cover

མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

གླེགས་བམ། ཡི༽

མཁས་གྲུབ་ཀརྨ་ཆགས་མེད།

Nitartha international
Images scanned by TBRC

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

འཕགས་པ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་འགྲོ་དོན་རྒྱ་མཚོ་ལུང་གི་གཏེར་མཛོད།


CMR054_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

༼ཀ༽འཕགས་པ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་འགྲོ་དོན་རྒྱ་མཚོ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།།


CMR054_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀི་ཤྭ་ར་དེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ། མོས་བློས་ཡར་གཞལ་ཙམ་ནི་མ་ཡིན་པར། །འོད་དཔག་མེད་མགོན་སྤྱན་གཟིགས་པདྨ་འབྱུང་། །སྙིགས་དུས་མི་ཡི་གཟུགས་འཛིན་སྤྲུལ་པའི་སྐུ། །དྲིན་ཆེན་བླ་མའི་ཞབས་ལ་ཕྱག་འཚལ་ནས། །དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་གདམས་པ་བྲི། །རྩ་གསུམ་ཆོས་བདག་སྲུང་མའི་ཚོགས་རྣམས་ཀྱིས། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །འཆད་ཉན་གནས་དུས་རྟེན་འབྲེལ་འཛོམས་པའི་ཚེ། །རང་ཉིད་ཆོས་ཀྱི་ཁྲི་ལ་འཁོད་མ་ཐག །རང་ཉིད་ཐུགས་རྗེ་ཆེན་པོའི་སྐུར་གསལ་བས། །


CMR054_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པ་ཚད་མེད་ཏིང་ངེ་འཛིན་བསྒོམ་ཞིང་། །ཆོས་ར་དེ་ལ་བར་ཆད་མེད་པའི་ཕྱིར། །བློ་གྲོས་རྒྱ་མཚོའི་མདོ་ལས་གསུངས་པ་ཡི། །བདུད་ཀྱི་ནུས་པ་གཞོམ་པའི་སྔགས་འདི་ནི། །གསུམ་བདུན་ཉེར་གཅིག་ལ་སོགས་ཅི་འགྲུབ་བརྗོད། །དེ་ཚེ་ཁྲོམ་གྱིས་ཉན་ནི་མི་དགོས་སོ། །ཏདྱ་ཐཱ། ཤ་མེ་ཤ་མ་བ་ཏི། ཤ་མི་ཏ་ཤ་ཏུ། ཨོཾ་ཀུ་རེ། མཾ་ཀུ་རེ། མཱ་ར་ཛི་ཏེ། ཀ་རོ་ཊེ། ཀི་ཡཱུ་རེ། ཏེ་ཛོ་ཝ་ཏི། ཨོ་ལོ་ཡ་ནི། བི་ཤུདྡྷཱ་ནིརྨ་ལེ་མ་ལ་པ་ན་ཡེ། ཁུ་ཁུ་རེ། ཁ་ཁ་གྲ་སེ། གྲ་ས་ནི། ཨོ་མུ་ཁི། པ་རཾ་མུ་ཁི། ཨ་མུ་ཁི། ཤ་མི་ཏཱ་ནི།


CMR054_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་གྲ་ཧ་བན་ན་ནེ། ནི་ཀྲི་ཧི་ཏཱ་སརྦ་པ་ར་པྲ་ཝཱ་དི་ན། བི་མུག་ཏ་མཱ་ར་པ་ཤ །སྦྲ་བི་ཌོ། བུདྡྷཱ་མུ་ཏྲ། ཨ་ནུཏྤ་ཏི་ཏཱ། སརྦ་མཱ་རེ། པུ་ཙ་རི་ཏ་པ་རི་ཤུདྡྷེ། བྲི་གཙྩན། སརྦ་མཱ་ར་ཀརྨ་ཎི། བློ་གྲོས་རྒྱ་མཚོ་སྔགས་ཀྱི་ཚིག་འདི་དག་མངོན་དུ་བྱས་ཏེ། ཆོས་ཀྱི་གཏམ་བྱེད་ན་དེའི་ཁོར་ཡུག་དཔག་ཚད་བརྒྱ་ཚུན་ཆད་དུ། བདུད་ཀྱི་རིགས་ཀྱི་ལྷ་རྣམས་ཐོ་འཚམས་པར་བྱ་བའི་ཕྱིར་འོང་བར་མི་འགྱུར་རོ། །གང་དག་འོང་བ་དེ་དག་གིས་ཀྱང་བར་ཆད་བྱེད་པར་མི་ནུས་སོ། །དེ་ནས་ཆོས་ཀྱི་ཚིག་འབྲེལ་པ་གསལ་བ་རན་པར་བཤད་པར་བྱའོ། །ཞེས་གསུངས་སོ། །དེ་ནས་མཆོད་གཡོག་པས་མཎྜལ་ཕུལ། ༈ ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་འཆད་པ་ལ། ཐོག་མར་བླ་མའི་མཚན་ཉིད་ནི། ཤཱཀྱ་འོད་ཀྱི་སུམ་བརྒྱ་པ་ལས། ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། །ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང་། །ཆོས་དང་ཟང་ཟིང་ཕན་འདོགས་བརྩོན་པ་དང་། །དུས་སུ་འདོམ་པ་དེ་དག་བླ་མར་བསྔགས། །ཞེས་དང་། སྡོམ་པ་ཉི་ཤུ་པ་ལས། བླ་མ་སྡོམ་ལ་


CMR054_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཤིང་མཁས། །ནུས་དང་ལྡན་ལ་བླང་བར་བྱ། །ཞེས་དང་། མདོ་སྡེ་རྒྱན་ལས། སེམས་དཔའི་མཆོག་གི་སྟོན་པ་ནི། །འཇམ་ཞིང་རྒྱགས་བྲལ་མི་སྐྱོ་བ། །གསལ་ཞིང་སྣ་ཚོགས་རིག་པ་དང་། །གོ་ཞིང་ཟང་ཟིང་མེད་ཀུན་གྲོལ། །བྱང་ཆུབ་སེམས་དཔའ་ཐོས་མང་དང་། །བདེན་མཐོང་སྨྲ་མཁས་བརྩེ་བ་ཅན། །སྐྱོ་མེད་སྐྱེས་བུ་དམ་པ་ནི། །ཆེན་པོ་ཡིན་པར་ཤེས་པར་བྱ། ། །རྒྱ་ཆེ་ཐེ་ཚོམ་སྤངས་པ་དང་། །བཟུང་འོས་དེ་ཉིད་གཉིས་སྟོན་པ། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །སྟོན་པ་ཕུན་སུམ་ཚོགས་ཞེས་བྱ། །བཤེས་གཉེན་ཞི་ཞིང་དུལ་བ་ཉེར་ཞི་བ།། །ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤང་ལ་བསྟེན། །ཅེས་དང་། ཀླུ་སྒྲུབ་ཀྱིས། མང་དུ་ཐོས་ཤིང་ཤེས་རབ་ཆེ། །ཟང་ཟིང་རྙེད་པ་དོན་མི་གཉེར། །བྱང་ཆུབ་སེམས་ལྡན་སྙིང་རྗེ་ཆེ། །དཀའ་བ་བཟོད་ཅིང་སྐྱོ་ངལ་ཆུང་། །མན་ངག་ཆེ་ཞིང་ལམ་ལས་གྲོལ། །རེག་ལ་མཁས་ཤིང་དྲོད་ཚད་ཤེས། །བཅུ་གཉིས་ལྡན་པ་བསྟེན་པར་བྱ། །ཞེས་དང་། ཨ་ཏི་ཤའི་ལམ་སྒྲོན་


CMR054_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ལས། སྡོམ་པ་ཆོ་ག་ལ་མཁས་དང་། །བླ་མ་གང་ཞིག་སྡོམ་ལ་གནས། །སྡོམ་པ་འབོགས་བཟོད་སྙིང་རྗེ་ལྡན། །བླ་མ་བཟང་པོར་ཤེས་པར་བྱ། །ཞེས་གསུངས་པས། དེ་ལྟར་བླ་མའི་མཚན་ཉིད་དེ་རྣམས་བདག་ལ་མི་ལྡན་ན་ཡང་། དུས་སྙིགས་མའི་སྐབས་སུ་སྐྱོན་མེད་ཡོན་ཏན་ལྡན་པའི་བླ་མ་དཀོན་པས། །སྐྱོན་ཡོན་ཆ་སྙམ་པའི་ཡོན་ཏན་ཅུང་ཟད་ཤས་ཆེ་ཙམ་བླ་མར་བསྟེན་རུང་སྟེ། དོན་དམ་བསྙེན་པ་ལས། སྙིགས་དུས་དབང་གིས་བླ་མའི་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་ཡིན། །གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་དཔྱད་ནས། །བུ་རྣམས་ཀྱིས་ནི་དེ་ལ་བསྟེན་པར་འགྱུར་བའོ། །ཞེས་གསུངས་ཏེ། སྒྲུབ་བརྒྱུད་པའི་ལུགས་ནི། རྗེ་སྒམ་པོ་པས། བླ་མ་ལ་རྟོགས་པ་མེད་ན། སློབ་མས་མོས་གུས་བྱས་ཀྱང་མི་ཕན་ཏེ། དཔེར་ན་བརྐོས་ཕོར་ལ་རི་མོ་མེད་ན་འབི་འབི་ལེགས་ཀྱང་ཚ་ཚ་མི་འབྱུང་བ་དང་འདྲ། སློབ་མ་ལ་དད་གུས་མེད་ན་བླ་མ་ལ་རྟོགས་པ་ཡོད་ཀྱང་མི་ཕན་ཏེ། དཔེར་ན་བ་ལ་ཞོ་ཡོད་ཀྱང་བུ་ལ་རྐན་མེད་པ་དང་འདྲ་གསུངས་ནའང་། བསྟན་པ་སྤྱིའི་ལུགས་ལས། རང་ལ་ཉམས་རྟོགས་


CMR054_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་མེད་ཀྱང་། དད་པ་ཅན་གྱིས་ཉན་ན་རྟོགས་པ་སྐྱེ་སྟེ། སྔོན་བལ་པོའི་ཡུལ་དུ། མི་ཤེས་རབ་ཆེ་ཞིང་ཡིག་ཆ་སྐྱེན་པ་ཞིག་གིས་ཕ་མ་གཉིས་ཀ་བསད་།། ནས་འཁྱམས་སོང་བས། ལྷ་ཁང་སྟོང་པ་ཞིག་ཏུ་དགྲ་བཅོམ་པ་གཅིག་བཞུགས་པ། ཁོས་ལྐོག་གསོད་བྱས་ནས་དེའི་ན་བཟའ་རྣམས་གྱོན་ཏེ། བསད་པའི་དགྲ་བཅོམ་པ་དེ་ཁོ་རང་ཡིན་པར་བརྫུས་ཏེ། མི་ཀུན་གྱིས་དེ་ཡིན་བསམ་སྟེ་དད་གུས་ཀྱིས་ཆོས་ཞུས། ཁོས་ཆོས་བརྩེགས་ཀློག་ནས་ཆོས་བཤད་པས། འཁོར་བནེ་ཡང་འབུམ་ཕྲག་ཙམ་འདུས། ། ལས་འཕྲོ་བཟང་བ་རྣམས་ཀྱིས་དགྲ་བཅོམ་པ་ཐོབ་སྟེ། མངོན་ཤེས་རྫུ་འཕྲུལ་ལྡན་པ་མང་དུ་བྱུང་། སློབ་མ་དགྲ་བཅོམ་རྣམས་ཀྱིས་མངོན་ཤེས་ཀྱིས་གཟིགས་པས། བླ་མ་སྡིག་ཆེན་དུ་མཐོང་ནས། འདྲེན་པའི་ཐབས་བྱས་ཀྱང་འདྲེན་མ་ཐུབ་པར་དམྱལ་བར་སོང་བའི་ལོ་རྒྱུས་རྒྱས་པར་ཆོས་འབྱུང་རྣམས་ནས་བཤད་དེ། དགེ་སློང་ལྷ་ཆེན་པོའི་ལོ་རྒྱུས་ཞེས་བྱ་ལྷ་སྟེ། ས་སྐྱ་པཎྜི་ཏས། འཁོར་སློབ་མང་ཡང་བཟང་པོ་ཡིན་པའི་ངེས་པ་མེད་གསུངས་པས་ལུང་འདྲེན་དེ་མཛད། ལུང་རྒྱུན་སོགས་ལ་བརྒྱུད་པ་མི་གཙང་ཡང་སྐྱོན་ཡོད་པ་མ་ཡིན་ཏེ།


CMR054_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཡུར་བ་བུག་པ་རོ་གོས་ཀྱིས་བཙང་ན་ཡང་ཆུས་ཞིང་ལ་ཕན་པ་དང་འདྲ། འགྲོ་མགོན་ཆོས་འཕགས་ཀྱིས་ལུག་རྫི་ལ་དབང་ཞུས། གྲུབ་ཐོབ་ཐང་སྟོང་རྒྱལ་པོས་བན་ལོག་སྡིག་པ་བྱེད་པ་ཞིག་ལ་བདེ་མཆོག་ཞུས། བཙུན་ལོག་མ་ཞིག་ལ་ཕག་མོ་ཞུས། ཨ་མཆོད་ཤི་བའི་ཡུགས་ས་མ་གཅིག་ལ་མཚན་བརྗོད་སྒྲུབ་ཐབས་ཞུས། དེ་རྣམས་ཞུ་དོན་ཚོ་ས་དེ་དག་གི་དབང་ལུང་གི་རྒྱུད་ཆེད་དོགས་མཛད་པ་རེད། དེ་ལ་དགོངས་ནས་བཀའ་གདམས་བླ་མ་རྣམས་ཀྱིས། གང་ཟག་སྐྱོན་གྱིས་ཆོས་ལ་མི་གོས། ཞེས་གསུངས། ཆོས་ཉན་མི་ལ་དད་པ་མེད་པ་དང་། ཉན་མི་ཤེས་དོན་མི་གོ་ན་ཡང་། ཆོས་སྒྲ་རྣ་བར་ཐོས་པ་ལ་ཕན་ཡོན་ཡོད་དེ། སྔོན་དགེ་སློང་ཨུ་པ་ཀུ་ཏིས་ཆོས་འཆད་པའི་སྒྲ་ཁྱི་མོ་ཞིག་གིས་ཐོས་པས་སྒྲིབ་པ་བསྲབས་ནས་ཚེ་འཕོས་མ་ཐག་གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེས་སོ། །རྒྱ་གར་ན་དགེ་སློང་ཞིག་གིས་སྡུད་པ་ཞལ་ཐོན་བྱས་པའི་སྒྲ་བྱ་ཐེ་བས་ཐོས་པས་སྒྲིབ་པ་སྲབ་སྟེ་ཚེ་འཕོས་པས་མི་ལུས་ཐོབ་ནས་རབ་ཏུ་བྱུང་སྟེ། སྔར་སྡུད་པ་ཐོས་ཚད་བློ་ལ་ཡོད་པར་བྱུང་ངོ་། །ཡང་དགེ་སློང་ཞིག་གིས་ནེའུ་སིང་ནས་ཆོས་འཆད་པའི་སྒྲ་སྦལ་པ་ཞིག་གིས་ཐོས་་


CMR054_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྒྲིབ་པ་སྲབ་སྟེ། ཚེ་འཕོས་ནས་སུམ་ཅུ་རྩ་གསུམ་དུ་སྐྱེས་ཏེ། རྒྱུད་ལ་བརྟག་སྟེ་མེ་ཏོག་དངབཅས་པ་སངས་རྒྱས་ལ་ཕྱག་འཚལ་དུ་ཕྱིན་པས། བཅོམ་ལྡན་འདས་ཀྱིས་འདུས་བྱས་ཐམས་ཅད་མི་རྟག་པའོ། །ཞེས་སོགས་ཤོ་ལོ་ཀ་གཅིག་གསུངས་པས། ལྷའི་བུ་དེས་བདེན་པ་མཐོང་བར་གྱུར་ཏོ། །བླ་མའི་མཚན་ཉིད་ཀྱི་རྩ་བ་གལ་ཆེ་བ་ནི། ནཱ་རོ་པའི་གསུངས། བླ་མའི་མཚན་ཉིད་བརྒྱུད་པར་ལྡན། །ཅེས་དང་། རྡོ་རྗེའི་གསུང་དགོངས་པ་གཅིག་པ་ལས། དམ་ཆོས་རྒྱུད་པར་འབྲེལ་པ་ཉིད་རབ་ཟབ། །ཅེས་གསུངས་པས། ཆོས་འདིའི་རྟོགས་པ་དོན་གྱི་བརྒྱུད་པ་བྱིན་རླབས་ཀྱི་འཕོ་བ་ཅན། སངས་རྒྱས་ཀྱི་ཕྲེང་བ་བར་མ་ཆད་པ་སྟེ། རྡོ་རྗེ་འཆང་ཆེན་ཏེ་ལོ་ནཱ་རོ། མར་མི་དྭགས་གསུམ། དུས་གསུམ་མཁྱེན་པ། རས་ཆེན་པ། སྤོམ་བྲག་པ། ཀརྨ་པཀི། ཨོ་རྒྱན་པ། རང་བྱུང་བ། གཡུང་སྟོན་པ། རོལ་པའི་རྡོ་རྗེ། མཁའ་སྤྱོད་དབང་པོ། དེ་བཞིན་གཤེགས་པ། རཏྣ་བྷ་དྲ། མཐོང་བ་དོན་ལྡན། འཇམ་དཔལ་བཟང་པོ། དཔལ་འབྱོར་དོན་གྲུབ། ཆོས་གྲགས་རྒྱ་མཚོ། སངས་རྒྱས་མཉན་


CMR054_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

པ། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག །དབང་ཕྱུག་རྡོ་རྗེ། འོད་དཔག་མེད་མི་ཡི་གཟུགས་འཛིན་པ་ཆོས་ཀྱི་དབང་ཕྱུག །དེའི་ཞབས་དྲུང་ནས་བདག་རཱ་ག་ཨ་སྱས། སོ་སོར་ཐར་པའི་རབ་བྱུང་དགེ་ཚུལ་དགེ་སློང་གསུམ་གྱི་སྡོམ་པ། བྱང་ཆུབ་སེམས་བསྐྱེད་སྡོམ་པ། བློ་སྦྱོང་དང་བཀའ་གདམས་ལམ་རིམ་གྱི་ཁྲིད་ཟླ་བ་གཅིག །གསང་སྔགས་ཀྱི་དབང་བཞི་ཡོངས་རྫོགས་ལན་གསུམ། ཕྱག་རྒྱ་ཆེན་པོའི་ཁྲིད་ཟླ་བ་གཅིག །ལྔ་ལྡན་གྱི་རྒྱས་བཤད་དགོངས་པ་གཅིག་པ་བདུན་གཉིས་ཙམ། གཞན་ཡང་བྱམས་ཆོས་སྡེ་ལྔ་དབུ་འཇུག་ནང་དོན་སོགས་ལུང་མང་པོ་སྟེ། མདོར་ན་ལོ་ངོ་གསུམ་ལ་བླ་མ་དེ་ཉིད་ལ་བསྟེན་པ་ཡིན་པས། སྒྲོ་བ་ངན་ཀྱང་ལུང་ཐག་བཟང་བའི་དཔེ། བརྒྱུད་པ་ཤིན་ཏུ་བཟང་བ་ཡིན། བརྒྱུད་པ་དེ་ལ་ཆོས་གཞན་རྣམས་ཀྱི་རྟོགས་པ་དོན་བརྒྱུད་ཐམས་ཅད་འདུས་ཏེ། ཏེ་ལོ་པས། རྡོ་རྗེ་འཆང་དང་རྡོ་རྗེ་ཕག་མོ་ལ་དངོས་སུ་ཆོས་གསན། སླར་ཡང་བཀའ་བཞི་བརྒྱུད་པའི་བླ་མ་བསྟེན་པས། བླ་མེད་རྒྱུད་སྡེ་བཞི་ཀའི་བཀའ་བབ། བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་དང་། སྲས་སྒྲ་གཅན་འཛིན་གྱི་གསང་མཚན་བདེ་


CMR054_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མགོན་པོ་གཉིས་ཀས། ས་ར་ཧ་ལ་ཕྱག་རྒྱ་ཆེན་པོའི་གདམས་པ་གནང་། དེ་ནས་ཀླུ་སྒྲུབ་ཤ་བ་རི་མེ་ཏྲི་པ་ནས་མར་པར་བརྒྱུད། འཇམ་དབྱངས་ཀླུ་སྒྲུབ་ནས་བརྒྱུད་པའི་ཟབ་མོ་ལྟ་བརྒྱུད། བྱམས་པ་ཐོག་མེད་ནས་བརྒྱུད་པའི་རྒྱ་ཆེན་སྤྱོད་བརྒྱུད། འཇམ་དབྱངས་ཞི་བ་ལྷ་གསེར་གླིང་པ་ནས་བརྒྱུད་པའི་བློ་སྦྱོང་། དེ་རྣམས་ཇོ་བོ་རྗེ་ལ་འདུས། དེ་ནས་འབྲོམ་རྒྱལ་སྲས་སྐུ་མཆེད་གསུམ། བྱ་ཡུལ་བ་རྒྱ་ལྕགས་རི་གོང་ཀ་བ་སོགས་ནས་དྭགས་པོ་ལ་བརྒྱུད་པས། བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཞེས་བྱ། ཤ་ར་ཝ་ནས་དུས་མཁྱེན་ལ་ཡང་བརྒྱུད། དུས་མཁྱེན་གྱི་བླ་མ་བྲག་དཀར་བ་ལས་རྫོགས་ཆེན་ཨ་རོ་སྙན་བརྒྱུད་གསན་པས་རྫོགས་ཆེན་དོན་བརྒྱུད་ཡང་དེར་འདུས། ཀརྨ་པཀྴིས་ཀཿཐོག་པ་བྱམས་པ་འབུམ་ལ་མདོ་སྒྱུ་སེམས་གསུམ་ཞུས་ནས་མཁས་པར་སྦྱངས་བས། ཉིད་ཀྱི་མཛད་ཆོས་རྣམས་ཀྱང་ཕྱག་རྫོགས་ཟུང་འཇུག་མཛད། རང་བྱུང་རྡོ་རྗེས་པདྨ་ལས་འབྲེལ་རྩལ་ལ་མཁའ་འགྲོ་སྙིང་ཐིག་ཞུས་པ་ཤོག་སེར་མ་དང་། ཟླ་བ་དྲུག་ཨོ་རྒྱན་ལ་གསོལ་བ་བཏབ་ནས་དངོས་སུ་གནང་བ་མཁའ་འགྲོ་སྙིང་ཐིག་ཤོག་སྐྱ་མར་གྲགས་ཏེ། ཕྱག་རྫོགས་


CMR054_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་ལ་དགོངས་པ་གཏད། གཡུང་སྟོན་པ་ནི་དང་པོ་འུག་པ་ལུང་དུ་མདོ་སྒྱུ་སེམས་གསུམ་ལ་མཁས་པར་སྦྱངས་པས་ལྟ་བ་རྫོགས་ཆེན་ཤས་ཆེ། རོལ་པའི་རྡོ་རྗེའི་བི་མ་ལ་ཞལ་གཟིགས་ནས་ཉིད་ཀྱི་དཔྲལ་བར་ཐིམ་པས། རྫོགས་ཆེན་གྱི་རྟོགས་པ་སྐྱེས་ནས་མགུར་དང་ཁྲིད་ཡིག་ཀྱང་མཛད། དེས་ན་རྫོགས་ཆེན་གྱི་དོན་བརྒྱུད་ཡང་བརྒྱུད་པ་འདི་ལ་འདུས། ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྐུ་གསུམ་ངོ་སྤྲོད་ནི། མར་མི་དྭགས་གསུམ་ནས་སྙན་བརྒྱུད་དུ་ཡོད་པ་རང་བྱུང་རྡོ་རྗེའི་ཡི་གེར་བཀོད་པ་ཡིན་ལ། ཐུགས་རྗེ་ཆེན་པོའི་མི་ཏྲའི་དམར་ཁྲིད་ནི། རྗེ་དེ་བཞིན་གཤེགས་པ་དང་ཆོས་གྲགས་རྒྱ་མཚོ་གཉིས་ཀས་མི་ཏྲ་ཉིད་ལ་གསན། མ་ཎི་བཀའ་འབུམ་གྲུབ་ཐོབ་དངོས་གྲུབ་ཀྱི་གཏེར་མ་ཡང་མངའ་བདག་ཉང་ནས་རིམ་པར་རང་བྱུང་བ་ལ་བརྒྱུད། སངས་རྒྱས་གླིང་པའི་གཏེར་ཁ་ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད། དམར་ཁྲིད་སེམས་ཉིད་ངལ་གསོ་ནི། སྲས་བླ་མ་ཡེ་ཤེས་རྡོ་རྗེ་ལ་མཐོང་བ་དོན་ལྡན་གྱིས་གསན། ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་དེའི་དམར་ཁྲིད་དང་བཅས་པ། རཏྣ་གླིང་པ་ཉིད་ལ་ཆོས་གྲགས་རྒྱ་མཚོས་གསན། དཔལ་མོ་ལུགས་ཀྱི་


CMR054_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ཁྲིད་དང་། ཚེམ་བུ་ལུགས་ཀྱི་དམར་ཁྲིད་དང་། བྱང་སེམས་ཟླ་བ་རྒྱལ་མཚན་པའི་ལུགས་ཀྱི་དམར་ཁྲིད། དཔལ་འབྱོར་དོན་གྲུབ་པས་གསན་པས། །བོད་དུ་བཞུགས་ཚད་ཀྱི་དབང་ལུང་ཆོས་གསུམ་ཁོང་གིས་མ་ཐོབ་པ་མེད་པ་ཡིན་སྐད། གཞན་ཡང་ཞི་བྱེད་སྐོར་གསུམ། ལམ་འབྲས་པོ་ཏི་ཉི་ཤུ་རྩ་ལྔ། དགོངས་འདུས་པོ་ཏི་བཅུ་གཉིས། སྙན་བརྒྱུད་སྐོར་གསུམ་རྣམས། ཀུན་དགའ་རྣམ་རྒྱལ་ལ་ཆོས་ཀྱི་དབང་ཕྱུག་གིས་གསན། ཁ་ཆེ་པཎ་ཆེན་ནས་བརྒྱུད་པའི་སོ་ཐར་སྡོམ་རྒྱུན་ནི། མཁན་ཆེན་ཆོས་གྲུབ་སེང་གེ་ལ་མི་བསྐྱོད་ཞབས་ཀྱིས་གསན། མཚན་ཉིད་པོ་ཏི་ལྔ་ཡི་ལུང་རྒྱུད་བཤད་རྒྱུད་གཉིས་ཀ་ཀརྨ་ཕྲིན་ལས་པ་ལ་མི་བསྐྱོད་རྡོ་རྗེས་གསན། འཇའ་ཚོན་པའི་གཏེར་ཁ་རྫོགས་ཆེན་དཀོན་མཆོག་སྤྱི་འདུས་དང་། ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གཉིས། ནོར་བུ་བརྒྱན་པ་ལ་རྗེ་ཆོས་ཀྱི་དབང་ཕྱུག་དང་། ཆོས་དབྱིངས་རྡོ་རྗེ་གཉིས་ཀས་གསན། བཀའ་འགྱུར་གྱི་ལུང་ཡང་ཚང་བར་བཞུགས་ཤིང་། དེ་ཐམས་ཅད་ཀྱི་དོན་གྱི་རྩ་བ་ནི། ཁྲིད་ཆེན་ངེས་དོན་རྒྱ་མཚོ་འདི་ལ་འདུས་པས་འདི་ལེགས་པར་ཐོབ་པའི་ཕྱིར།


CMR054_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བརྒྱུད་བྱིན་རླབས་ཀྱི་འཕོ་བ་ཟུང་འཇུག་བརྒྱུད་རིམ་འདི་ལ་འདུས། ཡང་རྗེ་ཏེ་ལོ་པའི་རྣམ་འཕྲུལ་གྲུབ་ཆེན་རྨ་སེ་དེས། དང་པོ་སངས་རྒྱས་ཞིག་ཆེན་པ་ལ་རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་ཞུས་ནས་གྲུབ་རྟགས་ཐོན་པ། ཕྱིས་དེ་བཞིན་གཤེགས་པ་ལ་སྙན་བརྒྱུད་ཞུས་པ་ཡིན་ཏེ། དེ་ནས་ཆོས་སྐུ་འོད་ཟེར་སེང་གེ །རྟོགས་ལྡན་བློ་གྲོས་གྲགས་པ། རྟོགས་ལྡན་དོན་གྲུབ་མཚན་ཅན། རྗེ་བཙུན་ལེགས་བཤད་སྒྲ་དབྱངས། སྔགས་འཆང་རིན་པོ་ཆེ། ཚེར་ལུང་དྲུང་སྐྱིད་ཀུན་དགའ་རྣམ་རྒྱལ། དེའི་དྲུང་དུ་བདག་རཱ་ག་ཨ་སྱས། སྐྱབས་སྡོམ་བསྙེན་གནས་དགེ་བསྙེན་སྡོམ་པ། ཐུགས་རྗེ་ཆེན་པོའི་སྒོམ་ལུང་། ཕྱག་རྒྱ་ཆེན་པོའི་ཁྲིད་ཞག་བཅོ་བརྒྱད་ཐོབ་སྟེ། འདི་ནི་གྲུབ་ཐོབ་ཀྱི་བརྒྱུད་པ་བར་མ་ཆད་པ་ཁྲིད་རིམ་ཐམས་ཅད་ཀྱི་དོན་བརྒྱུད་ཀྱང་དེ་ལ་འདུས་པ་ཡིན་ནོ། །ཉེ་བརྒྱུད་ནི། གྲུབ་ཆེན་ཀརྨ་པཀྵིའི་ཞལ་ནས། མིང་ཡོངས་སུ་གྲགས་པའི་ཀརྨ་པ་དང་། ཐུགས་རྗེ་ཆེན་པོའི་བར་ནི་བརྒྱུད་པ་གཞན་ཡོད་ཀྱང་ཉན་མེད་ཀྱང་ཉན་གསུངས་པས། རྗེ་བཅུ་པའི་ཞལ་སྔ་ནས། ཐུགས་རྗེ་ཆེན་པོའི་སྒོམ་ལུང་བླ་མའི་རྣལ་འབྱོར་ཕྱག་ཆེན་ངོ་སྤྲོད་རྣམས་


CMR054_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། མི་འགྱུར་རྡོ་རྗེའི་ཆོས་བདག་གཏེར་བློན་དུ་ལུང་བསྟན་ཅིང་། ལོ་གསུམ་གཟིམ་མལ་གཅིག་ཏུ་བྱས་ནས། རྫོགས་ཆེན་གྱི་ཁྲིད་སངས་རྒྱས་ལག་འཆང་དང་། ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཆོས་འབྲུ་བདུན་པ་སོགས་གནམ་ཆོས་རྣམས་ཞུས། བདུད་འདུལ་རྡོ་རྗེའི་དྲུང་ནས་ཐེག་པ་སྤྱི་ཁྲིད་དང་། རྫོགས་ཆེན་དང་འབྲེལ་པའི་དབང་ལུང་མང་དུ་ཐོབ། ཆོས་བདག་ཡིན་པའི་ལུང་བསྟན་དང་དམ་རྫས་ཨ་རྒྱ་ཅན་གནང་ནས། རྫོགས་ཆེན་རང་གི་ཉམས་ལེན་དང་གཞན་ལ་སྟོན་པ་སོགས་གལ་ཆེ་ཚུལ་ཞལ་གདམས་མང་དུ་གནང་། དེ་དག་ནི་ཁྲིད་ཀྱི་བརྒྱུད་པ་ཡིན་པས། གཞན་ཡང་དབང་ལུང་ཆོས་འབྲེལ་ནི། སི་ཏུ་ཆོས་ཀྱི་རྒྱལ་མཚན། རྒྱལ་ཚབ་གྲགས་པ་མཆོག་དབྱངས། བླ་མ་དྲུང་ཡིག་པ། རིན་པོ་ཆེ་དཀོན་མཆོག་དཔལ་འབྱོར། སྟག་ལུང་བཀྲ་ཤིས་དཔལ་གྲུབ། འབྲི་གུང་དཀོན་མཆོག་ཕྲིན་ལས་རྣམ་རྒྱལ། འབྲུག་ཆེན་ཀརྨ་བསྟན་འཕེལ། སྒྲུབ་བརྒྱུད་བསྟན་པ་རྣམ་རྒྱལ་ལ་སོགས་པ་བླ་མ་བཞི་བཅུ་ཞེ་དགུ་ཙམ་ལས། མཐའ་ཡས་པ་ཞིག་ཐོབ་པའི་བརྒྱུད་རིམ་བརྗོད་ཀྱིས་མི་ལོང་ལུང་ཡིག་ལ་གསལ་ཏེ། དེ་ཐམས་ཅད་


CMR054_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དོན་གྱི་སྙིང་པོ་ཁྲིད་འདི་ལ་འདུས། ཁྱད་པར་ཕྱག་རྒྱ་ཆེན་པོའི་སྐོར་ལ། །དོ་ཧ་མཛོད་གསུམ། གསང་བ་མཛོད་གསུམ། དོ་ཧ་མཛོད་བརྒྱད། མི་ལའི་ཡེ་ཤེས་གསལ་བྱེད་རྒྱས་བསྡུས་གཉིས། དྭགས་པོའི་ཐར་རྒྱན་དང་ཆོས་བཅུ། འབྲི་གུང་དྷམཱ་རཱ་ཛའི་ལྔ་ལྡན། རྒོད་ཚང་པའི་མོས་གུས་ཆེན་པོ་དང་རོ་སྙོམས་སྒང་དྲིལ། རང་བྱུང་པའི་སྙིང་གཏམ་ཚིག་གཅིག །ཨོ་རྒྱན་པའི་ངོ་སྤྲོད་ཆེན་མོ། ཡང་དགོན་པའི་རྒྱབ་སྐྱོར། དབང་ཕྱུག་རྡོ་རྗེའི་ཆོས་སྐུ་མཛུབ་ཚུགས་མ། རྒྱ་སྟོན་པའི་བཀའ་འབུམ་དེ་རྣམས་ཀྱི་ལུང་ཐོབ་པའི་དོན་ཡང་ཁྲིད་འདི་ལ་འདུས། རྫོགས་ཆེན་མཁའ་འགྲོ་སྙིང་ཐིག །ཀློང་གསལ་སྙིང་ཐིག །དགོངས་པ་རང་གྲོལ་སོགས་རྫོགས་ཆེན་གྱི་ལུང་རྒྱུན་མང་པོ་ཐོབ་པའི་དོན་ཡང་འདིར་འདུས། ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཚེམ་བུ་ལུགས། དཔལ་མོ་ལུགས། མི་ཏྲ་ལུགས། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྐུ་གསུམ་ངོ་སྤྲོད། ཐུགས་རྗེ་ཆེན་པོ་ཡང་གསང་བླ་མེད་ཀྱི་ཁྲིད་སེམས་ཉིད་ངལ་གསོ། ཐུགས་རྗེ་ཆེན་པོ་གསང་འདུས་དམར་ཁྲིད་མ་ཎི་བཀའ་འབུམ། ཡང་སྙིང་འདུས་པ། ངན་སོང་རང་གྲོལ་དེ་རྣམས་ཀྱི་ལུང་


CMR054_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པའི་དོན་ཡང་འདིར་འདུས་པས། བཀའ་ཆད་ལུང་རྡུམ་མ་ཡིན་དམ་ཆོས་བརྒྱུད་པར་འབྲེལ་པ་ཡིན་ནོ། །ཡང་རིག་འཛིན་ཀློང་གསལ་སྙིང་པོའི་རྩ་གསུམ་ཀུན་འདུས་ཀློང་གསལ་སྙིང་ཐིག །བི་མ་ལའི་སྙིང་ཏིག་སོགས་གཏེར་ཁ་མང་པོ་ཐོབ་ཟིན་པའི། རཱ་ག་ཨ་སྱ་བདག་ཀྱང་ཆོས་བདག་གི་གྲ་ཡིན་གསུངས་ནས། རྩ་གསུམ་ཀུན་འདུས་ཀྱི་དཔེ། དམ་རྫ་ས་བརྟན་བཞུགས་གནང་སྦྱིན་དང་བཅས་ཏེ། ཁོང་གི་གཏེར་ཆོས་ཐམས་ཅད་ཀྱི་དབང་ལུང་གི་བརྒྱུད་པ་གཏད་པ་ཡིན་པས། དངོས་སུ་མཇལ་མི་དགོས། ། རང་གི་ཉམས་ལེན་དང་གཞན་ལ་གང་འཕེལ་གྱིས་གསུངས་ནས། བཀའ་ཤོག་གནང་བ་དང་དུས་མཉམ་དུ་རྟགས་མཚན་བཟང་པོ་ཡང་བྱུང་བས། མཁའ་འགྲོ་གཏད་རྒྱ་བརྒྱུད་པ་ཡང་འདི་ལ་ཚང་། བཀའ་བབས་དོན་གྱི་བརྒྱུད་པ་ནི། ས་ཆེན་ཀུན་དགའ་སྙིང་པོས་འཇམ་དབྱངས་ཞལ་གཟིགས་ནས་ཆོས་ཚིག་བཞི་གནང་བ་ལ་བརྟེན་ནས། ཞེན་པ་བཞི་བྲལ་གྱི་ཁྲིད་མཛད། གཙང་པ་རྒྱ་རས་ཀྱིས་སངས་རྒྱས་རབས་བདུན་ཞལ་གཟིགས་ནས། ཤོ་ལོ་ཀ་འགའ་ཟུང་གནང་བ་ལ་བརྟེན་ནས། རྟེན་འབྲེལ་ཁོ་བོ་ལུགས་ཀྱི་ཁྲིད་


CMR054_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། ཕག་གྲུ་སོགས་བཀའ་བརྒྱུད་གོང་མ་རྣམས་ཀྱི། སེམས་བསྐྱེད་རྨི་ལམ་མ། ཞི་བྱེད་རྨང་ལམ་མ། གསང་སྤྱོད་རྣལ་ལམ་མ་སོགས་མང་དུ་དར་རོ། །དེ་རྣམས་ལ་འགྲན་ཟླ་མེད་ནའང་། བདག་རཱ་ག་ཨ་སྱས་ཐུགས་རྗེ་ཆེན་པོ་ལོ་བཅུ་གསུམ་སྒྲུབ་པའི་དམ་བཅའ་ཡོད་པའི་ཚེ། ནུབ་ཅིག་ཉམས་ཀྱི་སྣང་བ་ལ། མདུན་གྱི་བར་སྣང་ལ་སེང་གེ་གཡུ་རལ་སྤྲིན་ལྟར་གཏིབས་པ་ཞིག་ལ། སྲིན་པོ་སྨུག་ནག་གཅེར་བུ་འཇིགས་སུ་རུང་བ། མ་མཆེ་སྨིན་མཚམས་དང་། ཡ་མཆེ་བྲང་དུ་སླེབ་པ་ཞིག་གིས། སེང་གེ་ཆིབས་པས་ལུས་སྒུར་པོར་འདུག་པ། དེའི་སྟེང་ན་ཨོ་རྒྱན་རིན་པོ་ཆེ་སྐུ་གཅེར་བུ་སྨུག་ནག །ཕྱག་འགགས་གཡོན་དུ་གསེར་གྱི་ཕྱག་གདུབ་འོད་འབར་བས་བརྒྱན་པ། ཕྱག་གཉིས་སྲིན་པོའི་དཔུང་པ་གཉིས་ནས་འཇུས་ནས་འགུལ་མི་འཇུག་པ། ཞལ་ཁྲོ་གཉེར་དང་བཅས་པ། ཨོཾ་གཙིགས་བསྡམས་པ་དབུ་ལ་པད་ཞྭ་ངུར་སྨྲིག་གསོལ་བ་གཅིག་གསལ་པོར་མཇལ། དེ་ནས་མི་སྣང་བར་གྱུར་མ་ཐག །དཔེ་ཆ་ཞིག་ལག་ཏུ་བཞག་བྱུང་། འཁྲུལ་པ་ཡིན་སྙམ་ནས་མ་བལྟས་ཛ། ལྡེབ་མ་དུང་གི་མདོག་ཅན་མཚལ་མགོ་དང་བྲིས་ཤིན་ཏུ་ལེགས་པ་ཞིག་


CMR054_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གི་ཐད་དུ་བསྟན་ནས་བྱུང་། དེ་ལ་བལྟས་པས་ཁྲིད་འདིའི་རྩ་ཚིག་རྡོ་རྗེའི་ཚིག་རྐང་བཞི་འདུག །ཕྱིར་ནངས་ཡི་གེར་བྲིས་ནས་བལྟས་པས། ཐུགས་རྗེ་ཆེན་པོའི་དམར་ཁྲིད་དང་། ཕྱག་རྫོགས་གཉིས་ཀའི་དོན་འདུས་པར་གོ །ཡང་རྨི་ལམ་དུ་གདོང་མཁའ་སྤྱོད་པ་མཇལ་བས། ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་གནང་། དེ་དག་ནི་བཀའ་བབ་བྱིན་རླབས་ཀྱི་བརྒྱུད་པར་རློམ་སྟེ། ཁྲིད་འདིའི་རྩ་བའོ། །དེ་དག་གིས་ནི་ཆོས་ཀྱི་ཁུངས་བཙུན་པར་སྟོན་པ་བརྒྱུད་པའི་ལོ་རྒྱུས་སོ། །ཆོས་ཉན་པ་པོ་སློབ་མའི་མཚན་ཉིད་ནི། བཤད་རྒྱུད་རྡོ་རྗེའི་ཕྲེང་བ་ལས། ཇི་ལྟར་སེང་གེའི་འོ་མ་ནི། །ས་ཡི་སྣོད་དུ་བཞག་མི་བྱ། །དེ་བཞིན་རྣལ་འབྱོར་ཆེན་པོའི་རྒྱུད། །སྣོད་མིན་རྣམས་ལ་སྦྱིན་མི་བྱ། །ཞེས་དང་། མདོ་སྡེ་ས་བཅུ་པ་ལས། ཇི་སྐད་དུ། ཇི་ལྟར་སྣོད་མིན་ཉན་ཐོས་ཐེག་པ་དག །ཐེག་ཆེན་བཤད་པ་ཐོས་ན་སྐྲག་འགྱུར་ཏེ། །ཆད་པར་ལྟ་ལ་ངན་སོང་ལྷལ་ལྟུང་འགྱུར་བས། །དེས་ན་དབང་པོ་བརྟག་ལ་ཆོས་བསྟན་ཏོ། །ཞེས་དང་། རིམ་ལྔ་ལས། གང་ཞིག་གཡོ་སྒྱུའི་བློ་ལྡན་ལེ་ལོ་ཅན་དག་དང་། །ཉོན་མོངས་བླ་མའི་སྐྱོན་


CMR054_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མཐོང་གི་ཡོན་ཏན་མིན། །བླ་མ་ལ་སྨོད་དབང་བསྐུར་ཐོབ་ཀྱང་རློམ་སེམས་འགྱུར། །བློ་དམན་སེམས་ལྡན་ཀུན་མཁྱེན་ཡང་དག་ཐོབ་མི་འགྱུར། །ཞེས་དང་། རིམ་ལྔ་ལས་ཚོགས་ནང་བླ་མ་མཐོང་ན་རྒྱབ་ཀྱིས་ཕྱོགས་པར་བྱེད། །དེ་ནས་དེ་ནི་དབེན་པར་སོང་ནས་ཕྱག་བྱེད་འགྱུར། །དེ་ལྟར་རང་བཞིན་ངན་འགྱུར་དམན་པའི་སློབ་མ་ནི། །རང་བུ་ཡིན་ཡང་གཞན་བཞིན་ཡོངས་སུ་སྤང་བར་བྱ། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེ་མཆོག་ལ་སྐྱེས་གྱུར་ཀྱང་། །བརྟེན་པས་ནམ་ཡང་དེ་ཡི་དྲུང་དུ་བཞག་མི་བྱ། །ཞེས་དང་། བླ་མ་ལ་བརྙས་རྒྱུ་ཅན་དད་པ་མེད། །སྔགས་ཀྱི་རློམ་ཞིང་གླེགས་བམ་མཐོང་བས་ཁེངས། །དད་པ་མེད་ཅིང་དབང་བསྐུར་མེད་པ་ལ། །གཏམ་གྱི་རིམ་པའང་དེ་ལ་མི་ཚེ་བྱའོ། །ཞེས་གསུངས། སློབ་མ་སྣོད་ལྡན་ནི། དུར་ཁྲོད་རྒྱན་གྱི་རྒྱུད་ལས། དཔའ་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །དད་ལྡན་རིག་ཅན་གཏོང་ཕོད་ཆེ། །ཐོས་མང་དམ་ཚིག་ལྡན་ལ་སྦྱིན། །ཅེས་དང་། སྒྱུ་འཕྲུལ་དྲྭ་བའི་རིམ་པར་ཕྱེ་བ་དང་པོ་ལས། དགེ་དང་བསྒོམ་ལ་དགའ་བ་དང་། །རྟག་ཏུ་བླ་མ་ལ་གུས་


CMR054_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རྒྱུན་དུ་ལྷ་རྣམས་མཆོད་བྱེད་པའི། །ཡོན་ཏན་ལྡན་ན་སློབ་མ་ཡིན། །ཞེས་གསུངས་སོ། །དེ་ལྟ་བུའི་སློབ་མས་ཆོས་ཤོད་ཟེར་མ་ཐག་ཏུ་མི་བཤད་དེ། ཟླ་བ་སྒྲོན་མའི་མདོ་ལས། ཆོས་ཀྱི་སྦྱིན་པའི་ཆད་ཀྱི་ཕྱིར། །གལ་ཏེ་ཁྱེད་ལ་གསོལ་འདེབས་ན། །རབ་རྒྱས་བདག་གིས་མ་བསླབ་ཅེས། །ཐོག་མར་ཚིག་དེ་བརྗོད་པར་བྱ། །ཞེས་དང་། དེ་ཡང་ཚོང་སྐད་མ་ཡིན་སློབ་མའི་རྒྱུད་བརྟག་པ་ཡིན། ཁོ་ལ་ཆོས་དེས་ཕན་པར་འདུག་ན། ཆོས་ཞུ་མ་ཟེར་ཀྱང་བཤད་རུང་སྟེ། མདོ་དེ་ཉིད་ལས། སྣོད་ལ་བརྟགས་པར་བྱས་ནས་བྱ། །གལ་ཏེ་སྣོད་ནི་ཤེས་གྱུར་ན། །གསོལ་མ་བཏབ་ཀྱང་བཤད་པར་བྱ། །ཞེས་གསུངས། དེ་ནས་ཆོས་བཤད་པའི་ཚེ་ཆོས་ཁྲི་ལ་འདུག་པ་དང་། ཞྭ་གོས་གཟབ་པ་འདི་དག་ཀྱང་ཇོ་བརྫུ་དང་འཕྱོར་འདོད་མ་ཡིན་ཏེ་ཆོས་ཀྱི་ཆེ་བ་ཡིན། དམ་ཆོས་པདྨ་དཀར་པོ་ལས། གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ། །ཡང་པའི་སྟན་ནི་རབ་ཏུ་བཤམ་བཏིང་སྟེ། །བཅོས་བུ་རས་རྣམས་སྣ་ཚོགས་ལེགས་བཏིང་བ། །རྐང་སྟན་བཅས་པའི་ཁྲི་ལ་རབ་འདུག་ཅིང་། །ཞེས་དང་། བློ་གྲོས་


CMR054_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོས་ཞུས་པའི་མདོ་ལས། ཆོས་སྨྲ་བ་གཙང་སྦྲ་དང་བཅས་ནས། ཀུན་ཏུ་སྤྱོད་པ་གཟབ་པ་དང་། ལེགས་པར་བཀྲུས་པ་དང་། ལེགས་པར་གོས་བགོ་བར་བྱའོ། ། ཞེས་གསུངས་སོ། །དེ་ལྟར་ཆོས་བཤད་ན་ཕན་ཡོན་ནི། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱལ་སྲིད་སྣ་བདུན་དང་། རིན་པོ་ཆེ་སྣ་ཚོགས་དང་། མར་མེ་དང་སྤོས་ཀྱིས་བཀང་སྟེ། སངས་རྒྱས་ཐམས་ཅད་མཆོད་པ་བས་ཀྱང་ལྷག་སྟེ། དཀོན་མཆོག་བརྩེགས་པ་ལས། མི་རྣམས་གང་ཞིག་གང་གཱའི་བྱེ་སྙེད་ཀྱིས། །འཇིག་རྟེན་ཁམས་མཆོག་རིན་ཆེན་བཀང་བྱས་ཏེ། །དགེ་མཆོག་སེམས་ཀྱིས་རྒྱལ་ལ་ཕུལ་བ་བས། །གང་གི་སེམས་ཅན་གཅིག་ལ་ཚིགས་བཅད་སྦྱིན། །རིན་ཆེན་སྦྱིན་པ་རྒྱ་ཆེན་བྱིན་པ་དེས། །ཚིགས་བཅད་བྱིན་པ་སྙིང་རྗེས་བསྒྲུབ་དེ་ལ། །ཆར་ཡང་མི་ཕོད་གྲངས་སུ་ཡང་མ་ཡིན་ནོ། །ཞེས་དང་། མདོ་ལས། གང་ལ་ཕན་ཕྱིར་ང་ཡི་ཆོས། །ཚུལ་བཞིན་བསྟན་པས་མཆོད་འགྱུར་གྱི། །མེ་ཏོག་བདུག་སྤོས་མར་མེ་ཡིས། །རྒྱལ་བ་ཡང་དག་མཆོད་པ་མིན། །ཞེས་དང་། ཆོས་བཤད་ན་འཇིག་རྟེན་ཐམས་ཅད་གསེར་དངུལ་སོགས་རིན་ཆེན་སྣ་ཚོགས་


CMR054_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཀང་སྟེ་སྦྱིན་པ་བྱིན་པ་བས་ལྷག་སྟེ། བྱམས་པ་སེང་གེའི་མདོ་ལས། གང་གིས་གང་གཱའི་བྱེ་སྙེད་སངས་རྒྱས་ཞིང་། །རིན་ཆེན་བདུན་གྱིས་ཡོངས་སུ་བཀང་བྱས་ནས། །དགའི་རབ་སེམས་ཀྱིས་རྒྱལ་ལ་ཕུལ་བ་དང་། །གང་གིས་སེམས་ཅན་གཅིག་ལ་ཚིགས་བཅད་བྱིན། །རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེན་དེས། །ཚིགས་བཅད་བྱིན་པ་སྙིང་རྗེ་བསྒྲུབ་དེ་ལ། །ཆར་ཡང་མི་ཕོད་གྲངས་སུ་ཡང་མ་ཡིན་ན། །གཉིས་དང་གསུམ་ལ་བསམ་དུ་ག་ལ་ཡོད། །ཅེས་དང་། གསེར་འོད་ལས། ཤཱ་རིའི་བུ། སྦྱིན་པ་རྣམས་ཀྱི་ནང་ནས། འདི་ལྟ་སྟེ། ཆོས་ཀྱི་སྦྱིན་པ་མཆོག་ཅེས་ངས་བཤད་དོ། །ཞེས་གསུངས། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། ཆོས་ཀྱི་སྦྱིན་པ་ནི་ཟག་པ་ཟད་པའི་མངོན་པར་ཤེས་པ་རྣམས་རྣམ་པར་དག་པར་འགྱུར་རོ། །ཞེས་དང་། སེང་གེའི་ཞུས་པར། ཆོས་ཀྱི་སྦྱིན་པས་སྐྱེ་བ་དྲན། །ཞེས་དང་། འཇིག་རྟེན་ཐམས་ཅད་གསེར་གྱིས་བཀང་ནས་སྦྱིན་པ་བས། དུས་སྙིགས་མའི་དུས་ཆོས་ཤོ་ལོ་ཀ་གཅིག་བཤད་ན་ཕན་ཡོན་ཆེ་སྟེ། བྱམས་པ་སེང་གེའི་མདོ་ལས། གང་གི་བྱེ་སྙེད་འཇིག་རྟེན་


CMR054_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པ་བྱིན་པ་བས། །དུས་ངན་ཚེ་ན་ཚིགས་བཅད་གཅིག་བརྗོད་པ། །དེ་ཡི་ཕན་འདོགས་ཅི་འདྲ་དེ་ལ་མེད། །ཅེས་དང་། འཇིག་རྟེན་གྱི་འབྲེལ་པ་དང་མཐུན་འཇུག་ཅི་བས་ཀྱང་ཆོས་འབྲེལ་གྱི་འབྲེལ་པ་ཟབ་པ་སྟེ། ཏིང་འཛིན་རྒྱལ་པོའི་མདོ་ལས། སྦྱིན་པ་རབ་སྦྱིན་གཅིག་ལ་གཅིག་བརྟེན་པ། །དེ་དག་ཕན་ཚུན་རི་མོར་བྱེད་མི་འགྱུར། །མཁས་པ་བག་ཆགས་རབ་ཏུ་སྤང་པ་ཡི། །སངས་རྒྱས་དག་གིས་བསྙེན་པ་དེ་མི་བསྔགས། །གང་དག་སྲོག་ཆགས་ཕན་ཕྱིར་ཆོས་སྟོན་པ། ། དེ་འདྲའི་མི་དེ་ཤིན་ཏུ་བསྟེན་པ་ཡིན། །དེ་ཡང་གཅིག་ལ་གཅིག་ཀྱང་མི་ཕྱེད་མཛའ། །བྱེ་བ་སྙེད་ཀྱི་བདུད་ཀྱིས་དབྱེ་མི་ནུས། །འཇིག་རྟེན་ཟང་ཟིང་དག་གིས་བརྟེན་པའི་མི། དེ་དག་ཚེ་འདི་དོན་དུ་ཀུན་འགྱུར་གྱི། །ཟང་ཟིང་མེད་པའི་ཆོས་ལ་བརྟེན་པ་ནི། །མི་དག་གིས་ཀྱང་རབ་ཏུ་དོན་ཆེན་འགྱུར། །ཟང་ཟིང་མེད་པའི་སེམས་ནི་ཉེར་བཞག་སྟེ། ཟང་ཟིང་མེད་པའི་ཆོས་རྣམས་རབ་བཤད་ལ། །གང་དག་ཟང་ཟིང་མེད་པའི་དགའ་ལྡན་པ། །དེ་འདྲའི་དེ་དག་མྱུར་དུ་སངས་རྒྱས་འགྱུར། །ཞེས་གསུངས་སོ། །གཞན་ཡང་


CMR054_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བཤད་པ་ལ་ཕན་ཡོན་དཔག་ཏུ་མེད་དེ། ལྷག་བསམ་བསྐུལ་མདོར། བྱམས་བ་གང་རྙེད་པ་དང་བཀུར་སྟི་མི་འདོད་པར་ཆོས་ཀྱི་སྦྱིན་པ་བྱིན་ན་ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད་པའི་སྦྱིན་པ་ཉི་ཤུ་སྟེ། ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། དྲན་པ་དང་ལྡན་པ་ཡིན། བློ་དང་ལྡན་པ་ཡིན། བློ་གྲོས་དང་ལྡན་པ་ཡིན། མོས་པ་དང་ལྡན་པ་ཡིན། ཤེས་རབ་དང་ལྡན་པ་ཡིན། འཇིག་རྟེན་ལས་འདས་པའི་ཤེས་རབ་རྗེས་སུ་རྟོགས་པར་འགྱུར་བ་ཡིན། འདོད་ཆགས་ཆུང་བ་ཡིན། ཞེ་སྡང་ཆུང་བ་ཡིན། གཏི་མུག་ཆུང་བ་ཡིན། བདུད་ཀྱིས་དེ་ལ་གླགས་མི་རྙེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་ལ་དགོངས་པ་ཡིན། མི་མ་ཡིན་པ་རྣམས་ཀྱིས་དེ་ལ་བསྲུང་བ་ཡིན། ལྷ་རྣམས་དེའི་ལུས་ལ་མདངས་འཇུག་པ་ཡིན། མི་མཛའ་བ་རྣམས་ཀྱིས་དེ་ལ་གླགས་མི་རྙེད་པ་ཡིན། དེ་མཛའ་བོ་རྣམས་དང་མི་ཕྱེད་པ་ཡིན། ཚིག་བཟུང་བར་འོས་པ་ཡིན། མི་འཇིགས་པ་ཐོབ་པ་ཡིན། ཡིད་བདེ་བ་མང་བ་ཡིན། མཁས་པས་བསྔགས་པ་ཡིན། དེ་ཆོས་ཀྱི་སྦྱིན་པ་དེ་རྗེས་སུ་དྲན་པར་འགྱུར་བ་ཡིན་ཏེ། བྱམས་པ་ཕན་ཡོན་ཉི་ཤུ་པོ་


CMR054_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གོ །ཞེས་གསུངས། མི་ཇི་ལྟར་མཁས་མཛངས་ཆེ་བ་གཅིག་ཡིན་ཀྱང་། ཆོས་མ་ཐོས་ན་དགེ་སྡིག་ངོ་མི་ཤེས། མིག་ཇི་ལྟར་གསལ་ཡང་། མུན་པ་ནང་དུ་སྒྲོན་མེ་མེད་ན་མི་མཐོང་བ་ལྟ་བུ་སྟེ། ཐོས་པའི་ཚོམ་ལས། ཇི་ལྟར་ཁྱིམ་ནི་ལེགས་གཡོགས་པ། །མུན་པས་ཁེབས་པའི་ནང་ཞུགས་པ། །གཟུགས་རྣམས་ཡོད་པར་གྱུར་ཀྱང་ནི། ། མིག་ལྡན་བཞིན་དུ་མི་མཐོང་བར། །དེ་བཞིན་འདི་ནི་རིགས་སྐྱེས་པའི། །མི་ནི་བློ་གྲོས་ལྡན་གྱུར་ཀྱང་། །སྡིག་པ་དང་ནི་དགེ་བའི་ཆོས། །མ་ཐོས་བར་དུ་ཤེས་མི་འགྱུར། ། མིག་ལྡན་མར་མེ་ཡོད་པ་ཡིས། །གཟུགས་རྣམས་མཐོང་བ་ཇི་ལྟ་བར། །དེ་བཞིན་དགེ་དང་སྡིག་པའི་ཆོས། །ཐོས་པས་རྣམ་པར་ཤེས་པར་འགྱུར། །ཅེས་དང་། དཀོན་བརྩེགས་ལས། དགེ་བ་དང་ནི་སྡིག་པའི་ཆོས། །མ་ཐོས་པས་ནི་ཤེས་མི་འགྱུར། །ཐོས་ནས་ཆོས་རྣམས་རྣམ་པར་ཤེས། །ཐོས་ནས་སྡིག་པ་བརྟེན་མི་བྱ། །ཐོས་ནས་སྡིག་པ་སྤོང་བར་བྱེད། །ཐོས་ནས་མྱ་ངན་འདས་པ་ཐོབ། །ཐོས་ནས་ཤེས་རབ་འཕེལ་བར་འགྱུར། །ཤེས་རབ་ཀྱིས་ནི་དོན་རྣམས་དཔྱོད། །དོན་མཐོང་ནས་ནི་བདེ་ཐོབ་


CMR054_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །དོན་ཐོབ་ནས་ནི་ཡིད་གཞུངས་ཏེ། །ཚེ་འདི་ལ་ནི་མྱ་ངན་འདས། །ཞེས་གསུངས། གཞན་ཡང་ཆོས་ཐོས་པའི་ཕན་ཡོན་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། །ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མེད་སྤང་བར་འགྱུར། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་དང་། སྐྱེས་རབས་ལས། གང་ཞིག་ཐོས་པས་ཡིད་ནི་དྭངས་གྱུར་ནས། །ལེགས་པར་དགའ་ལ་བརྟེན་པ་ཉིད་དུ་འགྱུར། །ཤེས་རབ་སྐྱེ་ཞིང་གཏི་མུག་མེད་པར་འགྱུར། །རང་གིས་ཤེས་ཀྱང་དེ་ནི་ཉོ་བའི་རིགས། །ཞེས་དང་། རྒྱལ་བུ་ཟླ་བས་ཞུས་པའི་མདོར་ཡང་འདི་གསུངས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་ཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པ་གྲོགས་ཀྱི་མཆོག །ཕོངས་པ་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན། །གནོད་པ་མེད་པ་མྱ་ངན་ནད་ཀྱི་སྨན། །ཉེས་པ་ཆེན་པོའི་དཔུང་འཇོམས་དཔུང་གི་མཆོག །གྲགས་དང་དཔལ་དང་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་


CMR054_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་མགུ་བར་འགྱུར། །ཕས་ཀྱི་རྒོལ་བར་ཉི་མའི་འོད་ཟེར་འདྲ། །ཞེས་དང་། དུལ་ཞིང་རབ་ཏུ་གསལ་བའི་སྤོབས་པ་བསྐྱེད། ། གྲགས་པ་ཆེན་པོར་འཕྲལ་དུ་འབྱུང་བར་བྱེད། །སྨྲ་ལྕེ་བདེ་འགྱུར་ཁྱད་པར་ཅན་གྱི་རྒྱུ། །ཐོས་པས་དཔལ་གོམས་དོན་གསལ་རྟོགས་པར་འགྱུར། །ཐོས་དང་ལྡན་དང་འགལ་བ་མེད་པ་ཡི། །འཁོར་གསུམ་ལམ་ལ་རབ་ཏུ་གནས་པར་འགྱུར། །ཐོས་པས་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད། །སྐྱེ་བའི་རྫོང་ལ་ཚེགས་ཆུང་ཐར་བར་འགྱུར། །ཞེས་དང་། ། སྲེད་མེད་ཀྱི་བུས་ཞུས་པའི་མདོ་ལས། རིགས་ཀྱི་བུ་ཐོས་པ་དང་ལྡན་ན་ཤེས་རབ་འབྱུང་བར་འགྱུར་རོ། །ཤེས་རབ་དང་ལྡན་ན་ཉོན་མོངས་པ་རབ་ཏུ་ཞི་བར་འགྱུར་རོ། །ཉོན་མོངས་མེད་པ་ལ་བདུད་ཀྱིས་གླགས་མི་རྙེད་དོ། །ཞེས་དང་། ཐོས་པ་དྲི་མ་མེད་པའི་གཟི་བརྗིད་ཅན། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཞེས་གསུངས། དེ་ནས་ཆོས་ཉན་པའི་ཚེ་བླ་མ་བསྟེན་ལུགས་ནི། དཔལ་འབྱུང་གིས་ཞུས་པའི་མདོ་ལས། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་རྟག་ཏུ་ངན་


CMR054_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོར་མི་ལྟུང་ངོ་། །དུས་རྟག་ཏུ་དགེ་བའི་བཤེས་གཉེན་གྱི་ངོར་ལྟ་བ་བུ་མཛངས་པ་ལྟ་བུ་དང་། བླ་མའི་བཀའ་བཀྱོན་ལ་མི་ཁྲོ་བ་ཁྱི་ལྟ་བུ་དང་། འགྲོ་ཞིང་འོང་བས་མི་སྐྱོ་བ་གྲུ་ལྟ་བུ་དང་། བཟང་ངན་ཐམས་ཅད་ཐེག་པ་ཟམ་པ་ལྟ་བུ་དང་། ཚ་གྲང་གི་སྡུག་བསྔལ་ཐམས་ཅད་བཟོད་པ་མགར་བའི་འོག་རྡོ་ལྟ་བུ་དང་། རང་ལ་ནད་པ་དང་། དགེ་བའི་བཤེས་གཉེན་ལ་སྨན་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་གསུངས། མདོ་ལས། བླ་མའི་བཀའ་ཉན་པ་བྲན་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །འོ་ཅག་ལ་མཐུན་པར་འཛིན་པར་གཡོག་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་ལ་བསྟེན་པར་བྱའོ། །ང་རྒྱལ་སྤངས་པ་ཕྱགས་དར་བ་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །དྲེགས་པ་སྤངས་པ་ཁྱུ་མཆོག་གི་རྭ་བཅད་པ་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །དེ་ནས་ཆོས་ཇི་ལྟར་ཉན་པའི་ཚུལ་ནི། སྐྱེས་རབས་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་ནི་བདུད་རྩི་འཐུང་བ་


CMR054_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །གུས་པས་བསྐྱེད་ཅིང་རྩེ་གཅིག་ཏུ། །རབ་ཏུ་དྭངས་ལ་དྲི་མེད་ཡིད། །ནད་པས་སྨན་པའི་ཚིག་ཉན་བཞིན། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཅིག །ཅེས་གསུངས་སོ། ། དེ་ནས་ཆོས་ཉན་པའི་དམིགས་པ་ནི། བླ་མ་འཇམ་དཔལ་ངག་གི་རྒྱལ་པོ་གསེར་མདོག་ཕྱག་གཉིས་ཐུགས་ཀར་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱས་ཨུཏྤལ་སྔོན་པོ་གཉིས་ཀྱི་ཡུ་བ་ནས་འཛིན་པ། ཕྲག་གོང་གཉིས་སུ་ཁ་བྱེ་བ་རལ་གྲི་དང་། པོ་ཏིས་མཚན་པ། དར་དང་རིན་པོ་ཆེའི་བརྒྱན་ཅིང་སེང་གེའི་ཁྲི་ལ་བྱམས་བཞུགས་མཛད་པའི་དྲུང་དུ་ཁྱེད་རང་རྣམས། །སྒྲོལ་མ་ལྗང་གུ་ཐལ་མོ་སྦྱར་བ་ཨུཏྤལ་ཁ་བྱེ་མ་ཐག་འཛིན་ཅིང་། པུས་མོ་བཙུགས་ཏེ་བཞུགས་པ། བླ་མའི་ཞལ་ནས་ཆོས་ཀྱི་ཚིག་རྣམས་དབྱངས་གསལ་ཡིག་འབྲུའི་རྣམ་པ་འཕྲོས། །ཁྱེད་རང་རྣམས་ཀྱི་རྣ་བ་གཉིས་ཨུཏྤལ་སྔོན་པོ་འདབ་མ་བཅུ་དྲུག་པར་གྱུར་པའི་ནང་དུ་ཞུགས་སྙིང་གི་ནང་དུ་སིབ་སིབ་ཐིམ་པས། ཆོས་ཐོས་པས་དོན་ཐམས་ཅད་ཡིད་ལ་གསལ་ལམ་ལམ་གོ་ཞིང་རྟོགས་པར་བསྒོམ། སང་ཆོས་ཐུན་རྒྱབ་མ་མ་བྱུང་གི་བར་དུ་དམིགས་པ་དེ་རང་སྒོམས་ཤིག །ཆོས་དབུ་འཛུགས་ཤིང་འཆད་ཉན་གྱི་དམིགས་ཐུན་ཚར་རོ།།

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་གཉིས་པ་དལ་འབྱོར་རྙེད་དཀའི་ཁྲིད།


CMR054_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

༼ཁ༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་གཉིས་པ་དལ་འབྱོར་རྙེད་དཀའི་ཁྲིད་ཅེས་བྱ་བ་བཞུགས་སོ། །


CMR054_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་གདམས་ངག །བློ་ཆོས་སུ་འགྲོ་ཞིང་། །མི་ལུས་ཐོབ་པ་དོན་མེད་སྟོང་ལོག་ཏུ་མི་འགྲོ་བའི་ཐབས། དལ་འབྱོར་རྙེད་པར་དཀའ་བ་བསྒོམ་པར་བྱ་སྟེ། གང་རྙེད་པར་དཀའ་ན། དལ་བ་བརྒྱད་དང་འབྱོར་པ་བཅུ་ལྡན་པའི་མི་ལུས་རིན་པོ་ཆེ་རྙེད་པར་དཀའ། དེ་ལ་དལ་བ་ནི་མི་ཁོམ་པ་བརྒྱད་དང་བྲལ་བ་སྟེ། དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་དུ་སྐྱེས་ན་སྡུག་བསྔལ་གྱི་རང་བཞིན་ཡིན་པས་ཆོས་བྱེད་པའི་གོ་སྐབས་མེད། ལྷ་ཚེ་རིང་པོ་ནི་འདུ་ཤེས་མེད་པ་དང་། གཟུགས་ཁམས་དང་འདོད་


CMR054_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཀྱི་ལྷ་ཡང་སྐྱིད་དགའ་དང་ལོངས་སྤྱོད་ལ་ཡེངས་ནས་ཆོས་བྱེད་པའི་གོ་སྐབས་མེད། ཀླ་ཀློ་ནི་ཡུལ་མཐའ་འཁོབ་ཏུ་སྐྱེས་ནས་ཆོས་མི་ཐོབ་ཅིང་མི་གོ་ལྐུགས་པ་ནི་སེམས་མི་གསལ་བས་འདུ་ཤེས་མེད་ཅིང་ཆོས་མི་གོ །མུ་སྟེགས་པའི་རིགས་སུ་སྐྱེས་ན་ཆོས་ལ་བདེན་པར་མི་འཛིན་ལོག་པར་ལྟ། སངས་རྒྱས་མ་བྱོན་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེས་ནའང་ཆོས་སྒྲ་མི་ཐོས་ཏེ། དེ་བརྒྱད་ནི་མི་ཁོམ་པའི་གནས་བརྒྱད་ཡིན་ཏེ། མདོ་དྲན་པ་ཉེ་བར་བཞག་པ་ལས། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་


CMR054_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྟོང་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་གསུངས། རང་རེ་རྣམས་མི་ཁོམ་པའི་གནས་བརྒྱད་དུ་མ་སྐྱེས་པ་འདི་དལ་བ་ཕུན་སུམ་ཚོགས་པ་ཡིན། འབྱོར་པ་བཅུ་ལས་རང་འབྱོར་ལྔ་ནི། འཛམ་བུའི་གླིང་གི་མི་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་དང་ལྡན་པ། ཡུལ་དབུས་སུ་སྐྱེས་པ་ནི། ས་ཚིགས་ཀྱི་དབང་དུ་བྱས་ན། རྒྱ་གར་གྱི་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དྲུག་ཁོ་ན་ཡིན་ཀྱང་། འདིར་ཆོས་ཚིགས་གཙོ་ཆེ་བས། ཆོས་དར་བའི་ཡུལ་ཐུགས་རྗེ་ཆེན་པོའི་ཞིང་ཁམས་བོད་ཁ་བ་ཅན་དུ་སྐྱེས། གླེན་པ་དང་ལྐུགས་པ་མ་ཡིན་པས་དབང་པོ་ཚང་། དད་པའི་གནས་སངས་རྒྱས་ཀྱིས་གསུངས་པའི་ཆོས་ལ་དད་པ་ཤེས། ཚེ་འདི་ལ་མཚམས་མེད་པའི་ལས་སྡིག་པ་རྔམ་པོ་ཆེ་མ་བྱས་པས་ལས་ཀྱི་མཐའ་མ་ལོག །ད་ལྟ་རང་གི་འབྱོར་པ་ལྔ་ཚང་བ་ཡིན་ཏེ། ཇི་སྐད་དུ། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་གསུངས་སོ། །གཞན་འབྱོར་ལྔ་ནི། བསྐལ་པ་བརྒྱ་སྟོང་མང་པོ་ནི་མུན་པའི་བསྐལ་པ་ལ་སངས་རྒྱས་མི་འབྱོན་ཏེ། ད་རེས་སྒྲོན་མེའི་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་འབྱོན་པ་ལས། དེའི་


CMR054_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ནས་ཐུགས་རྗེ་ཆེ་བ་ཤཱཀྱ་ཐུབ་པ་བྱོན། རང་སངས་རྒྱས་ཁྲི་ཕྲག་མང་པོ་བྱོན་ཀྱང་ཆོས་མི་གསུང་སྟེ། ད་རེས་ཐུབ་པས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར། སྔོན་འོད་སྲུང་འདས་ནས་བསྟན་པ་ཞིག་བདུན་ནས་ནུབ་ཀྱང་། ཐུབ་པའི་བསྟན་པ་ལྔ་བརྒྱ་ཕྲག་བཅུར་གནས་པ་ལས། དུས་འཁོར་ལུགས་ལས། ད་ལྟ་ལྔ་བརྒྱ་ཕྲག་ལྔ་པའི་ནང་དུ་ཡོད། བསྟན་པའི་མཇུག་ལ་གཙུག་ལག་ཁང་དང་གླེགས་བམ་བཞུགས་ཀྱང་། ཆོས་སྒོར་འཇུག་མཁན་མི་འབྱུང་བར་བཤད་ཀྱང་། ད་རུང་ཆོས་སྒོར་འཇུག་མཁན་མང་། གཞན་ཕན་གྱི་བསམ་པས་གཞན་ལ་ཆོས་འཆད་མཁན་ཡང་མང་དུ་བཞུགས་པས། གཞན་འབྱོར་ལྔ་ཚང་སྟེ། ཇི་སྐད་དུ། སངས་རྒྱས་འཇིག་རྟེན་དུ་འབྱོན་པ་དང་། དམ་པའི་ཆོས་བསྟན་པ་དང་། ཆོས་བསྟན་པ་རྣམས་གནས་པ་དང་། ཆོས་བསྟན་པ་རྣམས་ཀྱི་རྗེས་སུ་འཇུག་པ་དང་། གཞན་གྱི་ཕྱིར་སྙིང་བརྩེ་བར་བྱེད་པ་ཡོད་པའོ། །ཞེས་གསུངས་སོ། །དེ་དག་གི་དོན་ཀླུ་སྒྲུབ་ཀྱིས་བཤེས་སྤྲིངས་ལས། ལོག་པར་ལྟ་བ་འཛིན་དང་དུད་འགྲོ་ཉིད། །ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་དང་། །རྒྱལ་


CMR054_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བཀའ་མེད་པ་དང་མཐའ་འཁོབ་དང་། །ཀླ་ཀློར་སྐྱེ་དང་གླེན་ཞིང་ལྐུགས་པ་ཉིད། །ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་བགྱི་མི་ཁོམ་རྐྱེན་བརྒྱད་པོ། །དེ་དག་དང་བྲལ་ཁོམ་པ་བརྙེས་ནས་ནི། །སྐྱེ་བ་བཟློག་པའི་སླད་དུ་འབད་པར་མཛོད། །ཅེས་དང་། མདོ་ལས། མི་ལུས་རིན་ཆེན་ཐོབ་པའི་དུས་འདིར་སྨྲ་བསམ་དབང་དང་ལྡན། །གཞན་དག་གང་དུ་སྐྱེས་ཀྱང་མི་ཁོམ་ལོག་པས་གཡེངས། །སྨྲ་བསམ་དབང་དང་ལྡན་པའི་དུས་འདི་ལ། །འཁོར་བ་རྩད་ནས་གཅོད་དམ་འཁོར་བ་སྤེལ་བ་གཉིས།། །རང་དབང་རང་གིས་བྱེད་པ་ད་ལྟ་འདི་ཉིད་ཡིན། །ཅེས་གསུངས་སོ། །བསམ་གྱིས་མི་ཁྱབ་པའི་མདོ་དང་བསླབ་བཏུས་གཉིས་ཀ་ལས། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེའི་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་གསུངས་པ་ལྟར། དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ལྟ་བུ། ད་རེས་ཙམ་ཡིན། ཡང་ཡང་ཐོབ་དཀའ་སྟེ། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་འགྲུབ་ཐོབ་པར་གྱུར་པ་ན། །


CMR054_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་པ་ག་ལ་འགྱུར། །གསུངས་སོ། །སྐྱེས་བུ་ནི་རྒྱ་གར་སྐད་དུ་པུ་རུ་ཥ་ཏེ་སྟོབས་དང་ནུས་པ་ལ་འཇུག །དེ་ལ་ཡང་སྟོབས་དང་ནུས་པ་ཆེ་ཆུང་གསུམ་དུ་ཡོད་པས། བྱང་ཆུབ་ལམ་གྱི་སྒྲོན་མ་ལས། ཆུང་ངུ་འབྲིང་དང་མཆོག་གྱུར་པས། །སྐྱེས་བུ་གསུམ་དུ་ཤེས་པར་བྱ། །ཞེས་གསུངས་སོ། །ཆུང་ངུས་རེང་ངན་སོང་དུ་མི་ལྟུང་བར་ལྷ་མི་ཐོབ་ནུས། འབྲིང་གིས་རང་འཁོར་བ་ལས་གྲོལ་ནས་ཞི་བདེ་ཐོབ་ནུས། རབ་ཀྱིས་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པའི་ནུས་པ་ཡོད་པ་སྟེ། ལམ་སྒྲོན་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་བཤད། །སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལ་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་


CMR054_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །དལ་འབྱོར་གྱི་ལུས་འདིས་མི་དགེ་བ་སྤོང་བ་དང་དགེ་བ་སྒྲུབ་ནུས། བྱང་ཆུབ་ཀྱི་ལམ་བསྒོད་ཅིང་སངས་རྒྱས་ཐོབ་ནུས་པས། ལྷ་ཀླུ་ལ་སོགས་པའི་འགྲོ་བ་གཞན་ལས་ཁྱད་པར་དུ་ལྷག་སྟེ། སློབ་དཔོན་ཙནྡྲ་གོ་མའི་ཞལ་ནས་ཀྱང་། གང་ཞིག་ཐོབ་ནས་སྐྱེ་བ་རྒྱ་མཚོའི་མཐར་འཛིན་ཅིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་གྱུར་པ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་དེ་ནི་སུ་ཡིས་འབྲས་བུ་མེད་པར་བྱེད། །སེམས་ཀྱིས་སྟོབས་ཆེན་མི་ཡི་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་ཏེ། སློབ་སྤྲིང་ལས། གང་ཞིག་ཐོབ་ནས་སྐྱེ་བ་རྒྱ་མཚོའི་མཐར་འབྱིན་ཅིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་གྱུར་པ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེར་ལྷག་པའི། །མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད། །བདེ་གཤེགས་ལམ་བསྟན་འགྲོ་བ་འདྲེན་པར་ཆེས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་


CMR054_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་སོ། །དེ་ལྟར་མི་ལུས་རིན་པོ་ཆེ་རྙེད་པར་དཀའ་བའི་དོན་སྒོམ་པ་གལ་ཆེ་སྟེ། །སྤྱན་རས་གཟིགས་ཀྱིས་གསུངས་པའི་རྡོ་རྗེའི་ཚིག་རྐང་ལས། གང་གིས་མི་ལུས་རིན་ཆེན་འདི། །རྒྱུ་འབྲས་ངོ་བོ་དེ་དོན་གྱི། །དལ་འབྱོར་རྙེད་དཀའི་དོན་བསྒོམ་ཞིང་། །བརྩོན་འགྲུས་ཆེར་བསྐྱེད་ཉམས་ལེན་བྱ། །ཞེས་གསུངས་པས། རྙེད་པར་དཀའ་བ་བསྒོམ་ཚུལ་ནི། དབུ་མ་སྙིང་པོ་ལས། དམ་ཆོས་སྒྲོན་མ་དང་བཅས་ཤིང་། །མི་ཁོམ་བརྒྱད་སྤང་དལ་བ་འདི། །སྐྱེས་བུ་ཆེན་པོའི་སྤྱོད་པ་ཡིས། །འབྲས་བུ་ཡོད་པར་བྱ་བར་རིགས། །ཞེས་གསུངས་སོ། །སྙིང་རྗེ་པདྨ་དཀར་པོའི་མདོ་ལས། ཀྱེ་མ་མིར་སྐྱེ་བའང་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པའང་རྙེད་པར་དཀའ། སངས་རྒྱས་འཇིག་རྟེན་དུ་འབྱུང་བའང་རྙེད་པར་དཀའ། དགེ་བའི་ཆོས་ལ་འདུན་པའང་རྙེད་པར་དཀའ། ཞེས་དང་། བློ་གྲོས་རབ་ཏུ་གནས་པའི་མདོ་ལས། མི་ཁོམ་བརྒྱད་པོ་ཐམས་ཅད་རྣམ་སྤངས་ཤིང་། །ཁོམ་པ་ཕུན་ཚོགས་རྙེད་དཀའ་ཐོབ་གྱུར་ལ། །སངས་རྒྱས་


CMR054_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་དང་ཡུན་དུ་གནས་པ་དང་། །དེ་བཞིན་བསྟན་ལ་དད་པའང་ཐོབ་པར་དཀའ། །མི་ཡི་སྲིད་པ་རྙེད་པར་དཀའ་བས་ན། །རྒྱལ་བ་རྣམས་ཀྱི་བསྟན་ལ་ལེགས་བརྩོན་གྱིས། །ཞེས་གསུངས་སོ། །གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། འཇིག་རྟེན་སངས་རྒྱས་འབྱུང་བ་བརྒྱ་ལམ་སྟེ། །མི་ཡི་ལུས་ནི་ཚོགས་ཀྱིས་རྙེད་པ་མིན།། །ཀྱེ་མ་དད་པ་དང་ནི་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །ཞེས་དང་། སངས་རྒྱས་འབྱུང་བ་རབ་ཏུ་རྙེད་པར་དཀའ། །ཕ་དང་མ་དག་ཆོས་ལ་དགའ་བ་དང་། །དལ་དང་འབྱོར་དང་ཆོས་འདོད་གྲོགས་པོ་དང་། །མཐུན་པར་གནས་དང་བསྟན་ལ་རབ་ཏུ་དཀོན། །དེ་རྙེད་ནས་ནི་བྱང་ཆུབ་མ་ཐོབ་བར། །མཁས་པས་ཆོས་ནི་ནམ་ཡང་མི་གཏོང་ངོ་། །གསུངས་སོ། །དེ་ལ་ཅིའི་ཕྱིར་རྙེད་པར་དཀའ་ན། དལ་འབྱོར་གྱི་ལུས་ནི་རྒྱུ་དགེ་བ་བསགས་པས་ཐོབ་པ་ཡིན་པ་ལ། ངན་སོང་གསུམ་དུ་སྐྱེས་པས་ནི་དགེ་བའི་ལས་མི་ཤེས་པར་རྟག་ཏུ་སྡིག་པ་ལ་སྤྱོད་པའི་ཕྱིར་རོ། །དེས་ན་ངན་སོང་གསུམ་དུ་སྐྱེས་ཀྱང་། སྡིག་ཤས་ཆུང་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་


CMR054_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བསགས་པ་གཅིག་གིས་རྙེད་པ་ཡིན་ནོ། །སྤྱོད་འཇུག་ལས། སྐད་ཅིག་གཅིག་བྱས་སྡིག་པས་ཀྱང་། །བསྐལ་པོར་མནར་མེད་གནས་གྱུར་ན། །ཐོག་མེད་འཁོར་བར་བསགས་སྡིག་གིས། །བདེ་འགྲོར་མི་འགྲོ་སྨོས་ཅི་དགོས། །གསུངས་སོ། །སྤྱིར་བདེ་འགྲོ་ཙམ་རྒྱུ་དགེ་བ་སྣ་ཚོགས་ཀྱིས་བསྒྲུབ་དགོས་ལ། ཁྱད་པར་དུ་དལ་འབྱོར་ནི། ཚུལ་ཁྲིམས་རྣམ་པར་དག་པ་དང་། དད་བརྩོན་སོགས་མཐའ་ཡས་པ་ཞིག་གིས་བསྒྲུབ་དགོས་ན། རྒྱུ་དེ་དག་རེ་རེ་ཡང་དཀོན་པའི་ཚུལ་བསམ་མོ། །གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་བ་ནི། རིགས་དྲུག་གི་ལུས་ཐོབ་པའི་སེམས་ཅན་ཐམས་ཅད་པས་ནི། ཤིང་རྟའི་འཕང་ལོའི་ཁ་རྒྱ་ཙམ་གྱི་བར་སྣང་སྟོང་པ་ན། རྣམ་ཤེས་འཁྱམ་པོ་ཡོད་པ་མང་བར་གསུངས། མདོ་ལས། ཁབ་རྩེའི་ཏིལ་བཞིན་མི་ལུས་ཐོབ་དཀའ་ཡང་། །སེམས་ཅན་གྲངས་ལ་མ་དཔྱད་འདི་མི་ཤེས། །གསུངས་སོ། །ལུང་ལས། དུད་འགྲོ་ནི་ཕྱིའི་རྒྱ་མཚོ་ལ་ཆང་གི་སྦང་མ་ཙམ་ཡོད། ཡི་དྭགས་ནི་ཁ་བ་བུ་ཡུག་འཚུབ་པ་ཙམ་ཡོད། དམྱལ་བ་ནི་ས་ཆེན་པོ་འདིའི་རྡུལ་ཕྲ་རབ་ཀྱི་གྲངས་ཙམ་ཡོད་གསུངས་སོ། །ཡང་


CMR054_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ལས། བཅོམ་ལྡན་འདས་ལ་ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་དམྱལ་བ་ན་ཅི་ཙམ་ཡོད། ཡི་དྭགས་དུད་འགྲོ་ལྷ་མ་ཡིན་རྣམས་ལ་ཅི་ཙམ་ཡོད། ལྷ་མི་གཉིས་པོ་ལ་ཅི་ཙམ་ཡོད། ཅེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དམྱལ་བ་ནི་ས་གཞིའི་རྡུལ་ཙམ་ཡོད། ཡི་དྭགས་ནི་བྱེ་མའི་གྲངས་ཙམ་ཡོད། དུད་འགྲོ་ནི་ཆང་གི་སྦང་མ་ཙམ་ཡོད། ལྷ་མ་ཡིན་ནི་ཁ་བ་བུ་ཡུག་ཙམ་ཡོད། ལྷ་མི་གཉིས་ནི་སེན་མོའི་སྟེང་དུ་རྡུལ་ཆགས་པ་ཙམ་ཡོད་དོ། །ཞེས་གསུངས་སོ། །ངན་སོང་གསུམ་དུ་སྐྱེས་པ་ནི་ས་ཆེན་པོའི་རྡུལ་གྱི་གྲངས་ཙམ་མོ། །བདེ་འགྲོ་ལྷ་དང་མིར་སྐྱེས་པ་ནི་སེན་མོའི་སྟེང་གི་རྡུལ་གྱི་གྲངས་ཙམ་མོ། །ཞེས་དང་། དཔེར་ན་ནས་ཕུང་ཆེན་པོའི་རྩ་བ་ནི། ངན་སོང་གསུམ་དུ་སྐྱེས་པའི་གྲངས། སྐྱེད་པ་ནི་ལྷ་དང་ལྷ་མིན་དུ་སྐྱེས་པའི་གྲངས། རྩེ་མོ་ནི་མིར་སྐྱེས་པའི་གྲངས་ཏེ། དལ་འབྱོར་གྱི་ལུས་ནི་དེ་བས་ཀྱང་རྙེད་དཀའ་བར་གསུངས་སོ། །དཔེའི་སྒོ་ནས་རྙེད་པར་དཀའ་བ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཀྱང་། དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེང་གཉའ་


CMR054_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀའ་གསུངས། །ཞེས་པ་ལྟར་རོ། །གང་ནས་གསུང་ན་ཡང་དག་པའི་ལུང་ལས་ཏེ། །ཇི་སྐད་དུ་ས་ཆེན་པོ་འདི་ཆུ་འབའ་ཞིག་ཏུ་གྱུར་ལ། དེར་མིས་ཤིང་བུ་ག་གཅིག་པ་བོར་བ་རླུང་གིས་ཕྱོགས་བཞི་ཆར་འཕྱོའོ། །དེ་ན་རུས་སྦལ་ཞར་བ་ལོ་སྟོང་ཕྲག་དུ་མ་ཐུབ་པ་ཞིག །ཅེས་པ་ལ་སོགས་པ་གསུངས་སོ། །བཤེས་སྤྲིངས་ལས། རྒྱ་མཚོ་ནང་ན་གཉའ་ཤིང་བུ་ག་དང་། །རུས་སྦལ་ཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད། །མྱ་ངན་འདས་མདོ་ལས། མི་ཡི་ལུས་ཐོབ་ཤིན་ཏུ་དཀའ། །སངས་རྒྱས་འབྱུང་དང་འཕྲད་པར་དཀའ། །ཇི་ལྟར་རྒྱ་མཚོ་ཆེན་པོའི་ནང་། །རུས་སྦལ་ལོང་བ་བྱུང་བ་དེ། །ཤིང་གི་བུ་གར་མགོ་ཆུད་བཞིན། །སངས་རྒྱས་འབྱུང་བ་དེ་བས་དཀའ། །ཞེས་གསུངས། དད་སྐྱེས་སྒྲོན་མ་ལས། མི་ཡི་ལུས་འདི་ཐོབ་པར་ཤིན་ཏུ་དཀའ། །རྔ་སིལ་ངོས་ན་སྲན་མ་གཏོར་ན་ཆགས་དཀའ་གཅིག་ཆགས་སྲིད། །གཞན་རྣམས་ཐམས་ཅད་ས་ལ་ལྟུང་ནས་


CMR054_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ལྟར། །མི་ལུས་ཐོབ་པར་དཀའ་བ་སེམས་ཅན་གྲངས་ལ་ལྟོས། །གསུངས་སོ། །མདོ་གཞན་ལས། བཅོམ་ལྡན་འདས་ཀྱིས་ཅུང་དགའ་བོ་ལ་བཀའ་སྩལ་པ། ཁབ་མིག་ནམ་མཁའ་ལ་ཕྱར་ནས་ཡུངས་ཀར་སྤར་མོ་གང་གཏོར་ན། ཁབ་མིག་ཏུ་ཡུངས་ཀར་ཆགས་པ་སྲིད་པ་ཙམ་ཡིན། གྱང་ལོག་ན་སྲན་མ་སྤར་གང་གཏོར་ན་སྲན་མ་ཆགས་པ་སྲིད་པ་ཙམ་ཡིན། དེ་བཞིན་དུ་མི་ལུས་ཐོབ་པ་སྲིད་པ་ཙམ་མོ། །གསུངས་སོ། །དེ་ལྟར་དཀའ་བའི་མི་ལུས་རིན་པོ་ཆེ་འདི། ཆུད་མ་ཟོས་པར་སྙིང་པོ་ཞིག་ལོན་དགོས་ཏེ། །མདོ་ལས། མི་ལུས་རིན་ཆེན་ཐོབ་པའི་དུས་འདིར་སྨྲ་བསམ་དབང་དང་ལྡན། །གཞན་དག་གང་དུ་སྐྱེས་ཀྱང་མི་ཁོམ་ལོག་པས་གཡེངས། །སྨྲ་བསམ་དབང་དང་ལྡན་པའི་དུས་འདི་ལ། །འཁོར་བ་རྩད་ནས་གཅོད་དམ་འཁོར་བ་སྤེལ་བ་གཉིས། །རང་དབང་རང་གིས་བྱེད་པ་ད་ལྟ་འདི་ཉིད་ཡིན། །གསུངས་སོ། །དཀོན་བརྩེགས་ལས། སངས་རྒྱས་འཇིག་རྟེན་འབྱོན་པ་བརྒྱ་ལམ་ཞིག །མིར་སྐྱེ་བ་ཡང་ཤིན་ཏུ་རྙེད་དཀའ་སྟེ། །གྲོགས་པོ་གང་དག་དད་ལྡན་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །


CMR054_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་བརྒྱར་ཡང་ཤིན་ཏུ་རྙེད་དཀའ་བའི། །ཐུབ་པ་བྱོན་འདི་ཁྱོད་ཀྱིས་དོན་ཡོད་མཛོད། །སངས་རྒྱས་བསྟན་ལ་དེ་བཞིན་དད་པ་བསྐྱེད། །ཤིན་ཏུ་འཇིགས་པའི་ངན་འགྲོར་མ་འགྲོ་ཞིག །གསུངས་སོ། །མདོ་ལས། མིར་གྱུར་པ་ནི་དཀོན་ནོ། །དལ་བ་ཕུན་སུམ་ཚོགས་པ་ནི་དཀོན་ནོ། །འཁོར་བ་ལས་ཐར་བ་ནི་དཀོན་ནོ། །དེ་ལྟར་ཡིན་གྱི་དལ་བ་འདི་དོན་མེད་པར་མ་བྱེད་ཅིག །མི་ཁོམ་པར་གྱུར་ནས་ཕྱིས་གསོ་མི་རུང་བར་འགྱུར་ཏ་རེ། གསུངས་སོ། །དལ་འབྱོར་ཐོབ་ནས་སྡིག་བྱེད་པ་ནི། གསེར་གྱི་སྣོད་རིན་ཆེན་པོས་བརྒྱན་པ་དེས། ཁྱི་ལུད་ཕྱགས་པའི་ཕྱགས་མ་བྱས་པ་དང་འདྲ་སྟེ། བཤེས་སྤྲིངས་ལས། གང་ཞིག་གསེར་སྣོད་རིན་ཆེན་སྤྲུས་པ་ཡིས། །མི་གཙང་ཕྱགས་པར་བྱེད་པ་དེ་བས་ནི། །གང་ཞིག་མི་རུ་སྐྱེས་ནས་སྡིག་པའི་ལས། །བྱེད་པ་དེ་ནི་ཆེས་རབ་བླུན་པ་ལགས། །གསུངས་སོ། །སྤྱོད་འཇུག་ལས། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་པ། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། །ཞེས་གསུངས་པས། ད་


CMR054_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

རེས་ཆོས་ཤིག་མ་འགྲུབ་ན་རང་གིས་རང་བསླུས་པ་ཡིན་ཏེ། ལུས་ལ་གྲུའི་འདུ་ཤེས་བཞག་ལ་འཁོར་བའི་རྒྱ་མཚོ་ལས་ཅི་བརྒལ་བྱེད་དགོས་ཏེ། སྤྱོད་འཇུག་ལས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས་སོ། །ཡང་དེ་ཉིད་ལས། དེ་བཞིན་གཤེགས་པ་འབྱུང་བ་དང་། །དད་དང་མི་ལུས་ཐོབ་པ་དང་། །དགེ་གོམས་རུང་བ་དེ་ལྟ་བུ། །དཀོན་ན་ནམ་ཞིག་བྱེད་པར་འགྱུར། །ཞེས་མི་ལུས་ཐོབ་པ་ཡིད་སྨོན་གྱི་གནས་ཡིན་ནོ། །མི་ལ་ཡང་སྡུག་བསྔལ་ཕྲན་བུ་ཡོད་པ་ཡང་ཆོས་སྒྲུབ་པའི་རྟེན་དུ་བཟང་སྟེ། ད་ལྟ་མིའི་སྡུག་བསྔལ་བག་ཙམ་པོ་འདི་ལ་ཡོན་ཏན་ཡོད་པ་ཡིན་ཏེ། འཁོར་བ་ལ་སྐྱོ་བ་སྐྱེ་བར་འགྱུར། ། རང་གི་ང་རྒྱལ་ཞི་བར་འགྱུར། སེམས་ཅན་ལ་སྙིང་རྗེ་སྐྱེ་བར་འགྱུར། སྡིག་པ་ལ་འཛེམས་ཤིང་དགེ་བ་ལ་དགའ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཀྱང་། གཞན་ཡང་སྡུག་བསྔལ་ཡོན་ཏན་ནི། །སྐྱོ་བས་དྲེགས་པ་སེལ་བར་བྱེད། །འཁོར་བ་པ་ལ་སྙིང་རྗེ་སྐྱེ། །སྡིག་ལ་འཛེམ་ཞིང་དགེ་ལ་


CMR054_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དགའ། །ཞེས་གསུངས་སོ། །མངལ་འཇུག་གི་མདོ་ལས། མིར་སྐྱེས་ན་ཡང་དེ་ལྟར་སྡུག་བསྔལ་མཐའ་ཡས་པ་དང་ལྡན་ཡང་། གནས་མཆོག་ཡིན་པས་བསྐལ་པ་བྱེ་བར་རྙེད་དཀའོ། །ལྷ་དག་འཆི་བ་ན་ཡང་ལྷ་གཞན་དག་ཁྱོད་བདེ་འགྲོར་སྐྱེ་བར་གྱུར་ཅིག །བདེ་འགྲོ་ནི་མིའི་འགྲོ་བའོ། །གསུངས་སོ། །མདོ་ལས། འཇིག་རྟེན་ཁམས་ན་སེམས་ཅན་གྲངས་མང་ཡང་། །འཛམ་གླིང་སོགས་དཀར་སྐྱེ་བ་ཤིན་ཏུ་དཀོན། །གཙང་མའི་མི་ལུས་ཐོབ་པ་ཤིན་ཏུ་དཀའོ། །གསུངས་སོ། །སྤྱོད་འཇུག་པ་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ནས། །གློག་འགྱུས་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་རྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །ཞེས་དང་། མི་ཡི་སྡོང་པོ་ཤིན་ཏུ་རྙེད་དཀའ་སྟེ། །དོན་དུ་གནས་པ་གང་ཡིན་དེ་ཉིད་བསྟུན་ཏེ་སྒྲུབས། །གསུངོས་སོ། །ལུས་ལ་འོག་རྟའི་འདུ་ཤེས་བཞག་ལ། འཁོར་བ་སྡུག་བསྔལ་གྱི་འཕྲང་ལས་ཅི་ཐར་བྱའོ། །དེ་ལྟར་ཡང་མི་ལུས་གཙང་མའི་རྟ་ལ་ཞོན། །འཁོར་བ་སྡུག་བསྔལ་གྱི་འཕྲང་ལས་བྲོས། །ཞེས་གསུངས་


CMR054_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ལུས་ལ་གཡོག་གི་འདུ་ཤེས་བཞག་ལ་དགེ་བའི་ལས་ལ་བཀོལ་བར་བྱའོ། །དེ་ལྟར་ཡང་། མི་འོ་ཅོག་གི་ལུས་འདི་ནི། །བཀོལ་བར་བྱ་བ་ཉིད་དུ་ཟད། །ཅེས་གསུངས་སོ། །དེ་ཙམ་དུ་མིའི་ལུས་ཐོབ་པར་དཀའ་ན། ད་ལན་དུས་བརྒྱའི་ཟ་མ་ལན་གཅིག །འདི་ལ་ཅིས་ཀྱང་ཆོས་དང་ལྡན་པར་དགོས་སོ། །མི་ལུས་གཙང་མ་ཐོབ་ཀྱང་སྟོང་ལོག་བྱེད་པ་འདི་རྣམས་ལ། སྙིང་རྗེ་ཏུང་ཏུང་མ་སྐྱེས་ཀྱི་བར་དུ་བསྒོམ་དགོས་ཏེ། འཇིག་རྟེན་པའི་མི་འདི་རྣམས་མཐོང་བའི་ཚེ། སྙིང་རྗེ་མ་སྐྱེས་ན་ཉམས་མ་བྱུང་བ་ཡིན་ནོ། །སྙིང་རྗེ་ཏུང་ཏུང་བ་ཅིག་སྐྱེ་ཞིང་། བརྩོན་འགྲུས་ཆེར་སོང་ན་ཉམས་སྐྱེས་པ་ཡིན་ནོ། །བརྩོན་འགྲུས་ཆེར་མ་སོང་ན། བསྒོམ་པ་དོན་མེད་ཡིན་ནོ། །གོ་བ་ཡོད་པ་རྣམས་ལ་དེ་ལྟར་བཤད་པས་གོ་སྟེ། །གོ་བ་ཆུང་ཞིང་དམིགས་པ་བསྒོམ་ན་ཟིན་སླ་བའི་རིགས་ཡོད་པས། དེའང་གནས་ནི། འབུ་སྲིན་དང་། གྲོག་སྦུར་དང་། དུད་འགྲོའི་རིགས་མང་དུ་ཡོད་པའི་སར་ཕྱིན་ལ། ལུས་གནད་ནི་རྐང་པ་སྐྱིལ་ཀྲུང་ལག་པ་མཉམ་བཞག་བྱས་ལ། ཡིད་ཀྱིས་འདི་ལྟར་བསམ་སྟེ། ཨ་ཙ་མ། མི་ལུས་ཐོབ་པ་ནི་ད་ལན་


CMR054_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཡིན་ཏེ། ད་རེས་འདི་ལ་ཆོས་ཤིག་མ་ནུས་ན། ཕྱིས་ནས་མི་ལུས་ཐོབ་པར་ཤིན་ཏུ་དཀའ་བར་གདའ་བས། ད་བདག་གཅིག་པུ་མི་ལུས་ཐོབ་པས་ཀྱང་མི་ཆོག །ཁམས་གསུམ་གྱི་སེམས་ཅན་འདི་ཙམ་ཞིག་ངན་སོང་དུ་ཡུན་རིང་དུ་འཁྱམས་ནས་འདུག་པ་འདི་སྙིང་རེ་རྗེ་བསམ་ཞིང་། ངག་ཏུ་འདི་སྐད་དུ་སྨྲེ་སྔགས་ཀྱིས་བརྗོད་ཅིང་། དྲན་བསྐུལ་བཏབ་སྟེ། འདི་ལ་རྗེས་ཟློས་བཅུག་ཀྱང་རུང་ངོ་། །ཀྱེ་མ་ཀྱེ་མ་ཀྱེ་ཧུད། མི་ལུས་རིན་ཆེན་ཐོབ་པ་ད་རེས་ཙམ། །འདི་ལ་ཆོས་ཤིག་ཅེས་ཀྱང་མ་འགྲུབ་ན། ། ཕྱིས་ནས་མི་ལུས་ཐོབ་པར་ཤིན་ཏུ་དཀའ་བར་གདའ། །ངན་སོང་གསུམ་དུ་སྐྱེས་ན་སྙིང་རེ་རྗེ། །ཞེས་དྲན་བསྐུལ་འདེབས་ཤིང་དམིགས་པ་འདི་ལྟར་དུ་བསྒོམ་པར་བྱའོ། །འཇིག་རྟེན་འདི་ཡངས་ཤིང་རྒྱ་ཆེ་བ་ནམ་མཁས་གར་ཁྱབ་ཏུ་ཁྱབ་ནས་ཡོད་པ་ལ། དེའི་སྟེང་དུ་སེམས་ཅན་དམྱལ་བའི་སྡུག་བསྔལ་ཅི་ཏི་རི་རི་ཡོད་པ་ལ། ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ཆོ་ངེས་རེང་རེང་པ། དུད་འགྲོ། སྟག་གཟིག །དོམ་དྲེད། ཁྱི། ཝ། སྤྱང་ཀི གཡག །ར་ལུག་ལ་སོགས་པ་ཐམས་ཅད་ཀྱང་གཅིག་གིས་གཅིག་ཟ་


CMR054_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བ། གཞན་ཡང་ས་འོག་ཏུ་ནི། འབུ་གྲོག་མ། སྦྱར་པ། སྡིག་པ་ལ་སོགས་པ་སྣ་རེ་རེས་ཀྱང་། ས་གཞི་གང་བ་དེ་དག་ཐམས་ཅད་གཅིག་གིས་གཅིག་གསོད་པ། ཆུ་ལ་ནི་ཉ། སྦལ་པ། ལྕོང་མོ་ལ་སོགས་པ་ཆུའི་སེམས་ཅན་དཔག་ཏུ་མེད་པ། དེ་དག་ཀྱང་གཅིག་གིས་གཅིག་གསོད་པ། ནམ་མཁའ་ལ་ཡང་བྱ་རྒོད། འོལ་བ། གླག ། ཁྲ། བྱིའུ། ཁྭ་ཏ། ཕུག་རོན། ཀང་ཀ །འཇོལ་མོ་ལ་སོགས་པས་ནམ་མཁའ་གང་བ། དེ་དག་ཀྱང་གཅིག་གིས་གཅིག་གསོད་ཅིང་ཟ་བ། སྦྲང་བུ་གཅིག་པུས་ཀྱང་ནམ་མཁའ་དང་། ས་གཞི་གང་བ་ལ། ཐམས་ཅད་ཀྱང་གཅིག་གིས་གཅིག་ལ་གསོན་པོར་ཟ་ཞིང་། ཆོ་ངེ་དང་། སྐད་ངན་ཏི་རི་རི་ཡོད་པ། ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་འགུལ་ཤིག་ཤིག་ཡོད་པ། ཤིན་ཏུ་མང་ཞིང་རྒྱ་ཆེ་བ་ཡོད་པར་བསྒོམ། དེ་རྣམས་ཀྱི་དཀྱིལ་དུ་བྲག་རི་མཐོན་པོ་གཅིག་གི་སྟེང་དུ་བདག་རང་གཅིག་པུར་གྲོགས་མེད་པར་མི་ལུས་ཐོབ་ནས་དེར་ཡོད་པར་བསྒོམ། །དེ་ནས་རང་མར་ལ་ལྟུང་ལ་ཁད་ཁད་ཡོད་པ། རང་གིས་བསམ་པ་ལ། ཨ་ཙ་མ། དམྱལ་བ། ཡི་དྭགས། དུད་འགྲོ་འདི་ལྟ་


CMR054_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མང་པོ་ཞིག་གི་ནང་ནས། བདག་གཅིག་པུ་མི་ལུས་ཐོབ་པ་འདི་ནི། ད་རེས་གཅིག་པུ་སྟབས་ཀ་ཡག་པའམ། དགེ་བའི་མཐུ་གཅིག་ལས་བྱུང་བར་འདུག་སྟེ། ཐོབ་པར་དཀའ་བ་ཐོབ་ནས། དོན་མེད་པར་ད་ནི་ཡང་སྟོང་ལོག་ཏུ། མ་ཀིའི་སྡུག་བསྔལ་ཚན་ཆེན་པོ་འདི་ལྟ་བུ་རུ། འགྲོ་དགོས་པ་འདི་ཕོངས་པ་ལ། ད་ཐོབ་པར་དཀའ་བ་འདི་ལྟ་བུ་ཐོབ་ཀྱང་། རིང་དུ་གནས་པའི་ལོང་མེད་པར། ཡང་མགྱོགས་པར་མ་ཀིར་ལྟུང་ངེས་པར་འདུག་པས། ད་མ་ཀིར་མི་ལྟུང་བའི་ཐབས་ཇི་ལྟ་བུར་དྲག་གམ། གང་ན་ཡོད་ཨ་ཙ་མ་ཀྱེ་ཧུད་ཨ་ཙི་འཇིགས་པ་ལ། སྙམ་དུ་བསམ་ཞིང་ངག་ཏུ་མྱ་ངན་གྱི་སྐད་འདི་ལྟར་བརྗོད། རྗེས་ཟློས། ཨ་ཙ་མ་ན་ང་རེ་འཇིགས། །ངན་སོང་སེམས་ཅན་མང་ལགས་སམ། །མི་ལུས་ཐོབ་པ་དཀོན་ལགས་སམ། །མ་ཀར་ལྟུང་བར་མགྱོགས་ལུགས་སམ། །རྙེད་པར་དཀའ་ལ་འཇིག་པར་སླ། །འདི་ལ་ཇི་ལྟར་བྱས་ན་ཐར། །ཐབས་ཤིག་ཡོད་ན་སྒྲུབ་པ་ལ། །ཞེས་སྨྲེ་སྔགས་འདོན་ཞིང་ཡོད་པའི་ཚེ། རང་གི་སྟེང་གི་ནམ་མཁའ་ལ་རང་གི་རྩ་བའི་བླ་མ་དེ་ཉིད་ཨོ་རྒྱན་རིན་པོ་ཆེ་དང་དབྱེར་མེད་


CMR054_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྐྱབས་སྦྱིན་གྱི་ཕྱག་རྒྱ་བཅས་ནས་བྱོན་ཏེ། བདག་ལ་འདི་སྐད་ཟེར་བར་སྒོམས་ཤིག །ཀྱེ་མ་དལ་འབྱོར་རྙེད་པར་དཀའ་བ་ད་རེས་ཙམ། །ཐོབ་པ་འདི་ཡང་རྟག་པ་མ་ཡིན་ཏེ། །མྱུར་དུ་ངན་འགྲོའི་གནས་སུ་ལྟུང་ལ་ཁད། །ད་རེས་འདི་ལ་དོན་ཆེན་མ་འགྲུབ་ན། །ཕྱིས་ནས་མི་ལུས་ཤིན་ཏུ་རྙེད་པར་དཀའ། །དཀའ་འམ་མི་དཀའ་སེམས་ཅན་གྲངས་ལ་ལྟོས། །མི་ལུས་འདི་ལ་བརྟེན་ཏེ་སངས་རྒྱས་འགྲུབ་པར་གྱིས། །ཞེས་གསུངས་པའི་སྒྲ་ཐོས་པ་ཙམ་གྱིས་བདག་གི་བསམ་པ་ལ། ཀྱེ་མ་འདི་ལྟ་བུའི་སེམས་ཅན་མང་པོའི་ནང་ནས། བདག་གཅིག་པུ་མི་ལུས་ཐོབ་པར་དཀའ་བ་འདི་ཐོབ་པས་ད་ལན་བདག་རང་ཡང་འཁོར་བའི་སྡུག་བསྔལ་ལས་གྲོལ་བར་བྱས་ནས། མ་ཀིའི་སེམས་ཅན་གཅིག་ཀྱང་མ་ལུས་པར་བདག་གིས་བསྒྲལ་བར་བྱའོ། །ད་ནི་ཡེངས་ལོང་མི་འདུག་གི །མྱུར་དུ་སངས་རྒྱས་ཀྱི་ས་ལ་འགོད་པར་བྱའོ། །སྙམ་པའི་སེམས་བསྐྱེད་མ་ཐག་ཏུ། བླ་མའི་ཐུགས་ཀ་ནས་འོད་ཟེར་གྱི་སྙིང་པོ་གཅིག་བདག་ལ་ཟུག་པ་ཙམ་གྱིས། བདག་བདེ་བ་ཅན་གྱི་ཞིང་ཁམས་སུ་ཡེར་གྱིས་སླེབ་བྱུང་བ་དང་། ཡང་བདག་གི་ཐུགས་ཀ་ནས་འོད་ཟེར་


CMR054_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པ་འཕྲོས་པས། སེམས་ཅན་དེ་དག་གཅིག་ཀྱང་མ་ལུས་པར་བདེ་བ་ཅན་གྱི་གནས་སུ་འདྲེན་པར་བསམ་ཞིང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དྲག་ཏུ་བསྒོམ་མོ། །ཡུམ་རྒྱས་མ་ལས། གྲོགས་པོ་དག་མིར་གྱུར་པ་ནི་ཤིན་ཏུ་དཀོན། དལ་བ་ཕུན་སུམ་ཚོགས་པ་ནི་ཉུང་། འཁོར་བ་ལས་ཐར་བ་ནི་དཀོན། དེ་ལྟ་བུ་ཡིན་ཏེ་དལ་བ་ཆུད་ཟོས་པར་མ་བྱེད་ཅིག །མི་ཁོམས་པར་གྱུར་ཅིང་གསོར་མི་རུང་བ་འགྱུར་ཏ་རེ། ཞེས་གསུངས་པའི་དོན་ཡིད་ལ་བསམས་ནས། སྙིང་པོ་ལེན་པ་ལ་དམ་པའི་ཆོས་ཉམས་སུ་ལེན་དགོས། དེ་ཡང་ནམ་དྲན་པའི་དུས་སུ་ཞེ་མནའ་བསྐྱལ་ལ་དེ་འདྲ་ཉམས་སུ་ལེན་དགོས་སོ། །ཡང་ཐ་མལ་པ་ལ་བཤད་པས་དོན་མི་གོ །སྒོམ་པའི་དམིགས་པ་མི་ཟིན་པའི་རིགས་ཀྱང་མང་དུ་ཡོད་པས། དེ་ལ་དལ་འབྱོར་གྱི་མི་ལུས་ཐོབ་དཀའ་བ་དངོས་སུ་ལྟ་རྒྱུ་ཡོད་པ་འདི་རྣམས་ལ་ལྟོས། འགྲོ་བ་རིགས་དྲུག་གི་ནང་ནས་དུད་འགྲོ་རིགས་གཅིག་ཡིན། དུད་འགྲོ་ལ་རིགས་མི་གཅིག་པ་བྱེ་བ་ཕྲག་བཅོ་བརྒྱད་ཡོད་པར་བཤད། དེའི་ནང་ནས་འབུ་སྲིན་ནི་རིགས་གཅིག་ཡིན། ལུང་པ་རེ་ན་མི་དུ་ཙམ་ཡོད། འབུ་


CMR054_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་དུ་ཙམ་ཡོད་བསམ་བློ་ཐོངས་དང་། གྲོང་པ་རེ་དང་། ཁྱིམ་རེ་ན་མི་དུ་ཙམ་གདའ། འབུ་སྲིན་དུ་ཙམ་འདུག་ལྟོས་དང་། ཤིག་དང་། ལྗི་བ་དང་། སྲིན་བུ་བ་ཤ་ཀ །གྲོག་སྦུར་ཡན་ཆད་འདི་ཚོ་ཡང་། རང་རེ་ཚོ་བས་ལྷག་ཙམ་གྱི་མི་ལ་ཡང་སྐྱེ་མྱོང་ཚོད་རེད་དེ། ཆོས་མ་བྱས་པས་འདི་འདྲ་ཞིག་རེད་འདུག་པ་ཨེ་མཐོང་། རྔ་བོ་ཆེའི་མདོ་ལས། རྒྱ་གྲོག་གི་ཚང་ཆེ་བ་རེ་ལ་འབུམ་ཕྲག་གསུམ་ཡོད། འབྲིང་བ་ལ་ཁྲི་ཕྲག་གསུམ་ཡོད། ཐ་མ་ལ་སྟོང་ཕྲག་གསུམ་ཡོད་པར་བཤད། སྡེ་ཆེན་པོ་གཅིག་གི་མངའ་འོག་ན་ཡང་། མི་ལུས་ཐོབ་ཚད་ལ་ཡང་འབུམ་ཕྲག་གསུམ་ཨེ་ཡོད་ཆ་མེད། མི་ལུས་ཐོབ་ཨེ་དཀའ་དེ་ཚོ་བསམ་བློ་ཐོངས་ལ་ལྟོས་དང་གསལ་ལོ། །དེ་ཚོ་ཡང་ཐོས་གཏམ་དང་ངན་དཔྱད་མིན། ཐུབ་པ་དང་ཨོ་རྒྱན་གྱི་གསུང་གཉིས་ཀ་ལས། དཀའ་འམ་མི་དཀའ་སེམས་ཅན་གྲངས་ལ་ལྟོས་གསུངས་པའི་དོན་ཡིན་ནོ། །ཨེ་མ་ཧོ། བསྐལ་པ་བྱེ་བ་བརྒྱ་སྟོང་ལ། །ཕལ་ཆེར་མུན་པའི་བསྐལ་པ་སྟེ། །དེ་དུས་མི་ལུས་ཐོབ་ན་ཡང་། །དོན་གོ་ཅི་ཡང་ཡོད་པ་མིན། །སངས་རྒྱས་འབྱོན་ཞིང་ཆོས་དར་བ། །སྒྲོན་མེའི་བསྐལ་པ་ཞེས་


CMR054_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། །སངས་རྒྱས་སྟོང་རྩ་འབྱོན་པའི་ཕྱིར། །བསྐལ་པ་བཟང་པོ་ཞེས་བྱ་སྟེ། །འདི་རུ་སྐྱེས་པ་དོན་ལྡན་མཛོད། །འདས་པའི་སངས་རྒྱས་བསྟན་པ་ནུབ། ། །མ་འོངས་སངས་རྒྱས་མ་བྱོན་པར། །ལོ་ནི་ཁྲི་ཕྲག་མང་པོ་ལ། །ཆོས་ཀྱི་སྒྲ་ནི་ཐོས་པ་མེད། །ད་རེས་སངས་རྒྱས་བསྟན་དང་མཇལ། །བསྟན་དང་མཇལ་བ་དོན་ལྡན་མཛོད། །ལུས་འཕགས་གླིང་དང་སྒྲ་མི་སྙན། །བ་ལང་སྤྱོད་དང་གླིང་གསུམ་པོ། །གླིང་གཡོག་དྲུག་པོ་གར་སྐྱེས་ཀྱང་། །ཆོས་སྒྲ་མི་ཐོས་དོན་གོ་མེད། །ད་རེས་གླིང་མཆོག་འཛམ་བུ་གླིང་། །འདི་རུ་སྐྱེས་པ་དོན་ལྡན་མཛོད། །ལྷོ་ཕྱོགས་འཛམ་གླིང་འདི་ན་ཡང་། །མཐའ་འཁོབ་བརྒྱ་དང་རྩ་བརྒྱད་ཡོད། ཡང་འཁོབ་སྟོང་དང་རྩ་གཉིས་ཡོད། །དེ་དག་རྣམས་ཀྱང་མི་ཡིན་ཏེ། །ཆོས་སྐད་མི་ཐོས་མུན་པའི་གླིང་། །ད་རེས་ཆོས་སྐད་གྲྭ་སར་སྐྱེས། །གོ་བ་ཡོད་པ་དོན་ལྡན་མཛོད། །རྒྱ་གར་རྒྱ་ནག་བལ་པོ་དང་། །ཟ་ཧོར་ཡུལ་དང་བྷེ་ཏའི་ཡུལ། །ཨོ་རྒྱན་ཡུལ་དང་ཤམ་བྷ་ལ། །ཡུལ་ཆེན་ཉི་ཤུ་རྩ་བཞི་རུ། །སྔར་དུས་དམ་ཆོས་དར་ས་སྟེ། །ད་ནི་ཕལ་ཆེར་ནུབ་བོ་སྐད། །སྤྱན་རས་


CMR054_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ཀྱི་ཐུགས་རྗེ་དང་། །ཆོས་རྒྱལ་ལོ་པཎ་བཀའ་དྲིན་གྱིས། །དེང་སང་བསྟན་པ་བོད་ལ་དར། །ད་རེས་ཅིས་ཀྱང་ཆོས་སྒོར་ཞུགས། །བོད་དུ་དམ་ཆོས་དཀོན་པའི་དུས། །ཐག་རིང་རྒྱ་གར་ཡུལ་དུ་འགྲོ། །གསེར་སྲང་སྟོང་ཕྲག་མང་པོ་ཁྱེར། །ལུས་སྲོག་གཉིས་ཀ་བློས་བཏང་ནས། །སྟག་དང་དུག་སྦྲུལ་ཇག་རྐུན་སོགས། །ལམ་དགྲ་འཇིགས་པའི་འཕྲང་ལ་འགྲིམ། །པཎྜི་ཏ་དང་ལོ་ཙཱ་བར། །གསེར་གྱི་འབུལ་བས་མ་མགུ་ན། །དམ་ཆོས་སྣ་རེའང་ཐོབ་པ་མེད། །དེང་སང་ཆོས་ཀྱིས་སྒོ་འགྲིམ་བྱེད། །ཁྲིད་སྟོན་བླ་མས་ཕྱོགས་ཀུན་ཁྱབ། །བོད་ཁམས་ཆོས་ཀྱིས་གང་དུས་འདིར། །ཆོས་སྐལ་མ་ཆད་རང་སྐལ་ལོངས། །ཆོས་ཤིག་ཞུ་ནི་འདོད་ལགས་ཏེ། །མི་ཁོམ་ཟེར་མཁན་འགའ་རེ་གདའ། །དལ་བ་བརྒྱད་པོ་ཐོབ་དུས་འདིར། །ཆོས་ཐུན་ཉན་ཡང་མི་ཁོམ་ན། །མི་ཁོམ་བརྒྱད་དུ་སྐྱེས་པའི་དུས། །ཁྱོད་ལ་ཁོམ་དུས་འོང་ངོ་ཨང་། །ད་རེས་དམ་ཆོས་མ་འགྲུབ་ན། །མགོ་ན་ཀླད་པ་མེད་པ་ཡིན། །ཁོག་ན་དོན་སྙིང་མེད་པ་ཡིན། །རང་མགོ་རང་གིས་བསྐོར་བ་ཡིན། །རིན་ཆེན་གླིང་ནས་སྟོང་ལོག་ཡིན། །སྟོང་ལོག་


CMR054_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པས་མི་ཆོག་པར། །སྡིག་པའི་ཁུར་པོ་ཁུར་མི་ཚོ། །རང་མགོ་རང་གིས་བཅོགས་པ་ཡིན། །རང་ཕུང་རང་གིས་སྒྲུབ་པ་ཡིན། །སྙིང་རེ་རྗེ་སྟེ་བྱ་ཐབས་མེད། །རབ་ཀྱིས་དམ་ཆོས་རྣལ་མ་སྒྲུབས། །འབྲིང་དུ་དགེ་སྒྲུབ་སྡིག་སྤང་གཟོབ། །ཐ་ནའང་ཆོས་ལ་འབྲེལ་པ་ཞོག །མི་ལུས་ཐོབ་པའི་དོན་གོ་ཅིག །རེམ་རེམ་རང་ལ་སྙིང་རྗེ་ལྟོས། །རང་རེ་རབ་ཏུ་བྱུང་བ་རྣམས། །སྡོམ་པ་གང་ཞུས་གཙང་མར་སྲུང་། །འདུལ་བ་ཀརྨ་ཤ་གཏམ་ལས། །དལ་དང་འབྱོར་པ་རྙེད་དཀའ་བས། །འདི་དག་ཇི་ལྟ་བ་བཞིན་སྒྲུབས། །ཞེས་གསུངས་སོ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་གསུམ་པ་འཆི་བ་མི་རྟག་པ་བསྒོམ་པའི་ཁྲིད།


CMR054_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

༼ག༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་གསུམ་པ་འཆི་བ་མི་རྟག་པ་བསྒོམ་པའི་ཁྲིད་བཞུགས་སོ།།


CMR054_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་གདམས་ངག་ཟབ་མོ། ཆོས་མྱུར་དུ་འགྲུབ་པའི་ཐབས། འཆི་བ་མི་རྟག་པ་བསྒོམ་པ་ནི། བཅོམ་ལྡན་འདས་ཀྱི་ཞལ་ནས། དགེ་སློང་དག་འདུས་བྱས་ཐམས་ཅད་མི་རྟག་པའོ། །ཞེས་གསུངས་པས། །འདུས་བྱས་ཀྱི་མཚན་ཉིད་ནི་མི་རྟག་པ་ཡིན་ནོ། །དེ་ཡང་ཇི་ལྟར་མི་རྟག་ན། ཆེད་དུ་བརྗོད་པའི་ཚོམས་ལས། བསགས་པའི་ཐ་ནི་འཛད་པ་སྟེ། བསླང་བའི་མཐའ་ནི་འགྱེལ་བར་འགྱུར། །འཕྲད་པའི་མཐའ་ནི་བྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །ཞེས་གསུངས་


CMR054_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །འདུལ་བ་ལུང་ལས། བསགས་པ་ཀུན་གྱི་མཐའ་འཛད་ཅིང་། །མཐོན་པོ་རྣམས་ཀྱི་མཐའ་ལྟུང་འགྱུར། །འཕྲད་པའི་མཐའ་ནི་བྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །གསུངས་སོ། །སྤྱན་རས་གཟིགས་ཀྱིས་གསུངས་པའི་རྡོ་རྗེའི་ཚིག་རྐང་ལས། སྣོད་བཅུད་མི་རྟག་དོན་བསྒོམ་ཞིང་། །ཞེས་གསུངས་པའི་དོན། དེ་ལ་དབྱེ་བ་ནི་གཉིས་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་པ་དང་། ནང་བཅུད་ཀྱི་སེམས་ཅན་མི་རྟག་པའོ། །ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་པ་ལ་ཡང་གཉིས་ཏེ། རགས་པ་མི་རྟག་པ་དང་། ཕྲ་བ་མི་


CMR054_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པའོ། །ནང་བཅུད་ཀྱི་སེམས་ཅན་མི་རྟག་པ་ལ་ཡང་གཉིས་ཏེ། །གཞན་མི་རྟག་པ་དང་། རང་མི་རྟག་པའོ། །དེ་དག་བསྒོམ་པའི་ཐབས་ལ། དང་པོ་ཕྱི་སྣོད་ཀྱི་རགས་པ་མི་རྟག་པ་ནི། མ་ཀི་རླུང་གི་དཀྱིལ་འཁོར་ནས། ཡ་ཀི་བསམ་གཏན་བཞི་པའི་གནས་མན་ཆོད་འདི། རྟག་པའི་རང་བཞིན་སྲ་མཁྲང་ཅན་འགྱུར་མེད་མ་ཡིན་ཏེ། རེས་འགའ་ནི་བསམ་གཏན་དང་པོ་མན་ཆད་མེས་འཇིག །རེས་འགའ་ནི་བསམ་གཏན་གཉིས་པ་མན་ཆད་ཆུས་འཇིག །རེས་འགའ་ནི་བསམ་གཏན་གསུམ་པ་མན་ཆད་རླུང་གིས་འཇིག་པ་ཡིན་ནོ། །དེ་ཡང་མེས་བཤིག་པའི་དུས་སུ་ཐལ་བ་ཙམ་ཡང་མི་ལུས་ཏེ། དཔེར་ན་མར་ཚིག་པ་བཞིན་ནོ།། །ཆུས་བཤིག་པའི་དུས་སུ་སྙིགས་མ་ཙམ་ཡང་མི་ལུས་ཏེ། །དཔེར་ན་ལན་ཚྭ་ཆུ་ལ་ཐིམ་པ་བཞིན་ནོ། །རླུང་གིས་བཤིག་པའི་ཚེ་ལྷག་མ་ཙམ་ཡང་མི་ལུས་ཏེ། དཔེར་ན་ཐལ་བ་རླུང་ལ་གཏོར་བ་བཞིན་ནོ། །དེ་ལྟར་ཡང་།། ཆོས་མངོན་པ་མཛོད་ལས། མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ནི། །མེ་ཡི་བདུན་ནོ་དེ་ནས་ནི། །མཇུག་ཏུ་རླུང་གིས་བཤིག་པ་ཡིན། །ཞེས་གསུངས་སོ། །


CMR054_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་བཞི་པའི་གནས་ནི། མེ་ཆུ་རླུང་གསུམ་གྱིས་མི་འཇིག་སྟེ། ནང་གི་སེམས་ཅན་ཤི་འཕོས་པ་དང་རང་འཇིག་པ་ཡིན་ནོ། །དེ་ལྟར་ཡང་། མི་རྟག་དེ་ཡི་གཞལ་མེད་ཁང་། །སེམས་ཅན་བཅས་ཏེ་འབྱུང་འཇིག་ཕྱིར། །ཞེས་གསུངས་སོ། །དེ་ཡང་ད་རེས་ཀྱི་འཇིག་རྟེན་གྱི་ཁམས་འདི་མེས་འཇིག་པ་མངོན་ཏེ། དཔལ་སྦྱིན་གྱི་ཞུས་པའི་མདོ་ལས། བསྐལ་པ་གཅིག་ལོན་ནས་ནི་འཇིག་རྟེན་འདི། །ནམ་མཁའི་རང་བཞིན་ནམ་མཁར་འགྱུར་བར་འོང་། །ལྷུན་པོ་དག་ཀྱང་འཇིག་ཅིང་རྣམ་པར་ཚིག །ཅེས་གསུངས་སོ། །ཐུགས་རྗེ་ཆེན་པོ་གསང་འདུས་དམར་ཁྲིད་ལས། ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག་པ་བསྒོམ་སྟེ། ག་རེ་ས་གཞི་མི་རྟག་སྟེ། རྩྭ་དང་ནགས་ཚལ་ཟད་པ། སྐམ་པ། མེས་ཚིག །ཆུས་ཁྱེར། སྙིང་པོ་མེད། ཆུ་བོ་ལ་དབྱར་དགུན་གྱི་སྐྱེ་འབྲི་འགྱུར་ལྡོག །མཐར་མེ་ཆུས་བསྐལ་པ་འཇིག་སྟེ་མི་རྟག་དེ་ཁོ་ནས་བདག་གི་ལུས་འདི་འགྱུར་ཞིང་མི་རྟག་སྐྱེ་ཤིའི་མཐའ་མེད་སྙམ་དུ་སེམས་ཁང་། ལུས་ཚ་འུབ་འུབ་པ་བློ་དང་འདྲེས་ངེས་སུ་བསྒོམ། ཕྲ་བ་མི་རྟག་པ་ནི། དུས་བཞི་དང་། ཉི་ཟླ་ཤར་ནུབ་དང་


CMR054_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་མི་རྟག་པའོ། །གསང་འདུས་དམར་ཁྲིད་ལས། ཡང་ན་ནིང་ནས་ད་ལོ། ད་ལོ་སང་ཕོད། ཟླ་བ་སྔ་རྟིང་། དེ་རིང་ཉིན་གང་ཡང་དགོང་མོ་མཚན་མོར་འགྲོ། །དེ་མི་རྟག་པས་གཏུགས་ནས་བདག་གི་ཚེ་ཟད་འཆི་ཁར་གཏུགས་སྙམ་དུ་བསྒོམ། བཅུད་ཀྱི་སེམས་ཅན་ཐམས་ཅད་མི་རྟག་སྟེ། རྒྱ་ཆེ་རོལ་པ་ལས། །སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །འདུས་བྱས་ཐམས་ཅད་མྱུར་དུ་འཇིག་པ་སྟེ། །མཁའ་ལ་གློག་འགྱུ་རིང་དུ་མི་གནས་བཞིན། །རྫ་སོ་མ་བཏང་ལྟ་བུ་འཇིག་པའི་ཆོས། །བྱེ་མའི་གྲོང་ཁྱེར་ལྟ་བུར་རིང་མི་ཐོག །ལྦུ་བ་ལྟ་བུར་ཉམ་ཆུང་སྙིང་པོ་མེད། །ལུས་འདི་ཆུ་ལྦུ་དག་གི་ཕུང་པོ་འདྲ། །སྒྱུ་མ་ལྟ་བུ་སེམས་ནི་རྨོངས་པར་བྱེད། །ལག་བཅངས་སྟོང་པས་བྱིས་པ་བྲིད་དང་མཚུངས། །ཞེས་གསུངས་སོ། །ཀ་མ་ལ་ཤཱི་ལས། འཇིག་རྟེན་ཁམས་ནི་མི་རྟག་སྟེ། །དཔེར་ན་འཇའ་ཚོན་ཡོལ་དང་མཚུངས། །ལོ་ཟླ་ཚེས་གྲངས་འཆི་དང་ཉེ། །བུ་ཚ་ལ་སོགས་གྲོགས་དག་


CMR054_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །བོར་ནས་གཅིག་པུར་འགྲོ་དགོས་ན། །ཞེས་གསུངས་སོ། །རྒྱལ་པོ་གསལ་རྒྱལ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་དཔེར་ན་ཕྱོགས་བཞི་ནས། རི་སྲ་བ། བརྟན་པ། དཔངས་མཐོ་བ་བཞི་འགྱེལ་ནས། རྩྭ་དང་ཤིང་གེལ་པ་དང་། སྲོག་ཆགས་ཐམས་ཅད་ཕྱེ་མར་འཐག་ཅིང་རུབ་རུབ་གྱུར་ན། དེ་ལ་མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་ཟློག་པའམ་ནོར་གྱིས་བསླུ་བའམ། སྔགས་དང་རྫས་དང་སྨན་གྱིས་ཟློག་པར་སླ་བ་མ་ཡིན་ནོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ན་བ་དང་། རྒ་བ་དང་འཆི་བ་དང་། རྒུད་པ་ཞེས་བྱ་བའི་འཇིགས་པ་ཆེན་པོ་བཞི་འབྱུང་སྟེ། དེ་ལ་མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་ཟློག་པའམ། ནོར་གྱིས་བསླུ་བའམ། སྔགས་དང་རྫས་དང་སྨན་གྱིས་ཟློག་པར་སླ་བ་མ་ཡིན་ནོ། །ཞེས་གསུངས་སོ། །སྤྱན་རས་གཟིགས་ཀྱིས་གསུངས་པའི་རྡོ་རྗེའི་ཚིག་རྐང་ལས། འཆི་བ་ངེས་པར་འཆི་བ་དང་། །ནམ་འཆི་ངེས་མེད་འཆི་བ་ལ། །ཚེ་འདིའི་མི་ཕན་བློས་བཏང་བྱ། །ཞེས་གསུངས་པས། འཆི་ངེས་པ་ནི། མི་རྟག་པ་བསྟན་པའི་མདོ་ལས། ནད་མེད་མི་


CMR054_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ལང་ཚོ་མི་རྟག་ཅིང་། །ཚེ་ཡང་མི་རྟག་འབྱོར་པའང་རྟག་མ་ཡིན། །སྐྱེ་བོ་མི་རྟག་ཉིད་ཀྱིས་ཉན་གྱུར་ལ། །འདོད་པའི་ཡོན་ཏན་དགའ་བ་ཇི་ལྟར་སྐྱེ། །ཞེས་དང་། མྱ་ངན་འདིས་མདོ་ལས། སྐྱེ་བ་ཡོད་ན་འཆི་བ་ཡོད།། །དར་བ་ཡོད་ན་རྒུད་པ་ཡོད། །ལང་ཚོ་དེ་ཡང་མི་རྟག་སྟེ། །དར་བའི་མདོག་ཀྱང་ནད་ཀྱིས་འཕྲོག །འཚོ་བའི་ཚེ་ཡང་འཆི་བས་འཕྲོག །རྟག་པའི་ཆོས་ནི་གང་ཡང་མེད། །ཅེས་གསུངས་སོ། །མྱ་ངན་འདས་མདོ་ལས། འདུས་བྱས་རྟག་པར་འགྱུར་བ་ཡི། །གནས་འདི་རྙེད་པར་མི་འགྱུར་ཏེ། །འདུས་བྱས་ཐམས་ཅད་མི་རྟག་པས། །མྱ་ངན་མ་བྱེད་ཀུན་དགའ་བོ། །ཞེས་གསུངས་སོ། །སྐྱེས་རབས་ལས། དང་པོ་མངལ་དུ་ཞུགས་པའི་ནུབ་མོ་ནས། །དེ་ནས་བཟུང་སྟེ་འཇིག་རྟེན་འདི་དག་ནི། །ལམ་དུ་ཞུགས་ཏེ་ལམ་གཞན་མ་གོལ་བར། །འཆི་བདག་དྲུང་དུ་དེ་ནི་ཉེ་བར་འགྲོ། །ཞེས་གསུངས་སོ། །ཐུགས་རྗེ་ཆེན་པོ་གསང་འདུས་དམར་ཁྲིད་ལས། སྔར་འཇིག་རྟེན་ན་དུ་ཡོད་པ་ཐམས་ཅད་ཤི །ད་ལྟ་ས་ཐོག་ན་དུ་ཙམ་ཡོད་པ་ཐམས་ཅད་འཆི། རྒྱལ་ཁམས་ཐམས་ཅད་ནས་དུས་འཛིངས་མི་ཕྱེད་མཚོན་དུ་གུམ།


CMR054_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཤི་གང་ཤི་ཇི་ཙམ་ཤི །ཇི་ཙམ་ཞིག་ཐོས། ལར་སྙིང་པོ་མེད་པར་སྐྱོན་ཆེ་སྙམ་དུ་བསྒོམ། དེ་ནས་ཡང་སྐབས་རེ་བདག་གིས་དྲན་ན་རང་གི་ཡང་ཡུལ་མི། གྲོང་པ། ཕ་སྤུན། གཉེན་ཉེ་རིང་། བླ་མ་མཆེད་གྲོགས། ཕ་མ་སྤུན་ཟླ། བཟའ་ཚང་ཁྱོ་ཤུག །བྱིས་པ། དུ་ཙམ་ཤི། གང་ཙམ་ཤི། བདག་རང་ཡང་ད་བར་མ་ཤི་བ་ཡ་མཚན་ཆེ། མ་ཤི་ཡང་ངས་ཕྱི་མ་གདེང་ཐོབ་པའི་ཆོས་མ་བྱས་པ་སྐྱོན་ཆེ། ལར་སྣོད་བཅུད་གང་ཅི་ཐམས་ཅད་མི་རྟག་པ་འདི་ཡ་ཆ་བསམ། སྐྱོ་བ་སྐྱེ་ཏུང་ཏུང་། མིད་པ་ན་ཀྱུར་ཀྱུར་བ་བློ་འདེག་བསྒོམ། དེ་ལ་འཆི་བའི་མཚན་ཉིད་བསྒོམ་པ་ནི། རྒྱལ་པོ་ལ་གདམས་པ་ལས། རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་ནི་འདོར། འཇིག་རྟེན་ཕ་རོལ་ཏུ་ནི་འགྲོ། སྐྱེས་ཆེན་པོ་ནི་འདེག །མུན་པ་མུན་ནག་ཆེན་པོར་ནི་ཞུགས། གཡང་ས་ཆེན་པོར་ནི་ལྟུང་། ནགས་ཁྲོད་སྟུག་པོར་ནི་འཇུག །དགོན་པ་ཆེན་པོར་ནི་འགྲོ། རྒྱ་མཚོ་ཆེན་པོས་ནི་ཁྱེར། ལས་ཀྱི་རླུང་གིས་ནི་བདས། ས་ཚུགས་མེད་པའི་ཕྱོགས་སུ་འགྲོ་བ་ན། ཆོས་མིན་པའི་མགོན་གཞན་མེད། སྐྱབས་གཞན་མེད། དཔུང་གཞན་


CMR054_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྒྱལ་པོ་ཆེན་པོ་ཆོས་ནི། དེའི་ཚེ་དེའི་དུས་ན་གླིང་ཆེན་པོ་དང་གནས་དང་མགོན་དང་སྐྱབས་དང་དཔུང་གཉེན་དག་སྟོན་པར་འགྱུར་རོ། །ཞེས་གསུངས་སོ། །ངེས་པར་། འཆི་བའི་རྒྱུ་མཚན་ནི། དཀོན་བརྩེགས་ལས། གཟུགས་ནི་ལྦུ་བ་ལྟ་བུར་གསུངས། །དེ་ལ་སྙིང་པོ་མི་རྙེད་དོ། །གསུངས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། རྩྭ་མཆོག་ཁ་ཡི་ཟིལ་པའི་ཐིག །ཉི་མ་ཡོངས་སུ་བབ་པ་ན། །ཡུད་ཙམ་ཞིག་གིས་མེད་པར་འགྱུར། །མི་ཡི་སྲོག་ཀྱང་དེ་བཞིན་ནོ། །ཇི་ལྟར་ཤིང་གི་ཡལ་ག་ཡི། །ལོ་མ་མེ་ཏོག་འབྲས་བུ་རྣམས། །ཐམས་ཅད་ལྟུང་བའི་ཆོས་ཅན་ཏེ། །མི་ཡི་སྲོག་ཀྱང་དེ་བཞིན་ནོ། །ལུས་ནི་མི་རྟག་མི་བརྟན་ཏེ། །ལྦུ་བ་སྟོང་པ་ཆུ་ཡི་ཆུ་བུར་འདྲ། །སྒྱུ་མ་ལྟ་བུར་གར་ལ་ལྟ་དང་མཚུངས། །ཇི་ལྟར་སྤྲིན་དང་གློག་ནི་མི་གནས་ལྟར། །སྐད་ཅིག་ཏུ་ནི་སྲོག་ཀྱང་དེ་བཞིན་འགྱུར། །སྙིང་པོ་མེད་ལ་སྙིང་པོ་བླང་བར་བྱ། །ཞེས་གསུངས་སོ། །ལུས་ལ་སྙིང་པོ་མེད་པས་འཆི་བ་ནི། སྤྱོད་འཇུག་ལས། ཐོག་མར་པགས་པའི་རིམ་པ་འདི། །རང་གི་བློ་ཡིས་ཐ་དད་ཕྱེ། །ཤ་དང་རུས་པའི་དྲྭ་བ་ལས། །ཤེས་རབ་མཚོན་།


CMR054_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གུད་དུ་ཕྱེ། །རུས་པ་རྣམས་ཀྱང་ཕྱེ་བྱས་ནས། །རྐང་པའི་བར་དུ་ལྟ་བྱ་ཞིང་། །འདི་ལ་སྙིང་པོ་ཅི་ཡོད་ཅེས། །བདག་ཉིད་ཀྱིས་ནི་བལྟ་བར་གྱིས། །ཞེས་གསུངས་སོ། །ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཇི་ལྟར་ཆར་པའི་མཚོ་ཆེན་འབབ་པ་ན། །ཆུ་ཡི་ཆུ་བུར་དག་ནི་ཐ་དད་འབྱུང་། །བྱུང་ནས་ཞིག་སྟེ་ཆུ་ཡི་ཆུ་བུར་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་སོ། །ཚེ་ལ་ངེས་པ་མེད་པས་ངེས་པར་འཆི་སྟེ། སྒྲ་མི་སྙན་སོགས་གླིང་གཞན་གྱི་ཚེ་ལ་ངེས་པ་ཡོད་ཀྱང་། འཛམ་བུའི་གླིང་གི་ཚེ་ལ་ངེས་པ་མེད་དེ། མངོན་པ་མཛོད་ལས། སྒྲ་མི་སྙན་གྱི་ཚེ་སྟོང་སྟེ། །གཉིས་ན་ཕྱེད་ཕྱེད་སྤངས་པའོ། །འདི་ན་མ་ངེས་ཐ་མ་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །གསུངས་སོ། །ཆེད་དུ་བརྗོད་པའི་ཚོམས་ལས། སྔ་དྲོ་སྐྱེ་བོ་མང་མཐོང་བ། །ཕྱི་དྲོ་ཁག་ཅིག་མཐོང་མི་འགྱུར། །ཕྱི་དྲོ་སྐྱེ་བོ་མང་མཐོང་བ། །སྔ་དྲོ་ཁག་ཅིག་མཐོང་མི་འགྱུར། །སྐྱེས་པ་བུད་མེད་མང་པོ་དང་། །དར་ལ་བབ་པའང་འཆི་གྱུར་ན། །དེ་ལ་མི་འདི་གཞོན་ཞེས་ཏེ། །གསོན་པས་གདེང་དྲོད་ཅི་ཞིག་ཡོད། །


CMR054_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་མངལ་དུ་འཆི་བར་འགྱུར། །དེ་བཞིན་ཁ་ཅིག་བཙས་པའི་སར། །དེ་བཞིན་ཁ་ཅིག་གོག་ཙམ་ན། །དེ་བཞིན་ཁ་ཅིག་ལོང་རྒྱུག་ན། །ལ་ལ་རྒན་དང་ལ་ལ་གཞོན། །ལ་ལ་དར་ལ་བབ་པའི་མི། །རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ། །ཞེས་གསུངས་སོ། །ཚེ་ཟད་པར་གྱུར་པས་ངེས་པར་འཆི་བ་ནི། སྤྱོད་འཇུག་ལས། ཉིན་མཚན་སྡོད་པ་ཡོད་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། །སྣོན་པ་གུད་ནས་འོང་མེད་ན། །བདག་ལྟ་འཆི་བ་ཅིས་མི་འགྱུར། །ཞེས་གསུངས་སོ། །དད་སྐྱེས་ལས། ལོ་ཟླ་དུས་འདིར་སྐད་ཅིག་མི་སྡོད་ན། །ནམ་ཟླ་ཡོད་དེ་ཚེ་ལ་ལོང་མེད་པས། །ནམ་ཟླ་འདས་ཤིང་ཤི་ལ་ཕར་ཕར་ཉེ། །ཞེས་དང་། ལྗོན་ཤིང་གི་མདོ་ལས། གསོད་སར་ཁྲིད་པའི་བཙོན་བཞིན་དུ། །གོམ་རེ་དཔག་ཀྱང་ཤི་ལ་ཉེ། །སང་ནས་འཆི་འམ་སུས་ཤེས་པས། །བདེ་བར་འདུག་པ་དེ་མི་རིགས། །ཞེས་གསུངས་སོ། །འབྲས་བུ་སྨིན་པ་ལྟུང་བ་བཞིན། །དཔེར་ན་འབྲས་བུ་སྨིན་པ་རྣམས། །ལྟུང་བས་རྟག་ཏུ་འཇིག་པ་ལྟར། །དེ་བཞིན་སྐྱེས་པར་གྱུར་པའི་མི། །རྟག་ཏུ་འཆི་བས་འཇིག་པར་འགྱུར། །དཔེར་ན་རྫ་


CMR054_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

མའི་མཁན་པོ་ཡིས། །འཇིམ་པ་ལས་ནི་སྣོད་བྱས་པས། །ཐམས་ཅད་ཐ་མར་འཇིག་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །དཔེར་ན་ཐག་ནི་བརྐྱངས་པ་ལས། །སྤྱན་ནི་གང་དང་གང་བཅུག་པས། །སྤུན་གྱི་གཏིང་ལ་གཏུག་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །དཔེར་ན་ངེས་པར་གསོད་པ་དག །གོམ་པ་གང་དང་གང་བོར་བས། །གསོད་པའི་དྲུང་དུ་བསྙིལ་བ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །ཆུ་ཀླུང་དྲག་ཏུ་འབབ་པའི་རྒྱུན། །ལྡོག་པ་མེད་པ་ཇི་ལྟ་བར། །དེ་བཞིན་མི་ཡི་ཚེ་འགྲོ་བ། །སླར་ནི་ལྡོག་པར་འགྱུར་བ་མེད། །ཅེས་གསུངས་སོ།། །འདུས་པ་རིན་པོ་ཆེའི་ཏོག་ལས། གྲོགས་དག་ཚེ་ནི་མྱུར་འགྲོ་སྟེ། །རི་གཟར་ཆུ་དྲག་མགྱོགས་འདྲ་ན། །བྱིས་པ་སྐྱེ་བོའི་མི་ཤེས་ཏེ། །མི་མཁས་ལོངས་སྤྱོད་དྲེགས་པས་མྱོས། །ཞེས་གསུངས་སོ། །སྔར་མ་ཤི་ཚེ་ཐར་ལུས་པ་མེད་པས་ཀྱང་ངེས་པར་འཆི་སྟེ། སློབ་དཔོན་རྟ་དབྱངས་ཀྱི་ཞལ་ནས། སའམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་


CMR054_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །འཆི་བ་ལ་འབྲོས་ས་ཡང་མེད་པས་ངེས་པར་འཆི་སྟེ། རྒྱ་ཆེ་རོལ་པ་ལས། གང་དུ་གནས་ཀྱང་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་གང་དུའང་ཡོད་མིན་ཏེ། །བར་སྣང་ན་མེད་རྒྱ་མཚོ་གཏིང་ནའང་མེད། །རི་བོ་རྣམས་ཀྱི་ཕྲག་ནའང་ཡོད་མ་ཡིན། །ཞེས་གསུངས་སོ། །རྒྱལ་པོ་ལ་གདམས་པ་ལས། གང་དུ་གནས་ཀྱང་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་གང་དུའང་ཡོད་མིན་ཏེ། །བར་སྣང་ན་མེད་རྒྱ་མཚོའི་གཏིང་ནའང་མིན། །རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ཀྱང་མིན། །འཆི་བའི་འཇིགས་པ་ཆེན་པོ་དེ་དང་ནི། །ཕུང་པོ་འཇིག་ཅིང་སྲོག་འགག་ཤེས་གྱིས་ལ། །འཆི་མེད་ཐོབ་པ་ཁྱོད་ནི་མོས་པར་གྱིས། །མྱ་ངན་འདས་ཐོབ་ཕྱིན་ཆད་འཆི་མི་སྲིད། །ཅེས་གསུངས་སོ། །ལུང་ལས། དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང་། ། །གང་ལ་སྤྱོད་ཡུལ་འཆི་མེད་པར། །དེ་ནི་འགྲོ་བར་ནུས་པ་མེད། །ཅེས་གསུངས་སོ། །འཆི་བའི་རྐྱེན་མང་བའི་ཕྱིར་ཡང་ངེས་པར་འཆི་སྟེ། །འཕགས་པ་ཀླུ་སྒྲུབ་ཀྱིས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པའི་རྐྱེན་ནི་ཅུང་ཟད་ཙམ། །དེ་དག་


CMR054_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱང་འཆི་བའི་རྐྱེན། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་གསུངས་སོ། ། །ཨཱརྱ་དེ་བས། ཚེ་འདི་གནོད་མང་རླུང་གིས་བརྡབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལ། །སད་ཁོམ་གང་ལགས་དེ་ཀུན་ངོ་མཚར་ཆེ། །ཞེས་གསུངས་སོ། །འཆི་བདག་རྐྱེན་གྱིས་ཁར་གནས་པ། །རླུང་དམར་ནང་འདུག་མར་མེ་བཞིན། །གསུངས་སོ། །བསོད་ནམས་དང་འབྱོར་པ་ཆེ་ཡང་འཆི་བ་མི་བཟློག་སྟེ། གྲུབ་ཆེན་མི་ཏྲ་ཛཱ་ཀིའི་ཡབ་ལ་གསུངས་པ། །ལྷན་ཅིག་ཇི་ལྟར་ཁྱོད་འབྱོར་ཡང་། །གཤེགས་ནས་འཇིག་རྟེན་གཞན་བཞུད་ཚེ། །མྱ་ངན་ཐང་ལ་དགྲ་བཅོམ་ལྟར། །གཅིག་པུར་སྲས་མེད་བཙུན་མོ་མིན། །ན་བཟའ་མ་མཆིས་བཤོས་མ་མཆིས། །རྒྱལ་སྲིད་མ་མཆིས་ཁབ་མ་མཆིས། །དཔག་མེད་མཐུ་དཔུང་མང་ལགས་ཀྱང་། །གཟིགས་སུ་མ་མཆིས་གནས་མ་མཆིས། །གཅིག་ཙམ་ཉིད་གཅིག་ཕྱི་ཐག་གིས། །རྗེས་སུ་འབྲང་ཡང་མི་འོང་ངོ་། །མདོར་ན་ཉིད་ཀྱི་མཚན་ཙམ་ཡང་། །དེ་ཚེ་མེད་ན་གཞན་ཅི་སྨོས། །ཞེས་གསུངས་སོ། །སློབ་དཔོན་དཔའ་བོས།


CMR054_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྐད་དུ། སེམས་ཅན་ལས་སྐྱེས་བདེ་མྱོང་བའི། །ཚངས་པ་ཚངས་པའི་གནས་ལས་ཀྱང་། །མི་རྟག་ཕྱིར་ལ་ལྟུང་འགྱུར་བ། །ཆུ་ཡི་འགྲམ་གྱི་རྡོ་བ་བཞིན། །བརྒྱ་བྱིན་དག་ནི་སྟོང་རྣམས་དང་། །འཁོར་ལོས་སྒྱུར་བ་བརྒྱ་དག་ཀྱང་། །དུས་ཀྱི་འཆི་བར་འགྱུར་བ་ནི། །མར་མེ་སྦར་བ་རླུང་གིས་བཞིན། །ཅེས་གསུངས་སོ། །བྱིན་རླབས་དང་ནུས་པ་ཆེ་ཡང་དུས་ཀྱི་འཆི་བ་མི་བཟློག་སྟེ། དགྲ་བཅོམ་པ་དང་རང་སངས་རྒྱས་དང་རྫོགས་པའི་སངས་རྒྱས་རྣམས་ཀྱང་སྐུ་མྱ་ངན་ལས་འདའ་བའི་ཚུལ་སྟོན་དགོས་ཏེ། ཆེད་དུ་བརྗོད་པའི་ཚོམ་ལས། གང་ཡང་རང་སངས་རྒྱས་རྣམས་དང་། །སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱང་། །སྐུ་ལུས་འདི་ནི་སྤངས་མཛད་ན། །སྐྱེ་བོ་ཕལ་པ་སྨོས་ཅི་དགོས། །ཞེས་དང་། སློབ་དཔོན་དཔའ་བོའི་ཞལ་ནས། ཇི་སྙེད་སངས་རྒྱས་རྣམས་ཀྱི་སྐུ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་མེད་འདྲ་བའི། །ལུས་ཅན་གཞན་ལ་སྨོས་ཅི་དགོས། །ཞེས་གསུངས་སོ། །འཁོར་དང་ལོངས་སྤྱོད་ཉེ་དུ་མང་ཡང་འཆི་བ་ལས་མི་སྐྱོབ། དམ་པའི་ཆོས་མ་གཏོགས་གཞན་གྱིས་མི་


CMR054_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཏེ། གཞོན་ནུ་མ་བདུན་གྱི་རྟོགས་བརྗོད་ལས། སའི་བདག་པོ་འབད་པ་སྟོང་དག་གིས། །ཁྱིམ་དུ་རྫས་རྣམས་བསག་པར་བྱེད་པ་དག །མི་ཡི་སྐད་ཅིག་གཅིག་གིས་འདོར་བར་འགྱུར། །ལེགས་བཤད་གཅིག་པུ་འདི་ཉིད་ལམ་དུ་བཤད། །ཅེས་དང་། ཕར་ཕྱིན་ལྔ་བསྟན་པའི་མདོ་ལས། བུ་དང་ཆུང་མ་རྒྱལ་སྲིད་ཡུལ་འཁོར་ནོར། །འཆི་ཚེ་གྲོགས་སུ་གྱུར་པ་ཅུང་ཟད་མེད། །སྦྱིན་དུལ་ཀུན་སྡོམ་ཚུལ་ཁྲིམས་ཕུང་པོ་ནི། །དེ་དག་ཕ་རོལ་འགྲོ་བའི་གྲོགས་ཡིན་ནོ། །ཞེས་དང་། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱི་གཉེར་ཏེ་རྒྱལ་པོ་འགྲོ་འགྱུར་ན། །འཁོར་དང་ལོངས་སྤྱོད་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དེ་ནི་གང་དང་གར་སྐྱེས་ཀྱང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་གསུངས། མདོར་ན་སྤྱོད་འཇུག་ལས། དེ་རིང་ཁོ་ནར་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །བདག་ནི་མེད་པར་འགྱུར་བའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང་། །བདག་ལ་མི་འཇིགས་སུ་ཡིས་བྱིན། །འདི་ལས་ཇི་ལྟར་ངེས་ཐར་འགྱུར། །གདོན་མི་ཟ་བར་མེད་འགྱུར་ན། །ཇི་ལྟར་བདག་ཡིད་


CMR054_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་འགྱུར། །ཞེས་དང་། གསོན་ཚེ་འདི་དང་དེ་བཞིན་དུ། །གཉེན་དང་མཛའ་བཤེས་རྣམས་སྤངས་ནས། །གཅིག་པུ་ག་ཤེད་འགྲོ་དགོས་ན། །མཛའ་དང་མི་མཛའ་ཀུན་འཆི་རྒྱུ། །ཞེས་དང་། མྱུར་བ་ཉིད་དུ་འཆི་འགྱུར་བས། །ཇི་སྲིད་དུ་ནི་ཚོགས་བསགས་བྱ། །དེ་ཚེ་ལེ་ལོ་སྤངས་ཀྱང་ནི། །དུས་མ་ཡིན་པས་ཅི་ཞིག་བྱ། །འདི་ནི་མ་བྱས་བརྩམས་པ་དང་། །འདི་བྱེད་བྱས་པར་གནས་པ་ལྟར། །གློ་བུར་འཆི་རྟག་འོང་ནས་ནི། །ཀྱེ་ཧུད་ཙམ་ཞེས་སེམས་པར་འགྱུར། །ཅེས་དང་། ཡིད་བརྟེན་མི་རུང་འཆི་བདག་འདི། །བྱས་དང་མ་བྱས་མི་སྡོད་པར། །ན་དང་མི་ན་ཀུན་གྱིས་ཀྱང་། །གློ་བུར་ཆེ་ལ་ཡིད་མི་བརྟན། །ཐམས་ཅད་བོར་ཏེ་ཆས་དགོས་པས། །བདག་གིས་དེ་ལྟར་མ་ཤེས་ནས། །མཛའ་དང་མི་མཛའི་དོན་གྱི་ཕྱིར། །སྡིག་པ་རྣམ་པ་སྣ་ཚོགས་བྱས། །མི་མཛའ་རྣམས་ཀྱང་མེད་འགྱུར་ཞིང་། །མཛའ་བ་རྣམས་ཀྱང་མེད་པར་འགྱུར། །བདག་ཀྱང་མེད་པར་འགྱུར་བ་སྟེ། །དེ་བཞིན་ཐམས་ཅད་མེད་པར་འགྱུར། །ཞེས་གསུངས་སོ། །ཨརྨ་ནཱ་གརྫུ་ནས། ། ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་


CMR054_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཅི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་ལ་བླང་བར་བྱ། །ཞེས་གསུངས་སོ། །གོ་བ་ཅན་རྣམས་ལ་ནི་དེ་ཙམ་གྱིས་ཆོག་མོད་ཀྱི། གོ་བ་ཆུང་ཞིང་དམིགས་པ་ཟིན་སླ་བའི་རིགས་ལ། །གནས་དུར་ཁྲོད་དང་གྲོག་སྦུར་མང་སར་བསྒོམ་ན་ལེགས། ལུས་གནད་མྱ་ངན་གྱི་འདུག་སྟངས་བྱས་ལ། ཡིད་ཀྱི་དམིགས་པ་འདི་ལྟར་དུ་བསྒོམ་པར་བྱའོ། །དེ་ཡང་བདག་གང་ནས་ཕྱིན་མེད་པར་ལུང་པ་གཅིག་ཏུ་སླེབ་སྟེ། ལུང་པ་དེ་ནི་ཁ་བྱང་དུ་གཏད་པ་ཁ་དོག་ནག་པ། མི་ཡི་རྒྱུ་འགྲུལ་དང་སྐད་མེད་པ། ཆུ་ཤ་ར་ར་འབབ་པ། རླུང་སྒྲ་འུ་རུ་རུ་སྒྲོག་པ། འཇག་མས་ཀྱུ་རུ་རུ་ཟེར་བ། ཉི་མ་ནི་རི་རྩེ་ལ་རྩེ་རེ་རེ་ནུབ་པ། བྲག་རི་སྔོ་སང་སང་ཡོད་པ། བྱ་རོག་གི་ཏང་ཏང་ཟེར་བ། ། དེ་འདྲ་བ་ཅིག་ཏུ་གང་ནས་འོང་ཆ་མེད་པར་སླེབས་ཏེ། གྲོགས་པོ་ཟླ་བོ་ནི་གཅིག་ཀྱང་མེད། སྔོན་ཆད་ནི་འགྲོ་མ་མྱོང་། གར་འགྲོ་བའི་གཏད་སོ་མེད་པར་ཐམ་ཐམ་འགྲོ་ཞིང་ཡོད་པ་ལ། ངག་ཏུ་འདི་སྐད་བརྗོད་དོ། །ཀྱེ་མ་ཀྱི་ཧུད་ཨ་ཙ་མ། །ཀྱེ་མ་ཀྱི་ཧུད་ཨ་ཙ་མ། །གྲོགས་མེད་གཅིག་པུར་ལུང་སྟོང་


CMR054_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱམས། །གར་འགྲོའི་གཏད་སོ་བདག་ལ་མེད། །ང་ཡི་ཡུལ་དེ་གར་ཡོད་དམ། །ང་ཡི་ཕ་མ་གར་ཡོད་དམ། །བུ་དང་ནོར་རྫ་ས་གར་ཡོད་དམ། །རང་ཡུལ་སླེབ་དུས་ནམ་འོང་ན། །ཀྱེ་མ་ཀྱི་ཧུད་ང་རེ་སྐྱོ། །དེ་སྐད་ལྷང་ལྷང་ཟེར་ཞིང་གར་འགྲོ་བའི་གཏོལ་མེད་བཞིན་དུ་ཐམ་ཐམ་ཕྱིན་པ་ལས། ནམ་ཞིག་ཙ་ན་བྲག་རི་ཅིག་ཏུ་ཐོལ་ཏེ་ལྟུང་བ་ལས། བདག་གིས་ལག་པས་གཡབ་པ་ལ། ནམ་ཞིག་ཙ་ན་བྲག་གི་དཀྱིལ་དེར་རྩྭ་ཕོན་ཅིག་འདུག་པ་དེ་ལ་ལག་པས་ཟིན་ཏེ། དེ་ལ་དམ་པོར་འཕྱང་ཞིང་འདར་ལྡི་ལི་ལི་ཡོད་པ་ལས། མར་ལ་བལྟས་པས་ནི་གཏིང་མེད་པ། ཡར་ལ་བལྟས་པས་ནི་གནམ་ལ་རེག་པ། བྲག་ནི་མེ་ལོང་གི་ངོས་ལྟར་ཕྲེད་ལ་རྒྱ་ཆེ་བ། རླུང་འུ་རུ་རུ་ཟེར་བ། དེ་འདྲ་བ་གཅིག་ཏུ་ལྷུང་བ་ལས། རྩྭ་ཕོན་དེའི་གཡས་བྲག་གི་སེར་ག་ཞིག་ནས། བྱི་བ་དཀར་པོ་ཞིག་བྱུང་ནས། རྩྭ་འཇག་མ་ཞིག་བཅད་དེ་ཁྱེར་ནས་སོང་། གཡོན་ཕྱོགས་ནས་བྲག་གི་སེར་ག་ཞིག་ནས། བྱི་བ་ནག་པོ་ཞིག་བྱུང་སྟེ། རྩྭ་འཇག་མ་གཅིག་བཅད་དེ་ཁྱེར་ནས་སོང་། དེ་གཉིས་རེས་མོས་བྱས་ཏེ་རྩ་ཕོན་ནི་ཇེ་ཆུང་ཇེ་ཆུང་ལ་སོང་། བྱི་བ་ལ་རྒོལ་ཐབས་ནི་མ་


CMR054_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད། ཤི་བས་ནི་འཇིགས་སྐྲག་ཅིང་བསྔངས་ཏེ་འདར་ནས་ཡོད་པ་ལ། རང་གི་བསམ་པ་ལ། ཨ་ཙ་མ་ད་ནི་བདག་ལ་འཆི་བ་སླེབས་ནས་གདའ་སྟེ། བྲོས་པའི་ས་ནི་མི་འདུག །སྔོན་ཆད་ཤི་བ་མ་དྲན་པས་ཆོས་ནི་མེད། འགྲོ་ཁུང་ནི་འཇིགས། དེའི་རིང་ལ་ཤི་བ་ཡང་ཕྱིས་ཡིད་ལ་མེད་པ་ལ། ད་ཤི་བ་ནི་གློ་བུར་དུ་སླེབ། དེ་ནི་བུ་ཚ་ནོར་རྫ་ས་ཉེ་བ་ཉེ་འབྲེལ་ཡུལ་མི་ཁྱིམ་མཚེས་དང་ཡང་དེ་རིང་ནས་བྲལ་ཏེ། དེང་ཕྱིན་ཆད་འཕྲད་ནི་མི་འོང་། ནོར་གསོག་པ་ནི་ཤུལ་དུ་ལུས། སྔོན་ཆད་འགྲོ་མ་མྱོང་བའི་ས་རྒྱུས་མེད་ཐག་རིང་ཞིག་ཏུ་དེ་རིང་ནས་འགྲོ་དགོས་པར་འདུག་པས། ཨ་ཙི་འཇིགས་པ་འདི་ནས་ཐར་བའི་ཐབས་ཅི་དྲག་གམ། གང་ཡོད་དམ། ཅི་ཚུགས་བྱེད་ན། ཨ་ཙ་མ་སྙམ་དུ་བསམ་ཞིང་ངག་ཏུ་མྱ་ངན་གྱི་སྐད་འདི་ལྟར་ལྷང་ལྷང་བརྗོད་དོ། །ཨ་ཙ་མ་ན་ང་རེ་འཇིགས། །ཨ་ཙ་མ་ན་འཆི་བ་འོང་། །ད་ལྟ་མྱུར་དུ་འཆི་བ་འོང་། །གྲོགས་མེད་ཀོལ་གཅིག་པུར་འགྲོ་དགོས་པས། །ཐག་རིང་ཞིག་ཏུ་འགྲོ་དགོས་པས། །ཆ་མེད་ཡུལ་དུ་འགྲོ་དགོས་པས། །ལ་བོ་ཆེ་ལ་བརྒལ་དགོས་པས། །འདི་ལ་ཇི་ལྟར་བྱས་ན་ཐར། །


CMR054_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཤིག་ཡོད་ན་བསྒྲུབ་པ་ལ། །ཨ་ཙ་མ་ན་ཤི་བ་འོང་། །ཨ་ཙ་མ་ན་ང་རེ་འཇིགས། །ཞེས་སྨེ་བསྔགས་འདོན་ཞིང་ཡོད་པའི་ཚེ། རང་གི་སྟེང་གི་ནམ་མཁའ་ལ། པདྨ་དང་ཟླ་བའི་སྟེང་ན་རང་གི་རྩ་བའི་བླ་མ་དང་ཨོ་རྒྱན་དབྱེར་མེད་པས། ཌ་མ་རུ་དང་དྲིལ་བུ་བསྣམས་ཏེ་རུས་པའི་རྒྱན་དྲུག་གསོལ་ནས། གར་ལིང་ལིང་བྱེད་ཅིང་བདག་ལ་འདི་སྐད་ཟེར་བར་སྒོམས་ཤིག །ཀྱེ་མ། འདུས་བྱས་འདི་ནི་མི་རྟག་མྱུར་དུ་འཇིག །ཕྱི་ཡི་དུས་བཞི་མི་རྟག་འགྱུར་ཞིང་འགྲོ། །རྒན་རིགས་དགྲ་གཉེན་ཤི་དང་རྒུད་པ་དང་། ཚོགཞོན་རིགས་དར་དང་ལོ་ཟླ་ཞག་གྲངས་འགྱུར། །ཚེ་འདི་རི་གཟར་ཆུ་འདྲར་མྱུར་འགྲོ་ཡང་། །བདག་ཉིད་ཤི་བར་མ་ཤེས་འགྲོ་བ་བླུན། །ད་ནི་མི་རྟག་ཤི་བ་སླེབ་ལ་ཁད། ཤི་བ་འདི་ལ་བཟློག་ཐབས་ཅི་ཡང་མེད། །ཟློག་ཐབས་འདུག་གམ་ད་ལྟ་འདི་ལ་ལྟོས། །ད་ནི་ལོང་མེད་བླ་མའི་མོས་གུས་མཛོད། །ཅེས་གསུངས་པས་སྒྲ་ཐོས་པ་ཙམ་གྱིས་བདག་གིས་བསམ་པ་ལ། ཀྱེ་མ་འདི་ལྟ་བུའི་ཤི་བ་ལ་ཐུག་གི་སྔོན་ནས་ཆོས་གཅིག་བྱ་རྒྱུ་ཡིན་པར་འདུག་པ་ལ། དེ་སྔ་ཆོས་མ་བྱས་པ་ང་རེ་འགྱོད། །ད་ནི་ཤི་རུང་གསོན་རུང་བླ་


CMR054_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

མ་དཀོན་མཆོག་མཁྱེན། བླ་མ་དཀོན་མཆོག་ལ་ཐུགས་རྗེ་ཡོད་ན། བདག་གཡང་ས་ཆེན་པོ་འདི་ནས་བསྒྲལ་ན་ཅི་མ་རུང་། ཕ་བླ་མ་དཀོན་མཆོག་མཁྱེན་སྙམ་པའི་ཞེ་ཐག་པ་ནས་མོས་གུས་དྲག་པོ་བྱས་པ་ཙམ་གྱིས། བླ་མའི་ཐུགས་ཀ་ནས་འོད་ཟེར་སྙིང་པོ་ཅན་གཅིག་བདག་ལ་ཟུག་པ་དང་། རྩྭ་ཕོན་ཟད་པ་དུས་མཚུངས་ཏེ། བདག་འོད་ཟེར་དེས་འཕང་སྟེ་བཏེགས་ནས། བདག་བདེ་བ་ཅན་གྱི་ཞིང་ཁམས་སུ་སླེབ་སྟེ་བྱུང་བ་དང་། ཡང་བདག་གི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ནས། ཁམས་གསུམ་སེམས་ཅན་གཅིག་ཀྱང་མ་ལུས་པར་བདེ་བ་ཅན་དུ་དྲངས་པར་བསམ་ཞིང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དྲག་ཏུ་བསྒོམ་པར་བྱའོ། །ཡང་བཤད་པའི་དོན་མི་གོ་བསྒོམ་པའི་དམིགས་པའང་མི་ཟིན་པའི་རིགས་ཀྱང་ཡོད་པས། འཆི་བ་མི་རྟག་པ་མིག་གི་ལྟ་རྒྱུ་ཡོད་པ་འདི་རྣམས་ལ་ལྟོས་དང་། གབ་བླ་དང་རྐང་དུང་དང་ཐོད་ཕྲེང་འདི་རྣམས་ཀྱང་མི་རྟག་པ་བསྒོམ་པའི་རྟེན་ཡིན། ངའི་མགོ་དང་རྐང་པ་རྣམས་ལ་ཡང་འདི་འདྲ་ཞིག་ནམ་འོང་སྙམ་པ་གྱིས། མི་ཤི་བ་མིག་གིས་མཐོང་བ་དང་རྣ་བས་ཐོས་པའི་ཚེ། རང་ལ་


CMR054_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེ་འདྲ་བ་ཞིག་ནམ་འོང་སྙམ་པ་གྱིས། མི་ཤི་ནས་རོ་དུར་ཁྲོད་དུ་བསྐྱལ། དེ་ཕྱིན་ཆད་ཁྱིམ་དུ་འོང་རྒྱུ་མེད་པ་མཐོང་བའི་ཚེ། ཨ་ཙ་མ་ང་ལ་ཡང་འདི་འདྲ་ཞིག་འོང་རྒྱུ་ཡིན་སྙམ་པ་གྱིས། རོ་བྱ་ཁྱིས་ཟོས་པ་དང་། འབུ་ཁོལ་བ་དང་། རུས་པ་རྣམས་ཕྱོགས་ཀུན་ཏུ་འཐོར་བ་མཐོང་བའི་ཚེ། ཨ་ཙ་མ་ངའི་ལུས་འདི་ལ་ཡང་འདི་འདྲ་ཞིག་ནམ་འོང་སྙམ་པ་གྱིས། རང་དང་ས་ཕྱོགས་གཅིག་པ་དང་། གྲོང་གཅིག་པ་དང་། ངོ་ཤེས་པ་དང་ཉེ་དུ་རྣམས་སོ་ནམ་དང་ལས་ཀ་མང་པོ་བྱེད་འཕྲོ་ལ་ཤི་སོང་དུས། རང་གིས་ཀྱང་བྱ་བ་མང་པོ་སྒྲུབ་བསམ་ཡང་ལོང་མེད་པར་ཤེས་པར་གྱིས། རང་དང་ན་མཉམ་པ་དང་། དེ་བས་གཞོན་པ་ཤི་བ་མཐོང་བའི་ཚེ། ན་སོ་གཞོན་ཀྱང་མི་འཆི་བའི་གདེང་མེད་པར་གོ་བར་གྱིས། དེ་རྣམས་ཀྱང་ངན་དཔྱད་ཀྱི་བླུན་གཏམ་མ་ཡིན་ཏེ། སྤྱོད་འཇུག་ལས། དུར་ཁྲོད་སོང་ནས་གཞན་དག་གི །རུས་པ་དག་དང་བདག་གི་ལུས། །འཇིག་པའི་ཆོས་ཅན་ཉིད་དུ་ནི། །ནམ་ཞིག་མགོ་སྙོམ་བྱེད་པར་འགྱུར། །ཅེས་གསུངས་སོ། །ཆེད་དུ་བརྗོད་པའི་ཚོམས་ལས། དུར་ཁྲོད་བོར་བའི་གཞན་གྱི་རོ། །བམ་དང་རྣམ་པར་འཐོར་


CMR054_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། །རུས་པ་ཐལ་བའི་མདོག་འདྲ་བར། །སོང་ནས་ཕྱོགས་བཅུར་དེངས་པ་བཞིན། །བདག་གི་ལུས་ཀྱང་དེ་བཞིན་ནོ། །ཞེས་གསུངས་སོ། །དེ་ལྟར་འཆི་བ་མི་རྟག་པ་བསྒོམ་པའི་ཕན་ཡོན་ནི། མདོ་ལས། བཅོམ་ལྡན་འདས་ཀྱི་ཞལ་ནས། མི་རྟག་པ་མང་དུ་བསྒོམ་ན་སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱས་པ་ཡིན་ནོ། །མི་རྟག་པ་མང་དུ་བསྒོམ་ན་སངས་རྒྱས་ཐམས་ཅད་ཀྱིས་དབུགས་དབྱུང་བ་ཡིན་ནོ། །མི་རྟག་པ་མང་དུ་བསྒོམ་ན་སངས་རྒྱས་ཐམས་ཅད་ཀྱིས་ལུང་བསྟན་པ་ཡིན་ནོ། །མི་པ་མང་དུ་བསྒོམ་ན་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ། །དཔེར་ན་རྗེས་རྣམས་ཀྱི་ནང་ནས་གླང་པོ་ཆེའི་རྗེས་མཆོག་ཡིན་ནོ། །དེ་བཞིན་དུ་ནང་པ་སངས་རྒྱས་པའི་སྒོམ་པའི་འདུ་ཤེས་རྣམས་ཀྱི་ནང་ནས་མི་རྟག་པ་སྒོམ་པའི་འདུ་ཤེས་ཁོ་ན་མཆོག་ཡིན་ནོ། །ཞེས་གསུངས་སོ། །མྱ་ངན་འདས་ཆེན་ལས། ཞིང་རྨོ་བ་རྣམས་ཀྱི་ནང་ནས་སྟོན་གྱི་ལོ་ཐོག་མཆོག །རྗེས་རྣམས་ཀྱི་ནང་ན་བ་ལང་གི་རྗེས་མཆོག་གོ །འདུ་ཤེས་རྣམས་ཀྱི་ནང་ནས་མི་རྟག་པ་དང་འཆི་བའི་འདུ་ཤེས་མཆོག་ཡིན་ཏེ། །འདི་དག་


CMR054_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ནི་ཁམས་གསུམ་གྱི་འདོད་པ་དང་། མ་རིག་པ་དང་ང་རྒྱལ་ཐམས་ཅད་སེལ་ལོ། །ཞེས་གསུངས་སོ། །ཨེ་མ་ཧོ། སྲིད་པ་ཆགས་ནས་ད་ལྟའི་བར། །ཚེ་ཐར་ལུས་པ་གཅིག་མི་འདུག །འཆི་བ་ཀུན་གྱིས་ཤེས་ལགས་ཀྱང་། །ད་རུང་མི་དོགས་བསམ་པ་འདི། །བདུད་ཀྱི་གླུ་གབ་ངན་པར་གདའ། །རང་དང་ན་མཉམ་ཤི་བ་དང་། །རང་བས་གཞོན་པའང་ཤི་མཐོང་ན། །རང་ལ་མི་འཆིའི་གདེང་ཅི་ཡོད། །བྱིས་པ་མང་པོ་ཤི་མཐོང་ན། །ན་སོ་གཞོན་པས་ཅི་ལ་ཕན། །ལོངས་སྤྱོད་མངའ་ཐང་ལྡན་པ་ཡི། །མི་ཆེན་རྒྱལ་པོའང་འདས་མཐོང་ན། །རིམ་གྲོ་སྨན་དཔྱད་ཅི་གཟབ་ཀྱང་། །དུས་ཀྱི་འཆི་བ་ག་ལ་ཟློག །ནུབ་རི་རྩེ་ཡི་ཉི་མ་བཞིན། །སུས་ཀྱང་བཤོལ་ཐབས་མེད་པ་ཡི། །གཏུག་གིས་ཐུག་པའི་དུས་གཅིག་འབྱུང་། །དེ་ཡང་ནམ་འོང་ཏིག་ཏིག་མེད། །མི་འཆི་ཐབས་གཅིག་མི་འདུག་སྟེ། །སྲོག་ཆད་ཚོར་བ་འཚེར་ན་ཡང་། །གར་འགྲོ་རང་དབང་ཆེ་བ་ཞིག །རང་ལུས་རང་དབང་ཆེ་ཕྱིར་མཛོད། །ཐ་ནའང་འཆི་ཁ་མི་འགྱོད་ཙམ། །རང་གིས་རང་ལ་སྙིང་རྗེ་ལྟོས། །འཆི་བ་མི་རྟག་པ་བསྒོམ་པའི་ཆོས་ཐུན་གྱི་ལེའུའོ།། །།

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཞི་པ་ལས་རྒྱུ་འབྲས་བསྒོམ་པའི་ཁྲིད།


CMR054_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

༼ང༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཞི་པ་ལས་རྒྱུ་འབྲས་བསྒོམ་པའི་ཁྲིད་བཞུགས་སོ།།


CMR054_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་གདམས་ངག་ཟབ་མོ། སྡུག་བསྔལ་སྤང་ཞིང་བདེ་བ་ཐོབ་པའི་ཐབས། ལས་རྒྱུ་འབྲས་ཤེས་པར་བྱ་སྟེ། ལས་བརྒྱ་པ་ལས། ལས་རྣམས་ཀྱང་ནི་སྣ་ཚོགས་ལས། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། ། ཞེས་གསུངས་སོ། །སྙིང་རྗེ་པདྨ་དཀར་པོའི་མདོ་ལས་ཀྱང་། འཇིག་རྟེན་ལས་ཀྱིས་བྱས་པ་ལས་ཀྱིས་སྤྲུལ་པའོ། །འཇིག་རྟེན་རྣམས་ནི་ལས་ཀྱིས་བྱས་པ། ལས་ཀྱི་རྒྱུ་ལས་བྱུང་བ། ལས་ཀྱིས་རབ་ཏུ་ཕྱེ་བའོ། །ཞེས་གསུངས་སོ། །ཆོས་མངོན་པ་མཛོད་ལས་ཀྱང་། འཇིག་རྟེན་


CMR054_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ལས་ལས་སྐྱེས། ཞེས་གསུངས་སོ། །ལས་དེ་ཡང་ཅི་ཞིག་ཡིན་ཞེ་ན། སེམས་པའི་ལས་དང་། བསམ་པའི་ལས་གཉིས་ཡིན་ནོ། །དེ་ལྟར་ཡང་ཆོས་མངོན་པ་ཀུན་ལས་བཏུས་པ་ལས། ལས་གང་ཞེ་ན། སེམས་པའི་ལས་དང་བསམ་པའི་ལས་ཏེ། ། ཞེས་གསུངས་སོ། །ཆོས་མངོན་པ་མཛོད་ལས་ཀྱང་། ལས་ནི་སེམས་དང་བསམ་པ་བྱ། །ཞེས་གསུངས་སོ། །མདོ་ལས་ཀྱང་། དྲང་སྲོང་མཆོག་གིས་ལས་རྣམས་ནི། །སེམས་པ་དང་ནི་བསམ་པར་གསུངས། །ཞེས་གསུངས་སོ། །དེ་གཉིས་རང་ཅི་ལྟ་བུ་ཞེ་ན། སེམས་པའི་ལས་


CMR054_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཡིད་ཀྱི་ཡིན་ནོ། །སེམས་པས་བསྐྱེད་པ་གང་ཡིན་པ་དེ་ནི་བསམ་པའི་ལས་ཡིན་ཏེ། ལུས་ངག་གི་ལས་སུ་རིག་པར་བྱའོ། །དེ་ལྟར་ཡང་ཆོས་མངོན་པ་མཛོད་ལས། སེམས་པ་ཡིད་ཀྱི་ལས་ཡིན་ནོ། །དེས་བསྐྱེད་ལུས་དང་ངག་གི་ལས། །ཞེས་གསུངས་སོ། །སྤྱན་རས་གཟིགས་ཀྱི་རྡོ་རྗེའི་ཚིག་རྐང་ལས། མི་དགེའི་འབྲས་བུ་སྡུག་བསྔལ་ཏེ། །དགེ་བའི་ལས་ཀྱིས་བདེ་བ་ཐོབ། །འདྲེས་ལས་བདེ་སྡུག་འདྲེས་འབྱུང་བས། །དགེ་སྡིག་ཆུང་ནས་བླང་དོར་བྱ། །ཞེས་གསུངས་སོ། །དེ་ལྟར་དགེ་སྡིག་གི་ལས་དེས་ནམ་ཡང་མི་བསླུ་སྟེ། དྲན་པ་ཉེར་བཞག་ལས། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །ལས་ཀྱི་རྣམ་སྨིན་བསླུ་མི་སྲིད། །ཅེས་དང་། དཀོན་བརྩེགས་ལས། ཅི་འདྲ་བ་ཡི་ལས་བྱས་པ། །རྣམ་པར་སྨིན་པའང་དེ་འདྲར་འགྱུར། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །དེ་ནི་ཅུང་ཟད་འགྱུར་བ་མེད། །ཅེས་གསུངས་སོ། །འཇམ་དཔལ་རྩ་རྒྱུད་ལས། ལས་རྣམས་སྣ་ཚོགས་བདག་ཉིད་ཆེ། །རྟག་ཏུ་དཀར་ལ་དཀར་བ་འབྱུང་། །ནག་ལ་ནག་པའི་ལས་རྣམས་


CMR054_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ཉིད་དུ་སོ་སོར་སྨིན། །འདྲེས་ལ་འདྲེས་པའི་ལས་རྣམས་ནི། །འདྲེས་པ་ཉིད་དུ་སོ་སོར་སྨིན། །ཞེས་གསུངས་སོ། །འཕགས་པ་དེས་པས་ཞུས་པའི་མདོ་ལས། ས་བོན་ཚ་བ་རྣམས་ལ་ནི། །འབྲས་བུ་ཚ་བ་སྐྱེ་བར་འགྱུར། །ས་བོན་མངར་བ་རྣམས་ལ་ནི། །འབྲས་བུ་མངར་བ་སྐྱེ་བར་འགྱུར། །དཔེ་ཟླར་བྱས་པ་དེ་ཡིས་ནི། །སྡིག་པའི་རྣམ་སྨིན་ཚ་བ་དང་། །དགེ་བའི་འབྲས་བུ་མངར་བ་ཡང་། །མཁས་པ་རྣམས་ཀྱིས་ཤེས་བྱས་ལ། །རྟག་ཏུ་ལུས་དང་ངག་ཡིད་ཀྱིས། །སྡིག་པ་རྣམ་གསུམ་མི་བྱ་ཞིང་། །གཞན་དག་བྱེད་ཀྱང་མཁས་པ་ཡིས། །རྗེས་སུ་དགའ་བར་མི་བྱའོ། །ལུས་དང་ངག་དང་ཡིད་རྣམས་ཀྱིས། །དཀར་པོ་རྣམ་གསུམ་རྟག་ཏུ་བྱ། །གང་དག་དགེ་ལ་སྤྱོད་བྱེད་པ། །གཞན་དག་ལ་ཡང་ཡི་རང་བྱ། །ཞེས་གསུངས་སོ། །ལས་རྒྱུ་འབྲས་ཞིབ་ཆ་དེ་ཙམ་མི་བདེན་སྙམ་ན་མི་དེའི་སྙིང་ལ་བདུད་ཞུགས་ཤིང་མུ་སྟེགས་ཆད་ལྟའི་རིགས། ཤི་མ་ཐག་ཏུ་མནར་མེད་དུ་འགྲོ་བའི་རྟགས་ཡིན་ཏེ། འཁོར་ལོ་བཅུ་པའི་མདོ་ལས། ལས་ཀྱི་རྒྱུ་འབྲས་མེད་པར་གང་འདོད་པ། །དེ་ནི་མུ་སྟེགས་ཆད་པར་


CMR054_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བ་ཡིན། །ཤི་མ་ཐག་ཏུ་མནར་མེད་དམྱལ་བར་སྐྱེ། །དེས་ནི་རང་ཕུང་གཞན་ཡང་རླག་པར་བྱེད། །ཅེས་དང་། པདྨ་བརྩེགས་པའི་མདོ་ལས། ལ་ལས་རྣམ་སྨིན་དགེ་སྡིག་མེད་ཅེས་ཟེར། །དེ་ཡི་དམ་ཆོས་ཕྱིན་ཅི་ལོག་ཏུ་སྤྱོད། །ལ་ལས་བདག་མེད་བསྒོམ་པའི་དུས་མིན་ཟེར། །དེ་ཡི་དམ་ཆོས་ཕྱིན་ཅི་ལོག་ཏུ་སྤྱོད། །ཅེས་གསུངས་སོ། །འོ་ན་སེམས་སྟོང་པ་ནམ་མཁའ་ལྟ་བུ་འདི་ལ་དགེ་སྡིག་གི་ཕན་གནོད་མེད་དམ་སྙམ་ན། ཏིང་འཛིན་རྒྱལ་པོའི་མདོ་ལས། ནམ་མཁའ་ལྟ་བུའི་ཆོས་རྣམས་ལ། །ནམ་མཁའ་ལྟ་བུའི་སེམས་ཀྱིས་ནི། །ནམ་མཁའ་ལྟ་བུའི་སྡིག་བྱས་ན། །ནམ་མཁའ་ལྟ་བུར་དམྱལ་བར་འགྲོ། །ནམ་མཁའ་ལྟ་བུའི་ཆོས་རྣམས་ལ། །ནམ་མཁའ་ལྟ་བུའི་སེམས་ཀྱིས་ནི། །ནམ་མཁའ་ལྟ་བུའི་ཆོས་བྱས་ན། །ནམ་མཁའ་ལྟ་བུར་སངས་ཡང་རྒྱ། །ཞེས་གསུངས་སོ། །འོ་ན་ངེས་པའི་དོན་ལ་ལས་རྒྱུ་འབྲས་མེད་པར་གསུངས་པ་དེ་ཅི་ཞེ་ན། ། བྱམས་པ་ཆེན་པོའི་མདོ་ལས། རྣམ་རྟོག་མ་ཟད་བར་དུ་ལས་ཡོད་པས། །ལས་ཀྱི་རྣམ་པར་སྨིན་ལ་ཡིད་ཆེས་བྱ། །སྡིག་ནི་ཆུང་ངུའང་མི་བརྙས་སྤངས་ཤིང་བཤགས། །ཆུ་


CMR054_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཐིགས་བསགས་པས་རྒྱ་མཚོ་ཆེན་པོ་བཞིན། །དགེ་བ་ཆུང་ཡང་མི་བརྙས་དང་དུ་བླངས། །རྡུལ་ཕྲན་བསགས་པ་རི་རབ་གླིང་ཁམས་བཞིན། །སྟོང་པ་ཉིད་ཀྱི་ཕབ་རྩིས་ཟིན་གྱུར་ན། །དུག་ལ་སྔགས་ཀྱིས་བཏབ་པ་ཇི་བཞིན་ནོ། །ཞེས་གསུངས་སོ། རང་གིས་བྱས་པའི་ལས་གཞན་ལ་མི་སྨིན། གཞན་གྱིས་བྱས་པའི་ལས་རང་ལ་མི་སྨིན། རང་གིས་བྱས་པའི་ལས་རང་ལ་སྨིན་པ་ཡིན་ཏེ། ཁྱད་པར་འཕགས་བསྟོད་ལས། བྲམ་ཟེ་རྣམས་ཀྱི་དགེ་སྡིག་དག །བྱིན་པ་ལེན་བཞིན་འཕྲོ་བར་སྨྲ། །ཁྱོད་ཀྱིས་བྱས་ཆུད་མི་ཟ་དང་། །མ་བྱས་པ་དང་འཕྲད་མེད་གསུངས། །ཏིང་འཛིན་རྒྱལ་པོར། དེ་ཡང་བྱས་ན་རེག་པར་མི་འགྱུར་མིན། །གཞན་གྱི་བྱས་པ་ཚོར་བར་འགྱུར་བའང་མེད། །ཅེས་གསུངས་སོ། །རང་གིས་བྱས་པའི་ལས་ཆུད་མི་ཟ་སྟེ། དཔལ་སྦས་ཀྱིས་ཞུས་པའི་མདོ་ལས། དགེ་དང་མི་དགེ་སྔོན་བྱས་ཆུད་མི་ཟ། །མཁས་པ་རྣམས་ལ་བརྟེན་པ་ཆུད་མི་ཟ། །འཕགས་པའི་ཚོགས་ཀྱི་ལེགས་བཤད་ཆུད་མི་ཟ། །བྱས་ལ་བྱས་བཟོ་ནམ་ཡང་ཆུད་མི་ཟ། །ཞེས་དང་། ལས་བརྒྱ་པ་ལས། ལས་ནི་ས་ལ་མི་སྨིན་རྡོ་


CMR054_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་སྨིན་ཏེ། །ཟིན་པའི་ཕུང་པོ་འབའ་ཞིག་ལ་སྨིན་ནོ། །ཞེས་གསུངས་སོ། །རང་གིས་བྱས་པའི་ལས་ལ་བྲོས་ཀྱང་ཐར་བ་མེད་དེ། །མྱ་ངན་འདས་མདོ་ལས། ནམ་མཁའི་ཁམས་དང་རྒྱ་མཚོ་དང་། །རི་དང་བྲག་ཏུ་སོང་བ་དང་། །ས་ཕྱོགས་གང་དང་གར་སོང་ཡང་། །བྱས་པའི་ལས་ལ་ཐར་མི་འགྱུར། །ཞེས་གསུངས་སོ། །ཆེད་དུ་བརྗོད་པའི་ཚོམ་ལས། གང་དུ་གནས་ཀྱང་ལས་ཀྱིས་མི་ཚུགས་པའི། །ས་ཕྱོགས་དེ་ནི་གང་དུའང་ཡོད་མིན་ཏེ། །བར་སྣང་ན་མེད་རྒྱ་མཚོའི་གཏིང་ནའང་མེད། །རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ཀྱང་མིན། །ཞེས་གསུངས་སོ། །དགེ་སྡིག་གང་བྱས་རང་གི་རྗེས་སུ་འབྲང་སྟེ། དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། ཕ་མ་སྤུན་དང་བུ་དང་ཆུང་མ་དང་། །བྲན་དང་ནོར་རྫས་རྩ་ལག་ཚོགས་རྣམས་ཀྱང་། །འཆི་བའི་རྗེས་ཕྱིར་དེ་དག་འགྲོ་བ་མེད། །ལས་རྣམས་རྗེས་སུ་འབྲང་ཞིང་དེ་དག་འགྲོ། །ཞེས་དང་། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱི་སྙིགས་ཏེ་ཁོ་བོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དེ་ནི་གང་དང་གར་སྐྱེས་ཀྱང་། །ལས་


