ་གདམས་ཚང་།། ༈ དེ་ནས་གཏོར་མ་བརྒྱ་རྩའི་རིམ་པ་ལ། །རང་ཉིད་ཐུགས་རྗེ་ཆེན་པོར་ཡང་ཡང་བྷཻཾ། །པད་ཟླའི་སྟེང་དུ་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །དམ་ཡེ་དབྱེར་མེད་སྐད་ཅིག་དྲན་རྫོགས་བྷཻཾ། །ཨ་མྲྀ་ཏ་ཡི་སྔགས་ནི་བརྗོད་ཙམ་གྱིས། །གཏོར་ནས་གཏོར་རིལ་གཏོར་ཆུ་ལ་ཕོག་པས། །མི་གཙང་འབག་བཙོག་དྲི་མ་དག་པར་བྷཻཾ། །བྱ་རྒྱུད་ཡིན་ཕྱིར་གཙང་སྦྲ་གལ་ཆེ་བར། །སྭ་བྷཱ་ཝ་ཡི་སྔགས་ནི་བརྗོད་ཙམ་གྱིས། །ཐེབ་ཙེ་ཆུ་དང་གཏོར་རིལ་ནས་འབྲུ་ཉུང་། །དངོས་པོར་འཛིན་པ་ཐམས་ཅད་སྟོང་པར་བསྒོམ། །ཐེབ་ཙེ་དེ་དག་རིན་ཆེན་སྣ་ཚོགས་སྣོད། །རེ་རེ་སྟོང་གསུམ་ཙམ་དུ་ཆེ་བའི་ནང་། །དམ་ཚིག་བདུད་རྩི་འོ་མ་ལྟ་བུས་གང་། །རང་ཉིད་ཐུགས་རྗེ་ཆེན་པོ་རི་རབ་ཙམ། །ཕྱག་གཡས་མཆོག་སྦྱིན་སྟེང་དུ་ཟླ་བའི་ཐོད། །ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་བརྩེགས་མར་གནས། །དེ་གསུམ་ཞུ་བ་བདུད་རྩི་དཀར་དམར་མཐིང་། །གཏོར་མའི་ནང་བབ་ཡེ་ཤེས་བདུད་རྩིར་བསྒོམ། །ཟླ་བ་དང་བཅས་ཞུ་ནས་ཐིམ་པར་བསམ། །དེ་ནས་གཏོར་མ་བྱིན་


CMR046_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབ་པ་ནི། །ཐེབ་ཙེ་ལྔའམ་ཡང་ན་དྲུག་ཀྱང་རུང་། །བཤམས་ཐེབ་རེ་ཡི་དུས་གཅིག་ཆོག་པ་ཡིན། །གཏོར་མ་བརྒྱ་རྩ་ཟེར་བའི་རྒྱུ་མཚན་ཉིད། །གཏོར་རིལ་དང་ནི་སྔགས་ཀྱི་གྲངས་མཉམ་སྟེ། །བླ་མ་ཡི་དམ་རྣམས་ལ་ཉེར་གཅིག་རེ། །ཆོས་སྐྱོང་ཡབ་ཡུམ་རྣམས་ལ་བཅུ་བཞི་ཡིན། །དེ་མིན་ཐེབ་ཙེ་བཅུ་ལ་བདུན་རེ་སྟེ། །བརྒྱ་དང་ལྔ་འགྲོ་སྔགས་གྲངས་རིལ་བུ་མཉམ། །ཞིབ་པར་བརྩིས་ན་མགྲོན་གྲངས་དེ་ཙམ་ཡོད། །དེ་ཕྱིར་བརྒྱ་རྩ་ཞེས་ནི་བྱ་བར་འདོད། །བདག་བསྐྱེད་ལྷ་བྷེ་བདག་སྒྲུབ་ཡིན་པ་སྟེ། །བཤམ་དང་གཏོར་མ་བྱིན་རླབས་རྫས་སྒྲུབ་ཡིན། །མགྲོན་རྣམས་སྤྱན་དྲངས་མགྲོན་སྒྲུབ་ཅེས་གསུངས་ཏེ། །མདུན་དུ་མེ་ཏོག་པདྨའི་སྡོང་པོ་ནི། །ཤིན་ཏུ་རྒྱ་ཆེ་ཡངས་པ་གཅིག་ཏུ་བྷཻཾ། །བསྡུ་ན་ཡིད་ཀྱིས་སྤྱན་དྲངས་ཆོག་པ་སྟེ། །རྒྱས་པར་བཞེངས་ཤིག་བཞེངས་ཤིག་ལ་སོགས་བརྗོད། །ཐུབ་དབང་ལ་སོགས་སངས་རྒྱས་བྱང་སེམས་དང་། །བླ་མ་ཡི་དམ་ལ་སོགས་དཀོན་མཆོག་མགྲོན། །ཐམས་ཅད་བྱོན་ནས་པདྨའི་སྡོང་དེ་ལ། །གཙོ་བོ་ཤཱཀ་ཐུབ་ལ་ནི་བསྐོར་བཞུགས་བྷཻཾ། །རྒྱས་པར་བཟང་སྤྱོད་སྨོན་ཐུང་འདོན་སྲོལ་ཡོད། །བསྡུ་ན་མཇུག་གི་ཡན་ལག་


CMR046_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པས་ཆོག །དེ་ནས་བླ་མ་བརྒྱུད་པ་ལ་སོགས་བརྗོད། །རང་གི་ཐུགས་ལས་སྤྲུལ་པའི་མཆོད་པའི་སྤྲིན། །མེ་ཏོག་ལ་སོགས་དཔག་མེད་མཆོད་དམིགས་ཤིང་།། ཨརྒྱུ་ལ་སོགས་སྔགས་དང་ཏིང་ཤག་བྱ། །ཤེས་ན་སོ་སོའི་ཕྱག་རྒྱ་བྱས་ན་ལེགས། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཀྱི། །ལྗགས་ལས་འོད་ཀྱི་སྦུ་གུ་གཏོར་མར་ཟུགས། །བདུད་རྩི་དྲངས་ཤིང་གསོལ་བས་མཉེས་པར་བྷཻཾ། །སཾ་བྷ་ར་ལ་ཉི་ཤུ་རྩ་གཅིག་བཟླ། །བྱིན་གྱིས་རླབས་སོགས་འདོད་གསོལ་ཚར་མ་ཐག །པད་སྡོང་ཡར་སྐྱེས་ནམ་མཁའི་དབྱིངས་སུ་བཀྱག །དེ་སོགས་པད་སྡོང་པད་འདབ་རིམ་གསུམ་སྐྱེས། །ཆོས་སྐྱོང་ལ་སོགས་འོག་གི་གཏོར་མགྲོན་རྣམས། །མཚན་བརྗོད་ཙམ་གྱིས་རང་རང་སྐད་ཅིག་བྱོན། །མཐོ་དམན་དཀྱིལ་ཟུར་འཚམས་པའི་འདབ་མ་ལ། །སོ་སོར་བཞུགས་ནས་གཏོར་མ་གསོལ་བར་དམིགས། །འདི་ནི་བྱ་རྒྱུད་དགོངས་པ་འཁྲུལ་མེད་ཡིན། །དེ་ནས་རང་གི་ཐུགས་ལས་མཆོད་པའི་སྤྲིན། །དཔག་མེད་སྤྲུལ་ནས་ཆོས་སྐྱོང་སྲུང་མར་མཆོད། །ཨརྒྱུ་ལ་སོགས་ཕྱག་རྒྱ་ཏིང་ཤག་རྡེབ།་།སཾ་བྷ་བཅུ་བཞི་བརྗོད་ཚེ་ཆུ་ཕྱར་ཞིང་། །བསྟན་པ་བསྲུང་སོགས་འདོད་


CMR046_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བྱས་པའི་རྗེས། །ཐེབ་ཙེ་ལྔ་བས་མེད་ན་དོར་བྱ་ཞིང་། །དོར་ཚེ་དགེ་བ་འདི་ཡི་སྐྱེ་བོ་སོགས། །བསྔོ་བ་བྱ་དང་ཆོས་བཤད་མི་རུང་ངོ་། །ཐེབ་ཙེ་དྲུག་ཡོད་ན་ནི་དོར་མི་དགོས། །དེ་ཉིད་མན་ཆད་ཆ་ནི་བཅུ་པོ་ལ། །མགོ་ན་དེ་བཞིན་གཤེགས་པའི་མཚན་བརྗོད་ཅིང་། །རིགས་དྲུག་མ་གཏོགས་མགྲོན་རྣམས་སོ་སོ་ཡི། །མིང་ནས་བརྗོད་མ་ཐག་ཏུ་སྐད་ཅིག་བྱོན། །པད་འདབ་སྟེང་བཞུགས་གཏོར་མ་གསོལ་བར་དམིགས། །རིགས་དྲུག་རྣམས་ནི་ཚུར་ལ་མི་བཀུག་སྟེ། །བསྔོས་པ་ཙམ་གྱིས་སོ་སོའི་གནས་རྣམས་སུ། །སོ་སོར་ཅི་འདོད་ལོངས་སྤྱོད་ཐོབ་པར་བྷཻཾ། །དེ་དག་ཀུན་ལ་སྔགས་གྲངས་བདུན་རེ་རེ། །མཇུག་ཏུ་སོ་སོའི་འདོད་གསོལ་བྱ་བ་ཡིན། །དེ་རྗེས་ཆོས་རྣམས་ཐམས་ཅད་རྒྱུ་ལས་སོགས། །ཆོས་བཤད་བྱ་ཞིང་རྒྱ་མཚོར་ཆུ་དོར་བ། །དགེ་བ་འདི་སོགས་བསྔོ་བ་བརྗོད་བཞིན་དུ། །ཐེབ་ཙེ་བཤམ་པ་ཕྱག་ལེན་ཡིན་པའོ། །གཏོར་མ་བཏང་བ་ཟང་ཟིང་སྦྱིན་པ་སྟེ། །སྔོན་ཆད་ཆོས་སྒྲ་མ་ཐོས་འབྱུང་པོ་དང་། །ཡི་དྭགས་རྣམས་ལ་ཆོས་ཀྱི་སྦྱིན་པའི་ཕྱིར། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་སོགས་བརྗོད། །འདི་ནི་རྒྱ་སྐད་རྟེན་འབྲེལ་སྙིང་པོ་ཡིན། །


CMR046_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་རྩ་བ་ཡིན། །དེ་ཡང་བཏང་ལུགས་གོ་རིམ་མང་ན་ཡང་། །དང་པོར་ཡི་དྭགས་དེ་ནས་བར་དོ་བཏང་། །དེ་ནས་ཇོ་སེར་ཛ་ནག་ལ་སོགས་ཏེ། །ཇི་ལྷའི་རིགས་རྣམས་སྐབས་དེར་བཏང་བ་ནི། །དེ་ཡང་ཇོ་དཀར་སྐུ་དང་ཛོ་དམར་གསུང་། །ཛཾ་ནག་ཐུགས་དང་ཇི་སེར་ཡོན་ཏན་དང་། །ཛ་ཁྲ་ཕྲིན་ལས་གོ་རིམ་བྱས་ན་ལེགས། །གོ་རིམ་ཇི་སྙེད་བྱས་ཀྱང་འགལ་བ་མེད། །དེ་ནས་ཐེབ་ཙེ་དྲུག་ནི་ཡིན་དོན་ནི། །ལན་གཉིས་བཤམས་པས་རྫོགས་པ་གྲྭ་སའི་ལུགས། །ལྔ་བས་མེད་ན་མཐའ་གཉིས་དབུས་དང་གསུམ། །གཏོར་རིལ་མི་བླུག་ཡོན་ཆབ་བཤམས་ལ་བཞག །བར་གྱི་གཉིས་པོ་གཏོར་རིལ་བླུགས་བྱས་ཏེ། །གཡོན་དུ་ཉེར་གཅིག་གཡས་སུ་བཅུ་བཞི་བླུག །ཉེར་གཅིག་བླ་མ་བཅུ་བཞི་ཆོས་སྐྱོང་ཡིན། །དེ་གཉིས་དོར་ཚེ་ཆོས་བཤད་མི་རུང་ངོ་། །དེ་རྗེས་བཤམས་ཐེབ་གཉིས་ཀྱིས་ཆ་བཅུ་རྫོགས། །གལ་ཏེ་ཐེབ་ཙེ་གཅིག་ལས་མེད་ན་ནི། །ཡི་དྭགས་བར་དོར་བཏང་ལ་བཤམ་པར་བྱ། །དེ་ནས་ཛ་ལྷ་ཀུན་བཏང་དངོས་གྲུབ་བླང་། །དེ་ནས་ཆ་བཅུ་དུས་གཅིག་བཤམ་པ་སྟེ། །ཆུ་དང་ནས་འབྲུ་ཁ་གསོ་འདོན་པས་ཆོག །དེ་དོར་


CMR046_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས་རྗེས་ཡི་དྭགས་བར་དོར་བཏང་། །ལན་བཞི་དོར་བས་ཐམས་ཅད་རྫོགས་པ་ཡིན། །དེ་རྗེས་འབུལ་གཏོར་འབྱུང་དང་གླུད་གཏོར་སོགས། །སྤྲོ་ན་གཏོང་གི་མེད་ཀྱང་ཚང་བ་ཡིན། །དེ་རྗེས་ཡི་དྭགས་བར་དོར་ལན་གཅིག་བཏང་། །མ་འབྱོར་པ་སོགས་བཤགས་པའི་ཚིགས་བཅད་བརྗོད། །ཡིག་བརྒྱ་བརྗོད་ན་ལེགས་ལ་མ་བརྗོད་རུང་། །ཁྱེད་ཀྱིས་སེམས་ཅན་དོན་ཀུན་སོགས། །གཤེགས་སུ་གསོལ་རྗེས་བཛྲ་མུ། །ཞེས་པས་ཡེ་ཤེས་པ་རྣམས་གཤེགས། །མཆོད་སྦྱིན་གནས་འདིར་གང་ལྷགས་པ་སོགས་བརྗོད། །སརྦ་བྷུ་ཏ་གཙྪས་འཇིག་རྟེན་པ་རྣམས། །མགྲོན་བོས་ཟས་ཀྱིས་ཚིམ་པ་ཇི་བཞིན་དུ། །འགྲངས་ཤིང་དགའ་ནས་རང་གནས་སོང་བར་བྷཻཾ། །བདག་བསྐྱེད་དང་པོ་དྲན་རྫོགས་ཡིན་པའི་ཕྱིར། །བསྡུ་ཆོག་མི་དགོས་སྒོམ་མཁན་ངོ་བོར་ལྟ། །གཏོར་མ་ཆ་བཅུའི་ནང་ནས་གལ་ཆེ་ཤོས། །ཕྱི་དང་ནང་གི་སྒྲིབ་པ་ཅན་ཞེས་པ། །མཁའ་ལ་རྒྱུ་བའི་འབྱུང་པོའི་གཏོར་མ་དེ། །ཐུབ་པ་ཉིད་ཀྱིས་དངོས་སུ་གསུངས་པ་ཡིན། །སངས་རྒྱས་བྱང་སེམས་རིག་འཛིན་གྲུབ་ལ་སོགས། །མདོ་ཚིག་ཟུར་ཙམ་ལ་ལར་གསལ་བར་ཡོད། །གཞན་རྣམས་བླ་མ་རྣམས་ཀྱིས་རིམ་པར་


CMR046_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བསྣན། །ནད་པ་སོགས་ཀྱི་རིམ་གྲོ་ཡིན་ན་ནི། །མཁའ་ལ་རྒྱུ་བའི་འབྱུང་པོའི་གཏོར་མ་དང་། །ལན་ཆགས་བུ་ལོན་གཉིས་པོ་མང་བར་བཏང་། །ཁང་ལས་ཆར་འབོད་ལ་སོགས་ཡིན་ན་ནི། །ཀླུ་དང་ས་བདག་གཉིས་པོ་མང་བར་བྱ། །ཉིན་རེ་བཞིན་དུ་ད་ནངས་ཆུ་གཏོར་དང་། །དོ་ནུབ་མཇུག་ཏུ་ཆུ་གཏོར་གཅིག་བཏང་ཞིང་། །དེ་མིན་ཉིན་རེ་བརྒྱ་རྩ་ཁོ་ན་ཝིག །ཚར་གྲངས་ཁྲི་ཕྲག་བཅུ་ནི་འབུམ་ཡིན་ཏེ། །དེ་འདྲ་ཚོགས་པ་མང་ན་མ་གཏོགས་པ། །རེ་ཟུང་གིས་ནི་ཐོན་པའི་དུས་མ་མཆིས། །དེང་སང་རང་དོན་འབུམ་ཐེར་གསོག་མཁན་རྣམས། །སཾ་བྷ་ར་ཡི་སྔགས་གྲངས་འབུམ་ཐེར་ཏེ། །ཚར་གཅིག་ལ་ནི་སྔགས་གྲངས་བརྒྱ་རྩ་འགྲོ། །ཚར་བརྒྱ་ལ་ནི་སྔགས་གྲངས་ཁྲི་ཕྲག་ལྷག །ཚར་སྟོང་ལ་ནི་སྔགས་གྲངས་འབུམ་ལྷག་ཙམ། །དེ་ཕྱིར་དེང་སང་གཏོར་མ་ཚར་སྟོང་ལ། །གཏོར་མ་འབུམ་ཐེར་ཡིན་པ་བརྩི་སྲོལ་གདའ། །འདིར་ནི་ཚར་གྲངས་གཙོ་བོ་མི་བྱེད་ཅིང་། །སཾ་བྷ་ར་ཡི་སྔགས་གྲངས་གཙོར་འཛིན་པས། །གཏོར་མ་འབུམ་ཐེར་ཡིན་པ་ཞེས་སུ་གྲགས། །ཚར་གྲངས་ཅི་སྨོས་སྔགས་གྲངས་འབུམ་ལ་སོགས། །རིལ་བུ་ཆུ་ཐིགས་འབུམ་གྱི་གྲངས་


CMR046_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བསོགས་ནས། །གཏོར་མ་འབུམ་ཐེར་ཡོན་ནི་ལེན་སྲོལ་བྱུང་། །དེ་ནི་ཉེས་པ་ཆེ་ཞེས་མཁས་པས་སྨད། །ཨོཾ་ནི་ཡེ་ཤེས་ལྔ་ཡི་རང་བཞིན་ཏེ། །ཛ་ལ་འོད་ཀྱི་མེས་ནི་ཞི་བར་བྱེད། །མི་དཾ་སེར་སྣ་འཇུར་བགེགས་བྱས་པ་ཚིམ། །སརྦ་པྲ་ཏ་ཡི་དྭགས་ཐམས་ཅད་དེ། །བྱུ་ནི་ལས་དང་ཉོན་མོངས་ཞི་བར་བྱེད། །སྭཱ་ཧཱ་བཀྲེས་སྐོམ་འཇིགས་སྐྲག་ཞི་བའི་དོན། །རྒྱུད་ལ་སཾ་བྷ་ར་ནི་སྔོན་ལ་ཡོད། །དེ་བཞིན་གཤེགས་པའི་མཚན་ནི་རྗེས་ལ་གསུངས། །རྒྱུད་ལྟར་བྱ་དགོས་པཎ་ཆེན་གསུངས་ན་ཡང་། །འདི་ནི་མགྲོན་དང་གཏོར་མ་བྱིན་རླབས་ཡིན། །རིན་ཆེན་མང་ནི་གཏོར་མ་འདོད་ཡོན་གྱུར། །གཟུགས་མཛེས་དམ་པས་ཡི་དྭགས་གཟུགས་ངན་རྣམས། །གཟུགས་བཟང་ཁ་ཆེ་མགྲིན་པ་ཡངས་པར་གྱུར། །འབྱམས་ཀླས་ཀྱིས་ནི་གནོད་སེམས་གདུག་རྩུབ་ཞི། །འཇིགས་བྲལ་གྱིས་ནི་སྐྲག་འཇིགས་སྡུག་བསྔལ་སེལ། །དེ་ལྟར་མཚན་བཞིས་གཏོར་མགྲོན་བྱིན་གྱིས་བརླབས། །དེ་ནས་གཟི་བརྗིད་ཚད་མེད་གཟུངས་སྔགས་ཀྱིས། །བསྔོས་པས་མགྲོན་ཀུན་ཚིམས་ཏེ་མཉེས་པ་ཡིན། །དེ་ལྟར་གཏོར་མ་ཆ་བཅུའི་དམིགས་རིམ་འདི། །པདྨ་སྟོབས་བཅུ་ལ་སོགས་འགའ་ཞིག་ལ། །ཕན་པའི་


CMR046_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པ་རཱ་ག་ཨ་སྱས་བརྩམས། །མཐར་ཕྱིན་ཞེས་བྱས་རང་གཞན་དོན་དུ་བྲིས། །འགལ་འཁྲུལ་གང་མཆིས་མཁས་པའི་དྲུང་དུ་བཤགས། །དགེ་བས་བློ་དམན་འགའ་ལ་ཕན་པར་ཤོག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གཏོར་མ་བསྡུས་པའི་ཟིན་བྲིས།


CMR046_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་བསྡུས་པའི་ཟིན་བྲིས་བཞུགས། ༈ ན་མོ་ལོ་ཀི་ཤྭ་ར་ཡེ། བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་པའི་གཏོར་མ་དང་ཆུ་སྦྱིན་གྱི་གཟུངས་འདི་ཉིད་བསྟན་པ་སྔ་འགྱུར་དུས་ནས་བོད་དུ་འགྱུར་ཞིང་ཕྱག་ལེན་ནི་ཇོ་བོ་རྗེས་བོད་དུ་དར་བར་མཛད་ཅིང་དེ་ཡི་རྒྱུན་ལས་བླ་མ་སོ་སོའི་རྒྱས་བསྡུས་དུ་མ་མཛད། ཁྱད་པར་དུ་ཞྭ་དམར་ལྔ་པས་རྒྱས་པར་མཛད་པ་ལ་རྗེ་དྲུག་པས་བསྡུས་པ་དང་ཤིན་ཏུ་བསྡུས་པ་མཛད་པའི་རྗེས་སུ་འབྲང་སྟེ་རྒྱུན་གཏོར་མ་ཆག་པར་བྱེད་ན། སྣོད་གཙང་མར་གཏོར་རིལ་ལམ་འབྲུ་གཙང་མ་དང་བཅས་པའི་ཆུས་བཀང་སྟེ། སྐྱབས་སེམས་སོགས་སྔོན་དུ་རྒྱས་པར་སོང་བས་འདིར་མི་དགོས་ལ་མ་སོང་ན་བསྡུས་པ་ཙམ་ཞིག་བྱ། རང་ཉིད་སྐད་ཅིག་གིས་ཁ་སར་པཱ་ཎིར་བསྐྱེད་པའམ། སྔོན་དུ་ཐུགས་རྗེ་ཆེན་པོའི་མངོན་རྟོགས་གང་རུང་རྒྱས་པར་སོང་ན་དེས་ཆོག །བསང་སྦྱང་ཡང་གཏོར་མ་བཤམས་པ་དེ་ལ་དམིགས་ནས་མཉམ་དྲན་ཙམ་བྱས་པ་ཡང་མཉམ་བཞག་གི་ངང་ནས་བྱེད་པ་དེ་ག་བསང་སྦྱང་གི་མཆོག་ཡིན་པས་བསང་སྦྱང་མི་དགོས། དེ་ལྟ་བུ་མེད་ན། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང་སྭ་བྷཱ་ཝས་སྦྱང་བར་བྱའོ། །དེ་ཡང་གཏོར་མའི་དེ་ཉིད་ལས། །


CMR046_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་མ་ཆག་པར་དགོས་པར་གསུངས་པས་རྒྱུན་དུ་བསྡུས་པ་འདི་མ་ཆག་པར་བྱ་ཞིང་། ཉ་སྟོང་བརྒྱད་གསུམ་སོགས་དུས་བཟང་གཏོང་ཡང་འབུམ་ཐེར་དང་གཏོར་མ་ལོ་གྲངས་སུམ་ལྷའགྱུར་དགོས་པར་བྱུང་ཡང་འབྱོར་པས་མ་ལྕོགས་ན་འདི་ལ་བསོག་ཀྱང་དོན་འཐུས་སོ། །རང་སྤྲོ་བའི་དུས་སུ་རྒྱས་པར་གཏོང་ངོ་། །ཨོཾ་ཨཱཿཧཱུྃ། རིན་ཆེན་སྣོད་དུ་བདུད་རྩིའི་རྒྱ་མཚོརགྱུར། །བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །མགྲོན་རིགས་བཞི་དང་ཡི་དྭགས་བར་སྲིད་ལ། །རང་རང་ཡིད་མཐུན་གཏོར་མ་འདི་འབུལ་ལོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་སོགས། ཞེས་ལན་གསུམ་དང་། ཨོཾ་ཛཱ་ལ་མི་དཾ་སརྦ་པྲ་ཏེ་བྷསྭཱ་ཧཱ། མགྲོན་རྣམས་སོ་སོར་མཉེས་ཤིང་ཚིམ་གྱུར་ཅིག །དཀོར་སྒྲིབ་བྱང་ནས་ཚོགས་གཉིས་རྫོགས་པར་ཤོག །མགྲོན་རྣམས་སྐད་ཅིག་ལ་བྱོན་ནས་གཏོར་མ་གསོལ་ཏེ་རང་གནས་སུ་གཤེགས་པར་བསམ་པའོ། །རང་རང་བདེ་བར་གནས་པའི་སར་གཏོར་མས་ཁྱབ་པར་བསྒོམ་ཡང་ཆོག དེ་ནས་མི་དམིགས་པར་བཞག་གོ །འདི་བྱ་སླ་ལ་ཕན་ཡོན་ཆེ། ཚིག་ཉུང་བས་དགེ་སྦྱོར་གཞན་ཐམས་ཅད་མི་ཆག་པའི་གནད་ཡོད་དོ། །ཞེས་རང་གི་རྒྱུན་ཁྱེར་དུ་བསམས་ནས། ཨ་རཱ་གས་བྲིས་པའོ། །འདི་བྲིས་ཉེས་པ་མཆིས་


CMR046_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྟོན་པ་ཉིད་ལ་བཤགས། དགེ་བས་བསོད་ནམས་ཚོགས་ཆེན་རྫོགས་པར་ཤོག །མངྒ་ལཾ།།

རྡོ་བརྐོ་གཏོར་མ།


CMR046_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་བརྐོ་གཏོར་མ་བཞུགས་སོ། །འཕགས་པ་སྤྱན་རས་གཟིགས་དབང་གི །ཕྱག་ནས་བབས་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམས་བྱས་ཤིང་། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །ཨོཾ་ཨཱ༔ཧིཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་ཛ་ལ་མི་དཾ་སརྦ་པྲ་ཏེ་བྱཱ་སྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ་སྭཱ་ཧཱ། བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་ས་ཏཱ་ནཉྩ་སྭཱ་ཧཱ། ཨོཾ་པདྨོ་ཨུཊྛི་ཥ་བི་མ་ལེ་ཧཱུྃ་ཕཊ། ཅེས་པ་འདི་རྡོ་དཀར་ལེབ་ཆེན་ལ་ལེགས་པར་བརྐོས་ནས་ཆུ་ཆེན་ནང་དུ་མགོ་འཇུག་མ་ནོར་བར་བཞག་ན། གཏོར་མ་འབུམ་ཐེར་དུ་འགྲོའོ། །སྔོན་གྱི་སྒྲིབ་པ་ཟད་པར་འགྱུར་རོ། །ཞེས་དགེ་སློང་རཱ་ག་ཨ་སྱས་རྡོ་བརྐོ་ཡི་དོན་དུ་སྦྱར་བ་དགེའོ།། །།

ལོ་ཡག་པ་ལ་ཕན་པའི་གདམས་ངག་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང་ལྷ་མོ་ཆེན་མོ་དཔལ་མཆོད་ཅིང་སྒྲུབ་ཐབས།


CMR046_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཡག་པ་ལ་ཕན་པའི་གདམས་ངག་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང་། ལྷ་མོ་ཆེན་མོ་དཔལ་མཆོད་ཅིང་སྒྲུབ་ཐབས་བཞུགས་སོ།།


CMR046_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་ཡེ། བཅོམ་ལྡན་ཐུགས་རྗེ་ཅན་ལ་ཕྱག་འཚལ་ནས། །འགྲོ་ལ་ཕན་ཕྱིར་ལོ་རིམ་བྱ་བའི་ཐབས། །རྒྱུད་དང་མན་ངག་མང་པོའི་དོན་བསྡུས་བཤད། །ཚེ་ལོ་སུམ་ཅུ་པ་ལ་མུ་གེ་འབྱུང་། །ལོ་ཐོག་མི་སྐྱེ་ཆར་དཀོན་སྐྱེ་འཁྲུངས་ཞན། །བཙའ་རིགས་འདི་དང་གྲ་སྐྱ་འབུ་སྲིན་དང་། །བཙའ་སད་སེར་བས་འབྲུ་རྣམས་མེད་པར་བྱེད། །དེ་སྐད་ཨོ་རྒྱན་རྗེ་ཡི་ལུང་བསྟན་ནས། །དེ་དུས་འགྲོ་ལ་གདམས་པ་འདིས་ཕན་ཤོག །ཡོད་ན་ས་སྙིང་གཙོ་འཁོར་ཐང་སྐུ་བཤམས། །མེད་ན་གཙང་མའི་དབུས་སུ་རྡུལ་ཚོན་གྱིས། །པདྨ་འདབ་བཞི་བྲིས་ན་ལེགས་པ་སྟེ། །ཡང་ན་འབྲུ་ཡི་ཚོམ་བུ་ལྔ་ཙམ་བཀོད། །དེ་མཐར་མཆོད་པ་རྣམ་ལྔ་ལྷ་བཤོས་བཅས། །སྣོད་གཙང་ནང་དུ་ཤ་ཆང་མ་འདྲེས་པའི། །དཀར་གསུམ་བརྒྱན་


CMR046_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཏོར་མ་ཟླུམ་པོ་ནི། །ཆེ་བ་གཅིག་ལ་ཆུང་བ་བཞིས་བསྐོར་བཤམས། །མཆོད་པ་འབུལ་རྒྱུའི་ནས་ནི་མང་པོ་དང་། །མཎྜལ་ཡོད་བྱད་དེ་རུ་ཚགས་བྱས་ཤིང་། །སྔོན་འགྲོ་ལྕོག་རྡོག་བཤམས་ལ་གྱེར་བསྒོམ་བྱ། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འགྲོ་བ་མུ་གེའི་འཇིགས་པ་བསལ་བའི་ཕྱིར། །བདག་གི་བྱང་སེམས་ས་སྙིང་བསྒྲུབ་པར་བྱ། །སྟོང་པའི་ངང་ལས་པདྨ་ཟླ་བའི་སྟེང་། །ཀིཾ་ཡིག་དཀར་པོའི་འོད་ཀྱིས་འཕགས་པ་མཆོད། །སེམས་ཅན་དོན་བྱས་ཚུར་འདུས་ཡོངས་གྱུར་ལས། །རང་ཉིད་བྱང་སེམས་ས་ཡི་སྙིང་པོ་དཀར། །ཞལ་གཅིག་ཞི་འཛུམ་ཐོར་ཚུགས་དབུ་རྒྱན་མཛེས། །


CMR046_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡས་འབྲས་ཀྱི་མྱུ་གུ་ཐུགས་ཀར་འཛིན། །གཡོན་པས་དྲིལ་བུ་དཀུར་བརྟེན་ཕྱེད་སྐྱིལ་བཞུགས། །དར་དང་རིན་ཆེན་དུ་མས་སྐུ་ལ་བརྒྱན། །གནས་གསུམ་འབྲུ་གསུམ་ཐུགས་ཀའི་ཀྵ་ཡིག་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ། །དབང་ལྷས་དབང་བསྐུར་རིགས་བདག་དབུར་བརྒྱན་པའི། །ཐུགས་ཀར་ཟླ་སྟེང་ཀྵ་ཡིག་ཐ་མ་ལ། །སྔགས་ཀྱིས་གཡས་སུ་བསྐོར་བས་འོད་ཟེར་འཕྲོས། །སངས་རྒྱས་ཀུན་མཆོད་འགྲོ་བའི་སྒྲིབ་པ་བསལ། །ཁྱད་པར་ལོ་ཐོག་ལ་གནོད་ལོ་ནད་ཀུན། །བ་མོར་ཉི་ཟེར་ཕོག་ལྟར་སང་སང་དག །བདག་གི་ལོ་ཐོག་ཕུན་སུམ་ཚོགས་པར་གྱུར། །ཨོཾ་ཀྵི་ཧི་ར་ཙ་ཡ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས། དེ་ནས་མདུན་བསྐྱེད་ཀྱི་ཐོག་མར་ཆངས་བུ་ལྕོག་རྡོག་བྲན་ལ། །གྷོལས་རིན་ཆེན་སྣོད་དུ་ལོ་ཡི་གླུད། །འདོད་ཡོན་སྣ་ཚོགས་ཕུན་སུམ་ཚོགས་པ་ནི། །ཨོཾཨཱཿཧཱུྃ་གིས་ཟད་མེད་བདུད་རྩིར་གྱུར། །ཚེ་སྔོན་ལས་དང་འཕྲལ་རྐྱེན་ལས་བྱུང་བའི། །ལོ་ཐོག་རྣམས་ལ་གནོད་པའི་བགེགས་རིགས་རྣམས། །དཀོན་མཆོག་བདེན་པས་ཊཀྐི་ཧཱུྃ་ཛཉཁུག །མཐུན་རྫས་འདོད་ཡོན་གཏོར་མ་འདི་བཞེས་ལ། །ཕྱིན་ཆད་ལོ་ཐོག་རྣམས་


CMR046_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནོད་མ་བྱེད། །ས་བོན་ཁ་མངར་འབྲས་བུ་སོ་སོར་སྨིན། །དེ་བཞིན་དགེ་སྡིག་འབྲས་བུ་མི་བསླུ་བས། །གླུད་གཏོར་འདི་ཁྱེར་མ་གནོད་གཞན་དུ་དེངས། །༈ ཨོཾ་སརྦ་བིགྷཾ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། ཨརྒྷཾ་སོགས་ནས། སརྦ་བིགྷཾ་གཙྪགཙྪ། ཞེས་ཕྱི་རོལ་དུ་དོར་རོ། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་མདུན་འདིར་རང་གི་ཞིང་། །ཐམས་ཅད་ཕྱོགས་གཅིག་གསལ་བའི་དབུས་ཉིད་དུ། །པཾ་ལས་པདྨའི་སྡོང་པོ་ཡལ་ག་དང་། །ལོ་འབྲས་མེ་ཏོག་ཕུན་སུམ་ཚོགས་པའི་དབུས། །སྣ་ཚོགས་པདྨ་འདབ་མ་འབུམ་ལྡན་དབུས། །ཟེའུ་འབྲུར་ཟླ་བའི་དཀྱིལ་འཁོར་རྒྱས་པའི་སྟེང་། །འབྲས་ཀྱི་མྱུ་གུ་ཀྵཡིག་མཚན་པ་ལ། །འོད་འཕྲོས་འཕགས་མཆོད་སེམས་ཅན་དོན་ཀུན་བྱས་། །ཚུར་འདུས་འོད་ཞུ་ཡོངས་སུ་གྱུར་པ་ལས། །སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་ནི། །སྟོན་ཟླའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་པ། །ཞལ་གཅིག་ཞི་འཛུམ་སྤྱན་གཉིས་ཞིང་ལ་གཟིགས། །ཕྱག་གཉིས་གཡས་པས་མྱུ་གུ་ཐུགས་ཀར་འཛིན། །གཡོན་པས་དྲིལ་བུ་དཀུར་བརྟེན་ཕྱེད་སྐྱིལ་བཞུགས། །ཐོར་ཚུགས་དབུ་རྒྱན་ཕྱག་གདུབ་ཞབས་


CMR046_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

གདུབ་དང་། །མགུལ་རྒྱན་དཔུང་རྒྱན་སྟོད་གཡོགས་སྨད་དཀྲིས་སོགས། །སྣ་ཚོགས་དར་དང་རིན་ཆེན་དུ་མས་བརྒྱན། །དེ་ཡི་གཡས་སུ་ལྷ་མོ་ནོར་རྒྱུན་མ། །གསེར་མདོག་ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱུ་དང་། །གཡོན་པས་འབྲས་ཀྱི་སྙེ་མ་ཐུགས་ཀར་འཛིན། །གཡོན་དུ་ལྷ་མོ་དཔལ་ནི་སྐུ་མདོག་ལྗང་། །ཕྱག་གཡས་རིན་ཆེན་མཚན་པའི་པདྨ་དང་། །གཡོན་པས་སྐྱབས་སྦྱིན་ཕྱག་རྒྱ་གདན་ལ་བརྟེན། །མདུན་དུ་ས་ཡི་ལྷ་མོ་བརྟན་མ་ནི། །གསེར་མདོག་ཕྱག་གཉིས་ཐལ་སྦྱར་བུམ་པ་འཛིན། །དེ་གསུམ་ཕྱེད་སྐྱིལ་དར་དང་རིན་ཆེན་བརྒྱན། །གཙོ་བོའི་རྒྱབ་ཕྱོགས་དབུས་སྟེང་པད་ཟླའི་སྟེང་། །སངས་རྒྱས་རིན་ཆེན་མེ་ཏོག་ཡོན་ཏན་གྱི། །རྒྱ་མཚོ་བཻཌཱུརྱ་དང་གསེར་གྱི་རི། །ཁ་དོག་བཟང་པོ་གསེར་དུ་སྣང་བའི་དཔལ། །གསེར་མདོག་ཆོས་གོས་རྣམ་གསུམ་སྐུ་ལ་གསོལ། །མཆོག་སྦྱིན་མཉམ་བཞག་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །མཐའ་བསྐོར་དཔལ་གྱི་ལྷ་མོ་གྲོགས་མོ་བརྒྱད། །གསེར་གྱི་མདོག་ཅན་སྙེ་མ་བུམ་པ་འཛིན། །ཀུན་ཀྱང་གནས་གསུམ་ཡིག་འབྲུ་གསུམ་པོ་དང་། །རང་རང་ས་བོན་རྣམས་ལས་འོད་འཕྲོས་པས། །རང་


CMR046_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གནས་དང་ལྕང་ལོ་ཅན་སོགས་ནས། །ལོ་ལ་ཕན་བྱེད་ལྷ་ཚོགས་སྤྱན་དྲངས་གྱུར། །ཧཱུྃ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །སངས་རྒྱས་རིན་ཆེན་ཡོན་ཏན་རྒྱ་མཚོ་ཡི། །བཻཌཱུརྱ་དང་གསེར་རི་ཁ་དོག་བཟང་། །གསེར་དུ་སྣང་བའི་དཔལ་ཞེས་བཅོམ་ལྡན་འདས། །ལྷ་མོ་དཔལ་ཆེན་མོ་ཡི་བཤེས་གཉེན་ཁྱོད། །གཤེགས་དང་བཞུགས་པའི་མཚན་མ་མི་མངའ་ཡང་། །ཆུ་ཟླ་བཞིན་དུ་གནས་འདིར་སྣང་བར་མཛོད། །མངོན་དགའ་ལ་སོགས་དག་པའི་ཞིང་ཁམས་ནས། །བྱང་ཆུབ་སེམས་དཔའ་ཆེན་པོ་ས་ཡི་སྙིང་། །བདག་སོགས་འགྲོ་ལ་ཐུགས་རྗེས་བརྩེར་དགོངས་ལ། །ཁྱེད་བཞེད་འགྲོ་དོན་མཛད་ཕྱིར་འདིར་གཤེགས་ཤིག །རི་རབ་ཆེན་པོའི་བྱང་ཕྱོགས་ལྟུང་ལོ་ཅན། །བསོད་ནམས་མེ་ཏོག་འོད་ཀྱི་སྐྱེད་མོས་ཚལ། །རིན་ཆེན་ཁང་བཟང་གསེར་གྱི་རྒྱལ་མཚན་ནས། །ལྷ་མོ་ཆེན་མོ་དཔལ་མོ་གཤེགས་སུ་གསོལ། །ལྕང་ལོ་ཅན་་གནས་རྒྱལ་པོའི་ཕོ་བྲང་ནས། །ནོར་རྒྱུན་ལྷ་མོ་འཁོར་བཅས་གཤེགས་སུ་གསོལ། །འོག་གཞི་དབང་ཆེན་གསེར་གྱི་དཀྱིལ་འཁོར་ནས། །ས་ཡི་ལྷ་མོ་བརྟན་མ་གཤེགས་སུ་


CMR046_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །གསེར་འོད་ལ་སོགས་མདོ་སྡེའི་གླེང་གཞི་ནས། །ཁྱེད་བཞེད་འགྲོ་དོན་མཛད་པ་འདིར་ལགས་པས། །གློག་ལྟར་སྐད་ཅིག་ཡུད་ཀྱིས་འདིར་བྱོན་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱི་ཧི་ར་ཙ་དེ་ཝཱི་ཤྲཱི་བཱ་སུ་དྷ་རི་པྲི་ཐི་དེ་ཝཱི་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛཿ བཅོམ་ལྡན་འདས་དང་བྱང་སེམས་ས་ཡི་སྙིང་། །ལྷ་མོ་ཆེན་མོ་དཔལ་དང་ནོར་རྒྱུན་མ། །བརྟན་མ་གནོད་སྦྱིན་མོ་བརྒྱད་བཅས་པ་རྣམས། །འགྲོ་བའི་དོན་དུ་འདིར་ནི་བྱོན་པ་ལེགས། །བདག་དང་ཡོན་བདག་དམིགས་ཡུལ་ཞིང་རྣམས་ཀྱི། །དབུས་སུ་ཡིད་སྤྲུལ་པད་ཟླའི་གདན་ལ་བཞུགས། །གྲངས་མེད་བསྐལ་པའི་སྔོན་ནས་ཐུགས་བསྐྱེད་ཅིང་། །སྨོན་ལམ་རྒྱ་ཆེན་ཇི་ལྟར་བཏབ་པ་དང་། །ཁྱད་པར་ས་སྙིང་འཁོར་ལོ་བཅུ་པའི་མདོ། །གསེར་འོད་དམ་པ་ལྷ་མོ་དཔལ་གྱི་མདོ། །གར་མཁན་མཆོག་གི་རྟོགས་པ་ལ་སོགས་ནས། །ཇི་ལྟར་ཞལ་བཞེས་ཐུགས་དམ་རྗེས་དགོངས་ལ། །བདག་དང་བདག་གིས་བསྲུང་བྱ་འདི་དག་གི །གྲོ་ནས་བྲ་སྲན་ཡུངས་སོགས་ལོ་ཐོག་རྣམས། །ཤིན་ཏུ་ལེགས་ཤིང་ཕུན་སུམ་ཚོགས་པར་མཛོད། །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཏིཥྛ་ལྷན། ཧཱི༔ དབང་ལྷ་སྤྱན་དྲངས་


CMR046_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་དྲི་མ་དག །ཐུབ་དབང་བལྟམས་ཚེ་ཀླུ་ཡིས་ཁྲུས་གསོལ་ལྟར། །རིན་ཆེན་སྤོས་ཆུ་མང་པོས་སྐུ་ཁྲུས་གསོལ། །ཆུ་ལྷག་ཡར་ལུད་རྣམ་སྣང་དབུར་བརྒྱན་གྱུར། །ལྷ་མོ་གསུམ་ལ་རིན་འབྱུང་དབུར་བརྒྱན་གྱུར། །བཅོམ་ལྡན་བལྟམས་ཚེ་ལྷ་ཡི་རས་ཕུལ་ལྟར། །རས་དཀར་འཇམ་ལ་སྣུམ་པས་སྐུ་ཕྱིའོ། །ཤཱཀ་ཐུབ་རབ་ཏུ་བྱུང་ཚེ་ས་ཡི་ལྷས། །ངུར་སྨྲིག་ན་བཟའ་སྲབ་འཇམ་ཕུལ་བ་ལྟར། །སྣ་ཚོགས་དར་དང་ཟབ་ཆེན་རབ་བཟང་ཕུལ། །བདག་ཅག་དཔོན་སློབ་བསྲུང་བྱ་འཁོར་བཅས་ཀྱིས། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ལུས་སྤྲུལ་ནས། །བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་རིན་པོ་ཆེ། །མེ་ཏོག་ཡོན་ཏན་རྒྱ་མཚོ་བཻཌཱུར། །གསེར་གྱི་ཁ་དོག་བཟང་པོ་གསེར་དུ་སྣང་། །དཔལ་ཞེས་བྱ་བ་དེ་ལ་ཕྱག་འཚལ་ལོ། །ས་བཅུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །ས་ཡི་སྙིང་པོའི་ཞབས་ལ་ཕྱག་འཚལ་ལོ། །ལྷ་མོ་ཆེན་མོ་དཔལ་དང་ནོར་རྒྱུན་མོ། །ས་ཡི་ལྷ་མོའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་གྱི་ལྷ་མོ་གྲོགས་མོ་བརྒྱད་ལ་སོགས། །འཁོར་དང་བཅས་པ་


CMR046_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཕྱག་འཚལ་ལོ། །ཧཱུྃ་ལས་རིན་ཆེན་སྣོད་དུ་མཆོད་རྫས་འདི། །དྭངས་ཤིང་ཐོག་མེད་ཀུན་བཟང་མཆོད་པའི་སྤྲིན། །དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོར་གྱུར། །ཨོྃ་ཨཱ༔ཧཱུྃ་གིས་ཟག་མེད་བདུད་རྩིར་བསྒྱུར། །ཨོཾ་བཛྲ་སྤ་ར་ཎ་ཁཾ། གསེར་གྱི་ས་གཞི་གླིང་བཞི་གླིང་ཕྲན་བཅས། །གསེར་གྱི་རི་བདུན་རི་རབ་རྒྱལ་སྲིད་བདུན། །ཉེར་སྤྱོད་སྣ་བདུན་གཟུགས་སྒྲ་དྲི་རོ་རེག །ལྔ་ཕྲག་ལྔ་དང་བཀྲ་ཤིས་རྫས་རྟགས་བརྒྱད། །དངོས་སུ་འབྱོར་དང་ཡིད་ལས་སྤྲུལ་པའི་ཚོགས། །འཇིག་རྟེན་འདིའམ་འཇིག་རྟེན་གཞན་དག་ན། །མ་རྨོས་ལོ་ཐོག་ལྷ་ཡི་བདུད་རྩི་བཞིན། །དཔག་བསམ་ལྗོན་ཤིང་དར་ཟབ་ལྷ་ཡི་གོས། །རིན་ཆེན་རི་བོ་གསེར་གྱི་བྱེ་མ་དང་། །ཁྲུས་ཀྱི་རྫིང་བུ་ཡན་ལག་བརྒྱད་ལྡན་ཆུ། །བློ་ཡིས་བླངས་ཏེ་མཆོད་པའི་རྫས་སུ་དམིགས། །ཁྱད་པར་བདག་དང་བདག་གི་བསྲུང་བྱ་ཡི། །རི་ཞིང་ཐང་ཞིང་ས་བོན་ལྗང་བུར་བཅས། །སྙེ་མ་འབྲུ་དང་བཅས་པ་མཆོད་པར་འབུལ། །རིན་ཆེན་སྣོད་དུ་དཀར་གསུམ་བདུད་རྩི་མཚོ། །ཁ་དོག་དྲི་རོ་ནུས་པ་ཕུན་ཚོགས་འབུལ། །ཨོཾ་ན་མོ་བྷ་ག་ཝ་ཏེ་རཏྣ་པུངྒེ་ཀ་མ་ལ་གུ་ཎ་ས་མུ་དྲ་


CMR046_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཁེཌཱུརྱ་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨོཾ་ཀྵི་ཧི་ར་ཙ་ཨི་དམ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི། ༀ་བྷ་སུ་དྷ་རི་ནི་ཨི་དམ༔ ཨོཾ་དེ་ཝི་ཤྲཱི་ཡེ་ཨི་དམ༔ ཨོཾ་པྲི་ཐི་ཝི་དེ་ཝི་ཨི་དམ༴ ཨརྒྷཾ་སོགས་ནས། ཤབྲ་སརྦ་པཱུ་ཛ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། འདས་པའི་སངས་རྒྱས་བཅོམ་ལྡན་དེ་བཞིན་གཤེགས། །རིན་ཆེན་མེ་ཏོག་ཡོན་ཏན་རྒྱ་མཚོ་ཡི། །བེཟླུརྒྱ་དང་གསེར་གྱི་ཁ་དོག་བཟང་། །གསེར་དུ་སྣང་བའི་དཔལ་ལ་ཕྱག་འཚལ་ལོ། །གང་ཞིག་ཞིང་ནི་བཟང་ངམ་ངན་ཡང་རུང་། །ས་བོན་བཏབ་ནས་སོ་ནམ་མ་བྱས་ཀྱང་། །ཁྱེད་ལ་མཆོད་ཅིང་རྩེ་གཅིག་གསོལ་བཏབ་ན། །ལོ་ལེགས་འབྲུ་རྣམས་འཕེལ་མཛད་ཐུགས་རྗེ་ཅན། །ས་ཡི་སྙིང་པོའི་ཞབས་ལ་ཕྱག་འཚལ་བསྟོད། །གཞན་ཡང་ཁྱེད་ལ་མཆོད་ཅིང་གསོལ་བཏབ་ན། །སྡུག་བསྔལ་ཀུན་བྲལ་བཟའ་བཏུང་གང་འདོད་རྙེད། །ནོར་དང་ཡོ་བྱད་ཡིད་ལ་གང་འདོད་འབྱུང་། །མངོན་ཤེས་ལྔ་པོ་ནོར་དང་ལོངས་སྤྱོད་འཕེལ། །བྱང་སེམས་ས་སྙིང་ཁྱོད་ལ་ཕྱག་འཚལ་བསྟོད། །ཁྱོད་ཀྱི་མཚན་བརྗོད་ཕྱག་འཚལ་མཆོད་པ་ཡི། །དགྲ་དང་ནད་དང་འཐབ་རྩོད་ཀུན་དང་བྲལ། །གསོད་པར་ཤོམ་ཡང་བཙོན་


CMR046_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

དང་གདོན་ལས་ཐར། །སྨྱོ་འབོག་དུག་སྦྲུལ་གཅན་གཟན་ཀུན་ལས་ཐར། །མེ་ཆུ་གཡང་ས་གཡུལ་ངོ་འཇིགས་ལས་ཐར། །འཇིགས་པ་ཀུན་སྐྱོབས་ས་བཅུའི་བྱང་ཆུབ་སེམས། །ས་ཡི་སྙིང་པོའི་ཞབས་ལ་ཕྱག་འཚལ་བསྟོད། །ཁྱེད་ལ་རྩེ་གཅིག་ཐེ་ཚོམ་མེད་པ་རུ། །གསོལ་བ་བཏབ་ན་ལོང་བས་གཟུགས་ཀྱང་མཐོང་། །འོན་པས་སྒྲ་ཐོས་ལྐུགས་པས་སྨྲ་བ་ཤེས། །སྨྱོན་པས་དྲན་པ་རྙེད་ཅིང་ཉོན་མོངས་ཞི། །ས་ཡི་སྙིང་པོའི་ཞབས་ལ་ཕྱག་འཚལ་བསྟོད། །བདག་དང་བདག་གི་བསྲུང་བྱ་སྦྱིན་བདག་བཅས། །ཁྱེད་ལ་མཆོད་ཅིང་ཕྱག་འཚལ་བསྟོད་ལགས་ཀྱི། །གྲོ་ནས་བྲ་སྲན་ཡུངས་སོགས་ལོ་ཏོག་རྣམས། །ལོ་ལེགས་འབྲུ་ཚོགས་འཕེལ་བའི་དངོས་གྲུབ་སྩོལ། །བཙའ་སད་སེར་གསུམ་གྲ་སྐྱ་འབུ་སྲིན་དང་། །ཞིང་དང་ལོ་ཐོག་ལ་གནོད་བགེགས་ཀྱི་ཚོགས། །ཐམས་ཅད་ཞི་ཞིང་མེད་པར་མཛད་དུ་གསོལ། །གཞན་ཡང་འཇིགས་པ་ཀུན་ལས་ཐར་བ་དང་། །ཕུན་སུམ་ཚོགས་པའི་དངོས་གྲུབ་བདག་ལ་སྩོལ། །སེམས་ཅན་དབུལ་ཕོངས་ནད་དང་དགྲས་བཙེར་ལ། །ཕན་ཕྱིར་སངས་རྒྱས་ཀུན་གྱིས་གསུངས་པ་ཡི། །རིག་སྔགས་ལྷ་མོ་ཆེན་མོ་ནོར་རྒྱུན་


CMR046_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

མ། །ས་བཅུའི་སེམས་མ་ཁྱོད་ལ་ཕྱག་འཚལ་བསྟོད། །མཚན་རྣམས་ཐོས་པས་བདེ་སྐྱིད་ལོ་ལེགས་ནུས། །གནོད་སྦྱིན་སྲིན་མོ་ཤ་ཟས་གནོད་མི་ནུས། །ནད་དང་མུ་གེའི་འཆིང་བ་ཞི་མཛད་མ། །ལྷ་མོ་ནོར་རྒྱུན་མ་ལ་ཕྱག་འཚལ་བསྟོད། །གང་ཞིག་གང་དུ་གཟིགས་དང་གང་དུ་བྱོན། །དེ་རུ་སེམས་ཅན་བྱེ་བ་ཁྲག་ཁྲིག་ལ། །བདེ་སྐྱིད་ལོངས་སྤྱོད་ཟད་མེད་འཕེལ་ནུས་མ། །ལྷ་མོ་ཆེན་མོ་དཔལ་ལ་ཕྱག་འཚལ་བསྟོད། །གང་ཞིག་ལྷ་མོ་ཆེན་མོ་ཁྱོད་ལ་མཆོད་བྱས་ན། །བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་ལ། །མུ་གེ་མེད་ཅིང་ལོ་ལེགས་བདེ་སྐྱིད་འཕེལ། །ཡིད་བཞིན་ནོར་བུ་ལྷ་མོ་དཔལ་ལ་བསྟོད། །སྐྱེ་བ་ཀུན་ཏུ་ངན་སོང་སྐྱེ་སྒོ་འགགས། །ཚེ་རབས་ཀུན་ཏུ་ལྷ་མིའི་བདེ་སྐྱིད་སྤྱོད། །ཚེ་འདིར་ཟས་ནོར་ཡོ་བྱད་ཀུན་སྩོལ་མ། །ལྷ་མོ་ཆེན་མོ་དཔལ་ལ་ཕྱག་འཚལ་བསྟོད། །ཁྱོད་མཚན་ལན་གསུམ་བརྗོད་ཅིང་མཆོད་བྱས་ན། །ས་ཡི་བཅུད་དང་འབྲུ་ཡི་ཨཱཿཕུང་པོ་འཕེལ། །ལོ་ཐོག་འབྲས་བུ་ཐམས་ཅད་སྐྱེད་བྱེད་མ། །ལྷ་མོ་ཆེན་མོ་དཔལ་ལ་ཕྱགའ་ཚལ་བསྟོད། །ལྷ་མོ་ཁྱེད་ཀྱི་ཐུགས་ཀྱིས་གར་དགོངས་ལ། །སྤྱན་གྱིས་གར་


CMR046_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ལོ་ལེགས་འབྲུ་འཕེལ་ན། །བདག་དང་བདག་གི་བསྲུང་བྱ་འདི་དག་གི །བང་མཛོད་ཞིང་ཁང་བཅས་པ་འདི་དག་ལ། །ཐུགས་རྗེས་དགོངས་ལ་སྤྱན་གྱིས་གཟིགས་སུ་གསོལ། །བདག་གིས་རྩེ་གཅིག་ལྷ་མོ་ཁྱོད་འབོད་ན། །ལྕང་ལོ་ཅན་གྱི་བྱང་ཕྱོགས་གཞལ་ཡས་ཁང་། །གསེར་གྱི་རྒྱལ་མཚན་ཅན་ནས་སྐུ་བསྐྱོད་ལ། །བདག་གི་གནས་ཁང་འདི་ལ་བཞུགས་སུ་གསོལ། །ལྷ་མོ་ཕོ་བྲང་བཞུགས་པ་མི་ཕོངས་ཀྱང་། །བདག་གི་གནས་ཁང་འདི་ཉིད་རིན་ཆེན་གྱི། །གཞལ་མེད་ཁང་དུ་ཡིད་ཀྱིས་དམིགས་བྱས་ནས། །ལྷ་མོ་ཆེན་མོ་དཔལ་ལ་བཞུགས་པར་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་རྟག་པར་བཞུགས། །འབྲུ་ཡི་ཕུང་པོ་འཕེལ་བའི་ཕྲིན་ལས་མཛོད། །གང་ཞིག་བསྐལ་བཟང་སངས་རྒྱས་ཐམས་ཅད་ཀྱི། །ས་ལམ་བསྒྲོད་དང་མངོན་པར་སངས་རྒྱས་པའི། །དབང་པོ་བདུད་དཔུང་འཇོམས་མཛད་མཐུ་མོ་ཆེ། །ས་ཡི་ལྷ་མོ་བརྟན་མ་ཁྱོད་ལ་བསྟོད། །གང་ཞིག་ཐུབ་པའི་བསྟན་ལ་ཞུགས་པ་རྣམས། །ཚུལ་ཁྲིམས་ལྡན་དང་ཚུལ་ཁྲིམས་འཆལ་བ་ཡི། །དཔང་པོར་གྱུར་པས་ཁྲིམས་འཆལ་རྒྱུན་འབྱིན་མ། །བསྟན་སྲུང་ས་ཡི་ལྷ་མོ་


CMR046_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལ་བསྟོད། །ས་ཡི་བཅུད་དང་ཡོ་བྱད་ལོ་ཐོག་འཕེལ། །ནོར་དང་ལོངས་སྤྱོད་བདེ་སྐྱིད་ཀུན་ཀྱང་འཕེལ། །ས་ཡི་ནོར་ཕྱུགས་མི་དང་ཞིང་ལ་སོགས། །རྒྱས་མཛད་ལྷ་མོ་བརྟན་མ་ཁྱོད་ལ་བསྟོད། །གང་ཞིག་ཁྱོད་ནི་ཚིམ་ཞིང་དགའ་བར་འགྱུར། །དཔག་ཚད་སྟོང་ཕྲག་དྲུག་ཅུའི་ས་ཡི་བཅུད། །འཕེལ་བར་བྱེད་ཅིང་བཅུད་དང་གཟི་བརྗིད་ལྡན། །རྩི་ཤིང་ལོ་ཐོག་རྒྱས་མཛད་མ་ལ་བསྟོད། །ས་ཡི་འབྲུ་རྣམས་འཕེལ་ཞིང་སྣུམ་པ་དང་། །ཞིམ་ཞིང་དྲི་ནུས་ཕུན་སུམ་ཚོགས་པར་བྱེད། །སེམས་ཅན་རྣམས་ཀྱང་པ་གཟུགས་ཆེ་མདོག་བཟང་བར། །མཛད་མཁས་ལྷ་མོ་བརྟན་མ་ཁྱོད་ལ་བསྟོད། །འཛམ་གླིང་སྤྱི་དང་ཁྱད་པར་ཡུལ་འདི་དང་། །བདག་དང་བདག་གི་བསྲུང་བྱ་ཐམས་ཅད་ལ། །ལོ་ལེགས་སྐྱ་རྒྱལ་དངོས་གྲུབ་བསྩལ་དུ་གསོལ། །ལྷ་མོ་ཆེན་མོ་དཔལ་གྱི་གྲོགས་མོ་བརྒྱད། །ཟླ་ཤེལ་མ་དང་སྦྱིན་བྱེད་རབ་སྦྱིན་མ། །འཕགས་མ་སྦས་མ་ལྷ་མོ་རབ་བཟང་མ། །དབྱངས་ཅན་མ་སོགས་འཁོར་དང་བཅས་པ་ལ། །མཆོད་བསྟོད་འདི་བཞེས་འབྲུ་ཡི་དངོས་གྲུབ་སྩོལ། །བདག་གི་ཐུགས་ནས་འོད་འཕྲོས་མདུན་བསྐྱེད་བསྐུལ། །


CMR046_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་བསྐྱེད་སོ་སོའི་ཐུགས་ཀར་ཟླ་བའི་སྟེང་། །ས་བོན་སྔགས་ཀྱིས་བསྐོར་ལས་འོད་ཟེར་འཕྲོས། །འཇིག་རྟེན་ཀུན་གྱིས་ས་བཅུད་བསོད་ནམས་སྟོབས། །འོད་ཟེར་སེར་པོའི་རྣམ་པར་ཚུར་བསྡུས་ནས། །བདག་དང་བསྲུང་བྱའི་ཞིང་ལོ་ཐོག་ལ་ཐིམ། །བང་མཛོད་འབྲུ་ཡི་དངོས་གྲུབ་ཐོབ་པར་གྱུར། །ཅེས་བསྒོམ་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མེ་ཏོག་རྒྱ་མཚོ་བཻཌཱུརྱ་དང་གསེར་གྱི་རི་ཁ་དོག་བཟང་པོ་གསེར་དུ་སྣང་བའི་དཔལ་ལ་ཕྱག་འཚལ་ལོ། །ཞེས་ལན་གསུམ་མམ་བདུན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་དེ་ལ་ཕྱག་འཚལ་ལོ། །ཞེས་བརྒྱ་སྟོང་ཉེར་གཅིག་སོགས་གང་འགྲུབ་འདོན། ལྷ་མོ་ཆེན་མོ་དཔལ་ལ་ཕྱག་འཚལ་ལོ། །མཆོད་དོ། །ཞེས་ལན་གསུམ་མམ་བདུན་བརྗོད། འཕགས་མ་ལྷ་མོ་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །ཞེས་ལན་གསུམ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ས་ཡི་ལྷ་མོ་བརྟན་མའི་མཐུས་བདག་གི་ཞིང་ཁང་ཐམས་ཅད་དུ་སའི་བཅུད་འཕེལ་བར་གྱུར་ཅིག །གསུམ་བརྗོད། ཨོཾ་ཀིཾ་ཧི་ར་ཙ་ཡེ་སྭཱ་ཧཱ།


CMR046_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྒྱ་རྩ་བརྒྱད་དང་། ཨོཾ་ཨཱཀྵི་ཏི་གནྡྷ་བློ་ཧཱུྃ་སྭཱ་ཧཱ། བརྒྱ་རྩ་བརྒྱད་དང་། ཨོཾ་བཱ་སུ་དྷ་རི་ནི་སྭཱ་ཧཱ། ཨོཾ་དེ་ཝི་ཤྲཱི་ཡེ་སྭཱ་ཧཱ། ཨོཾ་པྲི་ཐི་ཝི་དེ་ཝི་སྭཱ་ཧཱ། ཞེས་པ་རྣམས་བརྒྱ་རེ་འདོན་ནོ། །བདག་དང་མདུན་བསྐྱེད་ལྷ་ཚོགས་ཐམས་ཅད་ལ། །དངོས་འབྱོར་ཡིད་སྤྲུལ་མཆོད་པས་མཆོད་ཅིང་བསྟོད། །འགལ་འཁྲུལ་ཉེས་པའི་ཚོགས་རྣམས་ཅི་མཆིས་བཤགས། །བདག་མདུན་ཡེ་ཤེས་པ་རྣམས་ཐམས་ཅད་ནི། །བདག་གི་གནས་ཁང་ཞིང་ལ་བརྟན་པར་བཞུགས། །དམ་ཚིག་པ་རྣམས་བདག་གི་སྙིང་གར་ཐིམ། །བདག་བསྐྱེད་དམ་ཚིག་མཐའ་ནས་དབུས་སུ་ཡལ། །སྟོང་ཉིད་འོད་གསལ་ཆོས་སྐུར་རྗེན་པར་བུད། །འདི་ལྟར་མཆོད་བསྟོད་བགྱིས་པའི་དགེ་བ་འདིས། །ཚེ་འདིར་ལོ་ལེགས་འབྲུ་རྣམས་འཕེལ་བ་དང་། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །བདག་ཉིད་མཐོང་དང་ཐོས་དང་དྲན་པས་ཀྱང་། །འགྲོ་བའི་དབུལ་ཕོངས་བཀྲེས་སྐོམ་ཞི་བ་དང་། །ལོ་ལེགས་བདེ་སྐྱིད་འཕེལ་བར་ནུས་གྱུར་ཅིག །འཛམ་བུའི་གླིང་གི་རྒྱལ་མཚན་གསེར་བཟང་པོ། །དེ་བཞིན་གཤེགས་དང་དེ་ཡི་བཀྲ་ཤིས་ཤོག །ས་བཅུའི་བྱང་ཆུབ་སེམས་དཔའ་


CMR046_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེ། །ས་ཡི་སྙིང་པོ་དེ་ཡི་བཀྲ་ཤིས་ཤོག །ནོར་རྒྱུན་མ་དང་ས་ཡི་ལྷ་མོ་དང་། །ལྷ་མོ་ཆེན་མོ་དཔལ་གྱིས་བཀྲ་ཤིས་ཤོག །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། ཞེས་སོགས་བརྗོད་དོ། ས་ཡི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། གནས་གང་དག་ན་སེམས་ཅན་གང་དག་ཞིང་གཤིན་པའམ། ཞིང་མི་གཤིན་པ་ལ་ས་བོན་བཏབ། །གལ་ཏེ་ནན་ཏན་བྱས་ཀྱང་རུང་། ནན་ཏན་མ་བྱས་ཀྱང་རུང་སྟེ། སེམས་རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོའི་མཚན་ནས་བརྗོད་ཅིང་དམིགས་པས་བསྟི་སྟང་དང་བཅས་ཏེ་མཆོད་པ་བྱས་ན། རིགས་ཀྱི་བུ་དེའི་ཏིང་ངེ་འཛིན་དམ་པའི་ཡོན་ཏན་དང་། མཐུ་དང་། གཟི་བརྗིད་ཀྱི་ཤུགས་ཀྱིས་དེ་དག་གི་ལོ་ཐོག་ཐམས་ཅད་ལེགས་ཤིང་འབྲས་བུ་སྨིན་ཅིང་ལེགས་པར་འགྱུར་རོ། །ཞེས་གསུངས་པ་ལྟར་དང་། གཞན་ཡང་། ནོར་རྒྱུན་མདོ་ལས། འདི་ཐོས་པ་ཙམ་གྱིས་ལོ་ལེགས་པར་འགྱུར་རོ། །གསེར་འོད་དམ་པ་ལས། སངས་རྒྱས་དེའི་མཚན་ལན་གསུམ་བརྗོད་ཅིང་འདི་ལན་གསུམ་དང་ཚིག་བརྗོད་ནས་ལྷ་མོ་དཔལ་མཆོད་ན་འབྲུའི་ཕུང་པོ་འཕེལ་བར་གསུངས་སོ། །མདོ་སྡེ་ཆེན་པོ་དེ་རྣམས་དང་ཞི་ཁྲོ་དང་བཀའ་བརྒྱད་ཐུགས་རྗེ་ཆེན་པོ་གསང་འདུས་དང་རྟོགས་པ་ལས་ལྷ་མོ་དཔལ་གྱི་འབྲུའི་ཕུང་པོ་སྤེལ་བའི་ལེའུ་ལ་སོགས་པའི་དོན་བསྡུས་ཏེ། དུས་སྙིགས་མའི་སྐབས་འདིར་ལོ་ཉེས་པའི་སེམས་ཅན་རྣམས་


CMR046_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕན་པའི་བསམ་པ་བཟང་པོས་ཤིང་ཕོ་རྟའི་ལོ་ས་གའི་ཟླ་ཚེས་ལ་ཨ་རཱ་གས་ཉིན་གཅིག་རྫོགས་པར་བྲིས་པ་ལ། འགལ་འཁྲུལ་ཉེས་པ་ཐམས་ཅད་བཤགས་ཤིང་དགེ་བས་ལོ་ལེགས་འབྲུ་འཕེལ་ནས། སེམས་ཅན་ཐམས་ཞེཅད་བདེ་སྐྱིད་ལྡན་གྱུར་ཅིག །སྭ་སྟི། བཀྲ་ཤིས་དགེ་ལེགས་རིན་ཆེན་བྱེ་བའི་གཏེར། །རྒྱལ་སྲས་སྤྱོད་པ་རྒྱ་མཚོར་དབང་བསྒྱུར་བའི། །སེམས་དཔའ་ས་སྙིང་འཁོར་བཅས་ལ་བརྟེན་པའི། །ལོ་ལེགས་འབྲུ་དཔལ་སྤེལ་བའི་ཆོ་ག་འདི། །གངས་ལྗོངས་སྐྱེ་རྒུའི་དབུལ་ཕོངས་གདུང་བ་ཀུན། །ཡོངས་སུ་བསལ་ནས་རིང་འཚོའི་དཔལ་དང་འབྱོར། །ནུབ་མེད་སྲིད་མཐར་རྒྱས་ཕྱིར་དོན་བརྩོན་གྱིས། །ཆོས་སྦྱིན་མཛད་མེད་སྤར་གྱི་མ་མོར་བསྐྲུན། །འདི་ཡི་ལེགས་བྱས་ཤིང་རྟས་ཉེར་དྲངས་པའི། །རྨད་བྱུང་ཕྲིན་ལས་ཉིན་བྱེད་ཡོངས་ཤར་བས། །སྣོད་བཅུད་རྒུད་པའི་མུན་པ་གཞིལ་ནས་སླར། །འཕྲལ་ཡུལ་ཕན་བདེའི་པད་ཚལ་བཞད་གྱུར་ཅིག །ཅེས་དད་དམ་མཚུངས་མེད་ཡེ་ན་དགེ་སློང་མཁྱེན་བརྩེ་དགེ་ལེགས་ཀྱིས་རྣམ་དཀར་འདི་ཉིད་འབད་པས་བསྒྲུབ་སྐབས་མཁྱེན་རྩེའི་སྤྲུལ་མིང་ཆོས་ཀྱི་དབང་ཕྱུག་པས་སརྦ་ཨརྦ་སིདྡྷི་རསྟུ། འདི་ཞི་ཁྲོ་བཀའ་བརྒྱད་དམ་ཐུགས་རྗེ་ཆེན་པོ་གསང་འདུས་དབང་བསྐུར་ཐོབ་ན་འདོན་རུང་ངོ་། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ལོ་ཡག་ལ་ཕན་པའི་གདམས་ངག་བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་ཆོ་གའི་མཐའ་བརྒྱན་སྦྱིན་སྲེག་ནོར་བུའི་ཕྲེང་བ།


CMR046_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཡག་ལ་ཕན་པའི་གདམས་ངག་བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་ཆོ་གའི་མཐའ་བརྒྱན་སྦྱིན་སྲེག་ནོར་བུའི་ཕྲེང་བ་བཞུགས་སོ། །


CMR046_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རཏྣ་ཏྲ་ཡཱ་ཡ། དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ནས། །དུས་ངན་མུ་གེའི་བསྐལ་པ་ཞི་བའི་ཕྱིར། །ས་སྙིང་གཙོ་འཁོར་མེ་མཆོད་བྲི་བ་ལ། །བླ་མ་དཀོན་མཆོག་ཐུགས་རྗེས་གནང་བ་སྩོལ། །ལོ་ཏོག་ཉེས་སམ་ལོ་ནད་མང་བ་དང་། །ས་བཅུད་ཉམས་པའི་ལྟས་ངན་བྱུང་བ་ན། །ཆོ་ག་གཞུང་བཞིན་ཚད་ལྡན་འགྲུབ་པའི་རྗེས། །མེ་མཆོད་འདི་ནི་ཡོན་ཏན་ཤིན་ཏུ་ཆེ། །དེ་ཕྱིར་དཀྱིལ་འཁོར་བསྲེག་རྫས་ལ་སོགས་པ། །རྒྱས་བསྡུས་འབྲིང་སོགས་གང་ལྕོགས་བྱ་བ་ནི། །ཁྱིམ་མམ་ཞིང་དཀྱིལ་གང་བདེར་བྱི་དོར་བྱ། །སྐྱབས་སེམས་ནས་བཟུང་བདག་བསྐྱེད་བསྙེན་པའི་རྗེས། །དཀར་གཏོར་གནས་དེར་བཤམས་ལ་འདོན་བསྒོམ་བྱ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཧཱུྃ། རང་ཉིད་ས་སྙིང་ཕྱག་


CMR046_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སར་བསྣུན་པས། །ས་རྡོལ་དེ་ནས་ས་ཡི་ལྷ་མོ་ནི། །གསེར་མདོག་བུམ་འཛིན་སྐུ་སྟོད་ས་གནོན་མངོན། །འཁོར་དུ་ཐེ་སེ་ཙང་ཀུན་ས་འཛིན་དང་། །འདིར་གནས་ས་བདག་ཚོགས་ཀུན་སྤྱན་དྲངས་གྱུར། །རིན་ཆེན་སྣོད་དུ་ཨོཾ་ལས་གཏོར་མ་ནི། །དཀར་གསུམ་འདོད་ཡོན་བདུད་རྩིའི་རྒྱ་མཚོ་ལ། །ཨོཾ་ཨཱཿཧཱུྃ་གིས་འཛད་མེད་གཏེར་གྱུར་ཅིག །ས་ལྷ་བརྟན་མ་ས་བདག་ཚོགས་རྣམས་དང་། །ཡུལ་ཕྱོགས་ས་མིག་འདིར་གནས་ཀུན་ལ་འབུལ། །བདག་གི་མཐུན་རྐྱེན་སྒྲུབས་ལ་ས་འདི་སྩོལ། །ཨོཾ་པྲ་བྷེ་དེ་ཝཱི་ལོ་ཀ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དམ་བྷ་


CMR046_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ལཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨརྒྷཾ་སོགས། རྒྱལ་ཀུན་ས་ལམ་སྒྲུབ་པའི་གྲོགས་མཛད་མ། །གསེར་མདོག་མཛེས་སྡུག་རིན་ཆེན་གཏེར་བུམ་འཛིན། །འཛམ་གླིང་ས་ལ་དབང་བའི་ལྷ་མོ་ཆེ། །བདག་གིས་གུས་པས་བརྟན་མ་ཁྱོད་ལ་བསྟོད། །འཁོར་གྱི་ས་བདག་ཚོགས་རྣམས་ཐམས་ཅད་ལ། །མཆོད་ཅིང་བསྟོད་དེ་བདག་གིས་ཕྲིན་ལས་སྒྲུབས། །ལོ་ཏོག་ལ་གནོད་ལོ་ནད་ཞི་བ་དང་། །འབྲས་དྲུག་ཕུན་སུམ་ཚོགས་པའི་དངོས་གྲུབ་སྩོལ། །བདག་གི་བསམ་པའི་སྟོབས་དག་དང་༴ །དེ་ནས་ས་བདག་ཚོགས་རྣམས་ཀྱིས། ཕྲིན་ལས་རྒྱབ་ཅིང་ས་གནང་ནས། །སླར་ཡང་ས་ལ་ཐིམ་པར་བསམ། །ས་སྟེགས་དྲི་བཟང་ཆག་ཆག་བཏབ། །ཞི་རྒྱས་གཉིས་ཀ་གང་རུང་ལ། །རྒྱས་པར་ཐིག་ཆེན་བརྒྱད་ལ་སོགས། །མཐོང་བརྒྱུད་ཕྱག་ལེན་ལྟར་བྱས་པའི། །དབུས་སུ་པདྨ་འདབ་བཞི་ཡི། །སྟེང་དུ་ལྷ་གྲངས་རང་མདོག་གི །ཚོན་སྤུངས་བྱས་ལ་ཞི་བའི་ཤིང་། །མཁན་དཀར་ཤུག་པ་སུར་དཀར་གྱི། །ཤིང་ཚད་སོར་དྲུག་ཙམ་གྱིས་ནི། །ཟླུམ་པོ་དྲུག་སྐོར་བརྩེག་པར་བྱ། །ཞི་བའི་དཀྱིལ་འཁོར་ཟླུམ་པོ་རྡོ་རྗེའི་མཚན། །རྒྱས་པར་སྟག་པ་ཉ་སྦྲིད་དང་། །འོམ་བུ་ཤིང་ཚད་གྲུ་རེ་ཡིས། །གྲུ་བཞི་བཅའ་བ་མེ་ཚང་ཡང་། །རྒྱས་པའི་དཀྱིལ་འཁོར་གྲུ་བཞི་ནོར་བུའི་མཚན། །ཡམ་ཤིང་ལ་སོགས་སོ་སོར་བྱ། །འབྲིང་


CMR046_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

པོ་པད་འདབ་ཚོན་སྤུང་དང་། །ཤིང་སྣ་རེ་རེ་ཙམ་གྱིས་ཆོག །བསྡུས་པ་ནས་ཚོམ་ལྔ་བཀོད་ཅིང་། །དུག་ཤིང་མིན་པའི་ཤིང་གིས་ཆོག །ཀུ་ཤ་བཀྲམ་པ་ལ་སོགས་པ། །ལེགས་པར་ཕྱག་བཞེས་ལྟར་དུ་བྱ། །བསྲེག་རྫས་རྒྱས་པ་ཡོངས་རྫོགས་དང་། །འབྲིང་པོ་ཞི་བ་ཡུངས་ཀར་དང་། ཏིལ་དང་གྲོ་ལ་བསྟེན་ཀྱང་རུང་། །བསྡུས་པ་གྲོ་ནི་ཁོ་ནས་ཆོག །རྒྱས་པར་དྭརླ་སྲན་མ་དང་། །སོ་བ་འབྲས་ནི་འབྲིང་པོ་སྟེ། །བསྡུས་པ་སོ་བ་ཁོ་ནས་ཆོག །ཡམ་ཤིང་མར་ཁུ་མེད་མི་རུང་། །རྣམ་ལྔ་ཆ་གསུམ་མེ་ལྷ་ལ། །དཀར་གཏོར་གཉིས་དང་མེ་རྐང་གཅིག །ཟླུམ་གཏོར་ལྔ་ཚོམ་དཀར་གསུམ་རིགས། །བརྫིས་པའི་རིལ་བུ་གྲངས་མེད་བྱ། །འོ་ཞོ་དྲི་བཟང་སྦྱར་བའི་ཆུ། །མཁོ་བའི་ཡོ་བྱད་སྟ་གོན་བྱ། །རང་ཉིད་མདའ་དར་བུད་ཤིང་ཐོགས། །གྱེར་སྒོམ་སྦྲགས་ལ་འདི་སྐད་དོ།འདི་ནས་ལོ་གླུད་བཏང་བར་མཆན། །ཧཱུྃ། རང་ཉིད་ཐུགས་ལས་མེ་ཡི་ལྷ་མོ་ནི། །ཞི་བའི་ལས་མཛད་དཀར་མོ་མེ་དར་དཀར། །ཕྱག་གཡོན་ནད་གདོན་བསྲེགས་པའི་ཡེ་ཤེས་ཀྱི། །མེ་ཡི་བུད་ཤིང་འཛིན་པས་ཤར་ནས་སྦར། །ནད་གདོན་བགེགས་ཚོགས་ཞི་བའི་ལས་མཛོད་ཅིག །ཨོཾ་ཨགྣེ་ཡེ་དེ་བ་ཏ་ཡེ་ཛྭ་ལ་རཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཤར་ནས་མེ་སྦར་བྱ། རྒྱས་པའི་དུས། ཧཱུྃ། རང་ཉིད་ཐུགས་ནས་མེ་ཡི་ལྷ་མོ་ནི། །རྒྱས་པའི་ལས་མཛད་སེར་མོ་མེ་


CMR046_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

དར་སེར། །ཕྱག་གཡོན་ནོར་འབྲུ་རྒྱས་པའི་ཡེ་ཤེས་ཀྱི། །མེ་ཡི་བུད་ཤིང་འཛིན་པས་ལྷོ་ནས་སྦར། །ལོ་ལེགས་འབྲུ་ཚོགས་རྒྱས་པའི་ལས་མཛོད་ཅིག །བྷྲཱུཾ་ཨགྣེ་དེ་ཝི་ཏ་ཡེ་ཛྭ་ལ་རཾ་པུཏྟཾ་ཀུ་རུ་སྭཱ་ཧཱ། ཨོཾ། མ་རིག་དུག་ལྔའི་རྣམ་རྟོག་ལས་བྱུང་བའི། །འཕྲལ་གྱི་རྐྱེན་དང་ཡུན་གྱི་སྒྲིབ་པ་རྣམས། །སྲེག་མཛད་ཡེ་ཤེས་ལྔ་ཡི་མེ་ཆེན་འདིས། །ཕྲིན་ལས་གང་བརྩམས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་མདའ་དར་གཡུགས། མེ་ཐབ་ལ་བསང་ཆུས་བྲན། ཨོཾབཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་སོགས། ཨོཾ་སྭ་བྷ་ཝས་སྦྱངས་ལ། སྟོང་པའི་ངང་ལས་འབྱུང་བློབ་རིམ་བརྩེགས་སྟེང་། །པད་ཟླའི་སྟེང་དུ་བགྲང་ཕྲེང་རཾ་མཚན་པས། །འོད་འཕྲོས་འཕགས་མཆོད་འགྲོ་བའི་སྡིག་སྒྲིབ་དང་། །ལོ་ཏོག་ལ་གནོད་ལོ་ནད་ཐམས་ཅད་བསལ། །ཚུར་འདུས་ཡོངས་གྱུར་མེ་ལྷ་སྐུ་མདོག་དཀར། །གཡས་པས་མེ་ཧོམ་གཡོན་པས་རིལ་བ་འཛིན། །རིན་ཆེན་རྒྱན་སྤྲས་དབུ་ལ་པྲོག་ཞུ་གསོལ། །ཚངས་སྐུད་དོ་ཤལ་ར་སྐྱེས་གདན་ལ་བཞུགས། །གནས་གསུམ་འབྲུ་ལས་འོད་འཕྲོས་ཤར་ལྷོ་ནས། །རང་འདྲའི་མེ་ལྷ་སྤྱན་དྲངས་གཉིས་མེད་གྱུར། །ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །


CMR046_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཚུར་གཤེགས་མེ་ལྷ་དྲང་སྲོང་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་གདན་ལ་གཤེགས་སུ་གསོལ། །ཨག་ཡེ་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཡང་དག་ཉིད་དུ་དད་མོས་ཀྱང་། །འཇིག་རྟེན་སྲིད་ཞུ་ཚུལ་གྱིས་ནི། །ཕྱག་དང་ཞབས་ནི་བསིལ་ནས་ཀྱང་། །འབར་བའི་གདན་ལ་བཞུགས་སུ་གསོལ། །ཨོཾ་ཨགྣེ་ཡེ་ཨཧཱུྃ་པྲ་ཏིཙྪ་ཧོ། ཧཱུྃ། མྱ་ངན་མི་འདའ་ཐུགས་རྗེའི་ངང་། །ཉོན་མོངས་མ་སྤངས་གོས་པ་མེད། །མ་ཆགས་རང་བཞིན་དག་པ་ལ། །པདྨའི་གདན་ལ་བཞུགས་སུ་གསོལ། །པདྨ་ཀ་མ་ལྱཱ་སིཾ། ཧཱུྃ། ཡེ་ཤེས་འོད་ཀྱི་ཉོན་མོངས་བག་ཆགས་བསྲེགས། །ཕྲིན་ལས་བཞི་ཡིས་ལས་རྣམས་མྱུར་དུ་སྒྲུབས། །མེ་ལྷའི་རྒྱལ་པོ་ཤར་ལྷོ་གདོན་གྱི་གཙོ། །ཕྱག་འཚལ་དམ་ཚིག་བཞིན་དུ་ཕྲིན་ལས་མཛོད། །ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ། ས་མ་ཡ་སྟེ། གཙང་སྦྱར་ཁ་དོག་དབྱིབས་ལེགས་ཡིད་འོང་བའི། །ཆུ་དང་ཐང་སྐྱེས་མེ་ཏོག་སྣ་ཚོགས་འདི། །མེ་ལྷའི་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་ལོ་ཏོག་ནད་ཀུན་ཞི་བར་མཛོད། །ཨོཾ་ཨགྣེ་ཡེ་པུལླེ་པྲ་ཏིཙྪ་ཡེ་ལོ་ནད་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ།


CMR046_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ནས་ལོ་ལེགས་འབྲུ་ཚོགས་རྒྱས་པར་མཛོད། །ཨོཾ་ཨགྣེ་ཡེ་ལོ་ལེགས་འབྲུ་ཚོགས་ཐམས་ཅད་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། གཙང་སྦྱར་དྲི་བསུང་ངད་དང་ལྡན་པ་ཡི། །ཙན་དན་ལ་སོགས་དྲི་བཟང་སྤོས་སྤྲིན་འདི། །མེ་ལྷའི་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་ལོ་ཏོག་ནད་ཀུན་ཞི་བར་མཛོད། །ཨོཾ་ཨགྣེ་ཡེ་དྷ་པེ་པྲ་ཏཱིཙྪ་ཡེ་ལོ་ནད་ཐམས་ཅད་ཤཱནྟི་ཀུ་རུ་སྭཱ་ཧཱ། གཙང་སྦྱར་འབྲུ་དང་ཞུན་མར་གཏམ་པ་དང་། །སྣང་སྲིད་གསལ་བའི་སྒྲོན་མེའི་རིགས་གྱུར་རྣམས། །མེ་ལྷའི་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་ལོ་ཏོག་ནད་ཀུན་ཞི་བར་མཛོད། །ཨོཾ་ཨགྣེ་ཡེ་ཨཱ་ལོ་ཀེ་པྲ་ཏིཙྪ་ཡེ་ལོ་ནད་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། གཙང་སྦྱར་ཕྱོགས་ཀུན་དྲི་བཟང་ལྡང་ནུས་པའི། །ག་པུར་གུར་གུམ་ལ་སོགས་དྲི་མཆོག་འདི། །མེ་ལྷའི་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་ལོ་ཏོག་ནད་ཀུན་ཞི་བར་མཛོད། །ཨོཾ་ཨགྣེ་ཡེ་གནྡྷེ་པྲ་ཏིཙྪ་ཡེ་ལོ་ནད་ཐམས་ཅད་ཤཱནཾ་ཀུ་རུ་སྭཱ་ཧཱ། གཙང་སྦྱར་རོ་བཅུད་སྟོང་དང་ལྡན་པ་ཡི། །དཀར་མངར་རྣམ་མང་རོ་བརྒྱའི་ཞལ་ཟས་འདི། །མེ་ལྷའི་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་ལོ་


CMR046_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་ནད་ཀུན་ཞི་བར་མཛོད། །ཨོཾ་ཨགྣེ་ཡེ་ནེ་ཝི་ཏྱ་པྲ་ཏཱིཙྪ་ཡེ་ལོ་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། རྔ་དུང་ཌཱ་རུ་དྲིལ་བུ་པི་ཝང་དང་། །རབ་སྙན་རོལ་མོའི་སྒྲ་སྐད་ཅི་མཆིས་པ། །མེ་ལྷའི་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་ལོ་ཏོག་ནད་ཀུན་ཞི་བར་མཛོད། །ཨོཾ་ཨགྣེ་ཡེ་ཤབྡ་པྲ་ཏཱིཙྪ་ཡེ་ལོ་ནད་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་ནས་བསྲེག་རྫས་འབུལ་བ་ནི། །རྒྱས་བསྡུས་འབྲིང་གསུམ་གང་འདོད་བྱ། །ཧཱུྃ། ཡེ་ཤེས་ཀློང་ཡང་འཁྱིལ་བའི་གཞལ་ཡས་སུ། །དམ་རྫས་བདུད་རྩི་གཙང་མའི་སྦྱིན་སྲེག་འདི། །མེ་ལྷའི་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་ལོ་ཏོག་ནད་ཀུན་ཞི་བར་མཛོད། །ཨོཾ་ཨགྣེ་ཡེ་ཛྭ་ལ་རཾ་ཤཱནཾ་ཀུ་རུ་སྭཱ་ཧཱ། འདོད་གསོལ་བྱ། མང་ཉུང་སྐབས་དང་སྦྱར་ལ་ཡམ་ཤིང་འབུལ། །ཨོཾ་བོ་དྷི་བྷིཀཱ་ཡེ་སྭཱ་ཧཱ། མར་ཁུ་ཞལ་དུ་འབུལ་བར་བསམས་ལ། ཨོཾབྷ་ཝ་ཀ་ཨགྣེ་ཡེ་སྭཱ་ཧཱ། ཏིལ་ཕུལ། ཨོཾ་སརྦ་པ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཟས་མཆོག་འབུལ། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། སོ་བ་ཕུལ་ལ། ཨོཾ་བཛྲ་བི་ཛ་ཡེ་སྭཱ་ཧཱ། འབྲས་ཕུལ་ལ། ཨོཾ་བཛྲ་པུཥྛཡེ་སྭཱ་ཧཱ། ནས་ཕུལ་ལ། ཨོཾ་མ་ཧཱ་བེ་ག་ཡེ་སྭཱ་ཧཱ། གྲོ་ཕུལ་ལ། ཨོཾ་བཛྲ་གྷསྨ་རི་ཡེ་སྭཱ་ཧཱ། སྲན་མ་ཕུལ་


CMR046_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ ཨོཾ་མ་ཧཱ་བཱ་ལ་ཡ་སྭཱ་ཧཱ། དུརྦ་ཕུལ་ལ། ཨོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ། ཀུ་ཤ་ཕུལ་ལ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། དཀར་གསུམ་སྦྱར་བའི་གཏོར་མ་ཕུལ་ལ། རིན་ཆེན་སྣོད་དུ་དཀར་གསུམ་གཏོར་མ་ནི། །ཨོཾ་ཨཱཿཧཱུྃ་གིས་ཟག་མེད་བདུད་རྩིར་གྱུར། །མེ་ལྷའི་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་ལོ་ཏོག་ནད་ཀུན་ཞི་བར་མཛོད། ཨགེ་ཡེ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁཱ་ཧི་ཁཱ་ཧི། བསྟོད་པ་བྱ་བ་ནི། ཧཱུྃ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །རིག་པ་སྒྲུབ་པའི་ཤེས་རབ་འོད། །འཇིག་རྟེན་མེ་ལྷ་ཉིད་ལ་བསྟོད། །མ་འབྱོར་པ་དང་༴ སོགས་ཡིག་བརྒྱ་བརྗོད། དེ་ནས་རྒྱས་པར་ས་སྙིང་མདུན་བསྐྱེད་ནས། །ཕྱག་འཚལ་ཡན་ཆད་གཞུང་ལྟར་བསལ་བ་ལ། །ཚར་གྲངས་བསོག་ན་འབྲིང་པོ་སྤྱན་འདྲེན་ནས། །མགྲོན་ཐབས་ཚུལ་དུ་བསྐྱེད་ཀྱང་འཐུས་པ་ཡིན། །ཧཱུྃ། མེ་ལྷའི་ལྟོ་བར་འོད་ལྔའི་གུར་ཁང་དབུས། །པཾ་ལས་པདྨའི་སྡོང་པོ་ཡལ་ག་དང་། །སོགས་གཞུང་ལྟར་རོ། །དེ་ནས་རྣམ་ལྔ་ཕུལ་ལ། གཙང་སྦྱར་ཁ་དོག་དབྱིབས་ལེགས་ཡིད་འོང་པའི། །ཐང་དང་ཆུ་སྐྱེས་མེ་ཏོག་སྣ་ཚོགས་འདི། །ས་ཡི་སྙིང་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་ལོ་ཏོག་ནད་


CMR046_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཞི་བར་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱི་ཧི་ར་ཙ་བཱ་སུ་དྷ་རི་དེ་ཝི་ཤི་པྲི་ཐི་དེ་ཝི་ས་པཱ་རི་ཝཱ་རུ་པཉྩེ་པྲ་ཏིཙྪ་ཡེ་ལོ་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། རྒྱས་པའི་དུས་སུ། ས་ཡི་སྙིང་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་ལོ་ལེགས་འབྲུ་ཚོགས་རྒྱས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱི་ཧི་ར་ཙ་བཱ་སུ་དྷ་རི་དེ་ཝི་ཤི་པྲི་ཐི་དེ་ཝཱི་ས་པ་རི་ཝཱ་ར་པུཤྲཱི་པྲ་ཏིཙྪ་ཡེ་ལོ་ལེགས་འབྲུ་ཚོགས་ཐམས་ཅད་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། དེ་བཞིན་དུ། གཙང་སྦྲར་དྲི་བསུང་ངད་དང་ལྡན་པ་ཡི། །ཙནྡན་ལ་སོགས་དྲི་བཟང་སྤོས་སྤྲིན་འདི། །ས་ཡི་སྙིང་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་ལོ་ལེགས་འབྲུ་ཚོགས་རྒྱས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱི་ཧི་ར་ཙ་བཱ་སུ་དྷ་རི་དེ་ཝི་ཤི་པྲི་ཐི་དེ་ཝཱི་ས་པ་རི་ཝཱ་ར་དྷ་པེ་པྲ་ཏིཙྪ་ཡེ་ལོ་ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། གཙང་སྦྱར་འབྲུ་དང་ཞུན་མར་གཏམས་པ་དང་། །སྣང་སྲིད་གསལ་བའི་སྒྲོན་མེའི་རིགས་གྱུར་རྣམས། །ས་ཡི་སྙིང་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་ལོ་ལེགས་འབྲུ་ཚོགས་རྒྱས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱི་ཧི་ར་ཙ་བཱ་སུ་དྷ་རི་དེ་ཝི་ཤི་པྲི་ཐི་དེ་ཝི་ས་པ་རི་ཝཱ་ར་ཨཱ་ལོ་ཀེ་པྲ་ཏིཙྪ་ཡེ་ལོ་ནད་


CMR046_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། གཙང་སྦྱར་ཕྱོགས་ཀུན་དྲི་བཟང་ལྡང་ནུས་པའི། །ག་པུར་གུར་གུམ་ལ་སོགས་དྲི་མཆོག་འདི། །ས་ཡི་སྙིང་པོ་འཁོར་དང་བཅས་ལ་འབུལ། བཞེས་ནས་ལོ་ལེགས་འབྲུ་ཚོགས་རྒྱས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱི་ཧི་ར་ཙ་བཱ་སུ་དྷ་རི་དེ་ཝི་ཤི་པྲི་ཐི་དེ་ཝཱི་ས་པ་རི་ཝཱ་ར་གྷནྡྷེ་པྲ་ཏིཙྪཡེ་ལོ་ནད་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། གཙང་སྦྱར་རོ་བཅུད་སྟོང་དང་ལྡན་པ་ཡི། །དཀར་མངར་རྣམས་མང་བཟའ་བཅའི་ཞལ་ཟས་འདི། །ས་ཡི་སྙིང་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་ལོ་ལེགས་འབྲུ་ཚོགས་རྒྱས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱི་ཧི་ར་ཙ་བཱ་སུ་དྷ་རི་དེ་ཝི་ཤི་པྲི་ཐི་དེ་ཝཱི་ས་པ་རི་ཝཱ་ར་ནེ་ཝི་ཏྱ་པྲ་ཏཱིཙྪ་ཡེ་ལོ་ནད་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། རྔ་གླིང་ཌཱ་རུ་དྲིལ་བུ་པི་ཝཾ་དང་། །རབ་སྙན་རོལ་མོའི་སྒྲ་སྐད་ཅི་མཆིས་པ། །ས་ཡི་སྙིང་པོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་ལོ་ལེགས་འབྲུ་ཚོགས་རྒྱས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱི་ཧི་ར་ཙ་བཱ་སུ་དྷ་རི་དེ་ཝི་ཤི་པྲི་ཐི་དེ་ཝཱི་ས་པ་རི་ཝཱ་ར་ཤབྡ་པྲ་ཏིཙྪ་ཡེ་ལོ་ནད་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་ནས་བསྲེག་རྫས་འབུལ་བ་ནི། རྒྱས་འབྲིང་བསྡུས་སོགས་གང་འདོད་སྦྱར།


CMR046_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཡེ་ཤེས་ཀློང་ཡང་འཁྱིལ་བའི་གཞལ་ཡས་དབུས། །དམ་ཚིག་བདུད་རྩི་གཙང་མའི་སྦྱིན་སྲེག་འདི། །ས་ཡི་སྙིང་པོ་འཁོར་དང་བཅས་ལ་འབུལ། །རྒྱས་པ་ལ། །བཞེས་ནས་ལོ་ལེགས་འབྲུ་ཚོགས་རྒྱས་པར་མཛོད། །ཨོཾ་བྷོ་དྷི་བྷིཀྵ་ཡ་ཡམ་ཤིང་། མར་ཁུ་ཞལ་དུ་འབུལ་བར་བསམ་ལ། ཨོཾ་བྷ་ཝ་ཀ་ཨགྣེ་ཡེ་སྭཱ་ཧཱ། ཏིལ་ཕུལ། ཨོཾ་སརྦ་པ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཟས་མཆོག་ཕུལ། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། སོ་བ་ཕུལ། ཨོཾ་བཛྲ་བི་ཛ་ཡེ་སྭཱ་ཧཱ། འབྲས་ཕུལ། ཨོཾ་བཛྲ་པུཥྛ་ཡ་སྭཱ་ཧཱ། ནས་ཕུལ། ༀ་མ་ཧཱ་བེ་ག་ཡེ་སྭཱ་ཧཱ། གྲོ་ཕུལ། ཨོཾབཛྲ་གྷསྨ་རི་སྭཱ་ཧཱ། སྲན་མ་ཕུལ། ༀ་མ་ཧཱ་བྷ་ལ་ཡ་སྭཱ་ཧཱ། དུརྦ་ཕུལ། ཨོཾབཛྲ་ཨ་ཡུ་ཥེ་སྭཱ་ཧཱ། ཀུ་ཤ་ཕུལ། ཨོཾ་ཨ་པྲ་ཏི་ཧ་ཏ་སྭཱ་ཧཱ། ཅེས་བསྲེག་རྫ་ས་རྣམས་ཞི་རྒྱས། གང་རུང་གི་ལྷ་སྔགས་ལས་སྔགས་སོ་སོར་སྦྱར་ལ་རྒྱས་འབྲིང་བསྡུས་སོགས་གང་སྐབས་བྱ། འདི་ནས་གཞུང་གི་མཆོད་པ་ཕུལ་གསུངས་སོ། །དཀར་གསུམ་སྦྱར་བའི་རིལ་བུ་འོ་ཆབ་སྦྱར་ལ་འདི་སྐད་དོ། །རིན་ཆེན་སྣོད་དུ་དཀར་གསུམ་གཏོར་མ་ནི། །ཁ་དོག་དྲི་རོ་ནུས་པ་ཕུན་ཚོགས་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ལན་གསུམ། །ཟག་མེད་བདེ་སྐྱིད་བདུད་རྩིའི་གཏོར་མ་ནི། །བྱང་ཆུབ་སེམས་དཔའ་ས་ཡི་


CMR046_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་དང་། །བཅོམ་ལྡན་འདས་དང་ལྷ་མོ་ནོར་རྒྱུན་མ། །ལྷ་མོ་དཔལ་དང་ས་ལྷ་བརྟན་མ་དང་། །དཔལ་གྱི་ལྷ་མོ་གྲོགས་མོ་བརྒྱད་ལ་སོགས། །འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་འབུལ། །བཞེས་ནས་བདག་དང་བདག་གི་བསྲུང་བྱ་ཡི། །རི་ཞིང་ཐང་ཞིང་ལོ་ཏོག་ཐམས་ཅད་ལ། །གནོད་པའི་ལོ་ནད་གདུག་པ་མཐའ་དག་དང་། །བཙའ་རིགས་བཞི་དང་གྲྭ་སྐྱ་འབུ་སྲིན་དང་། །སད་སེར་ཐན་པ་ལ་སོགས་མི་མཐུན་ཕྱོགས། །ཐམས་ཅད་མྱུར་དུ་ཞི་བའི་ཕྲིན་ལས་མཛོད། །གྲོ་ནས་བྲ་སྲན་ཡུངས་སོགས་ལོ་ཏོག་རྣམས། །ཤིན་ཏུ་ལེགས་ཤིང་ཕུན་སུམ་ཚོགས་ནས་ཀྱང་། །འབྲུ་ཡི་ཕུང་པོ་འཕེལ་ཞིང་རྒྱས་པ་དང་། །ས་བཅུད་ཡོན་ཏན་ལྡན་པའི་ཕྲིན་ལས་མཛོད། །རྒྱས་པར་གཞུང་གི་གཏོར་སྔགས་བདུན་ནམ་གསུམ། །གོང་ལྟར་ལས་སྔགས་སོ་སོར་ཁ་བསྒྱུར་ཕུལ། །བསྡུ་ན་རྣམ་ལྔའི་སྔགས་མཐར་བ་ལིང་བཏགས། །རིལ་བུ་ལྔ་བདུན་གང་རུང་ལྷན་ཅིག་ཕུལ། །དེ་ནི་མང་ཉུང་སྐབས་དང་སྦྱར་བར་བྱ། །ལྔ་ཚོམ་གཏོར་མ་བྲན་ལ་བསྟོད་པ་ནས། །རྗེས་ཆོག་རྣམས་ནི་ཆོ་ག་གཞུང་བཞིན་བྱ། །རྒྱས་པར་གྲུབ་ན་མེ་ལྷ་གོང་ལྟར་མཆོད། །བསྡུ་ན་སྔགས་མཆོད་གཏོར་མ་ཕུལ་བ་དང་། །བསྟོད་པ་བཟོད་གསོལ་ཡེ་ཤེས་མེ་ལྷ་ནི། །རང་གནས་ཤར་ལྷོ་མཚམས་


CMR046_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཤེགས་པར་དམིགས། །ཨགྣེ་ཡེ་ས་པཱ་རི་ཝཱ་ར་གཙྪ༔ དམ་ཚིག་པ་རྣམས་རང་གི་སྙིང་ཁར་བསྡུ། །ཤིས་བརྗོད་བསྔོ་བ་སྨོན་ལམ་རྒྱས་གདབ་བྱ། །དེ་ལྟར་ས་སྙིང་གཙོ་འཁོར་ལྔ་པོ་ཡི། །ཞི་རྒྱས་གཉིས་ཀྱི་མེ་མཆོད་འདོན་ཆ་འདི། །འཆམ་གཤིས་འཚོ་མཛད་དེ་ཡིས་བསྐུལ་བའི་ངོར། །ཨོ་རྒྱན་ཆེན་པོའི་ལུང་བསྟན་མཐའ་དག་དང་། །བཀའ་ཐང་རྣམས་ནས་སྙིགས་མའི་དུས་འདི་ལ། །མི་རྣམས་དུག་གསུམ་ཆེ་རགས་རྣམ་སྨིན་གྱི། །ནད་མུག་མཚོན་གྱི་བསྐལ་པ་འབྱུང་ཚུལ་ལ། །དཔྱད་ན་རང་གིས་ཇི་ལྟར་ཕན་སྙམ་པའི། །སྙིང་རྗེའི་དབང་གིས་ཀུན་ནས་བསླང་བ་ཡིན། །མདོ་རྒྱུད་རྣམས་ལ་དཔང་པོ་བཞག་ནས་ཀྱང་། །རྣམ་སྨིན་མཐོང་ཐོས་མྱོང་གྱུར་མ་་གཏོགས་པར། །སྐབས་སུ་ཕན་ཐོགས་ཨེ་འོང་རེ་ལྟོས་ཀྱིས། །འགྲོ་རྣམས་བཀྲེས་སྐོམ་སྡུག་བསྔལ་ཞི་བ་དང་། །ལོ་ལེགས་འབྲུ་འཕེལ་ཆོ་ག་ལས་ཚོགས་རིགས། །རང་བཟོ་མིན་པའི་བསྒྲིགས་ཆོག་མང་དུ་འབད། །དགེ་བས་འགྲོ་ཀུན་བདེ་སྐྱིད་ཕུན་ཚོགས་ཤོག །ཆོས་དང་མཐུན་པའི་དཔལ་ལ་སྤྱོད་གྱུར་ཅིག །འབྲི་བྲིས་འགལ་འཁྲུལ་ཉེས་པ་ཅི་མཆིས་པ། །སངས་རྒྱས་བྱང་སེམས་རྣམས་ཀྱི་དྲུང་དུ་བཤགས། །དེ་སྐད་སྨྲས་པ་རཱ་ག་ཨ་མྱས་སོ།། །།


CMR046_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ལོ་རིམ་རྒྱུན་བསང་བསྡུས་པ་ལོ་དགྲ་ཚར་གཅོད།


CMR046_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་རིམ་རྒྱུན་བསང་བསྡུས་པ་ལོ་དགྲ་ཚར་གཅོད་ཅེས་བྱ་བ་བཞུགས་སོ། །


CMR046_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་གྲོ་ལོད་ཡེ། ལོ་རིམ་རྒྱུན་བསང་བྱ་བ་ནི། །ཁང་པའི་སྟེང་ངམ་གཙང་ས་རུ། །བསང་ར་རྫ་མའི་ཐོག་བརྩེགས་ལ། །འཇིམ་བརྩེགས་ཞལ་བ་ལེགས་པར་བྱ། །འབྲུ་སྣ་ཟས་ཕུད་ཕྱེ་མར་རྣམས། །གཙང་ཕྱེ་བསྲེས་ལ་ཁུག་ནང་ཚག །ཤུག་ཕྱེ་མཁན་དཀར་སུར་དཀར་རྣམས། །གཙང་སར་ཕྱེ་མ་མང་དུ་བསགས། །ནངས་སྔ་བསང་རར་མེ་བླུགས་ལ། །ཤུག་ཕྱེ་སྤར་གང་བསང་རྫས་བཏབ། །ཇ་ཆང་ཕུད་དམ་འོ་ཕུད་བྲན། །འདི་ལྟར་ཚར་གཅིག་གྱེར་སྒོམ་སྦྲགས། ཧྲཱི༔ སྐྱབས་གནས་ཀུན་འདུས་པད་མ་འབྱུང་གནས་ལ། །བདག་དང་ལོ་ཐོག་འབུ་སྲིན་སྐྱབས་སུ་མཆི། །འགྲོ་ཀུན་མུ་གེའི་འཇིགས་པ་བསལ་བའི་ཕྱིར། །བདག་གིས་ལོ་ཐོག་


