cover

མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

གླེགས་བམ། ཝི༽

མཁས་གྲུབ་ཀརྨ་ཆགས་མེད།

Nitartha international
Images scanned by TBRC

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

མེ་ཕོ་རྟའི་ལོ་སྤྲེལ་ཟླ་བའི་ཚེས་བཅུ་ནས་བཟུང་སྟེ་འཕྲལ་དུ་གང་ཤར་བྲིས་པའི་གླུ་ཆུང་དམ་དུམ།

ཤོག་ལྷེབ་ ༡ ནས་ ༡༠༠ བར།


CMR050_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཕོ་རྟའི་ལོ་སྤྲེལ་ཟླ་བའི་ཚེས་བཅུ་ནས་བཟུང་སྟེ་འཕྲལ་དུ་གང་ཤར་བྲིས་པའི་གླུ་ཆུང་དམ་དུམ་ཡོད།


CMR050_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧཱུྃ། ཀུན་བཟང་རིགས་ལྔ་རྡོ་རྗེ་སེམས། །རྒྱལ་བ་དགོངས་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དགའ་རབ་ཤྲཱི་སེང་པདྨ་འབྱུང་། །རིག་འཛིན་བརྡ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མཚོ་རྒྱལ་ཀརྨ་གླིང་པ་དང་། །གཏེར་ཆོས་སྨོན་ལམ་བརྒྱུད་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྲས་མཆོག་ཉི་ཟླ་ཆོས་རྒྱ་མཚོ། །བཀའ་བབས་དོན་གྱི་བརྒྱུད་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཐུགས་རྗེ་བུདྡྷ་མང་ག་སྟེ། །ཐུགས་རྗེ་བྱིན་རླབས་བརྒྱུད་པ་


CMR050_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཀུན་དགའ་གྲགས་པ་ཀུན་དགའི་མཚན། །གདུང་རྒྱུད་ཆོས་བདག་བརྒྱུད་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྦས་པའི་རྣལ་འབྱོར་ཨ་མོ་གྷ། །དྲིན་ཐོབ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕུང་ཁམས་སྐྱེ་མཆེད་གནས་དག་པའི། །བདེ་གཤེགས་ཞི་བའི་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཉོན་མོངས་རྟོག་པ་གནས་དག་པའི། །ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ས་དང་ལམ་ལ་རབ་ཏུ་


CMR050_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །དག་པ་རིག་འཛིན་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དམ་ཚིག་ཅན་ལ་བུ་བཞིན་བརྩེ། །བཀའ་སྲུང་དམ་ཅན་རྒྱ་མཚོ་ཡིས། །གསོལ་བ་འདེབས་སོ་བར་ཆད་སོལ། །གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །མི་འགྱུར་རྡོ་རྗེའི་བར་ཆད་ཞི། །བསམ་པ་ཡིད་བཞིན་འགྲུབ་པར་ཤོག །བདག་དང་བདག་ལ་འབྲེལ་ཐོགས་རྣམས། །རྫོགས་ཆེན་སྣང་བཞི་མཐར་ཕྱིན་ནས། །འཇའ་ལུས་འོད་སྐུ་འགྲུབ་པར་ཤོག །ནམ་ཞིག་ཚེ་འཕོས་གྱུར་མ་ཐག །ཞི་ཁྲོའི་ལྷ་ཡིས་མདུན་བསུས་ནས། །བདེ་ཆེན་དག་ཞིང་སྐྱེ་བར་ཤོག །བྷ་ཝནྟུ།། ༈ །།ཨེ་མ་ཧོ། ཆོས་སྐུ་ཀུན་ཏུ་བཟང་པོ་ནི། །འཁྲུལ་མ་མྱོང་བར་ཡེ་སངས་རྒྱས། །དེ་ལས་སྔ་བའི་སངས་རྒྱས་མེད། །མ་རིག་འཁྲུལ་པའི་སེམས་ཅན་ལ། །སྙིང་རྗེ་སྐྱེས་ནས་ཆོས་གསུངས་པ། །བཏགས་གྲོལ་རྒྱུད་འདི་ཡིན་པ་སྟེ། །དེ་ལས་སྔ་བའི་ཆོས་ཤིག་མེད། །ཆོས་རྣམས་ཀུན་གྱི་ས་བོན་ཡིན། །དེ་ལ་བརྟེན་ནས་སྔར་བྱོན་གྱི། །སངས་རྒྱས་ཐམས་ཅད་དེ་ལས་བྱུང་། །དེ་ཕྱིར་སྲས་གཅིག་ས་བོན་རྒྱུད། །སངས་རྒྱས་ཐམས་ཅད་ཆོས་སྐུ་གཅིག །


CMR050_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ། །འོན་ཀྱང་འཁྲུལ་པའི་སེམས་ཅན་ལ། །ཕན་མ་ཐོག་སྟེ་འཁོར་བར་འཁྱམས། །ཉི་མ་ཇི་ལྟར་དྲོ་གསལ་ཡང་། །བྱང་བལྟས་ཕུག་པར་མི་ཤར་བཞིན། །སེམས་ཅན་རང་རང་ལས་ཀྱིས་བསྒྲིབས། །ལས་སྒྲིབ་དག་པས་བལྟས་པ་ན། །ནམ་མཁའ་ས་གཞི་བར་སྣང་ཁམས། །རྡུལ་ཕྲན་རེ་རེའི་ས་ན་ཡང་། །སངས་རྒྱས་ཞིང་ཁམས་རེ་རེ་ཡོད། །བདེ་སྐྱིད་ལྡན་ཞིང་རྣམ་པར་དག །སངས་རྒྱས་དེ་དག་དམ་ཆོས་གསུངས། །སངས་རྒྱས་ལོངས་སྐུ་མང་ན་ཡང་། །གཙོ་བོ་དག་པའི་ཞིང་མཆོག་ལྔར། །རིགས་ལྔའི་སངས་རྒྱས་འཁོར་བཅས་པ། །རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར། །རང་རེ་བསྐལ་པ་ངན་པ་རྣམས། །ཐུབ་པ་མྱ་ངན་འདས་པའི་རྗེས། །བསྟན་པ་ནུབ་ལ་ཁད་དུ་སྣང་། །ཤིན་ཏུ་ལས་ངན་སེམས་ཅན་རྣམས། །ད་ལྟའི་ས་ཆའི་ཡུལ་འདི་ཡང་། །ལ་ལས་དམྱལ་བའི་འཇིག་རྟེན་ཁམས། །ལྕགས་སྲེག་ས་མྱུ་གཞིའི་སྣང་བ་འཆར། །ལ་ལས་ཡི་དྭགས་འཇིག་རྟེན་ཁམས། །ཆུ་མེད་བྱེ་ཚན་གླིང་དུ་མཐོང་། །ལ་ལས་བདེ་སྐྱིད་ཕུན་སུམ་ཚོགས། །དག་པའི་ཞིང་ཁམས་འདྲ་བ་


CMR050_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་། །ལ་ལས་ད་ལྟ་བསྐལ་པ་འཇིག །མེས་ཚིག་རླུང་གིས་གཏོར་བ་མཐོང་། །ལ་ལས་བསྐལ་པ་ཞིག་ཚར་ནས། །ད་ལྟ་ཅི་ཡང་མེད་པར་མཐོང་། །ལ་ལས་བསྐལ་པ་སླར་ཆགས་མཐོང་། །ངེད་རང་ཚོ་ཡི་སྣང་བ་ལ། ད་ལྟ་བསྐལ་པ་གནས་པར་སྣང་། །དེ་ལྟར་སྣ་ཚོགས་སྣང་བ་དེ། །རང་རང་ལས་འཕྲོ་བཟང་ངན་གྱིས། །སོ་སོར་ཇི་ལྟར་མཐོང་བ་བདེན། །སོ་སོར་སྐྱིད་སྡུག་དངོས་སུ་མྱོང་། །འཇིག་རྟེན་སྟོང་གསུམ་རིགས་དྲུག་གིས། །ལུས་པོ་ཐོབ་པའི་སེམས་ཅན་བས། །ཤིང་རྟའི་འཕང་ལོ་ཙམ་ཞེས་པ། །ཕུབ་ཀྱི་རྒྱ་ཙམ་ནམ་མཁའ་དང་། །བར་སྣང་ས་གཞི་ཐམས་ཅད་ན། །ལུས་མ་ཐོབ་པའི་སེམས་ཅན་མང་། །སེམས་ཅན་ཟད་དང་འཕེལ་བ་མེད། །སེམས་ཅན་ཀུན་གྱི་སེམས་ཉིད་ནི། །བདེ་བར་གཤེགས་པའི་ཡེ་ཤེས་ཡིན། །འོན་ཀྱང་རང་ངོ་མ་ཤེས་འཁྲུལ། །ང་མེད་པ་ལ་ང་རུ་བཟུང་། །བདག་མེད་པ་ལ་བདག་ཏུ་བཟུང་། །ང་རུ་བཟུང་བས་གཞན་ཡང་མཐོང་། །གཞན་མེད་པ་ལ་གཞན་དུ་འཁྲུལ། །བདག་ལ་ཆགས་ཤིང་གཞན་ལ་སྡང་། །ཆགས་སྡང་གཉིས་ཀྱིས་འཁོར་བར་འཁྱམས། །དམྱལ་བ་ཡི་དྭགས་དུད་


CMR050_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་དང་། །ལྷ་དང་ལྷ་མིན་མི་རྣམས་སུ། །གཅིག་ནས་གཅིག་ཏུ་རྒྱུན་དུ་འཁོར། །སྡུག་བསྔལ་གྲངས་མང་ཚབས་ཆེན་མྱོང་། །འོན་ཀྱང་སེམས་ཉིད་མེད་མི་ཐུབ། །མེས་མི་ཚིག་ལ་ཆུས་མི་འཇིག །ལུས་ནི་སྡུག་བསྔལ་ཚབས་ཆེན་སྤྱོད། །དམ་པའི་ཆོས་ཤིག་མ་འགྲུབ་ན། །ནམ་ཡང་ཐར་པའི་དུས་ནི་མེད། །སྐྱེ་རྒ་ན་འཆིའི་འཁོར་ལོ་འཁོར། །སྟོང་གསུམ་རི་རབ་གླིང་བཞི་ན། །དེ་སྔ་སྐྱེ་མ་མྱོང་བ་དང་། །འཆི་མ་མྱོང་བའི་ས་ཆ་ནི། །ཁབ་ཀྱི་རྩེ་ཙམ་མེད་པར་གསུངས། །འགྲོ་བ་སེམས་ཅན་ཐམས་ཅད་ཀུན། །ཕ་མ་བྱས་པ་གྲངས་མེད་དེ། །ཉེ་དུ་བཟའ་ཚང་དུ་སྐྱེས་ནས། །ཤི་ནས་ངུས་པའི་མཆི་མ་ཡིས། །རོལ་པའི་མཚོ་བདུན་ཙམ་ཡོད་གསུངས། །ཆུང་མ་ཤི་བའི་སྐུ་བསོགས་པ། །བསགས་ན་ནམ་མཁའ་གང་བ་ཙམ། །སེམས་ཅན་གཞན་དག་ཕ་མར་སྐྱེས། །རང་ལ་བྱིན་པའི་ནོར་རྫས་ནི། །བསགས་ན་གླིང་བཞིར་མི་ཤོང་ཙམ། །རང་གི་སྐྱེ་བ་བླངས་ཚད་དེའི། །ཤ་དང་རུས་པ་བསགས་པ་ན། །སྟོང་གསུམ་འཇིག་རྟེན་གཏོས་དང་མཉམ། །ཁྲག་རྣམས་བསགས་ན་རྒྱ་མཚོ་ཙམ། །རང་ཉིད་


CMR050_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་རྩལ་ལྡན་པར་སྐྱེས། །དགྲ་བསད་པ་ཡི་མགོ་བསགས་ན། །རི་རབ་ཙམ་དུ་འགྱུར་བར་གསུངས། །སྐབས་དེར་བསོད་ནམས་བསགས་པའི་འབྲས། །འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེས། །གླིང་བཞི་མངའ་འོག་བྱེད་པ་མང་། །རེས་འགའ་སྦྱིན་པའི་འབྲས་བུ་ཟད། །སྤྲང་ནས་མུ་གེས་ཤི་བ་དང་། །ཡི་དྭགས་སྡུག་བསྔལ་དཔག་ཏུ་མེད། །རེས་འགའ་དགྲ་ཡིས་བསད་པ་དང་། །དམྱལ་བའི་སྡུག་བསྔལ་བསྐལ་པར་མྱོང་། །རེས་འགའ་དགེ་བའི་འབྲས་བུ་ཡིས། །ལོ་མང་ལྷ་ཡི་བདེ་སྐྱིད་མྱོང་། །བསོད་ནམས་ཟད་ནས་ཁྱི་ཕག་སོགས། །དུད་འགྲོ་ངན་པར་གྲངས་མེད་སྐྱེས། །རེས་འགའ་དམག་དཔོན་སྟོབས་ཆེན་གྱུར། །དགྲ་སྡེ་ཐམས་ཅད་བརླགས་བྱས་ཤིང་། །ཤི་ནས་ལྷ་མིན་འཐབ་རྩོད་ཡུལ། །བསད་བཅད་བརྡུང་བཙོག་དཔག་མེད་མྱོང་། །དེ་སྔོན་བསྐལ་པ་གྲངས་མེད་ནས། །དེ་འདྲའི་ངང་ལ་འཁོར་བར་འཁྱམས། །ལྷ་མིར་སྐྱེས་པ་བརྒྱ་ལན་རེ། །ཕལ་ཆེར་ངན་སོང་གཏན་ཡུལ་བྱས། །དེ་ལྟར་ཡུན་རིང་དེ་ཙམ་ཡང་། །སྐྱིད་སྡུག་དེ་ཙམ་མྱོང་བའི་ཚེ། །རང་ཉིད་སྐྱིད་འདོད་ཕྱུག་འདོད་དང་། ཕ་རོལ་དམའ་འདོད་ཕམ་བབས་


CMR050_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཀྱང་། །རང་ལ་ཆགས་དང་གཞན་ལ་སྡང་། །དེ་གཉིས་ཁོ་ན་བྱས་པས་ལན། །དེ་ལྟར་ཚེ་རབས་ཐམས་ཅད་དུ། །དགེ་བ་བསྒྲུབས་དང་སྡིག་པ་སྤངས། །ཚོགས་ཀྱང་མང་དུ་བསགས་ན་ཡང་། །བར་སྐབས་དེ་ཡི་འབྲས་བུ་ཡིས། །ལྷ་མིའི་བདེ་སྐྱིད་མྱོང་བ་མང་། །བསོད་ནམས་ཟད་ནས་མར་ལྟུང་བ། །སེམས་བསྐྱེད་བསྔོ་བ་མ་ཤེས་ལན། །ད་རེས་ཆོས་སྒོར་ཞུགས་པ་དང་། །ཆོས་ཀྱི་གནད་འགགས་མ་ཤེས་ན། །ད་རུང་དེ་སྔའི་མུ་ལ་འཁྱམས། །ཀྱེ་མ་ཧོཿ དེ་ཙམ་འཁོར་བར་ཡུན་རིང་ན། །སྔར་བྱོན་སངས་རྒྱས་གྲངས་མེད་བྱོན། །དེ་ཚོའི་ཐུགས་རྗེ་རྡུགས་པ་ཨང་། །སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི། །རྟག་ཏུ་ཐུགས་རྗེས་གཟིགས་ན་ཡང་། །ལྕགས་ཀྱི་ཐོ་ལུམ་གཡང་ལྷུང་ལ། །ལྕགས་ཀྱུས་ཐེབས་པ་མེད་པ་བཞིན། །བདག་དང་བདག་འདྲའི་སེམས་ཅན་ཚོ། །ད་ནི་སྐྱོ་བ་མི་སྐྱེ་འམ། །འཁོར་བའི་བྱ་བ་ལ་ཐམས་ཅད་འདི། །སྨྱོན་པས་བཙན་དུག་འགམས་པ་འདྲ། །རང་གིས་རང་ཕུང་ལས་རེ་ངན། །ད་ནི་ཞན་པ་མི་ལོགས་སམ། །འཁོར་བའི་གནས་ཚུལ་འདི་དག་ནི། །དམ་


CMR050_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དཀོན་མཆོག་བརྩེགས་པ་སོགས། །མདོ་རྒྱུད་རྒྱ་ཆེ་རྣམས་ནས་གསུངས། །རང་གི་ཡིད་ལ་ཤར་བ་དེ། །ཨོ་རྒྱན་རིག་འཛིན་ལ་སོགས་པའི། །བློ་ཆུང་གོ་བ་བསྐྱེད་པའི་ཕྱིར། །རཱ་ག་ཨ་སྱས་གླུ་རུ་བླངས། །མངྒ་ལཾ།། ༈ །ཨེ་མ་ཧོཿ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས། །སྣང་བ་མཐའ་ཡས་སྤྱན་རས་གཟིགས། །མཐུ་ཆེན་ཐོབ་སོགས་པདྨའི་རིགས། །ཐམས་ཅད་ཀུན་ལ་གསོལ་བ་འདེབས། །སྟེང་ཕྱོགས་དུར་ཁྲོད་མེ་འབར་ན། །རྟ་མཆོག་དབང་གི་རྒྱལ་པོ་སོགས། །ཡི་དམ་ཁྲོ་བོ་ཐམས་ཅད་དང་། །རིག་འཛིན་རྣམས་ལ་གསོལ་བ་འདེབས། །ལྷོ་ནུབ་རྔ་ཡབ་གླིང་ཕྲན་ན། །ཨོ་རྒྱན་རྗེ་འབངས་ཉི་ཤུ་ལྔ། །རིགས་བཞི་ཌཱཀི་གིང་གི་ཚོགས། །ཐམས་ཅད་ཀུན་ལ་གསོལ་བ་འདེབས། །དེ་རིང་སྤྲེལ་ཟླའི་ཚེས་བཅུ་ལ། །ཨོ་རྒྱན་མཁའ་འགྲོ་སྡེ་བཞིས་བསྐོར། །བོད་ཁམས་ཁྱབ་པར་བྱོན་པའི་དུས། །མི་འགྱུར་རྡོ་རྗེའི་བར་ཆད་སོལ། །ས་གཏེར་ཁ་བྱང་ལུང་བསྟན་གསོལ། །སྔགས་འཆང་བདག་གི་བསམ་པ་འགྲུབ། །བདག་ཅག་རྗེས་འཇུག་བཅས་པ་ཡི། །བར་ཆད་ཀུན་སོལ་དངོས་གྲུབ་སྩོལ། །རེ་ས་


CMR050_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་མེད་ཨོ་རྒྱན་མཁྱེན། །དུས་མིན་འཆི་དང་བར་ཆད་ཟློག །ཚེ་དང་སྒྲུབ་པ་མཐར་ཕྱིན་ནས། །ཕྱིར་མི་ལྡོག་པའི་ས་ཐོབ་པར། །ད་ལྟ་ཉིད་དུ་བྱིན་གྱིས་རློབས། །དེ་སྐད་རཱ་ག་ཨ་སྱས་ཞུས། །བྷ་ཝནྟུ།། ༈ །།ཆོས་དབྱིངས་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ནས། །དུས་གསུམ་འཕོ་འགྱུར་མེད་པར་རྟག་ཏུ་གཟིགས། །རྣམ་རྟོག་ཅི་ཡང་མི་མངའ་ས་ལེར་མཁྱེན། །སྲིད་ཞི་མགོན་པོ་ཡོན་ཏན་ཀུན་གྱི་གཞི། །པད་འབྱུང་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད། །འོག་མིན་འཐུག་པོ་བཀོད་པའི་ཞིང་ཁམས་ནས། །རིགས་ལྔ་གངས་ཆེན་མཚོ་ཡི་སྐུར་སྣང་བས། །སྐུ་ཡི་བ་སྤུ་འོད་ཟེར་རེ་རེ་ལ། །དག་པའི་ཞིང་ཁམས་དཔག་མེད་སྤྲུལ་མཛད་པ། །ས་བཅུའི་སེམས་དཔའ་རྣམས་ལ་བརྡ་ཆོས་སྟོན། །ཨོ་རྒྱན་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་བསྟོད། །མི་མཇེད་འཇིག་རྟེན་བྱེ་བ་ཕྲག་བརྒྱ་ན། །བརྫུས་སྐྱེས་པད་འབྱུང་བྱེ་བ་ཕྲག་བརྒྱ་ལུ་འགྱེད། །རེ་རེའང་མཚན་བརྒྱད་འཕྲུལ་མཚན་བཞི་བཅུ་རེ། །རིགས་དྲུག་འདུལ་ཕྱིར་གུ་རུ་དྲུག་རེར་སྤྲུལ། །ཨོ་རྒྱན་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཡར་དང་མར་གྱི་


CMR050_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་བཅུ་ཐམས་ཅད་ལ། །སྤྲུལ་པ་དཔག་མེད་མཁའ་འགྲོའི་འཁོར་དང་བཅས། །བོད་ཁམས་བྱེ་བ་ཕྲག་བརྒྱ་རྟག་ཏུ་ཉུལ། །ཨོ་རྒྱན་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད། །མངོན་ཤེས་དྲུག་ཅུ་མངའ་བའི་པདྨ་འབྱུང་། །སེམས་ཅན་ཀུན་གྱི་ཡིད་ལ་ཅི་བསམ་པའི། །འགྱུ་བའི་གྲངས་ཁ་ཐམས་ཅད་རྟག་ཏུ་མཁྱེན། །སེམས་ཅན་ཐམས་ཅད་ཚེ་རབས་གར་སྐྱེས་ཀྱང་། །དེ་ཚེའི་དགེ་སྡིག་ལས་འཕྲོ་གང་ཡོད་གཟིགས། །ཕྱིན་ཆད་གར་སྐྱེ་དེ་ལ་གང་ཕན་མཛད། །ཨོ་རྒྱན་མངོན་ཤེས་ལྡན་ལ་ཕྱག་འཚལ་བསྟོད། །སེམས་ཅན་ཀུན་གྱི་རང་རང་སོ་སོའི་སྐད། །ཅི་སྨྲས་ཐམས་ཅད་མ་འདྲེས་སོ་སོ་རུ། །རྒྱུན་དུ་གསན་ཅིང་གསོལ་བ་གང་བཏབ་མཁྱེན། །རྡོ་རྗེའི་སྙན་མངའ་ཨོ་རྒྱན་རྗེ་ལ་བསྟོད། །ཉིན་མཚན་དུས་དྲུག་འགྲོ་དྲུག་སེམས་ཅན་ལ། །བྱམས་དང་སྙིང་རྗེའི་ཐུགས་ཀྱིས་སོ་སོར་གཟིགས། །ཕན་ཕྱིར་སྐྱོབ་ཕྱིར་སྤྲུལ་པ་རེ་རེ་ན། །དྲུང་དུ་བཞུགས་ཀྱང་བསྒྲིབས་པས་སྒྲིབ་པ་ཡི། །མཇལ་བའི་སྐབས་མེད་དད་པ་མེད་པ་ལ། །ཐུགས་རྗེ་བྱིན་རླབས་འཇུག་པའི་སྐབས་མ་མཆིས། །ཨོ་རྒྱན་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །བདུད་དང་ལྷ་


CMR050_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་ཐམས་ཅད་ཟིལ་གྱིས་ནོན། །ལས་ལ་མངའ་བའི་མཐུ་ཆེན་མངའ་བ་ཡི། །མཐོང་ཆོས་མྱོང་འགྱུར་མ་གཏོགས་ལས་ངན་ཟློག །ཉི་ཟླ་ཐང་འབེབས་རྒྱ་མཚོ་གནམ་དུ་སྒྱུར། །རི་རབ་ཚོགས་པོར་འཕེན་དང་ཤར་ནུབ་སྒྱུར། །ས་རྡོ་གསེར་དངུལ་བསྒྱུར་བའི་རྫུ་འཕྲུལ་ལྡན། །ཨོ་རྒྱན་མཐུ་སྟོབས་ཅན་ལ་ཕྱག་འཚལ་བསྟོད། །ཁྱེད་ཀྱི་ཡོན་ཏན་ནམ་མཁའི་ཚད་དང་མཉམ། །སངས་རྒྱས་ཀུན་གྱིས་བརྗོད་ཀྱང་མི་ཟད་ན། །བདག་འདྲ་རྨོངས་པས་བརྗོད་པར་ག་ལ་ནུས། །འོན་ཀྱང་རྒྱ་མཚོ་ཆེ་ལས་ཆུ་ཐིགས་ཙམ། །དུས་ཆེན་སྤྲེལ་ཟླའི་ཚེས་བཅུར་བསྟོད་བྱས་པས། །ཁྱེད་ཀྱིས་ལུང་བསྟན་མི་འགྱུར་རྡོ་རྗེ་ཡི། །ཤོག་སེར་གཏེར་ཁ་མྱུར་དུ་ཐོབ་པ་དང་། །བདག་ཅག་འཁོར་བཅས་བར་ཆད་བདུད་ལས་རྒྱལ། །བྱང་ཆུབ་སྒྲུབ་ལ་བར་ཆད་མེད་པར་ཤོག །མངྒ་ལཾ།། ༈ །།ན་མོ་ཤཱཀྱ་མུ་ནེ་ཡེ། བཅོམ་ལྡན་ཤཱཀྱ་ཐུབ་པ་སངས་རྒྱས་ནས། །དམ་སུ་པའི་ཆོས་ནི་མ་གསུངས་བཞུགས་པའི་ཚེ། །སྟོང་གསུམ་བདག་པོ་ལྷ་ཆེན་ཚངས་པ་དེས། །གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པ་ཕུལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་


CMR050_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཏབ། །དེ་ནསཝཱ་རཱ་ཎ་སཱིར་ཆོས་འཁོར་བསྐོར། །ལྔ་སྡེ་བཟང་པོ་ལ་སོགས་དགྲ་བཅོམ་ཐོབ། །རིམ་པར་དགེ་སློང་དང་ནི་དགེ་སློང་མ། །འཁོར་ཚོགས་བསམ་མི་ཁྱབ་པ་།ཐམས་ཅད་གྲོལ། །འདུལ་བ་ལུང་དང་དྲན་པ་ཉེར་གཞག་དང་། །མདོ་རྒྱུད་ལས་ནི་བརྒྱ་པ་ལ་སོགས་པ། །ཐེག་པ་ཐུན་མོང་མདོ་སྡེ་ཐམས་ཅད་གསུངས། །དེ་དག་དོན་དེ་གོ་བདེ་འདིར་བརྗོད་ན། །དགེ་སྡིག་ལས་ཀྱི་རྒྱུ་འབྲས་ཁོ་ན་ཡིན། །རྒྱུ་འབྲས་ཕྲ་ཞིབ་ཤིན་ཏུ་རྟོགས་དཀའ་སྟེ། །རྫོགས་པའི་སངས་རྒྱས་མ་གཏོགས་ཉན་རང་གིས། །དགྲ་བཅོམ་བྱང་སེམས་རྣམས་ཀྱིས་མི་ཤེས་གསུངས། །རོ་གཅིག་ཆེན་པོའི་རྟོགས་པ་སྐྱེས་པའི་ཚེ། །རྒྱུ་འབྲས་ཕྲ་ཞིབ་ལ་ཡང་ཕྲིག་ཚུད་པས། །རྟེན་འབྲེལ་སྣ་ཚོགས་ཟ་འོག་བཀྲ་ལྟར་མཐོང་། །དེ་ཚེ་སློབ་མའི་བར་ཆད་སེལ་བ་སོགས། །གང་ལ་གང་ཕན་རྟེན་འབྲེལ་བསྒྲིག་པར་ཤེས། །དཔེར་ན་ཕག་གྲུ་སྐྱོབ་པ་ལྟ་བུ་ལགས། །རང་རེའི་དེ་འདྲའི་རྟེན་འབྲེལ་མི་ཤེས་ཀྱང་། །ཐུབ་པའི་བཀའ་ལ་དཔང་པོ་བྱས་ནས་ཀྱང་། །ཕན་གནོད་རྒྱུ་འབྲས་ཕྱོགས་ཙམ་ཤེས་པ་ཡིན། །དེ་ལ་སྤྱི་དང་བྱེ་བྲག་གཉིས་ཡིན་ཏེ། །སྤྱིར་ནི་སྐྱེ་བ་


CMR050_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དང་གཞན་དུ་ཡང་། །བདེ་སྐྱིད་གང་བྱུང་དགེ་བའི་འབྲས་བུ་སྟེ། །བདེ་སྐྱིད་འདོད་ཕྱིར་དགེ་ལ་འབད་པར་བྱ། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །སྡུག་བསྔལ་བྱུང་ཚད་སྡིག་པའི་འབྲས་བུ་སྟེ། །སྡུག་བསྔལ་མི་འདོད་ཕྱིར་ན་སྡིག་པ་སྤངས། །དཔེར་ན་དུག་དང་སྨན་གྱི་ཁྱད་པར་བཞིན། །དུག་དེ་འཕྲལ་དུ་མངར་ཡང་ཟ་མི་ཕོད། །དེ་བཞིན་སྡིག་པས་འཕྲལ་དུ་སྐྱིད་ན་ཡང་། །ཕུགས་སུ་གནོད་པ་དེ་བས་འབུམ་འགྱུར་ཆེ། །ནད་ལ་ཕན་ངེས་སྨན་དེ་ཁ་ན་ཡང་། །ནད་ཕན་ཚེ་སྲོག་སྐྱོབ་ཕྱིར་ཟ་བ་ལྟར། །དགེ་བ་བསྒྲུབ་པ་འཕྲལ་དུ་དཀའ་འཚེར་ཡང་། །སྙིང་རུས་བསྐྱེད་པས་གཏན་བདེའི་འདུན་མ་འགྲུབ། །ལ་ལས་མི་དགེ་སྡིག་ལ་བརྩོན་བྱས་པས། །ཚེ་འདིར་ཚེ་རིང་ནད་མེད་ཅི་བསམ་འགྲུབ། །དེ་ནི་དགེ་བ་མཐའ་རྫོགས་ཤིན་ཏུ་ངན། །ཚེ་སྔོན་དགེ་བའི་འབྲས་བུ་གང་ཡོད་པ། །སྡིག་པའི་སྟོབས་ཀྱིས་ཐམས་ཅད་ཚེ་འདིར་སྨིན། །ཤི་ནས་མནར་མེད་དམྱལ་བར་གཏན་ཡུལ་བྱེད། །ནམ་ཡང་ཐར་དུས་མེད་པའི་ལས་ངན་ཡིན། །ཚེ་འདིར་རྩེ་གཅིག་དམ་ཆོས་བསྒྲུབས་ན་ཡང་། །ནད་མང་ཚེ་ཐུང་


CMR050_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་དུ་མས་མནར། །དེ་ནི་སྡིག་པ་མཐའ་རྫོགས་བཟང་བར་གསུངས། །ཕྱི་མ་དམྱལ་བ་ཡི་དྭགས་དུད་འགྲོ་རུ། །བསྐལ་པ་མང་པོའི་སྡུག་བསྔལ་མྱོང་རྒྱུའི་སྡིག །དགེ་བའི་སྟོབས་ཀྱིས་ཚེ་འདིར་སྨིན་པ་སྟེ། །ཚ་དམྱལ་སྐྱེ་རྒྱུའི་ཚད་པའི་ནད་ཙམ་དང་། །གྲང་དམྱལ་སྐྱེ་རྒྱུའི་གྲང་བའི་ནད་ལྕི་མོད། །ཡི་དྭགས་སྐྱེ་རྒྱུ་ཤོར་གོད་གོད་ཁ་ཙམ། །མཐའ་མེད་འཁོར་བར་གཏན་ཡུལ་དགོས་པ་ཡང་། །ཆོས་མགོ་ཐོན་ངེས་ཚེ་ནི་ཐུང་བ་ཙམ། །ལས་དང་རྒྱུ་འབྲས་ཁྱད་པར་མཐའ་ཡས་ཀྱང་། །མདོར་བསྡུས་མི་དགེ་བཅུ་དང་དགེ་བཅུར་འདུས། །མི་དགེ་བ་ཡི་ལས་ནི་རེ་རེ་ལ། །རྣམ་སྨིན་འབྲས་བུ་དབང་གི་འབྲས་བུ་དང་། །རྒྱུ་མཐུན་འབྲས་བུ་དང་ནི་གསུམ་རེ་འབྱུང་། །སྲོག་བཅད་རྣམ་སྨིན་འབྲས་བུས་དམྱལ་བར་སྐྱེ། །རྒྱུ་མཐུན་འབྲས་བུས་དེ་ནས་མིར་སྐྱེས་ཀྱང་། །ནད་ནི་མང་ཞིང་ཚེ་ཡང་ཐུང་བར་འགྱུར། །དབང་གི་འབྲས་བུས་མི་དེ་སྐྱེ་བའི་ཡུལ། །བཀྲ་མི་ཤིས་ཤིང་ས་ངན་དག་ཏུ་སྐྱེ། །མ་བྱིན་བླངས་བའི་རྣམ་སྨིན་ཡི་དྭགས་སྐྱེ། །རྒྱུ་མཐུན་འབྲས་བུས་དེ་དག་མིར་སྐྱེས་ཀྱང་། །དབུལ་ཞིང་ཕོངས་ལ་མུ་གེས་མནར་བར་འགྱུར། །


CMR050_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་འབྲས་བུས་སད་སེར་མང་བར་སྐྱེ། །མི་ཚངས་སྤྱོད་པའི་རྣམ་སྨིན་ཡི་དྭགས་སྐྱེ། །རྒྱུ་མཐུན་འབྲས་བུས་རྒྱ་ལ་མིར་སྐྱེས་ཀྱང་། །དགྲ་ནོར་མང་པོ་ཡོད་པའི་ཆུང་མར་སྐྱེ། །དབང་གི་འབྲས་བུས་ཡུལ་ནི་ཚད་རོང་གི །སེམས་ཅན་སྤུ་མེད་སྦལ་སྦྲུལ་རྨིག་བུར་སྐྱེ། །སྲོག་བཅད་མ་བྱིན་ལེན་དང་མི་ཚངས་སྤྱོད། །དེ་ནི་ལུས་ཀྱི་མི་དགེ་གསུམ་པོ་ཡིན། །རྫུན་སྨྲས་རྣམ་སྨིན་དུད་འགྲོའི་ལུས་སུ་སྐྱེ། །རྒྱུ་མཐུན་འབྲས་བུས་གལ་ཏེ་མིར་སྐྱེས་ཀྱང་། །མི་ཁ་སྡང་ཞིང་གཤེ་སྐུར་མང་བར་འགྱུར། །དབང་གི་འབྲས་བུས་བསེ་དྲི་ཡོད་པ་དང་། །ཁ་ནས་དྲི་མ་ངན་པ་བྲོ་བར་འགྱུར། །ཕྲ་མ་ཞེས་པ་དབྱེན་ནི་བྱེད་པ་སྟེ། །རྣམ་སྨིན་འབྲས་བུས་དམྱལ་བར་སྐྱེ་བར་འགྱུར། །རྒྱུ་མཐུན་འབྲས་བུས་གལ་ཏེ་མིར་སྐྱེས་ཀྱང་། །ཉེ་དུ་ཀུན་དང་མི་འཁྱམས་བྱེ་བྲལ་མང་། །དབང་གི་འབྲས་བུས་ས་ཆ་རྩུབ་པ་ཡི། །རི་རོང་གྱེན་ཐུར་འགྲོ་སྟབས་དཀའ་བར་སྐྱེ། །ཚིག་རྩུབ་ཞེས་པ་ཁ་ངན་སྨྲ་བ་སྟེ། །རྣམ་སྨིན་འབྲས་བུས་དམྱལ་བར་སྐྱེ་བར་འགྱུར། །རྒྱུ་མཐུན་འབྲས་བུས་རྒྱ་ལ་མིར་སྐྱེས་ཀྱང་། །སེམས་ལ་གནོད་པའི་གཏམ་ངན་སྨྲ་བ་


CMR050_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

མང་། །དབང་གི་འབྲས་བུས་ཆུ་དཀོན་ས་ཆ་དང་། །སྡིག་པ་དར་བའི་ཡུལ་དུ་སྐྱེ་བར་འགྱུར། །ངག་འཁྱལ་ཞེས་པ་དོན་དང་མི་ལྡན་པའི། །ཡིད་ལ་གང་དྲན་ཁ་མང་ལབ་པ་སྟེ། །རྣམ་སྨིན་འབྲས་བུས་དུད་འགྲོར་སྐྱེ་བ་ཡིན། །།རྒྱུ་མཐུན་འབྲས་བུས་རྒྱ་ལ་མིར་སྐྱེས་ཀྱང་། །ངག་ནི་མི་མཐན་ཁ་ནི་བཙོག་པར་འགྱུར། །དབང་གི་འབྲས་བུས་དབྱར་ཁ་འཁྱག་ཅིང་གྲང་། །དགུན་དུས་ཚད་པ་ཆེ་བའི་ཡུལ་དུ་སྐྱེ། །རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་བཞི། །ངག་གི་མི་དགེ་རྣམ་པ་བཞི་ཞེས་བྱ། །བརྣབ་སེམས་ཞེས་པ་རང་རྩིས་ཆེ་བ་དང་། །གཞན་གྱི་ནོར་དང་ལོངས་སྤྱོད་མངའ་ཐང་ནི། །རང་ལ་ཡོད་ན་བསམ་པའི་ཡིད་སྨོན་བྱེད། །དེ་ཡི་རྣམ་སྨིན་ཡི་དྭགས་གནས་སུ་སྐྱེ། །རྒྱུ་མཐུན་འབྲས་བུས་གལ་ཏེ་མིར་སྐྱེས་ཀྱང་། །འདོད་པ་ཆེ་ཞིང་ཆོག་ཤེས་མེད་པར་འགྱུར། །དབང་གི་འབྲས་བུས་ལོ་ཐོག་མི་སྨིན་པའི། །ས་ཆ་ངན་པ་ཞིག་ཏུ་སྐྱེ་བ་ཡིན། །གཞན་ལ་གནོད་སེམས་འཆང་བའི་རྣམ་སྨིན་ནི། །དམྱལ་བའི་ཡུལ་དུ་སྐྱེ་བ་ངེས་པའོ། །རྒྱུ་མཐུན་འབྲསབུས་གལ་ཏེ་མིར་སྐྱེས་ཀྱང་། །རང་དབང་མེད་པའི་ཞེ་སྡང་ཅན་དུ་འགྱུར། །དབང་གི་


CMR050_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུས་ཡུལ་དེའི་ཟས་རྣམས་ཀྱང་། །ཞིམ་མངར་མི་རག་ཁ་ཞིང་རྩུབ་པ་དང་། །ལོག་ལྟ་ཞེས་པ་དགེ་སྡིག་ཕན་གནོད་དང་། །དཀོན་མཆོག་ཐུགས་རྗེ་ཆོས་ཀྱི་ཕན་ཡོན་དང་། །ཐོས་ཀྱང་དེ་ཙམ་མི་བདེན་བཤད་ཚོད་ཡིན། །བསམ་ཞིང་སྨྲ་འདི་དེ་ནི་ལོག་ལྟ་སྟེ། །རྣམ་སྨིན་འབྲས་བུས་དུད་འགྲོར་སྐྱེ་བར་འགྱུར། །རྒྱུ་མཐུན་འབྲས་བུ་གལ་ཏེ་མིར་སྐྱེས་ཀྱང་། །བླུན་རྨོངས་ཅི་ཡང་མི་ཤེས་འགྱའ་ཕོར་འགྱུར། །དབང་གི་འབྲས་བུས་ས་ཆ་དེ་ཕྱོགས་སུ། །ལོངས་སྤྱོད་མེད་ཅིང་ཚོལ་ཁུང་མེད་སར་སྐྱེ། །དེ་ནི་ཡིད་ཀྱི་མི་དགེ་རྣམ་གསུམ་ཡིན། །དེ་ལྟར་མི་དགེ་པ་ཡི་ལས་བཅུ་དེ། །ཞེ་སྡང་དབང་གིས་བྱས་ན་དམྱལ་བར་སྐྱེ། །འདོད་ཆགས་བསམ་པས་བྱས་ན་ཡི་དྭགས་སྐྱེ། །མི་ཤེས་གཏི་མུག་དབང་གིས་མི་དགེ་བྱས། །དེ་ནི་དུད་འགྲོའི་གནས་སུ་སྐྱེ་བ་སྟེ། །དེ་ནི་ཀུན་སློང་བསམ་པའི་ཁྱད་པར་ཡིན། །གྲང་ཁ་མང་དུ་བྱས་ན་དམྱལ་བར་སྐྱེ། །འབྲིང་ཨ་ཙམ་བསགས་པས་ཡི་དྭགས་གནས་སུ་སྐྱེ། །འགའ་ཟུང་ཙམ་ལས་མ་བྱས་དུད་འགྲོར་སྐྱེ། །དེ་ནི་མང་ཉུང་ཁྱད་ཀྱིས་ཡང་ལྗི་ཡིན། །རྐུ་འཕྲོག་ཚིག་ངན་གནོད་སེམས་ལ་སོགས་


CMR050_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

པ། །བླ་མ་དགེ་འདུན་ལ་སོགས་བཟང་པོ་ལ། །བྱས་ན་དམྱལ་བའི་གནས་སུ་སྐྱེ་བ་ཡིན། །འབྲིང་ཙམ་བྱས་ན་ཡི་དྭགས་གནས་སུ་སྐྱེ། །མི་ནི་ཐ་མལ་ངན་པ་ལས་བྱས་ན། །དེ་ནི་དུད་འགྲོའི་གནས་སུ་སྐྱེ་བ་ཡིན། །མི་དགེའི་བསགས་ཡུལ་མཐོ་དམན་ཁྱད་པར་རོ། །མི་དགེ་དེ་དག་དང་པོ་བྱེད་བསམ་གཞིག །བར་དུ་བྱས་ཤིང་རྗེས་ནས་འགྱོད་པ་མེད། །དེ་ནི་སྦྱོར་དངོས་རྗེས་གསུམ་ཚང་བ་སྟེ། །དམྱལ་བ་ཡི་དྭགས་གང་དུ་སྐྱེས་པ་ཡི། །ཚེ་ཚད་མ་རྫོགས་བར་དུ་མི་ཐར་ཏེ། །དུད་འགྲོ་ལ་སོགས་ལུས་ངན་དེ་རྣམས་ཀྱང་། །བརྒྱུད་མར་སྐྱེ་བ་ལྔ་བརྒྱ་ཚང་བར་ལེན། །རྗེས་ནས་འགྱོད་ཅིང་བཤགས་པ་བྱས་ན་ནི། །དམྱལ་བ་ཡི་དྭགས་ཚེ་ཕྱེད་རྫོགས་ནས་ཐར། །ལུས་ངན་ལེན་པ་ཕྱེད་དང་སུམ་བརྒྱས་ཆོག །དང་པོ་སྡིག་དེ་བྱེད་བསམ་མེད་པ་ལ། །བར་དུ་རེད་ཤོར་རྗེས་ནས་འགྱོད་ཅིང་བཤགས། །དམྱལ་བ་ཡི་དྭགས་རྣམས་སུ་སྐྱེས་པ་ན། །ཡུན་རིང་མི་ཐོག་མྱུར་དུ་ཐར་འགྱུར་ཞིང་། །ལུས་ངན་དུད་འགྲོའང་སྐྱེ་བ་འགའ་རེས་ཆོག །སྲོག་བཅད་པ་ཡི་སྲོག་གི་ལན་ཆགས་ནི། །བཤགས་ཀྱང་མི་དག་སྐྱེ་བ་དགུ་བརྒྱ་དང་། །དགུ་


CMR050_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གོ་དགུར་རང་ཉིད་འཆི་རྐྱེན་བྱེད། །དེ་ལྟར་མི་དགེ་བཅུ་ཡི་འབྲས་བུ་དེ། །སྡོམ་པ་ཞུས་དང་མ་ཞུས་ཁྱད་པར་མེད། །སྐྱེས་པ་བུད་མེད་བན་བོན་ཁྱད་པར་མེད། །སུ་ཡིས་བྱས་ཀྱང་འབྲས་བུ་དེ་རྣམས་འབྱུང་། །སྡོམ་པ་ཞུས་པས་བྱས་ན་དེ་ཡི་སྟེང་། །སངས་རྒྱས་བཀའ་བཅག་འབྲས་བུ་འབུམ་འགྱུར་ཐུ། །བྱ་དང་རི་དྭགས་གཅན་གཟན་དུད་འགྲོ་སོགས། །མཐའ་འཁོབ་མི་ཡིས་མ་ཤེས་བྱས་པ་ནི། །དེ་ཉིད་ལྷག་པར་ཉེས་སྒྲིབ་ཆེ་བ་ཡིན། །མི་ཤེས་པ་ཉིད་ཉེས་པ་ཆེ་བ་སྟེ། །དུད་འགྲོ་གཏི་མུག་ཆེ་བས་དམན་ཞེས་གསུངས། །དེང་སང་སྡོམ་པ་ཞུས་པས་མི་ཚངས་སྤྱོད། །བྱས་ན་སྡོམ་པ་ཤོར་ཞེས་ཉེས་ཆེར་རྩི། །སྡོམ་པ་མ་ཞུས་སྐྱེ་བོ་ཕོ་མོ་ཡི། །མི་ཚངས་སྤྱོད་ལ་ཉེས་པ་མེད་བསམ་སྟེ། །ཡང་ལྗི་མ་གཏོགས་ཉེས་པ་ཡོད་པ་མཉམ། །སྡོམ་པ་ཞུས་པས་མི་དགེ་གང་བྱས་དེ། །བཅས་པའི་ཁ་ན་མ་ཐོའི་ལྟུང་བ་སྟེ། །སྡོམ་པ་ཤོར་རལ་ཚུལ་ཁྲིམས་འཆལ་ཞེས་བྱ། །སྐྱེ་བོ་ཕོ་མོའི་མི་དགེ་དེ་དག་བྱས། །རང་བཞིན་ཁ་ན་མ་ཐོའི་སྡིག་པ་སྟེ། །མིང་ལ་སྡིག་པ་བྱས་ཞེས་མིང་གི་ཁྱད། །དོན་ལ་ངན་སོང་རྒྱུ་ཡིན་ཁྱད་པར་མེད། །དེ་


CMR050_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་ཆོས་དགོངས་པ་གཅིག་པ་ལས། །ཁམས་གསུམ་བླ་མས་འགྲོ་བ་སྤྱི་ལ་བཅས། །བཅས་རང་ཁ་ནས་མ་ཐོ་གཅིག་ཅེས་གསུངས། །དེང་སང་སྡོམ་པ་ཤོར་བ་རྣམས་ཀྱིས་ཀྱང་། །ལན་གཅིག་མོ་སྡོམ་ལ་སོགས་ཤོར་ཕྱི་ནས། །ཁྱོད་མེད་བསམ་ནས་མི་ནག་བྱེད་ལུགས་ཏེ། །དཔེར་ན་སྲོག་བཅད་ཇི་ལྟར་མང་བ་བཞིན། །སྡིག་པ་ཆེ་ཞིང་མང་བ་དེ་བཞིན་དུ། །མི་ཚངས་སྤྱོད་དང་རྐུ་འཕྲོག་རྫུན་རྣམས་ཀྱང་། །ཇི་ལྟར་མང་བཞིན་སྡིག་ཆེ་དམྱལ་ཚབས་ཆེ། །ལན་གཅིག་སྡོམ་པ་ཤོར་ནས་སྡིག་ཆེ་ཡང་། །སྡོམ་པ་ཤོར་ཝིག་འོང་རྒྱུ་མེད་བསམ་ནས། །སྡོམ་རོ་དེ་ཉིད་ཕུལ་བར་མ་བྱས་པར། །མི་ཚངས་སྤྱོད་སོགས་ལན་གྲངས་དུ་བྱས་པར། །དེ་ཡི་གྲངས་མཉམ་སྡོམ་པ་ཤོར་བ་ཡི། །སྡིག་པ་སོ་སོར་ཡོད་པར་གསུངས་པ་ཡིན། །རང་གིས་སྡིག་པ་བྱེད་བསམ་མེད་ན་ཡང་། །མི་བྱེད་ཀ་མེད་རྐྱེན་ངན་བྱུང་བ་དང་། །རང་གི་མ་ལེན་གཞན་གྱིས་ལེན་པ་སོགས། །ཡིན་ཡང་སྡིག་པ་མེད་ཅིང་ཆུང་མི་འགྱུར། །རང་དོན་མིན་པར་སྡེ་དང་དཔོན་གྱི་དོན། །སྡིག་པ་བྱས་ཀྱང་ཁུར་རོགས་བྱེད་མི་འགྱུར། །གང་བྱས་རང་ཐོག་མིན་པར་སྨིན་ས་མེད། །དེ་དོན་


CMR050_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་མཆོག་ཆོས་ཀྱི་དབང་ཕྱུག་གིས། །སྤང་བླང་རང་ལ་དོ་གལ་ཆེ་བ་ལས། །ཡུལ་དང་རྐྱེན་ཁག་ལེ་ལེན་བརྡའ་རྒྱུ་མེད། །གསུངས་པ་དེ་ཡང་དེ་ཡི་དོན་ལ་དགོངས། །རང་ལ་ཉམས་ལེན་རྟོགས་པ་བཟང་པོ་ཡོད། །རྒྱུ་འབྲས་ཕྲ་ཞིབ་མི་གནོད་བསམ་མི་རུང་། །བལྟ་བ་རྣམ་དག་སྤྱོད་པ་རྩིང་བ་དེ། །དམྱལ་བ་ཡི་དྭགས་རྣམས་སུ་ཉྙམི་སྐྱེ་སྟེ། །ཕྱི་མ་ཀླུ་ཡི་ལུས་སུ་སྐྱེ་འགྱུར་ཞེས། །རྒྱ་མཚོས་ཞུས་པའི་མདོ་ལས་ཐུབ་པས་གསུངས། །སྡིག་པ་མི་དགེ་ཆེ་ཁོག་སྤངས་ཐུབ་ན། །ཆུང་ཆུང་རེ་ཡིས་མི་དོགས་ཝི་བསམ་མི་རུང་། །དགེ་སློང་རོགས་ལ་སྤྲེའུ་འདྲ་སྨྲས་པས། །སྤྲེའུ་སྐྱེ་བ་ལྔ་བརྒྱ་བླངས་པ་དང་། །ཕག་མོ་གྲུ་པ་སྒོམ་ཆེན་ལ་སྐྱེས་ཚེ། །སྤྲེའུའི་ཆགས་པ་སྤྱོད་མཐོང་འདོད་ཆགས་སྐྱེས། །ཐིག་ལེ་ཤོར་ལ་བཤགས་པ་མ་བྱས་པས། །སྤྲེའུ་སྐྱེ་བ་འགའ་ཟུང་ལེན་དགོས་བྱུང་། །སྡིག་པ་ཆུང་ཡང་བཤགས་པ་མ་ཐེང་ན། །དུག་ནི་ཆུང་ངུའི་གཟེར་ཆེན་ཨ་འབྱུང་དང་འདྲ། །དེས་ན་ཉེས་ལྟུང་ཕྲ་ཞིབ་བྱུང་ན་ཡང་། །དེ་མ་ཐག་ཏུ་བཤགས་ན་མཁས་པ་ཡིན། །དེ་རྣམས་ཐབས་ནི་ཟབ་མོའི་མ་ཟིན་པའི། །མི་དགེ་བ་ཡི་ལས་དང་རྒྱུ་


CMR050_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་སོགས། །སེམས་བསྐྱེད་སྟོབས་ཆེ་གསང་སྔགས་ཐབས་ཟབ་མོས། །ཟིན་ན་མི་དགེའི་ལས་རྣམས་དགེ་བར་འགྱུར། །རང་གི་འདོད་པ་ཁོ་ན་མ་ཡིན་པར། །སངས་རྒྱས་བསྟན་དང་རྩ་བའི་བླ་མའི་དོན། །བསྒྲལ་བའི་ཞིང་བཅུ་ཚང་བའི་དགྲ་བོ་དེ། །ཞེ་སྡང་མིན་པར་སྡིག་འཕྲོ་གཅོད་པའི་ཕྱིར། །དྲག་སྔགས་སྟོབས་ཀྱིས་བསྒྲལ་ནས་རྣམ་ཤེས་དེ། །ངན་སོང་སྒོ་གཅོད་ཐར་པར་འདྲེན་ཐུབ་ན། །སྲོག་གཅོད་གྲངས་མེད་བྱས་ཀྱང་བསོད་ནམས་ཆེ། །དེ་ལ་དགོངས་ནས་མཐུ་གཏད་རྫས་ངན་གསུངས། །ཉོན་མོངས་འདོད་ཆགས་དབང་གི་མ་ཡིན་པར། །རྩ་རླུང་རང་དབང་ཐོབ་ནས་གསང་སྔགས་ཀྱི། །ཚེ་གཅིག་རྡོ་རྗེ་འཆང་ཆེན་འགྲུབ་འདོད་པས། །རང་གི་ཐེག་ལེ་དབང་ཐོབ་ཉམས་དོགས་མེད། །བུད་མེད་ཌཀིའི་ཐིག་ལེ་དམར་པོ་དེ། །ཡར་ལ་དྲངས་པས་བཀྲག་མདངས་ཉམས་རྟོགས་འཕེལ། །དགའ་བ་བཞི་ཡི་ཡེ་ཤེས་དངོས་སུ་རྟོགས། །རང་ཉིད་རྡོ་རྗེ་འཆང་དང་རྟོགས་པ་མཉམ། །བུད་མེད་དེ་ཡང་ཡེ་ཤེས་མཁའ་འགྲོ་འགྱུར། །དེ་འདྲའི་བུད་མེད་བརྒྱ་སྟོང་སྤྱོད་ན་ཡང་། །སྡོམ་པ་མི་འཆོར་ས་ལམ་མྱུར་དུ་བགྲོད། །དེ་ཕྱིར་


CMR050_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་རླུང་ཆགས་ལམ་གསུངས་པ་ཡིན། །རང་གིས་ཟ་ཕྱིར་སྒེས་མནོག་མ་བསམ་པ། །དཀོན་མཆོག་མཆོད་དང་དཀྱིལ་འཁོར་སྒྲུབ་པའི་རྫས། །བླ་མ་ལ་འབུལ་ལྷ་བྲི་ཆོས་བཞེངས་ཕྱིར། །ཕྱུག་པོ་སེར་སྣས་བཅིངས་བའི་ནོར་བླངས་ཏེ། །དགེ་ཕྱོགས་བཏང་བས་རང་གཞན་གཉིས་ཀ་འཚེང་། །དེ་ལ་དགོངས་ནས་དབང་སྡུད་ནོར་སྒྲུབ་གསུངས། །མུ་སྟེགས་རྒྱལ་པོ་རྒྱལ་ཕྲན་ལ་སོགས་པས། །མང་པོ་ཁ་མཐུན་བསྟན་པ་རྩད་ནས་བརླགས། །དེ་དག་བྱེད་ན་བསྟན་ལ་གནོད་མི་ཐུབ། །དེ་ལ་དགོངས་ནས་རླུང་། དམར་ལ་སོགས་པའི། །བྱེ་ཞིག་གཏོར་བའི་ཕུང་བཤིགས་མང་པོ་གསུངས། །སྡོམ་ལྡན་དགེ་སློང་དགེ་ཚུལ་ལ་སོགས་པས། །ཤ་ཆང་དགོང་ཟས་ལྟུང་བ་ཆེ་ན་ཡང་། །ཟ་ཕྱིར་མ་བསམ་ཤུགས་འབྱུང་བྱུང་བ་ཡིན། །ཚོགས་འཁོར་དམ་རྫས་ཤ་ཟན་བརྒྱག་ཀྱང་རུང་། །ཆང་ནི་བྷན་གང་བས་མི་མང་བ། །ཆོ་ག་ཚང་ཞིང་ཚོགས་འཁོར་བྱས་ནས་ནི།། སུ་རང་ལུས་ལྷར་གསལ་ལུས་དཀྱིལ་གསལ་བར་བསྒོམ། །དམ་རྫས་བདུད་རྩི་ངེས་ཤེས་ལྡན་པ་ཡིས། །ལུས་ལྷ་མཆོད་ཕྱིར་ཟ་འཐུངས་བྱས་པ་ན། །ཉེས་པ་མེད་དེ་བསོད་ནམས་


CMR050_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཆེན་རྫོགས། །དེ་ཕྱིར་ཤ་ཆང་ཚོགས་འཁོར་གསུངས་པ་ཡིན། །དེ་དག་མི་དགེའི་གཟུགས་ཅན་དགེ་བ་ཡིན། །སེམས་བསྐྱེད་མ་ཤེས་བསམ་པ་ངན་པ་ཡི། །དགེ་བ་བྱས་ཀྱང་སྡིག་པར་འགྱུར་སྐབས་ཡོད། །དེ་བྱས་གཏམ་དང་མི་ཁ་གྲགས་འདོད་དང་། །གཞན་མ་རྣམས་དང་འགྲན་པ་གླག་ཚད་ནས། །ཡར་མཆོད་མར་སྦྱིན་ལྷ་བཞེངས་ཆོས་བྲིས་པ། །མཚམས་དང་སྒྲུབ་པ་སྔགས་བསྙེན་དུང་ཕྱུར་སོགས། །ཕན་ཡོན་ཆེན་པོ་མི་འབྱུང་འཕྲོ་བརླག་འདྲ། །དབུལ་པོ་གཉོམ་ཆུང་ཁྲལ་དང་ཨར་པོས་མནར། །ཆེན་པོ་ཚོརྣམས་ཀྱིས་ས་གཞིའི་ལོངས་སྤྱོད་འཕྲོག །དེས་བྱས་འགྲན་ཟླས་ལྷ་ཁང་དགོན་སྡེ་བཙུགས། །དགོན་པ་དེ་ཡང་དམག་མིའི་འདུ་ཤེས་ཀྱིས། །འོབ་དང་ལྕགས་རི་གོ་མཚོན་ཁྲལ་འཇོག་པ། །དཀར་པོ་དགེ་བ་སྡིག་པའི་སྙིང་པོ་ཅན། །དེ་བས་དགེ་མེད་སྡིག་མེད་དགའ་བོ་ཞེས། །ཨོ་རྒྱན་ཆེན་པོའི་རཏྣའི་གཏེར་ཁར་གསུངས། །འོན་ཀྱང་སྔོན་ཚེ་ཤཱཀྱ་ཐུབ་པ་ཉིད། །བརྒྱ་བྱིན་ལྷ་ཡི་རྒྱལ་པོར་སྐྱེས་པའི་ཚེ། །འཛམ་གླིང་མི་རྣམས་མི་དགེའི་སྡིག་ལ་དགའ། །དམ་ཆོས་བཤད་ཀྱང་ཉན་མཁན་མེད་པའི་དུས། །བརྒྱ་བྱིན་དེ་ཡིས་


CMR050_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་ཆེན་པོ་སྐྱེས། །སྲིན་པོ་འཇིགས་རུང་མི་རྣམས་ཟ་བར་སྤྲུལ། །མི་དགེ་སྡིག་པ་སུས་བྱས་ཟ་བར་ཤོམ། །དགེ་བ་སུས་བྱས་མི་ཟ་སྨྲས་པ་ཡིས། །འཛམ་གླིང་མི་ཀུན་དགེ་བ་བཅུ་ལ་སྤྱོད། །དེ་བཞིན་སེམས་དཔའ་ཆེན་པོའི་སྤྲུལ་པ་ཡིས། །མི་རྣམས་དབང་མེད་ཆོས་ལ་བཀོད་ན་ནི། །དེ་ནི་དཔག་ཏུ་མེད་པའི་དགེ་བ་སྟེ། །དེ་ཡང་མཐོན་པོ་རྣམས་ནི་དེ་དང་འདྲ། །ཡིན་པའི་རྩིས་ཡིན་དེ་འདྲ་ཡིན་ཤས་ཆེ། །དེ་ཕྱིར་གཤེ་སྐུར་མི་རུང་དག་སྣང་སྦྱངས། །གཞན་སྐྱོན་མི་བལྟ་རང་སྐྱོན་ཡང་ཡང་བརྟག །དེ་ཡིས་རང་རྒྱུད་གཙང་བའི་གདམས་ངག་ཟབ། །མི་དགེ་བཅུ་ཡི་ལས་འབྲས་བཤད་པ་ནི། །ལམ་གླུ་རིང་མོ་རཱ་ག་ཨ་སྱ་ཡིས། །ཆུ་སྟོད་ཟླ་བའི་བཅུ་གསུམ་ཉིན་པར་བྲིས། །མངྒ་ལཾ།། ༈ །།ན་མོ་སརྦ་ཛྙཱ་ན་ཤཱཀྱ་མུ་ནེ་ཡེ། མི་དགེ་བཅུ་སྤང་དགེ་བཅུ་བསྒྲུབས་པ་ཡིས། །སྲོག་གཅོད་སྤང་ཞིང་གཞན་གྱི་སྲོག་བསྐྱབས་བྱས། །དེ་ཡི་རྣམ་སྨིན་འབྲས་བུ་ལྷ་མིར་སྐྱེས། །རྒྱུ་མཐུན་འབྲས་བུས་ཚེ་རིང་ནད་མེད་ཅིང་། །དབང་གི་འབྲས་བུས་ཡུལ་དེ་བཀྲ་ཤིས་སྐྱིད། །མ་བྱིན་ལེན་སྤང་ལྷ་མི་ཕྱུག་


CMR050_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

པོར་སྐྱེ། །རྒྱུ་མཐུན་འབྲས་བུས་ལོངས་སྤྱོད་རྟག་ཏུ་ལྡན། །དབང་གི་འབྲས་བུ་རྟག་ཏུ་ལོ་ལེགས་པར། །མི་ཚངས་སྤྱོད་སྤང་ཚུལ་ཁྲིམས་སྲུང་བའི་མི། །རྣམ་སྨིན་འབྲས་བུས་ལྷ་མིའི་ལུས་བཟང་ཐོབ། །རྒྱུ་མཐུན་འབྲས་བུས་བུད་མེད་ལུས་མི་ལེན། །དབང་གི་འབྲས་བུས་སྐྱེས་པའི་ཡུལ་དག་ལ། །བསིལ་དྲོད་སྙོམ་ཞིང་སྐྱིད་པའི་ས་རུ་སྐྱེ། །རྫུན་སྤང་བདེན་ཞིང་དྲང་བར་སྨྲས་པའི་མི། །རྣམ་སྨིན་འབྲས་བུས་མི་ཆེན་རིགས་སུ་སྐྱེ། །རྒྱུ་མཐུན་འབྲས་བུས་ཀུན་གྱིས་བསྟོད་ཅིང་བཀུར། །དབང་གི་འབྲས་བུས་ལུས་ནི་དྲི་ཞིམ་ཟློབྲོ། །དེ་ཡིས་གང་ཟེར་ཀུན་གྱིས་བདེན་པར་རྩི། །ཕྲ་མ་སྤང་ཞིང་གཞན་དག་འཁོན་པ་སྡུམ། །དེ་ཡི་རྣམ་སྨིན་འབྲས་བུས་ལྷ་མིར་སྐྱེ། །རྒྱུ་མཐུན་འབྲས་བུས་སུ་དང་བྱེ་བྲལ་མེད། །དབང་གི་འབྲས་བུ་ཡུལ་དེར་འཇིགས་སྐྲག་མེད། །ཚིག་རྩུབ་སྤང་ཞིང་ངག་ནི་འཇམ་པ་ཡི། །རྣམ་སྨིན་འབྲས་བུས་ལྷ་དང་མིར་སྐྱེས་ཏེ། །རྒྱུ་མཐུན་འབྲས་བུས་སྙན་གྲགས་ཆེན་པོ་ཐོབ། །དབང་གི་འབྲས་བུས་མཛའ་བཤེས་མང་བར་འགྱུར། །ངག་འཁྱལ་སྤང་ཞིང་དོན་དང་ལྡན་པར་སྨྲ། །དེ་ཡི་རྣམ་སྨིན་ལྷ་དང་མི་རུ་སྐྱེ། །རྒྱུ་མཐུན་འབྲས་


CMR050_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བུས་རིགས་བཟང་ཚིག་བཙུན་འགྱུར། །དབང་གི་འབྲས་བུས་ཡུལ་སྐྱིད་གནོད་འཚེ་མེད། །བརྣབ་སེམས་སྤང་ཞིང་འདོད་ཆུང་ཆོག་ཤེས་ཀྱི། །རྣམ་སྨིན་འབྲས་བུས་ལྷ་མིའི་ལུས་སུ་སྐྱེ། །རྒྱུ་མཐུན་འབྲས་བུས་སུས་ཀྱང་དེ་མི་ཐུབ། །དབང་གི་འབྲས་བུས་ཅི་བསམ་ཐམས་ཅད་འགྲུབ། །གནོད་སེམས་སྤང་ཞིང་བྱམས་པ་བསྒོམས་པ་ཡི། །རྣམ་སྨིན་འབྲས་བུས་ལྷ་མི་སྟོབས་ཆེན་སྐྱེ། །རྒྱུ་མཐུན་འབྲས་བུས་གཞན་གྱིས་གནོད་མི་ནུས། །དབང་གི་འབྲས་བུས་སེམས་ཅན་དགའ་ཞིང་འདུ། །ལོག་ལྟ་སྤངས་པས་ལྷ་རིགས་ལུས་སུ་སྐྱེ། །རྒྱུ་མཐུན་འབྲས་བུས་གོ་བ་ཤེས་རབ་ཆེ། །དབང་གི་འབྲས་བུས་ཡུལ་དུ་ལོངས་སྤྱོད་ཕྱུག །དེ་ལྟར་མི་དགེ་བཅུ་སྤང་དགེ་བཅུ་བསྒྲུབ། །དེ་ལ་བསམ་པ་བསྔོ་སྨོན་ཁྱད་པར་གྱིས། །དེ་རྣམས་འབྲས་བུ་ཆེ་ཆུང་འབྲིང་གསུམ་འབྱུང་། །ཕྱི་མ་ལྷ་མིའི་བདེ་སྐྱིད་ཐོབ་འདོད་ཀྱི། །བསམ་པས་ཀུན་བསླངས་སྨོན་ལམ་དེ་བཏབ་ལན། །དེ་ཡང་མི་རུ་སྐྱེ་བར་འདོད་པ་ནི། །དེ་ཡང་དགེ་བ་ཆེ་ཆུང་ཁྱད་པར་གྱིས། །རབ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟེ། །དེ་ལ་གླིང་བཞི་དབང་དང་གླིང་གསུམ་དབང་། །


CMR050_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་གཉིས་དབང་དང་གླིང་གཅིག་དབང་བ་དང་། །འཛམ་གླིང་ཕྱེད་ལ་དབང་སྒྱུར་རྒྱལ་པོ་དང་། །ཁམས་ཀྱི་རྒྱལ་ཕྲན་ཞེས་བྱ་རྒྱལ་པོའོ། །དེ་འོག་བྲམ་ཟེ་ཆེ་ཞིང་བཟང་བ་དང་། །དེ་འོག་བློན་པོ་དེ་འོག་ཚོང་དཔོན་དང་། །དེ་འོག་ཕྱུག་པོ་དེ་མན་ཕལ་པ་དང་། །དེ་འདྲའི་རིགས་ཀྱི་དལ་འབྱོར་མི་ལུས་ཐོབ། །ལྷ་རུ་སྐྱེས་འདོད་དགེ་བ་བྱས་པ་ཡང་། །སྟོང་གསུམ་དབང་སྒྱུར་ཚངས་པ་ཆེན་པོ་དང་། །གླིང་བཞི་རི་རབ་དབང་བ་བརྒྱ་བྱིན་དང་། །གཞན་འཕྲུལ་དབང་བྱེད་དགའ་ལྡན་འཕྲུལ་དགའ་དང་། །འཐབ་བྲལ་སུམ་རྩེན་རྒྱལ་ཆེན་བཞི་ཡི་ལྷ། །ཕྲེང་ཐོགས་རྟག་མྱོས་གཞོང་ཐོགས་ལ་སོགས་པ། །བསོད་ནམས་དགེ་རྩ་ཆེ་ཆུང་ལ་དཔག་པའི། །འདོད་ལྷ་དྲུག་པོ་རྣམས་སུ་སྐྱེ་བ་ལེན། །དེ་དག་སྐྱེ་བ་རེ་རེ་མ་ཡིན་ཏེ། །སྦྱོར་དངོས་རྗེས་ཚང་དགེ་བ་རེ་རེས་ཀྱང་། །ལྷ་ལུས་མི་ལུས་ལྔ་བརྒྱ་བརྒྱུད་མར་ལེན། །དེ་དག་གནས་སྐབས་བདེ་སྐྱིད་ཆེ་ན་ཡང་། །བར་སྐབས་སྐྱེ་དང་འཆི་བའི་སྡུག་བསྔལ་ཡོད། །མཐར་ནི་བསོད་ནམས་དགེ་རྩ་དེ་ཟད་ནས། །སླར་ཡང་ངན་སོང་གནས་སུ་སྐྱེ་བར་འགྱུར། །དེ་ཕྱིར་ལྷ་མིའི་བདེ་སྐྱིད་ཐོབ་པའི་


CMR050_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །དགེ་བཅུ་བྱས་ཀྱང་ནམ་ཕུག་ངན་པ་ཡིན། །རང་ཉིད་འཁོར་བའི་གནས་ནས་ཐར་འདོད་ཕྱིར། །དགེ་བ་བྱས་ན་མཐར་ནི་དགྲ་བཅོམ་ཐོབ། །དེ་ནས་འཁོར་བ་འདི་ལ་ལུས་མི་ལེན། །དེ་ཉིད་མ་ཐོབ་བར་གྱི་སྐྱེ་བ་ལེན། །ལྷ་ལུས་མི་ལུས་ཆོས་དང་ལྡན་པར་སྐྱེ། །དེ་ནི་ཐེག་དམན་ལུགས་ཏེ་འབྲིང་པོ་ཙམ། །སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཕྱིར། །དགེ་བ་ཆུང་ངུ་བྱས་ཀྱང་ཆེན་པོར་འགྱུར། །བསྐལ་པ་ཆེན་པོ་གྲངས་མེད་གསུམ་གྱི་བར། །ལྷ་ལུས་མི་ལུས་ཆོས་ལྡན་ཁོ་ན་ལེན། །གལ་ཏེ་རེས་འགའ་དུད་འགྲོའི་ལུས་བླངས་ཀྱང་། །རིགས་མཐུན་དུད་འགྲོ་རྣམས་ལ་ཆོས་འཆད་ཤེས། །དེ་ཡི་ཤ་ཁྲག་རུས་པ་ལྤགས་པ་ཡང་། །སུ་ཡིས་སྤྱོད་པ་རིམ་གྱིས་འདྲེན་པར་བྱེད། །མཐར་ནི་བླ་མེད་རྫོགས་པའི་སངས་རྒྱས་ཐོབ། །དེ་བར་བདེ་སྐྱིད་དཔག་མེད་ཅི་མྱོང་ཡང་། །དགེ་བ་ཆུང་ངུ་རེ་ཡང་ཟད་པ་མེད། །དེ་ནི་སེམས་བསྐྱེད་བསྔོ་སྨོན་ལ་ནུས་པ་ཡིན། །བསྔོ་བ་མ་ཐོན་གོང་དུ་དགེ་བ་རྣམས། །འགྱོད་པ་སྐྱེས་ཀྱང་གཞན་ལ་ངོམས་པ་དང་། །ཁོང་ཁྲོ་དྲག་པོ་སྐྱེས་ཀྱང་དགེ་རྩ་ཟད། །བསྔོ་བ་ཚར་ནས་ཟད་རྒྱུ་མེད་


CMR050_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དགེ་བ་བཅུ་ཡི་རྣམ་དབྱེ་མདོར་བསྡུས་གླུ། །རྟ་ལོ་སྤྲེལ་ཟླའི་དམར་པོའི་ཚེས་ལྔ་ལ། །ནམ་མཁའ་དྭངས་བཞིན་སྤྲོ་བས་བྲིས་པའོ།། ན་མོ་ཤཱཀྱ་མུ་ནེ་ཡེ། སྲོག་བཅད་མ་བྱིན་ལེན་དང་མི་ཚངས་སྤྱོད། །རྩ་བ་བཞི་ལ་ཉེས་པ་བཅུ་རེ་གསུངས། །ཆང་ལ་ཉེས་པ་དྲུག་ཅུ་ཐམ་པ་གསུངས། །ཆང་གི་མི་དགེ་བཅུ་ཡི་སྣ་འདྲེན་བྱེད། །ཆང་འཐུང་རྣམ་སྨིན་དམྱལ་བ་ངུ་འབོད་དུ། །ཁྲོ་ཆུ་ཁོལ་མ་ཁོ་ན་འཐུང་བར་སྐྱེ། །རྒྱུ་མཐུན་འབྲས་བུས་གནོད་སྦྱིན་གདུག་པ་ཅན། །ཆང་ལ་དགའ་བའི་རྒྱལ་འགོང་རིགས་སུ་སྐྱེ། །དབང་གི་འབྲས་བུ་གལ་ཏེ་མིར་སྐྱེས་ན། །སྨྱོན་པ་ཁོ་ནའི་སྐྱེ་བ་ལྔ་བརྒྱ་ལེན། །ཆང་ནི་སྤངས་པའི་རྣམ་སྨིན་གྱིས། །འབྲས་བུ་དག་པའི་ཞིང་དུ་སྐྱེ། །རྒྱུ་མཐུན་འབྲས་བུས་སྐྱེ་བ་ཀུན། །ཆོས་ལྡན་མཉམ་བཞག་བསྒོམ་པར་སྐྱེ། །དབང་གི་འབྲས་བུས་སྐྱེ་བ་ཀུན། །བག་ཡོད་ཚུལ་ཁྲིམས་ལྡན་པར་སྐྱེ། །ཚོགས་ཆང་མ་གཏོགས་ཆང་ནི་གང་འཐུང་བ། །སྐྱེ་བོ་རྣམས་ལ་ཉེས་པ་དེ་རྣམས་འབྱུང་། །སྡོམ་པ་ཞུས་པས་ཆང་འཐུང་འབུམ་འགྱུར་ཐུ། །ཚོགས་ཆང་བྷནྡྷ་གང་ལས་མི་མང་བ། །ཐིགས་པ་ལྕེ་ལ་


CMR050_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པ་དམ་ཚིག་སྟེ། །དེ་མ་བྱས་ན་སྔགས་ཀྱི་དམ་ཚིག་ཉམས། །དམྱལ་བ་ཆུ་བུར་ཅན་དུ་སྐྱེ་བར་གསུངས། །སྐྱེ་བོ་ཡིན་ན་ཆང་ནི་བཅད་ན་ནི། །བཙུན་པས་ཆང་འཐུང་བདུད་ཀྱི་བར་ཆད་ཡིན། །དེ་སྐད་དགེ་སློང་རཱ་ག་ཨ་སྱས་སྨྲས།། ༈ །།ན་མོ་མ་ཧཱ་ཀ་རུ་ཎི་ཀ་ཡེ། བསྔོས་ཤ་ཟོས་ན་དམྱལ་བ་ནི། །ངུ་འབོད་ཆེན་པོར་སྐྱེ་བར་གསུངས། །བསྔོས་ཤ་དེ་ཉིན་ཟོས་པ་དེས། །མནར་མེད་དམྱལ་བར་སྐྱེ་བ་སྟེ། །ནད་པར་ཕན་ཕྱིར་རྩི་ཤ་བྱས། །དེ་ནི་ལྷག་པར་སྡིག་པ་ལྗི། །ཞི་ཁྲོའི་ཆོ་ག་ཚོགས་བརྒྱ་དང་། །ཆོས་འདོན་བྱ་ཕྱིར་བསྔོས་ཤ་བྱས། །དུད་འགྲོ་དེ་ཉིད་བདེ་འགྲོར་སྐྱེ། །ཚེ་འདས་གསོན་པོ་སུ་ཡི་དོན། །བསྔོས་པ་དེ་ནི་དམྱལ་བར་སྐྱེ། །ཤི་བའི་ཤ་དང་ཚོང་འདུས་ནས། །སྙེམ་མེད་བྱུང་ན་ཉེས་པ་ཆུང་། །ཤ་ནི་ཟོས་པའི་རྒྱུ་མཐུན་འབྲས། །སྲིན་པོ་ཕྲ་མེན་མ་རུངས་པ། །གནོད་པ་བྱེད་པའི་འདྲེ་རུ་སྐྱེ། །ཤ་ཟོས་ལ། དབང་གི་འབྲས་བུ་ནི། །སེང་གེ་སྟག་གཟིག་སྤྱང་ཀི་དང་། །བྱི་ལ་ཝ་སོགས་གཅན་གཟན་དུ། །སྐྱེ་བ་དུ་མར་ལེན་པར་གསུངས། །བསྔོས་ཤ་མ་ཡིན་པ་ཡི་ཤ། །ཚོགས་ཤ་


CMR050_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ་ཉེས་པ་མེད། །དུད་འགྲོ་དེ་ཡང་མཐོ་རིས་སྐྱེ། །ཤ་སྤངས་པ་ཡི་རྣམ་སྨིན་གྱིས། །ལྷ་དང་བྲམ་ཟེའི་རིགས་སུ་སྐྱེ། །རྒྱུ་མཐུན་འབྲས་བུས་ལྷ་དང་ལྷ་འདྲེས་བསྲུང་། དབང་གི་འབྲས་བུས་དེ་ལ་དཀར་ཕྱོགས་ཀྱི། །ལྷ་རྣམས་འདུ་ཞིང་རིག་སྔགས་རྣམས་ཀྱང་འགྲུབ། །འོན་ཀྱང་ཚོགས་ཀྱི་དམ་རྫ་ས་སྤང་བ་ནི། །དམ་ཚིག་ཉམས་པས་དམྱལ་བར་སྐྱེ་བ་དང་། །མཁའ་འགྲོ་རྣམས་ཀྱི་བཀའ་ཆད་འབྱུང་བའི་ཕྱིར། །ཅུང་ཟད་ཙམ་ཞིག་ལྕེ་ལ་བཞག་པར་བྱ། །ཆང་དང་མི་འདྲ་ཤ་དང་ཚོགས་ཀྱི་ཟན། །ཏིང་འཛིན་ལྡན་པས་བློའགྲང་བར་ཟ་བར་རུང་། །དེ་ཡང་བདུད་རྩི་ཡིན་པའི་ངེས་ཤེས་དང་། །ལུས་དཀྱིལ་མཆོད་པའི་ཏིང་འཛིན་གལ་ཆེ་ཞིང་། །དུད་འགྲོ་དེ་ནི་ཚེ་སྔོན་ཕ་མ་ཡིན། །དེ་ལ་སྙིང་རྗེའི་བསམ་པ་བསྐྱེད་བྱ་ཞིང་། །ཀཾ་ཀ་དང་ནི་པདྨོ་ཨུཏྟཱི་ཥའི། །སྔགས་ཀྱིས་ཟ་འཕྲོའི་ཤ་དང་རུས་པ་བསྔགས། །དུད་འགྲོ་བདེ་བ་ཐོབ་པའི་བསྔོ་སྨོན་བྱ། །ཤ་ཡི་གནང་བཀག་གོ་བདེའི་ཚིགས་བཅད་འདི། །དགེ་སློང་རཱ་ག་ཨ་སྱས་སྨྲས་པའོ།། ༈ །།ན་མོ་མ་ཧཱ་ཀ་རུ་ཎི་ཀ་ཡེ། འཕགས་པ་ཐུགས་རྗེ་ཆེན་པོ་མཁྱེན། །འཛམ་གླིང་མ་


CMR050_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དྲོས་མཚོ་ཡི་འོག །དཔག་ཚད་ཁྲི་ཕྲག་གཉིས་ཀྱི་འོག །མནར་མེད་དམྱལ་བའི་འཇིག་རྟེན་ཡོད། །དེ་འོག་རིམ་པར་ཚ་དམྱལ་བརྒྱད། །རེ་རེའང་དམྱལ་ཕྲན་བཅུ་དྲུག་བསྐོར། །དེ་དག་ཀུན་གྱི་ལྷོ་ངོས་ན། །ལྕགས་མཁར་ནག་པོ་བཅུ་དྲུག་གི །དབུས་ཀྱི་ལྕགས་མཁར་ཆེན་པོ་ན། །གཤིན་རྗེ་ཆོས་ཀྱི་རྒྱལ་པོ་བཞུགས། །དགེ་བ་བྱས་པའི་སེམས་ཅན་ཀུན། །ཞི་བ་སངས་རྒྱས་མཐིང་ཀ་ལ། །གཙུག་ཏོར་ཆོས་གོས་ཅན་དུ་མཐོང་། །སྡིག་པ་གོམས་པ་རྣམས་ཀྱིས་ནི། །མཐིང་ནག་ཞལ་བཞི་ཕྱག་བཞི་པ། །ཞབས་བཞི་ཁྲོ་བོའི་ཆ་ལུགས་མཐོང་། །ཞེ་སྡང་སྦྲུལ་གྱི་མགོ་ཅན་དང་། །གཏི་མུག་ཕག་གི་མགོ་ཅན་དང་། །འདོད་ཆགས་གླང་གི་མགོ་ཅན་སོགས། །ལས་མཁན་གཤིན་རྗེ་བྱེ་བ་འབུམ། །དག་པས་ལྷ་དང་ལྷ་མོར་མཐོང་། །མ་དག་འཇིགས་རུང་གཤིན་རྗེར་མཐོང་། །ཕྱི་རིམ་ལྕགས་མཁར་བཅུ་དྲུག་ན། །གཤིན་རྗེ་ཕོ་བརྒྱད་མོ་བརྒྱད་སྒྱུ་གནས། །ཡ་ཟད་ཤི་གསོན་སོ་མཚམས་ན། །ལས་མཁན་གཏུམ་པོ་རབ་གྲགས་ཡོད། །ཞག་མ་སུམ་བརྒྱ་དྲུག་ཅུ་ལ། །སྲོག་གཅོད་གཤིན་རྗེ་ཕོ་མོ་གཉིས། །ཡོད་པས་


CMR050_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་བརྒྱ་ཉི་ཤུ་ནས། །ཚེ་སྲོག་གཅོད་པའི་ལས་མཁན་ཡོད། །ཚེ་སྔོན་སྐྱེ་བ་ལེན་ཁ་ལ། །ཅི་ཙམ་འཛམ་གླིང་འདུག་ཆོག་པའི། །གྲངས་ཁ་གཤིན་རྗེའི་ཁྲམ་ཡིག་བྲིས། །དུས་དེ་ནམ་ཐེབ་ཕོ་ཉ་གཏོང་། །དེ་ལ་བསྲིང་ཐབས་མེད་པ་ཡིན། །ཤི་ནས་འོད་གསལ་ཟིན་པ་དང་། །འཕོ་བ་ངེས་པར་ཐེབས་པ་དང་། །གཟུགས་མེད་ཁམས་སུ་སྐྱེ་བ་དང་། །བར་དོ་ངེས་པར་ཆོད་པ་ན། །གཤིན་རྗེའི་ཁྲིམས་ར་འགྲིམ་མི་དགོས། །དེ་མིན་དགེ་སྡིག་འབྱེད་སླ་བ། །གཏུམ་མོ་རབ་གྲགས་གཤག་རལ་བྱེད། །དགེ་སྡིག་སྣ་མང་འབྱེད་དཀའ་ན། །ཆོས་ཀྱི་རྒྱལ་པོའི་དྲུང་དུ་བཏང་། །དེ་ཡང་མང་ཞིག་འབྱེད་དཀའ་ན། །རྒྱ་མ་ཡིག་ཆུང་མེ་ལོང་བལྟ། །དགེ་སྡིག་གང་མང་བལྟ་བ་ལས། །ཐུགས་ཀྱང་ཐུགས་སྡང་འོང་མི་སྲིད། །གཤིན་རྗེའི་རྒྱལ་བློན་དེ་རྣམས་ཀྱང་། །དོན་ལ་སངས་རྒྱས་བྱང་སེམས་ཀྱི། །སྤྲུལ་པ་དགེ་སྡིག་ལུང་སྟོན་མཁན། །སྙིང་རྗེ་ཆེན་པོ་ཡོད་ན་ཡང་། །རང་རེ་ལས་ངན་སྒྲིབ་པ་ཡི། །ཁྲོ་གཏུམ་སྲོག་དབུགས་འཕྲོག་པ་ཡིན། །མ་རུངས་གདུག་པའི་སྲིན་པོར་མཐོང་། །དེ་དག་གནས་དང་ཕོ་བྲང་ཡང་། །རྨི་ལམ་ལྟ་བུ་


CMR050_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཏེ། །དངོས་སུ་འོག་ཕྱོགས་འདི་ན་ཡོད། །ཚ་དམྱལ་བརྒྱད་ཀྱི་བྱང་གི་ཕྱོགས། །རི་བོ་གངས་ཅན་ཞེས་བྱའི་འོག །དཔག་ཚད་ཉི་ཁྲི་ཆིག་སྟོང་ན། །ཆུ་བུར་ཅན་གྱི་དམྱལ་བ་ཡོད། །དེ་ནས་རིམ་བཞིན་འོག་ཏུ་ནི། །དཔག་ཚད་ཉིས་སྟོང་རེ་རེའི་སར། །གྲང་དམྱལ་བདུན་པོ་རིམ་བཞིན་ཆགས། །དེ་ལྟར་དམྱལ་ཁམས་བཅུ་དྲུག་གི །འོག་གི་བྱང་ཤར་ཕྱོགས་ངོས་ན། །དམྱལ་བ་ཤམ་བྷ་ལ་ཞེས་པ། །མིང་དང་དབྱིབས་དང་སྡུག་བསྔལ་ནི། །ཚ་དམྱལ་བརྒྱད་དང་འདྲ་བ་ལས། །དེ་ལས་བདུན་འགྱུར་སྡུག་བསྔལ་ཆེ། །འདི་ཡང་ཐར་མདོ་སོགས་ནས་གསུངས། །དེ་དག་ཀུན་གྱི་འོག་གི་ཕྱོགས། །རླུང་གི་དཀྱིལ་འཁོར་ཆེན་པོའི་སྟེང་། །རྡོ་རྗེ་དམྱལ་བ་ཞེས་བྱ་བ། །གོང་གི་སྡུག་བསྔལ་དེ་རྣམས་ཀུན། །དུས་གཅིག་ལ་ནི་མྱོང་དགོས་ཤིང་། །ཚེ་ཚད་ནམ་མཁའ་ཇི་སྲིད་བར། །དམ་ཚིག་ཉམས་རྣམས་སྐྱེ་བའི་ས། །དེ་ནི་རྡོ་རྗེ་ལ་དམྱལ་བ་ཞེས། །རྒྱུད་སྡེ་རྣམས་ལས་རྒྱ་ཆེར་གསུངས། །མནར་མེད་རྡོ་རྗེ་དམྱལ་བ་གཉིས། །རྒྱལ་བ་འབྲི་གུང་པ་ཡིས་ནི། །དོན་ལ་གཅིག་པ་བཞེད་ན་ཡང་། །ཚེ་ཚད་


CMR050_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་མི་གཅིག་པས། །སོ་སོར་ཡོད་པར་རྒྱུད་ལས་གསལ། །ད་ལྟ་མི་ལུས་ཐོབ་པ་དང་། །གནས་སྐབས་བདེ་སྐྱིད་ལོངས་སྤྱོད་དང་། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཡང་། །དོན་ལ་བདེན་པར་མ་གྲུབ་སྟེ། །རང་སྣང་འཁྲུལ་པ་ཁོ་ནར་གསུངས། །དེ་དོན་གོ་བ་ཙམ་ཡོད་ཀྱང་། །སྐྱེ་དང་རྒས་དང་ན་དང་འཆི། །འདྲེ་གདོན་དགྲ་ཡིས་འཚེ་བ་སོགས། །མངོན་སུམ་མྱོང་བར་འདུག་པ་ལྟར། །དམྱལ་བ་འཁྲུལ་སྣང་ཡིན་ན་ཡང་། །དེ་རུ་སྐྱེས་པའི་སེམས་ཅན་ལ། །སྡུག་བསྔལ་ཚོར་བ་དངོས་སུ་ཡོད། །ལུས་ཀྱང་གདོས་བཅས་དངོས་སུ་ཡོད། །རྨི་ལམ་ལྟ་བུ་མ་ཡིན་ནོ། །རྨི་ལམ་ནུབ་གཅིག་ཡུད་ཙམ་ཡིན། །དེ་ལ་ཚེ་ཚད་གསུངས་པ་མེད། །དམྱལ་བའི་ཚེ་ཚད་ཞིབ་པར་གསུངས། །དེ་ཕྱིར་དམྱལ་བའི་འཇིག་རྟེན་ལ། །རང་ཉིད་སྐྲག་པ་བསྐྱེད་པ་དང་། །དེར་སྐྱེས་རྣམས་ལ་སྙིང་རྗེའི་སེམས། །མཆི་མ་འཁྲུགས་པ་ཅི་སྐྱེ་བྱ། །དེ་རུ་ད་ལྟ་སྐྱེས་ཚད་ཀུན། །རང་གི་ཚེ་རབས་མང་པོ་ཡི། །ཕ་མ་ལན་གྲངས་མང་པོ་བྱས། །ཨ་ཙ་མ་ལ་སྙིང་རེ་རྗེ། །དེ་ཕྱིར་དེ་དག་ཐམས་ཅད་ལ། །ཕན་ཕྱིར་བཏང་ལེན་དམིགས་པ་དང་། །ཡི་དམ་


CMR050_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་འོད་ཟེར་བཀྱེ། །དམྱལ་བའི་ན་རཀ་དོང་སྤྲུགས་ནས། །ཐམས་ཅད་ཐར་པ་ཐོབ་པ་ཡི། །བསྔོ་བ་སྨོན་ལམ་རྒྱ་ཡིས་བཏབ། །དེ་སྐད་རཱ་ག་ཨ་སྱས་སྨྲས། །མངྒ་ལཾ།། ༈ །།ཀྱེ་མ་ཀྱི་ཧུད་ཨ་ཙ་མ། །ཆུ་བུར་མིག་གིས་མ་མཐོང་ཡང་། །རྒྱལ་བའི་གསུང་རབ་དོན་གོ་བས། །དམྱལ་བའི་སྡུག་བསྔལ་ཡིད་ལ་དྲན། །འཛིང་རྩོད་ཞེ་ས་གཅོད་རེས་དང་། །འཐབ་ཅིང་འཁྲུག་པ་བྱས་པ་རྣམས། །ལྕགས་སྲེག་ས་གཞི་མེ་འབར་སྟེང་། །ཐམས་ཅད་འཚོགས་ཤིང་འཐབ་ཅིང་རྩོད། །མཚོན་ཆ་རྣོན་པོ་རྒྱབ་ཅིང་གཅོད། །ཐམས་ཅད་འགྱེལ་ནས་བརྒྱལ་བ་དང་། །སོས་པར་གྱུར་ཅིག་ཟེར་བའི་སྒྲ། །གྲགས་པས་སོས་ནས་སྔར་ལྟར་གཅོད། །གཞན་ཡང་བརྡུང་ཞིང་བཅོམ་ནས་འཆི། །སླར་ཡང་སོས་ནས་བརྡུང་བ་དང་། །ལྕགས་རིས་བསྐོར་བའི་ནང་དུ་ནི། །མཚོན་ཆ་མེ་འབར་ཆར་པ་འབབ། །ལྕགས་ཟངས་མེ་འབར་ནང་དུ་བཙོ་། །ཤིང་སྡོང་མེ་འབར་བར་དུ་བཙིར། །མུན་ཁང་ནང་དུ་རང་ཉིད་ཀྱི། །སྤུ་ལ་མེ་འབར་རང་ལུས་ཚིག །བྱ་དང་འབུ་སྲིན་མང་པོས་ཟ། །གོས་ལ་མེ་འབར་ལུས་པོ་


CMR050_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག །དེར་སྐྱེས་སེམས་ཅན་རྣམས་ཀྱིས་ནི། །ཆུ་གྲི་ཤང་ལང་རལ་གྲི་དང་། །ཐོ་བ་མདུང་ཐུང་སེན་མོ་རྣོ། །མདའ་གཞུ་འཕང་མདུང་འཁོར་ལོ་དང་། །རྡོ་རྗེ་མཚོན་ཆ་རྩེ་གཅིག་གིས། །གཅིག་གིས་གཅིག་ལ་རྒྱབ་ཅིང་གསོད། །མི་ལོ་བྱེ་བ་འབུམ་ཕྲག་དང་། །དྲུག་ཁྲི་ཉིས་སྟོང་ཚེ་ཡི་ཚད། །དེ་རུ་སྐྱེས་ཚད་སེམས་ཅན་དང་། །ཁྱད་པར་བདག་ལ་འབྲེལ་ཐོགས་པའི། །ཚེ་འདས་དེ་རུ་སྐྱེས་སྲིད་ན། །རེ་ས་གཞན་མེད་སྤྱན་རས་གཟིགས། །ཐུགས་རྗེ་ཆེན་པོ་ཁྱེད་རང་མཁྱེན། །ཡང་སོས་དམྱལ་བའི་གནས་ནས་དྲོངས། །ཨོཾ་མ་ཎི་པདྨེ་ཧཱུྃ། སངས་རྒྱས་ཆོས་དང་དགེ་འདུན་ལ། །གཤེ་ཞིང་གནོད་འཚེ་བྱེད་པ་དང་། །ཕ་དང་མ་ལ་སྡང་བ་དང་། །དབྱེན་བྱེད་དགེ་འདུན་མི་རྣམས་དཀྲུགས། །ངན་བསླབ་ལོག་མིན་བྱེད་བཅུག་པས། །ལས་མཁན་འཇིགས་སུ་རུང་བ་འགས། །ལུས་ལ་ཐིག་ནི་ནག་པོ་བཏབ། །ལྕགས་སྲེག་སོག་ལེས་དྲ་བ་དང་། །ལྕགས་སྲེག་མེ་འབར་སྟ་རེས་གསེ། །ལྕགས་སྲེག་ཐག་པས་དམ་དུ་བཅིངས། །གྲོག་རོང་ནང་དུ་བསྒྱུར་ཏེ་བཏང་། །མིག་འབྲུ་ལྕེ་དང་རྐང་ལག་གཅོད། །ལས་མཁན་རྣམས་


CMR050_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་རལ་གྲིས་གསེ། །མི་ལོ་བྱེ་བ་ཕྲག་ས་ཡ། །གཉིས་འབུམ་དྲུག་ཁྲི་དགུ་སྟོང་དང་། །བཅུ་གཉིས་དེ་ཡི་ཚེ་ཡི་ཚད། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །སེམས་ཅན་དེ་རུ་སྐྱེས་རྣམས་དང་། །བདག་ལ་འབྲེལ་ཐོགས་ཚེ་འདས་ཚོ། །ཐིག་ནག་དམྱལ་བའི་གནས་ནས་དྲོངས། །རེ་ས་གཞན་མེད་ཁྱེད་རང་མཁྱེན། །ཨོཾ་མ་ཎི་པདྨེ་ཧཱུྃ། བྱ་དང་རི་དྭགས་ལ་སོགས་པ། །སེམས་ཅན་མང་པོའི་སྲོག་བཅད་དང་། །འདོད་ལོག་མང་དུ་སྤྱད་པ་རྣམས། །ལས་མཁན་རྣམས་ཀྱིས་དེ་དག་གི །ར་ལུག་ཁྱུ་མར་ཕྱོགས་གཅིག་བསྡུས། །དེ་ཚེ་ལྕགས་སྲེག་ལས་གྲུབ་རི། །ར་ལུག་རི་དྭགས་གདོང་འདྲ་བ། །བརྡུང་ཁ་ཚད་འདྲའི་བར་དུ་བཅིར། །ཁྲག་རྒྱུན་ཆུ་བོ་ལྟ་བུར་འབབས། །དེ་བཞིན་ལྕགས་སྲེག་འདྲ་བའི་སྣོད། །ཟར་མར་དབྱིབས་ནི་བརྩག་ཏར་བཅིར། །ལྕགས་སྲེག་གཏུན་དུ་ཚོས་ལྟར་བརྡུང་། །ལྕགས་སྲེག་ས་གཞིར་དྲོས་ཙ་ན། །རྡོ་རྗེ་མེ་འབར་ཆར་གྱིས་བྲབ། །གསལ་ཤིང་མེ་འབར་ཁོང་སྨད་ཕུག །ལྕགས་ཀྱི་ཕུར་པ་ཁར་བཏབ་ནས། །ལྟག་པའི་བར་དུ་བརྫུར་བ་དང་། །ལྕགས་སྒོང་མེ་འབར་ཁ་རུ་


CMR050_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

བརྫ་ངས། །གསང་གནས་ཟངས་ཁུ་མེ་འབར་བླུགས། །རྐང་པ་ཤིང་ལ་བཏགས་ནས་བསྲེགས། །ནང་ཁྲོལ་མེ་འབར་ཚིག་ཅིང་ཚ། །མེ་མདག་རི་ལ་ཟ་དགོས་དང་། །ལྕགས་ཀྱི་བུམ་པའི་ནང་བཅུག་ནས། །ཕྱི་ནས་གཏུན་གྱིས་བརྡུང་བ་དང་། །མིག་དང་རྣ་བ་ཁ་རྣམས་སུ། །ཞ་ཉེ་བཀོལ་ནས་བླུགས་པ་དང་། །ལྕགས་སྲེག་མཆིག་གི་བར་དུ་བཏགས། །སྟེང་ནས་མེ་མ་མུ་རུམ་དང་། །ལྕགས་སྲེག་ཆར་པ་རབ་ཏུ་འབབ། །དེ་འདྲའི་སྡུག་བསྔལ་མི་ཡི་ལོ། །བྱེ་བ་སུམ་འགྱུར་འབུམ་ཕྲག་ཁྲི། །བརྒྱ་སྟོང་རྩ་གཉིས་ཚེ་ཡི་ཚད། །དེ་རུ་སྐྱེས་ཚད་སེམས་ཅན་དང་། །ཁྱད་པར་བདག་ལ་འབྲེལ་ཐོགས་པའི། །ཚེ་འདས་དེ་རུ་སྐྱེས་སྲིད་ན། །དྲོངས་ཤིག་འཕགས་པ་སྤྱན་རས་གཟིགས། །རེ་ས་གཞན་མེད་ཁྱེད་རང་མཁྱེན། །ཨོཾ་མ་ཎི་པདྨེ་ཧཱུྃ། སངས་རྒྱས་བྱང་སེམས་ཉན་ཐོས་ལ། །གཤེ་ཞིང་ཕ་དང་མ་ལ་སྡང་། །ཆང་འཚོང་མ་དང་ཆང་ལ་དགའ། །སེམས་ཅན་མང་པོ་བསད་པ་དང་། །མི་ཚངས་སྤྱོད་དང་བུད་མེད་རྐུ། །དེ་དག་གཤིན་རྗེ་ལ་བྲོས་པས། །ལྕགས་ཀྱི་ཁང་པའི་ནང་དུ་ཚུད། །ཁང་པ་དེ་ལ་མེ་འབར་བས། །ཉམ་ཐག་དུ་


CMR050_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

འབོད་ང་རོ་བྱེད། །གཞན་ཡང་ཞ་ཉེ་བཞུས་པ་ཡི། །ཁུ་བ་ཁ་ནས་བླུགས་པ་དང་། །ལྕགས་སྲེག་གཏུན་གྱི་ནང་དུ་བརྡུང་། །མེ་ཡི་ཆར་པ་འབེབས་པ་དང་། །ལྕགས་ཀྱི་འབུ་སྲིན་རྣམས་ཀྱིས་ཕུག །ལྕགས་ཀྱི་སྣོད་དུ་བཙོ་བ་དང་། །ལྕགས་སྲེག་རྐམ་པས་མཁལ་དཀར་འདོན། །ལྕགས་ཐག་མེ་ལྕེ་འབར་བས་བཅིངས། །ཤལ་མ་རི་ལ་འཛེགས་པ་དང། །རྡོ་ཚན་མེ་འབར་ཆར་པས་བྲབ། །མི་ལོ་བྱེ་བ་ས་ཡ་གཉིས། །བྱེ་བ་ཕྲག་དགུ་འབུམ་བཞི་ཁྲི། །བཞི་སྟོང་བྱེ་བ་ཕྲག་བརྒྱ་ཐུབ། །དེར་སྐྱེས་སེམས་ཅན་ཨ་ཙ་མ། །བདག་ལ་འབྲེལ་ཐོགས་སེམས་ཅན་རྣམས། གལ་ཏེ་དེ་རུ་སྐྱེས་སྲིད་ན། །དྲོངས་ཤིག་འཕགས་པ་སྤྱན་རས་གཟིགས། །ཨོཾ་མ་ཎི་པདྨེ་ཧཱུཾ། ལྷ་ཁང་མཆོས་རྫས་དཀར་མེ་འཕྲོག །དགེ་སློང་ལ་སོགས་ཆོས་བྱེད་གསོད། །སྐུར་འདེབས་རྫུན་དང་ཕྲ་མ་ཨཱཿང་། །ལྟ་བ་ལོག་པ་འཆང་བ་དང་། །འདོད་ཆགས་ཆེ་ཞིང་བག་མེད་སྤྱོད། །ཆོས་ལ་ཁ་བཏང་སྡིག་ལ་བསོགས། །ལྕགས་སྲེག་ཁང་པ་གཉིས་རིམ་ནང་། །ཚུད་ཅིང་མེ་འབར་ནང་དུ་འཚིག །ངུ་འབོད་ཆེན་པོ་ཚག་ཕྱུར་ཕྱུར། །ལྕེ་ནི་ཕྱིར་


CMR050_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ཟངས་ཁུ་འབེབས། །སྲོག་ཆགས་མེ་འབར་མང་པོས་ཟ། །ལྕེ་ལ་ལྕགས་སྲེག་ཕུར་པ་འདེབས། །སྲིན་བུ་ལྕགས་ཀྱི་མཆུ་རིང་གིས། །ནང་ཆ་ཐམས་ཅད་ཟ་བར་བྱེད། །མེ་ཐབ་ནང་དུ་སོལ་མེ་སྤུངས། །དེར་བཅུག་སྦྱད་པས་སྡུད་ནས་བཞུ། །དེ་ནས་ཐོ་བས་ལྕགས་ལྟར་འཐར། །ལྕེ་ནི་སྤྱི་གཙུག་ཨོག་མར་དྲངས། །སྟག་གཟིག་དོམ་དྲེད་སེངྒེས་ཟ། །རང་ཤ་བཅད་ཅིང་ཁ་རུ་བརྫངས། །ལྕགས་ལེབ་མེ་ལྕེ་འབར་བས་དཀྲི། །བྱ་དང་སྲོག་ཆགས་མང་པོས་ཟ། །སྟེང་ནས་མེ་ལྕེའི་ཆར་ཆེན་འབེབས། །མི་ལོ་བྱེ་བ་ས་ཡ་གསུམ། །ལྔ་འབུམ་ལྔ་ཁྲི་ཉིས་སྟོང་དང་། །དྲུག་ཅུ་རྩ་བཞི་ཚེ་ཡི་ཚད། །དེ་རུ་སྐྱེས་པའི་སེམས་ཅན་དང་། །བདག་ལ་འབྲེལ་ཐོགས་འགྲོ་བ་རྣམས། །གལ་ཏེ་དེ་རུ་སྐྱེས་སྲིད་ན། །དཔུང་དང་རི་མདའ་གཞན་མེད་དེ། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །ངུ་འབོད་ཆེན་པོའི་གནས་ནས་དྲོངས། །ཨོཾ་མ་ཎི་པདྨེ་ཧཱུཾ། ལྷ་ཁང་དགོན་པ་རི་ཁྲོད་བསྲེགས། །གྲོང་དང་ནགས་ལ་རི་མེ་བཀྱེས། །ལོག་ལྟ་ཆེ་བའི་སེམས་ཅན་རྣམས། །ཟངས་ལྕགས་དཔག་ཚད་མང་པོའི་སྣོད། །གྲོ་མཆན་བཞིན་དུ་བཙོ་བ་


CMR050_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ལྕགས་སྲེག་གསལ་ཤིང་མེ་འབར་བས། །འཕོངས་ནས་སྤྱི་བོའི་བར་དུ་ཕུག །ཁ་མིག་རྣ་བ་བ་སྤུ་ནས། །མེ་ལྕེ་འབར་ཞིང་རང་ལུས་ཚིག་ལྕགས་སྲེག་ས་གཞི་མེ་འབར་ཏེ། །ལྕགས་སྲེག་ཐོ་བས་ཡུངས་ལྟར་རྡུང་། །མེ་ལྕེ་དཀར་པོ་འབར་ནས་བསྲེགས། །རྐང་ལག་རྣམས་ལ་མེ་འབར་ཚིག །ལྕགས་སྲེག་མཆིག་གི་བར་དུ་བཏགས། །ཉ་སྦྲུལ་མེ་ལྕེ་འབར་བས་ཟ། །ཐལ་ཚན་ཆུ་བོ་འབོགས་པའི་ཚེ། །དེ་ནས་སྲོག་ཆགས་མང་པོས་ཟ། །ལྕགས་ལྕགས་སྲེག་སྐམ་པས་གཏོག་པར་བྱེད། །མི་ལོ་བྱེ་བ་ས་ཡ་བརྒྱད། །བཞི་འབུམ་བྱེ་བ་ཁྲི་དྲུག་སྟོང་། །ལྔ་བརྒྱ་སུམ་ཅུ་ཚེ་ཡི་ཚད། །དམྱལ་བ་ཚ་བ་ཞེས་བྱ་བའི། །དེ་རུ་གང་སྐྱེས་སེམས་ཅན་རྣམས། །ཚེ་རབས་མང་པོའི་ཕ་མ་ཡིན། །སྙིང་རེ་རྗེ་སྟེ་བྱེད་ཐབས་མེད། །ཚེ་འདིར་བདག་ལ་འབྲེལ་ཐོགས་རྣམས། །འགའ་ཞིག་དེ་རུ་སྐྱེས་སྲིད་


CMR050_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ན། །དྲོངས་ཤིག་འཕགས་པ་སྤྱན་རས་གཟིགས། །ཨོཾ་མ་ཎི་པདྨེ་ཧཱུཾ། དགེ་བའི་ལས་ལ་མི་དགའ་ཞིང་། །ཆོས་དང་དགེ་བ་བྱེད་པ་ལ། །སྐུར་བ་འདེབས་ཤིང་གཤེ་བ་དང་། །དགེ་སྡིག་ཕན་གནོད་མེད་པར་སྨྲ། །ལྕགས་སྲེག་ཁཊཾ་རྩེ་གསུམ་པས། །འཕོངས་ནས་བཙུགས་ཏེ་སྤྱི་བོ་དང་། །ཕྲག་པ་གཉིས་ལ་ཕུད་པར་བྱེད། །དེ་ཚེ་ཁོག་པར་མེ་འབར་ནས། །བུ་ག་དགུ་ནས་མེ་ལྕེ་འབར། །ལྕགས་ལ་ཆེ་ངར་མེ་འབར་བས། །ལུས་པོ་ཐམས་ཅད་དཀྲིས་པ་དང་། །ཟངས་ལྕགས་མེ་འབར་ནང་དུ་བཙོ། །དེ་ཚོ་ཇ་བཀོལ་ཇ་ལོ་ལྟར། །སྟེང་འོག་ཕྱོགས་མཚམས་རྣམས་སུ་འགྲོ། །ཤ་རུས་ཞིག་ནས་ཀེང་རུས་ཏེ། །ད་རུང་མི་འཆི་ཚུར་བཏོན་ཏེ། །ལྕགས་སྲེག་ས་གཞི་བསྒྲེ་གློག་གིས། །སྔར་ལྟར་ཤ་རུས་སོས་པ་དེ། །སླར་ཡང་སྔར་བཞིན་བཙོ་བར་བྱེད། །མགོ་ནས་བཟུང་སྟེ་སྐྱེད་པའི་བར། །མེ་མགལ་བཞིན་དུ་བསྲེགས་པ་དང་། །ཟངས་ཁུ་མེ་འབར་འཐུང་དུ་བཅུག །གཅན་གཟན་ཁ་ནས་མེ་འབར་བ། །མང་པོ་རུབ་ནས་ཟ་བ་དང་། །ཐལ་བ་མ་རེད་བར་དུ་སྲེག །ཤ་རྣམས་ལྕགས་སྲེག་སྐམ་པས་བཏོག །མདུང་སོགས་མཚོན་


CMR050_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་མེ་འབར་བས། །གཤང་ལམ་ལས་ནི་སྤྱི་བོར་ཕུག །ལྕགས་ཁུ་སྤྱི་བོའི་གཙུག་ནས་བླུགས། །ཚེ་ཚད་བར་གྱི་བསྐལ་པའི་ཕྱེད། །རབ་ཏུ་ཚ་བའི་དམྱལ་བ་དེར། །སྐྱེས་པའི་སེམས་ཅན་སྙིང་རྗེའི་གནས། །ཡི་དམ་འཕགས་པ་སྤྱན་རས་གཟིགས། །དེ་དག་རྣམས་ལ་ཐུགས་རྗེས་གཟིགས། །ཁྱད་པར་བདག་ལ་འབྲེལ་ཐོགས་རྣམས། །ད་ལྟ་ཉིད་དུ་འདྲེན་དུ་གསོལ། །ཨོཾ་མ་ཎི་པདྨེ་ཧཱུྃ། ལྟ་ལོག་ཆོས་ལོག་མུ་སྟེགས་ཚོགས། །ཆོས་ལ་མི་བདེན་སྐུར་པ་འདེབས། །རྒྱུ་འབྲས་ཕན་གནོད་མི་བདེན་ཟེར་། །ཆོས་ཀྱི་ཕན་ཡོན་མི་བདེན་ཟེར། །སློབ་དཔོན་བྱང་ཆུབ་སེམས་དཔའ་སོགས། །སྐྱེས་བུ་དམ་པ་རྣམས་ལ་སྡང་། །ལྕགས་སྲེག་ས་གཞི་རྒྱ་ཆེ་བ། །མེ་དཔུང་བསམ་ལས་འདས་པ་འབར། །དེ་ཡི་ལྤགས་པ་ཤ་དང་ཁྲག །རྐང་གི་བར་དུ་ཚིག་པ་ཡི། །མར་མེའི་སྡོང་བུ་ལྟ་བུའོ། །ཕྱོགས་བཞི་མཚམས་བརྒྱད་གར་བྲོས་པར། །མེ་ལྕེས་བཏུམ་སྟེ་སྔར་བཞིན་འཚིག །ལུས་ཀུན་མེ་འབར་མེ་ལྟར་དམར། །ངུ་སྒྲ་འབྱིན་པ་ཐོས་ཙམ་ལས། །ལུས་པོ་གཞན་གྱིས་མི་མངོན་པ། །ལྕགས་ཀྱི་སླ་ང་བཙོ་མའི་ནང་། །


CMR050_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ས་མཆན་ལམ་ལམ་མེ་མུར་ནང་དུ་ཡོས་ལྟར་བཀྲབ། །ལྕགས་ཀྱི་ས་གཞི་ལ་འགྲོ་ཞིང་། ལྕགས་སྲེག་རི་ལ་འཛེག་ཅིང་འབབ། །ཟངས་ཞུན་ཁོལ་མ་ཁར་བླུགས་ནས། །གློ་སྙིང་ནང་ཆ་ཁོག་ནས་ཐོན། །ཁྲོ་ཆུ་ཁོལ་མའི་ནང་དུ་བཙོ། །མཚོན་ཆ་མེ་འབར་མང་པོ་ཡིས། །ལུས་ཀུན་ཡུངས་འབྲུ་ཙམ་དུ་གཏུབ། །ལྕགས་སྲེག་ལས་གྲུབ་འཇིགས་རུང་བའི། །སེང་གེའི་མགོ་ནས་མར་ལ་ཟ། །སྟག་གིས་རྒྱབ་ནས་ཚུར་ལ་ཟ། །དུག་སྦྲུལ་གཉིས་ཀྱིས་རྩིབ་ལོགས་ཟ། །རྐང་པ་ནས་བཟུང་མེ་ནང་སྲེག །གཤིན་རྗེའི་མདའ་ཡི་འབེན་ལ་འཛུགས་། །མེ་དོང་ནང་དུ་མགོ་ཐུར་སྲེག །བུ་ག་རྣམས་སུ་ལྕགས་ཕུར་བཏབ། །མཚོན་ཆ་རྣམས་ཀྱིས་ཡན་ལག་གཅོད། །ལུས་ནི་དཔག་ཚད་ལྔ་བརྒྱ་ལ། །མགོ་བོ་དང་ནི་ལྔ་བརྒྱ་སྟེ། །རེ་རེ་ལ་ཡང་ལྕེ་ལྔ་བརྒྱ། །ལྕེ་རེ་དཔག་ཚད་ལྔ་བརྒྱ་ལ། །ལྕགས་སྲེག་གླང་དོར་ལྔ་བརྒྱས་རྨོ། །ལུས་ལ་སྲོག་ཆགས་མང་པོས་ཟ། །རང་ཤ་རང་གིས་ཟ་དགོས་དང་། །ལྕགས་སྲེག་གཏུན་ནང་ཐོ་བས་བརྡུང་། །དུག་སྦྲུལ་མེ་འབར་ལུས་ལ་འཁྱུད། །ལྕགས་སྲེག་ཁོང་པའི་ནང་ཀུན་སྲེག །སྡུག་བསྔལ་བར་སྐབས་རྒྱུན་ཆད་


CMR050_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །དེ་ཕྱིར་མནར་མེད་ཅེས་བྱ་སྟེ། །དེ་ལྟར་ཚ་དམྱལ་བརྒྱད་པོ་སྟེ། །གོང་མ་རྣམས་ལས་འོག་མ་རྣམས། །དགུ་རེའི་འགྱུར་གྱི་སྡུག་བསྔལ་ཆེ། །འདི་ཡི་ཚེ་ཚད་བར་བསྐལ་གཅིག །སྡིག་ཚབས་ཆེ་བའི་སེམས་ཅན་རྣམས། །དེ་འདྲའི་སྡུག་བསྔལ་བར་མཚམས་མེད། །སེམས་ཅན་དེ་རྣམས་ཨ་ཙ་མ། །དེ་འདྲའི་ལས་ངན་སེམས་ཅན་རྣམས། །བདག་ལ་འབྲེལ་ཐོགས་སེམས་ཅན་རྣམས། །དྲོངས་ཤིག་འཕགས་པ་སྤྱན་རས་གཟིགས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཚ་དམྱལ་བརྒྱད་པོ་དེ་དག་གི །ཕྱོགས་བཞིའི་ཕྱོགས་རེར་བཞི་རེ་སྟེ། །རེ་རེའང་བཅུ་དྲུག་རེ་རེས་བསྐོར། །དེ་ཕྱིར་ཉེ་འཁོར་དམྱལ་བ་ཟེར། །ལྕགས་ཁང་ནང་དུ་ཡུན་རིང་བས། །ཤར་གྱི་སྒོ་ཕྱེས་བྲོས་པ་ན། །མེ་མ་མུར་གྱི་ས་གཞི་ནི། །པུས་མོ་ནུབ་ཙམ་འབོག་ཅིང་འགྲོ། །རྐང་པ་བཙུགས་དུས་ཤ་ལྤགས་ཞིག །བསྲེགས་པས་སྔར་ལྟར་སོས་པར་འགྱུར། །མ་ཚུགས་འགྱེལ་ནས་འདྲེ་ལོག་གི །ཤ་དང་རུས་པ་ཐམས་ཅད་བསྲེགས། །སྡོམ་པ་ཞུས་ནས་མི་བསྲུང་བ། །མེ་མ་མུར་དུ་ཚིག་པ་རྣམས། །སྙིང་རེ་རྗེ་སྟེ་བཟོད་ཐབས་མེད། །བདག་ལ་འབྲེལ་བའི་


CMR050_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་ཤོར་རྣམས། །དྲོངས་ཤིག་འཕགས་པ་སྤྱན་རས་གཟིགས། །ཨོཾ་མ་ཎི་པདྨེ་ཧཱུཾ། མེ་མ་མུར་ནས་ཐར་ཙམ་ནས། །གཅིན་རྟོག་མི་གཙང་འདམ་རྫབ་ནི། །མི་རོ་རུལ་བའི་དྲི་མ་ཅན། །དེ་འདྲའི་རྒྱ་མཚོ་ཆེན་པོ་བྲུལ། །ཨེ་ཐར་བསྐྱལ་ཞིང་འབོག་པའི་ཚེ། །འབུ་ནི་དཀར་པོ་ལྕགས་མཆུ་ཅན། །མང་པོས་ཤ་རུས་ལྤགས་པ་ཕུག །སྦུར་ནམ་སྦྲང་བུ་ལ་སོགས་པ། །སྲིན་བུ་ཁྲི་ཕྲག་འབྱར་ནས་ཟ། །ལུས་ནི་འགྲེ་ལོག་ངུ་འབོད་འདོན། །སྡོམ་པ་དམ་ཚིག་མེད་པ་ཡི། །ཡོད་བརྫུ་བྱས་ནས་དཀོར་ཟོས་དང་། །རྫུན་གྱིས་མགོ་གཡོག་དཀོར་བསྡུས་པས། །རོ་མྱག་འདམ་དུ་སྐྱེས་པ་རྣམས། །ཐུགས་རྗེས་དྲོངས་ཤིག་སྤྱན་རས་གཟིགས། །ཨོཾ་མ་ཎི་པདྨེ་ཧཱུཾ། རོ་མྱག་འདམ་ནས་ཐར་ཙམ་ན། །སྤང་ཐང་ཡིད་དུ་འོང་བ་མཐོང་། །དེ་རུ་བརྒྱུགས་པས་ས་གཞི་དེ། །སྤུ་གྲི་རྣོན་པོའི་རྩ་ཡིས་གང་། །རྐང་པ་ཐམས་ཅད་བཤགས་ཤིང་གཏུབ། །དེ་འདྲར་ནགས་ཚལ་འཐུག་པོར་ཕྱིན། །ཤིང་ལོ་རལ་གྲི་མཚོན་ཆའི་ཚོགས། །རླུང་གིས་བསྐྱོད་པས་མཚོན་ཆའི་ཆར། །མགོ་བོ་ཡན་ལག་གཅོད་ཅིང་སྨྲས། །ཉམ་ཐག་ང་རོའི་འོ་དོད་འབོད། །སྣ་དང་


CMR050_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

རྣ་བ་རྐང་ལག་རྣམས། །ཆད་པས་བྱ་རྒོད་བྱ་རོག་དང་། །འུག་པ་རྣམས་ཀྱིས་ཟ་བར་བྱེད། །ཆོས་ལོག་མུ་སྟེགས་སྟོན་པ་དང་། །ལམ་དགྲ་སྐྲག་སྔངས་འུར་ཟིང་བསླང་། །དེ་ཡི་འབྲས་བུས་དེ་ལྟར་ལགས། །རལ་གྲིས་ནགས་དེ་ཡོལ་ནས་ཐར། །ལྕགས་ཀྱི་ཤལ་མ་རི་ཞེས་པ། །ཤིང་སྡོང་ཆེན་པོ་རི་འདྲ་བ། །ལྕགས་ཀྱི་ཚེར་མ་སོར་བཅུ་དྲུག །བར་མཚམས་མེད་པར་སྐྱེས་པའི་རྩེར། །གསོན་དུས་ཆགས་པ་སྐྱེས་པ་ཡི། །བུད་མེད་དེ་ནི་ཤིང་རྩེར་མཐོང་། །དེ་ཡིས་རང་ལ་འབོད་པ་ཐོས། །ཤིང་ལ་འཛེག་པས་ཚེར་སོ་རྣམས། །ཐུར་ལ་བསྟན་པས་ལུས་ཀུན་ཕུག །ཤིང་རྩེར་ཕྱིན་པས་བུད་མེད་དེ། །སྲིན་མོ་འཇིགས་པར་གྱུར་པས་འཇུས། །བདུད་མོ་དེ་ཡིས་ཟ་བ་དང་། །ཁྱུང་དང་ཁྭ་ཏ་བྱ་རྒོད་ཀྱིས། །མིག་འབྲུ་ཀླད་པ་རྒྱུ་མ་ཟ། །ལན་གཅིག་ཞིག་ནས་སྔར་བཞིན་དུ། །བུད་མེད་དེ་ནི་ཤིང་སྡོང་གི །རྩ་བར་འདུག་ནས་འབོད་པ་སུ་མཐོང་། །ཐུར་ལ་བབས་པས་ཚེར་མ་རྣམས། །གྱེན་ལ་འབར་བས་ལུས་ཀུན་འཛེར། །ཁྲག་རྒྱུན་བབ་ཅིང་རྩ་བར་ཕྱིན། །བུད་མེད་ཁྱི་རྒོད་སྲེ་བོར་གྱུར། །འབལ་ཞིང་རྒྱུ་


CMR050_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོ་འདྲེན་ཅིང་ཟ། །དེ་འདྲ་ལོ་གྲངས་དཔག་མེད་མྱོང་། །བུད་མེད་མི་ཚངས་སྤྱོད་པའི་འབྲས། །རལ་གྲི་སྤུ་གྲི་ཤལ་མ་རི། །གསུམ་ཀ་གཅིག་ཏུ་བརྩི་བ་སྟེ། །དམྱལ་བ་མཚོན་ཆའི་འཁོར་ལོ་ཟེར། །དེ་ནས་བྲོས་ནས་ཐར་ཙམ་ན། །རལ་གྲིའི་འཁོར་ལོ་འཁོར་བས་གཏུབ། །མདའ་མདུང་ཁཊཾ་མང་པོ་རྒྱབ། །དེ་ལ་བྲོས་ནས་སྐྱབས་བཙལ་བས། །ཐལ་ཚན་ཆུ་བོ་རབ་མེད་པ། །དམྱལ་བའི་མཐའ་རྣམས་འོབ་ལྟར་བསྐོར། །དེ་རུ་བྲོས་ནས་ཤ་རུས་ཞིག །ཡང་ཐར་སོས་ནས་སྔར་བཞིན་བྲུལ། །དེ་ལྟར་ཉེ་འཁོར་ལ་གནས་པའི། །དམྱལ་ཕྲན་བཅུ་དྲུག་གཡས་སུ་བསྐོར། །དེ་འདྲའི་ལས་ངན་སེམས་ཅན་དང་། །ཁྱད་པར་བདག་ལ་འབྲེལ་ཐོགས་རྣམས། །ཉེ་འཁོར་དམྱལ་ཁམས་བཅུ་དྲུག་ནས། །དྲོངས་ཤིག་འཕགས་པ་སྤྱན་རས་གཟིགས། །ཨོཾ་མ་ཎི་པདྨེ་ཧཱུཾ། འདུ་ཁང་རི་ཁྲོད་ཁང་པ་བཤིག །དགེ་འདུན་རི་ཁྲོད་འབུད་ཤིང་བརྐུས། །སྐུ་གསུང་ཐུགས་རྟེན་ན་བཟའ་བཤུས། །མི་དང་སེམས་ཅན་འཁྱག་གྲིར་བསད། །ཆུ་ལ་འཕངས་ནས་བསད་པ་དང་། །གོས་འཕྲོག་ཆུ་འཁྱག་བླུགས་པ་དང་། །འཁྱག་ཤིག་བྱས་ནས་བསད་


CMR050_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། །མར་མེའི་རྒྱུ་ནི་བརྐུས་སམ་འཕྲོག །དེ་དག་གྲང་དམྱལ་དུ་སྐྱེས་ཏེ། །འཁྱགས་པས་ལུས་འཁུམ་ཆུ་བུར་འབུད། །ཆུ་བར་རྡོལ་བས་ཁྲག་རྣག་འབབས། །འཁྱགས་ཤིང་འདར་ནས་སོ་ཡང་འཐམས། །ཕ་མ་ཉེ་དུའི་མིང་ནས་འབོད། །ཨ་ཆུ་ཟེར་བའི་ང་རོ་འབོད། །འཁྱག་པས་ལུས་མདོག་ནག་པོ་ལ། །ཚལ་པ་ལྔའམ་དྲུག་ཏུ་གས། །ཤིན་ཏུ་འཁྱག་ནས་ལྤགས་པ་དམར། །ལུས་ནི་ཚལ་པ་བརྒྱད་དུ་གས། །ཚལ་པ་བརྒྱ་སྟོང་གས་པ་སྟེ། །མ་གྷ་ཏ་ཡི་བྲེ་ཚད་དེ། །བདུན་ཕུལ་བྲེ་ལ་འཇལ་བ་ཡི། །ཏིལ་འབྲུ་ཁལ་ནི་བརྒྱ་བཅུ་ནས། །ལོ་བརྒྱ་ལོན་དུས་ཏིལ་དེ་ཡི། །ཏིལ་འབྲུ་རེ་རེ་ཕྱིར་འཕང་ན། །ནམ་ཞིག་དེ་ཀུན་ཟད་པའི་ཚེ། །ཆུ་བུར་ཅན་གྱི་ཚེ་ཚད་རྫོགས་། །གཞན་བདུན་ཉི་ཤུའི་འགྱུར་རེ་མང་། །གྲང་དམྱལ་སྡུག་ལ་ཚེ་རིང་བ། །ཡ་རེ་ང་ཞིང་སྙིང་རེ་རྗེ། །དེ་རུ་སྐྱེས་པ་ཐམས་ཅད་དང་། །བདག་ལ་འབྲེལ་ཐོགས་དེར་ཟླ་སྐྱེས་ན། །མྱུར་དུ་དྲོངས་ཤིག་ཡི་དམ་ལྷ། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །ཨོཾ་མ་ཎི་པདྨེ་ཧཱུཾ། དེ་དག་ཀུན་གྱི་འོག་གི་ཕྱོགས། །བྱང་ཤར་ཕྱོགས་སུ་ཉེ་བ་ན། །


CMR050_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དམྱལ་བ་ཤམ་བྷ་ལ་ཞེས་པ། །ལྕགས་སྲེག་ཁང་པ་སུམ་རིམ་ན། །ཕྱི་ནས་མེ་དཔུང་རབ་ཏུ་འབར། །ནང་དུ་ཁྲོ་ཆུ་ཁོལ་མའི་མཚོ། །རྦ་ཀློང་འཁྲུགས་ཤིང་རབ་ཏུ་འཁྲུགས། །དེ་ཡི་ནང་དུ་བཙོ་བའི་ཚེ། །ཨེ་ཐར་སྒོ་ལ་འགྲོ་བསམས་པས། །སྒོ་སྲུང་ཁྱི་རྒོད་དེལ་མགོ་ཙམ། །མཆེ་བ་སྤུ་གྲིས་གཏམས་པ་ལ། །སྤུ་རྣམས་ཐམས་ཅད་མཚོན་ཆར་སྐྱེས། །མིག་གི་སྐར་ཆེན་ལྟ་བུའི་འོད། །ཟུག་སྐད་འབྲུག་སྒྲ་དྲག་པོ་ཙམ། །རྔ་མ་དུག་སྦྲུལ་གཡུག་ལྟར་འཁྱུགས། །ཁ་རླངས་དྲི་ངན་འཚུབ་པས་བསུབ། །ཚ་དམྱལ་བརྒྱད་ལས་སྡུག་བསྔལ་ནི། །དགུ་འགྱུར་ཆེ་བའི་སྡུག་བསྔལ་ཅན། །དམྱལ་བའི་མེ་ནི་མི་རྣམས་ཀྱིས། །མེ་ལས་དགུ་འགྱུར་ཚ་ངར་ཆེ། །མཚམས་མེད་བྱེད་པའི་སྡིག་ཅན་རྣམས། །བསྐལ་པའི་བར་དུ་མི་ཐར་བ། །དེ་རུ་སྐྱེས་པའི་སྡིག་ཅན་དང་། །བདག་ལ་འབྲེལ་ཐོགས་དེར་སྐྱེས་རྣམས། །མྱུར་དུ་དྲོངས་ཤིག་སྤྱན་རས་གཟིགས། །ཨོཾ་མ་ཎི་པདྨེ་ཧཱུྃ། དེ་དག་ཀུན་གྱི་འོག་གི་ཆ། །ལྕགས་སྲེག་ས་གཞི་ལྕགས་སྲེག་གི །ཁང་པའི་དབུས་སུ་ལྕགས་སྲེག་གི །ལྕགས་ཀྱི་ཟངས་ཆེན་ཁ་སྦྱོར་དང་། །ལྕགས་སྲེག་


CMR050_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

རྫ་བུམ་ཆེན་པོའི་ནང་། །ཁྲོ་ཆུ་ཁོལ་མ་བླུགས་པའི་ནང་། །མགོ་མཇུག་ལྡོག་སྟེ་རྒྱུན་དུ་བཙོ། །དམ་ཚིག་ཆག་ནས་མ་བཤགས་པ། །ནམ་མཁའ་ཇི་སྲིད་མི་ཐར་བ། །ཕྱག་རྡོར་གོས་སྔོན་རྒྱུད་ནས་གསུངས། །ནམ་ཡང་ཞིག་རྒྱུ་མེད་པའི་ཕྱིར། །རྡོ་རྗེ་དམྱལ་བ་ཞེས་བྱ་བ། །དེ་རུ་སྐྱེས་པའི་དམ་ཉམས་རྣམས། །ཨ་ཙ་མ་ན་སྙིང་རེ་རྗེ། །དེ་འདྲའི་ལས་ངན་སེམས་ཅན་དང་། །བདག་ལ་འབྲེལ་ཐོགས་སེམས་ཅན་རྣམས། །གལ་ཏེ་དེ་འདྲར་སྐྱེས་སྲིད་ན། །མྱུར་དུ་དྲོངས་ཤིག་སྤྱན་རིས་གཟིགས། །ཨོཾ་མ་འཎི་པདྨེ་ཧཱུཾ། དེ་རྣམས་དམྱལ་ཁམས་བཅོ་བརྒྱད་དང་། །ཉེ་འཁོར་དམྱལ་བ་བཅུ་དྲུག་གོ །ཉེ་ཚེའི་དམྱལ་བ་ཞེས་བྱ་བ། །གནས་ལ་ངེས་པ་མ་མཆིས་ཏེ། །ཆུ་ཆེན་འགྲམ་དང་ཐང་སྟོང་པ། །རི་རྩེ་བར་སྣང་གར་ཡང་ཡོད། །ཆུ་འཁྱིལ་ནང་གི་འབུ་སྲིན་དང་། །ཕ་ཝང་ནང་དུ་འབུ་ཆེན་པོ། །འབུ་ཆུང་མང་པོས་ཟ་བ་དང་། །སྒྱེད་པུའི་ནང་དུ་འབུར་སྐྱེས་སོགས། །རང་རང་སྡུག་བསྔལ་སྣ་ཚོགས་ཏེ། །མང་པོ་མེད་དེ་རེ་རེ་ཟུང་། །ཚེ་ཚད་སྡུག་བསྔལ་ངེས་པ་མེད། །ཉི་ཚེའི་དམྱལ་བར་སྐྱེས་རྣམས་དང་། །བདག་


CMR050_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འབྲེལ་ཐོགས་དེར་སྐྱེས་ན། །མྱུར་དུ་དྲོངས་ཤིག་སྤྱན་རས་གཟིགས། །ཨོཾ་མ་ཎི་པདྨེ་ཧཱུྃ། དམྱལ་བའི་སྡུག་བསྔལ་དྲན་པ་ཡི། །མྱ་ངན་སྡུག་གླུ་རིང་མོ་འདི། །རྟ་ལོ་སྤྲེལ་ཟླའི་བཅུ་དགུ་དང་། །ཉི་ཤུ་ཉིན་ལ་ཐུན་མཚམས་སུ། །བྲིས་པས་འདི་མཐོང་འགྲོ་བ་རྣམས། །སྡིག་ལ་དུག་ལྟར་འཛེམ་པར་ཤོག །མངྒ་ལཾ།། །།ན་མོ་བཛྲ་དྷ་ར་ཡ། བདེན་པར་གྲུབ་ཅིང་བདེན་པར་གསུངས་པ་ཡི། །རྫོགས་པའི་སངས་རྒྱས་ཀུན་ལ་ཕྱག་འཚལ་བསྟོད། །ཆོས་རྣམས་བཀའ་དང་བསྟན་བཅོས་གཉིས་སུ་འདུས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བ། །དེ་ཡི་དབང་གིས་ཐུབ་པའི་བསྟན་པ་ནི། །འཇིག་རྟེན་ཁམས་སུ་ཡུན་རིང་གནས་པར་གསུངས། །བཀའ་ནི་བོད་དུ་འགྱུར་བ་པོ་ཏི་བརྒྱ། །བསྟན་འགྱུར་གླེགས་བམ་ཉིས་བརྒྱ་དྲུག་ཅུར་གྲགས། །རྒྱ་གར་ཡུལ་ན་བསྟན་བཅོས་རྩོམ་པ་ན། །རབ་ནི་ཆོས་ཉིད་བདེན་པ་མཐོང་བ་དགོས། །འབྲིང་ནི་ཡི་དམ་ལྷ་ཡི་གནང་བ་ཐོབ། །ཐ་མ་རིག་པའི་གནས་ལྔར་མཁས་པ་དགོས། །དེ་མིན་བསྟན་བཅོས་འབྲི་བའི་དབང་མེད་དེ། །རྩོམ་ན་


CMR050_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་རྒྱལ་པོའི་ཆད་པ་འོང་། །དེ་ཕྱིར་རྒྱ་གར་ཆོས་ཁུངས་བཙུན་པའི་ཕྱིར། །རྒྱ་འགྱུར་རྩོམ་ལ་ཀུན་གྱིས་རྩིས་ཆེན་བྱེད། །བོད་དུ་དེ་འདྲའི་ཁྲིམས་ནི་མེད་པའི་ཕྱིར། །རིག་པའི་གནས་ལྔ་མཁས་ནི་མི་དགོས་ཀྱང་། །རྩོམ་རྒྱུའི་ཆོས་དེ་ཉིད་ལ་མཁས་པའམ། །ཡང་ན་བསྒོམས་བྱུང་ཤེས་རབ་ནང་ནས་རྡོལ། །གཅིག་ཤེས་ཀུན་ལ་མཁས་པའི་ཉམས་རྟོགས་དགོས། །པོ་ཏི་ནང་ནས་ཡག་ཡག་ཚིག་ཐུས་ནས། །ཕྱོགས་གཅིག་འབྲི་བ་དེ་ཡང་རྩོམ་ཡིན་ཏེ། །བསྡུས་དོན་བསྟན་བཅོས་ཞེས་ནི་བྱ་བའོ། །མི་མཁས་བླུན་པོས་དེ་འདྲ་བྲི་བ་ནི། །ཆོས་བཤའ་ལག་དམར་ཁྲག་ཅན་ཞེས་བྱ་སྟེ། །སྡིག་དང་ཉེས་སྒྲིབ་ཤིན་ཏུ་ཆེ་བ་ཡིན། །ཁྱད་པར་སྔགས་ཀྱི་རྒྱུད་གཞུང་སྒྲུབ་ཐབས་ལ། །དེ་འདྲ་བྱས་པ་བཅོས་བསླད་ཉེས་པ་ཆེ། །ཆོས་བདག་མཁའ་འགྲོས་བཀའ་ཆད་འབྱུང་བར་གསུངས། །ཆོས་དེ་བྱིན་རླབས་ཡལ་ནས་འཆལ་བར་བཤད། །རྒྱལ་བའི་དབང་པོ་པ་ཆོས་གྲགས་རྒྱ་མཚོ་ལ། །དགེ་བཤེས་མཁས་པ་གཅིག་གིས་ཞུས་པ་ནི། །ཕག་མོའི་རྒྱ་གཞུང་བརྒྱ་ལྷག་པོ་ཏི་ནས། །ཡག་ཡག་བཏུས་ནས་ཁྲིད་རིམ་ཟབ་མོ་གཅིག །མཛད་


CMR050_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ན་བསྟན་ལ་ཕན་པར་གདའ་ཞུས་པས། །དེ་འདྲ་རྣམ་སྨིན་ཆེ་གསུངས་མ་མཛད་སྐད། །གནུབས་བན་ནམ་མཁའི་སྙིང་པོའི་གདུང་རྒྱུད་པ། །བྱ་རྒྱུད་སྔགས་རྒྱུད་མ་ཆད་ནུས་པ་ཅན། །ཨ་མྱེ་ཉི་མས་ཨ་རྩིག་དུང་ཕྱུར་ཐོན། །ཞྭ་ནག་སྟེང་དུ་ཐོག་བརྒྱབ་ཐོག་སྡུག་སྟེ། །པད་གླིང་རཏྣ་གླིང་པའི་གུ་དྲག་གཉིས། །བསྲེས་ནས་བཏོན་པས་སྐྱོན་ནི་མ་བྱུང་སྟེ། །བུ་ལ་ཕན་ཕྱིར་ཡི་གེར་བྲིས་མ་ཐག །ལྕེ་དག་བུ་དང་བུ་མོ་སྨྱོ་ནས་ཤི །འབྲི་གུང་ཞབས་དྲུང་ཆོས་ཀྱི་གྲགས་པ་ལ། །བླ་མ་ཐམས་ཅད་མཁྱེན་པའི་བཀའ་བྱུང་བས། །ཚེ་བདག་ཆོས་སྐོར་འགའ་ཞིག་ཟིན་བྲིས་བྲིས། །ཕྱག་མཛུབ་གཡས་པ་བསྙུང་ནས་འདས་རྐྱེན་བྱས། །རྗེ་ཡི་སློབ་མ་མཁས་པ་གུ་རུ་བས། །བསྟན་བཅོས་རྩོམ་ལ་མཁར་ནག་བཀའ་ཆད་འདས། །བསྟན་བཅོས་དཔེ་ལ་དགེ་ལུགས་རྣམ་རྟོག་དར། །རྙིང་མའི་རབ་འབྱམས་དཀར་པོ་ཞ་ཞེས་པས། །དགོངས་འདུས་མེ་ཏོག་ཕྲེང་མཛེས་འབྲེལ་པ་རྩོམ། །སྙུག་གྲི་ཟུག་ནས་དེ་མ་ཐག་ཏུ་འདས། །འབྲུག་པའི་བླ་མ་ནག་མགོ་རྟོགས་ལྡན་གྱིས། །གཏེར་གསལ་རྡོ་རྗེ་གྲོ་ལོད་རྒྱས་པར་བརྩམས། །མགྲིན་པར་ལྷོག་པ་རྒྱབ་ནས་ཞིང་


CMR050_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བརྗེས་སྐད། །ངེད་རང་ཚང་གི་བླ་མ་ཞིང་གཤེགས་དེས། །ཚེས་བཅུའི་འདོན་འགྲིགས་ཁོང་གིས་བསྒྲིག་བསམ་ནས། །ཤོག་བུ་འཛིན་ཐོན་བྲིས་པ་མགོ་ཐོར་བས། །མི་རུང་བསམ་ཡང་མ་བྱེད་སྨྲ་མ་བདེ། །ང་ཡིས་མང་པོ་བྲི་ཆོག་ཁྱེད་ཀྱིས་ནི། །བསྒྲིགས་མི་ཕོད་ཀྱིས་སྨྲས་ན་མི་དགའ་དོགས། །རཏྣ་གླིང་དང་དགོངས་འདུས་འཇའ་ཚོན་ལུགས། །བསྲེས་པའི་འདོན་ཆ་པོ་ཏི་བསྒྲིགས་ནས་གདའ། །ན་ཉིང་ཞི་ཁྲོའི་ཕྱིར་ལྡོག་བསྒྲིགས་སོང་བས། །དེ་ནས་ཕྱག་ནི་མ་བདེ་སྙུང་གཞི་བྱུང་། །དེ་དག་རྣམས་ནི་འཕྲིག་པོ་མ་བྱུང་བས། །དཔེ་ཆ་གདུང་རྟེན་ནང་གཞུག་བྱས་ནས་བཞག །ཐུབ་པས་གསུངས་པའི་མདོ་འབུམ་ཉེར་ལྔ་སོགས། །ཡག་ཡག་བཏུས་ནས་སེམས་ཁྲིད་གསལ་པོ་གདའ། །འོན་ཀྱང་དེ་འདྲ་སུ་ཡིས་མ་སློབ་ཟིན། །མ་ཎི་བཀའ་འབུམ་ཡང་ནི་དེ་དང་འདྲ། །འབྲི་གུང་ཞབས་དྲུང་ཆོས་ཀྱི་གྲགས་པ་ཡིས། །མ་ཎི་བཀའ་འབུམ་ནང་ནས་ལུ་བཏུས་པ་ཡི། །བསྡུས་པ་ལེགས་པོ་གཅིག་ནི་ཡོད་པ་ཐོས། །དེ་མིན་སུས་ཀྱང་ཐུགས་རེག་བྱས་པ་མེད། །ཐུགས་རྗེ་ཆེན་པོའི་དམར་ཁྲིད་གསལ་པོ་ཅིག །ཐུ་རྒྱུ་གདའ་བ་


CMR050_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་ཐུ་བསམ་སྟེ། །ཨེ་ཡོད་མི་ཤེས་བསམ་ཞིང་མ་ཐོན་ལུས། །ཞི་ཁྲོའི་བཀའ་བབས་ཆོས་ཀྱི་རྒྱལ་མཚན་དེ། །ཀརྨ་གླིང་པའི་ཆོས་བདག་ལུང་བསྟན་གསལ། །དེ་ཕྱིར་ཞི་ཁྲོའི་ཆོས་སྐོར་པོད་གཉིས་ཀྱིས། །ཕྱེད་ཙམ་ཁོང་གིས་བརྩམས་པ་ཡིན་ན་ཡང་། །སྐུ་ཚེ་འགྲོ་དོན་མཐར་ཕྱིན་བཀྲ་ཤིས་དགེ །རྩོམ་པ་ཧ་ཅང་མཁས་པ་མ་རེད་དེ། །ཆོས་བདག་ཡིན་ཕྱིར་དབུས་གཙང་ཁམས་སུ་དར། །བདག་ཀྱང་བྲིས་ངན་ཐོབ་ཆ་མེད་པ་དང་། །མཁས་པ་མིན་ཞིང་ཉམས་རྟོགས་དམན་ན་ཡང་། །ཁྲིད་དང་སྒྲུབ་ཐབས་རིགས་ལ་གོ་བ་ཆེ། །མི་འགྱུར་རྡོ་རྗེའི་གནམ་ཆོས་ཐུགས་གཏེར་དང་། །བདུད་འདུལ་རྡོ་རྗེའི་ས་གཏེར་ཤོག་སེར་ལ། །ཁོ་བོ་ཆོས་བདག་ཡིན་པའི་ལུང་བསྟན་གསལ། །བསྡུས་དོན་རྒྱས་པར་བཀྲོལ་བའི་འགྲེལ་པ་དང་། །རྒྱས་པའི་ནང་ནས་དོན་བསྡུས་ཐུ་བ་དང་། །མགུར་དང་ཞལ་གདམས་ཉམས་ལ་ཤར་བ་རྣམས། །བྲིའོ་སྨོད་ནས་བྲི་ལ་ཐོགས་པ་མེད། །དེ་ཕྱིར་སྔར་ཡང་མང་ཞིག་བྲིས་པ་དང་། །གཞེ་ཉིན་བླ་ཆེན་འགའ་ཡིས་བཀའ་ཡིས་བསྐུལ། །སྒྲུབ་སྐོར་ཟིན་བྲིས་ཡང་ནི་མང་ཞིག་རྩོམ། །ན་ཉིན་ན་ཚ་རྐྱེན་


CMR050_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ངན་མང་བ་དང་། །རང་གི་ལག་པ་འདིའང་མི་བདེ་བས། །རྩོམ་དང་ཟིན་བྲིས་ཧ་ཅང་མང་སོང་བས། །གསང་སྔགས་དོན་རྣམས་སྦ་འོས་གསལ་བར་བཀོད། །ཆོས་བདག་མཁའ་འགྲོ་མ་དགྱེས་ཡིན་ནམ་སེམས། །ད་ནི་གཅིག་ཀྱང་མི་རྩོམ་མི་བྲི་བསམ། །དམ་བཅའ་བྱས་ནས་ཉལ་བའི་རྨི་ལམ་ལ། །རྩོམ་པར་རུང་བའི་ལུང་བསྟན་གསལ་བ་དང་། །གཞན་ལ་ཕན་ཐོགས་ཆེ་བའི་རྟགས་མཚན་བྱུང་། །དེ་ཕྱིར་ལག་པ་མི་བདེ་བྲི་དཀའ་ཡང་། །བརྩོན་འགྲུས་མཐར་ཕྱིན་སོགས་ལ་ངག་ནས་སྨོད། །བསྙེན་པ་ཅུང་ཞིག་ཆག་པ་འདུག་ན་ཡང་། །མ་འོངས་འགྲོ་ལ་ཕན་ཕྱིར་བཞག་པ་བསམ། །མགུར་དང་ཞལ་གདམས་ཉེས་པ་མེད་པའི་ཕྱིར། །འཕྲལ་དུ་གང་དྲན་བྲིས་པ་གྲངས་མེད་ཀྱང་། །སྔགས་ཕྱོགས་རྩོམ་པ་བསྒྲིགས་ཆོག་ལ་སོགས་པ། །བྱེད་ཁ་མཎྜལ་མཆོད་གཏོར་གསོལ་བ་བཏབ། །བརྟགས་པ་བྱས་ཤིང་རུང་བའི་ལེགས་པ་ཡིས། །རྟགས་མཚན་མཐོང་ན་བྲིས་པ་ལ་སོགས་པ། །གྱ་ཚོམ་ཉིད་དུ་བྲིས་པ་འགའ་ཡང་མེད། །ངེས་ཤེས་གདེང་ཐོབ་གནད་དུ་འགའ་མེད་པས། །མ་ཎི་བཀའ་འབུམ་ལ་


CMR050_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གཏེར་ཆོས་ལ། །ཉེར་མཁོ་ཡག་ཡག་ཕྱོགས་གཅིག་ཐུ་བ་སོགས། །ཆོས་བདག་མཁའ་འགྲོའི་བཀའ་ཆད་འོང་དོགས་མེད། །དེ་སྐད་བུམ་སྒྲུབ་གྲྭ་པ་འགའ་རེ་ཡིས། །མ་ཎི་བཀའ་འབུམ་ནང་ནས་ཐུ་ཐོས་པས། །དེ་ནི་གོ་བ་ཤེས་རབ་ཡོད་པའི་རྟགས། །ཤེས་རབ་ཅན་གྱིས་གྲྭ་པ་བླ་མའི་རྒྱན། །འོན་ཀྱང་རང་རང་སོ་སོར་གནོད་དོགས་པས། །མ་བྲི་སྨྲས་ན་ཆགས་སྡང་མཐོ་ནོན་དུ། །གོ་ནས་མི་དགེའི་རྣམ་རྟོག་སྐྱེ་དོགས་པས། །རང་བསྟོད་གཞན་སྨད་འདྲ་ཡི་གསང་རྒྱུའི་ཚིག །ད་རིས་མ་གསང་རྗེན་པར་ཕུད་ནས་སྨྲས། །ཕྱིན་ཆད་གྲྭ་རིགས་ཀུན་གྱི་སེམས་ལ་ཞོག །བཀྲ་ཤིས་བདེ་ལེགས་བསྟན་པ་དར་རྒྱས་ཤོག །མངྒ་ལཾ།། ༈ །།ན་མོ་མ་ཧཱ་ཀ་རུ་ཎི་ཀ་ཡེ། ཡ་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་གསང་བ་འདུས། །ཚད་མེད་ཐུགས་རྗེ་ཆེན་པོ་ཡི། །འགྲོ་བ་མ་ལུས་འདྲེན་མཛད་པ། །གསང་འདུས་ཐུགས་རྗེ་ཆེན་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བླ་མ་དགེ་སློང་གཉིས་པོ་ཡི། །གཙོ་བྱས་བུམ་སྒྲུབ་པ་ཀུན་གསོན། །ཡི་དམ་ཐུགས་རྗེ་ཆེན་པོ་ཡི། དབང་ཐོབ་ལུང་


CMR050_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་སྒྲུབ་རྫས་འཛོམ། །རྩེ་གཅིག་སྒྲུབ་པ་བྱེད་ཆོག་པ། །མི་ལུས་དོན་ལྡན་བསྐལ་པ་བཟང་། །ལས་འཕྲོ་བཟང་པོ་དགའ་བ་བསྒོམ། །རང་སེམས་རྟ་རྒོད་སྲབ་མེད་དེ། །མཐའ་འགའ་མི་གདའ་གར་ཡང་རྒྱུག །རེས་འགའ་ཟས་ཀྱི་སྣང་བ་འཆར། །ཞིམ་དགུ་མངར་བཅུ་ཅི་ཡང་དྲན། །ཤ་ཆང་བཟང་ཇ་ཟོས་འཐུང་ཡང་། །ཞག་གཅིག་ལོན་ནས་གཅིན་རྟུག་གྱུར། །དེ་ལ་སྙིང་པོ་མེད་པར་སོམ། །ལུས་འཚོ་ཙམ་ལ་ཆོག་ཤེས་མཛོད། །ཟས་ཀྱི་མཆོག་གྱུར་ཏིང་འཛིན་ཟས། །ཟག་མེད་བདུད་རྩི་གཏན་དུ་བདེ། །ཞི་གནས་ལྷག་མཐོང་ཏིང་འཛིན་སོགས། །ཞི་ནི་རྣམ་རྟོག་སྤན་སྤུན་ཞི། །ངོ་བོ་སྟོང་པར་ལྷག་གེ་མཐོང་། །ཞི་ལྷག་ཟུང་འཇུག་ཏིང་འཛིན་ཟས། །ཟོས་ན་ཟས་མང་ཟོས་ཀྱང་འཇུ། །མ་ཟོས་ན་ཡང་ལྟོགས་སྣང་མེད། །ལུས་བདེ་སེམས་བདེ་རིག་པ་གསལ། །ཤིན་ཏུ་ལྗིད་པའི་དཀོར་ཡང་འཇུ། །ས་དང་ལམ་གྱི་ཡོན་ཏན་སྐྱེ། །དེ་ཕྱིར་ཏིང་འཛིན་ཟས་ལ་སྤྱོད། །བཀའ་བརྒྱུད་བླ་མའི་ཕ་འབབས་ཡིན། །རེས་འགའ་གོས་ཀྱི་སྣང་བ་འཆར། །གོས་ཀྱི་སྣང་བ་ཤར་ཙམ་ན། །སྒྱུ་ལུས་ཕུང་པོ་མི་གཙང་རྫས། །


CMR050_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ནི་དུག་ལྔའི་ཚེར་ཕུང་འདྲ། །ཕྱི་ནས་གོས་བཟང་གྱོན་ན་ཡང་། །འཕགས་པའི་སྤྱན་སྔར་དེ་མི་མཛེས། །ཁྱི་རྟུག་དར་གྱིས་བཏུམ་པ་འདྲ། །དྲོ་འཇམ་ཐེར་ཕྲུག་ཚར་ཐུལ་ཡང་། །ཤི་ཚེ་མི་གཙང་རོ་ཤུ་གྲིབ། །བྲག་ཕུག་ནང་དུ་སྲིས་ཀྱིས་ཟ། །དེ་ལ་སྙིང་པོ་ཅི་ཡོད་ཨང་། །ལྷག་སྐྱོབ་ཙམ་ལ་ཆོག་ཤེས་མཛོད། །གོས་སུ་གཏུམ་མོའི་མེ་དྲོད་གྱོན། །སྡོམ་གསུམ་གཙང་མའི་སྐེ་རགས་ཆིངས། །ཚེ་རབས་གཏན་དུ་དྲོ་བའི་གོས། །རྒྱལ་བ་སྲས་བཅས་སྤྱན་ལ་མཛེས། །མཐར་ཐུག་མཚན་དཔེའི་རྒྱན་དང་ལྡན། །མི་ལའི་དཀའ་སྤྱད་ན་བཟའ་ཡིན། །རེས་འགའ་གྲོགས་ཀྱི་སྣང་བ་འཆར། །གྲོགས་ཀྱི་སྣང་བ་ཤར་ཙམ་ན། །ཕྱི་ན་མདོག་དཀར་སྐྱེ་ཡག་ཀྱང་། །ནང་ནི་ཁྲག་དང་གཅིན་རྟུག་གང་། །ལོ་འགའ་སོང་ནས་གཉེར་མས་གང་། །མདོག་ནག་སྐྱ་སེ་ཡི་དྭགས་འདྲ། །ཤི་ནས་མི་འཕྲད་སོ་སོར་འགྲོ། །དེ་ལ་ཡག་རྒྱུ་ཅི་ཞིག་ཡོད། །རང་རིག་ཤེས་རབ་ཕར་ཕྱིན་ལ། །དུས་གསུམ་རྒྱལ་བ་ཀུན་དང་སྦྱོར། །རྒས་པ་མེད་ཅིང་འབྲལ་བ་མེད། །རང་སེམས་མ་ཡུམ་ཞལ་ངོ་ལ། །སྲུང་ན་བདེ་སྟོང་ཡེ་ཤེས་འཆར། །ན་དང་འཆི་དང་