CMR054_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་གསུངས་སོ། །ཚོམས་ལས། མཁའ་ལ་བྱ་དག་གནས་པ་དེའི། །གྲིབ་མ་ལྷན་ཅིག་འགྲོ་བ་བཞིན། ། ལེགས་པར་བྱས་དང་ཉེས་པར་བྱས། །དེ་དག་འགྲོ་བའི་རྗེས་སུ་འབྲང་། །ཇི་ལྟར་ལམ་བརྒྱག་ཉུང་བ་དག །ལམ་ཞུགས་སྡུག་བསྔལ་འགྲོ་བ་ལྟར། །དེ་བཞིན་ལས་བཟང་མ་བྱས་པ། །སེམས་ཅན་དག་ནི་ངན་འགྲོར་འགྲོ། །ཇི་ལྟར་ལམ་བརྒྱག་མང་བདོག་པ། །ལམ་ཞུགས་བདེ་བར་འགྲོ་བ་ལྟར། །དེ་བཞིན་ལས་བཟང་བྱས་པ་ཡི། །སེམས་ཅན་དག་ནི་བདེ་འགྲོར་འགྲོ། །ཞེས་དང་། གཞན་གྱི་དོན་དུ་སྡིག་པ་བྱས་ཀྱང་། གཞན་གྱིས་ཁུར་རོགས་མི་བྱེད་རང་གིས་མྱོང་དགོས་ཏེ། བཤེས་སྤྲིངས་ལས། ཁྱོད་ཀྱིས་བྲམ་ཟེ་དགེ་སློང་ལྷ་དང་ནི། །མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང་། །འཁོར་གྱི་སླད་དུ་སྡིག་པ་མི་བྱ་སྟེ། །དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས། །ཞེས་གསུངས་སོ། །དགེ་སྡིག་གི་ལས་ཆུང་ངུ་ལ་ཡང་བརྙས་པར་མི་བྱ་སྟེ། ཚོམས་ལས། སྡིག་པ་ཤིན་ཏུ་ཆུང་ངུ་ལའང་། །མི་གནོད་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་


CMR054_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པས་ཀྱང་། །སྣོད་ཆེན་ཁད་ཀྱིས་འགེངས་པར་འགྱུར། །ཅེས་དང་། སྡིག་པ་ཆུང་བྱས་བདག་ཉིད་ཀྱི། །ཕྱི་བཞིན་མི་འོང་མ་སེམས་ཤིག །ཆུ་ཡི་ཐིགས་པ་ལྟུང་བ་ཡིས། །སྣོད་ཆེན་འགེངས་པ་དེ་བཞིན་དུ། །ཅུང་ཟད་བསགས་པའི་སྡིག་པས་ཀྱང་། །བྱིས་པ་རབ་ཏུ་འགེངས་པར་འགྱུར། །དགེ་བ་ཆུང་བྱས་བདག་ཉིད་ཀྱི། །ཕྱི་བཞིན་མི་འོང་མ་སེམས་ཤིག །ཆུ་ཡི་ཐིགས་པ་སོང་བ་ཡིས། །བུམ་ཆེན་གང་བ་ཇི་བཞིན་དུ། །ཅུང་ཟད་བསགས་པའི་དགེ་བ་ཡིས། །བརྟན་པ་རབ་ཏུ་འགེངས་པར་འགྱུར། །ཞེས་དང་། སྡིག་པ་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་འཇིགས་ཆེན་དང་། །ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་པར་སོང་བའི་དུག་བཞིན་ནོ། །བསོད་ནམས་ཆུང་ངུ་བྱས་གྱུར་ཀྱང་། །འཇིག་རྟེན་ཕ་རོལ་བདེ་ཆེན་འདྲེན། །དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ། །འབྲུ་རྣམས་ཕུན་ཚོགས་སྨིན་པ་བཞིན། །ཞེས་གསུངས་སོ། །རྒྱུ་དུག་གསུམ་གྱི་བསྐྱེད་པ་ནི་མི་དགེ་བ་སྟེ། རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་སྟེ། །དེས་བསྐྱེད་ལས་ནི་མི་དགེ་བ། །མི་དགེ་བ་ལས་སྡུག་བསྔལ་ཏེ། །དེ་


CMR054_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་གསུངས་སོ། །དེ་མི་བདེན་པར་འདུག །སྡིག་ཆེན་རྣམས་ཚེ་འདིར་སྐྱིད་པ་མཐོང་སྙམ་ན། ཆེད་དུ་བརྗོད་པའི་ཚོམས་ལས། སྡིག་དེས་འཕྲལ་དུ་ངེས་པར་ནི། །མཚོན་བཞིན་གཅོད་པར་མི་བྱེད་ཅིང་། །སྡིག་པའི་ལས་ཀྱི་འབྲས་བུ་དག །ཕ་རོལ་ཏུ་ནི་མངོན་པར་འགྱུར། །ཞེས་དང་། ། བཤེས་སྤྲིང་ལས། སྡིག་པའི་ལས་རྣམས་སྤྱད་པས་འཕྲལ་དུ་ནི། །དེའི་མོད་ལ་མཚོན་བཞིན་མི་གཅོད་དེ། །འཆི་བའི་དུས་ལ་བབ་ན་སྡིག་པ་ཡི། །ལས་ཀྱི་འབྲས་བུ་གང་ལགས་མངོན་དུ་འགྱུར། །ཞེས་དང་། བཞི་བརྒྱ་པར། ཕལ་མོ་ཆེ་ཡི་མི་རྣམས་ཀྱིས། །དམ་པ་མ་ཡིན་ཕྱོགས་ཀྱང་འཛིན། །དེས་ན་སོ་སོའི་སྐྱེ་བོ་རྣམས། །ཕལ་ཆེར་ངེས་པར་ངན་འགྲོར་འགྲོ། །ཞེས་དང་། སྤྱོད་འཇུག་ལས། མི་དགེ་བ་ལས་སྡུག་བསྔལ་འབྱུང་། །དེ་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་ཀུན་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །ཞེས་དང་། སྡུག་བསྔལ་ཡིད་མི་བདེ་བ་དང་། །འཇིགས་པ་རྣམ་པ་སྣ་ཚོགས་དང་། །འདོད་པ་རྣམས་དང་བྲལ་བ་ནི། །སྡིག་པ་


CMR054_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ལས་འབྱུང་བར་འགྱུར། །སྡིག་པ་བྱས་པ་བདེ་འདོད་ཀྱང་། །གང་དང་གང་དུ་འགྲོ་འགྱུར་པ། །དེ་དང་དེར་ནི་སྡིག་པ་དེས། །སྡུག་བསྔལ་མཚོན་གྱིས་རྣམ་པར་འཇོམས། །ཞེས་གསུངས་སོ། །འོ་ན་མི་དགེ་བ་གང་བྱས་པས་གང་དུ་སྐྱེ་ཞེ་ན། མདོ་སྡེ་འཇིག་རྟེན་བཞག་པ་ལས། ། ལུས་ཀྱིས་ཉེས་པ་སྤྱད་བྱས་ཤིང་། །ངག་གིས་ཉེས་པ་སྤྱོད་རྣམས་དང་། །ཡིད་ཀྱིས་ཉེས་པ་སྤྱད་བྱས་ན། །སེམས་ཅན་དམྱལ་བ་རྣམས་སུ་སྐྱེ། །ཕན་ཚུན་འཁོན་ཅིང་ཞེ་གཅོད་པ། །མི་རྣམས་མི་ལ་རྩོད་པ་དག །ལོ་ནི་བྱེ་བ་ཕྲག་སྟོང་དུ། །ཡང་སོས་དུ་ནི་སྐྱེ་བར་འགྱུར། །བྱ་མིན་བྱེད་དུ་བཅུག་པ་དང་། །མི་རྣམས་མཛའ་བ་འབྱེད་པ་དག །སྨྲ་བ་རྫུན་དུ་སྨྲ་བྱེད་པ། །ཐིག་ནག་ཏུ་ནི་སྐྱེ་བར་འགྱུར། །བ་ལང་ར་ལུག་མ་ཧེ་དང་། །རི་དྭགས་ཕག་དང་བྱ་གག་དང་། །དེ་བཞིན་གཞན་གྱི་སྲོག་གཅོད་པ། །བསྡུས་འཇོམ་དུ་ནི་སྐྱེ་བར་འགྱུར། །སྲོག་གཅོད་པ་ཡི་སེམས་ཅན་རྣམས། །རྔམ་ཞིང་ཁྲག་ནི་འཐུང་བ་དང་། །ངན་པའི་ལས་ནི་ཀུན་སྤྱོད་པ། །ངུ་འབོད་ཆུང་ངུར་འགྲོ་བར་འགྱུར། །ལྟ་བའི་ཐིབ་པོས་ཁེབས་པ་དང་། །སྲིད་པའི་འཆིང་


CMR054_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བས་བཅིངས་པ་དང་། །དམ་པའི་ལས་ཀྱི་ཀུན་སྤྱོད་པ། །ངུ་འབོད་ཆེན་པོར་སྐྱེ་བར་འགྱུར། །དགེ་སློང་བྲམ་ཟེ་དགེ་བ་དང་། །དེ་བཞིན་གང་ཞིག་ཕ་མ་དང་། །གང་ཞིག་བླ་མ་གཞན་བསད་པ། །དེ་ནི་རབ་ཏུ་ཚ་བར་བསྲེག །གང་ཞིག་ཆོས་ལ་ཆོས་མིན་དང་། །ཆོས་མ་ཡིན་ལ་ཆོས་སུ་སྨྲ། །སྐྱེ་བོ་དམ་པ་དག་ལ་སྨྲ། །མེད་པར་ལྟ་བས་མནར་མེད་ལྟུང་། །ཡང་དེ་ཉིད་ལས། ཆགས་དང་གཏི་མུག་འཇིགས་རུང་ཁྲོས། །མི་དང་མི་ནི་གསོད་པ་དག །གཞན་ཡང་སྐྱེ་གནས་གསོད་བྱེད་པ། །དེ་དག་ངེས་པར་ཡང་སོས་འགྲོ། །ལྷ་དང་དྲང་སྲོང་བྲམ་ཟེ་ཡི། །རྫས་འཕྲོག་དཀའ་ཐུབ་ཅན་གསོད་བྱེད། །བ་ལང་མ་ཧེ་ར་ལུག་དང་། །རི་དྭགས་ཕག་དང་བྱ་རྒོད་དང་། ། དེ་བཞིན་གཞན་གྱི་སྲོག་གཅོད་པ། །བསྡུས་འཇོམ་དུ་ནི་སྐྱེ་བར་འགྱུར། །གང་དག་ཕ་མ་སངས་རྒྱས་དང་། །ཉན་ཐོས་རྣམས་ལ་སྡང་བ་དང་། །བྱ་མིན་བྱེད་དུ་བཅུག་པ་དང་། །མི་རྣམས་མཛའ་བ་འབྱེད་པ་དང་། །ཕྲ་མ་སྨྲ་དང་རྒྱུ་བྱེད་པ། །ཐིག་ནག་ཏུ་ནི་སྐྱེ་བར་འགྱུར། །ཞེས་དང་། དཀའ་ཐུབ་སྡོམ་པ་འཇིག་བྱེད་ཅིང་། །སེམས་ཅན་


CMR054_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

གསོད་དང་རྫས་དག་ལ། །ལྷད་འཇུག་སྡོམ་ལྡན་ཆང་སྦྱིན་བྱེད། །ངུ་འབོད་དག་ཏུ་སྐྱེ་བར་འགྱུར། །ལྷ་དང་དྲང་སྲོང་བྲམ་ཟེ་ཡི། །རྫས་འཕྲོག་དཀའ་ཐུབ་ཅན་གསོད་བྱེད། །རྫུན་སྨྲ་སྐུར་འདེབས་རྒྱུ་བྱེད་པ། །དེ་ནི་ངུ་འབོད་ཆེན་པོར་འགྲོ། །གཙུག་ལག་ཁང་ངམ་དགེ་འདུན་གྱི། །དབེན་གནས་སྲེག་དང་ནགས་མེ་གཏོང་། །མི་གང་ཚ་བ་ཞེས་བྱ་བའི། །དམྱལ་བ་དེར་ནི་སྐྱེ་བར་འགྱུར། །དམ་པའི་ཆོས་ལ་སྐུར་འདེབས་ཤིང་། །རབ་ཏུ་བྱུང་བ་གསོད་པ་དང་། །མེད་པར་ལྟ་བ་གང་ཡིན་པ། །དེ་ནི་རབ་ཏུ་ཚ་བར་སྲེག །གང་ཞིག་ཆོས་ལ་ཆོས་མིན་དང་། །ཆོས་མ་ཡིན་ལ་ཆོས་སུ་སྨྲ། །སྐྱེ་བོ་དམ་པ་དག་ལ་སྨད། །མེད་པར་ལྟ་བས་མནར་མེད་ལྟུང་། །གང་ཞིག་བརྟུལ་ཞུགས་བཟང་མནོས་ནས། །ལེགས་པར་སྲུང་བར་མི་བྱེད་པ། །དེ་ནི་ངེས་པར་ཤ་དང་རུས། །འཇིག་པའི་མེ་མ་མུར་དུ་སྲེག །གང་དུ་འཚོ་བ་ལོག་པ་ནི། །ཅུང་ཟད་ཀྱིས་ཀྱང་འཚོ་བྱེད་པ། །དེ་ནི་རོ་མྱག་འདམ་རྫབ་ཏུ། །ནུབ་འགྱུར་སྲིན་བུ་རྣམས་ཀྱིས་ཟ། །གང་དག་ཆོས་ཀྱི་རིགས་འཇིག་ཅིང་། །ཡང་དག་མ་ཡིན་ལམ་སྨྲ་བའི། །མི་དེ་དག་ནི་སྤུ་གྲིའི་


CMR054_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །གཏམ་པའི་ལམ་དུ་འགྲོ་བར་འགྱུར། །བག་ཕབ་པ་ལ་གནོད་བྱེད་པ། །ནགས་ཚལ་རལ་གྲིའི་འདབ་ཅན་དུ། །གཏུབ་བྱེད་ངུ་ཞིང་བྱ་རྒོད་དང་། །བྱ་རོག་འུག་པས་ཟ་བར་འགྱུར། །འདོད་ཆགས་སྲེད་པས་ཤལ་མ་རི། །ལྕགས་ཀྱི་ཚེར་མ་རྩེ་མོ་འབར། །སོར་ནི་བཅུ་དྲུག་ཡོད་པ་ལ། །ཡར་ལ་འཛེག་ཅིང་མར་ལ་དྲུད། །ཆུ་སྐྱེས་ཉ་ལ་སོགས་བསད་ན། །ཆུ་བོ་རབ་མེད་འབར་བ་ཡི། །འཇིགས་སུ་རུང་བའི་གནས་འགྲོ་ཞིང་། །མི་དེ་དེར་ནི་མནར་བར་འགྱུར། །བླ་མ་དགེ་འདུན་སྐུ་གསུང་ཐུགས་རྟེན་གྱི། །ན་བཟའ་བཤུས་དང་ཤིག་ནི་ལྷག་བོར་སོགས། །སེམས་ཅན་གྲང་བས་ཉེན་ནས་གང་བསད་པའི། །མི་དེ་ངེས་པར་གྲང་དམྱལ་བརྒྱད་དུ་སྐྱེ། །ཞེས་དང་། །རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས། བསྐལ་པ་དག་ནི་དུ་མར་ཡང་། །ལུས་ནི་དཔག་ཚད་ལྔ་བརྒྱར་འགྱུར། །དེ་ལ་མགོ་ཡང་ལྔ་བརྒྱ་སྟེ། །མགོ་རྣམས་རེ་རེ་དག་ལ་ཡང་། །ལྔ་བརྒྱའི་ལྕེ་ལས་མི་ཉུང་འགྱུར། །ལྕེ་གཅིག་ཉིད་ལ་ཐོང་གཤོལ་ནི། །ལྔ་བརྒྱ་ཚང་སྟེ་མི་ཉུང་བར། །རབ་ཏུ་འབར་བས་རྨོ་བར་བྱེད། །སྐུར་འདེབས་སྡིག་པའི་


CMR054_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱིས་སོ། །ཞེས་གསུངས་སོ། །དགེ་བའི་ལས་ནི། རིན་ཆེན་ཕྲེང་བ་ལས། མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་ཡིན། །དགེ་ལ་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་ཏུ་བདེ་བ་དག །ཅེས་གསུངས་སོ། །འཕགས་པ་རྒྱལ་བའི་བློ་གྲོས་ཀྱིས་ཞུས་པའི་མདོ་ལས། རིགས་ཀྱི་བུ་དག་བསོད་ནམས་འདོད་པས་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ། །ཤེས་རབ་འདོད་པས་ཆོས་ཉན་པ་ལ་བརྩོན་པར་བྱའོ། །ལོངས་སྤྱོད་འདོད་པས་གཏོང་བ་སྤེལ་བར་བྱའོ། །གཟུགས་བཟང་བར་འདོད་པས་བཟོད་པ་བསྒོམ་པར་བྱའོ། །སྤོབས་པ་འདོད་པས་བླ་མ་ལ་གུས་པར་བྱའོ། །གཟུངས་འདོད་པས་མངོན་པའི་ང་རྒྱལ་མེད་པར་བྱའོ། །བདེ་བ་འདོད་པས་སྡིག་པ་ཐམས་ཅད་ཡོངས་སུ་སྤང་བར་བྱའོ། །སེམས་ཅན་ལ་བདེ་བ་བྱ་བར་འདོད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །སྐད་སྙན་པར་འདོད་པས་བདེན་པར་སྨྲ་བར་བྱའོ། །ཡོན་ཏན་འདོད་པས་དགེ་བའི་བཤེས་གཉེན་དག་ལ་བསྟེན་པར་བྱའོ། །ཞི་གནས་འདོད་པས་འདུ་འཛི་མེད་པར་མང་དུ་བསྒོམ་པར་བྱའོ། །ལྷག་མཐོང་འདོད་པས་ཆོས་ལ་སོ་སོར་རྟོག་པ་


CMR054_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་བྱའོ། །ཚངས་པའི་འཇིག་རྟེན་འདོད་པས་བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་བསྒོམ་པར་བྱའོ། །ལྷ་མིའི་ཕུན་སུམ་ཚོགས་པར་འདོད་པས་དགེ་བ་བཅུའི་ལམ་ཡང་དག་པར་བླངས་ཏེ་གནས་པར་བྱའོ། །ཡོངས་སུ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པས་ཐོས་བསམ་ལ་མངོན་པར་བརྩོན་པར་བྱའོ། །ཡོན་ཏན་ཐམས་ཅད་འདོད་པས་དཀོན་མཆོག་གསུམ་ལ་མཆོད་པར་བྱའོ། །ཞེས་གསུངས་སོ། །དབུས་མཐའ་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་བསྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུན་ཚོགས་དཔག་མེད་ཐོབ། །ཅེས་གསུངས་སོ། །དགོངས་པ་འདུས་པ་ལས། ཆོས་རྣམས་མི་ཤེས་མ་རྟོགས་པས། །དམ་པ་མཆོག་གི་བླ་མ་ལ། །བཀུར་སྟི་རིམ་གྲོ་ཆེར་བྱས་ན། །འཁོར་བའི་རྒྱ་མཚོ་ལས་གྲོལ་འགྱུར། །ཞེས་དང་། སྐྱེས་རབས་ལས། རྟག་པར་ཚུལ་ཁྲིམས་ལྡན་པ་ལ། །སྦྱིན་པ་བཀུར་སྟིས་བརྒྱན་པ་སྦྱིན། །ནོར་རྣམས་དེ་ལྟར་སྟེར་བཅུག་པས། །རྗེས་སུ་འབྲང་ཞིང་འཕྲོག་།


CMR054_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མེད། །ཅེས་དང་། འཆི་མེད་རྔ་སྒྲའི་མདོ་ལས། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །དམ་པའི་ཆོས་ཀྱང་བསམ་མི་ཁྱབ། །འཕགས་པའི་དགེ་འདུན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་ན། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །ཅེས་དང་། བཤེས་སྤྲིངས་ལས། ལོངས་སྤྱོད་གཡོ་བ་སྙིང་པོ་མེད་མཁྱེན་ནས། །དགེ་སྦྱོང་བྲམ་ཟེ་བཀྲེན་དང་བཤེས་རྣམས་ལ། །སྦྱིན་པ་ཚུལ་བཞིན་བསྩལ་བགྱི་ཕ་རོལ་ཏུ། །སྦྱིན་ལས་གཞན་པའི་གཉེན་མཆོག་མ་མཆིས་སོ། །ཞེས་གསུངས་སོ། །སླར་ཡང་གོ་བདེ་བར་བཤད་ན། །སྲོག་བཅད་པའི་རྣམ་པར་སྨིན་པའི་འབྲས་བུ་ནི་དམྱལ་བར་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་གལ་ཏེ་མིར་སྐྱེས་ནའང་ཚེ་ཐུང་ཞིང་ནད་མང་། དབང་གི་འབྲས་བུ་ཡུལ་བཀྲ་མི་ཤིས་སར་སྐྱེ། མ་བྱིན་པ་བླངས་པའི་རྣམ་སྨིན་གྱི་འབྲས་བུ་ཡི་དྭགས་སུ་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་མིར་སྐྱེས་ཀྱང་དབུལ་པོར་འགྱུར། དབང་གི་འབྲས་བུ་ཡུལ་སད་སེར་མང་སར་སྐྱེ། འདོད་ལོག་སྤྱད་པའི་རྣམ་སྨིན་གྱི་འབྲས་བུ་ཡི་དྭགས་སུ་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་དགྲ་སྡང་བའི་ཆུང་མར་སྐྱེ། དབང་གི་འབྲས་བུ་ཡུལ་ཚད་རོང་དུ་


CMR054_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཆགས་སྤུ་མེད་པའི་རིགས་སུ་སྐྱེ། རྫུན་སྨྲ་བའི་རྣམ་སྨིན་དུད་འགྲོར་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་མིར་སྐྱེས་ནའང་མི་ཁ་སྡང་། དབང་གི་འབྲས་བུ་དྲི་མི་ཞིམ་སར་སྐྱེ། ཕྲ་མའི་རྣམ་པར་སྨིན་པའི་འབྲས་བུ་དམྱལ་བར་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་མཛའ་བོ་དང་བྲལ། དབང་གི་འབྲས་བུ་ཡུལ་མཐོ་དམན་ཆེ་སར་སྐྱེ། ཚིག་རྩུབ་ཀྱི་རྣམ་སྨིན་གྱི་འབྲས་བུ་དམྱལ་བར་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་མི་ཁ་སྡང་། དབང་གི་འབྲས་བུ་ཡུལ་ཆུ་དཀོན་ཚྭ་སྒོ་ཅན་སྡིག་ཤས་ཅན་དུ་སྐྱེ། ངག་འཁྱལ་གྱི་རྣམ་པར་སྨིན་པ་དུད་འགྲོར་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་ཚིག་མི་བཙུན་པར་འགྱུར། དབང་གི་འབྲས་བུ་དབྱར་དགུན་གོ་ལོག་སར་སྐྱེ། བརྣབ་སེམས་ཀྱི་རྣམ་སྨིན་གྱིས་ཡི་དྭགས་དུ་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་ཆགས་པ་ཤས་ཆེ་བར་འགྱུར། དབང་གི་འབྲས་བུ་ཡུལ་འབྲུ་ངན་སར་སྐྱེ། གནོད་སེམས་ཀྱི་རྣམ་སྨིན་གྱིས་དམྱལ་བར་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་ཞེ་སྡང་ཤས་ཆེ་བར་འགྱུར། དབང་གི་འབྲས་བུ་ཟས་ཁ་ཞིང་རྩུབ་པའི་སར་སྐྱེ། ལོག་ལྟའི་རྣམ་པར་སྨིན་པས་དུད་འགྲོར་སྐྱེ། རྒྱུ་མཐུན་འབྲས་བུ་མིར་སྐྱེས་ཀྱང་གཏི་མུག་ཤས་ཆེ། དབང་གི་


CMR054_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཡོ་བྱད་ཡེ་མེད་སར་སྐྱེ། དེ་ཡང་མི་དགེ་བ་དེ་དག་ཞེ་སྡང་གི་སྒོ་ནས་སྤྱད་ན་དམྱལ་བ། འདོད་ཆགས་ཀྱི་སྒོ་ནས་སྤྱད་ན་ཡི་དྭགས། གཏི་མུག་གི་སྒོ་ནས་སྤྱད་ན་དུད་འགྲོ། ཆེན་པོར་སྤྱོད་པས་དམྱལ་བ། འབྲིང་སྤྱད་པས་ཡི་དྭགས། ཆུང་ངུར་སྤྱད་པས་དུད་འགྲོ། ཡུལ་མཐོན་པོ་ལ་སྤྱད་ན་དམྱལ་བ། འབྲིང་ལ་ཡི་དྭགས། ཐ་མོ་ལ་སྤྱོད་ན་དུད་འགྲོར་སྐྱེ་སྟེ། རིན་ཆེན་ཕྲེང་བ་ལས། ཆགས་པས་ཡི་དྭགས་འགྲོ་བར་འགྲོ། །ཞེ་སྡང་གིས་ནི་དམྱལ་བར་འཕེན། །རྨོངས་པས་ཕལ་ཆེར་དུད་འགྲོར་འགྱུར། །ཆགས་དང་ཞེ་སྡང་གཏི་མུག་དང་། །དེས་བསྐྱེད་ལས་ནི་མི་དགེ་བ། །མི་དགེ་ལས་ནི་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་དང་། མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་སྐྱེས་ལས་ནི་དགེ་བ་ཡིན། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་ཏུ་དགེ་བ་དུག །ཅེས་གསུངས་པས། མི་དགེ་བཅུ་སྤངས་པ་ནི། ། དགེ་བ་བཅུ་ཡིན་ཏེ། ཕན་ཡོན་ནི་གོང་གི་སྐྱོན་དེ་དག་ལས་ལྡོག་པའོ། །མི་གཡོ་བའི་ལས་རྒྱུ་འབྲས་ནི། ཞི་གནས་ཀྱི་བསམ་གཏན་བསྒོམས་པས་ཞི་གནས་ཆེ་ཆུང་གི་


CMR054_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཚོད་ཀྱིས། གཟུགས་ཁམས་ཀྱི་གནས་རིས་བཅུ་བདུན་དང་། གཟུགས་མེད་སྐྱེ་མཆེད་མུ་བཞིའི་ལྷར་སྐྱེ་སྟེ། རིན་ཆེན་ཕྲེང་བ་ལས། བསམ་གཏན་ཚད་མེད་གཟུགས་མེད་ནི། །ཚངས་སོགས་བདེ་བ་མྱོང་བར་འགྱུར། །ཞེས་གསུངས་སོ། །ཤེས་རབ་ཅན་རྣམས་ལ་དེ་ཙམ་གྱིས་ཆོག་གི །གོ་ཤེས་ཆུང་ཞིང་དམིགས་པ་ཟིན་པའི་རིགས་ལ། མདུན་འདིར་རིན་པོ་ཆེའི་མཎྜལ་ཞིག་ཡོད་པར་བསྒོམ། དེ་ལ་བལྟས་པས་དམྱལ་བའི་ཡུལ་ཐམས་ཅད་གསལ་པོར་མཐོང་། དེ་ན་ཁྲི་ཆེན་པོའི་སྟེང་ན་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་བཞུགས། འཁོར་ལས་མཁན་དཔག་ཏུ་མེད་པས་བསྐོར་ནས་ཡོད་པ་ལ། སྡིག་ཆེན་དམྱལ་བ་འབུམ་ཞེས་བྱ་བ་ཞིག་ལས་མཁན་རྣམས་ཀྱིས་སོད་སོད་རྒྱོབ་རྒྱོབ་ཀྱི་སྒྲ་ཏི་རི་རི་ཁྲིད་ནས་བྱུང་། ཁོའི་གཡས་གཡོན་གཉིས་ནས་ལྷན་ཅིག་སྐྱེས་པའི་ལྷ་དང་འདྲེ་ཡིན་ཟེར་བའི་མི་དཀར་ནག་གཉིས་འདུག །དགེ་བ་དང་སྡིག་པ་གང་བྱས་རྡེའུ་དཀར་ནག་བསོགས་ནས་འདུག་པས། ལས་མཁན་གྱིས་རྒྱ་མ་ལ་བཀྱག་པས་ནག་པོ་མཐོ། ཡིག་ཆུང་ལ་བལྟས་པས་དགེ་སྡིག་གང་བྱས་ལོ་རྒྱུས་དང་བཅས་པ་འདུག །ཁོས་སྡིག་དེ་ཙམ་མ་


CMR054_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཟེར་ཡང་། ། ལས་ཀྱི་མེ་ལོང་ལ་བལྟས་པས་གསལ་བར་འདུག་པས་རྫུན་གྱིས་མ་ཕན། ཆོས་ཀྱི་རྒྱལ་པོའི་ཞལ་ནས། འདི་དམྱལ་ཟངས་ཀྱི་ནང་དུ་ཆུགས་ལ་ལོ་བྱེ་བ་ཕྲག་བརྒྱར་ཐར་དུ་མ་འཇུག་གསུངས་ནས་ཁྲམ་ཤིང་ལ་ཡི་གེ་ཞིག་བྲིས་ནས་སོང་། ལས་མཁན་རྣམས་ཀྱིས་ཁོའི་སྐེ་ནས་ཞགས་པས་ཁྲིད། རྒྱབ་ནས་ཐོ་བས་རྡུང་ཞིང་ལམ་ནག་པོ་གཅིག་ལ་ཐུར་དུ་ཁྲིད་ནས་སོང་། ཡང་ཁྱིམ་བདག་དཔལ་སྐྱེས་བྱ་བ་གཅིག་ཁྲིད་ནས་བྱུང་། སྔོན་ལྟར་ལྷ་འདྲེ་གཉིས་ཀྱིས་རྡེའུ་དཀར་ནག་བཤར་བས་དཀར་པོ་མང་། ཡིག་ཆུང་ལ་བལྟས་པས་དགེ་བ་བྱས་པ་གསལ་དོ། ལྷན་ཅིག་སྐྱེས་པའི་འདྲེས་འདིས་སྡིག་པ་མང་པོ་བྱས་ཟེར་ཡང་། ལས་ཀྱི་མེ་ལོང་ལ་བལྟས་པས་གསལ་དོ་བས། ཆོས་ཀྱི་རྒྱལ་པོའི་ཞལ་ནས། འདི་དགེ་བ་མང་བར་འདུག་པས། བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱོལ་གསུངས་ནས། ཁྲམ་ཤིང་ལ་རི་མོ་དཀར་པོ་ཞིག་བྲིས་སོང་བས། ལས་མཁན་རྣམས་ཀྱིས་ལམ་དཀར་པོ་དགུང་ལ་ཐུག་པ་ཞིག་ཏུ་བསྐྱལ་ཏེ་དཔའ་བོ་མཁའ་འགྲོ་མང་པོས་སྤོས་དུད་རོལ་མོའི་སྒྲོ་དང་བཅས་ཏེ་བསུས་སོང་། དེ་བཞིན་དུ་དགེ་སྡིག་གི་བཤལ་རལ་རྒྱུན་དུ་བྱེད་


CMR054_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

པ་མངོན་སུམ་དུ་གསལ་བར་མཐོང་བར་བསྒོམ། ག་རེ་འདི་ན་ནམ་ཞིག་ང་ཡང་འགྲོ་དགོས་པས་སྡིག་པ་བྱས་ཚར་བ་དེ་སྐྱུར་ས་དང་སྐུང་ས་མི་འདུག །རྫུན་ལབ་ཀྱང་མེ་ལོང་དང་ཡི་གེར་གསལ་དོ། དགེ་བ་ཉོ་སྐྱི་ཚོལ་ཁུངས་ནི་མི་འདུག །ད་ལྟ་རང་དབང་ཆེ་དུས་ཆོས་ཀྱི་རྒྱལ་པོའི་མདུན་དུ་ངོ་མ་གནོང་བ་ཞིག་དགོས་དོ་བསམ་པ་གྱིས་ལ་དམིགས་པ་དེ་ཡང་ཡང་བསྒོམ། དེ་ནི་སྲིད་པ་བར་དོའི་ངོ་སྤྲོད་དང་། ཤ་བ་རི་པའི་རྣམ་ཐར་གྱི་དོན་ཡིན། ཡང་བཤད་པའི་དོན་གོ་དཀའ་དམིགས་པ་མི་ཟིན་ན། ལས་རྒྱུ་འབྲས་མིག་གིས་ལྟ་རྒྱུ་ཡོད་པ་འདི་རྣམས་ལ་ལྟོས། མིའི་ལུས་ཐོབ་པ་འདྲ་འདྲ་ལ། ཚེ་རིང་ཐུང་མི་འདྲ། ནད་དཀོན་མོད་མི་འདྲ། ཕྱུག་དབུལ་མི་འདྲ། ཕ་མ་གཅིག་པའི་སྤུན་ལ་ཡང་ཚེ་རིང་ཐུང་དང་སྐྱིད་སྡུག་མི་འདྲ་བ་འདི་རྣམས། ཕོ་རྒོད་ཞན་མ་ཡིན་སྔོན་གྱི་དགེ་སྡིག་གང་བྱས་ལས་ཀྱི་ཁྱད་པར་ཡིན། སྔ་མ་གང་བྱས་ད་ལྟའི་ལུས་ལ་ལྟོས། ཞེས་གསུངས་སོ། །ཐ་ན་འབྲས་དང་། ནས་དང་། གྲོ་ལ་སོགས་པ་ས་བོན་གང་བཏབ་སོ་སོར་སྨིན་པ་ལ་ལྟོས། དེ་དག་ནི་ངན་སྤྱད་དང་ཐོས་གཏམ་མ་ཡིན་ཏེ། མདོ་སྡེ་


CMR054_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བརྒྱ་པ་ལས། རྒྱ་ཆེར་གསུངས་པ་གོ་བདེ་བར་བཀྲོལ་བ་ཡིན། དེ་ལྟར་དགེ་སྡིག་གང་ཡང་དང་པོ་དེ་ལྟར་བྱེད་བསམ་པ་དངོས་གཞི་དེ་ལྟར་བསྒྲུབ་པ། རྗེས་ནས་འགྱོད་པ་མེད་ཅིང་སེམས་དགའ་བ་དེ་ནི་སྟོབས་དང་ནུས་པ་ཆེ། གཅིག་མ་ཚང་ན་འབྲིང་། གཉིས་མ་ཚང་ན་ཆུང་ངུ་། དེ་ཡང་བསམ་པ་གཙོ་ཆེ་སྟེ། དགེ་སློང་རང་ཉིད་ཕ་རྒན་པོ། །མྱུར་འདེང་ཞེས་ནི་བསྐུལ་གྱུར་ན། །བསྐུལ་བས་དེ་ནི་ཤི་གྱུར་ཀྱང་། །མཚམས་མེད་སྦྱོར་བ་མ་ཡིན་ནོ། །ཞེས་དང་། ཨཱརྱ་དེ་བའི་སེམས་ཀྱི་སྒྲིབ་སྦྱོང་ལས། བསམ་པ་བཟང་པོས་མཆིལ་ལྷམ་ཞིག །ཐུབ་པའི་དབུ་ལ་བཞག་པ་དང་། །དེ་བཞིན་གཞན་གྱིས་བསལ་བྱས་པ། །གཉིས་ཀས་རྒྱལ་སྲིད་ཐོབ་པར་འགྱུར། །དེ་བཞིན་བསམ་པའི་རྩ་བ་ལ། །བསོད་ནམས་སྡིག་པ་རྣམ་པར་གནས། །ལུང་ལ་དེ་སྐད་བཤད་པའི་ཕྱིར། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་གསུངས་སོ། །འོ་ན་ཡུལ་མཐོན་པོ་རྣམས་རྒྱུ་འབྲས་ལ་མི་འཛེམ་པར་འདུག་པས་སྐྱོན་མེད་དམ་སྙམ་ན། ས་ཐོབ་འཇིགས་པ་ལྔ་དང་བྲལ་ཞེས་གསུངས་པས། ས་དང་པོ་ཐོབ་པ་ཡན་ཆད་རྒྱུ་འབྲས་ལ་མི་འཛེམ་པ་ལྟར་སྣང་


CMR054_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ངན་སོང་དུ་ལྟུང་མི་ནུས་པར་གསུངས་སོ། །ཁྱད་པར་དུ་རྩ་རླུང་ལ་རང་དབང་ཐོབ་པའི་རྟོགས་པ་མཆོག་ཐོབ་པ་རྣམས་ཀྱིས། ཇི་ལྟར་མཛད་ཀྱང་བྱང་ཆུབ་ཀྱི་གྲོགས་སུ་འགྲོ་སྟེ། དུག་ལྔ་ལམ་དུ་ཁྱེར་ཐུབ་པའི་ཕྱིར་རོ། །སྦྱོང་རྒྱུད་ལས། རྡོ་རྗེ་སེམས་དཔའི་གནས་འདུག་ནས། །ཐམས་ཅད་ཟོས་ཤིང་ཀུན་སྤྱད་ཀྱང་། །འགྲུབ་འགྱུར་ཉེས་པར་མི་འགྱུར་ན། །སྙིང་རྗེ་ལྡན་ལ་སྨོས་ཅི་དགོས། །ཞེས་གསུངས་སོ། །ས་ཐོབ་པ་དང་གྲུབ་པ་ཐོབ་པ་རྣམས་ལ་ཡང་། རྣམ་སྨིན་གྱིས་ངན་སོང་དུ་ལྟུང་བ་ནི་མེད་ཀྱང་། སྲོག་གི་ལན་ཆགས་དང་རྒྱུ་མཐུན་གྱི་འབྲས་བུ་མྱོང་བའི་ཚུལ་སྟོན་དགོས་ཏེ། ཤཱཀྱ་ཐུབ་པའི་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་པས་འདས་རྐྱེན་བྱས་པ་དང་། རྩྭ་ཉག་མ་གཅིག་གིས་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་བསུས་པའི་ལོ་རྒྱུས་ལྟ་བུའོ། །ཨེ་མ་ཧོ། བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། །ཝཱ་རཱ་ཎ་སཱིའི་གནས་མཆོག་ཏུ། །བདེན་བཞིའི་ཆོས་འཁོར་བསྐོར་བའི་དོན། །རྒྱུ་འབྲས་འདི་ཉིད་ཁོ་ན་ཡིན། །འདི་ལ་མི་བདེན་སུས་ཟེར་བ། །ཚེ་འདི་ཉིད་ལ་ལྕེ་འཆད་གསུངས། །རྒྱུ་འབྲས་འདི་ནི་དབང་ཆེ་བས། །


CMR054_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བྱང་སེམས་དགྲ་བཅོམ་དང་། །བདུད་དང་ལྷ་འདྲེ་མཐུ་སྟོབས་ཅན། །སུས་ཀྱང་དགེ་སྡིག་གང་བྱས་པའི། །ལས་འབྲས་དེ་ལ་བཅོས་རྒྱུ་མེད། །བསྐལ་པ་བརྒྱ་སྟོང་དུ་མར་ཡང་། །དེ་ཉིད་མེད་ནས་འགྲོ་རྒྱུ་མེད། །བོར་རིམ་གཞན་གྱི་ཐོབ་རྒྱུ་མེད། །ནམ་ཞིག་རང་ལ་ངེས་པར་སྨིན། །དེས་ན་རང་རྒྱུད་ལ་བརྟག་སྟེ། །དགེ་སྡིག་སྤངས་ལེན་བྱ་དགོས་ཏེ། །ཀླུ་ཡི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། །ཀླུ་ཡི་བདག་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་གཅིག་གིས་ངན་སོང་ངན་འགྲོ་ལོག་པར་ལྟུང་བའི་སྐྱེ་བ་ཡང་དག་པར་གཅོད་དོ། །ཆོས་གཅིག་པོ་དེ་དག་གང་ཞེ་ན། འདི་ལྟ་སྟེ་བདག་ཇི་ལྟར་འགྱུར་ཞིང་ཉིན་མཚན་རྣམས་འདའ་ཞིང་འདུག་སྙམ་དུ་དགེ་བའི་ཆོས་རྣམས་ལ་སོ་སོར་རྟོག་པ་སྟེ། གསུངས་སོ། །རྒྱུ་འབྲས་ཀྱི་ཆོས་ཐུན་ཚར་རོ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་ལྔ་པ་འཁོར་བའི་ཉེས་དམིགས་ཀྱི་ཁྲིད།


CMR054_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

༼ཅ༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་ལྔ་པ་འཁོར་བའི་ཉེས་དམིགས་ཀྱི་ཁྲིད་བཞུགས་སོ། །


CMR054_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་གདམས་ངག་ཟབ་མོ། གཏན་བདེའི་འདུན་མ་སྒྲུབ་པའི་ཐབས། འཁོར་བའི་ཉེས་དམིགས་བསྒོམ་པར་བྱ་སྟེ། ། སྤྱན་རས་གཟིགས་ཀྱི་རྡོ་རྗེའི་ཚིག་རྐང་ལས། གང་ཚེ་འཁོར་བ་གར་གནས་ཀྱང་། །སྡུག་བསྔལ་གསུམ་ལས་མ་འདས་པས། །དེ་ལས་ངེས་པར་འབྱུང་འདོད་གང་། །བདེན་དོན་ཚུལ་བཞིན་བསྒོམ་པར་བྱ། །ཞེས་དང་། རྒྱ་ཆེར་རོལ་པ་ལས། སྲིད་སྲེད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་གནས་ངན་སོང་ལམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །


CMR054_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་རྫ་མཁན་འཕང་ལོ་འཁོར་བ་བཞིན། །ཞེས་དང་། སྲིད་གསུམ་སྐྱེ་རྒས་ནད་ཀྱི་སྡུག་བསྔལ་དང་། །འཆི་མེད་རབ་འབར་འདི་ནི་གཞོམ་མེད་པར། །སྲིད་ལས་འབྱུང་འགྱུར་འགྲོ་ལ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །ཞེས་དང་། སྡུད་པ་ལས། འགྲོ་བ་འདི་དག་མིང་དང་གཟུགས་ཀྱི་འདམ་ལ་ཆགས། །རླུང་གི་འཁོར་ལོ་ལྟ་བུའི་འཁོར་བའི་འཁོར་ལོར་འཁྱམས། །འགྲོ་བ་འཁྲུལ་པ་རི་དྭགས་རྒྱར་ཆུད་འདྲར་ཤེས་ནས། །ཤེས་རབ་ལྡན་པ་མཁའ་ལ་བྱ་བཞིན་རྣམ་པར་རྒྱུ། །ཞེས་དང་། མདོ་ལས། འདོད་པའི་


CMR054_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ནི་སྐྱོན་དང་བཅས་པ་སྟེ། །གཟུགས་ཀྱི་ཁམས་ཀྱང་སྐྱོན་དང་བཅས་པའོ། །དེ་བཞིན་གཟུགས་མེད་ཁམས་ཀྱང་སྐྱོན་དང་བཅས། །མྱ་ངན་འདས་པ་འབའ་ཞིག་སྐྱོན་མེད་མཐོང་། །ཞེས་དང་། འདུལ་བ་ལུང་བཞི་ལས། གང་ན་མི་གནས་ལྷ་རྣམས་མི་བཟང་སྟེ། །འཚོ་བ་ཐུང་བའི་ལྷ་རྣམས་མི་བཟང་ངོ་། །གང་ན་ཞི་མེད་སྲིད་པ་མི་བཟང་སྟེ། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། །ཞེས་དང་། མདོ་དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས། དེ་ལ་མདོ་དྲན་པ་ཉེར་བཞག་དང་། ཆོས་མངོན་པ་མཛོད་དང་། མདོ་སྡེ་འཇིག་རྟེན་བསྟན་བཞག་རྣམས་ཀྱི་དོན་བསྡུས་ཏེ། གོ་བདེ་བར་བཤད་ན། མཚོ་མ་དྲོས་ཀྱི་འོག་དཔག་ཚད་ཉི་ཁྲི་ན། མནར་མེད་པའི་དམྱལ་བ་ཡོད། དེའི་སྟེང་དུ་ཚ་དམྱལ་


CMR054_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པོ་ཁང་པའི་རྩག་ལྟར་ཡོད། སྟེང་མ་ཡང་སོས་ཡིན་ཏེ། དེར་སྐྱེས་པའི་སེམས་ཅན་རྣམས་གཅིག་གིས་གཅིག་ལ་དགྲའི་འདུ་ཤེས་སྐྱེས་ཏེ། ལག་ཏུ་གང་ཟིན་པ་རྣམས་མཚོན་ཆ་རྣོན་པོ་ཤ་སྟག་ཏུ་གྱུར་ཏེ། གཅིག་གིས་གཅིག་ལ་བརྒྱབ་ཅིང་། ཐམས་ཅད་འགྱེལ་ཏེ་ཤི་བ་དང་། ནམ་མཁའ་ནས་སོས་པར་གྱུར་ཅིག་ཅེས་པའི་སྒྲ་གྲགས་པས་ཐམས་ཅད་སྔར་ལྟར་སོས། ཡང་གཅིག་གིས་གཅིག་གསོད། དེ་ལྟར་ཚེ་ཚད་མ་རྫོགས་ཀྱི་བར་དུ་བྱེད་པ་སྟེ། ཚེ་ཚད་ནི། མིའི་ལོ་བྱེ་བ་ཕྲག་སུམ་ཁྲི་ཉིས་སྟོང་ཐུབ། ཐིག་ནག་ནི། ལུས་ལ་ཐིག་ནག་པོ་བཏབ་ནས། ལས་མཁན་རྣམས་ཀྱིས་སོག་ལེས་གཤགས་པ་དང་། སྟ་རེས་བཞོག་པར་བྱེད། ཚེ་ཚད་ནི། མི་ལོ་བྱེ་བ་འབུམ་ཕྲག་བཅུ་གཉིས་དང་བྱེ་བ་ཕྲག་དགུ་ཁྲི་དགུ་སྟོང་ཐུབ། བསྡུས་འཇོམས་ནི། རི་ལུག་གི་གདོང་པ་འདྲ་བ་གཉིས་ཀྱི་བར་དུ་རྡུང་ཁ་ཚད་པ་ལྟར་བཅིར་ཞིང་འཇོམས། དེ་ནས་རི་གཉིས་ཕྱིར་གྱེས་པ་ལ་རླུང་གྲང་མོ་ལང་བས་ལུས་སྔ་མ་ལྟར་སོས་ཡང་འཇོམས་པ་རྒྱུན་དུ་བྱེད་པ་དང་། ལྕགས་ཀྱི་ཨ་ཐར་བར་དུ་བཅིར་ཞིང་ཁྲག་ཆུ་བོ་ལྟར་འབབ་པའོ། །མི་ལོ་


CMR054_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བ་ཕྲག་བྱེ་བ་གཅིག་དང་། བྱེ་བ་ཕྲག་དྲུག་ཁྲི་བརྒྱད་སྟོང་ཐུབ། ངུ་འབོད་ནི། སྐག་ནས་བྲོས་པས་ལྕགས་ཀྱི་ཁང་པར་ཚུད། ཁང་པའི་ཕྱི་ནས་མེ་འབར་བས། ཉམ་ཐག་པའི་ང་རོ་འོ་དོད་བྱེད་པའོ། །མི་ལོ་བྱེ་བ་ཕྲག་བྱེ་བ་བརྒྱ་དང་། བྱེ་བ་ཕྲག་ས་ཡ་བཞི་དང་། བྱེ་བ་ཕྲག་ལྔ་འབུམ་ལྔ་ཁྲི་ཉིས་སྟོང་ཐུབ། ངུ་འབོད་ཆེན་པོ་ནི། ལྕགས་ཀྱི་ཁང་པ་གཉིས་རིམ་མེ་འབར་བའི་ནང་དུ་ཚུད་ཅིང་། ཚིག་པས་ང་རོ་ཆེན་པོ་བྱེད་པའོ། །མི་ལོ་བྱེ་བ་ཕྲག་བྱེ་བ་དྲུག་ཅུ་རྩ་དྲུག་དང་། བྱེ་བ་ཕྲག་ས་ཡ་གསུམ་དང་། བྱེ་བ་ཕྲག་ལྔ་འབུམ་ལྔ་ཁྲི་ཉིས་སྟོང་ཐུབ་བོ། །ཚ་བ་ནི། ཁྲོ་ཆུ་ཁོལ་མ་ཁར་བླུགས་པས་ཁོག་པ་ཚིག་པ་དང་། མཚོན་རྩེ་གཅིག་པ་ཚེར་མ་ཅན་གྱིས་བཤང་ལམ་ནས་སྤྱི་བོར་ཕུག་པ། མི་ལོ་བྱེ་བ་ཕྲག་བྱེ་བ་ལྔ་བརྒྱ་དང་། བྱེ་བ་ཕྲག་བྱེ་བ་བཅུ་དང་། བྱེ་བ་ཕྲག་བྱེ་བ་ས་ཡ་བརྒྱད་དང་། ལོ་བྱེ་བ་ཕྲག་བཞི་འབུམ་དང་། ལོ་བྱེ་བ་ཕྲག་ཁྲི་དྲུག་སྟོང་ཐུབ་པའོ། །རབ་ཏུ་ཚ་བ་ནི། ཁྲོ་ཆུ་ཁོལ་མ་ཁོག་ཏུ་བླུགས་པས་པགས་པ་མ་གཏོགས་ནང་ཁྲོལ་རྣམས་བསྲེགས་ནས། བུ་ག་དགུ་ནས་མེ་འབྱུང་བ་དང་། མཚོན་རྩེ་གསུམ་པས་བཤང་ལམ་དང་


CMR054_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་མཐིལ་གཉིས་ནས། སྤྱི་བོ་དང་དཔུང་པ་གཉིས་སུ་ཕུག་པའོ། །ཚེ་ཚད་བར་ཀྱི་བསྐལ་པ་ཕྱེད་ཐུབ། མནར་མེད་ནི། ལྕགས་ཀྱི་ཁང་པ་མེ་འབར་བ། །རྒྱ་དང་འཕངས་སུ་དཔག་ཚད་སྟོང་ཕྲག་ཉི་ཤུ་ཡོད་པའི་ནང་དུ། ལྕགས་ཟངས་དཔག་ཚད་དུ་མ་ཡོད་པའི་ནང་དུ། ཁྲོ་ཆུ་དང་ཟངས་ཆུ་བླུགས་པ་མེ་ཆེན་པོས་བསྐོལ་བའི་ནང་དུ་བར་མཚམས་མེད་པར་བཙོ་བའོ། །ཚེ་ཚད་ནི་བར་གྱི་བསྐལ་པ་གཅིག་ཐུབ་བོ། །དེ་དག་ནི་ཚ་དམྱལ་བརྒྱད་ཀྱི་སྡུག་བསྔལ་གྱི་གཙོ་བོ་ཡིན་ལ། སྐབས་སྐབས་སུ་སྡུག་བསྔལ་ཕྲན་བུ་ཡང་མང་དུ་འབྱུང་སྟེ། ཡང་སོས་ནི། ཡང་ནས་ཡང་དུ་རྡུང་ཞིང་བཅོམ་པ་དང་། མཚོན་ཆའི་ཆར་འབབ་པ་དང་། བྱ་དང་སྲིན་བུས་ཟ་བའོ། །ཐིག་ནག་ནི། ཞགས་པ་མེ་འབར་བས་བཅིངས་ནས། དྲག་པོ་རོང་དུ་སྐྱུར་བའོ། །མིག་འབྱིན་པ་དང་ལྕེ་དང་ཡན་ལག་གཅོད་པ། གཤིན་རྗེས་རལ་གྲི་ཐོགས་ནས་གསོད་པའོ། །བསྡུས་འཇོམས་ནི། ལྕགས་ཀྱི་བཙིར་སྤྱད་ཀྱི་བར་ན་ཏིལ་བཞིན་བཙིར་བ། ལྕགས་གཏུན་ནང་དུ་བརྡུང་བ། རྡོ་རྗེའི་ཆར་འབབ་པས་བརྡུང་བ། ལྕགས་ཀྱི་བུམ་པར་བཅུག་ནས་


CMR054_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

གཏུན་གྱིས་བརྡུང་བ། ལྕགས་མཆིག་མེ་འབར་བའི་བར་དུ་འཐགས་པའོ། །ཚ་བ་ནི། ཤིང་སྡོང་མེ་འབར་བའི་བར་དུ་བཙིར་བ། མུན་ཁང་དུ་རང་གི་སྤུ་ལ་མེ་འབར་བ་དང་། ལྕགས་ཀྱི་ཕུར་བུས་ཁ་ནས་ལྟག་པར་ཕུག་པ། ལྕགས་སྲེག་ཁར་བརྫོང་། འདོམས་སུ་ཟངས་ཞུན་བླུག །མིག་དང་རྣ་བར་ཞ་ཉེ་བསྐོལ་ནས་བླུག་པའོ། །རབ་ཏུ་ཚ་བ་ནི། རྐང་ལག་ཤིང་ལ་བཏགས་ནས་མེས་སྲེག་པ་དང་། མེ་འབར་བའི་རི་ལ་ལྔ་ཡིས་ཟ་བ་དང་། རྡོ་སྲེག་དང་། ལྕགས་སྲེག་དང་། མེ་མ་མུར་གྱི་ཆར་འབབ་པའོ། །ངུ་འབོད་ནི། ལྕགས་ཀྱི་སྲིན་བུས་ཕུག་པ་དང་། ལྕགས་སྐམ་གྱིས་འབྲས་བུ་འབྱིན་པ་དང་། ལྕེ་སྤྱི་གཙུག་ཏུ་འདྲེན་པ་དང་། རང་ཤ་བཅད་ཅིང་ཁར་བཅུག་པའོ། །ངུ་འབོད་ཆེན་པོ་ནི། ལྕེ་དྲང་ནས་ཟངས་ཁུ་འདེབས་པ་དང་། སྲོག་ཆགས་མེ་འབར་བ་མང་པོས་ཟ་བ་དང་། མེ་ཐབ་ཏུ་སྦྱད་པས་བཞུ་ཞིང་ཐོ་བས་བརྡུང་བའོ། །མནར་མེད་པ་ནི། ལྕགས་སྲེག་གི་ས་གཞི་དཔག་ཚད་བརྒྱ་ཕྲག་དུ་མ་ཡོད་པ་མེ་འབར་ཏེ་ལུས་ཐམས་ཅད་ཚིག་པ། ལུས་ནི་མེའི་རང་བཞིན་དུ་འབར་བས། སྐད་འབྱིན་པས་སེམས་ཅན་དུ་ཤེས་པ་ཙམ་


CMR054_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མོ། །ལུས་དཔག་ཚད་ལྔ་བརྒྱ་ལ་མགོ་བཅུ་གཅིག །ལྕེ་དཔག་ཚད་ལྔ་བརྒྱ་པའི་སྟེང་དུ་གླང་དོར་ལྔ་བརྒྱས་རྨོ་བ། དེ་ལ་སོགས་པ་སྡུག་བསྔལ་དཔག་མེད་གསུངས་ཀྱང་འདིར་མདོ་ཙམ་མོ། །ཚ་དམྱལ་བརྒྱད་ཀྱི་ཕྱོགས་བཞི་ན། ཉེ་འཁོར་གྱི་དམྱལ་བ་བཞི་སྟེ་མེ་མ་མུར་པུས་ནུབ་ཙམ། རྐང་པ་བཞག་པས་པགས་པ་དང་ཤ་ཀུན་ཚིག རྐང་པ་བཏེགས་པས་སྔར་ལྟར་སོས་པ་ལ། རོ་མྱག་མི་གཙང་བའི་འདམ་རྫབས་སུ་འབུ་དཀར་པོ་མགོ་ནག་མཆུ་རྣོ་བས། རུས་པའི་བར་དུ་ཕུག་པར་བྱེད་དོ། །སྤུ་གྲིའི་ལམ་ནས་རྩྭ་རྣམས་སྤུ་གྲིར་གྱུར་པས་རྐང་པ་གཏུབ་པའོ། །ནགས་ཚལ་རྣམས་ན་ཕྱིན་པས་ཤིང་ལོ་རྣམས་རལ་གྲིར་གྱུར་པ་བྲུལ་ནས། ཡན་ལག་གཅོད་པ་དང་། ཤལ་མ་རིའི་སྡོང་པོ་མཚོན་ཆ་རྣོན་པོའི་ལོ་མ་ཅན་ལ། ཡར་འཛེགས་པས་བྱ་ལྕགས་ཀྱི་མཆུ་ཅན་གྱིས་ཀླད་པ་འཐུང་། རྩ་བར་ཕྱིན་པས་ཁྱི་སྲེ་བོས་རྒྱུ་མ་འདྲེན་པའོ། །ཆུ་བོ་རབ་མེད་ན་ཐལ་ཆུ་ཁོལ་མའི་ནང་དུ་ལུས་ནུབ་པ། ལས་མཁན་རྣམས་ཀྱིས་བཀག་ནས་རབ་ལ་འབུད་མི་འཇུག་པའོ། །གྲངས་དམྱལ་བརྒྱད་ནི། གངས་རི་ཏི་སེའི་འོག །ཚ་དམྱལ་བརྒྱད་


CMR054_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཐད། འདི་ནས་དཔག་ཚད་ཁྲི་ཉིས་སྟོང་གི་འོག་ན་ཆུ་བུར་ཅན་ཡོད་ལ། དེ་ནས་དཔག་ཚད་ཉིས་སྟོང་ཉིས་སྟོང་གི་ས་ན་གཞན་བདུན་པོ་ཡོད། མུན་ཁུང་འཁྱག་པའི་སྦུབས་སུ་རླུང་གྲང་མོས་བརྟགས་པས། ལུས་ལ་ཆུ་བུར་བྱུང་བ་དང་། ཆུ་བུར་རྡོལ་ནས་ཁྲག་དང་ཆུ་སེར་འཛག་པ་དང་། ཨ་ཆུ་ཞེས་པའི་སྒྲ་འདོན་པ་དང་། ཀྱེ་ཧུད་ཅེས་ཉེ་དུའི་མིང་ནས་འབོད་པ་དང་། སོ་ཐམ་ཐམ་པ་སྐད་མི་ཐོན་པ་དང་། ཁ་དོག་སྔོ་ཞིང་ཨུཏྤལ་ལྟར་ལྔ་དྲུག་ཏུ་གས་པ་དང་། ཁ་དོག་དམར་ཞིང་ལུས་དུམ་བུ་བརྒྱད་དམ་བཅུ་དྲུག་ཏུ་པདྨ་ལྟར་གས་པ་དང་། ཤིན་ཏུ་དམར་ཞིང་དུམ་བུ་བརྒྱ་སྟོང་དུ་གས་པ་པདྨ་ལྟར་ཆེར་གས་པ་སྟེ། དེ་དག་གི་ཚེ་ཚད་ནི། མཛོད་ལས། ཏིལ་སྦྱང་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུང་ནས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཚད་ཡིན། །གཞན་གྱི་ཚེ་ནི་ཉི་ཤུར་འགྱུར། །ཞེས་གསུངས་སོ། །དེའི་དོན་ཆུ་བུར་ཅན་གྱི་ཏིལ་སྦྱངས་གང་ངོ་། །ཆུ་བུར་རྡོལ་བ་ཅན་གྱི་ཉི་ཤུའོ། །སོ་ཐམ་ཐམ་གྱི་བཞི་བརྒྱའོ། །ཨ་ཆུ་ཟེར་བས་སྟོང་ཕྲག་བརྒྱད་ཡིན་ནོ། །ཀྱེ་ཧུད་ཟེར་བས་འབུམ་ཕྲག་དྲུག་ཁྲི་ཡིན་ནོ། །ཨུཏྤལ་ལྟར་གས་པས་ས་


CMR054_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཕྲག་གསུམ་དང་འབུམ་ཕྲག་གཉིས་ཡིན་ནོ། །པདྨ་ལྟར་གས་པས་བྱེ་བ་ཕྲག་དྲུག་དང་ས་ཡ་ཕྲག་བཞི་ཡིན་ནོ། །པདྨ་ཆེན་པོ་ལྟར་ཆེར་གས་པས་ཏིལ་སྦྱངས་ཐེར་འབུམ་ཕྲག་གཅིག་དང་། དུང་ཕྱུར་ཕྲག་གཉིས་དང་། བྱེ་བ་ཕྲག་བཞི་ཡིན་ནོ། །མདོ་གཞན་ལས། ཚ་བའི་དམྱལ་བ་ཤིན་ཏུ་བཟོད་གླགས་མེད། །འཇིག་རྟེན་འདི་ཡི་མེ་ནི་ལན་གཅིག་མེའོ་ཙམ། །དེ་བས་དམྱལ་བའི་མེ་ནི་དགུ་འགྱུར་ཙམ་གྱི་ཚ། །སྲ་བརྟན་ལྕགས་ཀྱི་ཐོ་ལུམ་བསྒྱུར་བ་ཡང་། །སྐད་ཅིག་ཉིད་ལ་མར་ཁུ་བཞིན་དུ་ཞུ། །གྲང་བའི་དམྱལ་བ་ཤིན་ཏུ་བཟོད་གླགས་མེད། །འཇིག་རྟེན་འདི་ཡི་རླུང་ནི་ལན་གཅིག་རླུང་ངོ་ཙམ། །དེ་བས་དམྱལ་བའི་རླུང་ནི་དགུ་འགྱུར་ཙམ་གྱི་གྲང་། །སྲ་བརྟན་གསེར་གྱི་གོང་བུ་བསྐྱུར་བ་ཡང་། །སྐད་ཅིག་ཉིད་ལ་ཨུཏྤལ་བཞིན་དུ་གས། །བཤེས་སྤྲིང་ལས། སེམས་ཅན་ཉེས་པ་སྤྱད་པ་སྤྱོད་པ་རྣམས། །ཡང་སོས་ཐིག་ནག་རབ་ཏུ་ཚ་བ་དང་། །བསྡུས་འཇོམས་ངུ་འབོད་མནར་མེད་ལ་སོགས་པའི། །དམྱལ་བ་རྣམས་སུ་རབ་ཏུ་སྡུག་བསྔལ་འགྱུར། །འདི་ན་མི་དག་མདུང་ཐུང་ལྔ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་


CMR054_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་གང་ལགས་པ། །དེ་ནི་དམྱལ་བའི་སྡུག་བསྔལ་ཆུང་དུ་ཡིས། །འོལ་ཡང་མ་ཡིན་ཆར་ཡང་མི་ཕོད་དེ། །དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲེན་ནམ་ཀློག་གམ་གཟུགས་སུ་བགྱིས་པས་ཀྱང་། །སྡུག་བསྔལ་སྐྱེ་བར་འགྱུར་ན་མི་བཟོད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་དགོས། །སློབ་དཔོན་འཕགས་པའི་ཞལ་ནས། དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟོད་དོ། །བྱེ་བ་ཕྲག་བརྒྱ་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་དེ་ཟད་མ་གྱུར་བར། །དེ་ཉིད་སྲོག་དང་འབྲལ་བར་མི་འགྱུར་རོ། །ཉི་ཚེ་བའི་ཚེསེམས་ཅན་དམྱལ་བ་ནི་མང་པོའམ། གཉིས་སམ། གཅིག་གམ། སོ་སོའི་ལས་དག་གིས་གྲུབ་པ་ཡིན་ནོ། །དེ་དག་གི་རྣམ་པའི་བྱེ་བྲག་དུ་མ་ཡོད་དོ། །འདིའི་གནས་ལ་ངེས་པ་མེད་དེ། ཆུ་བོ་དང་རི་དང་མྱ་ངོན་གྱི་ཕྱོགས་དང་། གཞན་དག་དང་། ས་འོག་དང་། ཁ་ཅིག་མིའི་ཡུལ་ན་གནས་ཏེ། འཕགས་པ་མོའུ་འགལ་གྱི་བུས་གཟིགས་པ་ལྟ་བུའོ། །དེ་བཞིན་དུ་མྱ་ངན་གྱི་ཕྱོགས་སུ། བཙུན་པ་དགེ་འདུན་རྣམས་ཀྱིས་གཟིགས་པ་ལྟ་བུའོ། །འདིའི་ཚེ་ཚད་ལ་ངེས་པ་མེད་དོ། །ཡི་དྭགས་ནི། རྒྱ་གར་གྲོང་ཁྱེར་སེར་


CMR054_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱའི་འོག་དཔག་ཚད་ལྔ་བརྒྱ་ན་ཡི་དྭགས་ཀྱི་རྒྱལ་པོ་གཤིན་རྗེ་བྱ་བ་ཡོད། ། དེར་གནས་ཀྱི་ཡི་དྭགས་ཡོད་དེ། ཕྱིའི་སྒྲིབ་པ་ཅན། ཆུ་དང་ཟས་སྐོམ་རྣག་ཁྲག་ཏུ་མཐོང་བ་དང་། ཁྲོ་བོ་དང་དམག་མིས་བསྲུངས་ནས། བཟའ་བཏུང་དབང་མེད་པ་དང་། ཆུ་ཐམས་ཅད་གྲམ་པ་སྐམ་པོར་སོང་བར་མཐོང་བ་དང་། ཤིང་འབྲས་བུ་ཅན་རྣམས་གྲམ་པ་སྐམ་པོར་མཐོང་ནས་ཟས་མི་རྙེད་པ་དང་། ཟས་སྐོམ་ལ་སྒྲིབ་པ་ཡོད་པ་ནི། ཟོས་ཚད་ཁོག་ནས་མེ་འབར་ནས་ཚིག་པ་དང་། བཤང་གཅི་བཟའ་ཞིང་འཐུང་བ་དང་། ཕན་ཚུན་ལྔ་བ་ཕྱུང་ནས་རྣག་ཟ་བ་དང་། ནང་གི་སྒྲིབ་པ་ཅན་ནི། ཟས་རྙེད་ཀྱང་ཁ་ཁབ་མིག་མགྲིན་པ་རྟ་རྔ་ཙམ་དུ་མི་ཐར། ཅུང་ཟད་ཐར་བས་ལྟོ་བ་རི་ཙམ་མི་ཁེངས་པའི་སྡུག་བསྔལ་ཡོད། འཕྲོས་པའི་ཡི་དྭགས་ནི། མི་ཡུལ་ཐང་སྟོང་གད་ཕུག་རྣམས་སུའང་ཡོད་པས། དགུན་ནི་ཉི་མས་ཀྱང་འཁྱག །དབྱར་ཀ་ཟླ་བས་ཀྱང་ཚིག །ཆུ་ཐམས་ཅད་སྐམ་ཞིང་ཤིང་ཐམས་ཅད་ལ་འབྲས་བུ་མེད། སྣབ་དང་ལུད་པ་ཡང་མོ་བསྔོས་པར་མི་ཐོབ། མཁའ་ལ་རྒྱུ་བའི་ཡི་དྭགས་འགའ་ཞིག་ནི། རྫུ་འཕྲུལ་དང་ལོངས་སྤྱོད་ཆེ་ན་ཡང་།


CMR054_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

དུས་རྒྱུན་དུ་ལྟོགས་སྐོམ་གྱི་སྣང་བས་མི་རྣམས་ཀྱི་དབུགས་འགོམ་པར་བྱེད་དེ། འདྲེའི་རིགས་ཐམས་ཅད་ནི་ཡི་དྭགས་ཡིན་ནོ། །ཚེ་ཚད་ནི་མིའི་ཟླ་བ་གཅིག་ལ་ཞག་གཅིག་ཏུ་བརྩི་བའི་རང་ལོ་ལྔ་སྟོང་ངམ་ཁྲི་ཚོ་ཕྱེད་གཉིས་ཐུབ་པར་ཡོད་དོ། །བཤེས་སྤྲིང་ལས། ཡི་དྭགས་ན་ཡང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆད་མ་མཆིས་སོ། །བཀྲེས་སྐོམ་དྲོ་གྲང་ངལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་ལྟོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང་། །འཚོལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཁ་ཅིག་པགས་རུས་འདུས་ཏེ་ལུས་ཤིང་གཤེར་བུ་སྟེ། །ཏ་ལའི་ཡ་ཐོག་སྐམ་པ་ལྟ་བུ་ལགས། །ཁ་ཅིག་མཚན་ཞིང་ཁ་ནས་མེ་འབར་ཏེ། །ཟས་སུ་འབར་བ་ཁར་འབབ་སྡུག་བསྔལ་ཙམ། །རྨ་རིགས་གས་ནི་རྣག་དང་ཕྱི་ས་དང་། །ཁྲག་སོགས་མི་གཙང་བ་ཡང་མི་རྙེད་དེ། །ཕན་ཚུན་འཚོགས་པར་བྱེད་ཅིང་མགྲིན་པ་ནས། །ལྦ་བ་ལས་བྱུང་སྨིན་པའི་རྣག་འཚལ་ལོ། །འདི་དག་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བ་ཚ་ལ་དགུན་


CMR054_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཉི་མའང་གྲང་། །ལྗོན་ཤིང་འབྲས་བུ་མེད་འགྱུར་འདི་དག་གིས། །བལྟས་པ་ཙམ་གྱིས་རླུང་ཡང་སྐམ་པར་འགྱུར། །ཞེས་གསུངས་སོ། །དུད་འགྲོ་བྱིང་ན་གནས་པ་ནི། མཐའི་རྒྱ་མཚོའི་ནང་ཆང་གི་སྦྲང་མ་ཙམ་ཡོད་པར་བཤད་དེ། །ཆུ་སྲིན་དང་ཉ་བོ་ཆེ་དང་ཉ་མིད་དང་དེ་མིད་རྣམས་ནི། ལུས་ནི་རི་ཙམ་ལ་ཆུང་བ་རྣམས་ཀྱིས་ཟ་བ་དང་ཆེ་བས་ཆུང་བ་རྣམས་ཇུར་མིད་བྱེད་པ་དང་། ཀླུ་རྣམས་མཐུ་སྟོབས་ལོངས་སྤྱོད་ཆེ་ན་ཡང་། ཀླུ་དཀར་ནག་འཁྲུག་པ་དང་། བྱེ་ཚན་གྱི་ཆར་གྱིས་ཤ་རུས་ཚིག་པ་དང་། ནད་སྣ་ཚོགས་ཀྱིས་གཟིར་བ་དང་། བྱ་ཁྱུང་གིས་ཟ་བའི་སྡུག་བསྔལ་ཡོད། ཁ་འཐོར་བའི་དུད་འགྲོ་ནི། མི་ཡུལ་དུ་མིག་གིས་མཐོང་བ་རྣམས་ནི། ཚེ་ཚད་ནི་སྐྱེས་མ་ཐག་ཏུ་ཤི་བ་དང་། ཚེ་རིང་ཤོས་བསྐལ་པ་ཐུབ་པ་ཡང་ཡོད་པས་མ་ངེས་སོ། །མཛོད་ལས། དུད་འགྲོ་ཕན་ཚུན་རྡོང་དང་སྲོག །རང་དབང་མེད་པར་བསད་སོགས་ཀྱི། །ལྐོརྟག་ཏུ་སྡུག་བསྔལ་གྱིས་གདུང་ལ། །ཕལ་ཆེར་དམྱལ་བ་དག་དང་མཚུངས། །ཞེས་པ་དང་། བཤེས་སྤྲིངས་ལས། དུད་འགྲོའི་སྐྱེ་གནས་ན་ཡང་བསད་པ་དང་། །བཅིངས་


CMR054_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དང་བརྡེགས་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་གྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟོད་པ། །ཁ་ཅིག་མུ་ཏིག་བལ་དང་རུས་པ་དང་། །ཤ་དང་པགས་པའི་ཆེད་དུ་གསོད་པར་འགྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང་། །ལྕག་དང་ལྕགས་ཀྱུ་རྣོན་པོས་བཏབ་སྟེ་བཀོལ། །ཅེས་གསུངས་སོ། །མི་ལ་ཡང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཡོད་དེ། །སྐྱེ་བའི་སྡུག་བསྔལ་ནི། ད་ལྟ་ཅི་ཙམ་འདོད་པ་ཆེ་བ་ཞིག་ཡིན་ཀྱང་། མི་གཙང་བའི་དོང་དུ་ཁྱོད་ཞག་གསུམ་སྡོད་ཁ་བཅད་ལ་བཞག །ཞག་གསུམ་གྱི་ནང་པར་གསེར་སྲང་གསུམ་སྦྱིན་ཟེར་ན་སུས་ཀྱང་མི་ནུས་ཏེ། མངལ་གྱི་སྡུག་བསྔལ་ནི་དེ་བས་ཐུའོ། །དེ་ལྟར་ཡང་སློབ་མ་ལ་སྤྲིང་བ་ལས། ཤིན་ཏུ་མི་བཟད་དྲི་མ་གཙིར་བས་འགགོས། །རབ་ཏུ་དོགས་པ་མུན་ནག་འཐིབ་པོར་འདུག་པ་ཡིས། །མངལ་གནས་དམྱལ་བ་ལྟ་བུའི་ནང་དུ་དེ་ཞུགས་ནས། །ལུས་ཡང་བསྐུམ་ལ་སྡུག་བསྔལ་ཆེན་པོར་གནས་དགོས་སོ། །ཞེས་གསུངས་སོ། །དེ་ལ་ཡིད་ཆེས་ན་ལན་གཅིག་མངལ་དུ་འཇུག་པ་ཡང་སུས་ནུས་སྙམ་དུ་བསམ་མོ། །རྒས་པའི་སྡུག་བསྔལ་ནི། །


CMR054_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་རྒྱ་ཆེ་རོལ་པ་ལས། རྒས་པས་གཟུགས་སྡུག་གཟུགས་ནི་མི་སྡུག་བྱེད། །རྒྱས་པས་གཟི་བརྗིད་འཕྲོག་ཅིང་མཐུ་སྟོབས་ཉམས། །རྒས་པས་བདེ་བ་འཕྲོག་ཅིང་མཐུ་སྟོབས་ཉམས། །རྒས་པས་འཆི་བྱེད་རྒས་པས་མདངས་ཀྱང་འཕྲོག །ཅེས་གསུངས་སོ། །ན་བའི་སྡུག་བསྔལ་ནི། འཕགས་པ་རྒྱ་ཆེར་རོལ་པ་ལས། ནད་བརྒྱ་མང་དང་ནད་འཐིབ་སྡུག་བསྔལ་གྱིས། །འགྲོ་བ་གཙེས་ཏེ་མི་ཡི་ཡི་དྭགས་བཞིན། །ཞེས་གསུངས་སོ། །འཆི་བའི་སྡུག་བསྔལ་ནི། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ། དེ་བཞིན་དུ་འཆི་བདག་གི་གསལ་ཤིང་གིས་ཟུག་སྟེ། རྒྱག་པ་དང་བྲལ། སྐྱབས་ནི་མེད། མགོན་ནི་མེད། དཔུང་གཉེན་ནི་མེད། ནད་ཀྱིས་ནི་གདུང་། ཁ་ནི་སྐམ། བཞིན་ནི་འགྱུར། རྐང་ལག་ནི་གཡབ། ལངས་ནི་མི་ནུས། ཁ་ཆུ་དང་། སྣབ་དང་། གཅིན་དང་། ངན་སྐྱུག་གིས་ནི་ལུས་ལ་གཡོ། ། སྒྲ་ངར་ངར་པོ་ནི་འདོན། སྨན་པས་ནི་བོར། མལ་གྱི་ཐ་མ་ལ་ནི་ཉལ། འཁོར་བའི་ཆུ་རྒྱུན་དུ་ནི་ནུབ། གཤིན་རྗེའི་འཇིགས་པས་ནི་སྐག །དབུགས་རྒྱུ་བ་ནི་འཆད།


CMR054_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྣ་ནི་གདང་། འཇིག་རྟེན་འདི་ནི་འདོར། འཇིག་རྟེན་ཕ་རོལ་དུ་ནི་འགྲོ། སྐྱས་ཆེན་པོ་ནི་འདེགས། མུན་པ་ཆེན་པོར་ནི་ཞུགས། གཡང་ས་ཆེན་པོར་ནི་ལྟུང་། རྒྱ་མཚོ་ཆེན་པོས་ནི་ཁྱེར། ལས་ཀྱི་རླུང་གིས་ནི་བདས། ས་ཚུགས་མེད་པའི་ཕྱོགས་སུ་ནི་འགྲོ། ནོར་བགོ་བཤའ་བྱར་ནི་མེད། ཀྱེ་ཧུད་མ། ཀྱེ་ཧུད་ཕ། ཀྱེ་ཧུད་བུ་ཞེས་ནི་ཟེར། ཆོས་མ་གཏོགས་པ་སྐྱབས་གཞན་ནི་མེད། མགོན་གཞན་མེད། དཔུང་གཉེན་གཞན་མེད་དོ། །ཞེས་གསུངས་སོ། །གཞན་ཡང་ཉེ་དུ་ཤི་བ་དང་། དགྲ་སྡང་བ་སོགས་སྡུག་བསྔལ་བརྒྱད་ཅུ་ཡོད་པར་གསུངས་ཏེ། མདོ་དྲན་པ་ཉེར་བཞག་ལས། སྡུག་བསྔལ་བརྒྱད་ཅུ་པོ་འདིས་ལུས་ཅན་རྣམས་ལ་ཁྱབ་མོད་ཀྱི་གཙོ་བོར་མིའི་སྡུག་བསྔལ་ལོ། །ཞེས་གསུངས་པ་ལྟ་བུའོ། །ལྷ་མ་ཡིན་ལ་ལྷའི་སྡུག་བསྔལ་དང་ཆ་འདྲ་བའི་སྟེང་དུ་ང་རྒྱལ་དང་། ཕྲག་དོག་དང་། འཐབ་རྩོད་ཀྱི་སྡུག་བསྔལ་ཡོད་དོ། །དེ་ལྟར་ཡང་། ལྷ་མིན་དག་ནི་རང་བཞིན་གྱིས་ལྷའི་དཔལ་ལ་སྣང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། ཞེས་གསུངས་སོ། ། །འདོད་ཁམས་ཀྱི་ལྷ་ལ་ཡང་། ལྷ་མ་ཡིན་དང་འཐབ་པའི་སྡུག་


CMR054_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་དང་། འདོད་པས་མི་ངོམས་པའི་སྡུག་བསྔལ་དང་། དཔའ་བཀོང་བའི་སྡུག་བསྔལ་དང་། གཅོད་པ་དང་། དྲལ་བ་དང་། གསོད་པ་དང་། སྨྱུག་པ་དང་། འཆི་འཕོས་དང་། ལྟུང་བའི་སྡུག་བསྔལ་མྱོང་བར་འགྱུར་ཏེ། ཇི་སྐད་དུ། ལྷའི་བུ་འཆི་བ་ལ། ལྟས་རྣམ་པ་ལྔ་འབྱུང་སྟེ། གོས་ལ་དྲི་མ་ཆགས་པར་འགྱུར་བ། མེ་ཏོག་གི་ཕྲེང་བ་རྙིང་པར་འགྱུར། མཆན་ཁུང་གཉིས་ནས་རྔུལ་འབྱུང་བར་འགྱུར། ལུས་ལ་དྲི་ང་བ་འབྱུང་བར་འགྱུར། ལྷའི་བུ་རང་གི་སྟན་ལ་མི་དགའ་བར་གྱུར། །ཞེས་གསུངས་སོ། །གཟུགས་ཁམས་དང་གཟུགས་མེད་ཀྱི་ཁམས་གཉིས་ན་ནི་སྡུག་བསྔལ་དེ་དག་མེད་དོ། །འོན་ཀྱང་འཆི་འཕོ་དང་གནས་ལ་རང་དབང་མེད་པའི་བཕྱིར། གནས་ངན་ལེན་གྱི་སྡུག་བསྔལ་ཡོད་དོ། །སྤྱིར་ཕུང་པོ་འདི་བླང་བ་ཙམ་གྱིས། འདུ་བྱེད་ཀྱི་སྡུག་བསྔལ་ཡོད་དེ། །རང་རེ་ཐ་མལ་པ་རྣམས་ཀྱིས་དེ་མི་ཤེས། འཕགས་པ་རྣམས་ཀྱིས་གཟིགས་ཏེ། མཛོད་ཀྱི་ཊཱིཀ་ལས། ལག་མཐིལ་སྤུ་ཉག་གཅིག་འདུག་པ། །དེ་ནི་མིག་ཏུ་སོང་ན་ཡང་། །མི་བདེ་བ་དང་སྡུག་བསྔལ་བསྐྱེད། །བྱིས་པ་ལག་


CMR054_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་མཐོང་། །འཕགས་པ་སྤྱན་དང་འདྲ་བ་ཡིས། །འདུ་བྱེད་ལ་ནི་སྡུག་བསྔལ་གཟིགས། །ཞེས་གསུངས་སོ། །དེ་ལྟར་ངན་སོང་གསུམ་ནི་སྡུག་བསྔལ་མངོན་གྱུར་བ། །ལྷ་མི་གཉིས་ལ་འགྱུར་བའི་སྡུག་བསྔལ། སེམས་ཅན་ཐམས་ཅད་ལ་འདུ་བྱེད་ཀྱི་སྡུག་བསྔལ་ཡོད་དེ། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་པས། རྒྱ་ཆེ་རོལ་པ་ལས། བྱིས་པ་རྣམས་འཁོར་བའི་སྡུག་བསྔལ་འདི་ལ་ཚིགས་ཤིང་དགའ་བ་ནི་ཕག་མི་གཙང་བ་ལ་ཆགས་པ་ལྟ་བུའོ། །འདི་ན་སེམས་ཅན་རྣམས་ལྟུང་བ་ནི་བྱེ་མ་ལེབ་མར་མེར་ལྟུང་བ་ལྟ་བུའོ། །འདི་ན་སེམས་ཅན་རྣམས་གཏུམ་པ་ནི་ཉ་རྒྱས་གཏུམ་པ་ལྟ་བུའོ། །འདི་ན་སེམས་ཅན་རྣམས་འཁོར་བ་ནི་རྫ་མཁན་གྱི་འཁོར་ལོ་ལྟ་བུའོ། །འདི་ན་སེམས་ཅན་རྣམས་བསླུས་པ་ནི་གཡོན་ཅན་གྱིས་བྱིས་པ་ཁྲིད་པ་ལྟ་བུའོ། །ཞེས་གསུངས་སོ། །གོ་ཤེས་ཅན་རྣམས་ལ་དེ་ཙམ་གྱིས་ཆོག་གི །ཡང་གོ་བ་ཆུང་ཞིང་དམིགས་པ་ཟིན་པའི་རིགས་ལ། སྔོན་ཆད་བདེ་སྐྱིད་འཛོམ་ཞིང་། ཕྱིས་རྒུད་པའི་ཤུལ་དུ་ཕྱིན་པའམ། དེ་མ་འཛོམ་ན་གཅིག་ཏུ་དབེན་པའི་སར་ཕྱིན་པ་ལ། ལུས་གནད་


CMR054_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བདེ་བའི་སྟན་ལ་རྐང་པ་ཕྱེད་དཀྱིལ་དུ་བསྡད་དེ། རྐང་པ་གཡས་པ་ས་ལ་བཙུགས་ལ་སླ་ང་གཡོན་པ་ས་ལ་སྦྱར་ནས་རྐང་པ་གཡས་པའི་པུས་མོར། ལག་པ་གཡས་པའི་གྲུ་མོ་བཙུགས་ལ། ལག་མཐིལ་འགྲམ་པ་གཡས་སུ་སྦྱར། ལག་པ་གཡོན་པའི་མཐིལ་གྱིས་རྐང་པ་གཡོན་པའི་པུས་མོ་བཀབ་སྟེ། མྱ་ངན་གྱི་འདུག་སྟངས་བྱས་པས། དེས་ཀྱང་སྐྱོ་ལྷང་གི་འགྲོ་བ་ཡིན་ནོ། །དམིགས་པ་འདི་ལྟར་བསྒོམ་སྟེ། །འཁོར་བ་འདི་མེའི་དོང་ཆེན་པོ་ཚ་བའི་ངར་དང་ལྡན་པ། གཏིང་ཟབ་པ། རྒྱ་ཆེ་བ། འཕང་མཐོ་བ། དེ་ལྟ་བུའི་མེ་དོང་འཇིགས་སུ་རུང་བ་ཞིག་ཏུ། རང་ཉིད་ཀྱིས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་ཆོ་ངེ་ཙི་རི་རི་ཚུད་ནས་ཡོད་པར་བསྒོམ་ཞིང་ངག་ཏུ་ཡང་མྱ་ངན་གྱི་སྐད་ཀྱིས་འདི་ལྟར་དུ་ལྷང་ལྷང་བརྗོད་དོ། །ཨ་ཙ་མ་ན་ང་རེ་འཇིགས། །ཨ་ཙ་མ་ན་ང་རེ་འཇིགས། །འཁོར་བའི་མེ་དོང་འོབ་ཆེན་འདིར། །སྔོན་ཆད་ཐོག་མ་མེད་དུས་ནས། །ད་རུང་ཚིགས་སོ་ང་རེ་འཇིགས། །ཞེས་སྨྲེ་སྔགས་འདོན་ཞིང་ཡོད་པའི་ཚེ། དེའི་སྟེང་གི་ནམ་མཁའ་ལ་རང་གི་དྲིན་ཆེན་རྩ་བའི་བླ་མ་ཨོ་རྒྱན་རིན་པོ་ཆེ་དེའི་སྐུ་ལ་རུས་


CMR054_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱན་དྲུག་གསོལ་བ། ཕྱག་ན་འོད་ཟེར་གྱི་ལྕགས་ཀྱུ་བསྣམས་པ་ཞིག་བྱུང་ནས། བདག་ལ་འདི་སྐད་ཟེར་བར་སྒོམས་ཤིག །ཀྱེ་མ་འཁོར་བ་སྐྱིད་མེད་མེ་དོང་འོབ་ལྟ་བུ། །འདི་ལ་བཟློག་དུས་ད་ལན་དུས་ཤིག་ཡིན། །ངན་སོང་གསུམ་གྱི་སྡུག་བསྔལ་མཐའ་ལས་འདས། །བདེ་བའི་གོ་སྐབས་སྐད་ཅིག་མ་མཆིས་སོ། །ད་ནི་མེ་དོང་འོབ་ནས་བྲོས་རེ་རན། །ཅེས་གསུངས་པའི་སྒྲ་ཐོས་པ་ཙམ་གྱིས། བོདག་གིས་བསམ་པ་ལ། ཀྱེ་མ་འཁོར་བའི་མེ་དོང་འདིར། སྔོན་ཆད་ཡུན་རིང་དེ་ཙམ་ཞིག་ཆུད། ད་ནི་བླ་མའི་བཀའ་ལ་ཉན་ནས། །བདག་ཀྱང་མེ་དོང་འདི་ལ་བྲོས་ཏེ། སེམས་ཅན་འདི་རྣམས་གཅིག་ཀྱང་མ་ལུས་པ་བདག་གིས་བསྒྲལ་བར་བྱའོ། །སྙམ་པའི་བསམ་པ་དྲག་པོས་སེམས་བསྐྱེད་མ་ཐག་ཏུ། བླ་མའི་ཕྱག་གི་ལྕགས་ཀྱུས་བདག་གི་སྙིང་ཁ་ནས་བཟུང་སྟེ། བདེ་བ་ཅན་གྱི་ཞིང་ཁམས་སུ་ཡེར་གྱིས་བསྒྲལ་མ་ཐག་ཏུ། ཡང་བདག་གི་ལག་ཏུ་འོད་ཟེར་གྱི་ལྕགས་ཀྱུ་ཞིག་བྱུང་ནས། མེ་དོང་གི་སེམས་ཅན་ཐམས་ཅད་རིམ་གྱིས་གཅིག་ཀྱང་མ་ལུས་པར་བསམ་ཞིང་། འཁོར་བའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དྲག་ཏུ་བསྒོམ་མོ། །ཡང་


CMR054_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་དོན་མི་གོ །སྒོམ་པའི་དམིགས་པ་མི་གསལ་ན། འཁོར་བའི་སྡུག་བསྔལ་མིག་གིས་ལྟ་རྒྱུ་ཡོད་དེ། ངན་སོང་གསུམ་གྱི་ནང་ནས་དུད་འགྲོ་སྡུག་བསྔལ་ཆུང་། ཀླུ་མ་གཏོགས་པ་དུད་འགྲོའི་ནང་ནས་རི་དྭགས་གཡུང་དྭགས་འདི་ཚོ་སྐྱིད་ཤོས་ཡིན་ཏེ། རི་དྭགས་རྣམས་གཅན་གཟན་དང་རྔོན་པས་གསོད་ལུགས་ལ་ལྟོས་དང་། སྡུག་བསྔལ་དེ་རང་ཐོག་ཏུ་བབ་ན་བཟོད་ཐབས་ཨེ་འདུག །གཡུང་དྭགས་རྣམས་ཚོང་པས་བཤའ་ས་ན་ལྟོས་དང་། དེ་འདྲ་རང་ལ་བྱས་བྱུང་ན་སྡུག་བསྔལ་ཅི་ཙམ་ཡོང་ལ་འདུག །དེ་འདྲ་ལ་མི་སྐྱེ་བའི་གདེང་ཚོད་ཅི་ཡོད། དགུན་ཁ་ཞག་གཅིག་གོས་མེད་ན་ཅི་ཙམ་འཁྱག །གྲང་དམྱལ་ལ་སྐྱེས་ན་ཅི་འདྲ་བྱེད། མེ་སྟག་ཕོག་ན་བྱབ་སྔ་ཕྱི་ཨི་མི་གདའ། ཚ་དམྱལ་ལ་སྐྱེས་ན་བསྒྱུར་ཨེ་ཚུགས། ཞག་གཉིས་གསུམ་ཞིག་ཟས་སྐོམ་མ་རག་ན་ཅི་འདྲ་ཞིག་འོང་། ཡི་དྭགས་སུ་སྐྱེས་ན་ཅི་ཁམས། བྲེལ་ཟིང་གིས་འུར་ཆེན་པོ་ལངས་ན་སྐྱག་སྔངས་ཅི་ཙམ་འོང་། ལྷ་མ་ཡིན་དུ་སྐྱེས་ན་ཅི་འདྲ་བྱེད། རང་ལ་གང་ཡོད་ཀྱི་སྦྲ་གཞིས་ཞིང་ཁང་རྒྱུ་ཟས་ཅི་ཡོད་དགྲ་ལ་ཤོར་ནས་རང་སྤང་ལ་འཁྱམས་དགོས་བྱུང་ན་སྡུག་བསྔལ་


CMR054_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་བརྩི་སྟེ། དེ་བས་ལྷ་ཕམ་ལྟུང་གི་སྡུག་བསྔལ་བརྒྱ་སྟོང་གི་འགྱུར་ཆེ། དེ་ཚོ་ལ་ལྟ་རྒྱུ་འདུག་པ་མ་མཐོང་ན་ལོང་བ་ཡིན། དེ་ཚོ་མཐོང་ཡང་སེམས་ལ་ནེམ་འབབ་མི་ཐུབ་པ་འདི། སྙིང་རྡོ་ལས་གྲུབ་པ་མིན་ནམ། དེ་རྣམས་ཀྱི་དོན་གྲུབ་ཆེན་མི་ཏྲ་ཛཱ་ཀིའི་ཞལ་ནས། སྡུག་བསྔལ་རྒྱ་མཚོར་གཏིང་མཐའ་མེད། །སྲིད་པའི་ཀླུང་དུ་བྱིང་གྱུར་ཀྱང་། །སྐྱོ་མེད་འཇིགས་མེད་དགའ་དང་རྒོད། །བདག་ཅག་སྙིང་ལ་ཅི་ཞིག་མཆིས། །ཀྱེ་ཧུད་འཇིག་རྟེན་མིག་བཅས་ལོང་། །མངོན་སུམ་ལྟ་རྒྱུ་དེ་མཐོང་ཡང་། །ད་དུང་ཅུང་ཟད་མི་སེམས་པ། །ཁྱོད་སྙིང་རྡོ་རུ་གྱུར་ཏམ་ཅི། །འཁོར་བའི་རྒྱ་མཚོའི་གནས་འདི་ན། །དགྲ་གཉེན་ལ་ཡང་ངེས་པ་མེད། །སྐྱིད་སྡུག་ལ་ཡང་ངེས་པ་མེད། །ཆོས་ཤིག་མ་ནུས་གང་ལའང་སྙིང་པོ་མེད། །འཕགས་པ་ཀ་ཏ་ཡས། ཕ་ཤ་ཟ་ཞིང་མ་ལ་འཚོགས། །ལས་ངན་དགྲ་བོ་པང་ན་བཟུང་། །ཆུང་མས་ཁྱོ་ཡི་རུས་པ་འཆའ། །འཁོར་བའི་ཆོས་ལ་གད་མོ་བྲོད། །གསུངས་སོ། །ཏིང་འཛིན་ཚོགས་ཀྱི་ལེའུར། ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད། །སྐྱེ་བོ་དགྲ་གྱུར་པ་ནི་བཤེས་ཉིད་དོ། །བཟློག་པ་ཉིད་དུ་མཆིས་པ་དེ་ཡི་


CMR054_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

སླད། །འཇིག་རྟེན་འདི་ན་ངེས་པ་འགའ་མ་མཆིས། །དཔུང་བཟང་གིས་ཞུས་པའི་མདོ་ལས། རེ་ཞིག་ཅིག་ན་དགྲ་ཡང་མཛའ་བོར་གྱུར། །མཛའ་བོ་ཡང་ནི་དེ་བཞིན་དགྲ་རུ་འགྱུར། །དེ་བཞིན་ཁ་ཅིག་ཀྱང་ནི་བར་མར་གྱུར། །བར་མ་དེ་ཉིད་ཀྱང་ནི་དགྲ་བོར་འགྱུར། །དེ་བཞིན་མཛའ་བཤེས་འགྱུར་བ་རིག་ནས་ནི། །བློ་གྲོས་ལྡན་པས་ནམ་ཡང་ཆགས་མི་བྱ། །གཉེན་ལ་དགའ་བའི་སེམས་ཀྱི་རྣམ་རྟོག་དག །བཟློག་ནས་དགེ་ལ་ཅི་བདེར་བཞག་པར་བྱ། །མྱ་ངན་བསལ་བ་ལས། ཡང་དང་ཡང་དུ་དམྱལ་བ་ན། །ཟངས་ཞུན་བཀོལ་བ་གང་འཐུང་བ། །རྒྱ་མཚོ་ནང་གི་ཆུ་ལ་ཡང་། །དེ་ཡི་ཚད་ཙམ་ཡོད་མ་ཡིན། །ཁྱི་དང་ཕག་ཏུ་གྱུར་པ་ན། །མི་གཙང་ཟས་ནི་གང་ཟོས་པ། །རི་ཡི་རྒྱལ་པོ་ལྷུན་པོ་ཡི། །ཚད་ལས་ཤིན་ཏུ་ལྷག་པར་འགྱུར། །མཛའ་བཤེས་རབ་ཏུ་བྲལ་བ་ཡིས། །འཁོར་བའི་གནས་སུ་གང་ངུས་པ། །མིག་གི་མཆི་མའི་ཐིགས་པ་ཡིས། །སྣོད་དུ་རྒྱ་མཚོ་རུང་མ་ཡིན། །ཕན་ཚུན་དག་ཏུ་རྩོད་པའི་ཕྱིར། །མགོ་བོ་བཅད་པ་གང་ཡིན་པ། །སྤྱངས་ན་དེ་ལྟར་མཐོ་བ་ཡི། །ཚངས་པའི་འཇིག་རྟེན་ལས་


CMR054_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཐལ། །སྲིན་བུར་གྱུར་ཅིང་རབ་བཀྲེས་པ། །ས་ལུད་ཟོས་པ་གང་ཡིན་པ། །འོ་མའི་རྒྱ་མཚོ་ཆེ་ནང་དུ། །དེ་ཡིས་བཀང་ནས་ཤིན་ཏུ་འགེང་། །ཞེས་གསུངས་དེ་ལྟར་འཁོར་བ་འདི། །སྙིང་པོ་མེད་པའི་མཚངས་རིག་ནས། །སྙིང་པོ་ཡོད་པའི་དམ་ཆོས་ལ། །ད་རེས་སྙིང་རུས་བློ་སྟོབས་བསྐྱེད། །བསམ་ཤེས་ཡོད་མེད་ད་རེས་ལྟ། །ད་རེས་ཐར་པ་ཨེ་ཐོབ་ལྟོས། །འཁོར་བའི་ཉེས་དམིགས་ཀྱི་ཆོས་ཐུན་ཚར་རོ།། །།༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་དྲུག་པ་སྐྱབས་འགྲོའི་ཁྲིད།


CMR054_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

༼ཆ༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་དྲུག་པ་སྐྱབས་འགྲོའི་ཁྲིད་བཞུགས་སོ།།


CMR054_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་གདམས་ངག་ཟབ་མོ། །འཁོར་བའི་སྡུག་བསྔལ་ལས་སྐྱོབ་པའི་ཐབས། སྐྱབས་འགྲོ་གལ་ཆེ་སྟེ། སྤྱན་རས་གཟིགས་ཀྱིས་གསུངས་པའི་རྡོ་རྗེའི་ཚིག་རྐང་ལས། འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་རྣམས། །རིན་ཆེན་གསུམ་ལ་སྐྱབས་འགྲོ་ཞིང་། །དེ་ཡི་བསླབ་བྱ་བསྲུང་བ་ལ། །རང་གི་ལུས་ལྟར་གཅེས་པར་བསྲུང་། །ཞེས་གསུངས་སོ། །འོ་ན་ཕ་མ་དང་གཉེན་གྲོགས་ལ་སོགས་པ་རང་ལ་བརྩེ་ཞིང་ཕན་པར་དགའོ་བ་རྣམས་ལ་སྐྱབས་སུ་འགྲོའམ་ཞེ་ན། དེས་ཀྱང་སྐྱབས་མི་


CMR054_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་སྟེ། འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། ཕ་མ་ཁྱོད་ཀྱི་སྐྱབས་མ་ཡིན། །མཛའ་བཤེས་རྩ་ལག་རྣམས་ཀྱང་མིན། །དེ་དག་གིས་ནི་ཁྱོད་བོར་ནས། །ཅི་ལྟར་འདོད་པ་བཞིན་དུ་འགྲོ། །ཞེས་གསུངས་སོ། །རང་རང་གི་ཡུལ་གྱི་རི་བྲག་གམ། མཚོའམ་ལྗོན་ཤིང་ལ་སོགས་པ་ལ་གནས་པའི་ལྷ་ཀླུ་མཐུ་བོ་ཆེ་རྣམས་ལ་སྐྱབས་སུ་འགྲོ་བར་བྱའམ་ཞེ་ན། དེ་ཀུན་གྱིས་ཀྱང་སྐྱབས་མི་ཐུབ་པས་སྐྱབས་གནས་མ་ཡིན་ཏེ། ཇི་སྐད་དུ། མདོ་ལས། འཇིག་རྟེན་རྣམས་ལ་རི་དང་ནི། །ནགས་ཚལ་དང་ནི་མཆོག་གནས་ཀྱི། །ཀུན་དགའ་


CMR054_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་རྡོ་བ་དང་། །ལྗོན་ཤིང་ལྷ་ལ་སྐྱབས་འགྲོ་ན། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །ཞེས་དང་། མདོ་རྒྱལ་མཚན་དམ་པ་ལས། འཇིགས་པས་ཉེན་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །ལྗོན་ཤིང་སོགས་ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་མཆོག་གྱུར་མ་ཡིན་པས། །སྐྱབས་དེ་དག་ལ་བརྟེན་ནས་ནི། །འཇིགས་པ་ཀུན་ལས་གྲོལ་མི་འགྱུར། །ཞེས་དང་། སྐྱབས་སུ་འགྲོ་བ་འདི་ཡང་འཇིག་རྟེན་གྱི་དྲག་རྩལ་ཅན་ཚངས་པ་དང་ཁྱབ་འཇུག་དང་མ་ཧཱ་དེ་ཝ་ལ་སོགས་པ་ལ་སྐྱབས་ཞུས་ན། ཚེ་འདིའི་ནད་གདོན་སོགས་ཅུང་ཟད་སྐྱོབ་ནུས་ཀྱིས། འཁོར་བའི་སྡུག་བསྔལ་ལས་མི་སྐྱོབ་སྟེ། ཁོ་རང་ཡང་མ་ཐར་བའི་ཕྱིར། ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་ཉིད་གྱུར་པའི། །སྡུག་བསྔལ་རྒྱུན་མི་ཆད་པ་བསྟེན་འཚལ་ལོ། །ཞེས་དང་། བརྒྱ་བྱིན་མཆོད་འོས་ཉིད་དུ་གྱུར་ནས་ཀྱང་། །ལས་ཀྱི་དབང་གིས་སླར་ཡང་ས་སྟེང་ལྟུང་། །ཞེས་གསུངས་སོ། །འོ་ན་སྐྱབས་སུ་འགྲོ་བའི་ཡུལ་གང་ཡིན་ཞེ་ན། མདོ་རྒྱལ་མཚན་དམ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་


CMR054_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་སྐྱབས། །གང་ཞིག་སངས་རྒྱས་ཆོས་དང་ནི། །དགེ་འདུན་དག་ལ་སྐྱབས་འགྲོ་བ། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་། །སྡུག་བསྔལ་ཡང་དག་འགགས་པ་དང་། །བདེ་ཞི་མྱ་ངན་འདས་བྱས་ནས། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །ཞེས་དང་། འཇམ་དཔལ་རྣལ་རོལ་ལས། འཇིགས་གྱུར་འཇིགས་པ་སེལ་མཛད་ཕྱིར། །སྐྱབས་མེད་སྐྱོབ་པའི་སངས་རྒྱས་དང་། །ཆོས་དང་ཚོགས་མཆོག་དགེ་འདུན་ལ། །རྟག་པར་སྐྱབས་སུ་འགྲོ་བར་གྱིས། །གང་དག་དེ་ལ་སྐྱབས་སོང་བ། །འཇིགས་པ་ཀུན་ལས་ཐར་བར་འགྱུར། །ཞེས་གསུངས་སོ། །སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །སྐྱབས་དེ་དག་ལ་བརྟེན་ནས་ནི། །འཇིགས་པ་ཀུན་ལས་ཐར་བར་འགྱུར། །ཞེས་དང་། འབྲས་བུ་དཀོན་མཆོག་གསུམ་སྐྱབས་གནས་ཀྱི་མཐར་ཐུག་ཡིན། །སངས་རྒྱས་འཇིག་རྟེན་དུ་འབྱུང་བར་དཀོན་ཏེ། འཇིག་རྟེན་གྱི་རྒྱན་ཡིན་པའི་ཕྱིར་དང་། ཆོས་དྲི་མ་མེད་པ་ཡིན་ཏེ། འཇིག་རྟེན་གྱི་ལམ་མཆོག་ཡིན་པའི་ཕྱིར། །དགེ་འདུན་


CMR054_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་སྐྱོབ་པའི་མཐུ་དང་ལྡན་ཏེ། འཇིག་རྟེན་གྱི་ཉེས་པས་འགྱུར་བ་མེད་པའི་ཕྱིར་དང་། མཐར་ཐུག་འབྲས་བུའི་དཀོན་མཆོག་གསུམ་སྐྱབས་གནས་སུ་བཞག་པ་ཡིན་ཏེ། རྒྱུད་བླ་མ་ལས། འབྱུང་བར་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་འགྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་རིན་ཆེན་ཉིད། །ཅེས་གསུངས་པ་དང་། དེ་ལྟ་བུའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འོས་ཏེ། བསྟོད་པ་བརྒྱ་ལྔ་བཅུ་པ་ལས། གང་ཞིག་ལ་ནི་ཉེས་པ་ཀུན། །གཏན་ནས་ཡོང་ཡེ་མི་མངའ་ཞིང་། །གང་ལ་རྣམ་པ་ཐམས་ཅད་དུ། །ཡོན་ཏན་ཐམས་ཅད་གནས་གྱུར་པ། །གང་ལ་སེམས་ཤིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང་། །དེ་བསྟོད་དེ་ནི་བཀུར་བ་དང་། །དེ་ཡི་བསྟན་ལ་གནས་པར་རིགས། །ཞེས་གསུངས་པ་ལྟ་བུའོ། །མདོ་ལས། གང་ཞིག་སངས་རྒྱས་ཆོས་དང་ནི། །དགེ་འདུན་དག་ལ་སྐྱབས་སོང་ནས། །ལྷ་དང་དྲི་ཟ་ལྷ་མ་ཡིན། །ཀླུ་དང་གནོད་སྦྱིན་ལ་སོགས་པ། །འཇིགས་པ་ཀུན་ལས་ཐར་བར་འགྱུར། །ཞེས་དང་། དཀོན་མཆོག་དྲི་མ་མེད་པའི་མདོ་ལས། རྐང་གཉིས་གཙོ་


CMR054_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བོ་མ་གཏོགས་པ། །འཇིག་རྟེན་དག་ན་སྐྱབས་གཞན་མེད། །སྐྱོན་མེད་ཡོན་ཏན་རབ་རྫོགས་ཕྱིར། །ཐུབ་པ་སྐྱབས་མེད་རྣམས་ཀྱི་སྐྱབས། །གང་ཞིག་སངས་རྒྱས་ཆོས་དང་ནི། །དགེ་འདུན་བསྟན་ལ་མི་བརྟེན་པ། །དེ་དག་འཇིག་རྟེན་ཕྱི་རོལ་ཞེས། །ལྷ་དང་བཅས་པ་ཀུན་གྱིས་སྨད། །ཅེས་དང་། དེ་ལ་དང་པོ་སྐྱབས་འགྲོའི་དབྱེ་བ་ལ་གཉིས་ཏེ། ཐུན་མོང་གི་སྐྱབས་འགྲོ་དང་། ཁྱད་པར་གྱི་སྐྱབས་འགྲོའོ། །རྟེན་གྱི་གང་ཟག་ལ་ཡང་གཉིས་ལས། ཐུན་མོང་པའི་རྟེན་གྱི་གང་ཟག་ནི། འཁོར་བའི་སྡུག་བསྔལ་གྱིས་འཇིགས་ཤིང་། དཀོན་མཆོག་གསུམ་ལ་ལྷར་འཛིན་པའོ། །ཁྱད་པར་གྱི་རྟེན་གྱི་གང་ཟག་ནི། ཐེག་པ་ཆེན་པོའི་རིགས་ཅན་ལྷ་མིའི་ལུས་རྣམ་པར་དག་པ་ཐོབ་པ་རྣམས་སོ། །ཡུལ་ལ་ཡང་གཉིས་ལས། ཐུན་མོང་པའི་ཡུལ་འཆད་པ་ལ། སངས་རྒྱས་དཀོན་མཆོག་ནི་སྤངས་བ་དང་ཡེ་ཤེས་ཆེ་བའི་བདག་ཉིད་ཕུན་སུམ་ཚོགས་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་སོ། །ཆོས་དཀོན་མཆོག་ལ་གཉིས་ལས། བསྟན་པའི་ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་སོ། །རྟོགས་པའི་ཆོས་ནི་ལམ་གྱི་


CMR054_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་དང་འགོགས་པའི་བདེན་པའོ། །དགེ་འདུན་དཀོན་མཆོག་ལ་གཉིས་ལས། སོ་སོའི་སྐྱེ་བོའི་དགེ་འདུན་ནི། དགེ་སློང་རྣམ་པར་དག་པ་བཞི་ཡན་ཆད་འཚོགས་པ་ཡིན་ལ། འཕགས་པའི་དགེ་འདུན་ནི། སྐྱེས་བུ་ཟུང་བཞི་དང་གང་ཟག་ཡ་བརྒྱད་དག་གོ །སྐྱབས་གནས་ཁྱད་པར་གྱི་ཡུལ་ནི་མདུན་ན་བཞུགས་པའི་ཡུལ་དང་མངོན་པར་རྟོགས་པའི་ཡུལ་དང་། དེ་ཁོ་ན་ཉིད་ཀྱི་ཡུལ་དང་གསུམ་མོ། །དེ་ལ་མདུན་ན་བཞུགས་པའི་ཡུལ་ནི། སངས་རྒྱས་ནི་དེ་བཞིན་གཤེགས་པའི་སྐུ་གཟུགས། ཆོས་ནི་ཐེག་པ་ཆེན་པོའི་པོ་ཏི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དགེ་འདུན་ནི། བྱང་ཆུབ་སེམས་དཔའི་དགེ་འདུན་ནོ། །ཆོས་མངོན་པར་རྟོགས་པའི་ཡུལ་ནི། སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་ནོ། །ཆོས་ནི་དམ་པའི་ཆོས་ཞི་བ་མྱ་ངན་ལས་འདས་པའོ། །དགེ་འདུན་ནི་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའོ། ། །དེ་ཁོ་ན་ཉིད་ཀྱི་ཡུལ་གྱི་དབང་དུ་བྱས་ན་སྐྱབས་སུ་འགྲོ་བའི་ཡུལ་སངས་རྒྱས་ཉག་གཅིག་ཡིན་ནོ། །དེ་ལྟར་ཡང་། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། །དམ་པའི་དོན་དུ་འགྲོ་བའི་སྐྱབས་ནི་སངས་རྒྱས་ཉག་གཅིག་


CMR054_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཞེས་གསུངས་སོ། །འོ་ན་སངས་རྒྱས་ཀྱིས་གཏན་གྱི་སྐྱབས་ཐུབ་པ་ཅིའི་ཕྱིར་ཞེ་ན། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་གསུངས་ཏེ། ཐུབ་པ་རྣམས་སྐྱེ་འགགས་མེད་པ། རྣམ་པ་རྣམ་པར་བྱང་བ། འདོད་ཆགས་དང་བྲལ་བ་སྟེ། ཆོས་ཀྱི་སྐུ་ཅན་ཡིན་པའི་ཕྱིར་ན་ཡང་དམ་པའི་སྐྱབས་ཡིན་ལ། ཐེག་པ་གསུམ་གྱི་ཚོགས་ཀྱང་ཆོས་སྐུ་རྣམ་པར་དག་པ་མཐར་ཐུག་ཐོབ་པས་མཐར་ཕྱིན་པར་འགྱུར་བའི་ཕྱིར་དམ་པའི་སྐྱབས་ཡིན་ནོ། །འོ་ན་ཆོས་དང་དགེ་འདུན་གཉིས་གཏན་གྱི་སྐྱབས་མ་ཡིན་ནམ་ཞེ་ན། རྒྱུད་བླ་མ་ལས། ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་གསུངས་སོ། །དེ་དག་ཅིའི་ཕྱིར་གཏན་གྱི་སྐྱབས་མཆོག་མ་ཡིན་ཞེ་ན། ཆོས་ལ་གཉིས་ཡོད་པ་ལས། བསྟན་པའི་ཆོས་ནི་མིང་གི་ཚོགས་དང་ཡི་གེའི་ཚོགས་ཡིན་པས་ལམ་བསྒྲོད་ཟིན་ནས་གཟིངས་ལྟར་སྤང་བྱ་ཡིན་པས། གཏན་གྱི་སྐྱབས་མ་ཡིན་པའོ། །རྟོགས་པའི་ཆོས་ལ་ཡང་གཉིས་ལས། ལམ་གྱི་བདེན་པ་ནི་འདུས་བྱས་ཡིན་པས་མི་རྟག་པ་སྟེ། བསླ་བའི་ཆོས་ཡིན་


CMR054_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་སྐྱབས་མ་ཡིན་པའོ། །འགོགས་པའི་བདེན་པ་ནི་ཉན་ཐོས་ཀྱིས་ལུགས་ཀྱི་མར་མེ་ཤི་བ་ལྟར་རྒྱུན་ཆད་དུ་འདོད་པས། མེད་པའི་ཕྱིར་གཏན་གྱི་སྐྱབས་མ་ཡིན་པའོ། །དགེ་འདུན་ནི་ཁོ་རང་ཡང་འཁོར་བས་འཇིགས་ནས་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ཏེ། འཇིགས་བཅས་ཡིན་པས་གཏན་གྱི་སྐྱབས་མ་ཡིན་པའོ། །དེ་ལྟར་ཡང་། རྒྱུད་བླ་མ་ལས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་གསུངས་སོ། །དེས་ན་སློབ་དཔོན་ཐོགས་མེད་ཀྱི་ཞལ་ནས་ཀྱང་། མི་ཟད་པའི་སྐྱབས། རྟག་པའི་སྐྱབས། གཡུང་དྲུང་གི་སྐྱབས། དམ་པའི་སྐྱབས་ནི་གཅིག་ཉིད་དེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཞེས་གསུངས་སོ། །འོ་ན་གོང་དུ་སྐྱབས་གསུམ་དུ་གསུངས་པ་དང་འགལ་ལོ་ཞེ་ན་ཐབས་ཀྱིས་གསུམ་མོ། །དེ་ནི་གདུལ་བྱ་དྲངས་བའི་ཐབས་སུ་བྱུང་བ་ཡིན་ཏེ། ཐར་པ་ཆེན་པོའི་མདོ་ལས། མདོར་ན་སྐྱབས་གཅིག་སྟེ། ཐབས་ཀྱིས་ནི་


CMR054_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མོ། །ཞེས་གསུངས་སོ། ཐབས་ཀྱིས་གསུམ་དུ་ཇི་ལྟར་བཞག་ཅེ་ན། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། སྟོན་པ་བསྟན་པ་སློབ་དོན་གྱི། །ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་གསུངས་སོ། །ཡོན་ཏན་གསུམ་དང་། ཐེག་པ་གསུམ་དང་། བྱེད་པ་གསུམ་དང་། མོས་པ་གསུམ་གྱི་དབང་དུ་བྱས་ནས་བཞག་པ་ཡིན་ནོ། །དེ་ཡང་སྟོན་པའི་ཡོན་ཏན་བསྟན་པའི་དོན་དུ། བྱང་ཆུབ་སེམས་དཔའི་ཐེག་པའི་གང་ཟག་དང་། སངས་རྒྱས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ན། སངས་རྒྱས་ལ་སྐྱབས་ཡིན། བསྟན་པའི་ཡོན་ཏན་སྟོན་པའི་དོན་དུ། རང་རྒྱལ་གྱི་ཐེག་པའི་གང་ཟག་དང་། ཆོས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ན་ཆོས་ལ་སྐྱབས་ཡིན། སློབ་མའི་ཡོན་ཏན་བསྟན་པའི་དོན་དུ། ཉན་ཐོས་ཀྱི་ཐེག་པའི་གང་ཟག་དང་། དགེ་འདུན་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ན། དགེ་འདུན་ལ་སྐྱབས་ཡིན། དེ་ལྟར་སངས་རྒྱས་ཆོས་དང་དགེ་འདུན་གསུམ་ནི་


CMR054_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིའི་སྐྱབས་ཡུལ། བླ་མ་ཡི་དམ་མཁའ་འགྲོ་གསུམ་ནི་ནང་གི་སྐྱབས་ཡུལ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ནི་གསང་བའི་སྐྱབས་ཡུལ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ནི་དེ་ཁོ་ན་ཉིད་ཀྱི་སྐྱབས་ཡུལ། དེ་ཐམས་ཅད་ཀྱང་རྩ་བའི་བླ་མར་འདུས་པའི་ཕྱིར། བླ་མ་ཐོག་མར་བརྗོད་པ་ཡིན་ནོ། །དེ་ཡང་དུས་ད་ནས་བཟུང་སྟེ། རང་ཉིད་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པའི་ཕྱིར། ཇི་སྲིད་འཚོའི་བར་དུ་སྐྱབས་སུ་འགྲོ་བ་ནི། ཐེག་པ་ཐུན་མོང་གི་སྐྱབས་འགྲོ་ཡིན་ལ། བདག་དང་སེམས་ཅན་ཐམས་ཅད་སངས་རྒྱས་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ནི་ཐེག་པ་ཆེན་པོའི་སྐྱབས་འགྲོ་ཡིན། སྐྱབས་སུ་སོང་ནས་བསླབ་བྱ་དགུ་ལ་བསླབ་དགོས་སོ། །སངས་རྒྱས་ལ་སྐྱབས་སུ་སོང་ནས་ཕྱི་རོལ་པའི་ལྷ་ལ་ཕྱག་མི་འཚལ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེའི་བསམ་པ་དྲག་པོ་སྤང་། དགེ་འདུན་ལ་སྐྱབས་སུ་སོང་ནས་གྲོགས་མུ་སྟེགས་ཅན་མི་བསྟེན་པ་དང་གསུམ་ནི། ཁྱད་པར་གྱི་བསླབ་བྱ་དང་། སངས་རྒྱས་ལ་སྐྱབས་སུ་སོང་ནས་སངས་རྒྱས་ཀྱི་སྐུ་དོད་ཙམ་ཡན་ཆད་ལ་གུས་པ་དང་། ཆོས་ལ་སྐྱབས་སུ་སོང་ནས་ཡི་གེ་འབྲུ་གཅིག་ཡན་


CMR054_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གུས་པར་བྱ། དགེ་འདུན་ལ་སྐྱབས་སུ་སོང་ནས་ལྷན་པ་སེར་པོ་གྲུ་བཞི་བཏབ་པ་ཡན་ལ་གུས་པར་བྱ། དེ་གསུམ་ཆ་མཐུན་གྱི་བསླབ་བྱ་གསུམ་མོ། །རྒྱུན་དུ་སྐྱབས་འགྲོ་ལ་བརྩོན་པ་དང་། ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་དཀོན་མཆོག་མཆོད་པ། ན་ཚ་སྡུག་བསྔལ་ཅི་དང་ཅི་བྱུང་ཡང་དཀོན་མཆོག་གསུམ་ལས་སྐྱབས་གཞན་མི་ཚོལ་བ་དང་དགུ་སྟེ། མདོ་མྱ་ངན་འདས་ཆེན་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་སོང་ནས། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་དག་ལ་སྐྱབས་སོང་བ། །མུ་སྟེགས་ཅན་ལ་ཕྱག་མི་བྱ། །ཞེས་གསུངས་སོ། །སྐྱབས་གསུམ་བདུན་ཅུ་པ་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བས། །དགེ་བསྙེན་དུ་ནི་དམ་བཅས་པས། །སྐྱབས་ནི་གསུམ་པོ་བསྲུང་བར་བྱ། །མུ་ཧྥསྟེགས་ཅན་ལ་གུས་པ་ཡི། །མཆོད་དང་ཕྱག་འཚལ་མི་བྱའོ། །མདོ་རྩ་བ་ལས། ལྷ་གཞན་ལ་ཕྱག་མི་འཚལ། མཆོད་པ་མི་བྱ། བཀུར་སྟི་མི་བྱའོ། །གནས་སུ་ཕྱིན་ནས་


CMR054_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་དུ་འགྲེང་སྟེ་གཙུག་ལག་གི་ཚིགས་སུ་བཅད་པ་གདོན་པས་དེ་ལ་ཕན་གདག་པར་བྱའོ། །ལྷའི་དབང་པོས་ཞུས་པའི་མདོ་ལས། ཁེ་ཕྱིར་ཚོང་དང་གྲགས་ཕྱིར་བསླུས། །དེ་ཡི་གཅོད་སྦྱོང་བྱེད་པ་རྣམས། །མནར་མེད་ལ་སོགས་དམྱལ་བ་ནི། །སྐྱེས་བུས་མདའ་འཕང་བཞིན་དུ་འགྲོ། །ཞེས་དང་། སྐྱབས་འགྲོ་ཡན་ལག་དྲུག་པར། སྐུ་གཟུགས་ཚིགས་སུ་བཅད་པ་དང་། །ལྷན་པ་སེར་པོ་བཏབ་པ་ལ། །དད་མོས་འདུན་པས་སྟོན་པར་ལྟ། །ཞལ་ནས་གསུངས་པ་མཐའ་དག་ལ། །སྐུར་པ་མི་གདབ་སྤྱི་བོར་བླངས། །གང་ཟག་དག་དང་མ་དག་ལ། །དམ་པར་བལྟ་བར་བྱ་བ་ཡིན། །ཅེས་དང་། མདོ་ལས། ཚལ་བུ་ཙམ་ཞིག་འཛིན་པ་ལ། །སྟོན་པའི་འདུ་ཤེས་མི་བསྐྱེད་བར། །སྡང་ཞིང་མཚང་རྣམས་འབྲུ་བ་ནི། །ང་ཡི་འཁོར་དུ་མ་གཏོགས་སོ། །ཞེས་དང་། བཤེས་སྤྲིངས་ལས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །ཅེས་དང་། ཆེད་དུ་བརྗོད་པའི་ཚོམས་ལས། ཐུབ་པའི་ངུར་སྨིག་བརྒྱན་པ་ནི། །ཚངས་དང་བརྒྱ་བྱིན་ལ་སོགས་པ། །


CMR054_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཆེན་པོ་རྣམས་ཀྱིས་ཀྱང་། །སྤྱི་བོའི་ཅོད་པན་རྩེར་བླངས་ཏེ། །མཆོད་པའི་གནས་སུ་བཞག་པ་ཡིན། །ཅེས་དང་། སྔོན་གླང་པོ་ཆེའི་རྒྱལ་པོས། རྔོན་པ་ངུར་སྨྲིག་གྱོན་པ་ལ། ཆོས་གོས་ངུར་སྨིག་གྱོན་པ་འདི་དག་ནི། །འཁོར་བའི་རྒྱ་མཚོ་ལས་ནི་སྒྲོལ་མཛད་པའོ། །ཞེས་གུས་པས་གནོད་པ་སྐྱོབ། སྟོན་པས་ཀྱང་། མེ་ཏོག་ཙམ་པ་ཀ་ནི་རྙིང་གྱུར་ཀྱང་། །མེ་ཏོག་ཕལ་པ་རྣམས་ཀྱི་དོ་ཟླ་མིན། །ང་ཡི་དགེ་སློང་ཚུལ་ཁྲིམས་འཆལ་གྱུར་ཀྱང་། །སྐྱེ་བོ་ཕལ་པ་རྣམས་ཀྱི་དོ་ཟླ་མིན། །གསུངས་སོ། །སའི་སྙིང་པོའི་མདོ་ལས། སྔོན་རྒྱལ་པོའི་ཁྲིམས་ལ་ཐུག་པའི་མི་ཞིག་དུར་ཁྲོད་དུ་བོར་བའི་མགུལ་དུ། ཆོས་གོས་ཀྱི་ཚལ་པ་ཅིག་རྙེད་པ་བཏགས་པ་སྲིན་པོས་མཐོང་ནས་ཁྱོད་ཀྱི་མགུལ་དུ་བཏགས་པའི་ཚལ་བུ་འདི། དྲང་སྲོང་ཆེན་པོའི་རྒྱལ་མཚན་ན་བཟའ་ལགས། དེ་ལ་མཆོད་ཅིང་བདག་ཅག་ཕྱག་འཚལ་ལོ། །ཞེས་གསུངས་སོ། ཕྱོགས། ཚོམ་ལས། གང་ཞིག་ཉིན་དང་མཚན་རྣམས་སུ། །སངས་རྒྱས་རྗེས་སུ་དྲན་བྱེད་ཅིང་། །གང་དག་སངས་རྒྱས་སྐྱབས་སོང་བ། །དེ་དག་མི་ཡི་རྙེད་པ་ཡིན། །ཆོས་དང་དགེ་


CMR054_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་ལ་ཡང་སྦྱོར། །ཅེས་དང་། སྙིང་རྗེ་པདྨ་དཀར་པོ་ལས། ཀུན་དགའ་བོ་གང་དག་ཁ་ཅིག་སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་གཏོར་ན། །ཀུན་དགའ་བོ་དགེ་བའི་རྩ་བ་དེས་འབྲས་བུ་མྱ་ངན་ལས་འདས་པ་ཐོབ་སྟེ་ཐ་མ་མྱ་ངན་ལས་འདའ་བར་ངས་སྨྲའོ། །དེ་ལྟར་སྐྱབས་སུ་སོང་ཞིང་སྐྱབས་འགྲོའི་སྡོམ་པ་བསྲུང་བའི་ཕན་ཡོན་ནི། སྐྱབས་འགྲོའི་ཕན་ཡོན་བཀའ་བསྟན་བཅོས་ནས་མང་དུ་གསུངས་པ་རྣམས། ཇོ་བོ་རྗེས་བརྒྱད་དུ་བསྡུས་པ་ནི། ནང་པ་སངས་རྒྱས་པར་ཚུད་པའི་ཕན་ཡོན་ནི། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་དང་། མི་དང་མི་མ་ཡིན་པའི་གནོད་པས་མི་ཚུགས་པ་དང་། སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་སྲབ་པར་འགྱུར་བ་དང་། རྒྱུད་ལས། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་ཤིང་འཕེལ་བར་འགྱུར་བ་དང་། ཤི་ནས་ངན་སོང་ངན་འགྲོ་ལོག་པར་མི་ལྟུང་བ་དང་། ལམ་ཁྱད་པར་དུ་འཕགས་པ་རྒྱུད་ལ་སྐྱེ་བ་དང་། མཐར་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕན་ཡོན་དང་བརྒྱད་དོ། །ཞེས་དང་། མདོ་ཉི་མའི་སྙིང་པོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ།།


CMR054_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྣམས་བྱེ་བས་བསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་ཟིན་ཡང་། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་དང་། །དཔའ་བོ་ཕར་ཕྱིན་བསྡུས་པར། སྐྱབས་སོང་བསོད་ནམས་གཟུགས་མཆིས་ན། །སྟོང་གསུམ་འདི་ཡང་སྣོད་དུ་ཆུང་། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཕུལ་ལ་གཞལ་ཡང་ལང་མི་འགྱུར། །ཞེས་གསུངས་སོ། །ཕག་མོའི་རྟོགས་བརྗོད་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ངན་འགྲོར་མི་འགྲོ་སྟེ། །ལྷ་ཡི་ལུས་ནི་སྤངས་ནས་ཀྱང་། །ལྷ་ཡི་ལུས་སུ་སྐྱེ་བར་འགྱུར། །ཆོས་དང་དགེ་འདུན་ལ་ཡང་སྦྱར་ནས་གསུངས། །ཞེས་དང་། མདོ་ལས། རྩྭ་སྐམ་ཕུང་པོ་རི་རབ་ཙམ། །མེ་སྟག་ཆུང་ངུས་བསྲེགས་པ་ལྟར། །དཀོན་མཆོག་གསུམ་ལ་སྐྱབས་སོང་ན། །སྡིག་པ་རི་རབ་ཙམ་ཡང་འབྱངས། །ཞེས་དང་། སྡུད་པ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་འདོད་ཡོན་ལྔ་སྤྱོད་ཀྱང་། །སངས་རྒྱས་ཆོས་དང་དགེ་འདུན་སྐྱབས་སོང་སྟེ། །སངས་རྒྱས་སྒྲུབ་པར་བྱ་སྙམ་ཀུན་མཁྱེན་ཡིད་བྱེད་ན། །མཁས་པས་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་རིག་པར་


CMR054_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ཞེས་དང་། མདོ་ལས། ཇི་ལྟར་ནམ་མཁའ་མཐར་ཐུག་མེད་པ་ལ། །འདོམ་ལ་གཞལ་བ་ཚད་བཟུང་མེད་པ་ལྟར། །དེ་བཞིན་དཀོན་མཆོག་གསུམ་ལ་བརྟེན་པ་ཡི། །ཡོན་ཏན་དང་ནི་སྡིག་པའི་མཐའ་མི་དཔོག །ཅེས་གསུངས་སོ། །དེ་ལྟར་དཀོན་མཆོག་གསུམ་གྱི་སྐྱོབ་པ་ལ། དད་པ་དགོས་ཏེ། ཆོས་བཅུ་པའི་མདོ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་གསུངས་སོ། །སངས་རྒྱས་ཕལ་པོ་ཆེ་ལས་ཀྱང་། སྲིད་པའི་གནས་ཅན་དད་པ་ཆུང་བ་ཡིས། །སངས་རྒྱས་བྱང་ཆུབ་ཤེས་པར་མི་ནུས་སོ། །ཞེས་གསུངས་སོ། །དེས་ནི་དད་པ་བསྐྱེད་པར་བྱ་སྟེ། འཕགས་པ་རྒྱ་ཆེ་རོལ་པ་ལས་ཀྱང་། ཀུན་དགའ་བོ་དད་པ་ལ་སྦྱོར་བར་གྱིས་ཤིག །འདི་ནི་དེ་བཞིན་གཤེགས་པས་གསོལ་བ་འདེབས་པའོ། །ཞེས་གསུངས་སོ། །དད་པ་ལ་གསུམ་སྟེ། །སངས་རྒྱས་ལ་འདོད་པའི་དད་པ། ཆོས་ལ་ཡིད་ཆེས་པའི་དད་པ། དགེ་འདུན་ལ་དྭངས་བའི་དད་པ་སྟེ། ཆོས་མངོན་པ་མཛོད་ལས་ཀྱང། དད་པ་གང་ཞེ་ན། ལས་དང་


CMR054_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་དང་བདེན་པ་དང་། དཀོན་མཆོག་ལ་མངོན་པར་ཡིད་ཆེས་པ་དང་། འདོད་པ་དང་སེམས་དྭངས་བའོ། །གསུངས་སོ། །དེ་ལྟར་དཀོན་མཆོག་གསུམ་ལ་དད་པ་མེད་ན། ཚེ་འདིར་ཡང་ཤི་བའི་རོ་དང་འདྲ། ཕྱི་མ་ཡང་ངན་སོང་ནས་ཐར་བའི་ཐབས་མེད་དེ། འཕགས་པ་ཡུལ་འཁོར་སྲུང་གི་མདོ་ལས། སངས་རྒྱས་ལ་ཡང་མོས་པ་ཡོད་མིན་པ། །ཆོས་དང་ཚོགས་ལའང་དེ་ནི་མོས་པ་མེད། །བསླབ་དང་སྦྱང་བ་དག་ལའང་དེ་མི་མོས། །སྡིག་པའི་བློ་ཅན་ངན་སོང་གསུམ་ཕྱོགས་པ། །དེ་ནི་མི་ནང་འདི་ནས་ཤི་འཕོས་ནས། །ལས་ཀྱི་དབང་གིས་མི་མཁས་རྣམ་པར་རྨོངས། །དམྱལ་བའམ་འོན་ཏེ་དུད་འགྲོའི་འགྲོ་རྣམས་སམ། །ཡི་དྭགས་འགྲོ་བ་རྣམས་སུ་སྡུག་བསྔལ་རྙེད། །ཅེས་དང་། དྲན་ཉེར་དུ། སངས་རྒྱས་དང་ནི་བྲལ་བ་ཡི། །གསོན་པ་གསོན་པ་མིན་པར་འདོད། །ཆོས་དང་རྣམ་པར་བྲལ་བ་ཡི། །གསོན་པ་གསོན་པ་མིན་པར་འདོད། །དགེ་འདུན་རྣམ་པར་སྤྱང་པ་ཡི། །གསོན་པ་གསོན་པ་མིན་པར་འདོད། །ཅེས་གསུངས་སོ། །དེས་ན་དཀོན་མཆོག་གསུམ་སྤངས་ན་རྒྱལ་སྲིད་ལ་སོགས་པའི་བརྔན་


CMR054_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ་སྟེར་ཟེར་ཡང་མི་སྤང་། སྔར་ཡང་གནོད་པ་ཆེན་པོ་བྱས། ད་ཡང་བྱེད་པས་དགྲ་ཞིག་བསད་ན་ཐུབ་པར་འདུག་ཀྱང་སྡོམ་པ་ཤོར་ན་ཆོས་དང་འགལ་བས་མི་གསོད།། རྒྱལ་པོ་དབང་ཆེན་ཞིག་གིས་དཀོན་མཆོག་གསུམ་མི་སྤངས་ན་བརྔན་གསོད་བྱེད་ཟེར་ཡང་མི་སྤང་། པཎྜི་ཏ་མཁས་པ་ཆེན་པོ་ཞིག་གིས། དཀོན་མཆོག་གསུམ་དང་ཆོས་མི་བདེན་པའི་ལོ་རྒྱུས་མང་པོ་བཤད་ཀྱང་ཞེ་མི་འཁྲུགས་ན་དད་པ་ཅན་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། འདུན་དང་ཞེ་སྡང་འཇིགས་པ་དང་། །རྨོངས་པ་གང་ཞིག་ཆོས་མི་འདའ། །དེ་ནི་དད་པ་ཅན་ཞེས་བྱ། །ངེས་པར་ལེགས་པའི་སྣོད་མཆོག་ཡིན། །ཞེས་གསུངས་སོ། །ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཡིད་ཁྱེད་ཤེས་ཀྱི་བློ་མ་བཀལ་ན། །དཀོན་མཆོག་གསུམ་གྱི་བྱིན་རླབས་རྒྱང་རིང་། །ཡིད་ཁྱེད་ཤེས་ཀྱི་དད་པ་བརྟན་པར་གྱིས། བློ་དཀོན་མཆོག་གསུམ་ལ་གཏོད། ཅེས་གསུངས་སོ། །རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གི་ཞལ་ནས། ཆོས་ལ་འཇུག་པ་ལ་དད་པ་གལ་ཆེ་སྟེ། ཐར་པའི་རྟེན་དུ་དད་པ་དགོས། ཡོན་ཏན་གྱི་གཞི་ཡང་དད་པས་བྱེད། བརྩོན་འགྲུས་ཀྱི་གྲོགས་ཀྱང་དད་པས་


CMR054_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། ཤེས་རབ་ཀྱི་མཛོད་ཀྱང་དད་པས་བྱེད། མན་ངག་གི་སྣོད་ཀྱང་དད་པས་བྱེད། དད་པ་མེད་ན་དཀར་པོའི་ཕྱོགས་ཀྱི་ཡོན་ཏན་གང་ཡང་མི་འཆར། །ཆོས་དང་འཕྲད་ནས་དད་པ་མེད་ན། གཟུགས་ཆོས་པར་འདུག་པས་མི་ཕན། ཞིང་མེད་པའི་སོ་ནམ་དང་འདྲ། གྲུ་མེད་པའི་འགྲུལ་པོ་དང་འདྲ། ས་བོན་ཚིག་པའི་མྱུ་གུ་དང་འདྲ། ལག་སྡུམ་གསེར་གླིང་དུ་ཕྱིན་པ་དང་འདྲ། སྲོག་མ་ཆད་པའི་རོ་ཡིན། འདྲེས་མ་ཁྱེར་པའི་སྨོན་པ་ཡིན། སུག་བཞི་ས་ལ་མི་འཛུགས་པའི་བྱོལ་སོང་ཡིན། མིག་ཅེ་རེ་ལྟ་བའི་ལོང་བ་ཡིན། རྣ་བ་ཀྲོང་ངེ་ཉན་པའི་འོན་པ་ཡིན། སྐྱེས་པ་དད་པ་མེད་ན་གླང་ལ་རལ་པ་སྐྱེས་པ་ཡིན། བུད་མེད་དད་པ་མེད་ན་བ་ལ་ནོར་དུ་བཏགས་པ་ཡིན། གཞོན་པ་དད་པ་མེད་ན་དུག་གི་མེ་ཏོག་ཡིན། རྒན་པ་དད་པ་མེད་ན་མུན་གྱི་ས་མཁན་ཡིན། སྤྱིར་དད་པ་འདི་རྒྱུ་ཚོགས་བསགས་པ་ལས་འབྱུང་བས་ཀུན་ལ་སྐྱེ་བར་དཀའ། རྐྱེན་གྱིས་ཡུམ་བསྐུལ་བའི་དད་པ་འདི། གང་ཟག་སྐལ་ལྡན་འགའི་སྤྱོད་ཡུལ་ཡིན། ཞེས་གསུངས་སོ། །དེ་ལ་ཐེག་པ་ཐུན་མོང་གི་སྐྱབས་སྡོམ་ནི། ཁྲིད་འདི་དང་འབྲེལ་ཆུང་བས་མ་ཐོབ་


CMR054_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རུང་ལ། ཞུ་བར་འདོད་པ་ལ་གུད་དུ་གསལ་བ་ལྟར་བྱ། ཐེག་ཆེན་སྐྱབས་སྡོམ་ནི། དབང་དང་སེམས་བསྐྱེད་ཀྱི་ཞོར་ལ་ཐོབ་པས་ཆོག་ལ། རྒྱས་པར་བྱེད་ན་དཀོན་མཆོག་གི་རྟེན་དང་། མཆོད་པ་བཤམས་པ་དང་། སྦྱོར་དངོས་རྗེས་གསུམ་ཞག་གསུམ་དགོས་པས། སྤྲོ་ན་གུད་དུ་གསལ་བ་ལྟར་ཡིན། སྐྱབས་འགྲོའི་འདོན་ཆ་ཡང་རྒྱས་བསྡུས་འབྲིང་གསུམ་སྣ་ཚོགས་པ་ཡོད་དེ། བློ་ལ་ཡོད་ཅིང་སྤྲོས་པ་ལ་དགའ་ན། རང་གིས་གང་ཤེས་དེ་ལྟར་འདོན་ན་ཆོག །སྤྲོས་པ་ལ་མི་དགའ་བ་བློ་ལ་མེད་ན། གསར་དུ་སློབ་པ་སོགས་མི་བྱ་སྟེ། ད་ལམ་འདི་ལ་སློབ་གཉེར་བྱེད་དུ་འོང་བ་མིན། དམིགས་ཐུན་ཞུ་བ་ལ་འོང་བ་ཡིན་པས། ཟིན་ཐུན་བཟུང་ཞིང་བསྡད་པས་དམིགས་པ་མི་ཟིན། ད་རེས་དམིགས་པ་བསྒོམ་པ་གལ་ཆེ། སྐྱབས་ཡུལ་དམིགས་པ་སྒོམ་པ་འདི་ལ། ཡང་རིགས་མི་གཅིག་པ་མང་དུ་ཡོད་དེ། །ད་རེས་ཆོས་འདི་དང་འབྲེལ་ཆེ་བས། གྲུབ་ཆེན་མི་ཏྲ་ཛཱ་ཀིའི་ལུགས་ལྟར་བསྒོམ་པར་བྱ་སྟེ། དེ་ཡང་སྐྱབས་ཡུལ་འདི་ལ་ཡེ་ཤེས་པ་སྤྱན་འདྲེན་མི་དགོས་པའི་དོན་ནི། ནམ་མཁས་གར་ཁྱབ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱིས་ཁྱབ་


CMR054_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །གསུངས་སོ། །དམིགས་པ་དངོས་ནི། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བ་གྱད་དང་སེང་གེས་བཏེག་པ་སྣ་ཚོགས་པདྨ་འབུམ་ལྡན་གྱི་སྟེང་ན་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྒྱས་པ། དེ་ཡི་དབུས་སུ་རང་གི་རྩ་བའི་བླ་མ་འོད་དཔག་མེད་ལོངས་སྤྱོད་རྫོགས་པའི་སྐུའི་ཆ་ལུགས་སུ་བཞུགས་པ་ལ་བཀའ་བརྒྱུད་བླ་མས་བསྐོར་བ། །མདུན་དུ་ཡི་དམ་ཐུགས་རྗེ་ཆེན་པོ་ལ་ཡི་དམ་རྒྱ་མཚོས་བསྐོར་བ། གཡས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སྐལ་བཟང་གི་སངས་རྒྱས་སྟོང་ལ་སོགས་པ་སངས་རྒྱས་རྒྱ་མཚོས་བསྐོར་བ། རྒྱབ་ཏུ་ཡུམ་ཆེན་མོ་ལ་པོ་ཏི་དང་གླེགས་བམ་དམ་ཆོས་རྒྱ་མཚོས་བསྐོར་བ། གཡོན་དུ་ཕྱག་ན་རྡོ་རྗེ་ལ་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་དང་ཉན་ཐོས་མཆོག་བརྒྱད་ལ་ཐེག་ཆེན་དང་ཐེག་དམན་གྱི་དགེ་འདུན་རྒྱ་མཚོས་བསྐོར་བ་ཕྱོགས་དང་ཕྱོགས་ཕྱོགས་མཚམས་ཐམས་ཅད་དཔའ་བོ་མཁའ་འགྲོས་གང་བ། འོག་ཏུ་ཕྱག་བཞི་དྲུག་བེར་གུར་དང་། ལྷ་མོ་དཔོན་གཡོག་དང་བྲག་ལྷ་མགོན་པོ་ལ་སོགས་པ་ཆོས་སྐྱོང་བའི་སྲུང་མ་རྒྱ་


CMR054_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

མཚོས་བསྐོར་བ། སྲུང་སྐྱོབ་ཀྱི་ཚུལ་དུ་བཞུགས་པ། དེ་དག་གི་སྐྱབས་ཞབས་ན་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཚུད་པར་བསྒོམ་ལ། ཕྱག་ཆེན་ལུགས་ལྟར་ན། མ་ནམ་བཞི་སྐོར་གྱི་ཚིག་སྐྱབས་འགྲོ་ལ་བསྒྱུར་ནས། སྟོང་ཕྱག་གམ་བརྒྱ་ཕྱག་ཅི་འགྲུབ་འཚལ་ན་བར་ཆད་ཞི་བ་དང་། སྒྲིབ་པ་དག་པ་དང་། ཉམས་རྟོགས་སྐྱེ་སླ་བའི་གནད་ཡོད། ཡང་དམིགས་པ་རྒྱས་པ་དེ་ཙམ་ཟིན་དཀའ་ན། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་ལ་རྩ་བའི་བླ་མ་དང་དབྱེར་མེད་པའི་སངས་རྒྱས་འོད་དཔག་མེད་སྐུ་མདོག་དམར་པོ་ཆོས་གོས་རྣམ་གསུམ་གསོལ་བ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་མཉམ་བཞག་གི་ཕྱག་རྒྱས་ལྷུང་བཟེད་འཛིན་པ། ཞལ་འཛུམ་པ་མཛོད་སྤུ་དཀར་པོ་ཅན། སྤྱན་ཞི་བས་བདག་ལ་གཟིགས་པར་བསྒོམ། དེ་ཡང་སྐུ་དགེ་འདུན་ཀུན་འདུས། གསུང་དམ་ཆོས་ཀུན་འདུས། ཐུགས་སངས་རྒྱས་ཀུན་འདུས།། ཡོན་ཏན་ཡི་དམ་ཀུན་འདུས། ཕྲིན་ལས་ཆོས་སྐྱོང་ཀུན་འདུས་སུ་བསྒོམས་ལ། ཚེ་འདི་ཕྱི་བར་གསུམ་ལ་ཅི་མཛད་ཁྱེད་ཤེས་ཀྱི་བློ་ལིངས་ཀྱིས་གཏད་ལ། བླ་མ་དཀོན་མཆོག་གསུམ་ལ་


CMR054_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སུ་མཆི། ཞེས་པ་དེ་ཚར་བརྒྱ་ཙམ་འདོན། དེ་ནས་སྐྱབས་ཡུལ་རྒྱས་བསྡུས་གང་སྒོམ་པ་དེ་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་གི་ལུས་ངག་ཡིད་གསུམ་དང་སྐྱབས་ཡུལ་གྱི་སྐུ་གསུང་ཐུགས་དབྱེར་མེད་དུ་འདྲེས་པར་བསྒོམ། དེ་ལྟར་སྒོམ་མཁན་གྱི་སེམས་ལ་བལྟས་པས། ངོ་བོ་སྟོང་ཞིང་རང་བཞིན་གསལ་བ། ཐུགས་རྗེ་འགགས་མེད་ཅི་ཡང་འཆར་བ། དེ་ནི་དོན་དམ་པའི་སྐྱབས་འགྲོ་ཡིན་ཏེ། མ་གཅིག་ལབ་སྒྲོན་གྱིས། རང་སེམས་སྟོང་པ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །ཞེས་དང་། ཨོ་རྒྱན་རིན་པོ་ཆེས། ཡེ་ནས་སྟོང་ཉིད་སྤྲོས་དང་བྲལ་བ་ལ། །སྤྲོས་མེད་སྤྲོས་བྲལ་འདུས་མ་བྱས་པའི་ངང་། །འཛིན་མེད་བློ་འདས་ངང་དུ་སྐྱབས་སུ་མཆི། །ངོ་བོ་རང་བཞིན་ཐུགས་རྗེ་ཀ་ནས་དག །མཉམ་རྫོགས་ཀློང་ཡངས་ཆེན་པོའི་རང་བཞིན་ལ། །རྟོགས་མེད་རང་གསལ་རྗེན་པར་སྐྱབས་སུ་མཆི། །ཞེས་དང་། ཐར་རྒྱན་ལས། ཆོས་ཐམས་ཅད་གདོད་མ་ནས་བདག་མེད་ཅིང་། ཅིའི་ངོ་བོར་ཡང་མ་གྲུབ་པས། སངས་རྒྱས་དང་ཆོས་དང་། དགེ་འདུན་ཡང་དེ་བཞིན་དུ་མཐོང་བར་བྱ་སྟེ། དེ་ནི་མི་ཟད་པའི་སྐྱབས།


CMR054_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པའི་སྐྱབས། གཡུང་དྲུང་གི་སྐྱབས་ཡིན་ནོ། །ཞེས་གསུངས་སོ། མ་དྲོས་པས་ཞུས་པའི་མདོ་ལས་ཀྱང་། ཟང་ཟིང་མེད་པའི་སེམས་ཀྱིས་སྐྱབས་སུ་སོང་བ་གང་ཞེ་ན། །ཆོས་ཐམས་ཅད་མེད་པར་ཤེས་ནས། གཟུགས་སུ་མ་ཡིན།། མཚན་དུ་མ་ཡིན། ཆོས་སུ་མ་ཡིན། སངས་རྒྱས་ཡང་དག་པར་མཐོང་བ་ནི། སངས་རྒྱས་ལ་སྐྱབས་སུ་སོང་བའོ། །ཆོས་ཐམས་ཅད་དབྱིངས་ཀྱི་རྗེས་སུ་མཐོང་བ་ནི། ཆོས་ལ་སྐྱབས་སུ་སོང་བའོ། །འདུས་བྱས་དང་འདུས་མ་བྱས་གཉིས་སུ་མེད་པར་མཐོང་བ་ནི། དགེ་འདུན་ལ་སྐྱབས་སུ་སོང་བའོ། །ཞེས་གསུངས་སོ། །རྒྱུད་སྡེ་རྣམས་ལས་ཀྱང་། རང་སེམས་སྐྱབས་ཀྱི་མཆོག་ཏུ་གསུངས་པའི་ཕྱིར། ཁྱེད་ཁྲིད་ཐོབ་པ་རྣམས་ཀྱིས་དེ་ལྟར་ཉམས་སུ་ལོངས། གསར་པ་རྣམས་ཀྱིས་ཀྱང་། སྐྱབས་ཡུལ་བསྒོམ་ནས་སྐྱབས་འགྲོ་བརྒྱ་རྩ་དང་། སྐྱབས་ཡུལ་རང་ལ་བསྟིམ་ནས་སེམས་ལ་ལྟ་བ་དེ་ལན་མང་དུ་གྱིས་དང་དེས་འཐུས་སོ། །སྐྱབས་འགྲོའི་ཆོས་ཐུན་ཚར་རོ།། །། ༈ ནང་ཆེན་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བདུན་པ་སེམས་བསྐྱེད་ཀྱི་ཁྲིད།


CMR054_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

༼ཇ༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བདུན་པ་སེམས་བསྐྱེད་ཀྱི་ཁྲིད་བཞུགས་སོ།།


CMR054_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་གདམས་ངག་ཟབ་མོ། ཅི་བྱས་བྱང་ཆུབ་ཀྱི་ལམ་དུ་འགྲོ་བའི་ཐབས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ་སྟེ། སྤྱན་རས་གཟིགས་ཀྱི་རྡོ་རྗེའི་ཚིག་རྐང་ལས། མཁའ་ཁྱབ་འགྲོ་བ་ཀུན་དོན་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །ཕ་རོལ་ཕྱིན་དྲུག་བསླབ་བྱ་ལ། །རྒྱལ་བའི་སྲས་ཀྱིས་རྟག་ཏུ་བསླབ། །ཅེས་གསུངས་སོ། །རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་གང་ལགས། རྩ་བ་ནི་གང་ལགས།


CMR054_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་ནི་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་ཁྱོད་ང་ལ་དོན་འདྲི་བ་ལེགས་སོ། །དེའི་ཕྱིར་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག ངས་ཁྱོད་ལ་བཤད་དོ། །རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ། །རྩ་བ་ནི་སྙིང་རྗེ་ཆེན་པོའོ། །མཐར་ཐུག་པ་ནི་ཐབས་སོ། །ཞེས་གསུངས་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན། སངས་རྒྱས་ཀྱི་ཆོས་འདི་དག་དང་གཞན་ཡང་དཔག་ཏུ་མེད་པ་


CMR054_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་འཛིན་ཏོ། །ཆོས་གཅིག་པུ་གང་ཞེ་ན། འདི་ལྟ་སྟེ། བསམ་པ་ཕུན་སུམ་ཚོགས་པ་བྱང་ཆུབ་ཀྱི་སེམས་སོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆོས་གཅིག་པུ་དེ་དང་ལྡན་ན། སངས་རྒྱས་ཀྱི་ཆོས་འདི་དག་དང་གཞན་ཡང་དཔག་ཏུ་མེད་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འོད་ས་བསམ་པ་ཇི་ལྟ་བུ། བྱང་ཆུབ་ཀྱི་སེམས་ཇི་ལྟ་བུ། བཀའ་སྩལ་པ། ཤཱ་རིའི་བུ་བསམ་པ་ཞེས་བྱ་བ་ནི་མི་ཕྱེད་པའི་ཕྱིར་སྙིང་རྗེའོ། །མི་གཡོ་བའི་ཕྱིར་སྙིང་རྗེ་བརྟན་པའོ། །ཞེས་གསུངས་སོ། །འཕགས་པ་ཀླུ་སྒྲུབ་ཀྱིས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐའ་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཅེས་གསུངས་སོ། །ཕལ་པོ་ཆེ་ལས། གང་ཞིག་ཕྱོགས་བཅུའི་རྒྱལ་བ་ལྟ་བ་འདོད་པ་དང་། །གང་ཞིག་སྦྱིན་གཏོང་བསོད་ནམས་མི་ཟད་མཛོད་འདོད་དང་། །འགྲོ་བ་ཀུན་གྱི་སྡུག་བསྔལ་མི་བཟོད་རྟོགས་འདོད་ན། །དེས་ནི་ཡོན་ཏན་མཐའ་ཡས་བྱང་ཆུབ་སེམས་བསྐྱེད་བྱ། །ཞེས་


CMR054_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བསླབ་བཏུས་ལས། སྡུག་བསྔལ་མཐར་ཕྱིན་འདོད་པ་དང་། །བདེ་བའི་མཐར་ཡང་འགྲོ་འདོད་པས། །དད་པའི་རྩ་བ་བསྟན་བྱས་ཏེ། །བྱང་ཆུབ་དང་ནི་བློ་བརྟན་བྱ། །ཞེས་དང་། །ངེས་པ་དང་མ་ངེས་པ་ཕྱག་རྒྱ་ལ་འཇུག་པའི་མདོར། འཇམ་དཔལ་གང་དང་གང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེའི་ཕྱིར། །སེམས་དེ་ལ་མི་དགེའི་ལས་རྣམས་ལ་མ་སྤངས་པ་ཅི་ཡང་མེད་ལ། དེ་ཡང་སངས་རྒྱས་ཀྱི་ཆོས་རྣམས་ལ་མ་བཟུང་བ་གང་ཡང་མེད་པའི་ཕྱིར། །འཇམ་དཔལ་བྱང་ཆུབ་སེམས་དཔའོ་རྣམས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ནོ། །ཞེས་དང་། །བསོད་ནམས་ཐམས་ཅད་བསྡུས་པའི་མདོ་ལས། སྲེད་མེད་ཀྱི་བུ་དཔེར་ན། ཆུ་ཀླུང་དང་ཆུ་མིག་དང་། ཆུ་བྲན་དང་། འབབ་ཆུ་ཐམས་ཅད་ནི་རྒྱ་མཚོ་ཆེན་པོའི་ཁོང་དུ་འདུ་ཞིང་རྗེས་སུ་ཞུགས་པར་རིག་པར་བྱའོ། །དེ་བཞིན་དུ་བསོད་ནམས་བྱ་བའི་དངོས་པོ་གང་ཅི་ཡང་རུང་བ། སྦྱིན་པ་ལས་བྱུང་བ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། སྒོམ་པ་ལས་བྱུང་བ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འཇིག་རྟེན་དང་།


CMR054_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ལས་འདས་པའི་བསོད་ནམས་ཅི་སྙེད་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་རྗེས་སུ་འདུ་ཤིང་རྗེས་སུ་ཞུགས་པ་དག་གོ །སྲེད་མེད་ཀྱི་བུ་དེའི་ཕྱིར་བསོད་ནམས་ཐམས་ཅད་ཡོངས་སུ་བཟུང་བར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །ཞེས་དང་། །བྱམས་པས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན་ངན་སོང་ཐམས་ཅད་སྤངས་ཤིང་། སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་གཅིག་པོ་དེ་གང་ཞེ་ན་འདི་ལྟ་སྟེ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་ཀྱི་སེམས་སོ། །ཞེས་དང་། །བྱམས་པས་ནོར་བཟང་ལ་བྱང་ཆུབ་སེམས་ཀྱི་ཕན་ཡོན་གསུངས་པ་ནི། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །དཀར་པོའི་ཡོན་ཏན་ཐམས་ཅད་འཕེལ་བར་བྱེད་པའི་ཞིང་ས་ལྟ་བུའོ། །འཇིག་རྟེན་ཐོམས་ཅད་བརྟེན་པས་ས་ལྟ་བུའོ། །དབུལ་བ་ཐམས་ཅད་ཡོང་དག་པར་གཅོད་པས་


CMR054_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཐོས་ཀྱི་བུ་ལྟ་བུའོ། །རེ་བ་ཐམས་ཅད་སྐོང་བས་དཔག་བསམ་གྱི་ཤིང་ལྟ་བུའོ། །དོན་ཐམས་ཅད་འགྲུབ་པས་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །ཞེས་སྡོང་པོ་བཀོད་པ་ལས་བམ་པོ་གཉིས་བཞུགས་སོ།། །།སྤྱོད་འཇུག་ལས། བྱང་ཆུབ་སེམས་བསྐྱེད་གྱུར་པའི་སྐལ་ལྡན་ལ། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །རྒྱལ་བ་རྣམས་ཀྱི་སྲས་ཞེས་རབ་བརྗོད་དེ། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །གསེར་འགྱུར་རྩི་ཡིས་རྣམ་པ་མཆོག་ལྟ་བུ། །མི་གཙང་ལུས་འདི་བོར་ནས་རྒྱལ་བའི་སྐུ། །རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། །བྱང་ཆུབ་སེམས་ཞེས་བྱ་བར་རབ་བརྟན་ཟུང་། །དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་སྦྱིན་ཅིང་མི་ཟད་འཕེལ་བར་འགྱུར། །སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་གྱུར་པ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན། །དེས་ནི་དུས་མཐའི་མེ་


CMR054_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །འགྲོ་བའི་འཆི་བདག་འཇོམས་མཛད་པའི། །བདུད་རྩི་མཆོག་ཀྱང་འདི་ཉིད་ཡིན། །འགྲོ་བའི་དབུལ་བ་སེལ་བྱེད་པའི། །མི་ཟད་གཏེར་ཡང་འདི་ཉིད་ཡིན། །འགྲོ་བའི་ཉོན་མོངས་གདུང་སེལ་བའི། །སེམས་ཀྱི་ཟླ་བ་ཤར་བ་ཡིན། །འགྲོ་བའི་མི་ཤེས་རབ་རིབ་དག །དཔྱིས་འབྱིན་ཉི་མ་ཆེན་པོ་ཡིན། །ཞེས་དང་། དེ་བཞིན་གཤེགས་པའི་གསང་བའི་མཛོད་ལས། བྱང་ཆུབ་སེམས་སྐྱེས་བསོད་ནམས་གང་། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །སེམས་ཅན་ཀུན་གྱིས་བསོད་ནམས་ཀྱི། །ཕུང་པོ་ཇི་སྙེད་ཡོངས་བཟུང་བ། །དེ་སྙེད་བྱང་ཆུབ་སེམས་དཔའ་ཡིན། །བྱང་ཆུབ་སེམས་ལ་རབ་ཏུ་འབྱུང་། །ཞེས་དང་། བསླབ་བཏུས་སུ། འདི་ཉིད་དེ་བཞིན་གཤེགས་པ་མཉེས་བྱེད་ཡིན། །སེམས་ཅན་མགུ་བར་བྱེད་པའང་འདི་ཉིད་དེ། །རང་དོན་ཡང་དག་བསྒྲུབ་པོ་ཡང་འདི་ཉིད་དོ། །ཞེས་དང་། སྤྱོད་འཇུག་ལས། དེང་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་


CMR054_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །རྒྱལ་སྲས་རྣམས་ལ་དོ་གལ་ཆེ་བ་སྟེ། །སྡིག་པ་མི་འབྱུང་དགེ་བ་ངང་གིས་འཕེལ། །དེ་ཚེ་བདག་གི་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །རྒྱལ་བའི་སྲས་སུ་ད་གྱུར་ཏོ། །འདི་ནི་བྱང་ཆུབ་སེམས་སྟོབས་ཀྱིས། །སྔོན་གྱི་བསོད་ནམས་ཀུན་གྱི་གཏེར། །དེ་ནི་རྒྱལ་སྲས་ཆགས་མེད་རབ་ཏུ་ཐོབ། །ཅེས་དང་། དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། གང་གཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་ཀུན་མི་གང་གིས། །རིན་ཆེན་བདུན་གྱིས་ཡོངས་བཀང་ཞིང་། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བྱས་ཏེ། །བྱང་ཆུབ་སེམས་ནི་བསྐྱེད་པ་ན། །མཆོད་པ་འདི་ནི་ཁྱད་འཕགས་ཏེ། །དེ་ལ་མཐའ་ནི་མ་མཆིས་སོ། །ཞེས་གསུངས་སོ། །དེ་ལྟར་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཀྱི་རྩི་བ། བྱང་ཆུབ་སེམས་བསྐྱེད་འདིའི་དབྱེ་བ་དང་། ས་མཚམས་སོགས་བཤད་པ་རྒྱ་ཆེན་པོ་ནི། དབུ་མ་དང་ཕར་ཕྱིན་གྱི་ཊཱིཀ་ཆེན་པོ་རྣམས་ནས་གསལ་ཏེ། མཚན་ཉིད་


CMR054_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱིས་སློབ་གཉེར་བྱེད་རྒྱུ་དེ་ཡིན། གོ་དཀའ་ཞིང་ཉམས་ཐོག་ཏུ་ལོན་པར་དཀའ་བས་འདིར་མ་བཤད། དེའི་སྡོམ་པ་ཞུ་བ་ལ་ཡང་། རྒྱ་ཆེན་སྤྱོད་བརྒྱུད་ལུགས་ནི། དགེ་བའི་བཤེས་གཉེན་གཅིག་མ་གཏོགས་མི་སྐྱེ། ཟབ་མོ་ལྟ་བརྒྱུད་ལུགས་ནི་སུ་ལ་ཡང་སྐྱེ། དེ་ཞུ་བར་འདོད་ན་གུད་དུ་གསལ་བ་ལྟར་ཡིན་ཏེ། དབང་གི་ཞོར་ལ་ཡང་ཐོབ་པས་དེས་ཆོག །བྱང་སྡོམ་གྱི་བསྲུང་བྱ་མང་དུ་ཡོད་ཀྱང་། ཐ་མལ་པ་རྣམས་ཀྱིས་ཤེས་དཀའ་ཞིང་བསྲུང་བར་མི་ནུས་པས། རང་གིས་དགེ་རྩ་ཆེ་ཕྲ་ཅི་བྱས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འདི་བྱེད་བསམ་པའི་སེམས་བསྐྱེད་དང་། རྗེས་ནས་དགེ་བ་འདིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་སངས་རྒྱས་ཐོབ་པར་ཤོག་བསམ་པ་དེས་འཐུས་ཏེ། །མདོ་ལས། རྒྱལ་པོ་ཆེན་པོ་ཁྱོད་ནི་བྱ་བ་མང་པོ་བྱེད་པ་མང་བས་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་བྱ་བ་མཐའ་དག་སྒྲུབ་པར་མི་ནུས་ཀྱིས། ཁྱོད་འགྲོའམ་འགྲེང་ངམ་འདུག་ཀྱང་རུང་སྟེ། བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མ་བྲལ་བར་གྱིས་ཤིག་དང་། ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལེགས་པར་སྤྱད་པར་འགྱུར་རོ། །ཞེས་དང་། བྱང་


CMR054_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཏུ་སེམས་བསྐྱེད་ནས་ཉམས་སུ་ལེན་རྒྱུ་ཕ་རོལ་ཕྱིན་དྲུག་ཡིན་ཀྱང་། བསྒོམ་རྒྱུ་དམིགས་པ་ནི་བྱམས་སྙིང་རྗེ་གཙོ་བོ་ཡིན་པས། དེ་ལ་བྱམས་པ་བསྒོམ་པའི་ཕན་ཡོན་ནི། རྒྱ་ཆེར་རོལ་པ་ལས། བྱམས་སེམས་ལྡན་པ་དུག་དང་མཚོན་མི་ཚུགས། །རོ་ལངས་དང་ནི་འཇིགས་པ་གཞན་མི་འབྱུང་། །བྱམས་སེམས་ལྡན་པར་གཞན་གྱིས་གནོད་མི་འགྱུར། །དཔུང་བཅས་བདུད་རྣམས་རྒྱལ་ཆེན་སྡེ་བཅས་པའི། །ནག་པོའི་རྩ་ལག་བྱམས་པའི་སྟོབས་ཀྱིས་འཇོམས། །བླ་མེད་བྱང་ཆུབ་ཞི་བར་སངས་ཡང་རྒྱ། །ཞེས་དང་། ཐར་པ་ཆེན་པོ་ལས། གང་ཞིག་འཇིག་རྟེན་རྣམ་དག་ན། །བསྐལ་པ་གཅིག་གི་བར་དག་ཏུ། །ཚུལ་ཁྲིམས་དམ་པ་བསྲུངས་བ་བས། །སྐྱེས་བུ་དེ་ནི་སྐད་ཅིག་ཙམ། །དེ་བས་བྱམས་པ་བསྒོམ་པ་མཆོག །གང་ཞིག་འཇིག་རྟེན་ས་འདི་རུ། །ལུས་ངག་ཡིད་གསུམ་སྡིག་བསགས་པས། །ངན་སོང་གསུམ་དུ་སྐྱེ་ངེས་ཀྱང་། །བྱམས་པའི་སེམས་དེས་འཕྲལ་དུ་འབྱངས། །གསུངས་སོ། །དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། བྱེ་བ་ཁྲག་ཁྲིག་གཏམ་པའི་ཞིང་རྣམས་སུ། །མཆོད་པ་རྣམས་མང་དཔག་མེད་ཇི་སྙེད་


CMR054_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

པས། །སྐྱེས་མཆོག་རྣམས་ལ་ཉིན་རེ་རྟག་མཆོད་པས། །བྱམས་པའི་སེམས་ལ་གྲངས་དང་ཆར་མི་ཕོད། །ཅེས་གསུངས་སོ། །དཀོན་བརྩེགས་དང་རིན་ཆེན་ཕྲེང་བར། །རྗེའུ་ཚོད་སུམ་བརྒྱའི་ཁ་ཟས་དག །ཉིན་རེ་དུས་གསུམ་སྦྱིན་པས་ཀྱང་། །བྱམས་པ་ཡུད་ཙམ་ཐང་ཅིག་གི །བསོད་ནམས་དག་ལ་ཆར་མི་ཕོད། །ལྷ་མི་བྱམས་པར་འགྱུར་བ་དང་། །དེ་དག་ཀྱང་ནི་བསྲུང་བ་དང་། །ཡིད་དགེ་བ་དང་བདེ་མང་དང་། །དུག་དང་མཚོན་གྱི་གནོད་མེད་དང་། །འབད་པ་མེད་པར་དོན་ཐོབ་དང་། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ། །གལ་ཏེ་གྲོལ་བར་མ་གྱུར་ཀྱང་། །བྱམས་ཆོས་ཡོན་ཏན་བརྒྱད་འཐོབ་བོ། །ཞེས་དང་། དེ་སྐད་དུ། ཉེས་པ་འདི་ཀུན་བྱམས་སོགས་ལ། །ལེགས་པར་གནས་ལ་མི་འབྱུང་སྟེ། །ཉོན་མོངས་ཅན་མིན་སེམས་ཅན་གྱི། །དོན་དུ་སྐྱེ་བ་ཡང་འཛིན་པར་བྱེད། །ཅེས་གསུངས་སོ། །འཇམ་དཔལ་ཞིང་བཀོད་ལས། བྱང་ཤར་གྱི་མཚམས་ནས་སངས་རྒྱས་དབང་ཕྱུག་ཆེན་པོའི་རྒྱལ་པོའི་འཇིག་རྟེན་གྱི་ཁམས་སྟོང་གིས་བརྒྱན་པ་ཞེས་བྱ་བ་དེ་ན། དགེ་སློང་འགོགས་པ་ལ་ཞུགས་པའི་བདེ་བ་བཞིན་དུ་སེམས་ཅན་


CMR054_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་བདེ་བ་དང་ལྡན་ནོ། །དེར་ལོ་བྱེ་བ་བརྒྱ་སྟོང་དུ་ཚངས་པར་སྤྱོད་པ་སྤྱད་པ་བས་ནི། ཞིང་འདིར་ཐ་ནའང་སེ་གོལ་གཏོགས་པའི་ཡུན་ཙམ་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་བསྐྱེད་ན། སྔ་མ་བས་བསོད་ནམས་ཆེས་མང་དུ་བསྐྱེད་ན་ཉིན་མཚན་དུ་གནས་པ་ལྟ་ཅི་སྨོས། ཞེས་དང་། དེ་བཞིན་དུ་བྱམས་སྙིང་རྗེ་བསྒོམས་པའི་ཕན་ཡོན་ཡང་། སྤྱན་རས་གཟིགས་ཀྱི་རྟོགས་པ་བརྗོད་པ་ལས་ཀྱང་། ཆོས་གཅིག་ཡོད་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་བཞག་པ་ལྟ་བུར་འགྱུར་ཏེ། གཅིག་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ། །ཞེས་གསུངས་སོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང་། བཅོམ་ལྡན་འདས་འདི་ལྟ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་གང་དུ་མཆིས་པ་དེར། དཔུང་གི་ཚོགས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་གང་དུ་མཆིས་པ་དེར། སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིའོ། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་གསང་བའི་མདོ་ལས་ཀྱང་། །གསང་བའི་བདག་པོ་ཐམས་ཅད་མཁྱེན་


CMR054_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན་ནོ། །ཞེས་གསུངས་སོ། །དོ་ཧ་ལས། སྙིང་རྗེའི་མེ་ཏོག་གཞན་ཕན་འབྲས་བུ་འབྱིན། །མིང་ནི་གཞན་ལ་ཕན་པའོ། །ཞེས་དང་། རྣམ་སྣང་མངོན་བྱང་གི་རྒྱུད་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི། །སྙིང་རྗེའི་རྩ་ལས་བྱུང་བ་ཡིན། །བྱང་ཆུབ་ཀྱི་རྒྱུ་ལས་བྱུང་བ་ཡིན། །ཐབས་ཀྱི་མཐར་ཕྱིན་པ་ཡིན་ནོ། །ཞེས་དང་། སངས་རྒྱས་ཐོབ་པ་ལ་དང་པོ་གལ་ཆེ་བ་ས་བོན་ལྟ་བུ། བར་དུ་ཆུ་ལུད་ལྟ་བུ། ཐ་མ་སྟོན་ཐོག་ཕུན་སུམ་ཚོགས་པ་ལྟ་བུ་ཡིན་ཏེ། དབུ་མ་འཇུག་པ་ལས། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཐོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། ། དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །ཞེས་གསུངས་སོ། །སྙིང་རྗེ་དེ་ལ་ཡང་། སེམས་ཅན་ལ་དམིགས་པ་ཆོས་ལ་དམིགས་པ་དམིགས་པ་མེད་པ་གསུམ་ལས། ཐོག་མར་སེམས་ཅན་ལ་དམིགས་པའི་སྙིང་རྗེ་གལ་ཆེ་སྟེ། རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་


CMR054_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་པའི་རྒྱལ་པོ། ཐམས་ཅད་མཁྱེན་པའི་སྟོབས་ཀྱི་རྩ་བ་ནི་སྙིང་རྗེ་ཆེན་པོ་ཡིན་ནོ། །གཞི་ནི་སྙིང་རྗེ་ཆེན་པོ་ཡིན་ནོ། །ཡང་དག་པར་འདུ་བ་ལ་ཡང་སྙིང་། །རྗེ་ཆེན་པོ་ཡིན། སྙིང་རྗེ་ཆེན་པོའི་རྩ་བ་གང་ལགས། གཞི་གང་ལགས། ཡང་དག་པར་འདུ་བ་གང་ལགས། རྣམ་པར་འཕྲུལ་པའི་རྒྱལ་པོ། སྙིང་རྗེ་ཆེན་པོའི་རྩ་བ་ནི་སེམས་ཅན་ཡིན། གཞི་ནི་སེམས་ཅན་ཡིན། ཡང་དག་པར་འདུ་བ་ཡང་སེམས་ཅན་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་འཕྲུལ་པའི་རྒྱལ་པོ། སེམས་ཅན་ཐམས་ཅད་རབ་ཏུ་སྒྲོལ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་ལས་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་སྐྱེ་བའི་ཕྱིར་རོ། །རྣམ་པར་འཕྲུལ་པའི་རྒྱལ་པོ། འདི་བྱང་ཆུབ་སེམས་དཔའི་ཤེས་རབ་རྣམ་པར་འཕྲུལ་པ་ལས་འབྱུང་ངོ་། །ཞེས་གསུངས་པ་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། གསང་བའི་བདག་པོས་གསོལ་པ། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པའི་ཡེ་ཤེས་གང་ལ་བཙལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་སྙིང་རྗེའི་རྩ་


CMR054_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་བྱུང་བ་ཡིན། ཐབས་ཀྱི་མཐའ་ཕྱིན་པ་ལས་བྱུང་བ་ཡིན། གསོལ་པ། སྙིང་རྗེའི་རྩ་བ་གང་ལས་བྱུང་བ་ཡིན། བཀའ་སྩལ་པ། གསང་བའི་བདག་པོ། སྙིང་རྗེའི་ལྟརྩ་བ་ནི་སེམས་ཅན་ལས་བྱུང་བའོ། །ཞེས་གསུངས་སོ། །དེ་བཞིན་དུ་འོད་སྲུང་གིས་ཞུས་པའི་མདོ་ལས། དཔེར་ན་ནམ་མཁར་ས་བོན་སྐྱེ་བ་ནི། འདས་དང་མ་འོངས་ད་ལྟ་མེད་དོ། །དེ་བཞིན་དུ་འདུས་མ་བྱས་ལ་སྐྱེ་བ་གང་དུའང་མ་བྱུང་འབྱུང་བར་མི་འགྱུར། དཔེར་ན་ཆུ་ལུད་བཅས་པའི་ས་གཞི་ལ། །ས་བོན་སྐྱེ་བའི་དཀོན་རུང་རྣམས་ལ་མིན། །དེ་བཞིན་ཉོན་མོངས་ལོག་ལྡན་སྐྱེ་བོ་ལ། །རྒྱལ་སྲས་རྣམས་ཀྱི་རྒྱལ་པོའི་ཆོས་རྣམས་སྐྱེ། །དཔེར་ན་པདྨ་ཆུ་རྫིང་རྣམས་ན་སྐྱེ། །དཀོན་རུང་རྣམས་ལ་ནམ་ཡང་སྐྱེ་མི་འགྱུར། །དེ་བཞིན་འདུས་མ་བྱས་ལ་སངས་རྒྱས་ཆོས། །སྐྱེ་བ་གང་ནའང་མ་བྱུང་འབྱུང་མི་འགྱུར། །དཔེར་ན་ལུད་བཅས་འདམ་རྫབ་ཆུ་ལས་ནི། །པདྨ་སྐྱེ་ཡི་ཐང་ལ་ནམ་ཡང་མིན། །དེ་བཞིན་ཉོན་མོངས་ལོག་ལྡན་སྐྱེ་བོ་ལ། །རྒྱལ་སྲས་རྣམས་ཀྱི་སྙིང་རྗེ་ཆེན་པོ་སྐྱེ། །ཞེས་གསུངས་པའོ། །དེ་ལ་ཐོག་མར་བྱམས་པ་བསྒོམས་པས་སྙིང་རྗེ་སྐྱེ་སླ། དེ་ལ་ཚེ་འདི་


CMR054_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནང་གི་དྲིན་ཆེ་ཤོས་ནི་རང་གི་མ་ཡིན་ཏེ། མའི་དྲིན་ཅི་ཙམ་ཡོད་ཅེ་ན། ལུས་བསྐྱེད་པའི་དྲིན་དང་། དཀའ་བ་སྤྱད་པའི་དྲིན་དང་། སྲོག་བྱིན་པའི་དྲིན་དང་། འཇིག་རྟེན་བསྟན་པའི་དྲིན་དང་བཞི་ཡོད་དོ། །དེ་ལྟར་ཡང་། འཕགས་པ་བརྒྱད་སྟོང་པ་ལས། ཅིའི་ཕྱིར་ཞེ་ན། མ་འདིས་ནི་བདག་ཅག་བསྐྱེད་པ། འདིས་ནི་དཀའ་བ་སྤྱད་པ། བདག་ཅག་གི་ནི་སྲོག་བྱིན་པ། འཇིག་རྟེན་ཀུན་བསྟན་པ་ཡིན་ནོ། །ཞེས་གསུངས་སོ། །ཚེ་འདིའི་མ་དྲིན་ཆེ་བ་ལྟར། སེམས་ཅན་ཐམས་ཅད་ཀྱང་ཚེ་རབས་མང་པོའི་ཕ་མ་ཡིན་ཞིང་དྲིན་ཆེ་བ་སྟེ། བཤེས་སྤྲིངས་ལས། རེ་རེའི་བདག་ཉིད་རུས་པའི་ཕུང་པོ་འདི། །ལྷུན་པོ་མཉམ་པར་སྐད་ཅིག་འདས་གྱུར་ཀྱང་། །མ་ཡི་ཐོག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བྱས་ཀྱང་ས་ཡིས་ལོངས་མི་འགྱུར། །ཞེས་དང་། གང་གིས་བདག་གི་མ་བྱས་ཤིང་། །མ་ཡི་ནུ་ཞོ་འཐུང་བ་ཙམ། །རྒྱ་མཚོ་བཞི་ཡི་ཆུ་ཡང་མེད། །གང་གིས་བདག་གི་ཕ་བྱས་ཤིང་། །རྟ་དང་གླང་པོ་བྱིན་པ་ཡང་། །ཚངས་པའི་འཇིག་རྟེན་ལས་ཀྱང་ཐལ། །ཞེས་དང་། སྤྱོད་འཇུག་ལས། གང་གིས་


CMR054_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོར་མ་ཉལ་བའི་སེམས་ཅན་གཅིག་མེད་ཅིང་། །གང་གིས་ནོར་རྫས་བྱིན་དང་སྲུང་ལ་སོགས། །བདག་གི་དོན་དུ་དཀའ་བ་མ་བསྐྱེད་སེམས་ཅན་ནི། །གཅིག་ཀྱང་མེད་ཕྱིར་ཀུན་ལ་སྙོམ་པར་བྱ། །ཞེས་དང་། སློབ་སྤྲིངས་ལས། བྱིས་པ་སང་ནས་བཙའ་བ་ཅི་ཡང་མི་ནུས་པ། །གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱི་ཟག་བཏུང་བ། །ངལ་བ་མང་བསྟན་བྱམས་པ་བསྟན་པ་དེ་དག་འདིར། །ཤིན་ཏུ་མ་རབས་ཞིང་ན་ཡང་སྤང་བར་སུ་ཞིག་སྤྲོ། །ཞེས་གསུངས་སོ། །ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཁྱད་པར་ཐུགས་རྗེ་ཆེན་པོ་བྱམས་དང་སྙིང་རྗེའི་བདག་ཉིད་ཡིན་པས། བྱམས་སྙིང་རྗེའི་ཁྲིད་ཅེས་དང་། ཕ་མ་ད་ལྟའི་དྲིན་ཆེན་འདི། ཀུན་གྱིས་དཀའ་བ་དང་དྲིན་དེ་ཙམ་གྱིས་བསྐྱང་རུང་། ཁྱོད་ཞེ་ཐག་པས་སྙིང་རྗེ་བྱམས་པ་མི་སྐྱེ་བ་ཁྱོད་འདྲ་བ་གདེང་མེད་པོ། ཁྲེལ་མེད་པ་པོ། ངོ་ཚ་མེད་པ། སྙིང་རྗེ་མེད། ཕྱི་ཐག་མེད། དྲིན་དུ་མི་བཟོ་ཁ་ཆོས་ཞེ་ངན་པོ། ཁྱོད་རེ་སྡུག །ཞེ་རེ་ཁྲེལ། ལས་རེ་ངན། དཀོན་མཆོག་གི་ཞེ་རེ་ཁྲེལ་བྱས་ལ་སྙིང་ནས་བྱམས་དང་སྙིང་རྗེ་བསྒོམ། དེ་ཡང་བློ་སྦྱོང་གཞུང་ལས། གཏོང་ལེན་གཉིས་པོ་སྤེལ་མར་


CMR054_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱང་། །དེ་གཉིས་རླུང་ལ་བསྐྱོན་པར་བྱ། །ལེགས་པའི་གོ་རིམ་རང་ནས་བརྩམ། །ཞེས་གསུངས་སོ། །གཏོང་ལེན་སྒོམ་པ་འདི་ནི་བདག་གཞན་གོ་བརྗེ་བ་ཡིན་པས་ཤིན་ཏུ་གལ་ཆེ་བ་ཡིན་ཏེ། སྤྱོད་འཇུག་ལས། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་སྐྱོབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་དང་། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྱུར་ཞིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་དང་། དེ་ལྟར་བདག་གནོད་ཞི་བ་དང་། །གཞན་གྱི་སྡུག་བསྔལ་ཞི་བའི་ཕྱིར། །བདག་ཉིད་གཞན་ལ་གཏོང་བ་དང་། །གཞན་རྣམས་བདག་བཞིན་བཟུང་བར་བྱ། །ཞེས་གསུངས་སོ། །བདག་གཞན་བརྗེ་བའི་དོན་རང་ཡང་། སྔར་རང་ལ་གཅེས་པར་འཛིན། གཞན་ཡལ་བར་འདོར་བའི་བློ་འདི་གོ་ས་བརྗེས་ནས་ད་ནི་གཞན་གཅེས་པར་བཟུང་ནས་བདག་བདེ་གཞན་ལ་གཏོང་། རང་ཡལ་བར་དོར་ནས་གཞན་གྱི་སྡུག་བསྔལ་བདག་ལ་ལེན་པ་ཡིན་ནོ། །ཕྱག་ཆེན་ལྔ་ལྡན་གྱི་རྩ་བ་ཡང་འདི་ཡིན་


CMR054_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། བྱང་ཆུབ་སེམས་ཀྱི་རྟ་ཕོ་ལ། །གཞན་ཕན་གྱི་དཀྱུས་ཐོག་མ་བཅད་ན། །ཁྲོམ་ལྷ་མའི་འཁོར་ཆེ་མི་འབྱུང་བས། །བྱང་ཆུབ་ཀྱི་སེམས་ལ་འབད་ཀྱང་འཚལ། །ཞེས་གསུངས་སོ། །སེམས་བསྐྱེད་བླང་བའི་ཡུལ་ཡང་། བསྟན་པ་སྤྱི་ཡི་ལུགས་ལ། སྟོན་པ་ཤཱཀྱ་ཐུབ་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བར་སྒོམ་པ་ཡིན་ནའང་། ཆོས་འདིའི་ལུགས་ཀྱི་སངས་རྒྱས་འོད་དཔག་མེད་སྒོམ་པ་ཡིན། སེམས་བསྐྱེད་ཀྱི་འདོན་ཆ་མི་འདྲ་བ་མང་དུ་ཡོད་པ། ཐུགས་ལ་ཡོད་པ་རྣམས་ཀྱིས་རང་རང་གཞུང་ལྟར་འདོན་ཆོག །བློ་ལ་མེད་ན་གསར་དུ་བཟུང་བ་སོགས་མི་བྱ་སྟེ། ཚིག་གཅིག་པོ་འདིས་ཆོག །དམིགས་པ་སྒོམ་པ་གལ་ཆེ་སྟེ། དམིགས་པ་ནི། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་དང་པད་ཟླའི་སྟེང་དུ། རྩ་བའི་བླ་མ་དང་དབྱེར་མེད་པ། སྟོན་པ་ཆོས་སྐུ་སྣང་བ་མཐའ་ཡས། སྐུ་མདོག་དམར་པོ་དབུ་གཙུག་ཏོར་ཞབས་འཁོར་ལོ་སོགས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ཕྱག་གཉིས་མཉམ་བཞག་གི་


CMR054_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ན་ལྷུང་བཟེད་བདུད་རྩིས་བཀང་བ་བསྣམས་པ། དེའི་གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དཀར་པོ་གཡོན་དུ་མཐུ་ཆེན་ཐོབ་སྔོན་པོ། །གཉིས་ཀ་བྱང་ཆུབ་སེམས་དཔའི་ཆ་ལུགས་ཅན། བསྡུ་ན་དེ་གསུམ་གྱིས་ཆོག །དམིགས་པ་ཟིན་ན་སྐྱབས་འགྲོའི་སྐབས་ལྟར་དཀོན་མཆོག་ལྔ་ཚོམ་བསྒོམ། དེའི་དྲུང་དུ་དད་གུས་རྩེ་གཅིག་པས། ད་ནི་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་བའི་ཕ་མ་སེམས་ཅན་འདི་རྣམས་སྡུག་བསྔལ་ལས་བསྒྲལ་བའི་དོན་དུ་བདག་གིས་རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་པར་བྱའོ། །སྙམ་དུ་སེམས་ཐག་པ་ནས་བསམ་སྟེ། སངས་རྒྱས་ཆོས་ཚོགས་མ་ཚར་མང་དུ་བརྗོད་པས་བྱང་སྡོམ་སྐྱེ་བར་དཔལ་གཙུག་ལག་ཕྲེང་བས་གསུངས། ཚིགས་བཅད་དེ་ཡང་མང་མས་ཤེས་དཀའ་བས། ཇོ་བོ་རྗེའི། བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་པ་འདི་བརྒྱ་ཚར་ཙམ་འདོན། མཐར་ནམ་མཁའི་སྐྱབས་ཡུལ་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་བཞི་གཞུང་ལྟར་བསྒོམ། དེ་ནས་


CMR054_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ཕར་བུས་པས། རང་གི་བདེ་སྐྱིད་དང་དགེ་བའི་རྩ་བ་ཅི་ཡོད་པ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་སིབ་ཀྱིས་ཐིམ་ནས། སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན། བདེ་བའི་རྒྱུ་བསོད་ནམས་ཡེ་ཤེས་ཀྱི་ཚོགས་གཉིས་དང་ལྡན་པར་བསྒོམས་ལ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །ཅེས་བརྗོད་པ་ནི་བྱམས་པ་བསྒོམ་པ་ཡིན་ལ། རླུང་ནང་དུ་རྔུབ་པའི་ཚེ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་སྡིག་སྒྲིབ་ཅི་ཡོད་པ་ཐམས་ཅད་སིབས་སེ་རང་ལ་ཐིམ་པས། མེ་ལ་ཤིང་བསྣན་པ་ལྟར། རང་ཐུགས་རྗེ་ཆེན་པོའི་བཀྲག་མདངས་སྔར་ལས་རྒྱས། སེམས་ཅན་ཐམས་ཅད་རིགས་དྲུག་སོ་སོའི་སྡུག་བསྔལ་དང་། སྡུག་བསྔལ་གྱི་རྒྱུ་སྡིག་སྒྲིབ་ཐམས་ཅད་དང་བྲལ་བ་བསྒོམས་ལ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུལ་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །ཅེས་བརྗོད་པ་ནི་སྙིང་རྗེ་བསྒོམ་པ་སྟེ། དེ་ཡང་སྐྱེ་སླ་ཕྱིར་དང་པོ་རང་གི་མ་ལ་བསྒོམ། དེ་ནས་རང་གི་མཐུན་ཕྱོགས་ལ་བསྒོམ། དེ་ནས་ཆོས་དང་བསམ་པ་གཅིག་པ་རྣམས་ལ་བསྒོམ། དེ་ནས་དགྲ་གཉེན་མེད་པར་ཀུན་ལ་


CMR054_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། དེ་ཡང་བྱམས་སྙིང་རྗེའི་དབང་གིས་མཆི་མ་འཁྲུགས་པ་བྱུང་ན། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་ཡིན། དེ་ཡང་དགྲ་གཉེན་དང་ཕྱོགས་རིས་མེད་པ་སེམས་ཅན་ཐམས་ཅད་ལ་མཉམ་ན། བྱམས་པ་ཚད་མེད་དང་སྙིང་རྗེ་ཚད་མེད་ཡིན། གཏོང་ལེན་དམིགས་པ་དེ་གཉིས་ཐུན་རེ་ལ་བརྒྱ་རེའམ། རང་གི་ལོ་གྲངས་སམ་ཉེར་གཅིག་ཙམ་རེ་བསྒོམ། དེ་ནས་དེ་སྒོམ་མཁན་གྱི་སེམས་ལ་བལྟས་པས། བསོད་ནམས་དགེ་རྩ་ཕར་བཏང་བ་དང་། སྡིག་སྒྲིབ་ཚུར་བླངས་པ་དེ་ཐམས་ཅད་སེམས་ཡིན། སེམས་ནི་གདོད་མ་ནས་མ་སྐྱེས་པ་ནམ་མཁའ་ལྟ་བུ། སྟོང་པ་ཉིད་ཀྱི་ངོ་བོ། ཡེ་ནས་འོད་གསལ་བ་ཡིན་ཏེ། སེམས་བསྐྱེད་ཆེན་པོའི་མདོ་ལས། འོད་སྲུང་ནམ་མཁའ་ལྟར་མཚན་ཉིད་མེད་ཅིང་། ཡེ་ནས་འོད་གསལ་བ་རྣམ་པར་དག་པ་དེ་ལ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱའོ། །ཞེས་དང་། སེམས་བསྐྱེད་ཀྱི་ཆོ་ག་རྒྱས་པ་ནས། དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་། གཟུང་བ་དང་འཛིན་པ་ཐམས་ཅད་རྣམ་པར་སྤང་བ། ཆོས་བདག་མེད་པ་མཉམ་པ་ཉིད་ཀྱི་རང་གི་སེམས་


CMR054_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་མ་ནས་མ་སྐྱེས་པ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བགྱིའོ། །ཞེས་གསུངས་པའི་ཕྱིར་ཁྱེད་རང་ཉམས་ལེན་ཡོད་པ་རྣམས་ཀྱིས་སེམས་ངོ་མ་ཡེངས་པའི་ངང་ནས་གཏོང་ལེན་གྱི་དམིགས་པ་བསྒོམ་དང་། བྱམས་པ་ནི་བྱམས་ཆེན་གཉུག་མའི་ཏིང་ངེ་འཛིན་དང་། སྙིང་རྗེ་ནི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན་པས། དེ་ལས་ཟབ་པའི་ཆོས་མདོ་ལུགས་ལ་མེད་པ་ཡིན། གསར་བུ་རྣམས་ཀྱིས་ཀྱང་གཏོང་ལེན་དེ་ཡུན་རིང་བསྒོམ་རྗེས། དེ་སྒོམ་མཁན་གྱི་སེམས་དེ་ལ་ལྟོས་ནི་སྡོད་དང་། ལས་འཕྲོ་ཡོད་ན་འདི་སྐབས་ནས་ཉམས་རྟོགས་བཟང་པོར་སྐྱེ་ཡང་སྲིད་པ་ཡིན། གཏོང་ལེན་གྱི་སྐབས་སུ་རང་ལུས་ལྷར་མ་བསྒོམས་ཀྱང་རུང་སྟེ། གསར་བུ་རྣམས་དམིགས་པ་དེ་ལ་རྣམ་ཀ་འོང་དོགས་པས་དེ་བགགས་པ་དང་། མི་ཏྲ་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ལས། རང་ལུས་ལྷར་བསྒོམ་པར་གསུངས་ཏེ་སྒོམ་པ་དེ་ལེགས། མ་བསྒོམས་ཀྱང་རང་ལ་གནོད་དོགས་མི་དགོས་ཏེ། རྡོ་རྗེའི་གསུང་དགོངས་པ་གཅིག་པ་ལས། སྲུང་འཁོར་རྨད་བྱུང་བྱང་ཆུབ་གོ་ཆ་ཡིན། །ཅེས་དང་། མཚན་བརྗོད་ལས། བྱམས་པའི་གོ་ཆ་


CMR054_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཆས་པ་སྟེ། །སྙིང་རྗེ་ཡི་ནི་ཡ་ལད་བགོས། །ཞེས་གསུངས་པས་གཏོང་ལེན་གྱི་དམིགས་པ་དེ་ཐུན་རེ་རྒྱུན་དུ་བསྒོམས་ན། བར་ཆད་གང་གིས་ཀྱང་མི་ཚུགས་ཏེ་སྲུང་བའི་མཆོག་ཡིན། ཕོ་གདོན་མོ་གདོན་ཀླུ་གདོན་སོགས་གདོན་གྱིས་གནོད་ན་ཡང་། གདོན་དེ་རང་ལ་བྱམས་སྙིང་རྗེ་གཏོང་ལེན་གྱི་དམིགས་པ་ཕུར་ཚུགས་སུ་བྱས་ན། གདོན་དེ་དམ་ལ་ཐོགས་ནས་རང་གི་ཆོས་སྐྱོང་དུ་འོང་བ་ཡིན་ཏེ། སྔོན་བཅོམ་ལྡན་འདས་ཀྱིས་ཀྱང་བྱམས་པའི་ཏིང་ངེ་འཛིན་གྱིས་བདུད་བཏུལ། ། མཚོན་ཆའི་ཆར་རྣམས་ཀྱང་མེ་ཏོག་གི་ཆར་དུ་གྱུར་པ་ཡིན།། རང་ཉིད་ནད་ཀྱིས་བཏབ་ན་ཡང་། སེམས་ཅན་ཐམས་ཅད་ཀྱི་ནད་དང་སྡུག་བསྔལ་ཐམས་ཅད་རང་གི་ན་སར་བསྟིམས་པས། གཏོང་ལེན་གྱི་དམིགས་པ་དེ་ཕུར་ཚུགས་སུ་བསྒོམ་ན། ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པའི་ནད་ཐམས་ཅད་ལ་ཕན་ཏེ། སྔོན་དགེ་བའི་བཤེས་གཉེན་འཆད་དཀའ་བས། གཏོང་ལེན་གྱི་དམིགས་པ་འདི་ཁོ་ན་ལ་བརྟེན་ནས་མཛེ་ཕོ་ལྔ་བརྒྱ་ཙམ་ལ་ཕན་པས། བཀའ་གདམས་པའི་མཛེ་ཆོས་སུ་གྲགས། སྐྱོབ་པ་འཇིག་རྟེན་མགོན་པོ་ལ་མཛེ་བྱུང་བས། གཏོང་ལེན་