CMR046_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བ་བསྒྲུབ་པར་བྱ། །སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །རང་ཉིད་རྡོ་རྗེ་གྲོ་ལོད་སྐུ་མདོག་སྨུག །ཞལ་གཅིག་སྤྱན་གསུམ་མཆེ་བས་མ་མཆུ་མནན། །རྡོ་རྗེ་ཕྱར་ཞིང་ཕུར་བུ་བགེགས་ལ་གཟིར། །དབུ་སྐྲ་ཐོར་ཚུགས་ཟབ་བེར་ཆོས་གོས་གསོལ། །རྒྱ་སྟག་གྲུས་མའི་སྟེང་ན་འདོར་ཐབས་བསྒྲད། །ཡེ་ནས་དམ་ཡེ་དབྱེར་མེད་ངོ་བོར་གསལ། །ཐུགས་སྲོག་ཧཱུྃ་མཐིང་ཞལ་ནས་ཧཱུྃ་སྒྲ་སྒྲོག །ཧཱུྃ་ལས་རཾ་ཡཾ་ཁཾ་གསུམ་འཕྲོས་པ་ཡིས། །བསང་རྫས་མ་དག་དངོས་འཛིན་དྲི་མ་སྦྱངས། །སླར་ཡང་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས། །བསང་


CMR046_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

མགྲོན་ཐམས་ཅད་སྐད་ཅིག་སྤྱན་དྲངས་གྱུར། ཧྲཱི༔ གདོད་ནས་རྣམ་དག་སྐུ་གསུམ་ཞིང་ཁམས་ནས། །འཇིག་རྟེན་འདས་དང་མ་འདས་སྲུང་མའི་ཚོགས། །ཡུལ་ལྷ་གཞི་བདག་གཉེན་པོའི་ཚོགས་དང་བཅས། །གློག་ལྟར་མྱུར་བའི་ཤུགས་ཀྱིས་གཤེགས་སུ་གསོལ། །ནམ་མཁའ་བར་སྣང་ས་གཞི་སོ་སོ་ལ། །ཡིད་སྤྲུལ་འོས་ཤིང་འཚམས་པའི་གདན་ལ་བཞུགས། །ཐུགས་བསྐྱེད་ཐུགས་དམ་དམ་ཚིག་རྗེས་དགོངས་ལ། །བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྒྱ་མཚོའི་མཆོད། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལ། །བདག་ཅག་རབ་ཏུ་གུས་པས་ཕྱག་འཚལ་བསྟོད། །ཀྱཻ། བསང་གི་རྒྱུད་བྱུང་གང་ནས་བྱུང་། །ཀུན་ཏུ་བཟང་མོའི་མཁའ་ཀློང་ནས། །ཡུམ་ཆེན་ལྔ་ཡི་སྤྲུལ་པ་ལས། །དབང་ཆེན་འབྱུང་བ་རིམ་ལྔ་ཆགས། །འབྱུང་བའི་དྭངས་མ་ཤིང་དུ་སྲིད། །བལ་བུ་དཀར་པོ་ཞི་བའི་ཤིང་། །གསེར་སྟག་སེར་པོ་རྒྱས་པའི་ཤིང་། །ཙན་དན་དམར་པོ་དབང་གི་ཤིང་། །ཐང་ལོ་ཀླུ་གཉན་དགའ་བའི་ཤིང་། །བཟང་ཤིང་རྣམ་པ་སྣ་ཚོགས་དང་། །ཕྱེ་མར་འབྲུ་སྨན་ཟས་ཀྱི་


CMR046_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཕུད། །ཇ་ཆང་འོ་ཞོའི་ཕུད་རྣམས་བསྲེགས། །དྷིལས་དུད་པའི་ལྷ་མོ་སྔོ། །ཕྱག་གཡས་བུམ་པས་ཉམས་སྒྲིབ་བཀྲུས། །ཕྱག་གཡོན་སྨན་གྱི་གཞོང་པ་ནས། །སྨན་གྱི་དུད་སྤྲིན་ཁམས་གསུམ་ཁྱབ། །དུ་བ་སྤོས་ཀྱི་ཁྲི་ཤིང་གིས། །སངས་རྒྱས་ཞིང་ཁམས་ཐམས་ཅད་ཁྱབ། །དུད་པའི་ཟེར་མ་རེ་རེ་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །འདོད་ཡོན་རྣམ་ལྔ་ཆར་དུ་འབེབས། །དུ་བ་ཤངས་ལ་བྲོ་ཙམ་གྱིས། །ལྷ་དང་སྲུང་མ་ཐམས་ཅད་ཀུན། །ཉམས་པ་སོས་ཤིང་སྨུག་པ་སངས། །ཟས་འདོད་ཟས་ལ་སྐོམ་འདོད་སྐོམ། །ནོར་འདོད་ནོར་གྱི་ཚིམས་པར་གྱིས། །དེ་འདྲའི་ཡ་མཚན་བསང་མཆོད་འདིས། །སྣང་སྲིད་ལྷ་འདྲེ་འདུལ་མཛད་པ། །ཨོ་རྒྱན་པདྨ་འབྱུང་གནས་བསང་། །སྐུ་གསུམ་སྐུ་ལྔ་མཚན་བརྒྱད་བསང་། །གུ་རུ་དྲག་པོ་ཐོད་ཕྲེང་བསང་། །དྲག་པོ་རིགས་བཞི་ཡབ་ཡུམ་བསང་། །ཁྱུང་དང་གོ་ཆ་ལྷ་ལྔ་བསང་། །བདུད་འདུལ་ཁྲོ་བཅུའི་ལྷ་ཚོགས་བསང་། །གུ་རུ་ཞི་ཁྲོའི་ལྷ་ཚོགས་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ནག་ཕྱོགས་ལྷ་འདྲེ་ཟིལ་གྱིས་གནོན། །བཙའ་སད་སེར་བ་


CMR046_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་པ་དང་། །ལོ་ཐོག་སྲུང་བའི་ཕྲིན་ལས་མཛོད། །འབྲུ་བཅུད་ལོ་ཐོག་འཕེལ་མཛད་པ། །ས་བཅུ་ལ་གནས་སེམས་དཔའ་ཆེ། །ཉེ་སྲས་ས་ཡི་སྙིང་པོ་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ལོ་ཆུ་ལེགས་པར་བྱིན་གྱིས་རློབས། །སྟོང་གསུམ་འཇིག་རྟེན་སྐྱོང་བའི་ལྷ། །གཙང་རིས་དཔལ་མགོན་བདུན་ཅུ་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ལོ་ལེགས་འབྲུ་རྣམས་འཕེལ་བ་དང་། །འཇིག་རྟེན་བདེ་ཞིང་སྐྱིད་པར་མཛོད། །འཇིག་རྟེན་ཁམས་ན་དབང་ཆེ་བ། །དྲེགས་པའི་སྡེ་དཔོན་སུམ་ཅུ་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །བཙའ་སད་སེར་བ་བཟློག་པར་མཛོད། །དྲེགས་པའི་སེར་བ་མ་གཏོང་ཞིག །འཇིག་རྟེན་ཁམས་ན་དྲག་རྩལ་ཅན། །སྔགས་བདག་དྲེགས་ཆེན་བཅོ་བརྒྱད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །བཙའ་སད་སེར་བ་མ་གཏོང་ཞིག །ལྷ་ཆེན་ཨིནྡས་གཙོར་བྱས་པའི། །ཤར་ཕྱོགས་གནས་པ་ཐམས་ཅད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །དྲི་ཟའི་སེར་བ་མ་གཏོང་ཞིག །ཡ་མ་ཡེ་ཡི་གཙོར་བྱས་པའི། །ལྷོ་ཕྱོགས་གནས་པ་ཐམས་ཅད་བསང་། །


CMR046_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །གཤིན་རྗེའི་སེར་བ་མ་གཏོང་ཞིག །ཝ་རུ་ཎ་ཡི་གཙོར་བྱས་པའི། །ནུབ་ཕྱོགས་གནས་པ་ཐམས་ཅད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཀླུ་ཡི་སེར་བ་མ་གཏོང་ཞིག །ཀུ་བེ་ར་ཡི་གཙོར་བྱས་པའི། བྱང་ཕྱོགས་གནས་པ་ཐམས་ཅད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །གནོད་སྦྱིན་སེར་བ་མ་གཏོང་ཞིག །ཨག་ནེ་ར་ཙ་གཙོར་བྱས་པའི། །ཤར་ལྷོར་གནས་པ་ཐམས་ཅད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །དྲང་སྲོང་སེར་བ་མ་གཏོང་ཞིག །ནི་རི་ཏི་ཡི་གཙོར་བྱས་པའི། །ལྷོ་ནུབ་གནས་པ་ཐམས་ཅད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །སྲིན་པོའི་སེར་བ་མ་གཏོང་ཞིག །ཝ་ཡ་ཝེ་ཡི་གེ གཙོར་བྱས་པའི། །ནུབ་བྱང་གནས་པ་ཐམས་ཅད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །རླུང་ལྷའི་སེར་བ་མ་གཏོང་ཞིག །ཨི་ཤྭ་ན་ཡི་གཙོར་བྱས་པའི། །བྱང་ཤར་གནས་པ་ཐམས་ཅད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །འབྱུང་པོའི་སེར་བ་མ་བཏང་ཞིག །པྲ་ཧ་མ་ཎའི་གཙོར་བྱས་པའི། །སྟེང་ཕྱོགས་གནས་པ་ཐམས་


CMR046_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བསང་། །།གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ལྷ་བདུད་སེར་བ་མ་གཏོང་ཞིག །པྲི་ཐི་དེ་ཝའི་གཙོར་བྱས་པའི། །འོག་ཕྱོགས་གནས་པ་ཐམས་ཅད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །བཙའ་སད་སེར་གསུམ་སྣ་མ་འདྲེན། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཀྱཻ། འཇིག་རྟེན་ཕུང་བྱེད་ར་ཧཱ་ལ། ཐོག་སེར་བདག་པོ་ཆེན་པོ་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཐོག་དང་སེར་བའི་སྣ་མ་འདྲེན། །ཡབ་གཅིག་ཡཀཱ་ཛཱ་ལ་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །གཟའ་སྲིན་སེར་བ་མ་བཏང་ཞིག་།ཡུམ་གཅིག་སྦལ་མགོ་ཁྲག་མིག་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཀླུ་སྲིན་སེར་བ་མ་བཏང་ཞིག །སྲིན་མོ་གདོང་མོ་མཆེད་བཞི་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །སེར་བ་དཀར་པོའི་གདོང་མ་སྟོན། །སྤྲུལ་པའི་གཟའ་ཆེན་བརྒྱད་པོ་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །གཟའ་ཡི་སེར་བ་མ་བཏང་ཞིག །ནུབ་ཕྱོགས་ལྗང་སྔོན་ཆེན་པོ་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །མ་མོའི་སེར་བ་མ་བཏང་ཞིག །ཤར་ལྷོར་དྲང་སྲོང་ར་ཧུ་ལ། །


CMR046_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །གཟའ་ཡི་སེར་བ་མ་བཏང་ཞིག །བྱང་ཤར་བི་ན་ཡ་ཀ་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །བགེགས་ཀྱི་སེར་བའི་གདོང་མ་སྟོན། །བྱང་གི་རོ་ཏི་ནག་པོ་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །བདུད་ཀྱི་སེར་བ་མ་བཏང་ཞིག །ལྷོ་ནུབ་བྷོ་དྷི་ཏྲ་ཧ་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །སྲིན་པོ་སེར་བ་མ་བཏང་ཞིག །ཤར་གྱི་བྷི་ནུ་ར་ཙ་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །རླུ་བདུད་སེར་བ་མ་བཏང་ཞིག །ནུབ་བྱང་དུ་བ་མཇུག་རིང་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །གཤིན་རྗེའི་སེར་བ་མ་བཏང་ཞིག །ལྷོ་ཡི་ཁྱབ་འཇུག་ཆེན་པོ་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཀླུ་ཡི་སེར་བ་མ་བཏང་ཞིག །ཤོར་གྱི་སྟག་སྲིན་ཟོར་གདོང་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཤར་ནས་སེར་བའི་གདོང་མ་སྟོན། །ལྷོ་ཡི་རྐང་སྲིན་གླང་གདོང་བསང་། །གཡུ་ཤུག་ཕྱེ་མར་གྱི་མཆོད། །ལྷོ་ནས་བའི་གདོང་མ་སྟོན། །ནུབ་ཀྱི་བམ་སྲིན་དྲེད་གདོང་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ནུབ་ནས་སེར་བའི་


CMR046_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་མ་སྟོན། །བྱང་གི་འབྲོག་སྲིན་ཆུ་སྲིན་གདོང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །བྱང་ནས་སེར་བའི་གདོང་མ་སྟོན། །གཟའ་བདུན་རྒྱུ་སྐར་ཉེར་བརྒྱད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །སོ་སོར་དབང་བའི་ཚེས་གྲངས་ལ། །བདག་གི་བསྲུང་བའི་ཡུལ་ཁམས་འདིར། །སད་དང་སེར་བ་མ་བཏང་ཞིག །ཀྱཻ། འཛམ་གླིང་བོད་ཁམས་སྐྱོང་མཛད་པའི། །བརྟན་མ་བཅུ་གཉིས་དཔོན་དང་གཡོག །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །སད་དང་སེར་བའི་ཁ་ཁོག་ལ། །བོད་ཁམས་བཀྲ་ཤིས་བདེ་ལེགས་མཛོད། །རྗེ་ཡི་མགུར་ལྷ་བཅུ་གསུམ་དང་། །དགེ་བསྙེན་ཉི་ཤུ་རྩ་གཅིག་དང་། །ཕྱོགས་བཞིའི་གཉན་ཆེན་སྡེ་བཞི་དང་། །གཉན་ཕྲན་བཞི་བཅུ་རྩ་གཉིས་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །བདག་གི་བསྲུང་བའི་ཡུལ་ཁམས་འདིར། །བཙའ་སད་སེར་གསུམ་མ་བཏང་ཞིག །ལོ་ཉེས་འཁྲུག་རྩོད་ཞི་བར་མཛོད། །ཀྱཻ། །ཤར་ཕྱོགས་གངས་རི་རྩེ་རྒྱལ་ནས། །ཁམས་ཕྱོགས་ཀུན་ལ་དབང་མཛད་


CMR046_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །གཉན་རྗེ་རྨ་གཉན་སྤོམ་ར་ནི། །ཡ་མཚན་དུང་མི་དཀར་པོ་ལ། །མདོག་དཀར་དངུལ་གྱི་དབུ་ཞྭ་གསོལ། །སྟག་ཤམ་བེར་དཀར་གསེར་ཁྲབ་ཅན། །ཕྱག་མཚན་སྦ་ལྕག་ནོར་བུ་བསྣམས། །སྟག་རལ་གཟིག་ཤུབས་འཁོར་གསུམ་བསྐོར། །སྟག་འཕྲུ་ཁྱུང་དང་ཉི་ཟླས་བརྒྱན། །ཐུགས་ཀར་ཡིད་བཞིན་ནོར་བུ་ལ། །རྨ་གཡང་དངོས་གྲུབ་ཆར་ལྟར་འབེབས། །དུང་རྟ་ངང་ཞུར་རི་ཙམ་ཆིབས། །སྔོན་ན་ཁྱུང་དང་བྱ་རྒོད་ལྡིང་། །རྒྱབ་ནས་སྟག་གཡག་སེང་གེ་ཁྲིད། །རྨ་སྲས་དགུ་དང་རྨ་སྨན་དགུ་། །རྨ་རིགས་སུམ་བརྒྱ་དྲུག་ཅུ་དང་། །ལྷ་འཁོར་སྟོང་དང་རྨ་སྨན་འབུམ། །སྒང་དྲུག་བདག་པོ་འཁོར་བཅས་ལ། །བསང་དང་ཞི་བའི་མཆོད་པ་འབུལ། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །བདག་གི་བསྲུང་བའི་ཡུལ་ཁམས་འདིར། །བཙའ་སད་སེར་གསུམ་མ་བཏང་ཞིག །ཀྱཻ། ཟངས་རི་འབར་བ་རྩེ་དགུ་ནས། །ཟལ་མོ་སྒང་ལ་མངའ་མཛད་པའི། །གིང་ཆེན་བཙན་གྱི་རྒྱལ་པོ་སྟེ། །བཙན་གྱི་མགོན་པོ་བེག་རྩེ་ཅན། །སྐུ་རྒྱལ་ཤེ་ནེ་ཞེས་སུ་གྲགས། །ཟངས་རྨོག་ཟངས་ཁྲབ་འཁོར་གསུམ་ཅན། །བཙན་རྟ་


CMR046_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

མཚར་བུ་ཏིང་དཀར་ཆིབས། །ཕྱག་ན་ཟངས་ཀྱི་མདུང་དར་ཕྱར། །ནང་བློན་ཞང་བཙུན་རྡོ་རྗེ་འབར། །ཕྱི་བློན་བཙན་ཆེན་དམར་པོ་དང་། །བར་བློན་བཙན་ཤྭ་ངར་བ་སོགས། །བཙན་འཁོར་སུམ་བརྒྱ་དྲུག་ཅུའི་བསྐོར། །ཡང་འཁོར་བཙན་དམག་སྟོང་བཅས་ལ། །བསང་དང་ཞི་བའི་མཆོད་པ་འབུལ། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །བཙའ་སད་སེར་གསུམ་མ་བཏང་ཞིག །སྐྱེས་བུ་ཟླ་རྒྱལ་ཤེ་ནེ་དང་། །སྦ་རི་སྨྱུག་རི་སྤོ་རྒྱལ་སོགས། །ཡུལ་ཕྱོགས་འདིར་གནས་གཞི་བདག་ལ། །བསང་དང་ཞི་བའི་མཆོད་པ་འབུལ། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཡུལ་འདིར་སེར་བ་མ་བཏང་ཞིག །ཀྱཻ། སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་ནི། །དུང་རྨོག་བེར་དཀར་ཤེལ་ཁྲབ་ཅན། །མདུང་དར་ཕྱར་ཞིང་འཁོར་གསུམ་བསྐོར། །དུང་རྟ་རླུང་གི་ཤུགས་ཅན་ཆིབས། །བཙུན་མོ་གཉིས་དང་བློན་པོ་གཉིས། །བླ་མཆོད་གཉིས་དང་རུ་འདྲེན་གཉིས། །མཛོད་འཛིན་སྒོ་སྲུང་ལས་མཁན་བཅས། །འཁོར་དང་ཡང་འཁོར་བཅས་པ་ལ། །བསང་དང་ཞི་བའི་མཆོད་པ་འབུལ། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །བཙའ་སད་སེར་


CMR046_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མ་བཏང་ཞིག །གཏམ་རྒྱལ་མདོ་ཟོར་ལ་སོགས་པའི། །ངོམ་གྱི་རྒྱལ་ཆེན་བཅོ་བརྒྱད་ལ། །བསང་དང་ཞི་བའི་མཆོད་པ་འབུལ། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །བཙའ་སད་སེར་གསུམ་མ་བཏང་ཞིག །རྒྱལ་མོ་བུ་སྤངས་ལ་སོགས་པའི། །ངོམ་གྱི་རྒྱལ་མོ་མཆེད་ལྔ་ལ། །བསང་དང་ཞི་བའི་མཆོད་པ་འབུལ། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །བཙའ་སད་སེར་གསུམ་མ་བཏང་ཞིག །སྤྱི་འབྱམས་དུང་བིལ་གཟེ་འདྲེ་ལ། །བསང་དང་ཞི་བའི་མཆོད་པ་འབུལ། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །བཙའ་སད་སེར་གསུམ་མ་བཏང་ཞིག །གུར་རྣ་དཔལ་རི་དཔའ་རྒོད་ལ། །བསང་དང་ཞི་བའི་མཆོད་པ་འབུལ། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །གཉན་གྱི་སེར་བ་མ་བཏང་ཞིག །གདོབ་ཟེ་དབྱི་དོ་གཡོ་རྫོངས་ལ། །བསང་དང་ཞི་བའི་མཆོད་པ་འབུལ། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །ཀླུ་ཡི་སེར་བ་མ་བཏང་ཞིག །ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་ལ། །བསང་དང་ཞི་བའི་མཆོད་པ་འབུལ། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད། །བཙའ་སད་


CMR046_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

སེར་གསུམ་མ་བཏང་ཞིག །ཁྱེད་རྣམས་བསང་མཆོད་འདི་བཞེས་ལ། །སྔོན་ཚེ་སློབ་དཔོན་པདྨ་ཡིས། །བཀའ་དང་དམ་ལ་མ་འདའ་བར། །བདག་གི་བསྲུང་བའི་ཡུལ་ཁམས་འདིར། །སེར་བའི་གནོད་པ་མ་བཏང་ཞིག །ལོ་ཐོག་ཐམས་ཅད་ཁྱོད་ལ་བཅོལ། །སེར་བ་མ་བཏང་ཐུབ་པར་སྲུངས། །མཐུ་དང་ནུས་པ་ཅི་འདུག་བལྟ། །གལ་ཏེ་བཀའ་ལས་འདས་གྱུར་ན། །སྔོན་ཚེའི་དམ་ཚིག་གཉེན་དང་འགལ། །དེ་བས་དམ་ལ་མ་འདའ་ཞིག །ཁྱད་པར་རྣལ་འབྱོར་བདག་ཅག་ལ། །ཁ་འཛིན་སྡོང་གྲོགས་མེལ་ཚེ་མཛོད། །དངོས་གྲུབ་ཁུ་ཡེ་གཡང་དུ་ལེན། །མཆོད་པའི་འབག་བཙོག་ཕུད་ཉམས་སོགས། །ཉེས་པ་གང་མཆིས་ཐམས་ཅད་བཤགས། །བསང་མགྲོན་རང་རང་གནས་སུ་གཤེགས། །ལོ་ལེགས་འབྲུ་འཕེལ་དམ་ཆོས་དར། །བཀྲ་ཤིས་བདེ་ལེགས་ཀུན་འབྱུང་ཞིང་། །ཚེ་རིང་ནད་མེད་ཉམས་རྟོགས་འཕེལ། །སྒྲུབ་པ་མཐའ་རུ་ཕྱིན་གྱུར་ནས།། ཕྱི་མ་བདེ་ཆེན་ཞིང་ཁམས་སུ། །འོད་དཔག་མེད་དང་མཇལ་བར་ཤོག །ཅེས་བརྗོད་བྱམས་པ་སྐྱབས་ཀྱི་དོན་དུ། ཨ་རཱ་གས་བྲིས་པ་མངྒ་ལཾ།།

ཞིང་ལྷ་བསྟོད་པའི་མཆོད་གསོལ་འདོད་དགུའི་སྤྲིན་ཕུང་ལོ་ཏོག་འཕེལ་བྱེད།


CMR046_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ལྷ་བསྟོད་པའི་མཆོད་གསོལ་འདོད་དགུའི་སྤྲིན་ཕུང་ལོ་ཏོག་འཕེལ་བྱེད་ཅེས་བྱ་བ་བཞུགས་སོ།


CMR046_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བསང་འདི་ཡི་བཅའ་ཐབས་ལ། དང་པོ་དཀྱིལ་འཁོར་བྲི་བར་བྱ། དབུས་སུ་པདྨའི་ལྟེ་བ་དཀར་པོ་བྱས་ལ་རི་རབ་བང་རིམ་གསུམ་པའི་སྟེང་དུ་བུམ་པ་གཅིག །དེའི་སྟེང་དཀར་གཏོར་གཅིག་བཞག །ཕྱི་རིམ་སྣ་ཚོགས་པདྨ་འདབ་བཞི་ལ་དཀར་གཏོར་བཞི་བཞག །དེའི་ཕྱིར་རིམ་པད་འདབ་དཀར་པོ་བརྒྱད་བྱ་སྟེ་སྡེ་བརྒྱད་བཤོས་བུ། དེའི་ཕྱི་རིམ་པད་འདབ་བཅུ་གཉིས་བྱ། ལོ་སྐོར་བཅུ་གཉིས་བཞག །མཆོད་པ་རྣམ་ལྔ་བཤམས། གཏོར་མ་བརྒྱ་རྩ་བཏང་། མཆུ་སྡེ་ལྔ་དང་། འབྲུ་སྤེལ་སྣང་བརྒྱད། དེ་རྣམས་འདོན། ཤིང་རྩི་སྣ་ཚོགས་བརྒྱན་ཅིང་འདི་སྐད་དོ།།་ཀྱེ། སྔོན་གྱི་བསྐལ་པ་དང་པོ་ལ། །དུས་གསུམ་སངས་རྒྱས་མཆོད་པ་དང་། །ཁམས་གསུམ་སེམས་ཅན་གསོ་བ་


CMR046_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དྲེགས་པ་ཅན་རྣམས་སྐེམས་པ་དང་། །བུ་ལོན་ལན་ཆགས་སྐོང་བ་དང་། །བཙན་གྱི་ཡུལ་ནས་ལེན་པ་དང་། །མཚུན་གྱི་ཞལ་ནི་གསོ་བ་དང་། །ནོར་ཡ་མཚན་ཅན་རྣམས་བསྒྲུབ་པ་དང་། །ཟས་འདོད་དགུ་གསོག་པའི་དོན་ཆེན་དུ། །འབྲུ་ནི་མེད་དུ་མི་རུང་བས། །སངས་རྒྱས་ཐམས་ཅད་བཀའ་བགྲོས་ནས། །བྱིན་གྱིས་བརླབས་པའི་མཁའ་ལྡིང་བྱ། །མགྲིན་པ་ནས་ཀྱིས་གང་བར་མཛད། །དེ་རིགས་གསུམ་མགོན་པོའི་ཐུགས་རྗེ་ཡིན། །འདབ་ཆགས་རྒྱལ་མོའི་མགུལ་ནས་འཁྲུངས། །ལྷ་མོའི་པི་ཝཾ་ནང་ནས་བླངས། །འབྱུང་བ་ལྔ་


CMR046_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱུ་བྱས་པས། །དཀོན་མཆོག་གསུམ་གྱི་བྱིན་གྱིས་བརླབས། །དེ་ནས་སྲིད་པ་རྒན་རྒོན་གྱིས། །ཐེག་ཆེན་ས་ལ་ནས་འདི་བཏབ། །སྟེང་ནས་བདུད་རྩིའི་ཆར་པ་འབེབས། །སྦྱིན་པ་ཐོང་གཤོལ་ཤུགས་ཀྱིས་རྨོས། །ཚུལ་ཁྲིམས་གཙང་མའི་ས་བོན་བཏབ། །བཟོད་པ་རིན་ཆེན་འབྲས་བུ་སྨིན། །བརྩོན་འགྲུས་མྱུར་བའི་ཟོར་བས་བརྔས། །བསམ་གཏན་ཉམས་ཀྱི་ཐག་པས་བཅིངས། །ཐེག་ཆེན་ཤེས་རབ་ཁལ་དུ་བཀལ། །དོན་དམ་ཆོས་ཀྱི་དབྱིངས་སུ་ཕོག །མ་ཆགས་བྱམས་པའི་དབྱུག་པས་བརྡུངས། །འབྱུང་བ་རླུང་གི་དྭངས་སྙིགས་ཕྱེས། །འཁོར་འདས་གཉིས་ཀྱི་འདོད་ཡོན་བྱས། །སྔོན་གྱི་ནས་བྱུང་དེ་ལྟར་བྱུང་། །དེ་ནས་ལྷ་རྣམས་བཀའ་བགྲོས་ནས། །འགྲོ་བའི་མི་ནི་བྱིན་གྱིས་བརླབས། །གླང་པོ་ཆེ་ནི་ས་སྲུང་དང་། །མ་ཧེ་འགྲོས་ཆེན་གཉའ་བ་བསྡེབས། །ཤིང་དང་གཉའ་འགྲོས་གཉའ་ཐང་སྤྲད། །ཤ་རྒྱུས་གཉེན་མོས་སྲང་ཐག་འཐེན། །འབྲུ་སྣ་བརྒྱ་ཡི་ས་བོན་ལ། །ཞིང་གི་ལྷ་དེ་ཚངས་པས་མཛད། །ས་ཡི་ལྷ་མོ་བརྟན་མ་དེ། །ཞིང་ལྷ་རྒྱལ་མོས་མངའ་གསོལ་བྱས། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །


CMR046_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་དང་། །ས་བདག་རྒྱུ་སྐར་གཞི་བདག་གིས། །འབྲུ་རྣམས་སྤེལ་བའི་སྨོན་ལམ་བཏབ། །ནས་འདི་བསྐྱེད་པའི་སྲུང་སྐྱོབ་བྱས། །དུས་གསུམ་རྒྱལ་བས་བྱིན་བརླབས་པས། །འབྲུ་ནི་ཉིན་མཚན་མེད་པར་སྐྱེས། །ནས་འདི་སྨིན་ཅིང་འཕེལ་ཁ་ཆེ། །ནས་འབྲུ་དེ་ནི་ཁྱུང་སྒོང་ཙམ། །གྲ་བ་དེ་ནི་ཁྱུང་གཤོག་ཙམ། །སོག་མ་དེ་ནི་མདུང་ཡུ་ཙམ། །སྙེ་མ་དེ་ནི་ལྷོ་སྤྲིན་ཙམ། །ནས་ཕུང་དེ་ནི་རི་རབ་ཙམ། །དུས་གསུམ་སངས་རྒྱས་བྱིན་རླབས་འགྲུབ། །སྔོན་གྱི་སྲིད་པའི་དཔེ་བཞིན་དུ། །བདག་དང་ཡོན་བདག་འདི་དག་གིས། །ཞིང་རྨོས་ས་བོན་འདེབས་པ་ལ། །གནམ་ལ་སྐར་མ་གཟའ་ཡང་བཟང་། །ས་ལ་ཉི་མ་ལྷུན་ཡང་དྲོ། །དུས་ཚོད་མ་བུ་བཀྲ་ཡང་ཤིས། །ལྷ་གཞིའི་སྟེང་དུ་འབྲུ་ནས་བཀྲམ། །གཡང་རྣམས་བསྡུས་པའི་མཆོད་པ་བཤམས། །བླ་མ་ཡི་དམ་དཀོན་མཆོག་གསུམ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། །བྱང་སེམས་ས་ཡི་སྙིང་པོ་དང་། །བྱང་ཆུབ་སེམས་དཔའ་ཉན་ཐོས་དང་། །ཕྱོགས་བཅུའི་ལྷ་རྣམས་སྤྱན་དྲངས་ནས། །མཆོད་པའི་གནས་འདིར་གཤེགས་སུ་


CMR046_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ཚངས་པ་བརྒྱ་བྱིན་ལ་སོགས་དང་། །དཔལ་མགོན་བདུན་ཅུ་རྩ་གཉིས་ཀྱང་། །མཆོད་པའི་གནས་འདིར་སྤྱན་འདྲེན་ནོ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །རྣམ་སྲས་དང་ནི་ཛམ་བྷ་ལ། །ལྷ་མོ་དཔལ་དང་གྲོགས་མོ་བརྒྱད། །སྲིད་གསུམ་གཡང་བདག་འཁོར་བཅས་དང་། །ཕྱོགས་བཅུའི་ནོར་ལྷ་གཉན་པོ་རྣམས། །མཆོད་པའི་གནས་འདིར་སྤྱན་འདྲེན་ནོ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད། །གཟའ་ཆེན་བརྒྱད་དང་གཉན་ཆེན་བརྒྱད། །རྒྱུ་སྐར་ས་བདག་གནོད་སྦྱིན་བརྒྱད། །རྒྱལ་ཆེན་ཡུལ་ལྷ་འཁོར་བཅས་རྣམས། །མཆོད་པའི་གནས་འདིར་སྤྱན་འདྲེན་ནོ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ཞིང་ལྷ་ཚངས་པ་སྤྱན་འདྲེན་ནོ། །འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ཞོས་ལྷ་རྒྱལ་མོ་སྤྱན་འདྲེན་ནོ། །འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །དུས་གསུམ་རྒྱལ་བ་འཁོར་བཅས་ལ། །མཆོད་པ་རྣམ་ལྔ་འདོད་ཡོན་ལྔ། །ཇི་ལྟར་དགྱེས་པའི་མཆོད་པ་འབུལ། །


CMR046_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཐོག་ཡག་པར་བྱིན་གྱིས་རློབས། །བླ་མ་ཡིད་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་ཐམས་ཅད་ལ། །བདུད་རྩི་གཏོར་མའི་མཆོད་པ་འབུལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ནོར་ལྷ་གཡང་ལྷ་ཐམས་ཅད་ལ། །འདོད་ཡོན་རིན་ཆེན་གཡང་སྤེལ་འབུལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ལྷ་ཀླུ་གཟའ་དང་རྒྱུ་སྐར་དང་། །ཕྱོགས་སྐྱོང་ས་བདག་གཏོད་དང་སྨན། །ཡུལ་ལྷ་གཞི་བདག་འཁོར་བཅས་ལ། །རིན་ཆེན་འབྲུ་ཡི་བཤོས་གསོལ་དང་། །རྣམ་ལྔ་འདོད་ཡོན་སྣ་ཚོགས་དང་། །བ་ཁྲ་བརྒྱ་དང་བེའུ་ཁྲ་སྟོང་། །གྲེ་བོ་ཁྲི་དང་རོག་པོ་འབུམ། །དཀོར་ནོར་སྣ་ཚོགས་མཆོད་པ་འབུལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ཡུལ་ལ་གནས་པའི་ཡུལ་བདག་དང་། །ཞིང་ལ་གནས་པའི་ཞིང་ལྷ་རྣམས། །མཆོད་པའི་ཡོ་བྱད་སྣ་ཚོགས་འབུལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ད་ལོའི་གནམ་ལོ་རྒྱལ་པོ་ལ། །རིན་ཆེན་འབྲུ་དང་རྐང་འགྲོས་གཟུགས། །ཕྱེ་མར་འོ་སྐོར་གསུར་མཆོད་འབུལ། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །རི་ཡི་རྒྱལ་པོ་རི་རབ་ཀྱི། །ཐད་ཀྱི་ཤེལ་བྲག་དཀར་པོ་ལ། །


CMR046_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ལྷའི་སྟེང་དུ་ཞོས་རྡོ་བཙན། །ཞོས་རྡོ་བཙན་པའི་ཡོན་ཏན་གྱིས། །ལོ་ཡག་ལྗང་ནས་འཁྲུངས་བར་མཛོད། །ནས་འབྲུ་དེ་ནི་ཁྱུང་སྒོང་ཙམ། །གྲ་མ་དེ་ནི་རྒོད་གཤོག་ཙམ། །སྙེ་མ་དེ་ནི་ཁྱུང་གཤོག་ཙམ། །ནས་ཕུང་དེ་ནི་རི་རབ་ཙམ། །འཕེལ་ཁ་ཆེ་བའི་ནས་གཡང་སྡུས། །ཞེས་རྡོ་འདི་ལ་འབྲུ་རྣམས་འཁོར། །ཞེས་རྡོ་འདི་ལ་ཞིང་ལྷ་འཁོར་། །ཞིང་ལྷ་ཞོས་རྡོ་མ་གཡེལ་ཅིག །འགོ་བའི་ལྷ་རབས་བཅུ་གསུམ་གྱིས། །ཞོས་རྡོ་འདི་ལ་སྡོང་གྲོགས་མཛོད། །ལོ་ཐོག་ཡག་པར་བྱིན་གྱིས་རློབས། །ས་ཡི་ལྷ་མོ་བརྟན་མས་ཀྱང་། །སྔོན་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །ཞིང་ས་འདི་ལ་གནས་ཆོས་དང་། །ཞེས་རྡོ་འདི་ལ་སྐུ་རྟེན་ལ། །ས་ལ་ལོ་འབྲས་སྨིན་པར་མཛོད། །ཞིང་གི་ལོ་འབྲས་རྒྱས་པར་མཛོད། །ས་གཞི་ལོ་ཏོག་སྨིན་པར་མཛོད། །ས་གཞི་རྩི་ཐོག་རྒྱས་པར་མཛོད། །ཆུ་ལ་གནས་པའི་ཀླུ་རྣམས་ཀྱང་། །བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྐུ་ལ་ཁྲུས་ཆབ་གསོལ་བ་ལས། །ཆར་ཆུ་དུས་སུ་འབབ་པར་མཛོད། །ལོ་ཡག་ལྗང་བུ་འཁྲུངས་བར་མཛོད། །ཆར་ཆུ་དུས་སུ་


CMR046_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

མ་འབབས་ན། །རྩི་ཐོག་འབྲས་བུ་མ་སྨིན་ན། །ཀླུ་རྣམས་རྒྱལ་བའི་བཀའ་ལས་འདས། །ཁྱུང་དང་བྱེ་ཚན་འཇིགས་པ་འོང་། །མགོ་བོ་ཚལ་པ་བརྒྱ་རུ་འགས། །དེ་བས་ཀླུ་རྣམས་དམ་མ་འདའ། །ཆར་ཆུ་དུས་སུ་འབབ་པར་མཛོད། །ལོ་འབྲས་རྟག་ཏུ་སྨིན་པར་མཛོད། །ཀླུ་ཡི་འཕེལ་གཡང་འགྲུབ་པར་མཛོད། །ཀླུ་རྒྱལ་གཙུག་ན་རིན་པོ་ཆེ། །གཞོན་ནུ་གཏུམ་པོ་འཁོར་དང་བཅས། །རྒྱལ་རིགས་རྗེ་རིགས་འཁོར་དང་བཅས། །བྲམ་ཟེ་གདོལ་པ་ལ་སོགས་རྣམས། །ཆར་ཆུ་དུས་སུ་འབབ་པར་མཛོད། །ལོ་ཐོག་ཡག་པའི་སྡོང་གྲོགས་མཛོད། །ས་བདག་རྒྱལ་པོ་ཤྲཱི་བྷ་དྲ། །ས་ཡི་ལྷ་མོ་བརྟན་མ་དང་། །ས་འཛིན་ལག་པ་ཆེན་པོ་དང་། །ས་ལ་གནས་པའི་ས་བདག་ཕྱི་རྣམས། །འཁོར་དང་བཅས་པ་ཐམས་ཅད་ཀྱིས། །མཆོད་ཡོན་དམ་པ་འདི་བཞེས་ལ། །སྔོན་གྱི་རྒྱལ་བའི་བཀའ་མ་བཅག །ད་ལྟ་སྔགས་འཆང་དམ་མ་འདའ། །ཆར་ཆུ་དུས་སུ་འབབ་པར་མཛོད། །སོ་ནམ་དུས་སུ་འཕྲད་པར་གྱིས། །ལོ་ཐོག་མགོ་རུ་འཕེལ་བར་མཛོད། །སྔོན་ཚེ་རྒྱལ་བའི་བཀའ་བཞིན་དུ། །སྔགས་འཆང་བདག་གིས་ཁྱེད་


CMR046_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ན། །མཆོད་པ་དོན་མེད་མ་བྱེད་ཅིག །གཏོར་མ་ཁྲེལ་ཟས་མ་བྱེད་ཅིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བདེན་པའི་བཀའ་ནི་མ་བསླུ་ཞིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗང་འཁྲུངས་ཤིག །ཞིང་ལྷ་ཚངས་པ་མ་གཡེལ་ཅིག །ཞོས་ལྷ་རྒྱལ་མོ་མ་འཆུག་ཅིག །ཕྱོགས་བཅུའི་སངས་རྒྱས་བྱིན་རླབས་ཀྱིས། །ཞིང་གི་ལོ་ཐོག་ཡག་པར་མཛོད། །ས་ཡི་རྩི་བཅུད་འཁྲུངས་པར་མཛོད། །ཆོས་སྐྱོང་སྲུང་མ་མ་གཡེལ་ཅིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗང་འཁྲུངས་ཤིག །རྒྱལ་ཆེན་སྡེ་བཞི་མ་གཡེལ་ཅིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗང་འཁྲུངས་ཤིག །གཟའ་དང་རྒྱུ་སྐར་མ་གཡེལ་ཅིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗང་འཁྲུངས་ཤིག །གནོད་སྦྱིན་ནོར་ལྷ་མ་གཡེལ་ཅིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗང་འཁྲུངས་ཤིག །ས་བདག་ཡུལ་ས་མ་གཡེལ་ཅིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗང་འཁྲུངས་ཤིག །གཏོད་དང་གཉན་རྣམས་མ་གཡེལ་ཅིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗང་འཁྲུངས་


CMR046_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །འབྲུ་ལྷ་གང་བཟང་མ་གཡེལ་ཅིག །ད་རེས་ཞིང་གི་ལོ་སྐྱེད་ཅིག །ད་རེས་འབྲུ་ཡི་ལྗང་འཁྲུངས་ཤིག །ཀྱཻ། ཡུལ་གཉིས་དེ་ནི་ལོ་འགྲན་ན། །ལོ་འཕང་གཞན་བས་མཐོ་བར་ཤོག །ཞིང་གཉིས་མུ་དང་ཐོག་འགྲན་ན། །ལོ་ཤག་ཞན་པས་མཐུག་པར་ཤོག །མཉམ་གཉིས་ས་བོན་གྲངས་འགྲན་ན། །འབྲུ་གྲངས་གཞན་བས་མང་བར་ཤོག །ནས་ཀྱང་བྲེ་དང་ཁལ་འགྲན་ན། །བྲེ་ཁ་གཞན་བས་མང་བར་ཤོག །འཇིག་རྟེན་ཁམས་ཀྱི་ནས་གཡང་སྡུས། །འཛམ་བུ་གླིང་གི་ཞིང་གཡང་སྡུས། །མདོ་ཁམས་སྒང་གི་འབྲུ་གཡང་སྡུས། །བཙན་ཕྱུག་ལྡན་པའི་ནོར་དང་གཡང་། །བདེ་སྐྱིད་འཛོམ་པའི་ཚེ་གཡང་དཔལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །དེ་རིང་འདི་རུ་བསྩལ་དུ་གསོལ། །ཞིང་ལྷ་ཚངས་པ་དཔལ་མ་ཞན། །ཞོས་ལྷ་རྒྱལ་མོ་མཐུ་མ་ཆུང་། །ལོ་ཡག་ལྗང་ལྡེམ་འཁྲུངས་པར་མཛོད། །ལོ་དུང་གཞན་བས་ཆེ་བར་མཛོད། །ལོ་ཤ་གཞན་བས་མཐུག་པར་མཛོད། །ལོ་སྐྱེད་གཞན་བས་མགྱོགས་པར་མཛོད། །འབྲུ་ནི་རྒྱལ་བ་མཉེས་པའི་འབྲུ། །འབྲུ་ནི་དམ་ཅན་སྐོང་བའི་འབྲུ། །འབྲུ་ནི་རིགས་དྲུག་གསོ་


CMR046_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འབྲུ། །འབྲུ་ནི་ལན་ཆགས་སྐོང་བའི་འབྲུ། །འབྲུ་ལ་ཡོན་ཏན་ཐམས་ཅད་ཚང་། །འབྲུ་བས་མཉེས་པ་མ་མཆིས་སོ། །འབྲུ་བས་ཞིམ་པ་མ་མཆིས་སོ། །འབྲུ་བས་མཁོ་བ་མ་མཆིས་སོ། །ཅི་ཕྱིར་འབྲུ་ནི་མཁོ་བ་ན། །དུས་གསུམ་སངས་རྒྱས་འདི་ཡིས་མཆོད། །དམ་ཅན་སྲུང་མ་འདི་ཡིས་རྟེན། །ནོར་ལྷའི་རྒྱལ་མོ་འདི་ལ་འཁོར། །འགོ་བའི་ལྷ་རྣམས་མཆོད་པའི་རྟེན། །ཁམས་གསུམ་སེམས་ཅན་འདི་ཡིས་གསོ། །བུ་ལོན་ལན་ཆགས་འདི་ཡིས་སྦྱོང་། །དེ་བས་འབྲུ་ནི་ཡ་མཚན་ཆེ། །དེ་བས་འབྲུ་ནི་ངོ་མཚར་ཆེ། །འབྲུ་ལ་ཞི་རྒྱས་དབང་དྲག་ཚང་། །འབྲས་དང་ཡུངས་གྲོ་ཞི་བ་ཡིན། །ཁྲེ་དང་ཡུངས་ཀར་རྒྱས་པ་ཡིན། །ཙི་ཙི་ཟར་མ་དབང་གི་འབྲུ། །ཁྲའོ་སྲན་མ་དྲག་པོ་ཡིན། །ནས་ནི་སྤྱི་ཁྱབ་ཡིན་པས་ན། །ཞི་རྒྱས་དབང་དྲག་བཞི་ཀ་ཚང་། །ཡོས་སུ་རྔོས་ན་ཞི་བ་ཡིན། །ཕྱེ་རུ་བྱས་ན་རྒྱས་པ་ཡིན། །ཟན་དུ་བརྫིས་ན་དབང་དུ་གྲུབ། །ཆང་དུ་བསྒྱུར་ན་དྲག་པོ་ཡིན། །འབྲུ་ནི་ཆང་དུ་སྦྱར་བ་ན། །ཆང་བས་ངོ་ཆེ་མ་མཆིས་སོ། །གསེར་བས་འབྲུ་ནི་གང་ཐང་ཆེ། །བཙན་པོ་ཞལ་སྲོས་འདི་ལ་ཉེན། །བཙུན་པའི་རྟ་རྐུན་ཆད་པ་


CMR046_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

སོད། །རྨོང་པོའི་བུ་བསད་སྟོང་ཡང་སོད། །རྐུན་བུའི་བུ་ཡི་སྲོག་ཀྱང་ཐོན། །ཕྱུག་པོའི་བུ་མོ་བག་ཀྱང་ཁུག །དེ་བས་ནས་འདི་མཁོ་ཞིང་གཅེས། །འབྲུ་འདི་དུས་གསུམ་རྒྱལ་བས་སྲུངས། །ནས་འདི་ཡི་དམ་ལྷ་ཡིས་སྲུངས། །ནས་འདི་དཔའ་བོ་མཁའ་འགྲོས་སྲུངས། །ནས་འདི་ཆོས་སྐྱོང་སྲུང་མས་སྲུངས། །ནས་འདི་ནོར་ལྷ་རྣམས་ཀྱིས་སྤེལ། །ནས་འདི་དཔལ་མགོན་རྣམས་ཀྱིས་སྐྱེད། །ཞིང་ལྷ་ཚངས་པ་ཞེས་ལྷ་རྒྱལ་མོ་དང་། །འབྲུ་ལྷ་གང་བཟང་ལ་སོགས་པའི། །ཡུལ་ལྷའི་རྒྱལ་པོ་འཁོར་བཅས་རྣམས། །ཕྱྭ་གཡང་རྟེན་འདི་འཁོར་བར་མཛོད། །ཉི་མ་དེ་རིང་ཕྱིན་ཆད་ནས། །བཙའ་སད་སེར་གསུམ་ལ་སོགས་པའི། །ཞིང་གི་ལོ་ནད་བཟློག་ཏུ་གསོལ། །ནས་ཀྱི་ནད་རྣམས་བཟློག་ཏུ་གསོལ། །འབྲུ་ཡི་བར་ཆད་བཟློག་ཏུ་གསོལ། །ལོ་ཡག་ལྗང་ལྡེམ་འབྲུ་འཕེལ་མཛོད། །གང་བ་བཟང་པོས་འབྲུ་རྣམས་སྤེལ། །ཞིང་ལྷ་ཚངས་པས་འབྲུ་རྣམས་སྤེལ། །ཞེས་ལྷ་རྒྱལ་མོས་འབྲུ་རྣམས་སྤེལ། །ཡུལ་ལྷ་རྣམས་ཀྱིས་འབྲུ་རྣམས་སྤེལ། །ཆར་ཆུ་དུས་སུ་འབབ་པར་ཤོག །ལོ་ཕྱུགས་རྟག་ཏུ་ལེགས་པར་ཤོག །


CMR046_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་བསམ་དོན་རྣམས་འགྲུབ་པར་ཤོག །ཅི་འདོད་དངོས་གྲུབ་བསྩལ་དུ་གསོལ། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་ཞིང་ལྷ་ཚངས་པ་དང་། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། ས་ཡི་ལྷ་མོ་བརྟན་མ་དང་། ཞོས་ལྷ་རྒྱལ་མོ་དང་། ནོར་ལྷ་གང་བ་བཟང་པོ་དང་། རྒྱལ་ཆེན་སྡེ་བཞི་དང་། ས་བདག་ཡུལ་ལྷ་གཞི་བདག་རྣམས་ལ་དཀར་གཏོར་དང་ཇ་ཆང་ཕྱེ་མར་མཆོད་བསྟོད་སོགས་ཞིང་གི་དཀྱིལ་ནས་བྱེད། ཞིང་དཀྱིལ་ཞེས་རྡོ་བསྟོད། དེ་ནས་ཁུ་ཡེ་བཀྲ་ཤིས་སོགས་བྱའོ། །ཞེས་ཞིང་ལྷ་ཚངས་པ་ལ་བསང་མཆོད་འབུལ་བ་འགྲོ་རྣམས་རེ་འདོད་བསྐང་ཕྱིར་ཨ་རཱ་གས་སྨྲས་པའོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཞིང་ལྷ་འཁོར་བཅས་དབུ་འཕང་བསྟོད་པ་རིན་ཆེན་བང་མཛོད།


CMR046_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ལྷ་འཁོར་བཅས་དབུ་འཕང་བསྟོད་པ་རིན་ཆེན་བང་མཛོད་བཞུགས་སོ།


CMR046_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷཾ། ཞིང་ལྷ་བསྟོད་པའི་ཐབས་བསྟན་པ་ནི། ཞིང་ལྷའི་རྟེན་རྡོ་དཀར་པོ་གསུམ་ལ་ཤིང་སྣ་བལ་ཚོན་བྱ་སྤུས་བརྒྱན་པ་བཙུགས། ཕྱེ་རམ་འབྲུ་སྨན་དཀར་གསུམ་མངར་གསུམ་ཇ་ཆང་རྣམས་བསགས། ཞིང་རྡོ་ལ་མར་གྱིས་བརྒྱན། དཀར་གཏོར་དང་བཅས་པ་འབུལ། ཡུལ་ས་ལྷ་ཀླུ་གཉན་རྣམས་ལ་གསོལ་མཆོད་འབུལ། འགྲས་བསྡུམ་ལ་བསྟེན་ནས་འདི་བྱའོ། །ཀྱཻ། ཞིང་ལྷ་བསྟོད་པ་གར་སྲིད་ན། །གནམ་ཞོ་ས་སྨུག་བསྡེབས་པ་ལ། །གཡུ་སྒོང་སྔོན་པོ་གཅིག་ཏུ་སྲིད། །གཡུ་སྒོང་རྡོལ་པའི་ནང་ཤེད་ནས། །གཡུ་ནས་སྔོན་པོ་འབྲུ་བདུན་བྱུང་། །མཚོ་སྨན་རྒྱལ་མོ་དེཡི་གཟིགས། །དམུ་རྗེ་རྒྱལ་མོའི་སྙན་དུ་གསོལ། །


CMR046_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

དམུ་རྗེ་རྒྱལ་མོ་བྱ་བ་དེས། །མཚོ་སྨན་རྒྱལ་མོ་ལ། །དམུ་ལུག་རིང་དུ་བྱས། །སྔོན་མོ་འབྲུ་བདུན་ལ། །རིན་ཆེན་གསེར་གྱིས་ཉོས། །དམུ་རྗེ་རྒྱལ་པོ་དེས། །ཁྱུང་དཀར་གཉའ་ཡ་སྡེབ། །དབྱར་གྱི་ཟླ་གསུམ་ལ། །དམུ་ཡུལ་ཞིང་དུ་རྨོས། །དམུ་སྨན་དར་མ་དེས། །གསེར་སྐྱེམས་གནམ་དུ་གཏོར། །སྨོན་ལམ་ཚིག་གསུམ་བཏབ། །གཉན་ཆེན་བསྡེ་བཞི་དང་། །ཀླུ་ཆེན་རིགས་ལྔ་དང་། །ཞིང་ལྷ་ཚངས་པ་ཁྱེད་གསུམ་གྱིས། །བདུད་རྩིའི་ཆར་ཕོབ་ལ། །འབྲས་དྲུག་སྨིན་པར་གྱིས། །དེ་སྐད་སྨོན་ལམ་བཏབ་པ་ལ། །གཉན་ཆེན་སྡེ་བཞི་


CMR046_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །དམུ་ཞག་སྤྲིན་ཚོགས་བསྡུས། །ཀླུ་ཆེན་རིགས་ལྔ་ཡིས། །བདུད་རྩིའི་ཆར་པ་ཕབ། །ཞིང་ལྷ་ཚངས་པ་ཡིས། །དམུ་ཡུལ་སྲེགས་བྲག་དེར། །འབྲས་དྲུག་དུས་སུ་འཁྲུངས། །ལྗང་བུ་དེ་ནི་རལ་གྲི་ཙམ། །མྱུ་གུ་དེ་ནི་མདུང་ཤིང་ཙམ། །གྲ་མ་དེ་ནི་ལྕག་ཡུ་ཙམ། །ནས་འབྲུ་དེ་ནི་ཁྱུང་སྒོང་ཙམ། །ཞིང་ལྷ་བསྟོད་པའི་ཡོན་ཏན་གྱིས། །བཙའ་སད་སེར་གསུམ་ལ་སོགས་དང་། །འབུ་སྲིན་སོགས་ཀྱི་གནོད་མི་སྲིད། །སྔོན་གྱི་དུས་ཀྱི་དཔེ་བཞིན་ལ། །དེ་རིང་རྒྱུ་སྦྱོར་ཡོན་བདག་གིས། །རྣལ་འབྱོར་བདག་གི་སྨོན་ལམ་འདེབས། །གསེར་སྐྱེམས་ཕྱེ་རམ་གནམ་དུ་གཏོར། །གཉན་ཆེན་སྡེ་བཞིས་སྤྲིན་ཚོགས་བསྡུས། །ཀླུ་རིགས་ལྔ་ཡི་ཆར་ཆེན་ཕོབ། །ཞིང་ལྷ་ཚངས་པས་འབྲས་དྲུག་བསྐྱེད། །ལྗང་བུ་རལ་གྲི་ཙམ་དུ་ཤོག །སོག་ཡུ་མདུང་ཤིང་ཙམ་དུ་ཤོག །ནས་འབྲུ་ཁྱུང་སྒོང་ཙམ་དུ་ཤོག །གྲ་མ་ལྕག་ཡུ་ཙམ་དུ་ཤོག །འབུ་དང་སྲིན་གྱི་མ་ཟ་ཞིག །བཙའ་སད་སེར་གསུམ་མ་བཏང་ཞིག་།ཞིང་ལྷ་ཚངས་པའི་ངོ་སོ་བསྟོད། །ལོ་ཡག་ལྗང་བུ་འཁྲུང་དུ་གསོལ། །ལོ་ཡི་ཡག་ཁ་བདག་ལ་བསྟོད། །འབྲུ་ཡི་འཕེལ་ཁ་བདག་ལ་


CMR046_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། །ཞིང་ལྷ་ཚངས་པ་འཁོར་བཅས་རྣམས། །ཞིང་རྡོ་འདི་ལ་སྐུ་རྟེན་མཛོད། །ཤིང་རྩི་བལ་གྱིས་བརྒྱན་པ་འདི། །ཁྱེད་ཀྱི་འདི་ལ་སྤྱན་གཟིགས་མཛོད། །ཞིང་དབུས་རྡོ་དཀར་བལ་ཚོན་གསུམ། །འདི་ཉིད་བརྟེན་པའི་གནས་མལ་མཛོད། །བདུད་རྩི་བསང་གི་མཆོད་པ་དང་། །ཕྱེ་རམ་འབྲུ་སྣ་དཀར་མངར་དང་། །ཤ་ཆང་ཇ་ཡི་མཆོད་པ་འདི། །ཞིང་ལྷ་ཚངས་པ་འཁོར་བཅས་དང་། །ས་བདག་ཀླུ་གཉན་འཁོར་བཅས་དང་། །ཡུལ་འདིའི་གཞི་བདག་ལ་སོགས་རྣམས། །མཆོད་པ་ཕུལ་བའི་་བྱིན་རླབས་ཀྱིས། །འབྲས་དྲུག་རྟག་ཏུ་ལེགས་པར་ཤོག །བཙའ་སད་སེར་གསུམ་མ་བཏང་ཞིག །འབུ་སྲིན་ཞིང་ནད་མ་བཏང་ཞིག །ས་ནག་བཞི་བཅུའི་ལོ་གཡང་ཕོབ། །རྒྱ་ཡི་ཡུལ་ནས་ཞིང་གཡང་ཕོབ། །བལ་པོའི་ཡུལ་ནས་ཞིང་གཡང་ཕོབ། །ཁ་ཆེའི་ཡུལ་ནས་ཞིང་གཡང་ཕོབ། །དམུ་ཡི་ཡུལ་ནས་གཡང་ཕོབ། །འབྲུ་གཅིག་འབྲུ་བརྒྱ་འཕེལ་བའི་གཡང་ཕོབ་ཅིག །བྲེ་གང་བྲེ་བརྒྱ་འཕེལ་བའི་གཡང་ཕོབ་ཅིག །ཁལ་གཅིག་ཁལ་བརྒྱ་འཕེལ་བའི་གཡང་ཕོབ་ཅིག །སྤེན་ནེ་རི་བཀྲའི་འབྲུ་འཕེལ་གཡང་། །ནས་ཞིང་


CMR046_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་གཡང་ཕོབ་ཅིག །བཀྲ་ཤིས་འབྲུ་འཕེལ་བརྟན་པ་ཐོབ་པར་ཤོག །ཅེས་བརྗོད་པར་བྱའོ། །དེ་ལ་རབ་ས་བདག་འཁྲུག་བཅོས། འབྲིང་སྣང་བརྒྱད། མཆོད་པ། གཏོར་མ་བརྒྱ་རྩ་སོགས་ལ་བརྟེན་པར་བྱའོ། །ཞེས་པ་འདི་མཚོ་སྨན་རྒྱལ་མོའི་ལུང་བསྟན་པའི་ཉེ་ས་ཨ་རཱ་གས་མཛད་པ་རྫོགས་སོ། །དགེའོ། །སརྦ་མངྒ་ལཾ།། ཤུ་བྷཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཞིང་ལྷའི་བསང་མཆོད།


CMR046_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ལྷའི་བསང་མཆོད་བཞུགས་སོ།


CMR046_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ། དེ་རིང་བཀྲ་ཤིས་ཡར་ཚེས་ལ། །གནམ་ལ་གཟའ་དང་སྐར་མ་བཟང་། །བར་ལ་དུས་ཚོད་དེ་རིང་དགེ །ས་ལ་ལོ་ལེགས་སྐྱ་ཡང་རྒྱས། །ལྷ་མིའི་བདེ་སྐྱིད་དཔལ་གཡང་འཛོམས། །ཕུན་སུམ་ཚོགས་པ་ལྔ་དང་ལྡན། །ལྔ་ལྡན་རྒྱལ་བའི་ཞིང་ཁམས་འདིར། །སེམས་དཔའ་ས་ཡི་སྙིང་པོ་དང་། །ལྷ་མོ་ཆེན་མོ་ནོར་རྒྱུན་མ། །དེ་ཝི་ཤི་གྲོགས་མོ་བརྒྱད། །ཞིང་ལྷ་ཚངས་པ་འཁོར་དང་བཅས། །དད་དང་དམ་ཚིག་དབང་གི་ནས། །གདུང་བས་འབོད་དོ་ད་ཚུར་བྱོན། །དྲི་ཞིམ་སྤོས་དཀར་དུད་པས་བསུ། །དུང་དང་གླིང་བུ་སྙན་པའི་དབྱངས། །


CMR046_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

དར་དཀར་གཡབ་ཅིང་སྤྱན་འདྲེན་ནོ། །ཁྱེད་རྣམས་དགྱེས་པའི་མཆོད་པ་ནི། །སྨན་སྤོས་བཟང་ཤིང་སྣ་ཚོགས་དང་། །ཕྱེ་མར་འབྲུ་སྣ་ཇ་ཆང་སྐྱེམས། །དཀར་མངར་ཟས་སྣ་ཚོགས་པའི་ཕུད། །དག་བྱེད་ཞུགས་ལ་ཕུལ་བ་ཡིས། །བསང་གི་དུད་པ་སྤྲིན་ལྟར་གཏིབས། །འབྲུ་གསུམ་སྔགས་དང་ཏིང་འཛིན་གྱིས། །བྱིན་རླབས་ལྷ་ལ་ཁྱོན་འགེངས་པའི། །དུད་པའི་ཟེར་མ་རེ་རེ་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །འདོད་ཡོན་ལོངས་སྤྱོད་ཆར་དུ་འབེབས། །དེ་འདྲའི་ཡ་མཚན་བསང་མཆོད་འདིས། །དེ་བཞིན་གཤེགས་པ་དགྲ་བཅོམ་པ། །


CMR046_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་མེ་ཏོག་ཡོན་ཏན་བསང་། །ལོ་ལེགས་འབྲུ་རྣམས་འཕེལ་མཛད་པ། །སེམས་དཔའ་ས་ཡི་སྙིང་པོ་བསང་། །བྱང་ཆུབ་སེམས་མ་ཐུགས་རྗེ་ལྡན། །དཔལ་གྱི་ལྷ་མོ་ཆེན་མོ་བསང་། །མཚན་ཙམ་ཐོས་པས་ལོ་ལེགས་ནུས། །བཅུ་གཉིས་མཚན་ལྡན་ལྷ་མོ་བསང་། །ནོར་གྱི་རྒྱུན་མ་ཟླ་ཤེལ་མ། །སྦྱིན་བྱེད་རབ་ཏུ་སྦྱིན་མ་བསང་། །འཕགས་མ་སྦས་མ་རབ་བཟང་མ། །དབྱངས་ཅན་ལ་སོགས་འཁོར་བཅས་བསང་། །འགྲོ་ཀུན་དབུལ་སེལ་ཡིད་བཞིན་ནོར། །ཞིང་ལྷ་ཚངས་པ་ཆེན་པོ་བསང་། །བཀྲ་ཤིས་དངོས་གྲུབ་གཡང་གི་བདག །ཚངས་སྲས་ལོ་ཡག་འཁྱིལ་བ་བསང་། །དཔལ་དང་འབྱོར་པ་འཕེལ་མཛད་པའི། །བདེ་ཆེན་དབང་གི་ལྷ་མོ་བསང་། །ས་བརྒྱད་སེམས་དཔའ་གཏེར་གྱི་བདག །རྒྱལ་ཆེན་རྣམ་མང་ཐོས་སྲས་བསང་། །འབྲས་དྲུག་བང་མཛོད་གཏེར་ལ་སྤྱོད། །གནོད་སྦྱིན་ཨ་པར་ཙིཏྟ་བསང་། །རི་རབ་གསེར་གྱི་རི་བདུན་ནས། །ཤྲཱི་བྷ་དྲ་སྲས་བཅས་བསང་། །འོག་གཞི་ས་ཡི་དཀྱིལ་འཁོར་ནས། །དབང་མཛད་ལྷ་མོ་བརྒྱད་རྣམས་བསང་། །སྟོང་གསུམ་ས་ལ་དབང་བསྒྱུར་བའི། །ལྟོ་འཕྱེ་ཀླུ་བརྒྱད་


CMR046_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཅས་བསང་། །འབྱུང་བ་གཅིག་གྲོགས་གཅིག་གིས་བྱེད། །ས་ཆུ་མེ་རླུང་ལྷ་མོ་བསང་། །ཞིང་ལྷ་གཉེན་མཆེད་ཕ་ཝང་དང་། །ས་ལྷ་མེ་སྟག་དམར་པོ་བསང་། །ཀྱཻ། ཡང་གཅིག་བསང་བའི་མཆོད་པ་ནི། །དགོང་སྔོན་དབྱིངས་ཀྱི་མཁའ་ཀློང་ནས། །སྦྲང་ཆར་འབེབས་མཛད་ཕ་ལྷ་བསང་། །དོག་མོ་ས་གཞི་འགྱུར་མེད་ནས། །ལོ་ཐོག་སྐྱེད་བྱེད་མ་ལྷ་བསང་། །བར་དུ་འབྲུ་དྲུག་མྱུ་གུ་འཁྲུངས། །འཛམ་གླིང་སྲོག་བཟུང་བུ་ལྷ་བསང་། །དབྱིབས་ལེགས་ངུལ་མའི་ཞིང་ས་ལ། །སྣུམ་བཅུད་རྒྱས་པའི་ལུད་ལྷ་བསང་། །རྩལ་ལྡན་སྐྱེས་བུས་ས་བོན་བཏབ། །རྒྱུ་རྐྱེན་འབྲུ་ཡི་ལྷ་རྣམས་བསང་། །རྨོས་ཁལ་རོག་པོ་དར་སྣས་བརྒྱན། །ནོར་ལྷ་རྨ་གཡང་འཁོར་བཅས་བསང་། །གསེར་གྱི་གཉའ་ཤིང་རིན་ཆེན་ལ། །བཀྲ་ཤིས་གཡང་འཁྱིལ་ལྷ་ཚོགས་བསང་། །དཔལ་བསམ་ལྗོན་པའི་ཐོང་གཤོལ་ལ། །མྱུར་མགྱོགས་ཅན་གྱི་ལྷ་རྣམས་བསང་། །གནམ་ལྕགས་ངར་མའི་ཐོང་སོ་ལ། །ས་དགྲ་འདུལ་བའི་ལྷ་ཚོགས་བསང་། །རྨོས་པ་སྐྱེས་བུ་ཐབས་ལྡན་ལ། །དཔའ་རྩལ་ཅན་གྱི་དགྲ་བླ་བསང་། །སྣ་ཁྲིད་


CMR046_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་འོད་གསལ་ལ། །མ་ནོར་ལམ་སྟོན་ལྷ་རྣམས་བསང་། །ཡུལ་ལ་བཀྲ་ཤིས་བདེ་སྐྱིད་འཕེལ། །ཕུན་སུམ་ཚོགས་པའི་གཡང་ལྷ་བསང་། །གཞན་ཡང་ཁྱིམ་ལྷ་གེ་ཐུང་དང་། །སྲོག་ལྷ་མཁར་གྱི་རྩེ་འཛིན་ལྷ། །འགོ་ཞིང་སྡོང་གྲོགས་བྱེད་རྣམས་བསང་། །ཀྱཻ། འཛམ་གླིང་འཇིག་རྟེན་བོད་ཁམས་འདིར། །ལོངས་སྤྱོད་དངོས་གྲུབ་གཡང་གི་མཛོད། །ཀླུ་ཡི་རྒྱལ་པོ་གཡོག་མཐའ་ཡས། །གཟི་བརྗིད་བཀོད་པ་ཆེན་པོ་བསང་། །རིན་ཆེན་གདུགས་ལྟར་རྒྱལ་བ་དང་། །མ་དྲོས་སྔགས་ཀྱི་བདག་པོ་བསང་། །མཁར་ནག་མི་མགོན་ཀླུ་ཆེན་བརྒྱད། །རིགས་ལྔའི་ཀླུ་གཉན་ཐམས་ཅད་བསང་། །སྤྲིན་བདག་ཆར་ལ་མངའ་མཛད་པའི། །ཀླུ་མོ་རྗེ་འབངས་བཅས་པ་བསང་། །ངོམ་གྱི་རྒྱལ་ཆེན་བཅོ་བརྒྱད་དང་། །ཡུལ་ཕྱོགས་འདིར་གནས་གཞི་བདག་བསང་། །དབྱི་དོ་གདོང་ར་རྫ་ནག་སོགས། །དམ་ཚིག་ལྡན་པའི་དགེ་བསྙེན་བསང་། །ཡེ་ཤེས་པ་དང་འཇིག་རྟེན་གྱི། །མགྲོན་རྣམས་མ་ལུས་ཐམས་ཅད་ཀུན། །བསང་མཆོད་དམ་པ་འདི་བཞེས་ལ། །བདག་དང་འགྲོ་ལ་བརྩེར་དགོངས་ནས། །ཚད་མེད་ཐུགས་རྗེའི་མྱུར་གཟིགས་ཏེ། །


CMR046_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ནད་དང་དབུལ་ཕོངས་བཀྲེས་སྐོམ་དང་། །འཇིགས་པ་ཀུན་ལས་སྐྱབས་མཛད་གསོལ། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་གི །ས་བཅུད་འབྲུ་གཡང་འདིར་བསྡུས་ལ། །ལོ་ལེགས་སྐྱ་རྒྱས་དངོས་གྲུབ་སྩོལ། །དེ་ལ་བར་དུ་གཅོད་པའི་བགེགས། །སད་སེར་བཙའ་ཐན་འབུ་སྲིན་སོགས། །མཐུ་སྟོབས་ནུས་པའི་གཟི་བྱིན་གྱིས། །རྨིང་མེད་གཞོམ་པར་མཛད་དུ་གསོལ། །སྣོད་བཅུད་དཔལ་འབྱོར་ཕྱུ་དང་གཡང་། །ཐམས་ཅད་དེང་འདིར་འགུགས་ཤིང་ལེན། །བཀྲ་ཤིས་བདེ་སྐྱིད་འཛིན་མའི་ཁྱོན། །ཡོངས་སུ་གང་བའི་ཤིས་པ་སྩོལ། །ལྷ་རྒྱལ་ལོ། །གཡང་ཕྱུག་གོ །འབྲུ་འཕེལ་ལོ། །ཞེས་བརྗོད་རོལ་ཆེན་བྱ། མེ་ཏོག་འཐོར། སརྦ་མངྒ་ལཾ། ཞེས་སྔགས་འཆང་རཱ་ག་ཨ་སྱས་བྲིས་དགེ་ལེགས་འཕེལ། འབྲུ་ནོར་ལོངས་སྤྱོད་འཕེལ་བའི་བཀྲ་ཤིས་ཤོག །དགེའོ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སེར་སྲུང་བྱུང་ཁུངས་ལོ་རྒྱུས།


CMR046_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པདྨ་ཀྲོ་དྷ་ཡེ༔ པད་འབྱུང་རྩ་བ་གསུམ་ལ་ཕྱག་འཚལ་ནས༔ སེར་སྲུང་བྱུང་ཁུངས་ལོ་རྒྱུས་ཟུར་ཙམ་བརྗོད༔ དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་རྩ་ནི༔ འཇིག་རྟེན་པ་རྣམས་བདེ་ཞིང་སྐྱིད་པ་དང་༔ ཕུགས་ལ་ཕན་པའི་ཐབས་ཁོ་ན་ཡིན༔ དེ་ལ་འཇིག་རྟེན་བདེ་སྐྱིད་ཀྱི་རྩ་བ་ལོ་ལེགས་པ་ལ་རགས་ལས་པའི་ཕྱིར༔ ལོ་ལ་ཕན་བྱེད་ཀྱི་ལས་ཚོགས་བདུན་གསུངས་ཏེ༔ ཆར་འབོད་དང་༔ སེར་སྲུང་དང་༔ སད་སྲུང་དང་༔ བཙའ་སྲུང་དང༔ འབུ་སྲུང་དང་༔ ཆར་ལ་གནོད་པའི་རླུང་ནོན་དང་༔ ཆར་ཆེ་དྲག་ན་གནོད་པས་བཀག་པ་དང་༔ བདུན་པོ་འདི་ལོ་ལ་ཕན་པའི་ལས་ཚོགས་བདུན་ཡིན་ཏེ༔ འདི་གསར་རྙིང་གི་རྒྱུད་སྡེ་ཐམས་ཅད་ཅི་རིགས་པ་ཚང་མ་དང་འཐོར་བུ་དུ་མ་ནས་འབྱུང་ངོ་༔ ཁྱད་པར་དུ་ཡང་རྟ་མཆོག་རོལ་པའི་རྒྱུད་ལས༔ སེར་བའི་གུར་ཁང་གི་མན་ངག་གསུངས༔ བླ་མ་དགོངས་འདུས་ལས༔ སེར་གཅོད་མེའི་པཱ་ཏྲ་གསུམ༔ པདྨ་གླིང་པའི་འགུ་དྲག་ནས་ཆུ་འཁྱག་སེར་བ་སྲུང་བའི་ལས་མཐའ༔ རིན་ཆེན་གླིང་པའི་གུ་དྲག་ལས༔ སེར་སྲུང་རིགས་གཉིས༔ དེ་སོགས་གུ་དྲག་ལས་ཚོགས་དུ་མ་ནས་


CMR046_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས༔ རྟ་མགྲིན་ལྕགས་རལ་ལས་ཚོགས་ནས༔ ཤིང་གི་རལ་གྲི་དང་སྡེ་བརྒྱད་རྡེབ་འཁོར་གསུངས༔ ཕྱག་བཞི་པའི་ལས་ཚོགས་ལས་མཆོག་ཕུར་པ་ལ་བརྟེན་ནས་སེར་སྲུང་གསུངས༔ ཁྲོ་བོ་རྡོ་རྗེ་མཆུའི་སེར་སྲུང་༔ གཤིན་རྗེ་ཁྲོ་ཆུའི་གདོང་ཟློག༔ དེ་བཞིན་དུ་ཕྱག་དྲུག་པའི་ལས་ཚོགས་སེར་སྲུང་སྟེ༔ ལྷ་ཁྲོ་བོ་ཕལ་ཆེར་ལ་སེར་སྲུང་རེ་རེ་ཡོད༔ སྤྱིའི་ལས་ཚོགས་རྔ་དང་རོལ་མོས་སེར་བ་གཅོད་པ་དང་༔ ཐུན་ཟོར་གཏོར་མ་གདོང་བཟློག་དང་༔ བསང་དང་མཆོད་པས་བཀའ་བསྒོ་བ་དང་༔ བསྲུང་བའི་འཁོར་ལོ་བསྒོམས་པས་སེར་བ་བསྲུང་བ་དེ་རྣམས་སྤྱིའི་ལས་ཚོགས་ཡིན༔ དེ་རྣམས་བྱེད་པ་ལ་རབ་ལྷ་སོ་སོའི་བསྙེན་སྒྲུབ་དུས་དང་༔ གྲངས་དང་རྟགས་སུ་ཐོན་པ་གཅིག་དགོས༔ དེ་ལྟ་བུའི་སྔགས་པས་དེ་ཚོ་གང་གི་སྒོ་ནས་བྱས་ཀྱང་ཟབ༔ བསྙེན་སྒྲུབ་མ་ཐེམས་པས་དེ་ཚོ་བྱས་ཀྱང་ཐུབ་པར་མ་བཤད་དོ༔ དེ་ནི་སྤྱིར་ཡིན་ལ༔ བྱེ་བྲག་དམིགས་པ་གསལ་བ་ཁྲོ་བོ་རྨེ་བརྩེགས་ཀྱི་སྒོ་ནས་སེར་བའི་གདོང་བཟློག་གསུངས་པ་ལྟ་བུ་ནི་བསྙེན་པ་མ་ཐོན་ཀྱང་ཐུབ་སྟེ༔ སྨེ་བརྩེགས་འདི་ཡི་ལས་ཚོགས་སུམ་ཅུ་ཐམས་ཅད་བསྙེན་སྒྲུབ་མ་ཐོན་ཀྱང་རུང་བར་གསུངས་པའི་ཕྱིར་རོ༔ དེ་


CMR046_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སེར་བའི་སྲི་མ་ཞུགས་གནམ་ངོ་འཇམ་ན་མན་ངག་རེ་རེས་ཆོག༔ སྲི་ཞུགས་ན་སེར་ལམ་གཅོད་དགོས་པས༔ སེར་ལམ་གཅོད་ཐབས་རྒྱས་པ་ཕྱོགས་བཅུའི་སེར་ལམ་གཅོད་ཐབས་དགོངས་འདུས་ལུགས་དང་༔ སེར་ལམ་གཅོད་ཐབས་བསྡུས་པ་ཕྱོགས་བཞིའི་སེར་ལམ་གཅོད་ཐབས་ཕྱག་ན་རྡོ་རྗེ་གཏུམ་པོའི་ལུགས་གཉིས་ཡོད༔ སེར་གཏའ་བཀྲམ་པ་ཞེས་སེར་ཐོ་བཙུགས་པ་ནི་ཐམས་ཅད་ལ་ཡོད༔ སེར་ལམ་གཅོད་དུས་སྐྱེས་པ་ཐམས་ཅད་གོ་ཆ་བྱས༔ ལ་ལས་སྤོ་ཏི་ཁུར༔ གཏོར་མ་མཆོད་པ་དང་བཅས༔ སྔགས་པས་ཞིང་ཐམས་ཅད་བསྐོར་ནས་ཕྱོགས་བཅུར་གསེར་སྐྱེམས་གཏོར༔ གཏོར་མ་འབུལ༔ ཐོ་བཙུགས་ཕུར་པ་ཚ་ཚ་ཤོག་དྲིལ་བཅས་པ་སྦས༔ ཁྲོ་བཅུ་བསྐྱེད་རབ་གནས་བཀྲ་ཤིས་བྱ་སྟེ༔ དབུས་སུ་ལོགས་ལ་འོང་ཟེར་བས༔ སེར་ལམ་བཅད་པའི་མིང་ལ་འོང་སྐོར་ཞེས་གྲགས་སོ༔ ལོ་གླུད་ལ་གཉིས༔ གཟའ་ལ་ལོ་གླུད་བཏང་དང་༔ སྡེ་བརྒྱད་ཡུལ་ལྷ་ལ་བཏང་བ་ཀླུ་གཉིས༔ ལོ་བསང་དང་བཀའ་བསྒོ་བྱ་བའོ༔ དེ་ནས་རྒྱུན་དུ་གཏོར་མ་དང་ཟོར་བཅའ་བ༔ སེར་སྲུང་གི་དཀྱིལ་འཁོར་བཞེངས་ཏེ༔ སྒྲུབ་པ་དང་མཚམས་བྱེད་པ༔ བླ་མ་ཡི་དམ་


CMR046_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ་བ་གདབ་པ༔ ཆོས་སྐྱོང་སྲུང་མ་ལ་ཕྲིན་ལས་བཅོལ་བ༔ ཡུལ་ལྷ་སྡེ་བརྒྱད་སྡོང་གྲོགས་བཅོལ་བ༔ ནངས་སྔ་སེར་སྤྲིན་བརྟག་པ༔ སྤྲིན་མགོ་གནོན་པ༔ ནམ་མཁའ་བྱིན་གྱིས་རླབས་པ༔ ཞི་བའི་ཆོས་བཤད་པ༔ བྱམས་དང་སྙིང་རྗེ་བསྒོམ་པ༔ དགོང་མོ་སེར་སྤྲིན་གཏོར་བ༔ གཏོར་མ་ཐུབ་ན་ཆུར་བཞུ་བ༔ ཐོག་རྟགས་བྱུང་ན་མགར་ཚང་གཏོར་བ༔ གལ་ཏེ་སེར་བ་བྱུང་ན་གདོང་ནས་བཟློག་པ༔ ཞུད་མ་ཐུབ་ན་སེར་ལམ་སྟོན་པ༔ སེར་ལམ་བསྟན་ཡང་མ་སོང་ན༔ གཏོར་ཟོར་བརྡེག་པ༔ དེས་མ་ཐུབ་དཀའ་ན་སྡེ་བརྒྱད་གནད་འཁོར་བརྡབས་ནས་གནད་ལ་ཕབ་པ༔ དེ་རྣམས་ཤེས་ཤིང་གཞུང་བཞིན་བྱས་ན་སེར་བ་ངེས་པ་ཐུབ་པ་ཡིན༔ དེ་ཡང་སྡེ་བརྒྱད་རེ་རེའི་སེར་བ་བཟློག་ན༔ སྡེ་བརྒྱད་གོང་འགྲིག་ན་བཟློག་དཀའ་བར་བཤད༔ སེར་བ་ཕབ་སེར་ཡིན་ན་སེར་བ་འབེབས་མཁན་གྱིས་ངག་མནན་པ་སོགས་དཀའ་ཚེགས་ཆེན་པོ་དགོས༔ ཤིན་ཏུ་ནུས་ལྡན་རྣལ་འབྱོར་པས་ཡུལ་དེའི་ལྷ་འདྲེ་ལ་བཀའ་བསྒོས་པས་ཀྱང་ཐུབ་པ་ཡིན་ཏེ༔ དེ་ལྟ་བུའི་སྔགས་པ་དེང་སང་དཀོན༔ དེ་ཐམས་ཅད་ལྷའི་ལས་ཚོགས་ཀྱི་སྒོ་ནས་སེར་བ་བསྲུང་ཐབས་ཡིན་ནོ༔ དེ་ནས་


CMR046_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་ལས་ཚོགས་མ་ཡིན༔ བསྙེན་སྒྲུབ་ཐོན་མ་ཐོན་ལ་མ་ལྟོས་པར་མན་ངག་ཟབ་མོའི་སྒོ་ནས་སེར་བ་སྲུང་ཐབས་ལ་གཉིས་ཏེ། ནང་པ་སངས་རྒྱས་པའི་ལུགས་དང་༔ ཕྱི་པ་མུ་སྟེགས་པའི་ལུགས་གཉིས་སོ༔ དེ་ལ་དང་པོ་དྲག་ཆེ་བའི་བལ་པོ་རྡོ་འཁོར༔ བེར་རྒ་ཡན་ཐུབ༔ ཚ་ཚ་ཡན་ཐུབ༔ རུ་སྦལ་ཡན་ཐུབ༔ དེ་རྣམས་ནང་པའི་ལུགས་ཡིན༔ ཕྱི་པའི་ལུགས་ལ་ཡང་བེ་རྒ་ཡན་ཐུབ༔ མུ་སྟེགས་བྲ་བ་མདུང་ཁུར༔ ཚ་ཚ་ཡན་ཐུབ་སོགས་མང་དུ་ཡོད་སྐད་དོ༔ དེ་ལ་རྡོ་འཁོར་ནི་ཨ་ཙ་ར་དམར་པོའི་ལུགས་ཡིན་ཏེ༔ ཁོང་པཎྜི་ཏ་མཁས་པ་ཐུན་མོང་གི་དངོས་གྲུབ་ཐོབ་པས་རྡོ་རྗེ་དྲིལ་བུ་ནམ་མཁའ་ལ་འཇོག་ཐུབ་པ་གཅིག་ཡིན་ཅིང་༔ ཏི་པུ་གསང་སྔགས་སྡོང་པོའི་ཡབ་དེ་ཡིན་སྐད་དོ༔ དེ་བོད་དུ་ལན་གསུམ་བྱོན་པས༔ དང་པོ་ལ་ལོ་ཆེན་རིན་ཆེན་བཟང་པོས་བསྙེན་བཀུར་བྱས་ནས༔ ཀུན་རིག་སོགས་ཡོ་གའི་ཆོས་མང་པོ་བསྒྱུར་བས༔ མཚན་པཎྜི་ཏ་ཤ་དྷ་ཀ་ར་ཞེས་གྲགས་སོ༔ རྒྱབ་ལྷེ་རེས་བོད་དུ་བྱོན་པས་འབྲོག་མི་ལོཙྪ་བས་བསྙེན་བཀུར་བཟང་པོ་བྱས་དགྱེས་རྡོར་གྱི་སྐོར་མང་པོ་དང་༔ བདེ་མཆོག་ར་ལི་ཉེར་བཞི། ལམ་འབྲས་ལུགས་གཉིས་ཡོངས་སུ་རྫོགས་པར་


CMR046_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་ཏེ༔ མཚན་པཎྜི་ཏ་གྷ་ཡ་དྷ་ར་ཞེས་གྲགས་སོ༔ བར་རེས་ཇོ་བོ་རྗེ་དང་དུས་མཉམ་ཙམ་བོད་དུ་ཕེབས་ཆགས་ལམ་ཁོ་ན་ཤས་ཆེར་གསུངས་པས་བོད་དུ་སེར་ཁྱིམ་པའི་སྲོལ་འཇག་པ་དེ་ལ་ཨ་ཙ་ར་དམར་པོའི་ཆོས་ལོག་ཅེས་གྲགས༔ ཇོ་བོ་རྗེ་སོགས་བཀའ་གདམས་པ་རྣམས་ཀྱིས་བཀག་པ་ཡང་མཛད༔ ལྷ་མོ་དམག་ཟོར་མ་ཆོས་སྐྱོང་བེག་རྩེ་སོགས་དྲག་སྔགས་མང་དུ་བསྒྱུར༔ སྟོད་ལུང་དང་འཕན་ཡུལ་ཕྱོགས་སུ་མཐུ་གླ་བླངས་ནས་གསེར་སྲང་སུམ་བརྒྱ་ཙམ་རྙེད༔ མཚན་ཨ་ཙ་ར་དམར་པོ་ཞེས་གྲགས་ཏེ༔ གཙོ་ཆེར་གདམས་ངག་ངན་སྔགས་ཁོ་བློན་སྤེལ༔ དེའི་དུས་ཁོང་མཐུ་གླ་ལེན་ཕྱིར་བརྫུས་ནས་གར་ཡང་ཕེབས་པ་ལ༔ ཉང་སྟོད་དུ་བཞུགས་དུས་བསྙུང་ནས་ཤི་ལ་ཐུག་གཞན་ཡུལ་དུ་བསྐོར་མ་ནུས་རོག་ཀྱང་མེད་ཉམས་ཐག་པ་བྱུང་དུས༔ ཉང་སྟོད་ཡེ་ཤེས་འབར་ཞེས་བྱ་བ་སྨན་ཡང་ཤེས་པས༔ ཨ་ཙ་ར་བདག་མེད་སྙིང་རྗེ་བསམས་ནས་སྨན་དང་ནད་གཡོག་ཐམས་ཅད་བྱས་པས༔ ནད་ཕལ་ཆེར་ཕན་ནས༔ ཨ་ཙ་ར་ཁྱོད་སྤྱོད་ལམ་གཟོབ་དང་ངས་ནད་གཡོག་གཅིག་བཞག་སྨྲས་ནས་ཁོང་རང་གི་བུ་མོ་བརྒྱག་དང་བཅས་པ་བཞག་པས༔ ཁྱེད་གར་འབྱོན་ཟེར༔ ང་སེར་བ་བསྲུང་བ་ལ་


CMR046_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བྱས་པ༔ ཁྱོས་སེར་བ་ཅི་ཚུགས་བསྲུང་ཟེར༔ ངས་སེར་བ་མུ་སྟེགས་ཐག་ལེན་གྱི་སྒོ་ནས་བསྡུསང་བྱས་པས༔ ཨ་ཙ་ར་ན་རེ༔ ཁྱོས་ང་ཡི་སྲོག་བསླུས་པ་ཡིན༔ གཞན་སུ་ཡང་ཁོ་བོ་ལ་འཁོར་མི་མ་བྱུང་༔ ཁྱོས་ང་ཡི་གཡོག་བྱས་པས་ཐུགས་ལ་བཏགས༔ མུ་སྟེགས་ཀྱི་སེར་བསྲུང་འདི་ཕྱི་མ་ངན་པ་ཡིན་པས༔ ད་ལྟ་ཡང་བྱར་མི་གཏུབ་པ་ཡིན༔ ང་ཡི་འདི་ཟབ་ཆེས་པས་དེ་སྔ་སུ་ལ་ཡང་མ་བསྟན་པ་ཡིན༔ རྒྱ་གར་དུ་ཡང་འདི་ཐོགས་པ་མེད་པས་དཀོན༔ ངས་སེར་བསྲུང་ཟབ་མོ་འདི་ཁྱོད་ལ་འབུལ་ཟེར་ནས་ཡེ་ཤེས་འབར་ལ་གནང་༔ འོ་ན་གདམས་ངག་གཡོ་ཕྲི་མེད་པ་གཅིག་ཐུགས་ལ་ཐོག་བྱས་ཙ། གདམས་ངག་འདི་འདྲ་དཀོན་པ་ཡིན༔ སེར་སྲུང་འདི་ལ་བསྙེན་པ་ནི་མི་དགོས༔ གོང་བསྙེན་ལ་སོགས་ཅི་ཡང་མི་དགོས༔ གདོང་ཟློག་བྱེད་ཆོག༔ གཤིན་རྗེ་ཚེ་བདག་ཟླ་གསང་ནག་པོའི་སྲོག་སྙིང་ཡིན༔ སྔགས་འདི་སྐད་ཐོས་པས་ཆོག༔ ཤིན་ཏུ་ཟབ་པས་གབ་པར་བྱ༔ བཟླས་པ་བག་རེ་སོང་ན་ལྷ་འདྲེ་གཉེན་དགུ་ཐམས་ཅད་བརྒྱལ་བར་འགྱུར་ཏེ་ཐེ་ཚོམ་མེད༔ ཤིན་ཏུ་གཉན་པས་གར་ཐོད་ཐོད་དུ་མི་བཟླ༔ བཟླ་དགོས་བྱུང་དུས་སྐད་ཆུང་ཆུང་བཟླས༔


CMR046_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

མིའི་འདྲེ་རྒོད་འདུལ་བ་ལ་ཡང་འདིས་ཆོག༔ འདི་ཟབ་ཆེ་བས་སུ་ལ་ཡང་མི་སྟོན་པ་གལ་ཆེ༔ འདི་ལྷ་འདྲེ་ཐམས་ཅད་ཀྱི་ཁ་ཆིངས་ཡིན་པས་ནན་ལྟར་གཉན་པར་འདུག༔ མ་བསྟན་ཁ་ཐཾ་ཁ་ཐཾ༔ ངས་ཁྱེད་ལ་འབུལ་བའི་གདམས་ངག་འདི་ལས་ཟབ་པ་དང་བཟང་བ་ཡོད་རེ༔ འདི་ལྷག་ཆད་ཡོད་རེ་མནའ་དང་བཅས་པ་གནང་༔ དེ་ནས་ཡེ་ཤེས་འབར་གྱིས་ཡུལ་ཁ་བཞི་བསྲུང་བ་ལ་སེར་བ་ལོ་ཐོག་ལ་མི་འབབ་པ་བྱུང་༔ ཉང་སྟོད་ཕུག་ཆུང་སྔར་ཐུབ་པའི་སྟེང་དུ་ལོ་གཅིག་སེར་བ་ཐལ་ཙམ་ཡང་མ་བྱུང་༔ ཕྱིར་ལོ་སེར་བས་ལོ་བརྡུང་༔ དེ་ཅི་ཡིན་བསམ་ནས་རྡོ་འཁོར་ཉུལ་བ་ལ་སོང་བྲག་ཕུག་སྡིབ་ནས་རྡོ་འཁོར་ཕྱེ་མར་ཆག་ནས་འདུག༔ དེ་རྣམས་བསྡུས་ནས་ཁྱིམ་དུ་སོང་སྟེ༔ ལ་ཆས་སྦྱར་ནས་རབ་གནས་བྱས༔ སེར་བ་འོང་བའི་ཤུལ་བསྐྱལ་ནས་བཞག་པས༔ དེ་ལོ་ལྔ་རེད་པ་ལ་སེར་བ་མ་བྱུང་༔ དེ་ཡང་གསུངས་ཐོག་ལས་མ་འདབ་གསུངས༔ ཡེ་ཤེས་འབར་གྱིས་སྟོན་པ་མང་ཚང་ལེགས་རྡོར་ལ་གནང་༔ དེས་སྨོན་ལམ་བྱང་ཆུབ་ལ༔ དེས་བྱང་རྡོ་ལ༔ དེས་རྒྱ་སྟོན་ལ༔ དེས་དབང་མགོན་ལ༔ དེས་དཔལ་གྱི་སེང་གེ་ལ༔ དེས་མི་གནས་རྡོ་རྗེ་སེང་གེ་ལ༔ དེས་བྷཻཾ་ཆེན་


CMR046_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལྡན་ལ༔ དེས་འོད་ཟེར་དཔལ་ལ༔ དེས་ལྷ་བཟོ་ཐར་པ་ལ་ཞལ་གདམས་དང་བཅས་པ་གནང་སྟེ༔ བརྒྱུད་པ་དེ་རྣམས་ཀྱང་སེར་བ་ཐུབ་པས་ཡིད་ཆེས་པར་བྱུང་སྐད་དོ༔ དེ་ནས་རིམ་པར་བརྒྱུད་དེ༔ བལ་པོ་རྡོ་འཁོར་ཞེས་བོད་གངས་ཆེན་གྱི་སྔགས་པ་རྣམས་ལ་ཉི་ཟླ་ལྟར་ཟབ་པ་འདི་ཡིན་ནོ༔ དེ་ནི་རྡོ་འཁོར་ལོ་རྒྱུས་སོ༔ ཡང་ནང་པའི་ལུགས་ཀྱི་བེ་རྒ་ཡན་ཐུབ་ལོ་རྒྱུས་ནི༔ སེར་སྲུང་དྲག་པོའི་སྔགས་རྒོད་འདི༔ རྒྱ་གར་ཡུལ་ན་བྲག་གཅིག་ལ་རང་བྱོན་ཡོད་པས༔ ཡུལ་དེར་སེར་བསྲུང་མ་དགོས་པ་ཡིན་སྐད༔ དེ་ལ་དཔེ་བཅད་ནས་ལ་སྟོད་དུ་གདན་དྲངས་ནས་བྱོན་ཏེ༔ ལྷ་གང་གི་དབུ་རྩེ་ལ་ཤིང་བེར་རྒ་ལ་ཤིང་བྱང་བྲིས་ནས་བཏགས་པས་ལོ་གསུམ་སྲུང་མ་དགོས་སོ༔ དེར་བཙུགས་པ་རྣམས་ན་རེ༔ བྱང་བུའི་ཡོན་ཏན་མིན་ཟེར་ནས་སེར་གླ་སྟེར་མ་ཉན༔ དེས་བྱང་བཀྲ་བས་སེར་བ་ཕབས་སོ༔ ཡང་བྱང་བུ་བཏགས་པས་སེར་བ་ཐུབ་སྐད༔ དེ་ནས་ཟབ་པའི་སྒྲ་སྐད་ཐོས་ནས་མན་ངག་བསླབས་པའི་ཡོན་ལ་རྟ་རེ་འབུལ་དགོས་པ་བྱུང་བས༔ སྦ་སྟོན་དར་མ་མགོན་པོའི་རྟ་རིན་མ་ཞེས་གྲགས་སོ༔ དེ་ནས་བཀའ་གདམས་པའི་དགེ་བཤེས་འཆད་ཁ་བ་ལ་


CMR046_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་དེ༔ འདི་ཡི་ཤིང་རིས་རེ་རེས་རྟ་རེ་ཁུག་པ་བྱུང་ནས༔ དགེ་བཤེས་འཆད་པའི་ཞལ་གདམས་བྱང་བུ་རྟ་ཁུག་མ་ཞེས་གྲགས་སོ༔ བེར་རྒ་ཡན་ཐུབ་མ་ཞེས་ཀྱང་བྱ་སྟེ༔ འདི་བཙུགས་པ་ཁོ་ནས་ཆོག་པ་ཡིན་པར་གྲགས་སོ༔ ཨོཾ༔ རུས་སྦལ་ཡན་ཐུབ་ལོ་རྒྱུས་ནི༔ མཁས་གྲུབ་ཁྱུང་པོ་རྣལ་འབྱོར་པ་དེ༔ རྒྱ་གར་དུ་བྱོན་ནས༔ མཁའ་འགྲོ་ནི་གུ་མ་ལ༔ ནི་གུ་ཆོས་དྲུག་ཞུས༔ གཞན་ཡང་པཎྜི་ཏ་དང་གྲུབ་ཐོབ་མང་པོ་ལ༔ ཆོས་དང་གདམས་ངག་མང་དུ་ཞུས༔ ཁྱད་པར་དུ་བླ་མ་མེ་ཏྲི་པ་ལ་མགོན་པོ་ཕྱག་དྲུག་སྐོར་ཐམས་ཅད་ཞུས་ཤིང་གསེར་སྲང་ལྔ་བརྒྱ་ཕུལ་དུས༔ མགོན་པོའི་འཁོར་ལྷ་མོ་རེ་མ་ཏིའི་སྒྲུབ་ཐབས་ལས་ཚོགས་མང་དུ་གནང་བའི་ནང་ནས༔ བསྙེན་སྒྲུབ་གང་བསྙེན་ལ་མ་ལྟོས་པའི༔ རུས་སྦལ་ཡན་ཐུབ་པ་འདི་གནང་སྟེ༔ འདི་ཤིན་ཏུ་ཟབ་པས་སེར་སྲུང་གཞན་གྱིས་མ་ཐུབ་པ་ལ༔ སྔགས་གཅིག་སྦལ་པ་བཞག་པས་ཐུབ་ཟེར་བ་ཐོས༔ འདི་སྔགས་གྲངས་ཐེམས་ནས་རང་མ་བསྡད་ཀྱང་སྦལ་པས་ཐུབ་པས་ཡན་ཐུབ་ཡིན༔ གདོང་བཟློག་ལ་སྦལ་པ་གཡུགས་པས་ཆོག༔ བླ་མ་ཤངས་པའི་སེར་སྲུང་སྦལ་པ་ཡན་ཐུབ་ཅེས་གྲགས་སོ༔ ཨོཾ༔ ཚ་ཚ་ཡན་ཐུབ་ནང་པའི་


CMR046_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ནི༔ ཚ་ཚའི་ནང་དུ་ཤོག་དྲིལ་མཇུག་ནས་རབ་གནས་དང་༔ སྔགས་མང་དུ་བསྔགས་ནས་སེར་ཐོ་ནང་དུ་བཞག་པ༔ རྟ་མཆོག་རོལ་པའི་རྒྱུད༔ དགོངས་འདུས་སེར་གཅོད་ན་གསུང་ཡོད་པ་ཡིན༔ སེར་གཏའ་བཀྲམ་པ་དང་དོན་གཅིག༔ དེ་མ་ཡིན་པའི་ཚ་ཚ་ཡན་ཐུབ་གཅིག་ཡོད་པ་དཔེ་རྒྱུད་ནས་བཤད་པ་མེད༔ སྔར་གྱི་སྔགས་པ་རྒན་པོ་རྣམས་ཀྱིས་མན་ངག་ཡི་གེ་མེད་པའི་སྙན་བརྒྱུད་གཅིག་ཡོད་དོ༔ ཨོཾ༔ ཡང་ར་རུ་ཡན་ཐུབ་ལོ་རྒྱུས་ནི༔ སྔོན་ཡུལ་སུམ་རོང་ཞེས་བྱ་བ་ན༔ མུ་སྟེགས་པའི་སེར་འགྱེད་བྱུང་ནས་སེར་སྲུང་གང་གིས་མ་ཐུབ་པ་ལས༔ ཨ་ཙ་ར་སྐུ་མཆེད་ཀྱིས་དགོངས་ནས་གདམས་པ་འདི་མཛད་དོ༔ རྫས་སྔགས་སྣོད་གསུམ་འཛོམས་ན་ཡུན་དུ་ཐུབ༔ ཡན་ཐུབ་ཡུན་ཐུབ་ཟེར་བ་འདི༔ ཁེབས་ཆེ་བ་དགུང་སྔོན་དང་འདྲ༔ ཤོང་ཆེ་བ་དོང་མོ་ས་དང་འདྲ་བ༔ གཏིང་ཟབ་པ་མ་སྤང་མཚོ་དང་འདྲ༔ རྙེད་དཀའ་བ་ཁྱུང་གི་སྒོ་ང་དང་འདྲ༔ ཁུངས་བཙུན་པ་ཨུ་དུམ་ཨ་ཝ་རའི་མེ་ཏོག་དང་འདྲ༔ འདིའི་གདམས་པ་འཇིག་རྟེན་ཁམས་ན་གསེར་བས་དཀོན༔ གསེར་སྲང་བཞིའི་བཀའ་རྒྱ་ཡོད༔ ཡིད་བཞིན་ནོར་བུ་ཡིན་སུ་ལ་མ་སྟེར༔ རང་ཉལ་ནས་


CMR046_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པས་ཆོག༔ ཨ་ཙ་ར་གོང་མས་མཛད་པའི་མན་ངག་ཡན་དུ་མ་བཏང་ཞིག༔ དམ་བཅའ་ཡོད༔ ཨུ་ཙུ་གསང་ནས་ལེན་འདྲ་དགོས༔ ས་མ་ཡཱ་ཞེས་འབྱུང་ངོ་༔ ཨོྃ༔ ར་རུ་ཡན་ཐུབ་འདི་མུ་སྟེགས་པའི་ལུགས་ཡིན་ཟེར་བ་ནི་མི་བདེན་ཏེ༔ སྔགས་ཡེ་དྷརྨཱས་རབ་གནས་དགོས་པའི་ཕྱིར་རོ༔ འོན་ཀྱང་རྫས་ཁྲག་སྣའི་རིལ་བུ་རི་ཐམས་ཅད་ལ་བཀྲམ་པས་ཀླུ་མི་དགའ་བས་ཆར་དཀོན་ཕྱིར་ཉེས་པ་ཡོད་ཟེར་བ་ཐོས་སོ༔ ནང་པའི་ལུགས་ཀྱི་སེར་སྲུང་ར་རུ་མ་འདི་ངན་ཤོས་རྫས་ངན་སུ་གདའ་བས་མ་བྱས་ན་ལེགས་སོ༔ ༈ དེ་ནས་ཞོར་བྱུང་མུ་སྟེགས་ལུགས་ཀྱི་ལོ་རྒྱུས་ལ༔ སྤྱིར་དབང་ཕྱུག་མུ་སྟེགས་ནག་པོའི་རྒྱུད་སོགས་ནས་སེར་བ་བཀག་ཐབས་འབེབས་ཐབས་སྣ་ཚོགས་ཡོད་སྐད༔ བོན་ལུགས་ཁྱུང་དམར་སོགས་ཀྱི་ལས་མཐའ་སེར་སྲུང་ཟབ་མོ་ཡོད་སྐད༔ དེ་རྣམས་བྱེད་པ་ལ་སོ་སོའི་དབང་ལུང་ཞུ༔ དམ་ཚིག་བསྲུང་བསྙེན་སྒྲུབ་བྱེད་ནས་སེར་བ་སྲུང་བའི་ལས་ཚོགས་བྱེད་ན༔ དགོས་ལུགས་ནང་པ་དང་འདྲའོ༔ དེ་ནས་བོན་ལུགས་དང་མུ་སྟེགས་པའི་ལུགས་ཀྱང་༔ དེའི་ལྷ་མ་བསྒྲུབས་ན་ཐབ་སྔགས་འདྲ་བ་རེས་ཆོག་པ་མ་ཡིན་ནོ༔ ཡང་ཡན་ཐུབ་འགའ་ཕྱི་པ་ལ་ཡང་ཡོད༔ རྒྱ་


CMR046_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གར་གྱི་མུ་སྟེགས་ཀྱི་སྟོན་པ་སྐལ་ལྡན་རྒྱལ་པོ་ཟེར་བ་དེ་ལ༔ བླ་མ་རྔོག་ལོ་ཙཱ་བ་ཆེན་པོས་བེར་རྒ་ཡན་ཐུབ་ལ་སོགས་པའི་གདམས་ངག་འགའ་བསླབས་ནས༔ ཚུར་བོད་ལ་ཕེབས་དུས་གསེར་མང་པོ་བསྐུར་ཆད་བྱས་སོ༔ དེ་ནས་བོད་དུ་ཕེབས་ནས་མུ་སྟེགས་པ་ལ་ཆོས་དམ་ཚིག་ཅི་རྩི་རྒྱུ་མེད་དགོངས་ནས་གསེར་མ་བསྐུར་རོ༔ མུ་སྟེགས་པའི་ལོ་ཙྪ་བ་ལ་གདུལ་བྱ་མ་བྱུང་ངོ་༔ གསེར་མ་བསྐུར་བ་ཅི་ཡིན་ལྟ་བ་རུ་ཨ་ཙ་ར་གཅིག་བཏང་བས༔ ལོཙྪ་བ་ལ་སློབ་མ་ཡང་ཁྲི་ཚོ་དྲུག་ཅུ་ཙམ་འདུས༔ གསང་ཕུའི་དགོན་སྡེ་ཡང་ཐེབ་པ་མཐོང་ནས་ལོ་རྒྱུས་ཡང་རྒྱ་གར་དུ་ཐོས་པས༔ མུ་སྟེགས་སྐལ་ལྡན་རྒྱལ་པོ་ཁྲོས་ནས་༔ ངན་སྔགས་བྱས་པས༔ རྔོག་ལོ་ཆེན་བསམ་ཡས་ནས་ཀོ་གྲུ་ལ་བྱོན་སྐབས་ནམ་མཁའ་ནས་རྡོའི་ཆར་བབས་ནས་ཀོ་གྲུ་ཆུར་ནུབ་ནས་ལོ་ཙྪ་བ་དེར་འདས་སོ༔ དེའི་མན་ངག་ནི་ཤིང་བྱང་བུ་ལ་བུམ་པའི་གཟུགས་བྲིས་པའི་ནང་དུ༔ སྔགས་རྒོད་གཅིག་བྲིས་ནས་བཙུགས་པས་ཆོག་པ་ཡོད༔ འདི་བྱེད་མི་མང་བར་ཡོད༔ མིང་བེ་རྒ་ཡན་ཐུབ་ཅེས་གྲགས་སོ༔ གཞན་ཡང་མུ་སྟེགས་བྲ་བ་མདུང་ཁུར༔ མུ་སྟེགས་ཐག་ལེན་གྱི་སེར་སྲུང་རྣམས་ཀྱང་ཡོད་དོ༔ ཕྱི་མ་


CMR046_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་སྒྲིབ་ཅུང་ཟད་ཡོད་དོ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས༔ བོན་དང་མུ་སྟེགས་ལུགས་ལ་སྐྱབས་སུ་ཚོལ་ན༔ སྐྱབས་འགྲོའི་བསླབ་པ་དང་འགལ་བས་མ་བྱས་ན་ལེགས་སོ༔ དེ་ལས་ཀྱང་ངན་པ་མུ་སྟེགས་གི་ཟབ་ཁྱེད་ཇ་ཚགས་སུ་ཆུ་བླུག་ནས་སྔགས་པས་ཕྱིར་ཆུ་མི་འབོ་བའི་རྣོ་ཁྱེད་ཡོད་སྐད༔ བྱེད་ལུགས་ཚ་ཚ་དང་སངས་རྒྱས་ཀྱི་སྐུ་ལྷམ་ནང་དུ་བཅུག་ནས་གདོང་ཟློག་བྱེད་པ་སོགས་ཡོད་སྐད༔ དེ་དག་རྫས་ངན་པས་ཡུལ་ལྷ་རྣམས་མནོལ་ཕབ་པས་ཆར་དཀོན་ཤིང་ཕུགས་བཀྲ་མི་ཤིས༔ དཀོན་མཆོག་ལ་ལོག་པར་ལྟ་བའི་སྤྱོད་པས་ཚེ་འདིར་ཡང་རང་གི་བསོད་ནམས་ཟད༔ ཕྱི་མ་ཡང་ངན་སོང་དུ་ངེས་པར་འགྲོ་བས་སེར་སྲུང་ངན་པ་དེ་དག་སྤང་བར་བྱའོ༔ སེར་སྲུང་ལ་ཉེས་པ་ཡོད་དོ༔ སྣང་སྲིད་ལྷ་འདྲེའི་མཆུ་བཅིང་༔ སེར་བ་ལོ་གསུམ་བསྲུངས་ན་ཟས་དྲི་མེད་ཅིང་རྩམ་པ་རྩ་མཆོག་གང་ལས་ཟ་རྒྱུ་མེད་སར་སྐྱེ༔ ལྷ་མོ་རལ་གྲི་ལན་རེ་གཡུག་དུས་གཟུགས་མེད་ལྷ་འདྲེའི་སྐེ་དམར་ཉོག་ཉོག་གཅོད༔ ཐར་པ་མེད་ཟེར་བ་ན་འཇིག་རྟེན་ན་གྲགས་ན་ཡང་དེ་ལ་དབྱེ་བ་ཡོད་དོ༔ བསམ་པ་ལ་སེར་གླ་ཨེ་རག་ཁོ་ན་མ་གཏོག་སེམས་བསྐྱེད་མེད༔ སྦྱོར་བ་ལ་བསྐྱེད་རིམ་ལྷ་ཡི་ནུས་