CMR050_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོར་ཡང་། །གྲོགས་དེས་མི་སྐྱུར་ཕན་ཡོན་ཆེ། །འཇིགས་སྐྲག་སྡུག་བསྔལ་ཐམས་ཅད་སྐྱོབ། །འབྲལ་བ་མེད་པ་གཏན་གྱི་གྲོགས། །ཡུམ་ཆེན་ཡེ་ཤེས་ཌཀི་མ། །དེ་ལ་མ་ཡེངས་རང་ཞལ་ལྟོས། །དེ་ལ་རྟག་ཏུ་བསྲུང་བ་ན། །བདེ་དང་གནས་དང་མི་རྟོག་པ། །འཕྲོ་དང་རྒོད་དང་གནས་པ་དང་། །ངོ་འཛུམ་དཀར་ནག་ཅི་ཡང་སྟོན། །འཛུམ་ཞལ་བདེ་ལ་མ་ཆགས་ཤིང་། །གཞན་ཞལ་གསལ་ལ་མ་ཞེན་པ། །ཁྲོ་ཞལ་འཕྲོ་རྒོད་འཚུབ་ན་ཡང་། །ཁྲོ་ནས་མ་སྐྱུར་ལྷོད་ནས་ལྟོས། །དེ་ལྟར་ཆུང་མའི་ངོ་བསྲུངས་ན། །དེ་བས་སྙིང་གཏོད་ཕྱག་ཆེན་གྱི། །དངོས་གྲུབ་དེ་ཡི་ལག་ནས་འབྱུང་། །གྲུབ་ཐོབ་ཀུན་གྱི་མཛའ་མོ་ཡིན། །ཁྱེད་ཅག་ཀུན་གྱི་མ་ཇོ་མཛོད། །མ་ཇོ་དེ་དང་མ་བྱེ་ན། །སངས་རྒྱས་ས་ལ་ངེས་པར་སྐྱེལ། །རེས་འགའ་ཉེ་དུའི་སྣང་བ་འཆར། །ཉེ་དུའི་སྣང་བ་འཆར་ཙམ་ན། །ཁམས་གསུམ་སེམས་ཅན་མ་ལུས་པ། །ལན་གཅིག་མིན་ཟླ་པར་གྲངས་མེད་དུ། །ཕ་མ་བཟའ་ཚང་ཉེ་དུ་བྱས། །ཤི་དུས་ངུས་པའི་མཆི་མ་ཡང་། །བསགས་ན་རྒྱ་མཚོ་ཙམ་ཡོད་གསུངས། །རེས་འགའ་དགྲ་རུ་གྱུར་ནས་ཀྱང་། །ཕན་


CMR050_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཚུན་བསད་པའི་མགོ་སྤུངས་ན། །རི་བོ་མཆོག་རབ་ཙམ་དུ་གསུངས། །དགྲ་དེ་གཉེན་ཡིན་གཉེན་ཡང་དགྲ། །སུ་ཡི་སེམས་ནད་སུ་ཡིས་བྱེད། །ཚོང་འདུས་མགྲོན་པོ་ལྟ་བུ་སྟེ་།གཏན་དུ་འགྲོགས་པ་སྲིད་པ་མིན། །དེ་ཕྱིར་བླ་མ་འདས་དུས་ཀྱང་། །ངས་ནི་མཆི་ཐིགས་བཏང་བ་མེད། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཡེ་ཤེས་ཆོས་སྐྱོང་སྲུང་མ་རྣམས། །རྫོགས་པའི་སངས་རྒྱས་མ་ཐོབ་པར། །རྟག་ཏུ་ཕན་བདེ་གཉེན་འདུན་ཡིན། །གཉེན་འདུན་དེ་དག་སྐྱོང་འདོད་ན། །མོས་གུས་བླ་མའི་གསོལ་འདེབས་ཀྱིས། །གདབ་ལེན་ཕྱག་ཆེན་དངོས་གྲུབ་གནང་། །ཡི་དམ་བསྐྱེད་རིམ་བསྙེན་པ་མཛོད། །གདའ་ལེན་མཆོག་གི་དངོས་གྲུབ་སྦྱིན། །མཁའ་འགྲོ་ཆོས་སྐྱོང་གསོལ་མཆོད་མཛོད། །གདབ་ལེན་ཕྲིན་ལས་རྣམ་བཞི་སྩོལ། །ཕ་ཡི་མཆོག་ནི་བླ་མ་ཡིན། །མ་ཡི་མཆོག་ནི་མཁའ་འགྲོ་ཡིན། །སྤྱན་དང་དགྲ་བོ་ཡི་དམ་ལྷ། །ཚ་བོ་ཚ་མོ་བཀའ་སྲུང་ཡིན། །ཉེ་དུ་མཆོག་ཏུ་དེ་རྣམས་བརྟེན། །རེས་འགའ་ནོར་གྱི་སྣང་བ་འཆར། །ནོར་གྱི་སྣང་བ་ཤར་ཙམ་ན། །འདི་ཕྱིའི་དོན་དག་ནོར་བས་ནོར། །ཕན་གནོད་གཉིས་པོ་ནོར་བས་ནོར། །


CMR050_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་འཚེང་གཉིས་པོ་ནོར་བས་ནོར། །ཡོད་ན་འཚོ་སྐྱོང་མི་ཐུབ་སྡུག །རྒན་མོས་ནོར་ཕྱུགས་འཚོ་བ་འདྲ། །མང་ན་དགྲ་འདུལ་གཡབ་མོ་སྡུད། །མེད་ན་བཙལ་བས་མི་རྙེད་སྡུག །ཡི་དྭགས་ཟས་སྐོམ་ཚོལ་བ་འདྲ། །ཇི་ལྟར་ཡོད་ཀྱང་ད་རུང་མཁོ། །ཆོག་ཤེས་མེད་པ་ལན་ཚྭའི་ཆུ། །ཤི་བའི་ནང་པར་ཁབ་སྐུད་ཙམ། །འཁྱེར་དབང་མེད་དེ་ལག་སྟོང་འགྲོ། །དེ་ལ་སྙིང་པོ་མེད་པར་སོམ། །ནོར་གྱི་མཆོག་གྱུར་དགེ་བའི་ཚོགས། །དེ་ཡི་སྙིང་པོ་ཡི་གེ་བདུན། །ཕྲེང་སྐོར་རེ་རེ་ཐོན་ན་ཡང་། །མི་རྟག་འཆི་བའི་ནང་པར་དེར། །གསེར་སྲང་སྟོང་བས་མི་དགའ་རེ། །ཚེ་རབས་ཀུན་ཏུ་དེ་མི་ཟད། །དགྲ་རྐུན་ཇག་པས་བཅོམ་རྒྱུ་མེད། །མཐར་ཐུག་སངས་རྒྱས་གོ་འཕང་སྟེར། །ནོར་གྱི་ནང་ནས་རིན་པོ་ཆེ། །ཡིད་བཞིན་ནོར་བུ་ཡིག་བདུན་ཡིན། །དེ་ལ་དུང་གཅིག་སྙིང་ལ་འཆོང་། །རེས་འགའ་ཕ་ཡུལ་སྣང་བ་འཆར། །ཕ་ཡུལ་སྣང་བ་ཤར་ཙམ་ན། །ལ༔ སྟོང་གསུམ་གླིང་བཞི་རི་རབ་བཅས། །སྐྱེ་དང་འཆི་བ་མ་མྱོང་བ། །ཁབ་ཀྱི་རྩེ་ཙམ་མེད་པར་གསུངས། །ཕ་ཡུལ་གང་ཡིན་ཁང་དེ་མིན། །ཁམས་གསུམ་རིགས་དྲུག་གར་སྐྱེས་


CMR050_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །སྐྱེ་རྒ་ན་འཆིའི་འཁོར་ལོ་འཁོར། །ངན་སོང་སྡུག་བསྔལ་བཟོད་བླག་མེད། །མཐོ་རིས་བདེ་སྐྱིད་མི་རྟག་འགྱུར། །གཏན་དུ་བདེ་སྐྱིད་སྡུག་བསྔལ་མེད། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་མེད། །ཟས་གོས་ལོངས་སྤྱོད་ཐམས་ཅད་ནི། །ཡིད་ལ་ཅི་འདོད་ལྷུན་གྱིས་གྲུབ། །རྩོལ་སྒྲུབ་འཚོ་སྐྱོང་བྱེད་མི་དགོས། །མངོན་ཤེས་རྫུ་འཕྲུལ་ཐོགས་པ་མེད། །སངས་རྒྱས་ཞིང་ཀུན་ཐོགས་མེད་བགྲོད། །མཆོད་པ་འབུལ་ཞིང་དམ་ཆོས་ཉན། །མཐར་ནི་སངས་རྒྱས་ས་ལ་གནས། །དེ་འདྲའི་ཕ་ཡུལ་བདེ་བ་ཅན། །དེ་འདྲའི་ཕ་ཡུལ་བཟུང་འདོད་ན། །སྡོམ་པ་དམ་ཚིག་གཙང་མར་སྲུངས། །ལུས་ནི་ཐུགས་རྗེ་ཆེན་པོ་སྒོམས། །ཐུགས་ཀའི་ཧྲུལ་རིག་པ་གཏོད། །མི་འཕྲོ་དེ་ལ་སེམས་གནས་ན། །ཞི་གནས་ཏིང་འཛིན་ལོག་ན་མེད། །ཐུན་མོང་དངོས་གྲུབ་དེ་ལས་འབྱུང་། །སེམས་ཀྱི་སེམས་ལ་ཧྲིག་གེར་ལྟོས། །མ་མཐོང་བ་དེ་མཐོང་བའི་མཆོག །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན། །ས་ལེ་ཧྲིག་གེ་རྗེན་ནེ་ཞོག །ལྷག་མཐོང་ཏིང་འཛིན་ལོག་ན་མེད། །གང་ཤར་སྤང་བླང་མེད་པར་སྐྱོངས། །མ་བཅོས་ངང་ལ་ལྷོད་དེ་ཞོག །ཕྱག་རྒྱ་ཆེན་པོ་ལོག་ན་


CMR050_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །བཀའ་བརྒྱུད་གོང་མའི་ཉམས་ལེན་ཡིན། །གལ་ཏེ་མིག་གིས་མཐོང་འདོད་ན། །ནངས་ནུབ་རྫོགས་ཆེན་ཐོད་རྒལ་ལྟོས། །ཁ་དོག་ལྔ་ནི་ཡེ་ཤེས་ལྔ། །ཐིག་ལེ་ཐིག་ཕྲན་ལུ་གུ་རྒྱུད། །ཀུན་བཟང་དགོངས་པ་ལོག་ན་མེད། །རིག་འཛིན་གོང་མའི་ཉམས་ལེན་ཡིན། །རེས་འགའ་བླ་མ་བྱེད་འདོད་འཆར། །བླ་འདོད་སྣང་བ་འཆར་བའི་དུས། །ཡོན་ཏན་གྲྭ་ཐུབ་མི་ཤེས་ཤིང་། །བསྐྱེད་རྫོགས་ཧོས་འགོ་ཙམ་མེད་པར། །འཕོ་འདེབས་དབང་བསྐུར་ཕྱིར་ལྡོག་སོགས། །ལོང་བས་ལོང་བ་ཁྲིད་པ་བ་བཞིན། །ཕྱི་མ་ཁུར་པོ་ལྗི་བར་སོམས། །སེམས་ལ་རྟོགས་པ་སྐྱེས་པ་ན། །ཡོན་ཏན་མེད་ཀྱང་བླ་མ་འོང་། །ཡང་རི་བསོད་ནམས་བཟང་པོ་དང་། །རྒྱ་ར་ཤེས་རབ་ཕུན་ཚོགས་དང་། །འབྲུག་པ་བསོད་ནམས་དགེ་བ་ཡི། །ཡི་གེ་ཙམ་ཡང་མི་ཆོད་དེ། །ས་གྲོལ་རྡོ་གྲོལ་བྱུང་བ་སོམས། །བླ་མ་འདོད་ན་སེམས་ངོ་སྐྱོངས། །རང་རྒྱུད་གྲོལ་ན་འགྲོ་དོན་འབྱུང་། །བཀའ་བརྒྱུད་བླ་མའི་རྣམ་ཐར་ཡིན། །རེས་འགའ་ཡོན་ཏན་སྣ་མང་འདོད། །བཤེས་གཉེན་བསླབ་འདོད་ཤར་ཙམ་ན། །མི་རྟག་འཆི་བ་དྲན་པར་


CMR050_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །ཚེ་ཐུང་དགུན་སྒང་ཉི་མ་ཙམ། །བར་ཆད་རླུང་གསེབ་མར་མེ་འདྲ། །ནམ་འོང་ཆ་མེད་འཆི་བདག་བདུད། །འོང་ངོ་ཤེས་པ་འཆི་བདག་བདུད། །བཟློག་ཐབས་མེད་པ་འཆི་བདག་བདུད། །ཟླ་བ་རྒྱབ་རེས་ཚེ་ཕྱི་མ། །སུ་སྔ་ཏིག་ཏིག་ཨུ་གདའ་ན། །སང་ཕོད་ད་ཙམ་ས་སྟེང་དུ། །རང་རེ་ཡོད་མེད་ཅི་ཆ་ཡོད། །བྲིས་པའི་དཔེ་ཆ་གཞན་གྱིས་ཁྱེར། །བསླབས་པའི་ཡོན་ཏན་ཕ་མཐའ་ཡས། །ཕུང་པོ་མེས་བསྲེགས་རླུང་གིས་ཁྱེར། །ཡང་ན་བྱ་ཁྱི་འབུ་ཡིས་ཟ། །རྣམ་ཤེས་དགེ་སྡིག་ལས་དང་འགྲོགས། །དེ་དུས་རང་མགོ་ཐོན་པ་ཞིག །རང་གི་རང་ལ་སྙིང་རྗེ་ལྟོས། །དབོན་པོ་སྐྱེར་པ་སྒང་པ་དེས། །ཡོན་ཏན་བསླབ་རྒྱུ་ཕར་བསྒྱུར་ནས། །ལོ་གསུམ་ཐུགས་རྗེ་ཆེན་པོ་བསྒྲུབ། །ཞལ་མཇལ་མངོན་ཤེས་ཐོགས་མེད་བྱུང་། །དབུས་གཙང་ཁམས་སུ་བླ་མར་གྱུར། །རྒྱ་ནག་རྒྱལ་པོའི་འབུལ་ཆེན་བསྐུར། །ཡོན་ཏན་སྣ་མང་ཤེས་པ་བས། །ཐུགས་རྗེ་ཆེན་པོའི་སྒྲུབ་པ་ལ། །རྟགས་ཐོན་བྱས་ན་ལྷག་པར་སོམས། །ང་ལ་གནས་མདོ་བླ་མ་ཟེར། །བར་སྐབས་འདི་ན་གྲགས་ཆེ་བ། །ཐུགས་རྗེ་ཆེན་པོའི་སྒྲུབ་པ་ལ། །ལོ་འགའ་


CMR050_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

འབད་པའི་བྱིན་རླབས་ཡིན། །ང་ལས་བརྒྱ་འགྱུར་ཡོན་ཏན་ཆེ། །སྐྱེ་ས་རིགས་རྒྱུད་གང་ལྟར་ལས། །ང་ལས་ལྷག་ངེས་མང་པོ་ཡི། །ང་ལ་ཕྱག་འཚལ་དབང་ལུང་ཞུས། །དེ་དོན་དེ་ཡིན་གོ་ལགས་སམ། །བླ་མ་འདོད་ན་བུམ་སྒྲུབ་དེས། །སྔགས་དང་དམིགས་པ་རྟགས་ཐོན་མཛོད། །རེས་འགའ་གཅིག་པུར་འདུག་འདོད་འཆར་། །གཅིག་པུར་འདུག་འདོད་ཤར་ཙམ་ན། །ཉམས་ལེན་སྐྱོང་རྒྱུ་ངེས་ཤེས་མེད། །རི་ཁྲོད་ཟིན་ངེས་མེད་པ་རུ། །རི་ཁྲོད་བཟུང་ནས་མཚམས་བསྡམས་ཏེ། །སོ་གསོད་ལྐོག་ཉལ་བྱེད་པ་དེ། །དགུན་གསུམ་ཕྱི་བ་ཉལ་དང་འདྲ། །དོན་མེད་སྡུག་སྐུར་ཡིན་པར་སོམས། །རང་སེམས་རང་གིས་མ་ཐུལ་ན། །གཅིག་པུར་བྲག་ཕུག་བསྒོམས་ན་ཡང་། །ཨེ་ལེའི་འདབ་ཀླུའི་ལོ་རྒྱུས་ལྟར། །བྱ་དང་རི་དྭགས་གཅན་གཟན་ལྟར། །ཤིང་སྤུན་ཡན་གྱིས་ཞེ་སྡང་བསླང་། །ནང་གི་ཞེ་སྡང་མ་ཞི་ན། །དུག་སྦྲུལ་རི་ལ་ཚང་ལ་བཅས་དང་། །གླ་བ་བྲག་ལ་གནས་པ་འདྲ། །དེ་ཕྱིར་ཁོང་ཁྲོ་ནམ་སྐྱེས་དུས། །དེ་ཡི་ངོ་ལ་ཧྲིག་གེར་ལྟོས། །དངོས་པོ་མེད་པར་སྟོང་པར་འཆར། །གསལ་སྟོང་ཕྱག་རྒྱ་ཆེན་


CMR050_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡིན། །དེ་སྐད་རཱ་ག་ཨ་སྱ་ཡིས། །རྟ་ལོ་སྤྲེལ་ཟླའི་ཉེར་གཅིག་ཉིན། །བུམ་སྒྲུབ་པ་ལ་གསལ་འདེབས་སུ། །ཉམས་ལ་ཤར་ནས་སྨྲས་པ་ཡིན། །མངྒ་ལཾ། །༈ །ཀྱེ་མ་ཀྱེ་ཧུད་ཨ་ཙ་མ། །རང་གི་ནོར་ལ་སེར་སྣས་བཅིངས། །ཡར་མཆོད་མར་སྦྱིན་བྱེད་མི་བྲ། །རང་ལ་སྟོབས་འབྱོར་ཆེ་ན་ཡང་། །མ་ནུས་པ་ལ་མགོན་སྐྱབས་མེད། །རང་ཉིད་ཡོན་ཏན་ཆེ་ན་ཡང་། །བློ་ངན་གཞན་ལ་ལོབ་དོགས་བྱེད། །སྡོམ་པ་དམ་ཚིག་མི་བསྲུང་བར། །ཤ་ཆང་དགོང་སོགས་བག་མེད་སྤྱོད། །སེམས་ལ་འདོད་ཆགས་སེར་སྣ་ཆེ། །མི་ཚངས་སྤྱོད་ལ་ཤིན་ཏུ་བརྩོན། །གཞན་གྱི་བསོད་ནམས་ལོངས་སྤྱོད་ལ། །རང་ཉིད་འཕྲོག་བཞིན་ཡིད་མི་དགའ། །དེ་འདྲའི་ལས་འབྲས་ཡི་དྭགས་སྨིན། །རྒྱ་གར་གྲོང་ཁྱེར་སེར་སྐྱའི་འོག །དཔག་ཚད་ལྔ་བརྒྱའི་སོ་མཚམས་ན། །བྱེ་མའི་ཐང་ཆེན་ཆུ་མེད་པར། །ཉི་མ་མེད་ཀྱང་ཚ་གདུག་ཆེ། །དེ་འདྲའི་དབུས་སུ་ཕོ་བྲང་ནང་། །ཡི་དྭགས་རྒྱལ་པོ་གཤིན་རྗེ་ཞེས། །དག་པ་རྣམས་ཀྱིས་སངས་རྒྱས་སྐུ། །དམར་པོ་གཙུག་ཏོར་ཅན་དུ་མཐོང་། །ལ་ལས་བུད་མེད་རིན་ཆེན་བརྒྱན། །ཐང་ཤིང་


CMR050_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱི་དབུ་རྒྱན་ཅན། །འཁོར་ཚོགས་མང་པོས་བསྐོར་བ་ལ། །ལོངས་སྤྱོད་དཔག་ཏུ་མེད་པ་མཐོང་། །ཕོ་བྲང་དེ་ཡི་མཐའ་བསྐོར་ན། །ལོངས་སྤྱོད་དཔག་ཏུ་མེད་པའི་ནང་། །པུས་མོ་ནུབ་ཅིང་འགྲོ་ན་ཡང་། །ཟ་དབང་མེད་དེ་ཁྲོ་བོ་དང་། །དམག་མི་གོ་མཚོན་ཅན་གྱིས་བསྲུང་། །དེ་རྒྱབ་ཆུ་མཚོ་ལྗོན་ཤིང་སོགས། །ཕུན་སུམ་ཚོགས་པ་ཡོད་ན་ཡང་། །རང་རང་ལས་ངན་རྣམ་སྨིན་གྱིས། །ཆུ་རྣམས་རྣག་ཁྲག་དུག་ཆུར་མཐོང་། །ལ་ལས་ཆུ་སྐམ་གྲམ་པར་མཐོང་། །ལྗོན་ཤིང་ལོ་འབྲས་བཟང་པོ་ཡང་། །ཟ་བསམ་བརྒྱུགས་པས་བྱེ་ཐང་དང་། །ཤིང་སྐམ་གྲམ་པ་སྐྱ་བོར་མཐོང་། །ཟས་ཚོལ་བརྒྱུགས་པས་ངལ་ཞིང་ཆད། །ལྟོགས་ནས་རང་ཤ་གཅོད་ཅིང་ཟ། །ཕན་ཚུན་ལྔ་བ་གཤག་པ་ནས། །རྣག་ཁྲག་དོན་ཏེ་ཟག་པར་བྱེད། །ཆུ་མཐོང་བརྒྱུགས་པས་ས་འོག་ཐིམ། །ས་བྲེད་མཛུབ་གུ་རུས་པར་ཐུག །ཆུ་ནི་མ་རག་ཆུ་སྐད་ཉན། །ལ་ལ་སྐྱ་ལུས་ནི་ཆེ་བ་ལ། །ལྟོ་བ་རི་ཡི་རྒྱ་མཚོ་ལ། །མགོ་ནི་རྫ་ཟོམ་ཙམ་པ་ལ། །ཁ་ནི་ཁབ་ཀྱི་མིག་ཙམ་ལ། །སྐྱིད་པ་རྟ་རྔ་ཙམ་དུ་ཕྲ། །ཟས་རྙེད་ཁ་དང་མྱིད་པ་ན། །མི་ཐར་


CMR050_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོ་བ་གང་དུས་མེད། །ལ་ལ་ཟ་ས་མེད་ན་ཡང་། །ཁོག་ཏུ་ཕྱིན་ནས་མེ་དཔུང་འབར། །ཁ་ནས་མེ་ལྕེ་འབར་བ་དང་། །རྐང་ལག་ཚིག་མཚམས་དུ་བ་འཐུལ། །ལུས་ནི་ཁོ་ཤོག་ལྟར་སྐམ་རླུང་གིས་ཁྱེར། །རུས་པ་སྐམ་པའི་ཚིག་མཚམས་རྣག་ཁྲག་འཐབ། །དེ་དག་ཀུན་གྱི་ཡི་དྭགས་ཨ་ཙ་མ། །ཁ་འཐོར་ཡི་དྭགས་མི་ཡི་ཡུལ་ན་ཡོད། །བྱང་སྟོང་ཆུ་འགྲམ་ནགས་གསེབ་གར་ཡང་གནས། །ལུས་ནི་སྡོང་རྒན་མེ་ཡིས་ཚིག་པ་འདྲ། །ཐང་ཤིང་ཙམ་ལ་ལུས་ནི་མི་ཡི་གཟུགས། །གཅེར་བུ་རྒྱ་བོ་སེན་མོ་རྣོ་ལ་རིང་། །ཟླ་བས་འཚིག་ཅིང་ཉི་མ་ཕོག་པས་འཁྱག །ཆར་འབྲུ་རེ་ཡང་མེ་འདག་དུ་མ་འཐུལ། །དེ་ཕྱིར་ཆར་པ་འབབ་དོགས་སྡུག་བསྔལ་ཆེ། །ཆུ་ཆེན་རྣམས་ཀྱང་བལྟས་པ་ཙམ་གྱིས་སྐམ། །བཙོག་པར་ཤེས་ཀྱང་ཧ་ཅང་ལྟོགས་དྲགས་པས། །སྣབ་དང་ཁ་ལུད་གཅིན་རྟུག་རྩོད་ཅིང་ཟ། །དེ་ཡང་བསྔོས་པ་མ་གཏོགས་ཐོབ་པ་དཀའ། །ཁ་ལུད་ཟ་མ་བྲ་བར་ལག་ཏུ་འཆང་། །སེན་མོ་ལག་པའི་རྒྱབ་ཏུ་སྔོ་རྒྱབ་བེ། །བུ་དང་ཆུང་མ་གསོ་ཕྱིར་བསོགས་པ་སྟེ། །ཕ་མ་བུ་ཚ་རྒན་གཞོན་མི་དང་འདྲ། །ཆུ་གཏོར་གཏོང་སར་ཐམས་ཅད་ཧྲུག་གེ་


CMR050_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

འཚོགས། །རེ་ཞིག་བཀྲེས་སྐོམ་ཞི་ནས་གླུ་གར་བྱེད། །ཉི་མ་ནུབ་ནས་ཟླ་བ་མ་ཤར་བར། །གྲིབ་སོའི་ངོགས་ལ་ས་གཞི་ཁྱབ་པར་རྒྱུག །ཀུན་ཀྱང་ཟས་དང་ཆུ་ཚོལ་སྙིང་རེ་རྗེ། །བདག་དང་འབྲེལ་ཐོགས་འགྲོ་བ་ཐམས་ཅད་རྣམས། །བཀྲེས་སྐོམ་གནས་ནས་དྲོངས་ཤིག་སྤྱན་རས་གཟིགས། །ཡི་དྭགས་གནས་ལ་སུམ་ཅུ་སོ་དྲུག་སྟེ། །སྡུག་བསྔལ་ཆེ་ཆུང་མི་གཅིག་སྣ་ཚོགས་ཡོད། །ཚེ་ཚད་མི་ལོ་ལྔ་སྟོང་ལྔ་ཁྲི་ཐུབ། །ཨོཾ་མ་ཎི་པདྨེ་ཧཱུཾ། ཀྱེ་མ་ཨ་ལ་མཚར་པོ་ཆེ། །ཡི་དྭགས་མཐུ་ཆེན་ལོངས་སྤྱོད་ཅན། །།བཙན་དང་ཐེའུ་རང་རྒྱལ་འགོང་དང་། །བགེགས་དང་འབྱུང་པོ་ལོག་འདྲེན་རིགས། །ཕོ་བྲང་ལོངས་སྤྱོད་ཆེ་ན་ཡང་། །རྟག་ཏུ་བཀྲེས་སྐོམ་ཆེ་གྲགས་པས། །སྡིག་པ་ཡོད་པ་ཤེས་ན་ཡང་། །རྔོན་པས་རི་དྭགས་གསོད་པ་ལྟར། །ཚེ་དང་བསོད་ནམས་རྐུ་ཞིང་འཕྲོག །གླུད་དང་མཆོད་པ་ཨེ་འོང་གིས། །རེ་བ་ཡོད་ནས་གནོད་པ་བྱེད། །དབུགས་དེ་ལོན་ན་བརྒྱག་སྣང་ཡོད། །སྔགས་པ་གཅོད་པ་ལ་སོགས་ཀྱིས། །འདྲེ་བརྡུངས་བྱས་ནས་སྐྲག་སྔངས་དང་། །སྡུག་བསྔལ་བཀྱིག་བརྡུང་བསྲེས་དང་འདྲ། །མཐོ་ཐོག་ཨོ་


CMR050_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ལ་སོགས་ཀྱིས། །དམ་ལ་བཏགས་ཕྱིར་བསྟན་པ་བསྲུང་། །དེ་མིན་འགྲོ་བའི་དབུགས་བླངས་པས། །ཚེ་ཚད་རྫོགས་ནས་མནར་མེད་འདྲ། །ལས་ངན་དབང་གིས་ལུས་ངན་བླངས། །ལུས་ངན་བླངས་ནས་ལས་ངན་བསགས། །ལས་ངན་བསགས་པས་ཐར་མེད་དུ། །འགྲོ་བའི་འདྲེ་སྲིན་སྙིང་རེ་རྗེ། །ཨོ་རྒྱན་པདྨ་འབྱུང་གནས་ཀྱིས། །ཚེས་བཅུར་སྤྲུལ་པ་འགྱེད་པའི་དུས། །དེ་དག་ཐམས་ཅད་དམ་ལ་ཐོག །ཐར་པའི་ལམ་ལ་འགོད་དུ་གསོལ། །གུ་རུ་པདྨ་སིདྡྷི་ཧཱུྃ། །ཡི་དྭགས་སྡུག་བསྔལ་དྲན་པའི་གླུ། །རྟ་ལོ་སྤྲེལ་ཟླའི་ཉེར་གཉིས་ལ། །དགེ་སློང་རཱ་ག་ཨ་སྱས་བྲིས། །མངྒ་ལཾ།། ༈ །།ཀྱེ་མ་ཀྱེ་ཧུད་ཨ་ཙ་མ། །མ་རིག་མ་ཤེས་གཏི་མུག་གིས། །དཀོན་མཆོག་གསུམ་ལ་དད་པ་མེད། །དམ་པའི་ཆོས་ལ་འདོད་པ་མེད། །ཚིག་ངན་དུད་འགྲོ་འདྲ་སོགས་སྨྲས། །དུད་འགྲོའི་རིགས་ལ་ཁྲོ་ཞིང་བརྡུང་། །མི་ཕན་གནོད་པའི་ཟས་སྐོམ་སྦྱིན། །སྐུར་པ་བཏབ་དང་ངག་འཆལ་མང་། །སྡོམ་པ་ཕྲ་ཞིབ་ཁྱད་དུ་བསད། །དེ་འདྲའི་ལས་ཀྱི་འབྲས་བུ་ནི། །གླིང་བར་མུན་ནག་འཁྲིགས་པའི་ནང་། །ཡིད་ལས་གྲུབ་པའི་དུད་


CMR050_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་ལུས། །དེ་དབུས་རིན་ཆེན་གཞལ་ཡས་ཁང་། །དེ་ནང་དུད་འགྲོ་འདུལ་བའི་ལྷ། །བཅོམ་ལྡན་སེང་གེ་རབ་བརྟན་བཞུགས། །དག་པ་རྣམས་ཀྱི་སྣང་ངོར་ལ། །སངས་རྒྱས་མཐིང་ཁ་ཆོས་གོས་ཅན། །ཕྱག་ན་ཤེས་རབ་པོ་ཏི་འཛིན། །ཉན་ཐོས་དགེ་སློང་དཔག་མེད་བསྐོར། །ལོངས་སྤྱོད་བདེ་སྐྱིད་ཕུན་སུམ་ཚོགས། །དུད་འགྲོ་རང་རང་སྐད་དུ་ནི། །ཤེས་རབ་ཕར་ཕྱིན་ཆོས་གསུངས་ཀྱང་། །མ་དག་པ་ཡི་སྣང་ངོ་ལ། །སེང་གེ་འཇིགས་སུ་རུང་བ་གཅིག །ང་རོ་སྒྲོག་ཅིང་དུད་འགྲོ་རྣམས། །སྐྲག་ཆ་པར་བྱེད་ཅིང་ཟིལ་གྱིས་གནོན། །ཕོ་བྲང་དེ་ཡི་མཐའ་བསྐོར་དུ། །ལྕགས་ཀྱི་སྒམ་བུ་གྲངས་མེད་བརྩིགས། །སྒམ་བུ་དེ་འདྲ་རེ་རེའི་ནང་། །སྐྱེས་པ་བུད་མེད་མང་པོ་ནི། །དུད་འགྲོ་སྣ་ཚོགས་མགོ་ཅན་ལ། །རྣ་བ་ལྕགས་ཀྱི་འཛེར་གྱིས་བསྡམས། །ཉི་ཟླའི་ཟེར་ཡང་མི་མཐོང་བ། །མུན་ནག་གླིང་དགུར་རྒྱུན་དུ་འདུག །ས་འོག་རྒྱ་མཚོ་ཆེན་པོའི་ནང་། །རིན་ཆེན་སྣ་ཚོགས་ཕོ་བྲང་ན། །ལོངས་སྤྱོད་བསམ་ལས་འདས་པ་དེར། །ཀླུ་ཡི་རྒྱལ་པོ་ནག་པོ་སོགས། །རྒྱལ་པོ་བློན་པོ་བཙུན་མོ་དང་། །ཀླུ་ཡི་སྡེ་རིགས་བསམ་


CMR050_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེའི་རིགས། །དམངས་རིགས་གདོལ་པའི་རིགས་སུ་འདུས། །ཀླུ་ཡི་རྒྱལ་པོ་ཆེ་ཆེ་རྣམས། །ཚེ་ཚད་བསྐལ་པའི་བར་དུ་གནས། །སངས་རྒྱས་མང་པོའི་ཞལ་མཐོང་ཞིང་། །བསྟན་པ་སྲུང་ཞིང་ཆོས་ལ་དགའ། །བྱང་ཆུབ་སེམས་དཔའི་ས་ལམ་ཐོབ། །ལོངས་སྤྱོད་བདེ་སྐྱིད་བསམ་མི་ཁྱབ། །ཁྱུང་གི་སྙིང་ལས་གྲུབ་པ་ཡི། །ནོར་བུ་སྤྱི་བོར་ཡོད་པའི་ཕྱིར། །ཁྱུང་གི་འཇིགས་པ་དེ་ལ་མེད། །རིན་པོ་ཆེ་ཡི་བྲག་ཕུག་ན། །འདུག་ས་ཡོད་པས་བྱེ་ཚན་གྱིས། །ཆར་པ་བབ་ཀྱང་གནོད་པ་མེད། །དུས་སུ་ཆར་འབེབས་འབྲུག་སྒྲ་འབྱིན། །འཇིག་རྟེན་ལོ་ལེགས་སྐྱེ་རྒྱལ་དང་། །སངས་རྒྱས་བསྟན་པ་དར་བར་བྱེད། །འོན་ཀྱང་ནག་ཕྱོགས་གདུག་པའི་ཀླུ། །དེ་དང་གནས་སུ་འཁྲུག་པ་དགོས། །སྐབས་རེ་བསྙུང་ནས་འཆི་ལ་ཁད། །དེ་དུས་འཛམ་གླིང་ཆར་པ་མེད། །བྱང་ཆུབ་སེམས་ལྡན་ཀླུ་རྒྱལ་གྱིས། །སེར་སྣ་གྲོལ་ནས་སྦྱིན་པ་གཏོང་། །དེ་དུས་གསེར་ཁ་དངུལ་ཁ་དང་། །ཟངས་ཁ་ལྕགས་ཁ་རྡོལ་བ་ཡིན། །དེ་མིན་ཀླུ་རིགས་ཐམས་ཅད་ནི། །གཏི་མུག་ང་རྒྱལ་ཕྲག་དོག་ཆེ། །མཐོང་


CMR050_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དུག་ཅན་ཀླུ་རིགས་ཀྱིས། །བལྟས་པས་ལུས་ལ་ནད་ཀུན་འབྱུང་། །རེག་པའི་དུག་ཅན་ལག་པ་ཡིས། །གང་ལ་རེག་པ་ནད་ཀྱིས་འཆི། །མཆེ་བའི་དུག་དང་ཁ་རླངས་དུག །བསམ་པའི་དུག་གིས་གནོད་པ་བྱེད། །སྤྱི་བོར་དུག་ཅན་ནོར་བུ་བཅིངས། །དེ་ལས་སྤྲིན་བྱུང་ཆར་ཆེན་ཡང་། །ལོ་ཐོག་རྩྭ་སོགས་མི་སྐྱེ་རུལ། །རེས་འགའ་བྱ་ཁྱུང་དེར་འོང་ནས། །ཀླུ་རིགས་ཆེ་ཆེ་གཏུབ་ཅིང་ཟ། །ཆུང་ཆུང་ཇུར་མིད་བྱེད་ཅིང་ཟ། །གླག་ཅིང་བྱ་རིགས་བདའ་དང་འདྲ། །རེས་འགའ་བྱེ་ཚན་ཆར་པ་འབབས་། །ཀླུ་ཀུན་ཤ་དང་རུས་པ་ཞིག །ཆར་འབོད་ཆར་པ་གཏན་ནས་མེད། །ནག་ཕྱོགས་ཀླུ་རིགས་འདུལ་བའི་ཕྱིར། །རྟ་མགྲིན་ཕྱག་རྡོར་སྟོབས་པོ་ཆེ། །ཁྲོ་བོ་རྣམས་བྱུང་སྡུག་བསྔལ་ཆེ། །ཆོས་ལ་དགའ་བའི་དཀར་ཕྱོགས་ཀླུ། །སྡིག་ལ་དགའ་བའི་ནག་ཕྱོགས་ཀླུ། །མི་དུམ་འཁྲུག་པ་དུས་ལོག་རྣམས། །གསོད་དང་ཡུལ་ཕུད་བཅོམ་ཕྲོག་པ་རྣམས་། །མི་ལ་དུས་ལོག་བྱུང་དང་འདྲ། །རེས་འགའ་མཛེ་དང་ཤུ་བ་སོགས། །ནད་རིམས་ཡམས་ནད་ཆེན་པོ་ནི། །མི་ལ་ནད་ངན་བྱུང་དང་འདྲ། །རྒྱལ་པོའི་བཀའ་སྐྱོན་


CMR050_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཕོག་པ་ན། །སྦྲུལ་མགོའི་གདེངས་ཀ་ཐམས་ཅད་བྲེག །ཡུལ་ནས་ཕུད་སོགས་ཁྲིམས་ལ་གཏུག །ལོངས་སྤྱོད་བསམ་གྱིས་མི་ཁྱབ་ཅིང་། །རིན་ཆེན་གཏེར་ཁ་ས་འོག་གང་། །རྒྱ་མཚོ་ཆེན་པོའི་གྲམ་པ་རྣམས། །ཐམས་ཅད་རིན་པོ་ཆེ་ཡིན་ཀྱང་། །གཞན་གྱིས་ཁྱེར་དོགས་བསྐུང་ཞིང་སྦ། །སྦལ་པའི་ཤ་ནི་མར་ཁུ་ལ། །བཙོས་པས་ཟས་ཀྱི་མཆོག་ཏུ་རྩི། །དེ་ཚེ་དངོས་མེད་ལྷ་འདྲེ་འདྲ། །དངོས་སུ་རྒྱ་མཚོའི་ནང་ན་ཡང་། །བུ་ཆུང་སྦྲུལ་མཇུག་རལ་པ་ཅན། །ཡིན་པ་དཔག་ཏུ་མེད་པ་རྣམས། །རྒྱ་མཚོའི་འགྲམ་དུ་བརྩེ་བའི་ཚེ། །མཚོ་འགྲམ་ཤིང་སྡོང་དཔག་མེད་རྩེར། །ནམ་མཁའ་ལྡིང་ཞེས་ཁྱུང་གི་རིགས། །མང་པོ་ཡོད་པས་གསོད་ཅིང་ཟ། །དེ་དག་འཁོར་དུ་རྒྱ་མཚོའི་ནང་། །ཉ་བོ་ཆེ་ནི་རི་ཙམ་པ། །དེ་ཉིད་ཇུར་མིད་བྱེད་པ་ཡི། །ཉ་མིད་ཅེས་བྱའི་དུད་འགྲོ་ཡོད། །དེ་ཉིད་ཇུར་མིད་བྱེད་པ་ཡི། །དེ་མིད་ཅེས་བྱའི་སེམས་ཅན་ཡོད། །པིར་དང་རུ་སྦལ་ཆུ་རྟ་དང་། །ཆུ་ལུག་ཆུ་གླང་ཆུ་འབྲི་དང་། །ཆུ་ཡི་མི་སོགས་དཔག་ཏུ་མེད། །དེ་དག་ཐམས་ཅད་ཟ་བྱེད་པ། །ཆུ་སྲིན་ཞེས་བྱ་རི་ཆེན་ཙམ། །ལོ་གསུམ་བར་དུ་ཁ་གདངས་


CMR050_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བས། །ཁ་ནང་སེམས་ཅན་དཔག་མེད་འཚོགས། །ཁ་བསྡབ་ཟོས་པའི་ཁྲག་གིས་ནི། །ཕྱོགས་དེའི་རྒྱ་མཚོ་དམར་པོར་བཏང་། །ལྟོ་འཕྱེ་ཞེས་བྱའི་སྦྲུལ་ཆེན་པོ། །དབུས་ཀྱི་རི་བོ་མཆོག་རབ་ལ། །ལུས་ཀྱིས་གཅུད་གསུམ་འཁོར་བ་ཙམ། །ལུས་པོ་ཤིན་ཏུ་ཆེ་དྲགས་པས། །སྐམ་ལ་ཐོན་པ་བྱ་ཡིས་ཟ། །ཆུ་ལ་ནུབ་པ་ཆུ་གནས་ཚོཟ། །འཆི་བར་མི་ནུས་སྡུག་བསྔལ་ཆེ། །ཉིང་ཤ་ཉིང་ཟའི་སེམས་ཅན་ཞེས། །རྒྱ་མཚོའི་གདེང་ཁྱུད་མུན་གླིང་ན། །དེ་འདྲའི་ལུས་པོ་ཆེན་པོ་སྟེ། །བཀྲེས་དྲགས་ཟ་རྒྱུ་མ་རྙེད་པས། །རང་གི་ལུས་ལ་རང་གིས་ཟ། །བླུན་ཞིང་ཤིན་ཏུ་གཏི་ཐུག་པས། །ན་ཚ་ཆེན་པོ་བྱུང་བ་དེ། །རང་གིས་འགྲད་པའི་དོན་མ་ཤེས། །ན་ཚ་ཆེ་ཞིང་རང་ལུས་ཟ། ཆུ་སྲིན་ལ་སོགས་ལུས་ཆེ་བ། །དུང་སོགས་ཆུང་བས་ལུས་པོ་ཕུག །ན་ཚ་ཆེ་དྲགས་གཡབ་པ་དེས། །རྒྱ་མཚོ་འཁྲུག་པས་ས་འགུལ་དང་། །ས་གཏིབ་ཆེན་པོ་འོང་བར་བྱེད། ཆུང་བ་རྣམས་ནི་ཆེ་ཆེ་ཡིས། །ཇུར་མིད་བྱེད་ནས་ཟ་བ་སོགས། །དུད་འགྲོའི་སྡུག་བསྔལ་དཔག་ཏུ་མེད། །དེ་དག་གནས་ཀྱི་དུད་འགྲོ་སྟེ། །རྒྱ་མཚོ་ཆེན་པོའི་ནང་ན་ནི། །


CMR050_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་ལ་ཆུ་རྒྱབ་སྦང་མ་ཙམ། །དེ་དག་གནས་ཀྱི་དུད་འགྲོ་ཡིན། །ཁ་འཐོར་མི་ཡུལ་ལྷ་ཡུལ་ན། །བྱ་དང་རི་དྭགས་འབུ་སྲིན་སོགས། །དུད་འགྲོ་སྐྱིད་ཤོས་གཡུང་དྭགས་ཏེ། །མི་ལ་འཁོར་བའི་དུད་འགྲོ་རྣམས། །རྨོ་འགེལ་བཤའ་སོགས་མཐོང་ལྟར་ལགས། །བྱང་ཆུབ་སེམས་དཔའ་ལ་ལ་ནི། །ལྟུང་བ་ཕྲ་མོའི་རྒྱུ་འབྲས་ཀྱིས། །རེས་འགའ་དུད་འགྲོར་སྐྱེས་ན་ཡང་། །རིགས་མཐུན་རྣམས་ལ་ཆོས་འཆད་ཤེས། །དེ་ཡི་ཤ་ཁྲག་རུས་པ་དང་། །ལྤགས་པ་སུས་ཟོས་སུས་གྱོན་རྣམས། །འབྲེལ་བ་ཐོག་པས་འདྲེན་པར་ནུས། །དེ་ལ་སྡུག་བསྔལ་མེད་པའང་ཡིན། །ལུས་ལ་སྡུག་བསྔལ་ཡོད་མཉམ་སྟེ། །དེ་ནི་བྱང་ཆུབ་སེམས་བསྐྱེད་ལྡན། །དུད་འགྲོ་རིགས་བཟང་ཞེས་བྱའོ། །དེ་ཡི་ལུས་ལ་གི་ཝང་དང་། །སྡིག་ཆེན་མི་དང་ཁྱི་དང་ཕག །སྐྱེ་བ་བདུན་བརྩེགས་བླངས་ན་ནི། །དེ་ལ་རིང་བསྲེལ་འབྱུང་བ་སྟེ། །སྡིག་པ་རིང་བསྲེལ་ཞེས་བྱ་སྟེ། །དེ་ཡི་ཤ་ཟོས་དམྱལ་བར་འགྲོ་།བདག་ལ་འབྲེལ་ཐོགས་འགྲོ་བ་རྣམས། །གླེན་ལྐུགས་དུད་འགྲོར་སྐྱེ་སྲིད་ན། །མྱུར་དུ་དྲོངས་ཤིག་སྤྱན་རས་གཟིགས། །ཨོཾ་མ་ཎི་པདྨེ་ཧཱུཾ། དུད་འགྲོའི་སྡུག་བསྔལ་


CMR050_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པའི་གླུ། །རྟ་ལོ་བྱ་ཟླའི་ཚེས་གཅིག་ལ། །རཱ་ག་ཨ་སྱས་སྨྲས་པའོ། །བྷ་ཝནྟུ།། །།ཀྱེ་མ་སྡིག་ཆེར་མ་བྱས་ཤིང་། །གདན་གཅིག་ལ་སོགས་སྡོམ་པ་བསྲུང་། །སྦྱིན་པ་མང་པོ་བཏང་ན་ཡང་། །གཞན་ལ་མཐོ་དོག་ཕྲག་དོག་ཆེ། །གཡོ་སྒྱུ་མགོ་བསྐོར་མི་རྣམས་བསླུ། །འཐབ་རྩོད་མང་ཞིང་འཁྲུགས་པ་བསླང་། །རྒྱུན་དུ་འཛིང་རྩོད་ཞེ་གཅོད་པ། །དེ་འདྲ་ལས་ཀྱི་རྣམ་སྨིན་ནི། །རི་རབ་ཆུ་ཡི་མཚམས་ནས་མར། །དཔག་ཚད་ཁྲི་ཡི་སོ་མཚམས་ན། །རི་རབ་ཁོང་སེང་འོད་ལྡན་ཞེས། །ལྷ་མིན་གྲོང་ཁྱེར་ཆེན་པོ་ཡོད། །དེ་ཡི་རྒྱལ་པོ་སྒྲ་གཅན་འཛིན། །དེ་འོག་དཔག་ཚད་ཁྲི་ཡི་སོར། །ལྷ་མིན་གྲོང་ཁྱེར་སྐར་ཕྲེང་ན། །རྒྱལ་པོ་མགུལ་ཕྲེང་ཅན་ཞེས་ཡོད། །དེ་འོག་དཔག་ཚད་ཁྲི་ཆིག་སྟོང་། །གྲོང་ཁྱེར་བརྟན་པ་ཞེས་བྱ་བའི། །ལྷ་མིན་རྒྱལ་པོ་རབ་གནོན་ཡོད། །རྒྱལ་པོ་དེ་གསུམ་ཐ་མལ་པ། །བསོད་ནམས་སྦྱིན་སྐྱ་ཤུགས་སྟོབས་ལས་བྱུང་། །དེ་འོག་དཔག་ཚད་ཁྲི་ཆིག་སྟོང་། །ལྷ་མིན་གྲོང་ཁྱེར་ཟབ་པ་ན། །བཅོམ་ལྡན་ཐགས་བཟང་རི་ཞེས་པ། །དག་པ་རྣམས་ཀྱི་སྣང་ངོ་ལ། །སངས་


CMR050_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ལྗང་གུ་གོ་མཚོན་ཅན། །འཐབ་རྩོད་སྡུག་བསྔལ་སྦྱང་བའི་ཕྱིར། །བཟོད་པ་ཆེན་པོའི་དམ་ཆོས་སྟོན། །བྱང་ཆུབ་སེམས་དཔའི་འཁོར་དང་བཅས། །མ་དག་པ་ཡི་སྣང་ངོ་ལ། །ལྷ་མིན་གྲོང་ཁྱེར་བཞི་པོ་ལ། །སྤྱི་དཔོན་རྒྱལ་པོ་གདུག་པ་ཅན། །གསོད་གཅོད་འཁྲུག་པའི་གཙོ་བོར་མཐོང་། །ལྷ་མ་ཡིན་གྱི་ཡུལ་དེ་ན། །བདེ་སྐྱིད་ལོངས་སྤྱོད་ཐམས་ཅད་ནི། །མི་ལས་བརྒྱ་སྟོང་འགྱུར་གྱིས་ལྷག །ལྷ་ཡི་བདེ་སྐྱིད་མ་དོ་ཙམ། །རིན་ཆེན་སྣ་ཚོགས་སྐུ་མཁར་ན། །ཀུན་དགའ་ར་བ་སྐྱེད་མོས་ཚལ། །དཔག་བསམ་ལྗོན་ཤིང་ལ་སོགས་ཡོད། །ལྷ་མ་ཡིན་གྱི་བུ་མོ་ནི། །ལྷ་མོ་མི་མོ་གང་བས་ཀྱང་། །མཛེས་ཤིང་ཡིད་འོང་ལྟ་ན་སྡུག །དེ་ཚོ་ལྷ་ལ་ཤོར་དོགས་སྐྱག །དཔེར་ན་རི་བོ་མཆོག་རབ་ནི། །མཁར་ཆེན་བརྩེགས་ལྔ་འདྲ་བ་ཡི། །རྩེ་ན་སུམ་རྩེན་ལྷ་ཡི་ཡུལ། །ལྷ་ཡི་དབང་པོ་བརྒྱ་བྱིན་ཡོད། །རི་རབ་བང་རིམ་རྣམ་བཞི་ནི། །བརྩེགས་བཞིའི་བད་སྒྲ་འདྲ་བའི་སྟེང་། །རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་ཡོད། །མཁར་གྱི་སྲོག་རྫོང་འདྲ་བ་ཡི། །ནང་གི་བརྩེགས་བཞིའི་ཐོག་རྣམས་སུ། །ལྷ་མིན་གྲོང་ཁྱེར་བཞི་ཆགས་པས། །


CMR050_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་གྱི་དཀྱིལ་ཀ་འདྲ་བ་ཡི། །རི་རབ་སྲོག་ཤིང་དཔག་བསམ་ཤིང་། །རྩེ་མོ་ལྷ་ཡུལ་ཡོད་པ་ལ། །ལོ་མ་དར་ཟབ་ལྷ་ཡི་གོས། །འབྲས་བུ་བདུད་རྩི་ཤིང་མཆོག་ནི། །རོ་བརྒྱ་ལྡན་པ་ལྷ་ཡི་ཟས། །ཤིང་ཁུ་བདུད་རྩི་འཆི་མེད་ཟས། །རྩ་བ་ལྷ་མིན་ཡུལ་ཟུག་པས། །རྩེ་མོར་འཁྲུངས་པའི་ལོངས་སྤྱོད་དེ། །ལྷ་ཡི་བྱེད་ལ་མི་འདུམ་རྩོད། །ལྷ་ཡི་བདེ་སྐྱིད་བསོད་ནམས་སྟོབས། །ཡིན་པས་མེད་པའི་དུས་ནི་མེད། །དེ་ཉིད་མ་ཐུབ་སེམས་ནད་ཆེ། །འཛམ་བུའི་གླིང་ནས་སངས་རྒྱས་དང་། །རང་སངས་རྒྱུས་དང་འཁོར་ལོས་སྒྱུར། །བཞུགས་ཚེ་ལྷ་མིན་ཕྲག་དོག་ནི། །ལྷ་ལ་རྩོད་པ་མི་བྱེད་དེ། །མི་བཞུགས་དུས་ན་འཁྲུག་པ་བྱེད། །འཛམ་གླིང་ཆོས་བྱེད་མང་ན་ཡང་། །ལྷ་རྣམས་རྒྱལ་ཞིང་ལྷ་མིན་ཕམ། །དེ་ཕྱིར་ཆོས་བྱེད་ལྷ་ཡིས་བསུ། །སྡིག་བྱེད་མང་ན་ལྷ་མིན་བསྲུངས། །ལྷ་མིན་བདུད་ཀྱི་སྡེ་ཡིན་པས། །བདུད་རིགས་ཆོས་བྱེད་རྣམས་ལ་སྡང་། །ལྷ་མ་ཡིན་གྱི་རྒྱལ་པོ་བཞི། །རེ་རེ་དང་ནི་གཉིས་རེ་དང་། །གལ་ཆེ་བཞི་ཁའི་དམག་དཔུང་གཡོ། །གསེར་དང་དངུལ་དང་བཻཌཱུརྱའི། །ཤེལ་གྱི་གོ་ཆ་སྲ་བ་


CMR050_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

གྱོན། །མདའ་གཞུ་རལ་གྲི་མདུང་རྣམས་དང་། །སྐྱོགས་དང་དཔག་ཆེན་མཚོན་ཆ་ཐོགས། །རི་རབ་ཁོང་སེང་ཕྱི་ན་ཐོན། །ལྷ་ཡི་སྒོ་སྲུང་དང་པོ་ནི། །རོལ་པའི་མཚོ་བདུན་ནང་གནས་པའི། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་དང་། །འཐབ་ཅིང་ཀླུ་ཡིས་མ་ཐུབ་ན། །རི་རབ་བང་རིམ་དང་པོ་ན། །ལྷ་ཡི་སྒོ་སྲུང་གཉིས་པོ་སྟེ། །གཞོང་ཐོགས་ལྷ་ཡི་སྡེ་དང་བཅས། །དེས་མ་ཐུབ་ན་ཡར་འབོ་ནས། །བང་རིམ་གཉིས་པའི་སྒོ་སྲུང་གསུམ། །ཕྲེང་ཐོག་ལྷ་ཡི་སྡེ་དང་འཐབ། །མ་ཐུབ་དེ་གཉིས་ཡར་བྲོས་ནས། །སྒོ་སྲུང་གསུམ་པ་ལྷ་ཡི་སྡེ། །རྟག་མྱོས་ལྷ་ཡི་སྡེ་དང་འཐབ། །དེས་མ་ཐུབ་ན་ཡར་སོང་ནས། །བང་རིམ་བཞི་པའི་ཐོག་གནས་པའི། །རྒྱལ་པོ་ཆེན་པོ་སྡེ་བཞི་ཡི། །དམག་དཔུང་བྱེ་བ་དུང་ཕྱུར་དང་། །འཐབས་པས་ཕལ་ཆེར་ཐུབ་པར་འགྱུར། །དེས་ཀྱང་མ་ཐུབ་ལྷ་དམག་ཚོ། །རི་རབ་རྩེ་ནས་ཡར་བྲོས་ཏེ། །རི་རབ་དེ་ཡི་ཕྱོགས་བཞི་ན། །གནོད་སྦྱིན་ལག་ན་རྡོ་རྗེ་ཅན། །ཆ་ལུགས་ཕྱག་རྡོར་འདྲ་བ་ཡི། །ཁྲོ་བོ་ལྔ་བརྒྱ་ཚན་བཞི་ཡི། །ཅུང་ཟད་ལྷ་མིན་བཀག་ཐུབ་ཚེ། །རྒྱལ་ཆེན་སྡེ་བཞི་མར་བྱོན་ནས། །བརྒྱ་བྱིན་ལྷ་ཡི་


CMR050_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོར་ཞུས། །བློན་པོ་སུམ་ཅུ་རྩ་གཉིས་ཀྱིས། །ལྷ་ཡི་དམག་རྣམས་བསྡུ་བའི་ཚེ། རིན་ཆེན་སྣ་ཚོགས་གོ་མཚོན་ཐོགས། །ལྷ་རྣམས་ཞེ་སྡང་མེད་པ་དེས། །འགྲོ་དང་འཁྲུག་པ་མི་ཤེས་པས། །བྱང་ཤར་རྩུབ་གྱུར་དུར་ཁྲོད་དུ། །མགོན་པོ་ནག་པོ་གནས་པའི་ས། །ཁྲོ་བོ་ལངྐ་ནག་པོ་ཡི། །ཁ་ཆུའི་མཚོ་བཞི་ཡོད་པ་འཐུང་། །དེ་ནས་ལྷ་རྣམས་ཞེ་སྡང་སྐྱེ། །གླང་ཆེན་རབ་ཏུ་བརྟན་པ་ཞེས། །མགོ་བོ་སུམ་ཅུ་རྩ་གཉིས་ལ། །ཉེ་དབང་བློན་པོ་སོ་གཉིས་ཞོན། །སྟེང་དུ་བརྒྱ་བྱིན་ཉིད་ཀྱིས་ཆིབས། །སྣ་ལ་མཚོན་ཆའི་འཁོར་ལོ་བསྐོར། །འཕང་ན་མི་ཕོགས་མི་སྲིད་ལ། །ཕོགས་ནས་མི་སྨྲས་མི་སྲིད་དང་། །སྨྲས་ན་མི་འཆི་མི་སྲིད་ལ། །ཤི་ནས་ངན་སོང་མི་འགྲོ་མེད། །དམ་བཅའ་བཞི་ལྡན་རྡོ་རྗེ་དེ། །བརྒྱ་བྱིན་ལྷ་ཡི་མཚོན་ཆ་ཡིན། །དམག་དཔོན་མགོན་པོ་ལེགས་ལྡན་དེས། །ཕྱག་ན་ཙན་དན་བེང་ཕྱེ་ནས། །དམག་ཚོགས་བྱེ་བ་དགུ་ཁྲི་སྒྱུ་འགྱེད། །སྲིང་མོ་དཔལ་ལྡན་ལྷ་མོ་དེས། །བསམ་གཅོད་རལ་གྲི་མེ་ཕྲེང་ཅན། །ཕྱར་ནས་ལྷ་མི་སྐེ་རྣམས་ལ། །ལྷ་རྣམས་སྨྲས་ན་མི་དང་འདྲ། །ལྷ་མིན་སྨྲས་ན་ཁྲག་


CMR050_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཐིགས་རེ། །གང་བོ་ས་ནས་ལྷ་མིན་དམག །ཁྲི་ཚོ་རེ་རེ་འཕེལ་ནས་འོང་། །དེ་ཕྱིར་ལྷ་མིན་ཐུབ་པར་དཀའ། །ཁྲག་དེ་འཕེལ་རྒྱུ་མེད་པའི་ཕྱིར། །དཔལ་ལྡན་ལྷ་མོས་ཁྲག་རྣམས་འཐུང་། །ལྕགས་ཀྱི་འཁོར་ལོ་རྩིབས་བཞི་པ། །གོང་ལྟར་དམ་བཅའ་བཞི་ལྡན་ནི། །ལྷ་ཡི་རྒྱལ་པོའི་མཚོན་ཆ་ཡིན། །གླང་ཆེན་ཏི་སེ་གངས་བརྩེགས་དང་། །རྟ་ཡི་རྒྱལ་པོ་གྲགས་འཇིགས་ཞེས། །འཕུར་ཤེས་ལྷ་མིན་རྒྱལ་པོའི་རྟ། །ལྷ་མ་ཡིན་རྣམས་མགོ་དང་སྐེད། །ཆད་ན་མིན་པར་འཆི་རྒྱུ་མེད། །སྨྲས་པ་རྣམས་ནི་བསྐུང་བའི་ཕྱིར། །གསོན་པོར་མུན་པའི་གླིང་དུ་འཕེན། །ཡུན་རིང་མི་འཆི་སྡུག་བསྔལ་ཆེ། །གལ་ཏེ་ལྷ་རྣམས་ཕམ་ན་ནི། །བྲོས་ཏེ་རྣམ་པར་རྒྱལ་བ་ཡི། །ཕོ་བྲང་ནང་ཞུགས་སྒོ་རྣམས་བསྡམ། །ཕོ་བྲང་དེ་ལ་མི་ཐུབ་ཀྱང་། །ཐུབ་དོགས་ལྷ་རྣམས་སྐྲག་ཅིང་འདུག །གལ་ཏེ་ལྷ་མིན་ཕམ་པ་ན། །རྒྱ་མཚོའི་ཆུ་མཚམས་བར་དུ་དེད། །སོ་སོའི་ཕོ་བྲང་ནང་བྲོས་ནས། །ལྷ་ཡིས་ཐུབ་པ་མ་ཡིན་ཡང་། །ཐུབ་དོགས་ས་འོག་ཀླུ་རྣམས་དང་། །རྒྱབ་བརྟེན་ཞུས་ནས་སྐྱབས་ཚོལ་དགོས། །འཛམ་གླིང་ཆོས་བྱེད་ཉུང་ནས་ནི། །ལོ་རེ་ལན་


CMR050_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་འཁྲུག་པ་འོང་། །འཁྲུག་པར་ལྟད་མོ་བལྟ་བའི་ཕྱིར། །གཟའ་བདུད་རྒྱལ་པོ་རཱ་ཧུ་ལ། །ལྷོ་ནུབ་རྒྱ་མཚོའི་འགྲམ་ནས་ལང་། །དེ་ཡི་གྲིབ་མ་ཕོག་པའི་ཕྱིར། །ཉི་ཟླ་གཟའ་ཡིས་འཛིན་པ་མཐོང་། །ཉི་ཟླ་གཟའ་ཡིས་ནམ་འཛིན་དུས། །ལྷ་དང་ལྷ་མིན་འཁྲུག་རྟགས་ཡིན། །ལྷ་དང་ལྷ་མིན་འཁྲུག་ཆེ་ན། །འོག་ཕྱོགས་ཀླུ་རྣམས་མི་བདེ་སྟེ། །དཀར་ཕྱོགས་ཀླུ་རིགས་ཐམས་ཅད་ནི། །ཀླུ་ཆེན་བརྒྱད་ཀྱི་འཁོར་ཡིན་པས། །ལྷ་ཡི་ཕྱོགས་ལ་དགའ་བ་ཡིན། །ནག་ཕྱོགས་གདོལ་བའི་ཀླུ་རིགས་རྣམས། །བདུད་རིགས་ཡིན་ཕྱིར་ལྷ་མིན་ཕྱོགས། །དཀར་ནག་ཀླུ་གཉིས་འཁྲུག་པ་ཆེ། །དཀར་ཕྱོགས་རྒྱལ་ན་མི་རྣམས་བདེ། །ནག་ཕྱོགས་རྒྱལ་ན་སད་སེར་དང་། །བཙའ་དང་མུ་གེ་ལ་སོགས་འབྱུང་། །དེ་ནས་ཀླུ་ཡི་སྒོ་སྲུང་བ། །ས་བདག་གཞི་བདག་དཀར་ཕྱོགས་དང་། །ནག་ཕྱོགས་འཁྲུག་པས་མི་རྣམས་འཁྲུག །གཙུག་ལག་དགོན་སྡེ་སྒྱུ་ཞིག་རལ་འབྱུང་། །མ་གཅིག་དཔལ་ལྡན་ལྷ་མོ་ཁྲོས། །བྱང་ཤར་རྒྱ་མཚོའི་འགྲམ་ནས་བཞེངས། །ནམ་མཁའི་དཀྱིལ་དུ་ངུ་འབོད་བྱས། །མཆིལ་མ་ཁྲག་གི་ཆར་པར་


CMR050_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

འབབ། །དེ་ཡིས་མ་མོ་མཁའ་འགྲོ་འཁྲུག །ཁ་རླངས་ནད་ཀྱི་ན་བུན་འཁྲིགས། །ཐལ་མོ་བར་སྣང་ཁམས་སུ་བརྡབ། །མི་ནད་ནོར་ནད་ཆར་དུ་འབེབས། །འཛམ་གླིང་མི་ནོར་ཕྱགས་མས་འདེབས། །དེ་ལྟར་མི་དགེ་སྣ་ཚོགས་དེ། །ཕྲག་དོག་འཐབ་རྩོད་རྒྱུ་ལས་བྱུང་། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །ལྷ་དང་ལྷ་མིན་འཐབ་རྩོད་ཀྱི། །འཁྲུག་རྩོད་ཞི་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྃ། ལྷ་མིན་འཐབ་རྩོད་ཞི་བའི་གླུ། །རྟ་ལོ་བྱ་ཟླའི་ཡར་ཚེས་གཅིག །རཱ་ག་ཨ་སྱས་སྨྲས་པ་དགེ །མངྒ་ལཾ།། ༈ །།ཨེ་མ་མཚར་ཞིང་དང་སྤྲོ་བ། །ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་། །དགེ་བཅུ་སྤྱོད་ཅིང་ཆོས་ཉན་འདོད། །ཅི་ཡོད་སྦྱིན་པ་མང་པོ་བཏང་། །འཆི་ཁར་སངས་རྒྱས་སྐུ་གཟུགས་མཇལ། །དགེ་བ་འགྲུབ་པའི་ང་རྒྱལ་ཆེ། །དེ་ཡང་དགེ་བ་ཆེ་ཆུང་དང་། །དཔག་པའི་འདོད་ཁམས་ལྷ་ཡི་གནས། །དྲུག་པོ་རྣམས་སུ་སྐྱེ་བར་གསུངས། །རི་རབ་བང་རིམ་དང་པོ་ལ། །ལྷ་ཡི་སྡེ་ཚོགས་དཔག་ཏུ་མེད། །སྐྱིད་དགའ་ལོངས་སྤྱོད་ཆེ་ན་ཡང་། །ཕོ་བྲང་རྒྱ་མཚོ་བཤིགས་དོགས་ནས། །ལག་ན་རིན་ཆེན་


CMR050_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

གཞོང་པ་ཐོགས། །རྒྱ་མཚོའི་ཆུ་ལ་བཅུས་ནས་ཀྱང་། །ལྕགས་རི་རྒྱབ་ཏུ་འདོར་ལ་བརྩོན། །དེ་ཡི་འཁོར་གྱི་གནོད་སྦྱིན་རྣམས། །ཆར་པས་རྒྱ་མཚོ་སྐྱེ་དོགས་ནས། །བར་སྣང་ཁམས་ནས་ཆར་པ་རྣམས། །གཞོང་པ་ཐོགས་ནས་ལྕགས་རི་ཡི། །རྒྱབ་ཏུ་འདོར་ཞིང་ཆར་པ་བཀག །གཞོང་ཐོགས་ལྷ་ཡི་གྲོང་ཁྱེར་ཡིན། །བང་རིམ་གཉིས་པ་ལྷ་ཡི་སྡེ། །གྲོང་ཁྱེར་སྐྱིད་དགའ་ལོངས་སྤྱོད་ཆེ། །མེ་ཏོག་སྣ་ཚོགས་ཕྲེང་བ་འཛིན། །རྟག་ཏུ་གླུ་གར་རྩེ་མོར་ཡེངས། །ཕྲེང་ཐོགས་ལྷ་ཡི་གྲོང་ཁྱེར་ཡིན། །བང་རིམ་གསུམ་པའི་ལྷ་རྣམས་ནི། །རྟག་ཏུ་སྦྲང་རྩིའི་ཆང་འཐུང་བས། །ཉིན་མཚན་མེད་པར་བཟི་ནས་འདུག །རྟག་ཏུ་མྱོས་པས་རྟག་མྱོས་ཟེར། །བང་རིམ་བཞི་པའི་ཕྱོགས་བཞི་ན། །རྒྱལ་ཆེན་བཞི་ཡི་ཕོ་བྲང་ཡོད། །ཤར་ཕྱོགས་ཕོ་བྲང་སྤོས་ངད་ལྡན། །དེ་ན་རྒྱལ་པོ་ཡུལ་འཁོར་སྲུང་། །དྲི་ཟ་བྱེ་བ་འབུམ་དང་བཅས། །རྟག་ཏུ་གླུ་དབྱངས་རོལ་ཀླུ་མོ་སྒྲ། །ལྷོ་ཕྱོགས་ཕོ་བྲང་བཻཌཱུརྨ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །གྲུལ་བུམ་བྱེ་བ་འབུམ་དང་བཅས། །ནུབ་ཕྱོགས་ཕོ་བྲང་རྒྱ་མཚོའི་ངོགས། །རྒྱལ་པོ་ཆེན་པོ་སྤྱན་


CMR050_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཟང་། །ཀླུ་རིགས་བྱེ་བ་འབུམ་གྱིས་བསྐོར། །བྱང་ཕྱོགས་ཕོ་བྲང་ལྕང་ལོ་ཅན། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །གནོད་སྦྱིན་བྱེ་བ་འབུམ་གྱིས་བསྐོར། །རིན་ཆེན་གཏེར་ཁ་ཀུན་གྱི་བདག །ཉི་མ་ཟླ་བ་སྐར་མ་དང་། །གསེར་གྱི་རི་བདུན་སྟེང་རྣམས་དང་། །གླིང་བཞིའི་རི་མཐོ་ས་གཙང་དང་། །ལྗོན་ཤིང་རྣམས་ལ་གནས་པ་དང་། །ཕྱི་ཡི་ལྕགས་རིའི་སྟེང་གནས་པའི། །གཟུགས་ཅན་གཟུགས་མེད་ལྷ་འདྲེའི་ཚོགས། །རྒྱལ་ཆེན་བཞི་ཡིས་མངའ་འོག་སྟེ། །ཐམས་ཅད་གཅིག་ཏུ་རྩིས་པ་ནི། རྒྱལ་ཆེན་བཞི་པའི་ལྷ་ཞེས་བྱ། །ཀུན་ཀྱང་ལོངས་སྤྱོད་རྒྱ་ཆེ་ཞིང་། །སྟོབས་དང་རྫུ་འཕྲུལ་རྒྱ་ཆེ་ཡོད། །མི་ལོ་ལྔ་བཅུ་ཞག་གཅིག་ལ། །བརྩི་བའི་རང་ལོ་ལྔ་བརྒྱ་ཐུབ། །ལུས་ཚད་རྒྱང་གྲགས་བཞི་ཆའོ། །རི་རབ་རྩེ་ཡི་སྟེང་ན་ནི། །སུམ་རྩེན་ལྷ་ཡི་ཡུལ་ཡོད་དེ། །ས་གཞི་འཇམ་ཞིང་ཁོད་སྙོམས་པ། །ཏ་ལའི་ཕོ་བྲང་མཛེས་པར་བརྒྱན། །རིན་ཆེན་གསེར་གྱི་བྱེ་མ་བརྡལ། །བདུད་རྩི་རྫིང་བུ་དུ་མ་དང་། །ལྷ་ཡི་བདུད་རྩི་དཀར་སེར་དམར། །སྔོན་པོ་འཁྱིལ་བའི་མཚོ་ཆུང་མང་། །བྱང་ཤར་དཔག་བསམ་ལྗོན་ཤིང་ལས། །ལོ་མ་ལྷ་ཡི་


CMR050_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དར་ཟབ་འབྱུང་། །འབྲས་བུ་བདུད་རྩི་རོ་བརྒྱ་ལྡན། །ཕྱོགས་བཞིར་སྐྱེད་མོས་ཚལ་ཆེན་བཞི། །དེ་དབུས་ལྷ་ཡི་གྲོང་ཁྱེར་ནི། །ལྟ་ན་སྡུག་ཅེས་ལྕགས་རིས་བསྐོར། །དེ་དབུས་བརྒྱ་བྱིན་ཕོ་བྲང་ནི། །རྣམ་པར་རྒྱལ་བའི་ཁང་བཟང་ཞེས། །རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །གཞལ་ཡས་ཁང་པ་བདུན་བརྩེགས་དབུས། །རིན་ཆེན་སྣ་ཚོགས་ཁྲི་ཡི་སྟེང་། །ལྷ་ཡི་ཐུབ་པ་བརྒྱ་བྱིན་བཞུགས། །དག་པ་རྣམས་ཀྱི་སྣང་ངོ་ལ། །སངས་རྒྱས་དཀར་པོ་པི་ཝང་བསྣམས། །བརྩོན་འགྲུས་ཕར་ཕྱིན་ཆོས་རྣམས་སྟོན། །མ་དག་པ་ཡི་སྣང་བ་ལ། །ལྷ་ཡི་ཐུབ་པ་བརྒྱ་བྱིན་བཞུགས། །སྐུ་ལུས་སྤྱན་མིག་སྟོང་གིས་གང་། །ལྷ་རྣམས་ཟིལ་གྱིས་གནོན་པ་དང་། །ལྷ་མིན་གཡུལ་བཟློག་སྟོབས་པོ་ཆེ། །ཉེ་དབང་བློན་པོ་སོ་གཉིས་བསྐོར། །བདེ་སྐྱིད་ལོངས་སྤྱོད་བསམ་ལས་འདས། །ཕལ་ཆེར་གླུ་གར་རྩེད་མོར་ཡེངས། །བརྒྱ་བྱིན་བཙུན་མོ་བདེ་སོགས་མ། །ལ་ལྷ་ཡི་བུ་མོ་བསམ་མི་ཁྱབ། །ལྷ་དང་ལྷ་མོ་བརྩེ་ཞིང་རོལ། །འཛམ་གླིང་ཆོས་བྱེད་མང་ན་ནི། །ལྷ་རུ་སྐྱེ་བས་ལྷ་བུ་མང་། །ལྷ་མ་ཡིན་རྣམས་ཐུབ་ཕྱིར་དགའ། །སྡིག་བྱེད་


CMR050_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

མང་བས་ལྷ་བུ་ཉུང་། །ལྷ་མིན་མི་ཐུབ་དོགས་པས་སྡུག །འཛམ་གླིང་དགེ་སྡིག་ཅི་བྱེད་དེ། །བལྟ་ཕྱིར་ཉ་མཚམས་བརྒྱད་གསུམ་ལ། །ཕོ་ཉ་བ་དང་རྒྱལ་ཆེན་བུ། །རྒྱལ་ཆེན་བཞི་དང་བརྒྱ་བྱིན་གྱིས། །འཛམ་གླིང་ཐམས་ཅད་ཉུལ་ཞིང་བལྟ། །དགེ་སྡིག་བྱས་ཚད་ཡི་གེར་བྲི། །ལྷོ་ཕྱོགས་རིམ་དགུ་ས་ཡི་འོག །གཤིན་རྗེའི་རྒྱལ་པོ་དེ་ལ་བསྐུར། །སུམ་ཅུ་རྩ་གསུམ་མན་ཆད་དེ། །ལྷ་མ་ཡིན་ལ་འཐབ་དགོས་སྡུག །རྟ་ཡི་རྒྱལ་པོ་སྤྲིན་ཤུགས་ཅན། །རྟ་གཡོག་བརྒྱ་སྟོང་དུ་མ་དང་། །ས་སྲུང་བུ་ཞེས་གླང་པོ་ཆེ། །གླང་གཡོག་དང་བཅས་བརྒྱ་བྱིན་རྟ། །རྔ་ཆེན་ཆོས་ཀྱི་མཐོ་བ་ཞེས། །གསེར་གྱི་རྔ་ལས་ཆོས་སྒྲ་དང་། །ལྷ་མིན་ཐུབ་དང་མི་ཐུབ་སོགས། །རྔ་དེས་རང་གྲགས་སྒྲོག་པ་འབྱུང་། །མི་ཡི་ལོ་བརྒྱ་ཞག་གཅིག་ལ། །བརྩི་བའི་རང་ལོ་སྟོང་ཕྲག་ཐུབ། །ནད་མེད་རྒས་པའང་ལྷ་ལ་མེད། །དེ་ནས་ས་ཡི་སྟེང་མིན་པར། །ཡར་ལ་ཁང་པའི་རྩག་བཞིན་དུ། །ལྷ་གནས་ཐམས་ཅད་བརྩེགས་མར་ཡོད། །འོག་མའི་འོག་མ་རྣམས་ལས་ནི། །གོང་མའི་གོང་མ་རྒྱ་ཆེ་ཞིང་། །ཚེ་དང་ལོངས་སྤྱོད་བདེ་སྐྱིད་ཀྱང་། །ཇེ་ཆེར་


CMR050_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

གོང་མ་ཐམས་ཅད་ལྷག །དེ་དག་ནམ་མཁའ་སྟོང་པ་ན། །རླུང་གི་དཀྱིལ་འཁོར་སྲ་ཞིང་བརྟན། །ས་གཞི་བས་ཀྱང་བརྟན་པ་ལ། །མི་སྒྲིབ་ནམ་མཁའ་སྟོང་པ་འདྲ། །དེ་འདྲའི་སྟེང་དུ་གྲོང་ཁྱེར་ཆགས། །དང་པོ་འཐབ་བྲལ་ལྷ་རྣམས་ཀྱི། །ལྷ་མ་ཡིན་དང་འཐབ་མི་དགོས། །མི་ལོ་ཉིས་བརྒྱ་ཞག་གཅིག་ལ། །རྩི་བའི་རང་ལོ་ཉིས་སྟོང་ཐུབ། །དེ་སྟེང་དགའ་ལྡན་ལྷ་ཡི་གནས། །བྱམས་པ་བཞུགས་པས་ཆོས་འཁོར་བསྐོར། །མི་ལོ་བཞི་བརྒྱ་ཞག་གཅིག་ལ། །རྩི་བའི་རང་ལོ་བཞི་སྟོང་ཐུབ། །དེ་སྟེང་འཁྲུལ་དགའ་ཞེས་པའི་ལྷ། །ཅི་འདོད་ལོངས་སྤྱོད་ངང་གིས་སྤྲུལ། །མི་ལོ་བརྒྱད་བརྒྱ་ཞག་གཅིག་ལ། །བརྩི་བའི་རང་ལོ་བརྒྱད་སྟོང་ཐུབ། །དེ་སྟེང་གཞན་འཕྲུལ་དབང་བྱེད་ལྷ། །གཞན་གྱི་སྤྲུལ་པའི་ལོངས་སྤྱོད་ལ། །སྤྱོད་ཅིང་བདེ་སྐྱིད་བསམ་ལས་འདས། །དེ་ཡི་རྒྱལ་པོ་བདུད་སྡིག་ཅན། །དགའ་རབ་དབང་ཕྱུག་བྱ་བ་ཡོད། །མི་ལོ་སྟོང་དང་དྲུག་ཅུ་ལ། །ཞག་གཅིག་རྩི་བའི་རང་གི་ལོ། །ཁྲི་དང་དྲུག་སྟོང་ཐུབ་པ་ཡིན། །མནར་མེད་ཡན་ནས་དེ་ཡན་ཆད། །བདུད་དེའི་མངའ་འོག་སྡེ་ཡིན་གྱི། །འདོད་ཆགས་ལྡན་


CMR050_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

པས་འདོད་ཁམས་ཟེར། །འདོད་ཡོན་ལྔ་ལ་སྲེད་པ་ཆེ། །གལ་ཏེ་ཆོས་བྱེད་མཐོང་ན་ནི། །འདོད་ཆགས་ལ་སོགས་སྤང་ན་ནི། །བདུད་ཀྱི་འཁོར་དུ་མི་གཏོགས་པས། །ཁོ་ཡི་མངའ་ཞབས་ཉུང་དོགས་པས། །བདུད་དེས་ཆོས་ལ་བར་ཆད་བྱེད། །བདུད་རྒྱལ་དེ་ལ་བུ་སྟོང་ཡོད། །ལྔ་བརྒྱ་ཆོས་ལ་དགའ་བ་སྟེ། །སངས་རྒྱས་བསྟན་པ་སྲུང་བྱེད་པའི། ཆོས་སྐྱོང་ཕལ་ཆེར་བདུད་ཀྱི་བུ། །ལྔ་བརྒྱ་ཆོས་ལ་མི་དགའ་བས། །ནག་ཕྱོགས་བདུད་རིགས་ཐམས་ཅད་ཡིན། །ལྷ་གནས་མི་ཡུལ་ཀླུ་ཡུལ་དུ། །ཆོས་ལ་དགའ་བ་ཐམས་ཅད་ནི། །དཀར་ཕྱོགས་བུ་ཚོའི་འཁོར་དུ་གཏོགས། །ཆོས་ལ་མི་དགའ་ཐམས་ཅད་ནི། །ནག་ཕྱོགས་བུ་ཚོའི་འཁོར་དུ་གཏོགས། །ཀུན་ཀྱང་འདོད་ཁམས་ཐམས་ཅད་དེ། །བདུད་ཀྱི་མངའ་ཞབས་སྡེ་ཡིན་པས། །དུག་ལྔ་ཤུགས་ཀྱིས་ཆེ་བ་ཡིན། །དེ་ཡན་འདོད་ཆགས་མེད་ན་ཡང་། །རང་རང་སྐུ་གཟུགས་མཛེས་པ་དང་། །རིན་ཆེན་གཞལ་ཡས་ཁང་ཡོད་པས། །གཟུགས་ཀྱི་ཁམས་ཀྱི་ལྷ་ཡིན་ཏེ། །དེ་ལ་གནས་རིགས་བཅུ་བདུན་ཡོད། །དེ་ཡི་མཐོ་ཤོས་འོག་མིན་ཏེ། །དེ་ཡི་གོང་ན་གཞན་མེད་དོ། །དེར་སྐྱེས་ཕལ་


CMR050_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་འཕགས་པ་ཡིན། །གཟུགས་མེད་སྐྱེ་མཆེད་བུ་བཞིའི་ལྷ། །གཟུགས་ནི་མེད་དེ་རྣམ་ཤེས་ཙམ། །གནས་ནི་ངེས་པ་མེད་པ་ཡིན། །དེ་ལྟར་གཟུགས་དང་གཟུགས་མེད་ལྷ། །བསམ་གཏན་བསྒོམ་པའི་རྒྱུ་ལས་བྱུང་། །གོང་མའི་བསོད་ནམས་ཟད་པ་ན། །འོག་མ་འོག་མར་ལྟུང་བར་ཡོད། །འདོད་ཁམས་ལྷ་རིགས་ཐམས་ཅད་ལ། འཆི་ལྟས་རྣམ་པ་ལྔ་བྱུང་བས། །སྡུག་བསྔལ་མི་ལོ་དྲུག་ཅུར་མྱོང་། །ཚེ་ཟད་བསོད་ནམས་མ་ཟད་ན། །ལྷ་གནས་ཤི་འཕོས་ལྷ་རུ་སྐྱེས། །ཚེ་ཟད་བསོད་ནམས་ཕྱེད་ཟད་ན། །བརྒྱ་བྱིན་ལྷ་ཡི་ལུང་མནོས་ནས། །མི་ཡི་རྒྱལ་པོའི་བུ་རུ་སྐྱེས། །ཚེ་དང་བསོད་ནམས་གཉིས་ཀ་ཟད། །ངན་སོང་གནས་སུ་སྐྱེ་བར་འགྱུར། །ལྷ་ཡི་འཕོ་ལྟུང་དྲན་པའི་གླུ། །རྟ་ལོ་བྱ་ཟླའི་ཚེས་གཉིས་ལ། །སྨྲས་པ་ཀུན་གྱིས་གོ་བ་ལོངས། །སརྦ་མངྒ་ལཾ།། ༈ །།ཨེ་མ་རྒྱུ་འབྲས་བདེན་པ་མཚར། །མི་ལ་བདེ་སྐྱིད་འདོད་པ་ཡིས། །བསྙེན་གནས་གཙང་མ་སྲུང་བ་དང་། །སྦྱིན་པ་མང་དུ་བཏང་བ་ན། །སེར་སྣ་ཅུང་ཟད་འདྲེས་པ་དང་། །འཁོར་བའི་ཆོས་ལ་སེམས་ཆགས་ནས། །ཐར་པ་ཐོབ་


CMR050_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འདོད་པ་མེད། །ཡང་ན་སྡོམ་པ་མ་ཞུས་པར། །སྡིག་པ་སྤང་ཞིང་སྦྱིན་པ་བཏང་། །ཆོས་ནི་ཞུ་བར་མི་བྱེད་ཅིང་། །ཆོས་ཐོབ་འདོད་པའི་བསམ་པ་མེད། །དེ་དག་དགེ་བ་ཆེ་ཆུང་དང་། །སྦྱིན་ཤུགས་ཆེ་ཆུང་ཁྱད་པར་གྱིས། །སྒྲ་མི་སྙན་དང་བ་ལང་སྤྱོད། །ལུས་འཕགས་གླིང་དུ་སྐྱེ་བ་སྟེ། །དེ་བས་བསོད་ནམས་ཅུང་ཟད་ཆུང་། །སོ་སོའི་གླིང་གཡོག་རྣམས་སུ་སྐྱེ། །སྒྲ་མི་སྙན་ནས་ལོ་སྟོང་ཐུབ། །དེ་ལ་དུས་མིན་འཆི་བ་མེད། །ལོངས་སྤྱོད་བདེ་སྐྱིད་བསམ་མི་ཁྱབ། །དེ་ལ་རྩོལ་སྒྲུབ་མི་དགོས་ཤིང་། །ལོངས་སྤྱོད་བདག་ཏུ་བཟུང་བ་མེད། །ཟས་ནི་མ་རྨོས་ལོ་ཏོག་ཟ། །དོ་ནུབ་ཟད་ན་ནངས་པར་སྐྱེ། །གོས་ནི་དཔག་བསམ་ཤིང་ལོ་ལ། །དར་ཟབ་སྣ་ཚོགས་སྐྱེ་བ་གྱོན། །རྒྱན་ཆ་ཤིང་གི་འབྲས་བུ་ལ། །གསེར་དངུལ་རིན་ཆེན་རྒྱན་ཆ་འཁྲུངས། །སྐྱེ་རྒས་འཆི་གསུམ་ཡོད་ན་ཡང་། །ནད་དང་དགྲ་དང་གདོན་རྣམས་མེད། །དམ་པའི་ཆོས་ནི་མ་དར་ཏེ། །དགྲ་དང་གཉེན་དང་རྒྱལ་པོ་མེད། །ཤིང་ལས་འཆི་ལྟས་སྒྲ་གྲགས་ནས། །ཞག་བདུན་ནས་ནི་འཆི་བ་ཡིན། །སྲོག་བཅད་སྤང་ཞིང་སྦྱིན་པ་བཏང་། །བསྔོ་བ་སྨོན་ལམ་མ་ཤེས་


CMR050_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །འབྲས་བུས་སྒྲ་མི་སྙན་གྱི་མི། །སྦྱིན་ཤུགས་ཤིན་ཏུ་ཆེ་བ་ནི། །དེ་འདྲའི་སྐྱེ་བ་ལྔ་བརྒྱ་ལེན། །དེ་བས་སྦྱིན་པའི་བསོད་ནམས་ཟད། །ངན་སོང་གནས་སུ་ལྟུང་བར་འགྱུར། །བ་ལང་སྤྱོད་ཀྱི་མི་རྣམས་ནི། །བ་དང་ནོར་དང་འབྲུ་རིན་ཆེན། །ལོངས་སྤྱོད་ཆེན་པོ་ལྡན་པ་སྟེ། །རྩོལ་སྒྲུབ་ཅུང་ཟད་ཙམ་རེ་དགོས། །ཚེ་ཚད་ལྔ་བརྒྱ་ཡིན་ན་ཡང་། །དུས་མིན་འཆི་དང་ནད་གདོན་ཡོད། །ཆོས་ཀྱང་སྐབས་རེ་ཅུང་ཟད་དར། །ལུས་འཕགས་པོ་ཡི་མི་རྣམས་ནི། །གཟུགས་མཛེས་ལྟ་བས་ཆོག་མི་ཤེས། །ཚེ་ཚད་ཕྱེད་དང་སུམ་བརྒྱ་སྟེ། །ནད་གདོན་དུས་མིན་འཆི་བ་དང་། །དགྲ་དང་གཉེན་དང་རྒྱལ་པོ་ཡོད། །འབྲུ་དང་རིན་ཆེན་ནོར་ཕྱུགས་སྤྱོད། །དམ་པའི་ཆོས་ནི་མི་ཤེས་སོ། །བཤད་ཀྱང་མི་གོ་ལོག་ལྟ་བྱེད། །དཀོན་མཆོག་གསུམ་ལ་དད་པ་བྱས། །སྡོམ་པ་གཙང་མར་བསྲུང་བ་དང་། །སྦྱིན་པ་བཏང་ཞིང་སེར་སྣ་འདྲེས། །འཆི་ཁར་ཆོས་དང་དབང་སོགས་ཐོབ། །ཆོས་ནི་ཉན་འདོད་ཐོབ་ན་དགའ། །མི་རུ་སྐྱེ་བའི་སྨོན་ལམ་བཏབ། །དེ་ནི་འཛམ་གླིང་མི་རུ་སྐྱེ། །དེ་ཡང་ལོག་ལྟ་ཆེ་བ་དང་། །དགེ་བཤེས་


CMR050_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་སྐུར་པ་འདེབས། །ཆོས་བཤད་མཁན་ལ་འཕྱས་པ་ཡིས། །མཐའ་འཁོབ་ཆོས་མི་དར་བར་སྐྱེ། །འཛམ་གླིང་སྐྱིད་སྡུག་ཚེ་རིང་ཐུང་། །མ་ངེས་དུས་ཀྱིས་བསྒྱུར་བ་སྟེ། །བསྐལ་པ་ཡར་དར་དུས་ལ་ནི། །མི་ཡི་ལོ་ནི་བརྒྱད་ཁྲི་ཐུབ། །བདེ་སྐྱིད་ཕུན་སུམ་ཚོགས་པ་ཡིན། །དེ་ནས་མར་འགྲིབ་ཇེ་ཇེ་ཞན། །ཚེ་ལོ་སུམ་ཅུ་ཉི་ཤུ་དང་། །ཚེ་ལོ་བཅུ་པའི་བར་དག་ཏུ། །མུ་གེ་ནད་དང་མཚོན་གྱིས་མནར། །དེ་ནས་ཡར་འཕེལ་བརྒྱད་ཁྲིར་འགྱུར། །དེ་འདྲ་ཁུག་པ་བཅོ་བརྒྱད་འབྱུང་། །བསྐལ་པ་ཡར་ལ་དར་བའི་ཚེ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་འབྱུང་། །ཚུལ་ཁྲིམས་བསྲུང་ཞིང་བཟོད་པ་བསྒོམ། །སྦྱིན་པ་རྒྱུ་ཆེན་བཏང་ནས་ནི། །མི་ཡི་བདེ་སྐྱིད་ཐོབ་པའི་ཕྱིར། །དགེ་རྩ་དེ་ཡི་ཕྱིར་བསྔོས་པ། །རྒྱལ་ཕྲན་གཅིག་གི་བུར་སྐྱེ་སྟེ། །ལུས་ལ་མཚན་བཟང་སོ་གཉིས་ཚང་། །མི་དང་མི་འདྲ་ལྷ་ཕྲུག་འདྲ། །ནད་དང་དུས་མིན་འཆི་བ་མེད། །ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས། །དེ་ལ་གསེར་གྱི་འཁོར་ལོ་གནང་། །འཁོར་ལོ་དེ་ནི་གར་འདོད་སར། །ནམ་མཁར་འཕུར་ནི་འགྲོ་བའི་རྗེས། །རྒྱལ་པོ་འཁོར་བཅས་འཕུར་ནས་འགྲོ། །

ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།


CMR050_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་རྒྱལ་མཚན་རྩེར་བཏགས་ནས། །རྒྱལ་པོའི་སྨོན་ལམ་བཏབ་ཙམ་ན། །གསེར་དངུལ་ཇ་དར་ནས་གྲོ་འབྲས། །གང་འདོད་ཆར་པས་ས་ཕྱོགས་ཁྱབ། །མི་རྣམས་ཐམས་ཅད་སྐྱིད་པར་བྱེད། །དམག་དཔོན་རིན་ཆེན་ཡ་བོ་མེད། །དེ་ཡོད་སུས་ཀྱང་དགྲ་མི་ཕོད། །བཙུན་མོ་རིན་ཆེན་ལྷ་མོ་འདྲ། །དེ་འཁོར་བཙུན་མོ་བརྒྱད་ཁྲིར་བཅས། །བུ་ཡང་སྟོང་དུ་ཚང་བ་རྣམས། །ཐམས་ཅད་དཔའ་རྩལ་སྟོབས་དང་ལྡན། །གླང་པོ་རིན་ཆེན་རྟ་རིན་ཆེན། །རྒྱལ་པོས་ཆིབས་ནས་ཐོ་རས་འབྱོན། །འཛམ་གླིང་ས་ཡི་མཐའ་བསྐོར་ནས། །དེ་དགོང་ཕོ་བྲང་ནང་ལ་འཁོར། །རྒྱལ་པོ་དམག་དཔུང་ཆེན་པོར་བཅས། །ནམ་མཁར་འཕུར་ནས་འོང་བའི་ཚེ། །འཛམ་གླིང་མི་རྣམས་ཐམས་ཅད་ཀྱིས། །ཕྱག་འཚལ་ངེད་རྣམས་ཁྱེད་ཀྱི་འབངས། །ཞུགས་ནས་འོང་བས་འཐབ་མི་དགོས། །དེ་ལ་རྒྱལ་པོའི་ཁྲིམས་བཅའ་བ། །སེམས་ཅན་གང་ཡང་སྲོག་ལཎྜ་གཅོད་སྤང་། །གཞན་གྱིས་ནོར་ནི་རྐུ་འཕྲོག་སྤང་། །གཞན་གྱི་བུད་མེད་མ་སྤྱོད་ཅིག །རྫུན་དང་དབྱེན་གྱིས་ཚིག་མ་སྨྲ། །ཞེས་པའི་ཁྲིམས་དེ་མ་གཏོགས་པ། །གཏེ་ཁྲལ་


CMR050_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

འུ་ལག་ཟེར་བ་མེད། །དེ་བཞིན་གླིང་བཞིར་འཕུར་ནས་འགྲོ། །གླིང་བཞི་ཐམས་ཅད་མངའ་འོག་ཚུད། །དེ་ནས་ལྷ་ཡི་ཡུལ་དུ་འགྲོ། །ལྷ་ཡུལ་ཕྱེད་ཙམ་ཞབས་སུ་འདུ། །བློན་པོ་རིན་ཆེན་མངོན་ཤེས་ཅན། །རྒྱལ་པོའི་ཡིད་དང་ཅི་དགོངས་ཤེས། །དེ་དོན་བློན་པོས་བསྒྲུབས་ནས་འགྲོ། །གྲོས་དང་ཞལ་ཏ་མི་དགོས་སོ། །བློན་པོ་ལྷ་ཡི་སྤྱན་ལྡན་དེས། །ས་འོག་གཏེར་ཁ་ཐམས་ཅད་རློག །རྒྱལ་པོའི་མཛོད་ནི་ཐམས་ཅད་བཀང་། །སྡེ་ལ་བསྡུ་ནི་དགོས་དོན་མེད། །དང་པོ་འཁོར་ལོ་བབས་པ་དེ། །དངུལ་གྱི་འཁོར་ལོ་བབས་པ་ཡིན། །གླིང་གསུམ་ཞབས་སུ་ཚུད་པའོ། །ཟངས་བྱུང་གླིང་གཉིས་ཞབས་སུ་ཚུད། །ལྕགས་བྱུང་འཛམ་གླིང་རྐྱང་པ་དབང་། །དེ་ཀུན་རྒྱལ་སྲིད་སྣ་བདུན་ལྡན། །རྒྱལ་སྲིད་སྣ་བདུན་མེད་ན་ཡང་། །སྦྱིན་འབྲས་འཛམ་གླིང་ཕྱེད་དབང་བ། །སྟོབས་ཀྱིས་འཁོར་ལོས་སྒྱུར་བ་ཟེར། །དེ་མིན་རྒྱལ་པོ་ཐམས་ཅད་ནི། །རྒྱལ་ཕྲན་ཡིན་པར་ཤེས་པར་བྱ། །བྲམ་ཟེའི་རིགས་ནི་ཤ་ཆང་སྤང་། །ཡན་ལག་བརྒྱད་པའི་ཁྲིམས་དེ་ནི། །ལོ་ནི་བཞི་བཅུའི་བར་དུ་བསྲུངས། །སྒྲ་དང་སྙན་ངག་བསྟན་བཅོས་མཁས། །ཚངས་


CMR050_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ་ལ་མཆོད་པ་བརྩོན། །འཁོར་ཡང་བྲམ་ཟེ་བརྒྱ་སྟོང་བཅས། །དེ་ནི་མི་རིགས་བཟང་པོ་ཡིན། །རྗེའུ་རིགས་ཞེས་བྱ་བློན་པོའི་རིགས། །དམངས་རིགས་དུད་ནི་ཕལ་པ་སྟེ། །རྗེའུ་རིགས་དམངས་རིགས་བསོད་ནམས་ཅན། །ཁྱིམ་བདག་ཞེས་བྱ་གསེར་དངུལ་དང་། །འབྲུ་ཡི་བང་མཛོད་བརྒྱ་སྟོང་བདག །ཤིན་ཏུ་ཕྱུག་ཅིང་སྐྱིད་པ་ཡིན། །རྒྱ་སྐད་གདོལ་བའི་རིགས་ཡིན་ཏེ། །དབུས་སྐད་ཡ་ལོང་ཞེས་བྱ་ལ། །ཁམས་སྐད་འབྱམས་པ་སྡིག་པ་བ། །མི་དགེ་སྡིག་ལ་སྤྱོད་པའོ། །དེ་ལྟར་འཛམ་གླིང་མི་རིགས་ལྔ། །ཡུལ་ཆེན་ཉི་ཤུ་རྩ་བཞི་སྟེ། །ཡུལ་ཕྲན་སྟོང་དང་རྩ་གཉིས་ཡོད། །མི་རིགས་སུམ་བརྒྱ་དྲུག་ཅུ་སྟེ། །སྐད་རིགས་བདུན་བརྒྱ་ཉི་ཤུ་ཡོད། །མཐའ་འཁོབ་བརྒྱ་དང་རྩ་བརྒྱད་དང་། །ཡང་འཁོབ་སྟོང་དང་རྩ་གཉིས་ཡོད། །མཐའ་འཁོབ་ཡང་འཁོབ་ཕལ་ཆེར་དུ། །དམ་པའི་ཆོས་ནི་མི་དར་རོ། །སྐྱེ་དང་རྒ་དང་འཆི་བ་གསུམ། །མི་ཡི་ལ་རིགས་ནི་ཀུན་ལ་ཡོད། །ནད་གདོན་དགྲ་དང་དུས་མིན་འཆི། །གླིང་གསུམ་མི་ལ་མོད་པ་ཡིན། །མེད་པ་བཙལ་བའི་དཀའ་ཚེགས་དང་། །ཡོད་པ་འཚོ་སྐྱོང་སྡུག་བསྔལ་


CMR050_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །འཛམ་གླིང་མི་ལ་སྒེར་དུ་ཡོད། །དེ་སོགས་ཞིབ་ཏུ་རྩིས་པ་ན། །སྡུག་བསྔལ་བརྒྱད་ཅུ་ཡོད་པར་གསུངས། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །བདག་སོགས་མི་ལུས་ཐོབ་ཚད་ཀུན། །སྐྱེ་འཆི་འགྱུར་བའི་སྡུག་བསྔལ་ལས། །ཐུགས་རྗེ་ཆེན་པོས་བསྐྱབ་ཏུ་གསོལ། །ནམ་ཞིག་ཚེ་འཕོས་གྱུར་མ་ཐག །སྡུག་བསྔལ་གཅིག་ཀྱང་མ་མཆིས་ཤིང་། །དུས་རྣམས་རྟག་ཏུ་བདེ་བའི་ཡུལ། །བདེ་བ་ཅན་གྱི་ཞིང་ཁམས་དེར། །དྲོངས་ཤིག་འཕགས་པ་སྤྱན་རས་གཟིགས། །མི་ཡི་སྐྱིད་སྡུག་དྲན་པའི་གླུ། །རྟ་ལོ་བྱ་ཟླའི་ཚེས་བདུན་ལ། །བྲིས་པས་འགྲོ་ལ་ཕན་པར་ཤོག། ༈ །།ཨེ་མ་ཨེ་མ་མཚར་པོ་ཆེ། །ལྷ་མིའི་བདེ་བ་མི་རྟག་འགྱུར། །སྐྱེས་མཐའ་འཆི་དང་བརྩིགས་མཐའ་འཇིག །འདུས་མཐའ་འབྲལ་དང་དར་མཐའ་རྒུད། །ངན་སོང་སྡུག་བསྔལ་བཟོད་གླགས་མེད། །དར་གྲགས་ཡུན་རིང་མྱལ་ཐག་གཅོད། །ཚེ་རབས་གྲངས་མེད་དུ་མ་རུ། །དེ་འདྲའི་སྡུག་བསྔལ་མྱོང་ན་ཡང་། །ད་ལྟ་མི་དྲན་སྐྲག་མི་ཤེས། །མེ་མ་མུར་ན་ནུབ་པ་དང་། །ལྕགས་སྲེག་ས་གཞིར་འབྱར་བ་དང་། །ཁྲོ་ཆུ་ཁོལ་མ་འཐུང་བ་


CMR050_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །ལོ་གྲངས་བྱེ་བ་དུ་མར་བྱས། །ད་རུང་རྨུས་རྒྱུ་མེད་པ་ཨང་། །གཉེན་འདུན་ཤི་ཕྱིར་ངུས་པ་ཡི། །མཆི་མ་བསགས་ན་རྒྱ་མཚོ་ཙམ། །དགྲ་མགོ་བཅད་པ་སྤུངས་ན་ཡང་། །རི་བོའི་ལྟོས་དང་མཉམ་ན་ཡང་། །སྲོག་གཅོད་མཁན་རྣམས་བུར་གྱུར་ཅིང་། །མཐུན་གྲོགས་སྲོག་གཅོད་དགྲ་བོར་སྐྱེས། །འཁོར་ལོས་སྒྱུར་དང་ལྷ་ཡི་རྒྱལ། །སྟོབས་ཆེན་རྣམས་སུ་སྐྱེས་ནས་སླར། །འབུ་སྲིན་ཁྱི་ཕག་ལོང་སྤྲང་འགྱུར། །ལོ་གྲངས་སྟོང་ཕྲག་ཁྲི་ཕྲག་ཏུ། །ལྷ་མིའི་བདེ་བ་ཐོབ་ན་ཡང་། །ད་རུང་ཆོག་ཤེས་ཅུང་ཙམ་མེད། །ལན་གྲངས་བྱེ་བ་འབུམ་ཕྲག་བརྒྱར། །སྐྱེ་འཆིའི་སྡུག་བསྔལ་མྱོང་ན་ཡང་། །ད་རུང་འཚེར་བའི་བསམ་པ་མེད། །ད་རུང་བསྐལ་པ་དུང་ཕྱུར་དང་། །གྲངས་མེད་བརྗོད་མེད་བསམ་ཡས་སུ། །མཐའ་ནི་མེད་དེ་འཁོར་ལོ་འཁོར། །སྡུག་བསྔལ་རྒྱ་ཆེ་གྲངས་མང་བ། །ཆུ་ཡི་གཉེར་མ་ལྟ་བུ་སྟེ། །གཏིང་ཟབ་ཐར་བའི་དུས་མེད་པས། །འཁོར་བའི་རྒྱ་མཚོའི་འཇིགས་སུ་རུང་། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས། །ཉོན་མོངས་དུག་ལྔའི་ཆུ་སྲིན་མང་། །ལྷ་དང་མི་དང་ལྷ་མ་ཡིན། །མཐོ་རིས་གནས་


CMR050_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འཕྲལ་སྐྱིད་ཀྱང་། །ཡུན་རིང་མི་གནས་སྡུག་བསྔལ་འབྱུང་། །དམྱལ་བ་ཡི་དྭགས་དུད་འགྲོ་གསུམ། །ངན་སོང་སྡུག་བསྔལ་མངོན་གྱུར་པ། །འགྲོ་བ་དྲུག་ཏུ་མི་ཐེ་བའི་། །བར་དོའི་རྣམ་ཤེས་ཡིད་ཀྱི་ལུས། །ལོ་བརྒྱད་པ་ཡི་ན་ཚོད་ལ། །རིགས་དྲུག་གར་སྐྱེས་ཁ་དོག་ཅན། །བསོད་ནམས་ཅན་ནི་ལུས་ཆེ་ཞིང་། །འོད་ཀྱིས་ས་ཕྱོགས་ཁྱབ་པ་ལ། །འབྲིང་ནི་ལུས་དང་འོད་ཀྱང་འབྲིང་། །ཐ་མ་ལོ་བརྒྱད་ན་ཚོད་ལ། །འོད་ཀྱང་ལམ་ནི་ཐོད་ཙམ་སྟེ། །ཚེ་ཡི་ཚད་ནི་ཞག་བདུན་ཏེ། །དེ་ནས་འཆི་ཞིང་སླར་ཡང་སྐྱེ་།ཞག་བདུན་མཚམས་སུ་ཉི་མ་དེས། །སྔ་དྲོ་ཕྱི་དྲོ་ནམ་ཕྱེད་སོགས། །སྔོན་དུས་ནམ་འཆིའི་ཚོད་ལ་འཆི། །སྐྱེ་བ་ལེན་ས་མ་འགྲིགས་ན། །སླར་ཡང་བར་དོའི་ཡིད་ལུས་སྐྱེ། །བདུན་གསུམ་མམ་ནི་ཞེ་དགུ་དང་། །ལ་ལ་ཚེ་ཚད་མ་རྫོགས་པར། །བར་དོ་དེ་རུ་འདུག་པ་ཡོད། །ལ་ལ་ལས་ཀྱི་དབང་གིས་ནི། །ལོ་གྲངས་བརྒྱ་སྟོང་དུ་མ་རུ། །ལུས་ནི་གར་ཡང་མ་ལོན་ནི། །བར་དོར་གནས་པ་ཡང་ཡོད་པར་བཤད། །དེ་ལ་ཆོས་བསྒུག་ལམ་ཞེས་ཟེར། །རྒྱ་མཚོའི་གཏིང་ནས་འཆོལ་འདྲའི་སྒྲ། །འབྲུག་སྟོང་


CMR050_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གཅིག་ལྡིར་འདྲ་དང་། །མེ་ཆེན་མཆེད་པ་ལྟ་བུའི་སྒྲ། །རི་རབ་ཉིལ་བ་ལྟ་བུའི་སྒྲ། །འཇིགས་པའི་སྒྲ་བཞིས་སྐབས་སུ་བསྔངས། །ཁ་ཆར་བུ་ཡུག་སེར་བ་དང་། །མུན་ནག་དམག་མི་གཅན་གཟན་དང་། །ཁྲོ་བོ་གཤིན་རྗེས་སྐབས་སུ་འདེད། །དེ་ལ་ཡ་ངའི་འཕྲང་བརྒྱད་ཟེར། །གནས་ལ་ངེས་པ་མ་མཆིས་ཏེ། །རི་བོའི་རྩེ་དང་རྒྱ་མཚོའི་འགྲམ། །དབང་མེད་བལ་འདབ་རླུང་ཁྱེར་འདྲ། །འདུག་མི་ཚུགས་ཤིང་ཡིད་སེམས་སྐྱོ། །གསོན་པོ་རྣམས་ལ་རེ་འཁང་ཆེ། །ཤི་བའི་ཡུས་དང་སེམས་སྡུག་ཆེ། །ལུས་གཅིག་ཨེ་ཐོབ་རེ་བ་ཆེ། །དམ་ཆོས་མ་བྱས་འགྱོད་པ་ཆེ། །དམྱལ་བར་འགྲོ་དོགས་སྐྲག་པ་ཆེ། །རེས་འགའ་གསོན་པོ་རྣམས་དང་འགྲོགས། །ཁ་ལེན་མི་བྱེད་སེམས་སྡུག་ཆེ། །ཟས་སྐོམ་མེད་པས་ལྟོགས་སྣང་ཆེ། །རེས་འགའ་གཤིན་པོ་རྣམས་དང་འགྲོགས། །ཕ་མ་ཉེ་དུ་འགྲོགས་སྣང་འཆར། །ཕལ་ཆེར་རོགས་མེད་གཅིག་པུར་ཟླ་འཁྱམས། །གར་འགྲོ་ཆ་མེད་སྐྲག་ཅིང་སྡུག །བྱིས་པ་ཐང་སྟོང་འཁྱམས་པ་བཞིན། །རེས་འགའ་ཟག་བཅས་མངོན་ཤེས་འཆར། །ཚེ་རབས་སྔ་ཕྱི་བར་གསུམ་ཤེས། །


CMR050_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ཤི་བ་ཐག་ཆོད་ཅིང་། །ཆོས་དང་སྡིག་པ་གང་བྱས་དྲན། །དེ་མ་ཐག་ཏུ་བརྗེད་ནས་འགྲོ། །ཁྱད་ཕྱེད་ཡད་ཡུད་གར་ཡང་འཁྱམས། །ད་ནི་དེ་འདྲའི་སྡུག་བསྔལ་བས། །ལུས་གཅིག་ལོན་ན་གང་འདོད་རིགས། །ཁྱི་ལུས་རེད་ཀྱང་ལེན་ནོ་བསམ། །ཞག་རེས་ལོ་རེའི་གཉུག་ཙམ་མཐོང་། །ལུས་གཅིག་ལེན་ཕྱིར་ཀུན་ཏུ་འཁྱམས། །བདག་དང་བདག་ལ་འབྲེལ་ཐོགས་རྣམས། །དེ་འདྲའི་དུས་ལ་བབ་པའི་ཚེ། །ལམ་སྣ་དྲོངས་ཤིག་སྤྱན་རས་གཟིགས། །དགེ་བ་གཅིག་ཀྱང་མ་བྱས་པས། །མཐོ་རིས་ལུས་ཀྱང་མ་ཐོབ་ཅིང་། །མི་དགེ་ཅི་ཡང་མ་བྱས་པས། །ངན་སོང་ལུས་ཀྱང་མ་བླངས་ནས། བདེ་སྡུག་ཚོར་བ་མེད་པ་ཡི། །རྣམ་ཤེས་འཁྱམས་པོ་བསམ་མི་ཁྱབ། །ཤིང་རྟའི་འཕང་ལོ་ཙམ་གྱིས་ནི། །ས་དང་ནམ་མཁའ་བར་སྣང་ནས། །སྟོང་གསུམ་རིགས་དྲུག་སེམས་ཅན་གྱི། །ལུས་ནི་བླངས་བ་ཐམས་ཅད་བས། །ལུས་མེད་སེམས་ཅན་མང་བར་གསུངས། །དེ་ཕྱིར་སེམས་ཅན་ཟད་པ་མེད། །དེ་ལྟར་ལུས་མེད་སེམས་ཅན་ཚོ། །དྲོངས་ཤིག་འཕགས་པ་སྤྱན་རས་གཟིགས། །ཨོཾ་མ་ཎི་པདྨེ་ཧཱུཾ། འཁོར་བའི་ཉེས་


CMR050_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་དྲན་པའི་གླུ། །རྟ་ལོ་བྱ་ཟླའི་ཚེས་བདུན་ལ། །སྨྲས་པས་འཁོར་བ་དོང་སྤྲུགས་ཤོག །མངྒ་ལཾ།། ༈ །།ཨེ་མ་གསོན་དང་སྨྲ་ཤེས་དོན་གོ་བ། །སྤྱང་གྲུང་ཆེ་ཞིང་བསམ་བློ་ཡོད་པ་རྣམས། །ཐམས་ཅད་མཁྱེན་ཅིང་གཟིགས་པ་བཅོམ་ལྡན་འདས། །ཐུབ་པའི་དབང་པོའི་གསུང་ལ་ཉན་པར་མཛོད། །ཐུབ་པའི་བཀའ་ལ་འཁྲུལ་པ་ཡོད་མི་སྲིད། །ནམ་མཁའ་འདི་ལ་ཚད་དང་འཐའ་མེད་དེ། །ནམ་མཁས་གར་ཁྱབ་ས་འོག་ས་སྟེང་དང་། །ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་ནི། །ལུས་མ་ཐོབ་པའི་རྣམ་ཤེས་འཁྱམས་པོ་ནི། །བར་མཚམས་མེད་པར་ཐེམ་འགགས་ནེམ་འགགས་གང་། །ལུས་པོ་ཐོབ་པའི་རིགས་དྲུག་སེམས་ཅན་ཡང་། །ངན་སོང་གསུམ་ནི་ས་ཆེན་རྡུལ་གྱི་གྲངས། །ལྷ་མིར་སྐྱེས་པ་སེན་མོའི་རྡུལ་ཙམ་ཡིན། །བསྐལ་པ་བྱེ་བ་སྟོང་ཕྲག་དུ་མར་ཡང་། །སངས་རྒྱས་མི་འབྱོན་མུན་པའི་བསྐལ་པ་ཡིན། །སངས་རྒྱས་སྒྱུ་འབྱོན་པའི་སྒྲོན་མེའི་བསྐལ་པ་ནི། །དེ་དག་སྐབས་སུ་བརྒྱ་ལ་རེས་འགའ་ཙམ། །ད་རེས་བསྐལ་པ་བཟང་པོ་འདི་ལ་ནི། །སངས་རྒྱས་སྟོང་འབྱོན་ཨེ་མ་ངོ་མཚར་ཆེ། །སངས་


CMR050_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་གཞན་གྱི་བསྟན་པ་རྣམས་ལ་ཡང་། །གསང་སྔགས་ཟབ་མོ་ཀུན་གྱིས་མི་ཐོས་ཏེ། །ད་རེས་ཐུབ་པའི་བསྟན་ལ་གསང་སྔགས་དར། །སངས་རྒྱས་སྟོང་གི་སྔ་མའི་བསྟན་པ་ནུབ། །ཕྱི་མ་མ་བྱོན་བར་སྐབས་རྣམས་སུ་ནི། །ལོ་གྲངས་སྟོང་ཕྲག་དུ་མར་ཆོས་མི་དར། །ད་རེས་ཤཱཀ་ཐུབ་བསྟན་པ་གནས་སྐབས་ལགས། །ལུས་འཕགས་སྒྲ་མི་སྙན་དང་བ་ལང་སྤྱོད། །དེ་དག་རྣམས་ཀྱི་གླིང་གཡོག་དྲུག་པོ་དང་། །འཛམ་གླིང་མཐའ་འཁོབ་མི་རུ་སྐྱེས་ན་ཡང་། །དམ་ཆོས་མི་དར་མི་ལུས་ཙམ་པོ་ཉིད། །ད་རེས་ཐུགས་རྗེ་ཆེན་པོས་བྱིན་བརླབས་པའི། །གངས་ཅན་བོད་ཡུལ་དམ་ཆོས་དར་སར་སྐྱེས། །དགེ་བའི་བཤེས་གཉེན་དམ་ཆོས་འཆད་པ་མང་། །སྔར་དུས་བོད་ལ་དམ་ཆོས་མེད་པའི་དུས། །སྲོག་ལ་བརྡོས་ནས་རྒྱ་གར་ཡུལ་དུ་འགྲོ། །དབང་སྣ་རེ་དང་སྒྲུབ་ཐབས་ལན་རེ་ལ། །ཡོན་དུ་གསེར་སྲང་ལྔ་བརྒྱ་ཙམ་རེ་དགོས། །བོད་དུ་འབྲོག་མི་ལོ་ཙཱ་ལ་སོགས་པ། །རྗེས་གནང་རེ་རེ་ཞུས་པའི་ཡོན་ལ་ཡང་། །འབྲི་ནི་སུམ་ཅུ་ཙམ་རེ་འབུལ་དགོས་སྐད། །དེང་སང་དབང་ལུང་ཁྲིད་ཀྱི་ཆར་པ་འབེབས། །འགྱ་ཕོ་ལྐུགས་པ་འོན་པ་སྨྱོན་པ་


CMR050_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །ཡིན་ན་དམ་ཆོས་ཐོབ་པའི་སྐབས་མེད་ཀྱང་། །དེ་འདྲ་མ་རེད་དབང་པོ་སྒོ་ལྔ་ཚང་། །མདོར་ན་དལ་འབྱོར་ཆོས་ནི་བཅོ་བརྒྱད་ལྡན། །འདི་འདྲ་ཚེ་སྔོན་བསོད་ནམས་རྒྱ་ཆེན་བསགས། །སྨོན་ལམ་རྣམ་པར་དག་པའི་འབྲས་བུ་སྟེ། །འཕེན་བྱེད་དགེ་བས་འཕང་སྟེ་འདི་ན་ཕྱིན། །ད་ནི་དགེ་བའི་ལས་ལ་བརྩོན་ན་ནི། །རྫོགས་བྱེད་དགེ་བས་རྫོགས་ཏེ་གཏན་བདེ་འགྲུབ། །འོན་ཏེ་ད་རེས་དགེ་སྡིག་གང་བསགས་ན། །རྫོགས་བྱེད་སྡིག་པས་རྫོགས་ཏེ་ངན་འགྲོར་འགྲོ། །ཡར་འགྲོ་མར་འགྲོའི་ས་མཚམས་ད་རེས་ཏེ། །འཛམ་གླིང་ལས་ཀྱི་ས་པ་ཞེས་བྱའོ། །འདི་འདྲ་དམ་ཆོས་སྤྱོད་པའི་སྐལ་པ་ཅན། །བསྐལ་པ་བརྒྱ་དང་སྟོང་དུ་ལན་རེ་ཙམ། །ད་རེས་གཏན་བདེའི་འདུན་མ་མི་བསྒྲུབ་པར། །གཏན་ཕུང་མི་དགེའི་ལས་ལ་བརྩོན་པ་འདི། །སྐེ་ལ་བདུད་ཀྱི་ཞགས་པས་མ་ཐེབས་སམ། །སྙིང་ལ་འགོང་པོ་སྟོབས་ཆེན་སུ་ཞུགས་ནས། །ཡིད་ལྟ་བཞིན་ནོར་བུ་ཆུ་ལ་འཕེན་པ་བཞིན། །མི་ལུས་རིན་ཆེན་ཆུད་ཟོས་བློ་རེ་ནོར། །ཚངས་པ་བརྒྱ་བྱིན་འཁོར་ལོས་སྒྱུར་རྒྱལ་གྱིས། །མངའ་ཐང་སྟོབས་ཀྱང་སྙིང་པོ་མེད་པའི་


CMR050_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ། །མདོ་རྒྱུད་རྣམས་ལས་གསུངས་པ་ཐོས་བཞིན་དུ། །ཚེ་ཐུང་དགུན་གང་ཉི་མ་ཙམ་འདི་ལ། །བཙན་ཕྱུག་སྟོབས་འབྱོར་ཅུང་ཟད་ཐོབ་པའི་དོན། །མི་དགེའི་སྡིག་ལ་སྤྱོད་པའི་སྙིང་ཁམས་ཅན། །བརྒྱ་བྱིན་བཙུན་མོ་ལྷ་མོ་བདེ་སོགས་མ། །འཁོར་ལོས་སྒྱུར་བའི་བཙུན་མོ་རིན་པོ་ཆེ། །བུད་མེད་ཡོན་ཏན་སུམ་ཅུ་རྩ་གཉིས་ལྡན། །འཁོར་ཚོགས་བཙུན་མོ་བརྒྱད་ཁྲི་ལ་སོགས་པར། །རྨི་ལམ་བཞིན་དུ་སྙིང་པོ་མེད་ཐོས་ན། །ད་རུང་ཐ་མལ་བུད་མེད་འདོད་པ་ཨང་། །ཡུད་ཙམ་འཁྲིག་པའི་ཚོར་བ་བདེ་བ་དེས། །སྐྱེ་བ་འབུམ་ཕྲག་བརྒྱ་རུ་བཟོད་དཀའ་བའི། །ངན་སོང་ཚོར་བ་དྲག་པོ་མྱོང་ཤེས་བཞིན། །ཚུལ་ཁྲིམས་འཆལ་བར་གཏོང་བའི་སྨྱོ་ཚབས་ཅན། །ཐོབ་དཀའི་དལ་འབྱོར་མི་ལུས་རིན་པོ་ཆེ། །རིན་ཆེན་གླིང་ནས་སྟོང་ལོག་མི་ཆོག་པར། །སྡིག་ལྟུང་ཁུར་པོ་ཁྱག་ཚད་ཁུར་འགྲོ་བ། །སྙིགས་དུས་སྐྱེས་པའི་མི་ལུས་རིན་པོ་ཆེ། །སྨྱོན་པའི་གར་བཞིན་མི་བྱེད་མེད་རྣམས་ལ། །ཐུགས་རྗེས་གཟིགས་ཤིག་འཕགས་པ་སྤྱན་རས་གཟིགས། །ཨོཾ་མ་ཎི་པདྨེ་ཧཱུཾ། དལ་འབྱོར་ཐོབ་དཀའ་དྲན་པའི་གླུ་ཆུང་འདི། །རྟ་ལོ་གྲོ་ཞུན་ཡར་ཚེས་བརྒྱད་


CMR050_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་མར། །རཱ་ག་ཨ་སྱས་ཡིད་ལ་ཤར་ནས་སྨྲས།། ༈ །ཨེ་མ་སྣང་སྲིད་འཁོར་འདས་ཆོས། །འདུས་བྱས་དང་ནི་འདུས་མ་བྱས། །དེ་ལ་མ་འདུས་གཅིག་ཀྱང་མེད། །ཆོས་ཀྱི་དབྱིངས་དང་ཆོས་ཀྱི་སྐུ། །ནམ་མཁའ་རྣམས་ནི་འདུས་མ་བྱས། །དེ་ནི་རྟག་ཅིང་འཕོ་འགྱུར་མེད། །གཟུགས་ཀྱི་སྐུ་དང་འཇིག་རྟེན་ཁམས། །ལུས་ཅན་ཐམས་ཅད་འདུས་བྱས་ཏེ། །དེ་ནི་མི་རྟག་འཕོ་འགྱུར་བྱེད། །དངོས་པོར་གྲུབ་པ་ཐམས་ཅད་ནི། །རྟག་པར་གནས་པ་གཅིག་ཀྱང་མེད། །ཡུན་ནི་རིང་ཐུང་ཅི་ཡང་སྲིད། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ཁམས། །རི་རབ་གླིང་བཞི་ཉི་ཟླ་རྣམས། །བྱེ་བ་ཕྲག་ནི་བརྒྱ་རེ་སྟེ། །ཡུན་རིང་བར་དུ་གནས་ན་ཡང་། །མཐར་ནི་མེ་ཆུ་རླུང་གིས་འཇིག །སྤྲུལ་སྐུ་བསྐལ་བཟང་སངས་རྒྱས་རྣམས། །མཚན་དཔེའི་རྒྱན་ལྡན་རྡོ་རྗེའི་སྐུ། །དེ་ཡང་མི་རྟག་འདས་ཚུལ་སྟོན། །རང་སངས་རྒྱས་དང་དགྲ་བཅོམ་པ། །མངོན་ཤེས་རྫུ་འཕྲུལ་དཔག་མེད་ཅིང་། །ཉོན་མོངས་རྩད་ནས་ཟད་རྣམས་ཀྱང་། །སྐུ་ལུས་མི་རྟག་མྱ་ངན་འདའ། །ཚངས་པ་བརྒྱ་བྱིན་འཁོར་ལོས་སྒྱུར། །བསོད་


CMR050_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ཆེན་པོའི་སྟོབས་ཆེན་ཡང་། །ཚེ་ཚད་རྫོགས་ནས་དབང་མེད་འཆི། །བསྐལ་པ་ཡར་འཕེལ་མར་འགྲིབ་དང་། །ནམ་ཟླ་དུས་བཞི་མི་རྟག་འགྱུར། །ཕྱི་རོལ་དྲང་སྲོང་མངོན་ཤེས་ཅན། །རི་དང་བྲག་ལ་མི་ཐོགས་པར། །དཔག་ཚད་ལྔ་བརྒྱར་འཕུར་ནུས་ཀྱང་། །འཆི་བ་མིན་པར་འགྲོ་ས་མེད། །གེ་སར་དམག་དཔོན་རིན་ཆེན་སོགས། དཔའ་རྩལ་སྟོབས་དང་ལྡན་པས་ཀྱང་། །འཆི་བདག་གཤིན་རྗེ་བཟློག་མ་ཐུབ། །མུ་སྟེགས་སྐལ་ལྡན་རྒྱལ་པོ་སོགས། །རྡོ་ཡི་ཆར་པ་འབེབས་ནུས་ཤིང་། །སྡིགས་མཛུབ་བྱ་རོག་སར་ཕབ་ཀྱང་། །ནུས་མཐུས་འཆི་བདག་བཟློག་ཐབས་མེད། །བློན་པོ་རིན་ཆེན་བློན་པོ་མགར། །ཨ་པོ་ལྕང་རྒན་ལ་སོགས་ཀྱང་། །གཏམ་དང་བློ་ཐབས་མཁས་ན་ཡང་། །འཆི་བདག་གཏམ་ལ་བློས་མ་ཟློག །བསྐལ་པ་ཆགས་ནས་ད་ལྟའི་བར། །མི་ནི་དཔག་ཏུ་མེད་པ་རྣམས། །སྟོན་འཇུག་རྩི་ཐོག་བཞིན་དུ་ཡལ། །རིམ་པ་རིམ་པར་ཡལ་ནས་སོང་། །མ་ཤི་ལུས་པ་གཅིག་ཀྱང་མེད། །ལོ་ཟླ་ཞག་དུས་རིམ་བཞིན་འགྲོ། །མི་ཚེ་མ་ཚོར་ཡུད་ཙམ་ཟད། །མ་ལ་སྐྱེས་ནས་དུས་རྟག་ཏུ། །གོམ་གང་ཙམ་ཡང་མ་


CMR050_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

འཆུགས་པར། །འཆི་བདག་ཕྱོགས་སུ་ཡུད་ཡུད་འགྲོ། །དེང་སང་དུས་ཀྱི་ཐ་མ་ལ། །ཚེ་ཚད་བཞི་བཅུ་ཁ་རལ་གསུངས། །དེ་ཡང་ངེས་པ་མེད་པ་སྟེ། །མངལ་དུ་འཆི་དང་བཙས་ཙམ་འཆི། །གོག་ཙམ་འཆི་དང་རྒྱུག་ཙམ་འཆི། །གཞོན་ནུ་དར་མ་རྒན་པོ་སོགས། །འཛམ་གླིང་ཚེ་ལ་ངེས་པ་མེད། །ལུས་ནི་མི་གཙང་ཤ་ཁྲག་རྫས། །རླུང་མཁྲིས་བད་ཀན་ནད་ཀྱི་ཚང་། །བཀྲེས་སྐོམ་ཚ་གྲང་རེག་མི་བཟོད། །ཇི་ལྟར་གཅེས་སྤྲས་ཆེར་བྱས་ཀྱང་། །རྫ་མ་བཞིན་དུ་ནམ་ཞིག་ཆག །བསྲུང་བ་བརྒྱ་ཡིས་བསྲུངས་ན་ཡང་། །ནམ་ཞིག་བྱུར་གྱི་འདྲེ་སྲིན་ན། །དར་ཕྲུག་རས་ཀྱིས་བཏུམ་ན་ཡང་། །ནམ་ཞིག་རོ་རུལ་དྲི་ངན་བྲོ། །མི་རྟག་སྙིང་པོ་མེད་པ་ཡི། །སྒྱུ་མ་ལུས་ཀྱི་ཕུང་པོ་ལ། །མི་རྟག་ནམ་འོང་ཅི་ཆ་ཡོད། །དེ་ཚོ་ཡིད་ལ་མི་དྲན་པར། །སྡིག་དང་མི་དགེ་སྣ་ཚོགས་ལ། །བློ་རྒྱ་གང་ཆེ་བྱེད་པ་འདི། །སྙིང་ལ་བདུད་པོ་སུ་ཞུགས་ན། །ཟླ་ཕུ་ཤི་མདའ་ཤི་བརྒྱ་ཐོས་ཀྱང་། །རང་ཉིད་འཆི་བ་མི་དྲན་པ། །དམུ་གབ་ནག་པོ་སུས་བཀོན་ན། །རང་ཉིད་འཆི་བ་ཤེས་བཞིན་དུ། །འཆི་གྲབ་ཅི་ཡང་མི་བྱེད་པར།


CMR050_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་གྲབ་ཁོ་ན་བྱེད་པ་འདི། །རྒྱལ་པོ་གང་འདྲས་མགོ་སྐོར་ཨང་། །ཟླ་གཅིག་ལམ་ལ་འགྲོ་བ་ཀུན། །བརྒྱག་ཕྱེ་འདི་ཙམ་བཏགས་དགོས་ན། །གཏན་ནས་ཕྱིར་ལ་མི་ཕྱིན་པའི། །ཐག་རིང་ཞིག་ཏུ་འགྲོ་དགོས་ན། །བརྒྱག་ཕྱེ་གྲབ་ཤོམ་གཅིག་མེད་པ། །བསམ་བློ་ཅི་འདྲ་ཡོད་པ་ཨང་། །རྟ་དང་ནོར་ལ་རྔམས་པ་ཡི། །ཇག་པ་ཚན་ཅིག་འོང་། ཐོས་ན། །འུར་ཐུང་འདི་ཙམ་ཚོལ་ལུགས་ལ། །སྲོག་གཅོད་དམྱལ་བར་ཁྲིད་པའི་དགྲ། །གཤིན་རྗེ་ནམ་འོང་ཆ་མེད་ན། །འབྲོས་ཁུང་མི་ཚོལ་ཅི་བསམ་ཨང་། །འཆི་བ་གཏན་ནས་མི་དྲན་པའི། །མི་དགེ་སྡིག་པར་ལོངས་སྤྱོད་པའི། །སྨྱོ་ཚབ་ཅན་གྱི་མི་རྣམས་ལ། །ཐུགས་རྗེས་གཟིགས་ཤིག་སྤྱན་རས་གཟིགས། །ཨོཾ་མ་ཎི་པདྨེ་ཧཱུྃ། མི་རྟག་འཆི་བ་དྲན་པའི་གླུ། །རྟ་ལོ་བྱ་ཟླའི་ཚེས་བརྒྱད་ལ། །རཱ་ག་ཨ་སྱས་སྨྲས་པའོ།། ༈ །།ཨེ་མ་འཁོར་བའི་སྡུག་བསྔལ་ནི། །འཇིགས་སུ་རུང་ཞིང་བཟོད་དཀའ་བ། །དེ་ལས་སྐྱོབ་པའི་སྐྱབས་ཤིག་དགོས། །ཕ་དང་མ་དང་ཉེ་དུ་རྣམས། །བསམ་པ་བཟང་ཡང་སྐྱབས་མི་ནུས། །ལྷ་ཀླུ་གཞི་བདག་མཐུ་ཆེ་ཡང་། །རང་རང་རྣམས་ཀྱང་


CMR050_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ནས། །མ་ཐར་གཞན་དག་ཇི་ལྟར་སྐྱོབས། །སྐྱོན་རྣམས་ཐམས་ཅད་སངས་ཤིང་དག །ཡོན་ཏན་ཐམས་ཅད་ཡོངས་སུ་རྒྱས། །རྫོགས་སངས་རྒྱས་ལ་སྐྱབས་ན་སྐྱོབས། །དེ་ནི་གཏན་གྱི་སྐྱབས་གནས་ཡིན། །སངས་རྒྱས་ས་ལ་འགྲོ་བའི་ལམ། །ཆོས་ལ་ལམ་གྱི་ཚུལ་དུ་སྐྱབས། །ལམ་དེར་འགྲོ་བའི་རོགས་ལྟ་བུ། །དགེ་འདུན་གྲོགས་ཀྱི་ཚུལ་དུ་སྐྱབས། །སངས་རྒྱས་ལ་ནི་སྐྱབས་ཞུས་ནས། །དེས་གསུངས་ཆོས་དེ་ཉམས་བླངས་ན། །རང་ཉིད་དགེ་འདུན་གྲལ་དུ་ཚུད། །བསམ་པ་སངས་རྒྱས་ལ་སྐྱབས་ནས། །སྦྱོར་བ་ཆོས་ཀྱིས་སྐྱབས་ནས་འོང་། །སངས་རྒྱས་སྟོབས་བཅུ་དབང་བཅུ་དང་། །མི་འཇིགས་བཞི་ལ་སོགས་པ་དང་། །མ་འདྲེས་ཆོས་ནི་བཅོ་བརྒྱད་སོགས། །ཡོན་ཏན་བསམ་གྱིས་མི་ཁྱབ་པར། །དེ་ལ་སྐྱབས་སུ་འགྲོ་བར་འོས། །བསྐལ་པ་བྱེ་བ་གྲངས་མེད་ནས། །འགྲོ་བ་མ་ལུས་སྐྱོབ་པའི་ཕྱིར། །ཕར་ཕྱིན་བཅུ་ལ་དཀའ་བ་སྤྱད། །འགྲོ་ལ་ཕན་པའི་སྨོན་ལམ་བཏབ། །དེ་ལྟར་ཉིན་མཚན་དུས་དྲུག་ཏུ། །སངས་རྒྱས་སྤྱན་གྱིས་སོ་སོར་གཟིགས། །སུ་ལ་ཕན་པར་བྱ་ཞེས་དགོངས། །བུ་


CMR050_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་མ་བཞིན་རྟག་ཏུ་བརྩེ། །དེ་ལ་སྐྱབས་ན་སྐྱོབས་པར་མཛད། །རྡོ་རྗེའི་སྙན་གྱིས་དུས་རྟག་ཏུ། །སེམས་ཅན་སོ་སོས་ཅི་སྨྲས་པ། །མ་འདྲེས་སྙན་དུ་སོ་སོར་གསན། །དེ་ཕྱིར་སྐྱབས་འགྲོ་བྱས་པ་གསན། །སེམས་ཅན་ཀུན་གྱིས་དུས་རྟག་ཏུ། །སེམས་ལ་རྣམ་རྟོག་བཟང་དང་ངན། །གང་འགྱུས་མ་འདྲེས་སོ་སོར་མཁྱེན། །དེ་ཕྱིར་དད་གུས་ཡོད་མེད་མཁྱེན། །སེམས་ཅན་སྐྱེ་དང་འཆི་བ་དང་། །ནད་དང་སྡུག་བསྔལ་མྱ་ངན་སོགས། །གང་བྱུང་རྟག་ཏུ་སོ་སོར་གཟིགས། །དེ་ལ་ཕན་པའི་སྐལ་ཡོད་ན། །སྐད་ཅིག་ཙམ་ཡང་ལེ་ལོ་མེད། །དེ་མ་ཐག་ཏུ་སྐྱོབ་པར་མཛད། །མཐོང་ཆོས་མྱོང་གྱུར་ལས་འབྲས་ནི། །སངས་རྒྱས་ཀྱིས་ཀྱང་བཅོས་སུ་མེད། །དེ་མིན་ལས་ངན་ཡོད་ན་ཡང་། །ལས་ལ་ཡང་བའི་སྟོབས་མངའ་བ། །ལས་ངན་ཕྱི་རུ་བཟློག་པའོ། །ཡང་ན་ལྗི་བ་ཡང་བར་ནུས། །སེམས་ཅན་ཁམས་ནི་ཚད་མེད་པས། །གང་ལ་གང་གིས་ཕན་པ་ཡི། །ཐབས་དང་གདམས་ངག་ཐམས་ཅད་མཁྱེན། །སེམས་ཅན་དེ་ཡི་སྔོན་ཚེ་ནི། །བསྐལ་པ་གྲངས་མེད་ཚད་མེད་དུ། །དགེའམ་སྡིག་པའི་འབྲས་བུ་ནི། །ཏིལ་འབྲུ་ཙམ་ཞིག་གང་ཡོད།


CMR050_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན། །གང་དུ་སྐྱེས་པ་ཐམས་ཅད་དང་། །ད་ནི་གང་སྐྱེ་མཐའ་ཅི་འགྱུར། །ཐམས་ཅད་མ་འདྲེས་མ་འཆུག་པར། །འཇའ་ཚོན་བཀྲ་བ་ལྟ་བུར་མཁྱེན། །སེམས་ཅན་རྒྱུད་ལ་ཡོད་པ་ཡི། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ལ། །གང་ལ་གང་ཕན་ཆོས་རྣམས་གསུངས། །གསུངས་པའི་དམ་ཆོས་དེ་དག་ལ། །སོ་སོའི་གཞུང་ལྟར་ཉམས་བླངས་ན། །ཇི་ལྟར་བཤད་པའི་འབྲས་བུ་ནི། །བསླུ་བ་མེད་པར་ཐོབ་ངེས་ཏེ། །ཉི་ཟླ་ཐང་ལ་ལྷུང་བའམ། །མེ་ནི་གྲང་བར་འགྱུར་བའམ། །རླུང་ནི་ཞགས་པས་ཟིན་སྲིད་ཀྱང་། །སངས་རྒྱས་བཀའ་ཡིས་བསླུ་མི་སྲིད། །དེང་སང་ནད་གདོན་ཞི་བ་དང་། །ཚེ་ནི་བསྲིང་བ་ལ་སོགས་པ། །གཞུང་ནས་གསུངས་ལྟར་མ་བྱུང་བ། །མཐོང་ཆོས་མྱོང་འགྱུར་ལས་ངན་འབྲས། །བཅོས་སུ་མེད་པར་གསུངས་པའི་དོན། །ཡིན་གྱིས་ཕན་ཡོན་མི་བདེན་མིན། །མ་སྐྱོབ་པ་ཡང་མ་ཡིན་ཏེ། །ཕྱི་མའི་ངན་སོང་སྡུག་བསྔལ་སྐྱོབས། །དེང་སང་ཆོས་ལ་བརྩོན་པའི་མི། །ནད་གདོན་དུས་མིན་འཆི་བ་སོགས། །སྡུག་བསྔལ་དྲག་པོས་གཟིར་བ་ནི། །མ་འོངས་བསྐལ་པ་དུ་མ་རུ། །དམྱལ་བར་སྐྱེ་


CMR050_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྡིག་སྒྲིབ་རྣམས། །ཆོས་ཀྱི་ནུས་པས་ཚེ་འདིར་སྨིན། །ནད་དང་སྡུག་བསྔལ་དེ་ཙམ་གྱིས། །བྱང་ཞིང་དག་ནས་ཕྱི་མ་ལ། །གཏན་བདེ་ཐོབ་པར་གསུངས་པ་ཡིན། །འགའ་ཞིག་མི་དགེ་སྡིག་སྤྱོད་པས། །ཚེ་འདིར་བཀྲ་ཤིས་བསམ་པ་འགྲུབ། །དེ་ནི་སྡིག་པའི་སྟོབས་ཤུགས་ཀྱིས། །ཚེ་སྔོན་བསོད་ནམས་དགེ་རྩ་ནི། །གང་ཡོད་ཚེ་འདི་ཉིད་ལ་སྨིན། །ཕྱི་མ་མནར་མེད་དམྱལ་བ་ནས། །ནམ་ཡང་ཐར་དུས་མེད་པའི་རྟགས། །དེ་ཕྱིར་དགེ་སྡིག་སྤྱོད་པ་ལ། །ཚེ་འདིར་བདེ་སྡུག་གོ་ལོག་ཀྱང་། །དཀོན་མཆོག་ཐུགས་རྗེ་མེད་པ་དང་། །ཆོས་ལ་བདེན་པ་མེད་དམ་ཞེས། །ལོག་ལྟ་སྐུར་འདེབས་མི་རུང་སྟེ། །དོན་དེ་ཡིད་ལ་ངེས་པར་བྱ། །ཕྱི་རོལ་བོན་དང་མུ་སྟེགས་ལྷ། །རྣོ་མྱུར་ཆེ་བ་གྲགས་པ་དང་། །འཇིག་རྟེན་ལྷ་འདྲེ་དྲག་རྩལ་ཅན། །རྣོ་མྱུར་ཤིན་ཏུ་ཆེ་ན་ཡང་། །འཁོར་བ་ངན་སོང་སྡུག་བསྔལ་ལས། །ཁོ་རང་རྣམས་ཀྱང་མ་ཐར་ཞིང་། །སྙིང་རྗེ་གཞན་ཕན་བསམ་པ་མེད། །འཇིག་རྟེན་མི་དཔོན་བཙན་པོ་ལྟར། །ཅུང་ཟད་མ་དགའ་གནོད་པ་བྱེད། །མཆོད་བསྟོད་ལ་སོགས་བརྩོན་པ་ནི། །ཚེ་འདིར་ཅུང་ཟད་ཕན་ན་


CMR050_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །ཕྱི་མ་ཕན་པའི་ནུས་པ་མེད། །དེ་ཕྱིར་དཀོན་མཆོག་གསུམ་པོ་བས། །འཇིག་རྟེན་ལྷ་ནི་ལྷག་བསམ་པ། །དེ་ནི་ལོག་ལྟ་ཆེན་པོའོ། །དཀོན་མཆོག་གསུམ་ལས་གཉེན་པའི་ལྷ། །མེད་ཅེས་མི་ལ་རས་པས་གསུངས། །སངས་རྒྱས་ཐུགས་ལ་ཉེ་རིང་མེད། །ཀུན་ལ་མཉམ་པར་གཟིགས་ན་ཡང་། །སྙིང་ནས་དད་ཅིང་གུས་པ་ཡི། །བློ་གཏད་སྐྱབས་སུ་མ་སོང་ན། །སངས་རྒྱས་ཐུགས་རྗེ་འཇུག་པར་དཀའ། །དེ་ནི་རང་ཉིད་ཡིད་མ་ཆེས། །དེ་ཡི་སྐྱོན་ནི་ཡིན་པ་སྟེ། །སངས་རྒྱས་ཉེ་རིང་མཛད་པ་མིན། །རང་ཉིད་འཁོར་བའི་སྡུག་བསྔལ་ལས། །སྐྱོབ་ཕྱིར་སྐྱབས་སུ་འགྲོ་བ་ནི། །ཐེག་དམན་སྐྱབས་འགྲོ་ཐ་མ་ཡིན། །འགྲོ་བ་ཀུན་ལ་རང་ཉིད་ཀྱིས། །ནམ་ཞིག་ཕན་པར་ནུས་པའི་ཕྱིར། །སྐྱབས་སུ་འགྲོ་བ་འབྲིང་པོ་ཙམ། །འགྲོ་ཀུན་ཕ་མ་ཤ་སྟག་ཡིན། །བདག་དང་འགྲོ་ཀུན་སྐྱབས་འགྲོ་བ། །དེ་ནི་ཐེག་ཆེན་སྐྱབས་འགྲོ་ས་མཆོག །སྟོན་པ་བླ་མེད་སངས་རྒྱས་ཏེ། །སྐྱོབ་མཛད་དམ་ཆོས་རིན་པོ་ཆེ། །འདྲེན་པ་འཕགས་པའི་དགེ་འདུན་ཏེ། །ཕྱི་ཡི་དཀོན་མཆོག་གསུམ་པོ་ལ། །བདག་སོགས་


CMR050_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཀུན་སྐྱབས་སུ་མཆི། །བྱིན་རླབས་རྩ་བ་བླ་མ་རྗེ། །དངོས་གྲུབ་རྩ་བ་ཡི་དམ་ལྷ། ཕྲིན་ལས་རྩ་བ་མཁའ་འགྲོ་མ། །ནང་གི་དཀོན་མཆོག་རྣམ་གསུམ་ལ། །བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི། །སྟོང་པ་ཀུན་ཁྱབ་ཆོས་ཀྱི་སྐུ། །གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ། །སྣ་ཚོགས་མ་འགགས་སྤྲུལ་པའི་སྐུ། །གསང་བའི་དཀོན་མཆོག་རྣམ་པ་གསུམ། །བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི། །སྐུ་ནི་དགེ་འདུན་དཀོན་མཆོག་སྟེ། །གསུང་ནི་དམ་ཆོས་འབྱུང་བའི་གནས། །ཐུགས་ནི་སངས་རྒྱས་ངོ་བོ་ཉིད། །ཡོན་ཏན་ཡི་དམ་ལྷ་ཡི་ཚོགས། །ཕྲིན་ལས་མཁའ་འགྲོ་ཆོས་སྐྱོང་སྟེ། །དཀོན་མཆོག་ཀུན་འདུས་བླ་མ་ལ། །བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི། །རང་གི་སེམས་ཉིད་སངས་རྒྱས་སུ། །ངོ་ཤེས་ཐག་ཆོད་གདེང་ཐོབ་ན། །སངས་རྒྱས་ལ་ནི་སྐྱབས་སུ་སོང་། །དེ་ཡི་ངང་ལ་མཉམ་བཞག་པ། །དེ་ལས་ལྷག་པའི་སྐྱབས་མེད་ཕྱིར། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །དེ་དོན་རྒྱུན་དུ་ཉམས་བླངས་ན། །རང་ཉིད་དགེ་འདུན་གྲལ་ཚུད་པས། །དགེ་འདུན་ལ་ནི་སྐྱབས་སུ་སོང་། །དེ་ནི་དོན་གྱི་སྐྱབས་འགྲོ་ཡིན། །


CMR050_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་འགྲོའི་གནད་འགག་གླུ་ཆུང་འདི། །རྟ་ལོ་བྱ་ཟླའི་ཚེས་དགུ་ལ། །ཉམས་ལ་ཤར་ནས་བྱུང་རྒྱལ་སྨྲས། །མངྒ་ལཾ། །བྷ་ཝནྟུ། །ན་མོ་ཤཱཀྱ་མུ་ན་ཡེ། སྐྱབས་སྡོམ་བསྙེན་གནས་སྡོམ་པའི་ཕྱོགས། །ཚངས་སྤྱོད་དགེ་བསྙེན་དགེ་ཚུལ་དང་། །དགེ་སློང་རྣམས་ནི་ཁྱིམ་སྤངས་པ། །སྡོམ་པ་ཞུ་དང་བསྲུང་བའི་དུས། །ཕྱི་མ་ལྷ་མི་བདེ་སྐྱིད་འདོད། །ལེགས་སྨོན་སྡོམ་པ་ཐ་མ་ཡིན། །འཁོར་བ་གནས་སྤངས་ཐར་པ་འདོད། །ངེས་འབྱུང་སོ་ཐར་འབྲིང་པོའོ། །འགྲོ་ཀུན་སངས་རྒྱས་ཐོབ་འདོད་བློ། །རབ་སྟེ་ཐེག་ཆེན་ཚུལ་ཁྲིམས་ཡིན། །ཞུ་ལུགས་བསྲུང་ལུགས་ཁྱད་མེད་དེ། །བསམ་པའི་ཁྱད་ཀྱིས་གསུམ་དུ་འགྱུར། །ཕྱི་རོལ་བོན་དང་མུ་སྟེགས་ཀྱི། །ལྷ་དང་རྟེན་ལ་ཕྱག་མཆོད་སྤངས། །སེམས་ཅན་གནོད་པའི་བསམ་སྦྱོར་སྤངས། །མུ་སྟེགས་ཅན་དང་མཐུན་མི་བྱ། །སྐྱབས་འགྲོའི་ཁྱད་པར་བསླབ་བྱ་ཡིན། །སྐུ་གཟུགས་ལེགས་པོ་དོད་ཙམ་ཡན། །གླེགས་བམ་ཡི་གེ་འབྲུ་གཅིག་ཡན། །དགེ་འདུན་སེར་གོས་གྱོན་ཚད་ཡན། །དད་གུས་བྱ་བ་ཆ་མཐུན་གྱི། །སྐྱབས་འགྲོའི་བསླབ་པ་


CMR050_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གསུམ་ཡིན། །ནངས་ནུབ་རྒྱུན་དུ་སྐྱབས་འགྲོ་བྱ། །ཅི་ཟའི་ཕུད་ཀྱིས་དཀོན་མཆོག་མཆོད། །ན་ཚ་སྡུག་བསྔལ་ཅི་བྱུང་ཡང་། །དཀོན་མཆོག་ཕྱོགས་དང་མི་མཐུན་པའི། །རིམ་གྲོས་ཕན་ཡང་མི་བྱེད་སྤངས། །དེ་ལྟར་རྣམ་དགུ་མ་བསྲུངས་ན། །སྐྱབས་འགྲོའི་ཕན་ཡོན་མི་འབྱུང་གསུངས། །སྐྱབས་སྡོམ་རྒྱུད་ལ་མི་ལྡན་ན། །དབང་དང་སྡོམ་པ་སེམས་བསྐྱེད་སོགས། །ཞུས་ཀྱང་ཐོབ་པར་མི་འགྱུར་ཏེ། །ཞབས་མེད་སྣོད་དུ་ཆུ་བླུགས་འདྲ། །ཕྱི་པ་ནང་པ་བན་དང་བོན། །སྐྱབས་འགྲོ་འདི་ཡིས་སོ་སོར་ཕྱེས། །དཔེར་ན་སྡེ་རིགས་སོ་སོ་ཡང་། །མགོ་དཔོན་ཁྱད་པར་ཡིན་དང་མཚུངས། །བསྙེན་གནས་ཡན་ལག་བརྒྱད་པ་ནི། །ཐུབ་པས་ཁྱིམ་པ་རྣམས་ལ་གནང་། །དེ་ལ་བསྲུང་བྱ་བརྒྱད་ལས་མེད། །ཡུན་ནི་ཉིན་ཞག་ཕྲུག་གཅིག་བསྲུང་། །ཟས་གཅིག་པ་ཡི་སྡོམ་པ་ནི། །དེ་སྟེང་གདན་གཅིག་བྱེད་པ་སྟེ། །ས་ཡི་སྙིང་པོའི་མདོ་ལས་གསུངས། །བསྙེན་གནས་གདན་གཅིག་དུས་གཅིག་བསྲུང་། །དེ་ལ་ཆབ་ལེན་ལྷམ་ཕུད་པ། །ཇོ་བོ་རྗེ་ཡིས་མཛད་པ་ལེགས། །སྨྱུང་གནས་དོན་ཡོད་ཞགས་པ་དང་། །བཅུ་གཅིག་ཞལ་གྱི་


CMR050_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ལས་གསུངས། །ཉིན་ཡ་གདན་གཅིག་བསྲུང་བ་ལ། །ཤ་དང་རུས་པ་ཚིལ་ཡང་སྤང་། །ཉིན་ཡ་ངག་ནི་བཅད་པའི་དུས། །བཟའ་བཏུང་ཆུ་ཐིགས་ཙམ་ཡང་སྤངས། །འདོན་པ་སྔགས་ནི་ཡིད་འདོན་བྱེད། །དེ་ལྟར་ཞག་གཉིས་སྨྱུང་གནས་གཅིག །ཚེས་གཅིག་ནས་བཟུང་བཅུ་དྲུག་བར། །བསྲུང་བ་དཀར་ཕྱོགས་ཞེས་བྱ་སྟེ། །དེ་ཚེ་ཆོ་ག་མ་ཆག་པ། །གཟུངས་རིང་བསྙེན་པ་བྱས་པ་ནི། །བཅུ་གཅིག་ཞལ་གྱི་བསྙེན་པ་རྫོགས། །སྨྱུང་གནས་དང་ནི་དཀར་ཕྱོགས་ནི། །དགེ་སློང་གིས་ཡང་བསྲུང་དུ་རུང་། །ཟས་གཅིག་པ་ཡང་བསྲུང་དུ་རུང་། །བསྙེན་གནས་ཡན་ལག་བརྒྱད་པ་ནི། །ཁྱིམ་པ་ཡིན་པས་བསྲུང་མི་རུང་། །བཅོ་ལྔ་དང་ནི་གནམ་སྟོང་ལ། །གདན་གཅིག་ལ་སོགས་དགེ་བསྙེན་གྱིས། །བསྲུང་བ་དགེ་བསྙེན་གསོ་སྦྱོང་ཡིན། །རྩ་བཞི་ཆང་ལྔ་ཕྱི་དྲོའི་ཟས། །མལ་སྟན་ཆེན་པོ་མཐོན་པོ་དང་། །གླུ་གར་རྒྱན་ཆ་གསར་པ་དང་། །བརྒྱད་པོ་ཡན་ལག་བརྒྱད་པ་སྟེ། །འདུལ་བའི་ལུང་ནས་གསུངས་པའོ། །དེ་ལྟར་བསྲུང་བྱ་བརྒྱད་པོ་སྟེ། །མངོན་པ་རྣམས་ལ་མཚན་མོ་དང་། །སྨད་ཚོང་མ་ལ་