CMR054_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་དུས་ཤངས་བུག་ནས་སྦྲུལ་དཀར་པོ་གཅིག་ཕྱིར་ཐོན་སྐུ་ལུས་བདེ། མི་བསྒོམ་དུས་སུ་ཚུར་ཞུགས་ནས་བསྙུང་གཞི་ཐུ་བ་བྱུང་། །གདམས་པ་འདི་གཞན་ལ་གནང་བས་མཛེ་ཕོ་མང་པོར་ཕན་པས། ཀྱུ་རས་མཛེ་ལ་འུར་དེད་བྱས་ཞེས་གྲགས། །གལ་ཏེ་ལས་ནད་ཡིན་ནས་མ་ཕན་ན་ཡང་དམིགས་པ་དེ་བསྒོམས་པས། ན་བའི་ཟུག་གཟེར་དེས། ཚེ་སྔོན་གྱི་སྡིག་སྒྲིབ་ཅི་ཡོད་པ་དག་པར་འགྱུར་ཏེ། ཕ་དམ་པའི་ཞལ་ནས། ན་བ་ན་བ་མ་ཡིན་ཏེ། །རྣལ་འབྱོར་སྒྲིབ་པའི་ཕྱགས་ཤིང་ཡིན། །ཞེས་གསུངས་པས། ན་བ་དེ་བྱང་ཆུབ་ཀྱི་ལམ་དུ་འགྱུར་རོ། །དེ་བཞིན་དུ་རང་ལ་སྡུག་བསྔལ་ཅི་བྱུང་ཡང་རུང་སྟེ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དེ་རང་གི་སྡུག་བསྔལ་དེ་ལ་བསྟིམས་ནས། གཏོང་ལེན་གྱི་དམིགས་པ་དེ་བསྒོམས་པས། སྡུག་བསྔལ་ཅི་བྱུང་ཡང་བྱང་ཆུབ་ཀྱི་ལམ་དུ་འགྱུར་རོ། །དེ་བཞིན་དུ་མ་ཉེས་པའི་ཁ་ཡོག་གཤེ་སྐུར་སྒྲ་ཕབ་གཏམ་ངན་སེམས་ལ་མི་བཟོད་པ་གང་བྱུང་ཚེ། ནད་བརྒྱ་སྨན་གཅིག་ལྟར་གཏོང་ལེན་དེ་ཁོ་ན་བསྒོམས་པས། སྡིག་སྒྲིབ་ཐམས་ཅད་རྩད་ནས་གཅོད་དེ། དུས་སྙིགས་མ་ལྔ་འདི་བྱང་ཆུབ་ཀྱི་ལམ་དུ་འགྱུར་བའི་


CMR054_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས། ཇོ་བོ་གསེར་གླིང་པ་ནས་ཨ་ཏི་ཤ་ལ་བརྒྱུད་པའི་གདམས་ངག །བཀའ་སྡེ་སྣོད་བདེ་བ་ཡིན་པས་ཉམས་སུ་ལོངས་ཤིག །སེམས་བསྐྱེད་ཀྱི་ཆོས་ཐུན་ཚར་རོ།། ། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བརྒྱད་པ་སྒྲིབ་སྦྱངས་ཀྱི་ཁྲིད།


CMR054_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

༼ཉ༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བརྒྱད་པ་སྒྲིབ་སྦྱངས་ཀྱི་ཁྲིད་བཞུགས་སོ།།


CMR054_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་གདམས་ངག་ཟབ་མོ། །སྡིག་སྒྲིབ་ཉེས་ལྟུང་སྦྱང་བའི་ཐབས། །སྟོབས་བཞིའི་སྒོ་ནས་བཤགས་པ་གལ་ཆེ་སྟེ། ཚེ་རབས་ཐམས་ཅད་དུ་གནོད་པ་ནི་སྡིག་སྒྲིབ་ཡིན། དེ་བཤགས་ན་དག མ་བཤགས་ན་དུས་ནམ་ཞིག་ངེས་པར་སྨིན་དགོས་པ་ཡིན། ཚེ་འདི་ལ་སྡིག་པ་ཆེན་པོ་མ་བྱས་བསམ་ན་ཡང་། དྲི་མེད་བཤགས་རྒྱུད་དང་། སློབ་དཔོན་ཟླ་བ་གྲགས་པའི་གསུང་མཐུན་པར། ཤ་རུས་བསགས་ན་འཇིག་རྟེན་ལྟོས་དང་མཉམ། །རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འཕྲོ་


CMR054_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་ན་བསམ་འདས་བརྗོད་མི་ལོངས། །ཞེས་གསུངས་པས་ཚེ་རབས་སྔ་མའི་སྡིག་སྒྲིབ་དཔག་ཏུ་མེད་པ་ཞིག་ཡོད། རིགས་དྲུག་གང་དུ་སྐྱེས་ཀྱང་ཆོས་དང་ལྡན་པའི་ལུས་ཐོབ་པ་ཉུང་། དེའི་ཚེ་གང་བྱས་ཐམས་ཅད་སྡིག་པ་ཁོ་ན་ཡིན་ཏེ། ཆེད་དུ་བརྗོད་པའི་ཚོམ་ལས། །ལྕགས་ལ་གཡའ་ནི་ལང་གྱུར་པ། །ལང་པ་དེས་ནི་རང་ཉིད་ཟ། །དེ་བཞིན་མ་བརྟགས་བྱས་པ་ཡི། །རང་གི་ལས་ཀྱིས་ངན་འགྲོར་འགྲོ། །ཞེས་གསུངས་སོ། །སྤྱིར་དགེ་སྡིག་ཐམས་ཅད་ཡིད་ཀྱི་ཀུན་སློང་ལ་རག་ལས་ཏེ། ཡིད་གཙོ་བོ་ཡིན། ལུས་ངག་བྲན་ཡིན་ནོ། །དེ་ལྟར་ཡང་


CMR054_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་ཕྲེང་བ་ལས། ཆོས་རྣམས་ཀུན་གྱི་སྔོན་འགྲོ་བས། །ཡིད་ནི་གཙོ་བོ་ཞེས་གྲགས་པས། །ཞེས་གསུངས་སོ། །དེས་ན་ཡིད་ཆགས་སྡང་ལ་སོགས་པ་ཉོན་མོངས་ཅན་གྱིས་ཀུན་ནས་བསླངས་ནས། མཚམས་མེད་པ་ལྔའམ། དེ་དང་ཉེ་བ་ལྔའམ། མི་དགེ་བ་བཅུའམོ། སྡོམ་པ་དང་དམ་ཚིག་ཉམས་པ་རང་གིས་བྱས་པ་དང་། གཞན་ལ་བྱེད་དུ་བསྩལ་བ་དང་། བྱེད་པ་ལ་རྗེས་སུ་ཡི་རང་བར་བྱེད་པ་རྣམས་སྡིག་པ་མི་དགེ་བ་ཞེས་བྱ་སྟེ། དེ་མ་ཟད་པར་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ། ཡིད་ཆགས་སྡང་གི་དབང་གིས་བྱས་པ་ཡང་མི་དགེ་བ་ཡིན་ནོ། །དེ་དག་གི་འབྲས་བུ་ནི་སྡུག་བསྔལ་འབྱུང་བ་ཡིན་ཏེ། དེ་ལྟར་ཡང་རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་གསུངས་སོ། །སྤྱོད་འཇུག་ལས་ཀྱང་། མི་དགེ་བ་ལས་སྡུག་བསྔལ་འབྱུང་། །འདི་ལས་ཅི་ལྟར་ངེས་ཐར་ཞེས། །ཉིན་མཚན་རྟག་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །ཞེས་གསུངས་སོ། །


CMR054_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

རང་རེ་རྣམས་དམ་པའི་ཆོས་དཔང་། དཀོན་མཆོག་གསུམ་དང་གནམ་ས་རྒྱ་དབུས། ཇོ་བོ་སོགས་རྟེན་གསུམ། སྙུག་གུའི་བྲིས་ཚད་ཟེར་བ་དང་། རང་དད་པ་གལ་ཆེའི་དགོན་པ་དང་། བླ་མ་ལ་ཚད་བཙུགས་པའི་མནའ་འདི་ཞོར་ལ་འགྲོ་བ་འདི་ཡང་སྡིག་ཆེ་སྟེ། ཏིང་འཛིན་རྒྱལ་པོ་ལས། གང་གིས་འཛམ་བུ་གླིང་འདི་ཡི། །མཆོད་རྟེན་ཐམས་ཅད་བཤིག་བྱེད་པས། །གང་གིས་མདོ་སྡེ་དཔང་བྱེད་པའི། །སྡིག་པ་འདི་ནི་ཆེས་ཁྱད་འཕགས། །གང་གིས་གང་གཱའི་བྱེ་སྙེད་ཀྱི། །དགྲ་བཅོམ་བསད་པར་གྱུར་པ་ལ་བས། །གང་གིས་མདོ་སྡེ་དཔང་བྱེད་པའི། །སྡིག་པ་དེ་ནི་ཆེས་ཁྱད་འཕགས། །ཞེས་གསུངས་སོ། །དེང་སང་ཆོས་པ་འགའ་ཞིག་ཆོས་མགོ་མ་ཐོན་པ་ལ་བརྟེན་ནས། ཆོས་པ་འདི་ཚོ་སྒོམ་ཆེན་འདི་ཚོ་ཟེར་ནས་ཆོས་པ་སྤྱི་ལ་སྐུར་འདེབས་བྱེད་པ་ནི། མཚམས་མེད་པ་ལས་ཀྱང་ཐུ་སྟེ། ཐར་པ་ཆེན་པོའི་མདོ་ལས། གང་ཞིག་ཆོས་འདི་འཇིག་པའི་ཚེ། །རྒྱལ་བའི་དྲིན་ལེན་ལེན་འདོད་པས། །སྐད་ཅིག་ཡུད་ཙམ་སྒོམ་བྱེད་པ། །སྟོང་ཁམས་གང་བའི་སེམས་ཅན་ལ། །སྲོག་གི་སྦྱིན་པ་བྱིན་པ་བས། །བསམ་གཏན་སྒོམ་


CMR054_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསོད་ནམས་ཆེ། །གང་གིས་བསྒོམས་ལ་སྐུར་པ་དང་། །དགེ་འདུན་དཀྲུགས་པར་བྱེད་པ་ནི། །སྟོང་ཁམས་གསུམ་པོ་གང་བ་ཡི། །མི་རྣམས་ཀྱི་ནི་སྲོག་བཅད་དང་། །སྲོག་ཆགས་ཐམས་ཅད་བསད་དང་འདྲ། །དེ་ཡི་སྡིག་པའང་དེ་བཞིན་ནོ། །གང་ཞིག་དགེ་སྦྱོང་མཐོང་བ་ལ། །སྐུར་པ་འདེབས་ཤིང་མ་དད་ན། །དཀོན་མཆོག་གསུམ་གྱི་རིགས་གཅོད་པས། །དེས་ནི་རྒྱལ་བའི་ལན་མི་ལྡོན། །ཅེས་དང་། རྒྱུད་བླ་མར། གང་ཞིག་ཡང་ཡང་སྡིག་གྲོགས་བརྟེན་པས་སངས་རྒྱས་ངན་སེམས་སྡང་གྱུར་དང་། །ཕ་མ་དགྲ་བཅོམ་གསོད་པར་བྱ་དང་རུང་མིན་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་པས་མྱུར་དུ་དེ་ལས་ཐར་འགྱུར་གྱིས། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་གསུངས་སོ། །རང་རེ་ཡོན་ཏན་མཁན་པོ་རྣམས་ཀྱིས་ཀྱང་། ལྟ་བ་དང་། གྲུབ་མཐའི་བཤགས་རལ་མ་འཁྲུལ་པ་ཤེས་ནས་གཞན་ལ་སྟོན་པ་ནི། ཆོས་ཀྱི་ག་དར་མཁས་པའི་བྱ་བ་ཡིན་མོད་ཀྱི། ཕྱོགས་རིས་ཆགས་སྡང་གི་དབང་གིས་རང་གི་ལུགས་དང་། རང་གིས་གང་ཤེས་འདི་ནི་བཟང་པོ་ཡིན་ནོ་ཞེས་


CMR054_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། རང་གིས་མི་ཤེས་པ་དང་། གཞན་གྱི་ལུགས་དེ་སྨད་ན་ཆོས་སྤང་པ་ཡིན་པས་སྡིག་ཆེ་སྟེ། བྱམས་པས། ངག་གི་ཉེས་པ་རང་བཞིན་འདུག་པ་སྟེ། །མི་རིག་པ་ཡི་ཆོས་ལ་ཡང་མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། །དེ་ཕྱིར་བཏང་སྙོམས་བཞག་ལེགས་ཉེས་པ་མེད། །ཅེས་དང་། ཆོས་ཀྱི་མཚན་ཉིད་གང་ལ་ཡོད་མེད་དག །མི་ཤེས་མཐོང་བ་མེད་པའི་རྒྱུ་བཞི་ཡི། །རྣམ་དབྱེ་སྨྲ་བའི་ཁ་ནི་བདུད་ཀྱིས་ཕྱེས། །ཆོས་ལ་ཉན་སྤྱོད་ཐུབ་པའི་གཞུང་ལས་བཀག །གསུངས་སོ། །རྣམ་པར་འཐག་པ་བསྡུས་པའི་མདོ་ལས། འཇམ་དཔལ་གང་ལ་ལ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ལ། ལ་ལ་ལ་ནི་བཟང་བར་འདུ་ཤེས། ལ་ལ་ལ་ནི་ངན་པར་འདུ་ཤེས་ན་དམ་པའི་ཆོས་སྤང་པའོ། །དམ་པའི་ཆོས་སྤངས་པས། དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ཡིན། དགེ་འདུན་ལ་ངན་དུ་བརྗོད་པ་ཡིན། འདི་ནི་རིག་པའོ། །སྐུ་འདི་ནི་མི་རིག་པའོ། །ཞེས་ཟེར་ནས་དམ་པའི་ཆོས་སྤང་བའོ། །ངས་འདི་ན་ཐེག་པ་གསུམ་ཐ་དད་པའི་ཆོས་བསྟན་པ་མེད་ན། མི་བླུན་པོ་དེ་དག་ངའི་ཆོས་རྣམས་ལ་ཐ་དད་དུ་


CMR054_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དེ། འདུ་ཤེས་པ་དེ་ཆོས་སྤང་བའོ། །ཞེས་གསུངས་སོ། །ད་ནས་བཟུང་སྟེ་དུས་སྙིགས་མར་བབ་པས། ལུང་པ་རེ་ན་གཏེར་སྟོན་སྤྲུལ་སྐུ་རེ་འབྱུང་བར། ཨོ་རྒྱན་རིན་པོ་ཆེས་ལུང་བསྟན་པ་ལྟར། ད་ནི་ཇེ་མང་དུ་འགྲོ་སྟེ། རང་གཏེར་ཆོས་ལ་ཤིན་ཏུ་མཁས་པས། གཏེར་བརྫུ་གཏེར་རྫུན་ཡིན་པའི་རྟགས་གསལ་པོར་མཐོང་ནས། ཚར་བཅད་ན་བསྟན་པའི་ག་དར་ཡིན་པས་ཉེས་པ་མེད་པའི་སྟེང་ན་ཕན་ཡོན་ཡོད། རང་གི་ཐག་ཤིན་ཏུ་མི་ཆོད་པ་ལ་སྐུར་པ་བཏབ་ན་སྡིག་ཆེ་སྟེ། རྣམ་སྣང་མངོན་བྱང་ལས། བདག་གིས་སེམས་ཀྱི་མཚན་ཉིད་སོགས་གཏན་ལ་མ་ཕེབས་པར་འཁྲུལ་ནས་འདི་སྐད་དོ། །འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་གྱིས། འདི་ནི་རང་བཟོ་ཅན་གྱི་རང་བཟོར་བྱས་པ་ཡིན་ནོ་ཟེར་བ་དག་འབྱུང་བར་འགྱུར་རོ། །གསང་བའི་བདག་པོ་མི་བླུན་པོ་དེ་དག་ནི་འགྲོ་བ་གཉིས་སུ་རིག་པར་བྱ་སྟེ། གཉིས་གང་ཞེ་ན་འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང་དུད་འགྲོའོ། །ཞེས་གསུངས་སོ། །དེང་སང་སྐྱེས་བུ་དམ་པ་ཡུལ་མཐོན་པོ་རྣམས་ཀྱི། མཛད་སྤྱོད་ལ་རང་ཅུང་ཟད་མ་མགུ་ནས། སྐུར་པ་ཆེན་པོ་འདེབས་པ་ནི། ཁོང་


CMR054_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ནི་གནོད་མི་ནུས། རང་གི་ལྕེ་གླང་དོར་ལྔ་བརྒྱས་རྨོ་སྟེ། རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས། བསྐལ་པ་དག་ནི་དུ་མར་ཡང་། །ལུས་ནི་དཔག་ཚད་ལྔ་བརྒྱར་འགྱུར། །དེ་ལ་མགོ་ཡང་ལྔ་བརྒྱ་སྟེ། །མགོ་རྣམས་རེ་རེ་དག་ལ་ཡང་། །ལྔ་བརྒྱའི་ལྕེ་ལས་མི་ཉུང་སྟེ། །ལྕེ་གཅིག་ཉིད་ལ་ཐོང་གཤོལ་ནི། །ལྔ་བརྒྱ་ཚང་སྟེ་མི་ཉུང་བ། །རབ་ཏུ་འབར་བས་རྨོ་བར་བྱེད། །སྐུར་འདེབས་སྡིག་པའི་ལས་ཀྱིས་སོ། །ཞེས་གསུངས་སོ། །བོན་དང་མུ་སྟེགས་པ་ལ་དད་གུས་ཡང་མི་རུང་སྟེ། སྐུར་པ་འདེབས་ཡང་མི་རུང་ན། རབ་ཏུ་བྱུང་བ་རྣམས་ལ་ག་ལ་རུང་སྟེ། རྣམ་སྣང་མངོན་བྱང་ལས། གྲུབ་པའི་མཐའ་ཡི་བློ་བསྐྱེད་ཕྱིར། །ཕྱི་རོལ་པ་ཡང་ལམ་ཚོལ་ཞུགས། །དེ་ཕྱིར་དེ་ལ་སྨད་མི་བྱ། །ཉན་ཐོས་ལམ་ཞུགས་སྨོས་ཅི་དགོས། །ཞེས་གསུངས་སོ། །སྔོན་དགེ་སློང་རོགས་ལ། གསུང་མི་སྙན་པ་ཁྱིའི་སྐད་འདྲ་སྨྲས་པས་ཁྱིའི་སྐྱེ་བ་ལྔ་བརྒྱ་བླང་བ་དང་། ཡུར་བ་ལ་མཆོང་དུས་སྤྲེའུ་འདྲ་སྨྲས་པས་སྤྲེའུའི་སྐྱེ་བ་ལྔ་བརྒྱ་བླངས་པའི་ལོ་རྒྱུས་ལྟར། ངག་འཁྱལ་འདི་ཡང་ཡག་ཉེས་ཆེ་བར་སྣང་། ཁྱད་པར་རང་རེ་ཆོས་སྒོར་


CMR054_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ་རྣམས། སྐྱབས་འགྲོའི་བསླབ་པ་དགུ། དགེ་བསྙེན་གྱི་ཁྲིམས་ལྔ། དགེ་ཚུལ་གྱི་ཁྲིམས་བཅུ། དགེ་སློང་གི་ཁྲིམས་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ། བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ། གསང་སྔགས་ཀྱི་རྩ་ལྟུང་བཅུ་བཞི། སྦོམ་པོ་བརྒྱད། རྙིང་མའི་རྩ་བ་སྐུ་གསུང་ཐུགས། ཡན་ལག་ཉི་ཤུ་རྩ་ལྔ། རྒྱས་པར་ས་ཡ་འབུམ་སྡེ། དེ་ཚུར་བསྡུས་པ་ཉི་ཤུ་རྩ་བརྒྱད་རྣམས་སྲུང་དགོས་ཏེ། རྩ་བ་རྣམས་མ་ཉམས་ན་རབ་ཡིན། ཕྲ་ཞིབ་རྣམས་ཤེས་པར་ཡང་དཀའ། སྲུང་བར་ཡང་དཀའ་སྟེ། དེས་མི་གནོད་རྟོགས་པ་མཐོ་བསམ་མི་རུང་བཤགས་པ་དགོས་ཏེ། རྒྱ་མཚོས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་བདག་པོ་གང་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་ཚུལ་ཁྲིམས་ཡང་དག་པར་རྫོགས་པར་མ་བྱས་ཏེ། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པ་དང་། ཚུལ་ཁྲིམས་ནི་ཡོངས་སུ་རྫོགས་པར་མ་བྱས་ལ། དེ་དག་གི་ལྟ་བ་དྲང་པོར་གྱུར་ཏེ། དེ་སེམས་ཅན་དམྱལ་བ་རྣམས་སུ་མི་སྐྱེའམ། ཤི་འཕོས་ནས་ཀླུའི་སྐྱེ་གནས་སུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་སོ། །དེས་ན་


CMR054_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་ཞིབ་རྣམས་ལ་བཤགས་པ་འདི་གལ་ཆེ། བཤགས་ན་དག་གམ་སྙམ་ན། དྲན་པ་ཉེར་བཞག་གི་མདོ་ལས། སེམས་ཅན་དམྱལ་བའི་ལས་བྱས་ཤིང་མི་འདོར་ཕྱིས་བྱེད་དམ་ཡང་བཅའ། གཞན་ཡང་བྱེད་ལ་སྨོན་པ་ནི། །དམྱལ་བའི་ཚེ་ཚད་རྫོགས་པར་འགྱུར། །སྤྱད་ཀྱང་འགྱོད་ནས་འཆག་པ་དང་། །ཕྱིན་ཆད་སྡོམ་པས་ཚེ་ཕྱེད་ཐུབ། །འགྱོད་སོགས་གཉེན་པོ་ཤས་ཆེ་བ། །སྐྱེས་མ་ཐག་ནས་ཐར་བར་འགྱུར། །ཞེས་དང་། མདོ་སྡེ་མྱ་ངན་འདས་ཆེན་ལས། སྡིག་པ་བྱས་ནས་ཀྱང་། ཕྱིས་འགྱོད་དེ་ཕྱིར་བཅོས་ན། ཆུ་རྙོག་མ་ཅན་ནོར་བུ་ཆུ་དྭང་གིས་དྭངས་བའམ། སྤྲིན་དང་བྲལ་ནས་ཟླ་བ་གསལ་བ་དང་འདྲའོ། །ཞེས་པ་དང་། དེ་བས་ན་སྡིག་པ་ལ་འགྱོད་ཅིང་མ་འཆབ་པར་བཤགས་ན་ཅི་ལྟ་བུ་ཡང་འབྱང་བར་འགྱུར་རོ། །ཞེས་གསུངས་སོ། །བཤགས་ལུགས་ཇི་ལྟར་བཤགས་ན། སྟོབས་རྣམ་པ་བཞིའི་སྒོ་ནས་བཤགས་སོ། །དེ་ལྟར་ཡང་ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་གནོན་པར་འགྱུར་


CMR054_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །བཞི་གང་ཞེ་ན་འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། ཉེས་པ་ལས་ལྡོག་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །ཞེས་གསུངས་སོ། །རྣམ་པར་སུན་འབྱིན་པའི་སྟོབས་ནི་སྡིག་པ་སྔར་བྱས་པ་ལ་འགྱོད་པ་སྟེ། འགྱོད་ལུགས་གསུམ། དགྲ་འདུལ་གཉེན་སྐྱོང་རང་གི་ལུས་པོ་གསོ་བ་དང་། ནོར་རྫས་བསགས་པའི་ཕྱིར་དུ་སྡིག་བྱས་ཏེ། ཤི་བའི་དུས་དེ་ཚོ་ཤུལ་དུ་ལུས། ལས་ངན་སྡིག་སྒྲིབ་དེ་རང་གཅིག་པུའི་ཁུར་ནས་འགྲོ། དེ་དུས་ཁུར་རོགས་ཀྱང་མེད་དེ། །སྦྱིན་པས་ཞུས་པའི་མདོ་ལས། ཕ་མ་སྤུན་དང་བུ་དང་ཆུང་མ་དང་། །བྲན་དང་ནོར་དང་རྩ་ལག་ཚོགས་རྣམས་ཀྱང་། །ཤི་བའི་རྗེས་ཕྱིར་དེ་དག་འགྲོ་བ་མེད། །ལས་རྣམས་རྗེས་སུ་འབྲང་ཞིང་དེ་དག་འགྲོ། །ཞེས་པ་དང་། ཤིན་ཏུ་སྡུག་བསྔལ་གྱུར་པ་དེ་དུས་སུ། །བུ་དང་ཆུང་མ་སྐྱབས་སུ་འགྱུར་མ་ཡིན། །བདག་ཉིད་གཅིག་པུས་སྡུག་བསྔལ་མྱོང་བར་འགྱུར། །དེ་དག་དེ་ཚེ་བདག་གིས་སྐལ་མི་ལེན། །ཞེས་གསུངས་སོ། །སྤྱོད་པ་ལ་འཇུག་པ་ལས་ཀྱང་། ཐམས་ཅད་བོར་ཏེ་ཆས་དགོས་པ། །བདག་གིས་དེ་ལྟར་མ་


CMR054_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ནས། །མཛའ་དང་མི་མཛའི་དོན་གྱི་ཕྱིར། །སྡིག་པ་རྣམ་པ་སྣ་ཚོགས་བྱས། །མཛའ་བ་རྣམས་ཀྱང་མེད་པར་འགྱུར། །མི་མཛའ་རྣམས་ཀྱང་མེད་པར་འགྱུར། །བདག་ཀྱང་མེད་པར་འགྱུར་བ་སྟེ། །དེ་བཞིན་ཐམས་ཅད་མེད་པར་འགྱུར། །ཞེས་གསུངས་སོ། །སྡིག་པ་ལ་སྒྲུག་པ་སྐྱེས་ཏེ་འགྱོད་པ་ནི་འཆི་ཁ་ནད་གཅོད། ཤི་ནས་བར་དོའི་འཇིགས་སྐྲག །དེ་ནས་དམྱལ་བའི་སྡུག་བསྔལ་མྱོང་དགོས་པས་ཤིན་ཏུ་སྐྲག་སྟེ། སྤྱོད་འཇུག་ལས། བདག་ནི་མལ་དུ་གནས་བཞིན་དུ། །གཉེན་བཤེས་རྣམས་ཀྱིས་མཐའ་བསྐོར་ཡང་། །སྲོག་གཅོད་པ་ཡི་ཚོར་བ་དག །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །ཞེས་གསུངས་སོ། །གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །དེ་ཚེ་བསོད་ནམས་གཅིག་སྐྱབས་ན། །དེ་ཡང་བདག་གིས་མ་བརྟེན་ནོ། །ཞེས་དང་། སློབ་སྤྲིང་ལས། དུས་ཀྱི་ཞགས་པས་སྐེ་ནས་བཏབ་སྟེ་གཤིན་རྗེའི་མི། །གཏུམ་མོ་རྣམས་ཀྱིས་དབྱུགས་པས་བརྡེག་ཅིང་ཁྲིད་པར་འགྱུར། །ཞེས་དང་། །སྐྱེ་བོ་ཡན་ལག་གཅོད་པའི་སར། །དེ་རིང་ཁྲིད་པའང་བྲེད་གྱུར་ཏེ། །ཁ་སྐམ་


CMR054_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

མིག་རྩ་ཞན་ལ་སོགས། །སྔར་ལས་གཞན་དུ་འགྱུར་སྣང་ན། །གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ལྟོ། །ཤ་ཚུགས་ཅན་གྱིས་བཟུང་འགྱུར་ཞིང་། །འཇིགས་ཆེན་ནད་ཀྱིས་ཐེབ་གྱུར་པ། །རབ་ཏུ་ཉམས་ཐག་སྨོས་ཅི་དགོས། །ཞེས་གསུངས་སོ། །དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་ཀླག་པ་གཟུགས་སུ་བགྱིས་རྣམས་ལ། །འཇིགས་པ་བསྐྱེད་པར་འགྱུར་ན་མི་བཟོད་པའི། །རྣམ་སྨིན་ཉམས་སུ་མྱོང་རྣམས་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར་འགྱོད་པ་བསྐྱེད་དོ། །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། སྡིག་པའི་གཉེན་པོར་དགེ་བ་སྤྱོད་པའོ། །དེས་སྡིག་པ་ཟད་པར་བྱེད་དེ། ཆོས་མངོན་པ་ཀུན་ལས་བཏུས་པ་ལས་ཀྱང་། མི་མཐུན་པའི་ལས་ཀྱི་ཕྱོགས་ནི། གཉེན་པོའི་ལས་སྟོབས་དང་ལྡན་པར་བལྟ་སྟེ། མི་མཐུན་པའི་ཕྱོགས་ཀྱི་འབྲས་བུ་འཕངས་སུ་ཟིན་ཀྱང་། གཉེན་པོའི་སྟོབས་ཀྱིས་གཞན་དུ་བསྒྱུར་ཕྱིར་རོ། །ཞེས་དང་། འདུལ་བ་ལུང་ལས། གང་གིས་སྡིག་པའི་ལས་བྱས་པ། །དགེ་བ་ཡིས་ནི་འགོག་བྱེད་དེ། །ཉི་ཟླ་སྤྲིན་ལས་འབྱུང་བ་བཞིན། །འཇིག་རྟེན་འདི་དོར་སྣང་བར་འགྱུར། །ཞེས་གསུངས་


CMR054_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །འོ་ན་སྡིག་པའི་གཉེན་པོར་དགེ་བ་བྱེད་པ་དེ་ཡང་། སྡིག་པ་ཇི་སྙེད་བྱས་པ་དེ་སྙེད་ཀྱི་དགེ་བ་དགོས་སམ་ཞེ་ན། མ་ཡིན་ཏེ། མྱ་ངན་འདས་ཆེན་གྱི་མདོ་ལས། དགེ་བ་གཅིག་བྱས་ཀྱང་སྡིག་པ་མང་པོ་འཇོམས་ཏེ། ཞེས་དང་། རྡོ་རྗེ་ཆུང་དུས་རི་རབ་བམ། མེ་ཆུང་ངུས་རྩྭ་ཤིང་ངམ། དུག་ཆུང་དུས་སེམས་ཅན་འཇོམས་པ་ལྟར། དགེ་བ་ཆུང་ངུས་ཀྱང་སྡིག་པ་ཆེན་པོ་འཇོམས་པས་ན། དོན་དུ་གཉེར་བ་ཆེན་པོ་ཉིད་དོ། །ཞེས་གསུངས་སོ། །གསེར་འོད་དམ་པའི་མདོ་ལས་ཀྱང་། གང་གིས་བསྐལ་པ་སྟོང་རྣམས་སུ། །སྡིག་པ་ཤིན་ཏུ་མི་བཟད་བགྱིས། །ལན་གཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །ཞེས་གསུངས་སོ། །དེ་ལྟར་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཀྱིས་སྡིག་པ་འདག་པ་ནི། དཔེར་ན་ངན་སྐྱུགས་ཀྱི་འདམ་རྫ་བ་ན་ཆུད་པའི་གང་ཟག་གཅིག་འདམ་རྫབ་ནས་ཕྱུང་སྟེ། ཁྲུས་བྱས་ཏེ་དྲི་བཟང་པོས་བྱུག་པ་དང་འདྲ། ཞེས་གསུངས་སོ། །ཉེས་པ་ལས་ལྡོག་པའི་སྟོབས་ནི། ཕྱིན་ཆད་འཕྲོ་བཅད་དེ་བསྡམ་པའོ། །སྤྱོད་འཇུག་ལས། འདྲེན་པ་རྣམས་ཀྱིས་བདག་གི་སྡིག །


CMR054_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ནོངས་པ་ལགས་པར་བཟུང་དུ་གསོལ། །འདི་ནི་བཟང་པོ་མ་ལགས་པས། །སླན་ཆད་བདག་ནི་ཡོངས་མི་བགྱིད། །ཅེས་གསུངས་པ་ལྟར་རོ། །དེ་ལྟར་ཉེས་པ་ལས་ལྡོག་པའི་སྟོབས་ཀྱིས་སྡིག་པ་འདག་པ་ནི། དཔེར་ན་ཆུ་རྒྱུན་གནོད་པ་ཅན་གྱི་འོལ་ཁ་བསྒྱུར་བ་དང་འདྲ། ཞེས་གསུངས་སོ། །རྟེན་གྱི་སྟོབས་ནི་དཀོན་མཆོག་ལ་སྐྱབས་ཞུ་བའམ། རྟེན་ཁྱད་པར་ཅན་ནམ། སྐྱེས་བུ་དམ་པའི་དྲུང་དུ་བཤགས་པ་སྟེ། བྱང་ཆུབ་སྤྱོད་འཇུག་ལས་ཀྱང་། སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་བྱས་ན་ཡང་། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ། །དེ་ལ་བདག་ཅག་རྣམས་ཀྱིས་ཅིས་མི་བརྟེན། །ཞེས་གསུངས་སོ། །དེ་ལྟར་རྟེན་གྱི་སྟོབས་ཀྱིས་སྡིག་པ་འདག་པ་ནི། དཔེར་ན་ཁས་གཉན་པོའི་དབང་པོ་ཆེ་ལ་ཇོ་བོ་འཇུས་པའམ། དུག་ལའང་སྔགས་ཀྱིས་བཏབ་པ་འདྲ། ཞེས་གསུངས་སོ། །སྔོན་སོར་ཕྲེང་ཅན་གྱིས་མི་དགུ་བརྒྱ་དང་དགུ་བཅུ་གོ་དགུ་བསད་པ། རྣམ་པར་སུན་འབྱིན་བཤེགས་པས་དག་ནས་དགྲ་བཅོམ་ཐོབ། ཁྱེའུ་བདེ་བྱེད་ཀྱིས་མ་བསད་པ། གཉེན་པོ་ཀུན་སྤྱོད་བཤགས་པས་


CMR054_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནས་ལྷར་སྐྱེས་ཏེ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ། གཅུང་དགའ་བོ་བུད་མེད་ལ་ཆགས་པ། སྡོམ་སེམས་སྐྱེས་ནས་དགྲ་བཅོམ་ཐོབ། རྒྱལ་བུ་མཐོང་ལྡན་གྱིས་ཕ་བསད་པ། །རྟེན་གྱི་བཤགས་པས་དག་ནས་བྱང་ཆུབ་སེམས་དཔའ་གྱུར། རྒྱལ་བུ་དགེ་མཐོང་གིས་མི་སུམ་སྟོང་བསད་པ་ཡང་བཤགས་པོས་དག །དེ་ལྟར་ཡང་། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱིས་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་བཞིན་དུ་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས་སོ། །སྡིག་པ་བཤགས་པས་དག་ཀྱང་མྱུར་དུ་མ་བཤགས་ན། ནམ་འཆི་ཆ་མེད་དེ། བདག་ནི་སྡིག་པ་མ་བྱང་བ། །སྔོན་དུ་འགུམ་པར་འགྱུར་དུ་མཆི། །ཅི་ལྟར་འདི་ལས་ངེས་ཐར་བ། །མྱུར་བའི་ཚུལ་གྱིས་བསྐྱབ་ཏུ་གསོལ། །ཡིད་བརྟེན་མི་རུང་འཆི་བདག་འདིས། །བྱས་དང་མ་བྱས་མི་སྡོད་པས། །ན་དང་མི་ན་ཀུན་གྱིས་ཀྱང་། །གློ་བུར་ཚེ་ལ་ཡིད་མི་བརྟེན། །ཞེས་གསུངས་སོ། །དེ་ལྟར་སྟོབས་བཞིའི་སྒོ་ནས་སྡིག་པ་བཤགས་དགོས་ལ། ཁྱད་པར་བཤགས་པའི་མཆོག་ཏུ་གྱུར་པ་


CMR054_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ནི། རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཡིན་ཏེ། རྒྱུད་ལས། བདག་གཞོན་ཀུན་གྱི་དོན་གྱི་ཕྱིར། །ལུས་ངག་ཡིད་གསུམ་སྒྲིབ་སྦྱང་ནི། །ཡི་གེ་བརྒྱ་པའི་སྒོམ་བཟླས་བྱ། ། སྡིག་སྒྲིབ་མ་ལུས་བྱང་བར་འགྱུར། །ཞེས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས། འདི་ནས་མཚམས་མེད་བྱས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་བསླུས་པ་དང་། དམ་པའི་ཆོས་ལ་སྨོད་པ་དང་། ཉེས་པ་ཐམས་ཅད་བྱས་པ་ཡང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་མཆོག་ནི་སྒྲུབ་པ་པོས། །རྡོ་རྗེ་སེམས་དཔའ་བརྟེན་གྱུར་པས། ཚེ་འདི་ཉིད་ལ་ཇི་ལྟར་འདོད་པའི་དངོས་གྲུབ་ཐམས་ཅད་དམ། དངོས་གྲུབ་དམ་པའམ། རྡོ་རྗེ་སེམས་དཔའི་དངོས་གྲུབ་བམ། དེ་བཞིན་གཤེགས་པའི་དངོས་གྲུབ་ཀྱི་བར་དུ་འཐོབ་ཅེས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་སེམས་དཔའ་གསུངས་སོ། །དྲི་མེད་བཤགས་རྒྱུད་ལས། རྡོ་རྗེ་སེམས་དཔའི་ཞལ་ནས་ཡིག་བརྒྱ་གསུངས་ནས། འདི་དག་དུས་གཅིག་ལ་ལན་བརྒྱ་རྩ་བརྒྱད་བཟླས་ན། ཉམས་ཆག་ཐམས་ཅད་བསྐང་སྟེ། ངན་སོང་


CMR054_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལས་ཐར་བར་འགྱུར་རོ། །ཞེས་དང་། ཡང་རྒྱུད་དེ་ཉིད་ལས། དེ་བས་ན་རྣལ་འབྱོར་པ་གང་ཞིག་གིས་ཡི་དམ་དུ་བཅས་ནས་འདོན་ན། མི་དེ་ཚེ་འདི་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་སྲས་ཀྱི་དམ་པར་དགོངས་ནས། བསྲུང་ཞིང་སྐྱོབ་པར་མཛད་པ་ལས། ཚེ་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་དམ་པར་ཉིད་དུ་གདོན་མི་ཟ་བར་འགྱུར་རོ། །གསུངས་སོ། ན་རཀ་དོང་སྤྲུགས་རྒྱུད་ལས། ཡིག་བརྒྱ་གསུངས་ནས། སྔགས་འདི་ལན་བརྒྱ་རྩ་བརྒྱད་བཟླས་ན། །ཉམས་ཆག་ཐམས་ཅད་བསྐང་སྟེ། ངན་སོང་གསུམ་དུ་ལྟུང་བ་ལས་ཐར་བར་འགྱུར་རོ། །རྣལ་འབྱོར་པ་གང་ཞིག་གིས་ཡི་དམ་དུ་བྱས་ནས་འདོན་ན། མི་དེ་ཚེ་འདི་ཉིད་ལ་ཡང་དུས་གསུམ་གྱི་སངས་རྒྱས་ཀྱིས་སྲས་ཀྱི་དམ་པར་དགོངས་ནས། ཚེ་དང་བསོད་ནམས་འཕེལ་བར་འགྱུར་རོ། །ཞེས་གསུངས་སོ། །དེ་ཡང་སྐུ་སྒོམ་པ་ཕྱིའི་རྡོར་སེམས། ཡིག་ཕྲེང་འཁོར་བ་ནང་གི་རྡོར་སེམས། བདུད་རྩི་འབབ་པ་གསང་བའི་རྡོར་སེམས། ཡིག་བརྒྱ་བརྒྱ་རྩ་ལས་མི་ཉུང་བ་བཟླས་པའོ། །ཡང་སྔགས་རིང་མི་ཤེས་སམ། མི་དག་གམ་


CMR054_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དོགས་ན་ཡི་གེ་དྲུག་བཟླས་པ། དབང་རྟུལ་མཚན་ནས་འབོད་པ་ཞེས་གསུངས་ཏེ། གསང་བའི་རྒྱུད་ཀྱི་རྣམ་པར་འབྱེད་པ་དྲག་པོ་གསུམ་འདུལ་གྱི་རྒྱུད་ལས། ཨོཾ་བཛྲ་སཏྭ་ཧཱུྃ། ཞེས་འབུམ་བརྗོད་ན་རྩ་བའི་དམ་ཚིག་ཉམས་པ་ཞི་བར་འགྱུར་རོ། །ཞེས་གསུངས་སོ། །རང་གི་སྒོ་གསུམ་སྣང་གྲག་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མེད་པ་སྣང་ལ་རང་བཞིན་མེད་པར་དཔྱད་ན་ངོས་བཟུང་མེད་པ་ལ་སེམས་བཞག་ནས་སྔགས་ཐུང་བཟླ་བ་ཤེས་རབ་ཀྱི་བཟླས་པ་ཡིན་ནོ། །དམིགས་པ་དངོས་ནི། རང་གི་སྤྱི་བོར་པདྨ་དཀར་པོ་དང་ཟླ་བའི་གདན་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། ཞལ་གཅིག་ཞི་ཞིང་འཛུམ་པ། ཕྱག་གཉིས་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཞིང་གཡོན་དྲིལ་བུ་དཀུར་བརྟེན་པ། དར་དཀར་པོའི་སྟོད་གཡོགས་དང་ཤམ་ཐབས་ཅན། དབུ་རྒྱན་ལ་སོགས་པ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་སྤྲས་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོའི་མཐར་སྔགས་ཕྲེང་གཡས་སུ་འཁོར་བ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་


CMR054_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཐུགས་ཀའི་སྔགས་འཁོར་ལ་ཐིམ་པས་བདུད་རྩིའི་རྒྱུན་བབས་སྐུ་གང་། ཞབས་གཡས་པའི་མཐེ་བོང་ནས་ངང་རྒྱང་རྒྱང་བྱུང་། རང་གི་ཚངས་བུག་ནས་ཞུགས་ལུས་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་སོལ་ཁུའམ་དུད་ཁུའི་རྣམ་པ་རྐང་མཐིལ་གཉིས་དང་འོག་སྒོ་ནས་ཐོན། ས་འོག་ཏུ་སོང་བས་ལས་ཀྱི་གཤིན་རྗེ་ངོམ་པར་གྱུར། བདུད་རྩིས་ལུས་དཀར་ལྟེམ་གྱིས་གང་། ལུས་ཀྱི་ཕྱི་ནས་ཀྱང་བཀྲུས་པས། ལུས་ཤེལ་སྒོང་གཡའ་དག་པ་ལྟར་གྱུར་པར་བསྒོམ་ཞིང་། ལུས་ཀྱི་ལས་ནི་རྣམ་པ་གསུམ། །ཞེས་སོགས་བཤགས་ཚིག་གང་ཤེས་བརྗོད་རྗེས། ཡིག་བརྒྱའམ་བཛྲ་སཏཱ་ཅི་འགྲུབ་བཟླ། རྡོ་རྗེ་སེམས་དཔའི་ཞལ་ནས་ཁྱོད་བ་ཀྱི་སྡིག་སྒྲིབ་དག་གོ་གསུངས་ནས་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་དང་། རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མེད་པར་བསྒོམ། ཀུན་སྙིང་འགྲེལ་ཆེན་ལས། རང་གི་ལུས་ངག་ཡིད་གསུམ་དང་། །རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས། །གཉིས་སུ་མེད་པའི་ངང་དེ་གར། །སེམས་ཀྱི་རྡོ་རྗེ་ངོས་བཟུང་ནས། །གློ་


CMR054_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བུར་འཕྲོ་འདུ་བྲལ་བའི་ངང་། །གདོད་མའི་མགོན་པོ་ཉིད་དུ་འགྱུར། །ཞེས་གསུངས་པ་ལྟར་བྱའོ། །རྡོར་སེམས་དམིགས་པ་ཟིན་དཀའ་ན། ཁྲིད་འདི་དང་འབྲེལ་པ་སྤྱན་རས་གཟིགས་ཀྱིས་གསུངས་པའི་རྡོ་རྗེའི་ཚིག་རྐང་ལས། རང་བཞིན་བཅས་པ་སྡིག་པའི་ཚོགས། །དེ་དག་ཀུན་རྫོབ་དོན་དམ་གྱི། །བཤགས་པའི་ཐབས་ཤེས་ལ་མཁས་པ། །ཧྲཱིཿཡིག་བཞི་སྦྱོར་གདམས་པ་བསྒོམ། །ཞེས་གསུངས་པ་ལྟར། རང་ཐ་མལ་པར་གནས་པའི་སྤྱི་གཙུག་ཏུ། ཧྲཱིཿདཀར་པོ་ཚེག་དྲག་དང་བཅས་པ་ལས་འོད་ཟེར་འཕྲོ་བའི་རང་བཞིན་ཅན་དུ་བསམ། དེ་ལས་བདུད་རྩི་འོ་མ་ལྟ་བུ་བབས་པས། ལུས་ཀྱི་ནང་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བཀྲུས། བ་སྤུའི་བུ་ག་དང་། རྩ་སྒོ་ཆུ་སྒོ་ཞབས་སེན་མོའི་བར་ནས་དུད་ཁུ་དང་སོལ་ཁུའི་རྣམ་པ་ནག་ནུ་རུ་རུ་བུད་པར་བསམས་ལ། ལུས་ཀྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་དཀར་ལྟེམ་གྱིས་གང་བར་བསམ་པ་ནི། སྡིག་པ་དག་པར་བྱེད་པའི་སྦྱོར་བའོ། །སྡིག་སྒྲིབ་ཐམས་ཅད་སྦྱོང་བར་བྱེད་པ་འོད་ཟེར་སྤྲོ་བསྡུའི་སྦྱོར་བ་ནི། ཧྲཱིཿཡིག་ལས་འོད་ཟེར་ཁ་དོག་ལྔ་དང་ལྡན་པ། ཉི་མ་སྟོང་གི་འོད་ལྟ་བུ་འཕྲོས་


CMR054_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལུས་ཀྱི་ནང་གི་སྡིག་སྒྲིབ་ཐམས་ཅད་དག་ནས་མུན་པ་ལ་ཉི་མ་ཤར་བ་ལྟ་བུར་སྦྱངས། ལུས་ཀྱི་ནང་འོད་ཟེར་གྱིས་གང་ནས་འོད་ཟེར་སྣ་ལྔ་ཕྱིར་འཕྲོས།། སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་སྒོམ་པ་ནི་སྒྲིབ་པ་ཐམས་ཅད་སྦྱོང་བར་བྱེད་པའི་སྦྱོར་བའོ། །དེ་དག་གི་སྐབས་སུ་ངག་ཏུ་ཡང་ཧྲུའདོན་པར་བྱའོ། །མཐར་རང་ལུས་འོད་དུ་ཞུ་ནས་ཧྲིལ་ཐིམ། ཧྲི༔ཡིག་འ་ར་སྟ་ལ་ཐིམ། ར་སྟ་ཁོག་པ་ལ། དེ་གི་གུ་ལ། དེ་རིམ་གྱིས་ནམ་མཁའ་ལ་འཇའ་ཡལ་བ་ལྟར་དམིགས་མེད་ཀྱི་ངང་ལ་འཇོག་པ་ནི་སྦྱོང་བྱེད་ཆེན་པོའོ། །ཞེས་གསུངས་པ་ལྟར་བསྒོམ། དེ་ལྟར་རྡོར་སེམས་དང་གྷིཡིག་གང་བསྒོམས་ཀྱང་། རྗེས་ནས་སྒོམ་མཁན་གྱི་སེམས་ལ་བལྟས་པ་དོན་དམ་པའི་བཤགས་པ་ཡིན་ཏེ། ལས་རྣམ་པར་དག་པའི་མདོ་ལས། གང་ཞིག་བཤགས་པ་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་ཀ །དག་ལྟ། །འདི་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་དང་། ཐར་པ་ཆེན་པོའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་པའི་རང་བཞིན་ནང་ན་ཡང་མི་


CMR054_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

གནས། ཕྱི་རོལ་ན་ཡང་མི་གནས། བར་ན་ཡང་མི་གནས་ཏེ། སེམས་རྣམ་པར་གྲོལ་བའི་ཕྱིར། སྡིག་པའི་རང་བཞིན་ཡང་རྣམ་པར་གྲོལ་ལོ། །སེམས་སྟོང་པ་ཉིད་ཀྱི་ཕྱིར། སྡིག་པའི་རང་བཞིན་སྟོང་པ་ཉིད་དོ། །དད་པའི་མཐུ་ཆེ་བའི་ཕྱིར། བསོད་ནམས་ཀྱི་མཐུ་ཡང་ཚེའོ། །ཞེས་དང་། དྲི་མེད་བཤགས་རྒྱུད་ལས། ཀུན་ཏུ་བཟང་པོས་བཀའ་སྩལ་པ། རྣལ་འབྱོར་གྱི་གྲལ་འདིར་འཁོད་པ་རྣམས་ཀྱི་ཡི་དམ་སེམས་ནི། དོན་དམ་པར་ཐུགས། ཡང་དག་པའི་ཡེ་ཤེས་ཉིད་ཡིན་ཏེ། ཡང་དག་པའི་ཡེ་ཤེས་ནི་རང་གི་ཀུན་གཞི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། ཀུན་གཞི་མ་བཅོས་པ་ལ། ཡིད་རང་བྱུང་གི་ཡེ་ཤེས་བདེ་བ་ཆེན་པོ་ཤར་བ་ནི། བསྲུང་དུ་མེད་པའི་དམ་ཚིག་ཆེན་པོ་སྟེ། ཞེས་པ་ནས་དེ་ལྟར་རྟོགས་པའི་རྣལ་འབྱོར་པ་རྣམས་ནི་མི་བསྲུང་བའི་སྲུང་བ་ཆེན་པོ་སྟེ། དེ་ནས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཉམས་ཆག་བྱུང་བ་རྣམས་སྐུ་གསུང་ཐུགས་ཀྱི་ཉམས་ཆག་རྗེས་སུ་སྐོང་། ཞེས་པའི་བར་རྒྱས་པར་གསུངས་སོ། །དེ་ལྟར་བསྒོམས་བཟླས་བྱས་པས། སྡིག་སྒྲིབ་དག་པའི་རྟགས་ནི། བསྐུལ་བྱེད་ཀྱི་གཟུངས་ལས། ཇི་སྲིད་སྡིག་


CMR054_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱང་བའི་མཚན་མ་མཐོང་གིས་བར་དེ་སྲིད་དུ་བཟླས་བརྗོད་བྱ་སྟེ། རྨི་ལམ་ན་ཟས་ངན་པ་སྐྱུགས་པ་དང་། འོ་མ་དང་ཞོ་ལ་སོགས་པ་འཐུང་བ་དང་། ཉི་མ་་དང་ཟླ་བ་མཐོང་བ་དང་། ནམ་མཁའ་ལ་འགྲོ་བ་དང་། མེ་འབར་བ་དང་། མ་ཧེ་དང་མི་ནག་པོ་ཐུབ་པ་དང་། དགེ་སློང་དང་། དགེ་སློང་མའི་དགེ་འདུན་མཐོང་བ་དང་། འོ་མ་འབྱུང་བའི་ཤིང་དང་། གླང་པོ་དང་ཁྱུ་མཆོག་གི་སྟེང་དང་། སེངྒེའི་ཁྲི་དང་། ཁང་བཟང་གི་སྟེང་དུ་འཛེག་པ་དང་། ཆོས་ཉན་པ་རྨིས་ན་སྡིག་པ་དང་བྲལ་བར་འགྱུར་ཏེ། །སྡིག་པ་བྱང་བར་ཤེས་པར་བྱའོ། །ཞེས་གསུངས་སོ། །གཞན་ཡང་རྨི་ལམ་དུ་མཆེ་བ་ཅན་གྱིས་རྨུགས་པ། ར་ཅན་གྱིས་བརྡུང་བ། མཚོན་གྱིས་བརྒྱབ་པའམ། བུ་ག་ཐམས་ཅད་ནས་རྣག་ཁྲག་དང་། མི་གཙང་བ་ཟག་པ། ལུས་ཁོལ་བུར་སྲང་ནས་རྣག་ཁྲག་ཐོན་པ། དོན་སྙིང་ནང་གྲོལ་ཕྱིར་འགྲིམ་པ། ལུས་བསྲེགས་ནས་ཐལ་བ་རླུང་ལ་ཕྱར་བ། ཁྲུས་བྱས་གོས་དཀར་པོ་གྱོན་པ་རྣམས་སྡིག་པ་དག་རྟགས། ལུས་ལས་སྲོག་ཆགས་ཐོན་པ། ས་འོག་དང་། མུན་ནག་ནས་ཐར་བ་ནི་གདོན་བགེགས་དང་། བྱད་


CMR054_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ལས་གྲོལ་རྟགས། ཉི་ཟླ་སྐར་གསུམ་དུས་གཅིག་ཤར་བ། ཉི་ཟླ་ཤར་བ་ནམ་མཁའ་ལ་འཕུར་བ། བྲག་དཀར་གངས་རི་མཆོད་རྟེན་གྱི་རྩེར་ཕྱིན་པ། སྐས་དང་རི་ལ་འཛེགས་པ་དགེ་སྦྱོར་འཕེལ་རྟགས། གསེར་དང་ནོར་བུ་རྙེད་པ། གྲུབ་ཐོབ་རྣམས་དང་མཇལ་བ་རྟོགས་པ་འཆར་རྟགས། ལོ་ཐོག་མང་པོ་དང་འབྲུ་མང་པོའི་བདག་པོ་བྱེད་པ། ཤིང་ཐོག་དང་སྦྲང་རྩི་བཟང་པོ་སོགས་རོ་མངར་བ་ཞིམ་པོར་ཟོས་པ་ནི་ཉམས་མྱོང་འབྱུང་རྟགས། ཤེལ་སོགས་རིན་པོ་ཆེའི་སྐས་ལ་འཛེགས་པ། སྐར་ཚོགས་འཐུགས་པོ་ལ་ལྟ་ཞིང་རྒྱུ་སྐར་རྣམས་བརྩི་བ། གདུགས་དང་བླ་རེ་ཕྱེ་མ་ཕུར་མས་ནམ་མཁའ་གང་བ། ཁྲིམས་ཀྱི་རྔ་བོ་ཆེ་བརྡུང་བ་སོགས་ས་ཐོབ་རྟགས་སུ་བཤད། ཁ་ཅིག་ལ་ནི་རྨི་ལམ་མི་འཚམས་པ་ཆེན་པོ་རྨིས་ནའང་བཟང་བར་འདུག་གསུངས། རྨི་ལམ་བཟང་པོ་འབྱུང་ཡང་ཧ་ཅང་དགའ་བྲོད་མི་བྱ། འཕྲོ་མི་སྐྱུར་པར་ཉམས་སུ་ལེན། རྨིས་ལྟས་ངན་པ་བྱུང་ན་ཡང་སྡིག་སྒྲིབ་ཆེ་བའི་སློང་ཡིན་པས་བརྩོན་འགྲུས་ཆེར་བྱ། དངོས་སུ་ཡང་བློ་སེམས་བདེ་བ་དང་། ལུས་ཡང་བ་དང་། ཁམས་དྭངས་བ་འབྱུང་ངོ་། །སྒྲིབ་སྦྱོང་གི་ཆོས་ཐུན་ཚར་རོ། །

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་དགུ་པ་བསོད་ནམས་ཀྱི་ཚོགས་བསག་པར་བྱེད་པ་མཎྜལ་གྱི་ཁྲིད།


CMR054_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

༼ཏ༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་དགུ་པ་བསོད་ནམས་ཀྱི་ཚོགས་བསག་པར་བྱེད་པ་མཎྜལ་གྱི་ཁྲིད་བཞུགས་སོ།།


CMR054_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། །བསོད་ནམས་ཀྱི་ཚོགས་བསག་པའི་ཐབས། །མཎྜལ་མཆོད་པ་འབུལ་བ་ནི། སྤྱན་རས་གཟིགས་ཀྱིས་གསུངས་པའི་རྡོ་རྗེའི་ཚིག་རྐང་ལས། །ཡན་ལག་བདུན་དང་རབ་ལྡན་པའི། །མཎྜལ་ཕྱི་ནང་གསང་གསུམ་འབུལ། །ཆོས་ཀུན་སྒྱུ་འདྲར་རབ་ཤེས་པོས། །ཡེ་ཤེས་ཚོགས་ལའང་བསླབ་པར་བྱ། །ཞེས་དང་། ཀློང་གསལ་འབར་མའི་རྒྱུད་ལས། ས་ཤིང་རིན་ཆེན་མཎྜལ་ལ། །དམིགས་རྟེན་བྱས་ལ་སྐུ་གསུམ་གྱི། །མཎྜལ་རྒྱས་བསྡུས་མང་པོ་འབུལ། །དེ་ཡིས་


CMR054_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བདག་རྒྱུད་ཚོགས་གཉིས་རྫོགས། །གནས་སྐབས་རིག་སྣང་རང་ངོ་འཕྲོད། །མཐར་ཐུག་གདོད་མར་རང་ཚུགས་ཐུབ། །ཅེས་དང་། འཕགས་པའི་ཚོགས་ནི་མཆོད་བྱས་ན། །བསོད་ནམས་དེ་ཡི་རྐྱེན་གྱིས་ནི། །སྐྱེ་བ་ཀུན་ཏུ་ལོངས་སྤྱོད་ལྡན། །དེ་ལྟར་སངས་རྒྱས་བསམ་ཡས་དེ། །སངས་རྒྱས་འོད་ཟེར་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་ན། །བསོད་ནམས་ཕུང་པོ་བསམ་མི་ཁྱབ། །ཅེས་དང་། མྱ་ངན་འདས་མདོ་ལས། སངས་རྒྱས་ཆོས་དང་དགེ་འདུན་ལ། །སྤོས་སམ་མར་མེ་གཅིག་བཙལ་ལམ། །མེ་ཏོག་གཅིག་ཙམ་


CMR054_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བྱས་ན། །མི་གཡོའི་ཞིང་དེར་སྐྱེ་བར་འགྱུར། །ཞེས་དང་། འཆི་མེད་རྔ་སྒྲའི་མདོ་ལས། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །དམ་པའི་ཆོས་ཀྱང་བསམ་མི་ཁྱབ། །འཕགས་པའི་དགེ་འདུན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་ན། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །ཅེས་དང་། སངས་རྒྱས་ཀྱི་ཡོན་ཏན་བརྟགས་པའི་མདོ་ལས། གང་དག་སྟོན་པ་བདེ་གཤེགས་ལ། །མཆོད་པ་ཆུང་ངུ་བྱེད་པ་ཡང་། །ལྷ་མིའི་བདེ་བ་ཀུན་བསྒྲོད་ནས། །འཆི་མེད་དམ་པ་ཐོབ་པར་འགྱུར། །ཞེས་དང་། འཕགས་པ་རྒྱལ་བའི་བློ་གྲོས་ཀྱི་ཞུས་པའི་མདོ་ལས། རིགས་ཀྱི་བུ་བསོད་ནམས་འདོད་པས་དེ་བཞིན་གཤེགས་པ་ལ་མཆོད་པར་བྱའོ། །ཡོན་ཏན་ཐམས་ཅད་འདོད་པས་དཀོན་མཆོག་གསུམ་ལ་མཆོད་པར་བྱའོ། །ཞེས་དང་། དམ་ཆོས་པདྨ་དཀར་པོ་ལས། སངས་རྒྱས་ལ་དམིགས་ནས་མེ་ཏོག་གཅིག་ནམ་མཁའ་ལ་གཏོར་ནའང་། སྔོན་གྱི་མཐའ་མི་མངོན་པ་དེ་ཙམ་གྱི་བསྐལ་པར་འཁོར་བའི་ཚེ། བརྒྱ་བྱིན་དང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ་པའི་མཐའ་མི་རྙེད། ཅེས་གསུངས་སོ། །སྒོམ་སྐྱེ་བ་ལ་བསོད་


CMR054_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་བསགས་དགོས་ཏེ། མདོ་ལས། བསོད་ནམས་བསགས་པས་བདེ་བ་ཐོབ། །དེ་ཕྱིར་མི་ཡི་བསོད་ནམས་བསགས། །དེ་ཡང་ཡང་དང་ཡང་དུ་བསག ཅེས་དང་། སྡུད་པ་ལས། དེ་དག་དགེ་བའི་རྩ་བ་ཇི་སྲིད་མ་རྫོགས་བར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་ཐོབ་མི་འགྱུར། །ཞེས་དང་། སྡུད་པ་ཚིགས་སུ་བཅད་པ་ལས། ཇི་སྲིད་དགེ་བའི་རྩ་བ་ཡོངས་སུ་མ་རྫོགས་པ། །དེ་སྲིད་སྙིང་པོ་དམ་པ་དེ་ནི་ཐོབ་མི་སྲིད། །ཅེས་དང་། གདོང་དྲུག་གི་རྒྱུད་ལས། འཛམ་བུ་གླིང་དང་གླིང་གཞན་ན། །ནོར་བུ་རིན་ཆེན་གྱིས་བཀང་སྟེ། །སྟོང་གསུམ་ལ་སོགས་མ་ལུས་པ། །ཞུམ་པ་མེད་པར་བྱས་ཏེ་འབུལ། །ཞེས་དང་། ཁྱད་པར་བླ་མ་མཆོད་པ་ནི་ཕན་ཡོན་ཆེ་སྟེ། །སམ་བྷུ་ཊི་ལས། གང་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་བསོད་ནམས་བས། །བླ་མའི་བ་སྤུའི་ཁུང་ཅིག་མཆོག །གསང་བ་འདུས་པ་ལས། དུས་ལྷོ་གསུམ་སངས་རྒྱས་ཀུན་མཆོད་པས། །བླ་མའི་བ་སྤུ་གཅིག་མཆོད་པ། །དེ་ཡི་བསོད་ནམས་ཁྱད་པར་འཕགས། །གསང་འདུས་ལས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་


CMR054_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་བྱས་པ་བས། རྡོ་རྗེ་སློབ་དཔོན་གྱི་བ་སྤུའི་ཁུང་གཅིག་བསྙེན་བཀུར་བྱས་པ་ཁྱད་པར་འཕགས་སོ། །བསོད་ནམས་སྔ་མ་དེས་ཕྱི་མ་དེའི་བརྒྱའི་ཆར་ཡང་མི་འགྲོའོ། །སྟོང་གི་ཆར་ཡང་མི་འགྲོ། བྱེ་བའི་ཆར་ཡང་མི་འགྲོ།། བྱེ་བ་དཔག་ཏུ་མེད་པར་བསྒྲང་བ་ལས་འདས་པའི་ཆར་ཡང་ཉེ་བར་མི་འགྲོའོ། །ཞེས་གསུངས་སོ། །ཨ་ཏི་བཀོད་པ་ཆེན་པོ་དང་། བླ་མའི་ཡོན་ཏན་ཡོངས་བཟུང་གི་རྒྱུད་གཉིས་མཐུན་པར། དེས་ན་བསྐལ་སྟོང་སངས་རྒྱས་ཀྱང་། །བླ་མ་ཉིད་ལ་བསྟེན་ནས་བྱུང་། །དེས་ན་སངས་རྒྱས་སྟོང་ཕྲག་ལ། །བསྐལ་པ་སྟོང་ཕྲག་མཆོད་བྱས་པས། །བླ་མའི་བ་སྤུའི་ཁུང་རེ་ལ། །ཙནྡན་ཐིགས་པ་གཅིག་བྱུག་པ། །སྟོང་ཕྲག་ཆར་ཡང་ཕོད་པ་མིན། །ཅེས་གསུངས་སོ། །ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་ལས། འཇམ་དཔལ་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་ནི་སྔོན་གྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། །སྦྱིན་པ་ལས་བྱུང་བ་དང་། མཆོད་པ་ལས་བྱུང་བ་དང་།


CMR054_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཐམས་ཅད་ནས་བསླབ་པ་བཟུང་བ་ལས་བྱུང་བ་རྣམས་སྔོན་འགྲོ་གཅིག་གིས་ཟིལ་གྱིས་གནོན་ཏེ། དེ་ལྟར་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱས་པ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །ཞེས་དང་། གསང་བ་འདུས་པའི་རྒྱུད་ལས། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན་ཇི་སྙེད་བཞུགས་པ་དང་། །སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེ་ལས་བྱུང་བའི་བསོད་ནམས་ཀྱིས་ཕུང་པོ་ཇི་སྙེད་པ། དེ་བས་ཀྱང་སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་བསོད་ནམས་ཁྱད་པར་དུ་འཕགས་སོ། །ཞེས་དང་། མཁའ་འགྲོ་མ་ཟིལ་གནོན་གྱི་རྒྱུད་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ། །བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བསྙེན་བཀུར་བྱས་པ་བས་ནི། རྡོ་རྗེ་སློབ་དཔོན་གྱི་བ་སྤུའི་ཁུང་གཅིག་ལ་ཏིལ་མར་གྱིས་བྱུག་པ་བསོད་ནམས་ཆེས་ཁྱད་པར་དུ་འཕགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཡོན་ཏན་ཐམས་ཅད་བླ་མ་ལས་འབྱུང་བའི་ཕྱིར་རོ། །ཞེས་དང་། སམ་བྷ་ཏྲི་ལས། གང་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་། །བྱང་ཆུབ་


CMR054_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་བསོད་ནམས་པས། །བླ་མའི་བ་སྤུའི་ཁུང་གཅིག་མཆོག །ཅེས་དང་། གསང་བ་འདུས་པ་ལས། དུས་གསུམ་སངས་རྒྱས་ཀུན་མཆོད་པས། །བླ་མའི་བ་སྤུ་གཅིག་མཆོད་པ། །དེ་ཡི་བསོད་ནམས་ཁྱད་པར་འཕགས། །ཞེས་དང་། སྡོམ་པ་འབྱུང་བ་ལས། མཆོད་པ་ཀུན་གྱི་ཐོག་མར་ནི། །བླ་མ་མཆོད་པ་བརྩམ་པར་བྱ། །དེ་མཉེས་པ་ལ་དངོས་གྲུབ་ནི། །ཡེ་ཤེས་དམ་པ་ཐོབ་པར་འགྱུར། །ཅེས་དང་། དུས་ཀྱི་འཁོར་ལོ་ལས། བསྐལ་པ་དུས་གསུམ་ཐམས་ཅད་དུ། །བླ་མེད་དཀོན་མཆོག་མཆོད་པ་དང་། །སྲོག་ཆགས་བྱེ་བའི་ཚེ་སྐྱབས་ཀྱང་། །ཚེ་འདིར་ཐར་པ་མི་ཐོབ་སྟེ། །ཡོན་ཏན་ལྡན་པའི་བླ་མ་ལ། །དད་པས་ཡིད་ཀྱིས་མཆོད་བྱས་ན། །མཆོག་དང་ཐུན་མོང་མི་དངོས་གྲུབ་ནི། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཅེས་དང་། ཀླུ་སྒྲུབ་ཀྱི་རིམ་ལྔར། མཆོད་པ་ཐམས་ཅད་ཡོངས་སྤངས་ཏེ། །བླ་མ་ལ་མཆོད་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་དང་། བླ་མེད་མགོན་པོ་སློབ་དཔོན་གྱིས། །རྡོ་རྗེ་སེམས་དཔའ་མཆོད་བྱས་ན། །དེ་ཡིས་


CMR054_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་མ་བྱས་ཤིང་། །དཀའ་ཐུབ་མ་བརྟེན་གང་ཞིག་ཡོད། །དེ་ཉིད་མི་བཟད་འདོད་པ་ཡི། །ཤིན་ཏུ་དགའ་བ་གང་དང་གང་། །ཤིན་ཏུ་ཁྱད་པར་ཅན་ཡིན་ཏེ། །དེ་དང་དེ་ནི་བླ་མར་འབུལ། །སློབ་དཔོན་གྱིས་ནི་སྡིག་པ་འཕྲོག །སློབ་དཔོན་གྱིས་ནི་འཇིགས་པ་སེལ། །སློབ་དཔོན་གྱིས་ནི་སྡུག་བསྔལ་གྱི། །རྒྱ་མཚོ་ཆེ་ལས་ཕ་རོལ་སྒྲོལ། །ཅེས་དང་། ཀླུ་བྱང་གི་ཆོ་ག་ཉི་ཤུ་པར། སློབ་དཔོན་བརྙས་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །བླ་མ་སངས་རྒྱས་ཀུན་མཉམ་པར། །སློབ་དཔོན་ལ་ནི་གང་བརྙས་པར། །དེ་ནི་སངས་རྒྱས་ཀུན་བརྙས་པས། །རྟག་ཏུ་སྡུག་བསྔལ་ཐོབ་པར་འགྱུར། །དེ་ཕྱིར་སངས་རྒྱས་འབྲས་འདོད་ཅིང་། །གུས་དང་དད་པའི་སེམས་ཅན་གྱིས། །བསམ་ཡས་འབྲས་བུ་སྩོལ་བ་པོ། །འདི་ལ་འབད་པས་ཀུན་གྱིས་མཆོད། །ཅེས་དང་། མཚན་བརྗོད་ལས། མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་མཆོད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །ཅེས་དང་། རྡོ་རྗེ་གདན་བཞི་ལས། སྐྱེ་བོ་སྟོང་ཕྲག་


CMR054_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དག་ཀྱང་། །བྲམ་ཟེ་གཙང་མ་གཅིག་ཏུ་སྦྱར། །བྲམ་ཟེ་སྟོང་ཕྲག་གཉིས་དག་ཀྱང་། །དགེ་སློང་གཅིག་ལ་སྦྱར་བར་བྱ། །དགེ་སློང་སྟོང་ཕྲག་གཉིས་དག་ཀྱང་། །བསམ་གཏན་ལྡན་པ་གཅིག་ལ་སྦྱར། །བསམ་གཏན་ལྡན་པ་སྟོང་ཕྲག་གཉིས། །རྡུལ་གཅིག་པ་ལ་ཡང་སྦྱར་བར་བྱ། །རྡུལ་གཅིག་པ་ནི་སྟོང་ཕྲག་གཉིས། །བླ་མ་གཅིག་ལ་སྦྱར་བར་བྱ། །ཞེས་དང་། དེ་ལྟར་ཚོགས་རྫོགས་པའི་ཐབས་དཀོན་མཆོག་མཆོད་པ་ལས་མེད་པས། སྒྲུབ་པའི་མཎྜལ་དཀོན་མཆོག་གསུམ་བསྒོམས་ནས་མཆོད་པ་ཡིན། དེ་ཡང་དཀོན་མཆོག་ཀུན་འདུས་བླ་མ་མཆོད་པ་ཕན་ཡོན་ཁྱད་པར་དུ་ཆེ་བའི་ཕྱིར། མཆོད་ཡུལ་གྱི་གཙོ་བོར་བླ་མ་སྒོམ་པ་ཡིན། །དེ་ཡང་མཆོད་ཡུལ་དཀོན་མཆོག་དངོས་སུ་བཞུགས་པ་དང་། དངོས་སུ་མི་བཞུགས་པ་ལ་ཡིད་ཀྱིས་དམིགས་ཏེ་མཆོད་པ་ཡང་བསོད་ནམས་མཉམ་སྟེ། མདོ་སྡེ་རྒྱན་ལས། རབ་དང་སེམས་དང་ལྡན་པ་ཡིས། །ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར། །སངས་རྒྱས་རྣམས་ལ་གསོལ་ལ་སོགས། །མངོན་སུམ་མངོན་སུམ་མིན་པར་མཆོད། །ཅེས་གསུངས་སོ། །སྙིང་རྗེ་པདྨ་དཀར་པོའི་མདོ་


CMR054_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཀུན་དགའ་བོ་གང་དག་ང་འདུག་པ་ལ་མངོན་སུམ་དུ་བསྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་ནས་མཆོད་པའི་བར་ལྟ་ཞོག །གང་ང་ཡོངས་སུ་མྱ་ངན་ལས་འདས་ན་རིང་བསྲེལ་ཡུངས་འབྲུ་ཙམ་ལ་བསྟི་སྟང་བྱེད་པ་ཡང་ལྟ་ཞོག །ང་ཡི་ཕྱིར་མཆོད་རྟེན་བྱེད་པ་ལ་བསྟི་སྟང་བྱེད་པའང་ལྟ་ཞོག །ཀུན་དགའ་བོ་གང་དག་ཁ་ཅིག་སངས་རྒྱས་ལ་དམིགས་ནས་ཐ་ནའང་མེ་ཏོག་གཅིག་ནམ་མཁའ་ལ་གཏོར་ན། ཀུན་དགའ་བོ་དགེ་བའི་རྩ་བ་དེས་འབྲས་བུ་མྱ་ངན་ལས་འདས་པ་ཐོབ་སྟེ། ཐ་མ་མྱ་ངན་ལས་འདའ་བར་ང་སྨྲའོ། །ཞེས་དང་། མཆོད་པ་དང་མཎྜལ་དངོས་སུ་མ་འབྱོར་ན། ཡིད་ཀྱིས་སྤྲུལ་ནས་མཆོད་ཆོག་སྟེ། ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །ཞེས་སོགས་གསུངས་པ་ཡིད་སྤྲུལ་ཡིན་གྱི། དངོས་སུ་དེ་འདྲ་ག་ལ་སྲིད། སྟོང་གསུམ་ཁམས་ཀྱི་རྡུལ་སྙེད་དུ། །བདག་ཉིད་ཀྱང་ནི་རྣམ་བསམ་ཞིང་། །མཆོད་པའི་ཕྱིར་ཡང་རྣམ་བསམས་ནས། །སངས་རྒྱས་ཀུན་ལ་དབུལ་བར་བྱ། །ཞེས་དང་། ཞིང་འདི་འཁོར་ལོ་རིན་ཆེན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་


CMR054_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ཤེས་རབ་ཅན་གྱིས་དབུལ། །ཞེས་དང་། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་ན། །གཟུགས་མཆོག་རྒྱལ་བའི་སྤྱན་ལ་མཛེས་པ་ཀུན། །རྡོ་རྗེ་གཟུགས་མའི་ཚོགས་རྣམས་ཀུན་སྤྲུལ་ཏེ། །ཞེས་སོགས་ཡིད་སྤྲུལ་གྱིས་ཆོག་པའི་དོན་ཡིན་ནོ། །སངས་རྒྱས་ཀྱི་ཞིང་ཁམས་རྣམས་དང་། འཇིག་རྟེན་གྱི་ཁམས་རྣམས་སུ། རང་གྲུབ་ཏུ་ཡོད་པ་རྣམས་ཀྱང་བློ་ཡིས་བླངས་ཏེ་འབུལ། སྔོན་རང་གི་ལུས་བླངས་ཚད། ད་ལྟའི་ལུས་འདི། མ་འོངས་པ་ན་ལུས་ལེན་རྒྱུ་ཐམས་ཅད། བློ་ཡིས་བླངས་ཏེ་དཀོན་མཆོག་ལ་འབུལ་བར་བྱ་སྟེ། སྤྱོད་འཇུག་ལས། མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་། །སྨན་གྱི་རྣམ་པ་གང་དག་ཡོད་པ་དང་། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང་། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང་། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང་། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང་། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་


CMR054_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །གཞན་ཡང་མཆོད་པར་འོས་པའི་རྒྱུན་རྣམས་ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དང་། །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་འདི་དག་ཀུན། །བློ་ཡིས་བླངས་ཏེ་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་ནི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །རྒྱལ་དང་རྒྱལ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །ཞེས་དང་། དེ་ལྟར་དངོས་སམ་ཡིད་སྤྲུལ་ལམ་བློས་བླངས་པའི་མཆོད་པ་དང་། མཎྜལ་འབུལ་ཏེ། དངོས་སུ་འབྱོར་ན་མཎྜལ་དེ་ལ་སྒྲུབ་པའི་མཎྜལ་དང་། མཆོད་པའི་མཎྜལ་གཉིས་


CMR054_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དང་པོ་ནི། རིན་པོ་ཆེ་ལ་སོགས་པའི་མཎྜལ་གཉིས་ཡོད་ན། ཆེ་ཞིང་བཟང་བ་ལ་སྒྲུབ་པའི་མཎྜལ་གྱི་དམིགས་རྟེན་བྱ་ཞིང་། ཅུང་ཟད་དམན་པ་ལ་མཆོད་པའི་མཎྜལ་གྱི་དམིགས་རྟེན་བྱ། གཅིག་ལས་མེད་ན་དེ་ཉིད་སྒྲུབ་པའི་མཎྜལ་དང་། །མཆོད་པའི་མཎྜལ་གྱི་དམིགས་རྟེན་ཤིང་དང་རྡོ་ལ་སོགས་པ་ལ་བྱེད། གྲུབ་ཆེན་མི་ཏྲ་ཛཱ་ཀིའི་ཞལ་ནས། མ་འབྱོར་ན་ས་གཞི་སྤོས་ཀྱིས་ཆག་ཆག་བཏབ་ལ་ཚོམ་བུ་བཀོད་གསུངས། དེ་ཡང་མ་འབྱོར་ན་དམིགས་པ་ཁོ་ན་བྱའོ། །དེ་ཡང་ལག་ལེན་ཐུབ་ཕྱིན་ཆད། །གང་ཆེ་བ་བསོད་ནམས་ཆེ་ཞིང་རིན་པོ་ཆེ་ལས་གྲུབ་ན་སོར་བཞི་ཡན་དུ་ལོང་པ། ས་རྡོ་ཤིང་ལ་སོགས་པ་ཡིན་ན་མཐོ་གང་ཡན་ཆད་དོ། །དེ་ལས་ཆུང་བ་མི་བརྟེན་ནོ། །དབྱིབས་ཀུན་ནས་ཟླུམ་པོ་སྟེང་འཇམ་ཞིང་མཉམ་པ། དབུས་ཅུང་ཟད་མཐོ་བ་འབུར་དུ་དོད་པའི་རྣམ་པ་ཅན། སྦྱིལ་མོ་དང་ཚོམ་བུ་མི་ཆགས་པ་མ་ཡིན་པ། སྟེང་ཕྱོགས་ཀྱི་དྲུག་ཆ་དང་མཉམ་པར་རི་ཟླུམ་པོས་འོག་ཏུ་འཁོར་བ། མཛེས་ཤིང་ཡིད་དུ་འོང་བ་གས་གྲུམ་དང་ཆག་པ་དང་། བཙས་ཁྱེར་སོགས་མ་ཡིན་པ་འབྱོར་ན་དྲི་བཟང་གིས་བྱུག་ཅིང་རི་མོ་མེད་པར་བྱའོ། །


CMR054_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

དེའང་སྐྱོན་དེ་དག་དབུས་ན་ཡོད་ནི་བླ་མ་དང་། མདུན་རང་གཡས་ཕ་མ་དང་གཉེན་འབྲེལ། གཡོན་མཆེད་གྲོགས། རྒྱབ་འཁོར་དང་ལོངས་སྤྱོད་ལ་གནོད་དོ། །ཚོམ་བུ་ཡང་རབ་རིན་པོ་ཆེ། འབྲིང་དུང་དང་མགྲོན་བུ། ཐ་མའང་ནས་དང་འབྲས་སོགས་འབྲུ་བཟང་པོ་ལ་བྱའོ། །དམ་ཚིག་ཏུ་མཎྜལ་སྟོང་པར་མི་བཞག །ལེགས་པར་རང་གཞན་སྣོད་བཅུད་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་མི་གཙང་བའི་དངོས་པོ་ཐམས་ཅད་སངས་ཀྱིས་དག་པར་དམིགས་ལ། མཎྜལ་ལག་ཏུ་ཐོགས་ཏེ་གཡས་སྙིམ་པ་མེ་ཏོག་དང་བཅས་པས། ཏྲི་ཡ་བའི་ལུགས་ལ། ཕྱག་གཡས་པས་གཡས་བསྐོར་དུ་ཕྱི་ཞིང་མཎྜལ་སྲུང་བ་བཞག་ནས་ཚོམ་བུ་བཀོད་པ་ཡིན། ནང་པའི་ལུགས་ཀྱིས་གཡོན་སྐོར་དུ་ཕྱི་ཞིང་། མཎྜལ་གྱི་སྲུང་བ་བཞག་ནས་ཚོམ་བུ་བཀོད་པ་ཡིན་པས། ཕྱི་ལུགས་གཉིས་གང་འཐད་བརྟགས་ལ་ལན་གསུམ་སོགས་ཕྱི། དེ་ནས་ཚོམ་བུ་དབུས་མ་དང་མཐའ་གང་རུང་ཉེ་དྲགས་པ་མ་ཡིན་པ། ཡོ་བ་དང་འཐོར་བ། ཆེ་ཆུང་མི་མཉམ་པའི་སྐྱོན་སོགས་དང་བྲལ་བར་བཀོད། སྐྱབས་ཡུལ་གྱི་སྐབས་ལྟར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ལ་


CMR054_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བསྟིམ། ཡང་སྤྱན་འདྲེན་མ་བྱས་ཀྱང་ཆོག་སྟེ། ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། ཇི་ལྟར་མི་གང་ཐུབ་པ་ཟླ་བ་ཡིད་ལ་དྲན་བྱེད་པ། །དེ་ཡི་མདུན་ན་རྟག་ཏུ་ཐུབ་པ་བཞུགས། །ཞེས་གསུངས་སོ། །དེ་ཉིད་མཆོད་བཤམས་ཀྱི་དབུས་སམ། མཆོད་བཤམས་མེད་ན་སྟེགས་མཛེས་ཤིང་གཙང་བའི་མཆོད་པའི་རྟེན་གྱི་བཞུགས་གནས་སུ་འོས་པ། མཐོ་ལ་ཡངས་པའི་སར་བཤམ་མོ། །དེའི་མདུན་དུ་ཅུང་ཟད་དམའ་བའི་སྟན་ལ་རང་ཉིད་འདུག་སྟེ། ལག་པ་གཡོན་དུ་མཎྜལ་དང་། གཡས་སུ་ཚོམ་བུ་ཐོགས་ལ་ཡིག་བརྒྱ་ཚར་གཅིག་འདོན་པ་དང་སྦྲགས་ནས་གོང་བཞིན་མཎྜལ་གྱི་རྡུལོ་གཙང་ཞིང་དག་པར་ཕྱི་བ་དང་སྦྲག་སྟེ། གཟུང་འཛིན་གྱིས་བསྡུས་པའི་རང་གཞན་གྱི་རྒྱུད་ཀྱི་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསམ། ཚིག་འདོན་པ་དང་། དོན་གསལ་འདེབས་པ་དང་། ཚོམ་བུ་བཀོད་པ་རྣམས་ཕྱོགས་མཐུན་པར་བྱས་ཏེ། རྒྱས་པར་སོ་བདུན་མ། འབྲིང་བ་ཚོམ་བུ་བདུན་མ། བསྡུས་པ་ས་གཞི་སྤོས་བྱུགས་མ་འདོན་པ་ཕྱིའི་མཎྜལ་ལོ། །ནང་གི་མཎྜལ་ལུས་ལ་བཀོད་པ་ནི། པགས་པ་དབང་ཆེན་གསེར་གྱི་ས་གཞི། རྒྱུ་མ་ལྕགས་


CMR054_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

རིའི་འཁོར་ཡུག །དེའི་དབུས་སུ་སྒལ་ཚིགས་དབུས་ཀྱི་རི་བོ་མཆོག་རབ། མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་། ལག་པ་གཡས་པ་ཤར་ལུས་འཕགས་པོ། །རྐང་པ་གཡས་པ་ལྷོ་འཛམ་བུ་གླིང་། རྐང་པ་གཡོན་པ་ནུབ་བ་ལང་སྤྱོད། ལག་པ་གཡོན་པ་བྱང་སྒྲ་མི་སྙན། །མིག་གཉིས་ཉི་མ་དང་ཟླ་བ། རྣ་བ་གཉིས་སྒྲ་གཅན་དང་དུས་མེ། སྣ་གཏེར་ཆེན་པོའི་བུམ་པ། ལྕེ་འདོད་འཇོའི་བ། རྐང་སོར་བཅུ་ཕྱིའི་ལྷ་མོ་བཅུ།། ལག་སོར་བཅུ་ནང་གི་ལྷ་མོ་བཅུ། ལྷུའི་ཚིགས་ཆེན་བརྒྱད་བཀྲ་ཤིས་པའི་རྟགས་བརྒྱད། དོན་སྣོད་བདུན་རྒྱལ་སྲིད་སྣ་བདུན། སྐྲ་དང་བ་སྤུ་ལྷ་དང་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་དག་ཐམས་ཅད་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང་། དཀོན་མཆོག་ཡི་དམ་ཆོས་སྐྱོང་གི་ཚོགས་དང་བཅས་པ་རྣམས་ལ་འབུལ་བར་བསྒོམ། །གསང་བའི་མཎྜལ་རྩ་ལ་བཀོད་པ་ནི། གསང་གནས་རྩ་མཆོག་དབང་ཆེན་གསེར་གྱི་ས་གཞི། ཡན་ལག་གི་རྩ་རྣམས་ལྕགས་རིའི་འཁོར་ཡུག །དབུས་སུ་དབུ་མ་རི་རྒྱལ་ལྷུན་པོ། སྙིང་ག་ཤར་ལུས་འཕགས་


CMR054_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

པོ། ལྟེ་བ་ལྷོ་འཛམ་བུ་གླིང་། མགྲིན་པ་ནུབ་བ་ལང་སྤྱོད། སྤྱི་བོ་བྱང་སྒྲ་མི་སྙན། རྩ་རོ་མ་ཉི་མ། རྐྱང་མ་ཟླ་བ། དབུ་མའི་ཡར་སྣེ་སྒྲ་གཅན། མར་སྣེ་དུས་མེ། །སྙིང་ཁ་ཆོས་ཀྱི་འཁོར་ལོ། ལྟེ་བ་སྤྲུལ་པའི་འཁོར་ལོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ། དབང་པོ་ལྔ་འདོད་ཡོན་གྱི་ལྷ་མོ་ལྔ། རྩ་འདབ་རྣམས་བཀྲ་ཤིས་ཀྱི་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན་ལྷ་མིའི་དཔལ་འབྱོར་མ་ཚང་བ་མེད་པ་འདི་དག་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་ཡི་དམ་གྱི་ལྷ་ལ་འབུལ་བར་བསྒོམ། །དམིགས་པ་དེ་གཉིས་ནི་གྲུབ་ཆེན་མི་ཏྲའི་གསུངས་ལྷད་མེད་ཡིན་པས་བྱིན་རླབས་ཆེ། ཡང་རང་གི་སེམས་འདི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་པར་བསམས་ནས། རང་གི་མིག་གི་ཡུལ་གྱི་གཟུགས་ཐམས་ཅད་ནི། གཟུགས་རྡོ་རྗེ་མ་མེ་ལོང་ཐོགས་པ། རྣ་བའི་ཡུལ་གྱི་སྒྲ་ནི་སྒྲ་རྡོ་རྗེ་མ་པི་ཝཾ་ཐོགས་པ། སྣའི་ཡུལ་གྱི་དྲི་ནི་དྲི་རྡོ་རྗེ་མ་སྤོས་ཕོར་ཐོགས་པ། ལྕེའི་ཡུལ་གྱི་རོ་ནི་རོ་རྡོ་རྗེ་མ་ཞལ་ཟས་ཐོགས་པ། ལུས་ཀྱི་ཡུལ་གྱི་རེག་བྱ་ནི་རེག་བྱ་རྡོ་རྗེ་མ་ན་བཟའ་ཐོགས་པ། ཡིད་ཀྱི་ཡུལ་གྱི་ཆོས་ནི་ཆོས་དབྱིངས་རྡོ་རྗེ་མ་ཆོས་


CMR054_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ཐོགས་པར་སྤྲུལ། དེ་དག་ལས་སྤྲུལ་པ་མཆོད་པའི་ལྷ་མོ་བཅུ་དྲུག །ཉེར་སྤྱོད་བདུན། འདོད་ཡོན་ལྔ། རྒྱལ་སྲིད་སྣ་བདུན་བཀྲ་ཤིས་པའི་རྫས་བརྒྱད། ངོ་མཚར་བའི་མཆོད་པ་བཅོ་བརྒྱད། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིག་མ་ལྔ། རྡོ་རྗེ་རྣལ་འབྱོར་མ་དཔག་ཏུ་མེད་པས་ཕྱག་ན་བདུད་རྩིའི་བྷན་ཐོགས་པ་ལ་སོགས་པ་མཆོད་པའི་སྤྲིན་ཆེན་པོ་ནམ་མཁའ་བར་སྣང་གང་བ་དང་། རི་རབ་གླིང་བཞི་གླིང་ཕྲན་བརྒྱད་ཉི་ཟླ་དང་བཅས་པ། སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་བཀང་སྟེ་ཕུལ་བར་བསྒོམ། འདི་ནི་གདོང་མཁའ་སྤྱོད་པ་ལ་གླང་ཆེན་འགྱིང་རིར། ཀུན་ཏུ་བཟང་པོས་ལུང་བསྟན་པའི་དོན་བསྡུས་པ་ཡིན་ཏེ་བྱིན་རླབས་ཆེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། །ཆོས་དབྱིངས་མཎྜལ་རིག་པས་བརྒྱན་པ་འདི། །བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་འབུལ། །ཞེས་དང་། རྗེ་མར་པས། རང་བཞིན་སྐྱོན་མེད་ཀྱི་མཎྜལ་ལ། །སྣང་བ་སྣ་ཚོགས་ཀྱི་མེ་ཏོག་བཀོད། །ནམ་མཁའ་རྣམ་དག་གི་མཎྜལ་ལ། །འགགས་མེད་རྟེན་འབྲེལ་གྱི་མེ་ཏོག་བཀོད། །རང་སེམས་བདེ་ཆེན་གྱི་མཎྜལ་ལ། །རྣམ་རྟོག་སྣ་ཚོགས་ཀྱི་མེ་ཏོག་


CMR054_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད། །ཅེས་སོགས་གསུངས་པའི་དོན་ཡང་ཡིན་ནོ། །དེ་དག་གི་འདོན་ཆ་རྒྱས་བསྡུས་གསར་རྙིང་རྣམས་ནས་དུ་མ་འབྱུང་བ། བློ་ལ་ཡོད་ན་རང་གི་གང་ཡོད་དེ་འདོན་ཆོག །མེད་ན་ཚིག་གཅིག་པོ་འདི་འདོན་ནས་དམིགས་པ་བསྒོམ་ཞིང་བརྒྱ་རྩ་བཟླ། བདག་ལུས་ལོངས་སྤྱོད་སྣང་སྲིད་མཎྜལ་འབུལ། །ཞེས་དང་། ཡང་ན་རྗེ་མི་ཏྲས་གསུངས་པའི་སྔགས་འདི་བརྒྱ་ཚར་འདོན་ནོ། །གུ་རུ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། དེ་རྣམས་ཀྱི་གོ་བ་དང་ཤེས་རབ་ཡོད་པ་རྣམས་ལ། ཚོགས་བསགས་པ་གལ་ཆེ་ཚུལ། །ཚོགས་བསགས་པ་ལ་དཀོན་མཆོག་མཆོད་དགོས་ཤིང་། དེ་ཡང་བླ་མ་མཆོད་ན་ཚོགས་རྫོགས་ཕུལ་ཆེ་བ་དང་མཆོད་པ་ཐམས་ཅད་ལ་དང་པོར་ཡོ་བྱད་བསྒྲུབ་དུས། དཀའ་ཚེགས་ཆེ་ཞིང་སྡིག་དང་འདྲེས་པའི་དྲི་མ། དངོས་གཞིའི་ཚེ་སེར་སྣའི་དྲི་མ། རྗེས་ནས་འཕོངས་སེམས་དང་འགྱོད་པའི་དྲི་མ་དང་གསུམ་ཡོད་པས། མཎྜལ་ལ་དེ་གསུམ་མེད་པའི་ཕྱིར་དྲི་མ་མེད་པའི་མཆོད་པ་ཡིན་ཏེ། གླིང་རས་ཀྱི་ཞལ་ནས། ལག་པ་ནར་གྱིས་བརྐྱང་བ་ལ་མཎྜལ་འདི་བས་བསོད་ནམས་ཆེ་བ་མེད་གསུངས། ཡང་ཤིན་ཏུ་ཤེས་རབ་ཆུང་བས་


CMR054_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་དེ་ཙམ་མི་ཟིན་ན། མདུན་གྱི་ནམ་མཁར་པད་ཟླའི་གདན་ལ། བླ་མ་དཀོན་མཆོག་ཐམས་ཅད་འདུས་པའི་ངོ་བོ། སངས་རྒྱས་འོད་དཔག་མེད་སྐུ་མདོག་བྱི་རུ་ལྟར་དམར་བ། དབུ་གཙུག་ཏོར་མཛོད་སྤུ་དཀར་པོ་སོགས་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་ཤིང་། ཆོས་གོས་རྣམ་གསུམ་གསོལ་ནས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་མཉམ་བཞག་གི་སྟེང་ན་ལྷུང་བཟེད་བདུད་རྩིས་བཀང་བ་བསྣམས་པ། དེ་ལྟ་བུ་གཅིག་མཎྜལ་དང་མཆོད་པ་ནམ་འབུལ་གྱི་དུས་སུ་ནམ་མཁར་ལམ་ལམ་གསལ་བཏབ་དེའི་མདུན་དུ་སྐྱེ་བ་འདི་དང་སྐྱེ་བ་སྔ་མ་ཐམས་ཅད་དང་ཕྱི་མ་ཐམས་ཅད་ཀྱི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་འབུལ། གླིང་བཞི་རི་རབ་དང་བཅས་པ། སྟེང་ལྷའི་ལོངས་སྤྱོད། འོག་ཀླུའི་ལོངས་སྤྱོད། བར་མིའི་ལོངས་སྤྱོད། དབྱར་ཀའི་མེ་ཏོག་ཐམས་ཅད། སྟོན་ཁའི་ལོ་ཏོག་ཐམས་ཅད། ལྷའི་ཡུལ་དུ་བདུད་རྩི་ཁ་དོག་ལྔ་ཡོད་པར་བཤད་པ་ཐམས་ཅད་རང་གི་བློ་ཡིས་བླངས་ཏེ་ཕུལ་བར་བསྒོམ། དེ་དག་གི་ཚེ་མཎྜལ་གྱི་ཚིགས་བཅད་ཤེས་སམ། མེད་ན་དམིགས་པ་བསྒོམ་ཞིང་ཡིག་དྲུག་འདོན་པས་


CMR054_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་སྟེ། རྒྱལ་པོ་སྲོང་བཙན་སྒམ་པོའི་གསུངས་ལས། སྣང་བ་སྣ་ཚོགས་ལམ་གྱི་གཏོར་མ་ཞེས་པའི་དོན་ཡང་དེ་ཡིན། དཔའ་ཡིད་ལ་ཡོད་ན་མཚོན་གོར་མོ་རྡོ་ཡིས་ཆོག་ཟེར་བའི་དཔེ་དེ་ལྟར་བསྒོམ་ཤེས་ན་ཚོགས་རྫོགས་པ་ལ་དཀའ་ཚེགས་མེད་གསུངས། དེ་ལྟར་མཎྜལ་རྒྱས་བསྡུས་གང་བསྒོམ་ན་ཡང་རྗེས་སུ། དེ་ནས་མཆོད་པའི་ཡུལ་གྱི་ལྷ་ཚོགས་རང་ལ་བསྟིམས་ནས། ལུས་ངག་ཡིད་གསུམ་མ་བཅོས་པའི་ངང་ལ་མཉམ་པར་འཇོག་པ་ནི་ཡེ་ཤེས་ཀྱི་ཚོགས་སོ། །ཞེས་གྲུབ་ཆེན་མི་ཏྲ་ཛཱ་གིས་གསུངས་ཏེ། དེ་ཁོ་ན་ཉིད་ཀྱི་མཎྜལ་དང་། དམིགས་པ་མེད་པའི་མཆོད་པ་ནི། བདག་མེད་ཀྱི་དོན་སྒོམ་པ་སྟེ། མཆོད་པ་ཡི་ནི་མཆོག་ཡིན་ནོ། །དེ་ལྟར་ཡང་ལྷའི་བུ་བློ་གྲོས་རབ་གནས་ཀྱི་ལེའུ་ལས། བྱང་ཆུབ་འདོད་པའི་བྱང་ཆུབ་སེམས་དཔའ་ཡི། །བསྐལ་པ་བྱེ་བ་གང་གཱའི་བྱེ་སྙེད་དུ། །མེ་ཏོག་སྤོས་དང་དེ་བཞིན་ཟས་སྐོམ་དང་། །ཕུལ་ནས་མི་མཆོག་སངས་རྒྱས་སྟོང་མཆོད་པས། །གང་གིས་གང་ལས་བདག་དང་སྲོག་དང་ནི། །གང་ཟག་མ་མཆིས་དེ་འདྲའི་ཆོས་འདི་དག །ཐོབ་ནས་དེ་ལ་འོད་གསལ་བཟང་ཐོབ་བོ། །དེ་ཡིས་མི་མཆོག་དམ་པ་


CMR054_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་ལགས། །ཅེས་གསུངས་སོ། །སེངྒེ་སྒྲ་ཆེན་གྱི་མདོ་ལས་ཀྱང་། གང་འདུ་ཤེས་དང་མཚན་མ་མི་སྐྱེད་པར་བྱེད་པ་དེ་ནི། དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །བླང་དོར་མེད་པ་དང་གཉིས་སུ་མེད་པར་འཇུག་པ་དེ་ནི། དེ་བཞིན་གཤེགས་པ་མཆོད་པ་ཡིན་ནོ། །གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་དངོས་པོ་མེད་པའི་མཚན་ཉིད་ཡིན་པས། དེའི་དངོས་པོའི་འདུ་ཤེས་ལ་གནས་པས་མཆོད་པ་སླ་བ་མ་ཡིན་ནོ། །ཞེས་གསུངས་སོ། །ཡབ་སྲས་མཇལ་བའི་མདོ་ལས། སྟོང་ཉིད་ཆོས་ལ་བརྟེན་བགྱིད་ཅིང་། །སངས་རྒྱས་སྤྱོད་ཡུལ་གང་མོས་པ། །དེ་དག་སྟོན་པ་མཆོད་པ་སྟེ། །མཆོད་པ་འདི་ནི་བླ་ན་མེད། །ཅེས་གསུངས་སོ། །བདུད་རྩི་གསང་བའི་རྒྱུད་ལས་ཀྱང་། མཉེས་པའི་དོན་གྱིས་མཆོད་པ་སྟེ། །སྤོས་སོགས་ཕུལ་བས་མཉེས་པ་མེད། །རང་སེམས་ལས་སུ་རུང་བ་དག །མཉེས་པའི་མཆོད་པ་ཆེན་པོའོ། །ཞེས་གསུངས་སོ། །དེ་ལྟར་ཉམས་སུ་བླངས་པས། ཚོགས་རྫོགས་པའི་རྟགས་སུ་ཟས་ཆེར་མ་ཟོས་ཀྱང་མི་རྟོགས། ཤེས་རབ་བྱེ་བས་སྔར་མ་གོ་བའི་ཆོས་མང་དུ་ཤེས། སྔར་


CMR054_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པའི་ཆོས་མང་དུ་དྲན་ཞིང་ཉམས་དགའ་བ་བློ་བཀོལ་དུ་ཐུབ་པ་འབྱུང་། རྨི་ལམ་དུའང་བུད་མེད་མང་པོས་ཟས་སྐོམ་སྟེར་བ་དང་། ཉི་ཟླ་ཤར་བ་དང་། གྱེན་ལ་འགྲོ་བ་དང་། མེ་ཏོག་གི་ཐང་ལ་འགྲོ་ཞིང་མེ་ཏོག་ཐུ་བ་གོས་གསར་པ་གྱོན་པ། རྒྱན་བཏགས་པ། ཆུ་ལས་བརྒལ་བ། ཕ་རོལ་དུ་འགྲོ་བ། ཆུ་ལ་གྲུའམ་ཟམ་པ་བཙུགས་པ། མཎྜལ་དང་མེ་ལོང་ཕྱི་ཞིང་ལྟ་བ་དང་། དུང་འབུད་པ། རྔ་བོ་ཆེ་བརྡུང་པ། རོལ་མོ་བཀྲོལ་བ། ལྷ་ཁང་ལ་ལྟ་བ་སོགས་རྨིའོ། །དེའང་ཐང་རེ་ཙམ་རྨི་བ་ལ་གཏད་ར་མེད་པས་རྟགས་འདི་རྣམས་ཡང་ཡང་འབྱུང་བ་དང་། དངོས་སམ་ཉམས་སམ་དེ་དག་དངོས་སུ་བྱུང་ན་ཅུང་ཟད་ཚོགས་རྫོགས་པའི་རྟགས་ཡང་དག་པ་ཡིན་ནོ། །ཞེས་ཕྱག་ཆེན་ཁྲིད་ཡིག་ཆེན་མོ་ལས་གསུངས་སོ། །ཡང་མཎྜལ་སྐབས་འདིར། ཚེ་བུམ་བདུད་རྩིས་བཀང་བ་མང་པོ་སྤྲུལ་ཏེ་ཕུལ་བས་ཚེ་རིང་། ཤེས་རབ་ཀྱི་རལ་གྲི་མང་པོ་དང་གླེགས་བམ་མང་པོ་སྤྲུལ་ཏེ་ཕུལ་བས་ཤེས་རབ་ཆེ། བཟང་དྲུག་དང་སྨན་མང་པོ་སྤྲུལ་ཏེ་ཕུལ་བས་ནད་ཞི། རྒྱལ་སྲིད་སྣ་བདུན་དང་། རྒྱལ་པོ་ལ་འོས་པའི་ཉེར་སྤྱོད་དང་། གདུགས་བླ་རེ་ཁྲི་


CMR054_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

སྟན་མང་པོ་སྤྲུལ་ཏེ་ཕུལ་བས་མངའ་ཐང་འཕེལ། འདི་དག་ནི་དགེ་བའི་བཤེས་གཉེན་མཁས་པ་རྣམས་ཀྱི་གསུང་རྒྱུན་ལས་བྱུང་ངོ་། །རིམ་གྲོའི་མཆོག་ཀྱང་ཡིན་ཏེ། གྲུབ་ཆེན་ཀརྨ་པཀྵིའི་ཞལ་ནས། མདོས་དང་མཎྜལ་དང་བསྐང་བ་རྣམས་དོན་གཅིག་གསུངས། སྔོན་གླིང་རས་ལ་མཎྜལ་འབུལ་བཅུག་པའི་རྗེས་སུ་གདམས་ངག་བསྟན་པས་རྟོགས་པ་མཆོག་ཏུ་གྱུར། དེས་ན་ལས་འཕྲོ་ཅན་ལ་འདིའི་སྐབས་སུ་རྟོགས་པ་སྐྱེ་བ་ཡང་སྲིད། མཎྜལ་འདི་བརྒྱ་སྟོང་ཁྲི་འབུམ་ཙམ་ཕུལ་ན། བསོད་ནམས་འཕྲལ་དུ་བསྐྱེད་པའི་མན་ངག་ཟབ་མོ་ཡིན། ང་བསོད་ནམས་ཆུང་ཟེར་ནས་རྨོངས་ད་མང་པོ་བྱས་པས་ཅི་ཕན། ཚོགས་བསགས་ཀྱི་ཆོས་ཐུན་དེ་ཉམས་སུ་ལོངས་ཤིག། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་པ་བླ་མའི་རྣལ་འབྱོར་བསྒོམ་པའི་ཁྲིད།


CMR054_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

༼ཐ༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་པ་བླ་མའི་རྣལ་འབྱོར་བསྒོམ་པའི་ཁྲིད་བཞུགས་སོ།།


CMR054_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། བྱིན་རླབས་མྱུར་དུ་འཇུག་པའི་ཐབས། བླ་མའི་རྣལ་འབྱོར་ནི། དང་པོ་བླ་མའི་མཚན་ཉིད་ནི། ཐེག་པ་ཆེ་ཆུང་དང་མདོ་སྔགས་ནས་སོ་སོར་བཤད་དེ། བླ་མའི་རྣལ་འབྱོར་གྱི་སྐབས་འདིར། སྔགས་ལུགས་དང་ཕྱག་རྫོགས་ཀྱི་ལུགས་གཙོ་ཆེ་སྟེ། དང་པོ་བླ་མ་བརྟག་དགོས་པ་ནི། བླ་མའི་སྐྱོན་ཚོལ་བ་མ་ཡིན་ཏེ། རང་གི་ཚེ་རབས་རྟེན་གྱི་སྐྱབས་གནས་ཐུབ་མི་ཐུབ་བརྟག་པ་ཡིན་ཏེ། དོན་དམ་བསྙེན་པ་ལས། འདོད་པའི་དངོས་གྲུབ་སློབ་དཔོན་ཞལ་གྱི་རྗེས་འབྲང་


CMR054_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བར། །མ་ལུས་རྡོ་རྗེ་ཐེག་པ་ཐམས་ཅད་མཁྱེན་པས་གསུངས། །དེ་ཕྱིར་སློབ་མ་མཁས་པ་རྣམས་ཀྱིས་བླ་མ་གསེར་བཞིན་དུ། །ལེགས་པར་བརྟག་ན་སྡིག་པ་ཅུང་ཟད་ཡོད་མ་ཡིན། །ཅེས་དང་། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། རེ་ཤིག་དང་པོར་དངོས་གྲུབ་ནི། །སློབ་དཔོན་རྗེས་སུ་འབྲང་ཡིན་པས། །སློབ་དཔོན་མེད་པར་གྱུར་པ་ནི། །དངོས་གྲུབ་ཐོབ་པར་མི་འགྱུར་བས། །སློབ་དཔོན་མཚན་ཉིད་བཤད་པར་བྱ། །ཞེས་དང་། འོ་ན་བླ་མ་བསྟེན་མི་རུང་བ་གང་ཞེ་ན། རྡོ་རྗེ་མཁའ་འགྲོ་ལས། གང་ཡང་ཁྲོ་དང་སྒྱུ་ཅན་དང་། །ངག་ནི་


CMR054_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་རྩུབ་པ་དང་། །ཡོན་ཏན་དག་གིས་ཆོག་ཤེས་པ། །དེ་ནི་བླ་མར་བསྟེན་མི་བྱ། །ཞེས་དང་། བླ་མ་ལྔ་བཅུ་པ་ལས། བློ་ལྡན་སློབ་མས་བླ་མ་ནི། །སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །ཁེངས་ཤིང་ཆགས་ལ་མ་བསྡམ་དང་། །སྤྱོམ་དང་བཅས་ལ་མི་བྱའོ། །ཞེས་དང་། འོ་ན་བླ་མ་མཚན་ཉིད་དང་ལྡན་པ་གང་ཞེ་ན། རྡོ་རྗེ་གུར་ལས། རྡོ་རྗེ་སློབ་དཔོན་མཚན་ཉིད་ལྔ་ལྡན་ཉིད། །དེ་ཡི་ཉེ་བར་བསྟན་པའི་སྔགས། །སྒྲུབ་པ་པོ་ལ་འགྲུབ་བོ་ཀྱེ། །བརྟན་ཞིང་ཟབ་མོའི་ཆོས་ལྡན་དང་། །རིག་པའི་གནས་རྣམས་ཀུན་ལ་མཁས། །སྦྱིན་སྲེག་དཀྱིལ་འཁོར་སྔགས་ཤེས་ཤིང་། །རབ་གནས་གཏོར་མའི་ཕ་རོལ་སོན། །དེ་ཉིད་བཅུ་པོ་རྣམ་པར་རིག །ཉེ་བར་སྤྱོད་པ་སྐྱོང་བྱེད་ཅིང་། །སྔགས་ཀྱི་ཐེག་པའི་རིམ་པར་གུས། །གཟུགས་ལྡན་མཐོང་ན་དགའ་བ་དང་། །དཀྱིལ་འཁོར་བྲི་མཁས་བཟླས་པར་ལྡན། །རྩ་བའི་ལྟུང་བ་རབ་འཇོམས་ཤིང་། །སྔགས་དང་རྒྱུད་ཀྱི་རབ་སྦྱོར་གྱིས། །འཇིག་རྟེན་རྣམས་ལ་བདེ་སྟེར་བ། །དེ་འདྲའི་བླ་མ་དངོས་བྱས་ནས། །གང་གིས་ཀྱང་ནི་སྨད་མི་བྱ། །ཞེས་དང་། གདན་བཞི་ལས། དུལ་ཞིང་


CMR054_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བའི་ཆ་བྱད་ཅན། །སེམས་ཅན་རྣམས་ལ་མི་འཇིགས་སྦྱིན། །སྔགས་དང་རྒྱུད་ཀྱི་སྦྱོར་ཤེས་ཤིང་། །སྦྱོར་དང་བཟོད་དང་ཐབས་དག་དང་། །ཐམས་ཅད་དུ་ནི་ངག་འཇམ་ཞིང་། །སེམས་ཅན་རྣམས་ལ་བུ་གཅིག་བཞིན། །རྣལ་འབྱོར་བསམ་གཏན་མཆོག་སྦྱོར་བ། །སྙིང་རྗེ་ཕན་པའི་སེམས་ཀྱིས་ནི། །བདེན་པར་སྨྲ་ཞིང་གསོད་མི་བྱེད། །དེ་ཉིད་བཅུ་པོ་ཡོངས་ཤེས་ནས། །དེ་ཉིད་སློབ་དཔོན་དུ་བསྟེན་ནོ། །ཞེས་གསུངས་སོ། །དེ་ལྟ་བུའི་སློབ་དཔོན་མཚན་ཉིད་དང་ལྡན་པ་རྙེད་ན། བླ་མ་དེ་ཉིད་དངོས་ཀྱི་སྐུར་བསྒོམ་ན་གསོལ་བ་འདེབས་རུང་སྟེ། རྗེ་མི་བསྐྱོད་ཞབས་ཀྱི་གསུངས་ལས། བླ་མ་ཡང་བླ་མ་མིན་པ་བླ་མར་བཅོས་པ་ལ་མི་ཟེར། བླ་མ་ཡིན་པ་བླ་མར་བྱོན་པ་ཞིག་དགོས། ཞེས་གསུངས་སོ། །དེ་ལྟ་བུ་རྙེད་ན་བླ་མ་དངོས་དེ་བསྒོམས་ལ། གསོལ་བ་བཏབ་ན་བྱིན་རླབས་མྱུར། བླ་མ་དེ་ལྟ་བུ་མ་རྙེད་ན། བླ་མ་དེ་ཉིད་རྡོ་རྗེ་འཆང་ཕྱོགས་སོགས་ལྷའི་སྐུར་བསྒོམ་ལ་གསོལ་བ་བཏབ་ན། བླ་མ་སོ་སོ་སྐྱེ་བོ་འཆིང་བ་དང་ལྡན་པ་ཞིག་ཡིན་ཀྱང་། སངས་རྒྱས་དངོས་ཀྱི་མོས་གུས་ཕུལ་ན། སློབ་བུ་དད་ལྡན་དེ་རྗེས་སུ་


CMR054_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བླ་མ་དེ་ལ་ཞུགས་ཏེ། སངས་རྒྱས་ཀྱི་མཛད་པ་སྟོན་ནུས་པར་གསུངས། ཡང་ཁྲིད་ཀྱི་ལུང་རྒྱུན་ཐོབ་ནས་སྔར་གྱི་བཀའ་བརྒྱུད་གོང་མའི་བླ་མ་གང་དང་གང་ལ་མོས་ཤིང་དད་ན་དེ་ཉིད་རང་གི་རྩ་བའི་བླ་མར་འགྱུར་ཞིང་། བྱིན་རླབས་འཇུག་པར་ངེས་པས་ཚིག་བརྒྱུད་མི་དགོས་དོན་བརྒྱུད་འདི་ཁོ་བོ་རང་ལ་དད་ཆོག་ཅེས། སྒམ་པོ་པ། དུས་གསུམ་མཁྱེན་པ། ཀརྨ་པཀི། ཞང་གཡུ་བྲག་པ། རྗེ་རྒོད་ཚང་པ་སོགས་ཀྱིས་གསུངས་པས། དེས་ན་རང་གང་ལ་དད་པའི་བླ་མ་དེ་རྩ་བའི་བླ་མར་བཟུང་སྟེ་གསོལ་བ་བཏབ་ན། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སྤྲིན་མེད་ཀྱི་ནམ་མཁའ་དྭངས་པ་ལྟ་བུ་རྒྱུད་ལ་མྱུར་བར་བྱིན་རླབས་ཤུགས་ཀྱིས་སྐྱེ་བར་ངེས་སོ། །ཞེས་ཁྲིད་ཆེན་ལས་གསུངས་སོ། དེས་ན་བླ་མ་ལས་དབང་ལུང་ཁྲིད་སོགས་ཐོབ་ན་གཤེ་སྐུར་མི་རུང་སྟེ། ཐིག་ལེའི་རྒྱུད་ལས། འདི་ལྟ་སྟེ། །དཔེར་ན། འདོད་པའི་ཁམས་དང། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་སེམས་ཅན་ཐམས་ཅད་དུས་གཅིག་ལ་བསད་པ་བས་ནི། རྡོ་རྗེ་སློབ་དཔོན་གྱི་བ་


CMR054_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སྤུའི་ཁུང་གཅིག་ལ་སྨོད་པ་བརྒྱ་སྟོང་གི་ཆ་དང་གྲངས་སུ་མི་འགྲོའོ། །ཞེས་དང་། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། སློབ་དཔོན་ཅི་ལྟར་ལྟ་ཞེ་ན། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང་། །དེ་བཞིན་གཤེགས་པའི་རིན་ཆེན་ཏོག །དེ་ནི་ཡེ་ཤེས་རྒྱ་མཚོ་སྟེ། །ཡིད་བཞིན་ནོར་བུ་རིན་ཆེན་བཞིན། །སློབ་དཔོན་གྱི་ནི་ཡོན་ཏན་བཟུང་། །སྐྱོན་རྣམས་ནམ་ཡང་མ་ཡིན་ནོ། །ཡོན་ཏན་བཟུང་བས་དངོས་གྲུབ་ཅིང་། །སྐྱོན་རྣམས་ཀྱིས་ནི་དངོས་གྲུབ་ཉམས། །དེ་ཡི་གྲིབ་མ་ཡང་མི་འགོང་སྟེ། །མཆོད་རྟེན་བཤིགས་དང་འདྲ་བར་གསུངས། །ཞེས་དང་། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། གང་ཞིག་མི་ཡི་འཇིག་རྟེན་དག་ན་དཔལ་ལྡན་བླ་མ་རྡོ་རྗེ་འཛིན་པ་སྡིག་བྲལ་དེ་བདག་སྟེ། །དེ་ལ་གནོད་པའི་སྲོག་ཆགས་རྣམས་ནི་ངེས་པར་དམྱལ་བར་འགྱུར་ཏེ་འདི་ལ་ངོ་མཚར་མེད། །དེ་མཉེས་པ་ཡིས་བདག་ནི་མགུ་སྟེ་དེ་ལ་ཁྲོ་བས་མེ་ནི་ཁྲོས་པ་ཞེས་བྱ་ཆེ་བའོ། །དེ་ཉིད་སེམས་ཅན་རྣམས་ལ་ཐར་པ་བདེ་མཉམ་འབྲས་སྟེར་བུ་རྣམས་དག་གིས་ཕྱག་འོས་མཆོད་འོས་སོ། །ཞེས་དང་། རྒྱུད་བཀོད་པ་ཆེན་པོ་


CMR054_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དེ་ནས་བླ་མ་སྒོམ་དང་བསྟོད་དང་བསམ་པ་ཡིས། །སངས་རྒྱས་འབྲས་བུ་ཉག་གཅིག་འགྲུབ་པར་འགྱུར། །ཞེས་དང་། དྲི་མེད་རིག་པ་རང་བྱུང་གི་རྒྱུད་ལས། བློ་མ་མཉམ་མེད་རིན་པོ་ཆེ། །འོད་གསལ་ཆེན་པོའི་ངང་ལ་བཞུགས། །མཐའ་བརྒྱད་སྐྱོན་གྱིས་མ་གོས་པས། །རྗེ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆི། །ཞེས་གསུངས་སོ།། །སངས་རྒྱས་འདུས་པའི་རྒྱུད་ལས། གང་འདུལ་གདུལ་བྱའི་ཞིང་བཞིན་དུ། །བླ་མ་སྒྲུབ་པའི་ཐབས་བརྩམ་སྟེ། །དེ་ཉིད་དོན་དུ་སུས་གཉེར་བ། །ཐེག་ཆེན་བླ་མའི་ས་ནོན་ཏེ། །ཀུན་གྱི་བདག་ཉིད་ཆེན་པོར་འགྱུར། །ཞེས་དང་། གསང་འདུས་འབུམ་གྱི་རྒྱུད་ལས། བླ་མ་ལ་གུས་སློབ་མ་ཡི། །སྒྲ་རིང་བ་དང་གསལ་བ་དང་། །སྐད་གསང་མཐོན་པོས་གསོལ་འདེབས་ན། །དེ་ལ་བདག་གིས་དངོས་གྲུབ་སྟེར། །ཅེས་གསུངས་སོ། །ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། །བསྙེན་དང་སྒྲུབ་པ་བྱེད་པ་བས། །བླ་མའི་གསོལ་འདེབས་ལན་གཅིག་བརྗོད། །ནུས་པ་འབུམ་ཕྲག་ཆར་མི་ཕོད། །རྫོགས་པའི་རིམ་པ་བསྐལ་པའི་བར་དུ་ཡང་། །འདུ་འཛི་སྤངས་ནས་རྩེ་གཅིག་བསྒོམ་པ་བས། །བླ་མ་རང་སེམས་


CMR054_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གི་དཀྱིལ་དུ་ཤར་བ་ཙམ། །སྟོང་ཕྲག་ཉི་ཤུའི་ཆར་ཡང་མི་ཕོད་དོ། །བླ་མ་སྒོམ་དང་བསྟོད་དང་བསམ་པ་ཡང་། །སངས་རྒྱས་འབྲས་བུ་ཉག་གཅིག་འགྲུབ་པར་འགྱུར། །ཞེས་གསུངས་སོ། །གཉིས་མེད་སྦས་པ་ལས། ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །སྤྱི་བོའི་བླ་མ་ལེགས་མཆོད་ན། །འདོད་པ་ཐམས་ཅད་འགྲུབ་འགྱུར་ཏེ། །བྱ་བ་མང་པོས་ཅི་ཞིག་བྱ། །ཞེས་དང་། དམ་པ་དང་པོ་ལས། བཀའ་དྲིན་མཛད་པ་རྣམ་ཐར་བྱིན་རླབས་དང་། །རྣམ་པ་ཆ་ལུགས་རྗེས་སུ་དྲན་བྱས་ནས། །མོས་གུས་དྲག་པོས་ཤིན་ཏུ་གདུང་བ་ཡིས། །ཐུན་མོང་མཆོག་གི་དངོས་གྲུབ་འདོད་པའི་བློས། །ཡང་དང་ཡང་དུ་གསོལ་བ་དྲག་ཏུ་གདབ། །ཅེས་གསུངས་སོ། །དཔལ་གསང་བ་འདུས་པ་ལས། རིགས་ཀྱི་བུ་མདོར་བསྟན་ན། ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཇི་སྙེད་འཁོད་ཅིང་འཚོ་སྐྱོང་བ་དེ་དག་ཐམས་ཅད་དུས་གསུམ་དུ་ལྷག་ནས་སློབ་དཔོན་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པས་ཡང་དག་པར་མཆོད་ན་སངས་རྒྱས་ཀྱི་ཞིང་དེ་དང་དེར་འགྲོ་ཞིང་ངག་རྡོ་རྗེའི་ཡི་གེ་


CMR054_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འདི་སྐད་དུ་འབྱིན་ཏེ། བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕའོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མའོ། །ཞེས་པ་ནས་བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོན་པའོ། །གསུངས་སོ། །བླ་མའི་ཆེ་བ་སྟོན་པ་ནི། བདེ་མཆོག་སྡོམ་པ་འབྱུང་བ་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །དེ་བཞིན་བླ་མ་བླ་ན་མེད། །ཅེས་དང་། དགོངས་པ་འདུས་པ་ལས། བསྐལ་པ་འབུམ་གྱི་སངས་རྒྱས་བས། །བླ་མོ་གཉན་པར་ཤེས་པར་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་ཀྱང་། །བླ་མ་དག་ལ་བསྟེན་ཏེ་འགྲུབ། །ཅེས་དང་། ཡེ་ཤེས་གྲུབ་པ་ལས་ཀྱང་། །སྐྱ་བ་འཛིན་པ་མེད་པ་ཡི། །གྲུ་ཡིས་ཕ་རོལ་ཕྱིན་མི་འགྱུར། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང་། །བླ་མ་མེད་ན་སྲིད་མཐར་མིན། །ཅེས་དང་། རྒྱུད་བླ་མ་ལས། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བསྟེན་ཏེ་བྱུང་། །ཞེས་གསུངས་སོ། །སྒྱུ་འཕྲུལ་དྲྭ་བ་ལས། བླ་མ་སངས་རྒྱས་ཀུན་གྱི་


CMR054_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ། །རྒྱལ་བའི་མན་ངག་གསང་ཆེན་རྣམས། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །གཙོ་བོ་རྡོ་རྗེ་འཛིན་པ་བསྒོམ། །ཞེས་དང་། ཡེ་ཤེས་གསང་བ་སྒྲོན་མེའི་རྒྱུད་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་སྟོང་དུ་བསྒོམ་པ་བས། །བླ་མ་དྲན་པ་བསོད་ནམས་ཆེ། །ལྷ་སྐུ་མ་སྒོམ་བླ་མ་བསྒོམ། །ལྷ་སྐུ་བྱེ་བ་བསྒོམ་པ་བས། །བླ་མ་དྲན་པ་བསོད་ནམས་ཆེ། །ཞེས་དང་། དམ་ཚིག་གསུམ་བཀོད་པའི་རྒྱུད་ལས། རྟོགས་པ་བྱིན་རླབས་ལ་སྐྱེ་སྟེ། །དེ་ཡི་རྩ་བ་མོས་གུས་ཡིན། །སེམས་ལ་མོས་གུས་མེད་པ་ལ། །བླ་མའི་བྱིན་རླབས་མི་འཇུག་སྟེ། །མཆོག་གི་ལམ་དང་བྲལ་བ་ཡིན། །ཅེས་དང་། སྐལ་མེད་བླ་མའི་སྐྱོན་ལ་རྟོག །དེ་ཡིས་ཐར་པ་དོར་བ་ཡིན། །ཅེས་གསུངས་སོ། ཧེ་བཛྲ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་། ཨ་ཏི་བཀོད་པ་ལས། བསྙེན་དང་སྒྲུབ་པ་ས་ཡ་བཟླས་པ་བས། །བླ་མའི་གསང་མཚན་ལན་གཅིག་བརྗོད་པས་ནི། །ནུས་པ་འབུམ་


CMR054_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་ཆར་ཡང་མི་ཕོད་དོ། །རྫོགས་པའི་རིམ་པ་བསྐལ་པའི་བར་དུ་ཡང་། །འདུ་འཛི་གཡེང་བ་སྤང་ནས་བསྒོམ་པ་བས། །བླ་མ་རང་སེམས་དཀྱིལ་དུ་དར་ཅིག་ཤར་བ་ཙམ། །བླ་མ་བསྒོམ་དང་བསྟོད་དང་བསམ་པ་ཡིས། །སངས་རྒྱས་འབྲས་བུ་ཉག་གཅིག་འགྲུབ་པར་འགྱུར། །ཞེས་དང་། གསང་བ་སྔགས་ལས་བྱུང་བ་ཡི། །བླ་མ་དྲིན་དང་ལྡན་པ་ཉིད། །སྙིང་གི་དཀྱིལ་ལམ་ཡན་ལག་མཐིལ། །སྤྱི་བོའི་གཙུག་ཏུ་སུས་སྒོམ་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཀྱང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་དང་། བཤད་རྒྱུད་མཁའ་འགྲོ་རྒྱ་མཚོ་ལས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ། །ཅེས་དང་། སྡོམ་པ་འབྱུང་བའི་རྒྱུད་ལས་ཀྱང་། །བློ་མ་དང་བྲལ་ཆོས་མེད་དེ། །ཆོས་དང་བྲལ་བས་གྲོལ་བ་མེད། །ཅེས་དང་། ཀྱེའི་རྡོ་རྗེ་ལས།། མཁས་པ་ཡིས་ནི་རྙེད་དཀའ་བ། །བླ་མའི་དྲིན་གྱིས་རྙེད་སླར་འགྱུར། །ཞེས་གསུངས་སོ། །བིཪ་པའི་ཤིན་ཏུ་སྤྲོས་མེད་ལས། །བླ་མ་དང་ནི་རྡོ་རྗེ་སེམས། །ཐ་དད་པར་ནི་མི་བྱ་


CMR054_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །བླ་མ་སངས་རྒྱས་ཆོས་དང་ནི། །དེ་བཞིན་བླ་མ་དགེ་འདུན་ཏེ། །དངོས་གྲུབ་གོ་འཕང་མཆོག་འདོད་པས། །ཀུན་ནས་བླ་མ་མཉེས་པར་བྱ། །སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང་། །རྩོད་པའི་དུས་འདིར་བདག་དོན་དུ། །ཀུན་དང་མཐུན་པར་སྟོན་མཛད་པ། །དེ་ལྟར་ཤེས་ནས་དངོས་གྲུབ་ཀྱི། །བསྟན་བྱ་དུས་གསུམ་སངས་རྒྱས་ཀྱི། །དངོས་གྲུབ་རྒྱ་ཆེན་སྣོད་དུ་འགྱུར། །ཞེས་དང་། རྡོ་རྗེ་སྙིང་པོའི་རྒྱན་ལས། རྟག་ཏུ་བླ་མ་ལ་གུས་པའི། །སློབ་མས་བླ་མར་འདི་ལྟར་བལྟ། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང་། །ཞེས་དང་། རྡོ་རྗེ་མཁའ་འགྲོ་ལས། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །ཡན་ལག་བྱང་ཆུབ་སེམས་དཔའ་ཆེ། །བ་སྤུ་རྣམས་ནི་དགྲ་བཅོམ་ཉིད། །སྤྱི་གཙུག་རིགས་ལྔའི་སངས་རྒྱས་ཏེ། །འཇིག་རྟེན་པ་ནི་ཞབས་ཀྱི་གདན། །འོད་ཟེར་གནོད་སྦྱིན་གསང་ལ་སོགས། །དེ་ལྟར་ཡོན་ཏན་རང་བཞིན་ལུས། །རྣལ་འབྱོར་ཅན་གྱིས་རྟག་ཏུ་བལྟ། །ཞེས་དང་། རྡོ་རྗེ་ཕྲེང་བ་ལས། རྡོ་རྗེ་སློབ་དཔོན་སྐུ་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས།།


CMR054_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡི་གཟུགས་ཀྱི་ཕུང་པོ་ནི། །སངས་རྒྱས་རྣམ་པར་སྣང་མཛད་དོ། །ཞེས་སོགས་ལྷ་སོ་གཉིས་ཀྱི་འཁོར་ལོར་བཤད། གསང་བ་འདུས་པ་ལས། སློབ་དཔོན་སྙིང་གར་རབ་སྒོམ་ན། །བྱང་ཆུབ་འདི་ཡིས་ཐོབ་འགྱུར་ཏེ། །ངོ་མཚར་ཆེན་པོའི་དངོས་གྲུབ་ཡིན། །སྐུ་གསུང་ཐུགས་ནི་འགྲུབ་པར་འགྱུར། །ཞེས་དང་། ས་སྐྱ་པཎྜི་ཏས། །ཉི་མའི་དཀྱིལ་འཁོར་རེབ་ཚ་ཡང་། །མེ་ཤེལ་མེད་པར་མེ་མི་འབྱུང་། །དེ་བཞིན་སངས་རྒྱས་ཡོན་ཏན་ཡང་། །བླ་མ་མེད་པར་འབྱིན་མི་ནུས། །ཞེས་གསུངས་སོ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། དེ་བཞིན་གཤེགས་པས་བཀའ་སྩལ་པ། སློབ་དཔོན་དུ་ནི་གྱུར་ནས་ནི། །སངས་རྒྱས་ཀུན་གྱིས་ཕྱག་མཛད་པ། །བདག་ཅག་རྣམས་ཀྱི་ཕ་དང་མ། །འདི་ཉིད་ཡིད་ལ་བསམ་པོར་བྱ། །ཞེས་གསུངས་སོ། །པཉྩ་ཀྲ་མ་ལས། སློབ་དཔོན་གྱིས་ནི་རྟོག་པ་འཕྲོག །སློབ་དཔོན་གྱིས་ནི་འཇིགས་པ་སེལ། །སློབ་དཔོན་གྱིས་ནི་སྡུག་བསྔལ་གྱི། །རྒྱ་མཚོར་འགྱིང་ལས་ཕ་རོལ་སྒྲོལ། །དངོས་གྲུབ་འདོད་པའི་དོན་དུ་ནི། །དྲག་ཏུ་བླ་མ་བསྟེན་པར་བྱ། །དིས་ནི་འདོད་པའི་འབྲས་བུ་སྟེར། །དེ་ལས་ཉམས་


CMR054_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྡུག་བསྔལ་ཐོབ། །ཅེས་དང་། རྡོ་རྗེ་གུར་ལས། གང་ཕྱིར་རྡོ་རྗེ་འཛིན་པ་ཞེས། །དེ་ནི་སློབ་དཔོན་གཟུགས་སུ་འཛིན། །སེམས་ཅན་ཕན་འདོགས་དམིགས་པ་ནི། །ཐ་མལ་པ་ཡི་ཚུལ་དུ་གནས། །ཞེས་དང་། གཉིས་མེད་རྣལ་འབྱོར་རྒྱལ་བའི་རྒྱུད་ལས། ལྷ་དང་མི་ཡི་སྟོན་པ་གང་། །རྐང་གཉིས་ཐམས་ཅད་མཁྱེན་པ་སྟེ། །མ་འོངས་བླ་མའི་གཟུགས་ཀྱིས་གནས། །དེ་ཉིད་ཚུལ་འདིར་བསྟན་པའོ། །ཞེས་དང་། བ་ཚ་ཅན་གྱི་ཆུ་ཀླུང་གི་མདོ་ལས། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ང་ནི་སློབ་དཔོན་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་བསྐྱེད། །ཅེས་དང་། དམ་ཚིག་གསུམ་བཀོད་པ་ལས། གཡོ་མེད་མོས་གུས་ཟླ་དྲུག་པགིས། །རྡོ་རྗེ་འཆང་གི་ས་ཐོབ་འགྱུར། །ཞེས་དང་། ། རྡོ་རྗེ་སློབ་དཔོན་མེད་པར་ནི། །ཉོན་མོངས་ཐམས་ཅད་སྤངས་པ་དང་། །མྱ་ངན་འདས་ཞི་གོ་འཕང་དང་། །ཕྱིར་མི་ལྡོག་པ་ཐོབ་མི་འགྱུར། །ཞེས་དང་། གང་གིས་བླ་མ་རྡོ་རྗེ་འཛིན། །ཐ་དད་ཉིད་དུ་མཐོང་གྱུར་པ། །དེ་ཡིས་དེ་ཉིད་དངོས་གྲུབ་ནི། །འཚོགས་པའི་མཚན་ཉིད་ཅན་མི་


CMR054_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

འཐོབ། །ཅེས་དང་། རྒྱུད་ཆེན་པོ་དྲི་མ་མེད་པའི་སྙིང་པོ་ལས། བླ་མར་མོས་གུས་མེད་གྱུར་ན། །བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་བས། །དེ་བས་གུས་པ་ཐམས་ཅད་ཀྱིས། །བླ་མའི་སྐུ་གསུང་ཐུགས་མཉེས་བྱ། །མོས་གུས་གང་ཡོད་རྒྱལ་བའི་སྲས། །གཉུག་མ་ལྷན་སྐྱེས་ཡེ་ཤེས་འཆར། །ཞེས་དང་། ཡིད་བཞིན་མཆོག་གི་རྒྱུད་ལས། །རང་གི་བླ་མ་འདུན་པའི་ལྷ། །སྤྱི་བོའི་གཙུག་ཏུ་སྒོམ་པ་ཡི། །སངས་རྒྱས་དཀྱིལ་འཁོར་སྟོང་ཕྲག་ནི། །ལག་མཐིལ་བཞག་ནས་སྟོང་གསུམ་བསྐོར། །སྙིང་གར་ལན་གསུམ་བསྟིམས་བྱས་པས། །བརྒྱ་སྟོང་བརྒྱ་དང་ཆར་མི་ཕོད།། །དེ་ནས་རྟག་ཏུ་དྲན་པ་ཡི། །སྤྱི་གཙུག་འཁོར་ལོའི་རྒྱན་ཉིད་དོ། །དཔལ་ལྡན་བླ་མ་བསམ་པར་བྱ། །ཞེས་སོགསུངས། ཌཱ་ཀི་གསང་མཛོད་རྒྱུད་ལས། ལྷ་ལ་བརྟན་པ་ཐོབ་པ་བས། །བླ་མ་ཡུད་ཙམ་དྲན་པ་མཆོག །གསལ་ལ་མི་རྟོག་བདེ་བ་དང་། །དབྱེར་མི་ཕྱེད་པ་དེ་ཉིད་ནི། །བླ་མ་སྒོམ་པ་ཁོ་ན་ལས། །སྐྱེ་འགྱུར་གཞན་གྱིས་འགྲུབ་པར་དཀའ། །ནོར་བུ་རིན་ཆེན་བོར་བ་བཞིན། །མི་བརྗེད་མཆོག་གི་དངོས་གྲུབ་གཏོང་། །ཞེས་དང་། རྫོགས་ཆེན་


CMR054_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་གསལ་འབར་མའི་རྒྱུད་ལས། བླ་མ་སངས་རྒྱས་ཀུན་གྱི་ཚབ། །མོས་གུས་གདུང་བས་གསོལ་བཏབ་ན། །སྒྲུབ་ཐབས་གཞན་ཚོ་ག་ལ་དགོས། །དངོས་གྲུབ་ཆེན་པོ་དུས་གཅིག་འབྱུང་། །ཞེས་གསུངས་པས། བླ་མ་ལྷ་གང་འདོད་དུ་བསྒོམས་ནས་གསོལ་བ་བཏབ་པས་ལྷ་དེ་འགྲུབ་པའི་ཕྱིར། སྒྲུབ་ཐབས་གཞན་མི་དགོས་ཏེ། གྲུབ་ཆེན་མི་ཏྲ་ཛོ་ཀིའི་ཞལ་ནས། མཆོག་འདོད་པས་བླ་མ་རྡོ་རྗེ་འཆང་། ཤེས་རབ་འདོད་པས་བླ་མ་འཇམ་དབྱངས་བསྒོམ། བྱམས་སྙིང་རྗེ་འདོད་པས་བླ་མ་སྤྱན་རས་གཟིགས། མཐུ་སྟོབས་ཆེ་བར་འདོད་པས་ཕྱག་ན་རྡོ་རྗེ། འཇིགས་སྐྱོབ་ལ་སྒྲོལ་མ། ཚེ་རིང་བར་འདོད་ན་ཚེ་དཔག་མེད། ནད་ཞི་བར་འདོད་པས་སྨན་བླ། ལོངས་སྤྱོད་ཆེ་བར་འདོད་པས་རྣམ་སྲས་རིན་འབྱུང་། ཞི་བ་ལ་རྡོ་རྗེ་སེམས་དཔའ། རྒྱས་པ་ལ་རིན་འབྱུང་། དབང་བ་ལ་འོད་དཔག་མེད་དང་ཀུ་རུ་ཀུལླེ། དྲག་པོ་ལ་རྡོ་རྗེ་འཇིགས་བྱེད་དང་ཆོས་སྐྱོང་དུ་བསྒོམ་ནས། འདོད་པའི་གསོལ་འདེབས་བྱས་པས། སོ་སོའི་ལས་འགྲུབ་པ་ཡིན་གསུངས། བླ་མ་ཚེ་དཔག་མེད་དུ་བསྒོམས་ཀྱང་རུང་སྟེ། སྤྱན་རས་


CMR054_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ཀྱི་རྡོ་རྗེའི་ཚིག་རྐང་ལས། བླ་མ་ཚེ་དཔག་མེད་སྐུ་ལ། །མཆོག་ཀུན་རང་འདུས་ངོ་བོར་བལྟ། །དེ་ལ་ཕྱག་དང་མཆོད་ལ་སོགས། །གསོལ་འདེབས་དབང་བཞི་སྨིན་པར་བྱ། །ཞེས་གསུངས་སོ། །ཁྱད་པར་དུ་ཨོ་རྒྱན་རིན་པོ་ཆེ་སྒོམ་ན་ཐུགས་རྗེ་བྱིན་རླབས་མྱུར་ཏེ། ཨོ་རྒྱན་ཉིད་ཀྱི་ཞལ་ནས། ཁྱད་པར་བྱིན་རླབས་དངོས་གྲུབ་མྱུར་འདོད་ན། །རྡོ་རྗེ་དྲག་རྩལ་པདྨ་ང་ཉིད་བསྒོམ། །དུས་གསུམ་སངས་རྒྱས་ཡོན་ཏན་བདག་ལ་རྫོགས། །རྒྱལ་བ་ཞི་ཁྲོ་གསང་སྔགས་ཕྱི་ནང་དང་། །དཔའ་བོ་མཁའ་འགྲོའི་དངོས་གྲུབ་བྱིན་རླབས་རྣམས། །ནོར་བུ་རིན་ཆེན་ཡོན་ཏན་ཀུན་རྫོགས་ལྟར། །དེ་དག་མ་ལུས་ཐམས་ཅད་བདག་ལ་རྫོགས། །ང་ཉིད་བསྒོམ་དང་དྲན་པ་ཙམ་གྱིས་ཀྱང་། །རྒྱལ་བ་སྲས་བཅས་དེ་ལ་ཐུགས་རྗེས་གཟིགས། །གསང་སྔགས་ཕྱི་ནང་ལྷ་ཚོགས་ཐམས་ཅད་ཀྱིས། །དབང་བསྐུར་བྱིན་རླབས་དངོས་གྲུབ་སྟེར་བར་བྱེད། །ཡོན་ཏན་ཐམས་ཅད་ང་ཉིད་བསྒོམས་པས་འབྱུང་། །དངོས་གྲུབ་ཐམས་ཅད་ང་ཉིད་བསྒོམས་པས་ཐོབ། །ཕྲིན་ལས་ཐམས་ཅད་ང་ཉིད་བསྒོམས་པས་འགྲུབ། །ཅེས་གསུངས་སོ། །དེ་ལྟར་བླ་མ་སངས་


CMR054_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་སྐུར་བསྒོམ་ན། སངས་རྒྱས་ཐམས་ཅད་ཆོས་སྐུ་གཅིག་ཡིན་པས། དེ་དཀོན་མཆོག་ཀུན་འདུས་ཀྱི་སྐུར་ངེས་ཤེས་བསྐྱེད་ལ། བླུན་དད་ལྟ་བུ་ཨུ་ཚུགས་ཀྱིས་གསོལ་བ་བཏབ་ན་དངོས་གྲུབ་མྱུར་ཏེ། དགྲ་ནག་རྒྱུད་ལས། ཆོས་སྐུ་བླ་མའི་གཟུགས་སུ་བྱོན། །དེ་ལ་ཐེ་ཚོམ་མེད་པ་ཡིན། །མཁས་པས་དེ་ལ་དངོས་གྲུབ་ཉེ། །ཡང་ན་བླུན་པོ་དད་པ་ཅན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་དཔྱོད་པའི་རྟོག་གེ་བ། །དེ་ལ་དངོས་གྲུབ་ཤིན་ཏུ་རིང་། །ཞེས་གསུངས་སོ། །དེ་ནས་མཐར་བླ་མ་ལས་དབང་བཞི་ལེན་པར་བསྒོམས་པས། དོན་གྱི་དབང་ཐོབ་ནས། དབང་དོན་གྱི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་རྟོགས་པའི་ཕྱིར། དྭགས་པོ་བཀའ་བརྒྱུད་ཕལ་ཆེ་བས། དབང་མ་བསྐུར་ཀྱང་ཁྲིད་བཤད་པའི་ཕྱག་སྲོལ་དར་བ་སྟེ། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། བླ་མའི་སྐུ་ཡི་དཀྱིལ་འཁོར་ལ། །དབང་བཞི་ཡོངས་སུ་རྫོགས་པར་ཞུ། །ས་ལམ་ཐམས་ཅད་དེ་ཡིས་བགྲོད། །ཅེས་གསུངས་སོ། །བླ་མ་སྐུ་གསུམ་བདེ་བ་ཆེན་པོའི་རྒྱུད་ལས། །ཐོག་མའི་སངས་རྒྱས་བླ་མ་ལ། །རང་སེམས་སྐུ་གསུམ་སྨིན་པ་ཡི། །འདི་ལ་བྱིན་


CMR054_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་རྗེས་གནང་ཞུ། །རང་ཟབ་བླ་མའི་དབང་ཐོབ་ནས། །མྱུར་བ་ཉིད་དུ་མངོན་སངས་རྒྱས། །ཞེས་དང་། དེ་ཡང་བླ་མ་བསྒོམ་ལུགས་གསུམ་སྟེ། ཐོ་བརྩེགས་སུ་སྒོམ་པ་ནི། རང་གི་སྤྱི་བོར་རྩ་བའི་བླ་མ་དེ་ཉིད་ལྷ་གང་འདོད་གཅིག་ལ་སྐུ་ཤིན་ཏུ་ཆེ་བ་གཅིག་བསྒོམ། དེའི་དབུ་གཙུག་ཏུ་ཡར་ལ་ལྗོན་ཤིང་གཅིག་ལ་ཡལ་ག་ལྔ་ཡོད་པ་ལྟར། དབུས་སུ་ཟུང་འཇུག་བརྒྱུད་རིམ། གཡས་སུ་ཕྱག་ཆེན་བརྒྱུད་རིམ། གཡོན་དུ་བློ་སྦྱོང་བརྒྱུད་རིམ། རྒྱབ་ཏུ་རྫོགས་ཆེན་བརྒྱུད་རིམ། མདུན་དུ་དམར་ཁྲིད་བརྒྱུད་རིམ་རྣམས་བསྒོམ། བླ་མ་ཁྲོམ་ཚོགས་སུ་བསྒོམ་ན། བླ་མ་ཤཱཀྱ་ཐུབ་པ་ལ་སངས་རྒྱས་བྱང་སེམས་བརྒྱུད་པའི་བླ་མ་ཐམས་ཅད་ཀྱིས་བསྐོར་བ་བསྒོམ་སྟེ། དཔལ་ཕག་མོ་གྲུ་པའི་ཞལ་ནས། རྩ་བའི་བླ་མ་བཅོམ་ལྡན་བསྟན་པའི་གཙོ། །དུས་གསུམ་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བརྒྱུད་པའི་ཚོགས་བཅས་མཁའ་ལ་སྤྱན་དྲངས་ཏེ། །སེང་གེ་པདྨ་ཉི་མ་ཟླ་བའི་གདན། །སངས་རྒྱས་རོལ་པའི་རྣམ་པར་བཞུགས་པར་བསྒོམ། །ཞེས་གསུངས་ཏེ། འདི་བླ་མ་སྤྲུལ་སྐུའི་རྣལ་འབྱོར་ཡང་ཟེར། ལོངས་སྐུ་བླ་མའི་རྣལ་


CMR054_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ནི། ཕྱག་ཆེན་ལྟར་ན་རིགས་ལྔ་གཅིག་བསྡུས་རྡོ་རྗེ་འཆང་ཡབ་ཡུམ། རྫོགས་ཆེན་ལྟར་ན་ཀུན་ཏུ་བཟང་པོ་ཡབ་ཡུམ་བསྒོམ། ཀུན་འདུས་སུ་སྒོམ་ན་རྩ་བ་དང་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་ངོ་བོ་སངས་རྒྱས་གང་འདོད་ཀྱི་སྐུ་གཅིག་ཏུ་བསྒོམས་ལ། གསོལ་འདེབས་ནི། རང་གིས་ཤེས་ན་ཕྱག་རྫོགས་དམར་ཁྲིད་སོགས་ཀྱི་གསོལ་འདེབས་བྱའོ། །གསར་རྙིང་སྤྱི་ཁྱབ་ཡིན་པས་མ་ནམ་བཞི་སྐོར་གྱིས་ཀྱང་ཆོག །ལེའུ་བདུན་མའི་བླ་མ་སྐུ་གསུམ་གསོལ་འདེབས་བྱས་ཀྱང་ཆོག །གསོལ་འདེབས་བྱས་ཀྱང་རྟོག་པ་འོག་འགྱུས་སུ་བཏང་བའི་ཚིག་ཤར་རེ་བ་ཙམ་མ་ཡིན་པར་ལུས་ཀྱི་བ་སྤུ་ལྡང་གདོང་མཆི་མ་འཁྲུག་སེམས་མོས་གུས་བཟོད་མེད་དུ་མ་ཤར་གྱི་བར་སེམས་གཞན་དུ་མ་ཡེངས་པར་གདབ་བོ། །བླ་མ་ཐོ་བརྩེགས་སུ་བསྒོམ་པ་ཡིན་ན། བྱིན་རླབས་ཆུ་རྒྱུན་གཅིག་མའི་དབང་ནི། རྗེ་ཆོས་ཀྱི་དབང་ཕྱུག་གིས་གསུངས་པ། གསོལ་བ་བཏབ་པའི་བརྒྱུད་པའི་བླ་མ་ཡི། །སྐུ་ལས་བདུད་རྩིའི་རྒྱུན་བབ་གནས་བཞི་གང་། །དབང་བཞི་ཐོབ་ཅིང་སྐུ་བཞིའི་ནུས་པ་བཞག །སད་རྨི་གཉིད་འཐུག་ཐ་མལ་སྒྲིབ་པ་སྦྱངས། །ཞེས་གསུངས་པ་


CMR054_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བསྒོམ། བླ་མ་ཁྲོམ་ཚོགས་སུ་སྒོམ་ན་འཁོར་རྣམས་གཙོ་བོ་ལ་བསྟིམ། དེ་ནས་འོད་ཟེར་སྤྲོ་བསྡུའི་དབང་ནི། དཔལ་གཙུག་ལག་ཕྲེང་བའི་གསུངས། དེ་ནས་བླ་མའི་དཔྲལ་བ་ནས་སྐུའི་འོད་ཟེར་དཀར་པོ་བྱུང་། རང་གི་དཔྲལ་བར་ཐིམ། ལུས་འོད་ཀྱིས་གང་། བུམ་པའི་དབང་ཐོབ། སྐུ་རྡོ་རྗེ་སྤྲུལ་སྐུའི་གོ་འཕང་ཐོབ། མགྲིན་པ་ནས་གསུང་གི་འོད་ཟེར་དམར་པོ་བྱུང་། མགྲིན་པར་ཐིམ། གསང་བའི་དབང་ཐོབ། གསུང་རྡོ་རྗེ་ལོངས་སྐུའི་གོ་འཕང་ཐོབ། ཐུགས་ཀ་ནས་ཐུགས་ཀྱི་འོད་ཟེར་སྔོན་པོ་བྱུང་། །སྙིང་གར་ཐིམ་ལུས་སེམས་བདེ་བས་གང་། དབང་གསུམ་པ་ཐོབ། ཐུགས་རྡོ་རྗེ་ཆོས་སྐུའི་གོ་འཕང་མངོན་དུ་བྱས། ལྟེ་བ་ནས་འོད་ཟེར་སེར་པོ་བྱུང་། ལྟེ་བར་ཐིམ་ལུས་སྣང་སེམས་གསུམ་གྱི་སྤྲོས་པ་ཞི་སྟེ། འོད་གསལ་སྟོང་པ་ཉིད་བློ་ལས་འདས་པ་ལྷུན་གྲུབ་ཏུ་ཤར། དབང་བཞི་པ་ཐོབ་སྟེ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུའི་གོ་འཕང་མངོན་དུ་བྱས་སོ་གསུངས་པ་དེ་ལྟར་བསྒོམ། རྒྱས་པར་འདོད་ན། གྲུབ་ཆེན་མི་ཏྲ་ཛཱ་ཀའི་གསུངས་པ། དང་པོ་འོད་ཟེར་གྱི་དབང་གི་སྦྱོང་བར་བྱེད་པ་ནི། བླ་མ་རྣམས་ཀྱི་སྤྱི་བོར་འཁོར་ལོའི་


CMR054_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་ཨོཾ་དཀར་པོ། མགྲིན་པར་པདྨའི་སྟེང་དུ་ཨཱཙྪཡིག་དམར་པོ། སྙིང་གར་རྡོ་རྗེའི་སྟེང་དུ་ཧཱུྃ་ཡིག་སྔོན་པོ། ལྟེ་བར་དུ་མེའི་སྟེང་དུ་ཧོམ་ཡིག་སེར་པོ། དེ་རྣམས་ལས་འོད་ཟེར་དཀར་དམར་མཐིང་སེར་འཕྲོས་པས། རང་གི་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་སྟེ་གནས་བཞིར་ཕོག་པས་ལུས་ངག་ཡིད་གསུམ་འཕོ་བའི་བག་ཆགས་ཀྱི་སྒྲིབ་པ་བཞི་དག །ལམ་དགའ་བཞི་རྒྱུད་ལ་སྐྱེས། སྐུ་བཞི་ཡེ་ཤེས་མངོན་དུ་བྱས་པར་བསྒོམ། གཉིས་པ་ཆུ་རྒྱུན་གྱི་དབང་གི་ཆུ་བཞིས་དག་པར་བྱེད་པ་ནི། གནས་བཞིའི་ཡི་གེ་བཞི་ལས་ཆུ་རྒྱུན་འོ་མ་ལྟ་བུ་དང་། པདྨ་རཱ་ག་ལྟ་བུ་དང་། བཻཌཱུརྱ་ཞུན་མ་ལྟ་བུ་དང་། གསེར་བཙོ་མ་ལྟ་བུའི་ཆུ་རྒྱུན་བྱུང་ནས་རང་གི་གནས་བཞིར་ཐིམ་པས་སྒྲིབ་བཞི་དག དགའ་བཞི་སྐྱེས་སྐུ་བཞི་མངོན་དུ་བྱས་པར་བསྒོམ། གསུམ་པ་བརྟན་པར་བྱེད་པ་ཡིག་འབྲུའི་དབང་ནི། བླ་མའི་གནས་བཞིའི་གདན་ཡིག་འབྲུ་དང་བཅས་པ་ཆད་ཀྱིས་ཆད་ནས་ཨོཾ་རང་གི་གནས་བཞིར་ཐིམ་པས་སྒྲིབ་བཞི་དག་དགའ་བཞི་སྐྱེས་སྐུ་བཞི་ཐོབ་པར་བསྒོམ། བླ་མ་ཐོ་བརྩེགས་དང་། ཁྲོམ་ཚོགས་སུ་བསྒོམ་པ་ཡིན་ན། གྲུབ་ཆེན་མི་ཏྲ་ཛཱ་ཀིའི་ཞལ་


CMR054_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ནས། བླ་མ་རྣམས་རིམ་གྱིས་འོད་དུ་ཞུ་ནས་རང་གི་རྩ་བའི་བླ་མ་ལ་ཐིམ། རང་གི་ལུས་ངག་ཡིད་གསུམ་དང་། དཔལ་ལྡན་བླ་མའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་པར་བསྒོམས་ནས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་ལུས་ངག་ཡིད་གསུམ་མ་བཅོས་པའི་ངང་ལ་བཞག །ཅེས་གསུངས། །ཡང་ཤེས་རབ་ཆུང་བའི་རིགས་རྣམས་ཀྱིས། དམིགས་པ་དེ་རྣམས་མི་ཟིན་ན། རང་གི་སྤྱི་གཙུག་ཁྲུ་གང་ཙམ་གྱི་ནམ་མཁར། པདྨ་འདབ་མ་སྟོང་དང་ལྡན་པའི་གེ་སར་གྱི་སྟེང་དུ། ཉི་མ་དང་ཟླ་བའི་སྟེང་དུ། རྩ་བའི་བླ་མ་ཨོ་རྒྱན་པདྨ་པཎྜི་ཏ་བཅུ་དྲུག་ལོན་པའི་ཚུལ་ཅན། དཀར་དམར་མདངས་དང་ལྡན་པ་ཆོས་གོས་གསེར་གྱི་པ་ཏྲ་ཅན་ཟ་འོག་གི་བེར་དང་། པད་ཞྭ་པདྨ་ཁ་བྱེ་བ་ལྟ་བུ་ལ། རྒོད་སྒྲོ་དར་སྣ་ཉི་ཟླ་རྒྱ་གྲམ་གྱིས་མཚན་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་པས་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་བྷནྡྷ་བསྣམས་པ། ཁ་ཊཾ་གཡོན་གྱི་མཆན་དུ་བཅུག་པ། འོད་ཟེར་སྟོང་གསུམ་ཁེངས་པར་བསྒོམ། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཁ་བ་བུ་ཡུག་ལྟར་བྱོན་ནས་དེ་ལ་ཐིམ། དེ་ལ


CMR054_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པའི་ངང་ནས། གུ་རུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས་སོ། །ཞེས་པ་བརྒྱ་ཚར་བརྗོད་པས། གུ་རུ་ནི་བླ་མ་ཐམས་ཅད། པདྨ་འབྱུང་གནས་ནི་ཨོ་རྒྱན་ཏེ། དེ་ལ་གསོལ་འདེབས་ཐམས་ཅད་ཚང་། ཡི་གེ་བཅུ་གཉིས་སྔགས་ཀྱི་ཕྲེང་བ་འདི། ཕྱི་ལྟར་གསོལ་བ་འདེབས་པའི་སྙིང་པོ་ཡིན། ཞེས་གསུངས་པས། བཛྲ་གུ་རུ་སྟོང་ཚར་རམ་ལྔ་བརྒྱ་ཙམ་བཟླ། དེ་ནས་ཨོ་རྒྱན་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་དང་དབྱེར་མེད་དུ་འདྲེས། རང་གི་སེམས་ལ་སེམས་ཀྱིས་ལྟ་བ་ཙམ་མ་གཏོགས་བཅོས་སླད་མེད་པར་བྱིན་རླབས་ལས་བྱུང་བའི་ཉམས་མྱོང་དེ་སྐྱོང་སྟེ། ཨོ་རྒྱན་རིན་པོ་ཆེས་གསུངས་པའི་བླ་མ་ཆོས་སྐུ་སྒྲུབ་ཐབས་ལས། གཉིས་མེད་ཐུགས་རྒྱུད་འཕོས་པའི་ངང་དེ་ལ། ། སྟོན་སེར་ནམ་མཁའ་བཞིན་དུ་གསལ་དྭངས་བཞག །སྨྲར་མེད་ཡིད་ཆེས་འདི་ཞེས་བརྗོད་བྱ་བྲལ། །འདི་འདྲའི་ཡིན་ལུགས་མ་མཐོང་མཐོང་རྒྱུ་གཅིག །ས་ལེ་རང་གསལ་རྟོག་མེད་རྗེན་ནེ་བ། །དེ་ཚེ་རང་བྱུང་བླ་མའི་རང་ཞལ་མཇལ། །འགྲོ་མགོན་བླ་མའི་བྱིན་རླབས་དེ་ཚེ་འཇུག །དེ་ཡི་དོན་རྟོགས་རྒྱུན་དུ་དེ་ལྟར་བསྒོམ། །ཞེས་དང་། དཔལ་


CMR054_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་མོ་གྲུ་པའི་ཞལ་ནས། དོན་དམ་བློ་འདས་སེམས་ཉིད་ཆོས་ཀྱི་སྐུ། །གདོད་ནས་རྣམ་དག་མ་སྐྱེས་འདུས་མ་བྱས། །རང་བཞིན་འོད་གསལ་ལྷུན་གྲུབ་དེ་བཞིན་ཉིད། །གློ་བུར་རྟོག་པའི་དྲི་མས་མ་བསླད་ཅིང་། །མི་རྟོག་ཟག་མེད་བདེ་ཆེན་ཞི་བའི་ངང་། །བསྒོམ་བྱ་སྒོམ་བྱེད་རྩོལ་བ་རྣམས་སྤངས་ཏེ། །འབད་མེད་ཆེན་པོ་མ་བཅོས་ལྷུག་པར་བཞག །བརྗོད་བྲལ་བློ་འདས་ཕྱག་རྒྱ་ཆེན་པོ་ནི། །སྐུ་གསུམ་དབྱེར་མེད་བླ་མ་དམ་པ་སྟེ། །དེས་ནི་བདུད་དང་ཉོན་མོངས་ལས་རྒྱལ་ཞིང་། །དཔག་མེད་ཡོན་ཏན་རྒྱ་མཚོའི་བདག་ཉིད་དེ། །སྒྲུབ་མཆོག་བླ་ན་མེད་པར་རྒྱལ་བས་བཤད། །ཅེས་གསུངས་སོ། །དེ་ལྟར་རྩེ་གཅིག་ཏུ་བསྒོམས་པས། ཉམས་རྟོགས་ངེས་པར་སྐྱེ། དེ་ལ་ངོ་སྤྲོད་ཡང་མི་དགོས། གེགས་དང་གོལ་ས་ཡང་མེད་པ་མོས་གུས་ཆེན་པོའི་ཁྲིད་ལས་གསུངས། ལྔ་ལྡན་གྱི་ཡང་རྩ་བ་ཡིན་ཏེ། བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་བོ་མི་འབབ་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་གསུངས་པ་ལྟར་ཉམས་སུ་ལོངས་ཤིག །བླ་མའི་རྣལ་འབྱོར་གྱི་ཆོས་ཐུན་ཚར་རོ།། །།

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་གཅིག་པ་བསྐྱེད་རིམ་གྱི་ཁྲིད།


CMR054_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

༼ད༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་གཅིག་པ་བསྐྱེད་རིམ་གྱི་ཁྲིད་བཞུགས་སོ།།


CMR054_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། །བྱང་ཆུབ་མྱུར་དུ་ཐོབ་པའི་ཐབས། བསྐྱེད་རིམ་སྒོམ་པ་ནི་གསང་སྔགས་ཀྱི་ཁྱད་ཆོས་ཡིན་པས། མདོ་ལུགས་ལས་ཀྱང་ཁྱད་པར་འཕགས་ཏེ། ཚུལ་གསུམ་སྒྲོན་མ་ལས། །དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས། སམ་བྷུ་ཊི་ལས། མདོར་བསྡུས་ན་ནི་སངས་རྒྱས་ཉིད། །བསྐལ་པ་བྱེ་བ་གྲངས་མེད་པས། །ཇི་སྲིད་སངས་རྒྱས་གང་ཐོབ་


CMR054_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

པ། །གང་གིས་དམ་པས་བདེ་བ་ཁྱོད། །སྐྱེ་བ་འདིས་ནི་ཐོབ་པར་འགྱུར། །ཡང་ན་རྡོ་རྗེ་འཛིན་པ་ཉིད། །ཡང་ན་འཁོར་ལོས་སྒྱུར་བའམ། །འདིས་ནི་དངོས་གྲུབ་ཆེན་པོ་བརྒྱད། །གཞན་ཡང་ཡིད་ལ་འདོད་པ་ཐོབ། །ཅེས་གསུངས་སོ། །ཡེ་ཤེས་ཐིག་ལེ་ལས། ཡང་ན་ལུས་འདི་སྤང་མ་ཐག །བརྩོན་པ་མི་ལྡན་པས་ཀྱང་འགྲུབ། །ཅེས་དང་། དུས་འཁོར་རྩ་རྒྱུད་ལས། གདོལ་པ་རྨིག་མཁན་ལ་སོགས་དང་། །མཚམས་མེད་ལྔ་ནི་བྱེད་པ་རྣམས། །སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ནས། །སྐྱེ་བ་འདི་ཉིད་སངས་རྒྱས་འགྱུར། །ཞེས་དང་།


CMR054_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ་ལས། སེམས་ཅན་མཚམས་མེད་ལྔ་ལ་སོགས། །སྡིག་པ་ཆེན་པོ་བྱས་པས་ཀྱང་། །རྡོ་རྗེ་ཐེག་པའི་རྒྱ་མཚོ་སྟེ། །ཐེག་མཆོག་འདི་ལ་འགྲུབ་པར་འགྱུར། །ཞེས་དང་། སངས་རྒྱས་མཉམ་སྦྱོར་ལས། གསང་སྔགས་འདི་ཡི་ཆོ་ག་ཡིས། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ཞེས་དང་། རྡོ་རྗེ་རྩེ་མོ་ལས། སྐྱེ་དང་སྐྱེ་བ་ཐམས་ཅད་དུ། །རྡོ་རྗེ་ཅན་ནི་མངོན་བརྩོན་འགྱུར། །སྐྱེ་བ་བཅུ་དྲུག་མཐར་ཐུག་པས། །ཞི་བ་སངས་རྒྱས་ཉིད་ཐོབ་འགྱུར། །ཞེས་དང་། སོ་སོ་སྐྱེ་བོས་སངས་རྒྱས་ཉིད། །འགྲུབ་པར་འགྱུར་ཏེ་གཞན་དུ་མིན། །ཅེས་དང་། དེ་ལྟར་ཕ་རོལ་ཏུ་ཕྱིན་པའི་ལམ་གྱིས། བསྐལ་པ་གྲངས་མེད་བདུན་དང་ལྔ་དང་གསུམ་ལས་ཉེ་བར་སངས་རྒྱས་ཐོབ་པའི་ཐབས་མེད་ལ། གསང་སྔགས་ལུགས་ཀྱིས་རབ་ཚེ་འདི་འབྲིང་བར་དོ། ཐ་མ་སྐྱེ་བ་གསུམ་དང་བདུན་དང་བཅུ་དྲུག་ལས་མི་འགྱང་བར་སངས་རྒྱས་ཐོབ་པ་ནི། དཔེར་ན་ལོ་དང་ཟླ་བ་འགོར་བའི་ལམ་རྐང་མགྱོགས་འགྲུབ་པས་ཉིན་གཅིག་གིས་བསྒྲོད་པ་ལྟར། ཡི་དམ་གྱི་ལྷ་དང་རང་གཉིས་དབྱེར་མེད་མཉམ་པ་ཉིད་དུ་སྒོམ་པའི་མཐུ་ཡིན་ཏེ། སློབ་དཔོན་ཛྙཱ་ན་ས་།


CMR054_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་རས། དཔེར་ན་སྐྱེས་བུ་སྟོབས་ཆུང་བའམ། ཕྱུགས་ཀྱི་ཤིང་རྟས་ཡུན་རིང་གིས། །བསྒྲོད་པར་བྱ་བའི་གནས་དེར་ནི། །རྐང་མགྱོགས་གྲུབ་པའམ་ཉི་ཟླས་ནི། །མྱུར་བ་ཉིད་དུ་འགྲོ་བར་འགྱུར། །དེ་བཞིན་ཕ་རོལ་ཕྱིན་པའམ། །ལམ་གཞན་དག་ལ་བརྟེན་ནས་ནི། །ཡུན་རིང་འཇུག་པར་འགྱུར་བ་དེས། །སྔགས་པས་ཚེ་འདི་འཇུག་པ་ནི། །མཉམ་ཉིད་མཐུ་ལ་བརྟེན་ཕྱིར་རོ། །ཞེས་གསུངས་སོ། །དེ་ཡང་བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ལ། ལྷ་སྒོམ་པ་ཡོད་ཀྱང་བསྐྱེད་རིམ་གྱི་མིང་མི་ཐོག །བླ་མེད་རྒྱུད་ལ་སྐྱེ་གནས་བཞི་སྦྱང་ཕྱིར། བསྐྱེད་རིམ་བཞི་གསུངས་ཏེ། སྦྱོར་བ་ཡན་ལག་དྲུག་གི་སྒོ་ནས་བསྐྱེད་པ་མངལ་འབྱིན་དང་། མངོན་བྱང་ལྔ་ཡི་སྒོ་ནས་བསྐྱེད་པ་དང་། ཆོ་ག་གསུམ་གྱི་སྒོ་ནས་བསྐྱེད་པ་རྣམས་ནི། ཆོ་ག་བློ་ལ་ཡོད་པའི་དགེ་བཤེས་གཅིག་མིན་པས་བསྒོམ་མི་ཤེས་པས་གྲུབ་ཆེན་ཀརྨ་པཀྵིའི་ཞལ་ནས། ཡི་གེ་མི་ཤེས་པ་རྣམས་སྐད་ཅིག་དྲན་རྫོགས་ཀྱི་རྣལ་འབྱོར་བྱའོ། །ཞེས་གསུངས་སོ། །དེ་ལྟ་བུའི་ལྷ་དེ་ཡང་། ནམ་མཁའི་རི་མོ་ལྟར་སྣང་ལ་རང་བཞིན་མེད་ཅིང་། གསལ་ལ་འཛིན་པ་མེད་


CMR054_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྒོམ་སྟེ། ཁ་དོག་མ་འདྲེས་པ་ནམ་མཁའི་འཇའ་ལྟ་བུ། རྣམ་པ་གསལ་བ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ། སྣང་བར་ཁྱབ་པ་ཆུ་ཟླ་ལྟ་བུ་སྟེ། དེ་ལྟར་དཔེའི་གཙོ་བོ་གསུམ་མམ། བཅུ་གཉིས་ལྟར་ཤེས་པར་བྱ་བ་ཡང་། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། ཁང་སྟོང་ཁྱེད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་མེད་ཀྱང་། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །ཁྱེད་ཀྱི་སྐུ་ནི་སྟོན་པར་མཛད། །ཅེས་གསུངས་པ་དང་། གུར་ལས། གང་ཞིག་ང་ཡི་སྐུ་བསྒོམ་པ། །གལ་ཏེ་སྒྱུ་མའི་གཟུགས་ཀྱིས་སམ། །གང་ཞིག་རྨི་ལམ་འདྲ་བ་ནི། །ཤིན་ཏུ་སྒོམ་པར་བྱེད་གྱུར་པས། །མངོན་སུམ་དུ་ནི་མཐོང་བར་འགྱུར། །ཞེས་དང་། དཔལ་ཕག་མོ་གྲུ་པའི་ཞལ་ནས། འཇའ་ཚོན་ལྟ་བུའི་ལྷ་སྐུ་བསྒོམ། །དགོངས་པ་ཐ་མལ་ཞེན་པ་སྤོངས། །ཞེས་གསུངས་པས། ཡི་དམ་གྱི་ལྷ་སྣང་སྟོང་འཛིན་པ་མེད་པ་ལ་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །དེ་ལྟར་ཡི་དམ་གང་བསྒོམ་ཡང་འདྲ་མོད་ཀྱི། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་བསྒོམ་པ་ནི་མཆོག་ཏུ་བསྔགས་ཏེ། པདྨ་རྒྱལ་པོའི་རྒྱུད་ལས། མགོན་པོ་སྤྱན་རས་གཟིགས་ཀྱི་སྐུ། །མཚན་ཙམ་ཐོས་


CMR054_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྡུག་བསྔལ་འགགས། །དྲན་དང་མོས་པས་བདེ་བ་འདྲེན། །ཅེས་དང་། ཕྱག་བཞི་ཡན་ཆད་ཐམས་ཅད་ལ། །དང་པོས་ཐུགས་ཀར་ཐལ་མོ་སྦྱར་བའོ། །དཀར་ལ་སྔོ་བའི་མདངས་སྟོན་པ། །སྐུ་མདོག་ཀུན་གྱི་དག་པ་ཡིན། །རྣམ་དག་རྒྱ་ཆེན་ཀུན་ལ་ཤེས། །སྒོམ་དང་ཡིད་ལ་དྲན་པས་ཀྱང་། །མཚམས་མེད་སྒྲིབ་པ་དག་པར་བྱེད། །འབྲེལ་པར་རང་དང་གཞན་དག་ཀྱང་། །ཁང་གིས་དཀྱིལ་འཁོར་གཅིག་པུར་གཅེས། །མང་པོ་བསམ་པ་སྣང་བ་དག །ལེགས་པར་གྱུར་ན་གཅིག་པུའོ། །ཞེས་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཐུགས་རྗེ་ཆེ་སྒྲུབ་བདེ་གཤེགས་ཀུན་འགྲུབ་འགྱུར། །ཞེས་གསུངས་པ་དང་། བཀའ་གདམས་གླེགས་བམ་ལས། ལྷ་བཞིའི་གདམས་པའི་སྐབས་སུ་སྤྱན་རས་གཟིགས་ལ་བསྟོད་པ། ཞི་བ་ཐུགས་རྗེ་མཚུངས་མེད་པ། །ཐུགས་རྗེའི་ཚོགས་རབ་དཔག་མེད་པ། །སྤྱན་རས་གཟིགས་ཀྱི་ངོ་བོ་ཉིད། ཅེས་དང་། རྒྱལ་བ་སྲས་བཅས་མ་ལུས་པའི། །ཕོ་བྲང་ཉིད་ཀྱང་དེ་ཉིད་ཡིན། །བུ་ག་གཅིག་ན་རྒྱལ་བ་ཡི། །ཞིང་ཁམས་དཔག་མེད་མཆོག་ཏུ་རྒྱས། །ཞེས་དང་།


CMR054_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་སྤྱད་ན་འདི་ལྟ་སྟེ། །སྐུ་བཞིའི་སངས་རྒྱས་མ་ལུས་དང་། །ཞི་ཁྲོ་དཔའ་བོ་དཔའ་མོའི་ཚོགས། །ཀུན་གྱི་དཀྱིལ་འཁོར་གཅིག་པུ་ཉིད། །ཅེས་གསུངས་སོ། །པདྨ་རྒྱལ་པོའི་རྒྱུད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་དཀྱིལ་འཁོར་གཅིག་བསྒོམ་པ། །སངས་རྒྱས་ཐམས་ཅད་འདུས་པ་ནི། །མགོན་པོ་སྤྱན་རས་གཟིགས་སྐུ་ཡིན། །དྲན་པ་ཙམ་གྱིས་འཁོར་བ་ཡི། །རྟོག་པ་ཐམས་ཅད་འགགས་པར་འགྱུར། །མྱ་ངན་འདས་པ་ཐམས་ཅད་ཀྱི། །སྙིང་པོ་མ་ལུས་ལེགས་པར་འགྱུར། །ཞེས་གསུངས་སོ། །དམ་ཆོས་པདྨ་དཀར་པོ་ལས། དག་པའི་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག །ཐེ་ཚོམ་མེད་པར་དྲན་བྱོས་དྲན་པར་གྱིས། །འཆི་བའི་ཚེ་དང་ཉོན་མོངས་གཙེས་པའི་ཚེ། །མགོན་དང་སྐྱབས་དང་དཔུང་གཞན་དག་ཏུ་འགྱུར། །ཞེས་དང་། སྔགས་ཀྱང་ཡི་གེ་དྲུག་པའི་ཕན་ཡོན་འདྲ་བ་གཞན་ལ་མེད་དེ། པདྨ་རྒྱལ་པོའི་རྒྱུད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྙིང་པོ་བསྡུས་པ་འདི་ལ་ནི། །ཐེ་ཚོམ་


CMR054_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་བརྩོན་པར་གྱིས། །རྒྱ་མཚོ་ནང་གི་རིན་ཆེན་བཞིན། །ཨོཾ་མ་ཎི་པདྨེ་ཧཱུྃ། ཐེངས་གཅིག་མོས་པས་བརྗོད་པ་ན། །སེམས་ཅན་དམྱལ་བའི་ནད་ལས་ཐར། །ཐེངས་གཉིས་བརྗོད་པས་ཡི་དྭགས་ཀྱི། །འགྲོ་བའི་སྒོ་ཡང་འགགས་པར་འགྱུར། །གསུམ་བརྗོད་དུད་འགྲོའི་འགྲོ་བ་འགགས། །འདོད་པའི་ཡོན་ཏན་ལྔ་སྤྱད་ཀྱང་། །འདི་དང་མ་བྲལ་གཙང་མར་གནས། །ཟས་དང་གོས་དང་བཏུང་བ་ཡང་། །འདི་དག་དྲན་པས་ཉེས་པ་མེད། །འབྲས་ཀྱི་ཕུབ་མའི་གསེབ་ནས་ནི། །སྙིང་པོ་འབྲས་བུ་ལེན་པ་ཡིན། །དཔག་བསམ་ཤིང་གི་སྡོང་པོ་ལ། །མེ་ཏོག་ལེན་པ་ལྟ་བུ་ཡིན། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་མེ་ལྷ་གཤིན་རྗེ་དང་། །ཚངས་པ་བརྒྱ་བྱིན་གྲུལ་བུམ་དང་། །ཕྱི་དང་ནང་གི་འཚེ་བ་ཀུན། །སྔགས་ཀྱི་རྒྱལ་པོ་བགྲང་བས་ཞི། །ཡོན་ཏན་བགྲང་ལས་འདས་པ་ནི། །འཕགས་པས་གྲངས་སུ་བྱ་བར་ནུས། །ཞེས་གསུངས་སོ། །སྤྱན་རས་གཟིགས་ཀྱི་མཚན་བརྒྱ་རྩ་བརྒྱད་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། འཕགས་


CMR054_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྤྱན་རས་གཟིགས་ཡིད་ལ་བྱས་ནས། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླས་བརྗོད་བྱས་ན་ངན་སོང་དུ་མི་སྐྱེ། མནར་མེད་པར་མི་འགྲོའོ། །སུ་ཞིག་ནངས་པར་ལངས་ནས་བཟླས་སམ། འདོན་ཏེ་བཟླས་བརྗོད་བྱེད་ན། དེའི་ལུས་ལ་མཛེ་དང་། ཤུ་བ་དང་། གཡན་པ་དང་། འབྲས་དང་། བས་ལྡག་དང་། བློ་དམན་པ་དང་། དབུགས་མི་བདེ་བ་དང་། ནད་ཐམས་ཅད་ལས་ཐར་བར་འགྱུར་རོ། །སྐྱེས་སོ་ཅོག་ཏུ་སྐྱེ་བ་དྲན་པར་འགྱུར་རོ། །འཆི་བའི་ཚེ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །གར་སྐྱེས་གང་དུ་གནས་ཀྱང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་མི་འབྲལ་བར་འགྱུར་རོ། །རྟག་ཏུ་བཟླས་བརྗོད་བྱས་ན་ཡིད་གཞུངས་པར་འགྱུར་རོ། །དབྱངས་སྙན་པར་འགྱུར་རོ། །གཙུག་ལག་ཐམས་ཅད་ལ་མཁས་པར་འགྱུར་རོ། །ཞེས་གསུངས་པ་དང་། ཟ་མ་ཏོག་བཀོད་པའི་མདོ་ལས། སངས་རྒྱས་དམར་པོ་མཆོག་གིས་བཀའ་སྩལ་པ། རིགས་ཀྱི་བུའམ། །རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཡི་གེ་དྲུག་པའི་རིག་སྔགས་འདི་བཟླ་བར་བྱེད་ན་སྤོབས་པ་མི་ཟད་པར་འགྱུར་རོ། །ཡེ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པར་འགྱུར་རོ། །བྱམས་


CMR054_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པར་འགྱུར་རོ། །ཉི་མ་རེ་རེ་བཞིན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་འགྱུར་རོ། །ཡི་གེ་དྲུག་པའི་རིག་སྔགས་འདི་བརྗོད་ཅིང་རྟག་ཏུ་བཟླས་བརྗོད་ལ་བརྩོན་པ་དེ་དག་ནི་བསོད་ནམས་དང་ལྡན་པ་ཡིན་ནོ། །དེ་དག་བཟླས་བརྗོད་བྱེད་པའི་ཚེ་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་དགུ་འདུ་བར་འགྱུར་རོ། །རིགས་ཀྱི་བུ་དེའི་བ་སྤུའི་ཁུང་བུ་རེ་རེ་ལ་ཡང་དེ་བཞིན་གཤེགས་པ་བྱེ་བ་དག་བཞུགས་སོ། །བཞུགས་ནས་ཀྱང་རིགས་ཀྱི་བུ་ཁྱོད་ལ་འདི་འདྲ་བའི་ཡིད་བཞིན་གྱི་ནོར་བུ་རྙེད་པ་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ་ཁྱོད་ཀྱི་བདུན་རྒྱུད་ཐར་བར་བྱས་པ་ལེགས་སོ། །རིགས་ཀྱི་བུ་ཁྱེད་ཀྱི་ལྟོ་བ་ན་སྲོག་ཆགས་གནས་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པར་འགྱུར་རོ། །ལེགས་སོ་བྱ་བ་སྦྱིན་པར་འགྱུར་རོ། །ཞེས་གསུངས་པ་དང་། ཟ་མ་


CMR054_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་བཀོད་པའི་མདོ་སྡེ་ཆེན་པོ་ལས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཀའ་སྩལ་པ། གང་དག་ཕ་རོལ་གྱི་བུད་མེད་ལ་ཆགས་ནས། འདོད་ལོག་སྤྱོད་པ་དང་། སྲོག་གཅོད་པའི་ལས་དང་། ཕ་མ་གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། དགེ་སློང་མ་སུན་ཕྱུང་བ་དང་། མཆོད་རྟེན་བཤིགས་པ་དང་། གཙུག་ལག་ཁང་བཤིགས་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་དང་། མཚམས་མེད་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་། ཟ་མ་ཏོག་བཀོད་པའི་ཡི་གེ་དྲུག་པ་འདིས་རྩ་བ་ནས་འདག་པར་བྱེད་དོ། །ཞེས་གསུངས་སོ། །སྲོང་བཙན་སྒམ་པོའི་ཞལ་ནས། ཐུགས་རྗེ་ཆེན་པོའི་མཐའ་ནི་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པའི་ཡི་གེ་དྲུག་པ་འདི་ལ་ཐུག་གོ །རང་དོན་སྒྲིབ་པ་སྦྱང་བ་ཡང་ཡི་གེ་དྲུག་པ་འདི་ཡིན་ནོ། །གཞན་དོན་འགྲོ་དྲུག་གནས་སྦྱང་བ་ཡང་ཡི་གེ་དྲུག་པ་འདི་ཡིན་ནོ། །ཚེ་འདི་ལ་ཐུན་མོང་དངོས་གྲུབ་འབྱུང་བ་ཡང་ཡི་གེ་དྲུག་པ་འདི་ཡིན་ནོ། །ཕྱི་མ་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འབྱུང་བ་ཡང་ཡི་གེ་དྲུག་པ་འདི་ཡིན་ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པའི་ཡི་གེ་དྲུག་པ་འདི་ཟློས་ཤིག །སྒྲོངས་ཤིག


CMR054_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབས་ཤིག །སྟོན་ཅིག །ཤོད་ཅིག །སྔ་མའི་སངས་རྒྱས་ཀྱི་གཤེགས་ཤུལ། ད་ལྟའི་སངས་རྒྱས་ཀྱི་བསྟན་པ། ཕྱི་མའི་སངས་རྒྱས་ཀྱི་ལམ་ཡིན་ནོ། །ཞེས་གདམས་སོ། །ཕྱི་བློན་ལའོ། །ཆོས་ཐུགས་རྗེ་ཆེན་པོའི་ཡང་སྙིང་ༀ་མ་ཎི་པདྨེ་ཧཱུཾ་ཞེས་པ་འདི་ལས་ལྷག་པ་མེད་དེ། བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་སྙིང་པོ་མ་ནོར་བ་འདི་ཡིན་ནོ། །ཞེས་བོད་འབངས་སྤྱི་ལ་གདམས་སོ། །སྙིང་པོ་ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པ་འདི་ཡིད་བཞིན་གྱི་ནོར་བུ་ཡིན་པས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འདི་ལས་འབྱུང་བ་ཡིན་ནོ། །འདི་བློས་ཤིག་འདི་ལ་ནན་ཏན་བསྐྱེད་ཅིག །ཅེས་སྤྲུལ་པའི་རྒྱལ་པོས་གསུངས་སོ། །ཨོ་རྒྱན་རིན་པོ་ཆེ་རྔ་ཡབ་གླིང་དུ་འབྱོན་ཁ་ཞལ་ཆེམས་བཞག་པ། ཡི་གེ་དྲུག་པའི་ཕན་ཡོན་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་བརྗོད་པ་དང་བསྒྲུང་བའི་མཐའ་ལས་འདས། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱིས་འགྲོ་བ་རིགས་དྲུག་ལ་ཐུགས་རྗེ་རྒྱུན་ཆད་མེད་པར་གཟིགས་པའི་ཐུགས་ཀྱི་ཡང་སྙིང་ཡིན་པས། སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་བའི་


CMR054_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །དེས་ན་ཕྱི་རབས་ཀྱི་རྗེ་འབངས་རྣམས་ཀྱིས་ཐུགས་རྗེ་ཆེན་པོ་ཟུངས་ཤིག །ཡི་གེ་དྲུག་པ་ཟློས་ཤིག །ངན་སོང་དུ་འགྲོ་བའི་དོགས་པ་མེད་དོ། །བོད་ཁ་བ་ཅན་གྱི་ལྷ་སྐལ་ཡིན་པས། དད་གུས་དང་མོས་པས་གསོལ་བ་ཐོབ་ཅིག །བྱིན་རླབས་དངོས་གྲུབ་འབྱུང་ངོ་། །ཡིད་གཉིས་ཐེ་ཚོམ་མ་བྱེད་ཅིག །ཆོས་འདི་ལས་ཟབ་པ་འབྱུང་བ་ནི་དུས་གསུམ་སངས་རྒྱས་རྣམས་ཀྱིས་ཀྱང་མ་གསུངས་ཏེ། སློབ་དཔོན་པདྨ་འབྱུང་གནས་བདག་གིས་ཀྱང་མ་གསུངས་མི་ཤེས་སོ། །ད་ལྟར་བཞུགས་དང་སླད་ཀྱིས་འབྱོན་པ་ཡི། །བོད་ཀྱི་རྗེ་འབངས་ཐམས་ཅད་དེ་ལྟར་ཐུགས་ལ་ཞོག །ཅེས་གསུངས་སོ། །སྲོང་བཙན་སྒམ་པོས། མི་ཀུན་བསོད་ནམས་འགྲིབས་པའི་དུས་ཡིན་ཅིག་འོང་། དུས་དེ་ཙམ་ན་བདེ་སྐྱིད་འཛོམ་འདོད་ན། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་གསོལ་བ་ཐོབ་ཅིག །སྙིང་པོ་ཡི་གེ་དྲུག་པ་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པ་འདི་ཟློས་ཤིག །ཚེ་འདིའི་བདེ་སྐྱིད་དང་དགོས་འདོད་ཐམས་ཅད་འདི་ལས་འབྱུང་བས། རིན་པོ་ཆེ་ལ་གསོལ་བ་ཐེབ་པ་དང་འདྲའོ། །ཕྱི་མ་ལ་སྒྲིབ་པ་བྱང་ནས་བྱང་ཆུབ་ཐོབ་པར་གདོན་མི་ཟའོ། །འདི་ལ་ཐེ་ཚོམ་དང་


CMR054_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་གཉིས་མ་བྱེད་ཅིག །ཅེས་སྤྲུལ་པའི་རྒྱལ་པོའི་ཞལ་ཆེམས་སུ་བཞག་གོ །མ་གཅིག་གི་ཞལ་ནས། ད་ལྟ་ངས་ནི་སྤྱན་རས་གཟིགས་དབང་ཕྱུག་དང་། རྗེ་བཙུན་སྒྲོལ་མ་གཉིས་ལ་ཡོངས་སུ་གྲགས་པའི་ཁྱད་ཆོས་སུ་བྱེད་པ་ཡིན། འདི་གཉིས་འོ་སྐོལ་བོད་གངས་ཆེན་པ་རྣམས་ཀྱི་སྤྱི་མྱེས་ཀྱང་ཡིན་པར་སྣང་ཞིང་། ལྷ་སྐལ་ཡིན་ངེས་པར་འདུག་པས་དོན་ལ། བྱིས་པ་ཆུང་ངུ་སྨྲ་ཤེས་པ་ཙམ་ནས་ཡི་གེ་དྲུག་པ་འདོན་ཤེས་པ་དུས་མཉམ་སྟེ། འཕགས་པས་རྒྱུད་བྱིན་གྱིས་བརླབས་པར་ངེས་པའི་རྟགས་ཡིན་པས། ངེད་རང་ཐམས་ཅད་ཀྱིས་ངེས་པར་དུ་འཕགས་པ་ལ་ལྷ་སྐལ་བྱེད་པར་རིགས་སོ། །ཞེས་དང་། སྙིང་པོ་ཡི་གེ་དྲུག་པ་ནི། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་མདོ་དོན། རྒྱུད་སྡེ་ཟབ་མོ་ཐམས་ཅད་ཀྱི་གཞི་མ། མདོ་སྔགས་གཉིས་ཀྱི་བཅུད་བསྡུས་པ། གསུང་རབ་རྒྱ་མཚོ་འདྲ་བ་རྣམས་ཀྱི་འོ་མ་ལྟར་བསྲུབ་པའི་སྙིང་པོ་མར་ཕྱུང་བ་ལྟ་བུ། ནུས་པ་ནི་། ལྷནད་གདོན་བགེགས་རིགས་མི་མཐུན་པའི་ཕྱོགས་ཐམས་ཅད་འཇོམས་པར་བྱེད་པ་ནི། རྫས་ཕ་ལམ་དང་འདྲ་ཞིང་། འདོད་པའི་དོན་ཐམས་ཅད་མྱུར་དུ་འགྲུབ་པར་བྱེད་པ་ཡིད་་


CMR054_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བ་ཡི་གེ་དྲུག་པ། ཞེས་གསུངས་སོ། །དེ་ལྟར་ལྷ་བསྒོམ་ཞིང་སྔགས་བཟླས་པའི་རྟགས་ནི། དཔུང་པ་བཟང་པོས་ཞུས་པའི་རྒྱུད་ལས། དེ་ལྟར་བཟླས་པའི་གསང་སྔགས་ཉེ་གྱུར་ནས། །མཚན་མོ་ཉལ་བའི་རྨི་ལམ་འདི་དག་མཐོང་། །ཁང་བཟང་ལྗོན་ཤིང་བྲམ་ཟེ་སེང་གེ་རྟ། །རི་བོ་ཤིང་རྟ་སྣང་ལྡན་སྤྲིན་དང་རླུང་། །སྟག་དང་བསེ་དང་གླང་ཆེན་ཁྱུ་མཆོག་དང་། །རྨི་ལམ་ན་ནི་དགའ་བས་ཞོན་པ་དང་། །མེ་ཏོག་ཕྲེང་བ་དྲི་དང་གོས་རྣམས་དང་། །ཤ་ཆང་ཉ་དང་འབྲས་བུ་གླེགས་བམ་དང་། །ལྷ་ཡི་གཟུགས་དང་ཨུཏྤལ་དམར་པོ་དང་། །ཤིང་རྟ་གང་བའམ་བ་གཞོན་བེའུ་ཕྲུག་ཅན། །གདུགས་དཀར་བསིལ་ཡབ་ལྷམ་དང་རལ་གྲི་དང་། །རྔ་ཡབ་གསེར་ལ་གཡུ་ཅན་དང་ཕྲེང་བ་དང་། །ནོར་བུ་མུ་ཏིག་ཉ་ཕྱིས་དུང་དང་དངུལ། །བུད་མེད་གཟུགས་བཟང་བ་དང་བུ་མོ་དང་། །རིན་ཆེན་སྣ་ཚོགས་རྣམས་ཀྱིས་སྤྲས་པའི་རྒྱན། །མལ་སྟན་དཀར་པོ་བཏིང་བ་རྙེད་པ་དང་། །ཐོ་རངས་ཁར་ནི་ཆུ་བོ་ཆུ་ཀླུང་དང་། །འབབ་ཆུ་རྒྱ་མཚོ་དང་ནི་རྫིང་བུ་དང་། །ལུ་མ་དག་ནི་འཐུང་ངམ་བརྒལ་རྨིས་དང་། །ཡང་ན་ཁྲག་


CMR054_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ལུས་ནི་ཁྲུས་བྱེད་པའམ། །ལྷ་དང་མཆོད་རྟེན་འདུག་ནས་རྒྱལ་བའི་གཟུགས། །བྱང་ཆུབ་སེམས་དཔའ་རྣམས་དང་རང་སངས་རྒྱས། །ཟག་མེད་དགེ་འདུན་དགེ་སློང་དགེ་སློང་མའི། །དགེ་བསྙེན་རྣམས་དང་ས་བདག་ལྷ་རྣམས་དང་། །མཆོད་གནས་བྲམ་ཟེ་ཡིད་འོང་སྐྱེས་བུ་དང་། །མི་དང་མི་མཆོག་ཕྱུག་ཅིང་འབྱོར་པའི་བུ། །ཕ་མ་མཛའ་བཤེས་གཉེན་དང་གནོད་སྦྱིན་དང་། །གྲུབ་པའི་ལྷ་དང་ན་ཆུང་ཚོགས་དག་དང་། །ཅི་སྟེ་ཉི་མ་ཟླ་བ་ཟ་བ་དང་། །ས་ཡི་ནང་འགྲོ་ས་བོན་ཀུན་འཐུང་དང་། །མེ་ལ་རྫི་ཞིང་ཤ་ནི་ཟ་བ་དང་། །ལུས་ཀྱི་ནང་དུ་བུད་མེད་ཞུགས་པ་མཐོང་། །རྨི་ལམ་བཟང་པོ་འདི་དག་མཐོང་བ་གང་། །དེ་ནི་རིང་པོར་མི་ཐོགས་འགྲུབ་པར་འགྱུར། །ཟླ་བ་གཅིག་དང་ཟླ་ཕྱེད་ཉིན་ཞག་དང་། །སྐད་ཅིག་གིས་ཀྱང་ཕྱིར་ཕྱིར་ཉེ་བར་འགྱུར། །ཞེས་རྨི་ལམ་བརྟག་པ་གལ་ཆེ་སྟེ། ལེགས་པར་གྲུབ་པའི་རྒྱུད་ལས། རྨི་ལམ་ན་ཡང་དངོས་གྲུབ་མཐོང་། །དེ་ལ་ཡང་ནི་དངོས་གྲུབ་ཡོད། །ཅེས་གསུངས་སོ། །ལར་གསང་སྔགས་ཀྱི་ཉམས་ལེན་ལ་དབང་ཐོབ་དགོས། མ་ཐོབ་ན་མི་རུང་ན་ཡང་། གྲུབ་ཆེན་