CMR046_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

པ་མིན་པར་རྫས་ངན་དང་ཕྱི་ཕའི་སྒོ་ནས་བསྲུང་བ༔ ལྷ་འདྲེ་དགྲར་བཟུངས་བས་ཞེ་སྡང་གི་དྲག་སྔགས་འདོན་ཅིང་གནད་ལ་དབབ༔ སེར་གླ་མ་བྱིན་ན་སེར་བ་ཕབ་པ་སོགས་བྱེད་པའི་སེར་སྲུང་བ་ནི་འཇིག་རྟེན་པས་སྨྲ་བ་ལྟར་ངན་སོང་ལས་འགྲོ་ས་མེད་དོ༔ བསམ་པ་འཇིག་རྟེན་བདེ་ཞིང་ལོ་ལེགས་ན༔ སེམས་ཅན་རྣམས་སྐྱིད་པ་གཅིག་ཨེ་འོང་གིས་སེམས་བསྐྱེད༔ སྦྱོར་བ་ཡི་དམ་གྱི་བསྐྱེད་རིམ་དང་སྔགས་ཀྱི་ནུས་པས་ལྷ་འདྲེ་མཆོད་ཅིང་༔ བཀའ་བསྒོས་ནས་ཕྲིན་ལས་བཅོལ༔ ཡེ་ཤེས་ཀྱི་ལྷ་ཐུན་མོང་དུ་བསྒྲུབས་ན་མཆོད་བསྟོད་ཞོར་ལ་འབྱུང་བ་ཁོ་ན་ཡིན་པས༔ གནས་སྐབས་སེར་བ་བསྲུང་ཕྱིར་ཡིན་ཀྱང་མཚམས་དང་བསྙེན་སྒྲུབ་བྱས་པ་དེ་མཐར་ཐུག་བྱང་ཆུབ་ཐོབ་ཕྱིར་བསྔོ་བས་རྒྱས་བཏབ༔ གལ་ཏེ་སེར་གླ་མ་བྱིན་ཀྱང་སེར་བ་ཕབ་སོགས་བསམ་ངན་མི་བྱེད་པར༔ སེར་བ་སྲུང་བ་དེ་མིའི་འཇིག་རྟེན་པ་སྐྱབས་ཀྱི་སྦྱིན་པ་བསྔོ་བས་རྒྱས་བཏབ༔ དེ་བྱེད་ན་སེར་སྲུང་བྱང་ཆུབ་ཀྱི་ལམ་དུ་འགྱུར་དེ་ལ་དགོངས་ནས་རྒྱུད་གཞུང་རྣམས་ནས་གསུངས་པ་ཡིན་གྱི༔ སྡིག་པ་ཁོ་ན་ཡིན་པ་རྒྱུད་གཞུང་ཐམས་ཅད་ནས་ག་ལ་གསུངས༔ འདུལ་བ་ལས་ཀྱང་སེར་བ་བྱུང་ན་བཟློག་པར་


CMR046_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ༔ ཞེས་དགེ་སློང་ཚུལ་ཁྲིམས་ལྡན་པས་ཀྱང་༔ སྡིག་པ་ཅི་ཡང་མི་བྱ་ཞིང་༔ ཞེས་སོགས། སེར་བའི་གདོང་བཀག་པའི་ཆོས་བཤད་པར་བྱ་བ་དང་༔ དགེ་འདུན་གྱི་སྡེ་ཆེན་པོས་ཀྱང་གཎྜི་བརྡུང་བ་དང་བྱམས་དང་སྙིང་རྗེ་བསྒོམ་པ་དང་༔ སྟོང་ཉིད་བསྒོམས་པས་ངོ་བོ་སྟོང་ཉིད་དུ་བསྲེ་བ་སོགས་སེར་བ་ཞི་བར་བྱ་བ་གསུངས༔ དེའི་ཕྱིར་འབྲི་གུང་ཞབས་དྲུང་དང་༔ ཞབས་དྲུང་རྡོ་རྗེ་གྲགས་པ་ད་ང༔ ཡོལ་མོ་སྤྲུལ་སྐུ་རྣམས་ཀྱིས་ཀྱང་སེར་བ་བསྲུང་བའི་སྲོལ་ཡོད་སྐད་དེ་ཡི་དོན་ཡིན་ནོ༔ འོན་ཀྱང་སྔགས་སྡེ་ཆེན་པོ་བཀྲ་ཤིས་ཟུར་མང་སྣའི་མགོན་པོའི་སྔགས་རྒྱུན་པ་རྣམས་ཀྱིས་སེར་བ་སྲུང་དགོས་པས༔ སྡེ་བརྒྱད་དང་འགྲས་ནས་དགྲ་ལ་ལྷ་རྟགས་ཆེར་མི་འབྱུང་བ་ཡིན་ཟེར་བའི་སྲོལ་གདའ་བས་དེ་ལྟར་ན་མ་བསྲུངས་ན་ཡང་ལེགས་པ་འདྲའོ་སྙམ༔ སེར་སྲུང་སྤྱིའི་ལོ་རྒྱུས་སྔགས་ནག་༧ རཱ་ག་ཨ་སྱས་བྲིས་པ་མངྒ་ལཾ། བྷ་ཝནྟ༔ ཤུ་བྷཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སེར་བསང་།


CMR046_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སེར་བསང་བཞུགས་པའི་དབུ་ཡི་གཟིགས་ཕྱོགས་སྤྲོ་བར་བཞུགས། ༈ འདི་ཡི་གེ་སུ་ཤེས་ཀྱི་འདོན་རུང་བཀའ་གཉེན་མིན་ལག །དཔེ་གཅོད་མི་གདའ་ན་གཅོད་ཆུགས། གཞན་ཕན་གང་ཆེ་བསམ་པས་བྲིས་པ་དགེ་ལེགས་འཕེལ། ཀརྨ་མརྟིས།


CMR046_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་ཡིག་ལས། །ངོམ་གྱི་ཕྱོགས་སུ་སད་སེར་མུ་གེ་འབྱུང་། །ཞེས་ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་པའི་དུས་ལ་བསླེབས་པས། དུས་ཕྱིས་སེར་བ་རྒོད་ཅིང་སྔགས་པ་རྣམས་ཀྱིས་ཐུབ་དཀའ་བར་བྱུང་བས། དེ་ལ་ཕན་པའི་དོན་དུ་ལོ་གླུད་སེར་བསང་བྲི་བར་བྱ་སྟེ། བསང་མཆོད་སྤྱི་ལྟར་ལས། ཁྱོད་པར་བསང་ཁང་ནང་དུ་སྙེ་མའི་ཕུད་རྣམས་མཆོད་ཅིང་བསང་རྒྱས་པར་བྱེད་ན། འདི་ཁུ་ཡེའི་གོང་དུ་འདོན་ལ། འདི་རྐྱང་པ་དུས་བཏོན་ན་ཡང་ཆོག་པས། ཚར་གསུམ་བཞི་བདུན་སོགས་འདོན་ན། གཤེགས་གསོལ་མན་ཚར་གཅིག་བྱ། བསང་རྒྱས་པ་བྱེད་ན་གཤེགས་གསོལ་ཉུང་བ་ནི་སྐྱུར་ཀྱང་རུང་ངོ་། དམིགས་པ་འདོན་སྒོམ་སྦྲགས་པས་བྱའོ། །


CMR046_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །གུ་རུ་དྲག་པོ་ཡེ་ཤེས་ཁྲོ་བཅུ་ལ། །བདག་དང་ལོ་ཐོག་འབུ་སྲིན་སྐྱབས་སུ་མཆི། །འགྲོ་བ་མུ་གེའི་འཇིགས་པ་ཞི་བ་དང་། འབུ་སྲིན་རྣམས་ལ་མི་འཇིགས་སྦྱིན་པའི་ཕྱིར། །ལོ་གླུད་སེར་བསང་བདག་གིས་བརྩམ་པར་བྱ། །ཆོས་རྣམས་སྤྲོས་བྲལ་ཡེ་ནས་རྫོགས་པ་ཆེ། །དེ་ཡི་རང་མདངས་རང་ཉིད་སྐད་ཅིག་གིས། །རྡོ་རྗེ་གྲོ་ལོད་སྐུ་མདོག་དམར་སྨུག་ནག་སྤྱན་གསུམ་ཨམ་གཙིགས་དབུ་སྐྲ་དམར་སེར་འཁྱིལ། །རྡོ་རྗེ་ཕྱར་ཞིང་ལྕགས་ཕུར་ཕྱོགས་བཅུར་གཟིར། །ཕོད་ཁ་ཆོས་གོས་མི་མགོའི་དོ་ཤལ་


CMR046_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །བརྐྱང་བསྐུམ་འདོར་ཐབས་སྟག་མོའི་གདན་ལ་འགྱིངས། །ཡེ་ནས་དམ་ཡེ་དབྱེར་མེད་ཐུགས་སྲོག་ཧཱུྃ། །དེ་ལས་འོད་འཕྲོས་བསང་མགྲོན་སྤྱན་དྲངས་གྱུར། །ཧཱུྃ། གདོད་ནས་རྣམ་དག་ཆོས་དབྱིངས་ཞིང་ཁམས་ནས། །འཇིག་རྟེན་དྲེགས་པ་ཀུན་འདུལ་པདྨ་འབྱུང་། །ཡེ་ཤེས་ཁྲོ་བཅུ་འཁོར་བཅས་གཤེགས་སུ་གསོལ། །ལོ་ཐོག་རྣམས་ལ་བསྲུང་ཕྱིར་བརྟན་པར་བཞུགས། །སྟོང་གསུམ་མི་མཇེད་འཇིག་རྟེན་ཞིང་ཁམས་ནས། །སྲིད་པའི་སེར་བདག་གཟའ་གདོན་དྲེགས་པའི་ཚོགས། །ལོ་གླུད་བསང་མཆོད་འབུལ་ཚུཕྱིར་འདིར་བྱོན་ལ། །ཞི་ཞིང་བྱམས་པའི་སེམས་ཀྱིས་བསང་མཆོད་བཞེས། །རཾ་ཡཾ་ཁཾ་གིས་མི་གཙང་དྲི་མ་སྦྱངས། །དྷིལས་བསང་ཁང་དུ་བའི་ལྷ་མོ་ནི། །སྔོན་མོ་རྒྱན་དང་ལང་ཚོ་ཕུན་སུམ་ཚོགས། །ཕྱག་གཡས་ཁྲུས་བུམ་ཕོག་ཐུག་འགྲམ་འཁྲུག་བཀྲུ། །གཡོན་པས་སྨན་གཞོང་སྤོས་སྤྲིན་སྟོང་གསུམ་ཁྱབ། །དུད་པའི་ཆ་ཤས་ཟེར་མ་རེ་རེ་ལ། །འདོད་ཡོན་ལྔ་དང་རྒྱལ་སྲིད་བཀྲ་ཤིས་རྫས། །བཟའ་བཏུང་ལོངས་སྤྱོད་སྣ་ཚོགས་ཆར་བཞིན་འབེབས། བཛྲ་དྷུ་པེ་ཧཱུྃ་གིས་བྱིན་གྱིས་བརླབས། །ཕྱེ་མར་ཟས་ཕུད་དཀར་གསུམ་


CMR046_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་འདིས། །ཧཱུྃ། སངས་རྒྱས་ཀུན་འདུས་གུ་རུ་རིན་པོ་ཆེ། །སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ། །ལྷ་སྲིན་ཐམས་ཅད་འདུལ་མཛད་པ། །གུ་རུ་པདྨ་འབྱུང་གནས་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ལོ་ཏོག་རྣམས་ལ་སྐྱབས་པར་ཞུ། །བྱིན་གྱིས་རློབས་ཤིག་གུ་རུ་རྗེ། །སྣང་སྲིད་དྲེགས་པ་འདུལ་མཛད་པ། །གུ་རུ་དྲག་པོའི་ལྷ་ཚོགས་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །སད་དང་སེར་བའི་གནོད་པ་ཟློག །ལོ་ཏོག་རྣམས་ལ་བསྲུང་དུ་གསོལ། །ལོ་ལེགས་འབྲུ་བཅུད་འཕེལ་བའི་ལྷ། །སེམས་དཔའ་ས་ཡི་སྙིང་པོ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ལོ་ལེགས་འབྲུ་འཕེལ་དངོས་གྲུབ་སྩོལ། །སད་དང་སེར་བ་ཟློག་པའི་ལྷ། །ཁྲོ་བོ་རྡོ་རྗེའི་མཆུ་ལ་ཡང་། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ཐོག་དང་སེར་བའི་གནོད་པ་ཟློག །ལོ་ཐོག་རྣམས་ལ་བསྲུང་དུ་གསོལ། །ཁྲོ་བོ་ཧཱུྃ་ཆེན་ཀཱ་ར་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །སྟེང་གི་ཕྱོགས་ཀྱི་ཐོག་སེར་ཟློག །ལོ་ཐོག་རྣམས་ལ་བསྲུང་དུ་གསོལ། །ཁྲོ་བོ་རྣམ་པར་རྒྱལ་བ་ལ། །ཕྱག་འཚལ་བསང་དང་མཆོད་པ་


CMR046_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། །ཤར་ཕྱོགས་དྲི་ཟའི་ཐོག་སེར་ཟློག །ལོ་ཐོག་རྣམས་ལ་བསྲུང་དུ་གསོལ། །ཁྲོ་བོ་དབྱུག་པ་སྔོན་པོ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ཤར་ལྷོ་མེ་ལྷའི་ཐོག་སེར་ཟློག །ལོ་ཏོག་སྲུང་སྐྱོབ་མཛད་དུ་གསོལ། །ཁྲོ་བོ་གཤིན་རྗེའི་གཤེད་པོ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ལྷོ་ཕྱོགས་གཤིན་རྗེའི་ཐོག་སེར་ཟློག །ལོ་ཐོག་རྣམས་ལ་སྲུང་སྐྱོབ་མཛོད། །ཁྲོ་བོ་མི་གཡོ་མགོན་པོ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ལྷོ་ནུབ་སྲིན་པོའི་ཐོག་སེར་ཟློག །ལོ་ཏོག་རྣམས་ལ་ཐུགས་རྗེས་སྐྱོབ། །ཁྲོ་བོ་རྟ་མགྲིན་རྒྱལ་པོ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ནུབ་ཕྱོགས་ཀླུ་ཡི་ཐོག་སེར་ཟློག །ལོ་ཐོག་རྣམས་ལ་སྐྱོབ་པར་ཞུ། །ཁྲོ་བོ་འདོད་པའི་རྒྱལ་པོ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ནུབ་བྱང་རླུང་ལྷའི་ཐོག་སེར་ཟློག །ལོ་ཐོག་སྲུང་སྐྱོབ་མ་གཡེལ་ཞིག །ཁྲོ་བོ་བདུད་རྩི་འཁྱིལ་པ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །བྱང་ཕྱོགས་གནོད་སྦྱིན་ཐོག་སེར་ཟློག །ལོ་ཐོག་སྲུང་སྐྱོབ་མེལ་ཚེ་མཛོད། །ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་ལ། །ཕྱག་འཚལ་བསང་


CMR046_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཆོད་པ་འབུལ། །བྱང་ཤར་བགེགས་ཀྱི་ཐོག་སེར་ཟློག །ལོ་ཐོག་ཁྲོ་བོ་ཁྱོད་ཀྱིས་སྲུངས། །ཁྲོ་བོ་སྟོབས་པོ་ཆེ་ལ་ཡང་། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ས་བདག་ཡུལ་ལྷའི་ཐོག་སེར་ཟློག །ལོ་ཐོག་འདི་རྣམས་ཐུབ་པར་སྲུངས། །དཔལ་མགོན་བདུན་ཅུ་རྩ་ལྔ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ཡུལ་འདིར་སད་སེར་མ་བཏང་ཞིག །རྒྱལ་བའི་བཀའ་བཞིན་འཇིག་རྟེན་སྐྱོངས། །བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ། །དྲེགས་པའི་སྡེ་དཔོན་སུམ་ཅུ་ལ། །ལོ་གླུད་བསང་དང་མཆོད་པ་འབུལ། །ཡུལ་འདིར་སད་སེར་མ་བཏང་བར། །ལོ་ཕྱུགས་ལེགས་པའི་ཁ་འཛིན་མཛོད། །སྔགས་བདག་དྲེགས་པ་བཅོ་བརྒྱད་ལ། །ལོ་གླུད་བསང་དང་མཆོད་པ་འབུལ། ཡུལ་འདིར་སད་སེར་མ་བཏང་བར། །སེར་བ་སྲུང་རོགས་ཁྱོད་ལ་བཅོལ། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི། །བཀའ་དང་དམ་ལ་མ་འདའ་བར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །སྲིད་པའི་སེར་བདག་རཱ་ཧུ་ལ། །ཡབ་ཡུམ་སྲས་དང་འཁོར་བཅས་ལ། །


CMR046_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་གླུད་བསང་དང་མཆོད་པ་འབུལ། །ཡུལ་འདིར་སེར་བ་མ་བཏང་ཞིག །ཟས་ཀྱི་ངོ་ཅིག་ཁྱོད་ཀྱི་གྱིས། །ཤར་ནས་ནུབ་ཏུ་བྱོན་ཙམ་ན། །དམུ་བདུད་དྲག་པོ་འཁོར་བཅས་ལ། །བྱི་ནུ་ར་ཙ་ཆེན་པོ་ལ། །ལོ་གླུད་བསང་དང་མཆོད་པ་འབུལ། །དམུ་བདུད་སེར་བ་མ་བཏང་ཞིག །ཟས་ཀྱི་ངོ་ཅིག་ཁྱོད་ཀྱི་གྱིས། །ཤར་ལྷོ་མཚམས་ནས་བྱོན་ཙམ་ན། །དགྲ་བླའི་རྒྱལ་མོ་འཁོར་དང་བཅས། །དྲང་སྲོང་ཆེན་པོ་ར་ཧུ་ལ། །ཁྱེད་ལ་ལོ་གླུད་བསང་མཆོད་འབུལ། །དགྲ་བླའི་སེར་བ་མ་བཏང་ཞིག །ཟས་ཀྱི་ངོ་ཅིག་ཁྱོད་ཀྱི་གྱིས། །ལྷོ་ནས་བྱང་དུ་བྱོན་པའི་ཚེ། །ཀླུ་བཙན་ཡོངས་ཀྱི་འཁོར་གྱིས་བསྐོར། །ལྷ་ཆེན་ཁྱབ་འཇུག་ཆེན་པོ་ལ། །ལོ་གླུད་བསང་དང་མཆོད་པ་འབུལ། །ཀླུ་བཙན་སེར་བ་མ་བཏང་ཞིག །ཟས་ངོ་ཁྱབ་འཇུག་ཁྱོད་ཀྱི་གྱིས། །ལྷོ་ནུབ་མཚམས་ནས་བྱོན་པའི་ཚེ། །སྲིན་པོ་ཤ་ཟ་འཁོར་དང་བཅས། །སྲིན་པོ་བྱི་ཏྲི་པ་ཏྲ་ལ། །ལོ་གླུད་བསང་དང་མཆོད་པ་འབུལ། །ཀླུ་བཙན་སེར་བ་མ་བཏང་ཞིག །ཟས་ངོ་བྱི་ཏྲི་ཁྱོད་ཀྱི་གྱིས། །ནུབ་ནས་ཤར་དུ་བྱོན་པའི་ཚེ། །སྲིད་པ་མ་མོའི་ཚོགས་དང་བཅས། །དགྲ་ཕུང་ལྗང་སྔོན་


CMR046_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ལ། །ལོ་གླུད་བསང་དང་མཆོད་པ་འབུལ། །མ་མོའི་སེར་བ་མ་བཏང་ཞིག །ཟས་ངོ་ལྗང་སྔོན་ཁྱོད་ཀྱི་གྱིས། །ནུབ་བྱང་མཚམས་ནས་བྱོན་པའི་ཚེ། །ལས་ཀྱི་གཤིན་རྗེའི་འཁོར་གྱི་བསྐོར། །དུ་བ་འཇུག་རིང་ཆེན་པོ་ལ། །ལོ་གླུད་བསང་དང་མཆོད་པ་འབུལ། །གཤིན་རྗེའི་སེར་བ་མ་བཏང་ཞིག །ཟས་ངོ་འཇུག་རིང་ཁྱོད་ཀྱི་གྱིས། །བྱང་ནས་ལྷོ་རུ་བྱོན་པའི་ཚེ། །བདུད་རིགས་ཀུན་གྱི་འཁོར་གྱིས་བསྐོར། །བདུད་པོ་རོག་ཏི་འབར་བ་ལ། །ལོ་གླུད་བསང་དང་མཆོད་པ་འབུལ། །བདུད་ཀྱི་སེར་བ་མ་བཏང་ཞིག །ཟས་ངོ་རོག་ཏི་ཁྱོད་ཀྱི་གྱིས། །བྱང་ཤར་མཚམས་ནས་བྱོན་པའི་ཚེ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུས་བསྐོར། །བགེགས་དཔོན་བྱི་ནུ་ཡ་ཀ་ལ། །ལོ་གླུད་བསང་དང་མཆོད་པ་འབུལ། །བགེགས་ཀྱི་སེར་བ་མ་བཏང་ཞིག །ཟས་ངོ་ལོག་འདྲེན་ཁྱོད་ཀྱི་གྱིས། །ཤར་ཕྱོགས་ནམ་མཁའི་ལོ་བདག་མོ། །སྟག་སྲིན་ཟོར་བའི་གདོང་ཅན་མ། །ལོ་གླུད་བསང་དང་མཆོད་པ་འབུལ། །སེར་སྤྲིན་ནག་པོ་མ་གཡོ་ཞིག །ཟས་ངོ་སྲིན་མོ་ཁྱོད་ཀྱི་གྱིས། །ལྷོ་ཕྱོགས་ནམ་མཁའི་མངའ་བདག་མོ། །


CMR046_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བམ་སྲིན་དྲེད་མོང་གདོང་ཅན་མ། །ལོ་གླུད་བསང་དང་མཆོད་པ་འབུལ། །སེར་འབྲུག་འུར་སྒྲ་མ་འབྱིན་ཅིག །ཟས་ངོ་སྲིན་མོ་ཁྱོད་ཀྱི་གྱིས། །ནུབ་ཕྱོགས་ནམ་མཁའི་མངའ་བདག་མོ། །རྐང་སྲིན་བ་གླང་གདོང་ཅན་ལ། །ལོ་གླུད་བསང་དང་མཆོད་པ་འབུལ། །སེར་སྒྲ་གློག་དམར་མ་འཁྱུག་ཅིག །ཟས་ངོ་སྲིང་མོ་ཁྱོད་ཀྱི་གྱིས། །བྱང་ཕྱོགས་ནམ་མཁའི་མངའ་བདག་མོ། །འབྲོག་སྲིན་ཆུ་སྲིན་གདོང་ཅན་ལ། །ལོ་གླུད་བསང་དང་མཆོད་པ་འབུལ། །སེར་བ་དཀར་པོའི་གདོང་མ་སྟོན། །ཟས་ངོ་སྲིན་མོ་ཁྱོད་ཀྱི་གྱིས། །རི་རབ་རི་ཡི་རྩེ་མོ་ནས། །ཡབ་གཅིག་སྲིན་པོ་ཡཀྵ་འབར། །ཁྱོད་ལ་ལོ་གླུད་མཆོད་པ་འབུལ། །གནམ་ལྕགས་ཐོག་མདའ་མ་འཕེན་ཅིག །ཟས་ངོ་ཡབ་རྒན་ཁྱོད་ཀྱི་གྱིས། །འོག་ཕྱོགས་རྒྱ་མཚོའི་གཏིང་རུམ་ནས། །ཡུམ་གཅིག་སྦལ་མགོ་ཁྲག་མིག་མ། །ལོ་གླུད་མཆོད་པ་འདི་བཞེས་ལ། །འོག་ཐོག་ས་འཁྲུག་མ་བཏང་ཞིག །ཟས་ངོ་ཡུམ་རྒན་ཁྱོད་ཀྱི་གྱིས། །གཟའ་བདུད་ཡབ་ཡུམ་སྲས་འཁོར་ལ། །སེར་བ་སྲུང་བའི་ཕྲིན་ལས་བཅོལ། །ཁྱེད་ལ་བསྲུང་དུ་བཅོལ་བ་འདི། །རང་ཤ་རང་གིས་མ་ཟ་ཞིག །རང་ཁྲག་རང་


CMR046_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མ་འཐུང་ཞིག །བཅོམ་ལྡན་ཕྱག་ན་རྡོ་རྗེ་དང་། །པདྨ་འབྱུང་གནས་བཀའ་མ་བཅག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བོད་ཁམས་བརྟན་མ་བཅུ་གཉིས་དང་། །རྗེ་ཡི་མགུར་ལྷ་བཅུ་གསུམ་དང་། །དགེ་བསྙེན་ཉི་ཤུ་རྩ་གཅིག་ལ། །ལོ་གླུད་བསང་དང་མཆོད་པ་འབུལ། །ཡུལ་འདིར་སེར་བ་མ་བཏང་ཞིག །ལོ་ཕྱུགས་ལེགས་པའི་ཁ་འཛིན་མཛོད། །སློབ་དཔོན་པདྨའི་བཀའ་བཞིན་དུ། །ཡུལ་འདིར་བཀྲ་ཤིས་བདེ་ལེགས་མཛོད། །ཁྱད་པར་མདོ་ཁམ་ཟལ་མོ་སྒང་། །ཆུ་གཉིས་བར་གྱི་སྤྱི་རྗེ་ནི། །བོད་ཀྱི་སྐུ་རྒྱལ་ཤེ་ནེ་ནི། །འཁོར་དང་བཅས་པ་ཐམས་ཅད་ལ། །བསང་དང་མཆོད་པ་འདི་འབུལ་ལོ། །ཡུལ་འདིར་སེར་བ་མ་བཏང་ཞིག །ལོ་ཕྱུགས་ལེགས་པའི་ཁ་འཛིན་མཛོད། །ངོམ་ཡུལ་ཀུན་ལ་མངའ་མཛད་པའི། །སྐྱེས་བུ་ངོམ་རྒྱ་མཚོ་བཀྲ་ནི། །འཁོར་དང་ཡང་འཁོར་བཅས་པ་ལ། །བསང་དང་མཆོད་པ་འདི་འབུལ་ལོ། །ཡུལ་འདིར་སེར་བ་མ་བཏང་ཞིག །རང་གི་ཡུལ་འདི་ཁྱོད་ཀྱིས་སྲུངས། །སྤོ་རྒྱལ་སྟག་རྩེ་མཆེད་དགུ་དང་། །དགེ་བསྙེན་སྤྱི་འབྱམས་རྫ་དམར་དང་། །ཁྲ་ཚང་མ་ལ་


CMR046_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཡི། །ཡུལ་ཕྱོགས་འདི་ཡི་བཙན་རིགས་ནི། །མ་ལུས་འཁོར་དང་བཅས་པ་ལ། །བསང་དང་མཆོད་པ་འདི་འབུལ་ལོ། །ཡུལ་འདིར་སེར་བ་མ་བཏང་ཞིག །རང་གི་ཡུལ་འདི་ཁྱོད་ཀྱིས་སྲུངས། །དགེ་བསྙེན་དབྱི་དོ་མཚོ་ནག་དང་། །མཁར་ནག་རིན་ཆེན་ལྷུན་གྲུབ་སོགས། །ཡུལ་ཕྱོགས་འདི་གནས་ཀླུ་བདུད་ལ། །བསང་དང་མཆོད་པ་འདི་འབུལ་ལོ། །ཡུལ་འདིར་སེར་བ་མ་བཏང་ཞིག །སེར་བ་སྲུང་བའི་ཕྲིན་ལས་མཛོད། །མཛོད་འཛིན་སོ་རྒྱལ་དོན་འགྲུབ་དང་། །བསེན་མཁར་གསུམ་པོ་ཕས་ཕས་སོགས། །ཡུལ་ཕྱོགས་འདིར་གནས་གཞི་བདག་ལ། །བསང་དང་མཆོད་པ་འདི་འབུལ་ལོ། །ཡུལ་འདིར་སེར་བ་མ་བཏང་ཞིག །སེར་བ་ཁྱེད་ཅག་རྣམས་ཀྱིས་སྲུངས། །རྫ་ཡི་ལྷ་བྲག་དཀར་པོ་སོགས། །ཡུལ་ཕྱོགས་འདི་ལ་གནས་པ་ཡི། །སྣང་ཞིང་སྲིད་པའི་ལྷ་འདྲེ་ལ། །བསང་དང་མཆོད་པ་འདི་འབུལ་ལོ། །ཡུལ་འདིར་སེར་བ་མ་བཏང་ཞིག །སེར་བའི་སྣ་འདྲེན་མ་བྱེད་པར། །རང་གི་ཡུལ་འདིར་རང་གིས་སྲུངས། །འཛམ་རྒྱལ་ར་དཀར་ག་ཡས་དང་། །མཁར་ནག་བཙོས་རུ་ལ་སོགས་པ། །ཡུལ་འདིའི་


CMR046_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་བདག་ཐམས་ཅད་ལ། །བསང་དང་མཆོད་པ་འདི་འབུལ་ལོ། །ཡུལ་འདིར་སེར་བ་མ་བཏང་ཞིག །རང་གི་ཡུལ་འདིར་རང་གིས་སྲུངས། །ནོར་བདག་རྟ་འདྲ་འཁོར་བཅས་དང་། །འབྲོག་རྫོ་ང་སྐྱོ་ཐུ་བེནེ་སོགས། །ངོམ་ཡུལ་སྟོད་ཀྱི་གཞི་བདག་ལ། །བསང་དང་མཆོད་པ་འདི་འབུལ་ལོ། །ཡུལ་འདིར་སེར་བ་མ་བཏང་ཞིག །རང་རང་ཡུལ་རྣམས་རང་གིས་སྲུངས། །ལོ་ཕྱུགས་ལེགས་པའི་ཁ་འཛིན་མཛོད། །ས་བོན་མངར་བ་རྣམས་ལ་ནི། །འབྲས་བུ་མངར་བ་སྨིན་པར་གྱུར། །ས་བོན་ཁ་བ་རྣམས་ལ་ནི། །འབྲས་བུ་ཁ་བ་སྨིན་པར་གྱུར། །སྡིག་པའི་འབྲས་བུ་སྡུག་བསྔལ་ཏེ། །དགེ་བའི་འབྲས་བུས་བདེ་བ་ཐོབ། །དེ་ཕྱིར་གནོད་པའི་སེམས་སྤོངས་ལ། །བྱམས་པའི་སེམས་ཀྱིས་གནས་པར་མཛོད། །འཇིག་རྟེན་ལྷ་འདྲེ་ཁྱེད་རྣམས་ལ། །ལོ་གླུད་བསང་མཆོད་འདི་འབུལ་བས། །གནས་སྐབས་བདེ་སྐྱིད་ལྡན་པ་དང་། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །ལྷ་མོ་དཔལ་གྱི་འབྲུ་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ལྷ་མོ་བརྟན་མའི་ས་བཅུད་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཡེ་ཤེས་འཇིག་རྟེན་ཐམས་


CMR046_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི། །བང་མཛོད་འབྲུ་ཡི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཕྱུ་ཧཱུྃ་གཡང་ཧཱུྃ་ལོ་ལེགས་སྐྱེ་རྒྱལ་ཧཱུྃ། །འཇིག་རྟེན་ལྷ་འདྲེ་ཐམས་ཅད་ནི། །རང་རང་སོ་སོའི་གནས་སུ་གཤེགས། །ཡེ་ཤེས་ཁྲོ་བཅུ་རྡོ་རྗེ་མཆུ། །ལོ་ཐོག་མ་བསྡུས་བར་དུ་ནི། །བརྟན་པར་བཞུགས་ལ་སྲུང་སྐྱོབ་མཛོད། །ལོ་ཏོག་བསྡུས་ནས་དབྱིངས་སུ་གཤེགས། གུ་རུ་པདྨའི་བཀྲ་ཤིས་ཤོག །ས་ཡི་སྙིང་པོའི་བཀྲ་ཤིས་ཤོག །ཁྲོ་བོ་བཅུ་ཡི་བཀྲ་ཤིས་ཤོག །ས་ཡི་ལྷ་མོའི་བཀྲ་ཤིས་ཤོག །བན་དེ་པདྨ་ཐབ་མཁས་ཀྱིས་བསྐུལ་ནས་རཱ་ག་ཨ་སྱས་འཕྲལ་དུ་ཟློབྲིས་པས་སེམས་ཅན་མང་པོ་ལ་ཕན་ཐོགས་པའི་རྒྱུ་གྱུར་ཅིག །སརྦ་མངྒ་ལཾ། ཞལ་དྲོ། དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR046_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

སེར་སྲུང་གདམས་པ་ཉེར་མཁོ།

སེར་སྲུང་གདམས་པ་ཉེར་མཁོ་བཞུགས་སོ།


CMR046_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨརྩིག་ཡེ། བླ་མ་དྲག་པོའི་སྐུ་ལ་ཕྱག་འཚལ་ལོ། །འགྲོ་ལ་ཕན་ཕྱིར་སེར་སྲུང་གདམས་པ་བྲི། །ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལ། །དང་པོ་དམ་ཚིག་བསྲུང་བྱ་ནི། །སེར་སྲུང་སྔགས་པའི་བསྲུང་བྱ་དང་། །སྡེ་ཡི་དམ་ཚིག་གཉིས་སུ་ཡོད། །སྡེ་ཡི་དམ་ཚིག་ཟས་སུ་ཡོད། །སེར་སྲུང་སྔགས་པའི་བསྲུང་བྱ་ནི། །གཙང་མའི་ཕུད་ཀྱི་ལྷ་སྲུང་དང་། །ཡུལ་ལྷ་དུས་སུ་མཆོད་པ་བྱ། །རྫུན་དང་མནའ་ལ་རྟག་ཏུ་འཛེམ། །མནའ་ནི་དཔང་པོ་མི་བྱའོ། །ཕྱི་བ་མི་གསོད་ཤ་མི་ཟ། །མགོ་ལ་མར་ནི་མི་བཀུ་ཞིང་། །སེར་བསང་དུས་སུ་སྲུང་མི་བཀུ། །སླང་ངར་བརྫིས་པའི་ཟས་ནི་ཟ་མི་རུང་། །སླ་ང་མགོ་ལ་གྱོན་མི་རུང་། །ཕྲེང་བ་གཞན་གྱི་ལག་མི་


CMR046_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིམ། །ཆུ་དང་ནེའུ་སེང་རློག་མི་བྱ། །སེར་གཏའ་སྔགས་པ་གཞན་གྱིས་ཚོར་མི་བྱ། །འཐབ་འཁོན་འཛིང་མོ་མི་བྱའོ། །ཁ་འཕྲོ་སྦག་པ་སྲུང་བར་བྱ། །ཁྱད་པར་རྨེ་ཅན་དམ་ཉམས་ཀྱི། །ཁ་འཕྲོ་འཛེམ་པ་གལ་ཆེའོ། །སེར་བ་བསྲུངས་ནས་མ་བསྡུས་བར། །མན་ངག་གཞན་ལ་མི་སྤེལ་ལོ། །ཀླུ་ཤིང་བྲ་མའི་མེ་མི་འབུད། །གོས་སྨེ་གོན་པར་མི་བྱའོ་། །གླང་དང་རྔ་བྲན་ཤ་མི་ཟ། །སེར་བ་སྔགས་བསྡོ་གཏམ་མི་བྱ། །གཟའ་དང་སྡོང་མོ་ལྷ་འདྲེ་མཆོད། །སེར་གཏའ་སྔགས་དུས་སྨྲ་བཅད་བྱ། །སེར་གཏའ་མི་ལག་མི་འགྲིམ་སྟེ། །ཡང་ན་རབ་གནས་བསྐྱལ་བར་བྱ། །སྡེ་ཡིས་བསྲུང་བྱ་འདི་ལྟར་སྲུངས། །གཉེན་སར་སྐྱེས་པའི་ཤིང་མི་གཅོད། །ཆུ་མིག་ན་བ་མི་རློག་གོ །ཉ་དང་སྦལ་པ་སྦྲུལ་མི་གསོད། །གཉན་སའི་


CMR046_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་དང་ཀླུ་ཤིང་གིས། །མེ་ནི་འབུད་པར་མི་བྱའོ། །ཕྱི་བ་གྲུམ་པ་སྲམ་མི་གསོད། །རི་གཉན་ཀུས་འདེབསརྦབ་བཏང་སྤང་། །སེར་བ་སྔགས་དུས་སྔགས་པའི་དྲུང་། །ཁྱི་དང་བུད་མེད་མི་བཏང་ངོ་། །སེར་བ་སྔགས་པའི་སྟང་མི་བྱ། །སེར་བ་སྔགས་པའི་མདུན་དུ་ནི། །ར་ལུག་འདེད་པར་མི་རུང་ངོ་། །སེར་བ་སྔགས་དུས་སྔགས་པ་ཡི། །ངོ་ལ་གཞན་གྱི་ལྟ་མི་རུང་། །དམ་ཚིག་དེ་རྣམས་མ་ཐུབ་ན། །ཞུད་ཀྱི་ཕོག་པ་ཞེས་བྱ་སྟེ། །སེར་བ་ཐུབ་པར་དཀའ་ཞེས་བཤད། ༈ །དེ་ནས་སེར་བའི་དུས་བདུན་ལ། །རྟག་བདུན་བྱུང་ན་སེར་བ་འོང་། །ཚེས་པ་བཞི་ཡི་སྔ་དྲོ་ཞོགས། །སྤྲིན་ནི་སེར་ནག་བྱུང་བ་ན། །སེར་བ་འོང་ནས་སྤྲིན་མགོ་གནོན། །ཚེས་བརྒྱད་ཕུག་རོན་སྐེ་འདྲའི་སྤྲིན། །བཅུ་གཅིག་ར་རྒྱའི་སྒོ་འདྲའི་སྤྲིན། །བཅོ་ལྔ་ཁམ་ནག་ཐལ་བ་གནམ་གཏོར་འདྲ། །བཅོ་བརྒྱད་རྟ་སྐྱའི་རྔ་མ་གྱེན་བཤད་འདྲ། །ཉེར་གཉིས་སྤྲིན་དམར་སེམས་ཅན་གཟུགས་འདྲ་བ། །ཉེར་དགུ་སྤྲིན་ནི་དུད་ཁ་མགོ་ཆེ་བ། །དེ་དག་བྱུང་ན་དུས་ཀྱི་སེར་བ་འོང་། །དུས་དེར་འོང་བར་ཤེས་ནས་བསྒྲིམ་པར་བྱ། །གཞན་ཡང་དུས་མིན་སྤྲིན་ལ་བརྟག་པ་ནི། །རྨ་བྱའི་མགྲིན་འདྲ་དུང་ནི་བརྩེགས་འདྲ་ཡི། །སྤྲིན་ནི་བྱུང་ན་སེར་བ་འོང་འདོད་ཡིན། །སྔོན་པོ་གཡུ་འབྲུག་འདྲ་ན་ཕྱི་འཕྲད་འོང་། །སྤྲིན་དཀར་སྲིན་མ་དྲན་པ་འདྲ་བྱུང་ན། །དེ་ཡི་ཉིན་ཕྱེད་སེར་བ་འོང་བའི་ལྟས། །སྤྲིན་དཀར་དུང་འདྲའི་དཀྱིལ་དུ་གཟུགས་བརྙན་འདྲ། །བྱུང་ན་ཕྱིར་ཉིན་སེར་བ་འོང་བ་ཡིན། །ཡང་ན་དེ་ནུབ་ཕྱིར་ནུབ་


CMR046_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

སྲོད་ལ་སེར་བ་འོང་། །ར་མ་རྒྱ་མོའི་སྤོ་དང་འདྲ་བའི་སྤྲིན། །དམའ་ཞིང་འཁྲུག་ལ་རླུང་ཆེན་བྱུང་བ་ན། །ད་ལྟ་ཉིད་དུ་སེར་བ་འོང་བར་ངེས། །སྤྲིན་ནི་ཁང་རྨིང་ས་རུལ་མདོག་འདྲ་དང་། །ཕུབ་རུལ་གཏོར་འདྲ་བྱུང་ན་འཕྲལ་དུ་འོང་། །སྤྲིན་ནི་དུད་ཁ་བང་རིམ་ཡོད་པ་དང་། །སྤྲིན་རྣམས་དམའ་ཞིང་འཁྲུག་ན་མྱུར་དུ་འོང་། །སྤྲིན་ནི་དུད་ཁ་ཐལ་བའི་མདོག་འདྲ་བ། །དམའ་ཞིང་ཁྱུག་ཁྱུག་བྱེད་ན་མྱུར་དུ་འོང་། །ནམ་མཁའ་སྐྱ་དང་འོད་དེ་འདུག་ན་འོང་། །ནམ་མཁའ་གསལ་དང་སྐྱ་འོད་རླུང་ཆེ་དང་། །སྤྲིན་ནི་མཐིང་ནག་འབྲུག་ཆེན་གློག་མྱུར་དང་། །སྤྲིན་དལ་རླུང་འཚུབ་ཀ་བ་བཙུགས་འདྲ་བ། །དེ་དག་ཕྱི་དྲོ་མུན་འཚུབ་ཚུན་ལ་འོང་། །སྤྲིན་ནི་དཀར་ཞིང་འཕང་མཐོ་རླུང་དྲག་ནས། །རླུང་ཤད་ཅན་དེ་སྨན་གྱི་སེར་བ་ཡིན། །དེ་ནི་ཉི་མ་ཕྱེད་ཡོལ་ཙམ་ནས་འོང་། །སྤྲིན་ནག་དུད་ཁ་སེམས་ཅན་གཟུགས་འདྲ་བ། །བྱུང་ན་ཀླུ་ཡི་སེར་བ་འོང་བའི་རྟགས། །སྤྲིན་ནི་ཁམ་ནག་རླུང་འཚུབ་ཆེན་པོ་དང་། །འབྲུག་གློག་ཆེ་ན་བདུད་ཀྱི་སེར་བ་གཡོས། །མུན་འཚུབ་བམ་ནི་ནམ་ཕྱེད་འོང་བ་ཡིན། །སྤྲིན་ནི་སེར་པོ་རླུང་གི་གོ་རོ་རོ། །བྱེད་ན་བཙན་གྱི་སེར་བ་འོང་བ་ཡིན། །སྤྲིན་ནི་ནག་ལ་ནམ་མཁའ་དབལ་སྐྱ་ཤིང་། །རླུང་སུབ་བྱེད་ན་སྡེ་བརྒྱད་སེར་བ་ཡིན། །ནམ་མཁའ་གཞན་ནི་དང་ཞིང་ཐད་ཀ་དེར། །སྤྲིན་ནག་འཁྱིལ་ན་གཟའ་ཡི་སེར་བ་ཡིན། །ནམ་མཁར་སྤྲིན་གྱི་འདུ་ཚོགས་མང་། །ད་ལྟ་གནགས་ཤིང་ད་ལྟ་དྭངས། །ནམ་མཁའ་མི་རྟག་ཤིན་ཏུ་བྲེལ། །བུ་ཡུག་ཁུ་འཕང་


CMR046_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཕུམ་ཕྲུམ་མང་། །དེ་ཡང་གནམ་ངོ་རྒོད་པའི་ལྟས། །ཉམས་ལ་མེ་འབར་སྦྲུལ་འཁྱུག་སྙམ། །རྨི་ལམ་ལུག་ཁྱུ་མ་ཐུབ་ཤོར། །དམག་ཇག་ཚུར་ལ་བཅའ་བ་རྨིས། །འབྲུག་སྐད་གྲམ་རྡོ་ཆད་འདྲ་དང་། །འབྲུག་སྐད་གྲག་བརྡ་ཡང་ཡང་ཆད། །འབྲུག་ནི་རྐང་འོག་ནས་གྲགས་འདྲ། །གློག་ནི་དམའ་ཞིང་ས་ལ་འཁྱིལ། །སེར་བ་འོང་བའི་ལྟས་ཡིན་ནོ། །ནམ་མཁའ་བྱིན་རླབས་སྤྲིན་མགོ་མནན། །ལྷོ་ནུབ་ཐད་ཀྱི་ནམ་མཁའ་ལ། །སྤྲིན་ནག་ཆུང་ཞིང་ལོག་དགུ་ལ། །ཡང་ཡང་མཐོར་ཞིང་ཡང་ཡང་འདུ། །འབྲུག་སྐད་ཀླད་པ་འགས་སྙམ་པ། །ཡང་ན་གཟེར་ལྷང་སྙིང་ལ་གཟེར། །རྨི་ལམ་མགར་བྱེད་ལྕགས་བརྡུང་བ། །སོལ་ཁང་མགར་ཚང་བཅའ་བ་མཐོང་། །ཉམས་ལ་ལྕགས་བརྡུང་ཐོ་སྐད་ཐོས། །སར་སྒྲ་སིར་སྒྲ་ཙིར་སྒྲ་གྲག །དེ་ནི་སྟེང་ཐོག་འོང་བའི་ལྟས། །ས་འགུལ་ས་ཁོལ་རྐང་པ་སྦྲིད། །ས་འོག་རྔ་སྒྲ་འབིར་སྒྲ་གྲག །ས་ཡི་འོག་ནས་དུད་པ་འཐུལ། །དེ་ནི་འོག་འཁྱུག་འོང་བའི་ལྟས། །ཐོག་སྲུང་སྔགས་དང་དམིགས་པ་བྱ། །ནངས་སྔ་ནམ་མཁའ་བྱིན་རླབས་ནི། །ན་མོ་བདག་དང་ལོ་ཐོག་འབུ་སྲིན་བཅས། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འགྲོ་བ་གསོ་ཕྱིར་ལོ་ཐོག་འདི་རྣམས་ནི། །འགྲོ་ལ་ཕན་ཕྱིར་བདག་གིས་བསྲུང་བར་བྱ། །སྟོང་པའི་ངང་ལས་རང་སེམས་ཧཱིཡིག་ལས། །རང་ཉིད་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །ཞལ་གཅིག་ཞི་འཛུམ་


CMR046_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

དར་དང་རིན་ཆེན་བརྒྱན། །ཕྱག་གཡས་ཤེལ་ཕྲེང་གཡོན་པས་པད་མ་འཛིན། །ཐུགས་ཀའི་ཧྲིལ་ཡི་གེ་དྲུག་པས་བསྐོར། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་པད་ཟླར་བཞུགས། །དབུ་གཙུག་ནམ་མཁའི་དབྱིངས་སུ་པད་ཟླའི་སྟེང་། །སངས་རྒྱས་འོད་དཔག་མེད་པ་སྐུ་མདོག་དམར། །ཕྱག་གཉིས་མཉམ་བཞག་ལྷུང་བཟེད་བདུད་རྩིས་བཀང་། །ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །ཐུགས་ཀའི་ཧྲཱི༔ལས་འོད་འཕྲོས་བདེ་ཆེན་ནས། །ཐུགས་རྗེ་ཆེན་པོ་དང་ནི་འོད་དཔག་མེད། །གྲངས་མེད་སྤྱན་དྲངས་གཉིས་སུ་མེད་པར་བསྟིམ། །ལྷ་སྲིན་སྡེ་བརྒྱད་སེར་བདག་སྣ་འདྲེན་བཅས། །ཚེ་རབས་མང་པོའི་ཕ་མ་ཡིན་པའི་ཕྱིར། །ད་ལྟ་ལུས་ངན་བདུད་རིགས་འདྲེ་རུ་སྐྱེས། །འདི་དག་ཐམས་ཅད་སྙིང་རེ་རྗེ་ན་ཨང་། །སྡེ་བརྒྱད་སེར་བདག་སྣ་འདྲེན་དང་བཅས་པ། །སྡུག་བསྔལ་ཀུན་བྲལ་བདེ་བ་ཀུན་དང་ལྡན། །མྱུར་དུ་སངས་རྒྱས་ཐོབ་ན་དགའ་བ་ལ། །ཨོཾ་མ་ཎི་པདྨེ་ཧཱུྃ༔ བརྒྱ་རྩ་འདོན། བདག་གི་ཞལ་ནས་ཡིག་དྲུག་སྒྲ་གྲག་པའི། །ཐུགས་ཀའི་ཧཱུྃལས་འོད་ཟེར་དཀར་པོ་འཕྲོས། །སྡེ་བརྒྱད་སེར་བདག་སྣ་འདྲེན་རྣམས་


CMR046_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕོག །བདག་ལ་དད་གུས་ཅི་གསུངས་བཀའ་ཉན་གྱུར། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་པས་གསུངས། །རྒྱུ་ལས་འགོག་པ་གང་ཡིན་པ། །དགེ་སྦྱོངས་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་བསྐྱེད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །དེ་སྟེར་འོད་ཟེར་ཕོག་ཅིང་ཆོས་བསྟན་པའི། །སེར་བ་མི་བཏང་གཏང་རེ་ན་ར་ཀན། །ཅེས་སྨྲས་དམ་བཅའ་ཕུལ་ནས་ཐམས་ཅད་ཀྱང་། །བྱམས་པའི་སེམས་སྐྱེས་ཡིག་དྲུག་འདོན་པར་གྱུར། །དེ་ནས་འོད་དཔག་མེད་པའི་ཐུགས་ཀ་ནས། །འོད་ཟེར་བྱུང་བའི་སྡེ་བརྒྱད་སེར་བདག་རྣམས། །ཐམས་ཅད་སངས་རྒྱས་སྣང་བ་མཐའ་ཡས་ཀྱི། །ཐུགས་ཀྱི་དཀྱིལ་འཁོར་ཉིད་དུ་སངས་རྒྱས་ནས། །ཐམས་ཅད་འོད་དཔག་མེད་པའི་སྐུ་རུ་གྱུར། །ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་ཀུན། །འོད་དཔག་མེད་པས་ཐེམ་འགགས་ནེམ་འགགས་གང་། །ཀུན་ཀྱང་ལོ་ཐོག་སྲུང་སྐྱོབ་མཛད་པར་གྱུར། །ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་མ་སཾ་གྷ་ཡ། ཨོཾ་ཨ་མི་དྷེ་ཝ་ཧྲཱིཿ པདྨ་ད་རི་ཧཱུྃ་ཡུལ་འདི་


CMR046_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལ་སྲུངས་ཤིག་རཀྵ་རཀྟ། ཞེས་བརྒྱའམ་ཉེར་གཅིག་བཟླས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བདེན་སྟོབས་ཀྱིས། །བསྲུང་བྱར་གྱུར་བའི་ལོ་ཐོག་ལ། །ལོ་དགྲ་སད་སེར་མི་འབྱུང་ཤོག །འགྲོ་དྲུག་སྡེ་བརྒྱད་སངས་རྒྱས་སྐུ། །ཐམས་ཅད་འོད་ཞུ་བདག་ལ་ཐིམ། །བདག་ཉིད་འོད་དཔག་མེད་ལ་ཐིམ། །སྣང་བ་མཐའ་ཡས་འོད་དུ་ཡལ། །ནམ་མཁའ་ལ་ཐིམ་སྟོང་པ་ཉིད། །ཆོས་སྐུ་སྐྱེ་མེད་ངང་དུ་གནས། །ཞེས་སྟོང་ཉེར་གཅིག་ཐུན་གཅིག་བྷེ། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཉེར་གཅིག་གམ་བདུན་བརྗོད། རྨི་ལམ་མཁར་བརྩིགས་བྱས་དང་བཙན་སར་འདུག །ཆུ་དང་གཤའ་ཡི་རགས་བརྩིག་ར་ལུག་བཙུད། །ཞིང་གི་རིབ་བྱས་ནགས་ཚལ་ཆེན་པོར་འདུག །དེ་དག་ལོ་ཐོག་བསྲུངས་ན་འགྲུབ་རྟགས་ཡིན། །ལྷ་ཀླུ་རྣམས་ལ་གཏོར་མའི་མཆོད་པ་བྱས། ༈ །སེར་སྤྲིན་བྱུང་ན་སྤྲིན་མགོ་གནོན་པ་ནི། །རང་ཉིད་གུ་རུ་དྲག་པོ་ཡི། །ཞབས་འོག་ཀླུ་བདུད་རཱ་ཧུ་ལ། །ཅི་གཙོར་བྱས་སྡེ་བརྒྱད་མནན། །ནམ་མཁའ་གུ་རུ་པདྨས་གང་། །སེར་སྤྲིན་དཀྱིལ་དུ་གུ་དྲག་ནི། །མཁའ་འགྲོས་བསྐོར་ཞིང་མེ་དཔུང་འབར། །སེར་སྤྲིན་མེ་དཔུང་ཆེན་པོ་


CMR046_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །སེར་བ་སེར་བདག་ཐམས་ཅད་བསྲེགས། །ས་གཞི་ཡཀྵ་མེ་དབལ་གང་། །ཕྱོགས་མཚམས་སྟེང་འོག་ཁྲོ་བོ་བཅས། །ཕྱོགས་སྐྱོང་བཅུ་པོ་གན་རྐྱལ་མནན། །སྡེ་བརྒྱད་གཟའ་ཀླུ་ཕྱོགས་སྐྱོང་རྣམས། །རྒྱལ་པོ་བཙོན་དུ་བཟུང་བ་ལྟར། །འོག་ཏུ་མནན་པས་ལྷ་འདྲེ་རྣམས། །གཅིག་ཀྱང་འགུལ་དབང་མེད་པར་གྱུར། །ཨརྩིག་མཇུག་ཏུ། ན་མོ་བྷ་ག་ཝ་ཏེ། ཤཱཀྱ་མུ་ན་ཡེ༔ ཏ་ཐཱ་ག་ཏཱ་ཡ། ཨར་ཧ་ཏེ་བྱུ། སཾ་མྱཀཾ་བུདྡྷ་ཡ༔ ཏདྱ་ཐཱ། ཨོཾ་འབུ་འཛེ་འབུ་འཛེ་མ་ཧཱ་འབུ་འཛེ་མ་ཧཱ་འབུ་འཛེ། ས་མ་ཡ་འབུ་འཛེ༔ ཏ་ཐ་འབུ་འཛེ། པྲ་པ་ར་འབུ་འཛེ་༔ ནཱ་ག་པ་ར་བཙོན་རྩོན། ན་ཡེ་པུ་ཧཱ་འབྱུང་པོའི་བྱད་མ་བཟློག་ཅིག །སེར་བ་ཤ་ཏྲོ་མཱ་ར་ཡ་ཧཱུྃ་ཕཊ༔ སེར་སྤྲིན་བཟློག་སྔགས་དྲག་ཙམ་རེས་ཆོག་གསུངས། རྨི་ལམ་ཐོག་རྟགས་བྱུང་ན་མགར་ཚང་གཏོར་བ་ནི། རང་ཉིད་སྐད་ཅིག་ཉིད་ལ་བརྫུས་སྐྱེས་སུ། །ཁྲོ་རྒྱལ་གུ་རུ་དྲག་པོ་གསལ་བ་ནི། །ཧཱུྃ་ཧཱུྃ་ཧཱུྃ་ཞེས་འབྲུག་སྟོང་ལྟར་བསྒྲག་ཅིང་། །ཕྱག་གཡས་སྡིགས་མཛུབ་ནམ་མཁར་གཏད་པ་ཡིས། །ཕྱག་མཚན་གསེར་གྱི་རྡོ་རྗེ་དེ་ཉིད་ལས། །གསེར་གྱི་རྡོ་རྗེ་ཆེན་པོ་རི་རབ་ཙམ། །འཕྲོས་ནས་འུར་སྒྲ་དང་


CMR046_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ནམ་མཁར་སོང་། །ཐོག་དང་ཐོག་བདག་མགར་བ་མགར་ཚང་རྣམས། །ནམ་མཁའི་ཕ་མཐའ་ལྕགས་རིའི་རྒྱབ་ཏུ་དེད། །རཾ་རཾ་རཾ་བརྗོད་སྡིགས་མཛུབ་ཕྱོགས་བཅུར་གཡུག །སྟོང་གསུམ་འཇིག་རྟེན་ཐམས་ཅད་མེ་ཡི་གང་། །དེ་ནང་རྡོ་རྗེའི་རྭ་བ་གུར་ཁང་ཕུབ། །དེ་སྟེང་གནམ་ནི་གསེར་གྱི་འཁོར་ལོ་ཡི། །ལྟེ་བར་ཤཱཀ་ཐུབ་རི་རབ་ཙམ་ཞིག་བཞུགས། །རྩིབས་སྟོང་བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས། །ཐམས་ཅད་གསེར་མདོག་ས་གནོན་མཉམ་བཞག་ཅན། །ལྷ་རྣམས་མི་གཡོ་འཁོར་ལོ་གཡས་སུ་འཁོར། །རྩིབས་རྩེ་སྤུ་གྲི་ལྟ་བུ་རབ་རྣོ་བས། །གཟའ་དང་གནམ་ཐེའུ་ཐོག་སེར་མྱལ་མྱལ་གཏུབ། །ས་གཞི་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་པ། །གཡོན་དུ་འཁོར་བས་རྩིབས་རྩེ་རབ་རྣོ་བས། །ས་ཐེལ་མགར་ཚང་སེར་བའི་སྣ་འདྲེན་གཏུབས། །ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ༔ ན་མཿསཾ་གྷ་ཡ༔ ཨོཾ་མ་ཧཱ་ཤྲཱི་ཀྲོ་ཏ་ཧཱུྃ་ཕཊ༔ སརྦ་ས་ཁྱམས་ཁ་རྫོལི་བྷ་དྲ་ཛ་ལ་ཛ་ལ་ཧཱུྃ་ཕཊ༔ བཅུ་གསུམ་བཟླས་པས་འབྲུག་སྐད་ཆད༔ ཉེར་གཅིག་གི་ཐོག་ར་མར་ལྟར་ཞུ་ནས་དངོས་མེད་འགྲོ་བར་གསུངས། སྔགས་འདི་གསེར་གྱིས་བྲིས་ནས་བཏགས་ན་ཐོག་མི་ཕོག །དེ་ནས་སེར་བ་


CMR046_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ནི་བྱུང་ན་སྤྲིན་གཏོར་བ་ནི། ༈ བདག་ཉིད་གུ་རུ་དྲག་པོ་དང་། །འཁོར་གྱི་ཁྲོ་བོ་བཅུ་རྣམས་ཀྱི། །ཕྱག་གཡོན་རླུང་གི་འཁོར་ལོ་ལ། །བསྐལ་པའི་རླུང་ནག་འཚུབ་མ་འཕྲོས། །སེར་སྤྲིན་ཐམས་ཅད་དངོས་མེད་གཏོར། །རང་མདུན་རླུང་ལྷ་ཤ་བ་ཞོན། །ལག་ན་རླུང་གི་བ་དན་ཐོགས། །རླུང་འཚུབ་ཆེན་པོ་འཕྲོས་པ་ཡི། །སེར་སྤྲིན་ཐམས་ཅད་གཏོར་བར་གྱུར། །ཨརྩིག་མཇུག་ཏུ། ཨོཾ་ཁྲོ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཧཱུྃ། ཧཱ་ཡ་ཧཱ་ཡ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་པི་ཏྲི་པ་ཏྲཿ རུ་རུ་ནཱ་ག་ར་ཙ་ཛ་ཛཿ བླ་མེད་ཛཿ ཤ་ལེ་རུ་ཙི༔ འབར་བ་ནག་པོ་བཀྲག་མེད་ཛཿ ཁྱེད་རླུང་གི་བ་དན་ཕྱོར༔ རླུང་གི་དཀྱིལ་འཁོར་སྤྲུལ༔ ཅིང་ཐང་མཱ་ར་ཡ༔ བྱེར་བྱེར་གཏོར་གཏོར་ཟློག༔ ཆུམ་ཆུམ་དྲིལ་དྲིལ༔ ཙཀྲ་ཝར་ཏེ་ཀྱིན་ཐང་རྦད་རྦད༔ སེར་བ་ཆོད་སྤྲིན་ཁྲོལ་ཁྲོལ༔ སུརླ་ཡ་ཙཀྲ་ཛ་ཡེ་བྷི་ཛ་ཡེ་སྭཱ་ཧཱ་ཕཊ། ཅེས་ཕུ་བཏབ་སྡིགས་མཛུབ་གཏད། ལག་པའི་རྡོ་རྗེ་ཁྱུང་གཤོག་གི་ཕྱག་རྒྱ་བཅས་ལ་སེར་སྤྲིན་གཤགས་པར་བསྒོམ་མོ། །གཏོར་མ་ཐུབ་ན་སེར་བ་ཆུར་བཞུ་བ་སེར་རྐང་ཚུགས་ནས་བྱུང་ན་རྐང་པ་བཅག་པ། རང་ངོས་ཁ་བྱུང་ན་གདོང་ནས་བཟློག་པ་རྣམས་དམིགས་པ་ཕྱོགས་གཅིག་ཏུ་བཤད། བདག་ཉིད་ཁྲོ་


CMR046_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པདྨ་དྲག་པོ་རྩལ༔ འཁོར་ཚོགས་ཁྲོ་བཅུའི་ཚོགས་དང་བཅས་པ་ཡི༔ སྐུ་ལ་བསྐལ་པའི་མེ་དཔུང་ཆེན་པོ་འབར༔ གནམ་ས་མེས་གང་སེར་བ་ཆུ་རུ་ཞུ༔ ལྷ་འདྲེ་ཐམས་ཅད་ཟིལ་གྱིས་གནོན་པར་གྱུར༔ སྔགས་བཟླས་ཤིང་རྡོ་རྗེའི་ཁྲོས་བྱེད༔ སྔགས་ཀྱི་འོད་ཟེར་མཚོན་ཆའི་འཁོར་ལོ་ཡིས༔ སེར་བའི་རྐང་པ་མྱག་མྱག་བཅད་པར་གྱུར༔ ཐུགས་ལས་སྤྲུལ་པའི་ཁྲོ་བོ་མེ་དབལ་ཚོགས༔ མེ་ཡི་འཁོར་ལོ་ཅན་འཕྲོས་སེར་རྐང་བཅད༔ ཕྱག་ཆ་ཐུན་དང་གཏོར་མ་རྣམས༔ ཡཀཱ་མེ་དབལ་སྐུ་ལུས་མེ་ལས་གྲུབ༔ སྐུ་ལས་བསྐལ་པའི་མེ་རླུང་ཆེན་པོ་འབར༔ ཕྱག་ན་མེ་ཡི་འཁོར་ལོ་འཛིན་པའི་ཚོགས༔ དམག་དཔུང་བཞིན་དུ་བར་སྣང་གང་བར་འཕྲོས༔ སེར་བ་སེར་བདག་གཞོབཐུལ་བུན་ནེ་བསྲེགས༔ སེར་བ་ཐམས་ཅད་གདོང་ནས་བཟློག་པར་གྱུར༔ གཡས་སུ་བྱོལ་གཅིག་གཡོན་དུ་གཟུར་ཅིག༔ གཡའ་རི་ལ་རྒྱོབས༔ སྤང་རི་ལ་རྒྱོབས༔ ནགས་རི་ལ་རྒྱོབས༔ གངས་རི་ལ་རྒྱོབས༔ ཞེས་སྡིགས་མཛུབ་ཀྱིས་སེར་ལམ་གཏོད་ནས། ཨརྩིག་མཇུག་ཏུ། སེར་བ་སེར་བྱེད་སྣ་འདྲེན་དང་བཅས་པ་སུཾ་བྷ་ཡ༔ ན་ཤ་ཡ༔ མཱ་ར་ཡ༔


CMR046_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་རཾ་ཕཊ་རཾ་བྷོ་རཾ་ཏྲག་སེར་བ་རཾ་ཆོད༔ སྤྲིན་གཏོར་༔ དྲག་ཏུ་རཾ་རཾ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ༔ འཇིག་རྟེན་ཁམས་ཀུན་ཆུ་ཁྱག་ཀྱང་། །སྐད་ཅིག་ཙམ་གྱིས་བཅད་འགྱུར་གསུངས། །སེར་བ་བྱུང་ན་ཁར་བཙུགས་གནམ་དུ་གཏོར། །ཐུན་དང་རལ་གྲི་གཏོར་མ་སོགས། །སྔགས་དང་དམིགས་པ་གཅིག་པུས་ཆོག །བཞུ་སྔགས་ཀྱང་དེས་ཆོག །དམིགས་ངན་རྣམས་ནི་ཉེས་པ་ཆེ་བསམ་མ་བྲིས། དེ་ན་སེར་བ་བཟློག་ཐུབ་ན་རབ་ཐ་ན་བབ་ཀྱང་སེར་བའི་ཤུགས་ཉམས་ནས་ལོ་ཐོག་ལ་མི་གནོད། སེར་ལམ་བསྟན་པར་བཤར་སོང་ན་འབྲིང་པོ་ཡིན་ནོ། །སེར་བ་བཅའ་མ་ཤོར་བ་དང་། བཅས་པ་གཏོར་ཐུབ་པ་དང་། སེར་བ་བཞུ་ཐུབ་ན་མཆོག་ཡིན་ནོ། །དེ་ལྟར་བདག་རྒྱལ་ཁ་ལོན་ནས། ༈ བདག་ལས་སྤྲུལ་པའི་མཚོན་ཆ་མེ་དཔུང་རྣམས། །ཐམས་ཅད་ཚུར་འདུས་ཁྲོ་བོ་རྣམས་ལ་ཐིམ། །ཁྲོ་བོ་ཐམས་ཅད་འོད་ཞུ་བདག་ལ་ཐིམ། །བདག་ཀྱང་འོད་ཞུ་ཐུགས་ཀའི་ཧཱུྃ་ལ་ཐིམ། །ཧཱུྃ་ཡང་འོག་ནས་གྱེན་རྫོགས་སྟོང་པར་ཡལ། །འོད་གསལ་ཆོས་སྐུ་མངོན་སུམ་རྗེན་པར་བུད། །ཅེས་ཡུད་ཙམ་མཉམ་པར་བཞག །དེ་ནས་ལྷ་འདྲེ་གསོལ་བ་ནི༔ སྐད་ཅིག་ཉིད་ལ་རང་ཉིད་སྤྱན་རས་གཟིགས། །དབུ་ནི་གཟུགས་མེད་ཁམས་ཀྱི་སྲིད་རྩེར་སླེབས། །སྐུ་སྟོད་གཟུགས་ཁམས་སྐུ་སྨད་འདོད་ཁམས་ཁྱབ། །ཡེ་ནས་དམ་


CMR046_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཡེ་ཤེས་དབྱེར་མེད་པ། །ཕྱག་གཡས་མཆོག་སྦྱིན་གཡོན་པས་པད་མ་འཛིན། །པད་ཟླའི་སྟེང་ལ་རི་རྒྱལ་ལྟ་བུར་བཞུགས། །སྐུ་ལས་འོད་ཟེར་དཀར་པོ་འཕྲོས་པ་ཡིས། །ལྷ་འདྲེ་རྣམས་ཀྱི་ཞེ་སྡང་འཁོན་སེམས་ཞི། །བདག་གིས་རླུང་གཅིག་ཚུར་ལ་རླུབ་པ་དང་། །ལྷ་འདྲེས་གཙོར་བྱས་སེམས་ཅན་ཐམས་ཅད་ཀྱི། །སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བདག་ལ་ཐིམ། །སེམས་ཅན་ཐམས་ཅད་སྡིག་སྒྲིབ་སྡུག་བསྔལ་བྲལ། །བདག་གི་ཕན་སེམས་བཟང་པོའི་བདེན་སྟོབས་ཀྱིས། །བདག་ཉིད་གཟི་བརྗིད་ཉི་མ་འབུམ་བཞིན་འབར། །བདག་གི་རླུང་ཞིག་ཕར་ལ་བཏང་བ་དང་། །བདག་གི་བདེ་སྐྱིད་དགེ་རྩ་ཐམས་ཅད་པ། །ལྷ་འདྲེའི་གཙོར་བྱས་སེམས་ཅན་ཀུན་ལ་ཐིམ། །སེམས་ཅན་ཐམས་ཅད་བདེ་སྐྱིད་ལྡན་པར་གྱུར། །རང་གི་ཕྱག་གཡས་མཆོད་སྦྱིན་ཕྱག་མཐིལ་ནས། །འོ་མ་ལྟ་བུར་བདུད་རྩི་ཆུ་རྒྱུན་བབ། །སྡེ་བརྒྱད་སེར་བདག་སྣ་འདྲེན་བཅས་པ་ཡིས། །བདུད་རྩི་འཐུང་ཞིང་ལུས་རྣམས་ཁྲུས་བྱས་པའི། །ཐུན་དང་གཏོར་མ་རལ་གྲི་དྲག་སྔགས་དང་། །དམིགས་ངན་སྣད་ཡར་སྨྲས་འགྲམས་བྱུང་བ་སོས། །ན་ཚ་སྡུག་


CMR046_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ཀུན་ཞི་བཀྲག་མདངས་རྒྱས། །བདག་ལ་དགའ་ཞིང་གུས་འདུད་བསྐོར་བ་བྱེད། །བྱམས་པའི་སེམས་ལྡན་ཡིག་དྲུག་འདོན་པར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ། དམིགས་པ་བསྒོམ་ཞིང་བརྒྱ་ཙམ་འདོན། ཨོཾ་སརྦ་བྷུ་ཏ་གཙྪ་གཙྪ༔ སྡེ་བརྒྱད་ལྷ་འདྲེ་ཐམས་ཅད་རང་གནས་གཤེགས། །རྩ་བ་གསུམ་གྱི་ལྷ་ཚོགས་དགོངས་སུ་གསོལ། །བདག་གི་སྡེ་བརྒྱད་སེར་བདག་སྣ་འདྲེན་ལ། །དྲག་སྔགས་དམིགས་པ་ཐུན་གྱིས་བསད་པ་འདི། །བཅོམ་ལྡན་དབང་དྲག་པད་མའི་ལྷ་ཚོགས་ལ། །ཁམས་གསུམ་ཡོངས་སྒྲོལ་མཆོད་པར་འགྱུར་བར་ཤོག །བྱ་དང་རི་དྭགས་འབུ་སྲིན་ཐམས་ཅད་ལ། །མི་འཇིགས་སྐྱབས་ཀྱི་སྦྱིན་པར་འགྲུབ་པར་ཤོག །དབུ་ནག་རྩམ་ཟན་འགྲོ་བ་ཐམས་ཅད་ལ། །ལོངས་སྤྱོད་ཟང་ཟིང་སྦྱིན་པར་འགྱུར་བར་ཤོག །སེར་བ་བསྲུང་ཕྱིར་ལྷ་སྒོམ་སྔགས་བཟླས་པའི། །མཆོག་གི་དངོས་གྲུབ་ཞོར་ལ་ཐོབ་པར་ཤོག །སེར་བ་བསྲུང་ཕྱིར་ལྷ་ལ་མཆོད་པ་ཡིས། །བསོད་ནམས་ཚོགས་ཆེན་ཡོངས་སུ་རྫོགས་པར་ཤོག །སྡེ་བརྒྱད་གདོན་ལ་ལོ་གླུད་བསྔོས་པ་ཡིས། །ལན་ཆགས་བུ་ལོན་ཐམས་ཅད་བྱང་བར་ཤོག །དེ་ལྟའི་དགེ་རྩ་དེ་དག་གཅིག་


CMR046_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཏེ། །ཆོས་སྐུ་སྣང་བ་མཐའ་ཡས་སྤྱན་སྔར་འབུལ། །མཆོད་པའི་སྤྲིན་དཔུང་ནམ་མཁའ་ཁྱབ་གྱུར་ཅིག །དེ་ཡི་དགེ་བ་འགྲོ་དྲུག་ཀུན་ལ་བསྔོ། །ཐམས་ཅད་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །དེ་ཡི་དགེ་བ་བདག་ལ་འདིར་སྨིན་ནས། །ཚེ་རིང་ནད་མེད་ཉམས་རྟོགས་ནུས་པ་འབར། །ཚེ་གཅིག་པདྨ་འབྱུང་གནས་སྐུ་འགྲུབ་ཤོག །ས་ཕྱོགས་འདི་དང་འཇིག་རྟེན་མ་ལུས་པ། །རྟག་ཏུ་ལོ་ལེགས་བདེ་སྐྱིད་ལྡན་པ་དང་། །སྡེ་བརྒྱད་ཐམས་ཅད་བྱམས་པའི་སེམས་ལྡན་ཤོག །ཨོཾ་མངྒ་ལཾ་བྷ་ཝནྟ་སྭཱ་ཧཱ༔ ཅེས་བརྗོད་ལ་འཕྲལ་དེར་ཡང་ལྷ་ལ་གཏང་རག་གི་ཚོགས་དང་བསྐང་བ་འགྲུབ་ན་ལེགས། མ་འགྲུབ་ཀྱང་མཆོད་བསྟོད་བྱ། གཏོར་མ་འཕན་དགོས་བྱུང་ན་དེའི་ཚེ་གསར་དུ་སྔར་ལས་མི་ཞན་པ་བཅའོ། །རལ་གྲི་ཡང་རབ་གནས་སྤར་བའི་ཚུལ་དུ་ཅུང་ཟད་བསྔགས་ལ་བཞག་གོ །ཞེས་པ་གཞུང་ལུགས་མན་ངག་དུ་མའི་བཅུད་ཕྱུང་། ཞལ་ཤེས་དང་མྱོང་བ་ཡོད་པས་ཀྱང་བརྒྱན། འཕྲལ་དུ་སྔགས་ཆུང་ཞི་ཁྲོ་སྐྱབས་ཀྱིས་བསྐུལ་བ་དང་། གཞན་ཡང་སྔགས་པ་ཀུན་ལ་ཕན་ཕྱིར་ཨ་རཱ་གས་བྲིས་པ་ལ། ཉེས་པ་གང་མཆིས་ལྷ་དང་སྡེ་བརྒྱད་ར་ཧུ་ལ་ལ་བཤགས་ཤིང་། དགེ་བས་སེམས་ཅན་ཐམས་ཅད་མུ་གེའི་བསྐལ་པ་ལས་ཐར་བར་གྱུར་ཅིག །ཨེ་མ་འདི་འདྲའི་གདམས་ངག་མེད་པར་སེར་བསྲུང་བས། །


CMR046_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

སེར་བ་ཐུབ་དཀའ་གལ་ཏེ་ཐུབ་ན་ཡང་། །སྡེ་བརྒྱད་ལྷ་འདྲེ་གཟའ་ཀླུ་ཀུན་དང་འགྲོས། །ཚེ་འདིར་མི་རུངས་མི་ཤིས་སྣ་ཚོགས་འབྱུང་། །ཕྱི་མ་ལས་སྒྲིབ་ངན་སོང་སྡུག་བསྔལ་མྱོང་། །འདི་འདྲའི་གདམས་པ་ཤེས་ནས་སེར་སྲུང་བ། །ཚེ་འདིར་གཞི་བདག་ལྷ་འདྲེས་ཕྲིན་ལས་སྒྲུབས། །བར་ཆད་སེལ་ཞིང་དངོས་གྲུབ་སྟེར་བར་འགྱུར། །ཕྱི་མ་ངན་སོང་མི་ལྟུང་མཐོ་རིས་སྐྱེ། །ཡི་དམ་ལྷ་ཡི་རྗེས་བཟུང་ཞིང་ཁམས་བརྗོད། །དེ་ཕྱིར་སྔགས་པ་ཀུན་ལ་གསེར་བས་འཕོང་། །སེམས་བསྐྱེད་ཀུན་ལ་ཕན་ཅིག་ཨང་། །དེ་སྐད་སྔགས་ནག་རཱ་ག་ཨ་སྱས་སྨྲས། །བྷ་ཝནྟུ། བཀྲ་ཤིས་པར་ཤོག །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སེར་བ་ཟློག་པའི་ཁྲོ་རྒྱལ་རྡོ་རྗེ་མཆུའི་ལས་བྱང་རྡོ་རྗེའི་གུར་ཆེན།


CMR046_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

སེར་བ་ཟློག་པའི་ཁྲོ་རྒྱལ་རྡོ་རྗེ་མཆུའི་ལས་བྱང་རྡོ་རྗེའི་གུར་ཆེན་བཞུགས། འདི་སེར་བ་བསྲུང་བའི་ཚེ་ཆག་མེད་བྱ། འགྲོ་རྒྱུན་དུ་མི་དགོས། བསྙེན་པ་རྒྱུན་ཁྱེར་དང་དགོང་མོ་ཚོགས་དང་གཏོར་འབུལ་བྱ་གཤེགས་གསོལ་བསྡུ་རིམ་སྐྱ་མཆོད་བར་མི་བྱའོ།།


CMR046_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནམ་ས་གང་བའི་མཆོད་པའི་སྤྲིན༔ སྨན་གཏོར་རཀྟ་ལྷ་མོར་བཅས༔ ཟད་མེད་གྱུར་ཅིག་པཱུ་ཙ་ཧོ༔ རིན་ཆེན་སྣོད་དུ་གཏོར་མ་ནི༔ བདུད་རྩིར་གྱུར་ཅིག་ཨོཾ་ཨཱཿཧཱུྃ༔ གཉུག་གནས་གློ་བུར་ལྷགས་པ་ཡི༔ གནས་བདག་གཞི་བདག་འབྱུང་པོའི་ཚོགས༔ འདིར་འདུས་མཆོད་སྦྱིན་གཏོར་མ་བཞེས༔ གནས་འདིར་གསང་


CMR046_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སྒྲུབ་པ་ལ༔ རུ་ང་ཕྲག་དོག་མ་མཛད་པར༔ དཀར་ཕྱོགས་སྡོང་གྲོགས་མཐུན་རྐྱེན་སྒྲུབས༔ ནག་ཕྱོགས་བགེགས་རིགས་གཞན་དུ་དེངས༔ གལ་ཏེ་མི་འགྲོ་འཚེ་བྱེད་ན༔ ཡེ་ཤེས་ཁྲོ་བོས་བརླག་པར་འགྱུར༔ དེ་བས་བསྒོ་བའི་བཀའ་ལ་ཉོན༔ ཨོཾ་སརྦ་ལོ་ཀ་པཱ་ལ་ཨི་དཾ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ སརྦ་བིགྷཱན་གཙྪགཙྪ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ་གྷ་ཧྱ༔ ཟླ་མ་མརྒ༔ ཞེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་ཆུ་སྟོད་ཟླ་བའི་ཚེས་གསུམ་ལ་བློ་ལྡན་མཆོག་སྲེད་ཀྱིས་དངོས་སུ་གསུངས་སོ།། ཨོྃ༔ ཏ། གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ༔ རྩ་གསུམ་སྤྱི་ཡི་


CMR046_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱང་གཞུང་བསྲང་ནི༔ སྟ་གོན་རིམ་པ་སྤྱི་དང་མཐུན་པར་བྱས༔ དེ་ནས་འདོན་སྒོམ་སྦྲགས་ལ་འདི་ལྟར་རོ༔ ཧཱུྃ༔ ང་ནི་ཁྲོ་བོ་རྡོ་རྗེ་མཆུ༔ བགེགས་དང་ལོག་འདྲེན་ང་ལ་ཉོན༔ ང་ཡི་བཀའ་ལ་འདའ་མ་བྱེད༔ ང་ཡི་བཀའ་ལ་འདའ་བྱེད་ནི༔ བདག་ཉིད་ང་རྒྱལ་ཐུགས་ཁྲོས་ཏེ༔ ཐལ་བ་རྡུལ་དུ་བརླག་པར་བྱེད༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཨོཾ་སུམྦྷ་སོགས། ཧཱུྃ༔ ང་ནི་ཁྲོ་བོ་རྡོ་རྗེ་མཆུ༔ ཐུགས་ཀར་གསེར་གྱི་གའུ་ནང་༔ བདག་ཉིད་དཔོན་སློབ་བསྲུང་བྱ་ཚུད༔ སྟེང་འོག་རྡོ་རྗེའི་གུར་སར་གྱུར༔ ཨོཾ་རཀྵ་རཀྵ་ཧཱུྃ༔ ཧཱུྃ༔ མ་འགྲུབ་བར་དུ་དཀྱིལ་འཁོར་མི་བཏང་ན༔ རྡོ་རྗེ་མཆུ་ཡི་ལྷ་ཚོགས་མ་ལུས་རྣམས༔ སྲོག་ལ་བབ་ཀྱང་བདག་གིས་བཟུང་བར་བགྱི༔ བདག་གིས་དམ་ཚིག་བཏང་བར་མི་བགྱིད་དོ༔ ཧཱུྃ༔ རྡོ་རྗེ་མཆུ་ཡི་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་བདག་ལ་དབང་མཆོག་སྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨཱ༔ ཨོཾ་ཨཱམ་ཧཱ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧཱུྃ༔ ཨོཾ་མ་ཧཱ་བ་ལིན་ཧཱུྃ་ཧཱུྃ༔ ཨོཾ་ཨཱཋམ་ཧཱ་ཧཱུྃ་ཧི༔ ཨོཾ་ཨཱ་བཛྲ་པུཎྜེ་སོགས། ཤབྡ་ཨཱཿཧཱུྃ༔ ཧཱུྃ༔


CMR046_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡི་དམ་ཁྲོ་བོ་རྡོ་རྗེ་མཆུ༔ ཆོས་སྐྱོང་ནོར་ལྷ་ཀུན་གྱི་ཐུགས་དང་ནི༔ འགལ་བར་གྱུར་པ་མ་ལུས་ཅི་མཆིས་པ༔ བདག་གིས་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨཱ༔ ཆོས་རྣམས་ཐམས་ཅད་རང་གི་སེམས་ལས་བྱུང་༔ སེམས་ཉིད་ཡེ་ནས་སྟོང་པ་ཉིད་ཀྱི་ངང་༔ སེམས་ཅན་ཀུན་གྱིས་དེ་དོན་མ་རྟོགས་པས༔ འཁོར་བར་འཁྱམས་པའི་སེམས་ཅན་སྙིང་རེ་རྗེ༔ ཆོས་རྣམས་ཐམས་ཅད་རྟེན་འབྲེལ་རྒྱུ་ལས་བྱུང་༔ ཧཱུྃ་ནི་རྒྱུ་ཡི་ས་བོན་ཉིད་དུ་གསལ༔ དེ་ལས་རཾ་ཡཾ་ཁཾ་གསུམ་འཕྲོས་པ་ཡི༔ རཾ་གྱི་མེས་སྲེག་ཡཾ་གྱི་རླུང་གིས་གཏོར༔ ཁཾ་གྱི་ཆུས་བཀྲུས་སྟོང་པ་ཉིད་དུ་བརྡལ༔ ཨེ་ཡཾ་ཁཾ་གསུམ་བྷཾ་གྱི་ཡི་གེ་ཡི༔ རང་བྱུང་འབྱུང་བ་ཆེན་པོ་ལྔ་ཆགས་ཏེ༔ མཁའ་རླུང་ཆུ་དང་རི་རབ་གསེར་གྱི་རི༔ དེ་སྟེང་ཧཱུྃ་གྱི་ཡི་གེ་ལས་བསྐྱེད་པའི༔ གཞལ་ཡས་ཁང་ནི་སྒོ་གྲུ་རྟ་བབས་རྫོགོས༔ གདུགས་ཏོག་ཆོས་འཁོར་རི་དྭགས་པད་འདབ་མཚན༔ རྡོ་ར་ཡེ་ཤེས་ལྔ་ཡི་མེ་དཔུང་འབར༔ ཧཱུྃ་བི་ཤྭ་བི་ཤུདྡྷེ་ཨེ་ཛྙཱ་ན་ཙཀྲ་མཎྜལ་ཧཱུྃ༔ དེ་ནས་ལྷ་རྣམས་སོ་སོར་བསྐྱེད༔ མཆན། ༈ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ རྡོ་རྗེ་མཆུ་ཡི་སྒྲུབ་པ་ནི༔ དཀྱིལ་འཁོར་


CMR046_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཅིང་གཏོར་མ་མེད༔ བདག་མདུན་ཁྲོ་བོ་རྡོ་རྗེ་མཆུ༔ སྐུ་མདོག་མཐིང་ནག་དབུ་དགུ་པ༔ ཕྱག་ནི་བཅོ་བརྒྱད་ཕྱག་ཀུན་གྱི༔ གཡས་པ་ཐམས་ཅད་མེ་ཕུང་༔ གཡོན་པས་རླུང་གི་འཚུབ་མ་འཛིན༔ མེ་རླུང་འཚུབ་མའི་དབུས་ན་བཞུགས༔ དེ་ཡི་སྤྱི་བོར་བྱ་ཁྱུང་ནི༔ སྐུ་མདོག་ནག་པོ་ཞལ་དགུ་པ༔ ཕྱག་ནི་བཅོ་བརྒྱད་རྩ་ཕྱག་གཉིས༔ སྦྲུལ་ནི་།དཀར་ནག་གཉིས་གསོལ་བ༔ དེ་ལྷག་གཡས་བརྒྱད་མེ་དཔུང་ལ༔ གཡོན་པ་བརྒྱད་ནི་རླུང་འཚུབ་བོ༔ གནས་གསུམ་འབྲུ་གསུམ་ཧཱུྃ་ཁྲོམ་ལས༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ༔ ཧཱུྃ༔ སྐུ་གསུམ་རྩ་བརྒྱུད་བླ་མ་སྤྱན་འདྲེན་ནོ༔ ཁྲོ་བོ་རྡོ་རྗེ་མཆུ་དང་ཁྱུང་ནག་དང་༔ ཡི་དམ་ལྷ་ཚོགས་མ་ལུས་སྤྱན་འདྲེན་ནོ༔ མཁའ་འགྲོ་ཚོགས་ཀུན་མ་ལུས་སྤྱན་འདྲེན་ནོ༔ ཆོས་སྐྱོང་ནོར་ལྷ་གྲོགས་མཛད་སྤྱན་འདྲེན་ནོ༔ བཛྲ་ས་མ་ཡ་ཛ་ཛཿ ཧཱུྃ༔ སྣ་ཚོགས་པདྨ་ཉི་ཟླའི་གདན་སྟེང་དུ༔ རྩ་བརྒྱུད་བླ་མ་མ་ལུས་བཞུགས་སུ་གསོལ༔ པདྨ་ཉི་ཟླ་བརྗིད་པའི་གདན་སྟེང་དུ༔ ཡི་དམ་ལྷ་རྡོ་རྗེ་མཆུ་ཉིད་བཞུགས་སུ་གསོལ༔ བདུད་བཞི་དྲེགས་པ་བསྣོལ་བའི་གདན་སྟེང་དུ་སྤྲུལ་པ་ཁྱུང་ནག་འབར་བ་


CMR046_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་སུ་གསོལ༔ སྣ་ཚོགས་རིན་ཆེན་པདྨའི་གདན་སྟེང་དུ༔ མཁའ་འགྲོ་དཔའ་མོ་རྒྱ་མཚོ་བཞུགས་སུ་གསོལ༔ པདྨ་ཉི་ཟླ་བམ་རོའི་གདན་སྟེང་དུ༔ ཆོས་སྐྱོང་སྲུང་མ་ཐམས་ཅད་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་དང་༔ རྡོ་རྗེ་མཆུ་དང་ཁྱུང་ཆེན་འབར་བ་དང་༔ ཆོས་སྐྱོང་ནོར་ལྷ་དམ་ཅན་རྒྱ་མཚོ་ལ༔ བདག་གིས་རབ་ཏུ་གུས་དང་དང་བ་ཡིས༔ ལུས་ངག་ཡིད་གསུམ་དྭངས་བས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ ཧཱུྃ༔ བླ་མ་ཡི་དམ་ཁྲོ་བོ་རྡོ་རྗེ་མཆུ༔ ཁྱུང་ནག་འབར་བ་དམ་ཅན་ཐམས་ཅད་ལ༔ མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་༔ མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་དང་༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མངར་བ༔ རེག་བྱ་འཇམ་པ་དག་གི་མཆོད་པ་འབུལ༔ ཡེ་ཤེས་ལྔ་ཡི་བདུད་རྩི་ཆེན་པོ་དང་༔ བྷ་ལིང་གཏོར་མའི་ཞལ་ཟས་བརྗིད་པ་དང་༔ ཁམས་གསུམ་བསྒྲལ་བ་རཀྟའི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་རིག་མ་དཀར་དམར་མཐིང་༔ ཤིན་ཏུ་མཛེས་པ་ལྟ་ན་སྡུག་པ་དང་༔ རིན་ཆེན་དར་ཟབ་མང་པོའི་རྒྱན་གྱིས་བརྒྱན༔ བླ་མ་ཡི་


CMR046_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དམ་རྒྱལ་བ་རྒྱ་མཚོ་དང་༔ རྡོ་རྗེ་མཆུ་དང་ཁྱུང་ནག་འབར་བ་སོགས༔ རྩ་བ་གསུམ་ལ་བདག་གིས་མཆོད་པ་འབུལ༔ ལོག་འདྲེན་དགྲ་བགེགས་བསྟན་ལ་གནོད་བྱེད་རྣམས༔ ཆོས་ཀྱི་དབྱིངས་སུ་བདག་གིས་བསྒྲལ་བྱས་ཏེ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་༔ རྡོ་རྗེ་མཆུ་དང་ཁྱུང་ཆེན་ཞལ་དུ་འབུལ༔ ཨརྒྷཾ་སོགས། ཤཔྟ་རུ་པ། ཤད་གནྡྷེ་རྭ་ས་སྤརེ། ཨ་མི་ཏ་བ་ལི་རཀྟ་མ་ཏཱཾ་རུ་ཏྲ་པྲ་ཝེ་ཤ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ དད་ལྡན་བུ་ལ་བྱིན་རླབས་ཆར་འབེབས་པའི༔ བླ་མའི་ལྷ་ཚོགས་ཀུན་ལ་བསྟོད་པར་བགྱི་དངོས་གྲུབ་མ་ལུས་ལྷུན་གྱིས་གྲུབ་མཛད་པའི༔ ཁྲོ་བོ་རྡོ་རྗེ་མཆུ་དང་ཁྱུང་ནག་འབར༔ ཡི་དམ་ཀུན་ལ་བདག་གིས་བསྟོད་པར་བགྱི༔ འགྲོ་བ་སྣང་སྲིད་དབང་དུ་སྡུད་མཛད་པའི༔ མཁའ་འགྲོའི་ཚོགས་ལ་བདག་གིས་བསྟོད་པར་བགྱི༔ བསྟན་པ་སྲུང་བའི་ལས་ལ་རབ་ཏུ་བརྩོན༔ ཆོས་སྐྱོང་ཀུན་ལ་བདག་གིས་བསྟོད་པར་བགྱི༔ དགོས་འདོད་རེ་བ་སྐོང་བར་བྱེད་པ་ཡི༔ ནོར་ལྷའི་ཚོགས་ལ་བདག་གིས་བསྟོད་པར་བགྱི༔ བསྟན་ལ་གནོད་བྱེད་སྒྲོལ་བར་མཛད་པ་ཡི༔ དམ་ཅན་ཚོགས་ལ་བདག་གིས་བསྟོད་པར་བགྱི༔ ཧཱུྃ༔


CMR046_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རྣམས་ལ་འབྱོར་ཚོགས་ཆུང་བ་བཤགས༔ ཡི་དམ་ལྷ་ལ་སྤོང་ལེན་བྱས་པ་བཤགས༔ མཁའ་འགྲོ་རྣམས་ལ་གསང་བ་བསྒྲགས་པ་བཤགས༔ ཆོས་སྐྱོང་རྣམས་ལ་མཆོད་གཏོར་ཆུང་བ་བཤགས༔ ཚངས་པ་ཆེན་པོའི་དངོས་གྲུབ་བསྩལ་དུ་གསོལ༔ དེ་ནས་སོ་སོར་འཛབ་བསྙེན་བྱ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ བདག་མདུན་ཐུགས་ཀར་ཉི་མའི་སྟེང་༔ ཧཱུྃ་མཐར་སྔགས་ཕྲེང་གཡས་སུ་འཁོར༔ དེ་ལས་འོད་ཟེར་འཕྲོས་པ་ཡིས༔ ལྕང་ལོ་ཅན་གྱི་གནས་མཆོག་དང་༔ དཔག་བསམ་ཤིང་གི་རྩེ་མོ་ནས༔ རྡོ་རྗེ་མཆུ་དང་ཁྱུང་ནག་ཚོགས༔ ཁ་བ་བུ་ཡུག་འཚུབ་བཞིན་བྱོན༔ བདག་མདུན་སྒྲུབ་རྫས་རྣམས་ལ་ཐིམ༔ བྱིན་རླབས་མེ་ལྟར་འབར་བར་གྱུར༔ ཨོཾ་བཛྲ་དུན་ཏི༔ ཨ་ཀ་ནི་ཀོན༔ ཙ་ལ་མ་ལ་ཏི་ལི་སྭཱ་ཧཱ༔ ཞེས་པའི་བསྙེན་པ་ཅི་འགྲུབ་བྱའོ༔ དེ་ནས་ཚོགས་ཀྱི་རིམ་པ་ནི༔ ཚོགས་བྲན་ལ་འདི་སྐད་དོ༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ རཾ་ལས་མེ་འཕྲོས་དངོས་འཛིན་བསྲེགས༔ ཡཾ་ལས་རླུང་བྱུང་བག་ཆགས་གཏོར༔ ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུས༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་གསུམ་འོད་དུ་ཞུ༔ བདུད་རྩི་དཀར་དམར་མཐིང་དཀར་གྱུར༔


CMR046_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ སྐུ་གསུམ་རྩ་བརྒྱུད་བླ་མ་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ རྡོ་རྗེ་མཆུ་དང་ཁྱུང་ནག་སོགས༔ ཡི་དམ་ལྷ་ཚོགས་མ་ལུས་པ༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ མཁའ་འགྲོའི་ཚོགས་རྣམས་མ་ལུས་ཀུན༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཆོས་སྐྱོང་སྲུང་མ་མ་ལུས་ཀུན༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ནོར་ལྷ་དམ་ཅན་རྒྱ་མཚོ་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཚོགས་གཏོར་འདི་ལ་བྱིན་གྱིས་རློབས༔ རྣལ་འབྱོར་བསམ་པ་བསྒྲུབ་ཏུ་གསོལ༔ རྡོ་རྗེ་མཆུ་དང་ཁྱུང་ནག་སོགས༔ རྩ་བ་གསུམ་གྱི་ལྷ་ཚོགས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ༔ དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ ཐུགས་དང་འགལ་བར་གྱུར་པ་བཤགས༔ དམ་སྲི་གནོད་བྱེད་ཞལ་དུ་བསྟབས༔ གུ་རུ་དྷེ་ཝ་དྷཱ་ཀི་ནི་གྷ་ཎ་ཙཀྲ་པཱུ་ཙ་ཁཱ་ཧི༔ བྱེད་ཡི་བྲུ་དུ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ རང་ཉིད་ཁྲོ་བོ་རྡོ་རྗེ་མཆུ༔ ཐུགས་ནས་ཡི་གེ་རྣམ་གསུམ་འཕྲོས༔ རཾ་ཡཾ་ཁཾ་གསུམ་མེ་རླུང་ཆུ༔ དངོས་འཛིན་རྟོག་པའི་དྲི་མ་སྦྱངས༔ རཾ་ཡཾ་


CMR046_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཁཾ༔ ཨོཾ་ཨཱཿཧཱུྃ༔ ཚོགས་དང་མཆོད་རྫས་དང་རེ་སྤྲོ༔ ཚོགས་འདི་མཆོད་པའི་གནས་རྣམས་ནི༔ པདྨ་འབྱུང་གནས་རྗེ་འབངས་རྣམས༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ འབུལ་ལོ་འབུལ་ལོ་ཚོགས་འདི་འབུལ༔ བཞེས་ཤིག་བཞེས་ཤིག་ཚོགས་འདི་བཞེས༔ ལོངས་སྐུ་ཐུགས་རྗེ་ཆེན་པོའི་ཚོགས༔ རིགས་ལྔའི་དབུ་རྒྱན་ཁྲ་ལ་ལ༔ འབུལ་ལོ་འབུལ་ལོ་ཚོགས་འདི་འབུལ༔ བཞེས་ཤིག་བཞེས་ཤིག་ཚོགས་འདི་བཞེས༔ གུ་རུ་ཞི་བ་དྲག་པོའི་ཚོགས༔ མེ་ཡི་ཕུང་པོ་ཚུབས་སེ་ཚུབ༔ འབུལ་ལོ་འབུལ་ལོ་ཚོགས་འདི་འབུལ༔ བཞེས་ཤིག་བཞེས་ཤིག་ཚོགས་འདི་བཞེས༔ ཚེ་དཔག་ལྷ་ཚོགས་ཡི་དམ་ལྷ༔ ཐམས་ཅད་ཕྱག་ཆ་རུབས་སེ་རུབ༔ འབུལ་ལོ་འབུལ་ལོ་ཚོགས་འདི་འབུལ༔ བཞེས་ཤིག་བཞེས་ཤིག་ཚོགས་འདི་བཞེས༔ བཀའ་བརྒྱད་དགོངས་འདུས་ཕུར་པའི་ཚོགས༔ མཆེ་བ་ཟངས་ཡག་གཙིགས་སེ་གཙིགས༔ འབུལ་ལོ་འབུལ་ལོ་ཚོགས་འདི་འབུལ༔ བཞེས་ཤིག་བཞེས་ཤིག་ཚོགས་འདི་བཞེས༔ ཁྲོ་བོ་ཆེན་པོ་རྡོ་རྗེ་མཆུ༔ སྤྱི་གཙུག་ཡེ་ཤེས་ཁྱུང་བཅས་ལ༔ འབུལ་ལོ་འབུལ་ལོ་ཚོགས་འདི་འབུལ༔


CMR046_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ཤིག་བཞེས་ཤིག་ཚོགས་འདི་བཞེས༔ རྣམ་སྲས་ལ་སོགས་ནོར་ལྷ་རྣམས༔ རིན་ཆེན་རྒྱན་ཆ་སི་ལི་ལི༔ འབུལ་ལོ་འབུལ་ལོ་ཚོགས་འདི་འབུལ༔ བཞེས་ཤིག་བཞེས་ཤིག་ཚོགས་འདི་བཞེས༔ དཔལ་མགོན་མ་ནིང་དམ་ཅན་སོགས༔ དབུ་སྐྲ་གྱེན་དུ་ཟིངས་སེ་ཟིང་༔ འབུལ་ལོ་འབུལ་ལོ་ཚོགས་འདི་འབུལ༔ བཞེས་ཤིག་བཞེས་ཤིག་ཚོགས་འདི་བཞེས༔ བདག་འཛིན་རུ་ཏྲ་སྡེ་གསུམ་འདི༔ གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ གུ་རུ་དྷེ་བ་ཌཱ་ཀི་ནི་སརྦ་དྷརྨ་པཱ་ལ་གྷ་ཎ་ཙཀྲ་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཚོགས་ཕུད་ཕུལ། བར་པས་སྐོང་བཤགས་ནི༔ ཧཱུྃ༔ རྡོ་རྗེ་མཆུ་དང་ཁྱུང་ནག་ལ༔ བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན༔ བདག་ཅག་འཁོར་དང་བཅས་པ་ཡི༔ མཆོད་པ་འབུལ་ལོ་ཐུགས་དམ་བསྐང་༔ ཧཱུྃ༔ རྡོ་རྗེ་མཆུ་དང་ཁྱུང་ནག་ལ༔ འཁོར་བའི་མ་རིག་འཁྲུལ་པ་ཡི༔ མ་ཤེས་ཐུགས་དང་འགལ་གྱུར་ཏེ༔ མཐོལ་ལོ་བཤགས་སོ་ས་མ་ཡ༔ དེ་ནས་ཚོགས་སྤེལ༔ སློབ་དཔོན་ལ་འདྲེན་ཅིང་༔ ཧཱུྃ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ འདི་ལ་ཐེ་ཚོམ་བྱ་མི་རུང་༔ ཁྱི་ཕག་གདོལ་པ་བྲམ་ཟེ་གསུམ༔ དེ་གསུམ་གཅིག་ཏུ་དགོངས་ཏེ་རོལ༔ དེ་


CMR046_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སློབ་དཔོན་གྱིས༔ ཨ་ལ་ལ་ཧོ༔ ཟས་ལ་འདི་འདྲ་མཐོང་མ་མྱོང་༔ ཡི་དམ་ལྷ་ཡི་གསོལ་ལྷག་ཡིན༔ འདི་འདྲའི་ཟས་ནི་ངོ་མཚར་ཅན༔ བདག་ཅག་འདི་ལ་སྐྱབས་སུ་ཞུ༔ ཞེས་བརྗོད་ཏེ༔ དེ་ནས་ལྷག་མ་ལ་མཁའ་གསང་ཕྱག་རྒྱས་ཁ་ཕྲུ་བཏབ་ལ༔ ཨོཾ་ཨཱཿཧཱུྃ༔ མ་མོ་མཁའ་འགྲོ་ཤ་ཟ་དུར་བདག་མོ༔ ལྷག་ལ་དབང་བའི་སོ་སོར་གཏོར་ལེན་རྣམས༔ ལྷག་མ་འདི་བཞེས་གནོད་བྱེད་དགྲ་བགེགས་རྣམས༔ ཐམས་ཅད་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ ཨུཙིཏྠ་བྷ་ལིན་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་ཨཱཿཧཱུྃ༔ ལྷག་ལ་དབང་བསྒྱུར་མ་མོ་མཁའ་འགྲོ་ནི༔ སྨན་མོ་བདུད་མོ་གནོད་སྦྱིན་དྲེགས་པའི་ཚོགས༔ ལྷག་མ་འདི་བཞེས་དགྲ་བགེགས་མྱུར་དུ་སྒྲོལ༔ ཧེ་རུ་ཀའི་མདུན་དམ་བཅའ་བ་མ་གཡེལ་བར༔ རྟགས་དང་མཚན་མ་ཐམས་ཅད་མྱུར་དུ་སྟོན༔ ཌཱཀི་ནི་དུ་སེ་ན་བྷ་ལིན་ཁ་རཾ་ཁཱ་ཧི༔ ཞེས་ལྷག་མ་ཕུལ་ལོ༔ དེ་ནས་དམར་གཏོར་གཉིས་དང་དཀར་གཏོར་བཤམས༔ ཆུ་གཙང་བྲན་ལ་འདི་ཉིད་གྱེར་བསྒོམ་བྱ༔ ཨོཾ་གྱིས་གཏོར་མ་མི་གཙང་སྟོང་པ་སྦྱངས༔ ཨཱལས་དྲག་པོའི་ཐོད་སྣོད་རྒྱ་ཆེ་བར༔ ཧཱུྃ་ལས་གཏོར་མ་ཤ་རི་ཁྲག་མཚོར་གྱུར༔ ཧོ༔ཡིས་ཟག་མེད་ཡེ་ཤེས་བདུད་


CMR046_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

རྩིར་བསྒྱུར༔ དམར་ལ་དགའ་བ་ཐམས་ཅད་ཚིམ་བྱེད་གྱུར༔ ཧཱུྃ་ལས་རིན་ཆེན་སྣོད་མཆོག་རྒྱ་ཆེ་བར༔ ཨོཾ་ལས་གཏོར་མ་དཀར་གསུམ་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ་གིས་རོ་བརྒྱ་ནུས་པ་སྟོང་༔ དཀར་ལ་དགའ་བ་ཐམས་ཅད་ཚིམ་བྱེད་གྱུར༔ དམར་གཏོར་ཁྱུང་དང་རྡོ་རྗེ་མཆུ་ལ་བསྔོའོ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་མཐུ་སྟོབས་གཅིག་བསྡུས་པ༔ ཕྱག་ན་རྡོ་རྗེ་ཤིན་ཏུ་ཁྲོས་པའི་སྐུ༔ དབུ་དགུ་ཐོ་བརྩེགས་ཞལ་གདངས་མཆེ་བ་གཙིགས༔ དབུ་ཡི་གཙུག་ན་ཁྱུང་ནག་དབུ་དགུ་པ༔ མེ་ཡི་གཤོག་པ་བརྐྱངས་བས་ནམ་མཁའ་ཁྱབ༔ ཀྲི་ཀྲི་སྒྲ་སྒྲོག་གཟའ་ཀླུའི་སྙིང་རྩ་འདར༔ ཁྱུང་དང་ཁྲོ་བོ་གཉིས་ཀ་ཆ་ལུགས་མཚུངས༔ གཡས་བརྒྱད་མེ་དཔུང་སེར་བ་བཞུ་ཞིང་བསྲེགས༔ གཡོན་བརྒྱད་རླུང་འཚུབ་སེར་སྤྲིན་ཕྱོགས་བཅུར་གཏོར༔ ཁྲོ་བོའི་ཆས་རྫོགས་གར་གྱི་ཉམས་དགུར་ལྡན༔ ཞབས་ཀྱིས་སྡེ་བརྒྱད་དྲེགས་པའི་ཚོགས་རྣམས་མནན༔ སྟེང་འོག་ཕྱོགས་མཚམས་ཁྲོ་བཅུའི་ངོ་བོ་ལ༔ རྣམ་པ་རང་དང་འདྲ་བའི་ཁྲོ་བོ་བཅུ༔ ཕྱོགས་མཚམས་གདོན་གནོན་སྐུ་ལས་མེ་ཆེན་འབར༔ ཕྱོགས་བཅུའི་སེར་ལམ་བཅད་པའི་ཕྲིན་ལས་མཛོད༔ སེར་གཏའ་རྣམས་ཀྱང་རང་