CMR050_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་བསྲུང་དང་། །ཞག་ཕྱེད་སྡོམ་པ་ཐུབ་པས་གནང་། །རྩ་བཞི་ཆང་ལྔ་བསྲུང་བ་ནི། །ཚངས་སྤྱོད་དགེ་བསྙེན་ཡོངས་སུ་གྲགས། །དེ་དག་ཚང་བར་མི་བསྲུང་བར། །ལོག་གཡེམ་སྤངས་བའི་ལྔ་པོ་ནི། །ཁྱིམ་པ་དགེ་བསྙེན་ཡིན་པའོ། །དེའང་སྣ་གཅིག་བསྲུང་བ་དང། །སྣ་འགའ་བསྲུང་སོགས་རིགས་བདུན་བཤད། །སྐྱབས་སྡོམ་ཁོ་ན་སྲུང་བ་ཡང་། །དགེ་བསྙེན་སྡོམ་པ་ཐོབ་པའི་ཕྱིར། །ལྷ་འདྲེ་དགེ་བསྙེན་ཐམས་ཅད་ཡིན། །བར་མ་རང་བྱུང་སྡོམ་པ་ཡང་། །དགེ་ཚུལ་དང་ནི་ཆ་འདྲ་ལ། །རབ་བྱུང་ཆ་ལུགས་འཆད་པ་ཡིན། །དགེ་ཚུལ་རྩ་བཞི་ཆང་ལྔའི་སྟེང་། །གླུ་གར་དང་ནི་རོལ་མོའི་སྒྲ། །ཕྲེང་བ་དང་ནི་སྤོས་བྱུག་པ། །རྒྱན་དང་ཁ་དོག་འཆང་བ་དང་། །ཁྲི་སྟན་ཆེན་པོ་མཐོན་པོ་དང་། །དུས་མ་ཡིན་པའི་ཁ་ཟས་དང་། །གསེར་དངུལ་ལེན་པ་སྤངས་དང་བཅུ། །དེ་དག་གཞན་ནི་གོ་སླ་སྟེ། །མགུར་དང་འདོན་པའི་གདངས་དབྱངས་སོགས། །མིན་པའི་སྒྲུང་སོགས་མི་རུང་ངོ་། །ལྷ་ལ་མཆོད་ཕྱིར་མ་ཡིན་པ། །པི་ཝང་ཏང་ཏང་ཏིང་ཏིང་སོགས། །ཉམས་མཚར་རྩེད་མོའི་རོལ་མོ་སྤངས། །སྤོས་ཤེལ་བྱུ་རུ་སོགས་པ། །


CMR050_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བགྲངས་ཕྲེང་བ་མ་ཡིན་པའི། །ལུས་རྒྱན་རིན་ཆེན་ཕྲེང་བ་སྤང་། །སྤོས་ཆུ་བྱུག་དང་རུམ་སྤོས་སོགས། །འཕྱོར་འདོད་སྤོས་རུམ་བྱ་བ་སྤངས། །དེ་བཞིན་གོས་དང་རྒྱན་རྣམས་ལ། །རབ་བྱུང་རྣམས་ལ་མི་འོས་པའི། །འཕྱོར་ཆས་བཟང་པོ་སྤང་བའོ། །ཆོས་ནི་འཆད་དུས་མ་ཡིན་པའི། །ཁྲུ་གང་ལས་མཐོའི་ཁྲི་དང་ནི། །གོས་འབོལ་ལ་སོགས་ཆེན་པོ་སྤངས། །དུས་མ་ཡིན་པའི་ཁ་ཟས་ནི། །ཉིན་ཕྱེད་ཕན་གྱི་བཅའ་བ་སྤངས། །དགེ་སློང་བསླབས་པ་ཕམ་པ་བཞི། །ལྷག་མའི་ཆོས་ནི་བཅུ་གསུམ་དང་། །སྤང་བའི་ལྟུང་བ་སུམ་ཅུ་དང་། །ལྟུང་བྱེད་འབའ་ཞིག་དགུ་བཅུ་སྟེ། །སོ་སོར་བཤགས་པར་བྱ་བ་བཞི། །ཉེས་བྱས་བརྒྱ་དང་བཅུ་གཉིས་པོ། །བསྡོམས་པས་ཉིས་བརྒྱ་ལྔ་བཅུ་གསུམ། །དེ་དག་ཀུན་གྱི་དོན་བསྡུས་ཀྱང་། གཞན་ལ་གནོད་པ་གཞི་དང་བཅས། །སྤང་བའི་ནང་དུ་འདུས་པ་ཡིན། །ལྟུང་བ་ཉེས་བྱས་མང་ན་ཡང་། །རྩ་བ་བཞི་པོ་སྐྱོན་མེད་ན། །སྡོམ་པ་ཡོད་པའི་གྲ་རུ་བགྲང་། །དགེ་ཚུལ་དགེ་སློང་གཉིས་པོ་ནི། །སྡོམ་པ་ཆེ་ཕྱིར་འཆོར་བ་དཀའ། །མི་འམ་མིར་ཆགས་མ་བསད་


CMR050_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ན། །སྲོག་ཆགས་གཞན་བསད་སྡོམ་མི་འཆོར། །གསེར་ནི་ཞོ་གང་བཞི་ཆ་གཅིག །རི་བའི་དངོས་པོ་མ་བརྐུས་ན། །ཕྲན་བུས་སྡོམ་པ་འཆོར་བ་མིན། །བདག་པོ་གཅིག་ལ་ཆུང་ཆུང་ནི། །ལུས་ཀྱིས་བརྐུས་ན་གསེར་ཞོ་ཡི། །བཞི་ཆའི་རིན་ཙམ་ནལ་སོགས་དུས། །མ་བྱིན་ལེན་པའི་སྡོམ་པ་འཆོར། །བུད་མེད་སྤྱོད་པ་མ་བྱས་ན། །ཐེག་ལེ་ཉམས་ཀྱང་སྡོམ་མི་འཆོར། །གཞན་ལ་གནོད་ཅིང་མགོ་སྐོར་དང་། །མངོན་ཤེས་གྲུབ་རྟགས་མེད་བཞིན་དུ། །ཡོད་ཅེས་མི་ཆོས་བླ་མའི་རྫུན། །ལྷ་དང་ལྷ་འདྲེ་ལ་སོགས་པ། །མ་མཐོང་བ་དང་མཐོང་སྨྲ་བ། །དེ་ནི་རྫུན་སྨྲའི་སྡོམ་པ་འཆོར། །ཀུ་རེ་ལ་སོགས་རྫུན་དང་ནི། །གཞན་ལ་ཕན་པ་ཆེན་པོ་ཡི། རྫུན་གྱིས་སྡོམ་པ་མི་འཆོར་རོ། །ཆང་ནི་ཉེས་པ་བསམ་འདས་ཀྱང་། །སྡོམ་པ་འཆོར་བ་མ་ཡིན་ནོ། །དེ་བཞིན་བྱང་སེམས་བཏང་བ་སོགས། །དགེ་འདུན་ལྷག་མའི་ལྟུང་བ་རྣམས། །ལྟུང་བ་ཤིན་ཏུ་རྫི་ན་ཡང་། །སྡོམ་པ་འཆོར་བ་མ་ཡིན་ནོ། །རྩ་བཞི་སྲོག་ལྟར་བསྲུང་བ་དང་། །ཉེས་ལྟུང་གཞན་རྣམས་གསོ་སྦྱོང་དང་། །བཤགས་སྡོམ་འབད་པར་བྱ་བ་ནི། །དེང་སང་བཙུན་


CMR050_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་གྱི་ལུགས། །དགེ་བ་གསོ་ཞིང་སྡིག་པ་སྦྱོང་། །དེ་ཕྱིར་གསོ་སྦྱོང་ཞེས་བྱ་སྟེ། །དེ་ལ་གསོ་སྦྱོང་ཇི་ལྟ་བ། །དགེ་འདུན་སྡེ་མེད་བྱེད་རྒྱུ་མེད། །དགེ་སློང་གཅིག་པུར་འདུག་པ་ཡི། །གསོ་སྦྱོང་བྱིན་གྱིས་རློབ་པའམ། །ཞི་གནས་གསོ་སྦྱང་བྱ་བར་གསུངས། །ཉེས་ལྟུང་དེ་དག་དག་པའི་ཕྱིར། །ཞི་གནས་ཏིང་འཛིན་བསྒོམ་པ་ནི། །དོན་ལ་ཞི་གནས་གསོ་སྦྱོང་ཡིན། །ཚུལ་ཁྲིམས་བསྲུངས་བར་མ་བྱས་ན། །སྦྱིན་པ་ལ་སོགས་རྒྱ་ཆེ་ཡང་། །ལུས་ནི་བཟང་པོ་མི་ཐོབ་སྟེ། །ཀླུ་སོགས་ཕྱུག་པོ་རྣམས་སུ་སྐྱེ། །སྡོམ་པ་གཙང་བར་མ་བསྲུངས་ན། །རྡོ་ལེབ་སྟེང་གི་ས་བོན་བཞིན། །དགེ་བའི་ལོ་ཐོག་སྐྱེ་མི་སྲིད། །གལ་ཏེ་སྡོམ་པ་ཤོར་བ་ན། །དམྱལ་བ་ཡི་དྭགས་དུད་འགྲོ་ཡི། །ལུས་ནི་འབུམ་ཕྲག་བརྒྱ་ལེན་གསུངས། །ཉེས་བྱས་བདུན་སོགས་ལྟུང་བ་གཅིག །ལྟུང་བ་གཅིག་ཙམ་བྱུང་བ་ན། །བཤགས་སྡོམ་ལེགས་པར་མ་བྱས་ན། །ངན་སོང་ལུས་སུ་ལན་གཅིག་ལྟུང་། །དེ་ཕྱིར་ལྟུང་བ་ཞེས་བྱའོ། །དེ་ཕྱིར་རྩ་བ་མ་ཉམས་པའི། །ཉེས་ལྟུང་བཤགས་ལ་འབད་པར་བྱ། །ཐུབ་དབང་གནས་བརྟན་བཅུ་དྲུག་དང་། །


CMR050_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བཅོམ་ཁྲི་དང་དྲུག་སྟོང་དང་། །བཞི་བརྒྱའི་ཚོགས་ལ་གསོལ་བ་འདེབས། །བདག་དང་སློབ་མ་བརྒྱུད་པར་བཅས། །འཆལ་བའི་སྐྱོན་གྱིས་མ་གོས་པར། །ཚུལ་ཁྲིམས་རྣམ་པར་དག་གྱུར་ནས། །ཐུབ་བསྟན་མཛེས་པའི་རྒྱན་གྱུར་པ། །བྱིན་གྱིས་རླབས་པར་མཛད་དུ་གསོལ། །རཱ་ག་ཨ་སྱས་སྨྲས་པའོ། །མངྒ་ལཾ། །བྷ་ཝནྟུ།། ༈ །ན་མོ་བོ་དྷི་སཏྭ་ཡེ། ཐེག་པ་ཆེ་ཆུང་ཟེར་བ་འདི། །སྙིང་རྗེ་ཆེ་ཆུང་ཁྱད་པར་ལགས། །འཁོར་བའི་སྡུག་བསྔལ་འདི་ལ་སྐྲག །རང་ཉིད་ཐར་པ་ཐོབ་འདོད་པ། །དེ་ནི་ཐེག་པ་དམན་པ་ཡིན། །སེམས་ཅན་གཅིག་ཀྱང་མ་ལུས་པར། །ཚེ་རབས་མང་པོའི་ཕ་མ་སྟེ། །དེ་རྣམས་འཁོར་བ་སྡུག་བསྔལ་བ། །སྙིང་རྗེ་ཆེན་པོའི་མ་བཟོད་ནས། །དེ་དག་ཐར་བར་བྱ་འདོད་པ། །དེ་ནི་ཐེག་པ་ཆེན་པོ་ལ། །སེམས་ཅན་ཟད་པའི་དུས་མི་སྲིད། །ནམ་མཁའ་ཇི་སྲིད་གནས་ཀྱི་བར། །སེམས་ཅན་དོན་ནི་བྱེད་འདོད་ནི། །མྱུར་དུ་སངས་རྒྱས་མི་འདོད་དེ། །སངས་རྒྱས་འབྲས་བུ་ཐོབ་ན་ཡང་། །ད་རུང་བྱང་ཆུབ་སེམས་དཔའ་ཡི། །ཚུལ་གྱིས་འགྲོ་བའི་དོན་བྱེད་པ། །སེམས་དཔའ་


CMR050_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ནས་སེམས་དཔའ་ཆེ། །རིགས་གསུམ་མགོན་པོ་ལྟ་བུ་སྟེ། །དེ་འདྲའི་བྱང་ཆུབ་སེམས་དཔའ་དཀོན། །དེ་ལ་ཕྱག་འཚལ་སྐྱབས་སུ་མཆི། །རྫི་བོ་ལྟ་བུའི་སེམས་བསྐྱེད་དེ། །དཔེར་ན་ནོར་ཕྱུགས་ཀུན་བསྡུས་ནས། །རང་ཉིད་རྒྱབ་ནས་འགྲོ་དང་མཚུངས། །བྱང་ཆུབ་སེམས་དཔའ་ཆེན་པོ་དེས། །སེམས་ཅན་ཐམས་ཅད་འཚང་རྒྱས་པར། །བཀོད་རྗེས་རང་ཉིད་སངས་རྒྱས་འདོད། །འཁོར་བ་ཇི་སྲིད་གནས་བར་དུ། །བདག་སངས་རྒྱས་པར་མ་གྱུར་གསུངས། །བྱང་ཆུབ་སེམས་དཔའ་གཞན་དག་གིས། །རང་ཉིད་སངས་རྒྱས་ཐོབ་བྱས་ནས། །འབད་མེད་ལྷུན་གྲུབ་ཕྲིན་ལས་ཀྱིས། །འགྲོ་བའི་དོན་ནི་འབྱུང་བར་སྨོན། །འདི་ནི་རྒྱལ་པོ་ལྟ་བུ་སྟེ། །འདི་ཙམ་མེད་པའི་ཐབས་མེད་དེ། །མེད་ན་སངས་རྒྱས་འབྲས་བུ་མེད། །དཔེར་ན་མི་ཡི་རྒྱལ་པོ་ལྟར། །རང་ཉིད་ཕུན་སུམ་ཚོགས་བྱས་ཏེ། །མངའ་ཞབས་སྡེ་ལ་ཕན་ཐོགས་འདོད། །སེམས་བསྐྱེད་དེ་ཡང་དེ་དང་འདྲ། །བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ཅན། །རང་གི་བདེ་སྐྱིད་བློས་བཏང་ནས། །སྙིང་རྗེ་ཆེན་པོའི་སེམས་ཅན་དོན། །སེམས་ཅན་གཅིག་


CMR050_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕན་ཐོགས་ན། །དམྱལ་བར་རང་ཉིད་སྐྱེ་ངེས་ཀྱང་། །དེ་ལ་མི་སྐྲག་མི་འགྱོད་དེ། །བཀྲེས་པའི་སེམས་ཅན་མཐོང་རྩ་ན། །རང་ཤ་གཅོད་ཅིང་དེ་ལ་སྦྱིན། །ན་ཚ་མེད་པ་མ་ཡིན་ཡང་། །དེ་ཉིད་བཟོད་པར་བྱེད་པ་ཡིན། །ལུས་དང་སྲོག་ལ་ལྟོས་པ་མེད། །རང་གི་བདེ་སྐྱིད་མི་འདོད་པར། །སེམས་ཅན་གཞན་ལ་ཕན་པར་འདོད། །དཀའ་སྤྱད་དང་དུ་ལེན་ནས་ནི། །ནམ་ཞིག་སངས་རྒྱས་ཐོབ་དུས་ཀྱང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་ཡིན། །དག་པའི་ཞིང་དུ་སངས་མི་རྒྱ། །མ་དག་མ་རུངས་གདུག་པ་ཡི། །འཇིག་རྟེན་ཁམས་སུ་སངས་རྒྱས་ནས། །ཚོགས་མ་བསགས་པའི་སེམས་ཅན་ལ། །ཕན་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར། །དེ་ཚོ་ཞིང་ཁམས་མ་དག་པས། །བདུད་དང་མུ་གེ་སྟེགས་ལོག་ལྟ་ཅན། །མང་པོས་གཤེ་ཞིང་རྩོད་ན་ཡང་། །དེ་དག་གསོད་ཅིང་བྱམས་པས་འདུལ། །དཔེར་ན་ཤཱཀ་ཐུབ་ལྟ་བུ་སྟེ། །དེ་འདྲའི་སངས་རྒྱས་དཀོན་པ་ཡིན། །དེ་ལ་ཕྱག་འཚལ་སྐྱབས་སུ་མཆི། །བྱང་ཆུབ་སེམས་དཔའ་ལེ་ལོ་ཅན། །དེ་ཙམ་དཀའ་བ་སྤྱད་མི་ནུས། །བདེ་སྐྱིད་ལྡན་པའི་ངང་ཉིད་ནས། །དག་པའི་ཞིང་དུ་སངས་རྒྱས་


CMR050_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །བསོད་ནམས་ལྡན་པའི་སེམས་ཅན་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །དེ་ཉིད་སངས་རྒྱས་སར་བཞུགས་ནས། །སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིས། །འགྲོ་བའི་དོན་ནི་མཛད་པ་སྟེ། །འོད་དཔག་མེད་དང་བྱམས་པ་བཞིན། །སེམས་བསྐྱེད་འདི་ཙམ་མེད་ཐབས་མེད། །སེམས་བསྐྱེད་ལེན་པའི་ཆོ་ག་ཡང་། །རྒྱ་ཆེན་སྤྱོད་རྒྱུད་ལུགས་དེ་ནི། །ཆོ་ག་རྒྱས་པར་ཡོད་པ་སྟེ། །ཚུལ་ཁྲིམས་ལྡན་ཞིང་ཡོན་ཏན་ཅན། །མ་གཏོགས་གཞན་ལ་སྐྱེ་བ་ལེན། །ཟབ་མོ་ལྟ་རྒྱུད་སེམས་བསྐྱེད་ནི། །ཆོ་ག་བསྡུས་པ་སུ་ལ་སྐྱེ། །རྗེས་གནང་ཀུན་གྱི་སྔོན་ལའང་འབྱུང་། །དེ་ཕྱིར་སེམས་བསྐྱེད་ཐོབ་པ་མང་། །དེ་ལ་བསླབས་པ་བསྲུང་བྱ་ནི། །སེམས་ཅན་བློ་ཡིས་མི་བཏང་དང་། །སེམས་བསྐྱེད་ཕན་ཡོན་དྲན་པ་དང་། །ཚོགས་གཉིས་བསགས་པར་བྱ་བ་དང་། །ཡང་ཡང་བྱང་སེམས་སྦྱང་བ་ན། །དཀར་ནག་ཆོས་བཞི་བླང་དོར་གསུངས། །ལྟུང་བ་ལྔ་ལ་བརྒྱ་བརྒྱད་ལ་སོགས། །རྒྱས་པར་བསྲུང་བྱ་མཐའ་ཡས་ཏེ། །དབང་པོ་ཐ་མས་ཤེས་དཀའ་བས། །གཅིག་པུ་བསྲུང་བས་དོན་འཐུས་ལ། །རྒྱལ་པོ་ལ་གདམས་མདོ་ལས་


CMR050_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །གཞན་གྱི་དགེ་ལ་ཡི་རང་བསྒོམ། །སངས་རྒྱས་ཐོབ་འདོད་བསམ་པ་ནི། །ཀུན་ཏུ་མ་བརྗེད་ཡིད་ལ་བསྒོམ། །དགེ་བའི་རྩ་བ་ཐམས་ཅད་ཀུན། །འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ། །དེ་ཡིས་རྩ་བ་འཐུས་པ་ཡིན། །བསྒོམ་བྱ་བཏང་ལེན་དམིགས་པ་སྟེ། །རྒྱུན་དུ་མ་ཆག་ཐུན་རེ་འབད། །འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་གྱི་ཞིང་དུ་འགྲོ། །བསྐལ་པ་བཟང་པོ་འདི་ཡི་ཡུན། །བདེ་བ་ཅན་ལ་ཞག་གཅིག་སྟེ། །དེ་ལྟར་ལོ་ཟླར་རྩིས་པ་ཡི། །ལོ་གྲངས་བྱེ་བ་དུང་ཕྱུར་ནི། །དུང་ཕྱུར་གྲངས་ལས་འདས་པ་ལ། །དེ་རུ་སྐྱེས་ནས་འཆི་བ་མེད། །ངན་སོང་སྡུག་བསྔལ་སྒྲ་མི་གྲག །རྒས་དང་ན་བའི་སྡུག་བསྔལ་མེད། །ལོངས་སྤྱོད་རྩོལ་སྒྲུབ་མི་དགོས་ཏེ། །ཡིད་ལ་ཅི་འདོད་ལོངས་སྤྱོད་རྣམས། །ན་བུན་བཞིན་དུ་འཐིབས་ནས་འོང་། །འོད་དཔག་མེད་དང་སྤྱན་རས་གཟིགས། །མཆོད་ཅིང་དམ་ཆོས་རྒྱུན་དུ་ཉན། །དག་པའི་ཞིང་ཁམས་གཞན་རྣམས་སུ། །རྫུ་འཕྲུལ་སྟོབས་ཀྱིས་སྐད་ཅིག་བགྲོད། །སངས་རྒྱས་མཆོད་ཅིང་ཆོས་ཉན་ནས། །སླར་ཡང་མྱུར་དུ་རང་གི་གནས། །བདེ་བ་ཅན་དུ་བསླེབས་ནས་


CMR050_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

འདུག །བསྐལ་པ་ཆེན་པོ་དུང་ཕྱུར་ནི། །གྲངས་མེད་དཔག་ཏུ་མེད་པའི་མཐར། །འོད་དཔག་མེད་དེ་མྱ་ངན་འདས། །བསྐལ་པ་གྲངས་མེད་གང་གཱའི་ཀླུང་། །བྱེ་མ་སྙེད་ནི་གཉིས་ཀྱི་བར། །འོད་དཔག་མེད་ཀྱི་བསྟན་པ་གནས། །སྤྱན་རས་གཟིགས་ཀྱིས་རྒྱལ་ཚབ་མཛད། །དེ་ནས་སྲོད་ལ་ཆོས་ནུབ་པའི། །ཐོ་རངས་སྤྱན་རས་གཟིགས་སངས་རྒྱས། །སངས་རྒྱས་འོད་ཟེར་ཀུན་འཕགས་པའི། །དཔལ་བརྩེགས་རྒྱལ་པོ་ཞེས་བྱར་འགྱུར། །སྐུ་ཚེ་བསྐལ་པ་བྱེ་བ་ཕྲག །ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་དྲུག །འདས་ནས་དེ་ཡི་བསྟན་པ་ནི། །བསྐལ་པ་དུང་ཕྱུར་ཕྲག་དྲུག་དང་། །བྱེ་བ་ཕྲག་གསུམ་གནས་པའི་ཚེ། །མཐུ་ཆེན་ཐོབ་ཀྱིས་རྒྱལ་ཚབ་མཛད། །དེ་ཡི་ཆོས་ནི་སྲོད་ནུབ་པའི། །ཐོ་རངས་མཐུ་ཆེན་ཐོབ་སངས་རྒྱས། །དེ་བཞིན་གཤེགས་པ་རབ་ཏུ་བརྟན། །ཡོན་ཏན་ནོར་བུ་བརྩེགས་པ་ཡི། །རྒྱལ་པོ་ཞེས་བྱར་འགྱུར་བ་ཡི། །སྐུ་ཚེ་དང་ནི་བསྟན་པ་ཡང་། །སྤྱན་རས་གཟིགས་དང་མཉམ་པར་གསུངས། །ཡུན་ནི་དེ་ཡི་བར་མཚམས་སུ། །སངས་རྒྱས་རྣམས་དང་མི་འབྲལ་ཞིང་། །སངས་རྒྱས་མཆོད་ཅིང་


CMR050_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཆོས་ཉན། །ཏིང་ངེ་འཛིན་ནི་བྱེ་བ་ཕྲག །དུ་མ་ལ་ནི་མཉམ་བཞག་པས། །སྡིག་སྒྲིབ་ཐམས་ཅད་དེས་བྱང་ནས། །སངས་རྒྱས་མཆོད་ཅིང་ཆོས་ཉན་པས། །བསོད་ནམས་ཚོགས་ཀྱང་དེ་ནས་རྫོགས། །དེ་ནས་ཚེ་ནི་འཕོས་མ་ཐག །ཞིང་ཁམས་དེ་ཡི་གང་འདོད་དུ། །མངོན་པར་རྫོགས་པར་སངས་རྒྱའོ། །དེ་ནས་འབད་རྩོལ་མི་དགོས་པར་། །སངས་རྒྱས་ཚེ་དཔག་མེད་པ་ལྟར། །སྤྲུལ་པ་ཡང་སྤྲུལ་དུ་མ་ནི། །ནམ་མཁའ་ཇི་སྲིད་སེམས་ཅན་འདྲེན། །ད་རེས་མི་འཆི་ཐབས་མེད་ཅིང་། །གནད་གཅོད་སྲོག་ཆད་ཚོར་བ་ནི། །སྡུག་བསྔལ་ལན་གཅིག་མྱོང་རྗེས་ནས། །ནམ་ཡང་སྡུག་བསྔལ་མི་མྱོང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །རྫོགས་པའི་སངས་རྒྱས་ཐོབ་འདོད་ན། །བྱང་ཆུབ་སེམས་བསྐྱེད་དེ་ལྟར་བྱ། །སྨོན་ལམ་ཡང་ནི་དེ་ལྟར་འདེབས། །དེ་ལྟར་འགྲུབ་པའི་ཐབས་ཟབ་མོ། །རྒྱལ་བ་རྒྱ་མཚོར་ཡི་དམ་བྱ། །རང་གཞན་ཀུན་ལ་ཕན་པའི་ཕྱིར། །གསང་འདུས་བུམ་སྒྲུབ་བློ་རྩེ་གཏད། །གཞན་ཡང་མེ་ཏོག་ཆུ་སྐྱེས་སོགས། །འོད་དཔག་མེད་པའི་སྒྲུབ་ཐབས་རིགས། །ཀུན་ལ་འབྲེལ་པ་སྣ་རེ་བཞག །


CMR050_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྤྱོད་རྩ་བའི་བདེ་སྨོན་དང་། །བཟང་སྤྱོད་ལ་སོགས་སྨོན་ལམ་འདོན། །ལུས་ངག་དགེ་སྦྱོར་ལ་སོགས་པ། །དགེ་བ་ཆེ་ཆུང་ཅི་འགྲུབ་ཚད། །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །བདེ་བ་ཅན་དུ་སྐྱེ་བའི་སྔགས། །ཡི་གེ་དྲུག་པ་དུང་ཕྱུར་གཅིག །སྙིང་ལ་འཆང་བར་བྱ་དགོས་ཏེ། །དགེ་རྩ་ངན་ངོན་ཙམ་གྱིས་ནི། །བདེ་བ་ཅན་དུ་མི་སྐྱེ་གསུངས། །ཡིག་དྲུག་འདོན་ལས་སླ་བ་ཡི། །དགེ་རྩ་རྒྱ་ཆེན་འགྲུབ་པར་དཀའ། །གོ་བར་གྱིས་ཤིག་དགེ་སློང་བ། །ཨོ་རྒྱན་རིག་འཛིན་ཡིད་ལ་ཟུངས། །ཡིག་རྐང་ཞན་ཞིང་གོ་བ་ཆུང་། །དཔེ་ཆ་མང་པོར་བལྟས་ན་ཡང་། །ཡིག་དྲུག་ཆག་པས་དགོས་པ་ཆུང་། །ཡིག་དྲུག་དུང་གཅིག་མ་འགྲུབ་ན། །བྱ་བ་གཞན་ཚོ་སྟོང་ལས་ཡིན། །དེ་སྐད་རཱ་ག་ཨ་སྱ་ཡིས། །རྟ་ལོ་བྱ་ཟླའི་ཚེས་བཅུར་སྨྲས། །མངྒ་ལཾ། གུ་རུ་པདྨ་སིདྡྷི་ཧཱུྃ། ལོ་ཡི་རྒྱལ་པོ་ཅང་ཤེས་ལོ། །པདྨ་རཱ་གའི་ཁ་དོག་ཅན། །ཟླ་བ་བློན་པོ་ནམ་མཁར་ལྡིང་། །ཨིནྡྲ་ནཱི་ལེའི་ཁ་དོག་ཅན། །དུས་ཆེན་ཡར་གྱི་ཚེས་པ་བཅུ། །རྟ་བདུན་རྒྱལ་པོ་ཤར་ཞིང་དྲོས། །པད་འབྱུང་མཁའ་འགྲོའི་ཚོགས་


CMR050_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས། །བོད་ཁམས་ཁྱབ་པར་འབྱོན་པའི་དུས། །འདོད་དོན་ཞུ་བའི་དུས་ལ་བབ། །བདག་དང་སློབ་མ་བརྒྱུད་པར་བཅས། །ཁྱད་པར་མི་འགྱུར་རྡོ་རྗེ་ལ། །ཨོ་རྒྱན་ཆེན་པོས་གཟིགས་སུ་གསོལ། །བྱམས་པའི་ཞལ་བཟང་བསྟན་དུ་གསོལ། །ཐུགས་རྗེའི་ཕྱག་གིས་བཟུང་དུ་གསོལ། །ཡེ་ཤེས་སྤྱན་གྱིས་གཟིགས་སུ་གསོལ། །དགོངས་པས་བྱིན་གྱིས་བརླབ་ཏུ་གསོལ། །བར་ཆད་རྐྱེན་ངན་བཟློག་ཏུ་གསོལ། །དངོས་གྲུབ་རྣམ་གཉིས་བསྩལ་དུ་གསོལ། །ཚེ་བསྲིང་དཔལ་རྣམས་བསྐྱེད་དུ་གསོལ། །ཉམས་དང་རྟོགས་པ་སྦར་དུ་གསོལ། །ཁྱད་པར་མི་འགྱུར་རྡོ་རྗེ་ལ། །ཨོ་རྒྱན་ཆེན་པོས་གཟིགས་སུ་གསོལ། །ས་གཏེར་ཁ་བྱང་གནང་དུ་གསོལ། །དེང་སང་དུས་ངན་སྙིགས་མ་ལ། །ཐུགས་རྗེའི་མཐུ་དཔུང་བསྐྱེད་དུ་གསོལ། །ཨ་ཏིའི་བསྟན་པ་རྒྱས་མཛད་གསོལ། །བདུད་བགེགས་དམ་སྲིའི་མགོ་ནོན་གསོལ། །སངས་རྒྱས་བསྟན་པ་ཡུན་བསྲིང་གསོལ། །སྙིང་པོའི་དོན་བརྒྱུད་དར་མཛད་གསོལ། །ལོག་ལྟ་ཟིལ་གྱིས་གནོན་མཛད་གསོལ། །ཕྱག་རྫོགས་ཟུང་དུ་འཇུག་པ་ཡི། །བསྟན་པའི་སྙིང་པོ་རྒྱས་མཛད་གསོལ། །བདག་གི་


CMR050_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་འབྲང་རེ་ལྟོས་རྣམས། །རིགས་རྒྱུད་ཆོས་བརྒྱུད་དར་མཛད་གསོལ། །བདག་དང་བརྒྱུད་པར་བཅས་པ་ཡི། །མཐོང་ཐོས་འབྲེལ་ཐོགས་སེམས་ཅན་རྣམས་། །རེ་ས་གཞན་ན་མ་མཆིས་སོ། །བདེ་ཆེན་ཞིང་དུ་འདྲེན་མཛད་གསོལ། །སྟོབས་བཅུ་དབང་བཅུའི་སྟོབས་དབང་བཅས། །ཐོགས་མེད་རྫུ་འཕྲུལ་སྟོབས་དང་ལྡན། །མངོན་ཤེས་དྲུག་ཅུས་སྣང་སྲིད་གཟིགས། །སངས་རྒྱས་གཞན་ལས་ཁྱད་འཕགས་པ། །བཅོམ་ལྡན་པདྨ་ཐོད་ཕྲེང་རྩལ། །ད་ནི་ཐུགས་རྗེ་མ་ཆུང་ཞིག །བསམ་པ་ལྷུན་གྱིས་འགྲུབ་མཛད་གསོལ། །དེ་སྐད་རཱ་ག་ཨ་སྱས་ཞུ། །བྷ་ཝནྟ།། ༈ །།ན་མོ་རཏྣ་ཏྲ་ཡཱ་ཡ། ཕྱོགས་བཅུ་དུས་གསུམ་བཞུགས་པའི་རྒྱལ་བ་སྲས་བཅས། །ཡེ་ཤེས་སྤྱན་དང་རྡོ་རྗེའི་སྙན་དང་མངོན་ཤེས་དྲུག་ལྡན། །དེ་དག་ཐམས་ཅད་ཐུགས་རྗེའི་བརྩེ་བས་བདག་ལ་གཟིགས་དང་། །ཐུགས་ཀྱིས་དགོངས་ལ་དགོངས་པས་བྱིན་གྱིས་རློབས་ཤིག །སྐྱབས་མཆོག་བསླུ་མེད་དཀོན་མཆོག་གསུམ་ལ་སྐྱབས་ན། །འཇིགས་དང་འཚེ་བ་ཀུན་ལས་སྐྱོབ་པར་གསུངས་ན། །བདག་དང་སློབ་མ་བསྲུང་བྱ་


CMR050_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དེང་ནས། །དཀོན་མཆོག་གསུམ་ལས་སྐྱབས་གཞན་མེད་པའི་བློ་ཐག་བཅད་ནས། །བསླུ་བ་མེད་པར་མྱུར་དུ་སྐྱོབས་ཤིག་དཀོན་མཆོག་གསུམ་པོ། །བཅོམ་ལྡན་ཚེ་དཔག་མེད་པའི་མཚན་དང་རིག་སྔགས། །འཛིན་ན་ཚེ་ཟད་པ་ཡང་ཡུན་རིང་འཚོ་བར་གསུངས་ན། །བདག་ཅག་དཔོན་སློབ་བསྲུང་བྱ་རིགས་རྒྱུད་བཅས་པས། །ཚེ་དཔག་སྐུ་བཞེངས་སྔགས་བཟླས་མདོ་རྒྱུད་བྲིས་ན། །དུས་མིན་འཆི་བ་བཟློག་ལ་ལོ་བརྒྱ་ཐུབ་པར་མཛོད་ཅིག །དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུརླའི་འོད་ཀྱིས། །མཚན་ཙམ་འཛིན་པས་ནད་ཀུན་ཞི་བར་མདོ་ལས་གསུངས་ན། །བདག་ཅག་དཔོན་སློབ་སྨན་བླའི་སྐུ་བཞེངས་སྔགས་བཟླས། །ཆོ་ག་ཡང་ནི་ཆག་མེད་བྱེད་མཁན་མང་དུ་མཆིས་ན། །སྨོན་ལམ་རྗེས་སུ་དགོངས་ལ་ནད་མང་རྒྱུན་འདི་ད་ནི་ཆད་མཛོད། །འཕགས་པ་འཇིག་རྟེན་གསུམ་གྱི་མགོན་པོ་སྤྱན་རས་གཟིགས་དབང་། །ཁྱེད་མཚན་བརྗོད་པས་ནད་གདོན་དགྲ་དང་དུག་མཚོན། །འཇིགས་པ་ཀུན་ལས་སྐྱོབ་ཅིང་མི་འཇིགས་དབུགས་འབྱིན་གསུངས་ན། །བདག་ཅག་སློབ་འབངས་འཁོར་བཅས་ཁྱེད་མཚན་ཐུགས་དམ་མཛད་འདིར། །


CMR050_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པ་ཀུན་ལས་མི་འཇིགས་གནོང་ལ་དབུགས་འབྱིན་ད་མཛོད། །རིག་འཛིན་ཆེན་པོ་རྩལ་འཆང་པདྨ་ཐོད་ཕྲེང་རྩལ་ཆེན། །སྙིགས་མའི་མཐའ་ལ་ཐུགས་རྗེ་བྱིན་རླབས་མྱུར་བར་ཡང་ཡང་གསུངས་ན། །བདག་ཅག་སློབ་མ་ཡང་སློབ་རྗེས་འབྲང་རིགས་རྒྱུད། །ཁྱོད་ལ་གསོལ་འདེབས་དཔུང་དང་ར་མདའ་སྦྲན་ཞིང་གནས་ངན། །ཐུགས་རྗེའི་མྱུར་དུ་སྙིགས་མའི་ནད་མུག་མཚོན་འཁྲུག །འདྲེ་རྒོད་འབྱུང་པོའི་ཆོ་འཕྲུལ་འདི་ལ་ད་ནི་སྐྱོབས་ཤིག །འཕགས་མ་སྒྲོལ་མ་འཇིག་རྟེན་མགོན་པོའི་སྤྱན་ཆབ་ལས་འཁྲུངས། །འཇིག་རྟེན་དག་ན་འཇིགས་པས་སུ་སྐྲག་ངེད་ཀྱིས་སྐྱོབ་ཅེས། །དམ་བཅའ་མཛད་ན་ཁྱེད་ལ་རྩེ་གཅིག་ངེད་ཅག་སློབ་འབངས་རིགས་བཅས། །རྩེ་གཅིག་སྐྱབས་ཞུས་དགོངས་ལ་གདོན་དང་ནད་སོགས། །འཇིགས་པ་ཀུན་ལས་ད་ནི་ཐུགས་རྗེའི་ཕྱག་བརྐྱངས། །རྒྱལ་བ་མི་འཁྲུགས་རྒྱལ་པོའི་སྔོན་གྱི་དུས་ན། །བྱང་ཆུབ་སྤྱོད་པ་རྒྱ་ཆེན་སྤྱོད་ཚེ་བདེན་ཚིག་མང་པོ་འགྲུབ་ན། །དེ་ཡི་བདེན་པས་བདག་ཅག་འཇིགས་པ་དང་ནི་གནོད་པ་འདི་རྣམས། །ད་ལྟ་ཉིད་དུ་ནུབ་ཅིང་མེད་དང་ཞི་བའི་བྱིན་རླབས་སྩོལ་ཅིག །དཔལ་


CMR050_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་འཁོར་ལོ་དེ་དང་མཉམ་སྦྱོར་སྣ་ཚོགས་ཡུམ་ཆེན། །ཁྱེད་ཞབས་དྲན་ནས་འཇིགས་པ་ཆེན་པོ་བཅུ་དྲུག་ཐམས་ཅད་ཞི་བར་གསུངས་ན། །བདག་གིས་རྒྱུན་དུ་ཁྱེད་སྒོམ་རིག་སྔགས་དག་ཀྱང་བཟླས་བཞིན་གནས་ན། །ཅི་ཕྱིར་མི་སྐྱོབ་འཇིགས་དང་གནོད་པ་ཇེ་འཕེལ་འདི་ཅི། །འཕགས་མ་རི་ཁྲོད་ཤིང་ལོའི་ན་བཟའ་རྨ་བྱའི་མདངས་ལྡན་མཛེས་མ། །ཁྱེད་ཀྱི་རིག་སྔགས་སུས་འཆང་ནད་རིགས་ཞི་བའི་རྡོ་རྗེ་མཆོག་ཏུ་གསུངས་ན། །ཅི་ཕྱིར་བདག་གིས་ཁྱེད་དྲན་རིག་སྔགས་དག་ཀྱང་ཅི་ནུས་བརྗོད་བཞིན། །ནད་མང་ནད་ཀྱི་རིགས་ནི་དུ་མས་འཚེ་འདི་ཅི་ཀོ་ཀྱེ་མ། །རང་གི་ཙིཏྟ་ལྕགས་ཀྱུ་འདྲ་བའི་དྲག་པོ་དུས་མིན་ཕ་རོལ་པོ་ཡང་། །མཐོང་ཆོས་མྱོང་འགྱུར་ལས་ལ་བཅོས་མེད་གོ་ཕྱིར། །དཀོན་མཆོག་གསུམ་དང་མདོ་རྒྱུད་དོན་ལ་ལོག་ལྟ་སྤང་ན། །ཕྱིན་ཆད་ངེད་ཅག་དཔོན་སློབ་རིགས་རྒྱུད་དག་ནི་དུ་མ། །ཐམས་ཅད་ལས་འབྲེལ་གཅིག་དང་མཚུངས་པར་སྤྱོད་པ་འདི་འདྲའི་གནས་ནི། །སྲིད་པ་མིན་པར་གཅིག་དང་འདྲ་བར་ཁོ་ནར་བར་ཆད་དུས་མིན་འཆི་ན། །མདོ་རྒྱུད་གསུངས་དང་དཀོན་མཆོག་ཐུགས་རྗེ་རིག་སྔགས་ནུས་པ། ཀུན་ལ་འགྲོ་ཡང་ལོག་ལྟ་


CMR050_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བར་ངེས་པ། །ད་ནི་ཐུགས་རྗེ་མ་གཡེལ་ཐུགས་རྗེས་སྐྱོབས་ཤིག །ཅེས་པ་རྟ་ལོ་སྤྲེལ་ཟླའི་ཉི་ཤུའི་ཐོ་རངས་སྐོར་ཞིག །རང་ཚང་ལ་བརྟག་གཞིག་བྱས་པས་ངན་ལོག་ལ་འགྲོ། །འགྱ་ཐོ་ལོག་ཟེར་བ་གཅིག་རྨིས་བྱུང་། དེ་ལ་རྣམ་རྟོག་མ་བྱས་ཀྱང་། །དེ་རྗེས་སྤྲུལ་སྐུ་བསྙུང་བ་ཐོས། །སློབ་བུ་ཞི་གནས་དང་། མ་ཎི་བྷ་རི་སྐྱབས་ཀྱང་ནད་ཚབས་ཆེན་བྱུང་གདའ། དེ་ནས་དཀར་ལུ་ན་ནས་ཐུ་མོ་བྱས་པའི་སྐད་བྱུང་ནས། །བྱ་ཟླའི་ཡར་ཚེས་བཅུ་གསུམ་ལ་སྨྲས་པའོ།། ༈ །།ན་མོ་བོ་དྷི་སཏཱ་ཡེ། སྤྲིན་དཀར་ཕུང་པོ་སྤུངས་འདྲའི་ཞིང་། །ཉ་རྒྱས་ཟླ་བ་ལྟར་མཛེས་ཞལ་གཅིག་པ། །ཕྱག་གཡས་མྱུ་གུ་ཨིནྡྲ་ནཱི་ལེའི་མདོག །འཛམ་བུའི་ཆུ་གསེར་ལས་གྲུབ་དྲིལ་བུ་གཡོན། །སུམ་རྩེན་ལྷ་ཡི་རྒྱན་དང་ན་བཟའ་བཀླུབས། །རབ་མཛེས་པདྨའི་ལྟེ་བར་ཕྱེད་པའི་སྐྱིལ། །བྱང་ཆུབ་སེམས་དཔའི་ནང་ནས་སེམས་དཔའ་ཆེ། །ས་ཡི་སྙིང་པོའི་ཞབས་ལ་ཕྱག་འཚལ་ལོ། །འགྲོ་བ་ཀུན་ལ་ཐུགས་རྗེས་བརྩེར་དགོངས་ནས། །སད་དང་སེར་བའི་གནོད་པ་མི་འབྱུང་ཞིང་། །ལོ་ཐོག་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །བཙོ་མའི་མདོག་ཅན་སྐབས་གསུམ་བུ་མོ་འདྲ། །སྐུ་སྟོད་ས་ལས་ཐོན་ནས་གཏེར་བུམ་འཛིན། །དུས་གསུམ་


CMR050_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་ས་ལམ་བགྲོད་པ་ཡི། །དཔང་པོ་མཛད་པས་བདུད་སྡེ་ཕམ་མཛད་མ། །ས་འཛིན་ལྷ་མོ་དེ་ལ་བདག་གིས་བསྟོད། །རྒྱལ་བའི་སྤྱན་སྔར་ཐུགས་དམ་རྗེས་དགོངས་ལ། །སྟོང་ཕྲག་ཉི་ཤུའི་འོག་ནས་ས་ཡི་བརྒྱུད། །ས་ཕྱོགས་འདི་རུ་བསྡུས་ལ་ཡུལ་ཕྱོགས་འདིར། །རྟག་ཏུ་ལོ་ལེགས་འབྲུ་འཕེལ་བཀྲ་ཤིས་སྩོལ། །རྒྱ་མཚོའི་ཀློང་ནས་ཤེལ་དཀར་རི་བོ་བཞིན། །ལྟོ་འགྲོའི་གདེངས་ཁ་སྤྲིན་ཕུང་ནམ་མཁའ་ཁྱབ། །ཕྱག་གཉིས་ཐལ་སྦྱར་འཛད་མེད་གཏེར་བུམ་བསྣམས། །ལྟོ་འཕྱེ་མཇུག་མས་ས་འོག་རྒྱ་མཚོ་དཀྲུགས། །འཇམ་དབྱངས་སྤྲུལ་པ་ཀླུ་ཡི་རྒྱལ་པོ་ཆེ། །ཀླུ་ཡི་མགོན་པོ་དཀར་པོ་ཞེས་གྲགས་པ། །སྨར་ཁམས་ཕྱོགས་ནས་ཡུལ་ཕྱོགས་འདིར་གཟིགས་ལ། །གྲོ་ཞུན་ཁྲུམས་དང་ཐ་སྐར་ཡར་ངོའི་ཚེས། །ཐོ་རས་རྒྱུན་དུ་ནམ་མཁར་དབུགས་ཐོགས་ལ། །སྤྲིན་ཕུང་འཁྲིགས་ཤིང་སད་སེར་མེད་པར་མཛོད། །སེམས་དཔའ་ཁྱོད་ཀྱིས་སྙིགས་མའི་འགྲོ་བ་ལ། །སྙིང་རྗེའི་དབང་གིས་མི་འཇིགས་སྦྱིན་པ་བྱིན། །བྷེ་ནི་ཀོ་ཊའི་གནས་ཆེན་བླ་མཚོ་ནས། །ས་བརྒྱད་སེམས་དཔའ་རྒྱ་མཚོའི་ཀླུ་བརྒྱད་ཚུལ། །སྨྱོ་ཁ་ཀླུ་བདུད་ནག་པོ་


CMR050_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་དགུ་པ། །སྲིན་པོའི་གཟུགས་ཅན་སྦྲུལ་མཇུག་གདེངས་ཀ་ཅན། །གསེར་གྱི་འཁོར་ལོ་སྦྲུལ་ཞགས་ལག་ན་ཐོགས། །མིག་མང་སྤྲིན་འཁྲིགས་ན་བུན་གློག་འོད་འཁྱུགས། །བྲ་ནག་རྟིང་དཀར་རྫུ་འཕྲུལ་རླུང་བས་མགྱོགས། །གྲོ་ཞུན་ཁྲུམས་དང་ཐ་སྐར་ཟླ་བ་ལ། །ཐོ་རངས་རྒྱུན་དུ་ནམ་མཁར་ཁྱོད་རྒྱུག་ལ། །སྤྲིན་ནག་འཁྲིགས་ཤིང་སད་སེར་མེད་པར་མཛོད། །ཁྱོད་ནི་འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ། །འགྲོ་ལ་ཕན་ཕྱིར་འཇིག་རྟེན་འདིར་བཞུགས་ལ། །སྙིགས་དུས་འགྲོ་རྣམས་མུ་གེས་འཇིགས་པ་ལས། །སྐྱོབ་ཕྱིར་སེམས་དཔའ་ཁྱོད་ཀྱིས་ཐུགས་བསྐྱེད་མཛོད། །གཞན་ཡང་ཀླུ་རྒྱལ་སངས་རྒྱས་བཅོམ་ལྡན་འདས། །ཀླུ་ཆེན་བརྒྱད་དང་མ་དྲོའི་ཀླུ་དབང་དང་། །བློན་པོ་ཁམས་ཀྱི་བྱ་ཐུལ་ལ་སོགས་པ། །གཟི་བྱིན་ཆེ་བའི་ཀླུ་དང་ཡུལ་ལྷ་རྣམས། །སད་དང་སེར་བའི་གནོད་པ་མ་གཏོང་བར། །འཇིག་རྟེན་བདེ་ཞིང་ལོ་ལེགས་མཛད་དུ་གསོལ། །ཞེས་པ་མེ་ཕོ་རྟ་ཡི་ལོ་ལ་གླང་རྩིས་ནསལོ་ལྟས་ཤིན་ཏུ་ངན་ཞིང་དབྱར་སྟོད་ཆུ་སྐམ་ཟེར་བ་ཡོད་ཀྱང་། དགུན་ལ་ཆར་བསྒྲུབས་བྱས་པའི་རྟེན་འབྲེལ་ཡིན་ནམ་སྙམ། ཕྱོགས་གཞན་དུ་ཆར་དཀོན་ཡང་ཕྱོགས་འདིར་ཆར་


CMR050_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བྱུང་། གྲོ་ཞུན་ཟླ་བའི་བཅུ་གཉིས་དང་བཅུ་གསུམ་ལ་ཤི་ལུགས་ངན་པས་སྐྱེས་པ་བུད་མེད་འགའ་རེ་ཤི་བས་སད་འོང་དོགས་སྤྲིན་སྡུད་འཁོར་ལོ་དང་གདམས་པ་འགའ་བྱས་དུས་སྨྲས་པའོ། །མངྒ་ལཾ། །ན་མོ་བཛྲ་སཏཱ་ཡེ། རང་རེ་སེམས་ཅན་ཐམས་ཅད་ཀུན། །སྐྱེ་བ་འདི་དང་ཚེ་རབས་ཀུན། །སྡུག་བསྔལ་འབྱུང་བའི་རྒྱུ་རྐྱེན་ནི། །མི་དགེ་སྡིག་ལྟུང་ཁོ་ན་ཡིན། །དེ་ལ་བཤགས་པ་མ་བྱས་ན། །བསྐལ་པ་བྱེ་བ་དུ་མར་ཡང་། །མེད་པར་མི་འགྱུར་ནམ་ཞིག་སྨིན། །སྡིག་པ་ཆུང་ངུ་གཅིག་བྱས་ན། །བཤགས་པ་མ་བྱས་ལུས་པ་ན། །ཞག་རེ་སོང་བཞིན་སྐྱེད་རེ་འཕེལ། །སྡིག་པ་ཆུང་ཡང་ཆེན་པོར་འགྱུར། །བཤགས་པས་རྩད་ནས་མ་དག་ཀྱང་། །དེ་ཕྱིར་སྐྱེད་ནི་འཕེལ་མི་འགྱུར། །སྡིག་ཆེན་དམྱལ་བར་སྐྱེས་ན་ཡང་། །སྡིག་པ་བཤགས་པ་བྱས་པ་དེས། །དམྱལ་བའི་ཚེ་ཚད་འདུག་མི་དགོས། །སྟོབས་བཞི་ཚང་བར་བཤགས་ཤེས་ན། །མཚམས་མེད་ལྔ་ཡི་སྡིག་བྱས་ཀྱང་། །དམྱལ་བར་ཡུད་ཙམ་འགྲོ་ན་ཡང་། །དེ་མ་ཐག་ཏུ་ཐར་བར་འགྱུར། །དེ་ལ་སྟོབས་བཞི་འདི་ལྟར་ཏེ། །སྔར་བྱས་སྡིག་ལ་འགྱོད་སེམས་ནི། །ཁོག་པར་བཙན་


CMR050_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དུག་སོང་བཞིན་བྱ། །དེ་ནི་རྣམ་པར་སུན་འབྱིན་སྟོབས། །རྟེན་གསུམ་བྱིན་རླབས་ལྡན་པ་ལ། །གནས་རི་བཟང་པོ་ངོ་མཚར་ཅན། །བླ་མའི་དྲུང་དང་དཀྱིལ་འཁོར་དྲུང་། །དེ་འདྲའི་དྲུང་དུ་བཤགས་པར་བྱ། །དེ་འདྲ་དངོས་སུ་མ་འཛོམས་ན། །ནུབ་ཏུ་ཁ་བལྟས་ཡིད་ཡུལ་དུ། །བདེ་བ་ཅན་གྱི་ཞིང་ཁམས་དང་། །འོད་དཔག་མེད་པ་གཙོ་འཁོར་གསུམ། །ཚུར་ལ་ཞལ་གཟིགས་མངོན་སུམ་དུ། །རི་རྒྱལ་ལྷུན་པོ་ལྟ་བུ་ནི། །ལྷང་ངེ་ལྷན་ནེ་ལྷམ་མེར་བསྒོམ། །དེ་ཡི་དྲུང་དུ་ཕྱག་འཚལ་ཞིང་། །བཤགས་པ་བྱས་ན་ཟབ་པ་སྟེ། །རྟེན་གྱི་སྟོབས་ཞེས་བྱ་བའོ། །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། །དགེ་བའི་རྩ་བ་ཀུན་ཡིན་ཡང་། །ཁྱད་པར་མཆོག་ཏུ་ཟབ་པ་ནི། །ལུས་ཀྱི་སྒྲིབ་པ་སྦྱོང་བ་ལ། །ཕྱག་དང་བསྐོར་བ་མཚུངས་པ་མེད། །ཕྱག་ལ་ཕྱི་ནང་གསང་བ་གསུམ། །ཕྱི་ལྟར་རབ་བྱུང་སྐྱེ་བོ་སོགས། །སོ་སོ་ཆ་ལུགས་དགོས་བཅས་གཟབ། །དང་པོ་ལུས་པོ་བསྲངས་ཏེ་ལང་། །ལག་པ་འཕྲེད་དུ་ཤད་ཀྱིས་བརྐྱངས། །ཐལ་མོ་སྤྱི་བོའི་གཙུག་ཏུ་སྦྱར། །དཔྲལ་མགྲིན་སྙིང་ཁར་གཏུགས་བྱས་ཏེ། །ལག་མཐིལ་དཔྲལ་བ་པུས་


CMR050_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ལྔ། །ས་ལ་གཏུག་པར་བྱེད་པ་ནི། །དཀྱིལ་འཁོར་ལྔ་པའི་ཕྱག་ཡིན་ནོ། །བླ་མ་སློབ་དཔོན་མཇལ་བའི་ཚེ། །ལག་པ་གཉིས་ཀྱིས་ཞབས་ལ་འཁྱུད། །ཐོད་པ་པུས་མོར་གཏུག་པ་ནི། །བྱིན་པ་ནས་འཁྱུད་ཕྱག་ཡིན་ལ། །དེང་སང་བོད་དུ་མ་དར་རོ། །ཐོར་ཚུགས་བཀྲོལ་ལ་དབུ་རྒྱན་ཕུད། །ཕོད་ཁ་རུས་རྒྱན་ལུས་ལ་གྱོན། །ཕྱག་རབ་གྱེར་ཞིང་ཕྱག་འཚལ་ན། །དེ་ནི་ནང་གི་ཕྱག་ཏུ་བཤད། །ཐ་མལ་སྐྱེ་བོ་མེད་པའི་ས། །ལྷ་དང་བླ་མའི་དཀྱིལ་འཁོར་དུ། །གཅེར་བུར་ཕྱག་འཚལ་གསང་བའི་ཕྱག །དམ་ཚིག་ཉམས་ཆག་བསྐང་བ་ཡིན། །རས་ཀྱི་ཨང་ག་རག་གྱོན་ནས། །རླུང་བཟུང་ནམ་མཁར་ལུས་འཕག་སྟེ། །ལུས་ནི་ཁ་སྦུབ་ས་ལ་སྡེབ། །ལག་པ་གཡས་གཡོན་རིམ་པ་ལྟར། །ས་ལ་ལན་གྲངས་གསུམ་རེ་དང་། །རྐང་པ་གཡོན་གཡས་གསུམ་རེ་དང་། །ཐོད་པ་ས་ལ་ལན་གསུམ་སྡེབ། །དེ་ནི་བརྐྱང་ཕྱག་ཞེས་བྱ་སྟེ། །ཨ་ཙ་ར་དང་རྟོགས་ལྡན་ལུགས། །སྒྲིབ་པ་དག་པའི་མཆོག་ཡིན་ཏེ། །རླུང་ལ་བྱང་པོ་མེད་པ་ནི། །རྐང་ལག་ཆག་གྲུག་འོང་བའམ། །ཆུ་སེར་འཁྲུགས་ནས་ཞ་གྲུམ་འོང་། །རྒྱུན་དུ་ཡན་ལག་ལྔ་པ་


CMR050_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །ཕྱག་དེ་འཚལ་བར་བྱེད་ན་ལེགས། །ནང་གི་ལྟུང་བཤགས་སྤྱི་བཤགས་དང་། །གསེར་འོད་ནས་བྱུང་བཤགས་པ་དང་། །ཀློང་བཤགས་ལ་སོགས་བཤགས་པའི་རིགས། །ཁྱད་པར་ཡིག་བརྒྱ་བཟླ་བ་ཟབ། །ཡིད་ཀྱིས་བཤགས་བྱ་བཤགས་བྱེད་རྣམས། །མི་དམིགས་སྟོང་ཉིད་ངང་ལ་བཤགས། །དེ་ལྟར་ལུས་ངག་ཡིད་གསུམ་གྱིས། །བཤགས་པའི་ཐབས་ལ་འབད་པ་ནི། །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། །དེ་ལྟར་སྡིག་པ་བཤགས་ཆོག་པས། །ད་རུང་སྡིག་ལྟུང་བྱས་ན་ཡང་། །སྐྱོན་མེད་བཤགས་ཆོག་བསམ་པ་ནི། །བཤགས་ཀྱང་དག་པར་མི་འགྱུར་བས། །ཕྱིན་ཆད་སྲོག་ལ་བབ་ན་ཡང་། །སྡིག་ལྟུང་དེ་རྣམས་མི་བྱེད་པའི། །དམ་བཅའ་དྲག་པོ་ཐུབ་ངེས་བྱ། །དེ་ནི་ཆུར་ལོན་སྟོབས་ཞེས་བྱ། །དེ་ལྟར་སྟོབས་བཞི་ཚང་བ་ཡི། །བཤགས་ན་སྡིག་ཀུན་བྱང་བ་ནི། །སོར་ཕྲེང་ཅན་གྱིས་མི་ཡི་གྲངས། །དགུ་བརྒྱ་དགུ་བཅུ་གོ་དགུ་ཀླུ་བསད། །མ་སྐྱེས་སྒྲ་ཡི་ཕ་བསད་དང་། །མཐོང་ལྡན་མ་བསད་སྡིག་རྣམས་ཀྱང་། །བཤགས་པས་དག་པའི་ལོ་རྒྱུས་མང་། །རྒྱལ་བ་ཆོས་ཀྱི་དབང་ཕྱུག་གིས། །ཕྱག་ཆེན་


CMR050_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་ཆེན་གནང་བའི་སྐབས། །ཐ་མལ་སེམས་ཅན་ཐམས་ཅད་ཀུན། །དང་པོ་སྡིག་ཡོད་དགེ་མེད་ཡིན། །བར་དུ་དགེ་ཡོད་སྡིག་ཡོད་ཡིན། །ཐ་མ་དགེ་ཡོད་སྡིག་མེད་ཡིན། །དེ་སྐད་ཞལ་ནས་གསུངས་པ་ཐོས། །སྡིག་ཡོད་དགེ་མེད་གང་ཞེ་ན། །ཆོས་སྒོར་མ་ཞུགས་པ་རྣམས་ཡིན། །འགྲོ་ས་ངན་སོང་གསུམ་ལས་མེད། །དགེ་ཡོད་སྡིག་མེད་གང་ཞེ་ན། །ཆོས་སྒོར་ཞུགས་པ་ཕལ་ཆེར་ཡིན། །འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་གསུམ། །རྩ་བ་བཞི་པོ་མ་ཤོར་ཡང་། །ལྟུང་བ་ཉེས་བྱས་ཆར་པ་འབེབས། །བྱང་ཆུབ་སེམས་དཔའི་བསླབ་པ་དང་། །སངས་རྒྱས་ཐོབ་འདོད་མི་སྤང་ཡང་། །ལྟུང་བ་མང་པོ་རྒྱུན་དུ་སོགས། །གསང་སྔགས་དབང་བཞི་ཐོབ་ནས་ཀྱང་། །ལྷ་སྔགས་བླ་མ་མི་སྤང་ཡང་། །དམ་ཚིག་ཉམས་ཆག་རྒྱུན་མི་ཆད། །རྩ་བའི་སྡོམ་པ་གཙང་བ་དེས། །སངས་རྒྱས་བསྟན་པའི་གྲལ་ཚུད་ཅིང་། །ཕན་ཡོན་དགེ་བ་རྒྱ་ཆེ་ཡང་། །ཕྲ་ཞིབ་ལྟུང་བ་ཉེས་བྱས་དེས། །ཀླུ་དང་དུད་འགྲོའི་ལུས་ངན་པ། །ལེན་པའི་རྒྱུ་ནི་མང་དུ་སོགས། །དེ་ཕྱིར་རྒྱུན་དུ་བཤགས་པ་གཅེས། །སྡིག་ལྟུང་ཆུང་ངུ་བྱུང་བ་ཡང་། །མི་གནོད་ཙམ་


CMR050_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བརྙས་མི་བྱ། །བཙན་དུག་ཆུང་ཡང་སྲོག་རྩ་གཅོད། །ཚེ་འདིར་སྡང་བའི་དགྲ་བོས་ཀྱང་། །ལན་གཅིག་གསོད་ལས་ཐུ་མི་བྱེད། །སྲོག་བཅད་གཅིག་གི་སྡིག་པས་ཀྱང་། །ལན་གྲངས་སྟོང་ལ་གཅིག་ཆད་པའི། །གྲངས་ཙམ་རང་གི་སྲོག་གཅོད་དེ། །ཞེ་སྡང་ཆེ་བའི་དགྲ་བོས་ཀྱང་། །བཙོ་བསྲེག་ལན་གཅིག་ཨི་བྱེད་དམ། །སྡིག་པས་བསྐལ་པར་བཙོ་དང་སྲེག །དེས་ན་སྡང་བའི་དགྲ་བོ་ནི། །སྡིག་པ་ཡིན་པས་འདུལ་བའི་ཐབས། །འདི་ལ་འབད་པར་བྱ་བ་གཅེས། །དེ་སྐད་རཱ་ག་ཨ་སྱས་སྨྲས།། ༈ །།ཨེ་མ་རང་ཅག་སེམས་ཅན་རྣམས། །བདེ་སྐྱིད་འདོད་པ་བློ་མཉམ་སྟེ། །དམ་ཆོས་མ་ཐོབ་ཕལ་པ་ཡི། །བདེ་སྐྱིད་སྒྲུབ་ཐབས་མི་ཤེས་ཏེ། །ཚེ་འདིའི་བདེ་སྐྱིད་ཐོབ་འདོད་ནས། །མི་དགེ་སྡིག་པའི་ལས་བྱས་པ། །དཔེར་ན་བྱིས་པ་བསམ་མེད་ཀྱིས། །རང་གི་ཁ་དོག་དཀར་འདོད་ནས། །རྫ་དྲེག་བྱུག་སྒྱུ་པར་བྱེད་དང་འདྲ། །དྲེག་སྣག་དཀར་པོར་མི་ཡོང་ལྟར། །སྡིག་པས་བདེ་སྐྱིད་འབྱུང་བ་མེད། །བདེ་སྐྱིད་བྱུང་ནི་དགེ་བ་སྟེ། །བསོད་ནམས་བསགས་ན་བདེ་སྐྱིད་འབྱུང་། །


CMR050_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སོང་གསུམ་དང་གླིང་གཞན་གསུམ། །མཐའ་འཁོབ་བསོད་ནམས་བསགས་མི་ཤེས། །རང་རེ་དམ་ཆོས་དར་སར་སྐྱེས། །ད་རེས་ཚེ་རབས་ཐམས་ཅད་དུ། །བདེ་སྐྱིད་བསྒྲུབ་པའི་དུས་ལ་བརྡ། །དཔེར་ན་ཁྱིམ་པ་ཐམས་ཅད་ཀྱིས། །ཚོང་དང་སོ་ནམ་ནོར་ཕྱུགས་སྒབ། །སྣ་ཚོགས་ཐབས་ཀྱིས་ཟས་ནོར་སྒྲུབ། །དེ་ཕྱིར་ཆོས་སྒོར་ཞུགས་ཕྱི་ནས། །སྣ་ཚོགས་ཐབས་ཀྱིས་ཚོགས་བསགས་བྱ། །བསོད་ནམས་དང་པོ་སྦྱིན་པ་སྟེ། །ཁྱིམ་པ་ཡིན་ན་ཟས་ནོར་གྱིས། །ཡར་མཆོད་མར་སྦྱིན་བྱ་བར་གསུངས། །དེ་ལ་ཞིང་ས་གདམས་ལུགས་གཉིས། །རྟོགས་པ་མཐོན་པོ་མེད་པ་ན། །ཞིང་ས་ཡར་ལ་གདམས་པ་ཟབ། །སྐྱེ་བོ་ཕལ་པ་འབུམ་ཕྲག་ལ། །ཟས་དངོས་སྦྱིན་པ་བྱིན་པ་བས། །བྲམ་ཟེ་གཙང་མ་གཅིག་ལས་ལྷག །བྲམ་ཟེ་འབུམ་ཕྲག་གཅིག་ལས་ནི། །སྡོམ་གཙང་བཙུན་པ་གཅིག་ལས་ལྷག །བན་དེ་འབུམ་ལས་དགེ་ཚུལ་གཅིག །དགེ་ཚུལ་འབུམ་ལས་དགེ་སློང་གཅིག །དགེ་སློང་འབུམ་ལས་ཕྱག་ཆེན་གྱི། །རྟོགས་པ་ལྡན་པ་གཅིག་ལྷག་གསུངས། །རྩ་བའི་བླ་མ་ཕ་དང་མ། །ས་བཅུའི་བྱང་ཆུབ་སེམས་དཔའ་དང་། །


CMR050_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཆོས་རྒྱ་ཆེན་སྟོན་མཁན་ལ། །ཕུལ་ན་ཕན་ཡོན་དཔག་ཏུ་མེད། །རྟོགས་པ་མཐོན་པོའི་གང་ཟག་གིས། །ཞིང་ས་མར་ལ་གདམས་པ་སྟེ། །ནད་པ་དང་ནི་དབུལ་ཕོངས་ལ། །བྱིན་ན་སངས་རྒྱས་རྣམས་ཀྱང་ལེགས། །སངས་རྒྱས་མཆོད་ཀྱང་མཉེས་པ་མེད། །དེ་ཕྱིར་ཉམ་ཐག་སྐྱོང་བ་ལེགས། །དོན་དམ་ཞིང་ས་མཐོ་དམན་མེད། །སེམས་ཅན་ཐམས་ཅད་ཡི་དམ་གྱི། །ལྷ་སྐུར་རང་གིས་གསལ་བསྒོམ་ཕྱིར། །ཞིང་ས་ཁྱད་པར་མེད་པར་བཤད། །དེ་དག་ཁྱིམ་པ་སྔགས་འཆང་ལུགས། །སྦྱིན་པའི་གཙོ་བོ་ཆོས་སྦྱིན་ཡིན། །ཟང་ཟིང་སྦྱིན་པས་དོ་ཟླ་མིན། །སྙིང་ནས་དམ་ཆོས་འདོད་པ་ལ། །ཕྱག་རྟེན་མེད་ཀྱང་དབང་ལུང་སྦྱིན། །དེ་ཡིས་མཐུན་རྐྱེན་འཚོ་བ་སྦྱར། །ཡི་དྭགས་རྣམས་ལ་ཆུ་སྦྱིན་བྱ། །གུང་ཚིག་ཟ་འཕྲོ་ཆངས་བུ་སོགས། །བྱ་ཁྱི་སོགས་ལ་སྦྱིན་པར་གསུངས། །དེ་མིན་ཟས་གོས་ལ་སོགས་པ། །དཀོར་རྫས་མིན་པ་མེད་པའི་ཕྱིར། །སྐྱེ་བོ་དབུལ་ཕོངས་ཅན་ལ་ཡང་། །ཧ་ཅང་སྦྱིན་པར་མི་རུང་སྟེ། །དཀོར་དེས་ཁོ་ལ་གནོད་པ་ཆེ། །དེ་ཕྱིར་རྒྱ་གར་ནཱ་ལེནྡྲ། །དགེ་འདུན་འབྲས་ཚོད་ལྷག་མ་


CMR050_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །བྱ་ཁྱི་སྤྲང་པོར་མིན་སྦྱིན་པ། །དོང་བསྐོས་ནང་དུ་བླུགས་སྲོལ་དར། །དེ་ལ་གོ་རྒྱུ་ཆེན་པོ་ཡོད། །བཙུན་པའི་རིགས་ལ་སྦྱིན་དུ་རུང་། །གློ་བུར་ལྷགས་མའི་དགེ་འདུན་ཟེར། །བཙུན་པ་དབུལ་ཕོངས་ལྡན་པ་ལ། ཟས་གོས་ཅི་འབྱོར་སྦྱིན་རུང་གི །རང་གི་ཆོས་གོས་རྣམ་གསུམ་དང་། །ལྷུང་བཟེད་སྦྱིན་པར་མི་རུང་གསུངས། །ཁྱིམ་པ་། སྐྱེ་བོ་ཁྱད་པར་དུ། །ཁོ་ལ་མཁོ་ཞིང་ཕན་ཆེ་ཡང་། །དུག་དང་མཚོན་དང་ངན་སྔགས་རིགས། །སྦྱིན་དུ་རུང་བ་མ་ཡིན་ཏེ། །སྣག་སྨྱུག་ཤོག་གུ་དཔེ་ཆ་སོགས། །བྱིན་ན་ཤེས་རབ་ཆེ་བའི་རྒྱུ། །ནད་ལ་གནོད་པའི་ཟས་དང་སྐོམ། །ནད་པ་དགའ་ཡང་སྦྱིན་མི་རུང་། །སྙིང་རྗེ་དཔག་མེད་སྦྱིན་ན་ཡང་། །རང་ཉིད་ས་ཐོབ་མ་ཡིན་ན། །རང་གི་ཤ་ཁྲག་སྦྱིན་མི་རུང་། །མཆོད་པ་སྦྱིན་པ་དོན་གཅིག་པས། །ཕྱི་གཏོར་ཆབ་གཏོར་བཏང་བ་དང་། །ནང་གཏོར་གཏོར་བསྔོས་བྱ་བ་དང་། །གསང་གཏོར་ལུས་རྒྱན་དམིགས་པ་གསུམ་། །མ་ཆག་སྦྱིན་པའི་མཆོག་ཡིན་ནོ། །དངོས་སུ་ཤ་ཁྲག་མི་སྦྱིན་ཡང་། །ཡིད་ཀྱིས་ལུས་སྦྱིན་དམིགས་པ་དེས། །དངོས་སུ་བྱིན་དང་བསོད་ནམས་མཉམ། །དེ་ཡང་


CMR050_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གནད་ཟབ་ངོ་མཚར་ཆོས། །འབུ་སྲིན་ལ་སོགས་ཤི་ལ་ཁད། །མེ་ནང་འབུད་སོགས་སྲོག་སྐྱབས་དང་། །སད་དང་སེར་བ་ཐན་པ་སོགས། །སེམས་བསྐྱེད་ལྡན་པས་བསྲུང་བ་དང་། །སྤྲིན་སྡུད་ཆར་འབོད་བྱེད་པ་ནི། །མི་འཇིགས་སྐྱབས་ཀྱི་སྦྱིན་པ་ཡིན། །རང་ལ་དབང་སྟོབས་ཡོད་པ་ནི། །སྐེ་མིག་སོགས་ཀྱི་སྲོག་སྐྱབས་དང། །བཤས་ལུག་ཉོ་དང་རི་རྒྱ་བཀག །འདི་དག་སྦྱིན་པའི་མཆོག་ཡིན་ནོ། །དེ་འདྲའི་དབང་དང་སྟོབས་མེད་ན། །མ་བྱས་པ་ལ་ཉེས་པ་མེད། །སྡོམ་པའི་ཚུལ་ཁྲིམས་གང་ཞུས་པ། །དགེ་བ་ཆོས་སྡུད་ཚུལ་ཁྲིམས་ནི། །དབང་ལུང་ཆོས་སོགས་གང་ཐོབ་ཞུ། །བླ་མ་ཚད་ལྡན་མཇལ་ཚད་ལ། །ཆོས་འབྲེལ་སྣ་རེ་གང་ཐོབ་བྱ། །རྩ་བའི་བླ་མར་མི་འཛིན་ཀྱང་། །དམ་ཚིག་མི་བཅག་གཤེ་སྐུར་སྤང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ནི། །མཚམས་ཀྱི་དམ་བཅའ་མིན་པའི་དུས། །གང་ལ་གང་ཕན་དབང་ལུང་དང་། །འདི་ཕྱིར་ཕན་པའི་ཞལ་གདམས་བྱ། །ཐབས་ཀྱིས་བྱང་ཆུབ་ལམ་ལ་དཀྲི། །དཀའ་བ་དང་ལེན་བཟོད་པ་ནི། །ཕྱག་དང་བསྐོར་བ་འཁྲུལ་འཁོར་སོགས། །དཀའ་ཞིང་ཚེགས་མེད་


CMR050_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ནན་ཏན་བྱ། །ཚིག་ངན་ལ་སོགས་སྨྲ་བ་དང་། །ཕན་ལན་གནོད་པ་སྐྱེལ་བ་དང་། །རེ་བ་བཞིན་དུ་མ་བྱས་ན། །ཚིག་ངན་ཁ་ལེན་ལྐུགས་ཚུལ་བཟུང་། །ཡིད་ཀྱིས་ཞེ་བཞག་གནོད་སེམས་སྤང་། །བསྟོད་པ་ལེགས་པོ་སྨྲ་བ་དང་། །མཚང་འབྲུ་གནོད་ཚིག་བརྗོད་པ་གཉིས། །ངོ་བོར་བལྟས་པས་སྟོང་པ་ཉིད། །བྲག་ཆའི་སྒྲ་དང་མཚུངས་པར་བསམ། །རང་ལ་ཡོན་ཏན་མི་ལྡན་ན། །བསྟོད་པ་བྱས་ཀྱང་རྫུན་གྱི་ཚིག །རང་ཉིད་ཡོན་ཏན་ལྡན་པ་ལ། །གཤེ་སྐུར་བྱུང་ན་སྒྲིབ་པ་ཟད། །མི་འོས་བསྟོད་པ་ཆེ་བྱུང་ན། །རང་གི་བསོད་ནམས་ཟད་པའི་རྒྱུ། །བསྟོད་པ་དང་ནི་ཚིག་འཇམ་པས། །རང་ལ་ཕན་ཐོག་ཅུང་ཙམ་མེད། །གཤེ་སྐུར་བྱུང་དང་ཚིག་རྩུབ་པས། །རང་ལ་གནོད་པ་ཅི་ཡང་མེད། །དེ་ལྟར་ཤེས་ནས་བཟོད་པ་བསྒོམ། །ཅི་མི་སྙམ་པའི་བཟོད་པ་ཡིན། །རང་ལ་རེ་ལྟོས་བཅས་པའི་མི། །ཚུལ་ཁྲིམས་སྡོམ་པ་མི་བསྲུང་དང་། །ཆོས་ལ་བར་ཆད་འབྱུང་ངེས་པའི། །བྱ་བ་འགའ་རེ་བྱེད་འདུག་ན། །དེ་ལ་ངོ་བསྲུང་ཤ་ཚ་བས། །ངན་པ་མི་བརྗོད་ངག་འཇམ་པ། །དེ་བཞིན་ཆོས་ཕྱིར་དཀའ་སྤྱད་ལ། །ཤ་ཚ་བྱས་ནས་དེ་


CMR050_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བཤོལ་ན། །བཟོད་པ་ཤ་ཚ་གོ་ལོག་ཡིན། །ངན་སྤྱོད་བྱེད་པའི་རྡུང་ཚིག་དང་། །ཆོས་དེ་ལམ་དུ་མི་འགྲོ་བའི། །གནད་དེ་རིག་ན་བཤོལ་བྱའོ། །ཆོས་ལ་བརྩོན་འགྲུས་བྱ་བ་ཡང་། །བརྩོན་འགྲུས་མཐར་ལྟུང་སྤང་དགོས་ཏེ། །དཔེར་ན་ཐག་རིང་མགྲོན་པོ་ལྟར། །ཞག་འགའ་ཚུགས་ཐག་རིང་འདུག་ན། །མི་ཤུལ་རྟ་ཆད་མི་ཕྱིན་རྐྱེན། །དེ་བཞིན་ཟླ་ཞག་འགའ་རེ་ལ། །བརྩོན་འགྲུས་དྲག་ཐལ་ལུས་སུ་བཅིངས། །ནད་ལྡང་ཡུན་རིང་དགེ་སྦྱོར་ཆག །གཉུག་བསྲིང་ནན་མཐུད་དགེ་སྦྱོར་བྱ། །དོན་མེད་ཡང་ཡེངས་སྤང་བྱ་ཞིང་། །ཐག་རིང་འགྲོ་བའི་མགྲོན་པོ་བཞིན། །འཕྲལ་དུ་ལུས་སེམས་དལ་འདྲ་ཡང་། །ཕུག་གི་ཞེ་རྩ་ཆོས་ལ་བསྒྲིམ། །ཕྱག་རྫོགས་བླ་མེད་རྒྱུད་རྣམས་ནས། །ཚེ་གཅིག་སངས་རྒྱས་འགྲུབ་གསུངས་ཀྱང་། །ཚེ་སྟོད་ཡང་མ་ཡེངས་ལ་ཟད། །བར་དུ་ཆོས་སྒོར་ཞུགས་ན་ཡང་། །ཆོས་ཀྱི་གནད་དེ་གོ་མ་ཐུབ། །ད་ནི་བསྐྱེད་རྫོགས་ཕྱོགས་མགོ་ཤེས། །ཉམས་ལེན་བྱེད་པའི་དུས་ཡིན་ཀྱང་། །དུས་སྙིགས་བར་ཆད་རྐྱེན་མགོ་རྒོད། །མི་ཚེ་ལོ་ཤས་ཙམ་ཞིག་ཡིན། །ཚེ་གཅིག་སངས་རྒྱས་བསྒྲུབ་


CMR050_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་མེད། །ཕྱག་རྫོགས་ཉམས་ལེན་གང་ཟག་རྣམས། །ཚེ་འདིར་སངས་རྒྱས་མ་ཐོབ་ཀྱང་། །འཆི་བ་འོད་གསལ་ཟིན་པ་ན། །ཆོས་སྐུར་སངས་རྒྱས་གསུངས་ན་ཡང་། །ད་ལྟར་འོད་གསལ་འཁོར་ཡུག་མེད། །སྟོང་ཉིད་མངོན་སུམ་རྟོགས་ན་ཡང་། །ཡེངས་ནས་དུག་ལྔའི་ནད་ཉོན་མོངས། །ཡེངས་དང་མ་ཡེངས་ཁྱད་མེད་པའི། །གཉུག་མའི་གནས་ལུགས་རྟོགས་པ་དང་། །འོད་གསལ་མང་དུ་ཟིན་ན་ཡང་། །རྨི་ལམ་ཕལ་ཆེར་འཁྲུལ་པར་འབྱམས། །དེ་ཕྱིར་རང་ཉིད་འཆི་བའི་ཚེ། །ཐུགས་དམ་བརྟན་པོ་ཟིན་ན་ཡང་། །ཉམས་རྟོགས་བོགས་ཙམ་ཆེ་ཙམ་ལས། །འཆི་བ་ཆོས་སྐུར་སངས་རྒྱས་དཀའ། །བསྐྱེད་རིམ་གསལ་དང་ཐོས་གྲོལ་སོགས། །བར་དོར་ལོངས་སྐུ་ཐོབ་གསུངས་ཀྱང་། །ཡི་དམ་བསྙེན་སྒྲུབ་མང་པོ་ཐོན། །ཉམས་རྨིས་དག་སྣང་མང་ན་ཡང་། །རྒྱུད་སྡེ་རྣམས་ནས་གསུངས་པ་བཞིན། །མཐོང་རེག་མཚན་མ་བརྙེས་ཞེས་པ། །ཡི་དམ་མི་བཞིན་དངོས་སུ་མཇལ། །ཐུགས་དམ་ཟིན་པའི་གང་ཟག་ལ། །ཞི་ཁྲོའི་ལྷ་མང་འཆར་བ་ཡིན། །ཐ་མལ་སྐྱེ་བོ་རྣམས་ལ་ནི། །ཡུད་ཙམ་འཆར་ཡང་ངོས་མི་ཟིན། །བར་


CMR050_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དོར་བསྐྱེད་རིམ་ཟིན་ན་ཡང་། །དེང་སང་བརྟན་པ་མ་ཐོབ་པས། །ལོངས་སྐུར་སངས་རྒྱས་དཀའ་འམ་བསམ། །འཆི་ཁར་འཕོ་བ་ཐེབས་པ་ན། །སྐར་ཁུང་ནང་ནས་མདའ་འཕང་ལྟར། །རབ་ལ་དག་པའི་ཞིང་ཁམས་བགྲོད། །ཐ་མ་ལྷ་མིའི་ལུས་བཟང་དུ། །སྐྱེ་བར་རྒྱུད་ནས་གསུངས་ནའང་། །འཆི་བ་བརྟག་པ་མཁས་བྱས་ལ། །ཚང་ན་འཆི་བསླུ་ལན་གསུམ་བྱ། །མ་བསླུས་འཆི་ནད་མ་ཕོག་གོང་། །རང་ཉིད་འཕོ་བར་བྱ་གསུངས་པས། །རང་གིས་རང་ཉིད་འཕོ་བ་ལ། །རླུང་ལ་བྱུང་པོ་མེད་ན་ནི། །དམིགས་པ་ཁོ་ནས་འཕོ་མི་ཐུབ། །འཆི་ནད་ཕོག་ནས་རང་ཉིད་ཀྱིས། །རང་ཉིད་འཕོ་བར་མི་ནུས་ཞེས། །རྡོ་རྗེ་གདན་བཞིའི་རྒྱུད་ལས་གསུངས། །དེ་ཕྱིར་དེང་སང་རྟོགས་ལྡན་འགའ། །ཐུགས་དམ་མི་འདུག་རོ་རུལ་ལ། །མི་ཆག་འཕོ་བ་བྱེད་ཟེར་ཡང་། །གདན་བཞིའི་རྒྱུད་ལ་འགལ་དོགས་གདའ། །འཕོ་ཡང་མི་ནུས་ཐུགས་དམ་ཡུམེད། །གཉིས་མེད་སེང་གེ་ཧར་སངས་ཆེ། །ཕྱག་རྫོགས་པ་ཡི་ཆོས་སྐད་ལ། །དབང་པོ་རབ་འབྲིང་ཉེར་གཅིག་གིས། །ཐ་མའི་ཡང་ཐ་དེ་ཡི་ལུགས། །འཕོ་བ་ཐེབས་རུང་


CMR050_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐེབས་རུང་། །ཐུགས་དམ་ཟིན་རུང་མ་ཟིན་རུང་། །བར་དོ་ཟིན་རུང་མ་ཟིན་རུང་། །བསྐྱེད་རིམ་ཟིན་རུང་མི་ཟིན་རུང་། །ཞི་ཁྲོ་ཟིན་རུང་མ་ཟིན་རུང་། །དུད་འགྲོ་མ་གཏོགས་མི་ཀུན་ལ། །མཚམས་མེད་སྡིག་ཅན་མ་གཏོགས་པ། །ཤི་ནས་བདུན་ཕྲག་ཕྱེད་བཞི་ཙམ། །དེ་ནས་ཞག་གྲངས་གཉིས་གསུམ་ལ། །བར་དོའི་འཇིགས་སྐྲག་རྣམས་ཀྱང་ཡོལ། །ཟག་བཅས་མངོན་ཤེས་རྫུ་འཕྲུལ་ལྡན། །གཤིན་རྗེའི་ལས་མཁན་མ་ཕྱིན་པས། །དགེ་སྡིག་རྩིས་བགྲང་མ་བསླེབས་པས། །ལས་ལ་བཟང་ངན་དེར་མ་ཟློསླེབས། །གར་འགྲོ་ཅི་བྱེད་རང་དབང་ཆེ། །རང་ཉིད་ཤི་བའི་སྡུག་བསྔལ་ཆེ། །དམ་ཆོས་མ་བྱས་འགྱོད་པ་ཆེ། །སྡིག་བྱས་དྲན་པས་སྐྲག་པ་ཆེ། །གཤིན་རྗེ་འོང་དོགས་དོགས་པ་ཆེ། །རང་གི་ས་ཕྱོགས་ཆགས་ཞེན་ཆེ། །མྱུར་བར་མི་ལུས་གཅིག་ལོན་ན། །དམ་ཆོས་བཤའ་མ་གཅིག་བྱེད་བསམ། །ཉེ་སྐོར་དེ་ལ་ལུས་ཚོལ་ཚེ། །འཁོར་བ་སྡུག་བསྔལ་རྒྱ་མཚོ་དང་། །མི་ལུས་སྐྱེ་རྒ་ན་འཆི་སོགས། །སྙིང་པོ་མེད་པའི་དོན་དྲན་ནས། །ཉེས་ཆེན་བཙོན་ནས་ཐར་བ་བཞིན། །གཏན་དུ་བདེ་ཞིང་སྐྱིད་པའི་ཡུལ། །


CMR050_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཅན་གྱི་ཞིང་ཁམས་སུ། །འགྲོ་བའི་བློ་ཐག་གཅོད་པར་གྱིས། །བར་དོར་ཉི་ཟླ་མེད་པའི་ཕྱིར། །ནུབ་ཕྱོགས་གང་ཡིན་མ་ཤེས་པས། །བདེ་བ་ཅན་དང་འདི་ཡི་བར། །འཇིག་རྟེན་ཁམས་ནི་དཔག་མེད་པས། །ཞིང་ཁམས་ནོར་སོགས་དོགས་པ་ན། །བདེ་བ་ཅན་གྱི་ཞིང་ཁམས་ན། །སངས་རྒྱས་འོད་དཔག་མེད་པ་དེ། །མ་བརྗེད་ཡིད་ལ་དུང་དུང་ངང་། །སོང་བས་ངེས་པར་ཕྱིན་པ་ཡིན། །ད་ལྟ་བདེ་སྨོན་བཟང་སྤྱོད་དང་། །མེ་ཏོག་ཆུ་སྐྱེས་མ་ལ་སོགས། །འོད་དཔག་མེད་དང་ཚེ་དཔག་མེད། །རྒྱུན་དུ་ཐུགས་དམ་བྱས་ན་ནི། །འོད་དཔག་མེད་ཀྱི་སྤྲུལ་པ་ནི། །དགེ་སློང་དགེ་འདུན་དང་བཅས་པའི། །འོད་དཔག་མེད་དེ་བར་དོ་རུ། །བསུ་བའི་ཚུལ་དུ་འབྱོན་པར་བཤད། །དེ་ཡི་རྐྱེན་བྱས་དེ་མ་ཐག །ཞིང་ཁམས་དེ་རུ་པདྨ་ཡི། །སྦུབས་སུ་སྐྱེ་བ་ལེན་ན་ཡང་། །ད་ལྟ་མི་སྐྱེ་དོགས་པ་ཡིས། །ཐེ་ཚོམ་བྱས་ན་ལོ་ལྔ་བརྒྱར། །པདྨའི་ཁ་ནི་མི་བྱེ་བར། །ནང་དུ་བདེ་སྐྱིད་ཕུན་ཚོགས་ཤིང་། །སངས་རྒྱས་གསུང་ནི་ཐོས་ན་ཡང་། །ཞལ་མཇལ་ཕྱི་བའི་སྐྱོན་དུ་འགྱུར། །དེ་ཕྱིར་ཐེ་ཚོམ་མི་བྱེད་པར། །


CMR050_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དེར་འགྲོ་བའི་བློ་ཐག་ནི། །ད་ལྟ་ཉིད་དུ་རྦད་ཆོད་བྱ། །སྡུག་བསྔལ་མེད་ཅིང་བདེ་བའི་ངང་། །རྫོགས་པའི་སངས་རྒྱས་ངེས་པར་མཐོང་། །དོན་དེ་ངེས་པར་འགྲུབ་པའི་ཐབས། །ཐུགས་རྗེ་ཆེན་པོ་ཡི་དམ་བྱ། །དགེ་བ་ཐམས་ཅད་དེ་ཕྱིར་བསྔོ། །བསོད་ནམས་ཚོགས་གཉིས་བསགས་པའི་ཐབས། །མཎྜལ་ལ་སོགས་ཐུགས་དམ་བྱ། །དེ་སྐད་རཱ་ག་ཨ་སྱས་ཡིས། །གྲོ་ཞུན་བཅུ་དྲུག་ཉིན་ལའོ།། ༈ །།ན་མོ་ཧ་སུ་བཛྲ་ཡེ། །ཚེ་འདིའི་བདེ་སྐྱིད་ལོངས་སྤྱོད་སྙན་གྲགས་རྣམས། །གསོད་པར་མགོ་གཡོག་བྱེད་པའི་སྟོན་མོ་ལྟར། །སྙིང་ནས་སྐྱུགས་ལོག་མི་འདོད་མི་བསྒྲུབ་པའི། །བྱ་བཏང་སྐྱེས་བུ་རྣམས་ལ་ཕྱག་འཚལ་ལོ། །སྙིང་ལ་ཚེ་འདིའི་དཔལ་འབྱོར་མི་འདོད་ཀྱང་། །དགེ་ཚོགས་བསྒྲུབ་དང་བསོད་ནམས་ཚོགས་བསགས་ཕྱིར། །སྡིག་དང་མ་འདྲེས་ཆོས་མཐུན་འབྱོར་བ་རྒྱས། །རང་གཞན་ཚོགས་གཉིས་རྫོགས་པའི་བྱ་བ་ཅན། །བྱ་གང་སྐྱེས་བུ་དེ་ཡང་ཕྱག་གི་གནས། །དེ་མིན་འཛམ་གླིང་སྐྱེས་པའི་མཆོག་དམན་རྣམས། །ཐམས་ཅད་ཁྱད་མེད་བསམ་པ་གཅིག་པ་སྟེ། །ཚེ་འདིར་ཟས་ནོར་ལོངས་སྤྱོད་སྙན་


CMR050_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་འདོད། །སྟོབས་ཆེན་རྣམས་ཀྱིས་དམག་ཇག་ཁྲིམས་གཅོད་བྱེད། །འབྲིང་རྣམས་རྒྱ་འགྲོ་དབུས་བསྐོར་ཚོང་འདུས་འགྲིམ། །ཡུལ་པས་སོ་ནམ་རྨོ་རྐོ་ཆུ་མ་བཟོ། །འབྲོག་པས་ནོར་ཕྱུགས་འཚོ་སྐྱོང་བཤས་ཚོང་བྱེད། །ཕྱུག་པོས་ཁེ་དོམ་རྒྱ་ཕུལ་གཡོ་སྒྱུ་བྱེད། །དབུལ་པོས་གླ་གཡོག་འཚོ་སྐྱོང་སྤྲང་སོགས་བྱེད། །རྒོད་པོས་རྐུ་དང་རི་དྭགས་གཤོར་ལ་བརྩོན། །ངན་པས་སྡིག་བྱེད་བྱ་རི་ཕྲན་བུ་རྔོན། །ཀུན་ཀྱང་དལ་དུས་མེད་དེ་བྱ་རྒྱུ་མང་། །ལུས་ངག་ཆད་དུབ་སེམས་ལ་དལ་དུས་མེད། །དེ་ལྟར་དཀའ་བས་བརྩོན་འགྲུས་ཅི་བྱས་ཀྱང་། །ཚེ་སྔོན་སྦྱིན་པའི་འབྲས་བུ་མེད་པ་རྣམས། །ཚེ་འདིར་ལོངས་སྤྱོད་ཕུན་སུམ་ཚོགས་དུས་མེད། །སྦྱིན་འབྲས་སྨིན་ནས་ལོངས་སྤྱོད་ཐོབ་ན་ཡང་། །ཡུན་རིང་སྤྱོད་ལོངས་མེད་དེ་ངན་སོང་ལྟུང་། །སེར་གོས་གྱོན་པའི་བཙུན་པ་ཕལ་ཆེར་ཡང་། །གྲྭ་ས་འགྲོ་དང་སློབ་གཉེར་བྱེད་པ་དང་། །རིག་གནས་ཡོན་ཏན་མང་པོ་ཟླ་བསླབ་པ་དང་། །དབང་ལུང་ཐོབ་རྒྱ་མང་པོ་བྱེད་པ་དང་། །བླ་མིང་བཏགས་ནས་དཀོར་མང་བསྡུ་བསམས་པས། །སེམས་བསྐྱེད་ངན་པའི་ཆོས་དེ་ཆོས་མིན་ནོ། །ཚེ་སྔོན་


CMR050_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་འབྲས་བསོད་ནམས་མི་ལྡན་ཞིང་། །ཡི་དམ་ཆོས་སྐྱོང་བྱིན་རླབས་མ་ཞུགས་ན། །ཡོན་ཏན་ཆེ་ཡང་གདུལ་བྱ་འདུ་ངེས་མེད། །དབུས་གཙང་ཀུན་ལ་གྲགས་པའི་རབ་འབྱམས་དང་། །ཀུན་དྷ་ར་དང་འབྱེད་པ་འབུམ་རམ་པ། །དབུས་གཙང་ཀུན་ཏུ་སྤྲང་འཁྱམས་བྱེད་པ་མཐོང་། །ཀ་ཡེ་གསོན་དང་སྐྱ་སེར་འདོད་པ་ཅན། །རང་གིས་བསོད་ནམས་ཆེ་ཆུང་གང་བསགས་པའི། །ཚེ་འདིར་ལོངས་སྤྱོད་འབྱོར་པ་འཕེལ་བ་དང་། །ཕྱི་མ་བདེ་བ་ཅན་གྱི་ཞིང་ཁམས་སུ། །ཟད་པ་མེད་པ་ལོངས་སྤྱོད་ལྷུན་གྲུབ་ཅིང་། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མཆོད་བྱེད་ཅིང་། །རིམ་གྱིས་སྐྱེ་རྒ་ན་འཆི་མི་མྱོང་བར། །བདེ་སྐྱིད་ངང་ལས་རྫོགས་སངས་རྒྱས་འདོད་ན། །ཐུགས་རྗེ་ཆེན་པོ་ནོར་ལྷའི་སྐུ་སྤྲུལ་པ། །འཕགས་པ་འབྲུག་ཞོན་གཙོ་འཁོར་ལྔ་པོ་ལ། །རྒྱུན་དུ་ཐུགས་དམ་བསྙེན་པ་ཅི་མང་མཛོད། །སྡིག་ལྟུང་དཀའ་ལས་ཆེན་པོ་མི་དགོས་པ། །དགོས་འདོད་ལོངས་སྤྱོད་ཤུགས་ཀྱིས་འབྱུང་བ་ཡིན། །དཀའ་གདམས་བླ་མ་རྣམས་ཀྱིས་ལག་བླངས་ལགས། །གཞན་ཡང་ཛ་དམར་ཛཾ་ནག་ཛ་སེར་སོགས། །ངོ་བོ་ཡང་དག་རྫོགས་པའི་སངས་རྒྱས་


CMR050_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། །འགྲོ་ལ་ཕན་ཕྱིར་ནོར་ལྷའི་སྐུར་སྤྲུལ་པ། །འདི་ནི་ཚེ་རབས་གཏན་གྱི་སྐྱབས་གནས་སུ། །སྔགས་སྒྲ་བྱ་དང་རི་དྭགས་ཀྱིས་ཐོས་ཀྱང་། །ངན་སོང་སྐྱེ་སྒོ་ཆོད་པ་རྒྱལ་བས་གསུངས། །ཁྱད་པར་ཡི་གེ་བཅུ་པོ་འདི་ཉིད་ལ། །ཕན་ཡོན་བསམ་ལས་འདས་ཤིང་བརྗོད་མི་ལང་། །ཆུ་སྦྱིན་མཆོད་བསྟོད་གཏོར་བསྔོས་བྱས་ན་ཡང་། །སངས་རྒྱས་ཐམས་ཅད་མཆོད་དང་བསོད་ནམས་མཉམ། །ཚེ་འདིར་ལོངས་སྤྱོད་ཤུགས་ཀྱིས་འབྱུང་བ་ནི། །ཡིད་བཞིན་ནོར་བུ་བས་ཀྱང་ངེས་པར་ལྷག །ཡིད་བཞིན་ནོར་བུ་བསྐལ་པ་མར་འགྲིབ་དུས། །གསོལ་བ་བཏབ་ཀྱང་དགོས་འདོད་མི་འབྱུང་གསུངས། །ཛཾ་ལྷ་མར་འགྲིབ་དུས་ཀྱང་དངོས་གྲུབ་འབྱུང་། །ཡར་འཕེལ་དུས་སུ་ཇི་ལྷའི་སྒྲུབ་ཐབས་ནི། །མི་མཁོའི་ཕྱིར་ན་གསུངས་པ་མ་ཡིན་ནོ། །བྱ་བཏང་མིན་པའི་གྲྭ་སློབ་ཐམས་ཅད་ལ། །ལོངས་སྤྱོད་སྒྲུབ་ཐབས་ཟབ་མོའི་དབྱངས་ཆུང་འདི། །རྟ་ལོ་གྲོ་ཞུན་མར་ངོའི་ཚེས་གཅིག་ལ། །ཉམས་ལ་ཤར་ནས་རཱ་ག་ཨ་སྱས་སྨྲས།། ༈ །།ཀ་ཡེ་གསོན་དང་ལས་གཤིན་དུག་གདོང་ཅན། །ཁ་གདངས་མཆེ་གཙིགས་དབུ་གསུམ་ཕྱག་དྲུག་


CMR050_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ག་ཤལ་མགོ་རློན་སྙིང་ཕྲེང་སེ་རལ་ཁར། །ང་རོ་འབྲུག་སྒྲ་ཧཱུྃ་ཕཊ་ཐུག་ཆོམ་ཅན། །ཅ་ཅོ་སྒྲོག་པའི་གཤིན་རྗེ་འབུམ་དང་བཅས། །ཆ་ལུགས་མ་རུངས་བདུད་དང་སྲིན་པོའི་གཟུགས། །ཇ་ཆང་སྨན་རཀ་གཏོར་མ་འདི་བཞེས་ལ། །ཉ་རྒྱས་ཟླ་ལྟར་དགེ་ལེགས་རྒྱས་པར་མཛོད། །ཏ་ཐཱ་ག་ཏའི་བསྟན་སྲུང་ཆེན་པོ་ཁྱོད། །ཐ་མལ་བྱད་མ་ལྷ་སྲིན་གནོད་པ་ཀུན། །ད་ནི་བཟློག་བསྒྱུར་ཐལ་བ་རྡུལ་དུ་རློགས། །ན་ཚ་ཤི་ཆད་གོད་ཁའི་རྒྱུན་ཆོད་ཅིག །པ་ར་ག་ཏའི་དོན་འདི་བསྒོམ་པ་ལ། །ཕ་རོལ་བར་ཆད་བྱེད་པའི་གདུག་སེམས་ཀུན། །བ་མོར་ཉི་ཟེར་ཕོག་ལྟར་མེད་པར་མཛོད། །མ་ར་ཡ་ཡི་ལས་ཀྱི་དགྲ་བགེགས་སོགས། །ཙ་ར་མ་ཡི་དམག་ཚོགས་མཐུ་མ་ཆུང་། །ཚ་གྲང་རླུང་མཁྲིས་བད་ཀན་ནད་ཀུན་ཟློག །ཛ་ཡེ་སྤྱན་སྔར་ཁས་བླངས་དུས་ལ་བབ། །ཝ་ལེར་གང་ལ་དམིགས་པ་ཁྱོད་ཀྱིས་ཤེས། །ཞྭ་ལྟར་དུས་གསུམ་སངས་རྒྱས་དབུ་ལ་བརྒྱན། །ཟ་བྱེད་ཞལ་གདངས་སྲིད་གསུམ་ཟ་བ་ཁྱོད། །འ་འུར་མཱ་ར་ཡ་དང་ཧཱུྃ་ཕཊ་བཅས། །ཡ་མ་བདུན་བརྒྱ་ཉི་ཤུའི་འཁོར་རྣམས་ལ། །ར་ཅན་ཁྲི་ཡི་ལྷ་སྲིན་འཁོར་དང་བཅས། །ལ་ཆེན་གནོད་


CMR050_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་གདོན་དང་བྱད་མའི་ཚོགས། །ཤ་ཟོ་ཁྲག་འཐུང་རུས་མུར་ལྤགས་པ་གྱོན། །ས་དང་ལམ་གྱི་བར་ཆད་ཐམས་ཅད་ཟློག །ཧ་ཧ་ཧི་ཧི་བཞད་པའི་གད་རྒྱང་ཅན། །ཨ་ལ་ལ་ཞེས་ངོ་མཚར་དངོས་གྲུབ་སྩོལ། །ཅེས་པ་རྟ་ལོ་གྲོ་ཞུན་ཟླ་བའི་ཉི་ཤུའི་ཐོ་རངས་སྐོར་འཇམ་དཔལ་དུག་གདོང་གིས་གཏོར་ཟློག་བྱས་དུས་བསྟོད་པའོ། །མངྒ་ལཾ། ན་མོ་རཏྣ་ཏྲ་ཡཱ་ཡ། བདག་ནི་བསྟན་པ་སྤྱི་དང་ལམ་ཚོལ་བ། །ཀུན་ལ་མི་གཤེ་དག་སྣང་སྦྱང་བ་སྟེ། །མུ་སྟེགས་ཅན་ལ་མི་སྨོད་དམ་ཚིག་ལགས། །འོན་ཀྱང་སྔོན་གྱི་ལས་དང་འཕྲལ་རྐྱེན་གྱིས། །བདག་གི་དབོན་པོ་བསྲུང་བྱར་གྱུར་པ་ཡི། །རང་འདོད་འཁྲི་བ་ཞེ་སྡང་མེད་ན་ཡང་། །རྒྱ་གར་གྲུབ་ཆེན་ནག་པོ་པ་ཡིས་ནི། །བླ་མས་གསུངས་ན་སྡིག་ཀྱང་བྱ་དགོས་དང་། །སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོ་ཡིས། །མུ་སྟེགས་བོན་སོགས་བསྟན་པའི་དགྲ་ཡིན་པས། །ཐུབ་བསྟན་འཛིན་པས་བསྒྲལ་བར་བྱ་གསུངས་ལྟར། །བོན་དགོན་བདུན་ཕྲག་གཉིས་ཙམ་རྩད་བཅད་ནས། །བན་དགོན་ཆེན་པོ་གཉིས་ལ་བསྒྱུར་འདུག་པ། །ཤཱཀྱའི་བསྟན་དང་དགེ་འདུན་འབུམ་ཕྲག་གིས། །ཆོས་དང་བསྟན་པ་བླ་


CMR050_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གསུང་སྒྲུབ་ལས། །རང་དོན་འཁྲི་བ་ཅུང་ཟད་མ་མཆིས་ལ། །གལ་ཏེ་མཆིས་ན་བན་བོན་སྲུང་མར་བཤགས། །དབང་མེད་རྗེ་བོའི་དབང་དུ་གྱུར་པ་ལ། །ལག་ནི་ཉེས་ཀྱང་ཡིད་སེམས་ཉེས་པ་མེད། །དེ་ཕྱིར་བན་བོན་སྲུང་མས་བཟོད་པར་བཞེས། །ཕྱི་ནང་རྩོད་པ་བསྟན་པ་སྤྱི་ཡི་ལུགས། །ཡིན་ཕྱིར་ཆོས་སྲུང་རྣམས་ཀྱིས་སྲུང་སྐྱོབ་མཛོད། །ནང་པར་གྱུར་ཀྱང་ཚུལ་ཁྲིམས་མ་དག་པའི། །དགོན་ཆུང་བདུན་ཕྲག་གཙང་དགོན་བསྒྱུར་འདུག་པའི། །ཆོས་སྐྱོང་རྣམས་ནི་དགྱེས་བཞིན་སྲུང་བ་ལས། །ཀོ་ལོང་མ་མཛད་སྐྱེས་ཆེན་དམ་པ་ཀུན། །སེར་ཁྱིམ་གཙང་དགོན་བསྒྱུར་བ་བསྟན་པའི་དོན། །བསྟན་པ་དངོས་ནི་འདུལ་བ་ཡིན་ཕྱིར་རོ། །སྡེ་ཆེན་སེང་གེ་ཁ་འཐབ་བྱུང་བ་ལ། །རྣམ་སྨིན་མི་རྩི་བརྔན་པ་དོན་གཉེར་བའི། །བོན་ནག་མང་པོས་མནན་པས་ས་འོག་གང་། །བླ་མཚོ་གཉན་པོ་སྐམ་པར་བྱས་འདུག་པས། །ལྷ་སྲིན་ཐམས་ཅད་འཇིག་རྟེན་དྲང་ཤན་མཁན། །ཡིན་ཕྱིར་མིང་ཡིག་བྲིས་ལ་མ་གནོད་པའི། །ཟ་འདོད་སྔགས་ནག་ཁོ་རང་ཕུང་བར་འོས། །ཡང་ན་དེ་དག་བྱེད་དུ་བཅུག་པ་ཡི། །གྱོད་གཞི་མཁན་པོ་ཉིད་ལ་ལེ་ལན་འདོད། །


CMR050_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དོན་ཡེ་ཤེས་པ་དང་འཇིག་རྟེན་པའི། །ལེགས་ཉེས་སྟངས་འཛིན་རྣམས་ཀྱིས་དགོངས་པར་མཛོད། །ཅེས་བཟློག་པ་དུས་སྨྲས་སོ། །ཡེ་རྟ་མཆོག་རྒྱལ་པོ་ཧེ་རུ་ཀ །ཁ་དོག་ཆར་སྤྲིན་གཏིབས་པ་ལྟ་བུའི་མདོག །ག་ཤལ་ཁྲག་འཛག་མི་མགོའི་ཕྲེང་བས་བརྒྱན། །ང་རོ་ཧཱུྃ་ཕཊ་རྟ་སྐད་དྲག་པོའི་སྒྲ། །ཅ་ཅོའི་ངུར་སྒྲ་དང་བཅས་བདུད་དགྲ་མནན། །ཆ་ལུགས་བེར་ནག་དཔའ་ཆས་ཡོངས་སུ་རྫོགས། །ཇ་ཆང་སྨན་རག་གཏོར་མའི་མཆོད་པ་བཞེས། །ཉ་རྒྱས་ཟླ་ལྟར་ཐུགས་རྗེ་འོད་ཟེར་གྱིས། །ཏ་ཐཱ་ག་ཏའི་སྤྲུལ་པའི་ཁྲོ་བོ་ཁྱོད། །ཐ་མལ་ཟ་འདྲེ་ཤི་སྲི་བྱད་མ་སོགས། །ད་ནི་ཁྱོད་ཀྱིས་ཚར་གཅོད་དྲག་པོས་སྒྲོལ། །ན་ཚ་ཤི་ཆད་རྒྱུན་འདི་ད་ཆོད་ཅིག །པ་དེ་པུ་དེ་བསམ་ངན་མཐུ་གཏད་སོགས། །ཕ་རོལ་གནོད་བྱེད་གདུག་རྩུབ་ནུས་པ་ཀུན། །བ་མོར་ཉི་ཟེར་ཕོག་ལྟར་མེད་པར་མཛོད། །མ་ར་ཡ་ཡི་ཕྲིན་ལས་དུས་ལ་བབ། །རྩ་རླུང་ཐིག་ལེ་བསྒོམ་པའི་གེགས་སྐྱོན་དང་། །ཚ་གྲང་འདུས་པའི་ནད་ཀུན་ཞི་བར་མཛོད། །ཛ་ཡེ་སྣང་མཐའི་སྤྱན་ལམ་དམ་བཅས་ལྟར། །ཝ་ལེར་དུས་གསུམ་མཁྱེན་པའི་ལྷ་


CMR050_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ནི། །ཞྭ་ལྟར་སྤྱི་བོར་བཀུར་ཞིང་བསྙེན་སྒྲུབ་ན། །ཟ་བྱེད་ལྷ་སྲིན་སྡེ་བརྒྱད་དྲེགས་པའི་ཚོགས། །འ་འུར་འབྲུག་སྒྲ་ཆོ་འཕྲུལ་ཆེན་པོ་བཅས། །ཡ་མ་རཱ་ཙ་ལ་སོགས་སྡེ་བརྒྱད་འཁོར། །རྭ་ཅན་འབུམ་གྱི་འཁོར་དང་ཡང་འཁོར་བཅས། །ལ་ཆེན་བདག་ཅག་སློབ་འབངས་བརྒྱུད་པར་བཅས། །ཤ་ནས་བརྩེ་བའི་མ་ལྟར་སྲུང་སྐྱོབ་དང་། །ས་དང་ལམ་གྱི་བར་ཆད་ཐམས་ཅད་ཟློག །ཧ་ཡ་གྷི་ཝའི་ཐུགས་དམ་མ་གཡེལ་ཅིག །ཨ་ལ་ལ་ཞེས་ངོ་མཚར་དངོས་གྲུབ་སྩོལ། །ཅེས་ཁྲོ་ཆུའི་ཟོར་ལྟས་ལོག་ནས། སླར་ཡང་རྟ་མགྲིན་གྱི་བཟློག་པ་བཅས་ཉིན་བྲིས་པའོ།། ༈ ས།།ན་མོ་གུ་རུ། བླ་མ་རྣམས་ལ་ཕྱག་འཚལ་ལོ། །ས་བརྒྱད་ཡན་ཆད་ཐོབ་པའི་སེམས་དཔའ་ཡི། །རྣམ་སྣང་ལ་སོགས་ལོངས་སྤྱོད་རྫོགས་པའི་སྐུ། །བླ་མར་བསྟེན་ནས་དབང་དང་གདམས་ངག་ཞུས། །ས་ནི་དང་པོ་ཡན་ཆད་ཐོབ་པ་ཡི། །རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ལ་སོགས། །བླ་མར་བསྟེན་ནས་དབང་དང་གདམས་ངག་ཞུ། །ཚོགས་ལམ་ཆེན་པོ་སྦྱོར་ལམ་ལ་གནས་པས། །ཤཱཀ་ཐུབ་ལ་སོགས་མཆོག་གི་སྤྲུལ་པའི་སྐུ། །སངས་རྒྱས་བླ་མར་བསྟེན་ནས་དམ་


CMR050_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉན། །ཐ་མལ་རང་རེ་སོ་སོའི་སྐྱེ་བོ་ཡི། །བླ་མ་དེ་འདྲ་བསྟེན་པའི་སྐལ་པ་མེད། །ནམ་མཁའ་བར་སྣང་སངས་རྒྱས་སྤྲུལ་པའི་སྐུ། །རྟག་ཏུ་གང་བར་བཞུགས་ཀྱང་མ་མཇལ་ཏེ། །མ་རིག་འཐིབ་པོས་སྒྲིབ་པས་བསྒྲིབས་པ་ཡིན། །ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་སུ། །སངས་རྒྱས་གྲངས་མེད་ཆོས་འཁོར་བསྐོར་ན་ཡང་། །རང་རེ་རྣམས་ཀྱིས་མི་མཐོང་སྒྲིབ་པས་བསྒྲིབས། །སངས་རྒྱས་དེ་རྣམས་གསུང་གི་སྒྲ་དབྱངས་ཀྱང་། །ནམ་མཁའ་ཁྱབ་པར་རྟག་ཏུ་གྲགས་ན་ཡང་། །རང་རེ་རྣམས་ཀྱིས་མི་ཐོས་སྒྲིབ་པས་བསྒྲིབས། །དཔེར་ན་ཡིག་དྲུག་ལ་སོགས་སྔགས་འདོན་ཚེ། །ཡི་དམ་འབྲལ་མེད་མདུན་དུ་བཞུགས་ན་ཡང་། །སྒྲིབ་པ་མ་དག་བར་དུ་དེ་མི་མཐོང་། །མཐོང་ན་ཡེ་ཤེས་ལུས་ཅན་སངས་རྒྱས་རྣམས། །ཐ་མལ་ཆུ་བུར་མིག་གིས་མཐོང་བ་མེད། །དེ་བཞིན་གསུང་ཡང་ཚིག་གཅིག་ཐོས་སྐབས་མེད། །སྔོན་འདས་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །དགྲ་བཅོམ་གྲུབ་ཐོབ་དཔག་མེད་བྱོན་ན་ཡང་། །རང་རེ་རྣམས་ལ་ཕན་ཐོགས་མ་ནུས་ན། །ད་རུང་འཁོར་བར་འཁྱམས་པ་ཨ་ཙ་


CMR050_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

མ། །དེ་ཕྱིར་རང་རེ་ཆོས་སྒོར་བཅུག་པ་དང་། །དབང་ལུང་ཁྲིད་གསུམ་ཐོབ་པའི་བླ་མ་དེ། །སངས་རྒྱས་ཡིན་རུང་སེམས་ཅན་ཡིན་ཀྱང་རུང་། །སངས་རྒྱས་ཀུན་བས་རང་ལ་བཀའ་དྲིན་ཆེ། །དེ་ཕྱིར་དྲིན་ཅན་རྩ་བའི་བླ་མ་ཟེར། །བླ་མ་དེ་ཡིས་བསྟན་པའི་དམ་ཆོས་རྣམས། །རང་གིས་རྩེ་གཅིག་ཉམས་སུ་བླངས་ནུས་ན། །སྒྲིབ་པ་ཇེ་སྲབ་གྱུར་ནས་མ་འོངས་དུས། །སངས་རྒྱས་བྱང་སེམས་མཇལ་ནས་ཆོས་ཐོབ་འགྱུར། །དེ་ཡི་རྩ་བའང་བླ་མ་དེ་ཡི་དྲིན། །ཐ་མལ་སོ་སོའི་སྐྱེ་བོའི་བླ་མ་ཡིས། །གཞན་ལ་ཆོས་བཤད་དབང་བསྐུར་བྱེད་པའི་ཚེ། །སངས་རྒྱས་ཐམས་ཅད་དེ་ལ་ཐུགས་དགྱེས་ནས། །མདུན་གྱི་ནམ་མཁར་བྱོན་ནས་ཕྱག་མཛད་དེ། །ངེད་ཀྱིས་བཤད་ཀྱང་གོ་བའི་སྐལ་པ་མེད། །ཁྱོད་ཀྱིས་བཤད་པ་ལེགས་སོ་བརྗོད་ནས་གཤེགས། །ཐ་མལ་བླ་མས་དབང་ནི་བསྐུར་བའི་ཚེ། །བླ་མ་དེ་ལ་བྱིན་རླབས་མེད་ན་ཡང་། །དབང་ཞུའི་སློབ་མ་དེ་ལ་ཕན་པའི་ཕྱིར། །སངས་རྒྱས་ཡི་དམ་གང་ཡིན་དེ་ཉིད་ནི། །དབང་ནི་བསྐུར་ཚེ་བླ་མ་དེ་ལ་ཞུགས། །སློབ་མ་དེ་ལ་བྱིན་རླབས་འཇུག་བྱས་ནས། །དབང་བསྐུར་ཚར་ནས་ལྷ་དེ་གཤེགས་པའི་


CMR050_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །ཐ་མར་བླ་མར་འབུལ་བ་བྱེད་པ་ཡང་། །དབང་བསྐུར་དུས་དེར་ཕུལ་བར་བྱས་ན་ནི། །ཡི་དམ་དེ་དང་དངོས་སུ་ཕུལ་དང་འདྲ། །བརྒྱ་སྟོང་འགྱུར་གྱིས་ཕན་ཡོན་ཆེ་བར་གསུངས། །རང་ཉིད་གོ་བ་ཤེས་རབ་རྒྱ་ཆེ་བས། །དབང་ཆོག་ཐམས་ཅད་བློ་ལ་བྱང་ནས་ཀྱང་། །སྔོན་དུ་བླ་མ་ཞིག་ལས་མ་ཐོབ་ན། །བདག་འཇུག་བླངས་ཀྱང་དབང་ནི་མི་ཐོབ་ལ། །གཞན་ལ་བསྐུར་ན་མཚམས་མེད་སྡིག་དང་འདྲ། །རྡོ་རྗེ་འཆང་ལས་དམ་ཆོས་བརྐུས་པ་ཡིན། །སྔོན་ལ་ཐོབ་ན་རང་གིས་རང་ཉིད་ལ། །དབང་བསྐུར་བླངས་བས་གསར་དུ་ཐོབ་པ་དང་། །འདྲ་བའི་བྱིན་རླབས་འབྱུང་ཞིང་ཉམས་ཆག་བསྐང་། །དེ་ཡང་བླ་མ་དེ་ཡི་དྲིན་ཡིན་ནོ། །རང་ཉིད་ཤེས་རབ་ཕུན་སུམ་ཚོགས་པ་དེས། །ཁྲིད་རིམ་ཐམས་ཅད་གོ་ཞིང་འཆད་ཤེས་ཀྱང་། །སྔོན་དུ་བླ་མ་གཅིག་ལས་མ་ཐོབ་ན། །རང་གིས་བསྒོམས་ཀྱང་ཉམས་རྟོགས་མི་སྐྱེ་ལ། །གཞན་ལ་བཤད་ན་ཉེས་སྒྲིབ་དཔག་ཏུ་མེད། །སྔོན་དུ་ཐོབ་ནས་ཡིད་ལ་མ་འཇག་ཀྱང་། །ཁྲིད་དཔེ་བལྟ་ཞིང་རང་གིས་བསྒོམས་པ་ན། །གཞུང་ནས་བཤད་བཞིན་ཉམས་རྟོགས་རིམ་པར་སྐྱེ། །


CMR050_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་བཤད་ན་ཕན་ཡོན་ཆེ་བ་ཡིན། །ཕ་རོལ་སྐལ་པ་ལྡན་རྣམས་ཉམས་རྟོགས་སྐྱེ། །མ་སྐྱེས་ན་ཡང་ལུང་ཐོབ་ཕན་ཡོན་འབྱུང་། །དེ་ཡང་དང་པོའི་བླ་མ་དེ་ཡི་དྲིན། །སྔོན་དུ་བླ་མས་སྡོམ་ལུང་མ་ཐོབ་ན། །སྡོམ་པ་བསྲུང་ཡང་སྡོམ་པའི་ཕན་ཡོན་མེད། །བསོད་ནམས་ཡོད་ཀྱང་བར་མའི་དགེ་བ་སྟེ། །སངས་རྒྱས་ཐོབ་པའི་རྒྱུ་རུ་དེ་མི་འགྱུར། །སྡོམ་པ་ཐོབ་ནས་བསྲུངས་ན་ཕན་ཡོན་འབྱུང་། །གཞན་ལ་སྡོམ་ལུང་བྱས་ཀྱང་སྡོམ་པ་ཐོབ། །དེ་ཡང་དང་པོ་བླ་མ་དེ་ཡི་དྲིན། །སྒྲུབ་ཐབས་དཔེ་ཆ་རྙེད་ཅིང་བསྒྲུབ་ཤེས་ཀྱང་། །དང་པོ་བླ་མ་གཅིག་ལས་མ་ཐོབ་ན། །བསྒྲུབ་ཀྱང་མི་འགྲུབ་ཡུན་རིང་སྔགས་བཟླས་ན། །ནད་ཞི་གདོན་ཞི་ཅུང་ཟད་བྱུང་ན་ཡང་། །ཕྱི་མ་ངན་སོང་གསུམ་དུ་སྐྱེ་བར་གསུངས། །བླ་མ་ལས་ཐོབ་བསྒྲུབས་ན་མྱུར་དུ་འགྲུབ། །ཚེ་འདིའི་སྲུང་སྐྱོབ་ཕྱི་མ་ལམ་སྣ་འདྲེན། །དེ་ཡང་བླ་མ་དེ་ཡི་དྲིན་ཡིན་ནོ། །སྤྱི་བོར་རྫོགས་པའི་སངས་རྒྱས་བསྒོམས་བྱས་ནས། །རྩེ་གཅིག་དད་པས་གསོལ་བ་བཏབ་ན་ཡང་། །སངས་རྒྱས་དེ་དང་འབྲེལ་པ་མེད་པའི་ཕྱིར། །བྱིན་རླབས་འཇུག་དཀའ་རྒྱང་ཐག་རིང་བ་ཡིན། །བླ་མ་


CMR050_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དེ་དང་དབྱེར་མེད་དུ། །བསྒོམ་ནས་རྩེ་གཅིག་གསོལ་བ་བཏབ་བྱས་ན། །སངས་རྒྱས་ཐུགས་རྗེ་བྱིན་རླབས་ཆེ་བ་དང་། བླ་མ་དེ་དང་འབྲེལ་བ་ཡོད་པའི་ཕྱིར། །སངས་རྒྱས་དེ་ཡི་བྱིན་རླབས་མྱུར་དུ་འཇུག །བླ་མ་ཡིན་ན་སངས་རྒྱས་ཡིན་ངེས་པའི། །ཡབ་སྲས་ལྟ་བུ་སྐུ་དངོས་བསྒོམ་པ་ན། །དམིགས་པ་ཟིན་སླ་བྱིན་རླབས་མྱུར་བ་དང་། །དད་པ་དག་སྣང་འཕེལ་བས་ལེགས་པ་ཡིན། །ཐ་མལ་བླ་མ་དངོས་སུ་བསྒོམ་པ་ན། །བརྐོས་ཕོར་རི་མོ་ཚ་ཚར་དོད་པ་ལྟར། །བླ་མ་དེ་ལ་བྱིན་རླབས་གང་ཡོད་དང་། །ཉོན་མོངས་དུག་ལྔ་ནད་གདོན་གང་ཡོད་དེ། །མཉམ་དུ་འཇུག་པས་སྐུ་དངོས་བསྒོམ་མི་རུང་། །ངོ་བོ་བླ་མ་དེ་དང་དབྱེར་མེད་ལ། །རྣམ་པ་སངས་རྒྱས་སྐུ་རུ་བསྒོམ་པ་ཟབ། །དེ་ཡང་ཚེ་རིང་འདོད་ན་ཚེ་དཔག་མེད། །བདེ་ཆེན་ཞིང་དུ་སྐྱེ་འདོད་འོད་དཔག་མེད། །འགྲོ་དོན་སྙིང་རྗེ་སྐྱེ་འདོད་སྤྱན་རས་གཟིགས། །འཇིགས་པ་ཐམས་ལྟ་ཅད་སྐྱོབ་འདོད་སྒྲོལ་མའི་སྐུ། །ནད་ཀུན་ཞི་བར་འདོད་ན་སྨན་གྱི་བླར། །བྱིན་རླབས་ནུས་པ་ཆེ་འདོད་ཨོ་རྒྱན་སྐུ། །མཐུ་སྟོབས་ཆེ་འདོད་ཕྱག་ན་རྡོ་རྗེ་དང་། །ཤེས་རབ་ཆེ་


CMR050_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

བར་འདོད་ན་འཇམ་པའི་དབྱངས། །ལོངས་སྤྱོད་ཆེ་བར་འདོད་ན་ཛཾ་བྷ་ལ། །ཉམས་རྟོགས་སྐྱེ་བར་འདོད་ན་རྡོ་རྗེ་འཆང་། །ཡང་ན་མི་ལ་རས་པ་དྭགས་པོ་སོགས། །གང་འདོད་བསྒོམ་པས་དངོས་གྲུབ་གང་འདོད་འབྱུང་། །དཔེར་ན་ཡིད་བཞིན་ནོར་བུ་རིན་ཆེན་འདྲ། །དེ་ཕྱིར་བླ་མ་སངས་རྒྱས་རིན་པོ་ཆེ། །རང་གི་བླ་མ་དེ་ཉིད་སངས་རྒྱས་དང་། །སེམས་ཅན་སུ་ཡིན་ཁྱད་ནི་མེད་པ་སྟེ། །རང་གིས་སངས་རྒྱས་དངོས་སུ་ཐག་བཅད་ན། །དབང་ལུང་གདམ་ངག་ཐོབ་པ་ཐམས་ཅད་ནི། །སངས་རྒྱས་དངོས་ལས་ཐོབ་དང་ཁྱད་པར་མེད། །དེ་བྱས་བརྒྱུད་པ་ཤིན་ཏུ་ཆེ་བ་སྟེ། །བྱིན་རླབས་མི་འབྱུང་མི་སྲིད་གདམས་ངག་སྟེ། །བླ་མ་སངས་རྒྱས་སུ་འདུག་པ་མི་རུ་བཟུང་། །བརྒྱུད་པ་ཉེ་རིང་དུ་བགྲང་བ་མཐོལ་ལོ་བཤགས། །གླིང་རྗེ་རས་པས་གསུངས་པ་དེ་ཡི་དོན། །ཐུགས་ནི་ཆོས་ཉིད་སངས་རྒྱས་ཀུན་དང་གཅིག །གསུང་ནི་དམ་ཆོས་ཐམས་ཅད་འབྱུང་བའི་གནས། །སྐུ་ནི་དགེ་འདུན་ངོ་བོར་རྫོགས་པའི་ཕྱིར། །དཀོན་མཆོག་གསུམ་ཡང་བླ་མ་ཉིད་ལ་འདུས། །དེ་ཕྱིར་དཀོན་མཆོག་གསུམ་གྱི་རྩ་བ་ཟེར། །རིག་འཛིན་གྲུབ་ཐོབ་


CMR050_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བླ་མའི་སྐུ། །ཡི་དམ་དཀྱིལ་འཁོར་ལྷ་ཀུན་བླ་མའི་གསུང་། །མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་བླ་མའི་ཐུགས། །ནོར་ལྷ་གཏེར་བདག་བླ་མའི་ཡོན་ཏན་ཏེ། །མཁའ་འགྲོ་སྲུང་མ་བླ་མའི་ཕྲིན་ལས་ཏེ། །དེ་ཕྱིར་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དེ་དོན་ལམ་འབྲས་སོགས་ནས་རྒྱ་ཆེར་གསུངས། །གསང་སྔགས་རིག་སྔགས་གཟུངས་སྔགས་ཐམས་ཅད་ནི། །བླ་མ་མེད་ན་ཉམས་སུ་བླངས་མི་རུང་། །དེ་ཕྱིར་རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དེ་ཕྱིར་བསྐལ་པ་འབུམ་གྱི་སངས་རྒྱས་བས། །རང་གི་རྩ་བའི་བླ་མ་གཉན་པར་གསུངས། །དེ་ཕྱིར་ཁམས་གསུམ་སེམས་ཅན་བསད་པ་བས། །ཆོས་དང་མཐུན་པའི་བླ་མའི་བཀའ་སྩལ་དེ། །མ་བསྒྲུབ་བཀའ་བཅག་ཉེས་པ་ཆེ་བར་བཤད། །བཀའ་བཞིན་བསྒྲུབས་ན་ཕན་ཡོན་ཆེ་བའི་ཕྱིར། །ནཱ་རོའི་སློབ་གཉེར་པཎྜི་ཏ་བྱས་ཤིང་། །བདེ་དགྱེས་ཡི་དམ་བསྙེན་སྒྲུབ་བྱས་ན་ཡང་། །རྟོགས་པ་མ་སྐྱེས་ལྔ་གྲུབ་པ་མ་ཐོབ་ནས། །ཏེ་ལོའི་ཆགས་ཕྱི་བཀའ་བཞིན་ལོ་བཅུ་གཉིས། །བྱས་པས་བསྒྲུབ་པ་མ་དགོས་གྲུབ་པ་ཐོབ། །ནཱ་རོའི་བརྒྱུད་པ་མོས་གུས་བཀའ་བབས་པས། །མོས་


CMR050_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

གུས་ཁོ་ནས་ཕྱག་ཆེན་རྟོགས་པ་སྐྱེས། །འོན་ཀྱང་གསོལ་བ་འདེབས་ཡུལ་བླ་མ་དེ། །སངས་རྒྱས་ཡིན་ངེས་སྙིགས་དུས་རྙེད་དཀའ་བས། །བླ་མའི་མཚན་ཉིད་ཐམས་ཅད་ཚང་བ་ཡི། །སོ་སོའི་སྐྱེ་བོའི་རང་གི་བླ་མ་ལ། །སངས་རྒྱས་དངོས་ཀྱི་མོས་གུས་བྱ་བར་གསུངས། །བླ་མ་མཚན་ཉིད་ཚང་བ་མ་རྙེད་ན། །ཡོན་ཏན་ཤས་ཆེ་སྐྱོན་ནི་ཆ་ཆུང་བ། དེ་ལ་དབང་ལུང་འབྲེལ་བ་ཞུ་རུང་བ། །དུས་ཀྱི་འཁོར་ལོའི་རྒྱུད་ལས་གསུངས་པ་ཡིན། །དེ་ལ་དད་པ་དག་སྣང་བྱེད་དགོས་ཀྱི། །གལ་ཏེ་རྩེ་གཅིག་གསོལ་བ་བཏབ་ན་ཡང་། །ཉམས་དང་རྟོགས་པ་སྐྱེ་བར་མི་འགྱུར་ཏེ། །བརྐོས་ཕོར་མེད་ན་ཚ་ཚ་མི་དོད་དཔེ། །དེ་ཕྱིར་རྒྱལ་དབང་མི་བསྐྱོད་རྡོ་རྗེ་ཡིས། །གསོལ་བ་ཁྱི་བཏབ་ཕག་བཏབ་སངས་མི་རྒྱ། །གསུངས་པའི་དོན་ཡང་དེ་ལ་དགོངས་པ་ཡིན། །ཕྱག་ཆེན་ཁྲིད་ཀྱི་ལུང་དེ་ཐོབ་ཕྱི་ནས། །དྭགས་པོ་དུས་མཁྱེན་རྒོད་ཚང་པ་ལ་སོགས། །བཀའ་བརྒྱུད་གོང་མའི་གྲུབ་ཐོབ་རྩོད་མེད་ཅིག །རང་གི་རྩ་བའི་བླ་མར་བཟུང་བྱས་ཏེ། །གསོལ་བ་བཏབ་ན་བྱིན་རླབས་འཇུག་པ་དང་། །རྟོགས་པ་སྐྱེ་བར་བཀའ་བརྒྱུད་དེ་རྣམས་ཀྱིས། །


CMR050_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཁ་ཞལ་ཆེམས་བཞག་པ་ཡིན་པར་གསུངས། །དེ་ཕྱིར་ཀུན་གྱིས་དེ་ལྟར་གསོལ་བ་ཐོབ། །རྟོགས་པ་སྐྱེ་དང་བོགས་འདོན་གེགས་སེལ་ཐབས། །མོས་གུས་གསོལ་འདེབས་འདི་ལས་ཟབ་པ་ནི། །གཅིག་ཀྱང་མེད་དོ་ཉམས་རྟོགས་སྐྱེ་འདོད་ན། །བླ་མའི་རྣལ་འབྱོར་ཐུན་བཞིར་ཉམས་སུ་ལོངས། །དེ་ལ་ཀརྨ་པ་ཡི་ཐུན་བཞི་དང་། །ཞྭ་དམར་པ་ཡི་བླ་སྒྲུབ་འདི་ཉིད་དང་། །སྔོན་འགྲོ་བཞི་སྦྱོར་བླ་མའི་རྣལ་འབྱོར་དང་། །རྒྱལ་བ་རྒྱ་མཚོ་ལྷ་ལྔའི་གསོལ་འདེབས་སམ། །རྡོ་རྗེ་འཆང་ཆུང་མ་སོགས་ཆག་མེད་དུ། །ཐུན་བཞི་སོ་སོར་བསྒོམས་ནས་འདོན་པའི་སྐབས། །ཁ་ཙམ་མ་ཡིན་སྙིང་ཁུང་རུས་པའི་གཏིང་། །མཆི་མ་འཁྲུག་ཅིང་བ་སྤུ་ལྡང་བ་དང་། །སྣང་བ་འགྱུར་ངེས་མོས་གུས་གསོལ་བ་ཐོབ། །དེ་ལྟར་དལ་དྲགས་ཡུན་རིང་གསོལ་བཏབ་ནས། །བྱིན་རླབས་སྟོབས་ཀྱིས་ཉམས་སྣང་གང་ཤར་ལ། །གེགས་སྐྱོན་མི་སྲིད་ལྷོད་དེ་བསྐྱངས་བས་འཐུས། །ལ་མོས་གུས་གསོལ་འདེབས་གནད་དུ་མ་སོང་ན། །ཕྱག་རྒྱ་ཆེན་པོ་སྐྱེ་བའི་རེ་བ་མེད། །དེ་སྐད་རཱ་ག་ཨ་སྱས་གང་དྲན་སྨྲས།། ༈ །།ན་མོ་བཛྲ་དྷ་ར་ཡེ། ཀུན་


CMR050_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བཟང་དང་རྡོ་རྗེ་འཆང་། །རྡོ་རྗེ་སེམས་དཔའ་གསང་བའི་བདག །ཧེ་རུ་ཀ་དཔལ་པདྨ་འབྱུང་། །གསང་སྔགས་སྟོན་པ་རྣམས་ལ་འདུད། །གསར་རྙིང་རྒྱུད་སྡེ་རྒྱ་མཚོའི་དོན། །གསང་སྔགས་བླ་ན་མེད་པ་དེ། །ཉམས་སུ་ལེན་པར་བྱེད་པ་ལ། །བསྡུ་ན་གཞི་ལམ་འབྲས་བུ་གསུམ། །གཞི་ནི་ཤེས་པ་གང་ཆེ་ཞིང་། །ལམ་ནི་ཉམས་སུ་བླངས་གལ་ཆེ། །འབྲས་བུ་གནས་སྐབས་མཐར་ཐུག་གཉིས། །གནས་སྐབས་ཐུན་མོང་དངོས་གྲུབ་སྤྱོད། །མཐར་ཐུག་མཆོག་གི་དངོས་གྲུབ་ནི། །བརྩོན་འགྲུས་ཆེ་ན་ཚེ་འདི་རྒྱུདང་། །འབྲིང་ན་བར་དོ་ཐ་མ་ཡང་། །སྐྱེ་བ་གཞན་དུ་ཐོབ་པར་བཤད། །གཞི་ཡི་གནས་ལུགས་མ་ཤེས་ན། །བསྒོམ་པ་བླུན་བསྒོམ་ཐོམ་འགྲོས་ཡིན། །དེ་ལ་གཞི་ནི་ལུས་ངག་ཡིད། །ལམ་ནི་བསྐྱེད་རིམ་རླུང་དང་སྔགས། །མི་རྟོག་ཕྱག་རྒྱ་ཆེན་པོ་ཡིན། །གནས་སྐབས་ལས་བཞི་གྲུབ་པ་དང་། །མཐར་ཐུག་སྐུ་ལྔ་ཡེ་ཤེས་ལྔ། །སེམས་ལ་སེམས་དང་སེམས་ཉིད་གཉིས། །དེ་ཡང་དྭངས་སྙིགས་ཚུལ་དུ་གནས། །སེམས་ནི་འཁྲུལ་པའི་རྣམ་རྟོག་སྟེ། །སེམས་ཉིད་སངས་རྒྱས་ངོ་བོ་ཉིད། །བདེ་གཤེགས་སྙིང་པོ་


CMR050_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དབྱིངས། །ཆོས་ཉིད་ཆོས་སྐུ་ཀུན་ཏུ་བཟང་། །སངས་རྒྱས་ཀུན་གྱི་ཐུགས་རྒྱུད་དང་། །སེམས་ཅན་ཀུན་གྱི་སེམས་ཉིད་དང་། །རང་གི་སེམས་ཉིད་དབྱེར་མེད་དེ། །རྒྱ་གར་ཆུ་དང་བོད་ཀྱི་ཆུ། །ལུང་པའི་དབང་གིས་སོ་སོ་ཡང་། །ཆུ་ཡི་ངོ་བོ་གཅིག་དང་འདྲ། །ངོ་བོ་སྟོང་ལ་ཁྱད་པར་མེད། །རང་བཞིན་གསལ་ལ་རྗེན་པར་གཅིག །སྣ་ཚོགས་འགག་མེད་འཆར་བ་གཅིག །ཕྱི་རོལ་སྣོད་ཀྱི་འཇིག་རྟེན་ཡང་། །སེམས་ཀྱི་སྣང་ཆ་ཙམ་གཅིག་སྟེ། །རྨི་ལམ་ཡུལ་གྱི་སྣང་བ་འདྲ། །ས་རྡོ་རི་བྲག་སྲ་མཁྲེགས་དང་། །མེ་ཡི་ཚ་དང་ཆུ་ཡི་གཤེར། །དགྲ་གཉེན་སྐྱིད་སྡུག་སྣང་བ་ཀུན། །མ་འདྲེས་སོ་སོར་སྣང་བ་ཡང་། །ངོ་བོ་སྟོང་པར་རོ་གཅིག་སྟེ། །ཆོས་སྐུ་རྗེན་པར་གཅིག་གི་ངང་། །འཁྲུལ་དང་མ་འཁྲུལ་ཡེངས་མ་ཡེངས། །དྲན་དང་མ་དྲན་གཉིད་མ་གཉིད། །ཁྱད་མེད་གཉུག་མའི་གནས་ལུགས་དང་། །སྲིད་པའི་རྩེ་ནས་མནར་མེད་ཡན། །ངན་སོང་གསུམ་དང་དག་པའི་ཞིང་། །ངོ་བོ་སྟོང་ཉིད་ཕྱག་རྒྱ་ཆེ། །ཡེ་ནས་མ་བཅོས་ལྷུན་གྱིས་གྲུབ། །སྣང་སྲིད་ཕྱག་རྒྱ་ཆེན་པོ་ལགས། །ལུས་ཀྱི་ཕུང་པོ་ལྔ་པོ་


CMR050_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །ཡེ་ནས་རྒྱལ་བ་རིགས་མཆོག་ལྔ། །ཁམས་ལྔ་ཡུམ་ཆེན་ལྔ་ཡིན་ཏེ། །ཚོགས་བརྒྱད་ཡུལ་བརྒྱད་སེམས་དཔའ་དང་། །སེམས་མ་ཡབ་ཡུམ་བཅུ་དྲུག་ཉིད། །རྐང་ལག་ལྷུ་སོགས་ཁྲོ་བོ་བཅུ། །དེ་བཞིན་སྣོད་ཀྱི་འཇིག་རྟེན་ཡང་། །ས་ཆུ་མེ་རླུང་ནམ་མཁའ་ལྔ། །ཡུམ་ཆེན་ལྔ་ཡི་ངོ་བོ་ཉིད། །ཡེ་ནས་དག་པ་ལྷུན་གྲུབ་ཡིན། །སྐྱེ་བ་བསྐྱེད་པའི་རིམ་པ་སྟེ། །འཆི་བ་རྫོགས་རིམ་ངོ་བོར་གནས། །གཉིད་ནི་ཆོས་སྐུའི་ངོ་བོ་སྟེ། །རྨི་ལམ་ལོངས་སྤྱོད་རྫོགས་པའི་སྐུ། །སད་པ་སྤྲུལ་སྐུའི་རང་བཞིན་ཏེ། །སྙོམས་འཇུག་བདེ་བ་ཆེན་པོའི་སྐུ། །རྩ་ནི་སྐུ་ཡི་རྡོ་རྗེ་སྟེ། །ངག་དང་རླུང་ནི་གསུང་རྡོ་རྗེ། །ཐིག་ལེ་ཐུགས་ཀྱི་རྡོ་རྗེ་སྟེ། །དེ་ལྟར་ཡེ་ནས་རང་བྱུང་སྟེ། །སུས་ཀྱང་མ་བྱས་ལྷུན་གྱིས་གྲུབ། །དེ་དོན་མ་རྟོགས་འཁོར་བར་འཁྱམས། །དབུལ་པོའི་གསེར་ངོ་མ་ཤེས་པས། །གསེར་གྱི་སྒྱེད་པུ་བཙུགས་ནས་ཀྱང་། །མུ་གེས་ཤི་ལ་ཁད་དང་འདྲ། །དེ་ཉིད་ངོ་སྤྱོད་བླ་མ་དེ། །དྲིན་ཅན་རྩ་བའི་བླ་མ་ཡིན། །སྦྱང་བ་སྔོན་དུ་སོང་བ་ཡིན། །སྐལ་ལྡན་སྐྱེས་བུ་ལ་ལ་ནི། །ངོ་སྤྲོད་བྱས་མ་ཐག་ཏུ་གྲོལ། །ལུས་མ་སྤང་བར་མཁའ་སྤྱོད་


CMR050_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས། །དེ་འདྲ་སྔར་དུས་མང་བར་གསུངས། །སྒྲིབ་པ་འཐུག་པའི་གང་ཟག་རྣམས། །ངོ་སྤྲོད་ཆོས་ཀྱིས་མི་གྲོལ་ཏེ། །འོ་མ་མར་གྱི་རྒྱུ་ཡིན་ཡང་། །མ་བཤིག་བར་དུ་མར་མི་འབྱུང་། །དེ་ཕྱིར་ཉམས་ལེན་གལ་ཆེའོ། །རང་ལུས་ཡེ་ནས་ལྷ་ཡི་སྐུ། །ཡིན་ལ་ཡིན་བཞིན་བསྐྱེད་རིམ་བསྒོམ། །སྦྱང་གཞི་ལུས་སེམས་ངག་དང་གསུམ། །སྦྱོང་བྱེད་ལྷ་སྔགས་ཏིང་འཛིན་ནོ། །དུག་གསུམ་ལུས་ངག་ཡིད་གསུམ་དང་། །རྩ་གསུམ་སྦྱང་ཕྱིར་ལྷ་གསུམ་སྟེ། །དཔེར་ན་རྩ་བ་གསུམ་པོ་བཞིན། །དུག་ལྔ་ཕུང་པོ་ལྔ་དང་ནི། །ཁམས་ལྔ་སྦྱང་ཕྱིར་ལྷ་ལྔ་སྟེ། །རྒྱལ་བ་རྒྱ་མཚོ་ལྷ་ལྔ་བཞིན། །ཐ་མལ་ལུས་ཀྱི་བག་ཆགས་འདི། །སྦྱོང་བའི་ཐབས་སུ་བསྐྱེད་རིམ་གསུམ། །ཐ་མལ་ངག་གི་བརྗོད་པ་འདི། །སྦྱང་ཕྱིར་རླུང་དང་སྙིང་པོ་གསུམ། །ཐ་མལ་ཡིད་ཀྱི་རྟོག་པ་འདི། །སྦྱང་ཕྱིར་ཞི་ལྷག་ཏིང་འཛིན་གསུངས། །སྦྱང་གཞི་སྦྱོང་བྱེད་མ་ཤེས་ན། །ལྷ་སྐུའི་དམིགས་པ་གསལ་ན་ཡང་། །གྱ་ནོམ་ལྷར་ཞེན་ཞེས་བྱ་སྟེ། །བསྐྱེད་རིམ་གོ་ཆོད་མིན་པར་བཞེད། །ལྟ་བའི་གནས་ལུགས་མ་གོ་ན། །གནས་འགྱུ་འབྲོས་འདེད་བསྲུང་ན་


CMR050_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །སྟོང་ཉིད་ལྟ་བ་མིན་པར་བཞེད། །ལུས་ཀྱི་གནས་ལུགས་མ་ཤེས་ན། །དབུགས་ཀྱི་རྒྱུ་རྡུབ་བཀག་ན་ཡང་། །རྩ་རླུང་བསྒོམ་པ་མིན་པར་བཞེད། །དེ་ཚོ་མཁས་པ་རྣམས་ཀྱིས་བཞེད། །དེ་ཚོ་ལེགས་པར་གོ་ན་ཡང་། །དེ་དོན་ཉམས་སུ་མ་བླངས་ན། །རང་རྒྱུད་གྲོལ་བར་མི་ནུས་ཏེ། །ནད་པས་སྨན་རྐྱལ་ཁུར་བ་འདྲ། །དེ་འདྲ་སྒོམ་ཆེན་རྣམས་ཀྱིས་བཞེད། །དེ་དག་རྒྱུད་གཞུང་མང་པོ་ལ། །སློབ་གཉེར་བྱས་ནས་མཁས་པར་སྦྱང་། །དེ་ནས་ཉམས་སུ་བླངས་པ་ན། །ལམ་ལ་ནོར་འཁྲུལ་མེད་པ་དེ། །མཁས་ཟློཔ་རྣམས་ཀྱིས་བཞེད་པ་ལགས། །ལྟ་བ་བསྒོམས་པས་གཏན་ལ་འབེབས། །རྒྱུད་གཞུང་རྣམས་ཀྱི་ལུགས་ལགས་སོ། །དེ་དོན་ལེགས་པར་མ་རྟོགས་ན། །སྒྲུང་མཁན་རྣམས་ཀྱི་སྒྲུང་དང་འདྲ། །གེ་སར་རྒྱལ་པོའི་དཔའ་རྩལ་དེ། །སྒྲུང་མཁན་རྣམས་ཀྱིས་བཤད་ན་ཡང་། །ཁོ་ལ་རྫུ་འཕྲུལ་དཔལ་རྩལ་མེད། །དེ་བཞིན་བཤད་པ་མཁས་ན་ཡང་། །ཉམས་ལེན་ཕྱོགས་མགོ་ཙམ་མེད་པ། །འདི་འདྲ་དོན་ལ་དགོས་པ་ཆུང་། །དེ་བས་མན་ངག་མཁན་གྱི་ལུགས། །བླ་མའི་གསུངས་བཞིན་ཉམས་བླངས་ན། །བཤད་པ་ཚིག་


CMR050_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་མི་ཤེས་ཀྱང་། །བསྐྱེད་རྫོགས་གང་བསྒོམ་རྟགས་ཐོན་པ། །ཟན་གྱིས་ལྟོ་བ་འགྲངས་པ་ན། །རྩོམ་པའི་བྱུང་ཁུངས་ཤེས་མི་དགོས། །སྦྱང་གཞི་ལུས་ངག་ཡིད་གསུམ་ལ། །སྦྱོང་བྱེད་ལྷ་སྔགས་ཏིང་འཛིན་གསུམ། །ཡིན་པར་ཤེས་པ་ཙམ་གྱིས་ཆོག །ལྟ་བའི་གནས་ལུགས་མི་ཤེས་ཀྱང་། །སྒོམ་པའི་སྟོབས་ཀྱིས་ལྟ་བ་རྟོགས། །སྣང་བ་བདེན་མེད་སྒྱུ་མར་འཆར། །འདི་དོན་བཀའ་བརྒྱུད་པ་རྣམས་བཞེད། །གནས་ལུགས་གཞིའི་དབྱངས་ཆུང་འདི། །རྟ་ལོ་ཁྲུམས་ཟླའི་ཚེས་གཅིག་ལ་སྨྲས་པ་མངྒ་ལཾ། །བྷ་ཝན།། །།ཨེ་མ་ཧོ། དེང་སང་གསང་སྔགས་དར་དྲགས་པས། །བསྐྱེད་རིམ་བསྒོམ་པ་མང་ལགས་པས། །གོལ་ས་ཆོད་པ་ཉུང་བར་གདའ། །དམ་པ་རིགས་བརྒྱའི་བསྐྱེད་རིམ་ལ། །གོལ་ས་བརྒྱ་ནི་ཡོད་པར་གསུངས། །དེ་ཡི་དོན་བསྡུས་འདིར་བཤད་ན། །དེ་ཀུན་ཐེར་ཟུག་གོལ་སར་འདུས། །ཨ་འཐས་ཐེར་ཟུག་ཅེས་བྱ་བ། །དཔེར་ན་མིའམ་འདག་སྐུ་ལྟར། །གདོས་བཅས་དངོས་སུ་བསྒོམ་པ་ནི། །ཨ་འཐས་ཐེར་ཟུག་གོལ་ས་ཆེ། །དེ་འདྲ་ངེས་ཤེས་ཆེ་དྲགས་ན། །


CMR050_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བ་བསྒོམ་ན་གཟུགས་ཁམས་ལྷ། །ཁྲོ་བོ་བསྒོམ་ན་གཤིན་རྗེ་དང་། །སྲིན་པོ་རྣམས་སུ་གོལ་བ་ཡིན། །རྟ་ཞལ་ཕག་ཞལ་མ་ཧེའི་ཞལ། །ཨ་འཐས་བསྒོམ་པ་ཕྲ་མེན་མ། དེ་འདྲའི་མགོ་ཅན་རྣམས་སུ་གོལ། །ཁྱད་པར་ཡི་དམ་ཁྲོ་བོའི་རིགས། །བསྒོམ་ཞིང་ཨ་འཐས་དངོས་པོར་ཞེན། །ལྷ་དེའི་སྐུ་གཟུགས་འདྲ་བ་ཡི། །རིག་འཛིན་ཞེས་བྱ་རླུང་ལྷའི་འཁོར། །ཡི་དྭགས་འབྱུང་པོའི་རིགས་སུ་གོལ། །གོལ་ཞེས་བྱ་བ་གང་ཞེ་ན། །དེ་འདྲའི་གནས་སུ་སྐྱེ་བ་ཡིན། །རྣམ་པ་གསལ་བར་མ་ཟིན་ནས། །འ་ལེ་འོ་ལེར་མོས་པ་ཙམ། །སྒོམ་ལ་སྐྱོན་ནི་སོ་སོར་ཡོད། །སྐྱིལ་ཀྲུང་པད་ཉི་མ་གསལ་ན། །ཚེ་ནི་ཐུང་བར་འགྱུར་བ་ཡིན། །སྤྱན་མ་གསལ་ན་མིག་མི་གསལ། །ཞལ་མ་གསལ་ན་མི་རྣམས་ཀྱིས། །སྨྲས་པ་མི་བརྟན་སྐྱོན་དུ་འགྱུར། །རྒྱན་ཆ་མ་གསལ་ནོར་དབུལ་ཞིང་། །མེ་རི་འོད་སྐོར་མ་གསལ་ན། །བར་ཆད་མང་བར་འགྱུར་བ་ཡིན། །ཞབས་ནི་བསྒྲད་དང་ཞབས་གཉིས་པོ། །མ་གསལ་འདུག་མི་ཚུགས་པར་གསུངས། །དེ་སོགས་རྒྱན་དང་ཆ་ལུགས་རྣམས། །གང་མ་གསལ་ལ་སྐྱོན་རེ་ཡོད། །གང་གསལ་དེ་ཡི་ཡོན་