CMR054_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་པཀྴི་ལ་ཐུགས་རྗེ་ཆེན་པོས་ལུང་བསྟན་ཞིང་གནང་བའི་རྒྱལ་བ་རྒྱ་མཚོ་ཁྲོམ་ཆོས་མ་འདི་དབང་མ་ཐོབ་ན་ཡང་རུང་སྟེ། དབང་མ་ཐོབ་པ་དང་། ལུང་མ་མནོས་པ་དང་། །སློབ་དཔོན་གྱི་ཆོས་མ་རྫོགས་པ་རྣམས་ཀྱང་ཕྲིན་ལས་ཐུགས་རྗེ་ཆེན་པོ་དང་མཉམ་པར་གྱུར་ཅིག། །ཀརྨ་པའི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་ལགས་པས་ཀུན་གྱིས་བྲིས་ཤིག །སྒྲུབས་ཤིག །དབང་བསྐུར་ཅིག །ཁྲོམ་ཆོས་རྒྱ་ཆེན་པོས་གཞན་དོན་གྱིས་ཤིག །བླ་མ་ཡི་དམ་མཁའ་འགྲོའི་བྱིན་རླབས་ཀྱིས། ལུང་མ་མནོས་ཀྱང་། དཔེ་འདི་གང་གིས་བྲིས་པ་དང་མཐོང་བར་གྱུར་པ་རྣམས་ཀྱང་རང་གཞན་གྱི་དོན་ཉི་མ་ཤར་བ་ལྟ་བུར་གྱུར་ཅིག །ཅེས་གསུངས་སོ། བཅོམ་ལྡན་འདས་ཇོ་བོ་ཐུགས་རྗེ་ཆེན་པོ་ཁྲོམ་ཆོས་སུ་བྱེད་པ་ནི། སེམས་བསྐྱེད་གོང་ན་ཡོད་པ་བཞིན་དུ་སྤྱོད་ནས། བསྐྱེད་རིམ་དུ་སྒོམ་པ་ནི། ཁྱེད་རྣམས་ཀྱི་རྣམ་པར་ཤེས་པའི་ས་བོན་ཡི་གེ་ཧྲཱིཿདཀར་པོ་ཞིག་ཏུ་བསྒོམ། ཧྲཱིཿདེ་ལས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་དག་ནས། ཕྱི་སྣོད་འཇིག་རྟེན་གྱི་ཁམས་དང་། ནང་བཅུད་ཀྱི་སེམས་ཅན་ཐམས་


CMR054_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཐུགས་རྗེ་ཆེན་པོར་ལྷག་གིས་བསྒོམ། འོད་ཟེར་ཚུར་འདུས་ནས་ཡི་གེ་ཧིལ་ཐིམ་པ་ཙམ་གྱིས། པདྨ་ཉི་མ་ཟླ་བའི་གདན་སྟེང་དུ་ཧྲཱིཿའོད་དུ་ཞུ་བ་ལས། །རང་ཉིད་ཇོ་བོ་ཐུགས་རྗེ་ཆེན་པོ་ཡིན་ཨང་སྙམ་དུ་ལྷག་གིས་བསྒོམ། དེ་ཡང་ཅི་ལྟ་བུ་ཞིག་ཡིན་ན། སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཞལ་པདྨ་ཁ་བྱེ་བ་ལྟར་འཛུམ་མུ་ལེ་འདུག་པ། དབུ་སྐྲ་རལ་པ་ཐོར་ཚུགས་གྱེན་དུ་བཅིངས་པ་ལ་རིན་པོ་ཆེའི་རྩེ་བྲན་རྣམ་པ་ལྔས་བརྒྱན་པ། དར་གྱི་ཅོད་པན་ཡོད་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མ་ན་དུང་སྒོང་གི་ཕྲེང་བ་འདྲེན་པ། གཡོན་གྱི་འོག་མ་ན་མེ་ཏོག་པདྨའི་ཡུ་བ་འཛིན་པ། རིན་པོ་ཆེ་སྣ་ཚོགས་ཀྱི་མགུལ་དོ་དང་། སེ་མོ་དོ་དང་། དོ་ཤལ་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། ཕྱི་ནས་བལྟས་ན་ནང་གསལ་བ། ནང་ནས་བལྟས་ན་ཕྱི་གསལ་བ། འོད་ཟེར་སྣ་ཚོགས་འཕྲོ་བར་བསྒོམ་པ་ནི། དམ་ཚིག་སེམས་དཔའ་བསྐྱེད་པའོ། །ཏིང་འཛིན་སེམས་དཔའ་བསྒོམ་པ་ནི། རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཧྲིདཀར་པོ་བསྒོམ་པ་ལ།


CMR054_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་མ་ཎི་པདྨེ་ཧཱུྃ་གིས་གཡས་བསྐོར་དུ་བསྐོར་བར་བསྒོམ་པ་ནི་ཏིང་འཛིན་སེམས་དཔའོ། །ཨོཾ་མ་ཎི་པདྨེ་ཧཱུྃ་འདོན་པ་ཙམ་གྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཐུགས་རྗེ་ཆེན་པོའི་ངོ་བོར་ཁ་བ་བབས་པའི་ཚུལ་དུ་བདག་དང་སེམས་ཅན་ཐམས་ཅད་ལ་རྒྱུན་ཆད་མེད་པར་ཐིམ་པར་བསྒོམ་པ་ནི། །ཡེ་ཤེས་སེམས་དཔའ་བསྟིམ་པའོ། །སྣང་བ་སྐུའི་ཁྱེར་སོ་ཐུགས་རྗེ་ཆེན་པོར་ཕྱི་སྣོད་ནང་བཅུད་ཀྱི་སེམས་ཅན་རྣམས་བདག་སྒོམ་པ་ལྟ་བུར་གྱུར་པར་བསམ། སྒྲ་གྲག་གསུང་གི་ཁྱེར་སོ་ཡི་གེ་དྲུག་མའི་སྒྲར་བསྒོམ། དྲན་རྟོག་ཐུགས་ཀྱི་ཁྱེར་སོ་སྣང་སྟོང་ཟུང་དུ་འཇུག་པ་རང་བྱུང་ཡེ་ཤེས་སུ་ཤེས་པར་བྱའོ། །ལུས་ངག་ཡིད་གསུམ་སྣང་བའི་ཁྱེར་སོ་བློ་ལས་འདས་པ་དུ་མ་རོ་གཅིག་གི་དོན་ལ་དབང་ཐོབ་པར་བྱའོ། །ཡིད་བཞིན་ནོར་བུའི་སྒྲུབ་ཐབས། འགྲོ་དྲུག་ཡོངས་ལ་ཁྲོམ་ཆོས་སུ་བཤད་པར་བྱའོ། །འདི་ནི་ཡབ་སྲས་རྣམས་དབུ་ཞྭ་བཞེས་དུས་ཁྲོམ་ཆོས་སུ་གནང་བ་སྟེ། དེ་ཉིད་རྗེ་དཀོན་མཆོག་ཡན་ལག་གིས་ཚིགས་བཅད་དུ་ཕབ་པ་འདི་རཱ་ག་ཨ་སྱས་ཡབ་སྲས་གསུམ་ཀའི་དྲུང་ནས་ལན་བཞི་བཅུ་ཞེ་བསྒང་


CMR054_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཐོབ་པས། བྱིན་རླབས་ལྷག་པར་ཆེ་བ་ཡིན་ཏེ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། རང་གི་རྣམ་ཤེས་ཧཱི༔ཡིག་དཀར། །འོད་ཟེར་དཀར་པོ་འཕྲོས་པ་ཡིས། །སེམས་ཅན་ཀུན་གྱི་སྡིག་སྒྲིབ་དག །ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ། །འོད་ཟེར་ཚུར་འདུས་ཧྲིལ་ཐིམ། །པདྨ་ཉི་ཟླའི་གདན་གྱི་སྟེང་། །ཧཱིཝཡིག་འོད་དུ་ཞུ་བ་ལས། །རང་ཉིད་ཐུགས་རྗེ་ཆེན་པོར་གྱུར། །སྐུ་མདོག་དཀར་པོ་ཞལ་གཅིག་པ། །པདྨ་རྒྱས་ལྟར་འཛུམ་མདངས་ཅན། །རལ་པའི་ཐོར་ཚུགས་བཅིངས་པ་ལ། །རིན་ཆེན་ལྔ་ཡི་རྩེ་བྲན་དང་། །དར་གྱི་ཅོད་པན་གྱིས་བརྒྱན་པ། །ཕྱག་བཞིའི་དང་པོ་ཐལ་མོ་སྦྱར། །གཡས་འོག་མུ་ཏིག་ཕྲེང་བ་འཛིན། །གཡོན་གྱི་འོག་མས་པདྨ་འཛིན། །རིན་ཆེན་སྣ་ཚོགས་མགུལ་དོ་དང་། །སེ་མོ་དོ་དང་དོ་ཤལ་དང་། །དོ་ཤལ་ཕྱེད་པས་ཡང་དག་བརྒྱན། །ཕྱི་དང་ནང་ནི་སྒྲིབ་མེད་གསལ། །ཞབས་གཉིས་སྐྱིལ་མོ་ཀྲུང་གིས་བཞུགས། །འོད་ཟེར་སྣ་ཚོགས་འཕྲོ་བ་ནི། །དམ་ཚིག་སེམས་དཔའི་རང་བཞིན་ནོ། །ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང་། །ཧིཡིག་ཡི་གེ་དཀར་པོ་ལ། །ཡི་གེ་དྲུག་


CMR054_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

པས་གཡས་སུ་བསྐོར། །དེ་ནི་ཏིང་འཛིན་སེམས་དཔའོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པ་ངག་ཏུ་བརྗོད་པས་མཐུས། །དུས་གསུམ་བདེ་གཤེགས་ཐམས་ཅད་ནི། །ཐུགས་རྗེ་ཆེན་པོའི་ངོ་བོ་རུ། །གྱུར་ནས་ཆར་ལྟར་རང་ལ་ཐིམ། །ཡེ་ཤེས་སེམས་དཔའ་ཡོངས་རྫོགས་པའོ། །སྣོད་བཅུད་ཐམས་ཅད་ལྷ་རུ་གྱུར། །སྣང་བ་སྐུ་ཡི་ཁྱེར་སོ་ཡིན། །སྒྲ་སྐད་ཐམས་ཅད་ཡི་གེ་དྲུག །གྲག་པ་གསུང་གི་ཁྱེར་སོ་ཡིན། །སེམས་ནི་ཟུང་འཇུག་རང་བྱུང་སྟེ། །དྲན་རྟོག་ཐུགས་ཀྱི་ཁྱེར་སོ་ཡིན། །ཞེས་གསུངས་སོ། །གྲུབ་ཆེན་མི་ཏྲ་ཛ་ཀིའི་ཞལ་ནས། ཕྱི་མདོ་ལྟར་འདོན་པ་ནི། སྙིང་ཁའི་ཧྲཱིཿདང་སྐུ་ལ་དམིགས་ཏེ་སྒྲ་ཆེན་པོས་ལྷང་ལྷང་འདོན་པའོ། །ནང་སྔགས་ལྟར་འདོན་པ་ནི། སྙིང་གར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཚེག་དྲག་དང་བཅས་པའི་མཐར། ཡི་གེ་དྲུག་པ་གཡས་སུ་འཁོར་བ་ལས་འོད་ཟེར་སྣ་ལྔ་འཕྲོས་པས་ལུས་ཀྱི་ནང་གང་། སླར་འོད་ཟེར་འཕྲོས། ཕྱི་སྣོད་འཇིག་རྟེན་ལ་ཕོག །ཞིང་ཁམས་བདེ་བ་ཅན་དུ་བྱས། ནང་བཅུད་སེམས་ཅན་ལ་ཕོག །སྤྱན་རས་གཟིགས་སུ་གྱུར། ཐམས་ཅད་


CMR054_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཞལ་ནས་སྔགས་འདྲེན་པར་བསམས་ལ་ཁང་པའི་ནང་དུ་ཚོར་ཙམ་དུ་འདོན་པའོ། །གསང་བ་སྒྲ་མེད་དུ་བཟླས་པ་ནི། ཏིང་ངེ་འཛིན་གསལ་བར་ལྕེ་རྩེ་ནས་འདོན་པའོ། །དེ་ཁོ་ན་ཉིད་ཀྱི་བཟླས་པ་ནི། རང་ཉིད་སྤྱན་རས་གཟིགས་སུ་གསལ་བར་བསྐྱེད་པའི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས། ལུས་ཀྱི་ཕྱི་ནང་བ་སྤུའི་བུ་ག་དང་བཅས་པ་ཐམས་ཅད་ཐུགས་རྗེ་ཆེན་པོས་གང་། ཕྱི་སྣོད་འཇིག་རྟེན་གྱི་ཁམས་ལ་ཕོག་པས་བདེ་བ་ཅན་དུ་བྱས། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལ་ཕོག་པས་ཐམས་ཅད་སྤྱན་རས་གཟིགས་སུ་གྱུར། མདོར་ན་གཟུགས་སྣང་ཐམས་ཅད་སྤྱན་རས་གཟིགས་ཀྱི་སྐུར་གྱུར། སྒྲ་གྲག་པ་ཐམས་ཅད་ཡི་གེ་དྲུག་པ་གསལ་བཏབ་ནས། ཡིད་ཀྱིས་བཟླས་པ་བྱེད་པའོ། །ཞེས་གསུངས་སོ། །རྡོ་རྗེ་ཕག་མོས་གྲུབ་ཐོབ་ཚོམ་བུ་པ་ལ་གནང་བའི་ཐུགས་རྗེ་ཆེན་པོའི་དམར་ཁྲིད་རྩ་ཚིག་ལས། ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་བསྒྲུབ་པ་ལ་འདི་ལྟ་བུའི་བློ་སྟོབས་ཤིག་དགོས། གཞན་ཀུན་ཡི་དམ་ཞིག་བསྒོམ། ཡང་ཅིག་སྒོམ་བྱེད་དེ། དེ་ལྟ་བུ་ནི་ཡི་དམ་བླང་དོར་དུ་སོང་བས་གྲུབ་པ་ཐོབ་པའི་དུས་མི་ཡོང་རང་ཉིད་


CMR054_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཡི་དམ་ཀུན་འདུས་སུ་བསྒོམ། གནས་གང་ན་འདུག་ཀྱང་གཞལ་ཡས་ཁང་ཡིན། འདི་ནམ་ཞིག་སངས་རྒྱས་དུས་ན་ཞིང་ཁམས་རྣམ་པར་དག་པའི་རྒྱུ་ཡིན། གཞན་ཀུན་བླ་མ་གཅིག་བསྒོམ་ཡང་གཅིག་སྒོམ་བྱེད་དེ། བླ་མ་སྤང་ལེན་དུ་སོང་བས། གྲུབ་པ་ཐོབ་པའི་དུས་མི་ཡོང་། བླ་མ་ཡང་མིར་བསྒོམས་པས་བྱིན་རླབས་མི་འབྱུང་བས། རྩ་བའི་བླ་མ་དེ་སངས་རྒྱས་འོད་དཔག་མེད་ཀྱི་རྣམ་པར་བསྒོམས་ནས་རིགས་ཀྱི་བདག་པོའི་ཚུལ་དུ་བཞུགས་པ་ལ་བརྒྱུད་པའི་བླ་མ་རྣམས་སྤྱན་དྲངས་ཏེ། རྩ་བའི་བླ་མ་དེ་ལ་རྡོ་ཚན་ལ་ཁ་བ་བབ་པ་བཞིན་དུ་གཉིས་མེད་དུ་ཐིམ་པས། བླ་མ་ཀུན་འདུས་པའི་བདག་ཉིད་དུ་བསམ། རང་ཡི་དམ་ཀུན་འདུས་ཐུགས་རྗེ་ཆེན་པོ་སྒོམ་པའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཱིཿདཀར་པོ་ལ་ཡི་གེ་དྲུག་པ་དཀར་སྐོར་རེ་བསྐོར་བར་བསམས་ནས། དེ་ཀློག་པའི་ཚུལ་བཟླ། གྲོགས་སུ་འགྲོགས་ཀྱང་ཡི་དམ་ལྷ་ཞེས་པའི་དོན་སེམས་ཅན་ཐམས་ཅད་ཡི་དམ་དུ་བསྐྱེད། ནམ་ཞིག་སངས་རྒྱས་ཐོབ་པའི་དུས་ན། འཁོར་གདུལ་བྱ་ཡོངས་སུ་དག་པ་ཐོབ་པའི་རྒྱུ་ཡིན། གཞན་ཀུན་སྔགས་གཅིག་བཟླས་ཕྲེང་བ་གཅིག་སྐྱུར་ཏེ། དེས་གྲུབ་པ་ཐོབ་པའམ་


CMR054_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པ་བསྐྱེལ་བའི་དུས་མི་འོང་། སེམས་ཅན་ཐམས་ཅད་ཡི་དམ་དུ་གྱུར་པས་སྔགས་བཟླ་རོག་བྱེད་པར་བསམ། འདི་ལྟ་བུས་ནི་ཚད་མེད་པའམ་དཔག་ཏུ་མེད་པའི་བཟླས་པར་འགྱུར་གསུངས། ཁོ་རང་ཡང་ཐུགས་དམ་ལ་ཧབ་གཅོད་དུ་མཛད། དེ་ལྟར་སྣོད་བཅུད་རྣམ་པར་དག་པའི་རང་བཞིན་དུ་གྱུར་པ་ནི། སྣང་བ་སྐུའི་ཁྱེར་སོ་བྱ་བ་ཡིན། སྒྲ་ཅི་གྲག་པ་ཐམས་ཅད་གྲག་སྟོང་ཡི་དམ་ལྷའི་གསུང་དུ་ཤེས་པའམ་སྔགས་ཀྱི་སྒྲར་ཤེས་པ་ནི་གྲག་པ་གསུང་གི་ཁྱེར་སོ་ཡིན། སེམས་ལ་དྲན་བསམ་འགྱུ་བ་ཅི་བྱུང་བ་ཐམས་ཅད་རིག་སྟོང་ལྷའི་ཐུགས་སུ་ཤེས་པ་ནི་དྲན་པ་ཐུགས་ཀྱི་ཁྱེར་སོ་བྱ་བ་ཡིན་ནོ། །ཞེས་གསུངས་སོ། །ཡང་ཤེས་རབ་ཆུང་བ་རྣམས་ཀྱིས། དེ་རྣམས་ཀྱང་བསྒོམ་མི་ཤེས་ན། རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། རྒྱན་ཆ་ལུགས་དང་ལྡན་པ་གཅིག་ཡིན་བསམ་པའི་ངེས་ཤེས་ཀྱིས། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲིདཀར་པོའི་མཐར་ཡི་གེ་དྲུག་པ་གཡས་སུ་འཁོར་ཞིང་ཡོད་པར་བསྒོམ། དེ་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ལ་


CMR054_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་དེས་མཆོད། དེ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས། ཆར་བབ་པ་ལྟར་བྱོན་ཏེ་རང་ལ་སིབ་སིབ་ཐིམ་པར་བསྒོམ། ཡང་རང་གི་འོད་ཟེར་དེས་ཕོག་པས། །སེམས་ཅན་ཐམས་ཅད་ཀྱང་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས་ཡིག་དྲུག་འུ་རུ་རུ་འདོན་པར་བསྒོམ། སྐབས་སུ་དེ་ལྟར་སྒོམ་མཁན་སེམས་ལ་ཡང་ལྟ་སྟེ། ཀྱེའི་རྡོ་རྗེ་ལས། སྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་རྣམས་ཡང་དག་གནས། །རྣམ་སྣང་མི་བསྐྱོད་དོན་གྲུབ་དང་། །རིན་ཆེན་དཔག་མེད་སེམས་དཔའོ། །ཞེས་གསུངས་སོ། །ལྔ་ལྡན་ལས། རང་ལུས་ལྷ་སྐུའི་རྒྱལ་པོ་ལ། །འགྱུར་མེད་ཀྱི་བཙན་ས་མ་ཟིན་ན། །མ་མཁའ་འགྲོའི་འཁོར་ཚོགས་མི་འདུ་བས། །ལུས་ཡི་དམ་ལྷ་ལ་འབད་ཀྱང་འཚལ། །ཞེས་གསུངས་སོ། །བསྐྱེད་རིམ་གྱི་ཁྲིད་ཚར་རོ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་གཉིས་པ་ཞི་གནས་བསྒོམ་པའི་ཁྲིད།


CMR054_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

༼ན༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་གཉིས་པ་ཞི་གནས་བསྒོམ་པའི་ཁྲིད་བཞུགས་སོ།།


CMR054_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། །རང་གི་སེམས་འདུལ་བའི་ཐབས། ཞི་གནས་བསྒོམ་པར་བྱ་སྟེ། ཡབ་སྲས་མཇལ་བའི་མདོ་ལས། སངས་རྒྱས་ཆོས་རྣམས་གང་ལ་ཡང་། །ལམ་གཞན་དག་གིས་མི་མཐོང་སྟེ། །ཞི་གནས་ཡེ་ཤེས་ཆེ་ཐོབ་ན། །རང་བྱུང་ཉིད་དུ་ངེས་པར་འབྱུང་། །ཞེས་དང་། དགེ་བའི་རྩ་བ་རྗེས་སུ་འཛིན་པའི་མདོ་ལས། བསྐལ་པའི་བར་དུ་ཚུལ་ཁྲིམས་སྲུང་བྱེད་ཅིང་། །ཡུན་རིང་དུས་ནས་བཟོད་པ་བསྒོམས་བྱས་ཀྱང་། །ཡང་དག་ཉིད་ལ་གོམས་པར་མི་བྱེད་ན། །དེ་ནི་ང་ཡི་


CMR054_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ལ་མུ་སྟེགས་ཡིན། །ཅེས་དང་། དགའ་བོ་མངལ་གནས་ཀྱི་མདོ་ལས། གང་ལ་མཉམ་བཞག་སེམས་མེད་པ། །རྣམ་དག་ཡེ་ཤེས་མེད་པ་སྟེ། །ཟག་པ་རྣམས་ནི་སྤང་མི་འགྱུར། །དེ་བས་ཁྱོད་ཀྱིས་ནན་ཏན་བསྒྲུབ། །ཅེས་དང་། ། ལམ་སྒྲོན་ལས། ཞི་གནས་ཡན་ལག་རྣམས་ཉམ་པས། །རབ་ཏུ་འབད་དེ་བསྒོམས་བྱས་ཀྱང་། །ལོ་ནི་སྟོང་ཕྲག་དག་གིས་ཀྱང་། །ཏིང་འཛིན་འགྲུབ་པར་མི་འགྱུར་རོ། །ཞེས་དང་། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པ་ཤེས་བྱས་


CMR054_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་གསུངས་སོ། །སྤྱོད་འཇུག་ལས། སེམས་ནི་རྣམ་པར་གཡེང་བའི་མི། །ཉོན་མོངས་མཆེ་བའི་ཕྲག་ན་གནས། །ཞེས་དང་། བཟླས་བརྗོད་དང་ནི་དཀའ་ཐུབ་སོགས། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང་། །སེམས་གཞན་གཡེང་བས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་དང་། བསླབ་པ་བསྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམ་སྟེ་སེམས་བསྲུང་བྱ། །སེམས་འདི་སྲུང་བར་མ་བྱས་ན། །བསླབ་པ་སྲུང་བར་ཡང་མི་ནུས། །ཞེས་དང་། སེམས་འདི་གཅིག་པུ་བརྟགས་པ་ཡིས། །དེ་དག་ཐམས་ཅད་བརྟགས་པར་འགྱུར། །སེམས་འདི་གཅིག་པུ་བཏུལ་བ་ཡིས། །དེ་དག་ཐམས་ཅད་བཏུལ་བར་འགྱུར། །སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །ཞེས་དང་། སེམས་ཀྱི་གླང་པོ་ཡན་བཏང་ན། །མནར་མེད་གནོད་པ་བྱེད་པར་ཟད། །ཅེས་དང་། ཀུན་ནས་དྲན་པའི་ཐག་པ་ཡིས། །སེམས་ཀྱི་གླང་པོ་དམ་བཏགས་ན། །འཇིགས་པ་ཐམས་ཅད་མེད་འགྱུར་


CMR054_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །དགེ་བ་ཐམས་ཅད་ལག་ཏུ་འོང་། །ཞེས་དང་། བདག་གི་རྙེད་དང་བཀུར་སྟི་དང་། །ལུས་དང་འཚོ་བ་ཉམས་བླང་ཞིང་། །དགེ་བ་གཞན་རྣམས་ཉམས་བླ་ཡི། །སེམས་ནི་ནམ་ཡང་ཉམས་མི་བྱེད། །སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབ་ཀྱང་སྲུང་ཞིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱར། །ལུས་དང་སེམས་ཀྱི་གནས་སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་བ། །དེ་དེ་ཁོ་ན་མདོར་ན་ནི། །ཤེས་བཞིན་བསྲུང་བའི་མཚན་ཉིད་དོ། །ཞེས་གསུངས་སོ། །ཞི་གནས་ཀྱི་རྩ་བ་བསམ་གཏན་ཡིན་པས། མདོ་སྡེའི་སྡེ་སྣོད་ཀྱི་དོན་བསླབ་པ་སེམས་ཀྱི་བསླབ་པ་ཡིན། དེ་ལ་ཡང་བཞི་སྟེ། ཐར་རྒྱན་ལས། བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་བཞི་པའོ། །དེ་ལ་བསམ་གཏན་དང་པོ་ནི། རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པའོ། །བསམ་གཏན་གཉིས་པ་ནི་དགའ་བ་དང་ལྡན་པའོ། །བསམ་གཏན་གསུམ་པ་ནི་སེམས་བདེ་བ་དང་ལྡན་པའོ། །བསམ་གཏན་བཞི་པ་ནི་བཏང་སྙོམས་དང་ལྡན་པའོ། །ཞེས་གསུངས་སོ། །དེ་ལྟར་


CMR054_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་བཞི་ཇི་ལྟར་བསྒོམ་ཚུལ་དང་། དེའི་རྟགས་དང་ཡོན་ཏན་ནི། ཤེར་ཕྱིན་སྟོང་ཕྲག་ཉེར་ལྔ་པ་ལས། བཅོམ་ལྡན་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། འདོད་པས་དབེན་སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། །དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེས་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དྭངས་ཏེ་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་མེད་པ་དཔྱོད་པ་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་ལ་དྲན་པ་དང་ལྡན་ཞིང་ཤེས་བཞིན་དང་བཏང་སྙོམས་ལ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་བ་འཕགས་པ་རྣམས་ཀྱིས་དྲན་པོ་དང་ལྡན་པ། བདེ་བ་ལ་རྣམ་པར་དཔྱོད་པ་བཏང་སྙོམས་པ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་


CMR054_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སོ། །དེ་བདེ་བ་ཡང་སྤངས་སྡུག་བསྔལ་བ་ཡང་སྤངས་ཤིང་། ཡིད་བདེ་བ་དང་ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མེད་སྡུག་བསྔལ་བ་ཡང་མེད་པས་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པའི་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བསམ་གཏན་དང་བསམ་གཏན་གྱི་ཡན་ལག་དེ་དག་ལ་ཡང་མཚན་མར་མི་འཛིན་ཏོ། །དེ་དེ་ལྟར་མཉམ་པར་བཞག་པའི་སེམས་དང་ལྡན་པའི་རྫུ་འཕྲུལ་གྱི་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་དོ། །དེས་ས་ཆེན་པོ་འདི་ཡང་རབ་ཏུ་གཡོ་བར་ལ། བྱེད་དོ། །གཅིག་ཏུ་གྱུར་ཅིང་མང་པོར་འགྱུར་རོ། །མང་པོར་གྱུར་ཅིང་གཅིག་ཏུ་འགྱུར་ཏོ། །སྣང་བ་དང་མི་སྣང་བ་ཉམས་སུ་མྱོང་བར་བྱེད་དོ། །རྩིག་པ་ལས་ཐར་བ་དང་། ར་བ་ལས་ཐར་བ་དང་། རི་ལས་ཐར་བར་ཐོགས་པ་མེད་པར་འགྲོ་སྟེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལ་ཡང་འགྲོ་སྟེ་དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ས་ལ་ཡང་གྱེན་དུ་འབྱུང་བ་དང་། འོག་ཏུ་འཛུལ་བར་བྱེད་དོ། །དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་བྱིང་བ་མེད་པར་འགྲོ་སྟེ། དེ་སོགས་རྟགས་དང་ཡོན་


CMR054_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་རྒྱ་ཆེར་གསུངས་ཏེ། དཔལ་གཙུག་ལག་ཕྲེང་བའི་ཞལ་ནས། སྤྱིར་མདོ་ལས་སེམས་གནས་པའི་ཐབས་དགུའི་དང་པོར་འདོད་པའི་ཞི་གནས་རྩེ་གཅིག་ཏུ་བསྒྲུབ། དེ་ནས་འོག་ས་ལ་སྐྱོ་ཞིང་གོང་ས་ལ་ཞི་བར་མོས་པ་དང་ཉེར་ལྡོགས་ཡིད་བྱེད་བདུན་གྱི་སྒོ་ནས་བསམ་གཏན་དང་པོ་ནས་བཞི་པའི་བར་རིམ་པར་བསྒྲུབ། བཞི་པ་གྲུབ་ནས་མངོན་ཤེས་ཀྱི་ལམ་ལས་མངོན་ཤེས་ལྔ་བསྒྲུབ། ཕྱི་རོལ་པའི་དྲང་སྲོང་རྣམས་དང་ནང་པའི་མདོ་སྔགས་གཉིས་ཀའི་ཐུན་མོང་བ་ཡིན་ཡང་། དེ་ལྟར་ཕྱག་རྒྱ་ཆེན་པོ་སོགས་ཀྱི་ཁྲིད་རིམ་གྱིས་སྒྲུབ་པའི་ཞི་གནས་འདི་ནི་མན་ངག་གི་གནད་ལས་སྐྱེ་བ་སྟེ། ངོ་བོ་འདོད་པའི་སེམས་རྩེ་གཅིག་པ་ཉིད་ལ་བསམ་གཏན་བཞི་ཀའི་ཡང་ཆ་མཐུན་ལྡན་པ་ཞིག་ཡིན་ལ། འདིའི་སྟེང་ནས་ལྷ་གནས་ཀྱི་བསམ་གཏན་རྣམས་བསྒྲུབ་ན་དཀའ་བ་མེད་ཀྱང་ལྷག་མཐོང་གི་གཞི་རྟེན་དུ་ཞི་གནས་ཆ་ཤས་ཙམ་དང་པོར་བསྒྲུབ་ཀྱི། འཇིག་རྟེན་པའི་བསམ་གཏན་ཁོ་ན་གཙོ་བོར་མི་བྱེད་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ལ་རྣམ་གཡེང་སྤངས་ནས་ལུས་གནད་བཅའ་དགོས་ཏེ། ཁྲིད་ཆེན་ལས། ལུས་རྣམ་སྣང་གི་ཆོས་བདུན་བཅའ་བའོ། །ཆོས་བདུན་


CMR054_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་བཞག་བྱས་ལ། ལྟེ་འོག་སོར་བཞིའི་མཚམས་སུ་བཞག་སྟེ། གྲུ་མོ་མ་འགུགས་པར་བསྲང་། དཔུང་པ་རྒོད་གཤོག་ལྟར་བརྒྱང་། མགྲིན་པ་ལྕགས་ཀྱུ་ལྟར་ཨོག་མས་ཨོག་མདུད་ནོན་པར་དགུག །སྒལ་ཚིགས་མདའ་ལྟར་བསྲང་། མིག་སྣ་རྩེ་སོར་བཞིའི་ཐད་ཀྱི་ནམ་མཁར་རྫི་མ་མི་གཡོབ་ཅིང་ཡ་ཡོ་ཁྱར་ཁྱོར་མེད་པར་གཏད། མཆུ་ཅུང་ཟད་འབྱར་བ་སོ་ལ་བར་བག་ཙམ་བྱ། ལྕེ་ཡ་རྐན་ལ་སྦྱར་ལ་བདེ་བའི་སྟན་ལ་འཁོད་པར་བྱ་སྟེ། རྡོ་རྗེ་ཕྲེང་བའི་རྒྱུད་ལས། སྒྲུབ་པོ་བདེ་བའི་སྟན་ལ་འདུག །མིག་ནི་སྣ་རྩེར་གཏད་བྱས་ནས། །སྣ་མཐོང་ལྟ་བའི་ཚད་དུ་ཞོག །ཕྲག་དཔུང་མཉམ་ལ་ལྕེ་རྐན་སྦྱར། །སོ་དང་མཆུ་ནི་བདེ་བར་བཞག །དབུགས་ཀྱི་དབྱུང་རྔུབ་ལྷོད་ནས་ནི། །ཅུང་ཟད་རྩོལ་བ་བྲལ་བ་ཡིས། །རྡོ་རྗེའི་སྐྱིལ་ཀྲུང་ལེགས་གནས་ཤིང་། །དེ་ལྟར་ཕྱག་རྒྱ་དང་ལྡན་པས། །ཞེས་གསུངས་པ་ལྟར། སྐྱོན་གསུམ་དང་བྲལ་བར་བྱ་སྟེ། འབྱུང་བཞིའི་ལུས་ཀྱི་འདུག་ཚུལ་ནི། །བདེ་དང་ཡང་དང་ལྷོད་དང་གསུམ། །ཞེས་པ་ལྟར་རོ། །དེ་ལྟར་བཅས་པའི་དགོས་པ་ནི། ཀྱེ་རྡོ་


CMR054_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤང་། །དངོས་པོ་ཀུན་ལ་ཁྱབ་པའོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་གསུངས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་ལས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོས། དབེན་པའི་མལ་སྟན་བརྟེན་པར་བྱ། །འདུ་འཛི་མེད་པར་དགའ་བར་བྱེད་། །མཚན་མ་ཡིད་ལ་མི་བྱེད་པར། །སྐྱིལ་ཀྲུང་བཅས་ཏེ་འདུག་ནས། །ཞེས་གསུངས་པ་དང་། པདྨ་དྲྭ་བའི་རྒྱུད་ལས། ཤིན་ཏུ་འཇམ་པའི་སྟན་ལ་ནི། །རྡོ་རྗེ་སྐྱིལ་ཀྲུང་གིས་གནས་ནས། །བསྲངས་ཏེ་མིག་ནི་སྣ་རྩེར་ཕབ། །དལ་བའི་རླུང་ལྡན་རྐན་ལ་ནི། །ལྕེ་ཡིས་ཅུང་ཟད་རེག་པར་བྱ། །ལྟེ་བ་ཅུང་ཟད་གུག་པ་ཡིས། །སེམས་ནི་བག་ཡོད་གནས་པར་བྱ། །ཞེས་དང་། རྗེ་དུས་གསུམ་མཁྱེན་པས་ཀྱང་། །ཕ་རི་ལ་ལྟ་ན་ཚུར་རི་ནས་ལྟོས། །སྟོང་པ་འདོད་ན་སྣང་བ་གཏན་ལ་ཕོབ། །སེམས་གནས་པར་འདོད་ན་ལུས་འཁྲུལ་འཁོར་གཅུན། །ཅེས་གསུངས་སོ། །ཁྲིད་ཆེན་ལས། གཞན་ཡང་ལུས་གནད་ཚུལ་བཞིན་དུ་བཅས་པའི་དགོས་པ་ནི། རྐང་པ་སྐྱིལ་ཀྲུང་བཅས་པས། །


CMR054_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཐུར་སེར་གྱི་རླུང་དབུ་མར་ཚུད་ཅིང་། ཉོན་མོངས་པ་ཕྲག་དོག་ཞི་བ་དང་། བར་ཆད་ཀྱིས་མི་ཚུགས་པའོ། །ལག་པ་གཉིས་མཉམ་བཞག་གི་ཕྱག་རྒྱ་ལྟེ་འོག་སོར་བཞིར་བཅས་པས་ཆུ་རླུང་དབུ་མར་ཚུད་དོ། །ཉོན་མོངས་པ་ཞེ་སྡང་ཞི་བ་ཡིན། སྒལ་ཚིགས་མདའ་ལྟར་བསྲང་ཞིང་། དཔུང་པ་རྒོད་གཤོག་ལྟར་གདེང་བས་ས་རླུང་དབུ་མར་ཚུད་དེ། གཏི་མུག་ཞི། མགྲིན་པ་བྲང་ལ་གུག་ཙམ་བྱས་པས། མེ་རླུང་དབུ་མར་ཚུད་དེ་འདོད་ཆགས་ཞི། མིག་མི་བཙུམས་པར་སྣ་རྩེ་སོར་བཞིའི་ཐད་དུ་ལྟ་བ་དང་། ལྕེ་ཡ་རྐན་ལ་སྦྱར་བས་རླུང་གི་རླུང་དབུ་མར་ཚུད་དེ་ང་རྒྱལ་ཞི། ཤེས་པ་གསལ་བར་བྱེད། དེའང་སེམས་གནད་རླུང་རླུང་གནད་རྩ། རྩ་གནད་མིག་ལ་ཡོད་པས་ལྟ་སྟངས་མ་འཆུགས་པ་གལ་ཆེའོ། །དེ་ལྟར་ལུས་བསམ་གཏན་གྱི་ཆོས་ལྔའམ། ཆོས་བདུན་བཅས་པས་དུག་ལྔ་རང་ཞིར་འགྲོ་ཞིང་། རླུང་སེམས་རང་བཞིན་གྱིས་དྷུ་ཏིར་ཚུད་ནས་རྟོག་པ་ཕྱོགས་ཐམས་ཅད་རང་འགགས་ལ་འབོལ་ལེ་ཤིག་གེ་དྭངས་སང་ངེ་འགྲོ་ཞིང་། རྟོགས་པ་མྱུར་དུ་འཆར་བས་ལུས་གནད་གལ་ཆེ། ལུས་སྨྱོས་པ་དང་། ཁྱག་ཁྱོག་སོགས་གནད་དུ་མ་


CMR054_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ན། རྟོག་པ་འཕྲོ་ནས་སེམས་མི་ཟིན་ཞིང་འཁྲུལ་འཁོར་གཡས་སུ་ཡོ་ན། དང་པོ་གསལ་ཉམས་སྐྱེ། དེ་ནས་ཞེ་སྡང་རང་རྒྱུད་པ་འབྱུང་ཞིང་། གདོན་རྒྱལ་པོ་ལ་སོགས་གནོད་པའི་ཉན་ཡོད། གཡོན་དུ་ཡོ་ན་དང་པོ་སེམས་བདེ་ཉམས་དང་། དེ་ནས་འདོད་ཆགས་དྲག་པོ་འབྱུང་ཞིང་། གདོན་ཀླུ་དང་མོ་རིགས་སོགས་གནོད། མདུན་དུ་འགུགས་ན་དང་པོ་མི་རྟོག་པ་རྩོལ་མེད་དུ་སྐྱེ། རྗེས་སུ་གཏི་མུག་ཏུ་འགྱུར་ཞིང་གདོན་ས་བདག་ལ་སོགས་པས་གནོད། ཁྱད་པར་དུ་མི་གཉིས་ལ་སོགས་པ་གྲོས་བྱེད་པ་མཐོང་ན། འདི་གཉིས་ང་ལ་ཁ་ཟེར་བར་འདུག་སྙམ་པ་དང་མི་དགའ་བ་ལ་སོགས་པ་སྲོག་འཛིན་གྱི་རླུང་ལོག་པའི་ཉེས་པ་དུ་མ་འབྱུང་། ལུས་གནད་རྒྱབ་ཏུ་དགྱེ་ན། དང་པོ་སྟོང་ཉམས་རྩོལ་མེད་དུ་སྐྱེ། དེ་ནས་ང་རྒྱལ་ལ་སོགས་པའི་ཉོན་མོངས་པ་འབྱུང་། གོང་གི་གདོན་རྣམས་ཀྱི་རྟོག་པའང་འཆར། ཁྱད་པར་དུ་སེམས་མི་གནས་ཤིང་རྟོག་པ་འཕྲོ། ལུས་སྔོ་སྐམས་སུ་འགྲོ་བ་དང་། ཁམས་འཛག་པའི་ཉེས་པ་འབྱུང་ངོ་། །དེས་ན་ཉེས་པ་གང་ཡང་མི་འབྱུང་ཞིང་ཡོན་ཏན་ཐམས་ཅད་རྫོགས་པའི་གནད། ལུས་གནད་ཡིན་པས་འཁྲུལ་འཁོར་མ་


CMR054_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

འཆུགས་པ་གལ་ཆེའོ། །བསམ་གཏན་གྱི་ཆོས་ལྔ་ནི། བླ་མ་ཞང་གི་ཞལ་ནས། ལུས་ཀྱི་གནད་ལ་ལྔ་སྟེ། མདའ་ལྟར་བསྲང་བ་དང་། ལྕགས་ཀྱུ་ལྟར་འགུགས་པ་དང་། རེ་མིག་ལྟར་བསྣོལ་བ་དང་། ལྕགས་སྒྲོག་ལྟར་གདམས་པ་དང་། ལི་གྲི་ལྟར་བསྒྲིམ་པའོ། །མདའ་ལྟར་བསྲང་བ་ནི། སྒལ་ཚིགས་མདའ་ལྟར་བསྲང་བ་སྟེ། དཔེར་ན་མད་འ་བསྲང་བ་དེ་ཐད་ཀར་བསྲང་བས་མི་དྲང་སྟེ། ཀྱོག་ཕྱོགས་སུ་དྲང་པོར་བསྲང་བ་བཞིན་དུ་གསུས་ཆུང་བའི་ཉེར་མ་གསུམ་པོ་དྲང་བ་ཙམ་དུ་སྐྱེད་ཚུགས་དགྱེ་འོག་གི་བཏང་བ་དེའི་དགོས་པ་ནི། རྩ་གསུམ་རང་གནས་སུ་གནས་ལ་ཨ་བ་དྷཱ་ཏི་རང་ཐད་དུ་སོང་བས་རྩ་མདུད་གྲོལ་ཏེ་རླུང་དྷུ་ཏིར་ཚུད་སླའོ། །ལྕགས་ཀྱུ་ལྟར་འགུགས་པ་ནི། མགྲིན་པ་ཡིད་ཙམ་རང་བབས་སུ་འགུགས་པ་སྟེ། དེའི་དགོས་པ་ནི་རྩ་གཡས་གཡོན་གཉིས་ཉ་མོ་ཁ་གདངས་པ་ལྟ་བུ་ནས་རླུང་དང་རྣམ་རྟོག་འཕྲོ་བ་དེ་བཀག་པས་མི་རྟོག་པ་སྐྱེའོ། །རེ་མིག་ལྟར་བསྣོལ་བ་ནི། རྐང་པའི་ལོང་བུ་བསྣོལ་བ་སྟེ། དེའི་དགོས་པ་ནི་རྡོ་རྗེ་སྐྱིལ་ཀྲུང་གི་དོད་པོ་ཡིན་པས། བར་ཆོད་ཀྱིས་མི་ཚུགས་པའོ། །ལྕགས་སྒྲོག་ལྟར་བསྡམ་པ་


CMR054_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ནི། རྡོ་རྗེ་མདུད་པའི་སྒོམ་ཐག་ལ་སོགས་པས་པུས་མོ་ནས་ཚུར་དམ་པར་འཁྱུད་པ་ཡིན་ཏེ། དེའི་དགོས་པ་ནི། ལུས་ཀྱི་གནས་མི་འཆུགས་པར་བྱེད་པའོ། །ལི་གྲི་ལྟར་བསྒྲིམ་པ་ནི། འཕོངས་སུ་གོས་ཀྱི་འབོལ་བཅུག་ནས། འོག་སྒོ་དྲག་ཏུ་བསྡམ་པ་ཡིན་ཏེ། དེའི་དགོས་པ་ནི། །རྩ་རླུང་གཉིས་ནང་འཕྲོད་ནས་བདེ་དྲོད་མྱུར་དུ་སྐྱེ་བར་བྱེད་པའོ། །དེ་ལྟ་བུའི་ལུས་ཀྱི་གནད་ལྔ་པོ་འདི་ལ། རྗེ་བཙུན་མར་པ་ལྷོ་བྲག་པའི་ཞལ་ནས། བོད་ཀྱི་གདམས་ངག་ཐམས་ཅད་ཕྱོགས་གཅིག་ཏུ་བཞག་པ་བས། ངའི་ལུས་གནད་ལྔ་པོ་འདི་གདམས་ངག་ཆེ་བ་ཡིན། དེ་ཇི་ལྟར་ཞེ་ན། ངའི་ལུས་གནད་ལྔ་པོ་འདི་བཅས་པའི་གནད་ཀྱིས། རླུང་དྷུ་ཏིར་རང་ཚུད་ལ་འགྲོ་བ་ཡིན། དེའི་གནད་ཀྱིས་ལྟེ་བ་ནས་གཏུམ་མོ་རང་འབར་ལ་འགྲོ་བ་ཡིན། དེའི་གནད་ཀྱིས་སྤྱི་བོ་ནས་བྱང་སེམས་ཀྱི་ཐིག་ལེ་རང་བབས་སུ་འབབ་པ་ཡིན། དེས་བདེ་བ་ངང་གིས་སྐྱེ་བ་ཡིན། དེས་ན་རྣམ་རྟོག་ཆེད་དུ་བགག་མི་དགོས་པར་མི་རྟོག་པ་དབར་མེད་དུ་འཆར་བ་ཡིན། དེས་རྟོགས་པའི་ཡེ་ཤེས་ཤུགས་ལ་འཆར་བ་ཡིན།། དེས་ན་དང་པོར་ལུས་ཀྱི་བཞག་ཐབས་གལ་ཆེ་


CMR054_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། འདི་ཉིད་ལ་ཡུན་རིང་དུ་གོམས་པས་ནང་གི་འབྱུང་བ་ཆ་སྙོམས་པར་འགྱུར་ཏེ། ཚེ་རིང་བ་དང་། སྔར་ནད་ཡོད་པ་སོས་ཤིང་ཕྱིས་མི་འབྱུང་བ་དང་། རྩ་་རླུང་དྭངས་མ་སྟོབས་སུ་གྱུར་པས་སྟེང་གི་ལྗིད་ཀྱིས་འོག་ཏུ་མི་གནོད་པ་དང་། རྩ་རླུང་ཐིག་གསུམ་ཚོགས་པ་གཅིག་པས་ལོ་ཟླའི་བར་དུ་གནས་ཀྱང་མི་བདེ་བ་མེད་པ་དང་། དྭངས་མའི་དྭངས་མ་ཤིན་ཏུ་སྨིན་པས། རིག་པ་རང་གསལ་རྟོགས་པ་རྩོལ་མེད་དུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་སོ། །ལུས་གནད་དེ་ལྟར་བཅས་ནས་སེམས་ཀྱི་བསྒོམ་བྱ། རྒྱ་གར་གྱི་སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པའི་རྒྱ་གཞུང་ཆེན་པོ་ཏིང་ངེ་འཛིན་ཚོགས་དགུ་ལས། འདིར་ཞི་གནས་ནི་གཉིས་ཏེ་ཁ་ནང་དུ་བལྟས་པས་ཐོབ་པ་དང་། ཁ་ཕྱིར་བལྟས་པས་དམིགས་པའོ། །དེ་ལ་ཁ་ནང་དུ་བལྟས་པ་ལའང་། །ལུས་ལ་དམིགས་པ་དང་། ལུས་ལ་བརྟེན་པ་ལ་དམིགས་པའོ། །ལུས་ལ་དམིགས་པ་ལའང་གསུམ་སྟེ། །ལུས་ཉིད་ལྷའི་རྣམ་པར་དམིགས་པ་དང་། ཀེང་རུས་ལ་སོགས་པ་མི་སྡུག་པར་དམིགས་པ་དང་། ཁ་ཊཾ་ག་ལ་སོགས་མཚན་མ་ཁྱད་པར་ཅན་ལ་དམིགས་པའོ། །ལུས་ལ་བརྟེན་


CMR054_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་དམིགས་པ་ལ་ཡང་ལྔ་སྟེ། དབུགས་ལ་དམིགས་པ་དང་། མཚན་མ་ཕྲ་མོ་ལ་དམིགས་པ་དང་། ཐིག་ལེ་ལ་དམིགས་པ་དང་། འོད་ཟེར་གྱི་ཡན་ལག་ལ་དམིགས་པ་དང་། དགའ་བ་དང་བདེ་བ་ལ་དམིགས་པའོ། །ཁ་ཕྱིར་བལྟས་ལའང་གཉིས་ཏེ། ཁྱད་པར་ཅན་དང་ཕལ་པའོ། །དེ་ལ་ཁྱད་པར་ཅན་ལའང་གཉིས་ཏེ། སྐུ་ལ་དམིགས་པ་དང་གསུང་ལ་དམིགས་པའོ། །འདི་དག་ནི་ཞི་གནས་ལ་འཇུག་པའི་ཡན་ལག་གོ །དེ་ཡང་མ་དག་པ་རྡེའུ་དང་ཤིང་བུ་ལ་སེམས་འཛིན་པ་ནི། རྗེ་དོན་ལྡན་ཞབས་ཀྱིས། རྟེན་ནི་རྡེའུ་ཤིང་བུ་དང་། །མར་མེའམ་བླ་མ་དག་ལ་གཏད། །ཅེས་གསུངས་པ་ལྟར་རོ། །རླུང་བརྩི་བ་ནི། འཇམ་དཔལ་རྩ་རྒྱུད་ལས། རྣམ་པར་རྟོག་པ་དབུགས་དབྱུང་རྔུབ། །དྲན་པ་བརྟེན་བྱ་ཉེར་ཞི་བྱ། །སེམས་ནི་ཀུན་ཏུ་འབར་བས་ན། །དམིགས་པ་གཅིག་ལ་དམ་པོར་གདགས། །ཞེས་པ་དང་། ཁྲི་པ་ལས། ཤ་ར་དྭ་ཏིའི་བུ། དཔེར་ན་རྫ་མཁན་ནམ་རྫ་མཁན་གྱི་སློབ་མ་མཁས་པས། འཕང་ལོ་བསྐོར་བ་ནི་རིང་དུ་བསྲུབ་ན་རིང་དུ་བསྲུབ་པར་རབ་ཏུ་


CMR054_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སོ། །ཐུང་དུ་བསྲུབ་ན་ཐུང་དུ་བསྲུབ་པར་རབ་ཏུ་ཤེས་སོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་། དྲན་བཞིན་དུ་དབུགས་རྔུབ་ཅིང་། དྲན་བཞིན་དུ་དབུགས་འབྱིན་ཏེ། དེས་དབུགས་རིང་དུ་རྔུབ་ན་ཡང་རིང་དུ་རྔུབ་པར་རབ་ཏུ་ཤེས་སོ། །དབུགས་རིང་དུ་ཕྱུང་ན་ཡང་རིང་དུ་ཕྱུང་བར་རབ་ཏུ་ཤེས་སོ། །དབུགས་ཐུང་དུ་རྔུབ་ན་ཡང་ཐུང་དུ་རྔུབ་པར་རབ་ཏུ་ཤེས་སོ། །དབུགས་ཐུང་དུ་ཕྱུང་ན་ཡང་ཐུང་དུ་ཕྱུང་བར་རབ་ཏུ་ཤེས་སོ། །ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟེན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་མི་དམིགས་པའི་ཚུལ་གྱིས་འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམས་བསལ་ནས། ནང་གི་ལུས་སུ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །ཞེས་པ་དང་། མདོ་ལས་ཀྱང་། དེ་དབུགས་ཕྱིར་རྒྱུ་བ་ན་ཕྱིར་རྒྱུའོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་དབུགས་ནང་དུ་རྒྱུ་ན་ནང་དུ་རྒྱུའོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་པའི་དོན་ནི། རླུང་གི་འགྲོ་འོང་ལ་དྲན་པ་མ་ཡེངས་པར་གཏད་ནས། རླུང་ཕྱིར་རྒྱུ་བ་དང་དེ་ལ་མ་ཡེངས་པར་བྱ། ནང་དུ་


CMR054_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཚུར་བྱུང་ན་མ་ཡེངས་པར་བྱ། དེ་ལྟར་དྲན་པའི་རྟེན་རླུང་སྲོག་རྩོལ་རྒྱུ་བ་གཉིས་ལ་བྱས་ཏེ། དེའི་ངང་ལ་དྲན་པའི་སོ་མ་ཤོར་བར་བྱའོ། །སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། ཇི་ལྟར་ན་དྲོན་པའི་དབང་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་དབུགས་ཕྱི་ནང་དུ་རྒྱུ་བ་ལ་རྟོག་ཅེ་ན། ཡང་དག་པ་ཇི་ལྟ་བ་བཞིན་བགྲང་བ་དང་། ཞེས་གསུངས་སོ། །འབྲུ་གསུམ་རྡོ་རྗེ་བཟླས་པ་ནི། རྣམ་སྣང་མངོན་འབྱུང་ཞེས་རྙིང་མ་ལས། རླུང་སེམས་ལྷན་ཅིག་སྐྱེས་པ་ཡི། །འཇུག་པ་ཨོཾ་དང་གནས་པ་ཨཱཿ །དབྱུང་བ་ཧཱུྃ་གི་རྣམ་པ་དེས། །ལུས་ངག་ཡིད་ཀྱི་སྒྲིབ་པ་དང་། །ཁམས་གསུམ་མ་ལུས་འདི་དག་ཀུན། །རྡོ་རྗེ་གསུམ་དུ་སོད་པར་བྱེད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འགྲུབ། །ལྷན་སྐྱེས་བདེ་བ་ཆེན་པོར་འགྱུར། །ཞེས་གསུངས་པའི་དོན། །སྣ་བུག་ནང་ནས་རྒྱུ་ཡང་ནང་དུ་འོང་ཚེ་ཨོ་གྱི་གདང་དྲན་པར་བྱ། ནང་དུ་ཅུང་ཟད་གནས་ཚེ་དྲན་པར་བྱེད། ཕྱིར་འགྲོ་བ་ན་ཧཱུྃ་དྲན་པར་བྱ་སྟེ། ཡིག་གཟུགས་དང་དཀར་པོ་ལ་སོགས་འབྱུང་མི་དགོས། རྟོག་པ་གཞན་གྱིས་བར་མ་ཆོད་པར་ལྔ་བཅུ་ཙམ། དེ་ནས་ཇེ་མང་ལྔ་བརྒྱ་སོགས་གཡོན་སྲོག་དང་། །


CMR054_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་རྩོལ་བའི་རླུང་། སྒྲིམ་པ་ཀློད་པ་སྤེལ་མ། ཀློད་པ་འདྲ་བ་དེའི་རྩོལ་པ་དོར་བའོ། །གྲུབ་ཆེན་མི་ཏྲའི་དམར་ཁྲིད་ལས། དང་པོ་ཞི་གནས་ལ་དོན་གསུམ་སྟེ། མཚན་མ་ལ་བརྟེན་པའི་ཞི་གནས་དང་། རྟོག་པ་ལ་གཏད་པའི་ཞི་གནས་དང་། རྟོག་མེད་དུ་འཇོག་པའི་ཞི་གནས་དང་གསུམ་མོ། །དང་པོ་ལ་གཉིས་ཏེ། ཕྱི་ལ་སེམས་བཟུང་བ་དང་། ནང་ལ་སེམས་བཟུང་བའོ། །ཕྱི་ལ་གཉིས་ཏེ་མ་དག་པ་དང་དག་པའོ། །དང་པོ་ནི་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པའི་ལྟ་སྟངས་དང་བཅས་ཏེ། རང་གི་མདུན་དུ་ཀ་བ་བུམ་པ་ཤིང་བུ་རྡེའུ་ལ་སོགས་པ་གང་ཡང་རུང་བ་གཅིག་ལ་ལུས་གནད་ལྟ་སྟངས་དང་བཅས་ནས་མ་ཡེངས་པར་སེམས་བཟུང་། དེ་ལས་ཡེངས་སུ་ཡང་མི་འཇུག་རྟོག་པ་ཡང་མི་འགྱེད་དེ་ཐོག་ཏུ་ཀློད་ལ་འཇོག་པའོ། །གཞན་ཡང་བྱིང་རྒོད་བྱུང་ན་སྟེང་འོག་གཡས་གཡོན་དུ་སེམས་འཛིན་པ་ཡང་ཤེས་པར་བྱའོ། །གཉིས་པ་དག་པ་རྒྱལ་བའི་སྐུ་ལ་སེམས་འཛིན་པ་ནི། མདུན་དུ་བཅོམ་ལྡན་འདས་འོད་དཔག་མེད་ཀྱི་སྐུ་གཟུགས་བཞག་པའམ་མེད་ན་བསྒོམ། དེ་ལས་རྟོག་པ་ཡང་མི་སྤྲོ་ཡེངས་སུ་ཡང་མི་


CMR054_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག །དེ་ཐོག་ཏུ་མ་ཡེངས་ཙམ་དུ་ཀློད་ནས་འཇོག་པ་ནི། དག་པ་རྒྱལ་བའི་སྐུ་ལ་སེམས་འཛིན་པའོ། །གཉིས་པ་ནང་ལ་སེམས་བཟུང་བ་ལ་ཡང་གཉིས་ཏེ། མ་དག་པ་དང་དག་པའོ། །དང་པོ་མ་དག་པ་ཐིག་ལེ་ལ་སེམས་བཟུང་བ་ནི། རང་གི་སྙིང་གར་པད་ཟླའི་སྟེང་དུ་ཐིག་ལེ་དཀར་པོ་འོད་ཟེར་འཕྲོ་བ་སྲན་འབྲུ་ཙམ་ལ་སེམས་བཟུང་སྟེ། དེ་ལས་རྟོག་པ་ཡང་མི་སྤྲོ། ཡེངས་སུ་ཡང་མི་འཇུག །དེ་ནི་རྟོག་པ་མ་སྤང་ལམ་དུ་ཁྱེར་བའི་མན་ངག་གོ །ལམ་གྱི་ཞི་གནས་རྟོག་པ་ལམ་དུ་ཁྱེར་ཞིང་རྟོག་པ་ལམ་དེ་ཉིད་ལ་གཏད་ནས་སེམས་བཟུང་བའི་མན་ངག་གོ །གཉིས་པ་དག་པ་རྒྱལ་བའི་སྐུ་ལ་སེམས་འཛིན་པ་ནི། རང་གི་སྙིང་གར་པད་ཟླའི་སྟེང་དུ་སྤྱན་རས་གཟིགས་ཀྱི་སྐུ་ཚོན་གང་བ་འོད་དང་བཅས་པ་ལ་སེམས་བཟུང་། ། དེ་ལས་རྟོག་པ་ཡང་མི་འགྱེད་ཡེངས་སུ་ཡང་མི་འཇུག །བྱིང་རྒོད་བྱུང་ན་དག་པ་དང་མ་དག་པ་གཉིས་ཀ་དཔྲལ་བ་དང་ལྟེ་བར་བསྒོམས་ནས་སེམས་བཟུང་ངོ་། །དེ་ནི་མཚན་མ་ལ་བརྟེན་པའི་ཞི་གནས་སོ།། གཉིས་པ་རྟོག་པ་ལ་སེམས་གཏད་པའི་ཞི་གནས་ནི། ལྷག་པར་རྟོག་པ་སྤོས་ལ་དུག་ལྔ་དུག་གསུམ་སོགས་ཉོན་མོངས་


CMR054_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་འཛིན་འཁོར་བའི་རྣམ་རྟོག་དགེ་བ་བཅུའམ། ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུའི་རྣམ་པར་རྟོག་པ་ལ་སོགས་མི་དགེའི་རྣམ་རྟོག་གང་སྐྱེས་པའི་ངོ་བོ་ལ་རྟོག་མེད་ཀྱིས་ཅེ་རེར་བལྟས་པས་འཛིན་མེད་དུ་ཞི་ནས་རིག་པ་གསལ་སྟོང་ངོས་བཟུང་མེད་པར་གསལ་ས་ལེ་འཆར་བ་ཡིན་ཏེ། དེ་ཉིད་རང་རིག་རང་ངོ་ཤེས་པས་རང་གྲོལ་གྱི་ངང་དུ་སྐྱོང་། སླར་ཡང་རྣམ་རྟོག་གང་སྐྱེས་པ་དེ་ཉིད་ལ་སེམས་གཏད་ནས་སྤང་བླང་མེད་པར་རང་ངོ་ཤེས་པར་བྱས་ལ་རྣམ་རྟོག་ལམ་ཁྱེར་གྱི་མན་ངག་ཉམས་སུ་བླང་བར་བྱའོ། །གསུམ་པ་ཞི་གནས་མཐར་ཐུག་རྟོག་མེད་ལ་སེམས་བཟུང་བ་ནི།། གནས་མུན་ཁང་དབེན་པར་འབོལ་བའི་སྟན་ལ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས་ལ་མིག་བར་སྣང་སྟོང་པ་ལ་ཧད་དེ་གཏད་ནས། ཡིད་ལ་འདས་མ་འོངས་ད་ལྟར་གྱི་རྟོག་པ་གསུམ་དང་དགེ་མི་དགེ་ལུང་མ་བསྟན་གྱི་རྟོག་པ་སྟེ། དུས་གསུམ་རྟོག་པའི་རྒྱུ་འགྲུལ་ཐམས་ཅད་རྦད་ཆོད་ལ་ཐོང་། ཡིད་ལ་ཅི་ཡང་མི་བསམ། སེམས་ནམ་མཁའ་གཡའ་དག་པ་ལྟར་གསལ་སྟོང་འཛིན་མེད་དུ་ཕྱལ་ལེ། ས་ལེ་ཧྲིག་གེར་བཞག་པས་བདེ་གསལ་མི་རྟོག་པའི་ཞི་གནས་


CMR054_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེའོ། །དེ་ཉིད་ལ་ཆགས་པ་དང་། སྡང་བ་དང་། ཞེན་པ་དང་། འཛིན་པ་དང་། བྱིང་རྒོད་ཞུགས་མ་ཞུགས་བརྟག་ལ་སྐྱོན་ཡོན་ཕྱེ་སྟེ་ངོ་སྤྲད་དོ། །ཞེས་གསུངས་པའི་ནང་དུ་ཐམས་ཅད་འདུས་ཏེ། མདོ་ལས་གསུངས་པའི་སེམས་གནས་ཐབས་དགུ་ནི། འཇོག་ཀུན་ཏུ་འཇོག་ངེས་པར་འཇོག་ཉེ་བར་འཇོག །དུལ་བར་བྱེད་ཞི་བར་བྱེད། ཉེ་བར་ཞི་བར་བྱེད་རྒྱུད་གཅིག་ཏུ་བྱེད། མཉམ་པར་འཇོག་ཅེས་པའི་དོན་ནི་དམིགས་པ་གང་རུང་གཅིག་ལ་གཏད། དེ་རྒྱུན་མཐུད་འཕྲོ་ན་དྲན་པས་བཟུང་དེའི་སྟེང་དུ་འཇོག་དེའི་ཡོན་ཏན་དྲན་པར་བྱ། འཕྲོ་ན་དེ་ལས་ལྡོག་འཕྲོ་བའི་རྐྱེན་ངོས་བཟུང་། འབད་རྩོལ་མི་དགོས་པར་དེ་ལ་གནས། །དེའི་ངང་དུ་འབྱམས་པའོ། །རྣམ་རྟོག་འཕྲོ་བ་ཞི་ནས། །སེམས་གར་གཏད་དུ་རྩེ་གཅིག་ཏུ་གནས་པ་ནི་ཞི་གནས་སོ། །དེ་ནི་ཕྱི་རོལ་པ་དང་། བོན་དང་། ཉན་ཐོས་བྱེ་བྲག་པ་དང་། མདོ་སྡེ་པ་རྣམས་ཐུན་མོང་ཡིན། རྣམ་རྟོག་བཀག་ནས་དེ་གོམས་པའི་ཤུགས་ཀྱིས་མི་འཕྲོ་བར་ལྷན་ནེ་གནས་པ་དེ། དང་པོ་སྐྱེ་དགོས་ཀྱི། དེ་ཉིད་ཕྱག་རྫོགས་ཀྱི་དོན་ནི་མ་ཡིན་ཏེ། རྒྱ་ནག་ཧྭ་ཤང་ལྟ་བ་དང་། མུ་


CMR054_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

སྟེགས་ལུགས་ཀྱི་བསམ་གཏན་བཞི་དང་། ཉན་ཐོས་འགོགས་པ་རྣམས་ཐུན་མོང་ཡིན་ནོ། །དེ་ཅིའི་ཕྱིར་ཕྱག་རྫོགས་མིན་ན། དེ་ནི་མ་བཅོས་པའི་དོན་མ་ཡིན། བཅོས་མ་ཡིན་པའི་ཕྱིར་དང་། སེམས་གནས་སོ་སྙམ་པའི་འཛིན་པ་ཡོད་པའི་ཕྱིར་རོ། །སམ་བྷུ་ཏྲི་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་གསལ། །ཞེས་པ་དང་། རྡོ་རྗེ་ཕྲེང་བ་ལས། རྣམ་རྟོག་ཀུན་ནས་ཟད་པ་ལས། །བདེ་བ་ཆེན་པོ་ཡང་དག་སྐྱེ། །ཞེས་དང་། འདི་ལ་འཇུག་པ་གཉིས་ཡོད་དེ། འདིའི་སྐབས་སུ་རྣམ་རྟོག་ཞི་ནས་སེམས་ལྷན་ནེར་གནས་པ་དེ་ཞི་གནས་སོ། །ཐར་རྒྱན་ལས། ཞི་གནས་ནི་ཡང་དག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སེམས་ལ་སེམས་འཇོག་པ་རང་སར་གནས་པ། ལྷན་ནེ་མེར་རི་ཁྲིག་གེར་གནས་པ་དེའོ། །ཞེས་གསུངས་སོ། །དེ་རྣམས་ཀྱིས་ཞི་གནས་ཀྱི་དམིགས་པ་ཕལ་ཆེ་བ་ཚང་། བུམ་ཆེན་ནི་ཕལ་གྱིས་མི་ཆུན་པས་འདིར་མ་བཤད། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། སངས་རྒྱས་ཀྱི་སྐུ་ལ་སེམས་བཟུང་བ་ལ་ཕན་


CMR054_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་དཔག་ཏུ་མེད་པར་ཡོད་པར་བཤད། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ་ལས། འོད་དཔག་མེད་ཀྱི་སྐུ་མདུན་དུ་བསྒོམ་པ་ལ་ཕན་ཡོན་དཔག་ཏུ་མེད་པ་བཤད་པ་དང་། ཆོས་འདི་དང་འབྲེལ་ཆེ་བས། མདུན་དུ་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་གཅིག་བསྒོམས་ལ་དེ་ལ་རིག་པ་རྩེ་གཅིག་གཏད་དོ། །དེ་ལ་སེམས་མི་འཕྲོ་བར་གནས་ཅི་ཐུབ་གྱིས། དེ་ཡང་དམིགས་པ་མ་ཟིན་ན། སྙིང་གི་དཀྱིལ་དུ་ཐིག་ལེ་དཀར་པོ་སྲན་མ་ཙམ་འོད་དང་ལྡན་པ་གཅིག་ལ་རིག་པ་གཏད་ལ་གནས་ཅི་ཐུབ་བྱ། དེ་ལ་མི་གནས་ན། ཡིད་ལ་ཅི་ཡང་མི་བསམ་པར་སེམས་ཀློད་དེ་བཞག་སྟེ། དུས་གསུམ་གྱི་རྣམ་རྟོག་འཕྲོ་བཅད་དེ་སེམས་སེམས་ཐོག་ཏུ་བསྡུས་ནས་སྤྲོས་མེད་དུ་ཀློད་ཤིགས་སེ་བཞག །དེ་ཡང་འདས་པའི་ཆོས་ལ་མི་བསམ་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ། །མ་འོངས་པའི་སྔོན་མི་བསུ་བར་བཞག་པ་སྨོན་པ་མེད་པ། ད་ལྟ་གང་ཤར་ཅིར་ཡང་མི་འཛིན་པར་ཀློད་པ་མཚན་མ་མེད་པ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་གྱི་ཞི་གནས་བསྒྲུབ་པའོ། །མཚན་མོ་བཟང་མོའི་མདོ་ལས་ཀྱང་། ཀུན་དགའ་བོ། གང་འདས་པ་ལ་


CMR054_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་ཕྲད་པར་མི་བྱེད་པ་དང་། མ་འོངས་པ་ལ་རེ་བ་མི་བྱེད་པ་དང་། ད་ལྟ་བ་ལ་རྟོག་པར་མི་བྱེད་པ་ནི་མཚན་མོ་བཟང་མོའི་མདོ་སྡེ་ལ་གནས་པ་ཞེས་བྱའོ། །ཞེས་དང་། རྩ་ཚིག་ལས། རང་གི་སེམས་ལ་རང་གིས་ལྟོས། །ཞེས་དང་། ཁྲིད་ཆེན་རྩ་ཚིག་ལས། ལུས་གནད་བསམ་གཏན་ཆོས་བདུན་སྐྱོན་མེད་བཅའ། །སེམས་གནད་དུས་གསུམ་རྟོག་པའི་སྤྲོས་པ་བཅད། །གང་ཤར་ངང་དུ་མ་ཡེངས་རྩོལ་མེད་བཞག །ཅེས་གསུངས་པ་ལྟར་སེམས་རང་བབས་སུ་གནས་ཅི་ཐུབ་བྱའོ། །དེ་ལྟར་བྱས་པས་གནས་པ་རབ་འབྲིང་ཐ་མ་གསུམ་རིམ་གྱིས་སྐྱེའོ། །དེས་ཞི་གནས་ཀྱི་ཆོས་ཐུན་ཚར་རོ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒོང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་གསུམ་པ་ལྷག་མཐོང་བསྒོམ་པའི་ཁྲིད།


CMR054_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

༼པ༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་གསུམ་པ་ལྷག་མཐོང་བསྒོམ་པའི་ཁྲིད་བཞུགས་སོ།།


CMR054_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། །འཁོར་བ་ནས་ཐར་ཞིང་འཕགས་ལམ་ཐོབ་པའི་ཐབས། ལྷག་མཐོང་གི་ཤེས་རབ་བསྐྱེད་པར་བྱ་སྟེ། རང་ཅག་རྣམས་འཁོར་བར་འཁྱམས་པ་འདི་ཅིའི་སྐྱོན་ཡིན་ན། བདག་མེད་པ་ལ་བདག་ཏུ་བཟུང་བའི་སྐྱོན་ཡིན་ཏེ། མདོ་སྡེ་ཡོན་ཏན་རིན་ཆེན་ལས། འཁོར་བར་ཆགས་པའི་ཡིད་དང་ལྡན་རྣམས་རྟག་ཏུ་འཁོར། །བདག་དང་བདག་གི་ཆོས་གཉིས་ཡང་དག་མི་སྟོང་སྟེ། །བྱིས་པ་བདག་ཉིད་ཀྱིས་ནི་མཁའ་ལ་མདུད་པ་བོར། །དཔེར་ན་དོགས་པའི་འདུ་ཤེས་ཀྱིས་ནི་དུག་


CMR054_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་པ། །དུག་དེ་ཁོང་དུ་སོང་བ་མེད་ཀྱང་བརྒྱལ་བར་འགྱུར། །དེ་བཞིན་བྱིས་པ་བདག་དང་བདག་གི་ལས་ལེན་པ། །བདག་དེར་འདུ་ཤེས་ཡང་དག་མི་རྟགས་སྐྱེ་ཞིང་འཆི། །ཇི་ལྟར་འཛིན་པ་དེ་ལྟར་ཀུན་ནས་ཉོན་མོངས་བསྟན། །བདག་དང་བདག་གི་མི་དམིགས་རྣམ་པར་བྱང་བ་གསུངས། །ཞེས་གསུངས་སོ། །རྣམ་འགྲེལ་ལས། གང་ཞིག་བདག་མཐོང་དེ་ལ་ནི། །ང་ཞེས་རྟག་ཏུ་མངོན་ཞེན་འགྱུར། །ཞེན་པས་བདེ་ལ་སྲིད་འགྱུར་བ། །སྲེད་པས་སྐྱོན་རྣམས་སྒྲིབ་པར་བྱེད། །ཡོན་ཏན་མཐོང་བས་ཡང་སྲེད་པ། །ངའི་ཞེས་དེ་ཡི་སྒྲུབ་བྱེད་


CMR054_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ལན། །དེས་ན་བདག་ལ་མངོན་ཆགས་པ། །དེ་སྲིད་དེ་ནི་འཁོར་བར་འགྱུར། །ཞེས་དང་། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །དེ་དག་དང་ནི་ཡོངས་འབྲེལ་ལ། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། བདག་ཏུ་རྟོག་པས་སེམས་གཡེང་སྐྱེས་གྱུར་པ། །དེ་ནི་རབ་འབར་མཚོན་ཆའི་འཁྲུལ་འཁོར་འདྲ། །ཡུལ་ལ་རྗེས་སུ་བརྟེན་ནས་སེམས་བཅོམ་པ། །ཡོངས་སུ་སྨིན་ནས་མི་བཟོད་སྡུག་བསྔལ་རྒྱུ། །ཞེས་དང་། ཡུམ་ལས། །གཟུགས་ནི་བདག་གམ་བདག་གིས་སྟོང་། ཞེས་སོགས་གསུངས། ཡང་ངར་འཛིན་པ་དང་། ང་ཡིར་འཛིན་པས་སེམས་ཅན་རྣམས་འཁོར་བ་ན་འཁོར་རོ། །ཞེས་དང་། །སྤྱོད་འཇུག་ལས། འཇིག་རྟེན་དག་ན་འཚེ་བ་གང་ཡོད་དང་། །འཇིགས་དང་སྡུག་བསྔལ་ཇི་སྙེད་ཡོད་པ་ཀུན། །དེ་ཀུན་བདག་ཏུ་འཛིན་པ་ལས་བྱུང་ན། །འདྲེ་ཆེན་དེས་ཀོ་བདག་ལ་ཅི་ཞིག་བྱ། །བདག་ཉིད་ཡོངས་སུ་མ་བཏང་ན། །སྡུག་བསྔལ་སྤོང་བར་མི་ནུས་ཏེ། །ཇི་ལྟར་མེ་ནི་མ་བཏང་ན། །སྲེག་པ་སྤོང་བར་མི་ནུས་བཞིན། །ཞེས་


CMR054_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་ཕྱིར་ང་དང་བདག་གི་རྩ་བ་གཅོད་དགོས། ང་དང་བདག་གི་རྩ་བ་གཟུགས་ཕུང་པོ་འདི་ལས་བྱུང་བས། ཕུང་པོ་འདི་ལ་ང་བདག་ག་ན་འདུག་ང་དང་བདག་ཇི་ལྟར་འདུག་ཚོལ་དགོས་ཏེ། ཀླུ་སྒྲུབ་སོགས་ཀྱིས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བར་འགྱུར། །ཞེས་དང་། ཏོག་ལས། གང་ཞིག་གཟུགས་ཀྱི་རྣམ་རྟོག་སོགས་ལ་ཆགས། །ཐེར་ཟུག་བརྟག་པ་བདག་བརྟེན་དངོས་པོར་ལྟ། །དེ་དག་གིས་ནི་སྐྱེ་བ་རྒྱུན་མི་འཆད། །དེ་དག་ངན་སོང་ས་ལ་ཤིན་ཏུ་འབབ། །ཅེས་དང་། གླང་པོ་ཆེ་དང་རྟ་རྒོད་དང་། དྲེལ་རྒོད་འདུལ་བ་ལས་ཀྱང་རང་སེམས་འདུལ་བ་གལ་ཆེ་སྟེ། དམག་འབུམ་ཕྲག་ཡོད་པའི་གཡུལ་ངོ་ལས་རྒྱལ་བ་ལས་ནི། བདག་ཏུ་འཛིན་པ་ལས་རྒྱལ་བ་ལྷག་སྟེ། ཆེད་དུ་བརྗོད་པའི་ཚོམ་ལས། གླང་པོའི་ནང་ནས་གླང་ཆེན་དང་། །སིནྡྷའི་ཅང་ཤེས་རྟ་དང་ནི། །དྲེའུ་འདུལ་བྱེད་གང་ཡིན་པ། །དེ་བས་བདག་ཉིད་འདུལ་བ་མཆོག །བདག་ཉིད་ལེགས་འདུལ་གང་ཡིན་དེས། །འཆིང་བ་བཅད་ནས་གྲོལ་


CMR054_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་གྱིས། །བཞོན་པ་དེ་དག་རྣམས་ཀྱིས་ནི། །ས་དེ་མངོན་པར་ཐོབ་མི་སྲིད། །འདུལ་སྦྱོང་བྱེད་པ་རྟ་བཟང་ལྟར། །བདག་ཉིད་ཁོ་ན་འདུལ་བར་བྱ། །བདག་ཉིད་ལེགས་པར་བཏུལ་བ་ཡིས། །སྡུག་བསྔལ་རྣམས་ཀྱི་ཕ་མཐར་ཕྱིན། །བདག་ཉིད་ཁོ་ན་བདག་གི་མགོན། །བདག་ཉིད་བདག་གི་སྐྱབས་ཡིན་པས། །དེ་བས་བདག་ཉིད་འདུལ་བར་བྱ། །སྟན་གཅིག་མལ་སྟན་གཅིག་པ་དང་། །གཅིག་པུར་སྙོམ་ལས་མེད་སྤྱོད་ཅིང་། །གཅིག་པུར་ནགས་ཚལ་གནས་པ་དང་། །གཅིག་པུས་བདག་ཉིད་འདུལ་བར་བྱ། །གང་ཞིག་སྟོང་ཕྲག་སྟོང་དག་གི་།དེ་ཡི་གཡུལ་ལས་རྒྱལ་བ་བས། །གང་ཞིག་བདག་ལ་རྒྱལ་བྱེད་པ། དེ་ནི་མི་ཡི་གཡུལ་ལས་རྒྱལ། །ཞེས་གསུངས། འོ་ན་ང་དང་བདག་དེ་ལུས་ཡིན་ནམ་སེམས་ཡིན་ནམ་དཔྱད་དགོས། མིང་ནི་གློ་བུར་བཏགས་པ་ཡིན། མིང་བརྗེས་ན་ང་བརྗེས་པར་འགྱུར་རམ། མིང་བཟང་པོར་བཏགས་ན་ང་བཟང་པོ་དང་། མིང་ངན་པར་བཏགས་ན་ང་ངན་པར་འགྱུར་རམ། འོ་ན་ལུས་འདི་ང་དང་བདག་ཡིན་ནམ། ལུས་འདིའི་མགོ་ནས་རྐང་པའི་བར་ལྷུ་ལྷུ་གཟུགས་གཟུགས་དུམ་བུ་


CMR054_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེས་ལ་ཚོལ་མཛོད། ནང་ཁྲོལ་ཡང་སྡེ་ཚན་ནས་ཞིབ་ཏུ་ཚོལ་མཛོད། །ཡང་ཕྱིའི་ས་ཆུ་མེ་རླུང་ངམ། འབྱུང་བ་གང་ལ་གནས་པར་འདུག་ཐག་ངེས་པར་ཆོད་མཛོད། སྤྱོད་འཇུག་ལས། ཐོག་མར་པགས་པའི་རིམ་པ་ནི། །རང་གི་བློ་ཡིས་ཐ་དད་ཕྱེ། །ཤ་དང་རུས་པའི་དྲྭ་བ་ལས། །ཤེས་རབ་མཚོན་གྱིས་གུད་དུ་ཕྱེ། །རུས་པ་རྣམས་ཀྱང་ཕྱེ་བྱས་ནས། །རྐང་པའི་བར་དུ་ལྟ་བྱ་ཞིང་། །འདི་ལ་སྙིང་པོ་ཅི་ཡོད་ཅེས། །བདག་ཉིད་ཀྱིས་ནི་ལྟ་བར་གྱིས། །ཞེས་དང་། རྩ་བ་ཤེས་རབ་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམ་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པས་ལུས། འདི་ལ་ཡང་ང་བདག་མི་འདུག་སྟེ། ལུས་སོ་སོར་བསིལ་བས་གང་ལ་ཡང་ང་དང་བདག་ཟེར་བའི་སྙིང་པོ་ཏིལ་འབྲུ་ཙམ་ཡང་མི་འདུག་པའི་ཕྱིར་རོ། །འོ་ན་ང་དང་བདག་དེ་སེམས་ཡིན་དགོས་པས། སེམས་དེ་ཚོལ་བར་བྱ་སྟེ། སམ་བྷ་ཏྲི་ལས། མ་ལུས་སྡུག་བསྔལ་བཅིངས་ལས་གྲོལ་འདོད་ཅིང་། །རྫོགས་སངས་རྒྱས་ཀྱི་བདེ་བ་འདོད་པ་གང་། །


CMR054_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ནི་རང་བཞིན་ཡོད་དམ་མེད་པ་དག །བརྟན་པོར་བྱས་ནས་འབད་དེ་དཔྱད་པར་བྱ། །ཞེས་དང་། རྣམ་སྣང་མངོན་བྱང་གི་རྒྱུད་ལས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ལ་བཙལ་བར་བྱ། གང་གིས་མངོན་པར་བྱང་ཆུབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་རྣམ་པ་ཐམས་ཅད་མཁྱེན་པ་དང་། བྱང་ཆུབ་ནི་རང་གི་སེམས་ལ་བཙལ་བར་བྱའོ། །ཞེས་དང་། འཕགས་པ་དཀོན་མཆོག་སྤྲིན་ལས། སེམས་ནི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྟེ། སེམས་ཡོངས་སུ་ཤེས་ན་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་རོ། །ཞེས་དང་། ཆོས་ཀྱི་དབྱིངས་དབྱེར་མེད་པའི་ལེའུ་ལས། སེམས་འདི་ནི་སྔོན་པོའམ། སེར་པོའམ། དམར་པོའམ། དཀར་པོའམ། བཙོད་ཁའམ། །ཤེལ་གྱི་ཁ་དོག་ལྟ་བུའམ། ཡང་དག་པའམ། ཡང་དག་པ་མ་ཡིན་པའམ། རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བའམ། གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པ་


CMR054_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཤིག་སོ་སོར་རྟོག་ཅིག །ཅེས་གསུངས་སོ། །འོད་སྲུང་གིས་ཞུས་པའི་ལེའུ་ལས། འདི་ལྟར་སེམས་ཡོངས་སུ་ཚོལ་ཏེ།། འདི་ལྟར་འདོད་ཆགས་པའམ། ཞེ་སྡང་བར་འགྱུར་བའམ། གཏི་མུག་པར་འགྱུར་བའི་སེམས་དེ་གང་ཡིན། ཅེས་འདས་པའམ་མ་འོངས་པའམ་དེ་ལྟར་བྱུང་བ་ཞིག་ཡིན་ནམ། ཞེས་སོགས་རྒྱ་ཆེར་གསུངས་སོ། །དེའང་སུམ་ཅུ་རྩ་གསུམ་པའི་མདོ་ལས། སྲིད་གསུམ་ཐམས་ཅད་སེམས་ལས་གྲུབ་པར་འགྱུར། །སེམས་ཉིད་དེ་ཡང་རྟག་ཏུ་བསྟན་དུ་མེད། །གཟུགས་མེད་ལུང་དུ་མ་བསྟན་སྒྱུ་མ་འདྲ། །མཁས་པ་དེས་ནི་སེམས་ཀྱི་ཆོས་ཉིད་ཚོལ། །སེམས་དང་སེམས་ནི་གང་གིས་ཚོལ་བྱེད་པ། །དེས་ནི་སེམས་ཀྱི་ཆོས་ཉིད་མཐོང་བ་མེད། །ཅེས་དང་། རྫོགས་ཆེན་ཀློང་གསལ་འབར་མའི་རྒྱུད་ལས། སེམས་ཀྱི་རུ་ཤན་ཕྱེ་བའི་ཕྱིར། །བསམ་མནོ་འདི་ལ་ཉག་གཅིག་བྱ། །རིག་པ་སྨྲོས་མེད་ཆོས་ཀྱི་སྐུ། །འདི་ལ་བྱུང་གནས་འགྲོ་གསུམ་མེད། །སེམས་ཞེས་བྱ་བའི་འགྱུ་འགྱུ་པོ། །འོལ་འོལ་ཕྲིག་ཕྲིག་ཡད་ཡུད་འདི། །དང་པོ་གང་ལས་བྱུང་བ་དང་། །བར་དུ་གནས་དང་ཐ་མར་འགྲོ། །


CMR054_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས་དང་ཁ་དོག་ཇི་ལྟ་བུར། །ཕྱི་ནང་བར་གསུམ་བཤིག་འདྲལ་ལྟ། །ཞེས་དང་། ཐལ་འགྱུར་ལས། དང་པོ་སེམས་ཀྱི་བྱུང་ས་དང་། །བར་དུ་གནས་དང་ཐ་མ་འགྲོ། །གསུམ་ལ་ངེས་པར་བརྟག་དཔྱད་ནས། །སེམས་སྦྱངས་སེམས་ལ་ཕན་པའོ། །ཞེས་གསུངས་པའི་དོན་ནོ། །ཀློང་གསལ་སྙིང་ཐིག་ལས། དང་པོ་བྱུང་གནས་འགྲོ་གསུམ་རྩད་བཅད་པ་ནི། རེ་རེ་ལ་ཡང་དཔྱད་སྒོམ་དང་འཇོག་སྒོམ་དུ་བྱ་སྟེ། དང་པོ་སེམས་ཀྱི་བྱུང་ས་ལ་ཡང་། ཕྱི་སྣང་བའི་ཡུལ་ལ་དཔྱད་ལ་བསྒོམ། ཕྱི་ནང་སྣོད་བཅུད་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་རི་བོ་རི་བྲན་མདོར་ན་གང་ལས་བྱུང་ཇི་ལྟར་བྱུང་། བྱུང་ཚུལ་ཇི་ལྟ་བུ། རིགས་པས་དཔྱད་དེ་ལེགས་པར་བརྟགས་ཤིང་བསྒོམ་མོ། །དེ་ནས་ཡང་རང་གི་ལུས་ཀྱི་ནང་དུ་སྟོད་སྨད་ཡན་ལག་དོན་སྙིང་ཕྱི་ནང་ཐམས་ཅད་དུ་གང་ནས་བྱུང་། ཇི་ལྟར་གནས་ལེགས་པར་བརྟག་གོ །དེ་ནས་འཇོག་སྒོམ་བྱས་ཏེ། སེམས་ཉིད་རང་གི་སྟེང་དུ་ལེགས་པར་བརྟགས་ཏེ། སེམས་ཞེས་མི་དྲན་དགུ་དྲན་མི་རིག་དགུ་རིག་འདི་ཁྱོད་གང་ནས་བྱུང་མཚན་ཉིད་ཇི་ལྟ་བུ། ཞེས་རང་གི་ངོ་བོ་ལེགས་པར་བརྟག་གོ །དེ་ལྟ་


CMR054_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བུར་གནས་པ་དང་། འགྲོ་ས་ཐམས་ཅད་ལེགས་པར་རྩད་གཅོད་བྱ་ཞིང་ཁྱད་པར་དུ་ཡང་ཁ་ལྟ་དྲེད་པོ་དང་། ལས་དང་པོ་པ་རྣམས་ལ་ཕུ་ཐག་ཁྲུས་པར་བཅད་པར་བྱའོ། །དེ་ཡང་སེམས་ཉིད་ཆོས་སྐུ་རྣལ་མ་འདི་འགྲོ་བ་རིགས་དྲུག་ཏུ་འཁྱམས་ཤིང་འཁྲུལ་པའི་རྒྱུ་མཚན་ཇི་ལྟར་འདུག །དེའི་ངོ་བོའམ། ཁ་དོག་གམ། དབྱིབས་སམ། མཚན་ཉིད་ཇི་ལྟར་འདུག །དེ་ཡང་འགྱུ་བྱེད་ཀྱི་རྟོག་པ་འདི་ཇི་ལྟར་བྱུང་གང་ལས་བྱུང། དངོས་པོར་གྲུབ་བམ་མ་གྲུབ། གྲུབ་ན་ཇི་ལྟར་གྲུབ། མ་གྲུབ་ན་སྟོང་པ་ཉིད་ཡིན་ནམ་ཇི་ལྟར་ཡིན་ལ་སོགས་པ་བརྟག་གོ །དེ་ནས་ཡང་གྲུབ་ན་དེའི་མཚན་ཉིད། གཟུགས་ཁ་དོག་ལ་སོགས་ཇི་ལྟར་འདུག །སྟོང་པ་ཡིན་ན་ཇི་ལྟར་སྟོང་། ནམ་མཁའ་ལྟ་བུའི་སྟོང་པ་ཡིན་ནམ། རླུང་དང་བྲག་ཆ་ལྟ་བུའི་སྟོང་པ་ཡིན་ནམ། འོན་ཏེ་ཇི་ལྟར་སྟོང་ལེགས་པར་བརྟག་གོ །དེ་ནས་ཡང་སེམས་དང་རྣམ་རྟོག་གཉིས་གཅིག་གམ་ཐ་དད། །གཅིག་ན་སྣང་བ་སྟོང་པ། གནས་འགྱུ་རྣམས་སོ་སོར་ཅིས་འབྱུང་། གྱེས་དུས་དང་གྱེས་མཚམས་གང་ནས་བྱས། འཁྲུལ་པའི་རྩ་བ་གང་ནས་བྱུང་། བདག་དང་གཞན་གཉིས་


CMR054_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

སུས་བྱས། དེ་རྣམས་ལེགས་པར་བརྟག་གོ །དེ་ལྟར་ཐག་ཆོད་ཀྱི་དྲི་བ་གཙང་མ་གཅིག་མ་བྱུང་བར་བརྟག་པར་བྱའོ། །ཞེས་དང་། ཆོས་རྗེ་རང་བྱུང་རྡོ་རྗེའི་ཞལ་ནས། ལར་ནམ་འཆི་ཚོད་ཅིག་མེད་ལགས་པས། །མང་པོ་ལ་བསམ་བློ་མ་བཏང་བར། །གཅིག་ཆོད་ཀྱི་གདམས་པ་ལ་ལྟོས་ཤིག་ཨང་། །ཞེས་དང་། བདེ་ཆེན་སེམས་ལ་མ་རྟོགས་ན། །ཚིག་ཁ་ལ་བརྗོད་ཀྱང་དགོས་པ་མེད། །བརྡར་ཤ་སེམས་ལ་མ་ཆོད་ན། །ཚིག་ཐ་སྙད་མཁས་ཀྱང་དགོས་པ་མེད། །རྣལ་འབྱོར་མངོན་སུམ་མ་མཐོང་ན། །རྗེས་དཔག་བསྒོམས་པས་དགོས་པ་མེད། །ཅེས་དང་། ཀུན་གྱི་རྩ་བ་གལ་ཆེའི་ཕྱིར། །རང་སེམས་རིག་པ་ལྟ་ཡང་འཚལ། །ཞེས་དང་། དགེ་བཤེས་བྱ་ཡུལ་བའི་ཞལ་ནས། ཐབ་ཀྱི་མེ་བསད་ན་རྩིག་གསེབ་ཀྱི་དུ་བ་རང་འགགས་སུ་འགྲོ། སྤྲོས་པ་ནང་ནས་ཆོད་གསུངས། རྒྱལ་དབང་རྗེས་ཞལ་ནས། པཎྜི་ཏའི་དཔྱད་བསྒོམ་ལྟ་བུ་མ་ཡིན་ཏེ། རྣལ་འབྱོར་པ་ཁ་ནང་བལྟས་ཀྱི་དཔྱད་བསྒོམ་ཡིན། སྒྲོ་འདོགས་ནང་ནས་གཅོད་ཅེས་གསུངས། རྗེ་མཁའ་སྤྱོད་དབང་པོའི་ཞལ་ནས། ཀྱེ་སྐལ་ལྡན་ཁྱོད་ཀྱི་ད་ལྟའི་སེམས་རྩེ་གཅིག་


CMR054_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ལྷང་གིས་ཞོག་ལ། བཞག་པ་དེའི་ངོ་བོ་ལ་ལྟོས་དང་། ཅི་ལྟ་བུ་ཞིག་འདུག །ཅི་ཡང་མ་གྲུབ་པ་ཅིག་མི་འདུག་གམ་སྙམ་ན་མི་སྣང་ངོ་། །ཞེས་འཛིན་མཁན་དེ་སུ་ཡིན། དེ་ཉིད་རང་སེམས་རྟོག་པ་མིན་ནམ་ཡིན་མོད་ཀྱི། དེ་ཡང་བལྟས་ན་མི་སྣང་སྙམ་ན། སྙམ་མཁན་དེ་ལ་ཡང་ལྟོས། ལྟ་མཁན་དེ་ལ་ཡང་ལྟོས་ཤིག །མ་མཐོང་བ་མེད་པ་ཙམ་གྱིས་མེད་པ་ཡང་མ་ཡིན་ཏེ། ས་ཡི་སྒྲུབ་ཀྱི་གཏེར་བཞིན་དེ་བས་ན་སེམས་དེའི་ཁ་དོག་ནི་ཅི། དབྱིབས་ནི་ཅི། ངོ་བོ་ནི་ཅི་ལྟ་བུ་ཡོད་པ་ཞིག་གམ། མེད་པ་ཞིག་གམ། གཉིས་ཀ་ཞིག་གམ། གཉིས་མིན་ཞིག་གམ། སྐྱེས་པའམ་བུད་མེད་དམ་མ་ནིང་ཞེས་རབ་ཏུ་རྟོགས་ཤིག །གལ་ཏེ་གནས་པ་ལ་ངོས་མ་ཟིན་ན། ཆེད་དུ་སེམས་འགྱུར་ཆུག་ལ། འགྲུ་བ་དེ་ཉིད་ཀྱི་ངོ་བོ་ལ་ཡང་དག་པར་ལྟོས་ཤིག །དེ་ཙམ་གྱི་སེམས་ཀྱི་གནས་ལུགས་མ་མཐོང་ན། སླར་སེམས་དེའི་གཞི་རྟེན་ལ་ལྟོས་ཤིག །ནང་ལུས་ལ་བྱུང་ངམ། ཕྱི་སྣང་བ་གཞན་དག་ལས་བྱུང་། ལུས་ཀྱི་ཡང་སྟོད་སྨད་བར་གསུམ། །ཕྱི་ནང་གང་ཞིག་ལས་བྱུང་བ་དང་། བྱེ་བྲག་ཏུ་རྩ་ཁོ་ནའམ། རླུང་ངམ་ཐིག་ལེ་


CMR054_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལས་བྱུང་ལེགས་པོ་ཉིད་དུ་ལྟོས་ཤིག །ཕྱི་རོལ་གྱི་སའམ། ཆུའམ། མེའམ། རླུང་གང་ལས་བྱུང་འབྱུང་བ་ཆེན་པོ་དེ་དག་ལས་གྲུབ་པའི་རི་ཁང་ཁྱིམ་སྐྱེས་པ་བུད་མེད་བརྟན་པ་དང་གཡོ་བ་གང་ལས་སེམས་དེ་བྱུང་བ་ནན་ཏན་དུ་ལྟོས་ཤིག །དེ་བཞིན་དུ་གནས་པ་དང་འགགས་པའི་གཞི་འདི་ཡང་དག་པར་བཙལ་ཏེ། དེ་ལ་ཡང་ནས་ཡང་དུ་བཙལ་བར་བྱའོ། །སེམས་སྐྱེ་བ་སྐྱེ་བ་ཞེས་བྱ་བ་དེ་ཇི་ལྟ་བུ། གང་ལས་སྐྱེས། གང་སྐྱེས་གང་དུ་སྐྱེས་ཇི་ལྟར་སྐྱེས་དེ་བཞིན་དུ་གནས་པ་དང་། འགགས་པ་ཡང་ཇི་ལྟ་བུ་ཞིག་མཐའ་ཆོད་པར་ཚོལ་ཅིག །ཅེས་གསུངས་སོ། །ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། སེམས་མདུན་གྱི་ནམ་མཁར་ཧྲིག་གེ་ཞོག་བྱས་ནས། ཡོད་དེ་རིག་ནས་བཞག་རྒྱུ་རང་གི་དངོས་པོ། དེ་ཅི་འདྲ་ཞིག་འདུག་ལེགས་པར་ལྟོས། བཞག་མཁན་དང་བཞག་རྒྱུའི་སེམས་གཅིག་དང་གཉིས་སུ་འདུག་གམ་ལྟོས། གཉིས་སུ་འདུག་ན་སེམས་གཉིས་སུ་ཡོད་དགོས་པས་གཅིག་སངས་རྒྱས་རྩ་གཅིག་འཁོར་བར་འཁྱམས་དགོས་པས་གཉིས་སུ་ཨེ་འདུག་ལེགས་པར་ཐག་ཆོད་པ་ཞིག་དགོས། གཅིག་ལས་མི་འདུག་ན་གཅིག་པོ་དེ་སེམས་ཡིན་པར་


CMR054_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་གམ་ལྟོས། སེམས་ཟེར་བ་དེ་ནི་ཅི་འདྲ་ཞིག་འདུག་རང་ལུགས་སུ་ལྟོས། ཕྱིའི་ཡུལ་དུ་ཚོལ་བས་ནི་རྙེད་པར་མི་སྲིད་དོ། །དེ་ཡང་སེམས་ཅི་འདྲ་ཞིག་ཡོད་བསམ་མཁན་གྱི་ཤེས་པ་ཁོ་རང་ལ་ལྟོས་ལ་ཚོལ་ཞིག །སྒོམ་མཁན་གྱི་ཤེས་པ་དེ་ལ་རེ་རེ་ལྟོས་ལ་ཚོལ་དང་། དོན་ལ་སེམས་ཟེར་བ་དེ་ཡོད་པ་ཅིག་ཡིན་པར་འདུག་གམ་ལྟོས། ཡོད་ན་དབྱིབས་ཅི་འདྲ་ཞིག་འདུག །ཟླུམ་པོར་འདུག་གམ་གྲུ་བཞི་ཟླ་གམ་གྲུ་གསུམ་ལ་སོགས་པའི་དབྱིབས་སུ་འདུག་པ་ལྟོས། ཐག་ཆོད་པ་ཞིག་ལྟོས་ཅི་འདུག་སྙམ་ན་དབྱིབས་དེ་ལ་ལྟོས་ཤིག་གསུངས། བསྟན་རྒྱུ་མི་འདུག་སྙམ་ན། བསྟན་རྒྱུ་མི་འདུག་པའི་དབྱིབས་དངོས་པོ་ཅན་མི་སྲིད་དོ། །ཞེས་དབྱིབས་ཀྱིས་སྟོང་པར་ངོ་སྤྲད་པ་ཡིན་ནོ། །དེ་བཞིན་དུ་དབྱིབས་ཁ་དོག་ཆེ་ཆུང་ཕྱོགས་རིས་དག་གང་འདུག་རྩད་བཅད་དུ་བཅུག་ལ། དེ་རྣམས་གང་དུ་ཡང་མི་འདུག་སྙམ་ན། འོ་ན་ཅི་ཡང་མི་འདུག་པའི་སྟོང་པ་དེ་བསྒོམ་ཅི་ལ་ཤེས། མ་རྙེད་སྙམ་རྒྱུ་ཞིག་ཡོད། ཅི་ཡང་མེད་ན་ཞེ་སྡང་སྐྱེ་མཁན་དེ་གང་ཡིན། སེམས་མ་རྙེད་བསམ་མཁན་ཞིག་མི་འདུག་གམ་ལེགས་པར་ལྟོས། ཡོད་པར་


CMR054_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ན་ཅི་འདྲ་ཞིག་ཡོད་པ་ན་དངོས་པོ་དང་ཁ་དོག་ཅིག་ཡོད་དགོས་ཏེ་ཁྱེར་རྒྱུ་འདུག་གམ། མེད་ན་བསམ་མེད་རོ་འདྲ་སྟེ་དྲན་མཁན་ཅིག་འདུག་གམ། དེས་ན་ཡོད་མེད་། མཚམས་སུ་ཅི་འདྲ་འདུག་ཐག་ཆོད་པར་ལྟོས། ཞེས་དང་། ཆོས་སྐུ་མཛུབ་ཚུགས་མ་ལས། ལུས་སེམས་གཅིག་དང་ཐ་དད་ལ་ལྟ་བ་ནི། འོ་ན་ལུས་སེམས་གཉིས་གཅིག་གམ་ཐ་དད། གཅིག་ན་ལུས་སྐྱེ་འཇིག་ཅན་དང་སེམས་སྐྱེ་འཇིག་མེད་པ་གཉིས་ག་ལ་གཅིག་ལ། དེར་མ་ཟད་ལུས་བེམ་པོ་སེམས་ཤེས་པ་གཉིས་ཀྱང་མི་གཅིག །གཅིག་ན་ལུས་ཤི་དུས་སེམས་ཀྱང་ཤི་བར་འགྱུར་ལུས་ལ་ཚེར་མ་ཟུག་ན་སེམས་ལའང་ཟུག་པར་འགྱུར་ལ། ཐ་དད་ན་ལུས་ལ་ཚེར་མ་ཟུག་པ་ལུས་སེམས་གང་གིས་ཚོར། ལུས་གཅིག་པུས་ཚོར་ན་འི་རོས་ཀྱང་ཚོལ་བར་འགྱུར་ལ། སེམས་ཀྱིས་ཚོར་ན་ལུས་སེམས་ཐ་དད་ཅིང་ལུས་ཟུག་རྔུ་འབྱུང་བ་སེམས་ཀྱིས་ཚོར་ཚེ་ས་རྡོ་ལ་གནོད་པ་བྱས་པའང་སེམས་ལ་ན་ཚ་འབྱུང་བར་རིགས་པ་ལས་དེ་ལྟར་མི་འབྱུང་ལ། དེས་ན་ལེགས་པར་བལྟའོ། །དེའང་བྱུང་ཚོར་ཐམས་ཅད་ཆུ་ལས་རླབས་ལྟར་ཤེས་པར་བྱས་ལ་བལྟའོ། །ཞེས་དང་། དྲུང་ཆེན་ཀུན་དགའ་རྣམ་


CMR054_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་གྱི་གསུང་ལས། རང་རེས་སྒྲིམ་ཀློད་སོགས་ལ་བརྟེན་ནས་སྒོམ་བཞིན་པའི་སེམས་དེའི་ངོ་བོ་དེ་ལ་ཅུང་ཟད་རྟོག་དཔྱོད་བྱས་ན་སེམས་གནས་པ་དེའི་ངོ་བོ་ལ་ཇི་ལྟ་བུ། ཁ་དོག་གཟུགས་དབྱིབས་འདུག་གམ་མི་འདུག་དང་། དེའི་ངང་ནས་ཐོལ་སྐྱེས་ཀྱི་རྣམ་རྟོག་འཕྲོ་བ་དེ་གང་ནས་འོང་། གར་གནས། ཐ་མ་ཅི་ལྟར་འགྲོ། །རྣམ་རྟོག་ཡལ་བའི་ཚེ་མེད་ནས་འགྲོའམ། གནས་པ་ལྟར་འགྲོའམ། སྟོང་སང་ངེ་འགྲོ། །ཇི་ལྟར་ཡལ་བ་འདི་ལ་ངེས་པ་གཅིག་དང་། མི་རྟ་གླང་སོགས་བག་ཆགས་ཀྱི་གཟུགས་ཤར་བ་དེ་ཇི་ལྟར་ཤར། ཇི་ལྟར་གནས། ཐ་མར་འགྲོ་ཚུལ་སོགས་ལ་ངེས་པ་གཅིག་དང་། ཡང་གནས་བཞིན་པ་དེ་ལྷོད་མེ་རེ། བདེ་ལྷམ་མེ་སྡོད་པ་ཁོ་ན་རེད་དམ། །གསལ་ལ་ལྡན་ནེ་ལྷང་ངེ་འདུག་གམ་མི་འདུག །སྟོང་སང་ངེ་ཡོད་པ་འདྲ་ཅིག་རེད་ངེས་པ་གཅིག་དང་། རང་ལུགས་སུ་ལྷོད་པ་དང་བརྟག་དཔྱད་བྱས་པའི་ངོ་བོ་ཁྱད་འདུག་གམ། འདི་རྣམས་ངེས་པར་མཛོད་ལ་ངེད་ལ་སྨོས་མཛོད། གཉིས་པ་གཞི་རྩ་བཅད་པ་ནི། བྱེ་བྲག་དེ་ཐམས་ཅད་གཅིག་གམ་ཐ་དད་བརྟག་པ་དང་གཙོ་བོར་ལྟ་བྱེད་ཀྱི་མཁན་པོ་ཚོལ་བ་


CMR054_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྗེས་ནས་ཀྱང་འབྱུང་ངོ་། །འདི་དག་ལ་ཕྲ་ཞིབ་ཀྱི་རྟོགས་དཔྱོད་ཅི་ལྟར་བྱུང་བ་དང་། ཡང་ཉམས་ལེན་ལའང་བདེ་མི་བདེའི་གནད་འགགས་གེགས་དང་བོགས་གང་བྱུང་གི་ཁྱད་པར་བཞག་ཐབས་ཁོ་ནའི་སྟེང་ནས་བློ་ལ་མ་བདེ་བས་ཐེ་ཚོམ་དང་ཁུ་འཕྲིག་སང་ཕྱིས་ཀྱི་བསླབ་དོན་སོགས་ཀྱི་ཞུ་རྒྱུ་གང་ཡོད་མ་གསང་བར་ངེད་ལ་སྨོས་ཐར་པའི་ལམ་མཁན་གྱི་བླ་མ་དགོས་པའི་རྒྱུ་མཚན་ཡང་། ལམ་གྱི་གེགས་དང་མི་ཤེས་པའི་སྒྲིབ་གཡོགས་བསལ་མཁན་ཡིན་མོད། ཞུ་རྒྱུ་མང་ཡང་སྨྲ་མ་ཕོད་ཟེར་བ་དང་། རྟོགས་པ་བཟང་བའི་རློམ་སེམས་དང་། ངན་པའི་སྒྱིད་ལུགས་གཉིས་ལ་བརྟེན་ནས། དེ་འདྲ་བླ་མ་ལ་ཞུ་ཀར་མེད་པས་ཞུ་བའི་རྒྱུ་མཚན་ཆུང་སྙམ་དུ་གསང་བ་དང་། སེམས་བསླང་འདྲ་བ་ལ་བརྟེན་ནས་ངའི་འདི་འདྲ་བ་བླ་མས་ཀྱང་བཅོས་རྒྱུ་མེད་སྙམ་པ་དང་། ཡང་ཡང་དྲིས་པས་བྱེ་བྲག་འདི་རྣམས་མིན་པའི་རྟོགས་འབུལ་ཟེར་བའི་ཡ་མཚན་ཅན་ཅིག་འབུལ་དགོས་སྙམ་པ་སོགས་ཀྱི་སེམས་ལས་གཏན་ནས་མི་དགོས་ཡར་ལ་དྲིས་པ་འདི་རྣམས་ཀྱི་ལན་ཐོབ། ཕྱིར་ལའང་ད་ལྟ་ཉམས་སུ་ལེན་པ་འདི་ལ་དཔག་པའི་སྐྱོང་ཐབས་སློབ་པ་ཡིན་པས་དེ་ལྟར་བློ་ལ་ངེས་པར་


CMR054_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ་ཞུ་བའི་གྲབ་མཛོད། ཡང་མ་སྐྱེས་ན་རྫུན་གྱི་གཏིབ་ནོན་འོང་། སྔར་ཡང་རྫུན་གྱི་གཏམ་ངན་སྦེད། རང་ཆེ་གཞན་སྨོད་སྒོམ་ཆེན་བསྲེགས། ཞེས་བཤད་པས་ཁ་ཅིག་གི་མདོ་རྒྱུད་དང་། གོང་མའི་ཉམས་འགྱུར་སོགས་ལུང་འདྲེན་བྱས་ནས་དེས་རྟོགས་འབུལ་གྱི་གོ་དེད་པར་བྱེད་པ་དང་། གཞན་གྱི་ལེགས་པོ་ཞིག་ཞུས་པའི་དཔེ་བཞག་ལེན་ནས་ཞུ་བ་དང་། ད་ལྟ་རང་ལ་ཉམས་མྱོང་མེད་ཀྱང་སྔར་བསྒོམས་བྱས་དུས་བཟང་པོ་ཚོ་བྱུང་ཚུལ་གྱི་ལོ་རྒྱུས་བཤད་པ་དང་། ཡང་བླ་མ་ཕལ་གྱི་ངོ་བསྲུང་ལ་ཡོད་ལོར་བཞག་པའི་རློམ་པས་བླ་མ་དེ་ལ་ཕུལ་ཟིན་པ་ཡིན་ཟེར་བ་དང་དྲིས་པའི་ལན་མེད་པར་མ་དྲིས་པའི་མངལ་ལས་སྐྱེས་དུས་ཚུན་གྱི་བདེན་རྫུན་མང་པོས་བླ་མ་དཀོན་མཆོག་མགོ་བསྐོར་ཞིང་རང་ལ་ཉེས་པ་བསགས་པ་ལ་དགོས་པ་ཏིལ་འབྲུ་ཙམ་ཡང་མེད། རྟོག་པ་ངོ་འཕྲོད་པའི་གང་ཟག་དེ་སྒོམ་སྐྱེས་བདག་པོ་མེད་པར་སོང་ན་ཐར་པའི་ལམ་ཡུ་ཟིན་པ་ཡིན་པས་དགའ་བ་བསྒོམ། ངོ་མ་འཕྲོད་ཀྱང་འཕྲོད་ལེའི་གཏམ་སྙན་བསྒྲགས་ན་སང་ཕྱིས་རང་གི་ལྟ་སྒོམ་སྤྱོད་གསུམ་གྱི་སྟེང་ནས་མཚང་སྟོན་འདོད་དང་གཞན་གྱི་སྒོམ་ཆེན་དེའི་ཁ་དོན་གཉིས་


CMR054_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྟུན་ནས་ཁྲེལ་དོགས་ཡོད་པས་དེ་ལྟར་དགོངས་པ་མཛོད་ལ། དོ་དགོང་ནས་བཟུང་སྟེ་རྟོགས་འབུལ་བྱེད་དགོས་པ་ཡིན་པས་མ་ཆག་པར་རིམ་བཞིན་ངེད་ཀྱི་སར་བྱོན་མཛོད། །ཡང་སང་ནས་རྟོགས་འབུལ་ཐོན་པས་བག་ཡངས་སྙམ་དུ་བཀྱིག་བཀྲོལ་ལྟར་སྤྱོད་ལམ་གང་བདེ་དང་མཚམས་འདོན་པ་སོགས་མ་བྱེད་པར་ཁར་རྩང་ཕན་ལྟར་དུ་བརྩོན་འགྲུས་དྲག་པོ་ཡེངས་མེད་མཛོད་དང་། ཁྱེད་ཅག་ལ་སེམས་ཀྱི་ཉམས་རྟོགས་གང་ཡོད་ལ་འཕྲོད་པའི་ངོ་སྤྲོད་དང་རྒྱབ་ཆོས་དང་ཞལ་ད་རིམ་བཞིན་འོང་བ་ཡང་ཉམས་ལེན་དང་སྦྱར་དགོས་པའི་རྩོལ་བ་ཐོན་པ་གལ་ཆེ་ཞིང་སྔོན་འགྲོ་དུས་རང་གར་འདུག་པ་དང་མི་འདྲ་བའི་ཡེངས་མེད་ཀྱི་དྲན་པ་བརྟེན་དང་ཞག་རེ་ལའང་བོགས་ཆེན་པོ་འོང་བས་དེ་ལྟར་བསྒོམ་མཛོད་ཅིག །ཅེས་དང་། དྲུང་སྒམ་པོ་པའི་ཞལ་ནས། དེ་དག་ཐམས་ཅད་གོ་ཡུལ་གྱིས་མི་ཕན། སྣ་ཟག་དང་ཁ་སྐད་བཟང་པོ་སྟོང་པ་ཡིན། མ་གྲུབ་པ་ཡིན། མེད་པ་ཡིན་ཟེར་བ་སོགས་དེ་རྣམས་ཡིན་པ་ལས་འོས་མེད་དེ་རྣམས་ཁྱེད་ལ་མི་དྲི་ད་ལན་གང་དྲི་ན་སེམས་ལ་འདི་འདྲ་ཞིག་འདུག་ཟེར་བ་ཞིག་འདོད་པ་ཡིན་པས་ཐག་ཆོད་པ་ཞིག་མཛོད། ཅི་ཡང་མ་ཡིན་པའི་


CMR054_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་གསུམ་ཤོ་རེ་མི་འོང་བས། ཆོས་སྐད་གཅིག་ཀྱང་མི་འདོད། །བླུན་ཚིག་རྐྱང་པས་ཆོག་པས་ངས་འདི་ལྟར་བསྒོམས་པས་འདི་རེད་འདི་འདྲ་ཞིག་འདུག་འདི་ཅིག་བྱུང་གསུངས་པ་དེ་འདོད་པ་ཡིན། འབད་ལ་བསྒོམ་གྲོགས་མཆེད་ལ་ཡང་དྲི་རྟོག་མ་བྱེད་འདི་ལ་སོ་ཞིག་མ་ཐེབས་ན། ཁྱེད་ལ་སྒོམ་སྐྱེས་ན་ཕ་བཀའ་བརྒྱུད་རྣམས་མི་བདེན་པའི་ཐག་ངས་ཆོད་ཁྱེད་རང་ཡང་དེ་ལྟར་སོམ་མཛོད། དེ་རྣམས་ལ་ཐུན་བར་དུ་ཡིད་ཆེས་ངེས་ཤེས་དྲང་པ་རེ་མཛོད། དེ་ནས་ཡང་སེམས་མཉམ་པར་བཞག །དུས་རྒྱུན་དུ་ཚོལ་བ་དང་རྟོག་དཔྱོད་ལ་འབྱམས་པར་མི་བྱ་སྟེ། རྗེ་བཙུན་ཆེན་པོ་མི་ཏྲ་པའི་ཞལ་ནས། ཆོས་ཀུན་ཁྱབ་བརྡལ་ཆེན་པོ་ལ། །རང་བཞིན་མ་བཅོས་གཉུག་མ་ཡིན། །བསམ་དུ་མེད་པ་ཆོས་ཀྱི་དབྱིངས། །མ་བཙལ་བཞག་ན་བསྒོམ་པ་སྟེ། །བཙལ་ཞིང་བསྒོམ་པ་འཁྲུལ་པའི་བློ། །ཞེས་གསུངས་པས། མདོ་ལུགས་པཎྜི་ཏའི་དཔྱད་བསྒོམ་འགའ་ཞིག་ལ། །རྒྱུན་དུ་ཡང་སེམས་ཚོལ་ཞིང་བརྟག་དཔྱད་དགོས་པའི་ལུགས་ཀྱང་ཡོད་དེ། འདིར་ཕྱག་རྫོགས་གཉིས་ཀྱི་ལུགས་ལ་ནི། ད་རེས་ཆོས་ཐུན་འདིའི་ཚེ། སེམས་ཚོལ་ཞིང་བརྟག་


CMR054_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་གོ་ཆོད་པ་ཞིག་བྱེད་ནུས་རྒྱུན་དུ་ཚོལ་མི་དགོས་པ་ཡིན་པས་ཀཿཐོག་ལུགས་ལ་ནི། སེམས་ཀྱི་ཁ་དོག་དང་དབྱིབས་རེ་རེ་ནས་ལུས་ཕྱི་ནང་རེ་རེ་ལ་ཡང་ཞག་གསུམ་རེ་ཚོལ་བས། སེམས་ཚོལ་ལ་ཡང་ཟླ་བ་མང་པོ་འགོར་སྐད། འདིར་དེ་ཙམ་ལོང་མེད་པས་སང་ཉིན་ཆོས་ཐུན་མ་བྱུང་ཚུན་འདི་ལ་སྐད་ཅིག་ཀྱང་མ་ཡེངས་པར་སེམས་ཚོལ་བ་གལ་ཆེ། །དགེ་བའི་བཤེས་གཉེན་རྣམས་གྲྭ་ས་ན་ལོ་མང་པོ་བཞུགས་ནས། དབུ་མ་དང་ཕར་ཕྱིན་གཉིས་ལ་སློབ་གཉེར་མཛད། པོ་ཏི་མང་པོ་བློ་ལ་བཟུང་། བཤད་པ་དང་བགྲོ་གླེང་ལ་མི་ཚེ་སྐྱེལ་བ་དེ། སྤྲོས་པ་ཕྱི་ནས་གཅོད་པ་ཡིན། དེ་ལོབ་དཀའ་གོ་དཀའ་ཤེས་དཀའ་རྟོགས་དཀའ། དེ་ལོབ་ཅིང་ཤེས་པ་རྣམས་ཀྱིས་ཀྱང་དོན་མ་རྟོགས་པ་མང་། སེམས་ཚོལ་བ་འདི་ལ་སློབ་གཉེར་དེ་ཐམས་ཅད་ཀྱི་དོན་ཚང་ནས་ཡོད་པ་ཡིན། འདི་སྤྲོས་པ་ནང་ནས་གཅོད་པ་ཡིན་པས། ལོབ་སླ་གོ་སླ་ཤེས་སླ་རྟོགས་སླ། དཔེར་ན་ཐང་ཤིང་སྐམ་པོ་འདོད་ན། འབོལ་ཁབ་དང་ཡལ་ག་རེ་རེ་ནས་གཅོད་ཅིང་སྐམ་པ་ལྟ་བུ་ནི་སྤྲོས་པ་ཕྱི་ནས་གཅོད་པ་ཡིན་པས་དཀའ། ཐང་ཤིང་དེ་རྩ་བ་ནས་བཅད་ན་ཡལ་ག་རྣམས་ཤུགས་ཀྱིས་


CMR054_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

སྐམ་པ་ལྟ་བུ་ནི་སྤྲོས་པ་ནང་ནས་གཅོད་པ་འདི་ཡིན་པས་སླ་སྟེ། ཏེ་ལོ་པའི་ཞལ་ནས། དཔེར་ན་ལྗོན་ཤིང་སྡོང་པོ་ཡལ་ག་ལོ་འདབ་རྒྱས། །རྩ་བ་གཅིག་བཅད་ཡལ་ག་ཁྲི་འབུམ་སྐམ། །དེ་བཞིན་སེམས་ཀྱི་རྩ་བ་བཅད་པས་འཁོར་བའི་ལོ་འདབ་སྐམ། །ཞེས་གསུངས་སོ། །དེས་ན་སེམས་ཚོལ་བ་གལ་ཆེ་གནད་ཆེ་བས། སང་ཉིན་བར་ལ་མ་ཡེངས་མ་གཉིད་པར་ཚོལ། སང་ནམ་ལངས་ནས་ཁྲིད་གཉེར་པ་རྣམས་ལ་ཞུ་དགོས། འདི་ལ་ཐག་ཆོད་མ་བྱུང་ན། ཆོས་ཐུན་རྒྱབ་མ་བཤད་ཞན་འདྲ་བས་གལ་ཆེ་མ་རྙེད་ན་མ་རྙེད་པའི་ལུགས་དེ་ཤོད་དང་ཆོག །སེམས་ངོ་རྟོགས་མི་རྟོགས་འདི་ལ་རག་ལས། ཁྱེད་ཁྲིད་ཐོབ་པ་རྣམས་ཀྱིས་ཀྱང་ཚོལ་དང་། འབྲུག་ལུགས་ལས། རྩེ་་གཅིག་ཆེན་པོ་རྟོགས་རྗེས་སླར་སེམས་ཚོལ་བྱས་པས་སྤྲོས་བྲལ་རྟོགས་པར་བཤད། ཚར་རོ།། །། ༈ ཁམས་སྟོད་ནང་ཆེན་འབང་སང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་བཞི་པ་ངོ་སྤྲོད་ཀྱི་ཁྲིད།


CMR054_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

༼ཕ༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་བཞི་པ་ངོ་སྤྲོད་ཀྱི་ཁྲིད་བཞུགས་སོ།།


CMR054_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། །རང་གི་སེམས་ཉིད་འདི། ཕྱག་རྒྱ་ཆེན་པོ་དང་། རྫོགས་པ་ཆེན་པོ་གཞི་ཁྲེགས་ཆོད་དུ་ངོ་སྤྱོད་པ་ནི། ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པའི་མདོར། རིགས་ཀྱི་བུ་ཏིང་ངེ་འཛིན་ཐོབ་པའི་བྱང་ཆུབ་སེམས་དཔའ་ཞི་གནས་ཙམ་དང་། ཏིང་ངེ་འཛིན་གྱི་རོ་ཙམ་གྱིས་ཆོག་པར་མི་འཛིན་གྱི། ཏིང་ངེ་འཛིན་ཉིད་ལ་གནས་ནས་ཐེག་པ་ཆེན་པོའི་ཆོས་དེ་དག་ལ་བསྒྲང་ཞིང་། གཞལ་ལ་དཔྱོད་ཅིང་སོ་སོར་རྟོག་ཅིང་། དེ་ལ་བསྒྲེང་ཞིང་གི་ཞལ་ལ་དཔྱད་ཅིང་སོ་སོར་རྟོག་པའི་རྣམ་


CMR054_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལྷག་མཐོང་རབ་ཏུ་སྐྱེའོ། །ཞེས་བཀའ་སྩལ་ཏོ། །འཕགས་པ་དཀོན་མཆོག་བརྩེགས་པ་ལས། འོད་སྲུང་སེམས་ནི་ཡོངས་སུ་བཙལ་བས་མི་རྙེད་དོ། །གང་མི་རྙེད་པ་དེ་ནི་མི་དམིགས་པའོ། །གང་མི་དམིགས་པ་དེ་ནི་འདས་པ་ཡང་མ་ཡིན། །མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །ཞེས་དང་། རྣམ་པར་སྣང་མཛད་བྱང་ཆུབ་པའི་རྒྱུད་ལས། གསང་བའི་བདག་པོ་ཇི་ལྟར་རང་གི་སེམས་ཡོངས་སུ་ཤེས་པར་བྱ་ཞིང་འདི་ལྟ་སྟེ། རྣམ་པར་རམ། ཁ་དོག་ཏུའམ། དབྱིབས་སམ། ཡུལ་དུའང་། གཟུགས་སུའམ། ཚོར་


CMR054_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། བདག་ཏུའམ། བདག་གིར་རམ། བཟུང་བར་རམ། འཛིན་པར་རམ། དག་པར་རམ། མ་དག་པར་རམ། ཁམས་སུའམ། སྐྱེ་མཆེད་དུའམ། རྣམ་པ་ཐམས་ཅད་ཀྱི་བར་དུ་ཡོངས་སུ་བཙལ་ཡང་མི་དམིགས་པ་དེ་ཡིན་ཏེ་ཞེས་སོགས་རྒྱས་པར་གསུངས་སོ། །ཀླུ་སྒྲུབ་ཀྱི་སེམས་འགྲེལ་ལས། སེམས་ནི་མིང་ཙམ་ཡིན་པ་སྟེ། །མིང་ལས་གཞན་དུ་འགའ་ཡང་མེད། །མིང་ཙམ་དུ་ནི་རྣམ་རིག་བལྟ། །མིང་ཡང་རང་བཞིན་མེད་པ་ཡིན། །ནང་ངམ་དེ་བཞིན་ཕྱི་རོལ་ལམ། །ཡང་ན་གཉིས་ཀའི་བར་དག་ཏུ། །རྒྱལ་བ་རྣམས་ཀྱིས་སེམས་མ་རྙེད། །དེ་ཕྱིར་སྒྱུ་མའི་རང་བཞིན་སེམས། །ཁ་དོག་དབྱིབས་ནི་དབྱེ་བའམ། །གཟུང་བ་དང་ནི་འཛིན་པའམ། །སྐྱེས་པ་བུད་མེད་མ་ནིང་སོགས། །ངོ་བོ་སེམས་ནི་གནས་པ་མིན། །མདོར་ན་སངས་རྒྱས་རྣམས་ཀྱིས་ནི། །གཟིགས་པར་མ་གྱུར་གཟིགས་མི་འགྱུར། །རང་བཞིན་མེད་པའི་རང་བཞིན་ཅན། །ཇི་ལྟ་བུར་ནི་གཟིགས་པར་འགྱུར། །ཞེས་དང་། ཕག་གྲུས། སེམས་བྱ་བྱེད་བཅས་ན་འཁོར་བ་སྟེ། །


CMR054_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བྱེད་བྲལ་ན་མྱ་ངན་འདས། །སེམས་ཀྱི་རྩ་བ་མ་ཆོད་པར། །འཁྲུལ་པའི་རྩ་བ་མི་ཆོད་པས། །དང་པོར་སེམས་ཀྱི་རྩ་བ་བཅད། །ཅེས་གསུངས། བྲམ་ཟེ་ཆེན་པོས། བུ་ལྟོས་ཤིག་རང་གི་སེམས་ལ་ལྟོས། །བལྟས་པས་སེམས་ལ་གྲུབ་པ་མེད། །གྲུབ་པ་མེད་པའི་སེམས་ཉིད་འདི། །སྣ་ཚོགས་སུ་སྣང་བ་ངོ་མཚར་ཆེ། །རང་སེམས་སྐྱེ་མེད་ཆོས་ཀྱི་སྐུ། །ཆོས་ཀྱི་སྐུ་ལ་སྐྱེ་འཇིགས་མེད། །སྐྱེ་མེད་བདེ་བ་ཆེན་པོའི་སྐུ། །རང་ལ་ཡོད་པ་ངོ་མཚར་ཆེ། །རང་སེམས་ཆོས་སྐུའི་མེ་ལོང་ལ། །གཉིས་མེད་ཡེ་ཤེས་འོད་དུ་ཤར། །ཤར་བ་ཉིད་ནས་གྲུབ་པ་མེད། །བདེ་ཆེན་ལྷན་ཅིག་སྐྱེས་པ་ཡིན། །ཅེས་གསུངས་སོ། །ཏེ་ལོ་པས། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏེ་ལོ་ངས་ནི་ཅི་ཡང་བསྟན་དུ་མེད། །རང་གིས་རང་ཉིད་མཚོན་ཏེ་ཤེས་པར་བྱོས། །ཞེས་དང་། སུམ་ཅུ་རྩ་གསུམ་པའི་ལེའུ་ལས། སྲིད་གསུམ་ཐམས་ཅད་སེམས་ལས་བྱུང་བར་འགྱུར། །སེམས་དེ་ཉིད་ཀྱང་འདི་ཞེས་བསྟན་དུ་མེད། །གཟུགས་མེད་ལུང་དུ་མ་བསྟན་སྒྱུ་མ་འདྲ། །མཁས་པ་དེ་ནི་སེམས་ཀྱི་


CMR054_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་ཚོལ། །དེས་ནི་སེམས་ཀྱི་ཆོས་ཉིད་ཚོལ་བ་ན། །སེམས་དང་སེམས་ཀྱི་ཆོས་ཉིད་མཐོང་བ་མེད། །སེམས་དེ་སེམས་གང་གིས་ནི་ཚོལ་བྱེད་པའི། །སེམས་དེ་ཡིས་ནི་རང་བཞིན་མཐོང་བ་མེད། །ཅེས་དང་། རྣམ་སྣང་མངོན་བྱང་ལས། སེམས་དེ་ནི་དེ་བཞིན་གཤེགས་པས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །ཁ་དོག་མ་ཡིན་དབྱིབས་སུ་སྣང་བ། མུན་པ་སྐྱེས་པ་བུད་མེད་མ་ནིང་མ་ཡིན་ནོ། །ཞེས་དང་། བྱང་ཆུབ་སེམས་འགྲེལ་ལས། ནང་ངམ་དེ་བཞིན་ཕྱིར་རོལ་ལམ། །ཡང་ན་གཉིས་ཀའི་བར་དག་ཏུ། །རྒྱལ་བ་རྣམས་ཀྱིས་སེམས་མ་རྙེད། །ཅེས་དང་། སེམས་ནི་མིང་ཙམ་ཡིན་པ་སྟེ། །མིང་ཙམ་དུ་ནི་རྣམ་རིག་བལྟ། །མིང་ཡང་རང་བཞིན་མེད་པ་སྟེ། །དེ་ཕྱིར་སྒྱུ་མའི་རང་བཞིན་སེམས། །ཞེས་དང་། འོད་སྲུང་གིས་ཞུས་པའི་མདོ་ལས། འོད་སྲུང་སེམས་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མེད་པ་ཡང་མི་དམིགས་སོ། །འོད་སྲུང་སེམས་ནི་དཔྱད་དུ་མེད་པ། རྟེན་མ་ཡིན་པ་སྣང་བ་མེད་པ། རྣམ་པར་རིག་པ་མེད་པ་གནས་པ་མེད་པའོ། །འོད་སྲུང་སེམས་ནི་སངས་རྒྱས་ཀྱིས་ཀྱང་


CMR054_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །འོད་སྲུང་སེམས་ནི་ཀུན་ཏུ་བཙལ་ཡང་མི་རྙེད་དོ། །གང་མ་རྙེད་པ་དེ་མི་དམིགས་སོ། །གང་མི་དམིགས་པ་དེ་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །ཞེས་དང་། བྱམས་པས་ཞུས་པའི་མདོ་ལས། བྱམས་པས་གསོལ་བ། ནང་གི་སེམས་ཇི་ལྟར་ལྟ་བར་བགྱི། བཀའ་སྩལ་པ། སེམས་ནི་དབྱིབས་མེད་པ། ཁ་དོག་མེད་པ་གནས་མེད་པ། ནམ་མཁའ་ལྟ་བུའོ། །ཞེས་དང་། ཞི་བ་ལྷས། འཇིག་རྟེན་གྱི་ནི་མགོན་པོས་ཀྱང་། །སེམས་ཀྱིས་སེམས་མི་མཐོང་ཞེས་གསུངས། །རལ་གྲིའི་སོ་ཡིས་རང་ལ་རང་། །ཅི་ལྟར་མི་གཅོད་དེ་བཞིན་ཉིད། །ཅེས་དང་། སྡུད་པ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ལ། །འདུ་ཤེས་མཐོང་བ་མེད་ལ་སེམས་དཔའ་མི་མཐོང་ཞིང་། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །དེ་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན། །ཅེས་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཨེ་མ་ཧོ། སེམས་ཞེས་བྱ་བའི་རིག་རིག་ཏུར་ཏུར་


CMR054_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

པོ། །ཡོད་ནི་གཅིག་ཀྱང་ཡོད་པ་མ་ཡིན་ཏེ། །བྱུང་ནི་འཁོར་འདས་བདེ་སྡུག་སྣ་ཚོགས་བྱུང་། །འདོད་ནི་ཐེག་པ་བཅུ་གཉིས་ལྟར་དུ་འདོད། །མིང་ནི་བསམ་གྱིས་མི་ཁྱབ་སོ་སོར་བཏགས། །ལ་ལ་དག་གིས་སེམས་ཉིད་སེམས་ཉིད་ཟེར། །མུ་སྟེགས་ལ་ལས་བདག་ཅེས་མིང་དུ་བཏགས། །ཉན་ཐོས་པས་ནི་གང་ཟག་བདག་མེད་ཟེར། །སེམས་ཙམ་པས་ནི་སེམས་ཞེས་མིང་དུ་བཏགས། །ལ་ལས་དབུ་མ་ཞེས་པའི་མིང་དུ་བཏགས། །ལ་ལས་ཤེས་རབ་ཕ་རོལ་ཕྱིན་མ་ཟེར། །ལ་ལས་བདེ་གཤེགས་སྙིང་པོ་མིང་དུ་བཏགས། །ཚེལ་ལས་ཕྱག་རྒྱ་ཆེན་པོ་མིང་དུ་བཏགས། །ལ་ལས་ཐ་མལ་ཤེས་པ་མིང་དུ་བཏགས། །ལ་ལས་ཐིག་ལེ་ཉག་གཅིག་མིང་དུ་བཏགས། །ལ་ལས་ཆོས་ཀྱི་དབྱིངས་ཞེས་མིང་དུ་བཏགས། །ལ་ལས་ཀུན་གཞི་ཞེས་པའི་མིང་དུ་བཏགས། །འདི་ཉིད་མངོན་སུམ་མཛུབ་ཚུགས་ངོ་སྤྱད་ན། །འདས་པའི་ཤེས་པ་རྗེས་མེད་ཡལ་བའི་སྟེང་། །མ་འོངས་རྟོག་པ་མ་སྐྱེས་སོ་མ་ལ། །ད་ལྟའི་བཟོ་མེད་རང་ལུགས་གནས་པའི་དུས། །ཐ་མལ་རང་ཁའི་དུས་ཀྱི་ཤེས་པ་ལ། །རང་གིས་རང་ལ་ཅེར་གྱིས་ལྟ་བའི་ཚེ། །བལྟས་པས་མཐོང་རྒྱུ་


CMR054_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ས་ལེ་བ། །རིག་པ་མངོན་སུམ་རྗེན་ནེ་ཧྲིག་གེ་བ། །གྲུབ་པ་མེད་པའི་སྟོང་དྭངས་སང་ངེ་བ། །གསལ་སྟོང་གཉིས་སུ་མེད་པར་ཡེ་རེ་བ། །རྟག་པ་མ་ཡིན་ཅི་ཡང་གྲུབ་པ་མེད། །ཆད་པ་མ་ཡིན་ས་ལེ་ཧྲིག་གེ་བ། །གཅིག་ཏུ་མ་ཡིན་དུ་མར་རིག་ཅིང་གསལ། །དུ་མར་མ་གྱུར་དབྱེར་མེད་རོ་གཅིག་པས། །གཞན་ན་མེད་དོ་རང་རིག་འདི་ཉིད་དོ། །གདོད་མའི་གནས་ལུགས་དོན་གྱི་ངོ་སྤྲོད་དེ། །འདི་ལ་སྐུ་གསུམ་དབྱེར་མེད་ཅི་ཡང་ཚང་། །ཅི་ཡང་མ་གྲུབ་སྟོང་པ་ཆོས་ཀྱི་སྐུ། །སྟོང་པའི་རང་མདངས་གསལ་བ་ལོངས་སྐུ་ཡིན། །འགགས་མེད་ཅི་ཡང་ཤར་བ་སྤྲུལ་པའི་སྐུ། །རང་ཁ་གཅིག་ཏུ་ཚང་བ་ངོ་བོ་ཉིད། །འདི་ཉིད་མཛུབ་ཚུགས་བཙན་ཐབས་ངོ་སྤྲོད་ནི། །ད་ལྟར་རང་གི་ཤེས་པ་འདི་ཀ་ཡིན། །མ་བཅོས་རང་གསལ་ཤེས་པ་འདི་ཀ་ལ། །སེམས་ཉིད་མ་གཏོགས་བྱ་བ་ཅི་ལ་ཟེར། །འདི་ལ་བསྒོམ་རྒྱུ་ཅི་ཡང་མེད་པ་ལ། །བསྒོམས་པས་མ་བྱུང་བྱ་བ་ཅི་ལ་ཟེར། །རིག་པ་མངོན་སུམ་འདི་ཀ་ཡིན་པ་ལ། །རང་སེམས་མ་རྙེད་བྱ་བ་ཅི་ལ་ཟེར། །གསལ་རིག་རྒྱུན་ཆད་མེད་པ་འདི་ཀ་ལ། །སེམས་ངོ་མ་མཐོང་


CMR054_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ཅི་ལ་ཟེར། །ཡིད་ཀྱི་བསམ་མཁན་ཁོ་རང་ཡིན་པ་ལ། །བཙལ་བས་མ་རྙེད་བྱ་བ་ཅི་ལ་ཟེར། །འདི་ལ་བྱ་རྒྱུ་ཅི་ཡང་མེད་པ་ལ།བྱས་པས་མ་བྱུང་བྱ་བ་ཅི་ལ་ཟེར། །མ་བཅོས་རང་སར་བཞག་པས་ཆོག་པོ་ལ། །གནས་སུ་མ་བཏུབ་བྱ་བ་ཅི་ལ་ཟེར། །བྱར་མེད་ཅོག་གེར་བཞག་པས་ཆོག་པ་ལ། །དེ་ལ་མ་ནུས་བྱ་བ་ཅི་ལ་ཟེར། །གསལ་རིག་སྟོང་གསུམ་དབྱེར་མེད་གཅིག་པ་ལ། །གྲུབ་དང་མ་འགྲུབ་བྱ་བ་ཅི་ལ་ཟེར། །རྒྱུ་རྐྱེན་མེད་པར་རང་བྱུང་ལྷུན་གྲུབ་ལ། །རྩོལ་བས་མ་ནུས་བྱ་བ་ཅི་ལ་ཟེར། །རྟོགས་པ་ཤར་གྲོལ་དུས་མཉམ་ཡིན་པ་ལ། །གཉེན་པོ་མ་བྱུང་བྱ་བ་ཅི་ལ་ཟེར།། །ད་ལྟའི་ཤེས་པ་འདི་ཀ་ཡིན་པ་ལ། །འདི་ལ་མི་ཤེས་བྱ་བ་ཅི་ལ་ཟེར། །སེམས་ཉིད་སྟོང་པ་གཞི་མེད་ཡིན་པར་ངེས། །རང་སེམས་དངོས་མེད་ནམ་མཁའ་སྟོང་པ་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །སྟོང་པ་ཕྱལ་ཆད་ཚད་ལྟ་མ་ཡིན་པའི། །རང་བྱུང་ཡེ་ཤེས་ཡེ་ནས་གསལ་བར་ཤེས། །རང་བྱུང་རང་གསལ་ཉི་མའི་སྙིང་པོ་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །རིག་པ་ཡེ་ཤེས་རྒྱུན་ཆད་མེད་པར་ངེས། །རིག་པ་རྒྱུན་ཆད་མེད་པ་


CMR054_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བོའི་གཞུང་དང་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །རྣམ་རྟོག་འགྱུ་དྲན་ངོས་བཟུང་མེད་པར་ངེས། །འགྱུ་བ་དངོས་མེད་བར་སྣང་སེར་བུ་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །ཅི་སྣང་ཐམས་ཅད་རང་སྣང་ཡིན་པར་ངེས། །སྣང་བ་རང་སྣང་མེ་ལོང་གཟུགས་བརྙན་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །མཚན་མ་ཐམས་ཅད་རང་སར་གྲོལ་བར་ངེས། །རང་བྱུང་རང་གྲོལ་བར་སྣང་སྤྲིན་དང་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །ཞེས་གསུངས་སོ། །རྫོགས་ཆེན་ཀློང་གསལ་འབར་མའི་རྒྱུད་ལས། ཆོས་རྣམས་ཀུན་གྱི་རང་བཞིན་ནི། །ནང་འཛིན་སེམས་ནི་སྟོང་པས་ན། །ནང་གི་སྟོང་པ་ཉིད་ཡིན་ནོ། །ཕྱི་ཡི་ཡུལ་འཛིན་སྟོང་པའི་ཕྱིར། །ཕྱི་ཡི་སྟོང་པ་ཉིད་ཡིན་ནོ། །ཕྱི་ནང་བར་གྱི་དབང་པོ་ལྔ། །འཛིན་བྲལ་སྟོང་པ་གཉིས་སུ་མེད། །ཕྱི་ནང་མེད་པའི་སྟོང་ཉིད་ཡིན། །དེ་དག་ཐམས་ཅད་སྟོང་པ་རུ། །འཛིན་མཁན་རང་ཡང་སྟོང་པས་ན། །གཉིས་སུ་མེད་པའི་སྟོང་ཉིད་དོ། །འབྱུང་བ་ཆེན་པོའི་གླིང་བཞི་དང་། །རི་རབ་ལ་སོགས་གང་ལའང་། །ཆགས་པའི་འཛིན་པ་


CMR054_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་པས་ན། །ཆེན་པོ་སྟོང་པ་ཉིད་དུའོ། །ད་ལྟ་ཐོས་བསམ་སྒོམ་གསུམ་སོགས། །རྟོགས་པ་དོན་དམ་སྟོང་ཉིད་ཡིན། །དགེ་རྩ་བཟང་སྟོབས་རློམས་པས་ན། །འདུས་བྱས་སྟོང་པ་ཉིད་དུའོ། །འདུས་མ་བྱས་ཀྱི་དགེ་བ་ཡིས། །རློམ་སེམས་ངང་གིས་སྟོང་པའི་ཕྱིར། །འདུས་མ་བྱས་ཀྱི་སྟོང་པ་ཉིད། །མཐའ་ལས་འདས་ཀྱི་འཛིན་པ་སྟོང་། །མཐའ་ལས་འདས་པའི་སྟོང་ཉིད་དོ། །ཐོག་མ་བར་དང་ཐ་མ་རུ། །སེམས་ཅན་རྣམས་ཀྱི་དོན་བྱེད་ཕྱིར། །འཛིན་པ་ཐམས་ཅད་སྟོང་པས་ན། །ཐོག་མ་ཐ་མར་སྟོང་པའོ། །མྱ་ངན་འདས་པ་ཆེན་པོའི་ཚེ། །སེམས་ཅན་ཀུན་གྱི་དོན་མི་འདོར། །དོར་བ་མེད་པའི་སྟོང་ཉིད་དོ། །སྣང་བ་ཐམས་ཅད་རང་བཞིན་སྟོང་། །རང་བཞིན་སྟོང་པ་ཉིད་ཡིན་ནོ། །སྣང་སྲིད་འཁོར་འདས་མ་ལུས་ཀུན། །རང་བཞིན་དངོས་པོ་སྟོང་པའི་ཕྱིར། །ཆོས་རྣམས་སྟོང་པ་ཉིད་ཡིན་ནོ། །སངས་རྒྱས་མཚན་དཔེས་བརྒྱན་གྱུར་ཀྱང་། །དེ་ལ་བདག་འཛིན་མེད་པའི་ཕྱིར། །རང་གི་མཚན་ཉིད་སྟོང་པའོ། །ཆོས་རྣམས་མི་དམིགས་པ་རུ་ནི། །སྤུ་ཙམ་འཛིན་པ་སྟོང་པས་ན། །མི་དམིགས་པ་ཡི་སྟོང་པའོ། །དངོས་པོ་མེད་


CMR054_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཛིན་པ་རྣམས། །མཐའ་དེ་འཛིན་པའི་དངོས་པོ་མེད། །ངོ་བོ་ཉིད་ཀྱིས་སྟོང་པའོ། །ཞེས་དང་། ཏཻ་ལོ་པས། དཔེར་ན་ནམ་མཁའ་སྟོང་པར་ཐ་སྙད་རབ་བཏགས་ཀྱང་། །ནམ་མཁའ་ལ་ནི་འདི་འདྲ་བརྗོད་དུ་མེད། །དེ་བཞིན་རང་སེམས་འོད་གསལ་བརྗོད་གྱུར་ཀྱང་། །བརྗོད་པས་འདི་འདྲ་གྲུབ་ཅེས་གདག་གཞི་མེད། ཅེས་དང་། སེམས་ནི་ནམ་མཁའི་དཀྱིལ་ལྟར་བསམ་པའི་ཡུལ་ལས་འདས། །དེ་ངང་བཏང་བཞག་མེད་པར་ཀློད་ལ་ཞོག །སེམས་ལ་གཏད་སོ་མེད་ན་ཕྱག་རྒྱ་ཆེན་པོ་ཡིན། །དེ་ལ་གོམས་པས་བླ་མེད་བྱང་ཆུབ་ཐོབ། །ཅེས་དང་། ས་ར་ཧས། འཁོར་འདས་ཀུན་གྱི་རྩ་བ་སེམས་ཀྱི་རང་བཞིན་ཏེ། །རྟོགས་ན་བསྒོམ་དུ་མེད་ཅིང་མ་བཅོས་ལྷུག་པར་ཞོག །རང་ལ་བཞག་ནས་གཞན་ལ་ཚོལ་བ་ཨ་རེ་འཁྲུལ། །འདི་ཡིན་འདི་མིན་མེད་དོ་ཐམས་ཅད་གཉུག་མའི་ངང་། །ཞེས་དང་། གྲུབ་ཆེན་ཉི་མ་རྩལ་གྱིས། སྣ་ཚོགས་སེམས་ཀྱི་ཆོ་འཕྲུལ་ཏེ། །སེམས་ནི་འདི་ཞེས་མཚོན་དུ་མེད། །དེ་ཕྱིར་འཁོར་འདས་རྩ་བ་བྲལ། །དེ་ཉིད་ཆོས་སྐུར་ཤེས་པར་བྱ། །ཞེས་དང་། ཉི་མ་སྦས་པས། སེམས་


CMR054_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བལྟས་པས་སྐྱེ་བ་མེད། །ཡུལ་ལ་བལྟས་པས་སྤྲོས་དང་བྲལ། །གཉིས་མེད་དོན་འདི་བློ་ལས་འདས། །ངས་ནི་ཅི་ཡང་མི་ཤེས་སོ། །ཞེས་དང་། ཛྙཱ་ན་ཤིས། རྩ་བ་བྲལ་བའི་སྡོང་པོ་བཞིན། །ང་ཡི་སེམས་ཉིད་མཁའ་ལྟར་སྟོར། །འཁྲུལ་སྣང་ཇི་ལྟར་དགྱེས་དགྱེས་མཛོད། །ང་ནི་ནམ་མཁའི་རྣལ་འབྱོར་པ། །ཞེས་དང་། གཅེར་བུ་པས། རང་གྲོལ་བློ་ལས་འདས་པ་ལ། །མ་བཅོས་སྒོ་གསུམ་ལྷུག་པར་ཞོག །མ་ཡེངས་དགག་སྒྲུབ་མེད་པར་ཞོག །མི་གཡོ་མཉམ་ཉིད་ཆེན་པོར་ཞོག །ཅེས་དང་། པདྨོ་ཤིས། གཞུག་མ་ལྷན་ཅིག་སྐྱེས་པ་འདི། །བསམ་བསྒོམ་བློ་ཡིས་མ་བཅོས་ན། །ཆོས་སྐུ་གཞན་ནས་བཙལ་མི་དགོས། །རང་ཆས་ཡིན་ནོ་ལྷུག་པར་ཞོག །ཅེས་དང་། རྗེ་ནཱ་རོ་པས། རང་རིག་བདེ་གསལ་གྱི་ཤེས་པ་འདི། ཅི་ཡང་མེད་པའི་ཆོས་སྐུ་སྟེ། །གྲུབ་པ་ཡོད་ན་ཞེ་འདོད་རིག་པ་ལ། །གྲུབ་པ་མེད་པའི་ཞེ་འདོད་ཅི་ཡང་མེད། །ཅེས་དང་། ཤ་ཝ་རི་པས། ནམ་མཁའ་ཞེས་ནི་རབ་བརྗོད་ཀྱང་། །ནམ་མཁའི་ངོ་བོ་ཅིར་ཡང་གྲུབ་པ་མེད། །ཡོད་དང་མེད་དང་ཡོད་མིན་མེད་མིན་དང་། །དེ་ལས་གཞན་


CMR054_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དུའང་མཚོན་པའི་ཡུལ་ལས་འདས། །ཞེས་དང་། བིརླ་པས། སྲིད་དང་ཞི་བ་མཉམ་ཉིད་ཕྱག་རྒྱ་ཆེ། །ངོ་བོ་ཉིད་ཀྱི་མ་སྐྱེས་རང་བཞིན་རྣམ་པར་དག ། མཚོན་བྱའི་གནས་ལུགས་མེད་པས་ཐ་སྙད་ཚིག་ལམ་ཆད། །རང་བཞིན་བརྗོད་མེད་ངོ་བོ་ལྟོས་ཆོས་ཀུན་དང་བྲལ། །བརྟག་དཔྱད་མེད་ཅིང་མཚོན་བྱའི་དཔེ་དང་བྲལ། །དཔེ་བྲལ་ཉིད་ལའང་མི་གནས་བློ་ཡི་ཡུལ་ལས་འདས། །ཞེས་དང་། དབུ་མ་རྩ་ཤེས་ལས། སྟོང་ངོ་ཞེས་ཀྱང་མི་བརྗོད་དོ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང་། །གཉིས་དང་གཉིས་མིན་མི་བྱ་སྟེ། །ཞེས་དང་། རྩོད་ཟློག་ལས། གལ་ཏེ་ང་ལ་དམ་བཅའ་འགའ་ཡོད་ན། །དེས་ན་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཅེས་དང་། བཞི་བརྒྱ་པ་ལས། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཡུན་རིང་པོ་ན་ཡང་། །གླན་ཀ་བརྗོད་པར་ནུས་མ་ཡིན། །ཅེས་དང་། གྲུབ་ཆེན་མི་ཏྲ་ཛཱ་ཀིའི་ཞལ་ནས། སེམས་ཉིད་སྐྱེ་འགགས་གནས་གསུམ་གྱི་མཐའ་དང་བྲལ་བ། བདག་དང་བདག་གིར་འཛིན་པའི་གཟུང་འཛིན་ལས་


CMR054_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ཞིང་། ངོ་བོ་སྟོང་པ་རང་བཞིན་གསལ་བ་རྣམ་པ་འགགས་མེད་ཀྱི་རིག་པ་ཡུལ་མེད་དུ་མར་སྣང་ཞིང་། གསལ་བ་མཐོང་བྱ་མཐོང་བྱེད་ཀྱི་འཛིན་པའི་ཡུལ་ལས་འདས་པ། བསྒོམ་བྱ་སྒོམ་བྱེད་ཀྱི་དམིགས་པའི་ཡུལ་ལས་གྲོལ་བ། གང་ཡང་ཡིད་ལ་མི་བྱེད་པ་ཡིད་ལ་བྱ་བྱེད་དང་བྲལ་བ་དེ་ཉིད་བཟོ་བཅོས་མ་བྱས་པར་ལྷུག་པར་བྱ་བ་ཐམས་ཅད་དང་བྲལ་བས་བྱར་མེད། གང་ཤར་ངོས་འཛིན་དང་བྲལ་བས་འཛིན་མེད། མཉམ་བཞག་གི་ཤེས་པ་ལ་བཅོས་སླད་དང་བྲལ་བའི་ཧད་དེ་བ། མཚན་འཛིན་མེད་པས་སྟོང་སང་ངེ་བ། རང་བཞིན་གྱིས་འོད་གསལ་བས་ས་ལེ་བ། རྣམ་རྟོག་གཟུང་འཛིན་གྱིས་མ་གོས་པའི་རྗེན་ནེ་བ། རང་ངོ་རང་གིས་ཤེས་པས་ཧྲིག་གེ་བ། ཡུལ་ཡུལ་ཅན་གྱི་འཛིན་པ་ཞིག་པས་སྣང་སེམས་དབྱེར་མེད་ཟང་ཐལ་དུ་ཕྱམ་མེ་བ། རིག་པ་མ་བཅོས་པར་རང་ལུགས་སུ་འཇོག་པས་ཐ་མལ་ཤེས་པ། རྣམ་རྟོག་ལུ་གུ་རྒྱུད་དུ་སྙིང་མི་འཇུག་པར་རིག་པ་སོ་མ་ཞེས་བྱ་སྟེ། འདི་ལྷག་མཐོང་ཉམས་སུ་བླང་བའི་ངོ་བོ་དངོས་གཞི་ཡིན་ནོ། །ཡང་སེམས་ཉིད་སྤྱན་རས་གཟིགས་ཀྱང་ཡིན་ཏེ། ཐུགས་རྗེ་ཆེན་པོའི་སྤྱན་གྱིས་འགྲོ་བ་ཡོངས་ལ་ཐོགས་


CMR054_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་གཟིགས་པས་ན་སྤྱན་རས་གཟིགས་སོ། །བློ་འདས་མཐའ་དབུས་དང་བྲལ་བའི་ཀུན་མཁྱེན་གྱི་སྤྱན་གྱིས་ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུར། མ་འདྲེས་པ་རང་གསལ་དུ་གཟིགས་པས་ན་སྤྱན་རས་གཟིགས་སོ། །རང་རིག་ཡེ་ཤེས་ཀྱི་སྤྱན་གྱིས་ཆོས་ཉིད་སྐྱེ་བ་མེད་པའི་དོན་གཟིགས་པས་ན་སྤྱན་རས་གཟིགས་སོ། །གཟུང་འཛིན་དབྱིངས་སུ་དག་པའི་སྤྱན་གྱིས་སྤྲོས་བྲལ་འོད་གསལ་བའི་སེམས་གཟིགས་པས་ན་སྤྱན་རས་གཟིགས་སོ། །ཞེས་དང་། སྤྱན་རས་གཟིགས་ཉིད་ཀྱིས་སྲོང་བཙན་སྒམ་པོ་ལ་གསུངས་པ། སེམས་ཀྱི་ངོ་བོ་སྟོང་པ་ཅི་ཡང་མ་གྲུབ་པ་ཡིན། སྟོང་པ་ལས་རྩལ་མ་འགགས་པའི་སངས་རྒྱས་ལ་སྐུ་དང་ཡེ་ཤེས་སུ་ཤར། སེམས་ཅན་ལ་དུག་ལྔ་ལ་སོགས་པར་ཤར་བ་ཡིན་ནོ། །དེ་ལ་སེམས་ངོ་བོ་སྟོང་པར་འདུག་པ་སྟེ། ཆོས་ཀྱི་སྐུ་རང་ལ་གནས་པ་ཡིན། རྩལ་དུག་ལྔ་དང་རྣམ་རྟོག་མ་འགགས་པ་ཤར་ཀྱང་། རྩ་བ་སྟོང་པ་ཡིན་པས་མ་འགགས་རང་ཤར། མི་གནས་ཏེ་རང་གྲོལ་བས་ཡེ་ཤེས་སུ་འཆར་རོ། །སེམས་ཉིད་ངོ་བོ་སྟོང་པ་ཆོས་སྐུར་ཉམས་སུ་བླང་མ་འགགས་པ་གསལ་བའི་ལོངས་སྐུ་ཉམས་སུ་བླངས།


CMR054_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་སུ་འཆར་བ་རང་ཤར་རང་གྲོལ་བ་སྤྲུལ་སྐུར་ཉམས་སུ་བླང་ངོ་། །ཞེས་གསུངས་སོ། །མཁའ་འགྲོ་སྙིང་ཐིག་ལས། དང་པོ་བྱུང་ས་མེད་དེ་ཆོས་ཀྱི་སྐུ། །བར་དུ་གནས་ས་མེད་དེ་ལོངས་སྤྱོད་རྫོགས། །ཐ་མ་འགྲོ་ས་མེད་པ་སྤྲུལ་པའི་སྐུ། །ཞེས་གསུངས་པས། སེམས་ཉིད་སྐུ་གསུམ་གྱི་རང་བཞིན་དུ་རང་གྲོལ་བའོ། །ཞེས་དང་། །ཀློང་གསལ་སྙིང་ཐིག་ལས། དེ་ལ་གང་ཤར་གྱི་ངོ་བོ་ཤར་གྲོལ་མཉམ་གྲོལ་ཇི་ལྟར་འགྱུ་ཞིང་འཕྲོ་ཡང་། དོན་རང་བཞིན་དུ་མ་གྲུབ་སྟེ། འགྱུ་བསྡོ་གསལ་སྟོང་སྟེ། ཡུལ་མེད་རྗེན་པར་སྟོང་པའི་རང་རྩལ་ལས་གཞི་མ་གྲུབ་སྟེ། བརྗོད་མེད་སྤྲོས་བྲལ་དོན་ལ་གདངས་མ་འགགས་ཙམ་དུ་ཅི་ཡང་སྣང་བས། སྣང་བའི་ངོ་བོ་སྟོང་པ་ཡུལ་མེད་བློ་བྲལ་དུ་ཤེས་ཤིང་། དེའི་དོན་དང་མི་འབྲལ་བ་ནི་ལྷང་ངེ་ཞེས་བྱའོ། །ཞེས་དང་། རྩ་ཚིག་ལས། རང་གི་སེམས་ཀྱི་ངོ་བོ་ལ་ལྟོས། ཅིའི་ངོ་བོར་ཡང་མ་གྲུབ། ཅེས་དང་། རྗེ་རང་བྱུང་རྡོ་རྗེའི་ཞལ་ནས། དུས་གསུམ་སངས་རྒྱས་ཀྱི་དགོངས་པ། དམ་པ་རྣམས་ཀྱིས་དོན་དུ་གཉེར་བ། ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཟེར་བའི་སྒྲ་བོ་ཆེ་གཡེར་པོ་ཆེ་དེ་རང་གི་སེམས་


CMR054_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཟེར་བ་ཡིན། རང་སེམས་ངོ་མ་ཤེས་ན་ངའི་སེམས་ངའི་སེམས་ཟེར་བའི་མི་དྲན་དགུ་དྲན་དེ་ཡིན་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱང་། །རིག་པ་འདི་རང་ལས་མ་འདས། སྡེ་སྣོད་མདོ་རྒྱུད་ཀྱི་བཅུད་ཀྱང་འདི་ཡིན། ། འདི་ཉམས་སུ་ལེན་ན་བསྒོམ་རྒྱུ་ཅི་ཡང་མེད། རིག་པ་འདི་ཧྲིག་གེ་རང་སར་ཞོག །དེ་ཕྱག་རྒྱ་ཆེན་པོ་ཡིན་ནམ་མ་ཡིན་སྙམ་པའི་ཐེ་ཚོམ་མི་དགོས། ཡག་ཏུ་རེ་བ་དང་། ཉེས་ཀྱི་དོགས་པ་ཡེ་མ་བྱེད། རྟོག་པ་སྤྱན་སྤུན་མང་པོའི་རྗེས་སུ་མ་འབྲང་། རིག་པ་ཧྲིག་གེ་རང་གི་ཐོག་ཏུ་ཞོག །ལྷོད་དེ་ཀློད་ལ་ཞོག །སྒོམ་རྒྱུ་ཅི་ཡང་མི་བདོག་གོ །དེ་ལྟར་ཡང་ནས་ཡང་དུ་བསྒོམས་པས་དུས་ཚོད་གཅིག་ནས་རྣམ་རྟོག་རང་ངོ་ཤེས་ནས་སྐད་ཅིག་ལ་བག་ཆགས་མུན་པ་དྲུངས་ནས་ཕྱུང་སྟེ། དེ་ཉིད་སངས་རྒྱས་ཞེས་བྱའོ། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། ཕྱག་རྒྱ་ཆེན་པོའི་སྙིང་གཏམ་ཚིག་གཅིག་མ་བླ་མ་དམ་པ་གྲུབ་ཐོབ་རྣམས་ཀྱི་མན་ངག་མཐར་ཐུག་དེ་ལས་ཡོད་རེ་ཤི །ཞེས་གསུངས་སོ། །རྗེ་མཁའ་སྤྱོད་དབང་པོའི་གསུང་ལས། ཨེ་མ་རིགས་ཀྱི་བུ་ཁྱོད་ཀྱི་ད་ལྟའི་སེམས་འདི་ཡོད་པ་ཞིག་ཡིན་


CMR054_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ན། ཕྱི་ནང་བར་གསུམ་གང་ཡང་རུང་བ་ཞིག་ན་ཡོད་པར་འཐད་པ་ལས། དེ་དག་ན་བདེན་པ་ཉིད་དུ་འདུག་གམ། ཁ་དོག་དང་དབྱིབས་མི་སྣང་མོད་ཀྱི། རིག་པ་ཙམ་དུ་སྣ་ཚོགས་སྙམ་ན་རིག་ན་ཡུལ་གང་ཞིག་རིག །ཡུལ་མི་ཞིག་རིག་གོ་སྙམ་ན། ཡུལ་དེ་རིག་པ་དེ་ལས་གཞན་ཞིག་གམ་དེ་ཉིད་ཡིན། །དབྱེར་མེད་དུ་ཡིད་ལ་སྣང་བའི་ཚེ། དེས་སེམས་ལས་གང་རིག་ཉེ་བར་དམིགས། གལ་ཏེ་སེམས་ཉིད་ཡིན་ན། རལ་གྲིས་རལ་གྲི་རང་གི་སོ་ལྟར། དེས་ཅི་ལྟར་རིག །དགྲ་གཉེན་ཡིད་དུ་འོང་མི་འོང་སོགས་ཐམས་ཅད་དེ་ལྟ་བུར་ཏེ། དེ་ལྟར་ན་རིག་པ་ཤེས་པ་ཞེས་བྱ་བ་ནི། བཏགས་པ་ཙམ་ཁོ་ན་བརྟགས་ཤིང་དཔྱད་པ་ན། དེ་ལྟར་མོད་ཀྱིས་ཀྱང་། འདི་ལྟར་རིག་གོ་ཤེས་སོ། །རྟོག་གོ་ཞེས་མངོན་སུམ་ཉིད་དུ་སྟོང་སྙམ་ན། རྟོག་ཤེས་རིག་པ་ཉིད་ཀྱི་ཚེ། དེ་ངེས་པར་གཞི་མ་གྲུབ་སྟེ། དེ་བས་ན་དེ་སྔ་ཕན་ཆད་རིག་པ་མེད་པ་ཉིད་ལ་རིག་པ། ཤེས་པ་མེད་པ་ཉིད་ལ་ཤེས་པ། སེམས་མེད་པ་ཉིད་ལ་སེམས། ཡིད་མེད་པ་ཉིད་ལ་ཡིད། རྟོག་པ་མེད་པ་ཉིད་ལ་རྟོག་པར་བཟུང་ནས་རྣམ་པར་གཡེང་བ་ལགས་མོད། གོའམ་ཨེ་མ་རིགས་


CMR054_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བུ། སེམས་འདི་ནི་ནམ་མཁའ་ལྟ་བུ་སྟེ། ནམ་མཁའ་ལ་འདི་ཞེས་གྲུབ་པ་འདུག་གམ། དེ་བཞིན་དུ་སེམས་ནི་ནམ་མཁའི་ཁ་དོག་ལྟ་བུ། རི་བོང་གི་རྭ་ལྟ་བུ་སྟེ། གཞི་མ་གྲུབ་པ་རྩ་བ་མེད་པ། རྟེན་མེད་པ་བརྟན་པ་མེད་པ་རང་བཞིན་མེད་པ་མཚན་མ་མེད་པ་མཚན་ཉིད་མེད་པ་རྟག་མེད་པ། ཁ་དོག་མེད་པ་དབྱིབས་མེད་པ་རང་གི་ངོ་བོ་མེད་པ། བྱུང་བ་མེད་པ་སོང་བ་མེད་པ་གནས་པ་མེད་པ། དེ་ནི་ངོ་བོ་ཉིད་ཀྱི་འདུས་མ་བྱས་པ་ཉིད་པས། ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཀྱང་། མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །ཅུང་ཟད་ཅིག་གྲུབ་ན་ཐམས་ཅད་མཁྱེན་པས་གཟིགས་ཏེ། གཞི་ཅུང་ཟད་ཀྱང་མ་གྲུབ་པའི་ཕྱིར་མི་གཟིགས་པ་ཉིད་དོ། །དོན་གྱི་ངེས་པ་འདི་ད་ཁྱོད་ཀྱི་སྙིང་ལ་ལེགས་པར་བབས་སམ། དེ་སྔ་ཕན་ཆད་སེམས་སོ། །ཡིད་དོ། །རྣམ་པར་ཤེས་པའོ། །དགའ་བའོ། །མི་དགའ་བའོ། །བདེ་བའོ། སྡུག་བསྔལ་བའོ། །འཁྲུལ་ལོ། །གྲོལ་ལོ། །དག་གོ །མ་དག་གོ །མཆོག་གོ །དམན་ནོ། །བཟང་ངོ་། །ངན་ནོ། །ཞེས་སོགས་སུ་འཛིན་པས་ཡང་དག་པར་དཀྲུགས་


CMR054_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། སེམས་མི་དམིགས་པའི་ཕྱིར་དེ་དག་ཇི་ལྟར་དམིགས་ཏེ། ད་ནི་ཁྱོད་ཀྱིས་སེམས་མེད་པའི་ངང་དུ་ཞོག་ཅིག །བསམ་དུ་མེད་པའི་ངང་དུ་ཞོག་ཅིག །དགག་སྒྲུབ་མེད་པའི་ངང་དུ་ཞོག་ཅིག །སྤང་བླང་མེད་པའི་ངང་དུ་ཞོག་ཅིག །རེ་དོགས་མེད་པའི་ངང་དུ་ཞོག་ཅིག །ཡིན་མིན་མེད་པའི་ངང་དུ་ཞོག་ཅིག །བཟང་ངན་མེད་པའི་ངང་དུ་ཞོག་ཅིག །འཁྲུལ་གྲོལ་མེད་པའི་ངང་དུ་ཞོག་ཅིག །ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། འོ་དེ་ལྟར་སེམས་མ་བཅོས་པར་ལྷན་ནེ་བཞག་པའི་དུས་ཀྱི་ཤེས་པ་འདི་ལ་ཅེར་རེ་ལྟོས་ཤིག །ཁྱེད་རང་རྣམས་ཀྱི་སེམས་རྣམ་རྟོག་རང་སར་ཞི་ནས་མ་བཅོས་པའི་ངང་ལ་ལྷན་ནེ་གནས་པ་ཞིག་འདུག་གམ། འདི་ལ་ཞི་གནས་ཞེས་བྱ་བ་ཡིན་ཏེ། སེམས་ཀྱི་ངོ་བོ་ཡིན་ནོ། །ད་ཁྱེད་རང་གི་སེམས་གནས་མཁན་གྱི་ངོ་བོ་ཁོ་རང་ལ་རེ་རེ་ལྟོས་དང་། དངོས་པོ་དབྱིབས་དང་ཁ་དོག་ཅིའི་ངོ་བོར་མ་གྲུབ་པའི། ཅི་ཡང་མེད་པའི་སྟོང་ལྷང་ངེ་བ་ཞིག་འདུག་གམ། འདི་ལ་སྟོང་པ་ཞེས་བྱ་བ་ཡིན། སྟོང་པ་དེ་ཡི་གདངས་མ་འགགས་པ་ས་ལེ་བ་འདྲ་བ། སང་ངེ་བ་འདྲ་བ། འོལ་ལེ་གསལ་བ་ཞིག་འདུག་གམ། འདི་ལ་


CMR054_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གསལ་བ་ཞེས་བྱ་བ་ཡིན་ནོ། །ངོ་བོ་ཅི་ལྟར་ཡང་མ་གྲུབ་པའི་སྟོང་སང་ངེ་བ་དེ་དང་། དེའི་གདངས་མ་འགགས་པ་གསལ་བ། དེ་གཉིས་དབྱེར་མེད་མི་ཕྱེད་པ་ཧྲིག་གེ་འདྲ་བ། ལྷང་ངེ་བ་འདྲ་བའི་རིག་པ་ཡོད་རྒྱུ་ཞིག་ཡོད་ལ། ཁར་དངོས་སུ་སྨྲ་རྒྱུ་མ་རྙེད་པའི་ཤེས་པ་ད་ལྟའི་ཧྲིག་གེ་བ་འདི་ལ་རིག་པ་ཞེས་མིང་དུ་བཏགས་པ་ཡིན། བསམ་པར་བྱེད་པའི་མཁན་པོ་ཡང་འདི་ཁོ་ན་ཡིན་པས། སེམས་ཞེས་མིང་དུ་བཏགས་པ་ཡིན་ནོ། །མི་དྲན་དགུ་དྲན་གྱི་མཁན་པོ་ཡང་འདི་ཡིན་པས། དྲན་པ་ཞེས་མིང་དུ་བཏགས་པ་ཡིན་ནོ། །མཐོང་རྒྱུ་མེད་བཞིན་དུ་གསལ་རྗེན་ནེ་རེ་རེ་ལྷག་གེ་མཐོང་བས། ལྷག་མཐོང་ཞེས་མིང་དུ་བཏགས་པ་ཡིན་ནོ། །བྱེ་བྲག་ཐམས་ཅད་ཤ་མོང་གི་སུལ་བཞིན་དབྱེ་བར་བྱེད་པའི་མཁན་པོ་ཡང་འདི་ཡིན་པས་སོ་སོར་རྟོག་པའི་ཤེས་རབ་མིང་དུ་བཏགས་པ་ཡིན་ནོ། །དེ་ལ་སོགས་པ་བདེ་གཤེགས་སྙིང་པོ་ཐིག་ལེ་ཉག་གཅིག་དབྱིངས་དང་ཡེ་ཤེས། དབུ་མ། དོན་དམ་པའི་བདེན་པ། ཕྱག་རྒྱ་ཆེན་པོ། རྫོགས་པ་ཆེན་པོ། སྟོང་པ་ཉིད་ལ་སོགས་པ་ཐམས་ཅད་འདི་གཅིག་པུའི་མིང་ཡིན་ནོ། །


CMR054_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །ཆོས་སྐུ་མཛུབ་ཚུགས་མ་ལས། ད་ཡུལ་སྣང་བ་ཐམས་ཅད་ཆུ་དང་རླབས་ལྟར་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ལས་དོན་དུ་གང་ཡང་མ་གྲུབ་པར་རྟོགས་པས་ན་སྣང་བ་ཐམས་ཅད་སེམས་སུ་ངོ་འཕྲོད་པ་ཡིན་ནོ། །སེམས་དེའི་ངོ་བོ་འགྲོ་གནས་བྱུང་གསུམ་ལ་དཔྱད་པས་གང་དུའང་མ་གྲུབ་པ་རྨི་ལམ་གྱི་རྟ་གླང་ལྟར་དོན་ལ་མ་གྲུབ་པར་རྟོགས་པས་སེམས་སྟོང་པར་ངོ་འཕྲོད་པ་ཡིན། སྟོང་ཞིང་གསལ་དྭངས་ཀྱི་ངང་ནས་འགགས་མེད་བདེ་ཆེན་དུ་སྣ་ཚོགས་ལྷུན་གྲུབ་ཏུ་འཆར་བ་ཆུ་ནང་གི་ཟླ་བ་ལྟར་རྟོགས་པས་སྟོང་པ་ལྷུན་གྲུབ་ཏུ་ངོ་འཕྲོད་པ་ཡིན།། དེ་ལྟར་ལྷུན་གྱིས་གྲུབ་ཙམ་ནས་གསལ་རིག་སྟོང་པ་ལྷུན་གྲུབ་སྤྲོས་བྲལ་འགྱུར་མེད་བདེ་བ་ཆེན་པོ་ལས་མ་གཡོས་པར་སྦྲུལ་ལ་མདུད་པ་བོར་བ་ལྟར། ། ཤར་གྲོལ་དུས་མཉམ་པར་ངེས་པས་ལྷུན་གྲུབ་རང་གྲོལ་དུ་ངོ་འཕྲོད་པ་ཡིན། ངོ་སྤྲོད་རྒྱུའི་སེམས་དེ་ནི་ཐ་མལ་ཤེས་པ་མི་འགྱུ་དགུ་འགྱུ་མི་རིག་དགུ་རིག་ཏུར་ཏུར་པོ་དེ་ཀ་གསལ་སྟོང་ཟུང་འཇུག་བདེ་བ་ཆེན་པོ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཅེས་བྱ་བ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་དེ་ངོ་ཤེས་ན་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཟེར་བ་ཡིན་པས། དེ་ལ་


CMR054_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་རྒྱུ་ཅི་ཡང་མེད་པར་སྐད་ཅིག་ཀྱང་མ་ཡེངས་པར་རིག་པ་ཧྲིག་གེ་རང་སར་བཞག །ལེགས་སུ་རེ་བ་དང་ཉེས་སུ་དོགས་པའི་རེ་དོགས་གང་ཡང་མི་བྱ་བར་ལྷོད་དེ་ཀློད་ལ་ཐ་མལ་ཤེས་པའི་རང་ངོ་སྐྱོང་བའི་སྐད་ཅིག་དེ་ལ་ཕྱག་རྒྱ་ཆེན་པོ་བདེ་སྟོང་ཟུང་འཇུག་དེ་སྤྲིན་མེད་ཀྱི་ནམ་མཁའ་དག་པའི་དཀྱིལ་ལྟར་མཐོང་བ་ཡིན་ནོ། །ད་ཞི་ལྷག་ཟུང་དུ་འབྲེལ་ཞིང་ཉམས་རྟོགས་ཕུལ་དུ་བྱུང་སྟེ་ཐར་པའི་ལམ་དུ་ཚུད་པ་ཡིན་གོ་བཅད། ཅེས་གསུངས་སོ། །ཇོ་འབྲོམ་ཞུས་ལན་ལས། རྗེ་ཡང་ཡང་བཙལ་ཞིང་མ་རྙེད་ན། །འབྲོམ་རང་ལུགས་ཡང་ཡང་མཐོང་བ་ཡིན། །རྗེ་མ་རྙེད་པ་ལ་བཞག་ལགས་སམ། །འབྲོམ་ལྷོད་དེ་ཀློད་ན་དམ་པ་ཡིན། །ཅེས་དང་། འཇིག་རྟེན་གསུམ་མགོན་གྱི་ཞལ་ནས། རང་གི་རིག་པ་རིག་རིག་ཏུར་ཏུར་པོ་འདི་ལ་བལྟས་པའི་དུས་སུ་གང་ཡང་མ་མཐོང་བ་དེ་ནི་དེ་ཁོ་ན་ཉིད་མཐོང་བའོ། །ཞེས་གསུངས་སོ། །དོན་ལ་སེམས་མི་འཕྲོ་བར་ཀྱི་ལེ་གནས་པ་དེ་ཞི་གནས་ཡིན་དེའི་ངོ་བོ་ལ་བལྟས་པས་སྟོང་པ་ཉིད་དུ་ལྷག་གིས་མཐོང་བ་དེ་གནས་པའི་སྟེང་ནས་ལྷག་མཐོང་ཤར་བ་ཡིན།། སེམས་ཅུང་ཟད་མ་གནས་ན་མི་མཐོང་


CMR054_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བས་སེམས་སྣ་ཚོགས་སུ་འཕྲོ་བ་མཐོང་བ་དེ་ཞི་གནས་ཡིན། དེའི་ངོ་བོ་ལ་བལྟས་པས་སྟོང་པར་མཐོང་བ་དེ་འགྱུ་བའི་སྟེང་ནས་ལྷག་མཐོང་ཤར་བ་ཡིན། སེམས་མི་རྟོག་ཆོས་སྐུའི་ནམ་མཁའ་ལ། །རྣམ་རྟོག་གི་སྤྲིན་ཚོགས་མི་དྭངས་ན། །མཁྱེན་གཉིས་ཀྱི་ཉི་ཟླ་མི་གསལ་བས། །སྒོམ་གཉུག་མ་འདི་ལ་ནན་ཏན་མཛོད། །ངོ་སྤྲོད་ཀྱི་ཆོས་ཐུན་ཚར་རོ།། །།༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅོ་ལྔ་པ་ཉམས་ལེན་གྱི་ཁྲིད།


CMR054_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

༼བ༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅོ་ལྔ་པ་ཉམས་ལེན་གྱི་ཁྲིད་བཞུགས་སོ།།


CMR054_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། ངོ་སྤྲད་པའི་དོན་དེ་ཉམས་སུ་ལེན་པའི་ཐབས། །མཁའ་འགྲོ་ཀློང་གསལ་འབར་མའི་རྒྱུད་ལས། །རྣམ་རྟོག་གློ་བུར་གང་ཤར་ཡང་། །རིག་རྩལ་ཡིན་པས་དགག་མི་དགོས། །རྟོག་པ་ཤོར་གྱིན་མི་རྟོག་རྒྱས། །སེམས་ལས་་་་་་ཉམས་རྟོགས་བྱུང་གནས་སྣ་ཚོགས་པས་སྟོང་པར་ཧད་དེ་དེར་བྱས་གདའ་གར་བྱ། འདས་པའི་ཆོས་ཀྱི་སྐུ། །ཡིད་ལས་འདས་་་་་་ཡིད་དེ་གསལ་སྟོང་ལམ་ལམ། པའི་ལོངས་སྤྱོད་རྫོགས། །འཛིན་པ་་་འཛིན་པ་འདི་སོར་མེད་པ། བྲལ་བ་སྤྲུལ་པའི་སྐུ། །སྡུག་བསྔལ་ཤར་གྱིན་བདེ་བ་


CMR054_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས། །ཉོན་མོངས་ཆེ་ཞིང་ཡེ་ཤེས་ཧྲག །ཤིང་ཕུང་ཆེ་ཞིང་མེ་ཆེན་འབར། །གཟུང་འཛིན་ཆེ་ཞིང་གྲོལ་ཆ་ཆེ། །འཁྱག་པ་ཆེ་ཞིང་ཆུ་ཆེན་སྐྱེས། །སྤྲིན་ཚོགས་འཐིབ་ཅིང་ཆར་ཆེན་འབེབས། །སྦྲུལ་མདུད་གློ་བུར་ཀློད་ལ་ཞོག །མི་རོ་བཞིན་དུ་སྐྱུར་ལ་ཞོག །དྲི་ངན་བཞིན་དུ་བོར་ལ་ཞོག །བགག་ན་སླར་ཡང་འཕྲོ་བའི་རྒྱུ། །བདས་ན་སླར་ཡང་ལྡོག་པའི་རྒྱུ། །བསྡམ་ན་སླར་ཡང་འཕར་བའི་རྒྱུ། །བརྟུལ་ན་སླར་ཡང་གྱོང་བའི་རྒྱུ། །བསྲེགས་ན་སླར་ཡང་འཁྱག་པའི་རྒྱུ། །དགག་སྒྲུབ་ཕྲོལ་ལ་ཕྱལ་ལེ་ཞོག །སེམས་རིག་པ་བསྲེས་ནས་ཡིན་ལུགས་


CMR054_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲེགས་ཆོད་པའི་ལེའུ་ནས། སེམས་རིག་དབྱེར་མེད་བདེ་བ་ཆེ། །སེམས་འཁོར་བ་འདུག་གོ་སྙམ་པ་ཡི། །དོགས་པ་ཐམས་ཅད་རང་སར་གཞིག །དབྱེར་མེད་བདེ་ཆེན་སྐུ་གསུམ་ངང་། །ཀུན་ཏུ་བཟང་མོ་དེར་ཞལ་མཇལ། །རྣམ་རྟོག་རང་གི་བླ་མར་རྟོག །བླ་མ་རང་རིག་དབྱེར་མེད་འཕྲོས། །རྣམ་རྟོག་ཉིད་ཀྱི་དབང་བསྐུར་ཞུས། །རིག་པ་རང་གསལ་རང་ཚུགས་ཐུབ། །སྣ་ཚོགས་ཉིད་ཀྱི་དམ་ཚིག་བསྲུང་། །སྲུང་མཚམས་བྲལ་བ་རང་ཐག་ཆོད། །རྣམ་རྟོག་ཉིད་ཀྱི་ལུས་ལ་བརྟག །དེ་བཞིན་གཤེགས་སྐུ་རང་ངོ་འཕྲོད། །རྣམ་རྟོག་ཉིད་ཀྱི་ངག་ལ་བརྟག །གྲག་སྟོང་གསུང་དུ་རང་ངོ་འཕྲོད། །རྣམ་རྟོག་ཉིད་ཀྱི་ཡེ་ཤེས་བརྟག །རིག་སྟོང་རྗེན་པར་རང་ངོ་འཕྲོད། །ཡོངས་ལ་གསལ་བོ་ཁྱབ་བརྡལ་ལོ། །ཡེ་གྲོལ་བྱར་མེད་སོ་མའོ། །ཤུགས་གྲོལ་རང་དང་སོ་མའོ། །འབད་མེད་ལྕོག་བཞག་བྱར་མེད་དོ། །རིག་པ་རིག་པ་ཞེས་པ་ནི། །རིག་ཅིང་གསལ་བས་རིག་པ་ཡིན། །རྣམ་རྟོག་སྔ་མ་རང་སར་གྲོལ། །ཕྱི་མའི་དེར་འཛིན་མ་ཤར་བའི། །བར་དེར་གཉེན་པོའི་བཅོས་སླད་བྲལ། །དྲི་བྲལ་སེང་དང་ཕྱེད་པ་འདི། །རིག་པ་ཡིན་


CMR054_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

པར་ངོས་ཟུངས་ཤིག །ངོ་བོ་སྟོང་ལ་རང་བཞིན་གསལ། །ཐུགས་རྗེ་ཀུན་ལ་སྣང་ནུས་པ། །དེ་ནི་རིག་པའི་གནས་ལུགས་ཡིན། །ཚོགས་དྲུག་སྟེང་དུ་རྩལ་ཡང་སྦྱངས། །གཟུགས་ཀྱི་སྟེང་དུ་རིག་རྩལ་སྤྲོ། །གསལ་སྟོང་ཆེན་པོ་ཉམས་སུ་ལོངས། །ཞེས་གསུངས་སོ། །བརྟག་གཉིས་ལས། གང་ཕྱིར་ཡིད་ཀྱིས་མི་སྒོམ་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཐམས་ཅད་ཆོས་ནི་ཡོངས་ཤེས་ནས། །སྒོམ་པ་ཉིད་ནི་བསྒོམ་པ་མིན། །ཅེས་དང་། གསང་འདུས་ལས། དངོས་པོ་མེད་ལ་སྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་གསུངས། བྲམ་ཟེ་ཆེན་པོས། འཇུར་བུར་བཅིངས་པའི་སེམས་ཉིད་འདི། །ཀློད་ན་གྲོལ་བར་ཐེ་ཚོམ་མེད། །དངོས་པོ་གང་གིས་རྨོངས་པ་བཅིངས། །མཁས་རྣམས་དེ་ཡིས་ཡོངས་སུ་གྲོལ། །ཞེས་དང་། ཇི་ལྟར་ནགས་ལ་མཆེད་པའི་མེ་ལྕེ་བཞིན། །གདོང་དུ་བབ་པ་འདི་ལྟར་སྣང་བ་ཀུན། །སེམས་ཀྱི་རྩ་བ་སྟོང་པ་ཉིད་དང་ལྷན་ཅིག་བྱོས། །ཞེས་དང་། བརྟག་གཉིས་ལས། གང་དང་གང་


CMR054_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

གིས་འཇིག་རྟེན་འཆིང་གྱུར་པ། །དེ་དང་དེ་ཡིས་འཆིང་བ་ལས་གྲོལ་ཏེ། །དེ་ཉིད་མི་ཤེས་འཇིག་རྟེན་མི་གྲོལ་ཞིང་། །དེ་ཉིད་རྣམ་སྤང་དངོས་གྲུབ་རྙེད་མི་འགྱུར། །ཞེས་དང་། ཆགས་པས་འཇིག་རྟེན་འཆིང་འགྱུར་བ། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །ཟློག་པའི་བསྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་དང་། སྤྱན་རས་གཟིགས་ཀྱིས་མི་ཏྲ་ཛཱ་ཀི་ལ་གདམས་པ་ལས། གང་སྐྱེས་གཉུག་མ་ཉིད་ཡིན་ཕྱིར། །གང་ཤར་དྲན་པས་མ་བརྗེད་ན། །དེ་ཤར་སྟོང་པ་ཉིད་བདག་ཏུ། །རྣལ་འབྱོར་རྒྱལ་པོ་གདོན་མི་ཟ། །གང་ཤར་ཐམས་ཅད་དེ་ཡིན་ཏེ། །དེ་ནི་གང་དུ་ཡང་མ་ཤར་བའོ། །དེ་ཕྱིར་གང་སྐྱེས་དེ་མ་སྐྱེས། །མ་སྐྱེས་པ་ཉིད་སྐྱེ་བའི་ཚུལ། །ཞེས་དང་། བྲམ་ཟེ་ཆེན་པོས། གང་ཞིག་སེམས་ལས་རྣམ་འཕྲོས་པ། །དེ་སྙེད་མགོན་པོའི་རང་བཞིན་ཏེ། །ཆུ་དང་རླབས་གཉིས་གཞན་ཡིན་ནམ། །སྲིད་དང་མཉམ་ཉིད་ནམ་མཁའི་རང་བཞིན་ནོ། །ཞེས་དང་། མངའ་བདག་མེ་ཏྲི་པས། མ་སྐྱེས་པ་ལ་རྣམ་རྟོག་གློ་བུར་བ། །རྣམ་རྟོག་དེ་ཡང་ཆོས་ཀྱི་དབྱིངས་ཉིད་དེ། །དེ་གཉིས་


CMR054_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་མེད་པར་གང་གིས་ཤེས། །དེ་ཉིད་ཟུང་དུ་འཇུག་པར་ངས་སྨྲའོ། །ཞེས་གསུངས་སོ། །ཊཱཀྐི་མ་ནོར་བུའི་འོད་ཅན་གྱི་ཞལ་ནས། །གང་འདིར་མ་རྟོགས་པ་ཡི་དུས། །ཤེས་པ་འཕྲོ་ཚད་རྣམ་རྟོག་སྟེ། །རྟོགས་པའི་དུས་ན་རྣམ་རྟོག་ཉིད། །སྤྲོས་བྲལ་ལས་ནི་མ་འདས་སོ། །འདི་ནི་མ་ཧཱ་མུ་ཏྲའི་མཚང་། །འཁྱག་པའི་ངོ་བོ་ཆུ་ཡིན་བཞིན། །རྟོགས་དང་མི་རྟོགས་གཉིས་མེད་པར། །མཁས་པས་ཁོང་དུ་ཆུད་པར་བྱ། །ཞེས་དང་། ལྷན་ཅིག་སྐྱེས་པ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། ལྷན་ཅིག་སྐྱེས་པ་སྤྲོས་བྲལ་ཕྱིར། །བསྒོམ་པར་བྱ་བ་མ་ཡིན་ཏེ། །རང་བཞིན་དམིགས་པ་མེད་པའི་རྒྱུན། །རྒྱུན་ཆད་མེད་པར་མི་བྱའོ། །ཞེས་དང་། ཡུམ་ལས། ཡིད་ལ་མི་བྱེད་པ་ནི་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ནོ། །ཞེས་དང་། བྲམ་ཟེ་ཆེན་པོས། སྤྲོས་དང་བྲལ་བའི་རང་གི་སེམས་མཐོང་ནས། །སྤྲོས་པ་ཆད་མེད་བྱེད་པའི་རྣལ་འབྱོར་ནི། །ནོར་བུ་རྙེད་ནས་འཆིང་བུ་ཚོལ་བ་བཞིན། །ཞེས་དང་། བསྒོམ་དུ་མེད་པའི་ཡིད་ལ་མི་བྱ་སྟེ། །ཐ་མལ་ཤེས་པ་རང་ལུགས་གཉུག་མ་ལ། །བཅོས་པའི་དམིགས་པ་


CMR054_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་མི་བསླད་དེ། །རང་བཞིན་དག་པའི་སེམས་ལ་བཅོས་མི་དགོས། །ཞེས་གསུངས་ཤིང་། ཤ་ཝ་རིས་ཀྱང་དེ་ལྟར་གསུངས། བིརླ་པས། ཡོད་མེད་ཅི་ལ་མི་རྟོག་མ་ཡེངས་ངང་ལ་ཞོག །སྟོང་པ་ཉིད་ཀྱང་སྐྱེ་མེད་བློ་ལས་འདས་པ་དང་། །མཐའ་བྲལ་ལ་སོགས་གང་ཡང་ཡིད་ལ་བྱེད་པ་ནི། །གནས་ལུགས་དོན་ལ་མི་གནས་ཤིན་ཏུ་ཡེངས་བའོ། །ཞེས་དང་། ཏེ་ལོ་པས། བློ་ཡི་ཆོས་ཀྱིས་བློ་འདས་དོན་མི་མཐོང་། །བྱས་པའི་ཆོས་ཀྱིས་བྱར་མེད་དོན་མི་རྟོགས། །ཞེས་དང་། ཤ་ཝ་རི་པས། ཡིད་ལ་བྱར་མེད་ཕྱག་རྒྱ་ཆེན་པོ་ལ། །བསྒོམ་རྒྱུ་རྡུལ་ཙམ་མེད་པས་མི་བསྒོམ་སྟེ། །སྒོམ་མེད་དོན་དང་འབྲེལ་མེད་སྒོམ་པའི་མཆོག །ཅེས་དང་། ཚིག་བསྡུས་ལས། རང་བཞིན་མ་བཅོས་རྣལ་མར་བཞག །བསམ་དུ་མེད་པ་ཆོས་ཀྱི་སྐུ། །མ་བཙལ་བཞག་ན་སྒོམ་པ་སྟེ། །བཙལ་ཞིང་སྒོམ་པ་འཁྲུལ་པའི་བློ། །ཞེས་དང་། ནག་པོ་པས། གང་ཞིག་བློ་ཡིས་རྟོགས་གྱུར་པ། ། །རྟོགས་པ་མ་ཡིན་རྟོག་པ་སྟེ། །དེ་ནི་སྔར་བཞིན་ནད་ཁམས་ལྡང་། །རྟོག་པའི་དོན་ལ་བསྒོམ་པ་དེ། །རྣམ་པར་རྟོག་པའི་ཉིད་འཁྲུལ་ཏེ། །ཡུལ་དང་