CMR046_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའི་ཁྲོ་ཆུང་རེ༔ སྤྲུལ་པའི་ཁྱུང་དང་ཁྲོ་བོའི་ཚོགས་རྣམས་ཀྱིས༔ གནམ་ས་བར་སྣང་གང་ཞིང་སྔགས་སྒྲ་སྒྲོག༔ སྙེ་མ་རྣམས་ཀྱང་ཁྲོ་ཆུང་རེ་རེ་ས༔ ནས་འབྲུ་རྣམས་ཀྱང་ཧཱུྃ་ཡིག་རེ་རེར་གསལ༔ བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་མཆུ༔ ཁྱུང་ནག་འབར་བ་སྤྲུལ་པ་ཡང་སྤྲུལ་བཅས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བདག་ཅག་མི་ནོར་གནས་ཁང་བཅས་པ་ལ༔ གཟའ་ཀླུའི་གདོན་དང་ཐོག་འཁྱུག་གནོད་པ་སྲུངས༔ བདག་གིས་སྲུང་བའི་ལོ་ཐོག་ཐམས་ཅད་ལ༔ སེར་བའི་གནོད་པ་མ་བཏང་ཐུབ་པར་སྲུངས༔ ཁྲོ་རྒྱལ་ཁྱུང་དང་བཅས་ལ་སྐྱབས་ཞུས་པས༔ སྐྱོབ་པར་མཛོད་ཅིག་བཛྲ་ས་མ་ཡ༔ ཨོཾ་བཛྲ་དུན་ཏོ༔ ཨི་ཀ་ནི་ཀོན༔ ཙ་ལ་མ་ལ་ཏི་ལི་མ་ཧཱ་བྷ་ལིནྟ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་མཾ་སཿ༔ མ་ཧཱ་རཀྟ་ཁཱ་ཧི༔ དེ་ནས་ཆད་མདོ་ནི༔ སྔོན་ཚེ་ད་ལྟ་ཐ་མའི་བསྐལ་པ་ལ༔ མ་རུངས་སྙིགས་མ་རྩོད་ལྡན་ལྷ་མིའི་གནས༔ སྣང་བ་མཐའ་ཡས་ལོངས་སྐུ་སྤྱན་རས་གཟིགས༔ སྤྲུལ་སྐུ་པདྨ་འབྱུང་གནས་རྣམས་ཀྱིས་ནི༔ དཀྱིལ་འཁོར་རེ་རེའི་ཞལ་ཕྱེས་དེ་ཡི་ཚེ༔ དྲེགས་པ་རེ་རེའི་གཟུགས་བསྟན་སྲོག་སྙིང་ཕུལ༔ དམ་ལ་མ་


CMR046_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

འདའ་བདག་གིས་ཕྲིན་ལས་མཛོད༔ བསྟན་པ་སྲུང་བའི་དུས་ལ་མ་བབས་སམ༔ མགོན་སྐྱབས་བྱེད་པའི་དུས་ལ་མ་བབས་སམ༔ གཏོར་མ་ལེན་པའི་དུས་ལ་མ་བབས་སམ༔ དམ་བཅའ་དྲན་པའི་དུས་ལ་མ་བབས་སམ༔ རྟགས་མཚན་སྟོན་པའི་དུས་ལ་མ་བབས་སམ༔ ཨོཾ་དྷེ་ཝ་རཀྟ་སཱི་བྷི་བྷ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ སྔོན་ཚེ་སེར་བདག་གདོལ་བ་བཱ་སུ་ཏས༔ ཐོག་སེར་རླུང་ནག་འཚུབ་མས་འཛམ་གླིང་གང་༔ ཐུབ་པས་རྡོ་རྗེ་མཆུ་ཡི་རྒྱུད་གསུངས་ནས༔ དམ་བཏགས་སྲོག་སྙིང་ཕུལ་ནས་ཁས་བླངས་ལྟར༔ དམ་རྫས་ཡིད་མཐུན་དཀར་དམར་གཏོར་མ་བཞེས༔ བདག་གིས་བསྲུང་བྱའི་ལོ་ཏོག་ཐམས་ཅད་ལ༔ སེར་བའི་གནོད་པ་མ་བཏང་ཐུབ་པར་སྲུངས༔ རྡོ་རྗེ་མཆུ་ཡི་དམ་ལས་མ་འདའ་ཞིག །ཐོག་སེར་བདག་པོ་ཁྱབ་འཇུག་རཱ་ཧུ་ལ༔ སྤྲུལ་པའི་གཟའ་བརྒྱད་གདོང་མོ་བཞི་དང་བཅས༔ རིགས་གསུམ་མགོན་པོས་དམ་ལ་བཏགས་པའི་ཚེ༔ བསྟན་པ་བསྲུང་ཞིང་གང་བཅོལ་ཕྲིན་ལས་བསྒྲུབ༔ སྔགས་པས་མཆོད་ན་མགོན་པར་ཁས་བླངས་ལྟར༔ དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ༔ བདག་གིས་བསྲུང་བྱའི་ལོ་ཐོག་ཐམས་ཅད་ལ༔


CMR046_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

སེར་བ་མ་བཏང་སྲུང་སྐྱོབ་ལས་མཛོད་ཅིག༔ སེར་བདག་ཀླུ་རྒྱལ་གཞོན་ནུ་གཏུམ་པོ་ཡིས༔ ལོ་གྲངས་བཅུ་གཉིས་བར་དུ་སེར་བ་བརྒྱབ༔ སོག་མའང་མེད་པར་བྱས་པས་སོག་མ་མེད༔ དེ་ཚེ་ཐུབ་དབང་དང་ནི་གསང་བདག་གིས༔ འཁོར་ཚོགས་དྲུག་ཁྲི་བཅས་པ་དམ་ལ་བཏགས༔ སྔགས་འཆང་བཀའ་བཞིན་བསྒྲུབ་པར་ཁས་བླངས་ལྟར༔ དམ་རྫས་དཀར་གསུམ་གཏོར་མ་འདི་བཞེས་ལ༔ བདག་གིས་བསྲུང་བྱའི་ལོ་ཐོག་ཐམས་ཅད་ལ༔ སེར་བ་མ་བཏང་སྲུང་བའི་ལས་མཛོད་ཅིག༔ སྔོན་གྱི་དམ་ལས་མ་འདའ་ས་མ་ཡཱ༔ སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཐང་ལྷ་སེར་བདག་བཅོ་བརྒྱད་དམ་ལ་བཏགས་༔ ཁ་གནོན་རྡོ་རྗེ་མཆུ་ཡི་སྒྲུབ་ཐབས་མཛད༔ དེ་ཚེ་བོད་ཡུལ་སེར་བདག་ཐམས་ཅད་ཀྱིས༔ ཇི་ལྟར་ཁས་བླངས་དམ་བཅས་མ་འདའ་བར༔ དམ་རྫས་དཀར་གྱི་གཏོར་མ་འདི་བཞེས་ལ༔ བདག་གིས་བསྲུང་བྱའི་ལོ་ཏོག་ཐམས་ཅད་ལ༔ སེར་བ་མ་བཏང་བསྲུང་བའི་སྡོང་གྲོགས་མཛོད༔ ཁམས་ཀྱི་སེང་གེ་བྲག་ཏུ་སློབ་དཔོན་གྱིས༔ ཟླ་རྒྱལ་འབྲི་དབང་ལ་སོགས་ཁམས་ཕྱོགས་ཀྱི༔ གཞི་བདག་སེར་བདག་ཐམས་


CMR046_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དམ་ལ་བཏགས༔ དེ་ཚེ་ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ དམ་རྫས་དཀར་གྱི་གཏོར་མ་འདི་བཞེས་ལ༔ བདག་གིས་བསྲུང་བྱའི་ལོ་ཏོག་ཐམས་ཅད་ལ༔ སེར་བ་མ་བཏང་བསྲུང་བའི་གྲོགས་མཛོད་ཅིག༔ གུ་རུ་རྡོ་རྗེ་གྲོ་ལོད་སྐུར་བཞེངས་ནས༔ ལྷ་འདྲེ་གཅིག་ཀྱང་མ་ལུས་དབང་དུ་བསྡུས༔ དམ་ལ་བཏགས་ཤིང་སྲོག་སྙིང་ཕུལ་བའི་ཚེ༔ སློབ་དཔོན་པདྨའི་མཚན་ཙམ་འཛིན་པ་ཡི༔ ཅི་གསུང་བཀའ་ཉན་བསྒྲུབ་པར་མ་བྱས་ན༔ ལྷ་སྲིན་དེ་ཡི་མགོ་འགས་སྙིང་ཚིག་ཅིང་༔ དམྱལ་བར་ལྟུང་བའི་དམོད་བོར་དམ་བཅས་པ༔ དམ་ཚིག་གཉན་པོ་རྗེས་སུ་དྲན་པར་མཛོད༔ དམ་རྫ་ས་སོ་སོའི་ཡིད་མཐུན་གཏོར་མ་བཞེས༔ བདག་གིས་བསྲུང་བའི་ལོ་ཏོག་ཐམས་ཅད་ལ༔ སེར་བ་མ་བཏང་སེར་བ་ཐུབ་པར་སྲུངས༔ སྔགས་འཆང་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ནཱ་ག་རཱ་ཙ་རཱ་ཧུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཨི་དཾ་བྷ་ལིན་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ སྔོན་ཚེ་སློབ་དཔོན་པདྨ་ཡི༔ ལྷ་སྲིན་དམ་ལ་བཏགས་པ་རྣམས༔ སྔོན་གྱི་དམ་བཅའ་མ་གཡེལ་བར༔ རྒྱན་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་བསྒྲུབ་པར་


CMR046_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད༔ མ་མ་ཧྲིང་ཧྲིང་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སེར་ལམ་གནམ་གྱི་སྒོ་ཡིན་ཕྱིར༔ གཏོར་མ་ནུབ་བྱང་མཚམས་སུ་འབུལ༔ དེ་ནས་བཀྲ་ཤིས་ནི༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས༔ དཔལ་ལྡན་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ དངོས་གྲུབ་མ་ལུས་གཏན་ལ་འབེབས་མཛད་པའི༔ ཡི་དམ་རྡོ་རྗེ་མཆུ་ཡི་བཀྲ་ཤིས་ཤོག༔ བསམ་པ་ཐམས་ཅད་ཡིད་བཞིན་འགྲུབ་མཛད་པའི༔ སྤྲུལ་པ་ཁྱུང་ནག་འབར་བའི་བཀྲ་ཤིས་ཤོག༔ གནོད་བྱེད་དགྲ་བགེགས་ཐམས་ཅད་བསྒྲལ་མཛད་པའི༔ ཆོས་སྐྱོང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཧཱུྃ༔ སྐུ་གསུམ་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ ཡི་དམ་རྡོ་རྗེ་མཆུ་ཡི་བཀྲ་ཤིས་ཤོག༔ ཁྱུང་ནག་འབར་བ་ནོར་ལྷའི་བཀྲ་ཤིས་ཤོག༔ གཏེར་སྲུང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག༔ དེ་ནས་བཤགས་པ་ནི༔ ཧཱུྃ༔ བླ་མ་ཡི་དམ་བྱ་ཁྱུང་དགོངས༔ བདག་ནི་མ་ཤེས་རྨོངས་པའི་ལས་དབང་གིས༔ བླ་མ་རྣམས་ལ་ངན་དང་སྨད་པ་བཏང་༔ དེ་ཡང་མ་ཤེས་རྨོངས་པའི་ལས་དབང་ལགས༔ མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ༔ ཡི་དམ་ལྷ་ལ་གཤེ་དང་སྐུར་པ་བཏབ༔ དེ་ཡང་མ་ཤེས་


CMR046_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

རྨོངས་པའི་ལས་དབང་ལགས༔ མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ༔ མཁའ་འགྲོ་རྣམས་ལ་གཏོར་མ་ལོ་ཟླར་འགྱང་༔ དེ་ཡང་མ་ཤེས་རྨོངས་པའི་ལས་དབང་ལགས༔ མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ༔ ཆོས་སྐྱོང་རྣམས་ལ་མཆོད་བསྟོད་རྒྱུན་ཆགས་ཤོར༔ དེ་ཡང་མ་ཤེས་རྨོངས་པའི་ལས་དབང་ལགས༔ མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ༔ ཅེས་བཤགས་སོ༔ དེ་ནས་གཤེགས་གསོལ་ནི༔ ཧཱུྃ༔ སེར་གཏའ་རྣམས་ལ་བསྟིམ་པ་ཡི༔ ཁྱུང་དང་ཁྲོ་བོའི་ལྷ་ཚོགས་དགོངས༔ བདག་ཅག་འཁོར་དང་བཅས་པ་ལ༔ དགོས་འདོད་དངོས་གྲུབ་ཐམས་ཅད་སྩོལ༔ ཁྲོ་བོ་ཁྱུང་གི་ཚོགས་རྣམས་ཀྱང་༔ རང་གནས་གཤེགས་སམ་ཅི་བདེར་བཞུགས༔ གལ་ཏེ་རང་གནས་གཤེགས་གྱུར་ན༔ སླར་ཡང་མཆོད་བསྟོད་བྱེད་པའི་ཚེ༔ འབྱོན་པར་ཞུའོ་ས་མ་ཡ༔ དེ་ནས་བསྡུ་བ་ནི༔ སྣང་སྲིད་མ་ལུས་རང་གི་སྐུ་ལ་བསྡུ༔ རང་ཉིད་ཐུགས་ཀའི་སྔགས་འཁོར་ལ་ཐིམ་ནས༔ དེ་ཡང་དབུས་ཀྱི་ཧཱུྃ་དང་ཧིལ་ཐིམ༔ ཧཱུྃ་དང་ཧཱུྃཡང་མི་དམིགས་ནམ་མཁའ་ལྟར༔ ཅེས་བརྗོད་དེའི་ངང་ལ་མཉམ་པར་བཞག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔


CMR046_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

གུ་ཧྱ༔ བྱ་མ་ཧ༔ ཅེས་པ་འདི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་གསེར་འཕྱང་ཆོ་འཕྲུལ་ཆེན་པོའི་ཟླའི་ཚེས་བདུན་ཉིན༔ ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ཞལ་གཟིགས་ཏེ་རྩ་གསུམ་སྤྱིའི་ལས་བྱང་འདི་ཉིད་དངོས་སུ་བཀའ་སྩལ་བའོ༔ ཞེས་པ་ལ་རྡོ་རྗེ་མཆུའི་སྒྲུབ་ཐབས་ལས་བྱང་སྦྱར་ཞིང་༔ ཚིག་བསྒྱུར་འོས་ཅུང་ཟད་བསྒྱུར། ཆད་མདོ་གསར་དུ་བརྩམས་ཏེ་རྒྱས་པར་བྱས་ཏེ་གཏེར་བློན་རཱ་ག་ཨ་སྱས་བསྒྲིགས་པའི་ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཏེ། འདི་ལ་ཉེས་འགལ་མཆིས་ན་ཆོས་བདག་སྲུང་མའི་ཚོགས་ལ་བཤགས་ཤིང་། མ་འོངས་རྩམ་ཟན་གྱི་མི་རྣམས་ལ་མི་འཇིགས་སྐྱབས་ཀྱི་སྦྱིན་པ་ཆེན་པོར་གྱུར་ཅིག །མངྒ་ལཾ། །ཨོཾ་གླུ་ཧུ་ར་ཧུ་ས་ཧེ་འ་ཛ་ལ་དྷ་ཐཱ༔ སྔགས་འདི་བྲིས་ལ་དུང་ངམ་དྲིལ་བུ་ལ་བཏགས་ལ་བཀྲོལ་བའམ་བུས་ན་ཐོག་མི་འོང་ངོ་༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་བྱུང་བའི་ཁྲོ་བོ་རྡོ་རྗེ་མཆུའི་ངག་ཁྲིད་ཟིན་བྲིས།


CMR046_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་བྱུང་བའི་ཁྲོ་བོ་རྡོ་རྗེ་མཆུའི་ངག་ཁྲིད་ཟིན་བྲིས་བཞུགས་སོ།


CMR046_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ཧཱུྃ༔ གནམ་ཆོས་རྡོ་རྗེ་མཆུ་ཡི་སྒྲུབ་ཐབས་ཀྱི། །མན་ངག་ཞལ་ཤེས་ཉམས་སུ་བླངས་བདེར་བཀོད། །སྒྲུབ་གཏོར་ཤིང་སྡེར་ལ་སོགས་ཆེ་བའི་ནང་། །ཟན་ནི་གྲུ་གསུམ་ཧོམ་ཁུང་དབྱིབས་ཅན་དམར། །དེ་སྟེང་གཏོར་མ་ནག་པོ་ཟུར་གཉིས་པ། །དཔེའུ་རིས་ལས་བྱུང་བ་ལྟར་དུ་བཅའ། །རྩང་དང་དམར་རྒྱུན་མི་བྱ་ཤ་རྒྱན་བཙུགས། །སྟོད་ནི་ཁྲོ་བོ་སྨད་ནི་མཆོད་པར་དམིགས། །རྒྱུན་དུ་ལས་བྱང་འདོན་དུས་གསོ་བྲན་བྱ། །དེ་ཡི་མཐའ་བསྐོར་རམ་ནི་གར་བདེ་རུ། །སྐྱེར་པའི་རྩང་ཐུར་བཙུགས་པའི་ཀོང་ཟོར་དང་། །སཱཙྪ་ནག་པོ་ཕུར་པ་མཐོ་རེ་


CMR046_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ། །ཚྭ་དང་ཅོང་ཞི་ཞིབ་བཏུལ་ཁྲག་དང་བསྲེས། །དེ་ལ་ལྕགས་ཕྱེ་བཏབ་ནས་ཡོད་ན་བཟང་། །དེ་ཉིད་རྡོ་ཐུན་མང་པོར་བྱུག་པ་དང་། །དེ་དག་སེར་གཏའ་བཀྲམ་རྒྱུ་སྔགས་ཕྱིར་བཞག །གཏེར་གསར་ལུགས་འདིར་སྔགས་དང་ཤོག་དྲིལ་དང་། །རྫས་དང་འཁོར་ལོ་མི་དགོས་ཟབ་ཁྱད་ཡིན། །འོན་ཀྱང་དེ་དག་ཐོན་ན་བཟང་བའི་ཕྱིར། །རཀྟ་ཞེས་པའི་སྔགས་དེའི་ཤོག་དྲིལ་ནི། །གྲོ་ག་ལ་བྲིས་སཱཙྪའི་ནང་དུ་བཅུག །ཕུར་པ་ཐུང་ན་ཕུར་པའི་སྐེད་པར་དཀྲི། །ཕུར་པ་རིང་ན་ཆངས་ཟུང་ཨཱཡིག་དང་། །ཆངས་ཟུང་འགོ་མར་ཨོཾ་དང་འོག་མར་ཧཱུྃ། །ཕུར་པའི་ལོགས་


CMR046_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྲུང་སྔགས་བཀོད་བྱ་སྟེ། །སྟོད་ལ་ཨོཾ་དང་སྔགས་མཇུག་ཕུར་རྩེར་སྟོན། །ལོགས་གཅིག་ལ་ནི་ཨོཾ་ནས་ཀོན་གྱི་བར། །གཅིག་ལ་ཙ་ནས་རཾ་གྱི་བར་དུ་བྲི། །གཅིག་ལ་གྷ་ནས་ཀླུ་ཡི་བར་དུ་བྲི། །ཕུར་པ་ཐམས་ཅད་བཙག་གིས་དམར་པོ་བྱུག །ཡུངས་ཀར་ཐལ་ཆེན་སྔགས་པ་རས་གཙང་བསྟུམ། །ཕུར་པའི་སྐེ་ལ་ཚོན་སྐུད་སྣ་ལྔས་བཅིང་། །གྲོ་ག་མཆོག་ཡིན་ཤོག་གུ་འཐུག་པོ་ལ། །དབུས་སུ་ཧཱུྃ་ཡིག་རྩེ་ལ་ཁྲོམ་ཡིག་བཀོད། །དེ་ཡི་མཐའ་བསྐོར་ཁྲོ་བོ་རྡོ་རྗེ་མཆུས། །ཡུལ་འདིའི་ལོ་ཐོག་འབྲས་དྲུག་ཐམས་ཅད་ལ་སྲུངས་ཤིག །སེར་ཟློབ་མ་བཏང་ཞིག །ཅེས་པ་སེར་ལམ་གཅོད་པའི་འཁོར་ལོ་སྟེ། །སྒྲུབ་རྟེན་གཏོར་མའི་རྩེ་ལ་བཙུགས་རྒྱུ་ལ། །རང་གིས་བསྲུང་རྒྱུའི་གྲོང་པ་ཐམས་ཅད་ཀྱི། །མིང་རྣམས་ཡུལ་འདི་ཞེས་པའི་ས་དེར་བྲི། །དེ་རྒྱབ་མུ་ཁྱུད་བསྙེན་སྔགས་བྲི་བ་སྟེ། །དེ་རྒྱབ་རྩིབས་བཅུ་ལ་ནི་ཧཱུྃ་ཡིག་རེ། །དེ་རྣམས་ཡིག་མགོ་ཕྱི་ལ་བསྟན་པ་སྟེ། །དེ་རྒྱབ་མུ་ཁྱུད་གདོང་ཟློག་སྔགས་བྲི་བ། །དེ་ནི་ཡིག་མགོ་ནང་དུ་བསྟན་པར་བྱ། །དེ་རྒྱབ་མུ་ཁྱུད་ཅུང་ཙམ་ཆེ་བ་ལ། །འཁོར་ལོ་རྡོ་རྗེ་རིན་ཆེན་པདྨ་དང་། །རྒྱ་གྲམ་རྣམས་ནི་ཕྲེང་གྲངས་མེད་པ་བྲི། །ཡུལ་ཀུན་


CMR046_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་ལ་གཏོར་མའི་རྩེ་རུ་བཙུགས། །གཅིག་དེ་གལ་ཆེ་ས་ཡི་སེར་ཐོའི་ནང་། །ཟོར་དང་ཐུན་ནི་གདོང་ཟློག་འཕེན་རྒྱུ་ཡིན། །ཤིང་རལ་དང་ནི་གདོང་བཟློག་སྔགས་བྲི་སྟེ། །ཤིང་རལ་ཡང་ནི་སེར་ལམ་བཞག་རྒྱུའོ། །གདོང་ཟློག་སྔགས་ཀྱི་མཇུག་ཏུ་འདི་ཡང་བྲི། །གཡས་སུ་བྱོལ་ཅིག །གཡོན་དུ་གཟུར་ཅིག །གློག་མོའི་ལྕེ་ཆོད། འབྲུག་མོའི་སྒྲ་ཆོད། སེར་བ་དཀར་པོའི་རྐང་པ་ཆོག་ཅིག །ཤ་ལཾ་བྷི་ཏི་སྭཱ་བྷ་ཡ་ནྟཾ་བྷ་ཡ༔ ཨུ་ཙཊྚ་ཡ་ཨུ་ཙཊྚ་ཡ༔ ཕཊ་ཕཊ་སྭཱ་ཧྭ༔ ཡ་ཡ་ས་ཏྲི་ཀ་ཏྲི༔ རུ་རུ་ཙི་རུ་ས་ར་ཡ་ཛ་ཛཿ ཨོཾ་བཛྲ་ཏ་ཀི་ནི་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ སེར་སྲུང་སྙན་བརྒྱུད་ཡི་གེ་མེད་པ་ནི། །སྔགས་པ་ནུས་ལྡན་གདུང་རུས་ཕྱེ་མ་ནི། །སཱཙྪའི་ནང་དུ་བསྲེ་བ་ཟབ་པར་བརྩི། །ཕག་ཚིལ་ཆུ་དག་སྦྲུལ་ཚིལ་རྩང་ཕག་ཤ །གླ་རྩི་བཙན་དུག་བྱ་རོག་འུག་པའི་སྒོ། །མུ་ཟི་རྐྱང་རྟེལ་དུད་པས་སེར་བ་ཆད། །ཡང་ན་རྩང་པའི་ཤ་དང་སྦྲུལ་ཤ་དང་། །ཕག་ཚིལ་གུ་གུལ་གླ་རྩི་ཆུ་དག་ནག །གྲོ་ཕྱེ་བསྲེས་པའི་རིལ་བུ་མང་པོ་འཚག །དུད་པ་ཐེང་བ་ཙམ་གྱིས་སེར་བ་ཆད། །ཡང་ན་སྲེ་མོང་ཤ་དང་རྩང་པའི་ཤ །རྟ་བོན་རྐྱང་བོན་མུ་ཟི་ནག་པོ་དང་། ཕག་མོའི་


CMR046_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བྲུན་དང་གུ་གུལ་གླ་རྩི་དང་། །སྦྱར་བུན་ར་ཐུག་ལུག་ཐུག་རྨང་ཁའི་སྤུ། །དུད་པ་ཐེང་བ་ཙམ་གྱིས་སེར་བ་ཆད། །རོ་རས་ཤ་ཆེན་གུ་གུལ་སེ་བ་དང་། །རྒྱུ་སྐག་མུ་ཟི་ཡུངས་ཀར་ལྡོང་རོས་ཏེ། །རྫས་བརྒྱད་འཛོམ་ན་དུད་པ་ཐེང་བར་ཆོག །དེ་དག་རྫས་ཀུན་འཛོམས་པར་དཀའ་བ་སྟེ། །གང་འཛོམ་ཕྱོགས་བསྡུས་བྱས་ན་སྔགས་ནས་འཚག །ནམ་ཡིན་མི་བདུག་ཕོག་ཐུག་འགྲོ་དོག་ཡོད། །ཨུས་ཐུག་མི་ཐུབ་ཤོམ་དུས་ཞད་ཙམ་འདུག །སེར་གཏའ་རྫས་སྣ་དེ་དག་སྔོན་ནས་བསགས། །གཏོར་མཆོད་བཅས་པ་མཚམས་བསྡོམ་ཞག་བདུན་སྒྲུབ་། །ཆོ་ག་གཅིག་གིས་བདག་མདུན་དུས་གཅིག་བསྒོམ། །བདག་མདུན་ཕྱི་རོལ་ཧཱུྃ་ཡིག་ཡོངས་གྱུར་པ། །འཁོར་ལོ་རྩིབས་བརྒྱད་སྟེང་འོག་རྩིབས་གཉིས་བཅས། །རྩིབས་རྣམས་རལ་གྲི་སོ་གཉིས་རྩེ་རྣོ་ལྟར། རྩིབས་ནང་རྩིབས་རྩེར་རང་འདྲའི་ཁྲོ་བོ་བཅུ། །འཁོར་ལོའི་ནང་ནི་སྦུབ་ཆལ་ཁ་སྦྱོར་ལྟར། །སྟོང་པའི་ནང་དུ་བདག་མདུན་དཀྱིལ་འཁོར་གསལ། །རྩིབས་རྣམས་སྔ་དྲོ་གཡས་དང་ཕྱི་དྲོ་གཡོན། །དྲག་ཏུ་འཁོར་བའི་རྩེ་མོས་གནོད་བྱེད་གཏུབ། །དེ་རྒྱབ་འཁོར་ལོ་ཆུང་ངུ་མང་པོ་འབྲེལ། །དེ་རྒྱབ་རྡོ་རྗེ་རིན་ཆེན་པདྨ་


CMR046_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རྒྱ་གྲམ་མེ་རི་ཁ་དོག་ལྔ་ལྡན་གུར། །དེ་སྟེང་སྤྱི་གཙུག་ཐད་ཀྱི་ནམ་མཁའ་ལ། །གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པ་ཡི། །དབུས་སུ་ཤཱཀྱ་ཐུབ་པ་སྟོང་ཕྲག་བཞུགས། །རྩིབས་སྟོང་ནང་དུ་བསྐལ་བཟང་སངས་རྒྱས་སྟོང་། །བཞུགས་ནས་སྟེང་ཐོག་གནོད་པ་སྲུང་བར་བསྒོམ། །རང་གི་རྐང་ཞབས་གཡུ་ཡི་གྲོད་པ་ནི། །ཆེན་པོ་རྐང་པས་ནེམ་ནེམ་མནན་ཡོད་བསམ། །དེ་ཡིས་འོག་འཁྱུག་སྲུང་བར་བྱེད་པར་བསམ། །མདུན་བསྐྱེད་རྡོ་རྗེ་མཆུ་ཡི་ཐུགས་ཀ་རུ། །རང་གི་བསྲུང་རྒྱུའི་ལོ་ཐོག་ཀུན་ཚུད་བསྒོམ། །ཉིན་ཕྱེད་ཡན་ལ་བསྙེན་སྔགས་སྭཱ་ཧཱ་ཅན། །ཉིན་ཕྱེད་ནས་བཟུང་སྔགས་འདིས་སེར་གཏའ་སྔགས། །ཨོཾ་བཛྲ་དུ་ན་ཏོ༔ ཨི་ཀ་ནི་ཀོན༔ ཙ་ལ་མ་ལ་ཏི་ལི་རཾ་རཾ་གྷ་རུ་ཎ་ཨ་ཏི་སེར་བ་སྲུངས་མི་ཏི་སེར་བ་རཀྵ་རཀྟ༔ སེར་གཏད་ཐམས་ཅད་ཁྱུང་དང་ཁྲོ་བོར་བསྒོམ། །དེ་འདྲ་དཔག་མེད་སྤྱན་དྲངས་བསྟིམ་བྱ་ཞིང་། །ཐུན་བཞི་ལས་བྱང་བསྟོད་པ་ཡན་ཆད་འདོན། །དགོང་མོའི་ཐུན་ལ་ཚོགས་དང་གཏོར་འབུལ་བྱ། །དེ་ལྟར་བསྙེན་ཚད་ཞག་བདུན་བསྒྲུབས་བྱས་པས། །མཁར་ལས་བཟང་པོ་བྱས་དང་བཙན་སར་འདུག །ར་ལུག་ཁྱིམ་དུ་བཙུད་དང་


CMR046_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བཤའ་རགས་བརྩིག །ནགས་ཚལ་འཐུག་པོའི་ནང་དུ་འདུག་པ་དང་། །ཞིང་གི་རིམ་པ་བཙན་པོས་བྱས་པ་རྨི། །གཞན་ཡང་མཚན་ལྟས་བཟང་ན་འགྲུབ་པ་ཡིན། །གཞུང་ན་མེད་ཀྱང་སྔགས་རྒན་གསུང་རྒྱུན་ལ། །ལུག་ཁྱུ་མ་ཐུབ་རྨི་ན་ངན་ཞེས་ཟེར། །ད་རུང་སྒྲུབ་པ་ཞག་གྲངས་བསྲིང་ན་ལེགས། །དེ་ལྟར་སྒྲུབ་ཚར་ནས་སེར་བསངས་བྱ། །ཡུལ་དེའི་གཞི་བདག་དྲགས་རིམ་མིང་ནས་འབོད། །ལོ་ཐོག་འདི་དག་ཁྱེད་ལ་བཅོལ་བ་ཡིན། །སེར་བ་མ་གཏོང་ཁྱེད་ཀྱིས་ཐུབ་པར་སྲུངས། །མཐུ་དང་ནུས་པ་ཅི་འདུག་ལྟ་འོ་བརྗོད། །དེ་ནས་ཕུར་པ་སཱཙྪ་མཁར་གོང་སོགས། །གང་འོས་སོ་སོར་སེར་གཏའ་བཀྲམ་རྒྱུ་བསྐུར། །འཁོར་ལོ་ལྟེབས་ནས་ཕྱིང་པ་སོགས་ཀྱིས་བསྟུམ། །སེར་བ་རྒྱུན་ཏུ་འོང་བའི་སེར་ལམ་གྱི། །སེར་ཐོའི་ནང་དུ་བཞག་རྒྱུ་བསྐུར་བས་ཆོག །སཱཙྪ་འཁོར་ལོ་ཆུ་ཡིས་མི་འཇིག་བྱ། །སེར་ཐོ་རྣམས་ཀྱང་ཁྲོ་བོ་ཁྱུང་བཅས་བསྒོམ། །རྒྱུན་དུ་ལས་བྱང་འདོན་དུས་བསྐྱེད་བསྟིམ་བྱ། །སེར་གཏའ་རྣམས་ལ་བུད་མེད་མི་རེག་བྱ། །དམ་ཚིག་རང་དང་སྡེ་ཡི་བསྲུང་བྱ་གཉིས། །རང་གི་ཕྲེང་བ་གཞན་གྱིས་ལག་མི་འགྲིམ། །ཕྱི་ཤ་མི་ཟ་མགོ་ལ་མར་མི་བཀུ། །སླ་ངར་


CMR046_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བརྫིས་པའི་ཟན་ནི་མི་ཟ་ཞིང་། །མནའ་རྫུན་མི་སྨྲ་སླ་ང་མགོར་མི་གྱོན། །རྨེ་ཅན་དམ་ཉམས་ཁ་འཕྲོ་འཐུང་མི་རུང་། །སྒྲུབ་ཚེ་སྔགས་ཚིག་གཞན་གྱིས་མ་ཚོར་བྱ། །སེར་བ་བསྲུང་ཚེ་གདམས་ངག་སྤེལ་མི་རུང་། །མི་གཙང་གོས་སྨེ་གོན་པར་མི་བྱའོ། །སྡེ་ཡིས་བསྲུང་བྱ་མནའ་གཉན་སྐྱེལ་ལེན་དང་། །ཉ་དང་སྦལ་སྦྲུལ་ཕྱི་བ་གསོད་མི་རུང་། །ཤིང་གཉན་གཅོད་དང་ཆུ་མིག་ནེའུ་སིང་རློག །གླང་དང་རྔ་བྲན་བཤའ་བར་མི་རུང་ངོ་། །འཛིན་རྩོད་ངུ་འབོད་ཀླུ་ཤིང་མེར་མི་བཅུག །སེར་བ་སྔགས་དུས་སྔགས་པའི་ངོར་མི་ལྟ། །ཁྱི་དང་བུད་མེད་སྔགས་པའི་རྩར་མི་བཏང་། །སྔགས་པའི་སྔོན་དུ་ར་ལུག་མི་འདེད་ཅིང་། །སེར་བ་སྔགས་སྟང་མི་རུང་དམ་ཚིག་ཡིན། །དེ་ནས་དུས་དང་དུས་མིན་སེར་བ་གཉིས། །ཚེས་བཞིའི་སྔ་དྲོ་སྤྲིན་ནི་སེར་ནག་བྱུང་། །ཚེས་བརྒྱད་ཕུག་རོན་སྐེ་ཡི་མདོག་འདྲའི་སྤྲིན། །བཅུ་གཅིག་ར་མ་རྒྱ་མོའི་སྦོ་འདྲ་དང་། །བཅོ་ལྔ་ཁམ་ནག་ཐལ་བ་གནམ་སྟོར་འདྲ། །བྷོ། བཅོ་བརྒྱད་རྟ་སྐྱའི་རྔ་མ་གྱེན་བཤད་འདྲ། །ཉི་ཤུ་སྤྲིན་དམར་སེམས་ཅན་གཟུགས་འདྲ་བ། །ཉེར་དགུ་སྤྲིན་ནི་དུད་ཁ་མགོ་ཆེ་བ། །དེ་དག་སེར་བའི་དུས་ཡིན་སྔགས་དམིགས་


CMR046_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིམ། །དུས་མིན་སྤྲིན་ནི་རྨ་བྱའི་མགྲིན་འདྲ་དང་། །དུང་རྩེགས་འདྲ་ན་སེར་སྤྲིན་ཡིན་པས་སྔགས། །གཡུ་འབྲུག་འདྲ་ན་ཕྱི་འཕྲད་འོང་བའི་རྟགས། །དཀར་པོ་སྲན་མ་གཏོར་འདྲ་ཕྱིན་ཉིན་འོང་། །དཀར་པོ་དུང་འདྲའི་དཀྱིལ་དུ་གཟུགས་བརྙན་འདྲ། །ཕྱིན་ཉིན་ནམ་ནི་སྲོད་ལ་འོང་བ་ཡིན། །ར་མ་རྒྱ་མོའི་སྤོ་འདྲ་དམའ་ཞིང་འཁྲུགས། །རྨུགས་ཆེན་བྱུང་ན་འཕྲལ་དུ་འོང་བ་ཡིན། །ཁང་རྨིང་ས་རྡུལ་འདྲ་ན་དེ་མ་ཐག །ནམ་མཁའ་སྐྱ་དང་འོད་དེ་འཕྲལ་དུ་འོང་། །ཕུབ་རུལ་ཐལ་བ་གཏོར་འདྲ་ཕྲལ་དུ་འོང་། །དུད་ཁ་བང་རིམ་ཆགས་པ་འདྲ་བ་དང་། །སྤྲིན་ཀུན་དམའ་ཞིང་འཁྲུག་ན་འོང་བ་ཡིན། །འབྲུག་ནི་རྐང་པའི་འོག་ནས་གྲག་འདྲ་དང་། །གྲམ་རྡོ་ཆད་འདྲ་འབྲུག་སྐད་ཡང་ཡང་ཆད། །གློག་ནི་དམའ་ཞིང་ཁྱིམ་དུ་འཁྱུག་འདྲ་དང་། །སྤྲིན་ནི་ཐལ་བ་འདྲ་ཞིང་དམའ་ལ་འཁྱུག །འབྲུག་སྒྲ་ཆེ་ཞིང་ནམ་མཁའ་གསལ་ལ་སྐྱ། །ནམ་མཁའ་མཐིང་ནག་འབྲུག་སྒྲ་གློག་ཀྱང་མྱུར། །སྤྲིན་དལ་རླུང་འཚུབ་ཀ་ར་ར་བྱེད་ན། །ཉི་མ་ཕྱི་དྲོ་མུན་འཚུབས་དུས་ལ་འོངས། །སྤྲིན་དཀར་འཕང་མཐོ་རླུང་དྲག་ཤེད་ཆེ་ན། །ཉི་མ་ཕྱེད་ཡོལ་མན་གྱིས་སེར་བ་འོང་། །དུད་ཁ་སེམས་ཅན་


CMR046_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་འདྲ་ཀླུ་ཡིན་ཏེ། །ཁམ་ནག་རླུང་འཚུབ་འབྲུག་གློག་ཆེ་བ་ན། །བདུད་ཀྱི་སེར་བ་མུན་འཚུབས་ནམ་ཕྱེད་འོངས། །སེར་པོ་རླུང་འཚུབ་སྐོར་སྐོར་བཙན་གྱི་ཡིན། །སྤྲིན་ནག་ནམ་མཁའ་སྐྱ་ལ་འཚུབ་མ་ལོང་། །ལྷ་སྲིན་སྡེ་བརྒྱད་འདུས་པའི་སེར་བ་ཡིན། །སྤྲིན་ནག་ཐད་དཀར་འཁྱིལ་ཞིང་གཞན་རྣམས་དང་། །དེ་ནི་གཟའ་ཡི་སེར་བ་ཡིན་པར་བཤད། །དེ་ལྟར་སེར་བ་བཅས་ནས་བྱུང་བའི་དུས། །དེ་ལ་ཁ་གྱུས་སྔགས་ནི་མི་རུང་སྟེ། །སྡེ་བརྒྱད་ཁྲག་སྐྱུག་གཟའ་ཡི་ལྟོ་བ་འགས། །རང་ཉིད་སྡེ་བརྒྱད་ཀུན་དང་འགྲས་ཚབ་ཆེ། །དེ་ཕྱིར་སེར་སྤྲིན་ལ་ནི་རྒྱབ་རྟེན་བསྔགས། །ཕྱི་ལྟས་བྱས་ལ་ཐུན་དང་སྡིགས་མཛུབ་བྱ། །ཕྱག་གཡོན་རླུང་འཚུབ་སྤྲོས་པས་སེར་སྤྲིན་གཏོར། །ཕྱག་གཡས་མེ་དཔུང་འབར་བས་སེར་བ་བཞུས། །སེར་སྤྲིན་བྱུང་ནས་བཟུང་སྟེ་གདོང་ཟློག་སྔགས། །འདི་ཉིད་དྲག་ཏུ་བརྗོད་ཅིང་སྔགས་པར་བྱ། ཨོཾ་བཛྲ་དུན་ཏོ༔ ཨི་ཀ་ནི་ཀོན༔ ཙ་ལ་མ་ལ་ཏི་ལི༔ སེར་བ་མཱ་ར་ཡ་ཕཊ༔ ཟློག་ཟློག༔ གནོད་བྱེད་སེར་བ་སེར་བྱེད་དང་བཅས་པ་ཛྭ་ལ་རཾ་རཾ༔ སེར་སྤྲིན་གཏོར་མ་ཐུབ་ཅིང་འཁྲིགས་བསྡད་ན། །ལྕགས་ཕྱེ་བསྲེས་པའི་ཐུན་


CMR046_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཡོད་ན་འཕང་། །ལག་གཡས་རྡོ་རྗེའི་ཕྱག་རྒྱ་བྱས་ནས་ཀྱང་། །སེར་ལམ་སྟོན་པའི་སྔགས་འདི་བརྗོད་བྱ་སྟེ། །ཨོཾ་བཛྲ་དུན་ཏོ༔ ཨི་ཀ་ནི་ཀོན༔ ཙ་ལ་མ་ལ་ཏི་ལི༔ སེར་བ་བྷོ་བྷོ་དྷིར་གྷོ་འདིར་བྱོ༔ ཞེས་པའི་སྔགས་ནི་དེ་ཡི་མཇུག །ལོ་ཐོག་མེད་པའི་ས་ཕྱོགས་སུ། །ནགས་ཚལ་ཆེ་ན་འདི་ཉིད་བྱ། །ནགས་རི་ལ་རྒྱབ་ཡཱ་ཆོམ། །སྤང་རི་ཆེ་ན་འདི་ཉིད་སྦྱར། །སྤང་རི་ལ་རྒྱོབ་ཡ་ཡི༔ བྲག་རི་ཆེ་ན་འདི་ཉིད་སྦྱར། །བྲག་རི་ལ་རྒྱོབ་ཡ་ཧཾ་རྫ་རི་ཆེ་ན་འདི་ཉིད་སྦྱར། །རྫ་རི་ལ་རྒྱོབ་ཡ་ཨཱ༔ མཚོ་འམ་ཆུ་ཆེན་ཡོད་པ་ན། །ཆུ་ལ་རྒྱོབ་ཡ་ཨཱ༔ ། ཞེས་པ་གང་རུང་ཤམ་བུ་གཅིག་སྦྱར་གྱིས། །ཐམས་ཅད་སྦྱར་ན་མི་རུང་ངོ་། །དེ་ཕྱོགས་རྡོ་རྗེས་ལམ་བསྟན་པས། །སེར་བ་དེ་རུ་འགྲོ་བར་འགྱུར། །གལ་ཏེ་སེར་རྐང་བཙུགས་བྱུང་ན། །ཡོད་ན་ཤིང་རལ་གཡུག་བྱ་སྟེ། །མེད་ན་རལ་གྲིའི་ཕྱག་རྒྱ་གཡུག །གནམ་ལྕགས་ངར་མིའི་རལ་གྲི་ཡིས། །སེར་བའི་རྐང་པ་བཅད་པར་བསྒོམ། །ལག་པ་ཁྱུང་གི་ཕྱག་རྒྱ་བྱས། །ཁྱུང་གིས་གཤོག་པས་སེར་སྤྲིན་རྣམས། །གཤག་ཅིང་མེ་ཡིས་བསྲེགས་པར་བསྒོམ། །དེས་མ་ཐུབ་ན་ཐུན་དང་ཟོར། །ཁྲོ་བོ་ཁྱུང་བཅས་མེ་འབར་


CMR046_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། །སེར་བའི་གདོང་དུ་བརྒྱབ་པ་ཡིས། །སེར་བ་སེར་བྱེད་གཞོབ་པར་བསྒོམ། །རྡོ་རྗེའི་འགྲོས་བྱས་ཕུར་པ་འདྲིལ། །སེར་འབྲུ་ཁར་བཅུག་གནམ་དུ་སྟོར། །ཤིན་ཏུ་ཐུ་ན་ཞྭ་གོས་བརྡབ། །རྟེན་གཏོར་འཕང་བས་ཐེ་ཚོམ་མེད། །དེ་ནས་སེར་བ་ཡལ་བ་དང་། །ཉམས་ལེན་སྟོང་ཉིད་ངང་ལ་བཞག ༈ །དེ་ནས་སྐད་ཅིག་དྲན་རྫོགས་སུ། །རང་ཉིད་ཁ་སར་པཱ་ཎིའི་སྐུ། །ནམ་མཁའ་ཁྱབ་པའི་ཕྱག་གཡས་ཀྱིས། །མཆོག་སྦྱིན་མཐིལ་ནས་ཧཱི༔དཀར་ལས། །བདུད་རྩིའི་འོ་མའི་མདོག་ལྟ་བུ། །ཆུ་བོ་ཆེན་པོའི་རྒྱུན་བཞིན་བབ། །ལྷ་འདྲེ་ཀུན་ལ་ཁྲུས་བྱས་པས། །སྣད་ཡར་སྨད་འགྲམ་བྱུང་བ་གསོས། །བདུད་རྩི་འཐུང་བས་ངོམ་ཞིང་ཚིམ། །ཐལ་མོ་སྦྱར་ནས་ཆོས་ཉན་བསྒོམ། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལྷ་འདྲེ་རྣམས་ལ་ཆོས་སྦྱིན་དང་། །འབུ་སྲིན་རྣམས་ལ་སྐྱབས་ཀྱི་སྦྱིན། །རྩམ་ཟན་རྣམས་ལ་ཟང་ཟིན་སྦྱིན། །སེམས་ཅན་ཀུན་ལ་བྱམས་པའི་སྦྱིན། །སེར་སྲུང་སྦྱིན་པ་རྣམ་བཞི་འདིས། །བླ་མེད་བྱང་ཆུབ་འབྲས་ཐོབ་ཤོག །


CMR046_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བརྗོད་བསྔོ་བ་སྨོན་ལམ་བྱ། །ཐོག་ཆོད་སྐྱ་ནི་ཞམ་པའི་དུས། །གཏང་རག་བསངས་མཆོད་ཐོན་ན་ལེགས། །ཚོགས་དང་མཆོད་གཏོར་རྒྱས་པར་འབུལ། །གཏང་རག་ལེགས་སོ་ཐོན་ན་ནི། །དེ་ཕྱིར་སྲུང་ཡང་སླ་བ་ཡིན། །སེར་གཏའ་རྣམས་ཀྱང་བསྡུས་ན་ལེགས། །རབ་གནས་སྤར་ནས་ཕྱིར་ལོ་བཀྲམ། །གལ་ཏེ་བསྡུ་བར་མ་གྲུབ་ན། །རྗེས་ཆོག་སྐབས་སུ་དམིགས་པས་བསྡུས༔ བསྟིམས་པའི་ལྷ་རྣམས་གཤེགས་གསོལ་བྱ། །དེ་དག་ཐམས་ཅད་རྡོ་རྗེ་མཆུ། །ཁོ་ནའི་གཞུང་ནས་བྱུང་བ་སྟེ། །རྡོ་རྗེ་མཆུ་ཡི་རྩ་སྔགས་མཇུག །ཚོག་རུ་ཊ་ཧཾ་ས་ཙ་ལེ་ཙ་ལེ་སྭཱ་ཧཱ༔ ཡོར་གེ་ག་གེ་སད༔ ཐཾ་ཐཾ་སད༔ རཾ་རཾ་སད༔ ཕུར་ཕུར་སད༔ པྲ་མུ་ཏི་སད༔ ཅེས་པའི་ཤོག་དྲིལ་བྲིས་ནས་ཀྱང་། །རང་སྔགས་དེ་ཡིས་ཅི་འགྲུབ་སྔགས། །སེར་དུང་ལ་ནི་དཀྲིས་ཏེ་བཅིང་། །བུས་པས་སེར་བ་ཐུབ་པར་བཤད། །སེར་སྒྲ་ཙིར་སྒྲ་གྲག་པའམ། །རྨི་ལམ་མགར་ཚང་མགར་བྱེད་མཐོང་། །ཉམས་སྣང་ལྕགས་རྡུང་སྒྲ་ཐོས་ན། །ཐོག་ནི་འོང་བའི་ལྟས་ཡིན་པས། །ཐོག་དམིགས་གཞུང་དུ་གསལ་ལྟར་ལས། །ནི་ནཱ་ག་ཛ་མུ་ན་ཏི་དེ་ཉིད་ཅུང་ཟད་བཟླས་པས་ཐུབ། །མཐིང་ཤོག་


CMR046_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི་གསེར་གྱི་བྲིས། །རང་སྔགས་དེས་སྔགས་བཏགས་པ་ན། །ཐོག་སྲུང་དེ་ལས་ཟབ་པ་མེད། །རང་བྱུང་བ་དང་ཨོ་རྒྱན་གསུངས། །དེ་གཉིས་གཞན་ནས་ཁ་བསྐང་བྱས། །ལྷ་བཙུན་སྔོན་མོའི་གཏེར་མ་ཡི། །རྡོ་རྗེ་མཆུ་ནི་རྒྱས་ན་ཡང་། །གཏེར་རྙིང་དབང་ལུང་བརྒྱུད་པ་དཀོན། །འཁྲུགས་ཆེ་ཕལ་ཕྱིར་ལག་ལེན་དཀའ། །སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ལ། །ཁྲོ་བོ་ཉིད་ཀྱིས་གསུངས་པའི་ཕྱིར། །བརྒྱུད་པ་ཉེ་ཞིང་རྣོ་བ་ཡིན། །དེ་སྔོན་ཐུབ་པའི་ལག་བླང་མང་། །འོན་ཀྱང་འདོན་འགྲིགས་ཕྱག་ལེན་བཅས། །གསར་བུ་རྣམས་ལ་ཕན་པའི་ཕྱིར། །འདི་ཡི་དབང་ལུང་ཐོབ་ཕྱི་ནས། །དཔེ་ཆ་ཡོད་པས་ཆོག་པ་འདི། །གཏེར་བློན་རཱ་ག་ཨ་སྱས་བསྒྲིགས། །དགེ་སློང་བརྩོན་འགྲུས་ཅན་གྱིས་བྲིས། ཉེས་འགལ་སེར་བདག་རྣམས་ལ་བཤགས། །དགེ་བས་རྩམ་ཟན་མི་རྣམས་ལ། །མི་འཇིགས་སྐྱབས་ཀྱི་སྦྱིན་པར་ཤོག །མངྒ་ལཾ།། །།སྟོད་ཁྲོ་བོ་བསྐྱེད། །སྐྱེར་པ་དགོས། ཟུར་གཉིས་མདུན་འབུར་དོད་ཀྱི་དཀྱིལ་འཁོར་གཤོང་གདན་ཟན་གྲུ་གསུམ། མར་རྒྱན་དང་རྩང་མི་བཙུགས། ཧོམ་ཁུང་དམར། གཏོར་མ་ནག་པོ་མཐོན་ཟན་མདོག་རུང་། །སྣོད།་་ཀོང་ཟོར།

སེར་ལམ་བཅད་པའི་ཐབས་ཀྱི་བསང་བསྡུས་པ།


CMR046_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

སེར་ལམ་བཅད་པའི་ཐབས་ཀྱི་བསང་བསྡུས་པ་བཞུགས་སོ། །ཧཱུྃ། སློབ་དཔོན་པདྨས་དམ་བཏགས་ལྷ་འདྲེའི་ཚོགས། །གཟའ་བརྒྱད་གདོང་མོ་གཟའ་སྲིན་བྱེ་བ་འབུམ། སྡོང་ཟླ་ལྷ་སྲིན་སྡེ་བརྒྱད་ཡུལ་ལྷའི་གཙོ། །ཐང་ལྷ་འབྲི་བྱེད་རྨ་རྒྱལ་ངོམ་རྒྱལ་དང་། །སྐུ་རྒྱལ་རྫ་རྒྱལ་གཏམ་རྒྱལ་རྨོག་ཤེ་སོགས། །སྟོན་རྒྱལ་སྤོས་རྒྱལ་རྒྱལ་ཆེན་གྲུ་གུ་དང་། །རྫ་རྒྱལ་ངང་མ་བོད་ཡུལ་ལྷ་འདྲེའི་ཚོགས། །ཡུལ་ཕྱོགས་འདིར་གནས་སེར་བདག་བཅོ་བརྒྱད་ལ། །ཕྱེ་མར་འབྲུ་སྣ་གཡུ་ཤུག་གསུར་གྱི་བསངས། །ན་བུན་དགེ་བསྙེན་ཉིན་འཕྲང་དགེ་བསྙེན་དང་། །རྔ་སེར་རྦ་ནག་རྒོལ་གོར་དར་མ་སོགས། །བོད་ཀྱི་དགེ་བསྙེན་ས་བདག་ཀླུ་གཉན་ལ། །ཕྱེར་མར་འབྲུ་སྣ་གཡུ་ཤུག་གསུར་གྱི་བསང་། །ཁྱད་པར་ཡུལ་བདག་གྲོང་བདག་གནས་བདག་ཀྱི། །རྔམ་རྩ་རྡོ་ཚ་སྦོམ་ཤེ་སྐུ་འཁོར་བཅས། །མདུན་རི་གཡས་རི་རྒྱབ་རི་དང་། །གཡོན་རི་ཕུ་མདའ་ཉིན་སྲིབ་ལ། །གནས་པའི་གཞི་བདག་ཐམས་ཅད་ལ། །ཕྱེ་མར་འབྲུ་སྣ་གཡུ་ཤུག་གསུར་གྱིས་བསང་། །བདག་གི་བསྲུང་བའི་ལོ་ཐོག་འདི་རྣམས་ལ། །སེར་བའི་གནོད་པ་མ་བཏང་ཐུབ་པར་སྲུངས། །


CMR046_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་བརྒྱད་སེར་བ་ས་ཕྱོགས་གཞན་དུ་སྒྱུར། །ཞེས་པ་ཤོར་ལུང་སེར་སྲུང་གི་དོན་དུ་རཱ་གས་འཕྲལ་དུ་བྲིས། ༈ ཧཱུྃ། སློབ་དཔོན་པདྨས་དམ་བཏགས་ལྷ་འདྲེའི་ཚོགས། །གཟའ་བརྒྱད་གདོང་མོ་གཟའ་སྲིན་བྱེ་བ་འབུམ། །སྡོང་ཟླ་ལྷ་སྲིན་སྡེ་བརྒྱད་ཡུལ་ལྷའི་གཙོ། །ཐང་ལྷ་འབྲི་བྱེད་སེར་བདག་བཅོ་བརྒྱད་ལ། །ཕྱེ་མར་འབྲུ་སྣ་གཡུ་ཤུག་གསུར་ས་བསང་། །བདག་གིས་བསྲུང་བའི་ལོ་ཐོག་འདི་རྣམས་ལ། །སེར་བའི་གནོད་པ་མ་བྱེད་ཐུབ་པར་སྲུངས། །སྡེ་བརྒྱད་སེར་བ་ས་ཕྱོགས་གཞན་དུ་བསྒྱུར། རཱ་གས་འཕྲལ་དུ་བྲིས།། །།

རྡོ་འཁོར་གདོང་ཟློག


CMR046_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་འཁོར་གདོང་ཟློག །བླ་མ་དཀོན་མཆོག་གསུམ་དང་རྩ་བ་གསུམ། །འཇམ་དཔལ་ཚེ་བདག་ནག་པོའི་ལྷ་ཚོགས་ལ། །བདག་དང་ལོ་ཏོག་བཅས་པ་སྐྱབས་སུ་མཆི། །འགྲོ་ཀུན་མུ་གེའི་འཇིགས་ལས་སྐྱབས་པའི་ཕྱིར། །བདག་གིས་དྲག་པོའི་སྔགས་རྒོད་སྒོམ་བཟླས་བྱ། །སྟོང་པའི་ངང་ལས་གསེར་མདོག་ཡི་གེ་ཧཱུྃ། །དེ་ཉིད་ཞུ་བས་གསེར་གྱི་འཁོར་ལོ་ནི། །བཅུ་གཉིས་རྩིབས་ལྡན་ཉི་མ་སྟོང་གི་འོད། །གཡས་སུ་དྲག་ཏུ་འཁོར་ཞིང་བསྲུང་རིས་ཁེབས། །རྩིབས་སྟོང་སྔགས་ལས་འོད་ཟེར་སེར་པོ་ནི། །ཚྭ་ཚྭ་འཐུལ་ཞིང་ཚ་ལ་རྩུབ་པར་འཕྲོས། །རྩིབས་རྣམས་སྤུ་གྲི་བསྣོལ་བ་ལྟར་རྣོ་བ། །སྡེ་བརྒྱད་སེར་བྱེད་སེར་བཏང་དང་བཅས་པ། །ཚུར་ལ་བྱུང་རྣམས་སྲོག་རྩ་དམྱལ་དམྱལ་བཅད། །འཁོར་ལོ་དང་ནི་ཡིག་འབྲུ་མཐོང་ཙམ་གྱིས། །སེར་བྱེད་བརྒྱལ་ཞིང་སྔགས་ཏེ་ཡུལ་གཞན་བྲོས། །འོད་ཟེར་སེར་པོ་ཉི་མ་སྟོང་གི་གཟི། །ཚྭ་ཚྭ་མེ་དཔུང་འཕྲོས་པས་སེར་བྱེད་རྣམས། ༈ རག་རག་བསྲེག་པས་སེར་བ་བཟློག་པར་གྱུར། །ཨོཾ་ཁྲོ་ག་རུ་ཊ་ཧང་ས་ཧེ་ཙ་ལེ་ཙ་ལེ་སྭཱ་ཧཱ། ཨེ་ཀ་ཧེ་དུན་ཡ་མ་རཀཱ་ཛ་མུན་ཏྲི་རཾ། ཏྲི་ཤུ་སྙིང་ལ་རྦད༔


CMR046_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་དུ་རཾ་ཨུ་ནཾ་ཧྲིང་བྱུང་ཟུར་ནན། སྲོག་ལ་མྱོག་རྦད༔ སརྦ་ནཱ་ག་ཙིཏྟ་ཐུམ་ཅུར་ནན། སྙིང་ལ་གཟེར་ཁཾ་ཤག་རྦད། སརྦ་ཙིཏྟ་གཟེར་ཐུམ། ཏྲིག་ནན༔ ཞེས་དེ་བཟླས་སྔགས་བཏབ་ཐུན་ཟོར་འཕང་། །དེ་ཡིས་སེར་བའི་གདོང་ཟློག་འགྱུར། །རྡོ་འཁོར་གདོང་ཟློག་བུ་ཡིག་འདི། །གབ་འཁྲུགས་བསལ་ནས་ཁྱེར་བདེར་བྱས། །འགལ་འཁྲུལ་ཡི་དམ་ལྷ་ལ་བཤགས། །དགེ་བས་སེམས་ཅན་བདེ་གྱུར་ཅིག །དེ་སྐད་རཱ་ག་ཨ་སྱས་སྨྲས། སརྦ་མངྒ་ལཾ།། །།

རྡོ་འཁོར་དམིགས་རིམ་གསལ་བ།


CMR046_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་འཁོར་དམིགས་རིམ་གསལ་བ་བཞུགས་སོ། །རྩིབས་སྤུ་གྲི་ལྟར་རྣོ་ངར་དང་ལྡན་པའི་སོ་འཐབ་པའི་བར་དུ། ལྷ་སྲིན་སྡེ་བརྒྱད་སེར་བ་སེར་བྱེད་སེར་བཏང་དང་བཅས་པ་ཐམས་ཅད་རང་དབང་མེད་པར་གཏུབས་ནས་ཕྱེ་མ་ཐ་ར་ར་བཏང་། ཡིག་འབྲུ་རྣམས་ཀྱང་གསེར་གྱི་ཡིག་འབྲུ་སེར་ལིང་ལིང་སོང་ནས། འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ནས། ལྷ་མ་སྲིན་སྡེ་བརྒྱད་སེར་བ་སེར་བྱེད་སེར་བ་སྣ་ཁྲིད་དང་བཅས་པ། འོད་དང་འོད་ཟེར་དེས་ཚིག་ནས་གཞོབ་རོག་རོག་ཏུ་སོང་བས། ཐམས་ཅད་མྱོས་པས་སུབ་ནས་སྙིང་རྗེ་བར་བསྒོམ། སྔགས་གཉིས་འབྲེལ་མ་རབ་ཉེར་གཅིག །འབྲིང་བཅུ་བཞི། ཐ་མ་བདུན་ངག་བཅད་ལ་ཕུས་གདབ། ཡེ་དྷརྨཱ་བརྗོད་ལ་ནས་གཏོར། དེ་རབ་གནས་སོ། །ཡུངས་ཀར་དེ་ཡང་ཅི་ནུས་ཤིག་བསྔགས་ལ། ཡུངས་ཀར་འབྲུ་བདུན་ཀོང་ཟོར་ནང་དུ་བླུག་བདུན་དེའི་ཐུན་པོ་ཕུར་པའི་སྐེ་ལ་བཏགས། དེ་ནས་ཡུལ་གྲུ་ཆེན་པོ་སྲུང་དཀའ་ན། ཕུར་པ་རེ་དང་རྡོ་འཁོར་རེ། ཡུལ་དེའི་ཕྱོགས་བཞི་དབུས་དང་ལྔར་སྦས་ཏེ་ཐོ་བཙུགས། ཡང་ན་སེར་བ་འོང་བའི་ལམ་གལ་ཆེ་སའམ། བྲག་ཁུག་ཏུ་གནམ་མཐོང་སར་བཞག །ཕུར་པ་ལ་སྔགས་བྲིས་པའི་ཡུངས་ཀར་བཏགས་པ། ཁང་པའི་ཀློཕྱོགས་བཞི་དབུས་དང་ལྔར་བཙུགས་པ་ཐོག་སྲུང་ཡིན་པས་སེར་སྲུང་ཁང་པ་ལ་ཡང་བྱ། འཁོར་ལོ་ཡང་ཁང་པ་མཐོན་པོའི་ཐོག་ཏུ་བཞག་ཀྱང་ཆོག་གསུངས། འདི་ཡི་བུ་ཡིག་གདོང་བཟློག་མན་ངག་ལོགས་སུ་གབ་ཅེས་པ། གཞུང་ནས་དེ་


CMR046_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུགས་ཆེ་བར་གདའ་བས་ལག་ལེན་གོ་བདེར་གཉིས། སྔགས་ནག་ཨ་རཱ་གས་བསྡེབས་པ་ལ་ཉེས་པ་གང་མཆིས་བཤགས་ཤིང་འཇིག་རྟེན་བདེ་བར་གྱུར་ཅིག། ༈ །སྦལ་པ་ཡན་ཐུབ་ནི། རྫ་ས་ལ་རུ་སྦལ་གྱི་གཟུགས་སོ་བཏང་བ་ཁོག་སྟོད་བྱས་ལ། ཕྱི་ཚོན་བྱ། ནང་དུ་སྔགས་འདི་ཉི་ཤུ་རྩ་གཅིག་བྲི། སྔགས་འདི་བརྒྱ་བརྒྱད་ཀྱི་ཤོག་དྲིལ་སྔགས་ནས་རབ་གནས་བྱས་ལ། ཡིག་མགོ་སྦལ་པའི་མགྲིན་པར་ངོས་ལ་བསྟན། ནང་དུ་ཤོག་དྲིལ་བཅུག་སྔགས་དབུ་ཅན་བྲིའོ། །ཨོཾ་རུ་རུ་གླིང་གླིང་ཕྲ་པྲ་མ་ནི་ཤ་རུ་ས་ཏ་དུར་ཙ་ནི་སྭཱ་ཧཱ༔ འབྱུང་པོ་ཁ་ཐཾ༔ དེ་ནས་སྦལ་པའི་རྒྱབ་ནས་སྔགས་འདི་བཏབ། ཨོཾ་ན་ར་སི་ཐི་ཏ་དྷ་ར་བྷ་སཾ་ཡང་། གྷ་ཏྲི་ལྷག་ཧ་ཛོ་ཀོ་ནི་ཛོ་ཀོ་ནི། ར་ཙ་ཀ་བྷི་ཤུད་སྲུད་སྦྱད་བན་བནྡཱ༔ དྷ་ཧི་བྷ་དྷ་ལྕེ་རེ་བྷནྡ། ན་རེ་སཾ་ཀན་ཙ་ཀོ་རི། སི་ཏོ་མོ་རི། ཧི་ཡ་བྷོ་རི། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྔགས་འདིས་བཅུ་རེས་སེར་བ་ཞག་རེ་ཐུབ། བརྒྱ་བཟླས་ན་བཅུ་ལ་ཐུབ། སུམ་བརྒྱ་བཟླས་ན་ཟླ་བ་གཅིག་ཐུབ། དྲུག་བརྒྱ་བཟླས་ན་ཟླ་བ་གཉིས་ཐུབ། དགུ་བརྒྱ་བཟླས་ན་ཟླ་བ་གསུམ་ཐུབ། དེ་རྣམས་སྦལ་པའི་སྔགས་ཡིན་དང་པོ་ཤོག་དྲིལ་དུས་གཅིག་མང་དུ་བྲིས་ལ། དུས་གཅིག་རང་སྔགས་བརྒྱ་རྩ་བརྒྱད་ཀྱིས་བསྔགས། དེ་ནས་སྦལ་པའི་ཁར་བཅུག་ལ། སྦལ་པ་མང་པོ་དུས་གཅིག་སྔགས་རིང་དགུ་བརྒྱ་སྔགས་ལ། དེ་ནས་གྲོང་སོ་སོའི་མཐོ་སར་བཀྲམ། གདོང་ཟློག་བྱེད་


CMR046_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ན་བུད་མེད་མ་ཡིན་པའི་སྐྱེས་པས་སྦལ་པ་སེར་གདོང་ལ་གཡུགས། དེ་ལྟར་བྱའོ། །སྦལ་པའི་ཕྱག་ལེན་གསལ་བར། ༧ ཨ་རཱ་གས་སོ། །དེ་ལས་ཉེས་པ་ཅི་མཆིས་བཤགས། །དགེ་བས་འཇིག་རྟེན་བདེ་བར་གྱུར་ཅིག། །ཚ་ཚ་ཡན་ཐུབ་ནི་འདིའོ། །ཨོཾ་ཤཱཀྱ་མུ་ནི་རཱ་ཛཱ་ལཱ་ཡ་ཀིཾ་ཀིཾ༔ ཨ་སི་མུ་ས་ལ་ཡ་ཙན་ཀུ་རུ་སུ་རུ་སུ་རུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཡི་གེ་དབུ་ཅན་ཕྲེང་གཅིག་བྱས་ནས་མཇུག་ནས་ཡར་བྷཱུདྲིལ། ཚ་ཚ་དཀར་པོའི་ནང་དུ་བཞག་ནས་རབ་གནས་བྱསལ་བཞག་གོ །ཨེ་ཀ་ཧེ་དུ་ན་ཡ་མ་རཀྟ༔ ཛ་མུན་ཏྲ་རཾ་ཏྲི་ཤུ་སྙིང་ལ་རྦད༔ སརྦ་དུ་རོ་ཨུར་ནནཧྲི་ཕྱུང་སྤྲིན་ཚུ་སྦུར་ནན་སྲོག་ལ་མྱོག་ཆ༔ སརྦ་ནཱ་ག་རཱ་ཙ་ཙིཏྟ་ཐུ་སྦྱར་ནན་སྙིང་ལ་གཟེར་ཁཾ་ཤག་རྩ་ལ་རྦད་སརྦ་ཙིཏྟ་གཟེར་ཐུ་ཏྲིག་ནན༔ རྡོ་འཁོར་གྱི་སྔགས། ཧཱུྃ་བ་ཏི་སུ་ཙཀྲ་བཛྲ་ཏུན་ཏེ། མི་ལི་མི་ལི་ཧཱུྃ་ཕཊ་འདི་ཅི་འགྲུབ་བཟླས་པའི་མཐར་ཡེ་དྷརྨ་ཅི་མང་བརྗོད་ལ་རབ་གནས་གཏོར། ཡུངས་ཀར་དང་ཕུར་པ་མཉམ་དུ་སྔགས། ཕུར་པའི་སྐེ་ལ་ཐུམ་བྱ་སྔགས་བཏབ། །།


CMR046_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།

རྡེབ་འཁོར་གནད་ཀྱི་མན་ངག


CMR046_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

རྡེབ་འཁོར་གནད་ཀྱི་མན་ངག །གནད་ཀྱི་གདམས་པ་ཞལ་ལུང་མ་ཡི་དམིགས་རིམ་ལྟར་གསལ་བས། བདག་ཉིད་ཡི་དམ་བསྐྱེད། དབུ་ཚངས་པའི་སྲིད་རྩེར་ཁྱབ་པ། ཞབས་རྡོ་རྗེ་གདན་དུ་བསྐྲད་པ། སྡེ་བརྒྱད་གཙོ་བོ་རཱ་ཧུ་ལ་ཡི་ཁོག་པར་སེར་བྱེད་བསྟིམས་ནས་སྐེ་ནས་ཞབས་གཉིས་ཀྱི་དྲག་ཏུ་མནན་ནས་ཕྱག་གཉིས་ཀྱིས་མཇུག་མ་ནས་བཟུང་། ཤུགས་ཀྱི་ཤིན་ཏུ་ཁྲོས་ནས་གཅུས་པས་གཟའི་ཁ་ནས་སྡེ་བརྒྱད་ཀྱིས་གློ་སྙིང་ནང་ཁྲོལ་ཁྲག་དང་བཅས་པ་ཐམས་ཅད་མར་བུད་བྱུང་བས་སྐེ་དང་ལུས་ཐམས་ཅད་ཚ་ཧྲག་ཧྲག་རྩེ་ཟིང་ཟིང་ཟ་ཕུ་ལུ་ལུ་བྱེད་པར་བསམ། ཁ་ནས་དམྱལ་སྒྲ་དང་སྨྲེ་སྔགས་ཙེར་ཙེར་བྱེད་པར་བསྒོམ་ལ་སེར་བ་ཚབ་ཆེ་ཆུང་དང་བསྟུན་པའི་དམིགས་རིམ་གང་འཚམས་ཤིན་ཏུ་གསལ་བའི་ངང་ནས་རྡོ་རྗེའི་འགྲོས་བྱ་ཞིང་རྡེབ་འཁོར་དྲུད་པ་དང་རྡེབ་དགོས་བྱུང་ན་བསད་སྔགས་བཟླས་སོ། །ཡི་དམ་གུ་དྲག་མཁན་ཡིན་ན། ཨོཾ་ཨཱཿཧཱུྃ། ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ། ཨོཾ་བི་ཏུ་ཊ་སེར་བ་སེར་བྱེད་སྣ་འདྲེན་དང་བཅས་པའི་ལུས་ངག་ཡིད་གསུམ་ཁུག་ཛ་སམྦྷ་ཡ་ནན༔ བཛྲ་ཡཀྵ་ཀྲོ་ཏ་ཐུམ་རིལ་རྦད༔ རཀཱ་རཱ་ཧུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་སེར་བ་སེར་བྱེད་སྣ་འདྲེན་དང་བཅས་པ་སྟམྦྷ་ཡ་ནན་ནཱ་ག་ཤ་ཡ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཅེས་བཟླས་དམིགས་པ་གསལ་ན་ངེས་པར་ཐུབ་བོ། །ཨ་རཱ་གས་སོ། ༈ །ཡང་ཤིན་ཏུ་སེར་བ་རང་གི་ཐད་ནས་


CMR046_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་གཏུག་བྱུང་ན། རང་ཉིད་ཡི་དམ་སྐད་ཅིག་གིས་གནས་འགྱུར་ནས། རང་ཡང་གན་རྐྱལ་དུ་ཉལ་ལ། སྡིག་པ་ནག་པོ་འཇིགས་སུ་རུང་བ་འཇིག་རྟེན་གྱི་ཁམས་གང་བས། རང་གི་སྲུང་རིས་མེར་གྱིས་གང་ནས། རྭ་གཡས་པ་དགུས་སྲིད་པའི་རྩེ་མོ་སྙིལ་བར་བྱེད་པ། གཡོན་པ་དགུས་ས་འོག་ནས་གཡེངས་བར་བྱེད་པ། ཁ་ནས་དུག་གི་རླངས་པ་ཕྱུ་རུ་རུ་བྱེད་པ་གཅིག་བསམ། ཞལ་ནས་ཧཱུྃ་མང་པོ་བརྗོད་ནས། ལག་པ་གཉིས་ཀྱིས་བསྙབས་པས་སེར་བ་སེར་བྱེད་ཐམས་ཅད་འུབ་ཀྱིས་བསྡུས་ནས་རང་སྡིག་པའི་ཁ་ནང་དུ་རོག་རོག་མིད་པས། སེར་བྱེད་ཐམས་ཅད་རྡུལ་དུ་བརླག་པར་བསམ། དམིགས་པ་གསལ་ན་ཤིན་ཏུ་ཟབ་ཅིང་མྱུར་དུ་འཆད་པའི་མན་ངག་གོ །ཕྱི་རབས་སྔགས་པ་རྣམས་ལ་མང་སྤེལ་ན་རང་ལ་ཉེས་པ་ཆེ། ཞེས་ཨ་རཱ་གས་སྦྱར་བ་ལ་ཉེས་པ་མཆིས་ན་བླ་མ་དྲག་པོའི་ལྷ་ཚོགས་ཁྲོ་བཅུ་འཁོར་དང་བཅས་པ་ལ་བཤགས་ཤིང་། དགེ་བས་སེམས་ཅན་རྣམས་ལ་སྦྱིན་པ་རྣམས་བཞི་དོན་མཆིས་པར་གྱུར་ཅིག །མངྒ་ལཾ།། །༈ འོག་ནས་བྱུང་བའི་བསད་སྔགས་ལུགས་གཅིག་ལ། ཨོཾ་བཛྲ་ཡཀྵ་ཀྲོ་ཏ་སོགས། ཕྱིན་བཟླས་ནས་ཆོག་པ་ཁ་གཅིག་ནས་བྱུང་། །

སེར་བ་གཅོད་ཐབས་རྡེབ་འཁོར་རྡེབ་ཆོག་དམིགས་རིམ།


CMR046_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

སེར་བ་གཅོད་ཐབས་རྡེབ་འཁོར་རྡེབ་ཆོག་དམིགས་རིམ་བཞུགས་སོ། །རང་ཉིད་སྐད་ཅིག་གུ་རུ་དྲག་པོར་གསལ། །རྡེབ་འཁོར་དྲང་སྲོང་ཆེན་པོ་རཱ་ཧུ་ལ། །དབུ་དགུ་ཕྱག་བཞི་སྐུ་སྨད་སྦྲུལ་དུ་འཁྱིལ། །ལྟོ་བ་ཁྲག་གི་རྒྱ་མཚོ་འཁྱིལ་བའི་ནང་། །སེར་བ་སེར་བྱེད་སྣ་འདྲེན་བཅས་པ་ཁུག །སྦྲུལ་མཇུག་ནས་བཟུང་ནམ་མཁར་ཕྱར་བ་ཡི། །ནམ་མཁར་གནམ་ལྕགས་འཁོར་ལོ་འཁོར་བ་ཡིས། །དུམ་བུར་གཏུབ་ནས་གཞོབ་ཐུལ་བསྲེགས་པར་གྱུར། །ས་གཞི་ལྕགས་སྲེག་དམར་དང་ལམ་མེ་བ། །རབ་འཇིགས་མཚོན་ཆ་སྣ་ཚོགས་སྐྱེས་པ་ལ། །དྲག་ཏུ་བརྡབས་པས་སྡེ་བརྒྱད་སྨྱོས་སྐམ་སོགས། །རང་གི་ཞབས་འོག་འདར་དང་ཕྲི་ལེ་གནས། །བདག་གི་ཐུགས་ལས་འོད་ཟེར་དམར་ནག་འཕྲོས། །སྡེ་བརྒྱད་སྲོག་ཡིག་བླངས་ནས་རང་ལ་བསྟིམ། །དེས་མ་ཚད་ན། ཡང་ན་གཟའ་བདུད་དྲག་ཏུ་བརྡབས་པ་ཡིས། །དྲང་སྲོང་ལྟོ་བ་རལ་ནས་སྡེ་བརྒྱད་རྣམས། །ཁྲག་ཏུ་སྐྱུག་ཅིང་ཆུ་ཡིས་འབྱུང་བ་བཤིག །སྲུང་རིས་ཐམས་ཅད་ཁྲག་གི་རྒྱ་མཚོར་གྱུར། །རི་རབ་སྡེ་བརྒྱད་བཅས་པ་མགོ་སྟེང་ཟློག །ཉི་ཟླ་གཟའ་སྨར་འོག་ནས་འཆར་བར་གྱུར། །ཏིང་འཛིན་མ་འཆུག་པ་གལ་ཆེ། །གག་ཐུག་མ་


CMR046_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་རྡེབ་འཁོར་མི་རྡེབས་སོ། །རྡེབ་དགོས་བྱུང་ན་དྲང་སྲོང་བསྐང་གསོལ་བྱ། །བྱམས་དང་སྙིང་རྗེ་སོགས་ཀྱིས་ལྷ་འདྲེ་གསོ། །སྟོང་ཉིད་སྙིང་རྗེའི་ངང་དུ་བཞག་པར་བྱ། ཨ་སྱས་སྦྱར་བའོ།། །།

འཁོར་ལོ་བཀྲམ་པའི་འདོན་བྱ།


CMR046_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་བཀྲམ་པའི་འདོན་བྱ་བཞུགས་སོ།། ན་མོ་བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དྲུག་བསྒྲལ་བར་དམ་བཅའ་འོ༔ ༔ རང་ཉིད་སོགས། འཁོར་ལོ་ཁྲོ་རྒྱལ་དྲག་པོ་ཐོད་ཕྲེང་རྩལ༔ ཕྱག་ཆ་ཟོར་དང་ཐུན་དང་གཏོར་མ་བསྣམས༔ ཡཀྵ་མེ་དབལ་སྐུ་ལུས་མེ་ལས་གྲུབ༔ དམག་དཔུང་བཞིན་དུ་བར་སྣང་གང་བར་འཕྲོས༔ སེར་བ་སེར་བདག་གཞོབ་ཐུལ་བུན་ནེ་བསྲེགས༔ གཡས་སུ་གཟུར་ཅིག༔ གཡོན་དུ་བྱོལ་ཅིག༔ འབྲུག་མོའི་སྒྲ་ཆོག་ཅིག༔ གློག་མོའི་ལྕེ་ཆོད་ཅིག༔ སེར་བ་དཀར་པོའི་རྐང་པ་ཆོག་ཅིག༔ ཨོཾ་ཨཱཿཧཱུྃ་ཨཱརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨཱ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཧཱུྃ༔ རཀྵ་ཧཱུྃ༔ ཡཀཱ་ཧཱུྃ༔ ཨཿཡཿམཿདུཿརུཿཙཿཤཿནཿསཿམཿཡཿཧཱུྃ་ཕཊསེར་བ་སེར་བྱེད་སྣ་འདྲེན་དང་བཅས་པ་སྟམ་བྷ་ཡ༔ ན་ཤ་ཡ་མཱ་ར་ཡ༔ ཧཱུྃ་རཾ་ཕཊ་རཾ་བྷོ་རོ་དྲག་ཏུ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ སྟེང་


CMR046_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་འཁོར་ལོ༔ བར་སྣང་མེ་ཡི་འཁོར་ལོ༔ ས་གཞི་ལྕགས་སྲེག་གི་འཁོར་ལོ་རྣམས་སུ་གྲུབ་པར་གྱུར༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་དང་༔ བླ་མ་ཡི་དམ་དབང་དྲག་པདྨའི་སྐུ་འཁོར་དང་བཅས་པ་རྣམས་ཀྱིས༔ སྲུང་རིས་ཀྱི་ལོ་ཐོག་སྲུང་བ་དང་༔ སྐྱབས་པར་མཛད་དུ་གསོལ༔ ཨོཾ་ཡེ་དྷརྨཱ་སོགས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ལྔ་བདུན་བརྗོད༔ མེ་ཏོག་འཐོར་བར་བྱའོ༔ ཧཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ སློབ་དཔོན་པདྨ་སྤྱན་དྲངས་ཚེ༔ བལ་ཡུལ་ལ་ནས་མང་ཡུལ་བྱོན༔ མང་ཡུལ་ལ་ནས་མར་བྱོན་ཚེ༔ ལྷ་སྲིན་དམ་ལ་བཏགས་ཤིང་བྱོན༔ བདག་ནི་དེ་ཡི་བཀའ་བརྒྱུད་ཡིན༔ ཁྱེད་རྣམས་ལྷ་འདྲེ་དེ་ཡི་རིགས་རྒྱུད་ཡིན༔ སྔོན་གྱི་སློབ་དཔོན་བཀའ་མ་བཅག༔ ད་ལྟ་སྔགས་འཆང་དམ་མ་བཀྲལ༔ ཡུལ་འདིར་ཐོག་སེར་མ་བཏང་ཞིག༔ ༈ སངས་རྒྱས་ཀྱི་བཀའ་དང་དམ་ལ་མ་འདའ་ཞིག༔ ཆོས་ཀྱི་བཀའ་དང་དམ་ལ་མ་འདའ་ཞིག༔ དགེ་འདུན་གྱི་བཀའ་དང་དམ་ལ་མ་འདའ་ཞིག༔ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དམ་པ་ཆོས་སྐྱོང་སྲུང་


CMR046_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

མས་གནས་འདིར་ཐོ་བརྩེགས༔ དུང་བུས་འཁོར་ལོ་བཀྲམ་པ་འདི༔ བླ་མ་དབང་དྲག་པདྨའི་བཞུགས་གནས་ཡིན་པ་ཤེས་པར་གྱིས་ལ༔ སུ་ཡང་མི་ཚེ༔ སུ་ཡང་མི་བཙན་པར༔ ལུས་རྡུལ་ཕྲན་བཞིན་དུ་བརླག་པར་ཤེས་པར་གྱིས་ལ༔ ཡུལ་པདྨ་ཁ་ཕྱེས་པ་ལྟ་བུའི་ཁམས་ཡང་པ་ཅན་དུ་དེངས་ཤིག༔ ལན་གསུམ་དུང་འབུད་དོ༔ ལོ་དག་སེར་བ་མི་འབྱུང་ཞིང་༔ སྡེ་བརྒྱད་གནོད་པ་མེད་པར་མཛོད༔ འཇིག་རྟེན་བདེ་ཞིང་ལོ་ལེགས་ཤིང་༔ འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ༔ བདེ་ལེགས་ཕུན་སུམ་ཚོགས་པ་ཡིས༔ ཡིད་ལ་འདོད་པ་ཀུན་འགྲུབ་མཛོད༔ ༧ རཱ་ག་ཨ་སྱས་སྦྱར། །ཨྠྀི༔ཿ།

སྡེབ་འཁོར་དམིགས་རིམ།


CMR046_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

སེར་གཡོས་ནམ་བྱུང་ན་གཏོར་མ་གཅིག་བཤམ། རང་ཉིད་ཡི་དམ་ལྷར་བསྐྱེད་ལ། ཨ་ཀཱ་རོ་སོགས། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། སམྦྷ་ར་གཟི་བརྗིད་ཚད་མེད་དང་། ཨོཾ་ཀེ་ཏ་ཀེ་ཏ་ར་ཧུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། །གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བཀའ་བདེན་པ་དང་། ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། ཡུལ་འདིའི་ལོ་ཏོག་ལ་གནོད་པར་བྱེད་པའི་ལྷ་སྲིན་སྡེ་བརྒྱད་ཀྱི་རིགས་སུ་གྱུར་པ་རྣམས་དང་། ཡབ་སྲིན་པོ་གློག་གི་ཕྲེང་བ་ཅན་དང་། ཡུམ་ཀླུ་མོ་ཧབ་ཤ་བསེ་གདོང་མ་དང་། སྲས་མཆོག་གཟའ་བདུད་རཱ་ཧུ་ལ། འཁོར་གཟའ་ཆེན་བརྒྱད། སྲིང་མོ་གདོང་མོ་མཆེད་བཞི། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། འཁོར་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་དཔུང་དང་བཅས་པས་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ། ཁྱེད་རང་གི་ཡུལ་སྒོ་འདིའི་ལོ་ཏོག་ལ་སེར་བ་མ་


CMR046_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་ཞིག །ཡུལ་འདི་ལ་གནས་པའི་ལྷ་ཀླུ་མཐུ་བོ་ཆེ་རྣམས་ལ་མཆོད་དོ་འབུལ་ལོ། །མཆོད་སྦྱིན་གྱི་གཏོར་མ་འདི་ཁྱེར་ལ་སོང་ཞིག །ཨུ་རྒྱན་པདྨ་འབྱུང་ནས་ཀྱི་བཀའ་དང་དམ་ལ་བཏགས་པ་བཞིན་དུ་ཡུལ་འདིའི་ལོ་ཐོག་ལ་སེར་བ་མ་འབེབས་ཤིག །གལ་ཏེ་གཞན་གྱིས་སྣ་ཁྲིད་འཐལ་ཆེས་ཀྱང་། ཡུལ་འདི་ལ་མ་གནོད་ཅིག །གཞན་དུ་བྱེར་ཞིག །གཡས་གཡོན་དུ་བཟུར་ཅིག །ཨོཾ་ཤཱི་ཏུ་ཏྲ་ཨ་ཉ་ཡ་ཙ་ཨུ་ར་ཙིཏྟ་ས་ར་ནེ་ན་མོ་ན་ཡ་ཧཱུྃ་ཧཱུྃ་ཀ་རོ་ཡ་ཏེ་ཐ་ཀ་ནི་ཐ་ཐ་སྭཱ་ཧཱ། ཞེས་གཏོར་མ་སེར་བ་འོང་ཕྱོགས་སུ་ཕུལ་ལ་ཕྲིན་ལས་བཅོལ་་དེར་མི་འབྱུང་བ་ཡིན་ནོ། །སྔགས་འཆང་ཨ་རཱ་གས་སོ། །མངྒ་ལ།། །།

ཡང་གསང་མན་ངག་ཐུགས་འདུས་ལས་སེར་བའི་གདོང་ཟློག་དང་སེར་ཐོ་བརྩེགས་པ།


CMR046_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གསང་མན་ངག་ཐུགས་འདུས་ལས༔ སེར་བའི་གདོང་ཟློག་དང་༔ སེར་ཐོ་བརྩེགས་པའི་དབུའོ༔


CMR046_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། ཡང་གསང་མན་ངག་ཐུགས་འདུས་ལས། །གསང་སྔགས་རྒྱུད་ལས་བྱུང་བ་ཡི། །གང་དག་སངས་རྒྱས་གསུངས་བཞིན་དུ། །མཁས་གྲུབ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འགྲོ་ལ་ཕན་པའི་སེར་བའི་གདོང་ཟློག་འདི། དང་པོ་དངོས་གཞི་ལ་འཇུག་པ་ནི། ཚེས་དང་གཟའ་དར་བ་སོགས་གཞུང་དང་མཐུན། དང་པོ་སྔོན་འགྲོ་དང་། །ནངས་སྔ་མོ་ལ་རྣལ་འབྱོར་པ་ལུས་ངག་ཡིད་གསུམ་རྩ་བའི་བསྙེན་པ་དང་ཏིང་འཛིན་གསལ་བའི་ངང་ནས། ནམ་མཁའ་བྱིན་གྱིས་བརླབས་གསུངས་དང་སྣང་བརྒྱད་བརྗོད། དེ་ནས་རི་ལ་དང་པོ་ཐོ་བྱང་དང་བལ་པོ་རྡོ་འཁོར་དང་། ཕུར་པ་རྩང་བཅས་པ་བྱ། བསུང་དང་སྣང་བརྒྱུད་ལོ་མདོས་བྱ། རྣལ་འབྱོར་པས་བཀའ་བསྒོ་ཞིང་དམ་བཅའ་དང་གུར་ཕུབ། རང་ཁྱིམ་ནས་ནམ་ཕྱིན་


CMR046_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། རྫས་བདུག་དང་རྫས་ཅི་མཁོ་ཉམས་སུ་བླངས། ཡུལ་གང་ཡིན་ན་རང་གི་དམིགས་པས་གཟིར། སེར་རྐང་འཁྲིགས་དང་སེར་བ་བཅས་བྱུང་ན། བདག་ཉིད་རྣལ་འབྱོར་པ་ཡི་དམ་སྤྱིའི་ལུགས་ལྟར་གསལ་བས། སྐྱབས་ཡུལ་མདུན་གྱི་ནམ་མཁའི་གནས་སུ་ཞི་བའི་ཚུལ་དུ་སྐུས་ཟིལ་གྱིས་གནོན་པའི་ངང་ནས། ཀྱཻ༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ཉོན་ཅིག །འོ་སེར་བ་སེར་བྱེད་སྣ་འདྲེན་དང་བཅས་པ་ཉོན་ཅིག །ཡུལ་འདི་ངའི་ཞིང་ཁམས་ཡིན་པས༔ མདུན་གྱི་ནམ་མཁར་དཔལ་ཆོས་ཀྱི་སྐུ་ལ་དབྱེ་བ་མེད་པ་ཆོས་སྐུ་ཀུན་ཏུ་བཟང་པོ་ཡབ་ཡུམ་དང་༔ དྲུག་པ་རྡོ་རྗེ་འཆང་ཆེན་པོའི་ཞིང་ཁམས་དང་༔ དེའི་འཁོར་དུ་སངས་རྒྱས་


CMR046_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆོས་དགེ་འདུན་གསུམ་བསྐོར་ནས་བཞུགས་ནས་ཡོད་པས༔ ཁྱོད་ལྷ་སྲིན་སྡེ་བརྒྱད་སེར་བ་སེར་བྱེད་སྣ་འདྲེན་དང་བཅས་པ་ལ་དགའ་བའི་ཚུལ་གྱིས་ཆོས་གསུངས་ནས༔ ཁྱོད་རང་སངས་རྒྱས་ཀྱི་བཀའ་རྗེས་སུ་དྲན་ནས་རང་གནས་སུ་སོང་ཞིག༔ ཡུལ་འདིའི་ལོ་ཐོག་ནས་ཡུངས་གྲོ་སོ་བ་ལ་གནོད་འཚེ་མ་བྱེད་པར་ཐམས་ཅད་ཞི་བ་ཆེན་པོའི་ངང་དུ་སོང་ཞིག༔ སངས་རྒྱས་ཀྱི་བཀའ་མ་བཅག༔ ཆོས་ཀྱི་བཀའ་མ་བཅག༔ དགེ་འདུན་གྱི་བཀའ་མ་བཅག༔ ཀུན་བཟང་ཡབ་ཡུམ་དང་དྲུག་པ་རྡོ་རྗེ་འཆང་ཆེན་པོའི་བཀའ་མ་བཅག་ཅིག༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་ཨེ་ཀ་ཧེ་དུན་ཡ་མཱ་རཱ་ཛ་ཛ་མུན་ཏྲ་རཾ་ཏྲི་ཤུ་དུ་རཾ་འུར་ནན༔ ཨེ་ཀ་ཧེ་ཐུན་མ་མ་ར་ཏྲི་ཤུ་སྙིང་རྦད་དུ་རཾ་སྦུར་ནན༔ སེར་བ་སེར་བྱེད་སྣ་འདྲེན་དང་བཅས་པའི་སྲོག་མྱོག་རྦད་ནཱ་ག་ཙིཏྟ་ཧཱུྃ་སྦྱར་ནན༔ སེར་བྱེད་ཀྱི་སྙིང་ཁམ་ཤག་རྩ་ལ་རྦད༔ སརྦ་ཙིཏྟ་གཟེར་ཏྲིག་ནན་ཨོཾ་ནཱ་ག་ཛ་མུན་ཏྲ་ཛ་སེར་བ་སེར་བྱེད་དང་བཅས་པའི་ཁ་ཁོག་ངོ་ལོང་སྡང་བའི་དགྲ་ལ་སྒྱུར་ཅིག༔ ཏྲིག་ནན༔ ཨོཾ་ནཱ་ག་ཛ་མུནི་ཛ་ཛཿ འོ་བཀའི་ལྷ་སྲིན་སྡེ་བརྒྱད་ཉོན་ཅིག །ཡུལ་འདིར་སངས་རྒྱས་ཤཱཀྱ་ཐུབ་


CMR046_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞིང་ཁམས་འདིར༔ ནམ་མཁའི་གནས་སུ་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་གཡས་པས་ས་གནོན་གཡོན་མཉམ་བཞག༔ གཡས་སུ་ཤཱ་རིའི་བུ༔ གཡོན་དུ་མོའུ་འགལ་གྱི་བུ་དེའི་འཁོར་དུ་གནས་བརྟན་བཅུ་དྲུག་བཀྲ་སྤུང་ངེ་འོད་ཐིབས་སེ་བཞུགས་ནས་ཡོད་པས༔ ལྷོ་རྒྱལ་འཛམ་བུ་གླིང་གི་ཆོས་ཀྱི་སྐལ་བ༔ སྟེང་ལྷ༔ འོག་ཀླུ༔ བར་གཉན༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ལ་ཆོས་གསུངས་ཤིང་། བྱམས་པའི་སེམས་ཀྱི་ངང་ནས༔ ལྷ་སེར་བའི་བདག་པོ༔ ཀླུ་སེར་བའི་བདག་པོ༔ གཟའ་བདུད་རཱ་ཧུ་ལ༔ འཁོར་གཟའ་ཆེན་བརྒྱད༔ གདོང་མོ་བཞི་ལྷ་སྲིན་སེར་བའི་བདག་པོ་ལ༔ བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་༔ འཁོར་དུ་ཉན་ཐོས་མཆོག་བརྒྱད་དང་༔ གནས་བརྟན་བཅུ་དྲུག་རྣམས་བཞེངས༔ ཡུལ་འདིའི་ལོ་ཐོག་ནས་ཡུངས་གྲོ་སོ་བ་བྲའོ་ཤིང་ལོ་མེ་ཏོག་འདི་རྣམས་ལ་གནོད་འཚེ་མི་བྱེད་ཁས་བླངས་བགྱིས་ན་སངས་རྒྱས་ཀྱི་བཀའ་མི་བཅག༔ ནམ་མཁའ་ནས་དམག་མི་གཡོ༔ ས་གཞི་ལ་བྲོ་མ་བརྡུངས༔ ངས་སྦྱིན་པའི་ཟས་ཟོ༔ བདེན་པའི་ཆོས་ཉོན༔


CMR046_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོན་པའི་གོས་གྱོན༔ མངག་པའི་ལས་གྱིས༔ སེར་བ་སེར་བྱེད་སྣ་འདྲེན་དང་བཅས་པ་ཁྱེད་རྣམས་སྡང་བའི་དགྲ་བོའི་ཡུལ་དུ་དམག་དྲོངས་ལ་དགྲ་བོའི་ལོ་ཐོག་ལ་དམག་སྒར་ཐོབ། ས་གཞི་ལ་བྲོ་ར་གྱིས། གཞན་ཡང་ཡུལ་གཞན་དུ་བྱོལ། ལ་ལ་བྱོལ། ནགས་ལ་བྱོལ། གཡས་སུ་བྱོལ། གཡོན་དུ་གཟུར། སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་མ་བཅག །སྔགས་འཆང་བདག་གི་བཀའ་མ་བཅག །ཡུལ་རྒེ་འདི་དང་ལོ་ཏོག་འདི་གསང་སྔགས་ནུས་པ་ཅན་གྱི་ཡིན་པས། ཐོ་མ་བགོམ། གུར་མ་བཀྲལ། ཐོག་གི་ཚོགས་པོར་མ་འཕེན། ཕུར་པའི་དབལ་ཟོར་མ་བཏུལ། འཁོར་ལོའི་གུར་མ་བཀྲལ། ཡུངས་ཀར་གྱི་དྭ་མ་བཤིག །དྲག་པོ་སྔགས་ཀྱི་གཟུང་ཐགས་མ་བཅད་ཅིག །ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཤཱཀྱ་མུ་ནེ་ཡེ་སྭཱ་ཧཱ། ཨོཾ་ཨེ་ཀ་ཧེ་དུན་ཡ་མ་རཀྟ་ཛཿ མུན་ཏྲི་རཾ་ཏྲི་ཤུ། གནོད་བྱེད་སེར་བའི་སྙིང་ལ་སརྦ་དུ་རཾ། ཨུར་ནན། བཀའི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཏྲིག་ཕྱུངས། སྦྱར་ནན། སེར་བ་སེར་བྱེད་སྣ་འདྲེན་དང་བཅས་པའི་སྲོག་ལ་མྱོག་རྦད། སྙིང་ལ་གཟེར་ཁང་ཤག་རྩ་ལ་རྦད་རྦད། ནཱ་ག་ཙིཏྟ་སྲོག་ཨ་ཐུམ་སྦྱར་


CMR046_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ནན། སརྦ་ནཱ་ག་ཙིཏྟ་ཏྲག་གཟེར་ཐུམ་ཏྲིག་ནན་རྦད་རྦད། འོ་བཀའི་ལྷ་སྲིན་སྡེ་བརྒྱད་ཉོན་ཅིག །ཡུལ་འདི་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཞིང་ཁམས་ཡིན་པས། མདུན་གྱི་ནམ་མཁའི་གནས་སུ་རིག་འཛིན་པདྨ་འབྱུང་གནས་སྐུ་མདོག་དམར་སྨུག་ཞལ་གཅིག་ཕྱག་གཉིས། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་ནམ་མཁར་ཕྱར་བ། གཡོན་པས་བནྡྷ་བསྣམས་པ་གཅིག་བསྐྱེད། བོད་ཁ་བ་ཅན་འདིར་ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་ཅིང་འཚེ་བར་བྱེད་པ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དཔལ་བསམ་ཡས་ས་བཏུལ་མཁན་པོ་པདྨ་འབྱུང་གནས་རྒྱ་གར་ནས་སྤྱན་དྲངས་ནས། བོད་ཀྱི་ལྷ་སྲིན་སྡེ་བརྒྱད་ཀྱིས་སྲོག་སྙིང་ཕུལ་ནས་ཁས་བླངས་དམ་བཅས་ནས། ཁྱད་པར་དུ་དྲང་སྲོང་གཟའ་མཆོག་རཱ་ཧུ་ལའི་གཙོ་འཁོར་དུ་གཟའ་ཆེན་བརྒྱད་གདོང་མོ་བཞིའི་སྲོག་སྙིང་ཕུལ་ནས། སློབ་དཔོན་གྱིས་དགོངས་པ་མཛད་ནས། དཀྱིལ་འཁོར་གྱི་དལ་དུ་བཞག་ནས། ཁྱེད་གཙོ་འཁོར་ལ་སྦྱིན་པའི་མཆོད་སྦྱིན་ཕུལ་ནས། མ་འོངས་དུས་མཐའི་གཏེར་སྲུང་ཞིང་། གསང་སྔགས་རྣལ་འབྱོར་པའི་སྡོང་གྲོགས་མཛད་པ་ལ། ཁྱེད་ཀྱི་འཁོར་དུ་ལྷ་སྲིན་སྡེ་


CMR046_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱིས་ཨ་ཡ་མ་དུ་རུ་ཙ་ཤ་ན། སློབ་དཔོན་པདྨ་འབྱུང་གནས་ལ་ཕུལ་ནས་ཡུལ་འདིའི་ཕུ་མདའ་ཉིན་སྲིབ་ཀྱི་ལོ་ཐོག་ཡུངས་གྲོ་སོ་བ་བྲ་སྲན་ཐམས་ཅད་སློབ་དཔོན་པདྨས། བདག་གསང་སྔགས་རྣལ་འབྱོར་སློབ་དཔོན་གྱི་རྒྱུད་པ་ཡིན་པས། སྲུང་བའི་ལོ་ཏོག་འདི་ལ་ཁྱེད་གཟའ་མཆོག་རཱ་ཧུ་ལ་འཁོར་དུ་གཟའ་ཆེན་བརྒྱད་གདོང་མོ་བཞི་རྒྱུ་སྐར་ཉི་ཤུ་རྩ་བརྒྱད། ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱིས་ནམ་མཁའ་ནས་དམག་མ་དྲོངས། ཡུལ་ལྷ་གཞི་བདག་གིས་རྣལ་འབྱོར་པའི་སྡོང་གྲོགས་རྒྱབ་རྟེན་མཛོད་ལ། ལྷ་སྲིན་སྡེ་བརྒྱད་སེར་བའི་སྣ་འདྲེན་དང་རྒྱབ་རྟེན་མི་བྱེད་པར་ཁས་ལོངས། ས་གཞི་འདི་ནི་སངས་རྒྱས་ཀྱི་བཞུགས་གནས་ཡིན་པས་བྲོ་མ་བརྡུངས། ཁྱེད་ལྷ་འདྲེའི་རིགས་ཡིན། ང་སློབ་དཔོན་གྱི་རྒྱུད་པ་ཡིན་པས་ནམ་མཁའ་ནས་སེར་བ་མ་གཡོ། བཀའ་མ་བཅག་དམ་མ་བཀྲལ། ནམ་མཁའི་དབྱིངས་ནས་རྒྱ་མ་བརྐྱངས། བར་སྣང་ཁམས་ནས་ལམ་མ་གཏོད། ས་གཞི་འདི་ལ་མ་རྒྱུག །ས་གཞི་འདིའི་ལོ་ཐོག་གི་སྒང་བུ་མ་བཅག །ཐོག་གི་ཚོགས་པོར་མ་འཕེན། ཨོཾ་ཀ་ལི་ཙཀྲ་ཕཊ༔ གྲངས་བགྲང་། བདག་རྣལ་འབྱོར་པའི་འཁོར་ལོའི་


CMR046_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གུར་མ་བཀྲལ། ཡུངས་ཀར་གྱི་དྲུ་མ་བཤིག །དྲག་པོ་སྔགས་ཀྱི་གཟུངས་ཐག་མ་བཅད། ཕུར་པའི་ཟུར་མ་གཏུགས། ལམ་མ་གཏོད། རྗེས་མ་བཞག །དམ་མ་བཀྲལ། གདུག་པའི་ཕྱག་བརྙན་མ་འཕེན། ཡབ་སྲིན་པོ་གློག་ཕྲེང་ཡུམ་སྦལ་མགོ་ཁྲག་མིག །བུ་གཟའ་བདུད་རཱ་ཧུ་ལ། ཡབ་ཡུམ་སྲས་གསུམ་གདོང་མོ་བཞི་དང་བཅས་པས་བཀའ་སྣང་ཞིང་སྲིད་པའི་ལྷ་སྲིན་སྡེ་བརྒྱད་ཀྱི་སེར་བ་སེར་བྱེད་སྔོན་བསུ་རྗེས་ཁྲིད་ཐམས་ཅད་སྡང་བྱེད་དགྲ་བོའི་ཡུལ་དུ་དམག་དྲོངས་སོང་ལ་ལོ་ཐོག་ལ་བྲོ་བརྡུང་། ཡུལ་གཞན་དུ་སོང་ཞིག །བྱོལ་ཅིག །ལ་ལ་བྱོལ། ཆུ་ལ་བྱོལ། ལུང་ལ་བྱོལ། སྤང་ལ་བྱོལ། ནགས་ལ་བྱོལ། གཡས་ལ་བྱོལ། གཡོན་ལ་བྱོལ། །གནོད་བྱེད་སེར་བ་སེར་བྱེད་ཐམས་ཅད་ཀྱི་སྣ་འདྲེན་དང་བཅས་པ་ཕྱིར་ཟློག །ཨལྷ་ཡི་སེར་བ་གདོང་ཟློག །ཡགཤིན་རྗེའི་སེར་བ་གདོང་ཟློག །མམ་མོའི་སེར་བ་གདོང་ཟློག །དུབདུད་ཀྱི་སེར་བ་གདོང་ཟློག །རུསྲིན་པོའི་སེར་བ་གདོང་ཟློག །བཙན་གྱི་སེར་བ་གདོང་ཟློག །རརྒྱལ་པོའི་སེར་བ་གདོང་ཟློག །ཤགནོད་སྦྱིན་གྱི་སེར་བ་


CMR046_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་ཟློག །ནཀླུའི་སེར་བ་གདོང་ཟློག །ས་བདག་གི་སེར་བའི་གདོང་ཕྱིར་ཟློག་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མཱ་ཡ་ཛཝསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨོཾ་ཨེ་ཀ་ཧེ་དུན་ཡ་མ་རཀྵ་ཙ་མུན་ཏྲི་རཾ༔ ཏྲི་ཤུ་སྙིང་སརྦ་དུ་རཾ་ཨུར་ནན༔ ཧྲིང་ཕྱུངས་སྦྱར་ནན། སེར་བ་སེར་བྱེད་སྣ་འདྲེན་དང་བཅས་པའི་སྲོག་ལ་མྱོག་ཆད། སེར་བ་ནཱ་ག་ཙིཏྟ་གཟེར་ཐུམ་སྦྱར་ནན། སེར་བ་སེར་བྱེད་ཀྱི་སྙིང་ལ་གཟེར་ཁང་ཤག་ཙ་རྦད། ཏྲི་ནན། ཨེ་ཀ་ཧེ་ཕིང་བྷི་ཏྲིམ་ལ་དྷར་དུ་སྤྲིན་གཏོར། འབྲུག་ཆོམ། །གློག་ཆིངས། ཐོག་ཟེར་ཟློག །སེར་བྱེད་དུམ་དུམ། བཟློག་བཟློག་བྱེར་བྱེར། ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ དེ་བས་མི་ཐུབ་འཁྲིགས་བྱུང་ན་རྫས་བདུག །བདག་ཉིད་སྐད་ཅིག་གིས་ཡི་དམ་ཕྱག་ན་རྡོ་རྗེ་བསྐྱེད་ལ། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་རལ་གྲི་ནམ་མཁའི་དབྱིངས་སུ་ཕྱར་ནས་རལ་གྲིའི་རྩེ་ལ་མེའི་ཚྭ་ཚྭ་འཕྲོ་བར་བསྒོམ། སེར་བ་སེར་བྱེད་ཀྱི་མགོ་ལུས་ཕྲལ་བར་བསམ། གཡོན་པས་སྡིགས་མཛུབ་ཀྱི་རྩེ་ལ་མེ་དཔུང་འབར་བས་སེར་བ་སེར་བྱེད་གཞོབ་ཐུལ་སྲེག་པར་བསམ། ཞབས་གཉིས་མཐུར་དུ་