CMR050_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་འབྱུང་། །མཚན་དང་དཔེ་བྱད་ཐམས་ཅད་ལ། །རེ་རེ་ནས་ནི་གསལ་བཏབ་པས། །ཕན་ཡོན་སོ་སོར་མདོ་ལས་གསུངས། །དེ་ཕྱིར་སྐུ་མདོག་རྒྱན་ཆ་ལ། །དབུ་གཙུག་ནས་ནི་པད་གདན་བར། །སོ་སོར་གསལ་བཏབ་རིག་པ་གཏད། །སོ་སོར་གཏད་པའི་འགོག་པ་སྟེ། །ཞི་གནས་མཆོག་ཏུ་གྱུར་པ་ཡིན། །རེས་འགའ་སྐུ་ལུས་ཡོངས་རྫོགས་པ། །ལམ་མེར་གསལ་ལ་རིག་པ་གཏད། །སོ་སོར་བརྟག་མིན་འགོག་པ་ཡིན། །དེ་ལྟར་རྣམ་པ་གསལ་ན་ཡང་། །རྣམ་དག་དྲན་པ་གལ་ཆེ་སྟེ། །ལྷ་ཡི་སྐུ་མདོག་རྒྱུན་ཆ་ལུགས། །བརྡ་ཡི་ཆོས་ནི་སྟོན་པ་སྟེ། །ལོངས་སྤྱོད་རྫོགས་པའི་ཞིང་ཁམས་སུ། །ཞལ་ནས་ཆོས་གསུངས་མི་དགོས་ཏེ། །སྐུ་མདོག་ཆ་ལུགས་མཐོང་ཙམ་ན། །འཁོར་གྱིས་ཆོས་ཀྱི་དོན་རྣམས་གོ །ཞལ་གཅིག་ཆོས་སྐུ་རོ་གཅིག་བརྡ། །ཞལ་གཉིས་ཆོས་སྐུ་གཟུགས་སྐུ་གཉིས། །ཞལ་གསུམ་སྐུ་གསུམ་མཚོན་པ་སྟེ། །ཞལ་བཞི་གླུ་སྐུ་བཞི་མཚོན་པ་ཡིན། །ཕྱག་གཉིས་ཐབས་དང་ཤེས་རབ་སྟེ། །ཕྱག་བཞི་ཚད་མེད་རྣམ་པ་བཞི། །ཕྱག་དྲུག་ཕ་རོལ་ཕྱིན་པ་དྲུག །ཞབས་གཉིས་མཐའ་གཉིས་སྤང་བ་


CMR050_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །ཞབས་བཞི་བསྡུ་བའི་དངོས་པོ་བཞི། །དར་དང་རིན་ཆེན་རྒྱན་ལྡན་པ། །ཡོན་ཏན་ཐམས་ཅད་རང་ལ་རྫོགས། །ཁྲོ་བོའི་ཆས་ནི་ཐམས་ཅད་པ། །དྲེགས་པ་ཐམས་ཅད་ཟིལ་གནོན་བརྡ། །དེ་སོགས་བརྡ་དོན་ཤེས་པར་བྱ། །རྒྱས་པར་སོ་སོའི་སྒྲུབ་གཞུང་དང་། །བསྟོད་པའི་ནང་ལ་དོན་རྣམས་གསལ། །དེ་ལྟར་ལྷ་སྐུ་གང་བསྒོམ་ཡང་། །ངོ་བོ་སྟོང་ལ་རང་བཞིན་གསལ། །ནམ་མཁའི་འཇའ་ཚོན་ལྟ་བུར་བསྒོམ། །དེས་ནི་གོལ་ས་ཐམས་ཅད་གཅོད། །ང་རྒྱལ་བརྟན་ལ་བྱིན་རླབས་འབྱུང་། །རང་ལུས་ཡེ་ནས་ཡི་དམ་ལྷ། །ཡིན་པར་རྒྱུད་སྡེ་ཀུན་ནས་གསུངས། །དེ་ཕྱིར་རང་ཉིད་ལྷ་དངོས་ཀྱི། །ངེས་ཤེས་ང་རྒྱལ་བརྟན་པོར་བཟུང་། །རྣམ་པ་གསལ་དང་རྣམ་དག་དྲན། །ང་རྒྱལ་བརྟན་དང་གསུམ་འཛོམས་ན། །བསྐྱེད་རིམ་མཆོག་ཏུ་གྱུར་པ་ཡིན། །མདོ་ལུགས་བསྐལ་པ་གྲངས་མེད་གསུམ། །ཚོགས་བསགས་སྒྲིབ་སྦྱངས་མ་བྱས་པས། །སངས་རྒྱས་མི་ཐོབ་པ་ཡི་སྐྱོན། །རང་ལུས་ལྷ་རུ་མ་ཤེས་སྐྱོན། །བླ་མེད་ཚེ་གཅིག་སངས་རྒྱས་པར། །རང་ལུས་ལྷ་རུ་བསྒོམས་པས་ཟབ། །དེ་ཕྱིར་མདོ་སྔགས་ཟབ་མི་ཟབ། །ཡོད་པ་


CMR050_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རིམ་གནད་ཡིན་གསུངས། །བསྐྱེད་རིམ་གནད་འགག་དབྱངས་ཆུང་འདི། །རཱ་ག་ཨ་སྱས་འཕྲལ་དུ་སྨྲས། །མངྒ་ལཾ།། མོ་མ་ཧཱ་མུ་ཏྲ་ཡེ། དེང་སང་ཁྲིད་ཞུས་ཁྲིད་ཕྲུག་མང་། །སྒོམ་ཆེན་ཡིན་ཟེར་མང་ལགས་ཏེ། །ཞི་གནས་སྐྱོན་མེད་ཆགས་པ་ཉུང་། །ལུས་གནད་ལ་སོགས་ལེགས་བཅས་ནས། །རྣམ་རྟོག་མ་རིག་ཆེན་པོ་དེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཡེ་ཤེས་ལ་གནས་ན། །ནམ་མཁའ་བཞིན་དུ་རྟོག་མེད་གནས། །རྣམ་སྣང་མངོན་བྱང་ལས་གསུངས་པ། །དེ་ཡི་གོ་བ་ལོག་ཤོར་ནས། །འགྱུ་བ་བཀག་ནས་མི་འགྱུ་ན། །སྒོམ་དུ་འཛིན་པར་བྱེད་མཁན་མང་། །མིག་གིས་གཟུགས་རྣམས་མི་མཐོང་ཞིང་། །རྣ་བས་སྒྲ་ཡང་མི་ཐོས་པར། །དྲན་མེད་རྣམ་རྟོག་ཐམས་ཅད་འགག །ཅི་ཡང་ཡིད་ལ་དྲན་མེད་པར། །ཡུན་རིང་ཐོམ་མེར་ལུས་པ་ནི། །སྒོམ་ནི་སྐྱེ་བའི་སྔ་ལྟས་ཙམ། །ཡིན་གྱིས་དེ་ནི་སྒོམ་མིན་ཏེ། །སྒོམ་ཡིན་བསམས་ནས་དེ་བསྒོམ་པ། །དུད་འགྲོར་སྐྱེ་བའི་རྒྱུ་ཡིན་ནོ། །དེ་འདྲ་སྐྱེ་མཁན་མང་བར་གདའ། །དྲེད་དང་ཕྱི་བས་དེ་བསྒོམས་པས། །


CMR050_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་ཟླ་གསུམ་ལུས་དེ་ལ། །ལྟོགས་འཁྱག་མེད་དེ་ཚོན་པོར་གནས། །དེ་ལའང་ཡོན་ཏན་དེ་ཙམ་མཚར། །ལུས་གནད་བཅས་ནས་ཡིད་ལ་ནི། །ཅི་ཡང་བསྒོམ་པར་མི་བྱེད་པར། །སྙིང་དཀྱིལ་རིག་པ་གཏད་ནས་འདུག །རྣམ་རྟོག་འཕྲོ་བ་ཚུར་ལ་བཀུག །གར་ཡང་འགྲོ་ན་ཚད་མི་འཇུག །ཅི་ཡང་ཡིད་ལ་མི་དྲན་པར། །འདུག་པ་དེ་ཉིད་བཟང་བར་རྩི། །དགེ་བ་ཡིད་ལ་དྲན་མི་རུང་། །དྲན་ནས་མཐོ་རིས་གནས་སུ་སྐྱེ། །དེར་ཡང་སྐྱེ་འཆིའི་སྡུག་བསྔལ་ཡོད། །མི་དགེ་ཡིད་ལ་དྲན་མི་རུང་། །དྲན་ན་ངན་སོང་གནས་སུ་སྐྱེ། །དེ་ན་སྡུག་བསྔལ་དཔག་ཏུ་མེད། །དགེ་བ་མི་བསྒྲུབ་སྡིག་མི་སྤངས། །ཅི་ཡང་ཡིད་ལ་མི་འགྱུ་ན། །དེ་ནི་ཐར་པ་ཐོབ་པ་ཡིན། །ཟེར་བ་རྒྱ་ནག་ཧྭ་ཤང་ལུགས། །ལྟ་བ་ལོག་པ་ཡིན་པར་བཤད། །དེ་གཉིས་ཞི་གནས་འཐོམ་པོ་སྟེ། །ཞི་གནས་སྐྱོན་ཅན་ཡིན་པའོ། །མདུན་གྱི་ནམ་མཁར་ཐུབ་པའམ། །འོད་དཔག་མེད་སོགས་སངས་རྒྱས་བསྒོམ། །དེ་ལ་རིག་པ་རྩེ་གཅིག་གཏད། །རིག་པ་འཕྲོ་རྒོད་ཆེ་བ་ན། །པད་ཟླ་སྐྱིལ་ཀྲུང་རིག་པ་གཏད། །རིག་པ་བྱིང་རྨུག་མི་གསལ་ན། །མཛོད་སྤུ་


CMR050_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཏོར་རིག་པ་གཏད། །འཕྲོ་བ་ཚུར་བཀུག་དེ་སྟེང་བཞག །དེ་ལྟར་ཡུན་དུ་བསྒོམས་པ་ཡིས། །རིག་པ་གར་གཏད་དེ་ཉིད་ལ། །མི་འཕྲོ་ཡུན་རིང་གནས་པ་ནི། །མཚན་བཅས་ཞི་གནས་ཞེས་བྱ་བ། །མདོ་ལུགས་ཞི་གནས་སྐྱེས་པ་ཡིན། །དེ་བཞིན་རང་ཉིད་ཡི་དམ་ལྷའི། །ཐུགས་སྲོག་ཧཱུྃ་ངམ་ཧཱི༔ཡིག་ལ། །རིག་པ་གཏད་པ་ཡུན་རིང་དུ། །མི་འཕྲོ་གནས་པ་ཞི་གནས་སོ། །ཡིད་ལ་ཅི་ཡང་མི་དྲན་པ། །ལྷོད་དེ་བཞག་པས་རང་གི་སེམས། །གར་ཡང་མི་འཕྲོ་ཀྱི་ལེ་གནས། །ཀྱི་ལེ་གནས་པའང་སེམས་ཀྱི་རིག །འདི་ནི་མཚན་མེད་ཞི་གནས་མཆོག །འདི་ལྟར་ཞི་གནས་བསྒོམ་པ་ལ། །ཕན་ཡོན་དཔག་ཏུ་མེད་པ་དང་། །ཐུན་མོང་གྲུབ་ཆེན་བརྒྱད་ཐོབ་སྟེ། །མཁའ་ལ་འཕུར་དང་ཆུས་མི་བྱིང་། །ཟག་བཅས་མངོན་ཤེས་ཐོབ་པར་གསུངས། །དེ་ཕྱིར་མུ་སྟེགས་པ་རྣམས་ལ། །གྲུབ་ཐོབ་རྫུ་འཕྲུལ་མངོན་ཤེས་ཅན། །འབྱུང་བ་ཞི་ལ་གནས་ཕན་ཡོན་ཡིན། །ཞི་ནི་རྣམ་རྟོག་སྤྱན་སྤུན་ཞི། །གནས་ནི་རིག་པ་གར་གཏད་དུ། །ཡུན་རིང་གནས་པ་ཞི་གནས་སོ། །ཞི་གནས་ཇི་ལྟར་ཚབས་ཆེ་བཞིན། །ལྷག་


CMR050_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ཡོན་ཏན་རྩལ་ཆེ་གསུངས། །ཞི་གནས་འཐུག་པོ་མ་ཆགས་ན། །སྤྲིན་ཐག་ཆད་པའི་ནམ་མཁའ་བཞིན། །ལྷག་མཐོང་སྐྱེས་ཀྱང་ཕོ་མི་བྱེད། །དེ་ཕྱིར་བདག་གི་འདྲེན་པ་མཆོག་རྗེ་བཙུན་ཀུན་དགའ་རྣམ་རྒྱལ་བས། །ཁྲིད་དུས་ཞི་གནས་གཙོ་བོ་མཛད། །གྲུབ་ཆེན་དྲུང་ཡིག་པ་དེས་ཀྱང་། །དང་པོ་ཞི་གནས་ཅི་སྐྱེས་མཛད། །དང་པོ་ཧབ་རྒྱུག་མི་བྱེད་པར། །ཞི་གནས་རྟགས་ཐོན་གལ་ཆེ་གདའ། །དེ་སྐར་རཱ་ག་ཨ་སྱས་སྨྲས།། ༈ །།ན་མོ་མ་ཧཱ་མུ་དྲ་ཡེ། ལྷག་མཐོང་འདི་ལ་རྣམ་པ་གཉིས། །ཐེག་པ་སྤྱི་ཡི་ལྷག་མཐོང་དང་། །ཕྱག་རྫོགས་ལུགས་ཀྱི་ལྷག་མཐོང་གཉིས། །ཐེག་པ་སྤྱི་ཡི་ལྷག་མཐོང་ནི། །གོ་བའི་ཤེས་རབ་ཡིན་པར་བཤད། །ངོ་བོ་རྣམ་རྟོག་ཁོ་ན་ཡིན། །ཆོས་ཀུན་ཀུན་རྫོབ་དོན་དམ་གཉིས། །ཀུན་རྫོབ་རྒྱུ་འབྲས་རྟེན་འབྲེལ་ཏེ། །རྒྱུ་ལ་རྟེན་ནས་འབྲས་བུ་འབྱུང་། །དགེ་བའི་རྒྱུ་ལས་བདེ་སྐྱིད་དང་། །སྡིག་པའི་རྒྱུ་ལས་སྡུག་བསྔལ་འབྱུང་། །དོན་དམ་སྐྱེ་འགག་གནས་གསུམ་བྲལ། །ཆོས་ཀུན་གང་ལ་སྐྱེ་བ་མེད། །གང་ལ་གནས་པའི་ཡུལ་མེད་དེ། །གང་དུ་ཡང་ནི་འགགས་པ་


CMR050_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །མེད་ཅིང་ཆད་ལྟ་མ་ཡིན་ཏེ། །སྟོང་པའི་ངང་ལས་ཅི་ཡང་འཆར། །དཔེར་ན་སྤྲིན་དང་འཇའ་ཚོན་བཞིན། །ཆོས་ཀུན་མི་རྟག་འགྱུར་བ་སྟེ། །སྒྱུ་མ་རྨི་ལམ་སྤྲུལ་པ་བཞིན། །དང་པོ་གང་ནས་འོང་བ་མེད། །མཐར་ནི་གང་དུ་འགྲོ་བ་མེད། །ཆོས་ཀུན་ཐ་དད་མ་ཡིན་ཏེ། །ཐམས་ཅད་ངོ་བོ་སྟོང་པར་གཅིག །ཆོས་ཀུན་གཅིག་པ་མ་ཡིན་ཏེ། །རྣམ་པ་སྣ་ཚོགས་དཔག་ཏུ་མེད། །སྤྲོས་པའི་མཚན་མ་ཐམས་ཅད་ནི། །མི་དམིགས་ཉེ་བར་ཞི་བ་ཉིད། །རྫོགས་སངས་རྒྱས་ཀྱིས་གསུངས་པ་ཡིན། །ལྟ་བའི་གནས་ལུགས་དེ་ལྟར་ཏེ། །དེ་དོན་འཕགས་པ་ཀླུ་སྒྲུབ་ཀྱིས། །གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །ཞེས་སོགས་ཚིགས་བཅད་གསུངས་པ་ཡིན། །དེ་བཞིན་བྱམས་ཆོས་སྡེ་ལྔ་དང་། །དབུ་མ་རིག་པའི་ཚོགས་དྲུག་སོགས། །གཞུང་ཚིག་རྣམས་ལ་གོ་བ་ལེན། །ཆོས་ཀུན་སྟོང་ཉིད་སྟོང་པ་ཉིད། །སྨྲ་བསམ་བརྗོད་པའི་ཡུལ་མིན་སྒྲ་པར། །ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ། །ཡིན་པར་འདུག་སྙམ་གོ་བ་འཆར། །དེ་ལ་ངེས་ཤེས་སྐྱེ་བ་དེ། །ལྟ་བ་སྟོང་ཉིད་ཡིན་པར་བཤད། །དེ་ནི་སྟོང་ཉིད་དོན་སྤྱི་


CMR050_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །ཚུལ་དུ་བསྒོམ་པ་ཞེས་བྱ་སྟེ། །པཎྜི་ཏ་ཡི་དཔྱད་བསྒོམ་ཡིན། །དགེ་བཤེས་ཕལ་ཆེར་ཉམས་ལེན་ཡིན། །ཕྱག་ཆེན་ལུགས་ལ་དེ་ལྟ་བུ། །སྟོང་ཉིད་ཤེས་བྱའི་གཤིས་ལ་ཤོར། །ལྟ་བའི་གོ་བ་སྐམ་པོ་སྟེ། །དེ་ཉིད་རྣམ་རྟོག་ཡིན་པའི་ཕྱིར། །སྒོམ་གྱི་གོ་ནི་ཆོད་པ་མིན། །སུ་བྷ་ཝ་ཡི་སྔགས་བརྗོད་པས། །ས་རྡོ་རི་བྲག་གྲོང་ཁྱེར་སོགས། །ཐམས་ཅད་མེད་པར་སྟོང་པ་ཉིད། །ནམ་མཁའ་ལྟ་བུ་ཡིད་ཀྱིས་བསྒོམ། །སྔགས་པ་ཕལ་གྱིས་བསྒོམ་ལུགས་ཡིན། །དང་པོ་དཀྱིལ་འཁོར་ལྷ་ཚོགས་བསྒོམ། །དེ་ནས་ཕྱི་སྣོད་ཚེའཇིག་རྟེན་ཁམས། །གཞལ་ཡས་ཁང་ལ་ཐིམ་པར་བསྒོམ། །ནང་བཅུད་སེམས་ཅན་ཐམས་ཅད་ཀྱང་། །དཀྱིལ་འཁོར་ལྷ་ཡི་འཁོར་ལ་ཐིམ། །འཁོར་རྣམས་གཙོ་བོ་ཉིད་ལ་ཐིམ། །གཙོ་བོ་ཐུགས་ཀའི་ཧཱུྃ་ལ་ཐིམ། །ཧཱུྃ་ཡང་གྱེན་རྫོགས་ཡར་ཐིམ་ནས། །ནཱ་ད་སྤུ་རྩེ་ཙམ་ལ་ཐིམ། །དེ་ཡང་མེད་དེ་སྟོང་པ་ཉིད། །ནམ་མཁའ་ལྟ་བུར་བསྒོམ་པ་ནི། །ཆོ་ག་མཁན་གྱི་སྟོང་ཉིད་དེ། །ཕྱག་ཆེན་པ་ཡི་ལུགས་དེ་ལ། །སྟོང་ཉིད་རྒྱས་འདེབས་སུ་ཤོར་ན། །དེ་ཡང་རྣམ་རྟོག་ཕྲེང་བ་སྟེ། །བསྒོམ་གོ་ཆོད་པ་མ་ཡིན་ནོ། །


CMR050_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བར་སྐྱེ་བའི་རྩ་བ་ནི། །བདག་ཏུ་འཛིན་པ་ཡིན་པའི་ཕྱིར། །བདག་འཛིན་དེ་ཉིད་འདུལ་བའི་ཐབས། །བདག་མེད་རྟོགས་པའི་ཤེས་རབ་དགོས། བདག་ཅེས་བྱ་བ་གང་དེ་ཡིན། །ལུས་པོ་འདི་ནི་མ་ཡིན་ཏེ། །བྷནྡ་རྐང་དུང་སོ་དང་མིག །ལུས་ནི་དུམ་བུ་སོ་སོ་ལ། །རེ་རེའང་བདག་ནི་མ་ཡིན་པས། །ལུས་ལ་བདག་ནི་མ་མཆིས་སོ། །སེམས་ཡང་བདག་ནི་མ་ཡིན་ཏེ། །གཟུགས་དང་ཁ་དོག་དངོས་པོ་མེད། །གཅིག་ཏུ་མི་གནས་དུ་མ་འཕྲོ། །དེ་ཕྱིར་སེམས་ཀྱང་བདག་མིན་ན། །ལུས་སེམས་གཉིས་པོ་མ་ཡིན་པའི། །བདག་ནི་ཅི་ཕྱིར་མི་དུ་ཡོད། །བདག་ཅེས་བྱ་བ་བརྟེན་པ་ཙམ། །བརྟག་པ་མ་ཡིན་དོན་མ་གྲུབ། །དེ་ལྟར་བསྒོམ་པས་བདག་འཛིན་ཞིག །བདག་མེད་རྟོགས་ན་གྲོལ་བ་ཡིན། །དེ་སྐད་མཁས་པ་རྣམས་ཀྱིས་བསྒོམ། །ཕྱག་ཆེན་པ་ཡི་ལུགས་ལ་ནི། །དེ་ཡིས་བསྒོམ་གོ་མི་ཆོད་དོ། །སྟོང་ཉིད་གཉེན་པོར་ཤོར་བ་ཡིན། །སྤང་བྱ་གཉེན་པོ་སོ་སོར་མེད། །གང་ཤར་ངོ་བོ་བལྟས་པས་གྲོལ། །དེ་ལྟར་སྟོང་ཉིད་ཤོར་བ་གསུམ། །ཕྱག་རྒྱ་ཆེན་པོ་མ་ཡིན་ཡང་། ཕྱག་ཆེན་མ་རྟོགས་གང་


CMR050_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་གིས། །དེ་ལ་ཉམས་ལེན་བྱས་པ་ཡིས། །སྒྲིབ་པ་ཅུང་ཟད་སྲབ་པར་གསུངས། །ཐེག་པ་ཐུན་མོང་ལྷག་མཐོང་གི །གླུ་ཆུང་རཱ་ག་ཨ་སྱ་ཡི། །རྟ་ལོ་ཁྲུམས་ཟླའི་བཅུ་དྲུག་སྨྲས། །མངྒ་ལཾ།། ༈ །།ན་མོ་མ་ཧཱ་མུ་དྲ་ཡེ། མདོ་རྒྱུད་སློབ་གཉེར་མི་དགོས་པར། །སྟོང་ཉིད་མངོན་སུམ་རྟོགས་པའི་ཐབས། །ཕྱག་རྒྱ་ཆེན་པོའི་ངོ་སྤྱོད་ནི། །ཅར་ཕོག་ཉིད་དུ་ངོ་སྤྲོད་ཐབས། །ཆོས་རྣམས་ཀུན་གྱི་རྩ་བ་ནི། །རང་སེམས་ཁོ་ན་ཡིན་པ་ནི། །མདོ་རྒྱུད་མན་ངག་ཀུན་ནས་གསུངས། །བླུན་པོས་རིགས་པས་དཔྱད་ན་ཡང་། །དཔྱད་མཁན་སྡུག་མཁན་རང་གི་སེམས། །དུག་ལྔ་ཉོན་མོངས་སེམས་ལས་བྱུང་། །དད་པ་མོས་གུས་སེམས་ལས་བྱུང་། །ངན་སོང་འཁོར་བར་འཁྱམས་རྒྱུ་སེམས། །མཐོ་རིས་ཐར་པ་ཐོབ་རྒྱུ་སེམས། །ལུས་ནི་ཁོང་པ་གོས་རུལ་འདྲ། །འཁོར་བ་དང་ནི་མྱ་ངན་འདས། །ཀུན་གྱི་རྩ་བ་སེམས་ཡིན་པས། །སེམས་ཀྱི་རྩ་བ་ཆོད་པ་ན། །ཆོས་ཀུན་རྩ་བ་ཆོད་པ་ཡིན། །ཐང་ཤིང་སྡོང་པོ་གཅིག་སྐམ་ན། །ལོ་འདབ་ཁྲི་འབུམ་སྐམ་དང་འདྲ། །དེ་ཕྱིར་རང་གི་སེམས་ཉིད་དེ། །ལུས་ཀྱི་ཕྱི་ནང་གང་དུ་


CMR050_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གདལ། །གཟུགས་དང་ཁ་དོག་ཅི་ལྟ་བུ། །སྙམ་དུ་ལུས་ལ་ཚོལ་བར་བྱ། །ལུས་ལ་མེད་ན་ཕྱི་རོལ་གྱི། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུ། །ནམ་མཁའི་ཕ་མཐའ་ཚུལ་ལ་ཚོལ། །གལ་ཏེ་སེམས་དེ་མ་རྙེད་ན། །མ་རྙེད་བསམ་མཁན་སེམས་མིན་ནམ། །བལྟས་པས་སེམས་དེ་མེད་ན་ནི། །དགའ་སྡུག་སྣང་བ་ཅི་ལ་སྐྱེ། །ཞེ་སྡང་འདོད་ཆགས་གང་ནས་བྱུང་། །སེམས་མེད་ས་རྡོ་ཁྱད་པར་ཅི། །དེ་ལྟར་ལེགས་པར་རྩད་བཅད་པས། །སེམས་ཉིད་ཡོད་པ་མ་ཡིན་ཏེ། །གཟུགས་དང་ཁ་དོག་དངོས་པོ་མེད། །སེམས་ནི་མེད་པ་མ་ཡིན་ཏེ། །སྣ་ཚོགས་འཆར་ཞིང་གར་ཡང་རྒྱུག །སེམས་ནི་གཅིག་པུ་མ་ཡིན་ཏེ། །རྣམ་ཤེས་ཚོགས་བརྒྱད་སྣ་ཚོགས་འཕྲོ། །སེམས་ནི་ཐ་དད་མ་ཡིན་ཏེ། །ངོ་བོ་སེམས་ཉིད་གཅིག་པུ་ཉིད། །སེམས་ནི་རྟག་པ་མ་ཡིན་ཏེ། །མི་རྟག་སྣ་ཚོགས་འགྱུར་ཞིང་འཆར། །སེམས་ནི་ཆད་པ་མ་ཡིན་ཏེ། །རྒྱུན་ཆད་མེད་པར་ཏུར་ཏུར་འཕྲོ། །སེམས་ལ་འགྱུ་བ་སྣ་ཚོགས་ཏེ། །དང་པོ་གང་ནས་མ་སྐྱེས་ཤིང་། །བར་དུ་གར་ཡང་མི་གནས་ལ། །ཐ་མ་གར་སོང་འདིར་འགགས་མེད། །


CMR050_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་བརྒྱད་བྲལ་བ་དབུ་མའི་ལམ། །སེམས་ལ་ཡེ་ནས་ཚང་བར་གནས། །དེ་དོན་ཡིད་ལ་གསལ་ན་ཡང་། །ངག་ནས་བརྗོད་ནི་མི་ཤེས་ཏེ། །ལྐུགས་པས་བུ་རམ་ཟོས་པ་བཞིན། །སྨྲ་བསམ་བརྗོད་མེད་དངོས་སུ་འཆར། །ལྷག་མཐོང་ངོ་བོ་སྤྱོད་པའི་ཐབས། །མཁའ་འགྲོའི་གསང་ཚིག་གླུ་ཆུང་འདི། །རྟ་ལོ་ཁྲུམས་ཟླའི་བཅུ་བདུན་ཉིན། །རཱ་ག་ཨ་སྱས་སྨྲས་པ་མཚར། །མངྒ་ལཾ།། ༈ །།ཨེ་མ་ཧོ། མཁས་པ་ནཱ་རོ་པཎྜི་ཏས། །རྒྱུད་སྡེ་བཞི་ཡི་ལྟོ་ཚིལ་བླངས། །སྐྱེས་མཆོག་མར་པ་ལོ་ཙཱར་གནང་། །རྟེན་འབྲེལ་ལུས་ལ་བསྒྲིགས་ཤེས་ན། །རྟོགས་པ་སེམས་ལ་འཆར་བའི་ཐབས། །རྣམ་པར་སྣང་མཛད་ཆོས་བདུན་འདི། །བོད་དུ་དར་བའི་ཆོས་ཀུན་ལས། །ང་ཡི་ལུས་གནད་བདུན་པོ་འདི། །ཟབ་ཅེས་མར་པས་ཞལ་ཕོད་གསུངས། །རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅའ། །ན་སོ་རྒས་སམ་རྐང་ནད་ཅན། །སེམས་དཔའི་སྐྱིལ་ཀྲུང་བཅས་པས་འཐུས། །རྡོར་སྐྱིལ་རྐང་གཡས་སྟེང་ཡིན་ལ། །སེམས་སྐྱིལ་རྐང་གཡས་ཕྱི་ལ་བཞག །སྒལ་ཚིགས་མདའ་ལྟར་བསྲང་བ་ཡང་། །རྐེད་པ་ཉག་བྱས་ཕོ་བ་ཐེར། །བྲང་ནི་


CMR050_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཐད་ཀར་བཞག་པ་ལ། །མགྲིན་པ་ལྕགས་ཀྱུ་བཞིན་དུ་བཀུག །ལག་པ་མཉམ་གཞག་ལྟེ་འོག་མནན། །ལག་གཡས་སྟེང་བཞག་མཐེ་བོང་གཉིས། །ལྟོ་བ་སྦྱར་བར་བྱ་བ་ཡིན། །གྲུ་མོ་མི་བཀུག་ཤད་དེ་བྱ། །དཔུང་པ་གྱེན་དུ་རྒོད་གཤོག་ལྟར། །མིག་གཉིས་ཟིམ་བུས་སྣ་རྩེར་ཐད། །བར་སྣང་དུ་ནི་ཧད་དེ་བལྟ། །ཡིད་ལ་ཅི་ཡང་མི་བསྒོམ་པར། །ལྷོད་དེ་ཤིག་གེ་བཞག་ཤེས་ན། །དེ་མ་ཐག་ཏུ་ཡེ་ཤེས་འཆར། །དེ་ལྟར་ལུས་གནད་བསྲང་བ་དེས། །རྩ་ནི་དབུ་རྐྱང་རོ་གསུམ་དྲང་། །རྐང་པ་སྐྱིལ་ཀྲུང་བཅས་པ་ཡིས། །ཐུར་སེལ་རླུང་ཟིན་འདུག་པར་ཚུགས། །ཕོ་བ་ཐེར་ཐེར་བྱས་པ་དེས། །མེ་ཉམས་རླུང་ཟིན་དྲོད་སྐྱེ་ཞིང་། །དྲོད་ཀྱིས་སྤྱི་བོའི་ཐིག་ལེ་ཞུ། །མར་ལ་བབས་པས་བདེ་བ་སྐྱེ། །དཔུང་པ་རྒོད་གཤོག་ལྟར་བརྒྱང་བས། །རླུང་ནི་དབུ་མར་ཚུད་པ་ཡིན། །མི་རྟོག་ཡེ་ཤེས་ཤུགས་ལ་འཆར། །མགྲིན་པ་ཨེན་ཙམ་འགུགས་པ་དེས། །གྱེན་རྒྱུ་རླུང་ཟིན་རྩ་མདུད་གྲོལ། །མིག་ནི་སྣ་རྩེའི་ཐད་ཙམ་དུ། །མི་ཕྱེ་མི་བཙུམ་བལྟས་པ་ཡིས། །ཡེ་ཤེས་ཕྱག་རྒྱ་ཆེན་པོ་མཐོང་། །ནད་མེད་ན་སོ་གཞོན་པ་


CMR050_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །ལུས་གནད་འདི་ལ་བརྩོན་བྱས་ན། །ཡེ་ཤེས་ཕྱག་རྒྱ་ཆེན་པོ་དེ། །འབད་མེད་ལྷུག་པར་འཆར་བ་ཡིན། །ན་སོ་རྒས་སམ་ནད་ཅན་གྱིས། །ཆོས་བདུན་ཚང་བར་མ་ལྕོགས་ཀྱང་། །སྒོམ་དུས་ལུས་ནི་ཙོག་པུ་ལ། །སྒལ་ཚིགས་བསྲང་བ་གལ་ཆེ་སྟེ། །རྩ་མཆོག་ཨ་ཝ་དྷུ་ཏི་དེ། །དྲང་བར་བསྲང་བ་གལ་ཆེན་ཡིན། །རྣམ་སྣང་ཆོས་བདུན་བཅའ་བའི་ཚེ། །གཡས་སུ་ཡོ་ན་གསལ་ཉམས་སྐྱེ། །དེ་ནས་ཞེ་སྡང་སྐྱེ་འགྱུར་ཏེ། །ཕོ་གདོན་ལ་སོགས་གནོད་པ་འབྱུང་། །གཡོན་དུ་ཡོ་ན་བདེ་ཉམས་སྐྱེ། །དེ་ནས་འདོད་ཆགས་ཆེར་འགྱུར་ཏེ། །མོ་གདོན་གནོད་པ་འབྱུང་བའོ། །རྒྱབ་ཏུ་ཡོ་ན་ང་རྒྱལ་སྐྱེ། །བློ་སེམས་མི་བདེ་འཚུབས་པར་སྐྱེ། །མདུན་དུ་འགུག་ན་མི་རྟོག་སྐྱེ། །དེ་ནས་གཏི་མུག་འཕེལ་བ་དང་། །ཀླུ་དང་ས་བདག་གནོད་པ་འབྱུང་། །དེ་ཕྱིར་མ་ཡོ་མ་འཁྱུག་ཅེས། །ལུས་གནད་སྦྱང་བའི་རྟགས་ལ་ནི། །ཡུན་རིང་བཅས་ཀྱང་མི་བདེ་མེད། །ལུས་གནད་བཅས་པ་ཙམ་ཉིད་ནས། །སེམས་ནི་ཏིང་ངེ་འཛིན་ལ་འབྱམས། །ལུས་གནད་ཆོས་བདུན་ཁོ་ན་ལ། །ཕྱག་ཆེན་གྲུབ་པ་ཐོབ་པ་ནི། །བདག་གི་འབྲེལ་ཐོགས་བླ་མ་

ཤོག་ལྷེབ་ ༢༠༡ ནས་ ༢༤༠ བར།


CMR050_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ། །ཀརྨ་བསྟན་འཕེལ་ཡིན་པར་གདའ། །ཉིན་མཚན་དུས་རྣམས་ཐམས་ཅད་དུ། །རྣམ་སྣང་ཆོས་བདུན་མ་ཡིན་པར། །ཡུད་ཙམ་གཅིག་ཀྱང་མི་བཞུགས་སྐད། །དེ་ནི་གྲུབ་རྟགས་ཆེན་པོ་སྟེ། །ལུས་ནི་ཤིན་ཏུ་སྦྱངས་བ་ནི། །ཡོངས་སུ་སྦྱངས་བ་ཐོབ་རྟགས་ལགས། །ནུབ་མོ་ཉལ་བའི་ཚེ་ན་ཡང་། །དེ་ཡི་ངང་ནས་དགེ་བའི་ཆོས། །ཤ་ཟུང་རྒྱབ་ནས་ལྕམ་ལ་བཏགས། །གཉིད་ཀྱིས་ལུས་གནད་མི་ཞིག་པ། །དེ་འདྲ་ཐུབ་ན་རབ་ཡིན་ཏེ། །དེ་མིན་སྒལ་ཚིགས་བསྲང་བ་ཡི། །ཙོག་པུར་གཉིད་པ་ཙམ་ལ་ནི། །གཉིད་ནི་སྲབ་པར་འགྱུར་བ་དང་། །གཞན་དག་དང་བ་འདྲེན་པའི་ཕྱིར། །རྒོད་ཚང་པ་ཡི་ཕྱག་སྲོལ་ལགས། །མདོ་རྒྱུད་རྣམས་ནས་མ་གསུངས་སོ། །མ་བསླབས་ཆོས་ཀུན་ཁོང་ནས་བརྡོལ། །གཅིག་ཤེས་ཀུན་ལ་མཁས་པར་འགྱུར། །སྔས་ནི་ཅུང་ཟད་མཐོ་བྱས་ལ། །ལྷན་ཅིག་སྐྱེས་པའི་བདུད་གནས་པའི། །གཞོགས་གཡས་འོག་ཏུ་ཕབ་བྱས་ཏེ། །སྣ་གཡས་ཉི་མ་དུག་གི་རླུང་། །འགགས་ནས་གཡོན་དུ་རྒྱུ་བའི་ཕྱིར། །ལག་གཡས་འགྲམ་པ་བརྟེན་བྱས་ཏེ། །སྲིན་ལག་སྣ་བུག་གཡས་པ་བཀག །


CMR050_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་སྐྱེས་པའི་ལྷ་གནས་པས། །གཞོགས་གཡོན་སྟེང་དུ་སྟོན་པ་སྟེ། །བུད་མེད་ཡིན་ན་གོ་ལྡོག་བྱ། །ལག་གཡོན་མེ་ཡི་དཀྱིལ་འཁོར་གྱིས། །མཁལ་གཡོན་ཆུ་ཡི་དཀྱིལ་འཁོར་བཀབ། །དེ་ཡིས་ལུས་དྲོད་སྐྱེ་བ་ཡིན། །རྐང་གཡས་ཅུང་ཟད་བསྐུམ་བྱས་ལ། །གཡོན་པ་ཅུང་ཟད་བརྐྱངས་པ་ཡིས། །ཐིག་ལེ་མི་འཆོར་འདོད་ཆགས་ཞི། །དེ་དོན་སྤྱོད་འཇུག་ལ་སོགས་ནས། །རྒྱལ་བ་མྱ་ངན་འདས་གཟིམ་ལྟར།།འདོད་པའི་ཕྱོགས་སུ་ཉལ་བར་བྱ། །ཞེས་གསུངས་སེང་གེ་ཉལ་སྟབས་ཡིན། །ཆོས་དྲུག་རྨི་ལམ་འོད་གསལ་སོགས། །མདོ་རྒྱུད་གསར་རྙིང་ཐམས་ཅད་ནས། །ཉལ་བའི་ལུས་གནད་འདི་ཉིད་གསུངས། །རྨི་ལམ་ངན་པ་མི་འབྱུང་ཞིང་། །དག་པའི་སྣང་བ་འཆར་བ་དང་། །རྨི་ལམ་ཟིན་དང་འོད་གསལ་ཟིན། །དེ་སོགས་ཕན་ཡོན་དུ་མ་འབྱུང་། །མ་གཉིད་བར་དང་གཉིད་པའི་དུས། །ལུས་གནད་བཅའ་ཚུལ་གླུ་ཆུང་འདི། །རཱ་ག་ཨ་སྱས་སྨྲས་པ་སྟེ་། །རྨོངས་པ་རྣམས་ལ་ཕན་ཕྱིར་ཡིན། །མཁས་པ་རྣམས་ཀྱིས་མི་ཁྲེལ་ཞུ། །བྷ་ཝནྟུ།། ༈ །།ན་མོ་མ་ཧཱ་མུ་ཏྲ་ཡེ། །ལུས་གནད་ཆོས་བདུན་


CMR050_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བཅས་ནས། །སེམས་ཀྱིས་སེམས་ལ་བལྟས་ཙ་ན། །མཐོང་རྒྱུ་ཅི་ཡང་མེད་པ་ལ། །མེད་པ་དེ་ཉིད་སེམས་ཀྱིས་མཐོང་། །ཅི་ཡང་སེམས་ལ་མི་དྲན་པར། །ཀྱི་ལེ་མེ་རེ་ལྷོད་དེ་གནས། །གནས་པ་དེ་ཡང་སེམས་ཀྱིས་རིག །གནས་ནི་ཡོད་དོ་བསམ་པ་ཡི། །སེམས་ཀྱི་འཛིན་པ་དམ་པོ་ཅན། །དེ་ལ་གནས་པ་མིང་དུ་བཏགས། །དེ་ནས་སེམས་དེ་ག་ཤེད་དུ། །འཕྲོས་ནས་སོང་ཡང་འགྲོ་ལུགས་ནི། །ཇི་ལྟར་སོང་བ་མ་ཤེས་པར། །ཐག་རིང་ཞིག་ཏུ་ཕྱིན་ནི་གདའ། །མ་གནས་འགྱུར་ནི་སོང་བསམ་པའི། །འཛིན་པ་ཞིག་ནི་སེམས་ལ་ཡོད། །དེ་ལ་འགྱུ་བ་མིང་དུ་བཏགས། །གནས་དུས་སེམས་ཀྱིས་གནས་པ་རིག །འགྱུ་བས་འགྱུ་བ་རིག་པ་དེ། །གནས་འགྱུ་གང་བྱས་རིག་སྙམ་པའི། །སེམས་ལ་འཛིན་པ་དམ་པོ་ཅན། །དེ་ལ་རིག་པ་མིང་དུ་བཏགས། །དེ་གསུམ་ནམ་ཡང་ལྟ་ཤེས་པ། །གནས་འགྱུ་ཕྲུག་ནི་ཚུད་པ་ལགས། གནས་དང་འགྱུ་བ་རིག་པ་གསུམ། །རྟག་ཏུ་རྒྱུན་ཆད་མེད་ན་ཡང་། །སྔར་ནས་མ་མཐོང་མཚར་པོ་ཆེ། །ད་རེས་མཐོང་བ་བླ་མའི་དྲིན། །དེ་གསུམ་རྒྱུན་དུ་བསྲུང་བ་ན། །


CMR050_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འགྱུ་ངོ་ཤེས་ཞི་གནས་ཡིན། །ངོ་ཤེས་ཙམ་དེས་མི་ཆོག་པར། །གནས་དུས་གནས་ནི་ཡོད་བསམ་པའི། །འཛིན་པ་དེ་ཡིས་མི་ཆོག་པར། །གནས་མཁན་ངོ་བོ་ཅི་ལྟར་སྣང་། །ཧྲིག་གེ་རྗེན་ནེ་བལྟས་པ་ན། །གནས་པ་ཅི་ཡང་མི་དྲན་པའི། །ངོ་བོ་སྟོང་པ་ལྷག་གེར་མཐོང་། །གནས་པའི་སྟེང་ནས་ལྷག་མཐོང་ཤར། །གནས་པ་ཀྱི་ལེ་གནས་པ་དང་། །ངོ་བོ་སྟོང་པར་འདུག་པ་གཉིས། །སོ་སོ་མ་ཡིན་དབྱེར་མེད་ཅིག །དེ་ནི་ཞི་ལྷག་ཟུང་འཇུག་ཡིན། །འགྱུ་བ་ཤོར་དུས་འགྱུ་ཤོར་ཙམ། །འཛིན་པ་དེ་ཡིས་མ་བཅིངས་པར། །འགྱུ་མཁན་ངོ་བོ་ཧྲིག་གེར་ལྟ། །བལྟས་པས་འགྱུ་བ་རང་སར་ཡལ། །ཚུར་ལ་ཇི་ལྟར་བྱུང་བ་དང་། །ཇི་ལྟར་ཡལ་ཚུལ་མི་ཤེས་པར། །གནས་པའི་སྟེང་དུ་ཧྲིག་གེར་གནས། །འགྱུ་བའི་ངོ་བོ་སྟོང་པར་རྟོགས། །འགྱུ་བའི་སྟེང་ནས་ལྷག་མཐོང་ཤར། །ངོ་བོ་སྟོང་པ་ཉིད་ཀྱི་ངང་། །སྟོང་པའི་ངང་ནས་སྟོང་པར་འགྱུ། །ཆུ་དང་ཆུ་རླབས་སོ་སོ་ཡིན། །དེ་ལྟར་ཨེ་གནས་ཨེ་འགྲུ་གཉིས། །རིག་མཁན་སེམས་དེ་དང་པོ་དུས། །སོ་སོར་ཡོད་ཡོད་འདྲ་ན་ཡང་། །སོ་སོར་མ་གྲུབ་ངོ་བོ་གཅིག །གནས་མི་


CMR050_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུ་མི་རིག་མི་གསུམ། །སེམས་ཉིད་གཅིག་པུ་ཁོ་རང་ལ། །བྱེད་ལས་གསུམ་དུ་མཚར་བ་ལ། གནས་པ་འགྱུ་བ་གཉིས་པོ་ནི། །རེས་མོས་ཡིན་གྱིས་མཉམ་དུ་མེད། །གནས་འགྱུ་ངོ་མཐོང་གླུ་ཆུང་འདི། །ཁྲིད་མ་ཐོབ་ལ་ཕན་ཕྱིར་སྨྲས། །ཁྲིད་ཐོབ་རྣམས་ཀྱིས་མི་ཁྲེལ་ཞུ། །མངྒ་ལཾ།། ༈ །།ན་མོ་མཉྫ་ཤྲཱི་ཡེ། ཤེས་རབ་ཆེན་པོ་འཇམ་དཔལ་དབྱངས། །ཆོས་སྐུ་མཁྱེན་ལ་ཕྱག་འཚལ་ལོ། །གནས་འགྱུ་རིག་གསུམ་ཆོས་སྐད་ལ། །བཤད་ལུགས་མི་མཐུན་རྣམ་གྲངས་མང་། །བོད་ཡུལ་མཁས་པ་ལ་ལ་ཡིས། །བདེ་གཤེགས་སྙིང་པོ་ཞེས་བྱ་བ། །སེམས་ཅན་རྣམས་ལ་ཁྱབ་ན་ཡང་། །དངུལ་རྡོ་ལ་ནི་དངུལ་ཡོད་ཀྱང་། །བཞུ་བརྟུལ་མ་བྱས་དེ་མི་འབྱུང་། །སེམས་ཅན་ཀུན་ལ་སངས་རྒྱས་ཀྱི། །སྙིང་པོ་ཡེ་ནས་གནས་ན་ཡང་། །བསྐལ་པ་གྲངས་མེད་གཅིག་གི་བར། །ཚོགས་བསགས་སྒྲིབ་སྦྱངས་མ་བྱས་པར། །ཝ་སངས་རྒྱས་སྙིང་པོའི་སེམས་མི་མཐོང་། །ད་ལྟ་མི་དྲན་དགུ་དྲན་གྱི། །སེམས་འདི་འཁྲུལ་པའི་རྣམ་རྟོག་ཡིན། །རྣམ་རྟོག་མ་རིག་འཁོར་བའི་རྒྱུ། །འདི་ལ་བལྟས་པས་ཕན་


CMR050_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་མེད། །དེ་བས་ཚོགས་བསགས་སྒྲིབ་སྦྱང་འབད། །ཆོས་ཀུན་སྟོང་ཉིད་ཡིན་སྙམ་པའི། །མོས་པ་བྱེད་ཅིང་ཚོགས་བསགས་པའི། །བསྐལ་པ་གྲངས་མེད་གཅིག་གི་དུས། །དེ་བས་སྟོང་ཉིད་རྟོགས་པར་འགྱུར། །དེ་སྐད་གསུངས་པ་མདོ་ཡི་ལུགས། །མདོ་ཡི་ལུགས་ལ་དེ་ལྟར་བདེན། །བླ་མེད་སྔགས་ཀྱི་ལུགས་འདི་ལ། །ཚེ་གཅིག་སངས་རྒྱས་ཐོབ་གསུངས་པ། །སྟོང་ཉིད་རྟོགས་པས་སྨོས་ཅི་དགོས། །གྲངས་མེད་གཅིག་གི་བར་དག་ཏུ། །ཚོགས་བསགས་སྒྲིབ་སྦྱང་ཐམས་ཅད་ནི། །སྔོན་འགྲོ་བཞི་སྦྱོར་ཁོ་ནར་ཚང་། །སྟོང་ཉིད་ད་ལྟ་སྒོམ་རྒྱུ་ཡོད། །དེ་ལ་ཕྱག་རྫོགས་རྒྱུད་དང་གཞུང་། །པཎ་གྲུབ་ཐམས་ཅད་ཞལ་མཐུན་ཏེ། །འོན་ཀྱང་གནས་འགྱུ་ཞལ་མི་འཆམ། །བོད་ཀྱི་མཁས་པ་ལ་ལ་ཞིག །གནས་པ་ཀུན་གཞི་རྣམ་ཤེས་ཡིན། །དེ་ནི་མ་རིག་བག་ལ་ཉལ། །འགྱུ་བ་རྣམ་པར་རྟོག་པ་སྟེ། །རྣམ་རྟོག་མ་རིག་ཆེན་པོ་ཡིན། །དེ་ལ་བལྟ་ཞིང་སྐྱོང་བ་ཡང་། །ཆོས་སྐུའི་དགོངས་པ་མ་ཡིན་ཏེ། །ཕྱག་ཆེན་དོན་ལ་མི་གནས་ཀྱང་། །ཐ་མལ་རྨོངས་པའི་གང་ཟག་ལ། །དེ་ཙམ་བསྟན་ན་གོ་སླ་བས། །དང་པོ་དེ་ཙམ་


CMR050_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་དུ་བཅུག །དེ་ནས་ཞི་གནས་ཆགས་ཐུབ་ན། །ལྷག་མཐོང་ངོ་བོ་སྤྱད་པར་བྱ། །ཞི་ལྷག་ཟུང་དུ་འཇུག་པ་ནི། །བདེ་གསལ་མི་རྟོག་འཆར་བའི་མཐར། །ཆུ་ཟླ་ལྟ་བུར་སྣང་སྲིད་ཀུན། །ཆོས་ཀྱི་བདག་མེད་མངོན་སུམ་དུ། །རྟོགས་ན་ཉམས་ལེན་གོ་ཆོད་གསུངས། །གྲུབ་མཐའ་འདི་ཉིད་འཆང་བ་ཡི། །དགེ་བཤེས་དེང་སང་ས་སྟེང་ཁྱབ། །མདོ་ལུགས་ཕྱག་ཆེན་ཡིན་པར་གསུངས། །རྗེ་བཙུན་མི་ལ་རས་ཆེན་དང་། །སེམས་དཔའ་རང་བྱུང་རྡོ་རྗེ་སོགས། །ཕྱག་རྫོགས་གཉིས་ཀྱི་དགོངས་པ་ནི། །གཞི་འབྲས་ངོ་བོ་དབྱེར་མེད་དེ། །སེམས་ཉིད་ཡེ་ནས་སངས་རྒྱས་ཉིད། །གནས་པ་ཆོས་སྐུ་རྗེན་པ་ཡིན། །རིག་པ་གསལ་སྟོང་ལོངས་སྤྱོད་རྫོགས། །འགྱུ་བ་ཐུགས་རྗེ་སྤྲུལ་པའི་སྐུ། །དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ། །འགྱུ་བ་མ་རིག་རྣམ་རྟོག་སྟེ། །རིག་ནས་མི་རྟོག་ཡེ་ཤེས་ཡིན། །དང་པོ་སེམས་ངོ་གསལ་བ་ནས། །སྒོམ་མེད་ཆེན་ལ་པོའི་བར་དག་ཏུ། །གནས་འགྱུ་མིན་པ་སྟོན་རྒྱུ་མེད། །དང་པོ་ཀ་ཚར་བསླབ་པ་ནས། །བཀའ་འགྱུར་བསྟན་འགྱུར་པོ་ཏི་མང་། །ཀ་ཚར་མིན་པ་མེད་དང་མཚུངས། །དེ་


CMR050_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་གནས་འགྱུ་སྐྱོང་ལུགས་དེ། །ལེགས་པར་ཤེས་ནས་མ་སྐྱུར་ན། །དེ་ལས་ལྷག་པ་མེད་པ་སྟེ། །གེགས་དང་གོལ་ས་ཤོར་བ་ཡང་། །རྣམ་རྟོག་འཛིན་པ་ཕྲ་མོ་རེ། །མ་བཅོས་རང་བབ་སྐྱོང་ཤེས་ན། །གེགས་དང་གོལ་ས་ཅི་ཡང་མེད། །རྒྱ་བོད་གྲུབ་ཐོབ་ཐམས་ཅད་ཀྱང་། །ཉམས་ལེན་འདི་ཡིས་གྲོལ་བ་ཡིན། །རྡོ་རྗེ་འཆང་ནས་ད་ལྟའི་བར། །སྙན་ནས་སྙན་དུ་བརྒྱུད་པ་ཡིན། །ཐུགས་ནས་ཐུགས་སུ་བརྒྱུད་པ་ཡིན། །གྲུབ་ཐོབ་ཟམ་མ་ཆད་པ་ཡིན། །མདོ་རྒྱུད་དཔེ་ཆ་རག་མ་ལུས། །མཚན་ཉིད་མཁས་པའི་རྟོག་གེ་བས། །རིགས་པས་དཔྱད་པས་དོན་མི་རྟོགས། །དེ་ཕྱིར་རང་སེམས་ཆོས་ཀྱི་སྐུ། །བཅོས་སླད་མེད་པར་རང་བབ་སྐྱོང་། །ཡོན་ཏན་མཁས་པས་འདི་མི་རྟོགས། །རིག་པ་རྣོ་བས་འདི་མི་རྟོགས། །འདོད་པ་ཆེ་བས་འདི་མི་རྟོགས། །མི་ཆེ་ཡུལ་ནི་གཉན་ན་ཡང་། །འདི་ཉིད་རྟོགས་པ་མ་ཡིན་ནོ། །སྔོན་སྦྱང་ལས་འཕྲོ་སད་པ་དང་། །མོས་གུས་བྱིན་རླབས་སྟོབས་ཀྱིས་སྐྱེ། །དེ་ཕྱིར་མོས་གུས་གསོལ་འདེབས་རེམ། །གནས་འགྱུ་བཞེད་པ་སོ་སོའི་གླུ། །རྟ་ལོ་ཁྲུམས་ཟླའི་དམར་པོའི་ཕྱོགས། །ཚེས་


CMR050_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཉིན་པར་སྨྲས་པའོ། །སྒོམ་ཆེན་རྣམས་ཀྱིས་མི་ཁྲེལ་ཞུ།། ༈ །།ན་མོ་མ་ཧཱ་མུ་ཏྲ་ཡེ། །དང་པོ་གནས་འགྱུ་ངོ་བསྐྱངས་ནས། །ལུས་གནད་བཅས་ནས་སྐྱོང་བསམ་ཛ། །འགྱུ་བ་རྟ་རྒོད་སྲབ་མེད་འདྲ། །ལ་ནས་རྒྱུག་ཅིང་ལུང་ནས་མཆོང་། །འགྱུ་བ་བྱིས་པ་བསམ་མེད་འདྲ། །མི་བྱེད་དགུ་བྱེད་ཅ་ཅོ་བྱེད། །འགྱུ་བ་ཨ་ནེ་སྤྲེའུ་འདྲ། །འདུག་ཚུགས་མེད་དོ་བྱ་གླག་མང་། །འགྱུ་བ་ལ་ཁའི་བྱ་སྤུ་འདྲ། །རླུང་གིས་བསྐྱོད་ནས་གར་ཡང་འཁྱམས། །འགྱུ་བ་རི་ངོས་ཆུ་དང་འདྲ། །ཡུད་ཙམ་མི་སྡོད་ཁྱུག་ཁྱུག་ཁྱུག །འགྱུ་བ་བར་སྣང་རླུང་དང་འདྲ། །ཐོགས་པ་མེད་པར་གར་ཡང་ཁྱབ། །འགྱུ་བ་རྟ་རྒོད་སྒྲ་བྲོས་འདྲ། །བཟུང་ན་བྲོས་ལ་བཞག་ན་འདུག །འགྱུ་བ་བར་དོའི་རྣམ་ཤེས་འདྲ། །ས་རྡོ་རི་བྲག་ཐོགས་པ་མེད། །འགྱུ་བ་ལྷ་འདྲེ་དྲག་པོ་འདྲ། །བསམ་པ་ཙམ་གྱིས་སྟོང་གསུམ་འཁོར། །སྒོམ་ཆེན་རྒན་མོས་ལུག་འཚོ་འདྲ། །འདུག་ཁས་མི་ཉེན་སེམས་མི་བདེ། །ཅུང་ཙམ་གནས་ན་བློ་སེམས་དགའ། །ནན་ཏན་སྙིང་རུས་ཆེན་པོ་ཡི། །འགྱུ་བ་དགྲ་རུ་བལྟས་ནས་བཀག །བརྩོན་འགྲུས་ཆེ་


CMR050_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྲོག་རླུང་འབྱུང་། །དེ་དུས་བླ་མའི་གདམས་ངག་དགོས། །འགྱུ་བ་སྐྱོན་དུ་མ་བལྟ་ཞིག །གང་འགྱུ་རིག་པ་ཁོ་ནས་ཆོག །འགྱུ་བ་གཅིག་ནི་ངོས་ཟིན་ན། །ཡེ་ཤེས་གཅིག་ནི་སྐྱེ་བ་ཡིན། །འགྱུ་བ་བརྒྱ་ལ་ཡེ་ཤེས་བརྒྱ། །འགྱུ་བ་སྟོང་ལ་ཡེ་ཤེས་སྟོང་། །འགྱུ་བ་མང་ན་ལེགས་པ་ཡིན། །ལར་ནི་འགྱུ་བ་གནས་པ་གཉིས། །ཆུ་དང་ཆུ་རླབས་འདྲ་བ་སྟེ། །བཟང་ངན་ཁྱད་པར་མེད་པ་ཡིན། །འགྱུ་བ་གནས་པ་གཉིས་པོ་ནི། །རང་སེམས་ཡིན་ལ་ཁྱད་པར་མེད། །སེམས་ཉིད་ཡེ་ནས་ཆོས་ཀྱི་སྐུ། །མ་རིག་ན་ནི་འཁྲུལ་པ་སྟེ། །ལྷན་ཅིག་སྐྱེས་པའི་མ་རིག་པ། །འགྱུ་བ་མ་རིག་རྣམ་རྟོག་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བར་བྱེད། །རིག་ན་རང་རིག་ཡེ་ཤེས་ཏེ། །ཐར་པ་བགྲོད་པའི་ལམ་སྣེ་ཡིན། །གནས་འགྱུ་གདམ་ག་མི་བྱེད་པར། །གང་ཤར་སྐྱོང་བ་ཉམས་ལེན་ཡིན། །ཧ་ཅང་འགྱུ་བ་རྒོད་དྲགས་ན། །ལུས་སེམས་ཀློད་པ་མན་ངག་ཡིན། །ལྟ་སྟངས་བྱས་ནས་གདན་མཚམས་བསྲུང་། །ཉམས་དང་པོ་སྐྱེས་དུས་གླུ་ཆུང་འདི། །གསར་བུ་རྣམས་ལ་ཕན་ཕྱིར་སྨྲས། །རྒན་པ་རྣམས་ཀྱིས་མི་ཁྲེལ་ཞུ། །མངྒ་ལཾ། །


CMR050_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་མུ་ཏྲ་ཡེ། གནས་འགྱུ་ཡུན་དུ་བསྲུངས་བ་ན། །ཉམས་ནི་གཉིས་པ་འཆར་བའི་ཚེ། །སེམས་ནི་ཟླ་སྐར་འཕྲོག་འཛོམ་འདྲ། །རེས་འགའ་དལ་ལ་རེས་འགའ་བྲེལ། །སེམས་ནི་ལུང་རོང་ཆུ་དང་འདྲ། །རེས་འགའ་གནས་ལ་རེས་འགའ་འཚུབ། །སེམས་ནི་བུ་ཆུང་ཁེར་འགྲོས་འདྲ། །རེས་འགའ་འདུག་ཅིང་རེས་འགའ་རྒྱུག །གནས་དུས་སེམས་དགའ་སྤྲོ་བ་སྐྱེད། །འཚུབ་དུས་མི་དགའ་སེམས་མི་ཚིམ། །མ་ཡེངས་རྒྱུན་དུ་སྐྱོང་བ་དང་། །གནས་དུས་ངོ་བོ་ཧྲིག་གེ་བལྟ། །འཚུབ་དུས་ལུས་སེམས་ལྷོད་ལ་བལྟ། །འདི་དུས་དབེན་པར་བསྒོམ་པ་གཅེས། །ལྟ་ཡུན་རིང་ན་རྗེས་ནས་སྙོགས། །རྣ་སུན་བསྒོམ་ཁ་འཚེར་བར་འོང་། །ཡུན་ཐུང་གྲངས་མང་ཡང་ཡང་བལྟ། །བལྟ་རྒྱུ་ལྟ་མི་གཅིག་ཡིན་ཡང་། །སོ་སོར་ཡོད་པ་འདྲ་ཞིག་འོང་། །ཕར་ལ་ལྟ་དང་ཚུར་ལ་ལྟ། །དོན་ལ་ཁྱད་པར་མེད་ན་ཡང་། །དེ་སྐབས་ཚུར་ལ་སྙིང་ཁའི་ཐད། །རིག་པ་གཏད་ལ་བལྟས་ན་གསལ། །ཐུན་གྱི་གྲངས་མེད་ནམ་དྲན་ཀྱང་། །འོན་ཀྱང་ཐུན་དུ་བཅད་ན་གསལ། །འབོར་རྒྱུ་ཡར་རྒྱུ་མེད་ན་ཡང་། །གཞན་མ་གསལ་


CMR050_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

གཞིང་བསྒོམས་ན་གསལ། །རེས་འགའ་ངེས་ཤེས་བློ་སེམས་དྲོ། །རེས་འགའ་ཐེ་ཚོམ་ཡིད་མི་ཆེས། །ངེས་ཤེས་སྐྱེས་ན་ང་རྒྱལ་སྤངས། །ཐེ་ཚོམ་བྱུང་ཡང་མི་སྐྱུར་སྐྱོང་། །འདི་ཙམ་ཁྲིད་ཕོག་རེ་རེ་ནས། །སྐྱེས་པ་ཤིན་ཏུ་མང་བ་ཡིན། །དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། །ཐེ་ཚོམ་ཙམ་ཞིག་སྐྱེས་ན་ཡང་། །འཁོར་བ་ཧྲུལ་པོར་བྱེད་པར་འགྱུར། །གསུངས་པའི་ས་མཚམས་དེ་ལགས་པས། །འདི་ཙམ་ལ་ཡང་ཕན་ཡོན་ཆེ། །ཉམས་ནི་གཉིས་པའི་གླུ་ཆུང་འདི། །རཱ་ག་ཨ་སྱས་སྨྲས་པ་སྟེ། །ཉམས་གསར་རྣམས་ལ་ཕན་ཕྱིར་ཡིན། །སྒོམ་ཆེན་རྣམས་ཀྱིས་མི་ཁྲེལ་ཞུ། །བྱང་ལེབ་སྟེང་གི་ཀ་ཚར་ཏེ། །བྱིས་པ་རྣམས་ལ་ཕན་ཕྱིར་ཡིན། །ཨ་མཆོད་རྣམས་ཀྱིས་མི་ཁྲེལ་ཞུ། །མངྒ་ལཾ།། ༈ །།ན་མོ་མ་ཧཱ་མུ་ཏྲ་ཡེ། །ཉམས་ནི་གསུམ་པ་ཤར་ཙམ་ན། །ཆུ་བོ་ཆེན་པོ་དལ་འབབ་འདྲ། །ལུས་ངག་ཡིད་གསུམ་ལྷོད་བག་ཆེ། །རེས་འགའ་ཆུ་རླབས་གཡོ་བ་འདྲ། །འགྱུ་བ་འགའ་རེ་བྱུང་ན་ཡང་། །དེ་ངོ་ཤེས་ཤིང་རང་སར་ཞི། །ཆུ་རླབས་ཆུ་ལ་ཐིམ་པ་འདྲ། །དེ་ནས་སྒོམ་ལ་དྲོད་པ་རྙེད། །བསྒོམ་ཞིག་སྐྱེས་སོ་


CMR050_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བློ་སེམས་བདེ། །ཡེངས་སྐབས་ཐ་མལ་འཁྲུལ་པ་འབྱམས། །མ་ཡེངས་ཉམས་ལེན་གསལ་པོ་འཆར། །ཉིན་བར་བརྩོན་འགྲུས་ཆེ་བ་དང་། །སྒྲིབ་པ་ཆུང་བའི་རིགས་འགའ་ལ། །འདི་ནས་རྨི་ལམ་བན་བུན་ཟིན། །དད་པ་དག་སྣང་ཆེ་རུ་འགྲོ། །རི་ཁྲོད་གཅིག་ཏུ་འདུག་འདོད་ཆེ། །འདི་སྐབས་གནས་འགྱུ་གང་ཤར་ལ། །དེ་ཡི་ངོ་བོ་ཧྲིག་གེར་བལྟ། །སྟོང་པ་ཉིད་དུ་ལྷག་གེ་འཆར། །ངོ་མ་ཟིན་ན་འཁྲུལ་པ་ཆེ། །ངོ་ཤེས་ཙམ་གྱིས་མི་ཆོག་པར། །གང་ཤར་ངོ་བོར་བལྟས་པ་ཡིས། །སྟོང་པ་ཉིད་དུ་སང་ངེ་བ། །དེ་ནི་འདི་སྐབས་ཉམས་ལེན་ཡིན། །ཁབ་མིག་སྐུད་པ་འཛུད་པ་ལྟར། །མ་ཡེངས་ཧྲིག་གེ་དགོས་པ་སྟེ། །ཅུང་ཞིག་དཀའ་སྣང་འཚེར་སྣང་ཆེ། །ཡུན་རིང་བསྒོམས་ན་ཐང་ཡང་ཆད། །ལས་རྒྱུ་མེད་པའི་དཀའ་ལས་མཚར། །ཉམས་སྣང་གསུམ་པ་སྐྱེ་ཚུལ་འདི། །རཱ་ག་ཨ་སྱས་བྲིས་པའོ། །མངྒ་ལཾ།། ༈ །།ན་མོ་མ་ཧཱ་མུ་ཏྲ་ཡེ། །ཉམས་ནི་བཞི་པ་ཤར་ཙམ་ན། །གནས་ཉམས་རྒྱ་མཚོ་ཆེན་པོ་ལ། །རླུང་གིས་མ་བསྐྱོད་ལྟ་བུར་འཆར། །མེ་རེ་འཁྱིལ་ལེ་ཡུན་རིང་


CMR050_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །ས་ཁམས་པ་ཡི་རིགས་རྣམས་ལ། །འགྱུ་བ་གཏན་ནས་མེད་མེད་འདྲ། །དེ་མིན་ལན་རེ་འགྱུ་བ་འདི། །དྭངས་བའི་མཚོ་ལ་ཉ་འཁྱུག་འདྲ། །འགྱུ་བས་གནས་པ་བཤིགས་མི་ནུས། །འདི་ལ་དགོངས་ནས་ཇོ་བོ་རྗེས། །ཞི་གནས་མཚོ་ཆུང་འདྲ་བ་ལ། །ལྷག་མཐོང་ཉ་མོ་འཁྱུག་འདྲ་གསུངས། །འདི་དུས་ངོ་བོ་མ་བལྟས་པར། །མེ་རེ་གནས་པའི་ངང་དེ་ནི། །དོན་ལ་མཚན་མེད་ཞི་གནས་ཏེ། །ཞི་གནས་ཁ་རྐྱང་ཡིན་པ་སྟེ། །གནས་པའི་ངོ་བོ་དེ་ཉིད་ལ། །ཧྲིག་གེ་རྗེན་ནེ་བལྟས་པ་ཡིས། །གནས་པའི་ངོ་བོ་སྟོང་པ་ཉིད། །ས་ལེ་ཧྲིག་གེ་ཕྱམ་མེ་འཆར། །གནས་དང་ངོ་བོ་སྟོང་པ་གཉིས། །དབྱེར་མེད་གཅིག་ཏུ་འདྲེས་པ་སྟེ། །ཞི་ལྷག་ཟུང་འཇུག་ཉམས་ལེན་ཡིན། །འདི་སྐབས་ཟས་གོས་སྲེད་པ་ཆུང་། །ཞེ་སྡང་ལ་སོགས་ཉོན་མོངས་ཀྱི། །མགོ་བོ་ནོན་ནོན་འདྲ་བ་འབྱུང་། །ཅི་ཡང་དགོས་པ་མི་གདའ་སྙམ། །བྱ་བ་ཐོངས་ཐོངས་འདྲ་བ་འབྱུང་། །མི་མེད་ལུང་སྟོང་འགྲོ་འདོད་སོགས། །བློ་རྒོད་ཐོལ་ཐོལ་སྐྱེ་ན་ཡང་། །གཉུག་མའི་གཡོས་ཡིན་རྟག་མི་ཐུབ། །བློ་ཡང་རྩབ་རྩུབ་མི་བྱེད་པར། །གདན་གནོན་སྐྱོང་བ་གནད་དུ་


CMR050_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། །འགྲོ་འདུག་བྱ་བྱེད་མང་དྲགས་ན། །ཉམས་དེ་ལྷ་དྭངས་བཞིན་དུ་ཡལ། །ཐ་མལ་ལོག་པར་འགྲོ་དོགས་ཡོད། །ཉམས་ནི་བཞི་པའི་ས་མཚམས་སུ། །རཱ་ག་ཨ་སྱས་སྨྲས་པ་འདིས། །གསར་བུ་རྣམས་ལ་ཕན་ཐོགས་ཤོག། ༈་།།ན་མོ་མ་ཧཱ་མུ་ཏྲ་ཡེ། །གོལ་ས་གསུམ་སོགས་མང་པོ་ཡང་། །ཉམས་ཀྱི་འཆར་སྒོ་རེ་རེ་ལ། །ཆགས་ཞེན་འཛིན་པ་དམ་པོ་ཡི། །མཆོག་ཏུ་བཟུང་བ་གོལ་ས་ཡང་། །ལན་རེ་དེ་འདྲའི་ཉམས་སྐྱེས་ཀྱང་། །སྐྱོན་དུ་འགྱུར་བ་མ་ཡིན་ནོ། །གང་ཤར་བཟང་ངན་གདམ་པ་མེད། །མ་ཡེངས་རྒྱུན་དུ་མ་སྐྱུར་བར། །ཡུགས་སས་ད་ཕྲུག་གསོ་བ་བཞིན། །གཉུག་ཏུ་བསྲིངས་ན་རྟོགས་པ་འཆར། །འདོད་ཐག་ཉེ་བའི་ཁ་ན་མེད། །མ་ཡེངས་དྲན་རྫི་བྱ་ར་བ། །ཧབ་འཆོང་བྱེད་ནས་རྒྱུག་པ་མེད། །རེས་འགའ་གནས་ལ་གདམ་ག་སྐྱེ། །གནས་ལ་གདམ་གའི་བློ་སྐྱེས་ཚེ། །གངས་དཀར་ཏི་སེའི་རྩེར་བསྒོམ་ཀྱང་། །རང་སེམས་ངོ་བོ་མ་བསྲུངས་ན། །ལྷག་རླུང་ཆེ་བ་མ་གཏོགས་པ། །རྟོགས་པ་ལོག་ནས་རྙེད་པ་མེད། །བསིལ་བའི་ཚལ་དུ་བསྒོམས་ན་ཡང་། །རང་


CMR050_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ངོ་བོ་མ་སྐྱོང་ན། །སྐྲག་འཇིགས་ཆེ་ཙམ་མ་གཏོགས་པ། །ཉམས་རྟོགས་ལོག་ནས་འོང་རྒྱུ་མེད། །མི་མེད་ལུང་སྟོང་འགྲིམ་ན་ཡང་། །རང་སེམས་ངོ་བོ་མ་སྐྱོང་ན། །སེམས་རྩ་སྐྱོ་ཙམ་མ་གཏོགས་པ། །རྟོགས་པ་ལོག་ནས་འཆར་རྒྱུ་མེད། །རེས་འགའ་བླ་མ་ཚོལ་ན་བསམ། །མཁས་བཙུན་བླ་མ་བརྒྱ་བསྟེན་ཀྱང་། །ལུང་རྒྱ་ཆེ་ཙམ་མ་གཏོགས་པར། །རང་སེམས་ངོ་བོ་མ་སྐྱོང་ན། །ཉམས་རྟོགས་གསོལ་རས་གནང་ཐབས་མེད། །ད་རུང་ཁྲིད་འགའ་ཞུ་ན་བསམ། །ཁྲིད་རིམ་བརྒྱ་དང་སྟོང་ཞུས་ཀྱང་། །བཤད་རྒྱ་ཆེ་ཙམ་མ་གཏོགས་པ། །རང་སེམས་ངོ་བོ་སྐྱོང་བ་ལས། །ཟབ་པའི་གདམས་ངག་སྟོན་རྒྱུ་མེད། །རེས་འགའ་སློབ་གཉེར་བྱེད་ན་བསམ། །ཤེས་བྱ་ཡོན་ཏན་སྣ་རེ་ཡི། །མཐའ་ནི་ནམ་མཁའ་འདོམ་མཇལ་འདྲ། །ཚེ་ཐུང་ནམ་འཆི་ཅི་ཆ་ཡོད། རྟོགས་པ་ནང་ནས་ཤར་ཙམ་ན། །མ་བསླབ་ཆོས་ཀུན་ཁོང་ནས་རྡོལ། །གཅིག་ཤེས་ཀུན་ལ་མཁས་པར་གྱུར། །རེས་འགའ་ཟས་ནོར་བསོག་འདོད་སྐྱེ། །མི་ནི་ཆེ་ཆུང་མེད་པ་ཀུན། །བསམ་བློས་འཕྲོད་ནས་ནོར་བསོག་ཀྱང་། །སྦྱིན་འབྲས་མེད་ན་དབུལ་ཞིང་


CMR050_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཕོངས། །བསོགས་པས་སོགས་པ་འགའ་ཡང་མེད། །རྟོགས་པ་ནང་ནས་ཤར་ཙམ་ན། །སེམས་ལ་ཞེ་འདོད་མེད་ན་ཡང་། །ཟས་ནོར་ལོངས་སྤྱོད་ཆར་ལྟར་འབེབས། །རེས་འགའ་གྲོགས་ཀྱི་སྣང་བ་འཆར། །མཐུན་གྲོགས་བརྩེ་གདུང་ཅི་ཆེ་ཡང་། །ཚིག་ངན་གཅིག་གི་གནད་མི་ཁྱག །མཐུན་གྲོགས་དགྲ་རུ་ལང་བ་མང་། །གྲྭ་འཁོར་ཕུན་སུམ་ཚོགས་ན་ཡང་། །འཆི་ཚེ་གྲོགས་མེད་གཅིག་པུར་འཁྱམས། །དེ་དུས་འབྲལ་མེད་སྐྱོབ་པའི་གྲོགས། །རང་སེམས་རིག་པའི་ཆེ་ཆུང་ཚོལ། །རེས་འགའ་ཟས་ཀྱི་སྣང་བ་འཆར། །ཤ་ཆང་ཞིམ་ལྟོ་ཅི་ཟོས་ཀྱང་། །ཞག་གཅིག་ལོན་ནས་མི་གཙང་རྫས། །ཞིམ་དང་མི་ཞིམ་བསམ་པ་ཡི། །ངོ་བོ་བལྟས་ནས་སྟོང་པ་ཉིད། །ཟས་ཀྱི་དམ་པ་ཏིང་འཛིན་ཟས། །ཞི་གནས་ལེགས་པར་ཆགས་པ་ན། །བཟའ་བཏུང་མེད་ཀྱང་ལྟོགས་སྣང་མེད། །འཚོ་བ་སྲབ་ཀྱང་ལུས་མདངས་བཟང་། །འཚོ་བ་སྣང་སྲིད་ལྷ་འདྲེས་སྒྱུ་འདྲེན། །ཆོས་པ་ལྟོགས་ནས་འཆི་མི་སྲིད། །རེས་འགའ་དཀའ་ཐུབ་བྱེད་སྙིང་འདོད། །རང་སེམས་ངོ་བོ་མ་སྐྱོང་ན། །ལྟོགས་པས་སྡིག་པ་དག་འདོད་པ། །དེ་ནི་ཕྱི་རོལ་མུ་


CMR050_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

སྟེགས་ལུགས། །ཤུགས་ཀྱིས་བྱུང་ན་བགག་མི་དགོས། །མ་ཡེངས་ངང་ནས་ཟས་ཟ་བ། །ཟག་མེད་ཚོགས་ཀྱི་འཁོར་ལོ་ཡིན། །ཁོ་བོ་མི་ལ་རས་པ་ངས། །ཟ་ཞིང་ཟ་ཞིང་བསྒོམ་ཙ་ན། །ཟ་འཐུང་ཚོགས་འཁོར་གདམས་ངག་ཡོད། །གསུངས་པའི་དོན་ཡང་དེ་ལ་དགོངས། །རང་སེམས་རྒྱུན་དུ་བསྲུང་ནུས་ན། །དུག་ལྔ་མི་དགེ་རང་འགགས་ཡིན། །ཐབ་ཀྱི་མེ་ལ་ཆུ་བླུག་ན། །སྐར་ཁུང་རྩིག་ཁུང་དུ་བ་ཆད། །རང་སེམས་འདུལ་བ་འདུལ་བའི་མཆོག །ཆོས་རྣམས་ཀུན་གྱི་མདོ་འགགས་ནི། །རང་སེམས་བསྲུང་བ་འདི་ལ་འདུས། །མདོ་ཡི་ཉམས་ལེན་བླ་ན་མེད། །རང་སེམས་ངོ་བོ་སྐྱོང་ནུས་ན། །མངོན་སུམ་ཆོས་སྐུ་རྗེན་པ་འཆར། །མངོན་པའི་ཉམས་ལེན་གཙོ་བོ་ཡིན། །འདི་ནི་གསང་སྔགས་ཀུན་གྱི་གསང་། །ཡེ་ཤེས་མཁའ་འགྲོའི་གསང་ཚིག་སྟེ། །གསང་སྔགས་ཉམས་ལེན་འདི་རང་ཟབ། །རང་རིག་རྒྱ་སྟ་ངར་མ་དེས། །ཕན་དུ་རེ་བའི་ལྷར་འཛིན་གཅོད། །གནོད་དུ་དོགས་པའི་འདྲེ་འཛིན་གཅོད། །དུག་ལྔ་དུག་གསུམ་རྣམ་རྟོག་གཅོད། །མ་གཅིག་གཅོད་ཡུལ་རྩ་བ་ཡིན། །སྐྱིད་སྡུག་ན་ཚ་བདེ་སྡུག་སོགས། །གང་


CMR050_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ངོ་བོ་སྟོང་པ་རྣམས། །རོ་སྙོམས་སྐོར་དྲུག་དེ་ལ་འདུས། །སྣང་སྲིད་འཁོར་འདས་ཐམས་ཅད་ཀྱང་། །རང་སེམས་ལས་ཀུན་རྡུལ་ཙམ་མེད། །དེ་ལས་སྣང་སྲིད་མི་འདའ་ན། །འཁོར་ལོས་སྒྱུར་རྒྱལ་ཕྱག་རྟགས་འདྲ། །ཕྱག་རྒྱ་ཆེན་པོའི་རང་སེམས་ཉིད། །དེ་ལ་མ་རྫོགས་གཅིག་ཀྱང་མེད། །རྫོགས་ཆེན་ཁྲེགས་ཆོད་རང་གི་སེམས་། །དེ་ཤེས་ཤེས་བྱ་ཀུན་གྱི་རབ། །ཤེས་རབ་ཕ་རོལ་ཕྱིན་པ་ཟེར། །ཡོད་མེད་རྟག་ཆད་སྐྱེ་འགགས་བྲལ། །དབུ་མ་ཆེན་པོ་རང་གི་སེམས། །དེ་ལྟར་རང་སེམས་བསྲུང་བ་དེས། །ཆུ་བརྒྱ་ཟམ་པ་གཅིག་འོག་འདུས། །བྱ་བརྒྱ་འུར་རྡོ་གཅིག་གིས་འདེད། །གཅིག་ཤེས་ཀུན་ལ་མཁས་པ་སྟེ། །དཔེར་ན་ཡིད་བཞིན་ནོར་བུ་འདྲ། །འདི་ལྟར་རང་སེམས་ངོ་འཕྲོད་ན། །དེ་ཉིད་རྒྱུན་དུ་སྐྱོང་བས་ན། །དེ་ལས་ཟབ་པའི་ཆོས་འདོད་པ། །གླང་པོ་རྙེད་ནས་གླང་རྗེས་ཚོལ། །ནོར་བུ་རྙེད་ནས་འཆིང་བུ་ཚོལ། །མ་རིག་མགོ་གཏུམ་ཧར་ལོང་མིག །ཀླད་པ་མེད་པའི་མི་ཡིན་ནོ། །དེ་སྐད་རཱ་ག་ཨ་སྱ་ཡིས། །གང་དྲན་སྨྲས་པ་མཐོལ་ལོ་བཤགས།། །།ན་མོ་མ་ཧཱ་མུ་ཏྲ་


CMR050_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ། །ཉམས་ལེན་ངོ་བོ་སྐྱོང་བའི་ངང་། །རང་སེམས་ལྷན་ནེ་གནས་པ་དང་། །ངོ་བོ་སྟོང་པར་གནས་པ་གཉིས། །དབྱེར་མེད་ཞིག་ལྷག་ཟུང་དུ་འཇུག །དེ་ལ་མ་ཡེངས་རྩེ་གཅིག་ཏུ། །མར་མེ་རླུང་གིས་མ་བསྐྱོད་ལྟར། །ས་ལེ་སེང་ངེ་ཡེ་རེ་བ། །རེས་འགའ་རྣམ་རྟོག་འགྱུ་ན་ཡང་། །ཆུ་དང་རླབས་བཞིན་རང་སར་ཞི། །སྐབས་འགའ་ཡེངས་ཚེ་ཐ་མལ་པ། །མ་ཡེངས་བསྒོམ་ཚེ་རྗེན་ནེ་བ། །རེས་འགའ་བསྒོམས་ཀྱང་མི་གསལ་འཚུབ། །རེས་འགའ་ཆེད་དུ་མ་བསྒོམས་ཀྱང་། །ཚུར་ལ་གསལ་སྟོང་རྗེན་ནེ་འཆར། །རེས་འགའ་རྨི་ལམ་ཡུལ་དུ་ཟིན། །རེས་འགའ་ངོ་མཚར་དག་སྣང་རྨིས། །བཟང་ངན་གང་རྨིས་མངོན་ཤེས་འདྲ། །དད་པ་དག་སྣང་ངེས་འབྱུང་འཕེལ། །བརྩོན་འགྲུས་དང་ནི་ལས་འཕྲོ་སད། །སྐབས་འགའ་དེ་ལྟར་ཤར་ན་ཡང་། །ཕལ་ཆེར་ཐ་མལ་འཁྲུལ་པ་ཡིན། །རྩེ་གཅིག་ངོ་མཐོང་ཆུང་ངུ་ཙམ། །འཁྲུལ་པ་ཉུང་ཞིང་ཕལ་ཆེར་བ། །ཏིང་འཛིན་དེ་བརྟན་འབྲིང་པོ་ཙམ། །ཡེངས་སྐབས་ཅུང་ཙམ་མ་གཏོགས་པར། །ཉིན་མོ་ཕལ་ཆེར་ཏིང་འཛིན་ངང་། །དེ་ནི་རྩེ་གཅིག་ཆེན་པོ་སྟེ། །ཞི་ལྷག་ཟུང་འཇུག་ཏིང་འཛིན་ལ། །


CMR050_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་གཅིག་གནས་པས་རྩེ་གཅིག་ཟེར། །དེ་ཡང་ལྟ་ས་ལྟ་རྒྱུ་གཉིས། །སོ་སོར་ཡོད་པ་འདྲ་བ་ལ། །ཧྲིག་གེ་རྗེན་ནེ་ས་ལེ་བ། །ངེས་ཤེས་འཛིན་པ་ཆེན་པོ་ཅན། །དཔེར་ན་གཅན་གཟན་སེང་གེ་དེ། །གོམ་པ་འདོར་ཞིང་མི་འགྲོ་སྟེ། །མཆོང་རྒྱང་ཆེན་པོ་བྱེད་ནས་འགྲོ། །དེ་ནས་ཕྱི་མིག་ལྟ་བྱས་ནས། །ཅི་ཙམ་མཆོང་ཐུབ་ཚུར་ལ་ལྟ། །དེ་བཞིན་རྩེ་གཅིག་རྣལ་འབྱོར་པས། །རྣམ་རྟོག་ཕར་ལ་འཕྲོ་སོང་ཡང་། །དེ་ཡི་རྗེས་ལ་མི་སྙོག་པ། །ཚུར་ལ་རང་སེམས་ངོ་བོ་ལྟ། །དེ་ཕྱིར་རྩེ་གཅིག་བསྒོམ་འདི་ལ། །སེང་གེ་རྣམ་པར་འགྱིང་བ་ཡི། །ཏིང་ངེ་འཛིན་དུ་རྒྱལ་བས་གསུངས། །རྩེ་གཅིག་སྐབས་ཀྱི་གླུ་ཆུང་འདི། །རྟ་ལོ་ཁྲུམས་ཟླའི་ཚེས་བཞི་ལ། །འཕྲལ་དུ་གང་དྲན་བྲིས་པ་འདི། །དགེ་སློང་རཱ་ག་ཨ་སྱས་སོ།། ༈ །།ན་མོ་མ་ཧཱ་མུ་དྲ་ཡེ། གང་ཟག་དབང་པོའི་བྱེ་བྲག་གི །ཉམས་རྟོགས་འཆར་ལུགས་མ་ངེས་ཏེ། །རིམ་སྐྱེས་པ་ཡི་གང་ཟག་དེ། །སྔོན་སྦྱང་ཆུང་བས་སྐྱེ་བར་དཀའ། །སྔོན་འགྲོའི་ཆོས་ལ་རྟགས་ཐོན་དུ། །བསྒོམས་པས་རིམ་བཞིན་དལ་བུས་སྐྱེས། །གང་སྐྱེས་འགྱུར་མེད་བརྟན་


CMR050_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

པར་གནས། །གཞུང་ནས་བཤད་དང་མཚུངས་པར་འགྱུར། །ཐོད་རྒལ་བ་ཡི་གང་ཟག་དེ། །ལས་འཕྲོ་བཟང་སྟེ་བར་ཆད་རྒོད། །མ་རན་དུས་ནས་རྟོགས་པ་སྐྱེ། །སྐྱེ་རན་ཙམ་ནས་ཕྱིར་ལ་ཞེན། །རེས་མཐོ་རེས་དམའ་རྟགས་མི་ཐུབ། །རེས་འགའ་བྱ་བཏང་གྲུབ་ཐོབ་འདྲ། །རེས་འགའ་མི་ནག་སྡིག་ཅན་འདྲ། །ཕོག་ཏུ་བབ་དང་མི་ཕོག་ནི། །བློ་རྒོད་སྐྱེ་ཞིང་སྙིང་ཁམས་ཆེ། །རེས་འགའ་དབང་མེད་དད་གུས་སྐྱེ། །རེས་འགའ་ཅི་སྨྲས་ངག་མི་ཉན། །བར་ཆད་རྐྱེན་གྱིས་མ་ཁྱེར་ན། །གྲུབ་ཐོབ་འོང་བ་ཚེགས་མེད་དེ། །བར་ཆད་དབང་དུ་ཤོར་བ་ན། །ཆོས་མགོ་མི་ཐོན་མི་ནག་འགྱུར། །འདི་འདྲ་ཁེར་སྐྱ་མི་ཐུབ་པས། །བླ་མ་ཡུན་རིང་བསྟེན་གལ་ཆེ། །གཅིག་ཆར་བ་ནི་ཤིན་ཏུ་དཀོན། །སྔོན་སྦྱང་ལས་ཀྱི་འཕྲོ་སད་ན། །ངོ་སྤྲོད་ཐོབ་པ་ཙམ་ཉིད་ནས། །རྟོགས་པ་མཆོག་ཏུ་གྱུར་པ་སྐྱེ། །དེ་ལ་འཕོ་འགྱུར་མེད་པ་སྟེ། །འདི་དག་ཅི་བཞིན་དཀའ་ན་ཡང་། །རིམ་སྐྱེས་པ་ཡི་རིམ་སྐྱེས་ནི། །རིམ་སྐྱེས་པ་ཡི་ཐོད་རྒལ་བ། །རིམ་སྐྱེས་པ་ཡི་གཅིག་ཆར་བ། །དེ་ནི་ཐོད་རྒལ་གཅིག་ཆར་བ། །རེ་རེ་ལ་ཡང་གསུམ་གསུམ་


CMR050_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །དེ་ལྟར་རབ་འབྲིང་དགུ་པོ་ཡི། །ནང་དུ་གང་ཟག་ཕལ་ཆེར་འདུ། །བླ་མ་ཉམས་ཆེན་གྱིས་བརྟགས་ནས། །རིགས་ནི་གང་ཡིན་ངོས་བཟུང་ནས། །གང་ལ་གང་ཕན་གེགས་སེལ་དང་། །བོགས་འདོན་སོ་སོར་གལ་ཆེ་བའི། །གཅིག་ལ་ཕན་པའི་ངོ་སྤྲོད་དེས། །ཀུན་ལ་ཕན་པའི་ངེས་པ་མེད། །གཅིག་ལ་གནོད་པའི་སྤྱོད་ལམ་དེ། །ཀུན་ལ་གནོད་པའི་ངེས་པ་མེད། །སྨན་པ་མཁས་པས་རྩ་ཆུ་ལ། །ཡུན་རིང་བརྟགས་ནས་བཅོས་པ་ལྟར། །བླ་མ་ཉམས་ཅན་ཡུན་རིང་བསྟེན། །སོ་སོར་གེགས་བསལ་བོགས་འདོན་ན། །རང་རང་སྐལ་པ་འཚམས་པ་ཡི། །ཉམས་རྟོགས་མི་སྐྱེ་ཐབས་མ་མཆིས། །སྤྱི་ཆོས་སྤྱི་བཤད་འབྱམས་ཡུག་གིས། །ལུས་ཆོས་ཐོབ་པ་འདྲ་ཞིག་ལ། །གནད་དུ་འགྲོ་བ་དཀའ་འམ་སྙམ། །གང་ཟག་དབང་པོ་ཁྱད་པར་གླུ། །རཱ་ག་ཨ་སྱས་འཕྲལ་དུ་སྨྲས། །བྷ་ཝན་ཏུ།། ༈ །།ན་མོ་མ་ཧཱ་མུ་ཏྲ་ཡེ། ཁྲིད་ལྟ་དཔེ་མིག་གིས་མ་བལྟས་ཤིང་། །བཀའ་བརྒྱུད་གོང་མའི་གསུངས་རྣམས་ལ། །དཔེ་ལྟས་བྲིས་བཤུ་མ་ཡིན་པའི། །རང་གི་མྱོང་བ་དང་བསྟུན་ནས། །ཉམས་ཀྱི་སྐྱེ་ཚུལ་ཅུང་


CMR050_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་བརྗོད། །དོན་དུ་གནས་རུང་མ་གནས་རུང་། །རྣལ་འབྱོར་ཉམས་ལ་ཅི་ཡང་འཆར། །གསུང་རབ་དོན་ལ་འགལ་ལོ་ཞེས། །མཁས་པ་རྣམས་ཀྱིས་མི་ཁྲེལ་ཞུ། །བདག་ནི་རིམ་སྐྱེས་པ་ཡི་རིགས། །ཉམས་རྟོགས་སྐྱེ་བ་དཀའ་མོ་བྱུང་། །བདག་ནི་བློ་རྨོངས་ཅོལ་ཆུང་བས། །བསྐྱེད་རིམ་བསྙེན་སྒྲུབ་རྣམས་གྲངས་མང་། །ཉམས་ལེན་ངོ་བོ་ཁོ་ན་ལ། །ཐེར་དྲིལ་ནེར་དྲིལ་མ་བྱུང་བས། །རྟོགས་པ་མཐོན་པོ་བདག་ལ་མེད། །འོན་ཀྱང་བྱིས་པ་ལོ་ལྔ་ནས། །གནས་འགྱུ་བསྲུང་ཕྱོགས་འཕྲིག་ཚུད་ཅིང་། །དེང་སང་སྒྲ་དཀར་སྐྱེས་ཀྱི་བར། །མ་བསྒྱུར་རྒྱུན་དུ་སྐྱོང་ལོ་བྱས། །དེ་ཕྱིར་ཉམས་ཀྱི་སྐྱེ་ཚུལ་དེ། །དེ་ཚེ་ཉམས་དང་བསྟུན་པ་ཡིན། །ཉམས་ཀྱི་སྐྱེ་ཚུལ་སྤྱི་ཁའི་ཉིན། །སྟོན་ཀའི་གནམ་བཞིན་འགྱུར་ལྡོག་མང་། །དབྱར་ཁའི་སྤང་བཞིན་སྣ་ཚོགས་སྐྱེས། །རེ་རེ་བརྗོད་པའི་མུ་མཐའ་མེད། །དང་པོ་རྣམ་རྟོག་འཕྲོ་རྒོད་འདི། །སྐྱོན་མེད་གསུངས་ཀྱང་གནོད་སྣང་ཆེ། །སེམས་ལ་རྣམ་རྟོག་ཤར་བ་དེ། །དང་པོ་གང་ནས་བྱུང་ན་སྙམ། །བལྟས་པས་བྱུང་བའི་ཡུལ་མ་རྙེད། །སང་གནང་འོང་རྒྱུའི་རྣམ་རྟོག་ཚོ། །དེ་རིང་གང་ནས་འོང་ཞིང་


CMR050_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། །དེ་སྔ་བྱུང་ཚད་རྣམ་རྟོག་ཚོ། །དེ་ཙམ་གང་དུ་སོང་ནས་ཡོད། །ད་ལྟ་སེམས་ཀྱི་རྣམ་རྟོག་འདི། །གང་གི་ས་རུ་གནས་ནས་ཡོད། །དེ་ཚེ་རྩད་རྗེས་བཅད་ཙམ་ན། །སྐྱེས་པ་གནས་པ་འགགས་པ་མེད། །སེམས་ལས་བྱུང་ཞིང་སེམས་ལ་ཐིམ། །རང་ཞི་ཆུ་ཡི་པ་ཏྲ་འདྲ། །གནས་དང་འགྱུ་གཉིས་ཁྱད་མེད་པར། །སེམས་རང་ཡིན་པའི་ངེས་ཤེས་སྐྱེས། །དེ་གཉིས་སེམས་ཡིན་ཁྱད་མེད་ན། །ཁྱད་ཕྱེ་གདམ་ཁ་ཅི་ལ་ཡོད། །གང་ཤར་སྐྱོང་བས་ཆོག་པར་གོ །འོན་ཀྱང་རིག་དང་མ་རིག་ཁྱད། །རང་ངོ་མ་བལྟས་ཐ་མལ་པ། །བལྟས་ན་ཉམས་ལེན་ཡིན་པར་རྟོགས། །གནས་འགྱུ་གདམ་ཁ་སྤང་བའི་གླུ། །གསར་བུ་རྣམས་ལ་ཕན་ཕྱིར་སྨྲས། །སྒོམ་ཆེན་རྣམས་ལ་མཐོལ་ལོ་བཤགས།། ༈ །།ན་མོ་མ་ཧཱ་མུ་ཏྲ་ཡེ། ལས་དང་པོ་པ་ཡི་སྒོམ་ཕྲུག་རྣམས། །རིག་པ་རྐྱང་དེད་ཟབ་ཅེས་ཐོབ། །ཁབ་མིག་སྐུད་པ་འཛུད་པ་བཞིན། །མ་ཡེངས་རིག་པ་རྩེ་གཅིག་གཏད། །སེམས་ཀྱི་སེམས་ལ་བལྟས་རྩ་ན། །ཅི་ཡང་མི་དྲན་ཀྱི་ལེ་གནས། །འདི་ནི་གནས་པ་ཡིན་ནོ་སྙམ། །ངོ་བོ་ལྟ་དགོས་བསམ་ནས་


CMR050_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས། །གནས་པའི་ངོ་བོ་སྟོང་པར་རྟོགས། །ཞི་ལྷག་ཟུང་འཇུག་ཡིན་ནོ་སྙམ། །ཡང་གཅིག་རྣམ་རྟོག་གཅིག་སྐྱེས་པས། །འགྱུ་བ་སོང་ངོ་ཡིད་ལ་བསམ། །དེ་ངོ་ལྟ་དགོས་བསམ་ནས་བལྟས། །འགྱུ་བ་ཡལ་ནས་སྟོང་པར་མཐོང་། །རང་ཞི་རང་གྲོལ་འདི་ཡིན་བསམ། །དེ་ལྟར་རིག་པ་བསྒྲིམ་དྲགས་པས། །དཀའ་ལས་ཆེ་བར་བྱུང་ན་ཡང་། །མ་སྐྱུར་ལོ་གྲངས་འགའ་ལ་བསྐྱངས། །དེ་ནས་དེ་ལ་ཐེ་ཚོམ་སྐྱེས། །གནས་དུས་གནས་ཡོད་སྙམ་པ་དང་། །དེ་ངོ་བལྟ་དགོས་བསམ་པ་གཉིས། །འགྱུ་བ་གཉིས་དེ་ཁ་ཡན་རེད། །བལྟས་པས་ངོ་བོ་སྟོང་པར་རྟོགས། །འདི་རང་ཉམས་ལེན་སྙམ་པ་ཡི། །འགྱུ་བ་ཕྱེད་པར་ཕྲའུ་དང་། །ཕྱེད་གསུམ་ཁ་ཡན་འཁྲུལ་པ་རང་། །རྣམ་རྟོག་འགྱུས་ནི་སོང་ཙམ་ན། །འགྱུས་སོང་སྙམ་པའི་རྣམ་རྟོག་གཅིག །དེ་ངོ་བལྟ་དགོས་བསམ་པ་གཉིས། །བལྟས་པས་འགྱུ་བ་སྟོང་པར་ཡལ། །རང་ཞི་རང་གྲོལ་ཡིན་བསམ་པའི། །འགྱུ་བ་ཕྲའུ་དེ་དང་གསུམ། །དེ་གསུམ་རྣམ་རྟོག་ཁ་ཡན་རང་། །དང་པོ་སྐྱོང་ལུགས་དེ་ཡིན་ཀྱང་། །དེ་ཡི་གྲོས་ཐུབ་ཡིན་པར་གོ །མ་བཅོས་པར་ཡང་མིན་པར་


CMR050_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་། །གང་ཡིན་འདྲེས་པའི་བླ་མ་དེ། །དྲིན་ཆེན་ཆོས་ཀྱི་དབང་ཕྱུག་དེ། །སྤྱི་བོར་བསྒོམས་ནས་གསོལ་བ་བཏབ། །བླ་སྒྲུབ་ཐུན་གསུམ་ཟླ་མཚམས་བྱས། །དེ་ཡི་བྱིན་རླབས་དངོས་སུ་བྱུང་། །མ་བཅོས་བཞག་པའི་གནད་དེ་རྟོགས། །གནས་དང་འགྱུ་བ་ཁྱད་པར་མེད། །ཧ་ཀྱང་སྒྲིམ་པ་དེ་མིན་པར། །མ་ཡེངས་ཙམ་དེ་ལྷོད་དེ་བཞག །གནས་ཉམས་རྒྱ་མཚོ་འཁྱིལ་འདྲ་ལ། །འགྱུ་བ་ཆུ་རླབས་ཆུར་ཐིམ་འདྲ། །འགྱུ་བས་བསྒོམ་ལ་མི་གནོད་པར། །རྣམ་རྟོག་བརྒྱ་སྟོང་འཕྲོ་ན་ཡང་། །མཚོ་ལ་ཆར་པ་འབབ་པ་བཞིན། །ཉམས་ལེན་དེ་ཡི་ངང་ལ་ཐིམ། །ཧྲིག་ཧྲིག་ཅེར་ཅེར་མི་དགོས་པར། །རང་བབ་བཞག་པས་དོན་ཆེན་འགྲུབ། །འགྱུ་བ་ཁོ་རང་བསྒོམ་དུ་ཤར། །གནས་འགྱུ་གདམ་ཁ་ཅི་ལ་བྱེད། །སྔོན་དང་མི་འདྲ་དཀའ་ལས་ཆུང་། །རྩོལ་བ་ཅི་ཡང་མི་དགོས་པར། །ཁ་རོག་བསྡད་པས་ཆོག་འདུག་པ། །ད་ནི་རྣམ་གཡེངས་མི་གནོད་པར། །གྲོང་དང་རི་ཁྲོད་ཁྱད་མེད་སྙམ། །དེ་འདྲའི་ཉམས་དེ་ཟླ་གསུམ་ཙམ། །དེ་ནས་གྲོང་ཆོག་ལ་སོགས་པ། །རྣམ་གཡེང་འབྱམས་པས་ཉམས་དེ་ཡལ། །གནས་འགྱུ་


CMR050_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ག་མེད་ན་ཡང་། །བར་སྐབས་བརྗེད་ངས་ཆེ་བ་དང་། །ངེས་ཤེས་གསལ་ཆ་འགྲིབ་པར་འདུག །གནས་འགྱུ་སྐྱོང་ལུགས་ཉམས་མྱོང་འདི། །གཞོན་དུས་ཉམས་དེ་རྒས་དུས་དྲན། །གཞོན་ནུ་རྣམ་ལ་ཕན་ཕྱིར་སྨྲས། །མངྒ་ལཾ།། ༈ །།ན་མོ་མ་ཧཱ་མུ་ཏྲ་ཡེ། འདོད་ལྷ་རིགས་དྲུག་གོལ་ས་དང་། །བདེ་སྟོང་ཕྱག་རྒྱ་ཆེན་པོ་གཉིས། །འདྲ་འདྲ་འདྲ་ལ་ནོར་དོགས་ཡོད། །བར་དེར་སྤུ་ཡི་ཁྱད་ལས་མེད། །ལུས་བདེ་ཟས་གོས་སྲེད་པ་ཆུང་སེམས་བདེ་ཉོན་མོངས་མགོ་བོ་ནོན། །ཅི་སྐྱིད་མེད་པར་སེམས་རྩ་སྐྱིད། །མེ་རེ་འཁྱིལ་ལེ་གནས་ཉམས་ཆེ། །འགྱུ་བ་བྱུང་ཡང་དེ་མི་གནོད། །ཆོས་བཤད་དབང་བསྐུར་དྲི་བཤད་སོགས། །ཇི་ལྟར་བྱས་ཀྱང་ཉམས་ལེན་ངང་། །སྤྱོད་ལམ་ཀུན་ཏུ་འབྲལ་བ་མེད། །ད་ནི་ང་ཡི་འདོད་པ་འགྲུབ། །ང་ལས་སྐྱིད་པ་སུ་ཡོད་སྙམ། །ཆོས་ཀྱི་རྩ་བ་འདི་རྙེད་པས། །ཅི་ཡང་གང་གིས་དགོས་པ་མེད། །བླ་མའི་གསོལ་འདེབས་གཅིག་པུས་ཆོག །སློབ་སྦྱང་ཡོན་ཏན་དགོས་པ་མེད། །སྙམ་པའི་ཞེན་ལོག་གཏིང་ནས་སྐྱེས། །ཏིང་ངེ་འཛིན་ལ་བཞག་པའི་ཚེ། །སྟེང་གི་


CMR050_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ལྗིད་ཀྱི་འོག་མི་གནོད། །ཡུན་རིང་ལུས་གནས་ངང་ལ་གནས། །ལུས་ནི་ཞུ་འམ་མེད་དམ་སྙམ། །ལུས་སེམས་གཉིས་ཀ་བདེ་བས་ཁྱབ། །འདི་ལ་མཆོག་ཏུ་འཛིན་པ་ཡི། །ཆགས་ཞེན་ང་རྒྱལ་ཁེངས་པར་བསྒོམ། །འདོད་ཁམས་ལྷ་རུ་སྐྱེ་བའི་རྒྱུ། །ཐར་པ་ཐོབ་པའི་གེགས་སུ་ཆེ། །མ་ཆགས་དེ་ལ་མཆོག་འཛིན་མེད། །བདེ་བའི་ངོ་བོར་ཧྲིག་གེར་ལྟ། །བདེ་དང་སྟོང་པ་དབྱེར་མེད་འདྲེས། །མ་ཆགས་མ་ཞེན་ངོ་བོ་སྐྱོངས། །བདེ་སྟོང་ཕྱག་རྒྱ་ཆེན་པོ་ལགས། །ཉི་ཤུའི་སྐོར་ལ་སྐྱེས་པའི་ཉམས། །ལྔ་བཅུའི་མཇུག་ལ་བབ་པའི་དུས། །གཞོན་པ་འགའ་ལ་ཕན་སྙམ་ནས། །རཱ་ག་ཨ་སྱས་ངག་ཏུ་བརྗོད། །བྷ་ཝན་ཏུ། ༈ །།ན་མོ་མ་ཧཱ་མུ་ཏྲ་ཡེ། གསལ་སྟོང་ཕྱག་རྒྱ་ཆེན་པོ་དང་། །གཟུགས་ཁམས་ལྷ་ཡི་གོལ་ས་གཉིས། །འདྲ་འདྲ་འདྲ་སྟེ་གོལ་ས་ཆེ། །སྤུ་རྩེ་ཙམ་གྱིས་བྱེད་པ་ཡིན། །རྔམ་ཆེན་སྐྱོན་ཡོན་གཉིས་སུ་ལ་འགྱུར་། །རང་སེམས་གསལ་སྟོང་རྗེན་ཅེ་རེ། །སྤྲིན་མེད་ནམ་མཁའ་དྭངས་པ་འདྲ། །རྟོག་པ་མེད་པའི་ང་རྒྱལ་ཅན། །རང་མིན་གཞན་ལ་སེམས་མི་འགུ། །ངེས་ཤེས་


CMR050_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པ་ཆེན་པོ་རྙེད། །སུ་ཡིས་ཟེར་ཡང་བློ་མི་འགྱུར། །འདི་བས་ལྷག་པ་མི་སྲིད་སྙམ། །ལུས་གནད་ལྟ་སྟངས་བྱེད་སྙིང་འདོད། །ཡེངས་སྐབས་རྣམས་སུ་ཐ་མལ་པ། །ཡེངས་བ་དེ་ཡིས་བརྗེད་འདུག་སྙམ། །ནུབ་མོ་གཉིད་མ་ཐག་ཏུ་ཡང་། །རྨི་ལམ་མེད་པར་ཉམས་རྟོགས་འཆར། །དེ་ནས་ཡིད་ལ་མི་དྲན་པས། །གཉིད་འཐུག་ཡིན་ནམ་འོད་གསལ་ཡིན། །དེ་ནི་རང་གིས་ཚོད་མ་ཟིན། །རེས་འགའ་རྨི་ལམ་ངོས་ཟིན་ནས། །ཉིན་པར་བཞིན་དུ་ཉམས་ལེན་གསལ། །རེས་འགའ་འོད་གསལ་མི་ཟིན་པ། །འཁྲུལ་པའི་རྨི་ལམ་རྨིས་ན་ཡང་། །རྒྱ་བོད་གྲུབ་ཆེན་ཡི་དམ་ལྷ། །མ་ངེས་དུ་མ་མཇལ་བ་དང་། །ཆོས་གསུངས་བརྡ་ཡང་སྟོན་པ་འབྱུང་། །རེས་འགའ་གཉིད་དང་མ་གཉིད་མཚམས། །ཟླ་བ་ཤར་འདྲ་ཉི་ཞོར་རམ། །མེ་རུ་བཀྱག་འདྲ་འོད་བྱུང་ནས། །དེ་ཡི་རྐྱེན་བྱས་འོད་གསལ་ཟིན། །རེས་འགའ་ཉམས་དང་རྨི་ལམ་མཚམས། །ཐག་རིང་ཡུལ་དུ་ཅི་བྱེད་དང་། །ཅི་སྨྲས་མངོན་སུམ་བཞིན་དུ་མཐོང་། །རེས་འགའ་ཐག་རིང་མི་འགའ་རེས། །རང་ལ་བཟང་ངན་གང་སྨྲས་ནི། །དྲུང་ནས་སྨྲས་པ་བཞིན་དུ་ཐོས། །རེས་


CMR050_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་རང་ཉིད་གཉིད་སོང་བས། །ཁྱིམ་དུ་སེ་ར་སྤྱད་ལ་སོགས། །ཉིན་པར་བཞིན་དུ་སོ་སོར་མཐོང་། །རེས་འགའ་མི་ནི་ལ་ལ་ཡི། །ཁོ་རང་ཡིད་ལ་གང་བསམ་དེ། །ཁོ་རང་ངག་ནས་སྨྲ་འདྲ་བར། །ཡིད་ལ་ཅི་བསམ་ཤེས་སྙམ་བྱེད། །ཉིན་པར་ཉམས་ལེན་གསལ་སྟོང་ངང་། །འདི་ལ་དགའ་ཞིང་རློམ་སེམས་སྐྱེས། །རྟོགས་པའི་མཆོག་ཡིན་ཉམས་ནི་ཆགས། །འོད་གསལ་ཆེ་ཆུང་རིམ་པ་ལྟར། །ཚངས་རིས་ཚངས་པ་མདུན་ན་འདོན། །ཚངས་ཆེན་ལྷ་སོགས་གཟུགས་ཁམས་ཀྱི། །གནས་སུ་སྐྱེ་བའི་གོལ་ས་ལགས། །དེ་ལ་ཆགས་འཛིན་རློམ་སེམས་མེད། །གསལ་ལོ་སྟོང་ངོ་སྙམ་པ་ཡི། །འཛིན་པ་མ་ཞུགས་རང་ངོ་སྐྱོང་། །གསལ་སྟོང་ཕྱག་རྒྱ་ཆེན་པོ་ཡིན། །རང་ལོ་ཉི་ཤུ་སྐབས་འགའ་ལ། སྐྱེས་པའི་ཉམས་དེ་རྒས་དུས་སྨྲས། །གསར་བུ་འགའ་ལ་ཕན་པར་ཤོག། ༈ །།ན་མོ་མ་ཧཱ་མུ་དྲ་ཡ། མི་ཁོམ་གནས་བརྒྱད་ནང་ཚན་ནས། །ཚེ་རིང་ལྷ་རུ་གོལ་བའི་ས། །མུ་སྟེགས་ལུགས་ཀྱི་བསྒོམ་དེ་དང་། །མི་རྟོག་ཕྱག་རྒྱ་ཆེན་པོ་གཉིས། །འདྲ་བ་འདྲ་སྟེ་ནོར་དོགས་གདའ། །སྣང་སྲིད་འཁོར་འདས་


CMR050_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྣམས་ཀུན། །རང་གི་སེམས་ཉིད་མ་གཏོགས་པ། །ལོགས་སུ་གྲུབ་པ་རྡུལ་ཙམ་གཅིག །མེད་པའི་ངེས་ཤེས་གདིང་ནས་སྐྱེས། །སེམས་ནི་སྟོང་པ་ནམ་མཁའ་འདྲ། །བསམ་པའི་ངེས་ཤེས་འཛིན་པ་ཅན། །རྣམ་ཤེས་མཐའ་ཡས་ཞེས་བྱ་བའི། གཟུགས་མེད་ཁམས་སུ་སྐྱེ་བའི་རྒྱུ། །སེམས་ནི་ཡོད་པ་མ་ཡིན་ཏེ། །གཟུགས་དང་ཁ་དོག་དངོས་པོ་མེད། །སེམས་ནི་མེད་པ་མ་ཡིན་ཏེ། །སྣ་ཚོགས་ཅི་ཡང་འཆར་བར་འདུག །ཡོད་མེད་གཉིས་ཀ་མིན་སྙམ་པའི། །འཛིན་པ་དེ་ལ་ཨ་འཐས་པའི། །ཡོད་མིན་མེད་མིན་ཞེས་བྱ་བའི། །གཟུགས་མེད་ཁམས་སུ་སྐྱེ་བའི་རྒྱུ། །སེམས་དང་ཆོས་རྣམས་ཐམས་ཅད་ནི། །ནམ་མཁའ་བཞིན་དུ་སྟོང་པ་ཉིད། །མཐའ་ལས་འདས་སྙམ་འཛིན་པ་ཅན། །སེམས་དང་ནམ་མཁའ་དབྱེར་མེད་དེ། །ནམ་མཁས་གར་ཁྱབ་སེམས་ཀྱིས་ཁྱབ། །སྙམ་པའི་ཉམས་རྟོགས་གདེང་ནས་འཆར། །དེ་ལ་དེར་འཛིན་ཞུགས་པ་ན། །ནམ་མཁའ་མཐའ་ཡས་ཞེས་བྱ་བའི། །གཟུགས་མེད་ཁམས་སུ་སྐྱེ་བའི་རྒྱུ། །རེས་འགའ་སེམས་དང་ཆོས་རྣམས་ཀུན། །ཅི་ཡང་མ་གྲུབ་སྟོང་པ་ཉིད། །ལུས་འདིའང་དངོས་སུ་མེད་དོ་


CMR050_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ། །ས་རྡོ་རི་བྲག་ཁང་ཁྱིམ་སོགས། །ཐམས་ཅད་སྟོང་པ་ཡིན་པར་མཐོང་། །དེ་ལ་འཛིན་པ་དམ་དྲགས་པས། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི། །གཟུགས་མེད་ལྷ་ཡི་ཁམས་སུ་སྐྱེ། །ཉམས་རྟོགས་དེ་ལྟར་ཤར་བའི་ཚེ། །ཐམས་ཅད་སེམས་ཡིན་བསམ་པ་དང་། །སེམས་ནི་ཡོད་མིན་གཉིས་མིན་དང་། །ནམ་མཁའ་སེམས་ཉིད་དབྱེར་མེད་དང་། །ཐམས་ཅད་སྟོང་པར་མཐོང་བ་ལ། །ངེས་ཤེས་དམ་པོས་མ་བཅིང་པར། །བསམ་མཁན་དེ་ཡི་ངོ་བོར་བལྟ། །འཛིན་པ་བཤིགས་ནས་ལྷོད་དེར་བཞག །མི་རྟོག་ཕྱག་རྒྱ་ཆེན་པོ་ཡིན། །མཚམས་བསྡམས་ལོ་ངོ་གསུམ་ཙམ་སྐབས། །ཉམས་ལ་ཤར་བའི་གླུ་ཆུང་འདི། །དཔེ་རྒྱུད་རྣམས་དང་ཅུང་མི་མཐུན། །རང་གི་ཉམས་དང་བསྟུན་པ་ཡིན། །མཁས་པ་རྣམས་ཀྱིས་མི་ཁྲེལ་ཞུ།། །།ཨེ་མ་འདི་ཡི་སྐབས་འགའ་ལ། །སྟོང་ཉམས་ཧད་པོར་འཆར་བར་བཤད། །ཐམས་ཅད་སྟོང་པ་ཉིད་དུ་གོ །སྡིག་པ་དགེ་བ་གཉིས་པོ་སྟོང་། །སྟོང་པས་སྟོང་པར་ཕན་གནོད་མེད། །སྙམ་ནས་དགེ་བ་མི་སྒྲུབ་ཉལ། །སྡིག་པ་མི་སྤང་མ་གྲུབ་ཟེར། །


CMR050_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྟོང་པ་ཡིན་ནོ་སྐད། །སེམས་ཉིད་སངས་རྒྱས་ཡིན་ནོ་སྐད། །རྣམ་རྟོག་ཆོས་སྐུ་ཡིན་ནོ་སྐད། །འཁོར་བ་མྱང་འདས་ཡིན་ནོ་སྐད། །ནམ་ཤི་སངས་རྒྱས་ཡིན་ནོ་སྐད། །ཐོད་པ་བོར་ཆོག་ཡིན་ནོ་སྐད། །ཞེ་སྡང་གསལ་སྟོང་ཡིན་ནོ་སྐད། །འདོད་ཆགས་བདེ་སྟོང་ཡིན་ནོ་སྐད། །གཏི་མུག་འོད་གསལ་ཡིན་ནོ་སྐད། །དུག་ལྔ་ཡེ་ཤེས་ཡིན་ནོ་སྐད། །སྤྱོད་པ་རྩིང་ཞིང་ཚུལ་ཁྲིམས་འཆལ། །ནག་པོ་ཁ་འབྱམས་ཞེས་བྱ་བ། །བདུད་ཀྱི་ལྟ་བ་མནར་མེད་རྒྱུ། །འདི་འདྲ་འབྱུང་བར་གསུངས་མོད་ཀྱིས། །རང་ལ་དེ་འདྲ་འཆར་མ་མྱོང་། །བཀའ་འདི་མདོ་རྒྱུད་ནས་གསུངས་པས། །གེགས་སེལ་རྒྱུ་འབྲས་བླང་དོར་ཟབ། །རང་ཉིད་རང་གིས་མི་ཕུང་ཞུ། །རཱ་ག་ཨ་སྱས་ལྷ་ཕྱག་འཚལ།། ༈ །།ན་མོ་མ་ཧཱ་མུ་ཏྲ་ཡེ། བསྒོམ་ཡུན་རིང་ཞིག་སོང་བ་ན། །བླ་མའི་བྱིན་རླབས་ཞུགས་པའམ། །ཡི་དམ་ལྷ་ཡི་དངོས་གྲུབ་བམ། །སྔོན་བསགས་ལས་འཕྲོ་སད་ཙམ་ན། །རྐྱེན་ནི་གང་ཡིན་ངེས་ངེས་མེད། །སྐྱིད་སྡུག་ཅིས་ཀྱང་རྐྱེན་བྱེད་དེ། །ཕལ་ཆེར་མོས་གུས་དྲག་པོ་བྱེད། །སྔར་གྱི་སྒོམ་དང་ཉམས་རྟོགས་


CMR050_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །གར་སོང་ཆ་མེད་འཇའ་ལྟར་ཡལ། །བསྒོམ་བྱ་སྒོམ་བྱེད་འཛིན་པ་ཞིག །ལྟ་མི་ལྟ་རྒྱུ་གཅིག་ཏུ་འདྲེས། །ཕྱི་ནང་གཅིག་འདྲེས་འདི་ལྟ་མེད། །འདི་བྱ་འདི་བྱེད་ཅི་ཡང་མེད། །ཁ་རོག་བསྡད་པས་ཆོག་པ་འདྲ། །སྔར་དང་གཏན་ནས་མ་མཆིས་པས། །ཐེ་ཚོམ་ཁུ་འཕྲིག་ཡིད་གཉིས་ཟ། །གོལ་ས་ཨམ་དེ་ཨུ་ཡིན་ཨང་། །བསྒོམ་མེད་ཨམ་དེ་འདྲ་ལ་ཁད། །སྔར་གྱི་གསལ་སྟོང་རྗེན་པར་ཡལ། །བསྒོམ་དེ་བོར་བ་ཡིན་ཡང་དོགས། །དེ་དུས་བླ་མ་མེད་པ་ན། །ཐེ་ཚོམ་སྐྱེས་ནས་སྐྱུར་ཉེན་གདའ། །ཧམ་པ་ཆེན་པོའི་མ་རིག་གིས། །བསྒོམ་མེད་ཡིན་སྙམ་ང་རྒྱལ་སྐྱེས། །སྟོང་སྐད་མཐོན་པོ་བྱེད་སྙམ་གདའ། །དོན་ནི་སྤྲོས་བྲལ་ངོ་མཐོང་ཙམ། །ཚེས་གསུམ་ཟླ་བ་མཐོང་བ་ཙམ། །ཕྱག་རྒྱ་ཆེན་པོའི་ཞལ་མཐོང་ལགས། །དེ་ནས་དེ་ཡི་ངང་ལ་བཞག །ད་དུང་ཡེངས་སྐབས་འཁྲུལ་པར་འབྱམ། །མ་ཡེངས་དྲན་རྫི་ཡང་ཡང་བརྟེན། །སྐུ་འདི་ནི་མི་བརྟེན་རེས་འགའ་དང་། །ཕལ་ཆེར་བརྟེན་དང་རྒྱུན་དུ་བརྟེན། །ཆེ་འབྲིང་ཆུང་གསུམ་ཐ་སྙད་བྱེད། །རྣམ་གཡེང་སྤང་ཞིང་སྤྲོས་བཅས་རྣམས། །ཉུང་ངུར་བཏང་ལ་


CMR050_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་འཛིན་བསྒོམ། །གང་ལའང་ཡ་ངའི་འཛིན་པ་མེད། །དཔའ་བར་འགྲོ་བའི་ཏིང་འཛིན་ཟེར། །འདི་ལ་འདྲ་མིན་བཤད་པ་མང་། །སྤྲོས་བྲལ་ངོ་མཐོང་གླུ་ཆུང་འདི། །རང་ལོ་ཞེ་གཅིག་ཙམ་དུས་ཀྱི། །ཉམས་མྱོང་གཞན་ལ་ཕན་པའི་ཕྱིར། །ང་བརྒྱད་ལོ་ལ་སྨྲས་པའོ།། ༈ །།ཨེ་མ་ཉམས་ཀྱི་འཆར་སྒོ་མཚར། ནམ་མཁས་གར་ཁྱབ་སེམས་ཀྱིས་ཁྱབ། །སེམས་ཀྱིས་གར་ཁྱབ་ཆོས་སྐུས་ཁྱབ། །རྫོགས་པའི་སངས་རྒྱས་ཀུན་གྱི་ཐུགས། །འགྲོ་དྲུག་སེམས་ཅན་ཀུན་གྱི་སེམས། །སྣང་སྲིད་ལྷ་འདྲེ་ཀུན་གྱི་སྲོག །རྣལ་འབྱོར་རང་གི་སེམས་ཉིད་གསུམ། །དབྱེར་མེད་ངོ་བོ་གཅིག་ཏུ་རྟོགས། །ངོ་བོ་སྟོང་པ་ཉིད་དུ་གཅིག །རང་བཞིན་གསལ་རིག་རྗེན་པ་གཅིག །སྣ་ཚོགས་འགགས་མེད་ཤར་བ་གཅིག །ཕྱི་ནང་དབྱེར་མེད་གཅིག་འདྲེས་པས། །ཕྱི་ལྟ་ནང་ལྟའི་ཁྱད་པར་མེད། །ཉམས་དང་སྐབས་སུ་རང་བབ་སྐྱོང་། །ལྟ་བ་འཁོར་འདས་དབྱེར་མེད་ལགས། །འོན་ཀྱང་ཡེངས་སྐབས་བརྗེད་སྐབས་མང་། །བརྗོད་པ་དྲན་ཚེ་ཡིད་མི་དགའ། །དང་པོ་བརྗེད་ནས་མ་དྲན་བར། །སེམས་ཀྱི་ངོ་བོ་ཅི་ལྟ་བུ། །ཕྱི་


CMR050_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་བྱེད་འདྲ་བྱས་ནས་ལྟ། །དེ་ཡང་ངོ་བོ་སྟོང་པར་མཐོང་། །དེ་ཡིས་ཅུང་ཞིག་བློ་ཁ་ཚིམ། །བཞི་བཅུའི་སྟོད་ལ་སྐྱེས་པའི་ཉམས། །དེང་སང་གཞན་ལ་ཕན་ཕྱིར་བྲིས། །གང་དྲན་བྲིས་པས་ཐུགས་མ་ཁྲེལ། །རཱ་ག་ཨ་སྱས་བཅོས་གཏམ་ལགས།། །།ཨེ་མ་ཉམས་ལ་མི་འཆར་མེད། །ཕྱི་ཡི་ས་རྡོ་རི་བྲག་དང་། །གྲོང་ཁྱེར་ཁྲོམ་ཚོགས་འདུ་ལོང་རྣམས། །སོ་སོར་གསལ་ཡང་ངོ་བོ་སྟོང་། །རྒྱ་མཚོར་ཤར་བའི་གཟའ་སྐར་བཞིན། །བཅོས་ནས་བསྒོམ་པ་མ་ཡིན་ཞིང་། །དཔེ་རྒྱུད་གོ་བ་སྐམ་པོ་མིན། །བླ་མའི་རྗེས་ཟློས་མ་ལགས་ཤིང་། །སྒོམ་ཆེན་གཞན་གྱི་ཁ་སྟོང་མིན། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །ཆུ་ཟླ་མེ་ལོང་གཟུགས་བརྙན་དང་། །སྒྱུ་མ་སྤྲུལ་པ་བཞིན་དུ་རྟོགས། །ཀྱེ་མ་དེ་ལྟར་རྟོགས་ངེས་ཀྱང་། །ཡེངས་སྐབས་བརྗེད་སྐབས་འཁྲུལ་པ་ཤོར། །ཡེངས་སྐབས་མེད་པར་ཅི་དྲག་སྙམ། །བླ་མ་ལྕསྒོམ་ཆེན་མང་པོ་ལ། །རྟོགས་འབུལ་བྱས་ཤིང་དྲིས་ལགས་ཀྱང་། །གདམ་ངག་སྟོན་མཁན་གསེར་བས་དཀོན། །ས་མཚམས་ཕྱེ་བའི་གསུང་ངག་དམ། །ལྔ་བཅུའི་སྟོད་ཀྱི་


CMR050_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་རྟོགས་འདི། །རཱ་ག་ཨ་སྱས་རྨོངས་གླུ་བླངས། །གཞན་ལ་ཕན་པའི་བསམ་པས་བྲིས། །མངྒ་ལཾ།། །།ན་མོ་མ་ཧཱ་མུ་ཏྲ་ཡེ། རཱ་ག་ཨ་སྱའི་ཉམས་རྟོགས་ཀྱང་། །ཆེ་ནས་མེད་པའི་བུ་ངན་བཞིན། །ལྔ་བཅུའི་སྟེང་ལ་སླེབ་ཙམ་ན། །རྨི་ལམ་འོད་གསལ་ཉུང་དུ་སོང་། །དཀོར་སྒྲིབ་ཆེ་བ་ཡིན་ནམ་སྙམ། །བདེ་ཉམས་གསལ་སྣང་མི་རྟོག་ཉམས། །ཉམས་སྣང་མང་པོ་འཇའ་ལྟར་ཡལ། །ཡེངས་སྐབས་བརྗེད་སྐབས་མང་ན་ཡང་། །ཡེངས་དང་མ་ཡེངས་ཁྱད་པར་མེད། །བརྗེད་དང་མ་བརྗེད་ཁྱད་པར་མེད། །གཉིད་དང་མ་གཉིད་ཅི་ལ་ཡང་། །ཐམས་ཅད་ངོ་བོ་འགྱུར་བ་མེད། །ནམ་མཁའ་དྭངས་བའི་དཀྱིལ་ལྟ་བུ། །ནམ་མཁའ་སྤྲིན་དང་ཉི་ཟླ་དང་། །འཇའ་ཚོན་ཆར་དང་སེར་བ་ཡང་། །ནམ་མཁའ་ཉིད་ལ་འགྱུར་བ་མེད། །སེམས་ཉིད་འཁྲུལ་ལམ་མ་འཁྲུལ་རུང་། །དྲན་རྗེས་ཟིན་རུང་མ་ཟིན་རུང་། །ངོ་བོ་འགྱུར་མེད་ཆོས་ཀྱི་སྐུ། །དོན་ལ་རྡུལ་ཙམ་ཁྱད་མེད་པའི། །རྟོགས་པ་གཤའ་མ་གདེང་ནས་སྐྱེས། །དེ་ཉིད་དོན་དང་ལྡན་མི་ལྡན། །བླ་མ་སྒོམ་ཆེན་མང་པོ་ལ། དྲིས་ཀྱང་དེ་དོན་སུས་མ་


CMR050_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །དྭགས་པོ་ཕག་གྲུའི་ཞུས་ལེན་ལ། །བལྟས་པས་དོན་ལྡན་ཡིད་ཆེས་སྐྱེས། །སླར་ཡང་དཔལ་ལྡན་སྟག་ལུང་པ། །བཀྲ་ཤིས་དཔལ་གྲུབ་མཇལ་བའི་ཚེ། །ང་ཡི་རྟོགས་པ་འདི་ལྟ་བུ། །རྟོགས་པ་ལགས་སམ་ཧམ་པ་ལགས། །ཞིབ་པར་ཞུས་པས་བཀའ་སྩལ་པ། །གཞན་གྱིས་དེ་འདྲ་ཟེར་བྱུང་ཡང་། །ངེད་ཀྱིས་བདེན་པར་མི་འཛིན་ཏེ། །ཁྱེད་ནི་བསྒྲུབ་པ་ཡུན་རིང་བའི། །ཟེར་བ་དེ་ལ་བདེན་པར་འཛིན། །དེ་ནི་དོན་དང་ལྡན་པ་སྟེ། །དེང་སང་ངེད་ཀྱང་དེ་ལྟར་ཡིན། །འོན་ཀྱང་ཉལ་ནི་མ་འདུག་པར། །ཐུགས་དམ་དགེ་སྦྱོར་འབད་དགོས་གསུངས། །དེ་ཕྱིར་བོགས་སྐྱེད་མ་བྱུང་སྟེ། །གསལ་འགྲིབ་བག་རེ་འོང་བར་གདའ། །ཉམས་ཀྱི་རོ་གཅིག་ངོ་མཐོང་ཙམ། །མཉམ་རྗེས་འདྲེས་ལ་ཁད་པའི་གླུ། །རང་ལོ་ང་བརྒྱད་རྟ་ཡི་ལོ། །ཁྲུམས་ཟླའི་ཡར་ཚེས་བཞི་ལ་བྲིས། །སྣང་སྲིད་སྒྱུ་མར་རྟོགས་པའི་ཕྱིར། །སྒྱུ་མ་ལྟ་བུའི་ཏིང་པ་འཛིན་ཟེར། །ཆུ་རླུང་རོལ་པའི་རྒྱུད་ནས་གསུངས། །དེ་ཡན་ཉམས་རྟོགས་མགུར་མ་ལགས། །རྟོགས་པ་མཉམ་རྗེས་འདྲེས་པ་ནི། །སྒོམ་མེད་ཡིན་ཞིང་དེ་ལ་ཡང་། །ཆེ་


CMR050_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་འབྲིང་དུ་དབྱེ་བ་ནི། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ནི། །ཡིན་པར་ཁྲིད་གཞུང་རྣམས་ནས་བྱུང་། །རང་ལ་མྱོང་བ་ཞུ་རྒྱུ་མེད། །དགེ་སློང་ཨོ་རྒྱན་རིག་འཛིན་གྱིས། །བུམ་སྒྲུབ་གཙོ་བོ་དོ་དམ་སྐབས། །ཤོག་བུ་གཏད་ནས་བྲི་དགོས་ཟེར། །ངོ་ཆེན་ངོ་དེ་མ་ལྡོག་ཕྱིར། །ལག་པ་ནད་ཀྱིས་མི་བདེ་ཡང་། །ཨུ་ནུས་བསྐྱེད་ནས་བྲིས་པ་འདི། །བུམ་སྒྲུབ་རྣམས་ལ་ཕན་པའི་ཕྱིར། །ལུང་འདྲེན་གཅིག་ཀྱང་མ་བྱས་པར། །གོ་སླ་ཉམས་མྱོང་མགུར་མ་འདི། །རཱ་ག་ཨ་སྱས་སྨྲས་པའོ། །བྷ་ཝནྟུ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

སྤར་ངེ་དགེ་བཤེས་ཕྲིན་ལས་ལ། །ཤོག་བུ་ཤ་ཚ་མི་འདུག་པས། །མི་རྒན་བཅོས་གཏམ་ཡི་གེར་བྲིས། །ཧེ་ཧེ།


CMR050_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

སྤར་ངེ་དགེ་བཤེས་ཕྲིན་ལས་ལ། །ཤོག་བུ་ཤ་ཚ་མི་འདུག་པས། །མི་རྒན་བཅོས་གཏམ་ཡི་གེར་བྲིས། །ཧེ་ཧེ།


CMR050_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་མུ་དྲ་ཡེ། འོག་མིན་ཆོས་དབྱིངས་ཕོ་བྲང་ན། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྟེང་ཕྱོགས་དགའ་ལྡན་ལྷ་ཡུལ་ན། །བྱང་སེམས་བློ་གྲོས་རིན་ཆེན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལྷོ་ཕྱོགས་དཔལ་གྱི་རི་བོ་ན། །བྲམ་ཟེ་ས་ར་ཧ་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལྷོ་ཕྱོགས་བེ་ཏའི་ཡུལ་དབུས་ན། །དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཡི་ཕི་བྱེད་པའི་རི་བོ་ན། །གྲུབ་ཆེན་ཤ་ཝ་རི་པ་ལ། །གསོལ་བ་


CMR050_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་སོ་བྱིན་གྱིས་རློབས། །རི་བོ་མེ་ལྟར་འབར་བ་ན། །མངའ་བདག་རྒྱལ་བ་མེ་ཏྲི་པར། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གྲོ་བོ་ལུང་གི་དགོན་པ་ན། །སྒྲ་བསྒྱུར་མར་པ་ལོ་ཙཱ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལ་ཕྱི་གངས་ཀྱི་ར་བ་ན། །རྗེ་བཙུན་མི་ལ་རས་ཆེན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །དྭགས་ལྷ་དཔལ་གྱི་སྒམ་པོ་ན། །མཉམ་མེད་ཟླ་འོད་གཞོན་ནུ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕག་མོ་གྲུ་ཡི་ནགས་ཁྲོད་ན། །བདེ་གཤེགས་ཕག་མོ་གྲུ་པ་ལ། །གསོལ་བ་འདེབས་སོ་


CMR050_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་རློབས། །འོག་མིན་མཚུར་ཕུའི་དགོན་པ་ན། །དཔལ་ལྡན་དུས་གསུམ་མཁྱེན་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འབྲུག་དང་ར་ལུང་དགོན་པ་ན། །གྲུབ་ཐོབ་གླིང་རྗེ་རས་ཆེན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གུང་ཐང་འཚལ་གྱི་དགོན་པ་ན། །འགྲོ་མགོན་སྐྱེ་མེད་ཞང་སྟོན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འབྲི་གུང་དཔལ་གྱི་ཡང་དགོན་ན། །སྐྱོབ་པ་འཇིག་རྟེན་གསུམ་མགོན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྟག་ལུང་རྡོ་རྗེའི་གདན་སྟེང་ན། །སྟག་ལུང་ཐང་པ་ཆེན་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །མདོ་ཁམས་ཤར་གྱི་ཞིང་ཁམས་ན། །གྲུབ་ཆེན་སྨར་ཡེས་འབྱོར་གསུམ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རི་བོ་ཆེ་ཡི་དགོན་པ་ན། །རྗེ་བཙུན་སངས་རྒྱས་དབོན་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །གར་བཞུགས་ཆོས་སྐུའི་ཞིང་ཁམས་ན། །ཕྱག་ཆེན་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྤྱི་གཙུག་པད་ཟླའི་གདན་སྟེང་ན། །དྲིན་ཆེན་ཆོས་ཀྱི་དབང་ཕྱུག་ལ། །གསོལ་བ་འདེབས་སོ་བྱིན་


CMR050_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རློབས། །པོ་ཊ་ལ་ཡི་ཕོ་བྲང་ན། །ཡི་དམ་རྒྱལ་བ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ནུབ་ཕྱོགས་ཨོ་རྒྱན་ཕོ་བྲང་ན། །ཡུམ་མཆོག་རྡོ་རྗེ་ཕག་མོ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་སྩོལ། །བསིལ་བ་ཚལ་གྱི་དུར་ཁྲོད་ན། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ། །གསོལ་བ་འདེབས་སོ་བར་ཆད་སོལ། །སྣང་སྲིད་ཡེ་ནས་ཆོས་ཀྱི་སྐུ། །གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །མ་བཅོས་རང་བབ་ལམ་གྱི་གཞུང་། །གོལ་ས་ཆོད་པར་བྱིན་གྱིས་རློབས། །མངོན་དུ་གྱུར་པ་འབྲས་བུའི་མཆོག །རེ་དོགས་མེད་པར་བྱིན་གྱིས་རློབས། །འཛིན་པ་མེད་པ་ལྟ་བའི་མཆོག །མཉམ་ཉིད་རྟོགས་པར་བྱིན་གྱིས་རློབས། །ཡེངས་བ་མེད་པ་བསྒོམ་པའི་མཆོག །མཉམ་རྗེས་མེད་པར་བྱིན་གྱིས་རློབས། །ཕྱོགས་ལྷུང་མེད་པ་སྤྱོད་པའི་མཆོག །ཟུང་དུ་འཇུག་པར་བྱིན་གྱིས་རློབས། །འཁྲུལ་པ་མེད་པ་འབྲས་བུའི་མཆོག །ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཕྱག་རྒྱ་ཆེ་ལ་མངའ་མཉེས་པའི། །བཀའ་བརྒྱུད་ཕྱོགས་རིས་མེད་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལྟ་བ་ཕྱོགས་


CMR050_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྟོགས་པ་ཡིས། །རང་རྒྱུད་གྲོལ་བར་བྱིན་གྱིས་རློབས། །ཕྱོགས་རིས་མེད་པའི་སྙིང་རྗེ་ཡིས། །གཞན་དོན་ཕྱོགས་མེད་འགྲུབ་པར་ཤོག །ཅེས་པ་ཤིང་མོ་སྦྲུལ་གྱི་ལོ། །སྤྲེལ་གྱི་ཟླ་བའི་བཅུ་བཞི་ལ། །ཤོག་བུ་གཏད་ནས་བྱུང་བས་བྲིས།། ༈ །ན་མོ་སརྦ་བྷ་དྲ་ཡེ། སངས་རྒྱས་ཀུན་བས་སྔར་སངས་རྒྱས། །ཆོས་སྐུ་ཀུན་ཏུ་བཟང་པོ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །འབུམ་ཕྲག་དྲུག་ཅུའི་རྒྱུད་གསུངས་པའི། །རྫོགས་ཆེན་སྟོན་པ་བཅུ་གཉིས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས་། །ཨ་ཏིའི་དོན་རྟོགས་རྫོགས་སངས་རྒྱས། །སྐལ་མགོན་དྲུག་ཅུ་རྩ་ལྔ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སངས་རྒྱས་ཀུན་གྱིས་ཐུགས་རྡོ་རྗེ། །སྟོན་པ་རྡོ་རྗེ་སེམས་དཔའ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །རྫོགས་པ་ཆེན་པོའི་ཆུ་ཡི་མགོ །རིག་འཛིན་དགའ་རབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །རྒྱ་གར་ཡུལ་དུ་རྫོགས་ཆེན་སྤེལ། །འཇམ་དཔལ་བཤེས་གཉེན་གོང་འོག་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །རྒྱ་ནག་ཡུལ་གྱི་པཎྜི་ཏ། །མཁས་པ་


CMR050_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་སེང་ཧ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །རྒྱ་བོད་འགྲོ་བ་འདྲེན་པའི་དཔལ། །བི་མ་ལ་དང་རྒྱལ་བ་མདོ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །པད་འབྱུང་མཚོ་རྒྱལ་བེ་རོ་སོགས། །རྫོགས་ཆེན་བརྒྱུད་པའི་བླ་མ་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །མདོ་སྒྱུ་སེམས་གསུམ་ལ་སོགས་པའི། །ཐེག་པ་དགུ་ཡི་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཡེ་ནས་མ་བཅོས་ཆོས་ཀྱི་སྐུ། །སུས་ཀྱང་མ་བྱས་ལྷུན་གྱིས་གྲུབ། །གཞི་ཡི་གནས་ལུགས་ལྟ་བའི་གདེང་། །ཁྲེགས་ཆོད་རྟོགས་པར་བྱིན་གྱིས་རློབས། །རང་རིག་རང་གསལ་བསྒོམ་པའི་གནད། །དབྱིངས་རིག་རྡོ་རྗེ་ལུ་གུ་རྒྱུད། །དག་པ་རབ་འབྱམས་ལོངས་སྐུའི་ཞིང་། །ཐོད་རྒལ་མཐོང་བར་བྱིན་གྱིས་རློབས། །སྣང་བ་བཞི་པོ་མཐའ་རུ་ཕྱིན། །འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ། །གཞོན་ནུ་བུམ་སྐུ་ཀུན་བཟང་ཀློང་། །མངོན་སྒྱུ་སངས་རྒྱས་པར་བྱིན་གྱིས་རློབས། །ཤཱཀ་ཐུབ་བསྟན་པ་རྟགས་ཙམ་འཛིན། །དར་ལ་མ་སྨིན་དུས་སྐབས་སུ། །ཀུན་བཟང་ཐུགས་ཀྱི་བསྟན་པ་དར། །རྫོགས་ཆེན་ཆོས་ཀྱིས་


CMR050_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་སྒྲོལ། །དེང་སང་ལྔ་བརྒྱ་ཐ་མའི་དུས། །ཚེ་ཐུང་བར་ཆད་རྐྱེན་མགོ་རྒོད། །བསྒོམ་པའི་ཆོས་ཀྱིས་གྲོལ་བར་དཀའ། །བསྒོམ་མི་དགོས་པར་ཐོས་གྲོལ་དུ། །བདག་སོགས་གྲོལ་བར་བྱིན་གྱིས་རློབས། །མ་བསྒོམ་སངས་རྒྱས་ཐོབ་པའི་ཐབས། །ཆོས་སྐུ་ཀུན་ཏུ་བཟང་པོའི་གསུངས། །ཨོ་རྒྱན་ཆེན་པོའི་ཁྱད་ཆོས་ཏེ། །ཡེ་ཤེས་མཁའ་འགྲོའི་སྙིང་ཁྲག་སྟེ། །གཏད་པ་ཙམ་གྱིས་གྲོལ་བའི་གནད། །ཡེ་ཤེས་མངོན་སུམ་འཆར་བ་ཡི། །གདམས་ངག་ཟབ་མོ་འདི་ཉིད་ཀྱིས། །འགྲོ་བ་མང་པོ་གྲོལ་བར་ཤོག །སྣོད་མིན་རྣམས་ལ་བསྟན་ན་ཡང་། །བཀའ་སྲུང་མ་གཟའ་དམ་གསུམ་གྱིས། །ཀོ་ལོང་ཕྲག་དོག་མ་མཛད་པར། །སྲུང་སྐྱོབ་སྡོང་གྲོགས་མཛད་དུ་གསོལ། །དེ་ཕྱིར་སྡིག་ཅན་མ་རུངས་པ། །བཙན་ཐབས་སངས་རྒྱས་ཐོབ་ཐབས་འདི། །སྡིག་ཅན་རྣམས་ལ་དགོས་ཕྱིར་རོ། །དེ་སྐད་རཱ་ག་ཨ་སྱས་ཡིས། །རྗེས་འཇུག་དོན་དུ་གསོལ་བ་བཏབ།། །།ན་མོ་ཤཱཀྱ་མུ་ནེ་ཡེ། །ཐུབ་དབང་བྱམས་པ་ཐོགས་མེད་དབྱིག་གི་གཉེན། །རྣམ་གྲོལ་སྡེ་དང་གྲོལ་སྡེ་མཆོག་གི་སྡེ། །དུལ་སྡེ་རྣམ་སྣང་མཛད་དང་སེང་གེ་


CMR050_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་། །ཀུ་སུ་ལུ་གཉིས་ཇོ་བོ་གསེར་གླིང་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྟོན་པ་འཇམ་དབྱངས་ཀླུ་སྒྲུབ་ཨཱརྱ་དེ། །ཟླ་གྲགས་རིག་པའི་ཁུ་བྱུག་ཆེ་ཆུང་གཉིས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྡོ་རྗེ་འཆང་ཆེན་ཏེ་ལོ་ནཱ་རོ་པ། །ཌོམྦི་པ་དང་དཱི་པཾ་ཀ་ར་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཁུ་རྔོག་འབྲོམ་གསུམ་རྒྱལ་སྲས་སྐུ་མཆེད་གསུམ། །བྱ་ཡུལ་པ་དང་གྲེ་པ་སྣེ་ཟུར་པ། །སྙུགས་རུམ་པ་དང་ལྕགས་རི་གོང་ཁ་བ། །གླང་རི་ཐང་པ་ཤ་ར་བ་ལ་སོགས། །བཀའ་གདམས་བཀའ་བབས་རྣམས་ལ་གསོལ་བ་འདེབས། །འབྲོམ་སྟོན་ཉིད་སྤྲུལ་གྲགས་པ་དོན་གྲུབ་དང་། །རྡོ་རྗེ་སེང་གེའི་སྐྱེས་མཐའ་ཆོས་ཀྱི་དབང་། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཐུབ་དབང་སྤྱན་རས་གཟིགས་དང་མི་གཡོ་མགོན། །འཕགས་མ་སྒྲོལ་མ་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་འབྱོངས་ནས། །བདག་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །


CMR050_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཀུན་ཕ་མ་ཡིན་པར་ཐག་ཆོད་ནས། །བདག་བས་གཞན་གཅེས་འགྲོ་བ་ཕྱོགས་མེད་ལ། །སྙིང་རྗེ་བཟོད་མེད་སྐྱེ་བར་བྱིན་གྱིས་རློབས། །རང་སྐྱོན་མི་སྦེད་གཞན་སྐྱོན་མི་བལྟ་བར། །དག་སྣང་ཕྱོགས་མེད་འབྱོང་བར་བྱིན་གྱིས་རློབས། །འཁོར་འདས་ཆོས་ཀུན་སྒྱུ་མ་ཆུ་ཟླ་བཞིན། །དོན་དམ་སེམས་བསྐྱེད་སྐྱེ་བར་བྱིན་གྱིས་རློབས། །ཚོགས་གཉིས་ཟུང་འཇུག་ཕར་ཕྱིན་བཅུ་སྤྱད་པས། །ས་བཅུ་ལམ་ལྔ་བགྲོད་པར་བྱིན་གྱིས་རློབས། །མཐའ་གཉིས་མི་གནས་སྐུ་གཉིས་ཟུང་འཇུག་གིས། །འབད་མེད་འགྲོ་དོན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པ་བློ་སྦྱོང་དང་འབྲེལ་བའི་གསོལ་འདེབས་སོ།། ༈ །།ན་མོ་ཤཱཀྱ་མུ་ནེ་ཡེ། །མཚན་ཉིད་པ་ཡི་ཆོས་སྐད་ལས། །མི་ཡི་མཚན་ཉིད་གང་ཞེ་ན། །སྨྲ་ཤེས་དོན་གོ་ཡིན་ནོ་གསུངས། །ངག་གིས་ཅུང་ཟད་སྨྲ་ཤེས་ཀྱང་། །དོན་ནི་ཅུང་ཟད་མ་གོ་ན། །མི་ཡི་མཚན་ཉིད་མ་ཚང་བས། །དོན་ལ་བསམ་གཞིག་བཏང་ན་རིག །ལྷ་རུ་སྐྱེས་པ་ཐམས་ཅད་ནི། །སྐྱེས་མ་ཐག་ནས་མངོན་ཤེས་ཀྱིས། །སྔ་མ་གང་ནས་འཕོས་པ་དང་། །དེ་རུ་སྐྱེ་བའི་རྒྱུ་དང་རྐྱེན། །ལེགས་པར་རྟོག་དཔྱོད་


CMR050_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པར་བཤད། །རང་རེ་མི་རུ་སྐྱེས་པ་འདི། །སྔ་མ་གང་ནས་འོང་པ་དང་། །དེ་རུ་སྐྱེས་པའི་རྒྱུ་དང་རྐྱེན། །འདི་རུ་ཅི་ཙམ་འདུག་ལོང་ཡོད། །དེ་ནས་གར་འགྲོ་མི་ཤེས་པར། །ཟས་གོས་ནོར་དང་དགྲ་གཉེན་གྱི། །དོན་དུ་སྡིག་མང་བསགས་པ་འདི། །དུད་འགྲོ་ཉིད་ལས་ཁྱད་མ་མཆིས། །དེ་དག་མངོན་ཤེས་མི་ལྡན་པས། །མི་ཤེས་པ་ནི་བདེན་མོད་ཀྱིས། །ཐམས་ཅད་མཁྱེན་པ་ཤཱཀ་ཐུབ་ཀྱིས། །མདོ་རྒྱུད་རྣམས་ནས་དེ་དག་དོན། །གསལ་བར་གསུངས་པ་འཕྲིག་ཚུད་དགོས། །འཁོར་བ་ཐོག་མ་འདི་ནས་བྱུང་། །ས་མཚམས་བཟུང་དུ་མེད་པ་ནས། །རང་གི་སེམས་ཉིད་འདི་ནི་ཡོད། །རང་ངོ་རང་གིས་མ་ཤེས་པས། །བདག་མེད་པ་ལ་བདག་ཏུ་བཟུང་། །དེ་ཡི་སྐྱོན་གྱིས་འཁོར་བར་འཁྱམས། །སྐྱེ་རྒས་ན་འཆི་གྲངས་ལས་འདས། །རིགས་དྲུག་སྡུག་བསྔལ་གྲངས་མེད་མྱོང་། །འདས་པའི་སངས་རྒྱས་དཔག་མེད་ཀྱིས། །ཆོས་ཀྱི་འཁོར་ལོ་ལྟ་དཔག་མེད་བསྐོར། །དེ་དག་རེ་རེའི་བསྟན་པ་ལ། །སེམས་ཅན་དཔག་མེད་གྲོལ་ན་ཡང་། །རང་རེ་མ་གྲོལ་ད་རུང་ལུས། །ཤཱཀ་ཐུབ་བསྟན་པ་འདི་ལ་ཡང་། །རྒྱ་གར་གྲུབ་


CMR050_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བརྒྱད་ཅུ་དང་། །བོད་ཀྱི་གྲུབ་ཐོབ་དཔག་མེད་ཀྱིས། །སེམས་ཅན་གྲངས་མེད་གྲོལ་ན་ཡང་། །རང་རེ་མ་གྲོལ་ད་རུང་ལུས། །བསམ་བློ་བཏང་ན་ཡི་རེ་མུག །སེམས་ཅན་ཚད་མེད་གྲངས་མེད་དེ། །ནམ་ཡང་འཕེལ་འགྲིབ་ཟད་པ་མེད། །བར་སྣང་སྟོང་པ་འདི་ཀུན་ནས། །ཤིང་རྟའི་འཕང་ལོའི་ཚད་ཙམ་དུ། །ལུས་མ་ཐོབ་པའི་རྣམ་ཤེས་དང་། །ལུས་ཐོབ་རིགས་དྲུག་ཐམས་ཅད་གཉིས། །མ་ཐོབ་པ་དེ་མང་བར་གསུངས། །ལུས་ཐོབ་པ་ཡི་མང་ཉུང་ཡང་། །ངན་སོང་གསུམ་དུ་སྐྱེ་བའི་གྲངས། །ས་ཆེན་འདི་ཡི་རྡུལ་གྲངས་ཙམ། །བདེ་འགྲོ་ལྷ་དང་མིར་སྐྱེས་པ། །སེན་མོའི་སྟེང་གི་རྡུལ་གྲངས་ཙམ། །བདེ་འགྲོ་ལྷ་དང་ལྷ་མིན་ལས། །མི་རུ་སྐྱེས་པ་ཉུང་བར་གསུངས། །དཔེར་ན་རྒྱ་མཚོ་ཆེན་པོ་ན། །བུ་ག་གཅིག་པའི་ཤིང་གཅིག་འཕང་། །དེ་ཡང་རླབས་ཀྱིས་ཀུན་ཏུ་ཁྱེར། །མཚོ་ནང་རུ་སྦལ་མིག་ལོང་བ། །ལོ་བརྒྱ་ལོན་དུས་མཚོ་ཡི་ཁར། །ལན་རེ་འོང་བར་བྱེད་པ་ན། །ཤིང་དེའི་བུ་གར་རུས་སྦལ་གྱི། །མགྲིན་པ་ཆུད་པར་དཀའ་བ་ལྟར། །མི་ཡི་ལུས་ཀྱང་ཐོབ་དཀའ་སྟེ། །ཁམས་གསུམ་འཁོར་བའི་རྒྱ་མཚོ་ན། །མི་