CMR054_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་པོ་ཉིད་མ་གྲུབ། །མི་རྟག་རྫུན་པས་བདེན་པ་མེད། །དེ་བས་དེ་ཉིད་འཁྲུལ་པའི་ལམ། །ཞེས་དང་། ཡེ་ཤེས་སྙིང་པོས་ཧ་ཅང་དཔྱད་ཆེས་ནའང་ལྷག་མཐོང་གི་སྐྱོན་དུ་འགྱུར། ཞེས་དང་། ཀ་མ་ལ་ཤི་ལས། ཆོས་ཐམས་ཅད་དོན་དམ་པར་རང་བཞིན་མེད་པར་བསམ་མོ། །རང་བཞིན་གང་ཡང་མེད་དོ་སྙམ་པ་གང་ཡང་། །ཡང་དག་པའི་ཤེས་རབ་ཀྱིས་སྤང་སྟེ། ཡོད་མེད་ལས་འདས་པའི་ཡུལ་དེ་ལྟ་བུ་ལ། ཤེས་པ་ཡང་ཡོད་མེད་ལས་འདས་པ་དེ་ལྟ་བུའི་དམིགས་པ་མེད་པར་བསྒོམ་པར་བྱའོ། །ཞེས་དང་། ནོར་བུ་གླིང་པ་བདེ་བའི་རྡོ་རྗེས། གཅིག་དང་དུ་བྲལ་གཏན་ཚིག་རྣམས། །འོད་གསལ་ཤེས་ན་དགོས་པ་མེད། །བདེ་ཆེན་དེར་སྣང་མངོན་སུམ་ལ། །ལུང་དང་རྗེས་དཔག་བཙལ་མི་དགོས། །མྱོང་བ་དངོས་པོའི་གཤིས་ཡིན་པས། །ཆད་པར་ལྟ་བའི་དོགས་པ་མེད།། །གང་ལ་དེ་འོ་མི་སེམས་པས། །སྒྲོ་འདོགས་ཆོད་པས་དོགས་པ་མེད། །ཅེས་དང་། ནམ་མཁའི་རྡོ་རྗེ་ལས། བདག་མེད་གཉིས་སུ་བསྒོམ་པ་ན། །འོད་གསལ་ཤིས་ན་དོགས་པ་མེད། །གླང་པོ་མངོན་སུམ་རྙེད་བཞིན་དུ། །གླང་པོའི་


CMR054_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ནི་ཚོལ་ལམ་ཅི། །ཞེས་དང་། བེ་རོ་ཙ་ནས་བསྒྱུར་བའི་དྷོ་ཧའི་འགྲེལ་པ་ལས། ཡང་དག་པར་ལྟ་བའི་བློ་ལས་ལོག་ནས། དྲན་རིག་རྣམ་རྟོག་གི་ལྟ་བ་ལ་སངས་རྒྱས་ཀྱི་དགོངས་པར་འདོད་དེ། སྣང་སྟོང་གཉིས་ཀ་གློ་བུར་བ་ཡིན་པས་བཅོས་མའོ། །ཞེས་གསུངས་སོ། །ཏེ་ལོ་པའི་ཞལ་ནས། མི་མནོ་མི་སེམས་མི་སྒོམ་མི་དཔྱད། སེམས་ནི་རང་བཞིན་དུ་གནས། ཞེས་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། དེ་ཡང་གང་དུ་ངོ་འཕྲོད་ཅིང་རང་ངོ་ཤེས་ཙམ་གྱིས་མི་ཆོག་སྟེ། དཔེར་ན་རྟ་རྒོད་ལོ་མང་པོར་ཡན་པར་བཞག་པས་བདག་པོས་ངོ་མ་ཤེས་པ་དེ་རྫི་བོས་ངོ་སྤྲོད་ནས་ཤེས་པ་ཙམ་གྱིས་མི་ཆོག་སྟེ། རྟ་རྒོད་ཐབས་ཀྱིས་བཏུལ་ཞིང་ཁོལ་དུ་བཏུབ་པ་ཞིག་དགོས་པ་ལྟར། སེམས་རྨུ་རྒོད་འདི་ཡང་ངོ་སྤྲད་པ་ཙམ་གྱིས་མི་ཆོག་སྟེ། ཀྱེ་མ་བདག་ལ་བསམ་གཏན་བར་དོ་འཆར་དུས་དེར། །རྣམ་གཡེང་འཁྲུལ་པའི་ཚོགས་རྣམས་སྤངས་བྱས་ནས། །ཡེངས་མེད་འཛིན་མེད་མཐོའ་བྲལ་ངང་ལ་འཇུག །ཅེས་གསུངས་པས། ལས་དང་པོ་པས་ཡེངས་མེད་ཀྱི་དྲན་པས་བསྐྱང་ཞིང་བསྒོམ་དགོས་ཏེ། རྟ་རྒོད་པོ་མ་དུལ་བའི་དུས་སུ་ཡེངས་མེད་བརྩོན་


CMR054_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུས་ཀྱིས་འདུལ་དགོས་ཤིང་། ཡེངས་ནི་རྟ་རྒོད་ཤོར་ཞིང་བརྡབས་ནས་ཕུང་བ་ལྟར། འདིར་ཡང་ལས་དང་པོ་པ་ཡེངས་ན་རྟོག་པ་རང་ཁར་འཆོར་ནས་ངན་སོང་དུ་ལྟུང་ཞིང་ཕུང་བར་འགྱུར་བས། ཡེངས་པ་མེད་པའི་དྲན་པས་སྒོམ་འཚོ་བར་བྱའོ། །ཞེས་དང་། དམིགས་པ་དང་བསྒོམ་རྒྱུ་ཅི་ཡང་མེད་པར་མ་ཡེངས་ཙམ་དུ་ཧྲིག་གེ །ས་ལེ། ཡེ་རེ། ཕྱམ་མེ་བཞག །དང་པོ་ཐུན་ཆུང་བ་ལ་བསླབ། གོམས་ནས་ཇེ་རིང་ཇེ་རིང་ལ་བསླབ་ཅིང་། འཕྲོ་འཇོག་པའི་ཚེ། ཧར་ལང་དུ་མི་བྱ་བར་སྒོམས་ཉམས་དེ་མ་ཤོར་བར་དལ་བུས་ལང་ལ་རིག་པ་ངང་མ་ཤོར་བར་མ་ཡེངས་འཛིན་མེད་ཀྱི་ངང་ལ་འགྲོ། བཟའ་བཏུང་སྨྲ་བརྗོད་སོགས་བྱ་བ་གང་བྱེད་ཀྱང་ཡེངས་མེད་ཀྱི་དྲན་པའི་སོ་མ་ཤོར་བར་བསྐྱང་། མཉམ་བཞག་ལ་བྱུང་ནས་རྗེས་ཐོབ་ལ་མ་བྱུང་ན། ཆོས་སྤྱོད་འགྲོ་འཆགས་ཉལ་འདུག་སྤྱོད་ལམ་གང་བྱེད་པ་དང་བསྲེས་པས། ཅི་བྱེད་སྒོམ་དུ་འཆར་རོ། །ཞེས་དང་། ཐུགས་རྗེ་ཆེན་པོ་གསང་འདུས་རྒྱུད་ལས་ཀྱང་། སྒྲིམ་ཀློད་སོར་བཞག་ཆ་ཡང་མཉམ། །སྤྲོས་བྲལ་སྟོང་པའི་ངང་བསྒོམ་བྱ། །ཞེས་པས། དང་པོ་དྲེད་ཐག་ཆུར་


CMR054_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་པ་ལྟར། ལུས་གནད་དང་རིག་པ་ཀྲིམ་མེ་བསྒྲིམ། དེའི་ངང་ལ་ལྷོད་ཀྱིས་ཀློད། དེ་ཀའི་རྗེས་དེ་སོ་མ་ཙན་ནེ། ཧྲིག་གེ་སེང་ངེ་ཐལ་ལེ་བཞག་པས་བསྒྲིམས་པ་དེས་གསལ་ཆ་སྟོན། ཀློད་པ་དེས་ཧྲིག་གེ་དང་བདེ་ཆ་སྟོན། དེ་སོ་མར་བཞག་པའི་སྟོང་པ་དང་། གཏད་མེད་གཉུག་མ་སྟོན་པས། དེ་རྣམས་ཐུན་དང་ལྟ་སྟངས་གཅིག་གི་ངང་དུ་འཇོག་པ་དེ་ལ་སངས་རྒྱས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པའི་སྒོམ་ཟེར་རོ། །དེ་ལ་ཡུན་དུ་བསྒོམ། དེ་ཡང་རྣམ་རྟོག་འགྱུ་ན་བསྒྲིམ། གསལ་ཆ་ཆུང་ན་ཀློད། སྐྱོན་མེད་ལ་སོར་བཞག་གཙོ་བོར་བྱའོ། །དེ་ཚེ་རིག་ཐོག་ན་ངོ་བོ་སྟོང་སེང་ངེ་བ། རང་བཞིན་གསལ་རྗེན་ནེ་བ། རྩལ་གཏད་མེད་དུ་ཐལ་ལེ་བ། གསལ་རིག་སྟོང་གསུམ་ངང་གཅིག་ན། གནས་པ་དེ་ལ་སྐྱོན་མེད་ཀྱི་ཕྱག་རྒྱ་ཆེན་པོ་ཡིན་པས་རྒྱུད་ནས་སྤྲོས་བྲལ་སྟོང་པའི་ངང་བསྒོམ་བྱ། ཞེས་པ་ཡིན་ནོ། ཞེས་དང་། སྲོང་བཙན་སྒམ་པོས། ཐུགས་རྗེ་ཆེན་པོའི་ཆོས་འདི་ཕྱག་རྒྱ་ཆེན་པོ་དང་བསྟུན་པ་ལས། བསྒོམ་པ་ལ་ཡང་དཔེ་དོན་ཕྲུག་གཉིས་ཀྱིས་གཏན་ལ་དབབ་སྟེ། དང་པོ་འོད་གསལ་རྟོག་མེད་མར་མེ་རླུང་གིས་མ་བསྐྱོད་


CMR054_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུ་ནི། དཔེར་ན་མར་མེ་རླུང་གིས་མ་བསྐྱོད་པ་དེ་རྩ་བ་འབར། སྐེད་པ་གསལ། རྩེ་མོ་རྣོ་བ་ལྟར་སེམས་མ་བཅོས་པ་ལ་བཞག་པས་སོ་མ་རང་དྭངས་ལྷུག་པར་འདུག་པ་ན། གཉིས་པ་དྲན་རྟོག་སྟོང་པར་ཤེས་པ་རྐུན་མ་ངོས་ཟིན་པ་ལྟ་བུ་ནི། དཔེར་ན་རྐུན་མ་ངོ་ཤེས་པས་རྐུ་མི་ནུས་པ་ལྟར། བྱིང་རྒོད་ཀྱི་ཉམས་རྟོག་ཅི་བྱུང་ཡང་ངོ་བོ་དེ་སྟོང་པར་ཤེས་པའི་དྲན་པ་ཙམ་གྱིས་ཕྱག་རྒྱ་ཆེན་པོར་གནས་སོ། །སྤྱོད་པ་ལ་དཔེ་དོན་ཕྲུག་གཉིས་ཀྱིས་གཏན་ལ་དབབ་སྟེ། གཉིས་མེད་ཐུག་འཕྲད་མ་བུ་ངོ་འཕྲོད་པ་ལྟ་བུ་ནི། དཔེར་ན་མ་དང་བུ་ངོ་ཤེས་ནས་ཡིན་མིན་གྱི་ཐེ་ཚོམ་མེད་པ་ལྟར། སྣང་བ་ལ་གང་ཤར། ཡིད་ལ་ཅི་དྲན་ཡང་དེ་ཉིད་ཕྱག་རྒྱ་ཆེན་པོར་ངོ་ཤེས་པའོ། །དེ་བཞིན་དུ་སྲོང་བཙན་སྒམ་པོས་ཐུགས་རྗེ་ཆེན་པོའི་ཆོས་འདི་རྫོགས་པ་ཆེན་པོ་དང་སྒོ་བསྟུན་ནས་གསུངས་པ་ལས། ཆོས་ཉིད་ཐུག་འཕྲད་ཀྱི་དགོངས་པ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུ་ནི། །ཆོས་ཉིད་ཅེས་བྱ་བ་གཞན་ན་མེད། རང་གི་སེམས་ཉིད་ངོས་བཟུང་མེད་པར་གནས་པ་འདི། དཔེར་ན་སྔར་འདྲིས་ཀྱི་མི་དང་ཕྱིས་འཕྲད་ན་དེར་འདུག་སྙམ་དུ་ཝལ་གྱིས་ངོ་ཤེས་པ་


CMR054_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། རང་གི་སེམས་ཉིད་འདི་བླ་མས་བསྟན་པ་ཙམ་གྱིས་ཆོས་ཉིད་དུ་ངོ་ཤེས་པའོ། །རྣམ་རྟོག་ཡེ་ཤེས་སུ་འཆར་བའི་དགོངས་པ་ནགས་ལ་མེ་མཆེད་པ་ལྟ་བུ་ནི། ད་ལྟར་གྱི་རྣམ་པར་རྟོག་པ་བར་མཚམས་མེད་པ་འདི་ལ་ངོས་བཟུང་མེད་དེ། དཔེར་ན་ནགས་འཐུག་པོར་གཅིག་ལ་མེ་འབར་ན་རྩི་ཤིང་ཐམས་ཅད་མེ་ཡི་གྲོགས་བྱེད་པ་ལྟར། དུས་གསུམ་གྱི་རྣམ་རྟོག་ཕྲ་རགས་ཐམས་ཅད་དང་པོ་བྱུང་ས་མེད་དེ་སྟོང་། བར་དུ་གནས་ས་མེད་དེ་སྟོང་། ཐ་མར་འགྲོ་ས་མེད་དེ་སྟོང་པས། སྟོང་པའི་ཡེ་ཤེས་ཁོ་ནར་འཆར་བ་ཡིན་ཏེ། མཚན་མ་རང་གྲོལ་གྱི་དགོངས་པ་ཆུ་ལ་ཆུ་ཐིམ་པ་ལྟ་བུ་ནི། དངོས་པོ་མཚན་མར་སྣང་བའི་ཆོས་ཐམས་ཅད་ཆོས་ཉིད་ལས་མ་འདས་པ་སྟེ། དཔེར་ན་ཆུ་བུར་ཆུ་ལས་བྱུང་ནས་ཆུ་ཉིད་དུ་ཐིམ་པ་ལྟར། ཆོས་ཐམས་ཅད་ཆོས་ཉིད་ལས་བྱུང་ནས། ཆོས་ཐམས་ཅད་རང་སར་གྲོལ་བའོ། །ཞེས་གསུངས་སོ། ཌོམྦྷི་ཧེ་རུ་ཀའི་དགོངས་པ། དྭགས་པོ་རིན་པོ་ཆེས་གསུངས་པ་ནི། ཆུ་མ་རྙོགས་ན་དྭངས་བ་བཞིན་དུ་ཚུལ་མ་བཅོས་པར་བཞག་གོ །ཉི་མ་སྤྲིན་གྱིས་མ་བསྒྲིབས་པ་བཞིན་དུ། ཚོགས་དྲུག་མི་འགགས་པ་ལྟར་རང་ལུགས་སུ་


CMR054_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་གོ །དུས་དང་སྤྱོད་ལམ་ཐམས་ཅད་དུ་མ་ཡེངས་པར་བཞག་གོ །ཞེས་དང་། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་ཞལ་ནས། སེམས་མེད་སེམས་ཀྱི་སེམས་ལ་ལྟོས། །མཐོང་རྒྱུ་བྱུང་ན་སེམས་ཉིད་མིན། །མཐོང་མེད་མཐོང་བ་སེམས་ཉིད་མཐོང་། །མཐོང་མེད་སེམས་ལ་མ་ཡེངས་ཞོག །ཅེས་དང་། རྗེ་བཙུན་ས་སྐྱ་པཎ་ཆེན་གྱིས། རང་བྱུང་ཡེ་ཤེས་སྐྱེས་པ་ན། །རྟོག་པ་ཀུན་ཀྱང་ཡེ་ཤེས་ཀྱི། །ངོ་བོ་ཉིད་དུ་གྱུར་པ་སྟེ། །བསྒོམས་དང་མ་བསྒོམས་ཁྱད་པར་མེད། །རྣམ་རྟོག་ཆོས་ཀྱི་དབྱིངས་སུ་ཐིམ། །ཞེས་གསུངས་སོ། །སྐྱེ་མེད་ཞང་གི་ཞལ་ནས། ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ། །འདི་བྱའི་གཏད་སོ་མི་གདའོ། །སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི། །གོ་རིམ་མེད་ཅིང་གྲངས་ངེས་མེད། །དུས་ཚོད་ཚེས་གྲངས་བརྩི་མི་དགོས། །ནམ་དྲན་འགྲོགས་ལ་ཀློད་ལ་ཞོག །དང་པོ་བར་དང་ཐ་མ་མེད། །རང་སེམས་སྐྱེ་མེད་རྒྱུན་མི་འཆད། །ཆུ་རླབས་རྙོག་མ་ལང་ལོང་འདི། །མ་རྟོག་རང་གར་བཞག་པས་དྭངས། །རང་སེམས་རྟོག་པའི་སྒྲིབ་གཡོགས་འདི། །མ་བཅོས་རང་སར་བཞག་ན་དྭངས། །


CMR054_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་བཅོས་མ་བྱེད་ཀློད་ལ་ཞོག །ཤེས་པ་མ་དགུག་ཡན་པར་ཐོངས། །ཞེ་འདོད་མ་བྱེད་ཕྱལ་བར་ཐོངས། །དམིགས་གཏད་མ་བཅད་ཕྱལ་བར་ཐོངས། །བྱ་བྱེད་མ་མང་ཙན་ནེ་ཞོག །སེམས་ཀྱི་བཞག་པ་མ་ཚོལ་བར། །རྟེན་མེད་བར་སྣང་ལྟ་བུར་ཞོག །འདས་དང་མ་འོངས་ད་ལྟ་ལ། །མི་བསམ་ཤེས་པ་སོ་མར་ཞོག །རྣམ་རྟོག་འཕྲོ་རུང་མི་འཕྲོ་རུང་། །ཆེད་དུ་མ་བསྒོམ་ལྷུག་པར་ཞོག །མདོར་ན་ཅི་ཡང་མ་བསྒོམ་པར། །ཤེས་པ་ཅི་དགར་ཐོངས་ལ་ཞོག །གང་ལ་ཡང་ཉམས་དང་བྱ་མི་དགོས། །ཆོས་སྐུའི་ངང་ལས་གཡོ་རེ་ཤི། །གསུངས་སོ། །དཔལ་རྒོད་ཚང་པའི་ཞལ་ནས། གཉུག་མ་བསམ་བརྗོད་བྲལ་བའི་ངང་ལ་ཤེས་པ་འབོལ་ལེ་ཤིག་གེ་ཞོག་གསུངས། ཞོག་བྱ་བ་འདི་རང་ཡང་ཚིག་ཡིན། བཟུང་ལ་བཞག་རྒྱུའམ། བཏེག་ནས་བཞག་རྒྱུའམ། བཅོས་ལ་བཞག་རྒྱུའང་མེད་དེ། ཡིན་ལུགས་ཀྱི་སྟེང་དུ་ཡིན་བཞིན་འཇོག་པ་ལས་བློས་བྱས་ལ་བསྒོམ་རྒྱུ་མེད། ལྷ་མི་གསལ་བའི་བསྒོམ་རྒྱུ་མེད། སྙིང་པོ་མི་ལྕོགས་པ་ལ་འདོན་རྒྱུ་མེད། ཐབས་ལམ་མི་གཅུན་པ་ལ་གཅུན་རྒྱུ་མེད། སེམས་ཁོ་རང་རང་བབས་སུ་འཇོག །བཟོ་


CMR054_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གཉེར་ཁ་མེད་པར་འཇོག་པའོ། །མ་བཅོས་པར་ཞོག་ཅིག་བྱས་ཀྱང་། བཅོས་ཤིང་བདེ་བདེ་གཅིག་འདོད་གནས་གནས་པོ། དྭངས་དངས་པོ། །གསལ་གསལ་པོ། མེད་མེད་པོ། །སྟོང་སྟོང་པོ་ཞིག་འདོད། དེ་བཞིན་མི་བྱ་དེའི་འཇོག་ལུགས་སོ་མ་ལྷུག་པ་རང་དྭངས་གསུམ་དུ་བཞག །དེ་ཡང་སོ་མ་ཤོར་བས་སོ་མ་འབད་རྩོལ་མེད་པས་ལྷུག་པ། གཉེན་པོ་མེད་པས་རང་དྭངས་སུ་ཞོག །ཅེས་གསུངས་སོ། ཡང་དགོན་པའི་ཞལ་ནས། རྣམ་རྟོག་ཏོལ་གྱིས་སྐྱེས་པའི་ངོ་བོ་གཤིས་ཅི་ཡང་མ་ཡིན་པ་གདང་ཅི་ཡང་མ་འགགས་པ། ངོ་བོ་ཅིར་ཡང་མི་རྟོག་པར་གསལ་སྟོང་རྗེན་ལྷག་གིས་འཆར་ཏེ། དེ་བཞིན་དུ་རྣམ་རྟོག་གཅིག་སྐྱེས་ངོ་བོ་ལ་ལྟ། གཉིས་སྐྱེས་ངོ་བོར་བལྟས་པས། རྣམ་རྟོག་གང་སྐྱེས་ཐམས་ཅད་ཟླ་མེད་དུ་རྒྱང་རྒྱང་། དུམ་བུར་སྤྱད་སྦྱད། ཟང་ཐལ་དུ་ཐ་ལ་ལ། ཡུལ་མེད་དུ་རྗེན་ནེ། འཛིན་མེད་དུ་ཁྲོ་ལོ་ལོ་འགྲོ་སྟེ། སངས་རྒྱས་པ་ལ་འདི་ཐག་ཉེ། འཁོར་བ་འདི་རང་གཟན། འཁོར་བ་ཟིལ་གྱིས་གནོན་པ་ཡིན། འཁོར་བ་བཀྲག་མེད་དུ་བྱེད་པ་ཡིན། འཁོར་བ་ཧྲུལ་པོར་བྱེད་པ་ཡིན།


CMR054_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལམ་ཐབས་ཤེས། སྣང་སྟོང་རིམ་སྐྱེས་པ་ལ་སོགས་པ་ཐུན་མོང་དང་ཁྱད་པར་རམ། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡང་ཤེས་པ་སྐད་ཅིག་མའི་ཐོག་ཏུ་ལྷག་ཆད་མེད་པར་ཚང་ཞིང་ཕུན་སུམ་ཚོགས་པ་ལ། གཤིས་རང་གདོད་ནས་དེ་ལྟར་གནས་པས་རང་བྱུང་། དེ་ཟག་པ་མེད་པའི་ལམ་ཐམས་ཅད་ཀྱི་སྙིང་པོ་རང་གྲོལ་ལ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། གཞི་འཁོར་འདས་ལ་མི་གནས་པའི་གནས་ལུགས། ལམ་འཁོར་འདས་ལ་མི་གནས་པའི་ཟུང་འཇུག །འབྲས་བུ་འཁོར་འདས་ལ་མི་གནས་པ་མྱ་ངན་ལས་འདས་པ་སྟེ། ཤེས་པ་སྐད་ཅིག་མའི་ཐོག་ཏུ་སུས་ཀྱང་བཟོ་མ་བྱས་པར་གནས་ལུགས་ཀྱི་རང་གྲོལ། ལམ་ཚང་ལ་མ་ནོར་བར་ཁྲང་ངེ་བ་དེ་ལ་རང་བྱུང་སྙིང་པོ་རང་གྲོལ་ཞེས་བྱའོ། །ཐ་མལ་གྱི་ཤེས་རྒྱུད་འདི་ཉིད་ཡུལ་མེད་ཀྱི་ཆོས་སྐུ་རྗེན་པར་ངོ་ཤེས་ནས། དེ་སུས་ཀྱང་བཟོ་མ་བྱས་པར་རང་བྱུང་། གདོད་མ་ནས་དག་པའི་གཉུག་མ། གཤིས་རང་དེ་བཞིན་དུ་འདུག་པས་རང་བབ་སྟེ། བསྒོམ་རང་བྱུང་གཉུག་མའི་རང་བབས་སོ། །དེ་ལྟ་བུ་དེ་སྐྱོང་བར་བྱེད་པ་ལ་མ་ཡེངས་པའི་ངང་ལས་མི་བསྒོམ་པར་བཞག་པ་གལ་ཆེ། ཡེངས་ན་སོ་སོ་སྐྱེ་


CMR054_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བོར་འདུག་པ། བསྒོམ་ན་གང་བསྒོམས་ཀྱང་གོལ་ས་ལས་མི་འདུག་པས་བསྒོམ་རྒྱུ་མེད་པའི་ངང་ནས་མ་ཡེངས་ཤིག །ཅེས་གསུངས་སོ། །གྲུབ་ཆེན་ཨོ་རྒྱན་པའི་ཞལ་ནས། མ་བཅོས་སོ་མར་བཞག་པ། དྲན་རྟོག་རང་ཡན་དུ་བཏང་བ། སྣ་ཚོགས་གྲོགས་སུ་འཆར་བ། སྣང་བ་རྒྱ་ཡན་དུ་སྐྱོང་བ་དང་བཞི། དེ་ལ་དང་པོ་མ་བཅོས་སོ་མར་བཞག་པ་ནི། བྲམ་ཟེས་སྐུད་པ་འཁེལ་བ་བཞིན་དུ་ལྷོད་དེ་བཞག །སོག་མའི་ཕོན་ཐག་ཆད་པ་བཞིན་དུ་ཤིག་གེ་བཞག །འབོལ་གྱི་སྟེང་དུ་བརྩིས་པ་བཞིན་དུ་འབོལ་ལེ་བཞག །དེ་ལྟར་མ་ཡིན་པར་སྲིན་བུ་ཁ་ཆུས་འཐུམ་པ་བཞིན་དུ་རང་གིས་རང་བཅིངས། བྲག་སྐེད་ཀྱི་ཤིང་ཐུན་བཞིན་དུ་ལུས་སེམས་ཐམས་ཅད་བསྡམས་ཀྱང་སེམས་ཁོ་སྡོད་དུ་མི་འདོད། བསྒོམ་བྱ་སྒོམ་བྱེད་དང་བྲལ་བའི་ངང་ནས། སེམས་སྐུ་གསུང་ཐུགས་སུ་ཆུན་པར། མ་ཡེངས་ཙམ་གྱིས་རྒྱང་སོ་བཙུགས་ནས། རང་སར་ཕྱ་ལེ་རྒྱ་ཡན་དུ་བཏང་བས། རྗེའུ་བཟུང་ནས་རྔ་མོ་བཏང་བ་བཞིན་དུ་རང་མལ་དུ་འཁོར་ནས་འོང་བ་ཡིན། དེས་ན་སེམས་འཛིན་པའི་གནད་ལ་མ་ཡེངས་པའི་ངང་དུ་མི་བསྒོམ་པར་ཀློད་ཤེས་པ་ཞིག་ཁོ་


CMR054_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཟབ་པ་ཡིན་ཏེ། ལར་ཀློད་ཤེས་པ་འདི་ཀ་སླ་མོ་ཞིག་མ་ཡིན་གསུངས། གཉིས་པ་དྲན་རྟོག་རང་ཡན་དུ་བཏང་བ་ལ། སེམས་འདི་ཡེ་གདོད་མ་ནས་ཆོས་ཀྱི་སྐུར་གནས་པ་ཡིན། དེའི་རང་གཟུགས་དྲན་རྟོག་སྣ་ཚོགས་སུ་ཚོགས་དྲུག་པོ་འདིའི་སྟེང་ན་རེས་འཇོག་ཏུ་ཡུལ་ཡུལ་རྒྱུག་པ་ཞིག་ཡོད་པ་ཡིན་ནོ། །དེ་ཐམས་ཅད་རང་སར་རང་ངོ་ཤེས་པའི་མྱོང་བ་རྒྱུད་ལ་སྐྱེས་ནས་ཕྱག་རྒྱ་ཆེན་པོའི་ངོ་བོ་མཐོང་བ་སྟེ། དེ་ལྟ་བུའི་རྟོག་པ་དེ་ལ་བསྒོམ་པ་མ་ཡིན་པའི་ངན་པ་ཞིག་འབོར་རྒྱུའམ། དེ་ལས་བཟང་བ་ཅིག་ལོག་ནས་བསྒྲུབ་རྒྱུ་མེད་དེ་གང་ཤར་གྱི་རྟོག་པ་དེ་ཀའི་སྟེང་དུ། མ་ཡེངས་པ་ཆུ་བོའི་རྒྱུན་བཞིན་དུ་ཉམས་སུ་ལེན་པ་ཡིན། གསུམ་པ་སྣ་ཚོགས་གྲོགས་སུ་ཁྱེར་བ་ནི། ཆོས་བརྒྱད་ཀྱི་སྣང་བ་གང་ཤར་ཡང་། སྐྱོན་དུ་མི་ལྟ་བར་གྲོགས་སུ་གཅོད་པ་སྟེ། དེ་ལྟ་བུའི་དེའི་གནད་ཤེས་ན་མི་རྟོག་པ་ཆེད་དུ་ན་བཙལ་མི་དགོས། རྣམ་རྟོག་ལ་སྐྱོན་དུ་ལྟ་མི་དགོས། ཉམས་ལེན་གྱི་མུ་གེ་མི་ཡོང་བར་སྐུ་རྒྱལ་གྱི་མགོ་ནས་ཟིན་པ་ཡིན་པས། སེམས་གནས་གནས་པོ། གསལ་གསལ་པོ། བདེ་བདེ་པོ་མ་ཚོར་བར། གང་ཤར་ལ་སྤང་བླང་མེད་པར་ཉམས་སུ་


CMR054_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་ཤིག །འདི་ལྟར་ཐ་མལ་གྱི་ཤེས་པ་བཟོ་བཅོས་མེད་པར་རང་རིག་རང་གསལ་འདི་ཉིད་ཆོས་ཐམས་ཅད་ངོ་སྤྲད་ནས། གང་སྐྱེས་ཀྱི་དྲན་རྟོག །གང་ཤར་གྱི་སྣང་བ། བྱ་བྱེད་ཀྱི་མྱོང་ལམ་ཐམས་ཅད། ཕྱག་རྒྱ་ཆེན་པོའི་ངོ་བོར་ཤར་ཏེ། གསེར་གླིང་དུ་རྡོ་བཙལ་བས་མི་རྙེད་པ་བཞིན་དུ། འདི་ལྟར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད། རང་ས་རང་ས་ནས་སོ་མ་ཉམས། མདོག་མ་སྒྱུར་བ། བཟོ་མ་བྱས་པར་གཉུག་མ་ཕྱག་རྒྱ་ཆེན་པོའི་ངོ་བོར། རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འཆར་བ་ཡིན། ཅེས་གསུངས། རྫོགས་ཆེན་ཨ་རོ་སྙན་བརྒྱུད་གཡག་སྡེ་པཎ་ཆེན་གྱི་ལུགས་ལས། རིག་པ་གསལ་སྟོང་འཛིན་མེད་ཀྱི་ངང་དུ་ལྷོད་ཀྱིས་ཀློད། ཤིགས་ཀྱིས་བཤིག །ཅོག་གིས་འཇོག་འཆར་སྒོ་མི་དགག །གཉེན་པོ་མི་སྤང་། བློས་མི་སྒྱུར། བཟོ་བཅོས་མི་བྱེད། གང་ལྟར་ཤར་ཞིང་ཇི་ལྟར་སྣང་བ་དེ་ཀ་ལྟར་ཁ་ནང་དུ་ལོག་ནས་བཅས་བཅོས། དང་དགག་སྒྲུབ་མི་བྱེད་པར། རང་ལུགས་སུ་ལྷོད་དེ་ཞོག །འཛིན་མེད་དུ་གསལ་ལེ་ཞོག །ཨ་རོའི་ཅོག་བཞག་ཆེན་མོ་ཟེར། ཨ་ཙ་བར་བྱེད། ཡིན་ཡང་ཡིན་པར་འདུག་


CMR054_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། གདོང་མཁའ་སྤྱོད་པས། ས་ར་ཧ་ཞལ་གཟིགས་དུས་ས་ར་ཧའི་ཞལ་ནས། ཀྱེ་ཧོ་བུ་ཉོན་རང་སེམས་ལྟོས། །ད་ལྟའི་ཤེས་པ་མ་བཅོས་པ། །དུས་གསུམ་རྒྱལ་བའི་དགོངས་པ་སྟེ། །རྟག་ཆད་མུ་མཐའ་ཀུན་ལས་གྲོལ། །སྒྲིབ་བྲལ་མངོན་སུམ་གྱུར་པ་འདི། །སྤང་བླང་རེ་དོགས་བྲལ་བས་ན། །ཇི་ལྟར་སྣང་བའི་སེམས་ཉིད་ལ། །དེ་ལས་བཅོས་པར་མ་བྱེད་ཀྱེ། །ལུས་སེམས་གྲུབ་མིན་ནམ་མཁའ་ཡི། །འཇའ་ཚོན་ཇི་བཞིན་སྣང་ཡང་སྟོང་། །དེ་ལྟར་གང་གིས་རྟོགས་པ་དེ། །ནམ་མཁའ་ནམ་མཁའ་ལ་ཐིམ། ལྟད་མོ་ཆེན་པོ་འབྱུང་ངོ་བུ། །ཞེས་གསུངས། རྒྱ་སྟོན་ཆོས་ཀྱི་བཟང་པོའི་ཞལ་ནས། གང་ཤར་གང་བྱུང་ངོ་བོ་ལྟོས། །ལྟ་མཁན་འདུག་ན་དེ་ཡང་ལྟོས། །བདེ་ན་བདེ་བའི་ངོ་བོ་ལྟོས། །ལྟ་མཁན་བྱུང་ན་དེ་ཡང་ལྟོས། །སྡུག་ན་སྡུག་པའི་ངོ་བོ་ལྟོས། །ལྟ་མཁན་འདུག་ན་དེ་ཡང་ལྟོས། །བལྟས་པས་ལྟ་རྒྱུ་མ་རྙེད་ན། །དེ་ཡང་མ་འཛིན་ཕྱལ་བར་སྐྱུར། །ལྟ་མཁན་རང་ཡང་མ་རྙེད་ན། །དེ་ཡང་མ་འཛིན་ཕྱལ་བར་སྐྱུར། །ཅེས་གསུངས། ཐུགས་རྗེ་ཆེན་པོའི་ཚེམ་བུ་དམར་ཁྲིད་ལས། རྫོགས་རིམ་ནི་ལུས་


CMR054_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

གནད་རྣམ་སྣང་གི་ཆོས་བདུན་བཅའ། རླུང་རང་སོར་བཞག །སེམས་ཅི་ཡང་ཆེད་དུ་ཡིད་ལ་མི་བྱེད་པར་རྩེ་གཅིག་ཏུ་ཧྲིག་གེ་འཇོག་པ་ནི། དང་པོར་མ་ཡེངས་པར་འཇོག་པའོ། །དེ་གོམས་ནས་རྟོག་པ་གང་ཤར་ངོས་བཟུང་སྟེ། དེའི་ངོ་བོ་ལ་རང་གར་འཇོག་པ་ནི་བར་དུ་མ་བཅོས་པར་འཇོག་པའོ། །དེ་བརྟེན་ནས་ཤེས་པ་ཡུལ་ཡུལ་ཅན་ཐམས་ཅད་ལ་གར་འགྲོ་ཕྱམ་མེར་བཏང་སྟེ་དེ་ཐོག་ཏུ་ཀློད་པ་ནི་ཐ་མ་ཅི་དགར་བཏང་བའོ། །བྱིང་ན་བསིལ་སར་བསྡད་ལ་ལྟ་སྟངས་སྟོད། རྒོད་ན་དྲོ་སར་བསྡད་ལ་ལྟ་སྟངས་སྨད་འདོ། །ཞེས་དང་། དཔལ་གཙུག་ལག་ཕྲེང་བའི་ཞལ་ནས། དེས་ན་བདེ་བ་དང་སྡུག་བསྔལ་ཉོན་མོངས་པ་དུག་གསུམ་ལ་སོགས་བཟང་ངན་གྱི་རྟོག་པ་གང་སྐྱེས་ཀྱང་རྗེས་སུ་མི་འབྲང་བར་དེ་རང་ལ་ཁ་ནང་དུ་ལོག་སྟེ་ཅེར་བལྟས་པས། ཆུ་ཐམས་ཅད་ཀྱི་རླན་པ་ལ་ཁྱད་མེད་པ་ལྟར་ཤེས་པ་ཐམས་ཅད་ཀྱི་རང་ངོ་སྟོང་གསལ་རང་བཞིན་གྱིས་དག་པ་ཁོ་ནར་ལྷག་གིས་འཆར་བས་གང་ལ་ཡང་དགག་བསྒྲུབ་བྱ་རྒྱུ་མེད་ཅིང་བྱེད་མི་དགོས་པར་ནང་ནས་ཤེས་ཏེ་བློ་བྲལ་དུ་ལྷུན་གྱིས་གྲུབ་པར་འགྱུར་རོ། །ཡང་དག་པའི་མཐོང་བ་འདིས་ཟིན་པའི་


CMR054_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་སོགས་དགེ་བ་ཅི་བྱས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མིང་ཐོབ་ཅིང་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་གྲུང་པོ་ཚོགས་གཉིས་ཟུང་འཇུག་ཏུ་འགྱུར། ཐེག་པ་ཐམས་ཅད་ཀྱི་ཡང་དག་པའི་དོན་གཅིག་ཆར་དུ་བསྒོམ་པར་འགྱུར་ཏེ། ཞི་ལྷག་ཟུང་འཇུག་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་འགྱུར་བ་ཡིན་ནོ། གསུངས་སོ། །དྲུང་ཆེན་ཀུན་དགའ་རྣམ་རྒྱལ་པའི་ཞལ་ནས། ཏིང་ངེ་འཛིན་གྱི་གནད་ལ་སེམས་རང་ལུགས་སུ་ཀློད་ལ་ཞོག །ཀློད་པའི་སེམས་ཀྱི་ངོ་བོ་ལ་རྗེན་ལྷང་གིས་ལྟོས། མ་ཡེངས་པ་ཙམ་གྱིས་དྲན་པ་རྒྱུན་ཆགས་སུ་བརྟེན། རྣམ་རྟོག་ཅི་ཤར་ཡང་ཆེད་དུ་སྤང་བླང་དང་བཅས་བཅོས་གང་ཡང་མི་བྱེད་པ་རང་ངོ་ལ་ལྟོས། ཞེས་གསུངས་སོ། །བསྒོམ་སྐྱེ་བའི་རེ་བ། མ་སྐྱེས་པའི་དོགས་པ། ཡག་ཏུ་རེ་བ། ཉམས་རྟོགས་བཟང་བའི་རེ་བ། གེགས་དང་གོལ་སར་ཤོར་བའི་དོགས་པ། སྤུ་རྩེ་ཙམ་ཡང་མ་བྱེད་པར་བསྒོམ་རྒྱུ་ཅི་ཡང་མེད་པར། མ་ཡེངས་ཙམ་གྱི་དྲན་རྫི་བརྟེན་པར་མཛོད་ཅིག་ཚར་རོ།། །། ༈ ཁམས་སྟོད་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་དྲུག་པ་ཕྱག་རྒྱ་ཆེན་པོའི་ཁྲིད།


CMR054_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

༼མ༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་དྲུག་པ་ཕྱག་རྒྱ་ཆེན་པོའི་ཁྲིད་བཞུགས་སོ།།


CMR054_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། ཉམས་རྟོགས་ཇི་ལྟར་འཆར་ཚུལ་ནི། དེ་ལ་སྔོན་འགྲོ་དང་དངོས་གཞིའི་ཆོས་རྣམས་བརྩོན་འགྲུས་ཆེན་པོས་ཉམས་སུ་བླང་ན། སྔོན་འགྲོའི་རྟགས་དང་དངོས་གཞིའི་རྟགས་རྣམས་འཆར་ཏེ། །ཡུན་མི་འགོར་བར་རྟགས་རྣམས་དུས་གཅིག་ལ་འཆར་བ་ནི། སྔོན་གྱི་ལས་འཕྲོ་ཅན་གང་ཟག་ཅིག་ཆར་བ་ཞེས་བྱ་སྟེ་དཀོན། རྟོགས་རྣམས་མ་ངེས་པ་འཆར་ཞིང་མཐོ་དམན་ཆེ་བ་ནི། གང་ཟག་འབྲིང་ཐོད་རྒལ་བའི་རིགས་ཡིན་པས་བསྒོམ་ན་རྩལ་ཆེ་སྟེ། རྐྱེན་གྱིས་ཁྱེར་ན་ཐ་མལ་པར་


CMR054_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཉན་ཡོད། རིམ་སྐྱེས་པ་ནི་རྟགས་འོང་དཀའ་སྟེ། གཉུག་བསྲིངས་ནས་བསྒོམས་པས་མུས་ཀྱིས་འོང་། སྔོན་འགྲོ་རྣམས་བསྒོམས་པས་རྟགས་ཀྱང་། ནམ་འོང་ངེས་པ་རང་མེད། རིམ་པ་ལྟར་འོང་བ་དང་། འཆར་ནས་འོང་བ་མ་ངེས་པས་རྟགས་ཐོན་མ་ཐོན་ཤེས་པར་བྱས་ལ། རྟགས་བཟང་བ་ལ་ཧ་ཅང་དགའ་བྲོད་ཀྱང་མི་བྱ། རྟགས་མ་ཐོན་ན་སྒྲིབ་པ་འཐུག་པའི་རྟགས་ཡིན་པས་བརྩོན་འགྲུས་བསྐྱེད། །རྟགས་ངན་པ་བྱུང་ན་སྒྲིབ་པ་དག་པའི་སློངས་སུ་ཤེས་པར་བྱ། དེ་ལ་རྣམ་རྟོག་མི་བྱ། དང་པོ་སྔོན་འགྲོའི་རྟགས་ནི། རྒོད་ཚང་པའི་ཞལ་ནས། །


CMR054_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་ཡུལ་འབྲེལ་ཐག་ཆོད་པ་དང་། །ཉེ་འབྲེལ་འབྱར་རྩི་གོག་པ་དང་། །ཟས་ནོར་འཁྲི་བ་ཆོད་པ་གསུམ། །འཆི་བ་མི་རྟག་བསྒོམ་ན་ཡོང་། །དོན་མེད་བྱ་བ་མི་བྱེད་ཅིང་། །ཉིན་མཚན་ཆོས་ཀྱི་ལས་ལ་བརྩོན། །སྡིག་པའི་གྲོགས་པོ་སྤང་བ་གསུམ། །དལ་འབྱོར་རྙེད་དཀའ་བསྒོམ་ན་ཡོང་། །འདོད་པའི་ཡོན་ཏན་བྱུར་དུ་མཐོང་། །དཀོན་མཆོག་གསུམ་ལ་བློ་གཏད་བསྐུར། །འཇིག་རྟེན་ཆོས་ལ་ཞེན་པ་ལོག །འཁོར་བའི་ཉེས་དམིགས་བསྒོམ་ན་ཡོང་། །ཞེས་གསུངས་སོ། །དེ་ལྟར་སྔོན་འགྲོ་བཞི་པོ་བསྒོམས་པས། །ཕྱི་ནང་གསང་གསུམ་གྱི་རྟགས་རེ་རེ་ཅིས་ཀྱང་འོང་ངོ་། །དང་པོར་གསོལ་བ་བཏབ་པས་བྱིན་རླབས་ཞུགས་པའི་རྟགས་ནི། ཕྱི་རྟགས་ནི་མོས་གུས་ཀྱི་གདུང་ཤུགས་ཚད་མེད་པས། བླ་མ་རྩ་ན་བཞུགས་ཡོད་ཀྱང་། སྙིང་ལ་འདོད་ནས་སྐུ་ལ་རེག་སྙིང་འདོད་པ་དང་། བློ་སྣ་བླ་མས་འཕྲོག་ནས་བསམ་རྒྱུ་བླ་མ་ལས་མེད་པ་གསོལ་འདེབས་ཉིན་མཚན་འཁོར་ཡུག་ཏུ་འགྲོ་བ་འབྱུང་། ནང་རྟགས་སུ་རྗེས་དྲན་པ་ཙམ་གྱིས་ཉམས་འབར། ཕྱིའི་སྣང་བ་བན་བུན་ལང་ལོང་དུ་འགྲོ། ནང་གི་ཤེས་པ་གསལ་སྟོང་རྗེན་པ་རུ་འཆར། །


CMR054_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱི་རྟོག་པ་རྒྱུན་ཐག་ཆད་པ་འོང་། གསང་རྟགས་སུ་བླ་མ་དང་ཞལ་མཇལ་བ། དབང་བསྐུར་བ། ཆོས་བཤད་པ་འོད་ཟེར་གྱིས་འཕྲོ་འདུ་བྱས་པ་རྨིའོ། །ཡི་གེ་བརྒྱ་པ་བསྒྲང་བའི་སྡིག་པ་དག་པའི་རྟགས་སུ། ལུས་ཡང་བ། གཉིད་ཆུང་བ། ཁམས་བདེ་བ། སྙིང་དགའ་ཡལ་བ་འབྱུང་། རྨིས་རྟགས་སུའང་ཁྲུས་བྱས་པོ། །གཅེར་བུར་ཐོན་པ། ལུས་ལས་རྣག་ཁྲག་ཟག་པ། །འཁྲུ་བ་སྐྱུགས་པ། གོས་དཀར་པོ་གྱོན་པ་འབྱུང་ངོ་། །མཎྜལ་ཕུལ་བས་ཚོགས་རྫོགས་པའི་རྟགས་སུ། ཁམས་བདེ་བ་ཉམས་དགའ་བ་ཟས་མ་ཟོས་ཀྱང་མི་ལྟོགས་པ། ཤེས་རབ་ཆེ་རུ་འགྲོ་བ་འོང་ངོ་། །རྨིས་རྟགས་སུ། ཉི་ཟླ་ཤར་བ། གྱེན་ལ་འཛེགས་པ། མེ་ཏོག་གི་ཐང་ལ་ཕྱིན་པ་དང་། བུད་མེད་བཟང་མོས་ཟས་བྱིན་པ་མེ་ལོང་ལ་བལྟས་པ་ལ་སོགས་པ་འབྱུང་ངོ་། །མི་རྟག་པ་བསྒོམས་པས་ཞེན་པ་ལོག་པའི་རྟགས་སུ། འདོད་ཡོན་ལ་ཞེན་པ་མེད་པ། ཚེ་འདིའི་བསམ་སྦྱོར་རྒྱུན་ཆད། བློ་བདེ་འབོལ་ལེ་འགྲོ། བློ་རྒོད་མང་དུ་ལྡང་། ཅིས་ཀྱང་དགོས་པ་མེད་སྙམ་བློ་སྣ་ཐུང་སྦུད་ཀྱིས་འགྲོ། སྣང་བ་ཡང་བཀྲག་མེད་དུ་འགྲོ། ཤེས་པ་


CMR054_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལ་མི་ཆགས་པར་ལྷུན་ཆགས་པ་འབྱུང་ངོ། །གཞན་ཡང་སྒྲིབ་པ་ཆ་སྲབ་ཅིང་། བརྩོན་འགྲུས་ཆེ་བ་ལ་ལུས་སྣང་སེམས་གསུམ་གྱི་སྟེང་ནས་མི་མཐུན་པའི་རྐྱེན་སྣ་ཚོགས་འབྱུང་སྟེ། སྒོམ་སྐྱེ་བའི་སྔ་ལྟས་ཡིན་པས་སྐྱོན་དུ་མི་ལྟ། འདི་ལ་གཅོད་ཡུལ་བས་སློང་ཚད་ཟེར། ཞི་བྱེད་པས་དགེ་བའི་སློང་ཟེར། རྫོགས་ཆེན་པས་བྱིན་རླབས་ཞུགས་པའི་རྟགས་ཟེར། ཕྱག་ཆེན་པ་རྣམས་ཀྱིས་ཉམས་ཀྱི་དྲོད་རྟགས་ཟེར། མདོར་ན་སྡིག་པ་དག་པའི་རྟགས་སོ། །གཞན་ཡང་དབང་པོ་རབ་ལ་ངོ་སྤྲད་པས་ཆོག་པ་འོང་། འབྲིང་ལ་ཞི་གནས་སྐྱེ་བ་དང་། ཐ་མ་ལའང་གནས་པའི་སྣ་ཁ་ཟིན་པ་ཙམ་འབྱུང་ངོ་། །དེ་ནས་མཚན་བཅས་དང་མཚན་མེད་ཀྱི་ཞི་གནས་སྒོམ་པའི་རྟགས་ནི། རྣམ་པར་རྟོག་པ་ཐམས་ཅད་རང་སར་ཞི་ནས། སེམས་གར་གཏད་དུ་གནས་པ་དེ་ཞི་གནས་ཡིན་ཏེ། དེ་ཡང་གསལ་སེང་ངེ་གནས་པ་ཞི་གནས་སྐྱོན་མེད་ཡིན། དྲན་མེད་དུ་གཉིད་འཐུག་པོ་ལྟར་ནག་ཐིབས་སེ་སོང་ན། འགོགས་པ་ཆ་མཐུན་ཏེ། ཕྱི་བས་བསྒོམ་ཤེས་པ་དེ་ཡིན་ནོ། །ཡང་སེམས་ནག་ཐིབས་སེ་མ་སོང་ཡང་སེམས་ལ་དྲན་རྟོག་མེད། ལུས་འགུལ་བསྐྱོད་མི་ཤེས་པར་


CMR054_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་པ་དེ་ཞི་གནས་ཡིན་ཏེ། དེའི་ལག་པ་ནས་བསྡུས་ཏེ་བསླང་བ་སོགས་མི་རུང་། དེ་བྱས་ན་ཚེ་འཕོས་ནས་དུད་འགྲོར་སྐྱེ་བའམ། དྲན་པས་མི་ཟིན་པར་སྨྱོ་ཉན་ཡོད་པས་རྣ་བར་ཏིང་ཤག་རྡུང་། སྣ་ལ་སྤོས་བདུག །ངོ་ལ་ཆུ་བཏབ་པས་གཉིད་སད་པ་ལྟར་འོང་། ལར་རྣམ་རྟོག་བཀག་པས་གོམས་པའི་ཤུགས་ཀྱིས། སེམས་ལ་རྣམ་རྟོག་ཅི་ཡང་མི་འགྱུ་བར་དྲན་མེད་དུ་གནས་པ་ལ། ཕྱག་རྒྱ་ཆེན་པོ་ཡིན་པར་བྱེད་པ་ནི་རྒྱ་ནག་ཧྭ་ཤང་གི་ལྟ་བ་དང་མུ་སྟེགས་པའི་ལུགས་ཡིན་ཏེ། ས་སྐྱ་པཎྜི་ཏའི་ཞལ་ནས། ཚོགས་བརྒྱད་འགགས་པའི་ཞི་གནས་ནི། །ཉན་ཐོས་འགོགས་པ་ཆ་མཐུན་ཏེ། །དུད་འགྲོར་སྐྱེ་བའི་རྒྱུ་རྐྱེན་ཡིན། །ཅེས་དང་། རྒོད་ཚང་པའི་ཞལ་ནས། ངས་ནི་རྣམ་རྟོག་བཀག་ནས་བསྒོམ་པ་འདི་འདྲ་མུ་སྟེགས་རང་ཡིན་སྙམ་གསུངས། རྗེ་དུས་མཁྱེན་ལ། དང་པོ་དེ་འདྲ་བྱུང་ནས། དྭགས་པོ་ལ་ཞུས་པས། འོ་དེ་ངན་ཤོས་ཡིན། དེ་ལ་འགྲོ་དོགས་གྱིས་གསུངས། རཱ་ག་ཨ་སྱས་ལོ་ལྔ་ཙམ་གྱི་དུས། མགུར་འབུམ་གྱི་ཚིག་གཅིག་ངག་ཏུ་བརྗོད་པས་དྲན་མེད་ཀྱི་ཞི་གནས་དེ་ལ་དལ་ཅིག་སོང་བ་འདུག །དེ་བསྒོམ་ཡིན་


CMR054_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ན་ལམ་ལོག་པ་སྟེ། བསྒོམ་སྐྱེ་བའི་སྔ་ལྟས་ཙམ་ཡིན་པ་སྟེ། སྔར་མགྲོན་པོའི་བུ་ཚ་ཞིག་ཤིང་ཐུ་བདོ་ཕུག་པ་ནང་དུ་ངལ་གསོས་ལུས་གནད་བཅས་ཏེ་དྲན་མེད་ཞི་གནས་འཐོམ་པ་ལ་སོང་རོགས་རྣམས་ཀྱིས་བཙལ་ཡང་མ་རྙེད་དེ་བོར་ཤོར། ཕྱིར་ལོ་མགྲོན་པོ་དེར་སྒར་བརྒྱབ་སྟེ། ན་ཉིན་བུ་ཚ་བོར་ཤོར་མལ་ཡིན་སྨྲས་ཤིང་ཐུར་སོང་བས། ཕུག་པ་གཅིག་གི་ནང་ན་ཁོ་ལུས་གནད་ཁྲིག་གེ་འདུག །རོགས་ཚོས་བོས་ནས་མདུན་དུ་འཚོགས་པས། ཁོ་སད་ནས་ཁོ་རེ་ཚོ་ད་འགྲོ་ཨེ་རན་ཟེར་ནས་ལངས་བྱུང་བས། ལུས་ལ་ཡང་སྐྱོན་ཅི་ཡང་མེད་པར་འདུག །ཕྱིས་དེ་ཆོས་སྒོར་ཞུགས་པས། མེ་ཉག་སྒོམ་ཆེན་ཟེར་བའི་གྲུབ་ཐོབ་ཅིག་བྱུང་སྐད། གཞན་ཡང་ཞི་གནས་ཀྱི་སྐབས་འདིར་གསལ་བའི་ཉམས་ལ། རྩ་རིགས་བཟང་ན་རྟགས་བཅུ་ཆ་མཐུན་པ། མིག་གིས་ཡུལ་དུ་དུ་བ་དང་། མེ་ཁྱེར། སྨིག་རྒྱུ་དང་། མར་མེ། ཟླ་བ། ཉི་མ། མེ་འོད་ལྟ་བུ་དང་། ཐིག་ལེ་དང་། འོད་ཀྱི་གོང་བུ་དང་། འཇའ་ཚོན་སོགས་དང་། གཞན་ཡང་མིག་བཙུམས་ཀྱང་གསལ་པོར་མཐོང་བ། །འགྲོ་བ་དང་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་དུ་མ་མཐོང་ཞིང་


CMR054_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་བ་འབྱུང་ངོ་། །ལང་ཀའི་མདོ་ལས། བྱིས་པ་ཉེར་སྤྱོད་བསམ་གཏན་དང་། །དོན་རབ་འབྱེད་པའི་བསམ་གཏན་དང་། །དེ་བཞིན་ཉིད་དམིགས་བསམ་གཏན་དང་། །དེ་བཞིན་དགེ་བའི་བསམ་གཏན་རྣམས། །རྣལ་འབྱོར་ཅན་གྱིས་བརྩོན་བྱས་ནས། །ཉི་མ་ཟླ་བའི་དབྱིབས་འདྲ་དང་། །འོད་དང་པདྨོ་ལྟ་བུ་དང་། །རི་མོ་ནམ་མཁའ་མེ་འདྲ་མཐོང་། །མཚན་མ་སྣ་ཚོགས་དེ་དག་གིས། །མུ་སྟེགས་ཅན་ལམ་ཁྲིད་བྱེད་པ། །ཉན་ཐོས་དག་དང་རང་རྒྱལ་གྱི། །སྤྱོད་ཡུལ་དུ་ཡང་ལྟུང་བར་བྱེད། །དེ་དག་ཐམས་ཅད་རྣམ་སྤངས་ཤིང་། །སྣང་བ་མེད་པར་ནམ་གྱུར་པ། །དེ་ཚེ་སངས་རྒྱས་ལྷ་ཡི་ཕྱག །ཐམས་ཅད་ཞིང་ནས་འབྱུང་བ་ཡིན། །དེ་ཡིས་མགོ་ལ་བྱུག་མཛད་དོ། །ཡང་དག་རྗེས་སུ་འགྲོ་བའི་ལྟས། །ཞེས་གསུངས་པས། ངོ་མཚར་བའི་མཐོང་སྣང་ཅི་བྱུང་ཡང་། ཞི་གནས་ཀྱི་རྟགས་ཕྲན་བུ་ཡིན་གྱི། སྒོམ་དངོས་ནི་མ་ཡིན་ནོ། །དེ་ནས་གནས་པ་དང་པོ་འཆར་ཏེ། གཙུག་ན་རིན་ཆེན་གྱིས་ཞུས་པའི་མདོ་ལས། རིགས་ཀྱི་བུ་གཞན་ཡང་མགྱོགས་པ་རབ་ཏུ་མགྱོགས་པ། མི་གནས་པ་རྒྱུ་བ་སྤྲེའུ་དང་རླུང་དང་འདྲ་བ་


CMR054_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

འབབ་ཆུའི་རྒྱུན་དང་། འབྲུ་མར་གྱི་མར་མེ་འདྲ་བ། རྒྱང་རིང་པོར་འགྲོ་བ། ལུས་མེད་པ་ཡུལ་ལ་བསྐམ་པ་སྐྱེ་མཆེད་དྲུག་ལ་སྤྱོད་ཡུལ་བ་གཞན་གྱིས་སེམས་ཤེས་པ་དང་ལྡན་པའི་སེམས་གནས་པར་རྩེ་གཅིག་པ་མི་འཕྲོ་བ་ཞི་གནས་ལ་རྩེ་གཅིག་པ་གཡེང་བ་མེད་པ་འདི་ནི་སེམས་གནས་པའོ། །ཞེས་དང་། ཏེ་ལོ་པའི་ཞལ་ནས། ལས་ནི་དང་པོར་གཅོང་རོང་ཆུ་དང་འདྲ། །ཞེས་དང་། ཞང་རིན་པོ་ཆེའི་ཞལ་ནས། གནས་པ་དང་པོ་བྱུང་དུས་སུ། །རི་གཟར་ལོག་ནས་ཆབ་འདྲིལ་ལྟར། །རྣམ་རྟོག་ཟམ་མི་འཆད་པ་འབྱུང་། །བསྒོམ་ཉམས་མེད་དམ་སྙམ་པ་འོང་། །རྣམ་རྟོག་བྱུང་ཚད་ཚོར་བ་དེ། །ཤེས་པ་ཅུང་ཟད་གནས་པ་ཡིན། །གནས་པ་མེད་པའི་གོང་རོལ་དུ། །རྣམ་རྟོག་རང་གར་ཤོར་བ་ཡིན། །རྟག་པར་འགྱུས་ཀྱང་ངོ་མ་ཤེས། །ཞེས་དང་། ངེས་དོན་རྒྱ་མཚོ་དང་། གྲུབ་ཐོབ་བརྒྱུད་པའི་ཞལ་ལུང་གཉིས་ཀ་ལས། དང་པོ་དམིགས་པ་ལ་སེམས་དམ་དུ་གནས་པ་འདྲ་ཞིག་ཡོད་དེ། སྣ་ཟིན་ཙམ་ཡིན། དེ་ནས་རིམ་པར་བག་ཙམ་དང་ཙ་ནས། རྟོག་པ་སྔར་བས་མང་དུ་སོང་བ་འདྲ་ཞིག་བྱུང་ན། དེ་མང་དུ་སོང་བ་མིན། །


CMR054_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་ཕན་ཆད་མ་བསྒོམས་པས་རྣམ་རྟོག་བྱུང་ཡང་མ་ཚོར། ད་ལྟ་སེམས་མཉམ་པར་བཞག་སྟེ་རིག་པ་དྭངས་པས་ཚོར་བ་ཡིན། དེ་ལ་རྟོག་པའི་སྣ་མ་བསྐྱིལ་རྗེས་སུ་མ་འབྲང་བར་བཞག་པས་རྟོག་པ་འོག་འགྱུ་ལ་མི་འཁྱོར་བར་སྐྱེས་ཚད་ངོས་ཟིན། ཐུན་བསྡུང་མི་དགོས་པར་རིག་པ་སྤྱན་སི་ལི་ལི་འགྲོ་བ་འདྲ་ཞིག་འདུག་ཀྱང་། སྒོམ་གྱི་རྒྱུན་དེ་མ་ཆད་པར་བྱུང་ན། གནས་པ་དང་པོ་རི་གཟར་གྱི་ཁ་ནས་ཆུ་འབབ་པ་དང་འདྲ་བ་ཟེར་བ་ཡིན། དེའང་རི་གཟར་གྱི་ཆུ་རྦ་རླབས་དང་བཅས་འབབ་པ། དེའི་གསེབ་ཏུ་ཚུད་ནས་རང་རེ་ཁྱེར་བ་འདྲ་ཞིག་བྱུང་ན་མིན། དེ་ལ་གལ་མེད་དུ་ལྟ་བ་འདྲ་ཞིག་འདུག་ན་ཡིན། ཅེས་དང་། ཏེ་ལོ་པའི་ཞལ་ནས། བར་པ་ཆུ་བོ་གང་གཱ་དལ་གྱིས་གཡོ། །ཞེས་དང་། ཞང་རིན་པོ་ཆེས། དེ་ནས་དལ་འབབ་ཆུ་བོ་བཞིན། །ཤེས་པ་དལ་ཞིང་རྣམ་རྟོག་ཉུང་། །ཞེས་གསུངས་སོ། །དེའི་དོན་ངེས་དོན་རྒྱ་མཚོ་དང་གྲུབ་ཐོབ་བརྒྱུད་པའི་ཞལ་ལུང་གཉིས་ཀ་ལས། དེ་ལ་ལྟ་བ་དང་སྐྱོང་ལུགས་གོང་ལྟར་བྱས་པས་རྣམ་རྟོག་དེ་ཕྲ་ཉལ་གྱིས་སོང་ནས་མི་རྟོག་པའི་ངང་ལ་འགྲོ། སྐབས་སྐབས་སུ་རྟོག་པ་རེ་ཏོལ་གྱིས་


CMR054_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ཡང་རྒྱུན་མི་འབྲེལ་བར་རྡོ་ཚན་ལ་ཁ་བ་བབས་པ་ལྟར་ཡལ་འགྲོ། རྟོག་པ་ཅི་འགྱུས་སྤུ་རིས་དང་གྲངས་སུ་ཐེབས་པ་ཡོང་ཞིང་རང་གི་སྒོམ་རྒྱུན་དེ་ན་ར་ར་འགྲོ་བ་འདྲ་ཞིག་བྱུང་ན་གནས་པ་བོར་པ་ཆུ་རླུང་དལ་གྱིས་འབབ་པ་ལྟ་བུ་ཟེར། དེའང་ཐག་རིང་པོ་ཞིག་ཏུ་འདུག་ནས་དེའི་འབབ་ལུགས་ལེགས་པར་མི་མཐོང་བར་འདྲ་ན་མིན། རྩར་འདུག་ནས་མཐོང་བ་འདྲ་ན་ཡིན། གསུངས་སོ། །འདི་སྐབས་སུ་ཉམས་གཉིས་པ་གཅོང་རང་གི་ཆུ་འབབ་འདྲ་ཞེས་པ། བླ་མ་རྣམས་ཀྱི་གསུང་རྒྱུན་ལས་བྱུང་སྟེ། རེས་འགའ་ཀྱི་ལེ་མེ་རེ་གནས། །རེས་འགའ་ཚུབ་ཚུབ་ཚུབ་འཕྲོ་སྟེ། །འཕྲོ་བའི་ཚེ་ན་ལྷོད་ཅིང་ལྟ། །གནས་ཚེ་ཅུང་ཟད་བསྒྲིམ་ལ་དེའི་ངང་ལ་བཞག །འདི་སྐྱེ་མཁན་ཡང་མང་བར་སྣང་། དཔལ་གཙུག་ལག་ཕྲེང་བའི་ཞལ་ནས། སླར་ཡང་དེ་ཉིད་ལ་སེམས་རྩེ་གཅིག་ཏུ་བསྡུས་ཤིང་གཙོ་བོར་ཐང་ཆད་པ་ངལ་བསོ་བ་ལྟར་ནང་དུ་བཤིག་ཅིང་ཀློད། བསྒོམ་འོང་དུ་རེ་བ་དང་། །མ་བྱུང་གི་དོགས་པ་མེད་པར་ཁོག་ཡང་པོས་དལ་དུ་ལུས་གནད་དང་ལྟ་སྟངས་མི་གཡོ་བར་བཞག་པས། རྣམ་རྟོག་རྣམས་འཇམ་ཉལ་གྱིས་སོང་། ལུས་སེམས་བདེ་ཆམ་མེ་བ་དལ་


CMR054_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ལྷོད་ཆགས་པ་ལ་ལུས་གནད་ཟུག་རྔུ་མེད་པ་སྒོམ་འཕྲོ་བཞག་པའི་དུས་ཀྱང་ཕྱི་རོལ་གྱི་བྱ་བ་ལ་བློ་མི་འཇུག་པར་སེམས་བདེ་གསལ་དུ་ཕྲི་ལེ་གནས་པ་སྒོ་གསུམ་གྱི་སྤྱོད་ལམ་ཐམས་ཅད་རང་བཞིན་གྱིས་དལ་ཞིང་ལྷོད་པ་ཞིག་འབྱུང་སྟེ། འདིའི་ཚེ་ཉོན་མོངས་པའི་རྐྱེན་ཕྲ་མོས་མི་གནོད། སྒོ་ལྔའི་སྤྱོད་ཡུལ་དུ་འཆར་སྒོ་སྔོན་མེད་པ་མང་པོ་འབྱུང་སྟེ། གནས་པ་བར་པ་ཆུ་རླུང་དལ་གྱིས་འབབ་པ་ལྟ་བུའི་ཞེས་བྱ་བ་ཞི་གནས་བར་མའི་དུས་སོ། །ཞེས་གསུངས་སོ། །ཏེ་ལོ་པའི་ཞལ་ནས། ཐ་མ་ཆུ་རྣམས་མ་བུ་འཕྲད་པ་འདྲ། ཞེས་དང་། ཞང་རིན་པོ་ཆེའི་ཞལ་ནས། དེ་ནས་རྒྱ་མཚོའི་གཏིང་བཞིན་དུ། ཤེས་པ་མི་གཡོ་བརྟན་པར་གནས། །ཞེས་དང་། ངེས་དོན་རྒྱ་མཚོ་དང་གྲུབ་ཐོབ་གོང་མའི་ཞལ་ལུང་གཉིས་ཀ་ལས། དེ་ལ་གོང་བཞིན་བསྐྱངས་པས་ཕྲ་རགས་ཀྱི་རྣམ་རྟོག་རྒྱུན་ཆད་དེ་མི་རྟོག་པའི་ངང་ལ་མེ་རེ་གནས། ལུས་བདེའམ་ཡོད་དུ་མི་ཚོར། རླུང་འགྲོ་འོང་དང་། །འགགས་པའང་མི་ཚོར་སེམས་བདེ་གསལ་མི་རྟོག་པ་ལ་ཕྱམ་མེ་འགྲོ། རྗེས་ཐོབ་ཏུའང་ལེགས་པར་མ་དཔྱད་ན་ཡུལ་གྱི་སྤུ་རིས་མི་ཟིན། རྣམ་གཡེང་ལ་བློ་མི་


CMR054_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་བརྗེད་ངེས་ཆེར་སོང་བ་འདྲ་བ་མ་བསྒོམས་ཀྱང་སྒོམ་དུ་ཕྱམ་ཕྱམ་འགྲོ་བ། དྭངས་ཆ་ཡོད་པ་སྤྲིན་མེད་པའི་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་ཉམས་ལ་ཁད་གཏིང་མེད་པ་གསལ་མེ་རེ་བ་བྱུང་ན་གནས་པ་ཐ་མ་མི་གཡོ་བ་རྒྱ་མཚོ་ལྟ་བུ་བྱ་བ་ཡིན།། དེའང་མུན་ནང་གི་རྒྱ་མཚོ་འདྲ་ན་མིན། ཉིན་པར་གྱི་རྒྱ་མཚོ་འདྲ་ན་ཡིན། འདི་རྣམས་བསམ་གཏན་གྱི་དངོས་གཞི་ཡིན་པས་རྒྱུན་བསྲིང་ན་མངོན་ཤེས་སོགས་འཆར་ཞིང་བདེན་པ་མཐོང་བའི་རྟེན་བྱེད་དོ། །ཞེས་གསུངས་སོ། །དཔལ་གཙུག་ལག་ཕྲེང་བའི་ཞལ་ནས། དེ་ཉིད་རྩེ་གཅིག་ཏུ་རྣམ་གཡེང་མེད་པར་བསྐྱངས་བས་ལུས་བདེ་ཞིང་སེམས་གསལ་ལ་རྟོག་པ་མེད་ལ་ཕྱི་རོལ་གྱི་རྐྱེན་གང་གིས་ཀྱང་མི་གནོད་སྙམ་པ་ཉིན་མཚན་འདས་པ་སོགས་མི་ཚོར། ཉོན་མོངས་པ་མངོན་དུ་གྱུར་པ་མགོ་ནོན་ནས་མི་སྐྱེ་བ་སྙམ་བྱེད་ཅིང་གསལ་སྣང་གི་མངོན་ཤེས་ཕྲ་མོ་འཆར་བ་སོགས་ཡོན་ཏན་ལྟར་སྣང་བ་དུ་མ་འབྱུང་བ་ནི་གནས་པ་ཐ་མ་མི་གཡོ་བ་རྒྱ་མཚོ་ལྟ་བུ་ཞེས་ཞི་གནས་ཐ་མའི་དུས་སོ། །དེ་ཕན་ཆད་ཅི་སྐྱེས་པ་ཐམས་ཅད་ཞི་གནས་ཡིན་པས་ཕྱི་ནང་ཐུན་མོང་། བན་བོན་ཐུན་མོང་ཐེག་པ་ཆེ་ཆུང་ཐུན་མོང་གི་ལམ་ཡིན།


CMR054_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྒོམ་ཕྱག་རྒྱ་ཆེན་པོ་ནི་མ་ཡིན་ཏེ། སེམས་དཔའ་ཆེན་པོ་རང་བྱུང་རྡོ་རྗེའི་ཞལ་ནས། ཐབས་ཀྱི་མ་ཟིན་དགེ་བ་ཡིས། །འདོད་ཁམས་ལྷ་ཡི་དགེ་བ་སྒྲུབ། །བདེ་གསལ་ལྡན་པའི་བསམ་གཏན་ཀྱང་། །གཟུགས་ཁམས་ལྷ་ལས་འགྲོ་ས་མེད། །འདུ་ཤེས་བཀག་པས་མི་རྟོག་པ། །ཚེ་རིང་པོ་ཡི་ལྷ་རུ་གོལ། །ཆོས་ཀུན་མཁའ་ལྟར་རྟོགས་ལགས་ཀྱང་། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཡིན། །སེམས་ཉིད་མཁའ་ལྟར་བལྟས་ལགས་ཀྱང་། །རྣམ་ཤེས་མཐའ་ཡས་གནས་སུ་གོལ། །ང་མེད་ཅི་ཡང་མེད་པ་སྟེ། །ཡོད་མིན་མེད་མིན་སྲིད་པའི་རྩེ། །ཀྱེ་མ་ཁམས་གསུམ་ཡོ་ལང་ལ། །མཁས་རྣམས་བདེན་པར་མ་རེ་མཛོད། །ཅེས་དང་། དཔལ་ཕག་མོ་གྲུ་པའི་ཞལ་ནས། བླ་མ་དམ་པའི་རྩར་ཕྱིན་ནས། །གདམས་ངག་གང་རུང་ཉམས་བླང་ན། །བདེ་བས་ལུས་སེམས་གང་བ་འབྱུང་། །ཞེན་ཅིང་ཆགས་པས་བསྐྱངས་གྱུར་པས། །འདོད་ཁམས་གནས་སུ་གོལ་བར་འགྱུར། །གསལ་བར་དྭངས་པ་ནམ་མཁའ་ལྟར། །ཕྱི་ནང་ཟླ་བ་ཤར་བ་འདྲ། །ཕྱེ་དང་བཙུམ་པ་ཁྱད་པར་མེད། །དེ་ལ་ཞེན་ཅིང་ཆགས་པ་ཡིས། །


CMR054_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་པོ་ཡིས་སྐྱོང་གྱུར་ན། །གཟུགས་ཀྱི་ཁམས་སུ་གོལ་བར་འགྱུར། །ཕྱི་དང་ནང་དུ་བལྟས་གྱུར་ཀྱང་། །རྟོག་པ་ཕྲ་བ་ཙམ་ཡང་མེད། །རྡུལ་བྲལ་ཆོས་སྐུ་བལྟ་བྱས་ནས། །དགའ་དང་མི་དགའ་ཡིད་བསམ་པའི། །ཉམས་དེ་ལེགས་པར་སྐྱོང་གྱུར་ན། །གཟུགས་མེད་ཁམས་སུ་གོལ་བར་འགྱུར། །བདེ་དང་གསལ་དང་མི་རྟོག་གསུམ། །ཞེན་པ་བྲལ་བར་བསྒོམ་བྱས་ཀྱང་། །ཉན་ཐོས་རང་རྒྱལ་པའང་སྲིད། །ཅེས་དང་། རྗེ་འཇིག་རྟེན་མགོན་པོའི་ཞལ་ནས། བདེ་དང་གསལ་དང་མི་རྟོག་གསུམ། །འདི་གསུམ་སྒོམ་གྱི་གོལ་ས་ཡིན། །ཅེས་དང་། རྒྱལ་བ་ཆོས་ལྡིང་བའི་ཞལ་ནས། རང་སེམས་སྐྱེ་མེད་དུ་མ་གཏོགས་ན། །སེམས་ཀློད་ཅིང་བསྒོམས་ཀྱང་ཞི་གནས་ཡིན། །བསྒྲིམས་ཤིང་བསྒོམས་ཀྱང་ཞི་གནས་ཡིན། །མ་བཅོས་བཞག་པས་བཅོས་མར་སོང་། །སེམས་ཡོད་པར་བསྒོམས་ཀྱང་རྟག་ལྟ་ཡིན། །མེད་པར་བསྒོམས་ཀྱང་ཆད་ལྟ་ཡིན། །སེམས་སུ་བསྒོམས་ན་སེམས་ཙམ་ཡིན། །དབུ་མར་བསྒོམས་ན་གཟུང་འཛིན་ཡིན། །བདེ་གསལ་མི་རྟོག་བསྒོམས་པ་ཡང་། །རྟོག་པས་སྒྲིབ་པ་གོལ་བ་ཡིན། །ཐབས་ལམ་ཟབ་མོའི་


CMR054_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་མྱོང་ཡང་། །འཇིག་རྟེན་ལམ་གྱི་ཏིང་འཛིན་ཡིན། །ཉོན་མོངས་རྣམ་རྟོག་སྣ་ཚོགས་ཀྱང་། །ཁམས་གསུམ་འཁོར་བར་སྐྱེ་བའི་རྒྱུ། །ཞེས་གསུངས་སོ། །དེ་ཡང་ཅི་ལྟར་བྱ་ཞེ་ན། རྗེ་རིན་པོ་ཆེ་སྒམ་པོ་པའི་ཞལ་ནས། གནས་པ་དང་རྟོགས་པ་གཉིས་ལས་གནས་པ་གཙོར་ཆེར་མི་བྱ། གནས་པ་ནི་བརྒྱལ་བ་དང་ར་རོ་བ་དང་གཉིད་འཐུག་པོ་ལའང་ཡོད་དེ། རྟོགས་པ་མིན་པའི་ཕྱིར་རོ། །ཞེས་དང་། འོ་ན་ཞི་གནས་དེ་སྐྱེ་མི་རུང་བའི་ངན་པ་ཞིག་ཡིན་ནམ་སྙམ་ན། དེ་ནི་མ་ཡིན་ཏེ། ཕྱག་རྒྱ་ཆེན་པོ་སྐྱེ་བའི་གཞི་དང་རྟེན་ཡིན་ཏེ། དགའ་བོ་མངལ་གནས་ཀྱི་མདོ་ལས། གང་ལ་མཉམ་བཞག་སེམས་མེད་པ། །ཟག་པ་རྣམས་ནི་སྤོང་མི་འགྱུར། །ཞེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཤཱ་རིའི་བུ་དེ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་གི་སྔོན་དུ་འགྲོ་ཞེ་ན། འདི་ལྟ་སྟེ། སེམས་ངེས་པར་རྟོགས་པའི་སྔོན་དུ་འགྲོ་བའོ། །ཞེས་དང་། གྲུབ་ཐོབ་བརྒྱུད་པའི་ཞལ་ལུང་ལས། གནས་པ་གསུམ་པོ་དེ་དག་གང་སྐྱེས་འདུག་ཀྱང་དེ་ཙམ་ན་ངོ་སྤྲད་པས་རང་ངོ་ཤེས། བྲོད་ཁ་སྙེད་སྒྲོ་འདོགས་ཆོད། མ་


CMR054_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་ལ་ངོ་སྤྲད་ན་དེ་ལྟར་འོང་བར་འདོད་ནས་ཉམས་ལེན་འཆུགས། དེའང་གནས་པ་དང་པོ་དེས་ཅུང་གྲོལ་མི་ཐུབ། ཁྲིད་ཐེངས་གཅིག་ལ་ཐ་ནའང་གནས་པ་བར་པ་ཙམ་མ་སྐྱེས་པའི་ཐབས་མེད། ཅེས་གསུངས་པས། ཁྲིད་གཞུག་རིང་ཐུང་གང་ཡིན་ཀྱང་། གནས་པ་འབྲིང་ངམ་ཐ་མ་ཙམ་ངེས་པར་སྐྱེ་བས། དེ་ལ་ལྷག་མཐོང་ངོ་སྤྲད་ནས་བསྒོམས་པས། རྩེ་གཅིག་གི་ལམ་སྣེ་ཟིན་པ་ཡིན་ནོ། །དེ་ལ་རྗེ་མི་ཕམ་པདྨ་དཀར་པོ་སོགས། འབྲུག་ལུགས་ཁ་ཅིག་གིས་ནི། རྩེ་གཅིག་རབ་འབྲིང་ཐ་གསུམ་ཞི་གནས་ཁ་རྐྱང་ཡིན་ཞིང་། དེ་ནས་སེམས་ཚོལ་ཞིང་ལྷག་མཐོང་ངོ་སྤྲད་པས་སྤྲོས་བྲལ་གྱི་རྟོགས་པ་སྐྱེ་བར་བཤད་དོ། །དེ་ལྟར་ན་ཟླ་ཁྲིད་ཙམ་ཞུས་ནས་ལྷག་མཐོང་ངོ་སྤྲད་ཐབས་མེད་དེ། དེང་སང་སྒོམ་བྱས་ནས་ལོ་དྲུག་བདུན་སོང་བ་རྣམས་ཀྱང་། རྩེ་གཅིག་འབྲིང་ཡན་ལ་མ་བརྒལ་བ་མང་བར་འདུག །དེའི་མུས་ལ་ཤི་ན། ལྷག་མཐོང་གི་ངོ་སྤྲོད་ཙམ་ཡང་མ་ཐོབ་པས་ལམ་སྣེ་མ་ཟིན་པར་འགྱུར་བ་དང་། རྩེ་གཅིག་རབ་མ་སྐྱེས་ཀྱི་བར་ལྷག་མཐོང་ངོ་མི་སྤྲད་པ་ནི། ཞི་གནས་རབ་དང་ལྡན་པའི་ལྷག་མཐོང་གིས་ཞེས་པ་མདོ་ལུགས་བཀའ་གདམས་


CMR054_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་རིམ་གྱི་ལུགས་ཡིན། ཕྱག་རྫོགས་ཀྱི་ལུགས་མ་ཡིན་ཏེ། མཉམ་མེད་དྭགས་པོས་སྒོམ་ཚུལ་ལ་ཁྱད་ཆོས་སུ་གནང་བ། རྣལ་འབྱོར་བཞིའི་ཞལ་གདམས་དང་། འཇིག་རྟེན་གསུམ་མགོན་ཞང་རིན་པོ་ཆེ། རྒྱ་རས་གསུམ་གྱི་དགོངས་པ་དང་། ཡང་དགོན་པ་ཉིད་ཀྱི་མྱོང་བ་དང་བསྟུན་པའི་རྣལ་འབྱོར་བཞི་རིམ་ལས། རྣམ་རྟོག་འགྱུ་བ་དེ་རྒྱུན་ཆད་ནས་མི་རྟོག་པའི་ངང་ལ་ནམ་བཞག་གི་གནས་པ་དེ། གནས་པ་མི་གཡོ་བ་རྒྱ་མཚོ་ལྟ་བུ་ཡིན། བཀའ་གདམས་པ་ཀུན་དེ་ལ་སྒོམ་དུ་བྱེད་པ་ཡང་ཡོད་པར་གདའ། དེ་ལྟར་གནས་པའི་ཏིང་ངེ་འཛིན་ཞེན་པ་མེད་པར་ཐབས་མཁས་ཤིང་། ཤེས་རབ་ཀྱི་རྩིས་ཟིན་པ་བསྐྱངས་པས། རྩེ་གཅིག་གི་སྒོམ་སྐྱེས་ཏེ། རྣལ་འབྱོར་ཞེས་པ་ནི་ཐབས་དང་ཤེས་རབ་བམ་ཞི་གནས་ལྷག་མཐོང་མཉམ་པོར་སྦྱོར་བས་རྣལ་འབྱོར་དེ་དག་དང་། གང་གིས་སྦྱོར་བར་ནུས་པ་དེ་ལ་རྣལ་འབྱོར་ཞེས་བྱ་བ་ཡིན་གསུངས། སྔ་འགྱུར་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་དང་། ཕྱི་འགྱུར་ཨཱ་ལི་ཀཱ་ལི་ཆུ་ཀླུང་ཆེན་པོའི་རྒྱུད་ལས། སེང་གེ་རྣམ་པར་འགྱིང་བའི་ཏིང་ངེ་འཛིན་གྱིས། རྩེ་གཅིག་མི་གཡོ་དྭངས་པས་


CMR054_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་གསལ། །རང་བྱུང་ཡེ་ཤེས་ཁོང་ནས་སད་པར་བྱེད། །བཟོད་པ་བརྟན་པོས་ངན་སོང་སྡུག་བསྔལ་སྤོངས། །ཞེས་དང་། ཡང་དགོན་པའི་ཞལ་ནས། དང་པོ་ངང་ལ་གནས་པ་རྩེ་གཅིག་གི་རྣལ་འབྱོར་ཏེ། དེ་ལ་ཡང་གནས་པའི་ཏིང་ངེ་འཛིན་ནི་ཞི་གནས་རྐྱང་པ་ཡིན་ལ། འདིར་རྣལ་འབྱོར་ཅེས་པས། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་དགོས་ཏེ། ཕྲ་རགས་ཀྱི་རྣམ་རྟོག་རང་སར་ཞི་ནས། སེམས་གསལ་སྟོང་ནམ་མཁའ་དྭངས་བའི་དཀྱིལ་ལྟ་བུར་གསལ་སེང་ངེ་གནས་པ་ལ། རྟོག་མེད་དུ་ངེས་ཤེས་སྐྱེས་པ་ནི། ལྷག་མཐོང་གི་ཉམས་ཡིན་པས། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་སྒོམ་དེ། སྒོམ་བཟང་པོའི་དུས་ན་རྟོག་མེད་ཀྱི་ཤེས་པ། བདེ་གསལ་དུ་སེང་ངེ་ཡེ་རེ། རྗེན་ལྷང་ངེ་གནས་པ་ནི། བདེ་གསལ་གྱི་ངོ་བོ་མཐོང་བ་སྟེ། རེས་བསྒོམས་ཀྱང་མི་འོང་། རེས་མ་བསྒོམས་ཀྱང་འོང་བ། ཏིང་ངེ་འཛིན་ལ་དབང་མ་ཐོབ་པས། དཔེར་ན་བཟོ་གསར་པས་གཟབ་ཏུ་མི་གཏུབ་པ་དང་འདྲ་བས། རྩེ་གཅིག་ཆུང་ངུ་ཡིན་ནོ། །ཕྱག་རྒྱ་ཆེན་པོའི་སྒོམ་གྱི་སྣ་འདི་ནས་ཟིན་པ་ཡིན་པས་བླ་མ་ཉམས་མྱོང་ཅན་གྱིས་འདི་ངོ་སྤྲོད་དུ་ཡོད་


CMR054_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། དེ་ལ་བསྒོམ་སྐྱེས་ཟེར་བ་ཡིན་ནོ། །གསུངས་སོ། །ཁྲིད་ཆེན་ལས། རྩེ་གཅིག་ཆུང་ངུ་ནི། སེམས་བཅས་བཅོས་མེད་པར་མཉམ་བཞག་ཙམ་ན་མངོན་འགྱུའི་རྟོག་པ་འགགས། བདེ་གསལ་མི་རྟོག་པར་སོང་ན་སེམས་རྩེ་གཅིག་ཏུ་ཟིན་འོང་། ཏིང་ངེ་འཛིན་ལ་དབང་མ་ཐོབ་པས་རེས་བསྒོམས་ཀྱང་མི་འོང་། རེས་མ་བསྒོམས་ཀྱང་འོང་། རེས་གསལ་རེས་མི་གསལ། དེའི་དུས་སུ་རྟོགས་པ་མ་ཐོབ་ངེས་ཤེས་ཆེན་པོ་མ་སྐྱེས། དེས་ཀྱང་དྭངས་བ་འདྲེན་ནུས། ཡེ་ཤེས་ཀྱི་མགོ་ཙམ་དང་ལམ་ནག་གྱི་སྣེ་ཙམ་ཟིན། རྩེ་གཅིག་གི་ཉམས་འདི་རྣམས་དཔེར་ན། ཚེས་གཅིག་གི་ཟླ་བ་ཟུར་ཙམ་མཐོང་བ་དང་འདྲ། སེམས་མ་བཅོས་པར་བཞག་པས། བདེ་སེང་ངེ་བར་གནས་ཏེ། བཤིག་མི་འདོད་པར་འབྱུང་བས། དེ་མ་བཤིགས་ན་སྒོམ་དོན་མཐུན་མི་སྐྱེ་བས་བཤིགས་ཏེ། རྟོག་པ་མི་འགེགས་པར་རྟོག་པ་གང་སྐྱེས་རང་བཞིན་མེད་པར་རང་ངོ་ཤེས་ཏེ་གཏན་ལ་ཕབ་པར་བྱའོ། །དེའང་རྩེ་གཅིག་ཆུང་ངུའི་དུས་སུ་སེམས་གསལ་སྟོང་དང་བདེ་ཉམས་དང་བཅས་པ་ངོས་བཟུང་ཅན་ཡོད་ལ། དེའི་ངང་ནས་རྣམ་རྟོག་ཤར་ཚེ། རང་


CMR054_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

དྭངས་སུ་འགྲོ་ཞིང་བསྒོམ་ཡིན་སྙམ་པས་བློས་བྱས་ཀྱི་ངེས་ཤེས་ཀྱང་འོང་། རྗེས་སྣང་ཨ་འཐས་ཀྱི་དྲན་པ་བྱ་བ་ཡོང་བས། དགའ་སྤྲོ་དང་བཅས་པས་སྣང་བ་ཕལ་ཆེར་ཨ་འཐས་སུ་འཆར། དྲན་པས་ཉམས་དང་བཅས་ཏེ། སྟོང་པ་རང་སེམས་སྣང་ཡིན་ནམ་སྙམ་པའི་འཛིན་སྟངས་དང་། རྨི་ལམ་སྔར་ལས་གསལ་དང་ཐོན་ཙམ་མ་གཏོགས་ཁྱད་པར་ཆེར་མི་འབྱུང་། རེས་སྒོམ་མི་ཡོང་སྙམ་པས་མཉམ་པར་འཇོག་དཀའ་བ་དང་། འཕེལ་འགྲིབ་ཆེ་ཞིང་མོས་གུས་དག་སྣང་སྙིང་རྗེ་ཆེར་འགྲོ། ཞེས་དང་། རྒྱལ་དབང་ཆོས་རྗེས་གསུངས་པ། འདིར་བཤད་ན་རྩེ་གཅིག་གི་རྩེ་གཅིག་ནི། རྣམ་གཡེང་གི་རྟོག་པ་ཞི་བའི་ངང་དུ་རྩེ་གཅིག་ཏུ་གནས་པ་དེ་ཡིན། རྩེ་གཅིག་གི་སྤྲོས་བྲལ་ནི། གནས་པ་དེའི་ངོས་ནས་མཚན་མའི་སྤྲོས་པ་མི་དམིགས་པ་དེ་ཡིན། རྩེ་གཅིག་གི་རོ་གཅིག་ནི་མི་རྟོག་པ་དང་རྣམ་པ་བདེ་བ་དང་གསལ་བ་དེ་ལ་ཉམས་ཀྱི་བདེ་གསལ་མི་རྟོག་པ་གསུམ་རོ་གཅིག་ཏུ་འདྲེས་པ་དེ་ཡིན། རྩེ་གཅིག་གི་སྒོམ་མེད་ནི། དེ་ལ་བརྟན་པ་ཐོབ་ནས་ཉིན་མཚན་འཁོར་ཡུག་ཏུ་སོང་བ་དེ་ཡིན། ཞེས་གསུངས་སོ། །དེས་ན་ད་ལམ་ཡང་ཆོས་ཀྱི་སྐབས་


CMR054_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་རེ་ཞིག་དེ་ཡན་མ་བཤད་ཀྱང་ཆོག་ཅིང་། འདིའི་ལུགས་ལ་རྩེ་གཅིག་འདི་ལ་ཞི་གནས་གཙོ་ཆེར་མོད་ཀྱི་ཞི་གནས་ཁ་རྐྱང་ནི་མ་ཡིན་ཏེ། ཞི་ལྷག་ཟུང་འཇུག་ཏུ་མ་འབྲེལ་ན། རྣལ་འབྱོར་བཞི་རིམ་གྱི་གྲར་མི་བརྩི་བ་ཡིན་ནོ། །ཟུར་མང་བཀའ་བརྒྱུད་ལ་སོགས་པ་བཀའ་བརྒྱུད་སྤྱིའི་ལུགས་ལ། འདི་ཙམ་ངོ་སྤྲད་ནས། དེ་ཡན་ཆད་ས་མཚམས་མི་ཕྱེ་བར་སྐྱོང་འཇུག་པ་ཡིན། ས་མཚམས་ཕྱེས་ཀྱང་ཞུ་ཤེས་མི་ཤེས་ཀྱི་དབང་གི་ས་མཚམས་འབྱེད་པར་དཀའ། གོལ་ས་རྣམས་ནི་ཞི་གནས་ཀྱི་སྐབས་ནས་ཡིན་གྱིས་ལྷག་མཐོང་ངོ་འཕྲོད་ནས་གོལ་ས་མེད། རྩེ་གཅིག་གི་སྣེ་ཟིན་ནས་ཕྱག་རྒྱ་ཆེན་པོའི་ལམ་སྣེ་ཟིན་པ་ཡིན་པས། དེ་མི་སྐྱུར་བར་སྐྱོང་བ་རང་གིས་ཆོག་པས། བོགས་འདོན་ཡང་ལོག་ནས་མི་དགོས་ཏེ། མོས་གུས་དང་གསོལ་འདེབས་ཁོ་ནས་ཆོག །གཞན་ལ་དྲི་རྟོག་དང་བཅས་བཅོས་ཡང་མི་དགོས་ཏེ། མོས་གུས་དྲག་པོས་གསོལ་བ་བཏབ་ནས། བླ་མ་རང་ལ་བསྟིམ་སྟེ། སེམས་ལ་བལྟས་པས་གང་ཤར་བའི་རྟོག་པ་དེ་ལ་གེགས་དང་གོལ་ས་ཅི་ཡང་མེད་པས། དེ་ལ་ངོ་སྤྲོད་ཀྱང་མི་དགོས། ས་ལམ་ཐམས་ཅད་


CMR054_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

མོས་གུས་ཀྱི་སྟོབས་ལས་སྐྱེས་པས་ཉམས་རྟོགས་དེས་བསྒྲོད་པ་ནི། རྡོ་རྗེ་ཕག་མོས་རྒོད་ཚང་པ་ལ་གནང་བའི་མོས་གུས་ཕྱག་རྒྱ་ཆེན་པོ་ཡིན་ནོ། །ཚར་རོ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་བདུན་པ་རྫོགས་ཆེན་གྱི་ཁྲིད།


CMR054_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

༼ཙ༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅུ་བདུན་པ་རྫོགས་ཆེན་གྱི་ཁྲིད་བཞུགས་སོ།།


CMR054_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། ཆུ་བུར་མིག་གིས་བལྟས་པས། ཡེ་ཤེས་ཀྱི་སྤྱན་ཤར་བའི་གདམས་ངག་རྫོགས་པ་ཆེན་པོ་འོད་གསལ་ཐོད་རྒལ་གྱི་ཁྲིད་འདི་ཡང་། ཐུགས་རྗེ་ཆེན་པོའི་དམར་ཁྲིད་དང་འབྲེལ་ཆེ་བ་ཡིན་པས། རྒྱལ་པོ་སྲོང་བཙན་སྒམ་པོའི་ཞལ་ནས། ཐུགས་རྗེ་ཆེན་པོའི་ཆོས་འདི་རྫོགས་པ་ཆེན་པོ་ཡང་ཡིན་ཏེ། ཞེས་སོགས་རྒྱ་ཆེར་གསུངས། ཀློང་གསལ་ལས་ཡིད་ཆེས་དོན་དུ་ལོ་རྒྱུས་བཤད། ཅེས་དང་། དཔལ་ཀུན་ཏུ་བཟང་པོ་ནས། ཇི་ལྟར་བརྒྱུད་པ་ལྟར་བཤད་དེ། ཉི་ཟླ་ཁ་སྦྱོར་


CMR054_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྒྱུད་ལས། དེ་ནས་ལོ་རྒྱུས་བཤད་པར་བྱ། །ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་གསུངས་པས། ཡིད་ཆེས་པར་བྱ་བ་དང་བྱིན་རླབས་འཇུག་ཅིང་ངེས་ཤེས་སྐྱེ་བར་བྱ་བའི་ཕྱིར།། བརྒྱུད་པའི་ཆེ་བའི་ཡོན་ཏན་རྣམས་བཤད་པར་བྱའོ། །དེ་ལ་ཐོག་མར་སངས་རྒྱས་དང་སེམས་ཅན་རིས་སུ་མ་བྱེ་བའི་ཚེ། དཔལ་ཀུན་ཏུ་བཟང་པོ་འཁྲུལ་མ་མྱོང་བར་སངས་རྒྱས། དེ་ལས་ཡན་ན་སངས་རྒྱས་གཞན་མེད་པས་དང་པོའི་སངས་རྒྱས་ཞེས་བྱ་སྟེ། སངས་རྒྱས་ཐམས་ཅད་ཀྱི་སྤྱི་


CMR054_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

མྱེས་སོ། །སེམས་ཅན་རྣམས་རང་ངོ་རང་གིས་མ་ཤེས་པས་འཁོར་བར་འཁྱམས་སོ། །དེའི་ཚེ་ཀུན་ཏུ་བཟང་པོ་ཆོས་སྐུ་སྟོང་པའི་ངང་ལས། གཟུགས་ཀྱི་སྐུར་བཞེངས་ཏེ། རྡོ་རྗེ་འཆང་ཆེན་པོ་དང་། ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ་དང་། འོད་མི་འཁྲུགས་པ་དང་། སྟོན་པ་འཇིགས་སྐྱོབ་དང་། སྟོན་པ་གཞོན་ནུ་རོལ་པས་རྣམ་པར་བརྩེ་བ་དང་། །སྟོན་པ་རྡོ་རྗེ་འཆང་དང་། སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་དང་། སྟོན་པ་དྲང་སྲོང་འཕྲོས་པའི་རྒྱལ་པོ་དང་། སྟོན་པ་གསེར་འོད་དམ་པ་དང། སྟོན་པ་བརྩེ་བས་རོལ་པའི་བློ་གྲོས་དང་། སྟོན་པ་འོད་སྲུང་བགྲེས་པོ་དང་། སྟོན་པ་མངོན་རྫོགས་རྒྱལ་པོ་དང་། སྟོན་པ་ཤཱཀྱ་ཐུབ་པ་སྟེ། སྔོན་བྱོན་སྟོན་པ་བཅུ་གཉིས་དེ་རྣམས་ཀྱིས་གསུངས་པའི། རྫོགས་པ་ཆེན་པོའི་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞི་གསུངས་པ་རྣམས་རྡོ་རྗེ་སེམས་དཔས་ཨོ་རྒྱན་ཡུལ་གྱི་དགའ་རབ་རྡོ་རྗེ་ལ་གསུངས་པས། ཐུགས་སུ་ཆུད་པ་ཡི་གེར་བཀོད། དགའ་རབ་རྡོ་རྗེས་རྒྱ་ནག་གི་རིག་འཛིན་ཤྲཱི་སེང་ཧ་དང་། རྒྱ་གར་གྱི་རིག་འཛིན་འཇམ་དཔལ་བཤེས་གཉེན་དང་། བྲམ་ཟེའི་ཁྱེའུ་གསུམ་ལ་བཤད་པས། རྫོགས་


CMR054_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ་བྲམ་ཟེ་ལུགས་སོགས་གསུམ་དུ་གྲགས། ཤྲཱི་སེང་ཧས་པདྨ་འབྱུང་གནས་དང་པཎྜི་ཏ་རྒྱལ་བ་ཡེ་ཤེས་མདོ་དང་། བི་མ་ལ་མི་ཏྲ་གསུམ་ལ་བཤད།། བི་མ་ལ་བོད་དུ་ཕེབས་ནས་མྱང་ཏིང་འཛིན་བཟང་པོ་བེ་རོ་ཙ་ན་སོགས་ལ་གསུངས་པས། བི་མ་ལའི་སྙིང་ཏིག་དང་། བེ་རོ་ཙ་ནའི་འདྲ་འབག་སོགས་རྫོགས་ཆེན་བཀའ་མ་རྣམས་ཡིན། ཨོ་རྒྱན་གྱིས་གཏེར་དུ་སྦས་པ། མཁའ་འགྲོ་སྙིང་ཏིག་ཀློང་གསལ་སྙིང་ཏིག་རྡོར་སེམས་སྙིང་ཏིག །ལྟ་བ་ཀློང་ཡང་དགོངས་པ་ཟང་ཐལ་ལ་སོགས་པ་དཔག་ཏུ་མེད་པ་ཡོད་དེ། དེ་སྔོན་གཏེར་སྟོན་ཕྱེད་གཉིས་བརྒྱ་ལྷག་ཙམ་བྱོན་པས། གཏེར་ཁ་རེ་རེ་ཡོད་པ་ཡིན། སྤྱིར་རྫོགས་པ་ཆེན་པོ་ལ་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཡོད་པར་བཤད་དེ། ཕལ་ཆེར་གཏེར་དུ་བཞུགས། འགའ་ཞིག་མི་ཡུལ་དུ་དར་ཏེ་རྫོགས་པ་ཆེན་པོའི་རྒྱུད་བཅུ་བདུན་རྒྱུད་བུ་ཆུང་བཅུ་བདུན། མཁའ་འགྲོ་ཀློང་གསལ་འབར་མའི་རྒྱུད། སེམས་སྨད་མ་བུ་བཅུ་བདུན། མདོ་བདུན། སྒྱུ་འཕྲུལ་སྡེ་བརྒྱད་ལ་སོགས་པ་མདོ་སྒྱུ་སེམས་གསུམ་དུ་གྲགས་པ་རྣམས་ཡིན། སྤྱིར་རྫོགས་ཆེན་འདི་ཐེག་པ་དགུའི་ཡང་རྩེ། མཁའ་འགྲོའི་


CMR054_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཁྲག་མན་ངག་གི་ཆོས་བཀའ་སྲུང་མ་གཟའ་དམ་གསུམ་ཡོད་པས་ཤིན་ཏུ་གཉེན་པའི་ཕྱིར། གཅིག་བརྒྱུད་མ་གཏོགས་ཁྲོམ་ཆོས་སུ་བཤད་མི་རུང་ནའང་། ཀརྨ་གླིང་པའི་གཏེར་ཁ། ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་དང་། དགོངས་པ་རང་གྲོལ་གཉིས་ཀའི་ཐུན་མོང་གི་ཆོས། བར་དོ་ཁྲིད་དྲུག་གི་ནང་ནས། སྒྲོལ་མ་དྲུག་གི་ངོ་སྤྲོད། ཤེས་རིག་རང་གྲོལ་དང་། ཆོས་ཉིད་བར་དོའི་ངོ་སྤྲོད། མཐོང་བ་རང་གྲོལ་ལས། ངོ་སྤྲོད་སུམ་ཅུ་སོ་གཉིས་ཡོད་པའི་ནང་ནས། ལྔ་པ་ཉི་ཟེར་འོད་ཟེར་ངོ་སྤྲོད་ཀྱིས། སྐུ་གསུམ་དག་པའི་ཞིང་ཁམས་ངོ་སྤྲོད་བྱ། ཞེས་གསུངས་པ་དེ་བཤད་རྒྱུད་ཡིན། འདི་ནི་འགྲོ་དོན་གྱི་ཆོས་ཡིན་པས་ཁྲོམ་ཆོས་སུ་རུང་བར་བཤད། དེ་བཤད་པ་ལ་ཐོག་མར་རྫོགས་ཆེན་དང་འབྲེལ་པའི་དབང་ཞིག་ཐོབ་དགོས། དེ་མ་ཐོབ་ན་ཉན་ཡང་མི་རུང་སྟེ་གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་ག་ལ་འགྱུར། དཔེར་ན་མཉན་པ་ལག་སྐྱ་མེད་པ་ཡིས། །ཕ་རོལ་བསྒྲོད་པ་ག་ལ་འགྱུར། །དབང་རྣམས་རབ་ཏུ་ཐོབ་བྱས་ནས། །གསང་སྔགས་མ་ལུས་ཐམས་ཅད་འགྲུབ། །ཅེས་དང་། དབང་མ་ཐོབ་པར་རྒྱུད་བཤད་དང་། ལྗིད་མ་


CMR054_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་པར་ཁལ་འགེལ་བ་འདི་དག་ཕུང་བའི་རྒྱུ་ཡིན་ནོ། །ཞེས་གསུངས་ཏེ། རྫོགས་ཆེན་དང་འབྲེལ་བའི་དབང་ཞིག་སྔོན་དུ་བསྐུར་ཡོད་པ་དེས་འཐུས། །དུས་ཚོད་ཀྱང་ཀློང་གསལ་ལས། དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས། །ཟེར་ཉིའི་དུས་ནི་མཆོག་ཏུ་བཤད་པ་ཡིན། །ཅེས་གསུངས་པས། སྟོན་དང་དཔྱིད་ནམ་མཁའ་དྭངས་དུས་རབ། མ་འཛོམས་ན་ཡང་ཉི་མ་རྩེ་ཤར་དང་། ནུབ་ཁ་སྤྲིན་མེད་དུ་ངོ་སྤྲད་དགོས་པར་བཤད། འདིར་དངོས་གཞི་སྔོན་འགྲོ་བསྟན་པར་བྱ་སྟེ། ཐལ་འགྱུར་ལས། སྔོན་དུ་འགྲོ་བ་རྩལ་ཉིད་སྦྱངས། །ལུས་དང་ངག་དང་ཡིད་གསུམ་པོ། །འཁོར་འདས་རུ་ཤན་འབྱེད་པར་བཤད། །འཁོར་འདས་རུ་ཤན་མ་ཕྱེས་ན། །འཁོར་འདས་ལུས་ངག་ཡིད་གསུམ་གྱི། །འབྲེལ་པ་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་ཕྱེ་བར་བྱ། །ཞེས་གསུངས་སོ། །འདས་རྗེས་ལས། ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད། །དཀོན་མཆོག་གསུམ་གྱི་སྤྱོད་པ་སྤྱད། །ངག་གི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྒྲ་སྐད་སྣ་ཚོགས་བརྗོད། །ཞི་ཁྲོའི་སྒྲ་དང་


CMR054_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་སྒྲ། །རྣམ་པ་སྣ་ཚོགས་དག་ལ་སྤྱད། །ཡིད་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྡུག་བསྔལ་བློ་ལ་བླང་། །རྗེས་ཀྱི་ཤེས་པ་རྩད་ཀྱང་བཅད། །ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་གསུམ་དུ་ཤར། །ཡི་གེ་རྩལ་སྦྱངས་རུ་ཤན་དབྱེ། །ཞེས་གསུངས་པའི་དོན། དེ་ལྟར་ལུས་ངག་ཡིད་གསུམ་གྱི་དམིགས་པ་འདི་ལྟར་སྒོམས་ཤིག །ཁྱེད་རང་རྣམས་ཀྱི་རྐང་མཐིལ་གཡས་སུ་ཡི་གེ་དུཝནག་པོ་གཅིག་ལ་བདག་དང་སེམས་ཅན་ཐམས་ཅད་ཚ་དམྱལ་དུ་སྐྱེ་བའི་སྡིག་སྒྲིབ་ཐམས་ཅད་ཐིམ་པས། མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་ཚ་དམྱལ་བརྒྱད་དུ་གྱུར། དེའི་ནང་དུ་རང་ཚུད་ནས་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་པར་བསྒོམས་ལ། རཾ་ན་ར་ཀ་ལན་བདུན་ནམ་གསུམ་ཙམ་བརྗོད་ཅིག །ད་དེ་སྒོམ་མཁན་གྱི་སེམས་ལ་ལྟོས། ཅིའི་ངོ་བོ་ཡང་མ་གྲུབ། ད་རྐང་མཐིལ་གཡོན་དུ་ཡི་གེ་དུནག་པོ་གཅིག་ལ། གྲང་དམྱལ་དུ་སྐྱེ་བའི་སྡིག་སྒྲིབ་ཐམས་ཅད་ཐིམ་པས་གྲང་དམྱལ་དུ་གྱུར། དེའི་ནང་དུ་རང་ཚུད་ནས་ཤིན་ཏུ་འཁྱག་ཅིང་ལུས་གས་པར་


CMR054_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ལ། ཁཾ་ན་ར་ཀ་ལན་བདུན་བརྗོད་ཅིག །དེ་སྒོམ་མཁན་སེམས་ཀྱི་ངོ་བོ་ལ་ལྟོས། གསང་གནས་སུ་ཡི་གེ་པྲདམར་པོ་ལ་ཡི་དྭགས་སུ་སྐྱེ་བའི་སྡིག་སྒྲིབ་ཐམས་ཅད་ཐིམ་པས་ཡི་དྭགས་ཀྱི་གླིང་དུ་གྱུར། དེའི་ནང་དུ་རང་ཚུད་པས་བཀྲེས་སྐོམ་གྱི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་པར་བསྒོམས་ལ། སརྦ་པྲ་ཏ་ཀ་ལན་བདུན་བརྗོད། ད་སེམས་ལ་ལྟོས། ལྟེ་བར་ཡི་གེ་ཏྲིདམར་པོ་གཅིག་ལ་དུད་འགྲོར་སྐྱེ་བའི་སྡིག་སྒྲིབ་ཐམས་ཅད་ཐིམ་པས་དུད་འགྲོའི་གླིང་དུ་གྱུར། གླེན་ཞིང་ལྐུགས་པར་བསྒོམས་ལ། སརྦ་ཏིརྻ་ཀ་ལན་བདུན་བརྗོད། ད་སེམས་ལ་ལྟོས། སྙིང་གར་ཡི་གེ་ནིལྗང་ཁུ་གཅིག་ལ་མིར་སྐྱེ་བའི་རྒྱུ་ཐམས་ཅད་ཐིམ་པས་གླིང་བཞི་མི་ཡི་འཇིག་རྟེན་དུ་གྱུར། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཐམས་ཅད་བསྒོམས་ལ། སརྦ་མ་ནུ་ཁེ་ལན་བདུན་བརྗོད། དེ་ནས་སེམས་ལ་ལྟོས། མགྲིན་པར་ཡི་གེ་སུསེར་པོ་གཅིག་ལ་ལྷ་མིན་དུ་སྐྱེ་བའི་སྡིག་སྒྲིབ་ཐམས་ཅད་ཐིམ་པས་ལྷ་མིན་འཐབ་རྩོད་ཀྱི་གནས་སུ་གྱུར། རང་དེའི་ནང་དུ་ཚུད་ནས་འཐབ་རྩོད་སྡུག་བསྔལ་སྐྲག་སྔངས་ཡོད་པར་བསྒོམས་ལ། སརྦ་ཨ་སུ་ར་ལན་བདུན་


CMR054_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། དེ་སྒོམ་མཁན་སེམས་ལ་ལྟོས། སྤྱི་བོར་ཡི་གེ་ཨདཀར་པོ་གཅིག་ལ་ལྷར་སྐྱེ་བའི་རྒྱུ་ཐམས་ཅད་ཐིམ་པས། འདོད་ལྷ་རིགས་དྲུག་སོགས་ལྷའི་གནས་སུ་གྱུར། རང་དེའི་ནང་དུ་སྐྱེས་ནས་ཕམ་ལྟུང་གི་སྡུག་བསྔལ་མྱོང་བར་བསྒོམས་ལ། སརྦ་དེ་ཝ་ལན་བདུན་བརྗོད། དེ་ལྟར་སྒོམ་མཁན་སེམས་ལ་ལྟོས། དེ་ལྟར་རིགས་དྲུག་གི་སྡུག་བསྔལ་དེ་རྣམས་ཀྱང་སེམས་ཡིན། སེམས་སྟོང་པ་ཉིད་ཡིན། སྟོང་པ་ཉིད་ལ་བདེ་བ་དང་སྡུག་བསྔལ་ཞེས་བྱ་བ་མ་གྲུབ་བོ། །དེ་ལྟར་བསྒོམས་པས་རིགས་དྲུག་གི་སྐྱེ་སྒོ་ཆོད་པའི་གདམས་ངག་ཡིན། ད་སྐྱེ་སྒོ་ཆོད་པའི་སྔགས་འདི་འུར་འདོན་གཅིག་མཛོད། ༢ཨཤསམསཿ ད་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ་གསུམ་བསྒོམ། དེ་ལ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐིམ་པས་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་ལྡན་དུ་འབར། ལུས་ཀྱི་རྩ་གནས་དྲུག་གིས་རིགས་དྲུག་གི་གྲོང་ཁྱེར་ས་བོན་ཡིག་འབྲུ་དང་བཅས་པ་བསྲེགས་ནས་རིགས་དྲུག་གི་གནས་སྟོང་པར་བསྒོམས་ལ། ཨོཾ་ཨཱཿཧཱུྃ་ལ་འུར་འདོན་ཅིག་མཛོད། དེ་ནས་ཁྱེད་རང་


CMR054_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དགེ་འདུན་དཀོན་མཆོག་གི་ངོ་བོ་དགེ་སློང་མ་ཕམ་པ་ཡིན་པར་བསྒོམས་ལ། ན་མོ་སངྒྷ་ཡ་ལན་གསུམ་བརྗོད། ད་ཁྱེད་རང་རྣམས་ཆོས་དཀོན་མཆོག་གི་ངོ་བོ་ཡུམ་ཆེན་མོ་ཡིན་པར་བསྒོམས་ལ། ན་མོ་དྷརྨཱ་ཡ་ལན་གསུམ་བརྗོད། ད་ཁྱེད་རང་རྣམས་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུར་བསྒོམས་ལ། ན་མོ་བུདྡྷ་ཡ་ལན་གསུམ་བརྗོད། ད་ཁྱེད་རང་རྣམས་ཞི་བ་ཐུགས་རྗེ་ཆེན་པོའི་སྐུར་བསྒོམས་ལ། ཡིག་དྲུག་ལན་གསུམ་བརྗོད། ཁྲོ་བོ་རྟ་མགྲིན་གྱི་སྐུར་བསྒོམས་ལ་ཨོ་རྒྱ་གྲོ་ཝ་ཧཱུྃ་ཕཊ། ལན་གསུམ་བརྗོད། ལུས་འདི་ཡང་འབྱུང་བ་ལྔ་ལས་གྲུབ། ཕྱིའི་འབྱུང་བ་ལྔ་ཡང་ནང་རིག་པ་སེམས་ཉིད་ཀྱི་རྩལ་ཡིན་པར་འདུག་བསམ་པ་གྱིས་ལ་རྗེས་ཟློས་ལན་གསུམ་མཛོད། ཨེ་ཡཾ་རཾ་བཾ་ལཾ། ཐལ་འགྱུར་ལས། རྡོ་རྗེ་སྐྱིལ་ཀྲུང་དང་བཅས་པས། །དེ་ལྟར་ལུས་སྦྱངས་སེམས་ལ་ཕན། །ངག་ནི་ཧཱུྃ་ཞེས་གནས་པ་ལ། །རྒྱས་བཏབ་པ་དང་རྩལ་ཉིད་སྦྱངས། །མཉེན་བཙལ་ལམ་དུ་གཞུག་པ་ཡིས། །དེ་ལྟར་ངག་སྦྱངས་སེམས་ལ་ཕན། །གསུངས་སོ། །ད་ཁྱེད་རང་རྣམས་སྐྱིལ་ཀྲུང་དང་ལུས་དྲང་པོར་བསྲང་ལ་སྤྱི་བོར་ཐལ་མོ་སྦྱོར། ལུས་


CMR054_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ལྟེ་བར་ཡི་གེ་ཧཱུྃ་སྔོན་པོས་མཚན་པ། དེ་ལས་ཧཱུྃ་སྔོན་པོའི་ཐག་པ་ཁ་ནས་འཕྲོས། འཇིག་རྟེན་ཐམས་ཅད་ཧཱུྃ་སྔོན་པོས་གང་། ཚུར་འདུས་ནམ་མཁར་ཧཱུྃ་སྔོན་པོ་ཁྲུ་གང་ཙམ་ཞིག་བསྒོམ། ལུས་ཀྱི་ནང་ཐམས་ཅད་ཀྱང་ཧཱུཾ་སྔོན་པོ་མང་པོས་གང་བར་བསྒོམས་ལ། ཧཱུྃ་རིང་ལན་གསུམ་ལ་དབྱངས་དང་། ཧཱུྃ་ཐུང་ལ་འུར་འདོན་ཅིག་མཛོད། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། དེ་ལྟར་ཁམས་གསུམ་འཁོར་བའི་རུ་ཤན་ཕྱེས་པས། འཁོར་བར་མི་འཁྱམས་པའི་གདམས་ངག་ཡིན་ཏེ། རྒྱུད་ལས། རིགས་དྲུག་རུ་ཤན་ཕྱེས་ནས་ནི། །འཁོར་བའི་གནས་སུ་མི་ལྡོག་ཅིང་། །སེམས་ཅན་དོན་བྱེད་ནུས་པ་ནི། །ནོར་བུའི་ཚུལ་དུ་འབྱུང་བར་འགྱུར། །ཞེས་དང་། སྒྲོན་མ་འབར་བ་ལས། །འཁོར་འདས་རུ་ཤན་ཕྱེས་ནས་ནི། །ལུས་ངག་ཡིད་གསུམ་རྣལ་དུ་དབབ། །ཅེས་གསུངས་པས། དེ་ལ་ལུས་ནི་ལུས་གནད་ཅི་བདེར་བཅའ། ངག་ཅི་ཡང་མི་སྨྲ། སེམས་བསམ་བརྗོད་དང་བྲལ་བའི་ངང་ལ་མ་ཡེངས་པར་བཞག །འདས་རྗེས་ལས། དེ་ནས་ལུས་ངག་ཡིད་གསུམ་པོ། །རྣལ་དུ་དབབ་ལ་མཁས་པར་བྱ། །ཞེས་གསུངས་ཤིང་།


CMR054_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་དུ་དབབ་པའི་ཡོན་ཏན་ནི། ཀློང་གསལ་ལས། འདི་ལྟར་རྣལ་དུ་སུས་དབབ་པ། །རླུང་འཁྲུགས་ནད་རྐྱེན་ཞི་བ་དང་། །འཛིན་པ་རང་གྲོལ་ཉིད་དུ་འགྱུར། །ལུས་ངག་ཡིད་གསུམ་རང་གྲོལ་དུ་བཞག་པར་བྱའོ། །དེ་ནས་སོར་འཇུག་པར་བྱ་སྟེ། ཀློང་གསལ་ལས། རྣལ་དུ་དབབ་ནས་སོར་དུ་འཇུག །ཀ་དག་དེ་ནི་རྟོགས་པའོ། །ཞེས་གསུངས་སོ། །དེ་ནས་དངོས་གཞི་སྒྲོན་མ་དྲུག་གི་ངོ་སྤྲོད་གོ་བདེ་བར་བཤད་ན། སྒྲོན་མའི་ངོ་བོ་ནི། རང་གི་རིག་པའི་ངོ་བོ། སྒྲོན་མའི་རང་བཞིན་ནི་སྟོང་པ་ཉིད། སྒྲོན་མའི་མཚན་ཉིད་ནི། གསལ་སྟོང་གཉིས་སུ་མེད་པ་སྟེ། དེ་དག་ནི་སྔོན་ངོ་སྤྲོད་ཀྱི་སྐབས་སུ་སོང་བས་འདིར་བཤད་མི་དགོས། ངེས་ཚིག་ནི་སྤྱིར་གཞི་བདེ་གཤེགས་སྙིང་པོ་ལ་གནས་པ་གཞིའི་སྒྲོན་མ་ཞེས་བྱ། དེ་དག་ནི་རྫོགས་པ་ཆེན་པོའི་གཞི་ཁྲེགས་ཆོད་ཅེས་བྱ་བ་སྟེ། ཕྱག་རྒྱ་ཆེན་པོ་དང་དོན་གཅིག །རྫོགས་ཆེན་སེམས་སྡེའི་སྐོར་ཡིན། གཞི་དེ་རྟོགས་པར་བྱས་ནས་ལམ་ཐོད་རྒལ་གྱིས་བསྒྲོད་པ་ནི། རྫོགས་ཆེན་ཀློང་སྡེ་དང་མན་ངག་གི་སྡེ་ཞེས་བྱ་བ་སྟེ། ཕྱག་ཆེན་ལས་ཀྱང་ཐེག་པ་མཐོ་བར་བཤད་


CMR054_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། ཙིཏྟ་ཤའི་སྒྲོན་མ་ཞེས་བྱ་བ་ནི། གནས་ལུགས་ཀྱི་དོན་དེ་སྤྱིར་ལུས་ལ་གནས་ཤིང་། ཁྱད་པར་དུ་ཡང་སྙིང་གི་ནང་ན་གནས་ཏེ། ངོ་སྤྲོད་སྤྱད་པའི་རྒྱུད་ལས། དོན་རང་གི་ལུས་ཀྱི་དཀྱིལ་ན། སྙིང་ནང་ཡེ་ཤེས་ཆེན་པོར་གནས། །ཞེས་པ་དང་། ཐིག་ལེ་འདུས་པའི་རྒྱུད་ལས། སེམས་ཅན་དྲན་བྱེད་ཙིཏྟའི་དཀྱིལ། །ཆོས་གསུམ་སེམས་ཀྱི་ངོ་བོར་གནས། །ཞེས་པ་དང་། རིག་པ་སྙིང་གི་དཀྱིལ་དུ་གནས་པ་ལ། ཙིཏྟ་ཤའི་སྒྲོན་མ་ཞེས་བྱའོ། །དཀར་འཇམ་རྩའི་སྒྲོན་མ་ཞེས་བྱ་བ་ནི། སྙིང་དང་མིག་གཉིས་འབྲེལ་བའི་རྩ། སྐྱོན་ཡོན་དབང་པོ་དྲུངས་འབྱེད་ཀྱི་རྩ་ཞེས་བྱའོ། །ཞེས་པ་དང་། ནང་ན་ཁྲག་དང་ཆུ་སེར་མེད་པའི་སྟོང་གསལ་གཅིག་ཡོད་པ་སྟེ། རིག་པ་འགྱུར་བ་མེད་པ་ཡིན་ཏེ། དེ་ལ་ནི་དཀར་འཇམ་རྩའི་སྒྲོན་མ་ཞེས་བྱ་སྟེ། ཐིག་ལེ་འདུས་པའི་རྒྱུད་ལས། རྩའི་རྒྱལ་པོ་ཤེལ་གྱི་སྦུ་གུ་ཅན། །ཉི་མ་ཟླ་བའི་ནང་ན་ཟུག་པར་གནས། །ཞེས་དང་། སྒྲོན་མ་འབར་བའི་རྒྱུད་ལས། ཀླད་པ་དུང་ཁང་དཀར་པོ་ནས། །གཡས་སུ་འཁྱིལ་པ་གསུམ་ཡོད་པས། །རྩ་ནི་བ་མན་རྭ་འདྲའི་དབྱིབས། །འབྱུང་བའི་དྭངས་མ་


CMR054_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འདུས་ནས། །དབང་པོའི་ཡུལ་ལས་འཆར་བྱེད་པའི། །རྩ་ཡི་ནང་ན་འདི་ཉིད་གཅེས། །དེས་ན་རྣམ་ཤེས་འགྱུ་བའི་ལམ་ལ་དཀར་འཇམ་རྩའི་སྒྲོན་མ་ཞེས་བྱའོ། །རྐྱང་ཞགས་ཆུའི་སྒྲོན་མ་ཞེས་བྱ་བ་ནི། མིག་ཆུའི་དཀྱིལ་འཁོར་ནས་མཐོང་བ་མ་འགགས་པར་གསལ་བ་སྟེ། སྒྲ་ཐལ་འགྱུར་གྱི་རྒྱུད་ལས། ཡེ་ཤེས་འཆར་བའི་སྒོ་ཉིད་ནས། །ལུས་བཅུད་དྭངས་མ་ཀུན་འདུས་པའི། །ཙཀླུ་ཞེས་པའི་སྒོ་ལ་ཐོན། །ཅེས་དང་། སངས་རྒྱས་རང་ཆས་ཀྱི་རྒྱུད་ལས། ཡེ་ཤེས་ཀྱི་སྐུ་བསྟན་ཡེ་ཤེས་ཟང་ཐལ་གྱི། བརྟེན་པ་དེ་རང་གིས་མིག་ལ་བརྟེན་ནོ། །གནས་པ་རང་གི་མིག་འབྲུའི་དཀྱིལ་ན་གནས་སོ། །གསལ་བ་མཐོང་བ་མ་འགགས་པར་གསལ་ལོ། །རང་གི་མིག་འབྲུའི་དཀྱིལ་ནས་མ་འགགས་པ་ཟང་ཐལ་བ་འདི། སངས་རྒྱས་ཡེ་ཤེས་ཟང་ཐལ་གྱི་སྐུ་ཡིན་ནོ། །ཞེས་དང་། མིག་གི་མཐོང་བ་མ་འགགས་པར་གསལ་བ་འདི་ལ་རྐྱང་ཞགས་ཆུའི་སྒྲོན་མ་ཞེས་བྱའོ། །ཞེས་དང་། ཐུགས་རྗེ་ཆེན་པོའི་ཡེ་ཤེས་འོད་མཆོག་གི་གསང་ལམ་ངོ་སྤྲོད་ལས། གསང་བའི་བདག་པོ་ཉོན་ཅིག །བདེ་བར་གཤེགས་པ་ཡེ་ཤེས་ལུས་


CMR054_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། རྟེན་པ་རང་ལུས་བྱང་ཁོག་སྟོད་འདི་ན་རྟེན་ཡོད་དོ། །གནས་པ་སྙིང་གི་ནང་ན་གནས་སོ། །ལམ་ནི་སྙིང་ནས་མིག་ཏུ་རྩ་དར་དཀར་གྱི་སྐུད་པ་ཙམ་གཉན་པ་ཁྲག་དང་ཆུ་སེར་མེད་པ་གཅིག་གིས་སྦྲེལ་ནས་ཡོད་དོ། །དེ་ནི་ཡེ་ཤེས་ཀྱི་ལམ་ཡིན་ནོ། །ཞེས་དང་། ཐུགས་རྗེ་ཆེན་པོ་དོན་ཏིག་གི་རྒྱུད་ལས། དེ་ལྟར་འོད་གསལ་ཉམས་ཀྱི་རྟེན། །རྐྱང་ཞགས་ཆུའི་སྒྲོན་མ་ཞེས། །ཞེས་དང་། ངོ་སྤྲོད་མཐོང་བ་རང་གྲོལ་ཨོ་རྒྱན་གྱི་གསུངས་པ་ལས། སྔ་དྲོའམ་དགོང་མོ་ནམ་མཁའ་དང་ཉི་ཟེར་གསལ་བའི་དུས་སུ། སློབ་བུ་ཐམས་ཅད་ཕྱེད་བསྙེས་སུ་ཉི་མ་ལ་མིག་ཟིམ་བུའི་བལྟས་པས། འདིར་ལྟ་བཅུག་ཀྱང་རུང་། རིགས་ཀྱི་བུ་རྣམས་དེས་ཉི་མའི་སྙིང་པོ་འདི་དག་ཅིང་། དྲི་མ་མེད་པར་གསལ་བཞིན་དུ། ཆོས་སྐུ་དག་པ་གཉིས་ལྡན་ཀ་ནས་དག་ཅིང་། དྲི་མ་མེད་པར་ཤེས་པར་གྱིས་ཤིག །ཉི་མའི་མདངས་འཇའ་ཁ་དོག་ལྔ་དང་ལྡན་པ་སུས་ཀྱང་མ་བྱས་པར་རང་གསལ་བ་བཞིན་དུ་ཆོས་སྐུ་ཀ་ནས་དག་པའི་མདངས་ལས། ལོངས་སྐུ་ལྷུན་གྲུབ་ངེས་པ་ལྔ་ལྡན་པ། འཇའ་འོད་ཐིག་ལེ་ལྔ་ལྡན་སྐུ་མ་བྲིས་པའི་དཀྱིལ་འཁོར། རང་བཞིན་གྱིས་འོད་


CMR054_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་ཤེས་པར་གྱིས་ཤིག །དེ་ཡང་འཇའ་འོད་ཁ་དོག་ལྔ་དང་ལྡན་པ་ནི། སངས་རྒྱས་ཐམས་ཅད་རིགས་ལྔའི་རང་བཞིན་དུ་ཤེས་པར་གྱིས་ཤིག །དེ་ཡང་སྐད་ཅིག་མ་སྒྲིབ་པར་འགགས་མེད་ཟང་ཐལ་དུ་ནམ་མཁར་གནས་པ་ནི། སངས་རྒྱས་ཡེ་ཤེས་ལུས་ཅན་གྱི་སྐུ་སྣང་ལ་རང་བཞིན་མེད་པ། སྐུ་ལ་མདུན་རྒྱབ་མེད་པ། །དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱི་སྐུར་ཤེས་པར་གྱིས་ཤིག །དེ་དག་ཀྱང་རྨ་བྱའི་མདོངས་ལྟ་བུའམ། ཕུབ་ཀྱི་སྤ་འཁོར་ལྟ་བུའམ། འཇའ་འོད་མུ་ཁྱུད་ལྔ་ལྡན་ནང་ན་བཞུགས་པ་ནི། རྣམ་དག་ཆོས་དབྱིངས་སྒྲོན་མ་དག་པ་རང་གསལ་གྱི་ཞིང་ཁམས་སུ་བཞུགས་པར་ཤེས་པར་གྱིས་ཤིག །དེ་དག་གི་ཟེར་དང་མདངས་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོ་ཞིང་གསལ་བ་འདི་ནི་ལོངས་སྐུ་ངེས་པ་ལྔ་ལྡན་གྱི་རྩལ་ལས། སྤྲུལ་སྐུ་མ་ངེས་ལྔ་ལྡན་གང་ལ་གང་འདུལ་རྒྱུན་མི་འཆད་པར་ཤེས་པ་གྱིས་ཤིག །འོད་ཟེར་དེ་དག་གི་ནང་ནས་ཐིག་ལེ་ཐིག་ཕྲན་བསམ་གྱིས་མི་ཁྱབ་པ། ཉ་མིག་ལྟ་བུ་དང་མུ་ཏིག་གི་དྲྭ་བ་ལྟ་བུའི་བར་དུ། དྲ་བ་དང་དྲ་ཕྱེད་ལུ་གུ་རྒྱུད་དུ་འབྲེལ་ཞིང་འགུལ་བ་དང་། འཕྲིག་པར་སྣང་བ་


CMR054_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་སྤྲུལ་པའི་སྐུ་སྟེ། བྱེ་བ་བརྒྱ་ཕྲག་བསམ་གྱིས་མི་ཁྱབ་པས། འགྲོ་དོན་རྒྱུན་མི་འཆད་པར་ཤེས་པར་གྱིས་ཤིག །དེ་དག་ཀྱང་སྣང་ཚུལ་ཐ་དད་ཀྱང་ཉི་མ་དང་འཇའ་འོད་ཐིག་ལེ་སྟོང་ཉིད་རང་བཞིན་གྱིས་ངང་ལ་དབྱེར་མེད་པ་ལྟར། དོན་སྐུ་གསུམ་སྣང་ཚུལ་གྱི་ཐ་དད་ཀྱང་། ངོ་བོ་ཆོས་ཉིད་ངང་ལས་དབྱེར་མེད་ཤེས་པར་གྱིས་ཤིག །ཅེས་དང་། །ཉི་ཟེར་རྩིབས་ཤར་ངོ་སྤྱོད་ནི། ནམ་མཁའི་དྭངས་ཤིང་ཉི་ཟེར་གསལ་བའི་དུས་སུ། སློབ་མ་རྣམས་ཉི་མ་ལ་མིག་ཟིམ་བུས་བལྟས་པས། ཉི་མའི་ཟེར་མཚོན་ཆ་གཤིབ་པ་འདྲ་བ་དང་། མདུང་རྩེ་གཤིབ་པ་འདྲ་བ་དང་། བ་དག་གཟེང་བ་འདྲ་བ་འོང་སྟེ། དེ་ནི་ཆོས་ཉིད་ཀྱི་བར་དོར་འོད་ཟེར་མཚོན་ཆའི་ཆར་བབ་པ་འདྲ་བས། རང་གི་ཐོག་ཏུ་ཟུག་ནས་འོང་བའི་སྣང་བ་འཆར་ནས་འོང་སྟེ། དེ་ནི་མཚོན་ཆ་མ་ཡིན་ཏེ། ཡེ་ཤེས་གསལ་བའི་ཟེར་ཡིན། དེ་ལ་མ་སྐྲག་པར་རང་སྣང་དུ་ངོ་ཤེས་པར་གྱིས་ཤིག །འོད་ཁ་དོག་ལྔ་ལྡན་སྣང་བ་འདི། ངོ་མ་ཤེས་ན་ཉོན་མོངས་པ་དུག་ལྔ་ཡིན། འོད་ལྔ་ངོ་ཤེས་པ་རྒྱལ་བ་རིགས་ལྔ་སྟེ། འོད་ཟེར་མཐིང་ཀ་རྡོ་རྗེ་སེམས་དཔའ་ཡིན། འོད་ཟེར་དཀར་པོ་རྣམ་པར་


CMR054_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་མཛད་ཡིན། འོད་ཟེར་སེར་པོ་རིན་ཆེན་འབྱུང་ལྡན་ཡིན། འོད་ཟེར་དམར་པོ་སྣང་བ་མཐའ་ཡས་ཡིན། འོད་ཟེར་ལྗང་ཁུ་དོན་ཡོད་གྲུབ་པ་ཡིན། ངོ་མ་ཤེས་ན་ཕུང་པོ་ལྔ་ཡིན་ཏེ། དེ་ཡང་འོད་ཟེར་མཐིང་ཀ་རྣམ་ཤེས་ཕུང་པོ་ཡིན། འོད་ཟེར་དཀར་པོ་གཟུགས་ཀྱི་ཕུང་པོ་ཡིན། འོད་ཟེར་སེར་པོ་ཚོར་བའི་ཕུང་པོ་ཡིན། འོད་ཟླ་ཟེར་དམར་པོ་འདུ་ཤེས་ཕུང་པོ་ཡིན། འོད་ཟེར་ལྗང་ཁུ་འདུ་བྱེད་ཕུང་པོ་ཡིན། འོད་ལྔའི་དོན་རྟོགས་ན་ཡུམ་ལྔ་ཡིན་ཏེ། འོད་ཟེར་མཐིང་ཁ་ནམ་མཁའི་དབྱིངས་ཕྱུག་མ། །འོད་ཟེར་དཀར་པོ་སངས་རྒྱས་སྤྱན་མ་ཡིན། འོད་ཟེར་སེར་པོ་ཡུམ་མཆོག་མ་མཱ་ཀི། འོད་ཟེར་དམར་པོ་ཡུམ་མཆོག་གོས་དཀར་མོ། འོད་ཟེར་ལྗང་ཁུ་དམ་ཚིག་སྒྲོལ་མའོ། །ངོ་མ་ཤེས་ན་འབྱུང་བ་ལྔ་ཡིན་ཏེ། དེ་ཡང་འོད་ཟེར་མཐིང་ཀ་ནམ་མཁའི་ཁམས། འོད་ཟེར་དཀར་པོ་འབྱུང་བ་ཆུའི་ཁམས། འོད་ཟེར་སེར་པོ་འབྱུང་བ་སའི་ཁམས། འོད་ཟེར་དམར་པོ་འབྱུང་བ་མེའི་ཁམས། འོད་ཟེར་ལྗང་ཁུ་འབྱུང་བ་རླུང་གི་ཁམས་ཡིན་ནོ། འོད་ལྔ་ཤེས་ན་རིགས་ལྔ་ཡང་ཡིན་ཏེ། དེ་ཡང་འོད་ཟེར་མཐིང་ཁ་རྡོ་རྗེའི་རིགས། །


CMR054_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་དཀར་པོ་བདེ་གཤེགས་རིགས། འོད་ཟེར་སེར་པོ་རིན་ཆེན་རིགས། འོད་ཟེར་དམར་པོ་པདྨའི་རིགས། འོད་ཟེར་ལྗང་ཁུ་ལས་ཀྱི་རིགས་ཡིན་ནོ། །ངོ་མ་ཤེས་ན་འབྱུང་བའི་རླུང་ལྔ་སྟེ། འོད་ཟེར་མཐིང་ཀ་ནམ་མཁའ་གོ་འབྱེད་རླུང་།། འོད་ཟེར་དཀར་པོ་ཆུ་རླུང་གཤེར་འབྱེད་རླུང་། འོད་ཟེར་སེར་པོ་ས་རླུང་ལྗིད་འཐིབ་རླུང་། །འོད་ཟེར་དམར་པོ་སྲེག་བྱེད་མེའི་རླུང་། འོད་ཟེར་ལྗང་ཁུ་སྐྱེད་བྱེད་རླུང་གི་རླུང་། འོད་ལྔའི་དོན་ཤེས་ན་ཞིང་ཁམས་ལྔ་ཡིན་ཏེ། འོད་ཟེར་མཐིང་ཁ་འཐུག་པོ་བཀོད་པའི་ཞིང་། འོད་ཟེར་དཀར་པོ་མངོན་པར་དགའ་བའི་ཞིང་། འོད་ཟེར་སེར་པོ་དཔལ་དང་ལྡན་པའི་ཞིང་། འོད་ཟེར་དམར་པོ་བདེ་བ་ཅན་གྱི་ཞིང་། འོད་ཟེར་ལྗང་ཁུ་ལས་རབ་རྫོགས་པའི་ཞིང་། ངོ་མ་ཤེས་ན་འོད་ལྔ་ཕྱོགས་ལྔ་སྟེ། མཐིང་ཀ་དབུས་དཀར་པོ་ཤར་སེར་པོ་ལྷོ་དམར་པོ་ནུབ་ལྗང་གུ་བྱུང་། འོད་ལྔ་དོན་ཤེས་ན་ཁྲག་འཐུང་རིགས་ལྔའི་སྐུ། འོད་མཐིང་ཀ་བཛྲ་ཧེ་རུ་ཀ །དཀར་པོ་བུདྡྷ་ཧེ་རུ་ཀ །སེར་པོ་རཏྣ་ཧེ་རུ་ཀ །དམར་པོ་པདྨ་ཧེ་རུ་ཀ །ལྗང་ཁུ་ཀརྨ་ཧེ་རུ་ཀ །ངོ་མ་ཤེས་ན་ཉོན་མོངས་བདུད་ལྔ་སྟེ། ཁ་དོག་


CMR054_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་ལྷ་བུའི་བདུད། མཐིང་ཀ་འཆི་བདག་བདུད། སེར་པོ་ཕུང་པོའི་བདུད། དམར་པོ་ཉོན་མོངས་པའི་བདུད། ལྗང་ཁུ་མ་རིག་འཁྲུལ་པའི་བདུད། །འོད་ལྔ་ཤེས་ན་མཁའ་འགྲོ་སྡེ་ལྔ་སྟེ། འོད་ཟེར་མཐིང་ཀ་རྡོ་རྗེ་མཁའ་འགྲོ་ཡིན། འོད་ཟེར་དཀར་པོ་སངས་རྒྱས་མཁའ་འགྲོ་ཡིན། འོད་ཟེར་སེར་པོ་རིན་ཆེན་མཁའ་འགྲོ་ཡིན། འོད་ཟེར་དམར་པོ་པདྨ་མཁའ་འགྲོ་ཡིན། འོདཟེར་ལྗང་ཁུ་ལས་ཀྱི་མཁའ་འགྲོ་ཡིན། ངོ་ཤེས་པར་གྱིས་ཤིག །མ་འཁྲུལ་ཞིག །མ་སྐྲག་ཅིག །ངོ་ཤེས་པར་གྱིས་ཤིག་རྒྱ་མཚོ་ཨར་གཏད་ངོ་སྤྲོད་ནི། མིག་གཉིས་མཛུབ་མོས་མནན་པས་འོད་སྐོར་བུ་འོང་སྟེ། ད་ལྟ་སྙིང་གི་དཀྱིལ་ན་ཞི་བའི་སྐུ། འཇའ་འོད་ཀྱི་ར་བ་ན་ཡོད་པའི་རྟགས་ཡིན་པས་ཤེས་པར་གྱིས་ཤིག །རྒྱ་མཚོ་རྦ་ཀློང་ངོ་སྤྲོད་ནི། རྣ་བ་གཉིས་མཛུབ་མོས་མནན་པས་སྟེང་ནས་འུར་ཏིང་སྒྲ་འབྱུང་སྟེ། ཆོས་ཉིད་བར་དོར་ཆོས་ཉིད་ཀྱི་སྒྲ་འབྲུག་སྟོང་ལྡིར་བ་ཙམ་འོང་བའི་རྟགས་ཡིན་ནོ། །ཆོས་ཉིད་ཟེར་གྱི་ངོ་སྤྲོད་ནི། མིག་གཉིས་ཀ་ཡུན་རིང་དུ་མཛུབ་མོས་བཙིར་བས། ཟེར་དང་ཐིག་ལེ་ལུ་གུ་རྒྱུད་དུ་རྒྱ་ཆེ་བ། འགུལ་


CMR054_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲུག་ཡོམ་ཤིག་འཕྲོ་བ་སྟེ། ཆོས་ཉིད་བར་དོར་ཟེར་གྱི་སྣང་བ་འཆར་བས་དེའི་རྟགས་ཡིན་པར་ཤེས་པར་གྱིས་ཤིག །འོ་ན་འཇའ་འོད་འདི་བལྟས་པས་ཅི་ལ་ཕན་ཞེ་ན། བར་དོ་དུས་ཀྱི་སྒྲོན་མ་ཞེས་བྱ་བ། ཆོས་ཉིད་བར་དོར་འཇའ་འོད་ཐིག་ལེ་ཐིག་ཕྲན་འདི་ལྟ་བུས་གང་ནས་འཆར། དེའི་ནང་ནས་ཞི་བ་དང་ཁྲོ་བོའི་སྐུ་དཔག་ཏུ་མེད་པ་འཆར་བའི་ཚེ། །ད་ལྟ་ངོ་སྤྱད་པའི་དོན་དྲན་ནས་འཇིགས་སྐྲག་དང་བྲལ་ཏེ། དག་པའི་ཞིང་ཁམས་སུ་སྐྱེ་བར་གསུངས་སོ། །ངོ་སྤྲོད་མཐོང་བ་རང་གྲོལ་གྱི་གཞུང་ལས། སྐབས་འདིར་ཡེ་ཤེས་འོད་ལམ་གྱི་སྨོན་ལམ་རྣམ་པར་དག་པ་གདབ་པར་བྱའོ། །ཞེས་གསུངས་པས་རྗེས་ཟློས་མཛོད། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ བརྩེ་བ་ཆེན་པོས་ལམ་སྣ་དྲང་དུ་གསོལ༔ བདག་ནི་འཁྲུལ་པའི་འཁོར་བར་འཁྱམས་པའི་ཚེ༔ ཐོས་བསམ་སྒོམ་གསུམ་མ་ཡེངས་འོད་ལམ་ལ༔ བཀའ་བརྒྱུད་བླ་མ་རྣམས་ཀྱིས་ལམ་སྣ་དྲོངས། ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཞེ་སྡང་དྲག་པོས་


CMR054_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བར་འཁྱམས་པའི་ཚེ༔ མེ་ལོང་ཡེ་ཤེས་གསལ་བའི་འོད་ལམ་ལ་བཅོམ་ལྡན་རྡོ་རྗེ་སེམས་དཔས་ལམ་སྣ་དྲོངས༔ ཡུམ་མཆོག་སངས་རྒྱས་སྤྱན་མས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ང་རྒྱལ་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ མཉམ་ཉིད་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་ལམ་སྣ་དྲོངས༔ ཡུམ་མཆོག་མ་མཱ་ཀི་ཡིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ འདོད་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ སོར་རྟོག་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་སྣང་བ་མཐའ་ཡས་ལམ་སྣ་དྲོངས༔ ཡུམ་མཆོག་གོས་དཀར་མོ་ཡིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ཕྲག་དོག་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ བྱ་གྲུབ་ཡེ་ཤེས་གསལ་བའི་འོད་ལམ༔ བཅོམ་ལྡན་དོན་ཡོད་གྲུབ་པས་ལམ་སྣ་དྲོངས༔ ཡུམ་མཆོག་དམ་ཚིག་སྒྲོལ་


CMR054_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

མས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ གཏི་མུག་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ ཆོས་དབྱིངས་ཡེ་ཤེས་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རྣམ་པར་སྣང་མཛད་ལམ་སྣ་དྲོངས་ཡུམ་མཆོག་དབྱིངས་ཕྱུག་མ་ཡིས་རྒྱབ་ནས་སྐྱོར་བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ བག་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ སྔངས་སྐག་འཇིགས་སྣང་སྤང་བའི་འོད་ལམ་ལ༔ བཅོམ་ལྡན་ཞི་ཁྲོའི་ཚོགས་ཀྱིས་ལམ་སྣ་དྲོངས༔ དབྱིངས་ཕྱུག་ཁྲོ་མོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ་ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ འཁྲུལ་སྣང་དྲག་པོས་འཁོར་བར་འཁྱམ་པའི་ཚེ༔ ལྷན་སྐྱེས་ཡེ་ཤེས་གསལ་བའི་འོད་ལམ་ལ༔ དཔའ་བོ་རིག་འཛིན་རྣམས་ཀྱིས་ལམ་སྣ་དྲོངས༔ ཡུམ་མཆོག་མཁའ་འགྲོའི་ཚོགས་ཀྱིས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ དུག་ལྔ་


CMR054_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ ཡེ་ཤེས་བཞི་སྦྱོར་གསལ་བའི་འོད་ལམ་ལ༔ བཅོམ་ལྡན་རྒྱལ་བ་རིགས་ལྔས་ལམ་སྣ་དྲོངས༔ ཡུམ་མཆོག་རིགས་ལྔ་མཁའ་འགྲོས་རྒྱབ་ནས་སྐྱོར༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ ནམ་མཁའི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་མཐིང་ཀའི་ཞིང་ཁམས་མཐོང་བར་ཤོག༔ ཆུ་ཡི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་དཀར་པོའི་ཞིང་ཁམས་མཐོང་བར་ཤོག༔ ས་ཡི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་སེར་པོའི་ཞིང་ཁམས་མཐོང་བར་ཤོག༔ མེ་ཡི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་དམར་པོའི་ཞིང་ཁམས་མཐོང་བར་ཤོག༔ རླུང་གི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་ལྗང་གུའི་ཞིང་ཁམས་མཐོང་བར་ཤོག༔ འཇའ་ཚོན་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་༔ སངས་རྒྱས་སྣ་ཚོགས་ཞིང་ཁམས་མཐོང་བར་ཤོག༔ དགྲ་འོད་ཟེར་གསུམ་དགྲ་རུ་མི་ལྡང་ཞིང་༔ ཞི་ཁྲོ་རབ་འབྱམས་ཞིང་ཁམས་མཐོང་བར་ཤོག༔ འོ། ད་ནངས་ནུབ་ནམ་མཁའ་དྭངས་


CMR054_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དུས་རྒྱུན་དུ་ལྟོས་དང་། ངོ་མཚར་ཅན་གྱི་མཐོང་རྒྱུ་མང་པོ་ཡོད། འོད་ཁ་དོག་ལྔ་མཐོང་བ་ཡང་འཇའ་མཐོང་བ་དང་མི་འདྲ། ཡེ་ཤེས་ལྔ་དངོས་སུ་མཐོང་བ་ཡིན་པས། དོན་ལ་རྒྱལ་བ་རིགས་ལྔ་མཇལ་བ་དང་ཁྱད་པར་མེད། ལས་དག་པ་ལ་རྒྱལ་བ་རིགས་ལྔ་དང་། ཐུགས་རྗེ་ཆེན་པོ་དང་ཨོ་རྒྱན་ལ་སོགས་པ་ཞི་བའི་ལྷ་མང་པོ་དང་། རྟ་མགྲིན་ལ་སོགས་པ་ལྷ་ཁྲོ་བོ་མང་པོ་ཡང་དངོས་སུ་མཇལ་རྒྱུ་ཡོད་དེ། དེ་དག་མཇལ་ན་ཡང་བླ་མ་དང་མཆེད་གྲོགས་མ་གཏོགས་པ་ལ་བཤད་མི་རུང་གསང་དགོས། མ་གསང་ན་བཀའ་སྲུང་མ་གཟའ་དམ་གསུམ་གཉན་དྲག་པས། རང་ན་བ་སོགས་འོང་བས་གསང་བར་མཛོད། རྫོགས་ཆེན་གྱི་ངོ་སྤྲོད་ཚར་རོ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅོ་བརྒྱད་པ་བསྔོ་བས་རྒྱས་འདེབས་ཀྱི་ཁྲིད།


CMR054_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

༼ཚ༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅོ་བརྒྱད་པ་བསྔོ་བས་རྒྱས་འདེབས་ཀྱི་ཁྲིད་བཞུགས་སོ།།


CMR054_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། །རྗེས་ཞལ་གདམས་དང་བསྔོ་བས་རྒྱས་འདེབས་པ་ནི། དེ་ལྟར་ཉམས་སུ་ལེན་རྒྱུ་ངོ་སྤྱོད་པ་དེ་རྣམས་ཤེས་ཀྱང་། །ཉམས་སུ་མ་བླང་ན་མི་ཕན་ཏེ། མདོ་ལས། ཆོས་རྣམས་ཡོངས་སུ་མ་བསྒོམ་པར། །ཆོས་ཉིད་མཐོང་བར་མི་འགྱུར་ཏེ། །ཆུ་ནི་མཐོང་དང་ཐོས་པ་ཡིས། །མ་འཐུང་སྐོམ་པ་སེལ་མི་འགྱུར། །ཞེས་དང་། སྡོང་པོ་བཀོད་པའི་མདོ་ལས། ཇི་ལྟར་འགྲོ་བ་མང་པོ་ལ། །ཟས་དང་སྐོམ་དག་སྦྱིན་བྱས་ཀྱང་། །བདག་ཉིད་བསྐྱེས་པས་ཤི་བ་ལྟར། །མ་


CMR054_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ཆོས་ཀྱང་དེ་དང་འདྲ། །ཇི་ལྟར་དབྱིག་གི་བང་མཛོད་དུ། །རིན་ཆེན་མང་པོ་བགྲང་བྱེད་ཀྱང་། །བག་ཞད་ཙམ་ཡང་མི་ཐོབ་བཞིན། །ཆོས་ལ་མ་བསྒོམས་དེ་དང་འདྲ། །ཞེས་དང་། ཕལ་ཆེན་ལས། དཔེར་ན་འོན་པ་རོལ་མོ་མཁན། །གཞན་དག་དེ་ཡིས་དགའ་བྱེད་ཀྱང་། །བདག་ཉིད་ཀྱིས་ནི་མི་ཐོས་ན། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཆུ་བོ་དག་གི་རྒྱ་མཚོ་ལ། །གྲུ་དང་གཟིངས་བཅས་བརྔན་པ་ཡིས། །གཞན་དག་དེ་ཡིས་སྒྲོལ་བྱེད་ཀྱང་། །བདག་ཉིད་ཆུ་ལ་ཤི་བ་ལྟར། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཞེས་


CMR054_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འཕགས་པ་སྡོང་པོ་བཀོད་པ་ལས། ཡང་དག་སངས་རྒྱས་བསྟན་པ་འདི། །ཐོས་པ་ཙམ་གྱིས་མི་འགྲུབ་བོ། །དཔེར་ན་ལ་ལ་ཆུ་ཀླུང་གིས། །སྟོབས་མེད་ནན་གྱིས་ཁྱེར་བ་དག །སྐོམ་པས་ཤི་བར་གྱུར་པ་བཞིན། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཞེས་དང་། ལྷག་པའི་བསམ་པས་བསྐུལ་བའི་མདོ་ལས། བདག་ནི་སྒྲུབ་སྙམ་ད་ནི་ཅི་བྱ་ཞེས། །འཆི་བའི་དུས་ཚེ་བྱིས་པ་མྱ་ངན་བྱེད། །གཏིང་རྙེད་མ་གྱུར་ཤིན་ཏུ་མྱ་ངན་གྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །ཞེས་དང་། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་འདི་ལྟ་སྟེ། དཔེར་ན། མི་ལ་ལ་ཞིག་རྒྱ་མཚོའི་ཆུ་བོ་ཆེན་པོས་ཁྱེར་ལ་ཆུས་སྐོམ་བཞིན་དུ་འཆི་བའི་དུས་བྱེད་པ་དེ་བཞིན་དུ། འོད་སྲུང་འདི་ལ་དགེ་སྦྱོང་དང་བྲམ་ཟེ་མང་པོ་ཁ་ཅིག་ཆོས་མང་པོ་བསླབས་ནས་ཀུན་ཆུབ་པར་བྱས་ཀྱང་འདོད་ཆགས་ལ་སྲེད་པ་མི་སེལ། ཞེ་སྡང་ལ་སྲེད་པ་མི་སེལ། གཏི་མུག་ལ་སྲེད་པ་མི་སེལ་བ་དེ་དག །ཆོས་ཀྱི་རྒྱ་མཚོར་ཁྱེར་ལ་ཉོན་མོངས་པས་བསྐོམས་པས་འཆི་བའི་དུས་བྱེད་པར་འགྱུར་ཏེ་ངན་འགྲོར་འགྲོ་བར་འགྱུར་རོ། །ཞེས་དང་། འོད་སྲུང་གིས་ཞུས་པའི་མདོ་


CMR054_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ལས། མི་གཅིག་རྒྱ་མཚོའི་ནང་དུ་སྐོམ་ནས་ཤི་བ་བཞིན་དུ། དགེ་སློང་མང་དུ་ཐོས་པ་ཡང་ཐོས་པས་རྒྱགས་ནས། ཉོན་མོངས་པ་མི་སྤངས་ནས་ངན་སོང་དུ་སྐྱེའོ། །ཞེས་དང་། འཕགས་པ་སྡོང་རྒྱན་ལས། ཆོས་མང་དུ་ཐོས་ནས་ཉམས་སུ་མི་ལེན་པ་ནི། དཔེར་ན་མི་དབུལ་པོས་ལས་སུ་མིའི་ནོར་བགྲང་ཡང་བདག་གི་གཅིག་ཀྱང་བྱར་མེད་པ་དང་འདྲའོ། །ཞེས་གསུངས་སོ། །འབྱུང་བ་མེའི་མདོ་ལས། སེམས་ཀྱི་རང་བཞིན་ཡོངས་སུ་མ་ཤེས་ན། །ཚིག་གི་དད་པས་བྱང་ཆུབ་སངས་མི་རྒྱ། །ཞེས་དང་། ཟླ་བ་སྙིང་པོའི་མདོ་ལས། དོན་མ་རྟོགས་ན་ཐ་སྙད་ལ་མཁས་པས་མི་ཕན་ཏེ། ལམ་ཕྲན་བསྟན་དང་ལྟེང་རྒྱས་འོད་སྲུང་གིས། བདེན་བཞིའི་ཚིགས་བཅད་རེའི་དོན་རྟོགས་པས་དགྲ་བཅོམ་ཐོབ་པ། ཀུན་དགའ་བོས་མདོ་སྡེ་ཐམས་ཅད་འཆད་ཤེས་ཀྱང་རྒྱུན་ཞུགས་ལས་མ་ཐོབ། ཅེས་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། དེ་ལྟར་རང་གི་རིག་པ་གསལ་སྟོང་ཧྲིག་གེ་བ། །རང་བཞིན་མེད་ཀྱང་ཉམས་སུ་མངོན་སུམ་མྱོང་། །འདི་ཉིད་ཉམས་སུ་མྱོང་ན་ཀུན་གྲོལ་ཏེ། །དབང་པོ་དག་ལ་རྣོ་རྟུལ་མེད་པ་ལ། །འོ་མ་


CMR054_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནི་མར་གྱི་རྒྱུ་ཡིན་ཀྱང་། །མ་བསྲུབས་མ་བཙིར་མར་ནི་མི་འབྱུང་ལྟར། །འགྲོ་ཀུན་སངས་རྒྱས་སྙིང་པོ་དངོས་ཡིན་ཀྱང་། །ཉམས་སུ་མ་བླངས་སེམས་ཅན་སངས་མི་རྒྱ། །ཉམས་སུ་བླངས་ན་བ་གླང་རྫི་ཡང་གྲོལ། །བཤད་མི་ཤེས་ཀྱང་མངོན་སུམ་གཏན་ལ་ཕེབ། །རང་གི་ཁ་རུ་མྱོང་བའི་བུ་རམ་ལ། །གཞན་གྱིས་དེ་ཡི་རོ་བཤད་མི་དགོས་ཤིང་། །འདི་ཉིད་མ་རྟོགས་པཎྜི་ཏ་ཡང་འཁྲུལ། །ཐེག་དགུའི་བཤད་པ་ཤེས་བྱ་མཁས་གྱུར་ཀྱང་། །མ་མཐོང་རྒྱང་གི་གཏམ་རྒྱུད་སྙན་པ་བཞིན། །སངས་རྒྱས་ལ་ནི་སྐད་ཅིག་ཉེ་མ་རིང་། །འདི་ཉིད་རྟོགས་ན་དགེ་སྡིག་རང་སར་གྲོལ། །འདི་ཉིད་མ་རྟོགས་དགེ་སྡིག་གང་སྤྱད་ཀྱང་། །མཐོ་རིས་ངན་སོང་འཁོར་བ་ལས་མི་འཕགས། །ཞེས་གསུངས་སོ། །གྲུབ་ཐོབ་ཨོ་རྒྱན་པའི་ཞལ་ནས། དེ་ལྟར་སྣང་སེམས་ཀྱི་སྟེང་དུ་ཉམས་མྱོང་སྐྱོང་རྒྱུ་མེད་ན། ཐོས་པས་ཀུན་བཀའ་བཞི་ལ་བློ་བཤད་བྱས་ཀྱང་། བར་དོའི་སྐྱེལ་མ་མི་ཐུབ། གདམས་པ་ཟབ་མོའི་དཔེ་ཆུང་མང་པོ་ལག་ན་ཡོད་ཀྱང་། དེ་རྣམས་ཀྱི་བར་དོའི་སྐྱེལ་མ་མི་སླེབ། བུ་རམ་གྱི་རོ་དེ་མྱོང་བ་མིག་དང་ཡིད་ཀྱིས་མྱོང་བ་དང་འདྲ། བུ་རམ་གྱིས་རོ་


CMR054_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ལྕེས་མྱོང་དགོས་པ་བཞིན་དུ། དཔེ་ཆའི་དོན་ཟབ་མོ་ཐམས་ཅད་རང་གི་སེམས་ཐོག་ཏུ་འཕྲོད་དགོས། མི་གཅིག་ལ་མུ་གེ་བྱུང་ནས་བཀྲེས་པས་ཉན་པ་ལ། ཟན་ཟོས་པས་ཆོག་བྱས་པས་མི་ཕན་ལ། ཟན་དེ་ཙམ་པ་ལ་ཡོང་བ་ཡིན་བྱས་ཀྱང་བཀྲེས་པར་མི་ཕན། ནས་ཡོས་སུ་བརྔོས་ནས་ཕྱེ་རུ་འཐག །ཕྱེ་ལ་ཟན་བྱས་ནས་ཟ་དགོས་པ་ཡིན། དཔེ་དེ་བཞིན་དུ་འཁོར་བའི་གཡུལ་ངོ་བཟློག་པ་ལ། གང་ཤར་གྱི་སྣང་རིག་དེའི་སྟེང་དུ་ཉམས་ལེན་གྱི་ཐིལ་ཆུན་དགོས། ཞེས་གསུངས་སོ། །རྒྱལ་བ་ཡང་དགོན་པའི་ཞལ་ནས། ཆོས་རྫོགས་པ་ཆེན་པོ་ཡིན་པས་མི་ཕན། །གང་ཟག་རྫོགས་པ་ཆེན་པོར་འགྲོ་དགོས། ཆོས་སྐད་ལ་རྟ་རི་བ་བྱས་ཀྱང་། གང་ཟག་ལ་ཁྱི་རི་བ་མང་པོ་མཐོང་། །ཆོས་ལ་ཚིག་ཤེས་པ་དང་། བློ་ཡུལ་གྱི་གོ་བ་རྐྱང་པས་མི་ཕན། ཚིག་མིང་རྐྱང་པ་དང་ལག་ལེན་མི་རྒན་དུ་སོང་ནས། ཚིག་ཟིན་སྐམ་པོ་སྒྲིང་སྐྱེད་ཐམས་ཅད་ལ་ནེ་ཚོའི་འདོན་པ། པཀྵའི་གླུ་དང་ཁྱད་མེད། ཆོས་གཅིག་གོ་གཉིས་གོ་ཐམས་ཅད་ལག་ལེན་ལ་འདེབས་པ་ཞིག་དགོས། གཅིག་ཤེས་གཉིས་ཤེས་རང་རྒྱུད་ལ་སྦྱོར་བ་ཞིག་དགོས། ཆོས་


CMR054_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་རྒྱུད་ཐོག་ཏུ་མ་བྱོན། སེམས་དང་ཆོས་ཀྱི་ཕྱེ་ཆུ་མ་འདྲེས་པར། ཆོས་དང་གང་ཟག་གི་བར་ན་ཧེམ་དཔོག་མི་ཤོང་བ་ཙམ་བྱས། ཆོས་བློ་བའི་ཚོད་མ་བཞིན་ཁ་ལ་ཡམ་མེ་བྱས་པ་དེས། ཆོས་ཀྱི་དོན་བྱེད་མ་ནུས་པ་ལགས་མོད། ཅེས་གསུངས་པས། ད་རེས་ངས་བཤད་པའི་དོན་དེ་དག་རང་གིས་ཆེ་གོ་ཆུང་གོ་དེ་མི་སྐྱུར་བར་ཉམས་སུ་ལེན་པ་གལ་ཆེ། དེ་ལྟར་ཉམས་སུ་བླང་བའི་ཕན་ཡོན་ནི། ཏིང་འཛིན་རྒྱལ་པོའི་མདོ་ལས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལམ་ལ་བཙུད་པ་བས། ཆོས་བདག་མེད་པ་ལ་མོས་ནས་དགོན་པའི་ཕྱོགས་སུ་གོམ་པ་བདུན་བོར་བ་བསོད་ནམས་ཆེའོ། །ཞེས་དང་། ཕལ་ཆེན་ལས། དཔེར་ན་བུ་རམ་མངར་བའི་སྒྲ། །བརྗོད་པ་ཙམ་གྱིས་མི་མྱོང་སྟེ། །ཟོས་ན་རོ་ནི་མྱོང་བར་འགྱུར། །དེ་བཞིན་སྟོང་པ་ཉིད་ཀྱི་སྒྲ། །བརྗོད་པ་ཙམ་གྱིས་མི་མྱོང་སྟེ། །བསྒོམས་ནས་རོ་ནི་མྱོང་བར་འགྱུར། ཞེས་པ་དང་། དེ་ཁོ་ན་ཉིད་ངེས་པར་བསྟན་པའི་མདོ་ལས། ཤཱ་རིའི་བུ་གང་གིས་བསྐལ་པ་བཅུའི་བར་དུ་མཉན་པ་བས། གང་གིས་སེ་གོལ་གཏོགས་པ་ཙམ་དུ་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་ན། དེའི་


CMR054_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་མང་དུ་འཕེལ་ལོ། །ཤཱ་རིའི་བུ་དེ་ལྟ་བས་ན། དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་འདི་གཞན་ལ་ནན་ཏན་གྱིས་གདོམ་པར་བྱའོ། །ཤཱ་རིའི་བུ་གང་སངས་རྒྱས་ཀྱི་བསྟན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་ཏིང་ངེ་འཛིན་འདི་ལ་གནས་པ་ཤ་སྟག་གོ །ཞེས་དང་། རྟོགས་ཆེན་གྱི་མདོ་ལས། ཐང་གཅིག་བསམ་གཏན་སྒོར་ཞུགས་ནས། །ཁམས་གསུམ་གང་བའི་མི་རྣམས་ལ། །སྲོག་བྱིན་པས་ནི་འདི་དོན་ཆེ། །ཞེས་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་འདོད་པས་ཚིག་ལྷུར་བླང་བར་མི་བྱ། བྱང་ཆུབ་ཀྱི་ལམ་ལ་བརྩོན་པར་འདོད་པས་སྒྲུབ་པ་སྙིང་པོ་བླང་བར་བྱའོ། །ཞེས་གསུངས་པས། དགོངས་པ་འདུས་པའི་སྙིང་པོ་ལས། ཕྱོགས་བཅུ་འཇིག་རྟེན་གང་དུ་ཡང་། །རྫོགས་པའི་སངས་རྒྱས་མི་རྙེད་དེ། །སེམས་ཉིད་རྫོགས་པའི་སངས་རྒྱས་ཡིན། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་དང་། ཐར་ཆེན་ལས། གང་ཞིག་ཆོས་འདི་འཇིག་པའི་ཚེ། །རྒྱལ་བའི་དྲིན་ལན་ལེན་འདོད་པས། །སྐད་ཅིག་ཡུད་ཙམ་སྒོམ་བྱེད་


CMR054_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

པ། །སྟོང་ཁམས་གང་བའི་སེམས་ཅན་ལ། །སྲོག་གི་སྦྱིན་པ་བཏང་བ་བས། །བསམ་གཏན་སྒོམ་པ་བསོད་ནམས་ཆེ། །ཞེས་དང་། དམ་པ་འཇུག་པའི་མདོ་ལས། སེམས་ཅན་ཐམས་ཅད་ལ་ཇི་སྲིད་འཚོའི་བར་དུ། འཚོ་བ་དང་ཡོ་བྱད་ཀྱིས་ཚོགས་བསགས་པ་བས། སྟོང་པ་ཉིད་ཐུན་གཅིག་སྒོམ་པ་བསོད་ནམས་ཆེའོ། །ཞེས་དང་། མདོ་ལས། སྟོང་པ་ཉིད་ནི་བསྒོམས་བྱས་ན། །འཆི་བདག་གིས་ཀྱང་མི་ཚུགས་ཏེ། །བདུད་རྣམས་བྱེ་བ་བརྒྱ་ཡིས་ཀྱང་། །གནོད་པར་འགྱུར་བ་ག་ལ་སྲིད། །ཅེས་དང་། ཉི་ཁྲི་ལས། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་སྦྱིན་པས་ཡོངས་སུ་ཚིམས་པར་བྱས། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་། རྒྱུན་དུ་ཞུགས་པ་དང་། རང་བྱང་ཆུབ་ལ་བཀོད་པ་བས། གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སེ་གོལ་གཏོགས་པ་ཙམ་ཞིག་སྒོམ་པ་བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། མི་གང་ཏིང་འཛིན་མཆོག་འདི་འཛིན་པ་


CMR054_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །རབ་ཏུ་དགའ་དང་དྲི་མེད་འོད་བྱེད་པ། །འོད་འཕྲོ་ཤིན་ཏུ་སྦྱང་དཀའ་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་ལེགས་པའི་བློ། །ཆོས་སྤྲིན་ས་བཅུ་པ་དེ་ཐོབ་པར་འགྱུར། །ཞེས་དང་། དཀོན་བརྩེགས་ལས། སྐལ་པ་དམན་པས་ཆོས་འདི་ལ། །ཐེ་ཚོམ་ཙམ་ཡང་སྐྱེ་མི་འགྱུར། །ཐེ་ཚོམ་ཙམ་ཞིག་གང་སྐྱེས་པ། །སྲིད་པ་ཧྲུལ་པོར་བྱེད་པ་ཉིད། །ཅེས་དང་། སའི་སྙིང་པོའི་མདོ་ལས། གལ་ཏེ་ཏིང་འཛིན་མ་གྲུབ་ན། དགེ་བའི་ལས་ཅི་བསགས་ཀྱང་དོན་དུ་མི་འགྱུར་ཏེ། སེམས་དང་སེམས་ལས་བྱུང་བའི་ཆོས་ངན་པ་སྐྱེ་བར་འགྱུར་རོ། །ཞེས་དང་། རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས། གཉུག་མའི་དོན་ལ་མཉམ་བཞག་ན། །དམ་ཚིག་མེད་ཅིང་སྔགས་སྤྱད་མེད། རྡོ་རྗེ་དྲིལ་བུ་བཟུང་མི་དགོས། །དེ་བཅུ་བྲལ་འབྲས་འགྲུབ་པར་འགྱུར། །ཞེས་དང་། གཙུག་ཏོར་ཆེན་པོའི་མདོ་ལས། བསྐལ་པ་མང་པོར་ཐོས་པ་བསགས་པ་བས་ནི། །ཉིན་གཅིག་ཆོས་ཉིད་ཀྱི་དོན་སྒོམ་པ་བསོད་ནམས་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་ཤིའི་ལམ་དང་རིང་དུ་བྱེད་པའི་ཕྱིར་རོ། །ཞེས་དང་། བདེ་མཆོག་སྟོད་འགྲེལ་ལས། ཡང་


CMR054_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཕྱག་རྒྱ་ཆེ་བསྒོམས་པས། །རྣལ་འབྱོར་ཆེན་པོའི་ཀུན་མཁྱེན་ཉིད། །འགྱུར་མེད་བདེ་བའི་རང་བཞིན་འགྲུབ། །སྐྱེ་བ་འདིར་ནི་སངས་རྒྱས་ཉིད། །ཅེས་དང་། པདྨ་དབང་ཆེན་གྱི་རྒྱུད་ལས། དངོས་གྲུབ་དངོས་གྲུབ་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །དངོས་ནི་བྱང་ཆུབ་སེམས་ལ་བྱ། །གྲུབ་པ་རྟོགས་པ་མངོན་དུ་གྱུར། །དངོས་གྲུབ་ཅེས་ནི་དེ་ལ་བྱ། །ཞེས་དང་། ཏེ་ལོ་པའི་ཞལ་ནས། དཔེར་ན་བསྐལ་པ་སྟོང་དུ་བསགས་པའི་མུན་པ་ཡང་། །སྒྲོན་མེ་གཅིག་གིས་མུན་པའི་ཚོགས་རྣམས་སེལ། །དེ་བཞིན་རང་སེམས་འོད་གསལ་སྐད་ཅིག་གིས། །བསྐལ་པར་བསགས་པའི་མ་རིག་སྡིག་སྒྲིབ་སེལ། །ཅེས་གསུངས་སོ། །ཏིང་ངེ་འཛིན་རྒྱལ་པོ་ལས། ཏིང་འཛིན་ཞི་བ་འདི་ནི་གང་འཛིན་པ། །དེ་ལ་དཔེ་བྱད་བཟང་དང་མཚན་རྣམས་དང་། །འདྲེན་པའི་སངས་རྒྱས་ཆོས་ནི་བཅོ་བརྒྱད་དང་། །སྟོབས་དང་མི་འཇིགས་གང་བརྗོད་རྙེད་མི་དཀའ། །ཞེས་དང་། སམ་བྷ་ཏྲི་ལས། མདོར་བསྡུས་པ་ནི་སངས་རྒྱས་ཉིད། །བསྐལ་པ་བྱེ་བ་གྲངས་མེད་པས། །ཇི་སྲིད་སངས་རྒྱས་གང་ཐོབ་པ། །གང་གིས་དམ་པས་བདེ་བ་ཁྱོད།།


CMR054_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་འདིས་ནི་ཐོབ་པར་འགྱུར། །ཡང་ན་རྡོ་རྗེ་འཛིན་པ་ཉིད། །ཡང་ན་འཁོར་ལོས་སྒྱུར་བའམ། །འདིས་ནི་དངོས་གྲུབ་ཆེན་པོ་བརྒྱད། །གཞན་ཡང་ཡིད་ལ་འདོད་པ་ཐོབ། །ཅེས་དང་། ཡེ་ཤེས་ཐིག་ལེར། ཡང་ན་ལུས་འདི་སྤང་མ་ཐག །བརྩོན་པ་མི་ལྡན་པས་ཀྱང་འགྲུབ། །ཅེས་དང་། དེ་ལྟར་ཉམས་ལེན་བྱས་པ་ལ་ཕན་ཡོན་དཔག་ཏུ་མེད་པ་ཡོད་ཅིང་། རབ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱ། ཡང་ན་ཕྱི་དབུགས་ཆད་ཙ་ན་འཆི་བ་ཆོས་ཀྱི་སྐུར་སངས་རྒྱ། འབྲིང་ལུས་སེམས་བྲལ་ཙམ་ན་ད་ལྟ་སྒོམ་པའི་བསྐྱེད་རྫོགས་ཟུང་འཇུག་དེའི་དོན་དྲན་པས། བར་དོར་ལོངས་སྤྱོད་རྫོགས་སྐུར་ཡི་དམ་ལྷ་དང་དབྱེར་མེད་དུ་སངས་རྒྱ་བ་སོགས། གང་ཟག་དབང་པོའི་བྱེ་བྲག་གིས་འབྲས་བུ་སངས་རྒྱས་ཐོབ་ལུགས་ཉི་ཤུ་རྩ་གཅིག་གསུངས་པའི་ནང་ནས་ཐ་མའི་ཡང་ཐ་ནི། སྤྲུལ་སྐུའི་ཞིང་ཁམས་དག་པར་དབུགས་ཕྱུང་བ་ཞེས་བྱ་སྟེ། སྨོན་ལམ་གར་བཏབ་པའི་སངས་རྒྱས་ཀྱི་ཞིང་ཁམས་སུ་སྐྱེ་བར་གསུངས། དེ་ལ་མ་གཅིག་ལབ་སྒྲོན་གྱི་ཞལ་ནས། བདེ་བ་ཅན་མ་གཏོགས་པའི་ཞིང་ཁམས་རབ་རྣམས་སུ་ས་བརྒྱད་མ་ཐོབ་པར་མི་སྐྱེ།


CMR054_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཁམས་འབྲིང་རྣམས་སུ་ཉོན་སྒྲིབ་ཕྲ་བ་སྤངས། བསྒོམ་ལམ་ཡན་ཐོབ་དགོས་དེ་མིན་མི་སྐྱེ། གཙང་མའི་གནས་ལྔ་འོག་མིན་སོགས་དང་ལྕང་ལོ་ཅན་སོགས་ན་བདག་འཛིན་རྩ་བ་ཆོད་ནས་ཆོས་ཉིད་བདེན་པ་མཐོང་བའི་མཐོང་ལམ་ཐོབ་དགོས་སོ། །དེ་མིན་ན་མི་སྐྱེ། འོན་ཀྱང་མཐོང་ལམ་མ་ཐོབ་པ་དམ་ཚིག་སྡོམ་པ་ལ་སྐྱོན་ཕྲ་མོ་ཡང་མེད་ཅིང་། དགེ་བ་ཁོ་ན་དང་སྨོན་ལམ་ལ་འབད་ན་དགའ་ལྡན་སོགས་ཞིང་ཁམས་ཆུང་ངུ་ཁ་ཅིག་ཏུ་སྐྱེ་རུང་ཙམ་སྟེ་དཀའ་བར་གདའོ། །དེས་ན་གང་ཟག་ཉོན་མོངས་པ་ཅན་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བའི་རེ་བ་ཡོད་པ་མི་སྲིད་པ་ཡིན་ཏེ། འོན་ཀྱང་མགོན་པོ་འོད་དཔག་མེད་ཀྱི་སྨོན་ལམ་གྱི་དབང་གིས་ཞིང་དེ་རུ་སྐྱེ་བར་མགོན་པོ་ཉིད་ཀྱིས་ཞལ་གྱིས་བཞེས་པ་ཡིན་པས་ན། བདེ་བ་ཅན་གྱི་ཞིང་དུ་སྐྱེ་བའི་སྨོན་ལམ་ལ་སྒོ་ཐམས་ཅད་ནས་འབད་དགོས་སོ། །དེ་ལ་ཐེ་ཚོམ་དང་སོམ་ཉི་ལེ་ལོ་སྤང་སྟེ། ངེས་ཤེས་དང་བརྩོན་འགྲུས་དྲག་ལ་མྱུར་བའི་སྒོ་ནས་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་བཀོད་པ་དང་ཕན་ཡོན་བཀོད་པ་རྣམས་དྲན་པར་བྱས་ལ་སྨོན་ལམ་བཏབ་པར་བྱའོ། །བདེ་བ་ཅན་ནི་སངས་རྒྱས་གཞན་གྱི་ཞིང་ཁམས་བས་ཁྱད་པར་ལྷག་


CMR054_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཐ་མལ་པ་ཉོན་མོངས་པ་དང་བཅས་པའི་གང་ཟག་རྣམས་སྐྱེ་རུང་བས་ལྷག་པ་དང་། དེར་སྐྱེས་ན་བསམ་པའི་དོན་ཐམས་ཅད་ཀྱང་བསམ་མ་ཐག་ནས་འགྲུབ་ཅིང་ཉོན་མོངས་པ་ཕྲ་བས་ཀྱང་མི་གོས་པ་དང་། གཞན་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་ཆོག་པས་ལྷག་པ་དང་། གཞན་ཞིང་ཁམས་ལས་སངས་རྒྱས་པ་ཡང་མྱུར་བ་ལ་སོགས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་ལྡན་པས་བདེ་བ་ཅན་ལས་ཟིན་ཐག་ཉེ་བའི་ཞིང་ཁམས་གཞན་མེད་པས་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ལ་འབད་པ་ཤིན་ཏུ་གལ་ཆེའོ། །ཞེས་གསུངས་སོ། །དེ་ལྟར་བདེ་བ་ཅན་གྱི་བཀོད་པའི་མདོ་དང་། དཀོན་མཆོག་བརྩེགས་པའི་ལེའུ་དང་། འོད་དཔག་མེད་ཀྱི་མདོ་དང་། པདྨ་དཀར་པོའི་མདོ་དང་། རྔ་སྒྲའི་གཟུངས་དང་། ཨོ་རྒྱན་རིན་པོ་ཆེའི་གསུང་རྣམས་མཐུན་པར། མཚམས་མེད་པ་ལྔ་དང་ཆོས་སྤང་བ་མ་གཏོགས། སེམས་རྩེ་གཅིག་གིས་ཞིང་ཁམས་དེར་སྨོན་ལམ་བཏབ་ན། བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་ཐུབ་པར་གསུངས། དེ་ཡང་ཞེ་ཐག་པ་ནས་སྨོན་ལམ་བཅུ་བཏབ་ན་སྐྱེ་གསུངས། དེ་ནི་སངས་རྒྱས་འོད་དཔག་མེད་ཀྱི་སྨོན་


CMR054_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་མཐུ་ཡིན། དེའི་ཕྱིར་ཞིང་ཁམས་དེར་སྨོན་ལམ་འདེབས་པ་གལ་ཆེ། བསྔོ་བ་སྨོན་ལམ་གྱིས་རྟ་ཁ་སྲབ་ཀྱིས་བསྒྱུར་བ་དང་འདྲ། བསྔོ་བས་ནི་རང་དོན་དང་། གཞན་དོན་ཐམས་ཅད་འགྲུབ་སྟེ། དཀོན་བརྩེགས་ལས། བྱང་ཆུབ་སེམས་དཔའ་སྦྱིན་བཏང་ནས། །བྱང་ཆུབ་ཏུ་ནི་བསྔོ་བྱེད་ན། །སེམས་ཅན་ཀུན་ལ་ཕན་བྱེད་ཅིང་། །རང་དོན་དཔག་མེད་ཐོབ་པར་འགྱུར། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་དང་། འཇམ་དཔལ་ཞིང་བཀོད་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་དུ། །འདུན་པ་པའི་རྩེ་ལ་རབ་ཏུ་འདུས། །གང་གིས་སྨོན་ལམ་ཅི་བཏབ་པ། །འབྲས་བུའང་དེ་འདྲ་ཉིད་དུ་འབྱུང་། །ཞེས་དང་། ཨཱརྱ་དེ་བའི་ཞལ་ནས། བསྔོ་བ་མི་ཟད་མང་བ་སྟེ། ། འཕེལ་བར་འགྱུར་དང་བཅས་པའོ། །ཞེས་གསུངས་པས། བསྔོ་བ་བྱས་པས་དགེ་བ་ཆུང་ངུ་ཞིག་ཡིན་ཀྱང་། སངས་རྒྱས་མ་ཐོབ་བར་དུ་མི་ཟད་པ་དང་། ཞག་རེ་སོང་ཞིང་


CMR054_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་རེ་འཕེལ་བའི་ཆུང་ངུ་ལ་ཆེན་པོར་འགྱུར་བ་དང་། མཐར་ཐུག་འབྲས་བུ་སངས་རྒྱས་ཐོབ་པར་འགྱུར་བས་ཤིན་ཏུ་གལ་ཆེ། དེ་ཡང་སེམས་ངོ་མ་ཡེངས་པའི་ངང་ནས་བསྔོ་བ་བྱས་ན་འཁོར་གསུམ་ཡོངས་དག་གི་བསྔོ་བར་འགྱུར་བས་ཤིན་ཏུ་ཕན་ཡོན་ཆེ་སྟེ། མངོན་རྟོགས་རྒྱན་ལས། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །ཞེས་གསུངས་སོ། །དགེ་སྦྱོར་གང་བྱེད་ཀྱི་མཇུག་ཏུ་བསྔོ་བ་སྨོན་ལམ་གྱིས་རྒྱས་འདེབས་པ་ནི། ནོར་བུ་རིན་ཆེན་ལ་གསོལ་བ་འདེབས་པ་དང་འདྲ་སྟེ། ཇི་ལྟར་བསམ་པའི་དོན་ཐམས་ཅད་འགྲུབ་པའི་ཕྱིར། ལྔ་ལྡན་རྩ་བ་ལས། ཚོགས་གཉིས་ཡིད་བཞིན་ནོར་བུ་ལ། །སྨོན་ལམ་གྱིས་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་འབྲས་བུ་མི་འབྱུང་བས། །རྗེས་བསྔོ་བ་འདི་ལ་འབད་ཀྱང་འཚལ། །ཞེས་གསུངས། དེས་ན་དགེ་སྦྱོར་གང་བྱེད་ཀྱང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དགེ་སྦྱོར་འདི་བྱ་སྙམ་པའི་བསམ་པ་བཟང་པོས་སེམས་བསྐྱེད་པ་དང་། དངོས་གཞིའི་ཚེ་ཡང་དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་པ་


CMR054_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་རྣམས་དྲན་པར་བྱས། སྐྱབས་འགྲོ་སེམས་བསྐྱེད་རྡོར་སེམས་མཎྜལ་བླ་མའི་རྣལ་འབྱོར་རྣམས་ཀྱི་དམིགས་པ་ཐུན་རེ་བྱ། དེ་ནས་རང་ཉིད་ཐུགས་རྗེ་ཆེན་པོར་བསྒོམ། སྤྱི་བོར་བླ་མ་ཀུན་འདུས་འོད་དཔག་མེད་ཀྱི་སྐུ་གཅིག་བསྒོམ། བླ་མ་ཐམས་ཅད་སྤྱན་དྲངས་དེ་ལ་བསྟིམས་ནས། བླ་མ་ཀུན་འདུས་སུ་བསྒོམ། ཡི་དམ་ཐམས་ཅད་སྤྱན་དྲངས་ནས་རང་ལ་བསྟིམས་ནས། རང་ཉིད་ཡི་དམ་ཀུན་འདུས་སུ་བསྒོམ། རང་གི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲཱིཿཡིག་ལ་ཡིག་དྲུག་གཡས་སུ་འཁོར་བ། །དེ་གསང་སྔགས་རིག་སྔགས་གཟུངས་སྔགས་ཀུན་འདུས་སུ་བསྒོམ། དེ་ལྷ་གཅིག་བསྒྲུབས་པས་ཐམས་ཅད་འགྲུབ་པའི་གདམས་ངག་ཟབ་མོ་ཡིན། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། སྣོད་ཀྱི་འཇིག་རྟེན་བདེ་བ་ཅན་གྱི་ཞིང་ཁམས་སུ་གྱུར། བཅུད་ཀྱི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པར་བསྒོམ། དེ་སྣང་བ་སྐུ་ཡི་ཁྱེར་སོ་ཡིན། དེ་རྣམས་ཀྱི་རང་གིས་རམ་བུ་བཀྱག་ནས་ཡིག་དྲུག་འུར་དི་རི་རི་འདོན་པར་བསྒོམ། སྒྲ་སྐད་ཐོས་ཚད་ཡི་གེ་དྲུག་པར་བསྒོམ། དེ་གྲག་པ་གསུང་གི་ཁྱེར་སོ་ཡིན་པས། །


CMR054_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་ལ་ཡང་དུང་ཕྱུར་མང་པོར་འགྲོ་བའི་གདམས་ངག་ཡིན། སེམས་ལ་བཟང་ངན་གྱི་རྟོག་པ་ཅི་ཤར་ན་ཡང་། དགག་སྒྲུབ་མེད་པར་དེའི་ངོ་བོ་ལ་བལྟས་ནས་མ་བཅོས་པར་བཞག་པ་ཡིན། དྲན་རྟོག་ཐུགས་ཀྱི་ཁྱེར་སོ་སྟེ། ཕྱག་རྒྱ་ཆེན་པོ་དང་རྫོགས་པ་ཆེན་པོ་གཞི་ཁྲེགས་ཆོད་ཀྱི་ཉམས་ལེན་ཡིན། དེ་གསུམ་ཀ་མི་ཤོར་བར་བྱུང་ན་བསྐྱེད་རྫོགས་ཟུང་འཇུག་གི་ཉམས་ལེན་མཆོག་ཡིན། ཐ་ནའང་དེ་གསུམ་གཅིག་དང་རྒྱུན་དུ་མི་འབྲལ་བར་བྱ། ཉི་མ་རྩེ་ཤར་དང་ནུབ་ཁ་ཟེར་གཉིས་ལ་རྫོགས་པ་ཆེན་པོ་འོད་གསལ་ཐོད་རྒལ་གྱི་དོན་ལ་ལྟ། ཞོགས་པ་ནམ་ལངས་དུས་སམ། ནུབ་མོ་སྲོད་ཀྱི་དུས་གཏོང་ལེན་གྱི་དམིགས་པ་ཐུན་རེ་མ་ཆག་པར་བསྒོམ། ཉལ་ཁ་དུས་དེ་རིང་དགེ་སྦྱོར་གང་འགྲུབ་ཐམས་ཅད། སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཕྱིར་དུ་བདག་མངོན་པར་རྫོགས་པར་སངས་རྒྱས་པར་བྱ། དེ་ཡང་བར་ཆད་མེད་ཅིང་མྱུར་དུ་སངས་རྒྱས་ཐོབ་པའི་ཕྱིར། འདི་ནས་ཚེ་འཕོས་མ་ཐག་ཏུ་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་གྱུར་ཅིག་བསམ་པ་བྱས་ནས། ཤེས་ན་བདེ་བ་ཅན་དུ་སྐྱེ་བའི་བསྔོ་བ་དང་


CMR054_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྨོན་བཟང་སྤྱོད་སོགས་འདོན། མི་ཤེས་ན་བདེ་བ་ཅན་དུ་སྐྱེ་བར་ཤོག་ཟེར་བ་རང་གིས་ཆོག །ནམ་འཆི་བའི་ཚེ་བདེ་བ་ཅན་དུ་འགྲོ་བསམ་པའི་ཐག་རྦད་ཆོད་བྱ། མཚམས་མེད་ལྔ་དང་ཆོས་སྤངས་པ་མ་གཏོགས་སྐྱེ་ངེས་པ་ནི། སངས་རྒྱས་ཀྱི་སྨོན་ལམ་གྱི་སྟོབས་ཡིན། ཕ་དང་མ་དང་རྩ་བའི་བླ་མ་རྡོ་རྗེ་སློབ་དཔོན་དང་། འཕགས་པ་དགྲ་བཅོམ་པ་རྣམས་བསད་པ་དང་། རྫོགས་པའི་སངས་རྒྱས་ཤིག་དགྲོངས་བའམ་དགྲོང་ཤོམ་བྱས་ན་མཚམས་མེད་ཡིན་ཏེ། དེ་འདྲ་བྱེད་མཁན་ནི་སུ་མེད་དམ། །དམ་པའི་ཆོས་སྤང་ན་མི་སྐྱེ་སྟེ། ཆོས་ནི་མ་སྤངས་ཅི་འགྲུབ་བྱེད་པའི་རྩིས་ཡིན་ལ། སྐྱེའམ་མི་སྐྱེ་བསམ་པའི་ཐེ་ཚོམ་མི་རུང་། ཐེ་ཚོམ་བྱས་ན་ཞིང་དེར་སྐྱེས་ནའང་མེ་ཏོག་གི་ཁ་མི་བྱེ་བས་སངས་རྒྱས་ཀྱི་ཞལ་མཐོང་ཕྱི་བའི་སྐྱོན་ཡོད་གསུངས། དེ་ཕྱིར་དེར་སྐྱེའམ་མི་སྐྱེ་བསམ་པའི་ཐེ་ཚོམ་མི་ཟ། དེར་སྐྱེས་ན་ཅི་དགའ་སྙམ་ན། ཞིང་དེར་སྐྱེ་བ་ལ་སྡུག་བསྔལ་མེད་དེ། མེ་ཏོག་པདྨའི་སྦུབས་ལ་བརྫུས་སྐྱེས་སྐད་ཅིག་ལ་ལུས་གྲུབ་པ་ཡིན། དེར་སྐྱེས་ཚད་ལ་སྐུ་གསེར་གྱི་མདོག་ཅན་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་མངོན་ཤེས་རྫུ་འཕྲུལ་དཔག་ཏུ་མེད་པ་


CMR054_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་ཁོ་ན་ཡིན། ཞིང་ཁམས་དེ་ན་ནད་དང་། གདོན་དང་། དགྲ་དང་མུ་གེ་ལ་སོགས་པའི་སྡུག་བསྔལ་གང་ཡང་རྣ་བས་ཀྱང་མི་ཐོས། འདོད་ཆགས་ཞེ་སྡང་གཏི་མུག་དང་ང་རྒྱལ་ཕྲག་དོག་སྟེ་དུག་ལྔ་ནི་དེར་སྐྱེས་ཚད་ལ་མེད། ཞིང་ཁམས་འདིའི་བསྐལ་པ་གཅིག་གི་ཡུན་ནི་བདེ་བ་ཅན་གྱི་ཞིང་གི་ཞག་གཅིག་ཡིན། དེའི་རྩིས་བྱས་པས་ལོ་བྱེ་བ་དུང་ཕྱུར་ལ་ཡང་འཆི་རྒྱུ་མེད། ན་རྒྱུ་མེད། རྒས་རྒྱུ་མེད། ཅི་འདོད་པའི་ཟས་གོས་ལོངས་སྤྱོད་དེ་དང་། སངས་རྒྱས་ལ་མཆོད་པ་འབུལ་རྒྱུ་རྣམས་བསམ་པ་ཙམ་གྱིས་ལྷུན་གྲུབ་ཏུ་འོང་། དེ་ལ་རྩོལ་སྒྲུབ་དང་ཉ་ར་འཚོ་སྐྱོང་མི་དགོས། ད་ལྟའི་སྡིག་སྒྲིབ་ཐམས་ཅད་དང་། རྣམ་སྨིན་གྱི་སྡུག་བསྔལ་མྱོང་མི་དགོས་པར། འོད་དཔག་མེད་ཀྱི་ཞལ་མཇལ། ཕྱག་ཕུལ་སྐོར་བ་བྱེད། མཆོད་པ་ཕུལ། ཆོས་ཉན་པས་དག་པར་འགྱུར། རྫུ་འཕྲུལ་མངོན་ཤེས་ཐོགས་པ་མེད་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་ནས་སངས་རྒྱས་ཞལ་མཇལ་ཆོས་ཉན་འབྲེལ་ཐོགས་ཀྱི་སེམས་ཅན་རྣམས་འདྲེན། དེ་དགོང་སླར་ཡང་བདེ་བ་ཅན་དུ་ཚུར་སླེབས་པའི་རྫུ་འཕྲུལ་ལ་ཐོགས་པ་མེད། དེ་ལྟར་བདེ་


CMR054_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས་པའི་ངང་ནས། སངས་རྒྱས་ལ་ཆོས་ཉན། མཆོད་པ་ཕུལ། བསྐལ་པ་གྲངས་མེད་པར་ཏིང་ངེ་འཛིན་གྱི་རྩལ་སྦྱོང་བའི། མདོ་ལུགས་ཀྱི་ས་བཅུ་ལམ་ལྔ། སྔགས་ལུགས་ཀྱི་བཅུ་གསུམ་རྡོ་རྗེ་འཛིན་པའི་ས། རྫོགས་ཆེན་ལུགས་ཀྱི་བཅུ་དྲུག་ཡེ་ཤེས་བླ་མའི་ས་ཐོབ་སྟེ། མཐར་ནམ་ཞིག་ཚེ་འཕོས་མ་ཐག་ཏུ། སངས་རྒྱས་ཐམས་ཅད་དང་སྐུ་གསུང་ཐུགས་དབྱེར་མེད་དུ་སངས་རྒྱས་པར་བཤད་དོ། །དེས་ན་ཁྲིད་འདི་ཐོབ་ནས། ཚིག་རྣམས་ཡིད་ལ་མི་ཟིན་ཀྱང་། དོན་གྱི་རྩ་བ་རྣམས་ཡིད་ལ་བཟུང་ནས། བརྩོན་འགྲུས་ཀྱིས་ཉམས་སུ་བླང་ན་བདེ་བ་ཅན་དུ་སྐྱེ་བར་ཐེ་ཚོམ་མེད་དེ། །མདོ་རྒྱུད་དང་ཨོ་རྒྱན་གྱི་གསུང་དཔང་པོ་ཡིན་ཞིང་། བདག་རཱ་ག་ཨ་སྱས་ཁྲིད་ཡིག་འདི་བསྒྲིགས་ན་འགྲོ་དོན་འོང་ངམ་མི་འོང་ཞེས། ཐུགས་རྗེ་ཆེན་པོ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ། ཚོགས་དང་མཆོད་པ་མཎྜལ་བརྒྱ་རྩ་བརྒྱད་ཕུལ་ནས་བརྟགས་པ་བྱས་ནུབ། །ཉམས་དང་རྨི་ལམ་གྱི་མཚམས་སུ་དུང་ཕྱུར་བདུན་བདེ་བ་ཅན་དུ་འགྲོ་ཟེར་ནས་ལུང་བསྟན་པའི་སྣང་བ་ཡང་བྱུང་འདི་ཉིད་བྲི་བའི་ཚེ་ཡང་། ཆོས་བདག་ཡེ་ཤེས་ཀྱི་མཁའ་འགྲོ་མ་