CMR046_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

འགྱིངས་ནས། སེར་བ་སེར་བྱེད་སྣ་འདྲེན་དང་བཅས་པ་བརྫིས་པའི་སྟེང་ནས། དྲག་པོའི་ཤངས་ནས་བདེན་སྟོབས་ལན་གསུམ་བརྗོད་པས་བཀའི་ལྷ་སྲིན་སྡེ་བརྒྱད་སེར་བ་སེར་བྱེད་ཐམས་ཅད་འདིར་བཀུག་པར་བསམ། ཡུལ་ལྷ་གཞི་བདག་སྣ་འདྲེན་དང་རྒྱབ་རྟེན་དང་དཔུང་གཉེན་མི་བྱེད་པར་དམ་བཏགས། དེའི་སྤྱི་བོར་དུ་ཟིལ་གནོན་པདྨ་འབྱུང་གནས་བསྐྱེད། དེའི་སྤྱི་བོར་སྲིད་པའི་བྱ་ཁྱུང་དམར་པོ་གཅིག་སྤུ་དང་སྤུ་བྲན་ལ་མེའི་ཚྭ་ཚྭ་འཕྲོ་བ་གཅིག་བསམ། ཨོཾ་ཁྲོག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཨོཾ་ཝཱ་གཱི་ཤྭ་རི་མཾ། ཨོཾ་བཛྲ་པཱ་ཎི་ཧཱུྃ། བདག་ཉིད་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་འདི་ལ། གནོད་པར་བྱེད་པའི་སེར་བ་སེར་བྱེད་སྣ་འདྲེན་དང་རྒྱབ་རྟེན་བྱེད་པའི་བཀའི་ལྷ་མ་སྲིན་སྡེ་བརྒྱད་དྲང་སྲོང་ཁྱབ་མཇུག་རཱ་ཧུ་ལ་འཁོར་དུ་གཟའ་ཆེན་བརྒྱད། གདོང་མོ་རྒྱུ་སྐར་ཉེར་བརྒྱད་གང་དག་འདི་ལ་གནོད་པར་གྱུར་ན། ཡུལ་འདིའི་ལོ་ཏོག་ནས་ཡུངས་གྲོ་སོ་བ་བྲ་སྲན་འདི་ལ་གནོད་པར་གྱུར་ན། ཁྱོད་ཀྱི་ལུས་སྲོག་ལ་སློབ་དཔོན་པདྨ་འབྱུང་གནས་དང་ཡི་དམ་གསང་བདག་རྡོ་རྗེ་གཏུམ་པོའམ་ལྷ་གང་ཡིན་


CMR046_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཕྱག་ན་རྡོ་རྗེ་དང་ཁྲོ་མོའི་ཕྱག་མཚན་ལྕགས་ཀྱུ་དང་ཞགས་པ་རྡོ་རྗེ་རལ་གྲི་མདའ་མདུང་སྟ་རེ་འཁོར་ལོ་མེ་དཔུང་ཡུངས་ཀར་ནག་ལྕགས་ཕྱེ་ཟངས་ཕྱེ་ལ་སོགས་བརྒྱབས་པས་ཁྱོད་ཀྱི་ལུས་དུམ་བུར་གཏུབས་ནས་ཁྱོད་རང་གི་རང་སྲོག་རང་གིས་མ་བཅད། རང་སྨྲ་རང་གིས་མ་བྱེད། རང་ཁྲག་རང་གིས་མ་འཐུང་། སེར་བའི་བདག་པོ་ཁྱོད་ཉོན་ལ་ཡུལ་འདིའི་ལོ་ཐོག་འདི་རྣམས་གསང་བདག་ཕྱག་ན་རྡོ་རྗེ་དང་ཡི་དམ་དབང་དྲག་པདྨའི་ཞིང་ཁམས་ཡིན་པས། ཡུལ་ལྷ་གཞི་བདག་ལྷ་སྲིན་སྡེ་བརྒྱད་སེར་བ་འདིའི་རྒྱབ་རྟེན་དང་སྣ་ཁྲིད་མི་བྱེད་ཆ་པར་ཁས་ལོངས་ནས། བསང་དང་གསེར་སྐྱེམས་འདི་བཞེས་ལ། བདག་ཅག་གསང་སྔགས་སྒྲུབ་པ་པོའི་སྡོངས་གྲོགས་དང་རྒྱབ་རྟེན་དུ་བཞུགས་ནས། ལྷ་སེར་བའི་བདག་པོས་ནམ་མཁའ་ནས་དམག་མ་དྲོངས། བར་སྣང་ནས་ལམ་མ་གཏོད། ཀླུ་སེར་བའི་བདག་པོས་ས་གཞི་ལ་བྲོས་མ་འདེབས། ན་མོ་སངས་རྒྱས་ཀྱི་བཀའ་མ་བཅག །ཆོས་ཀྱི་བཀའ་མ་བཅག །དགེ་འདུན་གྱི་བཀའ་མ་བཅག །སློབ་དཔོན་པདྨའི་བཀའ་མ་བཅག །གསང་བདག་ཕྱག་ན་རྡོ་རྗེའི་བཀའ་མ་བཅག །ཡི་དམ་དབང་དྲག་པད་མའི་བཀའ་


CMR046_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཅག །དྲག་པོ་ཁྲོ་བོ་དང་ཁྲོ་མོའི་བཀའ་མ་བཅག །བདག་གསང་སྔགས་རྣལ་འབྱོར་གྱི་བཀའ་མ་བཅག །ལྷ་སེར་བའི་བདག་པོའི་སྣ་སྒྱུར། གཤིན་རྗེ་སེར་བའི་བདག་པོའི་སྣ་སྒྱུར། མ་མོ་སེར་བའི་བདག་པོའི་སྣ་སྒྱུར། བདུད་སེར་བའི་བདག་པོའི་སྣ་སྒྱུར། སྲིན་པོ་སེར་བའི་བདག་པོའི་སྣ་སྒྱུར། རྒྱལ་པོ་སེར་བའི་བདག་པོའི་སྣ་སྒྱུར། བཙན་སེར་བའི་བདག་པོའི་སྣ་སྒྱུར། གནོད་སྦྱིན་སེར་བའི་བདག་པོའི་སྣ་སྒྱུར། གཟའ་སེར་བའི་བདག་པོའི་སྣ་སྒྱུར། ཀླུ་སེར་བའི་བདག་པོ་སྣ་སྒྱུར། ས་བདག་སེར་བའི་བདག་པོའི་སྣ་སྒྱུར། བསེ་རག་སེར་བའི་བདག་པོའི་སྣ་ཡུལ་གཞན་དུ་སྒྱུར། ནམ་མཁའ་སྟོང་པའི་དབྱིངས་མ་གཡོ། བར་སྣང་ཁམས་སུ་མ་བཅའ། ས་ཁྱི་འདི་ལ་མ་འབབས། ཐོག་གི་མདའ་ནི་མ་འཕེན་འབྲས་དྲུག་ནས་ཀྱི་མགོ་མ་བཅག །སྔོན་མོ་ཡུངས་ཀྱི་སྒང་ང་མ་བཅག །བྲ་སོ་གྲོ་གསུམ་ལ་སེར་བ་མ་རྒྱུགས། །བཀའི་ལྷ་སྲིན་སྡེ་བརྒྱད་སེར་བ་སེར་བྱེད་དམ་ཉམས་དགྲ་བོའི་ཡུལ་དུ་ད་རྒྱུག་ཅིག །གཡས་སུ་བྱོལ། གཡོན་དུ་བྱོལ། སྤང་ལ་སོང་ཞིག །ཆུ་ལ་སོང་ཞིག །ནགས་ལ་སོང་ཞིག །


CMR046_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་བྱེད་དགྲ་བོའི་སྟེང་དུ་བྱོལ་ཅིག །ཨོཾ་བྷིན་ཐོན། པ་ཤ་ཤཱ་ཡཱ། མོ་ཧ་སེར་བ་སྟམྦྷ་ཡ་ཧཱུྃ་ཕཊ༔ ཨོཾ་བྱ་ཞུ་བྱི་ཞུ་བྱི་ན་དྲང་ཞུ་ལྷན་དྭཱ་ཧཱ། སེར་བ་ཞུད་པའི་སྔགས་ཡིན་ནོ། །སྤྲིན་གཏོར་བ་ནི་ཨོཾ་བཛྲ་ཀྲོ་ཏ་ནན་ཧཱུྃ་ཕཊ༔ བཛྲ་ཡཀྵ་ཤིག་ཤིག །དང་པོ་ནམ་མཁའ་མི་གཡོ་བའི་ཆེད་དུ། ཤར་ཕྱོགས་དྲི་ཟའི་ཕྱོགས་ནས་ཐོག་དང་སེར་བའི་ངག་སྡོམས་ཤིག གནམ་མ་གཡོ་ཐོག་མ་འཕེན་སེར་བ་མ་བཏང་ཞིག །མནའ་མ་ཟ་ཞིག །དུག་མ་འཐུངས་ཤིག །ངོ་མ་ནག་ཅིག །ཁྲེལ་མ་གཡུག་ཅིག །དམ་ལ་མ་འདའ་ཞིག །ཕྱག་ན་རྡོ་རྗེའི་དམ་མ་བཀྲལ་ཅིག །དེ་ནས་ལྷ་སྲིན་སྡེ་བརྒྱད་ཀྱི་སེར་བའི་གདོང་ཟློག་སྔགས་ནི། ཏདྱ་ཐཱ༔ ཨོཾ་ཤུ་ལི་ཤུ་ཤུ་མུ་མི་ཤ་ཤ་ཤུ་ཤུ་སི་མི་ཏི་ཏོ་སི་ར་ཏི་ཧཱུྃ་ཡ་ཧཱུྃ་ཕཊ༔ ཧཱུྃ་ནི་ཏ་སྭཱ་ཧཱ། ཅེས་ཆུ་སྔགས་ནས་གཏོར། དེ་ནས། ཤར་ལྷོ་དྲང་སྲོང་མེ་ལྷའི་ཕྱོགས་ནས་ཐོག་དང་སེར་བའི་སོགས་ནས་སྭ་ཧཱ་བར་གོང་བཞིན་འགྲེས་སོ། །ལྷོ་ཕྱོགས་གཤིན་རྗེའི་ཕྱོགས་ནས་ཐོག་དང་སེར་བའི་ངག་སྡོམས་ཤིག་སོགས་ནས་སྭཱ་ཧཱའི་བར་འགྲེས་སོ། །ལྷོ་ནུབ་སྲིན་པོའི་ཕྱོགས་ནས་ཐོག་དང་སེར་བ་སོགས་ནས་སཱ་ཧཱའི་བར་འགྲེས་སོ། །ནུབ་ཕྱོགས་ཀླུ་བདུད་ཕྱོགས་ནས་ཐོག་དང་སེར་བའི་


CMR046_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ངག་སྡོམས་ཤིག་སོགས་ནས་སྭཱ་ཧཱའི་བར་འགྲེས་སོ། །ནུབ་བྱང་རླུང་ལྷའི་ཕྱོགས་ནས་ཐོག་དང་སེར་བའི་ངག་སྡོམས་ཤིག་སོགས་ནས་སྭཱ་ཧཱའི་བར་འགྲེས་སོ། །བྱང་ཕྱོགས་གནོད་སྦྱིན་ཕྱོགས་ནས་ཐོག་དང་སེར་བའི་ངག་སྡོམས་ཤིག་སོགས་ནས་སཱ་ཧཱའི་བར་འགྲེས་སོ། །བྱང་ཤར་དབང་ལྡན་ཕྱོགས་ནས་ཐོག་དང་སེར་བའི་ངག་སྡོམས་ཤིག་སོགས་ནས་སྭཱ་ཧཱའི་བར་འཆ་འགྲེས་སོ། །སྟེང་ཕྱོགས་ཉི་ཟླ་གཟའ་སྐར་ཕྱོགས་ནས་ཐོག་དང་སེར་བའི་ངག་སྡོམས་ཤིག་སོགས་ནས་སྭཱ་ཧཱའི་བར་འགྲེས་སོ། །འོག་ཕྱོགས་ས་བདག་ཕྱོགས་ནས་ཐོག་དང་སེར་བའི་ངག་སྡོམས་ཤིག་སོགས་ནས་སཱ་ཧཱའི་བར་ནང་ནང་བྱ༔ དེ་ནི་སྔོན་མོ་ཆུ་གཅོད་ཡིན་ཟོར་དམིགས་ཟོར་སྔགས་སོགས་རང་གཞུང་ལྟར་མཆན། ཐལ་ཆེན་ཡུངས་ཀར་སྔགས་ལ་གཏོར། དྲག་སྔགས་ཤམ་བུར་སེར་བ་སེར་བྱེད་སྣ་འདྲེན་དང་བཅས་པ་སྟེ་བྷ་ན་ཤ་ཡ་མོ་ཧ་ཡ་མཱ་ར་ཡ་ཧཱུྃ་རཾ་ཕཊ༔ ཛྭ་ལ་རཾ་བྷོ་རཾ་ཏྲག་རཾ་སེར་བ་ཆོད་ཆོད་སྤྲིན་ནག་པོ་གཏོར་གཏོར་ཏྲག་རུམ་ར་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཅེས་སེར་བའི་གདོང་ཟློག་རཱ་གའི་མིང་གིས་བྲིས་པའོ། །། གདོང་ཟློག་འདི་དྲིན་རྗེ་ཀརྨ་ཆགས་མེད་ཀྱི་གསུང་རིང་བསྲེལ་ལྟ་བུ་ཡིན་ནོ། ཨོཾ་ཧཱུྃ༔ ཏྲིག་ཁྲོ་བྷོ། མ་ཎི་ས་རཱ་ནི་བྷོ། མ་རཱ་དུ་ན་ཟློག །རཀ་མོ་རཀ་ཤན་


CMR046_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོ། ཏིང་ཡ་རཀྵ་རྦད། མཱ་ར་ཡ། ཨེ་ཀ་ཧེ་དུན་ཡ་མ་རཱ་ཙ་སེར་བྱེད་ཀྱི་སྡིང་མ་ཀི་ལ་བྷྱོ་བྷྱོ། ཞེས་མན་ངག་གནང་ངོ་།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སེར་ཐོ་བཙུགས་པའི་ཐོ་བྱང་།


CMR046_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

སེར་ཐོ་བཙུགས་པའི་ཐོ་བྱང་བཞུགས་སོ། །སེར་ཐོ་དང་པོ་རི་འབུར་རམ་ཡུལ་དེའི་མགོའི་ཕྱོགས་བཞི་ལ་འཛུགས་དགོས། ཐོ་བྱང་ཕུར་པ་སཙྪ་རྩང་དང་རྡོ་འཁོར་རྣམས་ཐོག་ཕོག་པའི་ཤིང་ལ་ཤིང་བྱང་བྱས་ནས་སྔགས་བྲིས་ལ་འཛུགས་དགོས། ཡུངས་ཀར་ནག་འབྲུ་སྣ་རྫས་སྣ་གཞུང་བཞིན་བྱའོ། །དེ་ནས་གཞི་བདག་ལ་བསང་དང་གསེར་སྐྱེམས་མཆོད་ནས་བཀའ་བསྒོས་ཕྱི་ནང་མཆོད་པ་ཡོས་བཀྲ་ལ་སོགས་བྱའོ། །དེ་ནས་གསང་བདག་སོགས་ཀྱི་སྤྱན་འདྲེན་བཞུགས་གསོལ་བྱིན་འབེབས་བྱའོ། །རབ་གནས་སྲུང་འཁོར་གཞུང་ལྟར་བྱ། དམིགས་པ་གསལ་བའི་ངང་ནས། འོ་ཐོ་ཁང་འདིའི་ནང་དུ་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་བཞུགས་སའི་གནས་ཡིན། དེའི་ཕྱི་རོལ་དུ་ཁྲོ་བཅུ་སྒོ་མ་བཞི་དང་བཅས་པ་བཞུགས་ས་ཡིན། དེའི་སྤྱི་བོར་འཇམ་དཔལ་བཞུགས་ནས་ཡོད་པ། གུར་ཁང་འདི་ཁྱེད་ལྷ་སྲིན་སྡེ་བརྒྱད་སེར་བ་སེར་བྱེད་སྣ་འདྲེན་རྒྱབ་རྟེན་དང་བཅས་པས་ཐོ་མ་བསྒོམ། གུར་མ་བཀྲལ། ནམ་མཁའ་ནས་དམག་མ་དྲོངས། ས་གཞི་ལ་བྲོ་མ་བརྡུང་། བར་སྣང་ཁམས་ནས་ལམ་མ་གཏོད། ཐོག་གི་ཚོགས་པོར་མ་འཕེན། འཁོར་ལོའི་གུར་མ་བཀྲལ། ཡུངས་ཀར་གྱི་ར་བ་མ་བཤིག །སྔགས་ཀྱི་གཟུངས་ཐག་མ་བཅད། ཕུར་པའི་ཟུར་ལ་མ་


CMR046_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གཏུགས་། གུར་ཁང་མ་བསྒོམ། དམ་མ་བཀྲལ། གདུག་པའི་ཕྱག་བརྙན་མ་འབེབས། ཡུལ་ཕྱོགས་འདིའི་ས་བདག་གཞི་བདག་ལྷ་སྲིན་སྡེ་བརྒྱད་ཀྱིས་སེར་བ་སེར་བྱེད་སྣ་འདྲེན་རྒྱབ་རྟེན་མི་བྱེད་པར་ཡུལ་འདིའི་ལོ་ཐོག་ནས་ཡུངས་བྲ་སྲན་གྲོ་སོ་བ་རྣམས་ཁྱོད་ཡུལ་ལྷ་གཞི་བདག་ལ་གཏམ་མོ། །ཨ་ཡ་མ་དུ་ཙ་ཤ་ན་མཱ་ར་ཡ་ཧཱུྃ་ཕཊ༔ བཀའི་ལྷ་སྲིན་སྡེ་བརྒྱད་ཀྱིས་སེར་བ་སེར་བྱེད་སྣ་འདྲེན་རྒྱབ་རྟེན་དང་བཅས་པ་མཱ་ར་ཡ་བཟློག་ཅིག །སྟེ་བྷ་ཡ་ནན། ཨ་ལྷའི་སེར་བའི་འགྲོ་ལམ་ཆོད། ཡ་གཤིན་རྗེའི་སེར་བའི་འགྲོ་ལམ་ཆོད། མ་མ་མོའི་སེར་བའི་འགྲོ་ལམ་ཆོད། དུ་བདུད་ཀྱི་སེར་བའི་འགྲོ་ལམ་ཆོད། རུ་སྲིན་པོའི་སེར་བའི་འགྲོ་ལམ་ཆོད། ཙ་བཙན་གྱི་སེར་བའི་འགྲོ་ལམ་ཆོད། ཤ་གནོད་སྦྱིན་སེར་བའི་འགྲོ་ལམ་ཆོད། ན་ཀླུའི་སེར་བའི་འགྲོ་ལམ་ཆོད། ས་ས་བདག་གི་སེར་བའི་འགྲོ་ལམ་ཆོད། ར་རྒྱལ་པོའི་སེར་བའི་འགྲོ་ལམ་ཆོད། དགེ་བསྙེན་གྱི་སེར་བའི་འགྲོ་ལམ་ཆོད། སྨན་མོའི་སེར་བའི་འགྲོ་ལམ་ཆོད། དམུའི་སེར་བའི་འགྲོ་ལམ་ཆོད། ཐེའུ་རང་སེར་བའི་འགྲོ་ལམ་ཆོད། གཟའ་བདུད་གདོང་མོ་བཞིའི་སེར་


CMR046_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འགྲོ་ལམ་ཆོད། དམག་ལམ་ཆོད། ཇག་ལམ་ཆོད། རྐུན་ལམ་ཆོད། གྲོས་ལམ་ཆོད། རྒྱུག་ལམ་ཆོད། གསང་ལམ་ཆོད། བཤལ་ལམ་ཆོད། སངས་རྒྱས་བདེན་པས་ཆོད། ཆོས་ཀྱི་བདེན་པས་ཆོད། དགེ་འདུན་བདེན་པས་ཆོད། ཕྱག་ན་རྡོ་རྗེའི་བདེན་པས་ཆོད། མཁའ་འགྲོ་ཆོས་སྐྱོང་བདེན་པས་ཆོད། ལྷམ་མགོན་ལྕམ་དྲལ་གྱི་བདེན་པས་ཆོད། བཀའི་ལྷ་སྲིན་སྡེ་བརྒྱད་ཀྱི་འགྲིམ་ལམ་ཆོད་ཅིག །ཉི་མ་དེ་རིང་ཕན་ཆོད་ལ་བདག་ཅག་གསང་སྔགས་རྣལ་འབྱོར་པའི་བསྲུང་བའི་ཡུལ་བློ་འདི་ཉིན་སྲིབ་ས་ཆ་འདི་ལ་སེར་བ་སེར་བྱེད་ཀྱི་ལམ་ཆོད་ཅིག །མ་འགྲིམ་ཅིག །རིགས་གསུམ་བསྙེན་པ་ལན་གསུམ་དང་། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཁ༴ ཨོཾ་ཁྲམ་ག་རུ་ཎ༔ ཏདྱ་ཐཱ༔ ཤུ་ལེ་ཤཱ་ལེ་ཤུ་མུ་ལེ་ཤ་ཤ་ཤུ་ཤུ་དོ་སི་ར་ར་ཏི་ཏི་ཧུ་ཡ་ཧུ་ཡ་བི་ཏ་སྭཱ་ཧཱ། ལན་གསུམ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཤཱཀྱ་མུ་ནེ་ཡེ་སྭཱ་ཧཱ། ར་ཙ་ཡ་ས་ནཱ་ག་གིང་གིང་ཨི་མི་ས་ལེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཡེར་ས་རེ་སྲ་མ་ནི་སོད་རཾ་རཾ་ཕུར་ཕུར་སོད། ཨ་ཏི་མུ་ཏ་ཡེ་སྭཱ་ཧཱ། ཏ་ག་ར་ཙ་ཕཊ། ཡཀྟ་ཤུ་ནི་ཕཊ་ར་ཧུ་ལ་རཾ་ཆོད། ལེ་སོ་རཾ་ཆོད། ཀརྨ་རཾ་ཆོད། སུརྻ་རཾ་


CMR046_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད། པྲ་མོ་རཾ་ཆོད། འབྱུང་པོའི་སེར་བ་རམ་ཆོད། སྡེ་བརྒྱད་ཀྱི་སེར་བ་རམ་ཆོད། ཟློག་ཅིག བྷོ་བྷོ་ཟློག །སེར་བ་སེར་བྱེད་སྣ་འདྲེན་དང་བཅས་པའི་གདོང་ཕྱིར་ཟློག་ཅིག །སྒྱུར་ཅིག །ཡུལ་གཞན་དུ་སྒྱུར་ཅིག །ཡུལ་དྲུང་གཞན་དུ་སྒྱུར་ཅིག །ཐུབ་པ་གསེར་མདོག་གི་བཀའ་དང་དམ་ལ་མ་འདའ་ཞིག །ཅེས་པས་བཟློག་སྔགས་བསྒྱུར་སྔགས་དང་མཚམས་གཅོད་དྲག་པོ་བྱའོ། །རང་གི་ཡུལ་ཕྱོགས་ལ་ཁ་གྲུ་གུར་ཕུབ། བཀྲ་ཤིས་བརྗོད། གོམ་པ་བདུན་སོང་ནས་ཕྱིར་ཁ་མི་རྒྱུ་འོང་། ཐོ་ཆུང་བརྩིག་གོ །རང་གི་བློ་ཆུང་བའི་དོན་དུ་རཱ་གའི་མིང་གིས་བྲིས་པའོ། །སརྦ་མངྒ་ལོ། རྫོགས་སོ།། །།

སད་སེར་ཞི་བའི་གསོལ་འདེབས། སྣེ་གཉིས།


CMR046_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཡེ། འོག་མིན་འཐུག་པོ་བཀོད་པ་ན། །རྣམ་པར་སྣང་མཛད་གངས་ཆེན་མཚོ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཕྱག་མཐིལ་གནས་པའི་འཇིག་རྟེན་འདི། །སད་སེར་མུ་གེ་ཞི་བར་མཛོད། །སེམས་ཅན་བདེ་བར་བྱིན་གྱིས་རློབས། །སྟོང་གསུམ་མི་མཇེད་ཞིང་ཁམས་ནས། །ཐུབ་ཆེན་རྒྱལ་བ་གསེར་གླུམདོག་ཅན། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཉིད་ཀྱི་འདུལ་ཞིང་འཇིག་རྟེན་འདི། །སད་སེར་མུ་གེ་ཞི་བར་མཛོད། །སེམས་ཅན་བདེ་བར་བྱིན་གྱིས་རློབས། །པོ་ཊ་ལ་ཡི་གནས་མཆོག་ན། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཉིད་ཀྱི་ཞིང་ཁམས་གངས་ཆེན་འདི། །སད་སེར་མུ་གེ་ཞི་བར་མཛོད། །སེམས་ཅན་བདེ་བར་བྱིན་གྱིས་རློབས། །ཟངས་མདོག་དཔལ་རིའི་རྩེ་མོ་ན། །རིག་འཛིན་པདྨ་ཐོད་ཕྲེང་རྩལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཉིད་ཀྱི་འདུལ་ཞིང་བོད་ཡུལ་འདི། །སད་སེར་མུ་གེ་ཞི་བར་མཛོད། །སེམས་ཅན་བདེ་བར་བྱིན་གྱིས་རློབས། །བཀྲ་ཤིས་དབུས་རིའི་ལྷ་ས་ན། །ཆོས་རྒྱལ་


CMR046_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

སྲོང་བཙན་སྒམ་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཉིད་ཀྱི་མངའ་འོག་བོད་འབངས་འདི། །སད་སེར་མུ་གེ་ཞི་བར་མཛོད། །སེམས་ཅན་བདེ་བར་བྱིན་གྱིས་རློབས། །གར་བཞུགས་ཆོས་ཀྱི་ཕོ་བྲང་ན། །རྒྱལ་དབང་ཆོས་དབྱིངས་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ཉིད་ཀྱི་འདུལ་བྱ་བོད་ཁམས་འདི། །སད་སེར་མུ་གེ་ཞི་བར་མཛོད། །སེམས་ཅན་བདེ་བར་བྱིན་གྱིས་རློབས། །མཐོ་ལྡིང་གངས་རི་གཡའ་བྲག་ལ། །བོད་ཁམས་བརྟན་མ་བཅུ་གཉིས་པོ། །སྔོན་གྱི་དམ་ཚིག་མ་གཡེལ་གསོལ། །ཉིད་ཀྱི་བརྐྱང་བྱ་བོད་ཁམས་འདིར། །སད་སེར་མུ་གེ་ཞི་བར་མཛོད། །སེམས་ཅན་བདེ་བར་བྱིན་གྱིས་རློབས། །བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ། །ཅེས་པ་འདི་མེ་མོ་ཕག་ལོ་གྲོ་ཞུན་གྱི་ཉི་ཤུ་ནུབ་སད་འོང་གྲབ་བྱུང་དུས་ཨ་རཱ་གས་བྱུང་རྒྱལ་དུ་སྨྲས། བྱམས་པའི་ཏིང་ངེ་འཛིན་གནད་དུ་བསྣུན། སྤྲིན་སྡུད་འཁོར་ལོ་བསྐོར་བ་སོགས་བྱས་པས། རང་ལ་ནུས་པ་ཡོད་པའི་ཆ་ནས་མ་ཡིན། རྟེན་འབྲེལ་འགྲིགས་པའི་ཆ་ནས་སྐྱོན་ཆེར་མ་བྱུང་ངོ་།། །།


CMR046_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བྷོ་དྷི་སཏྭ་ཡེ། སྤྲིན་དཀར་དུམ་བུ་ཕུང་པོ་སྤུངས་འདྲ་བའི། །ཉ་རྒྱས་ཟླ་བ་ལྟ་བུ་ཞལ་གཅིག་པ། །ཕྱག་གཡས་མྱུ་གུ་ཨིནྡྲ་ནཱི་ལའི་མདོག །ཛཾ་བུ་ཆུ་གསེར་ལས་གྲུབ་དྲིལ་བུ་གཡོན། །སུམ་རྩེན་ལྷ་ཡི་རྒྱན་དང་ན་བཟས་བཀླུབས། །རབ་མཛེས་པདྨའི་ལྟེ་བར་ཕྱེད་པའི་སྐྱིལ། །བྱང་ཆུབ་སེམས་དཔའི་ནང་ནས་སེམས་དཔའ་ཆེ། །ས་ཡི་སྙིང་པོའི་ཞབས་ལ་ཕྱག་འཚལ་ལོ། །འགྲོ་བ་ཀུན་ལ་ཐུགས་རྗེས་བརྩེར་དགོངས་ཤིང་། །སད་དང་སེར་བའི་གནོད་པ་མི་འབྱུང་ཞིང་། །ལོ་ཐོག་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །བཙོ་མའི་མདོག་ཅན་སྐབས་གསུམ་བུ་མོ་འདྲ། །སྐུ་སྟོད་ས་ནས་ཕྱུངས་ཏེ་གཏེར་བུམ་འཛིན། །དུས་གསུམ་རྒྱལ་བའི་ས་ལམ་བགྲོད་པ་ཡི། །དཔང་པོ་མཛད་པས་བདུད་སྡེ་ཕམ་མཛད་མ། །ས་འཛིན་ཆེན་མོ་དེ་ལ་བདག་གིས་བསྟོད། །རྒྱལ་བའི་སྤྱན་སྔར་ཐུགས་དམ་རྗེས་དགོངས་ལ། །སྟོང་ཕྲག་ཉི་ཤུའི་འོག་ནས་ས་ཡི་བཅུད། །ས་ཕྱོགས་འདི་ལ་བསྡུས་ལ་ཡུལ་ཕྱོགས་འདིར། །རྟག་ཏུ་ལོ་ལེགས་འབྲུ་འཕེལ་བཀྲ་ཤིས་སྩོལ། །རྒྱ་མཚོའི་ཀློང་ནས་ཤེལ་དཀར་རི་བོ་བཞིན། །ལྟོ་འགྲོས་


CMR046_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གདེངས་ཀ་སྤྲིན་ཕུང་ནམ་མཁར་ཁྱབ། །ཕྱག་གཉིས་ཐལ་སྦྱར་མཛད་པས་གཏེར་བུམ་འཛིན། །ལྟོ་འཕྱེ་མཇུག་མས་ས་འོག་རྒྱ་མཚོ་དཀྲུག །འཇམ་དབྱངས་སྤྲུལ་པ་ཀླུ་ཡི་རྒྱལ་པོ་ཆེ། །ཀླུ་ནི་མི་མགོན་དཀར་པོ་ཞེས་སུ་གྲགས། །སྨར་ཁམས་ཕྱོགས་ནས་ཡུལ་ཕྱོགས་འདིར་གཟིགས་ལ། །གྲོ་བཞིན་ཁྲུམས་དང་ཡར་ངོའི་ཟླ་བའི་ཚེ། །ཐོ་རངས་དུས་སུ་ནམ་མཁར་དབུགས་ཐོགས་ལ། །སྤྲིན་ཕུང་འཁྲིགས་ཤིང་སད་སེར་མེད་པར་མཛོད། །སེམས་དཔའ་ཁྱོད་ནི་སྙིགས་མའི་འགྲོ་བ་ལ། །སྙིང་རྗེའི་དབང་གིས་མི་འཇིགས་སྦྱིན་པ་ཚོཐོངས། །དེ་ཝི་ཀོ་ཊའི་གནས་དང་བླ་མཚོ་ནས། །ས་བརྒྱད་སེམས་དཔའ་ཀླུ་བདུད་རྒྱལ་པོའི་ཚུལ། །སྨྱོ་ཁ་ཀླུ་བདུད་ནག་པོ་མགོ་དགུ་པ། །སྲིན་པོའི་གཟུགས་ཅན་སྦྲུལ་མཇུག་གདེངས་ཀ་ཅན། །གསེར་གྱི་འཁོར་ལོ་སྦྲུལ་ཞགས་ལག་ན་ཐོགས། །མི་མང་སྤྲིན་འཁྲིགས་ན་བུན་གློག་འོད་འཁྱུག །ཁྲག་ནག་རྟིང་དཀར་རྫུ་འཕྲུལ་རླུང་བས་མགྱོགས་། །གྲོ་ཞུན་ཁྲུམས་དང་ཐ་སྐར་ཟླ་བ་ལ། །ཐོ་རངས་རྒྱུན་དུ་ནམ་མཁར་ཁྱོད་རྒྱུགས་ལ། །སྤྲིན་ནག་འཁྲིགས་ཤིང་སད་སེར་མེད་པར་མཛོད། །ཁྱོད་ནི་འཇིག་རྟེན་


CMR046_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱང་འཁོར་བའི་ཚུལ། །འགྲོ་ལ་ཕན་ཕྱིར་འཇིག་རྟེན་འདིར་བཞུགས་ནས། །སྙིགས་དུས་འགྲོ་ལ་མུ་གེའི་འཇིགས་པ་ལས། །སྐྱོབ་ཕྱིར་སེམས་དཔའ་ཁྱོད་ཀྱི་ཐུགས་བསྐྱེད་མཛོད། །གཞན་ཡང་ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་འདས། །ཀླུ་ཆེན་བརྒྱད་དང་མ་དྲོའི་ཀླུ་དབང་དང་། །བློན་པོ་ཁམས་ཀྱི་བྱ་ཐུལ་ལ་སོགས་པའི། །གཟི་བྱིན་ཆེ་བའི་ཀླུ་དང་ཡུལ་ལྷ་རྣམས། །སད་དང་སེར་བའི་གནོད་པ་མ་བཏང་ཞིག །འཇིག་རྟེན་བདེ་ཞིང་ལོ་ལེགས་མཛད་དུ་གསོལ། །ཅེས་མེ་ཕོ་རྟའི་ལོ་ལ་གླང་རྩིས་ནས་ལོ་ལྟས་ཤིན་ཏུ་ངན་ཞིང་དབྱར་སྟོད་ཆུ་སྐམ་ཟེར་བ་ཡོད་ཀྱང་ཀུན་ལ་ཆར་སྒྲུབ་བྱས་པའི་རྟེན་འབྲེལ་ཡིན་ནམ་སྙམ། ཕྱོགས་གཞན་དུ་ཆར་དཀོན་པ་དང་ཕྱོགས་འདིར་ཆར་ལེགས་པར་བྱུང་ཡང་གྲོ་ཞུན་ཟླ་བའི་བཅུ་གཉིས་དང་བཅུ་གསུམ་ལ་ཤི་ལུགས་ངན་པའི་སྐྱེས་པ་བུད་མེད་འགའ་རེ་ཤི་ནས་སད་འོང་དོག་སྤྲིན་བཅུད་འཁོར་ལོ་དང་གདམས་པ་འགའ་བྱས་དུས། ཨ་རཱ་གས་སྨྲས་པའོ།། །།

སད་བསྲུང་བསང་མཆོད་བདུད་རྩིའི་སྤྲིན་སྤུངས་དགོས་འདོད་ཀུན་འབྱུང་།


CMR046_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

སད་བསྲུང་བསང་མཆོད་བདུད་རྩིའི་སྤྲིན་སྤུངས་དགོས་འདོད་ཀུན་འབྱུང་བཞུགས་སོ།


CMR046_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱི༔ སྐྱབས་གནས་ཀུན་འདུས་དཀོན་མཆོག་གསུམ་པོ་ལ། །བདག་དང་ལོ་ཐོག་འབུ་སྲིན་སྐྱབས་སུ་མཆི། །སེམས་ཅན་མུ་གེའི་འཇིགས་པ་བསལ་བའི་ཕྱིར། །བདག་གི་ལོ་ཐོག་འདི་རྣམས་བསྲུང་བར་བྱ། །རང་ཉིད་ཐུགས་རྗེ་ཆེན་པོ་ཞི་ཞིང་འཛུམ། །ཕྱག་གཡས་སྤྲིན་གྱི་རྒྱལ་མཚན་ནམ་མཁར་ཕྱར། །གཡོན་པས་པད་དཀར་བདུད་རྩིའི་ན་བུན་འཐུལ། །དབུ་ལ་སྤྲིན་གྱི་འཇའ་ཚོན་སྣ་དགུ་འཁྲིགས། །ཐུགས་ཀའི་ཧཱུྃལས་བྱམས་པའི་འོད་ཟེར་འཕྲོས། །སྐུ་གསུམ་དག་པའི་ཞིང་ཁམས་གཞལ་ཡས་ནས། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་


CMR046_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས། །འཇིག་རྟེན་འདས་དང་མ་འདས་ལྷ་སྲིན་དང་། །སྟོང་གསུམ་གཞི་བདག་ས་བདག་མ་ལུས་ཀུན། །ནམ་མཁའ་ས་གཞི་གང་བར་སྤྱོད་གྱུར་ཅིག །ཨོཾ་ཨ་ཀཱ་རོས་བྱིན་གྱིས་བརླབས་ནས། ཨོཾ་ཨཱཿཧཱུྃ། ཧཱུྃ་ལས་རིན་ཆེན་སྣོད་ཀྱི་ནང་དུ་ནི། །བསང་རྫས་མཆོད་སྤྲིན་སྟོང་གསུམ་ཁྱབ་པ་ལས། །སྤོས་སྤྲིན་དྲྭ་བའི་སངས་རྒྱས་ཞིང་ཀུན་ཁྱབ། །དེ་ལཾ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །འདོད་ཡོན་ལྔ་ལྡན་ཆར་རྒྱུན་ལྟ་བུ་འབེབས། །བཟའ་བཏུང་བདུད་རྩི་གཟུགས་སྒྲ་དྲི་རོ་རེག །ཟད་མེད་


CMR046_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་ནམ་མཁའ་གང་བར་གྱུར། །བདག་གིས་བསྲུང་བའི་ལོ་ཐོག་ཡུལ་ཁམས་འདི། །ལྷ་ཚོགས་རྣམས་ལ་སྐྱབས་ཞུ་ཐུགས་རྗེས་གཟིགས། །ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་ལ། །དྲིན་ཆེན་རྩ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར། །མཆོད་རྫས་བདུད་རྩི་སྤྲིན་ཕུང་མཆོད་པ་འབུལ། །སད་ཀྱི་གནོད་པ་སྲུང་ཞིང་བསྐྱབ་ཏུ་གསོལ། །ཡུལ་ཕྱོགས་འདི་རུ་བྱིན་རླབས་སྤྲིན་དཔུང་གཏིབས། །གྲུབ་ཆེན་བརྒྱད་ཅུའི་ས་ལ་དྲོད་ཆེན་ཕོབ། །གསོལ་འདེབས་བྱིན་རླབས་ན་བུན་འཐིབས་པར་མཛོད། །བཅོམ་ལྡན་རྣམ་སྣང་ཆེན་པོ་སྤྲིན་ཆེན་དང་། །སངས་རྒྱས་སྤྲིན་མཛེས་སྤྲིན་འཐིབ་ཆེན་པོ་དང་། །སྤྲིན་གདུགས་སྤྲིན་ལྟར་མཛེས་དང་སྤྲིན་ཆེན་ཁེབས། །སངས་རྒྱས་སྤྲིན་ཆེན་དམ་པ་སྤྲིན་སྡུད་ལ། །བདུད་རྩི་ཀླུ་ཤིང་དྲི་བཟང་དུད་པས་བསང་། །སད་ཀྱི་གནོད་པ་མེད་པར་བྱིན་གྱིས་རློབས། །ཕྱོགས་བཅུའི་ཞིང་ནས་ན་བུན་སྤྲིན་ལྟར་གཏིབས། །ཐུགས་རྗེས་བྱིན་རླབས་ས་ལ་དྲོད་ཆེན་ཕོབ། །བསྟན་པའི་བདག་པོ་ཤཱཀྱ་ཐུབ་པ་ནི། །སྐུ་མདོག་སེར་པོ་ནམ་མཁའ་ཁྱབ་པར་བཞུགས། །ནམ་མཁའ་གསེར་གྱི་གའུ་ཕྱག་ན་བསྣམས། །ལོ་ཐོག་གསེར་གྱི་


CMR046_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

གའུ་ནང་དུ་ཚུད། །འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་དང་། །ཉན་ཐོས་དགྲ་བཅོམ་དཔག་མེད་འཁོར་གྱིས་བསྐོར། །དྲི་ཞིམ་སྤོས་སྤྲིན་ནམ་མཁའ་གང་བར་འབུལ། །དམ་པའི་ཆོས་ཀྱིས་སད་འདྲེ་གྲོལ་བ་དང་། །བྱིན་རླབས་སྤྲིན་གྱིས་ནམ་མཁའ་ཁེབས་པར་མཛོད། །ཐུགས་རྗེ་ནུས་པས་ས་ལ་དྲོད་ཆེན་ཕོབ། །སྙིང་རྗེས་མཐར་ཕྱིན་སྤྱན་རས་གཟིགས་དབང་ནི། །སྐུ་མདོག་དཀར་གསལ་བར་སྣང་ཁྱབ་པར་བཞུགས། །ལོངས་སྐུ་རྒྱལ་བ་རིགས་ལྔའི་ཚོགས་ཀྱིས་བསྐོར། །སྤྲིན་གྱི་བུམ་འཛིན་ཁ་ནས་ན་བུན་ཐུལ། །བསང་རྫས་མཆོད་པའི་སྤྲིན་ཕུང་དུ་མ་འབུལ། །ཡིག་དྲུག་ཆར་གྱིས་སད་འདྲེ་ཚིམ་གྱུར་ཅིག །ཁམས་གསུམ་སྲིད་པ་གསུམ་གྱི་སྤྲིན་བསྡུས་མཛོད། །ཆོས་ཀྱི་ཀློང་ནས་བྱིན་རླབས་ན་བུན་གཏིབས། །ཐུགས་རྗེས་བྱིན་རླབས་ས་ལ་དྲོད་ཆེན་ཕོབ། །ཤེས་རབ་མཐར་ཕྱིར་འཇམ་དཔལ་གཞོན་ནུ་ནི། །སྐུ་མདོག་དམར་སེར་ས་གཞི་ཁྱབ་པར་བཞུགས། །ཕྱག་ན་རལ་གྲི་མེ་དྲོད་འབར་བ་བསྣམས། །ས་ཡི་སྙིང་པོ་ཉེ་བའི་སྲས་བརྒྱད་བསྐོར། །ཕྱེ་མར་འབྲུ་སྣ་དྲི་བཟང་དུད་པས་བསང་། །སད་ཀྱི་གནོད་པ་དྲོད་ཀྱི་


CMR046_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཟིལ་པར་གྱུར། །བྱིན་རླབས་དྲོད་ཀྱི་ས་ལ་མེ་ཆེན་སྦྱོར། །མཐུ་སྟོབས་མཐར་ཕྱིན་གསང་བའི་བདག་པོ་ནི། །མཐིང་ནག་རྡོ་རྗེ་སྡིགས་མཛུབ་མེ་དཔུང་གིས། །བགེགས་ཀྱི་རྒྱལ་པོ་གདོང་ལྔ་འགོང་པོ་བསྲེགས། །སད་འདྲེ་འདུལ་བྱེད་ཁྲོ་བཅུའི་འཁོར་གྱིས་བསྐོར། །མཆོད་སྤྲིན་སྣ་ལྔ་གསུར་གྱི་དུད་སྤྲིན་འབུལ། །བྱིན་རླབས་སྤྲིན་ཕུང་ས་ལ་དྲོད་ཆེན་ཕོབ་། །གུ་རུ་པདྨ་ཡེ་ཤེས་མཚོ་རྒྱལ་ལ། །རིག་འཛིན་རྒྱལ་བ་ཞི་ཁྲོའི་འཁོར་གྱིས་བསྐོར། །གུས་པས་ཕྱག་འཚལ་བསང་གི་དུད་སྤྲིན་འབུལ། །སྣང་སྲིད་ཟིལ་གནོན་འབྲུ་ཟློསད་ཞི་བར་མཛོད། །སྐུ་ལ་བྱིན་རླབས་སྤྲིན་དཔུང་ཐིབས་སེ་ཐིབ། །ཐུགས་རྗེའི་ན་བུན་ས་ལ་དྲོད་ཆེན་ཕོབ། །བཅོམ་ལྡན་འཁོར་ལོ་སྡོམ་པ་ཀྱེ་རྡོར་ལ། །ཡི་དམ་རྒྱུད་སྡེ་བཞི་ཡི་ཚོགས་ཀྱིས་བསྐོར། །དྲི་ཞིམ་སྤོས་སྣ་ཕྱེ་མར་གསུར་གྱི་བསང་། །ཆུ་སད་རླུང་སད་རོ་སད་ཞི་བར་མཛོད། །ཐུགས་རྗེའི་སྤྲིན་དང་ན་བུན་ཆེན་པོས་གཡོགས། །བྱིན་རླབས་ནུས་པས་ས་ལ་དྲོད་ཆེན་ཕོབ། །ས་གནས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །གྲུབ་ཐོབ་སྐྱེས་ཆེན་དམ་པ་མཆོག་གིས་བསྐོར། །དམ་རྫས་མཆོད་སྤྲིན་ཞིང་ཁམས་


CMR046_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཁྱབ་འབུལ། །ཡུལ་ཕྱོགས་འདི་ཡི་སད་འདྲེ་ཞི་བར་མཛོད། །བྱིན་རླབས་སྤྲིན་གྱི་འཇིག་རྟེན་ཁྱབ་པར་མཛོད། །ཐུགས་རྗེའི་བྱིན་རླབས་ས་ལ་དྲོད་ཆེན་ཕོབ། །དཔའ་བོ་དཔའ་མོ་འབུམ་གྱི་ཚོགས་དཔོན་ལ། །མཁའ་འགྲོ་ཤུགས་འགྲོ་བྱེ་བ་དུང་གིས་བསྐོར། །དཀར་གསུམ་བདུད་རྩི་དྲི་ལྡན་བསང་མཆོད་འབུལ། །སད་ཀྱི་zགནོད་པ་བསྲུང་ཞིང་བསྐྱབ་ཏུ་གསོལ། །ས་ཕྱོགས་འདི་རུ་འཇའ་སྤྲིན་སྣ་ལྔས་ཁེངས། །ཐུགས་རྗེས་བྱིན་རླབས་ས་ལ་དྲོད་ཆེན་ཕོབ། །རྗེ་བཙུན་འཕགས་མ་སྒྲོལ་མ་སྐུ་མདོག་མཐིང་། །ས་གཞི་གཡུ་ཡི་གའུ་ཕྱག་ན་བསྣམས། །གཡུ་ཡི་གའུ་ནང་དུ་ལོ་ཐོག་ཚུད། །སྒྲོལ་མ་དཀར་སེར་དམར་ལྗང་བྱེ་བས་བསྐོར། །དྲི་ཞིམ་ཙན་དན་དཀར་དམར་དུད་པས་བསང་། །ན་བུན་སྣ་ལྔས་ཡུལ་ཁམས་ཁྱབ་པར་མཛོད། །ཐུགས་རྗེས་བྱིན་རླབས་ས་ལ་དྲོད་ཆེན་ཕོབ། །ཡེ་ཤེས་མགོན་པོ་དུད་སོལ་ལྷ་མོ་ལ། །ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་སྲུང་མས་བསྐོར། །རྟེན་རྫས་གསུར་གྱི་དུད་སྤྲིན་ཆེན་པོ་འབུལ། །སད་འདྲེ་གདུག་པ་ཅན་རྣམས་ཁ་ཁོག་ཅིག །སྤྲིན་དང་ན་བུན་སྨུག་ཞོད་ཡུལ་ཁམས་འཐིབས། །ཐུགས་


CMR046_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་བྱིན་རླབས་ས་ལ་དྲོད་ཆེན་ཕོབ། །རྣམ་སྲས་མཆེད་འཁོར་ཛཾ་ལྷ་རིགས་ལྔ་དང་། །གཏེར་བདག་གནོད་སྦྱིན་བྱེ་བ་འབུམ་སྡེ་ལ། །འབྲུ་སྣ་ཟས་སྣ་དྲི་ཞིམ་གསུར་གྱི་བསང་། །ལོ་ལེགས་འབྲུ་འཕེལ་སད་ཀྱི་གནོད་པ་སྲུངས། །སྤྲིན་གྱི་ཚོགས་གཏིབས་ས་ལ་དྲོད་ཆེན་ཕོབ། །ལྷ་ཆེན་ཚངས་པ་ལྷ་དབང་བརྒྱ་བྱིན་ལ། །ལྷ་འཁོར་སུམ་བརྒྱ་དྲུག་ཅུའི་འཁོར་གྱིས་བསྐོར། །ཕྱག་ན་རིན་པོ་ཆེ་ཡི་སྤྲིན་ཕུང་བསྣམས། །ཕྱེ་མར་འབྲུ་སྣ་གཡུ་ཤུག་གསུར་གྱི་བསང་། །ལོ་ལ་གནོད་པའི་སད་འདྲེ་ཞི་བར་མཛོད། །མཚན་མོ་ཁུ་རླངས་ན་བུན་སྤྲིན་ཚོགས་བསྡུས། །མ་དྲོས་ཀླུ་ཡི་ཕོ་བྲང་རྒྱ་མཚོའི་ཀློང་། །ཀླུ་རྒྱལ་གཙུག་ན་རིན་ཆེན་ཀླུ་ཆེན་བརྒྱད། །ས་ཡི་ལྷ་མོ་ས་བདག་བརྟན་མའི་ཚོགས། །སྟོང་གསུམ་ཀླུ་ཡི་ཚོགས་རྣམས་མ་ལུས་ལ། །ཀླུ་སྨན་དཀར་གསུམ་མངར་གསུམ་བདུད་རྩིས་བསང་། །སྐུ་ལ་ན་བུན་འཇིག་རྟེན་ཁྱབ་པར་འཁྲིགས། །བསྲུང་བའི་ཡུལ་ཞིང་མཆོད་པའི་ཡུལ་ཕྱོགས་འདིར། །སྐད་ཅིག་ད་ལྟ་སྤྲིན་ཚོགས་འདུ་བར་མཛོད། །སད་འདྲེ་ཞི་ཞིང་ས་ལ་དྲོད་ཆེན་ཕོབ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི། །བཀའ་དང་དམ་


CMR046_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ལ་ནི་བཞག་པ་ཡི། །དཔལ་ཆེན་མགོན་པོ་བདུན་ཅུ་རྩ་གཉིས་དང་། །ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་སོགས། །དགེ་བསྙེན་དྲེགས་པའི་སྡེ་དཔོན་སུམ་ཅུ་དང་། །སྔགས་བདག་དྲེགས་པ་བཅོ་བརྒྱད་འཁོར་དང་བཅས། །ལོ་གླུད་གསུར་ཆེན་དྲི་ཡིས་ཚིམ་གྱུར་ཅིག །སད་ཀྱི་གནོད་པ་གདུག་རྩུབ་ཞི་གྱུར་ཅིག །མཚན་མོ་སྤྲིན་དང་ན་བུན་འཐིབས་པར་མཛོད། །བརྟན་མ་བཅུ་གཉིས་མགུར་ལྷ་བཅུ་གསུམ་དང་། །སྲིད་པ་འདི་ཉིད་ཆགས་པའི་ལྷ་དགུ་དང་། །སྐྱོབ་པར་བྱེད་པའི་ལྷ་ལྔ་བརྟན་པའི་ལྷ། །ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་སྡེ་བཞིར་བཅས། །ལོ་གླུད་གསུར་ཆེན་དྲི་ཡིས་ཚིམ་གྱུར་ཅིག །སད་ཀྱི་གནོད་པ་མ་བཏང་བསྲུང་བར་མཛོད། །མཚན་མོ་སྤྲིན་དང་ན་བུན་འཐིབས་པར་མཛོད། །གཟའ་བརྒྱད་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། །གནོད་སྦྱིན་སྡེ་དཔོན་འཕྲོག་མ་མ་བུར་བཅས། །བགེགས་ཀྱི་རྒྱལ་པོ་གདོང་ལྔ་འགོང་པོའི་ཚོགས། །མི་ལ་བསེ་རག་གྲོང་ཁྱེར་ལྔ་བརྒྱ་ལ། །ལོ་གླུད་གསུར་ཆེན་དྲི་ཡིས་ཚིམ་གྱུར་ཅིག །སད་འདྲེ་གདུག་པ་ཅན་རྣམས་ཞི་བར་མཛོད། །མཚན་མོ་སྤྲིན་དང་ན་བུན་འཐིབས་པར་


CMR046_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །ཤ་ཟ་སྲིན་པོ་དྲི་ཟ་གྲུལ་བུམ་དང་། །སྨྱོ་བྱེད་བརྗེད་བྱེད་མིའམ་ཅི་ལ་སོགས། །རིགས་དྲུག་ལན་ཆགས་ཡུལ་བདག་གྲོང་བདག་ལ། །ལོ་ལ་གནོད་པའི་བགེགས་རིགས་གདོན་ཚོགས་ལ། །ལོ་གླུད་གསུར་ཆེན་དྲི་ཡིས་ཚིམ་གྱུར་ཅིག །བྱང་རླུང་བུ་ཡུག་འདྲེ་སད་ཞི་བར་མཛོད། །མཚན་མོ་སྤྲིན་དང་ན་བུན་འཐིབས་པར་མཛོད། །མཁའ་ལ་རྒྱུ་བའི་ཡི་དྭགས་འབྱུང་པོའི་ཚོགས། །སད་ཀྱི་བདག་པོ་ཡུལ་འདྲེ་འགོང་པོའི་ཚོགས། །སྔོན་ནས་རྣམ་སྨིན་ལན་ཆགས་བདག་པོ་དང་། །ཡིད་ཀྱི་གཟུགས་ཅན་མ་ལུས་ཐམས་ཅད་ལ། །ལོ་གླུད་གསུར་ཆེན་དྲི་ཡིས་ཚིམ་གྱུར་ཅིག །ལོ་ལ་གནོད་པའི་རློམ་སེམས་ཞི་བར་མཛོད། མཚན་མོ་སྤྲིན་དང་ན་བུན་འཐིབས་པར་མཛོད། །ལུས་ནི་རྙིང་པ་གཞན་དུ་བོར་ནས་ནི། །ལུས་གཞན་གསར་པ་དུས་སུ་མ་ལོན་པའི། །གཤིན་པོ་སེམས་ཆགས་ལོ་ཐོག་རློམ་པ་སོགས། །དབང་མེད་བར་དོའི་སེམས་ཅན་ཐམས་ཅད་ལ། །ལོ་གླུད་གསུར་ཆེན་དྲི་ཡིས་ཚིམ་གྱུར་ཅིག །བརླམ་སེམས་རློམ་སེམས་སད་འདྲེ་ཞི་གྱུར་ཅིག །མཚན་མོ་སྤྲིན་དང་ན་བུན་འཐིབས་པར་མཛོད། །སེམས་ཅན་མུ་གེའི་སྡུག་བསྔལ་སྙིང་རེ་


CMR046_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ། །འགྲོ་ལ་བརྩེ་བས་སྤྱན་གྱིས་གཟིགས་མཛོད་ལ། །ཤཱཀྱ་ཐུབ་པས་ནམ་མཁར་བྱིན་གྱིས་རློབས། །སྤྱན་རས་གཟིགས་ཀྱིས་བར་སྣང་སྤྲིན་སྡུད་མཛོད། །ཕྱག་ན་རྡོ་རྗེས་སད་འདྲེ་ཚར་ཆོད་ཅིག །འཇམ་དཔལ་དབྱངས་ཀྱིས་ས་ལ་དྲོད་ཆེན་ཕོབ། །པདྨ་རྒྱལ་པོས་ལྷ་སྲིན་དབང་དུ་སྡུས། །རྗེ་བཙུན་སྒྲོལ་མས་སད་ཀྱི་འཇིགས་སྐྲག་སྐྱོབ། །ཐུགས་རྗེ་ལྡན་པས་ཐུགས་རྗེའི་སྤྲིན་དཔུང་གཏིབས། །རྒྱལ་ཆེན་སྡེ་བཞིས་སྤྲིན་ཐག་ཕྱོགས་བཞིར་འཐེན། །ལྷ་ཆེན་བརྒྱད་ཀྱིས་སྤྲིན་ཐག་མི་འཆད་མཛོད། །ཀླུ་ཆེན་བརྒྱད་ཀྱིས་སྤྲིན་ཚོགས་མྱུར་དུ་བསྡུས། །ས་བདག་བརྟན་མའི་ཚོགས་ཀྱིས་ན་བུན་སློངས། །ཡུལ་གྱི་གཞི་བདག་སྤྲིན་གྱི་རྒྱལ་མཚན་ཕྱོར། །ལྷ་ཀླུ་སྡེ་བརྒྱད་སྤྲིན་གྱི་དར་ཡོལ་ཕུབ། །བཟའ་བ་རི་རབ་བཏུང་བ་རྒྱ་མཚོ་འབུལ། །ལྷ་སྲིན་གདུག་རྩུབ་སད་འདྲེ་ཞི་གྱུར་ཅིག །འབྱུང་བ་ལྔ་ཡི་སྤྲིན་གྱི་ཚོགས་བསྡུས་ལ། །ཡུལ་ཕྱོགས་འདི་ཡི་ནམ་མཁར་བརྟན་པར་མཛོད། །བྱིན་རླབས་ཞག་གིས་ནམ་མཁའ་ཁེབས་པར་མཛོད། །བསླུ་མེད་དཀོན་མཆོག་གསུམ་གྱི་ཐུགས་རྗེ་ཡིས། །ས་གནས་བྱང་ཆུབ་སེམས་དཔའི་བྱིན་རླབས་


CMR046_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །མཚན་མོ་ས་ལ་དྲོད་ཆེན་འབར་བ་དང་། །རྒྱ་མཚོ་ཁོལ་ཞིང་རླངས་པ་འཕྱུར་བ་དང་། །བ་མོ་ཐམས་ཅད་ཆུ་ཡི་ཟིལ་པར་གྱུར། །བར་སྣང་ན་བུན་ཆར་ཞོད་འཁྲིགས་པ་དང་། །ནུབ་མོར་ནམ་མཁར་སྤྲིན་གྱིས་གུར་ཆེན་ཕུབ། །ཡུལ་ཁམས་གཡུ་གསེར་གའུ་བར་དུ་ཚུད། །རིགས་གསུམ་མགོན་པོའི་སྐུ་གསུང་ཐུགས་སུ་གྱུར། །ལོ་ལེགས་འབྲུ་འཕེལ་ཆར་རྒྱུན་དངོས་གྲུབ་སྩོལ། །དེ་ལྟར་བསང་མཆོད་ལོ་གླུད་མཆོད་པ་འདིས། །སྣང་སྲིད་ལྷ་འདྲེ་མ་ལུས་ཐམས་ཅད་ལ། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་གྱུར། །ཟད་མེད་ལོངས་སྤྱོད་ནམ་མཁའ་གང་བར་གྱུར། །ལོ་གླུད་གསུར་ཆེན་ཤངས་ལ་བྲོ་ཙམ་ན། །ཟས་འདོད་ཟས་དང་སྐོམ་འདོད་སྐོམ་གྱིས་སོད། །ཐམས་ཅད་མཉེས་ཤིང་དགའ་མགུ་ཡི་རང་གྱུར། །ལན་ཆགས་བུ་ལོན་ཤ་འཁོན་བྱང་གྱུར་ཅིག །སད་འདྲེ་ཞི་བ་བྱང་ཆུབ་སེམས་ལྡན་ནས། །ལོ་ལ་གནོད་པ་མེད་པར་གསུར་གྱིས་ཚིམས། །སད་འདྲེ་བླ་མེད་བྱང་ཆུབ་མྱུར་ཐོབ་ནས། །དགེ་ཚོགས་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ། །ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། ཨོཾ་ཨེ་ཡཾ་རཾ་བཾ་ལཾ་སྤྲིན་བསྡུས་བསྡུས་སྭ་ཧཱ། །


CMR046_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ༔ ཨེ་ལ་ཡང་ནན་ཧུར་ཧྲིང་ལཾ་སྭཱ་ཧཱ། སྤྲིན་སྡུས་ཤིག ཨོཾ་བཛྲ་པཱ་ཎི་ཧཱུྃ། ནཱ་ག་ཕུ་རི་ཤོག །ཕུ་ནཱ་ག་ཀུ་རུ་ཤོག་ཤོག །འཁྲི་ཏ་ནཱ་ག་ལེ་ལེ་བི་བི་སྭཱ་ཧཱ། སྤྲིན་སྡུས་ཤིག །ཨོཾ་ཝ་གི་ཤྭ་རི་ཧཱུྃ། ཨོཾ་ཨེ་ལ་ཧུར་ཐུ་ཧྲིལ་སྤྲིན་བསྡུས་པྲ་རི་པྲ་རི་བྷ་རི་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་རོ་ཙ་ནི། ཀྲོ་ཊ་ནི་ཏྲོ་ཊ་ནི། ཏྲ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པཱ་ར་ཎི་མེ་སརྦ་སཏཱ་ནཉྩ་སྭཱ་ཧཱ། ཞེས་ཤཱཀ་ཐུབ་དང་སྒྲོལ་སྔོན་གྱི་གསེར་དང་གཡུ་ཡི་གའུ་ནང་དུ་ཡུལ་ཕྱོགས་ཚུད་པར་་བསྒོམ། ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་རིགས་གསུམ་མགོན་པོའི་སྐུ་ཡིས་གང་བར་བསྒོམ། ལྷ་ཀླུ་གཞི་བདག་གི་སྐུ་ལས་ན་བུན་འཕྱུར་བས་ཡུལ་ཁམས་ཁྱབ་པར་བསམ། སད་བསང་འདི་དོ་གལ་ཆེ་བའི་དུས་སུ་ལན་ལྔ་བདུན་བཅུ་སོགས་རིགས་པས་དཔགས་ན་སད་ཐུབ་པར་ཐེ་ཚོམ་མི་དགོས་སོ། །ཨ་རཱ་གས་སྦྱར་བའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

འབུ་སྲིན་གདུག་པ་ཁ་སྒྱུར་གྱི་བསང་ཡིག


CMR046_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

འབུ་སྲིན་གདུག་པ་ཁ་སྒྱུར་གྱི་བསང་ཡིག་བཞུགས་སོ།


CMR046_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པྲ་ཝ་ཀ་ར་ཡེ། སྙིགས་དུས་འགྲོ་ལ་བཀའ་དྲིན་ཟླ་མེད་པ། །གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པ་པདྨ་འབྱུང་གནས་ཀྱིས། །མ་འོངས་ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ནད་མུག་མཚོན་གྱིས་འགྲོ་བ་ཉམ་ཐག་ཅིང་། །ཁྱད་པར་ཚེ་ལོ་སུམ་ཅུ་ཁ་རལ་དུས། །འབྲུ་དཀོན་མུ་གེའི་བསྐལ་པ་འབྱུང་ལུང་བསྟན། །མུ་གེའི་བསྐལ་པ་འབྱུང་བར་བྱེད་པའི་རྒྱུ། །ཆར་ཆུ་དུས་སུ་མི་འབབ་ཐན་པས་མནར། །དུས་མིན་ཁ་ཆར་ཆེ་བས་གནོད་པ་བྱེད། །བཙའ་རིགས་བཞི་དང་སད་དང་སེར་བ་དང་། །འབུ་སྲིན་དུ་མས་ལོ་ཐོག་ཕུང་བར་བྱེད། །དེ་དུས་སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །བདུད་རྩི་བུམ་ཆུང་ལ་སོགས་ཆར་འབོད་སྐོར། །རྡོ་རྗེ་ཕ་ལམ་ལ་སོགས་བཙའ་སྲུང་སྐོར། །ནཱ་ག་འབྲུག་སྒྲ་ལ་


CMR046_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སད་སྲུང་སྐོར། །མེ་ཡི་བྱ་ཁྱུང་ལ་སོགས་སེར་སྲུང་སྐོར། །གདུག་པ་འབུ་བསྒྱུར་ལ་སོགས་འབུ་སྲུང་སྐོར། །ཆར་མི་འབེབས་དང་སད་སེར་རླུང་གིས་བྱེད། །དེ་ཕྱིར་རླུང་གནོན་རི་རབ་འོད་འཕྲོ་སོགས། །གཏེར་ཁ་དུ་མ་ལོ་ལ་ཕན་པའི་ཐབས། །རྒྱས་བསྡུས་ཆེ་ཕྲ་དཔག་ཏུ་མེད་པ་གསུངས། །ཁྱད་པར་འབུ་སྲུང་གདུག་པ་ཁ་བསྒྱུར་ལས། །ཤིང་སྣ་དང་ནི་བ་ནི་དམར་སྐྱ་ཡི། །ལྕི་བའི་དུད་པ་བཏང་བར་གསུངས་པའི་དོན། །འགྲོ་ལ་ཕན་ཕྱིར་བདག་གིས་གསལ་བཀོད་བྱ། །ཚེར་ནག་ཁྱི་ཤིང་མ་གཏོགས་ཤིང་སྣ་ཚོགས། །བ་ནི་དམར་སྐྱའི་ལྕི་བས་མེ་བུས་སྦྱར། །ཕྱེ་མར་འབྲུ་སྣ་ཟས་ཕུད་སྣ་ཚོགས་མཆོད། །འོ་ཞོ་ཇ་ཆང་ཆུ་གཙང་གང་འབྱོར་བྲན། །འདི་ལྟར་འདོན་བསྒོམ་སྦྲགས་ལ་བསང་བྱའོ། །གཞི་དང་མཆོད་པ་


CMR046_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས་སོགས་མི་དགོས་སོ། །ན་མོ། དཀོན་མཆོག་ཀུན་འདུས་པདྨ་འབྱུང་གནས་ལ། །བདག་དང་འགྲོ་ཀུན་ཞིང་བདག་སྐྱབས་སུ་མཆི། །འགྲོ་ཀུན་མུ་གེའི་འཇིགས་ལས་སྐྱོབ་པའི་ཕྱིར། །བདག་གིས་ལོ་རིམ་བསང་མཆོད་འབུལ་བར་བྱ། །སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །བདག་ཉིད་རྡོ་རྗེ་གྲོ་ལོད་སྐུ་མདོག་སྨུག །ཞལ་གཅིག་སྤྱན་གསུམ་མཆེ་བས་མ་མཆུ་མནན། །དབུ་སྐྲ་ཐོར་ཚུགས་དར་དམར་ཅོད་པན་འཕུར། །སྐུ་ལ་ཕོད་ཁ་ཆོས་གོས་སེ་རལ་ཁ། །ཕྱག་གཡས་རྡོ་རྗེ་གཡོན་པས་ཕུར་པ་འདྲིལ། །སྟག་མོ་དྲུས་མའི་སྟེང་ན་བརྐྱངས་བསྐུམ་བགྲད། །ཐུགས་སྲོག་ཧཱུྃ་མཐིང་ཡེ་ཤེས་སེམས་དཔའི་ཚུལ། །དམ་ཡེ་དབྱེར་མེད་ཧཱུྃ་སྒྲ་འབྲུག་ལྟར་སྒྲོགས། །ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། །བསང་མགྲོན་ཐམས་ཅད་སྐད་ཅིག་ཡུད་ཙམ་ལ། །ནམ་མཁར་སྤྱན་དྲངས་བཛྲ་ས་མཱ་ཛཿ གདོད་ནས་རྣམ་དག་སྐུ་གསུམ་ཞིང་ཁམས་ནས། །འཇིག་རྟེན་འདས་དང་མ་འདས་བསང་མགྲོན་རྣམས། །གློག་ལྟར་མྱུར་བའི་ཤུགས་ཀྱིས་འདིར་གཤེགས་ལ། །ནམ་མཁའ་བར་སྣང་ས་གཞི་སོ་སོ་ལ། །ཡིད་སྤྲུལ་གཙོ་འཁོར་འཚམས་པའི་


CMR046_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ལ་བཞུགས། །དངོས་འབྱོར་བསང་དང་ཡིད་ལས་སྤྲུལ་པ་ཡི། །ཟག་མེད་ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད། །རང་རང་ཆེ་བའི་ཡོན་ཏན་རྒྱ་མཚོ་ལ། །གུས་ཤིང་དང་བའི་ཡིད་ཀྱིས་ཕྱག་འཚལ་བསྟོད། །རཾ་ཡཾ་ཁཾ་གིས་བསང་རྫས་མི་གཙང་སྦྱངས། །ཨཱ༔ སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི། །དུ་བའི་ལྷ་མོ་མཐིང་མདོག་ལང་ཚོ་རྒྱས། །རབ་མཛེས་དར་དང་རིན་ཆེན་དུ་མས་སྤྲས། །ཕྱག་གཡས་ཁྲུས་བུམ་ཞིང་ལྷའི་ཉམས་གྲིབ་འཁྲུ། །ཕྱག་གཡོན་སྨན་གྱི་གཞོང་པ་སྤོས་ཀྱིས་བཀང་། །སྨན་གྱི་དུད་སྤྲིན་རབ་འབྱམས་འཇིག་རྟེན་ཁྱབ། །སྤོས་ཀྱི་འཁྲི་ཤིང་ར་བས་ཞིང་ཁམས་ཁྱབ། །དུ་བའི་ཆ་ཤས་ཟེགས་མ་རེ་རེ་ལས། །འདོད་ཡོན་ལྔ་དང་རྒྱལ་སྲིད་རིན་ཆེན་བདུན། །བཟའ་བཏུང་ལོངས་སྤྱོད་དཔག་མེད་ཆར་བཞིན་འབེབས། བཛྲ་དྷཱུ་པེ་ཧཱུྃ་གིས་བྱིན་གྱིས་བརླབས། །དེ་འདྲ་ངོ་མཚར་ཡིད་སྤྲུལ་བསང་མཆོད་འདིས། །འཇིག་རྟེན་འདས་དང་མ་འདས་ལྷ་རྣམས་བསང་། །ཀྱཻ། བསང་གི་རྒྱུ་བྱུང་གང་ནས་བྱུང་། །ཀུན་ཏུ་བཟང་མོའི་མཁའ་དབྱིངས་ནས། །ཡུམ་ཆེན་ལྔ་ཡི་སྤྲུལ་པ་ལས། །དབང་ཆེན་


CMR046_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་རིམ་ལྔ་ཆགས། །འབྱུང་བའི་དྭངས་མ་ཤིང་དུ་འཁྲུངས། །སུར་དཀར་དུང་ལོ་ཞི་བའི་ཤིང་། །སྟག་པ་སེར་པོ་རྒྱས་པའི་ཤིང་། །ཙནྡན་དམར་པོ་དབང་གི་ཤིང་། །ཤུག་པ་གཡུ་ལོ་དྲག་པོའི་ཤིང་། །འོམ་བུ་སྐྱེར་པ་སེ་བ་གསུམ། །ཨ་བར་སྐྱུར་གསུམ་སྨན་གྱི་ཤིང་། །ཐང་ཤིང་སུར་ནག་སྤེན་མ་གསུམ། །ནག་པོ་ཀླུ་རིགས་དགའ་བའི་ཤིང་། །ཉ་སྦྲིད་སྨྲ་ག་བྱིས་ཚར་གསུམ། །ས་བདག་ཕྲ་མོ་དགའ་བའི་ཤིང་། །བ་ཤིང་གླ་རྐང་ཨ་ག་རུ། །ཀླུ་དང་ལྷ་སྲུང་མཉེས་པའི་ཤིང་། །སྣ་ཚོགས་ཤིང་སྣ་མང་པོ་དང་། །ཕྱེ་མར་འབྲུ་སྣ་ཟས་ཕུད་དང་། །ཇ་ཆང་འོ་ཞོའི་ཕུད་ལ་སོགས། །དམར་སྐྱའི་བ་ལྕི་མེ་ལ་བསྲེགས། །གཙང་མའི་ཆབ་ཀྱིས་བྲན་བྱས་ཏེ། །བཟང་ཤིང་ཕྱེ་མར་སྤོས་སྤྲིན་འདིས། །ལྷ་སྲིན་གདུག་པ་འདུལ་མཛད་པ། །གུ་རུ་པདྨ་འབྱུང་གནས་བསང་། །སྐུ་གསུམ་སྐུ་ལྔ་མཚན་བརྒྱད་བསང་། །ལོ་ཐོག་རྣམས་ལ་གནོད་བྱེད་པའི། །འབུ་སྲིན་གདུག་པ་ཞི་བར་མཛོད། །འབུ་སྲིན་ལ་སོགས་གདུག་པ་ཅན། །ཐམས་ཅད་ཞི་མཛད་ཐུགས་རྗེ་ཅན། །ཕྱག་སྟོང་སྤྱན་སྟོང་མངའ་བ་བསང་། །ལོ་ཐོག་རྣམས་ལ་


CMR046_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་བྱེད་པའི་། །འབུ་སྲིན་གདུག་པ་ཞི་བར་མཛོད། །ལོ་ཐོག་གནོད་པ་ཞི་མཛད་པའི། །འབྲུ་རྣམས་འཕེལ་མཛད་ཐུགས་རྗེ་ཅན། །བྱང་སེམས་ས་ཡི་སྙིང་པོ་བསང་། །འབུ་སྲིན་གནོད་པ་ཞི་བ་དང་། །ལོ་ཆུ་ལེགས་པར་བྱིན་གྱིས་རློབས། །བཅོམ་ལྡན་པདྨ་བཛྲ་རྩལ། །མནྡྷ་ར་བ་ཡུམ་དང་བཅས། །དགོངས་པ་འདུས་པའི་ལྷ་ཚོགས་བསང་། །འབུ་སྲིན་གདུག་པ་ཁ་སྒྱུར་ཅིག །འབྲུ་རྣམས་འཕེལ་བའི་དངོས་གྲུབ་སྩོལ། །འབུ་སྲིན་གདུག་པ་ཟློག་མཛད་པའི། །ཁྲོ་བོ་དམེ་བར་བརྩེགས་པ་བསང་། །འབུ་སྲིན་གདུག་པ་བཟློག་པ་དང་། །ལོ་ཐོག་བསྲུང་ཞིང་བསྐྱབ་པར་མཛོད། །སྣང་སྲིད་དྲེགས་པ་འདུལ་མཛད་པའི། །དབང་དྲག་པདྨའི་ལྷ་ཚོགས་བསང་། །ལོ་ཐོག་རྣམས་ལ་གནོད་བྱེད་པ། །འདྲེ་ངན་ས་སྲིན་ཚར་ཆོད་ཅིག །ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་འདས། །སྔགས་བདག་ཡེ་ཤེས་ཀླུ་བརྒྱད་བསང་། །ཤིང་སྣ་ཕྱེ་མར་གསུར་གྱིས་མཆོད་། །འབུ་སྲིན་གནོད་པ་མ་བཏང་ཞིག །རྒྱལ་རིགས་རྗེའུ་བྲམ་ཟེ་དང་། །དམངས་རིགས་གདོལ་པ་ནག་པོ་སོགས། །ཀླུ་རིགས་མ་ལུས་ཐམས་ཅད་དང་། །ཁྱད་པར་


CMR046_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་འདིའི་ཀླུ་རྣམས་བསང་། །ཤིང་སྣ་ཕྱེ་མར་གསུར་གྱིས་མཆོད། །ལོ་ཐོག་ཞིང་ལ་གནོད་བྱེད་པའི། །ཚག་པ་ལ་སོགས་འབུ་སྲིན་གྱི། །ཟ་ཁ་འཐུང་ཁ་གཞན་དུ་སྒྱུར། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །འཇིག་རྟེན་ཁམས་འདི་སྐྱོང་བའི་ལྷ། །དཔལ་མགོན་བདུན་ཅུ་རྩ་ལྔ་བསང་། །བསང་ཤིང་ཕྱེ་མར་དུད་པས་མཆོད། །འབུ་སྲིན་གནོད་པ་ཞི་བ་དང་། །འཇིག་རྟེན་བདེ་ཞིང་ལོ་ལེགས་མཛོད། །འཇིག་རྟེན་འདི་ན་དབང་ཆེ་བ། །དྲེགས་པའི་སྡེ་དཔོན་སུམ་ཅུ་བསང་། །ཤིང་སྣ་ཕྱེ་མར་གསུར་གྱིས་མཆོད། །ཚག་པ་ལ་སོགས་འབུ་སྲིན་གྱི། །གནོད་འཚེ་ཆོ་འཕྲུལ་མ་བཏང་ཞིག །འཇིག་རྟེན་ཁམས་ན་དྲག་རྩལ་ཆེ། །སྔགས་བདག་དྲེགས་ཆེན་བཅོ་བརྒྱད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ལོ་ཐོག་རྣམས་ལ་གནོད་པ་ཡི། །འབུ་སྲིན་གདུག་པ་བཟློག་ཏུ་གསོལ། །ཀྱཻ། ཐང་ལྷ་ཡར་བཞུད་ལ་སོགས་པའི་། །རྗེ་ཡི་མགུར་ལྷ་བཅུ་གསུམ་དང་། །དགེ་བསྙེན་ཉི་ཤུ་རྩ་གཅིག་བསང་། །བོད་ཡུལ་གཞི་བདག་གཉན་པོ་རྣམས། །ཀུན་ཀྱང་མི་དཀར་རྟ་དཀར་ཅན། །བ་དན་དཀར་པོ་གནམ་ལ་གཡུག །


CMR046_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ཀྱི་སྟག་དོང་ཁྲ་བོ་ལ། །ལྷ་མདའ་ལེབ་མ་སྐར་ལྟར་འཁྲུགས། །གཡོན་གྱི་གཟིག་ཤུབས་ཐིག་ལེ་ལ། །ལྷ་གཞུ་གློག་འོད་ཁྱུགས་སེ་ཁྱུག །རྐེད་ཀྱི་དངུལ་ཤུབས་སེར་བཀྲ་ལ། །ཤེས་རབ་རལ་གྲི་གློག་ལྟར་འཁྱུག །དབུ་ཡི་དུང་རྨོག་གཙུག་ཏོར་ལ། །བྱ་ཕོད་ལྡེམ་དར་ཉི་ལྟར་ཤར། །རེ་རེའི་འཁོར་ལ་གཉན་དམག་སྟོང་། །ཀུ་བསྭོ་ཆ་སྒྲ་དི་རི་རི། །གོ་ཆ་སྲ་ལ་མཚོན་ཆ་རྣོ། །གངས་ཅན་བོད་ཀྱི་གཞི་བདག་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །ཤིང་སྣ་ཕྱེ་མར་གསུར་གྱིས་མཆོད། །ཚག་པ་ལ་སོགས་འབུ་སྲིན་གྱི། །གནོད་པའི་ཆོ་འཕྲུལ་མ་བཏང་ཞིག །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །ཀྱཻ། རྡོ་རྗེ་སྨན་གཅིག་ལ་སོགས་པའི། །བོད་ཁམས་བརྟན་མ་བཅུ་གཉིས་ནི། །ལྷབ་ལྷུབ་ན་བཟའི་རྒྱན་དང་བཅས། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །བྲན་གཡོག་མང་པོའི་འཁོར་དང་བཅས། །རེ་རེའི་འཁོར་ལ་སྨན་ཕྲན་འབུམ། །གླུ་ལེན་བྲོ་རྡུང་ཁྲིགས་སེ་ཁྲིག །དྲི་ཞིམ་ངད་པ་ཆི་ལི་ལི། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་


CMR046_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། །ལོ་ཐོག་རྣམས་ལ་གནོད་བྱེད་པའི། །ཚག་པ་ལ་སོགས་འབུ་སྲིན་གྱི། །གནོད་འཚེ་ཆོ་འཕྲུལ་མ་བཏང་ཞིག །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །ལྷ་ཆེན་ཨིནྡྲས་གཙོར་བྱས་པའི། །ཤར་ཕྱོགས་གནས་པ་ཐམས་ཅད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་ཟ་ཁ་འཐུང་ཁ་ནི། །ཤར་ཕྱོགས་དྲི་ཟའི་ཡུལ་དུ་སྒྱུར་། །ཡ་མ་ཡ་ཡིས་གཙོར་བྱས་པའི། །ལྷོ་ཕྱོགས་གནས་པ་ཐམས་ཅད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་ཟ་ཁ་འཐུང་ཁ་ནི། །ལྷོ་ཕྱོགས་གཤིན་རྗེའི་ཡུལ་དུ་སྒྱུར། །ཝ་རུ་ཎ་ལ་སོགས་པ་ཡི། །ནུབ་ཕྱོགས་གནས་པ་ཐམས་ཅད་བསངས། །ཀླུ་ཤིང་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་ཟ་ཁ་འཐུང་ཁ་ནི། །ནུབ་ཕྱོགས་ཀླུ་ཡི་ཡུལ་དུ་སྒྱུར། །ཀུ་བེ་ར་ལ་སོགས་པ་ཡི། །བྱང་ཕྱོགས་གནས་པ་ཐམས་ཅད་བསང་། །བཟང་ཤིང་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་ཟ་ཁ་འཐུང་ཁ་ནི། །བྱང་ཕྱོགས་གནོད་སྦྱིན་ཡུལ་དུ་སྒྱུར། །ཨགེ་རཱ་ཛ་ལ་སོགས་པའི། །ཤར་ལྷོར་གནས་པ་ཐམས་ཅད་བསང་། །བཟང་ཤིང་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་ཟ་


CMR046_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་འཐུང་ཁ་ནི། །ཤར་ལྷོར་མེ་ལྷའི་ཡུལ་དུ་སྒྱུར། །ན་ར་ཏ་ལ་སོགས་པ་ཡི། །ལྷོ་ནུབ་གནས་པ་ཐམས་ཅད་བསང་། །ཤིང་རྩི་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་ཟ་ཁ་འཐུང་ཁ་ནི། །ལྷོ་ནུབ་སྲིན་པོའི་ཡུལ་དུ་སྒྱུར། །བ་ཡ་བེ་ལ་སོགས་པ་ཡི། །ནུབ་བྱང་གནས་པ་ཐམས་ཅད་བསང་། །བཟང་ཤིང་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་ཟ་ཁ་འཐུང་ཁ་ནི། །ནུབ་བྱང་རླུང་ལྷའི་ཡུལ་དུ་སྒྱུར། །ཨཱི་ཤྭ་ར་ལ་སོགས་པ་ཡི། །བྱང་ཤར་གནས་པ་ཐམས་ཅད་བསང་། །བཟང་ཤིང་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་ཟ་ཁ་འཐུང་ཁ་ནི། །བྱང་ཤར་དབང་ལྡན་ཡུལ་དུ་སྒྱུར། །ཚངས་པ་ཉི་ཟླ་གཟའ་སྐར་སོགས། །སྟེང་ཕྱོགས་གནས་པ་ཐམས་ཅད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་ཟ་ཁ་འཐུང་ཁ་ནི། །སྟེང་ཕྱོགས་ལྷ་ཡི་ཡུལ་དུ་སྒྱུར། །ས་གཞི་ཡོངས་ལ་མངའ་མཛད་པའི། །ས་བདག་རྡོ་རྗེ་དབང་ཆེན་ནི། །གསེར་མདོག་ཞལ་གཅིག་ཕྱག་བཞི་པ། །ར་བ་བཞི་ཡིས་དབུ་ལ་བརྒྱན། །ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །འོག་མར་ལྗོན་ཤིང་རི་རབ་འཛིན། །སྐུ་སྨད་


CMR046_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པ་སྦྲུལ་དུ་འཁྱིལ། །འདིར་གཤེགས་བསང་དང་མཆོད་པ་འབུལ། གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །བཙུན་མོ་ས་ཡི་ལྷ་མོ་ནི། །གསེར་མདོག་རིན་ཆེན་རྒྱན་གྱིས་བརྒྱན། །ཕྱག་ན་མཆེ་བ་བུམ་པ་འཛིན། །ཆིབས་སུ་ས་ཕག་སེར་པོ་ཆིབས། །འཁོར་དུ་ས་བདག་འབུམ་དང་བཅས། །བསང་ངོ་ས་ཡི་ལྷ་མོ་བསངས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །དཔག་ཚད་བརྒྱད་ཁྲིའི་འོག་རོལ་ན། །ས་བཅུད་ཐམས་ཅད་འདིར་སྡུས་ལ། །འབུ་སྲིན་གནོད་པ་ཞི་བ་དང་། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །སྲས་པོ་ས་འཛིན་ལག་པ་དང་། །ས་བདག་ཆེན་པོ་ལྟོ་འཕྱེ་དང་། །རྗེ་བློན་བཅུ་བདུན་ལ་སོགས་པའི། །ས་བདག་གཉན་པོ་ཐམས་ཅད་བསང་། །གཡུ་ཤུག་ཕྱེམར་གསུར་གྱིས་མཆོད། །འབུ་སྲིན་གནོད་པ་ཞི་བ་དང་། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །གངས་གཉན་དུང་སེང་གཡུ་རལ་ཅན། །བྲག་གཉན་གསེར་སྤྲེལ་ཐོར་ཚུགས་ཅན། །ཤིང་གཉན་གཟིག་གི་མཇུག་མ་ཅན། །མཚོ་གཉན་ཉ་ཆེན་གསེར་མིག་ཅན། །ཕྱོགས་བཞིའི་གཉན་ཆེན་སྡེ་བཞི་དང་། །གཉན་ཕྲན་བཞི་བཅུ་རྩ་གཉིས་


CMR046_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །རྩི་ཤིང་ཕྱེ་མར་དུད་པས་མཆོད། །འབུ་སྲིན་གདུག་པའི་ཆོ་འཕྲུལ་ཟློག །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །ཀྱཻ། ཤར་ཕྱོགས་གངས་རི་རྩེ་རྒྱལ་ནས། །མདོ་ཁམས་སྒང་དྲུག་ཀུན་གྱི་བདག །གཉན་རྗེ་རྨ་ཆེན་སྤོམ་ར་ནི། །མདོག་དཀར་དངུལ་གྱི་དབུ་ཞུ་གསོལ། །དཔའ་བོ་སྟག་གི་ཤམ་ཐབས་ཅན། །བེར་དཀར་སྟེང་ན་བསྲེ་ཁྲབ་མནབས། །ཕྱག་ན་སྦ་ལྕག་ནོར་བུ་བསྣམས། །སྟག་འཕྲུ་ཁྱུང་ལྡེམ་ཉི་ཟླས་བརྒྱན། །སྟག་རལ་གཟིག་ཤུབས་འཁོར་གསུམ་བསྐོར། །དུང་རྟ་རི་ལོག་ཙམ་ལ་ཆིབས། །སྟེང་ན་ཁྱུང་ཆེན་བྱ་རྒོད་ལྡིང་། །རྒྱབ་ན་སྟག་གཡག་སེང་གེ་ཁྲིད། །རྨ་སྨན་འབུམ་དང་རྨ་སྲས་དགུ། །རྨ་རིགས་སུམ་བརྒྱ་དྲུག་ཅུ་དང་། །ལྷ་འཁོར་སྟོང་དང་རྨ་སྨན་འབུམ། །སྒང་དྲུག་གཞི་བདག་ཀུན་གྱིས་བསྐོར། །འདིར་གཤེགས་བསང་དང་མཆོད་པ་བཞེས། །༈ གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་གནོད་པ་ཞི་བ་དང་། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །ཚག་པ་ལ་སོགས་འབུ་སྲིན་གྱི། །ཟ་ཁ་སྤང་རིའི་ངོས་


CMR046_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐྱུར། །ལོ་ལེགས་འབྲུ་འཕེལ་རྨ་གཡང་ཕོབ། །ཀྱཻ། ཟངས་རི་འབར་བའི་རྩེ་དགུ་ནས། །ཟལ་མོ་སྒང་རྒྱུད་ཀུན་གྱི་བདག །བཙན་གྱི་མགོན་པོ་བེག་ཙེ་ཅན། །སྒྲོལ་གིང་ཡམ་ཤུད་དམར་པོ་སྟེ། །ངོ་བོ་སྐུ་རྒྱལ་ཤེ་ནེ་ནི། །མི་དམར་ཟངས་ཀྱི་ཁྲབ་རྨོག་ཅན། །འཁོར་གསུམ་བསྐོར་ནས་མདུང་དམར་ཕྱར། །མཚལ་བུ་རྟིང་དཀར་ཆིབས་སུ་ཆིབས། །ནང་བློན་ཞང་བཙུན་རྡོ་རྗེ་འབར། །ཕྱི་བློན་བཙན་ཆེན་དམར་པོ་དང་། །བར་བློན་བཙན་ཤྭ་ངར་བ་སོགས། །བཙན་འཁོར་སུམ་བརྒྱ་དྲུག་ཅུ་དང་། །ཡང་འཁོར་བཙན་དམག་འབུམ་དང་བཅས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཚག་པ་ལ་སོགས་འབུ་སྲིན་གྱི། །གནོད་འཚེ་ཆོ་འཕྲུལ་མ་བཏང་ཞིག །འབུ་སྲིན་གདུག་པའི་ཟ་ཁ་ནི། །རྫ་རི་གཡའ་རིའི་ངོས་ལ་སྒྱུར། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །ཀྱཻ། ངོམ་དུ་རུང་བའི་ཡུལ་གྱི་བདག །སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་ནི། །དུང་རྨོག་བྱ་ཕོད་ལྡེམ་དར་ཅན། །བེར་དཀར་བསྲེ་ཁྲབ་སྐུ་ལ་གསོལ། །མདུང་དར་ཕྱར་ཞིང་འཁོར་གསུམ་བསྐོར། །དུང་རྟ་


CMR046_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གཡུ་རྔོག་རླུང་གཤོག་ཆིབས། །བཙུན་མོ་གཉིས་དང་བླ་མཆོད་གཉིས། །རུ་འདྲེན་གཉིས་དང་བློན་པོ་གཉིས། །མཛོད་འཛིན་སྒོ་སྲུང་ལས་མཁན་སོགས། །སྤྲུལ་འཁོར་སུམ་བརྒྱ་དྲུག་ཅུར་བཅས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ལོ་ཐོག་རྣམས་ལ་གནོད་བྱེད་པའི། །ཚག་པ་ལ་སོགས་འབུ་སྲིན་གྱི། །ཟ་ཁ་བྲག་རིའི་ལོག་ལ་སྒྱུར། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །རྨོ་རྒྱལ་གཏམ་རྒྱལ་ལ་སོགས་པའི། །ངོམ་གྱི་རྒྱལ་ཆེན་བཅོ་བརྒྱད་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་གདུག་པའི་ཟ་ཁ་ནི། །སྒང་གི་རྩི་ཐོག་རྣམས་ལ་སྒྱུར། །དབྱིས་དོ་མཚོ་ནག་ལ་སོགས་པའི། །ངོམ་གྱི་མཚོ་ནག་སྤྱན་གསུམ་བསངས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཚག་པ་ལ་སོགས་འབུ་སྲིན་གྱི། །ཟ་ཁ་ནེའུ་སེང་ཐང་ལ་སྒྱུར། །རྒྱལ་མོ་རི་ཕྱུག་ལ་སོགས་པའི། །ངོམ་གྱི་རྒྱལ་པོ་མཆེད་བཞི་བསངས། །འབུ་སྲིན་ངན་པའི་ཟ་ཁ་ནི། །བཀྲག་གསལ་མེ་ཏོག་རྣམས་ལ་སྒྱུར། །སྤྱི་འབྱམས་ཡོར་


CMR046_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཁྲ་ཚང་མ། །དཀྱིལ་རི་དབྱིག་བུ་བྲག་དམར་སོགས། །དམར་པོ་བཙན་གྱི་སྡེ་ཚོགས་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ལྷོ་བྲག་དཀར་པོ་འབྲོག་རྫོང་དང་། །སེར་གེ་སྤུན་གསུམ་པོ་ཏི་དང་། །འགྲམ་རྒྱལ་དཀར་འཛོང་ལ་སོགས་པའི། །དཀར་པོ་ལྷ་ཡི་སྡེ་ཚོགས་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཁྲ་ཡུལ་གནམ་མཚོ་དབྱི་དབྲོ་དང་། །ཐོད་རྒྱལ་ཏི་དབྲོ་སྒྲས་ཕྲོམ་སོགས། །ཁྲ་བོ་ཚེགཉན་གྱི་སྡེ་ཚོགས་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཁྱད་པར་ཡུལ་ཕྱོགས་འདིར་གནས་ཤིང་། །མིང་དང་མཚན་ནས་མ་ཐོས་པའི། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་བསང་། །ཕ་རི་གཡས་དང་ཚུ་རི་གཡོན། །ཉིན་དང་སྲིབ་ལ་གནས་པ་བསངས། །མདུན་རི་རྒྱབ་རི་གཡས་རི་དང་། །གཡོན་རི་རྣམས་ལ་གནས་པ་བསང་། །བརྟན་པ་མཁའ་ལ་གཡོ་བ་རླུང་། །འབབ་པ་ཆུ་ལ་གནས་པ་དང་། །སྐྱེ་བ་ཤིང་དང་འགྲོ་བ་ལམ། །སྲ་བ་བྲག་ལ་གནས་


CMR046_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསང་། །ལྗོན་ཤིང་ནེའུ་སེང་ཆུ་མིག་དང་། །ས་སྐོར་འདི་ལ་གནས་པ་བསང་། །ཁྱད་པར་ཞིང་ལ་གནས་པ་ཡི། །ཞིང་ལྷ་ཚངས་པ་འཁོར་བཅས་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཐམས་ཅད་མཉེས་ཤིང་ཚིམ་གྱུར་ཅིག །ཀྱཻ། སྣང་སྲིད་ལྷ་འདྲེ་གཞི་བདག་རྣམས། །བསང་མཆོད་དམ་པ་འདི་བཞེས་ལ། །སྔོན་ཚེ་སློབ་དཔོན་པདྨ་ཡི། །བཀའ་དང་དམ་ལས་མ་འདའ་བར། །ཚག་པ་ལ་སོགས་འབུ་སྲིན་གྱི། །གནོད་འཚེ་ཆོ་འཕྲུལ་ཞི་བར་མཛོད། །ལོ་ཐོག་རྣམས་ལ་མ་གནོད་ཅིག །ཚག་པ་ལ་སོགས་འབུ་སྲིན་གྱི། །ཟ་ཁ་སྤང་རིའི་ངོས་ལ་སྒྱུར། །མེ་ཏོག་མཛེས་པའི་ཚལ་དུ་སྒྱུར། །རི་སྒོག་ཤྭ་མང་སྟེང་དུ་སྒྱུར། །རྩ་སྔོ་ལྡུམ་སྨན་སྟེང་དུ་སྒྱུར། །ཤིང་ལོ་ཤིང་སྤྱན་སྟེང་དུ་སྒྱུར། །རྩི་ཐོག་སྒང་རྩིའི་སྟེང་དུ་སྒྱུར། །འགྲོ་བའི་གསོ་སྦྱིན་ལོ་ཐོག་ལ། །གནོད་ཅིང་འཚེ་བ་མ་བྱེད་ཅིག །ལོ་ཐོག་བསྲུང་ཞིང་བསྐྱབ་པར་མཛོད། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དང་། །ཡུལ་ལྷ་གཞི་བདག་ཁྱེད་རྣམས་ལ། །ལོ་ཐོག་འདི་ཉིད་བསྲུང་བཅོལ་ལོ། །ཁྱེད་རྣམས་མཐུ་རྩལ་ཅི་འདུག་བལྟ། །ཚག་


CMR046_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་འབུ་སྲིན་གྱི། །གནོད་པ་ཞི་ཞིང་བཟློག་པར་མཛོད། །འབུ་སྲིན་གདུག་པའི་ཟ་ཁ་རྣམས། །འདི་རུ་མ་གནོད་གཞན་དུ་སྒྱུར། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད་། །ལོ་ཆུ་ལེགས་པའི་ཁ་འཛིན་མཛོད། །སྐྱ་རྣམས་རྒྱལ་བའི་ཁ་འཛིན་མཛོད། །འབྲུ་རྣམས་འཕེལ་བའི་ཁ་འཛིན་མཛོད། །བང་མཛོད་འབྲུ་ཡི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །མཆོད་རྫས་འབག་བཙོག་སོང་བ་སོགས། །ཐུགས་དང་འགལ་བ་བཟོད་པར་གསོལ། །མགྲོན་རྣམས་སོ་སོའི་གནས་སུ་གཤེགས། །རྟག་ཏུ་བྱམས་པའི་ཐུགས་ཀྱིས་དགོངས། །འཇིག་རྟེན་བདེ་དང་ལོ་ལེགས་པའི། །བཀྲ་ཤིས་དེང་འདིར་བཀྲ་ཤིས་ཤོག །འདི་ལྟར་བསང་མཆོད་ཕུལ་བའི་དགེས། །འབུ་སྲིན་གཙོར་བྱས་སེམས་ཅན་ཀུན། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཨོཾ་མངྒ་ལཾ་སིདྡྷི་ཕ་ལ་ཧོ། ཞེས་བརྗོད་བསང་རས་བསྡུས་ལ་ནང་དུ་བཏབ། དེ་ནང་བ་དམར་སྐུ་ཡི་ལྕི་བ་བཏབ། །དུད་པ་ཅུང་ཟད་འོང་བར་བྱས་ལ་བཞག སྣ་འབུ་ཡིས་གར་གནོད་ཞིང་མུར་དེ་ལྟར་བྱ། །འདི་ཡང་བྱེ་མ་ཆུ་སོགས་བསྔགས་པ་ཡིས། །གཉིས་ཀ་སྦྲགས་ན་ངེས་པར་ཕན་པར་གསུངས། །འདི་ནི་ལོ་རིམ་ཡིན་པས་གལ་ཆེའོ། །འདི་བྲིས་དགེ་བས་འགྲོ་ཀུན་དབུལ་འཕོང་


CMR046_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཞི། །ལོངས་སྤྱོད་རྒྱ་མཚོ་བཞིན་དུ་ཟད་མེད་མཛོད། །འདི་བྲིས་ཉེས་བཤགས་དགེ་བ་བྱང་ཆུབ་བསྔོའོ། །ཞེས་ཨ་རྭགས་སོ།། སརྦ་མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

འབུ་སྲིན་གནོད་པ་ཞི་བྱེད་ཀྱི་བསང་མཆོད་བསྡུས་པ།


CMR046_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

འབུ་སྲིན་གནོད་པ་ཞི་བྱེད་ཀྱི་བསང་མཆོད་བསྡུས་པ་བཞུགས།


CMR046_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སྣ་དང་ནི་བ་དམར་སྐྱའི། །ལྕི་བའི་དུད་པ་བཏབ་པར་གསུངས་པའི་དོན། །འགྲོ་ལ་ཕན་ཕྱིར་ཤིན་ཏུ་བསྡུས་པ་ནི། །ཤིང་སྣ་གང་འཛོམ་བསང་རྫས་བ་ལྕི་ནི། །ཞིང་མུར་བསྲེག་ཅིང་འདི་ནི་འདོན་པས་འཐུས། །ན་མོ། དཀོན་མཆོག་ཀུན་འདུས་པདྨ་འབྱུང་། །བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི། །འགྲོ་ཀུན་འཇིགས་ལས་སྐྱོབ་པའི་ཕྱིར། །ལོ་རིམ་བསང་མཆོད་འབུལ་བར་བྱ། །བདག་ཉིད་རྡོ་རྗེ་གྲོ་ལོད་ཉིད། །དམ་ཡེ་དབྱེར་མེད་ཐུགས་ཀ་ནས། །ཐུགས་སྲོག་ཧཱུྃ་ལས་འོད་འཕྲོས་པས། །བསང་མགྲོན་ནམ་མཁར་སྤྱན་དྲངས་གྱུར། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ། །རཾ་ཡཾ་ཁཾ་གིས་


CMR046_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བསང་རྫས་སྦྱངས། །དུད་པའི་ལྷ་མོ་མཐིང་མདོག་ལྡན། །ཕྱག་གཉིས་བུམ་པ་སྨན་སྤོས་དྲིས། །ཞིང་ཀུན་ཁྱབ་པའི་མཆོད་སྤྲིན་འཁྲིགས། །བཛྲ་དྷུ་པེ་ཨོཾ་ཨཱཿཧཱུྃ། །ཧྲཱི༔ རང་བཞིན་གདོད་ནས་རྣམ་པར་དག །འདས་དང་མ་འདས་བསང་གི་མགྲོན། །འདིར་གཤེགས་བསང་གི་མཆོད་པ་བཞེས། །དད་པའི་ཡིད་ཀྱིས་ཕྱག་འཚལ་བསྟོད། །ཡུམ་ཆེན་ལྔ་ཡི་སྤྲུལ་པ་ལས། །དབང་ཆེན་འབྱུང་བ་རིམ་ལྔ་ཆགས། །འབྱུང་ལྔའི་དྭངས་མ་ཤིང་དུ་འཁྲུངས། །ཞི་རྒྱས་དབང་དྲག་ཤིང་ལ་སོགས། །།ཀླུ་གཉན་ལྷ་སྲུང་མཉེས་པའི་ཤིང་། །སྣ་ཚོགས་


CMR046_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་སྣ་ཕྱེ་མར་དང་། །ཇ་ཆང་ཞོ་དང་འོ་མ་དང་། །དམར་སྐྱའི་བ་ལྕི་མེ་ལ་བསྲེགས། །བསང་གི་དུད་སྤྲིན་མཆོད་རྫས་ཀྱིས། །པད་འབྱུང་སྐུ་གསུམ་སྐུ་ལྔ་དང་། །གདུག་པ་ཞི་མཛད་ཐུགས་རྗེ་ཅན། །ཕྱག་སྟོང་སྤྱན་སྟོང་མངའ་བ་བསང་། །འབྲུ་རྣམས་འཕེལ་བའི་ཐུགས་རྗེ་ཅན། །བྱང་སེམས་ས་ཡི་སྙིང་པོ་བསང་། །བཅོམ་ལྡན་པདྨ་བཛྲ་བསང་། །དགོངས་པ་འདུས་པའི་ལྷ་ཚོགས་བསང་། །འབུ་སྲིན་གདུག་པ་ཞི་བ་དང་། །འབྲུ་རྣམས་འཕེལ་བའི་དངོས་གྲུབ་སྩོལ། །ཁྲོ་རྒྱལ་དམེ་བ་བརྩེགས་པ་དང་། །དབང་དྲག་པདྨའི་ལྷ་ཚོགས་བསང་། །གནོད་བྱེད་འབུ་སྲིན་བཟློག་པ་དང་། །འདྲེ་སྲིན་གདུག་པ་ཚར་ཆོད་ཅིག །ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་འདས། །སྔགས་བདག་ཡེ་ཤེས་ཀླུ་བརྒྱད་བསང་། །འབུ་སྲིན་གནོད་པ་མ་བཏང་ཞིག །རྒྱལ་རིགས་རྗེའུ་བྲམ་ཟེ་དང་། །དམངས་རིགས་གདོལ་པའི་རིགས་ལ་སོགས། །ཀླུ་རིགས་མ་ལུས་ཐམས་ཅད་བསང་། །ཁྱད་པར་ཡུལ་འདིའི་ཀླུ་རྣམས་བསང་། །ཤིང་སྣ་ཕྱེ་མར་གསུར་གྱིས་མཆོད། །ཚག་པ་ལ་སོགས་འབུ་སྲིན་གྱི། །ཟ་ཁ་འཐུང་ཁ་གཞན་དུ་སྒྱུར། །ལོ་ལེགས་འབྲུ་རྣམས་འཕེལ་


CMR046_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛོད། །འཇིག་རྟེན་ཁམས་འདི་སྐྱོང་བའི་ལྷ། །དཔལ་མགོན་བདུན་ཅུ་རྩ་ལྔ་བསང་། །དྲེགས་པའི་སྡེ་དཔོན་སུམ་ཅུ་དང་། །སྔགས་བདག་དྲེགས་ཆེན་བཅོ་བརྒྱད་བསང་། །ཚག་པ་ལ་སོགས་འབུ་སྲིན་གྱི། །གནོད་འཚེ་ཆོ་འཕྲུལ་མ་གཏོང་ཞིག །གཉན་ཆེན་ཐང་ལྷ་ཡར་བཞུད་སོགས། །རྗེ་ཡི་མགུལ་ལྷ་བཅུ་གསུམ་དང་། །དགེ་བསྙེན་ཉི་ཤུ་རྩ་ལྔ་སོགས། །བོད་ཡུལ་གཞི་བདག་གཉན་པོ་རྣམས། །འདིར་གཤེགས་བསངས་དང་མཆོད་པ་བཞེས། །ཚག་པ་ལ་སོགས་འབུ་སྲིན་གྱི། །གནོད་འཚེ་ཆོ་འཕྲུལ་མ་གཏོང་ཞིག །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །རྡོ་རྗེ་སྨན་གཅིག་ལ་སོགས་པའི། །བོད་ཁམས་སྐྱོང་བའི་བརྟན་མ་རྣམས། །རེ་རེའི་འཁོར་དུ་སྨན་ཕྲན་འབུམ། །འདིར་གཤེགས་བསངས་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ལོ་ཐོག་རྣམས་ལ་གནོད་པ་ཡི། །ཚག་པ་ལ་སོགས་འབུ་སྲིན་གྱི། །གནོད་འཚེ་ཆོ་འཕྲུལ་མ་གཏོང་ཞིག །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །ལྷ་ཆེན་ཨིནྡྲ་ཡ་མ་ཡེ། །ཝ་རུ་ཎ་དང་ཀུ་བེ་ར། །ཨགེ་རཱ་ཙ་ནེ་རི་ཏི། །ཝ་ཡ་


CMR046_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཝེ་དང་ཨཱི་ཤྭ་ར། །ཚངས་པ་ཉི་ཟླ་ལ་སོགས་པ། །ཕྱོགས་བཅུར་གནས་པ་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་གདུག་པའི་ཟ་ཁ་རྣམས། ཕྱོགས་བཅུ་རང་རང་ཡུལ་དུ་སྒྱུར། །ས་གཞི་ཡོངས་ལ་མངའ་མཛད་པའི། །ས་བདག་རྡོ་རྗེ་དབང་ཆེན་དང་། །བཙུན་མོ་ས་ཡི་ལྷ་མོ་དང་། །འཁོར་དུ་ས་བདག་འབུམ་དང་བཅས་། །གཡུ་ཤུག་ཕྱེར་མར་གསུར་གྱིས་མཆོད། །དཔག་ཚད་བརྒྱད་ཁྲིའི་འོག་རོལ་ནས། །ས་བཅུད་ཐམས་ཅད་འདིར་སྡུས་ལ། །འབུ་སྲིན་གནོད་པ་ཞི་བ་དང་། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །སྲས་པོ་ས་འཛིན་ལག་པ་དང་། །ས་བདག་ཆེན་པོ་ལྟོ་འཕྱེ་དང་། །རྗེ་བློན་བཅུ་བདུན་ལ་སོགས་པའི། །ས་བདག་གཉན་པོ་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་གནོད་པ་ཞི་བ་དང་། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །གངས་གཉན་དུང་སེང་གཡུ་རལ་ཅན། །བྲག་གཉན་གསེར་སྤྲེལ་ཐོར་ཚུགས་ཅན། །ཤིང་གཉན་གཟིག་གི་མཇུག་མ་ཅན། །མཚོ་གཉན་ཉ་ཆེན་གསེར་མིག་ཅན། །ཕྱོགས་བཞིའི་གཉན་ཆེན་སྡེ་བཞི་དང་། །གཉན་