CMR050_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སྐྱེ་བའི་ཕ་མའི་མངལ། །དེ་ཡང་གར་འགྲོ་ཆ་མེད་ལ། །རུས་སྦལ་ལོང་བ་དང་འདྲ་བ། །རང་སེམས་མ་རིག་པས་བསྒྲིབས་པ། །ལོ་བརྒྱའི་མཚམས་ཙམ་ཚེ་འཕོས་ནས། །སྐྱེ་བ་ལེན་པའི་དུས་དེ་དང་། །སྔོན་ནས་ཕ་དང་མར་གྱུར་པའི། །ལས་འཕྲོ་འཛོམ་པར་དཀའ་བའི་དཔེ། །དེ་ཡང་ཅི་ཕྱིར་དཀའ་ཞེ་ན། །མི་ལུས་གཙང་མ་ཐོབ་པའི་རྒྱུ། །ཚུལ་ཁྲིམས་གཙང་མ་ཡིན་ན་ཡང་། །དེ་ཉིད་བསྲུང་མཁན་དཀོན་ཕྱིར་རོ། །དེ་ནི་སྤྱིར་གྱི་མི་ཡི་ལུས། །ཐོབ་པར་དཀའ་བ་དེ་བས་ཀྱང་། །དལ་བ་བརྒྱད་དང་འབྱོར་པ་བཅུ། །ལྡན་པའི་མི་ལུས་ལྷག་པར་དཀོན། །བསྐལ་པ་མུན་བསྐལ་སྒྲོན་བསྐལ་གཉིས། །མུན་བསྐལ་ཤིན་ཏུ་མང་བ་སྟེ། །སངས་རྒྱས་མི་འབྱོན་ཆོས་མི་དར། །མི་ལུས་ཐོབ་ཀྱང་དོན་གོ་ཆུང་། །ད་རེས་བསྐལ་པ་བཟང་པོ་འདིར། །སངས་རྒྱས་སྟོང་འབྱོན་དམ་ཆོས་དར། །བསྐལ་པ་བཟང་པོ་འདི་ལ་ཡང་། །སངས་རྒྱས་སྔ་ཨུ་མའི་བསྟན་པ་ནུབ། །ཕྱི་མ་མ་བྱོན་བར་སྐབས་དེར། །ལོ་ནི་ཁྲི་ཕྲག་མང་ཞིག་ལ། །ཆོས་ཞེས་རྣ་བས་ཐོས་པ་མེད། །དེ་དུས་མི་ལུས་ཐོབ་ན་ཡང་། །ཆོས་ཀྱི་སྐལ་པ་གཏན་


CMR050_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མེད། །ད་རེས་ཤཱཀ་ཐུབ་བསྟན་པ་མཇལ། །ཤཱཀྱའི་བསྟན་པ་དར་སྐབས་ཀྱང་། །ལུས་འཕགས་གླིང་དང་སྒྲ་མི་སྙན། །བ་ལང་སྤྱོད་དང་གླིང་གསུམ་ན། །དམ་ཆོས་དར་བ་མ་ཡིན་ནོ། །འཛམ་བུ་གླིང་ཆེན་འདི་ན་ཡང་། །མཐའ་འཁོབ་བརྒྱ་དང་རྩ་བརྒྱད་དང་། །ཡང་འཁོབ་སྟོང་དང་རྩ་གཉིས་ལ། །ཆོས་ཞེས་བྱ་བ་ངོ་མི་ཤེས། །མི་རུ་སྐྱེས་ཀྱང་དུད་འགྲོ་འདྲ། །དཔེར་ན་རས་ཚོང་པ་བཞིན་ནོ། །དམ་ཆོས་འབྱུང་གནས་རྒྱ་གར་དང་། །རྒྱ་ནག་བལ་པོ་ཁ་ཆེ་སོགས། །དེང་སང་ལྷ་ཁང་དུས་མཆོད་ཙམ། །ཆོས་དངོས་འཆད་ཉན་ནུབ་པ་འདྲ། །ཐུགས་རྗེ་ཆེན་པོའི་ཕྲིན་ལས་ཀྱིས། །དེང་སང་བོད་དུ་དམ་ཆོས་དར། །འདི་རུ་སྐྱེས་པ་སྐལ་པ་བཟང་། །དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །གསུངས་པ་འདི་བརྒྱད་མ་ཡིན་པས། །དལ་བ་ཕུན་སུམ་ཚོགས་པ་ཡིན། །མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །འདི་ནི་རང་འབྱོར་ལྔ་ཡིན་ཞིང་། །སངས་རྒྱས་བྱོན་དང་ཆོས་བསྟན་དང་། །


CMR050_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་རྩེས་སྟོན་པ་སྟེ། །དེ་ལྟར་དལ་འབྱོར་བཅོ་བརྒྱད་རྣམས། །རང་རེ་རྣམས་ལ་ཚང་འདུག་གོ །གླིང་གཞན་མི་དང་མཐའ་འཁོབ་མིས། །ཚེ་སྔོན་ལས་ལ་སྤྱོད་པའི་ལས། །ཕྱི་མ་ཕན་ཆད་བདེ་བ་ཡིས། །དགེ་བའི་ལས་འབྲས་བསགས་མི་ཤེས། །འཛམ་གླིང་ལས་ཀྱི་ས་པར་ཞེས། །ད་རེས་རང་དབང་རང་ལ་ཡོད། །ཅི་བྱེད་གདམ་ཁ་རང་ལ་ཡོད། །ལྟོ་གོས་གཏམ་གསུམ་གྱོང་ཁུར་ནས། །བསྒྲུབས་པས་ཚེ་གཅིག་སངས་རྒྱས་པ། །མི་ལ་རས་པ་ལྟ་བུ་ཅིག །བྱེད་པར་ནུས་ནའང་འོང་རྒྱུར་སྣང་། །འདུལ་ཁྲིམས་སྲུང་ཞིང་ཐོས་བསམ་བསྒོམ། །འབད་པས་འདིར་བདེ་ཕྱི་མ་སྐྱིད། །དགེ་བའི་བཤེས་གཉེན་གོང་མ་རྣམས། །འདྲ་བ་འདོད་ན་བྱེད་པས་ཆོག །བསྐྱེད་རྫོགས་བསྙེན་སྒྲུབ་མི་ཚེར་ཕུད། །ཚེ་འདིར་ཕྲིན་ལས་གང་བརྩམས་འགྲུབ། །ཕྱི་མ་རིག་འཛིན་གྲལ་འཁོད་པ། །བྱེད་ལྟ་པ་འདོད་ན་ལག་ན་གདའ། །དད་པ་དམ་ཚིག་བརྩོན་འགྲུས་ཀྱིས། །རིག་སྔགས་ཟབ་མོ་ལ་འབད་ན། །ཚེ་འདིར་བདེ་སྐྱིད་འབྱུང་བ་དང་། །ཕྱི་མ་དག་པའི་ཞིང་ཁམས་


CMR050_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

སུ། །སྐྱེ་བར་འདོད་ན་བྱེད་པས་ཆོག །གསང་སྔགས་ཟབ་མོ་ལ་བརྟེན་ནས། །ཡུན་རིང་དཀའ་ཐུབ་སྡུག་སྒུར་དང་། །དཀའ་ཚེགས་ཆེན་པོ་མི་དགོས་པར། །བར་དོར་མངོན་པར་སངས་རྒྱས་པའི། །གདམས་ངག་ཐོབ་ན་སླ་བར་སྣང་། །དེ་ཕྱིར་མི་ལུས་ཐོབ་ཚད་ཀུན། །རང་གི་འདོད་པ་དང་བསྟུན་ནས། །ངེས་པར་ཆོས་སྒོར་ཞུགས་ཤིག་ཅེས། །མི་རྒན་ང་ཡིས་ཕྱི་འཕྲེང་བཞག །གལ་ཏེ་ཆོས་སྒོར་མི་ཞུགས་ཤིང་། །སྡིག་པ་སྤང་ཐབས་མེད་ན་ཡང་། །ཆོས་ཐུན་བཤད་པ་ཉོན་མཛོད་དང་། །བསམ་པའི་ཁྱེར་ཕྱོགས་ཤེས་པ་ན། །ཆོས་ལ་དཀའ་རྒྱུ་མེད་པ་ཡིན། །སེམས་བསྐྱེད་བཟང་པོས་ཟིན་པ་ན། །སྡིག་ཀྱང་ཆོས་ལ་འགྱུར་བ་མང་། །སེམས་བསྐྱེད་བསམ་པ་མི་དགེ་ན། །ཆོས་ཀྱང་སྡིག་པ་འགྱུར་སྐབས་མང་། །སྔར་བྱས་སྡིག་ལ་བཤགས་པ་གྱིས། །སྙིང་ཁུང་རུས་པའི་གཏིང་ཉིད་ནས། །བཙན་དུག་ཁོག་ཏུ་ཤོར་བ་ལྟར། །འགྱོད་པས་བཤགས་ན་མི་དག་མེད། །ཕྱིན་ཆད་མི་བྱའི་དམ་བཅའ་བྱ། །བསྙེན་གནས་ངག་བཅད་ཡིག་དྲུག་འབད། །རང་སེམས་ངོ་བོ་ཤེས་ན་སྐྱོངས། །རྫོགས་ཆེན་ཐོས་གྲོལ་ལ་སོགས་པ། །


CMR050_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་མི་དགོས་པའི་ཟབ་ཆོས་ཉོན། །དེས་ཀྱང་མི་ལུས་དོན་ལྡན་འགྲུབ། །ཞེ་ཆོད་དམ་བཅའ་མི་ལྡན་པའི། །སྡོམ་པ་ཞུས་ནས་མི་སྲུང་བ། །ལག་པ་གཉིས་ཀས་གྱད་རྡོ་བླངས། །རང་གི་མགོ་ལ་བསྒྲུབ་པ་འདྲ། །རང་མགོ་མ་བཅོག་གཞོན་པ་ཚོ། །ཕན་ཡོན་ཉེས་དམིགས་ཤེས་ན་ཡང་། །དགེ་སྒྲུབ་སྡིག་སྤང་མི་བྱེད་པ། །སྨོན་པ་ཆུ་ལ་འཕྱོངས་བ་འདྲ། །སྨྱོ་སྤྱོད་མ་བྱེད་མི་རྣམས་ལགས། །ཕན་ཡོན་ཉེས་དམིགས་མི་ཤེས་པས། །ཕལ་ཆེར་སྡིག་ལ་འབད་པ་ཚོ། །བྱིས་པ་བསམ་མེད་གོག་ཐུབ་ཙམ། །མེ་ཡི་དོང་དུ་འཕྱོངས་བ་འདྲ། །ཕ་མས་འཚོས་ན་སྐྱོན་མེད་ལྟར། །བླ་མ་བསྟེན་ལ་ཆོས་ཐུན་ཉོན། །དེ་ནས་བསམ་བློས་འཕྲོད་དེ་འོང་། །སྡོམ་པ་ཞུས་པའི་གཞོན་ཤར་ཚོ། །སྡོམ་པ་མི་ཐུབ་འཆོར་བ་ནི། །ཕྱེ་ལེབ་འོད་ལ་ཆགས་པ་ཡིས། །མར་མེའི་བར་དུ་འཕྱོངས་བ་འདྲ། །རང་རྒྱུད་མ་སྲེག་སྐལ་ལྡན་ཚོ། །དབང་ལུང་ཟབ་ཁྲིད་མང་སྒྱུ་ཐོབ་ནས། །རང་གིས་ཉམས་སུ་མི་ལེན་པ། །རྒྱ་མཚོའི་འགྲམ་གྱི་ཡི་དྭགས་འདྲ། །རང་གིས་རང་ལ་སྙིང་རྗེ་ལྟོས། །ད་རེས་མི་ལུས་ལན་གཅིག་འདི། །སྙིང་པོ་དམ་ཆོས་


CMR050_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསྒྲུབས་ན། །རིན་ཆེན་གླིང་ནས་སྟོང་ལོག་ཡིན། །སྟོང་ལོག་ཙམ་ཡང་མི་བྱེད་པར། །སྡིག་པའི་ཁུར་པོ་ཁུར་འགྲོ་བ། །ལས་ངན་དེ་དག་སྙིང་རེ་རྗེ། །དལ་འབྱོར་མི་ལུས་རིན་པོ་ཆེ། །ཉིན་གཅིག་འཁྱགས་དང་ལྟོགས་མི་ཁྱག །ན་ན་སྨན་དང་རིམ་གྲོ་འུར། །ན་དོགས་འཆི་དོགས་བསད་དོགས་དང་། །བརྡུང་དོགས་རྒྱག་དོགས་རྩིས་ཆེན་ནོ། །བསྲུང་བ་བརྒྱ་ཡིས་བསྲུངས་བྱས་ཀྱང་། །ཡུན་རིང་མི་དབང་གཤིན་རྗེས་ཁྱེར། །བྱ་ཁྱིས་ཟའམ་གཅན་གཟན་ཟ། །འབུ་ཡིས་ཟའམ་མེ་ལ་བསྲེག །རུས་དུམ་ཕྱོགས་བཅུར་ཝ་ཁྱིས་ཁྱེར། །ཐལ་བ་རྗེས་མེད་རླུང་གིས་ཁྱེར། །དེ་འདྲ་ཐེ་ཚོམ་མེད་པར་འོང་། །དེ་ཚུན་འདི་ལ་སྙིང་པོ་ལོང་། །ཧ་ཅང་དམ་ཆོས་མ་འགྲུབ་ཀྱང་། །ཕྱི་མ་འདི་བས་མ་ཞན་པའི། །ལུས་ཅིག་ལོན་པའི་ཐབས་ཙམ་ཞིག །མི་བྱེད་ཐབས་ཅིག་ག་ལ་སྲིད། །སྨྲ་ཤེས་དོན་གོ་མི་ཡིན་པའི། །དོན་དེ་ཀུན་གྱིས་གོ་བར་མཛོད། །དེ་སྐད་རཱ་ག་ཨ་སྱས་སྨྲས། །དལ་འབྱོར་རྙེད་པར་དཀའ་བའི་ཚུལ། །གང་དྲན་གླུ་རུ་བླངས་བ་ཡིན། །མངྒ་ལཾ།། ༈ །།ན་མོ་གུ་རུ། ལོང་མེད་འཆི་བས་སེམས་བསྔངས་


CMR050_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ཚེ་འདིས་བྱ་བ་བློས་བཏང་སྟེ། །བརྩོན་འགྲུས་དར་དྲག་ཡུན་རིང་བས། །ཚེ་གཅིག་སངས་རྒྱས་སར་གཤེགས་པའི། །བཀའ་བརྒྱུད་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །བདག་དང་དེ་ལ་ལྟོས་པ་རྣམས། །འཆི་བ་དྲན་པར་བྱིན་གྱིས་རློབས། །འདུས་བྱས་མཚན་ཉིད་མི་རྟག་པས། །རྟག་པར་གནས་པ་གཅིག་ཀྱང་མེད། །སྐྱེས་མཐའ་འཆི་དང་བརྩེགས་མཐའ་འཇིག །བསོག་མཐའ་འཛད་དང་འདུས་མཐའ་བྲལ། །འདི་ལ་ཐེ་ཚོམ་སོམ་ཉི་མེད། །སྟོང་གསུམ་སྟོང་གི་འཇིག་རྟེན་ཁམས། །གླིང་བཞི་རི་རབ་བྱེ་བ་བརྒྱ། །སྲ་མཁྲེགས་རྒྱ་ཆེན་རྔམ་འཐུག་འདི། །མི་རྟག་འཇིག་པའི་དུས་འགྱུར་བ། །སྒྱུ་ལུས་ཉམ་ཆུང་ལྟ་ཅི་སྨོས། །འཇིག་རྟེན་སྟོབས་ཆེན་རྒྱ་ཆེན་འདི། །མེ་ཡིས་ཚིག་ནས་ཐལ་བ་ཡང་། །མི་ལུས་རླུང་གིས་གཏོར་ནས་སྟོང་། །ཆུ་ཡིས་འཇིག་ཚེ་སྙིགས་མ་ཙམ། །མི་ལུས་ལན་ཚྭ་ཆུར་ཐིམ་འདྲ་། །རླུང་གིས་འཇིག་ཚེ་ལྷག་མ་ཡང་། །མི་ལུས་ཐལ་བ་རླུང་ཁྱེར་བཞིན། །དེ་འདྲའི་དུས་ཀྱང་འབྱུང་གྱུར་ན། །གཞན་དག་རྟག་པ་ག་ལ་ཡོད། །ཁྱད་པར་འཛམ་གླིང་


CMR050_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རུ་ཡང་། །དབྱར་དགུན་སྟོན་དཔྱིད་རིམ་བཞིན་འགྱུར། །ལོ་དང་ཟླ་བ་རིམ་བཞིན་འཛད། །ཞག་པོ་གཅིག་གི་ཚེ་ལ་ཡང་། །ཉི་ཟླ་ཤར་ནུབ་རིམ་བཞིན་འགྱུར། །དུས་ཚོད་སྐད་ཅིག་སྔ་ཕྱི་ལ། །རིམ་བཞིན་མི་རྟག་ཡད་ཡུད་ཟད། །འདི་ལྟར་འཇིག་རྟེན་ཕྱི་སྣོད་འདིས། །མི་རྟག་དངོས་སུ་སྟོན་བཞིན་དུ། །འཆི་བ་མི་དྲན་བསླ་ཚབས་ཆེ། །འཛམ་གླིང་ཆེ་ལ་ངེས་པ་མེད། །བསྐལ་པ་ཡར་ལ་དར་བའི་ཚེ། །མི་རྣམས་ཚེ་ལོ་བརྒྱད་ཁྲི་སོགས། །ཚེ་ཡང་དཔག་ཏུ་མེད་པ་ཐུབ། །ལོངས་སྤྱོད་བདེ་སྐྱིད་ཕུན་སུམ་ཚོགས། །དེ་ནས་བསྐལ་པ་མར་ལ་འགྲིབ། །ཚེ་དང་བསོད་ནམས་རིམ་བཞིན་འགྲིབ། །དེང་སང་བཞི་བཅུ་ཞེ་གསུམ་བཞི། །མི་ཡི་ཚེ་ཚད་ཡིན་པར་བཤད། །ལོ་བཅུ་ཡན་ཆད་བྱིས་པའི་སེམས། །ཆོས་དང་འཇིག་རྟེན་དོན་མི་ཤེས། །བཅོ་ལྔ་བཅུ་དྲུག་མན་ཆད་ནི། །རང་དབང་མི་ཐོབ་ཕ་མའི་དབང་། །དེ་ནས་ལས་འཕྲོ་སད་སྲིད་ན། །ལོ་འགའ་སློབ་དཔོན་བསྟེན་ན་ཡང་། །ཆོས་ཀྱི་དེ་ཉིད་གོ་བར་དཀའ། །རིག་པའི་གནས་སློབ་ཡོན་ཏན་བསམ། །སྐྲ་བྲེག་ལུས་གོས་བསྒྱུར་སྲིད་ཀྱང་། །ངེས་འབྱུང་བསམ་པས་ཟིན་པར་


CMR050_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ། །བླ་མ་སློབ་དཔོན་བསྟེན་ན་ཡང་། །ཡོན་ཏན་སྣ་རེ་སློབ་པ་ལས། །ངེས་དོན་འཆད་དང་འཕྲད་པར་དཀའ། །དེ་ནས་ལོ་ཡང་མང་ཞིག་ལོན། །ཡོན་ཏན་འགའ་ཡང་ཧོས་གོ་ལོབས། །ཆོས་ཀྱི་དེ་ཉིད་ཕྱོགས་གོ་ཡང་། །ལུས་ཀྱི་བཙུན་ཚུགས་གང་མཛེས་དང་། །ཆོ་ག་དབང་བསྐུར་སྦྱིན་སྲེག་སོགས། །གྲ་ཐུབ་གཅིག་ལ་དམིགས་རྩེ་གཏད། །དེ་ནས་ཁྲིད་སོགས་ཟབ་ཆོས་ཐོབ། །ཉམས་ལེན་བྱ་ཚུལ་ཤེས་ན་ཡང་། །ཚེ་འདིའི་གདུལ་བྱ་སྙན་གྲགས་འདོད། །ཉམས་ལེན་ཤེས་ཀྱང་གཡེལ་ལ་་ལུས། །ཚེ་ཚད་བཞི་བཅུ་ཟིན་ལ་ཁད། །དཀོན་མཆོག་ཐུགས་རྗེས་ཟློག་སྲིད་དམ། །མི་ཟློག་བཞི་བཅུའི་སྐག་ལ་འཆི། །དམ་ཆོས་བྱེད་བསམ་ཡོད་པ་དང་། །ཉམས་ལེན་བྱེད་རྒྱུ་མང་ན་ཡང་། །མ་ཐོན་ངང་ལ་འཆི་དོགས་གདའ། །ཨེ་མ་བཙུན་པ་གྲྭ་ཐུབ་ཚོ། །ཉམས་ལེན་འཕྲལ་དུ་མ་ནུས་ན། །ཤེས་ཀྱང་ཕན་པ་མེད་ཉེས་གདའ། །ཆོས་སྒོར་ཨུ་མ་ཞུགས་ཐ་མལ་པ། །བསམ་བློས་མ་འཕྲོད་བྱིས་པ་སྟེ། །འབུ་སྲིན་བྱ་རི་སྲེག་གསུམ་གསོད། །བསམ་ལུས་འཕྲོད་ནས་རྒྱུ་བསོགས་འདོད། །མི་དགེ་སྡིག་པ་སྣ་ཚོགས་


CMR050_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། །བྱས་ཀྱང་སྔོན་ལས་དབང་ཆེ་བས། །སྐྱིད་བརྒྱགས་འཛོམས་པའི་དུས་མ་མཆིས། །ཁྱིམ་ཐབས་བྱས་ན་ལྷག་པར་ཐུ། །དགེ་སྡིག་ཤེས་ཀྱང་འཛེམ་དོགས་མེད། །མི་དགེ་སྣ་ཚོགས་ཤེས་བཞིན་བྱེད། །ཚེ་ཚད་བཞི་བཅུ་ཁ་རལ་ལ། །ཕྱིན་ཀྱང་འཆི་བསམ་ཡིད་ལ་མེད། །གཤིན་རྗེའི་ཁྲམ་ལ་ཐེབས་ན་ཡང་། །རིམ་གྲོ་སྨན་གྱིས་ཨེ་བསླུས་རེ། །མི་བསླུས་ཤི་བར་ཤེས་ན་ནི། །སྡིག་རྣམས་དྲན་ནས་འགྱོད་དང་འཕྱིས། །མི་དགེ་སྡིག་གིས་བསྒྲུབ་པ་ཡི། །རྒྱུ་ནོར་ཅུང་ཟད་ཤས་རུ་ཙམ། །སེར་སྣ་དང་བཅས་བཏང་བ་ཡི། །ཚེ་རབས་གཏན་བདེ་འགྲུབ་པར་རེ། །ལེགས་པར་བསམ་ན་སྙིང་རེ་རྗེ། །ཐོབ་དཀའ་མི་ལུས་རིན་པོ་ཆེ། །དོན་མེད་སྟོང་ལོག་དེ་འདྲ་བ། །ཕལ་ཆེར་རྣམས་ལ་འབྱུང་ཞིང་གདའ། །དལ་འབྱོར་མི་ལུས་ཐོབ་ན་ཡང་། །དམ་པའི་ཆོས་སྒོར་མི་འཇུག་པ། །མི་རྟག་འཆི་བ་མ་དྲན་སྐྱོན། །ཆོས་སྒོར་ཞུགས་ཀྱང་སེར་གཟུགས་ཙམ། །ཆོས་པའི་གྲ་རུ་མ་སླེབས་པ། །མི་རྟག་འཆི་བ་མ་དྲན་སྐྱོན། །ཤེས་བྱ་མང་པོར་བློ་སྦྱངས་ནས། །མཁས་པའི་གྲལ་དུ་ཚུད་ན་ཡང་། །རང་སེམས་མ་དུལ་འཁྲེབ་ཤོར་བ། །


CMR050_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟག་འཆི་བ་མ་དྲན་སྐྱོན། །དམ་ཆོས་ཚུལ་བཞིན་བསྒྲུབས་ན་ཡང་། །ཆོས་མགོ་མ་ཐོན་ཕྱིར་ལྷུང་བ། །མི་རྟག་འཆི་བ་མ་དྲན་སྐྱོན། །ཡོན་ཏན་ཉམས་ལེན་འཛོམས་ན་ཡང་། །བརྟན་པ་མ་ཐོབ་ཞེ་སྙོམས་པ། །མི་རྟག་འཆི་བ་མ་དྲན་སྐྱོན། །སྟོབས་ལྡན་རྒྱལ་བློན་དཔོན་རིས་རྣམས། །འཁྲུག་པ་མི་བསོད་ཚབས་ཆེ་བ། །མི་རྟག་འཆི་བ་མ་དྲན་སྐྱོན། །ཐ་མལ་སྐྱེས་པ་བུད་མེད་རྣམས། །གང་ཐུབ་སྡིག་ལ་འབད་པ་འདི། །མི་རྟག་འཆི་བ་མ་དྲན་སྐྱོན། །མི་རྟག་འཆི་བ་དྲན་པ་ནི། །འདུ་ཤེས་ནང་ནས་མཆོག་ཡིན་ཞེས། །བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས། །བཀའ་བརྒྱུད་གྲུབ་ཐོབ་ཐམས་ཅད་ཀྱིས། །འཆི་བ་སྙིང་ནས་གཟེར་བ་རུ། །བྱིན་གྱིས་རློབས་ཤིག་གསུངས་པའི་དོན། །ཆོས་ཀྱི་རྩ་བ་འདི་ལ་ཐུག །བདག་ཀྱང་ཡོན་ཏན་སྣ་མང་ཤེས། །གདུལ་བྱ་སྙན་གྲགས་བསྒྲུབས་ན་ཡང་། །ཅི་འདོད་འགྲུབ་པར་གདའ་ན་ཡང་། །སྒྱུ་རྐང་པ་ཆག་བཞིན་ཉལ་བ་འདི། །འཆི་བ་སྙིང་ལ་ངེས་པར་གཟེར། །ལོང་མེད་བསམ་པ་རྒྱུན་དུ་དྲན། །འཆི་བའི་དུས་ལ་བབ་པ་ན། །ཅིས་ཀྱང་ཕན་པ་མེད་པར་གོ །དེ་


CMR050_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཕྱིར་ཅི་ནུས་མ་ཤི་བར། །སྒྲུབ་པ་བྱེད་པ་དམ་བཅའ་ཡིན། །དེ་ཡང་ཅི་ཡི་ཕྱིར་ཞེ་ན། །བསྐལ་པ་ཆགས་ནས་ད་ལྟའི་བར། །མ་ཤི་ཚེ་ཐར་ལུས་པ་ཡི། །མི་གཅིག་ཡོད་པ་མི་གདའ་ན། །སྒྱུ་ལུས་འདི་ལ་ཚུར་བལྟས་པས། །ཤ་ཁྲག་རུས་པ་མི་གཙང་རྫས། །སྲ་མཁྲེགས་དངོས་པོ་མི་གདའ་ན། །རླུང་མཁྲིས་བད་ཀན་སྲིན་ལ་སོགས། །ལུས་འདི་ནད་ཀྱི་ཚང་དུ་གདའོ། །མེ་ཆུ་དུག་མཚོན་ལ་སོགས་པ། །ཕྱི་ནས་གནོད་པ་མ་བྱུང་ཡང་། །ལུས་འདི་འཆི་རྐྱེན་ནང་དུ་གདའ། །ནད་རིགས་གདོན་རིགས་དགྲ་དང་རྐྱེན། །ཚེ་སྲོག་གཅོད་མཁན་བར་ཆད་མང་། །དཔེར་ན་རླུང་འཚུབ་མར་མེ་འདྲ། །མ་ལས་སྐྱེས་ནས་དུས་རྒྱུན་དུ། །ལོ་ཟླ་ཞག་དང་དུས་ཚོད་སོགས། །ཅི་ཙམ་སོང་བཞིན་འཆི་ལ་ཉེ། །ཚེ་ལ་ངེས་པ་མི་གདའ་བས། །རྒན་གཞོན་དར་མ་བྱིས་པ་སོགས། །ངེས་མེད་དུ་མ་གློ་བུར་འཆི། །བསམ་བློ་བཏང་ན་འཇིགས་པ་ལ། །ས་གནས་སེམས་དཔའ་ཆེན་པོ་འགའ། །སྐྱེ་འཆི་རང་དབང་ཐོབ་པ་དང་། །ཨོ་རྒྱན་ལ་སོགས་མངོན་ཤེས་ཅན། །རྣམས་ཀྱི་སྐུ་ཚེའི་ཚེ་ཚད་ཀྱང་། །ལུང་དུ་གསལ་བར་བསྟན་པ་ཡི། །རང་བྱུང་རྡོ་རྗེ་ལ་


CMR050_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱང་། །དུས་མིན་བར་ཆད་དབང་གིས་འདས། །རང་རེ་ཉམས་ལེན་བྱེད་པ་ཡི། །ཚེ་ཚད་ཡི་དམ་ཆོས་སྐྱོང་གིས། །ལུང་དུ་བསྟན་ཡང་བློ་གཏད་དཀའ། །སྙིགས་དུས་བར་ཆད་རྐྱེན་ངན་རྒོད། །དེ་ཕྱིར་ང་ནི་བློ་སྣ་ཐུང་། །དེང་སང་ཆོས་པ་འགའ་ཞིག་གིས། །རྨི་ལམ་ལུང་བསྟན་བྱུང་བའི་ཕྱིར། །ད་རུང་མི་འཆི་ཟེར་ནས་ཀྱང་། །བློ་གཏད་རྣམ་གཡེང་ངང་ལ་འབྱམས། །དམ་ཆོས་ཚུལ་བཞིན་མི་བསྒྲུབ་པར། །བློ་སྣ་རིང་བར་གྱུར་པ་དེ། །བདུད་ཀྱི་བསླུ་བྲིད་ཡིན་དོགས་མཆིས། །དེ་ཕྱིར་འདི་འདྲའི་རྨི་ལྟས་ལ། །བདག་ནི་བློ་གཏད་མ་བྱས་པར། །ཉམས་ལེན་བརྩོན་འགྲུས་བྱེད་སྙིང་འདོད། །མཉམ་མེད་དྭགས་པོ་ལྷ་རྗེ་ལ། །ལོ་རེ་བཞིན་དུ་མགོན་པོ་ཡིས། །སྐུ་ཚེ་ཐུང་བར་ལུང་བསྟན་པས། །ཉམས་ལེན་གྲུབ་པ་མྱུར་དུ་ཐོབ། །སྐུ་ཚེ་ལོ་གཉིས་ལས་མེད་པར། །སྒྲོལ་དཀར་བསྒྲུབས་པས་སྐུ་ཚེ་རིང་། །དེ་ཡང་ཡེ་ཤེས་མགོན་པོ་ཡི། །ཐབས་ཀྱིས་བོགས་འདོན་ཡིན་པར་གོ །ཚེ་ཐུང་བར་ཆད་མང་ན་ཡང་། །རྩེ་གཅིག་བསྒྲུབས་པའི་བྱིན་རླབས་ཀྱིས། །ཉམས་རྟོགས་མཐར་ཕྱིན་ཚེ་རིང་བ། །བྱུང་ན་


CMR050_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་གཉིས་ཀ་ལགས། །ད་རུང་ལོང་ཡོད་རྗེས་སོར་དུ། །སྒྲུབ་པ་ཉམས་ལེན་བྱེད་ཆོག་གིས། །རེ་ཞིག་གདུལ་བྱ་རྣམ་གཡེང་སོགས། །བྱ་འོ་སྙམ་མོ་བར་ཆད་ཀྱིས། །ཤི་ན་བར་ཆད་ཆེན་པོར་གདའ། །དེ་ཕྱིར་རང་གིས་གང་ཤེས་ཀྱི། །ཉམས་ལེན་འཕྲལ་འཕྲལ་གང་བསྒྲུབ་བྱ། །འཆི་བ་ངེས་པར་དྲན་པ་དང་། །བློ་སེམས་ཆོས་ལ་སོང་བ་ན། །ཐ་མལ་སྐྱེ་བོ་ཡིན་ན་ཡང་། །མ་ཎི་གདན་གཅིག་ངག་བཅད་དང་། །ཕྱག་དང་བསྐོར་བ་ལ་སོགས་པ། །དམ་ཆོས་ཤུགས་ལ་འགྲུབ་པར་གདའ། །སྙིང་ལ་དུག་མདའ་ཕོག་པའི་མི། །ཡུད་ཙམ་ཡུད་ཙམ་འདུག་སྲིད་ཀྱི། །ཐར་བའི་ཐབས་ནི་མེད་པ་ལྟར། །ངེད་རང་མི་ལུས་ཐོབ་ཕྱི་ནས། །ཡུད་ཙམ་རིང་དང་ཐུང་སྲིད་ཀྱང་། །མི་འཆི་ཐར་ཐབས་མེད་ངེས་པས། །འཆི་གྲབ་འདི་ལ་ཐམས་ཅད་ཀྱིས། །བློ་གཏད་མཛད་ན་རང་དོན་ཡིན། །རང་གིས་རང་ལ་སྙིང་རྗེ་ལྟོས། །མཐོན་པོ་དམའུ་ཁྱད་མེད་འཆི། །ཕྱུག་པོ་དབུལ་པོ་ཁྱད་མེད་འཆི། །སྐྱེ་འབྲས་ཡག་བཙོག་ཁྱད་མེད་འཆི། །སྟོབས་ཆེན་ཉམ་ཆུང་ཁྱད་མེད་འཆི། །དམག་དང་དཔུང་གིས་བཀག་མི་ཐུབ། །མགོ་དཔོན་བཙན་


CMR050_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཁེབས་ས་མེད། །སྨྲ་བརྗོད་མཁས་ཀྱང་གཏམ་ས་མེད། །རྒྱུ་ནོར་ཕྱུགས་ཀྱང་བསླུ་ས་མེད། །མི་ཙ་འཁོར་འདབ་མང་ན་ཡང་། །ཚབ་འགའ་བཏང་ཡང་ཆོག་པ་མེད། །ཟུག་གཟེར་འབྱུང་བའི་ཐིམ་ཤུགས་དང་། །འཁྲུལ་སྣང་འཇིགས་སྐྲག་དུ་མ་རྣམས། །ཉེ་དུ་གཉེན་བཤེས་མང་ན་ཡང་། །སྒོ་བཤའ་བྱེད་ནས་ཁུར་ཐབས་མེད། །སྙིང་བརྩེའི་གྲོགས་དང་འཁོར་མང་ཡང་། །གཅིག་ཙམ་རོགས་སུ་ཁྲིད་ས་མེད། །རང་ཉིད་གཅིག་པུར་འགྲོ་དགོས་ཏེ། །ལོངས་སྤྱོད་རྒྱ་མཚོ་ཙམ་ཡོད་ཀྱང་། །ཞག་བརྒྱགས་ཙམ་ཞིག་ཁྱེར་དབང་མེད། །ད་ལྟ་གཅེས་ཤིང་འཕང་བ་ཡི། །བེམ་སྒོག་འདི་ཡང་སྐྱུར་དགོས་ན། །ཉེ་དུ་གཞན་དག་སྨོས་ཅི་དགོས། །ཕུང་པོ་ཀུན་གྱིས་སྐྱུག་བྲོ་བལྟ་། །བྱ་ཁྱིས་ཟའམ་འབུ་ཡིས་གཡེང་། །རུས་པ་བྱ་ཁྱིས་ཀུན་ཏུ་ཁྱེར། །མེ་ལ་བསྲེགས་ན་ཐལ་བ་ཡང་། །རིམ་པར་རླུང་གིས་རྗེས་མེད་གཏོར། །ཁོ་ཤི་མོ་ཤི་ཟེར་བ་ལ་ཡིས། །གཏམ་ཞིག་མ་གཏོགས་ཅི་ཡང་མེད། །ཚེ་འདིའི་སྐྱིད་སྡུག་ཐམས་ཅད་ནི། །ནུབ་གཅིག་གཉིད་པའི་རྨི་ལམ་འདྲ། །རྣམ་ཤེས་བར་དོའི་འཕྲང་ལ་འགྲིམ། །ཆ་མེད་


CMR050_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དུ་རྒྱུས་མེད་མི། །གྲོགས་མེད་གཅིག་པུར་འགྲོ་དགོས་པས། །འདི་ལ་བསམ་ན་སྐྱོ་བ་ལ། །དམ་པའི་ཆོས་ཤིག་མ་གཏོགས་པ། །ཅིས་ཀྱང་ཕན་པ་མི་གདའ་བས། །ཅིས་ཀྱང་དགོས་པ་མི་གདའ་ན། །གཏམ་གྱི་བཟང་ངན་ཐམས་ཅད་ཀྱང་། །དེ་ཡི་རྗེས་སུ་མི་འབྲང་བས། །སྙན་གྲགས་དགོས་པ་མི་གདའ་ན། །དགེ་སྡིག་ལུས་དང་གྲིབ་མ་བཞིན། །གར་སྐྱེ་དེ་ཉིད་དབང་བཙན་པས། །ད་ལྟ་རང་དོན་ཚགས་སུ་ཚུད། །དེ་སྐད་ཉམས་ལ་ཤར་ནས་བྲིས། །མི་རྟག་བསྒོམ་པའི་གླུ་ཆུང་འདི། །ཀུན་གྱིས་སྙན་ལ་ཐོས་པར་ཤོག །ཅེས་པ་བླ་མ་ཞིག་གིས་ང་ལོ་དྲུག་ཅུ་བར་མི་འཆི་དེ་ནས་འཆི་གསུངས་དེ་ལ་དྲན་ནས་བྲིས་སོ།། ༈ །།ན་མོ་ཤཱཀྱ་མུ་ན་ཡེ། བདེན་གྲུབ་བདེན་པར་གསུངས་པ་པོ་།ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས། །ཤཱཀྱའི་གཙོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་བདེ་སྡུག་ལེགས་ཉེས་དང་། །ནད་མེད་བདེ་དང་ནད་མང་དང་། །ཕྱུག་དབུལ་དར་རྒུད་ཆུས་ཆེ་ཆུང་། །མི་འདྲ་སྣ་ཚོགས་འབྱུང་བ་འདི། །འཇིག་རྟེན་སྐྱེ་བོ་ཕལ་པ་རྣམས། །དེ་ཡི་རྒྱུ་མཚན་མི་ཤེས་པས། །སྲིད་པས་བཞག་པ་མིན་པ་སྟེ། །


CMR050_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་གྱི་བསྐོས་བཞག་ཡིན་ནོ་ཞེས། །སྲིད་པ་དེ་ཉིད་སུས་བྱས་ན། །ལ་ལས་ས་ཡིས་བྱས་སོ་སྐད། །ལ་ལས་སྲིད་པའི་ཕ་མ་ནི། །རྒན་རྒོན་གཉིས་དང་བསྣོག་ལི་མས། །བྱས་པ་ཡིན་ཞེས་བཅོས་ཐབས་མེད། །འཐའ་འཁོབ་ཡུལ་གྱི་སྐྱེ་བོ་རྣམས། །སྐྱིད་སྡུག་གནམ་གྱིས་བྱས་པའི་ཕྱིར། །གནམ་ལྷ་མཆོད་ན་ཕན་ཞེས་མཆོད། །གནམ་ལྷ་གཉེན་ཞེས་ལྷར་བཟུང་ནས། །མནའ་སྐྱེལ་གནམ་ལ་མཛུབ་གུ་བཙུགས། །མུ་སྟེགས་ནག་པོ་རྒྱང་འཕེན་པས། །ཚེ་འདིའི་སྐྱིད་སྡུག་ལྷ་ཡིས་བྱེད། །དེ་ཕྱིར་མ་ཧཱ་དེ་ཝ་མཆོད། །ཕྱི་མ་མི་ཤི་ཡུ་མེད་དེ། །རྩིགས་པ་འགྱེལ་བའི་ལོགས་བྲིས་ལྟར། །ལུས་ཞིག་ཐལ་བ་བཞིན་དུ་འགྲོ། །སེམས་ནི་ནམ་མཁའི་བག་ལ་ཞ། །སྐྱེ་བ་ལེན་རྒྱུ་མི་སྲིད་པས། །མ་ཤི་བར་དུ་ཅི་དགར་སྤྱོད། །ཟེར་ནས་དུག་ལྔ་འབྱོལ་ཉོལ་སྤྱོད། །དེ་ཡིས་འཁྲུལ་པ་སེལ་བའི་ཕྱིར། །ཙནྡྲ་གོ་མི་ལ་སོགས་ཀྱིས། །ཁ་ཆད་སྤར་ཡུལ་ནས་སྐུ་སྐྱེ་བཞེས། །དེ་བཞིན་ད་ལྟ་བླ་མ་རྣམས། །སྐུ་སྐྱེ་གསལ་པོ་འབྱོན་པ་འདིས། །སྐྱེ་བ་ལེན་རྒྱུ་ཡོད་པར་ངེས། །མུ་སྟེགས་དབང་ཕྱུག་པ་ཡི་ལུགས། །སྐྱེ་བ་འདི་དང་


CMR050_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མ་ལ། །སྐྱིད་སྡུག་ལེགས་ཉེས་ཐམས་ཅད་ནི། །སྲིད་པའི་བདག་པོ་ཡིན་པའི་ཕྱིར། །ལྷ་ཆེན་དབང་ཕྱུག་ཆེན་པོས་བྱས། །དེ་ཕྱིར་དབང་ཕྱུག་མཆོད་དགོས་ཤིང་། །དེ་ཡང་ཤ་ཁྲག་དྲོན་མོ་ལ། །མཉེས་ཟེར་མི་ནོར་མང་པོ་རྣམས། །བསད་ནས་ཤ་ཁྲག་དམར་མཆོད་བྱེད། །ཕན་པར་འདོད་ནས་གནོད་པ་བསྒྲུབ། །དེ་ཕྱིར་མུ་སྟེགས་སྙིང་རེ་རྗེ། །གཞན་ཡང་མུ་སྟེགས་ལ་ལ་ཡིས། །འཇིག་རྟེན་ལེགས་ཉེས་དར་རྒུད་ནི། །ངོ་བོ་ཉིད་ཀྱི་རྒྱུ་ལས་བྱུང་། །སུས་ཀྱང་མ་བྱས་རང་བྱུང་ཡིན། །ཆུ་ནི་ཐུར་ལ་འབབས་པ་དང་། །སྲན་མ་རིལ་བུར་བསྒྲིལ་བ་དང་། །ཚེར་མ་ཁ་སོ་རྣོ་བ་ལྟར། །རྒྱུ་མེད་རྐྱེན་མེད་རང་བྱུང་ཡིན། །འོན་ཀྱང་ལྷ་ལ་མཆོད་པ་ན། །བདེ་ལེགས་དངོས་གྲུབ་འགྲུབ་ཟེར་ནས། །དབང་ཕྱུག་ཚངས་པ་དྲག་པོ་སོགས། །འཇིག་རྟེན་ལྷ་ལ་མཆོད་པ་བྱེད། །རྒྱུ་འབྲས་ཆོས་ལ་ལོག་པར་ལྟ། །ལས་ངན་བསྒྲིབས་པས་སྙིང་རྗེའི་གནས། །ཤཱཀ་ཐུབ་ལ་སོགས་སངས་རྒྱས་ཀུན། །གཤེན་རབ་ཡན་ཆད་གསུང་མཐུན་པར། །སྣོད་ཀྱི་འཇིག་རྟེན་ལེགས་ཉེས་ཀུན། །སེམས་ཅན་སྤྱི་མཐུན་ལས་ཀྱིས་གྲུབ། །ནང་བཅུད་འགྲོ་བའི་


CMR050_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྡུག་ཀུན། །རང་རང་སྔོན་བྱས་ལས་འབྲས་ཡིན། །དེ་དོན་བདེན་བཞིའི་ཆོས་འཁོར་བསྐོར། །རྒྱུ་དང་འབྲས་བུའི་ཆོས་གསུངས་པས། །འཇིག་རྟེན་ལྷ་མི་བདེ་ལ་བཀོད། །དེ་ཕྱིར་སངས་རྒྱས་བཀའ་དྲིན་ཆེ། །ལོང་བ་ལ་ནི་མིག་བྱིན་འདྲ། །དཔེར་ན་ས་བོན་གང་བཏབ་པ། །འབྲས་བུ་དེ་ཉིད་སྐྱེ་བ་ལྟར། །སེམས་ཅན་ཀུན་གཞི་ཞིང་ས་ལ། །ས་བོན་དགེ་སྡིག་གང་བཏབ་པ། །འབྲས་བུ་བདེ་སྡུག་སོ་སོར་སྨིན། །བྱས་པའི་ལས་འབྲས་ཆུད་མི་ཟ། །མ་བྱས་པ་དང་འཕྲད་མི་སྲིད། །རང་གིས་གང་བྱས་རང་ལ་སྨིན། །གཞན་བྱས་རང་ལ་སྨིན་མི་སྲིད། །བསྐལ་པ་བྱེ་བ་དུ་མར་ཡང་། །མེད་པར་མི་འགྱུར་ནམ་ཞིག་སྨིན། །ལས་ལ་རྣམ་པ་གསུམ་ཡིན་ཏེ། །མཐོང་ཆོས་མྱོང་གྱུར་ཞེས་བྱ་བ། །དགེ་སྡིག་འབྲས་བུ་ཚེ་འདི་ལ། །ངེས་པར་སྨིན་རྒྱུའི་ལས་དེ་ནི། །བཟང་པོ་བདེ་སྐྱིད་འབྱུང་རྒྱུ་ཡང་། །ནུས་མཐུ་ཅན་གྱིས་མཐུ་བྱས་ཀྱང་། །དེ་ལ་གནོད་པར་མི་ནུས་སོ། །ངན་པ་སྡུག་བསྔལ་འབྱུང་རྒྱུ་ཡང་། །སྲུང་བ་བརྒྱ་ཡིས་བསྲུང་མི་ཐུབ། །རིག་སྔགས་རྣམས་ཀྱིས་ཕན་ཡོན་སྐབས། །ལས་ཀྱི་རྣམ་སྨིན་མ་གཏོགས་


CMR050_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །གསུངས་པ་དེ་འདྲའི་ལས་ལ་དགོངས། །སྐྱེས་གནས་མྱོང་འགྱུར་ཞེས་བྱའི་ལས། །ཚེ་འདིར་བྱས་པའི་དགེ་སྡིག་ནི། །ཧ་ཅང་སྟོབས་ཆེན་མིན་པ་ལ། །ཆུང་ཆུང་ཡང་ནི་མིན་པ་རྣམས། །སྐྱེ་བ་འདི་དང་ཕྱི་མ་ལ། །མི་སྨིན་ཕྱི་མའི་རྒྱབ་རེས་སྨིན། །མ་ངེས་པ་ཡི་ལས་ཞེས་པ། །དགེ་དང་སྡིག་པ་ཕྲའུ་རྣམས། །ནམ་ཞིག་ངེས་པར་སྨིན་དགོས་ཀྱིས། །སྐྱེ་བ་འདི་དང་རྒྱབ་མ་དང་། །བསྐལ་པ་བརྒྱ་སྟོང་ཁྲི་ཕྲག་གིས། །དུས་བར་མི་སྨིན་ལུས་ཀྱང་སྲིད། །མེད་པར་མི་འགྱུར་ནམ་ཞིག་སྨིན། །བསྐལ་པ་གྲངས་མེད་སྔོན་མ་ནས། །དེ་འདྲའི་དགེ་སྡིག་ལས་འབྲས་ནི། །སྨིན་རྒྱུ་དཔག་ཏུ་མེད་པ་ཡོད། །དེ་འདྲའི་བདེ་སྐྱིད་ལས་འབྲས་ནི། །སྨིན་ལ་གཞན་གྱིས་བྱད་ཁ་དང་། །དགྲ་སོགས་རྣམས་ནི་མེད་པར་ནུས། །དེ་འདྲའི་བདེ་སྐྱིད་ལས་འབྲས་རྣམས། །སྨིན་ལ་ཁད་ལ་མི་སྨིན་པ། །འཇིག་རྟེན་ལྷ་དང་སྲུང་མ་ལ། །གསོལ་མཆོད་ལ་སོགས་བྱས་པ་ཡིས། །ལས་དེ་ཚུར་འཐེན་བདེ་སྐྱིད་འབྱུང་། །འཇིག་རྟེན་ལྷ་ཡི་དངོས་གྲུབ་ཀྱང་། །རང་གི་དགེ་བའི་ལས་འབྲས་རྣམས། །ཁོང་གིས་ཚུར་ལ་འཐེན་པ་ཙམ། །ཚེ་འདིར་མི་


CMR050_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དགེའི་ལས་དེ་འདྲ། །ན་ཚ་སྡུག་བསྔལ་འབྱུང་རྒྱུ་ལ། །རིམ་གྲོ་བསྲུངས་བ་བྱས་པ་ཡིས། །ལས་འབྲས་ངན་པ་ཕར་བཟློག་ནས། །འཕྲལ་དུ་ནད་གདོན་ཞི་བར་འགྱུར། །འཇིག་རྟེན་གསུམ་མགོན་རྡོ་རྗེའི་གསུང་། །ད་ལྟའི་ལས་འབྲས་ད་ལྟ་རུ། །སྨིན་པའང་ཡོད་ཅེས་གསུངས་པ་ནི། །ཞིང་ས་ཤིན་ཏུ་གཉེན་པའི་ཚད། །རྩ་བའི་བླ་མ་སློབ་དཔོན་ཕ་མ་དང་། །ས་བཅུའི་སེམས་དཔའ་ལ་སོགས་ལ། །བཀུར་སྟི་དཔག་མེད་བྱས་པའམ། །གནོད་པ་ཚབས་ཆེན་བྱས་པ་ནི། །ཞིང་ས་དེ་ཉིད་གཉེན་དྲགས་པས། །ཚེ་སྨད་ཕལ་ཆེར་སྨིན་སྲིད་དོ། །མི་དགེ་སྣ་ཚོགས་བྱས་བཞིན་དུ། །ཚེ་འདིར་ཇེ་སྐྱིད་ཇེ་ལེགས་སུ། །འགྲོ་བ་དགེ་བ་མཐའ་སྡུད་ལས། །ཚེ་རབས་དུ་མར་བསགས་པ་ཡི། །དགེ་བའི་རྩ་བ་ཅི་ཡོད་པ། །སྡིག་པའི་སྟོབས་ཀྱིས་ཚེ་འདིར་སྨིན། །དགེ་རྩའི་ལས་འབྲས་ཟད་པར་བྱས། །ཕྱི་མ་ནས་བཟུང་འཁོར་བའི་མཐར། །མནར་ཨཱ་མེད་དམྱལ་བར་གཏན་ཡུལ་བྱེད། །དེ་ནི་ཤིན་ཏུ་ངན་པ་སྟེ། །སྐྱེ་བོ་ཕལ་གྱིས་དེ་མི་ཤིས། །སྡིག་པ་བྱས་ན་ཕྲག་དོག་བསམ། །འདི་ཡང་ལོག་ལྟ་བདུད་ཀྱིས་བསླུས། །སྐྱ་


CMR050_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

སེར་བུད་མེད་གང་ཡིན་ཀྱང་། །བློ་སེམས་ཆོས་ལ་གཏད་ནས་ནི། །ཚོགས་བསགས་སྒྲིབ་སྦྱངས་བྱས་བཞིན་དུ། །ནད་དང་སྡུག་བསྔལ་རྐྱེན་ངན་མང་། །ཆོས་ལ་བདེན་པ་མི་གདའ་ཞེས། །ལོག་ལྟ་གཤེ་སྐུར་བྱེད་པ་ནི། །དོན་མ་གོ་བའི་འཆལ་གཏམ་ཡིན། །དེ་ནི་སྡིག་པ་མཐའ་སྡུད་ལས། །སྡིག་སྒྲིབ་དག་རྟགས་ལས་སློང་སྟེ། །གྲངས་མེད་སྐལ་པ་དུ་མ་ནས། །བསགས་པའི་སྡིག་སྒྲིབ་མང་པོ་ཞིག །མ་འོངས་བསྐལ་པ་དུ་མ་རུ། །ངན་སོང་སྡུག་བསྔལ་མྱོང་རྒྱུ་རྣམས། །ད་རེས་ཆོས་ཀྱི་ནུས་པ་ཡིས། །ལུས་ཐོག་འདི་ལ་སྨིན་པ་སྟེ། །ཚ་དམྱལ་ལོ་སྟོང་མྱོང་རྒྱུ་ཡང་། །ད་རེས་ཚད་པ་ན་བ་ཙམ། །དེ་ཡི་སྡིག་དེ་ལྷག་མེད་དག །གྲང་དམྱལ་བསྐལ་པར་མྱོང་རྒྱུ་ཡང་། །ད་རེས་གྲང་བའི་ནད་གཞི་ཙམ། །ཡི་དྭགས་སྐྱེ་བ་ལོ་སྟོང་ཕྲག །ཆུ་ཐིགས་ཙམ་ཡང་མི་རག་རྒྱུ། །ད་རེས་གོད་ཁ་མང་བ་ཙམ། །ལྷ་མ་ཡིན་དུ་ལོང་སྟོང་ཕྲག །འཐབ་རྩོད་སྲོག་གཅོད་བྱེད་རྒྱུ་ཡང་། །ད་རེས་ཁ་མཆུ་ཆད་པ་ཙམ། །ཁྱི་ཕག་དུད་འགྲོ་ལ་སོགས་པ། །སྐྱེ་བ་ངན་པ་བརྒྱ་སྟོང་དུ། །སྐྱེ་རྒྱུའི་ལས་འབྲས་ངན་པ་རྣམས། །ད་རེས་མི་ཁ་འཕྱ་བཞེད་ཙམ། །


CMR050_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འདྲ་ལྷག་མེད་དག་ནས་ཀྱང་། །གཏན་བདེ་འགྲུབ་པའི་རྟགས་ཡིན་པས། །གྲུབ་ཐོབ་གོང་མ་ཐམས་ཅད་ཀྱིས། །ངན་སོང་གསུམ་སོགས་མི་ཁོམ་པའི།། གནས་སུ་སྐྱེ་བའི་ལས་སྒྲིབ་ཀུན། །ཚེ་འདིར་སྨིན་པའི་སྨོན་ལམ་མཛད། །འབྲོམ་སྟོན་ཕག་གྲུ་སྐྱོབ་པ་སོགས། །ཀླུ་ནད་མཛེ་ཡིས་ཟིན་ཚུལ་བསྟན། །རྒྱ་རས་རྒོད་ཚང་ལོ་རས་སོགས། །ཀླུ་ནད་ཤིག་ནད་ཡང་ཡང་སྐྱར། །དུས་མཁྱེན་གཟའ་ནད་བྱུང་ཚུལ་དང་། །རང་བྱུང་རྒྱལ་བར་ཐུགས་རླུང་སོགས། །བྱུང་བའི་རྣམ་ཐར་བསམ་བྱས་ལ། །ཆོས་བྱས་མི་དགེ་སྡུག་བསྔལ་ལ། །དགའ་བས་བཏང་ལེན་བསྒོམ་དགོས་ཤིང་། །དངོས་གྲུབ་སྒྲིབ་དག་རྟགས་སུ་བསྒོམ། །གལ་ཏེ་དགའ་བ་མ་སྐྱེས་ཀྱང་། །ཆོས་ལ་ལོག་ལྟ་མི་བྱ་བར། །སྣོད་བཀྲུས་དྲི་མ་ལྡང་བ་ལྟར། །ལས་སློང་རྟགས་སུ་ཤེས་བྱས་ལ། །སླར་ཡང་སྒྲིབ་སྦྱོང་ཐབས་སུ་འབད། །མི་དགེ་སྡིག་ལ་སྤྱོད་པ་འགའ། །བཀྲ་ཤིས་བདེ་ལེགས་འབྱུང་མཐོང་ཚེ། །ཡིད་སྨོན་མི་བྱ་སྙིང་རྗེ་བསྒོམ། །སྐྱེ་བ་འདི་དང་ཚེ་རབས་ཀུན། །མི་འདོད་སྡུག་བསྔལ་ཇི་སྙེད་པ། །སྡིག་པའི་འབྲས་བུར་ཐག་ཆོད་པས། །སྡུག་


CMR050_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་དེ་དག་མི་འདོད་ན། །སྡིག་པ་སྤང་ཞིང་བཤགས་པ་བྱ། །སྐྱེ་བ་འདི་དང་ཚེ་རབས་ཀུན། །བདེ་སྐྱིད་ལོངས་སྤྱོད་ཅི་བྱུང་བ། །དགེ་བའི་འབྲས་བུར་ངེས་པའི་ཕྱིར། བདེ་བ་འདོད་ཕྱིར་བསོད་ནམས་ཚོགས། །དགེ་བ་བསྒྲུབ་པ་གཏན་གྱིས་ནོར། །གཏན་གྱི་འདུན་མ་ཅི་འགྲུབ་བྱ། །དེ་ཡང་ཀུན་སློང་བསམ་པ་གཙོ། །ཞེ་སྡང་ཀུན་སློང་སྡིག་པའི་ལས། །གང་བྱས་དམྱལ་བར་སྐྱེ་བའི་རྒྱུ། །འདོད་ཆགས་ཀུན་བསླང་སྡིག་པའི་ལས། །གང་བསགས་ཡི་དྭགས་སྐྱེ་བའི་རྒྱུ། །གཏི་མུག་ཀུན་བསླང་སྡིག་པའི་ལས། །ཚེགང་བསགས་དུད་འགྲོའི་ལུས་སུ་སྐྱེ། །དགེ་སྡིག་ཆེ་ཆུང་ཁྱད་པར་གྱིས། །སྡིག་པ་ཚབས་ཆེན་དམྱལ་བ་སྟེ། །འབྲིང་གིས་ཡི་དྭགས་ཆུང་དུ་ཀྱང་། །དུད་འགྲོར་སྐྱེ་བའི་རྒྱུ་ཡིན་གསུངས། །སྲོག་བཅད་མ་བྱིན་ལེན་པ་དང་། །མི་ཚངས་སྤྱོད་དང་ལུས་ཀྱི་གསུམ། །རྫུན་དང་ཕྲ་མ་ཚིག་རྩུབ་དང་། །ངག་འཁྱལ་ངག་གི་མི་དགེ་བཞི། །བརྣབ་སེམས་གནོད་སེམས་ལོག་ལྟ་སྟེ། །ཡིད་ཀྱིས་གསུམ་དང་མི་དགེ་བཅུ། །འདི་བཅུ་སྤངས་ཤིང་དེ་ལས་ལོག །དགེ་བ་བཅུ་ཞེས་རྒྱལ་བས་བསྔགས། །དགེ་དང་མི་དགེ་དེ་དག་ལ། །


CMR050_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྨིན་པའི་འབྲས་བུ་ནི། །མཐོ་རིས་ངན་སོང་སོ་སོར་སྨིན། །རྒྱུ་མཐུན་འབྲས་བུས་གར་སྐྱེས་ཀྱང་། །ལས་དེ་བསྒྲུབ་ལ་དགའ་བར་འགྱུར། །དབང་གི་འབྲས་བུས་དགེ་མི་དགེ །རིགས་མཐུན་བདེ་སྡུག་ཆ་མཐུན་ཏེ། །དཔེར་ན་སྲོག་གཅིག་བཅད་པ་ཡི། །རྣམ་སྨིན་དམྱལ་བར་སྐྱེ་བ་སྟེ། །དེ་ནས་ཐར་ནས་མིར་སྐྱེས་ན། །ཚེ་ཐུང་བ་རུ་འགྱུར་བ་དང་། །དབང་གི་འབྲས་བུས་མི་དེ་ཡི། །ལུས་ནི་ངན་ཞིང་མི་སྡུག་པ། །དེ་སོགས་སོ་སོར་གསུམ་རེ་གསུངས། །ཕར་ལ་སེམས་ཅན་གཅིག་བསད་པས། །ལན་གྲངས་སྟོང་ལ་གཅིག་ཆད་པར། །ཚུར་གསོད་སྲོག་གིས་ལན་ཆགས་ཏེ། །བཤགས་ཀྱང་མི་དག་མྱོང་དགོས་སོ། །དཔེར་ན་བཅོམ་ལྡན་ཤཱཀ་ཐུབ་ཀྱིས། །སྔོན་དུས་མི་ནག་མདུང་ཐུང་ཅན། །རྐང་པར་མདུང་བརྒྱབ་བསྒྲལ་བ་ཡིས། །ཞབས་ལ་སེང་སྡེང་ཚེར་མ་ཡིས། །སྐུ་ཚེའི་འདུ་བྱེད་བཏང་ཚུལ་བསྟན། །ཁྱད་པར་འཇིག་རྟེན་ལྟ་གསུམ་མགོན་གྱིས། །མི་དགེའི་རྒྱུ་ལ་སྤྱད་པ་ནི། །ས་བཅུ་པ་ཡང་ལྟུང་བར་གསུངས། །དེ་དོན་ཐབས་ཀྱིས་མ་ཟིན་པའི། །མི་དགེ་བ་ལ་དགོངས་པ་ཡིན། །ཐབས་ཀྱིས་


CMR050_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་ལ་ངེས་པ་མེད། །དཔེར་ན་བཙན་དུག་ཟོས་ན་འཆི། །སྔགས་ཀྱིས་བཏབ་ན་མི་འཆི་དང་། །སྦྱོར་སྡེ་ཤེས་ན་ནད་ཀྱང་ཕན། །དེ་བཞིན་སྡིག་དང་ཉོན་མོངས་པ། །རང་གར་སྤྱད་ན་ངན་སོང་རྒྱུ། །སྟོབས་ཆེན་བྱང་ཆུབ་སེམས་བསྐྱེད་ཀྱིས། །རང་དོན་འཁྲི་བ་མ་ཞུགས་པར། །བསྟན་དང་འགྲོ་ལ་ཕན་མཐོང་ནས། །སྤྱད་ཀྱང་ཉེས་པ་མེད་པའི་སྟེང་། །བསོད་ནམས་ཐོབ་པའི་སྐབས་ཀྱང་མཆིས། །དཔེར་ན་ཕྱག་ན་རྡོ་རྗེ་ཡིས། །མུ་སྟེགས་དབང་ཕྱུག་ཆེན་པོ་དེ། །བསྒྲལ་མ་ཐག་ཏུ་དེ་ཡི་སེམས། །ཐལ་བའི་དབང་པོ་ཞེས་བྱ་བའི། །འོག་ཕྱོགས་འཇིག་རྟེན་ཁམས་སུ་ནི། །དེ་མ་ཐག་ཏུ་སངས་རྒྱས་ཐོབ། །དེ་བཞིན་བསྒྲལ་ཚད་སངས་རྒྱས་སར། །བཀོད་པར་ནུས་ན་ཅི་བསད་ཀྱང་། །འགྲོ་དོན་ཡིན་གྱིས་ལྟུང་བ་མིན། །རྒྱལ་བ་འབྲོམ་ལ་མི་གཅིག་གིས། །བུད་མེད་བརྒྱ་ཡི་བདག་བྱེད་ཅིང་། །འདུལ་ཁྲིམས་སྡོམ་པ་གཙང་བ་གཅིག །འདོད་ལགས་ཞུས་པས་འབྲོམ་སྟོན་གྱིས། །ཁྱོད་རང་བྱང་ཆུབ་སེམས་པ་ཡི། །ས་ཐོབ་པ་གཅིག་གྱིས་དང་ནི། །དེ་ལྟར་འདོད་ཀྱང་བྱེད་ཆོག་གསུངས། །རྩ་རླུང་རང་དབང་ཐོབ་པ་ཡིས། །མི་


CMR050_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་སྤྱོད་ཀྱང་མི་འགལ་ཏེ། །སྡོམ་པ་མི་ཤོར་སུམ་ལྡན་གྱི། །དགེ་སློང་རྡོ་རྗེ་འཛིན་པར་ངེས། །དེ་བཞིན་གཞན་གྱིས་སྲོག་སྐྱབས་ཕྱིར། །རྫུན་སྨྲ་ལ་ཡང་ཉེས་མེད་གསུངས། །རང་འདོད་སྤུ་ཙམ་མེད་པ་ལ། །ཕ་རོལ་དེ་ཉིད་ཚོགས་རྫོགས་ཕྱིར། །རྐུས་འཕྲོག་ཆོས་ལ་བཏང་བ་ན། །དེ་ལའང་སྒྲིབ་པ་མེད་པར་གསུངས། །དེ་དག་ས་ཐོབ་སེམས་དཔའ་ཆེ། །གྲུབ་ཆེན་རྣམས་ཀྱི་སྤྱོད་པ་ལགས། །རང་རེ་ཐ་མལ་སོ་སྐྱེ་ཡིས། །དེ་འདྲ་བྱེད་པར་རློམ་པ་ནི། །སྟོང་ལྟས་རྒྱུ་འབྲས་ཁྱད་གསོད་པ། །རུ་ཏྲ་བདུད་ཀྱི་སྤྱོད་པ་སྟེ། །ཐར་མེད་དམྱལ་བའི་གཏིང་རྡོ་ཉིད། །འདི་རུ་མཐོན་པོའི་སྤྱོད་ཚུལ་དེ། །ཟུར་ཙམ་བཤད་པའི་དགོས་པ་ནི། །གཞན་ལ་གཤེ་སྐུར་སྤང་ཕྱིར་ཡིན། །རྐུན་མ་བྱང་ཆུབ་སེམས་དཔའ་གཉིས། །གར་ཡོད་མི་ཤིས་ཟེར་བའི་དཔེ། །གཞན་གྱི་སྤྱོད་པ་ལ་བཏགས་ན། །སྐུར་པ་འདེབས་པར་མི་བྱའོ། །ངག་འཁྱལ་ཚིག་གི་སྟ་རེ་དེ། །རང་གི་ཁ་ནས་བྱུང་ན་ནི། །རང་ལ་གཅོད་པའི་ཉེས་ཆེ་འོ། །ཁམས་གསུམ་སེམས་ཅན་བསད་པ་ལས། །བྱང་ཆུབ་སེམས་དཔའ་གཅིག་ལ་ནི། །སྐུར་འདེབས་གཅིག་


CMR050_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཐུ་བར་གསུངས། །ཟ་འཐུང་མེད་པའི་ཞལ་ལྕེ་ཞེས། །ཆོས་དང་གྲུབ་མཐའ་ལ་སོགས་ལ། །དག་དང་མ་དག་བཤགས་རལ་དང་། །རང་ལུགས་བཞག་དང་གཞན་ལུགས་བཀག །ཀུན་མཁྱེན་རྣམས་ཀྱི་སྤྱོད་ཡུལ་ལགས། །རང་རེ་ཕལ་པ་ཤེས་རབ་དང་། །རིག་པ་རྣོ་ཡང་སྨྲ་མི་རུང་། །ཆོས་ལ་ཆོས་མིན་སྨྲ་བ་དང་། །ཆོས་མིན་ཆོས་སུ་སྨྲ་བ་མཚུངས། །མཚམས་མེད་ལྔ་ལས་སྡིག་ཆེར་བཤད། །མཚམས་མེད་ལྔ་པོ་གང་ཞེ་ན། །ཕ་མ་སློབ་དཔོན་དགྲ་བཅོམ་བསད། །རྒྱལ་བ་དགྲོང་ངམ་དགྲོང་བར་ཤོམ། །དེ་དག་ཚེ་འདི་འཕོས་མ་ཐག །སྐྱེ་བ་གཞན་གྱི་བར་དོ་སོགས། །བར་མཚམས་མི་ཆོད་མནར་མེད་དུ། །ཆུ་ནང་རྡོ་འཕང་བཞིན་དུ་འགྲོ། །དེ་ཕྱིར་མཚམས་མེད་སྡིག་ཅེས་བྱ། །དགེ་བ་མཚམས་མེད་ཅེས་བྱ་བ། །དགེ་བ་རླབས་ཆེན་དཔག་མེད་བསྒྲུབ། །ཡང་ན་སྒོམ་ཆེན་མཐར་ཕྱིན་པ། །སྐྱེ་བ་གཞན་དང་བར་དོ་ཡི། །མཚམས་མི་ཆོད་པར་ཤི་མ་ཐག །དག་པའི་ཞིང་དུ་མདའ་འཕང་ལྟར། །འགྲོ་བ་དེ་ལའང་མཚམས་མེད་ཟེར། །དེང་སང་ནད་སོགས་བྱུང་བ་འདི། །ཚེ་སྔོན་བརྡུང་བཙོག་ལ་སོགས་པ། །རྒྱུ་ནི་


CMR050_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་གྱི་ལས་འབྲས་ཡིན། །རྐྱེན་ནི་གདོན་གྱིས་སྣ་ཁྲིད་པས། །འབྲས་བུ་ནད་དུ་སྨིན་པ་སྟེ། །དེ་ཉིད་བཅོས་པའི་ཐབས་ལ་ནི། །རྒྱུ་ཡི་སྒྲིབ་པ་སྦྱངས་བའི་ཕྱིར། །བསོད་ནམས་དགེ་ཚོགས་འབད་པ་སྟེ། །ཆོས་འདོན་གཏོར་མ་བསྐང་གསོ་དང་། །ཚ་ཚ་ལ་སོགས་དགེ་ལ་འབད། །གདོན་ལ་གླུད་དང་ལུས་སྦྱིན་བྱ། །འབྱུང་བཞི་འཁྲུགས་པ་སྨན་གྱིས་བཅོས། །དེ་ཡིས་ཕལ་ཆེར་བདེ་བར་ངེས། །ཅིས་ཀྱང་ཕན་པར་མ་གྱུར་ན། །མཐོང་ཆོས་མྱོང་གྱུར་ལས་ཡིན་པས། །མ་ཕན་སྙམ་པའི་ལོག་ལྟ་སྤང་། །རྐྱེན་ངན་དགེ་བའི་བསྐུལ་མར་བསྒོམ། །མི་ཕན་འཆི་བར་གྱུར་པ་ལ། །དེ་ལ་རྣམ་པ་གསུམ་དུ་ཡོད། །ཚེ་ཟད་ལས་ཟད་བསོད་ནམས་ཟད། །གསུམ་ཀ་འཛོམས་ན་བཟློག་ཐབས་མེད། །ཚེ་ཟད་ཚེ་སྒྲུབ་ཚེ་དབང་ཞུ། །ཚེ་མདོ་ཚེ་གཟུངས་ཚེ་ཆོག་ཕན། །ལས་ཟད་འཆི་ངེས་སྲོག་ཀྱང་བསླུ། །ཚེ་ཐར་མང་པོ་ཚེ་འབར་གསོ། །དེ་ལྟའི་མ་ལས་འབྲས་ད་ལྟ་སྨིན། །ཚེ་ནི་བསྲིང་བར་ནུས་སོ་གཅིག །བསོད་ནམས་ཟད་པ་བསོད་ནམས་བསགས། །མང་ཇ་ཀློག་འདོན་འབུལ་བ་སོགས། །བྱས་པས་བསོད་ནམས་སྐྱེ་


CMR050_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན། །གཞན་ཡང་རྟེན་འབྲེལ་འཆི་བསླུའི་རིགས། །མདོས་ཆོག་བརྒྱ་བཞི་ལ་སོགས་ཀྱིས། །ལོ་གསུམ་འཆི་བ་བཟློག་པར་གསུངས། །ལས་འབྲས་མི་བདེན་མ་ཡིན་ཏེ། །མ་ངེས་པ་ཡི་ལས་སྒྲིབ་རྣམས། །དགེ་བའི་ལས་ཀྱིས་དག་པའམ། །ཕྱིར་ལ་རེ་ཞིག་བཟློག་པ་ཡིན། །ཚེ་འདིར་དམ་ཚིག་ཆག་ཉམས་དང་། །དཀོར་ནི་མང་དུ་ཟོས་པ་ན། །སྒྲིབ་པ་འཐུག་ན་གནོད་མི་ནུས། །ཕྱི་མ་ངན་སོང་འཁོར་བར་འཕེན། །སྒྲིབ་པ་སྲབ་ན་ཚེ་འདི་ལ། །གཅོང་ནད་འབམ་དང་སྐྱིད་ཀྱུས་སོགས། །ལུས་ཐོག་འདི་ལ་སྦྱངས་བ་ཡིན། །དཀོར་སྒྲིབ་ཚེ་འདིར་སྨིན་པ་ལ། །སྒྲིབ་པ་ཆུང་རྟགས་བཟང་བ་ཡིན། །འཕྲལ་དུ་ཡིག་ཆ་མ་བལྟས་ཤིང་། །སྔར་དུས་མདོ་རྒྱུད་མང་ཐོས་པ། །ཚིག་ནི་བརྗེད་ཀྱང་དོན་མ་བརྗེད། །གནད་འགགས་ཡིད་ལ་གསལ་བ་རྣམས། །ཤིང་སྦྲུལ་གྲོ་ཞུན་བཅུ་གཉིས་ཉིན། །སྣག་ཚ་འགྲིམ་པོ་ཐོན་པའི་ཕྱིར། །མི་རྟག་པ་དང་ལས་འབྲས་ཀྱིས། །གླུ་ཆུང་འཕྲལ་དུ་གང་དྲན་བྲིས། །རྨོངས་པ་འགའ་ལ་ཕན་པར་ཤོག །ཅེས་པ་བླ་མ་ཆུང་བ་སོགས་གྲྭ་པ་འགའ་ལ་ནད་ཐུ་མོ་བྱུང་བས། བླ་མ་ཆོས་རྗེ་པ་གཅིག་གི་ཞལ་ནས་ཁྱེད་ཚང་རྒྱལ་པོའི་གསོལ་


CMR050_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་མང་པོ་བྱེད་པ་ཡིན་ནོ་གསུངས་སྐད། གྲྭ་པ་དགེ་སློང་གཅིག་གིས་ངེད་ཚང་རྒྱལ་པོའི་གསོལ་ཁ་མི་དར། སྐབས་སུ་རྒྱལ་མགྱོགས་བྱེད་པར་ཡོད་སྨྲས་པས། རྒྱལ་གསོལ་མང་བ་རེད་བསམ། ད་དཀོར་སྒྲིབ་ཡིན་ང་ལ་ན་ཉིང་མཛོ་ལྔ་དྲུག་ཕུལ་མི་བྱུང་བས་དེའུ་ཤི་གསུངས། ཟེར་བ་དྲན་ནས་བྲིས་པའོ། །ལས་འབྲས་ཀྱི་ཀླུ་ཆུང་འདི་ལ་ལེགས་པར་བརྟགས་ན་གོ་རྒྱུ་འགའ་རེ་ཡོད་དམ་སྙམ་མོ།། ༈ །།ན་མོ་སརྦ་ཛྙཱ་ན་ཡེ། ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས། །མངོན་ཤེས་དྲུག་ལྡན་ཐམས་ཅད་དང་། །སངས་རྒྱས་ནང་ནས་སངས་རྒྱས་མཆོག །མངོན་ཤེས་དྲུག་ཅུ་ལྡན་པ་ཡི། །ཨོ་རྒྱན་ཆེན་པོའི་ཞབས་ལ་འདུད། །མོའུ་འགལ་བུ་ལ་སོགས་པ་ཡི། །ལྷ་མིག་མངོན་ཤེས་ལྡན་རྣམས་ཀྱིས། །གསུངས་པའི་དམ་ཆོས་མངོན་པ་སོགས། །འཇིག་རྟེན་སྒྲོན་མེ་རྣམས་ལ་འདུད། །རང་རེ་ཐ་མལ་སོ་སྐྱེ་ཡིས། །ཆུ་བུར་མིག་གིས་འགའ་མི་མཐོང་། །དཔག་ཚད་གཅིག་ཙམ་ཚུན་ཆད་ཀྱི། །གདོས་བཅས་དངོས་པོ་རགས་རིམ་ཙམ། །དངོས་མེད་ཡུལ་ནི་མཐོང་བ་མེད། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། །འཁོར་འདས་ཐམས་ཅད་ལམ་མེར་གཟིགས། །ཉན་ཐོས་རང་རྒྱལ་དགྲ་བཅོམ་རྣམས། །


CMR050_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བའི་འདུན་པ་བཏང་ན་གཟིགས། །ལྷ་མིག་དག་པས་ཕལ་གཅིག་མཐོང་། །དེ་ལ་སྟོང་གསུམ་ལ་སོགས་པའི། །སྣོད་ཀྱི་འཇིག་རྟེན་ཁམས་འདི་ནི། །ཐེག་པ་ཆེན་པོའི་ལུགས་ལ་ནི། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །ལོངས་སྐུ་རྣམ་སྣང་གངས་ཆེན་མཚོའི། །ཕྱག་གི་སྤོས་ཆུའི་རྒྱ་མཚོ་ལ། །མེ་ཏོག་སྐྱེས་པའི་སྟེང་དུ་ཆགས། །དེ་ཕྱིར་འཕགས་པས་སྤྲུལ་པ་སྟེ། །འབྱུང་བ་ཆེན་པོ་ལྔ་པོ་ཡང་། །ཡུམ་ཆེན་ལྔ་ཡིས་ངོ་བོར་སྣང་། །ཐེག་པ་ཐུན་མོང་ལུགས་ལ་ནི། །སེམས་ཅན་སྤྱི་མཐུན་ལས་ལ་གྲུབ། །དེ་གཉིས་མི་འགལ་དོན་ལ་གཅིག །ཕྱི་རོལ་མུ་སྟེགས་ལུགས་ལ་ནི། །འཇིག་རྟེན་རི་རབ་གླིང་བཞི་སོགས། །ལྷ་ཆེན་དབང་ཕྱུག་ཆེན་པོས་བཟོས། །དེ་ཕྱིར་སྲིད་པའི་བདག་པོ་དང་། །འཇིག་རྟེན་དམྱེས་པོ་མིན་ནོ་ཟེར། །མཐོ་རིས་དང་ནི་ངན་སོང་དང་། །འགྲོ་བ་རིགས་ནི་དྲུག་ཅེས་གྲགས། །འགྲོ་དྲུག་གནས་སུ་མ་ཕྱིན་པའི། །སྲིད་པ་བར་དོའི་སེམས་ཅན་དང་། །དེ་ལས་གཞན་པ་མངོན་དགའ་སོགས། །དག་པའི་ཞིང་ཁམས་དཔག་མེད་ཡོད། །དགེ་སྡིག་ལས་ཀྱི་རྒྱུ་བྱས་ནས། །སྨོན་ལམ་ཅན་གྱིས་མཚམས་སྦྱར་


CMR050_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །སོ་སོའི་བདེ་སྡུག་མི་འདྲ་བ། །རྣམ་པ་སྣ་ཚོགས་མཚར་པོ་ཆེ། །སྡིག་པའི་ལས་ཀྱི་རྒྱུ་བྱས་ནས། །ཞེ་སྡང་ཅན་གྱི་མཚམས་སྦྱར་བས། །ཚ་དམྱལ་གྲང་དམྱལ་བཅོ་བརྒྱད་བཤད། །རྒྱ་གར་རྡོ་རྗེ་གདན་གྱི་འོག །དཔག་ཚད་སྟོང་ཕྲག་ཉི་ཤུ་ན། །མནར་མེད་དམྱལ་བའི་གནས་ཡོད་ཅིང་། །དེ་ཡི་སྟེང་ན་ཚ་དམྱལ་བརྒྱད། །མི་དཔེར་ན་ཁང་པའི་ཙག་བཞིན་ཡོད། །ཚ་དམྱལ་སྟེང་མ་ཡང་སོས་ཏེ། །སེམས་ཅན་དེ་དག་གཅིག་ལ་གཅིག །དགྲ་རུ་མཐོང་ནས་ལས་དབང་གིས། །ལག་ཏུ་གང་བཟུང་མཚོན་ཆར་གྱུར། །གཅིག་གིས་གཅིག་བསད་ཐམས་ཅད་འཆི། །དེ་ནས་རླུང་གཅིག་བྱུང་བ་དང་། །སོས་པར་གྱུར་ཅིག་ཟེར་པའི་སྒྲ། །གྲགས་པས་ཐམས་ཅད་སྔར་ལྟར་སོས། །ཡང་ནི་སྔོན་ལྟར་གསོ་རེས་བྱེད། །ཉིན་ཞག་རེ་ལ་ལན་སྟོང་འཆི། །དེང་སང་འཛམ་གླིང་མི་གཅིག་ལ། །མདུང་ནི་སུམ་བརྒྱ་དུས་རྒྱུན་དུ། །བརྒྱབ་པའི་སྡུག་ལྟ་བསྔལ་ཙམ་ཞིག་ཡོད། །ཚེ་ཚད་རང་ལོ་ལྔ་བརྒྱ་སྟེ། །མི་ལོ་བྱེ་བ་ཕྲག་དང་ནི། །སུམ་ཁྲི་ཉིས་སྟོང་ཡོད་པར་གསུངས། །འོག་མ་རིམ་བཞིན་སྡུག་བསྔལ་དང་། །ཚེ་ཚད་ཉི་


CMR050_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཤུའི་འགྱུར་གྱི་ཆེ། །ལུས་ལ་ཐིག་བརྒྱབ་སྟ་རེ་དང་། །སོག་ལེས་གྲ་ཕྱིར་ཐིག་ནག་ཟེར། །ལྕགས་སྲེག་རི་གཉིས་འཐབ་པ་དང་། །ལྕགས་སྲེག་མཆིག་དང་རམ་ལེབ་ཀྱསི་། །བར་དུ་བཙིར་བ་བསྡུས་འཇོམས་སོ། །ནགས་མཐའ་ཐམས་ཅད་མེ་ཡིས་འཁོར། །ཚིག་ཅིང་ངུ་བས་ངུ་འབོད་དང་། །མེ་ཡིས་འཐུམས་ནས་ཤ་རུས་ཁོལ། །དུ་འབོད་ཆེན་པོ་བྱེད་པའོ། །ལྕགས་སྲེག་ཁ་ཊཾ་བཤང་ལམ་དང་། །རྐང་མཐིལ་གཉིས་ནས་བརྒྱབ་པ་ཡི། །སྤྱི་བོ་དང་ནི་ཕྲག་པར་ཕུད། །ཁ་རུ་ཁྲོ་ཆུ་ཁོལ་མ་བླུགས། །ནང་ཁྲོལ་ཚིག་ནས་ཕྱིར་བྱུང་དང་། །ལྕགས་སྲེག་སླ་ངར་ཡོས་ལྟར་བཀྲབ། །དེ་དག་ཚ་བའི་དམྱལ་བར་གྲགས། །ལྕགས་སྲེག་ཁང་པའི་ནང་དུ་ཚུད། །འོག་ཏུ་ཁྲོ་ཆུ་ཁོལ་མས་གང་། །ཕྱི་ནས་མེ་ཆེན་འབར་བས་ཚིག །རབ་ཏུ་ཚ་བའི་དམྱལ་བར་བཤད། །ལྕགས་ཟངས་ནང་དུ་ཁྲོ་ཆུ་བཀོལ། །དེ་ནང་རྒྱུན་དུ་བཙོ་བ་ནི། །མནར་མེད་དམྱལ་བ་ཆེན་པོའོ། །དེ་དག་རེ་རེའི་ཕྱོགས་བཞི་ན། །མེ་མ་མུར་རུའི་ཐང་ཆེན་བསྒྲོད། །རྩྭ་རྣམས་སྤུ་གྲིར་སྐྱེས་པའི་ཐང་། །བརྗོད་པས་རྐང་པ་གཅོད་ཅིང་སོབ། །རལ་གྲི་ལོ་མའི་


CMR050_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ནགས་ཚལ་གསེབ། །རླུང་གིས་བསྐྱོད་པས་རལ་གྲིས་ཆར། །མགོ་དང་རྐང་ལག་གཅོད་ཅིང་སོས། །ལྕགས་ཀྱི་ལྗོན་ཤིང་ལོ་མ་རྣམས། །ཤིན་ཏུ་རྣོ་ངར་མཚོན་ཆ་གཟེངས། །རྩེ་དེར་རང་ཉིད་དགའ་བ་ཡི། །སྐྱེས་ཡུལ་བུད་མེད་འདུག་མཐོང་ནས། །ཡར་ལ་འཛེགས་པས་ལུས་ཀུན་གཤགས། །རྩེར་ཕྱིན་དེ་ཉིད་གནམ་ལྕགས་ཀྱི། །བྱ་རུ་གྱུར་ནས་ཀླད་པ་འདོན། །ཡང་ཤིང་གི་རྩ་རུ་འདུག་པ་མཐོང་། །ཐུར་དུ་བབ་པས་སྨད་ཀུན་གཤགས། །རྩར་ཕྱིན་ཁྱི་རྒོད་སྲེ་བོར་གྱུར། །རྒྱུ་མ་འདྲེན་ཅིང་ཟ་བར་བྱེད། །དེ་ལྟར་ཡང་ནས་ཡང་དུ་བྱེད། །དེ་དག་ཉི་ཚེ་ཉེ་འཁོར་བ། །རྒྱ་གར་གྲོང་ཁྱེར་སེར་སྐྱའི་འོག །དཔག་ཚད་ལྔ་བརྒྱའི་ས་ན་ནི། །ཡི་དྭགས་གནས་ནི་ཡོད་པར་གསུངས། །ས་གཞི་བྱེ་ཚན་ཆུ་མེད་པར། །ལུས་ཆེ་ལྟོ་བ་ཡང་པ་ལ། །རྐང་ལག་ཕྲ་ཞིང་ཁ་ཆུང་བ། །ཟས་སྐོམ་ཡིད་ལ་བཏགས་ན་ཡང་། །ཅུང་ཟད་ཙམ་ཡང་མི་མྱོང་སྒྱུ་བ།ཕྱི་ཡི་སྒྲིབ་པ་ཅན་རྣམས་ནི།། །ཆུ་ནི་རྣག་ཁྲག་ཁྲོ་ཆུར་མཐོང་། །ལ་ལ་བཟའ་བཏུང་ལོངས་སྤྱོད་རྣམས། །ཡོད་ཀྱང་ཁྲོ་བོ་འཇིགས་རུང་པས། །བསྲུངས་ནས་ཟ་བའི་


CMR050_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མེད་པ། །ནང་གི་སྒྲིབ་པ་ཅན་ཞེས་བྱ། །ཅུང་ཟད་རྙེད་ཀྱང་ཁར་མི་ཤོང་། །སྐྱིད་པ་ཕྲ་བས་མི་ཐར་དང་། །ལྟོ་བ་ཆེ་བས་བརྒྱག་མི་ནུས། །ཅུང་ཟད་ཁོག་ཏུ་ཕྱིན་པ་དེ། །མེ་རུ་འབར་ནས་སྡུག་བསྔལ་བྱེད། །དེ་སོགས་སྡུག་བསྔལ་དཔག་མེད་དེ། །མི་ཡི་ཟླ་གཅིག་ཡི་དྭགས་ཀྱི། །ཞག་གཅིག་བརྩི་བའི་རང་ལོ་ཡང་། །ལྔ་བརྒྱ་ཚེ་ཡི་ཚད་དུ་གསུངས། །དམྱལ་བ་ཡི་དྭགས་ཁ་འཐོར་རིགས། །ཆུ་ཆེན་འགྲམ་དང་བྱང་སྟོང་སོགས། །མི་ཡུལ་ན་ཡང་ཡོད་པ་སྟེ། །རང་རེ་ཕལ་པས་མཐོང་བ་མེད། །འདྲེ་ཡི་རིགས་ནི་ཕལ་ཆེར་ཡང་། །མཁའ་ལ་རྒྱུ་བའི་ཡི་དྭགས་ཏེ། །ལྟོགས་སྐོམ་ཆེ་བས་སྲོག་དབུགས་ཟ། །སླར་ཡང་མནར་མེད་དམྱལ་བར་སྐྱེ། །གླིང་བར་མུན་ནག་རྒྱ་མཚོའི་ནང་། །དུད་འགྲོ་ཆུ་གནས་སྣ་ཚོགས་ཏེ། །ལྟོགས་སྐོམ་བླུན་རྨོངས་གཏི་མུག་པས། །རང་ལུས་རང་གི་ཟ་བྱེད་དེ། །ཚ་ན་བྱུང་ཡང་ཟོས་པ་ཡིས། །དོན་དུ་ཚ་ན་བྱུང་མི་ཤེས། །ཆེ་བས་ཆུང་བ་ཇུར་མིད་བྱེད། །ཆུང་བས་ཆེ་བ་ཕུག་ཅིང་སྒྱུར། །ཀླུ་རྣམས་བྱེ་ཚན་ཆར་པས་ཚིག །ཀླུ་རིགས་དཀར་ནག་འཁྲུག་ཅིང་རྩོད། །ཁྱུང་གིས་འཚེ་དང་ནད་ཀྱིས་ཟིན། །


CMR050_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་ཆེ་ཡང་སྡུག་བསྔལ་མང་། །དུད་འགྲོ་ཁ་འཐོར་མི་ཡུལ་དུ། །ཡོད་པ་རྣམས་ནི་བལྟས་པས་ཤེས། །ཚེ་ནི་རིང་ཤོས་སྐལ་པར་གནས། །ཐུང་ཤོས་ཞག་རེར་འཆི་བ་ཡོད། །དེ་ལྟར་ངན་སོང་སྡུག་བསྔལ་རྣམས། །བཅོམ་ལྡན་འདས་ཀྱིས་གསུངས་པ་དང་། །མོའུ་འགལ་སོགས་དངོས་སུ་ནི། །བྱོན་ནས་གསལ་པོར་གཟིགས་པ་དང་། །ཤ་བ་རི་སོགས་གྲུབ་ཐོབ་འགའི། །ལྷ་མིན་དག་པའི་སྤྱན་གྱིས་གཟིགས། །ཀུ་སུ་ལུ་དང་ཉག་ཕྲུག་སོགས། །འདས་ཚུལ་བསྟན་ནས་གཟིགས་པ་ཡི། །ལོ་རྒྱུས་རྣམས་ལ་ཡིད་ཆེས་བྱ། །དེ་ལྟར་རང་རང་འཁྲུལ་སྣང་ལས། །དངོས་སུ་གྲུབ་པ་མེད་ཟེར་བ། །ངེས་པའི་དོན་ལ་དེ་ཡིན་ཀྱང་། །ངེས་པའི་དོན་དེ་མ་རྟོགས་ན། །དེ་རུ་སྐྱེས་པ་ཐམས་ཅད་ལ། །གདོས་བཅས་དངོས་སུ་གྲུབ་པ་ཡོད། །དཔེར་ན་ད་ལྟ་མི་རྣམས་ལ། །སྐྱིད་སྡུག་སྣ་ཚོགས་འབྱུང་བ་འདི། །དོན་ལ་བདེན་པར་མ་གྲུབ་ཅིང་། །སྟོང་བསྒྱུ་ཉིད་ཆོས་སྐུ་ཉིད་ཡིན་ཀྱང་། །རང་རེས་དེ་ཉིད་མ་རྟོགས་ཕྱིར། །བདེ་སྡུག་བྱུང་ཚོར་དངོས་སུ་གདའ། །འདི་དང་འདྲ་བར་ཤེས་པར་བྱ། །དཔེར་ན་མེ་ནང་མཆོངས་ན་ཚིག །


CMR050_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཆེན་ནང་དུ་མཆོངས་ན་ཁྱེར། །བྲག་རིའི་རྩེ་ནས་མཆོངས་ན་འཆི། །འདི་ཚོའང་བདེན་པར་མ་གྲུབ་སྟེ། །བདེན་མེད་སྒྱུ་མ་ལྟ་བུ་ཡི། །རྟོགས་པ་མངོན་དུ་གྱུར་པ་ན། །མེས་མི་ཚིག་དང་ཆུས་མི་འཁྱེར། །གཡང་ལ་མཆོངས་ཀྱང་བྱ་དང་འདྲ། །དེ་ཚོ་གྲུབ་ཐོབ་པ་རྣམས་ཡིན། །རང་རེ་རྣམས་ལ་དངོས་སུ་གནོད། །དེ་བཞིན་ངན་སོང་སྡུག་བསྔལ་ཡང་། །དེ་རུ་སྐྱེས་ན་དངོས་སུ་གནོད། །གནད་འདི་གོ་བ་གལ་ཆེ་སྟེ། །ལ་ལས་དམྱལ་བ་ཡི་དྭགས་སོགས། །རྨི་ལམ་ཡུལ་དང་འདྲ་ཟེར་ནས། །སྐྲག་འཇིགས་མེད་སྙམ་བྱེད་མཁན་གདའ། །དེ་བཞིན་ལྷ་མ་ཡིན་རྣམས་ཀྱང་། །བདེ་སྐྱིད་ལྷ་དང་ཆ་མཐུན་ཀྱང་། །ལྷ་ཡི་དཔལ་ལ་ཕྲག་དོག་པས། །སེམས་ལ་སྡུག་བསྔལ་ཆེན་པོ་ཡོད། །ལོ་རེ་ལྷ་དང་ལན་གཉིས་འཁྲུག །སྨྲས་པ་མུན་པའི་གླིང་དུ་འཕེན། །ཡུན་རིང་མི་འཆི་སྡུག་བསྔལ་ཆེ། །ལྷ་རྣམས་བདེ་སྐྱིད་ལོངས་སྤྱོད་ཆེ། །ཚེ་ཡང་རིང་པོ་ཐུབ་པ་སྟེ། །སྐྱིད་དགའ་རྩེ་འཇོའི་ངང་ལ་འབྱམས། །ཚེ་ཚད་རྫོགས་ནས་ནམ་མཁའ་ནས། །འཆི་བའི་ལུང་བསྟན་སྒྲ་ཞིག་གྲག །གོས་དང་མེ་ཏོག་རྒྱན་རྣམས་རྙིང་། །མཆན་ཁུང་རུལ་ནས་དྲི་


CMR050_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ངན་མནམ། །རྩེ་རོགས་ལྷ་ཡི་བུ་དང་ནི། །བུ་མོ་ཀུན་གྱིས་སྐྱུར་ནས་འབྲོས། །ཞག་བདུན་ནས་ནི་འཆི་བར་ཤེས། །ཤི་ནས་ཕྱི་མ་ངན་སོང་དུ། །སྐྱེ་བར་འགྱུར་བ་མིག་གིས་མཐོང་། །སྐྲག་ཅིང་སྡུག་ཀྱང་བྱ་ཐབས་མེད། །ལྷ་ཡི་ཞག་བདུན་མི་རྣམས་ཀྱིས། །ལོ་ནི་དྲུག་ཅུ་ཡིན་པ་ལ། །སྡུག་བསྔལ་མྱོང་ནས་ཤི་སྟེ་ལྟུང་། །མི་ཡི་སྐྱེ་རྒས་ན་འཆི་སོགས། །དངོས་སུ་མཐོང་ལྟར་བཤད་མི་དགོས། །ངན་སོང་གསུམ་གྱི་སྡུག་བསྔལ་ནི། །སྡུག་བསྔལ་གྱི་ནི་སྡུག་བསྔལ་ཏེ། །སྡུག་བསྔལ་མངོན་གྱུར་པ་ཞེས་བྱ། །ལྷ་དང་མི་དང་ལྷ་མ་ཡིན། །མཐོ་རིས་གནས་ཏེ་གནས་སྐབས་སུ། །བདེ་སྐྱིད་ཡོད་ཀྱང་མི་རྟག་པས། །སྡུག་བསྔལ་ཉིད་དུ་འགྱུར་འགྲོ་བས། །འགྱུར་བའི་སྡུག་བསྔལ་ཞེས་བྱ་ཡིན། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །ཁྱབ་པ་འདུ་བྱེད་སྡུག་བསྔལ་ཡོད། །དེ་ནི་འཕགས་པ་མ་གཏོགས་པས། །ཕལ་པས་སྡུག་བསྔལ་ངོ་མི་་ཤེས་། །གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ནི། །རང་གྲུབ་རིན་ཆེན་གཞལ་ཡས་ཁང་། །ལུས་ཀྱང་ལོངས་སྤྱོད་རྫོགས་སྐུ་འདྲ། །བསྐལ་པ་མང་པོའི་ཚེ་ཐུབ་ཀྱང་། །ཚེ་ཚད་


CMR050_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ནས་འོག་ཏུ་ལྟུང་། །གཟུགས་མེད་སྐྱེ་མཆེད་མུ་བཞི་ནི། །ལུས་མེད་སེམས་ལ་འདུ་ཤེས་མེད། །བརྒྱལ་ལམ་གཉིད་འཐུག་ལྟ་བུ་རུ། །བདེ་སྡུག་ཚོར་བ་མེད་པ་རུ། །བསྐལ་པ་བརྒྱད་ཁྲིའི་བར་དུ་གནས། །དེ་ནས་དྲན་པ་རྙེད་པ་དང་། །སླར་ཡང་ངན་སོང་སོགས་སུ་ལྟུང་། །དེ་ལྟར་རིགས་དྲུག་གར་སྐྱེས་ཀྱང་། །བདེ་བའི་གོ་སྐབས་མི་གདའ་བས། །འཁོར་བའི་བདེ་ལ་འདོད་པ་སྤོངས། །ལྷ་ཡི་གཙོ་བོ་ཚངས་བརྒྱ་བྱིན། །མི་མཆོག་འཁོར་ལོས་སྒྱུར་རྒྱལ་ལའང་། །སྙིང་པོ་མེད་པའི་གནད་ཤེས་པས། །དེ་རུ་སྐྱེ་བའི་སྨོན་ལམ་ཡང་། །དལ་འབྱོར་མི་ལུས་ཐོབ་པར་ཤོག །ཟེར་བའང་དོན་ལ་སྨོན་ལམ་ལོག །དེས་ན་སྡུག་བསྔལ་ཐམས་ཅད་བྲལ། །གཏན་དུ་བདེ་ཞིང་སྐྱིད་པའི་ས། །སངས་རྒྱས་མྱུར་དུ་ཐོབ་པའི་ས། །དག་པའི་ཞིང་དུ་སྨོན་ལམ་ཐོབ། །དག་པའི་ཞིང་ཁམས་མང་ན་ཡང་། །མངོན་པར་དགའ་དང་དཔལ་ལྡན་ཞིང་། །ལས་རབ་རྫོགས་པ་ལ་སོགས་སུ། །ས་ཐོབ་མ་གཏོགས་སྐྱེ་མི་སྲིད། །འོག་མིན་གནས་དང་འཐུག་པོ་བཀོད། །ས་བརྒྱད་ཐོབ་པ་མ་གཏོགས་པ། །སྐྱེ་བའི་སྐལ་པ་མེད་པར་གསུངས། །དགའ་


CMR050_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཟངས་མདོག་དཔལ་རི་སོགས། །སྐྱེ་བར་སླ་ཡང་ཕན་ཡོན་ཆུང་། །སྐྱེ་དང་འཆི་བའི་སྡུག་བསྔལ་ཡོད། །ཕྱིར་ལ་མི་ལྟུང་ཐག་ཆོད་མེད། །འོད་དཔག་མེད་ཀྱི་སྨོན་ལམ་གྱིས། །མཚམས་མེད་བྱས་དང་ཆོས་སྤངས་པ། །མ་གཏོགས་སྨོན་ལམ་བཏབ་པ་རྣམས། །སྐྱེ་སླ་སྡུག་བསྔལ་ཀུན་དང་བྲལ། །ཕྱིར་མི་ལྡོག་པའི་ངེས་པ་ཚེཅན། །སྐྱེ་རྒས་ན་འཆིའི་སྡུག་བསྔལ་མེད། །ཚེ་ཚད་བསྐལ་པ་དཔག་མེད་ཐུབ། །དེ་བར་སངས་རྒྱས་དང་མི་འབྲལ། །དེ་ནས་ཚེ་དེ་བརྗེས་མ་ཐག །མངོན་པར་རྫོགས་པའི་སངས་རྒྱས་ཐོབ། །དེ་འདྲའི་ཞིང་ཁམས་བདེ་བ་ཅན། །དེ་རུ་དགེ་རྩ་ཐམས་ཅད་བསྔོས། །དེ་རུ་སྐྱེ་བའི་སྨོན་ལམ་ནི། །བཟང་སྤྱོད་བདེ་སྨོན་ཐུགས་དམ་བྱ། །དེ་རུ་སྐྱེ་བའི་ལྷ་དང་སྔགས། །ཐུགས་རྗེ་ཆེན་པོའི་ཡིག་དྲུག་བཟླས། །འཁོར་བའི་སྡུག་བསྔལ་འཇིགས་སུ་རུང་། །ཉན་རང་ཐོབ་ཀྱང་ཐེག་དམན་ཙམ། །སངས་རྒྱས་ཐོབ་པ་ཧ་ཐག་སྒྱུ་རིང་། །བདེ་ཆེན་ཞིང་དུ་སྐྱེ་བ་ལ། །ལམ་ཐག་ཉེ་དང་འཕྲལ་ཕུག་ཏུ། །ལེགས་པའི་ཐབས་གཞན་མི་གདའ་བས། །བསྔོ་བ་སྨོན་ལམ་དེ་ལྟར་བྱ། །རྟ་ཁ་སྲབ་ཀྱིས་བསྒྱུར་


CMR050_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཞིན། །སྨོན་ལམ་ཤིན་ཏུ་སྟོབས་ཆེའོ། །མདོ་རྒྱུད་མང་པོར་བལྟས་པ་ལས། །རྙེད་པའི་ཟབ་ཆོས་དམ་པ་འདི། །བདག་གིས་མན་ངག་མཆོག་ཏུ་སེམས། །དེ་སྐད་ཤིང་སྦྲལ་གྲོ་ཞུན་གྱིས། །བཅུ་གསུམ་སྔ་དྲོའི་ཆ་ལ་བྲིས། །ཞེས་པ་འདི་ནི་དགེ་བའི་བཤེས་གཉེན་རྣམས་ཀྱི་བསྔོ་བ་དུས། དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་ཐོབ་པར་གྱུར་ཅིག །ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དང་མཇལ་བར་གྱུར་ཅིག །ཅེས་སོགས་གསུངས་སྲོལ་གདའ་སྟེ། སྨོན་ལམ་དེ་ནི་ད་ལྟ་ངེད་རང་རྣམས་ཀྱིས་འགྲུབ་ནི་གདའ་སྟེ། གོ་ས་ཆེན་པོ་གཅིག་མི་ཆོད་པར་གདའ། ད་ལྟ་མི་ལུས་བླངས་ནས་བསྐལ་པ་ཡང་མར་འགྲིབ། ཚེ་ཡང་ཇེ་ཐུང་། བསྟན་པ་ཡང་ཇེ་འགྲིབ་འགྲིབ། ད་རེས་མ་ཞན་ཙམ་ཞིག་ལས་འོང་རྒྱུ་མེད་པས། སྨོན་ལམ་དེ་ཡང་གོ་ལོག་ནས་གདའ་བསམས་ནས་སྨྲས་པའོ། །མི་ལུས་ཐོབ་ནས་ཆོས་རྣལ་མར་བྱས་ན། ཚེ་གཅིག་ལ་སངས་རྒྱས་ཀྱང་འགྲུབ་པར་བཤད་ནི་གདའ་སྟེ། དེ་འདྲ་སྔར་ནས་མང་དུ་བྱུང་། དེ་ནི་ཉིན་སྐར་ཙམ་ལགས་སོ།། ༈ །།ན་མོ་ལོ་ཀེ་ཤྭ་ར་ཡེ། གཏམ་ལ་བསྡུས་དོན་མེད་ན་འཆལ་པ་ཡིན། །བཤད་པའི་དོན་དེ་ལེགས་པར་མ་གོ་ན། །མདོ་རྒྱུད་ལུང་འདྲེན་མང་ཡང་ལུང་ཐོབ་ཙམ། །མིག་གིས་མངོན་སུམ་མཐོང་བར་མ་གྱུར་ན། །མང་པོ་བཤད་


CMR050_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཡིད་ཆེས་སྐྱེ་བ་དཀའ། །རང་གི་ངོ་ཤེས་མིང་ཡང་ཤེས་པ་ཡི། །མི་ནི་རྒས་གཞོན་དར་མ་དུ་ཙམ་ཤི། །རང་དང་ན་མཉམ་མི་ཡང་འགའ་རེ་ཤི། །དེ་ཚོ་བས་ལྷག་རང་ལ་གདེང་ཅི་ཡོད། །དེ་ལ་སོམ་དང་མི་རྟག་འཆི་བ་དྲན། །དབྱར་ཁའི་གྲོག་ཚང་རེ་རེའི་གྲོག་མ་དང་། །སྡེ་དཔོན་ཆེན་པོའི་དམག་མི་གང་དེ་མང་། །ལུང་པ་རེ་དང་ས་ཤོག་རེ་རེ་ལ། །མི་ནི་དུ་གདའ་འབུ་སྲིན་དུ་ཙམ་གདའ། །དེ་ལ་ལྟོས་དང་དལ་འབྱོར་རྙེད་དཀའ་གོ །མི་ལུས་ཐོབ་པ་འདྲ་འདྲ་ཡིན་པ་ལ། །སྐྱིད་སྡུག་ཕྱུག་དབུལ་མངའ་ཐང་མི་མཉམ་པ། །ལས་འབྲས་མིན་ན་ཅི་ཡི་ཕྱིར་མི་མཉམ། །ཕ་མ་གཅིག་པའི་སྤུན་ཟླ་འདྲ་འདྲ་ལ། །ཚེ་ཡི་རིང་ཐུང་ནད་ཀྱི་དཀོན་མོད་ལ། །ལྟོས་དང་རྒྱུ་འབྲས་བདེན་པ་དངོས་སུ་གསལ། །རི་དྭགས་གསོད་ལུགས་གཡུང་དྭགས་བཤའ་ལུས་འདི། །རང་གི་ཐོག་ཏུ་བབ་ན་ཅི་འདྲ་འོང་། །ཞག་རེ་འཁྱགས་དང་ལྟོགས་པ་བསྲན་དཀའ་ལྟ་ཞིང་། །མེ་རྟག་ཕོག་པ་ལག་པས་བྱབ་ལུགས་འདིས། །ངན་སོང་སྡུག་བསྔལ་བཟོད་དམ་བསམ་བློ་ཐོངས། །ཁྱི་རྒན་ཏིར་རྒན་ཟེར་དུས་ཀོ་ལོང་ལ། །དངོས་སུ་དེ་འདྲར་སྐྱེས་


CMR050_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཅི་བྱེད་ཨང་། །དེ་འདྲར་མི་སྐྱེ་ངེས་པའི་ལས་བྱས་སམ། །བླུན་གཏམ་འདྲ་བའི་ཚིགས་བཅད་ཡ་ཟུང་དེ། །གོ་ན་སྔོན་འགྲོ་བཞི་སྦྱོར་དོན་རྩ་འདུས། །མཁས་པ་རྣམས་ཀྱིས་བཞད་གད་གནས་ཡིན་ཀྱང་། །ཐ་མལ་མི་ནག་སྐྱེ་བོས་གོ་བར་སླ། །དེ་སྐད་རཱ་ག་ཨ་སྱས་བཅོས་གཏམ་སྨྲས། །ཞེས་པ་སྔར་ཞབས་དྲུང་རིན་པོ་ཆེའི་ཁྲིད་ཆེན་པོ་གཅིག་བཙུགས་སྐབས་སུ། མདོ་རྒྱུད་རྣམས་དང་གྲུབ་ཐོབ་རྣམས་ཀྱིས་གསུངས་པའི་ལུང་འདྲེན་ཟབ་ལ་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་ཀྱང་ཐ་མ་མི་ནག་ཕོ་མོ་རྣམས་ཀྱིས་དོན་མ་གོ་བར། ཕྱིས་དེ་སྐབས་ལྕི་ངོས་སུ་འབྲུག་པའི་རྟོགས་ལྡན་བསླབ་ཤེས་ཀྱི་སྐུ་ཡོན་རི་བོང་གི་རྭ་དང་མཚུངས་པ་གཅིག་གིས་ཁྲིད་ཆུང་ཞིག་བཙུགས་པས། ལུང་འདྲེན་མེད་པར་ཐོས་གཏམ་གང་དྲན་གསུངས་པས། མི་ནག་པ་རྣམས་ཀྱིས་དོན་གོ་སླ་བར་བྱུང་བས། ཆོས་དེ་ཞབས་དྲུང་ལས་འབྲུག་པ་ཟབ་བོ་ཞེས་མི་ནག་ལ་ལས་སྨྲས་ཟེར་བ་དྲན་ནས། ཆོས་འཆད་ལུགས་ནི་གཞུང་གང་ཡིན་གཅིག་ལ་མདོ་རྒྱུད་ཀུན་གྱིས་ལུང་རྒྱབ་དྲངས། བླ་མ་བརྒྱུད་པའི་མན་ངག་དང་རང་གི་ཉམས་མྱོང་དང་བསྟུན་ལ་ཞབས་དྲུང་རིན་པོ་ཆེས་གསུངས་པ་དེ་བཞིན་བྱེད་དགོས་པ་ཡིན་ལ། དོན་ཚང་ཡང་ལུང་འདྲེན་དང་ས་བཅད་མེད་པར་གྱ་ཚོམ་དུ་ཅི་དྲན་སྨྲ་བས་ཆོས་འཆད་པའི་མཚན་ཉིད་ག་ལ་ཚང་འོན་ཀྱང་ཐ་མལ་པ་རྣམས་ལ་དེ་དགའ་ཞིང་ཡོད་འདུག་སྙམ་ནས་བྲིས་སོ།། ༈ །།ན་མོ་རཏྣ་ཏྲ་


CMR050_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཡཱ་ཡ། འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །ཐར་བར་བྱེད་པའི་སྐྱབས་གཅིག་དགོས། །བརྩེ་ཞིང་བྱམས་པའི་ཕ་མ་ཡི། །བསམ་པ་བཟང་ཡང་སྐྱབས་མི་ནུས། །སྡེ་བརྒྱད་ལྷ་ཀླུ་གཞི་བདག་སོགས། །མཐུ་རྩལ་ཆེ་ཡང་སྐྱབས་མི་ནུས། །ཚངས་པ་དབང་ཕྱུག་རྒྱལ་པོ་སོགས། །སྟོབས་དང་ལྡན་པས་སྐྱབས་མི་ནུས། །དེ་ཕྱིར་ད་རུང་ཁོ་རང་རྣམས། །འཁོར་བའི་འཇིགས་ལས་མ་གྲོལ་ཕྱིར། །སྐྱོན་ཀུན་སངས་ཏེ་ཡོན་ཏན་རྒྱས། །རྫོགས་སངས་རྒྱས་ནི་སྐྱབས་ཀྱི་མཆོག །དེས་གསུངས་ཆོས་ནི་དེ་ཡི་ལམ། །དགེ་འདུན་ལམ་དེ་བགྲོད་པའི་གྲོགས། །དཀོན་མཆོག་གསུམ་ལ་སྐྱབས་ཞུས་ཏེ། །དེ་ལ་ཐེག་པ་ཐུན་མོང་ལུགས། །མཛད་པ་བཅུ་གཉིས་སྟོན་པ་ཡི། །མཆོག་གི་སྤྲུལ་སྐུ་ཤཱཀྱ་ཐུབ། །དེས་གསུངས་ལུང་དང་རྟོགས་པའི་ཆོས། །ཉན་ཐོས་རང་རྒྱལ་དགྲ་བཅོམ་སོགས། །ཕྱིར་མི་ལྡོག་པའི་གང་ཟག་སྟེ། །དེ་དག་སྐྱབས་གནས་དཀོན་ཁྱུ་མཆོག་ཡིན། །སྐྱབས་སྡོམ་ཞུས་ནས་མ་ཤི་བར། །ལྷ་གཞན་སྟོན་པར་མི་འཛིན་ཅིང་། །འཇིག་རྟེན་ལྷ་ལ་སྐྱབས་མི་ཞུ། །དེ་སོགས་བསླབ་བྱ་དགུ་པོ་བསྲུང་། །ཐེག་པ་


CMR050_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་ལུགས་ལ་ནི། །སངས་རྒྱས་ཆོས་སྐུའི་ངོ་བོ་དང་། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ། །ཆོས་ནི་ཐེག་པ་ཆེན་པོ་ཡི། །བརྗོད་བྱའི་དོན་དང་རྗོད་བྱེད་ཚིག །ས་གནས་སེམས་དཔའ་དགེ་འདུན་མཆོག །བླ་མེད་སྔགས་ཀྱི་ལུགས་ལ་ནི། །དཀོན་མཆོག་རྩ་བའི་བླ་མ་སྟེ། །སངས་རྒྱས་ཐམས་ཅད་བླ་མའི་ཐུགས། །དམ་ཆོས་ཐམས་ཅད་བླ་མའི་གསུང་། །དགེ་འདུན་ཐམས་ཅད་བླ་མའི་སྐུ། །ཡི་དམ་བླ་མ་ཡོན་ཏན་ཏེ། །མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ནི། །བླ་མའི་ཕྲིན་ལས་རང་བཞིན་ཡིན། །གསང་སྔགས་རྙིང་མའི་ལུགས་ལ་ནི། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །ཕྱི་ཡི་དཀོན་མཆོག་གསུམ་ཡིན་ལ། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །དེ་གསུམ་ནང་གི་དཀོན་མཆོག་གསུམ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །དེ་ནི་གསང་བའི་དཀོན་མཆོག་གསུམ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །དེ་ཁོ་ན་ཡི་དཀོན་མཆོག་གསུམ། །དབྱིངས་དང་ཐིག་ལེ་ལུ་གུ་རྒྱུད། །རྫོགས་ཆེན་ཨ་ཏི་དཀོན་མཆོག་གསུམ། །ཀུན་འདུས་ཨོ་རྒྱན་རིན་པོ་ཆེ། །མི་འབྲལ་སྤྱི་བོའི་རྒྱན་དུ་བཀོད། །ཅི་མཛད་ཁྱེད་ཤེས་བློ་སྙིང་


CMR050_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

གཏད། །འདི་ནི་བཀའ་གཏེར་རྙིང་མའི་ལུགས། །སྐྱབས་འགྲོ་བྱེད་པ་ཐམས་ཅད་དེ། །སྐྱབས་སྡོམ་ཐོབ་པ་ཉུང་བར་གདའ། །དེ་ཕྱིར་སྐྱབས་སྡོམ་ཁྲོམ་ཆོས་བྱས། །ཅི་ཕྱིར་སྡོམ་པ་མ་ཐོབ་པས། །ཐོབ་ཅིང་སྔོན་དུ་ཐོབ་ན་ཡང་། །འཕེལ་བར་འགྱུར་ཞིང་ཉེས་སྐྱོན་མེད། །དེང་སང་སྐྱབས་གནས་ཞུ་ཟེར་བ། །སྐྱབས་སྡོམ་ཡིན་གྱིས་བྱིན་རླབས་དང་། །བཀའ་བསྒོ་བྱེད་འདི་མ་ཡིན་ནོ། །སྐྱབས་སྡོམ་ཐོབ་པ་མང་ན་ཡང་། །དེ་ཡི་བསླབ་པ་སྲུང་བ་དཀོན། །ཐ་མལ་སྐྱེ་བོ་ཅི་ཆ་ཡོད། །ཡོན་ཏན་མཁན་པོ་རྣམས་ཀྱིས་ཀྱང་། །ཆོས་སྐྱོང་བཀའ་སྲུང་འཇིག་རྟེན་པ། །དྲག་རྩལ་ཅན་གྱི་གཞི་བདག་ལ། །གསོལ་མཆོད་བརྩོན་པ་འདི་རྣམས་ཀྱང་། །དེ་ཡི་དོན་རྩ་མ་ཤེས་ན། །སྐྱབས་འགྲོའི་སྡོམ་པ་བཏང་ཉན་གདའ། །གསར་རྙིང་རྒྱུད་གཞུང་མན་ངག་ནས། །གཟའ་ཀླུ་སྡེ་བརྒྱད་དྲེགས་པ་ཅན། །འཇིག་རྟེན་སྲུང་མ་སྒྲུབ་ཐབས་དང་། །ལྟ་དབང་དང་བཀའ་གཏད་གསོལ་མཆོད་ཐབས། །དཔག་ཏུ་མེད་པ་གསུངས་པ་ནི། །སྐྱབས་གནས་ཡེ་ཤེས་ལྷ་གཅིག་གིས། །རྣལ་འབྱོར་ལྡན་པའི་སྔགས་འཆང་གིས།


CMR050_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་པ་རྣམས་བྲན་གཡོག་དང་། །ཕོ་ཉ་ཡང་གཡོག་བཀོལ་བ་ཡིན། །དེ་ལ་སྐྱབས་སུ་འཛིན་པ་མིན། །གསོལ་མཆོད་ལ་སོགས་བྱེད་པ་ཡང་། །ཕ་ཁུ་སྤུན་ཟླ་ཤག་ཤེས་ལ། །འགྲུལ་གྲོ་བྱིན་པ་ལྟ་བུའམ། །གཡོག་ལ་ཟས་སྐོམ་སྦྱིན་ལྟར་ཡིན། །སྦྱོང་རྒྱུད་ཆ་གསུམ་ལ་སོགས་སྐབས། །ཕྱོགས་སྐྱོང་བཅུ་པོ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །གསུངས་པས་དད་པས་ཕྱག་འཚལ་མིན། །རང་ཉིད་ཡི་དམ་ཐུགས་ཀ་ནས། །སྤྲུལ་པའི་ལྷ་མོ་མང་སྤྲོས་ཏེ། །སོ་སོར་མཆོད་དང་ཕྱག་འཚལ་བས། །རང་གིས་ཕྱག་འཚལ་བ་ཡང་མིན། །དཔེར་ན་རྒྱལ་པོས་མགྲོན་བོས་པར། །འདྲེན་པའི་ཕྱག་བདེ་པ་རྣམས་ཀྱིས། །ཕྱག་གཡོག་གུས་འདུད་བྱས་ན་ཡང་། །རྒྱལ་པོས་བྱས་པ་མིན་དང་མཚུངས། །འཇིག་རྟེན་དྲེགས་པའི་ལྷ་སྲིན་ཡང་། །འཇིག་རྟེན་རང་རྒྱུད་དྲེགས་པ་དང་། །དེ་ཉིད་འདུལ་བྱེད་ཡེ་ཤེས་པ། །མིང་དང་ཆ་ལུགས་འདྲ་བ་སྟེ། །ཡོད་ཀྱང་གཅིག་པ་མ་ཡིན་ཏེ། །ཡེ་ཤེས་གཟའ་མཆོག་རཱ་ཧུ་ལ། །སངས་རྒྱས་རྣམ་པར་སྣང་མཛད་དང་། །ཕྱག་རྡོར་རྟ་མགྲིན་སྤྲུལ་པར་གསུངས། །དེ་ཡིས་འགྲོ་ལ་


CMR050_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་མི་སྲིད། །དེ་ཡི་དབང་སོགས་ཐོབ་ན་ནི། །རྒྱལ་པོའི་བཀའ་ལུང་ཐོབ་པ་ན། །འབངས་ཀྱིས་གནོད་པར་མི་ནུས་ལྟར། །གཟའ་ཡི་ནད་གདོན་ཞི་བར་གསུངས། །དེ་ཡང་སྐྱབས་སུ་མི་འཛིན་ཏེ། །སྤུན་དང་ཕ་ཁུའི་ཚུལ་ཙམ་བསྒོམས། །འཇིག་རྟེན་གཟའ་བདུད་རཱ་ཧུ་ལ། །ཚུལ་ཁྲིམས་འཆལ་བའི་དགེ་སློང་ཞིག །རྒྱལ་པོས་ཆད་པས་གསོན་བསྲེགས་བྱས། །སྨོན་ལམ་ལོག་པས་འཇིག་རྟེན་ཕུང་། །སྦྱོར་ལམ་ཆོས་མཆོག་མན་ཆད་ནས། །འཇག་མའི་སྲིན་བུ་ཡན་ཆད་ཀྱི། །སྲོག་དབུགས་འཕྲོག་པའི་བདུད་ཕོ་ཡིན། །གཟའ་ཡི་སྲུང་བ་ཟ་ཡིག་དང་། །མདོས་དང་འགྱོགས་དང་སྔགས་དམིགས་སོགས། །ཐམས་ཅད་འདི་ཉིད་སྲུང་ཐབས་ཡིན། །དེ་བཞིན་ཀླུ་བདུད་མགོ་དགུ་པ། །དེ་འདུལ་ཡེ་ཤེས་ཀླུ་བདུད་དེ། །ནཱ་ག་རཀྵ་ཆ་ལུགས་ཤིག །འཇིག་རྟེན་བརྟན་མ་བཅུ་གཉིས་དང་། །ཡེ་ཤེས་སྒྲོན་མ་བཅུ་གཉིས་ཡང་། །ཆ་ལུགས་གཅིག་ཀྱང་སོ་སོ་ཞེས། །བཀའ་གདམས་གླེགས་བམ་ལོ་རྒྱུས་གསལ། །དཀོན་མཆོག་གསུམ་ལ་སྐྱབས་ཞུས་ན། །ཚངས་པ་བརྒྱ་བྱིན་དབང་ཕྱུག་ལའང་། །སྐྱབས་སུ་འགྲོ་


CMR050_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་རུང་ན། །འཇིག་རྟེན་ལྷ་གཞན་ལྟ་ཅི་སྨོས། །རྫོགས་སངས་རྒྱས་ཀྱི་དུས་རྟག་ཏུ། །ཉིན་མཚན་དུས་དྲུག་སེམས་ཅན་ཁམས། །ཀུན་ལ་ཕན་ཕྱིར་གཟིགས་པ་ཡིན། །ལྷ་གཞན་དེ་ལྟར་མ་ཡིན་ནོ། །རྫོགས་སངས་རྒྱས་ཀྱིས་སེམས་ཅན་ཀུན། །བུ་གཅིག་ལྟ་བུར་ཐུགས་བརྩེ་ལྡན། །ལྷ་གཞན་ཕན་གནོད་ཅི་ཡང་བྱེད། །ཧ་ཅང་བརྩེ་བ་མ་ཡིན་ནོ། །སངས་རྒྱས་སྟོབས་བཅུ་དབང་བཅུ་ལྡན། །ལས་དང་ཉོན་མོངས་སྡུག་བསྔལ་སྐྱོབ། །གཞན་གྱིས་དེ་ལྟར་སྐྱོབ་མི་ནུས། །ཆོས་དང་དགེ་འདུན་གཉིས་པོ་ཡང་། །རེ་ཞིག་གནས་སྐབས་སྐྱབས་དང་གྲོགས། །མཐར་ཐུག་སྐྱབས་གནས་སངས་རྒྱས་ཉིད། །ནད་གདོན་དགྲ་སོགས་འཇིགས་པ་ལ། །དཀོན་མཆོག་ཐུགས་རྗེ་ཨེ་འོང་ཞེས། །དེང་སངས་ཀུན་གྱིས་སྨྲ་ལགས་ཀྱང་། །དཀོན་མཆོག་ཐུགས་རྗེ་འོང་བ་ལ། །སྐྱབས་འགྲོའི་གནད་འགགས་ཤེས་པ་དང་། །ཁ་ཞེ་མེད་པའི་བློ་གཏད་ནི། །དཀོན་མཆོག་མིན་པ་མེད་པར་དགོས། །དེ་སྐད་རཱ་ག་ཨ་སྱ་ཡིས། །ཤིང་སྦྲུལ་གྲོ་ཞུན་བཅུ་གསུམ་ཉིན། །ཉིན་ཕྱེད་ཐུན་ལ་བྲིས་པའོ། །ཞེས་ན་ཉིང་སྨར་ཁམས་སུ་ས་ལུགས་ཀྱི་བླ་མ་ཆེན་པོ་ཞིག་ལ་གྲིབ་གཞིའི་སྙུན་


CMR050_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ལྕི་མོ་གཅིག་བྱུང་ནས། བདག་ལ་དབང་ཞུར་བྱུང་ཡང་སྒར་འགྱོགས་པ་དང་ཐུགས་ཞིབ་ཆ་མ་བྱུང་། རྗེས་སོར་སྲུང་བའི་འཁོར་ལོ་ཟ་ཡིག་བསྐུར་ཆེད་བྱས་ནས་བསྐུར་ཙམ་ན། འབྲུག་ལུགས་ཀྱི་བླ་མ་ཆེན་པོ་གྲུབ་པའི་ས་ལ་བཞུགས་པ་ཞིག་གིས་གཟའ་ཡི་དབང་གནང་ནས། གཟའ་སྲུང་འཁོར་ལོ་བཏགས་ན་གཟའ་ལ་ཡ་བོ་བཟུང་བ་ཡིན་པས་མི་རུང་གསུངས། དེ་སྔ་བཏགས་མ་ཕོད་ཅི་བྱེད་ཨང་ཞེས་ཆ་ཕྲིན་བྱུང་། འབྲུག་པ་པདྨ་དཀར་པོའི་གསེར་ཡིག་པར་ན་གཟའི་སྐོར་ཡོད་ཚད་ནི་ལས་འབྲེལ་རྩལ་གྱི་གཏེར་མ་ཁོ་ན་རེད། དེའི་ལུགས་དང་རྙིང་མ་ཐམས་ཅད་ནས་གཟའ་ལ་ལྟ་ཅི་སྨོས། གཟའ་སྒྲུབ་དུས་ཡང་རང་སྲུང་འཁོར་ལོ་མ་བཏགས་ན། སྡིག་སྡུག་མའི་གཤེད་དུ་འབབ་གསུངས་པར་གདའ། ནད་པ་དེ་ཡང་བླ་མ་ཆེན་པོ་གཅིག་རེད། གཟའ་སྐྱབས་སུ་འཛིན་པ་མི་སྲིད་དམ། ན་ཚ་དང་སྡུག་བསྔལ་ཅི་བྱུང་ཡང་དཀོན་མཆོག་གསུམ་ལས་གཞན་པའི་སྐྱབས་མི་ཚོལ། གསུངས་པའི་སྡོམ་པ་དེ་ཡང་ཐུགས་ལ་མེད་དམ་སྙམ་ནས་བྲིས་སོ། །༈ །།ན་མོ་ཤཱཀྱ་མུ་ནེ་ཡེ། ནམ་འཆི་ངེས་པ་མི་གདའ་ཞིང་། །ཤི་ནས་འདི་ལས་མ་ཞན་ཙམ། །ལུས་གཅིག་ལོན་ཐབས་གལ་སྐྱ་ཆེ་བས། །སྡོམ་པ་སྣ་གཅིག་མ་བསྲུངས་བར། །ལུས་བཟང་ཐོབ་ཐབས་མི་གདའ་བས། །ཁྱིམ་པ་མི་ནག་རྣམས་ལ་ཡང་། །བསྙེན་གནས་འདུལ་བ་ལས་གསུངས་དང་། །


CMR050_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ནས་གསུངས་པའི་གདན་གཅིག་དང་། །བྱ་རྒྱུད་ནས་གསུངས་སྨྱུང་གནས་ཀྱི། །སྡོམ་ལུང་ཁྲོམ་ཆོས་བྱེད་པ་ལེགས། །ཅིའི་ཕྱིར་སྡོམ་པ་མ་ཐོབ་པར། །བསྲུངས་ཀྱང་སྡོམ་པར་མི་འགྱུར་རོ། །རང་རེ་རབ་ཏུ་བྱུང་བ་རྣམས། །སྡོམ་པ་ཞུ་དུས་ངེས་འབྱུང་གི །བསམ་པ་མེད་ན་ཚད་ལྡན་གྱིས། །སྡོམ་པ་སྐྱེ་བར་དཀའ་ན་ཡང་། །དང་པོ་གྱ་ཚོམ་ཞུས་ན་ཡང་། །ཕྱིས་ནས་བསམ་པ་སྐྱེས་པ་ན། །སོར་ཆུད་པ་ནི་འགྱུར་རོ་ཞེས། །བཤེས་གཉེན་དམ་པའི་ཞལ་ནས་ཐོས། །དགེ་བསྙེན་བསླབ་བྱ་ལྔ་པོ་དང་། །དགེ་ཚུལ་བཅུ་དང་དགེ་སློང་གི །ཁྲིམས་ནི་ཉིས་བརྒྱ་ལྔ་བཅུ་གསུམ། །ཤེས་པར་དཀའ་ཞིང་སྲུང་མཁན་དཀོན། །རྩ་བ་བཞི་པོ་མ་ཉམས་ཤིང་། །དགེ་བའི་བསམ་པ་མི་འདོར་བ། །དེང་སང་ཁྲིམས་ལྡན་གྲལ་འགྲོ་གསུངས། །འདུལ་ཁྲིམས་ཐམས་ཅད་ཧྲིལ་བསྡུས་ན། །གཞན་གནོད་གཞིར་བཅས་སྤང་ལ་འདུས། །ལུས་ངག་ཡིད་གསུམ་བག་ཡོད་པར། །བྱེད་ལ་ཐམས་ཅད་འདུས་པ་ཡིན། །རྩ་བ་བཞི་པོ་སྲོག་ལྟར་བསྲུང་། །ཡན་ལག་ཕྲ་ཞིབ་ཉམས་པ་ཡང་། །སྐྱོན་མེད་སྙམ་དུ་མི་རུང་སྟེ། །ཕྲ་མོ་རེ་རེས་ལྟུང་བས་


CMR050_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །བཤགས་སྡོམ་ཚད་དུ་མ་ཕྱིན་ན། །ལུས་ངན་རེ་རེ་ལེན་ངེས་པས། །དགེ་འདུན་སྡེ་དང་ཉེ་བ་ན། །གསོ་སྦྱོང་གྲ་རུ་འགྲོ་བ་གཅེས། །མ་འཛོམས་ན་ཡང་རང་ཉིད་ཀྱིས། །གསོ་སྦྱོང་བྱིན་རླབས་བྱ་བ་ཡིན། །རི་ཁྲོད་ལ་སོགས་གཅིག་པུ་ལ། །ཞི་གནས་གསོ་སྦྱོང་བྱ་བ་གཅེས། །ཉ་མཚམས་ཐུབ་པའི་དུས་ཆེན་དུས། །གནས་བཅུ་ཐུབ་དབང་སྐུ་བཤམས་ཤིང་། །མཎྜལ་སྤོས་སོགས་མཆོད་པ་བཤམས། །མ་འཛོམ་ཡིད་ཀྱིས་བསྒོམས་པས་འཐུས། །སྤྱན་འདྲེན་མཎྜལ་བསྟོད་པ་བྱ། །ཕྱག་འཚལ་ལྟུང་བཤགས་ལ་སོགས་འདོན། །ཉེས་ལྟུང་ཕྲ་མོ་མང་པོ་དག །བཤགས་པ་བྱ་བའི་འདུན་པ་ཡི། །ལུས་གནད་བཅས་ལ་ཞི་གནས་བསྒོམ། །ཤེས་ན་ཉམས་ལེན་ཐུན་གཅིག་སྐྱོང་། །མི་ཤེས་འདུས་བྱས་མི་རྟག་པ། །ཟག་བཅས་འཁོར་བའི་སྡུག་བསྔལ་དང་། །མྱ་ངན་འདས་པ་ཞི་བདེའི་ལམ། །དེ་དག་ཡིད་ལ་བསྒོམས་བྱས་རྗེས། །ཨ་ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཞེས་སོགས་བསྔོ་བ་སྨོན་ལམ་བྱ། །དེ་ནི་ཞི་གནས་གསོ་སྦྱོང་ཡིན། །དགེ་བ་གསོ་ཞིང་ལྟུང་བ་སྦྱོང་། །དེ་ནི་གསོ་སྦྱོང་མཚན་ཉིད་དོ། །


CMR050_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པ་གཙང་བར་བསྲུང་བ་ན། །ཤི་ཡང་ཤི་བ་མ་ཡིན་ཏེ། །མི་ལུས་ལྷ་ལུས་གདམས་པས་ཆོག །སྡོམ་པ་ཤོར་ན་ཤི་ལས་ཐུ། །སྐྱེ་བ་འབུམ་ཕྲག་བཞི་བརྒྱའི་བར། །ལུས་ངན་ངན་སོང་ཁོ་ན་འགྲིམ། །ཚེ་འདིར་ཚུལ་ཁྲིམས་ལྡན་པའི་མི། །འཕགས་པ་རྣམས་ཀྱི་སྤྱན་ལ་མཛེས། །སྐྱེ་འགྲོ་ཀུན་གྱིས་བཀུར་བར་འགྱུར། །ཚུལ་ཁྲིམས་འཆལ་ན་ཀུན་གྱིས་སྨད། །བདེ་གཤེགས་བཀའ་འདས་དམ་ཉམས་ཏེ། །ཆོས་སྐྱོང་བསྟེན་ཡང་འཁོར་བ་མིན། །སངས་རྒྱས་བསྟན་པ་བཤིག་བྱས་པས། །བཀུག་གཞུགས་བྱས་ན་རང་ཉིད་བཀུག །མཐུ་དང་བཞེས་འབོད་གང་བྱས་པ། །རང་གིས་རང་ལ་བྱས་པར་འགྲོ། །འཇམ་དཔལ་རྩ་བའི་རྒྱུད་ཆེན་ལས། །ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་ནི་འགྲུབ་པ་མ་གསུངས་སོ། །ཞེས་གསུངས་དེ་ཕྱིར་སྔགས་བཟླས་ཀྱང་། །ནུས་པ་བྱིན་རླབས་མི་འབྱུང་ངོ་། །དེ་ཕྱིར་རྩ་བ་བཞི་པོ་དང་། །ཁྱད་པར་བོད་ཀྱི་སྡོམ་གཅིག་མ། །སྲོག་ལས་གཅེས་པར་སྲུང་མཛོད་ཅིག །དེ་སྐད་དབོན་པོ་དགེ་བཤེས་པ། །དགེ་སློང་ཕྲིན་ལས་ཞེས་བྱ་ལ། །དགེ་སློང་རཱ་ག་ཨ་སྱས་གདམས།།


CMR050_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།ན་མོ་མ་ཧཱ་ཀཱ་རུ་ཎི་ཀ་ཡེ། རྫོགས་པའི་སངས་རྒྱས་ཐོབ་པ་ཡི། །ས་བོན་ཆུ་ལུད་སྟོན་ཐོག་ལྟར། །ཐོག་མཐའ་བར་གསུམ་གལ་ཆེ་བ། །བྱང་ཆུབ་སེམས་བསྐྱེད་ནོར་བུ་འདྲ། །རྒྱ་ཆེན་སྤྱོད་པའི་རྒྱུད་ཀྱི་ལུགས། །སེམས་བསྐྱེད་སུ་ཡིན་ལ་མི་སྐྱེ། །དོན་དམ་སེམས་བསྐྱེད་ཆོ་ག་ལ། །བཞེད་པ་མི་མཐུན་རྩོད་པ་མང་། །ཟབ་མོ་ལྟ་བའི་རྒྱུད་ཀྱི་ལུགས། །སེམས་བསྐྱེད་སུ་ཡིན་ཞུས་ཀྱང་སྐྱེ། །རྩོད་མེད་སྟབས་བདེ་ཕན་ཡོན་ཆེ། །དེ་ཕྱིར་སེམས་བསྐྱེད་སྡོམ་པ་ལོང་། །ཁྲོམ་ཆོས་བྱེད་པ་འགྲོ་དོན་ཆེ། །ཅི་ཕྱིར་ཞེ་ན་བྱང་ཆུབ་ཀྱི། །ས་བོན་རྒྱུད་ལ་ཐེབས་པ་ཡིན། །སེམས་བསྐྱེད་བསླབ་བྱ་མཐའ་ཡས་ཀྱང་། །གཞན་ཕན་གཞི་བཅས་བསྒྲུབ་ལ་འདུས། །འགྲོ་དོན་སངས་རྒྱས་མ་ཐོབ་པར། །རང་ཉིད་སངས་རྒྱས་མི་འདོད་པར། །འགྲོ་དོན་བྱེད་པར་སེམས་བསྐྱེད་པ། །མཆོག་ཡིན་རིགས་གསུམ་མགོན་པོ་ཙམ། །རང་དང་འགྲོ་ཀུན་དུས་ཁྱུ་མཉམ་དུ། །སངས་རྒྱས་ཐོབ་འདོད་སེམས་བསྐྱེད་འབྲིང་། །འགྲོ་བ་ཀུན་ལ་ཕན་པའི་ཕྱིར། །རང་ཉིད་སངས་རྒྱས་ཐོབ་བྱས་ལ། །དེ་ནས་འཁོར་བ་ཇི་སྲིད་དུ། །སྤྲུལ་པས་


CMR050_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་འདྲེན་པ་ཡི། །སེམས་བསྐྱེད་ཙམ་ཞིག་མེད་ཐབས་མེད། །མེད་ན་ཆོས་ལ་བརྩོན་ན་ཡང་། །ཐེག་དམན་ཉན་ཐོས་ལམ་དུ་གོལ། །ཉན་ཐོས་ལམ་དུ་གོལ་བ་ན། །འཁོར་བའི་སྡུག་བསྔལ་ཀུན་བྲལ་ཡང་། །སངས་རྒྱས་ཐོབ་ལ་བར་གཅོད་པས། །ཐེག་པ་ཆེན་པོའི་ལུགས་ལ་ནི། །ངན་སོང་ལྟུང་ལས་དེ་ལོད་དོ། །དེ་ཕྱིར་ཐུགས་དམ་དགེ་སྦྱོར་རམ། །དགེ་ཕྱོགས་བྱ་བ་གང་སྒྲུབ་ཀྱང་། །འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །རྫོགས་པའི་སངས་རྒྱས་ཐོབ་པའི་ཕྱིར། །འདི་ཉིད་བྱ་འོ་བསམ་པ་ཡི། །ཐོག་མར་སེམས་བསྐྱེད་རྩི་ཡིས་བཟུང་། །རྗེས་ནས་བསྔོ་སྨོན་དེ་ལྟར་བྱ། །སེམས་བསྐྱེད་བསམ་པ་བརྟན་པ་ན། །གང་བྱས་བྱང་ཆུབ་ལམ་དུ་འགྲོ། །བསྙེན་གནས་ནས་བཟུང་དགེ་སློང་བར། །སོ་སོར་ཐར་པའི་དགེ་སློང་སྡོམ་པ་ཡང་། །ཐེག་དམན་ཉན་ཐོས་ལུགས་ཡིན་ཀྱང་། །བསམ་པ་དེ་ཡིས་ཟིན་པ་ན། །ཐེག་ཆེན་བྱང་ཆུབ་སེམས་དཔའ་ཡི། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་འགྱུར། །བསམས་པས་ཕྱེ་བ་མ་གཏོགས་པ། །ཆོ་ག་སོ་སོར་མེད་པའི་ཕྱིར། །འདུལ་བ་ཐེག་པ་ཐུན་མོང་ཡིན། །ལྷག་པར་ཐེག་ཆེན་ངེས་སོ་


CMR050_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །བྱང་ཆུབ་སེམས་དཔའི་ཉམས་ལེན་ནི། །བདག་གཞན་བརྗེ་བ་ཡིན་ན་ཡང་། །ས་ཐོབ་འཕགས་པ་མ་ལགས་པས། །དངོས་སུ་བརྗེ་བ་མི་ནུས་ཀྱང་། །ཡིད་ཀྱི་བསྒོམས་པས་བསོད་ནམས་ཐོབ། །དེ་ཕྱིར་བཏང་ལེན་དམིགས་པ་ལ། །རྒྱུན་དུ་མ་ཆག་ཐུགས་དམ་བྱ། །བྱམས་པའི་གོ་ཆ་བསྲུང་བའི་མཆོག །སྟོང་ཉིད་ལྟ་བའི་ངང་ཉིད་ལས། །བཏང་ལེན་དམིགས་པ་བསྒོམ་པ་ནི། །བྱམས་ཆེན་གཉུགས་མའི་ཏིང་ངེ་འཛིན། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །ཐེག་ཆེན་ཆོས་ཀྱི་སྙིང་ཁུ་ལྕི་ལགས། །སྙིང་རྗེ་སེམས་བསྐྱེད་མི་ལྡན་ན། །བླ་མེད་སྔགས་བཟླས་ལྷ་བསྒོམས་ཀྱང་། །སྔགས་ནག་ཡིན་གྱིས་གསང་སྔགས་མིན། །དེ་ལྟར་སེམས་བསྐྱེད་གནད་ཤེས་ན། །གྲོང་ཆོག་བཟའ་བཏུང་ལ་སོགས་པ། །བྱ་བ་ཕལ་ཆེར་བྱང་ཆུབ་ལམ། །དེ་བཞིན་མཐོང་བ་ཐོས་པ་ཡི། །གཞན་དག་དགེ་བ་སྒྲུབ་པ་ལ། །འགྲན་སེམས་ཕྲག་དོག་ཟུར་ཟ་སྤོངས། །སྙིང་ཁུང་རུས་པའི་གཏིང་ཉིད་ནས། །རྗེས་སུ་ཡི་རང་དགའ་བ་བསྒོམ། །དེ་ཡི་དགེ་བས་རང་ཉིད་ཀྱི། །བྱས་དང་མཉམ་པའི་བསོད་ནམས་ཐོབ། །འདི་


CMR050_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཟབ་མོའི་གདམས་ངག་ཡིན། །དགེ་བཤེས་ཕྲིན་ལས་ཐུགས་ལ་ཞོག །ཅེས་སྨྲས་སོ། །སྔགས་ཀྱི་སྡོམ་པ་མ་སྐྱེས་པ། །གསར་དུ་སྐྱེ་བར་བྱ་བ་དང་། །སྐྱེས་པ་འཕེལ་ཞིང་རྒྱས་པ་དང་། །ཉམས་པ་སོར་ཆུད་བསྐང་བའི་ཕྱིར། །དབང་ནི་རང་གི་ཞུ་བའམ། །གཞན་ལ་བསྐུར་བར་བྱ་བ་ལ། །རྡོ་རྗེ་སློབ་དཔོན་མཚན་ཉིད་ནི། །ཅི་བཞིན་ཚང་བ་དཀོན་པའི་ཕྱིར། །སློབ་དཔོན་སྐྱོན་དང་ཡོན་ཏན་ཆད། །ཅུང་ཟད་ཡོན་ཏན་ཤས་ཆེ་བ། །བསྟེན་པར་རུང་ཞེས་རྒྱུད་ལས་གསུངས། །དེང་སང་ཕལ་ཆེར་དེ་ཡི་ལུགས། །བསྐུར་ཐབས་རྒྱུད་སྡེ་སོ་སོ་ལས། །མི་འདྲའི་ཁྱད་པར་མང་ན་ཡང་། །དེང་སང་རྗེས་གནང་ཕལ་ཆེར་ནི། །བསྒྲུབ་ལུགས་རྣལ་འབྱོར་རྒྱུད་དང་བསྟུན། །བསྐུར་ཐབས་རིགས་དང་རྗེས་གནང་ལ། །གཏོར་མའི་བྱིན་རླབས་སྦྱར་ཙམ་ལགས། །གསར་མའི་རྡོར་ཕྲེང་ལ་སོགས་པ། །མཁས་རྣམས་རྒྱུད་སྡེ་སོ་སོར་དབྱེ། །རྡོ་རྗེ་གདན་པ་རང་གི་ལུགས། །དབང་སྒྲུབ་སྐད་ཅིག་དྲན་རྫོགས་ལ། །བསྐུར་ཐབས་ཐམས་ཅད་བླ་མེད་ལྟར། །ཅི་ཕྱིར་བྱ་སྤྱོད་རྒྱུད་རྣམས་ཀྱང་། །བླ་མེད་ལུགས་ལྟར་ཉམས་ལེན་པ། །པཎ་


CMR050_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བི་མ་མི་ཏྲ་ཡིས། །རྣམ་འཇོམས་བླ་མེད་ལུགས་སུ་མཛད། །པཎ་ཆེན་ཛེ་ཏཱ་རི་པ་ཡིས། །བྱ་རྒྱུད་ཚེ་དཔག་ལྷ་དགུ་ཡང་། །རྣལ་འབྱོར་རྒྱུད་ལྟར་ཉམས་ལེན་མཛད། །སྤྱིར་གྱི་རྙིང་མའི་སྒྲུབ་ཆེན་དང་། །གསར་མའི་སྒྲུབ་མཆོད་དོན་གཅིག་པར། །ས་ཆོག་རྡུལ་ཚོན་དཀྱིལ་འཁོར་དང་། །ཕྱི་ནང་མཚམས་གཅོད་སོགས་བྱས་ན། །དུས་བཞིར་ཆོ་ག་གཞུང་བསྲང་ཞིང་། །ཉིན་མཚན་ཐུན་རྒྱུན་མ་ཆད་པར། །ཞག་བདུན་ཙམ་དུ་བསྒྲུབས་པ་ནི། །དངོས་གྲུབ་ལེན་ཆོག་སྐབས་དེ་རུ། །དབང་བསྐུར་བྱེད་པ་རྒྱས་པ་ཡིན། །འཕྲལ་དུ་རས་བྲིས་དཀྱིལ་འཁོར་བསྟན། །བདག་མདུན་བུམ་གསུམ་བདག་འཇུག་ལེན། །དེ་ནི་བསྐུར་བ་མགྱོགས་དབང་ཟེར། །རྗེས་གནང་རྒྱས་པ་དེ་དང་འདྲ། །བདག་བསྐྱེད་བྱ་ཞིང་མདུན་བུམ་གཉིས། །དུས་གཅིག་བསྐྱེད་པ་དེ་ལས་བསྡུས། །བདག་བསྐྱེད་རང་གི་ཡི་དམ་ཉིད། །སྐད་ཅིག་གནས་གྱུར་ལྷ་དེར་ལྟ་བསྒོམ། །མདུན་བུམ་དུས་གཅིག་བསྐྱེད་བྱས་ནས། །ཏིང་ངེ་འཛིན་གྱིས་བདག་འཇུག་ལེན། །དེ་ནི་ཤིན་ཏུ་བསྡུས་པའོ། །གསར་མའི་བདེ་མཆོག་རྩ་བཤད་རྒྱུད། །རྙིང་


CMR050_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རྫོགས་ཆེན་རྒྱུད་རྣམས་མཚུངས། །དེ་ཡི་རྗེས་འབྲང་ཨོ་རྒྱན་དང་། །པཎ་ཆེན་རྡོ་རྗེ་གདན་པའི་ལུགས། །བོད་ཀྱི་རྒྱལ་སྟོན་པཎ་དྷ་སད། །དེང་སང་དགེ་ལུགས་ཕལ་ཆེར་མཚུངས། །ད་ནང་རང་གི་ཡི་དམ་གྱིས། །བདག་བསྐྱེད་ཆོ་ག་སྔོན་སོང་བས། །འཕྲལ་དུ་རྗེས་གནང་བྱེད་པའི་ཚེ། །དེ་ཉིད་གནས་འགྱུར་ལྷ་དེར་བསྒོམ། །མདུན་བསྐྱེད་སྐད་ཅིག་དྲན་རྫོགས་ལས། །རྗེས་གནང་བསྒྲུབ་མི་དགོས་པར་བསྐུར། །དགེ་ལུགས་ཕལ་ཆེར་དེ་ལྟར་མཛད། །ཨོ་རྒྱན་ཆེན་པོའི་གསུངས་ལ་ནི། །བསྐྱེད་རིམ་སྐད་ཅིག་དྲན་རྫོགས་སུ། །བདག་མདུན་བུམ་གསུམ་སྐད་ཅིག་བསྐྱེད། །དམ་ཡེ་དབྱེར་མེད་ཡིན་པའི་ཕྱིར། །སྤྱན་འདྲེན་ལ་སོགས་མི་དགོས་ཏེ། །དྲན་པ་ཙམ་གྱིས་རྫོགས་པ་ཉིད། །ལྟ་བ་གྱད་ཀྱི་ལྷ་ཞེས་བྱ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ནི། །སྲུང་བ་ལ་སོགས་མཆོག་ཏུ་གསུངས། །སྔགས་ནི་ཅུང་ཟད་བསྙེན་བྱས་ནས། །དབང་བསྐུར་རུང་བར་རྫོགས་ཆེན་ལུགས། །འོན་ཀྱང་བདག་ནི་ལྟ་བ་དམན། །དབང་རྒྱུན་གཞན་ལ་འཕེལ་བ་ཡི། །རེ་བ་ཡོད་པའི་བཙུན་པ་དང་། །བསྙེན་སྒྲུབ་བྱེད་རེ་ཡོད་པ་ཡི། །ཡོན་ཏན་


CMR050_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་སྐྱ་སེར་འདྲ། །རྒྱས་བསྡུས་སྐབས་དང་བསྟུན་མོད་ཀྱིས། །དབང་སྒྲུབ་ཆ་ཚང་མ་བྱས་པའི། །དབང་ནི་བདག་གིས་བསྐུར་རེ་ཀན། །ནད་པ་དང་ནི་མི་ནག་པ། །སྤེལ་རེ་བསྒྲུབ་རེ་མེད་པ་ཡིས། །མི་ཁོམ་མྱུར་དུ་འགྲོ་དགོས་པས། །ད་ལྟ་དབང་དགོས་ཟེར་བྱུང་དུས། །སྐད་ཅིག་དྲན་རྫོགས་ཏིང་འཛིན་གྱིས། །དབང་བསྐུར་དགོས་པ་འགའ་རེ་བྱུང་། །ལོ་བརྒྱད་ལོན་ནས་མ་རྒས་བར། །ལྷ་སྒོམ་སྔགས་བཟླས་མི་ཚེ་བསྐྱལ། །དྲན་རྫོགས་བསྐྱེད་རིམ་ཟིན་ཙམ་མཆིས། །གལ་ཏེ་དེ་ཉིད་མི་འཐད་ན། །བདེ་མཆོག་ལ་སོགས་བླ་མེད་རྒྱུད། །ཨོ་རྒྱན་རྡོ་རྗེ་གདན་པའི་ལུགས། །དེ་དག་རྣམས་ལ་ཆུ་ཙམ་བྱུགས། །དེ་ཉིད་ངེས་པར་བཀག་འདོད་ན། །དགེ་ལྡན་ཕལ་ཆེར་བཀག་དགོས་གདལ། །འཛམ་གླིང་མི་ཕྱེད་དགེ་ལྡན་པ། །བཀག་འདོད་བྱུང་ན་འཁྲུལ་པ་ཡིན། །སུས་ཀྱང་ཁོག་པར་མི་འདུག་གོ །ཉམས་མཚར་འདྲ་ལུགས་ཞུས་པ་སྒྱུ་ཡིན། །བདག་གི་རྒྱུད་ལ་མི་དགའ་བའི། །སྡང་སེམས་སྐྱེས་པ་མ་ལགས་ཏེ། །བདག་གིས་བཀའ་ཚེགས་ཆེར་སྤྱད་ནས། །ཨོ་རྒྱན་དགོངས་པ་རྫོགས་གསུངས་ནས།


CMR050_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཆེན་དབང་སྒྲུབ་ཁྲིད་གསུམ་སྦྲེལ། །དབང་བསྐུར་ཤིན་ཏུ་རྒྱས་པ་ཡི། །ཕྱག་ལེན་ཕྱོགས་འདིར་མི་ཀུན་གྱིས། །མིག་གིས་མཐོང་བར་བྱས་པ་ལ། །དབང་སྒྲུབ་མ་བྱས་དབང་བསྐུར་ཞེས། །འཕྱས་གདང་བྱེད་པ་བྱུང་བ་ཡང་། །སྔོན་གྱི་ལས་ངན་དག་པ་ཡི། །ལས་སློང་མ་ཉེས་ཁ་ཡོག་སྟེ། །སྒྲིབ་པ་དག་པའི་དགའ་བ་བསྒོམ། །དེ་ལྟར་སྐྱབས་སེམས་དབང་བསྐུར་གྱིས། །ཚིགས་བཅད་ཚན་པ་གསུམ་པོ་འདི། །ཤིང་སྦྲུལ་གྲོ་ཞུན་བཅུ་གསུམ་ཉིན། །སྔ་དྲོའི་ཐུན་ལ་བྲིས་པ་དགེ །ཞེས་པ་རང་ལ་དབང་ལུང་མང་དུ་ཞུས་པའི་དགེ་སློང་སྐུ་ཡོན་ཕུན་སུམ་ཚོགས་པ་ཞིག་གིས་དཔལ་ལྡན་བླ་མ་དམ་པ་འབྲུག་ཆེན་བསོད་ནམས་རྒྱ་མཚོའི་དྲུང་དུ། གནས་མདོ་བླ་མ་དེས་རེས་འགའ་དབང་སྒྲུབ་མ་བྱས་པར་དབང་བསྐུར་བ་དེ་རུང་ངམ་ཞུས་པས། དེ་མི་ཁ་རེད་པ་མ་གཏོགས་མི་རུང་གསུངས་ནས་ཐུགས་ཁྲེལ་མཛད་པ་ནི་ཟེར་བའི་སྐད་རང་གི་སློབ་བུ་གཅིག་གི་ཐོས་ནས་དགེ་སློང་དེ་ལ་འབར་དོ་བས། འབར་མི་དགོས་དེ་ངོ་གནོང་ཞིང་གསང་སྦད་དགོས་པ་མིན། རྒྱུད་རྒྱ་གཞུང་མང་པོ་ནས་བཤད། ད་ལྟ་དགེ་ལུགས་ཕལ་ཆེར་དེ་ལྟར་མཛད་འདུག །རུང་མི་རུང་གི་བསྐྱེད་རྫོགས་ལ་རག་ལས། ང་བན་རྒན་གྱི་རྒྱུད་ཚོད་མཐོ་དམན་ཡང་ཁོང་རང་གིས་ཚོད་ཟིན་དཀའ། ས་གཏེར་གནམ་ཆོས་རྣམས་སུ་ཁོ་བོ་སྤྲུལ་པར་བཤད་གདའ་སྟེ།