CMR054_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འདུ་ཞིང་། བྱིན་གྱིས་བརླབས་པའི་རྨིས་ལྟས་ཡང་མང་དུ་བྱུང་བས། ཁྱེད་ཁྲིད་ཕྲུག་རྣམས་ལ་ཡང་ཕན་ཐོགས་པའི་རྟེན་འབྲེལ་བཟང་པོ་ཡོད་དོ། །སྔར་དྲུང་ཆེན་ཀུན་དགའ་རྣམ་རྒྱལ་བའི་དྲུང་ནས། ཁྲིད་ཞག་བཅོ་བརྒྱད་པ་ཞིག་ཐོབ་པ། ཁྲིད་ཐོབ་པ་རྣམས་ཀྱི་ཐོག་མ་ཡིན་པས། དེའི་རྟེན་འབྲེལ་དང་མཚུངས་པར། །ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་གི་ཁྲིད་འདི་ཡང་། ཆོས་ཐུན་བཅོ་བརྒྱད་ཀྱི་ཁྲིད་ཀྱི་རྩ་བ་ཡོངས་སུ་རྫོགས་པ་ཡིན་ཏེ། རྒྱབ་ཆོས་ནི་བཀའ་མདོ་རྒྱུད་ཐམས་ཅད་ཡིན་པས་མཐའ་ཡས་སོ། །མངྒ་ལཾ།། ༈ ཕྱག་ཆེན་རྫོགས་ཆེན་བློ་སྦྱོང་ལ་སོགས་པའི། །ཁྲིད་རིམ་མང་པོའི་ཁྲིད་རྒྱུན་ཐོབ་པ་དང་། །རང་གིས་བསྒོམས་ཤིང་བཤད་པའི་ཉམས་མྱོང་བསྟུན། །དེང་སང་མཆོག་དམན་སྐྱ་སེར་ཕལ་ཆེར་རྣམས། །ཕྱག་རྫོགས་ལམ་འབྲས་ཆོས་དྲུག་སྦྱོར་དྲུག་སོགས། །མིང་ཆེན་ཁྲིད་རིམ་མང་དུ་ཐོབ་པ་དང་། །གསར་རྙིང་དབང་ལུང་རྒྱ་མཚོ་ཙམ་ཐོབ་ཅིང་། །ཁྲིད་གཅིག་ལོ་གསུམ་བར་དུ་མི་རྫོགས་པའི། །ཁྲིད་ཆེན་ལན་གྲངས་དུ་མར་ཐོབ་རྣམས་ཀྱང་། །དེ་དག་ཐོབ་པའི་


CMR054_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཡོན་ཙམ་ཞིག་ལས། །དམིགས་པའི་རྐང་གྲངས་ཙམ་ཡང་ཡིད་ལ་མེད། །ཉམས་ལེན་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་དང་། །སེམས་ངོ་སྐྱོང་བ་ཁོ་ནའི་སྟེང་དུ་བབ། །ཐུགས་རྗེ་ཆེན་པོའི་དམར་ཁྲིད་རིགས་མང་ཀྱང་། །རྩ་ཚིག་ཙམ་ལས་རྒྱས་པར་བཤད་པ་མེད། །དེ་ཕྱིར་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ལ། །ཁོག་ཕུབ་ཕྱག་རྫོགས་ཟུང་འཇུག་ཁྲིད་ཆེན་འདི། །ཁྲིད་དང་ཉམས་ལེན་ཐ་དད་མ་ཡིན་པར། །ཁྲིད་དོན་ཉམས་སུ་ལེན་པ་ཀུན་ལ་ཕན། །དེ་ཕྱིར་མཁས་འདོད་གྲགས་འདོད་མ་ཡིན་ཏེ། །རང་གི་སློབ་བུ་དམ་ཚིག་གཙང་བ་དང་། །ཐུགས་རྗེ་ཆེན་པོ་ཡི་དམ་ལྷར་བཟུང་ནས། །ཕྱག་རྫོགས་ཉམས་རྟོགས་ལེགས་པོ་ཡོད་པའི་ཕྱིར། །གཞན་ལ་བཤད་ཀྱང་རུང་བ་མ་མཆིས་ཀྱང་། །ཤེས་རབ་ཆུང་ཞིང་སློབ་གཉེར་མ་བྱས་པས། །བཤད་རྒྱུའི་ཚིག་གི་ལུང་འདྲེན་དཀོན་པར་མཆིས། །ལུང་འདྲེན་ཤེས་ཀྱང་སྐབས་སུ་གང་བབ་དང་། །ཆོས་ཐུན་མང་ཉུང་ཚོད་ཀྱང་ཟིན་དཀའ་བས། །གབ་སྦས་མེད་པར་བཀླགས་པས་ཆོག་པ་འདི། །དཔེ་ཆ་ཆོད་ཅིང་ལུང་རྒྱུན་ཐོབ་ཕྱིན་ནས། །མཁས་བཙུན་མཐོན་པོ་སུས་ཀྱང་མི་གསན་ཏེ། །སྤྲང་པོ་བྱ་བྲལ་


CMR054_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

རྒན་འཁོག་མང་པོ་ལ། །གཏན་བདེའི་འདུན་མ་འགྲུབ་པར་འགྱུར་བསམ་བྲིས། །སོ་སྐྱེས་དབང་གྱུར་ཆོས་སྤྱན་མ་ལྡན་པས། །ནོར་འཁྲུལ་བསྲེ་སླད་སྦ་འོས་གསལ་བཀོད་སོགས། །བྲི་ཉེས་བརྩམས་ཉེས་འགལ་བ་ཅི་མཆིས་པ། །རྩ་གསུམ་ཆོས་བདག་སྲུང་མའི་ཚོགས་རྣམས་ལ། །མཁྱེན་པའི་སྤྱན་ལྡན་རྣམས་ཀྱི་དྲུང་དུ་བཤགས། །ཚེ་འདིའི་བར་ཆད་རྐྱེན་དུ་མི་འགྱུར་ཞིང་། །ཕྱི་མ་ས་ལམ་སྒྲིབ་པར་མི་འགྱུར་བར། །ཐུགས་རྗེས་དགོངས་ལ་བྱིན་གྱིས་བརླབ་ཏུ་གསོལ། །འདི་ལྟར་ཆོས་ཐུན་བཅོ་བརྒྱད་རེ་རེ་ཡང་། །མགོ་ན་ལུང་འདྲེན་མང་བས་མཁས་རྣམས་མགུ། །གོ་བ་ཤེས་རབ་ཅན་ལ་ངེས་ཤེས་སྐྱེ། །མཇུག་ནི་དམིགས་རིམ་བསྡུས་པས་གོ་བར་སླ། །འོན་པ་མ་གཏོགས་ཀུན་ལ་ཉམས་རྟོགས་སྐྱེ། །དང་པོ་ཕེབས་ནུབ་དཀར་གཏོར་འབུལ་བ་དང་། །མཆོད་གཏོར་བཅའ་ཞིང་ས་གཞི་བྱིན་རླབས་དང་། །དགེ་བསྐུལ་རྟེན་འབྲེལ་ཙུནྡྷའི་དབང་བསྐུར་བྱ། །ཕྱིར་ནང་ཁྲོམ་ལ་བགེགས་བསྐྲད་མཚམས་གཅོད་དང་། །རིམ་སྲུང་ལོ་མ་གྱོན་མའི་དབང་བསྐུར་བྱ། །དེ་ནས་སྔ་དྲོ་ཞི་ཁྲོ་ལ་སོགས་པའི། །རྗེས་གནང་རེ་རེ་ཁྲོམ་མང་


CMR054_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་བྱ། །དགོང་མོ་ཁྲིད་ཕྲུག་རྣམས་ལ་ཆོས་བཤད་དེ། །ཕྱིར་ཉིན་དེ་ཚོད་བར་དུ་དམིགས་པ་བསྒོམ། །དེ་ལྟར་དངོས་གཞི་ཞག་པོ་བཅོ་བརྒྱད་དེ། །གྲོལ་ཁ་ཉིན་པར་དགེ་བ་ཁས་ལེན་དང་། །དགའ་སྟོན་ཚོགས་འཁོར་ཚེ་དབང་བསྔོ་བ་དང་། །བཀྲ་ཤིས་རྒྱས་པར་བརྗོད་ལ་ཕྱག་ནས་འཐོར། །དེ་ལྟར་ཞག་པོ་ཉེར་གཅིག་ཁྲིད་ཆེན་རྫོགས། །མགྱོགས་ཁྲིད་འདོད་ན་སྔ་ཐུན་ཕྱི་ཐུན་གཉིས། །བཤད་པས་ཞག་པོ་དགུ་ནས་ཁྲིད་འདི་རྫོགས། །དབང་བསྐུར་དགོས་ན་ཉི་མའི་གུང་ལ་བྱ། །འདི་བྲིས་དགེ་བའི་རྩ་བ་གང་མཆིས་དེས། །བདག་དང་བདག་ལ་འབྲེལ་བ་ཐོབ་ཚད་དང་། །ཁྲིད་ཡིག་འདི་ལ་འབྲེལ་བ་ཐོབ་ཚད་ཀུན། །ཚེ་འདིར་ཚེ་རིང་ནད་མེད་ཉམས་རྟོགས་འཕེལ། །ནམ་ཞིག་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་གྱི་ཞིང་དུ་བརྫུས་སྐྱེས་ནས། །འོད་དཔག་མེད་དང་རྟག་ཏུ་འབྲལ་མེད་ཤོག །ཕྱག་ཆེན་རྒྱུད་ཀྱི་སྲུང་མ་མ་མགོན་གཉིས། །མགོན་པོ་བྱ་རོག་མ་དང་སེང་གེའི་གདོང་། །ཚེ་རིང་མཆེད་ལྔས་ལྔ་ལྡན་ཆོས་འདི་སྲུང་། །མ་ནིང་ལྕམ་དྲལ་སྲོག་སྒྲུབ་ནག་མོ་དང་། །མ་གཟའ་དམ་གསུམ་སྔོན་གྱི་དམ་ཚིག་ལྟར། །


CMR054_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་ཆོས་འདི་བསྲུང་ཞིང་འཕེལ་རྒྱས་མཛོད། །མྱུར་མཛད་མགོན་པོ་བྲག་མགོན་མདུང་འཛིན་གྱིས། །དམར་ཁྲིད་ཆོས་འདི་འཕེལ་ཞིང་རྒྱས་པར་མཛོད། །ཇོ་འབྲོམ་བཀའ་སྲུང་དཀར་པོ་བརྒྱད་ཅུ་དང་། །འཇིག་རྟེན་འདིར་གནས་སྒྲོལ་མ་བཅུ་གཉིས་ཀྱིས། །ལམ་རིམ་བློ་སྦྱོང་དོན་འདི་འཕེལ་རྒྱས་མཛོད། །ཏིང་འཛིན་སྐྱོང་བའི་ལྷ་བྲན་བརྒྱད་ཁྲི་ཡིས། །ཏིང་ངེ་འཛིན་གྱིས་ཆོས་འདི་འཕེལ་རྒྱས་མཛོད། །ཁྱེད་རྣམས་བསྟན་པའི་སྤྱི་སྲུང་ཡིན་པའི་ཕྱིར། །ལ་ཆེན་ཆོས་འདི་མི་ནུབ་དར་རྒྱས་མཛོད། །ཁྱད་པར་ཆོས་འདི་གཉེར་དུ་གཏད་པ་ནི། །ཆོས་མཛད་སྲུང་མ་སྤྱན་རས་གཟིགས་ཀྱི་ལྕམ། །མངོན་ཤེས་རྫུ་འཕྲུལ་དངོས་གྲུབ་ཀུན་གྱི་བདག །སྒྲུབ་པ་པོ་ལ་འདོད་དོན་འབྲས་སྩོལ་བ། །རྡོ་རྗེ་གཡུ་སྒྲོན་མ་ལ་བཀའ་འདི་གཏད། །དར་ཞིང་རྒྱས་ལ་ཡུན་རིང་གནས་པར་མཛོད། །རང་ལོ་རེ་གཅིག་མཁའ་ལྡིང་རྒྱལ་པོ་ལ། །སྤྲེལ་གྱི་ཟླ་བའི་ཉ་སྐོར་ནས་བཟུང་སྟེ། །བྱ་ཡི་ཟླ་བའི་བཅུ་བདུན་ཉིན་པར་འགྲུབ། །ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཡིན། །རྒྱུན་གྱི་ཐུགས་དམ་དུས་མཆོད་མང་བ་དང་། །རང་ལུས་མི་།


CMR054_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ནད་ཀྱིས་མནར་ན་ཡང་། །རྒྱལ་པོའི་སྐུ་རིམ་རྒྱུན་ཁྱེར་དགོས་བྱུང་ཞིང་། །དབང་ལུང་ལ་སོགས་རྣམ་གཡེང་མང་བ་དེས། །ལུང་འདྲེན་འགའ་ཞིག་གོ་རིམ་འཆུག་སྲིད་པས། །མཁྱེན་ལྡན་རྣམས་ཀྱིས་ཐུགས་ཀྱི་མི་ཁྲེལ་ཞུ། །བྲིས་གསར་ཡིན་ཕྱིར་ཐོབ་ཆ་མ་དག་པ། །ཕྱི་རབས་བྲིས་མཁན་རྣམས་ཀྱིས་བཅོས་པར་མཛོད། །མངྒ་ལཾ། །༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


CMR054_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

༼ཛ༽ །ཕྱག་རྫོགས་ཟུང་འཇུག་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་རྒྱབ་ཆོས་ཐེག་ཆེན་སྐྱབས་འགྲོ་སེམས་བསྐྱེད་ཀྱི་སྡོམ་ལུང་བཞུགས་སོ།།


CMR054_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། རང་གི་གཡས་ཕྱོགས་སུ་སངས་རྒྱས་ཀྱི་སྐུ་གཟུགས་དང་ཁྲིད་དཔེ་སོགས་གླེགས་བམ་བཤམས། ཡོད་ན་པུ་རི་སོགས་མཆོད་རྟེན་ཡང་བཤམས། དེའི་མདུན་དུ་མཆོད་པ་སྣ་བདུན་མཎྜལ་སོགས་བཤམས། འོ་ན་ཁར་སང་ཁྲིད་སྔོན་འགྲོ་ལས། སྐྱབས་འགྲོ་སེམས་བསྐྱེད་ཀྱི་དོན་རྒྱས་པར་བཤད་པས། དེའི་དོན་གོ་བར་བྱས་ནས། སླར་སྡོམ་པ་ཞུས་པས། སྡོམ་པ་ཚད་ལྡན་སྐྱེ་ལ་དོན་མ་གོ་བར་རྗེས་ཟློས་ཙམ་གྱིས་སྐྱེ་བར་དཀའ་བའི་ཕྱིར། རྒྱབ་ཆོས་འདི་ལ་སྡོམ་པ་


CMR054_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

འབོགས་པ་ཡིན། དེ་ལ་སྐྱབས་སྡོམ་ལ་ཡང་ཐེག་པ་ཐུན་མོང་དང་། ཐེག་པ་ཆེན་པོའི་སྐྱབས་སྡོམ་གཉིས་ལས། ད་རེས་ཐེག་པ་ཆེན་པོའི་སྐྱབས་སྡོམ་ཡིན། དེ་ལ་སྡོམ་པ་ཞུ་བའི་ཡུལ། ད་ལམ་ཁྲིད་འདི་ཡི་ལུགས་ཀྱི། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བ་གྱད་དང་སེང་གེས་བཏེག་པ་སྣ་ཚོགས་པདྨ་འདབ་མ་འབུམ་ལྡན་གྱི་སྟེང་ན་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྒྱས་པ། དེ་ཡི་དབུས་སུ་རང་གི་རྩ་བའི་བླ་མ་འོད་དཔག་མེད་ལོངས་སྤྱོད་རྫོགས་པའི་སྐུའི་ཆ་ལུགས་སུ་བཞུགས་པ་ལ་བཀའ་བརྒྱུད་བླ་མས་བསྐོར་བ། མདུན་དུ་ཡི་དམ་


CMR054_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཡི་དམ་རྒྱ་མཚོས་བསྐོར་བ། གཡས་སུ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་བསྐལ་བཟང་གི་སངས་རྒྱས་ལ་སོགས་པ་སངས་རྒྱས་རྒྱ་མཚོས་བསྐོར་བ། རྒྱབ་ཏུ་ཡུམ་ཆེན་མོ་ལ་པོ་ཏི་དང་གླེགས་བམ་དམ་ཆོས་རྒྱ་མཚོས་བསྐོར་བ། གཡོན་དུ་ཕྱག་ན་རྡོ་རྗེ་ལ་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་དང་ཉན་ཐོས་ཆེན་པོ་མཆོག་བརྒྱད་ལ་ཐེག་ཆེན། དང་ཐེག་དམན་གྱི་དགེ་འདུན་རྒྱ་མཚོས་བསྐོར་བ། ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དཔའ་བོ་མཁའ་འགྲོས་གང་བ། འོག་ཏུ་ཕྱག་བཞི་དྲུག་པ་དང་། བྲག་ལྷ་མགོན་པོ་ལ་སོགས་ཆོས་སྐྱོང་བའི་སྲུང་མ་རྒྱ་མཚོས་བསྐོར་བ། དེ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུ་ན་བཞུགས་པའི་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བའི་སྲུང་མའི་ཚོགས་ཐམས་ཅད་སྤྲིན་གཏིབས་པ་ལྟར་སྤྱན་དྲངས་ནས་མདུན་བསྐྱེད་ཀྱི་ལྷ་ལ་ཐིམ་པར་སྒོམས་ཤིག །རང་གིས་ཐལ་མོ་སྦྱར་སྤོས་ཐོགས། དཔོན་སློབ་རྣམས་ཀྱིས་མཉམ་དུ་གྱེར་ལ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །ཞེས་སོགས་སྤྱན་འདྲེན། བཅོམ་ཕྱོགས་བཅུ་ན་བཞེང་བའི་སྲུང་མ་རྒྱ་མཚོས་བསྐོར་བ། ལྡོགས་དང་ཕྱོགས་མཚམས་ཐམས་རྩ་བྲང་ཆུབ་སེམས་དཔའ་ཉེ་བའི་སྲསགས་པ་སངས་རྒྱས་རྒྱ་མ་


CMR054_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདིར་ནི་བྱོན་པ་ལེགས། །སོགས། སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པར་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། སྤྲོ་ན་ཁྲུས་གསོལ་དང་མཎྜལ་རྒྱས་པར་བྱ། བསྡུ་ན་ཇི་ལྟར་བལྟམས་པ་སོགས། ས་གཞི་སྤོས་ཆུ་བྱུགས་སོགས། དེ་ལྟར་སྐྱབས་ཡུལ་རྣམས་མདུན་གྱི་ནམ་མཁར་མངོན་སུམ་དུ་བཞུགས་པའི་མོས་པ་མཛོད། དངོས་སུ་བཞུགས་པ་ཡང་ཡིན་ཏེ། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་དུ་ཐུབ་པ་བཞུགས། །ཞེས་དང་། ཆུ་ཟླ་བཞིན་དུ་གར་དམིགས་དེར་སྣང་བ། །ཞེས་གསུངས་པས། དངོས་སུ་བཞུགས་ཀྱང་བཞུགས་ལ། གཞན་ཡང་ཕྱོགས་བཅུའི་ཞིང་ཁམས་ན་བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་གཟིགས་ཤིང་། ཁྱེད་རང་རྣམས་ཀྱིས་རྗེས་ཟློས་བྱས་པ་རྣམས་ཀྱང་ངེས་པར་གསན་པས། སངས་རྒྱས་ཐམས་ཅད་ལ་སྡོམ་པ་ཞུས་པ་དང་མཉམ། མདུན་དུ་བཤམས་པའི་སྐུ་གསུང་ཐུགས་རྟེན་འདི་རྣམས་ལ་དམིགས་རྟེན་དུ་བྱས་ནས། ངེད་ལ་སློབ་དཔོན་དུ་ཞུས་ཏེ།


CMR054_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཆེན་པོའི་སྐྱབས་འགྲོའི་སྡོམ་པ་ཞུ་བསམ་པའི་མོས་པ་མཛོད། དེ་ཡང་སྐྱབས་ཡུལ་ནི། སྐུ་གསུམ་གྱི་བདག་ཉིད་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སངས་རྒྱས་དཀོན་མཆོག །དེ་ལ་རྟེན་གྱི་སྐྱབས་གནས་ཞུ། ཐེག་པ་ཆེན་པོའི་ལུང་དང་རྟོགས་པའི་བདག་ཉིད་ཀྱི་དམ་པའི་ཆོས་དཀོན་མཆོག་ལ་ལམ་གྱི་ཚུལ་དུ་སྐྱབས་ཞུ། ས་དང་པོ་མན་ཆད་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། ཐེག་པ་ཆེན་པོའི་དགེ་འདུན་དཀོན་མཆོག་སྟེ། དེ་ལ་གྲོགས་ཀྱི་ཚུལ་དུ་སྐྱབས་ཞུ་བསམ་པ་གྱིས་ལ། དེ་ཡང་རང་དོན་ཁོ་ནར་སྐྱབས་སུ་འགྲོ་བ་ནི་མ་ཡིན་ཏེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པའི་ཕྱིར་དུ་སྐྱབས་ཞུ། །དེ་ཡང་ཐེག་དམན་ལྟར་ཇི་སྲིད་འཚོའི་བར་དུ་སྐྱབས་ཞུ་བ་ནི་མ་ཡིན་ཏེ། དུས་དེ་རིང་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་ཀྱི་བར་ལ་སྐྱབས་ཞུ་བསམ་པ་གྱིས་ལ། པུས་བཙུགས་ཐལ་མོ་སྦྱར་ནས། །ཐེག་པ་ཆེན་པོའི་སྐྱབས་སྡོམ་ཞུ་བསམ་པའི་འདུན་པ་རྩེ་གཅིག་པས། འདིའི་རྗེས་ཟློས་ལན་གསུམ་གྱིས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་


CMR054_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་སུ་གསོལ། བདག་དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ཆགས་པ་དང་བྲལ་བ་རྣམས་ཀྱི་མཆོག །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག །འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ། འོ་ད་ཁྱེད་རང་རྣམས་ཀྱི་རྒྱུད་ལ་ཐེག་པ་ཆེན་པོའི་སྐྱབས་འགྲོའི་སྡོམ་པ་སྐྱེས་བྱུང་བསམ་པ་གྱིས་ལ་ལེགས་སོ་བརྗོད། །སློབ་དཔོན་གྱིས། ཐབས་ཡིན་ནོ། བརྗོད། དེ་ལྟར་ཐེག་པ་ཆེན་པོའི་སྐྱབས་འགྲོའི་སྡོམ་པ་ཐོབ་པའི་ཕན་ཡོན་ནི། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པའི་ཚེ་འདིར་གནོད་པ་དང་འཚེ་བ་ཐམས་ཅད་དང་། ལྟ་བ་ངན་པ་དང་། ཐེག་པ་དམན་པར་ལྟུང་བ་ལས་སྐྱོབ། ཕྱི་མ་ངན་སོང་གི་སྡུག་བསྔལ་དང་། འཁོར་བའི་འཇིགས་པ་ཐམས་ཤོལ་ཅད་ལས་སྐྱོབ་སྟེ། མདོ་སྡེ་རྒྱན་ལས། འཚེ་བ་དག་ནི་ཐམས་ཅད་དང་། །ངན་སོང་དང་ནི་ཐབས་མིན་དང་། །འཇིག་ཚོགས་ཐེག་པ་དམན་པ་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་


CMR054_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའོ། །ཞེས་གསུངས། དེ་ལྟར་སྐྱབས་སྡོམ་ཐོབ་ནས། དེའི་བསླབ་བྱ་ལ་བསླབ་དགོས་ཏེ། བསླབ་བྱ་ལ་སྤྱིར་གྱི་བསླབ་བྱ་གསུམ། བྱེ་བྲག་གི་བསླབ་བྱ་གསུམ། ཆ་མཐུན་གྱི་བསླབ་བྱ་གསུམ་སྟེ་དགུའོ། །དེ་ལ་དང་པོ་ནི། དུས་རྟག་ཏུ་དཀོན་མཆོག་མཆོད་པ་ལ་བརྩོན་པར་བྱ་ཞིང་། ཐ་ན་རང་ཟས་ཅི་ཟ་བའི་ཕུད་ཀྱིས་ཀྱང་མཆོད་པ་དང་། སྲོག་དང་བྱ་དགའི་ཕྱིར་དཀོན་མཆོག་མི་སྤང་པ་དང་། དཀོན་མཆོག་གི་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་ཡང་དང་ཡང་དུ་སྐྱབས་སུ་འགྲོ་བ་ལ་བསླབ་པའོ། །བྱེ་བྲག་གི་བསླབ་བྱ་ལ་གསུམ་ལས། སངས་རྒྱས་ལ་སྐྱབས་སུ་སོང་ནས་ལྷ་གཞན་ལ་སྐྱབས་སུ་མི་འགྲོ་བ་སྟེ། མདོ་མྱ་ངན་འདས་ཆེན་ལས་ཀྱང་། སངས་རྒྱས་དག་ལ་སྐྱབས་སོང་ནས། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནོམ་ཡང་ལྷ་རྣམས་གཞན་དག་ལ། །སྐྱབས་སུ་གསོལ་བར་མི་འགྱུར་རོ། །ཞེས་གསུངས་སོ། །ཆོས་ལ་སྐྱབས་སུ་སོང་བས་སེམས་ཅན་རྣམས་ལ་རྣམ་པར་འཚེ་བར་མི་བྱ་སྟེ། མདོ་ལས་ཀྱང་། དམ་པའི་ཆོས་ལ་སྐྱབས་སོང་ནས། །གནོད་ཅིང་འཚེ་བའི་སེམས་དང་བྲལ། །ཞེས་གསུངས་སོ། །དགེ་འདུན་ལ་སྐྱབས་


CMR054_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སོང་ནས་གྲོགས་མུ་སྟེགས་ཅན་ལ་མི་བསྟེན་པ་སྟེ། མདོ་ལས་ཀྱང་། དགེ་འདུན་ལ་ནི་སྐྱབས་སོང་ནས། །མུ་སྟེགས་ཅན་ལ་ཕྱོགས་མི་འགྱུར། །ཞེས་གསུངས་སོ། །ཆ་མཐུན་གྱི་བསླབ་བྱ་ལ་གསུམ་ལས། སངས་རྒྱས་དཀོན་མཆོག་གི་རྟེན་དེ་བཞིན་གཤེགས་པའི་སྐུ་གཟུགས་ཐ་ན་སཱཙྪའི་ཆག་དུམ་ཡན་ཆད་ལ་གུས་པར་བྱ་བ་དང་། ཆོས་དཀོན་མཆོག་གི་རྟེན་དམ་ཆོས་པོ་ཏི་གླེགས་བམ་ཐ་ན་དེ་ཡི་ཡིག་འབྲུ་རེ་ཡན་ཆད་ལ་གུས་པར་བྱ་བ་དང་། དགེ་འདུན་དཀོན་མཆོག་གི་རྟེན་སྟོན་པའི་ཆ་ལུགས་དང་ཐ་ན་སེར་མོའི་ལྷན་པ་བཏབ་པ་ཡན་ཆད་ལ་གུས་པར་བྱའོ། །སྐྱབས་སུ་སོང་བའི་ཕན་ཡོན་ནི་བརྒྱད་དེ། ནང་པ་སངས་རྒྱས་པར་ཆུད་པ་དང་། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་དང་། སྔར་གྱི་སྡིག་པ་ཐམས་ཅད་ཟད་པར་འགྱུར་བ་དང་། མི་དང་མི་མ་ཡིན་གྱི་བར་ཆད་ཀྱིས་མི་ཚུགས་པ་དང་། བསམ་པའི་དངོས་པོ་ཐམས་ཅད་འགྲུབ་པ་དང་། །རྒྱུ་བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་བ་དང་། ངན་སོང་དུ་མི་ལྟུང་བ་དང་། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེས་ཐེག་པ་ཆེན་པོའི་སྐྱབས་སྡོམ་


CMR054_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་ཡིན་ནོ། །དེ་ནས་ཐེག་པ་ཆེན་པོའི་སེམས་བསྐྱེད་ཞུ་བ་ལ། དེའང་སྤྱིར་སེམས་བསྐྱེད་ལ་ཐེག་དམན་གྱི་སེམས་བསྐྱེད་དང་ཐེག་ཆེན་སེམས་བསྐྱེད་གཉིས་སུ་ཡོད་པ་ལས། དང་པོ་ནི། རང་ཉིད་ཞི་བདེ་འདོད་པའི་ཕྱིར། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ན་ནི་ལམ་ཆོད་ཆུང་སྟེ། ཉན་ཐོས་དང་ནི་རང་རྒྱལ་དག །བྱང་ཆུབ་ཐོབ་པའི་གཏན་གྱི་གེགས། །ཞེས་དང་། ཐབས་མེད་ཤེས་རབ་བྲལ་བ་ཉན་ཐོས་ཉིད་དུ་ལྟུང་། ཞེས་གསུངས་སོ། །རང་ལམ་གྱི་བྱང་ཆུབ་ཙམ་མ་གཏོགས། མཐར་ཐུག་གི་བྱང་ཆུབ་ཐོབ་མི་ནུས་པས། འདིར་ནི་ཐེག་པ་ཆེན་པོའི་སེམས་བསྐྱེད་ལ་འབད་དགོས་ཤིང་། ཐེག་ཆེན་སེམས་བསྐྱེད་ངོ་བོའི་སྒོ་ནས་དབྱེ་བ། མཚན་ཉིད་རྒྱུ་རྐྱེན་དབྱེ་བ་དང་ས་མཚམས་སོགས་དུ་མ་ཡོད་པ་ལས། དང་པོ་ནི། ཐེག་ཆེན་ཀུན་རྫོབ་ཀྱི་སེམས་བསྐྱེད་དང་། དོན་དམ་སེམས་བསྐྱེད་གཉིས་ལ་བྱེད་དེ། དགོངས་པ་ངེས་འགྲེལ་ལས། བྱང་ཆུབ་ཀྱི་སེམས་དེ་ཡང་རྣམ་པ་གཉིས་ཏེ། དོན་དམ་པ་བྱང་ཆུབ་ཀྱི་སེམས་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། །ཞེས་གསུངས་སོ། །མཚན་ཉིད་ནི་གཞན་དོན་དུ་རྫོགས་བྱང་ལ་དམིགས་


CMR054_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཁྱེན་པ། ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་ཀྱི་མཚན་ཉིད་ཡིན་ཏེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་སོ། །རྒྱུ་རྐྱེན་ནི་མང་དུ་གསུངས་ཀྱང་མདོར་བསྡུ་ན། རྒྱལ་བ་སྲས་བཅས་ལ་དད་པ། སེམས་ཅན་ལ་སྙིང་བརྩེ་བ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་རྣམས་ཡིན་ཏེ། དེ་ཡི་རྩ་བ་སྙིང་རྗེར་འདོད། རྟག་ཏུ་སེམས་ཅན་ལ་ཕན་པར་སེམས། ཞེས་དང་། དཀོན་མཆོག་ཏ་ལའི་མདོ་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་འགྱུར་ཞིང་། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་པ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ན། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །ཞེས་གསུངས་སོ། །དབྱེ་བ་ལ་ས་ལྟ་བུའི་སེམས་བསྐྱེད་ནས། སྤྲིན་ལྟ་བུའི་སེམས་བསྐྱེད་ཀྱི་བར་ཉེར་གཉིས་སུ་ཡོད་དེ། རྒྱུན་ལས། དེ་ཡང་ས་གསེར་ཟླ་བ་མེ། །ཞེས་པ་ནས། རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་པའི་བར་དུ་གསུངས་པ་ལྟར་རོ། །ཡང་ན་མོས་པས་སྤྱོད་པ། ལྷག་བསམ་རྣམ་དག་དང་། རྣམ་པར་སྨིན་པ་དང་། སྒྲིབ་པ་


CMR054_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་བའི་སེམས་བསྐྱེད་དང་བཞིར་ཡོད་དེ། མདོ་སྡེ་རྒྱན་ལས། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང་། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །དབྱེ་བ་ནི། མངོན་རྟོགས་རྒྱན་ལས་ཉི་ཤུ་རྩ་གཉིས་གསུངས་ཏེ། ས་ལྟ་བུ། གསེར་ལྟ་བུ། ཟླ་བ་ལྟ་བུ་གསུམ་ནི། ང་རང་ལས་དང་པོ་པའི་སེམས་བསྐྱེད་ཡིན། མདོ་སྡེ་རྒྱན་ལས་སེམས་བསྐྱེད་བཞིར་གསུངས་པ་ལས། མོས་པས་སྤྱོད་པ་ལས་དང་པོ་པའི་སྐབས་ཡིན། རབ་རྫི་བོ་ལྟ་བུའི་སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་མ་བཀོད་ཀྱི་བར་རང་སངས་མི་རྒྱས་པ་སྟེ་སྤྱན་རེས་གཟིགས་ཀྱི་ཐུགས་བསྐྱེད་པ་ལྟ་བུ་ཡིན་ཏེ་དཀའ། འབྲིང་མཉན་པ་ལྟ་བུའི་སེམས་བསྐྱེད་ནི། རང་དང་སེམས་ཅན་ཐམས་ཅད་མཉམ་དུ་སངས་རྒྱས་པར་སེམས་བསྐྱེད་པ་ཡིན། ཐ་མ་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་ཕ་མ་ཤ་སྟག་ཡིན་པས། དེ་རྣམས་ཀྱི་དོན་སྒྲུབ་དགོས་ཀྱང་ད་ལྟ་བསྒྲུབ་མི་ནུས་པས། དང་པོ་རང་ཉིད་སངས་རྒྱས་ཐོབ་པར་བྱས་ནས། དེ་ལས་འབད་རྩོལ་མི་དགོས་པར། འབད་


CMR054_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལྷུན་གྲུབ་ཀྱིས་ཕྲིན་ལས་ཀྱི་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་ཐམས་ཀྱི་དོན་བྱ་བསམ་པ་འདི་གལ་ཆེ། དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་བསྐྱེད་ཉམས་སུ་བླངས་པས། ས་དང་པོ་ཐོབ་པའི་ཚེ་དོན་དམ་སེམས་བསྐྱེད་སྐྱེ་བར་བཤད། ཕྱག་རྫོགས་ཀྱི་ལུགས་ལ་སྤྲོས་བྲལ་གྱི་རྟོགས་པ་སྐྱེས་པའི་དོན་དམ་སེམས་བསྐྱེད་ཡིན་པར་གསུངས། ཀུན་རྫོབ་སེམས་བསྐྱེད་སྨོན་འཇུག་གཉིས། །སོ་སོར་རྒྱས་པར་ལེན་ཐབས་ནི། བྱམས་པ་ནས་སློབ་དཔོན་ཐོག་མེད་ལ་བརྒྱུད་པ་ཡང་ཡོད་དེ། སོ་སོར་ཐར་པའི་སྡོམ་པ་གང་རུང་དང་ལྡན་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཤེས་པའི་དགེ་བའི་བཤེས་གཉེན་ཞིག་མ་གཏོགས་སུ་ཡིན་ལ་སྡོམ་པ་དེ་མི་སྐྱེ། སྨོན་འཇུག་སྟབས་གཅིག་ཏུ་ལེན་པའི་ཆོ་ག །འཇམ་དབྱངས་ནས་ཀླུ་སྒྲུབ་ལ་བརྒྱུད་པ། སློབ་དཔོན་ཞི་བ་ལྷ་ཡི་ལུགས་འདི་སུ་ལ་ཡང་སྐྱེ་བ་ཡིན་པ། ད་རེས་དེ་ཡི་ལུགས་ཡིན། དེ་ལ་སེམས་བསྐྱེད་པའི་རྟེན་ཚོགས་བསགས་དགོས་ཏེ། སྔོན་བྱང་ཆུབ་སེམས་དཔའ་འབྱོར་པ་ཆེ་བ་རྣམས་ཀྱིས། གཙུག་ལག་ཁང་བྱེ་བ་དང་ཡིད་བཞིན་གྱི་ནོར་བུ་ཕུལ་ནས་སེམས་བསྐྱེད་པའང་ཡོད། །


CMR054_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་མེད་པ་རྣམས་ཀྱིས་ཕྱགས་དར་ཁྲོད་ཀྱི་གོས་དང་། རྩྭའི་སྒྲོན་མེ་ཕུལ་ནས་སེམས་བསྐྱེད་པའང་ཡོད། ཅི་ཡང་མ་འབྱོར་ནས་ཐལ་མོ་སྦྱར་ནས་སེམས་བསྐྱེད་པ་ཡང་ཡོད་དེ། ཚོགས་བསགས་ཀྱི་གཙོ་བོ་ཡན་ལག་བདུན་པ་ཡིན་པས། ཁྱེད་རང་རྣམས་ཀྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བར་བསྒོམ། འདིར་བཤམས་པའི་མཆོད་པ་འདི་དམིགས་རྟེན་ཙམ་དུ་བྱས་ནས། ཁྱེད་རང་རྣམས་ཀྱི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པའི་ངོ་བོ་ཡིན་པ་ལ། རྣམ་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་འཇིག་རྟེན་ཐམས་ཅད་བཀང་ནས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་མཆོད་པ་འབུལ། དེ་རྣམས་ཀྱི་དྲུང་དུ་འཁོར་བ་ཐོག་མ་མེད་པ་ནས་དུས་དེ་རིང་ཕན་ཆད་ཀྱི་སྡིག་ལྟུང་ཅི་ཡོད་པ་ཐམས་ཅད་མཐོལ་ཞིང་བཤགས། འཕགས་པ་དང་སོ་སོའི་སྐྱེ་བོའི་དགེ་བའི་རྩ་བ་ཅི་མཛད་པ་ཐམས་ཅད་ལ་རྗེས་སུ་ཡི་རང་བསྒོམ། འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་མི་གསུང་བར་བཞུགས་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས། གང་དག་མྱ་ངན་ལས་འདའ་བ་དེ་


CMR054_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས། དེ་ལྟ་བུའི་དགེ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པའི་ཕྱིར་བསྔོ་བསམ་པ་གྱིས། སྤྲོ་ན་འདིར་སློབ་དཔོན་རྣམས་ཀྱིས་སྨོན་ཐུང་ཚར་གཅིག་འདོན། བསྡུ་ན་མི་དགོས། ད་འདི་ཡི་རྗེས་ཟློས་ལན་གསུམ་མཛོད། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །དེས་སེམས་བསྐྱེད་སྦྱོར་བའི་ཆོ་ག་སོང་ནས། དངོས་གཞི་ནི། ཐེག་པ་ཆེན་པོའི་དཀོན་མཆོག་གསུམ་ལ་སྐྱབས་སུ་བཟུང་ནས། སྔོན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ། བདག་གིས་ཀྱང་སེམས་ཅན་ཐམས་ཅད་དྲིན་ཆེན་ཕ་མ་ཤ་སྟག་ཡིན་པས། དེའི་ཆེད་དུ་བྱང་ཆུབ་ཏུ་སེམས་བསྐྱེད་སྙམ་པའི་སྒོ་ནས་རྗེས་ཟློས་ལན་གསུམ་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །


CMR054_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །དེ་ལྟར་ལན་གསུམ་བརྗོད་པས་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་སྐྱེས་བྱུང་བསམ་པ་གྱིས་ལ་ལེགས་སོ་བརྗོད། རྗེས་ཀྱི་བྱ་བ་བདག་དགའ་བ་བསྒོམ་པ་ནི། །བདག་མི་ལུས་ཐོབ་ནས་ད་བར་མ་ཤི་བར་དོན་དང་ལྡན། དེ་རིང་སེམས་བསྐྱེད་ཀྱི་སྡོམ་པ་ཐོབ་པས། གསེར་འགྱུར་གྱི་རྫས་ཀྱིས་ལྕགས་གསེར་དུ་བསྒྱུར་བ་ལྟར། སངས་རྒྱས་ཀྱི་རིགས་སུ་གྱུར་པ་ཡིན་བསམ་པ་གྱིས་ལ་རྗེས་ཟློས་མཛོད། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །


CMR054_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སྲས་སུ་བདག་དེང་འགྱུར། །དེ་ལྟར་སྡོམ་པ་ཐོབ་པའི་བསླབ་བྱ་རྒྱས་པར་ཕྱེ་ན་མང་དུ་ཡོད་ཅིང་། མདོར་བསྡུས་ན། ཐེག་ཆེན་གྱི་བླ་མ་ལ་གུས་པ། ནག་པོའི་ཆོས་བཞི་སྤངས། དཀར་པོའི་ཆོས་བཞི་བསྟེན། སེམས་ཅན་བློས་མི་སྤངས་བའོ། །སྨོན་པའི་བསླབ་བྱ་བསྡུས་པ་ནི། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་བསམ་པ་གྱིས་ལ་འདིའི་རྗེས་ཟློས་མཛོད། ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམ་སྟེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །གཞན་དགའ་བ་བསྒོམ་པ་ནི། དེ་རིང་བདག་གིས་སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར། ཁྱེད་འགྲོ་བ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སར་བཀོད་མ་ཚར་གྱི་བར་དུ། ཕན་པ་དང་བདེ་བ་བསྒྲུབ་པར་དམ་བཅས་པ་ཡིན་པས། ནམ་མཁའི་ལྷ་ཕྲན་དང་། གང་དག་སེམས་ཅན་ཡིད་ཀྱི་མངོན་ཤེས་ཅན་ཁྱེད་རྣམས་དགའ་བར་གྱིས་ཤིག་བསམ་པ་གྱིས་ལ་འདི་ཡི་རྗེས་ཟློས་མཛོད། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་


CMR054_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ད་སྨོན་ལམ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་ཀྱང་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལའང་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །འོ་དེས་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་ཐོབ་པ་ཡིན་པས་དེའི་བསླབ་བྱ་ནི། སེམས་ཅན་བློས་མི་བཏང་བ་དང་། སེམས་བསྐྱེད་དེའི་ཕན་ཡོན་དྲན་པ་དང་། ཚོགས་གཉིས་བསག་པར་བྱ་བ་དང་། ཡང་ཡང་བྱང་སེམས་སྦྱངས་བ་དང་། །དཀར་ནག་ཆོས


CMR054_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་བླང་དོར་ཏེ། ལྔ་པོས་སྨོན་པའི་བསླབ་བྱ་བསྡུས། །ཞེས་གསུངས་པ་ལྟར་རོ། །འཇུག་པའི་བསླབ་བྱ་ནི། གཙོ་བོར་བསླབ་བྱ་གསུམ་ཡིན་ཅིང་། དེའང་ཕར་ཕྱིན་དྲུག་ཏུ་འདུས་པས་དེའི་དབང་དུ་མཛད་ནས་སྡོམ་དུ་མཛད་པ་ནི། སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་ཤེས་རབ་སྟེ། །དེ་ལྟར་རྣམ་པ་དྲུག་པོ་ཡིས། །འཇུག་པའི་སེམས་བསྐྱེད་བསླབ་བྱ་བསྡུས། །ཞེས་གསུངས་པས། སེམས་ཙམ་པའི་ལུགས་ལ་ཕམ་འདྲ་བཞི། ཡན་ལག་གི་ཉེས་བྱས་བཞི་བཅུ་ཞེ་བཞི། བྱང་སྡོམ་དབུ་མ་ལུགས་དབང་རྣོན་ལ་རྒྱལ་པོ་བློན་པོ་སོགས་བཅོ་བརྒྱད། དབང་འབྲིང་བ་ལ་བཞི། དབང་རྟུལ་ལ་གཅིག་སྟེ། རྒྱལ་པོ་ལ་གདམས་པའི་མདོ་ལས། །རྒྱལ་པོ་ཆེན་པོ་ཁྱོད་ནི་འདི་ལྟར་བྱ་བ་བྱེད་པ་མང་བ་སྟེ། ཐམས་ཅད་ཀྱི་ཐམས་ཅད་ནས་ཐམས་ཅད་དུ་སྦྱིན་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་བསླབ་པར་མི་ནུས་ཀྱི། དེ་བས་རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པ་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང་དད་པ་དོན་དུ་གཉེར་བ་དང་སྨོན་པས་འགྲོ་ཡང་རུང་། འགྲེང་ཡང་རུང་། འདུག་ཀྱང་རུང་། ཉལ་


CMR054_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རུང་། སད་ཀྱང་རུང་། ཟ་ཡང་རུང་། འཐུང་ཡང་རུང་། རྟག་པར་རྒྱུན་དུ་དྲན་པས་ཡིད་ལ་བཟུང་སྟེ་སྒོམས་ཤིག །གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བར་གྱིས། །རྗེས་སུ་ཡི་རང་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་། རང་རྒྱལ་བ་ཐམས་ཅད་ལ་ཕུལ་ཅིག །ཕུལ་ནས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱིས་ཤིག །དེ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་འགྱུར་བ་ཉིན་གཅིག་བཞིན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ཤིག །རྒྱལ་པོ་ཆེན་པོ་ཁྱོད་དེ་ལྟར་བྱེད་ན་རྒྱལ་སྲིད་ཡང་བྱེད་ལ་རྒྱལ་པོའི་བྱ་བ་ཡང་ཉམས་པར་མི་འགྱུར་རོ།། །བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར། ཞེས་གསུངས། དེས་ན་ཁྱེད་སྐུ་ཡོན་ཡོད་པ་རྣམས་ཀྱིས་ནི། བྱང་ཆུབ་སེམས་དཔའི་བསླབ་པ་དེ་རྣམས་ལ་བསླབ་པ་གལ་ཆེ། ཕལ་པ་རྣམས་ཀྱིས་ནི་དེ་རྣམས་ཤེས་དཀའ་སྟེ། དགེ་བའི་བཤེས་གཉེན་རྣམས་དབུས་གཙང་གྲྭ་སར་བྱོན་ནས། དབུ་མ་དང་ཕར་ཕྱིན་ལ་སློབ་གཉེར་མི་ཚེར་རྒྱོབ་རྒྱུའི་རྩ་བ་འདི་ཡིན་གོ་ཡང་དཀའ་ཞིང་བཤད་པ་ཤིན་ཏུ་རྒྱ་ཆེ་སྟེ། གོ་དཀའ་ཟེར་ན་བསྒྱུར་བཞག་པས་མི་ཆོག་


CMR054_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཐེག་ཆེན་ཆོས་ཀྱི་རྩ་བ་འདི་ཡིན། འདི་མེད་ན་ཉམས་ལེན་ཇི་ལྟར་བཟང་ཡང་ཐེག་དམན་ཉན་རང་དུ་གོལ་འགྲོ། འདི་མེད་ན་ས་བོན་མ་བཏབ་པའི་སོ་ནམ་དང་འདྲ་སྟེ་འབྲས་བུ་སངས་རྒྱས་མི་ཐོབ། འདི་ཡི་ཕན་ཡོན་ལ་གཟུགས་མཆིས་ན་ནམ་མཁའ་ན་ཡང་མི་ཤོང་བ་ཡོད་ཅིང་། རང་ག་བག་མེད་དུ་བསྡད་ཀྱང་བསོད་ནམས་རྒྱུན་མི་འཚད་པར་སྐྱེ། སངས་རྒྱས་ཀྱི་སྲས་སུ་གྱུར་པས་འཇིག་རྟེན་ལྷ་མི་ཐམས་ཅད་ཀྱི་ཕྱག་འཚལ་བའི་གནས་སུ་གྱུར་པ་སྟེ། དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་འདི་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ཆེར་ལྷག་འགྱུར། །ཞེས་དང་། སྤྱོད་འཇུག་ལས། བྱང་ཆུབ་སེམས་བསྐྱེད་གྱུར་ནས་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱ་འགྱུར། །ཞེས་དང་། སེམས་དེ་ཡང་དག་བླང་གྱུར་པ། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་


CMR054_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས། །རྒྱུན་མི་འཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པ་རབ་ཏུ་འབྱུང་། །ཞེས་གསུངས། འདི་ཡི་བསླབ་བྱ་མདོར་བསྡུས་པ་གཅིག་ཏུ་དྲིལ་བ་ནི། དགེ་བའི་རྩ་བ་ཆེ་ཆུང་གང་བྱེད་ཀྱང་། རང་གི་དོན་ཁོ་ན་མ་ཡིན་པར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་པ་དང་། རྗེས་ནས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར། རང་ཉིད་མངོན་པར་རྫོགས་པར་སངས་རྒྱས་པར་བྱ། དེ་ཡང་དཀའ་ཚེགས་མེད་པར་བར་ཆད་མེད་པར་མྱུར་དུ་སངས་རྒྱ་བའི་ཕྱིར། དེ་རིང་སྒྲུབ་པའི་དགེ་བའི་རྩ་བ་དེས་བདག་འདི་ནས་ཚེ་འཕོས་མ་ཐོག་ཏུ་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་གྱུར་ཅིག་བསམ་པ་བྱས་ལ། ཤེས་ན་བདེ་སྨོན་དང་བསྔོ་བ་སོགས་བྱ། མི་ཤེས་ན་ཡང་བདེ་བ་ཅན་དུ་སྐྱེ་བར་ཤོག ཟེར་བ་དེ་ནུབ་མོ་རྒྱུན་དུ་བྱ། དེའི་ནང་དུ་བསླབ་བྱ་ཐམས་ཅད་འདུས་པ་ཡིན། དེ་ལྟར་མ་ཡིན་པར་རང་དོན་ཁོ་ནར་དགེ་བ་བྱས་ན་བྱང་སྡོམ་དང་འགལ་བས་ཉེས་པ་ཡང་ཆེ་སྟེ། །གལ་ཏེ་དེ་ལྟར་དམ་བཅས་ནས། །ལས་ཀྱིས་བསྒྲུབ་པར་མ་བྱས་ན། །སེམས་ཅན་དེ་དག་ཀུན་བསླས་པས། །བདག་གི་འགྲོ་བ་ཇི་ལྟར་འགྱུར། །ཞེས་གསུངས། བདེ་བ་


CMR054_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཅན་དུ་སྐྱེ་བ་ལ་ཡང་བྱང་ཆུབ་སེམས་བསྐྱེད་འདི་གལ་ཆེ་སྟེ། །འོད་མདོ་དང་ཞིང་བཀོད་སོགས་ཀྱི་མདོ་ལས། བྱང་ཆུབ་ཀྱི་སེམས་བསྐྱེད་ནས་སྨོན་ལམ་བཏབ་ན་ཞིང་དེར་སྐྱེ་བར་གསུང་གིས། སྨོན་ལམ་མ་བཏབ་པར་སྐྱེ་བར་མ་གསུངས་སོ། །འདི་ཡི་བསྒོམ་བྱའི་དམིགས་པ་ནི་བྱམས་སྙིང་རྗེ་གཏོང་ལེན་གྱི་དམིགས་པ་ཁོ་ན་ཡིན་ནོ། །དེ་ལྟར་སྐྱབས་སེམས་ཀྱི་སྡོམ་པ་ཐོབ་ནས། རྒྱུན་གྱི་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱང་མགོ་རྐང་ཚང་བར་འགྱུར་ལ། བསྐྱེད་རྫོགས་དང་སྔགས་བཟླས་པ་ཀུན་ཀྱང་རྨང་ལེགས་པའི་བའི་མཁར་དང་འདྲ་སྟེ་ལམ་དུ་འགྲོ་བ་ཡིན། འདི་མེད་ན་འཇིགས་སྐྱོབ་སྲུང་ཟློག་ཙམ་ལས། བྱང་ཆུབ་ཀྱི་ལམ་དུ་མི་འགྲོ། དེ་ལྟར་གལ་ཆེ་བ་སྐྱབས་སེམས་ཀྱི་སྡོམ་པ་ཚར་རོ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


CMR054_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

༼ཝཾ༽ །ཕྱག་རྫོགས་ཟུང་འཇུག་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་རྒྱབ་ཆོས་ལས་རྒྱུ་འབྲས་ཀྱི་གཏམ་རྒྱུད་བཞུགས་སོ།


CMR054_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། ངན་སོང་སྡུག་བསྔལ་སྤང་བའི་ཐབས། ལས་རྒྱུ་འབྲས་ཀྱི་སྐབས་འདིར། གཏམ་རྒྱུད་འགའ་ཞིག་བཤད་ན། ཐ་མལ་པས་གོ་སླ་བས། མདོ་སྡེ་ལས་རྣམ་འབྱེད་ཀྱི་དོན་བསྡུས་ཏེ་བཤད་ན། སྔོན་གྲོང་ཁྱེར་ཁམ་མདུ་ན་ཚོང་པ་ཕྱུག་པོ་ཞིག་གིས་ལོ་དུས་སུ་ནོར་ཕྱུགས་མང་པོ་བསད་ནས་མཆོད་སྦྱིན་བྱས་ཏེ། འཆི་ཁ་བུ་ལ་ཡང་དེ་ལྟར་གྱིས་ཞེས་ཁ་ཆེམས་བཞག་པས། བུས་ཀྱང་དེ་བཞིན་ལོ་དུས་བྱས་སོ། །དེར་ནོར་ཕྱུགས་གཅིག་བཤའ་རྒྱུ་ལ་ཁྲིད་ནས་སོང་བ་དང་ང་རོ་ཆེན་


CMR054_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བྱེད་པ་ལ། དེ་ལ་དགྲ་བཅོམ་པ་ཞིག་གིས་གཟིགས་ནས། ཀྱེ་ཧུད་ཨེ་མ་ག་ལ་སྲིད་གསུངས། དེ་ཅི་ལགས་ཞེས་མི་གཅིག་གིས་དྲིས་པས་ལྐོག་ཏུ་བཤད་གསུངས་ནས་བཤད་པ། ནོར་བཤའ་རྒྱུ་དེ་ནི་སྔོན་ཚོང་པ་ཕྱུག་པོ་ལོ་དུས་སུ་བཤའ་ནས་མཆོད་སྦྱིན་བྱེད་ཅིང་ཁ་ཆེམས་བཞག་མི་དེ་ཡིན་ཏེ། ཁོ་རང་ཚང་གི་ནོར་ཕྱུགས་ལ་ཡང་ཡང་སྐྱེས་ཏེ་ད་རེས་འདི་དང་ལན་དྲུག་བཤས་པར་གྱུར། དགེ་སློང་དེས་རྟེན་ཡང་ཁྱོད་བདག་གིས་བཙུགས། མཆོད་སྦྱིན་ཡང་ཁྱོད་བདག་གིས་བྱས། ཕྱུགས་མང་པོ་ཡང་ཁྱོད་བདག་གིས་བསད་ནས་ད་སྐད་ཆེན་པོས་བོས་


CMR054_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཅི་ལ་ཕན། ཞེས་དུད་འགྲོ་ལ་གསུངས་པ་ལྟ་བུ་སྟེ། བཤས་མང་དུ་བྱེད་པ་ནི་རང་ཚང་གི་སྒོ་ནོར་དུ་སྐྱེས་ནས་ལན་མང་དུ་བཤའ་བར་འགྱུར་རོ། །ཡང་ལས་འབྲས་ཚེ་འདིའམ་ཕྱི་མ་ཚེ་གཞན་དུ་སྨིན་པ་ཡོད་དེ། དཔེར་ན་སྔོན་ཚེ་ལོ་དཔག་མེད་ཐུབ་དུས་དེད་དཔོན་གྱི་བུ་བྱམས་པ་མཆོད་སྦྱིན་ཞེས་བྱ་བས་དགྲ་བཅོམ་པ་ཞིག་གི་མདུན་ནས་བསྙེན་གནས་ཡན་ལག་བརྒྱད་པ་ཞུས། ཉིན་ཞག་གཅིག་གི་ཁྲིམས་ལན་གཅིག་བསྲུང་། རེ་ཞིག་གི་ཚེ་ནོར་བུ་ལེན་དུ་འགྲོ་བ་ལ། མས་བཤོལ་ནས་མ་བཏང་བ་ལ། མའི་མགོ་ལ་བགོམས་ནས་སོང་ངོ་། །དེར་མགོ་མི་ཐོན་དོགས་ནས་ཁྲིམས་བརྒྱད་མནོས་ནས་གྲོགས་ལྔ་བརྒྱ་དང་བཅས་པ་རྒྱ་མཚོར་ཞུགས་པ་ལ་གྲུ་ཞིག་ནས་གཞན་རྣམས་ཤི་དེད་དཔོན་གྱི་བུས་ནི་ཟངས་ཀྱི་རིལ་ཆེན་གཅིག་ལ་འཇུས་ནས་ཕར་ཁར་ཕྱིན་པས། དེར་གྲོང་ཁྱེར་གསེར་གྱི་ར་བ་ཅན་ལྷའི་གནས་འདྲ་བར་ལྷ་མོ་བཞིས་ཁྲིད་དེ། ལོ་བརྒྱ་སྟོང་ཕྲག་མང་པོར་བདེ་སྐྱིད་མྱོང་ངོ་། །ཡང་སོང་བས་གྲོང་ཁྱེར་དངུལ་གྱི་ར་བ་ཅན་ན་ལྷ་མོ་བརྒྱད་ཀྱིས་ཁྲིད་དེ་བདེ་སྐྱིད་ལོ་བརྒྱ་སྟོང་དུ་མྱོང་ངོ་། །ཡང་སོང་བས་གྲོང་ཁྱེར་བཻཌཱུརྻའི་ར་བ་ཅན་ན་ཕྱིན་པས་


CMR054_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ན་ལྷ་མོ་བཅུ་དྲུག་གིས་ཁྲིད་དེ་ལོ་བརྒྱ་སྟོང་མང་པོར་བདེ་སྐྱིད་མྱོང་ངོ་། །ཡང་སོང་བས་གྲོང་ཁྱེར་ཤེལ་གྱི་ར་བ་ཅན་ནི་ལྷ་མོ་སུམ་ཅུ་སོ་གཉིས་ཀྱིས་ཁྲིད་དེ་ལོ་བརྒྱ་སྟོང་དུ་མར་བདེ་སྐྱིད་མྱོང་ངོ་། །དེ་ནས་སོང་བས་ཚེར་མའི་ནགས་ཚལ་ལྕགས་ཀྱི་ར་བ་ཅན་དུ་ཕྱིན་པས། རལ་གྲིས་འཁོར་ལོ་འཁོར་ཞིང་མགོ་ལ་གཅོད་པའི་མི་གཅིག་འདུག་འདི་ནི་ཉི་ཚེ་བའི་དམྱལ་བ་ཡིན་ཟེར། ཁྱོད་འདིར་འོང་བའི་ལས་ཅི་བྱས་དྲིས་པས། དེ་ཡི་ལོ་རྒྱུས་བཤད་པ་ན་ཁོང་གཉིས་བྱས་ལུགས་མཐུན་པར་སྣང་། ལམ་དུ་བདེ་སྐྱིད་འབྱུང་བ་ནི་ཡན་ལག་བརྒྱད་པའི་ཁྲིམས་བསྲུང་བའི་ཕན་ཡོན་ནོ། །རལ་གྲིས་འཁོར་ལོས་མགོ་བོ་གཅོད་པ་ནི་མའི་མགོ་ལ་བགོམས་པའི་ཉེས་པ་ཡིན་ཚུལ་ཟེར་ནས། བདག་གིས་སྒྲ་ཐོས་པ་ལ་ངའི་སྡིག་པ་ཟད་དེ། ཁྱོད་ངའི་མལ་དུ་འོང་བ་ཐོས་ཟེར་ནས་འཕོས་སོ། །དེ་ནས་ཁོ་རང་སྐག་ཅིང་བྱམས་སྙིང་རྗེ་གཏོང་ལེན་གྱི་དམིགས་པ་བསྒོམ་ཕ་མ་ལ་ཕྱག་འཚལ་སྐྱེ་བ་ཐམས་ཅད་དུ་ཕ་མ་ལ་བཀུར་སྟི་བྱེད་པར་སྨོན་ལམ་བཏབ། མ་དེས་ཀྱང་དགེ་བ་བྱས་ཤིང་བུ་ལ་བསྔོས་པས། འཁོར་ལོ་དེ་མགོ་ལ་མ་རེག་ཙམ་དུ་འཁོར་ཏེ་ལོ་


CMR054_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཅུ་མ་ལོན་ཙམ་ཉི་ཚེ་བའི་དམྱལ་བ་དེར་སྡོད་ཅིང་དེ་ནས་ཚེ་འཕོས་ཏེ། འཁོར་ལོ་མགོ་ལ་མ་རེག་ཀྱང་བར་བར་ཀླད་པ་གཟེར་བར་གྱུར་ཏོ། །དེད་དཔོན་གྱི་བུ་དེ་ཕྱིས་སྟོན་པ་ཤཱཀྱ་ཐུབ་པ་ཉིད་ཡིན་པར་གསུངས་སོ། །དེ་ན་དཀོན་མཆོག་གསུམ་དང་ཕ་མ་དང་མཁན་སློབ་ལ་བཀུར་སྟི་གལ་ཆེ་བར་གསུངས་སོ། །ང་ལ་ཇི་ལྟར་བྱས་པ་དང་ཕ་མ་དང་མཁན་པོ་དང་སློབ་དཔོན་ལ་ཅི་ལྟར་བྱས་པ་དེ་དག་ནི་བྱེ་བྲག་མེད་ཅིང་མཚུངས་ཏེ། ཚེ་འདི་དང་ཕྱི་མ་ལ་རྣམ་པར་སྨིན་པ་མི་ཉམ་པ་མེད་དོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །སྦྱིན་པ་བྱིན་ནས་ཕྱིས་འགྱོད་ན་ཕྱུག་པོར་སྐྱེས་ནའང་ཕྱིས་དབུལ་པོར་འགྱུར་ཏེ། སྔོན་ཁྱེའུ་གྲགས་པས་སངས་རྒྱས་ལོག་པར་དད་སེལ་དགེ་འདུན་དང་བཅས་པ་ལ་བ་བཞོན་ཞིག་ཕུལ་བས་ཕྱིས་དེ་ལ་འགྱོད་པ་སྐྱེས་པས། སྐྱེ་བ་ཐམས་ཅད་དུ་དང་པོ་ཕྱུག་ཅིང་ཕྱིས་དབུལ་པོར་གྱུར་ཏོ། །ཕྱིས་རྒྱལ་པོའི་ཁབ་ཏུ་སྐྱེས་པས་སྐྱེས་མ་ཐག་ཏུ་མ་ཤི་བས་སྐར་མ་ངན་པ་ལ་སྐྱེས་སོ་ཟེར་ནས་རོ་དང་མཉམ་དུ་དུར་ཁྲོད་དུ་བསྐྱལ་ཡང་བ་ཕུལ་བའི་འབྲས་བུས་རོའི་ནུ་མ་གཅིག་ལས་འོ་མ་བྱུང་ནས་མ་ཤི། ཕྱིས་ཤཱཀྱ་ཐུབ་པ་ལ་རབ་ཏུ་བྱུང་སྟེ་


CMR054_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པ་ཐོབ་བོ། །ཡང་ཚེ་ཟད་ཀྱང་ལས་མ་ཟད་པ་ནི། རིགས་དྲུག་སོ་སོ་ནས་ཚེ་འཕོས་ནས་ཡང་དེར་སྐྱེས་ཏེ། མཉན་ཡོད་དུ་ཁྱིམ་བདག་དབུལ་པོ་ཞིག་ཁྱིམ་ལ་སེམས་ཆགས་ཤིང་ཤི་བ། ཁྱིམ་དེར་གླང་རྒལ་པ་ཅན་གཅིག་ཡོད་པའི་བུར་སྐྱེས་ཏེ། སྐྱེས་མ་ཐག་བྱ་རོག་གིས་ཟོས་སོ། །དེ་ལྟར་ལན་བདུན་དེར་སྐྱེས་ཤིང་ཟོས་སོ། །མོའུ་འགལ་གྱི་བུ་མ་ག་དྷར་བསོད་སྙོམས་ལ་བྱོན་པས། ཁྱིམ་བདག་ཅིག་གི་པང་དུ་བུ་ཐོགས། ཉ་ཤ་ཟ་ཞིང་ཉ་རུས་ཁྱི་མོ་ནག་མོ་གཅིག་འདུག་པར་འཕེན་ཞིང་འདུག །བསོད་སྙོམས་འབུལ་རྒྱུ་མེད་ཟེར། ཉ་ནི་ཚེ་སྔོན་གྱི་ཕ་སྟེ། ཕ་ཉ་པ་ཡིན་པས་ལན་དུ་མོ་ཉར་སྐྱེས་ནས་དེར་བསད་ཅིང་བྲོས་སོ། །ཁྱི་མོ་དེ་ནི་མ་ཡིན་ཏེ། སྦྱིན་པ་ཡང་མ་བཏང་སྡོམ་ནི། པ་ཡང་མ་བསྲུང་ནོར་དང་རིགས་རྒྱུད་ཀྱི་སེམས་རྩིས་བྱས་ནས་སེམས་ཀྱང་ཆགས་བཞིན་ཤི་བས། ཁྱིམ་དེ་ཡི་སྒོ་ཁྱི་ལ་ཡང་ནས་ཡང་དུ་སྐྱེས་ནས་ཁྱིམ་དེ་སྲུངས་ཤིང་བཀག་གོ །བུ་ཚ་དེ་ནི་ཚེ་སྔོན་གྱི་དགྲ་ཞིག་ཡིན་ཏེ་ཆུང་མའི་དོན་དུ་ཕ་བསད་དེ་ཁོ་བུད་མེད་དེ་ལ་ཆགས་པས་བུད་མེད་དེའི་ལྟོ་བར་སྐྱེས་སོ། །དེ་ལྟར་འཁོར་བ་ལ་སྙིང་པོ་མེད་ཚུལ་མོའུ་འགལ་གྱི་


CMR054_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བུས་གསུངས་སོ། །ཡང་སྔོན་འདས་པའི་དུས་ན་རྒྱལ་པོའི་ཞལ་ལྕེ་བ་ཞིག་ཡོད། ཡུལ་དེའི་ཆེས་ཀ་སྐྱེས་པ་ལ་དཔང་པོ་བྱེད་པ་ལ། དེའི་ཚ་བོ་ལ་མི་ཞིག་གིས་བུ་ལོན་མང་པོ་དགོས་པ་ལ། བློན་པོའི་ཆུང་མ་ལ་ལྐོག་བརྔན་བྱིན་ནས་ཆུང་མས་བློན་པོ་བསྐུལ་ཏེ། བུ་ལོན་པ་གཉིས་བློན་པོ་ལ་གཏུགས་པོས། བློན་པོས་རྫུན་སྨྲས་ཏེ་བུ་ལོན་མི་དགོས་སྨྲས་ནས་འཇལ་མ་བཅུག་གོ །དེའི་རྣམ་སྨིན་གྱིས་བློན་པོ་དེ་དམྱལ་བར་སྐྱེས་སོ། །དེ་ནས་སྐྱེ་བ་ལྔ་བརྒྱར་མིག་རྣ་བ་སོགས་དབང་པོ་མེད་པའི་ཤའི་གོང་བུར་སྐྱེས་སོ། །དེ་ནས་མཉན་ཡོད་དུ་ཁྱིམ་བདག་ཕྱུག་པོ་བུ་མེད་པ་ནོར་རྒྱལ་པོས་བཞེས་གྲབ་ཡོད་པ་ཞིག་གི་བུ་མཚན་མ་དང་ཁ་མ་གཏོགས་ཅི་ཡང་མེད་པ་ཞིག་བྱུང་ནས་བུག་པ་དང་ཁ་ཡོད་པས་གསོས་ནས་ནོར་རྒྱལ་པོས་མ་བཞེས་སོ། །དེ་ཅི་ལས་བྱུང་། བཅོམ་ལྡན་འདས་ལ་ཞུས་པས། །སྔོན་བྱུང་གསུངས། དེ་ཡང་བློན་པོ་དེ་སྦྱིན་པར་དགའ་བས་རྟག་ཏུ་ཕྱུག་པོར་སྐྱེས་ཀྱང་རྫུན་ཅིག་སྨྲས་པས་དབང་པོ་མ་ཚང་བར་གྱུར་ཏོ། །སྔོན་འདས་པའི་དུས་ན་མི་སུམ་ཅུ་སོ་གཉིས་ཀྱིས་བ་གླང་གཅིག་བརྐུས་ནས་རྒན་མོ་ཞིག་གི་ཁྱིམ་དུ་ཁྲིད་པས་བ་གླང་དེས་གསོད་པར་


CMR054_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ནས་ཁྱེད་རྣམས་གསོད་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་ནས། བ་གླང་དེ་བཤས་ནས་རྒན་མོ་དང་མཉམ་དུ་ཟོས་སོ། །ཡང་རྒན་མོ་ཞིག་གིས་སྤོས་ཉོས་ནས་མར་དང་སྦྱར་ཏེ་མཆོད་རྟེན་ལ་བྱུགས་པའི་རོགས་མི་སུམ་ཅུ་སོ་གཉིས་ཀྱིས་བྱས་ཏེ་སྐྱེ་བ་ཐམས་ཅད་དུ་མ་བུར་སྐྱེས་ཤིང་ཆོ་རིགས་བཙུན་ལ་ཕྱུག་པར་སྨོན་ལམ་བཏབ་བོ། །དགེ་སྡིག་དེ་དག་སོ་སོར་སྨིན་ཏེ། སྐྱེ་བ་ཐམས་ཅད་དུ་སྨོན་ལམ་བཏབ་བཞིན་སྐྱེས་ཀྱང་དུས་གཅིག་ཏུ་བ་གླང་གི་སྐྱེ་བ་དེས་གསོད་པ་ལན་ལྔ་བརྒྱ་བྱུང་ཞིང་། ཕྱིས་མཉན་ཡོད་ན་རྒྱལ་པོ་གསལ་རྒྱལ་གྱིས་བློན་པོ་རི་དྭགས་ཞེས་པའི་བུ་བདུན་གྱི་ཐ་ཆུང་ལ་མནའ་མ་ལྷ་མཚམས་མ་ཞེས་བྱ་བ་བུད་མེད་རིག་པ་ཅན་ཞིག་ཡོད་པ་རྒྱལ་པོས་ཀྱང་ཐུགས་གཅེས། དེ་ལ་སྒོ་ང་སུམ་ཅུ་རྩ་གཉིས་བྱུང་བ་ལས་བུ་དཔལ་རྩལ་དང་ལྡན་པ་སུམ་ཅུ་རྩ་གཉིས་ཚར་བ་ལ། བློན་པོ་གཞན་ཞིག་གིས་རྒྱལ་པོ་ལ་ཁྱེད་གསོད་པར་འདུག་གོ་ཞེས་དབྱེན་བྱས་པས་རྒྱལ་པོས་གྱད་སྟོབས་པོ་ཆེ་རྣམས་བཏང་ནས་དུས་གཅིག་ལ་བསད་དོ། །ལྷ་མཚམས་མ་ནི་བཅོམ་ལྡན་འདས་ཀྱི་དགེ་སློང་མར་གྱུར་ཏོ། །རྒྱལ་པོ་དེ་ནི་བ་གླང་གི་སྐྱེ་བ། མ་དེ་ནི་རྒན་


CMR054_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དེ། བུ་སུམ་ཅུ་སོ་གཉིས་ནི་རྐུན་མ་དེ་རྣམས་ཡིན་པར་གསུངས་སོ། །དེ་ལྟར་བ་གཅིག་བསད་པའི་འབྲས་བུ་ནི་དེ་ལྟར་རོ། །སྔོན་མི་ཕྱུག་པོ་ཞིག་ལ་བུ་མེད་ནས་ཆུན་མ་བཞག་པ་ལ་བུ་ཡོད་པ་ཆེན་མས་ཚང་སྨེ་ལ་ཁབ་བཙུགས་ནས་བསད། མོས་མ་བསད་ཟེར་ནས་སྨོན་ཚུལ་ལོག་པའི་མནའ་བསྐྱལ་ལོ། །ཡང་རང་སངས་རྒྱས་གཅིག་ལ་བསོད་སྙོམས་ཕུལ་བས། དེ་ནམ་མཁའ་ལ་འཕུར་བ་མཐོང་ནས་མོས་དད་པ་སྐྱེས་ཏེ། ང་ཡང་ཁྱེད་འདྲ་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་བོ། །དེར་བུ་བསད་པས་ངན་སོང་དུ་སྐྱེས་ནས་སྡུག་བསྔལ་དཔག་མེད་མྱོང་ངོ་། །ཕྱིས་མཉན་ཡོད་ན་བུད་མེད་མཆོག་ཏུ་གྱུར་པ་ཞིག་ཏུ་སྐྱེས་ནས་བག་མ་ལ་སོང་ནས་བུ་གཉིས་ཡོད་པ་ལ་མི་དེ་དུག་སྦྲུལ་གྱིས་བསད། །བུ་གཅིག་ཆུས་ཁྱེར། གཅིག་སྤྱང་ཀིས་ཟོས། ཕ་མིང་ལ་མེ་མཆེད་ནས་ཕ་མ་མིང་པོ་ཐམས་ཅད་ཚིག །ཡང་མི་གཞན་ཞིག་དང་མཉམ་དུ་བསྡད་ནས་བུ་གཅིག་ཡོད་ཛ། མི་དེས་ཆང་བཟི་བྱས་ནས་བུ་བསད་ནས་ཤ་མོ་ལ་མི་ཟ་བའི་དབང་མེད་བྱས་ནས། དེར་མོ་སྡུག་ནས་བྲོས་སོང་བས། མི་གཞན་ཞིག་གིས་བུད་མེད་ཤི་བ་དང་འཕྲད་ནས་མོ་བཞག་པ་


CMR054_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་དེ་ཤི། དེར་ས་ཆའི་སྲོལ་ཡིན་པས་མོ་རོ་དང་མཉམ་དུ་དུར་ནང་དུ་བཅུག་པ་ལ། རྐུན་མས་དུར་རློག་པས་མོ་ཁྱེར་ནས་ཆུང་མ་བྱས་པས། རྐུན་མ་ལ་ཁྲིམས་ཕོག་ནས་རྒྱལ་པོས་བསད། ཡང་རོ་དང་མཉམ་དུ་དུར་ནང་དུ་བཅུག་དུར་སྤྱང་ཀིས་རློག་པས་མོ་ཐར་ཏེ། བཅོམ་ལྡན་འདས་མཇལ་ནས་རབ་ཏུ་བྱུང་སྟེ། དགྲ་བཅོམ་ཐོབ་ཀྱང་ལྕགས་སྲེག་གི་ཐུར་མ་གཅིག་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་ཟུག་ནས་དུས་རྟག་ཏུ་ཟུག་གཟེར་ཆེ་བར་བྱུང་ངོ་། །དེ་ནི་ཁབ་བཙུགས་པའི་ལས་ལྷག་མ་དང་། ཡུགས་སར་ལན་མང་དུ་གྱུར་པ་ནི་སྨོན་ཚུལ་ངན་པ་དང་། དགྲ་བཅོམ་ཐོབ་པ་རང་སངས་རྒྱས་ལ་བསྙེན་བཀུར་བ་སྟེ་སོ་སོར་ལུས་གཅིག་ལ་སྨིན་པའོ། །སྔོན་སངས་རྒྱས་རྣམ་པར་གཟིགས་ཀྱི་བསྟན་པ་ལ། དགེ་སློང་སྟོང་ཕྲག་བཅུས་དགྲ་བཅོམ་པའི་འབྲས་བུ་ཐོབ་སྟེ། དགོན་གཅིག་ན་བཞུགས་པ་ལ་ཚོང་པ་རྣམས་ཀྱིས་རིན་པོ་ཆེ་ཞིག་ཕུལ་བས། ལས་བྱེད་པའི་དགེ་སློང་རྣམས་ལ་གཏད་ནས་ཕྱིས་འཚོ་བ་བསྲབས་ནས་བཙོང་བསམ་པ་ལ། འདི་ང་ལ་བྱིན་པ་ཡིན་ཁྱེད་སྤྱི་ལ་མིན་ཟེར། ཡིན་ཚུལ་སྨྲས་པས་འདི་ངའི་ཡིན་ཁྱེད་རྣམས་སྐྱག་པ་ཟའམ་


CMR054_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བས། དེ་ཉིད་ཚེ་འཕོས་མ་ཐག་ཏུ་དམྱལ་བ་ཆེན་པོར་སྐྱེས། བསྐལ་པ་དགུ་བཅུ་རྩ་གཅིག་ཏུ་ངན་སྐྱུག་གི་ནང་དུ་སྐྱེས། འདས་པའི་སངས་རྒྱས་མང་པོའི་རིང་ལ་ངན་སྐྱུག་གི་ནང་དུ་སྐྱེས། དེ་ནས་བྱ་རྒོད་ཕུང་པོའི་ཉེ་ལོགས་གྲོང་ཁྱེར་མཚོ་ཆུང་གཅིག་ལ་མི་ཐམས་ཅད་ཀྱི་གཤང་གཅི་དོར་ཞིང་དྲི་ང་བའི་ནང་དུ་སྲིན་འབུ་ཆེན་པོ་སྦྲུལ་འདྲ་བ་རྐང་ལག་བཞི་དང་མིའི་ཁ་མིག་ཅན་གཅིག་ལ་སྲིན་འབུ་ཆུང་བ་མང་པོས་ཟ་ཞིང་མཚོ་དེའི་ནང་ན་ཟུག་གཟེར་གྱིས་སྟེང་འོག་ཏུ་རྒྱུག་གོ །དེ་རྒྱུག་པ་ན་ཡང་མི་གཙང་བའི་དྲི་ངད་ཁྱབ་སྟེ། ལོ་ཁྲི་ཕྲག་དུ་མ་ན་ཤི་ཡང་དེ་ཉིད་དུ་སྐྱེས་ཏེ། སངས་རྒྱས་སྟོང་མ་རྫོགས་ཀྱི་བར་དུ་དེར་གནས་དགོས་པར་གསུངས་སོ། །དགེ་སློང་ཀུན་ཏེའི་ལེའུའོ།། །།བསྐལ་པ་གྲངས་མེད་པའི་གོང་དུ་ཡུལ་ཝཱ་རཱ་ཎ་སཱིར་མི་ཞིག་གིས་ནོར་ཐམས་ཅད་གསེར་དུ་བསྒྱུར་ནས་གསེར་བུམ་པ་བདུན་སར་སྦས་སོ། །ཕྱིས་ཤི་ཁ་དེ་ལ་སེམས་ཐོགས་ནས་སྦྲུལ་དུ་སྐྱེས་ཏེ། གསེར་དེ་སྲུང་ཞིང་ལོ་དུ་མ་ལ་གནས། གྲོང་ཁྱེར་ཞིག་ནས་ས་སྟོང་དུ་གྱུར་ཀྱང་སྦྲུལ་དུ་ཡང་ཡང་སྐྱེས་ཤིང་འདུག་པ་ལ། མི་ཞིག་འོང་བ་ལ་སྦྲུལ་དེས་བོས་ནས། ང་ལ་གསེར་ཡོད་པ་


CMR054_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་ལ་སྟོན་མོ་གྱིས། དེ་ཉིན་ང་ཡང་དེར་བསུས་དེ་ལྟར་མི་བྱེད་ན་གནོད་པ་བྱེད་ཟེར་བས། མིས་ཀྱང་གསེར་བུམ་གཅིག་ཁྱེར་ནས་བཙོང་སྟེ་དགེ་འདུན་ལ་སྟོན་མོ་བྱེད་ཉིན་སྨྱུག་གཟེབ་ཁྱེར་ནས་སྦྲུལ་བསུས། སྦྲུལ་ལ་དགེ་འདུན་གྱིས་ཆོས་བཤད་པས་གསེར་བུམ་པ་དྲུག་ཡང་ཕུལ་ལོ། །སྦྲུལ་ལྷར་སྐྱེས་སོ། །སྦྲུལ་ཤཱ་རིའི་བུ་མི་དེ་སྟོན་པ་ཡིན་པར་གསུངས་སོ། །སངས་རྒྱས་འོད་སྲུང་གི་ཚེ་དགེ་སློང་དགྲ་བཅོམ་པ་རྒན་པོ་སྐད་མི་སྙན་པ་གཅིག་དང་། གཞོན་ནུ་སྐད་སྙན་པ་གཉིས་འདོན་པ་དབྱངས་བྱེད་པ་ལ། གཞོན་པས་ཁྱོད་ཀྱི་དབྱངས་ནི་ཁྱི་ཟུག་པ་དང་འདྲའོ་སྨྲས་པ་ལ། དེ་སྐད་མ་སྨྲ་ང་ནི་དགྲ་བཅོམ་པའོ། །གསུངས་པས་འགྱོད་ནས་བཤགས་པ་བྱས་ཀྱང་སྐྱེ་བ་ལྔ་བརྒྱ་ལ་ཁྱིར་སྐྱེས་ཏེ། ཕྱིས་མཉན་ཡོད་ན་ཁྱི་གཅིག་ཏུ་སྐྱེས་པས་ཚོང་པའི་བུ་ཚས་རྐང་པ་བཅག་ནས་ས་སྟོང་དུ་བསྐྱུར་བ་ལ་ཤཱ་རིའི་བུས་ཟས་བྱིན་ཞིང་ཆོས་བཤད་པས་ཚེ་འཕོས་ནས་བྲམ་ཟེའི་བུར་སྐྱེས་པ་ཤཱ་རིའི་བུ་ལ་དགེ་ཚུལ་བྱས་ནས་དགྲ་བཅོམ་པ་ཐོབ་བོ། །དེ་ཡན་ཆད་སྡིག་པའི་ཉེས་དམིགས་ཀྱི་གཏམ་རྒྱུད་ཡིན་ལ། དགེ་བའི་ཕན་ཡོན་ནི། མདོ་སྡེ་མཛངས་


CMR054_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

བླུན་ལས་གསུངས་པའི་དོན་བསྡུས་ཏེ་བཤད་ན། སྔོན་སངས་རྒྱས་འོད་སྲུང་གི་བསྟན་པའི་མཇུག་ཏུ། བྲམ་ཟེ་གཉིས་ཀྱིས་བསྙེན་གནས་སྲུང་བ་ལ། གཅིག་གིས་རྒྱལ་པོར་སྐྱེ་བའི་སྨོན་ལམ་བཏབ་པས་རྒྱལ་པོར་སྐྱེས། གཅིག་གིས་ལྷར་སྐྱེ་བའི་སྨོན་ལམ་བཏབ་ཀྱང་། དེ་ནུབ་ཆུང་མས་དགོང་མི་ཟ་ཁ་མེད་བྱས་ནས་ཟོས་པས་ཀླུར་སྐྱེས། རྒྱལ་པོ་དེའི་གཡོག་གཟའ་ཤིང་གི་ར་བ་སྲུང་མཁན་ཞིག་ཡོད་པས་ཆུ་མིག་ནང་ནས་ཤིང་ཏོག་ཤིན་ཏུ་ཆེ་ཞིང་མངར་བ་ཞིག་རྙེད་ནས། རྒྱལ་པོའི་སྒོ་སྲུང་ལ་ཕུལ། དེས་བཙུན་མོ་ལ། དེས་རྒྱལ་པོ་ལ་ཕུལ་བས། དེར་རྒྱལ་པོས་རྩད་བཅད་ནས་འདི་རྙེད་མཁན་དེས་འདི་འདྲ་བ་མང་དུ་ཕུལ་ཅིག །མ་ཕུལ་ན་གསོད་ཟེར་བས། མི་དེ་ངུ་ཞིང་ཆུ་མིག་རྩར་བསྡད་པས་ཀླུ་དེ་མིར་སྤྲུལ་ནས་ཅི་ཉེས་ན་ཟེར། ལོ་རྒྱུས་བཤད་པས། ཀླུ་དེས་ཤིང་ཐོག་གཞོང་པ་གང་བསྐུར་ནས་རྒྱལ་པོ་ཁྱོད་དང་ང་གཉིས་གྲོགས་ཡིན་པས། ཁྱོད་བསྙེན་གནས་གཙང་མ་གཅིག་བསྲུང་བས་རྒྱལ་པོར་སྐྱེས། ང་མ་གཙང་བས་ཀླུར་སྐྱེས། ང་ལ་བསྙེན་གནས་ཡན་ལག་བརྒྱད་པའི་དཔེ་ཞིག་བྱིན། དེ་མི་སྦྱིན་ན་ངེས་ཡུལ་འདི་མཚོར་བསྒྱུར་ནས་རླག་


CMR054_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་ཅེས་ཕྲིན་བསྐུར་བས། བསྟན་པ་ནུབ་ནས་དེའི་དཔེ་རྙེད་པར་མི་འདུག་ཟེར། རྒྱལ་པོས་བློན་པོ་ལ་ཚོལ་མ་རྙེད་ན་ཁྱོད་གསོད་ཟེར། བློན་པོས་ཕ་རྒན་པོ་གཅིག་ཡོད་པ་ལ་དྲིས་པས། ཁྱིམ་གྱི་ཀ་བ་འདི་ལ་རྟག་ཏུ་འོད་འབྱུང་དོ་བས་ལྟོས་ཟེར། ཀ་བ་གཤགས་པའི་ནང་ནས་རྟེན་འབྲེལ་འབྱུང་བ་བཅུ་གཉིས་ཀྱི་མདོ་དང་། །ཉིན་ཞག་གཅིག་གི་ཁྲིམས་བརྒྱད་པའི་དཔེ་བྱུང་། རྒྱལ་པོས་གསེར་གྱི་སྒྲོམ་བུར་བཅུག་ནས་ཀླུ་ལ་བསྐུར། ཀླུ་དགའ་ནས་རྒྱལ་པོ་ལ་རིན་པོ་ཆེ་མང་དུ་ཕུལ་ལོ། །ཀླུ་དང་རྒྱལ་པོ་གཉིས་བསྙེན་གནས་སྲུང་ཞིང་གཞན་ཡང་ཆོས་ལ་བསྐུལ་བས་ཁོང་གཉིས་ལྷར་སྐྱེས་ཏེ། ཕྱིས་ཤཱཀྱ་ཐུབ་པ་མཇལ་དུ་འོང་ནས་ཆོས་ཉན་ནས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ། ནམ་ཡང་ངན་སོང་དུ་མི་ལྟུང་ཞིང་ལྷ་མིའི་བདེ་སྐྱིད་མྱོང་སྟེ་མཐར་མྱང་འདས་ཐོབ་པར་ལུང་བསྟན་ཏོ། །ཀུན་ཏུ་རྒྱུས་ཚུལ་ཁྲིམས་བསྲུང་བའི་ལེའུ་སྟེ་གསུམ་པའོ།། །།སྔོན་བསྐལ་པ་གྲངས་མེད་པའི་སྔོན་རོལ་དུ་རྒྱལ་པོ་ཚང་སྦྱིན་འཁོར་བཅས་སྐྱེད་མོས་ཚལ་དུ་བྱོན་པའི་ར་བའི་རྒྱབ་ནས་མི་ཞིག་སྐད་ཆེན་པོས་གླུ་བླངས་པས། རྒྱལ་པོ་ཁྲོས་ཏེ་བཙོན་དུ་བཟུང་།


CMR054_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསད་པར་ཤོམས་པས་བློན་པོས་རྒྱལ་པོ་ལ་མ་གསོད་པར་ཞུས་ནས་མ་བསད་དེ་གཡོག་བྱེད་བཅུག །ཕྱིས་རབ་ཏུ་བྱུང་ནས་རང་སངས་རྒྱས་སུ་གྱུར་པ་ལ། བློན་པོས་བསྙེན་བཀུར་བྱས་སྨོན་ལམ་བཏབ་པས། བློན་པོ་སྐྱེ་བ་ཐམས་ཅད་དུ་རིགས་མཐོ་ཞིང་ཕྱུག་ལ་ཚེ་རིང་བའི་ལྷ་དང་མིའི་ལུས་གཞན་བས་བརྒྱ་སྟོང་འགྱུར་གྱི་ལྷག་པ་ཁོ་ནར་སྐྱེས། ཕྱིས་བློན་པོ་ཆེན་པོ་ཕྱུག་ཅིང་བུ་མེད་པ་གཅིག་གི་བུར་སྐྱེས་པ་ཕས་རབ་ཏུ་བྱུང་མ་བཅུག་པས། རིགས་དམའ་བ་ཞིག་ཏུ་སྐྱེས་ན་རབ་ཏུ་བྱུང་ཆོག་སྙམ་ནས། བྲག་མཐོན་པོ་ལ་མཆོངས་ནས་མ་གནོད། ཆུ་ལ་ལྕེབ་ཀྱང་མ་ཁྱེར། བཙན་དུག་ཟོས་ཀྱང་མ་གནོད། རྒྱལ་པོའི་ཁྲིམས་བཤིགས་པས་རྒྱལ་པོས་མདའ་ལན་གསུམ་འཕང་ཡང་མདའ་ཚུར་ལ་ལྷུང་། དེར་རྒྱལ་པོས་ཁྱོད་ལྷ་འདྲེ་ཡིན་ནམ་མི་ཡིན་ཟེར་བས། ཤི་འདོད་ཚུལ་ཞུས་པས། རྒྱལ་པོས་རབ་ཏུ་བྱུང་བ་གནང་སྟེ། ཤཱཀྱ་ཐུབ་པའི་དྲུང་དུ་རབ་ཏུ་བྱུང་སྟེ་དགྲ་བཅོམ་ཐོབ་བོ། །དེ་ལྟར་སྲོག་སྐྱབས་བྱས་པས་བློན་པོ་དེ་གར་སྐྱེས་ཀྱང་ཚེ་ལ་བར་ཆད་ཀྱིས་མི་ཚུགས་མཐར་དགྲ་བཅོམ་ཐོབ་བོ། །ཡང་སྔོན་བསྐལ་པ་དགུ་བཅུ་རྩ་གཅིག་གི་ཕ་རོལ་ན། མི་དབུལ་


CMR054_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཅིག་གིས་ཤིང་བཅོང་ནས་གསེར་གྱི་དོང་ཙེ་གཉིས་ཐོན། དེ་སངས་རྒྱས་གསེར་ཐུབ་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་བས། བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་མིར་སྐྱེས་ཤིང་། གར་སྐྱེས་ཀྱང་ལག་ཏུ་གསེར་གྱི་དོང་ཙེ་ཡོད་པར་གྱུར། ནོར་ཕྱུག་ཅིང་ལོངས་སྤྱོད་ཟད་པ་མེད་པར་གྱུར་ཏེ། ཕྱིས་རྒྱལ་པོའི་ཁབ་ན་ཁྱིམ་བདག་མོ་གཅིག་ལ་བུར་སྐྱེས་པ་བལྟ་བས་ཆོག་མི་ཤེས་པ་ཁུ་ཚུར་བཅང་པ་ཞིག་སྐྱེས། ཁུ་ཚུར་གཉིས་ཕྱེས་པས་གསེར་གྱི་དོང་ཙེ་གཉིས་གདའ། དེ་བླངས་བས་ཀྱང་རེ་རེ་བྱུང་ནས་གསེར་གྱི་བང་མཛོད་གང་ཡང་བུའི་དོང་ཙེ་མ་ཟད། ཕྱིས་སྟོན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་ཐོབ་སྟེ་དགེ་སློང་གསེར་གྱི་དབྱིག་གོ །ཡང་སྔོན་སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ། །མི་དབུལ་པོ་ཞིག་གིས་དགེ་འདུན་ལ་དད་པས་ཕྱགས་དར་བྱས། སྤང་ནས་མེ་ཏོག་བཏུས་ཏེ་གཏོར་ནས་སྨོན་ལམ་བཏབ་པས། བསྐལ་པ་དགུ་བཅུ་རྩ་གཅིག་ཏུ་གར་སྐྱེས་ཀྱང་གཟུགས་བཟང་ཞིང་མཛེས་པ་དང་། བཟའ་བཏུང་ཁྲི་སྟན་ཕུན་སུམ་ཚོགས་པར་གྱུར་ཏེ། ཕྱིས་མཉན་ཡོད་ན་ཁྱིམ་བདག་ཆེ་ཞིང་མཐོ་བའི་བུར་སྐྱེས་ཏེ། གཟུགས་བལྟ་བས་


CMR054_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་མི་ཤེས་པར་གྱུར་ཏེ་སྐྱེས་མ་ཐག་ཏུ་ལྷ་རྫས་མེ་ཏོག་གི་ཆར་བབས་པས་མིང་ཡང་ལྷའི་མེ་ཏོག་བཏགས། ཕྱིས་བུ་དེས་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་སྤྱན་དྲངས་བསྙེན་བཀུར་བྱས་པ་ལ། ཁྱིམ་དུ་སངས་རྒྱས་བྱོན་ཁར་རིན་པོ་ཆེའི་གདན་དང་ཞལ་ཟས་ཐམས་ཅད་བསམ་པ་ཙམ་ནས་བྱུང་། དེ་ནས་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་བོ། །དེས་ན་སྦྱིན་པ་ཆུང་ངུ་ལ་ཡང་བསོད་ནམས་མེད་དོ་སྙམ་ནས་མ་བརྙས་ཤིག་གསུངས་སོ། །ཡང་སྔོན་སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ། དགེ་འདུན་རྣམས་ཁྱིམ་བདག་སོ་སོས་བསྙེན་བཀུར་བྱས་པ་ལ་མི་དབུལ་པོ་ཞིག་གིས་ཡི་རང་ཞིང་རྡེའུ་དཀར་རྒྱུ་ལས་བྱས་པའི་ནོར་བུ་སྤར་གང་དགེ་འདུན་ལ་གཏོར་ཞིང་སྨོན་ལམ་བཏབ་པས། བསྐལ་པ་དགུ་བཅུ་རྩ་གཅིག་ཏུ་ནོར་བུ་དང་ཟས་གོས་ལོངས་སྤྱོད་ལྷུན་གྱིས་གྲུབ་པར་གྱུར། དེ་ནས་མཉན་ཡོད་དུ་ཁྱིམ་བདག་ཞིག་གི་བུར་སྐྱེས་མ་ཐག་ནམ་མཁའ་ནས་རིན་པོ་ཆེ་སྣ་བདུན་ཆར་བཞིན་བབས་ནས་ཁྱིམ་གང་བས་བུའི་མིང་ལྷའི་རིན་ཆེན་བཏེག་གོ ། །ཕྱིས་རབ་ཏུ་བྱུང་ནས་ཐུབ་པའི་དྲུང་དུ་དགྲ་བཅོམ་ཐོབ་བོ། །ཡང་སྔོན་སངས་རྒྱས་བསོད་སྐྱབས་བཞུགས་པའི་ཚེ། དགེ་སློང་


CMR054_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཡུལ་ཐམས་ཅད་དུ་དགེ་བསྐུལ་ལ་བྱོན་ནོ། །དེར་བུད་མེད་འདའ་ནི་ཀ་བྱ་བ་ཤིན་ཏུ་དབུལ་ཞིང་ཕོངས་ཏེ། ཁྱོ་ཤུག་གཉིས་ལ་རས་ཡུག་གཅིག་ལས་མེད་དེ། སྒོ་ན་སུ་འགྲོ་དེ་ལ་གྱོན་རེས་བྱེད་ནས་གཅིག་གཅེར་བུར་འདུག་གོ །དེར་དགེ་སློང་གི་བུད་མེད་དེ་ལ་སྦྱིན་པའི་ཕན་ཡོན་གསུངས་པས། མོས་མི་བདག་ལ་ཡང་བསྟུན་ནས་རས་ཡུག་ཕུལ་ཏེ་གཉིས་ཀ་གཅེར་བུ་ཁྱིམ་ན་ཡིབ་སྟེ་བསྡད་དོ། །དགེ་སློང་གིས་རས་ཡུག་སངས་རྒྱས་ལ་ཕུལ་བས་རས་དྲི་མ་ཅན་དེ་ཕྱག་ཏུ་བསྣམས་ནས། སྦྱིན་པ་རྣམ་པར་དག་པ་འདི་ཁོ་ན་ཡིན་ནོ་གསུངས་པས་རྒྱལ་པོ་དང་བཙུན་མོས་ལུས་གོས་དང་རྒྱན་ཕུད་དེ་ཁོང་གཉིས་ལ་བསྐུར་རོ། །ཁོང་གཉིས་འོང་ནས་སངས་རྒྱས་ལ་ཆོས་ཉན་ནོ། །དེ་ནས་བསྐལ་པ་དགུ་བཅུ་རྩ་གཅིག་ཏུ་གར་སྐྱེས་ཀྱང་རས་གོས་དང་བཅས་ཏེ་སྐྱེས་ནས་ལོངས་སྤྱོད་ཆེན་པོ་དང་ལྡན་ནོ། །ཕྱིས་མཉན་ཡོད་ན་ཁྱིམ་བདག་མོ་ཞིག་ལ་བུ་མོ་བལྟ་བས་ཆོག་མི་ཤེས་པ་ཞིག་རས་དཀར་འཇམ་པོ་གྱོན་པ་ཞིག་སྐྱེས་ནས་རས་དཀར་མོ་བཏགས། བུ་མོ་ཚར་བཞིན་རས་ཡང་ཚར་ཏེ་གོས་གཞན་མ་དགོས་སོ། །དེ་ནས་ཐུབ་པའི་དྲུང་དུ་དགེ་སློང་མ་ཞུས་


CMR054_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དགེ་སློང་མའི་གོས་ཐམས་ཅད་རས་དེ་ལ་རང་གྲུབ་ཏུ་བྱུང་ངོ་། །དེ་ནས་དགྲ་བཅོམ་པ་ཐོབ་བོ། །སྔོན་ཡུལ་ཨ་པ་དེ་བ་ན། ཁྱིམ་བདག་ལོངས་སྤྱོད་ཆེ་ཞིང་སེར་སྣ་ཆེ་ལ་སྙིང་རྗེ་མེད་པ་ཞིག་ལ། གཡོག་མོ་རྒན་མོ་ཞིག་ཡོད་པས་མི་ཚེལ་ལས་ཀ་བྱས་ཀྱང་གོས་ཀྱིས་ལུས་མ་ཐུམ། ཟས་ཀྱང་མ་མྱོང་ནས། ད་ང་ལ་ཟས་གོས་ནི་མེད་རྒས་དྲག་ཀྱང་ལ་ས་ཀ་ནི་དགོས་འཆི་རྒྱུ་མེད་སྙམ་ནས་ཆུ་ལེན་སར་ངུ་འབོད་བྱེད་ཅིང་ཡོད་ཛ། དེར་འཕགས་པ་ཀ་ཏ་ཡ་ན་བྱོན་ནས། ཁྱོད་དབུལ་ཞིང་སྡུག་བསྔལ་བ་འདི་ཨེ་བཙོང་གསུངས། ཇི་ལྟར་བྱ་ཞུས་པས་ཁྱོད་རང་ཁྲུས་གྱིས་ལ་ང་ལ་ཆུ་ལྷུང་བཟེད་གང་ཕུལ་གསུངས་ནས་དེ་ལ་བསྔོ་བ་ཤོ་ལོ་ཀ་གཅིག་མཛད། བསླབ་པའི་ཚིག་རྐྱང་གཅིག་གནང་། སངས་རྒྱས་ཀྱི་མཚན་ནི་བརྗོད་དུ་བཅུག་གོ །དེར་མོ་ཚེ་འཕོས་ནས་སུམ་ཅུ་རྩ་གསུམ་པའི་ལྷའི་བུ་མོར་སྐྱེས་སོ། །དེ་ནས་ལྷ་མོ་དེ་འཁོར་ལྔ་བརྒྱ་དང་བཅས་ནས་རྒན་མོའི་རུས་བུ་ལ་མཆོད་པ་བྱེད་པ་ཡུལ་དེའི་མི་རྣམས་ཀྱིས་མཐོང་ནས། ཅི་ཡིན་དྲིས་པས་ལོ་རྒྱུས་བཤད་དེ་ལྷ་དེ་དག་ཀ་ཏ་ཡ་ན་ལ་ཆོས་ཞུས་པས་སོ་སོ་ནས་འབྲས་བུ་ཐོབ་བོ། །ཡང་སྔོན་སངས་རྒྱས་རྣམ་


CMR054_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

པར་གཟིགས་མྱ་ངན་ལས་འདས་རྗེས་དགེ་སློང་མང་པོ་ལ། ཁྱིམ་བདག་རྣམས་ཀྱིས་བསྙེན་བཀུར་བྱེད་པ་ལ། མི་དབུལ་པོ་ཁྱོ་ཤུག་གཉིས་ལ་འབུལ་རྒྱུ་མེད་པས་མི་དེ་ངུས་པས། བུད་མེད་དེས་ཁྱིམ་དང་བང་མཛོད་རྣམས་ཉུག་དང་ཅུང་ཟད་ཅིག་གདའ་འབུལ་ཟེར། བཙལ་བས་གསེར་གྱི་དོང་ཙེ་གཅིག་གདའ་བ་བུམ་པ་ནང་དུ་བཅུག་སྟེ་ཆུ་གཙང་མས་བཀང་། མེ་ལོང་གི་ཁ་བཀབ་ནས་ཕུལ་ལོ། །དེའི་དགེ་བ་དེས་དེ་གཉིས་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་ཏེ། བསྐལ་པ་དགུ་བཅུ་རྩ་གཅིག་གར་སྐྱེས་ཀྱང་གཟུགས་མཛེས་ཤིང་བལྟ་ན་སྡུག་པ་གསེར་གྱི་ཁ་དོག་ཏུ་གྱུར། ལོངས་སྤྱོད་ཕུན་སུམ་ཚོགས་པར་གྱུར་ཏོ། །དེ་ནས་མཉན་ཡོད་ན་ཁྱིམ་བདག་ཕྱུག་པོ་ཞིག་ལ་བུ་གསེར་གྱི་མདོག་ཅན་ཞིག་དང་། ཡུལ་ཙམ་པ་ན་བུ་མོ་དེ་དང་འདྲ་བ་ཞིག་སྐྱེས་ཏེ། དེ་གཉིས་སྐྱེས་མ་ཐག་ཁྱིམ་དུ་ཁྲོན་པ་ཞིག་བྱུང་བ་ནས། ཆུ་བཅུས་ནས་རིན་པོ་ཆེ་དང་ཟས་གོས་ཡིད་ལ་ཅི་འདོད་པ་འོང་བར་གྱུར་ཏོ། །དེ་ནས་ཕ་མས་གཉེན་བྱས་ཏེ་བསུས་པ་ན་བཅོམ་ལྡན་འདས་སྤྱན་དྲངས་ནས་ཆོས་ཉན་ཏེ་གཉིས་ཀ་རབ་ཏུ་བྱུང་སྟེ་དགྲ་བཅོམ་ཐོབ་བོ། །དགེ་སློང་


CMR054_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་ལྷའོ། །དབུལ་པོ་དེས་ཅུང་ཟད་སྦྱིན་པའི་བསོད་ནམས་དེ་ལྟར་རོ། །ཡང་སངས་རྒྱས་རྣམ་པར་གཟིགས་ཀྱི་དུས་ཁྱིམ་བདག་ཞིག་གིས་གསེར་གྱི་དོང་ཙེ་གཅིག་ཕུལ་བ་ལ་བསླབ་པའི་ཚིག་གསུམ་མནོས་ཏེ། སྲོག་བཅད་སོགས་སྤངས་པས། བསྐལ་པ་དགུ་བཅུ་རྩ་གཉིས་སུ་ལོངས་སྤྱོད་ཆེ་ཞིང་ཚེ་རིང་ངོ་། །ཕྱིས་མཉན་ཡོད་ན་ཁྱིམ་བདག་ཕྱུག་པོ་བུ་མེད་པ་ཞིག་གིས་བུར་སྐྱེས་པ་པང་ནས་ལྷུང་སྟེ་ཆུ་ལ་ཤོར་བ་ཉ་ཆེན་པོ་ཞིག་གིས་མིད་ཉ་དེ་གྲོང་ཁྱེར་འོག་མའི་ཉ་པས་སོད་པའི་ཁོག་ནས་བུ་མ་ཤི་བ་བྱུང་བ་དེ་ཁྱིམ་བདག་ཕྱུག་པོ་བུ་མེད་པ་ཞིག་གིས་བུ་བྱས་པ། ཁྱིམ་བདག་གཉའ་མས་ཐོས་ཏེ་ང་ཡི་བུ་ཡིན་གཏོད་ཟེར། འོག་མས་ངས་ལྷ་མཆོད་པས་ལྷས་གནང་ནས་ཉ་ཡི་ཁོག་ནས་བྱུང་ཟེར། མ་འཆམས་ནས་རྒྱལ་པོ་ལ་གཏུགས་པས་ཁྱེད་གཉིས་ཀའི་ཐུན་མོང་གྱིས་གསུངས། གཉིས་ཀ་ཕྱུག་པས་བུ་དེ་ལོངས་སྤྱོད་ཕུན་སུམ་ཚོགས་པར་བསོས་ཏེ། ཆེར་སྐྱེས་ནས་ཕ་མ་གཉིས་ཀ་ལ་ང་རབ་ཏུ་བྱུང་དགོས་ཟེར་ནས། །ཕ་མ་གཉིས་ཀྱིས་བུ་གཅེས་དྲགས་པས་ངོ་མ་ཆོག་ནས། ཤཱཀྱ་ཐུབ་པའི་དྲུང་དུ་རབ་ཏུ་བྱུང་སྟེ་དགྲ་བཅོམ་པ་ཐོབ་ནས་དགེ་སློང་རིགས་གཉིས་པའོ། །


CMR054_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་ཕུལ་བས་ཚེ་རབས་ཀུན་ཏུ་ལོངས་སྤྱོད་ཆེ། སྲོག་བཅད་སྤངས་པས་ཆུར་བྲུལ་ནས་ཉེས་མིད་ཀྱང་མ་ཤི། སྐྱབས་སྡོམ་ཞུས་པས་དགྲ་བཅོམ་པ་ཐོབ་པ་ཡིན་གསུངས་སོ། །སྔོན་སངས་རྒྱས་འོད་སྲུང་འདས་ནས་ཁྱིམ་བདག་ཞིག་གིས་མཆོད་རྟེན་བརྩེགས་དགེ་འདུན་གྱི་འདུ་ཁང་བྱས་ནས་ཡུན་རིང་དུ་འཚོ་བ་སྦྱར་བ་ལ། ཕྱིས་དེ་རྣམས་ཞིག་ཅིང་འཚོ་བ་ཆད་པ་ལས། ཁྱིམ་བདག་དེའི་བུ་དགེ་སློང་ཞིག་ཡོད་པས་དེས་ཞིག་གསོས་སྔ་མ་བཞིན་བྱས་ནས་སྨོན་ལམ་བཏབ་པས། ཕྱིས་ཡུལ་དེར་གསེར་པའི་རྒྱལ་པོ་ཀ་པི་ན་ཆེན་པོར་སྐྱེས་ཏེ། ཡོ་བྱད་བཏང་བ་ནི་འཁོར་རྒྱལ་ཕྲན་ཁྲི་བརྒྱད་སྟོང་དུ་སྐྱེས་ནས་ཤིན་ཏུ་སྟོབས་ཆེ་ནས་ཡུལ་དབུས་ཀྱི་རྒྱལ་པོ་གསལ་རྒྱལ་མངའ་ཞབས་སུ་བཅུག་པར་ཤོམས་པ་ལ་བཅོམ་ལྡན་འདས་འཁོར་ལོས་བསྒྱུར་རྒྱལ་དུ་སྤྲུལ་ནས་བཏུལ་ཏེ། རྒྱལ་པོ་དེ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་བོ། །དེ་ལྟར་ཞིག་བསོས་ཀྱི་བསོད་ནམས་ཀྱིས་རྒྱལ་པོ་སྟོབས་ཆེན་དུ་སྐྱེས་ཤིང་འབྲས་བུ་ཐོབ་བོ། །སྔོན་སངས་རྒྱས་འོད་སྲུང་གི་མཆོད་རྟེན་མཇལ་དུ་མི་ཞིག་འོང་བས་མཆོད་རྟེན་དེ་ལ་བྱང་ཆུབ་སེམས་དཔའ་དགའ་ལྡན་ནས་འཕོ་དུས་ཀྱི་


CMR054_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

གླང་པོ་ཆེའི་གཟུགས་ཆུང་ངུ་ཞིག་ཡོད་པ་ཅུང་ཟད་ཞིག་འདུག་པ་གསོས་ཏེ་སྡོང་རོས་བྱུགས་པས་མི་དེ་སྐྱེ་བ་ཐམས་ཅད་དུ་ཆོ་རིགས་བཙུན་ཞིང་ལོངས་སྤྱོད་མི་ཟད་པར་གྱུར། ཕྱིས་མཉན་ཡོད་ན་ཁྱིམ་བདག་ཞིག་ལ་བུ་ཞིག་ཡོད་མ་ཐག་མཛོད་ནང་ནས་གསེར་གྱི་གླང་པོ་ཆེའི་ཕྲུ་གུ་ཅིག་རང་བྱུང་དུ་བྱུང་། བུ་ཚར་བ་བཞིན་གླང་པོ་ཆེ་ཡང་ཚར། དེའི་གཅིན་རྟུག་པ་ཡང་གསེར་དུ་བྱུང་། དེ་ལ་རྟག་ཏུ་ཆིབས་ཏེ་འགྲོ་བ་ལ་རྒྱལ་པོ་ཆེན་པོ་མ་སྐྱེས་དགྲས་ཕྲོག་པས་ཀྱང་། རྒྱལ་པོའི་རྩར་མེད་ཅིང་ཁོང་གི་རྩར་ཕྱིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་རབ་ཏུ་བྱུང་སྟེ། དགྲ་བཅོམ་པ་གླང་པོ་སྐྱོང་ཞེས་བྱ་སྟེ། གླང་པོ་ཆེ་ལ་ལྟ་མཁན་མང་བས་སོ་མ་གསོད་དེ། ད་ཁྱོད་མི་དགོས་སོ་ལན་གསུམ་སྨྲས་པས་ས་འོག་ཏུ་ནུབ་བོ། །སྔོན་སངས་རྒྱས་རྣམ་པར་གཟིགས་ཀྱི་བསྟན་པའི་མཇུག །གཟུགས་བརྙན་གྱི་ཆོས་ལ་སྤྱོད་པ་ན་དགེ་སློང་ལྔ་བརྒྱ་དབེན་པ་བསྟེན་པའི་ཚེ། དགེ་སློང་གཅིག་གིས་བསོད་སྙོམས་བྱས་ཏེ་འཚོ་བ་སྦྱར་བས། དེའི་དགེ་སློང་བཞིའི་འབྲས་བུ་ཐོབ་ནས་མཚམས་བརྒྱག་སྤྱད་མཁན་ལ་སྨོན་ལམ་བཟང་པོ་བཏབ་པས། བསོད་སྙོམས་པ་དེ་བསྐལ་པ་དྲུག་ཅུ་རྩ་


CMR054_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་ལྷ་དང་མིའི་ལོངས་སྤྱོད་ཆེན་པོར་གྱུར། ཕྱིས་ཡུལ་ཀོ་ས་ལར་ཁྱིམ་བདག་ཅིག་ཏུ་སྐྱེས་པ་ཡང་། རིན་པོ་ཆེ་སྣ་བདུན་གྱི་ཁང་པ་བདུན་བརྩེགས་དང་ལྷའི་བུ་དང་བུ་མོའི་འཁོར་མང་པོ་སོགས་ལྷའི་ལོངས་སྤྱོད་ཅི་འདྲ་བ་ཡོད་པར་གྱུར་ཏེ། ཕྱིས་བཅོམ་ལྡན་འདས་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་བོ། །སྔོན་བསྐལ་པ་གྲངས་མེད་པའི་གོང་དུ་རི་ཞིག་ན་དྲང་སྲོང་ཉིས་སྟོང་བཞུགས་པ་ལ། ལོ་བཅུ་གཉིས་ལ་ཆར་མི་འབབ་པ་ཐོས་ནས་ཁྱིམ་བདག་ཕྱུག་པོ་ཞིག་གིས་ལོ་བཅུ་གཉིས་ལ་ཡོན་བདག་བྱེད་པར་ཁས་བླངས། མི་ལྔ་བརྒྱར་འཚོ་བ་སྦྱར་བར་བསྐོས་པས་མ་འཁྱོངས་ནས་རྒྱུན་དུ་དཀའ་བླས་འདི་སྤྲང་པོ་འདི་ཚོའི་དོན་ཡིན་ཞེས་ཚིག་ངན་སྨྲས། གུང་ཚིགས་སུ་མི་ཞིག་གདན་འདྲེན་ལ་བཏང་བའི་རྗེས་སུ་ཁྱི་ཞིག་ཀྱང་རྒྱུན་དུ་འགྲོ་བ་ལ། ཉིན་ཅིག་གདན་འདྲེན་བརྗེད་ཀྱང་ཁྱི་དེ་སོང་ནས་ཟུག་པས་བྱོན། ལོ་བཅུ་གཉིས་སོང་ནས་ད་ཆར་འབབ་པས་སོ་ནམ་གྱིས་གསུངས་ནས་ཞིང་རྨོས་པས། ཀུ་བ་ཁོ་ན་སྐྱེས་པ་འབྲས་བུས་གང་ནས་བང་མཛོད་ཐམས་ཅད་གང་། དེར་མི་ལྔ་བརྒྱས་དད་པ་སྐྱེས་ནས་སྔར་ཚིག་ངན་སྨྲས་པ་ལ་བཤགས་པ་བྱས་


CMR054_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །སྤྲང་པོ་ཚོས་སྨྲས་པ་ལ་སྐྱེ་བ་ལྔ་བརྒྱར་སྤྲང་པོར་སྐྱེས་ཏེ་ཕྱིས་མཉན་ཡོད་ན་སྤྲང་པོ་ལྔ་བརྒྱུར་གྱུར་པ་རབ་ཏུ་བྱུང་སྟེ། དགྲ་བཅོམ་པ་ཐོབ་པ་ནི་བཤགས་པའི་ཕན་ཡོན་ཏེ། རྒྱལ་པོ་བློན་པོ་རྣམས་ཀྱིས་ཐུབ་པ་འཁོར་བཅས་སྤྱན་དྲངས་ཀྱང་སྤྲང་པོ་རབ་ཏུ་བྱུང་བ་མི་འབོད་ཟེར་བས་ཐུབ་པས་བཀའ་གནང་སྟེ། སྒྲ་མི་སྙན་ནས་མ་རྨོས་པའི་ལོ་ཏོག་གི་འབྲས་བུ་ལྷུང་བཟེད་རེ་བླངས་ནས་ནམ་མཁའ་ལ་བྱོན་ནས་ཐུབ་པ་དང་མཉམ་དུ་གུང་ཚིགས་གསོལ་བས་ཐམས་ཅད་དད་ཅིང་དེ་ཕྱིས་ཐམས་ཅད་མཉམ་དུ་གདན་དྲངས་སོ། །ཁྱིམ་བདག་དེ་ནི་བཅོམ་ལྡན་འདས། བང་མཛོད་སྲུང་བ་ནི་རྒྱལ་བུ་རྒྱལ་བྱེད། སྤྱན་འདྲེན་མི་ནི་རྒྱལ་པོ་ཨུ་པ་ན། ཁྱི་དེ་ནི་ཁྱིམ་བདག་སྐད་སྙན་ཏེ། སྐྱེ་བ་ཐམས་ཅད་དུ་སྐད་སྙན་ནོ། །མཉན་ཡོད་ན་བུད་མེད་སྙན་དགའ་མོ་ཞེས་བྱ་བ་དབུལ་ཞིང་ཕོངས་པ་གཅིག་སྤང་སྤང་བས་མར་ཅུང་ཟད་ཞིག་རྙེད་པ་བཅོམ་ལྡན་འདས་ལ་མར་མེ་ཆུང་ངུ་ཞིག་བྱས་ཏེ་ཕུལ་བས་མར་མེ་འཛིན་ནས་ཕྱི་ནང་ཡང་མ་དམའ། དེར་མོའུ་འགལ་གྱི་བུས་ཉིན་པར་མར་མེ་མི་དགོས་སྙམ་ནས་བསད་ཀྱང་མ་སོད། དེར་བཅོམ་ལྡན་འདས་ཀྱིས་བུད་མེད་དེ་མ་འོངས་གྲངས་


CMR054_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གཉིས་འདས་པ་ན་སངས་རྒྱས་མར་མེའི་འོད་དུ་ལུང་བསྟན་ཏོ། །དེ་ཡང་སྔོན་སངས་རྒྱས་འོད་སྲུང་འཁོར་བཅས་བུད་མེད་ཕྱུག་མོ་གཅིག་དང་། དབུལ་མོ་གཉིས་ཀྱིས་སྤྱན་འདྲེན་དུས་གཅིག་བྱུང་བས། སྔོན་ལ་དབུལ་མོ་སར་བྱོན་པ་ལ། མོ་རིགས་མཐོ་ཞིང་ཕྱུག་པའི་ང་རྒྱལ་གྱིས་ངའི་སར་སྔོན་མི་གཤེགས་པར་སྤང་མོ་སར་གཤེགས། ཤེས་པའི་ཚིག་ངན་སྨྲས་པས་མོ་སྐྱེ་བ་ལྔ་བརྒྱར་སྤྲང་མོར་སྐྱེས་ཏེ། ཕྱིར་ཉིན་མཆོད་ཅིང་དད་པས་ཐུབ་པ་དང་མཇལ་ཏེ་བྱང་ཆུབ་ལུང་བསྟན་ཐོབ་པའོ། །ཞེས་གསུངས་པས། །ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་མར་མེ་དཔག་ཏུ་མེད་པ་ཕུལ་ལོ། །དེ་ཡང་སྔོན་སངས་རྒྱས་རིན་ཆེན་གཙུག་ཕུད་ཀྱི་དྲུང་དུ་དགེ་སློང་འཕགས་པའི་བཤེས་གཉེན་གྱིས་ཟླ་བ་གསུམ་དུ་མར་མེ་ཕུལ་བའི་ཕྱིར་བསོད་སྙོམས་བྱས་པ་ལ། རྒྱལ་པོའི་བུ་མོ་ཞིག་གིས་མར་མང་པོ་བྱིན་ནས། བསོད་སྙོམས་མི་དགོས་ཟླ་བ་གསུམ་དུ་མར་མེ་འབུལ་རྒྱུ་རྙེད་པས། །བསྐལ་པ་གྲངས་མེད་པར་ཁོང་རང་གཉིས་མི་དང་ལྷའི་བདེ་སྐྱིད་མྱོང་སྟེ་གཟུགས་ཀྱང་ཁྱད་པར་འཕགས་མཐར་དགེ་སློང་དེ་སངས་རྒྱས་མར་མེ་མཛད་དང་། བུ་མོ་ཤཱཀྱ་ཐུབ་པ་ཡིན་


CMR054_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སངས་རྒྱས་ནས་ཀྱང་མར་མེ་འབུལ་མཁན་མང་བ་ཡིན་གསུངས་སོ། །སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དགེ་སློང་པར་པས་དགེ་སློང་ཞིག་ཡུར་བོ་ལ་མཆོང་བ་ལ། མཆོང་སྐྱེན་སྤྲེའུ་དང་འདྲའོ་སྨྲས་པ་ལ། ང་ནི་དགྲ་བཅོམ་པ་ཡིན་པས་ངག་འཁྱལ་མ་སྨྲ་གསུངས་པས། དེས་བཤགས་པ་བྱས་ཀྱང་སྐྱེ་བ་ལྔ་བརྒྱར་སྤྲེའུར་སྐྱེས་ཏེ་རྒྱབ་རེས་བཤགས་པ་བྱས་པས་ཤཱཀྱ་ཐུབ་པ་མཇལ་ནས་སྦྲང་རྩི་ཕུལ་ཏེ་ཚེ་འཕོས་ནས་མིར་སྐྱེས་མ་ཐག་ཁྱིམ་སྦྲང་རྩིས་གང་། ཕྱིས་རབ་ཏུ་བྱུང་བས་དགྲ་བཅོམ་པ་ཐོབ་པ་དགེ་སློང་སྦྲང་རྩི་མཆོག་གོ །དེ་ལྟར་ངག་འཁྱལ་བསྲུང་བ་གལ་ཆེ་གསུངས་སོ། །སྔོན་སངས་རྒྱས་ཐམས་ཅད་སྐྱོབ་ཀྱི་མཆོད་རྟེན་མང་པོ་ཡོད་པ་གཅིག་ཞིག་པ་ལ་རྒན་མོ་ཞིག་གིས་གསོ་བའི་རོགས་མི་བཅུས་བྱས་ནས་སྨོན་ལམ་བཏབ་པས། བསྐལ་པ་དགུ་བཅུ་རྩ་གཅིག་ཏུ་ལྷ་དང་མིར་ལྷན་ཅིག་ཏུ་སྐྱེས་ཏེ། གཟུགས་བཟང་ཞིང་མཛེས་པ་དང་ཀུན་གྱིས་བཀུར་བ་དང་། ནམ་ཡང་དམྱལ་བར་མི་ལྟུང་བར་གྱུར་ཏེ། ཕྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་མོ་ཆུང་བ་སུ་མ་ན་ཞེས་བྱ་བར་གྱུར་ཏེ། བལྟ་ན་སྡུག་པར་གྱུར་པ་རྒྱལ་པོའི་བུ་ཞིག་གིས་བླངས་བ་ལ་སྒོ་ང་


CMR054_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་བྱུང་བ་ལ་བུ་བཅུ་བྱུང་། བུ་རྣམས་ཕྱིས་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར་ཏོ། །དེ་ལ་རྒན་མོ་ནི་བུ་མོ་དེ་དང་། མི་བཅུ་ནི་དགྲ་བཅོམ་པ་བཅུའོ། །ཡང་བཅོམ་ལྡན་འདས་ཀྱིས་ཆོས་གསུངས་པའི་ཚེ། ནམ་མཁའ་ལ་ངང་བ་ལྔ་བརྒྱ་འཕུར་བས་ཐོས་ནས་ཡིད་དགའ་སྟེ་འབབ་འདོད་པ་ལ་བརྔོན་པས་རྒྱ་བྲེས་ཏེ་ཟིན་ནས་བསད་མ་ཐག་ཏུ་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་ཏེ། སྐྱེ་བ་དྲན་ནས་བཅོམ་ལྡན་འདས་མཇལ་དུ་འོང་སྟེ་རྒྱུན་ཞུགས་ཐོབ་བོ། །དེས་ན་སངས་རྒྱས་ཀྱི་བསྟན་པའི་ཆོས་ལ་ནན་ཏན་གྱིས་གསུངས་སོ། །དགེ་སློང་གོས་ངུར་སྨིག་གྱོན་པ་ལ་ངན་སེམས་བསྐྱེད་ན། དུས་གསུམ་གྱི་འཕགས་པ་ཐམས་ཅད་ལ་ངན་སེམས་བསྐྱེད་པ་ཡིན་པས་སྡིག་པ་ཚད་མེད་ལ། དད་པ་བསྐྱེད་ན་བསོད་ནམས་ཚད་མེད་པར་གསུངས་ནས། སེང་གེ་ཡི་དམ་བརྟན་གྱིས་རྔོན་པ་ངུར་སྨྲིག་ཅན་ལ་གུས་པར་བྱས་པས་བསྐལ་པ་ཁྲི་ཕྲག་བཅུའི་བར་དུ་འཁོར་ལོས་སྒྱུར་རྒྱལ་དུ་ཤོལ་གྱུར་ནས་མཐར་སངས་རྒྱས་ཚུལ་རྒྱས་པར་གསུངས་སོ། །དེ་དག་ནི་མདོ་ནས་གསུངས་པའི་གཏམ་རྒྱུད་ཡིན་པས་ཡིད་ཆེས་པར་གྱིས། ལས་རྒྱུ་འབྲས་ཀྱི་རྒྱབ་ཆོས་སོ།། །། །


CMR054_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

༼ཞ༽ ཕྱག་རྫོགས་ཟུང་འཇུག་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་རྒྱབ་ཆོས་ལས་ལས་རྒྱུ་འབྲས་ཀྱི་རྒྱབ་ཆོས་བཞུགས་སོ། །


CMR054_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། ཁྲིད་འདི་ཡི་སྔོན་འགྲོ་ལ་ཡང་། ལས་རྒྱུ་འབྲས་ཆེ་ལོང་ཙམ་ཞིག་བཤད་མོད་ཀྱང་། ཕྱོགས་མགོ་ཙམ་ལས་གོ་དཀའ་སྟེ། རྩེ་གཅིག་ཆེན་པོའི་སྐབས་བར་ལ་ལས་འབྲས་ལ་འཕྲིག་མི་ཚུད། རོ་གཅིག་དུ་མར་འཆར་བའི་རྟོགས་པ་མ་འཁྲུངས་ཀྱི་བར་དུ། རྒྱུ་འབྲས་ཕྲ་ཞིབ་མི་ཕྱེད་པས། བཀའ་བརྒྱུད་གོང་མ་རྣམས་ཀྱིས། །རྒྱུ་འབྲས་ཕྲ་ཞིབ་ཕྱེད་པར་བྱིན་གྱིས་རློབས། ཞེས་གསུངས། རང་ཅག་རྣམས་སྐྱེ་བ་དང་འཆི་བ་སོགས། ལེགས་ཉེས་སྐྱིད་སྡུག་ཐམས་ཅད་


CMR054_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དབང་ཆེ་སྟེ། སྐྱེ་ཤི་འཁོར་བའི་ལེའུ་ལས། ཁམས་གསུམ་གང་ན་སྐྱེས་སོ་ཅོག །སྐྱེས་སོ་ཅོག་ཀྱང་ལས་ཀྱི་དབང་། །ལས་སོ་ཅོག་ཀྱང་སྔོན་བྱས་དོན། །ཤིའོ་ཅོག་ཀྱང་ལས་ཀྱི་དབང་། །སྐྱེ་ཤི་ཆོས་ཀྱི་དུས་བབ་ན། །གནམ་ས་རིམ་པའི་ལྷ་རྣམས་ལྟུང་། །འཕྲུལ་ཆེན་མཐུ་ཡང་འདུག་དབང་མེད། །ཅེས་གསུངས་སོ། །གོ་སླ་ཕྱིར་ས་བཅད་མི་བཀོད་དེ་བཤད་ན། ངེས་པའི་ལས་ནི་མདོ་སྡེ་ལས་རྣམ་འབྱེད་ལས། དེ་ལ་ངེས་པར་སྐྱེ་བར་འགྱུར་བའི་ལས་གང་ཞེ་ན། དགེ་བའི་ལས་གང་ཡིན་བྱས་ནས་འདིས་ནི་བདག་འདི་ལྟ་བུ་གཅིག་ཏུ་སྐྱེ་བར་


CMR054_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །ཅེས་ངེས་པར་བསྔོ་བ་དང་། མཚམས་མེད་ལྔ་བྱས་པ་སྟེ། འདི་ནི་སྐྱེ་བར་འགྱུར་བའོ། །ཞེས་གསུངས་པའི་ཕྱིར་དགེ་སྦྱོར་ལ་འབད་ཅིང་། རབ་བདེ་བ་ཅན། །འབྲིང་ཟངས་མདོག་དཔལ་རི། ཐ་མ་མི་ལུས་ཆོས་ལྡན་དུ་སྐྱེ་བའི་སྨོན་ལམ་རྒྱུན་དུ་བཏབ་ན་དེར་སྐྱེ་ངེས་པས་གལ་ཆེ། མཚམས་མེད་པ་ལྔའམ་དམ་ཚིག་ཉམས་ཆག་ཆེན་པོ་བྱུང་ན་དེ་མ་བཤགས་པར་ཤི་ན། ངེས་པར་ངན་སོང་དུ་སྐྱེ་བས་བཤགས་པ་གལ་ཆེ། ཡང་དགེ་བའི་རྩ་བ་བསགས་ཀྱང་ནམ་ཞིག་སྨིན་ནི་སྨིན་གྱིས་སྨོན་ལམ་མ་བཏབ་ན་ཇི་ལྟར་སྨིན་ངེས་པ་མེད་དེ། ལས་རྣམ་འབྱེད་ལས། དེ་ལ་སྐྱེ་བར་འགྱུར་ལ་ངེས་པའི་ལས་གང་ཞེ་ན། དགེ་བའི་ལས་གང་བྱས་ནས་ཅིར་ཡང་ཡོངས་སུ་མི་བསྔོ་བའོ། །ཞེས་གསུངས་པ་སྟེ། དེ་ནི་ལས་ངེས་མ་ངེས་ཀྱི་མུ་བཞི་ཡིན་ནོ། །དགེ་སྡིག་གང་ཡང་ལས་ཚབ་ཆེན་སྤྱད་ན། ཚེ་འདིར་ད་ལྟ་ཉིད་དུ་སྨིན་པ་ཡང་སྲིད་དེ། དགོངས་ཅིག་རྡོ་རྗེའི་གསུང་ལས། ད་ལྟའི་ལས་འབྲས་ད་ལྟ་སྨིན་པའང་ཡོད་གསུངས། ཡང་དགེ་བ་དང་མི་དགེ་བའི་ལས་གང་ཡང་ཚེ་འདི་ལ་ཡུལ་འདིར་མི་སྨིན་པར་ཡུལ་གཞན་ཏུ་སྨིན་སོང་ན་སྨིན་པ་ཡང་ཡོད་དེ།


CMR054_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་པའི་ཁ་ངག་ལ། སྦྱིན་འབྲས་ཚོལ་དུ་འགྲོ་ཟེར་བ་ལྟར། ལས་རྣམ་འབྱེད་ལས། འདིར་དགེ་བ་དང་མི་དགེ་བའི་ལས་ཡུལ་གཞན་དུ་སོང་ནས་སྨིན་པར་འགྱུར་བ་དཔེར་ན་ཚོང་པ་མཛའ་བོའི་བུ་མོ་ལྟ་བུའོ། །ལས་འདི་ནི་ཡུལ་གཞན་ན་སྨིན་པའོ། །དེ་བཞིན་དུ་མདོ་སྡེ་ལས་རྣམ་འབྱེད་ལས་རྒྱ་ཆེར་གསུངས་པའི་དོན་བསྡུས་ཏེ་བཤད་ན། །སྡིག་པ་མི་དགེ་བའི་ལས་བྱས་ནས། དེ་ལ་འགྱོད་པ་ཆེན་པོས་མཐོལ་ཞིང་བཤགས་ནས། ཕྱིན་ཆད་མི་བྱེད་པར་བསྡམ་ན་ལས་བྱས་ལ་མ་བསགས་པའོ། །དགེ་སྡིག་གང་ཡང་སེམས་ཀྱིས་ཚང་བར་བྱས་ཤིང་། ལུས་ཀྱིས་ལས་ནི་མ་བྱས་ངག་གིས་མི་བྱའོ་སྨྲས་ན། བསགས་ལ་མ་བྱས་པའོ། །སྡིག་པའི་ལས་ལ་མི་འཛེམ་པར་བསྒྲུབས། །འགྱོད་པ་མེད་པས་མི་བཤགས་ཕྱིན་ཆད་ཀྱང་འཕྲོ་མི་གཅོད་ཅིང་མི་སྡོམ་ན། །ལས་བྱས་ལོ་བསགས་པའོ། །དགེ་སྡིག་གང་ཡང་ཆེད་དུ་མ་བྱས་པ་ནི་མ་བྱས་མ་བསགས་པ་སྟེ། བྱས་ལ་བསགས་མ་བསགས་ཀྱི་མུ་བཞིའོ། །དམྱལ་བར་སྐྱེ་བའི་ལས་བྱས་ལ་བསགས་ནས། དེ་ལ་མི་བཤགས་ཤིང་མི་འགྱོད་ཕྱིན་ཆད་བསྡམས་པར་མི་བྱེད་པ་ནི། དམྱལ་


CMR054_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྐྱེས་ནས་ཚེ་ཚད་མ་རྫོགས་ཀྱི་བར་དུ་མི་ཐར་བའི་ལས་སོ།། །དམྱལ་བར་སྐྱེ་བའི་ལས་བྱས་ནས་ཅུང་ཟད་འཛེམ་པ་དང་བཤགས་པ་དང་བསྡམས་པར་བྱས་ན། དམྱལ་བའི་ཚེ་ཚད་ཕྱེད་རྫོགས་ནས་ཐར་རོ། །སེམས་ཅན་དམྱལ་བར་སྐྱེ་བའི་ལས་བྱས་ཤིང་བསགས་ནས། དེ་ལ་ཤིན་ཏུ་འགྱོད་ནས་བཤགས་པ་ཆེན་པོ་དང་ཕྱིན་ཆད་རབ་ཏུ་བསྡོམ་ན། དམྱལ་བར་སྐྱེས་མ་ཐག་ནས་ཐར་རོ། །དཔེར་ན་རྒྱལ་པོ་མ་སྐྱེས་དགྲེས་ཕ་བསད་པ་ལྟ་བུའོ། །དེ་སྐད་དུ། ཤིན་ཏུ་མི་བཟད་ལས་རྣམས་བྱས་པ་ནི། །བདག་ལ་སྨོད་དང་རབ་ཏུ་བཤིགས་པ་དང་།། །སྡོམ་པར་བྱས་པས་དེ་དག་སྲབ་འགྱུར་གྱིས། །ཤིན་ཏུ་རྩོད་ནས་ཕྱུང་ཞེས་མི་སྨྲའོ། །ཞེས་གསུངས་སོ། །དེ་ནི་ཚེ་ཚད་རྫོགས་མ་རྫོགས་མུ་བཞིའོ། །སྦྱིན་པ་ལ་སེམས་དགའ་ཞིང་སྦྱིན་པ་དང་ཕུལ་བ་སོགས་བྱས་ནས། རྗེས་ནས་སེར་སྣ་སྐྱེས་ཏེ་འགྱོད་པ་སྐྱེས་ན་ཕྱུག་པོ་ལོངས་སྤྱོད་ཅན་གྱི་བུར་སྐྱེས་ཏེ་ཚེ་སྟོད་ལ་བདེ་སྐྱིད་ལོངས་སྤྱོད་ཆེ་ཞིང་། ཚེ་སྨད་ལ་དབུལ་ཕོངས་སྡུག་བསྔལ་ཅན་དུ་འགྱུར། སྦྱིན་པ་དང་དབུལ་བ་སོགས་དང་པོ་མི་འདོད་ཅིང་མི་གུས་པར་ཁྲོ་ཞིང་བྱས་ལ། ཚར་ན་སེམས་དགའ་ཞིང་


CMR054_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

འགྱོད་པ་མེད་ན་མི་དབུལ་པོའི་བུར་སྐྱེས་ཏེ་བསམ་ལུས་འཕྲོད་ནས་དཀའ་ལས་ཆེན་པོས་ཟོག་བཙལ་བས་རྙེད་དེ། དེ་འཕེལ་ཞིང་རྒྱས་ནས་ཚེ་སྨད་ཕྱུག་ཅིང་སྐྱིད་པར་འགྱུར་རོ། །སྦྱིན་པ་དང་དབུལ་བ་སོགས་དང་པོ་ཡིད་དགའ་ཞིང་དད་པའི་སྒོ་ནས་བྱས། རྗེས་ནས་སེར་སྣའི་འགྱོད་པ་མ་ཤོར་ན་ཕྱུག་པོའི་བུར་སྐྱེས་ཏེ། ལོངས་སྤྱོད་དེ་འཕེལ་ཞིང་རྒྱས་ནས་མི་ཚེར་ཕྱུག་ཅིང་སྐྱིད་པར་འགྱུར་རོ། །འགའ་ཞིག་ཆོས་སྣང་ཡེ་མེད་པར་དབུལ་བ་དང་སྦྱིན་པ་གཅིག་ཀྱང་མ་བྱས་ལ། གདན་གཅིག་སོགས་སྡོམ་པ་ཅུང་ཟད་བསྲུང་ན། མི་དབུལ་པོའི་ཁྱིམ་དུ་སྐྱེས་ཏེ། ལོངས་སྤྱོད་མི་ཚེ་ལ་ལྟོགས་ཤིང་དབུལ་ནས་སྡུག་བསྔལ་བར་འགྱུར་རོ། །དེ་ནི་བདེ་སྡུག་གི་ལས་འབྲས་མུ་བཞི་གོ་བདེ་བར་བཤད་པའོ། །ཡང་ཞིང་དག་པ་ལ་འབུལ་བ་དང་སྦྱིན་པ་ཆེན་པོ་བྱས་པས། ཕྱུག་པོར་གྱུར་ནས་སེར་སྣ་ཆུང་ཞིང་ཆོས་ཕྱོགས་ལ་གཏོང་ནུས་པ་འབྱུང་། ཡང་གང་ཟག་བཟང་པོ་ལ་འབུལ་བ་དང་། སྦྱིན་པ་ཆུང་ངུ་བྱས་པས་ཕྱུག་པོར་གྱུར་ཀྱང་སེར་སྣ་ཆེ་བས་ཆོས་ཕྱོགས་སུ་གཏོང་མི་ནུས་པ་འབྱུང་། ཡང་ཞིང་མ་དག་པ་ལ་འབུལ་བ་དང་སྦྱིན་པ་མང་དུ་བྱས་པས་


CMR054_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་ཆེན་པོ་མེད་པར་འགྱུར་ཞིང་། ཅི་ཡོད་ཆོས་ལ་གཏོང་ནུས་ཏེ་ཟད་ཅིང་དབུལ་པོར་འགྱུར། གདན་གཅིག་སོགས་ཚུལ་ཁྲིམས་ཅུང་ཟད་རེ་བསྲུང་། སྡིག་པ་ནི་ཅི་ཡང་མ་བྱས། འབུལ་བ་དང་སྦྱིན་པ་ནི་ཅི་ཡང་མ་བྱས་པ་ནི་ཤིན་ཏུ་དབུལ་ཞིང་ཕོངས་པར་སྐྱེས་ཏེ།། དཀའ་ལས་ཆེན་པོས་བསྒྲུབས་པས་ཟས་གོས་ཅུང་ཟད་རྙེད་ཀྱང་། སེར་སྣ་ཆེ་བས་ཆོས་ཕྱོགས་སུ་ཅུང་ཟད་ཀྱང་གཏོང་མི་ནུས་པར་འགྱུར། དེ་ནི་མདོ་སྡེ་ལས་རྣམ་འབྱེད་ལས་གསུངས་པའི་གཏོང་ཕོད་ཆེ་ཆུང་གི་མུ་བཞིའོ། །ཚོགས་ཆེན་པོ་བསགས་པའི་སོ་སོའི་སྐྱེ་བོ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་སོགས་རྒྱལ་པོ་ཆེན་པོར་སྐྱེས་ཏེ། དེ་ཡི་ལུས་ནི་བདེ་སྟེ། སེམས་ནི་མི་བདེ། བསོད་ནམས་མ་བསགས་པ་ལ་དགྲ་བཅོམ་པ་ཐོབ་པ་དཔེར་ན་གནས་བརྟན་ལི་ཀུན་ཙི་ཀ་ལྟ་བུ་གསུངས་ཏེ། དོན་ལ་རྟོགས་པ་མཆོག་ཐོབ་པ་གཅོང་ནད་ཅན་ཏེ། ལུས་མི་བདེ་ལ་སེམས་བདེ་བ་ཡིན་ནོ། །བསོད་ནམས་བསགས་པའི་དགྲ་བཅོམ་པ་དཔེར་ན་གནས་བརྟན་ཆེན་པོ་སྟོབས་རྒྱས་ལྟ་བུ་གསུངས་ཏེ། སྔོན་ཚོགས་བསགས་ཤིང་ད་ལྟ་རྟོགས་པ་མཆོག་ཐོབ་པ་ནི། ལུས་སེམས་གཉིས་ཀ་བདེ་བ་དང་


CMR054_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ནོ། །སྔོན་ཚོགས་ཀྱང་མ་བསགས་ད་ལྟ་རྟོགས་པ་ཡང་མ་ཐོབ་པ་ནི་ལུས་སེམས་གཉིས་ཀ་མི་བདེ་སྟེ། ལས་རྒྱུ་འབྲས་ཀྱི་བདེ་སྡུག་མུ་བཞིའོ། །འགྲོ་བ་རིགས་དྲུག་གང་ཡང་འདྲ་སྟེ་ཤི་ན་ཡང་དེར་སྐྱེ་དགོས་པ་ནི་ཚེ་ཟད་ཀྱང་ལས་མ་ཟད་པའོ། །ཡང་དང་པོ་བདེ་སྐྱིད་དང་ལྡན་པ་ལ་ཚེ་སྨད་སྡུག་བསྔལ་ཅན་དུ་གྱུར་པ་དང་ཚེ་སྟོད་དབུལ་ཕོངས་སྡུག་བསྔལ་ཅན་ཡིན་པ་ལ་ཚེ་སྨད་བདེ་སྐྱིད་ལོངས་སྤྱོད་ཅན་དུ་གྱུར་པ་ནི་ལས་ཟད་ལ་ཚེ་མ་ཟད་པའོ། །འགྲོ་བ་རིགས་དྲུག་གང་ཡང་འདྲ་སྟེ་ཤི་ནས་དེར་མི་སྐྱེ་བར་རིགས་དྲུག་གཞན་ཞིག་ཏུ་སྐྱེ་བ་ནི། ཚེ་ཡང་ཟད་ལ་ལས་ཀྱང་ཟད་པའོ། །ཡང་བསྒོམས་པའི་སྟོབས་ཀྱིས་དགྲ་བཅོམ་པའམ། རང་སངས་རྒྱས་ཐོབ་པ་ནི། ཚེ་མ་ཟད་ལས་མ་ཟད་ཉོན་མོངས་ཟད་པའོ། །དེ་ནི་ལས་དང་ཚེ་ཟད་མ་ཟད་མུ་བཞིའོ། །ཡང་དུད་འགྲོ་ལ་སོགས་པ་ངན་སོང་གི་ལུས་སུ་སྐྱེས་ནའང་། གཟུགས་མཛེས་ཤིང་ཡིད་དུ་འོང་བ་ནི་ཞེ་སྡང་གིས་ཀུན་ནས་མ་བསླང་ནས་ཚུལ་ཁྲིམས་འཆལ་བའི་ལས་འབྲས་སོ། །དུད་འགྲོ་ལ་སོགས་པ་ངན་སོང་གི་ལུས་སུ་སྐྱེས་ནས། མདོག་ངན་ཞིང་གཟུགས་མི་སྡུག་པ་ནི། ཞེ་སྡང་


CMR054_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཀུན་ནས་བསླངས་ནས་ཚུལ་ཁྲིམས་འཆལ་བའི་ལས་འབྲས་སོ། །ངན་སོང་དུ་དུད་འགྲོ་སོགས་སུ་སྐྱེས་ནས། དྲི་མི་ཞིམ་དབང་པོ་མི་གསལ་དབང་པོ་རྟུལ་བ་ནི། །གཏི་མུག་གི་སྒོ་ནས་ཚུལ་ཁྲིམས་འཆལ་བའི་ལས་འབྲས་སོ། །དེ་ནི་ངན་སོང་གི་གཟུགས་མུ་བཞིའོ། །ཡང་གཞན་ལ་གནོད་པའི་བསམ་པས་སྦྱོར་བ་དགེ་བ་ལྟར་བཅོས་ནས་བྱེད་པ་ནི། །དགེ་བའི་ལས་ལ་འབྲས་བུ་སྡུག་བསྔལ་འབྱུང་བའི་ལས་སོ། །ཡང་བསམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ནས། ། རྩ་བ་བཞི་སོགས་མི་དགེ་བ་བྱེད་པ་ནི། སྡིག་པའི་ལས་ལ་འབྲས་བུ་བདེ་བ་འབྱུང་བ་སྟེ། དཔེར་ན་གསང་སྔགས་ཀྱི་སྦྱོར་སྒྲོལ་སོགས་ཀྱང་འདི་ལ་དགོངས་པའོ། །བསམ་པ་སྡིག་པའི་སེམས་ཀྱིས་སྡིག་པ་བྱེད་པ་ནི་སྡིག་པའི་ལས་ལ་འབྲས་བུ་སྡུག་བསྔལ་འབྱུང་བ་ཉིད་དོ། །བསམ་པ་བྱང་ཆུབ་སེམས་ཀྱིས་དགེ་བ་སྒྲུབ་པ་ནི། དགེ་བའི་ལས་ཀྱི་འབྲས་བུ་བདེ་བ་འབྱུང་བ་སྟེ་བྱང་ཆུབ་སེམས་པའི་སྡེ་སྣོད་ལས་གསུངས་པའི། ཀུན་བསླང་མུ་བཞིའི་དོན་གོ་བདེ་བར་བྱས་པའོ། །ཡང་བསམ་པ་དགེ་བས་སྦྱོར་བ་སྡིག་པ་སྤྱད་ན་མཐོ་རིས་སུ་སྐྱེས་ཀྱང་དབུལ་ཕོངས་དང་། དཀའ་ལས་


CMR054_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ག་དང་། ན་ཚ་སོགས་སྡུག་བསྔལ་མྱོང་སྟེ། འཕེན་བྱེད་དགེ་བས་འཕང་ལ་རྫོགས་བྱེད་སྡིག་པས་རྫོགས་པའི་ལས་སོ། །བསམ་པ་སྡིག་པས་ལས་ཀྱི་སྦྱོར་བ་དགེ་བ་སྤྱད་ན། ངན་སོང་དུ་སྐྱེས་ཀྱང་ལོངས་སྤྱོད་དང་ལྡན་པ་སྟེ། དཔེར་ན་མཁའ་ལ་རྒྱུ་བའི་ཡི་དྭགས་དང་། ཀླུའི་རྒྱལ་པོ་ལྟ་བུ་སྟེ། ལུས་དུད་འགྲོ་དང་ཡི་དྭགས་ཡིན་ཀྱང་ཚེ་རིང་ཞིང་ལོངས་སྤྱོད་ཆེན་པོ་དང་ལྡན་པ་སྟེ། འཕེན་བྱེད་སྡིག་པས་འཕང་ལ་རྫོགས་བྱེད་དགེ་བས་རྫོགས་པའི་ལས་སོ། །ཡང་སྡིག་པའི་བསམ་པས་སྡིག་པ་བསགས་ན། ངན་སོང་དུ་སྐྱེས་ནས་སྡུག་བསྔལ་ཆེན་པོ་ཚབ་ཆེན་མྱོང་བ་སྟེ། འཕེན་བྱེད་སྡིག་པས་འཕང་ལ་རྫོགས་བྱེད་སྡིག་པས་རྫོགས་པའི་ལས་སོ། །བསམ་པ་དགེ་བས་སྦྱོར་བ་དགེ་བ་སྤྱད་ན། མཐོ་རིས་སུ་སྐྱེས་ནས་བདེ་སྐྱིད་ཕུན་སུམ་ཚོགས་པོ་ལ་རྟག་ཏུ་སྤྱོད་དེ། འཕེན་བྱེད་དགེ་བས་འཕང་ལ་རྫོགས་བྱེད་དགེ་བས་རྫོགས་པའི་ལས་སོ། །དེ་ནི་འཕེན་རྫོགས་མུ་བཞི་སྟེ་མདོ་ནས་གསུངས་པའི་དོན་གོ་བདེ་བར་བྱས་པའོ། །ཡང་ཞིང་དག་པ་ལ་བསམ་པ་ངན་པས་གནོད་པའམ་མི་དགེ་བ་ཆུང་ངུ་བྱས་ཀྱང་། འབྲས་བུ་སྡུག་


CMR054_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་རྒྱ་ཆེན་པོ་མྱོང་དགོས་པ་དང་། ཞིང་དག་པ་ལ་བསམ་པ་དད་གུས་ཀྱིས་བཀུར་སྟི་སོགས་དགེ་བ་ཅུང་ཟད་བྱས་པས། འབྲས་བུ་བདེ་སྐྱིད་རྒྱ་ཆེན་པོ་འབྱུང་སྟེ། ལས་ཆུང་ངུ་ལ་ཆེར་སྨིན་པའི་ལས་སོ། །ཡང་སྡིག་པའི་ལས་བསགས་ནས་འགྱོད་པ་དང་བཤགས་པ་དྲག་པོས་དེ་རྩ་བ་ནས་དག་ཐུབ་ན་མ་གཏོགས་དུས་ནམ་ཞིག་བསླུ་བ་མེད་པར་རང་གིས་མྱོང་དགོས་ཏེ། འདུལ་བ་ལུང་ལས། ལས་རྣམ་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་ཞིང་ཚོགས་དང་དུས། །རྙེད་ནས་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འབྱུང་བ་ཉིད། །ཅེས་གསུངས་སོ། །ཡང་སྡིག་པ་བྱས་ནས་བཤགས་པ་མ་བྱས་ན། ཞག་རེ་སོང་ནས་སྐྱེད་རེ་འགྱུར་བས་སྡིག་པ་ཆུང་ཡང་ཆེན་པོར་འགྱུར་རོ། །བཤགས་པ་བྱས་ན་རྩ་་བ་ནས་མ་དག་ཀྱང་སྐྱེད་དེ་མི་འགྲོ་སྟེ། མདོ་ལས། དགེ་དང་སྡིག་པའི་ལས་རྣམས་ནི། །དྲུང་ཕྱུང་གཉེན་པོ་མ་ཕྱུང་ན། །འཕེལ་བར་འགྱུར་དང་བཅས་པ་རུ། །བསྐལ་པར་སོང་ཡང་དེ་འབྱུང་འགྱུར། །ཞེས་གསུངས་སོ། །དེ་ནི་ལས་འབྲས་ཆུད་མི་ཟ་བར་བསྟན་པའོ། །འོ་ན་དགེ་སྡིག་འདྲེས་མར་སྤྱོད་པ་ནི་མང་བས། །སྔོན་ལ་གང་སྨིན་ཞེ་ན་


CMR054_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་གང་ཆེ་བ་དེ་སྔོན་ལ་སྨིན། དགེ་སྟོབས་སྡིག་སྟོབས་གཉིས་མཉམ་ན་གོམས་པའི་ཤས་གང་ཆེ་བ་དེ་སྔོན་ལ་སྨིན། དེ་ཡང་མཉམ་ན་འཆི་ཁའི་སེམས་ལ་གང་གསལ་བ་དེ་སྔོན་ལ་སྨིན། དེ་ཡང་མཉམ་ན་སྔོན་ལ་གང་བྱས་པ་དེ་སྔོན་ལ་སྨིན་ཏེ། འཕགས་པ་སྒྲ་གཅན་འཛིན་བཟང་པོས། ལས་ཀྱི་འབྲས་བུ་ལྗི་བ་གང་། །ཉེ་བ་གང་དང་གོམས་པ་གང་། །སྔར་བྱས་གང་ཡིན་དེ་དག་ལས། །འབྲས་བུ་ཐོག་མར་འབྱུང་བར་འགྱུར། །ཞེས་གསུངས། དེ་ནི་ཐོག་མར་ལས་འབྲས་གང་སྨིན་མདོ་ལས་གསུངས་པའི་དོན་བསྡུས་ཏེ་བཤད་པའོ། །ཡང་འདི་ན་སྐྱེ་བོ་ཕལ་པ་རྣམས་ཀྱི་བསམ་པ་ལ། ལས་དགེ་བ་བྱས་པས་བདེ་སྐྱིད་འབྱུང་བ་དང་། མི་དགེ་བ་བྱས་པས་སྡུག་བསྔལ་འབྱུང་ཟེར་བ་འདི་མི་བདེན་པར་འདུག །མི་ཚེ་ལ་ཆོས་དང་དགེ་བ་བྱས་པ་ཚོ་ཚེ་ཐུང་བ་དང་། ནད་མང་བ་དང་། དབུལ་ཕོངས་འབྱུང་བ་དང་། སྡུག་བསྔལ་སྣ་ཚོགས་འབྱུང་ཞིང་གདའ། མི་བསོད་པ་དང་། བརྔོན་རི་དྭགས་དང་། དམག་ཇག་རྐུ་ཕྲོག་བྱེད་པ་འདི་རྣམས་བདེ་སྐྱིད་དང་ལྡན་པར་གདའ་བསམ་ན། སྡིག་པ་བྱས་པ་རྣམས་བདེ་སྐྱིད་དང་


CMR054_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ནི་ཚེ་སྔ་མའི་དགེ་བ་བྱས་པའི་འབྲས་བུ་ཚེ་འདིར་སྨིན་ནས་བསོད་ནམས་ཐམས་ཅད་ཚེ་འདིར་རྫོགས་ཏེ། ཕྱི་མ་ཐར་མེད་ཀྱི་གནས་སུ་འགྲོ་བས་དགེ་བ་མཐའ་རྫོགས་ཀྱི་ལས་ཡིན། དེ་ལ་ཚེ་འདིར་ཝ་ཟེར། ཚེ་འདིར་སྡིག་པ་བྱས་པ་ལ་ཕྱི་མ་ལ་སྡུག་བསྔལ་གྱི་འབྲས་བུ་རྒྱ་ཆེན་པོ་འབྱུང་བ་སྟེ། དཔེར་ན་དུག་དང་འདྲེས་པའི་ཁ་ཟས་ཟོས་པས་རེས་གཅིག་ལ་མངར་ཞིང་བརྒྱག་ཀྱང་ཕྱིས་ནས་སྡུག་བསྔལ་ཞིང་སྲོག་དང་བྲལ་བ་ལྟ་བུ་སྟེ། ཆེད་དུ་བརྗོད་པའི་ཚོམ་ལས། ཇི་སྲིད་སྡིག་པ་མ་སྨིན་པར། །དེ་སྲིད་བྱིས་པ་མངར་བར་སེམས། །གང་ཚེ་སྡིག་པ་སྨིན་གྱུར་པ། །དེ་ཡི་ཚེ་ནི་ཚ་བར་འགྱུར། །ཇི་སྲིད་སྡིག་པ་མ་སྨིན་པ། །དེ་ཡི་ཚེ་ནི་རུང་བར་བལྟ། །གང་ཚེ་སྡིག་པ་སྨིན་གྱུར་པ། །དེ་ཚེ་སྡུག་བསྔལ་མྱོང་བར་འགྱུར། ཞེས་དང་། །བཤེས་སྤྲིང་ལས། སྡིག་པའི་ལས་རྣམས་སྤྱོད་པར་གྱུར་ཡང་ནི། །དེ་ཡི་མོད་ལ་མཚོན་བཞིན་མི་གཅོད་ཀྱང་། །འཆི་བའི་དུས་ལ་བབ་ན་སྡིག་པ་ཡི། །ལས་ཀྱི་འབྲས་བུ་གང་ལགས་མངོན་སུམ་འགྱུར། །ཞེས་གསུངས། ཡང་ཆོས་དང་དགེ་བ་བྱས་པས་ཚེ་འདིར་སྡུག་བསྔལ་འབྱུང་བ་ནི། སྐྱེ་བ་སྔ་མ་སྡིག་


CMR054_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱས་པའི་འབྲས་བུ་ཚེ་འདིར་མྱོང་བ་ཡིན་ལ། ཚེ་འདིར་དགེ་བ་དང་ཆོས་བྱས་པའི་འབྲས་བུ་མ་འོངས་པའི་ཚེ་རབས་རྣམས་སུ་བདེ་སྐྱིད་རྒྱ་ཆེན་པོ་ཐོབ་པར་འགྱུར་ཏེ། །ཚོམ་ལས། ཇི་སྲིད་བཟང་པོ་མ་སྨིན་པའང་། །དེ་སྲིད་དགེ་བ་དམན་པར་མཐོང་། །གང་ཆེ་དགེ་བ་སྨིན་གྱུར་པ། །དེ་ཚེ་དགེ་བ་བདེ་བར་མཐོང་། །ཞེས་གསུངས་སོ། །ཡང་ལ་ལ་ཞིག་གིས་ཆོས་སྒྲུབ་པའི་ཉམས་ལེན་རྩེ་གཅིག་བྱས་པའམ། དགེ་བའི་རྩ་བ་རླབས་པོ་ཆེ་བསྒྲུབས་པས། ཚེ་རབས་སྔ་མའི་ལས་ངན་སྡིག་སྒྲིབ་ཅི་ཡོད་ཚེ་འདིར་བླངས་ནས། ཚེ་རབས་གཞན་དུ་ངན་སོང་གི་སྡུག་བསྔལ་རྒྱ་ཆེར་མྱོང་རྒྱུ་ཐམས་ཅད། ཚེ་འདིར་ནད་ཀྱིས་མནར་བ་ཙམ་གྱིས་བྱང་བར་འགྱུར་ནས། ཚེ་ཕྱི་མ་ཕན་ཆད་བདེ་བ་ནས་བདེ་བའི་མཆོག་ཐོབ་པར་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། རབ་འབྱོར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་འདི་ལྟ་བུའི་མདོ་སྡེའི་ཚིག་ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ནན་ཏན་དུ་བྱེད་པར་བསྒོམ་པ་དེ་དག་ནི་མནར་བར་འགྱུར། ཤིན་ཏུ་མནར་བར་འགྱུར།


CMR054_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་དེ་དག་གིས་ཚེ་རབས་སྔ་མའི་མི་དགེ་བའི་ལས། ངན་སོང་དུ་སྐྱེ་བར་འགྱུར་བའི་ལས་དེ་དག་ཚེ་འདི་ལ་མནར་བས་བྱང་བར་འགྱུར་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ཀྱང་ཐོབ་པར་འགྱུར་རོ། །ཞེས་དང་། མྱ་ངན་འདས་མདོ་ལས། དམ་པའི་ཆོས་འདོད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི་སྡིག་པའི་ལས་གྲངས་མེད་པ་བྱས་པ་རྣམས་ཀླད་པ་ན་བ་དང་། རིམས་ཀྱིས་བཏབ་པ་དང་། ནད་དང་ཟུག་རྔུ་དང་། གཞན་གྱིས་སྐུར་པ་བཏབ་པ་ཙམ་གྱིས་བྱང་བར་འགྱུར་ལ་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཀྱང་ཐོབ་པར་འགྱུར་རོ། །ཞེས་གསུངས་སོ། །ཚེ་འདིར་དམ་པའི་ཆོས་ལ་སྒྲུབ་པ་རྩེ་གཅིག་བྱས་པས་ཚེ་རབས་སྔ་མའི་ལས་ཀྱི་སྒྲིབ་པ་ཅི་ཡོད་པ་ཐམས་ཅད་མྱུར་དུ་སྨིན་ནས། མེ་འབར་བའི་སྔོན་ལ་དུ་བ་ཆེན་པོ་འབྱུང་བ་ལྟར། ནད་དང་སྡུག་བསྔལ་དྲག་པོ་འབྱུང་བ་ནི་མྱུར་དུ་མཆོག་གི་དངོས་གྲུབ་ཆེན་པོ་ཐོབ་པའི་སྔ་ལྟས་ལས་སློང་ཞེས་བྱ་སྟེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། གསང་སྔགས་ཀྱི་སྒྲུབ་པ་ཟབ་མོ་རྣམས་བྱས་པས། ནད་དང་སྡུག་བསྔལ་སོགས་མི་ཤིས་པ་མང་པོ་འབྱུང་བ་ནི། སྣོད་བཀྲུས་པའི་


CMR054_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མ་ལྡང་བ་ལྟར་སྒྲིབ་པ་དག་པའི་ལས་སློང་ཡིན་ཚུལ་རྒྱ་ཆེར་གསུངས་ཏེ། རྒྱ་རས་དང་རྒོད་ཚང་པ་དང་། ལོ་རས་སོགས་ཀྱིས་སྒྲུབ་པ་རྩེ་གཅིག་བྱས་པས་གྲུབ་པ་ཐོབ་ཁརི་ཆུ་ནད་དང་། ཤིག་ནད་དང་། ཀླུ་ནད་ཀྱིས་འདས་ལ་ཁད་བྱུང་བ་ལྟ་བུའོ། །ཡང་མི་ཚེར་ཆོས་དང་སྒྲུབ་པ་རྩེ་གཅིག་བྱས། ཉམས་རྟོགས་བཟང་པོ་ཡོད་པའམ་ས་གནས་ཀྱི་སེམས་དཔའ་ཆེན་པོ་རྣམས་ཀྱང་འདས་ཁ་ནད་གཅོད་ཀྱི་སྡུག་བསྔལ་དྲག་པོ་ཡུན་རིང་དུ་སྦྱངས་བའི། བཟོད་གླགས་མེད་པའི་ཟུག་གཟེར་དྲག་པོ་འབྱུང་བ་ནི་ལས་ཀྱི་སྒྲིབ་པའི་ལྷག་མ་ཅི་ཡོད་པ་ཐམས་ཅད་འཆི་ཁ་དེར་སྦྱངས་ནས་འཆི་བ་ཆོས་ཀྱི་སྐུར་སངས་རྒྱ་བའམ། དག་པའི་ཞིང་ཁམས་སུ་གཤེགས་པའི་སྔ་ལྟས་ཡིན་ཏེ། རྗེ་བཙུན་མི་ལ་ལ་གསོལ་བའི་ཟུག་གཟེར་དྲག་པོ་བྱུང་དུས། གསོལ་བ་འདྲེན་མཁན་རྒན་མོས། ཟུག་གཟེར་མོས་ཁུར་རོགས་བྱེད་ཟེར་ནས་ཡུད་ཙམ་སྤྲོས་པས། མོས་སྐད་ངན་ཆེན་པོ་ཤོར་ཏེ་ཕར་ལོང་ཟེར། ས་རྡོ་ལ་སྤོས་པས་ས་རྡོ་གས། ལས་སྒྲིབ་ཀྱི་ལྷག་མ་སྦྱང་བ་ཡིན་གསུངས་ནས་མི་ལ་ཉིད་ཀྱིས་བླང་བ་དང་། རྗེ་ཕག་གྲུ་དང་། འབྲོམ་སྟོན་སོགས་ཀྱིས་ཀྱང་མཛེ་ནད་


CMR054_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་ལ། ལས་ཀྱི་སྒྲིབ་པ་ལྷག་མ་དག་གསུངས་ནས་ཐུགས་དགྱེས་བཞིན་གཤེགས། དོན་དེ་འདྲ་བ་ལ་དགོངས་ནས། རྗེ་དེ་བཞིན་གཤེགས་པས། ངན་སོང་གསུམ་སོགས་མི་ཟད་འཁོར་བ་ཡི། །མི་ཁོམ་འཇིག་རྟེན་རྣམས་སུ་སྐྱེ་འགྱུར་ལས། །གང་དག་ཚེ་འདི་ཉིད་ལ་རབ་སྨིན་ནས། །ལན་གྲངས་གཞན་དུ་མྱོང་བར་མ་གྱུར་ཅིག །ཅེས་སྨོན་ལམ་འདེབས་པར་མཛད་པས་འགྲུབ་སྟེ། སྣེའུ་རྫོང་ནག་པས་དབུ་བསུ་བ་ཡང་མཁྱེན་བཞིན་དུ་དེར་བྱོན་པ་ལྟ་བུའོ། །དེས་ན་ཆོས་པོ་རྣམ་དག་ལ་འཆི་ཁའི་མཚམས་སྦྱོར་ངན་པ་འབྱུང་ཡང་ངན་པའི་ངེས་པ་མེད་དེ། །བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་ཉེས་མེད་དུ་བསྒོངས་པ་དང་། ཀ་ལིང་ཀའི་རྒྱལ་པོས་ངའི་ཡན་ལག་དང་ཉིང་ལག་བཅད་ཀྱང་། །ཞེ་སྡང་གི་རྟོག་པ་མ་བྱུང་གསུངས་པ་ལྟ་བུའོ། །ཡང་མཐོང་ཆོས་མྱོང་འགྱུར་གྱི་ལས་ནི། ཚེ་སྔ་མའམ་ཡང་སྔ་མ་དགེ་བའམ་སྡིག་པ་ཚབས་ཆེན་ཞིག་བྱས་པ་ཚེ་འདི་ལ་ངེས་པོར་སྨིན་དགོས་པ་ཞིག་ཡོད་ན་ཚེ་འདིར་ཚེ་རིང་བ་དང་། ནད་མེད་པོ་སྔོན་གྱི་ལས་སྨིན་པ་དེ་ལ་མུ་སྟེགས་པ་དང་། བོན་གྱི་དྲང་སྲོང་དམོད་པ་གྲུབ་པ་སྟོང་གིས་བྲུབ་ཀྱང་གནོད་མི་


CMR054_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ནུས། ལོངས་སྤྱོད་མངའ་ཐང་ཆེ་བའི་ལས་སྨིན་པ་དེ་ལ། ཕྱོགས་བཞི་ནས་དགྲ་ལངས་ཀྱང་དེའི་མངའ་ཐང་འཕྲོག་པར་མི་ནུས། ཚེ་ཐུང་ཞིང་ནད་མང་བའི་ལས་སྨིན་པ་དེ་ལ། དྲང་སྲོང་བདེན་ཚིག་གྲུབ་པ་སྟོང་གིས་བསྲུངས་བ་བྱས། འཚོ་མཛད་གཞོན་ནུ་སྨན་པར་བོས་ཀྱང་མི་ཕན། ལོངས་སྤྱོད་དང་མངའ་ཐང་ཉམས་པའི་ལས་སྨིན་པ་དེ་ལ། ཟས་ནོར་ལོངས་སྤྱོད་ཐམས་ཅད་གྲམ་གསེང་དུ་ཆུ་བླུག་པ་དང་འདྲ། སྙིང་དང་འདྲ་བའི་ཉེ་དུ་དང་འཁོར་གཡོག་རྣམས་དགྲ་དང་བསྡོང་ནས་འོང་བ་ཡིན། དེ་ལ་དཀོན་མཆོག་གི་ཐུགས་རྗེས་ཀྱང་མི་སྐྱོབ་པས་གཞན་གྱིས་སྐྱོབ་པ་ལྟ་ཅི་སྨོས་ཏེ། མཐའ་འཁོབ་རྒྱལ་བོ་འཕགས་སྐྱེས་པོའི་དམག་བྱུང་དུས། མོའུ་མགལ་གྱི་བུས་གྲོང་ཁྱེར་སེར་སྐྱ་ལྷུང་བཟེད་གཅིག་གིས་བཀབ་ནས་མི་མཐོང་བར་བྱའམ་ཞུས་པས། ལས་བདག་གིར་བྱ་ཚུགས་གསུངས། དེར་ཤཱཀྱའི་རྒྱལ་རིགས་ལྔ་བརྒྱ་བསད། ཤཱཀྱའི་བུ་མོ་ལྔ་བརྒྱའི་སྐྱིད་པ་བྲགས། དེ་སྔོན་གྱི་ལས་ཡིན་ཚུལ་གསུངས་པ་མ་གཏོགས་ཐུབ་པ་ཉིད་བཞུགས་ཀྱང་སྐྱོབ་རྒྱུ་མ་བྱུང་བ་ལྟ་བུ་སྟེ། སངས་རྒྱས་ཀྱི་མཚན་དང་གཟུངས་སྔགས་ཀྱི་ཕན་ཡོན་ཀུན་ལ་


CMR054_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་གང་ལ་ཡང་མ་གཏོགས་སོ། །ཞེས་གསུངས་པ་ནི། དེ་ལྟར་མཐོང་ཆོས་མྱོང་འགྱུར་གྱི་ལས་སོ། །མཚམས་མེད་པ་ལྔ་སོགས་སྡིག་པ་ཚབས་ཆེན་དང་། དགེ་བ་ཚབས་ཆེན་ནི། སྐྱེ་བ་གཞན་གྱིས་བར་མཚམས་མི་ཆོད་པར་སྐྱེ་བ་རྒྱབ་རེས་ངེས་པར་སྨིན་པས། མཚམས་མེད་པའི་ལས་སོ། །དགེ་སྡིག་འབྲིང་ཙམ་ནི། སྐྱེ་བ་རྒྱབ་མའི་རྒྱབ་མར་ངེས་པར་སྨིན་པ་ནི། སྐྱེ་གནས་མྱོང་འགྱུར་གྱི་ལས་སོ། །དགེ་སྡིག་ཆུང་ངུ་གང་ཡང་རྐྱེན་གྱིས་བསྐུལ་ན་ཚེ་འདིར་སྨིན་ཡང་སྲིད། རྐྱེན་དང་ཕྲད་ན་བསྐལ་པ་བརྒྱ་སྟོང་ལུས་ཀྱང་སྲིད། ཆུད་མི་ཟ་བར་ནམ་ཞིག་ངེས་པར་སྨིན་དགོས་པ་ནི་ལན་གྲངས་གཞན་དུ་མྱོང་འགྱུར་གྱི་ལས་ཏེ། ཚེ་ཐུང་ནད་མང་སོགས་ལས་ངན་གྱིས་བསྐུལ་ནས་ཚེ་འདིར་སྨིན་པ་ལ་རིམ་གྲོ་དང་སྨན་དཔྱད་ཀྱིས་བཟློག་ནས་ཕྱིར་བསྲིང་ནུས་ཏེ། དཔེར་ན་ཁ་མཆུ་དུས་བྱས་པ་ལྟ་བུའོ། །སྔོན་གྱི་ལས་ངན་ཡེ་མེད་ན་གདོན་གྱི་ཡང་གནོད་མི་ནུས་ནད་ཀྱང་མི་འབྱུང་། ཚེ་རིང་ནད་མེད་ལོངས་སྤྱོད་ཆེ་བའི་ལས། འཇིག་རྟེན་གྱི་ལྷ་མཆོད་ཅིང་བསྒྲུབས་པས་ཚུར་འཐེན་ནས། ཚེ་འདི་ལ་སྨིན་པ་ནི། སང་


CMR054_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཕོད་གནང་ཕོད་ཀྱི་གཏེ་ཁྲལ་རྣམས་ད་ལོ་བླངས་ནས་ཟོས་པ་ལྟ་བུའོ། །ཡེ་ཤེས་ཀྱི་ལྷའི་དངོས་གྲུབ་ནི་དེ་ལྟར་མ་ཡིན་ཏེ། ལྷ་དེའི་སྔོན་གྱི་སྨོན་ལམ་དང་། ཐུགས་རྗེའི་སྟོབས་ལས་བྱུང་བའོ། །མྱོང་བར་མ་ངེས་པའི་ལས་ནི་དགྲ་བཅོམ་པའི་རྒྱུད་ཀྱི་ལས་ལྟ་བུ་གསུངས་ཏེ། དཔེར་ན་ཤཱཀྱ་ཐུབ་པ་སངས་རྒྱས་མ་སྔ་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྔ་བརྒྱར་སྐྱེ་དགོས་པ་དེར་སྐྱེ་ལོང་མ་བྱུང་བར་སངས་རྒྱས་པས། དེའི་བསོད་ནམས་ཉན་ཐོས་རྣམས་ཀྱི་འཚོ་བ་ལ་བསྔོ་བར་མཛད་པས། མུ་ཏིག་བྲེ་གང་གིས་འབྲས་བྲེ་གང་ལས་མི་ཁུག་པའི་དུས་བྱུང་ཡང་། ངའི་ཉན་ཐོས་རྣམས་འཚོ་བས་མི་ཐོངས་གསུངས་པས་རང་རེ་རབ་ཏུ་བྱུང་བ་རྣམས་སྡོམ་པ་དམ་ཚིག་གཙང་མར་སྲུང་བས་ན། ཆོས་བརྒྱག་གིས་ཐབས་མི་ཆག་པའི་གནད་ཆེན་པོ་འདི་ཡིན་ནོ། །ཡང་འདོད་ཁམས་ཀྱི་དགེ་བ་ནི་བསོད་ནམས་ཀྱི་ལས་ཡིན། འདོད་ཁམས་ཀྱི་མི་དགེ་བ་ནི་བསོད་ནམས་མ་ཡིན་པའི་ལས་ཡིན། གཟུགས་ཁམས་དང་གཟུགས་མེད་ཀྱི་དགེ་བ་ནི་མི་གཡོ་བའི་ལས་ཡིན་ནོ། །ཡང་ཁམས་གོང་མའི་དགེ་བ་ནི་གཅིག་ཏུ་དཀར་བའི་ལས། འདོད་པའི་མི་དགེ་བ་ནི་།


CMR054_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་ནག་པའི་ལས། འདོད་པའི་དགེ་བ་ནི་འདྲེས་མའི་ལས་སོ། །ཟག་མེད་ཀྱི་དགེ་བ་ནི་རྣམ་སྨིན་ཟད་བྱེད་ཀྱི་ལས་ཡིན་ཏེ། དཀར་བའི་ལས་ཀྱི་འབྲས་བུ་བདེ་བ། །ནག་པའི་ལས་ཀྱི་འབྲས་བུ་སྡུག་བསྔལ། འདྲེས་མའི་ལས་ཀྱི་བདེ་སྡུག་འདྲེས་མ། ཟག་མེད་ཀྱི་ལས་ཀྱི་ལས་དེ་དག་ཟད་པར་བྱེད་པའོ། །དེད་དཔོན་སྙིང་རྗེ་ཆེན་པོས་མི་ལྔ་བརྒྱའི་སྲོག་བཤོལ་བའི་ཕྱིར། བདུད་མི་ནག་མདུང་ཐུང་ཅན་བསད་པ་དང་། ལྷ་ལུང་དཔལ་གྱི་རྡོ་རྗེས་བསྟན་པའི་དོན་དུ་རྒྱལ་པོ་གླང་དར་བསད་པ་ལྟ་བུ་ནི་བསམ་པ་དཀར་ལ་སྦྱོར་བ་ནག་པའི་ལས་སོ། །སྲོག་གཅོད་པའི་ཕྱིར་སྦྱིན་པ་བཏང་བ་ལྟ་བུ་ནི། བསམ་པ་ནག་ལ་སྦྱོར་བ་དཀར་བའི་ལས་སོ། །བསམ་པ་དག་པས་སྦྱིན་པ་བཏང་བ་ལྟ་བུ་ནི། །བསམ་པ་དཀར་ལ་སྦྱོར་བ་དཀར་བའི་ལས་སོ། །ཤ་ཟ་བའི་ཕྱིར་སྲོག་གཅོད་པ་ལྟ་བུ་ནི། བསམ་པ་ནག་ལ་སྦྱོར་བ་ནག་པའི་ལས་སོ། །ཡང་འདོད་པའི་ཁམས་ནས་བསམ་གཏན་གསུམ་པའི་བར་གྱི་དགེ་བའི་ལས་ནི། བདེ་བ་མྱོང་འགྱུར་གྱི་ལས་སོ། །ཡང་འདོད་པའི་ཁམས་ཀྱི་མི་དགེ་བ་ནི། སྡུག་བསྔལ་མྱོང་འགྱུར་གྱི་ལས་སོ། །བསམ་གཏན་


CMR054_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཡན་ཆད་ཀྱི་དགེ་བ་ནི། བཏང་སྙོམས་མྱོང་འགྱུར་གྱི་ལས་སོ། །ཡང་ཟག་བཅས་ཟག་མེད་ཀྱི་དགེ་བ་བཅུ་ནི་དགེ་བའི་ལས། མི་དགེ་བ་བཅུ་ནི་མི་དགེ་བའི་ལས། ཐར་པ་མྱ་ངན་ལས་འདས་པ་ནི་ལུང་མ་བསྟན་གྱི་ལས། ཡང་ཁམས་གང་གིས་ཡང་ཉོན་མོངས་ཅན་གྱི་ལས་ནི། སྒྲིབ་པ་ལུང་མ་བསྟན་གྱི་ལས་སོ། །བཟོ་བྱེད་པ་ལྟ་བུ་ནི་མ་བསྒྲིབ་ལུང་མ་བསྟན་གྱི་ལས། ཡང་སྣོད་ཀྱི་འཇིག་རྟེན་འགྲུབ་བྱེད་ཀྱི་ལས་ནི། སེམས་ཅན་སྤྱི་མཐུན་ཐུན་མོང་གི་ལས། བཅུད་ཀྱི་སེམས་ཅན་འགྲུབ་བྱེད་ཀྱི་ལས་ནི་ཐུན་མོང་མ་ཡིན་པའི་ལས་སོ། །དེ་ལྟར་ལས་དཀར་ནག་ཐམས་ཅད་མདོར་བསྡུ་ན། བདག་གི་དོན་དུ་དཀོན་མཆོག་དང་སེམས་ཅན་ལ་གནོད་པ་བྱེད་པའི་ནང་དུ་མི་དགེ་བ་ཐམས་ཅད་འདུས། དཀོན་མཆོག་དང་སེམས་ཅན་ལ་བདག་གིས་ཕན་པ་དང་བདེ་བ་བསྒྲུབ་པའི་ནང་དུ་དགེ་བ་ཐམས་ཅད་འདུས་ཏེ། སྤྱོད་འཇུག་ལས། འཇིག་རྟེན་བདེ་བ་ཁྱུ། ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་འབྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་འབྱུང་། །མང་དུ་བཤད་པས་ཅི་ཞིག་བྱ། །ཐུབ་


CMR054_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

པས་གཞན་གྱིས་དོན་མཛད་དང་། །བྱིས་པས་རང་དོན་བྱས་པ་གཉིས། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་གསུངས་སོ། །དེ་ཉིད་ཀྱང་། སྡིག་པ་སྤངས་ཤིང་དགེ་བ་སྒྲུབ་པའི་ནང་དུ་འདུས་ལ། དེ་ཉིད་ཀྱང་རང་སེམས་འདུལ་བའི་ནང་དུ་འདུས་སོ། །སོ་ཐར་ལས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་ཏེ། སྡེ་སྣོད་གསུམ་ཡང་དེ་ལ་འདུས་པའོ། །སྤྱན་སྔ་བ་ལ་ཞུ་གཏུག་ཞུས་པ་ལ་ཡང་། ཕྱག་ལ་གཅོད་པ་བཞིན་དུ་མཛད་ཀྱིན། ཇོ་བོ་ངས་ཅད་ཀྱིས་བཅད། མི་དགེ་བ་བཅུ་སྤང་པ་ལས། གཞན་ཅི་ཡང་མེད་པ་ཡིན་གསུངས། པུ་ཏོ་བའི་ཞལ་ནས། སྟོང་ཉིད་རིག་པས་ཀྱང་གོ་ནུས། ནན་ལྟར་ཟབ་པ་ལས་དང་འབྲས་བུ་གཅེས་གསུངས། དེ་ཡང་མི་དགེ་བ་ལས་སྡུག་བསྔལ་ཐམས་ཅད་འབྱུང་བས། སྡུག་བསྔལ་གྱི་རྒྱུ་མི་དགེ་བ་ཆུང་ངུ་ནས་སྤང་དགོས་སྙམ་པ་དང་། བདེ་བ་མཐའ་དག་དགེ་བ་ལས་འབྱུང་བས་དགེ་བ་ཆུང་ངུ་ནས་རྒྱ་ཆེན་པོ་བསགས་དགོས་སྙམ་དུ་བསམས་ནས་ཉིན་མཚན་ཐམས་ཅད་དུ་སྡིག་པ་


CMR054_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་ཤིང་སྤང་བ་དང་དགེ་བ་ནན་ཏན་དུ་བསྒྲུབ་པར་བྱའོ། །རྒྱུ་འབྲས་ཀྱི་རྒྱབ་ཆོས་རེ་ཞིག་རྫོགས་སོ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


CMR054_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

༼ཟ༽ །ཕྱག་རྫོགས་ཟུང་འཇུག་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་རྒྱབ་ཆོས་ལས་དཔེ་དོན་ངོ་སྤྲོད་བཞུགས་སོ། །


CMR054_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། རང་གི་ཆོས་སྐུར་ངོ་སྤྲད་པ་ལ། དགེ་དང་དོན་སྦྱར་ཏེ་ངོ་སྤྱད་པ་ནི། ཞི་ཁྲོ་གསང་བ་ཡོངས་རྫོགས་ཀྱི་དབང་ཁྲིད་སྤེལ་མའི་སྐབས་སུ། ཨོ་རྒྱན་རིན་པོ་ཆེས་གསུངས་པ་ནི། སྔོན་རྒྱ་གར་གྱི་ཡུལ་འགོར་ཕར་འདས། ཨོ་རྒྱན་གྱི་ཡུལ་དབུས་ཞིག་ན། རིན་ཆེན་ཁང་པ་སྒོ་ལྔར་ལོངས་སྤྱོད་ཟད་མི་ཤེས་པའི་ཕོ་བྲང་ན། རྒྱལ་པོ་ཆེན་པོ་ནམ་མཁའི་སྙིང་པོ་ཞེས་བྱ་བ། རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་དང་འབངས་དུ་མ་ལ་དབང་བྱེད་པ་བཙུན་མོ་དྲི་མེད་འོད་དང་ལྡན་པ་ཡིད་འོང་མ་བྱ་བ་


CMR054_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ལ། སྲས་རྒྱལ་བུ་འོད་ཟེར་བྱ་བ་ཤེད་མ་བྱེ་བ་སྨུག་སེ་བ་ཅིག་ཡོད་སྐད། བློན་པོ་རིག་པ་ཅན་ཉི་མའི་འོད་ཟེར་བྱ་བ་དང་། །མདོར་ན་འཁོར་སྲིད་དབང་ཐང་ལོངས་སྤྱོད་ཕུན་སུམ་ཚོགས་པར་འདུག་པ་ལས། དུས་ལན་གཅིག་ཙ་ན་རྒྱལ་པོའི་ཕོ་བྲང་ན། ཉེ་བའི་ཚོང་དུས་ཆེན་པོ་ཞིག་ཡོད་པ་དེ་རུ། ལྟད་མོ་རབ་ཏུ་ཆེ་བ་ཞིག་བྱུང་ནས། རྒྱལ་བུ་འོད་ཟེར་འཁོར་བཅས་ལྟད་མོ་གཟིགས་སུ་བྱོན་པ་ལས། སྒྱུ་མ་མཁན་གྱི་ལྟད་མོ་སྣ་ཚོགས་ལ། རྒྱལ་བུ་ལྟར་འགྲོ་ནས་ཡེངས། འཁོར་དང་བྲལ། ཕོ་བྲང་དུ་འོང་བའི་ལམ་མཐའ་འཁྲུགས། །སྒོ་སྟོར་ནས་


CMR054_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

མི་རིགས་མི་གཅིག་པའི་ཡུལ་དུ་རྒྱལ་བུ་རྐང་འཁྱམས་ཏེ། སྤྲང་པོར་གཞི་ལ་མི་གནས་དྲི་ཟའི་མངལ་གྱི་གྲོང་སྒོ་རེའི་སྐོར་ནས་སྤྲང་བ་འདྲ། རང་ཡུལ་བརྗེད་དེ། གྲོང་ཁྱེར་ཐམས་ཅད་ཀྱི་སྒོར་རེས་མོས་སུ་འཁྱམས་ཤིང་སྤྱང་ཟས་ཟོས། སྤྲང་གོས་ངན་པ་གྱོན། རྨོངས་སྤྲང་རྣམས་དང་འགྲོགས། སྤྲང་སྒོ་སྒོ་ཁང་ཀུན་ཏུ་ཉལ། རབ་ཏུ་སྡུག་བསྔལ་མྱོང་ཞིང་ལོ་ཟླ་མང་པོ་ལོན་ཅིང་། རྒྱལ་སྲིད་ཀྱང་རྒྱལ་བུ་སྟོར་བས་ཞིག་ཏུ་ཉེ། རྒྱལ་པོ་ནམ་མཁའི་སྙིང་པོའི་གདུང་ཆད་ཀྱིས་དོགས་ཙ་ན། དེར་རྒྱལ་བུ་སྤྲང་ཕྲུག་དེས། གྲོང་ཡུལ་ཐམས་ཅད་ཀྱི་སྒོ་འགྲིམ་སྟོབས་ཀྱིས། བློན་པོ་རིག་པ་ཅན་ཉི་མའི་འོད་ཟེར་ཅན་གྱི་སྒོ་རྩར་འཁོར་བ་ལ། བློན་པོས་རྒྱལ་བུ་ཡིན་པར་ངོ་ཤེས་ནས། འོ་སྔོན་ངེད་ཀྱི་རྒྱལ་བུ་སྟོར་བ་འདིར་བྱུང་བ། ཁྱེད་སྤུང་མི་དགོས་ཕོ་བྲང་དུ་འདོང་ཟེར་ནས་ཁྲིད་པ་ལ། རྒྱལ་སྤྲང་གིས་སྨྲས་པ། ང་ནི་རྒྱལ་བུ་མ་ཡིན་ནོ། །དྲན་པ་རྙེད་ནས་སྤྲང་པོ་ཁོ་ན་ཡིན་ཏེ། །ཕོ་བྲང་དུ་ཁྲིད་ཀྱང་རྒྱལ་པོ་མི་གཏུབ། མི་འགྲོ་ཟེར་བ་ལ། ཡོང་བློན་པོས་སྨྲས་པ་ལ། ཁྱེད་ནི་རྒྱལ་བུ་ཆུང་ངུ་ཁ་སྨུག་ཤེད་མ་བྱེ་བ་གཅིག་ཚོང་དུས་སུ་སྒྱུ་མ་མཁན་གྱི་ལྟད་མོ་


CMR054_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཕྱིན་པས། ལྟད་མོ་ལ་ཡེངས་བས་ཕོ་བྲང་དང་བྲལ་ནས་འཁྱམས་པ་ཡིན་ནོ། །ད་སྤྲང་ཡང་རྒྱལ་བུ་ཡིན་པས། རྒྱལ་ས་གཏད་པ་ཡིན་གྱིས། གལ་ཏེ་ཁྱེད་ཐེ་ཚོམ་པ་ལྟར་རྒྱལ་བུ་མ་ཡིན་སྙམ་ན། ཁྱོད་ཀྱི་དང་པོ་ཡུལ་གང་ཡིན། ཕོ་བྲང་གང་ཡིན། གྲོང་གང་ཡིན། ཁྱིམ་གང་ཡིན། རིགས་གང་ཡིན། ཕ་མ་གང་། །འཁོར་གང་། བྱེད་སྤྱོད་གང་ཡིན་དྲིས་པས། འགྱུ་དྲན་འཛིན་ཆགས་ཕུག་བརྟགས་ནས། སྤྲང་པོས་སྨྲ་རྒྱུ་མ་རྙེད་པས་སྐྱེངས་ནས། འོ་ན་ངའི་དེ་དག་ཐམས་ཅད་ཡིན་ལུགས་ཞིབ་ཏུ་སྨོས་ལ་སྤྱོད་ཅིག་ཟེར་བ་ལས། བློན་པོས་མིང་དོན་སྦྱར་ཏེ་ཡུལ་བསྟན། དེ་བཞིན་ཏུ་གནས། ཕོ་བྲང་། གྲོང་། ཁྱིམ། མལ། རིགས། ཕ་མ། རྒྱལ་བུ་ཐམས་ཅད་བརྗོད་དེ། རིག་པ་ཅན་གྱིས་བྲམ་ཟེར་རྒྱལ་བུ་ཁྲུས་ནས་བཏོན། ཁྱིམ་ལ་བཞག །ཕོ་བྲང་ནང་དུ་བཅུག་ཅོད་པན་བཏགས། དབུ་བརྒྱན་སྐོན། རྒྱལ་གོས་སྐོན། མངའ་རིས་ལོངས་སྤྱོད་ཕོག །དགའ་སྟོན་མངའ་གསོལ་བྱས། རྒྱལ་སྲིད་གཏད། རྒྱལ་སར་དུས་གཅིག་བྱུང་། ཡབ་འདྲ་བར་གྱུར་ཏེ། སྐད་ཅིག་ལ་སྤྲང་པོ་མ་


CMR054_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་ལ། སྤྱང་ཚུལ་མི་གནས། སྤྲང་པོའི་སྡུག་བསྔལ་རང་སངས་ཏེ། རྒྱལ་སྲིད་དང་མངའ་རིས་ཐམས་ཅད་མ་ལུས་པར་མངར་འདུས་ཏེ། བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར་སྐད། དེ་ཉིད་ཀྱི་དོན་ཅུང་ཟད་བཤད་ན། སྔོན་རྒྱ་གར་གྱི་ཡུལ་འགོ་ཕོ་བྲང་ཕར་འདས་ཞེས་བྱ་བ་ནི། རྟོགས་ཏེ་སངས་མ་རྒྱས། མ་རྟོགས་ཏེ་འཁོར་བའི་སྔོན་རོལ་གང་གིས་ཀྱང་མ་ཆོད་པའོ། །ཨོ་རྒྱན་གྱི་ཡུལ་དབུས་ཞིག་ན་ཞེས་པ་ནི། རྒྱ་ཆད་དང་ཕྱོགས་ལྷུང་མེད་པ་ཡིན་ནོ། །རིན་ཆེན་ཁང་པ་ཞེས་པ་ནི། ཀུན་གཞི་ངོ་བོ་སྟོང་པ་ལ་བྱའོ། །སྒོ་ལྔ་ཞེས་པ་ནི་མ་འགག་པ་ཟང་ཐལ་བའོ། །ལོངས་སྤྱོད་ཟད་མི་ཤེས་པ་ཞེས་པ་ནི། སྐྱོན་གྱིས་དབྲི་བ་དང་ཡོན་ཏན་གྱིས་གང་བ་མེད་པའོ། །ཕོ་བྲང་ཞེས་པ་ནི། །གཞི་སྙིང་པོ་ཁྱབ་བདལ་ཆེན་པོའོ། །རྒྱལ་པོ་ཆེན་པོ་ནམ་མཁའི་སྙིང་པོ་ཞེས་བྱ་བ་ནི། འཁོར་འདས་ཀྱི་མཐར་མ་ལྟུང་བའོ། །རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ཞེས་པ་ནི། རྟོག་ཚོགས་ཐམས་ཅད་དབང་དུ་འདུས་པ་དང་། ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་འདུས་པའོ། །འབངས་དུ་མ་ལ་དབང་བྱེད་པ་ཞེས་པ་ནི། ཉོན་མོངས་པ་ཐམས་ཅད་ཀྱི་འཕྲང་མི་ནུས་