CMR046_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲན་བཞི་བཅུ་རྩ་གཉིས་རྣམས། །འདིར་གཤེགས་བསངས་དང་མཆོད་པ་བཞེས། །རྩི་ཤིང་ཕྱེ་མར་དུད་པས་མཆོད། །འབུ་སྲིན་གདུག་པའི་ཆོ་འཕྲུལ་ཟློག །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །ཀྱཻ། ཤར་ཕྱོགས་གངས་རིའི་རྩེ་རྒྱལ་ནས། །མདོ་ཁམས་སྒང་དྲུག་ཀུན་གྱི་བདག །གཉན་ཆེན་རྨ་རྒྱལ་སྤོམ་ར་ནི། །རྨ་སྨན་འབུམ་དང་རྨ་སྲས་དགུ། །རྨ་རིགས་སུམ་བརྒྱ་དྲུག་ཅུ་དང་། །ལྷ་འཁོར་སྟོང་དང་རྨ་སྨན་འབུམ། །སྒང་དྲུག་གཞི་བདག་ཀུན་གྱིས་བསྐོར། །འདིར་གཤེགས་བསངས་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེར་མར་གསུར་གྱིས་མཆོད། །འབུ་སྲིན་གདུག་པའི་ཆོ་འཕྲུལ་ཟློག །ཚག་པ་ལ་སོགས་འབུ་སྲིན་གྱི། །ཟ་ཁ་སྤང་རིའི་ངོས་ལ་སྒྱུར། །ལོ་ལེགས་འབྲུ་འཕེལ་རྨ་གཡང་ཕོབ། །ཀྱཻ། ཟངས་རི་འབར་བ་རྩེ་དགུ་ནས། །ཟལ་མོ་སྒང་རྒྱུད་ཀུན་གྱི་བདག །བཙན་གྱི་མགོན་པོ་བེག་རྩེ་དང་། །སྒྲོལ་གིང་ཡམ་ཤུད་དམར་པོ་སྟེ། །ཇོ་བོ་སྐུ་རྒྱལ་ཤེ་ནེ་ནི། །མི་དམར་ཟངས་ཀྱི་ཁྲབ་རྨོག་ཅན། །ནང་བློན་ཞང་བཙུན་རྡོ་རྗེ་འབར། །ཕྱི་བློན་བཙན་ཆེན་དམར་པོ་དང་། །བར་བློན་བཙན་ཤོ་


CMR046_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ངར་བ་སོགས། །བཙན་འཁོར་སུམ་བརྒྱ་དྲུག་ཅུ་དང་། །ཡང་འཁོར་བཙན་དམག་འབུམ་དང་བཅས། །འདིར་གཤེགས་བསངས་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཚག་པ་ལ་སོགས་འབུ་སྲིན་གྱི། །གནོད་འཚེ་ཆོ་འཕྲུལ་མ་གཏོང་ཞིག །འབུ་སྲིན་གདུག་པའི་ཟ་ཁ་ནི། །རྫ་རི་གཡའ་རིའི་ངོས་ལ་སྒྱུར། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །ཀྱཻ། ངོམ་དུ་རུང་བའི་ཡུལ་གྱི་བདག །སྐྱེས་བུ་ངོམ་རྒྱལ་མཚོ་བཀྲ་ནི། །དུང་རྨོག་བེར་ནག་ཤེལ་ཁྲབ་ཅན། །བཙུན་མོ་གཉིས་དང་བླ་མཆོད་གཉིས། །རུ་འདྲེན་གཉིས་དང་བློན་པོ་གཉིས། །མཛོད་འཛིན་སྒོ་སྲུང་ལས་མཁན་སོགས། །སྤྲུལ་འཁོར་སུམ་བརྒྱ་དྲུག་ཅུར་བཅས། །འདིར་གཤེགས་བསངས་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེར་མར་གསུར་གྱིས་མཆོད། །ལོ་ཐོག་རྣམས་ལ་གནོད་བྱེད་པའི། །ཚག་པ་ལ་སོགས་འབུ་སྲིན་གྱི། །ཟ་ཁ་བྲག་རིའི་གསེབ་ཏུ་སྒྱུར། །ལོ་ལེགས་འབྲུ་རྣམས་འཕེལ་བར་མཛོད། །རྨ་རྒྱལ་གཏམ་རྒྱལ་ལ་སོགས་པའི། །ངོམ་གྱི་རྒྱལ་ཆེན་བཅོ་བརྒྱད་བསང་། །དབྱིས་དོ་མཚོ་ནག་ལ་སོགས་པའི། །ངོམ་གྱི་མཚོ་ནག་


CMR046_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

སྤུན་གསུམ་བསང་། །རྒྱལ་མོ་རི་ཕྱུག་ལ་སོགས་པའི། །ངོམ་གྱི་རྒྱལ་མོ་མཆེད་བཞི་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །འབུ་སྲིན་གདུག་པའི་ཟ་ཁ་ནི། །རྩི་ཐོག་མེ་ཏོག་རྣམས་ལ་སྒྱུར། །དམར་པོ་བཙན་དང་དཀར་པོ་ལྷ། །ཁྲ་བོ་གཉན་གྱི་དམག་ཚོགས་རྣམས། །འདིར་གཤེགས་བསངས་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །མིང་དང་མཚན་ནས་མ་ཐོས་པའི། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་བསང་། །ཕ་རི་གཡས་དང་ཚུ་རི་གཡོན། །ཉིན་དང་སྲིབ་ལ་གནས་པ་བསང་། །མདུན་རི་རྒྱབ་རི་གཡས་རི་དང་། །གཡོན་རི་རྣམས་ལ་གནས་པ་བསང་། །བརྟན་པ་མཁའ་དང་གཡོ་བ་རླུང་། །འབབ་པ་ཆུ་ལ་གནས་པ་བསང་། །སྐྱེ་བ་ཤིང་དང་འགྲོ་བ་ལམ། །སྲ་བ་བྲག་ལ་གནས་པ་བསང་། །ལྗོན་ཤིང་ནེའུ་གསིང་ཆུ་མིག་དང་། །ས་སྐོར་འདི་ལ་གནས་པ་བསང་། །ཁྱད་པར་ཞིང་ལ་གནས་པ་ཡི། །ཞིང་ལྷ་ཚངས་པ་འཁོར་བཅས་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཐམས་ཅད་མཉེས་ཤིང་ཚིམས་གྱུར་ཅིག །


CMR046_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ༔ སྣང་སྲིད་ལྷ་འདྲེ་མ་ལུས་རྣམས། །བསང་མཆོད་དམ་པ་འདི་བཞེས་ལ། །སྔོན་ཚེ་སློབ་དཔོན་པདྨ་ཡི། །བཀའ་དང་དམ་ལ་མ་འདའ་བར། །ཚག་པ་ལ་སོགས་འབུ་སྲིན་གྱི། །ཟ་ཁ་སྤང་རིའི་ངོས་ལ་སྒྱུར། །མེ་ཏོག་མཛེས་པའི་ཚལ་དུ་སྒྱུར། །རྩྭ་སྔོ་ལྡུམ་སྨན་སྟེང་དུ་སྒྱུར། །ཤིང་ལོ་ཤིང་ཤུན་སྟེང་དུ་སྒྱུར། །རྩི་ཐོག་སྒང་རྩིའི་སྟེང་དུ་སྒྱུར། ལྟ་འགྲོ་བའི་གསོ་སྦྱིན་ལོ་ཐོག་ལ། །གནོད་ཅིང་འཚེ་བར་མ་བྱེད་ཅིག །ལོ་ཐོག་བསྲུང་ཞིང་བསྐྱབ་པར་མཛོད། །སྣང་སྲིད་ལྷ་འདྲེ་སྡེ་བརྒྱད་དང་། །ཡུལ་ལྷ་གཞི་བདག་ཁྱེད་རྣམས་ལ། །ལོ་ཐོག་འདི་ཉིད་བསྲུང་བཅོལ་ལོ། །ཁྱེད་རྣམས་མཐུ་རྩལ་ཅི་འདུག་བལྟ། །ཚག་པ་ལ་སོགས་འབུ་སྲིན་གྱི། །གནོད་པ་ཞི་ཞིང་བཟློག་པར་མཛོད། །སྐྱ་རྣམས་རྒྱལ་བའི་ཁ་འཛིན་མཛོད། །འབྲུ་རྣམས་འཕེལ་བའི་ཁ་འཛིན་མཛོད། །བང་མཛོད་འབྲུ་ཡི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཐུགས་དང་འགལ་བ་བཟོད་པར་གསོལ། །མགྲོན་རྣམས་སོ་སོའི་གནས་སུ་གཤེགས། །འཇིག་རྟེན་བདེ་ཞིང་ལོ་ལེགས་པའི། །བཀྲ་ཤིས་དེང་འདིར་བཀྲ་ཤིས་ཤོག །འདི་ལྟར་བསང་མཆོད་བྱས་པའི་


CMR046_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དགེས། །འབུ་སྲིན་གཙོར་བྱས་སེམས་ཅན་ཀུན། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཨོཾ་སིདྡྷི་ཕ་ལ་ཧོ། བསང་རྫས་བསྡུས་ལ་མེ་ནང་བཏབ། དེ་ནས་བ་དམར་སྐྱའི་ལྕི་བ་བཏབ། དུད་པ་ཅུང་ཟད་འོང་བར་བྱས་ལ་བཞག །འབུ་ཡིས་གར་གནོད་ཞིང་མུར་དེ་ལྟར་བྱ། འདི་ཡང་བྱེ་མ་ཆུ་སོགས་བསྔགས་པ་ཡིས། གཉིས་ཀ་སྦྲགས་ན་ངེས་པར་ཕན་པར་གསུངས། འདི་ནི་ལོ་རིམ་ཡིན་པས་གལ་ཆེའོ། །ཞེས་ཨ་རཱ་གས་སོ།། །། འབུ་སྲུང་བསང་མཆོད་ནི། ཀྱཻ། འབྲུ་སྣ་ཕྱེ་མར་ཟས་ཕུད་དང་། །བཟང་ཤིང་བསྲེགས་པའི་དུད་སྤྲིན་འཁྲིགས། །དྷཱུ་པེ་ཧཱུྃ་གིས་བྱིན་། བརླབས་ནས། །ལྷ་དང་སྲུང་མ་ཐམས་ཅད་བསང་། །འཕགས་པ་ཡིད་བཞིན་འཁོར་ལོ་བསང་། །གུ་རུ་རྡོ་རྗེ་གྲོ་ལོད་བསང་། །ས་ཡི་ལྷ་མོ་བརྟན་མ་བསང་། །མགུར་ལྷ་བརྟན་མ་དགེ་བསྙེན་བསང་། །ངོམ་རྒྱལ་མཚོ་བཀྲ་འཁོར་བཅས་བསང་། །གཏམ་རྒྱལ་དབྱིས་དོ་དགེ་བསྙེན་བསང་། །དབྱི་བྲོ་ཆེ་ཆུང་འཁོར་བཅས་བསང་། །པོ་རྒྱལ་རྣས་ཚོ་འཁོར་བཅས་བསང་། །གླང་དཀར་དགྱེ་རི་གུར་རྣ་བསང་། །དབྱི་ཟོར་ལ་སོགས་ཡུལ་འདི་ཡི། །ས་བདག་ཀླུ་གཉན་ཐམས་ཅད་བསང་། །བསང་དང་མཆོད་པ་འདི་བཞེས་


CMR046_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །བསྲུང་བྱར་གྱུར་པའི་ཞིང་རྣམས་ལ། །ཚག་པའི་གནོད་པ་མ་བཏང་ཞིག །ཚག་པའི་ཟ་ཁ་འཐུང་ཁ་ནི། །སྤང་ལྗོངས་མེ་ཏོག་རྣམས་ལ་སྒྱུར། །ལོ་ལེགས་འབྲུ་རྣམས་འཕེལ་བ་ཡི། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །ཞིང་གི་ལོ་ཐོག་འདི་རྣམས་དང་། །ཚག་པའི་གནོད་པ་ཐུབ་པར་སྲུངས། །ལྷ་སྲིན་ཡུལ་ལྷ་ཁྱེད་རྣམས་ལ། །མཐུ་རྩལ་ནུས་པ་ཅི་གདའ་བལྟ། །བཅོལ་བའི་ཕྲིན་ལས་མ་གཡེལ་ཅིག །ཅེས་པའང་ཨ་རཱ་གས་སྦྱར་བའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

འབུ་སྲུང་གདུག་པ་ཁ་སྒྱུར།


CMR046_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

འབུ་སྲུང་གདུག་པ་ཁ་སྒྱུར་ལ། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་མཚན་བཏོན་ན། ལོ་ཐོག་གི་གནོད་པ་ཐམས་ཅད་ཞི་ཞིང་། ལོ་ལེགས་པར་ས་ཡི་སྙིང་པོའི་མདོ་ལས་གསུངས། དགོངས་འདུས་ལུགས་དང་། སྨེ་བརྩེགས་ལས་ཚོགས་དང་། བཅུ་གཅིག་ཞལ་གྱི་ལས་ཚོགས་དང་། ཡི་དམ་སྤྱིའི་ལས་ཚོགས། འབུ་སྲུང་ཅུང་ཟད་སྔགས་ཡོད་པས། ཆུ་མང་པོའི་སྟེང་དུ་སྔགས་ཆུ་འདི་ཕར་བླུག །མགོ་གཙང་གིས་བླངས་པའི་བྱེ་མ་ལ་བསྲེས་ལ། ཉོག་མགོ་གཙང་མིས་ཞིང་ཁྱབ་པར་གཏོར། ཆུ་ཤུག་ལོས་འདེབས་པ་དང་། བྱེ་མ་ས་བོན་ལྟར་འདེབས། འདེབས་དུས་བཀྲ་ཤིས་གང་ཤེས་བརྗོད་མི་ཡོད་ན་བཟང་། ཞིང་མུར་ཁྱི་ཤིང་ཚེར་ནག་མིན་པའི་ཤིང་སྣ་རྙེད་ཚད་དང་། བ་དམར་སྐྱའི་ལྕི་བས་དུད་པ་བཏང་། ཡང་དེ་ལ་ཕྱེ་མར་འབྲུ་སྣ་འོ་ཞོའི་ཕུད་མཆོད་ནས། འབུ་སྲུང་བསང་ཡིག་ཞིག་ཡོད་པ་བཏོན་ན་ལེགས། དེ་ཚུན་སེར་བསང་འདི་བཏོན་ནའང་ཆོག་བསང་ཡིག་གཞན་འདོན་མི་དགོས། ཡང་བསང་འདི་འདོན་ནས། སེར་བ་མ་བཏང་ཞིག་ཟེར་ས་དེར་ཚག་པ་མ་བཏང་ཞིག །ཞེས་ནི་བསྒྱུར་ཁ་གྱིས་དང་ལོ། ཇོ་རྒྱུན་མ་ཐོན་ན། རང་རང་ཁྱིམ་ན་


CMR046_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

འུར་འདོན་བྱེད་ནས། ནངས་ནུབ་དུས་བསང་འདི་གལ་ཆེ། བསང་ཐོན་ཚད་བསང་རས་ནང་དུ་བསྡུ། བ་དམར་སྐྱའི་ལྕི་བ་བླུགས་ནས་དུ་བ་ལང་ལོང་བྱེད་ནས་བཞག །བསང་ཁང་དེ་ལ་ཡི་གེ་འདི་ཚར་རེ་འདོན། གཞན་བསང་ཡིག་མི་དགོས། ཉིན་རེ་ལ་དེ་འདྲའི་བསང་ཆུང་མང་པོ་དུ་ཐོན་ཐོན། ཞིང་མུ་སྐོར་སྐོར་ན་བྱེད། དགོང་ཁ་རེད་ཀྱང་བཟོད། བསང་བྱེད་ཆོག །སྤྲིང་ཡིག་འདི་སྐད་ཆེན་པོས་ཚར་གསུམ་འདོན་ནས་ལྟེབས་ལ་གྲོ་གས་བཏུམ། ཕྱིང་པས་གཡོག་ནས། ཡོ་གེ་རིང་པོའི་མགོ་ན་བཙུགས། བསང་ཡིག་འདི་རྗེས་སོར་བྱམས་པ་སྐྱབས་ལ་གཏོད། ཅེས་རཱ་ག་ཨ་སྱས་སོ།། །།

འབུ་སྲུང་གདུག་པ་ཁ་བསྒྱུར་གྱི་ཟིན་བྲིས་གཞུང་མང་དོན་བསྡུས།


CMR046_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

འབུ་སྲུང་གདུག་པ་ཁ་བསྒྱུར་གྱི་ཟིན་བྲིས་གཞུང་མང་དོན་བསྡུས་བཞུགས་སོ།


CMR046_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་ཝ་ཌཱཀི་ནཱི་ཧཱུྃ། རྩ་བ་གསུམ་གྱི་ཞབས་ལ་གུས་བཏུད་ནས། །འབུ་སྲུང་མན་ངག་ལག་ལེན་ཟིན་བྲིས་བརྗོད། །རྩ་བ་གསུམ་གྱི་བཀའ་ཡིས་གནང་བ་སྩོལ། །ཡི་དམ་གང་རུང་བསྙེན་སྒྲུབ་རྟགས་ཐོན་པས། །འདི་ཉིད་བྱ་བ་གཞན་གྱིས་ཐུབ་པ་མིན། །ཆུ་དང་བྱེ་མ་འདེབས་པ་ལ་སོགས་ནི། །འབྲུ་གཞི་ཟུག་དང་མྱུ་གུ་རྫོགས་པ་ན། །འབུ་ཉིད་འོང་ལ་ཁད་དང་ལན་གསུམ་དུ། །བྱས་ན་ངེས་པར་ཐུབ་པར་གསུངས་ན་ཡང་། །དེ་འདྲ་བྱེད་མཁན་མི་ཡོང་དཀོན་པའི་ཕྱིར། །འབུ་ཉིད་བྱུང་ཚེ་སྔགས་པས་ཐུབ་དཀའ་སྟེ། །དེ་ལ་བརྩོན་འགྲུས་བྱས་ན་ཕན་


CMR046_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྣང་། །ཞིང་མཐའ་ཆབ་གཏོར་མང་དུ་བཏང་གསུངས་ཀྱང་། །ཞིང་རྒྱ་ཆེ་ཕྱིར་དེ་ཡང་དཀའ་བའི་ཕྱིར། །རང་གིས་ཆབ་གཏོར་ཅི་ནུས་བཏང་བྱ་ཞིང་། །ཁྱད་པར་ཀླུ་གཏོར་མང་དུ་བཏང་བྱས་ལ། །རང་གིས་གང་བསྲུང་ཞིང་གི་རིམ་གྲོར་དམིགས། །གཏོར་ཆུ་སྔགས་ཆུ་ལ་ནི་བསྲེ་བར་བྱ། །བཟང་ཤིང་སྣ་ཚོགས་བ་དམར་ལྕི་བ་ཡི། །དུད་པ་ཞིང་གི་མཐའ་རུ་བཏང་གསུངས་ཀྱང་། །དེ་དག་བསང་ཡིག་ཉུང་ངུ་མཆོད་རྫས་བཅས། །ཞིང་བདག་རྣམས་ལ་སོ་སོར་བྱེད་བཅུག་ཅིང་། །རང་གིས་བསང་ཆེན་གཅིག་བཏང་བཀའ་བསྒོ་བྱ། །གཞན་ཡང་སྡེ་བརྒྱད་ཡུལ་ལྷ་


CMR046_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་བདག་ལ། །དཀར་གཏོར་བྱིན་ལ་བཀའ་བསྒོ་བཅོལ་གཏམ་བྱ། །རབ་ནི་ཕྱག་རྟགས་རྡོ་རྗེ་གཞུང་ལྟར་བྲི། །དེང་ཕྱིན་ཆད་མི་ནོར་གང་ལ་ཡང་ཞེས་པའི་མལ་དེར་ས་ཆ་ཞིག་གི་མིང་། །ཡང་ན་བདག་པོ་འདི་ཡི་ཞིང་རྣམས་ལ། །ཚག་པ་ལ་སོགས་འབུ་སྲིན་མ་བཏང་བྲི། །བསྡུ་ན་དཔའ་བོ་གཅིག་སྒྲུབ་རྒྱུད་ཆེན་ལས། །གསུངས་པའི་སྤྲིང་ཡིག་དཔེའུ་རིས་ལྟར་བྲིས་ལ། །བསང་གི་སྐབས་སུ་ལན་གསུམ་བཀླག་བྱས་ལ། །ཡི་གེ་ལུང་པའི་ཕྱོགས་སུ་རེ་རེ་བཙུགས། །བྱིས་པའམ་ནི་བུ་མོ་མགོ་གཙང་བ། །ཕ་མ་འཛོམ་ཞིང་དབང་པོ་ཚང་པ་ཡིས། །ཤ་ཆང་སྒོག་པ་མ་ཟོས་སྔ་དྲོ་ལ། །ཆུ་ཆེན་འགྲམ་ནས་མི་ཁྱིས་མ་འགོམ་པའི། །བྱེ་མ་མི་ལག་མ་བརྒྱུད་ལེན་བཅུག་གསུངས། །དེ་བཞིན་ཆུ་བོ་རྒྱུན་འབབ་བྱེ་མ་བླང་། །ག་པུར་གླ་རྩི་ཙནྡན་ཕྱེ་མ་བཏབ། །བྱེ་མའི་ནང་དུ་ཞི་བ་དྲག་པོ་ཡི། །སྦྱིན་སྲེག་ཐལ་བ་བསྲེ་རྒྱུ་ཡོད་ན་བཟང་། །དེ་ནས་རང་ཉིད་ཡི་དམ་གང་རུང་སྟེ། །གཙོ་ཆེར་བསྙེན་པ་གང་ཐོན་རུང་ན་ཡང་། །དགོངས་འདུས་སམ་ནི་གུར་དྲག་ཞི་དྲག་མཆོག །ཡི་དམ་ཏིང་འཛིན་གསལ་བར་བསྒོམས་བྱས་ལ། །ཤ་ཆང་སྒོག་བཙོང་སྤངས་ལ་སྨྲ་བ་བཅད། །ཏདྱ་ཐཱ།


CMR046_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སྟམ་བྷ་བྷུ་ཛཿ བི་ཏེ་དྷ་བུ་ཛཿ གོ་གྷ་ནེ་ཏེ་དྷ་བྷུ་ཛཿ མེ་རུ་བྷུ་ཛཿ ག་དུ་ས་བྷུ་ཛཿ ཧཱུྃ་ཧཱུྃ། ཨ་ནི་ས་བྷུ་ཛཿ ནི་བྷ་བྷུ་ཛ་སྭཱ་ཁྲི་ཕྲག་གཅིག་བཟླས་བྱེ་མ་ཐམས་ཅད་ནི། །རིན་པོ་ཆེ་ཡི་ཕུང་པོར་བསྒོམས་བྱས་ལ། །ལེགས་པར་སྟེང་འོག་དཀྲུགས་ཤིང་ཐམས་ཅད་བསྔགས། །དེ་ལ་ཁྲི་ཕྲག་གཅིག་ནི་གསུང་ན་ཡང་། །དུས་ཀྱི་དབང་གིས་བཞི་ཁྲི་འདོན་དགོས་ཀྱང་། །རྣལ་འབྱོར་གཅིག་གིས་དེ་ཙམ་ཐོན་དཀའ་བས། །རང་ཉིད་ཡི་དམ་བྱེ་བ་འབུམ་ཕྲག་ཙམ། །གསལ་བར་བསྒོམ་ལ་དེ་དག་ཐམས་ཅད་ཀྱིས། །སྔགས་བཟླས་བསྒོམ་ལ་སྔགས་པས་འགྱུར་དེ་ཐོབ། །དེ་ཡན་འབུ་སྲུང་གདུག་པ་ཁ་བསྒྱུར་རོ། ༈ །ཡང་ན་དགོངས་འདུས་ལ་སོགས་ཡི་དམ་སྤྱིའི། །ལས་ཚོགས་གསང་སྔགས་།ཟབ་པའི་མན་ངག་ནི། །ཨོ་རྒྱན་ལ་སོགས་ཡི་དམ་གང་ཡིན་བསྒོམ། །ཡི་དམ་གང་ཡིན་དེ་ནི་རུང་ན་ཡང་། །དུས་ཀྱི་དབང་གིས་ཨོ་རྒྱན་མཆོག་ཏུ་ཤིས། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྷི་ཧཱུྃ་ཧཱིམ་ཧཱ་རི་ནི་ས་ར་ཙ་ཧྲི་ཡ་ཐེང་ཐེང་ནད་ལ་ཐེང་། པ་ལ་ཏ་ཏ་ཏེ་ཏེ་ཙོ་ལ་ནི་སྭཱ་ཧཱ། ཁོང་ཁོང་ནད་ལ་ཁོང་། ཆུམ་ཆུམ་ནད་ལ་ཆུམ། གུམ་གུམ་ཆུམ་ཆུམ་ཤག་ཤག་སྭཱ་ཧཱ།


CMR046_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཕྲག་གཅིག་གིས་བྱེ་མ་སྔགས་པར་བྱ། །འདི་ནི་སྔགས་གྲངས་ཉུང་ཞིང་ཟབ་པ་ཡིན། ༈ །ཡང་ནི་རང་ཉིད་འཕགས་པ་སྤྱན་རས་གཟིགས། །དཀར་པོ་དེ་ལ་དར་དཀར་གོས་ཟུང་གསོལ། །ཕྱག་གཡས་ཤེལ་ཕྲེང་གཡོན་པས་བུམ་པ་འཛིན། །བྱེ་མ་ཤེལ་དཀར་ཕྲེང་བའི་འོད་ཟེར་གྱིས། །ལོ་ཐོག་གནོད་བྱེད་འབུ་སྲིན་གཞན་དུ་བསྐྱེད། །ཕྱག་གཡོན་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས། །ལོ་ལ་གནོད་པའི་འབུ་སྲིན་གནོད་པ་བཀྲུས། །ལོ་ཐོག་ཐམས་ཅད་ཕུན་སུམ་ཚོགས་པར་བྱས། །ཞིང་རྣམས་རྡོ་རྗེ་ཕ་ལམ་ས་གཞི་ལ། །ལོ་ཐོག་རྡོ་རྗེ་ཕ་ལམ་རང་བཞིན་ཅན། །འབུ་སྲིན་གནོད་བྱེད་རྣམས་ཀྱིས་མི་ཚུགས་གྱུར། །ཡུལ་ཁམས་སམ་ནི་ཞིང་གི་མཐའ་སྐོར་དུ། །རྡོ་རྗེ་ཕ་ལམ་རྭ་བ་གུར་དུ་གྱུར། །གནོད་བྱེད་འབུ་སྲིན་གང་གིས་མི་ཚུགས་གྱུར། །རང་གི་ཐུགས་ལས་འོད་ཟེར་འཕྲོས་བྱས་པས། །པོ་ཊ་ལ་ནས་འཕགས་པ་སྤྱན་རས་གཟིགས། །རང་འདྲ་དཔག་མེད་ཆར་བཞིན་བབ་གྱུར་ནས། །ལོ་ཐོག་ལ་ཐིམ་གནོད་པ་ཞི་བར་གྱུར། །ཨོཾ་ཧིཏྲི་ལོཀྱ་བི་ཛ་ཡ། ཨ་མོ་གྷ་པ་ཤ་ཨ་པྲ་ཏི་ཧ་ཏ་ཧཱིཧ་ཧཱུྃ་ཕཊ་སྭཱ་ཧཱ། རཀྵ་རཀྵ་སྒྲེའི་ལོ་ཐོག་ལ་ཚག་པའི་གནོད་པ་བསྲུང་དུ་གསོལ་བསྲུང་


CMR046_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ་སྭཱ་ཧཱ། ཞེས་བརྗོད་ཆུ་དང་བྱེ་མ་ཅི་ནུས་སྔགས། ནངས་ནུབ་སྲུང་བའི་དམིགས་པ་དེ་ཡང་བཟུང་། ༈ །ཞིང་གི་ཐད་ཀྱི་བར་སྣང་ཁམས་སུ་ནི། །བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ནི། །སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་ལྗང་བུ་གཡོན་པས་དྲིལ་བུ་འཛིན། །དར་དང་རིན་ཆེན་རྒྱན་ལྡན་ཕྱེད་སྐྱིལ་༧༡བཞུགས། །པདྨ་ཟླ་བའི་གདན་ལ་བཞུགས་པ་ཡི། །ཐུགས་ཀར་ཟླ་སྟེང་ཀྱི་ཡིག་སྔགས་ཀྱིས་བསྐོར། །དེ་ལས་འོད་འཕྲོས་མངོན་དགའི་ཞིང་ཁམས་དང་། །རྒྱ་ནག་ཝ་ཝུ་ཤན་གྱི་གནས་མཆོག་ནས། །ཡེ་ཤེས་སྤྱན་དྲངས་གཉིས་སུ་མེད་པར་གྱུར། །ཞིང་བདག་ཞིང་དང་བཅས་པ་སྐྱབས་ཞུ་ཞིང་། །མྱུ་གུ་ལོ་ཐོག་ཞིང་བཅས་མཆོད་པར་འབུལ། །སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྗེས་དགོངས་ལ། །ལོ་ཐོག་ལ་གནོད་སྲིན་བུ་ཟློག་མཛད་ནས། །འབྲུ་རྣམས་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་ཡི་སྙིང་པོ་ལ་ཕྱག་འཚལ་ལོ། །སྲིན་བུ་ཚག་པའི་གནོད་པ་ཞི་བར་མཛད་དུ་གསོལ། ཨོཾ་ཀིཾ་ཧི་རཱ་ཙ་ཡ་སྭཱ་ཧཱ། ཚག་པའི་གནོད་པ་སྲུངས་ཤིག་རཀྵ། ཞེས་བརྗོད་ཆུ་དང་བྱེ་མ་


CMR046_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བྱ་ཞིང་། །སེམས་དཔའ་འོད་ཞུ་བྱེ་མ་ཆུ་ལ་ཐིམ། །ནངས་ནུབ་དམིགས་པ་དང་བཅས་མཚན་དེ་དང་། །སྔགས་བརྗོད་སེམས་དཔའ་ཞིང་ལ་ཐིམ་པར་བསྒོམ། །མཚན་དེ་ཞིང་བདག་རྣམས་ཀྱིས་འདོན་པའམ། །ཡང་ན་ཇོ་རྒྱུན་བྱེད་བཅུག་རིམ་གྲོ་མཆོག ༈ །རང་སེམས་ཧཱུྃ་ལས་སྨེ་བརྩེགས་སྐུ་མདོག་ལྗང་། །གཡས་སྔོ་གཡོན་དཀར་ཞལ་གསུམ་ཁྲོ་ཆས་རྫོགས། །ཕྱག་དྲུག་དང་པོས་ཐུགས་ཀར་སྡིགས་མཛུབ་བསྣོལ། །བར་པས་རྡོར་དྲིལ་ཐ་མས་ལྕགས་ཀྱུ་ཞགས། །གནས་གསུམ་འབྲུ་གསུམ་འོད་ཀྱིས་ཡེ་ཤེས་བསྟིམ། །ཐུགས་ཀར་ཧཱུྃ་ལྗང་སྔགས་ཀྱིས་བསྐོར་བ་ལས། །འོད་ཟེར་དང་ནི་མེ་དཔུང་ཚྭ་ཚྭ་འཕྲོས། །ཞིང་ལ་གནོད་བྱེད་འབུ་སྲིན་བཟློག་པར་གྱུར། །ཨོཾ་བྷུ་རྐུ་མ་ཧཱ་པྲ་མ་ཎ་ཡེ།་བྷུ་རྩི་བྷུ་ཥི་བི་མ་ལེ་ཨུ་རུ་ཀྲོ་དྷ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བྷུ་རྐུ་མ་རི་ལི་ཤུ་ཐར་ཤ་ཧུརཱི་བི་མ་ལེ་ཨུ་ཙུཥྛ་ཀྲོ་དྷ་ཧཱུྃ་ཕཊ། ཚག་པ་འབུ་སྲིན་གྱི་གནོད་པ་སྲུངས་ཤིག་རཀྵ་རཀྵ་སྭཱ་ཧཱ། ཚྭ་དང་ཡུངས་ཀར་བསྲེས་ལ་སྔགས་བརྒྱ་བསྔགས། །བྱེ་མ་ལ་ནི་བསྲེས་ཏེ་འདེབས་བཅུག་པས། །ཚག་པ་མ་བྱུང་བྱུང་དོགས་ཞིང་མཐའ་སྐོར། །བྱུང་ཚར་ན་ནི་རླུང་ཁ་ཕར་གྱུ་དུས། །ཁོལ་ཚེ་མ་ལུས་


CMR046_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གཅིག་ཕར་ལ་བཏབ། །དེ་ཡིས་ཚག་པ་ལ་སོགས་འབུ་སྲིན་བྲོས། ༈ །རང་ཉིད་སྐད་ཅིག་གུ་རུ་དྲག་པོ་རྩལ། །དམར་ནག་ཁྲོ་བོའི་ཆས་རྫོགས་འདོར་སྟབས་ཅན། །ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནམ་མཁར་ཕྱར། །གཡོན་པས་སྡིགས་མཛུབ་ཞིང་གི་ཕྱོགས་ལ་གཟིར། །དམ་ཡེ་དབྱེར་མེད་ཡེ་ཤེས་མེ་ཀློང་བཞུགས། །ཕྱག་གཡས་སྡིགས་མཛུབ་རྩེ་ལ་བསྐལ་པ་ཡི། །མེ་རླུང་འཚུབ་མ་ཆེན་པོ་རབ་ཏུ་འཕྲོས། །ཞིང་ལ་གནོད་བྱེད་འབུ་སྲིན་གང་ཡིན་དང་། །དེ་ཉིད་གནོད་བྱེད་གདོན་བགེགས་འབྱུང་པོ་རྣམས། །རང་དབང་མེད་པར་གཞན་དུ་བཟློག་པར་གྱུར། །སྡང་མིག་ལྟ་ཞིང་ཕུར་པའི་སྡིགས་མཛུབ་ཀྱིས། །གང་བསྲུང་ཞིང་གི་ཕྱོགས་སུ་གཟིར་བྱ་ཞིང་། །ཨོྃ་ཨཱ༔ཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་ཆད་ནན༔ རཱ་ཙ་དུ་ལིང་ཤག་ཆད་ནན༔ ཤིག་ཤིག་དུམ་དུམ་ཆད་ནན༔ ཚལ་པ་ཚལ་པ་ཆད་ནན༔ ཁྲོམ་ཁྲོམ་བྷོ་ཆད་ནན༔ རྨུགས་རྨུགས་རྦད་ནན༔ ཏིར་ཏིར་ཆད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཆུ་དང་བྱེ་མ་ལ་ཡང་སྔགས་བཏབ་ཅིང་། །དགོང་མོ་


CMR046_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ཐུན་རེ་བཟུང་བྱས་ལ། །སྔགས་ནི་བདུན་ཡན་བརྒྱ་མན་ཅི་འགྲུབ་བཟླ། །སྦྲང་བུ་སྲིན་བུ་ཡན་ཆད་འཆིང་བར་འགྱུར། །དཀར་གཏོར་གཅིག་ནི་དཀར་ཕྱོགས་རྣམས་ལ་བསྔོ་།དམར་གཏོར་གཅིག་ནི་ནག་ཕྱོགས་རྣམས་ལ་བསྔོ། །བཀའ་བསྒོ་བྱས་ལ་གུར་དྲག་ཆད་མདོ་འདོན། །དེ་ལྟར་ཐམས་ཅད་བྱས་པ་གྱུར་ན་ནི། །ངེས་པར་ཐུབ་འགྱུར་ཐེ་ཚོམ་མེད་པ་ཡིན། །རྫས་མ་འཛོམ་དང་སྔགས་གྲངས་མ་ཐེམ་དང་། །ཆུ་དང་བྱེ་མ་ལེན་མཁན་མ་གཙང་དང་། །རང་ཉིད་བསྙེན་སྒྲུབ་ཚུལ་བཞིན་མ་བྱས་དང་། །བསང་དང་བཀའ་བསྒོ་ཆུ་གཏོར་མ་བྱས་སོགས། །ཇི་བཞིན་མ་བྱས་པ་ནི་མ་གཏོགས་སོ། །གཞུང་མང་དོན་བསྡུས་ལག་ལེན་ཁྱེར་བདེ་བ། །འགྲོ་ལ་ཕན་ཕྱིར་རཱ་ག་ཨ་སྱས་བྲིས། །འགལ་བ་མཆིས་བཤགས་དགེ་བ་བྱང་ཆུབ་བསྔོ།། །། ༄༅། །གུ་རུ་རྡོ་རྗེ་གྲོ་ལོད་ཡེ་ཤེས་ཀྱི་ཁྲོ་བོ་བཅུ་དང་བཅས་པའི་བཀའ། ཤྲཱི་མ་ཧཱ་ཀཱ་ལ་ལྕམ་དྲལ་གྱི་ལུང་། བཀའ་སྣང་ཞིང་སྲིད་པའི་ལྷ་འདྲེ་ཀླུ་དང་ས་བདག་ཐམས་ཅད་དང་། ཁྱད་པར་དུ་ཡང་གཞི་བདག་ཆེ་གེ་མོ་ཞེས་བྱ་བ་རྣམས་ལ་སྤྲིངས་པ་ཡུལ་ཆེ་གེ་ཞེས་སམ། གྲོང་ཆེ་གེ་ཞེས་སམ། དུད་ཆེ་གེ་ཞེས་བྱ་


CMR046_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཞིང་ཐམས་ཅད་ཅེས་སམ། ཞིང་ཆེ་གེ་ལ་སྲིན་བུ་ཚག་པའི་གནོད་པ་མ་བཏང་ཞིག །སྲིན་བུ་ཚག་པའི་ཟ་ཁ་སྤང་ལྗོངས་ནགས་ཚལ་རྣམས་ལ་སྒྱུར་ཅིག །བདག་གིས་བསྲུང་བའི་ཞིང་འདི་ཐམས་ཅད་ལ་གནོད་པ་མ་བྱེད་ཅིག །བདག་གིས་བསྲུངས་བའི་ཞིང་འདི་ཐམས་ཅད་ཁྱེད་རྣམས་ལ་སྲུང་བཅོལ་བས་ཐུབ་པར་སྲུངས་ཤིག །མཐུ་རྩལ་ནུས་པ་ཅི་འདུག་བལྟའོ། །གལ་ཏེ་བཀའ་དང་དམ་ལས་འདས་ན་རྡོ་རྗེ་མེ་རབ་ཏུ་འབར་བས་མགོ་བོ་འགེམ། གནམ་ལྕགས་ཀྱི་སྡིག་པས་སྙིང་ཁྲག་འཇིབ། རྡོ་རྗེ་གནོད་སྦྱིན་གྱིས་ཆད་པ་གཅོད། བྱ་ཁྱུང་ག་རུ་ཊའི་གཟན་དུ་གྱུར། ཚེའི་དུས་བྱས་ནས་རྡོ་རྗེ་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་བས། དོན་ཆུང་ངུ་ལ་ཉེན་ཆེན་པོ་མ་བོར་ཞིག །དེང་ཕྱིན་ཆད་ཞིང་འདི་རྣམས་ལ་སྲིན་བུ་ཚག་པའི་གནོད་པ་མ་བཏང་ཞིག །ཅེས་ཆོས་ཀྱི་དབྱིངས་ནས་བྲིས་པའི་ཡི་གེའོ། །ཞེས་དཔུང་ཡིག་མེད་པར་ཕྲིན་ཡིག་གི་ཚུལ་དུ་བྲིས་ལ་ཕྱིང་པས་གཡོགས་བྱས་ལ་ལུང་པའམ་ནི་ས་ཕྱོགས་མཐོན་པོའི་ཞིང་རྣམས་མཐོང་བའི་ས་རུ་བཙུགས། ཞེས་པ་འདི་ཡང་མན་ངག་དམ་པ་སྟེ། ཡི་དམ་བསྙེན་སྒྲུབ་ཐེམ་པས་བྱ་བ་ཡིན། གཞན་གྱིས་བྱས་


CMR046_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བྱིས་པའི་རྩེད་མོ་འདྲ། ཨོཾབིདརི་ཀུཧཱུྃཕཊ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

འབུ་སྲིན་གདུག་པ་ཁ་སྒྱུར་གྱི་བསང་།


CMR046_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

འབུ་སྲིན་གདུག་པ་ཁ་སྒྱུར་གྱི་བསང་། བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་བསང་དང་མཆོད་པ་བྱ། །ཆོས་ཀུན་དམིགས་མེད་ཡེ་ནས་རྫོགས་པ་ཆེ། །དེ་ཡིང་ངང་ལས་སྐད་ཅིག་དྲན་རྫོགས་སུ། །རང་ཉིད་རྡོ་རྗེ་གྲོ་ལོད་སྐུ་མདོག་སྨུག །ཐོར་ཚུགས་སྤྱན་བསྒྲད་མཆེ་བས་མ་མཆུ་མནན། །རྡོ་རྗེ་ཕྱར་ཞིང་ཕུར་བུ་བགེགས་ལ་གཟིར། །ཕོད་ཁ་མགོ་ཕྲེང་ཆོས་གོས་སྐུ་ལ་གསོལ། །འདོར་ཐབས་ཞབས་གཉིས་སྟག་མོའི་སྟེང་ནས་འགྱིངས། །དམ་ཡེ་དབྱེར་མེད་ཐུགས་སྲོག་ཧཱུྃ་གིས་མཚན། །ཧཱུྃ་ལས་འོད་འཕྲོས་བསང་མགྲོན་སྤྱན་དྲངས་གྱུར། །གདོད་ནས་རྣམ་དག་སྐུ་གསུམ་ཞིང་ཁམས་ནས། །འཇིག་རྟེན་འདས་དང་མ་འདས་བསང་མགྲོན་རྣམས། །ནམ་མཁར་སྤྱན་དྲངས་ཡིད་སྤྲུལ་གདན་ལ་བཞུགས། །དངོས་འབྱོར་ཡིད་སྤྲུལ་བསང་མཆོད་རྒྱ་མཚོ་འབུལ། །ཡོན་ཏན་རྒྱ་མཚོ་རྣམས་ལ་ཕྱག་འཚལ་བསྟོད། །རཾ་ཡཾ་ཁཾ་གིས་མི་གཙང་དྲི་མ་སྦྱངས། །རྩི་ཤིང་ཕྱེ་མར་འབྲུ་སྣ་ཟས་ཕུད་བཅས། །ཇ་ཆང་འོ་ཞོ་ལ་སོགས་ཕུད་ཀྱིས་བྲན། །དམར་སྐྱ་བ་ལྕིའི་མེ་ནང་དུད་སྤྲིན་གཏིབས། །བཛྲ་དྷུ་པེ་ཧཱུྃ་གིས་བྱིན་གྱིས་


CMR046_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

རློབས། ༈ །འཕགས་པ་ཡིད་བཞིན་འཁོར་ལོ་འཁོར་བཅས་བསང་། །གདུག་པ་འདུལ་མཛད་རྡོ་རྗེ་གྲོ་ལོད་བསང་། །འབུ་སྲིན་འདུལ་མཛད་ཕྱག་སྟོང་སྤྱན་སྟོང་བསང་། །ལོ་ཐོག་འཕེལ་མཛད་ས་ཡི་སྙིང་པོ་བསང་། །འབུ་སྲིན་བཟློག་མཛད་སྨེ་བ་བརྩེགས་པ་བསང་། །འཇིག་རྟེན་སྐྱོང་མཛད་དཔའ་མགོན་བདུན་ཅུ་བསང་། །ཀླུ་ཆེན་བརྒྱད་དང་རིགས་བཞིའི་ཀླུ་རྣམས་བསང་། །ས་བདག་དབང་ཆེན་ལ་སོགས་ས་བདག་བསང་། །ས་བཅུད་འཕེལ་མཛད་ས་ཡི་ལྷ་མོ་བསང་། །བོད་ཁམས་སྐྱོང་མཛད་བརྟན་མ་བཅུ་གཉིས་བསང་། །པདྨའི་བཀའ་ཉན་སྡེ་དཔོན་སུམ་ཅུ་བསང་། །བོད་ཡུལ་སྲུང་མཛད་དགེ་བསྙེན་ཉེར་གཅིག་བསང་། །བོད་ཀྱི་ཁ་འཛིན་མགུར་ལྷ་བཅུ་གསུམ་བསང་།་།ཞིང་ལྷ་ཚངས་པ་ཆེན་པོ་འཁོར་བཅས་བསང་། །ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་བསང་། །ཀླུ་རྒྱལ་ལ་སོགས་རྒྱལ་ཆེན་བཅོ་བརྒྱད་བསང་། །གཙུག་ན་རིན་ཆེན་ལ་སོགས་ཀླུ་རིགས་བསང་། །ཡུམ་ནི་རག་ཤག་ཝ་ཕུ་སྨན་བདུན་བསང་། །འབོམ་ཅུ་ཀ་ན་ཝ་དམར་འཁོར་བཅས་བསང་། །མཚོ་ནག་ཀླུ་སྨན་འཁོར་དང་བཅས་པ་བསང་། །གཞན་ཡང་


CMR046_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

མིང་དང་མཚན་ནས་མ་ཐོས་པའི། །ཡུལ་ཕྱོགས་འདིར་གནས་གཞི་བདག་ཐམས་ཅད་བསང་། །གཡུ་ཤུག་ཕྱེ་མར་གསུར་གྱིས་དུད་པས་མཆོད། །བསངས་དང་མཆོད་པ་དམ་པ་འདི་བཞེས་ལ། །ཚག་པ་ལ་སོགས་ཞིང་ལ་གནོད་པ་ཡི། །འབུ་སྲིན་ཟ་ཁ་སྤང་ལྗོངས་རྣམས་ལ་སྒྱུར། །འགྲོ་བའི་གསོས་སྦྱིན་ལོ་ཐོག་འདི་རྣམས་ལ། །སྲིན་བུ་ཚག་པའི་གནོད་པ་མ་བཏང་ཞིག །སྣང་སྲིད་ལྷ་འདྲེ་གཞི་བདག་ཁྱེད་རྣམས་ལ། །ལོ་ཐོག་འདི་རྣམས་བདག་གིས་བསྲུང་བཅོལ་གྱིས། །ཚག་པའི་གནོད་པ་མ་བཏང་ཐུབ་པར་སྲུང་། །མཐུ་རྩལ་ཅི་འདུག་བལྟའོ་དྲེགས་པ་ཅན། །ལོ་ལེགས་འབྲུ་རྣམས་འཕེལ་བའི་ཁ་འཛིན་མཛོད། །བང་མཛོད་འཛད་མེད་འབྲུ་ཡི་དངོས་གྲུབ་དེ། །ཕུ་ཁུག་གཡང་ཁུག་གཡང་དུ་ལེན། །ཐུགས་དང་འགལ་བ་གང་མཆིས་མཐོལ་ཞིང་བཤགས། །བསང་མགྲོན་ཐམས་ཅད་རང་རང་གནས་སུ་གཤེགས། །འབྲུ་དང་དམ་ཆོས་འཕེལ་བའི་བཀྲ་ཤིས་ཤོག །དགེ་བས་འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ། །ཞེས་བསང་རས་བསྡུས་ལ་བ་དམར་སྐྱའི་ལྕི་བ་ལ་བཏབ་ནས་དུ་བ་ལང་ལོང་བྱ་ཞིང་ཞིང་གི་མཐའ་སྐོར། ཞེས་པ་རཱ་ག་ཨ་སྱས་སོ། །མངྒ་ལཾ།། །།

རིགས་རྒྱུད་སྤྲུལ་སྐུ་བཞག་པའི་གདམས་ངག


CMR046_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་རྒྱུད་སྤྲུལ་སྐུ་བཞག་པའི་གདམས་ངག །ཨྠྀི༔


CMR046_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་ཡེ། རྩ་བ་གསུམ་ལ་གུས་པས་ཕྱག་འཚལ་ནས། །རིགས་རྒྱུད་སྤྲུལ་སྐུ་བཞག་པའི་གདམས་ངག་བྲི། ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལ། །བུད་མེད་བཅུ་གཉིས་ལོན་ནས་ལྔ་བཅུའི་བར། །ཟླ་མཚན་འཛག་ཕྱིར་སྲིད་ནི་འབྱུང་བར་བཤད། །ཟླ་བ་རེ་ལ་ཟླ་མཚན་ལན་རེ་འཛག །དེ་རྟགས་ཉམ་ཆུང་བཞིན་ངག་ནུ་མ་འཁྲོང་། །སྐད་གཡོ་མིག་འགུལ་སྐྱེས་པ་འདོད་པའི་རྟགས། །ཁྲག་མདོག་ནག་རྩིག་ཅན་ནི་མཚེར་པའི་ཁྲག །དེ་དུས་མི་སྤྱོད་སྤྱད་ཀྱང་སྲིད་མི་ཆགས། །སྔོ་སྐྱ་རྒྱུ་མའི་ཁྲག་སྟེ་སྤྱོད་མི་བྱ། །སྨུག་ནག་མཆིན་པའི་ཁྲག་


CMR046_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་སྤྱོད་མི་བྱ། །སྐྱ་སོབ་སྦུ་བ་ཅན་ནི་གློ་བའི་ཁྲག །དེ་རྣམས་སྙིགས་མའི་ཁྲག་ཡིན་སྲིད་མི་ཆགས། །གལ་ཏེ་ཆགས་ཀྱང་ལྐུགས་པའམ་བུ་མོ་འོང་། །དེ་ཕྱིར་ཁྲག་ངན་མ་ཟད་བར་མི་སྤྱོད། །དེ་རྗེས་དྭངས་མ་ཙིཏྟ་སྙིང་གི་ཁྲག །གསལ་ལམ་མེ་ཡི་མདོག་འདྲ་དམར་ལ་དྭངས། །དེ་དུས་སྤྱོད་ན་སྲིད་ཆགས་གྲུང་པོ་སྐྱེ། །ཚེས་གྲངས་གཅིག་གསུམ་ལྔ་བདུན་དགུ་དང་ནི། །བཅུ་གཅིག་བཅུ་གསུམ་བཅོ་ལྔ་བཅུ་བདུན་དང་། །བཅུ་དྲུག་ཉེར་གཅིག་ཉེར་གསུམ་ཉེར་ལྔ་དང་། །ཉེར་བདུན་ཉེར་དགུ་རྣམས་ལ་བུ་འབྱུང་སྟེ། །གཉིས་བཞི་བརྒྱད་བཅུ་བཅུ་གཉིས་བཅུ་


CMR046_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང་། །བཅུ་དྲུག་བཅོ་བརྒྱད་ཉི་ཤུ་ཉེར་གཉིས་དང་། །གཉིས་དྲུག་ཉེར་བརྒྱད་གནམ་གང་བུ་མོ་འབྱུང་། །སྐྱེས་པའི་ཕོ་རྩ་གཡས་ན་ཡོད་པ་དང་། །བུད་མེད་ཕོ་རྩ་གཡོན་ན་ཡོད་པའི་ཕྱིར། །སྐྱེས་པའི་གཡས་དང་བུད་མེད་གཡོན་གཉིས་པོ། །སྟེང་དུ་བསྟན་ནས་སྤྱད་ན་བུ་མོ་འབྱུང་། །གན་རྐྱལ་ལ་སོགས་ལ་ནི་ངེས་པ་མེད། །ཕ་ཡི་ཁུ་བ་མང་ན་བུ་སྐྱེ་སྟེ། །མ་ཡི་ཟླ་མཚན་མང་ན་བུ་མོ་འོང་། །དེ་ཕྱིར་ཕ་ཡིས་བུད་མེད་གཞན་མི་སྤྱོད། །ཕ་ཡི་ཁུ་བ་མང་བར་བྱ་བའི་ཕྱིར། །གངས་སྦལ་ཤ་དང་ཅོང་ཞི་མཆིལ་པའི་ཤ། །སྦྱར་བའི་རིལ་བུ་རྒྱུན་དུ་བསྟེན་པའམ། །ཤ་ཆང་ཟས་བཅུད་བཟང་པོའི་ལུས་ཟུངས་བསྐྱེད། །ཟླ་མཚན་དང་པོ་འཛག་ནས་ཞག་བཞིའི་དུས། །ཆུ་འཇམ་དག་གིས་བུད་མེད་ལུས་བཀྲུས་ལ། །སྔགས་བཞི་བརྒྱ་རེའི་ཆུ་ནི་འཁྱོར་གང་སྔགས། །དེ་ནས་བུད་མེད་དེ་ལ་བླུད་པར་བྱ། །ནུབ་མོ་ཉལ་ཁ་བུད་མེད་ལྟོ་བ་ལ། །སྔགས་འདི་རྣམས་ནི་བརྒྱ་འམ་ཉེར་བརྒྱད་བཏབ། །ཨོཾ་ད་ཙ་ཨ་སོ་ན་ཡེ་སྭཱ་ཧཱ། ལྟོ་བའི་ཤར་ནས་བཏབ་པས་བུ་ཕོར་འགྱུར། ཨོཾ་ཏྲན་པ་ཨ་པ་ན་ཡེ་སྭཱ་ཧཱ། ལྟོ་བའི་ལྷོ་ནས་བཏབ་པས་བུ་དེ་བརྟན། །ཨོཾ་ར་ཛ་བྷེ་ཨ་པ་ན་ཡེ་སྭཱ་ཧ༔ ལྟོ་


CMR046_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ནུབ་བཏབ་སྲིད་བས་སྲིད་བརྟན་འགྱུར། ཨོཾ་གྷ་གྷ་ལ་སྤྱི་རུ་ཨ་པ་ན་ཡེ་སྭཱ་ཧཱ། ལྟོ་བའི་བྱང་ནས་བཏབ་པས་བར་ཆད་ཞི། །དེ་ལྟར་སྔགས་བཞིས་ཆུ་ཁྱོར་གང་སྔགས་ནས། །བུད་མེད་ལ་བླུད་སྔས་ནི་ཤར་དུ་བསྟན། །སེམས་ཅན་དོན་དུ་སྤྲུལ་སྐུ་འཇོག་བསམ་པའི། །སེམས་བསྐྱེད་ལྡན་པས་ཡབ་ནི་རྟ་མགྲིན་དང་། །ཡུམ་ནི་རྡོ་རྗེ་ཕག་མོ་གསལ་བར་བསྒོམ། །བསོད་ནམས་བསགས་པའི་བར་དོའི་རྣམ་ཤེས་གཅིག །ཨོ་རྒྱན་པདྨའི་སྐུ་རུ་གྱུར་ནས་ཀྱང་། །ཡབ་ཀྱི་སྤྱི་བོ་ནས་ཞུགས་དབུ་མ་བརྒྱུད། །རྡོ་རྗེའི་སྦུབ་ནས་པདྨའི་ནང་དུ་བྱོན། །ཡུམ་གྱི་མངལ་ནི་གཞལ་ཡས་ཁང་གི་དབུས། །བྱང་སེམས་དཀར་དམར་ཉི་ཟླའི་གདན་བཞུགས་བསྒོམ། །ཆགས་པ་སྤྱོད་ཚེ་ཕ་མ་གཉིས་པོ་ཡི། །ཡིད་ལ་གང་དྲན་རྟགས་ནི་བུ་ལ་བྱུང་། །ཆོས་པ་དྲན་ན་བུ་ལ་ཆོས་པ་འབྱུང་། །སྡིག་པ་དྲན་ན་བུ་ལ་སྡིག་ཅན་འོང་། །ཕྱུག་པོ་དྲན་ན་བུ་ལ་ཕྱུག་པོ་འོང་། །དབུལ་པོ་དྲན་ན་བུ་དེ་དབུལ་པོ་འོང་། །དེ་ཕྱིར་ཤེས་རབ་ཆེ་འདོད་འཇམ་དབྱངས་བསྒོམ། །མཐུ་སྟོབས་ཆེ་འདོད་ཕྱག་ན་རྡོ་རྗེ་བསྒོམ། །འགྲོ་དོན་ཆེ་འདོད་སྤྱན་རས་གཟིགས་སུ་བསྒོམ། །བརྟུལ་ཞུགས་རྫུ་


CMR046_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་ཆེ་འདོད་ཨོ་རྒྱན་དང་། །དགེ་བཤེས་བསྟན་ལ་ཕན་འདོད་ཤཱཀ་ཐུབ་བསྒོམ། །ཡུམ་གྱི་མངལ་ཕུག་ལུགས་སུ་བླུགས་པ་ལྟར། །གདོད་ནས་ལྷ་ཡི་སྐུ་ནི་ཀྲོང་ངེར་བསྒོམ། །དེ་ལྟར་སྤྱད་པར་ཚར་རྗེས་བྷ་གའི་སྒོར། །ཁྲོ་བོ་རྟ་མགྲིན་ཚོན་གང་པ་ཞིག་གིས། །དེ་ཡི་སྒོ་སྲུང་བར་ཆད་བགགས་པར་བསྒོམ། །ཨོཾ་བཛྲ་རཀྵ་རཀྵ་སྭཱ་ཧཱ། ཞེས་བརྗོད་འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །རིགས་རྒྱུད་སྤྲུལ་སྐུ་བདག་གི་བཞུགས་པ་ལ། །བར་ཆད་མེད་ཅིང་བསམ་པ་འགྲུབ་པར་ཤོག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་ཡིད་ཀྱིས་སྨོན་ལམ་བཀྲ་ཤིས་བྱ། །སྤྱོད་ཚེ་བདེ་བ་ཁྱད་པར་ཅན་སྐྱེ་ཞིང་། །ནང་པར་མ་ཡི་དང་ཀ་མི་བདེ་ཞིང་། །ཕྱིར་ཉིན་མ་ཡི་མགོ་ན་བུ་ཆགས་རྟགས། །ཆུ་མི་འཐུང་ཞིང་གོས་ནི་དྲོ་བར་བྱ། །ཟས་ནི་བཅུད་ཆེན་བརྟེན་ལ་ལུས་ཟུངས་བསྐྱེད། །རེ་ཞིག་ཆགས་པ་མི་སྤྱོད་གཙང་སྦྲ་བྱ། །ཕ་དེས་ཀྱང་ནི་བུད་མེད་གཞན་མི་སྤྱད། །དེ་ནི་ཟླ་བ་དེ་ཡི་རྒྱབ་མ་ལ། །ཟླ་མཚན་མ་བྱུང་ངེས་པར་སྲིད་ཆགས་རྟགས། །ཟས་གྲིབ་གོས་གྲིབ་འགྲིམ་པ་འདྲེ་ཅན་འཛེམ། །ལྟོ་བའི་གཡས་ནས་འགུལ་ན་བུ་ཡིན་ཏེ། །གཡོན་ནས་འགུལ་ན་བུ་མོ་འབྱུང་བ་ཡིན། །ནུ་མ་


CMR046_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པ་འབབ་ན་བུ་ཕོ་སྟེ། །ནུ་མ་གཡོན་པ་འབབ་ན་བུ་མོ་སྐྱེ། །ལུས་ལ་ཞུགས་ནས་མ་སྐྱེས་བར་དུ་ནི། །རུ་བ་མི་སྐྱ་ཉལ་ས་སྤོ་མི་རུང་། །སྐྱེས་ནས་ཟླ་ཕྱེད་བར་དུའང་དེ་དང་འདྲ། །དེ་ནས་སྐར་མ་བཟང་དུས་ས་བདག་ནི། །གྱི་ལིང་ལ་ནི་གདོང་མ་ཐུགས་པར་སྐྱ། །དེ་ནས་བུ་ཚ་དེ་ལ་འོང་ལུགས་ནི། །ཕ་སྔོན་ཆགས་པ་སྐྱེས་ན་ཕ་འདྲ་ཞིང་། །མ་སྔོན་ཆགས་པ་སྐྱེས་ན་མ་འདྲ་ཞིང་། །གཉིས་ཀ་ཆགས་པ་མཉམ་པོར་སྐྱེས་ན་གཉིས་ཀ་འདྲ། །ཕ་མ་ཁམས་ཉོབ་རིག་པ་མ་དྭངས་ན། །ཕ་མ་སྦྱང་ཡང་བུ་ཚ་གླེན་པ་འོང་། །ཕ་མའི་བྱང་སེམས་སྙིགས་མ་འདྲེས་པ་ན། །གཟུགས་མདོག་ངན་ཞིང་གཅོང་ནད་ཅན་དུ་འགྱུར། །དྭངས་མ་གཉིས་ཀ་སྟོབས་ཆུང་མ་ནིང་འབྱུང་། །དྭངས་མ་ཧ་ཅང་ཆ་མ་སྙོམ་པ་ན། །དབང་པོ་ཡན་ལག་མ་ཚང་ལྷག་ཆད་འབྱུང་། །ཕ་མ་གཉིས་ཀའི་དྭངས་མ་བྱང་སེམས་གཉིས། །ཆ་སྙོམ་ཅུང་ཟད་ཕ་ཡི་སྟོབས་ཆེ་ན། །བུ་ཕོ་གཟུགས་བཟང་སྤྱང་གྲུང་ཆེ་བ་འབྱུང་། །དྭངས་མ་ཆ་སྙོམ་མ་ཡི་སྟོབས་ཆེ་ན། །བུ་མོ་གཟུགས་མཛེས་ལྟ་ན་སྡུག་པ་འབྱུང་། །དེ་ཕྱིར་ཕ་ཡི་བྱང་སེམས་ཟད་དོགས་ཕྱིར། །བུད་མེད་གཞན་ལ་མི་སྤྱོད་ལུས་


CMR046_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཟུངས་གསོ། །རིམས་སོགས་ནད་མེད་ཆང་གི་བཟི་མིན་པ། །ཁམས་བདེ་དབང་པོ་དྭངས་པའི་ཚེ་ན་སྤྱད། །དེ་ཡང་མ་ཡི་མངལ་ཁྲག་ཟླ་མཚན་བརྟག །ཁྲག་མདོག་ངན་ཚེ་མི་སྤྱད་དེ་ཟད་ནས། །དམར་གསལ་མཚལ་མདོག་བྱུང་ཚེ་སྤྱད་པ་སྟེ། །ཚེས་གྲངས་སྔགས་དང་ལུས་སྤྱོད་གོང་ལྟར་བྱ། །སེམས་བསྐྱེད་དམིགས་པ་གསལ་པོའི་སྤྲུལ་སྐུ་བལྟམས། །དེ་ལྟར་ཆོས་རྒྱལ་གདུང་རྒྱུད་སྤེལ་བ་དང་། །གྲུབ་ཐོབ་སྔགས་འཆང་གདུང་རྒྱུད་སྤེལ་བའི་ཐབས། །རྫོགས་པ་ཆེན་པོའི་རྒྱུད་གཞུང་མང་པོ་དང་། །ཨོ་རྒྱན་རྗེ་དང་དབུ་རྟ་གུབ་སོགས། །པཎ་གྲུབ་མང་པོས་མཛད་པ་མཐོང་བའི་ཕྱིར། །འོ་མའི་མཚོ་ལས་མར་གྱི་སྙིང་པོ་ལྟར། །ཚིག་ཉུང་གོ་བདེ་ལག་ཏུ་བླང་བདེ་བ། །སྤང་དཀར་གནས་པོ་ལ་སོགས་འགའ་ཞིག་ལ། །ཕན་པའི་སེམས་ཀྱིས་༧ ར་ག་ཨ་སྱས་བྲིས། །འདི་བྲིས་གསང་བ་བསྒྲགས་པའི་ཉེས་མཆིས་ན། །ཆོས་བདག་ཀིའི་ཚོགས་ལ་བཟོད་པར་གསོལ། །འདི་ནི་གསང་སྔགས་ཟབ་ལམ་སྐོར་ཡིན་པས། །གཞན་ལ་འཕྱོར་གཏམ་འཕྱར་སྟོན་བྱེད་མི་རུང་། །དེས་ན་ཆོས་བདག་མཁའ་འགྲོའི་བཀའ་ཆད་འབྱུང་། །བདག་ནི་ཆུང་ནས་རབ་བྱུང་མཐར་ཐོན་པས། །བུད་


CMR046_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བསྟེན་ཚུལ་བྲི་བར་མི་འོས་ཀྱང་། །རྒྱུད་གཞུང་རྣམས་ནས་གསུངས་བཞིན་བྲིས་པ་ཡིན། །ཁྲིམས་འཆལ་ལོབ་ལོང་ཅན་དུ་མི་དགོངས་འཚལ། །འདི་བྲིས་དགེ་བས་ཆོས་རྒྱལ་བྱང་སེམས་རིགས། །གྲུབ་ཐོབ་སྔགས་འཆང་རིག་འཛིན་རྒྱུད་པ་དང་། །བྲམ་ཟེ་ཁྱིམ་བདག་ཆོས་བཞིན་སྤྱོད་པ་རྣམས། །རིགས་རྒྱུད་ཆོས་བརྒྱུད་རྒྱ་ཆེར་འཕེལ་གྱུར་ནས། །བསྟན་དང་འགྲོ་ལ་ཕན་བདེ་འབྱུང་བར་ཤོག །རིགས་རྒྱུད་འཕེལ་མཛད་ཛཾ་ལྷ་ཡབ་ཡུམ་དང་། །སོ་སོར་འབྲང་མ་ཆེན་པོའི་བཀྲ་ཤིས་ཤོག། མངྒ་ལཾ།། །། ༈ པདྨ་འོད་འབར་གཞུང་ལས། །བུ་འདོད་ལ་ཡང་རིགས་རྒྱུད་ཕྲལ་དུ་འཕེལ་གསུངས་པའི་དོན། ཤུག་པའི་བྱང་བུ་ལ་སྔགས་འདི་གསེར་གྱིས་བྲིས་པ་དང་། མེ་ཏོག་དམར་པོ་ཅན་གྱི་ཤིང་ཐུར་འགའ་རེ་ཡང་དེ་དང་མཉམ་དུ་བཅིང་ལ། དེ་ཉིད་ཕུགས་གཏོར་དང་ཉེ་བའི་སར་གར་བདེར་བཙུགས་ལ་བཞག །དེ་ནས་པདྨ་འོད་འབར་གུ་རུ་ཞི་བ་གང་འདོད་ཀྱང་དེ་ཉིད་ཀྱི་རྟེན་བྱ། བདག་དང་མདུན་བསྐྱེད་ཀྱི་སྐུ་ལས་འོད་ཟེར་སེར་པོ་འཕྲོས་པས། བར་དོའི་རྣམ་ཤེས་བསོད་ནམས་དང་ལྡན་ཅིང་ཕོར་སྐྱེ་བའི་ལས་འཕྲོ་ཅན་ཐམས་ཅད་བཀུག་སྟེ་བུད་མེད་ཀྱི་


CMR046_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོ་བར་ཐིམ་པར་བསྒོམ་ཞིང་། བར་དོའི་སེམས་ཅན་ཕོར་སྐྱེས་པའི་ལས་འཕྲོ་ཅན་བདག་ལ་ལེན་ཆགས་ཡོད་པ་ཐམས་ཅད་བདག་གི་བུ་རུ་ཤོག་ཅིག །བདག་གི་ཡོ་བྱད་ཐམས་ཅད་བུ་ལོན་ལེན་ཆགས་སུ་འཇལ་ལོ། །ཞེས་པ་ལན་གསུམ་བརྗོད་ནས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་པུ་ཏྲ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། འདི་ལ་རྒྱུན་བསྙེན་བྱ་ཞིང་། འབུམ་ཕྲག་གཅིག་ཡན་ཅི་འགྲུབ་ཐོན་ནས། བུ་ཚ་དང་རིགས་འཕེལ་བའི་ལས་ཚོགས་སོ། །བདེར་འདུས་དགོངས་འདུས་སོགས་ནས་གསུངས་པའི་དོན་ཟབ་བོ། །ཨྠྀི། དམ་ཅན་སྒྲུབ་གཞུང་ནས། བུ་ཚ་དང་རིགས་རྒྱུད་འཕེལ་གསུངས་པའི་དོན། སྐར་སྐྱོན་མེད་དུས་དམ་ཅན་གྱི་གསོལ་ཀ་མང་དུ་བྱེད་ཅིང་། མགར་ནག་བསྐང་བའི་འཇུག་ནས། གདུག་པ་འདུལ་བའི་མཐུ་རྩལ་དངོས་གྲུབ་སྩོལ། །ཟེར་བ་དེ་བསྒྱུར་ལ། རིགས་རྒྱུད་འཕེལ་ཞིང་རྒྱས་པའི་དངོས་གྲུབ་སྩོལ། །ཞེས་སྦྱར་བར་བྱའོ། །ལྷ་དང་ཆོས་སྐྱོང་འཁོར་ནས་ཡོད་ཀྱང་། འདོད་དོན་གསོལ་འདེབས་མ་ཤེས་ན། རང་གི་ཅི་འདོད་དེ་མི་འོང་བས་དེའི་དོན་གོ་བར་བྱའོ། །གདམས་ངག་འདི་གཉིས་ཕུགས་ཡོད་གནད་ཆེན་ཡིན་པས་ཉམས་སུ་ལོངས་ལ་རྟགས་ཐོན་པར་གྱིས། ཨ་


CMR046_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་གས་སོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

འཕགས་པའི་གནས་བརྟན་བཅུ་དྲུག་གི་གསོལ་འདེབས།


CMR046_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་གནས་བརྟན་བཅུ་དྲུག་གི་གསོལ་འདེབས་བཞུགས་སོ། །ན་མོ་ཤཱཀྱ་མུ་ནེ་ཡེ། བསྟན་པའི་བདག་པོ་གསེར་མདོག་ཅན། །ཤཱཀྱའི་ཏོག་ལ་གསོལ་བ་འདེབས། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཤ་རིའི་བུ་སོགས་ཉན་ཐོས་ནི། །མཆོག་ཆེན་བརྒྱད་ལ་གསོལ་བ་འདེབས། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཡན་ལག་འབྱུང་སྒྱུལ་སོགས་པ་ཡི། །འཕགས་པའི་གནས་བརྟན་བཅུ་དྲུག་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །གཉིས་ཀའི་ཆ་ལས་རྣམ་འཕྲུལ་སོགས། །དགྲ་བཅོམ་ཁྲི་དང་དྲུག་སྟོང་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །དྷརྨཱ་ཏ་དང་ཧཱ་ཤང་དང་། །རྒྱལ་ཆེན་བཞི་ལ་གསོལ་བ་འདེབས། །བསྟན་པ་རྒྱས་པར་མཛད་དུ་གསོལ། །བདག་སོགས་འགྲོ་བ་ཐམས་ཅད་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་གྱུར་ཏེ། །འགྲོ་བ་ཐམས་ཅད་འགོད་པར་ཤོག །བདག་ལ་གནང་བའི་སྡོམ་པ་ཀུན། །ཉེས་ལྟུང་དྲི་མས་མ་གོས་པར། །ཉེ་བར་འཁོར་ལྟར་མཉམ་པར་ཤོག །སྦྱངས་བའི་ཡོན་ཏན་ཕུལ་བྱུང་ནས། །


CMR046_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འོད་སྲུང་ལྟར་གྱུར་ཅིག །རཱ་ག་ཨ་སྱས་སོ།། ༈ གནས་བཅུའི་གསོལ་འདེབས་བསྡུས་པ་བཞུགས་སོ། །ཐུབ་དབང་གནས་བརྟན་བཅུ་དྲུག་དང་། །དགྲ་བཅོམ་ཁྲི་དང་དྲུག་སྟོང་དང་། །བཞི་བརྒྱའི་ཚོགས་ལ་གསོལ་བ་འདེབས། །བདག་དང་སློབ་མ་བརྒྱུད་པར་བཅས། །འཆལ་བའི་སྐྱོན་གྱིས་མ་གོས་པར། །ཚུལ་ཁྲིམས་རྣམ་པར་དག་གྱུར་ཅིག །ཐུབ་བསྟན་འཛིན་པའི་རྒྱན་གྱུར་ལ། །བྱིན་གྱིས་རླབས་པར་མཛད་དུ་གསོལ། ཅེས་པ་འདི་ཀརྨ་ཨ་རཱ་གས་མཛད་པའོ།། །།

གནམ་ཆོས་ལས་ཐུབ་པ་གནས་བཅུའི་དབང་སྒྲུབ་བསྡུས་པ་དང་དབང་བཤད།


CMR046_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ལས་ཐུབ་པ་གནས་བཅུའི་དབང་སྒྲུབ་བསྡུས་པ་དང་དབང་བཤད་བཞུགས་སོ།


CMR046_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་ཤཱཀྱ་མུ་ནི་སརྦ་སདྨ་སིདྡྷི་ཧཱུྃ། གནམ་ཆོས་གནས་བཅུའི་དབང་སྒྲུབ་ནི། །རབ་ཏུ་རས་བྲིས་དཀྱིལ་འཁོར་བཏིང་། །འབྲིང་དུ་ཤོག་བུར་ཟླུམ་སྐོར་དབུས། །པདྨ་འདབ་མ་བཅོ་བརྒྱད་སྟེང་། །ལྷ་རྣམས་རང་མདོག་ཐིག་ལེ་དང་། །ཕྱོགས་བཞིར་རྒྱལ་ཆེན་ཐིག་ལེ་བཀོད། །བསྡུས་པ་ལྷ་གྲངས་ཚོམ་བུ་སྟེང་། །བུམ་པ་མཆོད་པ་སྤྱི་ལྟར་བཤམ། །དབང་གཏོར་དཔེའུ་རིས་ལྟར་རམ། །ཟླུམ་གཏོར་པད་འདབ་བསྐོར་བའི་རྩེར། །ཐུབ་དབང་ཙཀླི་འཛུགས་པར་བྱ། །བདག་མདུན་བུམ་ལྷ་གཏོར་མའི་ལྷ། །མངོན་རྟོགས་གཅིག་གིས་དུས་གཅིག་བསྐྱེད། །བདག་བསྐྱེད་གཙོ་འཁོར་གསུམ་པ་ཡིན། །ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །སྐྱབས་གནས་རྣམས་ལ་སྐྱབས་


CMR046_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མཆི། །འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །འགྲོ་ཀུན་བདེ་ལྡན་སྡུག་བསྔལ་བྲལ། །དེ་ལས་ཉམས་མེད་བཏང་སྙོམས་ཤོག །ཀ་དག་ཀློང་ནས་སྤྲུལ་པ་ཡི། །གནམ་ས་གང་བའི་མཆོད་པའི་སྤྲིན། །མཎྜལ་རྒྱལ་སྲིད་ལྷ་མོར་བཅས། །ཟད་མེད་གྱུར་ཅིག་པཱུ་ཙ་ཧོ༔ ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷརྨཱསྭ་བྷ་ཝ་ཤུདྡྷོ྅ཧཾ། ཆོས་རྣམས་མི་དམིགས་སྟོང་པར་གྱུར། །སྟོང་པའི་ངང་ལས་རིན་པོ་ཆེ། །སྣ་ཚོགས་ལས་གྲུབ་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་སོགས། །དཀྱིལ་འཁོར་མཚན་ཉིད་རྫོགས་


CMR046_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། །བདེ་གཤེགས་མཆོད་རྟེན་བརྒྱད་དང་ནི། །རྡོ་ར་མེ་རིས་བསྐོར་བའི་དབུས། །བཅོ་བརྒྱད་འདབ་ལྡན་པད་ཟླའི་སྟེང་། །བདག་མདུན་མཚན་རྫོགས་བུམ་པའི་ནང་། །གཏོར་རྩེར་བསྟན་པའི་བདག་པོ་ནི། །སྐུ་མདོག་གསེར་གྱི་རི་བོའི་མདོག །ཞལ་གཅིག་ཕྱག་གཉིས་གཡས་ས་གནོན། །གཡོན་པས་མཉམ་བཞག་འོད་ཟེར་འཕྲོ། །ཆོས་གོས་རྣམ་གསུམ་སྐུ་ལ་གསོལ། །རྫོགས་པའི་སངས་རྒྱས་ཆ་ལུགས་རྫོགས། །པདྨ་ཉི་ཟླ་སེང་ཁྲིར་བཞུགས། །དེ་ཡི་གཡས་སུ་ཤཱ་རིའི་བུ། །སྐུ་མདོག་གསེར་གྱི་རི་ལྟར་མཛེས། །སྐུ་ལ་ཆོས་གོས་རྣམ་གསུམ་གསོལ། །གཡས་པས་གསེག་ཤང་གཡོན་པར་བུ། །གཡོན་དུ་མོའུ་འགལ་གྱི་བུ། །སྐུ་མདོག་གསེར་གྱི་རི་བོ་འདྲ། །གཡས་གཡོན་གསེག་ཤང་པར་བུ་འཛིན། །སྐུ་ལ་ཆོས་གོས་རྣམ་གསུམ་གསོལ། །མདུན་དུ་གནས་བརྟན་བཅུ་དྲུག་གིས། །ཤཱཀྱའི་རྒྱལ་པོར་བསྐོར་བ་ཡང་། །སོ་སོའི་གནས་གཡོག་འཁོར་དང་བཅས། །ཕྱོགས་བཞིར་རྒྱལ་པོ་ཆེན་པོ་བཞི། །དེ་ལྟར་བསྐྱེད་པའི་གནས་གསུམ་གྱི། །ཡིག་འབྲུ་དག་ལས་འོད་འཕྲོས་པས། །རང་རང་སོ་སོའི་གནས་མཆོག་ནས། །སྤྲུལ་པ་ཡང་སྤྲུལ་


CMR046_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད་རྣམས། །མཚོ་ལ་ཆར་པ་བབ་བཞིན་དུ། །བདག་མདུན་རྣམས་ལ་ཐིམ་པར་གྱུར། །ཡེ་ཤེས་ལྔ་ཡི་དབང་རྫོགས་གྱུར། །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ དེ་ལྟར་བདག་མདུན་ལྷ་ཚོགས་རྣམས། དང་པོ་ཧ་ལམ་གསལ་བཏབ་ནས་དེ་ནས་སོ་སོའི་སྐུ་མདོག་དང་ཕྱག་མཚན་གསལ་བཏབ་ཅིང་མངོན་སུམ་བྱོན་ནས་བཞུགས་པར་བསྒོམ་ཞིང་། བཅོམ་ལྡན་བསྟན་པའི་བདག་པོ་ནི། །སྐུ་མདོག་གསེར་གྱི་རི་བོའི་མདོག །ཞལ་གཅིག་ཕྱག་གཉིས་གཡས་ས་གནོན། །གཡོན་པས་མཉམ་བཞག་འོད་ཟེར་འཕྲོ། །ཆོས་གོས་རྣམ་གསུམ་སྐུ་ལ་གསོལ། །རྫོགས་པའི་སངས་རྒྱས་ཆ་ལུགས་རྫོགས། །པདྨ་ཉི་ཟླ་སེང་ཁྲིར་བཞུགས། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །དེ་ཡི་གཡས་སུ་ཤཱ་རིའི་བུ། །སྐུ་མདོག་གསེར་གྱི་རི་ལྟར་མཛེས། །གཡས་པས་གསེག་ཤང་གཡོན་པར་བུ། །སྐུ་ལ་ཆོས་གོས་རྣམ་གསུམ་གསོལ། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །གཡོན་དུ་མོའུ་འགལ་པགྱི་བུ། །སྐུ་མདོག་གསེར་གྱི་རི་བོ་འདྲ། །གཡས་གཡོན་གསེག་ཤང་པར་བུ་འཛིན། །སྐུ་ལ་ཆོས་གོས་རྣམ་གསུམ་གསོལ། །འདིར་གཤེགས་གདན་བཞུགས་མཆོད་གཏོར་


CMR046_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས། །འཕགས་པ་གནས་བརྟན་ཡན་ལག་འབྱུང་། །བགྲེས་པའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་ན་སྤོས་ཕོར་རྔ་ཡབ་འཛིན། །དགྲ་བཅོམ་ཆིག་སྟོང་སུམ་བརྒྱས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པ་གནས་བརྟན་མ་ཕམ་པ། །བགྲེས་འདྲའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་གཉིས་མཉམ་བཞག་མཛད་པ་ལ། །དགྲ་བཅོམ་བརྒྱ་ཕྲག་གཅིག་གིས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པ་གནས་བརྟན་ནགས་ན་གནས། །བགྲེས་པའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་ན་སྡིགས་མཛུབ་རྔ་ཡབ་འཛིན། །དགྲ་བཅོམ་ཆིག་སྟོང་བཞི་བརྒྱས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པ་གནས་བརྟན་དུས་ལྡན་ནི། །བགྲེས་འདྲའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་གཉིས་གསེར་གྱི་རྣ་ཀོར་འཛིན། །དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར་། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །གནས་བརྟན་རྡོ་རྗེ་མོ་ཡི་བུ། །བགྲེས་པའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་གཉིས་སྡིགས་མཛུབ་རྔ་


CMR046_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་འཛིན། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པ་གནས་བརྟན་བཟང་པོ་ནི། །བགྲེས་འདྲའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་གཉིས་ཆོས་འཆད་མཉམ་གཞག་མཛད། །དགྲ་བཅོམ་གཅིག་སྟོང་གཉིས་བརྒྱས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པ་གནས་བརྟན་གསེར་བེའུ། །བགྲེས་པའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་གཉིས་རིན་ཆེན་ཞགས་པ་འཛིན། །དགྲ་བཅོམ་ལྔ་བཅུའི་འཁོར་གྱིས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པ་བྷ་ར་དྷ་ཛ་ནི། །བགྲེས་འདྲའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་གཉིས་མཉམ་བཞག་མཛད་པ་ལ། །དགྲ་བཅོམ་བདུན་བརྒྱའི་འཁོར་གྱིས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པ་གནས་བརྟན་བ་ཀུ་ལ། །གཞོན་པའི་ཚུལ་འཛིན་ཆོས་གོས་གསོལ། །གཡས་པས་ནོར་བུ་གཡོན་ནེའུ་ལེ། །དགྲ་བཅོམ་དགུ་བརྒྱའི་འཁོར་གྱིས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །


CMR046_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་གནས་བརྟན་སྒྲ་གཅན་འཛིན། །གཞོན་འདྲའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་གཉིས་རིན་ཆེན་སྲོག་ཞུ་འཛིན། །དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པ་གནས་བརྟན་ལམ་ཕྲན་བརྟན། །གཞོན་པའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་གཉིས་མཉམ་བཞག་མཛད་པ་ལ། །དགྲ་བཅོམ་ཆིག་སྟོང་དྲུག་བརྒྱས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པ་གནས་བརྟན་བསོད་སྙོམས་ལེན། །གཞོན་འདྲའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་གཉིས་གླེགས་བམ་ལྷུང་བཟེད་འཛིན། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པ་གནས་བརྟན་ལམ་བརྟེན་ནི། །གཞོན་པའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་གཉིས་གླེགས་བམ་ལྷུང་བཟེད་འཛིན། །དགྲ་བཅོམ་དགུ་བརྒྱའི་འཁོར་གྱིས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པ་གནས་བརྟན་ཀླུ་ཡི་སྡེ། །གཞོན་འདྲའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་གཉིས་


CMR046_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་འཁར་གསིལ་འཛིན། །དགྲ་བཅོམ་ཆིག་སྟོང་ཉིས་བརྒྱས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པ་གནས་བརྟན་སྦེད་བྱེད་ནི། །གཞོན་པའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་གཉིས་གླེགས་བམ་འཛིན་པ་ལ། །དགྲ་བཅོམ་ཆིག་སྟོང་བཞི་བརྒྱས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པའི་གནས་བརྟན་མི་ཕྱེད་པ། །གཞོན་འདྲའི་ཚུལ་འཛིན་ཆོས་གོས་གསོལ། །ཕྱག་གཉིས་བྱང་ཆེན་མཆོད་རྟེན་འཛིན། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པའི་དགེ་བསྙེན་དྷརྨ་ཏཱ། །རལ་པ་ཐོར་ཚུགས་གླེགས་བམ་ཁུར། །མདུན་ན་སྣང་བ་མཐའ་ཡས་བཞུགས། །ཕྱག་གཉིས་རྔ་ཡབ་བུམ་པ་འཛིན། །འཁོར་དུ་དགྲ་བཅོམ་ལྔ་བཅུས་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པ་ཧྭ་ཤང་སྐུ་མདོག་ནག །ཕྱག་གཉིས་བྱུ་རུ་རྣམ་རྒྱལ་འཛིན། །འཁོར་དུ་བྱིས་པ་བཅུ་དྲུག་བསྐོར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །


CMR046_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་བསྟན་སྐྱོང་ཡུལ་འཁོར་སྲུང་། །དཀར་པོ་སྙན་ཐད་པི་ཝང་སྒྲོག །རྒྱུད་མངས་གླུ་དབྱངས་ཅེ་རེ་རེ། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པའི་བསྟན་སྐྱོང་འཕགས་སྐྱེས་པོ། །སྔོན་པོ་ཨམ་གཙིགས་བསྡམས་ནས་ནི། །རལ་གྲིའི་སེར་བ་ཤ་ར་ར། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པའི་བསྟན་སྐྱོང་སྤྱན་མི་བཟང་། །སྐུ་མདོག་དམར་པོ་མིག་དམར་བ། །སྦྲུལ་གྱི་ཞགས་པ་ཁྱུགས་སེ་ཁྱུག །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །འཕགས་པའི་བསྟན་སྐྱོང་རྣམ་ཐོས་སྲས། །སྐུ་མདོག་སེར་པོ་མཛེས་པ་ལ། །རིན་ཆེན་ཆར་པ་སི་ལི་ལི། །འདིར་གཤེགས་གདན་བཞུགས་མཆོད་གཏོར་བཞེས། །རིན་ཆེན་སྣོད་དུ་གཏོར་མ་ནི། །བཟའ་བཅའ་སྣ་ཚོགས་གྱ་ནོམ་པ། །གུང་ཚིགས་ཚུལ་དུ་བཞེས་པར་གྱུར། །ཨོཾ་མུ་ནེ་མུ་མེ་མ་ཧཱ་མུ་ནེ་སརྦ་ས་པ་རི་པཱུ་ར་ཀ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་མམ་བདུན། ཨབྷཾ་སོགས། ཐུབ་པའི་དབང་ལ་ཕྱག་འཚལ་བསྟོད། །མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །ཤཱ་རིའི་བུ་ལ་ཕྱག་འཚལ་བསྟོད། །


CMR046_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་མཐའ་དག་བསྩལ་དུ་གསོལ། །མོའུ་གལ་བུ་ལ་ཕྱག་འཚལ་བསྟོད། །རྫུ་འཕྲུལ་མཐའ་དག་བསྩལ་དུ་གསོལ། །ཡན་ལག་འབྱུང་ལ་ཕྱག་འཚལ་བསྟོད། །ཚུལ་ཁྲིམས་དག་པར་མཛད་དུ་གསོལ། །མ་ཕམ་པ་ལ་ཕྱག་འཚལ་བསྟོད། །ཡོན་ཏན་འཕེལ་བར་མཛད་དུ་གསོལ། །ནགས་ན་གནས་ལ་ཕྱག་འཚལ་བསྟོད། །གནོད་པ་ཞི་བར་མཛད་དུ་གསོལ། །དུས་ལྡན་ལ་ནི་ཕྱག་འཚལ་བསྟོད། །འཁོར་འདུ་སྤངས་རྟོགས་ཐོབ་པར་མཛོད། །རྡོ་རྗེ་མོའི་བུར་ཕྱག་འཚལ་བསྟོད། །དོན་རྣམས་ཐམས་ཅད་འགྲུབ་པར་མཛོད། །བཟང་པོ་ལ་ནི་ཕྱག་འཚལ་བསྟོད། །དོན་རྟོགས་ཏིང་འཛིན་འགྲུབ་པར་མཛོད། །གསེར་བེའུ་ལ་ནི་ཕྱག་འཚལ་བསྟོད། །གཟུངས་དང་སྤོབས་པ་ཐོབ་པར་ཤོག །བྷ་ར་དྷ་ཛར་ཕྱག་འཚལ་བསྟོད། །ངན་སོང་ལས་ནི་སྒྲོལ་བར་མཛོད། །བ་ཀུ་ལ་ལ་ཕྱག་འཚལ་བསྟོད། །འབྱོར་པ་ཐམས་ཅད་བསྩལ་དུ་གསོལ། །སྒྲ་གཅན་འཛིན་ལ་ཕྱག་འཚལ་བསྟོད། །ཉེས་ཞི་ཆོས་ཀུན་རྟོགས་པར་མཛོད། །ལམ་ཕྲན་བརྟན་ལ་ཕྱག་འཚལ་བསྟོད། །ཉོན་མོངས་སྡུག་བསྔལ་ཞི་བར་མཛོད། །བསོད་


CMR046_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་ལེན་ལ་ཕྱག་འཚལ་བསྟོད། །སྡུག་བསྔལ་ཐམས་ཅད་ཞི་བར་མཛོད། །ལམ་བརྟན་ལ་ནི་ཕྱག་འཚལ་བསྟོད། །སྤོབས་སྐྱེ་བློ་གྲོས་འཕེལ་བར་མཛོད། །ཀླུ་ཡི་སྡེ་ལ་ཕྱག་འཚལ་བསྟོད། །འདོད་འབྱུང་སྡུག་བསྔལ་ཞི་བར་མཛོད། །སྦེད་བྱེད་ལ་ནི་ཕྱག་འཚལ་བསྟོད། །གནས་ལྔར་མཁས་པར་མཛད་དུ་གསོལ། །མི་ཕྱེད་པ་ལ་ཕྱག་འཚལ་བསྟོད། །དོན་འགྲུབ་སྡིག་ཞི་མཛད་དུ་གསོལ། །དྷརྨ་ཏཱ་ལ་ཕྱག་འཚལ་བསྟོད། །གདུལ་བྱ་སྨིན་པར་མཛད་དུ་གསོལ། །ཧྭ་ཤང་ལ་ནི་ཕྱག་འཚལ་བསྟོད། །འགྲོ་བ་དབང་སྡུས་ལྟས་ངན་ཞི་བར་མཛོད། །ཡུལ་འཁོར་སྲུང་ལ་ཕྱག་འཚལ་བསྟོད། །དུས་འཁྲུག་ཞི་བར་མཛད་དུ་གསོལ། །འཕགས་སྐྱེས་པོ་ལ་ཕྱག་འཚལ་བསྟོད། །དུས་མིན་འཆི་བ་བཟློག་ཏུ་གསོལ། །སྤྱན་མི་བཟང་ལ་ཕྱག་འཚལ་བསྟོད། །ནོར་ཕྱུགས་དངོས་གྲུབ་བསྩལ་དུ་གསོལ། །རྣམ་ཐོས་སྲས་ལ་ཕྱག་འཚལ་བསྟོད། །ཐུན་མོང་དངོས་གྲུབ་ཐམས་ཅད་སྩོལ། ༈ །རང་གི་ཐུགས་ཀའི་འོད་ཟེར་གྱིས། །མདུན་བུམ་ལྷ་ཚོགས་ཐམས་ཅད་བསྐུལ། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །རང་བཞིན་གནས་སུ་


CMR046_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་ཡི། །ཐུབ་དབང་གནས་བཅུའི་བྱིན་རླབས་བསྡུས། །མདུན་བུམ་གཏོར་མའི་ལྷ་ལ་ཐིམ། །ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་སརྦ་སངྒཱ་པ་རི་པཱུ་ར་ཀ་སྭཱ་ཧཱ། བརྒྱ་རྩ་ཡན་ཆད་ཅི་འགྲུབ་བཟླ། །བུམ་ལྷ་འོད་ཞུ་བདུད་རྩིར་གྱུར། །ལས་བུམ་ནང་དུ་བདུད་རྩི་འཁྱིལ། །ལྗང་ནག་རྒྱ་གྲམ་སྡིགས་མཛུབ་མཛད། །དམ་ཡེ་དབྱེར་མེད་དྲན་རྫོགས་གསལ། །བགེགས་རྣམས་བཟློག་པའི་ལས་མཛོད་ཅིག །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅི་འགྲུབ་བཟླས་རྗེས་སློབ་མ་འཚོགས། །བཙུན་པ་བཙུན་མ་ལ་སོགས་པ། །སྡོམ་ལྡན་སེར་ཆགས་མ་གཏོགས་པ། །གཞན་ལ་དབང་ནི་བསྐུར་སྲོལ་མེད། །འོན་ཀྱང་གཞུང་ནས་མ་བཀག་ཕྱིར། །བསྐུར་ཀྱང་ཉེས་འགལ་ཆུང་བ་ཡིན། ཁྲུས་དང་མཎྜལ་ཕུལ་བྱས་ལ། ༈ །འོ་ན་ད་ལམ་ཁྱེད་རྣམས་ལ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཕགས་པ་གནས་བརྟན་བཅུ་དྲུག་དང་བཅས་པའི་དབང་བསྐུར་བ་ལ། ཐོག་མར་ལོ་རྒྱུས་ཟུར་ཙམ་ཞིག་ཞུ་ན། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཆོད་རྟེན་བརྒྱད་ཀྱི་བསྟོད་པར། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་། །བར་དུ་གཅོད་པའི་བདུད་བཞི་འཇོམས་མཛད་པ། །བཅོམ་


CMR046_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་སེང་གེ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། །དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་མཛད་དེ། བསྐལ་བཟང་ལས། ང་ནི་སྔོན་ཚེ་སྨན་པར་གྱུར་པའི་ཚེ་། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། །འཇམ་གང་ཞིག་ནི་དབུལ་བར་བྱས་ནས་ཀྱང་། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་སོ། །གཉིས་པ་ཚོགས་བསགས་ཚུལ་ནི། སངས་རྒྱས་ཤཱཀྱ་ཐུབ་པ་ནས། །འདྲེན་པ་ཡུལ་འཁོར་སྐྱོང་གི་བར། །བདུན་ཁྲི་ལྔ་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། །དབང་པོ་རྒྱལ་མཚན་ཐུབ་པའི་བར། །བདུན་ཁྲི་དྲུག་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །སངས་རྒྱས་མར་མེ་མཛད་ནས་ནི། །སངས་རྒྱས་འོད་སྲུང་བར་དག་ཏུ། །བདུན་ཁྲི་བདུན་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་གསུངས་སོ། །དེ་ནས་མཛད་པ་བཅུ་གཉིས་བསྟན་པ་ནི། རིན་ཆེན་ཕྲེང་བར། སྙིང་རྗེའི་དབང་དུ་


CMR046_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་རྣམས། །གཤེགས་དང་བལྟམས་དང་རོལ་པ་དང་། །ཁབ་ནས་བྱུང་དང་དཀའ་སྤྱད་དང་། །བྱང་ཆུབ་ཆེད་དུ་བདུད་སྡེ་བཅོམ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །ལྷ་རྣམས་ཀུན་ནས་བབས་པ་དང་། །དེ་བཞིན་དུ་ནི་མྱ་ངན་ལས། །འདས་པ་སྟོན་པའི་མཛད་པ་ཡིན། །ཞེས་གསུངས་པ་ལྟར། སྤྱིར་སྟོན་པའི་མཛད་པ་ནི་བསམ་གྱིས་མི་ཁྱབ་ནའང་། མདོར་བསྡུས་པ་མཛད་བརྒྱ་དང་། དེ་མདོར་བསྡུས་པ་མཛད་པ་བཅུ་གཉིས་རྩ་ཚིག་ཙམ་ཀུན་གྱི་ཐུགས་ལ་གསལ་ལྟར་ཡིན། དེ་ཡང་ཆོས་འཁོར་རིམ་པ་གསུམ་བསྐོར་ནས། ང་ནི་མྱ་ངན་ལས་འདའ་འོ་གསུངས་པས། ཉན་ཐོས་རྣམས་ཀྱིས་སྟོན་པ་མྱ་ངན་ལས་འདའ་བ་བལྟ་བར་མ་བཟོད་ནས། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕག་སྟེ། ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་བྱུང་བས་སྐུ་ལུས་སྦྱངས་ནས། རིང་བསྲེལ་གྱི་ཆར་བབས། ཆོས་གོས་དང་ལྷུང་བཟེད་ས་ལ་ལྟུང་ངོ་། །དེ་ལྟ་བུའི་ཚུལ་གྱིས་ཉན་ཐོས་ཕལ་ཆེར་མྱ་ངན་ལས་འདས་པས། ཐུབ་པའི་ཉན་ཐོས་ཡང་ཉུང་དུ་སོང་བ་ན། ཐུབ་པས་ཉན་ཐོས་རྣམས་བསྡུས་ཏེ། ཁྱེད་རྣམས་ཀྱིས་ང་མྱ་ངན་ལས་འདའ་བར་བལྟར་


CMR046_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཟོད་པར་མྱ་ངན་ལས་འདའ་བ་ནི། ང་ལ་དྲིན་དུ་བཟོ་ཡང་མ་ཡིན། བསྟན་པ་ལ་བྱ་བ་བྱས་པ་ཡང་མ་ཡིན། གང་སུ་དག་ང་ཡི་བསྟན་པ་ཇི་སྲིད་གནས་ཀྱི་བར་མྱ་ངན་ལས་མི་འདའ་བར་བསྟན་པ་སྲུང་ཞིང་སྐྱོང་བར་བྱེད་ན། ང་ལ་དྲིན་བཟོ་ཞིང་བསྟན་པ་ལ་བྱ་བ་བྱས་པ་ཡིན་གསུངས་པས། འཕགས་པ་གནས་བརྟན་བཅུ་དྲུག་དགེ་བསྙེན་དྷརྨ་ཏཱ་འཁོར་དགྲ་བཅོམ་པ་ཁྲི་དྲུག་སྟོང་བཞི་བརྒྱ་རྣམས་ཀྱིས་དེ་ལྟར་བྱེད་པར་ཞལ་གྱིས་བཞེས། རྒྱལ་པོ་ཆེན་པོ་སྡེ་བཞིས་ཀྱང་འཛམ་བུ་གླིང་གི་ཕྱོགས་བཞི་ནས་བསྟན་པ་བསྲུང་བར་ཁས་བླངས་སོ། །དེ་ནས་རྒྱ་ནག་ཡུལ་དུ། རྒྱ་ནག་རྒྱལ་པོ་ཐང་ཇུས་ཞེས་བྱ་བ་ལ། ཞང་པོ་ཧྭ་ཤང་ཞེས་བྱ་བ་དགེ་སློང་ཆ་ལུགས་སྐུ་ཤ་ཤིན་ཏུ་རྒྱས་པ། ཞིག་པོའི་ཚུལ་ཅན་ཞིག །རྒྱུན་དུ་བྱིས་པ་བཅུ་དྲུག་གིས་བསྐོར་ནས་རྩེད་མོ་རྩེའོ། རྒྱལ་པོས་ཁྱེད་ཀྱིས་བྱིས་པ་རྣམས་དང་རྒྱུན་དུ་རྩེ་བ་ཅི་ཡིན་གསུངས་པས། རྒྱ་གར་གྱི་ཡུལ་དུ་སྟོན་པ་ཤཱཀྱ་ཐུབ་པའི་འཁོར་ཉན་ཐོས་གནས་བརྟན་བཅུ་དྲུག་གི་སྤྲུལ་པ་བྱིས་པ་འདི་རྣམས་ཡིན་གསུངས་པས། འོ་ན་ཐུབ་པ་གནས་བརྟན་བཅུ་དྲུག་དེ་རྣམས་ངས་གདན་འདྲེན་ལ་བང་ཆེན་བཏང་གསུངས་


CMR046_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

པས། ས་ཐག་རིང་བས་གདན་འདྲེན་མི་བརྟོལ། ཕོ་བྲང་གཙང་མ་ལ་གདན་ཁྲི་ཤོམས་དང་ཁོ་བོས་གདན་འདྲེན་ཟེར་ནས། ལག་ཏུ་སྤོས་ཐོགས་ནས་ཐུབ་པ་སྤྱན་འདྲེན་གྱི་ཚིགས་བཅད་གསུངས་པས། ཐུབ་པ་གནས་བཅུ་འཁོར་བཅས་ངང་པའི་ཁྱུ་འཕུར་བ་ལྟར་བྱོན་ནས་གདན་ལ་བཞུགས་སོ། །དེར་རྒྱལ་པོས་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས་སོ། །དར་གོས་ཆེན་གྱི་ན་བཟའ་སྣ་ཚོགས་ཕུལ་བ་རྣམས་ཀྱང་བཞེས། དེའི་ཚེ་ཐུབ་པ་གནས་བཅུའི་སྐུ་རིས་སུ་བྲིས་པ་དང་། འབུར་དུ་བཏོད་པ་དང་། ཐགས་སུ་འཐག་པ་བརྒྱ་ཚར་རེ་རེ་ཡང་ཞག་གཅིག་ལ་འགྲུབ་པར་བྱས། ཐུབ་པ་འཁོར་བཅས་ཀྱང་རྫུ་འཕྲུལ་གྱིས་ནམ་མཁའི་ལམ་ནས་རྒྱ་གར་དུ་གཤེགས་སོ། །དེ་ཕྱིར་རྒྱ་ནག་ལུགས་ཀྱི་གནས་བཅུ་ལ་ན་བཟའ་ལྷབ་ལྷུབ་ཁ་དོག་སྣ་ཚོགས་མནབས་པ་ཡོད་ལ། རྒྱ་གར་ལུགས་ལ་ནི་ཆོས་གོས་རྣམ་གསུམ་མ་གཏོགས་མེད་དོ། །༈ དེ་ནས་ཐུབ་པ་མྱ་ངན་ལས་འདས་ནས།་བསྟན་པ་གནས་བརྟན་བཅུ་དྲུག་གིས་སྐྱོང་སྟེ། །མ་ཅུ་རྩ་གསུམ་ན་གནས་བརྟན་ལམ་བརྟན། གངས་ཅན་ན་མི་ཕྱེད་པ། ནུབ་བ་གླང་སྤྱོད་ན་གསེར་ཅན།


CMR046_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སྒྲ་མི་སྙན་ན་བ་ཀུ་ལ། ཤར་ལུས་འཕགས་པོ་ན་བྷ་ར་དྷ་ཛ། ཟངས་གླིང་ན་དུས་ལྡན་ཆེན་པོ། སིང་ག་ལའི་གླིང་ན་རྡོ་རྗེ་མོའི་བུ། པྲི་ཡང་ཀུའི་གླིང་ན་སྒྲ་གཅན་འཛིན། །ཆུ་བོ་ཡ་མུ་ནའི་གླིང་ན་བཟང་པོ། རི་བྷི་ཧུ་ན་སྦེད་བྱེད། ངོས་ཡངས་རི་ལ་ཀླུའི་སྡེ། ལོ་མ་བདུན་པའི་རི་ལ་ནགས་ན་གནས། བྱ་རྒོད་སྤུངས་པར་ལམ་ཕྲན་བསྟན། ཁ་ཆེར་གསེར་གྱི་བེའུ། ཏི་སེལ་ཡན་ལག་འབྱུང་། དྲང་སྲོང་ཤེལ་ནགས་ལ་མ་ཕམ་པ་སྟེ། བཅུ་དྲུག་པོ་རེ་རེ་ལ་དགྲ་བཅོམ་པ་མང་པོས་བསྐོར་ཏེ་མྱ་ངན་ལས་མི་འདའ་བར་ཐུབ་པའི་གསུང་སྒྲུབ་ཅིང་བསྟན་པ་སྐྱོང་བར་བྱེད་དོ། །དགེ་འདུན་བཞི་སྡེ་ཡན་ཆད་ཀྱི་དགོན་པ་རྣམས་སུ་མང་འགྱེད་དང་ཇ་སོགས་བྱུང་བའི་ཚེ། གནས་བརྟན་གྱི་སྤྲུལ་པ་རེ་འབྱོན་ནས་དེ་དག་གི་ཡོན་སྦྱོང་རོགས་མཛད་པས། དགེ་འདུན་སྤྱིའི་དཀོར་ནི་སྒྲིབ་པ་ཆུང་བ་དང་། སྦྱིན་བདག་རྣམས་ཚོགས་རྫོགས་ཕུལ་ཆེ་བ་ཡིན། གསོ་སྦྱོང་དང་དབྱར་གནས་དང་དགག་དབྱེ་བྱེད་པའི་ཚེ། གནས་བརྟན་རེ་འབྱོན་ནས་དེ་དག་གི་ཚུལ་ཁྲིམས་ཡོངས་སུ་དག་པར་མཛད། སེར་མོ་སྟོང་ཕྲག་ཡན་ཆད་འཚོགས་པའི་དགོན་པ་དེར། གནས་


CMR046_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་གྱི་སྤྲུལ་པ་རེ་སྦས་པའི་ཚུལ་གྱིས་རྟག་ཏུ་བཞུགས་པས། བསོད་ནམས་ཀྱི་སྟོབས་དང་བྱིན་རླབས་ལྷག་པར་ཆེ་བ་ཡིན། གནས་བརྟན་གྱི་སྤྲུལ་པ་དངོས་སུ་འབྱུང་བ་ཡང་། དྷརྨ་ཏཱ་དངོས་ནི། འབྲོམ་སྟོན་པ་དང་། རྗེ་སྟག་ལུང་ཐང་པ་ཡིན་པར་བཤད། ཡན་ལག་འབྱུང་གི་སྦྲུལ་པ་སྤོ་ཏོ་པ་སྟེ་སྐྱེས་བརྒྱུད་ཀརྨ་པ་ན་རིམ་ཡིན་པར་བཤད། གཞན་ཡང་འཚོགས་དགེ་འདུན་སྒང་གི་མཁན་པོ་ནི་གནས་བརྟན་གྱི་སྤྲུལ་པ་མ་གཏོགས་མི་འོང་བར་གྲགས་སོ། །དེ་བཞིན་བྱང་ངམ་རིང་དང་དཔལ་འཁོར་བདེ་ཆེན་སོགས། དགེ་འདུན་གྱི་སྤྱི་སྡེ་ཆེན་པོ་རྣམས་ཀྱི་མཁན་པོ་ཕལ་ཆེར་གནས་བརྟན་གྱི་སྤྲུལ་པའམ་བྱིན་གྱིས་བརླབས་པ་དེ་ཡིན་པར་སྣང་། ཚེ་ལོ་བརྒྱ་པའི་དུས་ཤཱཀྱ་ཐུབ་པ་བྱོན་ནས། དེང་སང་བཞི་བཅུ་ཁ་རལ་ཏེ། ཚེ་ལོ་བཅུ་པའི་བར་མར་འགྲིབ། དེ་ནས་ཡར་འཕེལ་ཏེ། ཚེ་ལོ་དྲུག་བརྒྱ་ཐུབ་པའི་ཚེ། གནས་བརྟན་བཅུ་དྲུག་རྒྱ་གར་རྡོ་རྗེ་གདན་དུ་དངོས་སུ་འབྱོན་ཏེ་སྐལ་པ་དང་ལྡན་པ་རྣམས་རབ་དུ་བྱུང་། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས། དེ་ནས་འཛམ་བུ་གླིང་པའི་མི་རྣམས་ཀྱིས་ཚེ་ལོ་བདུན་བརྒྱ་ཐུབ་པར་གྱུར་པ་