CMR050_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཙམ་མིན་ན་ཡང་དྲན་རྫོགས་སུ་བསྐྱེད་རིམ་བསྒོམ་ཐུབ་ཙམ་ཡོད་སྨྲས་ཤིང་། དེའི་དོན་དྲན་ནས་འདི་བྲིས་པ་དབང་ལུང་ཐོབ་པར་ཐེ་ཚོམ་སེལ་བའོ།། ༈ །།ན་མོ་ཤཱཀྱ་མུ་ནེ་ཡེ། སངས་རྒྱས་བསྟན་ལ་ཞུགས་ནས་ནི། །དེ་ཡི་བྱ་བ་བསྒྲུབ་དགོས་ཏེ། །བསྟན་པ་ལུང་དང་རྟོགས་པ་གཉིས། །བཤད་དང་སྒྲུབ་པ་གཉིས་ཀྱིས་འཛིན། །བླ་མེད་བྱང་ཆུབ་བསྒྲུབ་པ་ཡི། །བསམ་པ་བཟང་པོས་ཀུན་བསླངས་ནས། །དཔེར་ན་འཇིག་རྟེན་ཁྱིམ་པ་རྣམས། །སྣ་ཚོགས་ཐབས་ཀྱིས་ཟས་ནོར་བསྒྲུབ། །དེ་བཞིན་རབ་ཏུ་བྱུང་བས་ཀྱང་། །སྣ་ཚོབས་ཐབས་ཀྱིས་དགེ་བ་བསྒྲུབ། །དཔེར་ན་བུང་བས་མེ་ཏོག་ལ། །ཕྱོགས་རེས་མི་བྱེད་བཅུད་འཇིབ་ལྟར། །དབང་ལུང་ཡོན་ཏན་ཆེ་ཕྲའི་རིགས། །ཀུན་ལ་ཞུ་ཞིང་བསླབ་བྱས་པ། །རང་ཉིད་གདམས་པས་ཕྱུག་པར་འགྱུར། །གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ཡིས། །ཡ་ཕོ་ཡུགས་ས་ཡན་ཆོད་ལ། །དབང་ལུང་གདམས་པ་ཞུས་པ་ཡི། །བླ་མ་ལྔ་བརྒྱ་ལྷག་བསྟེན་གསུངས། །དེབཞིན་རྔོག་ལོ་ཆེན་པོས་ཀྱང་། །ལམ་འགྲིམ་ཞོར་ལ་ཆོས་ར་ཡིས། །འཕག་ཉན་བྱས་པས་ཡོན་ཏན་སྐྱེས། །རང་གི་ཆེ་ཚུགས་ཤོར་


CMR050_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

དོགས་ནས། །རང་ལ་མེད་ཅིང་མི་ཤེས་ཀྱང་། །གཞན་ལ་ཞུས་པ་ངོ་ཚ་ནས། །རང་གིས་དབང་ལུང་མ་ཐོབ་ཀྱང་། །ཕ་མྱེས་གོང་མའི་བཞག་ཡིན་ཞེས། །དབང་བསྐུར་ཆོ་ག་རོ་བསྲེག་སོགས། །མི་ཚེ་ཕུད་པར་བྱེད་པ་ཡང་། །ཆོས་ལ་བརྟེན་པའི་སྡིག་ཆེན་པོ། །མཚམས་མེད་ལས་ཀྱང་ཐུ་བ་ནི། །རྒྱུད་སྡེ་རྣམས་ནས་རྒྱ་ཆེར་གསུངས། །རང་གི་ལུང་རྒྱུན་ཐོབ་ངེས་དེ། །ཕན་པའི་བསམས་པས་ཀློག་པ་ལ། །གཞན་དག་ཞུ་བའི་འདུན་པས་ཉན། །དེ་ལ་ལུང་ཞེས་བྱ་བ་ཡིན། །གཞུང་དང་འབྲེལ་པའི་ཊི་ཀ་དང་། །སྤྱི་དོན་ལ་སོགས་བློས་བླངས་ནས། །དགེ་བཤེས་སློབ་དཔོན་མཁན་པོའི་དྲུང་། །དེ་ཡིས་བཤད་པའི་འཕྲོས་ལེན་དང་། །རྩོད་པའི་རིགས་དང་ངག་བསླབ་བྱ། །པཎྜི་ཏ་ཡི་ཚིག་ཁྲིད་ཡིན། །བློ་ལ་ལོན་པར་མ་གྱུར་ན། །གོ་ཤེས་ཆེ་བ་ལ་ལ་ནི། །གཞུང་དང་ས་དཔྱད་འགྲེལ་པ་དང་། །སྤྱི་དོན་དཔེ་ཡི་ངོས་ནས་ཁྲིད། །གཞུང་ཚིག་བློ་ལ་མེད་ན་ཡང་། །གོ་བ་ཡིད་ལ་འཇོག་པ་དེ། །མཁས་པའི་དཔེ་ཁྲིད་ཅེས་བྱའོ། །ཁྲིད་དཔེ་རྫོགས་པའི་ལུང་བྱེད་ཅིང་། །ངོ་སྤྲོད་ཅར་ཕོག་བཤད་པ་ནི། །སྐུ་ཆེན་སྤོམ་ཁྲིད་ཡིན་


CMR050_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །རྒྱུད་གཞུང་ལུང་འདྲེན་མི་བྱེད་པར། །ཐ་མལ་སོ་སོའི་ཡུལ་སྐད་ཀྱིས། །ངོ་སྤྲོད་ནན་ཏན་བྱེད་པ་ནི། །རྒན་མོའི་མཛུབ་ཁྲིད་ཅེས་བྱའོ། །སློབ་མ་རྟོགས་པ་སྐྱེས་རིམ་གྱིས། །རིམ་པར་བཤད་པ་མ་གཏོགས་པ། །དུས་གཅིག་ཚང་བར་མི་བཤད་པ། །རྟོགས་ལྡན་ཉམས་ཁྲིད་བྱ་བ་ཡིན། །དེ་ནི་ཕྱག་ཆེན་ལམ་འབྲས་སོགས་། །ཁྲིད་གཞུང་ཉིད་དང་མཐུན་པ་ལགས། །རྫོགས་ཆེན་བསོད་ནམས་བཟང་པོའི་ལུགས། །སྤུ་ཀོང་རྫོགས་ཆེན་འཆད་རྣམས་དང་། །འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་ལུགས། །ཀཿཐོག་ཁྲིད་སྟོན་བླ་མ་རྣམས། །གཅིག་ཁྲིད་བུག་སྒོ་ཆོས་བཤད་ཀྱིས། །ལོ་གསུམ་བར་དུ་ཁྲིད་མི་རྫོགས། །དེ་ནི་གཞུང་མཐུན་ངོ་མཚར་ཆེ། །དྲུང་ཆེན་ཀུན་དགའ་རྣམ་རྒྱལ་ལུགས། །སྔོན་འགྲོ་ཚེ་ལ་ཕྱག་བསྐོར་བ། །དགེ་སྦྱོར་ཅི་ནུས་འབད་བཅུག་གི །དངོས་གཞི་ཞི་གནས་ལྷག་མཐོང་ཚེ། །ཁྲིད་ཕྲུག་ལུས་གནད་ཁྲིག་གེར་ཀླུ་འདུག །མཚམས་དང་འདྲ་བར་འགྲིམ་འགྲུལ་དང་། །ཕྱག་བསྐོར་གཏམ་ལབ་སྤངས་བ་སྟེ། །ལྷན་ཅིག་སྐྱེས་སྦྱོར་གཞུང་དང་མཐུན། །ཀཾ་ཚང་མོས་གུས་ཕྱག་ཆེན་ལུགས། །


CMR050_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་གསོལ་འདེབས་སོ་སོ་དང་། །གོ་བསྟུན་ཕྱག་ལ་ནན་ཏན་བསྐྱེད། །ངོ་སྤྲོད་གུད་དུ་མི་དགོས་པར། །བྱིན་རླབས་སྟོབས་ཀྱིས་གང་སྐྱེས་སྐྱོངས། །དེ་ནི་རྒོད་ཚང་པ་ལ་ནི། །ཕག་མོའི་གནང་བའི་མན་ངག་ལགས། །འབྲུག་ཆེན་ཀརྨ་བསྟན་འཕེལ་ལུགས། །ཉིན་རེ་བཞིན་དུ་ཐུན་མོང་དང་། །ཐུན་མོང་མིན་པའི་སྔོན་འགྲོ་ཡིས། །ཆོས་བཤད་དམིགས་པ་བསྐྱར་ཞིང་སྤྱོད། །མགུར་འབུམ་བཀའ་འབུམ་གང་རུང་གིས། །ལུང་ཆོས་འདྲ་བ་བྱེད་པ་དང་། །ཕྱག་དང་བསྐོར་བ་བུང་ལེན་ནོ། །རྒྱ་གར་གྲུབ་ཆེན་པ་ཡི་ལུགས། །དང་པོ་མཇལ་སྐབས་བརྡུང་བཏགས་བཏང་། །ཁྲོམ་ལ་བཀའ་བཀྱོན་མཚང་འབྲུ་བྱེད། །སྐབས་སུ་ཐོས་གཏམ་ངོ་སྤྲོད་ཀྱིས། །གྱོང་ཚིག་འདྲ་བ་རེ་རེ་གསུངས། །དེ་ཡི་གྲོལ་བ་ངོ་མཚར་ཆེ། །རྒྱལ་བ་ཡབ་སྲས་འབྲི་སྟག་འབྲུག །དགེ་འདུན་ཤས་ཆེའི་འཚོགས་པ་ལ། །སྐྱེས་སྦྱོར་ལྔ་ལྡན་ཆོས་དྲུག་སོགས། །རྩ་བ་རང་རང་གཞུང་ཉིད་ལས། །མདོ་རྒྱུད་རྣམས་ཀྱི་ལུང་བརྒྱབ་འདྲེན། །གཞན་ལུགས་བཀག་ཅིང་རང་ལུགས་བཞག །དགེ་སློང་ལུང་རིག་ཚུར་ལོན་གསུངས། །དེ་ལྟར་ཁྲིད་སྲོལ་མང་དུ་


CMR050_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་། །བསྟན་པ་སྤྱི་ཡི་ལུགས་ལ་ནི། །རང་ཉིད་ཉམས་རྟོགས་མི་མཐོ་ཡང་། །རང་གིས་ལེགས་པར་འཆད་ཤེས་ན། །འོན་པས་བུས་པའི་དུང་སྐད་ལྟར། །ལས་ཆེན་ཡོད་ན་ཕན་སྲིད་ཅིང་། །གལ་ཏེ་ཕན་པར་མ་གྱུར་ཀྱང་། །ལུང་གིས་བསྟན་པ་འཆད་ཉན་ཡིན། །ཕན་ཡོན་ཡོད་ཀྱི་ཉེས་མེད་གསུངས། །བཀའ་བརྒྱུད་གོང་མའི་བཞད་པ་ལ། །རྩེ་གཅིག་རབ་ལ་མན་ཆད་ཀྱིས། །གཞན་ལ་ཁྲིད་སོགས་བསྟན་པ་ན། །གཞན་ལ་མི་ཕན་རང་ལ་གནོད། །སྤྲོས་བྲལ་རྟོགས་པའི་གང་ཟག་དེས། །ནན་ཏན་ཆེན་པོའི་བཤད་པ་ན། །གཞན་ལ་ཕན་པར་འགྱུར་ནས་འོང་། །རང་གི་ཉམས་རྟོགས་ཅུང་ཞིག་འགྲིབ། །རོ་གཅིག་རྟོགས་པ་སྐྱེས་པ་ཡིས། །ཧ་ཅང་རྒྱས་པར་མ་བཤད་ཀྱང་། །གཞན་ལ་རྟོགས་པ་སྐྱེ་བར་ནུས། །ཁྲིད་འཛུགས་དུས་ནི་རོ་གཅིག་སྟེ། །གཞན་རྒྱུད་བྱིན་གྱིས་བརླབས་ནུས་སོ། །སྒོམ་མེད་རྟོགས་པའི་རྣལ་འབྱོར་ལྟ་ལ། །མོས་འདུན་དད་པ་སྐྱེས་ཙམ་ན། །ཕྱག་ཆེན་རྟོགས་པ་སྐྱེ་བ་ནི། །དྭགས་པོ་ཕག་གྲུ་ལྟ་བུའོ། །བླ་མར་རྟོགས་པ་མེད་པ་ན། །སློབ་མར་རྟོགས་པ་མི་སྐྱེ་བ། །ཚ་


CMR050_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་བརྐོས་ཕོར་ལྟ་བུའོ། །འོན་ཀྱང་བླ་མར་ཁྲིད་ལུང་ཐོབ། །དྭགས་པོ་དུས་མཁྱེན་རྒོད་ཚངས་སོགས། །དེ་ལ་དངོས་སུ་མ་མཇལ་ཡང་། །བརྒྱུད་པའི་ནང་དུ་བཞུགས་པ་དེ། །རྩ་བའི་བླ་མར་བཟུང་བྱས་ནས། །མོས་གུས་རྩེ་གཅིག་གསོལ་བཏབ་ན། །རྟོགས་པ་སྐྱེས་པར་སོ་སོ་ཡིས། །ཞལ་གྱིས་བཞེས་པ་བཀའ་དྲིན་ཆེ། །དེ་ཕྱིར་བདག་གི་སློབ་བུ་ལ། །བདག་ལས་རྟོགས་པ་མཐོ་བ་ནི། །འགའ་རེ་བྱུང་བ་མྱོང་བས་འགྲུབ། །དཔེར་ན་རྨོག་ཅོག་པ་ལས་ནི། །སྐྱེར་སྒོང་པ་ཉིད་རྟོགས་པ་མཐོ། །ཕ་གླང་བུ་མཛོ་གསུངས་དང་མཐུན། །སྒྲུབ་ཆེན་གར་འཆམ་སྤྲོས་བཅས་དང་། །དབང་དང་ཉམས་ཁྲིད་གསུམ་སྦྲུག་པ། །གསང་སྔགས་རྙིང་མའི་ཁྱད་ཆོས་ཏེ། །ལམ་འབྲས་དང་ཡང་དོན་ལ་མཐུན། །སྨིན་གྲོལ་དུས་གཅིག་འབྱུང་བའི་གནད། །ཐེག་པ་རིམ་དགུའི་དབང་ཁྲིད་རྫོགས། །ལོ་བདུན་བར་དུ་ཁོ་བོ་ཡིས། །འདི་ཉིད་ལག་ཏུ་བླངས་བ་སྟེ། །གནད་མ་གོ་བ་ཕལ་ཁྱེར་གྱིས། །ཁྲོམ་སྡུད་རྩེ་སྣ་སྟོན་པར་གོ །དྲུང་པ་གོང་འོག་ཁྲིད་ཚུལ་འདི། །སྐྱེས་སྦྱོར་ཁྲིད་གཞུང་ཉིད་ཡིན་ཏེ། །ལ་ལས་འདུས་བྱས་དགེ་སྦྱོར་ལ། །བཀག་པ་


CMR050_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅིང་སྤོངས་བར་གོ །རྒྱུན་དུ་བཀག་པ་མ་ཡིན་ཏེ། །ཞི་གནས་སྒོམ་ཚེ་སྤང་བ་ཡིན། །ཕྱག་དང་བསྐོར་བ་རྣམ་གཡེང་གྱིས། །ཞི་གནས་སྐྱེ་བར་ག་ལ་གསུངས། །ཞི་གནས་སྐྱེ་བར་མ་གྱུར་ན། །ལྷག་མཐོང་སྐྱེ་བར་མི་འགྱུར་ཏེ། །སྤྲིན་ཚོགས་སྲབ་པའི་ཆར་པ་འདྲ། །དབང་རྒྱུན་ལུང་རྒྱུན་སྤེལ་དང་ཞུ། །ཐོས་བསམ་ལུང་གི་བསྟན་པ་ལགས། །དེ་ལ་ངོ་ཚ་ག་ལ་དགོས། །མ་བཅོས་རང་བབ་ཁྲིད་ཀྱི་ལུགས། །དེ་ལ་འཕྱ་བ་ཟུག་རྔུའི་ཚིག །གར་འཆམ་ས་འདུལ་སྒྲུབ་ཆེན་ལུགས། །དེ་ལ་འཕྱ་བ་ཐོས་པ་ཆུང་། །སྒྲ་རྣམས་བྲག་ཅ་འདྲ་བ་སྟེ། །སྙིགས་དུས་གཏམ་ནི་ཅལ་སྒྲོག་རང་། །དེ་སྐད་རཱ་ག་ཨ་སྱས་སྨྲས། །ཞེས་པ་བླ་མ་ཆེན་པོ་འགའ་ཞིག་གི་དབང་ལུང་གི་རྒྱུན་ཆད་ཀྱང་། བླ་མ་གོང་མ་རྣམས་ཀྱིས་ཕྱག་སྲོལ་ལ་སོང་བས། བུམ་སྒྲུབ་དང་ཞི་ཁྲོ་ཐུགས་དམ་རྩ་བར་བྱེད་ཅིང་གཞན་ལ་ཞུ་འདོད་ཅིང་ཞུ་ཆད་བྱས་ཀྱང་རང་ཚུགས་ཤོར་དོགས་ནས་མི་ཞུ་བར་འདུག །ཚེར་ལུང་པ་གོང་འོག་གིས་ཁྲིད་འཆད་པ་ན། ཞི་གནས་སྐབས་སུ་ཕྱག་བསྐོར་དང་གསོལ་འདེབས་སོགས་ཀུ་ཅོ་སྒྲོག་པར་མཛད་པ་ལ། གྲུབ་མཐའི་ཕྱོགས་རེས་མིན་པར་གོ་ནས་འཕྱས་འདུག་པ་མང་ཐོས། བདག་གིས་སྒྲུབ་ཆེན་དང་ཞི་ཁྲོ་སོགས་གཞུང་ནས་བཤད་པ་ལྟར་གྱིས་གར་འཆམས་


CMR050_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

འཛབ་དབྱངས་སོགས་མ་འཆུགས་པར་བྱས་པ་ལ། རྩེད་མོར་གོ་ནས་རྐང་བྲོ་འདི་སུས་བསླབ་པ་ཡིན་ཟེར་བ་རྣམས་དྲན་ནས་སྨྲས་སོ། །འདི་ལ་གོ་བ་སྐྱེ་རྒྱུ་མང་དུ་ཡོད།། ༈ །།ན་མོ་བཛྲ་དྷ་ར་ཡེ། ཕྱི་མ་ལྷ་མིའི་བདེ་སྐྱིད་འདོད། །ངན་སོང་གསུམ་དུ་ལྟུང་དོགས་པས། །དགེ་སྒྲུབ་སྡིག་སྤངས་སྡོམ་པ་བསྲུངས། །དལ་འབྱོར་མི་ལུས་ལ་སོགས་པ། །བསྔོ་སྨོན་དེ་ལྟར་བྱས་པ་ཡིས། །དགེ་སྟོབས་ཆེ་ཆུང་དང་དཔག་ནས། །མི་ལུས་ལྷ་ལུས་ཆེ་འབྲིང་ཆུང་། །ཚངས་དང་བརྒྱ་བྱིན་འཁོར་ལོས་སྒྱུར། །ཁམས་ཀྱི་རྒྱལ་ཕྲན་བྲམ་ཟེ་དང་། །ཁྱིམ་བདག་རྒྱུནོར་མང་ལྡན་པ་ཡིས། །ལུས་ནི་ལན་གྲངས་དུ་མ་ལེན། །དམན་པ་ལྷ་མིའི་ཐེག་པ་སྟེ། །གནས་སྐབས་བདེ་བ་ཙམ་ཞིག་ལགས། །མཐར་ནི་ལས་ཟད་ངན་སོང་ལྟུང་། །འཁོར་བའི་བདེ་སྐྱིད་མི་འདོད་ཅིང་། །རང་ཉིད་ཁོ་ན་སངས་རྒྱས་འདོད། །གཞན་ཕན་སྙིང་རྗེའི་བློ་མེད་པར། །སྡོམ་བསྲུང་དགེ་སྒྲུབ་ཉམས་ལེན་བརྩོན། །བསྐལ་པ་བརྒྱའམ་ཉི་ཤུ་ནས། །ཉན་རང་དགྲ་བཅོམ་འབྲས་བུ་ཐོབ། །འཁོར་བའི་སྡུག་བསྔལ་གཏན་ནས་བྲལ། །བུད་ཤིང་ཟད་པའི་མེ་བཞིན་དུ། །ལུས་མི་ལེན་པར་གཞན་དོན་


CMR050_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །ཐེག་དམན་ཉན་རང་ཐེག་པ་འོ། །འགྲོ་ཀུན་སངས་རྒྱས་ཐོབ་འདོད་བློས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ཕར་ཕྱིན་བཅུ་པོ་ཉམས་བླངས་ན། །བསྐལ་པ་གྲངས་མེད་གཅིག་གི་སོར། །སྟོང་ཉིད་རྟོགས་ནས་ས་དང་པོ། །རབ་ཏུ་དགའ་བ་ཐོབ་པར་འགྱུར། །དེ་ནས་བསྐལ་པ་གྲངས་མེད་གཅིག །མ་དག་ས་བདུན་བགྲོད་ནས་ནི། །ས་བརྒྱད་མི་གཡོའི་ས་ནོན་ནོ། །དེ་ནས་བསྐལ་པ་གྲངས་མེད་གཅིག །ས་བཅུ་པོ་ནི་ཐོབ་པར་འགྱུར། །དེ་ནས་བསྐལ་པ་བཞི་བཅུ་ལ། །མཚན་དཔེ་ཐོབ་པའི་རྒྱུད་རྣམས་འགྲུབ། །དེ་ནས་རྫོགས་སངས་རྒྱ་བ་ནི། །མདོ་ལུགས་མཚན་ཉིད་ཐེག་པ་སྟེ། །བསྐལ་པ་གྲངས་མེད་གཅིག་གི་བར། །ཚོགས་བསགས་སྒྲིབ་སྦྱངས་མ་བྱས་པར། །སྟོང་ཉིད་མངོན་སུམ་རྟོགས་པ་མེད། །འདི་ལ་དགོངས་ནས་ས་པཎ་སོགས། །མང་པོས་བཀའ་བརྒྱུད་ཕྱག་ཆེན་བཀག །དེ་བཞིན་བྱ་རྒྱུད་སྤྱོད་ལྟརྒྱུད་ཀྱིས། །སྐྱེ་བ་དྲུག་ཅུར་རྣལ་འབྱོར་རྒྱུད། །སྐྱེ་བ་བཅུ་དྲུག་འབྲས་བུ་ཐོབ། །བླ་མེད་གསང་སྔགས་ཉེ་ལམ་སྟེ། །ཚེ་གཅིག་ལུས་གཅིག་སངས་རྒྱས་འགྲུབ། །མདོ་


CMR050_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ལམ་གྱི་ཉེ་རིང་ནི། །ལྟ་བ་སེམས་བསྐྱེད་ཁྱད་མེད་ཀྱང་། །བསྐྱེད་རིམ་ཡོད་མེད་ཁྱད་ཡིན་ནོ། །བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ལ། །ལྷ་བསྒོམ་ཡོད་ཀྱང་བསྐྱེད་རིམ་མིན། །བསྐྱེད་རིམ་བླ་མེད་རྡོ་རྗེ་ཐེག །དེ་ལ་ཀུན་བརྟགས་ཡོངས་གྲུབ་གཉིས། །རྡུལ་ཚོན་རས་བྲིས་ལ་སོགས་ལ། །བསྟེན་ནས་དཀྱིལ་འཁོར་བསྒོམ་པ་ནི། །ཀུན་ཏུ་བརྟགས་པའི་བསྐྱེད་རིམ་སྟེ། །ཧ་ཅང་ཟབ་པ་མ་ཡིན་ནོ། །རང་གི་ཕུང་ཁམས་སྐྱེ་མཆེད་རྣམས། །ཡེ་ནས་ལྷ་ཡི་དཀྱིལ་འཁོར་དུ། །གྲུབ་པར་ངོ་ཤེས་ཐག་ཆོད་ནས། །བསྒོམ་པ་ཡོངས་གྲུབ་བསྐྱེད་རིམ་ཟབ། །སྦྱང་གཞི་ཕུང་པོ་ཁམས་ལྔ་ལ། །སྦྱོང་བྱེད་རིགས་ལྔ་ཡབ་ཡུམ་བསྒོམ། །སྦྱང་འབྲས་དེ་དང་དབྱེར་མེད་འགྲུབ། །དེ་བཞིན་སྦྱང་གཞི་ལུས་ངག་ཡིད། །སྦྱོང་བྱེད་ལྷ་སྔགས་ཏིང་ངེ་འཛིན། །སྦྱང་འབྲས་སྐུ་གསུང་ཐུགས་རྡོ་རྗེ། །འདིར་ནི་ཕྱོགས་ཙམ་བཤད་པ་སྟེ། །རྒྱས་པར་ནང་དོན་གཞུང་འགྲེལ་སོགས། །སྔགས་གཞུང་ཆེན་པོ་རྣམས་སུ་ཤེས། །དེ་ཡང་ཆོ་གའི་དབུ་བཙུགས་ནས། །འབྱུང་བ་རིམ་བརྩེགས་དཀྱིལ་འཁོར་སོགས། །མཐར་ནི་སྟོང་པར་བསྡུས་པ་ཡིས། །བསྐལ་པ་


CMR050_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་འཇིག་གནས་གསུམ་དང་། །མི་གཅིག་སྐྱེ་འཆི་གནས་གསུམ་རྣམས། །དོན་གཅིག་སྦྱར་ཚུལ་ཤེས་བྱས་པས། །མི་ཚེ་གཅིག་ལ་ཆོས་བྱས་དང་། །བསྐལ་པ་གཅིག་ལ་ཆོས་བྱས་དང་། །ཆོ་ག་ཚར་གཅིག་མཉམ་པ་ཡིན། །བསྐྱེད་རིམ་རྣམ་པ་གསལ་བ་དང་། །རྣམ་དག་དྲན་དང་ང་རྒྱལ་བརྟན། །གསུམ་ཁ་འཛོམས་ན་མཆོག་ཡིན་གྱིས། །མེད་ན་ང་རྒྱལ་གལ་ཆེ་གསུངས། །རྣམ་པ་གསལ་བར་བསྒོམ་པ་ནི། །མེ་ལོང་ནང་གི་གཟུགས་བརྙན་ལྟར། །རྒྱན་དང་ཆ་ལུགས་ཕྱག་མཚན་གསལ། །རབ་ནི་གཞན་གྱིས་མཐོང་ནུས་པ། །འབྲིང་ནི་ལྷ་འདྲེའི་མཐོང་ནུས་པ། །ཐ་མ་རང་གི་ཡིད་ཡུལ་གསལ། །རྣམ་དག་དྲན་པ་ཐེར་གཟུགས་མིན། །སྣང་སྟོང་འཇའ་ཚོན་ལྟ་བུ་ལ། །ཞལ་གསུམ་སྐུ་གསུམ་མཚོན་པ་དང་། །ཕྱག་དྲུག་ཕ་རོལ་ཕྱིན་པ་དྲུག །ཞབས་བཞི་ཚད་མེད་རྣམ་བཞི་སོགས། །བརྡའ་ཆོས་སྟོན་པའི་དོན་ཤེས་བྱ། །ང་རྒྱལ་བརྟན་པར་བྱ་བའི་གནད། །མོས་པ་ཙམ་དུ་བསྒོམ་པ་མིན། །ཡིན་ལ་ཡིན་བཞིན་གསལ་འདེབས་ཡིན། །རང་ལུས་ཕུང་ཁམས་སྐྱེ་མཆེད་རྣམས། །ཡེ་ནས་ལྷ་ཡི་དཀྱིལ་འཁོར་


CMR050_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །གསར་རྙིང་རྒྱུད་སྡེ་ཀུན་ལས་བཤད། །རང་ལུས་ཡེ་ནས་དམ་ཚིག་སེམས། །མ་བསྐྱེད་ན་ཡང་ཡེ་ནས་ཡིན། །རང་སེམས་ཡེ་ནས་ཡེ་ཤེས་པ། །སངས་རྒྱས་ཀུན་གྱི་ཐུགས་རྡོ་རྗེ། །དང་པོའི་སངས་རྒྱས་ཀུན་ཏུ་བཟང་། །ཡེ་ནས་རང་ཆས་ཉིད་དུ་བཞུགས། །ཕྱི་རོལ་སངས་རྒྱས་ཞིང་ཁམས་ནས། །ཡེ་ཤེས་སེམས་དཔའ་སྤྱན་འདྲེན་པ། །ལྷ་ནི་ཕྱི་ན་ཡོད་སེམས་པས། །གསང་སྔགས་ཕྱི་པའི་རྒྱུད་གསུམ་ཞེས། །བྱ་སྤྱོད་རྣལ་འབྱོར་རྒྱུད་ཡིན་ནོ། །རང་སེམས་ལས་གཞན་ཡེ་ཤེས་ལྷ། །མེད་ཕྱིར་དྲན་རྫོགས་རང་ཉིད་ལྷར། །བསྐྱེད་པ་གསང་སྔགས་ནང་པ་སྟེ། །ཕ་རྒྱུད་མ་རྒྱུད་གཉིས་མེད་དམ། །མ་ཧཱ་ཨ་ནུ་ཨ་ཏི་སྟེ། །མིང་ནི་ཐ་དད་དོན་ལ་གཅིག །སྐྱེ་གནས་བཞི་པོ་སྦྱང་བའི་ཕྱིར། །ཡན་ལག་དྲུག་དང་མངོན་བྱང་ལྔ། །ཆོ་ག་བཞི་དང་ཆོ་ག་གསུམ། །དྲན་རྫོགས་ལ་སོགས་སོ་སོ་ཡིས། །མངོན་རྟོགས་གཞུང་ལྟར་བསྒོམ་པར་བྱ། །དེ་ཡང་ངག་གིས་འདོན་པ་དང་། །སེམས་ཀྱིས་དེ་དོན་བསྒོམ་པ་དང་། །ལག་པས་སོ་སོའི་ཕྱག་རྒྱ་སོགས། །ཁྲིག་ཁྲིག་འཕྲོད་པ་བཤར་བསྒོམ་སྟེ། །ཆོ་ག་བ་ལ་གལ་ཆེའོ། །དེ་ཡང་


CMR050_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་འཐས་ཐེར་ཟུགས་སུ། །གསལ་ཞིང་ང་རྒྱལ་བརྟན་ནའང་། །ཞི་བ་བསྒོམས་པས་གཟུགས་ཁམས་ལྷ། །ཁྲོ་བོ་བསྒོམས་པས་བདུད་སྲིན་པོ། །མགོ་བརྙན་བསྒོམས་པས་ཤ་ཟ་ཡིས། །ཕྲ་མེན་རྣམས་སུ་གོལ་གསུངས་ཕྱིར། །སྣང་སྟོང་སྒྱུ་མ་ལྟ་བུ་དང་། །སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས། །བརྡའ་དོན་ཤེས་པ་གལ་ཆེ་འོ། །གོལ་ས་མེད་པའི་བསྐྱེད་རིམ་གྱིས། །གྲུབ་ཆེན་བརྒྱད་དང་ཕྲིན་ལས་བཞི། །འགྲུབ་ཅིང་ས་བརྒྱད་ནོན་པ་དང་། །འབྲས་བུ་གཟུགས་སྐུ་འགྲུབ་པར་བཤད། །རང་ཉིད་གང་མོས་བླ་མེད་ལུགས། །ཡི་དམ་འབྲལ་མེད་བསྒོམ་པ་དང་། །སྙིང་པོ་ཆུ་བོའི་གཞུང་ལྟར་བཟླས། །རྫོགས་རིམ་ཟབ་དང་མི་ཟབ་གཉིས། །མི་ཟབ་རྩ་རླུང་ཐིག་ལེ་སྟེ། །སྟོང་ར་རྩ་གསུམ་འཁོར་ལོ་བཞི། །རླུང་ནི་འབུད་པ་དགུ་ཕྲུག་དང་། །རྡུབ་དང་དགང་དང་གཞིལ་བ་ཡིས། །སྦྱོར་བ་བཞི་ལྡན་བྱང་བ་གཅེས། །ཐིག་ལེ་གཏུམ་མོ་འབར་འཛག་སོགས། །གཞོན་ཞིང་ནད་མེད་བརྩོན་འགྲུས་ཅན། །ལོ་གྲངས་བཅུ་གཉིས་བསྒོམས་ནུས་ན། །རྫོགས་སངས་འབྲས་བུ་ཐོབ་པར་གསུངས། །ལམ་རྟགས་རྩ་


CMR050_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ཡོན་ཏན་ཡང་། །དཔག་ཏུ་མེད་པ་འཆར་བ་དང་། །ཉམས་རྟོགས་ཤུགས་ཀྱིས་སྐྱེ་བར་གསུངས། །དམ་ཚིག་ཐིག་ལེ་མ་ཉམས་གཅེས། །ཉམས་ན་ལམ་རྟགས་ཡོན་ཏན་འགྲིབ། །མཁའ་འགྲོའི་བཀའ་ཡི་ཆད་པས་བསྡིག །གལ་ཏེ་རྩ་རླུང་ཉམས་ལེན་ན། །རྩ་བ་འདི་ཉིད་མ་འཆུགས་དགོས། །འདི་ཉིད་བསྲུང་བར་མི་ནུས་ན། །རྩ་རླུང་ཉེས་ལྟུང་རྩ་བ་དང་། །གེགས་སྐྱོན་རིན་གྱིས་ཉོས་པ་འདྲ། །དང་པོ་རྩ་རླུང་སྦྱངས་བའི་དུས། །འཁྲུལ་འཁོར་ལུས་ཆད་དུབ་པ་དང་། །རླུང་ནི་ནོན་ཅིང་ནད་ཀྱང་ལྡང་། །དེ་ཚེ་མི་སྒྱུར་སྙིང་རུས་བྱ། །དེ་ནས་དྲོད་སྐྱེ་བདེ་བ་རྒྱས། །འདོད་ཆགས་བསམ་པ་མང་བར་འགྱུར། །དེ་ཚེ་དེ་དབང་མི་གཏོང་བར། །ངོ་བོ་བལྟས་པས་བདེ་སྟོང་བསྲེ། །ཡང་ན་ཟབ་པའི་རྫོགས་རིམ་སྟེ། །ངོ་བོ་རྗེན་པར་སྐྱོང་བ་དང་། །ཉམས་རྟོགས་སྐྱེ་དང་འཕེལ་བ་དང་། །བརྟན་པར་བྱ་བའི་གདམས་ངག་མཆོག །གེགས་སེལ་བོགས་འདོན་ཀུན་འདུས་པ། །བླ་མའི་རྣལ་འབྱོར་ཡོངས་སུ་གྲགས། །ལོགས་སུ་བསྒོམ་ཡང་མི་དགོས་ཏེ། །རང་ཉིད་ཡི་དམ་ལྷར་གསལ་བའི། །སྤྱི་བོར་རིགས་ཀྱི་བདག་པོ་དེ། །རྩ་བར་


CMR050_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པའི་བླ་མ་རྣམས། །ཐམས་ཅད་འདུས་པའི་ངོ་བོར་གྱུར། །སྐབས་སུ་མོས་གུས་གསོལ་འདེབས་བྱ། །ཏིང་ངེ་འཛིན་གྱི་དབང་བླང་ངོ་། །སྐབས་སུ་ལུས་དང་ལོངས་སྤྱོད་དང་། །བདག་པོས་བཟུང་དང་མ་བཟུང་ཡང་། །མཎྜལ་གཅིག་བསྡུས་དེ་ལ་ཕུལ། །བྱ་བར་སླ་ཞིང་ཚོགས་རྫོགས་སོ། །སྐབས་སུ་རིགས་བདག་བླ་མ་དེ། །རྡོ་རྗེ་སེམས་དཔའི་སྐུར་བསྒྱུར་ནས། །ཉེས་ལྟུང་བཤགས་ཚིག་ཡིག་བརྒྱ་བཟླས། །བདུད་རྩིའི་རྒྱུན་གྱིས་སྡིག་སྒྲིབ་བཀྲུས། །ཐུན་གཅིག་ཡིག་བརྒྱ་ཉེར་གཅིག་གིས། །ལྟུང་བ་མི་འཕེལ་བྱིན་གྱིས་རློབས། །ཐུན་གཅིག་བརྒྱ་རྩ་བརྒྱད་བཟླས་ན། །འཕྲལ་དེས་ཉེས་ལྟུང་ཕྲ་ཞིབ་དག །འབུམ་ཕྲག་ལ་སོགས་བཟླས་ན་ནི། །རྩ་བའི་དམ་ཚིག་ཉམས་ཆག་བསྐང་། །འབུམ་ཕྲག་བཞིའམ་དྲུག་བཟླས་ན། །དམ་ཚིག་ཆག་ཉམས་ཉེས་པ་ཡི། །ཐར་མེད་དམྱལ་བ་ཤམྦྷ་ལར། །སྐྱེ་རྒྱུའི་སྐྱེ་སྒོ་ཆོད་འགྱུར་བ། །གོས་སྔོན་ཅན་གྱི་རྒྱུད་ལས་གསུངས། །དེས་ན་ཐུན་བར་ཐམས་ཅད་དམ། །འགྲོ་འདུག་སྤྱོད་ལམ་ལ་སོགས་དུས། །འདི་ཉིད་ཉམས་ལེན་བྱེད་པ་ཟབ། །བསྐྱེད་རྫོགས་


CMR050_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ་ལ་སོགས་པ། །རྟགས་མཚན་གསལ་བར་མི་འོང་བའི། །གེགས་སེལ་མཆོག་ཀྱང་དེ་ཡིན་ནོ། །དེ་ལྟར་བསྐྱེད་རིམ་དམིགས་པའི་སྐོར། །དེ་དག་གསལ་ཞིང་རང་གི་སེམས། །མི་འཕྲོ་གར་གཏད་དེར་གནས་ན། །དོན་གྱི་ཞི་གནས་དེ་ཡིན་པས། །ལོགས་སུ་བསྒོམ་ཡང་མི་དགོས་སོ། །ཞི་ནི་རྣམ་རྟོག་སྤྱན་སྤུན་ཞི། །གནས་ནི་རིག་པ་གར་གཏད་དུ། །ལྷན་ནེ་གནས་པ་ཞི་གནས་ཏེ། །མཚན་བཅས་ཞི་གནས་ཞེས་བྱ་བ། །བསྟན་པ་སྤྱི་ཡི་ལུགས་ལགས་སོ། །ཐེག་པའི་གོ་རིམ་བསྐྱེད་རྫོགས་དོན། །མོས་གུས་སྒྲིབ་སྦྱོང་མཎྜལ་གྱི། །དོན་བསྡུས་གནད་འགག་ཚིགས་བཅད་འདི། །དགེ་བཤེས་སྤར་ངེ་ཕྲིན་ལས་ལ། །གོ་བ་བསྐྱེད་ཕྱིར་བྲིས་པ་སྟེ། །ཤིང་སྦྲུལ་གྲོ་བཞིན་ཟླ་བ་ཡི། །དམར་པོའི་ཕྱོགས་ཀྱི་ཚེས་ལའོ།། །།ན་མོ་མ་ཧཱ་མུ་དྲ་ཡེ། མི་རྒན་ལོ་བདུན་རྒྱལ་ཁམས་བསྐོར། །ཕྱག་ཆེན་ཁྲིད་ཀྱང་མང་ཞིག་བཙུགས། །སྐྱ་སེར་རྟོགས་འབུལ་མང་དུ་བྱུང་། །ལ་ལས་ཁྲིད་ནི་མང་པོ་ཐོབ། །དང་པོ་བསྲུང་རྒྱུ་ལེགས་པོ་ཡོད། །དེ་ནས་སྐྱིད་པའི་རྣམ་གཡེངས་དང་། །ལ་ལས་སྡུག་


CMR050_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མྱ་ངན་དང་། །ལ་ལས་དགྲ་ཡི་འཚེ་བ་ཡི། །སྐྱོང་རྒྱུ་མ་བྱུང་ལུས་ཤོར་ཟེར། །ལ་ལས་སྔར་ནས་གནས་འགྱུ་ཤེས། །རྒྱུན་དུ་སྐྱོང་བ་ཡིན་ན་ཡང་། །བོགས་བསྐྱེད་ཅི་ཡང་མ་བྱུང་བས། །ད་ནི་སྐྱོང་སྙིང་མ་འདོད་ཟེར། །ལ་ལས་སྔར་དུས་ངེས་ཤེས་ཅན། །སྐྱོང་རྒྱུ་ཡོད་ཅིང་མ་སྐྱུར་ཀྱང་། །ད་ནི་འདི་ཆ་མེད་པར་སོང་། །བློ་སེམས་མ་བདེ་ཅེས་ཟེར་བ། །ལ་ལས་སྐྱིད་སྡུག་ལེགས་ཉེས་སོགས། །ཐམས་ཅད་ཁོ་རང་གཅིག་འདི་རེད། །འདི་མིན་ཅི་ཡང་མེད་དམ་ཟེར། །ལ་ལས་གསལ་སྟོང་རྗེན་ནེ་བ། །འདི་ལ་འདུ་འབྲལ་མེད་དོ་ཟེར། །ལ་ལས་དྲན་ན་དེ་ཡིས་ཆོག །ངོ་བོའི་ཐོག་ན་ཕྱིན་འདུག་སྟེ། །ཡེངས་སྐབས་དུག་ལྔ་སྐྱེ་འོ་ཟེར། །ལ་ལས་མ་ཡེངས་དྲན་པའི་ངང་། །དུག་ལྔ་སྐྱེ་ཞིང་སྤྱོད་ན་ཡང་། །ཡེ་ཤེས་རྩལ་ཡིན་སྐྱོན་མེད་ཟེར། །ལ་ལས་འགྱུར་མེད་ལྟ་བ་ལ། །ཡེངས་རྒྱུ་མེད་པས་ཡེངས་བ་དང་། །བརྗེད་པ་གང་ཡིན་མི་ལྟ་ཤེས་ཟེར། །ལ་ལས་ཤེས་བཞིན་དྲན་པ་དང་། །སྐད་ཅིག་འབྲལ་དུ་མི་རུང་ཟེར། །དེ་ལ་བདག་གིས་འདི་སྐད་སྨྲས། །སྐྱིད་པའི་རྣམ་གཡེང་བྱུང་བའི་དུས། །འདོད་ཡོན་


CMR050_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྤོངས་ལམ་དུ་ཁྱེར། །ཟ་ཞིང་འཐུང་ཞིང་ཉལ་ཞིང་བསྒོམ། །གཏམ་ཞིང་འགྲོ་ཞིང་འདུག་ཅིང་བསྒོམ། །སྤྱོད་ལམ་ཀུན་དང་བསྲེ་ཞིང་བསྒོམ། །བོགས་འདོན་ངོ་མཚར་ཨེ་མ་ཧོ། །སྡུག་པའི་མྱ་ངན་བྱུང་བའི་དུས། །སྡུག་མཁན་སེམས་ལ་ཧྲིག་གེར་བལྟ། །སྡུག་བསྔལ་ཕྱག་ཆེན་ངོ་བོར་འཆར། །དགྲ་ལ་ཞེ་སྡང་སྐྱེས་དུས་སུ། །ཞེ་སྡང་ངོ་བོ་དེ་ལ་ལྟ། །གསལ་སྟོང་མེ་ལོང་ཡེ་ཤེས་འཆར། །སྐྲག་ནས་ཅི་བྱ་ཐབས་རྡུགས་ནས། །སྐྲག་མཁན་སེམས་ལ་ཧྲིག་གེར་ལྟ། །འཇིགས་སྐྲག་སྟོང་ཉིད་ངོ་བོར་ཞི། །འཇིགས་སྐྲག་སྐྱབས་ཀྱི་ངོ་བོར་འགྱུར། །རྒྱུན་དུ་སྐྱོངས་ཀྱང་བོགས་མེད་ན། །བླ་མའི་བྱིན་རླབས་མ་ཞུགས་རྟགས། །མོས་གུས་བསྐྱེད་ལ་གསོལ་འདེབས་འབུང་། །གང་ཤར་སྟེང་དུ་ལྷོད་དེ་བཞག །ཉམས་ལེན་ངེས་ཤེས་ཡོད་པ་ཡལ། །འདི་མིན་མེད་པར་ཕྱམ་མེ་ལུས། །རྟོགས་པ་ཉམས་ལ་ཤོར་བ་སྟེ། །གང་ཤར་བཟང་ངན་གདམ་ག་སྤོངས། །ཐམས་ཅད་སེམས་ཉིད་ཁོ་ནའི་འཕྲུལ། །ཡིན་ཀྱང་དེ་ཡིན་བསམ་པ་ཡི། །འཛིན་པ་ཕྲ་མོ་ཡོད་པ་ཤིག །དོན་ལ་ཡིན་དང་མིན་པ་མེད། །གསལ་སྟོང་རྗེན་ནེ་ངེས་ཤེས་ཅན། །ཕལ་


CMR050_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་གཟུགས་ཁམས་གོལ་བའི་རྒྱུ།། །ང་རྒྱལ་མ་ཆེ་འཛིན་པ་ཤིག །དྲན་ན་ཆོག་སྟེ་མ་དྲན་པའི། །ཡེངས་སྐབས་དུག་ལྔ་སྐྱེས་པ་བདེན། །ཡེངས་དོགས་ཡང་ཡང་དྲན་རྫི་བརྟན། །མ་ཡེངས་ངང་ནས་དུག་ལྔ་སོགས། །སྐྱེས་ཀྱང་ནམ་མཁའི་དབྱུག་རྗེས་ལྟར། །དེ་རྗེས་འབྲང་དོན་ག་ལ་ཡོད། །འབྲང་བ་གཉེན་པོའི་མ་ནོན་རྟགས། །མ་ཡེངས་ཡོད་ཀྱང་དོན་གོ་ཆུང་། །དོན་དམ་འགྱུར་མེད་ལྟ་བ་ལ། །བརྗེད་དང་ཡེངས་སོགས་མ་མཆིས་ཀྱང་། །གོ་བ་ཙམ་གྱིས་མི་ཆོག་པས། །རྟོགས་པ་གདེང་ནས་སྐྱེས་པ་དགོས། །རྟོགས་པ་གདེང་ནས་ཤར་བ་ལ། །ཡེངས་དང་མ་ཡེངས་ཁྱད་མེད་ཀྱང་། །གསལ་ཆ་ཐོན་དང་མ་ཐོན་ཡོད། །དེ་ཕྱིར་དྲན་པས་གསལ་འདེབས་ཤིང་། །ཤེས་བཞིན་དྲན་པས་སྐད་ཅིག་ཀྱང་། །ཡེངས་བ་མེད་པ་དཀའ་བ་སྟེ། །མཉམ་པར་མ་བཞག་མི་མངའ་བ། །སངས་རྒྱས་མ་འདྲེས་ཆོས་ཡིན་ནོ། །དྲན་རྫི་བརྟན་ནི་མི་དགོས་པ། །དེ་ཉིད་བསྒོམ་མེད་ཡིན་པར་བཤད། །བསྒོམ་མེད་སངས་རྒྱས་ས་ཡིན་པས། །འབྲི་སྟག་ཀར་གསུམ་ལ་སོགས་པ། །སྐྱེས་ཆེན་རྣམས་ལ་ཡོད་མོད་ཀྱིས། །རང་རེའི་


CMR050_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཡུལ་མ་ཡིན་པས། །དེ་འདྲའི་ཆོས་སྐད་གཏོང་བ་ཡང་། །མི་ཆོས་བླ་མའི་རྫུན་ལ་ཉེ། །བདག་ལ་རྟོགས་པ་མཐོན་པོ་མེད། །ཅི་ཕྱིར་ཡོན་ཏན་སྣ་ཁ་མང། །བསྙེན་སྒྲུབ་དམིགས་རིམ་འདོན་ཆ་མང་། །རྩེ་གཅིག་དེ་ལ་མ་དྲིལ་ལན། །ལོ་ལྔ་ལོན་ནས་གནས་འགྱུ་འཕྲིགས། །ལོ་བཅུ་ལོན་ནས་གནས་འགྱུ་ཤེས། །བཅུ་བདུན་ལོ་ལ་ཁྲིད་ཆེན་ཐོབ་། །ནམ་ཡང་མ་སྐྱུར་ཙམ་རེ་བྱས། །མཚམས་དང་སྒྲུབ་པ་མི་ཚེ་བསྐྱལ། །དེ་ཕྱིར་ལམ་རྒྱུས་ཅུང་ཟད་མཆིས། །ལོ་འགའ་འགྲོ་དོན་བྱས་སྐབས་སུ། །རྟོགས་འབུལ་བྱུང་རྣམས་དྲན་ནས་བྲིས། །དབོན་པོ་ལ་སོགས་གཞན་ལ་ཡང་། །སེམས་ལ་ཕན་པའི་བདུད་རྩིར་ཤོག། ༈ །།ན་མོ་མ་ཧཱ་མུ་དྲ་ཡེ། ཕྱག་རྒྱ་ཆེན་པོའི་རྟོགས་པ་དེ། །འདོད་པ་ཆེ་བས་སྐྱེ་བ་མིན། །ཤེས་རབ་ཆེ་དང་གོ་བ་བཟང་། །ཡོན་ཏན་མཁས་དང་སྤྱོད་པ་བཙུན། །མི་ཆེ་ལྷ་གཉེན་གྱིས་མི་སྐྱེ། །ཚེ་སྔོན་ལས་འཕྲོ་བཟང་བ་དང་། །མོས་གུས་ཅན་ལ་སྐྱེ་བ་ལགས། །མོས་གུས་ཆེ་ཞིང་བརྩོན་འགྲུས་ལྡན། །ཡུན་རིང་བསྐྱོངས་ཀྱང་སྐྱེད་མེད་པར། །བདེ་གསལ་མི་རྟོག་ཉམས་བཟང་དང་།


CMR050_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

རྩུབ་ཉམས་འཕྲོ་རྒོད་རེས་མོས་ལས། །རྟོགས་པའི་རང་ཞལ་མ་མཐོང་ན། །སྐྱོང་ལུགས་གནད་ཅིག་མ་ཤེས་རྟགས། །ཁྲིད་ཞུས་དུས་ན་བླ་མ་ཡི། །སེམས་ཉིད་མ་བཅོས་རང་བབ་ཏུ། །ཞོག་གསུངས་དོན་དེ་མ་གོ་ཟིན། །ཉམས་རྟོགས་སྐྱེ་བའི་རེ་བ་དང་། །མི་སྐྱེ་སྙམ་པའི་དོགས་པ་དང་། །གསལ་ཆ་ཆེ་དུས་དགའ་བ་དང་། །མི་གསལ་རྨུགས་དུས་མི་དགའ་བ། །གནས་ཉམས་ཆེ་དུས་ཡིད་བདེ་ཞིང་། །འཚུབ་ཆ་ཆེ་དུས་མི་དགའ་བ། །དེ་དག་ཐམས་ཅད་བཅོས་པ་ཡིན། །ད་ནི་གང་ཤར་གདམ་ག་སྤོངས། །དྲན་རྫི་མ་བརྗེད་ཙམ་ཞིག་ལས། །འདི་བསྒོམ་གཏད་སོ་མེད་པར་ཤོག །བཟང་ངན་གདམ་ག་མེད་པར་ཞོག །བདག་མེད་མི་རོ་བཞིན་དུ་ཞོག །བསམ་མེད་སྨྱོན་པ་བཞིན་དུ་ཞོག །དེ་ལྟར་ཡུད་ཙམ་བཞག་ནུས་ན། །ངོས་བཟུང་འཛིན་པ་བྲལ་བ་ཡི། །སྟོང་ཉིད་ཕྱག་ཆེན་ངོ་བོ་མཐོང་། །ལྟ་མི་བལྟ་རྒྱུ་གཅིག་ཏུ་འདྲེས། །འདི་ཡིན་འདི་མིན་མེད་པ་ཡིས། །ངག་གིས་བརྗོད་པའི་ཡུལ་ལས་འདས། །སྣང་སྲིད་འཁོར་འདས་ཐམས་ཅད་ཀུན། །རང་གི་སེམས་དང་དབྱེར་མེད་འདྲེས། །ཕྱི་རོལ་ཡུལ་སྣང་སྣ་


CMR050_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་འདི། །རྒྱ་མཚོར་ཤར་བའི་གཟའ་སྐར་བཞིན། །རྣམ་པ་གསལ་ཡང་ངོ་བོ་སྟོང་། །སངས་རྒྱས་ཀུན་གྱི་ཐུགས་དགོངས་དང་། །སེམས་ཅན་ཀུན་གྱི་སེམས་ཉིད་དང་། སྣང་སྲིད་ལྷ་འདྲེའི་སྲོག་སྙིང་དང་། །རང་གི་སེམས་ཉིད་དབྱེར་མེད་དུ། །ཁ་ཙམ་མིན་པར་སྙིང་ནས་རྟོགས། །ཡེངས་དང་མ་ཡེངས་གཉིད་མ་གཉིད། །ཁྱད་མེད་ངོ་བོའི་ཀློང་དུ་རྟོགས། །བསྒོམ་ཆེན་བྱས་ཀྱང་རུང་ངམ་སེམས། །མི་རུང་བསྒོམ་རྒྱུའི་གཏད་སོ་མེད། །འོན་ཀྱང་དྲན་རྫིའི་ཁྱད་པར་ལས། །གསལ་མདངས་ཐོན་དང་མ་ཐོན་སྣང་། །དེ་ཕྱིར་དྲན་རྫི་བརྟེན་པ་ཟབ། །བསྒོམས་ནས་སངས་རྒྱས་ཐོབ་པའི་ཐབས། །ཕྱག་རྒྱ་ཆེན་པོ་ཡོངས་སུ་གྲགས། །རྫོགས་ཆེན་ཁྲེགས་ཆོད་ཅེས་བྱའི་དོན། །མདོ་རྒྱུད་ཀུན་གྱི་སྙིང་པོའི་བཅུད། །གྲུབ་ཐོབ་རྣམས་ཀྱི་གཤེགས་ཤུལ་ལགས། །གསང་སྔགས་ཟབ་ཁྲིད་ཀུན་གྱི་དོན། །འཕྲལ་དུ་ཡིད་ལ་གང་དྲན་ཙམ། །ཤིང་སྦྲུལ་གྲོ་ཞུན་ཟླ་བ་ཡི། །བཅུ་དྲུག་ཉིན་གྱི་ཕྱེད་ཐུན་སྐབས། །དབོན་པོ་ཕྲིན་ལས་ཞེས་བྱ་ལ། །ངོ་སྤྲོད་ཚུལ་དུ་བྲིས་པའོ།། ༈ །།ན་མོ་གུ་རུ་པདྨ་སིདྡྷི་ཧཱུྃ། དུས་ངན་མཐའ་ལ་


CMR050_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐུག་ཅིང་། །བསྟན་པ་ཧ་ཅང་མ་སྙིགས་དུས། །བསྒོམས་ནས་སངས་རྒྱས་ཐོབ་པ་མང་། །ད་ནི་ཚེ་ཡི་སྙིགས་མ་སྟེ། །ཚེ་ཐུང་ནད་མང་བསྒོམ་ལོང་མེད། །ནད་མུག་མཚོན་སོགས་བར་ཆད་མང་། །སྒོམ་སྒྲུབ་འདོད་ཀྱང་རྐྱེན་གྱིས་འཁྱེར། །དེང་སང་འགྲོ་ལ་ཕན་པའི་ཕྱིར། །སངས་རྒྱས་ཐབས་མཁས་ཐུགས་རྗེ་ཆེ། །མ་བསྒོམ་སངས་རྒྱས་གནད་དྲུག་གསུངས། །བསྒོམས་ན་སངས་རྒྱས་ལུས་ཀྱང་ཐོབ། །མ་བསྒོམས་སངས་རྒྱས་ངོ་མཚར་ཆེ། །ཆོས་སྐུ་ཀུན་ཏུ་བཟང་པོའི་བཀའ། །རྒྱུད་སྡེ་འབུམ་ཕྲག་དྲུག་ཅུའི་དོན། །རིག་འཛིན་དགའ་རབ་རྡོ་རྗེའི་ལུང་། །མཁས་པ་ཤྲཱི་སེང་ཐུགས་ཀྱི་བཅུད། །ཨོ་རྒྱན་ཆེན་པོའི་ཁྱད་ཆོས་ཏེ། །ཡེ་ཤེས་མཁའ་འགྲོའི་སྙིང་གི་ཁྲག །རིག་འཛིན་འབུམ་ཕྲག་གཤེགས་པའི་ལམ། །དམ་ཅན་སྲུང་མས་སྐྱོང་རྒྱུའི་ནོར། །རྫོགས་ཆེན་ཨ་ཏི་ཡོ་ག་ལས། །དྲན་པས་གྲོལ་བར་བྱེད་པའི་ཐབས། །འཕོ་བ་དྲན་པ་རང་གྲོལ་གསུངས། །ཟོས་པས་སངས་རྒྱས་ཐོབ་པའི་ཐབས། །སྐྱེ་བདུན་ཤ་ཡི་རིལ་བུ་གསུངས། །བཏགས་པས་སངས་རྒྱས་ཐོབ་པའི་ཐབས། །བཏགས་གྲོལ་ཕུང་པོ་རང་གྲོལ་


CMR050_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །རེག་པས་སངས་རྒྱས་ཐོབ་པའི་ཐབས། །མཚན་ལྡན་ཕྱག་རྒྱ་པདྨ་ཅན། །མཚོ་རྒྱལ་ལབ་སྒྲོན་ལ་སོགས་གསུངས། །ཐོས་པས་སངས་རྒྱས་ཐོབ་པའི་ཐབས། །ཐོས་གྲོལ་བར་དོའི་ངོ་སྤྲོད་གསུངས། །བལྟས་པས་སངས་རྒྱས་ཐོབ་པའི་ཐབས། །རྫོགས་ཆེན་ཐོད་རྒལ་ཁྲིད་རྣམས་སོ། །འདི་དག་སྣོད་ལྡན་མ་གཏོགས་པ། །ཀུན་ལ་མི་སྨྲ་གསང་དགོས་ཏེ། །དབང་མ་ཐོབ་ལ་བཤད་པ་ན། །བཤད་མཁན་ཉན་མཁན་གཉིས་ཀ་ལ། །མ་གཟའ་དམ་གསུམ་བཀའ་ཆད་འོང་། །ལོག་ལྟ་ཅན་གྱིས་ཐོས་པ་ན། །སྐུར་པ་འདེབས་པས་དམྱལ་བར་ལྟུང་། །ཅི་ཕྱིར་ལས་འཕྲོ་མེད་པ་དང་། །ཐོས་པ་ཆུང་བས་མི་ཤེས་ཏེ། །ཡི་དྭགས་ཟས་ལ་དགྲར་མཐོང་འདྲ། །དབང་ཐོབ་གསང་ཐུབ་དམ་ཚིག་ཅན། །རྫོགས་ཆེན་ངོ་སྤྲོད་ཐོབ་པ་རྣམས། །འཇའ་དང་འོད་ཀྱི་ཐིག་ལེ་རྣམས། །མངོན་སུམ་མིག་གིས་མཐོང་བ་ནི། །དབྱིབས་ནི་འཇའ་གུར་རེ་བ་ཅན། །ཐིག་ལེ་སྟོང་པའི་སྒྲོན་མེ་ནི། །ཕུབ་ཀྱི་སྦ་འཁོར་ལྟ་བུའམ། །ཀོ་མོག་རྡོ་འཕང་ཆུ་རིས་འདྲ། །རིག་པ་རྡོ་རྗེ་ལུ་གུ་རྒྱུད། །ལྕགས་ཐག་དྲྭ་བ་དྲྭ་ཕྱེད་འདྲ། །གསུམ་པོ་གཅིག་གིས་


CMR050_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་མ་བསྒྲིབས། །དཀར་སེར་དམར་ལྗང་མཐིང་ཀ་སྟེ། །རིགས་ལྔ་ཡེ་ཤེས་ལྔ་ཡི་འོད། །མངོན་སུམ་མཐོང་བས་ལྟ་བ་ཡང་། །ཡིད་ལ་སྤྱོད་པ་དེ་བས་ལྷག །ཆོས་ཉིད་མངོན་སུམ་སྣང་བས་སོ། །དེ་དག་ཇེ་ཆེ་ཇེ་འཕེལ་བ། །ཉམས་སྣང་གོང་དུ་འཕེལ་བའོ། །ཕྱག་མཚན་ཡིག་འབྲུ་དཀྱིལ་འཁོར་དང་། །མཆོད་རྟེན་ལ་སོགས་འཆར་བ་དང་། །ཐིག་ལེ་ལྔ་རྩེགས་གསུམ་ཙམ་དང་། །ལྷ་སྐུ་རྐྱང་པའམ་ཞལ་སྦྱོར་དང་། །རིགས་ལྔ་ཡོངས་རྫོགས་ཞི་ཁྲོའི་ལྷ། །མཐོང་ན་རིག་པ་ཚད་ལ་ཕེབས། །དེ་ནས་མ་བསྒོམས་ན་ཡང་ཆོག །ཕྱི་དབུགས་ཆད་པའི་དེ་མ་ཐག །མིག་ལ་འོད་ཀྱི་སྦུ་གུ་ཟུག །དེ་ཡི་རྒྱུད་ནས་རྣམ་ཤེས་ནི། །རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ། །བར་དོ་མེད་པར་སངས་རྒྱས་གསུངས། །འདི་ཙམ་ཁྲིད་ཕྲུག་མང་པོའི་མཐོང་། །ཚད་ཕེབས་ནས་ཀྱང་མ་བསྐྱུར་ན། །འཇའ་ལུས་ཐོབ་པར་གསུངས་པ་སྟེ། །སྔོན་དུ་དེ་འདྲ་དཔག་མེད་བྱུང་། །ད་ནི་འབྱུང་བར་དཀའ་ན་ཡང་། །མི་སྲིད་པ་ནི་མ་ཡིན་ཏེ། །ཚེ་ལོ་དྲུག་ཅུ་ནས་བཟུང་སྟེ། །ཚེ་ལོ་བཅུ་པའི་མཐར་ཐུག་བར། །ཀུན་བཟང་ཐུགས་ཀྱི་བསྟན་པ་


CMR050_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

དར། །རྫོགས་ཆེན་ཉམས་རྟོགས་སྐྱེ་སླ་བས། །དེ་ནས་བཟུང་སྟེ་ཟབ་མོའི་ཆོས། །མང་པོ་དར་ཞིང་རྒྱས་པ་སྟེ། །བཅོམ་ལྡན་འདས་ཀྱི་ཞལ་ནས་ཀྱང་། །དཔེར་ན་མར་མེ་འཆི་ཁ་རུ། །འོད་ནི་གསལ་བར་འབྱུང་བ་ལྟར། །དེ་བཞིན་ང་ཡི་བསྟན་པ་ཡང་། །ནུབ་ཁར་ཟབ་མོའི་ཆོས་དར་གསུངས། །དེ་ཕྱིར་ཨོ་རྒྱན་རིན་པོ་ཆེས། །ཤིན་ཏུ་ཟབ་པའི་དམ་ཆོས་རྣམས། །གཏེར་སྦས་དུས་མཐར་དར་བ་ཡི། །སྨོན་ལམ་ལུང་བསྟན་རྒྱ་ཆེར་མཛད། །དེ་ཕྱིར་སྤར་ངེའི་དབོན་པོ་བ། །དགེ་སློང་ངག་དབང་ཕྲིན་ལས་ཀྱིས། །ཕྱག་རྫོགས་ཟུང་འཇུག་གདམས་པ་ཡི། །རང་གཞན་དོན་གཉིས་འགྲུབ་པར་མཛོད། །དེ་སྐད་རཱ་ག་ཨ་སྱ་ཡིས། །ཤིང་སྦྲུལ་བདུད་རྩི་འཁྱིལ་བའི་ལོ། །གྲོ་ཞུན་ཅན་གྱི་དམར་པོའི་ཕྱོགས། །ཚེས་གཅིག་ཉིན་པར་རྫོགས་པར་བྲིས། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཤཱཀྱའི་དགེ་སློང་ཤེས་རབ་ལ། །ཤོག་བུ་མང་པོ་མི་གདའ་བས། །མི་རྒན་གཅོས་གཏམ་གང་དྲན་འགའ། སྣག་སྨྱུག་འཕྲོ་བརླག་ཤོག་བུ་བརྫད། །འོན་ཀྱང་ཡིད་ལ་བཞག་ན་ཕན། །


CMR050_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱའི་དགེ་སློང་ཤེས་རབ་ལ། །ཤོག་བུ་མང་པོ་མི་གདའ་བས། །མི་རྒན་གཅོས་གཏམ་གང་དྲན་འགའ། སྣག་སྨྱུག་འཕྲོ་བརླག་ཤོག་བུ་བརྫད། །འོན་ཀྱང་ཡིད་ལ་བཞག་ན་ཕན། །


CMR050_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དེ་ཝ་ཌཱཀི་ནཱི་ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་གསུམ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །གཅིག་བསྡུས་མི་ཡི་ཚུལ་བཟུང་བ། །ཆོས་ཀྱི་དབང་ཕྱུག་རིན་པོ་ཆེ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བདག་དང་བདག་གི་རྗེས་འཇུག་རྣམས། །མཐོ་བཏང་དམའ་བཏང་ཁྱེད་རང་ཤེས། །བཙུན་པ་པདྨ་པྲཛྙཱ་ཡིས། །ཞལ་གདམས་ཡི་གེ་དགོས་ཟེར་བས། །གོ་བདེའི་ཚིག་གིས་ཅུང་ཟད་སྨྲ། །དལ་འབྱོར་མི་ལུས་ཐོབ་པར་དཀའ། །དཀའམ་མི་དཀའ་དབྱར་ཀ་ཡི། །འབུ་སྲིན་གྲངས་ལ་ལྟོས་དང་གསལ། །མི་ལུས་ལོ་བརྒྱ་


CMR050_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་གཅིག་འདི། །ད་རེས་སྙིང་པོ་མ་ལོན་ན། །རིན་ཆེན་གླིང་ནས་སྟོང་ལོག་ཡིན། །སྙིང་པོ་ལེན་ལུགས་མ་ཤེས་ན། །སྡོམ་པ་གཙང་མར་བསྲུང་ནུས་ན། །མི་ལུས་སྙིང་པོ་ལོན་པ་ཡིན། །བུད་མེད་མཛེས་མའི་གཟུགས་མཐོང་ན། །སྡོམ་པ་བཏང་བར་བྱེད་པ་ནི། །མར་མེའི་མདངས་ལ་སེམས་ཆགས་ན། །རྒས་པོ་མེ་ལྕེབ་མཆོང་དང་འདྲ། །རང་གིས་རང་ཉིད་མ་བསྲེགས་ལ། །སྡོམ་པ་སྲུངས་ཤིག་རིགས་ཀྱི་བུ། །སྡོམ་ལྡན་ཤི་ཡང་ཤི་བ་མིན། །མི་ལུས་ལྷ་ལུས་གདམས་པས་ཆོག །སྡོམ་པ་ཤོར་བ་ཤི་བས་ཐུ། །སྐྱེ་བ་འབུམ་ཕྲག་


CMR050_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ཡི་བར། །ལུས་ངན་ལེན་ལ་གཟུར་རྒྱུ་མེད། །དེ་ལ་སྐྲག་པ་མ་བརྗེད་ཅིག །གཟུགས་མཛེས་ཕུན་སུམ་ཚོགས་པ་དང་། །གོས་བཟང་དར་ཟབ་གྱོན་པ་དང་། །རྒྱན་བཟང་གསེར་དངུལ་རྒྱན་བཏགས་ཀྱང་། །སངས་རྒྱས་བྱང་སེམས་ལྷ་འདྲེ་ཡི། །སྤྱན་ལ་མཛེས་རྒྱུ་མེད་པ་ཡིན། །སྡོམ་པ་གཙང་བའི་མི་དེ་ནི། །གཟུགས་བཙོག་གོས་རུལ་རྒྱན་མེད་ཀྱང་། །ལྷ་འདྲེ་མི་གསུམ་སྤྱན་སྔར་མཛེས། །ཀླུ་བདུད་དུག་སྦྲུལ་ནག་པོས་ཀྱང་། །སྡོམ་པ་གཙང་ལ་གནོད་མི་བྱེད། །རྩོལ་སྒྲུབ་དཀའ་ལས་མ་བྱས་ཀྱང་། །སྡོམ་ལྡན་ཟས་གོས་ཤུགས་ལ་འབྱུང་། །མི་ངན་ཤན་པའི་བུ་ཡིན་ཀྱང་། །སྡོམ་ལྡན་ལྷ་འདྲེ་མི་གསུམ་གུས། །འདིར་སྐྱིད་ཕྱི་མ་སྐྱིད་པའི་ཆོས། །འདུལ་ཁྲིམས་ཡིན་ནོ་རིགས་ཀྱི་བུ། །ཚུལ་ཁྲིམས་ངོ་ཚའི་ཁ་རྒྱན་ཅན། །ཆོས་མགོ་ཐོན་པའི་གདམས་ངག་ཡིན། །སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས། །རྟག་ཏུ་མངོན་ཤེས་སྤྱན་གྱིས་གཟིགས། །མཁའ་འགྲོ་ཆོས་སྐྱོང་གཞི་བདག་རྣམས། །གཅེ་རེ་ལྟ་ཞིང་ཀློག་གེ་ཉན། །དེ་དག་རྣམས་ལ་སྐྲག་འཇིགས་དང་། །རང་བས་ཞན་པའི་སྐྱེས་པ་དང་། །བུད་མེད་ཀུན་གྱི་འཕྱ་


CMR050_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལ། །ངོ་ཚ་སེམས་ལ་བག་ཡོད་མཛོད། །དལ་འབྱོར་རྙེད་དཀའ་ཞེས་བྱ་བའི། །ཆོས་ཐུན་ཉམས་ལེན་དེ་ལ་འདུས། །ཐོབ་པར་དཀའ་བའི་མི་ལུས་འདི། །རྫ་མ་འདྲ་སྟེ་ནམ་ཞིག་ཆག །རྫ་ཁོ་མི་ཆག་མི་སྲིད་ཅིང་། །མི་ལུས་མི་འཆི་མི་སྲིད་ཅིང་། །དེ་ཡང་ནམ་འཆི་ངེས་པ་མེད། །རྒས་ནས་འཆི་བ་རེ་རེ་ཙམ། །སང་ཕོད་སྔའམ་ཕྱི་མ་སྔ། །ཟླ་བ་རྒྱབ་རེས་ཕྱི་མ་གཉིས། །སུ་སྔ་ཏིག་ཏིག་མི་གདའ་བས། །རང་གི་གང་ཤེས་དགེ་སྦྱོར་ལ། །ལེ་ལོ་མེད་པའི་ཐུགས་དམ་མཛོད། །བླ་མའི་དྲུང་དུ་ཡོན་ཏན་བསླབས། །རྗེས་ནས་རི་ཁྲོད་གཅིག་བཟུང་ནས། །ཐུགས་དམ་དགེ་སྦྱོར་བྱེད་བསམ་ཡང་། །ཚེ་ཚད་ཅི་ཡོད་མི་ཤེས་པས། །རྟ་ནི་བཟང་པོའི་ཆས་ཟ་ལྟར། །བཅའ་བལྡད་མིད་གསུམ་མ་བཤོལ་བ། །ཡོན་ཏན་བསླབ་དང་དགེ་སྦྱོར་དང་། །ཉམས་ལེན་སེམས་ངོ་སྐྱོང་བ་གསུམ། །མ་བཤོལ་དུས་གཅིག་བྱ་བ་གཅེས། །བསམ་པ་སེམས་བསྐྱེད་རྣམ་དག་ན། །ཆོས་མིན་ཕལ་ཆེར་ཆོས་སུ་འགྱུར། །བསམ་པ་རྣམ་པར་མ་དག་ན། །ཆོས་ཀྱང་ཆོས་མ་ཡིན་དུ་འགྱུར། །ཆུ་ལེན་མེ་འབུད་ཤིང་ཁུར་སོགས། །


CMR050_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་བླ་མའི་ཆགས་ཕྱི་ཡིན། །སྒྲིབ་པ་དག་པས་དགའ་བསམས་ན། །ཕྱག་བསྐོར་གནས་རི་བསྐོར་དང་མཉམ། །འཚོགས་ཆུང་བསྐལ་པའི་བོང་རྒན་དང་། །སྒྲུབ་བརྒྱགས་འགེལ་བའི་གཡག་རྒན་ཚོ། །ཞབས་རྗེས་རིང་བསྲེལ་བྱུང་བ་མང་། །མི་བྱེད་ཁ་མེད་དཀའ་འཚེར་གྱི། །བསམ་པ་རྣམ་པར་མ་དག་ན། །གཡོག་པོ་བླ་མེད་དོན་གོ་ཆུང་། །ཟིན་ཐུན་ཡོན་ཏན་སློབ་པ་ཡང་། །ཐོས་བསམ་བསྒོམ་པ་སངས་རྒྱས་ཀྱི། །བསྟན་པའི་གཞུང་ཤིང་ཉམས་ལེན་ཡིན། །སྒྲིབ་པ་དག་ཅིང་བསོད་ནམས་ཚོགས། །རྫོགས་མཐའ་ཡིན་པར་བསམ་པ་ན། །ཚིག་གཅིག་བཟུང་དང་བྲི་བ་དང་། །བསོད་ནམས་དཔག་ཏུ་མེད་པར་གསུངས། །ཟིན་ཐུན་སྤྱི་པའི་ཁ་ཁྲལ་ཡིན། །ཁོང་ཚོའི་སྡུན་ནས་ལོན་པར་བྱེད། །ཡོན་ཏན་ལོན་ན་ཚེ་སྨད་ལ། །གདུལ་བྱ་གྲོང་ཆོག་ཟ་བསམས་ན། །ཆོ་ག་བཟུང་དང་ཤ་ཁྱི་གསོ། །ཁྱད་མེད་ཟེར་བའི་དཔེ་ཡང་བདེན། །དབང་ལུང་འབྲེལ་པ་མེད་ན་ཡང་། །རང་གིས་བསྟེན་པའི་བླ་མ་དེ། །གནས་ཀྱི་སློབ་དཔོན་ཞེས་བྱ་བ། །འདུལ་བ་ནས་བཤད་བླ་མ་ཡིན། །བཀུར་སྟི་གུས་ཞབས་བྱས་པ་ན། །ཕན་


CMR050_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཆེན་པོ་ཐོབ་པར་བཤད། །ཞེ་ལ་དད་གུས་མེད་ན་ཡང་། །འཕྲལ་དུ་ཟས་གོས་རེ་བ་དང་། །སྐྱོན་ནི་འོང་དོགས་ཁོ་ན་ཡི། །གང་ཟེར་ཉན་པའི་གྲྭ་པ་ནི། །འཇིག་རྟེན་ལུགས་ཀྱི་དཔོན་གཡོག་ཡིན། །བླ་མའི་སློབ་མར་མི་ཐེ་སྟེ། །འཇིག་རྟེན་བཟའ་ཚང་མི་དང་འདྲ། །བླ་མའི་སློབ་མ་བྱེད་པ་དང་། །བླ་མའི་བཟའ་ཚང་བྱེད་པ་གཉིས། །འཁོར་དུ་འདུས་པ་ཁྱད་མེད་ཀྱང་། །ཞེ་འདོད་བསྒྲུབ་ལ་ཁྱད་པར་ཡོད། །གསུངས་པའི་དོན་ནི་དེ་ཡིན་ཏེ། །དད་གུས་ཡོད་ཅིང་ཆགས་ཕྱི་ལ། །ཕན་ཡོན་ཡོད་པར་བསམ་ན་ནི། །བླ་མའི་སློབ་མ་ཡིན་པའོ། །ཞེ་ལ་དད་གུས་མེད་ན་ཡང་། །སྐྱིད་སྡུག་ཅིག་པར་བྱེད་པ་ནི། །བླ་མའི་བཟའ་ཚང་ཡིན་པའོ། །རང་ཉིད་སྒོ་བཅད་མཚམས་བྱེད་དམ། །བླ་མའི་ཆགས་ཕྱིར་བྱེད་ཀྱང་རུང་། །ཟ་རྒྱུ་དཀོར་ལས་མེད་པ་སྟེ། །གཅིག་པུར་ཐུགས་དམ་བྱེད་པ་དང་། །བླ་མའི་དྲུང་དུ་ཐུགས་དམ་བསྐང་། །མང་པོའི་ཁྲོད་དུ་འདུག་ཀྱང་རུང་། །རང་སེམས་ངོ་བོ་སྐྱོང་བ་དང་། །རྫོགས་ཆེན་ཐོད་རྒལ་ལྟ་བ་དང་། །བྱམས་དང་སྙིང་རྗེའི་གཏོང་ལེན་དང་། །ཟིན་ཐུན་བཟུང་བའི་སློབ་གཉེར་


CMR050_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །རང་གིས་ཉམས་ལེན་བཙལ་བ་ནི། །དེ་ལ་བརྩོན་ན་དེ་གས་ཆོག །དེ་དག་བརྩོན་པར་མི་བྱེད་ན། །མཚམས་ལ་བསྡད་ཀྱང་ཕྱི་བ་འདྲ། །གྲྭ་པ་བྱས་ཀྱང་གཡོག་པོ་འདྲ། །མང་པོའི་གསེབ་ཏུ་འདུག་པའི་དུས། །གཞན་གྱི་སྐྱོན་ལ་བལྟ་མི་རུང་། །བལྟས་ན་སྐྱོན་གྱི་ཕུང་པོར་མཐོང་། །དག་སྣང་མི་འཕེལ་ཚོགས་ངན་སོགས། །རང་ཉིད་སྐྱོན་ལ་རང་གིས་བརྟག །གཞན་སྐྱོན་གང་མཐོང་རང་སྐྱོན་ཡིན། །དཔེར་ན་རང་གི་ཁ་ངོ་ལ། །ནག་ཐིག་གང་ཡོད་མེ་ལོང་ལ། །ཤར་བ་དེ་དང་འདྲ་བར་གསུངས། །སེར་ཟློགོས་གྱོན་པ་ཐམས་ཅད་ཀྱང་། །ཤཱཀྱ་ཐུབ་པའི་རྗེས་འཇུག་ཡིན། །བྱ་བྱེད་སྤྱོད་པ་ངན་ན་ཡང་། །ནང་ན་ཡོན་ཏན་ཅི་འདྲ་ཡོད། །ཚེ་སྔོན་བསགས་སྦྱངས་ཅི་ཡོད་པ། །རང་གི་ཤེས་པའི་མངོན་ཤེས་མེད། །དེ་ཕྱིར་ལོག་ལྟ་གཤེ་སྐུར་སྤངས། །རང་རྒྱུད་འདུལ་བ་འདུལ་བ་ཡིན། །རང་སེམས་རྣམ་པར་དག་པ་ན། །སྣང་སྲིད་ཐམས་ཅད་ཡི་དམ་ལྷ། །དེ་ཕྱིར་དག་སྣང་འབྱོང་བ་གཅེས། །རང་ཉིད་ནམ་འཆི་ཆ་མེད་ཀྱིས། །བློ་སྣ་ཐུང་དང་སྦུད་དེ་བ། །ཤི་ནས་གར་འགྲོ་ཆ་མེད་ཀྱིས། །སྣང་བ་སྐྱོ་དང་ཕྱ་དེ་བ། །ཤི་


CMR050_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དམ་ཆོས་མ་གཏོགས་པ། །ཅིས་ཀྱང་དགོས་པ་མེད་པ་ཡི། །ཞེན་པ་གཏིང་ནས་རང་ལོག་པ། །དེ་འདྲ་ཡིད་ལ་བཅང་བ་ན། །ཆོས་པ་བཟང་པོ་འོང་བ་ཡིན། །འཆི་བ་མི་རྟག་བསྒོམ་པ་ཡི། །ཆོས་ཐུན་ཉམས་ལེན་དེ་ལ་འདུས། །རང་གིས་བྱས་པའི་སྡིག་ལྟུང་དེ། །སངས་རྒྱས་ཀྱིས་ཀྱང་སེལ་བར་དཀའ། །རང་གིས་བྱས་པའི་དགེ་བའི་འབྲས། །བདུད་ཀྱི་རྒྱལ་པོས་འཕྲོག་མི་ནུས། །ནམ་ཞིག་རང་ལ་ངེས་པར་སྨིན། །དེ་ཕྱིར་སྡིག་ལྟུང་བཤགས་པ་དང་། །དགེ་ཕྱོགས་ཕྱག་དང་ཆུ་གཏོར་སོགས་། །རང་གིས་གང་ཐུབ་བསགས་པ་གཅེས། །ཚེ་འདིར་སྡིག་ལྟུང་མི་ཆེ་བ། །གྲངས་མེད་བསྐལ་པ་ནས་བསགས་པ། །སྡིག་ལྟུང་དེ་ལ་གཟུགས་ཡོད་ན། །ནམ་མཁའི་ཁམས་སུ་མི་ཤོང་ཙམ། །ཡོད་པས་ད་རེས་བཤགས་དགོས་པས། །བརྒྱ་ཕྱག་ཆག་མེད་དམ་བཅའ་མཛོད། །ཕྱག་འཚལ་ཚེ་ན་ལྟུང་བཤགས་འདོན། །ལྟུང་བ་ཕྲ་ཞིབ་དེ་ཡིས་བྱང་། །བསོད་ནམས་ཚོགས་ཆེན་རྫོགས་པའི་ཐབས། །གཏོར་མ་ཆ་བཅུ་གཏོར་བསྔོས་དང་། །ལུས་སྦྱིན་དམིགས་པ་ཆག་མེད་མཛོད། །དགེ་བ་ཅུང་ཟད་རེ་རེས་


CMR050_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །སྐྱེ་བ་ལྔ་བརྒྱར་ཕྱུག་པ་དང་། །རིགས་མཐོ་གཟུགས་བཟང་བདེ་སྐྱིད་ཐོབ། །རྒྱ་འགྲོ་དབུས་སྐོར་བྱེད་པ་ཡི། །ཁེ་སྐྱེད་རྣམས་ཀྱི་དོ་ཟླ་མིན། །དེ་ཕྱིར་དགེ་བ་ཆུང་ཆུང་ཡང་། །བརྙས་པར་མི་བྱེད་ཅི་ཐུབ་འབད། ༈ །དཔེར་ན་ཐ་མལ་མི་རྣམས་ཀྱིས། །ཚེ་འདིར་ཕྱུག་པོ་ཅི་འདོད་ནས། །སོ་ནམ་ཚོགས་གསོག་ཐབས་དུ་མས། །རྒྱུ་ནི་གསོག་པར་བྱེད་པ་ལྟར། །རང་རེ་སངས་རྒྱས་ཐོབ་འདོད་བས། །ཐབས་རྣམས་དུ་མས་ཚོགས་བསགས་དགོས། །མཎྜལ་བརྒྱ་སྟོང་ཚར་གྲངས་འབུལ། །སྒྲ་དང་སོ་སེན་བསྲེག་པ་ལ། །ཚ་ཚ་གང་ཐོན་དལ་སྐབས་འདེབས། །སངས་རྒྱས་སྐུ་སྤར་མང་དུ་འདེབས། །ཆུས་མི་འཇིག་པའི་དབེན་པ་བཞག །མེ་ཏོག་ཡོན་ཆབ་གུས་པར་འབུལ། །ཚོགས་རྫོགས་ཐབས་ནི་དུ་མ་ཡོད། ༈ །སྡིག་པ་ལྟུང་བ་ཆུང་ངུ་ཡང་། །བཙན་དུག་ཆུང་ཡང་སྲོག་གཅོད་ལྟར། །བཤགས་པ་ལེགས་པར་མ་ཐེངསན། །སྐྱེ་རེས་རེ་ལ་ལུས་ངན་ལེན། །དེ་ཕྱིར་འཕྲལ་དུ་བཤགས་པ་བྱ། །དེ་ལྟར་དགེ་སྒྲུབ་སྡིག་སྤང་ལ། །རྒྱུན་དུ་ལག་ལེན་ཐེབ་པའི་མི། །ཤི་ཡང་སྡུག་བསྔལ་མི་དགོས་ཏེ། །བརྒྱག་དང་


CMR050_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

འོག་རྟ་ཁལ་མ་རྣམས། །བཟང་བའི་ཚོང་དཔོན་བཀྱག་དང་འདྲ། །རྒྱུ་འབྲས་ཆོས་ཐུན་ཉམས་ལེན་ཡིན། ༈ །ངན་སོང་གསུམ་གྱི་སྡུག་བསྔལ་ནི། །བཤད་པས་མི་རྫོགས་ཡིད་ཆེས་དཀའ། །དུད་འགྲོའི་སྡུག་བསྔལ་ཆུང་ཤོས་ཅིག །གཡུང་དྭགས་ཡིན་ཏེ་བཤའ་བསད་འདི། །རང་ལ་བབ་ན་ཅི་འདྲ་ཁམས། །མེ་སྟག་ཕོག་པའི་ཚ་ན་དང་། །དགུན་ཁ་གོས་སྲབ་འདར་ལུགས་ལ། །ཚ་དམྱལ་གྲང་དམྱལ་ཇི་ལྟར་འཁྱག །རིགས་དྲུག་ནང་ནས་སྐྱིད་ཤོས་ཀྱི། །ལྷ་བས་ལྷག་པའི་མི་ལ་ཡང་། །སྐྱེ་རྒས་ན་འཆིའི་སྡུག་བསྔལ་དང་། །དགྲ་ཡིས་མནར་དང་ནད་ཀྱིས་མནར། །འདི་འདྲ་རེ་ཡང་མི་ཁྱག་ན། །བསྐལ་པ་བྱེ་བ་གྲངས་མེད་དུ། །སྡུག་བསྔལ་འདི་འདྲ་སུ་ཡིས་ཁྱག །མི་ཁྱག་བྲོས་ན་ད་རེས་ཐར། །ཚེ་འདིར་སྐྱིད་སྡུག་ཅི་བྱུང་ཡང་། །སྐྱིད་ཡུན་ཐུང་ནས་མི་མི་འཚིང་། །སྡུག་ཀྱང་ཡུན་ཐུང་བསྲན་པས་ཆོག །སྐྱེ་བ་བྱེ་བ་གྲངས་མེད་དུ། སྡུག་བསྔལ་འདི་རྣམས་མི་ཁྱག་ནས། །སྡུག་བསྔལ་གཏན་ནས་མེད་པའི་ཡུལ། །བདེ་བ་ཅན་དུ་སྐྱེ་བའི་ཐབས། །དགེ་རྩ་ཐམས་ཅད་དེ་ཕྱིར་བསྔོ། །བདེ་སྨོན་ཟུང་ལ་


CMR050_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཆག་མེད་ཐོན། །དེ་རུ་སྐྱེ་བའི་ལྷ་དང་སྔགས། །རྒྱལ་བ་རྒྱ་མཚོ་ཡི་དམ་མཛོད། །ཁྱད་པར་ཞིང་ཁམས་དེ་ཉིད་ཀྱི། །སྒྲུབ་ཐབས་མེ་ཏོག་ཆུ་སྐྱེས་མ་གནམ་ཆོས་ཀྱི་བདེ་ཆེན་ཞིང་སྒྲུབ་ཡིན་པ་འདྲ། །ཆགས་མེད་བསྙེན་པ་ཕྲེང་སྐོར་གྱིས། །དེ་ཡིས་འཁོར་བའི་ཉེས་དམིགས་ཀྱི། །ཆོས་ཐུན་དོན་རྩ་ཚང་བ་ཡིན། ༈ །འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །འཇིག་རྟེན་ལྷ་ཡིས་སྐྱོབ་མི་ནུས། །སྐྱོབ་པར་ནུས་པ་དཀོན་མཆོག་གསུམ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །དེ་ནི་ཕྱི་ཡི་དཀོན་མཆོག་གསུམ། །བླ་མ་ཡི་དམ་མཁའ་འགྲོ་གསུམ། །དེ་ནི་ནང་གི་དཀོན་མཆོག་གསུམ། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །དེ་ནི་གསང་བའི་དཀོན་མཆོག་གསུམ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །དེ་ཁོ་ན་ཉིད་ཀྱི་དཀོན་མཆོག་གསུམ། །དེ་དག་ཐམས་ཅད་སྤྱི་འདུས་པ། །དཀོན་མཆོག་སྤྱི་འདུས་ཨོ་རྒྱན་ལ། །ཅི་མཛད་ཁྱེད་ཤེས་བློ་སྙིང་གཏོད། ༈ ། ནམ་མཁའི་མཐའ་མཉམ་སེམས་ཅན་ཀུན། །ཕ་མརམ་སྐྱེས་གཅིག་ཀྱང་མེད། །ཐམས་ཅད་ད་ལྟའི་ཕ་མ་དང་། །འདྲ་བས་དྲིན་ཆེན་ཁོ་ན་ཡིན། །རྟག་ཏུ་འཁོར་བའི་བཙོན་ར་


CMR050_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ཐར་དུས་མེད་ལ་སྙིང་རྗེ་བསྒོམ། །དེ་ཀུན་བདེ་ལ་འགོད་ནུས་པ། །ཡང་དག་རྫོགས་པའི་སངས་རྒྱས་ཡིན། །དེ་ཉིད་བསྒྲུབསན་འགྲུབ་པའི་ཕྱིར། །རང་ཉིད་སངས་རྒྱས་ཐོབ་བྱས་ཏེ། །འགྲོ་བ་སེམས་ཅན་འདྲེན་པའི་ཕྱིར། །བདག་གིས་དགེ་སྦྱོར་བྱའོ་ཞེས། །ད་ནང་སེམས་བསྐྱེད་ཅིག་བསྒོམས་པས། །དེ་ཉིན་དགེ་སྦྱོར་བྱས་ཚད་ཀུན། །སངས་རྒྱས་ཐོབ་པའི་རྒྱུ་རུ་འགྱུར། །སངས་རྒྱས་ཐོབ་པར་བྱེད་པའི་ཐབས། །རང་གི་བདེ་སྐྱིད་འགྲོ་ལ་སྦྱིན། །གཞན་གྱི་སྡུག་བསྔལ་རང་གིས་ལེན། །དེ་གཉིས་བརྗེ་བ་གལ་ཆེ་ཡང་། །ས་ཐོབ་སེམས་དཔའ་མ་ལགས་པས། །དངོས་སུ་བརྗེ་བ་མི་ཐུབ་ཀྱང་། །ཡིད་ཀྱིས་བརྗེས་ནས་ཕན་ཡོན་མཉམ། །དེ་ཕྱིར་གཏོང་ལེན་དམིགས་པ་བྷོ། །སྣ་ནས་དབུགས་ནི་ཕར་འགྲོ་དུས། །རང་གི་བདེ་སྐྱིད་དགེ་རྩ་རྣམས། །འགྲོ་དྲུག་སེམས་ཅན་ཀུན་ལ་ཐིམ། །ཐམས་ཅད་བདེ་དང་ལྡན་པར་ལྟ་བསྒོམ། །དབུགས་ནི་སྣ་ནས་ཚུར་རྔུབ་དུས། །སེམས་ཅན་ཀུན་གྱི་སྡིག་སྒྲིབ་དང་། །སྡུག་བསྔལ་རང་ལ་སིབ་ཀྱིས་བསྟིམ། །འགྲོ་ཀུན་སྡུག་བསྔལ་བྲལ་བར་བསྒོམ། །དེ་


CMR050_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བདུན་ནམ་ཉེར་གཅིག་ཙམ། །རྒྱུན་དུ་བསྒོམསཔར་བྱས་པ་ན། །སྡིག་པ་ཤིན་ཏུ་ཆེ་ཡང་དག །བསོད་ནམས་དཔག་ཏུ་མེད་པ་ཐོབ། །འཕྲལ་དུ་ནད་གདོན་བར་ཆད་ཞི། །ཕུགས་སུ་སངས་རྒྱས་འབྲས་བུ་ཐོབ། །བློ་སྦྱོང་ཁྲིད་ཀྱི་སྙིང་པོ་ཡིན། །ནད་གདོན་སྡུག་བསྔལ་སྡིག་སྒྲིབ་རྣམས། །རང་ལ་བསྟིམ་པའི་དམིགས་པ་དེ། །གལ་ཏེ་བློ་ཡིས་མ་སྤོབསན། །རང་ཉིད་རྒྱལ་བ་རྒྱ་མཚོ་འམ། །ཐུགས་རྗེ་ཆེན་པོ་དཀར་པོ་བསྒོམ། །སྡིག་སྒྲིབ་རང་ལ་བསྟིམ་པའི་ཚེ། །མེ་ཆེན་ནང་དུ་ཤིང་བསྣན་ལྟར། །རང་ཉིད་ཐུགས་རྗེ་ཆེན་པོ་ནི། །བཀྲག་མདངས་གཟི་བརྗིད་རྒྱས་པར་བསྒོམ། །དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ཀྱི། །ཁྲིད་ཀྱི་རྩ་ཐོ་བསྡུས་པ་ཡིན། །དུས་སྐབས་ལང་འདུག་སྤྱོད་ལམ་དུས། །སྤྱི་བོར་རྡོ་རྗེ་སེམས་དཔའ་ནི། །དཀར་པོ་རྡོ་རྗེ་དྲིལ་བུ་འཛིན། །ཕྱེད་སྐྱིལ་དར་དང་རིན་ཆེན་བརྒྱན། །ཐུགས་ཀར་ཟླ་སྟེང་ཧཱུྃ་དཀར་མཐར། །ཡི་གེ་བརྒྱ་པས་བསྐོར་བ་ལས། །འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡི། །སངས་རྒྱས་བྱང་སེམས་ཐམས་ཅད་ཀུན། །སྤྱན་དྲངས་རྡོར་སེམས་སྐུ་ལ་ཐིམ། །ཐུགས་ཀའི་སྔགས་


CMR050_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་གཡས་སུ་འཁོར། །དེ་ལས་བདུད་རྩི་འོ་མའི་རྒྱུན། །བབས་པས་སྐུ་ལུས་ངང་ལྟེམས་གང་། །ཞབས་གཡས་མཐེ་བོང་རྩེ་མོ་ནས། །བདུད་རྩི་ཆང་བཙག་བཞིན་དུ་བབ། །རང་གི་སྤྱི་བོའི་ཚངས་བུག་ནས། །ལུས་གང་ནད་གདོན་སྡིག་སྒྲིབ་ཀུན། །འོག་སྒོ་རྐང་པའི་མཐིལ་ནས་ནི། །དུད་ཁུ་སོལ་ཁུ་འདྲ་བ་བྱུང་། །ལུས་ཀུན་བདུད་རྩིས་གང་བ་ཡི། །ཤེལ་དཀར་བཞིན་དུ་དངས་བར་བསྒོམ། །ཡིག་བརྒྱ་གང་ཐོན་ཁ་འདོན་བྱ། །མཐར་ནི་རྡོར་སེམས་ཐུགས་ཀ་ནས། །ཁྱོད་ཀྱི་སྡིག་སྒྲིབ་དག་ཡོད་གསུངས། །འོད་ཞུ་རང་ལ་ཐིམ་པར་བསྒོམ། །དེ་ཡིས་སྡིག་སྒྲིབ་ཉམས་ཆག་བྱང་། །རྟོགས་པ་སྐྱེ་ཞིང་དག་སྣང་འཆར། །བྱ་སླ་ཚེགས་ཆུང་དོན་ཆེ་བ། །འདི་ནི་ཆོས་ཀྱི་བཅུད་ཅིག་ཡིན། ༈ །ཁོམ་དུས་མཎྜལ་སྟེང་ཉིད་དུ། །འབྲུ་བླུག་མཎྜལ་རྒྱས་པར་ཕུལ། །མ་ཁོམས་གླིང་བཞི་རི་རབ་དང་། །ལྷ་ཀླུ་མི་ཡི་ལོངས་སྤྱོད་ཀུན། །ལྟ་དཀོན་མཆོག་སྤྱན་སྔར་འབུལ་བར་དམིགས། །ས་གཞི་སྤོས་བྱུགས་གང་ཐོན་འདོན། །ནས་ཕུལ་གང་ཡང་གཏོང་མི་དགོས། །དཀའ་གླས་ཅི་ཡང་མེད་པ་ལ། །བསོད་ནམས་


CMR050_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཆེན་བསགས་པའི་ཐབས། །འདི་འདྲ་ངོ་མཚར་དཔག་ཏུ་མེད། །དེ་བཞིན་དབྱར་ཁའི་མེ་ཏོག་ཚལ། །སྟོན་ཁའི་ལོ་ཐོག་ཤིང་ཐོག་སོགས། །མིག་གིས་གང་མཐོང་ཐམས་ཅད་ཀྱང་། །དཀོན་མཆོག་གསུམ་ལ་ཕུལ་བར་བསྒོམ། །དངོས་སུ་ཕུལ་དང་འདྲ་བར་གསུངས། །སྒྲིབ་སྦྱོང་རྡོར་སེམས་དམིགས་ཐུན་དང་། །མཎྜལ་ཁྲིད་རིམ་བརྗེད་ཐོ་ཡིན། ༈ །དེ་ནས་བྱིན་རླབས་འཇུག་པ་དང་། །ཉམས་རྟོགས་སྐྱེ་ཞིང་འཕེལ་བའི་ཐབས། །བླ་མའི་རྣལ་འབྱོར་ལས་ལྷག་མེད། །གུ་རུ་ཞི་དྲག་འདོན་པ་ཡང་། །དོན་ལ་བླ་མའི་རྣལ་འབྱོར་ཡིན། །ཐུན་བཞི་དང་ནི་ཞྭ་དམར་བའི། །བླ་སྒྲུབ་མ་ཆགས་ཐུགས་དམ་མཛོད། །བླ་མའི་རྣལ་འབྱོར་ཐམས་ཅད་ལས། །ཟབ་ཅིང་ངོ་མཚར་ཆེ་བ་ལ་སྟེ། །ཕལ་ཆེར་སྐྱེ་མེད་ཞང་གིས་གསུངས། །ཡེ་ཤེས་མཁའ་འགྲོས་ལུང་བསྟན་ཅིང་། །དེ་དག་ཉམས་སུ་བླངས་པ་ན། །ཐུགས་རྗེས་འཛིན་པའི་ཞལ་བཞེས་ཡོད། །དེ་ཡན་སྔོན་འགྲོའི་ཆོས་སྐོར་ནི། །རང་གིས་ཉམས་སུ་ལེན་བདེ་ཡིན། ༈ །དེ་དག་གོ་རིམ་རྩ་ཚིག་རྣམས། །སྟན་ཐོག་གཅིག་ཏུ་བསྒོམ་འདོད་ན། །སྔོན་འགྲོ་བཞི་སྦྱོར་བསྡུས་


CMR050_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། །འདོན་བསྒོམ་སྦྲགས་མ་ཆགས་མེད་གྱིས། །དངོས་གཞི་ཉམས་ལེན་བསྐྱེད་རྫོགས་གཉིས། །བསྐྱེད་རིམ་རྒྱལ་བ་རྒྱ་མཚོ་ནི། །ལྷ་དགུ་ལྷ་ལྔ་གང་འདོད་བསྒོམ། །གསར་མའི་ཆོས་ལ་དད་ཆེ་ན། །ལྷ་དགུ་གསར་མ་ཁ་རྐྱང་ཡིན། །གསར་རྙིང་གཉིས་ཀ་ལ་དད་ན། །ལྷ་ལྔ་གསར་རྙིང་གཉིས་ཀ་ཡིན། །ཆ་ལུགས་ལྷ་གྲངས་བསྒོམ་ལུགས་རྣམས། །ཆོ་གའི་གཞུང་ལ་བསམ་བློ་ཐོང་། །དེ་ཡང་ནམ་མཁའི་འཇའ་ཚོན་ལྟར། །གསལ་སྟོང་སྣང་སྟོང་ཉིད་དུ་བསྒོམ། །ཐུགས་ཀར་ཧཱུྃཡིག་མཐའ་སྐོར་དུ། །ཡི་གེ་བཅུ་པས་བསྐོར་བ་ལས། །འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས། །སངས་རྒྱས་བྱང་སེམས་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཀུན། །འོད་ཟེར་དེ་ཡི་མཆོད་པས་མཉེས། །ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུ། །གྱུར་ནས་ཆར་དང་ན་བུན་ལྟར། །བྱོན་ནས་རང་ལ་སིབ་སིབ་ཐིམ། །དམིགས་པ་འདི་ཉིད་གཅིག་པུའི་ལྟ་ཆོག །གྲུབ་ཐོབ་ཀརྨ་པཀི་ཡི། །བསྲེ་བ་གསུམ་གྱི་རྩ་བ་སྟེ། །ཟབ་ཆོས་བླ་ན་མེད་པ་ཡིན། །ཡི་དམ་བརྒྱ་སྟོང་གྲངས་མེད་ཀྱང་། །རྒྱལ་བ་རྒྱ་མཚོ་འདྲ་བ་མེད། །རྒྱུད་སྡེ་


CMR050_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཡི་སྤྱི་སྒྲུབ་ཡིན། །སྔགས་དང་སྙིང་པོ་གྲངས་མེད་ཀྱང་། །ཡིག་བཅུ་ཡིག་དྲུག་འདྲ་བ་མེད། །སངས་རྒྱས་སྟོང་གི་སྙིང་པོ་ཡིན། །ལྷ་འདི་དང་ནི་སྔགས་འདི་ལ། །འདི་ཕྱི་བར་གསུམ་བློ་གཏད་ཆོས། །ཚེ་ལ་བར་ཆད་མ་བྱུང་ན། །དུང་གཅིག་ཨེ་ཐོན་སྙིང་ལ་འཆང་། །འདི་ལས་ཟབ་ཅིང་ལྷག་པའི་ཆོས། །ངས་ནི་བཙལ་བས་མ་རྙེད་དོ། །བདག་ཀྱང་གསར་རྙིང་དུ་མ་ཡི། །ལྷ་སྔགས་མི་འདྲ་བརྒྱ་ཕྲག་ལྷག །འབྲེལ་འཇོག་བསྙེན་སྒྲུབ་བྱས་ན་ཡང་། །བློ་ཕུག་གཏད་ས་འདི་གཅིག་པུ། །འདི་ནི་ནོར་བུ་བས་ཀྱང་ལྷག །ཚེ་འདི་བདེ་སྐྱིད་ཕུན་སུམ་ཚོགས། །ཕྱི་མ་བདེ་ཆེན་ཞིང་ཁམས་བགྲོད། །འདི་དང་མཇལ་བ་ཚོགས་རེ་བསགས། །དེ་ཕྱིར་དགའ་བ་བསྒོམ་ཞིང་ཐོན། །དེ་ཡི་བསྐྱེད་རིམ་དོན་ཚང་ངོ་། །བསྐྱེད་རིམ་ངོ་བོ་ཞི་གནས་ཡིན། །ལྷ་དང་ཐུགས་ཀའི་སྔགས་འཁོར་ལ། །མ་ཡེངས་རིག་པ་གཏད་པའི་ཚེ། །རིག་པ་གཞན་དུ་མི་འཕྲོ་བར། །ལྷན་ནེ་གནས་ན་ཞི་གནས་ཡིན། །རྟགས་དང་བྱིན་རླབས་དེ་ལས་འབྱུང་། །མི་གསལ་ཡ་དེ་ཡུད་དེ་ལ། །རྟགས་མཚན་གསལ་པོ་འོང་བ་མིན། །རྟགས་དེ་གང་ཡིན་མ་ཤེས་


CMR050_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ན། །སྒྲིབ་པ་ཆུང་ན་དངོས་སུ་འོང་། །མར་མེ་ཡོན་ཆབ་འཛིན་པ་དང་། །གཏོར་མ་མི་རུལ་མི་འཁེང་དང་། །སྔགས་ཀྱི་སྒྲ་དང་ལུང་བསྟན་ཚིག །བར་སྣང་ཁམས་ནས་གྲག་པ་དང་། །ནམ་མཁའི་ཁམས་ནི་བར་སྣང་ལ། །ལྷ་དང་བླ་མ་ཡིག་འབྲུ་མཐོང་། །འབྲིང་ལ་ཉམས་ལ་འབྱུང་བ་སྟེ། །གཉིད་པ་མ་ཡིན་མ་གཉིད་མིན། །གཉིད་ཡུལ་འདྲ་བའི་སྐབས་ལ་འབྱུང་། །ཐ་མ་རྨི་ལམ་གསལ་པོ་འབྱུང་། །ལྷ་དང་བླ་མ་མཇལ་བ་དང་། །ཆོས་གསུངས་ལུང་བསྟན་དབང་བསྐུར་དང་། །པོ་ཏི་རྡོ་དྲིལ་ཡི་དམ་སྐུ། །བཀྲག་མདངས་ལྡན་པ་རྙེད་པ་དང་། །ཁྲུས་བྱས་གོས་དཀར་གྱོན་པ་དང་། །གྱེན་ལ་འགྲོ་དང་ནམ་མཁར་འཕུར། །སངས་རྒྱས་ཞིང་ཁམས་གནས་རི་མཐོང་། །དར་ཕྱར་དུང་འབུད་ཁྲི་ལ་འདུག །ཁྲོམ་ལ་ཆོས་བཤད་ཡིག་དྲུག་བསྐུལ། །མེ་ཏོག་ཆར་འབབ་འཇའ་གུར་ཕུབ། །དེ་སོགས་རྨི་ལྟས་བཟང་པོ་རྨིས། །སད་མ་ཐག་ཏུ་སེམས་ཝུ་དགའ་བ། །བྱིན་རླབས་དངོས་གྲུབ་ཐོབ་རྟགས་ཡིན། །བཟང་པོ་བཟང་ཡང་སད་མ་ཐག །བློ་མི་བདེ་ན་མགོ་གཡོགས་རྟགས། །བཟང་ལ་ཧ་ཅང་དགའ་ཚོར་དང་། །ངན་ལ་


CMR050_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ཅང་རྣམ་རྟོག་སྤངས། །དེ་ཡི་བར་ཆད་དངོས་གྲུབ་འགྱུར། །དང་པོ་རེས་འགའ་བསྐྱེད་རིམ་བསྒོམ། །དེ་ནི་སུན་ནམ་མི་གསལ་ན། །དེ་ནས་སེམས་ཀྱི་ངོ་བོ་བལྟ། །དང་པོ་དེ་གཉིས་རེས་མོས་བྱ། །ཕྱིས་ནས་ཟུང་འཇུག་ཨེ་ཐུབ་ཚད། །སེམས་ཀྱི་སེམས་ལ་ལྟ་བ་འདི། །རྗེ་བཙུན་མི་ལ་རས་ཆེན་དང་། །རང་བྱུང་རྡོ་རྗེའི་ལྟ་བ་ཡིན། །གང་ཤར་བཟོ་བཅོས་མི་བྱེད་པར། །མ་བཅོས་རང་ངོ་སྐྱོང་བ་འདི། །ཕྱག་རྒྱ་ཆེན་པོའི་ཉམས་ལེན་ཡིན། །རྫོགས་ཆེན་ཁྲེགས་ཆོད་ཉམས་ལེན་ཡིན། །ཧ་ཅང་འཚུབ་ཅིང་རྒོད་པའི་དུས་། །ལུས་སེམས་ལྷོད་དེ་ལྷོད་ལ་ལྟོས། །མ་གསལ་རྨུག་གེ་འདུག་པའི་དུས། །ལུས་སེམས་བསྒྲིམ་མེད་བསྒྲིམས་ལ་ལྟོས། །རེ་འགའ་ཟ་ཞིང་ཟ་ཞིང་ལྟོས། །ཟག་མེད་ཚོགས་ཀྱི་འཁོར་ལོ་ཡིན། །རེས་འགའ་འགྲོ་ཞིང་འགྲོ་ཞིང་ལྟོས། །གནས་ལུགས་དོན་གྱི་བསྐོར་བ་ཡིན། །རེས་འགའ་ཉལ་ཞིང་ཉལ་ཞིང་ལྟོས། །འོད་གསལ་འཛིན་པའི་གདམས་པ་ཡིན། །གཅིག་པུར་སེམས་ངོ་བཟང་ན་ཡང་། །མང་པོའི་གསེབ་ཏུ་སྤྲེད་ལ་ཡར། །མང་པོའི་ནང་དུ་མ་ཡེངས་ན། །དེ་ནི་བོགས་ཆེ་ལྷག་པ་ཡིན། །ནངས་ནུབ་


CMR050_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་སྐབས་ཡུད་ཙམ་རེད། །ལུས་གནད་རྣམ་སྣང་ཆོས་བདུན་བཅའ། །རྟེན་འབྲེལ་ལུས་ལ་བསྒྲིག་པ་ན། །རྟོགས་པ་སེམས་ལ་འཆར་བ་ཡིན། །འདི་བསྒོམ་གཏད་སོ་མེད་པ་རུ། །མ་ཡེངས་དྲན་པའི་གསལ་འདེབས་བྱ། །རེས་འགའ་གསལ་སྟོང་རྗེན་ལྷང་ངེ་། །ངེས་ཤེས་སྙིང་ནས་སྐྱེས་ན་ཡང་། །དེ་ལ་ང་རྒྱལ་རློམ་སེམས་སྤོངས་། །མེར་རེ་འཁྱིལ་ལེ་འགྱུ་བ་ཉུང་། །ལུས་བདེ་སེམས་བདེ་དགའ་ཡ་ལེ། །སྤྱོད་ལམ་ཀུན་ཏུ་འབྲལ་མེད་ཀྱང་། །དེ་ལ་ཆགས་འཛིན་ཞེན་ཁྲིས་སྤངས། །རེས་འགའ་སེམས་འཚུབས་སྙིང་མི་དགའ། །སྤྲོ་ཐུང་སེམས་ལ་ལྟ་ན་ཡང་། །ལྟ་རྒྱུ་མི་རྙེད་རྩུབ་ཁ་རེ། །དེ་དུས་ལུས་སེམས་ཀློད་ལ་ལྟོས། །ངན་རྒྱུ་མེད་པས་སྡུག་མི་དགོས། །རེས་འགའ་བལྟས་ཀྱང་མི་གསལ་ན། །ཐིབ་བེ་སྨུགས་སེ་འདི་ཡིན་མེད། །དེ་ཡི་མི་ཆོག་བསམ་པ་ཡིན། །བློ་ཁ་མི་ཚིམ་མི་དགོས་སོ། །གང་ཤར་བཟང་ངན་ཁྱད་པར་མེད། །འཁྱིལ་བའི་ཆུ་དང་རྦ་ཀློང་ཆུ། །བརྙོག་པའི་ཆུ་རྣམས་ཆུ་ཡིན་ལྟར། །གང་ཤར་ཤར་ཡང་སེམས་ཉིད་ཡིན། །སེམས་ཉིད་ཡེ་ནས་ཆོས་ཀྱི་སྐུ། །མ་ཡེངས་གཅིག་པུར་བསྒོམ་དུ་


CMR050_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ། །རེས་འགའ་སྟོང་པ་ཧད་དེ་བ། །ལྟ་རྒྱུ་ཅི་ཡང་མེད་པ་འདྲ། །དེ་དུས་དེ་རང་ངང་ལ་ཞོག། ༈ །།ཕྱག་རྒྱ་ཆེན་པོའི་རྟོགས་པ་དེ། །།འདོད་པ་ཆེ་བས་སྐྱེ་བ་མིན། །ཤེས་རབ་ཆེ་བས་སྐྱེ་བ་མིན། །རྟོགས་སྤྱོད་མང་ཡང་སྐྱེ་བ་མིན། །ཡོན་ཏན་མཁས་ཀྱང་སྐྱེ་བ་མིན། །བྱིན་རླབས་སྟོབས་ཀྱིས་སྐྱེ་དགོས་ཏེ། །བྱིན་རླབས་འཇུག་པར་བྱེད་པ་ལ། །མོས་གུས་དྲག་པོས་གསོལ་འདེབས་དགོས། །དེ་ཕྱིར་བཀའ་བརྒྱུད་ཐམས་ཅད་ཀྱིས། །ཆོས་སྤྱོད་གཙོ་བོ་གསོལ་འདེབས་ལ། །བྱེད་པའི་གནད་དེ་༼དགོས་པར་སྣང་། །དེ་ཕྱིར་ཐུན་བཞི་བླ་སྒྲུབ་གཉིས། །རྩེ་གཅིག་མོས་གུས་དྲག་པོས་ཐོན། །གསོལ་འདེབས་རྒྱང་འབོད་ཚུལ་དུ་གྱིས། །མོས་གུས་དྲག་པོ་གང་ཡིན་ན། །བླ་མའི་གསོལ་འདེབས་བྱས་ཙམ་ན། །རང་དབང་མེད་པར་མཆི་མ་འཁྲུགས། །བ་སྤུ་གཡོ་ཤིང་དབང་མེད་དུ། །རྒྱང་འབོད་ཤོར་ན་མོས་གུས་ཡིན། །དེ་ལྟར་བྱས་པས་རྟོགས་པ་དེ། །སྔར་དང་མི་འདྲ་མཚར་པོ་འཆར། །ལྟ་མི་རྟ་རྒྱུ་གཅིག་ཏུ་འདྲེས། །འདི་བསྒོམ་གཏད་སོ་སྤུ་ཙམ་མེད། །བདེ་དང་གསལ་དང་མི་རྟོག་ཉམས། །གང་ཡང་


CMR050_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཞིང་གང་ཡང་མིན། །ངག་ནས་བརྗོད་རྒྱུ་མེད་པ་ལ། །སེམས་ལ་འདི་ཡིན་གཏད་སོ་མེད། །སྔར་གྱི་ཉམས་རྣམས་ཤུན་པར་བུད། །ངོ་བོ་མཐོང་བའི་དུས་ཚོད་ཡིན། །ད་རུང་ཡེངས་ན་ཐ་མལ་པ། །མ་ཡེངས་དྲན་རྫི་ཡང་ཡང་བརྟེན། །དེ་རྣམས་རྫོགས་པ་ཆེན་པོའི་སྐབས། །གཞི་ཡི་ཁྲེགས་ཆོད་ཉམས་ལེན་ཡིན། །ཕྱག་རྫོགས་གཉིས་ལ་ཁྱད་པར་མེད།། ༈ །།དེ་ནས་རྫོགས་ཆེན་ཁོ་ན་ཡི། །ཁྱད་ཆོས་མ་བསྒོམས་སངས་རྒྱས་ཐབས། །བལྟས་པས་གྲོལ་བའི་ཐོད་རྒལ་ནི། །ཕྱག་ལེན་བཞིན་དུ་མིག་གིས་ལྟོས། །ཁ་དོག་སྣ་ཚོགས་འཇའ་དང་འོད། །འཇའ་དང་འོད་ནི་མ་ཡིན་ཏེ། །རང་ལུས་རྒྱལ་བ་ཞི་ཁྲོའི་འོད། །ཡེ་ཤེས་རྩ་ཡི་རྒྱུད་ལས་བརྒྱུད། །ནམ་མཁར་དངོས་སུ་འཆར་བ་ནི། །དཀར་སེར་དམར་ལྗང་མཐིང་ཁ་ལྔ། །རྒྱལ་བ་རིགས་ལྔའི་འོད་ཟེར་ཏེ། །ཡེ་ཤེས་རྣམ་པ་ལྔ་པོ་སྟེ། །མངོན་སུམ་མིག་གིས་མཐོང་བ་ཡིན། །རྒྱལ་བ་རིགས་ལྔ་མཇལ་དང་མཉམ། །དེ་ལ་མིང་དང་མཚན་གསོལ་བ། །རྣམ་དག་དབྱིངས་ཀྱི་སྒྲོན་མ་ཟེར། །དེ་ནང་ཐིག་ལེ་ཐིག་ཕྲན་ནི། །ཆུ་རིས་


CMR050_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་གྱིས་རྦ་འཁོར་འདྲ། །མེར་རེ་ཡམ་ཡམ་ངོ་མཚར་བ། །ཐིག་ལེ་སྟོང་པའི་སྒྲོན་མ་ཡིན། །དེ་ནང་རྟ་རྔའི་ཕྲ་སྦོམ་ཙམ། །དྲྭ་བ་དྲྭ་ཕྱེད་མིག་མང་རིས། །ལྕགས་ཐག་འདྲ་བ་འཆར་བ་ནི། །རིག་པ་རྡོ་རྗེ་ལུ་གུ་རྒྱུད། །དེ་གསུམ་གཅིག་གིས་གཅིག་མ་སྒྲིབ། །སྣང་སྟོང་གསལ་སྟོང་ཟུང་དུ་འཇུག །སྒྱུ་མ་ཆུ་ཟླ་འཇའ་ཚོན་བཞིན། །ལོངས་སྤྱོད་རྫོགས་པའི་ཞིང་ཁམས་ཡིན། །ནངས་སྔ་ནུབ་ཕྱི་ཟེར་གཉིས་ལ། །ནམ་ཁོམ་མ་བརྗེད་ཡུད་ཙམ་ལྟོས། །གཞན་ལ་མ་གསང་བཀའ་ཆད་འབྱུང་། །མ་གཟའ་དམ་གསུམ་སྙིང་ཁྲག་འདི། །ཤིན་ཏུ་ཟབ་ཅིང་གཉན་པའི་ཆོས། །དེ་ནས་ལྟ་བས་མི་བཟོད་པའི། །བཀྲག་མདངས་ཆེན་པོའི་ཐིག་ལེའི་དཀྱིལ། །ཐིག་ལེ་ལྔ་ཚོམ་སུམ་ཚོམ་འཆར། །ཡུད་ཙམ་གསལ་ཞིང་མེད་པར་འབྱུང་། །ཡུན་ནི་དེ་ལས་ཇེ་རིང་བརྟན། །གཡས་གཡོན་གང་དུ་གསལ་པོ་འཐེན། །རི་རྩེ་ལུང་པ་གང་བར་འཆར། །གཉིད་ཡུལ་ཙམ་དུ་ཁྲ་ཆེམ་འགྲོ། །ཆོས་ཉིད་མངོན་སུམ་སྣང་བ་ཡིན། །དེས་ཀྱང་བར་དོ་ངོས་ཟིན་གསུངས། །དེ་ནས་ཇེ་ཆེ་ཇེ་འཕེལ་བ། །ཉམས་སྣང་གོང་འཕེལ་ཞེས་བྱའོ། །དེ་ནས་འཇའ་འོད་


CMR050_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེའི་ནང་། །ཡིག་འབྲུ་ཕྱག་མཚན་སྐུ་གཟུགས་དང་། །མཆོད་རྟེན་དཀྱིལ་འཁོར་ལ་སོགས་འཆར། །དེ་ནས་ངོ་ཤེས་མི་ཤེས་པའི། །ལྷ་ནི་མང་པོ་དུ་མ་འཆར། །ཞི་ཁྲོའི་ལྷ་ཚོགས་ཀུན་མཇལ་ན། །རིག་པ་ཚད་ཕེབས་སྣང་བ་སྟེ། །བར་དོ་དེ་ཡི་བསྒྲོད་མི་དགོས། །ཕྱི་དབུགས་ཆད་པའི་སྐད་ཅིག་ལ། །འོད་ཀྱི་སྦུ་གུ་མིག་ལ་ཟུག །རིག་པ་རྡོ་རྗེ་སེམས་དཔའ་ཡི། །ཐུགས་ཀར་ཐིམ་ནས་སངས་རྒྱས་རྟགས། །འཇའ་འོད་རྟེན་དང་རིང་བསྲེལ་འབྱུང་། །དེ་ནས་མ་བསྒོམས་ན་ཡང་ཆོག །འདི་ལས་ཟབ་དང་སླ་བའི་ཆོས། །རྟ་རྨིག་ལྕགས་བཏུམས་འཛམ་བུའི་གླིང་། །བསྐོར་ཡང་གཞན་ནས་རྙེད་མི་སྲིད། །དེ་ཕྱིར་བརྩོན་འགྲུས་དྲག་པོས་ལྟོས། །དེ་ཡིས་རྫོགས་ཆེན་དོན་རྩ་ཚང་། །མིག་གིས་འཇའ་འོད་ཐིག་ལེ་ལྟར། །སེམས་ཀྱིས་དེ་དང་རང་སེམས་བསྲེས། །དབྱེར་མེད་སེམས་ངོ་སྐྱོང་ཐུབ་ན། །མིག་གིས་མཐོང་བ་གསལ་བ་སྟེ། །ངོ་ལྟ་བོ་སྟོང་པར་མཐོང་བ་ནི། །གསལ་སྟོང་ཟུང་དུ་འཇུག་པ་སྟེ། །ཕྱག་རྫོགས་ཟུང་འཇུག་ཉམས་ལེན་ཏེ། །ཀརྨ་པཀི་རང་བྱུང་བ། །རོལ་པའི་རྡོ་རྗེའི་དགོངས་པ་ཡིན། །


CMR050_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གསར་རྙིང་བཀའ་གཏེར་ཐམས་ཅད་ལ། །དེ་བས་ཐེག་པ་མཐོ་བ་དང་། །དེ་བས་ས་ལམ་ཆོད་མྱུར་བ། །གཅིག་ཀྱང་སྲིད་པ་མ་ཡིན་ཏེ། །ཐེག་པ་དགུ་ཡི་ཡང་རྩེ་ཡིན། །དེ་ལ་ངེས་ཤེས་བསྐྱེད་པར་མཛོད། ༈ །ནུབ་མོ་ཉལ་ཁ་ལུས་སྦྱིན་མཛོད། །ལུས་སྦྱིན་མཛད་ཚེ་དམིགས་པའི་གནད། །རང་གི་སྙིང་གར་རྣམ་ཤེས་དེ། །རང་གི་ཚེ་དང་བསོད་ནམས་དང་། །དབང་བསྐུར་ཡེ་ཤེས་བསྟིམ་པ་དང་། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །ལུས་ལྷ་ཐམས་ཅད་དབྱེར་མེད་པའི། །ཕག་མོའི་སྐུ་འམ་ཐིག་ལེ་དེ། །ནམ་མཁར་སྤར་ནས་ཇེ་ཆེ་ཡི། །ཕག་མོ་རི་རབ་ཙམ་དུ་བསྒྱུར། །རང་ལུས་བེམ་པོ་རི་རབ་ཙམ། །ཆེ་ལ་ཚོ་བ་རི་རབ་ཙམ། །དེ་ལ་གྲི་གུག་ཚད་ཙམ་ལས། །ཐོད་པ་རྒལ་གྱིས་བཅད་ནས་འཕར། །སྟོང་གསུམ་ཙམ་གྱི་སྣོད་དུ་གྱུར། །གྲི་གུག་རྩེ་མོ་ཚད་ཙམ་གྱིས། །བེམ་པོ་བླངས་ནས་ཐོད་པར་འཕང་། །དེ་ལ་གྲི་གུག་ཚད་ཙམ་གྱིས། །ཤ་ཁྲག་རུས་པ་སིལ་བུར་གྱུར། །ཨོཾཨཱཧཱུྃ་ཞེས་བརྗོད་པ་ཡིས། །བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །རང་གི་ཐུགས་ལས་སྤྲུལ་པ་ཡིས། །མཁའ་འགྲོ་བྱེ་བ་དུང་ཕྱུར་གྱིས། །


CMR050_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་བྷནྡྷའི་སྐྱོགས་ཀྱིས་ནི། །བདུད་རྩིའི་རྒྱ་མཚོ་དེ་ལ་བཅུས། །ནམ་མཁའི་དབྱིངས་ཀུན་གང་བ་ཡི། །བླ་མ་ཡི་དམ་ཐམས་ཅད་མཆོད། །དེ་འོག་མཁའ་འགྲོ་ཆོས་སྐྱོང་མཆོད། །དེ་འོག་ལྷ་སྲིན་འཇིག་རྟེན་སྐྱོངས། །ཡུལ་ལྷ་གཞི་བདག་ཐམས་ཅད་མཆོད། །དེ་འོག་ལན་ཆགས་བགེགས་རིགས་དང་། །རིགས་དྲུག་སེམས་ཅན་ཐམས་ཅད་མཆོད། །དེ་རྣམས་ཡོད་པར་བསྒོམས་པ་ལས། །སྤྱན་འདྲེན་ལ་སོགས་མི་དགོས་སོ། །དེ་ནས་དེ་རྣམས་སྒོམ་མཁན་ནི། །གཞན་ན་མེད་དེ་རང་གི་སེམས། །མགྲོན་དང་མཆོད་རྫས་མཆོད་མཁན་ཀུན། །སེམས་ཀྱི་ཆོ་འཕྲུལ་མ་གཏོགས་པ། །ལོག་ནས་དངོས་སུ་གྲུབ་པ་མེད། །དེ་ཕྱིར་སེམས་ཀྱི་ངོ་བོ་ལྟོས། །བལྟས་པས་མ་མཐོང་ངང་ལ་ཞོག །དེ་ཡིས་ཚོགས་རྫོགས་སྒྲིབ་པ་དག །བར་ཆད་ཐམས་ཅད་རང་སར་ཞི། །ལྷ་འདྲེ་དབང་འདུས་ཅི་བསམ་འགྲུབ། །བདག་འཛིན་བློ་ཡིས་བཏང་བ་ཡི། །རིམ་གྲོ་བརྒྱ་ཡིས་དོ་ཟླ་མིན། །ཕ་རོལ་ཕྱིན་པའི་ཉམས་ལེན་ཏེ། །མ་གཅིག་ལབ་སྒྲོན་གདམས་པ་མཆོག །རི་ཁྲོད་འཛིན་ན་མེད་ཐབས་མེད། །རང་ཉིད་ན་བ་ལ་སོགས་དུས། །


CMR050_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ནས་འདོན་པར་མ་ནུས་ཀྱང་། །ཡིད་ཀྱིས་ཚར་གྲངས་བརྒྱ་རྩ་བསྒོམ། །བསྒོམས་པས་བར་ཆད་འཕྲལ་ཉིད་དུ། །སེལ་བ་མྱོང་བས་གྲུབ་པའོ། ༈ །ཆོས་སྒོར་ཞུགས་ཤིང་ཆོས་བྱས་པའི། །ལ་དོན་ནམ་འཆི་ཆ་མེད་པས། །ཤི་ནས་གར་འགྲོའི་གཏད་སོ་ཅིག །ད་ལྟ་ཉིད་ནས་ཡོད་གལ་ཆེ། །དམ་ཆོས་ཁོ་ན་བྱས་ན་ཡང་། །གར་འགྲོ་ཏིག་ཏིག་མ་བྱས་ན། །ཚེ་སྔོན་ལས་འཕྲོ་བཟང་ངན་མང་། །དགྲ་རྣམས་བློ་རྣམས་ཟེར་བའི་དཔེ། །གང་ན་འགྲོ་ཡང་ངེས་པ་མེད། །དགེ་སྡིག་མཚམས་མེད་ཅེས་བྱ་བ། །དགེ་བ་ཤིན་ཏུ་རླབས་ཆེན་དང་། །སྡིག་པ་ཤིན་ཏུ་སྟོབས་ཆེན་ནི། །སྐྱེ་བ་རྒྱབ་མ་ཉིད་ལ་སྨིན། །སྐྱེ་བ་གཞན་གྱིས་བར་མི་ཆོད། །དེ་ཕྱིར་མཚམས་མེད་ཟེར་བ་ཡིན། །དེ་མིན་དགེ་བ་ཕལ་ཆེར་ནི། །སྐྱེ་བ་རྒྱབ་མའི་རྒྱབ་མར་སྨིན། །དེ་མིན་དགེ་སྡིག་ཕྲ་ཞིབ་རྣམས། །ནམ་ཞིག་ངེས་པར་སྨིན་ན་ཡང་། །སྐྱེ་བ་བརྒྱ་སྟོང་ཁྲི་འབུམ་སོགས། །ནམ་སྨིན་ངེས་པ་མེད་པར་གསུངས། །ཤི་ནས་བདུན་གཉིས་ཚུན་ཆོད་ལ། །དགེ་སྡིག་ལས་ཀྱིས་མི་སླེབས་ཏེ། །སྡིག་པོ་ཆེ་ཡི་གསེང་ལམ་ཞེས། །ཞི་ཁྲོའི་ལྷ་ཚོགས་ངོས་ཟིན་


CMR050_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ན། །སྡིག་ཆེན་ཡིན་ཡང་དག་པ་ཡི། །ཞིང་ཁམས་རྣམས་སུ་སྐྱེ་བར་གསུངས། །ཞིང་ཁམས་རྣམ་པ་དཔག་མེད་དེ། །མངོན་དགའ་དཔལ་ལྡན་ལས་རབ་ཞིང་། །ས་ཐོབ་མ་གཏོགས་སྐྱེ་མི་སྲིད། །འཐུག་པོ་བཀོད་དང་འོག་མིན་ཞིང་། །ས་བརྒྱད་མ་ཐོབ་སྐྱེ་མི་སྲིད། །ཟངས་མདོག་དཔལ་རི་དགའ་ལྡན་གནས། །སྐྱེས་ཀྱང་ཕྱིར་ལ་ལྟུང་བ་སྲིད། །བདེ་བ་ཅན་གྱི་ཞིང་ཁམས་ན། །སྨོན་ལམ་བཏབ་ཅིང་བློ་གཏད་ན། །དམ་ཆོས་སྤངས་དང་མཚམས་མེད་ལས། །བྱས་པ་མ་གཏོགས་སྐྱེ་བ་དང་། །སྐྱེས་ནས་ཕྱིར་ལ་མི་ལྟུང་དང་། །སྡུག་བསྔལ་ཅིག་ཀྱང་མི་སྲིད་དང་། །བདེ་སྐྱིད་ཐམས་ཅད་འཛོམ་པ་དང་། །བསྐལ་པ་བྱེ་བ་བརྒྱ་སྟོང་ལ། །འཆི་དང་ན་དང་རྒས་པ་མེད། །ཅི་འདོད་རྩོལ་བསྒྲུབ་མི་དགོས་པར་། །བསམ་ཚད་མདུན་དུ་འབྱུང་བ་དང་། །ལུས་ལ་མཚན་དཔེ་འོད་ཟེར་ལྡན། །མངོན་ཤེས་ལྔ་ལྡན་རྫུ་འཕྲུལ་གྱིས། །འཕུར་ཡུལ་ནས་སངས་རྒྱས་ཞིང་ཀུན་བགྲོད། །དེ་འདྲའི་ཡོན་ཏན་བདེ་སྐྱིད་ནི། །དེ་རུ་སྐྱེས་ཚད་རྣམས་ལ་ཡོད། །འོད་དཔག་མེད་པའི་སྨོན་ལམ་གྱི། །སྟོབས་ལས་དེ་རྣམས་འབྱུང་བ་


CMR050_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །སྐྱེ་སླ་ཞིང་ཁམས་གཞན་རྣམས་ལས། །བདེ་སྐྱིད་ཡོན་ཏན་འདི་ཉིད་ཆེ། །དེ་ཕྱིར་དགེ་སྦྱོར་གང་བྱེད་ཀུན། །དེ་རུ་སྐྱེ་བའི་རྒྱུར་བསྔོ་ཞིང་། །རང་ཉིད་བེམ་རིགས་བྲལ་མ་ཐག །ཤི་བ་ཡིན་པར་ངོ་ཤེས་ཚེ། །ཞིང་ཁམས་དེ་རུ་འགྲོ་བསམ་པའི། །བློ་ཐག་ད་ལྟ་ནས་ཆོད་ཅིང་། །རྒྱུན་དུ་ཡིད་ལ་དྲན་པ་གཅེས། །དྲན་པ་ཙམ་ནས་ཕྱིན་པ་སྟེ། །ཡིད་ཀྱི་ལུས་ནི་རླུང་དང་འདྲ། །འགྲོ་ལ་དཀའ་ལས་དགོས་པ་མིན། །འོན་ཀྱང་ཚེ་སྔོན་ལས་སྒྲིབ་ཀྱིས། །ཡུལ་དང་ས་ཕྱོགས་འདི་ཉིད་དུ། །སྐྱིད་སྣང་ཆགས་སེམས་ཆེན་པོ་དང་། །ད་དུང་མི་ལུས་གཅིག་བླངས་ན། །ཆོས་འགའ་བྱེད་རྒྱུ་ཡོད་བསམས་ནས། །འགྲོ་རྒྱུ་ཡོད་ཀྱང་མི་འགྲོ་བ། །དེ་འདྲ་བདུད་ཀྱི་བར་ཆད་དེ། །དེ་འདྲ་འོང་ཉན་བག་ཆེ་འདུག་པས། །འཁོར་བའི་གནས་འདིར་མ་ཆགས་པར། །བྱ་རྒོད་རྙི་ལས་ཐར་བའམ། །ཉེས་ཆེན་བཙོན་ལས་ཐར་བ་བཞིན། །ཤི་ནས་བདེ་བ་ཅན་ཉིད་དུ། །འགྲོ་བའི་བསམ་བློ་ཡང་ཡང་ཐོངས། །བསྔོ་བ་སྨོན་ལམ་ཡང་ཡང་གྱིས། །འདི་ནི་གལ་ཆེན་གནད་ཆེན་ཏེ། །རྟག་ཏུ་ཡིད་ལ་མ་བརྗེད་ཅིག །འཆི་བ་ཡིད་ལ་ནམ་དྲན་དུས། །བདེ་


CMR050_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཞིང་དེ་དྲན་པར་གྱིས། །ཅིས་ཀྱང་དེ་རུ་སྐྱེ་འདོད་ན། །བརྒྱ་ཕྱག་ལ་སོགས་འཚལ་དུས་སུ། །ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་དང་། །འོད་དཔག་མེད་པ་གཙོ་འཁོར་ལ། །དམིགས་ནས་ནུབ་ཏུ་ཁ་གཏད་ནས། །འཚལ་ན་མདུན་ནས་འཚལ་བ་དང་། །རྒྱངས་ནས་འཚལ་བ་ཁྱད་པར་མེད། །མ་གཅིག་ལབ་སྒྲོན་གསུངས་ལས་ཀྱང་། །མོས་གུས་ཕྱག་ལ་ཉེ་རིང་མེད། །གསུངས་ཕྱིར་དེ་ཡང་གདམས་ངག་ཡིན། །ཡང་ན་རྟེན་དང་མཆོད་ཆ་ལ། །འཚལ་ཡང་འོད་དཔག་མེད་དུ་བསྒོམ། །དེ་ལ་འཚལ་ཡང་འདྲ་བ་ཡིན། །བླ་མ་ཨོ་རྒྱན་པདྨ་ཡང་། །འོད་དཔག་མེད་ཀྱི་སྤྲུལ་པ་སྟེ། །ཁོང་ལ་དད་ཅིང་གུས་པ་རྣམས། །བདེ་བ་ཅན་དུ་སྐྱེ་བར་གསུངས། །ཡི་དམ་རྒྱལ་བ་རྒྱ་མཚོ་ཡང་། །བཞུགས་ས་བདེ་བ་ཅན་ཡིན་ཏེ། །པདྨ་དབང་གི་དཀྱིལ་འཁོར་དང་། །དབང་དྲག་རོལ་པའི་དཀྱིལ་འཁོར་དང་། །བདེ་ཆེན་དབང་དྲག་རོལ་པ་རྣམས། །དོན་སྒྱུ་གཅིག་མིང་གི་རྣམ་གྲངས་ཏེ། །བདེ་བ་ཅན་གྱི་ཞིང་ཁམས་ཡིན། །སྤྱན་རས་གཟིགས་དང་ཕྱག་རྡོར་གྱི། །སྤྲུལ་པ་བྱེ་བ་ཕྲག་བརྒྱ་ནི། །འཛམ་གླིང་ལྕང་ལོ་ཅན་སོགས་


CMR050_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

སུ། །བཞུགས་ཀྱང་སྤྲུལ་གཞི་སྤྱན་རས་གཟིགས། །ཕྱག་ན་རྡོ་རྗེ་མཐུ་ཆེན་ཐོབ། །དངོས་ནི་བདེ་བ་ཅན་ན་བཞུགས། །ཨོ་རྒྱན་བྱེ་བ་ཕྲག་བརྒྱ་ཡང་། །སྲིན་ཡུལ་བྱེ་བ་ཕྲག་བརྒྱར་བཞུགས། །དེ་ཚེ་སྤྲུལ་པ་རེ་རེ་སྟེ། །ཨོ་རྒྱན་དངོས་ནི་འོད་དཔག་མེད། །ཆོས་སྐུ་སྣང་བ་མཐའ་ཡས་ཡིན། །བདེ་བ་ཅན་གྱི་གཙོ་བོ་ཡིན། །མཉམ་མེད་དྭགས་པོའང་དེ་ན་བཞུགས། །ས་སྐྱ་རྗེ་བཙུན་རྩེ་མོ་དང་། །ངོམ་པ་མཁའ་སྤྱོད་པ་དང་ནི། །ཤང་པའི་ཁྱུང་པོ་རྣལ་འབྱོར་དང། །སྟག་ལུང་ངག་དབང་རྣམ་རྒྱལ་ཡང་། །བདེ་བ་ཅན་ན་བཞུགས་པར་གསུངས། །ཞྭ་ནག་འཛིན་པའི་ཀརྨ་པ། །དོན་ལ་སྤྱན་རས་གཟིགས་སྤྲུལ་ཏེ། །འོན་ཀྱང་སྐུ་སྐྱེ་རིམ་པ་རྣམས། །ཀརྨ་པ་ཡི་སྤྲུལ་པ་ཉིད། །དངོས་ཉིད་བདེ་བ་ཅན་དེ་ན། །དགེ་སློང་ཆོས་ཀྱི་གྲགས་པ་ཞེས། །འཁོར་ཡང་དགེ་སློང་བྱེ་བ་འབུམ། །བདེ་བ་ཅན་དེར་བཞུགས་སོ་ཞེས། །མཐོང་བ་དོན་ལྡན་ཉིད་ཀྱིས་གསུངས། །ཞྭ་དམར་ཅོད་པན་འཛིན་པ་ནི། །འོད་དཔག་མེད་ཀྱི་སྤྲུལ་པ་རུ། །ཉིད་ཀྱི་ཞལ་གྱིས་བཞེས་པ་དང་། །ཨོ་རྒྱན་ལུང་བསྟན་མང་པོ་མཐུན། །རང་རེ་རྣམས་ཀྱིས་བསྒྲུབ་རྒྱུ་


CMR050_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ལྷ་དང་བླ་མ་ཐམས་ཅད་ཀྱང་། །བདེ་བ་ཅན་དུ་བཞུགས་པའི་ཕྱིར། །ཞིང་ཁམས་དེ་རུ་འགྲོ་བའི་ཐབས། །སྨོན་ལམ་བསྔོ་བ་གལ་ཆེ་སྟེ། །མི་ཚེར་དམ་ཆོས་བྱས་ན་ཡང་། །ངན་སོང་གསུམ་དུ་མི་སྐྱེ་ཡང་། །གར་སྐྱེ་སྨོན་ལམ་གཙོ་ཆེ་སྟེ། །རྟ་ཁ་སྲབ་ཀྱིས་བསྒྱུར་བ་འདྲ། །སྨོན་ལམ་ངན་ན་ངན་སར་སྐྱེ། །དཔེར་ན་རྒྱལ་པོ་ཀླུ་བདུད་གཟའ། །ས་བརྒྱད་ཐོབ་པའི་སེམས་དཔའ་སྟེ། །སྨོན་ལམ་ངན་པས་མ་རུངས་པ། །ཀུན་ལ་གནོད་པ་འདི་ལ་སོམས། །སྨོན་ལམ་འགྲུབ་པའི་རྟེན་དུ་ག་ཡང་། །བསོད་ནམས་དགེ་ཚོགས་བསགས་དང་གཅིག །ཡིད་ནི་མ་ཡེངས་རྩེ་གཅིག་གཉིས། །བསམ་པ་རྣམ་པར་དག་དང་གསུམ། །དེ་གསུམ་འཛོམས་ན་སྨོན་ལམ་འགྲུབ། །དེ་ཕྱིར་དགེ་སྦྱོར་གང་ཐོན་རྗེས། །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོས། །འདི་ནི་བཀའ་དང་བསྟན་བཅོས་དང་། །གསར་རྙིང་མདོ་རྒྱུད་རྒྱ་མཚོ་ལ། །བདག་གིས་བལྟ་བལྟས་ཤིང་དཔྱད་བྱས་པས། །ཟབ་མོ་གདམས་ངག་བདག་གིས་རྟོགས། །འདི་ལས་ཟབ་དང་གལ་ཆེ་བ། །གཅིག་ཀྱང་མེད་དོ་སྙིང་ལ་འཆང་། །དེ་སྐད་པདྨ་ཤེས་རབ་


CMR050_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །ཤོག་བུ་གཏད་པས་འཕྲལ་ཉིད་དུ། །གང་དྲན་བཅོས་གཏམ་བྲིས་པ་ལ། །ཚིག་འགྲིགས་ལེགས་པོ་མ་བྱུང་ཡང་། །དོན་ལ་ནོར་འཁྲུལ་མེད་དམ་སེམས། །མང་པོ་འགའ་ལ་ཕན་པར་ཤོག །རཱ་ག་ཨ་སྱས་སོ། །མངྒ་ལཾ། བྷ་ཝནྟུ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

རྗེ་བཙུན་བླ་མ་ཀརྨ་རཱ་ག་ཨ་སྱས་དགུང་ལོ་ཉེར་བཞི་ནས་བཟུང་སྟེ་ཉམས་ཀྱི་མགུར་ངག་ཏུ་སྨྲས་ཞིང་ཚིགས་སུ་བཅད་པ་གླུར་བླངས་བའི་སྐོར་འགའ་ཞིག


CMR050_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བླ་མ་ཀརྨ་རཱ་ག་ཨ་སྱས་དགུང་ལོ་ཉེར་བཞི་ནས་བཟུང་སྟེ་ཉམས་ཀྱི་མགུར་ངག་ཏུ་སྨྲས་ཞིང་ཚིགས་སུ་བཅད་པ་གླུར་བླངས་བའི་སྐོར་འགའ་ཞིག་བཞུགས་པའི་དབུ་ཕྱོགས་ལགས་སོ། །


CMR050_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་མུ་དྲ་ཡེ། སེམས་ཉིད་འདི་བླ་མ་རྡོ་རྗེ་འཆང་། །གསོལ་བ་ནི་སྙིང་གི་དཀྱིལ་ནས་འདེབས། །བྱིན་རླབས་ནི་རྒྱུན་ཆད་མེད་པར་སྩོལ། །སེམས་ཀྱིས་སེམས་ལ་བལྟས་ཙ་ན། །བལྟ་བྱ་ལྟ་བྱེད་བྲལ་བ་ཞིག །ལྟ་འདོད་ཀྱི་མཚན་མ་ཞིག་པ་ཅིག །སྨྲ་བརྗོད་ཀྱི་ཡུལ་ལས་འདས་པ་ཅིག །ཡིད་ཡུལ་དུ་མྱོང་རྒྱུ་ཡོད་པ་ཅིག །དེ་ཡིད་ལ་འདི་བྱ་མེད་པ་ཅིག །འཁོར་འདས་ཀུན་ཁོ་ཡི་ཡོ་ལང་ལ། །ཁ་དོག་དང་དབྱིབས་ལས་འདས་པ་ཅིག །ཅེས་རང་ལོ་ཉེར་བཞི་པར་དུས་རེ་ཞིག་བྱུང་རྒྱལ་དུ་སྨྲས་སོ།། ༈ །།ཕ་འཇམ་དབྱངས་བླ་མས་བདག་


CMR050_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོངས་ཤིག །སྤྲང་སྔོན་ཚེ་བསོད་ནམས་མ་བསགས་པས། །དུས་ངན་སྙིགས་མ་འདི་རུ་སྐྱེས། །ཡུལ་ངན་གྱི་མཐའ་འཁོབ་འདི་རུ་སྐྱེས། །ནོར་མེད་ཀྱི་སྤྲང་ཕྲུག་འདི་རུ་སྐྱེས། །ད་སྐྱེས་པས་འགྱོད་ཀྱང་བྱ་ཐབས་མེད། །ད་འདི་འདྲ་ཞིག་ཏུ་སྐྱེས་ན་ཡང་། །ཕ་ཁྱེད་ཀྱི་ཐུགས་རྗེའི་འོད་ཟེར་གྱིས། །བསྟན་པའི་རྩ་བ་འདུལ་བ་ལ། །བསྙེན་རྫོགས་ཀྱི་དངོས་པོ་འགྲུབ་གྱུར་ཀྱང་། །ཉེས་བྱས་དང་ལྟུང་བའི་ཁ་བ་ནི། །གྱང་རིམ་དགུ་ཙམ་གྱི་འོག་ཏུ་ཚུད། །ཕ་ཐུགས་རྗེས་གཟིགས་ཤིག་བླ་མ་རྗེ། །རྒྱལ་བའི་སྐུ་ཚབ་ཡོངས་གྲགས་པས། །མཚན་བརྗོད་


CMR050_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་ཤཱཀྱ་མུ་ནེའི་དྲུང་། །བྱང་སེམས་ཀྱི་བསླབ་པ་ལེགས་མནོས་ཀྱང་། །ད་ནག་པོའི་ཆོས་བཞི་ཆར་དྲག་བབས། །ཕ་ཐུགས་རྗེས་གཟིགས་ཤིག་བླ་མ་རྗེ། །རྡོ་རྗེ་འཆང་དངོས་བླ་མ་རྗེའི། །དབང་བཞིའི་ཆུ་རྒྱུན་བྱིན་ན་ཡང་། །རྩ་བ་དང་ཡན་ལག་གི་དམ་ཚིག་ཀུན། །གོ་བའི་སྐྱ་རིས་འང་མི་འདུག་ན། །ཕ་ཐུགས་རྗེས་གཟིགས་ཤིག་བླ་མ་རྗེ། །རྒྱུ་དང་འབྲས་བུ་ཆོས་ཚུལ་ཀུན། །ཚིག་དོན་སྤྱི་དང་མི་གོ་ན། །དོན་ཉམས་སུ་ལེན་པ་ག་ལ་ཞིག །ད་སྤུ་མེད་ཀྱི་ཕག་པ་བདག་ལྟ་བུ། །ཕ་ཐུགས་རྗེས་གཟིགས་ཤིག་བླ་མ་རྗེ། །རྗེ་གྲུབ་ཐོབ་ཀུན་གཤེགས་པའི་ལམ་པོ་ཆེ། །བཀའ་ཕྱག་རྒྱ་ཆེན་པོ་ཐོབ་ན་ཡང་། །ཞི་གནས་ཀྱི་སྤྲིན་ཚོགས་མི་འདུ་ན། །ལྷག་མཐོང་གི་ཆར་རྒྱུན་ག་ལ་ཞིག །ཁ་སྒྲུབ་ཀྱི་གང་ཟག་བདག་ལྟ་བུ། །ཕ་ཐུགས་རྗེས་གཟིགས་ཤིག་བླ་མ་རྗེ། །ད་ཟབ་དང་རྒྱ་ཆེའི་ཆོས་ཚུལ་ཀུན། །མྱུར་བ་ཉིད་དུ་རྟོགས་པ་རུ། །རྗེ་བླ་མ་ཁྱེད་ཀྱིས་བྱིན་གྱིས་རློབས། །ཞེས་རང་ལོ་ཉེར་བཞི་པ་ལ་རང་ལ་རང་ཡི་མུག་ནས་སྨྲས་པའོ།། ༈ །།རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཀའ་གོང་མ་རྣམས་ཀྱི་ཐུགས་རྗེས་ཟུངས། །


CMR050_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ལར་མི་རྟག་འཆི་བའི་ཆོས་ཅན་ལ། །ཆོས་ཕྱི་དལ་དུ་བཞག་པའི་སྙིང་ཕོད་ཅན། །མི་བདག་ལ་བླ་མས་ཐུགས་རྗེས་ཟུངས། །རྗེ་རྒྱལ་ནས་འཇག་མའི་སྲིན་བུའི་བར། །སྔར་མ་ཤི་བ་ཐོས་སམ་ཐེ་ཚོམ་ཟ། །ད་མི་འཆི་མཁན་མི་འབྱུང་ཐག་གིས་ཆོད། །དེ་ཤེས་བཞིན་དུ་ད་རུང་སྡོད་ཆས་མཁན། །མི་བསམ་བརླགས་བདག་ལ་ཐུགས་རྗེའི་ཟུངས། །རྗེ་སངས་རྒྱས་ཀུན་དངོས་ཀྱི་བླ་མ་རྗེ། །དེ་མངོན་སུམ་དུ་ཞལ་མཐོང་གསུང་ཐོས་དང་། །སྣོད་ཁ་སྦུབ་སྟེང་དུ་ཆུ་བླུགས་ལྟར། །མི་དྲེད་པོ་བདག་ལ་ཐུགས་རྗེས་ཟུངས། །སེམས་མཐའ་བྲལ་གཉུག་མ་ཆོས་ཀྱི་སྐུ། །མངོན་སུམ་དུ་བླ་མས་ངོ་སྤྲད་ཀྱང་། །དེ་གཡེང་བའི་དབང་གིས་ཐ་མལ་དུ་ལུས། །མི་ལས་ངན་བདག་ལ་ཐུགས་རྗེའི་ཟུངས། །ནང་དུག་ལྔ་ཉོན་མོངས་ཀྱི་རྐྱལ་པ་བདག །ཕྱི་ཆོས་གོས་ཀྱིས་གཏུམ་ཚེ་ཕོ་ཚུགས་བཟང་། །མིས་གུས་ཚུལ་བསྟན་དུས་ལྟ་བ་མཐོ། །རྐྱེན་ཐོག་བབ་ཏུ་བྱུང་ན་ཐ་མལ་པ། །མི་ཟོབ་པོ་བདག་ལ་ཐུགས་རྗེས་ཟུངས། །ཞེས་རང་ལོ་ཉེར་བཞི་པར་སྦྱིན་བདག་གཅིག་གི་སར་མགོན་པོ་ཕྱག་བཞི་པའི་བསྐང་མདོས་ཉི་ཤུ་སོགས་གཅིག་བྱས་པས། དེར་བསྔོས་ནས་མཛོ་རྒན་


CMR050_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཤས་ནས་དེའི་ཤ་ལོངས་སྤྱོད་དགོས་བྱུང་བའི་ཚེ་ལང་དཀར་གཤེགས་པ་སོགས་ནས་གསུངས་པའི་ཉེས་པ་དྲན་ནས་ཡི་མུག་སྟེ་སྨྲས་ཤིང་། དེ་ཕྱིན་ཆད་ཤ་མི་ཟ་བའི་དམ་བཅའ་དྲག་པོ་བྱས་སོ།། ༈ སྐྱབས་ཟླ་བྲལ་གྱི་རྒྱལ་བ་ཡབ་སྲས་མཁྱེན། །ཆོས་ཕྱག་ཆེན་ཟེར་བའི་གཡེར་པོ་ཆེ། །ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ། །ཉི་ཟླ་ལྟ་བུར་ཡོངས་ལ་གྲགས། །ཁོང་སྙན་བརྒྱུད་པ་ཀུན་ལྐོག་ལབ་བྱེད། །ཁོང་རྙིང་མ་བ་ཀུན་དབྱངས་སུ་གྱེར། །ཁོང་མཚན་ཉིད་པ་ཀུན་ཚིག་ཟུར་རྩོད། །ཁོང་སྒོམ་ཆེན་པ་ཀུན་གཅིག་ལབ་བྱེད། །ཁོང་བན་དེ་རྣམས་ཀྱིས་ཇ་དཔག་བྱེད། །ཁོང་སྐྱེ་བོ་རྣམས་ཀྱིས་ཆང་དཔག་བྱེད། །ཁོང་རས་པ་རྣམས་ཀྱིས་གླུ་རུ་ལེན། །ཁོང་མཆོད་གནས་རྣམས་ཀྱིས་འབོད་ནས་ཀློག །གསུང་དེ་ཀུན་མཛུབ་རྩེའི་བརྡའ་སྟོན་འདྲ། །ཁོ་རྟོགས་ལྡན་ཕལ་ཆེར་སྒོམ་མེད་རྟོགས། །མི་ཤི་ཚད་ཕལ་ཆེར་འོད་གསལ་ཟིན། །ཁོང་ཀུན་གྱིས་ཆོས་སྐད་འདོན་པ་དེ། །སྤྲང་རྒན་བདག་གིས་ཉན་ཙམ་ན། །རྣམ་རྟོག་འདི་ཆོས་སྐུ་ཡིན་ནོ་གསུངས། །ཁ་ཅིག་སེམས་ཉིད་ཧྲིག་ཧྲིག་པོ། །འདི་གཅིག་པུ་བསྐྱངས་བས་ཆོག་གོ་གསུངས། །ཁ་ཅིག་ས་ལེ་ཧྲིག་གེ་བ། །ཡེ་རེ་བ་