CMR054_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། བཙུན་མོ་དྲི་མེད་འོད་ལྡན་ཡིད་འོང་མ་ཞེས་བྱ་བ་ནི། རྩལ་རང་འོད་ཀྱི་སྣང་བ་དང་ལྷན་ཅིག་གནས་པའོ། །སྲས་རྒྱལ་བུ་འོད་ཟེར་ཞེས་བྱ་བ་ནི། རང་རྩ་ལ་འགྱུ་བ་རྟོལ་སྐྱེས་པ་ལ་མི་རྟོག་པ་མ་འཁྲུལ་པའོ། །ཤེད་མ་བྱེ་བ་ཞེས་བྱ་བ་ནི། རྟོགས་པ་མངོན་དུ་མ་གྱུར་པའོ། །སྨུག་སེ་བ་ཞིག་ཡོད་སྐད་ཅེས་པ་ནི། ལྷུན་གྱིས་གྲུབ་པར་བརྗོད་དུ་མེད་པའོ། །བློན་པོ་རིག་པ་ཅན་ཞེས་བྱ་བ་ནི། རྟོགས་པ་མངོན་དུ་གྱུར་པའི་བླ་མ་ཡིན་ལ། ཉི་མའི་འོད་ཟེར་ཞེས་བྱ་བ་ནི། ཐུགས་རྗེས་འཁྲུལ་ཞེས་པའོ། །མདོར་ན་འཁོར་སྲིད་མངའ་ཐང་ལོངས་སྤྱོད་ཕུན་སུམ་ཚོགས་པ་བཟློག་པ་ལས་ཞེས་པ་ནི། ཀུན་གཞིའི་ཀློང་ནས་འཁོར་འདས་ཀྱི་ཆོས་ཀུན་རྫོབ་ཕུན་སུམ་ཚོགས་པ་བསྟན་པའོ། །དུས་ལན་གཅིག་ཙ་ན་ཞེས་པ་ནི། འཁྲུལ་སྙིང་འདོད་པའི་ཚེའོ། །རྒྱལ་པོའི་ཕོ་བྲང་དང་ཉེ་བའི་ཞེས་པ་ནི། ཀུན་གཞི་འཁོར་ཐག་ཉེ་བའོ། །ཚོང་དུས་གཅིག་ཡོད་པའི་དེ་རུ་ཞེས་པ་ནི། ཡེངས་པའི་ས་རང་སྣང་སྒོ་ལྔའོ། །ལྟད་མོ་རབ་ཏུ་ཆེ་བ་ཞིག་བྱུང་ནས་ཞེས་པ་ནི། ཚོགས་དྲུག་ཡུལ་གྱི་སྣང་བ་སྣ་ཚོགས་ཤར་བའོ། །རྒྱལ་བུ་ཞེས་


CMR054_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་རྟོག་པ་འཁྲུལ་པ་སྟེ། འགྱུ་བ་རྟོལ་སྐྱེས་སོ། །འོད་ཟེར་ཞེས་བྱ་བ་ནི་རྟོགས་དཔྱོད་དུ་མའོ། །འཁོར་བཅས་ལྟད་མོ་ལ་གཟིགས་སུ་བྱོན་པ་ལས་ཞེས་པ་ནི། སྒོ་ལྔའི་རྣམ་པར་རྟོག་པ་དང་བཅས་པའོ། །སྒྱུ་མ་ཞེས་པ་ནི་སྣང་བ་བསླུ་བྲིད་མཁན་སྣ་ཚོགས་སུ་འཆར་བའོ། །མཁན་གྱི་ལྟད་མོ་སྣ་ཚོགས་ལ་ཞེས་པ་ནི། ཅིར་ཡང་རང་སྣང་ཞིང་འཁྲུལ་པའོ། །རྒྱལ་བུ་ལྟར་འགྲོ་ནས་ཡེངས་ཞེས་པ་ནི། རྩལ་རྟོལ་སྐྱེས་སྒོ་ལྔ་ནས་སྟོན་པའོ། །འཁོར་དང་བྲལ་ཞེས་པ་ནི། ཚོགས་དྲུག་ཡུལ་དུ་འཁྱམས་པའོ། །ཕོ་བྲང་དུ་འོང་བའི་ལམ་མཐའོ་འཁྲུག་ཅེས་པ་ནི། གཞི་ཁུང་མ་ཆོད་པའོ། །སྒོ་སྟོར་ནས་ཞེས་པ་ནི། ཡེ་ཤེས་ཀྱི་འཆར་བ་བྱང་ཆུབ་ཀྱི་ལམ་མ་རྙེད་ནས་བཟུང་ཡུལ་ལ་འཛིན་པས་སྤྱོད་པའི་སྡུག་བསྔལ་དུ་འགྲོ་བའོ། །མི་རིགས་མི་གཅིག་པའི་ཡུལ་ཞེས་པ་ནི། འཁོར་འདས་ཀྱི་རྒྱབ་གྱེས་པའོ། །རྒྱལ་བུ་རྐང་འཁྱམས་ཏེ་ཞེས་པ་ནི། ཁམས་གསུམ་འགྲོ་བ་དྲུག་ཏུ་འཁོར་ཞིང་འཁྲུལ་པའི་འབྲས་བུ་སྨིན་པའོ། །སྤྲང་པོར་གྱུར་པ་ཞེས་པ་ནི་གཞི་ལ་མི་གནས་དྲི་ཟའི་མངལ་གྱི་གྲོང་ཁྱེར་གྱི་སྒོར་རེ་མོས་སུ་བསྐོར་ནས་སྤང་བ་དང་འདྲ་བའོ། །རང་


CMR054_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་བརྗེད་ཅེས་པ་ནི། དང་པོའི་གནས་ལུགས་ཀྱི་གཞི་དེ་བརྗེད་པའོ། །གྲོང་ཁྱེར་ཐམས་ཅད་ཀྱི་སྒོར་རེས་མོས་སུ་འཁྱམས་ཤིང་ཞེས་པ་ནི། གཡོ་བ་སྐྱོད་བྱེད་ཀྱི་རླུང་གིས་བསྐྱེད་དེ་རྟོག་པ་ལ་རྟོག་པས་འཁྲུལ། བཟུང་ཡུལ་ལ་འཛིན་པས་བསྐྱེད་དོ། །རིགས་དྲུག་སོ་སོའི་སྡུག་བསྔལ་ལ་ལོངས་སྤྱོད་ཅིང་འགྱུ་དྲན་འཛིན་ཆགས་སུ་འཁྲུལ་ལོ། །སྤྲང་ཟས་ཟོས་ཞེས་པ་ནི། སྡུག་བསྔལ་སྣ་ཚོགས་སྤྱོད་པའོ། །སྤྲང་གོས་ངན་པ་གྱོན་ཞེས་པ་ནི། གཟུང་འཛིན་ཆགས་སྡང་དུག་ལྔའི་ནང་དུ་བྱིང་བའམ་གནས་པའོ། །རྨོངས་སྤང་རྣམས་དང་འགྲོགས་ཞེས་པ་ནི། ཡུལ་དྲུག་འཁྲུལ་སྣང་གི་དབང་གིས་འཁྲུལ་བའི་གྲོགས་དང་འགྲོགས་པའོ། །སྤྲང་སྒོ་སྒོ་ཁང་ཀུན་ཏུ་ཉལ་ཞེས་པ་ནི། །བག་ཆགས་ཀྱི་ཞེན་སྣང་དུག་ལྔའི་ནང་དུ་ཉལ་བའོ། །རབ་ཏུ་སྡུག་བསྔལ་མྱོང་ཞེས་པ་ནི། ལས་དང་ལས་འབྲས་ལ་སྤྱོད་ཅིང་འཁོར་བར་འཁྱམས་པའོ། །ལོ་ཟླ་མང་པོ་ལོན་ཅིང་ཞེས་པ་ནི། ཀུན་གཞིའི་བདེ་བ་ཆེན་པོ་དང་བྲལ་ཞིང་། དུས་སྐལ་ཚད་ལས་འདས་པར་སྡུག་བསྔལ་གྱིས་གཟིར་བའོ། །རྒྱལ་སྲིད་ཀྱང་རྒྱལ་བུ་སྟོར་བ་བཞིན་ཞིག་ཏུ་ཉེ་


CMR054_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི། སངས་རྒྱས་ཀྱི་རིགས་ལས་གོལ་བའོ། །རྒྱལ་པོ་ནམ་མཁའི་སྙིང་པོའི་གདུང་ཆད་ཀྱིས་དོགས་པར་གྱུར་ཙ་ན་ཞེས་པ་ནི། སངས་རྒྱས་ཀྱི་གསུང་ངམ་རིགས་ཞ་ནས་གདུང་ཆད་ཀྱིས་དོགས་པའོ། །དེར་རྒྱལ་བུ་སྤྱང་ཕྲུག་དེས་ཞེས་པ་ནི། རྟོལ་སྐྱེས་རྟོག་དཔྱོད་འཁྲུལ་པ་དེ་ཉིད་དོ། །གྲོང་ཁྱེར་ཐམས་ཅད་ཀྱི་ཞེས་པ་ནི། སྐྱེ་གནས་བཟང་ངན་ཐམས་ཅད་བསྒྲོད་དོ། །འགྲིམ་སྟོབས་ཀྱིས་ཞེས་པ་ནི། འགྲོ་དྲུག་ཐམས་ཅད་ཀྱི་སྡུག་བསྔལ་ཁ་བརྒྱུད་པའོ། །བློན་པོ་རིགས་པ་ཅན་ཉི་མའི་འོད་ཟེར་གྱི་སྒོ་རྩར་འཁོར་བོ་ལ་ཞེས་པ་ནི། དུས་ལན་གཅིག་ལ་ལས་འཕྲོས་སད་དེ། རྟོགས་པ་མངོན་གྱུར་གྱི་བླ་མ་མན་ངག་ཅན་མཇལ་བའི་ཐ་ཚིག་གོ །བློན་པོས་ཞེས་པ་ནི། བླ་མས་སློབ་བུ་འཁྲུལ་པའི་བློ་བཅོས་པའོ། །རྒྱལ་བུ་ཞེས་པ་ནི། རྟོལ་སྐྱེས་ཀྱི་རིག་པའོ། །ཡིན་པར་ངོ་ཤེས་ནས་ཞེས་པ་ནི། རང་སེམས་སངས་རྒྱས་ཡིན་པར་ངོ་ཤེས་པའོ། །འོ་སྔོན་ངེད་ཀྱི་རྒྱལ་བུ་སྟོར་བ་འདིར་བྱུང་ན་ཞེས་པ་ནི། ཀུན་གཞི་འཁྱམས་པོ་སངས་རྒྱས་ཀྱི་རིགས་ཡིན་ཀྱང་འཁོར་བར་འཁྱམས་པའོ། །ཁྱོད་སྤང་མི་དགོས་ཞེས་པ་ནི། འཁོར་བར་འཁྱམས་མི་


CMR054_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཞེས་པའི་ཐ་ཚིག་གོ །ཕོ་བྲང་དུ་འདོང་ཞེས་པ་ནི། རང་གནས་སངས་རྒྱས་ཀྱི་ཞིང་དུ་ངོ་སྤྲད་ཅེས་ཁ་དྲངས་པའོ། །རྒྱལ་སྤྲང་གིས་སྨྲས་པ་ཞེས་པ་ནི། རང་ལ་ཡིད་མ་ཆེས་ཏེ་སངས་རྒྱས་མ་ཡིན་ནོ་སྙམ་པའོ། །ང་ནི་རྒྱལ་བུ་མ་ཡིན་ནོ་ཞེས་པ་ནི། བདེ་འབྲས་མེད་པའོ། །དྲན་པ་རྙེད་པས་སྤྲང་པོ་ཁོ་ན་ཡིན་པས་ཞེས་པ་ནི། གཞིའི་གནས་ལུགས་ནི་བརྗེད་དེ། འཁོར་བའི་བག་ཆགས་ནི་དྲན་ནས་འཁྱམས་པ་ཁོ་ནའོ། །ཞེས་པའི་དོན་ནོ། །ཕོ་བྲང་དུ་ཁྲིད་ནས་རྒྱལ་བུ་མི་གཏུབ་ཅེས་པ་ནི། སེམས་སངས་རྒྱས་སུ་མི་གཏུབ་སྙམ་པའོ། །མི་འགྲོ་ཟེར་བ་ལ་ཞེས་པ་ནི། ཆོས་ཉིད་ལ་བློ་མི་འཇུག་ཅིང་། དམན་སྤྱོད་ལ་ཞེན་པ་ལ་བྱའོ། །ཡང་བློན་པོས་སྨྲས་པ་ཞེས་པ་ནི་བླ་མས་སོ། །ཁྱོད་ནི་རྒྱལ་བུ་ཆུང་ངུ་ཞེས་པ་ནི། ཀུན་གཞི་སྤྲང་འཁྱམས་ཀྱི་སློབ་བུ་རྩལ་རྟོལ་སྐྱེས་ཀྱི་ཚིག་གོ །ཁ་སྨུགས་ཤེད་མ་བྱེ་བ་ཞིག་ཅེས་པ་ནི། རྟོགས་པ་མངོན་དུ་མ་གྱུར་བའི་ཚེ་ན་ཞེས་པའོ། །ཚོང་དུས་སུ་སྒྱུ་མ་མཁན་གྱི་ལྟད་མོ་ལྟར་ཕྱིན་པས་ཞེས་པ་ནི། རང་གིས་རང་མ་རིག་ནས་བསླུ་བྱེད་ཀྱི་རླུང་གིས་བསྐྱོད་པའོ། །ལྟད་མོ་ལ་ཡེངས་


CMR054_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི། ཚོགས་དྲུག་གི་ཡུལ་དུ་ཡེངས་པའོ། །ཕོ་བྲང་གི་སྲིད་དང་བྲལ་ཏེ་འཁྱམས་པ་ཡིན་ནོ་ཞེས་པ་ནི། གཞི་མ་འགྱུ་དྲན་འཛིན་ཆགས་སྡང་གི་དབང་གིས་འཁོར་བར་འཁྱམས་པའོ། །ད་ལྟ་སྤུང་ཡང་རྒྱལ་བུ་ཡིན་ཞེས་པ་ནི། ཀུན་གཞི་སྙིང་པོ་སངས་རྒྱས་ཀྱི་རིགས་ཡིན་པས་སོ། །རྒྱལ་ས་གཏད་པ་ཡིན་གྱིས་ཞེས་པ་ནི། གཞི་ཐོག་ཏུ་སྐྱེལ་བའོ། །གལ་ཏེ་ཁྱོད་ཐེ་ཚོམ་པ་ལྟར་རྒྱལ་བུ་མ་ཡིན་ནོ་སྙམ་ན་ཞེས་པ་ནི། སེམས་ལ་སངས་རྒྱས་མོ་ཡིན་སྙམ་པའོ། །ཁྱོད་ཀྱི་དང་པོ་ཡུལ་གང་ཡིན་ཞེས་པ་ནི། ཀུན་གཞི་ནས་མ་སྐྱེས་ནས། འགྱུ་བ་རྟོལ་སྐྱེས་ཞེས་པའི་ཐ་ཚིག་གོ །ཕོ་བྲང་གང་ཡིན་ཞེས་པ་ནི། བརྟན་པ་གང་ལ་གནས་ཞེས་པའོ། །གྲོང་གང་ཞེས་པ་ནི། འགྱུ་བའི་འདུག་ས་ནི་གང་ཡིན་ཞེས་པའོ། །ཁྱིམ་གང་ཡིན་ཞེས་པ་ནི། རྟོལ་སྐྱེས་ཀྱི་ཁྱིམ་ནི་གང་དུ་བྱས་ཞེས་པའོ། །རིགས་གང་ཡིན་ཞེས་པ་ནི། སེམས་འགྱུ་བ་རྟོལ་སྐྱེས་ཀྱི་རིགས་གང་ཡིན་ཅེས་པའོ། །ཕ་གང་ཞེས་པ་ནི་རྒྱུའོ། །མ་གང་ཞེས་པ་ནི་རྐྱེན་ནོ། །འཁོར་གང་ཞེས་པ་ནི་བསྡོང་ཟླའོ། །བྱ་སྤྱོད་གང་ཡིན་ཞེས་པ་ནི་ཕུ་ཐག་བཅད་པའོ། །དྲིས་པས་ཞེས་པ་ནི་


CMR054_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་བྱའི་ལས་རེ་དོགས་ངར་འཛིན་གྱི་མཁན་ཡང་དྲིས་པས་ཕུང་མཁན་ཡང་རྩད་ཆོད་པའོ། །ཞེས་པའི་ཐ་ཚིག་གོ །སྤྲང་པོས་སྨྲ་རྒྱུ་མ་རྙེད་པས་ནི་ཞེས་པ་ནི། །འགྱུ་དྲན་འཛིན་ཆགས་ཕུག་རྡུགས་ནས་གང་ཅིའི་ངོ་བོར་ཡང་མ་གྲུབ་པར་སྙིང་པོ་ཆོས་ཉིད་རྟོགས་པའོ། །སྐྱེངས་ནས་ཞེས་པ་ནི། སྨྲ་མ་ཤེས་ནས་ཞེས་པའི་དོན་ནོ། །འོ་ན་ང་ཡི་དེ་དག་ཐམས་ཅད་ཀྱི་ཡིན་ལུགས་ཞིབ་པར་སྨོས་ལ་ཞེས་པ། བླ་མ་གཙུག་ཏུ་བསྒོམས་ནས་སངས་རྒྱས་རང་ཞིག་ཀྱང་ཡིན་སྲིད་སྙམ་ཞེས་པའོ། །སྤྱོད་ཅིག་ཟེར་བ་ལས་ཞེས་པ་ནི། ཡིད་ཆེས་བླ་མ་ཁྱེད་ཀྱིས་སྟོན་དང་ཞེས་པའི་དོན་ནོ། །བློན་པོས་ཞེས་པ་ནི། བླ་མ་རྟོགས་པ་ཚད་མ་དང་ལྡན་པའི་ཞེས་པའོ། །མིང་དོན་སྦྱར་ཏེ་ཞེས་པ་ནི། མན་ངག་འདི་ནི་དཔེ་དོན་དང་སྦྱར་ཏེ་བསྟན་པའི་དོན་ནོ། །ཞེས་གསུངས་པ་ལྟར། རྒྱལ་བུས་རང་རྒྱལ་བུ་ཡིན་པར་མ་ཤེས་ནས་སྤྲང་པོར་གྱུར་པ་ལྟར། རང་གི་སེམས་ཉིད་ཆོས་སྐུ་ཡིན་པར་ངོ་མ་ཤེས་ནས་འཁོར་བར་འཁྱམས་པ། བློན་པོས་རྒྱལ་བུ་ངོ་ཤེས་ནས་རྒྱལ་སར་བཏོན་པ་ལྟར། བླ་མས་སེམས་ཉིད་ཆོས་སྐུར་ངོ་སྤྲད་པས། འཁོར་བའི་སྡུག་བསྔལ་ལས་ཐར་


CMR054_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཐོབ་པའོ། །ཡང་གྲུབ་ཆེན་ཨོ་རྒྱན་པས་གསུངས་པའི་དཔེ་དོན་ངོ་སྤྲོད་ནི། སྔོན་རྒྱ་གར་གྱི་ཡུལ་ན། ཕྱིའི་རྒྱ་མཚོ་ལས་ནོར་བུ་རིན་པོ་ཆེ་ལོན་པའི་དེད་དཔོན་ཅིག་ཡོད་པས། དེའི་དགོས་འདོད་ཐམས་ཅད་ནོར་བུ་ལས་འབྱུང་བ་ལས། ཁྱིམ་ཕྱུག་ཅིང་ལོངས་སྤྱོད་ཆེ་བ་དཔལ་འབྱོར་དང་ལྡན་པ་ཡོད་པ་ལས། དུས་ནམ་ཞིག་གི་ཚེ་དེད་དཔོན་དེ་ཤི་བར་གྱུར་ཏེ། དེའི་མ་སྨད་ཀུན་གྱིས་ལོངས་སྤྱོད་དེ་ཟད་པས་ཤིན་ཏུ་སྡུག་ཅིང་ཉམ་ཐག་ནས་སྤྲང་དུ་འཁྱམས་པས། དེད་དཔོན་དེའི་གྲོགས་པོ་ཞིག་དང་འཕྲད་དེ། སྔར་གྱི་ལོ་རྒྱུས་རྣམས་བཤད་དེ། གྲོགས་པོ་དེས་ན་རེ། ཁྱོད་ལ་འཕང་བ་ཡོངས་མི་སྲིད་ཁྱིམ་ན་དངོས་པོའི་རིགས་ཅི་འདུག་དྲིས་པས། དངོས་པོ་གཞན་ཅི་ཡང་མེད། རོས་ཀྱི་དུག་པོ་ཞིག་གི་གསེབ་ནང་གཏུན་པོ་འཇམ་པོ་ཞིག་འདུག་ཟེར། དེར་གྲོགས་པོ་དེས་མ་སྨད་ཚོ་ཁྲིད་ནས་ཁྱིམ་དུ་ཕྱིན་ནས་ལེགས་པར་བལྟས་པས། ནོར་བུ་དེ་སྔས་འོག་ན་ས་དང་བསྲེས་ནས་འདུག་པས་དེར་གྲོགས་པོ་དེས་དྲི་བཟང་གིས་ཁྲུས་བྱས་ཤིང་། རྒྱལ་མཚན་གྱི་རྩེ་མོར་ཕྱར་ནས།། མཆོད་པ་དཔག་ཏུ་མེད་པས་མཆོད་ཅིང་བསྟོད་


CMR054_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གསོལ་བ་བཏབ་པས། དགོས་འདོད་ཕུན་སུམ་ཚོགས་པ་བྱུང་སྐད། དེ་ལ་དེད་དཔོན་གྱི་གྲོགས་པོ་དེ་མེད་ན། ནོར་བུ་དེ་སྔས་འོག་ཏུ་ལུས་ནས་བུད་མེད་དེ་ཚོ་ལྟོགས་གྲིར་ཤི་བར་གདའ་སྐད། དཔེ་དེ་བཞིན་དུ། སེམས་ཉིད་ལྷན་ཅིག་སྐྱེས་པའི་ཆོས་སྐུ་རང་ལ་ཡེ་ནས་གནས་ཀྱང་། ནོར་བུ་སྔས་འོག་ཏུ་ལུས་པ་དང་འདྲའོ། །ཆོས་སྐུ་རང་ལ་ཡོད་པ་མ་རྟོགས་པའི་དབང་གིས་འཁོར་བར་འཁྱམས་སོ། །གྲོགས་པོ་དེས་ནོར་བུ་ངོས་བཟུང་ནས་མཆོད་པ་བྱས་པ་བཞིན་དུ། འདིར་བླ་མ་དམ་པས་ངོ་སྤྲད་པས་རང་གི་སེམས་ཉིད་ཆོས་སྐུར་རྟོགས་ནས་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འབྱུང་བའོ། །ཡང་སྔོན་རྒྱ་གར་གྱི་ཡུལ་དུ་རྒྱལ་པོ་ཆེན་པོ་གཅིག་ཡོད་པ་གྲོངས་ནས། རྒྱལ་པོ་ད་འུར་ལུས་པ་བློན་པོས་བརྐུས་ནས་དམངས་ཀྱི་ཁྲོད་དུ་བསྐྱུར་ནས། གོས་དང་ཁ་ཟས་དང་གནས་མལ་གྱི་ཤིན་ཏུ་བཀྲེས་པར་གྱུར་ཏེ། དམངས་ཀྱི་བུ་ཚ་དང་དབྱེར་མི་ཕྱེད་པར་སོང་། དུས་ནམ་ཞིག་གི་ཚེ་ན་བྲམ་ཟེ་མཚན་མཁན་གཅིག་གིས་མཚན་བརྟགས་པས། རྒྱལ་རིགས་ཀྱི་མཚན་རྟགས་ཕུན་སུམ་ཚོགས་པར་འདུག་པ་དེ་ཤེས་ནས། དེ་ལ་དྲི་བཟང་གིས་ཁྲུས་


CMR054_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། སྤོས་བཟང་པོ་བདུག །གོས་བཟང་པོར་བཀོན། རྒྱུན་བཟང་པོས་བརྒྱན་ནས། ཁྲི་མཐོན་པོའི་ཁ་ལ་བཞག་ནས། རྒྱལ་སར་བསྐོས་པས། ད་བཟོད་ཀུན་གྱིས་རྒྱལ་རིགས་ཁྱད་པར་ཅན་དུ་ཤེས། དམངས་ཐམས་ཅད་བདེ་སྐྱིད་བྱུང་བར་གྱུར་ཏོ། །དེ་བཞིན་དུ་རང་གི་སེམས་ཉིད་འདི་ཡེ་གདོད་མ་ནས་ཆོས་སྐུ་ལྷུན་གྱིས་གྲུབ་པར་གནས་ཀྱང་། གློ་བུར་གྱི་དྲི་མས་བསྒྲིབས་ཏེ་ངོ་མ་ཤེས་པར་འཁོར་བར་འཁྱམས་པ་ལ། བླ་མ་དམ་པའི་བྱིན་རླབས་ཞུགས་ནས་ངོ་སྤྲད་པས། རང་གི་སེམས་གདོད་མ་ནས་ཆོས་སྐུར་བཞུགས་པ་དེ་ངོ་འཕྲོད་དེ། འཁོར་བར་འཁྱམས་པའི་སྡུག་བསྔལ་ལས་གྲོལ་ལོ། །ཡང་རྒད་པོ་ཐག་གུ་སྟོར་བའི་དཔེ་དོན་འདི་ལྟ་སྟེ། ཡུལ་ཞིག་ན་རྒན་རྒོན་གཉིས་ཡོད་པ་ལས། ལུང་པ་དེའི་མདའ་རུ་ལྟད་མོ་ཆེན་པོ་ཞིག་ཡོད་པ་ལ། རྒན་མོས་རྒད་པོ་ལྟད་མོ་ལ་བཏང་བས། །ང་མི་གཞན་དང་ནོར་འགྲོ་བས་མི་འགྲོ་ཟེར། །མི་ནོར་བའི་རྟགས་ལ་འདི་བཏགས་པས་ཆོག་གིས་ཟེར་ནས་སོང་ཞིག་ཟེར་ནས། ཐག་གུ་སྔོན་དམར་ཞིག་ཁོའི་རྐང་པ་ལ་བཏགས་ནས་བཏང་བ་ལ། ཁོ་ལྟད་མོ་ལ་ཡེངས་པའི་ངང་ལ། རྐང་པའི་


CMR054_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་གུ་ཆད་ནས། ཁོ་མི་གཞན་དང་ནོར་ནས་གཞན་ཐམས་ཅད་ལ། ཀྱེའོ་བདག་སུ་ལགས། བདག་སུ་ལགས་བྱས་པས། གཞན་རྣམས་ན་རེ་ཁྱོད་འཆལ་པ་ཞིག་འདུག །ཁྱོད་ཁྱོད་རང་ཡིན་མོད་ཅེས་ཟེར་ཡང་། ཁོས་ཁོ་རང་ངོ་མ་ཤེས་པར། དེར་ཁོ་རང་གི་རྒན་མོ་ཅན་དུ་བྱུང་ནས། ད་ནངས་དུས་གཞན་དང་ནོར་འགྲོ་བྱས་པས་ཁྱོད་མ་ཉན། ད་ངོ་མ་ཤེས་པ་འདི་ཁྱོད་ལན་པ་ཡིན་ཟེར་ནས་རྒན་མོ་བརྡུངས། ཁྱོད་ཀྱི་ངོ་བོ་ལྷས་སྟོན་པར་འགྱུར་གྱིས་ལྷ་ལ་ཕྱག་འཚོལ་ཅིག་བྱས་པས། ལྷ་ལ་ཕྱག་མང་པོ་འཚལ་དུ་བཅུག་པས་ཁོ་ཐང་ཆད་ནས་གཉིད་དུ་སོང་སྟེ་ཡང་ཁོའི་རྐང་པ་ལ་ཐག་གུ་སྔོན་དམར་ཞིག་བཏགས་ནས་བཞག་པས། ཁོ་གཉིད་སད་པ་དང་། ད་ང་རང་འདུག་ཟེར་ནས་ཁོས་ཁོ་རང་ངོ་ཤེས་པར་གྱུར་སྐད། དེ་ལ་རྒད་པོ་ཐག་པ་ཆད་ནས་ངོ་མ་ཤེས་པའི་དུས་ན་ཡང་། འཁྲུལ་པའི་དོན་མེད་ཅིང་། རྒད་པོ་རང་གི་དངོས་གཞིར་གནས། དངོས་གཞིར་གནས་བཞིན་ཏུ་འཁྲུལ་དོན་མེད་པའི་དོན་ལ་འཁྲུལ་པ་ཡིན། དེ་ལ་དཔེར་བརྗོད་ནས། ཐོག་མར་རྒད་པོ་འཁྲུལ་དོན་མེད་པའི་དོན་ལ་འཁྲུལ་པ་བཞིན་དུ། རང་གི་


CMR054_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཉིད་གདོད་མ་ནས་ཆོས་ཀྱི་སྐུར་བཞུགས་པ་བཞིན་དུ། ངོ་མ་ཤེས་པས་འཁོར་བར་འཁྱམས། རྒད་པོའི་རྐང་པ་ལ་ཐག་གུས་བཏགས་པས། ཁོས་ཁོ་རང་ངོ་ཤེས་པ་བཞིན་དུ། བླ་མའི་གདམས་ངག་ཟབ་མོ་ངོ་སྤྲད་པས་ཆོས་སྐུའི་རང་ཞལ་མཐོང་བ་སྟེ། འཁོར་བར་འཁྱམས་པའི་གཞི་རྩ་ཆོད་པའོ། །ཐག་པ་སྦྲུལ་དུ་མཐོང་བའི་དོན་འདི་ལྟ་སྟེ། རྩྭའི་ཁྲོད་ན་ཐག་པ་ཁྲ་བོ་ཞིག་འཁྱུགས་སེ་ཡོད་པ་ལ།། མི་དེ་འཁྲུལ་ནས་དུག་སྦྲུལ་དུ་འདུག་གོ་སྙམ་པའི་རྟོག་པ་བྱུང་བ་ལ། སྦྲུལ་གྱི་ཁ་རླངས་ཕོག་པའམ། ཁོས་ཕུགས་ཀྱི་དོགས་པ་ལ་སོགས་པས་ཤིན་ཏུ་སྐྲག་པར་གྱུར་ཏེ། དེ་ཡང་མིག་འཁྲུལ་པ་མ་ཡིན་ཏེ། མིག་གིས་ཐག་པ་ཁྲ་བོ་མཐོང་བ་ཙམ་ལས་སྤྲུལ་གྱི་ཁྲག་གམ་ཁ་མིག་ལ་སོགས་གང་ཡང་བརྟག་པ་མེད། འོ་དེ་ན་ཇི་ལྟར་འཁྲུལ་ནས། ཐག་པ་ཁྲ་ཁྱུག་གེ་བ་ལ་ཡིད་ཀྱིས་སྦྲུལ་དང་དུག་སྦྲུལ་དང་། དེའི་སྐྱོན་ལ་སོགས་པ་ཡིད་ཀྱིས་བརྟགས་ཏེ་འཁྲུལ་པའོ། །དེ་ལ་མི་གཞན་ཞིག་གིས། འདི་སྦྲུལ་མ་ཡིན་ཐག་པ་ཡིན་ཞེས་ལག་ཏུ་བླངས་ནས་བསྟན་པས། དུག་སྤྲུལ་གྱི་འཇིགས་པ་ལས་གྲོལ་བ་སྟེ། དེ་ཡང་དཔེར་བརྗོད་ན། ཐོག་མར་


CMR054_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་པ་སྦྲུལ་དུ་འཁྲུལ་དོན་མེད་དེ། དཔེ་དེ་བཞིན་དུ། སེམས་ཉིད་ཆོས་ཀྱི་སྐུར་བཞུགས་བཞིན་དུ། རང་ངོ་རང་གིས་མ་ཤེས། དེའི་མདངས་ལ་འཁོར་བའི་རྦ་ལ་གཡེང་སྟེ། སྡུག་བསྔལ་ཉམས་སུ་མྱོང་བ་ཡིན། མི་གཞན་གྱིས་ཐག་པ་ངོ་སྤྲད་པས། དུག་སྦྲུལ་གྱི་འཇིགས་པ་ལས་གྲོལ་བ་བཞིན་དུ། བླ་མས་སེམས་ཀྱི་ངོ་བོ་བསྟན་པའི་དུས་སུ། ཆོས་སྐུ་རང་ཞལ་བསྟན་པས་འཁོར་བར་མི་འཁྱམས་པའི་གདེང་དང་ལྡན་པར་འགྱུར་རོ། །དཔེ་དེ་བཞིན་དུ་འཁྲུལ་དོན་མེད་པའི་དོན་ལ་འཁྲུལ་པ་དེ་ལ། གློ་བུར་གྱི་དྲི་མ་ཞེས་བཏགས་པ་ཡིན་ནོ། །དེ་ལྟར་མ་ཡིན་པའི་གློ་བུར་གྱི་དྲི་མ་ཞེས་པའི་འཁོར་བར་འཁྱམས་པའི་བྱེད་པ་པོ་ཞིག་ལོགས་ནས། སེམས་ཀྱི་རྒྱུ་དེ་ངན་པར་བསྒྱུར་ནས། དེ་སྡུག་བསྔལ་ཉམས་སུ་མྱོང་བར་གོ་བ་གོ་དོན་དེས་སེམས་ཀྱི་གནས་ལུགས་གཏན་ལ་མི་ཕེབ་པ་ཡིན་ནོ། །འདིའི་དོན་ལ་ནན་ཏན་བསྐྱེད་ཅིང་། དེ་ལྟར་གྱི་དཔེ་དོན་གསུམ་པོ་དེས་སེམས་ཀྱི་འཁྲུལ་ལུགས་དེ་གཏན་ལ་ཕེབ་དགོས་པ་ཡིན་ནོ། །ཡང་སྔོན་རྒྱ་གར་གྱི་ཡུལ་ན། ཆོས་སྤྱོད་པའི་རྒྱལ་པོ་ཞིག་ལ་བུ་ཆོས་ལ་མི་དགའ་བ་ཞིག་བྱུང་། །


CMR054_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོས་སྒྱུ་མ་མཁན་བོས་ནས། ཁྱོད་ཀྱི་སྒྱུ་མ་སྟོན་ལ་ང་ཡི་བུ་འདི་ཆོས་ལ་དགའ་བའི་ཐབས་ཤིག་གྱིས་ཟེར། སྒྱུ་མ་མཁན་གྱིས་རྒྱལ་པོའི་བུ་ལ་ཅི་མཉེས་ཟེར། རྟ་ལ་མཉེས་སྨྲས་པས། ཕྱིར་ནངས་སྒྱུ་མ་མཁན་གྱིས་རྟ་བཟང་པོ་སྒ་སྲབ་ཀྱིས་བརྒྱན་པ་ཞིག་ཁྱེར་འོང་ནས་ཨེ་ཉོ་ཟེར། རྒྱལ་པོའི་བུ་དགའ་ནས་རྟ་ཉོ་དང་པོ་རྒྱུག་ཚད་ཅིག་བྱེད་ཟེར་ནས་རྟ་དེ་ཆིབས་ནས་རྟ་ཁ་མ་ཐུབ་ནས་ལ་དགུ་ལུང་དགུའི་ཕ་རོལ་དུ་ཁྱེར། རྒྱ་མཚོའི་འགྲམ་བྱང་སྟོང་ཞིག་ཏུ་རྟ་ལ་བྲུལ་ནས་རྟ་ཡང་རྒྱ་མཚོའི་ནང་དུ་སོང་། རང་ཡུལ་དུ་སླེབ་པའི་ཐབས་ནི་མེད། མི་གཅིག་ཀྱང་མི་གདའ། སྐྲག་ཅིང་སྡུག་ཙ་ན། ག་ཤེད་ནས་རྒན་མོ་མགོ་སེ་བ་ཞིག་བྱུང་ནས་ས་ཕྱོགས་འདི་ན་མི་གཅིག་ཀྱང་ཡོད་པ་མིན་དང་པོ་ཁྱེད་ག་ནས་བྱོན་ཟེར། ལོ་རྒྱུས་རྣམས་བཤད་པས། འདི་མཐའི་རྒྱ་མཚོའི་འགྲམ་ཡིན་སྡེ་དང་མི་གཅིག་ཀྱང་མེད། ང་ལ་བུ་མོ་གཅིག་ཡོད་པ་དང་མཉམ་དུ་ཨི་འདུག་ཟེར། ང་རྒྱལ་པོའི་བུ་ཡིན་ཀྱང་དེ་བས་ཐབས་མེད་སྙམ་ནས་མཉམ་དུ་བསྡད། ཡུན་རིང་སོང་ནས་བུ་བུ་མོ་གཉིས་ཀྱང་བྱུང་། རེ་ཞིག་ན་རྒན་མོ་ཤི་བའི་རོ་རི་ལ་བསྐྱལ་དུ་སོང་ཙ་ན། བུད་མེད་དེ་ཡང་མའི་སེམས་


CMR054_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ཀྱིས་ཆུ་ལ་ལྕེབས་སོང་། དེ་ཨེ་ལོན་ལྟར་སོང་ཙ་ན། བུ་མོ་ཆུང་ངུ་ཡང་ལྕེབས་ནས་ཆུས་ཁྱེར་བྱུང་། དེ་འདོན་བསམ་ཙ་ན། བུ་ཆུང་དུ་བསྙལ་ནས་ཡོད་པ་སྤྱང་ཀིས་ཁྱེར་སོང་། སྡུག་དྲག་ནས་ངུ་ཞིང་བྲང་བརྡུངས་སྒྲ་འབལ་བས། རྒས་ནས་སྐྲ་ཡང་དཀར་པོར་གྱུར་འདུག །དེ་ཙམ་ན་སྒྱུ་མ་མཁན་གྱིས་སྒྱུ་མ་བཤིག་པས། རྒྱལ་བུ་ཡུས་ཀྱིས་མནངས་ནས་བློན་པོ་རྣམས་འདུས་དང་སྐྱིད་སྡུག་གི་ཟླ་བོ་བཤད་རྒྱུ་ཡོད་ཟེར། བློན་པོ་རྣམས་ཀྱིས་ཁྱེད་ལ་སྐྱིད་སྡུག་དེ་ཙམ་མ་བྱུང་། གདན་ཁྲི་ལས་མ་གཡོས། མདུན་དུ་གསོལ་བ་དྲངས་པ་རྣམས་མ་གྲང་པ་ཡོད་པ་འདི་ག་ལགས་ཞེས་སྨྲས་ཀྱང་མ་ཉན་པར། ལོ་རྒྱུས་རྣམས་ཞིབ་ཏུ་བཤད་ནས། ཅིས་ཀྱང་དགོས་པ་མི་འདུག་ཟེར་ནས་རྒྱལ་སྲིད་སྤངས་ཏེ་ཆོས་སྒོར་ཞུགས་སྐད། དཔེ་དེ་བཞིན་དུ་རྒྱལ་པོའི་བུ་ཁྲི་ལས་མ་གཡོས་བཞིན་དུ། སྒྱུ་མ་མཁན་གྱི་སྔགས་དང་རྫས་ཀྱི་ནུས་པས་འཁྲུལ་ནས། སྡུག་བསྔལ་ཡུན་རིང་དུ་མྱོང་བ་ལྟར། རང་རེ་སེམས་ཅན་རྣམས་ཀྱི་སེམས་ཉིད་བདེ་གཤེགས་སྙིང་པོ་ཡང་ངོ་བོ་ཆོས་སྐུ་ལས་མ་གཡོས་བཞིན་དུ། རང་ངོ་རང་གིས་མ་ཤེས་ཏེ་སྡིག་སྒྲིབ་སྣ་ཚོགས་


CMR054_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པའི་ནུས་པས། འཁོར་བར་འཁྱམས་ཤིང་སྡུག་བསྔལ་ཡུན་རིང་དུ་མྱོང་། རྒྱལ་བུ་སྒྱུ་མས་བསླུས་ཚེ་ཡང་ཁྲི་ལས་མ་གཡོས་པ་བཞིན་དུ་རང་རེ་རྣམས་འཁོར་བར་འཁྱམས་པའི་ཚེ་ན་ཡང་རྒྱུ་བདེ་གཤེགས་སྙིང་པོ་དེ་ངན་དུ་མ་སོང་སྟེ། དཔེར་ན་གསེར་ས་ལེ་སྦྲམ་ལྷད་མེད་པ་ལ། གསེར་མགར་མཁས་པས་ཁྱིའི་སྣོད་དང་། མི་གཙང་བ་ཕྱགས་པའི་གཡག་པ་བྱས་པས་མི་གཙང་བས་གོས་ན་བཙོག་པར་འགྱུར་ལ། དེ་བཤིག་ནས་གསེར་སྒ་དང་། རྣ་རྒྱན་དང་གདུག་གུ་མགུ་ཡ་སོགས་བྱས་ན་མཛེས་པའི་རྒྱན་དུ་འགྱུར་ལ། དེ་བཤིག་ནས་སངས་རྒྱས་ཀྱི་སྐུ་གཟུགས་བཞེངས་ནས་རབ་གནས་བྱས་ན་ཀུན་གྱི་ཕྱག་དང་མཆོད་པའི་གནས་སུ་འགྱུར་ཏེ། དེ་ལྟར་བཟོ་ཁྱད་ཀྱིས་བཟང་ངན་འབྲིང་གསུམ་དུ་བྱུང་ཡང་། ངོ་བོ་གསེར་ལས་འགྱུར་བ་མེད་པ་ལྟར། འཁོར་བར་འཁྱམས་པ་དང་། ས་ལམ་ཐོབ་པ་དང་། མཐར་ཐུག་སངས་རྒྱས་དུས་ཀྱང་སེམས་ཀྱི་ངོ་བོ་དེ་ལ་འགྱུར་བ་མེད་དེ། དཔེར་ན་རྡོ་ཕལ་པ་བསྲེགས་ཀྱང་དངུལ་མི་འབྱུང་བ་ལྟར། རྒྱུ་སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་ཀྱི་སྙིང་པོ་དེ་མེད་ན། ཆོས་བྱས་ཀྱང་འབྲས་བུ་སངས་རྒྱས་མི་འགྲུབ་


CMR054_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །ཞེས་གསུངས་སོ། །དངུལ་རྡོའི་ནང་དུ་དངུལ་ཡོད་པ་དེ་བཞུས་ན། དང་པོ་དངུལ་ཁྲབ་དང་། དེ་ནས་དངུལ་ལིང་མ་དང་། མཐར་རྒྱ་དངུལ་དུ་འགྱུར་བ་ལྟར། སེམས་ཅན་གྱི་རྒྱུད་ལ་བདེ་གཤེགས་སྙིང་པོ་ཡོད་པས། དེ་ཤེས་པར་བྱས་ནས་ཉམས་སུ་བླངས་ན་དང་པོ་ཉམས་རྟོགས་སྐྱེ། །རིམ་པར་ས་ལམ་བསྒྲོད། མཐར་སངས་རྒྱ་བ་ཡིན་ཏེ། ཟབ་མོ་ནང་དོན་ལས། དྲི་མེད་རྒྱལ་བའི་སྙིང་པོ་ནི། །མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་ལམ་ལ་གནས་པ་དང་། །དེ་བཞིན་གཤེགས་རྣམས་རིམ་པ་བཞིན། །གསུང་ཕྱིར་དེ་དོན་རྟོགས་པར་བྱ། །ཞེས་གསུངས། དེ་ལྟར་སེམས་ཉིད་འདི་ཨེ་ཡེ་གདོད་མ་ནས་ཆོས་སྐུའི་ངོ་བོར་བཞུགས་པས། དེ་ངོ་འཕྲོད་ངོ་ཤེས་ཐག་ཆོད་ནས། དེ་ལ་རེ་དོགས་ཀྱི་བཅོས་ལྷད་ཅི་ཡང་མི་བྱེད་པར་གང་ཤར་གྱི་ངོ་བོ་སྐྱོང་བ་དེ་རང་གིས་ཆོག་གོ །དཔེར་ན་བུ་རམ་ལ་ལྷ་གཟུགས། འདྲེ་གཟུགས་མི་གཟུགས་སྣ་ཚོགས་བཅས་ནས། རིམ་བཞིན་ཟོས་ན་གཟུགས་ཐ་དད་ཀྱང་བུ་རིམ་མངར་བ་རོ་གཅིག་པ་ལྟར། སེམས་


CMR054_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགེ་མི་དགེའི་རྟོག་པ་ཅི་སྐྱེས་ཀྱང་། དེའི་ངོ་བོ་ལ་བལྟས་པས་ཕྱག་རྒྱ་ཆེན་པོར་འཆར་ཏེ། བུ་རམ་གྱི་གཟུགས་ཐ་དད་པ་ཐམས་ཅད་མངར་བར་རོ་གཅིག་པ་དང་འདྲའོ། །ངོ་སྤྲོད་ཀྱི་རྒྱབ་ཆོས་ཚར་རོ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


CMR054_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

༼འ༽ །ཕྱག་རྫོགས་ཟུང་འཇུག་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་རྒྱབ་ཆོས་ལས་ངོ་སྤྲོད་ཚིག་ལྷུག་པ་བཞུགས་སོ། ། །


CMR054_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། ཕྱག་རྫོགས་ཟུང་འཇུག་གི་ཁྲིད་འདི་ཐོབ་པའི་ལ་དོན། སེམས་ངོ་ཤེས་པ་ཞིག་གལ་ཆེ། དེ་ལ་ངོ་སྤྲོད་དངོས་གཞིའི་སྐབས་སུ་སོང་མོད་ཀྱང་། གསར་བུ་རྣམས་ཀྱི་ད་རུང་ངོ་མ་འཕྲོད་དོགས་པ་དང་། ངོ་འཕྲོད་པ་རྣམས་ཀྱང་ངེས་ཤེས་བསྐྱེད་པའི་ཕྱིར། ངོ་སྤྲོད་ཚིག་ལྷུག་པོ་རྣམས་བཤད་ན་གོ་སླ་བས། སེམས་ངོ་ཤེས་པ་འདི་སྒྲིབ་པ་སྦྱོང་བའི་མཆོག་ཡིན་ཏེ། ཆོས་ཀྱི་རྒྱལ་པོའི་མདོ་ལས། སེམས་གཅིག་དང་གཉིས་སུ་མེད་པར་ཤེས་ན། དཔེར་ན་མེ་ལོང་གི་སྟེང་དུ་ལོ་སྟོང་


CMR054_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

གིས་རྡུལ་ཆགས་པ། གོས་ཀྱིས་ཕྱིས་པས་རྡུལ་མེད་པ་དང་འདྲའོ། །མཚུངས་སོ། །ཁང་སྟོང་གི་མུན་པ་ལོ་སྟོང་ལོན་པ་མར་མེ་གཅིག་གིས་བཏེགས་ནས་སེལ་བ་བཞིན་དུ། སེམས་ལ་ངོ་བོ་ཉིད་མེད་པ་ཡང་དག་པའི་བདེན་པ་ཤེས་པ་ཙམ་གྱིས། བསྐལ་པ་གྲངས་མེད་པར་བསགས་པའི་སྡིག་པ་སྐད་ཅིག་གིས་འདག་གོ །ཞེས་གསུངས་སོ། །སེམས་ངོ་རྒྱུན་དུ་སྐྱོང་ནུས་ན། མཚམས་དང་དབེན་པ་བརྟེན་པ་མ་བྱུང་ཡང་ཆོག་སྟེ། ཟླ་བ་སྒྲོན་མེའི་མདོ་ལས། སེམས་ཀྱི་རང་བཞིན་ཤེས་ན་ལུས་ཚོང་དུས་སུ་གནས་ཀྱང་། སེམས་དགོན་པ་ལ་གནས་པ་


CMR054_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕངས་ཀྱིས་དེ་བཞིན་གག་ཕྲུགས་རང་བའི་དྲི་མས་སྔ་ཉིང་འོད་གས་ཡིན་ཏེ། ལུས་ཀྱི་དགོན་པ་ན་སེམས་ཀྱི་སངས་རྒྱས་བཞུགས་ཞེས་པའོ། །ཞེས་གསུངས་སོ། །དེ་ཡང་སེམས་ངོ་རྟོགས་པའི་དཔེ་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་ཉི་མའི་སྙིང་པོའི་མདོ་ལས། དཔེར་ན་རིན་པོ་ཆེ་ལས་བྱས་པའི་དེ་བཞིན་གཤེགས་པའི་སྐུ་གཟུགས། རས་དྲི་མ་ཅན་གྱིས་དྲིལ་ནས་བྲན་མོའི་ཨམ་ཕྲག་ཏུ་བཅུག་ན་བྲན་མོའི་རྗེ་བོའི་ཨམ་ཕྲག་ནས་བཀྲོལ་ནས། རིས་དྲི་མ་ཅན་བོར་ནས། རིན་པོ་ཆེའི་སྐུ་གཟུགས་རིང་གིས་ཀྱང་མཆོད་གནས་བྱས་པ་ལ། གཞན་གྱིས་ཀྱང་ཚོགས་བསགས་པའི་རྟེན་དུ་འགྱུར་བ་བཞིན་དུ། དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཉིད་འོད་གསལ་བ་དེ། ཉོན་མོངས་པའི་དྲི་མས་སྦག་ནས་འཁོར་བའི་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་གནས་ཀྱང་མ་ཤེས་པ་ལ། རྗེ་བོ་དང་འདྲ་བའི་དགེ་བའི་བཤེས་ལ་གཉེན་བསྟེན་ནས། དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཉིད་འོད་གསལ་བ་དེ་རྟོགས་པར་བྱས་ན་རང་ཡང་འཁོར་བ་ལས་ཐར་ལ། གཞན་ཡང་གྲོལ་བར་བྱེད་དོ། །ཞེས་གསུངས་སོ། །བསམ་པ་རྣམ་པར་དག་པའི་མདོ་ལས། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དགེ་སློང་རྣལ་འབྱོར་ལ་སྤྱོད་


CMR054_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཏིང་ངེ་འཛིན་བསྒོམ་པའི་ཉམས་ཇི་ལྟར་ལགས། བཀའ་སྩལ་པ། དཔེར་ན་ཐབས་གང་གིས་མེ་བསད་ན། སྐར་ཁུང་གི་དུ་བ་ཆད་པ་བཞིན་དུ། །སེམས་རིག་པ་སྟོང་པར་ཤེས་ན། གཟུགས་སྣང་སྟོང་། སྒྲ་གྲག་སྟོང་། དྲི་ཚོར་སྟོང་། རོ་མྱོང་སྟོང་། རེག་རེག་སྟོང་གི་ཉམས་འབྱུང་ངོ་། །ཆུ་མ་རྙོག་ན་དྭངས། ནམ་མཁའ་མ་བསྒྲིབས་ན་གསལ། སེམས་མ་བཅོས་ན་བདེའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སེམས་ངོ་ཤེས་པའི་རྣལ་འབྱོར་པས། །ཇི་ལྟར་བྱས་ཀྱང་སྒོམ་པའི་ངང་། །གཉུག་མའི་དོན་ལ་གནས་པ་ཡིན། །ཏིང་ངེ་འཛིན་གྱི་ཉམས་སུ་བཤད། །ཅེས་གསུངས་སོ། །རྒྱལ་པོ་མི་གཡོ་བས་ཞུས་པའི་མདོ་ལས། སྣང་བ་གཅིག་གིས་ཞེན་འཛིན་མེད་པོར་རང་གསལ་ཙ་ན་སྣང་བ་རང་སར་དག་པ་ཡིན། དེ་ལས་གཞན་དུ་བསམ་མི་བྱ། ཞེས་གསུངས་སོ། །ཚངས་པས་ཞུས་པའི་མདོ་ལས། དྲན་པ་རྣམ་རྟོག་ཡིན་དང་ཚོར་བ་ཡིན་ཞེས་བསམ་མི་བྱ། །བསམ་མེད་ཡེ་ཤེས་ཡིན་གྱིས་མ་སྤང་གསལ་བར་ཞོག །དེ་ལས་གཞན་དུ་བོགས་མི་ཐོན། ཅེས་གསུངས། ངང་པ་གིར་ཡིན་གྱིས་ཞུས་པའི་མདོ་ལས། །


CMR054_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡེངས་ན་ཆོས་ཉིད་རང་གསལ་གྱི་དགོངས་པ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས། བྱམས་པས་ཞུས་པའི་མདོ་ལས། སྣང་བ་གཅེར་གྱིས་མཐོང་བ་དེ་ལ་མི་རྟོག་ཞོག དེ་ཙམ་ཉིད་ན་སྒོམ་པའི་མཆོག །ཅེས་གསུངས། བདེ་བ་བློ་གྲོས་ཀྱིས་ཞུས་པའི་མདོ་ལས། གང་ཡང་མི་བསམ་པ་ནི་སྒོམ་པ་ཆེན་པོར་བཤད། ཅེས་གསུངས། བྲམ་ཟེས་ཞུས་པའི་མདོ་ལས། ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་ཞེས་བྱ་བ་ནི། བྱིང་རྒོད་དང་བྲལ་བའི་རིག་པ་གཉུག་མ་ལ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རིག་པ་སྐྱེ་འགགས་མེད་པ་གཉུག་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས། དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས། རང་གི་ཡེ་ཤེས་ནི་གང་ལའང་མི་རྟོག་པ་ལ་ཤེས་པ་གསལ་བ་དེ་ཆོས་སྐུར་ངོས་འཛིན་པ་ཡིན་ནོ། །ཞེས་གསུངས། དྲིན་ལན་བསབ་པའི་ནང་ནས། ཡུལ་སེམས་ཀྱིས་ཕར་ལ་མི་དཔྱོད། ཡིད་ཀྱི་ཚུལ་ལ་མི་བསམ་པ་ནི། བསམ་གཏན་གྱི་མཆོག་ཡིན་ནོ། །ཞེས་གསུངས། རྒྱལ་པོ་བཀའ་སྩལ་གྱིས་ཞུས་པའི་མདོ་ལས། ལྟ་བ་ཞེས་བྱ་བ་ནི་རང་གི་སེམས་ལ་མི་སྤྱོད་པ་ཡིན་ཏེ། དོན་དེ་ཉམས་སུ་མྱོང་བའི་མཆོག་


CMR054_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ཞེས་གསུངས། བྲམ་ཟེ་ཚངས་པས་ཞུས་པའི་མདོ་ལས། ལྟ་སྒོམ་གཅིག་ཏུ་ཤེས་པ་འདི། གསལ་ལ་མི་རྟོག་པ་རྒྱུན་དུ་གནས་ཏེ། སངས་རྒྱས་ཀྱི་ཐུགས་དང་མཉམ་མོ། །ཞེས་གསུངས། བུ་མོ་རས་གོས་མས་ཞུས་པའི་མདོ་ལས། རང་སེམས་རང་གི་དོན་ལ་གནས་ན་ཚོགས་གང་ཡང་མ་བསགས་པར་སྒྲིབ་པ་བྱང་ནས་སྐྱེ་བ་གནས་སུ་མི་ལེན་པར། སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཀྱི་ས་ནོན་པར་ཐེ་ཚོམ་མེད་དོ། །ཞེས་གསུངས། རྒྱལ་པོ་བདེ་བས་ཞུས་པའི་མདོ་ལས། སེམས་ཀྱིས་སེམས་བལྟ་ཤེས་པ་ནི་རྣལ་འབྱོར་པའི་མཆོག་ཡིན་ནོ། །ཞེས་གསུངས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། སེམས་ལ་དངོས་པོར་མི་གསལ་བས། རིག་པ་རྒྱུན་མ་འགགས་ན་ཆོས་ཉིད་ལེགས་པར་ཤེས་པ་ཡིན། ཞེས་གསུངས། རྒྱལ་པོ་བདེ་བྱིན་གྱིས་ཞུས་པའི་མདོ་ལས། རང་གི་སེམས་ནི་མི་སྡུད་ནས་རང་ལུགས་སུ་བཞག་པ་ནི་སྒོམ་པའི་མཆོག་ཡིན་ནོ། །ཞེས་གསུངས་སོ། །ཚངས་པས་ཞུས་པའི་མདོ་ལས། སེམས་ལ་སེམས་མཉམ་པར་བཞག་སྟེ། སེམས་ཀྱིས་སེམས་མི་དམིགས་པའོ། །ཞེས་གསུངས། ནམ་


CMR054_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་དང་མཉམ་པའི་རྒྱུད་ལས། སེམས་ཐ་མལ་པའི་ལུས་བླངས་པའི་ཚེ། རང་སེམས་ཆོས་སྐུར་རྟོགས་པའི་མི་དེ་ནི། སྐྱེ་བ་དེ་ཉིད་ཀྱིས་སངས་རྒྱས་ཏེ་འོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། མ་རིག་པའི་རྩ་བ་ཆོད་པའི་ཕྱིར་རོ། །ཞེས་གསུངས་སོ། །ཡེ་ཤེས་མཁའ་འགྲོ་ལ་ཏེ་ལོ་པས་ཞུས་པ། སངས་རྒྱས་བྱ་བ་དེ་ཅི་ལྟ་བུ་ཞིག་ལགས། ཡེ་ཤེས་ཌཱཀྐི་མའི་ཞལ་ནས། ཏེ་ལོ་པ་སེམས་ཀྱིས་སེམས་ལ་བལྟས་ནས། ལྟ་བར་བྱེད་པའི་མཁན་པོ་ཡང་རང་གི་སེམས། ལྟ་རྒྱུ་ཡང་རང་གི་སེམས། དེ་ལྟར་སེམས་ལ་བལྟས་ཙ་ན། །ནམ་མཁའ་ལ་མཐོང་བ་མེད་པ་ལྟར། ལྟ་མཁན་དང་བལྟ་རྒྱུ་གཉིས་ཀ་དག་ནས་ས་ལེ་སིང་ངེ་བ་དེ་རྟོགས་པའི་དུས་ན། ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཡང་དེ་ཡིན། ལམ་དུ་ཞུགས་པའི་སངས་རྒྱས་ཡང་དེ་ཡིན། རྟོགས་པ་མངོན་གྱུར་གྱི་སངས་རྒྱས་ཡང་དེ་ཡིན། དེ་རྟོགས་ཙ་ན་སེམས་ལ་སྐྱེ་འཆི་མེད་པས། འཆི་བདག་གི་བདུད་བཅོམ། སེམས་ལ་རང་བཞིན་མེད་པའི་ཡེ་ཤེས་སུ་ཐག་ཆོད་པས། ལྷའི་བུའི་བདུད་བཅོམ། སེམས་ལ་ཕུང་པོའི་གནས་མེད་པས། ཕུང་པོའི་བདུད་བཅོམ། སེམས་ལ་ཉོན་མོངས་པ་མི་མངའ་


CMR054_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

བས། ཉོན་མོངས་པའི་བདུད་བཅོམ། དེ་ལྟར་བདུད་བཞི་བཅོམ་ཙ་ན། ཡུལ་སྣང་གི་རྟོག་པ་སྣ་ཚོགས་ཐམས་ཅད་རང་གི་སེམས་སུ་ཐག་ཆོད་ཙ་ན། །སེམས་སུ་ཐག་ཆོད་པའི་དུས་དེར། སེམས་སྐྱེ་འཆི་མེད་པའི་ཆོས་སྐུ་བྱ་བ་ཡིན་ནོ། །ཏེ་ལོ་པ་ཤེས་པར་གྱིས། ཞེས་གསུངས། ད་ལྟར་གྱི་ཤེས་པ་བཟོ་མེད་ཀྱི། ཡིད་བྱེད་དང་བྲལ་བའི་སྐད་ཅིག་མ་འདི་ནི་ཕྱག་རྒྱ་ཆེན་པོར་བཏགས་པ་དེ་ཡིན་ལ། དེ་ཉིད་དྲི་མས་མ་གོས་ལྟར། སྣང་ཡང་དུས་གསུམ་དུ་དྲི་མས་མ་གོས་པའོ། །ཤེས་པ་སྐད་ཅིག་མ་འདི་ངན་པ་དགག་པ་དང་། བཟང་པོ་བསྒྲུབ་ཏུ་མེད། བསྒྲོད་བྱའི་ལམ་མེད། ཉོན་མོངས་པ་མེད། དེ་གཞོམ་པའི་གཉེན་པོ་མེད་དོ། །དེ་དག་ཡོད་པ་མ་ཡིན་པས་བཙལ་ཡང་མི་རྙེད་དོ། །ད་ལྟར་གྱི་ཤེས་པ་སྐད་ཅིག་མ་འདི་ལ་ཐམས་ཅད་ཚང་བས་ན། འདི་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡིན་ཞེས་བཏགས་པའི་ཁ་ཚོན་བཅད་ཀྱང་རྒོལ་བ་མི་འབྱུང་ལ་བའོ། །ད་ལྟར་གྱི་ཤེས་པ་འདི་ནི་ཡོན་ཏན་ཐམས་ཅད་ཀྱི་གཞིའམ་རྟེན་ཡིན་པས། ཀུན་གཞི་བྱས་ཀྱང་འགལ་བ་མེད་དོ། །ད་ལྟར་གྱི་ཤེས་པ་འདི་ནི་སུས་ཀྱང་བྱས་པ་མ་ཡིན་


CMR054_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

པས་ན། ལྷུན་གྲུབ་བརྗོད་ཀྱང་འགལ་བ་མེད་དོ། །དོན་ལ་འདི་འདྲ་ཞེ་ན། གང་ཡང་ཡིད་ཀྱི་ཡུལ་དུ་བྱར་མེད་ལ། ཅིའི་དངོས་པོར་ཡང་མེད་པས་ན་གཉིས་སུ་མེད་པའོ། །ད་ལྟར་གྱི་ཤེས་པ་འདི་ནི་སྒྲོ་འདོགས་སྐུར་འདེབས་ཀྱི་གཞི་དང་བྲལ་ཏེ། ཆོས་དབྱིངས་སམ་སྐྱེ་འགགས་གནས་གསུམ་དང་བྲལ་ལམ། ཆོས་ཀྱི་སྐུ་ཆེན་པོ་ཉིད་དུ་གནས་པ་ཡིན་ནོ། །དོན་དེ་ཉིད་ལ་བརྟག་ན། སྐྱེ་བ་དང་གནས་པ་གང་། རང་བཞིན་གང་། རྣམ་པ་གང་། མིང་གང་། གཟུགས་གང་། རྣམ་པར་ཤེས་པ་གང་། སྣང་བ་གང་། སྟོང་པ་གང་། ཡོད་པ་གང་། མེད་པ་གང་། སངས་རྒྱས་གང་། སེམས་ཅན་གང་། རིག་པ་གང་། མ་རིག་པ་གང་། ལེགས་པར་བལྟས་ན་དེ་དག་ལ་ནི་མཐོང་རྒྱུའི་ཡུལ་དང་ཡུལ་ཅན་གང་ཡང་གང་གི་ཅིའི་རྣམ་པ་མཐོང་དུ་མེད་དེ། དེ་ལྟ་བུའི་མཐོང་བ་དེ་ནི་མཐོང་བ་ཆེན་པོའོ། །དེ་ཁོ་ན་ཉིད་མཐོང་བ་ཡིན་ཏེ། ཡོད་པ་ཞིག་མ་མཐོང་བ་ནི་མ་ཡིན་ནོ། །དེ་ལྟར་ཡང་། རབ་ཏུ་མི་གནས་པའི་རྒྱུད་ལས། འདི་ནི་ཕྱག་རྒྱ་ཆེན་པོ་སྟེ། །འདི་ནི་དྲི་མས་མ་གོས་པའོ། །འདི་ལ་དགག་དང་སྒྲུབ་པ་མེད། །།


CMR054_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དང་གཉན་པོས་རྙེད་པ་མེད། །འདི་ནི་སངས་རྒྱས་ཀུན་གྱི་སྐུ། །འདི་ནི་ཡོན་ཏན་ཀུན་གྱི་གཞི། །འདི་ནི་ལྷུན་གྱིས་གྲུབ་པ་སྟེ། །གང་ཡང་ཡིད་ལ་བྱར་མེད་ཅིང་། །ཅིར་ཡང་མེད་པའི་གཉིས་མེད་ནི། །འདི་ནི་སྒྲོ་སྐུར་བྲལ་བ་སྟེ། །ཆོས་སྐུ་ཆེན་པོ་ཉིད་དུ་གནས། །སྐྱེ་བ་དང་ནི་གནས་པ་དང་། །རང་བཞིན་འགོག་པ་བལྟས་བྱས་ན། །འདི་ལ་མཐོང་བ་ཅི་ཡང་མེད། །དེ་ཉིད་ཁོ་ན་མཐོང་བ་ཆེ། །ཞེས་གསུངས། དེ་ལྟ་བུའི་དོན་དེ་ནི་རང་གི་རྒྱུད་དག་པ་དང་། བླ་མ་ཁོ་ནའི་མཐུས་ངེས་པར་རྙེད་པ་ཡིན་ཏེ། དེ་ཉིད་ལས། གང་དང་བྱིན་གྱིས་བརླབས་པ་ཡིས། །བླ་མ་དང་ནི་འདི་རྙེད་འགྱུར། །ཞེས་གསུངས་སོ། །ཡང་ཐུགས་རྗེ་ཆེན་པོ་དོན་ཏྲིག་འགྲོ་བ་ཀུན་སྒྲོལ་རྒྱུད་ལས་དེ་ཉིད་དུས་གསུམ་རྩ་བ་བཅད། །སྒོ་གསུམ་མ་བཅོས་ཀློད་ལ་བསྒྲིམ།། །གཞི་མ་གསུམ་བྲལ་གཉུག་མ་དེ། །ཞི་གནས་ངང་ལ་ལྷག་མཐོང་སྐྱོང་། །ཞེས་པ་ནི་ཚིགས་སུ་བཅད་པ་གཅིག་བསྟན་ཏེ། དེ་ཡང་རང་གི་སེམས་དེ་དང་པོ་གང་ནས་བྱུང་། ད་ལྟ་གར་གནས། ཐ་མ་གར་འགྲོ་བལྟས་ཀྱང་ཐམས་ཅད་སྟོང་པ་ཉིད་དེ་གང་ཡང་མ་


CMR054_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ། དེ་ཀའི་ངང་ལས་ལུས་མ་གཡོས་པས། ངག་མི་སྨྲ་བར། སེམས་མ་བཅོས་པར་ཀློད་པར་བྱའོ། །དཔེར་ན་གླང་པོ་སྐྱོང་བའི་རྫི་བོས། གྲིམ་ཐལ་ན་གླང་པོ་ཁྲོ་ནས་བུའོང་། མ་བལྟས་ན་བྲོས་ནས་འགྲོ་བས། ཀློད་ནས་བསྒྲིམ་ཅིང་རྒྱངས་སོ་བྱེད་པ་ལྟར་རང་སེམས་ཡང་གྲིམ་ཐལ་ན། ངལ་དུབ་རྟོག་པ་འཕྲོ་ཞིང་། མ་བསྒོམ་ན་ཡང་བག་ཆགས་རང་གར་འགྲོ་བས། ཀློད་ཅིང་བསྒྲིམ་པར་བྱ་སྟེ། ཤེས་བཞིན་གྱི་བྱ་ར་བས་རིག་པ་ངོས་འཛིན་པར་བྱའོ། །དེ་ལྟར་མ་བཅོས་པར་བཞག་པའི་ཚེ། འདས་པའི་རྟོག་པ་དང་། མ་འོངས་པའི་རྟོག་པ་དང་། ད་ལྟའི་རྟོག་པ་དང་། ཀུན་གཞི་མ་བཅོས་པ་དང་བཞི་ལས། གོང་མ་གསུམ་གྲོལ་ནས། མ་བཅོས་པར་གནས་པའི་ཞི་གནས་དང་། དེ་ལ་ཉམས་ཟག་མེད་ཀྱི་ཡེ་ཤེས་གསར་དུ་སྐྱེས་པའི་ལྷག་མཐོང་ལ་ཞེན་མེད་དུ་སྐྱོང་བར་བྱའོ། །ཞེས་གསུངས། དེ་བཞིན་དུ་ཐུགས་རྗེ་ཆེན་པོ་འོད་ཆོག་གི་ཁྲིད་གཞུང་ལས། །རྣམ་རྟོག་རང་གི་སེམས་སུ་ཤེས། །སེམས་ལ་ཤར་བས་སེམས་སུ་གྲོལ། །སེམས་ཀྱིས་བྱས་པར་ཤེས་ནས། སེམས་སུ་རིག་ཅིང་ཇི་ལྟར་ཤར་ཡང་དགག་སྒྲུབ་མེད་པར་རང་གི་


CMR054_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སུ་ཤེས་པ་ནི་མ་རིག་རིག་པའི་སྤྲུལ་སྐུར་ཤར་བ་ཡིན་ཏེ། །ཅུང་ཟད་བདེ་སངས་སྟོང་ཕྱམ་པ་འོང་། །ཡེ་ནས་ཡིན་པའི་གནས་ལུགས་ཐ་མལ་གྱི་ཤེས་པ་མ་ཡེངས་མ་བཅོས་པ་དེ་ལ། སྟོང་པ་ཉིད་ལ་དངོས་པོར་འཛིན་རྒྱུ་མེད་བཞིན་དུ། སྟོང་ཉིད་རང་གི་རང་གསལ་འཛིན་མེད་དུ་ལོངས་སྤྱོད་དུ་བྱུང་བས་རིག་པའི་ཡེ་ཤེས་ལོངས་སྤྱོད་རྫོགས་པར་ཉམས་སུ་མྱོང་བ་ཡིན་ནོ། །ཕྱིའི་རྣམ་རྟོག་ཐམས་ཅད་རང་སེམས་སུ་རྟོགས། ནང་གི་སེམས་ཉིད་དངོས་མེད་སྟོང་པར་རྟོགས། བར་གྱི་ཉམས་མྱོང་བདེ་བ་ཆེན་པོར་རྟོགས། ཕྱི་ནང་བར་གསུམ་ཐ་དད་མ་བྱུང་བར་གཅིག་ཏུ་གྲོལ་ནས། གཅིག་པོ་དེ་ཡང་གཅིག་དང་མི་གཅིག །ཕྱི་ནང་ཕྱོགས་རིས་མེད་པའི་མཐའ་བྲལ་ཀུན་ལ་ཁྱབ། དངོས་མེད་རང་གསལ་རིག་པའི་ངོ་བོ་གཅེར་བུར་རྟེན་མེད་ཇི་ལྟར་བྱས་ཀྱང་གསལ་འགྲིབ་མེད་པར་ལྷག་གེ་བ་འདི་ཆོས་སྐུ་ཡིན། ཅེས་གསུངས། ཨོ་རྒྱན་རིན་པོ་ཆེ་པདྨ་འབྱུང་གནས་ལ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཞུས་པ། སློབ་དཔོན་ཆེན་པོ་ལགས། རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་སྒྲུབ་པར་བྱེད་པ་ལ། དང་པོ་ཁོ་ནར་རྟོགས་པའི་ལྟ་བ་


CMR054_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

གཅེས་པར་གདའ་བས། རྟོགས་པའི་ལྟ་བ་དང་ལྡན་པ་གང་ལགས་ཞུས་པས། སློབ་དཔོན་གྱིས་གསུངས་པ། ལྟ་བ་ཐམས་ཅད་ཀྱི་ཡང་རྩེ། སྙིང་པོ་བྱང་ཆུབ་ཀྱི་མན་ངག་ཡིན་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོ་ཐམས་ཅད་དང་། དུས་གསུམ་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་དང་། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དོན་གཅིག་སྟེ། སྙིང་པོ་བྱང་ཆུབ་ཀྱི་སེམས་ལ་འདུས་སོ། །དེ་ལ་སེམས་ཞེས་བྱ་བ་ནི་མ་བྱས་པ་སྣ་ཚོགས་སུ་འབྱུང་བའོ། །འོ་ན་སངས་རྒྱས་དང་སེམས་ཅན་ལ་ཁྱད་ཅི་ཡོད་ན། སེམས་རྟོགས་མ་རྟོགས་ལས་མེད་དེ། སངས་རྒྱས་རང་ལ་ཡོད་ཀྱང་ངོ་མ་ཤེས། སེམས་ངོ་མ་ཤེས་པས་རྒྱུད་དྲུག་ཏུ་འཁྱམས་པ་ཡིན། འོ་ན་སེམས་རྟོགས་པར་བྱེད་པའི་ཐབས་ཅི་ཡོད་ན། དེ་ལ་བླ་མ་དམ་པའི་གདམས་ངག་དགོས་གསུངས། དེ་ཡང་སེམས་ཞེས་བྱ་བ་དྲན་ཞིང་རིག་པ་ཉམས་སུ་མྱོང་བ་ཞིག་ཡོད་དེ། སེམས་དེ་ཕྱི་རུ་མ་ལྟ་ནང་དུ་ལྟོས།། སེམས་ཀྱིས་སེམས་ཚོལ། སེམས་ཀྱིས་སེམས་ཉིད་གཏན་ལ་ཕོབ། སེམས་དང་པོ་གང་ནས་བྱུང་། ད་ལྟ་གང་ན་གནས། ཐ་མ་གང་དུ་འགྲོ་བ་ལྟོས། དེ་ལ་རང་གི་སེམས་


CMR054_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་རང་གིས་བལྟས་པས། བྱུང་ས་གནས་ས་འགྲོ་ས་མ་རྙེད། དཔེ་འདི་འདྲ་བ་ཞེས་ངོ་བོ་མཚོན་དུ་མེད་པས། སེམས་དེ་ལ་ཕྱི་ནང་དང་ལྟ་མཁན་དང་ལྟ་བྱེད་མེད་པས། མཐའ་དབུས་དང་བྲལ་བའི་ཡེ་ཤེས་ཆེན་པོ་ཡེ་ཤེས་སྟོང་པ་ཆེན་པོ། ཡེ་བྲལ་ཁྱབ་གདལ་ཆེན་པོ། ཡེ་ཤེས་རང་ལུགས་སུ་རང་ལ་གནས་པ་དེ། དེ་བྱས་པ་ལྟ་བུ་མ་ཡིན་ཏེ། ཡེ་ཤེས་དེ་ཉིད་དུ་རང་ལ་གནས་པ་དེ་ངོ་ཤེས་པ་དེ་ལྟ་བ་ཡིན་པ་ལ་ཆད་ཀྱིས་ཆོད་ཅིག་གསུངས། དེ་ལ་རྟེན་དང་བརྟེན་བཅའ་བ་ཞེས་བྱ་བ་ནི་ནམ་མཁའ་དང་འདྲ་བ་སྟེ། ཡེ་ནས་ལྷུན་གྱིས་གྲུབ། ཉི་མ་དང་འདྲ་སྟེ་མ་རིག་པའི་མུན་པའི་གཞི་མེད། པདྨ་དང་འདྲ་སྟེ་སྐྱོན་གྱིས་མ་གོས། གསེར་དང་འདྲ་སྟེ་ཆོས་ཉིད་དོན་ལས་མི་འགྱུར། །རྒྱ་མཚོ་དང་འདྲ་སྟེ་གཡོ་འགུལ་མེད། ཆུ་བོ་དང་འདྲ་སྟེ་རྒྱུན་ཆད་མེད། གནས་པ་དང་འདྲ་སྟེ་འདུ་འབྲལ་མེད། རི་རབ་དང་འདྲ་སྟེ་འཕོ་འགྱུར་མེད། དེ་ལྟ་བུའི་དོན་དེ་རྟོགས་ནས་བརྟན་པའི་དུས་ན། རྟོགས་པ་དང་ལྡན་པ་ཡིན་ནོ་གསུངས། ཡང་ཨོ་རྒྱན་རིན་པོ་ཆེས་རྗེ་འབངས་རྣམས་ལ་ངོ་སྤྲོད་གསུངས་པ། ཇོ་མོ་ལ་གདམས་པ། དད་པ་


CMR054_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཉོན་ཅིག་སེམས་ལ་ངོ་བོ་མེད་པ་ཡིན་པས། རྣལ་མ་མ་བཅོས་པ་ལྷུན་གྱིས་གྲུབ་པའི་ངང་དུ་བསྒོམ་དུ་མེད་པའི་ངང་དུ་མ་ཡེངས་པར་ཞོག་ཅིག །དེའི་ངང་ལ་གནས་པས་སེམས་ཉིད་རང་བཞིན་གྱིས་གྲོལ་བར་འགྱུར་རོ། །སངས་རྒྱས་པ་ཡིན་ནོ། །ཞེས་གསུངས་པས་མཚོ་རྒྱལ་དེ་ཉིད་དུ་གྲོལ་བར་འགྱུར་རོ། །གླང་དཔལ་གྱི་སེང་གེ་ལ་གདམས་པ། རིགས་ཀྱི་བུ་ཉོན་ཅིག །ཆོས་ཐམས་ཅད་རང་གི་སེམས་ཉིད་ཡིན། ལོགས་ནས་འབྱུང་བ་མེད། སེམས་ལ་རང་བཞིན་མེད་པས་སྨྲ་བསམ་བརྗོད་བྱ་ལས་འདས། བཟང་ངན་བླང་དོར་དང་དགག་སྒྲུབ་དང་ཕྱོགས་རིས་མེད་པར་མ་བཅོས་པའི་ངང་དུ་ལྷན་ནེ་ཞོག་ཅིག །དེའི་ངང་ལ་ལུས་སེམས་བདེ་ལ་ཤེས་པ་སྐྱེ་འགགས་མེད་པ་འབྱུང་བས། དེ་དྲོད་ཚད་ཡིན་པས། དེའི་ཚེ་སངས་རྒྱས་ཀྱི་དགོངས་པ་ལ་སླེབས་པ་ཡིན་ནོ། །ཞེས་གསུངས་པས། གླང་དཔལ་གྱི་སེང་གེ་ཡང་གྲོལ་བར་གྱུར་ཏོ། །བཻ་རོ་ཙཱ་ན་ལ་གདམས་པ། །རིགས་ཀྱི་བུ་ཉོན་ཅིག །ཆོས་ཐམས་ཅད་སེམས་ལས་བྱུང་། སེམས་ངོས་བཟུང་མེད་པ། མཐའ་དང་དབུས་མེད་པ་འདུ་འབྲལ་མེད་པ། མ་བཅོས་མཉམ་པ་ཆེན་པོའི་ངང་དུ་


CMR054_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་ཞོག་ཅིག །དེ་ལྟར་བསྒོམས་པས་རྣམ་རྟོག་ཡེ་ཤེས་སུ་འཆར་སངས་རྒྱས་པ་དེ་ཉིད་ཡིན་ནོ། །ཞེས་གསུངས་པས། བཻ་རོ་ཙཱ་ན་གྲོལ་བར་གྱུར་ཏོ། །གནུབས་ནམ་མཁའི་སྙིང་པོ་ལ་གདམས་པ། ནམ་མཁའི་སྙིང་པོ་ཉོན་ཅིག །སེམས་སྤྲོས་པ་བྲལ་བ། ང་བདག་མེད་པར་རང་བྱུང་རང་ཞི་བཅོས་ལྷད་མེད་པའི་ངང་དུ་ཞོག་ཅིག །དེའི་ངང་དུ་གནས་པས་དྲོད་ཚད་ཤུགས་ལས་འབྱུང་སྟེ། སངས་རྒྱས་པ་དེ་ཉིད་ཡིན་ནོ། །ཞེས་གསུངས་པས་ནམ་མཁའི་སྙིང་པོ་གྲོལ་བར་གྱུར་ཏོ། །ཀུ་མཱ་ར་ལ་གདམས་པ། ཛྙཱ་ན་ཉོན་ཅིག །སེམས་དང་པོ་རྒྱུས་མེ་བསྐྱེད། ཐ་མ་རྐྱེན་གྱིས་མི་འཇིག་བྱ་རྩོལ་དང་བྲལ་བ་བརྗོད་དུ་མེད་པ། མ་སྐྱེས་པའི་ངང་ལ་གནས་པར་གྱིས་ཤིག །དེའི་དུས་སུ་པའི་འབྲས་བུ་མ་བཙལ་བར་རང་ལ་རྙེད་དོ། །དེ་ལས་སངས་རྒྱས་ལོགས་ན་མེད་ཅེས་གསུངས་པས། ཀུ་མཱ་ར་གྲོལ་བར་གྱུར་ཏོ། །ངན་ལམ་རྒྱལ་བ་མཆོག་དབྱངས་ལ་གདམས་པ། རྒྱལ་བ་མཆོག་དབྱངས་ཁྱོད་ཉོན་ཅིག །རིག་པ་བྱང་ཆུབ་ཀྱི་སེམས་བསྒོམ་དུ་མེད་པ་བསམ་དུ་མེད་པ། སྤྲོ་བསྡུ་མེད་པ་དབང་པོ་རང་ཡན་རྣམ་རྟོག་རང་ཞིར་ཞོག་ཅིག །


CMR054_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ངང་ལ་དྲན་པ་རང་ཞི། སེམས་རང་ལས་བྱུང་། སངས་རྒྱས་དེ་ཉིད་དུ་ཐོབ་པར་འགྱུར་རོ། །ཞེས་གསུངས་པས། རྒྱལ་བ་མཆོག་དབྱངས་དེ་ཉིད་དུ་གྲོལ་བར་གྱུར་ཏོ། །སྣ་ནམ་རྡོ་རྗེ་བདུད་འཇོམས་ལ་གདམས་པ། རྡོ་རྗེ་བདུད་འཇོམས་ཉོན་ཅིག །རིག་པ་བྱང་ཆུབ་ཀྱི་སེམས་ཡེ་ནས་རང་བྱུང་། ཡེ་ནས་རང་གནས་མཐའ་དབུས་མེད་པ་འདི། །མ་བཅོས་རང་བྱུང་རང་གསལ་གཞི་མ་གྲུབ་པར་ཞོག་ཅིག །དེ་ལྟར་བཞག་པ་དང་། ཡིད་ཀྱི་གཡོ་བ་དང་བྲལ་བར་གྱུར་ཏེ་དེ་ཁོ་ན་ཉིད་སངས་རྒྱས་པ་ཡིན་ནོ། །ཞེས་གསུངས་པས་རྡོ་རྗེ་བདུད་འཇོམས་གྲོལ་ཏེ་གྲུབ་པ་ཐོབ་བོ། །དཔལ་ཡེ་ཤེས་དབྱངས་ལ་གདམས་པ། ཡེ་ཤེས་དབྱངས་ཉོན་ཅིག །སེམས་ལ་གཟུང་འཛིན་མེད་པས་གཡོ་འགུལ་མེད་པ་བྱ་བཙལ་མེད་པ། རེ་དོགས་མེད་པ། སྤྲོ་བསྡུ་མེད་པ། བཅོས་སུ་མེད་པའི་ངང་ལ་ཞོག་ཅིག །དེའི་དོན་ལ་མ་ཡེངས་པ་ནི་སངས་རྒྱས་པ་ཡིན་ནོ། །ཞེས་གསུངས་པས་གྲོལ་བར་གྱུར་ཏོ། །སོག་པོ་ལྷ་དཔལ་གྱི་ཡེ་ཤེས་ལ་གདམས་པ། ལྷ་དཔལ་གྱི་ཡེ་ཤེས་ཉོན་ཅིག །བྱང་ཆུབ་ཀྱི་སེམས་བྱེད་པ་མེད་པས་མ་བཙལ་རང་བྱུང་། རྩོལ་སྒྲུབ་


CMR054_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་རང་གསལ་མ་བཅོས་པའི་ངང་ལ་ཞོག་ཅིག །དེའི་ངང་ལས་གཡོ་འགུལ་རྒྱུན་ཆད་པར་འགྱུར་རོ། །དེའི་དུས་ན་སངས་རྒྱས་པར་ཤེས་པར་གྱིས་ཤིག །ཅེས་གསུངས་པས་དཔལ་གྱི་ཡེ་ཤེས་གྲོལ་ལོ། །ཞང་ཡེ་ཤེས་སྡེ་ལ་གདམས་པ། ཡེ་ཤེས་སྡེ་ཉོན་ཅིག །སེམས་འདི་ལ་དགག་སྒྲུབ་མེད་པ། བྱ་བྱེད་གཟུང་འཛིན་མེད་པ། བཅོས་མ་དང་རྩོལ་བ་མེད་པ། བླང་ཞིང་དོར་དུ་མེད་པར་ཞོག་ཅིག །དེའི་ངང་ལས་མ་ཡེངས་པར་བཞག་ན་སངས་རྒྱས་དེ་ཉིད་ཡིན་ནོ། །ཞེས་གསུངས་པས་ཡེ་ཤེས་སྡེ་གྲོལ་བར་གྱུར་ཏོ། །མཁར་ཆེན་དཔལ་གྱི་དབང་ཕྱུག་ལ་གདམས་པ། དཔལ་གྱི་དབང་ཕྱུག་ཉོན་ཅིག །སེམས་ཡེ་ནས་དངོས་པོ་མེད་པ་བསྒོམ་དུ་མེད་པ། བློ་ལ་མ་གྲུབ་ཅིང་མ་བཅོས་པ། རང་བྱུང་རང་གསལ་དུ་ཞོག་ཅིག །དེའི་ངང་ལ་གནས་ནས་འཁོར་བ་མ་སྤང་བར་སངས་རྒྱས་པ་ཡིན་ནོ། །ཞེས་གསུངས་པས། དཔལ་གྱི་དབང་ཕྱུག་གྲོལ་བར་གྱུར་ཏོ། །འབྲོམ་རྒྱལ་བའི་བློ་གྲོས་ལ་གདམས་པ། སེམས་འདི་བསམ་དུ་མེད་ཅིང་དམིགས་སུ་མེད་པས། ཡོད་མེད་རྟག་ཆད་ལས་འདས་པ། བསྒོམ་བྱ་སྒོམ་བྱེད་མེད་པར་


CMR054_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཞོག་ཅིག །དེའི་ངང་ལས་མ་གཡོས་ཤིང་མ་འགྱུར་ན་ཆོས་སྐུ་ཞེས་དེ་ལ་བྱའོ། །ཞེས་གསུངས་པས་གྲོལ་བར་གྱུར་ཏོ། །འོད་དཔལ་གྱི་ཆུང་བ་ལ་གདམས་པ། སེམས་ལ་ཤེས་པ་ཤེས་བྱེད་མེད་པ། འཛིན་པ་དང་སྨོན་བྱེད་མེད་པ། གསལ་བ་རང་བཞིན་མེད་པའི་ངང་ལ་ཞོག་ཅིག །དེ་ལ་ཤེས་པ་མི་རྟོག་མི་འགྱུ་ན། སངས་རྒྱས་ཞེས་དེ་ལ་བྱའོ། །ཞེས་གསུངས་པས་གྲོལ་ལོ། །དྲན་པ་ནམ་མཁའ་ལ་གདམས་པ། སེམས་འདི་སྣང་ལ་རང་བཞིན་མེད། གསལ་ལ་རྟོག་པ་མེད། བསམ་ཞིང་བརྗོད་དུ་མེད། ཉམས་རྟོགས་ཡིད་ཀྱི་གཡོ་བ་དང་བྲལ་བར་ཤོག་ཅིག །དེའི་དོན་ལ་གནས་པ་ནི་ལུས་མིར་འདུག་ཀྱང་སེམས་སངས་རྒྱས་པ་ཞེས་བྱའོ། །ཞེས་གསུངས་པས་དྲན་པ་ནམ་མཁའ་གྲུབ་པ་ཐོབ་འོ་བྲན་དཔལ་གྱི་དབང་ཕྱུག་ལ་གདམས་པ། བྱང་ཆུབ་ཀྱི་སེམས་སྣང་ལ་སྟོང་པ། སྟོང་པ་འོད་གསལ་བ། བཅས་བཅོས་བསྒོམ་དུ་མེད་པ། རང་བྱུང་ཡེ་ཤེས་ཆེན་པོའི་ངང་དུ་ཞོག་ཅིག །དེ་ལས་མ་འགྱུར་བ་ནི་སངས་རྒྱས་པ་ཞེས་བྱའོ། །ཞེས་གསུངས་པས་གྲོལ་བར་གྱུར་ཏོ། །རྨ་རིན་ཆེན་མཆོག་ལ་གདམས་པ། སེམས་ངོ་བོ་ཅི་ཡང་མ་


CMR054_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ། བཞག་ཅིང་བསྒོམ་དུ་མེད་པ། མ་བཅོས་རང་བྱུང་སོ་མ་རང་། ཡེ་ནས་ལྷུན་གྱིས་གྲུབ་པའི་ངང་དུ་ཞོག་ལ་ལྷན་ནེ་སྒོམས་ཤིག །དེའི་ངང་ལས་ཡིད་གཡོ་འགུལ་དང་བྲལ་བར་འགྱུར་ཏེ། དེ་ལས་འབྲས་བུ་གཞན་མེད་དོ། །ཞེས་གསུངས་པས་གྲུབ་པ་ཐོབ་བོ། །གནུབས་སངས་རྒྱས་ཡེ་ཤེས་ལ་གདམས་པ། བྱང་ཆུབ་ཀྱི་སེམས་སྣང་ལ་སྟོང་པ་སྣང་སྟོང་དབྱེར་མེད་པའི་ངང་། རིག་སྟོང་དབྱེར་མེད་པའི་ངང་ལ་ཞོག །བསམ་དུ་མེད་པའི་ངང་ལེ་མ་ཡེངས་པར་ཞོག་ཅིག །དེའི་ངང་ལ་གནས་པ་ལ་ཆོས་སྐུ་ཞེས་དེ་ལ་བྱའོ། །ཞེས་གསུངས་པས་སངས་རྒྱས་ཡེ་ཤེས་གྲོལ་ལོ། །ལང་གྲོ་དཀོན་མཆོག་འབྱུང་གནས་ལ་གདམས་པ། སེམས་ཉིད་དངོས་པོ་མེད་པ་གདོད་ནས་རྣམ་པར་དག་པ། རང་བཞིན་གྱིས་སྟོང་ཞིང་བཅོས་སུ་མེད་པ། བསྒོམ་བྱ་དང་སྒོམ་བྱེད་མེད་པའི་ངང་དུ་ཞོག་ཅིག །དེ་ཁོ་ནས་འབྲས་བུ་སངས་རྒྱས་ཐོབ་པ་ཡིན་ནོ། །ཞེས་གསུངས་པས་གྲོལ་ལོ། །ལ་གསུམ་རྒྱལ་བ་བྱང་ཆུབ་ལ་གདམས་པ། སེམས་ཉིད་སྐྱེ་འགགས་མེད་པ་དངོས་པོ་དང་མཚན་མ་དང་བྲལ་བ། རང་བཞིན་སྟོང་པ་གསལ་ལ་མ་


CMR054_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་པ། དེ་ཉིད་ཀྱི་དོན་ལ་མ་ཡེངས་ན་དེ་ལ་སངས་རྒྱས་ཞེས་བྱ་སྟེ། ཆོས་ཀྱི་སྐུའི་དགོངས་པ་ཡིན་ཞེས་གསུངས་པས་རྒྱལ་བ་བྱང་ཆུབ་གྲོལ་བར་གྱུར་ཏོ། །ཨོ་རྒྱན་རིན་པོ་ཆེའི་གསང་སྔགས་ལམ་རིམ་ལས། བཞག་ཐབས་སེམས་ཀྱི་གནད་གསུམ་ནི། ཐ་མལ་དུ་མ་ཡེངས། རྟོག་པ་མི་འགྱུས། ཡིད་ཀྱིས་བཟོ་མ་བྱས་པར། ཤེས་པ་རང་ལུགས་སུ་ཕྱམ་མེར་བཞག་གོ །དེས་བསྒོམ་རང་བབས་སུ་འོང་ལ། ཡེངས་བ་དང་འགྱུས་ན་བསྒོམ་མི་སྐྱེའོ། །གཉིས་པ། བསྒོམ་སྐྱེས་པ་རང་གི་ངོ་བོ་ནི། དེ་ལྟར་རང་ལུགས་སུ་བཞག་པས། རྣམ་རྟོག་ཕྲ་རགས་ཐམས་ཅད་རང་སར་ཉལ། ཞི་ནས་རང་སར་ལྷན་ནེ་གནས་པ་འོང་ངོ་། །དེ་ལ་ཞི་གནས་ཟེར། དེའི་གདངས་མ་འགགས་པ་ཡུལ་མེད་རང་གསལ་དུ་རྗེན་ནེ་ལྷག་གེ་བ་ཞིག་འོང་། དེ་ཀ་ལ་ལྷག་མཐོང་ཟེར། དེ་གཉིས་ཤེས་པ་སྐད་ཅིག་དབྱེར་མེད་གཅིག་གི་ངོ་བོ་ཧྲིག་གེར་གནས་པ་ནའང་གཅིག་འོང་། དེ་ཀ་ལ་ཞི་གནས་ལྷག་མཐོང་ཟེར་བ་ཡིན་ནོ། །དེ་ཡུལ་དུ་གནས་ན་ཉམས། ཡུལ་མེད་དུ་གནས་ན་གོ་བ། ཤེས་པ་དེའི་ངོ་བོར་ཧྲིག་གེར་འདུག་ན་རྟོགས་པ་ཡིན་ནོ། །དེ་དུས་གསུམ་


CMR054_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་དགོངས་པ་བྱ་བ་ཡིན་ནོ། །དེ་བླ་མའི་གདམས་ངག་ཁོ་ནས་བྱས་པ་མ་ཡིན། སློབ་མའི་ཤེས་རབ་ཆེན་པོས་འབྱུང་བ་མ་ཡིན། གནས་ལུགས་གཤིས་ཐོག་ཏུ་ཕེབ་པ་བྱ་བ་ཡིན་ནོ། །ཞེས་གསུངས་སོ། །ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་ལས། ལུས་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་བྱས་ལ། ཁྱུང་ཆེན་ནམ་མཁའ་ལ་ལྡིང་བ་བཞིན་དུ། མ་བཅོས་གཉུག་མའི་ངང་ལོ་རྩོལ་སྒྲུབ་མེད་པར་བཞག །རྒྱ་མཚོ་རླབས་དང་བྲལ་བ་བཞིན་དུ། །གཡོ་འགུལ་མེད་པར་བཞག །ཉི་མ་སྤྲིན་དང་བྲལ་བ་བཞིན་དུ། ཀུན་གསལ་མདངས་དང་ལྡན་པར་བཞག །ཆུའི་རླབས་བཞིན་དུ། བྱུང་ཚོར་ཐམས་ཅད་སེམས་སུ་ཤེས་པར་བྱས་ལ་བཞག །བུ་ཆུང་ལྷ་ཁང་ལ་ལྟ་བ་བཞིན་དུ། །གསལ་ཆ་མ་འགགས་པར་འཛིན་པ་མེད་པར་ཞོག །ནམ་མཁའ་ལ་བྱ་འཕུར་བ་བཞིན་དུ་རྗེས་མེད་པར་བཞག་གོ། །ཞེས་གསུངས། ཕྱག་རྒྱ་ཆེན་པོ་ཐོག་བབ་ལས། ལུས་རྣམ་སྣང་གི་ཆོས་བདུན་བྱས་ལ། ལུས་སེམས་ཁོང་ཀློད་ནས། འདིས་མ་འོངས་ད་ལྟ་དུས་གསུམ་གང་ཡང་ཡིད་ལ་མི་བྱེད་པར། སེམས་མ་བཅོས་པའི་ངང་ལ་བཞག་པས། །


CMR054_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སྔ་མ་འདས། ཕྱི་མ་མ་སྐྱེས་པའམ། ད་ལྟའི་ཤེས་པ་འདི་ཉིད་གསལ་སྟོང་སྤྲོས་བྲལ་ནམ་མཁའ་ལྟ་བུར་གནས་ཏེ། །དེ་ཀ་མ་འཁྲུལ་པའི་ཤེས་པ་ཞེས་བྱ། སེམས་ཉིད་འོད་གསལ་ཞེས་བྱ། གཉུག་མ་ལྷན་ཅིག་སྐྱེས་པའི་བདེ་བ་ཞེས་བྱ། ཆོས་སྐུ་བདེ་བ་ཆེན་པོ་ཞེས་བྱ། དེ་ཉིད་ངོ་ཤེས་པའི་ངང་ལས་མ་བཅོས་རྩོལ་སྒྲུབ་དང་བྲལ་བར་ཐོག་བབས་སུ་བཞག་པའོ། །འཁྲུལ་པའི་ཤེས་པ་ལ་བལྟས་ནས་བཞག་པ་ནི། དགེ་མི་དགེ་ལུང་མ་བསྟན་གྱི་རྣམ་རྟོག་གང་བྱུང་བྱུང་ལ། ཤེས་རབ་ཀྱི་མིག་གིས་གཅེར་གྱིས་བལྟས་ལོ་བཞག །མཐོང་ཚད་ནི་རྣམ་རྟོག་ཞི་བའི་རྗེས་ལ་སེམས་མེད་པ་མ་ཡིན། སེམས་ཀྱི་ངོ་བོ་སྟོང་གསལ་དྭངས་སེང་བ་ཡེ་རེ་འདུག་པ་སྟེ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའོ། །ངོ་བོ་ཅི་མཐོང་ན་སེམས་མཐོང་། སེམས་དེ་རྟོགས་ན་སངས་རྒྱས་སོ། །ཇི་ལྟར་མཐོང་ན་ཐོག་མ་མེད་པ་ནས་འདུ་འབྲལ་མེད་ཅིང་། ཆོས་ཐམས་ཅད་ཁྱབ་པ་དབང་པོ་དྲུག་གི་སྤྱོད་ཡུལ་ལས་འདས་ཤིང་། ཁ་དོག་དང་དབྱིབས་ལ་སོགས་གང་ཡང་མ་གྲུབ་པར་མཐོང་ངོ་། །འཁྲུལ་པ་དང་མ་འཁྲུལ་པ་གཉིས་སུ་མེད་པར་ངོ་སྤྲད་པ་ནི། རྣམ་


CMR054_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་གང་ཤར་ཤར་ལ་ཤེས་རབ་ཀྱི་མིག་གིས་ཅེར་རེ་བལྟས་པས། །ངོས་བཟུང་ཅི་ཡང་མི་འདུག །རྣམ་རྟོག་འགྱུ་སྟོང་དུ་འདུག །འགྱུ་སྟོང་དེ་ལ་ཡང་སེམས་ཉིད་སྟོང་པའི་ངང་ལས་བྱུང་། སེམས་ཉིད་སྟོང་པའི་ངང་དུ་གནས། སེམས་ཉིད་སྟོང་པའི་ངང་དུ་ཞི། སེམས་ཉིད་སྟོང་པའི་ངང་ལས་མ་རྟོགས་པའི་རྣམ་རྟོག་ངན་པ་ཞིག་ལོགས་སུ་སྤང་དུ་མེད། རྒྱ་མཚོ་དང་རྦ་རླབས་ལྟར་དུ་འཁྲུལ་པ་དང་མ་འཁྲུལ་པའི་ཤེས་པ་ལ་ཐ་དད་པ་མེད་དོ། །དེ་ལྟར་རྣམ་རྟོག་གང་ཤར་ཤར་ལ་ཡང་ཐོག་བབས་སུ་ཅེར་གྱིས་བལྟས་ཤིང་། དེའི་ངང་ལ་མ་ཡེངས་པར་ཐོག་བབས་སུ་བཞག་གོ །ཞེས་གསུངས། སེམས་ཁྲིད་ཡིད་བཞིན་ནོར་བུ་ལས། མོ་ཡེངས་ལ་མི་བསྒོམ་པ། བཅུག་ཡག་ཏུ་ཀློད་དེ་བཞག་སྟེ། མ་ཡེངས་པ་ཞེས་པ། འདས་པ་ལ་ཡེངས་སུ་མི་འཇུག །མ་འོངས་པ་ལ་ཡེངས་སུ་མི་འཇུག །ད་ལྟ་བ་ལ་ཡེངས་སུ་མི་འཇུག་པའོ། །མི་བསྒོམ་པ་ཞེས་པ། །དམིགས་གཏད་ཀྱི་ངོས་བཟུང་གང་ཡང་མི་བྱེད་པའོ། །བཅུག་ཡག་ཅེས་པ། བློའི་རྩོལ་བ་ཐམས་ཅད་བོར་ནས་འཇོག་པའོ། །མ་ཡེངས་མི་བསྒོམ་པའི་ངང་ནས་རྟོག་པ་ཐོལ་


CMR054_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཐོལ་བྱུང་ན། རྟོག་པའི་རྗེས་སུ་ཡང་མི་འབྲང་བར་གང་ཤར་གྱི་རྟོག་པ་ལ་མ་ཡེངས་པའི་དྲན་པ་བརྟན། ཅེས་གསུངས། རྒྱལ་སྲས་ཐོགས་མེད་པའི་ཞལ་ནས། སེམས་རྟོག་མེད་ཀྱི་ངང་ལ་གསལ་སེང་ངེ་བ་དེའི་ངོ་བོ་ལ་བལྟས་ན། ཅིར་ཡང་མ་གྲུབ་པ་སྟོང་སེང་ངེར་གནས་པ་དེ་ལ། རིག་པ་གསལ་སྟོང་འཛིན་མེད་ཟེར་བ་ཡིན། དེ་དང་པོ་ནས་ཐམས་ཅད་ལ་ཡོད་མོད་ཀྱི་གཟུང་འཛིན་གྱི་རྣམ་པར་རྟོག་པས་བསྒྲིབས་ནས་ངོ་མ་ཤེས་པ་ཡིན། ཁྱེད་རང་ཉམས་ལེན་སྟོབས་ཀྱིས་ངོ་བོ་མཐོང་བ་ཡིན་པས། སེམས་ཀྱི་ངོ་བོ་སྟོང་པར་འདུག་པ། དེ་ལ་ལེགས་པར་སྒྲོ་འདོགས་ཆོད་པར་ལྟོས་མཛོད། ཡོན་ཏན་གྱི་འཆར་ཚུལ་གོང་ནས་གོང་དུ་འབྱུང་ཞིང་། མཆོག་གི་དངོས་གྲུབ་ཀྱི་རྒྱུར་གྱུར་པའི་ལམ་ཡིན་པས། །དགའ་བ་བསྒོམ་ཞིང་ཉམས་སུ་ལོངས་མཛོད། ཅེས་གསུངས། རྒྱུ་སྟོན་པ་ཆོས་ཀྱི་བཟང་པོས་ཞལ་ནས། སྒོ་གསུམ་རྩོལ་མེད་ལྷུག་གེ་བཞག་པས་འདས་པའི་ཤེས་པ་འགགས། མ་འོངས་པའི་རྟོག་པ་མ་སྐྱེས་པའི་བར་དེར། སེམས་རྟོག་མེད་ས་ལེ་བ་དེ་ཀུན་གཞི་ཡིན། དེ་ལ་ཡེངས་མེད་དུ་བལྟ་བྱ་ལྟ་བྱེད་མེད་པར་ས་ལེ་ཧྲིག་གེ་བལྟས་པས་གསལ་སྟོང་སྤྲོས་


CMR054_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ངོས་བཟུང་ཐམས་ཅད་དང་བྲལ་བར་ཤར་ན་ངོ་འཕྲོད་པ་ཡིན། མ་ཤར་ན་མ་འཕྲོད་པ་ཡིན། དེ་ལྟར་བཞག་པས་རྣམ་རྟོག་ཐོལ་ཐོལ་གཟུང་འཛིན་ཙིར་ཙིར་བ་བྱུང་ན་འཁོར་བ་ཡིན་ཏེ། སྣང་སྲིད་ཐམས་ཅད་རྣམ་རྟོག་གི་ཆོ་འཕྲུལ་མིན་པ་མེད། རྣམ་རྟོག་དག་ནས་མྱང་འདས་ལོགས་སུ་ཚོལ་རྒྱུ་མེད་དེ་རང་སེམས་འོད་གསལ་སངས་རྒྱས་ཡིན་ནོ། །རྣམ་རྟོག་གང་ཤར་ལ་བལྟས་པས་གསལ་སྟོང་རྗེས་མེད་དུ་ཝལ་ཝལ་སོང་ན་དེ་མྱང་འདས་ཡིན། མྱ་ངན་འདས་པ་ཐམས་ཅད་རྣམ་རྟོག་ཡེ་ཤེས་སུ་འཆར་བ་ལས་ལོགས་སུ་མེད་དོ། །ཉམས་ལེན་ལ་དྲིལ་ན་རྣམ་རྟོག་བློས་སྒྲོ་བཏགས། སྔར་མ་སྐྱེས་པ་དང་། བར་དུ་མ་སྐྱེས་པ་དང་། ཐ་མ་གྲོལ་བ་གསུམ་ཀ་རང་བཞིན་མེད་པ། མ་བཅོས་རང་ལུགས་སུ་བཞག་ནས་གནས་ན་གནས་པའི་ངོ་བོ་ལ་བལྟ། འགྱུ་ན་འགྱུ་བའི་ངོ་བོ་ལ་ལྟ་བ་དེ་ལས་མེད་དོ། །བདེ་གསལ་གྱི་ངང་དུ་མ་ཡེངས་ཙམ་ས་ལེ་བ་དེ་ཉམས་ལེན་གྱི་ཐིལ་པོ་ཡིན། དེའི་ངང་དུ་བཞག་པ་ཡིན་པས་ཡོན་ཏན་རིམ་གྱིས་སྐྱེ་བ་ཡིན་པས་གོལ་ས་ཡོད་རུང་མེད་རུང་དེ་ལ་བསྐྱང་དགོས། ཉམས་བཟང་ངན་གང་ལ་ཡང་དགའ་སྡུག་མེད་


CMR054_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

པར་བློ་ཀློད་དེ་བྱས་ནས་བསྐྱང་དགོས། ལར་གྱི་བཟང་ཡག་འཛོམས་པའི་བསྒོམ་ལ། འདོད་འདུན་མི་བྱེད་པར་གང་བྱུང་ལ་སེམས་བསྲེ་ཞིང་གཉུག་བསྲིང་དགོས་པར་སྣང་། །སྐྱིད་སྡུག་ན་ཚ་རྐྱེན་གྱོད་གང་བྱུང་ཡང་དེ་ཉིད་ལ་གཅེར་གྱིས་ལྟ། རིག་པ་ཧུར་ཕྱུང་ཞིང་ལྟ། རེས་ཉན་རུང་མ་ཉན་རུང་། གཉུག་བསྲིང་ཞིང་བལྟས་པས། ཅི་ཞིག་ན་སེམས་བདེ་འབོལ་གྱིས་འགྲོ། དེས་མཚོན་པས་རྣམ་རྟོག་གང་བྱུང་མ་ཆུན་པ་དེ་ལ་དེ་ལྟར་བསྲེས་པས་བོགས་འོང་བ་ཡིན། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་རྒྱུད་ལས། དྲན་རྟོག་རང་གྲོལ་ཐུགས་སུ་ཁྱེར། ཅེས་པས། འདས་མ་འོངས་ད་ལྟར་གྱི་རྟོག་པ་གང་དྲན་ལ་ཡང་། དྲན་ཡུལ་དྲན་མཁན་རང་ཤར་དྲན་བདོ་ལ་སྟོང་སྟེ། རང་བཞིན་མེད་པོར་གྲོལ་བ་ནི་བདེ་གཤེགས་ཐུགས་ཏེ་ཆོས་རྣམས་དྲན་སྟོང་ཐུགས་ཀྱི་ལམ་ཁྱེར་རོ། །དེ་ནི་སེམས་ཀྱི་ངོ་སྤྲོད་ཚིག་ལྷུག་པར་བསྟན་པ་རྫོགས་སོ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


CMR054_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

༼ཡ༽ །ཕྱག་རྫོགས་ཟུང་འཇུག་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་རྒྱབ་ཆོས་ལས་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་བཞུགས་སོ། །


CMR054_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། རང་གི་སེམས་ཉིད་དང་རིག་པ་འདི་ཕྱག་རྒྱ་ཆེན་པོར་ངོ་སྤྱོད་པ་དེ། མདོ་རྒྱུད་གྲུབ་ཐོབ་རྣམས་ཀྱི་གསུང་རྣམས། ས་ཕག་ཏུ་གྲོས་བྱས་པ་ལྟར་གཅིག་པས། ངེས་ཤེས་བསྐྱེད་པར་བྱ་སྟེ། རིན་པོ་ཆེའི་ཕུང་པོའི་མདོ་ལས། སངས་རྒྱས་ཀུན་གྱི་གསང་བའི་དོན། །སྤྲོས་པ་གཅོད་ཅིང་དངོས་པོ་མེད། །རང་བཞིན་མེད་ཅིང་འགྱུར་བ་མེད། །རྣལ་འབྱོར་པ་ཡིས་ཤེས་པར་བྱ། །ཞེས་གསུངས། འདུས་པ་ཆེན་པོའི་མདོ་ལས། ཐམས་ཅད་ཆོས་ཉིད་ངང་དུ་རྫོགས། །དེས་


CMR054_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྫོགས་པ་ཆེན་པོ་ཡིན། །ཞེས་གསུངས། བདག་མེད་པས་དྲིས་པའི་མདོ་ལས། ཆོས་རྣམས་སྤྲོས་པ་ཀུན་དང་བྲལ། །དེ་ནི་ཐིག་ལེ་ཉག་གཅིག་ཡིན། །ཞེས་གསུངས། དཔུང་པ་བཀོད་པའི་མདོ་ལས། དང་པོ་མཁས་པས་མ་བྱས་པ། །དངོས་པོ་རང་བཞིན་མ་བཅོས་པ། །རྟོགས་ན་ཕྱག་རྒྱ་ཆེན་པོ་ཡིན། །ཞེས་གསུངས། དཔལ་འཇིགས་བྱེད་ཀྱི་རྒྱུད་ལས། །ཆོས་རྣམས་ཀུན་གྱི་རྩ་བ་ནི། །རང་གི་སེམས་ཉིད་མ་རྟོགས་ན། །ཐོས་བསམ་སྒོམ་པར་རབ་སྦྱངས་ཀྱང་། །འབྲས་བུ་ཐོབ་པར་མི་འགྱུར་ཏེ། །དམུས་ལོང་མིག་བུ་མེད་པ་འདྲ། །


CMR054_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་རང་སེམས་རྟོགས་པར་གྱིས། །ཞེས་གསུངས། ཐིག་ལེ་གཉིས་པའི་རྒྱུད་ལས། སེམས་ཉིད་རྟོགས་པའི་དོན་མེད་ན། །དཀྱིལ་འཁོར་མ་ལུས་བྲིས་ཀྱང་སངས་མི་རྒྱ། །ཞེས་གསུངས། རྡོ་རྗེ་གུར་གྱི་རྒྱུད་ལས། རྣལ་འབྱོར་འདི་ནི་སེམས་རྟོགས་མཆོག་རབ་སྟེ། །འདི་ལ་མ་བརྟེན་འབྱུང་བར་མི་འགྱུར་ཏེ། །འོག་མའི་ཕྲ་མོའི་ཏིང་འཛིན་ཅི་མནོས་ཀྱང་། །ཕྱག་རྒྱ་ཆེན་པོ་རྟོགས་པར་མི་འགྱུར་རོ། །མ་རིག་པ་ཡི་རྩ་བ་མ་ཆོད་ན། །ཐོས་བསམ་བསྒོམ་པ་ཅི་བྱས་ཀྱང་། །སྒྲོ་འདོགས་བག་ཆགས་བཅས་པ་ལས། །རང་གི་སྙིང་པོ་རྟོགས་པ་མེད། །དེ་ཕྱིར་ཐོག་མཐའ་བཅད་པར་བྱ། །ཞེས་གསུངས། རྒྱལ་པོ་བདེ་བ་བློ་གྲོས་ཀྱིས་ཞུས་པའི་མདོ་ལས། གང་ཞིག་སྟོང་དང་གསལ་བསྒོམས་པས། །གཞན་ལས་རབ་ཏུ་འབྱུང་བའི་ཕྱིར། །སྒོམ་ཆེན་པ་ཡི་གནས་ལུགས་ཡིན། །དེ་ཕྱིར་སེམས་རྟོགས་འདི་ཉིད་ཀྱིས། །བསླུ་མེད་སངས་རྒྱས་ཉིད་ཡིན་ནོ། །ཞེས་གསུངས། མངོན་པར་འབྱུང་བའི་རྒྱུད་ལས། རང་གི་སེམས་ཀྱི་མཚན་ཉིད་ནི། །རྫོགས་པའི་སངས་རྒྱས་གསང་བའི་མཆོག །རྟོག་གེ་ཀུན་གྱིས་མི་ཤེས་པས། །


CMR054_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཁྱོད་ལ་བཤད་པར་བྱ། །ཞེས་གསུངས། ཐིག་ལེ་ཉག་གཅིག་གི་རྒྱུད་ལས། སེམས་སུ་འཇོག་པའི་རྒྱུ་མཚན་ནི། སྣ་ཚོགས་པ་ལ་གང་དུའང་མ་ཞེན་ཅིག །དུས་གསུམ་དུ་ཡང་རྒྱུན་མ་ཆད་པའོ། །ཞེས་གསུངས། རྡོ་རྗེ་སེམས་དཔའ་མངོན་པར་བྱང་ཆུབ་པའི་རྒྱུད་ལས། །འཁོར་བ་མྱ་ངན་འདས་པའི་ཆོས། །རྩ་བ་རང་གི་སེམས་ཡིན་ཏེ། །སེམས་ལ་དྲན་རྟོག་ཅི་སྣང་ཡང་། །དངོས་པོ་ཙམ་དུ་མ་གྲུབ་པས། །དཔེར་ན་ནམ་མཁའི་སེར་བུ་བཞིན། །ཁ་དོག་དང་ནི་དབྱིབས་སུ་མེད། །སངས་རྒྱས་ཡེ་ཤེས་སྤྱན་གྱིས་ཀྱང་། །རྡུལ་ཙམ་དུ་ཡང་མི་གཟིགས་སོ། །ཞེས་གསུངས་སོ། །རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། ཡོད་མེད་འདུ་ཤེས་ཀུན་སྤང་ཕྱིར། །རང་གི་བརྗོད་དུ་མེད་པའི་ཕྱིར། །ཡེ་ཤེས་རང་གི་རྣལ་མ་རྣམས། །དེ་ལ་དེ་བཞིན་གཤེགས་ཞེས་བྱ། །ཞེས་གསུངས། ལུང་བསམ་གཏན་གྱི་རྒྱུད་ལས། རང་གི་སེམས་ཀྱི་སྙིང་པོའི་དོན། །དངོས་པོར་མ་གྲུབ་མཚན་ལས་འདས། །རིག་པ་རྒྱུན་ཆགས་ཉིད་ལ་ནི། །རྡོ་རྗེ་སེམས་ཉིད་མཚོན་དུ་མེད། །ཅེས་གསུངས། རང་བྱུང་


CMR054_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་ངོ་སྤྲོད་ཀྱི་རྒྱུད་ལས། ལྟ་བ་རང་གི་སེམས་ལ་བལྟ། །དེ་ཕྱིར་ཡུལ་མེད་ཆོས་སྐུར་གསལ། །དེ་ཉིད་མ་བྲལ་རྒྱུན་གནས་ན། །དོན་ལ་འགྱུར་བ་རྡུལ་ཙམ་མེད། །ཅེས་གསུངས། གཤིན་རྗེ་ཐོད་ནག་གི་རྒྱུད་ལས། གདོད་ནས་གཉིས་མེད་ནམ་མཁའི་ངོ་བོ་འདྲ། །བརྗོད་པ་ཐ་སྙད་བྲལ་བར་སྦར་ཞིང་བཅོས་སུ་མེད། །ཡེ་ནས་གནས་པས་གཞན་ནས་བཙལ་མི་དགོས། །ཞེས་གསུངས། བྱང་ཆུབ་སེམས་སྒོམ་པ་ལས། །སེམས་དང་ཆོས་ཉིད་ཡེ་ནས་གཉིས་སུ་མེད། །སེམས་ཀྱི་རང་བཞིན་བཙལ་ཡང་མི་རྙེད་ལ། །གཞན་ལ་འདི་འདྲ་ཞེས་ནི་བསྟན་དུ་མེད། །ཅེས་གསུངས། ནམ་མཁའ་དང་མཉམ་པའི་རྒྱུད་ལས། སངས་རྒྱས་མེད་པའི་གོང་རོལ་དུ། །སེམས་ཅན་བྱ་བའི་མིང་ཡང་མེད། །ཆོས་ཀྱི་སྙིང་པོ་ང་རང་དང་། །དེ་ཉིད་རྟོགས་ན་ཆོས་སྐུ་སྟེ། །ང་ལ་བསྟད་ན་མངོན་སངས་རྒྱས། །ཞེས་གསུངས། རང་བྱུང་བདེ་བའི་རྒྱུད་ལས། རང་རིག་ངེས་པའི་ལྟ་བ་ལ། །ཡེངས་བ་མེད་པར་ཡིད་ཀྱིས་བལྟ། །དེ་ཡང་ཡུལ་ཅན་མ་ཡིན་ཏེ། །རང་ལ་རང་བལྟས་ཡིད་ཀྱིས་གསལ། །ཞེས་གསུངས།། ལྟ་བ་ཐམས་ཅད་ཀྱི་རྒྱུད་


CMR054_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ལས། བྱང་ཆུབ་སེམས་ནི་རིག་པའི་དོན། །སྔ་མ་བག་ཆགས་ཉིད་ཡིན་ཏེ། །ཕྱི་མ་སྐྱེ་བ་ཉོན་མོངས་ཡིན། །རྟོག་པ་སྐྱེ་བ་སྒོ་ལྔ་སྟེ། །གསུམ་དུ་མ་སོང་གཉུག་མར་བཅས། །མིག་འཛིན་མེད་པ་ངང་གིས་གསལ། །ཡེ་ཤེས་ཟང་ཐལ་ཉིད་ཡིན་ཏེ། །རང་གི་ངོ་བོ་ཆོས་ཀྱི་སྐུ། །དངོས་པོ་མེད་ལ་ཤེས་པར་ཆོད། །དེ་ཉིད་མ་བཅོས་རང་གི་སེམས། །གཞན་ལས་མི་འབྱུང་རང་གི་སེམས། །ཞེས་གསུངས། དཔལ་དགྱེས་པ་རྡོ་རྗེ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤང་། །དངོས་པོ་ཀུན་ལ་ཁྱབ་ཅིང་རིག །ཅེས་གསུངས། ཕུར་པ་རིག་པ་མཆོག་གི་རྒྱུད་ལས། ཆོས་སུ་སྣང་བ་ཐམས་ཅད་ནི། །རང་རིག་ཡེ་ཤེས་ཕུར་པ་སྟེ། །སེམས་ཀྱི་རང་བཞིན་བཟུང་དུ་མེད། །ནམ་མཁའི་རང་བཞིན་དངོས་པོ་མེད། །ཅེས་གསུངས། རྒྱུད་ཀྱི་སྙིང་པོ་ལས། སྣང་སྲིད་གསལ་བ་སྙིང་པོ་ཡིན། །ཤེས་པ་གསལ་ཤཱ་བ་ཆོས་ཀྱི་སྐུ། །འཛིན་པ་མེད་པ་ལྷུན་གྱིས་གྲུབ། །ཅེས་གསུངས། ཐིག་ལེ་ཉག་གཅིག་གི་རྒྱུད་ལས། མཚན་མའི་དཀོན་མཆོག་གསུམ་པོ་ཡང་། །མཚན་མ་མེད་པར་ཤེས་


CMR054_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །མཚན་མེད་རང་སེམས་ཆོས་སྐུར་རྟོགས། །དེ་ཕྱིར་དཀོན་མཆོག་གསུམ་པོ་རང་ལ་རྫོགས། །ཞེས་གསུངས། ནམ་མཁའ་ཆེ་ལས། སྣང་བ་མེད་པའི་ཆོས་ཉིད་ནི། །མ་བཅོས་བཞག་ན་སྒོམ་པ་ཡིན། །ཞེས་གསུངས། ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྣམ་པར་རྟོག་པའི་མཚན་མ་ཅི་བྱུང་ཡང་། །མ་བཀག་རང་བྱུང་རང་ཞི་ཆེན་པོ་སྟེ། །མ་བཅོས་མ་བྱས་རང་གི་ངང་གིས་གསལ། །བཏང་སྙོམས་ཆེན་པོར་མ་བཅོས་ངང་བཞག་ན། །ཐ་སྙད་ཙམ་དུ་སྒོམ་ཞེས་དེ་ལ་བྱ། །ཞེས་གསུངས་སོ། །རྩོད་པ་དོན་ལྡན་གྱི་རྒྱུད་ལས། མ་ཡེངས་དྲན་པ་བཟླས་བརྗོད་ཡིན། །དེ་དང་མཐུན་པ་སྒྲུབ་པ་ཡིན། །ཞེས་གསུངས། ཀུན་འདུས་རིག་པའི་རྒྱུད་ལས། ཀུན་གཞི་སྟོང་ཉིད་ཆོས་སྐུ་སྟེ། །འདི་དོན་མཁས་པས་མ་བརྗེད་ན། །ཏིང་འཛིན་ཆེན་པོ་རྒྱུན་མི་འཆད། །སེམས་ནི་ཡང་དག་པ་ཡིན་ཏེ། །མཁའ་ལ་བྱ་འམ་རྗེས་མེད་བཞིན། །རང་བཞིན་མེད་པ་དེ་ལ་ནི། །སེམས་ཀྱི་སྐད་ཅིག་མ་ཡིན་ནི། །གཡོ་བ་རྒྱུན་དུ་དྲན་ཞེས་བྱ། །ཞེས་གསུངས་སོ། །ལྟ་བ་རང་བྱུང་སྙིང་པོ་ལས། རང་རིག་ཡེ་ཤེས་ངོས་འཛིན་ནི། །


CMR054_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རང་བྱུང་ཉིད་ཀྱི་དོན། །མཁའ་ལྟར་དག་ཅིང་ཉི་ལྟར་གསལ། །གསལ་ཙམ་ཉིད་ནས་ནུབ་པ་མེད། །ཁྱོབ་ཙམ་ཉིད་ནས་དངོས་པོ་མེད། །མེད་པ་མ་ཡིན་ཤེས་ཤིང་རིག །རིག་ཙམ་ཉིད་ནས་ངང་གིས་སྟོང་། །ཞེས་གསུངས་སོ། །རང་བྱུང་བདེ་བའི་རྒྱུད་ལས། རང་སེམས་ཆོས་སྐུར་ངོ་སྤྲད་པས། །དམིགས་པ་མེད་པར་ངང་གིས་གསལ། །གཉུག་མར་གནས་ལ་འཕེལ་འགྲིབ་མེད། །ལུས་སེམས་གཉིས་ལ་སྤྲོད་དང་བྲལ། །ཞེས་གསུངས། ཡང་དེ་ཉིད་ལས། རང་རིག་བུ་ར་དངོས་མེད་བྲལ། །དྲན་པ་མི་འཆུག་འགྲོ་འོང་མེད། །དྲན་པ་རིག་པ་ཅི་བྱུང་ཡང་། །དེ་ཉིད་དུས་ན་དངོས་པོ་མེད། །ཅེས་གསུངས་སོ། །ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། ཡང་དག་ཟབ་མོའི་ཆོས་སྐུ་ནི། །སྐྱེ་བ་མེད་ཅིང་འགགས་པ་མེད། །རྣམ་རྟོག་མཚན་མ་གཞི་ནས་དག །ཉོན་མོངས་ངར་འཛིན་རྣམས་དང་བྲལ། །ཞེས་གསུངས། བསམ་གཏན་མཆོག་གི་རྒྱུད་ལས། ཤེས་པ་རང་ལུགས་སོ་མ་ལ། །གཞན་དུ་མི་གཡོ་སེམས་ལ་བལྟ། །བལྟས་པས་དངོས་མེད་ཤེས་པ་གསལ། །དེ་ཉིད་རྒྱུན་དུ་མ་ཡེངས་ཏེ། །


CMR054_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་བསྒོམ་དུ་བཙལ་དུ་མེད། །ཅེས་གསུངས། ཡེ་ཤེས་རྣམ་པར་གྲོལ་བའི་མདོ་ལས། སེམས་ཉིད་འོད་གསལ་འདི་ཉིད་ལས། །ཡུལ་གྱི་སྣང་བ་ཅི་བྱུང་ཚེ། །དེ་ཉིད་སྐྱེ་མེད་དོན་དུ་སྟོན་པར་བྱ། །སྐྱེ་མེད་ཡིད་ལ་དྲན་ན་ནི། །ཆོས་སྐུ་རྒྱུན་ཏུ་བཞུགས་ཤེས་བྱ། །ཞེས་གསུངས་སོ། །གསང་བ་འདུས་པ་ཡིད་ལ་མི་བྱེད་པའི་རྒྱུད་ལས། སེམས་ཤིན་ཏུ་བཟང་བའི་དོན་རྟོགས་ན། །སྐྱེ་བ་གཅིག་གིས་འགྲུབ་པར་འགྱུར། །ཞེས་གསུངས། གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། ཆོས་རྣམས་ཀུན་གྱི་མཐར་ཐུག་པ། །རང་བཞིན་གནས་པ་མེད་པའི་དབྱིངས། །ལྟ་བ་མེད་པའི་སེམས་ཀྱིས་ནི། །ཕྱག་རྒྱ་ཆེན་པོར་ལྟ་བར་འགྱུར། །ཐམས་ཅད་བདག་གི་སེམས་ཀྱི་བདག་ཉིད་ཡིན། །ཞེས་གསུངས། ནམ་མཁའ་དང་མཉམ་པའི་རྒྱུད་ལས། འཁྲུལ་དང་མ་འཁྲུལ་ངོ་བོ་གཅིག །འགྲོ་ལ་སེམས་རྒྱུད་གཉིས་མི་འཆང་། །འོད་གསལ་རིག་པ་འདི་རང་ཡིན། །མ་བཅོས་རིག་པ་ཅོག་གེ་ཞོག །ཅེས་གསུངས། རྟོག་པ་མེད་པའི་རྒྱུད་ལས། གདོད་ནས་མ་གྲུབ་གཉུག་མའི་སེམས། །ཅིར་ཡང་མི་རྟོག་ཕྱག་རྒྱ་ཆེ། །ཆོས་


CMR054_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀུན་གྱིས་མ་རེག་པ། །མ་བཅོས་དེ་ཉིད་ངང་དུ་ཞོག །ཅེས་གསུངས། རབ་ཏུ་མི་གནས་པའི་རྒྱུད་ལས། རྣམ་རྟོག་མ་ལུས་ཤིང་དག་ལ། །འོད་གསལ་བ་ཡི་མེ་ཆེན་ནི། །ཕྱག་རྒྱ་ཆེན་པོ་རབ་འབར་བས། །མཉམ་ཉིད་ལྡན་པ་མཆོག་ཏུ་བྱེད། །ཐོག་མ་ཉིད་ནས་སངས་རྒྱས་པའི། །ཡེ་ཤེས་རང་གི་རྒྱུད་ལ་གནས། །བློ་སྦྱང་བ་ཡི་ཆོས་གསུམ་ནི། །གང་འདོད་འབྱུང་བ་ངེས་པ་མེད། །མ་ཡེངས་དྲན་པའི་རྒྱུན་གཅིག་པོ། །དུས་འདི་ཉིད་ལ་སྙིང་པོར་འབྱུང་། །བསམ་གྱིས་མི་ཁྱབ་སྙིང་རྗེ་ཡིན། །རྒྱས་ཤིང་གང་བས་ཐེག་པ་ཆེ། །མཉམ་པར་བཞག་པས་རྗེས་ཐོབ་མེད། །རྒྱུད་འདི་ལ་ནི་རྒྱུན་ཆད་མེད། །འདི་སྒོམ་རྣལ་འབྱོར་ཆེན་པོ་ཡང་། །དུམ་བུར་འགྱུར་བ་མ་ཡིན་ནོ། །ཞེས་གསུངས། བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། སེམས་ནི་ཆོས་སྐུ་ཡིན་པས་ཅི་ཡང་མེད། །ལུས་ནི་ལོངས་སྤྱོད་རྫོགས་སྐུ་མཚན་དང་ལྡན། །དོན་རྣམས་གསལ་བར་ནུས་པས་སྤྲུལ་པའི་སྐུ། །སྐུ་གསུམ་འཁོར་ལོར་རྟག་ཏུ་མཆོད་པར་བྱ། །མཚན་མའི་འབྲས་བུ་མངོན་དུ་གྱུར་པ་བས། །བསམ་གྱིས་མི་ཁྱབ་ལྟ་བ་ལྷག་འགྱུར་


CMR054_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས། །སངས་རྒྱས་རྣམས་ཀྱིས་གསུངས་པའི་མགྲིན་གཅིག་ཏུ། །བླ་མེད་རྒྱུད་ཆེན་པོ་ནི་རབ་ཏུ་བསྒྲགས། །ཞེས་གསུངས། སཾ་བྷུ་ཏྲིའི་རྒྱུད་ལས། རང་ལས་དཔག་སྟེ་བཙལ་གྱུར་ན། །འཇིག་རྟེན་ཁམས་ནི་གང་ནས་ཀྱང་། །སངས་རྒྱས་གཞན་ལས་རྙེད་མི་འགྱུར། །ཞེས་གསུངས། བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། ཆོས་རྣམས་ཀུན་གྱི་མཐར་ཐུག་པ། །རང་བཞིན་གནས་པ་མེད་པའི་དབྱིངས། །ལྟ་བ་མེད་པའི་སེམས་ཀྱིས་ནི། །ཕྱག་རྒྱ་ཆེན་པོར་བལྟ་བར་འགྱུར། །ཞེས་གསུངས། རྒྱུད་རྡོ་རྗེའི་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་གསུངས། དཔལ་གསང་བ་སྤྱོད་པའི་རྒྱུད་ལས། ཆོས་ཀུན་སེམས་ཀྱི་ངོ་བོ་སྟེ། །སེམས་ནི་སྟོང་པའི་ངོ་བོ་ཡིན། །ཐམས་ཅད་སྟོང་པར་རོ་གཅིག་པས། །འདི་ནི་སྤང་བླང་མེད་པའི་དབྱིངས། །ཞེས་གསུངས། རྡོ་རྗེ་མཁའ་འགྲོ་གསང་བའི་རྒྱུད་ལས་རང་སེམས་རང་གིས་རྟོགས་པས་ན། །སེམས་ཅན་གདོད་ནས་སངས་རྒྱས་སོ། །ཞེས་གསུངས། སཾ་བྷ་ཏྲིའི་ལས། མི་ཤེས་མུན་པས་སྒྲིབ་པ་ནི། །ལུས་ལས་


CMR054_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་པའི་སངས་རྒྱས་མེད། །ཅེས་གསུངས། རིམ་ལྔ་ལས། དེ་བས་འོད་གསལ་དག་པ་ལས། །ཡེ་ཤེས་གསུམ་ནི་འབྱུང་འགྱུར་ཏེ། །སུམ་ཅུ་རྩ་གཉིས་མཚན་འཆང་ཞིང་། །དཔེ་བྱད་བཟང་པོ་བརྒྱད་ཅུར་ལྡན། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པ་དེ་ནས་འགྱུར། །ཞེས་གསུངས། གསང་བ་སྤྱོད་པའི་རྒྱུད་ལས། གཟུང་བ་དང་ནི་འཛིན་པ་ཡི། །དམིགས་པ་ཐམས་ཅད་རྣམ་བསལ་ཏེ། །སེམས་ཉིད་བསམ་དུ་མེད་པས་ན། །ཅི་ཡང་བསམ་པར་མི་བྱའོ། །ཞེས་གསུངས། གསང་བ་འདུས་པ་ལས། དམ་པའི་དོན་དུ་དངོས་པོ་རྣམས། །སྲིད་གསུམ་དངོས་པོ་མེད་པར་བསྒོམ། །དངོས་པོ་མེད་པ་བསྒོམ་པ་དངོས། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་བས་དངོས་པོ་དངོས་མེད་པ། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་གསུངས། རྩ་རྒྱུད་ལས། རྩེ་གཅིག་རྣལ་འབྱོར་སྒོམ་པར་བྱེད། །ཡིད་ལ་ཅི་ཡང་མི་བསམ་མོ། །ཞེས་གསུངས། དཔལ་བདུད་རྩི་རྒྱལ་པོའི་རྒྱུད་ལས། རང་བཞིན་སྟོང་པ་འོད་གསལ་བ། །བསྒོམས་པས་རྙེད་པ་མ་ཡིན་ཏེ།། །མ་བསྒོམས་པས་ཀྱང་


CMR054_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ང་མིན། །སྒོམ་པ་ཉིད་ཀྱང་རྟོག་པ་སྟེ། །མ་བསྒོམས་པ་ཡང་རྟོག་པ་ཉིད། །སྒོམ་རྒྱུ་རྡུལ་ཙམ་མེད་པ་ལ། །ཡེངས་སུ་སྐད་ཅིག་མེད་པའོ། །ཞེས་གསུངས། མ་དྲོས་པས་ཞུས་པའི་མདོ་ལས། ཤེས་རབ་མིག་གིས་བལྟས་པས་མཐོང་བ་སྟེ། །མཐོང་བ་མེད་པར་མཐོང་བ་ཆོས་མཐོང་བའོ། །ཤེས་རབ་མིག་གིས་བརྟེན་པ་གང་མཐོང་བ། །དེ་ནི་སངས་རྒྱས་མཐོང་བ་ཡིན། །ཞེས་གསུངས། མངོན་རྟོགས་རྒྱན་ལས། འདི་ཡི་དམིགས་པ་དངོས་མེད་དེ། །བདག་པོ་དྲན་པ་ཡིན་པར་བཞེད། །ཅེས་གསུངས། རྒྱལ་པོ་དྷོ་ཧ་ལས། ཀུན་རྫོབ་བདེན་པ་དྲན་པ་མེད་པ་སྟེ། །སེམས་གང་སེམས་ནི་མེད་པར་གྱུར་པའོ། །དེ་ཉིད་ཡོངས་སུ་གྱུར་པ་མཆོག་གི་མཆོག །མཆོག་གི་དམ་པ་མཆོག་དག་ཤེས་པར་གྱིས། །སེམས་ནི་དྲན་མེད་ཏིང་ངེ་འཛིན་དུ་སྦྱོར། །ཉོན་མོངས་ཡོངས་སུ་དག་པོ་དེ་ཉིད་དོ། །ཇི་ལྟར་འདམ་སྐྱེས་འདམ་གྱིས་མི་ཚུགས་བཞིན། །སྲིད་འབྱུང་ཉེས་པ་རྒྱ་མཚོས་མི་གོས་སོ། །ཞེས་གསུངས། །དྷོ་ཧ་མཛོད་བརྒྱ་ཅུ་པའི་གཞུང་ལས། ཕྱི་དང་ནང་དུ་ལྟ་བ་མེད་པའི་སེམས་དེ་ནི། །གང་གིས་མི་བསམ་གང་ལའང་བསམ་པ་


CMR054_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །འདུས་པའི་ཚོགས་སུ་སྤྲོས་པ་ཀུན་ཏུ་གཡེང་བའི་སེམས། །འཕོ་དང་འཇུག་པ་མེད་པར་རང་བཞིན་བསྟན་པ་ཉིད། །སེམས་ཀྱི་སྙིང་པོ་རང་དགའ་བར་ནི་བསྒོམ་པར་བྱ། །སྨྱོན་པ་ལྟ་བུའི་སེམས་ནི་བྱ་བ་དང་བྲལ་བ། །མཐའ་ཡིས་མ་གོས་ཡེ་ཤེས་དེ་ནི་བསྒོམ་པར་བྱ། །མིག་ནི་མི་བཙུམས་བསྒོམ་དུ་མེད་པའི་རྣལ་འབྱོར་པ། །དབེན་པའི་གནས་དང་གནས་མལ་མེད་པའི་གནས་ཉིད་དུ། །ཆགས་དང་སྡང་བའི་དྲི་མ་མེད་པ་ཡི། །དོན་ནི་སེམས་ཀྱི་ངོ་བོ་དེ་ནི་བསྒོམ་པར་བྱ། །རྒྱུ་དང་འབྲས་བུ་དབྱེར་མེད་འདི་ནི་སྙིང་པོའི་སེམས། །དེ་མྱོང་བ་ཡི་འབད་པ་ཀུན་ལ་རྩོལ་མི་དགོས། །ཞེས་གསུངས། འབངས་དྷོ་ཧ་བརྒྱ་དྲུག་ཅུ་པ་ལས། ཀྱེ་ཧོ་རྨོངས་པ་སེམས་ཀྱི་སེམས་ནི་རྟོགས་ནས་ནི། །ལྟ་བ་ངན་པ་ཐམས་ཅད་ལས་ནི་རང་གྲོལ་འགྱུར། །མཆོག་ཏུ་བདེ་བ་ཆེན་པོའི་དབང་གིས་ནི། །དེ་ལ་གནས་ན་དངོས་གྲུབ་དམ་པའོ། །ཞེས་གསུངས། སྐུ་གསང་བ་མཛོད་གཞུང་ལས། ཕྱག་རྒྱ་ཆེན་པོ་གཞན་ལ་མི་ལྟོས་ཕྱིར། །བསྒོམ་བྱ་རང་ལ་སྒོམ་བྱེད་རང་གི་སེམས། །བློ་འདས་ངང་ལས་དམིགས་པ་ཉིད་དང་བྲལ། །དེ་ཉིད་


CMR054_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཡིན་ཕྱིར་གཞན་ལ་རག་མ་ལུས། །སྒོམ་སྒྲུབ་སྔགས་བཟླས་རང་གི་སེམས་ཡིན་ཏེ། །ཡི་དམ་ལྷ་ཡང་རང་གི་སེམས་ཡིན་པས། །དེ་ཕྱིར་མཁའ་འགྲོ་ལ་སོགས་ལུང་། བསྟན་རང་གི་སེམས། །བློ་འདས་ངང་ལ་དམིགས་པ་ཉིད་དང་བྲལ། །ཞེས་གསུངས། གསུང་གསང་བ་མཛོད་ལས། ཀྱཻ་ཧོ་དེ་ནས་འཁོར་བ་ཇི་ལྟར་བཏང་བར་འགྱུར། །རྒྱུ་རྐྱེན་མེད་པས་རྟོག་ཡུལ་མ་ཡིན་པས། །སེམས་ཀྱི་དེ་ཉིད་ཕྱག་རྒྱ་ཆེན་པོར་གནས། །དེ་ཉིད་སྟོབས་ཀྱི་མཚན་མ་དང་བྲལ་ཞིང་། །ཚེ་གཅིག་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར། ཞེས་གསུངས། ཐུགས་གསང་བ་མཛོད་ལས། གཟུང་འཛིན་བྲལ་བའི་ཕྱག་རྒྱ་ཆེན་པོ་ནི། །མཚན་ཉིད་བསྟན་པས་ཉེས་པ་ལ་སོགས་སྲེག །རྩེ་གཅིག་བལྟས་ན་ཡོན་ཏན་མཐར་ཐུག་པ། །རྩེ་གཅིག་བྱས་ཀྱི་ཡོན་ཏན་བསྒོམ་དུ་མེད། །རྣམ་རྟོག་རང་གསལ་དྲི་མེད་ངང་དུ་ཞི། །དྲན་མེད་སྣང་མེད་མེ་ལོང་གཟུགས་བརྙན་འདྲ། །ཞེས་གསུངས། སྐུ་གསུང་ཐུགས་ཡིད་ལ་མི་བྱེད་པ་ལས། གང་ན་འདི་དང་བྲལ་བ་མེད་པ་དེ། །དྲན་འཛིན་ཡུལ་ལས་མྱུར་དུ་སྐད་ཅིག་གྲོལ། །རྡོ་རྗེའི་སེམས་ནི་ཡོངས་སུ་བརྟག་


CMR054_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །སེམས་ལ་སེམས་སུ་མཐོང་བ་རོ་མཉམ་ནས། །ཕྱི་ནང་བསམ་གཏན་རྩེ་མོས་བརྟགས་པས་སྟོན། །རྣལ་མའི་དོན་ལ་གནས་པའི་རྣལ་འབྱོར་ནི། །ཤེས་རབ་ཡེ་ཤེས་གསང་བའི་དབྱིངས་ལ་རྫོགས། །ཞེས་གསུངས། དཔལ་རི་ཁྲོད་པ་ས་ར་ཧའི་དོ་ཧ་ལས། ཀྱེ་ཧོ་མ་ཡེངས་སེམས་ཀྱིས་རང་གིས་རང་ལ་ལྟོས། །རང་གི་སེམས་ཉིད་རང་གིས་རྟོགས་གྱུར་ན། །ཡེངས་པའི་སེམས་ཀྱང་ཕྱག་རྒྱ་ཆེན་པོར་འཆར། །མཚན་མ་རང་གྲོལ་བདེ་བ་ཆེན་པོའི་ངང་། །ཞེས་གསུངས། བིཪ་པའི་དྷོ་ཧ་ལས། སེམས་ཀྱི་ཆོས་ཉིད་ཀློང་ལ་འདི་ཡིན་མེད་པས་ན། །དེ་ལ་སྒོམ་དང་བསྒོམ་པར་བྱ་བ་གཉིས་སུ་མེད། །ཡོད་མེད་ཅི་ཡང་མི་རྟོག་ངང་ལ་མ་ཡེངས་བཞག །ཅེས་གསུངས། ཏཻ་ལོ་པའི་དྷོ་ཧ་ལས། ཏཻ་ལོ་ངས་ནི་ཅི་ཡང་བསྟན་དུ་མེད། །གནས་ནི་དབེན་པ་མ་ཡིན་མི་དབེན་མིན། །མིག་ནི་ཕྱེ་བ་མ་ཡིན་བཙུམ་པ་མིན། །སེམས་ནི་བཅོས་པ་མ་ཡིན་མ་བཅོས་མིན། །གཉུག་མ་ཡིད་ལ་བྱར་མེད་ཤེས་པར་གྱིས། །ཞེས་གསུངས། ནག་པོ་པའི་དྷོ་ཧ་ལས། ལམ་གྱི་འབད་རྩོལ་བྲལ་ན་གཉུག་མའི་ངང་། །


CMR054_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་ཉིད་དུ་རྟོགས་པས་རྩིས་གདབ་མེད། །རྩིས་མེད་འཆུག་མེད་ངེས་པའི་དོན་མཐོང་ན། །སྟོང་དང་སྟོང་མིན་གཉིས་ཀྱི་འཛིན་པ་མེད། །ཆོས་ཟད་བློ་ཟད་མཐའ་རུ་དེ་ཡིས་སྐྱོལ། །ཞེས་གསུངས། མཻ་ཏྲི་པའི་དྷོ་ཧ་ལས།། ཐུགས་ཕྲད་སེམས་སུ་ཤེས་ན་ཡི་དམ་ལྷ། །ཤེས་པ་མ་བཀུག་རྟོག་པ་རིམ་གྱིས་སྤངས། །སེམས་ལ་རྣམ་རྟོག་བྱུང་ན་རྣལ་འབྱོར་པས། །རས་བལ་བཞིན་དུ་མ་བཅོས་ཀློད་ལ་ཞོག །བྱ་བ་སྤངས་ནས་རང་སེམས་རང་གིས་ལྟོས། །ཞེས་གསུངས། ཕྱག་རྒྱ་ཆེན་པོ་གང་གཱ་མ་ལས། སེམས་ནི་ནམ་མཁའི་དཀྱིལ་ལྟར་བསམ་པའི་ཡུལ་ལས་འདས། །དེ་ཡི་ངང་ལ་བཏང་བཞག་མེད་པར་ཀློད་ལ་ཞོག །སེམས་ལ་གཏད་སོ་མེད་ན་ཕྱག་རྒྱ་ཆེན་པོ་ཡིན། །དེ་ལ་གོམས་ཤིང་འདྲིས་ན་བླ་མེད་བྱང་ཆུབ་ཐོབ། །ཅེས་གསུངས། ནཱ་རོ་པའི་ལྟ་བ་མདོར་བསྡུས་ལས། སེམས་ནི་ནམ་མཁའ་ལ་གནས་གསུངས། །རང་རིག་སྤྲོས་བྲལ་དེ་ཉིད་ཀྱང་། །སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་། །དེ་ཕྱིར་སྣང་སྟོང་དབྱེར་མེད་དོ། །ཞེས་གསུངས། མཻ་ཏྲི་པའི་ཕྱག་རྒྱ་ཆེན་པོ་ཚིག་བསྡུས་ལས། རང་བཞིན་མ་བཅོས་རྣལ་མར་བཞག །


CMR054_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་དུ་མེད་པ་ཆོས་ཀྱི་སྐུ། །མ་བཙལ་བཞག་པས་སྒོམ་པ་སྟེ། །བཙལ་ཞིང་བསྒོམ་པ་འཁྲུལ་པའི་བློ། །ཞེས་གསུངས། པཎ་ཆེན་ཤཱཀྱ་ཤྲཱིའི་གདམས་ངག་རིན་ཆེན་འབྲུ་དགུ་ལས། ཅིར་སྣང་རང་སར་བཞག་ན་བྱ་བྲལ་ལྷུན་གྲུབ་ཡིན། །གང་ཤར་ངོ་བོར་བཟུང་ན་རིག་པ་རང་སར་གྲོལ། །འགྱུ་བའི་རྩོད་རྗེས་བཅད་ན་དྲན་རྟོག་དབྱིངས་སུ་ཡལ། །འདི་གསུམ་རང་སེམས་གནས་ལུགས་ཡིན་པས་དངོས་གཞིར་བསྒོམ། །ཞེས་གསུངས། ཕ་དམ་པའི་ཞི་བྱེད་སོ་ལུགས་ལས། སྒོ་ལྔའི་དབང་པོ་གསལ་བ་ལས། །ཡིད་ཀྱི་རྣམ་ཤེས་མི་འཕྲོ་བར། །རང་གསལ་འཛིན་པ་མེད་པ་ནི། །དེ་ནི་བཞག་ཐབས་ཆེན་པོ་ཡིན། །ཞེས་གསུངས། སྲོང་བཙན་སྒམ་པོའི་གབ་པ་མངོན་ཕྱུང་ལས་བལྟས་པས་མཐོང་བའི་ཡུལ་མེད་ཀྱིས། །མ་བལྟས་བཞག་པས་ཆོས་ཉིད་མཐོང་། །མ་བསྒྲུབས་བཞག་པས་སེམས་ཉིད་གྲུབ། །མ་བཟུང་མ་ཀློད་རང་སར་གྲོལ། །སྣ་ཚོགས་འཛིན་པ་མེད་པར་ཞོག །སྣ་ཚོགས་སྤང་བླང་མེད་པར་ཞོག །བློ་ཐག་ཆོད་པ་གྲོལ་བར་གྱིས། །ཞེས་གསུངས། རྫོགས་ཆེན་ནས་སེམས་དང་རིག་པའི་ཁྱད་པར་


CMR054_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་གསུངས་ཀྱང་། དོན་གྱི་འབབ་ས་གཅིག་སྟེ། མཁའ་འགྲོ་ཀློང་གསལ་འབར་མའི་རྒྱུད་ལས། །རིག་པ་རིག་པ་ཅེས་པ་ནི། །རིག་ཅིང་གསལ་བས་རིག་པ་ཡིན། །རྣམ་རྟོག་སྔ་མ་རང་སར་གྲོལ། །ཕྱི་མའི་དེར་འཛིན་མ་ཤར་བ། །བར་དེར་གཉན་པོའི་བཅོས་སླད་བྲལ། །དྲི་བྲལ་སེང་དང་ཕྱེད་པ་འདི། །རིག་པ་ཡིན་པར་ངོས་ཟུངས་ཤིག །ངོ་བོ་སྟོང་པ་རང་བཞིན་གསལ། །ཐུགས་རྗེ་ཀུན་ལ་སྣང་ནུས་པ། །དེ་ནི་རིག་པའི་གནས་ལུགས་ཡིན། །ཞེས་གསུངས། བདེ་ཆེན་གླིང་པའི་སྤྲིངས་ཡིག་ལས། །ཡེ་ནས་ཡིན་པའི་རིག་པ་ཆོས་སྐུ་འདི།། །རང་བྱུང་རང་ཤར་རང་ངོ་མ་ཤེས་པས། །འཁོར་བ་ལུ་གུ་རྒྱུད་དུ་འཁོར་བ་འདི། །དེ་རིང་ཉིད་ནས་རང་ངོ་ཤེས་པར་གྱིས། །སྣང་སྲིད་ཐམས་ཅད་ཁྱོད་རང་ཡིན་བཞིན་དུ། སྤང་བླང་དགག་སྒྲུབ་བྱས་ན་ཁྱོད་རང་འཆིང་། །ཆོས་རྣམས་དོན་ལ་གྲུབ་པ་མེད་པ་ལ། །འཁྲུལ་སྣང་མེད་བཞིན་འཛིན་པའི་རྙེད་མ་བྱེད། །རང་བབ་མ་བཅོས་སོ་མ་ལྷུག་པ་འདི། །གདོད་མའི་སངས་རྒྱས་ཡེ་ནས་ཡིན་པ་ལ། །བཟང་ངན་བཅོས་ལྷད་རྟོག་དཔྱོད་མ་བྱེད་པར། །ཡེངས་མེད་དྲན་པའི་སོ་པ་


CMR054_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་དུ་ཚུགས། །འཁོར་འདས་རོ་མཉམ་ཕྱམ་གདལ་ཆེན་པོ་ལ། །མ་ཤེས་མ་བྱུང་བྱ་བ་ཅི་ལ་ཟེར། །སྡུག་བཙིར་བྱས་ཆོས་རྣམ་རྟོག་རྒྱུན་ཆད་ལ། །བྱར་མེད་རྩོལ་བྲལ་ངང་ལ་གནས་པར་གྱིས། །ད་ལྟའི་ཤེས་པ་སོ་མ་འདི་ཀ་རང་། །ཕྱག་རྒྱ་ཆེན་པོ་རྒྱལ་བའི་དགོངས་པ་ཡིན། །མཉམ་བཞག་རྗེས་ཐོབ་ཉམས་རྟོགས་ཡེ་ཤེས་སོགས། །གང་དང་ཅི་ལའང་ཞེན་པ་མེད་པར་ཞོག །སངས་རྒྱས་བྱས་ཀྱང་ཁྱོད་རང་རིག་པ་ཡིན། །འཁོར་བ་ངོན་སོང་ཁྱོད་རང་འཁྲུལ་པ་ཡིན། །དེ་ཕྱིར་ཁྱོད་རང་རང་གི་རིག་ཙམ་ལས། །རེ་དོགས་སྤང་བླང་དགག་སྒྲུབ་མ་བྱེད་ཅིག །ཅེས་གསུངས། རེ་མདའ་བ་གཞོན་ནུ་བློ་གྲོས་ཀྱི་ཞལ་ནས། གཉུག་མའི་སེམས་ཀྱི་དབྱིངས་ལ་འདི་ལྟར་ལྟོས། །ཐབས་ཤེས་དབྱེར་མེད་རོ་གཅིག་ཕྱག་རྒྱ་ཆེ། །གསལ་སྒྲིབ་བྱིང་རྒོད་སྤང་པ་གདོད་མའི་སེམས། །སྒོམ་འདོད་བློ་ཡིས་མ་ལྷད་རང་སར་ཞོག །ལྷག་པར་ཐོངས་ལ་དྲན་པའི་རྒྱངས་སོ་ཚུགས། །རྒྱ་མཚོའི་ཀློང་དུ་གཟིངས་ལ་འཕུར་བའི་བྱ། །ཕྱོགས་རྣམས་བསྐོར་ཞིང་དེ་རུ་འབབ་པ་ལྟར། །ཇི་ཙམ་རྣམ་པར་རྟོག་པའི་ཚོགས་འཕྲོས་ཀྱང་། །


CMR054_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མལ་རང་གནས་ཆོས་ཀྱི་དབྱིངས་སུ་འབབ། །དེ་ཕྱིར་རྣམ་རྟོག་ཆེད་དུ་དགག་མི་དགོས། །ཕྱལ་བར་ཐོངས་ལ་དྲན་པའི་བྱ་ར་གྱིས། །དུག་ལ་སྔགས་ཀྱིས་བཏབ་པ་ཇི་བཞིན་དུ། །རྣམ་རྟོག་ཉོན་མོངས་ཡེ་ཤེས་ཆེན་པོར་འཆརོ། །འབད་རྩོལ་རྐྱེན་གྱིས་སྒྲུབ་པའི་མི་རྟོག་པ། །རང་བྱུང་འོད་གསལ་སྒྲིབ་པའི་མུན་ཆེན་ཡིན། །དེ་ཕྱིར་རང་བྱུང་འོད་གསལ་འཆར་འདོད་ན། །མི་རྟོག་རྐྱེན་གྱིས་མ་སྒྲུབ་རྣལ་འབྱོར་པ། །ཇི་ལྟར་གངྒཱའི་ཆུ་རླབས་ཞི་འདོད་ན། །འབད་པ་བྱས་ཚེ་ཕྱིར་ཕྱིར་འཕེལ་བ་ལྟར། །རྣམ་རྟོག་དགག་ཕྱིར་གཉེན་པོ་བརྟེན་ན་ཡང་། །རྣམ་པར་རྟོག་པའི་རྦ་རླབས་ཕྱི་ཕྱིར་འཕྲོ། །གང་ཚེ་འགའ་ཡིས་རང་གར་བཞག་པ་ན། །ཇི་ཞིག་ལྟར་ཚེ་ཆུ་ཡི་རྦ་རླབས་ཞི། །དེ་བཞིན་རྩོལ་མེད་ལྷུག་པར་སྐྱོང་ཤེས་ན། །རྣམ་པར་རྟོག་པའི་རྦ་རླབས་ངང་གིས་དེང་། །རྣམ་རྟོག་དབྱིངས་སུ་གྲོལ་བ་ཞི་གནས་ཏེ། །སྒྲོ་འདོགས་ནང་ནས་ཆོད་ན་ལྷག་མཐོང་ཡིན། །སྣང་སེམས་དབྱེར་མེད་འདྲེས་ན་ཟུང་འཇུག་ལམ། །ཤེལ་སྣོད་ཆུ་ཡིས་བཀང་བ་ཇི་བཞིན་ནོ། །གདོད་ནས་རྣམ་དག་ལྷུན་གྲུབ་དབྱིངས་ཉིད་ལ། །ཉོན་མོངས་དྲི་མའི་བག་ཆགས་


CMR054_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་དུ་མེད། །མི་རྟོག་གཉེན་པོའི་བག་ཀྱང་བསྐྱེད་དུ་མེད། །དེ་ཕྱིར་གང་གི་གཉེན་པོ་གང་ཞིག་བསྒོམ། །གང་ཚེ་རང་སེམས་སྐྱེ་མེད་དབྱིངས་ལ་གནས། སྤང་གཉེན་བླང་དོར་མཚན་མ་མ་མཐོང་ཞིང་། །བསྒོམ་བྱ་སྒོམ་བྱེད་མེད་པ་དེ་ཡི་ཚེ། །སྤང་བྱ་རང་གྲོལ་གཉེན་པོ་རང་ཤར་ཡིན། །དང་པོ་བྱིས་ལམ་གཅོང་རོང་ཆུ་ལྟར་གཡོ། །བར་དུ་འཕགས་ལམ་གངྒཱའི་རྒྱུན་བཞིན་དལ། །ཐ་མར་རྒྱ་མཚོའི་འཇིང་ལྟར་གང་གིས་ཀྱང་། །གཡོ་བ་མེད་པ་དེ་ནི་ཀུན་མཁྱེན་ལམ། །ཞེས་གསུངས། སྐྱེ་མེད་ཞང་རིན་པོ་ཆེའི་ཞལ་ནས། ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ། །འདི་བྱའི་ཏིག་པོ་མི་འདོག་གིས། །སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི། །གོ་རིམ་ཇི་བཞིན་གྲངས་ངེས་མེད། །དུས་ཚོད་ཚེས་གྲངས་བརྩི་མི་དགོས། །ནམ་དྲན་དུས་སུ་ཀློད་ལ་ཞོག །དང་པོ་བར་དང་ཐ་མ་མེད། །རང་སེམས་སྐྱེ་མེད་རྒྱུན་མི་འཆད། །ཆུ་རླབས་རྙོག་མ་ལོང་ལོང་སྟེ། །མ་བཅོས་རང་སར་བཞག་ན་དྭངས། །རང་གིས་རྟོག་པའི་སྒྲིབ་གཡོགས་དེ། །མ་བཅོས་རང་བཞག་ཆོས་སྐུ་དངོས། །བཟོ་བཅོས་མ་བྱེད་ཀློད་ལ་ཞོག །ཤེས་པ་མ་བཀུག་ཡིན་པར་


CMR054_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཐོངས། །ཞེ་འདོད་མ་བྱེད་ཕྱལ་བར་ཞོག །དམིགས་གཏད་མ་བྱེད་ཕྱལ་བར་ཞོག །བྱ་བྱེད་མ་མང་ཙན་ནེ་ཞོག །སེམས་ཀྱི་བཞག་པ་མ་ཚོལ་བར། །རྟེན་མེད་བར་སྣང་ལྟ་བུར་ཞོག །འདས་དང་མ་འོངས་ད་ལྟ་ལ། །མི་བསམ་ཤེས་པ་སོ་མར་ཞོག །རྣམ་རྟོག་འཕྲོ་རུང་མི་འཕྲོ་རུང་། །ཆེད་དུ་མ་བསྒོམ་ལྷུག་པར་ཞོག །མདོར་ན་ཅི་ཡང་མི་བསྒོམ་པར། །ཤེས་པ་ཅི་དུགའ་ཐོལ་གྱིས་ཐོངས། །གང་ལའང་ཉམ་ང་བྱ་མི་དགོས། །ཆོས་སྐུའི་ངང་ལས་གཡོ་རེ་ཤི །ཞེས་གསུངས། །གསེར་གླིང་པས་གསུངས་པའི་མཐའ་འཁོབ་འདུལ་བའི་ཆོས་བཞི་ལས། རྒྱངས་ཀྱིས་སྒྱུར་ལ་ཀློད་ཀྱིས་ཀློད། །ཤིག་གིས་ཤིག་ལ་འབོལ་ལེ་ཞོག །ཅེས་གསུངས། དཔལ་ལྡན་ས་སྐྱ་པ་གྲགས་པ་རྒྱལ་མཚན་གྱི་ཞལ་ནས། སེམས་མེད་སེམས་ཀྱིས་སེམས་ལ་ལྟོས། །མཐོང་རྒྱུ་བྱུང་ན་སེམས་ཉིད་མིན། །མཐོང་མེད་མཐོང་བས་སེམས་ཉིད་མཐོང་། །མཐོང་མེད་སེམས་ལ་མ་ཡེངས་ཞོག །ཅེས་གསུངས། ས་སྐྱ་པཎྜི་ཏའི་ཚིགས་སུ་བཅད་པ་བརྒྱད་པ་ལས། རིང་དུ་བསྲིང་ན་མི་འགྲོ་ལ། །ཉེ་བར་བརྟག་ན་མི་ཆགས་ཤིང་། །ལེགས་པར་བརྟག་ན་མ་གྲུབ་


CMR054_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

པ། །འདི་ཡི་རང་བཞིན་ཇི་ལྟ་བུ། །གལ་ཏེ་དེ་ལ་ཅུང་ཟད་ཞོག །ཇི་ལྟར་བུས་ཀྱང་འཆིང་བར་འགྱུར། །གལ་ཏེ་དེ་ཡི་རང་བཞིན་ཤེས། །འཆིང་བ་ཀུན་ལས་རྣམ་པར་གྲོལ། །ཞེས་གསུངས། མ་ཇོ་མོ་ལབ་སྒྲོན་གྱི་བཀའ་ཚོམ་ལས་ཀྱང་། དེས་ན་མི་བསམ་ངང་ལ་ཞོག །བྱུང་ཚོར་རྟོག་པའི་རྗེས་མི་གཅོད། །མཁའ་ལ་གློག་འགྱུའི་རང་འོད་ལྟར། །རྣམ་རྟོག་བྱུང་ན་དེ་བཞིན་བཞག །ཅེས་དང་། དེ་བཞིན་རང་སེམས་ངོ་ཤེས་ན། །སངས་རྒྱས་གཞན་ནས་བསྒྲུབ་མི་དགོས། །ཞེས་གསུངས། དུས་ཕྱིས་བྱོན་པའི་རྒྱལ་སྲས་ཐོགས་མེད་པའི་གསུང་ལས་ཀྱང་། ཇི་ལྟར་སྣང་བ་འདི་དག་རང་གི་སེམས། །སེམས་ཉིད་གདོད་ནས་སྤྲོས་པའི་མཐའ་དང་བྲལ། །དེ་ལྟར་ཤེས་ནས་གཟུང་འཛིན་མཚན་མ་རྣམས། །ཡིད་ལ་མི་བྱེད་རྒྱལ་སྲས་ལག་ལེན་ཡིན། །ཞེས་དང་། ཐག་པ་ཆད་པའི་སོག་ཕོན་བཞིན། །ལུས་ཀྱི་བྱ་བ་ཀློད་ལ་ཞོག །རྒྱུད་གསུམ་ཆད་པའི་པི་ཝང་བཞིན། །ངག་གི་བྱ་བ་ཀློད་ལ་ཞོག །རྟག་ཆུ་ཆད་པའི་རན་ཐག་བཞིན། །སེམས་ཀྱི་བྱ་བ་ཀློད་ལ་ཞོག །ཅེས་གསུངས། རྗེ་མར་པ་ལོ་ཙཱས། །


CMR054_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱི་འགྱུ་བ་གཟུང་འཛིན་གཉིས། །སྤྲོས་བྲལ་ཆོས་ཀྱི་དབྱིངས་སུ་ཐིམ། །ཕྱི་སྣང་བ་འགྱུ་བའི་འཁྲུལ་འཁོར་འདི། །སྐྱེ་མེད་གདལ་བ་ཆེན་པོར་རྟོགས། །ནང་འཛིན་པ་སེམས་ཀྱི་ངོ་བོ་དེ། །སྔར་འདྲིས་ཀྱི་མི་དང་འཕྲད་པ་འདྲ། །ཞེས་དང་། ཕྱི་བཟུང་བ་ཡིད་ཀྱི་སྣང་ཡུལ་འདི། །བརྡལ་བ་ཆེན་པོར་རྒྱུན་ཆད་མེད། །སྐྱེ་མེད་ཆོས་ཀྱི་སྐུ་རུ་རྟོགས། །ཞེས་གསུངས། རྗེ་མི་ལ་རས་པས། ཁམས་གསུམ་འཁོར་བའི་སེམས་ཅན་དང་། །མྱ་ངན་འདས་པའི་སངས་རྒྱས་གཉིས། །དངོས་པོ་གཤིས་ཀྱི་ངང་དུ་གཅིག་ཅེས་དང་། ཚོགས་དྲུག་ཤར་བའི་ཡུལ་སྣང་དང་། །རང་སེམས་སྐྱེ་བ་མེད་པ་གཉིས། །གཉིས་མེད་ལྷན་ཅིག་སྐྱེས་པར་གཅིག །ཅེས་གསུངས། རྗེ་རས་ཆུང་པས། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །གཟུགས་ནི་སྣང་སྟོང་གཉིས་སུ་མེད། །སྒྲ་ནི་གྲག་སྟོང་བརྗོད་དུ་མེད། །རྟོག་པ་བདེ་སྟོང་ཟུང་དུ་འཇུག །ཅེས་དང་། སྣང་བ་ཆོས་སྐུའི་རང་བཞིན་ལས། །བལྟ་བྱ་ལྟ་བྱེད་མེད་པར་རྟོགས། ཞེས་གསུངས། རྗེ་སྒམ་པོ་པས། སྣང་རིག་ངོ་བོ་སྟོང་གསལ་འདི། །ཆོས་སྐུ་ཡིན་པར་ད་གཟོད་ཤེས། །


CMR054_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། སྣང་གྲག་སེམས་སུ་ཤེས་པ་ཡི། །དགའ་བ་སྤྲོ་བ་རྒྱུན་ཆད་མེད། །བདེ་བ་ཆེན་པོའི་གནད་ཅིག་རྙེད། །ཅེས་གསུངས། དུས་གསུམ་མཁྱེན་པས། སངས་རྒྱས་རང་གི་སེམས་ལས་རྙེད། །གྲུབ་པ་ཐོབ་འདོད་བློ་དང་བྲལ། །གཅིག་ཤེས་ཀུན་གྲོལ་གྱི་རྟོགས་པ་ཤེས། །ཐོས་བསམ་བྱ་བའི་བློ་དང་བྲལ། །སྲིད་ཞི་གཉིས་མེད་ཀྱི་དོན་ཞིག་རྟོགས། །སང་སྐབས་དབྱེ་བའི་བློ་དང་བྲལ། །ཞེས་གསུངས། འགྲོ་མགོན་རས་ཆེན་པས། རིག་པ་གཅེར་བུ་ལྡིང་བ་ལས། །རྣམ་རྟོག་མཚན་མའི་གོས་མི་བཀོན། །སྙིང་པོ་གཉུག་མའི་རང་གསལ་ལ། །རྩིས་གདབ་ཅི་གྲོལ་གྱི་དོན་མེད་དོ། །ཞེས་གསུངས། སྤོམ་བྲག་པས། རང་བྱུང་རིག་པའི་གསལ་ཐེབ་པས། །དགོངས་པ་སྐད་ཅིག་ཡོངས་སུ་མེད། །མུན་པར་སྒྲོན་མེ་བལྟམས་པ་འདྲ། །གོལ་སྒྲིབ་མེད་པར་ངོ་མཚར་ཆེ། །ཞེས་གསུངས། ཀརྨ་པཀིས། རང་སེམས་ཕྱག་རྒྱ་ཆེན་པོ་འདི། །སྐུ་གསུམ་མ་བསྒྲུབ་ལྷུན་གྲུབ་ཏུ། །གཞི་ལ་རྙེད་པས་བཙལ་མི་དགོས། །ཞེས་དང་། མ་བཅོས་གཉུག་མ་རང་གསལ་རིག་པ་འདི། །རང་ངོ་ཤེས་པ་གང་ཤར་སྟེང་


CMR054_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཞག །ཅེས་དང་། བློ་བྲལ་ཡིད་ལ་མི་བྱེད་པར། །མཉམ་བཞག་དུས་ཀྱི་ཉམས་ལེན་ཡིན། །དེ་ཡང་གསལ་རིག་ངར་དང་བཅས། །གོལ་ས་བཅད་པའི་མན་ངག་ཡིན། །གང་སྣང་སྒྱུ་མ་ལྟ་བུར་སྦྱངས། །འགགས་མེད་རིག་པའི་རྩལ་སྦྱང་བྱ། །རྗེས་ཐོབ་དུས་ཀྱི་ཉམས་ལེན་ཡིན། །ཞེས་གསུངས། ཨོ་རྒྱན་པས། ཐ་མལ་རིག་པའི་རང་ངོ་ཤེས། །འཁོར་བའི་རང་གཟུགས་བསྒོམ་པ་ལ། །ཐར་པ་ཐོབ་ནས་དགོས་པ་མེད། །སྣང་བ་སྣ་ཚོགས་བསྒོམ་པ་ལ། །མཉམ་པོར་བཞག་ན་དགོས་པ་མེད། །དྲན་ཤར་ཕྱག་རྒྱ་ཆེན་པོ་ལ། །སྣང་བ་བཀག་པས་དགོས་པ་མེད། །ཉམས་འོད་གསལ་མ་བུ་འདྲེས་པ་ལ། །དྲན་པས་བཟུང་ནས་དགོས་པ་མེད། །ཅེས་གསུངས། རང་བྱུང་རྡོ་རྗེས། ལར་ལྟ་བ་ལྟ་བ་ཟེར་ཙ་ན། །ལྟ་ན་རང་གི་སེམས་ལ་ལྟོས། །བལྟས་པས་མཐོང་རྒྱུ་མ་བྱུང་ན། །མཐོང་བའི་རྒྱལ་པོ་དེ་ཀ་རང་། །ཡང་ལྟོས་ཡང་ལྟོས་སེམས་ལ་ལྟོས། །སེམས་སྐྱེ་བ་མེད་པའི་གཞལ་ཡས་ནས། །འགྱུར་མེད་བདེ་ཆེན་ཆོས་སྐུ་བཞུགས། །སེམས་རིག་པའི་རང་ངོ་མ་མཐོང་ན། །དོན་ལོགས་སུ་བཙལ་བས་ག་ལ་


CMR054_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད། །ཅེས་གསུངས། རོལ་པའི་རྡོ་རྗེས། དང་པོའི་ཐ་མལ་ཤེས་པ་འདི། །ཆོས་སྐུ་ཡིན་པར་ཤེས་པར་མཛོད། །མི་དྲན་དགུ་དྲན་རྟོག་པ་འདི། །ཡེ་ཤེས་ཡིན་པར་ཤེས་པར་མཛོད། །ཅེས་གསུངས། མཁའ་སྤྱོད་དབང་པོས། གཞུང་ལུགས་ཀྱི་ལྟ་བ་ཅི་བཟང་ཡང་། །གནས་ལུགས་ཀྱི་དོན་དང་ཕྱིན་ཅི་ལོག །བློས་བྱས་ཀྱི་ལྟ་བ་ཅི་མཐོ་ཡང་། །རྟོགས་ལྡན་གྱི་གནས་སུ་བག་ལ་ཉལ། །ཞེས་གསུངས། རང་སེམས་རང་ངོ་ཤེས་ན་སངས་རྒྱས་རང་། །ཐ་སྙད་ཐོས་བསམ་མང་པོས་ཅི་ཞིག་བྱ། །གཞུང་ལུགས་རྟོགས་པའི་རི་མོ་ཡལ་དུ་ཚུག །གཅེར་མཐོང་རང་གྲོལ་འདི་ནི་བྱང་ཆུབ་ལམ། །ཞེས་གསུངས། དྲུང་སྐྱིད་ཀུན་དགའ་རྣམ་རྒྱལ་གྱི་གསུང་ལས། རྟོགས་པའི་སྔ་ལྟས་ཉམས་མྱོང་དྲོད་ཐོབ་པ། །བདེ་གསལ་མི་རྟོག་སེམས་ཀྱི་ལས་རུང་ཐོབ། །གོལ་བའི་སྐྱོན་བྲལ་དེ་ལ་རྩེ་གཅིག་ཟེར། །ཉམས་མྱོང་ཞེན་འཛིན་དག་ནས་ཡུལ་དུ་མེད། །རང་བཞིན་དབྱིངས་རིག་སྟོང་པར་རྟོགས་པ་ཡིན། །མཉམ་བཞག་ཕུང་པོ་ལྔ་བྲལ་རྗེས་སྒྱུ་མ། །ཤོར་བའི་དྲི་བྲལ་དེ་ལ་ངོ་མཐོང་དང་། །སྤྲོས་བྲལ་མཐོང་ལམ་མི་རྟོག་ཡེ་ཤེས་


CMR054_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར། །སྣང་སྲིད་འཁོར་འདས་བསྡུས་པའི་ཆོས་རྣམས་ཀུན། །ཟུང་འཇུག་སེམས་ཀྱི་མཚན་ཉིད་རྟོགས་པར་འགྱུར། །འབད་རྩོལ་མེད་ཅིང་རང་སྣང་དབང་བསྒྱུར་བ། །མཁྱེན་པའི་ཟབ་རྒྱས་རྟོགས་ལ་རོ་གཅིག་ཟེར། །དེས་གྲོལ་ཉིན་མཚན་ཀུན་ཏུ་འཛིན་པ་དག །རང་སྣང་རྣམ་དག་གཉུག་མའི་རྒྱལ་ཁམས་བསྟན། །དབྱིངས་རིག་གཅིག་གྱུར་འོད་གསལ་མ་བུ་མཇལ། །སྐུ་གསུམ་ལྷུན་གྱིས་གྲུབ་ལ་སྒོམ་མེད་ཟེར། །ཞེས་གསུངས་པ་ལྟར་རིམ་གྱིས་འཆར་བའོ། །ངོ་སྤྲོད་རྫོགས་སོ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


CMR054_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

༼ར༽ །ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་རྒྱབ་ཆོས་ལས་སྣང་བཞི་ཐོད་རྒལ་གྱི་ས་ལམ་བསྒྲོད་ཚུལ་བཞུགས་སོ། །


CMR054_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། རྫོགས་པ་ཆེན་པོའི་ཁྲེགས་ཆོད་ཐོད་རྒལ་གཉིས་ཀྱི་ངོ་སྤྲོད་གོང་དུ་སོང་ནས། དེ་གཉིས་ཟུང་འཇུག་དགོས་པའི་རྒྱུ་མཚན། མཁའ་འགྲོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། ཁྲེགས་མ་ཆོད་པ་ཐོད་མི་རྒལ། ཐོད་མི་རྒལ་བ་ཁྲེགས་མི་ཆོད། ཅེས་དང་། ཀུན་བཟང་དགོངས་པ་ཀུན་འདུས་རྒྱུད་ལས། ཁྲེགས་ཆོད་དོན་འདི་མ་རྟོགས་ན། །ཐོད་རྒལ་ཤར་ཡང་གཟུང་འཛིན་ཅན། །མྱོང་མེད་ཁ་ལྟ་ཡུག་པོ་ལ། །དོན་གོལ་གསེར་ཕྱེ་ཆུར་འཕོ་མཚུངས། །ཞེས་


CMR054_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས། གཞི་ཁྲེགས་ཆོད་ཕྱག་རྒྱ་ཆེན་པོའི་སྐྱོང་བ་དང་། ལམ་ཐོད་རྒལ་འོད་གསལ་ལ་མིག་གིས་ལྟོ་བ་གཉིས། །ཟུང་དུ་འཇུག་པ་ནི་ཐེག་པ་དགུའི་ཡང་རྩེ་ཡིན་ནོ། །དེ་ཡང་དུས་སྙིགས་མའི་ཚེ། བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ་འདིར་དར་ཞིང་འབྲས་བུ་ཐོབ་པར་ལུང་བསྟན་ཏེ། རྫོགས་པ་ཆེན་པོ་འཁྲུལ་སྣང་རྩད་གཅོད་ཀྱི་རྒྱུད་ལས། ང་ནི་མྱ་ངན་འདས་ནས་ཀྱང་། །ལོ་ནི་དུ་མར་གྱུར་པ་ན། །འབྲས་བུ་མཆོག་ནི་བྱང་ཕྱོགས་སུ། །ཐོབ་པ་དཔག་ཏུ་མེད་པ་འབྱུང་། །ཞེས་དང་། གཏོར་རྒྱུད་ལས། ལྔ་བརྒྱ་པ་ན་གསང་སྔགས་བྱང་


CMR054_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་རྒྱུད་དུ་དར་བར་འགྱུར་རོ། །དུས་དེ་ཙམ་ན་གསང་སྔགས་འབྲས་བུའི་ཆོས་འདི་གང་ཟག་འགས་སྤྱོད་པར་འགྱུར་རོ། །དེ་དག་ནི་འབྲས་བུ་གོ་འཕང་མི་ཞན་པ་ཐོབ་པར་འགྱུར་རོ། །ཞེས་དང་། ཨོ་རྒྱན་རིན་པོ་ཆེ་སྲིན་ཡུལ་དུ་ཕེབས་ཁར། མ་འོངས་པ་ན་སྐལ་ལྡན་གྱི་སྐྱེས་བུ་རིམ་པར་སྣང་བར་འགྱུར་ཏེ། རྩེ་གཅིག་ཉམས་སུ་བླང་ན་དུས་སྙིགས་མར་གྱུར་ཀྱང་འབྲས་བུ་རིང་བར་མི་འགྱུར་ཏེ། གྲུབ་པ་ཐོབ་པའང་མང་དུ་འབྱུང་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། འོད་གསལ་ཐོད་རྒལ་ཉམས་སུ་བླང་བར་བྱ་སྟེ། འདི་ལ་དོན་བཞི་ཏེ། སྔོན་ལ་ལུས་ངག་ཡིད་གསུམ་གནད་ལ་གཟིར་བ་དང་གཅིག །གནད་རྣམ་པ་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་དང་གཉིས། ། ཉམས་སུ་བླངས་ནས་སྣང་བ་བཞི་འཆར་ཚུལ་བསྟན་པ་དང་གསུམ། མཐའ་རྟེན་རྗེས་ཀྱི་མན་ངག་དང་བཞིའོ། །དང་པོ་གནད་གཟིར་བ་ལ་གསུམ་སྟེ། ལུས་ཀྱི་གནད། ངག་ཡིད་ཀྱི་གནད་གསུམ་མོ། །དང་པོ་ལུས་ཀྱི་གནད་གཟིར་བ་ལ་གསུམ་སྟེ། སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ལྟར་བྱས་པ་དང་། ལོངས་སྐུའི་བཞུགས་


CMR054_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

སྟངས་གླང་པོ་ཆེ་ཉལ་བ་ལྟ་བུ་དང་། ཆོས་སྐུའི་བཞུགས་སྟངས་སེང་གེ་ཁྱི་ཚུགས་ལྟར་བྱས་པ་དང་གསུམ་མོ། །ཐལ་འགྱུར་ལས། ཆོས་སྐུའི་བཞུགས་། སྟངས་སེང་གེ་ཡིས། །འཁྲུལ་པའི་འཇིགས་པ་ཀུན་བྲལ་ནས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ཀྱིས། །གླང་ཆེན་ཉལ་བ་ལྟ་བུར་བསྟན། །ཆོས་ཉིད་རྣམ་པར་ལོངས་སྤྱོད་ནས། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །སྤྲུལ་པའི་སྐུ་ཡི་བཞུགས་སྟངས་ཀྱི། །དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་ཉིད་རྣམ་པར་རང་སྤྲུལ་ནས། །ཆོས་ཀྱི་མིག་གིས་མཐོང་བར་འགྱུར། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། ལུས་ཀྱི་ལས་ནི་རྣམ་གསུམ་སྟེ། །སེང་གེའི་ཚུལ་དང་གླང་ཆེན་དང་། །དྲང་སྲོང་ཙོག་པུར་གནས་པ་དང་། །ཞེས་གསུངས་པས། ཁྲིད་ཞུ་བ་མང་ན་ནི། སྤྲུལ་སྐུའི་འདུག་སྟངས་ཀྱིས་ཆོག་སྟེ། ཐུགས་རྗེ་ཆེན་པོ་འོད་མཆོག་གི་དཀར་ཁྲིད་ཉིན་མོའི་རྣལ་འབྱོར་ལས། སྐབས་སུ་སྤྲུལ་སྐུའི་འདུག་སྟངས་དྲང་སྲོང་ཙོག་པུར་བྱ། །ཞེས་གསུངས་པས། ཁྲོམ་ཆོས་མ་ཡིན་པར་སློབ་བུ་ཉུང་ན། སློབ་བུ་བདུན་ལས་མི་


CMR054_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

མང་བར་བྱས་ལ། ནམ་མཁའ་དྭངས་ཤིང་སེར་བུ་མེད་པའི་དུས་སུ། སློབ་བུ་རྣམས་དབེན་གནས་སུ་ཁྲིད་དེ། དང་པོ་ཆོས་སྐུའི་འདུག་སྟངས་སེང་གེ་ཁྱི་ཚུགས་ལྟ་བུ་ནི། ལུས་ཁྱི་ཚུགས་སུ་འདུག །རྐང་མཐིལ་གཉིས་སར་ཕབ། ལག་པ་རྡོ་རྗེའི་ཁུ་ཚུར་བཅང་སྟེ། རྐང་པའི་མཐེ་བོང་གཉིས་ས་ལ་བཙུགས། རོ་སྟོད་སེང་གེ་ལྟར་བརྒྱང་སྟེ་སེང་ལ་བོར། རྩལ་མཇིང་པ་ལ་བསྐུར། དབང་པོ་ཡུལ་ལ་གཏད་དོ། །གཉིས་པ་ལོངས་སྐུའི་འདུག་སྟངས་གླང་ཆེན་ཉལ་བ་ལྟ་བུ་ནི། གླང་ཆེན་ལྟར་ལུས་ཁ་སྦུབས་སུ་ཉལ། པུས་མོ་གཉིས་བྲང་ལ་སྤྲད། རྐང་སོར་ཕྱིར་ཕུལ། གྲུ་མོ་གཉིས་ས་ལ་སྦྱར། མཇིང་པ་ཡིད་ཙམ་གྱེན་ལ་བཏེག་པའོ། །གསུམ་པ་སྤྲུལ་སྐུའི་འདུག་སྟངས་དྲང་སྲོང་ཙོག་པུ་ནི། ལུས་ཙོག་པུ་བྱས་ལ། རྐང་པའི་ལོང་བུ་གཉིས་གཤིབ། རྐང་མཐིལ་གཉིས་ས་ལ་ཕབ། ལུས་ཆ་བསྲང་། པུས་མོ་གཉིས་བྲང་ལ་སྦྱར། ལག་པའི་མཁྲིག་མ་གཉིས་བསྣོལ་ལ་པུས་མོ་ལ་འཁྱུད། སྒལ་ཚིགས་དྲང་པོར་བསྲང་ངོ་། དེ་ལྟར་ལུས་གནད་རྣམ་པ་གསུམ་གཟིར་བས། ལུས་ལ་རིག་པའི་ཡེ་ཤེས་ཡོད་པ་སྟེ། གནད་གཟིར་བས་མངོན་སུམ་


CMR054_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཆར་ཏེ། དཔེར་ན་སྦྲུལ་ལ་རྐང་ལག་ཡོད་ཀྱང་། མ་གཅུས་ན་མི་གསལ་བ་ལྟ་བུའོ། །གཉིས་པ་ངག་གི་གནད་ལ་རྣམ་པ་གསུམ་སྟེ། ངག་ལ་བསྟེན་པར་བྱ་བ་དང་། གནས་པར་བྱ་བ་དང་། བརྟན་པར་བྱ་བ་དང་གསུམ་མོ། །དང་པོ་ངག་ལ་བསྟེན་པ་ནི། ཉི་མ་གསུམ་བཞི་ལ་མི་སྨྲ་བར་ཇེ་ཉུང་བཅད་པར་བྱའོ། །གཉིས་པ་གནས་པ་ནི། གཞན་ཚིག་གིས་བར་མ་འདྲེས་པ་ངག་ཁྲིག་གིས་བཅད་པར་བྱའོ། །གསུམ་པ་བརྟན་པ་ནི། ཅི་ཡང་མི་བརྗོད་པར་ལྐུགས་པ་ལྟར་བརྟན་པར་བྱའོ། །གསུམ་པ་སེམས་ཀྱི་གནད་ནི། རིག་པ་གཞན་དུ་མ་ཡེངས་པར་བྱ། གཏད་པའི་འབེན་དང་མ་བྲལ་བར་བྱའོ། །གསུམ་པ་གནད་རྣམ་པ་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་ལ་གསུམ་སྟེ། སྒོའི་གནད། ཡུལ་གྱི་གནད། རླུང་གི་གནད་དང་གསུམ་མོ། དང་པོ་སྒྲོའི་གནད་ནི་མིག་ཡིན་ཏེ་ཐལ་འགྱུར་ལས། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཞེས་དང་། ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་ཁམས་སུ་བལྟ། །ཞེས་དང་། མུ་ཏིག་ཕྲེང་བ་ལས། སྒོ་ནི་དེ་ཉིད་མི་འགུལ་དང་། །ཞེས་གསུངས། །


CMR054_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

འདས་རྗེས་ལས། སྒོ་གནད་ལྡོག་ཕབ་ཟུར་གྱིས་ལྟ། ཞེས་པ་འདི་ལ་གསུམ་སྟེ། ཆོས་སྐུའི་གཟིགས་སྟངས་གྱེན་ལ་བཟློག་ནས་ལྟ་བས། འཁྲུལ་པའི་སྣང་བ་དུས་གཅིག་ལ་འགག་པའི་དགོས་པ་ཡོད། ལོངས་སྐུའི་གཟིགས་སྟངས་ཐད་ཀར་ལྟ་བས། ངོ་བོ་རྗེན་པར་མཐོང་བའི་དགོས་པ་ཡོད། སྤྲུལ་སྐུའི་གཟིགས་སྟངས་ཐུར་དུ་ཕབ་པའི་ཚུལ་དུ་ལྟ་བས། རླུང་སེམས་ལ་རང་དབང་ཐོབ་པའི་དགོས་པ་ཡོད། དེ་ལྟར་གཟིགས་སྟངས་གསུམ་དང་མ་བྲལ་བར་བྱའོ། །གཉིས་པ་ཡུལ་གྱི་གནད་ནི་གཉིས་ཏེ། ཕྱིའི་དབྱིངས་དང་ནང་གི་དབྱིངས་གཉིས་སོ། །ཐལ་འགྱུར་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །ནང་གི་སྒྲོན་མའི་ལམ་དུའོ། །ཞེས་དང་། སྒྲོན་མེ་འབར་བ་ལས། རིག་པ་ཕྱི་ཡི་དབྱིངས་ལ་བཞག་པས། །རང་རིག་རང་སར་དག་སྟེ་སྣང་། །ཞེས་གསུངས་པ་དང་། རིག་པ་རང་ཤར་ལས། དབྱིངས་ཀྱི་རང་བཞིན་འོད་ཀྱི་ཁྱིམ། །ཞེས་དང་། འདས་རྗེས་ལས། ཡུལ་གནད་ནམ་མཁའ་རྐྱེན་དང་བྲལ་ལ། ཕྱི་དབྱིངས་མཁའ་རྐྱེན་བྲལ་བ་ལས། ནང་དབྱིངས་རྣམ་པར་དག་པའི་སྒྲོན་མའོ། །


CMR054_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ནམ་མཁའ་སྟོང་པ་ལ་ཆགས་པའི་ཡུལ་ཡིན་པའི་ཕྱིར། ཡུལ་གྱི་གནད་དབྱིངས་ལ་གཏད་པས་ཡེ་ཤེས་ལྷུག་པར་གནས་པའི་ཕྱིར་རོ། །གསུམ་པ་རླུང་གི་གནད་ནི་གསུམ་སྟེ། བཟུང་བ་དང་། འཕང་བ་དང་། དལ་ལ་བསྟན་པ་གསུམ་མོ། །ཐལ་འགྱུར་ལས། རླུང་ནི་ཅི་ལས་དལ་བྱ་སྟེ། །རབ་ཏུ་འཕང་བ་ལས་བྱུང་བ། །ཞེས་དང་། འདས་རྗེས་ལས། རླུང་གནད་ཤིན་ཏུ་དལ་བར་བརྟེན། ཞེས་དང་། དང་པོ་དལ་བར་བཟུང་། དེ་ནས་རྒྱང་རིང་པོར་མདའ་ལྟར་འཕངས་ལ། རྗེས་སུ་རླུང་རང་བབས་སུ་ཤིན་ཏུ་དལ་བར་བྱའོ། །རིག་པའི་གནད་ནི། ལུ་གུ་རྒྱུད་བཙོན་དུ་བཟུང་བར་བྱ་སྟེ། ཡི་གེ་མེད་པ་ལས། ངོ་བོ་ལུ་གུ་རྒྱུད་ལྟར་འབྱུང་། །འཕྲ་དང་འཁྱུག་དང་འགྱུ་བའོ། །ཞེས་དང་། རང་ཤར་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་ཏུ་རབ་ཏུ་གསལ། །དེ་ཡང་འགྲོ་དང་འོང་བ་དང་། །འགུལ་བ་དང་ནི་འཕྲིག་པའོ། །ཞེས་དང་། ཡེ་ཤེས་རྩལ་རྫོགས་ལས། རང་སྣང་རིག་པའི་གཙོ་བོ་སྟེ། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །ཞེས་དང་། འདས་རྗེས་ལས། ལུག་རྒྱུད་རིག་པ་


CMR054_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

བཙོན་དུ་བཟུང་། །ཞེས་དང་། དེ་ལྟར་གནད་གསུམ་དང་མ་བྲལ་བའི་རིག་པ་ལུ་གུ་རྒྱུད་དུ་ལྟའོ། །དང་པོ་ཐུན་ཆུང་གྲངས་མང་བར་བྱ། དེ་ནས་ཐུན་ཇེ་རིང་ཇེ་རིང་ལ་ཡུན་བསྲིང་། དེ་ནས་ཉིན་མཚན་ཁྱད་པར་གྱི་དུས་སུ་ཉམས་སུ་ལེན་པའོ། །ཟླ་བ་ཕྱེད་དང་གཉིས་ཀྱིས་འབྱོང་བར་འགྱུར་རོ། །དེ་ལྟར་ཉམས་སུ་བླངས་བས་འཆར་ཚུལ་ནི། ཐུགས་རྗེ་ཆེན་པོའི་དོན་ཏིག་གི་ཀ་ཁྲིད་ཉིན་མོའི་རྣལ་འབྱོར་ལས་གསུངས་པ། ཆོས་ཉིད་མངོན་སུམ་གྱི་སྣང་བ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་ཤེལ་གྱི་ཕྲེང་བ་ལྟ་བུ་སྣང་སྟོང་གི་མཐའ་དང་བྲལ་བ་ཞིག་འཆར་བ་དེ་སྨིན་མཚམས་སུ་གཡོ་འགུལ་མེད་པར་ཨར་ལ་གཏད་པས། ལས་རླུང་ཕྱིར་ཟད་ཡེ་ཤེས་ཀྱི་རླུང་དབུ་མར་ཚུད་པའི་སྣང་བ་ཉིན་མོའི་རྟགས་དྲུག་ཅེས་བྱ་བ་འཆར་ཏེ། མཚན་བརྗོད་ལས། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་པས། རྒྱས་རྩའི་རླུང་དབུ་མར་ཚུད་པས་མེ་འབར་བ་ལྟ་བུ་དམར་ལམ་མེ་བ་དང་། འོད་ཆེན་རྣམ་པར་སྣང་བར་བྱེད། །ཅེས་པས། མདུན་གྱི་རླུང་དབུ་མར་འདུས་པས། གློག་ལྟར་ཁྱུག་ཁྱུག་པ་དང་། ཡེ་ཤེས་སྣང་བ་ལམ་མེ་བ།