CMR046_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ན་གནས་བརྟན་ཆེན་པོ་བཅུ་དྲུག་གིས་སའི་སྟེང་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཀྱི་ཚིག་ཇི་སྙེད་བཞུགས་པ་ཐམས་ཅད་གཅིག་ཏུ་བསྡུས་ནས། རིན་པོ་ཆེའི་སྣ་བདུན་གྱི་མཆོད་རྟེན་བྱས་ཏེ་དེར་བཞུགས་པ་ལ་ཀུན་ནས་བསྐོར་ཏེ་སྐྱིལ་ཀྲུང་བཅས་ཏེ་བཞུགས་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་དེ་ཕྱག་བྱས་ནས་གནས་བརྟན་དེ་དག་ཀྱང་ལྷག་མེད་དུ་མྱ་ངན་ལས་འདའ་ལ། རིན་པོ་ཆེ་སྣ་བདུན་གྱིས་མཆོད་རྟེན་དེ་ཡང་ནུབ་ནས་འོག་ཚོགི་གསེར་གྱི་ས་གཞི་ལ་གནས་པར་འགྱུར་ཞིང་། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་དམ་པའི་ཆོས་ནུབ་པར་འགྱུར་རོ། །དེ་ལྟར་མ་ནུབ་ཀྱི་བར་དུ་བསྟན་པ་གནས་བརྟན་བཅུ་དྲུག་གིས་འཛིན་ནོ། །གནས་བརྟན་འདི་དག་དོན་ལ་རྫོགས་པའི་སངས་རྒྱས་ཡིན་ཀྱང་། བསྟན་པ་བསྲུང་བའི་ཕྱིར་ཉན་ཐོས་ཀྱི་ཚུལ་འཛིན་པ་སྟེ། །སྤངས་དང་ཡེ་ཤེས་ཕུན་ཚོགས་སངས་རྒྱས་ཀྱང་། །གདུལ་བྱའི་དབང་གིས་ཉན་ཐོས་ཚུལ་འཛིན་ཅིང་། །ཁྱད་པར་ཅན་གྱི་ཕྲིན་ལས་ཆོས་སྐྱོང་བ། །གནས་བརྟན་བཅུ་དྲུག་ཅེས་ཁ་ཆེ་པཎ་ཆེན་


CMR046_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གསུངས་སོ། ༈ །འདིའི་དབང་ཐོབ་པ་དང་། མཚན་ཐོས་པ་དང་། ཕྱག་དང་མཆོད་པ་ཕུལ་བའི་ཕན་ཡོན་མཐའ་ཡས་པ་དང་ཁྱད་པར་དུ་ཐུབ་པའི་མཚན་སྔགས་ལན་གཅིག་བརྗོད་ཀྱང་བསྐལ་པ་སྟོང་གི་སྡིག་སྒྲིབ་དག །མཚན་ཐོས་པས་ཀྱང་འཁོར་བ་མཐའ་ཅན་ཡིན་པར་བཤད། སོ་སོའི་སྨོན་ལམ་གྱི་སྟོབས་ཀྱིས་ལྷ་འདི་དག་གི་ཕན་ཡོན་ཡང་སོ་སོར་འབྱུང་སྟེ། ཤཱ་རིའི་བུས་ཤེས་རབ་ཆེ། མོའུ་གལ་བུ་ཡིས་ལུས་སྟོབས་ཆེ། ཡན་ལག་འབྱུང་གིས་ཚུལ་ཁྲིམས་གཙང་། མ་ཕམ་པས་ཡོན་ཏན་འཕེལ། ནགས་ན་གནས་ཀྱིས་གནོད་པ་ཐམས་ཅད་ཞི། དུས་ལྡན་གྱིས་འཁོར་འདུ་ཞིང་སྤངས་རྟོགས་ཐོབ། རྡོ་རྗེ་མོའི་བུས་དོན་ཐམས་ཅད་འགྲུབ། བཟང་པོས་དོན་དམ་རྟོགས་ཤིང་ཏིང་འཛིན་འགྲུབ། གསེར་བེའུས་གཟུངས་དང་སྤོབས་པ་ཐོབ། བྷ་ར་དྷ་ཛས་ངན་སོང་ལས་སྒྲོལ། བ་ཀུ་ལས་འབྱོར་པ་རྒྱས། སྒྲ་གཅན་འཛིན་གྱིས་ཉེས་ལྟུང་ཞི་ཞིང་ཆོས་ཀུན་རྟོགས། ལམ་ཕྲན་བརྟན་གྱིས་ཉོན་མོངས་པ་དང་སྡུག་བསྔལ་ཞི། བསོད་སྙོམས་ལེན་གྱིས་སྡུག་བསྔལ་ཐམས་ཅད་ཞི། ལམ་བརྟན་གྱིས་སྤོབས་པ་སྐྱེ་ཞིང་བློ་


CMR046_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས་འཕེལ། ཀླུའི་སྡེས་འདོད་རྒུ་འབྱུང་ཞིང་སྡུག་བསྔལ་ཞི། སྦེད་བྱེད་ཀྱིས་རིག་པའི་གནས་ལྔ་ལ་མཁས། མི་ཕྱེད་པས་དོན་འགྲུབ་ཅིང་སྡིག་པ་ཞི། དྷརྨ་ཏཱས་གདུལ་བྱ་རྣམས་སྨིན་ཅིང་གྲོལ། ཧྭ་ཤང་གིས་འགྲོ་བ་དབང་དུ་འདུས། ཡུལ་འཁོར་སྲུང་གིས་ཕྱི་ནང་གི་འཁྲུག་རྩོད་ཞི། འཕགས་སྐྱེས་པོས་དུས་མིན་འཆི་བ་ཟློག །སྤྱན་མི་བཟང་གིས་བཀྲ་ཤིས་ནོར་ཕྱུགས་སྤེལ། རྣམ་ཐོས་སྲས་ཀྱིས་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ། དེ་ལྟར་ལྷ་འདི་དག་སོ་སོའི་དབང་ཐོབ་པ་ལ་ཡང་ཕན་ཡོན་དེ་རྣམས་ཡོད་དོ། ༈ །དེ་ཡང་འཕགས་པ་དགེ་བའི་བཤེས་གཉེན་གྱི་རྟོགས་བརྗོད་ཀྱི་དོན། གནས་བཅུའི་ཆོ་ག་དང་སྒྲུབ་ཐབས་བསྟན་པའི་རིམ་གྲོར་ལྷ་སའི་ཇོ་བོའི་བརྟན་བཞུགས་སུ་བྱ་རྒྱུ། །སངས་རྒྱས་གླིང་པ་དང་གར་གྱི་དབང་ཕྱུག་གི་གཏེར་མ་དང་། པཎྜིཏ་བྱང་ཆུབ་འབྱུང་གནས་ཀྱིས་ཤར་པར་བརྒྱུད་པའི་སྒྲུབ་ཐབས་ལས་ཚོགས་ལོ་རྒྱུས་དང་བཅས་པ་པོ་ཏིར་ལོང་བ་ཡོད་ཀྱང་དེ་དག་ལ་དབང་རྒྱས་པ་ནི་མེད། དུས་ཕྱིས་འཕགས་པ་ཀུན་དགའ་བོའི་སྤྲུལ་པའི་འོད་ཟེར་ལས་བྱུང་བ། སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དེ་ཉིད་དགུང་ལོ་བཅུ་གཅིག་ནས་བཟུང་


CMR046_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཐུབ་པ་ལན་མང་དུ་ཞལ་གཟིགས་ཏེ་གསུང་ནི་མ་འབྱོན། སྤྲུལ་སྐུས་དགེ་སློང་རྣམས་ལ་ཆོས་གོས་དགོས་དོན་དེ་ཅི་ཡིན་གསུངས། དེ་ངས་མི་ཤེས་ཐུབ་པ་ཞལ་གཟིགས་དུས་དྲིས་ཞུས་པས། དྲིས་པ་ལ། ཙུག་གསུངས་ནས་ཞལ་འཛུམ་པ་མཛད་དེ་ཡལ་སོང་། དེ་ཕྱིས་འཕགས་པ་ཧྭ་ཤང་སྐུ་ཤིན་ཏུ་ཆེ་བ་ཞིག་ཞལ་གཟིགས་པས། སྐྲགས་ནས་ང་ཡི་པང་ན་བྲོས། དེ་ནས་དགུང་ལོ་བཅུ་གསུམ་པ་གསེར་འཕྱང་གི་ལོ་ས་ག་ཟླ་བའི་ཚེས་བཅུ་བཞི་ལ་ཐུབ་དབང་གནས་བརྟན་འཁོར་དང་བཅས་པ་དངོས་སུ་ཞལ་གཟིགས་ཏེ། སྒྲུབ་ཐབས་ལས་ཚོགས་མཐའ་ཡས་པ་ཞལ་གདམས་དང་བཅས་པ་མགྲིན་གཅིག་ཏུ་གསུངས་སོ། །དབང་འདི་ཡང་མགྲིན་གཅིག་ཏུ་བསྐུར་ནས་མི་སྣང་བར་གཤེགས་སོ། །དེ་བས་བརྒྱུད་པ་ཉེ་ཞིང་བྱིན་རླབས་ཀྱི་སོ་མ་ཉམས་པ་ཡིན། ཐུབ་པའི་གསུང་དྲོན་མོ་འདི་ལྟ་བུའི་དབང་ཐོབ་པ་ནི་སྐལ་པ་ཤིན་ཏུ་བཟང་བ་ཡིན་ནོ། །ཚུལ་།ཁྲིམས་གཙང་བའི་རྟེན་འབྲེལ་དུ་བཙུན་པ་བཙུན་མ་རྣམས་ཀྱིས་ཐོབ་ངེས་ཤིན་ཏུ་གལ་ཆེ་བ་ཡིན། དེ་ལྟ་བུའི་དབང་བསྐུར་བ་ལ་ཐོག་མར་བླ་མ་ཐུབ་དབང་གནས་བརྟན་འཁོར་


CMR046_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དང་བཅས་པ་ལ་དད་མོས་རྩེ་གཅིག་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །ཅེས་སོགས་སྐབས་སུ་བབས་པའི་མཚམས་སྦྱོར་བཅས་དབང་གཏེར་གཞུང་ལྟར་བསྐུར། རྗེས་ཆོག་སྤྱི་ལྟར་རོ། ཞེས་པ་འདི་བླ་མ་ཚུལ་ཁྲིམས་ཡང་དག་གིས་བསྐུལ་བ་ལ་བརྟེན་ནས། གཏེར་བློན་རཱ་ག་ཨ་སྱས་བསྒྲིགས་པ་ལ། ཉེས་འགལ་མཆིས་ན་ཆོས་བདག་སྲུང་མའི་ཚོགས་ལ་བཤགས་ཤིང་། དགེ་བས་ཐུབ་པའི་བསྟན་པ་ཕྱོགས་བཅུར་འཕེལ་ཞིང་རྒྱས་པར་གྱུར་ཅིག །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་ཐུབ་པ་གནས་བརྟན་འཁོར་བཅས་ཀྱི་སྒྲུབ་ཐབས།


CMR046_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་ཐུབ་པ་གནས་བརྟན་འཁོར་བཅས་ཀྱི་སྒྲུབ་ཐབས་སྣང་ངོ་༔


CMR046_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་ཤཱཀྱ་མུ་ནེ་སརྦ་སདྨ་སིདྡྷི་ཧཱུྃ༔ ཐུབ་པ་གནས་བརྟན་སྒྲུབ་པ་ནི༔ དཀྱིལ་འཁོར་གཏོར་མ་དཔེའུ་རིས་ལྟར༔ རང་ཉིད་བསྟན་པའི་བདག་པོ་ནི༔ སྐུ་མདོག་གསེར་གྱི་རི་བོའི་མདོག༔ ཞལ་གཅིག་ཕྱག་གཉིས་གཡས་ས་གནོན༔ གཡོན་པས་མཉམ་བཞག་འོད་ཟེར་འཕྲོ༔ ཆོས་གོས་རྣམ་གསུམ་སྐུ་ལ་གསོལ༔ རྫོགས་པའི་སངས་རྒྱས་ཆ་ལུགས་རྫོགས༔ པདྨ་ཉི་ཟླ་སེང་ཁྲིར་བཞུགས༔ དེ་ཡི་གཡས་སུ་ཤཱ་རིའི་བུ༔ སྐུ་མདོག་གསེར་གྱི་རི་ལྟར་མཛེས༔ གཡས་པས་གསེག་ཤང་


CMR046_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པར་བུ༔ སྐུ་ལ་ཆོས་གོས་རྣམ་གསུམ་གསོལ༔ གཡོན་དུ་མོའུ་འགལ་གྱི་བུ༔ སྐུ་མདོག་གསེར་གྱི་རི་བོ་འདྲ༔ གཡས་གཡོན་གསེག་ཤང་པར་བུ་འཛིན༔ སྐུ་ལ་ཆོས་གོས་རྣམ་གསུམ་གསོལ༔ མདུན་དུ་གནས་བརྟན་བཅུ་དྲུག་གིས༔ ཤཱཀྱའི་རྒྱལ་པོར་བསྐོར་བ་ཡང་༔ འཕགས་པ་གནས་བརྟན་ཡན་ལག་འབྱུང་༔ བགྲེས་པའི་ཚུལ་འཛིན་ཆོས་གོས་གསོལ༔ ཕྱག་ན་སྤོས་ཕོར་རྔ་ཡབ་འཛིན༔ དགྲ་བཅོམ་ཆིག་སྟོང་སུམ་བརྒྱས་བསྐོར༔ འཕགས་པ་གནས་བརྟན་མ་ཕམ་པ༔ བགྲེས་འདྲའི་ཚུལ་འཛིན་ཆོས་གོས་གསོལ༔


CMR046_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཉིས་མཉམ་གཞག་མཛད་པ་ལ༔ དགྲ་བཅོམ་བརྒྱ་ཕྲག་གཅིག་གིས་བསྐོར༔ འཕགས་པ་གནས་བརྟན་ནགས་ན་གནས༔ བགྲེས་པའི་ཚུལ་འཛིན་ཆོས་གོས་གསོལ༔ ཕྱག་ན་སྡིགས་མཛུབ་རྔ་ཡབ་འཛིན༔ དགྲ་བཅོམ་ཆིག་སྟོང་བཞི་བརྒྱས་བསྐོར༔ འཕགས་པ་གནས་བརྟན་དུས་ལྡན་ནི༔ བགྲེས་འདྲའི་ཚུལ་འཛིན་ཆོས་གོས་གསོལ༔ ཕྱག་གཉིས་གསེར་གྱི་རྣ་ཀོར་འཛིན༔ དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར༔ གནས་བརྟན་རྡོ་རྗེ་མོ་ཡི་བུ༔ བགྲེས་པའི་ཚུལ་འཛིན་ཆོས་གོས་གསོལ༔ ཕྱག་གཉིས་སྡིགས་མཛུབ་རྔ་ཡབ་འཛིན༔ དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར༔ འཕགས་པ་གནས་བརྟན་བཟང་པོ་ནི༔ བགྲེས་འདྲའི་ཚུལ་འཛིན་ཆོས་གོས་གསོལ༔ ཕྱག་གཉིས་ཆོས་འཆད་མཉམ་གཞག་མཛད༔ དགྲ་བཅོམ་གཅིག་སྟོང་གཉིས་བརྒྱས་བསྐོར༔ འཕགས་པ་གནས་བརྟན་གསེར་བེའུ༔ བགྲེས་པའི་ཚུལ་འཛིན་ཆོས་གོས་གསོལ༔ ཕྱག་གཉིས་རིན་ཆེན་ཞགས་པ་འཛིན༔ དགྲ་བཅོམ་ལྔ་བཅུའི་འཁོར་གྱིས་བསྐོར༔ འཕགས་པ་བྷ་ར་ངྷ་ཛ་ནི༔ བགྲེས་འདྲའི་ཚུལ་འཛིན་ཆོས་གོས་གསོལ༔ ཕྱག་གཉིས་མཉམ་བཞག་


CMR046_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་ལ༔ དགྲ་བཅོམ་བདུན་བརྒྱའི་འཁོར་གྱིས་བསྐོར༔ འཕགས་པ་གནས་བརྟན་བ་ཀུ་ལ༔ གཞོན་པའི་ཚུལ་འཛིན་ཆོས་གོས་གསོལ༔ གཡས་པས་ནོར་བུ་གཡོན་ནེའུ་ལེ༔ དགྲ་བཅོམ་དགུ་བརྒྱའི་འཁོར་གྱིས་བསྐོར༔ འཕགས་པ་གནས་བརྟན་སྒྲ་གཅན་འཛིན༔ གཞོན་འདྲའི་ཚུལ་འཛིན་ཆོས་གོས་གསོལ༔ ཕྱག་གཉིས་རིན་ཆེན་སྲོག་ཞུ་འཛིན༔ དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར༔ འཕགས་པ་གནས་བརྟན་ལམ་ཕྲན་བརྟན༔ གཞོན་པའི་ཚུལ་འཛིན་ཆོས་གོས་གསོལ༔ ཕྱག་གཉིས་མཉམ་གཞག་མཛད་པ་ལ༔ དགྲ་བཅོམ་ཆིག་སྟོང་དྲུག་བརྒྱས་བསྐོར༔ འཕགས་པ་གནས་བརྟན་བསོད་སྙོམས་ལེན༔ གཞོན་འདྲའི་ཚུལ་འཛིན་ཆོས་གོས་གསོལ༔ ཕྱག་གཉིས་གླེགས་བམ་ལྷུང་བཟེད་འཛིན༔ དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར༔ འཕགས་པ་གནས་བརྟན་ལམ་བརྟན་ནི༔ གཞོན་པའི་ཚུལ་འཛིན་ཆོས་གོས་གསོལ༔ ཕྱག་གཉིས་གླེགས་བམ་ལྷུང་བཟེད་འཛིན༔ དགྲ་བཅོམ་དགུ་བརྒྱའི་འཁོར་གྱིས་བསྐོར༔ འཕགས་པ་གནས་བརྟན་ཀླུ་ཡི་སྡེ༔ གཞོན་འདྲའི་ཚུལ་འཛིན་ཆོས་གོས་གསོལ༔ ཕྱག་


CMR046_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བུམ་པ་འཁར་གསིལ་འཛིན༔ དགྲ་བཅོམ་ཆིག་སྟོང་ཉིས་བརྒྱས་བསྐོར༔ འཕགས་པ་གནས་བརྟན་སྦེད་བྱེད་ནི༔ གཞོན་པའི་ཚུལ་འཛིན་ཆོས་གོས་གསོལ༔ ཕྱག་གཉིས་གླེགས་བམ་འཛིན་པ་ལ༔ དགྲ་བཅོམ་ཆིག་སྟོང་བཞི་བརྒྱས་བསྐོར༔ འཕགས་པའི་གནས་བརྟན་མི་ཕྱེད་པ༔ གཞོན་འདྲའི་ཚུལ་འཛིན་ཆོས་གོས་གསོལ༔ ཕྱག་གཉིས་བྱང་ཆེན་མཆོད་རྟེན་འཛིན༔ དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར༔ ཤམ།་འཕགས་པའི་དགེ་བསྙེན་དྷརྨ་ཏཱ༔ རལ་པ་ཐོར་ཚུགས་གླེགས་བམ་ཁུར༔ མདུན་ན་སྣང་བ་མཐའ་ཡས་བཞུགས༔ ཕྱག་གཉིས་རྔ་ཡབ་བུམ་པ་འཛིན༔ འཁོར་དུ་དགྲ་བཅོམ་ལྔ་བཅུས་བསྐོར༔ འཕགས་པ་ཧྭ་ཤང་སྐུ་མདོག་ནག་ཕྱག་གཉིས་བྱུ་རུ་རྣམ་རྒྱལ་འཛིན༔ འཁོར་དུ་བྱིས་པ་བཅུ་དྲུག་བསྐོར༔ འཕགས་པའི་བསྟན་སྐྱོང་ཡུལ་འཁོར་སྲུང་༔ དཀར་པོ་སྙན་ཐད་པི་ཝང་སྒྲོག༔ རྒྱུད་མངས་གླུ་དབྱངས་རྩེ་རེ་རེ༔་འཕགས་པའི་བསྟན་སྐྱོང་འཕགས་སྐྱེས་པོ༔ སྔོན་པོ་ཨམ་གཙིགས་བསྡམས་ནས་ནི༔ རལ་གྲིའི་སེར་བ་ཤ་ར་ར༔ འཕགས་པའི་བསྟན་སྐྱོང་སྤྱན་མི་བཟང་༔ སྐུ་


CMR046_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དམར་པོ་མིག་དམར་བ༔ སྦྲུལ་གྱི་ཞགས་པ་ཁྱུགས་སེ་ཁྱུག༔ འཕགས་པའི་བསྟན་སྐྱོང་རྣམ་ཐོས་སྲས༔ སྐུ་མདོག་སེར་པོ་མཛེས་པའི་གཟུགས༔ རིན་ཆེན་ཆར་པ་སི་ལི་ལི༔ འཁོར་བཅས་སྤྱན་དྲངས་ཐིམ་ནས་ཀྱང་༔ དབང་བསྐུར་བ་ཡིས་དངོས་ལྟར་གྱུར༔ ཨོཾ་མུ་ནེ་མུ་མེ་མ་ཧཱ་མུ་ནེ་སརྦ་སངྒཱ་པ་རི་པཱུ་ར་ཀ་སྭཱ་ཧཱ༔ དེ་ཡིས་ཐུབ་པ་གནས་བཅུ་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ མ༔ ཨོཾ༔ གནས་ཆོས་ལས་ཐུབ་པ་གནས་བཅུའི་ལས་ཚོགས་རྣམས་བཞུགས་སོ༔ དེ་ནས་དེ་རྣམས་ལས་ཚོགས་ནི༔ དང་པོ་ཐུབ་པའི་ལས་ཚོགས་ཏེ༔ མཆོག་གི་དངོས་གྲུབ་ཀུན་ཐོབ་ཡིན༔ དེ་ལ་སྔགས་འདི་མང་བཟླས་ཆོག༔ ཏདྱ་ཐཱ༔ ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི༔ ས་ཏ་ན་ཏ་ཧ་ཧ༔ པ་ལ་པ་ལི༔ རཀ་ཀེ་ཊ་ཡ༔ རཀ་ཀེ་ཊ་ཡ༔ ཨ་རཀ་ཀེ༔ རཀ་ར་གེ༔ ཧོ་ན་ས་མ་ཡ༔ ཛ་ལི་ཛ་ལི༔ མུ་ནེ་མུ་ནེ་མ་ཧཱ་མུ་ནེ༔ སརྦ་སིདྡྷི་ཕ་ལ་ཧོ༔ དེ་ནས་ཐུབ་པའི་ལས་ཕྲན་ནི༔ དགྲ་ཟློག་པ་ཡི་རིམ་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ དེ་བཞིན་གཤེགས་པ་ཤཱཀྱའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ཨ་ཏེ་ཧ་ཏེ༔ མུ་ནེ་མུ་ནེ་མ་ཧཱ་མུ་ནེ་དགྲ་ཟློག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དམ


CMR046_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་ཡི་ལས་ཚོགས་ནི༔ ཤེས་རབ་ཆེ་བའི་མན་ངག་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཏདྱ་ཐཱ༔ ཨོཾ་ཧ་ནེ་ཧ་ནེ་མ་ཧཱ་ཧ་ནེ༔ ས་ཏ་ན་ཏ༔ ཀུ་མེ་ཀུ་ནེ༔ མ་ཧཱ་ཀུ་ནེ༔ ས་རི་པ༔ རི་རི་པྲཛྙཱ་པྲཛ་མ་ཧ་པྲཛཱ་སིདྡྷི་ཕ་ལ་ཧོ༔ དེ་ནས་དེ་ཡི་ལས་ཕྲན་ནི༔ གཉིད་ནི་ཆུང་བའི་གདམས་པ་སྟེ༔ སྔགས་འདི་བཟླས་པས་ཆོག་པ་ཡིན༔ ཨོཾ་ཧ་ནེ་ཧ་ནེ་མ་ཧཱ་ཧ་ནེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༔མོའུ་གལ་བུ་ཡི་ལས་ཚོགས་ནི༔ རྫུ་འཕྲུལ་ཆེ་བའི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཏདྱ་ཐཱ༔ ཨོཾ་བ་ལེ་བ་ལེ་མ་ཧཱ་བ་ལེ༔ སན་སན༔ ཧ་ན་ཧ་ན༔ བི་ཀུ་ཊ་ཧ་ན༔ མ་ཧཱ་བ་ལེ༔ ཨ་ཙ་ལི་བ་ལེ༔ མ་ཧཱ་བ་ལེ༔ ཨུ་ཀ་ན་ཀ་ཡེ་སྭཱ་ཧཱ༔ དེ་ནས་དེ་ཡི་ལས་ཕྲན་ནི༔ ཚེ་ནི་རིང་བར་བྱེད་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་བ་ལེ་བ་ལེ་མ་ཧཱ་བ་ལེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༔ ༔ ཡན་ལག་འབྱུང་གི་ལས་ཚོགས་ནི༔ ཚུལ་ཁྲིམས་དག་པའི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་ཧ་ནེ་ཡེ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་ཨཱརྱ་ཨང་གི་ཏཱ་ཡ་སྭཱ་ཧཱ༔ ཤཱི་ལ་ད་ཁུ་ཡེ་སྭཱ་ཧཱ༔ དེ་ནས་དེ་ཡི་ལས་ཕྲན་ནི༔ ཉོན་མོངས་སེལ་བའི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་ཨཱརྱ་ཨང་གི་ཏཱ་པ་ན་པ་ན་ཡེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་


CMR046_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཕམ་པ་ཡི་ལས་ཚོགས་ནི༔ ཡོན་ཏན་འཕེལ་བར་བྱེད་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་ན་ཧ་ནི་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་ཨཱརྱ་ཨ་ཛི་ཏཱ་ཡ་སྭཱ་ས་ཏ་ས་ཏ་མ་ཧཱ་ས་ཏ་ཡེ་སྭཱ་ཧཱ༔ དེ་ནས་དེ་ཡི་ལས་ཕྲན་ནི༔ ཚུལ་ཁྲིམས་གཙང་བར་བྱེད་པ་སྟེ། སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་ཨཱ་ར་ཨ་ཛི་ཏ་སཾ་བྷུ་ཊི་ཤཱི་ལ་ཡེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྩལ༔ ནགས་ན་གནས་ཀྱི་ལས་ཚོགས་ནི༔ གནོད་པ་ཞི་བར་བྱེད་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་ཧ་མེ་ཡེ་སྭཱ་ཧཱ༔ ཏདྱ་ཐཱ༔ འདི་དང་འོག་མའི་མཚན་སྔགས་གོང་འོག་ནོར་འདུག་པ་དཔྱད་དགོས་སྣང་མཆན༔ ཨོཾ་ཨཱརྱ་ཀཱ་ལོ་ད་ཡེ་སྭཱ་ཧཱ༔ ཨོཾ་ས་ཏ་ས་ཏ་ཡེ་སྭཱ་ཧཱ༔ དེ་ནས་དེ་ཡི་ལས་ཕྲན་ནི༔ སོ་སྲིན་ཡ་མ་བཅོས་པའི་ཐབས༔ སྔགས་འདི་མང་དུ་ཕུ་བྱས་ཆོག༔ ཨོཾ་ཨཱ་ཀཱ་ལོ་ད་ཡ་མན་ཏ་ཡེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༼ཐ༽ དུས་ལྡན་པ་ཡི་ལས་ཚོགས་ནི༔ འཁོར་འདུ་བ་ཡི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་ཧ་ན་ཡེ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་ཨཱརྱ་བཱ་ན་བ་སི་ཡེ་སྭཱ་ཧཱ༔ ཨོཾ་པ་པ་ནི་ས་ཡེ་སྭཱ་ཧཱ༔ དེ་ནས་དེ་ཡི་ལས་ཕྲན་ནི༔ སྤངས་རྟོགས་ཐོབ་པའི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་ཨཱརྱ་བཱ་ན་བ་སི་ཧ་ན་ཧ་ན་ཡེ་སྭཱ་ཧཱ༔ ས་


CMR046_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡ༔ རྒྱ་རྒྱ་རྒྱ༔ རྡོ་རྗེ་མོ་བུའི་ལས་ཚོགས་ནི༔ དོན་རྣམས་འགྲུབ་པའི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་ཧ་ཀ་ན་ཡེ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་ཨཱརྱ་བཀྐི་ཡེ་སྭཱ་ཧཱ༔ ཨོཾ་ཧ་རེ་ཧ་རེ་ཡེ་སྭཱ་ཧཱ༔ དེ་ནས་དེ་ཡི་ལས་ཕྲན་ནི༔ མི་ཁ་ཟློག་པའི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་ཨཱརྱ་བཀྐི་ཧ་ནེ་ཧ་ནེ་ཡེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༼ཀ༽ དེ་ནས་བཟང་པོའི་ལས་ཚོགས་ནི༔ དོན་རྟོགས་པ་ཡི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་ཧ་ནེ་ཡེ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་ཨཱརྱ་བྷ་དྲ་ཡེ་སྭཱ་ཧཱ༔ ཨོཾ་ཧ་ཀི་ཧ་ནེ་ཡེ་སྭཱ་ཧཱ༔ དེ་ནས་དེ་ཡི་ལས་ཕྲན་ནི༔ ཏིང་འཛིན་འགྲུབ་པའི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་ཨཱརྱ་བྷ་དྲ་པ་ཏ་པ་ན་ཡེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ན༔ ༔ གསེར་བེའུའི་ལས་ཚོགས་ནི༔ གཟུངས་ནི་ཐོབ་པའི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་ཧ་ན་ཧེ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་ཨཱརྱ་ཀ་ན་ཀ་ཝཧུ་ཡེ་སྭཱ་ཧཱ༔ ཨོཾ་ཧ་ནེ་ཀི་ནི་ཡེ་སྭཱ་ཧཱ༔ དེ་ནས་དེ་ཡི་ལས་ཕྲན་ནི༔ སྤོབས་པ་ཐོབ་པའི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་ཨཱརྱ་ཀ་ན་ཀ་ཝཏྟ་ཨ་བྷི་ཥི་ཏ་ཁི་ཡེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བྷ་ར་དྷྭ་ཛའི་ལས་ཚོགས་ནི༔ ངན་སོང་སྒྲོལ་བའི་གདམས་པ་


CMR046_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ༔ སྔགས་འདི་བཏགས་པ་ཁོ་ནས་ཆོག༔ ཨོཾ་ཧ་ན་ཧ་ན་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་ཨཱརྱ་བྷ་ར་དྷ་ཛ་ཡེ་སྭཱ་ཧཱ༔ ཨོཾ་ཤ་ན་ཤ་ཀུ་ལེ་ཡེ་སྭཱ་ཧ༔ དེ་ནས་དེ་ཡི་ལས་ཕྲན་ནི༔ འབུ་སྲིན་སྲུང་བའི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་ནས་ནི༔ ཆུའམ་རྡོ་ཕྱེ་སྔགས་པས་ཆོག༔ ཨོཾ་ཨཱརྱ་བྷ་ར་དྷ་ཛ་ཧི་ལི་ཧི་ལི་ཡེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དཀྀ༔ ༔ བ་ཀུ་ལ་ཡི་ལས་ཚོགས་ནི༔ འབྱོར་སྩོལ་བའི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་ཨཱརྱ་ཨ་ན་ཡེ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་ཨཱརྱ་བ་ཀུ་ལཱ་ཡ་སྭཱ་ཧཱ༔ ཨོཾ་ཨོཾ་ཊིཏྟ་སིདྡྷི་ཡེ་སྭཱ་ཧཱ༔ དེ་ནས་དེ་ཡི་ལས་ཕྲན་ནི༔ གོད་གཅོད་པ་ཡི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་ཨཱརུ་བ་ཀུ་ལ་ཀི་ཉི་ཀི་ཅི་ཡེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ད་༔ སྒྲ་གཅན་འཛིན་གྱི་ལས་ཚོགས་ནི༔ ཉེས་པ་ཞི་བའི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་ཨ་ཏ་ནི་ཏ་ཡེ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་ཨཱརྱ་རཱ་ཧུ་ལཱ་ཡ་སྭཱ་ཧཱ༔ ཨོཾ་ཧ་ཏི་ཧ་ཏི་ཡེ་སྭཱ་ཧཱ༔ དེ་ནས་དེ་ཡི་ལས་ཕྲན་ནི༔ ཆོས་ཀུན་རྟོགས་པའི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་ཨཱརྱ་རཱ་ཧུ་ལ་པ་ན་པ་ཏེ་དྷརྨ་ཡེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལམ་ཕྲན་བརྟན་གྱི་ལས་ཚོགས་ནི༔ ཉོན་མོངས་ཞི་བའི་གདམས་པ་སྟེ༔ སྔགས་འདི་མང་དུ་


CMR046_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པས་ཆོག༔ ཨོཾ་ཨ་ཏི་ཧ་ཏེ་ཡེ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་ཨཱརྱ་ཙུ་ཌ་པ་ན་ཐཱ་ཡ་སྭཱ་ཧཱ༔ ཨོཾ་ཀ་ཏི་ཝ་ཏི་ཡེ་སྭཱ་ཧཱ༔ དེ་ནས་དེ་ཡི་ལས་ཕྲན་ནི༔ སྡུག་བསྔལ་ཞི་བའི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་ཨཱརྱ་ཙུ་ཊ་པ་ན་ཐཱ་ཧ་ན་ཡེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེ༔ ༔ བསོད་སྙོམས་ལེན་གྱི་ལས་ཚོགས་ནི༔ སྡུག་བསྔལ་ཞི་བའི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག །ཨོྃ་ཨ་ཏི་པ་ཏི་ཡེ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་ཨཱརྱ་པཎོ་ལཱ་ཡ་སྭཱ་ཧཱ༔ ཨོཾ་ཧོ་ན་ཡེ་སྭཱ་ཧཱ༔ དེ་ནས་དེ་ཡི་ལས་ཕྲན་ནི༔ འབྲུ་ནི་འཕེལ་བའི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་འགྲུབ༔ ཨོཾ་པིནྡྷོ་ལ་ཧ་ན་ཧ་ནུ་ཡེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྷཱི༔་༔ ལམ་བརྟན་པ་ཡི་ལས་ཚོགས་ནི༔ སྤོབས་པ་སྐྱེད་པའི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་པུསྟི་སུ་སྣེ་ཡེ་སྭཱ་ཧཱ༔ ཏད་ཐཱ༔ ཨོཾ་པཉྩ་ཀཱ་ལ་ཡ་སྭཱ་ཧཱ༔ ཨོཾ་ཧ་ན་ཧ་ལི་ཡེ་སྭཱ་ཧཱ༔ དེ་ནས་དེ་ཡི་ལས་ཕྲན་ནི༔ བློ་གྲོས་འཕེལ་བའི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་པན་ཀ་ཡ་ལི་མི་ཡེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེ་དེ་ནས་ཀླུ་སྡེའི་ལས་ཚོགས་ནི༔ འདོད་པ་འབྱུང་བའི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་པ་ཏ་ན་ཏ་ཡེ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་ཨཱརྱ་ནཱ་ག་སེ་ན་


CMR046_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་སྭཱ་ཧཱ༔ ཨོཾ་ཏཀཱི་ཏཀྟི་ཡེ་སྭཱ་ཧཱ༔ དེ་ནས་དེ་ཡི་ལས་ཕྲན་ནི༔ སྡུག་བསྔལ་ཞི་བའི་གདམས་པ་སྟེ༔ སྔགས་འདི་བཟླས་པས་ཆོག་པ་ཡིན༔ ཨོཾ་ཨཱརྱ་ནཱ་ག་ས་ནཱ་སྤུ་ཡེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་སྦེད་བྱེད་ལས་ཚོགས་ནི༔ གནས་ལྔ་མཁས་པའི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་པ་ཏི་པ་ཏི་ཡེ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་ཨཱརྱ་གོ་པ་ཀཱ་ཡེ་སྭཱ་ཧཱ༔ ཨོཾ་ཨ་ཏི་ཧ་ཏི་ཡེ་སྭཱ་ཧཱ༔ དེ་ནས་དེ་ཡི་ལས་ཕྲན་ནི༔ མིག་མཐོང་སྒྲུབ་པའི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་ཨཱརྱ་གོ་པ་ཀ་མུ་ཧ་ཙ་ཀཱ་ཡེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཀྱི༽ ༔ མི་ཕྱེད་པ་ཡི་ལས་ཚོགས་ནི༔ དོན་འགྲུབ་པ་ཡི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་འགྲུབ༔ ཨོཾ་ཨ་ཏི་བ་ཏི་ཡེ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་ཨཱརྱ་ཨ་བྷེ་དུ་སྭཱ་ཧཱ༔ ཨོཾ་པ་ཏ་ན་ཀི་ལི་ཡེ་སྭཱ་ཧཱ༔ དེ་ནས་དེ་ཡི་ལས་ཕྲན་ནི༔ སྡིག་པ་ཞི་བའི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་འགྲུབ༔ ཨོཾ་ཨཱརྱ་ཨ་བྷེ་དུ་ཨ་ཏི་ཀ་ཏི་ཡེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྷརྨ་ཏཱ་ལའི་ལས་ཚོགས་ནི༔ གདུལ་བྱ་སྨིན་པར་བྱེད་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་ཨཱརྱ་སིདྡྷི་སིདྡྷིཡེ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་ཨཱརྱ་དྷརྨ་ཏཱ་ཡ་སྭཱ་ཧཱ༔ ཨོཾ་པ་ཏི་ས་ནི་ཡེ་སྭཱ་ཧཱ༔ དེ་ནས་


CMR046_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་ལས་ཕྲན་ནི༔ ལུས་ཤུགས་ཆེ་བའི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་ཨཱརྱ་དྷརྨ་ཏཱ་ཧ་ནི་ཡེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༼ཐ༽ དེ་ཧྭ་ཤང་ལས་ཚོགས་ནི༔ འགྲོ་བ་དབང་སྡུད་རིམ་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་ན་མི་ན་མི་ཡེ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་ཨཱརྱ་ཧྭ་ཤང་ཡེ་སྭཱ་ཧཱ༔ ཨོཾ་ཏིཥྛ་ཏིཥཱ་ཡ་སྭཱ་ཧཱ༔ དེ་ནས་དེ་ཡི་ལས་ཕྲན་ནི༔ ལྟས་ངན་ཟློག་པའི་གདམས་པ་སྟེ༔ སྔགས་འདི་བཟླས་པས་ཆོག་པ་ཡིན༔ ཨོཾ་ཨཱརྱ་ཧྭ་ཤང་ཧ་ནི་ཧ་ནི་ཡེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡུལ་འཁོར་སྲུང་གི་ལས་ཚོགས་ནི༔ དུས་འཁྲུག་ཞི་བའི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་ཧ་ན་ཧ་ན་ཡ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་དྷིཥྛ་རཱབྷཱ་ཡེ་སྭཱ་ཧཱ༔ ཨོཾ་ཧ་ཏི་ཧ་ཏི་ཡེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འཕགས་སྐྱེས་པོ་ཡི་ལས་ཚོགས་ནི་འཆི་བ་ཟློག་པའི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་ས་ནི་སན་ཏ་ཡེ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་བྷེ་རུ་ཌ་ཀཱ་ཡེ་སྭཱ་ཧཱ༔ ཨོཾ་ཧ་ན་ཧ་ན་ཡེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྤྱན་མི་བཟང་གི་ལས་ཚོགས་ནི༔ ནོར་ཕྱུགས་འཕེལ་བའི་གདམས་པ་སྟེ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་ཀ་ན་ཀ་ན་ཡེ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་བྷི་རུ་པཱཀཱ་ཡེ་སྭཱ་ཧཱ༔ ཨོཾ་ཧ་


CMR046_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཧ་ན་སིདྡྷི་ཡེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྣམ་ཐོས་སྲས་ཀྱི་ལས་ཚོགས་ནི༔ ནོར་ལ་སོགས་པ་སྤེལ་བ་སྟེ༔ སྔགས་འདི་བཟླས་པས་ཆོག་པ་སྟེ༔ ཨོཾ་ཀ་ནི་ཀ་བི་ཏྲི་ས་ཡེ་སྭཱ་ཧཱ༔ ཏདྱ་ཐཱ༔ ཨོཾ་བྷེ་ཤ་ཝ་ཎཱ་ཡེ་སྭཱ་ཧཱ༔ ཨོཾ་པ་ཏ་མི་ཀུ་ལ་ཡེ་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པ་གསེར་འཕྱང་གི་ལོ་ས་ག་ཟླ་བའི་ཡར་ཚེས་བཅུ་བཞི་ལ་ཐུབ་པ་གནས་བརྟན་འཁོར་དང་བཅས་པ་དངོས་སུ་ཞག་གཟིགས་ཏེ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བཀའ་སྩལ་ཏོ།། །།གནམ་ཆོས་ལས་ཐུབ་པ་གནས་བརྟན་བཅུ་དྲུག་སྒྲུབ་པའི་ཞལ་གདམས་བཞུགས་སོ༔ གུ་རུ་ཤཱཀྱ་མུ་ནེ་སརྦ་སང་གྷ་སིདྡྷི་ཧཱུྃ༔ འཕགས་པ་གནས་བརྟན་བཅུ་དྲུག་སྒྲུབ་པའི་ཞལ་གདམས་ནི༔ རང་ཉིད་སྟོན་པ་གཙོ་འཁོར་གསུམ་སྐད་ཅིག་ལ་བསྒོམ༔ མདུན་དུ་ཐུབ་གན་བརྟན་འཁོར་བཅས་སྐད་ཅིག་ལ་བསྐྱེད༔ ཡེ་ཤེས་པ་བསྟིམ༔ དབང་ལྷས་དབང་བསྐུར་ལ༔ ཐུབ་པའི་ཐུགས་ཀར་ཟླ་གདན་ལ་ཧཱུྃ་སེར་པོའི་མཐར་སྔགས་གཡས་སུ་འཁོར་བར་བསྒོམས་ལ་སྔགས་བཟླསཏེ་བསྙེན་ཚད་སྒྲུབ་པའི་གྲངས་ཀ་མེད་དོ༔ ལས་ཚོགས་དུས་སོ་སོའི་ཐུགས་ཀར་ཧཱུྃ་ལ་སྔགས་ཀྱིས་བསྐོར་ཏེ་རྒྱལ་ཆེན་ཡན་ཆད་ཐམས་ཅད་ལའོ༔ གཞན་ནི་གཞུང་ལྟར་རོ༔ མངྒ་ལཾ།། ཨོཾ༔ དཀྱིལ་འཁོར་གྱི་ཞལ་གདམས༔ རབ་ལ་ལྟེ་བའི་ཐིག་ལེར་ཐུབ་པའི་ཐུགས་ཀར་ཧཱུྃ༔ འཁོར་


CMR046_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དང་བཅས་པའི་སྐུ་བྲི༔ འབྲིང་ལ་ཐུབ་པའི་ཐུགས་ཀར་ཧཱུྃ་མེད་པའི་སྐུ༔ འཁོར་ཐམས་ཅད་ཐིག་ལེའི་དབུས་སུ་ཧཱུྃ༔ ཡང་ཐ་ཐུབ་པའི་ཐིག་ལེར་ཧཱུྃ་མེད་པའི་ཐིག་ལེ་བྱའོ༔ སྒོ་རྫོགས་ངེས་པར་དགོས་ཏེ༔ ཞལ་གདམས་སོ༔ ཨྠྀི༔ ཨོཾ༔ གནས་ཆོས་ཐུགས་གཏེར་སྙན་བརྒྱུད་ལས་ཐུབ་པ་གནས་བཅུའི་དབང་བཞུགས་སོ༔ ཙྩམ༔ ༔ གུ་རུ་ཤཱཀྱ་མུ་ནེ་སརྦ་སང་གྷ་སིདྡྷི་ཧཱུྃ༔ ཐུབ་པ་གནས་བཅུའི་དབང་བསྐུར་ནི༔ དབང་སྒྲུབ་གཞུང་ལྟར་བྱས་ནས་ཀྱང་༔ གསོལ་བ་འདེབས་པ་འདི་ཡིན་ནོ༔ ཀྱཻ༔ བླ་མ་ཐུབ་དབང་གནས་བཅུ་ལ༔ གླིང་བཞི་སྲིད་པའི་དགེ་ཚོགས་ནི༔ ཅི་མཆིས་བསྡུས་ཏེ་མཎྜ་འབུལ༔ ཨོཾ༔ བླ་མ་ཐུབ་དབང་གནས་བཅུ་ལ༔ རྩེ་གཅིག་གུས་པས་གསོལ་བ་འདེབས༔ བདག་ལ་དབང་བསྐུར་བསྩལ་ནས་ཀྱང་༔ བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང་༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་


CMR046_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར༔ བྱང་ཆུབ་སེམས་མཆོག་ཡིད་འོང་བསྐྱེད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ འདི་ཡི་མཚམས་སུ་མིག་དར་བཀབ༔ དེ་ནས་ལས་བུམ་སྤྱི་བོར་བཞག༔ ཧཱུྃ༔ འདི་ནི་སྐུ་ཡི་དམ་ཚིག་སྟེ༔ དཀྱིལ་འཁོར་འདི་ནི་ཕྱིར་མ་བསྒྲག༔ གལ་ཏེ་དམ་འདས་མ་བསྲུངས་ན༔ གནམ་ལྕགས་ཐོག་ཏུ་གྱུར་ནས་ཀྱང་༔ ལུས་ཀྱི་དབང་པོ་རྡུལ་དུ་བརླག༔ དམ་ཚིག་བསྲུངས་ན་དབང་ཐོབ་འགྱུར༔ དེ་ནས་མནའ་ཆུ་ངག་ཏུ་བླུད༔ ཧཱུྃ༔ འདི་ནི་གསུང་གི་དམ་ཚིག་ས༔ དཀྱིལ་འཁོར་འདི་ནི་ཕྱིར་མ་བསྒྲག༔ གལ་ཏེ་དམ་འདས་མ་བསྲུངས་ན༔ ཧ་ལའི་ཆུ་རུ་གྱུར་ནས་ཀྱང་༔ ངག་གི་དབང་པོ་རྡུལ་དུ་བརླག༔ དམ་ཚིག་བསྲུངས་ན་དབང་ཐོབ་འགྱུར༔ དེ་ནས་རྡོ་རྗེ་སྙིང་ཁར་བཞག༔ ཧཱུྃ༔ འདི་ནི་ཐུགས་ཀྱི་དམ་ཚིག་སྟེ༔ དཀྱིལ་འཁོར་འདི་ནི་ཕྱིར་མ་བསྒྲག་གལ་ཏེ་དམ་འདས་མ་བསྲུངས་ན༔ ལྕགས་ཀྱི་སྡིག་པར་གྱུར་ནས་ཀྱང་༔ སེམས་ཀྱི་དབང་པོ་རྡུལ་དུ་བརླག༔ དམ་ཚིག་བསྲུངས་ན་དབང་ཐོབ་འགྱུར༔ དེ་ནས་འདི་ཉིད་རྗེས་ཟློས་བྱ་ཀྱེ༔


CMR046_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་བཀའ་བཞིན་བསྲུངས་ནས་ཀྱང་༔ དམ་ལས་མི་འདའ་ན་ར་ཀ༔ ༈ དེ་བས་དམ་ཚིག་བསྲུང་བ་ན༔ འདིར་ཤོག་བདག་གིས་སྨིན་པར་བྱ༔ དེ་ནས་སློབ་མས་རྗེས་ཟློས་བྱ༔ ཤར་ནས་ཞི་བའི་ལས་འགྲུབ་དང་༔ དཀྱིལ་འཁོར་ལ་ནི་འཇུག་པའི་ཕྱིར༔ ཐུབ་པ་གནས་བཅུར་ཕྱག་འཚལ་ལོ༔ ལྷོ་ནས་རྒྱས་པའི་ལས་འགྲུབ་དང་༔ དཀྱིལ་འཁོར་ལ་ནི་འཇུག་པའི་ཕྱིར༔ ཐུབ་པ་གནས་བཅུར་ཕྱག་འཚལ་ལོ༔ ནུབ་ནས་དབང་གི་ལས་འགྲུབ་དང་༔ དཀྱིལ་འཁོར་ལ་ནི་འཇུག་པའི་ཕྱིར༔ ཐུབ་པ་གནས་བཅུར་ཕྱག་འཚལ་ལོ༔ བྱང་ནས་དྲག་པོའི་ལས་འགྲུབ་དང་༔ དཀྱིལ་འཁོར་ལ་ནི་འཇུག་པའི་ཕྱིར༔ ཐུབ་པ་གནས་བཅུར་ཕྱག་འཚལ་ལོ༔ དེ་ནས་མེ་ཏོག་དོར་བ་ནི༔ བདག་གི་མེ་ཏོག་བཟང་པོ་འདི༔ སྔོན་ནས་ལས་འཕྲོ་ལྡན་པ་ཡི༔ ལྷ་ལ་ཕོག་པར་མཛད་དུ་གསོལ༔ གསུམ༔ པྲ་ཏིཙྪ་ཧོ༔ དེ་ནས་ཡེ་ཤེས་འབེབས་པ་ནི༔ ཁྱོད་ནི་ཐུབ་དབང་གནས་བཅུས་བསྐོར༔ བདག་དང་ཁྱོད་མདུན་དེ་ལྟར་བསྒོམ༔ རང་རང་སོ་སོའི་གནས་མཆོག་ནས༔ སྤྲུལ་པ་ཡང་སྤྲུལ་དཔག་མེད་པ༔ མཚོ་ལ་ཆར་པ་བབས་བཞིན་དུ༔ ཁྱོད་ཉིད་ལ་ནི་ཐིམ་པར་བསྒོམ༔


CMR046_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཨཱ་ཝེ་ཤ་ཡ་ཨཱཿ དེ་ནས་ཁྱོད་ལ་ཐིམ་པ་དེ༔ ཇི་སྲིད་བར་དུ་བརྟན་པར་བསྒོམས༔ སྤྱི་བོར་རྡོ་རྗེ་བཞག་ནས་ནི༔ ཏིཥྛ་བཛྲ༔ དེ་ནས་སྤྱན་དབྱེའི་གདམས་པ་ནི༔ མིག་ཐུར་ལག་ཏུ་ཐོགས་ནས་ཀྱང་༔ ཧཱུྃ༔ འདི་ནི་རྡོ་རྗེའི་མིག་ཐུར་ཏེ༔ ཁྱོད་ཀྱི་མ་རིག་ལིང་ཐོག་རྣམས༔ བདག་གིས་དེང་འདིར་བསལ་བྱའོ༔ ཙཀྵ་བཛྲ༔ དེ་ནས་ལྷ་ངོ་བསྟན་པ་ནི༔ ཧཱུྃ༔ འདི་ནི་ཐུབ་དབང་དཀྱིལ་འཁོར་ཏེ༔ ལེགས་པར་ལྟོས་ལ་སྤྲོ་བ་སྐྱེད༔ བཛྲ་པ་ཤྱ་ཧོ༔ དེ་ནས་ཐུབ་པས་དབང་བསྐུར་ཏེ༔ ཧཱུྃ༔ འདི་ནི་ཕྱི་ལྟར་བུམ་པ་སྟེ༔ ནང་ལྟར་ཐུབ་དབང་དཀྱིལ་འཁོར་རྫོགས༔ འདི་ཉིད་ཁྱོད་ཀྱི་མགོར་བཞག་པས༔ བུམ་པའི་དབང་ནི་ཡོངས་རྫོགས་ཤོག༔ ཨོཾ་ཀུལླ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྐུ་གཟུགས་དབང་ཡིན་ཏེ༔ དང་པོ་ཐུབ་པའི་སྐུ་གཟུགས་ཐོགས༔ ཧཱུྃ༔ འདི་ནི་ཐུབ་དབང་རྒྱལ་པོའི་སྐུ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ སྐུ་གསུང་ཐུགས་དབང་རྫོགས་ནས་ཀྱང་༔ མཆོག་གི་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་ཤཱ་རིའི་བུ་ཡི་སྐུ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ སྐུ་གསུང་ཐུགས་དབང་རྫོགས་ནས་ཀྱང་༔


CMR046_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་མཐའ་དག་ཆེ་བར་ཤོག༔ ཨོཾ་ཧ་ནེ་ཧ་ནེ་མ་ཧཱ་ཧ་ནེ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་མོའུ་འགལ་བུ་ཡི་སྐུ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ སྐུ་གསུང་ཐུགས་དབང་རྫོགས་ནས་ཀྱང་༔ རྫུ་འཕྲུལ་མཐའ་དག་ཐོབ་པར་ཤོག༔ ཨོཾ་བ་ལ་བ་ལ་མ་ཧཱ་བ་ལ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་ཡན་ལག་འབྱུང་གི་སྐུ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ སྐུ་གསུང་ཐུགས་དབང་རྫོགས་ནས་ཀྱང་༔ ཚུལ་ཁྲིམས་དག་ཅིང་ཉོན་སེལ་ཤོག༔ ཨོཾ་ཨཱརྱ་ཨང་གི་ཏཱ་ཡ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་མ་ཕམ་པ་ཡི་སྐུ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ སྐུ་གསུང་ཐུགས་དབང་རྫོགས་ནས་ཀྱང་༔ ཡོན་ཏན་མཐའ་དག་འཕེལ་བར་ཤོག༔ ཨོཾ་ཨཱ་ར་ཨ་ཛི་ཏ་ཡ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ འདི་ནི་ནགས་ན་གནས་ཀྱི་སྐུ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ སྐུ་གསུང་ཐུགས་དབང་རྫོགས་ནས་ཀྱང་༔ གནོད་པ་ཐམས་ཅད་ཞི་བར་ཤོག༔ ཨོཾ་ཨཱརྱ་ཀཱ་ལོ་ད་ཡེ་སྭཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་འཕགས་པ་དུས་ལྡན་སྐུ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ སྐུ་གསུང་ཐུགས་དབང་རྫོགས་ནས་ཀྱང་༔ འཁོར་འདུ་སྤངས་རྟོགས་ཐོབ་


CMR046_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤོག༔ ཨོཾ་ཨཱརྱ་བཱ་ན་བ་སི་ཡེ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་རྡོ་རྗེ་མོ་ཡི་བུ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ སྐུ་གསུང་ཐུགས་དབང་རྫོགས་ནས་ཀྱང་༔ དོན་རྣམས་ཐམས་ཅད་འགྲུབ་པར་ཤོག༔ ཨོཾ་ཨཱརྱ་བཀྐི་ཡེ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་གནས་བརྟན་བཟང་པོའི་སྐུ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ སྐུ་གསུང་ཐུགས་དབང་རྫོགས་ནས་ཀྱང་༔ དོན་རྟོགས་ཏིང་འཛིན་འགྲུབ་པར་ཤོག༔ ཨོཾ་ཨཱརྱ་བྷ་དྲ་ཡེ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་གནས་བརྟན་གསེར་བེའུའི་སྐུ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ སྐུ་གསུང་ཐུགས་དབང་རྫོགས་ནས་ཀྱང་༔ གཟུངས་དང་སྤོབས་པ་ཐོབ་པར་ཤོག༔ ཨོཾ་ཨཱརྱ་ཀ་ན་ཀ་ཝཏཱ་ཡེ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་བྷ་ར་དྷ་ཛའི་སྐུ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ སྐུ་གསུང་ཐུགས་དབང་རྫོགས་ནས་ཀྱང་༔ ངན་སོང་གནས་ནས་སྒྲོལ་བར་ཤོག༔ ཨོཾ་ཨཱརྱ་བྷ་ར་དྷ་ཛཱ་ཡེ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་འཕགས་པ་བ་ཀུ་ལ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ སྐུ་གསུང་ཐུགས་དབང་རྫོགས་ནས་ཀྱང་༔ འབྱོར་པ་ཕུན་སུམ་ཚོགས་པར་


CMR046_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག༔ ཨོཾ་ཨཱརྱ་བ་ཀུ་ལཱ་ཡ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་འཕགས་པ་སྒྲ་གཅན་འཛིན༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡི༔ སྐུ་གསུང་ཐུགས་དབང་རྫོགས་ནས་ཀྱང་༔ ཉེས་ཞི་ཆོས་ཀུན་རྟོགས་པར་ཤོག༔ ཨོཾ་ཨཱརྱ་རཱ་ཧུ་ལཱ་ཡ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་ལམ་ཕྲན་བརྟན་གྱི་སྐུ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ སྐུ་གསུང་ཐུགས་དབང་རྫོགས་ནས་ཀྱང་༔ ཉོན་མོངས་སྡུག་བསྔལ་ཞི་བར་ཤོག༔ ཨོཾ་ཨཱརྱ་ཙུ་ཌ་པན་ཡ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་བསོད་སྙོམས་ལེན་གྱི་སྐུ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ སྐུ་གསུང་ཐུགས་དབང་རྫོགས་ནས་ཀྱང་༔ སྡུག་བསྔལ་ཐམས་ཅད་ཞི་བར་ཤོག༔ ཨོཾ་ཨཱརྱ་པིཊོ་ལཱ་ཡ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་འཕགས་པ་ལམ་བརྟན་སྐུ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ སྐུ་གསུང་ཐུགས་དབང་རྫོགས་ནས་ཀྱང་༔ སྤོབས་བསྐྱེད་བློ་གྲོས་འཕེལ་བར་ཤོག༔ ཨོཾ་ཨཱརྱ་པན་ཀཱ་ལ་ཡ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་འཕགས་པ་ཀླུ་ཡི་སྡེ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ སྐུ་གསུང་ཐུགས་དབང་རྫོགས་ནས་ཀྱང་༔ འདོད་འབྱུང་སྡུག་བསྔལ་ཞི་བར་ཤོག༔ ཨོཾ་


CMR046_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱརྱ་ནཱ་ག་སེ་ནཱ་ཡ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་འཕགས་སྦེད་བྱེད་སྐུ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ སྐུ་གསུང་ཐུགས་དབང་རྫོགས་ནས་ཀྱང་༔ གནས་ལྔ་ཀུན་ལ་མཁས་པར་ཤོག༔ ཨོཾ་ཨཱརྱ་གོ་པ་ཀཱ་ཡེ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་མི་ཕྱེད་པ་ཡི་སྐུ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ སྐུ་གསུང་ཐུགས་དབང་རྫོགས་ནས་ཀྱང་༔ དོན་འགྲུབ་སྡིག་པ་ཞི་བར་ཤོག༔ ཨོཾ་ཨཱརྱ་ཨ་བྷེ་དུ་ཡེ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་དྷརྨ་ཏཱ་ལའི་སྐུ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ སྐུ་གསུང་ཐུགས་དབང་རྫོགས་ནས་ཀྱང་༔ གདུལ་བྱ་སྨིན་ཅིང་གྲོལ་བར་ཤོག༔ ཨོཾ་ཨཱརྱ་དྷརྨ་ཏཱ་ཡ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་འཕགས་པ་ཧྭ་ཤང་སྐུ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ སྐུ་གསུང་ཐུགས་དབང་རྫོགས་ནས་ཀྱང་༔ འགྲོ་བ་དབང་དུ་འདུ་བར་ཤོག༔ ཨོཾ་ཨཱརྱ་ཧྭ་ཤང་ཡེ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་ཡུལ་འཁོར་སྲུང་གི་སྐུ༔ ཁྱོད་ཀྱི་ལག་ཏུ་གཏད་པ་ཡིས༔ སྐུ་གསུང་ཐུགས་དབང་རྫོགས་ནས་ཀྱང་༔ དུས་ཀྱི་འཁྲུག་པ་ཞི་བར་ཤོག༔ ཨོཾ་དྷིཥྚ་རཱཥཱ་ཡེ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔


CMR046_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་འཕགས་སྐྱེས་པོ་ཡི་སྐུ༔ ཁྱོད་ཀྱི་ལག་ཏུ་གཏད་པ་ཡིས༔ སྐུ་གསུང་ཐུགས་དབང་རྫོགས་ནས་ཀྱང་༔ དུས་མིན་འཆི་བ་ཞི་བར་ཤོག༔ ཨོཾ་བྷེ་རུ་ཌ་ཀཱ་ཡེ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་སྤྱན་མི་བཟང་གི་སྐུ༔ ཁྱོད་ཀྱི་ལག་ཏུ་གཏད་པ་ཡིས༔ སྐུ་གསུང་ཐུགས་དབང་རྫོགས་ནས་ཀྱང་༔ ནོར་ཕྱུགས་དངོས་གྲུབ་ཐོབ་པར་ཤོག༔ ཨོཾ་བྷི་རུ་པཱཀཱ་ཡེ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་རྣམ་ཐོས་སྲས་ཀྱི་སྐུ༔ ཁྱོད་ཀྱི་ལག་ཏུ་གཏད་པ་ཡིས༔ སྐུ་གསུང་ཐུགས་དབང་རྫོགས་ནས་ཀྱང་༔ དངོས་གྲུབ་ཐམས་ཅད་ཐོབ་པར་ཤོག༔ ཨོཾ་བྷེ་ཤ་ཝ་ཎཱ་ཡ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཕྱག་མཚན་རིམ་པ་ནི༔ ཤཱཀྱའི་རྒྱལ་པོ་ནས་བཟུང་སྟེ། རྣམ་ཐོས་སྲས་བར་ཕྱག་མཚན་འགྲིམ༔ ཧཱུྃ༔ འདི་ནི་ཐུབ་དབང་གསེག་ཤང་སྟེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ བསྟན་པའི་བདག་པོའི་དབང་ཐོབ་ཅིང་༔ མཆོག་གི་དངོས་གྲུབ་ཐོབ་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་ཐུབ་དབང་པར་བུ་སྟེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ བསྟན་པའི་བདག་པོའི་དབང་ཐོབ་ཅིང་༔ མཆོག་གི་དངོས་གྲུབ་ཐོབ་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཤཱ་རིའི་བུ་ཡི་


CMR046_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གསེག་ཤང་སྟེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ ཤཱ་རིའི་བུ་ཡི་དབང་ཐོབ་ནས༔ ཤེས་རབ་མཐའ་དག་ཆེ་བར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཤཱ་རིའི་བུ་ཡི་ལྷུང་བཟེད་དེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ ཤཱ་རིའི་བུ་ཡི་དབང་ཐོབ་ནས༔ ཤེས་རབ་མཐའ་དག་ཆེ་བར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མོའུ་འགལ་བུ་ཡི་གསེག་ཤང་སྟེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ མོའུ་འགལ་བུ་ཡི་དབང་ཐོབ་ནས༔ རྫུ་འཕྲུལ་མཐའ་དག་ཐོབ་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མོའུ་འགལ་བུ་ཡི་ལྷུང་བཟེད་དེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ མོའུ་འགལ་བུ་ཡི་དབང་ཐོབ་ནས༔ རྫུ་འཕྲུལ་མཐའ་དག་ཐོབ་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡན་ལག་འབྱུང་གི་སྤོས་ཕོར་ཏེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ ཡན་ལག་འབྱུང་གི་དབང་ཐོབ་ནས༔ ཚུལ་ཁྲིམས་དག་ཅིང་ཉོན་སེལ་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡན་ལག་འབྱུང་གི་རྔ་ཡབ་སྟེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ ཡན་ལག་འབྱུང་གི་དབང་ཐོབ་ནས༔ ཚུལ་ཁྲིམས་དག་ཅིང་ཉོན་སེལ་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མ་ཕམ་པ་ཡི་མཉམ་བཞག་སྟེ༔ ཁྱོད་ཀྱི་ལག་


CMR046_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཞག་པ་ཡིས༔ མ་ཕམ་པ་ཡི་དབང་ཐོབ་ནས༔ ཡོན་ཏན་མཐའ་དག་འཕེལ་བར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ནགས་ན་གནས་ཀྱི་སྡིགས་མཛུབ་སྟེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ ནགས་ན་གནས་ཀྱི་དབང་ཐོབ་ནས༔ གནོད་པ་ཐམས་ཅད་ཞི་བར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ནགས་ན་གནས་གནས་ཀྱི་རྔ་ཡབ་སྟེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ ནགས་ན་གནས་ཀྱི་དབང་ཐོབ་ནས༔ གནོད་པ་ཐམས་ཅད་ཞི་བར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་དུས་ལྡན་རྣ་ཀོར་ཏེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ དུས་ལྡན་གྱི་ནི་དབང་ཐོབ་ཅིང་༔ འཁོར་འདུ་སྤངས་རྟོགས་ཐོབ་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྡོ་རྗེ་མོ་བུའི་སྡིགས་མཛུབ་སྟེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ རྡོ་རྗེ་མོ་བུའི་དབང་ཐོབ་ཅིང་དོན་རྣམས་ཐམས་ཅད་འགྲུབ་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྡོ་རྗེ་མོ་བུའི་རྔ་ཡབ་ས༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ རྡོ་རྗེ་མོ་བུའི་དབང་ཐོབ་ཅིང་༔ དོན་རྣམས་ཐམས་ཅད་འགྲུབ་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་བཟང་པོའི་ཆོས་འཆད་དེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡི༔ གནས་


CMR046_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་བཟང་པོའི་དབང་ཐོབ་ཅིང་༔ དོན་རྟོགས་ཏིང་འཛིན་འགྲུབ་པར་ཤོག༔ ཨ་བྷི་ཥིཉྩཧཱུྃ༔ ཧཱུྃ༔ འདི་ནི་བཟང་པོའི་མཉམ་གཞག་སྟེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ གནས་བརྟན་བཟང་པོའི་དབང་ཐོབ་ཅིང་༔ དོན་རྟོགས་ཏིང་འཛིན་འགྲུབ་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་གསེར་བེའུའི་རིན་ཆེན་ཏེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ གནས་བརྟན་གསེར་བེའུ་དབང་ཐོབ་ཅིང་༔ གཟུངས་དང་སྤོབས་པ་ཐོབ་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་གསེར་བེའུའི་ཞགས་པ་སྟེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ གནས་བརྟན་གསེར་བེའུ་དབང་ཐོབ་ཅིང་༔ གཟུངས་དང་སྤོབས་པ་ཐོབ་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བྷ་ར་དྷ་ཛའི་མཉམ་གཞག་སྟེ་ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ བྷ་ར་དྷ་ཛའི་དབང་ཐོབ་ཅིང་༔ ངན་སོང་གནས་ནས་སྒྲོལ་བར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བ་ཀུ་ལ་ཡི་ནོར་བུ་སྟེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ བ་ཀུ་ལ་ཡི་དབང་ཐོབ་ཅིང་༔ འབྱོར་པ་ཕུན་ཚོགས་ཐོབ་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བ་ཀུ་ལ་ཡི་ནེའུ་ལེ་སྟེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ བ་ཀུ་ལ་


CMR046_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དབང་ཐོབ་ཅིང་༔ འབྱོར་པ་ཕུན་ཚོགས་ཐོབ་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྒྲ་གཅན་ཟིན་གྱི་རིན་ཆེན་ཏེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ སྒྲ་གཅན་ཟིན་གྱི་དབང་ཐོབ་ཅིང་༔ ཉེས་ཞི་ཆོས་ཀུན་རྟོགས་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྒྲ་གཅན་ཟིན་གྱི་སྲོག་ཞུ་སྟེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ སྒྲ་གཅན་ཟིན་གྱི་དབང་ཐོག་ཅིང་༔ ཉེས་ཞི་ཆོས་ཀུན་རྟོགས་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལམ་ཕྲན་བརྟན་གྱི་མཉམ་གཞག་སྟེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ ལམ་ཕྲན་བརྟན་གྱི་དབང་ཐོབ་ཅིང་༔ ཉོན་མོངས་སྡུག་བསྔལ་ཞི་བར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བསོད་སྙོམས་ལེན་གྱི་གླེགས་བམ་སྟེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ བསོད་སྙོམས་ལེན་གྱི་དབང་ཐོབ་ཅིང་༔ སྡུག་བསྔལ་ཐམས་ཅད་ཞི་བར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བསོད་སྙོམས་ལེན་གྱི་ལྷུང་བཟེད་དེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ བསོད་སྙོམས་ལེན་གྱི་དབང་ཐོབ་ཅིང་༔ སྡུག་བསྔལ་ཐམས་ཅད་ཞི་བར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་ལམ་བརྟན་གླེགས་བམ་སྟེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ ལམ་བརྟན་གྱི་ནི་


CMR046_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཐོབ་ཅིང་༔ སྤོབས་བསྐྱེད་བློ་གྲོས་འཕེལ་བར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་ལམ་བརྟན་ཆོས་འཆད་དེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ ལམ་བརྟན་གྱི་ནི་དབང་ཐོབ་ཅིང་༔ སྤོབས་བསྐྱེད་བློ་གྲོས་འཕེལ་བར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཀླུ་ཡི་སྡེ་ཡི་བུམ་པ་སྟེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ ཀླུ་ཡི་སྡེ་ཡི་དབང་ཐོབ་ཅིང་འདོད་འབྱུང་སྡུག་བསྔལ་ཞི་བར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཀླུ་ཡི་སྡེ་ཡི་འཁར་གསིལ་ཏེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ ཀླུ་ཡི་སྡེ་ཡི་དབང་ཐོབ་ཅིང་༔ འདོད་འབྱུང་སྡུག་བསྔལ་ཞི་བར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་སྦེད་བྱེད་གླེགས་བམ་སྟེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ འཕགས་པ་སྦེད་བྱེད་དབང་ཐོབ་ཅིང་༔ གནས་ལྔ་ཀུན་ལ་མཁས་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མི་ཕྱེད་པ་ཡི་མཆོད་རྟེན་ཏེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ མི་ཕྱེད་པ་ཡི་དབང་ཐོབ་ཅིང་༔ དོན་འགྲུབ་སྡིག་པ་ཞི་བར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དྷརྨ་ཏཱ་ལའི་རྔ་ཡབ་སྟེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ དྷརྨ་ཏཱ་ལའི་དབང་ཐོབ་ཅིང་༔ གདུལ་བྱ་སྨིན་ཅིང་གྲོལ་བར་


CMR046_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དྷརྨ་ཏཱ་ལའི་བུམ་པ་སྟེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ དྷརྨ་ཏཱ་ལའི་དབང་ཐོབ་ཅིང་༔ གདུལ་བྱ་སྨིན་ཅིང་གྲོལ་བར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དྷརྨ་ཏཱ་ལའི་གླེགས་བམ་སྟེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ དྷརྨ་ཏཱ་ལའི་དབང་ཐོབ་ཅིང་༔ གདུལ་བྱ་སྨིན་ཅིང་གྲོལ་བར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཧཱ་ཤང་ཐུགས་དམ་བྱི་རུ་པ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ འཕགས་པ་ཧྭ་ཤང་དབང་ཐོབ་ཅིང་༔ འགྲོ་བ་དབང་དུ་འདུས་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འདི་ནི་ཧྭ་ཤང་ཐུགས་དམ་རྣམ་རྒྱལ་ཏེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ འཕགས་པ་ཧྭ་ཤང་དབང་ཐོབ་ཅིང་༔ འགྲོ་བ་དབང་དུ་འདུས་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡུལ་འཁོར་སྲུང་གི་པི་ཝཾ་སྟེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ ཡུལ་འཁོར་སྲུང་གི་དབང་ཐོབ་ཅིང་༔ དུས་ཀྱི་འཁྲུག་པ་ཞི་བར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འཕགས་སྐྱེས་པོ་ཡི་རལ་གྲི་སྟེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ འཕགས་སྐྱེས་པོ་ཡི་དབང་ཐོབ་ཅིང་༔ དུས་མིན་འཆི་བ་ཞི་བར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྤྱན་མི་བཟང་གི་མཆོད་རྟེན་ཏེ༔


CMR046_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ སྤྱན་མི་བཟང་གི་དབང་ཐོབ་ཅིང་༔ ནོར་ཕྱུགས་དངོས་གྲུབ་ཐོབ་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྤྱན་མི་བཟང་གི་སྦྲུལ་ཞགས་ཏེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ སྤྱན་མི་བཟང་གི་དབང་ཐོབ་ཅིང་ནོར་ཕྱུགས་དངོས་གྲུབ་ཐོབ་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྣམ་ཐོས་སྲས་ཀྱི་རྒྱལ་མཚན་ཏེ༔ ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ རྣམ་ཐོས་སྲས་ཀྱི་དབང་ཐོབ་ཅིང་༔ དངོས་གྲུབ་ཐམས་ཅད་ཐོབ་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྣམ་ཐོས་སྲས་ཀྱི་ནེའུ་ལེ་སྟེ༔་ཁྱོད་ཀྱི་ལག་ཏུ་བཞག་པ་ཡིས༔ རྣམ་ཐོས་སྲས་ཀྱི་དབང་ཐོབ་ཅིང་༔ དངོས་གྲུབ་ཐམས་ཅད་ཐོབ་པར་ཤོག༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྣམ་ཐོས་སྲས་ཀྱི་ལྕགས་ཀྱུ་སྟེ༔ ཁྱོདཀྱི་ལག་ཏུ་བཞག་པ་ཡིས༔ རྣམ་ཐོས་སྲས་ཀྱི་དབང་ཐོབ་ཅིང་༔ དངོས་གྲུབ་ཐམས་ཅད་ཐོབ་པར་ཤོག༔ དེ་ནས་དེ་རྣམས་བཟླས་ལུང་ནི༔ སློབ་དཔོན་ཐུགས་ཀའི་སྔགས་འཁོར་ལས༔ སློབ་མའི་ཐུགས་ཀའི་སྔགས་ལ་ཕོག༔ དེ་ལ་གཡས་སུ་འཁོར་བར་བསྒོམ༔ ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་སརྦ་སང་གྷ་པ་རི་པཱུ་ར་ཀ་སྭཱ་ཧཱ༔ དེ་ནས་གཏོར་མའི་དབང་བསྐུར་ནི༔ ཧཱུྃ༔


CMR046_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ཐུབ་པ་གནས་བཅུ་སྟེ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ ནད་གདོན་སྡིག་སྒྲིབ་དག་ནས་ཀྱང་༔ བྱིན་རླབས་ཆར་རྒྱུན་བབ་པར་སྒོམས༔ ཐུབ་པ་གནས་བཅུ་བཅས་པ་ཡིས༔ སློབ་མ་འདི་ལ་བསྲུང་བ་དང་༔ སྐྱབས་མགོན་སྡོང་གྲོགས་མཛད་པ་དང་༔ ནད་གདོན་སྡིག་སྒྲིབ་བར་ཆད་ཀུན༔ མྱུར་དུ་ཞི་བར་མཛད་ནས་ཀྱང་༔ ཚེ་བསོད་དཔལ་འབྱོར་ཐམས་ཅད་ཀུན༔ མྱུར་དུ་ཁྱེད་ཀྱིས་རྒྱས་པས་མཛོད༔ སྣང་སྲིད་ཁམས་གསུམ་དབང་སྡུད་མཛོད༔ ལོག་འདྲེན་དགྲ་བགེགས་ཚར་གཅོད་ཤོག༔ ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་སརྦ་སང་གྷ་པ་རི་པུ་ར་ཀ་སྭཱ་ཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ གོང་ལྟར་མཎྜལ་གསོལ་འདེབས་བྱ༔ གཙོ་བོས་ཇི་ལྟར་མཎྜལ་བྱ༔ དེ་ལྟར་བྱས་ན་འདིས་ཀྱང་ནི༔ གཏོར་དབང་བྱ་བའི་དབང་རྫོགས་འགྱུར༔ གཙོ་བོས་ཇི་ལྟར་བཀའ་སྩལ་པ༔ དེ་དག་ཐམས་ཅད་བདག་གིས་བགྱི༔ འདི་རུ་གོང་གི་མཎྜལ་སྦྱར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ ཅེས་པ་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་བྱ་ལོ་ས་ག་ཟླ་བའི་བཅུ་བཞིའི་ཉིན་ཐུབ་པ་གནས་བརྟན་འཁོར་དང་བཅས་པས་དངོས་སུ་མགྲིན་གཅིག་དབང་བསྐུར་བ་ལགས་སོ༔ མངྒ་ལཾ། ༧ བཟོ་རིག་གནས་མདོ་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

གནས་བརྟན་བརྒྱུད་པའི་གསོལ་འདེབས་བསྟན་པ་རྒྱས་པའི་པད་ཚལ།


CMR046_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བརྟན་བརྒྱུད་པའི་གསོལ་འདེབས་བསྟན་པ་རྒྱས་པའི་པད་ཚལ་བཞུགས། ༈ རྐང་གཉིས་གཙོ་བོ་སྟོན་པ་ཤཱཀྱའི་ཏོག །འཕགས་མཆོག་ཤཱ་རིའི་བུ་དང་མོའུ་འགལ།གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །ཚུལ་ཁྲིམས་ཉམས་མེད་མཆོག་གི་དངོས་གྲུབ་སྩོལ། །ཡན་ལག་འབྱུང་དང་མི་ཕམ་ནགས་ན་གནས། །དུས་ལྡན་རྡོ་རྗེ་མོ་བུ་བཟང་པོ་ལ། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །ཚུལ་ཁྲིམས་ཉམས་མེད་མཆོག་གི་དངོས་གྲུབ་སྩོལ། །གསེར་བེའུའི་བྷ་ར་དྷ་ཛཱ་གསེར་ཆེན་མཆོག །འཕགས་པ་བ་ཀུ་ལ་དང་སྒྲ་གཅན་འཛིན། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །ཚུལ་ཁྲིམས་ཉམས་མེད་མཆོག་གི་དངོས་གྲུབ་སྩོལ། །ལམ་ཕྲན་བྷ་ར་དྷ་ཛཱ་བསོད་སྙོམས་ལེན། །ལམ་ཕྲན་ཀླུ་སྡེ་སྦེད་བྱེད་མི་ཕྱེད་པ། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །ཚུལ་ཁྲིམས་ཉམས་མེད་མཆོག་གི་དངོས་གྲུབ་སྩོལ། །དགེ་བསྙེན་དྷརྨ་ཏཱ་དང་ཧྭ་ཤང་དང་། །བསྟན་པ་སྐྱོང་མཛད་རྒྱལ་ཆེན་སྡེ་བཞི་ལ། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །ཚུལ་ཁྲིམས་ཉམས་མེད་མཆོག་གི་དངོས་གྲུབ་


CMR046_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ། །མི་འགྱུར་རྡོ་རྗེ་ཀརྨ་ཆགས་མེད་ཞབས། །ཆོས་བདག་བསྟན་འཛིན་སྐྱེས་ཆེན་ཐམས་ཅད་ལ། །གསོལ་བ་འདེབས་སོ་ཡེ་ཤེས་སྤྱན་གྱིས་གཟིགས། །ཚུལ་ཁྲིམས་ཉམས་མེད་མཆོག་གི་དངོས་གྲུབ་སྩོལ། །དེ་ལྟར་གནས་བརྟན་བརྒྱུད་པར་བཅས་པ་ལ། །གསོལ་བཏབ་བྱིན་མཐུའི་རྒྱལ་བསྟན་དར་ཞིང་རྒྱས། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་འཕྲིན་སྤེལ། །འདུས་པ་ཐུགས་མཐུན་ཆོས་སྤྱོད་འཕེལ་བར་ཤོག །སྒྲིབ་གསུམ་ཉེས་ལྟུང་དྲི་མས་མ་གོས་པ། །བསླབ་གསུམ་ཚུལ་ཁྲིམས་དྲི་བསུང་རབ་འཕྲོ་བའི། །སྡོམ་གསུམ་པདྨའི་ཚལ་ཆེན་རབ་རྒྱས་པར། །མཆོག་གསུམ་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་དད་གསུམ་ལྡན་པ་ཤཱཀྱའི་དགེ་སློང་ཀརྨ་ཚོགས་གཉིས་ཀྱིས་བསྐུལ་ངོར། ༧ ཆགས་སྤྲུལ་ལྔ་པ་ཀརྨ་ཐུབ་བསྟན་རྣམ་རྒྱལ་ངེས་དོན་བསྟན་པ་འཛིན་པའི་སྡེར་འབོད་པས་བྲིས་པ་བསྟན་པ་དར་ཞིང་རྒྱས་པར་གྱུར་ཅིག །

གནས་བརྟན་ཆོ་ག་ཤིན་ཏུ་བསྡུས་པ་འཕགས་ཚོགས་རྒྱ་མཚོ་ཚུལ་ཁྲིམས་དྲི་ལྡན།


CMR046_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བརྟན་ཆོ་ག་ཤིན་ཏུ་བསྡུས་པ་འཕགས་ཚོགས་རྒྱ་མཚོ་ཚུལ་ཁྲིམས་དྲི་ལྡན་བཞུགས་སོ། ༈ གནས་བརྟན་ཆོ་ག་བསྡུས་པ་ནི། མདུན་དུ་རིན་ཆེན་ཁང་བཟང་རྒྱ་ཆེ་བར། །དབུས་སུ་སེངྒེས་བཏེག་པའི་རཏྣའི་ཁྲི། །ལྷ་རྫས་གོས་ཀྱིས་བཀླུབ་ཅིང་ཆུ་སྐྱེས་དང་། །ཟླ་བའི་སྟེང་ན་སྟོན་པ་ཤཱཀྱ་ཐུབ། །མཚན་དང་དཔེ་འབར་ཆོས་གོས་རྣམ་གསུམ་གསོལ། །ས་གནོན་མཉམ་གཞག་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །གཡས་གཡོན་ཤཱ་རིའི་བུ་དང་མོའུ་འགལ། །ཡན་ལག་འབྱུང་སོགས་གནས་བརྟན་བཅུ་དྲུག་རྣམས། །གསེར་མདོག་ཆོས་གོས་རྣམ་གསུམ་སྐུ་ལ་གསོལ། །ཕྱག་མཚན་སྣ་ཚོགས་འཛིན་ཅིང་ལྷམ་མེར་བཞུགས། །མདུན་དུ་འཕགས་པའི་དགེ་བསྙེན་དྷརྨ་ཏཱ། །སངས་རྒྱས་མཆོད་པའི་བྱེད་པོ་ཧྭ་ཤང་ནི། །མཆོད་རྫས་སྣ་ཚོགས་ཐོགས་ཤིང་དགྱེས་པའི་ཉམས། །ཕྱོགས་བཞིར་རྒྱལ་པོ་ཆེན་པོ་སྡེ་བཞིར་བཅས། །སྣང་ཞིང་སྟོང་ལ་འཇའ་ཚོན་ལྟ་བུར་གསལ། །ཐུགས་རྗེས་རྩོད་པའི་དུས་ཀྱི་གདུལ་བྱ་རྣམས། །རྣམ་གྲོལ་ལམ་ལ་འགོད་མཛད་འགྲོ་བའི་མགོན། །ཐུབ་པ་མཆོག་དང་གནས་བརྟན་ཆེན་པོ་རྣམས། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་


CMR046_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །གནས་བརྟན་བཅུ་དྲུག་འདིར་བྱོན་གདན་ལ་བཞུགས། །དགེ་བསྙེན་སྐྱབས་གསོལ་དཀོན་མཆོག་བསྟན་པ་སྲུངས། །དྷརྨ་ཏཱ་དང་ཧྭ་ཤང་རྒྱལ་ཆེན་བཞི། །འདིར་གཤེགས་དགྱེས་པའི་གདན་ལ་བཞུགས་སུ་གསོལ། །བདག་སོགས་གྲངས་མེད་ལུས་སྤྲུལ་གུས་པ་ཡི། །དྭངས་བ་ཆེན་པོའི་ཕྱག་འཚལ་སྐྱབས་སུ་མཆི། །རྐང་གཉིས་གཙོ་བོ་སྟོན་པ་ཤཱཀྱའི་རྒྱལ། །མཆོག་ཟུང་གཉིས་དང་བཅས་ལ་ཕྱག་འཚལ་ལོ། །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །སངས་རྒྱས་བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཡན་ལག་འབྱུང་དང་མ་ཕམ་ནགས་ན་གནས། །དུས་ལྡན་རྡོ་རྗེ་མོ་བུ་བཟང་པོ་དང་། །གསེར་བེའུའི་བྷ་ར་དྷཱ་ཛཱར་ཕྱག་འཚལ་ལོ། །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །སངས་རྒྱས་བསྟན་པ་རྒྱས་པར་བྱིན་གྱིས་རློབས། །འཕགས་པ་བ་ཀུ་ལ་དང་སྒྲ་གཅན་འཛིན། །ལམ་ཕྲན་བྷ་ར་དྷཱ་ཛཱ་བསོད་སྙོམས་ལེན། །ལམ་ཕྲན་ཀླུ་སྡེ་སྦེད་བྱེད་མི་ཕྱེད་པ། །དྷརྨ་ཏཱ་དང་ཧྭ་ཤང་ལ་ཕྱག་འཚལ། །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །སངས་རྒྱས་བསྟན་པ་རྒྱས་པར་བྱིན་གྱིས་རློབས། །བརྩོན་པས་གོ་བསྒོས་སངས་རྒྱས་བསྟན་པ་


CMR046_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

སྲུངས། །ཕྱོགས་བཞིའི་རྒྱལ་ཆེན་བཞི་ལ་ཕྱག་འཚལ་ལོ། །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །སངས་རྒྱས་བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཐུབ་དབང་གནས་བརྟན་འཁོར་དང་བཅས་རྣམས་ལ། །དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་པའི་སྤྲིན། །ལུས་དང་ལོངས་སྤྱོད་དགེ་ཚོགས་མཆོད་པ་འབུལ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་ནས། །ཏིང་འཛིན་ཟས་ཀྱིས་རྟག་ཏུ་འཚོ་བ་དང་། །སྦྱིན་པའི་ཕར་ཕྱིན་རྫོགས་པར་བྱིན་གྱིས་རློབས། །བདག་དང་མཁའ་མཉམ་སེམས་ཅན་མ་ཐམས་ཅད་ཀུན། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ཐོབ་པར་ཤོག །སྡིག་ལྟུང་ཉེས་པའི་དྲི་ཡི་མ་གོས་པ། །འཕགས་པ་ཉེ་བ་འཁོར་ལྟར་མཉམ་པར་ཤོག །རྨད་བྱུང་སྦྱངས་པའི་ཡོན་ཏན་ཕུལ་བྱུང་བ། །འཕགས་པ་འོད་སྲུང་ལྟ་བུར་འབྱུང་གྱུར་ཅིག །བཤད་སྒྲུབ་ཐོས་བསམ་སྒོམ་གསུམ་རབ་སྦྱངས་ནས། །དགེ་འདུན་འཕགས་པའི་ཚོགས་རྣམས་རྒྱས་གྱུར་ཅིག །སངས་རྒྱས་སྤྲུལ་པ་དགྲ་བཅོམ་འཕགས་པའི་ཚོགས། །འགྲོ་བའི་དོན་དུ་བསྟན་པ་སྐྱོང་མཛད་པ། །དཀོན་མཆོག་གསུམ་དངོས་གནས་བརྟན་བཅུ་དྲུག་གི །བསྟན་


CMR046_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡུང་རིང་གནས་པར་བྱིན་གྱིས་རློབས། །དེ་ལྟར་བདག་གི་གསོལ་བ་བཏབ་པའི་མཐུས། །ཐུབ་དབང་གནས་བརྟན་རྣམས་ལས་འོད་ཟེར་འཕྲོས། །བདག་གཞན་ལ་ཕོག་སྒོ་གསུམ་དྲི་མ་སྦྱངས། །ཡེང་མེད་ཏིང་འཛིན་ཤེས་རབ་ཚུལ་ཁྲིམས་གྱི། །བསླབ་གསུམ་དངོས་གྲུབ་བྱིན་རླབས་ཐོབ་པར་གྱུར། །ཐུབ་དབང་གནས་བརྟན་ཡེ་ཤེས་པ་རྣམས་ཀུན་། །འོད་ཞུ་རང་ཐིམ་དབྱེར་མེད་གཅིག་ཏུ་འདྲེས། །རྒྱལ་ཆེན་སྡེ་བཞིའི་རང་རང་དངོས་གྲུབ་ཚོགས། །སྩོལ་ཞིང་སོ་སོའི་གནས་སུ་གཤེགས་པར་གྱུར། །དུས་གསུམ་རྒྱལ་ཟློབ་སྲས་བཅས་ཐུགས་རྗེ་ཡི། །ཉན་ཐོས་ཚུལ་བཟུང་སྲིད་པའི་ཇི་སྲིད་བར། །བསྟན་པ་སྐྱོང་ཞིང་འགྲོ་བའི་དོན་མཛད་པ། །གནས་བརྟན་ཆེན་པོ་རྣམས་ཀྱི་བཀྲ་ཤིས་ཤོག །བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུ་ས་སྟེང་ཡོངས་ལ་ཁྱབ། །བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །བཀྲ་ཤིས་བརྗོད། དེ་ལྟར་གནས་བརྟན་བཅུ་དྲུག་གི་ཕྱག་མཆོད་འདི་ཉིད་རྟག་པར་བརྩོན་ན་ནད་གདོན་བར་ཆད་ཞི་ཞིང་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་འགྱུར་བ་དང་། བསྟན་པ་ལ་ཕན་ཐོགས་པའི་ནུས་པ་


CMR046_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པར་འགྱུར་རོ། །གང་ཞིག་དགེ་འདུན་རྣམས་ཀྱིས་འཚོགས་སུ་འདོན་པར་བྱས་ན་དེར་གནས་བརྟན་བཅུ་དྲུག་མངོན་སུམ་དུ་འབྱོན་ཞིང་བྱིན་གྱིས་རླབས་པ་དང་། དགེ་འདུན་གྱི་སྡེ་ཆེན་པོ་འདུ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་སྡེ་བཞིའི་བསྲུང་ཞིང་སྐྱོང་བར་འགྱུར་རོ། །ཞེས་པ་འདི་ཡང་དད་པའི་དཔལ་ལྡན་པ་ཤཱཀྱའི་རྗེས་འཇུག་ཀརྨ་བཀྲ་ཤིས་དཔལ་འབྱོར་ནས་བསྐུལ་ངོར། ༧ ཆགས་སྤྲུལ་ལྔ་པ་ཀརྨ་ཐུབ་བསྟན་རྣམ་རྒྱལ་ངེས་དོན་བསྟན་པ་འཛིན་པའི་སྡེས་གནས་མདོ་ཐུབ་བསྟན་བཤད་སྒྲུབ་གླིང་གི་ཆོས་འཁོར་ཆེན་པོའི་ཡང་དབེན་གཟིམ་ཆུང་པདྨ་བཀོད་དུ་མཚམས་ཀྱི་ཐུན་བར་གཅིག་ཏུ་རྫོགས་པར་བྲིས་པའི་དགེ་བས་རང་གཞན་གྱི་སྒྲིབ་གསུམ་ལྷག་མེད་དུ་བྱང་ཞིང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཐོབ་པ་དང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག །དགེའོ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་སྒྲོལ་མ་དམར་མོ་ཀུ་རུ་ཀུལླེའི་སྤྲོས་མེད་ཉམས་ལེན་ཟབ་མོ།


CMR046_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ སྒྲོལ་མ་དམར་མོ་ཀུ་རུ་ཀུལླེའི་སྤྲོས་མེད་ཉམས་ལེན་ཟབ་མོ་བཞུགས་སོ།།


CMR046_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི། །འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །རང་ཉིད་སྐད་ཅིག་དྲན་རྫོགས་སུ། །ཀུ་རུ་ཀུལླེ་སྐུ་མདོག་དམར། །ཞལ་གཅིག་ཕྱག་བཞི་དང་པོ་གཉིས། །མདའ་གཞུ་འཛིན་ཅིང་འོག་མ་གཉིས། །ལྕགས་ཀྱུ་ཞགས་པ་འཛིན་པ་སྟེ། །གཡས་བསྐུམ་གཡོན་བརྐྱངས་གར་བསྟབས་འགྱིང་། །མེ་ཏོག་དམར་པོའི་ཕྲེང་བས་བརྒྱན། །དར་དང་རིན་ཆེན་རྒྱན་གྱིས་བཀླུབས། །གནས་གསུམ་ཡིག་འབྲུ་གསུམ་པོ་དང་། །


CMR046_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཉི་སྟེང་ཧཱིདམར་མཐར། །སྔགས་ཕྲེང་གཡོན་དུ་འཁོར་བ་ལས། །འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། །ཀུ་རུ་ཀུལླེའི་རི་ཕུག་ནས། །རང་འདྲ་དཔག་མེད་སྤྱན་དྲངས་བསྟིམ། །རང་ལས་སྤྲུལ་པའི་མཆོད་པའི་ཚོགས། །དཔག་མེད་བཅོམ་ལྡན་འདས་མ་མཆོད། །ཨགྷོ་སོགས་ཀྱིས་མཆོད། བརྩེ་བས་རྗེས་ཆགས་པདྨ་རཱ་གའི་མདོག །ཞལ་གཅིག་ཕྱག་བཞི་ཞབས་གཉིས་མཛེས་པའི་སྐུ། །མདའ་གཞུ་ཨུཏྤལ་དབང་གི་ལྕགས་ཀྱུ་འཛིན་། །བཅོམ་ལྡན་རིག་བྱེད་མ་ལ་ཕྱག་འཚལ་བསྟོད། །ཐུགས་ཀའི་སྔགས་ཕྲེང་གཡོན་དུ་འཁོར་བ་ལས།


CMR046_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་པ་ཡིས། །འཁོར་འདས་སྣང་སྲིད་ཀུན་གྱི་དངོས་གྲུབ་བསྡུས། །རང་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་རྒྱས། །ༀ་ཀུ་རུ་ཀུ་ལླེ་ཧཱུྃ་སྭཱ་ཧཱ༔ འདི་ཉིད་རྒྱུན་ཏུ་བཟླས་པས་བསྙེན་པ་ཡིན། ཀུ་རུ་ཀུལླེའི་ཐུགས་ཀ་ནས། །འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས། །འཕྲོས་ཏེ་དགེ་འདུན་ཐམས་ཅད་ཀུན། །རང་གི་དབང་དུ་འདུས་པར་བསམ། །ཨོཾ་ཀུ་རུ་ཀུལླེ་ཧཱིསརྦ་སཾ་གྷ་པཱ་ཤཾ་ཀུ་རུ་སྭཱ་ཧཱ། འཁོར་སློབ་འདུ་བའི་གདམས་པ་ཟབ། རང་ཉིད་ཀུ་རུ་ཀུལླེ་ནི། །ནམ་མཁའ་ཁྱབ་པར་བསྒོམ་པ་ཡི། །ཐུགས་ཀར་རང་སེམས་ལྷ་མོའི་སྐུ། །གཟི་བརྗིད་ལྡན་པར་བསྒོམ་པ་ལས། །འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། །དམིགས་བྱ་གང་ཡིན་འོད་དེས་བཀུག །བྷ་གའི་ནང་ནས་སྤྱན་དྲངས་ནས། །ལྟེ་བའི་ཐད་དུ་ཐལ་མོ་སྦྱར། །རང་སེམས་ལྷ་མོ་ལ་གུས་བསྒོམ། །རང་སེམས་ལྷ་མོའི་བྷ་ག་ནས། །བྱང་སེམས་དམར་པོ་མཚལ་ཁུ་ལྟར། །བབས་པས་ཁོ་ལ་ཁྲུས་བྱས་པས། །ཁོ་ཡི་ལུས་གང་བདེ་བས་ཁྱབ། །སྙིང་ཁའི་ལྷ་མོ་ལ་གུས་ནས། །ཆགས་པས་མྱོས་ཏེ་འདུག་པར་བསམ། །ཡང་ན་འོད་ཟེར་དམར་པོ་ནི། །ལྕགས་


CMR046_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱུའི་དབྱིབས་ཅན་འཕྲོས་པ་ཡིས། །གང་དམིགས་དབང་དུ་འདུས་པར་བསམ། །སྤྱི་ལ་བྱེད་ན་ལོ་ཀ་དང་གཅིག་ལ་བྱེད་ན་རྒེ་སྦྱར། ཨོཾ་ཀུ་རུ་ཀུལླེ་ཧྲིསརྦ་ལོ་ཀ་པ་ཤཾ་ཀུ་རུ་ཧོ་སྭཱ་ཧཱ། དེ་དག་དམིགས་པ་གང་ཡིན་ཀྱང་། མཇུག་ཏུ་སེམས་ངོ་ཡུད་ཙམ་སྐྱོང་། དེ་ཡི་མགོ་ནོན་གནད་ཟབ་ཡིན། །གནམ་ཆོས་སྤྲོས་མེད་ཉམས་ལེན་ཚུལ། །གོ་བདེ་ཚིག་གིས་བཀྲོལ་བ་ཡིན། །རྒྱས་པར་འདོད་ན་རྩ་གསུམ་གྱི། །ལས་བྱང་ནང་དུ་མངོན་རྟོགས་བཅུག །དེ་མིན་གབ་པ་གཞན་དུ་མེད། །བླ་མ་མཐུ་སྟོབས་ལ་ཕན་ཕྱིར། །རཱ་ག་ཨ་སྱས་སྨྲས་པ་ལྟར། །དབོན་པོ་ཉིད་ཀྱིས་ཡི་གེ་བྲིས། །ཉེས་འགལ་ཆོས་བདག་ཉིད་ལ་བཤགས། །དགེ་བས་བསྟན་ལ་ཕན་ཐོག་ཤོག ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཀུ་རུ་ཀུལླེའི་མན་ངག


CMR046_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་ལྷ་རྣམས་ལ་དམིགས་པ་འདི་བཞིན་བཟླས། དེ་ཡང་གནད་དམིགས་ནི་ཙིཏྟའི་དཀྱིལ་དུ་ཆོངས་ལ་སྦོས་རྒྱ། པོ་པཀྵི་ཁ་ཐཾ། གནད་ཀྱི་མན་ངག་ཟབ་མོ་ཀུན་བསྟན་པ། །དབང་སྡུད་ཐུན་མོང་མ་ཡིན་ལྷ་གསུམ་གྱི། །སོ་སོའི་གཏོར་འབུལ་མཇུག་ཏུ་རང་སྔགས་ལ། གཏོར་སྔགས་བཏགས་ཏེ་འབུལ་མཐར་དམིགས་པ་ནི། །རང་ཉིད་ཡི་དམ་ལྷ་ཡི་ཐུགས་ཀ་ནས། །འོད་ཟེར་དམར་པོ་འཕྲོས་པས་ཇི་ལྟ་བསྐུལ། །ཐུགས་ཀའི་ལྷ་མོ་ཀུ་རུ་ཀུལླེ་ལས། །རང་འདྲ་ལས་བྱེད་མཁའ་འགྲོ་ཕྱག་གཉིས་མ། །ལྕགས་ཀྱུ་ཞགས་པ་ཐོགས་པ་གྲངས་མེད་འཕྲོས། །ཆེ་བཙན་འགྲོ་བའི་ཙིཏྟ་ལྕགས་ཀྱུའི་བཟུང་། །ཞགས་པས་སྐེ་བཅིངས་རང་མདུན་དབང་མེད་བཀུག །བདག་ལ་དད་མོས་ཐལ་སྦྱར་གུས་འདུད་བསམ། །ལས་བྱེད་ལྷ་མོའི་ཁོང་རྣམས་སྤྱི་གཙུག་ནས། །གསང་ལམ་རཀྟ་དམར་པོའི་དབང་བསྐུར་ནས། །སེམས་བསྒྱུར་ཡིད་ཆགས་བརྒྱལ་འབོགས་རང་མདུན་འགྱེལ། །སླར་ཡང་ཀུ་རུ་ཀུལླེའི་ཐུགས་འོད་དེས། །ཁོང་རྣམས་ཡིད་ཆགས་རབ་ཏུ་མྱོས་ཤིང་འགུགས། །མ་ལུས་བདག་གི་དབང་དུ་འདུས་གྱུར་ནས། །ཟས་གོས་རྟ་ནོར་ལོངས་སྤྱོད་ཐམས་ཅད་ཕུལ། །ཛཾ་ལྷའི་སྐུ་དང་ཕྱག་ཞབས་ནོར་སྐྱུགས་ལས། །


CMR046_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་འདོད་དགུའི་ཆར་རྒྱུན་བབ་གྱུར་ནས། །འཛད་མེད་ནམ་མཁའི་མཛོད་ལ་དབང་ཐོབ་སྒོམ། །ཨོཾ་ཛ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ནཾ་མི་དྷི་ཀུ་རུ་ཀུལླེ་ཧི༔ འགྲོ་བ་མི་ཡི་ཙིཏྟ་ལ་ཨ་པ་ར་ཙིཏྟ་ཛ་ཛཿ ཨོཾ་ཧྲཱིཿཛཿཧཱུྃ་ཛཾ་བྷ་ལ་རཏྣ་ཨ་མུ་ཀཾ་ཨ་ཀར་ཡ་ཛ་ཛཿ ནོར་རྫས་ཐམས་ཅད་བདག་ལ་དུང་དུང་། བསྡུས་བསྡུས། མགོ་ནག་མི་ཡི་སེམས་དཀྲུག་དཀྲུག །སྙིང་སྨྱོ་རུ་ཆུག །རྐང་པ་འགྲོ་རུ་ཆུག །ཡིད་ཀྱི་རྣམ་པར་ཤེས་པ་རང་དབང་མེད་པར་ཁུག་ལ་ཤོག །སརྦ་ལོ་ཀ་པ་ཤཾ་ཀུ་རུ་ཧཱུྃསྭཱ་ཧཱ། ཞེས་ཐུན་མོང་མ་ཡིན་པའི་དབང་སྡུད་ཀྱི་དམིགས་པ་གནད་ལ་སྦྱར་ཏེ་བཟླས་སོ། །བདག་ལྷའི་འོད་ཀྱི་རྣམ་སྲས་ཐུགས་ཀར་ཕོག །བེ་ཉིད་བསྲེག་ཅིང་རབ་ཏུ་གདུང་བ་ཡིས། །ཐུགས་རྒྱུད་རང་དབང་མེད་པར་བསྐུལ་བྱས་ནས། །དེ་ཡི་ཐུགས་ལས་འོད་དམར་ལྕགས་ཀྱུའི་དབྱིབས། །འཕྲོས་ཤིང་འཁོར་གྱི་གནོད་སྦྱིན་ནོར་བདག་རྣམས། །རབ་ཏུ་བསྐུལ་ཏེ་བུང་བའི་རྣམ་པ་ཅན། །དཔག་མེད་མཁའ་ཁྱབ་སོང་ཚེ་ཆེ་བཙན་དང་། །སྦྱིན་བདག་ཕོ་མོའི་སྣ་ནས་སྙིང་ནང་ཞུགས། །སེམས་སྨྱོས་བརྒྱལ་འབོག་རང་དབང་དང་བྲལ་ཏེ། །བཅུད་དང་མདངས་འཇིབ་འོད་ཀྱིས་ཚུར་བཀུག་ནས། །


CMR046_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

རང་མདུན་དད་མོས་ཐལ་སྦྱར་དབང་དུ་བསྡུས། །ནོར་རྫས་གུས་ཕུལ་རྣམ་སྲས་ཞལ་དང་ནི། །ནེའུ་ལེ་བྱུང་ཡིད་བཞིན་ནོར་བུ་ཡི། །ཆར་བབ་བདག་ནི་རབ་ཏུ་ཚིམ་པར་བསམ། །ཨོཾ་བཻ་ཤྲ་མ་ཎ་ཡ་མ་མ་དྷ་ན་དྷེ་ཧི་དྷེ་ཧི་སྭཱ་ཧཱ། ཨོཾ་བསྟུད་དུ་བསྟུད་དུ་མ་མ་ཀུན་ནེ་ཀུན་ནེ་སྭཱ་ཧཱ། ཨོཾ་འགུལ་འགུལ་མ་མ་ཧྲི་ཧྲི་བསྡུས་བསྡུས་མ་མ་ཁ་ཤི་བོ་སྐྱེ་འགྲོ་ཕོ་མོའི་ཟས་ནོར་ལོངས་སྤྱོད་དང་བཅས་པ་མ་མ་ཨ་ཀར་ཡ་ཧཱུྃ་ཧཱིཛ་ཛཿ ཧཱུྃཧཱུྃ་བསྡུས་བསྡུས་སྭཱ་ཧཱ། ཞེས་ཁྱད་པར་གྱི་དམིགས་པ་དང་བཅས་ཏེ་བྱའོ། །བདག་ལྷའི་འོད་ཀྱིས་ལྷ་ཆེན་ཐུགས་ཀར་ཕོག །རབ་ཏུ་བསྐུལ་ཏེ་དེ་ལས་འོད་དམར་པོ། །ལྕགས་ཀྱུའི་རྣམ་པ་འཕྲོས་དང་ཁྱབ་གཅིག་པར། །འཁོར་གྱི་ལྷ་མོ་ལྕགས་ཀྱུའི་ཞགས་པ་ཅན། །འོད་དམར་དང་བཅས་འཇིག་རྟེན་ཁྱབ་པར་འཕྲོས། །ཆེ་བཙན་དྲེགས་པ་ལ་སོགས་འགྲོ་ཀུན་གྱི། །ལྕགས་ཀྱུས་སྙིང་བཟུང་ཞགས་པས་རབ་བཅིངས་ནས། །རང་དབང་དང་བྲལ་འོད་དམར་ནང་དུ་བསྡུས། །མཁོ་དགུའི་ལོངས་སྤྱོད་སྣ་ཚོགས་ནོར་གྱི་གཏེར། །དཔག་མེད་ནམ་མཁའ་ཁྱབ་པར་ཀྱི་ལི་ལི། །རང་མདུན་བཀུག་སྟེ་དད་མོས་གདུང་བ་ཡིས། །ཕུལ་ཏེ་