CMR050_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཡོད་དོ་གསུངས། །ཁ་ཅིག་འགྱུ་བ་ཤར་བ་ན། །ངོས་ཟིན་པ་ཅིག་པུས་ཆོག་གོ་གསུངས། །ཁ་ཅིག་དགེ་དང་མི་དགེ་བའི། །རྟོག་པས་མཐོ་རིས་ངན་སོང་སྟེ། །རང་ངོར་བལྟ་བ་གཅིག་པུ་ཡིས། །སངས་རྒྱས་ཐོབ་པ་ཡིན་ནོ་གསུངས། །ཁ་ཅིག་སེམས་ངོ་ལྟ་བ་ལས། །ལུས་ངག་གི་དགེ་སྦྱོར་མི་དགོས་གསུངས། །ཁ་ཅིག་ལུས་ངག་གི་དགེ་སྦྱོར་འདི། །ཐེག་དམན་པ་ཡི་ལུགས་ཡིན་པས། །ཐེག་ཆེན་ལ་ཉལ་བས་ཆོག་གོ་གསུངས། །ཁ་ཅིག་འདུལ་བའི་བསླབ་བྱ་སོགས། །བྱིས་པ་འབྲིད་པའི་ཆོས་ཡིན་པས། །སྒོམ་ཆེན་ལ་དེ་རྣམས་མི་དགོས་གསུངས། །བདག་དམ་ཆོས་ཀྱི་བསྐལ་པ་ཆོས་མིན་པས། །གསུང་དེ་ཚོ་ལ་དད་འདུན་སྐྱེ་མ་ཐུབ། །རྣམ་རྟོག་འདི་ཆོས་སྐུ་ཡིན་ན་ནི། །ཆོས་སྐུའི་འཁོར་བར་འཕེན་ནམ་ཅི། །སེམས་ཉིད་ལ་ཧྲིག་ཧྲིག་ཅིག་ཡོད་ན་ནི། །རྫོགས་སངས་རྒྱས་ཀྱིས་ཅིས་མ་གཟིགས། །ས་ལེ་ཧྲིག་གེ་ཡེ་རེ་བ། །ཡོད་ཊྛ་ན་དབྱིབས་དང་ཁ་དོག་ཡིན། །རྣམ་རྟོག་ངོས་བཟུང་ཟེར་བ་ཡང་། །ངེས་བཟུང་བཟུང་ལུགས་མ་ཤེས་ན། །རྣམ་རྟོག་འཁོར་ལོ་འཁོར་དོགས་ཡོད། །རང་ངོ་ལྟ་བ་གཅིག་པུ་


CMR050_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །སངས་རྒྱས་ཐོབ་པ་ཡིན་ན་ནི། །བསོད་ནམས་ཚོགས་ཀྱིས་ཅི་ཞིག་བྱ། །ལུས་ངག་དགེ་སྦྱོར་མ་བྱས་པའི། །ལུས་ངག་སྒྲིབ་པ་ཅི་ལྟར་བྱང་། །ཐེག་ཆེན་ལ་ཉལ་བས་ཆོག་ཟེར་བ། །ཐེག་ཆེན་ལ་ཚོགས་གཉིས་མི་དགོས་ཤིང་། །སྐུ་གཉིས་ཀྱི་འབྲས་བུ་མི་འབྱུང་ཞེས། །སྐུར་པ་འདེབས་པ་ཁོ་ནར་ཟད། །འདུལ་བ་བྱིས་པའི་ཆོས་ཡིན་ན། །སངས་རྒྱས་རང་སངས་རྒྱས་པ་དང་། །ཉན་ཐོས་བཅས་པ་བྱིས་པར་འགྱུར། །ཨ་མཚར་པོ་སྡོང་དུམ་འདྲ་བའི་ཚིག །ད་འོད་གསལ་ཕྱག་རྒྱ་ཆེན་པོ་དེ། །བླ་མའི་དྲིན་གྱིས་རྟོགས་རྟོགས་འདྲ། །བསྒོམ་སྲན་ཅན་ལ་ཡོད་ཡོད་འདྲ། །དད་པ་ཅན་ལ་སྐྱེ་སྐྱེ་འདྲ། །ཡོད་མེད་སྤྱོད་པས་སྟོན་སྟོན་འདྲ། །བྱ་བ་བཏང་ན་འཕེལ་འཕེལ་འདྲ། །ཞེས་པ་འདི་རང་ལོ་ཉེ་ལྔ་དུས་བཙུན་པ་དང་སྒོམ་ཆེན་དང་མཆོད་གནས་སོགས་མང་པོའི་ཆོས་གཏམ་མཐོ་དམན་སྣ་ཚོགས་བྱེད་པ་མཐོང་ནས་བྲིས་པའོ།། ༈ །།རྗེ་འཇམ་དབྱངས་བླ་མས་བདག་སྐྱོངས་ཤིག །བདག་ཆོས་མེད་ཀྱི་སེར་གཟུགས་ཐུགས་རྗེས་ཟུངས། །བདག་བསམ་ལུས་འཕྲོད་ནས་ཆོས་གཅིག་བསམ། །དེ་བསམ་ཡང་འཁྲུལ་པའི་དབང་དུ་ཤོར། །ད་དམ་ཆོས་ཚུལ་


CMR050_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མ་བྱུང་ཀུན། །སྡིག་ཏོའི་བྱ་བ་བྱེད་རེ་ཤི །བྱང་སེམས་འདི་ཚུལ་བཞིན་མ་འབྱོང་ཡང་། །གཞན་ཡིད་འདི་ནམ་ཡང་དཀྲུག་རེ་ཤི །སོ་ཐར་གྱི་སྡོམ་པ་བསྲུང་དཀའ་ཡང་། །སྤྱོད་པ་ལ་འབྱོལ་ཉོག་སྤྱོད་རེ་ཤི །ལྟ་བ་འདི་ཤིན་ཏུ་རྟོགས་དཀའ་ཡང་། །དངོས་པོས་མཚན་མར་ལྟ་རེ་ཤི །སྟོང་ལྟ་ལ་ངེས་པ་བཅས་བཅས་ནས། །རྒྱུ་འབྲས་ལ་ཁྱད་གསོད་བྱེད་རེ་ཤི །དངོས་པོའི་མཚན་མས་བཅིངས་བཅིངས་ནས། །སྡུག་བཙིར་གྱི་ཨ་འཐས་བྱེད་རེ་ཤི །གཞན་ཕན་ཀྱི་ནུས་པ་མི་ལྡན་ཡང་། །མགོ་བསྐོར་གྱི་བསླུ་ཆོས་བྱེད་རེ་ཤི །རང་རྒྱུད་འདི་ཤིན་ཏུ་འདུལ་དཀའ་ཡང་། །ང་རྒྱལ་གྱི་རྭ་རྣོན་ཕྱར་རེ་ཤི །མདོ་རྒྱུད་ཀྱི་དགོངས་དོན་རྟོགས་དཀའ་ཡང་། །བླུན་བསྒོམ་གྱི་ཨ་འཐས་བྱེད་རེ་ཤི །ངེས་དོན་གྱི་དགོངས་པ་རྟོགས་དཀའ་ཡང་། །ནེ་ཚོའི་བཟླས་བརྗོད་བྱེད་རེ་ཤི །བཟང་འདོད་ཀྱི་ཆོས་བརྒྱད་མ་བྲལ་ཡང་། །བཟང་བརྫུའི་ཟོམ་ཟོམ་བྱེད་རེ་ཤི །མཁས་འདོད་ཀྱི་སྲེད་པ་མ་བྲལ་ཡང་། །མཁས་བརྫུའི་ཡབ་ཡོབ་ལབ་རེ་ཤི །བཙུན་འདོད་ཀྱི་ཚུལ་འཆོས་མ་བྲལ་ཡང་། །བཙུན་བརྫུའི་ངོས་ལྐོག་བྱེད་རེ་ཤི །དད་


CMR050_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

གུས་ལ་འདེམས་ཀྱང་བྱུང་གྱུར་ཀྱང་། །བླ་མ་འདི་ཐ་མལ་དུ་ལྟ་རེ་ཤི །དམ་ཆོས་ལ་ངེས་ཤེས་མ་རྙེད་ཀྱང་། །གདམས་ངག་ལ་ཐེ་ཚོམ་ཟ་རེ་ཤི །སེམས་ཅན་ལ་ཉེ་རིང་ཤོར་ན་ཡང་། །བློས་བཏང་གིས་བསམ་པ་བྱ་རེ་ཤི །མཆེད་གྲོགས་ལ་དག་སྣང་མ་འབྱོང་ཡང་། །འགྲན་སེམས་ཀྱི་ཕྲག་དོག་བྱེད་རེ་ཤི །བྱང་ཆུབ་འདི་བསྒྲུབ་པར་དཀའ་ན་ཡང་། །ཐེག་དམན་གྱི་ལམ་དུ་འཇུག་རེ་ཤི །འདག་ཆར་དང་རྡེལ་འཆའ་མ་བྱུང་ཡང་། །ཆོས་མིན་ལ་བློ་རྩེ་གཏད་རེ་ཤི །འཁོར་བ་འདི་ཤིན་ཏུ་སྡུག་བསྔལ་ཡང་། །བྱང་སྡོམ་ལ་མོས་པ་འདོར་རེ་ཤི། །དྭགས་བརྒྱུད་ཀྱི་ཆོས་སྒོར་ཞུགས་ལགས་པས། །འབྲས་བུ་ལ་རེ་དོགས་བྱེད་རེ་ཤི །ཞེས་པ་འདི་སྤྲང་པོ་སྙོམ་ལས་པ་ཨ་རཱ་གས་བྱས་སོ། །འདི་རང་ལོ་ཉེར་ལྔ་ཙམ་དུས་སྨྲས་པར་སྣང་ངོ་། །ཉམས་བཟང་དུས་གཅིག་ཡིན་པ་འདྲ།། །།ན་མོ་གུ་རུ། འཁོར་བའི་འཇིགས་པ་སྐྱོབ་མཛད་པ། །ཆོས་ཀྱི་དབང་ཕྱུག་ཞབས་ལ་འདུད། །འཁོར་བའི་ཆོས་ལ་སྙིང་པོ་མེད། །འདུས་བྱས་རྣམས་ལ་རྟག་པ་མེད། །དེ་མངོན་སུམ་མཐོང་བ་གོ་ལགས་སམ། །ཚེ་འདི་ཡི་བདེ་སྐྱིད་བསམ་བསམ་ནས། །བླ་


CMR050_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་མཁན་པོ་སློབ་དཔོན་བཀུམ། །གཙུག་ལག་དང་ཆོས་འཁོར་དབེན་གནས་བཤིགས། །ཉེས་མེད་ཀྱི་གྲོང་དང་གྲོང་བརྡལ་སྲེགས། །གྲངས་བསྒྲང་བར་དཀའ་བའི་སྲོག་ཆགས་བསད། །ལས་དེས་ཀྱང་ཚེ་འདི་མ་འདུན་ནས། །བན་དམན་པ་རྣམས་ཀྱིས་ཐལ་བ་གཏོར། །མི་བསམ་ཡོད་ཀུན་གྱིས་སྙིང་རྗེ་ལྟ། །ལུས་ལྕགས་སུ་བཅུག་ན་ཁྱི་ལྟར་སྐོར། །ཚེ་འདི་ཡི་དོན་དུ་སྡིག་པ་བསྒྲུབས་པ་ཀུན། །ད་སྙིང་པོ་འདུག་གམ་འདི་ལ་ལྟོས། །ཚེ་འདི་ཡི་ལོངས་སྤྱོད་བསམ་བསམ་ནས། །མི་དབུལ་པོ་ཀུན་ལ་ཁྲལ་དུ་བསྡུས། །ཕྱུག་པོ་ཀུན་གྱི་ནོར་ལ་ཕྲོགས། །མིས་ཚོགས་གསོག་བྱེད་པའི་འདུ་སྒོ་བཀག །བླ་མ་དང་དགེ་འདུན་དཀོར་ལ་བཅོམ། །ཐག་རིང་གི་མགྲོན་པོའི་ཚོང་སྐྱེད་བཅག །ད་དེས་ཀྱང་ལོངས་སྤྱོད་མ་འགྲུབ་པར། །མིས་ལག་སྦྱིན་བསྒུགས་པ་མཐོང་ཙམ་ན། །ཚེ་འདི་དོན་དུ་རྐུ་འཕྲོག་བྱེད་པ་ཀུན། །ད་སྙིང་པོ་འདུག་གམ་འདི་ལ་ལྟོས། །ལོངས་སྤྱོད་རྣམ་ཐོས་ཀྱི་བུ་དང་འདྲ། །སྟོབས་མངའ་ཐང་ལྷ་དབང་བརྒྱ་བྱིན་འདྲ། །དབང་བཙན་ཕྱུག་དབང་ཕྱུག་ཆེན་པོ་འདྲ། །མཐའ་རྒྱལ་ཕྲན་ཀུན་གྱིས་ཕྱག་


CMR050_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

གདངས་བསྒྲིགས། །འཛམ་གླིང་གི་ནོར་ཕུད་མདུན་དུ་སྤུངས། །ཚིག་སྙན་སྙན་མང་པོས་ཞུ་སྣ་འདྲེན། །ལུས་གཞན་དུ་མ་བསྒྱུར་དེ་ཉིད་ལ། །སྟོབས་གཟི་བརྗིད་ཅན་གྱི་ཟིལ་གྱིས་མནན། །གྱད་དཔལ་རྩལ་ཅན་གྱི་མཚོན་ཆས་སྡིག །བཙོན་ཐར་དུ་མེད་པ་མཐོང་ཙམ་ན། །ཚེ་འདི་ཡི་མངའ་ཐང་བསྒྲུབ་པ་ཀུན། །ད་སྙིང་པོ་འདུག་གམ་འདི་ལ་ལྟོས། །ད་འཁོར་བ་ལ་སྙིང་པོ་མེད་པ་འདི། །ཆོས་བཤད་པ་ལ་ཡིད་ཆེས་མ་སྐྱེས་ཀྱང་། །ད་དངོས་སུ་བསྟན་པ་གོ་ལགས་སམ། །དེ་གོ་ན་སྐྱོ་བ་མི་སྐྱེའམ། །དེ་སྐྱེས་ན་དམ་ཆོས་མི་མཛད་དམ། །འཁོར་བའི་གནས་དང་ནད་པའི་མལ། །ཅི་ལྟར་བཅོས་ཀྱང་བདེ་བ་མེད། །གསུངས་པའི་དཔེ་དོན་གོ་ལགས་སམ། །གོ་ན་ཚེ་འདིའི་འདུན་མ་སྐྱུངས། །མི་རྟག་འཆི་བ་ཡང་ཡང་སོམས། །སྡོམ་པ་དམ་ཚིག་གཙང་མར་བསྲུང་། །སྙིང་རྗེ་ཕན་སེམས་རྒྱུན་དུ་སྦྱོངས། །བསྐྱེད་རིམ་བཟླས་པ་ཐུན་དུ་ཆོད། །རྒྱུན་དུ་ཡེངས་མེད་དྲན་པ་བརྟེན། །འཚུབ་ན་ཅུང་ཟད་ཀློད་ལ་ཞོག །འོན་ཀྱང་དྲན་པའི་རྒྱང་སོ་ཚུགས། །བྱིང་ནས་རིག་པའི་རང་བྱུང་ལ། །ཕྱལ་ལེ་སེང་ངེ་ཡེ་རེ་ཞོག །བཤང་ལྕི་


CMR050_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ཆུ་སྦྱིན་ལ། །བཟའ་བཏུང་ཚོགས་དང་སྦྱིན་སྲེག་དང་། །འགྲོ་འདུག་ཕྱག་དང་བསྐོར་བར་བསྒོམ། །གཉིད་ཚེ་འོད་གསལ་རྨི་ལམ་གཉིས། །ཉམས་སུ་གང་ལོན་ཉམས་དང་སྦྱོར། །དོན་དེ་དང་ལྡན་ན་སྙིང་པོ་ཡོད། །སྤྲང་སྙིང་པོའི་ཆོས་ཞིག་བྱེད་ན་བསམ། །ཞེས་པ་འདི་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ལྟ་བུའི་ས་སྐྱོང་བ་ཆེན་པོ། གཅིག་ལ་ཁེང་ལོགས་བྱུང་ནས་བཙོན་དུ་བཅུག་པ་ངེས་པར་འཁོར་བའི་ཆོས་འདི་ལ་སྙིང་པོ་མེད་ངེས་པར་སྣང་བསམ་པ་ཡང་ཡང་དུ་ཡིད་ལ་འཕྲེང་ནས་བྲིས་པའོ།། ༈ །།རྗེ་ཆོས་ཀྱི་དབང་ཕྱུག་རིན་པོ་ཆེ། །སྤྲང་འཆི་བ་དྲན་པར་བྱིན་གྱིས་རློབས། །སྤྱིར་སྐྱེ་རྒ་ན་འཆི་ཆུ་བོ་བཞི། །འདི་སུས་ཀྱང་བཟློག་ཏུ་མི་གདའ་ན། །དགོས་འཆི་བདག་གཤིན་རྗེ་ཁས་བཙན་པོ། །ཚིག་གསུམ་གྱི་ཞུ་ས་མི་གདའ་ན། །གོམ་གསུམ་གྱི་འབྲོས་ས་མི་གདའ་ན། །དབྱིག་དར་ཟབ་ཀྱི་བསླུ་ས་མི་གདའ་ན། །དུས་ནམ་འོང་གི་ཚེས་གྲངས་མི་གདའ་ན། །མི་ཆེ་ཆུང་དང་རྒན་ཝཱ་གཞོན་མི་གདའ་ན། །མཐོ་དམན་དང་གྲགས་ཞན་མི་གདའ་ན། །དཔའ་སྡར་དང་ཕྱུག་དབུལ་མི་གདའ་ན། །སྨན་གསོ་དཔྱད་ཀྱི་ཕན་པ་མི་གདའ་ན། །སྲུང་རིམ་གྲོའི་ངོ་སོ་


CMR050_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

མི་གདའ་ན། །དགྲ་འཆི་བདག་གི་གཤིན་རྗེ་དབང་ཆེན་པོ། །ཁོང་ནམ་འོང་ལ་ཚོད་བཟུང་མི་གདའ་ན། །རང་འཆི་གྲབ་ཀྱི་འདུན་མ་ཚོར་ལགས་སམ། །མི་བཙན་པོ་ཀུན་འཆི་བ་མཐོང་ཙམ་ན། །སྟོབས་མངའ་ཐང་གིས་ཕན་པ་མི་གདའ་ན། །མི་ཕྱུག་པོ་ཀུན་འཆི་བ་མཐོང་ཙམ་ན། །ནོར་ལོངས་སྤྱོད་ཀྱི་ཕན་པ་མི་གདའ་ན། །མི་དཔའ་བོ་ཀུན་འཆི་བ་མཐོང་ཙམ་ན། །ལུས་དཔལ་རྩལ་གྱི་ཕན་པ་མི་གདའ་ན། །ད་བསམས་ཤིང་དམ་ཆོས་མ་གཏོགས་པ། །ཐབས་གང་གིས་འང་འཕན་པ་མི་གདའ་ན། །ད་བཙུན་པའི་གཟུགས་བརྙན་ལེ་ལོ་མཁན། །དོན་འདི་ལ་སོམས་ཤིང་བརྩོན་འགྲུས་མཛོད། །ཅེས་དཔལ་རྩལ་སྟོབས་མངའ་ཐང་ཕུན་སུམ་ཚོགས་པའི་ས་སྐྱོང་བ་ཆེན་པོ་ཞིག་གློ་བུར་དུ་བསྙུངས་ནས་ཞབས་ལ་ཟུགས་ཆེན་པོ་བྱུང་དུས་སུ་སུས་ཀྱང་མ་ཐུབ་པའི་དགྲ་སྡེ་རྣམས་ཀྱང་ཕམ་པ་བྱས་པ་ཡིན་ཏེ་ང་ལས་སྟོབས་ཆེ་བ་གཅིག་འདི་ན་སླེབས་བྱུང་གསུངས་ནས་རྐང་པའི་གཟེར་སར་རེག་པ་དང་། ངས་འདི་ལྟར་ལ་མ་བསམ་སྟེ་རང་ཅག་ལ་ཆོས་ཀྱི་སྐལ་པ་མི་འདུག་ཨང་། ཞེས་པ་སོགས་རྟག་འཛིན་ལ་སྐྱོ་བའི་ཚིག་འགའ་རེ་གསུངས་ནས་འདས་པ་ཐོས་ནས་འཆི་བ་དྲན་པའི་ངེས་འབྱུང་དྲག་པོ་ཡང་ཡང་བྱུང་ནས་སྨྲས་པ་སྟེ། རཱ་ག་ཨ་སྱས་དཔལ་རི་རྩེར་བྲིས་པའོ།།


CMR050_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་སཏཱ་ཡ། །མཚུངས་མེད་རྒྱལ་བ་ཀུན་གྱི་དངོས། །དུས་གསུམ་མཁྱེན་པ་ཀརྨ་པ། །རོལ་པའི་རྡོ་རྗེ་དེ་བཞིན་གཤེགས། །མི་བསྐྱོད་རྒྱལ་བ་དབང་ཕྱུག་མཚན། །ཐུབ་ཆེན་རྒྱལ་བ་རིགས་མཆོག་ལྔ། །ཕུང་པོ་གསུམ་པའི་མདོ་ལས་ནི། །ཇི་སྐད་གསུངས་པའི་སངས་རྒྱས་དང་། །རྡོ་རྗེ་སེམས་དཔའ་ལ་སོགས་པའི། །བཟླསྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་རྣམས། །ཐམས་ཅད་བདག་ལ་བརྩེ་བས་དགོངས། །ཞིང་རྡུལ་ལུས་ཀྱིས་གུས་ཕྱག་འཚལ། །བདག་གི་ལུས་དང་ལོངས་སྤྱོད་ཀུན། །རབ་འབྱམས་མཆོད་པར་དམིགས་ཏེ་འབུལ། །བདག་གིས་ཁས་བླངས་དམ་བཅས་པའི། །རྩ་བ་ཡན་ལག་དམ་ཚིག་ཀུན། །ཉམས་ཆག་འགལ་འཁྲུལ་མཐོལ་ཞིང་བཤགས། །ཕྱིན་ཆད་སྡོམ་པར་དམ་བཅའོ། །རྒྱལ་དང་རྒྱལ་བའི་སྲས་རྣམས་ཀྱིས། །ཅི་བསགས་དགེ་ལ་ཡི་རང་ངོ་། །འཇིག་རྟེན་ཀུན་ལ་སྨན་སླད་དུ། །ཟབ་རྒྱས་འཁོར་ལོ་བསྐོར་བར་ལ་བསྐུལ། །འཁོར་བའི་སེམས་ཅན་མ་རྫོགས་པར། །མྱ་ངན་མི་འདའ་བཞུགས་སུ་གསོལ། །དགེ་བ་འདི་ཡིས་བདག་གཞན་ཀུན། །འོད་དཔག་མེད་མགོན་མཉེས་བྱེད་


CMR050_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཅེས་པ་འདི་སྔ་སོར་རང་ལོ་ཉེར་གཉིས་པ་ལ་མཚུར་ཕུར་ལྷ་ཆེན་འཛམ་གླིང་རྒྱན་གྱི་ལོ་རྒྱུས་སྐུ་རྒྱུའི་ཟངས། །པཀྴི་ལ་རྒྱ་ནག་རྒྱལ་པོའི་ཕུལ་བ་སོགས་ས་འོག་ནས་ཀླུ་ལ་བསྐུར་བ་རག་མ་ནས་བུད་པ། སྐུ་ཚད་ཕོ་འདོམ་བརྒྱད་ཅུ་བ་དེ་སྤྲུལ་པའི་བཟོ་བོས་བླུག་པས་སྐུ་སྒུར་པོ་གཅིག་བྱུང་བས། རྗེ་པཀིའི་རླུང་བཟུང་སྟེ་ཡེ་རེ་རེ་བསྲང་བ་དང་། རབ་གནས་དུས་སུ་བྱམས་པ་དངོས་སུ་བྱོན་ནས་མེ་ཏོག་གཏོར་བས་བྱམས་པའི་དབུའི་གཙུག་ཏོར་དང་། ཡ་ཀིའི་རི་དེའི་རྩེ་མཉམ་པར་སྣང་བས་དབུ་རིའམ་གཙུག་ཏོར་རིར་གྲགས་པ་སོགས་ལོ་རྒྱུས་དེ་དག་གིས་དད་པ་དྲག་པོ་ཞིག་སྐྱེས་ནས། ལྷ་ཆེན་དྲུང་དུ་ལུས་ཀྱི་ཤིག་མི་གསོད་པ་དང་གོས་ནང་ནས་ཕྱི་མར་བཞག་པ་ཙམ་ལས་འཆི་བའི་སར་མི་དོར་བ་དང་། མི་བསྐྱོད་ཞབས་ཀྱི་རོལ་པའི་རྡོ་རྗེ་དེ་བཞིན་གཤེགས་པ་སོགས་ཀྱིས་དངུལ་གདུང་རྙིང་མའི་དྲུང་དུ། ངག་གིས་ཕ་རོལ་དེ་ལ་ཕན་པར་འདུག་པའམ་བསྟན་པ་ལ་ཕན་པ་མ་གཏོགས་ཆོས་པ་གཞན་གྱི་སྐྱོན་མི་བརྗོད་པ་དང་། རྗེ་དབང་ཕྱུག་རྡོ་རྗེའི་གསེར་གདུང་དང་། དུས་མཁྱེན་གྱི་སྐུ་ཆོས་དྲུག་ལོ་གསུམ་གསུངས་པས་ཆོས་དྲུག་མར་གྲགས་པ་དང་སྐུ་གདུང་པཀཱིའི་སྐུ་གདུང་སོགས་ཀྱི་དྲུང་དུ་ཇི་ལྟར་གཡེང་བ་ཆེ་ཡང་ཡིད་ཀྱི་སྒོ་ནས་ཞག་རེ་ལ་བླ་མ་སྤྱི་བོར་བསྒོམ་པ་རེ་དང་ཕྱག་ཆེན་ཐུན་རེ་མི་ཆག་པ་སྟེ་དམ་བཅའ་དེ་བཞིན་བྱས་ནས་གལ་ཏེ་ཉམས་ན་ཚེ་འདིར་ནད་སྡུག་བསྔལ་ཐོངས་ཤིག །མ་ཉམས་ནའམ་ཉམས་ཀྱང་རུང་སྟེ་བྱང་ཆུབ་ཐོབ་པའི་རྒྱུར་གྱུར་ཅིག །ཅེས་དམ་བཅའ་དྲག་པོ་བྱས་པ་ལས་མ་བརྗེད་པར་ཡོད་ཀྱང་བར་


CMR050_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འགའ་རེར་ཉམས་པ་འགའ་རེ་བྱུང་ཡོད་པར་སྣང་བས་འགྱོད་ནས་སྔར་གྱིས་དེ་བཤགས་ཤིང་ཕྱིན་ཆད་སྡོམ་པར་བྱས་ནས་བྲིས་པ་ནི་རང་ལོ་སོ་བཞི་པར་དཔལ་རི་ཁྲོད་དུའོ།། མོ་གུ་རུ་བྷེ། བློ་ལིང་སྐྱུར་གྱིས་གསོལ་བ་འདེབས་ནུས་ན། །རྐྱེན་བར་ཆད་དངོས་སུ་སེལ་བ་དེ། །རྗེ་ཆོས་ཀྱི་དབང་ཕྱུག་མ་ལགས་སམ། །ད་གསོལ་བ་གཅིག་འདེབས་ན་དང་རེ་སྤྲོ། །རང་ཤེས་རབ་དང་བརྩོན་འགྲུས་འཛོམ་པ་ན། །མཁས་གྲུབ་ཀྱི་སྐུ་པར་ཡོད་པ་དེ། །དཔལ་ཉིན་གླིང་གི་འདུས་སྡེ་མ་ལགས་སམ། །བུ་བློ་གསལ་འདྲ་ཡོད་ན་དང་རེ་སྤྲོ། །རང་མཆོད་རྫས་ཀྱི་དངོས་པོ་མི་དམན་ན། །ལྷར་བཅས་ཀྱི་འགྲོ་བའི་མཆོད་པའི་རྟེན། །དཔལ་ཤཱཀྱ་མུ་ནེ་མ་ལགས་སམ། །བུ་དད་པ་ཅན་ཡོད་ན་དང་རེ་སྤྲོ། །རང་གསོལ་འདེབས་ཀྱི་འབྲུག་སྒྲ་མ་ཞན་ན། །བྱིན་རླབས་ཀྱི་ཆར་རྒྱུན་འབྱུང་བ་དེ། །དཔལ་ནཱ་རོའི་དོན་བརྒྱུད་མ་ལགས་སམ། །བུ་མོས་གུས་ཅན་ཡོད་ན་དང་རེ་སྤྲོ། །ལར་ངོ་མཚར་གྱི་བརྒྱུད་པ་གྲངས་མང་ཡང་། །གྲུབ་ཐོབ་ཀྱི་སྐར་ཚོགས་རྒྱས་པ་དེ། །དཔལ་དྭགས་པོའི་བཀའ་བརྒྱུད་མ་ལགས་སམ། །བུ་བརྩོན་འགྲུས་ཅན་ཡོད་ན་དང་རེ་སྤྲོ། །


CMR050_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་ཟབ་པའི་གདམས་ངག་མཐའ་ཡས་ཀྱང་། །དོན་གཅིག་ཤེས་ཀུན་ལ་མཁས་པ་དེ། །བཀའ་ཕྱག་རྒྱ་ཆེན་པོ་མ་ལགས་སམ། །བུ་བསྒོམ་སྲན་ཅན་ཡོད་ན་དང་རེ་སྤྲོ། །ཡོད་དང་སྒོ་དྲུག་གི་དབྱངས་ཆུང་འདི། །གནས་མཆོག་དཔལ་གྱི་རི་རྩེ་ན། །མཚམས་དམ་པོ་འདག་ཆལ་བྱེད་པའི་དུས། །ཉམས་ལ་ཤར་ནས་བླངས་པ་ཡིན། །ཞེས་པ་འདི་རང་ལོ་བཅུ་དགུ་པ་ལ་དབུས་སུ་སོང་དུས་ལྕགས་ལ་ཨ་རྒན་དེ་རྒྱབ་ཁ་ནས་ཚ་བ་འདྲ་བའི་རིམས་ཐུ་མོ་གཅིག་ན་ནས་མགོ་དང་ཚིགས་བཞི་ན་བ་དང་ཁོལ་བ་དང་སྦྲིད་པ་བྱུང་ཡང་ན་བ་གསང་ནས་སོང་ཙ། ལ་རྒྱབ་ནས་དེ་ཉིན་ར་ཤ་རུལ་བ་གཅིག་བྱིན་བྱུང་བ་ཡང་ཟོས་པས་ཤིན་ཏུ་ཐུ་ནས་ལུས་པོ་འཁོར་ཞིང་འགྲོ་བ་ཆང་གི་བཟི་བ་ཙམ་བྱུང་ཡང་། རྟ་དྲེལ་འདི་རྣམས་ཡབ་སྲས་ལ་འབུལ་རྒྱུ་ཡིན་པས་འདི་འཚོ་བའི་ཕྱིར་དུ་ཤི་བ་ལེགས། ཁ་ཞེ་མེད་པར་བསམས་ནས་ན་བ་གསང་ནས་རྟ་དྲེལ་འཚོར་སོང་ནས་ཀྱང་དེ་ནུབ་རབ་ཏུ་ཐུ་ནས་བྱུང་སྟེ་དེ་ནུབ་འཆི་བ་འདྲ་བསམ་སྟེ་ཡབ་སྲས་དང་ཇོ་བོའི་ཕྱོགས་སུ་མགོ་བསྟན་ཏེ། འཆི་བ་གཅིག་བྱེད་ད་རེས་ཤི་བས་ཆོས་ཕྱིར་ཤི་བས་ལེགས་བསམ་པ་སྙིང་ནས་བསམ་སྟེ། མགོ་ནུབ་ཏུ་བསྟན་ཏེ་ཉལ་བས་སྒར་པའི་སྟབས་ཀྱིས་མགོ་ཐུར་དུ་དོང་དོ་བས། འབུལ་དཔོན་གྱི་མགོ་མཐོ་སར་བཏོན་ནས་ཉལ་མི་ཤེས་པ་འདི་འདྲ་བ་ཟེར་ནས་བརྩོན་ཀྱང་མགོ་བ་ལྟར་བྱས་པས། ཕྱིར་ནངས་ཕལ་ཆེར་བདེ་ནས་སྣང་ཞིང་མྱུར་དུ་ཕན་


CMR050_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ད་ལོ་རང་གི་གྲྭ་འཁོར་རྣམས་ཚད་རིམས་ན་བས་རང་གི་བསྲུང་བ་སྣ་ཚོགས་དང་སྨན་པས་སྨན་སྡུད་ཁ་སྣ་ཚོགས་དང་གཉིད་བསྲུང་བ་དང་། ཟས་སྤྱོད་གཟབ་པ་ཅི་བྱས་ཀྱང་སྲོག་འདོར་ལ་ཁད་འོང་དོ་བས། དེ་དུས་ང་ལ་སྨན་ཐུམ་གཅིག་ནི་མེད་ཡུད་ཙམ་ངལ་བསོ་བ་ནི་མེད། ནད་ལ་འབྱོར་བའི་ཐུག་པ་ཕོར་གང་ནི་མེད། ཟས་ལྷད་ནི་ཟོས་ཀྱང་ཉེས་མེད་དུ་བདེ་བ་དེ་བླ་མ་དཀོན་མཆོག་ལ་བློ་ལིང་སྐྱུར་བྱས་པའི་དོན་ཡིན་པར་སྣང་བློ་ལིང་སྐྱུར་དེ་ལྟ་བུའི་ངང་ནས་གསོལ་བ་བཏབ་ན་བར་ཆད་སེལ་བ་དང་། དངོས་གྲུབ་སྩོལ་བ་ལ་ཐེ་ཚོམ་མེད་པར་སྣང་སྙམ་ནས། སྤྲོ་ཁ་ཅུང་ཟད་སྐྱེས་ནས་རང་ལོ་སོ་བཞི་པར། ༧ ཀརྨ་ཨ་རཱ་གས་སོ།། ༈ །།རྗེ་ཆོས་ཀྱི་དབང་ཕྱུག་ཞབས་ལ་འདུད། །སྤྲང་དག་སྣང་འབྱོངས་བར་བྱིན་གྱིས་རློབས། །རྗེ་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་། །མཚན་དཔེ་བྱད་ལྡན་པར་བཞུགས་ལགས་ཀྱང་། །ས་བཅུའི་བྱང་སེམས་མ་ལགས་པ། །མི་གཞན་གྱི་མཐོང་དུ་མི་གདའ་ན། །སྟེང་དགའ་ལྡན་ཆོས་ཀྱི་ཕོ་བྲང་ན། །དཔལ་མི་ཕམ་སྲས་བཅས་བཞུགས་ལགས་ཀྱང་། །སློབ་དཔོན་ཐོགས་མེད་མ་ལགས་པ། །མི་གཞན་གྱི་མཐོང་དུ་མི་གདའ་ན། །དཔལ་སློབ་དཔོན་པདྨ་འབྱུང་གནས་དེ། །སྤྲེལ་ཟླའི་ཚེས་བཅུར་བྱོན་ལགས་ཀྱང་། །ལས་ཅན་གྱི་


CMR050_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུ་མ་ལགས་པ། །མི་གཞན་གྱི་མཐོང་དུ་མི་གདའ་ན། །གྲུབ་ཆེན་མི་ཏྲ་ཛཱ་ཀི་དེ། །ལོ་རེ་ལེན་རེ་འབྱོན་ལགས་ཀྱང་། །རྗེ་ཞྭ་དམར་ན་རིམ་མ་ལགས་པ། །མི་གཞན་གྱི་མཐོང་དུ་མི་གདའ་ན། །སེམས་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །དེ་ཡེ་ནས་རང་ལ་བཞུགས་ཡོད་ཀྱང་། །དོན་གདམས་ངག་ཐེབ་པ་མ་གཏོགས་པ། །མི་གཞན་གྱིས་མཐོང་དུ་མི་གདའ་ན། །འགྲོ་དྲུག་གི་སེམས་ཅན་མ་ལུས་པ། །དྲིན་ཆེན་གྱི་ཕ་མ་ཡིན་ལགས་ཀྱང་། །དེ་བྱང་སེམས་འབྱོངས་བ་མ་ལགས་པ། །མི་གཞན་གྱིས་མཐོང་དུ་མི་གདའ་ན། །ཕྱི་སྣོད་འདི་ཡེ་ནས་གཞལ་ཡས་ཁང་། །ནང་བཅུད་ཀུན་ཡི་དམ་ཡིན་ལགས་ཀྱང་། །དེ་རྣལ་འབྱོར་དབང་ཕྱུག་མ་ལགས་པ། །མི་གཞན་གྱིས་མཐོང་དུ་མི་གདའ་ན། །རྗེ་ཆོས་ཀྱི་དབང་ཕྱུག་གཤེགས་པའི་ཚེ། །ལྟས་ངོ་མཚར་བསམ་གྱིས་མི་ཁྱབ་ཀྱང་། །བུ་དད་ལྡན་སྤྱོད་ལྡན་མ་ལགས་པ། །མི་གཞན་གྱིས་མཐོང་དུ་མི་གདའ་ན། །མི་གདའ་བརྒྱད་ཀྱི་དབྱངས་ཆུང་འདི། །ད་ཉམས་ལ་ཤར་ནས་བླངས་པ་ཡིན། །ཞེས་པ་འདི་རང་ལོ་ཉེར་བཞི་པར་ཁམས་སུ་སླེབས་འགྲོགས་ཤིང་བུ་དཔོན་ཆེན་གོ་བ་འཛིན་པ་གཅིག་དང་མཇལ་ནས། སློབ་


CMR050_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་རིན་པོ་ཆེ་ཞིང་བརྗེས་ཚུལ་ཤོད་གསུངས་པས། ལོ་རྒྱུས་རྒྱས་པར་ཞུས་ཤིང་ལྷག་པར་གདུང་མཆོད་ཟླ་བ་བཅུ་གཉིས་པའི་ནང་དུ་ཡིན་པས་ཉི་མའི་མཐོང་ཐིག་ཡིན་ཀྱང་། འཚོགས་པ་ཁྲི་ཚོ་བདུན་ལ་ཉིན་རེ་ལའང་མང་ཇ་བདུན་འབྲས་ཐུག་སོགས་ཐུག་པ་དང་རྩམ་པ་ཟས་སྣ་མང་པོ་མང་འགྱེད་སོགས་འབྱེད་ཅིང་། འཚོགས་སར་བསྐོར་བ་གསུམ་རེ་དང་འཚོགས་ཆེན་གྲོལ་ནས་གྲྭ་ཚང་རང་རེའི་མང་ཇ་རེ་གཏོང་ལོང་ཡོད་པར་བྱུང་ནས་ཉི་མ་གསུམ་འགྱུར་གཉིས་འགྱུར་དུ་རིང་བ་དང་། དུས་ཚོད་དབུ་འདྲིལ་སྒང་ཡིན་ཅིང་མཚུར་ཕུ་བས་ལྷགས་པ་ཆེ་མེད་ཀྱང་། བདག་ལྟ་བུའི་གཟན་རྐྱང་ངམགཟན་སྤུ་ཆད་རེ་ཟུང་ལས་མེད་པ་རྣམས་ལའང་འཁྱགས་པའི་སྣང་བ་མེད་པ་དང་། རྒྱལ་བའི་དབང་པོའི་དགོངས་རྫོགས་འབུལ་བ་རྣམས་ཕྱག་གིས་གནང་བ་དང་། ན་བཟའ་དུམ་བུ་དགེ་འདུན་པ་རྣམས་ལ་ཕྱག་གིས་གནང་བ་དང་། སྤོས་ཀོར་ལན་མང་དུ་མཛད་པ་དང་། བཀའ་ཆོས་གནང་བ་དང་། སྐུ་རྒྱབ་ཏུ་ཚོགས་ཆུ་དངུལ་བེམ་ཤིན་ཏུ་བརྗིད་པ་རེ་བསྣམས་ནས་འཚོགས་ཆུ་ཉིན་རེ་ལའང་ལན་བཅུ་གཉིས་རེ་ཙམ་ལེན་པ་མཛད། དེ་དུས་ཉིན་ཐམས་ཅད་ནམ་མཁའ་འཇའ་སྤྲིན་དཀར་པོའི་ཤས་ཆེ་བ་ལ་མཐའ་མར་ཁ་དོག་སྣ་ལྔའི་རི་མོ་ཅན་ལ། དཔག་བསམ་གྱི་ཤིང་ལོ་དང་བྱ་ཚེ་རིང་། འབྲུག་རྒྱུག་ཀོར་གྱི་གཟུགས་འདྲ་བ་མང་པོ་ནུབ་ཕྱོགས་ནས་འབྱུང་ཞིང་མགྱོགས་པར་ཤར་ཕྱོགས་སུ་འགྲོ་བ་བྱུང་ཞིང་། དེའི་གསེབ་ནས་ལན་གཉིས་ཀྱི་བར་དུ་མེ་ཏོག་གི་གཟུགས་ཤིན་ཏུ་མཛེས་པ་འདབ་མ་བཅུ་དྲུག་ཙམ་པ་


CMR050_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བཟོས་ཀྱང་མི་ཐོན་པ། རྒྱུ་དཀར་པོ་ལ་ལེགས་པར་བལྟས་ན་མཐའ་མ་སྔོན་དམར་དུ་ཡོད་པ་སྐྱ་ཡམ་པ། ཞུ་ན་ནི་ཁ་བ་དང་འདྲ་བ་ཆུར་འགྱུར་བ་སྐུ་རུ་ཡོད་པ་ཙམ་བྱུང་། དེ་དུས་རྒྱལ་བའི་དབང་པོའི་ནམ་མཁའ་རང་ལ་གཟིགས་ཤིང་། ཕྱིས་ནམ་མཁའ་ལ་སློབ་དཔོན་རིན་པོ་ཆེས་ཞལ་གཟིགས་པའི་བཀོད་པ་ཕྱག་བྲིས་མཛད་འདུག་སྐད། དེ་སོགས་ལོ་རྒྱུས་ཞུས་པ་ལ། ཕྱིས་སྒར་ནས་གྲྭ་པ་འགའ་བྱུང་བ་ལ་དེ་རྣམས་བཤད་རྒྱུ་མི་འདུག་གསུངས་ནས། བདག་གིས་བཤད་པ་དེ་ཀུན་རྫུན་དུ་རེད་འདུག་ཟེར་བ་ཐོས་ནས། ཀྱེ་མ་དེ་ལྟར་སེམས་ཅན་གྱི་མངོན་སུམ་དུ་མཐོང་བ་དེ་བཤད་རྒྱུ་མེད་པ་དད་པ་ཆུང་བ་ཡན་ལྟར་མི་བཤད་པའམ། དག་སྣང་ཆུང་བས་མ་མཐོང་བའམ། རྟོག་དཔྱོད་ཆུང་བས་མ་ཤེས་སམ། ཅི་ཡིན་ན་ཡང་ཡང་སེམས་ནས་རང་ལོ་སོ་བཞི་པར་ཚིགས་བཅད་འདི་སྨྲས་པའོ།། །།ན་མོ་མ་ཧཱ་མུ་དྲ་ཡེ། མི་ལ་ལས་ལྟ་བ་ལྟ་བ་ཟེར། །ད་བལྟས་པས་མཐོང་བ་ངས་མ་རྟོགས། །ཁྱེད་ལྟ་བ་ཟེར་བ་གང་ལ་ཟེར། །མི་ལ་ལས་བསྒོམ་པ་བསྒོམ་པ་ཟེར། །ད་འདི་བསྒོམ་གྱི་མཚན་མ་མ་རྙེད་པས། །ཁྱེད་བསྒོམ་པ་ཟེར་བ་གང་ལ་ཟེར། །མི་ལ་ལས་སྤྱོད་པ་སྤྱོད་པ་ཟེར། །སྤང་བླང་གི་འཛིན་པ་མ་མཐོང་བས། །ཁྱེད་སྤྱོད་པ་བྱ་བ་གང་ལ་ཟེར། །མི་ལ་ལས་འབྲས་བུ་འབྲས་བུ་ཟེར། །ད་ཐོབ་བྱ་ཐོབ་བྱེད་མེད་


CMR050_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་པས། །ཁྱེད་འབྲས་བུ་བྱ་བ་གང་ལ་ཟེར། །ད་ལྟ་བ་དང་བསྒོམ་སྤྱོད་འབྲས་བུའི་གླུ། །མཚམས་དམ་པོ་འདག་ཆལ་བྱེད་པའི་དུས། །ཉམས་ལ་ཤར་ནས་བླངས་བ་ཡིན། །ཅེས་བྱུང་རྒྱལ་དུ་སྨྲས་པའོ།། ༈ །།ན་མོ་ཨི་ཤྭ་ར་དྷརྨ་ཡ། ཕ་ཆོས་ཀྱི་དབང་ཕྱུག་ཞབས་ལ་འདུད། །སྤྲང་འཆི་བ་དྲན་པར་བྱིན་གྱིས་རློབས། །སྤྱིར་མི་རྟག་གི་སློབ་དཔོན་བསམ་ཡས་ཀྱང་། །དགོས་ད་ལོ་དངོས་སུ་སྟོན་མཁན་མང་། །བན་ཆགས་མེད་ཀྱི་མིང་ཅན་ཆགས་སྲེད་ཅན། །ཁྱོད་སྙིང་རྗེ་རང་གིས་རང་ལ་ལྟོས། །ཕུ་ཤི་མདའ་ཤི་ཟེར་ཙམ་ན། །མི་ཁྱོད་ལ་མི་འཆིའི་གདེང་ཡོད་དམ། །གྲྭ་རྒྱ་དང་ལྡོམ་རྒྱ་གྲོང་ཆོག་རྒྱ། །རྒྱ་མང་པོའི་ས་རྒྱ་བྲིས་ལགས་ཀྱང་། །དགྲ་འཆི་བདག་གི་ཐོག་བརྫིས་འདི་ལ་ལྟོས། །རང་སྤྲོས་པ་བསྐྱངས་ན་མི་ལེགས་སམ། །ལྷ་འབྲི་དང་རྟེན་བཞེངས་སྒོམ་སྒྲུབ་སོགས། །ཆོས་བྱེད་བསམ་གྱི་འདུན་མ་མི་ཆུང་ཡང་། །སྒྱུ་བདུད་གཤིན་རྗེའི་བར་ཆད་བརྩམས་ལ་ལྟོས། །ཆོས་འཕྲལ་འཕྲལ་དུ་བསྒྲུབས་ན་མི་ལེགས་སམ། །སྡུག་སེར་སྣས་དཀོར་རྫ་ས་བསོགས་བསོགས་ནས། །འགྱེད་མང་ཇ་དང་


CMR050_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་འབུལ་བསམ་ལགས་ཀྱང་། །རྐྱེན་དགྲ་འདྲེའི་གློ་རྒྱག་བྱེད་ལ་ལྟོས། །སེམས་འཛིན་པ་བཏང་ན་མི་ལེགས་སམ། །འདུས་བྱས་ཀྱི་དགེ་བ་རླབས་པོ་ཆེ། །རྣར་སྙན་གྱི་གྲགས་པ་ཆེ་ལགས་ཀྱང་། །དེ་བསྒྲུབ་པར་དཀའ་ལ་བར་ཆད་མང་། །རང་དགེ་སྦྱོར་བྱས་ན་མི་ལེགས་སམ། །ཞེས་བླ་མ་ཆེན་པོ་མཁས་བཙུན་བཟང་གསུམ་འཛོམ་ཞིང་གྲུབ་པ་ཐོབ་པ་ཞིག་ལ་བདག་གིས་ཆོས་འབྲེལ་འདོད་ཆོས་ཤིག་ཞུ་འདོད་ཞུས་པས། ཁྱོད་ལ་རྟ་བཟང་པོ་ཅི་འདྲ་ཡོད་གསུངས་མེད་རབ་ཞུས། རྟེན་ལི་མ་འདྲ་ཨི་ཡོད་གསུངས་ནས་ཕྱག་རྟེན་ལ་རེ་བ་ཆེན་པོ་མཛད་པར་སྣང་། ཁོང་ལ་སྲེད་ཞེན་གར་མངའ་ཡབ་སྲས་ལ་བརྒྱ་འབུལ་དགོངས་ཤིང་། ཕྱིས་གཙུག་ལག་ཁང་ཞིག་གསོ་དང་སྒྲུབ་པ་མཛད་པའི་བསམ་གཏན་ཁོ་པ་སོགས་བཞེངས་པར་བྱོན་པ་གློ་བུར་དུ་ལམ་ཁར་འདས། གཞན་རི་ཁྲོད་པ་སྒྲུབ་ཚུགས་ལྡན་པ་ཞིག་བརྒྱ་འབུལ་ལ་དམིགས་ནས་རང་གི་གསོལ་བ་སྲབ། ཆས་ཀ་ཟད་དོགས་ནས་ཆུ་ཤིང་ཡང་རང་གི་བསྒྲུབ་པ་སོགས་དཀའ་ལས་ཆེན་པོ་ཚེ་གང་ལ་ཟས་ནོར་རླབས་ཆེན་བསགས་ཀྱང་ཐོག་ཏུ་ལ་ལ་སོང་བས་གློ་བུར་དུ་འདས་ཆས་ཀ་རྣམས་ཀྱང་ཅི་འགྱུར་ཆ་མེད་པ་ཞིག་བྱུང་སོང་བས་སྐྱོ་བ་སྐྱེས་ནས་རང་གི་རང་ལ་གྲོས་འདེབས་སུ་སྨྲས་པའོ།། ༈ །།ན་མོ་རཏྣ་གུ་རུ་ཡེ། མོས་གུས་མོས་གུས་ཟེར་བ་དེ། །རྗེ་སངས་རྒྱས་སུ་མཐོང་བ་ཡིན་པར་སྣང་། །


CMR050_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་དཀའ་བཀྱོན་ཟུར་ཙམ་མི་ཁྱག་པའི། །འཕྲལ་ལྟོ་ཟན་མང་པོ་ཅི་དགྱེས་མཛོད། །དད་པ་དད་པ་ཟེར་བ་དེ། །རྗེ་ཡོན་ཏན་གྱི་གཏེར་དུ་མཐོང་ན་ཡིན། །འཕྲལ་སྐུ་སྤྱོད་ཅུང་རེས་མི་ནུས་པའི། །འཕྲལ་དཔོན་ཕྱག་དང་ཞུང་ཞུང་ཅི་དགྱེས་མཛོད། །དག་སྣང་དག་སྣང་ཟེར་བ་དེ། །རྒྱལ་བསྟན་འདི་རེག་འཚིངས་སུ་མཐོང་ན་ཡིན། །ཆོས་སུ་བྱེད་མི་ལ་སྐྱོན་རེ་ཚོལ། །འཕྲལ་ཁ་དད་ཀྱི་མཛེས་མཛེས་ཅི་དགྱེས་མཛོད། །ཆོས་འདུལ་བ་འདུལ་བ་ཟེར་བ་དེ། །མི་གཞན་ལ་གནོད་པ་སྤངས་ནས་ཡིན། །དགྲ་ཇག་རྐུན་ཐོས་ན་གློ་གྲིབ་བདར། །འཕྲལ་ཆབ་ལེན་དང་ལྷམ་ཕུད་ཅི་དགྱེས་མཛོད། །བྱང་སེམས་བྱང་སེམས་ཟེར་བདི། །ཅི་བྱེད་གཞན་དོན་དུ་བསྔོས་ན་ཡིན། །ཚོང་བྲེ་ཁ་དམའ་ན་བྲང་ལག་འཐབ། །རྙེད་ཚོལ་གྱི་འགྲོ་དོན་ཅི་དགྱེས་མཛོད། །གསང་སྔགས་གསང་སྔགས་ཟེར་བ་དེ། །བསྐྱེད་རྫོགས་ལ་ནན་ཏན་བྱེད་ན་ཡིན། །འཕྲལ་བསྙེན་སྒྲུབ་ཀྱི་རྟགས་ཙམ་མི་ཐོན་པའི། །ཟ་འདོད་ཀྱི་ཚོགས་འཁོར་ཅི་དགྱེས་མཛོད། །ལྟ་བ་ལྟ་བ་ཟེར་བ་དེ། །བལྟ་བྱ་དང་ལྟ་བྱེད་བྲལ་ན་ཡིན། །རང་སེམས་ཀྱི་གནས་ཚུལ་མ་


CMR050_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་པའི། །ཁ་ལྟའི་སྟོང་སྐད་ཅི་དགྱེས་མཛོད། །བསྒོམ་པ་བསྒོམ་པ་ཟེར་བ་དེ། །བྱིང་རྒོད་ཀྱི་སྐྱོན་དང་བྲལ་ན་ཡིན། །སྟན་ཉལ་མལ་ཟླ་གཅིག་མི་ནོན་པའི། །མིག་ཟིམ་ཟིམ་ཀུན་ཐུགས་ལ་ཅི་དགྱེས་མཛོད། །སྤྱོད་པ་སྤྱོད་པ་ཟེར་བ་དེ། །གནང་བཀག་གི་སོ་མཚམས་ཤེས་ན་ནི། །རྩ་བཞི་སྐྱོན་མེད་མི་བསྲུང་བའི། །གོས་ཟླུམ་ཁྱེར་གྱི་འཇོལ་འཇོལ་ཅི་དགྱེས་མཛོད། །གཅོད་ཡུལ་གཅོད་ཡུལ་ཟེར་བ་དེ། །རྣམ་རྟོག་གི་འཛིན་པ་ཆོད་ན་ཡིན། །འཕྲལ་གཉན་ས་རུ་ཞག་གསུམ་མི་ཁྱག་པའི། །ཟོ་ཁྱེར་གྱིས་ཕཊསྒྲ་ཅི་དགྱེས་མཛོད། །ཅི་དགྱེས་བཅུ་ཡི་དབྱངས་ཆུང་འདི། །མི་གཞན་ལ་སྨྲས་པ་མ་ལགས་ཏེ། །རང་ཉམས་ལ་ཤར་ནས་རང་ལ་སྨྲས། །སྐྱོན་ངོས་ལེན་མཁན་ཀུན་ཅི་དགྱེས་མཛོད། །ཅེས་བྱུང་རྒྱལ་ཉམས་ལ་ཤར་ནས་རི་ཁྲོད་དུ་སྨྲས་པ་ལགས་སོ།། །།ན་མོ་གུ་རུ་དྷརྨེ་ཤྭ་ར་ཡེ། ཕ་ཀུན་མཁྱེན་རྒྱལ་བ་ཆོས་ཀྱི་དབང་། །ཕ་ཁྱེད་ཀྱིས་ཐུགས་རྗེའི་བྱིན་རླབས་ཀྱིས། །སྤྲང་གཟུགས་བརྙན་གྱི་ཆོས་ཀྱིས་མི་བསླུ་བར། །ཆོས་ལམ་དུ་འགྲོ་བར་བྱིན་གྱིས་རློབས། །དབང་མ་ཐོབ་པར་རྫུན་དབང་བསྐུར་དང་


CMR050_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །དབང་མ་བསྒྲུབ་པར་མགྱོགས་དབང་བསྐུར་དང་གཉིས། །ལུང་མ་ཐོབ་པར་རྫུན་ལུང་བྱེད་དང་གསུམ། །འདི་གསུམ་ཡང་བྲིས་པའི་ཆུ་དང་འདྲ། །བུ་ཆོས་འདོད་ཀྱི་སྐོམ་པ་མི་སེལ་དོ། །ཞལ་ཐོན་ཉི་ཆོད་ཀྱི་ཁྲིད་དང་གཅིག །གཟའ་འཐབ་རྣ་གཡོལ་གྱིས་ཆོས་ཞུ་གཉིས། །མ་གོ་དང་གོ་བརྫུའི་ཟིམ་ཟིམ་གསུམ། །འདི་གསུམ་ཡང་བྲིས་པའི་མར་མེ་འདྲ། །སེམས་མ་རིག་གི་མུན་པ་མི་སེལ་དོ། །གསུང་ཡི་གེ་མི་ཤེས་ཀྱིས་མདོས་ཟློག་གཅིག །ཀློག་མགྱོགས་ཐལ་གྱི་པོད་ཚད་མཉམ་དང་གཉིས་། །སྒྱུ་མ་ཤོར་རྣམ་གསུམ་གྱི་རིམ་གྲོ་གསུམ། །འདི་གསུམ་ཡང་བྲིས་པའི་དམག་དཔོན་འདྲ། །རྐྱེན་བར་ཆད་ཀྱི་གཡུལ་ངོ་མི་བཟློག་གོ །མཚན་ཉིད་མི་ལྡན་བླ་མ་གཅིག །དད་པ་མེད་པའི་སློབ་མ་གཉིས། །བརྒྱུད་རིམ་མེད་པའི་ཆོས་དང་གསུམ། །འདི་གསུམ་ཡང་བྱིས་པའི་ནོར་བུ་འདྲ། །དོན་དགོས་འདོད་འབྲས་བུ་མི་འབྱུང་ངོ་། །རྒྱུད་ངེས་འབྱུང་མ་སྐྱེས་ཀྱི་སྡོམ་པ་གཅིག །གཞུང་མདོ་རྒྱུད་མ་མཐོང་གི་བྱང་སེམས་གཉིས། །དོན་གནས་གསང་མ་གོའི་དམ་ཚིག་གསུམ། །འདི་གསུམ་ཡང་བྲིས་པའི་སྤོས་


CMR050_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲ། །དོན་ཚུལ་ཁྲིམས་ཀྱི་དྲི་ངད་མི་འབྱུང་ངོ་། །ནོར་འདོད་ཆོས་བཙོང་གི་འགྲོ་དོན་གཅིག །ནོར་ཅི་འབུལ་བསྒོམ་པའི་འཕོ་འདེབས་གཉིས། །གསོན་མི་ཁ་ཆོད་ཀྱི་འབུལ་ནོར་གསུམ། །འདི་གསུམ་ཡང་བྲིས་པའི་སྐྱེལ་མ་འདྲ། །གཤིན་བར་དོའི་འཇིགས་སྐྲག་མི་སྐྱོབ་བོ། །ཆོས་ཁ་བཤད་ལ་མི་ཚེ་བསྐྱལ་དང་གཅིག །ཆོས་མི་ཤེས་ཀྱང་བླུན་བསྒོམ་གྱི་ཨུ་ཚུགས་གཉིས། །ནོར་བསོགས་ནས་དཀའ་ཐུབ་བྱེད་དང་གསུམ། །འདི་གསུམ་ཡང་བྲིས་པའི་སྨྱུ་གུ་འདྲ། །དོན་སྐུ་གསུམ་གྱི་འབྲས་བུ་མི་སྨིན་དོ། །ཚིགས་ལྔ་ཚན་བསྒྲིགས་པའི་དབྱངས་ཆུང་འདི། །མི་གཞན་ལ་ཟུར་ཟ་བྱས་པ་མིན། །རང་ཉམས་ལ་ཤར་ནས་རང་ལ་སྨྲས། །གནས་ཆུ་ཤིང་འཛོམ་པའི་རི་ཁྲོད་ན། །མཚམས་སྒོ་བཅད་བྱེད་པའི་ཁོང་དུ་བྲིས། །ཞེས་བྷུ་སུ་ཀུ་པ་༧ ཀརྨ་ཨ་རཱ་གས་ཐུན་མཚམས་གཅིག་ལ་ཉམས་ལ་ཤར་ནས་སུག་ལས་སུ་བྲིས་པའོ། །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ན་བ་ལམ་ཁྱེར་གྱི་སྨོན་ལམ་སྨྲེ་སྔགས་གཅིག་ལབ་མ་ཞེས་བྱ་བ་ལ་སོགས་པ་སྨོན་ལམ་གྱི་སྐོར་འགའ་ཟུང་།


CMR050_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ན་བ་ལམ་ཁྱེར་གྱི་སྨོན་ལམ་སྨྲེ་སྔགས་གཅིག་ལབ་མ་ཞེས་བྱ་བ་ལ་སོགས་པ་སྨོན་ལམ་གྱི་སྐོར་འགའ་ཟུང་བཞུགས་པའི་དབུའོ།།


CMR050_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་ལོ་ཀེ་ཤྭ་ར་ཡེ། འབྱུང་བཞི་འདུས་པའི་སྒྱུ་ལུས་ལ། །ནད་ངན་འབྲུམ་པས་ཁམས་མ་བདེ། །ལུས་ན་དང་ཚ་དང་འདར་དང་བསྔངས། །རྐང་སིལ་བུར་ཁོལ་ཞིང་གྲངས་ཤ་ཟ། །ཡར་ལང་ན་མགོ་བོ་འཁོར་ཤིང་འགྱེལ། །མལ་ཉལ་ན་མལ་གྱི་འོག་ནས་གཡེངས། །དུས་དེ་ཚེ་འོག་འགྱུའི་བསམ་པ་ལ། །ནད་ཟུག་གཟེར་ཆེ་ཡང་འཆི་དོགས་མེད། །གོས་དྲོ་ལ་འཇམ་པ་སྟེང་ནས་བཀབ། །གདན་འབོལ་ལ་འཐུག་པ་འོག་ན་བཏིང་། །ཟས་ཡི་གར་ཅི་འོང་ཟུར་ནས་བསྐོར། །སྨན་པ་དང་བསྲུང་བ་ཐམས་ཅད་འཛོམ། །འོན་ཀྱང་མི་བཟོད་སྡུག་བསྔལ་


CMR050_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ན། །སྡུག་བསྔལ་མང་པོས་གཟིར་བ་ཡི། །སེམས་ཅན་འདི་རྣམས་སྙིང་རེ་རྗེ། །མངོན་མཐོ་ཀུན་བདེ་བར་རློམ་མོད་ཀྱང་། །མི་སྐྱེ་བའི་སྡུག་བསྔལ་བསམ་ཙམ་ན། །མི་གཙང་ཁྲོན་པའི་དོང་ནང་དུ། །མི་ནད་མེད་གཅེར་བུར་བཅུག་བྱས་ནས། །ཁ་རྡོ་བས་འདན་པས་དཔེར་མི་བཟོད། །མུན་ནག་ལ་དྲི་ང་དོག་ཅིག་གཅུམ། །བུ་ག་ཚོ་མཚོན་གྱིས་ཕུག་སྙམ་བྱེད། །ལས་རླུང་གི་མགོ་བོ་ཐུར་དུ་བསྒྱུར། །ཟུར་མའི་བར་ནས་འཐེན་ལྟར་འཐེན། །སྐྱེ་བའི་འཁྲུལ་འཁོར་ཅན་ཚོ་སྙིང་རེ་རྗེ། །དེ་ཀུན་སྡུག་བསྔལ་བདག་ལ་སྨིན་གྱུར་ཅིག །བདག་གིས་དགེ་


CMR050_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བས་དེ་ཀུན་སྐྱེ་མེད་ཤོག །རྒན་པའི་སྡུག་བསྔལ་བསམ་ན་ཡི་རེ་མུག །ལུས་ཀྱི་སྟོབས་དང་ཁ་དོག་ལང་ཚོ་ཉམས། །དཔེར་ན་མེ་ཏོག་སད་ཀྱིས་ཁྱེར་བ་བཞིན། །སྨྲས་པས་མི་ཉན་བཅོས་པས་ཉན་མཁན་མེད། །དཔེར་ན་རྒྱལ་པོ་དམང་དུ་བབས་པ་འདྲ། །དེ་ཀུན་སྡུག་བསྔལ་བདག་ལ་སྨིན་གྱུར་ཅིག །བདག་གིས་དགེ་བས་དེ་དག་རྒས་མེད་ཤོག །ན་བའི་སྡུག་བསྔལ་བསམ་ན་སྐྱི་རེ་ཚ། །ངར་ངར་སྒྲ་འབྱིན་མལ་གྱི་མཐའ་མར་ཉལ། །བཅུད་ལྡན་ཟས་སྐྱུག་བཅུད་མེད་ཆུ་ལ་འབོད། །ཟད་དོགས་འཆི་དོགས་སྨན་པ་མི་དགའ་དོགས། །སྲུང་བ་ཆེས་ན་སྡུག་ཅིག་ཆུང་ནའང་སྡུག །དེ་ཀུན་སྡུག་བསྔལ་བདག་ལ་སྨིན་གྱུར་ཅིག །བདག་གི་དགེ་བས་དེ་ཀུན་ནད་མེད་ཤོག །འཆི་བའི་སྡུག་བསྔལ་བསམ་ན་ཞེ་རེ་འཇིགས། །སྨན་པས་འཆི་བའི་ལུང་སྟོན་འབྲོས་ཤིང་ཡིབ། །མོ་མས་བུ་གདོན་གཡེ་གདོན་འཆི་ལུང་སྟོན། །བསྲུང་བ་སྨན་དང་རིམ་གྲོའི་ཕྱིར་ཕྱིར་ཐུ། །འཆི་བར་ཤེས་ཀྱང་ཐབས་རྡུགས་ཁ་ཆེམ་འཇོགས། །དམ་ཆོས་དགོས་པར་ཤེས་ཀྱང་འཕྱིས་པས་ལེན། །འབྱུང་བའི་སྟོབས་ཐིམ་བར་དོའི་སྣང་བ་འཆར། །སྒྲ་འོད་ཟེར་གསུམ་


CMR050_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་དགྲ་རུ་ལང་། །མིག་བསྒྲད་བཞིན་བསྡུས་མཆེ་བས་མ་མཆུ་མནན། །གཤིན་རྗེའི་སྐྱེས་བུས་རང་དབང་མེད་པར་ཁྲིད། །དགེ་ལ་ཆུ་བས་སྐོམ་ཡང་གསེར་བས་དཀོན། །སྡིག་ལ་ཕྱོགས་བཅུར་བྲོས་ཀྱང་གྲིབ་ལྟར་འཁོར། །ཡིན་མིན་རྫུན་དང་གཡོ་སྒྱུ་དེར་མི་ཚུད། །རྡེལ་བུ་མེ་ལོང་ཡིག་ཆུང་འཛིན་བྱེད་ཅིང་། །སྡིག་ཆེན་ཁྲིམས་ལ་གཏུགས་ཚོ་སྙིང་རེ་རྗེ། །དེ་ཀུན་སྡུག་བསྔལ་བདག་ལ་སྨིན་གྱུར་ཅིག །བདག་གི་དགེ་བས་དེ་དག་འཆི་མེད་ཤོག །མེད་པས་བཙལ་ཡང་མི་རྙེད་ཡི་དྭགས་བཞིན། །ཡོད་པས་འཚོ་སྐྱོང་མི་ཐུབ་སྟོན་ཤ་བཞིན། །དེ་ཀུན་སྡུག་བསྔལ་བདག་ལ་སྨིན་གྱུར་ཅིག །བདག་གིས་དགེ་བས་དེ་དག་བདེ་གནས་ཤོག །འགའ་ཞིག་འཁོར་བས་འཇིགས་ཏེ་ལམ་བཙལ་ཡང་། །གྱེན་དུ་འཛེགས་འདོད་ཐུར་དུ་དོང་འབྲུད་ཅིང་། །དཀར་བར་འདོད་ནས་གྲགས་སྣུམ་སྐུད་པ་ལྟར། །ཕྱི་རོལ་བོན་དང་མུ་སྟེགས་ལམ་ཞུགས་པ། །ངལ་བ་དོན་མེད་ལམ་སོགས་སྙིང་རེ་རྗེ། །དེ་ཀུན་སྡུག་བསྔལ་བདག་ལ་སྨིན་གྱུར་ཅིག །བདག་གི་དགེ་བས་དེ་དག་སྐྱོན་མེད་ལམ། །བྱང་ཆུབ་དམ་པའི་ལམ་དེར་འཇུག་པར་ཤོག །


CMR050_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་དོག་དབང་གི་ལྷ་ལ་རྟག་སྟོང་ཞིང་། །ལོ་རེའང་དུས་གཉིས་འཁྲུག་པ་ཕུལ་བྱུང་རྩོད། །རྨས་པའི་མུན་པའི་ནང་དུ་སྒྱུར་ཞིང་དང་། །མཚོན་ཆའི་འཁོར་ལོའི་ཡན་ལག་ཉིང་ལག་གཅོད། །དེ་ཀུན་སྡུག་བསྔལ་བདག་ལ་སྨིན་གྱུར་ཅིག །བདག་གིས་དགེ་བས་དེ་དག་བྱམས་ལྡན་ཤོག །འདོད་ལྷ་རིགས་དྲུག་གཟུགས་ཁམས་བཅུ་བདུན་རྣམས། །ཡུན་རིང་བར་དུ་བདེ་བ་སྤྱོད་གྱུར་ཅིག །དཔག་བསམ་ཤིང་ལ་མི་སྡུག་སྒྲ་ངན་གྲག །དར་ཟབ་གོས་ཧྲུལ་མེ་ཏོག་ཕྲེང་བ་རྙིང་། །མཆན་ཁུང་གཉིས་ནས་རྔུལ་འབྱུང་དྲི་མ་ང་། །ལྷ་དང་ལྷ་མོ་ཀུན་གྱིས་རིང་དུ་དོར། །མི་ལོ་དཔག་མེད་བར་དུ་སྡུག་བསྔལ་མྱོང་། །ཕྱི་མ་ངན་སོང་སྐྱེ་བ་མངོན་སུམ་མཐོང་། །དེ་ཀུན་སྡུག་བསྔལ་བདག་ལ་སྨིན་གྱུར་ཅིག །བདག་གིས་དགེ་བས་དེ་དག་བདེར་གནས་ཤོག །སྐྱེ་མཆེད་མུ་བཞིའི་ལྷ་རྣམས་གཟུགས་མེད་ཅིང་། །བསྐལ་པ་བརྒྱར་ཡང་དམ་ཆོས་སྤྱོད་སྐལ་ཆད། །བསྐལ་མེད་ལས་ངན་དེ་དག་སྙིང་རེ་རྗེ། །དེ་ཀུན་ལས་འབྲས་བདག་ལ་སྨིན་གྱུར་ཅིག །བདག་གིས་དགེ་བས་དེ་དག་ཆོས་སྤྱོད་ཤོག །ལག་པ་བརྐྱང་བསྐུམ་མི་མཐོང་མུན་གླིང་དུ། །མི་ཤེས་བླུན་


CMR050_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

པས་རང་ཤ་རང་གིས་ཟ། །ཆེ་བ་རྣམས་ནི་ཆུང་བས་ཕུག་ཅིང་ཟ། །ཆུང་བ་འགའ་ཞིག་ཆེ་བས་ཁྱུར་མིད་བྱེད། །ཀླུ་རྣམས་ཕྲག་དོག་སེར་སྣས་གཞན་ལ་འཚེ། །ཁྱུང་དང་བྱེ་ཚན་ནད་ཀྱི་འཇིགས་པས་གདུང་། །འགའ་ཞིག་ཤ་ལྤགས་རྩི་ཡི་ཆད་དུ་འཆི། །འགའ་ཞིག་མི་ཐོགས་ཁལ་འགེལ་ལྕགས་ཀྱིས་བསྣུན། །ཡུན་རིང་སྤུ་དང་འོ་མས་བསྐྱངས་བྱས་ཀྱང་། །ཅུང་ཟད་རྒས་སམ་སྐམ་ན་སྲོག་དང་ཕྲལ། །དེ་ཀུན་སྡུག་བསྔལ་བདག་ལ་སྨིན་གྱུར་ཅིག །བདག་གིས་དགེ་བས་དེ་དག་བདེ་གནས་ཤོག །བལྟས་པ་ཙམ་གྱི་ཆུ་རྒྱལ་གང་གའང་སྐམ། །འགའ་ཞིག་ཟས་ལ་རྣག་ཁྲག་དུག་ཏུ་མཐོང་། །ཟས་ཀྱི་དྲི་ཚོར་དཔག་ཚད་བརྒྱར་ཡང་རྒྱུག །ཟས་མ་རྙེད་པས་ངལ་དུབ་ཆད་ཅིང་འགྱེལ། །འགའ་ཞིག་ཁབ་ཀྱི་མིག་ལྟར་ཁ་དོག་ཅིང་། །ཡུལ་གྲུ་ཙམ་གྱི་ལྟོ་བ་བཀྲེས་པས་ཉན། །ཤིན་ཏུ་ཕྲ་བའི་མགྲིན་པ་ཡན་ལག་ཅན། །འགའ་ཞིག་ཟས་སྐོམ་ཟོས་པས་གྱི་རབ་ཏུ་འབར། །ནང་ཁྲོལ་དོན་སྙིང་ཚིག་ཀྱང་འཆི་མི་ནུས། །ཟླ་བ་ཉིན་ཞག་མཉམ་པའི་ལྔ་བརྒྱ་ཡི། །སྡུག་བསྔལ་མྱོང་བ་དེ་དག་སྙིང་རེ་རྗེ། །དེ་ཀུན་སྡུག་བསྔལ་བདག་ལ་


CMR050_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་གྱུར་ཅིག །བདག་གིས་དགེ་བས་དེ་དག་འབྱོར་ལྡན་ཤོག །འདི་ན་མི་གཅིག་མདུང་ཐུང་སུམ་བརྒྱ་ཡི། །རབ་བསྣུན་སྡུག་བསྔལ་དཔེར་ན་ཡང་མི་བཟོད་ཅིང་། །གཅིག་ལྷགིས་གཅིག་ལ་མཚོན་ཆ་དུ་མས་འདེབས། །འགའ་ཞིག་ལུས་ལ་ནག་པོའི་ཐིག་བཏབ་ཅིང་། །ལྕགས་སྲེག་སོག་ལེས་དུམ་བུར་ལུས་ཀུན་གྲ། །འགའ་ཞིག་ལྕགས་སྲེག་རི་བོའི་བར་དུ་བཅིར། །འགའ་ཞིག་ལྕགས་སྲེག་གསལ་ཤིང་རྩེ་གསུམ་པར། །རྐང་མཐིལ་གཉིས་དང་བཤང་བའི་ལམ་ནས་ཕུག །ཕྲག་པ་གཉིས་དང་སྤྱི་བོའི་གཙུག་ཏུ་འབིག །འགའ་ཞིག་མེ་ཡི་ར་བས་ཡོངས་སུ་བསྐོར། །ཤིན་ཏུ་མི་བཟད་སྨྲེ་སྔགས་ཆོ་ངེ་འདེབས། །འགའ་ཞིག་ཁྲོ་ཆུ་ཁོལ་མ་ཁར་བླུགས་ནས། །ནང་གྲོལ་ཀུན་ཚིག་བུ་གར་མེ་འབར་ཀྱང་། །འཆི་བར་མི་ནུས་དཔག་མེད་སྡུག་བསྔལ་མྱོང་། །འགའ་ཞིག་ལྕགས་ལས་གྲུབ་པའི་ཟངས་ཆེན་དུ། །ཚོད་མ་བཞིན་དུ་བར་སྐལ་གཅིག་ཏུ་བཙོ། །རལ་གྲིའི་ནགས་ཀྱིས་མགོ་དང་ཡན་ལག་གཅོད། །སྤུ་གྲིའི་ལམ་གྱིས་རྐང་པ་རྗེ་ངར་གཏུབ། །མེ་མ་མུར་དུ་ལུས་སྨད་བྱིངས་ཤིང་ནུབ། །ཤལ་མ་རི་ལ་འཛེག་འབབ་ལུས་ཀུན་དྲལ། །ལྕགས་


CMR050_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག་བྱ་ཁྱིས་ཀླད་པ་རྒྱུ་མ་འདྲེན། །འགའ་ཞིག་འཁྱགས་པའི་སྦུབས་སུ་རབ་འཁྱགས་ནས། །ལུས་ལ་ཆུ་བུར་ཁེང་དང་ཆུ་བུར་རྡོལ། །ཨ་ཤུ་ཀྱེ་ཧུད་སྒྲ་སྒྲོགས་སོ་ཡང་འཐམ། །ལུས་རྣམས་བརྒྱད་དང་བཅུ་དྲུག་གྲངས་མེད་བར། །རབ་ཏུ་གས་ཤིང་རྣག་ཁྲག་ཆུ་སེར་འཛག །གྲངས་མེད་བསྐལ་པའི་བར་དུ་སྡུག་བསྔལ་བའི། །བསམ་ཞིང་སྙིང་རྗེ་དམྱལ་བའི་སེམས་ཅན་པ། །དེ་ཀུན་སྡུག་བསྔལ་བདག་ལ་སྨིན་གྱུར་ཅིག །བདག་གིས་དགེ་བས་དེ་དག་བདེར་གནས་ཤོག །འགྲོ་བའི་སྡུག་བསྔལ་རྒྱུ་འབྲས་དཔག་མེད་པ། །གྲངས་མེད་བསྐལ་པར་བདག་གིས་མྱོང་གྱུར་ཀྱང་། །སྐྱོ་དང་འགྱོད་ལ་སྐད་ཅིག་མི་སྐྱེ་ཤིང་། །བྱང་ཆུབ་སེམས་ཀྱི་གོ་ཆ་བརྟན་པར་ཤོག །བདག་དང་འགྲོ་བའི་དུས་གསུམ་དགེ་ཚོགས་དང་། །རྒྱལ་དངརྒྱལ་སྲས་ཉན་ཐོས་རང་རྒྱལ་གྱི། །ཚོགས་གཉིས་བསགས་དང་ཐུགས་བསྐྱེད་རྣམ་དག་སོགས། །མ་ལུས་གཅིག་ཏུ་བསྡོམ་པའི་མཐུ་སྟོབས་ཀྱིས། །འགྲོ་བ་སེམས་ཅན་གཅིག་ཀྱང་མ་ལུས་པ། །སྐྱོན་རྣམས་ཀུན་ཟད་ཡོན་ཏན་ཀུན་རྫོགས་པའི། །ཡང་དག་རྫོགས་པའི་སངས་རྒྱས་ཐོབ་གྱུར་ཅིག །དེ་མ་


CMR050_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ཀྱི་སྐྱེ་བ་ཀུན་ཏུ་ཡང་། །བདེ་བ་ཅན་དེར་རིགས་ཀྱི་བདག་པོ་ཡི། །གསུང་གི་བདུད་རྩི་ངོམས་མེད་འཐུང་གྱུར་ཅིག །བདག་ཀྱང་འདི་ནས་བླ་མེད་བྱང་ཆུབ་བར། བཀྲེས་ལ་ཟས་དང་དབུལ་ཕོངས་རྣམས་ལ་ནོར། །ནད་ལ་སྨན་དང་འཇིགས་པ་རྣམས་ཀྱི་སྐྱབས། །མདོར་ན་སྤྱན་རས་གཟིགས་དབང་བླ་མ་རྗེའི། །ཕྲིན་ལས་སྒྲུབ་པའི་གཡོག་པོར་བདག་གྱུར་ཅིག །ཅེས་པ་འདི་བདག ༧ ཨ་རཱག་ཐོར་པ་ན་བ་ཤིན་ཏུ་ཐུ་བ་བྱུང་ཞིང་ལུས་ཐམས་ཅད་ཐོར་བ་ཁེངས་པར་ཞག་གསུམ་ཙམ་ལ་ལུས་ཐམས་ཅད་མེ་འདག་གིས་བྲབ་པ་ལྟ་བུའི་ཟུག་མི་བཟོད་པར་བྱུང་དུས། དེས་ངོ་བོའི་སྟེང་དུ་བཞག་ཀྱང་དཀའ་བ་འདྲ་ཞིག་བྱུང་ནས། གཏོང་ལེན་གྱིས་དམིགས་པ་ཁོ་ན་བྱས་ཤིང་། ཕྱིས་ཅུང་ཟད་ཁམས་གསིང་དུས་ཐུབ་པའི་དུས་དམིགས་པ་བྱས་པ་རྣམས་སླར་ཚིགས་སུ་བཅད་དེ་ཡི་གེར་བྲིས་པའོ། །འདི་ལྟར་ན་བའི་།ཚེ་ཁ་ཞེ་མེད་པར་སེམས་བསྐྱེད་དང་མིགས་པ་གཏོང་ལེན་ལ་འབད་ན། ཕ་དམ་པས། ན་བ་ན་བ་མ་ཡིན་ཏེ། །རྣལ་འབྱོར་སྒྲིབ་པའི་ཕྱགས་ཤིང་ཡིན། །ཅེས་གསུངས་པ་དང་། ཇོ་བོ་གསེར་གླིང་པའི་བློ་སྦྱོང་གི་དོན་ལ་དེ་སྣང་བས་བདག་དང་སྐལ་པ་མཉམ་པའི་བློ་དམན་རྣམས་ན་བའི་དུས་སུ་སེམས་བསྐྱེད་བློ་སྦྱོང་ཚུལ་འདི་ལྟ་བུར་མཛད་པར་ཞུའོ། །འདི་བྲིས་དུས་རང་ལོ་ཉེར་དགུའམ་སུམ་ཅུ་པའི་ཚེ་ཡིན་ནོ།། ༈ །།ན་མོ་རཏྣ་ཏྲ་ཡཱ་ཡ། རྩ་


CMR050_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །དཀོན་མཆོག་གསུམ་དང་ཊཱཀྐི་ཆོས་སྐྱོང་ཚོགས། །ཆོས་ཉིད་ཆོས་ཅན་འགོག་དང་ལམ་གྱི་བདེན། །བདེན་ལྡན་ཇི་སྙེད་རྣམས་ཀྱི་བདེན་སྟོབས་དང་། །འདི་ལྟར་བགྱིས་པའི་དགེ་བས་མཚོན་བྱས་ཏེ། །བདག་གཞན་དུས་གསུམ་དགེ་བ་ཅི་བསགས་མཐུས། །བདག་དང་བདག་གི་ཕ་མ་སློབ་དཔོན་དང་། །སློབ་མ་བྲན་གཡོག་ཡོན་བདག་སྒོ་ནོར་དང་། །ཟས་ནོར་ཆོས་ཀྱི་འབྲེལ་བའི་ཚེ་འདས་སོགས། །བཟང་ངན་ལས་ཀྱིས་འབྲེལ་བའི་འགྲོ་བ་ཀུན། །མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ས་བཅུ་རབ་བསྒྲོད་ནས། །སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་ཕྱིར་བསྔོ། །བྱེད་ཕྱིར་བསྔོ་བྱས་ན་བསྔོ་བ་འགྱུར་ཞིང་བྱེད་པར་ཤོག་བྱས་ན་སྨོན་ལམ་དུ་འགྲོ། འདི་ཚེ་འདས་རྒེ་ལ་བསྔོ་བ་མ་བརྗེད་ཟེར་བའང་མང་དུ་བྱུང་ཞིང་། རང་གཞན་འབྲེལ་ཡོད་རྣམས་ལ་བསྔོ་བ་སྨོན་ལམ་རྒྱུན་དུ་བྱ་བའི་ཆེད་དུ། རང་ལོ་སོ་བཞི་པ་ཆོ་འཕྲུལ་ཆེན་པོའི་ཚེས་བརྒྱད་ལ། ༧ དགེ་སློང་ཀརྨ་ཆགས་མེད་ཀྱིས་སྨོན་ལམ་དུ་བྲིས་པའོ། །སརྦ་མངྒ་ལཾ།། །།

གསུང་མགུར་ལོ་རྒྱུས་འདྲ།


CMR050_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་མགུར་ལོ་རྒྱུས་འདྲ་བཞུགས་སོ། །ན་མོ་ལོ་ཀེ་ཤྭ་ར་ཡེ། རང་ལོ་ལྔ་བཅུ་ཐམ་པ་ལ། །གདུལ་བྱ་འུར་བས་ཟས་ནོར་རྣམས། །སྒོམ་སྡེ་གསར་རྙིང་མན་ཆད་ནས། །རེ་ཆམ་ཡན་གྱི་དགོན་སྡེ་ནི། །ཆེ་ཕྲ་ཀུན་ལ་རི་བཤུ་བྱས། །ཁྱད་པར་ཞལ་སྔ་ཡབ་སྲས་ལ། །བརྒྱ་འབུལ་བྱས་ཤིང་ཆབ་མདོ་མཇལ། །དཔོན་རིགས་གནས་པོ་ཆེ་དགུ་ཡི། །གུས་འདུད་བཀུར་སྟི་ཆེ་བར་མཛད། །བྱང་སེམས་ས་ཡི་འདྲ་སྐུ་དེ། །བཀྲག་རྩི་གསར་དུ་བཏང་བ་ལྟར། །སྣུམ་ནི་འཐིག་ལ་ཁད་དུ་མཐོང་། །གཞན་གྱིས་དེ་ལྟར་མ་མཐོང་འདུག །དཔོན་རིགས་གཅིག་གིས་བརྟག་པ་ཞུས། །རྨི་ལམ་ལུང་བསྟན་གསལ་པོ་དག །བྱུང་བ་སྨྲས་པས་མགུ་བར་གྱུར། །ཉམས་དང་རྨི་ལམ་མཚམས་ཤེད་ན། །མགོན་ཁང་ཟུར་དེར་མགོན་ཁང་ལས། །ཆེ་ཞིང་རིང་བའི་བུད་མེད་ནི། །མཛེས་སྡུག་སྤོས་ཤེལ་ཁོ་ན་ཡི། །བརྒྱན་པ་གཅིག་གིས་བདག་ཉིད་ལ། །དགའ་བའི་རྣམ་པས་ལྟ་བ་མཐོང་། །ཕྱིར་ནངས་ཆོས་རྗེས་གནང་སྦྱིན་བྱུང་། །དེ་ནས་སྐུ་སྐྱེ་ཆེ་ཚང་བས། །ཟུར་མང་ཕྱོགས་སུ་ཤོག་གསུངས་པས། །བཀའ་ལྟར་དེ་ངོས་འགྲོ་སྙམ་ཚེ། །


CMR050_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མདོ་བླ་མ་ཤི་བའི་སར། །འགྲོ་རྒྱུ་ཡིན་ནམ་ཟེར་བ་ཡི། །སྒྲ་ཞིག་ཉམས་རྨིས་མཚམས་སུ་ཐོས། །རང་ལ་རྐྱེན་ཆགས་ཡོད་མེད་བརྟགས། །དཔོན་རིགས་གཅིག་གིས་འདི་སྐད་ཟེར། །ས་སྟེང་ཆོས་རྗེ་རེད་ཐལ་བ། །ཕོད་མེད་ཟེར་བའི་ཚིག་སྒྲ་དང་། །མཚོན་སྣ་དྲུག་གི་ཚེ་དུས་བྱེད། །ཟེར་བ་ལ་སོགས་རྨིས་ལྟས་ངན། །འོན་ཀྱང་སྐུ་སྐྱེ་མི་དགྱེས་དོགས། །འགྲོ་སྙམ་སྒར་པ་བཏེག་སྟེ་སོང་། །འདྲབ་མདོར་ཞག་ནུབ་རྨི་ལམ་ན། །ཞི་ཁྲོའི་ཕོ་བྲང་དཀྱིལ་འཁོར་གྱི། །དབུས་སུ་སྤྲུལ་སྐུ་བཞུགས་ནས་ཀྱང་། །ལྷ་ངོ་སྟོན་ཚུལ་བྱེད་པ་རྨིས། །སྤོམ་ནེ་བྲག་དེའི་གནས་མཆོག་ནི། །ལེགས་པར་ཕྱེ་བའི་རྟགས་སུ་གོ །ཟུར་ཙམ་སོ་ཐོག་ཨ་ནུར་སྨྲས། །དེ་ནས་འདྲབ་རྒྱལ་གནས་མཇལ་བྱས། །སྤྲུལ་སྐུས་སྔོན་དུ་མ་གསུངས་པའི། །རང་བྱོན་གསལ་པོ་འགའ་མཐོང་ཡང་། །བབ་འཐོབ་མེད་ཕྱིར་མ་སྨྲས་སོ། །དེ་ནས་ཉམས་དང་རྨི་ལམ་མཚམས། །གནས་དེའི་རྟགས་མཚན་ཡིན་སྙམ་པའི། །འཇའ་དང་འོད་ཟེར་བན་བུན་ལྟར། །ས་ནས་བསང་དུད་ལྟ་བུར་འཐུལ། །ཁ་དོག་ལྔ་དང་ལྡན་པ་དག །སྐྱེ་བ་མཐོང་ཕྱིར་གནས་དེ་ནི། །གནས་


CMR050_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ཡིན་པའི་ངེས་ཤེས་སྐྱེས། །སྐྱོ་སྟོད་ཞི་ཁྲོའི་དབང་ཁྲིད་དང་། །ཁྲིད་ཆུང་བཙུགས་པས་སྡིག་ཅན་འགའ། །ཉམས་སྐྱེས་སེམས་ངོ་འཕྲོད་པ་དང་། །རང་མདུན་མ་མེ་འཛིན་པ་བྱུང་། །གོ་བོ་ཕུག་གི་རྩེ་དེ་ན། །ཉ་རྒྱས་ཟླ་བའི་དཀྱིལ་འཁོར་ནི། །འོད་ཟེར་སེར་པོ་འཕྲོ་བ་ཞིག །ཉམས་དང་རྨི་ལམ་མཚམས་སུ་མཐོང་། །ཁྲོམ་མཇལ་ཆམ་པའམ་མ་བྱུང་ཞིང་། །ཤི་ལ་ཁད་ཀྱི་ནད་པ་གཅིག །བཀལ་ནི་བྱུང་བའང་སོས་པར་གྱུར། །དེ་ནས་ཟུར་མང་འགྲོ་བ་བཤོལ། །དེ་རུ་འགྲོ་ས་མེད་པར་ཐོས། །ཚ་འོང་གུག་ཤིས་ཞག་པའི་ནུབ། །དཔོན་རིགས་ཕྲུག་སྔོན་གྱོན་པ་ཅིག །གུས་འདུད་ཇ་ཞུས་ཞིམ་པོ་ཞིག །དྲང་བྱུང་གཏམ་རྒྱལ་ཡིན་པར་གོ །རེ་ཞིག་འདུག་པའི་རྟེན་འབྲེལ་གོ །དེ་ནས་སྔོན་གྱི་རྨིས་ལྟས་དག །ངན་ཕྱིར་རང་དང་སྤྲུལ་སྐུ་སོགས། །གཙོ་ཆེར་སྐུ་རིམ་ལ་དམིགས་ནས། །དཔོན་སློབ་བརྒྱད་རེས་སྒྲུབ་ཆེན་ཚུལ། །བསྒྲུབ་པ་རིམ་བཞིན་བདུན་ཕྲག་རེ། །བྱས་ཚེ་རང་ཡང་ལུས་མ་བདེ། །སྔོན་གྱི་རྨིས་ལྟས་གསལ་བར་འགྱུར། །འོད་ཟེར་ཅན་མ་ཞག་བདུན་ཚེ། །རང་མདུན་བུད་མེད་དཀར་


CMR050_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ནི། །མཛེས་སྡུག་རྒྱན་ཆས་ཕྱུག་པ་གཅིག །བཞེངས་ནས་འདུག་ཀྱང་ཞལ་ངོ་ནི། །ཧ་ཅང་དགའ་ཚུལ་མི་སྟོན་པ། །ད་རུང་རྐྱེན་ཆག་མ་འགྱུར་རྟགས། །ཉི་མའི་དཀྱིལ་འཁོར་ཆུང་ངུ་ནི། །འོད་ཟེར་འཕྲོ་བ་ཤར་བྱུང་རྨིས། །ཐུན་པ་གཅིག་གི་མར་མེ་ཡི། །རྩེ་མོ་འཕེལ་བ་མཐོང་བ་དང་། །ཐུན་པ་གཅིག་གི་རྨི་ལམ་དུ། །བུད་མེད་ཁོ་ན་རྨིས་ཞེས་ཟེར། །དེ་ནས་སྒྲོལ་དཀར་ཞག་བདུན་བསྒྲུབ། །དགོན་པ་ཆེན་པོའི་གླིང་ཁྲོད་དུ། །རང་ཉིད་ལམ་སྟོན་ཕྱིར་ཐོན་ནས། །དགོན་འོག་སོང་བས་ལམ་ངན་ནི། །འཇིགས་སུ་རུང་བ་ཐར་དཀའ་བ། །སྤྲུལ་སྐུ་ཡིན་སྙམ་བྱིས་པ་པང་། །ངེད་གཉིས་བྲུལ་ལ་ཁད་པ་དང་། །ཁ་ཞེ་མེད་པར་ཨུ་རྒྱན་ལ། །གསོལ་བ་བཏབ་པས་ལམ་ངན་དེ། །བདེ་མོར་གྱུར་ནས་ཐར་པ་རྨིས། །འོན་ཀྱང་སྡེ་དཔོན་གུ་རུ་ཅིག །རང་གི་སྲས་སུ་འདུག་མཐོང་ནས། །རྒྱལ་འགོང་གདོན་པ་ཡོད་པར་གོ །དེ་ལྟར་ནད་རིགས་མང་དུ་ན། །དེ་ནས་གནམ་ལྕགས་ཞུན་མ་བསྒྲུབ། །དེ་ཚེ་ཆོས་དབང་ཀུན་བཟང་གིས། །དམག་ཚོགས་བྱུང་བས་མཁར་གྱི་སྒོ། །དམ་དུ་བཅད་པ་རྨིས་པའི་ཕྱིར། །གཏེར་སར་ནུས་པ་འདུག་


CMR050_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གོ་ཟེར། །རང་གི་རྨི་ལམ་རང་མདུན་དུ། །སྡེ་དཔོན་རབ་ཏུ་འཇིགས་པ་གཅིག །གུས་པས་རང་གི་མདུན་དུ་འདུག །བདག་གི་ཁྱེད་ལ་གང་ཕན་གྱིས། །བསམ་པ་མ་གཏོགས་མེད་རབས་ཟེར། །ཁྱི་དཀར་གཅིག་ཀྱང་བསད་པ་རྨིས། །དེ་ནས་འཇམ་དཔལ་ཀིང་ཀང་བསྙེན། །ཞག་པོ་ལྔ་སོང་རླུང་གི་སྒྲ། །འུར་སྒྲ་ཆེན་པོ་འབྲུག་སྒྲ་འདྲ། །ཁ་བ་བབ་སོགས་གཞུང་ལྟར་བྱུང་། །རྨི་ལམ་རང་ཉིད་རྟ་དཀར་ཞོན། །ཡར་ལ་བྱང་གི་ཕྱོགས་འོང་བས། །སད་ན་ལེགས་ཀྱི་སྐྱེ་བ་ནི། །རང་ཉིད་ཡིན་པར་ཐག་ཆོད་ཅིང་། །སད་ན་ལེགས་ནི་ཁྲི་སྲོང་གི །སྤྲུལ་པ་ཡིན་པར་གསུངས་པ་དང་། །ཁྲི་སྲོང་ལྡེའུ་བཙན་འཇམ་དབྱངས་ཀྱི། །སྤྲུལ་པ་ཡིན་པར་བཤད་པའི་ཚེ། །རང་ཡང་འཇམ་དབྱངས་ཡང་སྤྲུལ་ཙམ། །ཡིན་པར་འདུག་གོ་སྙམ་པ་དེ། །རྨི་ལམ་ཡུལ་དུ་གསལ་པོར་དྲན། །དེ་ནས་འོད་འབར་ཞག་བདུན་བསྒྲུབ། །སྤྲུལ་སྐུ་རང་དྲུང་མཉམ་དུ་བཞུགས། །ལྷོ་བ་སྤྲུལ་སྐུའི་བྱིན་རླབས་རྟེན། །བདག་ཅག་དཔོན་སློབ་ཐམས་ཅད་ལ། །ཤིན་ཏུ་མང་བ་གནང་བ་རྨིས། །ཉམས་དང་རྨི་ལམ་མཚམས་ཤིག་ཏུ། །བོད་དང་


CMR050_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

སོག་པོ་ཐམས་ཅད་ཀྱིས། །མི་ཁ་ཆོད་པར་འོང་ངོ་ཞེས། །དེ་ནས་རྒྱལ་བ་རྒྱ་མཚོ་ཡི། །སྒྲུབ་པ་ཞག་བདུན་བར་དུ་བྱས། །རང་གི་རྣ་བ་གཡས་པ་ནས། །སྲིན་བུ་གཉིས་ནི་ཐོན་པ་རྨིས། །སོག་པོའི་རྒྱལ་པོ་དཔོན་གཡོག་འགས། །གུས་འདུད་དམར་གསུམ་ཕུལ་བ་རྨིས། །གྲྭ་སློབ་རིམས་ནད་བྱུང་བའི་ཚེ། །ལོ་མ་གྱོན་མ་ཞག་བདུན་བསྒྲུབ། །ཞོར་ལ་ལྷ་མོའི་མདོས་ཀྱང་བཅས། །རྨི་ལམ་བུད་མེད་རྒྱན་ལྡན་གཅིག །དགའ་ཞིང་དྲུང་དུ་བྱུང་བ་དང་། །ཆོས་ཀྱི་དབང་ཕྱུག་ཕྱག་ཕྲེང་ལ། །བརྒྱབ་པའི་བྱིན་རླབས་རྟེན་ཡིན་སྙམ། །ཆུ་ཤེལ་རྟོག་པོ་མེད་པ་རྨིས། །དེ་ནས་ཞག་དགུ་ཉི་མ་བཅུར། །ཁྲོ་ཆུའི་སྒྲུབ་ཆེན་རྒྱས་པར་བྱས། །དངོས་སུ་བག་དྲོ་བྱིན་འཐིབས་ཤིང་། །མཚན་ཐུན་གཅིག་གི་ཉིན་མཚན་གཉིས། །བལྟམས་པའི་ཆོད་པར་འཛིན་པ་དང་། །ཐུན་པ་འགའ་ཡི་རྨི་ལམ་དུ། །གཞུང་ནས་བཤད་ལྟར་རྟགས་ཐོན་ཅིང་། །ཁྲོ་ཆུ་ལྷ་མང་བསྐུལ་རིང་བརྩམས་། །རྨི་ལམ་ཨུ་རྒྱན་རིན་པོ་ཆེ། །སྟོད་འགག་སྔོན་པོ་པད་ཞྭ་དམར། །ཇོ་བོ་རྗེ་ཡི་ཆ་ལུགས་མཇལ། །བྲག་ཕུག་ཐེའུ་རང་དོད་པ། །ཀུན་ལ་གནོད་པ་ཡིན་ཟེར་


CMR050_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བ། །སྦྲུལ་གཉིས་ང་ལ་འཕང་བྱུང་བ། །དེ་གཉིས་རྒྱང་རིང་དོར་བྱས་ནས། །བྲག་འབུར་སྟེང་དུ་རྐང་པ་བཞག །གཟིར་བའི་དམིགས་པ་བྱས་པ་ཡིས། །བཙུན་པ་གཅིག་གིས་བདག་ཉིད་ལ། །རབ་ཏུ་སྐྲག་ཅིང་ངོ་ཕབ་ནས། །འདུག་མི་བཅུག་ན་འགྲོ་ཟེར་དང་། །བཙུན་པ་གཅིག་གིས་འདི་སྐད་དུ། །ཁྱོད་རང་ཚང་ན་ལེགས་འདུག་ཅེས། །ཀུན་གྱིས་ཟེར་ཞིང་འདུག་པའི་ཕྱིར། །ང་ནི་ཅི་གྱུར་ཡིན་ཅེས་ཟེར། །ཡང་ནི་བཙུན་པ་གཅིག་གིས་ནི། །ཨུ་རྒྱན་ལུང་བསྟན་མཐོང་སྐད་ཀྱིས། །ལོ་གཉིས་ནས་ནི་སྤྲུལ་སྐུ་དང་། །བདག་ལ་བར་ཆད་མེད་པ་ཡི། །ལོ་རྒྱུས་ཟུར་ཙམ་སྨྲ་བ་རྨིས། །དགུ་གཏོར་ནུབ་པར་ཚོགས་ཡིན་ཟེར། །ཤ་ཚོ་ཞིམ་པོ་དྲངས་བྱུང་ཟེར། །བསྒྲུབ་པའི་ཁང་ནས་གསར་པ་ཡི། །ཐུན་གཅིག་འགའ་ལ་སེམས་ངོ་འཕྲོད། །ཁྱད་པར་སྒྲོལ་དཀར་བསྙེན་པའི་དུས། །རང་གི་དྲུང་དུ་འོད་ཟེར་བསྙལ། །དེ་ཚེ་ཉམས་དང་རྨི་ལམ་མཚམས། །བྱིས་པ་འདི་ལ་ད་རེས་ཀྱིས། །བསྒྲུབ་པ་འདི་ལས་དགོས་ལེ་མེད། །ཟེར་བས་བག་ཆགས་སད་པར་གོ །ཕྱི་དེ་ཉིད་ནས་སེམས་ངོ་འཕྲོད། །བྱིས་པས་ནམ་


CMR050_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་མཐོངས་ནས་ནི། །སྒྲོལ་མའི་སྔགས་སྒྲ་སྒྲོག་པ་ནི། །ཉི་མ་གཉིས་བར་དངོས་སུ་ཐོས། །དེ་ནས་ཐོས་པར་མ་གྱུར་ཏོ། །དེ་ཕྱིར་ཡི་གེ་འདོན་འདོད་སོགས། །བག་ཆགས་སད་པའི་དངོས་རྟགས་བྱུང་། །རྒྱལ་བ་རྒྱ་མཚོ་སྒྲུབ་པའི་ཚེ། །དགུན་ཉི་ལྡོག་དགོང་ཡིན་ན་ཡང་། །བྱིས་པའི་མདུན་དུ་ལྗང་བུ་སྐྱེས། །བྱིས་པ་འོད་ཟེར་འདི་ཉིད་ནི། །མི་ཏྲ་ཁྲིད་དྲུག་ལ་སོགས་པའི། །བདག་གིས་དམ་ལས་འགའ་ཞིག་ནི། །བདག་པོ་ཡིན་ཅེས་ཟེར་བ་ཅིག །བདག་གི་རྨི་ལམ་སྐབས་སུ་ཐོས། །གཞན་ཡང་བྱིས་པ་ནམ་མཁའ་ལའང་། །སེམས་ངོ་འཕྲོད་ཅིང་གནས་འགྱུ་ཤེས། །ལུས་གནད་སྒོམ་སྒྲུབ་བྱེད་ཚུལ་སྟོན། །བྱིན་རླབས་ཞུགས་པ་འདྲ་བ་བྱུང་། །དེ་ལྟར་ཟླ་བ་ཧྲིལ་གཉིས་ལ། །སྒྲུབ་ཆེན་བློ་ཁ་ཚིམ་པར་འགྲུབ། །དགེ་བས་སྤྲུལ་སྐུའི་གཙོར་བྱས་པའི། །བདག་ཅག་འཁོར་དང་བཅས་པ་ཡི། །བར་ཆད་རྐྱེན་ངན་ཀུན་ཞི་ནས། །རང་གཞན་དོན་གཉིས་མཐར་ཕྱིན་ཤོག །ཨ་རཱ་གས་སོ།། ༈ །།རྨི་ལམ་གྱི་སྐོར་ཚན་བཞི་ལྔ་ཙམ་བཞུགས་སོ། །ན་མོ་ལོ་ཀི་ཤྭ་ར་ཡེ། ཐུགས་རྗེ་ཆེན་པོའི་རྡོ་སྐུ་རང་བྱོན་ཅིག །


CMR050_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

སྙེམ་མེད་གཅིག་ནི་ལག་ཏུ་བྱུང་བ་ལ། །རང་བྱོན་ཡིན་མིན་བརྟག་ཚེ་རྨི་ལམ་ན། །གསེར་གྱི་གླིང་བུ་གསུམ་བཞི་གཅིག་གི་ནང་། །རྡོ་ཡི་སཱཙྪ་རང་བྱོན་མཐེ་བོང་ཙམ། །རྩེ་ལ་ཤེལ་གྱི་རིང་བསྲེལ་གཉིས་ཡོད་པ། །དེ་འདྲ་གཅིག་ནི་རྙེད་ཚེ་རང་བཞིན་གྱིས། །སྒྲ་སྐད་སྙན་གསལ་བཞིན་དུ་འདི་སྐད་ཐོས། །དུས་གསུམ་མཁྱེན་པའི་ཐུགས་རྗེ་ཡི། །རྣམ་འཕྲུལ་མཛད་པ་བསམ་མི་ཁྱབ། །འགྲོ་དོན་བསམ་གྱིས་མི་ཁྱབ་འབྱུང་། །རང་བྱུང་རྡོ་ཡི་མཆོད་རྟེན་རྙེད། །དེ་སྐད་ཟེར་བའི་སྣང་བ་བྱུང་། །དེ་མ་ཐག་ཏུ་གཉིད་སད་པས། །ནམ་མཁའ་གསལ་གྱིས་ལངས་ནས་འདུག །ལུས་ནི་སེང་གེ་ཉལ་སྟབས་ལ། །དུས་ནི་ཐོ་རངས་ཁ་ཡིན་ལ། །དེ་ནུབ་དགུ་གཏོར་མཆོད་གཏོར་གཟབ། །མི་ཏྲ་ཛོ་ཀིའི་གདམས་ངག་ལྟར། །གཙང་སྦྲ་བཅས་པས་ལེགས་པར་བཏགས། །དེ་ཕྱིར་འཁྲུལ་པ་མེད་དམ་སྙམ། །དེ་སྐད་མཚམས་ཀྱི་ཁུང་ནས་སྨྲས། །རྟེན་གྱི་གང་ཟག་བཙལ་བ་འདི། །འཕགས་པའི་ཐུགས་རྗེ་མ་ལགས་སམ། །ཨེ་མ་ངོ་མཚར་མི་ཆེའམ། །།ཞེས་ཨ་རཱ་གས་སོ།། །།རྨི་ལམ་དུ་ལུང་པ་འོད་གསལ་གྱི་


CMR050_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་ཅུང་ཟད་ཉམས་སུ་བླངས་པའི་ཉམས་ཡིག་ཉུང་ངུ་གཅིག་བཞུགས་སོ། །ན་མོ་མ་ཧཱ་མུ་ཏྲ་ཡེ། མཚུངས་མེད་བླ་མའི་ཞབས་ལ་འདུད། །ནུབ་གཅིག་ཉལ་བའི་རྨི་ལམ་ལ། །ཁང་པ་འདྲ་བ་གཅིག་གི་ནང་། །སྐྱེས་མཆོག་མར་པ་ལོ་ཙཱ་དེ། །མཁའ་སྤྱོད་གནས་སུ་བྱོན་གྲོགས་རེད། །བྷན་གཅིག་གི་ནང་དུ་ནི། །ནས་གསར་ཐུལ་ཧྲུལ་བཀང་བྱས་ནས། །དེ་ལ་བདུད་རྩི་རིལ་བུ་ཡི། །ཕབས་ཅིག་བཏབ་ནས་བཞག་འདུག་པའི། །བསྣམ་ཡང་ཆང་དྲི་ཆེར་མི་གདའ། །དེ་ནས་ལེགས་པར་བལྟས་ཙ་ན། །བྷནྡྲ་ནང་གི་༼གཤོང་རྣམས་སུ། །བདུད་རྩི་སླད་མེད་ཅུང་ཟད་གདའ། །རང་གི་ལྕེ་ལ་བཞག་པ་རྨིས། །དེ་ཕྱིན་དྭགས་པོའི་བཀའ་འབུམ་ནས། །ལྟ་བའི་བོགས་ཀྱང་བྱུང་བ་དང་། །ཆོས་ཀྱི་གནད་གསང་མང་དུ་གོ །དེ་ཡང་བརྡ་ཆོས་མཚན་རབ་གདའ། །གུ་རྒྱ་བརྡ་ཐིམ། ཡང་ནུབ་གཅིག་གཉིད་པའི་རྨི་ལམ་ན། །གསང་བ་འདུས་པ་མི་བསྐྱོད་པའི། །བྲིས་སྐུ་ཆེ་ཞིང་ལེགས་པ་གཅིག །མཐོང་ནས་རྐྱེན་བྱས་རང་ཉིད་ཀྱང་། །གསང་འདུས་མི་བསྐྱོད་རྡོ་རྗེ་བསྒོམ། །དེ་ནས་དབུ་ཞབས་ནས་འདུས་ནས། །ཧཱུྃ་དང་ཐིག་ལེ་ནཱ་ད་དང་། །


CMR050_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་འོད་གསལ་ཆེན་པོའི་བར། །ཤིན་ཏུ་གསལ་བར་བསྒོམ་པ་རྨིས། །ཕྱིར་ནངས་འདི་དང་བར་དོ་རུ། །འོད་གསལ་བསྒོམ་པའི་མན་ངག་གིས། །གོ་བ་བླ་ན་མེད་པ་རྙེད། །རྒྱལ་པོ་ཨིནྡྲ་བོ་དྷི་དང་། །དབྱེར་མེད་བླ་མ་ཀརྨ་པ། །གསོལ་བ་བཏབ་པའི་ཐུགས་རྗེར་གོ །དེ་སྔོན་གསང་འདུས་མི་བསྐྱོད་པའི། །བསྐྱེད་རྫོགས་བསྒོམས་པར་མ་བྱས་ཀྱང་། །རྒྱལ་བ་གཅིག་སྒྲུབ་ཀུན་གྱི་ངང་། །གསུངས་པའི་དོན་དང་མཐུན་ནས་སྙམ། །གུ་ཧྱ། ཡང་རང་ལོ་སོ་ལྔ་མགོ་ཟླ་ལ། །ནུབ་གཅིག་ཉལ་བའི་གཉིད་ཁུང་ནས། །མིག་གི་ཐད་ཀ་འདི་ཉིད་དུ། །བྲག་སྐྱིབ་བྱ་མལ་ཙམ་པ་ཅིག །གསལ་བར་མངོན་སུམ་ལྟ་བུར་གསལ། །དེ་ཡིས་རྐྱེན་བྱས་འོད་གསལ་ནི། །ཤིན་ཏུ་གསལ་བར་ཟིན་པར་བྱུང་། །གཞན་ཡང་མཚམས་དང་སྒྲུབ་པའི་དུས། །གཉིད་དང་རྨི་ལམ་འོད་གསལ་ནི། །ལན་གྲངས་དུ་མར་ཟིན་པར་བྱུང་། །གུ་ཧྱ།། །།ཡང་རང་ལོ་སོ་དྲུག་རྒྱལ་ཟླ་ཡི། །མར་ངོ་ནུབ་གཅིག་གཉིད་ཁུང་ན། །མིག་གི་ཐད་ཀ་དེ་ཉིད་ན། །ཁང་མལ་ཙམ་ཞིག་གསལ་བ་ཡིས། །ཉི་མ་ཤར་ལྟར་


CMR050_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་མཐོང་། །དེ་ཡིས་རྐྱེན་བྱས་སེམས་ངོ་ལ། །ཧྲིག་གེ་ས་ལེ་གནས་པ་བྱུང་། །ཆེད་དུ་འོད་གསལ་མ་བཟུང་ཡང་། །རྗེ་བཙུན་བླ་མའི་བཀའ་དྲིན་གྱིས། །འབད་མེད་ཡང་ཡང་ཟིན་ཅིང་གདའ། །བདག་ཕོ་སྒོ་བཟང་བ་མ་ལགས་ཏེ། །བློ་གཏད་རྗེ་ལ་བྱས་པས་ཡིན། །གུ་ཧྱ། ཡང་རང་ལོ་སོ་དྲུག་ལོན་པ་ཡིས། །ནག་པ་ཟླ་བའི་ཉེར་གཅིག་ལ། །ལུས་རབ་ཏུ་དུལ་བས་རྐྱེན་བྱས་ནས། །དུས་ཉིན་མཚན་མེད་པར་ཉལ་བའི་ཚེ། །སྲོད་གཉིད་དུ་སོང་དང་མ་སོང་མཚམས། །མདུན་དུ་ནག་དང་ཡོ་རེ་བ། །ཅིག་བྱུང་སྙམ་པའི་གྲིབ་གནོན་འདྲའི། །ཤིན་ཏུ་སྐྲག་ཅིང་ལུས་པོ་འདར། །ན་བ་སིང་སྒྲ་འུར་སྒྲས་གང་། །དེ་ཚེ་བསྐྱེད་རིམ་བསྒོམ་སྙམ་ཡང་། །གསལ་བར་ཟིན་པར་དཀའ་བ་བྱུང་། །སྐག་མཁན་སེམས་ཀྱི་ངོ་བོ་ལ། །གཅེར་རེ་བལྟས་ནས་ལྕམ་མེར་བཞག །འཇིགས་སྐྲག་ཞི་ནས་བདེ་བར་གནས། །ང་ཡང་ཤི་བ་ཡིན་ནམ་སྙམ། །དེ་མ་ཐག་ཏུ་སྐར་ཁུང་ནས། །ཟླ་ཐིག་ཤར་བྱུང་སྙམ་པ་ཡི། །དཀར་དྭངས་ཏ་ལེ་བྱུང་བའི་མོད། །འཇིགས་སྐྲག་སྔར་ལྟར་བྱུང་བ་ལ། །འདི་ཉིད་དཀར་ལམ་ཡིན་འདུག་སྙམ། །


CMR050_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་མཁན་སྟེང་དུ་ཧྲིག་གེར་བཞག །དེ་མ་ཐག་ཏུ་འཇིག་སྐྲག་ཞི། །བདེ་བའི་ངང་ལ་ལྷན་ནེ་གནས། །དེ་ནས་རང་མདུན་ཕ་ཀི་ན། །མེ་སྟག་འཚུབ་མ་ལྟ་བུ་ཡིས། །དམར་དང་ཚུབས་ཚུབས་བྱུང་བའི་མོད། སྔར་ལྟར་འཇིགས་སྐྲག་ཆེ་བར་བྱུང་། །འདི་ཉིད་དམར་ལམ་ཡིན་འདུག་སྙམ། །འཇིགས་མཁན་སྟེང་དུ་ཧྲིག་གེར་བཞག །དེ་ནས་བདེ་བའི་ངང་དུ་ཞི། །ལུས་པོ་འགུལ་སྐྱོད་བྱ་སྙམ་དུ། །ཤིན་ཏུ་བརྗིད་ཅིང་འགུལ་མ་ཐུབ། །འདི་ཉིད་ནག་ལམ་ཡིན་འདུག་ཀྱང་། །འཆི་དུས་ཀྱི་སྣང་མཆེད་མིན་པ་འདྲ། །གཉིད་ཀྱི་སྣང་མཆེད་ཡིན་པ་འདྲ། །གཉིད་ལས་སད་པ་འདྲ་དགོས་སྙམ། །ཤིན་ཏུ་ལུས་ནི་འགུལ་བ་ཡིས། །དེ་ནས་གཉིད་ལས་སད་པ་ན། །ལུས་པོ་ཙོག་པོར་མེ་ཐབ་ཚུལ། །ཅུང་ཟད་རྒྱབ་སྔས་བརྟེན་ནས་སྣང་། །བཤད་པ་རྣམས་དང་ཕྱོགས་མཐུན་ཕྱིར། །ཉམས་མཚར་ཡི་གེ་བྲིས་པའོ། །རྒྱུད་དང་འགྲེལ་པ་མང་པོ་ནས། །གཉིད་དང་མ་གཉིད་སོ་མཚམས་ན། །སྣང་མཆེད་ཐོབ་གསུམ་ཐིམ་པ་རྣམས། །ཅུང་ཟད་མི་གསལ་ཚུལ་དུ་འབྱུང་། །གསུངས་པའི་དོན་ཡང་ཡིད་ལ་ཤར། །དོན་


CMR050_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རློམ་སེམས་བྱ་དོགས་མེད། །ས་མཱ་ཡ་གྱ་ཧྱ། ༈ ཡང་ཤིང་སྤྲེལ་རང་ལོ་སོ་དྲུག་སར། །མཚམས་དམ་པོ་འདག་སྦྱར་བྱས་པའི་དུས། །ནུབ་གཅིག་གཉིད་མ་ཐག་ཏུ་ནི། །མིག་གི་ཐད་ཀ་དེ་ཉིད་དུ། །འོད་ཀྱིས་རྣམ་པ་འདྲ་བ་ཡིས། །ཉིན་མོ་བལྟས་ལྟར་གསལ་བར་སྣང་། །དེ་ནས་དེ་ཡི་ངང་ཉིད་ལ། །གསལ་མཁན་དེ་ཡི་ངོ་བོ་ལ། །ཧྲིག་གེ་རྗེན་ནེ་བཞག་པ་ཡིས། །གསལ་སྟོང་འདྲེས་པའི་ངང་དེ་ལ། །ཡུན་རིང་བར་དུ་གནས་པར་བྱུང་། །དེ་ནས་ཁྲུམས་སྟོད་ཚེས་གསུམ་ནུབ། །ཡིན་ཅིང་ཚེས་བཞིའི་ནུབ་པར་ལའང་། །སྔར་བྱུང་འདྲ་བ་ཡུན་རིང་དུ། །གསལ་ཉམས་ཤར་ཅིང་འོད་གསལ་ཟིན། །མཚམས་ཀྱི་བཅད་རྒྱ་དམ་པ་དང་། །ཨོ་རྒྱན་རྗེ་ཡི་ཟབ་ཆོས་ལ། །རྩེ་གཅིག་བསྒྲུབ་པའི་བྱིན་རླབས་ཡིན། །ཆེད་དུ་འོད་གསལ་མ་བཟུང་ཡང་། །འབད་མེད་ཟིན་པར་མི་མཚར་རམ། །ས་མ་ཡ་གུ་བྱ།། མོ་མནྡྷ་གུ་ཧྱ་ཡེ། དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །སྤྲང་གསང་སྔགས་རྒྱུད་སྡེ་མང་པོ་ལ། །སྔར་ཡང་ཡང་ལན་འགའ་མཇལ་མོད་ཀྱང་། །རྒྱུད་ཆ་ཚང་ཞིག་ད་རུང་ལྟ་


CMR050_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པས། །སེམས་འགྱུ་བ་ལན་གྲངས་དུ་མ་འཕྲེང་། །རྒྱུད་སྡེ་ཕས་ཨི་གཡར་ཐེ་ཚོམ་ཆེ། །གསེར་དངུལ་བཀྲ་མའི་གླེགས་བམ་ཆུང་ངུ་ཞིག །ང་ཡི་ལག་ཏུ་འདུག་པའི་ཉམས་སྣང་བྱུང་། །གླེགས་བམ་ལེགས་པར་གཡར་བར་འདུག་གི་སྙམ། །ཕྱི་ཉིན་གླེགས་བམ་གདན་འདྲེན་སྔ་མོར་སོང་། །ད་ལྟ་གདན་འདྲེན་ཕྱིན་ཡོད་སྙམ་ཙམ་ན། །ཉམས་ཀྱི་སྐབས་ལ་གར་གདའ་མཐོང་སྣང་བྱུང་། །དེ་ནས་གླེགས་བམ་རྣམས་ལ་སྤྲོས་རུམ་དང་། །བརྒྱ་ཕྱག་འགའ་དང་མཎྜལ་བརྒྱ་རྩ་ཕུལ། །དེ་ནས་རྒྱུད་སྡེ་རྣམས་ལ་མཇལ་བ་ལས། །འབྱམས་ལྟས་གླེགས་བམ་གླེགས་ཤིང་བལྟས་པ་ཡིས། །ཉིན་གཅིག་གླེགས་བམ་བཅུ་གསུམ་ཁ་ཕྱེས་ནས། །ཧང་སེ་བལྟས་ནས་སླར་ཡང་གླེགས་ཐག་དཀྲིས་། །དེ་ནས་མོས་ཀྱི་ཞིབ་པར་བལྟས་པ་ལ། །ནུབ་གཅིག་རབ་རིབ་འཁྲུལ་པའི་རྨི་ལམ་ན། །སྐྱིལ་ཀྲུང་བཅས་ནས་བར་སྣང་ཁམས་སུ་འཕུར། །ཤིན་ཏུ་ཡུན་རིང་ཡུལ་ཁམས་མང་པོ་བཅད། །ས་ཆ་ཡུལ་རིས་བྲག་སོགས་དཀར་པོ་དང་། །ས་ཆ་བྲག་དང་གྲོང་ཁྱེར་ནག་པོ་སོགས། །མང་པོ་བཅད་ནས་ཨོ་རྒྱན་ཡུལ་དུ་ཕྱིན། །ཨོ་རྒྱན་གནྡྷོ་ལ་


CMR050_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གཙུག་ལག་ཕྱིན། །གཙུག་ལག་ཁང་ཆེན་བསམ་གྱིས་མི་ཁྱབ་པའི། །ཕྱི་ཡི་ཁྱམས་ལ་བདག་ཉིད་ཕྱིན་ནས་བལྟས། །ཀ་བ་ཀ་ཞུ་འདོམ་པས་མི་ཁྱིག་ཙམ། །ཐམས་ཅད་རྡོ་ལས་གྲུབ་པ་འདྲ་བ་འདུག །གཙུག་ལག་འདི་ཡི་ཆེ་ཆུང་ཅི་ཡིན་སྨྲས། །དེ་ཚེ་གཅིག་གིས་བདག་ལ་འདི་སྐད་སྨྲས། །གཙུག་ལག་འདི་ལ་རྩག་གསུམ་ཡོད་པ་ཡིན། །སྟེང་ཁང་ཆུང་བ་དེ་ཡི་ཚད་དང་ནི། །རི་བོ་ཆེ་ཡི་ལྷ་ཁང་མཉམ་པ་ཡིན། །གཙུག་ལག་ཁང་ཆེན་དེ་ཡི་ནང་ན་ནི། །གསང་སྔགས་རྒྱུད་སྡེའི་གླེགས་བམ་ཁོ་ན་ཡིན། །གཙུག་ལག་རིམ་གསུམ་ཁེངས་ནས་ཡོད་དོ་སྐད། །དེ་ལ་བདག་གིས་དད་པ་ཆེར་སྐྱེས་ནས། །བསྐོར་བ་ཅིག་ནི་ཨེ་ཐུབ་སྙམ་ནས་བཏུད། །ཅི་ལྟར་བྱས་ཀྱང་བསྐོར་བ་མ་ཐུབ་རྨིས། །རྒྱུད་དོན་མཐའ་དག་མི་རྟོག་བརྡ་རུ་གོ། ༈ །།ཡང་ནི་ཁང་བཟང་མང་པོའི་ནང་དུ་ཕྱིན། །མཛོད་ནི་མང་པོ་སྒོ་ལྕགས་རྒྱབ་པ་དང་། །དེ་ཡི་ནང་དང་ཉེ་ལོགས་ཐམས་ཅད་དུ། །ཨོ་རྒྱན་གྱིས་སྦས་གཏེར་ཁ་དཔག་མེད་འདུག །འགའ་ཞིག་བདག་གིས་འདོན་གྲབ་བྱས་ཙམ་ན། །གཏེར་སྲུང་གཡག་ནག་འཇིགས་སུ་རུང་བ་འགས། །རྭ་


CMR050_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བཀུག་འཇིགས་ཚུལ་སྟོན་པའི་རྨི་ལམ་བྱུང་། །གསང་སྔགས་རྒྱུད་སྡེ་ཤིན་ཏུ་གཉན་པར་གོ །ཚོགས་འཁོར་ལན་འགའ་བསྐོར་ཞིང་གསོལ་བ་བཏབ། །འཇམ་པའི་དབྱངས་དང་རྡོ་རྗེ་རྣལ་འབྱོར་མ། །ནམ་མཁར་བྱོན་ནས་བྱིན་གྱིས་བརླབས་སྣང་ནི། །ཉམས་དང་རྨི་ལམ་སྐབས་སུ་གསལ་བར་བྱུང་། །མ་ནོར་གོ་བ་ཅུང་ཟད་སྐྱེས་སམ་སྙམ། །རྩེ་གཅིག་དད་པས་རྒྱུད་ལ་བལྟས་པ་ཡི། །རང་གི་རྐང་པ་གཡོན་པའི་མཐིལ་ནས་ནི། །ཁྲག་ནི་དཔག་ཏུ་མེད་པ་ཐོན་པ་དང་། །སོ་ནས་སྲིན་བུ་འགའ་རེ་བུད་པ་རྨིས་། །སྒྲིབ་པ་ཅུང་ཟད་དག་པའི་བརྡ་རུ་གོ །རྣམ་རྒྱལ་སྒང་གིས་དཀོར་བདག་དེ། །གླེགས་བམ་རྗེས་འབྲང་གནོད་པ་བྱེད་པ་ཡི། །ལྟས་བྱུང་དམིགས་པས་གཟིར་བས་ཞི་བར་གྱུར། །རྒྱུད་དོན་གོ་བ་དག་སྣང་ཆེན་པོ་དང་། །རྡོ་རྗེ་འཆང་དང་དངོས་སུ་མཇལ་འདྲ་བའི། །བློ་ཁ་རྫོགས་ཤིང་ཐེ་ཚོམ་ཆོད་པར་བྱུང་། །རྨི་ལམ་ཡུལ་དུ་ཞྭ་དམར་སྤྲུལ་པའི་སྐུ། །ཆོས་ཀྱི་དབང་ཕྱུག་མཇལ་ཞིང་གསུང་གླེང་མཛད། །ཁྱད་པར་རྒྱལ་བའི་དབང་པོ་ཀརྨ་པ། །ཆོས་གྲགས་རྒྱ་མཚོ་ཞྭ་ནག་ཆོས་གོས་ཅན། །བདག་སོགས་འགྲོ་བ་


CMR050_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པ་ལ། །གསང་སྔགས་ཆོས་ནི་དཔག་མེད་གསུངས་པར་རྨིས། །རྒྱུད་འབུམ་བལྟས་ཚེ་འཁྲུལ་སྣང་བྱུང་ཚུལ་ཏེ། །གཞན་ལ་བཤད་ན་ཧ་ཧའི་གད་རྒྱང་འཕེལ། །འོན་ཀྱང་བདག་གིས་དད་པའི་ཤུགས་དང་ནི། །གསང་སྔགས་རྒྱུད་སྡེའི་བྱིན་རླབས་ཡིན་ནམ་སེམས། །ཉམས་མཚར་ཡི་གེའི་རིས་སུ་བྱས་པ་ཡིན། །ཞེས་པ་གནས་མདོ་ཀརྨ་ཆགས་མེད་ཀྱིས་བགྱིས་པའོ།། ༈ །།ཡང་རྨི་ལམ་ལུང་བསྟན་ལ། ན་མོ་གུ་རུ་ཀརྨ་ཀ་དྷརྨ་དྷཆུ་བཛྲ་ཡེ། བདག་རང་ལོ་ཞེ་གཉིས་པ་ས་སྟག་ལོ་འབྲུག་གི་ཟླ་བའི་ནག་པོའི་ཕྱོགས་ཀྱི་ཚེས་བཅུ་ལ་སྔ་དྲོ་དང་དགོང་མོ་ཞི་བ་དང་དྲག་པོའི་སྦྱིན་སྲེག་ཀྱང་བྱས། མཚམས་དམ་པའི་ངང་ནས་ཐུགས་རྗེ་ཆེན་པོ་ཞི་བའི་དམིགས་རིམ་བྱེད་ཅིང་རྒྱལ་བ་རྒྱ་མཚོ་ལྷ་དགུ་བསྙེན་ཅིང་མནལ་དུ་སོང་བའི་རྨི་ལམ་ན། རྗེ་ཆོས་དབྱིངས་རྡོ་རྗེ་དང་མཇལ་ཏེ། རྒྱབ་ནས་འདེད་མཁན་འགའ་ཡང་འདུག་ནས། སང་འབྱོན་ཞོར་ང་ཡི་རི་ཁྲོད་ན་ཡང་ཕེབས་དགོས་ཞུས་པས། དེ་ག་འོང་གསུངས་ནས་འདེད་མི་དང་དགུག་མི་འགའ་ཡང་གདའ་ནས་ཅི་དྲག །སྐུ་འོ་བརྒྱལ་ཞུས་ཤིང་ང་རང་ཡང་སྐྲག་ཛབ་བེ་འདུག་པ་ལ། རྒྱལ་


CMR050_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དབང་པོའི་ཞལ་ནས། རང་ལུས་རྡོ་རྗེ་ཕག་མོའི་ཐུགས་ཀར་བསྒོམ་ལ། སྐུའི་བ་སྤུའི་བུ་ག་ནས་མཚོན་ཆ་སྣ་ཚོགས་འཕྲོས་པས་གནོད་བྱེད་ཐམས་ཅད་ཕྱེ་མར་བརླགས་ཏེ། རི་རབ་དང་ཁྲོ་ཆུའི་ཕ་བང་མང་པོ་སྤྲོས་ནས་མནན་པར་བསྒོམ། དམིགས་པ་འདི་བསྒོམ་ལ་ཕ་རོལ་གྱི་གནོད་པ་འོང་མི་སྲིད་ཅིང་། གཤེད་མའི་ནང་དུ་སོང་ཡང་མཐོང་མི་སྲིད་པར་འདུག་གསུངས་ནས། ལྷོ་བྲག་སོག་པོས་རྐུ་མ་མཐོང་དུས་ཡང་འདིའི་ཏིང་ངེ་མཛད་པ་ཡིན་པ་འགྲུབ་གཅིག་གསུངས། དམིགས་པ་དེ་མཚན་རིང་ལ་ཉམས་སུ་ལེན་པ་གཅིག་བྱུང་བས། ཕྱིར་ནངས་ཡི་གེར་བཀོད་པའོ། །ས་མ་ཡ། ཁ་ཐཾ། སྤྱི། རྒྱ་རྒྱ་རྒྱ༔ རྒྱལ་དབང་བཅུ་པ་འཇང་ཡུལ་དུ་སོག་དམག་གིས་རྐྱེན་གྱི་མྱུར་ཕེབས་དགོས་པའི་རྨིས་ལྟས་ཨ་རཱ་གས་ཉམས་སྣང་ཡིན་པར་འདུག །བཀྲ་ཤིས་དགེའོ།། ༈ །།དགུང་ལོ་སོ་ལྔ་སྐབས་སྒྲུབ་ཁང་རྨིས་ལྟས་ནི། ན་མོ་ལོ་ཀེཌཤྭ་ར་ཡེ། ཀུན་མཁྱེན་པདྨའི་ཞབས་ལ་འདུད། །སྤྱན་དང་མངོན་ཤེས་མི་ལྡན་ཞིང་། །ལྷ་ཡི་ལུང་བསྟན་མ་མཆིས་ཀྱང་། །རྨི་ལམ་འཁྲུལ་བའི་རྫུན་སྣང་ལ། །བདེན་བདེན་འདྲ་བ་འགའ་རེ་བྱུང་། །རང་ལོ་སོ་ལྔ་


CMR050_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ལོན་པའི་དུས། །མཚམས་བསྡམས་བསྙེན་སྒྲུབ་བྱེད་པའི་ཚེ། །སྒྲུབ་ཁང་འདི་ཉིད་རྨིང་སྟེང་ནུབ། །རབ་རིབ་འཁྲུལ་བའི་རྨི་ལམ་ན། །མཆོད་རྟེན་འདྲ་བའི་བང་རིམ་ནི། །བཅུ་གསུམ་དཀར་གསུམ་ཟས་ཀྱིས་ཁེངས། །དེ་ལ་འཛེགས་ནས་སྟེང་དུ་ཕྱིན། །དེ་ལ་ལུང་བསྟན་ཡི་གེ་གཅིག །སྣང་བའི་ཚིག་ལ་འདི་སྐད་གདལ། །བཅུ་གསུམ་སྒྲུབ་པའི་བང་རིམ་ལ། །བྱང་ཆུབ་སྙིང་པོའི་ཕོ་བྲང་གདའ། །ཟེར་བའི་ཡི་གེ་གསལ་བར་མཐོང་། །སྒྲུབ་ཁང་འདི་ལ་བེད་ཆོད་ཅིང་། །མཚམས་སྒྲུབ་འགྲུབ་པའི་ལྟས་སུ་གོ །གནས་ཀྱི་ལུང་བསྟན་བརྡ་ཙམ་མོ།། །།མ་འོངས་གནས་འདི་བྱུང་ཚུལ་ནི། །རྒྱལ་བ་རྒྱ་མཚོའི་ནང་སྒྲུབ་ཀྱིས། །ས་གཞི་གནས་ཁང་གདན་ཁྲི་རྣམས། །བྱིན་རླབས་དམིགས་རིམ་བྱེད་པའི་ཚེ། །རྨི་ལམ་འཁྲུལ་པའི་སྣང་བ་ལ། །མ་འོངས་པ་ན་གནས་འདི་རུ། །གནས་མདོ་བླ་མའི་གདན་ས་ཡིན། །ཟེར་བ་གཅིག་ནི་ཨེ་འོང་ཙམ། །དེ་སྐད་བདག་གིས་སྨྲས་པའི་ཚེ། །རང་བཞིན་སྟོང་པའི་སྒྲ་སྒྲོག་པ། །དེ་ལྟར་འོང་ངོ་གསལ་བར་ཟེར། །བདག་གིས་གནས་ཁང་འདི་ཉིད་ལ། །གསེར་འཕྲུ་མི་


CMR050_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་བཙུགས་པ་རྨིས། །མ་འོངས་གནས་ཀྱི་ལུང་བསྟན་ཡིན། །དགོན་གནས་ལུང་བསྟན་བརྡའ་ཙམ་མོ།། །།ཨེ་མ་ཧོ། སྣོད་ལྡན་སློབ་མ་ལུང་བསྟན་ནི། །བླ་མ་ཐུགས་རྗེ་ཆེན་པོ་ལ། །རྩེ་གཅིག་གསོལ་བ་བཏབ་པའི་དུས། །འཁྲུལ་པའི་རྨི་ལམ་རྫུན་སྣང་ལ། །རེ་མགོ་ཁེབ་པའི་ཡིག་ཆེན་ལ། །ཡིག་འབྲུ་དབང་གི་ཁ་དོག་ཅན། །བདག་གི་སློབ་མའི་ལུང་བསྟན་མཐོང་། །ད་ལྟའི་རྩ་གྲྭ་བཞི་པོ་འདི། །མི་ཐེ་བ་ཡི་འདི་ཕྱོགས་སུ། །ཁྱོད་ལ་སློབ་མ་བླ་མ་བཅུ་གསུམ་འབྱུང་། །ཀཿཐོག་བླ་མ་དང་བཅས་པའི། །ཕྱོགས་རྣམས་ཀུན་ཏུ་ཁྱོད་སློབ་བླ་མ་ནི། །ཉེར་བདུན་ཡང་ན་བཅུ་བདུན་འབྱུང་། །དེ་སྐད་ཟེར་བའི་ཡི་གེ་ཞིག །གསལ་བར་མཐོང་བའི་སྣང་བ་བྱུང་། །སྐལ་ལྡན་སློབ་མའི་ལུང་བསྟན་ཡིན། །རྨི་ལམ་འཁྲུལ་པ་ཤིན་ཏུ་རྫུན། །འོན་ཀྱང་སྤྲོ་བ་འཕེལ་ཕྱིར་བྲིས།། ༈ །།ཨེ་མ་ཧོ། བདག་གི་ཆོས་བརྒྱུད་ལུང་བསྟན་ནི། །ཐུགས་རྗེ་ཆེན་པོ་སྒྲུབ་པའི་དུས། །རྨི་ལམ་འཁྲུལ་པའི་ཉིང་འཁྲུལ་ལ། །མཚུངས་མེད་ཨོ་རྒྱན་རིན་པོ་ཆེ། །སྐུ་ནི་མི་མངོན་ནམ་མཁའི་


CMR050_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ངང་། །གསུང་ནི་གསལ་དག་སྒྲ་དང་བཅས། །ནད་གདོན་བར་ཆད་མི་འབྱུང་ཞིང་། །མི་རབས་བཅོ་ལྔའི་བར་དུ་ནི། །ཕ་རྗེས་བུ་ཡིས་སླེབས་པ་འོང་། །དེ་སྐད་གསལ་བར་ཚིག་ཏུ་གསུངས། །དེ་ལ་འཁྲུལ་པ་མི་མངའ་ན། །བདག་གི་ཆོས་བརྒྱུད་འཛིན་བྱེད་ཅིང་། །སྤྲང་པོ་བདག་དང་མཉམ་པ་ཡི། །བླ་རབས་བཅོ་ལྔ་འབྱུང་ངམ་སྙམ། །ད་ལྟ་སྨྲས་ན་ཀུན་གྱིས་འཕྱ། །མ་འོངས་ང་ཡི་བརྒྱུད་འཛིན་རྣམས། །ཚིག་འདི་གཅེས་པར་འཛིན་ཡང་སྲིད། །དེ་ཕྱིར་ཡི་གེར་བྲིས་པ་ཡིན།། ༈ །།ཨེ་མ་ཧོ། ཆོས་བརྒྱུད་འཁོར་སློབ་བྱུང་ཚུལ་ནི། །གྲ་ཡི་ཚུལ་དུ་འདི་ལྟར་མཐོང་། །མགོན་པོའི་བསྙེན་པ་བྱེད་པའི་དུས། །གཏི་མུག་འཁྲུལ་པའི་རྨི་ལམ་ན། །རྡོར་དྲིལ་སུམ་བརྒྱ་ལྷག་ཙམ་ཞིག །ཐམས་ཅད་བསྒྲིགས་ནི་འདུག་པ་ལ། །གཅིག་ནི་རང་གིས་དཀྲོལ་བྱས་ཤིང་། །རྡོར་དྲིལ་དེ་ཡི་མགོ་གྲངས་ནི། །གྲྭ་པ་མང་པོ་ཡོད་སྙམ་ཞིང་། །རྡོར་དྲིལ་འདི་དག་ཐམས་ཅད་ནི། །ངེད་ཚང་དཔོན་སློབ་མགོ་གྲངས་ཡིན། །སྨྲས་ཤིང་དགའ་དགའ་བྱས་པ་རྨིས། །བདག་ལ་དེ་ལྟར་འོང་བ་དཀའ། །བླ་རབས་བཅོ་ལྔའི་བར་


CMR050_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི །གྲོ་བའི་གྲངས་ཁ་ཡིན་ནམ་སྙམ། །འཁྲུལ་པའི་རྨི་ལམ་བདེན་ཆ་མེད། །བདེན་ཞེན་རློམ་སེམས་མ་མཆིས་ཀྱང་། །ཉམས་མཚར་སྤྲོ་བ་སྐྱེད་ཕྱིར་བྲིས། །ཐོག་ཏུ་ཕོག་རུང་མ་ཕོག་རུང་། །རྨི་ལམ་རྨིས་རབས་ཡིན་པའི་ཕྱིར། །བདག་ལ་རྫུན་གྱི་ཉེས་པ་མེད། །ཨ་རཱ་གས་སྨྲས་དོན་ཡོད་པར་གྲུབ་པའོ། །སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གསུང་མགུར་སྐོར། ན་མོ་གུ་ར་ཝེ། སྐྱབས་གནས་ཕྱོགས་བཅུའི་རྒྱལ་བ་སོགས།


CMR050_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་ཝེ། སྐྱབས་གནས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མང་ལགས་ཀྱང་། །རྩ་བའི་བླ་མ་དཀོན་མཆོག་ཀུན་འདུས་རང་ཡིན་པར་འདུག་གོ །དམ་ཆོས་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ནི་མང་ཡང་། །དམ་ཆོས་ཀུན་འདུས་ཡི་གེ་དྲུག་པ་རང་ཡིན་པར་འདུག་གོ །ཚོགས་བསགས་སྒྲིབ་བྱང་བྱ་ཐབས་བརྒྱད་སྟོང་ཁྲི་འབུམ་ཡོད་ཀྱང་། །སྟབས་བདེ་ཕན་ཡོན་ཆེ་བ་ནི་ཕྱག་དང་བསྐོར་བ་རང་ཡིན་པར་འདུག་གོ །གདམས་ངག་ཟབ་མོ་ཁུངས་བཙུན་སྐར་ཚོགས་དང་འདྲ་ཡང་། །མོས་གུས་གསོལ་བ་འདེབས་པ་ནི་ཟབ་ཆོས་གཏིང་པོ་རུ་འདུག་གོ །ཕྱག་རྒྱ་ཆེན་པོ་ལ་བཤད་ཆོས་བརྒྱ་ཕྲག་བས་མང་བར་གདའ་སྟེ། །དོན་རྩ་རང་གི་སེམས་ཉིད་རིག་རིག་ཏུར་ཏུར་པོ་འདི་ཡིན་པར་འདུག་གོ །ཉམས་ལེན་སྐྱོང་ཚུལ་ལོ་ཡག་གི་སྙེ་མ་འདྲ་སྟེ། །མ་ཡེངས་རང་ངོ་རྒྱུན་དུ་སྐྱོངས་བ་ཉམས་ལེན་གྱི་དངོས་པོ་འདི་རང་ཡིན་པར་འདུག་གོ །གནས་པ་གནས་པ་ཟེར་ཡང་མི་དྲན་ཀྱི་ལེ་གནས་པ་འདི་ཡིན་པར་འདུག་གོ །འགྱུ་བ་འགྱུ་བ་ཟེར་ཡང་མི་དྲན་དགུ་དྲན་མི་འཕྲོ་དགུ་འཕྲོ་འདི་ཡིན་པར་འདུག་གོ །མ་རིག་མ་རིག་ཟེར་ཡང་རང་སེམས་


CMR050_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་མ་རིག་པ་འདི་ཡིན་པར་འདུག་གོ །སེམས་ངོ་མ་མཐོང་མ་མཐོང་ཟེར་ཡང་སེམས་ཀྱི་ངོ་བོ་ཅིར་ཡང་མ་གྲུབ་པ་འདི་ཡིན་པར་འདུག་གོ །སྒོམ་ཆེན་སྒོམ་ཆེན་ཟེར་ཡང་འདི་སྒོམ་གྱི་དམིགས་གཏད་མེད་པ་འདི་ཡིན་པར་འདུག་གོ །ལྟ་བ་ལྟ་བ་ཟེར་ཡང་རང་སེམས་རང་གི་ལྟ་བ་འདི་ཡིན་པར་འདུག་གོ །སྤྱོད་པ་སྤྱོད་པ་ཟེར་ཡང་དགེ་སྒྲུབ་སྡིག་སྤང་བརྩོན་པ་འདི་ཡིན་པར་འདུག་གོ །འབྲས་བུ་འབྲས་བུ་ཟེར་ཡང་རང་སེམས་ལ་གཏན་པ་ཐོབ་ནས་སངས་རྒྱས་པ་འདི་ཡིན་པར་འདུག་གོ །དེ་སྐད་ཀརྨ་ཨ་རཱ་གས་སྨྲས་པ་ལྕི་རྒྱ།། ༈ །ན་མོ་གུ་རུ། དལ་འབྱོར་མི་ལུས་ཐོབ་པར། །ན་སྨོན་སྡུག་སྐད་མ་འདོན། །ནམ་འཆི་ངེས་པ་མེད་པས། །འགྱོད་མེད་དགེ་ལ་བརྩོན་ཅིག །ཕྱི་མ་མི་ལུས་ཐོབ་ཕྱིར། །ཉ་སྡོམ་བསྙེན་གནས་སྲུངས་ཤིག །བོད་ཀྱི་ལྷ་སྐལ་ཡིན་པས། །ཡིག་དྲུག་རྒྱུན་དུ་ཐོན་ཅིག །བསྒོམ་གྱི་རྩ་བ་ཡིན་པས། །སེམས་ཀྱིས་སེམས་ལ་ལྟོས་ཤིག །མཐོང་རྒྱུ་ཅི་ཡང་མེད་ན། །དེ་ཡི་ངང་ལ་ཞོག་ཅིག །མི་དྲན་དགུ་དྲན་འཚུབས་ན། །དྲན་པའི་ངོ་བོར་ལྟོས་ཤིག །བལྟས་པས་དྲན་པ་ཡལ་ན། །དེ་ཡི་ངང་


CMR050_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞོག་ཅིག །བཞག་པས་མི་འདུག་རྒྱུག་ན། །གར་འགྲོ་ལྟོས་ལ་ཐོངས་ཤིག །ནམ་ཞིག་འཆི་བའི་དུས་དེར། །ཕྱི་དབུགས་ཆད་པའི་མཚམས་ནས། །གསལ་སྟོང་ཚུར་ལ་འཆར་བ། །དེ་དུས་ངོས་བཟུང་གྱིས་ཤིག །དུས་དང་རྣམ་པ་ཀུན་ཏུ། །སྐྱེ་སླ་ཕན་ཡོན་ཆེ་བའི། །བདེ་བ་ཅན་དུ་སྐྱེ་བར། །རྒྱུན་དུ་སྨོན་ལམ་ཐོབ་ཅིག །ཅེས་དྲག་མགོན་གྱིས་བསྐུལ་ངོར། རཱ་ག་ཨ་སྱས་ཚེས་བཅུའི་སྔ་དྲོ་བྲིས་པའོ།། ༈ །།ན་མོ་པདྨ་ཀ་ར་ཡེ། ཕ་པདྨ་འབྱུང་གནས་ཞབས་ལ་འདུད། །ཕ་ཁྱེད་ཀྱི་གསུངས་ལ་བློ་གཏད་ནས། །སྤྱང་རྩེ་གཅིག་བསྒྲུབས་པ་བྱས་པ་ལ། །ད་བསམ་ཞིང་བློ་སེམས་བདེ་བར་བྱུང་། །ཡུལ་རྒྱ་ནག་ལོངས་སྤྱོད་གནས་པ་དེར། །རྗེ་རྒྱ་ནག་ཁྲིམས་ཀྱི་རྒྱལ་པོ་དེས། །ས་འཛམ་གླིང་ཕྱེད་ཀྱི་བདག་པོ་བྱས། །དུས་དེང་སང་མཐའ་མིས་ཕུད་ཅེས་ཐོས། །དེ་བསམ་ཞིང་རྣལ་འབྱོར་སྐྱོ་བ་སྐྱེས། །སྟོབས་མངའ་ཐང་ལ་སྙིང་པོ་མི་འདུག་པས། །རང་སྒྲུབ་པ་བྱས་པ་སྐྱིད་དུ་ཚོར། །བུ་སྐྱིད་དུ་ཚོར་རོ་རྟོགས་ལྡན་པ། །འཇང་ས་ཐམ་རྒྱལ་པོའི་ཕོ་བྲང་ན། །དངུལ་རིན་ཆེན་དག་ལ་བོང་བ་བདུན། །དེ་མཐའ་མི་


CMR050_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་འཕྲོག་གོ་ཞེས། །དེ་བསམ་ཞིང་སྐྱོ་བ་སྙིང་ནས་སྐྱེས། །ནོར་ལོངས་སྤྱོད་ལ་སྙིང་པོ་མི་འདུག་པས། །རང་སྒྲུབ་པ་བྱས་པ་སྐྱིད་དུ་ཚོར། །བུ་སྐྱིད་དུ་ཚོར་རོ་རྟོགས་ལྡན་པ། །རྗེ་མཁས་གྲུབ་ལུང་རིགས་ཉི་མ་དེ། །གནུབ་སངས་རྒྱས་ཡེ་ཤེས་སྤྲུལ་པར་གྲགས། །ལྷ་ཁྲོ་ཆུ་བསྒྲུབ་པའི་བརྒྱུད་པར་འཁྲུངས། །དཔལ་རྡོ་རྗེ་འཇིགས་བྱེད་སྒྲུབ་པའི་ཚེ། །སྐུ་དངོས་སུ་བསྟན་ནས་རོལ་རྩེད་མཛད། །ལྷ་འཇམ་དཔལ་དུག་གདོང་ལོ་གསུམ་སྒྲུབ། །ཡུལ་ཚ་བའི་བརྟན་མས་དམ་བཅའ་ཕུལ། །ཁོང་དེ་འདྲའི་ནུས་ལྡན་རྣལ་འབྱོར་ལ། །གཞན་ཕལ་པས་མཐུ་སྡིག་བྱས་ཞེས་ཐོས། །ད་ཞིང་ཁམས་གཤེགས་པས་བདེན་བདེན་འདྲ། །འདི་བསམ་ཞིང་སྐྱོ་བ་སྙིང་ནས་སྐྱེས། །ཚེ་མི་རྟག་འཆི་བ་མ་དྲན་ན། །ཆོས་བྱས་པས་ཚེ་ཡི་ཆེ་ཐབས་རེད། །རང་འཆི་བ་དྲན་པ་སྐྱིད་དུ་ཚོར། །བུ་སྐྱིད་དུ་ཚོར་རམ་རྟོགས་ལྡན་པ། །རྒྱུད་མན་ངག་ནང་ལ་བལྟས་ན་ཡང་། །ཆོས་ཟབ་ལམ་གཏུམ་མོའི་གདམས་ངག་དང་། །ཆོས་གྲོལ་ལམ་ཕྱག་རྒྱ་ཆེན་པོ་གཉིས། །ཆོས་འདི་ལས་ཟབ་པ་མི་འདུག་པས། །རང་ཉམས་ལེན་མ་ནོར་སྐྱིད་དུ་ཚོར། །བུ་སྐྱིད་དུ་ཚོར་རམ་


CMR050_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ལྡན་པ། །བུ་བརྩོན་འགྲུས་བསྐྱེད་དེ་བལ་པོ་བ། །ཁ་བྱིང་བ་སེང་བླའི་དབྱངས་ཆུང་འདི། །སེམས་སྐྱོ་ཤས་སྐྱེས་ནས་བུ་ལ་སྤྲིང་། །ཞེས་རཱ་ག་ཨ་སྱས་སྨྲས་པའོ། །ན་མོ་གུ་རུ་ཤིནྟཾ་ཀྲོ་དྷ་ཡེ། དཔོན་དད་ལྡན་ཀརྨ་ཚེ་བརྟན་པས། །ཆོས་ཉིད་བར་དོ་དྲུག་གི་ངོ་སྤྲོད་ལ། །སྔོན་དེ་ལས་མང་ཙམ་དགོས་གསུངས་པས། །དུས་ད་ལྟ་ངེད་རང་ཡོན་མཆོད་རྣམས། །དུས་སྐྱེ་གནས་བར་དོའི་གནས་སྐབས་ཡིན། །ད་འདི་ལ་ངོ་སྤྲོད་ཅུང་ཙམ་ཞུ། །མ་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀུན། །སྔོན་ཚེ་རབས་མང་པོའི་ཕ་མ་ཡིན། །དེ་མ་ཤེས་དགྲ་དང་སྡང་སེམས་ཚེ། །བྱ་རི་དྭགས་གཡུང་དྭགས་ཟས་ཕྱིར་གསོད། །འདི་བར་དོའི་འཁྲུལ་སྣང་ཆེ་ཤོས་ཡིན། །བྱམས་སྙིང་རྗེ་སྒོམས་ཤིག་རིགས་ཀྱི་བུ། །རང་གཅིག་པུར་འགྲོ་བ་མ་ཤེས་ནས། །གཉེན་བུ་ཚ་གྲོགས་ལ་གདུང་སེམས་ཆེ། །དེ་མི་རྟག་དབང་མེད་སོ་སོར་འགྲོ། །གྲོགས་སེམས་མཐུན་གཅིག་ཀྱང་ཁྲིད་དབང་མེད། །སེམས་སྐྱོ་བ་སྐྱེད་ཅིག་རིགས་ཀྱི་བུ། །ནོར་མི་རྟག་སྒྱུ་མར་མ་ཤེས་ན། །ནོར་ཆོག་ཤེས་མེད་པ་སེར་སྣས་བཅིངས། །མི་གཞན་གྱི་ནོར་


CMR050_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྐུ་འཕྲོག་བྱེད། །རང་ཤི་ཚེ་ལག་པ་སྟོང་པར་འགྲོ། །ཁབ་སྐུད་པ་ཙམ་ཡང་འཁྱེར་དབང་མེད། །ད་དགོས་མེད་བསྒོམ་ཞིག་རིགས་ཀྱི་བུ། །ཚེ་འཁོར་བ་ཐོག་མ་མེད་པ་ནས། །གནས་ངན་སོང་བཙོན་རར་འཕེན་པའི་དགྲ། །ལས་མི་དགེ་སྡིག་ལ་མི་འཚེར་པ། །འདི་བར་དོའི་འཁྲུལ་སྣང་ཆེ་ཤོས་ཡིན། །དགྲ་ཐུབ་ཅེས་སྡིག་པའི་ལས་ཡིན་པས། །དགྲ་འདི་ལ་དགྲ་ལེན་བཤགས་སྦྱོང་མཛོད། །ཚེ་འདི་དང་ཕྱི་མ་བར་དོ་ལ། །རང་བདེ་སྐྱིད་སྦྱིན་པའི་གཉེན་བཤེས་དེ། །ལས་དགེ་བཅུ་ཁོ་ནར་ཡིན་ངེས་པས། །གཉེན་འདི་ལ་འཚོ་སྐྱོངས་གང་དྲག་མཛོད། །ལར་འཁོར་བ་མཐའ་མེད་འཁྱམས་པ་འདི། །ཕྱི་དགྲ་བགེགས་སུ་ཡང་མ་ལེན་ཏེ། །ནང་རང་སེམས་འཁྲུལ་པ་གཅིག་པུའི་ལེན། །སེམས་རྩ་བ་ཆོད་ཅིག་རིགས་ཀྱི་བུ། །དོན་རང་སེམས་རང་གིས་མ་རྟོགས་ན། །བཀའ་མདོ་རྒྱུད་ཤེས་ཀྱང་ཁ་བཤད་ཙམ། །དོན་རང་སེམས་ལྟོས་ཤིག་རིགས་ཀྱི་བུ། །སེམས་བལྟས་པས་གཟུགས་དང་ཁ་དོག་མེད། །དེ་སྟོང་ཉིད་ཡིན་ནོ་རིགས་ཀྱི་བུ། །དེ་སྟོང་ལྟ་ཧད་པོ་མ་ཡིན་ཏེ། །སེམས་རང་རིག་རང་གསལ་ས་ལེ་བ། །དེ་འོད་གསལ་


CMR050_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ་རིགས་ཀྱི་བུ། །སེམས་ཡོད་མེད་གང་དུ་མ་གྲུབ་པ། །དེ་དབུ་མ་ཡིན་ནོ་རིགས་ཀྱི་བུ། །དེ་ཤེས་ན་ཤེས་བྱ་ཀུན་གྱི་རབ། །དོན་ཤེར་ཕྱིན་ཡིན་ནོ་རིགས་ཀྱི་བུ། །སེམས་བཅོས་བསླད་མེད་པར་རང་ངོ་ལྟ། །དེ་ཕྱག་ཆེན་ཡིན་ནོ་རིགས་ཀྱི་བུ། །དོན་དེ་ལ་མ་རྫོགས་གཅིག་ཀྱང་མེད། །ཆོས་རྫོགས་ཆེན་ཡིན་ནོ་རིགས་ཀྱི་བུ། །དེ་སྐྱོང་ན་འཁོར་བའི་སྡུག་བསྔལ་ཞི། །ཆོས་ཞི་བྱེད་ཡིན་ནོ་རིགས་ཀྱི་བུ། །སེམས་རྣམ་རྟོག་གང་ཤར་ཐད་ཀར་གཅོད། །ཆོས་གཅོད་ཡུལ་ཡིན་ནོ་རིགས་ཀྱི་བུ། །སེམས་དགའ་སྡུག་གང་ཤར་ངོ་བོར་ལྟ། །དེ་རོ་སྙོམས་ཡིན་ནོ་རིགས་ཀྱི་བུ། །སེམས་ཀྱི་ལེ་གནས་པ་ཞི་གནས་ཏེ། །དེ་སྟོང་པར་རྟོགས་ན་ལྷག་མཐོང་སྟེ། །དེ་ཟུང་འཇུག་ཡིན་ན་རིགས་ཀྱི་བུ། །ཕྱི་སྣང་བ་སྣ་ཚོགས་སྣོད་བཅུད་འདི། །ནང་རང་སེམས་ཀྱི་འོད་ཟེར་ཕྱི་ལ་འཆར། །དོན་རང་སེམས་ཡིན་ནོ་རིགས་ཀྱི་བུ། །ཚེ་འདི་དང་ཕྱི་མ་བར་དོ་གསུམ། །དོན་ཉམས་ལེན་ཡིན་ནོ་རིགས་ཀྱི་བུ། །དུས་ད་རེས་དབང་ཆོས་གསན་པ་སོགས། །ཁྱེད་དུས་གསུམ་དགེ་བ་ཅི་བསགས་མཐུས། །དཔོན་ཀརྨ་ཚེ་བརྟན་ཚེ་རིང་


CMR050_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །དཔལ་འབྱོར་པ་མངའ་ཐང་འཕེལ་ཞིང་རྒྱས། །ལམ་བསྐྱེད་རྫོགས་གཉིས་ལ་བརྟན་པ་ཐོབ། །དུས་ནམ་ཞིག་མི་གནས་འཕོ་བའི་ཚེ། །ལྷ་རིག་འཛིན་གོ་འཕང་མྱུར་ཐོབ་ཤོག །ཨ་རཱ་གས་སོ།། ༈ །།ན་མོ་གུ་རུ་མཉྫའི་ཡེ། ཤེས་བྱའི་མཁའ་ལ་མཁྱེན་བརྩེའི་དཀྱིལ་འཁོར་རྒྱས། །རྒྱལ་བའི་བསྟན་པ་རབ་ཏུ་གསལ་མཛད་ཅིང་། །འགྲོ་བའི་མ་རིག་མུན་པ་སེལ་མཛད་པ། །འཇམ་དབྱངས་བླ་མ་ཆོས་ཀྱི་དབང་ཕྱུག་བདག་ལ་དགོངས། །བཙུན་པའི་གཟུགས་བརྙན་ཀརྨ་ཆགས་མེད་ངས། །འཁོར་གསུམ་དག་པའི་སྦྱིན་པ་བཏང་འདོད་ཀྱང་། །བཀྲེས་པའི་རིགས་གྱུར་སེར་སྣའི་མདུད་པས་བསྡམས། །སེར་སྣའི་མདུད་པ་གྲོལ་ཅིག་ཆོས་ཀྱི་དབང་། །བཙུན་པའི་གཟུགས་བརྙན་ཀརྨ་ཆགས་མེད་ངས། །ཉེས་ལྟུང་བྲལ་བའི་ཚུལ་ཁྲིམས་བསྲུང་འདོད་ཀྱང་། །ཉོན་མོངས་མི་ཤེས་བྱིས་པའི་དབང་དུ་སོང་། །གཉེན་པོ་མཐུ་དཔུང་བསྐྱེད་ཅིག་ཆོས་ཀྱི་དབང་། །བཙུན་པའི་གཟུགས་བརྙན་ཀརྨ་ཆགས་མེད་ངས། །ཁོང་ཁྲོ་བྲལ་བའི་བཟོད་པ་བསྒོམ་འདོད་ཀྱང་། །དུས་སྤྱོད་ངན་དང་རང་རྒྱུད་རྩུབ་པ་གདའ། །བཟོད་པའི་གོ་


CMR050_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་རྩོལ་ཅིག་ཆོས་ཀྱི་དབང་། །བཙུན་པའི་གཟུགས་བརྙན་ཀརྨ་ཆགས་མེད་ངས། །ལེ་ལོ་བྲལ་བའི་བརྩོན་འགྲུས་བརྩམ་འདོད་ཀྱང་། །གཉིད་དང་ལོང་གཏམ་སྙོམས་ལས་སྒྲོགས་སུ་ཚུད། །བརྩོན་འགྲུས་རྟ་མཆོག་སྩོལ་ཅིག་ཆོས་ཀྱི་དབང་། །བཙུན་པའི་གཟུགས་བརྙན་ཀརྨ་ཆགས་མེད་ངས། །ཞི་ལྷག་ཟུང་དུ་འབྲེལ་བ་སྒོམ་འདོད་ཀྱང་། །ཆོས་དང་ཆོས་མིན་བྱ་བས་རྣམ་པར་གཡེང་། །བདེ་སྟོང་ཏིང་འཛིན་སྩོལ་ཅིག་ཆོས་ཀྱི་དབང་། །བཙུན་པའི་གཟུགས་བརྙན་ཀརྨ་ཆགས་མེད་ངས། །རྒྱལ་བའི་གསུང་རབ་རྒྱ་མཚོ་སྦྱང་འདོད་ཀྱང་། །མི་ཤེས་གཏི་མུག་མུན་པའི་ནང་དུ་བྱིངས། །ཤེས་རབ་ཉི་འོད་སྩོལ་ཅིག་ཆོས་ཀྱི་དབང་། །སྐྱེས་ཆེན་ཁྱེད་ལ་གསོལ་བ་བཏབ་པའི་མཐུས། །བདག་བློའི་མི་ཤེས་གཏི་མུག་རབ་བསལ་ནས། །བཀའ་དང་བསྟན་བཅོས་ཇི་བཞིན་རྟོགས་པ་ཡི། །བློ་གྲོས་ཤེས་རབ་མྱུར་དུ་བསྩལ་དུ་གསོལ།། །།ན་མོ་གུ་རུ་སརྦ་ཡེ། རྗེ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །ཕྱི་འཇིག་རྟེན་རྒྱ་ཆེ་རྔམས་འཐུག་པ། །འདི་མི་རྟག་མེ་ཆུས་འཇིག་ཐོས་ནས། །ལུས་


CMR050_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

འདོམ་གང་ཙམ་འདི་ག་ལ་རྟག །ནང་བཅུད་ཀྱི་སེམས་ཅན་མ་ལུས་པ། །དེ་གཅིག་ཀྱང་མི་འཆི་མི་སྲིད་ན། །བདག་གཅིག་པུ་ཅི་ལ་ཚེ་ཐར་ལུས། །སྔར་སྲིད་པ་ཆགས་ནས་ད་ལྟའི་བར། །མི་མ་ཤི་ལུས་པ་གཅིག་མི་གདའ། །རང་འཆི་བ་མ་དྲན་ཅི་ཡིན་ཨང་། །སྔོན་རྫོགས་པའི་སངས་རྒྱས་རྡོ་རྗེའི་སྐུ། །དེ་མི་རྟག་འདས་ཚུལ་བསྟན་དགོས་ན། །ལུས་མི་གཙང་རྐྱལ་པ་ག་ལ་རྟག །སྔོན་ཉན་རང་དགྲ་བཅོམ་རྫུ་འཕྲུལ་ཅན། །དེ་ཐམས་ཅད་མྱ་ངན་འདས་ཐོས་ན། །རང་འཁོར་བའི་སེམས་ཅན་སྨོས་ཅི་དགོས། །སྔོན་དྲང་སྲོང་མངོན་ཤེས་རྫུ་འཕྲུལ་ཅན། །དེ་རྣམས་ཀྱང་འབྲོས་ས་མ་རྙེད་འདས། །ད་མི་འཆི་ས་རུ་འགྲོ་ས་མེད། །དུས་ནམ་ཟླ་མི་སྡོད་འགྱུར་ཞིང་འགྲོ། །ལོ་ཟླ་བ་མི་སྡོད་ཡད་ཡུད་ཟད། །རང་འཆི་དང་ཉེ་བར་མ་ཚོར་རམ། །ཚེ་ཡད་ཡུད་ཟད་པ་མི་ཤེས་པར། །དུས་ནམ་ཟླ་སླ་ཞིང་འོང་ན་དགའ་སྙམ་བྱེད། །ཨ་བསམ་ཆུང་སྙིང་མེད་སྙིང་རེ་རྗེ། །དཔེ་བཤའ་ལུག་ཤན་པས་བཟུང་བ་བཞིན། །ཁོ་འཆི་བདག་ལས་ཀྱི་ཤན་པ་དེས། །དུས་ནམ་ཞིག་བཟུང་ངེས་ཨ་ཙ་མ། །སྨན་རིམ་གྲོ་བྱས་ཀྱང་ཕྱིར་ཕྱིར་ཐུ། །ཕན་རེ་བའི་སྨན་


CMR050_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཝ་བྲོས་བྱེད། །ཐབས་སྡུག་པའི་དུས་ཤིག་ནམ་འོང་ན། །ནད་འདུ་བ་རྣམ་བཞི་ཁོང་ནས་འཁྲུགས། །གདོན་དྲི་ཟ་རྣམས་ཀྱིས་འཇབ་བུ་སྟོན། །ཐབས་སྡུག་པའི་དུས་ཤིག་ནམ་འོང་ན། །ཡར་མཆོད་གནས་ལྷ་ཡི་བསྲུང་སྐྱབས་ཡལ། །མར་བཀར་བའི་འདྲེ་གདོན་ཡར་ལ་བསྡོང་། །སེམས་མྱོས་ཤིང་འཁྲུགས་པ་ཅིག་ནམ་འོང་ན། །སྡུག་སྡིག་པས་བསྒྲུབས་པའི་ཟས་དང་ནོར། །སེམས་ཆགས་ཀྱང་ཡུད་ཙམ་ཁྱེར་དབང་མེད། །རང་ལག་སྟོང་འགྲོ་དུས་ཤིག་ནམ་ཡོང་ན། །གོས་དྲོ་འཇམ་བཀོན་ཀྱང་ཨ་རི་བས་ལྗི། །ཟས་ཁ་ལ་འགྲོ་བ་ཆུ་ཐིགས་ཤིག །གཏམ་ཁ་ཆེམ་འཇོག་དུས་ཤིག་ནམ་འོང་ན། །ཕྱི་སྒྱུ་ལུས་བཟོད་མེད་ན་ཚས་མནར། །ནང་རྣམ་ཤེས་འཁྲུལ་སྣང་འཇིགས་སྐྲག་ཆེ། །གནམ་རྡིབ་པ་འདྲ་ཅིག་ནམ་འོང་ན། ལུས་གཅེས་ཤིང་འཕང་བ་ཐག་པས་སྒྲོག །གོས་དྲོ་འཇམ་བྲག་ཕུག་སྟོང་པ་དོར། །མལ་ཕྱགས་མས་ཕྱགས་དུས་ཅིག་ནམ་འོང་ན། །ལུས་མེར་སྲེག་ཐལ་བ་རླུང་གིས་ཁྱེར། །དེ་ཡང་ན་བྱ་ཁྱི་གཅན་གྱིས་ཟོས། །གཏན་ཡུལ་མེད་རེད་དུས་གཅིག་ནམ་འོང་ན། །གཉེན་བྱམས་པས་མིག་ནས་མཆི་མ་


CMR050_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན། །སྡང་དགྲ་བོ་ཡི་བློ་བདེ་ཁོག་བགད་ཤོར། །མིང་ཙམ་ལས་མེད་པ་ཞིག་ནམ་འོང་ན། །ལས་དེ་འདྲ་ཞིག་ངེས་པར་འོང་རྒྱུ་རེད། །འཆི་གྲབ་ཀྱིས་ཤོག་ཅིག་མི་བྱེད་པར། །སྡོད་ཆེས་རང་བྱེད་པ་ཨ་ཙ་མ། །དེ་མི་འཆི་ཁྲིག་ཆ་མི་གདའ་བ། །གློ་བུར་དུ་ཐོག་ལྟར་བརྒྱབ་པ་ལ། །ལོང་ཡོད་རང་བསམ་ན་ཨ་ཙ་མ། །དམ་པའི་ཆོས་ཤིག་མ་གཏོགས་པ། །དེ་དུས་སུ་ཕན་པ་མི་གདའ་བས། །སྙིང་ནས་ལྷ་ཆོས་མཛོད་ཅིག་མ་རྒན་རྣམས། །སྒྱུ་ལུས་འདི་ངེས་པར་འགྱུར་དགོས་པས། །དུས་འདི་ད་རེས་སྙིང་པོ་ལོངས། །གཏན་གྱི་སོ་ནམས་ད་རེས་རེམ། །མི་རྟག་འཆི་བ་སྙིང་གཟེར་གླུ། །དགེ་སྦྱོར་ལྕགས་འདེབས་རཱ་ག་ཨ་སྱས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཉམས་མགུར་སྐོར། ལེ་ཚན་གཉིས།


CMR050_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རཏྣ་ཏྲ་ཡཱ་ཡ། སློབ་བུ་པདྨ་དྲི་མེད་ཅེས་བྱ་བའི། །དམ་ཆོས་བསྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་བསམ་པ་ཡིད་བཞིན་འགྲུབ་པར་ཤོག །འཕོས་མ་ཐག་ཏུ་བདེ་ཆེན་ཞིང་ཁམས་སུ། །མེ་ཏོག་པདྨའི་སྦུབ་ལ་བརྫུས་སྐྱེས་ནས། །སྤྱན་རས་གཟིགས་དང་མི་འབྲལ་འགྲོགས་པར་ཤོག །ཅེས་པ་པདྨ་དྲི་མེད་ཀྱིས་བསྐུལ་ནས། ༧ དགེ་སློང་རཱ་ག་ཨ་སྱས་བྱུང་རྒྱལ་དུ་སྨྲས། །དགེའོ། གནས་འགྱུ་རིག་གསུམ་བླ་མ་སྐུ་གསུམ་དུ། །ངོ་ཤེས་ཡེངས་མེད་ངང་ནས་གསོལ་བ་འདེབས། །ཚེ་རིང་ནད་མེད་བསྐྱེད་རྫོགས་བརྟན་པ་ཐོབ། །ཕྱི་མ་བདེ་ཆེན་ཞིང་དུ་སྐྱེ་བར་ཤོག །ཨ་ཡུ་ནཱ་ཐས་བསྐུལ་བ་མ་བརྗེད་ཙམ། །ཉེར་དགུའི་ཉིན་པར་རྩོམ་གྱི་རྫོགས་སོར་བྲིས། །མངྒ་ལཾ།། །།

གྲག་ལུ་ལ་གདམས་པའི་མགུར་མ།


CMR050_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

གྲག་ལུ་ལ་གདམས་པའི་མགུར་མ་བཞུགས་སོ།


CMR050_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་ཡེ། དཔལ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །མི་བདག་ལ་འབྲེལ་བའི་འགྲོ་བ་རྣམས། །སྐྱབས་གཞན་ན་མེད་དོ་ཐུགས་རྗེས་ཟུངས། །ཁྱོད་རིག་པ་ཅན་གྱི་གྲག་ལུ་ཡིས། །བདག་སྒྲུབ་པ་བྱེད་པའི་བྱ་བྲལ་ལ། །ཆོས་དམར་ཁྲིད་གྱི་དཔེ་ཆ་བྱིན་པ་དེ། །དེ་སྨོན་ལམ་བཟང་པོས་འབྲེལ་པ་ཡིན། །ད་བཟང་ལེན་དུ་གདམས་ངག་ཚིག་གསུམ་བཤད། །བུ་གྲག་ལུ་མ་ཡེངས་ལྷན་ནེར་ཉོན། །ལུས་དལ་འབྱོར་མི་ལུས་རིན་ཆེན་འདི། །དུས་ད་རེས་མ་གཏོགས་རྙེད་པར་དཀའ། །འདི་དོན་མེད་དུ་ཆུད་ཟོས་མ་བྱེད་ལ། །བུ་


CMR050_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

གྲག་ལུ་ཉ་མཚམས་ལ་གདན་གཅིག་སྲུངས། །མི་རྒས་ནས་འཆི་བ་རེ་རེ་ཙམ། །རང་ན་མཉམ་མང་པོ་འཆི་ལུགས་ལྟོས། །རང་མི་འཆིའི་གདེང་ཚོད་ཅི་ཡོད་སོམས། །བུ་གྲག་ལུ་བློ་ཕུགས་ཆོས་ལ་གཏོད། །གཉེན་བཟའ་ཚོའི་དོན་དུ་སྡིག་བྱས་ཀྱང་། །སྡིག་སྤྱི་པས་མི་ཁུར་རང་ལ་སྨིན། །གཉེན་བཟའ་ཚང་ཚོང་དུས་མགྲོན་པོ་འདྲ། །བུ་གྲག་ལུ་རང་མགོ་རང་གིས་ཐོན། །དུས་ད་ལྟ་སྲོག་ཆགས་གཅིག་བསད་ན། །ལན་དགུ་བརྒྱ་གོ་དགུར་ཚུར་ལ་གསོད། །ལས་རྣམ་སྨིན་དམྱལ་བར་ལོ་སྟོང་ཚོ། །དེ་བསམ་གཞིག་ཐོངས་ལ་སྲོག་གཅོད་སྤོངས། །


CMR050_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་རི་དྭགས་ཆ་མ་ཆོ་དགུ་འདི། །བཙན་ཡུལ་ལྷ་རྣམས་ཀྱི་སྒོ་ནོར་ཡིན། །འདི་བསད་ན་ནམ་ཞིག་ལྷ་འདྲེས་གནོད། །དོན་དེ་ལ་སེམས་ནས་བག་ཟོན་མཛོད། །རྔོན་རི་དྭགས་མི་ཚེ་ཕུད་ན་ཡང་། །མཐར་ཇེ་ལྟོགས་ཤ་ལྤགས་འཕྲལ་ལ་ཟད། །སྡིག་རི་རབ་ཙམ་དེ་རང་ལ་ལུས། །བུ་སྤྱང་པོ་ཡིན་ན་རང་མགོ་ཐོན། །གནས་ངན་སོང་གསུམ་གྱི་སྡུག་བསྔལ་དེ། །ཚིག་རྣ་བས་ཐོས་ཀྱང་གློ་སྙིང་འདར། །དེ་རང་ཐོག་ཏུ་བྱུང་ན་ཇི་ལྟར་བྱེད། །བུ་བསམ་ཡོད་ཡིན་ན་སྡིག་ལ་འཛེམ། །དགྲ་མི་ཤ་རྟ་སྟོང་བརྒྱ་ཆགས་ཀྱང་། །ལུས་བཙོ་བསྲེགས་ཞག་པོ་གསུམ་མི་བྱེད། །སྡིག་ཆུང་ཆུང་རེས་ཀྱང་ལོ་སྟོང་ཚོ། །བུ་དོགས་ཟོན་མཛད་ན་སྡིག་ལ་འཛེམ། །བྱ་རི་དྭགས་ལ་སོགས་སྲོག་ཆགས་ཀུན། །སྔོན་སྐྱེ་བ་མང་པོའི་ཕ་མ་ཡིན། །དོན་ཕ་མ་བསད་དང་ཁྱད་པར་མེད། །བུ་ཁྲེལ་ཡོད་ཡིན་ན་རྨེ་མ་བྱེད། །ཟས་འབྲེ་ཞིང་ཞིམ་པའི་ཤ་ཁྲག་འདི། །རྒྱུ་མི་གཙང་ཁུ་ཆུ་མངལ་ཁྲག་ཡིན། །འདི་ཟོས་ན་གྲིབ་ཆེ་ལྷ་མི་མཉེས། །བུ་ངོ་ཚ་ཡོད་ན་ཤ་མ་ཟ། །དགྲ་ཇག་རྐུན་ཇི་ལྟར་མགོ་རྒོད་ཀྱང་། །ཚེ་གཞན་གྱི་ཟས་ནོར་འཕྲོག་མི་ཐུབ། །རྐུན་ལན་གཅིག་


CMR050_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་སྐྱེ་བ་སྟོང་། །རང་དབུལ་ཕོངས་འགྱུར་བས་བསམ་བློ་ཐོངས། །རྒྱུ་ཁབ་སྐུད་ཙམ་ཞིག་བརྐུས་པས་ཀྱང་། །ལོ་ལྔ་བརྒྱར་ཡི་དྭགས་ལུས་ལེན་ཏེ། །ཆུ་ཐིགས་གཅིག་རྣ་བས་ཐོས་པ་མེད། །དེ་སོམ་ལ་སོར་བཅུ་བྲང་ལ་ཁོབ། །གནས་འཁོར་བའི་འཇིགས་པ་ཆེན་པོ་འདི། །གཞན་སུས་ཀྱང་སྐྱོབ་པར་མི་གདའ་བས། །སྐྱོབ་ངེས་པའི་དཀོན་མཆོག་གསུམ་པོ་ལ། །བུ་ནངས་ནུབ་རྒྱུན་དུ་སྐྱབས་འགྲོ་གྱིས། །མ་འགྲོ་དྲུག་ཕ་མ་དྲིན་ཆེན་ཡིན། །ཆོས་གཞན་དོན་དུ་བསྔོས་ན་འགྱུར་ཆེ་བས། །བུ་ཆོས་འདོན་དང་ཆོས་སྤྱོད་སྤྱི་བཏོན་པ། །འདི་ཐམས་ཅད་འགྲོ་བའི་དོན་དུ་བསྔོས། །ལས་དགེ་བ་ཅུང་ཟད་རེ་རེས་ཀྱང་། །ཚེ་ཕྱི་མ་བདེ་སྐྱིད་དཔག་མེད་འབྱུང་། །བུ་ཞིང་བཟང་ལ་ས་བོན་བཏབ་པ་བཞིན། །བུ་དེ་ཕྱིར་དགེ་བ་ཆུང་ཡང་བསྒྲུབ། །ལས་སྡིག་པ་ཆུང་ཆུང་རེ་རེས་ཀྱང་། །ཚེ་ཕྱི་མར་གནོད་པ་ཆེན་པོ་བྱེད། །དཔེ་བཙན་དུག་ཁོང་ལ་སོང་བ་ལྟ་འདྲ། །བུ་དེ་ཕྱིར་སྡིག་པ་ཆུང་ཡང་འཛེམ། །བུ་ཁྱེད་རང་སྤྱི་གཙུག་ནམ་མཁའ་ལ། །གདན་པདྨ་ཉི་ཟླ་སུམ་བརྩེགས་སྟེང་། །ཕ་དྲིན་ཆེན་པདྨ་འབྱུང་གནས་དེ། །སྐུ་དཀར་


CMR050_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

དམར་མདངས་ལྡན་མཚན་དཔེའི་རྫོགས། །ཞལ་ཁྲོ་འཛུམ་སྤྱན་གཉིས་རང་ལ་གཟིགས། །དབུ་པད་ཞྭ་སྒོ་དར་མེ་ལོང་བརྒྱན། །ཕྱག་རྡོ་རྗེ་བྷནྡྲ་ཁ་ཊཾ་བསྣམས། །སྐུ་ཟབ་བེར་ཆོས་གོས་རྣམ་གསུམ་གསོལ། །ཞབས་རྡོ་རྗེའི་སྐྱིལ་ཀྲུང་ལྷམ་མེར་བཞུགས། །ཞིང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས། །དེ་ཐམས་ཅད་སྤྱན་དྲངས་གཉིས་མེད་ཐིམ། །སྙིང་རུས་པའི་གཏིང་ནས་གསོལ་བ་ཐོབ། །མཐར་འོད་དུ་ཞུ་ནས་རང་ལ་བསྟིམ། །དེ་ལན་གཅིག་མིན་པར་ཡང་ཡང་བསྒོམ། །སྐབས་སྐབས་སུ་རང་གི་སེམས་ལ་ལྟོས། །སྐབས་སྐབས་སུ་མདོ་འབུམ་གསུང་རབ་ཐོན། །སྐབས་སྐབས་སུ་ཆོས་སྤྱོད་སྨོན་ལམ་ཐོན། །སྐབས་སྐབས་སུ་བཛྲ་གུ་རུ་ཐོན། །སྐབས་སྐབས་སུ་ཨོ་རྒྱན་ལ་གསོལ་བ་ཐོབ། །སྐབས་སྐབས་སུ་རང་སེམས་གར་གདའ་ཚོལ། །སེམས་མ་རྙེད་ན་དེ་གའི་ངང་ལ་ཞོག །དཔེ་རྫི་བོས་ལུས་ཁྱུ་འཚོ་བ་ལྟར། །སེམས་གར་འགྲོ་ཅི་བྱེད་བྱ་ར་ལྟོས། །བཀའ་མདོ་འབུམ་ཉི་ཤུ་ལྔ་དུས་ནས། །ཆོས་ཤེས་རབ་ཕར་ཕྱིན་ཟེར་བ་དེ། །དོན་རང་སེམས་ཡིན་པར་བློ་ཐག་ཆོད། །སེམས་ཤེས་ན་ཤེས་བྱ་ཀུན་གྱི་མཆོག །དོན་དེ་ཕྱིར་


CMR050_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཕར་ཕྱིན་ཟེར། །ངག་ཤེས་རབ་ཕར་ཕྱིན་འདོན་པ་དང་། །སེམས་ཤེས་རབ་ཕར་ཕྱིན་སྒོམ་པ་གཉིས། །དེ་ཟུང་དུ་འཇུག་ན་ཕན་ཡོན་ཆེ། །བཀའ་རྒྱས་འབྲིང་པུ་སྟི་བཅོ་བརྒྱད་པོ། །དོན་རང་སེམས་ཁོ་ནའི་བསྐོར་རྫོགས་ཡིན། །དེ་སྟོན་ན་ཕན་ཡོན་དཔག་མེད་ན། །དེ་བསྒོམས་ན་ཕན་ཡོན་སྨོས་ཅི་དགོས། །བུ་དེ་ཕྱིར་གསུང་རབ་འདོན་པ་དང་། །དོན་ཉམས་ལེན་གཉིས་ཀ་དོ་དམ་མཛོད། །དེ་ཡན་ཆད་ཉམས་མཚར་ཆོས་འབྲེལ་མཛོད། །བུ་གྲག་ལུས་དཔེ་ཆ་ཕུལ་བའི་དགེ །ཞིང་ཕྱོགས་བཅུའི་སངས་རྒྱས་ཀུན་ལ་འབུལ། །དེར་མཆོད་སྤྲིན་རྒྱ་མཚོ་འབྱུང་བར་ཤོག །དེ་མཆོད་པའི་དགེ་བ་འགྲོ་ལ་སྦྱིན། །མ་འགྲོ་དྲུག་ཆོས་ལ་འཁོད་པར་ཤོག །དེ་བཀོད་པའི་དགེ་བས་གྲག་ལུ་ཁྱོད། །ཚེ་བསོད་ནམས་ཟླ་བ་ཡར་ངོ་བཞིན། །དེ་རྒྱུན་ཆད་མེད་པར་འཕེལ་བར་ཤོག །རྐྱེན་ཕྱི་ནང་བར་ཆད་ཞི་བ་དང་། །མཆོག་ཐུན་མོང་དངོས་སྒྱུ་གྲུབ་ཐོབ་པར་ཤོག །དུས་ནམ་ཞིག་མི་གནས་འཕོ་བའི་ཚེ། །དཔེ་སྐྱེན་པོས་མདའ་འཕངས་ཇི་བཞིན་དུ། །ནུབ་བདེ་བ་ཅན་གྱི་ཞིང་ཁམས་དེར། །གདན་མེ་ཏོག་པདྨའི་ཟེའུ་


CMR050_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་ལ། །བུ་བརྫུས་སྐྱེས་སྐྱེ་བ་ལེན་པར་ཤོག །རྗེ་བཅོམ་ལྡན་མགོན་པོ་འོད་དཔག་མེད། །དཔལ་སེམས་དཔའ་འཇིག་རྟེན་དབང་ཕྱུག་སོགས། །ཞལ་མཐོང་ནས་དམ་ཆོས་ཐོས་པར་ཤོག །རང་ལག་པའི་མཐིལ་ནས་རྫུ་འཕྲུལ་གྱིས། །རྫས་མཆོད་སྤྲིན་དཔག་མེད་སྤྲུལ་བྱས་ནས། །རྗེ་རྒྱལ་བ་སྲས་བཅས་མཆོད་པར་ཤོག །དེ་མཆོད་པས་བྱང་ཆུབ་ལུང་བསྟན་ནས། །ས་དང་པོ་རབ་དགའ་ཐོབ་པར་ཤོག །རྗེ་སྐྱབས་གསུམ་ལྡན་པའི་བྱིན་རླབས་དང་། །དོན་ཆོས་ཉིད་རྣམ་པར་དག་པ་དང་། །འཕྲལ་རྒྱུ་འབྲས་བསླུ་མེད་རྟེན་འབྲེལ་གྱིས། །མི་བདག་གི་སྨོན་ལམ་འགྲུབ་པར་ཤོག །ཅེས་ཨ་རཱ་གས་འཕྲལ་དུ་ཁྲུམས་ཟླའི་ཉེར་དྲུག་ཉིན་སྨྲས་སོ།། ༈ །།།དཔོན་ཆུང་ཨ་ནུ་རྣམ་རྒྱལ་ལ་གནང་བའི་ཞལ་གདམས་རྒྱུ་འབྲས་ཆོས་ཐུན་བཞུགས་སོ། །ན་མོ་གུ་རུ་རཏྣ་ཡེ། ཕ་དྲིན་ཆེན་རྗེ་ལ་གསོལ་བ་འདེབས། །ཡང་འཆི་བ་དྲན་པར་བྱིན་གྱིས་རློབས། །ཁྱོད་དཔོན་ཆུང་ཨ་ནུ་རྣམ་རྒྱལ་གྱིས། །ད་ཕྱིན་ཆད་འདི་རུ་མི་འབྱོན་པས། །མཐུ་མ་བྱེད་ཟེར་བའི་གསུང་ཕྲིན་འཕྲོད། །ང་མི་རྟག་འཆི་བས་སེམས་སྐྲག་ནས། །ཚེ་འདི་ཡི་བྱ་བ་རྒྱབ་ཏུ་སྒྱུར། །


CMR050_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སྒྲུབ་པར་བརྩོན་འགྲུས་ལྕགས་ཀྱིས་བྲབ། །མཐུ་ངན་སྔགས་སྒྲུབ་པ་ངས་མི་ཁོམ། །མི་ང་ལ་དོགས་ཟོན་མི་དགོས་ཏེ། །དགྲ་འཆི་བདག་ནམ་འོང་ཆ་མེད་པས། །ཁྱེད་ངན་སོང་གསུམ་ལ་དོགས་ཟོན་མཛོད། །དུས་ཁར་ཉིན་ཉི་མའི་གུང་ཐུན་ལ། །སྔོན་ཚེ་རབས་མང་པོའི་མ་རྒན་ཞིག །མི་སྡིག་ཅན་གཤིན་རྗེས་དེད་པ་བཞིན། །ཁྱོད་རྔོན་པ་རྣམས་ཀྱིས་འདེད་པ་ཐོས། །ང་བཟོད་མེད་སྙིང་རྗེ་དྲག་པོ་སྐྱེས། །དུང་བུས་ན་ཨེ་བསྒྱུར་དུང་བུས་སྨྲས། །དུང་བུས་ཀྱང་མ་ཕན་བསད་སོང་ཟེར། །ལམ་ཟབ་མོ་འཕོ་བའི་དམིགས་པ་བསྒོམ། །གནས་དག་པའི་ཞིང་དུ་སྨོན་ལམ་བཏབ། །བུ་དཀར་ལུ་ལ་སྡིག་པ་མ་བྱེད་སྨྲས། །ད་ཕྱིན་ཆད་ང་ཡི་མདུན་རྒྱབ་འདིར། །རྔོན་བྱས་ན་གོས་ཧྲུལ་རྡེབ་ཅེས་བསྡིག །རྒྱ་ང་ལ་ཕུལ་ཞེས་ཆ་ཕྲིན་བསྐུར། །དོན་དེ་ཚོ་ཁར་ཉིན་གྱི་ལོ་རྒྱུས་ཡིན། །བུ་མ་ཡེངས་ང་ཡི་ཚིག་འདི་གསོན། །ཁྱེད་ང་དང་ཡོན་མཆོད་ལ་ཀྱི་འབྲེལ་པ་ཟབ། །ད་དེ་ཕྱིར་སྙིང་གཏམ་ཚིག་གསུམ་བཤད། །འདི་མ་བརྗེད་སྙིང་གི་དཀྱིལ་དུ་ཞོག །དོན་ཨེ་བདེན་བསམ་མནོ་ལེགས་པར་ཐོངས། །སྤྱིར་མི་ལུས་ཐོབ་པ་


CMR050_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ད་རེས་ཙམ། །ཚེ་མི་རྟག་ནམ་མཁའི་གློག་དང་འདྲ། །མི་རྒས་ནས་འཆི་བ་རེ་རེ་ཙམ། །རང་མི་འཆིའི་གདེང་ཚད་ཨེ་ཡོད་སོམས། །ཤ་གནའ་སོགས་རི་དྭགས་ཆེ་དགུ་འདི། །བཙན་ཡུལ་ལྷ་རྣམས་ཀྱི་སྒོ་ནོར་ཡིན། །འདི་བསད་ན་ནམ་ཞིག་གོད་ཁ་ལྡང་། །གྱོང་དེ་བས་ཆེ་ཞིག་ཨེ་ཡོད་སོམས། །ཁོང་འབྲོག་པ་ནོར་གྱིས་ཕྱུག་པ་འདི། །སྔོན་སྡིག་པ་བྱས་པས་ཕྱུག་པ་མིན། །ཚེ་སྔོན་གྱི་སྦྱིན་འབྲས་སྨིན་པ་ཡིན། །ཁྱེད་ཕྱུག་པོ་འདོད་ན་སྦྱིན་པ་ཐོངས། །སྤྱིར་རི་དྭགས་སོགས་སྐྱེ་འགྲོ་སྲོག་ཆགས་ཀུན། །ཚེ་སྔོན་གྱི་ཕ་མ་དྲིན་ཆེན་ཡིན། །མ་གསོད་ནས་ཟ་བ་ཡ་རེ་ང་། །ཁྲེལ་དེ་བས་ཆེ་ཞིག་ཨེ་ཡོད་སོམས། །ཤ་ལྤགས་པ་ཚིལ་བུ་རྐང་དང་ཁྲག །དེ་མི་གཙང་མནོལ་གྲིབ་ཀྱི་རྫས་ལས་གྲུབ། །འདི་ངོ་ཚ་མེད་པར་ཟ་བ་འདི། །སྐྱུགས་དེ་བས་ལོག་ཅན་ཨེ་ཡོད་སོམས། །རྔོན་བྱས་པའི་ཤ་དང་མི་རྩིའི་ཇ། །ཉེ་དུ་དང་ཡུལ་མི་ཀུན་གྱིས་ཟ། །ཚེ་ཕྱི་མར་སྡིག་པའི་ཁུར་རོགས་མེད། །ཁྱེད་སྤྱང་པོ་ཞིག་ཡིན་ན་རང་མགོ་ཐོན། །དུས་ད་ལྟ་སེམས་ཅན་གཅིག་བསད་ན། །ལན་དགུ་བརྒྱ་དང་གོ་དགུ་ཚུར་ལ་གསོད། །ཕམ་དེ་བས་ཁུར་ཞིག་མི་


CMR050_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

གདའ་ན། །ཁྱེད་མཁས་པ་ཞིག་ཡིན་ན་ཕམ་ཁ་ཁུར། །ནོར་ཕར་ལ་བཙོང་ནས་ཤ་ཁྱི་ཉོ། །རྟ་མི་དང་བཅས་པའི་གྲ་ཤ་གཅོད། །ཚུར་འོང་སྒོ་དོ་ནུབ་ཤ་ལྷུ་གཅིག །ཚགས་དེ་བས་ཆེ་ཞིག་མི་གདའ་ན། །ཤ་པགས་པ་རྩི་ཇ་མུས་ཀྱིས་ཟད། །སྡིག་རི་བས་ལྗིད་དེ་ཇེ་ཆེར་སོགས། །རང་འཆི་རྒས་ལ་ཐུག་དུས་ཁུར་པོ་ཆེ། །ཕུགས་དེ་བས་ཞེན་ཞིག་མི་གདའ་ན། །རྔོན་བྱས་པས་ཞག་གཉིས་ལྟོ་བ་བརྒྱག །ཚེ་ཕྱི་མར་ལོ་གྲངས་བྱེ་བ་བརྒྱར། །ལུས་གསེ་གཏུབ་བཙོ་བསྲེགས་རྒྱུན་ཆད་མེད། །།བློ་དེ་བས་ཉེས་ཞིག་མི་གདའ་ན། །དགྲ་འཆི་བདག་གཤིན་རྗེས་ཟིན་པའི་དུས། །སྨན་རིམ་གྲོས་མི་ཕན་བརྒྱབ་པ་འདྲ། །དུས་དེ་དུས་སྡིག་ལ་འགྱོད་ཀྱང་འཕྱིས། །བུ་རྣམ་རྒྱལ་ད་ནི་སྡིག་ལ་འཛེམ། །མི་ཉེས་ཆེན་བཙོན་དུ་བཟུང་བ་བཞིན། །དགྲ་གཤིན་རྗེའི་ཕོ་ཉས་འདེད་ཅིང་ཁྲིད། །སྔངས་ཧད་དེ་ཆོས་རྒྱལ་མདུན་དུ་ཕྱིན། །སྡིག་མ་བྱས་ཟེར་ཞིང་སྐྱིད་པ་སྒྱུ་འདར། །ལས་དགེ་སྡིག་གི་འབྲས་བུའི་རྡེའུ་སྤུངས། །ཁས་བཙན་པའི་རྒྱལ་པོ་ཆོས་རྒྱལ་གྱིས། །འདི་མནར་མེད་ཀྱི་གནས་སུ་སྐྱོལ་ཅིག་གསུངས། །སྡིག་བྱས་པས་འགྱོད་དེ་


CMR050_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ངུ་བཞིན་འདར། །མེ་མུར་གྱི་འོབ་ལ་སྤུས་འབོག་དགོས། །ལྕགས་སྲེག་གི་ཐང་ལ་ཡོས་ལྟར་རྔོ། །ལྕགས་སྲེག་གི་རི་དྭགས་མང་པོ་ཡིས། །འཕྲ་ཁ་དང་རྡུང་རྒྱག་བརྫི་བསྣག་བྱེད། །སེང་གེ་དང་སྟག་གཟིག་ཁྱི་སྤྱང་རྣམས། །སྒྱུ་མ་དང་ནང་ཁྲོལ་འདྲེན་ཅིང་ཟ། །ལས་མཁན་རི་དྭགས་ཀྱི་མགོ་ཅན་གྱིས། །ལུས་སོག་ལེས་དྲ་ཞིང་སྣ་རེས་གསེ། །སྟེའུ་ཁས་བཞོག་ཅིང་ཐོ་བས་རྡུང་། །མེ་ནང་དུ་སྲོག་ཅིང་ཆུ་ནང་དུ་བཙོ། །ལོ་བྱེ་བ་དུང་ཕྱུར་འབུམ་ཕྲག་བརྒྱར། །སྡུག་དེ་ལ་བར་སྐབས་ཡུད་ཙམ་མེད། །འདི་བསམ་ན་སྡིག་པ་ཇི་ལྟར་ཕོད། །ཚེ་རྨི་ལམ་ཙམ་འདི་ཅིས་ཀྱང་ཕྱིད། །ཁ་འབུ་ཁུང་ཙམ་འདི་ཅིས་ཀྱང་ཕྱིད། །བུ་རྣམ་རྒྱལ་ད་ནི་སྡིག་ལ་འཛེམ། །ཁྱེད་སྔར་བྱས་ཀྱི་སྡིག་ལ་འགྱོད་པ་གྱིས། །གསུང་ཡི་གེ་དྲུག་པ་རྒྱུན་དུ་བགྲངས། །དུས་ཉ་མཚམས་བརྒྱད་གསུམ་བསྙེན་གནས་སྲུངས། །ཁྱེད་རང་ཕུང་རང་གིས་མ་བསྒྲུབས་ལ། །ཁྱེད་རང་གིས་རང་ལ་སྙིང་རྗེ་ལྟོས། །བུ་རྣམ་རྒྱལ་རང་མགོ་རང་གིས་ཐོན། །བུ་རྣམ་རྒྱལ་རང་གིས་རང་གི་གྱིས། །སྤྲང་བསམ་པ་བཟང་པོའི་ཆ་འཕྲིན་འདི། །བུ་རྣམ་རྒྱལ་གྱིས་མ་བརྗེད་ཐུགས་ལ་ཞོག །ཅེས་དགེ་


CMR050_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

སློང་རཱ་ག་ཨ་སྱས་བསྐུར་བའོ། མངྒ་ལཾ།། ༈ །།པད་འབྱུང་བླ་མའི་རྣལ་འབྱོར་ཉམས་ཁྲིད་ཨ་ནུ་ལྷ་སྲུང་ལ་གནང་བ་བཞུགས་སོ། །ན་མོ་གུ་རུ། མི་བདག་གི་སྤྱི་བོའི་གཙུག་རོལ་ན། །འཇའ་འོད་ཕུང་འཁྲིགས་པའི་གུར་ཁང་ནས། །གདན་པདྨ་ཉི་ཟླ་སུམ་བརྩེགས་སྟེང་། །ཕ་མཁའ་སྤྱོད་ནམ་མཁའ་རྒྱལ་མཚན་དང་། །དོན་དབྱེར་མེད་གུ་རུ་པདྨ་འབྱུང་། །སྐུ་དཀར་དམར་མདངས་ལྡན་མཚན་དཔེས་བརྒྱན། །ཞལ་ཁྲོ་འཛུམ་སྤྱན་གཉིས་ཞི་མ་ཁྲོ། །དབུ་པད་ཞྭ་རྒོད་ཀྱི་ལྡེམ་འཕྲུ་ཅན། །སྐུ་ཟ་བེར་ཆོས་གོས་རྣམ་གསུམ་གསོལ། །ཕྱག་རྡོ་རྗེ་གསོར་ཞིང་བྷན་འཛིན། །ཡུམ་ཌཱཀི་སྦས་ཚུལ་ཁཊཾ་བརྟེན། །ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །སྐུ་གཟི་བརྗིད་ཉི་མ་འབུམ་བཞིན་འབར། །སྐུ་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན། །ཞིང་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཀུན། །དཔེ་ཁ་བ་བུ་ཡུག་འཚུབ་བཞིན་བྱོན། །དེ་ཐམས་ལྟ་ཅད་པད་འབྱུང་སྐུ་ལ་ཐིམ། །རྗེ་སངས་རྒྱས་ཐམས་ཅད་འདུས་པའི་ཐུགས། །བཀའ་དམ་ཆོས་ཐམས་ཅད་འདུས་པའི་གསུང་། །ཚོགས་དགེ་འདུན་ཐམས་ཅད་འདུས་པའི་སྐུ། །


CMR050_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་སྐྱབས་གསུམ་ཀུན་འདུས་པདྨ་འབྱུང་། །བདག་འགྱུར་མེད་དད་པས་གསོལ་བ་འདེབས། །ལུས་ཐོབ་དཀའི་མི་ལུས་རིན་ཆེན་འདི། །ཚེ་ཡང་ཡེང་ངང་ལ་མི་འཛད་པར། །ལུས་སྙིང་པོ་ལོན་པར་བྱིན་གྱིས་རློབས། །དགྲ་འཆི་བདག་ནམ་འོང་ཆ་མེད་ལ། །ཆོས་ད་བྱེད་ངང་ལ་མི་ལུས་པར། །བློ་ཆོས་ལ་འགྱུར་བར་བྱིན་གྱིས་རློབས། །གཉེན་ཉེ་དུ་དགྲ་བོ་གཉིས་ཀ་ཡང་། །དེ་མི་རྟག་ཚོང་དུས་མགྲོན་པོ་འདྲ། །སེམས་ཞེ་སྡང་ཞི་བར་བྱིན་གྱིས་རློབས། །ས་ཡུལ་མཁར་ནོར་རྫས་ཁྱེར་དབང་མེད། །ལས་དགེ་སྡིག་འབྲལ་མེད་གཤིན་ཡུལ་འགྲིམ། །ལས་རྒྱུ་འབྲས་གོ་བར་བྱིན་གྱིས་རློབས། །གནས་ངན་སོང་སྡུག་བསྔལ་ཐོས་ཀྱང་སྔངས། །དེ་ཐོག་ཏུ་བྱུང་ཡང་ཇི་ལྟར་བྱེད། །ལས་སྡིག་པ་ལ་འཛེམ་པར་བྱིན་གྱིས་རློབས། །།ལས་དགེ་བ་སྨན་དང་བདུད་རྩི་འདྲ། །དེ་ཆུང་ཡང་ཕན་ཐོགས་རྒྱ་ཆེན་འབྱུང་། །ལས་དགེ་བ་སྒྲུབ་པར་བྱིན་གྱིས་རློབས། །གནས་འཁོར་བའི་སྡུག་བསྔལ་ཐམས་ཅད་ལ། །སྐྱོབ་ཐུབ་ངེས་དཔོན་པོ་དཀོན་མཆོག་གསུམ། །དེ་གཅིག་བསྡུས་ཨོ་རྒྱན་རིན་པོ་ཆེ། །བདག་སྐྱབས་སུ་མཆིའོ་ཐུགས་རྗེས་ཟུངས། །མ་འགྲོ་


CMR050_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་སེམས་ཅན་མ་ལུས་པ། །སྔོན་ཚེ་རབས་མང་པོའི་ཕ་མ་ཡིན། །འདི་ཐམས་ཅད་སངས་རྒྱས་ཐོབ་པའི་ཕྱིར། །མི་བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །སྔོན་ཐོག་མེད་དུས་ནས་ད་ལྟའི་བར། །ལས་མི་དགེའི་སྡིག་པ་ཅི་བསགས་ཀུན། །བདག་རབ་ཏུ་འགྱོད་པས་མཐོལ་ལོ་བཤགས། །ལུས་ལོངས་སྤྱོད་དགེ་རྩ་ཅི་ཡོད་པ། །རྗེ་པདྨ་འབྱུང་གནས་སྤྱན་རས་གཟིགས། །བདག་ཚོགས་གཉིས་རྫོགས་པར་བྱིན་གྱིས་རློབས། །བློ་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག །སྙིང་རུས་པའི་གཏིང་ནས་གསོལ་བ་འདེབས། །མི་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས། །ཚེ་བསོད་ནམས་འཕེལ་བར་བྱིན་གྱིས་རློབས། །སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །ཕ་ཁྱེད་ཀྱི་ཐུགས་དང་བདག་གི་སེམས། །དོན་དབྱེར་མེད་ཆུ་ལ་ཆུ་བཞག་བཞིན། །ཕ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །མི་བདག་གིས་གདུང་ཤུགས་གསོལ་འདེབས་དེས། །ཕ་ཨོ་རྒྱན་ཆེན་པོའི་ཐུགས་རྗེས་གཟིགས། །སྐུ་འོད་དུ་ཞུ་ནས་བདག་ལ་ཐིམ། །བཀའ་མདོ་རྒྱུད་གྲུབ་ཐོབ་མཁའ་འགྲོའི་


CMR050_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་། །དེ་ཐམས་ཅད་ས་ཕག་གྲོས་ལྟར་མཐུན། །ཆོས་ཐམས་ཅད་རྩ་བ་རང་སེམས་ཡིན། །སེམས་བཙལ་བས་མི་རྙེད་དངོས་པོ་མེད། །གཟུགས་ཁ་དོག་མེད་པས་མཐོང་རྒྱུ་མེད། །དོན་དེ་ལ་སྟོང་པ་ཉིད་ཅེས་ཟེར། །སེམས་མེད་པ་མ་ཡིན་ཅི་ཡང་དྲན། །སེམས་རྐང་པ་མེད་དེ་ཕྱོགས་བཅུར་རྒྱུག །ལས་དགེ་སྡིག་འཁོར་འདས་དེ་ལས་འབྱུང་། །དོན་དེ་ལ་བདེ་གཤེགས་སྙིང་པོ་ཟེར། །བསྒོམ་དེ་ལ་འདི་བསྒོམ་དེ་བསྒོམ་མེད། །སེམས་མ་ཡེངས་རང་སེམས་སྲུང་བ་ལ། །དོན་དེ་ལ་བསྒོམ་ཞེས་མིང་དུ་བཏགས། །སེམས་བཞག་ན་མི་འདུག་ཕྱོགས་བཅུར་རྒྱུག །དོན་དེ་ལ་འགྱུ་བ་མིང་དུ་བཏགས། །སེམས་གཏད་ན་མི་འགྲོ་ཀྱི་ལེར་གནས། །དོན་དེ་ལ་གནས་པ་མིང་དུ་བཏགས། །སེམས་གནས་འགྱུ་ཅི་བྱེད་སེམས་ཀྱིས་རིག །དོན་དེ་ལ་རིག་པ་མིང་དུ་བཏགས། །སེམས་མ་ཡེངས་རྒྱང་སྲུང་བྱེད་པ་ལ། །སེམས་ཉམས་ལེན་མིང་དུ་བཏགས་པ་ཡིན། །སེམས་བསྒོམ་ཡུན་ཤི་དང་མཉམ་པ་ལ། །དེ་སྒོམ་ཆེན་མིང་དུ་བཏགས་པ་ཡིན། །སེམས་བསམ་པ་བཟང་པོ་བཟུང་བ་ལ། །དེ་ཆོས་པ་མིང་དུ་བཏགས་པ་ཡིན། །སེམས་རང་སེམས་


CMR050_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

རང་གིས་ལྟ་བ་ལ། །ཆོས་ལྟ་བ་མིང་དུ་བཏགས་པ་ཡིན། །སེམས་མ་ཡེངས་དྲན་པའི་རྒྱང་སོ་ལ། །ཆོས་སྒོམ་པ་མིང་དུ་བཏགས་པ་ཡིན། །ལས་སྡིག་སྤངས་དགེ་སྒྲུབ་བྱེད་པ་ལ། །ཆོས་སྤྱོད་པ་མིང་དུ་བཏགས་པ་ཡིན། །དོན་རང་སེམས་བརྟན་པ་ཐོབ་པ་ལ། །ཆོས་འབྲས་བུ་མིང་དུ་བཏགས་པ་ཡིན། །སེམས་ཤེས་ན་ཤེས་བྱ་ཀུན་གྱི་རབ། །ཆོས་ཤེས་རབ་ཕར་ཕྱིན་དེ་ལ་ཟེར། །ཆོས་ཐམས་ཅད་སེམས་ལས་འདས་པ་མེད། །ཆོས་ཕྱག་རྒྱ་ཆེན་པོ་དེ་ལ་ཟེར། །ཆོས་མ་འདུས་ཐམས་ཅད་སེམས་ལ་རྫོགས། །ཆོས་རྫོགས་པ་ཆེན་པོ་དེ་ལ་ཟེར། །སེམས་ཡོད་མེད་མཐའ་བཞི་ཡེ་ནས་བྲལ། །ཆོས་དབུ་མ་ཆེན་པོ་དེ་ལ་ཟེར། །ཆོས་སེམས་བསྲུང་སྡུག་བསྔལ་སྟོང་པ་ཞི། །ཆོས་སྡུག་བསྔལ་ཞི་བྱེད་དེ་ལ་ཟེར། །སེམས་རྣམ་རྟོག་ཆོད་ན་བདུད་བཞི་ཆོད། །ཆོས་གཅོད་ཡུལ་ཕྱག་རྒྱ་ཆེན་པོ་ཟེར། །ཆོས་ཐམས་ཅད་སེམས་ལ་ཚང་བ་འདི། །དཔེ་དབུལ་པོའི་ཁྱིམ་ནས་གཏེར་རྙེད་འདྲ། །དེ་སངས་རྒྱས་ཐུགས་དང་རང་གི་སེམས། །དོན་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་གསུམ། །དུས་དེ་རིང་དབྱེར་མེད་གཅིག་ཏུ་གོ །ཚེ་སྔོན་གྱི་


CMR050_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འཕྲོ་བཟང་ནས་སྐྱིད། །མི་བདག་གིས་ཚོགས་གཉིས་ཅི་བསགས་མཐུས། །ཚེ་འདི་ལ་ཚེ་རིང་ནད་མེད་ཅིང་། །དཔལ་ལོངས་སྤྱོད་ཡར་ངོའི་ཟླ་བཞིན་འཕེལ། །དུས་ནམ་ཞིག་འདི་ནས་འཕོ་བའི་ཚེ། །ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ། །དཔེ་དཔག་ཆེན་གཞུ་ནས་མདའ་འཕང་ལྟར། །ལུས་བརྫུས་སྐྱེས་སྤྲུལ་སྐུ་ཐོབ་པར་ཤོག །རྗེ་འོད་དཔག་མེད་པའི་ཞལ་མཐོང་ནས། །བདག་བྱང་ཆུབ་མཆོག་ཏུ་ལུང་བསྟན་ཏེ། །དོན་ས་བཅུ་ལམ་ལྔ་བགྲོད་ནས་ཀྱང་། །དཔལ་རྡོ་རྗེ་འཆང་ཆེན་འགྲུབ་པར་ཤོག །ཅེས་པ་ཨ་ནུ་ལྷ་སྲུང་གིས་གསུང་གིས་བསྐུལ་ནས་ཉམས་ལེན་ཞལ་འདོན་བྱ་ཕྱིར། དགེ་སློང་རཱ་ག་ཨ་སྱས་ཆུ་སྦྲུལ་གྱི་ལོ་གྲོ་ཞུན་ཟླ་བའི་ཡར་ཚེས་བཅུའི་ཐུན་མཚམས་ཤིག་ཏུ་སྦྱར་བའོ།། ༈ །།ན་མོ་ཤཱཀྱ་མུ་ནེ་ཡེ། །ནུབ་བདེ་བ་ཅན་གྱི་ཞིང་ཁམས་ནས། །ཆོས་སྐུ་སྣང་བ་མཐའ་ཡས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །འཆི་མེད་ཚེ་ཡི་དངོས་གྲུབ་གནོང་། །ལྷོ་པོ་ཊ་ལ་ཡི་གནས་མཆོག་ནས། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ། །གསོལ་བ་འདེབས་སོ་ལམ་སྣ་དྲོངས། །རིགས་དྲུག་སྐྱེ་སྒོ་བཅད་དུ་གསོལ། །ལྷོ་ནུབ་རྔ་ཡབ་གླིང་ཕྲན་ནས། །སྤྲུལ་


CMR050_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་བར་ཆད་སོལ། །སྣང་སྲིད་ལྷ་འདྲེའི་གནོད་པ་ཟློག །སྟེང་ཕྱོགས་དགའ་ལྡན་ལྷ་ཡུལ་ནས། །ཡང་སྤྲུལ་ཇོ་འབྲོམ་རྣམ་གཉིས་ལ། །གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །སྤྱི་གཙུག་པད་ཟླའི་གདན་སྟེང་ན། །དྲིན་ཆེན་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཚེ་འདི་ཕྱི་བར་གསུམ་ཁྱེད་རང་ཤེས། །ཐོབ་དཀའ་བའི་དལ་འབྱོར་མི་ལུས་ལ། །ད་སྙིང་པོ་ལོན་པར་བྱིན་གྱིས་རློབས། །དགྲ་འཆི་བདག་ནམ་འོང་ཆ་མེད་ལ། །བློ་འགྱོད་མེད་འགྲུབ་པར་བྱིན་གྱིས་རློབས། །ཁས་བཙན་པོ་གཤིན་རྗེའི་ཁྲིམས་ར་ན། །རང་ངོ་གནོང་མེད་པར་བྱིན་གྱིས་རློབས། །མི་བརྒྱ་ཤི་སྟོང་ཤི་ཐོས་ན་ཡང་། །རང་ཤི་སྣང་མེད་པར་ཨ་ཙ་མ། །ད་མི་རྟག་དྲན་པར་བྱིན་གྱིས་རློབས། །གཉེན་ཉེ་དུ་ནོར་རྫས་ཤུལ་དུ་ལུས། །རང་གཅིག་པུར་འགྲོ་དུས་ཨ་ཙ་མ། །དུས་དེ་དུས་བླ་མས་ཐུགས་རྗེས་ཟུངས། །འགགས་དམ་པོ་བར་དོའི་འཕྲང་བརྒྱད་འགྲིམ། །འཇའ་འོད་ཟེར་ཞི་ཁྲོའི་ལྷ་ཚོགས་འཆར། །དུས་དེ་དུས་དམ་པ་


CMR050_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བརྒྱ་མཁྱེན། །ལམ་དམར་ནག་དཀར་སྔོན་དུ་མ་ཤར། །དུས་དེ་དུས་ཐུབ་པ་རིགས་དྲུག་མཁྱེན། །གནས་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག །མར་འཁོར་བའི་རྒྱ་མཚོ་གཏིང་རེ་ཟབ། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས། །དེ་ཐར་དུས་མེད་པ་ཨ་ཙ་མ། །ལྷ་ཐུགས་རྗེ་ཆེན་པོའི་ལམ་སྣ་དྲོངས། །ནུབ་བདེ་བ་ཅན་དུ་སྐྱེ་བར་ཤོག །དུས་ད་ནི་བྱང་ཆུབ་མ་ཐོབ་བར། །མི་ང་རང་རང་རྒྱུད་དུལ་བར་ཤོག །བྱམས་སྙིང་རྗེ་ཕྱོགས་མེད་འབྱོངས་བར་ཤོག །སེམས་རང་ངོ་རང་གིས་ཤེས་པར་ཤོག །ལམ་ཕ་རོལ་ཕྱིན་དྲུག་སྤྱོད་པར་ཤོག །སེམས་ཆོས་སྐུ་རྗེན་པར་རྟོགས་པར་ཤོག །འཇའ་ཐིག་ལེ་ལྷ་སྐུ་མཐོང་བར་ཤོག །ཆོས་རྫོགས་ཆེན་སྣང་བཞི་མཐར་ཕྱིན་ནས། །དོན་འཇའ་ལུས་ཆོས་སྐུ་འགྲུབ་གྱུར་ཅིག །ཅེས་ནམ་ལངས་ཀྱིས་བསྐུལ་ནས་རཱ་ག་ཨ་སྱས་མར་མེའི་ངོགས་སུ་བྲིས་པའོ།། ༈ །།ན་མོ་གུ་རུ། མི་བདག་གི་སྤྱི་བོའི་གཙུག་རུམ་ན། །གདན་པདྨ་ཉི་ཟླ་སུམ་བརྩེགས་སྟེང་། །ཕ་དྲིན་ཆེན་རྩ་བའི་བླ་མ་དང་། །དོན་དབྱེར་མེད་གུ་རུ་པདྨ་འབྱུང་། །སྐུ་དཀར་དམར་མདངས་ལྡན་འཛུམ་པའི་ཞལ། །ཕྱག་རྡོ་རྗེ་བྷནྡྷ་ཁཊཱཾ་


CMR050_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས། །སྐུ་ཆོས་གོས་རྣམ་གསུམ་པད་ཞྭ་གསོལ། །ཞབས་རྡོ་རྗེའི་སྐྱིལ་ཀྲུང་གཡོ་བ་མེད། །མཚན་དཔེ་བྱད་ཉི་མ་འབུམ་བཞིན་འབར། །སྐུ་དེ་ལ་འོད་ཟེར་ཕྱོགས་བཅུར་འཕྲོས། །ཞིང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས། །སྤྱན་དྲངས་ནས་གུ་རུའི་སྐུ་ལ་ཐིམ། །རྗེ་སངས་རྒྱས་ཀུན་འདུས་པདྨ་འབྱུང་། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ལུས་དལ་འབྱོར་མི་ལུས་རིན་ཆེན་འདི། །དུས་ད་རེས་མ་གཏོགས་ཐོབ་པར་དཀའ། །ལུས་སྙིང་པོ་ལོན་པར་བྱིན་གྱིས་རློབས། །ཚེ་མི་རྟག་རླུང་ནང་མར་མེ་འདྲ། །དུས་ནམ་འཆི་ཚོད་ཟིན་མི་གདའ་བས། །སྤྲང་འཆི་བ་དྲན་པར་བྱིན་གྱིས་རློབས། །ལས་དཀར་ནག་གྲིབ་མ་བཞིན་དུ་འགྲོགས། །རང་གར་འགྲོ་ལས་འབྲས་གཙོ་ཆེ་བས། །བདག་དམ་ཆོས་འགྲུབ་པར་བྱིན་གྱིས་རློབས། །གནས་རིགས་དྲུག་སྡུག་བསྔལ་བཙོན་ར་ན། །གཞན་སུས་ཀྱང་སྐྱོབ་པར་མི་གདའ་བས། །ཕ་ཐུགས་ལྟ་རྗེས་སྐྱོབས་ཤིག་པདྨ་འབྱུང་། །ཆོས་ཀུན་གྱི་རྩ་བ་རང་སེམས་འདི། །ཚེ་སྔར་ནས་འགྲོགས་ཀྱང་ངོ་མ་ཤེས། །བདག་རང་ངོ་ཤེས་པར་བྱིན་གྱིས་རློབས། །ལུས་ཕྱི་ནང་གར་


CMR050_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་གདའ་སྟེ། །དེ་མེད་ཀྱང་ཕྱོགས་བཅུ་ཀུན་ཏུ་རྒྱུག །སེམས་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །སེམས་བལྟས་པས་མི་མཐོང་གཟུགས་མི་གདའ། །སེམས་བཞག་ན་མི་འདུག་རྒྱུག་མཆོང་སྐྱེན། །སེམས་ལྷོད་ནས་འཇོག་པར་བྱིན་གྱིས་རློབས། །ཆོས་ཕྱག་ཆེན་དང་རྫོགས་ཆེན་དབུ་མ་རྣམས། །དོན་རང་སེམས་མིང་གི་བཏགས་འདོགས་ལ། །བདག་ངེས་ཤེས་སྐྱེ་བར་བྱིན་གྱིས་རློབས། །སེམས་རྩེ་གཅིག་དད་པས་གསོལ་བཏབ་པས། །ཕ་པདྨ་འབྱུང་གནས་འོད་དུ་ཞུ། །མི་བདག་གི་ལུས་ངག་ཡིད་གསུམ་ལ། །དཔེ་ཆུ་ལ་ཆུ་བཞག་ལྟ་བུར་འདྲེས། །དོན་རང་སེམས་ཆོས་སྐུ་མངོན་དུ་གྱུར། །རང་སེམས་ཀྱིས་སེམས་ལ་ལྟ་བ་འདི། །ཕ་པདྨ་འབྱུང་གནས་ལྟ་བ་ཡིན། །སྤང་བདག་ཀྱང་ལྟ་བ་འདི་ལ་བལྟ། །དོན་བལྟ་བྱ་ལྟ་བྱེད་བྲལ་བར་རྟོགས། །སེམས་མ་ཡེངས་དྲན་པའི་རྒྱང་སོ་འདི། །ཕ་པདྨ་འབྱུང་གནས་སྒོམ་པ་ཡིན། །སྤྱང་བདག་ཀྱང་ཉམས་ལེན་འདི་ལ་བྱེད། །དོན་འབྲལ་མེད་ཉམས་ལེན་གོམས་པར་བྱེད། །ལས་སྡིག་སྤངས་དགེ་སྒྲུབ་བརྩོན་པ་འདི། །ཕ་པདྨ་འབྱུང་གནས་སྤྱོད་པ་ཡིན། །སྤྲང་བདག་ཀྱང་


CMR050_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་འདི་ལ་སྤྱད། །ལས་མི་དགེ་སྲོག་ལ་བབ་ཀྱང་སྤངས། །མཐའ་འབྲས་བུ་ནམ་ཞིག་འཕོ་བའི་ཚེ། །གནས་བདེ་བ་ཅན་གྱི་ཞིང་ཁམས་སུ། །སྤང་བརྫུས་སྐྱེས་སྐྱེ་བ་ལེན་པར་ཤོག །ཅེས་པ་འདི་རས་པ་ཐལ་མགོན་ཁྱེད་རྩ་བའི་བླ་མར་བཟུང་ནས་གུ་དྲག་ཐང་སྐུའི་ཟུར་དུ་སྐུ་འདྲ་བྲིས་པ་ཡིན་ཟེར་ནས། འོ་ན་ང་རྩ་བའི་བླ་མ་ཡིན་ན་གསོལ་འདེབས་དང་ཉམས་ལེན་འདི་ལྟར་གྱིས་ཞེས་འཕྲལ་དུ་ཨ་རཱ་གས་སོ།། །།བསྟན་པ་སྤྱིའི་གསོལ་འདེབས་བཟོ་བོ་བླ་མ་སྐྱབས་ལ་གནང་བ་བཞུགས་སོ། །ན་མོ་མ་ཧཱ་མུ་དྲ་ཡེ། གནས་འོག་མིན་ཆོས་དབྱིངས་བྷི་ཕོ་བྲང་ན། །དཔལ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །སྟེང་དགའ་ལྡན་ལྷ་ཡི་ཕོ་བྲང་ན། །རྗེ་བློ་གྲོས་རིན་ཆེན་ལ་གསོལ་བ་འདེབས། །གནས་ལྷོ་ཕྱོགས་དཔལ་གྱི་རི་བོ་ནས། །ས་ར་ཧ་པ་ཆེ་ཆུང་ལ་གསོལ་བ་འདེབས། །རི་མེ་ལྟར་འབར་བའི་དགོན་པ་ནས། །རྗེ་མེ་ཏྲི་ཆེན་པོ་ལ་གསོལ་བ་འདེབས། །ལྷོ་གྲོ་བོ་ལུང་གི་དགོན་པ་ན། །རྗེ་ལོ་ཙཱ་ཆེན་པོ་ལ་གསོལ་བ་འདེབས། །གནས་ཆུ་བར་སྤྲུལ་སྐུའི་ཕོ་བྲང་ན། །རྗེ་རས་པ་ཆེ་ཆུང་ལ་གསོལ་བ་འདེབས། །ཤར་དྭགས་ལྷ་དཔལ་གྱི་སྒམ་པོ་ན། །རྗེ་ལྷ་རྗེ་ཁུ་དབོན་


CMR050_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ་བ་འདེབས། །དཔལ་ཕག་མོ་གྲུ་ཡི་ནགས་ཁྲོད་ན། །བདེར་གཤེགས་ཁམས་པ་རྡོར་རྒྱལ་ལ་གསོལ་བ་འདེབས། །མཚུར་མདོ་བོ་ལུང་གི་དགོན་པ་ན། །གྲུབ་ཐོབ་ཁམས་པ་དབུ་སེ་ལ་གསོལ་བ་འདེབས། །གནས་སྣ་ཕུ་དཔལ་གྱི་རི་ཁྲོད་ན། །གྲུབ་ཐོབ་གླིང་རྗེ་རས་པ་ལ་གསོལ་བ་འདེབས། །མཚལ་གུང་ཐང་དཔལ་གྱི་གཙུག་ལག་ན། །རྗེ་སྐྱེ་མེད་ཞང་ལ་གསོལ་བ་འདེབས། །གནས་འབྲི་གུང་དཔལ་གྱི་ཡང་དགོན་ན། །རྗེ་རིན་ཆེན་དཔལ་ལ་གསོལ་བ་འདེབས། །གནས་སྟག་ལུང་རྡོ་རྗེའི་གདན་སྟེང་ན། །རྗེ་བཀྲ་ཤིས་དཔལ་ལ་གསོལ་བ་འདེབས། །གནས་ལ་སྟོད་རྒྱལ་གྱི་རྩིབས་རི་ནས། །རྒོད་ཚང་མགོན་པོ་རྡོ་རྗེ་ལ་གསོལ་བ་འདེབས། །གནས་གནམ་མཚོ་སྔགས་ཀྱི་སྒྲུབ་གནས་ན། །རྗེ་ལོ་རས་ཆེན་པོ་ལ་གསོལ་བ་འདེབས། །ཤར་འོད་ཟེར་དམ་པའི་ཕོ་བྲང་ནས། །རྗེ་དྷརྨེ་ཤྭ་ར་ལ་གསོལ་བ་འདེབས། །གནས་ཝེ་རེ་རྡོ་རྗེའི་བྲག་ཕུག་ན། །རྗེ་ཀུན་དགའ་རྣམ་རྒྱལ་ལ་གསོལ་བ་འདེབས། །གནས་སྤྱི་གཙུག་ཚངས་པའི་ཡུལ་ས་ན། །དྲིན་ཆེན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས། །ནུབ་ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་ན། །


CMR050_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས། །གནས་བསིལ་བ་ཚལ་གྱི་དུར་ཁྲོད་ན། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ་གསོལ་བ་འདེབས། །བདག་མོས་པའི་བུ་ལ་ཐུགས་རྗེས་ཟུངས། །ལུས་སྙིང་པོ་ལོན་པར་བྱིན་གྱིས་རློབས། །སེམས་འཆི་བ་དྲན་པར་བྱིན་གྱིས་རློབས། །ལས་རྒྱུ་འབྲས་ཤེས་པར་བྱིན་གྱིས་རློབས། །བྱམས་སྙིང་རྗེ་འབྱོང་བར་བྱིན་གྱིས་རློབས། །སེམས་རང་ངོ་ཤེས་པར་བྱིན་གྱིས་རློབས། །དོན་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །ཉམས་རྟོགས་པ་སྐྱེ་བར་བྱིན་གྱིས་རློབས། །རྗེ་བཀའ་བརྒྱུད་བླ་མའི་སྐུ་གསུང་ཐུགས། །མི་བདག་གི་ལུས་ངག་ཡིད་དང་གསུམ། །དོན་དབྱེར་མེད་ཆུ་ལ་ཆུ་བཞག་བཞིན། །ཆོས་ཕྱག་ཆེན་ངང་དུ་རོ་གཅིག་ནས། །ཉམས་རྟོགས་པ་ཡར་ངོའི་ཟླ་བ་བཞིན། །མི་བདག་གི་རྒྱུད་ལ་འཕེལ་བར་ཤོག །དེ་འཕེལ་བས་ཁམས་གསུམ་སེམས་ཅན་ལ། །བྱམས་སྙིང་རྗེ་བཟོད་མེད་སྐྱེ་བར་ཤོག། ལུས་ཡི་དམ་ཐུགས་རྗེ་ཆེན་པོའི་སྐུ། །ལྷ་བསྐྱེད་རིམ་བརྟན་པ་ཐོབ་པར་ཤོག །ཉམས་རྟོགས་པའི་འབྱུང་ཁུངས་བླ་མ་ལ། །སེམས་བཅོས་མིན་མོས་གུས་སྐྱེ་བར་ཤོག །དོན་


CMR050_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

རང་སེམས་ཕྱག་རྒྱ་ཆེན་པོ་ལ། །ཉམས་གང་ཤར་རང་ངོ་བལྟ་བར་ཤོག །དེ་འཁོར་ཡུག་བརྟན་པ་ཐོབ་ནས་ཀྱང་། །ལུས་མི་ཡི་གཟུགས་སུ་འདུག་ན་ཡང་། །སེམས་མངོན་པར་སངས་ཆུང་རྒྱ་བར་ཤོག །མི་བདག་གི་གསོལ་འདེབས་ཉམས་ལེན་འདི། །མ་འགྲོ་དྲུག་སེམས་ཅན་མ་ལུས་པ། །དུས་མྱུར་དུ་སངས་རྒྱས་ཐོབ་པར་ཤོག །ཅེས་པ་བཟོ་བོ་བླ་མ་སྐྱབས་ཀྱིས་བསྐུལ་ནས་འཕྲལ་དུ་དགེ་སློང་རཱ་ག་ཨ་སྱས་བྲིས་སོ།། །།བསྟན་པ་སྤྱིའི་གསོལ་འདེབས་བྱམས་པ་སྐྱབས་ལ་གནང་བ་བཞུགས་སོ། །ན་མོ་ཤཱཀྱ་མུ་ནེ་ཡེ། གནས་འོག་མིན་ཆོས་དབྱིངས་ཞིང་ཁམས་ནས། །དཔལ་ཀུན་བཟང་རིགས་ལྔ་རྡོ་རྗེ་འཆང་། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་མི་མཇེད་དག་པའི་ཞིང་ཁམས་ནས། །དཔལ་ཤཱཀ་ཐུབ་བསྐལ་བཟང་སངས་རྒྱས་སྟོང་། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་གླིང་དང་རི་རབ་བཅས་པ་ནས། །དཔལ་འཕགས་པ་གནས་བརྟན་བཅུ་དྲུག་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་


CMR050_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་རྒྱ་གར་འཕགས་པའི་ཡུལ་མཆོག་ན། །རྗེ་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་ལྷོ་ནུབ་སྲིན་པོའི་ཡུལ་དབུས་ན། །རྗེ་པད་འབྱུང་གུ་རུ་མཚན་བརྒྱད་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་སྤུ་རྒྱལ་གངས་ཅན་བོད་ཡུལ་ནས། །རྗེ་རྗེ་འབངས་ཉེར་ལྔ་མེས་དབོན་གསུམ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །བོད་གངས་ཅན་གཏེར་གནས་སོ་སོ་ན། །རྗེ་གཏེར་སྟོན་བརྒྱ་དང་རྩ་བརྒྱད་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་ལ་སྟོད་གྲམ་པ་ས་སྐྱ་ན། །རྗེ་ས་སྐྱ་འཇམ་དབྱངས་བདུན་བརྒྱུད་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་ར་སྒྲེང་དཔལ་གྱི་ནགས་ཚལ་ན། །རྗེ་


CMR050_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་འབྲོམ་ཁུ་རྔོག་རྒྱལ་སྲས་གསུམ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་ཟངས་རི་མཁར་དམར་དགོན་པ་ན། །མ་ལབ་སྒྲོན་བརྒྱུད་འཛིན་བརྒྱ་རྩ་བརྒྱད། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །ཤར་དྭགས་ལྷ་དཔལ་གྱི་སྒམ་པོ་ན། །རྗེ་དྭགས་པོ་བཀའ་བརྒྱུད་ཡ་བཞི་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །མཚུར་མདོ་བོ་ལུང་གི་དགོན་པ་ན། །རྗེ་ཞྭ་ནག་འཛིན་པ་བཅུ་གསུམ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་སྒར་ཆེན་ཆོས་ཀྱི་ཕོ་བྲང་ན། །རྗེ་ཞྭ་དམར་འཛིན་པ་ཉེར་གཅིག་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །འབྲུག་ར་ལུང་གཉིས་ཀྱི་དགོན་པ་ན། །རྗེ་རྒྱ་རས་སེང་གེ་དགུ་ཚར་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་འབྲི་གུང་དཔལ་


CMR050_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ནགས་འདབས་ན། །རྗེ་སྐྱོབ་པ་སེང་ཆེན་བཅུ་གསུམ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས་། །གནས་སྟག་ལུང་རྡོ་རྗེའི་གདན་སྟེང་ན། །རྗེ་ཐང་པ་སེང་ཆེན་བཅུ་གསུམ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་ཆོས་ཕུ་ཆོས་ཁྲི་སེར་མོ་ན། །རྗེ་ལོ་ཆེན་སེང་ཆེན་བརྒྱད་པོ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་གར་བཞུགས་ཆོས་ཀྱི་ཕོ་བྲང་ན། །རྗེ་མཚན་ལྡན་བླ་མ་ཐམས་ཅད་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་པར་བྱིན་གྱིས་རློབས། །གནས་སྤྱི་གཙུག་པད་ཟླའི་གདན་སྟེང་ནས། །ཆོས་དྲིན་ཐོབ་རྩ་བའི་བླ་མ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སེམས་ཆོས་སྐུ་རྟོགས་ལ་པར་བྱིན་གྱིས་རློབས། །ལུས་ཐོབ་དཀའི་དལ་འབྱོར་མི་ལུས་འདི། །ཚེ་སུམ་གཉིས་ཡང་ཡེང་ངང་ལ་ཟད། །སྔར་གང་བྱས་ཟས་གོས་ཚེ་འདིའི་དོན། །ད་ཕྱི་མའི་བརྒྱགས་ཕྱེ་


CMR050_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

གྲབས་རན་ཟིན། །ལུས་སྙིང་པོ་ལོན་པ་ཞིག་བླ་མ་མཁྱེན། །མི་ལུས་སྟོང་ལོག་མཁན་ཚོ་ཐུགས་རྗེས་གཟིགས། །ཕྱི་འཇིག་རྟེན་མི་རྟག་མེ་ཆུས་འཇིག །ནང་སེམས་ཅན་མི་རྟག་ལུས་སེམས་བྲལ། །དུས་དབྱར་རྒུན་མི་རྟག་འགྱུར་ཞིང་འགྲོ། །དུས་ཉིན་མཚན་གཉིས་པོ་ཚེ་ལ་བརྐུ། །སེམས་སྐྱོ་ཤས་སྐྱེ་བ་ཞིག་བླ་མ་མཁྱེན། །རྟག་འཛིན་ཕྱི་ཚིས་མཁན་ཚོ་ལ་ཐུགས་རྗེས་གཟིགས། །སྔར་སྐྱེས་ནས་མ་ཤི་གཅིག་ཀྱང་མེད། །མི་རྒས་ནས་འཆི་བ་རེ་རེ་ཙམ། །སང་ཕྱི་མ་ནམ་སྔ་ཆ་མེད་ཀྱང་། །རང་འཆི་གྲབ་ཀྱིས་དམ་ཆོས་མི་སྒྲུབ་པར། །ཕོ་རང་གིས་རང་ལ་མགོ་གཡོག་ཆེ། །ལས་རྒྱུ་འབྲས་མེ་ལོང་གཟུགས་བརྙན་བཞིན། །དེ་བསླུ་མེད་རང་ལ་སྨིན་ངེས་ཀྱང་། །དེ་མི་ཤེས་ཤེས་ཀྱང་འཆོལ་བར་སྤྱོད། །དཔེ་ཤེས་བཞིན་བཙན་དུག་ཟ་བ་འདྲ། །བདག་སྡིག་ལྟུང་མེད་པ་ཞིག་བླ་མ་མཁྱེན། །སྡིག་ཆོག་ཤེས་མེད་ཚོ་ཐུགས་རྗེས་གཟིགས། །ལས་དགེ་བ་མཁོ་སྟེ་བྱེད་མཁན་མེད། །དུས་སྙིགས་མའི་དགེ་བ་སྡིག་དང་འདྲེས། །སྡིག་མེད་པའི་ལུས་ངག་དགེ་སྦྱོར་ལ། །བདག་བརྩོན་འགྲུས་ནུས་པ་ཞིག་བླ་མ་མཁྱེན། །ཁ་སྤྱིན་གྱིས་སྦྱར་འདྲ་


CMR050_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཚོར་ཐུགས་རྗེས་གཟིགས། །མར་ངན་སོང་གསུམ་གྱི་སྡུག་བསྔལ་འདི། །གཏམ་རྣ་བར་ཐོས་ཀྱང་འཇིགས་སྐྲག་ན། །དེ་མཐོང་ན་སྙིང་ཕྲིག་ཨེ་མི་དགའ། །དུས་ད་ལྟ་མེ་རྟག་ཕོག་ཀྱང་ཚ། །དུས་རྒྱུན་དུ་ལྕགས་སྲེག་ས་གཞི་ལ། །མེ་ཆེན་པོས་བསྲེགས་ན་ཅི་འདྲའོ། །བདག་རྒྱུ་འབྲས་ཞིབ་པ་ཞིག་བླ་མ་མཁྱེན། །མི་སྡིག་རྔམ་ཅན་ཚོར་ཐུགས་རྗེས་གཟིགས། །དུས་ད་ལྟ་ཞག་གཅིག་འཁྱགས་མི་ཁྱགས། །ལོ་དུང་ཕྱུར་ལ་ཆབ་རོམ་ནང་དུ་འཁེང་། །ལུས་བརྒྱ་སྟོང་དུ་གས་དུས་ཅི་འདྲ་འོང་། །བདག་ཆོས་མགོ་ཐོན་པ་ཞིག་བླ་མ་མཁྱེན། །ཕོ་རྒོད་མདའ་སྐྱེན་ཚོ་ལ་ཐུགས་རྗེས་གཟིགས། །དུས་ད་ལྟ་ཞག་གཅིག་ལྟོགས་མི་ཁྱག །ལོ་སྟོང་ཕྲག་མང་པོར་ཟས་དང་སྐོམ། །ཆུ་ཐིགས་གཅིག་འཐུང་དབང་མེད་པའི་དུས། །ཟས་ཞིམ་པོ་འདོད་པ་ཚོས་ཅི་བྱེད་ཨང་། །བདག་ཚོགས་བསགས་ནུས་པ་ཞིག་བླ་མ་མཁྱེན། །རྐུ་ཇག་འཕྲོག་བཅོམ་མཁན་ཚོར་ཐུགས་ལྟ་རྗེས་གཟིགས། །མར་མཐོ་རིས་ལྷ་མིའི་བདེ་སྐྱིད་ཀྱང་། །ཟས་ཞིམ་པོ་དུག་དང་འདྲེས་པ་བཞིན། །འཕྲལ་སྐྱིད་ཀྱང་ཕུགས་སུ་གནོད་པ་ཆེ། །ཚེ་འདི་ཡི་ཟས་ནོར་སྙན་གྲགས་


CMR050_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །བདག་ཞེན་པ་ལོག་པ་ཞིག་བླ་མ་མཁྱེན། །ཆོས་བརྒྱད་ཁེ་གྲགས་མཁན་ཚོར་ཐུགས་རྗེས་གཟིགས། །མི་བདག་དང་བདག་ལ་འབྲེལ་ཐོགས་རྣམས། །ནུབ་བདེ་ཆེན་ཞིང་དུ་ལམ་སྣ་དྲོངས། །ལུས་བརྫུས་སྐྱེས་ཐོབ་པ་ཞིག་བླ་མ་མཁྱེན། །མཐའ་མེད་འཁོར་བར་འཁྱམས་ཚོར་ཐུགས་རྗེས་གཟིགས། །འགྲོ་ཀུན་བྱང་ཆུབ་ཐོབ་པར་བྱིན་གྱིས་རློབས། །མཆོག་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཅེས་བྱམས་པ་སྐྱབས་ཀྱིས་བསྐུལ་ནས་ཨ་རཱ་གས་བྲིས་སོ།། ༈ །།ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་བར་ཆད་རྐྱེན་སེལ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་དེ་ཝ་ཌཱཀྐི་ནཱི། གནས་སྤྱི་བོའི་གཙུག་རོལ་སྟེང་གི་ཆར། །འཇའ་འོད་ཕུང་འཁྲིགས་པའི་གུར་ཁང་ན། །རྗེ་རྫོགས་པའི་སངས་རྒྱས་པདྨ་འབྱུང་། །སྐུ་དཀར་དམར་སྟོན་ཀའི་ཟླ་རྒྱས་བཞིན། །ཞལ་འཛུམ་མཛེས་སྤྱན་གཉིས་ཞི་མ་ཁྲོ། །དབུ་པད་ཞྭ་རྒོད་ཀྱི་ལྡེམ་འཕྲུ་ཅན། །སྐུ་ཟ་བེར་ཆོས་གོས་རྣམ་གསུམ་གསོལ། །ཕྱག་རྡོ་རྗེ་བྷནྡྷ་ཚེ་བུམ་བསྣམས། །ཡུམ་སྦས་ཚུལ་ཁཊཾ་མཆན་ཁུང་བཏོན། །ཞབས་རྡོ་རྗེའི་སྐྱིལ་ཀྲུང་པད་ཟླའི་གདན། །ཡེ་གདོད་ནས་དམ་ཡེ་དབྱེར་མེད་


CMR050_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ངང་། །ཕྱི་ནམ་མཁས་གར་ཁྱབ་འཁོར་འདས་ཀུན། །རྗེ་པད་འབྱུང་སྐུ་གསུང་ཐུགས་ཀྱིས་ཁྱབ། །གནས་ཞིང་ཁམས་རྒྱ་མཚོ་མ་ལུས་པ། །རྗེ་པད་འབྱུང་སྐུ་ལ་ཐམས་ཅད་རྫོགས། །རྗེ་སངས་རྒྱས་ཐམས་ཅད་འདུས་པའི་ཐུགས། །ཐུགས་ཆོས་སྐུའི་ངོ་བོ་པདྨ་འབྱུང་། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཡུམ་ཆོས་སྐུ་མཁའ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དམ་ཆོས་ཐམས་ཅད་འདུས་པའི་གསུང་། །གསུང་ལོངས་སྐུའི་གཙོ་བོ་པདྨ་འབྱུང་། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཡུམ་ལོངས་སྐུ་མཁའ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དགེ་འདུན་ཐམས་ཅད་འདུས་པའི་སྐུ། །སྐུ་སྤྲུལ་སྐུའི་རྒྱལ་པོ་པདྨ་འབྱུང་། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཡུམ་ལ་སྤྲུལ་སྐུ་མཁའ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་པད་འབྱུང་སྐུ་ཡི་གནས་ལྔ་ནས། །དཔལ་རིགས་


CMR050_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་དཔའ་བོ་ཌཱཀྐིའི་ཚོགས། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཡུམ་ཡེ་ཤེས་མཁའ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་པད་འབྱུང་སྐུ་ཡི་རྩ་གནས་ནས། །ཡུལ་ཉེར་བཞིའི་དཔའ་བོ་ཌཱཀི་ཚོགས། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །མ་གནས་སྐྱེས་ཞིང་སྐྱེས་སུན་མ་ཟློག །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་པད་འབྱུང་སྐུ་ཡི་ཆ་ལུགས་ལ། །མ་ཌཱཀི་འབུམ་ཚོ་ཉི་ཤུ་རྫོགས། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །མ་འབུམ་ཕྲག་མཁའ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དགོངས་པ་ཤར་དུ་བསྐྱོད་ཙ་ན། །ཤར་ཞི་མཛད་རྡོ་རྗེ་ཐོད་ཕྲེང་རྩལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ཤར་རྡོ་རྗེ་མཁའ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དགོངས་པ་ལྷོ་རུ་བསྐྱོད་ཙ་ན། །ལྷོ་རྒྱས་མཛད་རཏྣ་ཐོད་ཕྲེང་རྩལ། །


CMR050_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ལྷོ་རིན་ཆེན་མཁའ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དགོངས་པ་ནུབ་ཏུ་བསྐྱོད་ཙ་ན། །ནུབ་དབང་མཛད་པདྨ་ཐོད་ཕྲེང་རྩལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །ནུབ་པདྨ་མཁའ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དགོངས་པ་བྱང་དུ་བསྐྱོད་ཙ་ན། །བྱང་དྲག་མཛད་ཀརྨ་ཐོད་ཕྲེང་རྩལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བྱང་ལས་ཀྱི་མཁའ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དགོངས་པ་དབུས་སུ་བསྐྱོད་ཙ་ན། །དབུས་ལྷུན་གྲུབ་བྷུདྨ་ཐོད་ཕྲེང་རྩལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །དབུས་སངས་རྒྱས་མཁའ་སྒྱུ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དགོངས་པ་ཕྱོགས་མཚམས་བསྐྱོད་ཙ་ན། །སྐུ་གང་འདུལ་གུ་རུ་


CMR050_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མཆོག་བརྒྱད། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །མ་དུར་ཁྲོད་མཁའ་འགྲོའི་སུན་མ་ཟློག །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དགོངས་པ་བོད་ཡུལ་བསྐྱོད་ཙ་ན། །དཔལ་རྡོ་རྗེ་གྲོ་ལོད་ཞི་མ་ཁྲོ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །སྟེང་བརྟན་མ་བཅུ་གཉིས་སུན་མ་ཟློག །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྗེ་དགོངས་པ་དྲག་ཏུ་ཁྲོས་ཙ་ན། །དཔལ་གུ་རུ་དྲག་པོ་ཁྲོ་བོའི་རྒྱལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །བཀའ་སྣང་སྲིད་ལྷ་འདྲེའི་སུན་མ་ཟློག །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །རྐྱེན་དུས་མིན་འཆི་དང་བར་ཆད་སོལ། །མཆོག་ཐུན་མོང་ཚེ་ཡི་དངོས་གྲུབ་སྩོལ། །མི་བདག་གི་ལུས་དང་ལོངས་སྤྱོད་རྣམས། །དཔེ་ཀུན་བཟང་མཆོད་སྤྲིན་ལྟ་བུར་སྤྲུལ། །རྗེ་པད་འབྱུང་མཁའ་འགྲོའི་ཚོགས་ལ་འབུལ། །བདག་དེ་ལྟར་མཆོད་ཅིང་གསོལ་བཏབ་པས། །ཕྱག་ཚེ་བུམ་ནང་ནས་བདུད་རྩི་བབ། །རྐྱེན་ནད་གདོན་བར་


CMR050_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་སྡིག་སྒྲིབ་དག །ལུས་དྲི་མེད་ཤེལ་གོང་ལྟ་བུར་གྱུར། །རྗེ་པད་འབྱུང་འོད་ཞུ་བདག་ལ་ཐིམ། །མི་བདག་དང་དབྱེར་མེད་གཅིག་ཏུ་འདྲེས། །རྗེ་གུ་རུ་ཨོ་རྒྱན་ཚེ་དཔག་མེད། །དུས་སྟན་ཐོག་འདི་ནས་འགྲུབ་གྱུར་ཅིག །བདག་འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨ་ཡུསིདྡྷི་ཧཱུྃ་ཧཱུྃ༔ གུ་རུའི་ཚེ་སྒྲུབ་ཀྱི་སྔགས་འདི་ཅི་ནུས་བཟླའོ། ཨོཾ་དྷ་ཀ་ནི་ས་ར་ན་ན་མུ་ཁུ་ས་དུ་ན་ཟློག །སུན་མ་ཟློག་པའི་སྔགས་འདི་དུས་བཟང་དུས་བརྒྱའམ་ཉེར་གཅིག་གམ་ཡུན་ཙམ་བཟླའོ། །ཨོཾ་ཧ་ར་ཧཱུྃ་ཧ། མཁའ་འགྲོ་མ་རྣམས་འབྲོས་པའི་སྔགས་འདི་གལ་ཆེ་ན་ཅུང་ཟད་བཟླའོ། །མང་བར་མི་བྱ། ཞེས་པ་འདི་ནི་བདག་ཨ་རཱ་ག་གློ་བུར་དུ་ནད་དྲག་པོས་བཏབ་ནས་འཆི་བའི་རྟགས་ཀྱང་མང་དུ་ཚང་ནས་བྱུང་དུས་འདི་ལྟར་ཡིད་ཀྱིས་གསོལ་བ་བཏབ་པས། ཕྱིས་ནད་ལས་གྲོལ་དུས་གཞན་ལའང་ཕན་སྲིད་སྙམ་ནས་ཡི་གེར་བཀོད་པའོ།། ༈ །།འོད་དཔག་མེད་ཀྱི་བླ་མའི་རྣལ་འབྱོར་ཀརྨ་ཚེ་བརྟན་ལ་གདམས་པ་བཞུགས་སོ། །ན་མོ་གུ་རུ་དེ་ཝ་ཌཱཀྐི་ནཱི་ཧཱུཾ། མི་སྒྱུ་བདག་གི་སྤྱི་བོའི་གཙུག་རོལ་ན། །གདན་པདྨ་ཉི་ཟླ་བརྩེགས་པའི་སྟེང་། །སྐྱབས་ཀུན་འདུས་སངས་རྒྱས་འོད་དཔག་མེད། །སྐུ་དམར་གསལ་ཆོས་གོས་རྣམ་གསུམ་གསོལ།


CMR050_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་མཉམ་བཞག་བདུད་རྩིའི་ལྷུང་བཟེད་བསྣམས། །སྐུ་མཚན་དཔེས་རབ་བརྒྱན་སྐྱིལ་ཀྲུང་བཞུགས། །ཞིང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས། །དཔེ་ཁ་བ་བུ་ཡུག་འཚུབ་བཞིན་བྱོན། །དེ་ཐམས་ཅད་སྣང་མཐའི་སྐུ་ལ་ཐིམ། །རྗེ་དཀོན་མཆོག་ཀུན་འདུས་རྫོགས་སངས་རྒྱས། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །དཔེ་བཤའ་ལུག་མགོ་འཁོར་ཇི་བཞིན་དུ། །ད་ནམ་འཆི་ཆ་མེད་ཨ་ཙ་མ། །དཔེ་ནུབ་རིའི་རྩེ་ཡི་ཉི་མ་བཞིན། །དེ་བཤོལ་ཐབས་མེད་པས་ཨ་ཙ་མ། །གཉེན་ཉེ་དུ་ཟས་ནོར་ཤུལ་དུ་ལུས། །རང་གཅིག་པུར་འགྲོ་དུས་ཨ་ཙ་མ། །ས་ཆ་མེད་ཡུལ་དུ་རྒྱུས་མེད་འཁྱམས། །ས་གར་འགྲོ་ཆ་མེད་ཨ་ཙ་མ། །ལུས་འབྱུང་བཞིའི་ཐེམ་སྡུག་ཟུག་ཟེར་ཆེ། །སེམས་འཁྲུལ་སྣང་འཇིགས་སྐྲག་ཨ་ཙ་མ། །ལས་དགེ་སྡིག་ལུས་དང་གྲིབ་བཞིན་འགྲོགས། །དཔོན་གཤིན་རྗེའི་ཁྲིམས་ར་ཨ་ཙ་མ། །དུས་དེ་དུས་བདག་ལ་སྐྱབས་གཞན་མེད། །ཕ་ཐུགས་རྗེས་ཟུངས་ཤིག་འོད་དཔག་མེད། །དུས་དེང་སང་སྙིགས་དུས་བར་ཆད་མང་། །ཚེ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཡེ་གདོད་ནས་རང་སེམས་ཆོས་


CMR050_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐུ། །དེ་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །དུས་ནམ་ཞིག་འདི་ནས་ཚེ་འཕོས་ཚེ། །ནུབ་བདེ་བ་ཅན་དུ་སྐྱེ་བར་ཤོག །རྗེ་འོད་དཔག་མེད་པ་འོད་དུ་ཞུ། །མི་བདག་དང་དབྱེར་མེད་གཅིག་ཏུ་འདྲེས། །ད་ཚུར་ལྟོས་རང་གི་སེམས་ལ་ལྟོས། །དེ་བལྟས་པས་མ་མཐོང་ངང་ལ་ཞོག །སེམས་བཟོ་བཅོས་མེད་པར་ལྷུག་པར་ཞོག །དབྱིངས་ནམ་མཁའི་མཐོངས་སུ་ཡར་ལྟོས་དང་། །དོན་ཡེ་ཤེས་ལྔ་ཡི་འོད་ཟེར་ལྔ། །འཇའ་ཐིག་ལེ་ཐིག་ཕྲན་ལུ་གུ་རྒྱུད། །ལྷ་དམ་པ་རིགས་བརྒྱ་དངོས་སུ་མཇལ། །དེ་ལྟོས་ལ་རང་སེམས་དབྱེར་མེད་སྲེས། །སྒོམ་གསལ་སྟོང་དབྱེར་མེད་ངོ་མཚར་ཆེ། །དེ་གོམས་ན་བར་དོར་མངོན་འཚང་རྒྱ། །ཆོས་ཐེག་པ་དགུ་ཡི་ཡང་རྩེ་ཡིན། །ཆོས་འདི་ལས་ཟབ་པ་གཅིག་ཀྱང་མེད། །ལམ་དེ་ལས་མྱུར་བར་གསུངས་པ་མེད། །ཁྱེད་ཀརྨ་ཚེ་བརྟན་ཉམས་ལེན་མཛོད། །ཚིག་དེ་སྐད་རཱ་ག་ཨ་སྱས་ཡིས། །ས་ཀེ་སྟོད་ཆུ་ཆེན་སྒྱུ་ཐོག་ཏུ་སྨྲས།། ༈ །།ཀརྨ་དོན་གྲུབ་ལ་གདམས་པ་བཞུགས། ན་མོ་གུ་རུ་ག་ག་ན་དྷ་ཛ་ཡེ། འཇམ་དབྱངས་བླ་མ་ཆོས་ཀྱི་དབང་ཕྱུག་ལ། །རྩེ་གཅིག་གུས་པའི་ཡིད་


CMR050_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གསོལ་བ་འདེབས། །རྗེས་འཇུག་བུ་ལ་ཐུགས་རྗེས་སྤྱན་གྱིས་གཟིགས། །མི་ཤེས་རྨོངས་པའི་དྲི་མ་བསལ་དུ་གསོལ། །བུ་ཆུང་ནས་སྐྱོང་བའི་ཀརྨ་དོན་འགྲུབ་ཉོན། །སྐྱེ་བར་དཀའ་བའི་འཛམ་བུ་གླིང་དུ་སྐྱེས། །ཐོབ་པར་དཀའ་བའི་མི་ལུས་རིན་ཆེན་ཐོབ། །རིགས་བཟང་ཁུངས་བཙུན་སྨུག་པོ་གདོང་གི་རིགས། །གྲུབ་ཆེན་མཁའ་ལ་སྤྱོད་པའི་རིགས་སུ་སྐྱེས། །ཆུང་ནས་རབ་བྱུང་ཆེ་ནས་ཚུལ་ཁྲིམས་བསྲུང་། །བླ་མ་བསྟེན་ཅིང་དབང་ལུང་ཟབ་དགུ་ཐོབ། །ཇོ་ཤཱཀ་གཉིས་སོགས་དབུས་གཙང་གནས་རི་འཁོར། །དེང་སང་མཚམས་དང་སྒྲུབ་པ་བྱེད་པ་འདི། །ཚེ་སྔོན་བསོད་ནམས་བསགས་པའི་འབྲས་བུ་དང་། །སྨོན་ལམ་བཟང་པོ་བཏབ་པའི་འབྲས་བུ་ཡིན། །མཚམས་ལ་འདུག་ཕྱིར་རི་ཁྲོད་ཕྱོགས་སུ་ནི། །གོམ་པ་བདུན་ཙམ་སྤོ་བར་བྱས་ན་ཡང་། །བསྐལ་པ་སྟོང་གི་སྡིག་པ་དག་པར་གསུངས། །འཇམ་དབྱངས་དཀར་པོ་རྒྱུན་དུ་བསྙེན་པ་ནི། །ཚེ་གཅིག་ལུས་གཅིག་སངས་རྒྱས་ཐོབ་པར་གསུངས། །བཅོམ་ལྡན་ཀུན་རིག་འདི་ཉིད་ཉམས་སུ་བླངས། །མཚམས་མེད་ལྔ་ཡི་སྡིག་སྒྲིབ་དག་པ་དང་། །འཁོར་བ་ངན་སོང་སྐྱེ་སྒོ་ཆོད་པར་


CMR050_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །ཀུན་རིག་སྒོ་ནས་ཚེ་འདས་དོན་བྱེད་པའི། །མི་དེ་སངས་རྒྱས་སྤྲུལ་པ་ཡིན་པར་གསུངས། །སྙིགས་མའི་དུས་འདིར་རིན་ཆེན་སྣ་བདུན་གྱིས། །འཇིག་རྟེན་བཀང་ནས་སྦྱིན་པ་བཏང་བ་བས། །དམ་ཆོས་ཚིག་བཞི་བློ་ལ་བཟུང་བ་ན། །བསོད་ནམས་བརྒྱ་སྟོང་འགྱུར་གྱིས་ཆེ་བར་འགྱུར། །ངན་སོང་སྦྱོང་བ་ཀུན་རིག་དཀྱིལ་འཁོར་འདི། །ཕྱི་མའི་ལམ་སྣ་འདྲེན་པའི་བླ་མ་ཡིན། །མཆོག་གི་དངོས་གྲུབ་སྩོལ་བའི་ཡི་དམ་ཡིན། །བདེ་སྐྱིད་ཕུན་ཚོགས་སྒྲུབ་པའི་མཁའ་འགྲོ་ཡིན། །རྐྱེན་ངན་བར་ཆད་སེལ་བའི་ཆོས་སྐྱོང་ཡིན། །ལོངས་སྤྱོད་འཛད་མེད་འབྱུང་བའི་ནོར་ལྷ་ཡིན། །འདི་ཕྱི་གཉིས་ཀའི་དོན་འབྱུང་ནོར་བུ་ཡིན། །དེ་ཕྱིར་དད་གུས་སྤྲོ་བ་སྐྱེད་མཛོད་ལ། །ཀུན་རིག་དཀྱིལ་འཁོར་བློ་ལ་འཛིན་པ་དང་། །ནངས་ནུབ་འཇམ་དབྱངས་དཀར་པོའི་བསྙེན་པ་དང་། །སྐབས་སུ་རང་སེམས་ངོ་བོ་སྐྱོང་བར་མཛོད། །ཅེས་དོན་འགྲུབ་མཚམས་ལ་འདུག་དུས་སྤྲོ་བ་ལྟའཕེལ་ཕྱིར་ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སྐུ་ཆེ་ཕྲ་ཅི་རིགས་པ་རྣམས་ལ་བསླབ་བྱ་ཕན་སེམས་སུ་གདམས་པ་ཕན་བདེའི་ཆུ་གཏེར།


CMR050_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཆེ་ཕྲ་ཅི་རིགས་པ་རྣམས་ལ་བསླབ་བྱ་ཕན་སེམས་སུ་གདམས་པ་ཕན་བདེའི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ། །


CMR050_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། རྒྱལ་བ་ཀུན་གྱི་ངོ་བོ་པདྨ་འབྱུང་། །དེ་ཡི་རྣམ་འཕྲུལ་ཆོས་ཀྱི་དབང་ཕྱུག་ལ། །ཁ་ཙམ་མིན་པར་སྙིང་ནས་གསོལ་བ་འདེབས། །རྗེས་འཇུག་བུ་ཡི་སྐྱིད་སྡུག་ཁྱེད་རང་ཤེས། །དམ་བཅའ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་པ། །ལས་འབྲས་འཁོར་བའི་ཉེས་དམིགས་བསྒོམ་པ་བཞི། །བུ་ཁྱོད་ལེགས་པར་གོ་བ་ངོ་མཚར་ཆེ། །ཐོབ་དཀའི་དལ་འབྱོར་ཐོབ་པ་མང་ལགས་ཀྱང་། །རྟེན་ཕུར་འདུན་མ་སྒྲུབ་པ་ཤིན་ཏུ་ཉུང་། །ཕལ་ཆེར་རིན་ཆེན་གླིང་ནས་སྟོང་ལོག་བྱེད། །བུ་ཁྱོད་གཏན་བདེ་


CMR050_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ་ངོ་མཚར་ཆེ། །ཚེ་ལ་ལོང་མེད་ནམ་འཆི་ཆ་མེད་ལ། །གཏན་དུ་སྡོད་རྩིས་བྱས་པ་ཤིན་ཏུ་མང་། །ཕལ་ཆེར་འཆི་བར་ཤེས་ཀྱང་ངན་སོང་བསྒྲུབ། །བུ་ཁྱོད་འཆི་བ་དྲན་པ་ངོ་མཚར་ཆེ། །དཀར་ནག་ལས་འབྲས་བསླུ་བ་མེད་ལགས་ཀྱང་། །རང་ཉིད་ངན་འགྲོར་འཕེན་མཁན་ཤིན་ཏུ་མང་། །ཕལ་ཆེར་རང་གཞན་ངན་འགྲོར་ཁྱུ་འདེད་བྱེད། །བུ་ཁྱོད་སྡིག་སྤོང་དགེ་སྒྲུབ་ངོ་མཚར་ཆེ། །འཁོར་བའི་གནས་ན་བདེ་བ་མེད་ལགས་ཀྱང་། །བདེ་བར་རེ་ནས་སྡིག་པ་སྒྲུབ་པ་མང་། །ཕལ་ཆེར་འཇིག་རྟེན་ཆོས་བརྒྱད་དབང་དུ་འགྲོ། །བུ་ཁྱོད་ཚེ་


CMR050_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བློས་བཏང་ངོ་མཚར་ཆེ། །ལུས་ལ་སེར་གོས་གྱོན་པ་མང་ལགས་ཀྱང་། །ངེས་འབྱུང་བསམ་པ་སྐྱེས་པ་ཤིན་ཏུ་དཀོན། །ཕལ་ཆེར་བག་མེད་འཆལ་པའི་དབང་དུ་འགྲོ། །བུ་ཁྱོད་ངེས་འབྱུང་སྐྱེས་པ་ངོ་མཚར་ཆེ། །ཁྲིད་དང་གདམས་ངག་ཞུས་པ་མང་ལགས་ཀྱང་། །ཆོས་དྲེད་གོ་ཡུལ་ལུས་པ་ཤིན་ཏུ་མང་། །ཕལ་ཆེར་འཛིན་ཆགས་སེར་སྣ་སྔར་བས་ཐུ། །བུ་ཁྱོད་ཚེ་འདི་བློས་བཏང་ངོ་མཚར་ཆེ། །བླ་མའི་དྲུང་དུ་སྡོད་པ་མང་ལགས་ཀྱང་། །ཡོན་ཏན་མི་མཐོང་སྐྱོན་ལ་རྟོག་པ་མང་། །ཕལ་ཆེར་བསྟན་དང་བླ་མའི་ཞབས་འདྲེན་བྱེད། །བུ་ཁྱོད་མོས་གུས་སྐྱེས་པ་ངོ་མཚར་ཆེ། །སེམས་ངོ་སྤྲུག་སྤྲིག་ཤེས་པ་མང་ལགས་ཀྱང་། །བསྒོམ་སྐྱེས་བདག་པོ་མེད་པ་ཤིན་ཏུ་མང་། །ཕལ་ཆེར་སྒོམ་ཆེན་ཆགས་འཛིན་གཞན་བས་ཆེ། །བུ་ཁྱོད་ཞེན་པ་ལྡོག་པ་ངོ་མཚར་ཆེ། །རྟོགས་པ་མཐོན་པོར་རློམ་པ་མང་ལགས་ཀྱང་། །འཛིན་ཆགས་འཁྲུལ་པ་སྔར་ལས་ཆེ་བ་མང་། །ཕལ་ཆེར་ཚེ་འདི་ཁོ་ན་ཁོང་དུ་བཅུག །བུ་ཁྱོད་ཚེ་འདི་བློས་ཐོངས་ངོ་མཚར་ཆེ། །བྱ་བཏང་ཡིན་ནོ་ཟེར་བ་མང་ལགས་ཀྱང་། །སེམས་ལ་གང་དུས་མེད་པའི་བྱ་བཏང་མང་། །ཕལ་


CMR050_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་རྒྱལ་ཁམས་ཉུལ་ཞིང་ལོག་འཚོ་བསྒྲུབ། །བུ་ཁྱོད་དགོས་མེད་བསྒོམ་པ་ངོ་མཚར་ཆེ། །རང་གཞན་གཉིས་ཕུང་མཚོན་ཆས་བྱེད་ལགས་ཀྱང་། །སྲོག་བས་གཅེས་པར་འཛིན་པའི་སྐྱེས་ཕྲན་མང་། །ཕལ་ཆེར་འཆི་ལ་ཐུག་ཀྱང་གཏོང་མི་ཕོད། །བུ་ཁྱོད་མདའ་གཞུ་བཅག་པ་ངོ་མཚར་ཆེ། །གང་ཞིག་ལྷམ་ཚེམ་ཙམ་ཞིག་ཤེས་ལགས་ཀྱང་། །སྙུང་བུ་མཁོ་ཟེར་སྟེར་མི་འགྱང་བ་མང་། །དགོས་འདོད་སོར་མོའི་རྩེ་ནས་འཁྲུངས་བཞིན་དུ། །བུ་ཁྱོད་མགར་ཆ་ཕུལ་པ་ངོ་མཚར་ཆེ། །ཚེ་མ་ཕྱིད་ཀྱི་བྱ་བཏང་མང་ལགས་ཀྱང་། །ཆོས་མེད་སྤྲང་འཁྱམས་བྱེད་པ་ཤིན་ཏུ་མང་། །ཕལ་ཆེར་བསྟན་པའི་བླ་བཙོང་རང་མཚང་སྟོན། །བུ་ཁྱོད་སྐྱིད་དུས་ཆོས་དྲན་ངོ་མཚར་ཆེ། །འོད་གསལ་ཁོར་ཡུག་ཡོད་ཟེར་མང་ལགས་ཀྱང་། །སྤྱོད་པ་སྔར་བས་ཐུ་བ་ཤིན་ཏུ་མང་། །ཕལ་ཆེར་དུག་ལྔ་ཆགས་འཛིན་སྔར་བས་ཆེ། །བུ་ཁྱོད་བྱ་བཏང་ནུས་པ་ངོ་མཚར་ཆེ། །མཉམ་མེད་དྭགས་པོའི་ཆོས་བཞིའི་དང་པོ་དང་། །ཕྱག་རྒྱ་ཆེན་པོ་བསྒོམ་གྱི་རྐང་པ་དང་། །བཀའ་གདམས་ལུགས་ཀྱི་ལམ་རིམ་གཉིས་པ་རྣམས། །བུ་ཁྱོད་རྒྱུད་ལ་སྐྱེས་པ་ངོ་མཚར་ཆེ། །


CMR050_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

གེགས་སེལ་བོགས་འདོན་ལ་སོགས་གང་དགོས་པ། །རིམ་གྱིས་ཉམས་དང་བསྟུན་ཏེ་བདག་གིས་བྱ། །སྤྲང་པོ་བདག་ལ་ཡོན་ཏན་མི་བདོག་ཀྱང་། །བུ་ཁྱོད་འབྲལ་མི་ཕོད་པ་ངོ་མཚར་ཆེ། །ཁོ་བོར་བླ་མའི་མཚན་ཉིད་མི་ལྡན་ཀྱང་། །བདག་ལ་བརྒྱུད་པ་བཟང་པོའི་གདམས་ངག་མང་། །ཕལ་ཆེར་རང་གི་ཉམས་སུ་ཅུང་ཟད་བླངས། །བུ་ཁྱོད་དོན་གཉིས་འགྲུབ་བོ་ངོ་མཚར་ཆེ། །ངོ་མཚར་བཅོ་བརྒྱད་ལྡན་པའི་དབྱངས་ཆུང་འདི། །འཇིག་རྟེན་བྱ་བ་བཏང་བའི་བྱ་དགའ་ཡིན། །བཀའ་བརྒྱུད་གོང་མའི་རྣམ་ཐར་འབྱོངས་བར་ཤོག །བུ་ཁྱེད་བསྟན་ལ་ཕན་ནོ་ངོ་མཚར་ཆེ། །ཞེས་པ་བལ་པོ་སྤྲུལ་སྐུ་པདྨ་རིག་འཛིན་གྱིས་ཚེ་འདིའི་བྱ་བ་བློས་བཏང་སྒྲུབ་པ་རྩེ་གཅིག་གི་དམ་བཅའ་ཕུལ་དུས་སྨྲས་སོ།། ༈ །།ན་མོ་པདྨ་ཀ་ར་ཡེ། །ཕ་པདྨ་འབྱུང་གནས་ཞབས་ལ་འདུད། །ཕ་ཁྱེད་ཀྱི་གསུངས་ལ་བློ་གཏད་ནས། །སྤྲང་རྩེ་གཅིག་སྒྲུབ་པ་བྱས་པ་དེས། །ད་བསམ་ཞིང་བློ་སེམས་བདེ་བ་ཞིག་བྱུང་། །ཡུལ་རྒྱ་ནག་ལོངས་སྤྱོད་འབྱུང་གནས་དེར། །རྗེ་རྒྱ་ནག་ཁྲིམས་ཀྱི་རྒྱལ་པོ་དེ། །ས་འཛམ་གླིང་ཕྱེད་ཀྱི་བདག་པོ་ཡིན། །དུས་དེང་སང་མཐའ་མིས་ཕུད་ཅེས་ཐོས། །དེ་བསམ་ཞིང་


CMR050_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་སྐྱོ་བ་སྐྱེས། །སྟོབས་མངའ་ཐང་ལ་སྙིང་པོ་མི་འདུག་པས། །རང་སྒྲུབ་པ་བྱས་པས་སྐྱིད་དུ་ཚོར། །བུ་སྐྱིད་དུ་ཚོར་རམ་རྟོགས་ལྡན་པ། །འཇང་ས་དམ་རྒྱལ་པོའི་ཕོ་བྲང་ན། །དངུལ་རིན་ཆེན་དག་པ་བང་བ་བདུན། །དེ་མཐའ་མི་གཞན་གྱིས་འཕྲོག་ཅེས་ཐོས། །དེ་བསམ་ཞིང་རྣལ་འབྱོར་སྐྱོ་བ་སྐྱེས། །ནོར་ལོངས་སྤྱོད་ལ་སྙིང་པོ་མི་འདུག་པས། །རང་སྒྲུབ་པ་བྱས་པས་སྐྱིད་དུ་ཚོར། །བུ་སྐྱིད་དུ་ཚོར་རོ་རྟོགས་ལྡན་པ། །རྗེ་མཁས་གྲུབ་ལུང་རིགས་ཉི་མ་དེ། །གནུབས་སངས་རྒྱས་ཡེ་ཤེས་སྤྲུལ་པར་གྲགས། །ལྷ་ཁྲོ་ཆུ་སྒྲུབ་པའི་བརྒྱུད་པར་འཁྲུངས། །དཔལ་རྡོ་རྗེ་འཇིགས་བྱེད་སྒྲུབ་པའི་ཚེ། །སྐུ་དངོས་སུ་བསྟན་ནས་རྭ་རྩེད་མཛད། །ལྷ་འཇམ་དཔལ་དུག་གདོང་ལོ་གསུམ་བསྒྲུབ། །ཡུལ་ཚྭ་བའི་བརྟན་མས་དམ་བཅའ་ཕུལ། །ཁོང་དེ་འདྲའི་ནུས་ལྡན་རྣལ་འབྱོར་ལ། །གཞན་ཕལ་པས་མཐུ་སྲེག་བྱེད་ཅེས་ཐོས། །ད་ཞིང་ཁམས་གཤེགས་པ་།བདེན་བདེན་འདྲ། །འདི་བསམ་ཞིང་རྣལ་འབྱོར་སྐྱོ་བ་སྐྱེས། །མཐུ་ནུས་པ་ལ་སྙིང་པོ་མི་འདུག་པས། །རང་དམ་ཆོས་བསྒྲུབ་པའི་སྐྱིད་དུ་ཚོར། །བུ་སྐྱིད་དུ་ཚོར་རོ་རྟོགས་ལྡན་


CMR050_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ཆོས་མི་ཚེར་བསླབ་པའི་དགེ་བཤེས་འགའ། །སེམས་མ་དུལ་ཐ་མ་མི་ནག་འདྲ། །ཆོས་མི་ཚེར་བསྒོམ་པའི་རྟོགས་ལྡན་འགས། །སེམས་མ་ཐུལ་རྒྱག་རེས་ངན་མཚངས་ཀློག །ཟོག་མི་འདོད་ཟེར་བའི་བྱ་བཏང་འགས། །ཟོག་མི་རྙེད་འབུལ་སྡུད་སྣ་དགུ་འགྲིམ། །འདི་བསམ་ཞིང་རྣལ་འབྱོར་སྐྱོ་བ་སྐྱེས། །ཆོས་མི་རྟག་འཆི་བ་མ་དྲན་ན། །ཆོས་བྱས་ཚད་ཚེ་འདིའི་ཆེ་ཐབས་རེད། །རང་འཆི་བ་དྲན་པས་སྐྱིད་དུ་ཚོར། །བུ་སྐྱིད་དུ་ཚོར་རོ་རྟོགས་ལྡན་པ། །རྒྱུད་མན་ངག་གང་ལ་བལྟས་ན་ཡང་། །ཆོས་ཐབས་ལམ་གཏུམ་མོའི་གདམ་ངག་དང་། །ཆོས་གྲོལ་ལམ་ཕྱག་རྒྱ་ཆེན་པོ་གཉིས། །ཆོས་འདི་བས་ཟབ་པ་མི་འདུག་པས། །རང་ཉམས་ལེན་མ་ནོར་སྐྱིད་དུ་ཚོར། །བུ་སྐྱིད་དུ་ཚོར་རོ་རྟོགས་ལྡན་པ། །བུ་བརྩོན་འགྲུས་བསྐྱེད་དམ་བལ་པོ་བ། །ཁམས་བྱིང་བ་གསིང་བའི་དབྱངས་ཆུང་འདི། །སེམས་སྐྱོ་ཤས་བསྐུལ་ནས་བུ་ལ་སྤྲིངས། །ཞེས་སྨྲས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

འདྲེན་མཆོག་ཀརྨ་ཨ་རཱ་གས་རྫོགས་ཆེན་པ་སུན་དྷ་བི་དྷ་ར་ལ་འཕྲིན་ཡིག་གནང་བ།


CMR050_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་མཆོག་ཀརྨ་ཨ་རཱ་གས་རྫོགས་ཆེན་པ་སུན་དྷ་བི་དྷ་ར་ལ་འཕྲིན་ཡིག་གནང་བ་བཞུགས་སོ། །


CMR050_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་རྡོར་གསུང་གནམ་ཆོས་ཐུགས་གཏེར་དང་། །རིག་འཛིན་རྣམ་གསུམ་ཞལ་འཆམས་རྗེ་འབངས་སོགས། །སེམས་དཔའ་ཆེན་པོའི་སྤྲུལ་སྐུ་སྦས་པའི་ཚུལ། །སྐལ་ལྡན་སྐྱེས་བུ་ལོ་བརྒྱར་ཞབས་བརྟན་གསོལ། །འཁོར་བའི་དོན་རིག་ཞེན་པ་གཏིང་ནས་ལོག །འཆི་བ་སྙིང་ནས་གཟེར་བས་སྒྲུབ་ལ་བརྩོན། །ཐོས་བསམ་སྤེལ་མར་བྱས་པས་གོལ་ས་ཆོད། །སྒྲུབ་བརྒྱུད་བསྟན་པའི་རྒྱན་ཁྱོད་རྒྱལ་གྱུར་ཅིག། རང་དོན་ཚགས་ཚུད་ཆོས་ཉིད་བདེན་པ་རྟོགས། །མ་རྟོགས་འགྲོ་ལ་བཟོད་མེད་སྙིང་རྗེ་ཡིས། །འཆད་རྩོད་བརྩམས་ལ་ཐོགས་པ་མི་མངའ་བ། །


CMR050_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ལ་ཟབ་རྒྱས་ཆོས་ཆར་དབབ་ཏུ་གསོལ། ༈ །དེ་ལྟར་ཤིས་པ་བརྗོད་ནས་ཞུ་བའི་འབྲས། །བློ་སེམས་མི་དང་མི་མཐུན་དམ་པའི་རྟགས། །གསུང་ལྟར་ཁྱེད་ལ་བློ་བཅོས་ཚུད་དཀའ་ཞིང་། །དེ་སྔོན་གང་མཛད་བྱང་ཆུབ་ལམ་སོང་བས། །ད་ཡང་ཉིད་ཀྱི་ཐུགས་ཐག་གང་བཅད་ལ། །ཁོ་བོས་གེགས་དང་བཤོལ་འདེབས་བྱ་མི་སྤོབས། །ཉིད་ཀྱི་བཞེད་པ་གང་ཡིན་མཐར་ཕྱིན་ནས། །རང་རེ་ཕ་པད་ལུས་འདི་དངོས་མཇལ་ནས། །ཟབ་རྒྱས་ཆོས་ཀྱི་སྐྱེལ་མའང་ཞུ་བ་དང་། །སྔ་ཕྱིར་ཉིད་ཀྱི་བཀའ་ཤོག་བྱུང་རྣམས་ལ། །ཉམས་དགའི་


CMR050_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོ་གླེང་ཞག་མང་སྦྲེལ་ཆོག་པ། །པད་འབྱུང་ཡི་དམ་ཚོགས་ལ་གསོལ་བ་འདེབས། །ཊཱཀི་བཀའ་སྲུང་རྣམས་ལ་ཕྲིན་ལས་བསྐུལ། །གེགས་མེད་འགྲུབ་པར་ཨོ་རྒྱན་ཆེན་པོ་མཁྱེན། །བསམ་ཆུང་ཁོ་བོའི་བསམ་པ་ལྟར་བྱེད་ན། །སྔར་དུས་རྒྱ་གར་ཆོས་ཀྱི་འབྱུང་གནས་ཏེ། །པཎ་གྲུབ་མཇལ་ཞིང་ཟབ་རྒྱས་གདམས་པ་ཐོབ། །ད་ནི་ཆོས་ནུབ་མུན་གླིང་མུ་སྟེགས་ཡུལ། །མ་ཧཱ་བྷོ་དྷིའི་ཞལ་ལ་སོལ་བས་བྱུག །བྱང་ཆུབ་ཤིང་མཆོག་སྟ་རེས་བརྩིགས་ཞེས་ཐོས། །གྲུབ་ཆེན་ནམ་མཁའ་འཇིགས་མེད་བྱོན་དུས་ཀྱང་། །ངན་དགུ་བྱུང་རབ་རྣམ་ཐར་ནང་ན་གསལ། །ཁྱེད་ཀྱང་དེ་ལས་ལྷག་རྒྱུ་མེད་པ་དང་། །ཁྱི་ཕག་བྱི་བ་གླང་བཞི་སྐུ་སྐག་ཆེ། །འཇམ་དབྱངས་གསུངས་ལ་བདེན་པ་མེད་མི་སྲིད། །ཐུབ་པས་མཛད་པ་སྟོན་པའི་གནས་མཆོག་ལ། །དད་པས་མཇལ་ན་སྒྲིབ་སྦྱང་ལོས་འོང་སྟེ། །ཕན་ཡོན་འདི་ཡོད་གསལ་ཁ་ངས་མ་མཐོང་། །ཙཱ་རི་མཆིམས་ཕུ་ཟབ་བུ་ལ་སོགས་ཀྱི། །ཕན་ཡོན་གུ་རུའི་གསུང་རྣམས་གསལ་ལྟར་ཡིན། །ཕལ་པས་རྒྱ་གར་འཁོར་མཁན་མང་འདུག་སྟེ། །དམ་ཆོས་ཤོ་ལོ་ཀ་གཅིག་ཐོབ་པའམ། །རྣམ་རྟོག་བོགས་སྐྱེད་བྱུང་


CMR050_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ག་ལ་ཞིག །རྨིས་ལྟས་དག་སྣང་ཙམ་ཡང་བྱུང་མཁན་དཀོན། །རང་རེའི་བློ་ཕུག་ཨོ་རྒྱན་ཆེན་པོ་ཡིན། །ཨོ་རྒྱན་སྐུ་ཚབ་སྤྲུལ་པ་གཏེར་སྟོན་ཡིན། །དེ་སྔོན་འགའ་རེ་མཇལ་ཡང་ཆོག་ཤེས་མེད། །དགེ་བའི་བཤེས་གཉེན་ཡང་ཡང་མཇལ་བ་ལ། །ཆོག་ཤེས་མེད་པར་གྱིས་ཞེས་ཐུབ་པས་གསུངས། །ཨོ་རྒྱན་གསུང་ཚབ་ཟབ་གཏེར་ལྷད་མེད་ཡིན། །ཐོས་པས་མི་ངོམས་བྱང་ཆུབ་སེམས་དཔའི་ལུགས། །རྒྱ་གར་རྒྱ་ནག་ཐམས་ཅད་འཁོར་བ་བས། །གཏེར་ཆོས་ལྷད་མེད་སྣ་ཁ་གཅིག་ཐོབ་ན། །རང་གཞན་གཉིས་དོན་ནོམ་པ་དེ་ཡི་ཆེ། །བྷི་མའི་སྤྲུལ་པ་བཟང་པོ་རྡོ་རྗེ་དེས། །གསང་གཏེར་ཐོན་ནས་གསང་ཞིང་སྤེལ་ཡོད་ཟེར། །དེ་ལ་སྣ་གཅིག་ཐོབ་ན་ཅི་མ་རུང་། །དབུས་གཞུང་དགྲ་དང་དོལ་གྱི་ཕུ་ཤེད་ན། །བེ་རོའི་སྤྲུལ་པ་འགྱུར་མེད་རྡོ་རྗེ་དེས། །གཏེར་ཁ་གསུམ་ཐོན་འགྲོ་དོན་བྱེད་སྐབས་ལགས། །པོ་ཏི་གཅིག་ནི་ཁོ་བོས་ཀྱང་ནི་མཐོང་། །ཐེ་ཚོམ་མི་འདུག་ལིས་གཅིག་འབྲེལ་པའང་ཞུས། །དེ་ཡི་གཏེར་ཆོས་མང་ཞིག་ཐོབ་ན་ཨང་། །དེ་ནས་ཁམས་སུ་ཕེབས་ན་ལེགས་མོད་ཀྱི། །ད་རུང་གནས་ཀྱི་བློ་ཁ་མ་རྫོགས་


CMR050_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཟབ་བུའི་གཏེར་ལུང་བཅུ་གསུམ་རེ་རེ་ལའང་། །ཞག་པོ་འགའ་ཟུང་གནས་འབྲེལ་མཛད་པ་ན། །ཉམས་རྟོགས་བོགས་དང་ཞལ་གཟིགས་ལུང་བསྟན་སོགས། །ངོ་མཚར་འབྱུང་ཞིང་ཟབ་བུའི་སྟོད་དེ་ན། །ཁ་བྱང་གཏེར་སྟོན་ངེས་པ་མེད་པ་ཡི། །ལས་ཅན་ལག་ཏུ་སོན་རྒྱུའི་གཏེར་ཁ་མང་། །ལུང་བསྟན་བྱུང་ན་འདོན་རུང་ཐོབ་ཀྱང་སྲིད། །ལུང་བསྟན་མེད་ན་མཐོང་ཡང་འདོན་མི་རུང་། །དེ་ནས་ཁམས་སུ་ཅིས་ཀྱང་འབྱོན་དགོས་ཏེ། །རང་དོན་གྲུབ་ནས་གཞན་དོན་མི་མཛད་པ། །ཐེག་དམན་ཉན་ཐོས་ལམ་གྱི་གོལ་ས་ཆེ། །རྫོགས་སངས་རྒྱས་ནས་འགྲོ་དོན་མ་གཏོགས་པ། །མཛད་རྒྱུ་གཞན་ནི་ཡོད་སྐད་མ་ཐོས་སོ། །དེང་སང་ཁྲིམས་ཆེན་རྫོགས་ལྡན་དུས་མཚུངས་ཡང་། །ཆས་ཀ་ལེགས་པོ་ཅུང་ཟད་འདུག་མཐོང་ནས། །བླ་མ་འགའ་ཞིག་ལྐོག་བསད་བྱས་པའང་ཐོས། །ཁྲམ་པ་གཞན་ནས་འོང་ནི་མི་དགོས་པར། །གྲོགས་ཀྱི་ཨ་ཅོའི་སྙིང་ལ་བདུད་ཞུགས་སྐད། །དེ་ཕྱིར་གྲྭ་པ་ཐམས་ཅད་མ་གཏོགས་པར། །གང་དུ་འབྱོན་ཡང་དཔོན་སློབ་མཉམ་དུ་བྱོན། །ཁམས་སུ་འབྱོན་པ་ཟང་ཟིང་དོན་གཉེར་མིན། །དབང་ལུང་རྒྱ་མཚོ་དེ་དག་སྤེལ་


CMR050_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་ན། །འགྲོ་ལ་ཆོས་སྦྱིན་ཨོ་རྒྱན་བསྟན་ལ་ཕན། །བསྟན་འགྲོའི་དོན་འགྲུབ་རང་དོན་མཆོག་དེ་ཡིན། །བླུན་བསྒོམ་ས་ཆོག་བརྒྱ་བས་དེ་ཉིད་ལྷག །རང་རེ་ཕ་པད་རྣམས་ཀྱང་ཞལ་འཛོམ་ཞིང་། །དེ་ནས་རིམ་གྱིས་འབྲི་སྨད་ཕྱོགས་སུ་ཕེབས། །རྙིང་མ་སོར་བཞག་དགོན་པ་བརྒྱ་ལྷག་དང་། །བཙུན་པ་སྟོང་ཕྲག་མང་པོ་ཡོད་འདུག་པས། །ཐམས་ཅད་དབང་ལུང་ཞུ་ལ་ཆོག་ཤེས་མེད། །ཀུན་གྱི་སྐྱབས་གནས་མི་འགྱུར་རྡོ་རྗེ་ལགས། །དེ་ཕྱིར་རང་ཚང་རྙིང་མའི་ཆོས་ལུགས་བརྩི། །དེ་ཕྱོགས་ཕེབས་ན་བསྟན་ལ་ཕན་ཐོགས་ཆེ། །ཀཾ་པོ་གངས་དང་ཉེ་བའི་ས་ཆ་ན། །སངས་རྒྱས་གླིང་པའི་སྤྲུལ་སྐུ་འཆུགས་མེད་པར། །གསང་མཚན་སྨུག་ནག་ནམ་མཁའི་རྡོ་རྗེ་སྟེ། །ཀློང་གསལ་བཱི་མ་སྙིང་ཐིག་ལ་སོགས་པ། །གཏེར་ཆེན་ཐོན་ནས་འགྲོ་དོན་བྱེད་སྐབས་ལགས། །ཆོས་སྐལ་དམ་རྫས་བརྟན་བཞུགས་གནང་སྦྱིན་བཅས། །ཕྱིར་ལ་ཡིག་འབྲེལ་མེད་ཀྱང་ཡར་ལ་བསྐུར། །གཏེར་ཆོས་གཏད་རྒྱ་གནང་ཞིང་རྟགས་བཟང་བྱུང་། །ཁྱེད་རང་དཔོན་སློབ་གཉིས་ཀྱང་ཟབ་གཏེར་གྱི། །ཆོས་སྐལ་ལེན་རིགས་རང་སྐལ་ཅིག་ལ་གཅོད། །རྒས་


CMR050_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ང་ཡི་ཉལ་བསམ་ལང་མོན་ཡིན། ༈ །ཁྱི་ལོའི་ལོ་མཇུག་སྤར་ཁ་རང་ཐོག་དང་། །བནྡེ་གིན་ཐོག་རྩུབ་པར་བཤད་པའི་ཕྱིར། །ཚེས་གྲངས་དྲུག་དང་བཅུ་བཞི་ཉེར་གཉིས་དང་། །གནམ་གང་མི་རུང་དེ་མན་གང་འདོད་ལ། །རང་ཉིད་ཀིང་ཀང་ལ་སོགས་གཤིན་རྗེར་བསྒོམ། །མདུན་དུ་གིན་རི་བཙུན་གཟུགས་གླང་ཆེན་ཞོན། །ལག་ན་པོ་ཏི་འཛིན་པ་གཅིག་གིས་ནི། །ས་ཡི་གནོད་པ་ཟློག་པར་བྱེད་བསྒོམས་ཤིང་། །ཨོཾ་གི་རིམ་ཧཱུྃ། ཅུང་ཟད་བཟླས་པས་ཁྱི་ལོའི་སྐག་འགྱུར་རོ། །ཕག་ལོ་ཟིན་ཐོག་སྤར་ཁ་དགྲ་ཐོག་རྩུབ། །ཚེས་གྲངས་ངེས་མེད་རང་ཉིད་གཤིན་རྗེར་བསྒོམ། །མདུན་དུ་བོང་བུ་ལ་ཞོན་ཟིན་ལྗང་མོ། །ལག་གཉིས་གཅུས་ཏེ་ཤིང་ལོ་བཟུང་བྱས་ནས། །ཤིང་གི་གནོད་པ་ཟློག་པར་བྱེད་བསྒོམ་ཞིང་། །ཨོཾ་ཟི་སྭཱ་ཧཱ། །ཅུང་ཟད་བཟླས་པས་སྤར་ཁའི་དགྲ་ནག་འགྱུར། །བྱི་བ་ལོ་པ་སྤར་ཁའི་དུར་མིག་རྩུབ། །སྔོན་ལྟར་རང་ཉིད་གཤིན་རྗེ་གཤེད་བསྒོམ་མདུན། །ཟོན་ནི་བུད་མེད་སེར་མོ་མཛོ་མོ་ཞོན། །ལག་ན་རླུང་རྐྱལ་རླུང་གི་བུ་ཡུག་འཛིན། །རླུང་གི་གནོད་པ་ཟློག་པར་བྱེད་བསྒོམ་ཞིང་། །ཨོཾ་ཟོན་ཡ་ཧཱུྃ་ཕཊ། ཚེས་


CMR050_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་བཅུ་དྲུག་ཉེར་བཞི་མིན་དུས་སུ། །ཅུང་ཟད་བཟླས་པས་སྤར་ཁའི་དུར་སྐག་འགྱུར། །གླང་གི་ལོ་པ་རང་ལོའི་སྐག་ཡིན་པས། །ཚེས་གཉིས་བཅུ་གཉིས་ཉེར་དྲུག་མིན་དུས་སུ། །ཨོཾ་ཉ་ཅི་སྭཱ་ཧཱ། ཅུང་ཟད་བཟླས་པས་གླང་ལོའི་རང་སྐག་འགྱུར། །སྟོང་ཉིད་རྟོགས་ཚེ་ཕྲིན་ལས་རྟེན་འབྲེལ་མཁས། །རྟེན་འབྲེལ་ཁྱད་མི་གསོད་པ་མཁས་པའི་ལུགས། ༈ །དུས་ཕྱིས་བདག་ཀྱང་ཨ་ཏིའི་ཆོས་ལ་མོས། །སྔར་མེད་ཡང་ཏིག་པོ་ཏི་ལ་སོགས་ཐོབ། །རྫོགས་ཆེན་རང་གི་ཉམས་བླངས་གཞན་ལ་སྤེལ། །རིག་པ་ཚད་ཕེབ་འདྲ་བའང་འགའ་བྱུང་སོང་། །དེ་ཕྱིར་ཐེ་ཚོམ་ལོག་ལྟ་མ་ཡིན་ཏེ། །བདག་རང་ཤེས་རབ་ཆུང་བས་མ་གོའི་སྐྱོན། །ཅོ་འདྲི་མ་ཡིན་ངེས་པར་དོགས་གཅོད་རྒྱུ། །བླ་མ་མཁས་པར་མཇལ་ཚེ་དོགས་གཅོད་མཛོད། །དཀོན་མཆོག་བརྩེ་སར་སེམས་ཅན་སོ་སོ་ཡི། །སྣང་བ་མི་མཐུན་སྣ་ཚོགས་གསུངས་མོད་ཀྱིས། །འཛམ་གླིང་མི་རྣམས་ལས་མཐུན་སེམས་ཅན་ཏེ། །བསྐལ་པ་ཆགས་འཇིག་མི་མཐུན་མཐོང་མི་སྲིད། །ཐུབ་པ་བྱམས་པ་གཉིས་ཀྱི་བསྟན་པའི་བར། །བསྐལ་པ་འཇིག་པ་གསུང་འདི་ཅི་ལ་


CMR050_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས། །འདི་ནས་རྒྱ་གར་རྡོ་རྗེ་གདན་གྱི་བར། །དཔག་ཚད་ལྔ་བརྒྱ་ཡོད་སར་ཀུན་གྱིས་བཞེད། །མངོན་དགའ་བདེ་བ་ཅན་སོགས་ཞིང་ཁམས་བཞི། །དཔག་ཚད་ལྔ་བརྒྱའི་ས་ན་ཡོད་གསུངས་ཤིང་། །བདེ་བ་ཅན་ནི་བཻཌཱུར་ས་གཞི་ལ། །མི་ཀུན་གསེར་མདོག་མཚན་དཔེས་བརྒྱན་གསུངས་ན། །ཐམས་ཅད་དམར་པོ་ཡིན་པར་བཤད་འདི་ཅི། །ལུས་ཀྱི་གནས་ཚུལ་མི་ལའང་གྲོད་པ་ཡོད། །དགའ་རབ་རྡོ་རྗེའི་གསུང་འདི་ཅི་ལ་དགོངས། །སེམས་ཀྱི་ངོ་བོ་རིག་པ་དབྱེར་མེད་པ། །སེམས་ཉིད་རྫོགས་པའི་སངས་རྒྱས་ཡིན་པ་ནི། །གུར་བརྟག་སམ་གསུམ་བླ་མེད་རྒྱུད་མཐུན་ན། །མཁའ་འགྲོ་ཀློང་གསལ་རྒྱུད་དང་མ་མཐུན་པས། །འདི་གཉིས་མཐུན་པའི་གོ་བ་ཚོལ་དགོས་སོ། །བཀའ་དང་བཀའ་གཉིས་འགལ་ཞེས་སྨྲས་ན་ནི། །དམ་ཆོས་སྤང་བའི་ལས་སུ་འགྲོ་བར་བཤད། །ཐེག་པ་སོ་སོའི་ལུགས་ཡིན་སྨྲ་མི་རུང་། །ཐུབ་པས་ཐེག་པ་གཅིག་ལས་མ་གསུངས་སྐད། །འཇིག་རྟེན་ཁམས་སུ་མདོ་སྡེ་གང་གསུངས་པ། །ཚིག་ནི་ཐ་དད་དོན་ནི་བཞི་ཞེས་གསུངས། །བསྐལ་མགོན་དྲུག་ཅུ་ཞེས་པའི་སངས་རྒྱས་རྣམས། །འདས་པའི་སངས་


CMR050_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཡིན་ནམ་མ་འོངས་ཡིན། །གདུང་འཕེལ་ཞེས་པ་འཁོར་གྱི་དགྲ་བཅོམ་མམ། །རྟོགས་པ་མཆོག་ཐོབ་ཡིན་ནམ་སངས་རྒྱས་ཡིན། །སྟོན་པ་བཅུ་གཉིས་བསྐལ་པ་འདིར་བྱོན་ན། །ཐུབ་དབང་མ་གཏོགས་བསྐལ་བཟང་སངས་རྒྱས་སུ། །མི་རྩི་བ་ཡི་དོན་དེ་ཅི་ལ་དགོངས། །སྟོན་པ་འདི་མཇུག་ཚེ་ལོ་བརྒྱ་པའི་མཐའ། །བསྟན་པའི་བཙས་གཏེར་ཞིང་ཁམས་གཞན་འཕོ་གསུངས། །བྱམས་པ་མན་ཆད་རྫོགས་ཆེན་དར་མི་དར། །ལང་ཀར་གཤེགས་པར་འོད་དང་པདྨོ་སོགས། །ཕྱི་རོལ་པ་ཡི་ལམ་ལ་ཁྲིད་བྱེད་ཅེས། །མདོ་ཡི་ཚིག་འདི་ཐོད་རྒལ་ལམ་འདི་ལ། །མི་གནོད་པ་ཡི་ལུང་རིགས་ཚོལ་གལ་ཆེ། །ཕྱི་ཡི་ཞིང་ཁམས་ནང་གི་ལུས་མཐུན་པར། །ཞི་བ་འོག་དང་ཁྲོ་བོ་སྟེང་ཡིན་པའི། །རིགས་པས་ཞི་ཁྲོའི་དཀྱིལ་འཁོར་བསྒོམ་ཚེ་ཡང་། །ཞི་བ་འོག་དང་ཁྲོ་བོའི་དཀྱིལ་འཁོར་སྟེང་། །ཁང་པའི་བརྩེགས་འདྲ་བྱས་འདུག་འཐད་མི་འཐད། །བཏགས་གྲོལ་བཏགས་ན་སྡིག་པ་འགྱུར་ཆེ་བས། །འཆི་ཁ་བར་དུ་མི་རུང་བདེན་མི་བདེན། །བུམ་སྒྲུབ་ནང་དུ་སྡིག་ཅན་མ་ཡིན་པའི། །ཤ་སྣ་སྙེད་ཚད་བསྲེ་ཟེར་རུང་མི་རུང་། །དཀྱིལ་


CMR050_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དབུས་སུ་བུམ་པ་འཇོག་པའི་དུས། །མདུན་བསྐྱེད་བུམ་བསྐྱེད་གཉིས་པོ་ཇི་ལྟར་བསྒོམ། །བུམ་པ་ལྷ་ཁང་གསེར་ཏོག་ལྟར་བསྒོམ་མམ། །བདག་མདུན་བར་དུ་རྡོ་རྭ་མེ་རི་སོགས། །སྲུང་འཁོར་གཉིས་ཀྱི་བར་དུ་ཆོད་མི་ཆོད། །དབང་བསྐུར་དུས་སུ་སློབ་མ་གང་དུ་བསྒོམ། །རྒྱལ་བ་གཅིག་གི་དཀྱིལ་འཁོར་བཤམས་ནས་ཀྱང་། །རྒྱལ་བ་ཀུན་གྱི་ལས་གཞུང་བསྲང་གསུངས་ན། །དེ་དག་སོ་སོའི་དཀྱིལ་འཁོར་གང་དུ་བསྒོམ། །མེ་ཏོག་ཕྲེང་མཛེས་ལུས་དཀྱིལ་ཡིན་གསུངས་ན། །རྩ་གནས་ལྷ་བཀོད་ཡིན་ནམ་ཇི་ལྟར་བསྒོམ། །སྒྱུ་ལུས་བཀོད་པའི་གྲོང་ཁྱེར་ལ་གནས་པའི། །ཞེས་པ་ལྷག་མའི་ཚིག་ལ་བྱུང་བ་དེ། །ལྷག་མ་རང་གི་བཟའ་བཏུང་ཡིན་ལགས་སམ། །རིག་འཛིན་སྲོག་སྒྲུབ་བསང་མཆོད་སྐབས་སུ་ནི། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བསང་ཟེར་དང་། །ངར་གླུད་དཀོན་མཆོག་གསུམ་ལ་མཆོད་ཟེར་བ། །འདི་འདྲ་བྲིས་པས་ཡི་གེ་ནོར་བའམ། གཅོད་ལུགས་ལྷ་འདྲེའི་འཛིན་པ་གཅོད་ཕྱིར་ཡིན། །རྟོགས་པ་ཡེངས་དང་མ་ཡེངས་ཁྱད་མེད་པའི། །གོ་བ་མ་ཡིན་ངེས་ཤེས་གདེང་ཐོབ་ཀྱང་། །ཡུན་རིང་ཡེངས་ནས་འཁྲུལ་


CMR050_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

པར་འབྱམས་འགྲོ་བ། །འདི་ཉིད་འཁྲུལ་པ་ཡིན་ནམ་མ་འཁྲུལ་ཡིན། །ཡེངས་པས་ངོ་བོ་ངན་དུ་མ་སོང་ཞིང་། །མ་ཡེངས་སྒྲིབ་ཀྱང་བཟང་དུ་མི་འགྲོ་བས། འདི་ལ་དྲན་པའི་གསལ་འདེབས་དགོས་མི་དགོས། །རང་བཞིན་ཡོངས་སུ་ཤེས་ན་གདེང་བཅས་ནས། །ཆོས་མེད་རོ་ཉལ་བྱས་ན་ཅི་འདྲ་འཁམ། །ཚེ་མཚམས་དམ་བཅའ་བྱས་བཞིན་རྣམ་གཡེང་ཆེ། །རང་གི་ཐུགས་ལ་དགེ་སྦྱོར་བློས་གཏོང་ནས། །བུག་སྒོའི་ནང་ནས་དབང་ལུང་ཁྲིད་ཀྱི་རྒྱུན། །ཆུ་བོའི་རྒྱུན་འདྲ་འགྲོ་བའི་དོན་ཡིན་ནམ། །བདུད་ཀྱི་བར་ཆད་མགོ་བསྐོར་གང་ཡིན་ཨང་། །ངས་ནི་ཚེ་གཅིག་སངས་རྒྱས་མ་ཐོབ་ཚར། །རྫོགས་ཆེན་ལུགས་ཀྱི་གང་ཟག་ཉེར་གཅིག་གིས། །ཡང་མཐའ་སྤྲུལ་སྐུའི་ཞིང་དུ་དབུགས་ཕྱུང་བ། །དེ་ཀ་ཙམ་ཞིག་སེམས་ལ་འཆག་ཡོད་ཀྱི། །བདེ་བ་ཅན་མ་གཏོགས་པའི་ཞིང་གཞན་དུ། །ས་ཐོབ་མིན་པ་མི་སྐྱེ་ལབ་སྒྲོན་གསུངས། །དེ་ཕྱིར་བདེ་བ་ཅན་དུ་ཕྱིན་པའི་ཐབས། །བཟང་པོ་རྡོ་རྗེ་འགྱུར་མེད་རྡོ་རྗེ་ནས། །སྣང་མཐའ་སྤྲུལ་སྐུའི་སྒྲུབ་ཐབས་བྱུང་ན་རབ། །མི་སྣང་ན་ཡང་ལོངས་སྐུ་ཚེ་དཔག་གི །སྤྲོས་མེད་དབང་ལུང་ཆ་ཚང་


CMR050_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་ཁ་རེ། །བྱང་གཏེར་འོད་དཔག་སྒྲུབ་ཐབས་ཡོད་འདུག་པ། །དེ་འདྲ་ཆོས་ཀྱི་སྐྱོལ་མ་བྱུང་ན་ཨང་། །ཉིད་ཀྱང་རབ་ཏུ་འཇའ་ལུས་རྡོ་རྗེའི་སྐུ། །ཐ་ན་རང་གཞན་དོན་གཉིས་མཐར་ཕྱིན་ཕྱིར། །དགོང་མོ་བཅུ་ཕྲག་བརྒྱད་ལྷག་བཞུགས་གནས་ཕྱིར། །བསྐྱེད་རིམ་ཡང་ཏིག་ཡི་དམ་བསྒྲུབ་པ་དང་། །རྫོགས་རིམ་བུམ་ཆེན་ནམ་མཁའི་བཅུད་ལེན་འཚལ། །སྲོག་ནི་རླུང་ཡིན་ཚེ་ནི་དྲོད་ཡིན་གསུངས། །སྐུ་ཚེ་རླུང་ཡིན་ཟེར་བ་ཧ་ཧ་ཧ། །ཁྱེད་ཀྱི་གནས་ཆེན་རི་སྟོང་བས་མཐའ་རུ། །དཀའ་ཐུབ་ཆུ་འཐུང་རྡེལ་འཆའ་བྱེད་ཟློསྐབས་སུ། །ཟང་ཟིང་སྐྱེས་ཀྱི་བབ་ཐོབ་ག་ལ་ཡོད། །གལ་ཏེ་ཡོད་ན་ཡང་དག་བྱེད་ན་ཡང་། །འབུལ་སྐྱེལ་ཐུར་དུ་བྱེད་པ་སུ་ཡི་ལུགས། །བགེགས་རིགས་སྟོང་ཕྲག་བརྒྱད་དུ་བསང་ཟེར་དེས། །ཁོ་བོ་ལོངས་སྤྱོད་ཡུལ་དུ་དཀོར་གྱི་ནུབ། །མཐུན་རྐྱེན་བསྐུར་རྒྱུ་བྱུང་ན་བབ་མོད་ཀྱང་། །རྐྱེན་ངན་མང་ཞིང་མེད་རབ་ཤེར་སྙིང་འདྲ། །གསེར་ཉག་ཡོད་ན་འོས་ཀྱང་རི་བོང་རྭ། །བྱིན་རླབས་རྟེན་དང་བཀྲ་ཤིས་ཁ་བཏགས་དང་། གཡུ་ཆེན་ཉེར་གཅིག་གཡུ་ཕྲན་ཉི་ཤུ་བཞི། །གཡུ་ཆུང་ང་དགུ་བསྡོམས་པས་བརྒྱ་དང་དགུ། །ཁྱི་ལོ་


CMR050_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ས་ག་ཟླ་བའི་ཉེར་དགུར་ཕུལ། །ཕྱིར་ལ་གནང་བའི་བཀའི་ཆ་བྱིན་རླབས་རྟེན། །མ་ཉམས་མ་གོད་ཁྲ་མ་ནང་ལྟར་འཕྲོད། །བླ་མེད་བྱང་ཆུབ་ཐོབ་པའི་རྒྱུ་རུ་།མ་མཇལ་བར་དུ་སྲུང་འཁོར་བསྒོམ་པ་དང་། །བཀའ་སྲུང་རྣམས་ལ་བཞེད་དགོངས་འགྲུབ་པ་ཡི། །དུས་མཆོད་སྐབས་སུ་ཕྲིན་ལས་བཅོལ་བར་བྱ། །དགེའོ།། །།ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།