CMR046_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་བར་དབང་དུ་འདུས་པར་བསམ། ཨོཾ་མ་ཧཱ་དེ་ཝ་ཛཿ ཨུ་མ་དེ་ཝ་ཧཱུྃ༔ ལོ་ཀ་ནི་དྷི་དྷ་ན་ཛ་ཛཿ ཧཱུྃ་ཧཱུྃ། རྭ་ཛ་སིདྡྷི་ཁུག་ཁུག །ཝ་ཤཾ་ཀུ་རུ་ཧཱུྃ་ཛཿ ཨོཾ་མ་ཧཱ་དེ་ཝ་ཛ་ཛཿ ཛུ་ཛུ་ཧཱུྃ་ཧཱུྃ། ཁུག་ཁུག །དུང་དུང་། སློང་སློང་ལོ་ཀ་སརྦ་ཝ་ཤཾ་ཀུ་རུ་ཛཿ བ་སུ་སིདྡྷི་ཕ་ལ་བསྡུས་བསྡུས། ཨོཾ་ཀུ་ཤ་ཧྲི་ཧྭ། པ་ཤཾ་ཀུ་རུ་ཧཱུྃ་ཧཱུྃ་ཛ་ཛཿ ཞེས་གནད་ཀྱི་མན་ངག་དམིགས་པ། ཟབ་མོ་དང་ལྡན་པར་བྱའོ། ༈ །ལྷ་ཆེན་གྱི་བཟླས་དམིགས་མཇུག་ཏུ། གནོད་སྦྱིན་ཤན་དམར་གྱི་བཟླས་དམིགས་བྱ་སྟེ། གནོད་སྦྱིན་ཐུགས་ཀར་ཉི་སྟེང་ཀཿདམར་པོ། །རང་སྔགས་འཁོར་བས་རྒྱུད་བསྐུལ་ནུས་རྩལ་སྤྲུགས། །གནོད་སྦྱིན་སྤྲུལ་པའི་ཕོ་ཉ་རྡུལ་ལྟར་འགྱེད། །འགྲོ་བ་དབང་བསྡུས་དཔལ་འབྱོར་རྒྱས་པར་བསམ། ཨོཾ་ཨེ་ཧེ་དམར་རུ་རྩེ་གུ་ཎ་ཧྲི་ཧཱུྃ་ཛཿ ལོ་ཀ་སརྦ་པ་ཤཾ་ཀུ་རུ་སྭཱ་ཧཱ། ཟངས་སྦྱར་གབ་རྒྱ་ཐོ། ༈ དེ་ནས་བསྙེན་སྒྲུབ་བྱེད་པ་ནི། རང་གི་ཐུགས་ཀའི་འོད་ཟེར་གྱིས། །མདུན་གྱི་བཙན་རྒོད་འཁོར་རྣམས་བསྐུལ། །འཁོར་བཅས་ཐུགས་ཀར་ཟླ་བའི་སྟེང་། །ཧཱུྃ་ཡིག་དམར་པོའི་མཐའ་མ་ལ། །སྔགས་ཕྲེང་གཡས་སུ་འཁོར་བར་གྱུར། །དེ་ལས་འོད་ཟེར་ཁ་དོག་ལྔ། །དཀར་པོས་ནད་གདོན་


CMR046_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་ཞི། །སེར་པོས་ཚེ་བསོད་དཔལ་འབྱོར་རྒྱས། །དམར་པོས་འདོད་དགུ་དབང་དུ་བསྡུས། །ལྗང་གུས་ཅི་བསམ་ཐམས་ཅད་འགྲུབ། །ནག་པོས་གནོད་བྱེད་རྡུལ་དུ་བརླག །ཅི་བཅོལ་ཕྲིན་ལས་འགྲུབ་པར་མཛོད། ཨེ་ཧེ་དམར་རུ་རྩེ་གླུ་ཎ་ཧྲི་ཏྲི་ཧཱུྃ་ཛཿ ཨོཾ་པྲ་ཎ་ཨརྨ་ཀཱ་རུ་པུ་རུ་ཥ་ཧཱུྃ་ཕཊ༔ ཅེས་བསྙེན་པ་བྱའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཀུ་རུ་ཀུལླེའི་གཏོར་མ།


CMR046_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ལས་རིན་ཆེན་པདྨ་འོད་ལྔའི་ནང་། །དེ་དབུས་ཧྲིལས་ཀུ་རུ་ཀུལླེ་དམར། །ཞི་མ་ཁྲོ་འཛུམ་སྣ་ཚོགས་རྒྱན་ལྡན་ཞིང་། །ཕྱག་བཞི་ལྕགས་ཀྱུ་ཞགས་པ་མདའ་གཞུ་འཛིན། །ཞབས་གཉིས་འདོར་སྟབས་ཉི་ཟླ་པད་གདན་བཞུགས། །སྔགས་ཕྲེང་གཡོན་འཁོར་སྤྱན་དྲངས་བདག་ལ་ཐིམ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཨུ་ཀ་ཡེ། ཨ་པཱ་ཡེ། ཀ་པ་ཡེ་བཛྲ་སིདྡྷི་སིདྡྷི་ཧཱུྃ་ཛ་ཛཿ མདུན་དུ་རིན་ཆེན་ཟངས་གཞོང་ནང་དུ། ཟན་དང་ཆང་དང་ཤ་དང་མར་དང་བུ་རམ་དང་ཟས་རྣམ་པ་སྣ་ཚོགས་པ་ལ་སོགས་པ་འབྲུ་སྣ་ཚོགས་གཏོར་མ་དཀར་གསུམ་མངར་གསུམ་རྒྱ་མཚོ་ཁ་དོག་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་ཀུ་རུ་ཀུལླེ་ས་པ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ རྒྱལ་བློན་འབངས་འཁོར་ཡུལ་ཁམས་སྐྱེ་འགྲོ་ཕོ་མོའི་སྙིང་དཀར་ནག་མཚམས་སུ་ལྕགས་ཀྱུས་ཁུག་ལ་མྱུར་དུ་ཨཾ་ཀུ་ཤ་ཛཿ ཧཱི༔ རིན་ཆེན་འོད་ལྔ་མདངས་ལྡན་གཞལ་ཡས་ཁང་། །རྗེ་བཙུན་ཀུ་རུ་ཀུལླེ་དམར་མོ་ནི། །ཁྲོ་འཛུམ་སྒེག་ཅིང་དར་དང་རཏྣའི་བརྒྱན། །རིན་ཆེན་ལྕགས་ཀྱུ་ཞགས་པ་མདའ་གཞུ་བསྣམས། །ཉི་ཟླ་པད་གདན་སྟེང་ན་གར་


CMR046_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་བཞུགས། །སྲིད་གསུམ་བདག་པོ་སྟོང་གསུམ་ཁ་ལོ་སྒྱུར། །འདོད་དགུ་ལོངས་སྤྱོད་དབང་བསྒྱུར་མ་ལ་བསྟོད། །ཨ་རཱ་གས་སྦྱར་བའོ།

ཛམ་དམར་དབང་འཁོར།


CMR046_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཛཾ་བྷ་ལྷ་ལ་ཕྱག་འཚལ་ལོ། །ཡོན་ཏན་མཁན་པོ་ཕྲིན་ལས་འགྲོ་དོན་རྣམས། །ཆུང་བར་འགྱུར་ན་ཤོག་བུ་གྲུ་བཞི་ལ། །སྟོད་དུ་ཛཾ་ལྷ་དམར་པོ་ཞལ་གཅིག་པ། །ཕྱག་གཉིས་གཡས་པའི་ཐོད་ཁྲག་གཡོན་ནེའུ་ལེ། །དར་དང་རིན་ཆེན་རྒྱན་ལྡན་འདོར་ཐབས་བཞེངས། །ཐུགས་ཀར་ཡི་གེ་ཛི་ཡིག་མཚན་པའོ། །དེ་ཡི་ཞབས་འོག་ཨ་པར་ཙིཏྟ་སོགས། །དར་སྔོན་བེར་གྱོན་ལྕགས་ཀྱུ་ཞགས་པ་ཐོགས། །ཞབས་གཉིས་འདོར་ཐབས་ཐུགས་ཀར་ཧཱུྃཡིས་མཚན། །དེ་ཡི་ཞབས་འོག་ཐེའུ་རང་ལས་མཁན་གསུམ། །སྔོན་པོ་གཅེར་བུ་ཨ་ཙ་ར་ཡི་གཟུགས། །མཚན་མ་གྱེན་བསྒྲེང་རྒྱུག་ཅིང་འཕྱོང་བའི་ཚུལ། །གསུམ་ཀའི་ཐུགས་ཀར་ཡི་གེ་ཏྲི་ཡིག་མཚན། །ནས་ནི་ཀུར་མ་གང་གི་སྟེང་དུ་བཙུགས། །ཀུར་མ་ཞེས་པ་རུ་སྦལ་ཁོག་པ་སྟེ། །མེད་ན་ཟན་ལ་དེ་ཡི་གཟུགས་བྱ་ཟེར། །བདག་མདུན་གོང་དུ་བྲིས་པ་ལྟ་བུར་བསྐྱེད། །ཛཾ་དམར་ལས་བྱང་ཡོད་ན་རབ་ཡིན་ཏེ། །མེད་ན་ཛཾ་གཏོར་ཟས་སྣས་བརྒྱན་པ་ལ། །འདོད་གསོལ་བསྒྱུར་བའི་སྔགས་ལ་ཁཱ་ཧི་བཏགས། །དུས་བཞིར་བསྔོ་ཞིང་སྔ་དྲོ་ཆུ་སྦྱིན་བྱེད། །སྔགས་འདི་ཞག་བདུན་བཟླས་པ་སྒྲུབ་པ་ཡིན། །ཨོཾ་ཛམྦྷ་


CMR046_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཛ་ལེནྡྲ་ཡེ་ཧཱིས་པ་ར་ཙིཏྟ་ཛ་ཛཿ དམིགས་པ་རང་གི་ཨ་པར་ཙིཏྟ་མནན། །ཙིཏྟས་འོག་གི་ཐེའུ་རང་སྤུན་གསུམ་མནན། །གཅིག་གིས་གཅིག་གཟིར་འོག་མས་མ་བཟོད་ནས། རང་འདྲའི་ལས་མཁན་ཡུལ་ཕྱོགས་ཁྱབ་པར་འཕྲོས། །ཡོན་ཏན་མཁན་པོ་སུ་ལ་མཁོ་ཚད་ཀུན། །ལྕགས་ཀྱུས་སྙིང་བཟུང་ཞགས་པས་མགུལ་ནས་བཅིངས། །རང་དབང་མེད་པར་རང་གི་མདུན་དུ་ཁྲིད། །གུས་ཤིང་འདུད་ནས་གསོལ་བ་འདེབས་པར་བསྒོམ། །བདག་མདུན་རང་རང་ཐུགས་ཀར་རང་རང་སྔགས། །གཡས་བསྐོར་དྲག་ཏུ་འཁོར་བར་བསྒོམ་པ་དང་། །བདག་ལས་འོད་འཕྲོས་མདུན་བསྐྱེད་ལྷ་རྣམས་བསྐུལ། །གོང་མས་འོག་གཟིར་འོག་མས་སྤྲུལ་པ་འགྱེད། །དབང་དུ་བསྡུ་སོགས་གོང་དང་འདྲ་བ་ལ། །ཐུན་མགོ་བདག་བསྐྱེད་ཐུན་མཇུག་མདུན་བསྐྱེད་དམིགས། །ཐུན་མཚམས་གཏོར་མ་བསྔོ་སོགས་སྤྱི་དང་འདྲ། །སྔོན་དུ་ཛཾ་དམར་བསྙེན་པ་ཐེམ་པའི་མིས། །སྒྲུབ་པ་འདི་ཉིད་བྱ་བར་མི་དགོས་ཏེ། །ལས་སྦྱོར་ཁོ་ན་བྱེད་པས་ཆོག་པ་ཡིན། །ལས་སྦྱོར་གོང་གི་སྐུ་གཟུགས་དེ་ཉིད་ནི། །ལྟེབས་ལུགས་ཅོད་པན་གྱི་ནི་སྙན་རྒྱན་ལྟར། །ཛ་དམར་སྟེང་དང་ལས་མཁན་འོག་ཡོད་བྱ། །དེ་


CMR046_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སེན་མོའི་བར་དུ་ཅི་བདེར་ལྟེབས། །དེ་ཉིད་ཕྲེང་བའི་མདོ་འཛིན་ལ་བཏགས་ནས། །གོང་གི་དམིགས་པ་དེ་ཉིད་རྩེ་གཅིག་བསྒོམ། །དེ་ཚེ་བདག་བསྐྱེད་ཡིན་གྱི་མདུན་བསྐྱེད་མེད། །གོང་གི་རྩ་སྔགས་ཤམ་ལ་འདི་ཉིད་བཏགས། །ཏྲིའུ་ཏྲིའུ་ནཱ་ག་པ་ཏི་ཧྲིའུ་ཡོན་ཏན་མཁན་པོ་མྱུར་དུ་ཚོལ་དུ་ཐོང་ཞིག་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ཡོན་ཏན་འགྲིམ་སྒོ་ཅིང་བྱུཡང་མེད་པའི་མིས། །འདི་ཉིད་སྒྲུབ་ནས་ཟླ་ཤས་ཙམ་སོང་ན། །གདུལ་བྱའི་སྒོ་བྱེ་དེ་ནས་ཇེ་ཇེ་འགྲིམ། །ཞག་གཅིག་ཙམ་ཡང་གདུལ་བྱས་མི་ཁོམ་པ། །ཟླ་མཚམས་ཙམ་ཡང་འདུག་ཏུ་མི་བཅུག་པ། །དེ་འདྲ་མང་པོ་བྱུང་བ་མྱོང་བས་འགྲུབ། །གཡེང་བ་ཆེ་དྲག་ཐུགས་དམ་མི་འཕེལ་བ། །འཁོར་ལོ་བཀྲོལ་ལ་སྔགས་ཀྱི་བཟླས་འཕྲོ་བཅད། །དེས་ཀྱང་མི་ཕན་དེ་མུ་འཁྱམས་ཉན་གདའ། །དེ་ཚེ་ཞེ་བཅད་གྱིས་ལ་བསྒྲུབ་ལ་འབུངས། །གནད་ཀྱི་ཞལ་ཤེས་གཉིས་ནི་ཐུགས་ལ་གབ། །འདི་བྲིས་ཉེས་ལྟུང་ལྟུང་བཤགས་ལྷ་ལ་བཤགས། །་འདི་ཕྱི་གང་དུའང་སྒྲིབ་པར་མ་གྱུར་ཅིག །འདི་བྲིས་དགེ་བའི་རྩ་བ་མཆིས་སྲིད་ན། །ཆུང་ནས་རབ་བྱུང་ཆུང་ནས་ཚུལ་ཁྲིམས་བསྲུང་། །སྡེ་སྣོད་རིག་གནས་རྒྱུད་སྡེ་ཀུན་ལ་སྦྱངས། །


CMR046_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རྫོགས་ཉམས་ལེན་ཀུན་ལ་གོ་རྟོགས་བཟང་། །དབང་བསྐུར་ཆོས་བཤད་མན་ངག་བྱིན་ལ་མཁས། །མདོས་ཟློག་བསྐང་བ་སྦྱིན་སྲེག་ཕྱག་ལེན་ཞིག །སྲུང་ཟློག་མན་ངག་ཀུན་ལ་གནད་འགག་ཟབ། །དེ་འདྲའི་ཕྱི་རབས་དགེ་བའི་བཤེས་གཉེན་རྣམས། །བླ་མ་མཚན་ལྡན་ཁྱི་ལྟར་མི་འཁྱམས་པ། །འགྲོ་བ་ཀུན་གྱིས་གཙུག་ཏུ་བཀུར་བར་ཤོག །རྫུན་ཐོབ་ཁྲམ་གྱི་མི་མགོ་བསྐོར་བའི་མིས། །འདི་ཉིད་སྒྲུབ་ན་འདི་ཡི་གཏེར་སྲུང་ནི། །གཉན་ཆེན་ཐང་ལྷ་འཁོར་དང་བཅས་པ་ཡིས། །དེ་ཡི་བསམ་པ་བསྒྲུབ་ཏུ་མ་བཅུག་ཅིག །བཀའ་འདིའི་སྲུང་མ་གཏེར་སྲུང་ཁྱོད་ཀྱིས་མཛོད། །ཨ་རཱ་གས་སོ།། །།མངྒ་ལཾ།།

དམ་ཅན་དམར་པོའི་བསྙེན་པ།


CMR046_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཅན་དམར་པོའི་བསྙེན་པ་ནི། ཨོཾ་བཛྲ་སཱ་དྷུ་ས་མ་ཡ་སྲོག་ཏྲིའུ་ཛ་ཛཿ བཛྲ་ལི་ལ་མ་ཧཱུྃ་ཛཿ ཏྲིའུ་ཏྲིའུ་པྲ་མ་དུན་ནོར་རྫས་སྐྱེས་པ་བུད་མེད་འཇིག་རྟེན་ཁམས་གང་འདོད་པའི་དངོས་པོ་ཐམས་ཅད་ཏྲི་ཡ་རཏྣ་སིདྡྷི་ཕ་ལ་ཁུག་རྒྱོལ༔ ཅེས་བཟླས་དམིགས་དམིགས་པ་ནི། ཕྱག་གཡས་ལྕགས་ཀྱུས་འགྲོ་བ་ཕོ་མོ་ཐམས་ཅད་ཀྱི་སྙིང་དཀར་ནག་མཚམས་ནས་བཟུང་ནས། ཚེ་བསོད་ནམས། བཀྲག་གཟི་མདངས་རྣམས་དྲངས་ནས། གཡོན་གྱི་ནེའུ་ལེར་བསྟིམ་གཞན་ཡང་འཇིག་རྟེན་ཁམས་ཀྱི་ནོར་ལ་སོགས་པའི་གང་འདོད་པའི་དངོས་པོ་རྣམས་རྡོ་ཁབ་ལེན་གྱི་ལྕགས་ཕྱེ་བླངས་བ་ལྟར་བསྡུས་ནས་ནེའུ་ལེར་བསྟིམ། ནེའུ་ལིའི་ཁ་ནས་རིན་པོ་ཆེའི་ཆུན་པོ་ཁྲ་ཉི་ལི་ལི་ལྷུད་ནས་བདག་གི་གནས་ཁང་ཐམས་ཅད་གང་། རང་གི་བསམ་པའི་དངོས་པོ་རྣམས་བདག་ལ་ཆར་ལྟར་འབབ་པར་བསྒོམ། ཞེས་ཞག་བདུན་ནམ་བདུན་གཉིས་བདུན་གསུམ་མཚམས་དམ་པོར་བསྡམ། དེ་ནས་ནང་མ་རེ་རེ་བཞིན་མ་ཆག་པར་བརྒྱ་རེ་བཟླས་ན་ལོངས་སྤྱོད་ཆེར་འཕེལ་ལོ། །སྒྲུབ་པ་ཕལ་ཆེར་བྱས་ན་མི་བཞིན་འཁོར་བར་ཨོ་རྒྱན་གྱིས་གསུངས། གཞན་ལ་མ་སྤེལ་དངོས་གྲུབ་འབྱུང་རེ་ཙམ་མོ། །རཱ་གའི་མིང་གིས་སྦྱར། དམ་ཅན་ནོར་སྒྲུབ་འདི་འགྲོ་བ་དབང་བསྒྱུར་ན་འཛབ་ཀྱི་སྣེ་


CMR046_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྒྱ་ཡི་མགྲོན་བུ་བཏགས་ལ་སྔགས་བཏབ། གང་འདོད་དབང་དུ་འདུའོ།། །།

དྲེགས་པ་གནམ་ས་གོ་ཟློག་གི་འཁོར་ལོ་བསྐོར་བའི་ཟིན་བྲིས།


CMR046_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་པ་གནམ་ས་གོ་ཟློག་གི་འཁོར་ལོ་བསྐོར་བའི་ཟིན་བྲིས་གསལ་བ་བཞུགས་སོ།། སྣོད་མིན་ལ་གསང་རྒྱ། འདི་བསྟན་པ་དྲེགས་པ་ཆེན་པོ་བཅོ་བརྒྱད་ཀྱི་འཁོར་དང་། དྲེགས་པ་ཉི་ཤུ་ལ་དྲེགས་ཆེན་དང་དྲེགས་ཆུང་ཟེར་ཞིང་དྲེགས་པ་ཉི་ཤུ་པ་འདི་ལ་ཡང་རླུང་དམར་ནག་གཉིས་སུ་ཡོད་ཅིང་། འདི་ནི་དྲེགས་པ་ཉི་ཤུ་པ་རླུང་ནག་ལས་ཀྱི་འཁོར་ལོའི་རྒྱུད་ཀྱི་དུམ་བུ་བཅུ་དགུ་པ་ཡིན་ལ། དེ་ཡང་སྔོན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། རྒྱལ་པོས་གསེར་གྱི་མཎྜལ་ལ་གཡུ་ཡི་ཕྲ་བཀོད་དེ་སློབ་དཔོན་ལ་ཕུལ་ནས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཟཆེ་སྲུང་བའི་གདམས་ངག་ཟབ་ལ་མྱུར་བ། སྔགས་བཟླས་བརྗོད་བསྒོམ་ཡང་མི་དགོས་པ་བསྟན་ཤིང་ལེན་པ་གཅིག་གནང་བར་ཞུ་ཞུས་པས། སློབ་དཔོན་གྱི་ཞལ་ནས། ཧོ་རྒྱལ་པོ་ཆེན་པོ་ལགས། བདག་འདྲ་སློབ་དཔོན་པདྨ་ང་། །ཕུང་བྱེད་ཤིན་གནྡྷུ་དང་། །དྷ་ན་སཾ་སྐྲ་ལ་སོགས་ལ། །དྲག་སྔགས་བརྒྱ་དང་རྩ་བརྒྱད་ཞུས། །ཁྱད་པར་དྲེགས་པའི་སྐོར་རྣམས་ཞུས། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི་སྲོག་གི་ཡི་གེ་འབྲུ་ཚུགས་སུ་བཀོད་པའི་མན་ངག་དྲག་སྔགས་ཐམས་ཅད་ཀྱི་ཡང་སྙིང་འབྱུང་བ་རླུང་ལ་ལས་བཅོལ་བ། དམ་ཉམས་རྣམས་ཀྱིས་


CMR046_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་དབུགས་དངོས་སུ་ལེན་པ། བསྟན་ཤི་ལན་མེད་པ། ཕོ་རོག་ལྡིང་བསྐུལ། ཡུ་མོ་རྒྱུག་འགྱིལ། མེ་ལྕེ་ཁའི་སྦྲང་མ་དང་འདྲ་བའི་གདམས་ངག །རང་ལ་ཡོད་ན་ནོར་ཆེ་བ། མི་ལ་ཡོད་ན་རྒྱ་ཆེ། གཞན་ལ་བསྟན་ན་འཕང་ཆེ་བའི་གདམས་ངག །འཇིག་རྟེན་ན་རྟ་མིག་ལྕགས་ཀྱི་གཏུམ་ནས་བཙལ་ཡང་རྙེད་པར་མི་འགྱུར་རོ། །དེ་སྔོན་སུ་ལ་འང་བསྟན་པ་མེད། རྒྱལ་པོ་ཆེན་པོས་གཏེར་དུ་སྦོས་ཤིག །པདྨ་ང་ཡི་ཐུགས་བཅུད་ཡང་དག་པའོ། །ཞེས་གསུངས་ཏེ། རྒྱལ་པོ་ཆེན་པོ་ཁྲི་སྲོང་ལ་གནང་བ་སྟེ། རྒྱལ་པོས་རྒྱ་ནག་གི་དམག་ལ་འཁོར་ལོ་བསྐོར་བས་རྒྱ་ནག་གི་དམག་འབུམ་ཚོ་མང་པོ་ནད་ཡམས་ཀྱིས་ཕུང་སྟེ་མཐའ་དམག་ཟློག །དེ་ནི་ཤིན་ཏུ་ཟབ་པར་དགོངས་ཏེ་དཔེ་གཉིས་སུ་མཛད་ནས་གཏེར་དུ་སྦས་སོ། །རྒྱ་རིམ་པ་བདུན་གྱིས་བཏབ་བས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་གདམས་ངག་ཟབ་མོ་འདི་འདྲ་དགོས་ཤིང་། ཁྱད་པར་སྔགས་པ་མཐུ་མེད་གྲོང་སྟོང་གི་ཁྱི་འཁྱམས་བཙོགས་པ་འདྲའོ་གསུང་ནས་གནང་སྟེ་གཏེར་དུ་སྦས་པའོ། །ད་མ་འོང་པ་ན་ཆགས་སྡང་རླུང་ལྟར་ལྡང་། གསང་སྔགས་དགོན་སྡེ་ཁྱི་ལྟར་འཛིང་བའི་དུས་བྱུང་སྟེ། དེའི་


CMR046_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དམ་ཉམས་སྔགས་ནག་ཞེ་སྡང་ཅན་གྱིས་ཆོས་བྱེད་དང་བསྟན་འཛིན་རྣམས་ལ་འཚེ་བར་འབྱུང་ཞིང་རང་འདོད་ཁོ་ནས་སེམས་ཅན་ཉེས་མེད་ལ་བཏབ་ཅིང་དམ་ཉམས་ཀྱི་ལག་ཏུ་སོང་ན་སངས་རྒྱས་བསྟན་པ་དང་སེམས་ཅན་གྱི་དགྲར་གྱུར་ཏོ། །དེའི་ཕྱིར་ན་གདམས་ངག་འདི་གཅིག་བརྒྱུད་མ་རྟོགས་གཞན་ལ་མ་སྤེལ་ཅིག །རྟ་ཤི་བའི་སོ་དང་པིར་གྱི་ཁ་བཞིན་ཨ་ཐམ་རྒྱ༔ ཞེས་གསུངས་ཏེ་གཏེར་སྟོན་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་བསམ་ཡས་ཕྱག་རྡོར་གྱི་ཞབས་འོག་ནས་ཕྱུང་། གདམས་ངག་འདི་ནི་ཤིན་ཏུ་ཟབ་པའི་ཕྱིར་བོད་ཁམས་ཡོངས་ལ་ཁྱབ་ཅིང་ཤིན་ཏུ་གྲག་ཆེ་ཞིང་བཀའ་རྒྱ་ཡང་དམ་པར་ཡོད་དོ། །སློབ་དཔོན་གྱི་ཕྱག་ཁྲིད་འདྲ་མེད་ན་དཔེ་རང་གི་མི་ཆོག་པར་ཡོད། དྲེགས་པའི་གཞུང་ཆེན་ལ་ནི་གོང་འོག་གི་མན་ངག་འཐོར་བ་དང་། ཐན་འགྱེད་དང་སྲོག་ལས་གཉིས་ཀར་འབྲེལ་ནས་ཡོད་པས་དབྱེ་དཀའ། སྔོན་གྱི་བསྐོར་བ་རྣམས་ཀྱི་ལོ་རྒྱུས་མ་ལེགས་པ་མང་པོ་བྱུང་བར་གྲག་ཅིང་། དེའི་དོན་ཀྱང་ཕྱག་ལེན་འཁྱུག་པ་དང་། ལོག་རྡུགས་འབྱམས་གསུམ་དང་། འཇིག་རྟེན་དྲེགས་པ་ཅན་གང་གཉན་གྱི་སྲོག་ཡིན་པའི་ཕྱིར་མ་ཆུན་པའོ། །དེ་དག་ནི་དྲེགས་པ་ཆེ་བ་ནི་སྡེ་ཆེན་


CMR046_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བསྟན་དོན་འདྲ་ལས་རང་བཞིན་ལག་ཏུ་ལེན་པ་ཅུང་མི་འཐད་ཅིང་། སྤེལ་བ་དང་བསླབ་པ་སོགས་བྱས་ན་བཙན་དུག་བཙོང་བ་དང་འདྲ་བས་ཤིན་ཏུ་དམ་པར་དམ་པར་ཡོད་དོ། །འདི་ཡང་དེ་དང་ཅུང་ཙམ་མི་འདྲ་ཡང་། དགྲ་བོ་མགོ་འཁོར་ནས་ཟིན་མ་ཟིན་དང་། རྒྱུ་ཤོར་གྱི་མཚང་གི་རྐུན་མས་བསད་པ་དང་། ཁྲིམས་ཀྱི་རྒྱུ་སོགས་བདག་པོ་དང་བྲལ་བ་སོགས་བྱུང་དུས་བསྐོར། གལ་ཏེ་དགྲ་བོ་མགོ་འཁོར་མ་བྱུང་ན་སྔོན་གྱི་ལས་འབྲས་དང་། །འཕྲལ་གྱི་སྲུང་སྐྱབས་བཟང་པོ་སོགས་བྱུང་སྲིད་ནའང་། འདིའི་འཁོར་ལོ་བསྐོར་བའི་སྟབས་ཀྱིས་ཁོའི་བསོད་ནམས་ཚེ་ལ་གནོད་ཅིང་། དེ་ཕྱིར་ཅི་བྱས་ལམ་དུ་མི་འགྲོ་བ་སོགས་འབྱུང་བས་ཉེས་པ་ཤིན་ཏུ་ཆེའོ། །དམ་ཉམས་བསྟན་དགྲ་རྣམས་ཀྱི་ལག་ཏུ་སོང་ན་ནི་རང་གི་ཤེད་དུ་འགྱུར། འདི་ཉིད་སློབ་དཔོན་གྱི་ངག་ཁྲིད་ཀྱིས་བརྒྱན་ཏེ་གསང་སྔགས་བལྟས་ཆོག་ཏུ་རང་གི་རྒྱུད་འཛིན་དང་སློབ་མ་ཕྱོགས་སུ་འགྲོ་བ་རྣམས་ལ་ཕན་པའི་ཕྱིར་གཉེར་པ་ཆོས་འཕེལ་གྱིས་ནན་ཏན་གྱིས་བྲིས་པས་གསང་བ་འཆོལ་དུ་མི་རུང་ངོ་། །ཨྠྀི༔ འདི་ཡི་མ་ཡིག་གཞུང་བསྟན་ཀྱང་གནད་ཀྱི་ཚན་འདི་བསྟན་པར་མི་བྱའོ། །ཞལ་ཤེས་འགའ་ཡང་ཡོད་


CMR046_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། །དྲེགས་པའི་གཞུང་གི་ལུགས་ལ། འཁོར་ལོ་བསྐོར་ཁ་གཞི་བདག་ལ་དཀར་གཏོར་འབུལ། སྡོང་གྲོགས་སོགས་བཀའ་བསྒོ། རང་གི་ཚོགས་གཏོར་དང་བསྐང་གསོལ་སོགས་ཆོས་སྐྱོང་ལ་གཏོར་མ་འབུལ། དགྲ་བོ་འདི་ཤར་ནུབ་གོ་བཟློག་སོགས་ཀྱིས་ཕྲིན་ལས་བཅོལ། སྲོག་བསྐུལ་རང་མི་བྱེད། ཞག་གསུམ་བཞི་ལ་མཚམས་འདྲ་བ་ཞིག་བྱས་ནས་སྔགས་དམིགས་བཀུག་བཞུགས་གལ་ཆེའོ། །དང་པོ་འཁོར་ལོ་བསྐོར་ཁ་འཁོར་ལོ་བྲུབ་ཁུང་དུ་བཅུག་ནས་བཀུག་གཞུག་དྲག་ཏུ་བྱའོ། །ནམ་གྱི་སྲོད་ལ་བཀུག་གཞུག་དང་སྔགས་དམིགས་ཐུན་གཅིག་གལ་ཆེའོ། །གཏོར་མ་ཤ་ཁྲག་གི་བརྒྱན་པ་བཤམས་ནས་དྲེགས་པའི་རྒྱལ་པོ་རྣམས་ལ་འབུལ་ལོ། །འཁོར་ལོ་ནི་དགུན་མ་རྟོགས་ཆུ་ལ་བསྐོར་ན་མྱུར་ཞིང་བར་མེད་དུ་འཁོར་བས་ཟབ་ཅིང་རླུང་ལ་ཡང་རུང་ངོ་། །ཁ་རླངས་དང་དྲི་མ་སོགས་མ་སོང་ན་ལག་བསྐོར་ཀྱང་མི་རུང་བ་མེད་ཅིང་སྟབས་བདེ། རླུང་སྒོ་ཤིང་དང་བཅས་པ་རྣམས་ནི་མཐོང་བ་བརྒྱུད་པ་ལྟར་བྱའོ། །དགྲ་བོ་ཤིན་ཏུ་ཉེས་ཆེ་ན་ཀླུ་གཉན་དང་ལྷ་འདྲེ་ས་བདག་གདུག་པ་ཅན་གནས་པའི་སར་བསྐོར་ལ་གཏོར་མ་ཕུལ། རང་གི་གོས་མགོ་མཇུག་ལྡོག་ལ་གྱོན་


CMR046_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གདོང་ལ་རོ་སོལ་དང་གྲི་ཁྲག་བྱུག །རང་མ་ཉེས་པའི་བདེན་སྟོབས་བརྗོད་ལ་ཕྲིན་ལས་བཅོལ། རང་གི་ཆོས་སྐྱོང་དྲག་ཏུ་བསྐུལ། གཏོར་མ་འཕེན་པ་སོགས་བྱའོ།། ༧ ལོང་བྱུང་ཞིང་བཅའ་འགྲིགས་ན། ར་ལྤགས་གཅིག་བཏིང་ལ་ནི་ཁྲི་གཅིག་བྲིས། དེའི་སྟེང་དུ་ལག་བསྐོར་གཅིག་བཞག །དེའི་སྟེང་དུ་འབྲུ་ནག་ལ་ར་ཁྲག་གིས་སྦྲུས་པའི་གཏོར་མ་ཟུར་གསུམ་མཐོ་གང་བ་གཅིག་གི་སྨད་ཆར་ལིང་ག་ཟག་རྫས་དང་བཅས་པ་སོགས་གཞུག་ཅིང་། ར་ཡི་ཤ་ཁྲག་གིས་བརྒྱན། ལིང་ག་སྤྱི་མཐུན་གཉིས་བྲིས་ནས་གཅིག་ལག་བསྐོར་འོག་ཏུ་ཟློབཞག་གཅིག་སྟེང་དུ་བཞག །རྗེས་ས་དང་འབྲུ་ནག་བསྲེས་ལ་མཐར་འཐག་ཅིང་ཕྱིན་ཅི་ལོགས་སུ་སྔགས་བརྒྱ་མཚམས་སུ་གསུམ་རེ་བསྐོར་བ་བྱ་ཞིང་སྔགས་རྣམས་བསྒྲུང་། དེ་ལྟར་ན་དེའི་དམིགས་པ་ནི་ཐུབ་ནག་སྐོར་དེ་དང་། སྔགས་ཞྭ་རམ་ཅན་གཉིས་གཙོ་བོར་བཟུང་དགོས་སོ། །སྔགས་དང་ཏིང་འཛིན་འཁོར་ལོ་བསྐོར་བ་གསུམ་ཀ་འཛོམས་ན་ཐེ་ཚོམ་མེད་དོ། །ས་ཆའི་མིང་དང་སེམས་ཅན་གྱི་མིང་བྲི་བ་གནད་ཆེའོ། །དགྲ་ཡི་ལོ་རྒྱུས་དང་མིང་ཤེས་ན་ལོ་བསྐོར་བཅུ་གཉིས་བྲི་མི་དགོས་སོ། །གཅིག་གང་ཡིན་དེས་བསྐང་། དེ་ལྟར་གྱིས་འཁོར་


CMR046_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་དང་སྔགས་ཀྱི་དགྲ་བོ་འགྲོ་རྒྱུ་མེད་པར་མི་ལག་རབ་འདིའི་ལག་ཏུ་མགོ་འཁོར་ནས་འགྲོ་རྒྱུ་མེད་པར་གྱུར་པ་ནི་སྔོན་གྱི་སློབ་དཔོན་རྣམས་སུ་བླངས་ཤིང་། མགོ་འཁོར་འདི་ལྟར་བསྐོར་ཆོག་པའི་ལུང་ཡང་དགོངས་གཏེར་དང་ཐུགས་སྒྲུབ་སོགས་ཀྱི་རླུང་འཁོར་དང་། རླུང་འཁོར་ནས་ནང་ནས་ཀྱང་གསལ་ལོ། །དྲེགས་པའི་གཞུང་གི་སྲོག་ལས་ཆེ་བ་ནི་རང་གཞན་ལག་ཏུ་ལེན་ན་མི་ལེགས་ཤིང་། ཁྲིམས་ཁྱི་རང་ཉིད་ལ་ཡང་འཇིགས། དེ་བས་ན་འདི་ལ་གསང་ནས་སྤྱོད་ཅིང་གལ་ཏེ་བཤགས་པ་དགོས་བྱུང་ན་ཡང་། བསྐང་གསོལ་དང་ལིངྒ་ཀར་ཆུས་བཀྲུས་ན་ལེགས་སོ། །འགའ་ཞིག་གི་རྒྱབ་རེས་བསྐོར་རྒྱུ་བྱེད་ཀྱང་ལེགས་ཟེར་རོ། །ད་རུང་བསྒྲལ་བར་མ་ནུས་ན་ལིངྒ་མནན་ནམ། སྦྱིན་སྲེག་དྲག་པོ་སྤྱི་མཐུན་བྱས་ལ་ཐལ་བ་དུག་ཁྲག་གི་ཞལ་ནས་ཐལ་བ་ཆ་བཞི་བྱས་ནས་གཅིག་མནན། ཆ་གཅིག་ཆུར་དོར། གཅིར་རི་རྩེའི་རླུང་ལ་ཕྱར་རོ། །གཅིག་གཏོར་མར་བསྲེས་ལ་བཀུག་གཞུག་བྱས་ལ་དྲེགས་པ་རྣམས་ལ་འབུལ་ལོ། །དེ་ལྟར་བྱས་ན་དགྲ་བོའི་སྲོག་ལ་མྱུར་རོ། །ལར་འཁོར་ལོ་བསྐོར་ཚར་ནས་རང་ཁྱིམ་དུ་མ་བཞག་སྦས་ན་ལེགས་གསུངས་སོ། །ཟིན་བྲིས་བལྟས་


CMR046_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་བྱས་པ་འདི་ནི་གསང་བར་བྱའོ། །འདི་ལ་ལུང་གཅིག་ཐོབ་ན་བཟང་བར་གསུངས་སོ། །མ་ཐོབ་ན་ཡང་ཉེས་པར་མི་འགྱུར་རོ། །དབང་ནི་གུར་དྲག་གི་དྲེགས་པའི་སྲོག་དབང་གཅིག་ཐོབ་ན་བཟང་བར་གསུངས་སོ། །དེས་ནི་འཁོར་ལོ་མཐའ་བསྟན་དུ་ཡིན་པས་སྒབ་འདྲེ་མནན་པ་དང་དབང་ལུང་ཅི་ཡང་མི་དགོས་སོ། །དེ་ལྟར་དྲེགས་པའི་མགོ་འཁོར་གྱི་ཟིན་བྲིས་ཚན་གསུམ་པོ་འདི་ནི་སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་པའོ། །ཁ་ཐཾ། ས་མ་ཡ། རྒྱ་རྒྱ་རྒྱ། རྒྱ་གསུམ་འདི་མགོ་འཁོར་གྱི་འཁོར་ལོ་བསྐོར་བའི་ལོ་རྒྱུས་སྔར་ཡང་མང་དུ་མཆིས་ཤིང་། ད་བདག་ཆོས་འཕེལ་གྱི་འཁོར་ལོ་འདི་བླ་མ་སྒར་གཞུང་གི་དོན་དུ་བསྐོར་བུའི་དུས་ཀྱང་ལོ་རྒྱུས་ཡིད་ཆེས་ཀྱི་གནས་སུ་འགྱུར་བར་མཆིས་ཀྱང་། བླ་མ་རིན་པོ་ཆེའི་མངོན་མཁྱེན་གྱིས་གཟིགས་ནས་སྐྱབས་འགྲོ་མཛད་གསུངས་པའི་ལོ་རྒྱུས་བྱུང་དཔེ་གསུངས། དེ་ལ་བདག་ཕྲིན་ལས་ཀྱིས་རྟེན་འབྲེལ་དུ་དར་ལིང་ནག་པོ་ཡུག་གཅིག་ཕུལ་ནས་ཞུས་སོ། །འདི་ལ་ད་དུང་ཞལ་ཤེས་མང་དུ་མཆིས་ཤིང་། དཔེ་འདི་དག་རང་གི་ཅུང་མི་ཡང་བར་ཡོད་དོ། །དོན་མེད་རྣམས་ཀྱི་ལག་ཏུ་སོང་ན་དྲེགས་པ་བཅོ་བརྒྱད་ཀྱིས་བཀའ་ཡི་ཆད་པ་ཆོད་ཅིག །


CMR046_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཉམས་དང་དམ་ཚིག་མི་ཐུབ་པ་རྣམས་ཀྱི་ལག་ཏུ་སོང་ན་དྲེགས་པ་བཅོ་བརྒྱད་ཀྱིས་བཀའ་ཡི་ཆད་པ་མྱུར་དུ་ཆོད་ཅིག །སྙིང་ཁྲག་འཐུངས་ཤིག །མངྒ་ལཾ།། གཅིག་བརྒྱུད་ལས་སྤེལ་དུ་མི་རུང་ངོ་། ༈ འདིར་ད་དུང་ཡང་མན་ངག་ཞལ་ཤེས་འགའ་ཞིག་ཐུགས་ལ་གབ་པ་རྣམས་འདིར་མངོན་ནོ། །དཀོན་མཆོག་བསྟན་གནས་མཆོད་བྱེད་རྣལ་འབྱོར་ལ། །ལོག་རྟོག་དགྲ་རྐུན་ཚོགས་ཀྱིས་སྡོད་མི་སྟེར། །མཐུན་རྐྱེན་དཀོར་ནོར་རྐུ་ཐབས་ཀྱིས་འཕྲོག་ཚེ། །འགུགས་བྱེད་ལྕགས་ཀྱུས་མཚོན་འདིས་འདེབས་པར་གྱིས། །གནམ་ས་གོ་ཟློག་འཁོར་ལོའི་བྲི་ལུགས་དང་བསྐོར་ཐབས་གཞུང་ལྟར་ལས། ལག་ལེན་སྒྲུབ་ཐབས་འདི་ལྟར་གསལ། །དངོས་གཞི་རེ་ཕྱར་རམ་ཕུང་སོགས་གཞི་ནག་སྟེང་དུ་འབྲུ་ནག་གི་གྲུ་གསུམ་བྲིས། དབུས་སུ་རམ་པས་ཚོམ་བུ་བཀོད། དེ་སྟེང་འཛོམས་ན་ར་ལྤགས་བཏིང་བའི་སྟེང་བྲུབ་ཁུང་གྲུ་གང་བཞག །བྲུབ་ཁུང་གི་ལོགས་རེར་ཅུང་གིས་བསྐོར། དབུས་སུ་འཁོར་ལོ་བཀྲམ། གཞི་བདག་དང་རང་གི་ཆོས་སྐྱོང་ཁྱད་པར་དྲེགས་པ་ཉི་ཤུ་ལ་གཏོར་མ་འབུལ། གཞུང་གི་རབ་གནས་ལྟར་འགུགས་གཞུག་བརྒྱ་རྩའམ་ཉེར་གཅིག་ལས་མི་ཉུང་བ་


CMR046_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྔགས་གང་བདེ་གཅིག་ལ་གཞུང་བཟུང་ནས་བརྒྱ་རྩ་དང་། གཞན་སྔགས་ཐམས་ཅད་རྟེན་འབྲེལ་ལོག་པ་བརྒྱ་རྩ་བརྒྱད་ཀྱིས་འབྲུ་ནག་སོགས་ཐུན་རྫས་དང་ཁྱད་པར་རྒྱ་ཐང་ཕྲོམ་ལ་སྨྱོ་ཁྲག་གི་ངར་བཏབ་པས་བྲན་ཏེ་རབ་གནས་བྱས་ཏེ་ལེགས་པར་བཀོད། དེ་ནས་བསྒྲུབ་པ་བྱ་སྟེ། དེའི་བཅའ་ཐབས་ཀྱི་ལིངྒ་གཉིས་སྤྱི་མཐུན་བྲིས་པའི་བྲུབ་ཁུང་དེར་བཅུག བྲུབ་ཁུང་གི་ཕྱོགས་གསུམ་ནས་དུར་རྡོའམ་རྡོ་གང་རུང་གི་སྐྱེད་པོ་གསུམ་བཙུགས། དེ་སྟེང་རང་འཐག་འཛུགས། རམ་པའི་ངར་མི་མཐོ་གང་བ་གཅིག་གི་ཁོག་པར། ཤིང་དུམ་བུ་བཅུག་པའི་འཕྲོ་འོག་སྒོར་བུད་པར་བྱས། ངར་མི་ལ་དགྲ་རྐུན་གྱི་དྲི་མ་རྗེས་ས་བསྲེས། དེའི་མགོ་ལ་ར་ཁྲག་བྱུགས་ནས་ཕུང་རེས་བཏུམ། རྐང་པ་ཡུགས་ས་སྟག་ལོ་མའི་སྐྲ་ཤད་ཀྱིས་བཅིང་། དེ་མགོ་མཇུག་ལྡོག་སྟེ་མཆིག་ཁུང་དུ་བཅུག་པའི་བར་ནས་རྫས་རང་འཐག་ཏུ་འགྲོ་ས་ཡོད་པར་བྱས། དེ་སྟེང་ཨོཾ་བྱས་པའམ། ཡང་ན་མཆིག་སྟེང་དུ་རམ་པའི་བྲ་ནག་གི་གཏོར་མ་མཛུབ་གང་རའི་ཤ་ཁྲག་གིས་བརྒྱན། ཤོག་ལིང་མགོ་ལྡོག་སྟེ་བཙུགས་ཏེ་བཞག །རམ་པ་དང་ཐང་ཕྲོམ་དངུལ་གྱིས་སླད། ཕུག་རོན་གྱི་རིལ་མ་དང་རྗེས་ས་རྣམས་


CMR046_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་རྫས་ནང་བསྲེས་ཐུན་དོང་དུ་འཚག །གཞུང་སྔགས་ཝ་རམ་ཅན་ལ་བཟུང་ཞིང་ཕྲེང་བ་ཕྱིར་བསྒྱུར་ཏེ་བཟླས་པའི་སྔགས་བརྒྱ་རེ་སོང་ནས་རྫ་ས་ལ་ཕུ་བཏབ། རང་འཐག་ལན་གསུམ་རེ་བསྐོར། རང་གི་ལྷམ་གཡོན་པའི་ནང་དུ་འགུགས་གཞུག་དང་བཅས་ཏེ་རྡེལ་ནག་བཅུ་གསུམ་མམ་ཤེས་ན་རྐུན་མའི་ལོ་གྲངས་བཅུག་སྟེ་ལྷམ་སྒྲོག་གིས་སེ་ཆིངས་མདུད་དུ་བཅིངས་ཏེ་མཆིག་ཡུར་བཏབ་སྟེ་བཞག །དེ་ལྟར་ཞག་གསུམ་སོགས་སུ་འཐད་ཅིང་སྔགས་པ་མང་ན་མི་རེའི་སྔགས་ཚན་རེ་བསྒྲངས། ཁྱི་དང་བུད་མེད་འཛེམ། སྒྲུབ་ཁང་རང་ཁྱིམ་མིན་ཅིང་ནག་ཁུང་གཅིག་ཡིན་ན་ལེགས། སྐབས་སུ་རང་ཡུ་ཕུད་ལ་མཆིག་ཁུང་དུ་དུག་དུག་དུག་གསུམ་རེ་བྱའོ། །དམིགས་པ་ནི་འགུགས་གཞུག་ཚེ་ཐུབ་ནག་གི་དམིགས་པ་དེ་དང་སྔགས་བསྒྲང་ཚེ་གཡུ་དྲུང་ཅན་དེ་ལ་འབད། དེའང་སྔ་དྲོ་ཐུབ་ནག་དང་ཕྱི་དྲོ་ཡུམ་ཆེན་རང་བསྒོམ། རང་འཐག་གནམ་ས་གཉིས་སུ་གྱུར་ནས་ཀྱི་ལི་ལི་འཁོར་བར་བསྒོམ་སྟེ་བསྐོར། དེ་ལྟར་འཁོར་བས་དགྲ་བོ་མྱོས་མགོ་འཁོར་ནས་བྲུབ་ཁུང་མུན་དོང་དགུ་རིམ་དུ་སོང་བར་བསམ། འགུགས་གཞུག་ཚེ་ལིང་ག་གཉིས་དང་ངར་མི་གསུམ་ཀར་བཀུག་གོ །དུས་


CMR046_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གསུམ་གསུམ་མམ་གང་ཐོན་གང་འགྲུབ་ཏུ་རང་གི་ཆོས་སྐྱོང་བསྐུལ་ཏེ་གཏོར་མ་དེ་ཕྱི་རོལ་དུ་འབུལ་ལོ། །དེ་ལྟར་བསྒྲུབས་ནས་ནང་རྟགས་སུ་རང་སྐྱུགས་མེར་མེར་བ་དང་། མགོ་འཁོར་བ་དང་དམིགས་ལྟས་བྱུང་ཞིང་། རྨིས་ལྟས་ལན་རེ་བྱུང་ཡང་འབད་ན་རྟགས་ལན་གཉིས་གསུམ་བྱུང་ཞིང་ཞག་གྲངས་ཐེམས་ནས་བྲུབ་ཁུང་གི་ལིང་ག་དེ་དང་ངར་མི་རྣམས་རླུང་འཁོར་ཞབས་ཀྱི་བྲུབ་ཁུང་དུ་སྦས། རམ་གཏོར་འཁོར་ལོའི་སྟེང་ཕྱོགས་སམ། གཡས་གཡོན་སྨྱོན་གང་བདེར་རེ་བའི་ཁུག་མའི་ནང་དུ་རྡོ་ཤིང་གི་སྟེགས་ཁར་བཞག་སྟེ་བྱ་ཁྱིས་མི་ལོན་པར་བྱ། ལྷ་འདྲེ་ལ་དམོད་བོར་བ་སོགས་འཁོར་ལོ་སར་ནམ་འགྲོ་ལ་བྱའོ། །འདི་ཆུ་ཆེན་བར་མ་མ་ཆོད་ཅིང་། ནོར་ཤོར་མ་ཐག་ཙ་ན་རྟགས་དང་ནོར་ལོན་ངེས་ཤིང་། གལ་ཏེ་ཡུན་འགྱང་བ་དང་ཆུས་བར་ཆོད་ན་ཅུང་ཟད་བུར་བར་གསུངས་ཀྱང་གོང་ལྟར་བརྩོན་ནས་བྲུབ་པས་རྟགས་སོགས་ཡོང་འདུག་གསུངས་སོ། །ཤིན་ཏུ་གསང་བའི་སྔགས་ཞལ་ཤེས་ལགས་སོ། །སྙིགས་མའི་སེམས་ཅན་རང་འདོད་ཁོང་བཅུག་པའི་སེར་སྐྱའི་སྔགས་གཟུགས་ལག་ཏུ་ཤོར་ར་རེ། ཨྠྀི༔། གསང་རྒྱ། འདི་ནི་རྫས་གང་གི་རམ་པའི་ལིང་ག་མ་བྲུབ་ན་མཆིག་


CMR046_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་མའི་སྟེང་ངོས་ལ་ཀྲྀབྲིས་ན་ཆོག །སྨྱོ་ཁྲག་ནི་མི་སྨྱོན་སྨྱོ་ཁྲག་ཡིན་ལ་གལ་ཏེ་མི་རྙེད་ན་དུད་འགྲོ་མགོ་སྨྱོན་ཁྲག་གི་ཆོག་པ་ཞལ་ཤེས་ཡིན་ལགས། ཟབ་རྒྱ་ཙིཏྟ་དམར་པོའི་རྒྱ། ༈ ཞ་རམ་ཝ་ཏི་ལ།་་སྨྱོ་ཁྲག མགོན་དཀར་ལ་བྱང་སེམས་དཀར་པོ། ངན་ནེ་མ་ལ།་་་པདྨ་རཀྟ། མུ་རྒྱ་ལ།་ཡུགས་སའི་མངལ་ཁྲག་བྱའོ།། ལབ་པ། །དྲེགས་པ་གནམ་ས་གོ་ཟློག་གི །ལག་ལེན་བརྗེད་འཕང་ཟིན་བྲིས་ནི། །དང་པོར་སྟེགས་བུར་རྩ་བ་གསུམ། །ཆོས་སྐྱོང་སྤྱང་ཀིའི་ཁྲག་བྱུག དགྲ་བོའི་མཐའ་བརྒྱུད་བྷ་གའི་ཁྲག པདྨ་སྤྱི་དགོས་མཆོད་གཏོར་དང་། །གཏོར་ཚོགས་ལ་སོགས་གཞུང་ལྟར་དང་། །དྲེགས་པའི་གཏོར་མ་འབྲུ་ནག་གིས། །ཟུར་ ལོག་ན། རླུང་ལ་བསྐུལ་ཅིག རཀྟའིཁྲག ཡུགས་གསུམ་མཐོ་གང་སྨད་ཆ་རུ། །ལིང་ག་ཟག་རྫས་བཅས་པ་བཅུག །ར་ཡི་ཤ་ཁྲག་དག་གིས་བརྒྱན། །གསོལ་ཁ་བརྒྱ་རྩིའི་འོག་རྟ་ཡིན། སའི་མངལ་ཁྲག་འབུལ་གཏོར་ནི། །ཚར་རེར་བདུན་རེའི་གྲངས་སུ་བཅའ། ༈ །གཉིས་པ་འཁོར་ལོ་རབ་གནས་ནི། །སྣག་ཚ་དྲི་མ་མ་སོང་བས། །གཞུང་ལྟར་བྲིས་པའི་འཁོར་ལོའི་ནང་། །དགྲ་


CMR046_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

རྐུན་བྲོས་པོ་གང་ཡིན་གྱི། །མིང་དང་ས་ཆ་སེམས་ཅན་སོགས། །ཀ་ཆ་འདི་ཞེས་བྲི་བ་གནད། །ཟན་ནམ་ཤ་ཡི་རླན་གྱིས་ཕྱི། །ལིང་ཁྲུས་བྱ་ཞིང་ལིང་ག་ནི། །རམ་གྱི་སོགས་ལ་མུ་ཁྱུད་སེར། །ལྷ་བསྙེན་རིགས་ལ་དུག་ཁྲག་བྱུག །རྒྱ་ཐང་ཕྲོམ། གོ་སྙོད། །སྨྱོ་ཁྲག །རྨེ་ཁྲག ཁ་རླངས་དྲི་མ་མི་བཏང་གནད། །བྲུབ་ནས་འཁོར་ལོ་བྲུབ་ཁུང་བཅུག །ར་ལྤགས་གྲོགས་ཡིག་བྲིས་པ་བཏིང་། །སྟེང་དུ་སྤྱི་མཐུན་ལིང་ག་བཀོད། །དེ་སྟེང་རང་འཐག་གཅིག་ཀྱང་བཞག །རང་འཐག་བསྐོར་དུས་མི་གནོད་པའི། །སྟེང་དུ་ཤིང་གི་ཨེ་ཁྲམ་ཁར། །གོང་གི་འབྲུ་ནག་གཏོར་མ་བཞག །འབྲུ་ནག་རྗེ་ས་བསྲེས་པ་བསགས། ༈ །གསུམ་པ་རང་གི་ཡི་དམ་གཞུང་། །བསྲངས་ནས་བཟླས་པ་ཆོས་སྲུང་གི །གསོལ་ཀ་དྲེགས་པའི་གསོལ་ཀ་ལ། །ཤར་ནུབ་གོ་བཟློག་སོགས་ཕྲིན་བཅོལ། །བརྒྱ་ལས་མི་ཉུང་གཏོར་མ་འབུལ། །རང་གཞུང་ཚོགས་བསྐང་བྱས་ནས་སུ། །རབ་གནས་གཞུང་ལྟར་རང་ཐུབ་ནག །བསྐྱེད་ཅིང་འགུགས་གཞུག་བརྒྱ་རྩ་བྱ། །མུ་ནེ་ཙོ་རསྟོང་སོགས། ཤམ་བཅས་པའི། །དང་པོ་འགུགས་དམིགས་སྔགས་བཅས་གཙོ། །མུ་ནེ་ཤམ་མེད་མཐར་བླ་འགུགས། །བཏགས་ནས་བརྒྱ་


CMR046_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གཡུ་དྲུང་དམིགས། །མུར་རྒྱའི་སྔགས་དང་བསིལ་གཡབ་དམིགས། །ཞྭ་རམ་ཝ་ཏི་བརྒྱ་རེ་བཟླས། །གཞན་ཡང་དྲེགས་པའི་ལས་ཚོགས་སོགས། །སྔགས་གཞན་ལོང་སྐབས་དག་དང་བསྟུན། །ཉིན་ཐུན་བཞི་དང་མཚན་ཐུན་གཉིས། །ཡང་ན་ཉིན་གསུམ་མཚན་གཅིག་རེ། །དམིགས་སྔགས་ནན་ཏན་འབད་པར་བྱ། །ཁྱད་པར་འགུགས་བསྙེན་སྐབས་སུ་ནི། །སྲོད་ལ་རབ་གནས་བྱ་གསུངས་པའང་། །ཞག་གཅིག་ཉིན་མཚན་མ་ཡེངས་དགོས། །དེ་ཡན་དགོས་མིན་གལ་དང་བསྟུན། ༈ །བཞི་པ་འགུགས་བཅིང་སྦྲེལ་མ་ལ། །འགུགས་པའི་སྐོར་ནི་གོང་ལྟར་ལས། །འགུགས་དང་མུ་ནེ་ཤམ་བཅས་དང་། །མུ་ནེ་བླ་འགུགས་སྤེལ་མའི་མཐར། །གཡུ་དྲུང་དམིགས་པ་་་སྟོང་སོགས། མུར་རྒྱ་གཉིས། །གཙོ་བོར་འཛིན་པ་ཤེས་པར་གྱིས། །བསིལ་གཡབ་དམིགས་པ་ཞྭ་རམ་དང་། །ལས་ཚོགས་གཞན་རྣམས་སྐབས་དང་བསྟུན། ༈ །ལྔ་པ་འགུགས་འཆིང་སྐོར་གསུམ་ལས། །འགུགས་འཆིང་གཉིས་པོ་གོང་ལྟར་ལས། །འཆིང་སྔགས་མུར་རྒྱ་བརྒྱ་རེ་བཟླས། །བསིལ་གཡས་དམིགས་པ་ཞྭ་རམ་སྔགས། །གཙོ་བོར་བཟུང་བར་ཤེས་པར་བྱ། །


CMR046_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཚོགས་སྔགས་ནི་དེ་བཞིན་བྱ། །སྔགས་ནི་བརྒྱ་རེ་སོང་པའི་སྐབས། །རང་འཐག་ཕྱིར་ལོག་གསུམ་རེ་སྐོར། །འབྲུ་ནག་རྗེས་ས་ལྟེ་ཁུང་བརྫང་། །དེ་ལྟར་འཁོར་ལོའི་རབ་གནས་ནི། །ཞག་བདུན་ལྔ་གསུམ་གང་བྱེད་ན། །རྒྱས་འབྲིང་བསྡུས་གསུམ་ཚུལ་དུ་བྱ། །ཞག་གྲངས་གང་བྱེད་ཆ་གསུམ་བསྒོ། །དམིགས་པ་སྔགས་གསུམ་ཞག་བསྒོས་པས། །ཞག་གྲངས་རྫོགས་ནས་ཆོས་སྲུང་དང་། །དྲེས་པའི་བསྐུལ་པ་ཤམ་བཅས་སྦྱར། །འཁོར་ལོ་བསྐོར་ཆས་ཚར་པའི་རྗེས། །ཆུ་རླུང་གང་ལ་བསྐོར་བ་ན། །རང་ཉིད་དེ་རུ་ཕྱིན་ནས་ཀྱང་། །ཡུལ་གཞིས་གནས་བདག་གཏོར་སྐྱེམས་མཆོད། །དགྲ་བོ་ཤིན་ཏུ་ཉེས་ཆེ་ན། །རང་གོས་མགོ་མཇུག་ལྡོག་ནས་གྱོན། །གདོང་ལ་རོ་སོལ་གྲི་ཁྲག་བྱུགས། །མ་ཉེས་བདེན་དཔང་འཁོར་ལོ་གཟུགས། །རླུང་ལ་བསྐོར་ན་རླུང་ལྷ་བསྐུལ། །ཆུ་ལ་བསྐོར་ན་ཆུ་ལྷ་བསྐུལ། །དྲེགས་པའི་བསྐུལ་པ་དེ་མཐར་སྦྱར། །མ་ཁུག་བར་དུ་ཆོས་སྲུང་དང་། དྲེགས་པའི་གསོལ་ཀ་ཕྲིན་ལས་བཅོལ། །རྒྱུན་པར་བྱ་ཞིང་ཁུག་པའི་ཚེ། །གང་ཡིན་དཀར་ཆུས་བཀྲུ་བ་གནད། །འཁོར་ལོ་རང་ཁྱིམ་མི་ཁྱེར་བར། །འགོལ་སར་སྦ་དགོས་གཞུང་


CMR046_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གསུངས། །གལ་ཏེ་ཡུན་རིང་བྱས་ན་ཡང་། །ཀ་ཆ་ཚུར་ལ་མ་ཁུག་ན། །གཏོར་མ་ལིང་ག་སྦྱིན་སྲེག་བྱ། །ཐལ་བ་ཆ་བཞི་བསྒོས་པ་དེ། །གཅིག་མནན་གཅིག་ནི་རླུང་ལ་ཕྱར། །ཆ་གཅིག་ཆུ་ལ་དོར་བར་བྱ། །གཅིག་ནི་གཏོར་མ་བསྲེས་ནས་ནི། །དྲེགས་པ་རྣམས་ལ་ཕུལ་བ་ན། །དགྲ་བོའི་སྲོག་ལ་གནོད་ངེས་པ། །མི་བསླུའི་བདེན་འབྲས་དངོས་སུ་མཐོང་། །རྗེས་སུ་གཏང་རིག་གསོལ་མཆོད་བྱ། །དེ་ལྟར་གནད་ཚན་འགའ་རེ་རྣམས། །ཕྱག་ལེན་སྤྱན་རྒྱུན་ཞལ་ཤེས་རྣམས། །བླ་མའི་བཀའ་ཡི་དྲིས་ལན་དུ། །བཀའ་འབང་ཐུགས་ཀྱི་རྡོ་རྗེས་བྲིས། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དྲེགས་པ་གནམ་ས་གོ་ཟློག་གི་རྐུན་མ་མགོ་འཁོར་སྤྱི་ཡི་མན་ངག་གསལ་བར་བཀོད་པ།


CMR046_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལས་རུང་ཞལ་ཤེས་འགའ་མཆིས་པ་ཐུགས་ལ་གབ༔ དྲེགས་པ་གནམ་ས་གོ་ཟློག་གི་རྐུན་མ་མགོ་འཁོར་སྤྱི་ཡི་མན་ངག་གསལ་བར་བཀོད་པའོ༔ འདི་དམ་མེད་ལ་བསྟན་ན་དྲེགས་པ་ཉི་ཤུས་བཀའི་ཆད་པ་ཆོད་ཅིག༔ བློ་གཏད་ཕེར་ས་ལ་སྟོན་ཅིག༔ ཨོཾ༔ ན་མོ་མུ་ནེ་ཀཱ་ལ་ཡེ༔ དྲེགས་པ་ཉི་ཤུའམ་བཅུ་དགུ་པ་གནམ་ས་གོ་བཟློག་གི་འཁོར་ལོ་ནི༔ འཕྲལ་དུ་བུད་མེད་གནས་བསྡམས་སམ༔ ཡང་ན་གློ་བུར་ཨར་བ་ལ༔ ཀ་ཆ་འོག་རྟ་ཁལ་མཛོ་དང་༔ བརྒྱག་ཆུ་དཔེ་ཆ་ཤོར་སྲིད་ན༔ གནམ་ས་གོ་བཟློག་འཁོར་ལོ་བསྐོར༔ འདི་རྐུན་མ་ཡིན་གཞན་ལ་མི་དགོས༔ རྐུན་མ་རྐྱང་པ་ལ་བསྐོར་ཀྱང་ཉན༔ རྐུན་མ་མགོ་འཁོར་གྱི་འཁོར་ལོ་ཡང་ཟེར༔ རྐྱང་བ་བསྐོར་ཀྱང་ཉན༔ ཟས་ནོར་ཤོར་མ་ཐག་ཏུ་བསྐོར་ན་ཚུར་ལ་ཁུག་པར་ཐེ་ཚོམ་མེད༔ ཤོག་གུ་སྣག་སྨྱུག་ལ་དྲི་མ་ཁ་རླངས་མ་སོང་བར་བྱས་ལ་མུ་ཁྱུད་ཕྱི་མ་གཅིག་དྲ་ས་དང་གྲུབ་པའོ༔ དེ་རྒྱབ་མུ་ཁྱུད་གཅིག་ལ་རྟེན་འབྲེལ་ལོག་པ་དང་དམོད་མོ༔ དེ་རྒྱབ་མུ་ཁུད་ཆེ་བ་ལ་ནི་སྔགས་རིང་དང་དེ་ནང་ལིངྒ་བྲི༔ དེ་ནང་མུ་ཁྱུད་བླ་འགུགས་སྔགས་མིང་དང་སྔགས་བྲི༔ དེ་ནང་སྲོག་ཤིང་རུ་པའི་བུག་པ་ནི་མིག་གོ༔ སྟེང་མ་སྔགས་མགོ་ནང་བསྟན༔ འོག་མ་ཕྱི་བསྟན༔ གཉིས་ཀ་ལ་སྔགས་མཇུག་ནང་དུ་འོང་བ་བྱ་སྟེ༔ མུ་ཁྱུད་ཕྱི་མ་ལ་ཕྲེང་གཅིག་ཏུ་བྲི་བ་ནི༔ ཧཱ་སྭཱ་ཡེ་ཎ་མ་ཤ་ཧཱ་མ་དཱི་བཱ་བི་ཨེ་དྷ་རོ་ནི་ཡོ་ཉྩ་ཥཱ་ཏེ༔ ཏད་ཝ་ཧུ་ཏོག་ཐཱ་ཏ་ན་ཥཱ་རྙེདུ་ཧེ་ཝ་བྷ་པྲ་ཏུ་ཧེ་རྨདྷ་ཡེ་ཨོཾ༔ གནོད་


CMR046_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དགྲ་ཇག་ཆོམ་རྐུན་ཐམས་ཅད་ཀྱི་འདུ་ཤེས་གོ་ཟློག༔ འདུ་བྱེད་གོ་ཟློག༔ རྣམ་པར་ཤེས་པ་གོ་ཟློག༔ མིང་གཟུགས་གོ་ཟློག༔ སྐྱེ་མཆེད་དྲུག་གོ་ཟློག༔ རེག་པ་གོ་། ཟློག༔ ཚོར་བ་གོ་ཟློག༔ སྲིད་པ་གོ་ཟློག༔ ལེན་པ་གོ་ཟློག༔ སྲིད་པ་གོ་ཟློག༔ སྐྱེ་བ་གོ་ཟློག༔ མྱོས་འཐིབ་དབང་པོ་དཀྲུགས༔ དྲན་པ་གཏོར༔ མགོ་འཁོར་སེམས་མྱོས་དམུ་གབ་བཀོན་ཅིག༔ ཅེས་བྲི་འོ༔ དེ་རྒྱབ་མུ་ཁྱུད་ཆེ་བའི་ཕྱི་ནས་མགོ་བཟུང་སྟེ༔ ཨོཾ་བཛྲ་ཤ་ཡན་ཤ་ས་ས་མ་ཡ་ཛཿ ཨོཾ་ཧེ་མུ་ནེ་ཤ་ཧཱུྃ་ཧ་ས་ནི་ཧཱུྃ་ཧཱུྃ་ཧཱུྃ་ཙིཏྟ་ཕཊ༔ ཨོཾ་བཛྲ་ཏེ་ཏི་དགྲ་རྐུན་ཇག་པ་འདི་ཡི་སྲོག་སྙིང་ཁུག་ཛཿ དགྲ་རྐུན་ཇག་པ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཨོཾ་ཧཱུྃ་བཛྲ་ཡཀྵ་ཛྭ་ལ་ཀ་ཆ་རྟ་ཕྱུགས་ཁྱེར་མིའི་དགྲ་བོ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་དགྲ་བོ་བྱི་བ་ལོ་པ་ཀ་ཆ་རྟ་ཕྱུགས་ཁྱེར་མིའི་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ མུ་དགྲ་བོ་གླང་ལོ་པ་ཀ་ཆ་རྟ་ཕྱུགས་ཁྱེར་མིའི་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ནི་དགྲ་བོ་སྟག་ལོ་པ་ཀ་ཆ་རྟ་ཕྱུགས་ཁྱེར་མིའི་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཧཱུྃ་དགྲ་བོ་ཡོས་ལོ་པ་ཀ་ཆ་རྟ་ཕྱུགས་ཁྱེར་མིའི་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཧ་དགྲ་བོ་འབྲུག་ལོ་པ་ཀ་ཆ་རྟ་ཕྱུགས་ཁྱེར་མིའི་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ས་དགྲ་བོ་སྦྲུལ་ལོ་པ་ཀ་ཆ་


CMR046_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་ཕྱུགས་ཁྱེར་མིའི་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ནི་དགྲ་བོ་རྟ་ལོ་པ་ཀ་ཆ་རྟ་ཕྱུགས་ཁྱེར་མིའི་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཧཱུྃ་དགྲ་བོ་ལུག་ལོ་པ་ཀ་ཆ་རྟ་ཕྱུགས་ཁྱེར་མིའི་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཧཱུྃ་དགྲ་བོ་སྤྲེལ་ལོ་པ་ཀ་ཆ་རྟ་ཕྱུགས་ཁྱེར་མིའི་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཙིཏ་དགྲ་བོ་བྱ་ལོ་པ་ཀ་ཆ་རྟ་ཕྱུགས་ཁྱེར་མིའི་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཏ་དགྲ་བོ་ཁྱི་ལོ་པ་ཀ་ཆ་རྟ་ཕྱུགས་ཁྱེར་མིའི་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཡ་དགྲ་བོ་ཕག་ལོ་པ་ཀ་ཆ་རྟ་ཕྱུགས་ཁྱེར་མིའི་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ དགྲ་བོ་ཇག་རྐུན་ཀ་ཆ་རྟ་ཕྱུགས་ཁྱེར་མཁན་ཐམས་ཅད་ཀྱི་འདུ་ཤེས་ཁུག་ནན༔ འདུ་བྱེད་ཁུག་ནན༔ རྣམ་ཤེས་ཚོགས་བརྒྱད་ཁུག་ནན༔ སྐྱེ་མཆེད་དྲུག་ཁུག་ནན༔ རེག་པ་ཁུག་ནན༔ ཚོར་བ་ཁུག་ནན༔ སྲིད་པ་ཁུག་ནན༔ ལེན་པ་ཁུག་ནན༔ སྲིད་པ་ཁུག་ནན༔ སྐྱེ་བ་ཁུག་ནན༔ དགྲ་བོ་ཇ་རྐུན་ཀ་ཆ་རྟ་ཕྱུགས་ཁྱེར་མིའི་གནམ་ས་གོ་ཟློག༔ ཤར་ནུབ་གོ་ཟློག༔ ལྷོ་བྱང་གོ་ཟློག༔ སྔོན་རྒྱབ་གོ་ཟློག༔ མགོ་མཇུག་གོ་ཟློག༔ ཨོཾ་བཛྲ་ཏེ་ཏཾ་དགྲ་བོ་ཀ་ཆ་རྟ་ཕྱུགས་ཁྱེར་མི་ཁུག་ཛ་ཛ་བྷན་ཡ་བྷནྡྷ་ཡ༔ མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ གཞི་བྱེས་ལམ་གསུམ་ནས་ཀ་ཆ་རྟ་ཕྱུགས་ཁྱེར་མི་དགྲ་བོ་ཁུག་ཁུག་ཛ་


CMR046_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿ ཨོཾ་ཏི་ཏཾ་དགྲ་བོ་ནོར་ཁྱེར་མི་ཁུག་ཛཛཿ ཧེ་བྷོ་ཧ་རེ་མི་ཡང་༔ དགྲ་བོ་ནོར་རྐུ་མི་ཡཾ༔ དགྲ་བོ་ནོར་རྐུ་མི་མུག་ཏི་ཅད༔ ཐིས་ཁུག༔ ཐུམ་ཐུམ་ཕྲོལ་ཕྲོལ༔ ལྷོག་ལྷོག༔ ཏྲག་ཁྲག༔ ནན་ནན༔ དགྲ་བོ་ནོར་རྐུ་མི་མུག་ཏི་ཆད༔ ཙིཏྟ་ཁུག༔ དེ་ཝ་རཱ་ཙ་ནན༔ ཀིང་ཀཾ་རུས་ལ་ཆོམ༔ ཁྲག་ཏི་ཁ་རྒྱལ་ཏི་རྦད༔ ཤ་ལ་ཉོག་ཉིལ༔ ཐུམ་རིལ་ལི་ཛ་ཛཿ ཕུང་སྲི་མ་དགྲ་བོ་ནོར་རྐུ་མི་མཱ་ར་ཡ་སོད་སོད༔ པྲ་ལ་ནི་པྲ་མ་ནི༔ རཱ་ཙ་ཡ༔ བྷ་ཏི་ཀྲོ་དྷ་ཀ་ལ་ཡ་དགྲ་བོ་ནོར་རྐུ་མི་མཱ་ར་ཡ་ཛ་ཛཿ ཞེས་བྲིའོ༔ ༈ དེ་ནས་ལིང་གའི་མཐའ་ལ༔ ཨོཾ་ཧེ་མུ་ནེ་ཤ་ཏྲི་ཧ་ས་ནི་ཧཱུྃ་ཧཱུྃ་ཙིཏྟ་ཡ་ཕཊ༔ ཨོཾ་ཧཱུྃ་བཛྲ་ཡཀྵ་ཛཿ དགྲ་བོ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཧཱུྃ་མཱ་ར་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཏེ་ཏཾ་དགྲ་བོ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཡ་ཡ་མཱ་ར་ཡ་ཧཱུྃ་ཕཊ༔ དགྲ་བོ་མཱ་ར་ཡ་སོད་སོད༔ ཨོཾ་མུ་ནེ་ཧཱུྃ་ཧ་ན་ཧཱུྃ་ཧཱུྃ་ཙ་ཏཾ་ཡ་ཧཱུྃ་ཕཊ༔ ཨོཾ་མུ་ནི་ཧཱུྃ་ཧ་ས་ནི་ཧཱུྃ་ཧཱུྃ་ཝ་ཏ་ཡེ་ཕཊ༔ དགྲ་བོ་ཀ་ཆ་རྟ་ཕྱུགས་ཁྱེར་མི་ལོ་བཅུ་གཉིས་ཀྱི་ལོ་པ་གང་ཡིན་གནམ་ས་གོ་ཟློག༔ ཤར་ནུབ་གོ་ཟློག༔ ལྷོ་བྱང་གོ་ཟློག༔ སྔོན་རྒྱབ་གོ་ཟློག༔ མགོ་མཇུག་གོ་ཟློག༔ ཅེས་བྲི༔ དེ་ཡི་ནང་དུ་ལིང་ག་བྲི་བ་ནི༔ དཔེའུ་རིས་ལྟར༔


CMR046_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་ལྟོ་བའི་མུ་ཁྱུད་ལ༔ དགྲ་བོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ༔ ཤ་མ་རུ་ཏི་ཐུལ་ཐུལ༔ ཤ་ལིང་མྱོག་ལིང་ཀུ་ལིང་༔ ཐིམ་ལིང༔ མྱོག་མྱོག༔ ཡད་ཡད༔ ཁུག་ཁུག༔ ཛཿཛཿ ས་ཆ་གཞི་བྱེས་ལམ་གསུམ་གང་ཡང་རུང་བ་ནས༔ ཀ་ཆ་ཟས་ནོར་རྟ་ཕྱུགས་རྐུ་ཕྲོག་བྱེད་མི་ཁྱེར་མི་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་འདིར་ཁུག་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོ༔ དེ་ནང་ཛ་ཁ་སྤྲོད་ཀྱི་བར་དུ་ཀྲྀ་བྲི༔ ལག་བསྐོར་ལ་གྲོགས་མུག་ཏུ་སྲོག་ཤིང་བུག་པ་བྱ༔ ཆུ་རླུང་ལ་བསྐོར་ན་བུག་པ་མེད་ན་ཟབ༔ ལིངྒ་རམ་གྱིས་སྔོན་པོ་བྱ༔ མུ་ཁྱུད་སོ་སོར་བྱ༔ དེ་འདྲ་ཡ་གབ་མ་གབ་གཉིས་ཁ་སྦྱོར༔ རྒྱ་ཐང་ཕྲོམ་རྙེད་ན་རབ༔ ཡང་ན་ཐང་ཕྲོམ་ནག་པོའི་འབྲས་བུ་བསྙོག་ཁྲག་བྱུག༔ བུད་མེད་ཡིན་ན་གི་ཝཾ་ཡང་བསྲེ༔ དམེ་ཁྲག་རྙེད་ན་བསྲེ་བ་ཟབ༔ དེ་ནི་དྲེགས་པའི་གཞུང་སོར་བཞག་ཡིན་ནོ༔ ཨོཾ༔ ཡང་རླུང་འཁོར་སྤྱི་ཡི་ལུགས་ལ་སྔོན་གྱི་སློབ་དཔོན་རྣམས་ཀྱི་ཕྱག་ལེན་ལྟར༔ རྐུན་མ་མགོ་འཁོར་གྱི་སྔགས་རྣམས་ཐམས་ཅད་བསྐོར་ལུགས་ནི༔ ཤོག་ཚད་གོང་དང་མཉམ་པ་ལས༔ ཕྱིའི་མུ་ཁྱུད་དྲ་ས་དང་གྲུབ་པ་ཡིན༔ དེ་ནང་མུ་ཁྱུད་ཤིན་ཏུ་ཆེ་བ་ལ་སྔགས་རིང་ཐམས་ཅད་བྲི༔ དེ་ནང་མུ་ཁྱུད་ལིངྒའི་ལྟོ་བར་ནི་མིག་སྲོག་ཤིང་བུ་གའོ༔ རྟེན་འབྲེལ་ལོག་པ་མི་དགོས་སོ༔ འདི་ལ་ཡང་ཡ་གབ་མ་གབ་གཉིས་བྲིས་ལ་ཁ་སྦྱོར༔ ཕྱི་ཡི་མུ་ཁྱུད་ལ་ཕྱི་ནས་མགོ་


CMR046_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་༔ སྔགས་མཇུག་ནང་དུ་ཕུད་ལ་བྲིས་ཏེ༔ སཿདཿཤཿརཿསཿམཿརཿཨཿམཿཀཿལཿརཿཡཿཕཊ༔ དགྲ་བོ་ཀ་ཆ་རྟ་ཕྱུགས་ཁྱེར་མི་ཐམས་ཅད་ཇི་ཧ་བཛྲ་མཱ་ར་ཡ་ནན༔ སིཾ་བྷ་ཡ་ནན༔ ཛཾ་བྷ་ཡ་ནན༔ ཨོཾ་སརྦ་ཎི་འུབ་འུབ་དགྲ་ཇག་པ་མཱ་ར་ཡ་ཕཊ༔ བྷནྡྷ་བྷནྡྷ་ཆིངས་ཆིངས༔ ཧཱུྃ་མེ་དཔ་ཎི་མ་ཨོཾ༔ ཕཊ་ཧུཾ་དྷ་ཀྲོ་རི་ཤུ་ཀི་ལོ་ཨོཾ༔ ན་ཤ་ཙ་རུ་དུ་མ་ཡ་ཨ༔ ཊཱི་ལྷ་རཥཱ་ཡ༔ བི་རུ་དྷ་ཀ་ཡ༔ བི་རུ་པཀྵ་ཡ༔ བྷེ་ཤྭ་ཝ་ཎ་ཡ༔ ས་པ་ཤ་དགྲ་རྐུན་ཇག་གསུམ་ཀ་ཆ་རྟ་ཕྱུགས་ཁྱེར་མི་རྣམས་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཨོཾ་མུར་རྒྱ་མུར་རྒྱ་མ་ཧཱ་མུར་རྒྱ་དགྲ་བོ་ཀ་ཆ་རྟ་ཕྱུགས་ཁྱེར་མི་བླ་གཤེད་དབང་གསུམ་ཆིངས་ཤིག་ཆིངས་ཤིག་སྭཱ་ཧཱ༔ ཀ་ཆ་རྟ་ཕྱུགས་ཁྱེར་མིའི་ཆོམ་རྐུན་རྣམས་ཞ་རམ་ཝར་ཏི་ས་མུན་ཛཿ ཞ་རཾ་ཝར་ཏི་མུན་མུན་ཐིབ་ཐིབ༔ རྭ་ཙ་མུན་མུན་རྭ་ཙ་ཐིབ་ཐིབ་སྭཱ་ཧཱ༔ ཨོཾ་ཤི་ལི་ལི་ཡ་མ་ཀུ་ཀུ་ཤང་ཤང་ཀ་ཆ་རྟ་ཕྱུགས་ཁྱེར་མིའི་མཱ་ར་ཡ་ཟུང་ཟུང་༔ ཨོཾ་ཤིག་ཆོད་ནིར་ལོག་ནིར་ཆོད༔ ནིར་ལོག་གར་ལོག་གར་ཆོད༔ ཨོཾ་ལ་འཁོར་རོ་འཁོར་འདུས་འདུས་རྒྱུག་རྒྱུག་དུམ་བུ་ནི་ཀང་ལ་མ་ཧཱ་དེ་ཝ་ཧཱུྃ་ཛ་དགྲ་བོའི་སྙིང་ལ་ཧུར་ཐུམ་རྦད་རྦད་བྷོ་སྦྱོ་ཟློག་ཟློག༔ མུར་རྒྱ་མུར་རྒྱ་


CMR046_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་མུར་རྒྱ༔ དགྲ་བོ་ཀ་ཆ་རྟ་ཕྱུགས་ཁྱེར་མི་བླ་སྲོག་ཤ་ཁྲག་དོན་སྙིང་གསུམ་ཆིངས་ཤིག་ཆིངས་ཤིག་སྭཱ་ཧཱ༔ ཨོཾ་གྷི་ར་ཛ་གི་ར་ཛ་རྐུ་མ་རྐུ་མ་ཁྱོ་ཐིས་དགྲ་ཇག་ཆོམ་རྐུན་ཀ་ཆ་རྟ་ཕྱུགས་ཁྱེར་མི་ལུས་ངག་ཡིད་གསུམ་ཆིངས་ཤིག་ཆིངས་ཤིག་བྷནྡྷ་བྷན་སྭཱ་ཧཱ༔ ཨོཾ་བཛྲ་སཱ་དྷུ་ས་མ་དགྲ་རྐུན་ཇག་གསུམ་བྷནྡྷ་བྷནྡྷ་སྭཱ་ཧཱ༔ ཨོཾ་ར་ལི་པྲ་མ་ཡ་ཛཿ དགྲ་ཇག་ཆོམ་རྐུན་བྷནྡྷ་བྷནྡྷ་སྭཱ་ཧཱ༔ ཨོཾ་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཛཿ ཨོཾ་འུར་ཏི་འུར་ཝ་རིང་བསོད་རིང་བསོད༔ ཀླད་ལ་གཡུགས༔ ཏདྱ་ཐཱ༔ ཨོཾ་མུར་རྒྱ་མུར་རྒྱ་མ་ཧཱ་མུར་རྒྱ༔ ཙག་ཙག༔ ཙིག་ཅིག༔ ཙེག་ཙེག༔ དགྲ་ཇག་ཆོམ་རྐུན་བྲོས་པོ་ཐམས་ཅད་ཁ་བསྐོར་ཁ་བསྐོར་ཅིག༔ སྐྱིད་ཁྲིལ་ཅིག༔ ངག་ལྐུག་ཅིག༔ ཡིད་དྲན་པ་རྨུག་པར་གྱིས་ཤིག༔ སྨྱོ་རུ་ཆུག་ཅིག༔ མྱོས་མྱོས་སོད་སྭཱ་ཧཱ༔ ཨོཾ་ཐུམ་ཐུམ་ཧྲིལ་ཧྲིལ་ནག་འཁོར་ལ་འཁོར༔ རྐུན་བུ་ནག་པོ་མགོ་བསྐོར་ནས་ཚུར་ལ་བསྐོར་ཀྱི་ལི་ལི་ནག་ཐིབ་ཐིབ་བསྐོར་སྭཱ་ཧཱ༔ ཞེས་བྲི༔ དེ་ཡི་ནང་དུ་ལིང་ག་གཉིས་ཡ་གབ་མ་གབ་བྱ་སྟེ། རྐང་པ་མགོ་བསྐོར་འགོད༔ རྐང་པའི་མལ་དུ་ལག་པ་དོད་པར་བྱ༔ དེ་ཡང་མགོ་མཇུག་བསྣོལ་བའོ༔ དེ་ཡི་ནང་གི་མུ་ཁྱུད་ལ༔ ཨོཾ་མུ་ནེ་ཙོ་ར་མུར་རྒྱ་


CMR046_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཙོ་ར་སྭཱ་ཧཱ༔ ཇག་པ་ཆོམ་རྐུན་ཛྭ་ལ་མ་དྷ་ཡེ་ཁུག་ཅིག་སྭཱ་ཧཱ༔ ཨོཾ་འུར་ཏི་འུར་ཝ་རིང་སོད་ཀླད་ལ་གཡུགས༔ སརྦ་ཇག་རྐུན་ཀ་ཆ་རྟ་ཕྱུགས་ཁྱེར་མི་འདི་རྣམས་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཤར་ལྷོ་ནུབ་བྱང་སྟོད་སྨད་བར་གསུམ་གར་སོང་ཡང་མགོ་བསྐོར་ཅིག༔ བླ་ཁུག་ལ་ཆིངས་ཤིག༔ མཱ་ར་ཡ་སྒྲིབས་ཤིག་ཁུག་ཅིག༔ ལུས་ཆིངས་ཤིག༔ ངག་ཆིངས་ཤིག༔ ཡིད་དྲན་པ་རླུགས་པར་གྱིས་ཤིག༔ འཐིབས་སུ་ཆུག་ཅིག༔ ཨོཾ་མུར་རྒྱ་མུར་རྒྱ་མ་ཧཱ་མུར་རྒྱ་ཡེ་སྭཱ་ཧཱ༔ དམ་ཉམས་རྐུན་མ་ཇག་པ་བྲོས་པོ་གནས་བསྡོང་ཀ་ཆ་རྟ་ཕྱུགས་ཁྱེར་མི་ཐམས་ཅད་ཁ་བསྐོར་ཅིག༔ རྐང་འཁྲིལ་ལ་སྒྲོག་ཏུ་ཆུག་ཅིག༔ མྱུར་དུ་སྒྲོག་ཏུ་ཆུག་ཅིག༔ ཨོཾ་འུབ་སརྦ་འུབ་ཀ་ཆ་རྟ་ཕྱུགས་ཁྱེར་མི་དགྲ་བོ་འདི་རྣམས་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཤར་ལྷོ་ནུབ་བྱང་སྟོད་སྨད་བར་གསུམ་གར་སོང་ཡང་མགོ་བསྐོར་ཅིག༔ ཨོཾ་བཛྲ་ཡཀྵ་ས་མ་ཡ་ཛཿ ཞེས་བྲི༔ ཛ་ཁ་སྤྲོད་བར་དུ་ཀྲྀ་བྲི༔ ཧྲི་མིག་བུ་གར་སྲོག་ཤིང་གྲི་ལྕགས༔ མ་རྙེད་ན་ཡུ་བ་སྲོག་ཤིང་གཉིས་ཀ་སྤོམ་ནག་བྱ༔ ཐང་ཕྲོམ་འབྲས་བུ་སྨྱོ་ཁྲག་གི་ཝང་རྣམས་ཡི་གེ་མ་བསུབ་པར་བྱུག༔ དམེ་ཁྲག་དང་རྗེས་ས་ཡོད་ན་བྱུགས་པས་ཟབ༔ དེ་ལྟར་ཆ་བཞི་ལ་ཆ་གཅིག་སྟེང་མང་


CMR046_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བརྩེགས་ན་མྱུར༔ སྟེང་འོག་ཏུ་དཔེའུ་རིས་ལྟར་དང་༔ བར་དུ་ཤོག་སྟོང་གཅིག་ལ༔ བརླག་བརླག་ཐུ་ཐུ་རིལ་རིལ་རྦད་རྦད༔ སྤྱང་ཀིའི་ཁྲག་གིས་བྱུག༔ ཕུང་ཕུང་ཤིག་ཤིག་བྱེར་བྱེར༔ ཞེས་བྲིས་ལ་དེ་ལ་སྤྲེལ་ཁྲག་བྱུག་དགོས་སོ༔ ཡང་ཐོག་ཏུ་སྡེབ་ཀྱང་གཅིག་ལ༔ དབུས་སུ་རྡོ་རྗེ་རྒྱ་གྲམ་བྲིས་པའི་མཐར༔ ཡིག་མགོ་ནང་བསྟན༔ སྔགས་མགོ་ནང་བསྟན༔ སྔགས་མགོ་ཕྱིར་བསྟན་ནས་ནང་དུ་གཅུད་ལ༔ ན་མཿཙཎྜ་བཛྲ་ཀྲོ་དྷ་ཡ༔ ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་ཨ་ཀ་ནི༔ ནི་ཀ་ནི༔ ཨ་བྱི་ལ༔ མཎྜ་མ་ཡེ་སྭཱ་ཧཱ༔ འཁོར་ལོ་འདི་བསྐོར་བ་ལ་ལས་མི་འགྲུབ་པའི་བགེགས་དང་བར་ཆད་ཐམས་ཅད་བཟློག་ཅིག༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ བར་ཆད་བགེགས་ཨུ་ཙ་ཏ་ཡ་ཕཊ༔ ཅེས་པ་གང་ཤོང་བྲིའོ༔ དགྲ་རྐུན་ཇག་པའི་ལུས་ངག་ཡིད་གསུམ་མཱ་ར་ཡ་ནན༔ སུཾ་བྷ་ཡ་ནན༔ མོ་ཧ་ཡ་ནན༔ ན་ཤ་ཡ་ནན༔ ཨུ་ཙ་ཏ་ཡ་ནན༔ ཨོཾ་ལཾ་ནན༔ ཨ་ལཾ་ནན༔ ཧཱུྃ་ལཾ་ནན༔ ཡཾ་རཾ་ནན༔ རཾ་ནམཿ ལཾ་ནན༔ བཻ་ནན༔ སུཾ་ནན༔ ཁཾ་ནན༔ དགྲ་བོ་རྐུན་ཇག་ཐམས་ཅད་མ་སྐྱེད་ཅིག༔ མ་ལྡང་ཞིག༔ ཨོཾ་ཡེར་ཡེར་དཀྲུག་དཀྲུག༔ གཏོར་གཏོར༔ བྱ་རྒོད་ཁྲག་


CMR046_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

བྱུག༔ སྟེང་སྣ་ཚོགས་རྡོ་རྗེའི་མཐའ་ནས་བྲིའོ། །བརླག་བརླག་ཐུ་ཐུ་རིལ་རིལ་རྦད་རྦད༔ སྤྱང་ཀིའི་ཁྲག་བྱུག་མགོ་ནང་བསྟན༔ འོག་གཞིའི་འཁོར་ལོའོ༔ དགྲ་བོ་མཐའ་རྒྱུད་རླུང་ལ་བསྐུར་ཅིག༔ ཕྱི་ནས། ཨོཾ་རྭ་ཙ་ཆེན་པོ་སྙིང་ལ་ནག་པོ་ཐུན་བྷོ༔ རཱ་ཙ་ཐུན་རྒྱུག་རྒྱུག་སྙིང་ལ་ཡཱ༔ སྲོག་ལ་ཛ་ཐུམ་ཛཿ ཨོཾ་རཱ་ཙ་དུ་ལིང་རྦད༔ ཤཱནྟཾ་ནན་རྦད། ཀུས་ཐོབ། འུར་རྡོ་འཕོང་། རྡོ་ཆར་ཕོབ། རང་འཐག་སྟོང་སྐོར་གྱིས། ཨི་ལི་ཨཱ་ཨི་ལའི་སྒྲ་ཐོང་། ངའི་ནོར་སྙོག །ཅེས་དམོད་བཅོལ་བྲིའོ། །དེ་ནས་རང་སྔགས་སམ་བཟླ་བྱའི་སྔགས་ཅི་མང་རབ་གནས་བྱ་ཞིང་༔ སྔགས་དམིགས་པ་དང་བཅས་འཕྲལ་ཉིད་ནས་བསྐོར་བ་གལ་ཆེའོ༔ ཞེས་པ་དྲེགས་པ་ཉི་ཤུའི་གཞུང་ཆེན་དང་༔ མན་ངག་འཐོར་བུ་བལྟས་ཆོག་སྔར་ཡི་གེར་བཏབ་པ་མེད་ཅིང་ཐུགས་ལ་གབ་ཚེ་ལོ་བཞི་བཅུ་ཁ་རལ་མར་བབ་སུམ་ཅུ་ལ་ཉེ་བའི་དུས་སྐབས་ཆོས་རྐུན་གྱི་ཚེ་བ་ཆེན་པོས༔ ལུགས་གཉིས་ཀྱི་ཁྲིམས་གང་ལ་ཡང་མི་བརྩི་བ་བྱུང་དུས༔ གཉེར་པ་ཆོས་འཕེལ་གྱིས་བསྐུལ་ནས༔ ༧ རཱ་ག་ཨ་སྱས་བསྡེབས་པའི་ཉེས་ཨོ་རྒྱན་དྲུང་དུ་བཤགས༔ དགེ་བས་བསྟན་པ་དང་བསྟན་འཛིན་རྣམས་ལ་ཕན་པ་རྒྱ་ཆེན་པོར་གྱུར་ཅིག༔ ཨྠྀི༔ སརྦ་མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

དྲེགས་པའི་གཏོར་འབུལ་གཏེར་གཞུང་ནས་ཅུང་ཟད་ཁ་བརྒྱན་ཏེ་གུད་དུ་བཀོལ་བ།


CMR046_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

དྲེགས་པའི་གཏོར་འབུལ་གཏེར་གཞུང་ནས་ཅུང་ཟད་ཁ་བརྒྱན་ཏེ་གུད་དུ་བཀོལ་བའོ༔ རང་ཉིད་བཅོམ་ལྡན་འདས་གསང་བའི་བདག་པོ་དྲེགས་པ་ཀུན་འདུལ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་པས་དྲེགས་པ་ཉི་ཤུ་འཁོར་དང་བཅས་པ་མདུན་དུ་སྤྱན་དྲངས་པར་གྱུར༔ ཧཱུྃ༔ དྲེགས་པ་འདུལ་བྱེད་བཀའ་ཉན་པ༔ སྲིད་གསུམ་མངའ་བདག་མཐུ་རྩལ་ཅན༔ མ་ཧཱ་དེ་ཝ་ལ་སོགས་པའི༔ དྲེགས་པ་ཉི་ཤུ་འཁོར་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དགྲ་བགེགས་བམ་བརྩེགས་ཁྲི་ལ་བཞུགས༔ དམ་ཉམས་དགྲ་བགེགས་ཤ་ཁྲག་རུས༔ ཕྱི་ནང་གསང་སོགས་མཆོད་པར་འབུལ༔ དམར་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་ཕྲིན་ལས་སྒྲུབས། དགྲ་ལ་ཆོ་འཕྲུལ་སྣ་ཚོགས་སྟོན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་བཛྲ་ཙཎྜ་སརྦ་དུཏྟཾ་ཧཱུྃ་ཧཱུྃ་ཕཊ༔ ཡ་མ་ནཱ་ག་དྷེ་ཝ་རཱ་ཧུ་ལ་ཡཀྵ་རཀྵ་དྷ་ཤ་གྲི་ཝ་དགྲ་བགེགས་མཱ་@ར་ཡ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ ཕྱག་ན་རྡོ་རྗེའི་བཀའ་ཉན་པ༔ དབང་ཕྱུག་ཆེན་པོ་ལ་སོགས་པ༔ དྲེགས་པ་ཉི་ཤུ་འཁོར་དང་བཅས༔ ལྷ་སྲིན་སྡེ་


CMR046_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཐམས་ཅད་ཀུན༔ དགྱེས་པར་བྱེད་པའི་མཆོད་པ་ནི༔ དགྲ་བགེགས་བསྒྲལ་བའི་བྷནྡྷ་རུ༔ འབྲུ་ནག་བཤོས་བུ་ཟུར་གསུམ་པ༔ དར་ནག་ཅོད་པན་མང་པོས་བརྒྱན༔ དགྲ་བགེགས་རྣམས་ཀྱི་དོན་སྙིང་དང་༔ ཤ་རུས་རི་ལྟར་སྤུངས་ནས་ཀྱང་༔ ཤ་ཁྲག་རྒྱ་མཚོར་བསྐྱིལ་བ་འདི༔ དྲེགས་པ་ལྷ་སྲིན་ཞལ་དུ་འབུལ༔ དམ་རྫས་གཏོར་ཆེན་བཤམ་པ་འདི༔ འབུལ་གྱི་བཞེས་ཤིག་ཁ་རཾ་ཁཱ་ཧི༔ རྔམ་ཞིང་འཇིགས་པའི་ཆ་ལུགས་ཀྱིས༔ གསོལ་ཅིག་ལྷག་མ་མེད་པར་མཛོད༔ དབང་ཕྱུག་ཆེན་པོའི་དུས་ལ་བབ༔ འདིར་གཤེགས་བརྒྱན་པའི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དྲེགས་པ་སྡེ་གསུམ་དུས་ལ་བབ༔ འདིར་གཤེགས་བརྒྱན་པའི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གཟའ་བདུད་ཆེན་པོའི་དུས་ལ་བབ༔ འདིར་གཤེགས་བརྒྱན་པའི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ རྡོ་རྗེ་ལེགས་པའི་དུས་ལ་བབ༔ འདིར་གཤེགས་བརྒྱན་པའི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བདུད་ནག་རང་རྒྱུག་དུས་ལ་བབ༔ འདིར་གཤེགས་


CMR046_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པའི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མགར་བ་བྱ་ཞོན་དུས་ལ་བབ༔ འདིར་གཤེགས་བརྒྱན་པའི་གཏོར་མ་ལོངས། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མོན་པ་སྒོ་བརྡུང་དུས་ལ་བབ༔ འདིར་གཤེགས་བརྒྱན་པའི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཤན་དམར་གུས་འདེབས་དུས་ལ་བབ༔ འདིར་གཤེགས་བརྒྱན་པའི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མོན་པ་རླུང་ནག་དུས་ལ་བབ༔ འདིར་འོ༔ གཤེགས་བརྒྱན་པའི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མ་མོ་ཤ་མེད་དུས་ལ་བབ༔ འདིར་གཤེགས་བརྒྱན་པའི་གཏོར་མ་ལོངས༔ བཅོལ་བའིཕྲིན་ལས་འགྲུབ་པར་མཛོད༔ མོན་པ་ཁྲམ་རྒྱུག་དུས་ལ་བབ༔ འདིར་གཤེགས་བརྒྱན་པའི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གནོད་སྦྱིན་དཀོར་བདག་དུས་ལ་བབ༔ འདིར་གཤེགས་བརྒྱན་པའི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨ་ཙར་ནག་པོའི་དུས་ལ་བབ༔ འདིར་གཤེགས་བརྒྱན་པའི་


CMR046_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ སེང་སྟག་སྤྱང་གསུམ་དུས་ལ་བབཿ༔ འདིར་གཤེགས་བརྒྱན་པའི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཐེའུ་རང་ནོར་བསྙག་དུས་ལ་བབ༔ འདིར་གཤེགས་བརྒྱན་པའི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དུག་མེ་མདེལ་ཐུང་དུས་ལ་བབ༔ འདིར་གཤེགས་བརྒྱན་པའི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ས་སྲི་ཕོ་མོའི་དུས་ལ་བབ༔ འདིར་གཤེགས་བརྒྱན་པའི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཀླུ་བདུད་ནག་པོའི་དུས་ལ་བབ༔ འདིར་གཤེགས་བརྒྱན་པའི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གནམ་ས་གོ་ཟློག་དུས་ལ་བབ༔ འདིར་གཤེགས་བརྒྱན་པའི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བསྐུལ་བྱེད་ཆེན་པོའི་དུས་ལ་བབ༔ འདིར་གཤེགས་བརྒྱན་པའི་གཏོར་མ་ལོངས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ སྔགས་བདག་དྲེགས་ཆེན་བཅོ་བརྒྱད་དང་༔ དྲེགས་པའི་སྡེ་དཔོན་སུམ་ཅུ་སོགས༔ ལྷ་སྲིན་སྡེ་


CMR046_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་མ་ལུས་ཀུན༔ དམར་གྱི་གཏོར་མ་འདི་བཞེས་ལ༔ བརྟེན་པའི་ཚེ་ན་རྒྱང་མ་རིང་༔ བོས་པའི་ཚེ་ན་སྙན་མ་སྲ༔ གཡབ་པའི་ཚེ་ན་སྤྱན་མ་བརྟུལ༔ མཆོད་པའི་ཚེ་ན་ཕྲག་མ་དོག༔ ཆད་པའི་ཚེ་ན་མཐུ་མ་ཆུང་༔ སྲོག་ལས་དུས་སུ་འདི་སྦྱར༔ ལས་སུ་དགྲ་བོའི་སྲོག་རྩ་ཆོད༔ ཟས་སུ་དགྲ་བོའི་ཤ་ལ་ཟོ༔ སྐོམ་དུ་དགྲ་བོའི་ཁྲག་ལ་འཐུང་༔ དགྲ་བགེགས་བདུན་རྒྱུད་རྩད་ནས་ཆོད༔ ཐན་འགྱེད་དུས༔ དམ་ཉམས་དགྲ་བོའི་ཁང་ཁྱིམ་དུ༔ སྒྲ་འོད་ཐུག་ཆོམ་ལྟས་ངན་ཐོངས༔ ཝ་མོ་བརྒྱལ་བའི་ལྟས་ངན་ཐོངས༔ འུག་པ་རྒོད་པའི་ལྟས་ངན་ཐོངས༔ སྒོ་ཁྱི་དུ་བའི་ལྟས་ངན་ཐོངས༔ སྤྲེའུས་མེ་འབུད་ལྟས་ངན་ཐོངས༔ སྦྲུལ་ནག་འཁྲིལ་བའི་ལྟས་ངན་ཐོངས༔ སྦལ་མཁར་བརྩེགས་པའི་ལྟས་ངན་ཐོངས༔ འདབ་ཆགས་བྱ་ཡི་ལྟས་ངན་ཐོངས༔ གཅན་གཟན་རྒྱུག་པའི་ལྟས་ངན་ཐོངས༔ རི་དྭགས་འཛིངས་བའི་ལྟས་ངན་ཐོངས༔ མི་ནག་གཡབ་པའི་ལྟས་ངན་ཐོངས༔ ལྟས་ངན་སྣ་ཚོགས་དགྲ་ལ་ཐོངས༔ ཡང་༔ ཁྲག་ནད་རྒྱུ་གཟེར་ཐོབ་ལ་ཤོག༔ སྨྱོ་འབོག་ནད་ཀྱིས་ཐོབ་ལ་ཤོག༔ མདའ་གྲི་མདུང་གྲི་ཐོབ་ལ་ཤོག༔


CMR046_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

རྨེ་གྲི་ལྕེབ་གྲིས་ཐོབ་ལ་ཤོག༔ ལོ་དང་ཟླ་བར་མ་བཞག་ལ༔ ཞག་དང་ཟ་མར་སོད་ལ་ཤོག༔ གནམ་ས་གོ་ཟློག་དུས༔ དམ་ཉམས་དགྲ་བོ་ལས་ངན་འདི༔ གནམ་ས་གཉིས་པོ་གོ་བཟློག་ཅིག༔ ཤར་ནུབ་གཉིས་པོ་གོ་བཟློག་ཅིག༔ ལྷོ་བྱང་གཉིས་པོ་གོ་བཟློག་ཅིག༔ སྔོན་རྒྱབ་གཉིས་པོ་གོ་བཟློག་ཅིག༔ མགོ་མཇུག་གཉིས་པོ་གོ་བཟློག་ཅིག༔ རྣལ་འབྱོར་རྒྱུན་མཆོད་ལ། སངས་རྒྱས་བསྟན་པ་གཉེན་པོ་སྲུངས༔ རྣལ་འབྱོར་བདག་གི་རྐྱེན་ངན་ཟློག༔ བདག་ལ་སྡང་བའི་དགྲ་བོ་རྣམས༔ མྱུར་དུ་བསྒྲལ་བའི་ཕྲིན་ལས་མཛོད་བློ༔ གནོད་བྱེད་ཐམས་ཅད་དགྲ་ལ་ཟློག༔ ཅེས་པ་འདི་ལྟར་གང་འཐད་གང་བབ་སྐབས་དང་སྦྱར་ནས་བསྐུལ། རྒྱུན་དུ་ནར་མར་གཏོར་འབུལ་བྱེད་ན། སྲོག་བསྐུལ་དང་ཐན་བསྐུལ་སོགས་མི་བྱ་བར་མཇུག་ཏུ་འདི་སྦྱར། སྲོག་ལས་དང་དྲེགས་པའི་གཞུང་ཆེན་ཡོངས་རྫོགས་ཐམས་ཅད་འདོན་ཡང་འཐད། ཐན་དང་མགོ་འཁོར་དུས་ཀྱང་ལན་རེ་ཟུང་ཡོངས་རྫོགས་འདོན་ན་མི་འགལ་ལོ། །ཞེས་པ་དགྲ་རྐུན་གནོད་འཚེ་བྲལ་ཕྱིར་བསྔོ༔ སྔགས་ནག་རཱ་ག་ཨ་སྱས་བྲིས༔ དགེ་བས་སངས་རྒྱས་བསྟན་འཛིན་ཤོག༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།