CMR054_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པས། གཡོན་གྱི་རླུང་འདུས་པས། ཟླ་བ་བཞིན་དཀར་ཀྱི་ལེ་བ་དང་། འགྲོ་བའི་མར་མེ་ཞེས་པས། གཡས་ཀྱི་རླུང་འདུས་པས། ཉི་མ་བཞིན་དམར་ཀྱི་ལེ་བ་དང་། ཡེ་ཤེས་སྒྲོན། །ཞེས་པས། སྟེང་གི་རླུང་འདུས་པས། སྒྲ་གཅན་བཞིན་ནག་ཀྱི་ལེ་བ་དང་། གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་པས། དུང་ཅན་གྱི་རླུང་འདུས་པས། ཤིན་ཏུ་ཕྲ་བའི་ཐིག་ལེ་ནག་པོ་དང་འཇའ་འོད་སྣང་བར་འགྱུར་རོ། །ཞེས་དང་། རཏྣ་གླིང་པའི་ཀློང་གསལ་སྙིང་ཐིག་གི་ཁྲིད་ཡིག་ཡིད་བཞིན་ནོར་བུ་ལས། དེ་ལྟར་བསྒོམས་པས་ཐོག་མར་རང་གི་སྨིན་ཕྲག་ཏུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བ་འཇའ་ཚོན་ལྟ་བུ་ཞིག་འཆར་རོ། །དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ་བ་ཀོ་མོག་ལ་རྡོ་བསྐྱུར་བ་ལྟ་བུའམ། ཕུབ་ཀྱི་སྦ་འཁོར་ལྟ་བུ། དེའི་ནང་དུ་ཐིག་ལེ་ཉུངས་འབྲུའམ། སྲན་འབྲུ་ཙམ་དུ་འཆར་རོ། །དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་ཕྲ་བ་ལ་རྟ་རྔ་ལ་མདུད་པ་བྱས་པ་ལྟ་བུ་དང་། མུ་ཏིག་སྟར་ལ་བརྒྱུས་པ་ལྟ་བུ་དང་། ལྕགས་ཐག་ལྟ་བུ་དང་། མེ་ཏོག་གི་དྲ་བ་རླུང་གིས་བསྐྱོད་པ་ལྟ་བུ་ལ་སོགས་པ་དེ་


CMR054_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཐམས་ཅད་གཉིས་འབྲེལ་དང་གསུམ་འབྲེལ་ལ་སོགས་སུ་འཆར་ཏེ། དེ་དག་ནི་རང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཐིག་ལེ་ཉག་གཅིག་ཅེས་བྱ་བ་དེ་ཡིན་ནོ། །དེ་ཡང་དབྱིངས་རིག་འདུ་འབྲལ་མེད་པ་ཉི་མ་དང་ཟེར་གྱི་ཚུལ་དུ་གནས་སོ། །དེ་ཡང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། སྐུའི་རྟགས་སུ་ལུ་གུ་རྒྱུད་དོ། །དེ་རྣམས་ཀྱི་གནས་ལུགས་ཙིཏྟའི་ནང་ན་གནས་ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། སྐུའི་རྟགས་སུ་ལུ་གུ་རྒྱུད། ལམ་དབང་པོའི་མངོན་སུམ་དུ་འཆར་ཏེ་དེ་ནི་ཡིད་དཔྱོད་འཛིན་པའི་ལྟ་བ་ཚིག་དང་བློས་བྱས་ཤེས་རབ་ལ་སོགས་རྟོག་དཔྱོད་ཀྱི་ལྟ་བ་བསྣུབ་པའོ། །ཞེས་དང་། མཁའ་འགྲོ་སྙིང་ཏིག་ཁྲིད་ཡིག་རིན་ཆེན་སྤུངས་པ་ལས། ཆོས་ཉིད་མངོན་སུམ་གྱི་སྣང་བ་ཆ་ཕྲ་ལ་དྭངས་པ། གསལ་ལ་འཚེར་བ། རང་བཞིན་བཀྲག་པ། ཉམས་ང་བ་མངོན་སུམ་དུ་འཆར་ཏེ། དག་པ་དབྱིངས་ཀྱི་སྒྲོན་མ། གྱེན་འགྲེང་དང་རྩིབ་ཤར་དང་། ། མདའ་དང་མདུང་རྩེ་ལྟ་བུ་དང་། ཉ་མིག་ལྟ་བུ་དང་། མིག་ཚག་ལྟ་བུ་དང་། དྲ་མིག་ལྟ་བུ་དང་། རིན་པོ་ཆེ་འབར་བ་ལྟ་བུ་དང་། མཆོད་རྟེན་ལྟ་བུ་དང་། ཐིག་ལེ་དང་


CMR054_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ཕྲན་གྱིས་འཁྲིགས་པ། འཇའ་ཚོན་ཁ་དོག་ལྔ་ལྡན་མངོན་སུམ་དུ་འཆར་རོ། །དེ་རྣམས་ཀྱི་ནང་དང་བར་ཐམས་ཅད་དུ། རིག་པའི་ངོ་བོ་རྡོ་རྗེ་ལུ་གུ་རྒྱུད་དུ་གསལ་ལོ། །དེ་ངོས་ཟིན་པར་བྱས་ལ། མགུལ་འཕྲིག་མེད་པར། ཉམས་སུ་བླང་བར་བྱའོ། །ཞེས་གསུངས། ཀརྨ་གླིང་པའི་ཆོས་ཉིད་བར་དོ་ངོ་སྤྱོད་མཐོང་བ་རང་གྲོལ་ལས། དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། བླ་མས་ལུས་གནད་འདི་ལྟར་གྱིས་ལ། ངག་གནད་འདི་ལྟར་བྱ་སྟེ། སེམས་གནད་འདི་ལྟར་སྡོད་ཅིག །ཅེས་ཚིག་གསུམ་གྱིས་བསྟན་པས། སློབ་མས་དེ་ལྟར་ཉམས་སུ་བླངས་པ་ལ། ཡིད་དཔྱོད་ཚིག་གིས་སྒྲོ་འདོགས་ལ་རག་མ་ལུས་པར་ཡུལ་ནམ་མཁའ་སྟོང་པ་ལ། ཆོས་ཉིད་རིག་པའི་སྣང་བ་མངོན་སུམ་དུ་རྣམ་རྟོག་གང་གིས་ཀྱང་མ་ལྷད་པར་མཐོང་བས་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་བྱའོ། །དེ་ལྟར་གནད་གསུམ་དུ་བསྡུས་ནས་ཉམས་སུ་བླངས་པས། རང་གི་ཤོས་སྨིན་ཕྲག་ཏུ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བ། འཇའ་ཚོན་ལྟ་བུ། རྨ་བྱའི་མདོངས་ལྟ་བུ་འཆར་རོ། །དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ་བ་ཀོ་མོག་ནང་དུ་


CMR054_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་བསྐྱུར་བའི་ཆུའི་གཉེར་མ་ལྟ་བུའམ། ཕུབ་ཀྱི་སྦ་འཁོར་ལྟ་བུའི་ནང་དུ། ཐིག་ལེ་ཡུངས་འབྲུ་ཙམ་མམ། སྲན་འབྲུ་ཙམ་འཆར་རོ། །དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ། ཕྲ་བ་རྟ་རྔའི་མདུད་པ་ལྟ་བུ་དང་། མུ་ཏིག་རྩར་ལ་བརྒྱུས་པ་ལྟ་བུ་དང་། ལྕགས་ཐག་ལྟ་བུ་དང་། མེ་ཏོག་གི་དྲ་བ་རླུང་གིས་བསྐྱོད་པ་ལྟ་བུ་ལ་སོགས་ཏེ། དེ་དག་ཐམས་ཅད་ཀྱང་གཉིས་སྦྲེལ་གསུམ་སྦྲེལ་ལ་སོགས་པ་འཆར་ཏེ། དེ་ནས་རང་གི་རིག་པ་ལུ་གུ་རྒྱུད། ཐིག་ལེ་ཉག་གཅིག་བྱ་བ་དེ་ཡིན་ནོ། །དེ་ཡང་དབྱིངས་དང་རིག་པ་འདུ་འབྲལ་མེད་པ། ཉི་མ་དང་ཟེར་གྱི་ཚུལ་དུ་གནས་སོ། །དེ་ཡང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། རིག་པ་སྐུའི་རྟགས་སུ་ལུ་གུ་རྒྱུད། དེ་རྣམས་གནས་ལུགས་ཙིཏྟའི་དཀྱིལ་ན་གནས། ལམ་དབང་པོའི་མིག་ལ་མངོན་སུམ་དུ་འཆར་རོ། །ཞེས་གསུངས། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ལ་ངེས་ཐོན་ཏེ། །སྤྲིན་མེད་ནམ་མཁའ་དག་ལ་གསལ། །ཞེས་གསུངས་སོ། །ཡིད་དཔྱོད་འཛིན་པའི་ལྟ་བ་ཚིག་དང་བློས་བྱས་ཤེས་རབ་རྟོག་དཔྱོད་ཀྱི་ལྟ་བ་ནུབ་པའོ། །


CMR054_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། འདས་རྗེས་ལས། ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་ནུབ། །ཅེས་གསུངས་སོ། །ཀློང་གསལ་ལས། རྐྱེན་བྲལ་ནམ་མཁའ་དག་པ་ལ། །གཟིགས་སྟངས་གཅུན་ནས་ངོ་སྤྲད་པས། །དབང་པོའི་སྒོ་ལ་སྒྲོན་མ་ནི། །མཛེས་པ་རྨ་བྱའི་མདོངས་ལྟ་བུ། །ཐིག་ལེ་ལུ་གུ་རྒྱུད་དུ་འབྲེལ། །འགུལ་འཕྲིག་འགྱུ་བའི་རྣམ་པར་འགྱུ། །ཞེས་དང་། རིག་པ་རང་ཤར་ལས་ཀྱང་། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འོང་དང་འགྲོ་བ་དང་། །འགུལ་བ་དང་ནི་འཕྲིགས་པའོ། །ཞེས་དང་། སེངྒེ་རྩལ་རྫོགས་ལས་ཀྱང་། རང་སྣང་རིག་པའི་དངོས་པོ་འདི། །ཡེ་ཤེས་ལུ་གུ་རྒྱུད་དུ་གསལ། །ཞེས་དང་། ནོར་བུ་ཕྲ་བཀོད་ལས། རྐྱང་ཞགས་ཆུ་ཡི་སྒྲོན་མ་ལས། །ཡང་དག་རྫོགས་པའི་སངས་རྒྱས་ཀྱང་། །རིག་པ་ལུ་གུ་རྒྱུད་ཀྱི་སྐུ། །ཡོངས་སུ་གསལ་བའི་རྣམ་པ་ཅན། །ཞེས་དང་། ཀློང་གསལ་ལས། དེ་ཡང་ངོ་བོ་ཀ་དག་ལ། །རང་བཞིན་ལྷུན་གྲུབ་ཉིད་གནས་ཏེ། །ཐུགས་རྗེས་ཀུན་ལ་ཁྱབ་པ་ཉིད། །ཙིཏྟ་དག་ནས་རྩ་ལ་ཤར། །ངོ་བོ་དབང་


CMR054_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྒོ་ལ་འཆར། །རིག་པ་མངོན་སུམ་ཞེས་སུ་བརྗོད། །ཡིད་དཔྱོད་རྣམས་དང་བྲལ་བའོ། །ཞེས་དང་། འདས་རྗེས་ལས། མངོན་སུམ་གནད་འདི་སུས་མཐོང་བ། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་དང་། ཀློང་གསལ་ལས། རིག་པ་མངོན་སུམ་མཐོང་བ་ནི། །བདེན་པ་མཐོང་བའི་གནད་ཀྱིས་སུ། །ཁམས་གསུམ་འཁོར་བར་ལྡོག་པ་མེད། །ཅེས་གསུངས་པས། ད་ལྟ་འཇའ་འོད་ཐིག་ལེར་བལྟས་པས། བར་དོར་འཇའ་འོད་ཟེར་གསུམ་ཤར་བའི་ཚེ། ཡེ་ཤེས་ལྔ་རང་ངོ་འཕྲོད་ནས་གྲོལ་ཏེ། །ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག་གི་གསང་ལམ་ངོ་སྤྲོད་རྒྱུད་ལས། རིགས་ཀྱི་བུ་རང་དབུགས་ཆད་པ་དང་། སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་མེ་ལོང་ངོས་ལ་ཉི་མ་ཤར་བ་ལྟ་བུར་དུས་གཅིག་ལ་འཆར་རོ། །དེའི་དུས་སུ་འོད་ཁ་དོག་མཐིང་ཁ་མཐོང་བའི་ཚེ་ན། འདི་ཀ་རང་གི་རིག་པའི་ངོ་བོ་སྟོང་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་སྙམ་པ་དང་། རང་བྱུང་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འཁོར་དང་བཅས་པ་འགྲུབ་པར་འགྱུར་རོ། །འོད་ཟེར་སེར་པོ་མཐོང་བའི་ཚེ། འདི་ཀ་རང་གི་རིག་པའི་ངོ་བོ་སྟོང་པ་མཉམ་པ་ཉིད་


CMR054_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡེ་ཤེས་ཡིན་སྙམ་པ་དང་། རང་བྱུང་རིན་ཆེན་འབྱུང་ལྡན་ཡབ་ཡུམ་འཁོར་དང་བཅས་པ་འགྲུབ་པར་འགྱུར་རོ། །འོད་དམར་པོ་མཐོང་བའི་ཚེ། འདི་ཀ་རང་གི་རིག་པའི་ངོ་བོ་སྟོང་པ་སོ་སོར་རྟོག་པའི་ཡེ་ཤེས་ཡིན་སྙམ་པ་དང་། རང་བྱུང་སྣང་བ་མཐའ་ཡས་ཡབ་ཡུམ་འཁོར་དང་བཅས་པ་འགྲུབ་པར་འགྱུར་རོ། །འོད་ལྗང་གུ་མཐོང་བའི་ཚེ། འདི་ཀ་རང་གི་རིག་པའི་ངོ་བོ་སྟོང་པ་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་སྙམ་པ་དང་། རང་བྱུང་དོན་ཡོད་གྲུབ་པ་ཡབ་ཡུམ་འཁོར་དང་བཅས་པ་འགྲུབ་པར་འགྱུར་རོ། །འོད་དཀར་པོ་མཐོང་བའི་ཚེ། འདི་ཀ་རང་གི་རིག་པའི་ངོ་བོ་སྟོང་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་སྙམ་པ་དང་། རང་བྱུང་རྣམ་པར་སྣང་མཛད་ཡབ་ཡུམ་འཁོར་དང་བཅས་པ་འགྲུབ་པར་འགྱུར་རོ། །གསང་བའི་བདག་པོ་དག་སྣང་ཤར་བའི་ཚེ། ཡེ་ཤེས་ལྔར་ཤེས་ཤིང་དྲན་པས་སངས་རྒྱས་ཐོབ་བོ། །ཞེས་གསུངས་པའི་ཕྱིར། འཇའ་འོད་ཐིག་ལེ་ཐིག་ཕྲན་འདི་རྒྱུན་དུ་བལྟས་པས་འཁོར་བར་ཕྱིར་མི་ལྡོག་པར་གསུངས་སོ། །དེ་ཡང་རྒྱུད་ལས། ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་དག་པ་ཡེ་དག་པ། །མ་འཁྲུལ་པ་ཡི་སངས་རྒྱས་


CMR054_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཞེས་པས། དེས་ཆོས་ཉིད་མངོན་སུམ་གྱི་སྣང་བ་བསྟན་ནས་དེ་ལྟར་ཉམས་སུ་བླངས་པས། ཉམས་གོང་འཕེལ་གྱི་སྣང་བ་འཆར་ཏེ། །ཐིག་ལེའི་ནང་དུ་སྐུ་རྐྱང་པ་དང་། ཕྱེད་སྐུ་དང་ལྷ་ཡབ་ཡུམ་གྱི་རྣམ་པ་དང་། ལུ་གུ་རྒྱུད་གར་གཏད་དུ་སྡོད་པ་རྣམས་འབྱུང་ངོ་། །དེ་རྣམས་ནི་ཉམས་གོང་དུ་འཕེལ་བའོ། །གཞན་ཡང་ཉམས་སུ་ལེན་ཚུལ་ནི། ཐེར་མ་དང་རྔ་ཡབ་ལ་སོགས་པས། མིག་བཀབ་ནས་བལྟས་པས་ཤིན་ཏུ་ཡང་གསལ་བར་འགྱུར་རོ། །ཞེས་རིག་འཛིན་ཀུ་མཱ་ར་ཛས་གསུངས་སོ། །ཨོ་རྒྱན་རིན་པོ་ཆེས་གསུངས་པའི་ངོ་སྤྲོད་མཐོང་བ་རང་གྲོལ་ལས། གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། སྣང་ཉམས་དང་ཤེས་ཉམས་གཉིས་ལས། ཤེས་ཉམས་ནི་བདེ་ཉམས་དང་གསལ་ཉམས་སྟོང་ཉམས་ལ་སོགས་པ་སྣ་ཚོགས་སུ་འཆར་ཞིང་མི་བརྟན་པར་འགྱུར་བ་ཡིན་པས། གཙོ་ཆུང་ཞིང་དེར་མ་ཟད། ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྣམས་ཀྱང་ཤེས་པའི་ཉམས་ནི་ན་བུན་དང་འདྲ་ཞེས། ཉམས་མཐོ་དམན་ལ་ཡིད་ཆེས་མི་བྱེད་ཅིང་། རྟོགས་པ་མཐོ་དམན་ལ་གཙོ་བོར་བྱེད་པའི་ཕྱིར་རོ། །འདིར་ཡང་རྟོགས་པ་མཐོ་དམན་གྱི་ཚད་


CMR054_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཉམས་ཀྱིས་བཟུང་ཞིང་། སྣང་བ་མི་འགྱུར་བས་སྣང་ཉམས་གཙོ་ཆེའོ། །དེ་ལྟར་སྣང་བ་ཉམས་སུ་བླངས་པས་དབྱིངས་རིག་རེས་གསལ། རེས་མི་གསལ་བར་འབྱུང་ངོ་། །ད་རུང་ཉམས་སུ་བླངས་པས། དབྱིངས་རིག་སྨིན་མཚམས་ལ་འབྲེལ་ཏེ། ཐིག་ལེ་སྟོང་པའི་སྒྲོན་མ་རྩོལ་བ་མེད་པར་འཆར་ནས་འོང་ངོ་། །ཐིག་ལེ་རྣམས་སྲན་མ་ཙམ་དུ་འགྲོ། རིག་པ་ནི་འདབ་ཆགས་འཕུར་སྐྱེན་ཙམ་དུ་འགྲོ། ད་རུང་ཉམས་སུ་བླངས་པས་འོད་ལྔའི་སྣང་བ་དུམ་བུར་སྣང་བ་དང་། གྱེན་འགྲེང་དང་། རྩིབ་ཤར་དང་། མདུང་རྩེ་ལྟ་བུ་དང་། རེ་ལྡེའི་རྣམ་པ་ལྟ་བུ་དང་། གྲུ་ཆད་ཀྱི་རྣམ་པ་ལྟ་བུར་འགྱུར་ཞིང་། འོད་དེ་དག་རང་མདུན་ཙམ་དུ་ཁྱབ་པར་འཆར། ཐིག་ལེ་ཡང་མེ་ལོང་ཙམ་དུ་འགྱུར་ཞིང་རིག་པ་ནི་རི་དྭགས་སྤང་རྩིབ་ལ་རྒྱུག་པ་ཙམ་དུ་འཆར་རོ། །ད་རུང་ཉམས་སུ་བླངས་པས། དབྱིངས་ཀྱི་སྣང་བ་དེ་ལས་རིན་པོ་ཆེའི་དྲྭ་བ་དང་། འོད་ཀྱི་དྲྭ་བ་དང་། དྲྭ་ཕྱེད་དང་། མིག་མང་རིས་ལྟ་བུ་དང་། མིག་ཚག་དང་། མདུང་རྩེ་དང་། མདུང་རྩེ་ལྟ་བུ་དང་། མཆོད་རྟེན་བརྩེགས་པ་ལྟ་བུ་དང་། པདྨ་སྟོང་ལྡན་དང་།


CMR054_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

གུར་ཁྱིམ་དང་། ཉི་ཟླ་དང་། མཁར་ཐབ་རིས་དང་། རལ་གྲི་དང་། འཁོར་ལོ་དང་། ཉ་མིག་གི་རྣམ་པ་ལྟ་བུར་འགྱུར་རོ། །འོད་དེ་ཡང་རང་གནས་པའི་ལུང་པ་དེ་གང་བར་འགྱུར་རོ། །ཐིག་ལེ་མཁར་ཕོར་ཙམ་དུ་འགྱུར་ཞིང་། རིག་པ་ནི་བུང་བ་བཅུད་ལ་ལྡིང་བ་ལྟ་བུ་ཙམ་དུ་འགྱུར་རོ། །ད་རུང་ཉམས་སུ་བླངས་པས། འོད་ཀྱིས་ཡུལ་ཁམས་ཙམ་དུ་ཁེང་། ཐིག་ལེ་ཡང་བསྲེ་ཕུབ་ཙམ་དུ་འགྱུར་རོ། །འོད་ཀྱིས་བལྟས་ཚད་ལ་ཁྱབ། དབྱིངས་རིག་ཉིན་མཚན་མེད་པར་འཆར། ཐིག་ལེའི་ནང་དུ་ལྷ་སྐུ་རྐྱང་པ་རེ་རེ་སྣང་། རིག་པའི་བར་དུ་ཡང་སྐུ་ཕྲ་མོ་རེ་རེ་ཡང་འབྱུང་ངོ་། །རིག་པ་འགུལ་འཕྲིག་མེད་པར་སྡོད། དེ་ལྟར་ཤར་བའི་དུས་ན། བར་དོའི་སྣང་བ་ད་ལྟར་གཏན་ལ་ཕབ་པས། ཕྱིས་བར་དོ་མེད་དོ། །དེ་ནི་ཆོས་ཉིད་བར་དོའི་ཉམས་ལེན་དངོས་གཞི་འདི་ཁོ་ནའོ། །ཐུགས་རྗེ་ཆེན་པོའི་དོན་ཏྲིག་ལས། སྤྲུལ་སྐུའི་འདུག་སྟངས་ཀྱིས་གོང་འཕེལ་དུ་བསྒྱུར་བ་ལ། སྤྲུལ་སྐུའི་འདུག་སྟངས་ཀྱིས་སྲོག་རྩོལ་བར་འཛག་ཙཎྜ་ལཱི་བསྒོམ་ཞིང་། ཆོས་ཉིད་རིག་པ་མངོན་སུམ་གྱི་སྣང་བ་དང་མ་བྲལ་བར་བྱས་པས། ཐིག་ལེ་ནག་པོ་གསལ་ལ་


CMR054_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

འཚེར་བ། ཉུངས་འབྲུ་ཙམ་ལ་ཕེབས་པའི་འོད་སྣང་ཡིད་ཡུལ་དུ་ཉིན་མཚན་ངེས་མེད་དུ་མཐོང་བར་འགྱུར་རོ། །དེ་ཡང་ཡིད་དཔྱོད་མ་ཡིན་མངོན་སུམ་དུ་སྣང་བ། ཡོད་པ་མ་ཡིན་ཕྱི་རོལ་ཏུ་སྤུ་ཙམ་ཡང་མེད་པ། རླུང་གི་སྟོབས་ཀྱིས་འཕེལ་འགྲིབ་བྱུང་ཡང་། དོན་ལ་འཕེལ་འགྲིབ་མེད་པར་ཡེ་ཤེས་ཀྱི་རང་མདངས་འོད་ལྔ་ཤར་ཏེ། དེ་ལ་འོད་ཁ་དོག་ལྔ་གྱེན་ལ་འགྲེང་བ། རྩིབ་ལ་ཤར་བ། རེ་ལྡེ་དང་། གྲུ་ཆད་དང་། ཡུལ་གྲུ་ཙམ་ལ་སོགས་པ་དབྱིབས་ཅན་མཆོད་རྟེན་དང་། པདྨ་སྟོང་ལྡན་དང་། །གུར་ཁྱིམ་དང་། མིག་མང་རིས་དང་། ལྷ་ཁང་དང་། མིག་ཚག་དང་། དྲྭ་བ་དྲྭ་ཕྱེད་ལ་སོགས་པ་མ་ངེས་པ་འབྱུང་ངོ་། །ཞེས་དང་། ཐལ་འགྱུར་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་དབྱིབས་འབྱུང་ལས། །གྱེན་འགྲེང་དང་ནི་རྩིབ་ཤར་དང་། །ཐིག་ལེ་སྣ་ཚོགས་སྐུ་གཉིས་དང་། །རིག་པ་སྣང་བའི་ཡུལ་ལ་གསལ། ཞེས་དང་། འདས་རྗེས་ལས། ཉམས་སྣང་གོང་དུ་འཕེལ་བ་ཡི། །བར་དོའི་ཡེ་ཤེས་མངོན་དུ་བྱས། །ཞེས་གསུངས་སོ། །བར་དོ་དུས་ཀྱི་སྒྲོན་མ་ནི། དཔེ་ཇི་འདྲ་ན།


CMR054_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུའོ། །དཔེ་ཇི་བཞིན་དུ་འོད་གསལ་ཆོས་ཉིད་མངོན་སུམ་པོ་དེ་ལ། གོམས་འདྲིས་མཐར་ཕྱིན་ནས་ཉམས་སྣང་གོང་དུ་འཕེལ་ཏེ། རིག་པ་ཚད་ལ་ཕེབ་ཕྱིར་ཆོས་ཉིད་བར་དོའི་ཡེ་ཤེས་མངོན་དུ་གྱུར་ནས་ཡིད་ཆེས་ཏེ། རང་སྣང་སངས་རྒྱས་ཀྱི་ཞིང་ཁམས་སུ་འོད་གསལ་གྱི་ངང་ལ་སངས་རྒྱས་པ་ཡིན་ཏེ། གང་ལ་གང་འདུལ་གྱི་འགྲོ་བའི་དོན་འབྱུང་ངོ་། །ཞེས་གསུངས་སོ། །མཁའ་འགྲོ་སྙིང་ཐིག་གི་ཁྲིད་ཡིག་རིན་ཆེན་སྤུངས་པ་ལས། དེ་ནས་ཉམས་སུ་བླངས་པས། རིག་པ་ཚད་ལ་ཕེབས་པའི་སྣང་བ་འཆར་རོ། །ཐིག་ལེ་རེ་རེའི་ནང་དུ་རིགས་ལྔ་ཡབ་ཡུམ་གྱི་ཚོམ་བུ་རྫོགས་པ་དང་། སྟོང་གསུམ་ཐམས་ཅད་ལུ་གུ་རྒྱུད་ཁྲ་ཤིག་ཤིག་པ་དང་། རང་སྣང་རིག་པའི་འཆར་ཚུལ་ལ་དབང་ཐོབ་པའོ། །ཞེས་དང་། ངོ་སྤྱོད་མཐོང་བ་རང་གྲོལ་ལས། གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། དེ་ནས་ཡང་ཉམས་སུ་བླངས་པས། གོང་གི་ཐིག་ལེ་རེ་རེའི་ནང་དུ་སྐུ་ཡབ་ཡུམ་ལྔ་ལྔར་འཆར། དེ་དག་ཀྱང་གྲངས་ལས་འདས་པ་ལས། འགྱུར་བ་མེད་པའི་བྲེ་ཚད་སྲང་ཚད་ལ་འཕེལ་བ་ལྟར་ཚད་ལ་ཕེབས། དེ་ནས་མ་བསྒོམས་


CMR054_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཆོག་པའོ། །དེ་ཙམ་ནས་ལུས་འོད་གསལ་དུ་གྲོལ། འབྱུང་བ་རང་དག་ཏུ་སོང་བས། གདོས་བཅས་ཀྱི་ཕུང་པོ་རང་སར་གྲོལ་ཏེ། སྣང་བ་རང་བཞིན་མ་གྲུབ་པར་ལོངས་སྤྱོད་རྫོགས་པའི་སྐུར་རང་གྲོལ་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་རྗེན་པར་ངོས་ཟིན་པས། སྐུའི་འཛིན་པ་རང་སར་གྲོལ་བའོ། །ཞེས་དང་། ཐུགས་རྗེ་ཆེན་པོའི་དོན་ཊཱིཀ་ལས། ལོངས་སྐུའི་འདུག་སྟངས་ཀྱིས་ཚད་ཕེབས་སུ་བསྒྱུར་བ་ནི། ལོངས་སྐུའི་འདུག་སྟངས་ཀྱིས་ལས་ཀྱི་ཕྱག་རྒྱའམ། །འོད་ཀྱི་ཕྱག་རྒྱུའམ། ཡེ་ཤེས་ཀྱི་ཕྱག་རྒྱ་བསྟེན་ཅིང་གོང་འཕེལ་གྱི་ཞིང་ཁམས་དང་མ་བྲལ་བར་ཉམས་སུ་བླངས་ན་ལས་རླུང་ཡེ་ཤེས་ཀྱི་རླུང་དུ་འགྱུར་ཞིང་། དབུ་མར་ཚུད་ཅིང་རྟོག་པ་འགྱུ་བའི་ལམ་འཁྲུལ་པའི་རྩ་མིག་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཐིག་ལེས་གང་བས། སྔགས་ཀྱི་ཡོན་ཏན་བྱིན་རླབས་ལ་རང་དབང་ཐོབ་པ། སྤྱན་དང་མངོན་ཤེས་དང་། མཆོག་ཐུན་མོང་གི་དངོས་གྲུབ་བརྙེས་ཤིང་སྟོང་གསུམ་གསལ་བ་དང་། ཉམས་ཀྱི་འོད་དྲུག་ལ་ལོངས་སྤྱོད་དེ། སྣང་སྲིད་ཐིག་ལེས་གང་བའི་ཐིག་ལེ་རེ་རེའི་ནང་དུ་རིག་པའི་ཡེ་ཤེས་ཀྱི་སྐུ་ལྔ་ལྔར་འཆར་བར་འགྱུར་


CMR054_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ཞེས་དང་། ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ལ། །ལོངས་སྐུ་མཚན་དཔེ་སྣང་བ་ནི། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ལྔ་ཡབ་དང་ཡུམ་དུ་སྣང་། །དེ་ནཱས་ལྔ་ལྔ་ཟུང་དུ་བཅས། །རབ་ཏུ་གསལ་བའི་ཐིག་ལེ་འབྲེལ། །ཡབ་ཡུམ་སྐུ་ཡི་སྣང་བ་ཅན། །འཁྲུལ་སྣང་ཟད་ནས་སངས་རྒྱས་སོ། །ཞེས་དང་། འདས་རྗེས་ལས། རིག་པ་ཚད་ཕེབས་སྣང་བ་ཡི། །ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན། །ཞེས་གསུངས། འདི་ལྟ་བུ་རྟོགས་ན་བར་དོ་མེད་པར་གསུངས་ཏེ། ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག་གསང་ལམ་ངོ་སྤྲོད་ཀྱི་རྒྱུད་ལས། འཆི་ཁ་དབུགས་འགྲོ་དུས་ཐ་མ་ཧ་ཟེར་ནས་ཧ་ཚུར་ལ་མ་འདུས་པའི་ཚེ། རང་གི་མདུན་གྱི་ནམ་མཁའ་ལ་ཡེ་ཤེས་ཀྱི་མཐོང་ཞེས་བྱ་བ། འོད་ཁ་དོག་ལྔ་ལྡན་བཀྲག་ལམ་མེར་རང་ལ་སྣང་ངོ་། །དེ་ངོ་ཤེས་པས་ལྕགས་ལ་གསེར་འགྱུར་གྱི་རྩི་བཏང་བ་ལྟ་བུའམ། མུན་ཁང་དུ་སྒྲོན་མེ་བཏེག་པ་ལྟར་ཡར་གྱི་ཟང་ཐལ་དུ་སྐད་ཅིག་མ་ལ་གྲོལ། རིགས་ཀྱི་བུ་རང་དབུགས་དང་མ་བྲལ་གྱི་བར་ལ་རྡོ་རྗེ་སེམས་དཔའི་སྣ་ཐག་ཅེས་བྱའོ། །ཐུགས་རྗེ་རྒྱུན་གྱི་ཐག་པ་ཞེས་ཀྱང་བྱའོ། །རང་


CMR054_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

གི་མིག་ནས་མདུན་གྱི་ནམ་མཁའ་ལ་འོད་ཁ་དོག་སྣ་ལྔ་ཐག་པ་བརྐྱང་བའམ། སྐས་བཙུགས་པ་ལྟར་སྣང་ངོ་། །དེའི་དུས་སུ་རིག་པ་མིག་ལ་གཏད་དེ། མིག་ཐུགས་རྗེ་རྒྱུན་ཆད་མེད་པའི་ཐག་པ་ལ་གཏད་པས། ཡར་གྱི་ཟང་ཐལ་ལས་གྲོལ། ཡང་ན་ཐུགས་རྗེའི་ཐག་པ་དེ་ནི་ཁ་དོག་ལྔར་ཤར་བའི་ཚེ། ཡེ་ཤེས་དེར་ཤེས་པས་ཡེ་ཤེས་ལྔ་ལྡན་གྱི་དཀྱིལ་འཁོར་ཐོབ་ནས་དབུགས་མེད་པར་སངས་རྒྱའོ། །གསང་བའི་བདག་པོ་ཕྱི་ནང་གསང་བའི་དབང་རྫོགས་པ་ལ་སྟོན་ཅིག །ཅེས་བཀའ་སྩལ་ཏེ། རྫོགས་ཆེན་རིན་ཆེན་སྤུངས་པ་ལས། དེ་ནས་ཆོས་ཉིད་ཟད་པའི་སྣང་བ་འཆར་ཏེ། ཉམས་ཀྱི་འཕེལ་དེ་རྣམས་ཐམས་ཅད་ཟད་ནས། སྐུ་གསུམ་གྱི་འཛིན་པ་རང་སར་སྟོང་སྟེ། རིག་པ་གཞི་ཐོག་ཏུ་ལྷང་ངེར་ཕེབས་ནས། བསྒོམ་བྱ་སྒོམ་བྱེད་ཀྱི་འཛིན་པ་རང་སར་གྲོལ་ཏེ། མ་རིག་པའི་འཁྲུལ་པ་རྩ་བ་ནས་དག་ནས། ཀ་དག་ཀུན་ཏུ་བཟང་པོའི་དགོངས་པ་ལ་སླེབ་པའོ། །ཞེས་དང་། ཐུགས་རྗེ་ཆེན་པོའི་དོན་ཊིཀ་ལས། ཆོས་རྣམས་ཟད་པའི་སྣང་བ་ནི། འདུག་སྟངས་གསུམ་པོ་གང་བདེར་བྱ་སྟེ། མ་བཅོས་བློ་འདས་ཀྱི་ངང་ལ་སྐུ་དང་


CMR054_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་ལ་བདག་གཞན་གྱི་འཛིན་པ་མ་ཞུགས་པར་ཉམས་སུ་བླངས་ནས། ཡེ་ནས་འཁྲུལ་མ་མྱོང་བར་རྟོགས་པས་འཁོར་བ་ལ་ཡ་མི་ང་བར། སངས་རྒྱས་རང་ལ་ཡོད་པས་སངས་རྒྱས་ལ་རེ་ལྟོས་མེད་པ། སྐུ་གསུམ་རང་ལ་ཚང་ཞིང་རང་གཞན་གཉིས་མེད་མཐའ་བྲལ་གྱི་ངང་དུ་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པར་རྫོགས་ཤིང་། ལུས་འབྱུང་བའི་བག་ཆགས་ཟད་ནས། དྭངས་མ་འོད་ལྔ་ཡལ། ངག་བརྗོད་པ་སྨྲ་ཚིག་ཟད་ནས་སྨྲ་བསམ་བརྗོད་མེད་དུ་ཡལ། །སེམས་བློ་ཟད་ཆོས་ཟད་ནས་བློ་འདས་ཀ་དག་ཏུ་ཡལ། དེ་ཉིད་ཆོས་སྐུར་སངས་རྒྱས་སོ། །ཞེས་དང་། ངོ་སྤྲོད་མཐོང་བ་རང་གྲོལ་ལས། བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། དེ་ཡང་གོང་གི་ཉམས་དེ་རྣམས་ཀྱི་འཕེལ་བ་ཟད་དེ། སྣང་བའི་ཉམས་དེ་དག་ལ་སྣང་དང་མི་སྣང་དུ་འཛིན་པའི་ངོ་བོ་མེད་དོ། །དེའི་ཚེ་ཆོས་ཉིད་ཟད་པའི་སྣང་བ་ཞེས་ཐ་སྙད་དུ་བཏགས་པའོ། །ཉམས་ཟད་གདོས་བཅས་ཀྱི་ལུས་ཟད། དབང་པོའི་འཛིན་པ་ཟད། འཁྲུལ་པའི་རྟོག་པ་ཟད། གྲུབ་མཐའ་དང་འཁྲུལ་སྣང་ཐམས་ཅད་ཟད། ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་སངས་རྒྱས་པ་ཡིན་ཏེ། ཆོས་ཉིད་ཟད་


CMR054_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བ། ཆོས་དང་འཁྲུལ་སྣང་དང་ཉམས་སྣང་གི་འཕེལ་ཟད་པའི་ཕྱིར། ཆོས་ཉིད་ཟད་ཅེས་མིང་དུ་བཏག་པ་ལ། ཅི་ཡང་མེད་པར་ཟད་ནས། ཆད་ལྟ་ལྟ་བུ་མེད་པ་ནི་མ་ཡིན་ཏེ། མཁྱེན་པའི་ཡེ་ཤེས་དང་། ཡོན་ཏན་ནི་བརྗོད་ཀྱིས་མི་ལོང་བ་ལྟ་བུར་མངོན་དུ་འགྱུར་ཏེ། མདོར་ན་སྐུ་གསུམ་ཡོན་ཏན་རྩལ་རྫོགས་ཟིན་པའོ། །ཞེས་དང་། ཐལ་འགྱུར་ལས། ཆོས་ཉིད་ཟད་པའི་སྣང་བ་ནི། །ཉམས་ཀྱི་སྣང་བ་སྟོང་པས་ན། །ལུས་ཟད་དབང་པོའི་ཡུལ་ཡང་ཟད། །རྟོག་ཚོགས་འཁྲུལ་པ་རང་གྲོལ་ནས། །བརྗོད་གཞིའི་ཚིག་དང་བྲལ་བའོ། །ཞེས་དང་། དེ་ལྟར་ལུས་རྒྱུན་ཆད་ནས། ཟག་བཅས་ཀྱི་ཕུང་པོ་མི་སྣང་བར། འདི་ལ་མངོན་པར་སངས་རྒྱས་སོ། །ཞེས་གསུངས་སོ། །འདས་རྗེས་ལས། ཆོས་ཉིད་ཟད་པའི་སྣང་བ་ཡིས། །རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ། །འདི་ལྟར་གཞི་ལམ་མཐར་ཕྱིན་ནས། །མྱང་འདས་གཞན་ནས་ཤོས་བཙལ་དུ་མེད། །ཅེས་གསུངས་པས། རབ་འཕོ་བ་ཆེན་པོའི་སྐུ་ཐོབ་པས་སྐྱེ་ཤི་དང་འདས་གྲོངས་མེད་པར་ཨོ་རྒྱན་དང་བི་མ་ལ་ལྟ་བུའམ། ཟག་བཅས་ཀྱི་ཕུང་པོ་འོད་ཕུང་དུ་


CMR054_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ཡལ་བ་དགའ་རབ་རྡོ་རྗེ་དང་ཤྲཱི་སེང་ཧ་ལྟ་བུ་སྟེ། དོན་ཊིཀ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་ནི། ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ།། །གསུངས་སོ། །འབྲིང་ནི་ཚེ་འདིར་ས་བཅུ་ནོན་ཏེ། རིག་པ་རང་ཤར་གྱི་རྒྱུད་ལས། ས་ཞེས་བྱ་བ་གུད་ན་ཡོད་པ་མ་ཡིན་ནོ། །བདེན་པ་མཐོང་བའི་གང་ཟག་གཅིག་ལ་ས་རྣམས་རྫོགས་ནས་ཡོད་དོ། །ཞེས་ས་བཅུ་ཐོབ་ཚུལ་རྒྱས་པར་གསུངས་ནས། དེ་ནི་གང་ཟག་བདེན་པ་མཐོང་བའི་སྒྲུབ་འདི་ཉིད་མ་བོར་ལ་ནོན་པའོ། །གང་ཟག་སྦྱབ་བོར་བ་རྣམས་ཀྱིས་ནི་ས་འདི་ལྟར་ནོན་པ་ཡིན་ནོ། །ཞེས་ས་བཅུ་དྲུག་ནོན་ཚུལ་རྒྱས་པར་གསུངས་སོ། །དེ་ལ་ས་བཅུའི་མིང་ནི་སྤྱི་མིང་དང་འདྲ་ལ། གཞན་རྣམས་གོ་རིམ་ཅུང་ཟད་དཀྲུགས་ནས་གསུངས་པས་འདྲ་མིན་མང་དུ་སྣང་ཡང་བཅུ་གཅིག་ཀུན་ཏུ་འོད། བཅུ་གཉིས་མ་ཆགས་པདྨ་སྤྱན། བཅུ་གསུམ་རྡོ་རྗེ་འཛིན། བཅུ་བཞི་འཁོར་ལོ་ཚོགས་ཆེན། བཅོ་ལྔ་བཀོད་པ་རབ་རྫོགས། བཅུ་དྲུག་ཡེ་ཤེས་བླ་མ། དྷེ་ཝ་ཀོ་ཤ། བདེ་བ་ཅན། ཐར་པ་ཆེན་པོའི་གྲོང་རྣམས་དོན་གཅིག །བཅུ་བདུན་རྡོ་རྗེ་འཛིན་པའི་མིང་འཛིན། བཅོ་བརྒྱད་ལྕང་ལོ་


CMR054_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། བཅུ་དགུ་རྫོགས་པ་བླ་མེད་དམ་བླ་མ། ཉི་ཤུ་སྲིད་གསུམ་ངང་རྫོགས། ཉེར་གཅིག་བྱ་རྩལ་གཉིས་སམ། རྩོད་བྲལ་ཐིག་ལེའི་ས་སྟེ། མཐར་ཐུག་པའོ། །ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། རྫོགས་པ་ཆེན་པོ་མཐར་ཕྱིན་པའི་ལམ་ཡིན་ཏེ། དེ་ནི་མྱ་ངན་ལས་འདས་པའི་ཆོས་དང་། གཞན་ནས་བཙལ་རྒྱུ་མེད་དེ། མཐར་ཐུག་པའོ། །ཐེག་པ་འོག་མའི་མཐར་ཕྱིན་པའི་ལམ་ཐོབ་ཀྱང་། སྔགས་ཀྱི་ཡོན་ཏན་སྒོ་མ་མཐོང་ན། དེ་ནས་སྔགས་ལ་འཇུག་ཅིང་། ཐོས་བསམ་སྦྱང་དགོས་པའི་ཕྱིར། མདོས་མཐར་ཕྱིན་ཀྱང་སྔགས་ཀྱིས་མཐར་མ་ཕྱིན་པའི་ཕྱིར་རོ། །འདི་ནི་ལམ་ཐམས་ཅད་ཀྱི་མཐར་ཕྱིན་པའོ། །དེ་ནས་ཡར་ཕུལ་ས་མེད་པས། ས་རྫོགས་ལམ་རྫོགས། དེ་ལས་ཡར་ཆེ་བ་གཞན་མེད་པས། རྫོགས་པ་ཆེན་པོ་ཞེས་མིང་དུ་བཏགས་པའོ། །ཞེས་གསུངས། རཏྣའི་ཀློང་གསལ་གྱི་ཁྲིད་ཡིག་ཡིད་བཞིན་ནོར་བུ་ལས། རབ་ཟག་བཅས་ཡོངས་ཀྱི་ཕུང་པོ་འོད་གསལ་ཏུ་གྲོལ། །འབྲིང་ཆོས་ཉིད་བར་དོར་སངས་རྒྱས། ཐ་མ་སྤྲུལ་སྐུའི་ཞིང་ཁམས་ལྟར་བརྫུས་ཏེ་སྐྱེས་ནས་བར་དོ་མེད་པར་སངས་རྒྱས་སོ། །ཞེས་


CMR054_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །དོན་ཊིཀ་ལས། མངོན་པར་རྫོགས་པར་སངས་རྒྱས་པ་ནི།། ནམ་མཁའ་གཡའ་དག་པ་དང་། འཇའ་དང་མེ་ཏོག་གི་ཆར་དང་། ས་གཡོས་དང་། སྒྲ་དང་། དྲི་ཞིམ་པོ་དང་། གདུང་དང་། སྐུ་གསུང་ཐུགས་རང་བྱུང་། རིང་བསྲེལ་ལ་སོགས་པ་མངོན་པར་བསྟན་ནས་སངས་རྒྱས་པའོ། །ཞེས་གསུངས། དེ་དག་གིས་དོན། །འདས་རྗེས་ལས། ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འདས་པའི་ཚིག་ལས་འདས། །ཉམས་སྣང་གོང་དུ་འཕེལ་བ་ཡིས། །བར་དོའི་ཡེ་ཤེས་མངོན་དུ་བྱས། །རིག་པ་ཚད་ཕེབས་སྣང་བ་ཡིས། །ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ། །འདི་ལྟར་གཞི་ལམ་མཐར་ཕྱིན་ནས། །མྱ་ངན་འདའ་བར་ཐེ་ཚོམ་མེད། །ཅེས་དང་། ཐལ་འགྱུར་ལས། དེ་ལ་སྣང་བ་བཞིར་འགྱུར་ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ཚིག་ལས་འདས། །གོང་དུ་འཕེལ་བའི་ཉམས་སྣང་གིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་


CMR054_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ལམ་བཅད། །ཅེས་གསུངས་པས། རབ་ཕུང་པོ་ལྷག་མེད་དུ་སངས་རྒྱུ་བའམ། ཕུང་པོ་ལྷག་མ་དང་བཅས་ཏེ་སངས་རྒྱ། འབྲིང་བར་དོར་སངས་རྒྱ་སྟེ་ས་བཅུ་དྲུག་ནོན། ཐ་མ་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་སྟེ། དག་པའི་ཞིང་ཁམས་ལྔར་ལོ་བརྒྱ་དང་ཉི་ཤུ་རེ་གནས་ནས། རྒྱལ་བ་རིགས་ལྔ་ལས་དབང་དང་བྱིན་རླབས་ལུང་བསྟན་ཐོབ་ནས་ལོ་ལྔ་བརྒྱ་ནས། སྟེང་ཕྱོགས་མེ་རི་འབར་བའི་ཞིང་ཁམས་སུ་ཕྱིན་པས། ཆེ་མཆོག་ཧེ་རུ་ཀ་ཞལ་མཐོང་མ་ཐག་ཏུ་ཀུན་ཏུ་བཟང་པོ་དང་དབྱེར་མེད་པར། གཞོན་ནུའི་བུམ་སྐུའི་ཀློང་དུ་སངས་རྒྱས་པར་གྱུར་ཏེ། ཀུན་ཟླུམ་ཐིག་ལེའམ་རྩོད་བྲལ་ཐིག་ལེའི་ས་ཡང་དེ་ཉིད་ཡིན་ཏེ། དོན་ལ་ཆོས་སྐུ་ཉག་གཅིག་ཡིན་པར་གསུངས་སོ། །དེ་ནི་རྫོགས་པ་ཆེན་པོ་ཐོད་རྒལ་གྱི་ལམ་བགྲོད་ཚུལ་མདོར་བསྡུས་ཚང་བ་སྟེ། རྒྱས་པར་ཤེས་འདོད་ན། རྒྱུད་བཅུ་བདུན་དང་། མཛོད་བདུན་ལ་སོགས་པ་རྣམས་ལ་ལྟ་བར་མཛོད་ཅིག །ཚར་རོ།། །།


CMR054_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

༼ལ༽ །ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་རྒྱབ་ཆོས་ལས་འཕོ་བ་ལམ་གྱི་གདམས་པ་བཞུགས་སོ། །


CMR054_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། །འདི་བསྒོམས་པས་ཉམས་ལེན་མཐར་མ་ཕྱིན་པར་འཆི་བའི་དུས་བྱུང་ན། འཕོ་བ་ལམ་གྱི་སྐྱེལ་མ་འདི་བསྒོམ། ཉམས་ལེན་མེད་པ་གཅིག་ཡིན་ཀྱང་ཕན་ཏེ།། ཐུགས་རྗེ་ཆེན་པོའི་དམར་ཁྲིད་དཔལ་མོ་ལུགས། ཟླ་བ་རྒྱལ་མཚན་གྱི་ལུགས། ཚེམ་བུ་ལུགས་གསུམ་ཀ་ནས། མ་བསྒོམ་སངས་རྒྱས་འཕོ་བའི་གདམས་ངག །ཅེས་གསུངས། དེ་ཡང་དཔལ་ཀུན་བཟང་དགོངས་པ་ཀུན་འདུས་རྒྱུད་ལས། འཆི་རྟགས་མ་བྱུང་བཏབ་གྱུར་ན། །ལྷ་བསད་ཉེས་པ་ཤིན་ཏུ་ཆེ། །


CMR054_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་ལྔ་བརྒྱར་མི་ལུས་སྒྲིབ། །ཅེས་གསུངས་པས། མོ་རྩིས་རྨི་ལམ་གྱི་རྟེན་འབྲེལ་ངན་པ་དང་། སྤྱོད་གཤིས་སྔར་ལས་འགྱུར་བ་དང་། རླུང་གཡས་གཡོན་གང་རུང་ནས་ཟླ་ཕྱེད་ཡན་ཆད་རྒྱུ་བ་དང་། ནམ་མཁའི་ཚེ་གཟུགས་མེད་པའམ་མགོ་ཐུར་རམ། གྲུ་གསུམ་དང་བསྡུམ་ར་འཆར་བ་མིག་གི་འོད་སྐོར་དང་། རྣ་བའི་འབྲུག་སྒྲ་མེད་པ་སོགས། རྒྱས་པར་གཞན་ནས་འབྱུང་བ་ལྟར་བརྟགེ །མི་ཤེས་ན་ཡང་ལྷ་རྗེས་རྩ་ཆུ་ངན་པ་དང་། ནད་ཡུན་རིང་ཞིང་ལུས་ཉམས་ངན་པ་སོགས་བྱུང་ན། འཆི་བསླུའི་རིགས་རྣམས་གང་ཤེས་ལན་གསུམ་བྱ། མི་


CMR054_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ནི་ཡང་རིམ་གྲོ་ཅི་འགྲུབ་ལ་འབད། དེས་ཀྱང་མ་ཕན་འཆི་ངེས་པར་གྱུར་ན། ཐུགས་དམ་མི་ཟིན་དོགས་པའམ། ཟིན་ཀྱང་རོ་བདག་མེད་ཡིན་ན་འཕོ་བ་བསྒོམ་པར་བྱ་སྟེ། དེ་ཡང་འཕོ་བའམ་ཐུགས་དམ་གང་བྱེད་ཀྱང་ཚིགས་ཞེན་མེད་པ་གལ་ཆེ་སྟེ། རྫོགས་ཆེན་རྒྱུད་རྣམས་ལས། ཀྱེ་མ་བདག་ལ་འཆི་ཁ་བར་དོ་འཆར་དུས་འདིར། །ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས། །གདམས་ངག་གསལ་བའི་ངང་དུ་མ་ཡེངས་འཇུག །རང་རིག་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕོ། །འདུས་བྱས་ཤ་ཁྲག་ལུས་དང་བྲལ་ལ་ཁད། །མི་རྟག་སྒྱུ་མ་ཡིན་པར་ཤེས་པར་བྱ། །ཞེས་གསུངས་པས། མདུན་གྱི་ནམ་མཁར་བླ་མ་ཡི་དམ་ཐམས་ཅད་སྐྱབས་འགྲོའི་དུས་ལྟར་གསལ་བཏབ། རང་གི་ལུས་ལོངས་སྤྱོད་སྦྲ་གུར་ཁང་པ་ས་ཞིང་ནོར་རྫ་ས་ཉེ་དུ་སོགས་ཆགས་ཞེན་སྐྱེ་བའི་ཡུལ་ཐམས་ཅད་མཎྜལ་གཅིག་ཏུ་བསྡུས་ཏེ། བླ་མ་དཀོན་མཆོག་ལ་ཞེ་ཐག་པ་ནས་ལན་གསུམ་འབུལ་བར་དམིགས་ཏེ། ས་གཞི་སྤོས་བྱུག་མ་ཚར་གསུམ་འདོན། དེ་ནས་འབུལ་བ་ཚར་བའི་ཡོན་བདག་ལྟར་སུས་ཁྱེར་སུས་ཟོས་ཀྱི་བདག་པོ་མེད་པར་བློས་བཅད། དེ་ནས་འཕོ་


CMR054_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

བའམ་ཐུགས་དམ་གང་བྱེད་ལ་རིག་པ་གཏད་དེ། སྤྱན་རས་གཟིགས་ཀྱི་རྡོ་རྗེའི་ཚིག་རྐང་ལས། འཕོ་བའི་དོན་མཁས་སྦྱངས་ལྡན་པས། །འཆི་རྟགས་ནང་མཆེད་ཉེར་ཐོབ་དང་། །ལྷན་སྐྱེས་འོད་གསལ་ལ་གོམས་པས། །སྐུ་གསུང་ཐུགས་ཀྱི་སྒོ་ནས་འཕོ། །ཞེས་དང་། མཁའ་འགྲོ་མ་ཀུན་ཏུ་རྟོགས་པའི་རྒྱུད་ལས། རྣམ་ཤེས་ལ་ཞོན་ནས་ནི། །འོག་གི་ལམ་ནས་འཕོས་གྱུར་ན། །ཆོས་ལ་གོམས་པའི་གང་ཟག་ཀྱང་། །ངན་སོང་དག་ཏུ་སྐྱེ་བར་འགྱུར། །མགྲོན་པོ་ལམ་དུ་ཞུགས་པའི་མི། །གྲོགས་ཀྱིས་བསྒྱུར་བ་ཇི་བཞིན་ནོ། །རྣམ་ཤེས་རླུང་ལ་ཞོན་ནས་ནི། །སྟེང་གི་ལམ་ནས་འཕོས་གྱུར་ན། །སྡིག་ལ་གོམས་པའི་གང་ཟག་ཀྱང་། །མཐོ་རིས་གནས་སུ་སྐྱེ་བར་འགྱུར། །མགྲོན་པོ་ལམ་དུ་ཞུགས་པའི་མི། །གྲོགས་ཀྱིས་བསྒྱུར་བ་ཇི་བཞིན་ནོ། །ཞེས་དང་། ཀུན་བཟང་དགོངས་པ་ཀུན་འདུས་རྒྱུད་ལས། དེ་ལྟར་འཕོས་པས་ཕྱིར་མི་ལྡོག བར་དོའི་སྔངས་སྐྲག་མི་འབྱུང་ཞིང་། །མངོན་པར་རྫོགས་པར་སངས་རྒྱས་འགྱུར། །ཞེས་གསུངས་པའི་དོན། འཕོ་བ་འདིའི་བཤད་པ་རྒྱས་པ་དང་། དམིགས་རིམ་


CMR054_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདྲ་བ་དུ་མ་ཡོད་དེ། འཕོ་བ་འདི་གྲགས་ཆེ་ཞིང་ཀུན་གྱིས་ཤེས་པས། འདིར་རྒྱས་པར་བཤད་མི་དགོས། ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཚེམ་བུ་ལུགས། ཟླ་བ་རྒྱལ་མཚན་གྱི་ལུགས། དཔལ་མོ་ལུགས་གསུམ་གྱི་དོན་བསྡུས། སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་སློབ་དཔོན་པདྨ་ལ་གདམས་པ། བདེ་ཆེན་ཡེ་ཤེས་ཀྱི་འཕོ་བ་འཁོར་བ་དོང་སྤྲུགས་ཀྱི་གདམས་ངག །གྲུབ་ཆེན་ཀརྨ་པཀྵིའི་ཁྱད་ཆོས། ཀརྨ་པཀིས་ཞལ་ནས། ཁྲོམ་ཆོས་ནམ་བྱེད་གོ་ཅོག་ཀྱང་གདམས་ངག་འདི་སྤྱོད་པར་བྱའོ། །གཞན་གྱི་ཤི་ཆོས་བྱེད་ན་ཡང་འདི་ཀུན་གྱིས་སྐད་ཆེན་པོར་བསྒྲང་ནས་འཕོ་བ་བཏབ་ན་སྐད་ཅིག་ཉིད་ལ་སངས་རྒྱས་པར་འགྱུར་རོ། །འཕོ་བ་འདི་མི་ཀུན་ལ་བསྟན་ན་ཕྲིན་ལས་ཤིན་ཏུ་ཆེ་བར་གསུངས་པ་ཡིན་ནོ། །རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ་སྐུ་ལུས་ཀྱི་ནང་སྟོང་སང་ངེ་བ་བསྒོམ། འོག་སྒོ་དང་གསང་གནས་དང་། ཁ་དང་། ལྟེ་བ་དང་། སྣ་བུག་གཉིས། རྣ་བ་གཉིས། སྨིན་མཚམས། ཚངས་སྨེ་རྣམས་ཡིག་དམར་པོ་རེ་རེས་བཀག་པར་བསྒོམ། རང་གི་ལུས་ཀྱི་དབུས་སུ་རྩ་དབུ་མ་ཕྱི་དཀར་


CMR054_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནང་དམར་བ་ཡར་སྣེ་ཚངས་བུག་ཏུ་རག་དུང་གི་ཁ་ལྟར་ཧད་པོར་ཡོད་པ། མར་སྣེ་ལྟེ་འོག་སུམ་མདོར་ཕཊ་ཀྱིས་བཀག་ནས་ཕུག་རྡུགས་སུ་ཡོད་པ། རང་གི་སྙིང་ཁར་པདྨ་དང་ཟླ་བའི་གདན་ལ་རང་གི་རླུང་སེམས་རྣམ་པར་ཤེས་པའི་ངོ་བོ། སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ་ཚོན་གང་པ་སྐུ་ཆུང་ལ་ཡན་ལག་དོད་པ་བཀྲག་མདངས་གཟི་བརྗིད་དང་ལྡན་པ་ཞིག་བསྒོམ། རང་གི་སྤྱི་བོར་མཐོ་གང་ཙམ་དུ་པདྨ་དམར་པོ་འདབ་མ་སྟོང་ལྡན་དང་ཟླ་བའི་དཀྱིལ་འཁོར་ཉ་རྒྱས་པའི་སྟེང་དུ། རྩ་བ་དང་བརྒྱུད་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ་སངས་རྒྱས་འོད་དཔག་ཏུ་མེད་པ་སྐུ་མདོག་པདྨ་རཱ་ག་ལྟར་དམར་བ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་བདུད་རྩིས་བཀང་བའི་ལྷུང་བཟེད་བསྣམས་པ། དབུ་གཙུག་ཏོར་ཞབས་འཁོར་ལོ་སོགས་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་། ཆོས་གོས་རྣམ་གསུམ་གསོལ་ཞིང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་བསྒོམ། བདེ་བ་ཅན་ནས་འོད་དཔག་མེད་དང་། ཕྱོགས་བཅུའི་ཞིང་ཁམས་ནས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་རང་


CMR054_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

གི་རེ་ཞིང་ལྟོས་པ་ཐམས་ཅད་ཡིད་ཀྱིས་སྤྱན་དྲངས་ལ་བསྟིམ། དེར་སྐྱབས་གནས་ཀུན་འདུས་སུ་བློ་ཐག་བཅད་ནས། སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །ཞེས་ལན་མང་དུ་བརྗོད། དེ་ནས་ཨོཾ་བརྗོད་པ་ཙམ་གྱིས་རང་སེམས་ཐུགས་རྗེ་ཆེན་པོ་དེ་སྤྱི་བོར་རྒྱང་གིས་བྱོན་ནས་སྤྱི་གཙུག་ཏུ་སྐུ་སྟོད་དཀར་ལྷག་ལྷག་བྱུང་བར་བསྒོམ། མ་ཎི་པདྨེ་ཧཱུྃ་བརྗོད་པས། རང་སེམས་ཐུགས་རྗེ་ཆེན་པོ་མར་བྱོན་སྙིང་གར་བཞུགས་པར་བསྒོམ། སྔར་ནས་དེ་འདྲ་ལན་འགའ་སྦྱངས་ན་ལེགས། རང་ཉིད་ནམ་འཆི་ལ་ཁད་རེད་པ་དང་། དེར་ཡོད་པ་རྣམས་ལ་ཡིག་དྲུག་སྐད་ཆེན་པོས་དབྱངས་ཐབས་སུ་འདོན་བཅུག་ལ། ཨོཾ་དྲག་ཏུ་བརྗོད་པ་ཙམ་གྱིས་རང་གི་རྣམ་ཤེས་ཐུགས་རྗེ་ཆེན་པོའི་དབུ་མའི་ལམ་ནས་སྤྱི་བོར་རྐྱང་གིས་འཕང་སྟེ་འོད་དཔག་མེད་ཀྱི་ཐུགས་ཀར་བསྟིམ། ཡང་སྙིང་གར་ཐུགས་རྗེ་ཆེན་པོ་སྒོམ་ཝིག་བྱེད་ལ་སྤར། ཡང་སྤར་ཝིག་སྤར་ཝིག་བྱ། དབུགས་མ་སོང་གི་བར་དུ་དེ་ལྟར་བསྒོམ་མོ། །འཕོ་བ་ཐེབས་པའི་རྟགས་སུ་དྲོད་སྤྱི་བོར་འདུས་པ་དང་། རླངས་པ་དང་། སྤྱི་བོ་འབུར་བ་འབྱུང་། དེ་དུས་སམ་ཞག་གསུམ་ལྔ་བདུན་སོགས་ཀྱི་


CMR054_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

སོར། ནམ་མཁའ་ལ་འཇའ་ཚོན་འཁྲིགས་པ་དང་། རྟེན་རིང་བསྲེལ་གང་རུང་ཞིག་འབྱོན་ནོ། །ཡང་ཚེ་འདིར་རྫོགས་ཆེན་ལ་གོམས་འདྲིས་ཆེ། ཐོད་རྒལ་གྱི་ལྷ་སྐུ་ཞིག་རྟག་ཏུ་མཐོང་བ་གཅིག་ཡིན་ན། ཐུགས་དམ་ལ་འདུག་རྒྱུ་མེད་དེ། ཀློང་གསལ་སྙིང་ཐིག་གི་ངོ་སྤྲོད་ལས། སྐྱེས་བུ་ནད་ཀྱིས་བཏབ་སྟེ། འཆི་བའི་རྟགས་རྣམས་རྫོགས་ཤིང་། ཁྱད་པར་དུ་འབྱུང་བ་འདུས་ཏེ། དབུགས་ཕྱིར་རིང་ལ་ནང་དུ་སྡུད་དཀའ་བ། སྣང་བ་དཀར་དམར་དུ་འཆར་ཞིང་ཤེས་པ་ཟིང་ལོང་པའི་དུས་དེར་རྡོ་རྗེ་སེམས་དཔའི་གསང་ལམ་ཞེས་བྱ་བ་རང་གི་མདུན་གྱི་ནམ་མཁའ་ལ་རང་གི་ཙཀླུའི་ནང་ནས་འོད་ཀྱི་ཐག་པ་དཀར་པོ་བ་ཐག་འཐེན་པ་ལྟ་བུའམ། མདུང་ཤིང་སློང་བ་ལྟ་བུའམ། སྐས་ཀ་ལྟ་བུ་ན་རེ་བ་གཅིག་ནམ་མཁའ་ལ་ཟུག་པར་འཆར་རོ། །འོན་ཀྱང་ཁ་དོག་ལྔ་ལྡན་དུ་འབྱུང་བ་ཡང་སྲིད་དོ། །དེའི་དུས་སུ་རང་རིག་དབང་པོ་ལ་གཏད། དབང་པོ་འོད་ཀྱི་ཐག་པ་ལ་གཏད་པས། རིག་པ་འོད་ལ་ཐིམ་ནས་དུས་དེ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པར་ཐེ་ཚོམ་མེད་དོ། །དེ་ལ་ཡར་གྱི་ཟང་ཐལ་དག་པའི་ཞིང་དུ་ཁྲིད་པའི་སྣ་ཐག །


CMR054_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་བཞི་སྦྱོར་གྱི་ལམ་ཞེས་བྱ་སྟེ། མཐོང་བས་ཆོག་པའི་ལམ་དེ་དགེ་སྡིག་དང་ལས་ལ་བཟང་ངན་མེད་དེ། སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱས་པའི་གནད་དོ། །ཞེས་ཨོ་རྒྱན་རིན་པོ་ཆེས་གསུངས་སོ། །སྒོམ་མེད་རྟོགས་པའི་གང་ཟག་ནི་ཐུགས་དམ་ལ་འདུག་རྒྱུ་མེད་དེ། ཚེ་འདིར་སངས་རྒྱས་ཚར་བའི་ཕྱིར། ཐུགས་དམ་ལ་བཞུགས་པ་ནི་ལམ་བསྒོམ་པའི་འཕྲོ་གཅིག་ལུས་པ་སྐྱོང་རྒྱུ་ཡོད་པ་ཡིན་ཏེ། རོ་གཅིག་རྟོགས་པའི་གང་ཟག་དེ་ཞག་གསུམ་ལྔ་བདུན་ཙམ་ལས་མི་བཞུགས་ཏེ་འཆི་བ་ཆོས་སྐུར་སངས་རྒྱས། སྤོས་བྲལ་རྟོགས་པའི་གང་ཟག་དེ་ཡུན་རིང་ཐུང་ཇི་ཙམ་བཞུགས་མི་བཞུགས་རང་དབང་ཆེ། རྩེ་གཅིག་ཆེན་པོ་ནི་ཡུན་རིང་ཞིང་བརྟན་པོ་འོང་སྟེ། བདེ་གསལ་མི་རྟོག་པའི་ཉམས་ལ་ཆགས་ཞེན་ཡོད་ན་ལྷ་གནས་གསུམ་དུ་གོལ། དེ་གོལ་མི་གོལ་གསོན་ཚེ་གོལ་ལམ་མ་གོལ་ཤེས། རྩེ་གཅིག་འབྲིང་ནི་ནད་གཅོད་འཇམ་ཞིང་བསྐུལ་མ་ཡོད་ན་ཟིན། འཆི་ཁ་འཆོལ་བ་དང་བསྐལ་མ་མེད་ན་མི་ཟིན། འཆི་ཁ་ཞག་འདི་ཙམ་འདུག་སྙམ་པའི་དམ་བཅའ་གང་བྱས་སྟེང་དུ་འགྲོ་སྟེ། འཆི་ཁའི་སེམས་སྟོབས་དང་ལྡན་པའི་ཕྱིར་རོ། །རྩེ་གཅིག་ཆུང་ངུས་


CMR054_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མི་ཟིན། ཞེས་པ་རྣམས་དྲུང་ཆེན་ཀུན་དགའ་རྣམ་རྒྱལ་གྱི་གསུང་རྒྱུན་ཡིན་ནོ། །ཁྲག་འཐུང་མངོན་འབྱུང་རྒྱུད་ལས། འཆི་བའི་དུས་ཀྱི་དངོས་གྲུབ་ནི། །འཆི་བ་ལས་ནི་བརྗོད་པར་འགྱུར། །ཅེས་གསུངས་པའི་དོན། རྗེ་ཆོས་ཀྱི་དབང་ཕྱུག་གིས་ཆོས་དྲུག་གི་གཞུང་ལས། རྣལ་འབྱོར་པ་རང་ཉིད་འཆི་བའི། ཉམས་ཁོང་དུ་ཆུད་པ་ན་འདི་ལྟར་བསམ་པར་བྱ་སྟེ། གལ་ཏེ་དངོས་པོ་རྣམས་ཡང་དག་པར་བདེན་ན་འཆི་མི་སྲིད་ལ། འཆི་བ་དང་འཇིགས་པ་མཐོང་བའི་ཚེ་བདེན་པར་མ་གྲུབ་སྟེ། དེས་ན་འཆི་བ་ཉིད་ཀྱང་དོན་ལ་གྲུབ་པ་མེད་བཞིན་དུ་སྣང་ངོ་། །སྙམ་པས་འཆི་བ་ལ་ཇི་མི་སྙམ་དུ་བཟུང་ནས། རྫས་དང་ཡོད་བྱད་རྣམས་དཀོན་མཆོག་གི་ཕྱོགས་སུ་བཏང་། གཉེན་བཤེས་ཀྱི་གདུང་སེམས་སོགས་ཏིང་ངེ་འཛིན་གཡེང་བའི་རྒྱུ་རྣམས་སྤང་། ནུས་ན་ལུས་གནད་གཏུམ་མོ་ལྟར་དང་། མ་ནུས་ན་སེང་གེའི་ཉལ་སྟབས་བྱས་ལ། བླ་མ་དཀོན་མཆོག་ཡིད་ཡུལ་དུ་བྱས་ལ། སྙིང་ཁུང་རུས་པའི་གཏིང་ནས་དད་པ་བསྐྱེད་ལ་སྐྱབས་འགྲོ་ཁྱད་པར་ཅན་བྱ། བདག་འཆི་བ་དེ་ཁོ་ན་ཉིད་འོད་གསལ་དོན་དམ་པའི་བདེན་པ་རྟོགས་པར་བྱས་ལ། །


CMR054_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྲིད་པ་བར་དོར་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་གོ་འཕང་མངོན་དུ་བྱའོ་སྙམ་དུ་སེམས་ཡང་ཡང་བསྐྱེད། འཕེན་པ་དྲག་པོ་བྱའོ། །དེ་ནས་འཆི་བའི་ཚེ་མིག་གི་སྣང་བ་ཐིམ་པས་གཟུགས་མི་གསལ། རྣ་བའི་སྣང་བ་ཐིམ་པས་སྒྲ་མི་ཐོས། སྣའི་སྣང་བ་ཐིམ་པས་དྲི་མི་ཚོར། ལྕེའི་སྣང་བ་ཐིམ་པས་རོ་མི་མྱོང་། ལུས་ཀྱི་སྣང་བ་ཐིམ་པས་ཚོར་བ་བརྟུལ། ས་ཆུ་ལ་ཐིམ་པས་ལུས་ཀྱི་ཟུངས་མི་ཐུབ། ཆུ་མེ་ལ་ཐིམ་པས་ཁ་སྣ་སྐམ། མེ་རླུང་ལ་ཐིམ་པས་ལུས་ཀྱི་དྲོད་རྣམས་སྡུད། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ཕྱི་དབུགས་ཆད། ནང་དབུགས་ཅུང་ཟད་མི་ཆད། དེའི་ཚེ་སྐད་ཅིག་དང་པོ་སྣང་བའི་དུས་སུ་ནང་རྟགས་དུ་བ་ལྟ་བུ། ཕྱི་རྟགས་ཟླ་བ་ཤར་བ་ལྟ་བུ། གཉིས་པ་མཆེད་པའི་དུས་སུ་ནང་རྟགས་སྲིན་བུ་མེ་ཁྱེར་ལྟ་བུ། ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ། གསུམ་པ་ཐོབ་པའི་ཚེ་ནང་རྟགས་མར་མེ་ལྟ་བུ། ཕྱི་རྟགས་མུན་པ་ལྟ་བུ། དེ་རྣམས་སྐད་ཅིག་བཞི་པར་ཐོབ་པ་འོད་གསལ་ལ་ཐིམ། ཕྱི་རྟགས་སྐྱ་རེངས་ཤར་བ་ལྟ་བུ། ནང་རྟགས་ཤེས་པ་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ།། མི་རྟོག་པའི་བློ་ལས་འདས་པའི་འོད་གསལ་


CMR054_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དབུས་མེད་པ་ཞིག་འཆར་རོ། །དུས་དེར་ད་ལྟ་བསྒོམ་པའི་འོད་གསལ་དང་། རང་བཞིན་གྱི་འོད་གསལ་གཉིས་མ་བུ་འཕྲད་པའི་ཚུལ་ཅན་དེའི་སྟེང་དུ་གནས་པས། རྟོག་བཅས་ཀྱི་རང་བཞིན་བརྒྱད་ཅུ་འགགས་ནས། རྟོག་མེད་འོད་གསལ་ཆོས་སྐུ་མངོན་དུ་གྱུར། ཞེས་གསུངས་སོ། །ཨོ་རྒྱན་རིན་པོ་ཆེས་གསུངས་པའི་ངོ་སྤྲོད་མཐོང་བ་རང་གྲོལ་ལས། རང་ཉིད་འཆི་བའི་དུས་སུ། ས་ཆུ་ལ་ཐིམ། ཆུ་མེ་ལ་ཐིམ། མེ་རླུང་ལ་ཐིམ། རླུང་རྣམ་པར་ཤེས་པ་ལ་ཐིམ། རྣམ་པ་ཤེས་པ་འོད་གསལ་ལ་ཐིམ་པའི་དུས་སུ། དཀར་ལམ། དམར་ལམ། ནག་ལམ་གྱི་སྣང་བ་ཤར་བའི་མཐར། གཞིའི་འོད་གསལ་གདོད་མའི་སངས་རྒྱས་ཀ་དག་ཆེན་པོ་དོན་གྱི་ཀུན་བཟང་དང་མཇལ་ཏེ། རིག་པ་གཞི་ཐོག་ཏུ་རང་སར་གནས་པར་གྱུར་ན། དཔེར་ན་བཅོ་ལྔའི་ཉི་མ་ནུབ་པ་དང་། ཟླ་བ་ཤར་བ་དུས་མཚུངས་པས། བར་མཚམས་མུན་པ་མེད་པ་བཞིན་དུ་འདིར་དབུགས་ཆད་པ་དང་། རང་སྣང་ཆོས་ཉིད་ཀྱི་དཀྱིལ་འཁོར་འོད་གསལ་འཆར་བ་དུས་མཉམ་སྟེ། ཐལ་འགྱུར་ལས། འདི་ནི་ཆོས་ཉིད་བར་དོ་བཤད། །འཆི་བ་ལ་ནི་


CMR054_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པའི་ཚེ། །རྣམ་ཤེས་ནམ་མཁའ་དག་ལ་ཐིམ། །ནམ་མཁའ་འོད་གསལ་དག་ལ་ཐིམ་པའི་དུས། །ཕྲ་རགས་སྣང་བ་ཀུན་འགགས་ཏེ། །ཞེས་གསུངས་པས། ཕྱིའི་འབྱུང་བཞི་འགགས་ནས། ནང་གི་འབྱུང་བ་འོད་གསལ་དུ་གྲོལ་ལོ། །ཞེས་དང་། ཐུགས་རྗེ་ཆེན་པོའི་དོན་ཊིཀ་ལས། ཀྱེ་རིགས་ཀྱི་བུ་རང་རེ་རྣམས་འཆི་བའི་དུས་གདམས་པ་འདི་མ་ཡེངས་པར་ཡིད་ལ་ཞོག་ཅིག །འཇིག་རྟེན་པའི་སྣང་བ་མ་དག་པ་འདི་ལ་མ་ཆགས་ཤིག །མ་ཞེན་ཅིག །ཤེས་པ་སྤྱི་བོར་གཏོད་ལ་སེམས་མ་འཕྲོ་ཞིག །བར་དོ་དང་པོ་ལ་དབྱིངས་དང་རིག་པ་འདྲེས་པའི་སྣང་བ་ནམ་མཁའ་གཡའ་དག་པ་ལྟ་བུ། བདེ་གསལ་མི་རྟོག་པ་གཅིག་ཏུ་འདྲེས་པའི་ཉམས། ཡིད་ལ་རྟོག་པ་མེད་ཅིང་། དྭངས་ལ་གསལ་བ་ཞིག་འོང་ངོ་། །དེ་སེམས་ཅན་ཀུན་ལ་ཐུན་མོང་དུ་འོང་ཞིང་། རླུང་སེམས་དབུ་མར་འདུས་པའི་རྟགས་ཡིན་པས། དེའི་ཚེ་སྔར་བསྒོམས་པའི་ཉམས་དང་གཉིས་སུ་མེད་པའི་ཆོས་སྐུ་དེ་ཡིན་པར་ཤེས་པར་གྱིས་ཤིག །དེས་བར་དོ་དང་པོར་སངས་རྒྱས་པ་ཡིན་ནོ། །ཞེས་དང་། ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་ལས། དེ་ནས་དབུགས་ཕྱིར་


CMR054_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་ནས། ནང་དུ་བསྡུ་མི་ཚུགས་པས་དབུགས་ཆད། དེ་ཚེ་དགེ་སྡིག་ཆེ་འབྲིང་ཆུང་གསུམ་གྱི་འབྲས་བུ་སྡུག་བསྔལ་ཆེ་འབྲིང་ཆུང་གསུམ་འབྱུང་། དེའི་དུས་སུ་རྣལ་འབྱོར་པ་རང་དབང་རང་གིས་ཐོབ་པ་ཞིག་ཡིན་ན་སེམས་ལ་འཆི་རྒྱུ་མེད་པས། འོད་གསལ་མ་བུ་འདྲེས་པའམ། ཡང་ན་དབྱིངས་རིག་འདྲེས་པ་ཞེས་བྱ་བ་ཡང་དེའི་ཚེ་ཡིན་པས། རང་བཞིན་རྫོགས་པ་ཆེན་པོ། ཀ་དག་སྣང་བ་མཐའ་ཡས་ཀྱི་ངང་ནས་སངས་རྒྱས་པ་ཡིན་ནོ། །ཞེས་དང་། ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་ལས། དེ་ནས་ཕྱི་དབུགས་ཆད་གྲབས་འདུག་ན། གཞོགས་གཡས་ས་ལ་ཕབས་ནས་སེང་གེའི་འདུག་སྟངས་བཅས་ལ། རྦ་རླབས་བཙིར་བ་ཡིན་ཏེ། གཉིད་ལོག་གཉིས་འཕར་འཕྲོ་ཆད་ནས་དྲག་ཏུ་མནན་ནོ། །དེས་རླུང་དྷུ་ཏིར་ནས་ཕྱིར་ལོག་མི་ཤེས་ཏེ། ཚངས་བུག་གི་ལམ་དུ་ཐོན་ངེས་སོ། །ངོ་སྤྲོད་ཀྱང་འདིའི་དུས་སུ་གདབ་བོ། །ཞེས་གསུངས་པས། སྐེ་རྩིས་ཆད་འཕྲོ་མཐེབ་མཛུབ་ཀྱིས་ཅུང་ཟད་མནན་པས་ཐུགས་དམ་ཟིན་པའི་གནད་ཆེའོ། །ཡང་ཐུགས་དམ་མི་ཟིན་དོགས་པའམ། ཟིན་ཀྱང་གྲིབ་དང་། བྱི་ལ་སྲེ་མོང་། ཀུ་ཅོ་སོགས་ཀྱིས་


CMR054_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོགས་དོགས་ནས། ཐུགས་དམ་དང་ཆོས་སྐུའི་འཕོ་བ་ཟུང་འཇུག་ནི། དང་པོ་རང་ལུས་སྤྱན་རས་གཟིགས་སོགས་ཡི་དམ་གྱི་སྐུར་བསྒོམ། སྒོ་བརྒྱད་ཧཱིཝཡིག་གིས་བཀག་། དབུ་མ་གསལ་གདབ་སྤྱི་བོར་སངས་རྒྱས་འོད་དཔག་མེད་བསྒོམས་ལ། སྙིང་གར་རྣམ་ཤེས་ཐིག་ལེ་དཀར་པོ་ཧཱིས་མཚན་པ། སྤྱི་བོའི་འོད་དཔག་མེད་ཀྱི་ཐུགས་ཀར་ལན་མང་དུ་སྤར། དེ་ནས་ཅི་ཡང་མི་བསྒོམ་པར་རིག་པ་སྙིང་གར་གཏད་ནས་ཉམས་ལེན་སེམས་ངོ་སྐྱོང་ངོ་། །དཀར་ལམ་དམར་ལམ་སོགས་ཅི་ཤར་ཡང་གང་ཤར་གྱི་ངོ་བོ་ལ་བལྟས། ཕྱི་དབུགས་ཆད་ཙམ་ནས་གདུང་གཡོགས་པས་གདུང་བཅས་གཟབ། མཐེབ་མཛུབ་ཀྱིས་སྐེ་རྩིས་ཅུང་ཟད་མནན། ཐུགས་དམ་གསལ་འདེབས་ཤེས་ན་གང་ཤེས་བྱ། མི་ཤེས་ན་མིང་ནས་བོས་ལ་ཐུགས་དམ་མ་ཡེངས་ཞེས་ལན་གསུམ་བརྗོད། དེས་དང་པོ་སྔར་བླ་མས་ངོ་སྤྲད་པ་དེ་དྲན་ནས། གཉིས་པ་རང་རིག་རྗེན་པ་འོད་གསལ་དུ་ངོ་འཕྲོད། གསུམ་པ་རང་ངོ་ཤེས་ནས་ཆོས་སྐུ་འདུ་འབྲལ་མེད་པར་གྱུར་ཏེ་གྲོལ་བར་ངེས་སོ། །དེས་འོད་གསལ་དང་པོ་ལ་ངོ་འཕྲོད་དེ་གྲོལ་ལོ། །ཞེས་གསུངས་སོ། །ཀུན་མཁྱེན་དོལ་པུ་པས། །


CMR054_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ངན་དུ་མར་སྣང་ཡང་བཟང་ངན་མེད། །ཐམས་ཅད་ཆོས་སྐུའི་རྣམ་པར་རོལ་པ་ཡིན། །དེ་ཕྱིར་གང་ཤར་དེ་ལ་ལྟ་བ་ཙམ། །རེ་དོགས་སྤང་བླང་དགག་སྒྲུབ་མི་བྱ་བར། །སྤྲོས་བྲལ་མཉམ་ཉིད་ངང་དུ་ལྷན་གྱིས་བཞག །དྲུང་ན་ཡོད་པས་གཡེང་འཚམས་མ་བྱས་ན། །ཕྱི་དབུགས་ཆད་དང་ནང་དབུགས་མ་ཆད་བར། །ཉིན་ཞག་གསུམ་བཞི་ཡང་ན་ལྔ་དྲུག་སོགས། །འོད་གསལ་ངང་དུ་བརྒྱལ་བ་བཞིན་དུ་གནས། །སྔོན་དུ་ཆེར་གོམས་ངོ་ཡང་ལེགས་འཕྲོད་ན། །རིག་པ་འོད་གསལ་ངང་དུ་ཐིམ་པར་འགྱུར། །མ་ཐིམ་ན་ཡང་གཞན་དུ་ལོ་ཟླ་ནི། །མང་པོར་འབད་དེ་བསྒོམ་པ་བས་ཀྱང་ལྷག །ཅེས་གསུངས་ཏེ། ལུས་ཀྱི་ཚུགས་བཟང་ངན་ནི་གདུང་བཅས་པའི་བྱེད་ལས་ཡིན། ལུས་སེང་གེའི་ཉལ་སྟབས་ཡིན་ཀྱང་རུང་སྟེ། ཕུང་པོ་བཀྲག་མདངས་བཟང་བ་དང་། མིག་ཟིམ་བུ་ཁ་འཛུམ་པ་འདྲ་བ། སེམས་ངོ་ཉམས་ལེན་ཡོད་པ་དེའི་དྲུང་དུ་བསྡད་ན། ཉམས་རྟོགས་བཟང་པོར་འཆར་ན་ཐུགས་དམ་ཡིན། ཞི་གནས་བདེ་གསལ་མི་རྟོག་པའི་ཉམས་ལ་ཆགས་པའི་རིགས། བཀྲག་མདངས་བཟང་བ་སོགས་ལེགས་པར་


CMR054_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

འོང་། བསྐྱེད་རིམ་བརྟན་པོས་ཐུགས་ཀའི་ས་བོན་ལ་རིག་པ་གནས་པ་ལྷག་པར་ཐུགས་དམ་བརྟན། དེ་དག་ལ་ལྷག་མཐོང་གིས་ངོ་སྤྲོད་ཡང་ཡང་གདབ་ན། གོལ་སར་མི་འཆོར་ལམ་དུ་འགྲོའོ། །ཉམས་ལེན་མེད་ཅིང་ཁྲིད་ཀྱང་ཞུ་མ་མྱོང་བ། ཐུགས་དམ་ལ་བསྡད་པ་འདྲ་བ་འབྱུང་བ་ནི། དྲི་ཟ་བགེགས་དང་གཤེད་ཀྱི་བདག་ཏུ་བཟུང་བ་ཡིན་ཞེས་ཆོས་དྲུག་ཆེན་མོ་ལས་བཤད། འོད་གསལ་ཐུགས་དམ་དེ་ངོས་མ་ཟིན་ན། བེམ་རིག་བྲལ་མ་ཐག་ཡང་འོད་གསལ་གཉིས་པ་འཆར་ཏེ། དེ་ཚེ་ཡང་ཐུགས་དམ་མ་ཡེངས་ཞེས་བརྗོད་ན། བེམ་རིག་བྲལ་ཚར་ཡང་ཉམས་ལེན་ངོས་ཟིན་ནས་མི་འཁྲུལ་པ་ཡང་སྲིད་གསུངས། དེ་སྐབས་སུ་ཐིམ་ལུགས་བརྒྱད་ཤར་ནས་གྲོལ་ཚུལ་རྒྱ་ཆེར་རྫོགས་ཆེན་ནས་བཤད། དེ་ནས་ཆོས་ཉིད་བར་དོ་འཆར་ཚུལ་ཆོས་དྲུག་སོགས་གསར་མ་ནས་མ་བཤད་པས། ཐེ་ཚོམ་ཟེར་མཁན་ཡོད་ཀྱང་། ཇོ་བོ་རྗེའི་བཀའ་གདམས་གླེགས་བམ་དང་། མ་གཅིག་གིས་གཅོད་གྱི་རྣམ་བཤད་ནས། སྒྲ་འོད་ཟེར་གསུམ་ཞི་ཁྲོའི་ལྷ་ཚོགས་འཆར་ཚུལ་ཚིག་བསྡུས་ཏེ་གསུངས་པས། གསར་མ་ནས་མ་བཤད་པ་ཡང་མ་ཡིན་ནོ། །ཐུགས་


CMR054_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

དམ་མ་ཟིན་ན་ཡང་རྣམ་ཤེས་དྲན་མེད་དུ་ལུས་ལ་གནས་ཏེ། སྡིག་ཅན་དང་རྩ་ངན་པའི་རིགས་ནི་ཟན་ཟ་ཡུན་ཙམ་ན་འོག་སྒོ་ནས་དམྱལ་བར་འགྲོ། འཕོ་བ་ཐེབ་ན་སྤྱི་གཙུག་ནས་ཡར་དག་པའི་ཞིང་དུ་འགྲོ། གཟུགས་མེད་ཁམས་སུ་སྐྱེ་རྒྱུ་ཡིན་ན། སྲོག་ཆད་དུས་ཀྱི་སྙིང་གི་ཐད་ཀྱི་བར་སྣང་དེར་སེམས་གནས་ཏེ། ལོ་བརྒྱད་ཁྲིའི་བར་དུ་བརྒྱལ་ནས་དྲན་པ་མེད་དོ། །དེ་གསུམ་མ་གཏོགས་ལ་བར་དོ་འཆར་ཏེ། བ་བཞོ་ཡུན་དང་། ཞག་གཅིག་དང་། ཕལ་ཆེར་ཞག་གསུམ་ཉི་མ་དྲོས་བཞིར་གནས། བཀའ་གདམས་གླེགས་བམ་ནས་ལ་ལ་ཞག་བདུན་གནས་པ་ཡང་ཡོད་གསུངས་པས། དེ་ཚུན་ལ་འཕོ་བ་འདེབས་རུང་། དེ་ནས་ཐུགས་དམ་མ་ཟིན་ན་ཇི་ལྟར་འཆར་ཚུལ་ནི། ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་ལས། དེ་ལ་རང་དབང་མ་འདུས་ན། ཞག་གསུམ་ནས་བརྒྱལ་སངས་པ་དང་། ང་ཅི་ཡིན་བསམ་པའི་རང་གི་རང་ལ་ཡིད་མི་ཆེས་པའི་ཕྱེད་ཕྱེད་སྣང་བ་འོད་དང་ཐིག་ལེ་འཇའ་ཚོན་གྱི་སྦུབས་སུ་ཚུད་པ་ལྟ་བུ་འབྱུང་། དེ་ལ་རང་ལུས་ཐུགས་རྗེ་ཆེན་པོ་འོལ་གྱིས་བསྐྱེད་ནས་སེམས་མཉམ་བཞག་གི་ངང་དུ་གནས་པས་རང་ལུས་


CMR054_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དཔེས་བརྒྱན་པའི་ད་ལྟ་དང་མི་འདྲ་བ་ཞིག་དེས་འགྲུབ་པའོ། །སྣང་སྲིད་ཐམས་ཅད་ལྷའི་རང་བཞིན་དུ་འཆར་རོ། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་ཞེས་པ་ཡང་དེ་ཡིན་ནོ། །དེའི་ཚེ་སྐུ་གསུམ་དང་ཡེ་ཤེས་ལྔ་ཡི་རང་མདངས་ཐམས་ཅད་དང་། རྫུ་འཕྲུལ་མངོན་མཁྱེན་གྱི་ཡོན་ཏན་ལ་སོགས་པ་བརྗོད་དུ་མེད་པ་ཡོད་པས། དག་པའི་ཞིང་གང་དང་གང་དུ་འགྲོ་ཡང་རང་དབང་ཐོབ་པ་ཡིན་ཏེ། བདེ་བ་ཅན་ནམ་པདྨ་འོད་ཀྱི་ཕོ་བྲང་ངམ། མངོན་པར་དགའ་བ་ལ་སོགས་པ་ཡིད་ལ་དྲན་པ་ཙམ་གྱིས་སླེབས་སོ། །ཞེས་དང་། ཐུགས་རྗེ་ཆེན་པོའི་དོན་ཊིཀ་ལས། ཀྱི་རིགས་ཀྱི་བུ་བར་དོ་དང་པོ་ངོ་མ་ཤེས་ན། བར་དོ་གཉིས་པ་ལྷུན་གྲུབ་ཡེ་ཤེས་ཀྱི་སྣང་བ་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཁ་དོག་ལྔས་གང་། འོད་ཐམས་ཅད་འགུལ་ཞིང་འཕྲིག་པ། ཟེར་མཚོན་ཆ་ལྟར་འཕྲོ་བ་འཆར་ཏེ། དེ་དག་རང་གི་རིག་པའི་ཡེ་ཤེས་ཀྱི་རང་མདངས་སུ་ཤེས་པར་གྱིས་ཤིག །དེས་བར་དོ་གཉིས་པ་ལ་སངས་རྒྱས་པ་ཡིན་ནོ། །ཀྱེ་ཀྱེ་རིགས་ཀྱི་བུ་དེ་ལ་ངོས་མ་ཟིན་ན་བར་དོ་གསུམ་པ་སྒྲ་འོད་ཟེར་གསུམ་ཞེས་བྱ་བ་འབྱུང་སྟེ། འོད་དེ་རྣམས་ཀྱི་ནང་ན་ཐུགས་རྗེ་


CMR054_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་སྐུ་ཞི་བ་དང་། ཁྲོ་བོ་གང་ལ་གང་འདུལ་ཞལ་ཕྱག་སྣ་ཚོགས་དང་བཅས་ཏེ་འབྱོན་པར་འགྱུར་རོ། །དེ་དག་ཀྱང་རང་ལས་འབྱུང་བར་ཤེས་པར་གྱིས་ཤིག །དེ་དག་གི་ཀློང་ན་འབྲུག་སྟོང་གི་སྒྲ་ཙམ་པ་དང་། འོད་འགུལ་བ་དང་། འཕྲིག་པ་དང་། ཟེར་མཚོན་ཆའི་ཆར་ལྟར་འབྱུང་བར་འགྱུར་རོ། །སྐུ་ལ་མ་བྱེད་ཅིག །སྒྲ་ལ་མ་འཇིགས་ཤིག །འོད་ལ་མ་སྔངས་ཤིག །ཟེར་ལ་མ་སྐྲག་ཅིག །རང་སྣང་དུ་ངོ་ཤེས་པར་གྱིས་ཤིག །ཅེས་གསུངས། དེ་བཞིན་དུ་ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་ལས་ཀྱང་། སྒོ་གསུམ་གྱི་ཉམས་ལེན་ཐམས་ཅད་དེ་དུས་བརྒྱ་འགྱུར་གྱི་གསལ་བས་ལུས་ལྷའི་ང་རྒྱལ་གྱིས་སྣང་སྲིད་ཐམས་ཅད་འོད་དང་འོད་ཟེར་འདྲེས་པ་ལྟ་བུའི་ལྷའི་རྣལ་འབྱོར་དང་། ངག་སྔགས་ཀྱི་རྣལ་འབྱོར་གྱིས་སྒྲ་ཐམས་ཅད་གྲག་སྟོང་ཡི་གེ་དྲུག་པའི་སྒྲ་དབྱངས་བྲག་ཆ་ལྟ་བུ་དང་། སེམས་ཆོས་ཉིད་ཀྱི་རྣལ་འབྱོར་གསལ་སྟོང་དབྱེར་མེད་ཉི་མ་དང་། ཉི་མའི་འོད་ཟེར་འབྲལ་མི་ཤེས་པ་ལྟ་བུ་དང་། སྒྲ་དང་། འོད་དང་། ཟེར་དང་། གཟུགས་སྣ་ཚོགས་ཅི་ཤར་ཡང་འཇིགས་པ་མེད་པར་རང་ལ་རང་ཤར་དུ་གྲོལ་


CMR054_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

བས་འདི་ནི་གདམས་པ་དང་མན་ངག་ཟབ་མོ་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ། །དེ་ལ་མ་གྲོལ་ན། ཞི་བ་དང་། ཁྲོ་བོ་དང་། ཞི་མ་ཁྲོ་ལ་སོགས་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་ཐམས་ཅད་རིམ་གྱིས་འཆར་རོ། །ཞག་བདུན་དང་། ། བཅུ་བཞི་དང་། ཉི་ཤུའི་བར་དུ་སྤྲུལ་པའི་སྣང་བ་འཆར་ཏེ། གཟུགས་ལ་བྲོས། འོད་ལ་སྐྲག །ཐིག་ལེ་ལ་སྔངས། སྒྲ་ལ་འཇིགས། ཟེར་ཐག་ལ་ལྟ་མི་བཟོད་པའི་དུས་ཤིག་འོང་། དེའི་ཚེ་ཇོ་བོ་ཐུགས་རྗེ་ཆེན་པོ་སྒོམས་ཤིག །སྙིང་པོ་ཡི་གེ་དྲུག་པ་སྒྲོངས་ཤིག །འོད་ཐམས་ཅད་རང་འོད། སྒྲ་ཐམས་ཅད་རང་སྒྲ། གཟུགས་ཐམས་ཅད་རང་གཟུགས་སྣང་སྟོང་། ཟེར་ཐམས་ཅད་རང་ཟེར་རང་ཤར་དུ་སྒོམས་ཤིག །ཞག་བདུན་ཕྲག་ཕྱེད་གསུམ་ནས། རང་གིས་རང་ཤི་བ་མ་ཤེས་ཏེ། སྔར་གྱི་རོ་ལ་བལྟས་པས་ལོག་ས་མ་རྙེད་ཉེ་བ་དང་གྲོགས་ལ་ཅི་སྨྲས་ཀྱང་ལན་མི་སྟེར། དེ་ཡི་ཚེ་ཡི་མུག་ལང་སྟེ་སྡུག་བསྔལ་བཟོད་གླགས་མེད་པར་འབྱུང་། དེའི་ཚེ་ཡང་ལྷ་སྤྱན་རས་གཟིགས་དང་། སྔགས་ཡི་གེ་དྲུག་མ་ཡིད་ལ་བྱས་ན། འཇིགས་སྐག་ཐམས་ཅད་རང་བཞིན་དུ་ཞི་བར་འགྱུར་རོ་ཞེས་དང་།


CMR054_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་ལས། རབ་དག་པ་མཁའ་སྤྱོད་ཀྱི་གནས་སུ་འཕོ་བ་ནི། འཕེན་པ་འདི་ལྟ་བུར་བཏང་སྟེ། ཀྱེ་མ་བདག་བསྐལ་པ་གྲངས་མེད་པ་ཚད་མེད་ཐོག་མ་མེད་པའི་དུས་རིང་པོ་དེ་ཙམ་ཞིག་ནས་ད་རུང་ཡང་འཁོར་བའི་འདམ་འདིར་ལུས་པ་ལ་སྐྱོ་བ་ལ། སྔོན་ནས་དེ་སྙེད་ཅིག་སངས་རྒྱས་པའི་རིང་ལ་བདག་མ་གྲོལ་བ་འདི་ཨ་ཙ་མ། ད་ནི་འཁོར་བ་ལ་སྐྱགས་རེ་ལོག །ཞེ་རེ་འཇིགས། གོཉུག་རེ་བུད། ད་ནི་བྲོས་པའི་གྲབ་བྱ་རན་ནས་འདུག །བདག་རང་ནུབ་བདེ་ཆེན་གྱི་ཞིང་ཁམས་སུ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞབས་དྲུང་དུ་མེ་ཏོག་པདྨའི་ཁ་ལ་བརྫུས་ཏེ་སྐྱེ་བར་བྱ་དགོས་སྙམ་པས་ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ་འདུན་པ་དྲག་ཏུ་གཏོད། གཞན་ཡང་མོས་པའི་ཞིང་ཁམས་མངོན་པར་དགའ་བའམ། འཐུག་པོ་བཀོད་པའམ། ལྕང་ལོ་ཅན་ནམ། རི་བོ་ཏ་ལའམ། པདྨ་འོད་ཀྱི་གཞལ་ཡས་སུ་ཨོ་རྒྱན་གྱི་དྲུང་དུའམ། གང་མོས་ཀྱི་ཞིང་དུ་འདུན་པ་གཏད་དེ་རྩེ་གཅིག་ཏུ་མ་ཡེངས་པར་བྱ། དེ་མ་ཐག་ཏུ་ཞིང་ཁམས་དེར་སྐྱེ་བར་འགྱུར་ཏེ། གཞན་ཡང་དགའ་ལྡན་ན་བྱམས་པའི་དྲུང་དུ་འགྲོ་བར་མོས་ན་


CMR054_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། དེ་མ་ཐག་ཏུ་ཞིང་ཁམས་དེར་སྐྱེ་བར་འགྱུར་ཏེ། བདག་བར་དོའི་སྐབས་འདིར། དགའ་ལྡན་ན་མི་ཕམ་ཆོས་ཀྱི་རྒྱལ་པོའི་དྲུང་དུ་འགྲོ་བའི་དུས་ལ་བབ་པས་འགྲོ་བར་བྱའོ། །སྙམ་པའི་འདུན་པ་གཏད་ནས་བྱམས་པའི་དྲུང་དུ་པདྨའི་སྙིང་པོ་ལ་བརྫུས་ཏེ་སྐྱེའོ། །ཞེས་དང་། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། བར་དོའི་འཇིགས་པ་ཆེན་པོ་ལ། །རྟོགས་པ་བརྟན་པའི་གདམས་ངག་གཅེས། །བར་དོའི་འཇིགས་པ་ཆེན་པོ་ལ། །འཆུག་པ་མེད་པའི་གདམས་ངག་གཅེས། །ཞེས་དང་། ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཟླ་བ་རྒྱལ་མཚན་གྱི་ལུགས་ལས། སྲིད་པ་བར་དོའི་རྣལ་འབྱོར་ནི། སྔོན་མེད་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། །རིགས་མཐུན་ལྷ་མིག་དག་པས་མཐོང་། །ཞེས་གསུངས་པས། བར་དོའི་དུས་སུ་ལུས་ལྷའི་དཀྱིལ་འཁོར། ངག་སྔགས་ཀྱི་དཀྱིལ་འཁོར། སེམས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར། དཀྱིལ་འཁོར་གསུམ་དང་མ་བྲལ་བ་ཞིག་བྱུང་ན་བར་དོའི་འཇིགས་པ་བཅུ་གཅིག་ལ་སོགས་པར་སངས་རྒྱས་སོ། །ཞེས་དང་། ཐུགས་རྗེ་ཆེན་པོ་ཚེམ་བུ་ལུགས་ཀྱི་དམར་ཁྲིད་ལས། མངལ་སྒོ་ཡང་


CMR054_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རྫོགས་རང་བསྒོམས་པས་ཁེག་པས་གཞན་བསྒོམ་མི་དགོས་གསུངས། ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་ལས། ཞག་བདུན་ཕྲག་དྲུག་ནས་ཡིད་འཁྲུག་སྟེ། འཇིགས་པའི་སྒྲ་དཔག་ཏུ་མེད་པ་འབྱུང་ངོ་། ས་སྒྲ་ཆུ་སྒྲ་མེ་སྒྲ་རླུང་སྒྲ་འབྱུང་བ་ལྔ་འདུས་པའི་སྒྲ་དང་བཅས་པ་འཆར་ཡོང་། །དེ་ཡི་ཚེ་མ་ཎི་པདྨོའི་སྒྲ་ཡིད་ལ་དྲན་པར་བྱས་ན་ཕན་པར་ཡོང་ངོ་། །དེ་ནས་འོད་ཟེར་གྱིས་འཐུམ་ནས་ལམ་མེད་པའི་སྣང་བ་འཆར་ཏེ། དེ་དུས་དྲན་རྟོག་ཐུགས་ཀྱི་ཁྱེར་སོ་སེམས་ཉིད་མ་བཅོས་མཉམ་བཞག་གི་དོན་དྲན་ན་ཕན་པར་འགྱུར་རོ། །དེ་ནས་འོད་ལམ་དྲུག་འཆར་ཏེ། དཀར་སེར་དམར་ལྗང་སྔོ་ནག་དྲུག་སྟེ། རིགས་དྲུག་གི་ལམ་ཡིན་ཏེ། དཀར་པོ་ལ་ཕྱིན་ཚེ་ལྷའི་སྣང་བ་འཆར། དེ་བཞིན་དུ་ལྗང་གུ་ལྷ་མ་ཡིན་གྱི་ལམ། སེར་པོ་མིའི་ལམ། ནག་པོ་དུད་འགྲོའི་ལམ། ཐལ་སྐྱ་ཡི་དྭགས་ཀྱི་ལམ། དམར་ནག་དམྱལ་བའི་ལམ། དེའི་ཚེ་བླ་མ་ཡི་དམ་མཁའ་འགྲོ་ལ་གསོལ་བ་བཏབ་ན་ལུང་བསྟན་ཏེ། ཁྱོད་ཀྱི་ཡི་དམ་ང་ཡིན་ནོ། །སྙིང་པོ་སྒྲོངས་ཤིག་ལམ་དཀར་པོ་ལ་སོང་ཞིག །ཁྱོད་སྐྱེ་གནས་འདི་ལ་བཟང་ངོ་ལུས་འདི་ལྟ་བུ་ཡིན་


CMR054_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཆོས་འདི་ཡིན་ནོ་ཞེས་ལུང་བསྟན་ངེས་པར་འོང་། དེ་ནས་ལྷན་ཅིག་སྐྱེས་པའི་ལྷ་དང་འདྲེ་གཉིས་ཀྱིས་དགེ་སྡིག་རྩོད་པའི་སྣང་བ་འཆར་རོ། །དེ་དུས་ཡང་ཐུགས་རྗེ་ཆེན་པོ་ཡིད་ལ་བྱས་ན་རྒྱལ་ཁ་བཟུང་སྟེ་མཐོ་རིས་སུ་སྐྱེ་ནུས་སོ། །ཞག་བདུན་ཕྲག་བདུན་སོང་ནས་ནི། ལུས་ལེན་པའི་སྣང་བ་འགྱུར་ཏེ། གང་ལ་སྐྱེ་འགྱུར་གྱི་ལུས་ཡིན་སྙམ་བྱེད། །རང་རླུང་གིས་དེད་ནས་སྐྱེ་བ་ཕྱི་མ་ལ་ཆོས་དང་མཇལ་བར་འགྱུར་རོ། །ལྷ་ཐུགས་རྗེ་ཆེན་པོ་ནི་བྱིན་རླབས་བསམ་གྱིས་མི་ཁྱབ། བརྗོད་པས་མི་ལེང་། ཞེས་དང་། མཁའ་འགྲོ་ཀུན་གྱི་སྙིང་ཐིག་ཀློང་གསལ་རྒྱུད་ལས། ཀྱཻ་ལས་དག་པ་དང་། ངོ་སྤྲོད་ཐོབ་པ་རྣམས་ནི། དུས་དེ་ཉིད་ལ་སྣང་བ་འགྱུར་ནས། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་བྱ་བར་འགྱུར་ཏེ། དེར་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀར་ཐིམ། ཡུམ་གྱི་པདྨོ་ལས་ཐོན་ཏེ། པདྨ་རིགས་ཀྱི་གཙོ་འཁོར་འགྱུར་ཏེ། སངས་རྒྱས་ནས་འཁོར་བ་དོང་ནས་སྤྲུགས་པའོ། །ཞེས་དང་། ཕག་གྲུའི་ཐབས་ལམ་ཚིགས་བཅད་མ་ལས། དེ་ཡང་འཕེན་པ་འདི་བཞིན་བཏང་། །བདེ་བ་ཅན་གྱི་ཞིང་ཁམས་སམ། །པདྨ་ཅན་གྱི་ཞིང་


CMR054_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་སུ། །བརྫུས་ཏེ་སྐྱེ་བར་བསམ་པ་ཡི། །འདུན་པ་དྲག་པོ་བཏང་བར་བྱ། །ཞེས་གསུངས་པ་ལྟར་ཞིང་ཁམས་དེར་འགྲོ་བར་གྱིས་ཤིག །ཚར་རོ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


CMR054_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

༼ཤ༽ །ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་རྒྱབ་ཆོས་ལས་གཞི་ལམ་འབྲས་གསུམ་གྱི་ངོ་སྤྲོད་བཞུགས་སོ། །


CMR054_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། །རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་བསྒྲུབ་པའི་ཐབས། གཞི་ལམ་འབྲས་བུ་གསུམ་བསྡུས་ཏེ་བཤད་ན། གཞི་ནི་སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་འཕགས་པའི་གང་ཟག་གིས་རྟོགས་ཤིང་མངོན་དུ་བྱ་བ། ཁམས་གསུམ་འཁོར་བའི་གཤིས་རང་བབས། ཆོས་ཐམས་ཅད་གདོད་མའི་གནས་ལུགས་ལྷན་ཅིག་སྐྱེས་པའི་ཡེ་ཤེས། གཞི་ཀུན་ལ་ཁྱབ་པ། འོ་སྐོལ་འཇག་མའི་སྲིན་བུ་ཡན་ཆད་ནས། སངས་རྒྱས་མར་བཅད་པ་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པ་བཟང་ངན་


CMR054_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆེ་ཆུང་ལ་སོགས་པ་མེད་པའི་རང་བཞིན་རྣམ་དག་དེ་ཡིན། དེ་ལྟར་ཡང་། ཏིང་འཛིན་རྒྱལ་པོའི་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་དང་། མདོ་སྡེ་མྱ་ངན་འདས་ཆུང་ལས། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཞེས་དང་། མདོ་སྡེ་མྱ་ངན་འདས་ཆེན་ལས་ཀྱང་། དཔེར་ན་འོ་མ་ལ་མར་གྱིས་ཁྱབ་པར་གནས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོས་ཀྱང་སེམས་ཅན་ཡོངས་ལ་ཁྱབ་པར་གནས་སོ། །ཞེས་དང་། མདོ་སྡེ་རྒྱན་ལས་ཀྱང་། དེ་བཞིན་ཉིད་ནི་


CMR054_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ། །ཁྱད་པར་མེད་པར་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་གསུངས་སོ། །རྡོ་རྗེ་གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་དང་། ཀྱཻ་རྡོ་རྗེ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཞེས་གསུངས་སོ། །གློ་བུར་གྱི་དྲི་མ་དེ་བསལ་ནས། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་ཐབས། ཕྱག་རྫོགས་ཟུང་འཇུག་འདི་ཉིད་ཉམས་སུ་བླངས་པས་ལམ་བསྒྲོད་དེ། ཁྲིད་ཆེན་ལས། རྣལ་འབྱོར་པ་ཞིག་གིས་ཉམས་ཐོག་ཏུ་དྲིལ་ནས་སེམས་གསལ་ལ་མི་རྟོག་པའི་སེང་ངེ་ཡེ་རེ་བ་དེ་ལ་གཞན་དུ་མི་འཕྲོ་བའམ། ཞི་ལྷག་ཟུང་དུ་འབྲེལ་བའི་རྒྱུན་ལ་རྩེ་གཅིག་ཏུ་གནས་པ་རྩེ་གཅིག །ཅེས་གསུངས། དྲན་པ་ཉེ་བར་བཞག་པ་བཞི་སྟེ། ལུས་གཙང་མི་གཙང་གཉིས་ཀའི་དྲན་རྟོག་བྲལ་ནས་འདུས་མ་བྱས་ཉིད་དུ་དྲན་པ་ཉེ་བར་བཞག །ཚོར་བ་སྡུག་བསྔལ་དང་བདེ་བར་ཡང་མི་རྟོག་པར་ཟག་མེད་ཀྱི་བདེ་བར་དྲན་པ་ཉེ་བར་བཞག །སེམས་རྟག་


CMR054_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟག་སྤྲོས་པ་དང་བྲལ་བར་སེམས་དྲན་པ་ཉེ་བར་བཞག །ཆོས་བདག་ཡོད་མེད་གཉིས་ཀར་མི་རྟོག་པར་མྱང་འདས་ཀྱི་དོན་ལ་སྒྲོ་འདོགས་ཆོད་པར་ཆོས་དྲན་པ་ཉེ་བར་བཞག །རྩེ་གཅིག་འབྲིང་གི་དུས་སུ། བག་ལ་ཉལ་སྤངས་བས་རྩེ་གཅིག་ཏུ་སྐྱོང་བས་ལོག་ལྟ་སྐྱེ་མི་འཇུག་པ། ལོག་ལྟ་སོགས་མི་དགེ་བའི་སྤྱོད་པ་ངང་གིས་འགག ། དེས་ཤུགས་འབྱུང་གི་རྟོགས་པ་ནང་ནས་སྐྱེའོ། །དེས་ཡོན་ཏན་གོང་དུ་འཕེལ་ལོ།། །རྩེ་གཅིག་ཆེན་པོའི་སྐབས་སུ། རྫུ་འཕྲུལ་གྱི་རྐང་པ་བཞི་ཉམས་སུ་ལེན་ཏེ། ཡེངས་བ་མེད་པ་འདུན་པའི་རྫུ་འཕྲུལ་གྱི་རྐང་པ། སྙོམས་ལས་མེད་པ་བརྩོན་འགྲུས་ཀྱི་རྐང་པ། མི་མཐུན་ཕྱོགས་སྤོང་པ་དཔྱོད་པའི་རྐང་པ། སེམས་ཟིན་པས་སེམས་ཀྱི་རྫུ་འཕྲུལ་རྐང་པ། གླིང་རས་ཀྱི་ཞལ་ནས། བཞི་གསུམ་བཅུ་གཉིས་ཚོགས་ཀྱི་ལམ། །རྟོགས་པ་གཅིག་གིས་བསྒྲོད་པ་ཡིན། །ཞེས་གསུངས། རྟོགས་པ་དེས་དེད་པའི་དབང་པོ་མི་ཕྱེད་པ། དེས་བརྩོན་འགྲུས་ཀྱི་དབང་པོ་བར་མེད་པ། དེས་བརྗེད་པ་མེད་པ་དྲན་པའི་དབང་པོ། ཏིང་ངེ་འཛིན་དེ་རྒྱུན་ཆད་མེད་པ་ཏིང་ངེ་འཛིན་གྱི་དབང་པོ། སོ་སོར་རྟོག་པའི་


CMR054_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་དོན་ཏིང་ངེ་འཛིན་རྟོགས། དེ་རྣམས་སྦྱོར་ལམ་རྩེ་གཅིག་ཆེན་པོ། དྲོད་དང་རྩེ་མོའི་བདག་ཉིད་ཅན། །དབང་པོ་ལྔ་ཡི་ངོ་བོ་འདིས། །གཉུག་མའི་དོན་ལ་ལྟ་བ་ཡིན། །ཞེས་གསུངས། དེས་ལོག་ལྟ་འཛོམས་ཏེ་དད་པའི་སྟོབས། ལེ་ལོ་འཇོམས་པ་བརྩོན་འགྲུས་སྟོབས། བག་མེད་འཇོམས་པ་དྲན་པའི་སྟོབས། དེས་གཟུང་འཛིན་འཇོམས་པ་ཏིང་ངེ་འཛིན་གྱི་སྟོབས། དེས་དངོས་པོའི་མཚན་མ་འཇོམས་པས་ཤེས་རབ་ཀྱི་སྟོབས། བཟོད་པ་ཆོས་མཆོག་བདག་ཉིད་ཅན། །སྟོབས་ཆེན་ལྔ་ཡི་ངོ་བོ་འདིས། །མི་མཐུན་ཕྱོགས་རྣམས་འཇོམས་པ་ཡིན། །སྟོབས་དང་དབང་པོ་སྦྱོར་བའི་ལམ། །རྟོགས་པ་གཅིག་གིས་བསྒྲོད་པ་ཡིན། །ཅེས་གསུངས། ཁྲིད་ཆེན་ལས། སེམས་ཀྱི་སེམས་ཉིད་སྐྱེ་མེད་དུ་གསལ་སེང་གི་ཤར་བ་དེའི་རང་ངོས་ནས་འཁོར་གསུམ་གྱི་སྤྲོས་པ་བྲལ་བ་སྤྲོས་བྲལ། རང་སེམས་ནམ་མཁའ་ལྟ་བུའི་ངོ་བོ་དེ་རྟོགས་པ་མངོན་དུ་གྱུར་པ་ཡང་དག་པའི་ཏིང་ངེ་འཛིན། འབད་རྩོལ་མེད་པ་བརྩོན་འགྲུས་བྱང་ཆུབ་ཡན་ལག །ཟུག་རྔུ་མེད་པ་དགའ་བ་བྱང་ཆུབ་ཡན་ལག །དྲི་མ་མེད་པ་སྦྱངས་བའི་བྱང་ཆུབ་ཡན་ལག །


CMR054_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདས་བྱེ་བྲག་མེད་པ་ཆོས་རབ་འབྱེད་བྱང་ཆུབ་ཡན་ལག །མི་བརྗེད་བཟུང་བ་དྲན་པ་བྱང་ཆུབ་ཡན་ལག །ཀུན་ལ་སྙོམས་པ་བཏང་སྙོམས་བྱང་ཆུབ་ཡན་ལག །བྱང་ཆུབ་ཡན་ལག་མཐོང་བའི་ལམ། །རྟོགས་པ་གཅིག་གིས་བསྒྲོད་པ་ཡིན། །ཅེས་གསུངས་སོ། །སྣང་བ་སྣ་ཚོགས་སུ་སྣང་ཡང་རང་གི་སེམས་ཉིད་དུ་རོ་གཅིག་ཅིང་། བདག་གཞན་འཁོར་འདས་སོགས་གཉིས་ཆོས་ཐམས་ཅད་རོ་གཅིག་ཏུ་གྱུར་པ་རོ་གཅིག །རྟོགས་པ་དེ་མཐའ་དང་བྲལ་བ་ཡང་དག་ལྟ་བ། དེ་བློ་ལས་འདས་པ་ཡང་དག་རྟོགས་པ། བརྗོད་དུ་མེད་པ་ཡང་དག་ངག །རྒྱུན་ཆད་མེད་པ་ཡང་དག་དྲན་པ། རྣམ་གྲོལ་ཟས་ཀྱི་འཚོ་བ། དོན་ཆེན་བསྒྲུབས་པས་རྩོལ་བ། བྱ་བ་རྫོགས་པའི་ལས་ཀྱི་མཐའ། མཉམ་རྗེས་མེད་པས་ཡང་དག་ཏིང་འཛིན་རྡོ་རྗེ་འདྲ་བ། འཕགས་ལམ་བརྒྱད་པ་བསྒོམ་པའི་ལམ། །རྟོགས་པ་གཅིག་གིས་བསྒྲོད་པ་ཡིན། །ཅེས་གསུངས། ཁྲིད་ཆེན་ལས། ཡིན་མིན་ཕན་ཚུན་གང་དུ་བལྟས་ཀྱང་རང་གི་སེམས་ཉིད་དེའང་བསྒོམ་བྱ་སྒོམ་བྱེད་ལ་སོགས་པ་གང་དུ་མ་གྲུབ་པར་འོད་གསལ་དུ་ཆམ་ཆམ་འཆར་བ་སྒོམ་མེད་ཀྱི་


CMR054_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར། ཞེས་གསུངས་སོ། །འབྲས་བུ་འོད་གསལ་ཆོས་ཀྱི་སྐུ། །གཟུགས་སྐུ་གཉིས་པོ་ཤུགས་ལས་འབྱུང་། །དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ། །ཟག་མེད་བདེ་བ་ཆེན་པོའི་སྐུ། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཅེས་དང་། བླ་མ་སངས་རྒྱས་མཇལ་བས་ཚོགས། གསོལ་བཏབ་ངེས་ཤེས་སྐྱེས་པས་སྦྱོར། བྱིན་རླབས་ཀྱི་རྟོགས་པ་ཤར་བ་མཐོང་ལམ། དེ་ཇེ་ཆེ་འཕེལ་བ་སྒོམ་ལམ། མཉམ་རྗེས་མེད་པ་མཐར་ཕྱིན་ལམ། རང་སེམས་མངོན་དུ་གྱུར་པ་རབ་དགའ། དེས་དྲི་མ་ཉོན་མོངས་པ་སྤངས་པ་གཉིས་པ། འོད་གསལ་ལྷན་ཅིག་འོད་བྱེད། དེ་ལ་སངས་རྒྱས་ཀྱི་ཡོན་ཏན་འབྱུང་ཕྱིར་འོད་འཕྲོ། ཟབ་ཅིང་གཏིང་དཔག་དཀའ་བས་སྦྱང་དཀའ། རང་རིག་ཡེ་ཤེས་སུ་མངོན་ཚེ་དུ་གྱུར་པས་དྲུག་པ། འཁོར་བའི་ཕ་རོལ་བརྒལ་ཕྱིར་རིང་དུ་སོང་བ། རང་དོན་དྲི་མས་མི་གཡོ་བ་བརྒྱད་པ། ཤེས་རབ་ཕུན་སུམ་ཚོགས་ཕྱིར་དགུ་པ། རྟོགས་པའི་རྩལ་རྫོགས་པ་བཅུ་པ་རྒྱུན་མཐའ། སྣང་བ་ཆོས་སྐུར་ཤར་བ་བཅུ་གཅིག །ཞེན་མེད་འགྲོ་དོན་བཅུ་གཉིས། དོན་དམ་ཕུན་སུམ་ཚོགས་པ་བཅུ་གསུམ། ཡིད་ལ་མི་བྱེད་བློ་འདས་


CMR054_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་བཞི་བདེ་བ་ཆེན་པོ། །འདི་སྐབས་ལ་སྔོན་གྱི་བླ་མ་རྣམས་ཀྱིས་ཉམས་དང་རྟོགས་པའི་རྣལ་འབྱོར་བཞི་སོ་སོར་འབྱུང་བར་གསུངས་པའི་དོན། དང་པོ་ཉམས་ཀྱི་རྣལ་འབྱོར་ལ། དེ་ལྟར་བསམ་གཏན་གྱི་བདེ་གསལ་མི་རྟོག་པ་འདྲེས་ཤིང་ཇི་ཙམ་འཇོག་ལ་དབང་ཐོབ་པ་ཉམས་ཀྱི་རྩེ་གཅིག །དེའི་ངང་ནས་ངོ་བོ་སྟོང་ཉིད་དུ་བཞུགས་པ་ལ་བློས་མ་བཅོས་པར་སྟོང་པ་དང་འབྲེལ་ན་ཉམས་ཀྱི་སྤྲོས་བྲལ། རྗེས་ཐོབ་སྤྱོད་ལམ་ལ་རྐྱེན་གྱིས་མི་ཆོད་པར་རོ་སྙོམས་པ་ཉམས་ཀྱི་རོ་གཅིག །དེ་ནས་རིང་པོར་མི་ཐོགས་པར་འཁོར་ཡུག་ཏུ་སྒོམ་མེད་འབྱུང་བ་རྣམས་སྦྱོར་ལམ་ཡིན་ལ། དེ་ནས་འཇིག་རྟེན་ལས་འདས་པ་ནི་མཐོང་བའི་ལམ་དང་སྒོམ་པའི་ལམ་མོ། །སྔར་བསམ་གཏན་བཞི་པའི་ཡང་དག་ལྟ་བ་དང་། བཞི་པའི་ཉམས་ཀྱི་རྟོགས་དཔྱོད་དང་། དགའ་མི་དགའ། བདེ་སྡུག་དང་དྲན་རིག་གཡོ་བ་དང་རླུང་རྒྱུ་བའི་སྐྱོན་བརྒྱད་དང་བྲལ་ཞིང་རྩེ་གཅིག་ཏུ་གྱུར་པ་དང་འདྲེས་པས། སྐད་ཅིག་གཅིག་དང་ལྷན་ཅིག་པ། འཕགས་པའི་བདེན་པ་བཞི་མངོན་སུམ་དུ་བྱེད་པ་ཐོབ་ན་ཉམས་ཀྱི་སྒོམ་མེད་ཡིན་ཡང་། རྟོགས་པའི་རྣལ་འབྱོར་བཞིའི་རྩེ་


CMR054_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གི་རྣལ་འབྱོར་ཡིན། སྐབས་འདིར་ཆོས་རྣམ་པར་འབྱེད་པའི་ཤེས་རབ་ངོ་བོ་ཏིང་ངེ་འཛིན་དང་འདྲེས་པ་ཐོབ་ལ་དྲན་པ་ལ་གནས་པ་སངས་རྒྱས་ཀྱི་བར་དུ་རྒྱུན་མི་འཆད་པར་སྦྱོར་བའི་བརྩོན་འགྲུས་དང་འབྲེལ་བ། ལུས་དང་སེམས་ཤིན་ཏུ་སྦྱངས་བ། རང་གཞན་གྱི་དོན་རྒྱ་ཆེན་པོ་གྲུབ་པའི་དགའ་བ་ཁྱད་པར་ཅན་ལེ་ལོ་མེད་པའི་བཏང་སྙོམས་ཆེན་པོ་རྣམས་གཅིག་ཏུ་འབྱུང་བ་རྣམས་ཉམས་མྱོང་རྟགས་དང་འབྲེལ་བའོ། །དེ་རྣམས་མ་འབྲེལ་ན་ཉམས་ཡིན་གྱི། ཕྱག་རྒྱ་ཆེན་པོའི་རྟོགས་པ་མ་ཡིན་ནོ། །དེ་ནས་མཐོང་ལམ་ཐོབ་ཅིང་མཐོང་བ་དེ་ཉིད་གོམས་པར་བྱེད་པའི་སྒོམ་པའི་ལམ་སྟེ། སྲིད་ཞི་གཉིས་ཀྱི་མཐའ་སྤངས་པའི་མཉམ་བཞག་གི་ངོ་བོ་ནམ་མཁའི་དཀྱིལ་ལྟ་བུར་སྣང་ཞིང་། འདུ་བྱེད་སྒྱུ་མ་དང་། རྨི་ལམ་ལྟ་བུར་གྱུར་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒྲུབ་ཅིང་རྗེས་ཐོབ་སྒྱུ་མ་ལྟ་བུར་སེམས་ཅན་ཡོངས་སུ་སྨིན་པ་དང་། ཞིང་ཡོངས་སུ་སྦྱོང་བར་བྱེད་པས་ཇི་སྙེད་མཁྱེན་པའི་ཡེ་ཤེས་བསྒྲུབ། ས་དྲུག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྩལ་རྫོགས་པའི་ཚེ་རྟོགས་པའི་སྤྲོས་བྲལ་ཏེ། སྲིད་ཞི་གཉིས་ལ་སྐྲག་པ་དང་། འགག་པའི་སེམས་བྲལ་


CMR054_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

བས་སོ། །གོང་གི་ཚེ་ཡིད་ཀྱི་དྲི་མ་དྲུངས་ནས་ཕྱུངས་བ་ན་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་གནས་ལ་ཞུགས་པས་ས་བརྒྱད་པ་ཐོབ་པ་ན་སྲིད་ཞི་གཉིས་སུ་མི་རྟོག་ཅིང་དེ་བཞིན་ཉིད་དང་། འབྲས་བུ་མཚན་མའི་འདུ་ཤེས་གཉིས་ཀྱིས་མི་གཡོ་བས་རོ་གཅིག་ཆེན་པོ་ཞེས་བྱའོ། །གོང་གི་ཚེ་སེམས་ལ་ཟག་པ་མེད་པའི་ལས་འདུ་བྱེད་དང་། བག་ཆགས་ཕྲ་མོའི་ནད་དང་། ཡིད་ཀྱི་རང་བཞིན་གྱི་ལས་དང་། བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་བའི་རྣམ་པ་དང་བྲལ་བའི་སངས་རྒྱས་ཀྱི་ས་ཐོབ་པ་ནི་སྒོམ་དུ་མེད་པ་སྟེ། མཐར་ཐུག་པའི་ཕྱིར་རོ། །དོན་འདི་ལྟར་དུ་ཐོབ་ན་ལམ་གྱི་མིང་དུ་བཏགས་ཀྱང་རུང་། མ་བཏགས་ཀྱང་རུང་། རྣལ་འབྱོར་བཞིའི་མིང་གིས་བཤད་པ་ཡིན་ནོ། །གསུངས་སོ། །བདེ་མཆོག་སྡོམ་པ་འབྱུང་བ་ལས། །གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་པ་ཡིན་ཏེ། །ཉེ་བའི་ཞིང་ནི་འོད་འཕྲོ་བ། །མངོན་དུ་གྱུར་པ་ཚན་དོ་ཞེས། །ཉེ་བའི་ཚནོ་སྦྱང་དཀའ་བའོ། །འདུ་པ་རིང་དུ་སོང་བ་སྟེ། །མི་གཡོ་བར་གྲགས་ཉེར་འདུ་པ། །དུར་ཁྲོད་དེ་བཞིན་ལེགས་བློ་


CMR054_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །གནས་སོགས་ས་ཡི་རྣམ་དག་པ། །རིམ་པ་ཇི་བཞིན་བཤད་པ་ཡིན། །ཅེས་གསུངས་ཏེ། སྔགས་ལམ་དབང་བཞིའི་འགྲོས་དང་ཡང་མཚུངས་ཏེ། རྗེ་ནཱ་རོ་པས་ཀྱང་བཞེད་དེ་སནྣ་པས་རོལ་པའི་རྡོ་རྗེ་ལ་གསུངས་པ། ཕྱག་རྒྱ་ཆེན་པོ་རྟོགས་པ་ཡི། །དང་པོ་རྣམ་རྟོག་གློ་བུར་པ། །དེ་ཉིད་ལ་ནི་ལྟ་བ་ཡི། །མ་རིག་པ་ལས་ལོག་པ་ནི། །རིག་པ་གསལ་ལ་འཛིན་མེད་དུ། །རྟོགས་ན་རིག་པའི་དབང་ཞེས་བྱ། །དུག་ལྔ་ཡེ་ཤེས་ལྔར་གནས་ན། །བུམ་པའི་དབང་དུ་འདོད་པའོ། །དེ་ལ་འགག་པ་མེད་པའི་རྩལ། །ཕྱོགས་ཆ་མེད་པར་འཆར་བས་ན། །སྟོང་པའི་ངང་ནས་བདེ་བར་འཆར། །གསལ་བ་གཉིས་པའི་དབང་དུ་འདོད། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །བདེ་སྟོང་དབྱེར་མེད་ནམ་མཁའི་ངང་། །ཟུང་འཇུག་རོ་གཅིག་ཆེན་པོ་ལ། །སྣང་སེམས་བདེ་བ་ཆེན་པོར་མྱོང་། །ཤེས་རབ་ཡེ་ཤེས་དབང་དུ་བཤད། །དབང་གསུམ་དབྱེར་མེད་སེམས་སུ་འདུས། །སེམས་ཉིད་མཁའ་ལྟར་དག་པ་ལ། །མཉམ་བཞག་རྗེས་འཇོག་མེད་པ་ཉིད། །བདེན་གཉིས་ཟུང་འཇུག་བཞི་པ་


CMR054_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཅེས་གསུངས་པ་དང་། རྒྱལ་པོའི་བཙུན་མོ་ཀ་པ་ར་བྷུ་ཛ་ཡིས། བྲམ་ཟེ་ཆེན་པོ་ས་ར་ཧ་ལ་ཞུས་པ་ལ་གསུངས་པ། རིག་པ་རྩེ་གཅིག་བུམ་པའི་དབང་། །བདེ་བ་སྤྲོས་བྲལ་གསང་བའི་དབང་། །གསུམ་པ་མཉམ་པ་ཉིད་དུ་སྦྱོར། །བསྒོམ་དུ་མེད་པ་བཞི་པའོ། །ཞེས་གསུངས། རྗེ་རང་བྱུང་པའི་དགོངས་པ་ལྟར། རྟོགས་པའི་རྣལ་འབྱོར་བཞི་ས་ལམ་དང་སྦྱོར་ཚུལ། ཁྲིད་ཡིག་ཆེན་མོ་ལས། རྩེ་གཅིག་ཚོགས་སྦྱོར་སྤྲོས་བྲལ་མཐོང་བའི་ལམ། །རོ་གཅིག་སྒོམ་མེད་འབྲིང་ཡན་སྒོམ་ལམ་སྟེ། །སྒོམ་མེད་ཆེན་པོ་རྫོགས་པའི་སངས་རྒྱས་སོ། །ཞེས་གསུངས། དེ་ལ་ས་ལམ་དེ་རྣམས་ཐོབ་མཁན་ཡང་མང་ན། དངོས་སུ་རྟགས་དང་ཡོན་ཏན་མེད་པ་ཅི་ཞེ་ན། །རྟོགས་པ་ཤར་ཡང་ཡོན་ཏན་མེད་པ་ནི་ཁྱུང་སྒོ་ང་ནང་ནས་གཤོག་དྲུག་རྒྱས་ཀྱང་སྒོང་རྒྱས་འཕུར་མི་ནུས་པ་ལྟར་གཞན་སྣང་དུ་ཡོན་ཏན་མི་འཆར་ཀྱང་བར་དོར་རང་དོན་ཆོས་སྐུ་མངོན་དུ་གྱུར་ནས། གཞན་སྣང་གཟུགས་སྐུ་གཉིས་འཆར་བར་ངེས་སོ། །རྣལ་འབྱོར་པ་ལུས་རྒྱ། སེང་གེ་མངལ་རྒྱུ། ཁྱུང་སྒོང་རྒྱ། མཁྱེན་པ་ནང་ནས་རྒྱས་ཀྱང་བུམ་ནང་མར་


CMR054_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལྟར་མངོན་ཤེས་སོགས་ལུས་འབྱུང་བའི་སྙིགས་མས་བསྒྲིབས་ནས་རུལ་བའི་ལྗང་བུ་ལྟར་དེ་ལྟ་འཁྲུལ་པ་ཅུང་ཟད་ཡོད་པ་བར་དོར་ཡལ་ལོ། །ཞེས་བཀའ་བརྒྱུད་གོང་མ་རྣམས་ཀྱིས་མགྲིན་གཅིག་ཏུ་གསུངས་པ་ལ། འགྲོ་བའི་མགོན་པོ་ས་སྐྱ་པཎྜི་ཏས། ཅོ་འདྲའི་ཚུལ་དུ་བགག་པ་མཛད་པ་ནི། །ལ་ལ་ཞི་གནས་ཅུང་ཟད་དང་། །སྣང་སྟོང་རྟོགས་པ་ཕྲ་མོ་ལ། །མཐོང་ལམ་ཡིན་ཞེས་ངོ་སྤྲོད་བྱེད། །ཁྱུང་གི་སྒོང་རྒྱ་ཇི་བཞིན་དུ། །ལུས་ཀྱི་རྒྱ་ཡིས་བཅིངས་པས་ན། །ད་ལྟ་ཡོན་ཏན་མི་འབྱུང་བས། །ལུས་རྒྱུ་ཞིག་ནས་ཤི་མ་ཐག །ཡོན་ཏན་ཕྱི་ནས་འབྱུང་ཞེས་ཟེར། །ཐེག་པ་ཆེན་པོའི་མདོ་རྒྱུད་ལས།། །འདི་འདྲའི་ཆོས་ལུགས་བཤད་པ་མེད། །ཉི་མ་དེ་རིང་ཤར་བ་ཡི། །འོད་ཟེར་ནངས་པར་འབྱུང་བ་མཚར། །ཚེ་འདིར་མཐོང་ལམ་སྐྱེས་པ་ལ། །ཡོན་ཏན་ཤི་ནས་འབྱུང་བ་ནི། །བླུན་པོ་རྣམས་ཀྱི་རྫུན་རབ་ཡིན། །མདོ་རྒྱུད་ཀུན་དང་མི་མཐུན་པས། །འདི་འདྲའི་ཆོས་ལུགས་མཁས་པས་སྤངས། །ཞེས་གསུངས་པ་ནི། ངེས་པའི་དོན་མ་ཡིན་ཏེ། ས་པཎ་ཉིད་འཇམ་དབྱངས་དངོས་ཡིན་པར་ཡོངས་སུ་གྲགས་ན། ཉིད་ཀྱི་རྣམ་ཐར་ན། །


CMR054_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་གནས་ལྔ་ལ་མཁས་ཚུལ་རྒྱ་ཆེར་འདུག་སྟེ། རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་ནི། ཕྱི་རོལ་མུ་སྟེགས་པ་ལ་ཡང་སྟོང་ཕྲག་མང་པོ་བྱུང་བས། འཇམ་དབྱངས་ཡིན་པའི་རྟགས་སུ་མ་གྲུབ། འཇམ་དབྱངས་ཡིན་ན་ས་བཅུ་ཡིན་པས། ས་བཅུ་པའི་ཡོན་ཏན་དབུ་མ་འཇུག་པ་ལས། བ་སྤུའི་ཁུང་ནས་རྫོགས་པའི་སངས་རྒྱས་རྣམས། །གྲངས་མེད་བྱང་ཆུབ་སེམས་དཔའ་འཁོར་དང་བཅས། །གཞན་ཡང་ལྷ་དང་མི་དང་ལྷ་མ་ཡིན། །སྐད་ཅིག་གཅིག་ལ་སྟོན་པར་ནུས་པ་ཡིན། །ཞེས་གསུངས་པ་ལྟ་བུའི་ཡོན་ཏན་ཆེ་ཙམ་ཡང་རྣམ་ཐར་ན་མི་འདུག་པས་སོ། །མདོ་སྡེ་པདྨ་དཀར་པོ་ལས། ཀུན་དགའ་བོ་འདི་ས་བཅུ་པ་ཡིན་ཀྱང་ཅི་ཡང་མ་ཐོབ་པར་སེམས་སོ། བྱང་ཆུབ་སེམས་པའི་གསང་ཆེན་གྱི་བྱིན་གྱིས་བརླབས་པས་མི་ཤེས་སོ། །ཞེས་གསུངས་ཏེ། སྟོན་པ་འདས་རྗེས་བར་དགྲ་བཅོམ་པ་མ་ཐོབ་པར། རྟགས་ཅི་ཡང་མེད་སྐད། བྱམས་པ་ལུང་བསྟན་པའི་མདོ་ལས། དགེ་སློང་མ་ཕམ་པ་འདི་བསྐལ་བཟང་སངས་རྒྱས་ལྔ་པར་ལུང་བསྟན་ནས། འདི་ལ་རྟགས་དང་ཡོན་ཏན་ཅི་ཡང་མི་འདུག་པས། འདི་རྒྱལ་བ་བྱམས་


CMR054_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་སྲིད་དམ། ཞེས་དགེ་སློང་རྣམས་ཐེ་ཚོམ་དུ་གྱུར་པས། །བཅོམ་ལྡན་འདས་ཀྱིས་བྱམས་པ་ལུང་བསྟན་གྱི་མདོ་གསུངས་པ་དེས། རྟགས་དང་ཡོན་ཏན་ཡོད་མེད་ཀྱིས་རྟོགས་པ་མཐོ་དམན་གྱི་ཚོད་མི་ཟིན་པ་དེས་གསལ། རྗེ་འཇིག་རྟེན་གསུམ་མགོན་གྱིས། འཚོགས་པ་ཁྲི་ཚོ་བཅོ་བརྒྱད་ཀྱི་དབུས་སུ། རྟགས་དང་ཡོན་ཏན་ཡོད་ན་མཐོང་ལམ་ཐོབ། མེད་ན་མ་ཐོབ་ཟེར་བའི་ལུང་། བཀའ་བསྟན་བཅོས་ཚད་ལྡན་ནས་རྙེད་ན། ངའི་ཆིབས་པ་འདི་ལ་གོས་ཡུག་གཅིག་བཏགས་ནས་སྦྱིན། ཞེས་ཉི་མ་མང་པོར་གསུངས་ཀྱང་སུས་མ་རྙེད་སྐད། ངེས་པའི་དོན་ནི། རྗེ་ཕག་གྲུའི་ཞལ་ནས། འདི་ལ་ཐེ་ཚོམ་མི་དགོས་ཏེ། །ཉི་མ་ཤར་བ་ཙམ་གྱིས་ནི། །ས་གཞི་དྲོ་བར་མི་ནུས་ཀྱང་། །རིམ་ང་བཞིན་འོད་ཟེར་རྒྱས་ནས་དྲོས། །ནོར་བུ་ལོན་པ་ཙམ་གྱིས་ནི། །དགོས་འདོད་འབྱུང་བར་མི་འགྱུར་ཏེ། །མཆོད་དང་གསོལ་བ་བཏབ་ན་འབྱུང་། །བྱིས་པ་མི་ལས་མ་འདས་ཀྱང་། །སྐྱེས་མ་ཐག་ཏུ་སྟོབས་ལྡན་མིན། །རིམ་གྱིས་བསླབས་པས་སྣ་ཚོགས་ཤེས། །དེ་བཞིན་བདེན་པའི་དོན་མཐོང་ཡང་། །མ་གོམས་ཡོན་ཏན་འབྱུང་མི་འགྱུར། །


CMR054_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་པ་ལ་ནི་མཆོག་ཐོབ་བོ། །ཐུན་མོང་གྲུབ་ཆེན་བརྒྱད་ལ་སོགས། །འདི་ཀུན་རྟེན་ཅིང་འབྲེལ་བའི་མཐུས། །ང་རྒྱལ་རློམ་པར་བཅས་པ་ཡིས། །མངོན་པ་ཤེས་པ་འཆར་བས་ཕུང་། །མཆོག་ལ་མ་སླེབ་དེ་ཡིས་སྒྲིབ། །ལྷ་སོགས་འགྲོ་བ་མ་ལུས་ལ། །ལས་ཀྱི་རྫུ་འཕྲུལ་བསམ་མི་ཁྱབ། །དེ་ཀུན་ཐར་པའི་རྒྱུར་མ་གསུངས། །ཡང་དག་བདེན་རྫུན་ཟད་པ་ལ། །རྟགས་དང་མཚན་མ་ག་ལ་ཡོད། །འོན་ཀྱང་འདི་ལ་ཐེ་ཚོམ་འབྱུང་། །ཞེས་དང་། སྐྱེ་མེད་ཞང་གི་ཞལ་ནས། གཉིས་མེད་རྟོག་མ་ཐག་ཉིད་དུ། །སྡུག་བསྔལ་སངས་བར་མ་གྱུར་ཅིང་། །ཡོན་ཏན་ནུས་པ་མ་སྐྱེས་ཀྱང་། །མཐོང་ལམ་མིན་ཞེས་སུ་ཞིག་སྨོད། །ནངས་པར་ཉི་མ་ཤར་མ་ཐག །ཆབ་བྲོམ་ཞུ་བར་མ་ནུས་ཤིང་། །ས་རྡོ་དྲོས་པར་མ་གྱུར་ཀྱང་། །ཉི་མ་མིན་ཞེས་སུ་ཞིག་བརྗོད། །ཅེས་དང་། མདོ་སྔགས་ཀྱི་འབྲས་བུ་སངས་རྒྱས་དོན་དུ་གཉེར་བ་ཡིན་པས། གནས་ཕྱོགས་སྐབས་ཀྱི་རྟགས་དང་ཡོན་ཏན་ཡོད་མེད་ལ་མ་ལྟོས། ལས་དབང་གི་མངོན་ཤེས་དང་རྫུ་འཕྲུལ་ཕྲན་བུ། མཁའ་ལ་རྒྱུ་བའི་ཡི་དྭགས་དང་འབྱུང་པོ། བྱ་དང་གཅན་གཟན་འགའ་


CMR054_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

པང་ཡོད་པས། ཚད་མ་རྣམ་འགྲེལ་ལས། ཚུར་ཤོག་བྱ་རྒོད་བསྟེན་པར་བྱོས། །ཞེས་སོགས་གསུངས། །ཞི་གནས་ཁ་རྐྱང་ལ་བསྟན་པའི་མངོན་ཤེས་གྲུབ་རྟགས་ནི། མུ་སྟེགས་པ་དང་། བོན་ལ་ཡང་ཡོད་པས། གླིང་རྗེ་རས་པས། གྲུབ་ཆེན་བརྒྱད་ལ་མངའ་བརྙེས་ཀྱང་། །ངོ་མཚར་ཆེ་ཙམ་མ་གཏོགས་པ། །བྱང་ཆུབ་ཐོབ་ལ་ཕན་རྒྱུ་ཆུང་། །ཞེས་གསུངས། འདི་སྐབས་མདོ་སྔགས་འབྲས་བུའི་ཁྱད་པར་ནི། དགེ་བའི་བཤེས་གཉེན་འགའ་ཞིག་གི་བཞེད་པ་ལས། མདོ་ལུགས་ཁོ་ནས་སངས་རྒྱས་མི་ཐོབ་པས། ས་བརྒྱད་པ་ནས་སྔགས་ལ་འཇུག་དགོས་ཟེར། ལ་ལས་ས་བཅུའི་མཇུག་ཏུ། ཕྱོགས་བཅུའི་སངས་རྒྱས་ཀྱི་འོད་ཟེར་ཆེན་པོས་དབང་བསྐུར་བ་དེས་ཆོག །སྔགས་ལ་འཇུག་མི་དགོས་མདོ་ལུགས་ཀྱི་སངས་རྒྱས་ཡོད་ཟེར། ལ་ལ་ན་རེ། མདོ་ནས་རྟོགས་པའི་རྣམ་བཞག་གསུངས་པ། བྲོད་པ་བསྐྱེད་པ་ཙམ་སྟེ། སྔགས་ལ་མ་བརྟེན་པར་རྟོགས་པ་མཚན་ཉིད་པ་སྐྱེ་མི་སྲིད། མདོ་ནས་གསུངས་པ་ཐམས་ཅད་དབང་བཞི་དང་འབྲེལ་དགོས། ཚོགས་ལམ་ཆེན་པོ་ནས་སྔགས་ལ་ཞུགས། སངས་རྒྱས་དང་མཇལ་


CMR054_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

བས། དེས་ཐེག་པའི་མཐའ་སྟོན་པས་སོ། །ཞེས་ཟེར་ཏེ། དེ་ལྟར་ན་ཤེར་ཕྱིན་ཡུམ་སྲས་བཅུ་བདུན་སོགས་བཀའ་བར་པ་དང་། དཀོན་མཆོག་བརྩེགས་པ་མྱ་ངན་འདས་མདོ་སོགས་བཀའ་ཐ་མ། དབུ་མ་རིག་པའི་ཚོགས་དྲུག་བྱམས་ཆོས་སྡེ་ལྔ་སོགས་བཀའ་བསྟན་བཅོས་གཞུང་ཆེ་བ་ཐམས་ཅད་ལ་སེར་བརྒྱབ་པར་འགྲོ་བས་མི་འཐད། འཇུག་ཊིཀ་མི་བསྐྱོད་རྡོ་རྗེས་མཛད་པ་ལས། །རང་ལུགས་མདོ་ལུགས་ཀྱི་སངས་རྒྱས་བསྒྲུབས་པས་སྔགས་ལུགས་ཀྱི་སངས་རྒྱས་ཞོར་བྱུང་དུ་མི་ཐོབ་ལ། སྔགས་ལུགས་ཀྱི་སངས་རྒྱས་བསྒྲུབས་པས་མདོ་ལུགས་ཀྱི་སངས་རྒྱས་ཞོར་བྱུང་དུ་འགྲུབ་པར་བཞེད་དོ། །དེ་བཞིན་དུ་ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། དེ་ཡང་རྫོགས་ཆེན་གྱི་ཆོས་ཉིད་ཟད་ས་དང་། མདོ་ལུགས་ཀྱི་ལམ་ལྔ་ལས། མཐར་ཕྱིན་པའི་ལམ་དང་། ཡོན་ཏན་མཉམ་མོ་སྙམ་ན་གཏན་ནས་མི་མཉམ་སྟེ། མདོ་ལུགས་ཁོ་རང་གི་ས་བཅུ་ལམ་ལྔའི་ཡོན་ཏན་བརྒྱ་ཕྲག་དྲུག་ཅུའི་ཡོན་ཏན་རྩལ་རྫོགས་ནས་མཐར་ཕྱིན་པ་ཡིན་ཀྱང་། ད་རུང་སྔགས་ཀྱི་ཡོན་ཏན་རྩལ་མ་རྫོགས་པར་མཐོང་ཞིང་། མ་རྫོགས་པའི་ཕྱིར་རོ། །ཆོས་ཉིད་ཟད་ས་དང་།


CMR054_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་པའི་ལམ་གཉིས། ཁྱད་པར་ཤིན་ཏུ་གལ་ཆེའོ། །འདིར་ཁ་ཅིག་སངས་རྒྱས་ལ་ཡེ་ཤེས་རྒྱུན་ཆད་ཡིན་ཟེར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཡེ་ཤེས་བརྙེས་པ་དེ། ཞེས་དང་། ཅིའི་ཕྱིར་སངས་རྒྱས་ཞེས་བྱ་ན། མ་རིག་པ་གཉིད་དང་འདྲ་བ་ལས་སངས་ནས། ཤེས་བྱ་གཉིས་ལ་བློ་རྒྱས་པས་ན་སངས་རྒྱས་ཞེས་ཟེར་རོ། །དེ་ལྟར་ཡང་། མ་རིག་གཉིད་ལས་སངས་ཕྱིར་དང་། །བློ་རྒྱས་གཉིས་ཕྱིར་སངས་རྒྱས་ཡིན། །ཞེས་གསུངས། དེ་ཡང་མ་རིག་པ་གཉིད་ལས་སངས་ཞེས་པའི་དོན་ནི་སྔར་བཤད་པ་སྤངས་པ་ཕུན་སུམ་ཚོགས་པ་ཉིད་ཡིན་ནོ། །ཤེས་བྱ་ལ་བློ་རྒྱས་ཞེས་བྱ་བ་ཡང་སྔར་བཤད་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་ཉིད་ཡིན་ནོ། །དབྱེ་བ་བཤད་ན། སངས་རྒྱས་ལ་སྐུ་རྣམ་པ་གསུམ་སྟེ། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ། །དེ་ལྟར་ཡང་། གསེར་འོད་དམ་པའི་མདོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ལ་སྐུ་གསུམ་མངའ་སྟེ། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་


CMR054_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ། །ཞེས་གསུངས་སོ། །འོ་ན་གཞུང་ཁ་ཅིག་ལ་ནི་སྐུ་གཉིས་སུ་བཤད་པ་ཡོད། སྐུ་བཞིར་བཤད་པ་ཡང་ཡོད། སྐུ་ལྔར་བཤད་པ་ཡང་ཡོད་དོ། ཞེ་ན། དེ་ལྟར་བཤད་ཀྱང་། སྐུ་ཐམས་ཅད་སྐུ་གསུམ་པོ་རང་དུ་འདུས་པ་དེ་ཡིན་ཏེ། མདོ་སྡེ་རྒྱན་ལས། སྐུ་གསུམ་ལ་དམིགས་སངས་རྒྱས་སྐུ། །སྐུ་བསྡུས་པ་ནི་ཤེས་པར་བྱ། །ཞེས་གསུངས། སྐུ་གསུམ་གྱི་རྣམ་པར་བཞག་པ་བཤད་ན། ཆོས་ཀྱི་སྐུ་ནི་སངས་རྒྱས་དངོས་ཡིན་ཏེ། འཕགས་པ་བརྒྱད་སྟོང་པ་ལས་ཀྱང་། དེ་བཞིན་གཤེགས་པ་ནི་གཟུགས་ཀྱི་སྐུར་མི་ལྟ་སྟེ། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུའོ། །ཞེས་གསུངས་སོ། །མདོ་ཏིང་འཛིན་རྒྱལ་པོའི་མདོ་ལས་ཀྱང་། རྒྱལ་བའི་དབང་པོ་གཟུགས་ཀྱི་སྐུར་མི་ལྟ། ཞེས་གསུངས་སོ། །གཟུགས་སྐུ་གཉིས་ནི་ཆོས་ཀྱི་སྐུའི་བྱིན་རླབས་དང་། གདུལ་བྱའི་སྣང་བ་དང་། སྔོན་གྱི་སྨོན་ལམ་ལས་གྲུབ་པའི་སྐུ་སྟེ། དེ་གསུམ་འཛོམ་པ་ལས་བྱུང་བ་ཤེས་པར་བྱའོ། །དེ་ཡང་ཕྱག་རྫོགས་ཟུང་འཇུག་ཐུགས་རྗེ་ཆེན་པོའི་དམར་ཁྲིད་འདི་ནི། ཐེག་པ་དགུའི་ཉམས་ལེན་ཐམས་ཅད་ཚང་བ་


CMR054_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། ས་ལམ་དང་འབྲས་བུ་ཡང་། གྲུབ་ཆེན་ཀརྨ་པཀིས་ཞལ་ནས། ཐེག་དགུའི་སྒྲ་དོན་རྟོགས་པ་དང་། །ནཱ་རོའི་བརྒྱུད་པས་བྱིན་བརླབས་ཤིང་། །རྣལ་འབྱོར་རང་བྱུང་རྡོ་རྗེ་ཡང་། །དག་སྣང་ས་ར་ཧ་དང་མཇལ། །སངས་རྒྱས་རྣམས་ཀྱི་བསྟན་པ་ནི། །རྒྱ་མཚོ་མཐའ་ཡས་གཏིང་དཔག་དཀའ། །དབང་པོ་རབ་འབྲིང་ཐ་མ་རྣམས། །འགའ་ཞིག་བསྒྲོད་ནས་མངོན་སངས་རྒྱས། །ཅིག་ཆར་བ་ཡི་གང་ཟག་རྣམས། །རྟོགས་ཐོབ་དུས་མཚུངས་ཀུན་ཏུ་བཟང་། །ས་ལམ་བསྒྲོད་དང་མི་བསྒྲོད་པའི། །འཁོར་འདས་ཀུན་ལ་ཁྱབ་པར་ཡང་། །ས་ལམ་རིམ་པ་ཉི་ཤུ་གཅིག །ཡང་དག་དོན་གྱི་འོག་མིན་དུ། །ཐམས་ཅད་རྫོགས་པ་སྤྱི་གཅིག་པ། །གནས་ལུགས་ཀུན་བཟང་ཆོས་ཀྱི་དབྱིངས། །རྫོགས་ཆེན་ཨ་ཏི་ཡོ་ག་ནི། །ཐེག་པ་ཀུན་ལས་འདས་པ་སྟེ། །ས་ལམ་རིམ་པ་བཅུ་དྲུག་ཀྱང་། །ཡང་དག་དོན་གྱི་འོག་མིན་དུ། །གདོད་ནས་ཐམས་ཅད་རང་བཞིན་རྫོགས། །འབྲས་བུ་ལམ་རྟགས་བྱེ་བྲག་རྣམས། །རྩོལ་མེད་ལྷུན་གྱིས་གྲུབ་པ་ཡི། །རང་རིག་འོག་མིན་གནས་སུ་རྫོགས། །ཞེས་གསུངས་སོ། །མཁའ་འགྲོ་སྙིང་


CMR054_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཏིག་ལས་ཀྱང་། ཐོབ་པ་གསུམ་གྱི་གཟེར་ཐེབ་པ་ནི། ཆོས་སྐུ་སྐྱེ་བ་མེད་པ་ཐོབ་པས། རང་སེམས་ཆོས་སྐུ་ལ་རང་དབང་ཐོབ། ལོངས་སྐུ་འགགས་པ་མེད་པ་ཐོབ་པས། རང་སེམས་ལོངས་སྤྱོད་རྫོགས་པའི་སྐུ་ལ་རང་དབང་ཐོབ། སྤྲུལ་སྐུ་གཉིས་སུ་མེད་པ་ཐོབ་པས། རང་སེམས་སྤྲུལ་པའི་སྐུ་ལ་རང་དབང་ཐོབ། ཚད་ནི་གདེང་བཞིའི་རྣལ་འབྱོར་ཉིད་ཅེས་པས། ཡར་སངས་རྒྱས་ལ་རེ་བ་མེད་པའི་གདེང་ཐོབ། རང་སེམས་རིག་པ་མ་གཏོགས་པ། སངས་རྒྱས་ལོགས་ན་མེད་པར་ཐག་ཆོད། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་དང་། མཛད་པའི་ཕྲིན་ལས་དང་། བརྩེ་བའི་ཐུགས་རྗེ་ཐམས་ཅད་ཀྱང་། རང་སེམས་རིག་པའི་རང་རྩལ་དུ། ཐག་ཆོད་ནས་གདེང་ཐོབ་པའོ། །མར་ངན་སོང་གསུམ་དུ་དམྱལ་བའི་སྡུག་བསྔལ་ཐམས་ཅད་ཀྱང་། རང་སེམས་འཁྲུལ་པ་མ་གཏོགས་ལོགས་ན་མེད་པ་ཐག་ཆོད། ངན་སོང་གསུམ་དང་དམྱལ་བ་ཚ་གྲང་དང་སྡུག་བསྔལ་ཚེ་ཚད་རྣམས་ཀྱང་། མ་རིག་འཁྲུལ་པའི་རྩལ་དུ་ཐག་ཆོད་པས། ཕྱིར་འཁོར་བ་ལས་མི་ལྡོག་པའི་གདེང་གཉིས་དང་བཞིའོ། །རེ་དོགས་མེད་པའི་འབྲས་བུ་མངོན་དུ་


CMR054_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ནས། སྐུ་ལྔ་དང་། ཡེ་ཤེས་ལྔ་དང་། ཕྲིན་ལས་བཞི་ཡི་བདག་ཉིད་དུ་སངས་རྒྱས་ནས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ། །སེམས་ཅན་ཐམས་ཅད་ཀྱི་དོན་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ། རྒྱུན་མི་ཆད་པར་ལྷུན་གྱིས་གྲུབ་པའོ། །ཞེས་དང་། ཁྲིད་ཆེན་ལས། སྒོམ་མེད་མཐོར་ཕྱིན་པ་རྫོགས་པའི་སངས་རྒྱས་ཐོབ་པ་ཡིན་ལ། དེ་ལའང་དབྱིངས་དང་ཡེ་ཤེས་རོ་མཉམ་པ་བཞིའི་དོན་ལ་ཞི་ལྷག་ཟུང་དུ་འཇུག་པ་མཆོག་བསྒྲུབས་པས་འབྲས་བུ་ཆོས་ཀྱི་སྐུ་དང་། གཟུགས་ཀྱི་སྐུ་གཉིས་མངོན་དུ་བྱེད་དེ། ཆོས་སྐུ་ནི་ལྷག་མཐོང་གི་ངོ་བོ་རྟོགས་པའམ། །རྣམ་པར་མི་རྟོག་པའི་རང་བཞིན་མཐར་སོན་པའི་འབྲས་བུ་དང་། གཟུགས་སྐུ་ནི་སྒྱུ་མ་ལྟ་བུའི་ཏིང་འཛིན་ལ་སོགས་པ་མངོན་དུ་བྱས་པ་ལས། ཇི་སྙེད་མཁྱེན་པའི་ཤེས་རབ་ཀྱི་ཆ་ལས་འབྱུང་བ་ཡིན་ལ་དེའང་སྤྲོས་པ་ཐམས་ཅད་དང་བྲལ་བ་ནི། ཆོས་སྐུ་དག་མ་དག་གང་འདུལ་གྱི་ཚུལ་གྱིས་སེམས་ཅན་གྱི་དོན་མཛད་པར་གཟུགས་སྐུ་སྟེ། འདི་ལ་སྐུ་གསུམ་དང་བཞི་ལ་སོགས་པ་དབྱེ་རུང་བའོ། །དེས་ན་རང་དོན་ཆོས་སྐུ་ལས་མ་གཡོས་བཞིན་གཞན་དོན་


CMR054_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སྐུ་གཉིས་ཀྱིས་སེམས་ཅན་གྱི་དོན་མཛད་ཅིང་། དེའང་ཕྲིན་ལས་རྣམ་པ་བཞིའི་སྒོ་ནས་འགྲོ་དོན་རྒྱ་ཆེན་པོ་ཀུན་ཁྱབ་ཐ་གྲུར་རྒྱས་པར་འབྱུང་ངོ་། །དེར་མ་ཟད་བྱེད་པ་པོ་ལ་ཡོད་པའི་ཕྲིན་ལས་ཀྱིས་རང་དོན་མཐར་ཐུག་རྫོགས་སོ། །བྱ་བ་ཡུལ་ལ་ཡོད་པའི་ཕྲིན་ལས་ཀྱིས་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་རྒྱུན་ཆད་མེད་པར་མཛད་ནས་གང་ཟག་གི་དབང་པོའི་རིམ་པ་དང་བསྟུན་ནས་རིམ་གྱིས་ལམ་ལ་ཁྲིད་དེ། གནས་ལུགས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཅན་འདི་ཉིད། ཚེ་གཅིག་ལུས་གཅིག་ལ་སྟན་ཐོག་གཅིག་ཏུ་མངོན་དུ་གྱུར་པའི་ཐབས་མཆོག་ཏུ་གྱུར་པ་འདི་ཉིད་བསྟན་པས་གདུལ་བྱ་རྣམས་ཀྱི་རྒྱུད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབད་མེད་དུ་བསྐྲུན་ཏེ། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེས། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱས་ཏེ། ཕྲིན་ལས་ཕྱག་རྒྱ་ཆེན་པོའི་སྒོ་ནས་འགྲོ་བ་སེམས་ཅད་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་འགོད་པའི་མཐུ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །ཞེས་དང་། ཟབ་མོ་ནང་དོན་ལས། རྒྱལ་བ་


CMR054_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་སྐུ་ཅན་ཡེ་ཤེས་ཉི་མའི་དཀྱིལ་འཁོར་ལས། །ཕྱོགས་བཅུའི་འཇིག་རྟེན་ཀུན་ཏུ་གཟུགས་སྐུ་འཁོར་བ་ཇི་སྲིད་སྟོན། །ལྷ་ཡི་རྔ་སྒྲ་ལྟ་བུའི་གསུང་ནི་འདུ་མི་མཛད་པར་ཡང་། །ནམ་མཁའི་མཐའ་མཉམ་འབད་མེད་འགྲོ་བ་ཀུན་གྱིས་ཐོས་པར་མཛད། །ཐུགས་ནི་ཡིད་བཞིན་ནོར་ལྟར་འབད་མེད་ཡེ་ཤེས་ལྷན་ཅིག་ཏུ། །སྤྲོས་པ་མི་མངའ་སྤྲོས་ལྡན་རྣམས་ལ་ཡིད་བཞིན་རེ་བ་སྐོང་། །སེམས་ཅན་ཉོན་མོངས་ལྷན་ཅིག་འཇུག་ཀྱང་ཁྱོད་ལ་གོས་པ་མེད། །དེ་ཕྱིར་རང་བྱུང་རྒྱལ་བ་ཁྱོད་ལ་བདག་ནི་གུས་པས་ཕྱག་འཚལ་ལོ། ། ཞེས་གསུངས་སོ། །ཚར་རོ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


CMR054_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

༼ས༽ །ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་རྒྱབ་ཆོས་ལས་རྣལ་འབྱོར་བཞི་རིམ་བཞུགས་སོ། །


CMR054_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། འདི་ཉིད་བསྒོམས་པས་ས་ལམ་ཇི་ལྟར་བསྒོད་པའི་ཚུལ། མདོ་རྒྱུད་དང་གྲུབ་ཐོབ་རྣམས་ཀྱི་ཇི་ལྟར་གསུངས་བཞིན་བཤད་ན། མདོ་ལུགས་ཀྱི་ས་བཅུ་ལམ་ལྔ་དང་། སྔགས་ལུགས་ཀྱི་རྣལ་འབྱོར་བཞི་རིམ་གཉིས། མདོ་སྔགས་ལམ་སོ་སོ་ཡིན་པས། །ཁྲིག་ཁྲིག་འགྲིག་པར་ཡང་དཀའ། དེ་བཞིན་དུ་རྫོགས་ཆེན་གྱི་སྣང་བཞི་དང་ཡང་འགྲིག་དཀའ་སྟེ་ལམ་སོ་སོ་ཡིན་པའི་ཕྱིར། ཞང་རིན་པོ་ཆེའི་ཞལ་ནས། ཕྱག་རྒྱ་ཆེན་པོ་གཅིག་ཆོད་ལ། །རྨོངས་པས་ས་ལམ་རྩི་བ་


CMR054_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ། །ཞེས་གསུངས། དེ་ནི་གཅིག་ཆར་བ་དང་། ཐོད་རྒལ་བ་ལ་དགོངས། རིམ་སྐྱེས་པ་ལ་ས་བཅུ་ལམ་ལྔ་དང་ཡང་བསྟུན་པར་མཛད་པས། ནཱ་རོ་པའི་ཞལ་ནས། དང་པོ་རྩེ་གཅིག་ཉམས་སུ་མྱོང་། །ཞེས་དང་། ཁྲིད་ཆེན་རྩ་ཚིག་ལས། རྩེ་གཅིག་ཞི་ལྷག་དབྱེར་མེད་དོན་ལ་གནས། །ཞེས་གསུངས་པའི་དོན། སྟོང་གསལ་ནམ་མཁའ་ལྟ་བུའི་དོན་ལ་གནས་པ་ནི་རྩེ་གཅིག །དེའི་དུས་སུ་སྒོམ་གྱི་ངོ་བོ་སྟོང་གསལ་ནམ་མཁའ་ལྟ་བུ་རྟོགས་ཀྱང་། གསལ་སྟོང་ནམ་མཁའ་ལྟ་བུ་ལ་ངེས་ཤེས་ཀྱི་ལྷག་མཐོང་མ་ཤར་བས། རྩེ་གཅིག་མུན་ལ་


CMR054_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱི་སྣེར་འཁྱམས། དེ་དུས་རྗེས་ཤེས་ཐ་མལ་ངོས་འཛིན་དུ་ཨ་འཐས་པས། མཉམ་བཞག་གི་དུས་གསལ་སྟོང་དུ་རིག་ཀྱང་། རྗེས་ཤེས་ཐ་མལ་དུ་འཁྲུལ་པས་དངོས་འཛིན་གྱི་དྲི་མ་ཡོད། ལས་ཀྱི་དྲི་མ་དག །མ་དྲན་ན་སྒོམ་དང་བྲལ་བས་བྲལ་བ་ཡོད། དྲན་ཡང་ངོ་བོ་མ་མཐོང་བས་ཐོབ་པ་མེད། ཉམས་ལ་སྒྲོ་འདོགས་མ་ཆོད། བསྒོམ་བྱ་སྒོམ་བྱེད་དང་བཅས་པས། སེམས་ཉིད་ཨ་འཐས་སུ་སྒོམ་པའི་དུས་ཡིན། གཟུགས་ཀྱི་ཕུང་པོ་སྒོ་ལྔའི་རྣམ་པར་ཤེས་པ་དག་སྟེ། ངོ་བོ་མ་གྲུབ་པའི་རང་སྟོང་དུ་རིག །འཛིན་པ་དང་བཅས་པ་འབའ་ཞིག་ཡིན་པས། ཉམས་རྟོགས་དྲི་མ་ཅན། རིག་པ་དྭངས་བའི་འཆར་སྒོ་ལ། རྒྱུ་འབྲས་ཕྲ་རགས་ལ་འཕྲིག་ཚུད་ཀྱང་། དངོས་འཛིན་དུ་ཡོད་པས། རྒྱུ་འབྲས་ལ་ཨ་འཐས། མ་ཡེངས་ན་མཉམ་བཞག་ཡེངས་ན་རྗེས་ཐོབ་ཡིན། འདིའི་དུས་སུ་མཚན་འཛིན་སྤངས་ཏེ་བློ་བྲལ་གྱི་ངང་ནས་ཞི་གནས་གཙོ་བོར་བསྒོམ། གསལ་སྟོང་གི་རང་ངོ་ཤེས་པའོ། །དྭགས་པོ་རིན་པོ་ཆེས། རྩེ་གཅིག་གི་རྣལ་འབྱོར་ནི། གསལ་ལ་མ་འགག་པ་སྐད་ཅིག་མའི་ཤེས་པ་དེ་ཡིན་གསུངས། ས་ར་ཧས། དྲན་པ་མེད་པར་


CMR054_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

འཇུས་པས་སྟོང་པ་མི་འགོག་པར། ཤེས་པ་རང་ལུགས་སུ་བཞག་ན་གནས་པར་འགྱུར་ཞེས་དང་། །འདི་ལ་གནས་ན་བདེ་ཉམས་འབྱུང་སྟེ། དང་པོ་སྣང་བ་སྟོང་པར་མྱོང་བའི་སེམས། །ཆབ་བྲོམ་སྣང་ཡང་ཆུ་རུ་ངོ་ཤེས་བཞིན། །ཅེས་གསུངས། ཀླུ་སྒྲུབ་ཀྱིས་རིམ་ལྔ་ནས་གསུངས་པའི་སེམས་དབེན་དང་། ལ་བ་པས་གསུངས་པའི་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་དང་། ཤ་ཝ་རི་པས་གསུངས་པའི་ཏིང་ངེ་འཛིན་ཉམས་སུ་མྱོང་བའི་རྣལ་འབྱོར་དང་། མེ་ཏྲི་པས་སྒྲོ་འདོགས་ཆོད་པའི་དུས་དང་། ལང་ཀར་གཤེགས་པའི་མདོ་ལས། བདག་མེད་ཀྱི་རྣལ་འབྱོར་དང་། བྱིས་པ་ཉེར་སྤྱོད་བསམ་གཏན་དང་། ཆོས་དྲུག་གི་ཟིལ་པ་དང་། བུམ་དབང་གི་དོན། དེ་རྣམས་དོན་གཅིག་པར་བཞེད། ཁྲིད་ཆེན་ལས། རྩེ་གཅིག་འབྲིང་པོ་ནི་རེས་མ་བསྒོམས་ཀྱང་ཏིང་ངེ་འཛིན་དེར་འགྲོ་ཞིང་། སྒོམ་པའི་ཚེ་ཡང་བརྟན་པར་འོང་བ་དེ། བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་དེ་སྦྱོང་བའི་དྭངས་ཆ་ལ། ཟག་བཅས་ཀྱི་མངོན་ཤེས་རྫུ་འཕྲུལ་དུ་མ་སྟོན་ནུས་ཏེ། ཉམས་དེའི་ངང་ནས་རྣམ་རྟོག་སྔར་བས་འཆར་བ་ཉུང་ཞིང་གང་ཤར་རང་དྭངས་སུ་


CMR054_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་རྗེས་སུ་གསལ་སྟོང་གི་ཉམས་དང་བཅས་པས་སྣང་བ་གུ་ཡངས་པ་ནི་ནམ་དྲན་སྒོམ་དུ་འཆར། རེས་ཨ་འཐས་སུ་འཆར། རྨི་ལམ་དུ་སྔར་བས་གྲངས་ཉུང་ངུ་འགྲོ། །ཉམས་དེས་རེས་སླེབ། རེས་མི་སླེབ། སྒོམ་ལ་བྲོད་པ་ཆེན་པོ་ཡོང་ངོ་། །རྒྱལ་བ་ཡང་དགོན་པས། དེ་ལ་བརྟན་པས་རྟོག་མེད་ཀྱི་ཤེས་པ་ངོས་བཟུང་མེད་པའི་ས་ལེ་སེང་ངེ་བ་དེ་ལ། ནམོ་བཞག་གིས་གནས་པ་དེ་ལ། རྩེ་གཅིག་འབྲིང་པོའི་ཏིང་ངེ་འཛིན་ལ་རང་དབང་ཐོབ་པར་བྱ་བ་ཡིན། ཕག་མོ་གྲུ་པས། རྩེ་གཅིག་འབྲིང་པོའི་ཏིང་ངེ་འཛིན་ལ་དབང་ཐོབ་གསུངས། གྲུབ་ཐོབ་རྒྱུད་པའི་ཞལ་ལུང་ལས། དེ་ལྟར་བསམ་གཏན་གྱི་བདེ་གསལ་མི་རྟོག་པ་འདྲེས་ཤིང་ཇི་ཙམ་འཇོག་ལ་དབང་ཐོབ་པ་རྣམས་ཀྱི་ཉམས་ཀྱི་རྩེ་གཅིག་གསུངས་པ་དོན་མཐུན། རྩེ་གཅིག་འབྲིང་གསལ་སྟོང་འདྲ་བ་དེ་དྲན་པོས་ཟིན་ན། །རྒྱུན་དུ་མ་ཟིན་ནའང་རེས་ཡོང་བ་དེ་སྦྱོར་ལམ་དྲོད་རྩེ་ཟེར་ཏེ། མྱོང་བ་བརྟན་དུ་སོང་ནས་གསལ་སྟོང་དེ་དྲན་པས་ཟིན་ན་རྒྱུན་དུ་ཡང་ཡོང་ངོ་། །འདི་རེས་མ་ཟིན་ཀྱང་ཡོང་། ། འདི་ཀ་ལ་དྲོད་རྩེ་མོ་ཡང་ཟེར་ཏེ། དེ་ནི་རྒོད་ཚང་པའི་གསུང་ཡིན། ཕག་གྲུའི་ཞལ་


CMR054_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

ནས། རྩེ་གཅིག་ཆེན་པོ་ཉམས་ཀྱི་འཁོར་ཡུག་ཏུ་སོང་བའོ། །ཞེས་དང་། ཡང་དགོན་པའི་ཞལ་ནས། དེ་རྒྱུན་ཆད་མེད་པར་ཤར་ནས། རྣམ་རྟོག་ཐམས་ཅད་དེའི་ངང་དུ་ཞི། གཉིད་ཀྱང་དེའི་ངང་དུ་ཚུད་ནས། སྤྱོད་ལམ་རྣམ་པ་བཞི་དང་འབྲལ་བ་མེད་པ་ནི། རྩེ་གཅིག་ཆེན་པོ་ཉམས་ཀྱི་འཁོར་ཡུག་བྱ་བ་ཡིན། དེའི་དུས་སུ་སྒོམ་མེད་ཡིན་སྙམ་པའི་ངེས་ཤེས་ཆེན་པོ་སྐྱེས་ཏེ་ཉམས་རྟོགས་པ་ལ་ཤར་རོ་བྱ་བ་ཡིན། ཕྱོགས་རེའི་རྟོགས་པ་དང་སྦྱར་ན། ཞང་རིན་པོ་ཆེའི་ཞལ་ནས། རྩེ་གཅིག་དུས་སུ་ངོ་བོ་རྟོགས་གསུངས་པས། ངོ་བོ་གསལ་ལ་མ་འགགས་པ་ཞེས་པས། གསལ་ལ་མ་འགགས་པའི་ཤེས་པ་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུ་དེ་ལ། ཡིད་ཆེས་ཤིང་རྟོག་མེད་ཀྱི་ངེས་ཤེས་སྐྱེས་པ་ནི། རྩེ་གཅིག་གི་ངོ་བོ་མཐོང་བ་ཡིན། སེམས་བདེ་གསལ་མི་རྟོག་པའི་ངང་ལ། གསལ་སིང་ངེ་གནས་ཙམ་དུ་འདུག་ཀྱང་། ཡིད་ཆེས་ཀྱི་ངེས་ཤེས་མ་སྐྱེས་སྒོ་ན། ལྷག་མཐོང་གི་ཉམས་དང་མ་འབྲེལ། གནས་ལུགས་ཞལ་མ་མཇལ་བས། རྩེ་གཅིག་མུན་པའི་དཀྱིལ་ན་འཁྱམས་ཞེས་བྱ་སྟེ། ངོ་བོ་མ་མཐོང་བ་ཡིན་ནོ། །སེམས་


CMR054_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

རང་ངོ་མ་ཤེས་པས་ཉམས་རྟོགས་ཀྱི་མཚམས་མི་ཕྱེད་དེ། སྣང་ལ་མ་ངེས་པའི་བསམ་གཏན་བུ་ཆུང་གིས་ཟླ་བ་མཐོང་བའམ། བླུན་པོས་ལྷ་ཁང་བལྟས་པ་ལྟ་བུའོ། །ངེས་ཤེས་ཡུལ་འཛིན་དང་བཅས་པས་ཉམས་རྟོགས་དྲི་མ་ཅན་ཡིན། རྩེ་གཅིག་མན་ཆད་ལ་མི་རྟོག་པའི་ཡེ་ཤེས་མ་སྐྱེས་པའི་མཉམ་བཞག་མཚན་ཉིད་པ་མེད་པས། རྗེས་སྣང་སྒྱུ་མར་མི་འཆར་བར་རྗེས་ཐོབ་མཚན་ཉིད་པ་མེད། རང་སའི་མཉམ་རྗེས་ཡོད། སེམས་གསལ་སྟོང་རྟོག་མེད་དུ་གནས་ཀྱང་། ཡུལ་འཛིན་གྱི་ཡིད་བྱེད་མ་དག་པས། མཉམ་བཞག་བཏགས་པ་བ་ཡིན། རྗེས་ལ་དངོས་འཛིན་ཨ་འཐས་སུ་སྐྱེས་པས་མི་ལ་ཁྱི་རྗེས་བྱུང་བ་དང་འདྲ་སྟེ་རྗེས་ཐོབ་བཏགས་པ་བ་ཡིན། དེ་ལ་མཉམ་བཞག་བདེ་གསལ་རྟོག་མེད་ཀྱི་སྒོམ་དེ་ལ་ནམ་བཞག་བཞག་གིས་གནས་པ་དེ་ལ་རྩེ་གཅིག་གི་རྩལ་རྫོགས་པ་ཡིན། རེས་བསྒོམས་ཀྱང་མི་འོང་། རེས་མ་བསྒོམས་ཀྱང་འོང་ན། ད་རུང་རྩལ་མ་རྫོགས། རྣམ་རྟོག་སྐྱེས་ཚད་དྲན་པ་ཙམ་གྱིས་སྒོམ་དེའི་ངང་དུ་ཞི་ཞིང་། གཉིད་ཀྱང་ཉམས་ཀྱི་འོད་གསལ་དུ་ཚུད་ནས་རྣམ་རྟོག་སྒོམ་དུ་ཤར། དྲན་པས་རྣམ་རྟོག་ཞི་མི་ནུས་པར། བསྒོམ་


CMR054_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱུ་མ་འགྱུས་པས་བསྒོམ་ལ་བཀུག་ཅིང་བཞག་དགོས་ན། རྣམ་རྟོག་བསྒོམ་དུ་མ་ཤར། དྲན་པས་མ་ཟིན་ན་སྒོམ་ཤོར་བས་བྲལ་བ་ཡོད། ཟིན་ཀྱང་སྔར་གྱི་རྒྱུན་དེ་ལ་བཞག་པ་ལས། རྣམ་རྟོག་གི་ངོ་བོ་མ་མཐོང་བས་ཐོབ་པ་མེད། སྒོམ་དེ་ལ་སྐྱོང་ཡུན་རིང་བས་འཇིག་རྟེན་གྱི་ཆོས་བརྒྱད་ལ་བློ་ལྡོག །ཕྱི་ནང་གི་སྲིན་བུ་སྤངས། མངོན་ཤེས་དང་། ཟད་པར་དང་། ཟིལ་གནོན་ལ་སོགས་པའི་རྫུ་འཕྲུལ་ལ་སོགས་སྟོན་ནུས་ན། །རྩེ་གཅིག་གི་ཡོན་ཏན་སྐྱེས་པ་ཡིན། སེམས་ལས་སུ་མ་རུང་ཞིང་། ཡིད་ཞི་བ་མ་ཐོབ་པས། སྒོམ་དྭངས་སྙིགས་མ་ཕྱེད་པར། ཐུན་མོང་གི་དྲོད་རྟགས་འབྱིན་པར་མ་ནུས་ན་ཡོན་ཏན་མ་སྐྱེས། ཏིང་ངེ་འཛིན་དྭངས་བའི་འཆར་སྒོ་ལ་ཕྱི་ནང་གི་རྒྱུ་འབྲས་དག་པ་ལ་འཕྲིག་ཚུད་ནས། སྐྱེ་བྱ་དང་སྐྱེ་བྱེད་ཨ་འཐས། རྒྱུ་འབྲས་གོ་ན་ཀུན་རྫོབ་ལ་བྱན་ཚུད་པ་ཡིན། ཟག་བཅས་འཇིག་རྟེན་པའི་ལམ་དེ་ལས་རང་རྒྱུད་ལ་སོགས། བག་ཆགས་ཀྱི་འབྲལ་མི་ཕོད་སྟོང་ཆའི་རྟོགས་པའི་ཏིང་ངེ་འཛིན་ཡོད་ཀྱང་། སྣང་ཆ་རྟེན་འབྲེལ་ལ་གོ་བ་མ་སྐྱེས་ན། ཀུན་རྫོབ་ལ་བྱན་མ་ཚུད། སྒོམ་དེ་ཡི་གདངས་


CMR054_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྣམ་རྟོག་སྣ་ཚོགས་ཀྱིས་དུབ་པའི་སེམས་ཅན་ལ་དམིགས་བཅས་ཀྱི་གདུང་ཤུགས་སྐྱེས་ན། གཟུགས་སྐུའི་ས་བོན་ཐེབས་པ་ཡིན། རང་སའི་འགྲོ་ཕན་འབྱུང་། ཉམས་ཀྱི་ཚན་ཁའི་སྙིང་རྗེའི་སྐྱེ་སྒོ་འགགས་ན། གཞན་དོན་གྱི་ས་བོན་མ་ཐེབས་ཏེ། ཉན་ཐོས་འགོག་པ་དང་འདྲའོ། ཁྲིད་ཆེན་ལས། རྩེ་གཅིག་ཆེན་པོ་ནི་མཉམ་རྗེས་དང་སྤྱོད་ལམ་རྣམ་བཞི་ཉིན་མཚན་འཁོར་ཡུག་ཏུ་རྒྱུན་ཆད་མེད་པར་གསལ་སྟོང་གི་ངང་དུ་ཆམ་གྱིས་འགྲོ། རྣམ་རྟོག་ཐམས་ཅད་རྗེས་སྣང་། རྨི་ལམ་ཐམས་ཅད་ཀྱང་དེའི་ངང་དུ་སོང་། སེམས་ཉིད་བདེ་སྟོང་། རིག་སྟོང་། སྣང་སྟོང་། གསལ་སྟོང་ལ་སོགས་སྟོང་ཉམས་དང་། ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུའི་མྱོང་བ་མང་པོ་གཙོ་བོར་འཆར། ཟས་ཀྱི་ཡོན་ཏན་དུ་མ་དང་། འདི་ལས་བཟང་བའི་སྒོམ་མེད་པས་སྒོམ་མེད་ཆེན་པོ་ཡིན་ནམ་སྙམ་པ་འབྱུང་ཡང་། ཉམས་རྟོགས་དེ་དག་ལ་མ་ཞེན་པར་རྣམ་རྟོག་གསལ་སྟོང་དང་སྣང་སྟོང་དུ་རྟོགས་ཏེ་ཐམས་ཅད་སེམས། སེམས་སྐྱེ་མེད་རང་གྲོལ་དུ་ཡིད་ཆེས་པའི་ངེས་ཤེས་ཀྱི་དྲན་པ་རྙེད་ཅིང་མངོན་རྒྱུའི་རྟོག་པ་འགག་ཅིང་། བླ་མ་ལ་སངས་རྒྱས་ཀྱི་འདུས་ཤེས་སྐྱེ། །གསལ་


CMR054_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དེའི་ངང་ལས། ཉིན་མཚན་འཁོར་ཡུག་ཏུ་འགྲོ་ཞིང་འཁོར་བ་ལ་ཞེན་པ་ལྡོག་གོ །རྟོག་མེད་ལ་ངོ་བོ་མཐོང་ནས་བསྒོམ་དུ་མེད་པར་སོང་ནས་རྩེ་གཅིག་གི་རྩལ་རྫོགས། ཡོན་ཏན་སྐྱེ། ངོ་བོ་མཐོང་བ་ཡིན་པས། དེ་ལྟར་མ་བྱུང་གི་བར་དུ་བརྩོན་པ་བསྐྱེད་ནས་ཉམས་སུ་བླངས། འདིའི་སྤང་བྱ་ནི། འདོད་ཡོན་ལྔ་ཡིན་པས། །ཚེ་འདི་ལ་ཞེན་པ། ལོངས་སྤྱོད་ལ་ཞེན་པ། ཏིང་ངེ་འཛིན་ལ་ཞེན་པ་སོགས་སྤངས་ཏེ། གཙང་སྦྲ་དང་ལྡན་པས།། དབེན་པར་གནས་པར་བྱ་དགོས་ལ། འདིའི་མཉམ་རྗེས་གཉིས་ཀྱི་ཁྱད་པར་ནི། གནས་མི་གནས་ཀྱིས་འབྱེད་དེ། བདེ་གསལ་མི་རྟོག་པར་གནས་པ་དེ་མཉམ་བཞག །དེ་ལ་མི་གནས་ན་རྗེས་ཐོབ་ཡིན་ནོ། །རྩེ་གཅིག་ཆེན་པོའི་ངང་ཉམས་འཁོར་རྟོག་པ་ཐམས་ཅད་དེའི་ངང་དུ་ཐིམ། ཉིན་མཚན་མེད་པར་གསལ་སྟོང་ནམ་མཁའ་ལྟ་བུར་འཆར། སྒོམ་མེད་དུ་སླེབ་སྙམ་པ་སོགས་འབྱུང་བ་དེ་སྦྱོར་ལམ་བཟོད་པ་དང་ཆོས་མཆོག་ཡིན་ནོ། །ཞེས་དང་། གྲུབ་ཐོབ་བརྒྱུད་པའི་ཞལ་ལུང་ལས། །སྐབས་འདིར་ཆོས་རྣམ་པར་འབྱེད་པའི་ཤེས་རབ་ངོ་བོ་ཏིང་ངེ་འཛིན་དང་འདྲེས་པ་ཐོབ་ལ་དྲན་པ་


CMR054_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་པ་སངས་རྒྱས་ཀྱི་བར་དུ་རྒྱུན་མི་ཆད་པར་སྦྱོར་བའི་བརྩོན་འགྲུས་དང་འབྲེལ་པ། ལུས་དང་སེམས་ཤིན་ཏུ་སྦྱངས་བ། རང་གཞན་གྱི་དོན་རྒྱ་ཆེན་པོ་འགྲུབ་པའི་དགའ་བ་ཁྱད་པར་ཅན། ལེ་ལོ་མེད་པའི་བཏང་སྙོམས་ཆེན་པོ་རྣམས་གཅིག་ཏུ་འབྱུང་བ་ཉམས་མྱོང་རྟགས་དང་འབྲེལ་བའོ། །དེ་རྣམས་དང་མ་འབྲེལ་ན་ཉམེས་ཡིན་གྱིས། ཕྱག་རྒྱ་ཆེན་པོའི་རྟོགས་པ་མ་ཡིན་ནོ། །ཞེས་དང་། ཉམས་ཀྱི་སྒོམ་མེད་ཡིན་ཡང་། རྟོགས་པའི་རྣལ་འབྱོར་བཞི་ཡི་རྩེ་གཅིག་གི་རྣལ་འབྱོར་ཡིན། ཞེས་གསུངས་པ་དང་། བདག་གི་སློབ་དཔོན་མཁས་པ་ཆེན་པོ། རྒྱལ་རོང་པའི་ཞལ་ནས། སྦྱོར་ལམ་ཆོས་མཆོག་གི་སྐབས་སུ། སྟོང་ཉིད་མངོན་སུམ་དུ་རྟོགས་སྙམ་པ་འབྱུང་ཡང་། ད་རུང་སྟོང་ཉིད་རྟོགས་པ་ནི་མིན་གསུངས། དེ་རྣམས་དོན་གཅིག་པར་སྣང་། རྩེ་གཅིག་དང་སྤྲོས་བྲལ་གྱི་ཁྱད་པར་ནི། རྣམ་རྟོག་ཆོས་སྐུར་ཤར་མ་ཤར་ཡིན་ནོ། །ཨཱ་ལི་ཀཱ་ལི་ཆུ་ཀླུང་ཆེན་པོའི་རྒྱུད་ལས། གཉིས་པ་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱི། །སྤྲོས་དང་བྲལ་བའི་མཉམ་བཞག་ཆེན་པོ་ལ། །བསམ་གྱིས་མི་ཁྱབ་ཏིང་འཛིན་རྩལ་དུ་ཤར། །དྲོད་ཐོབ་ནས་ནི་སྐྱེ་ལ་རང་


CMR054_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྒྱུར། །གསུངས་སོ། །མཉམ་ཉིད་གྱི་རྟོགས་པ་ལ་སྒྲོ་འདོགས་ཆོད་པ་སྤྲོས་བྲལ་ཡིན་ཏེ། སེམས་ཀྱི་རང་བཞིན་སྤྲོས་པ་དང་བྲལ་བར་རྟོགས། སྟོང་ཉིད་ཡིན་ཅི་ཡང་མེད་སྙམ་ནས་ཀུན་རྫོབ་ཁྱད་དུ་གསོད་པས། སྤྲོས་བྲལ་མེད་པའི་སྟོང་རྫིས་ཁྱེར་ཟེར། ཡུལ་ལམ་ཡུལ་དུ་སྣང་ཡང་། རང་བཞིན་མེད་པའི་རྗེས་ཤེས་སྒྱུ་མ་ལྟ་བུ། དངོས་པོ་བདེན་འཛིན་མེད་ཀྱང་། །སྣང་ལ་མ་ངེས་པ། ངོ་མ་ཤེས་པའི་དྲི་མ། ཉོན་མོངས་པའི་དྲི་མ་དག་ཡེངས་མེད་ཀྱི་དྲན་པས་མ་ཟིན་ན། སྒོམ་པ་དང་བྲལ་ལ། ཟིན་པ་དང་གང་ཤར་གྱི་ངོ་བོ་མཐོང་བས། བྲལ་ཐོབ་གཉིས་ཀ་ཡོད། གནས་ལུགས་ཀྱི་དོན་རྟོགས་པ་ཡུལ་མེད་དུ་ཤར་བ། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། །རྗེས་ཤེས་སྒྱུ་མ་ལྟ་བུར་མཉམ་རྗེས་གཉིས་ཤགས་ཀྱིས་བྱེ། མཉམ་བཞག་ཏུ་ངོ་བོ་ཡུལ་མེད་དུ་རྟོགས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམས་པ་ལ། རྗེས་ཤེས་སུ་བདེན་མེད་སྒྱུ་མ་ལྟ་བུ་བསྒོམས་པས། སེམས་ཉིད་མཉམ་རྗེས་སུ་སྒོམ་པའི་དུས་ཡིན། མྱོང་རིག་གི་འཛིན་པ་དག་པས། ཚོར་བའི་ཕུང་པོ་དག །ཐ་སྙད་ཀྱི་གདག་པ་མེད་པས། འདུ་


CMR054_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་ཕུང་པོ་དག །ཡིད་དང་ཆོས་སྤྲོས་བྲལ་དུ་རྟོགས་པས། ཡིད་ཀྱི་རྣམ་པར་ཤེས་པ་དག །ཉམས་མྱོང་དག་ནས་རྟོག་པ་ཡུལ་མེད་དུ་ཤར། ཉམས་རྟོགས་མ་འདྲེས་པར་རིག་པས། ཉམས་རྟོགས་ཤན་ཕྱེད། སྟོང་པ་ཉིད་ཀྱི་རྩལ་རྟེན་ཅིང་འབྲེལ་བར་འབྱུང་བ། སྒྱུ་མ་ལྟ་བུའི་སྒྱུ་འབྲས་གོ་བས། རྒྱུ་འབྲས་སྒྱུ་མ་ལྟ་བུ། འདི་སྐབས་ཚེ་འདི་བློས་བཏང་ཞིང་། མཚན་མའི་རྟོག་པ་རང་གྲོལ་གྱི་ངང་ནས། སྟོང་ཉིད་གཙོ་བོར་བསྒོམ། རྣམ་རྟོག་གི་རང་ངོ་ཤེས་པ་སྟེ། བཏང་སྙོམས་སུ་མ་ལུས་པར་ཤེས་པ་ངར་དང་བཅས་པ་གལ་ཆེ། རྗེ་དྭགས་པོ་རིན་པོ་ཆེས། སྤྲོས་བྲལ་གྱི་རྣལ་འབྱོར་ནི། རིག་པའི་ངོ་བོ་སྐྱེ་མེད་དུ་མཐོང་བས། ཡར་སངས་རྒྱས་ལ་མི་རེ། མར་འཁོར་བ་ལ་མི་དོགས། བར་དུ་སྣང་བ་ལ་མི་འཛིན། གཞན་གྱིས་བསྒྱུར་དུ་མི་བཏུབ་པའོ། །ཞེས་དང་། བྲམ་ཟེ་ཆེན་པོས། ཆབ་བྲོམ་སྣང་ཡང་ཆུ་རུ་ངོ་ཤེས་བཞིན། །གཉིས་པ་དྲན་པའི་སྣང་བ་མ་འགགས་པར། །སྟོང་པ་བདེ་དང་ཐ་མི་དད་པ་འབྱུང་། །ཆབ་བྲོམ་ཆུ་རུ་ཞུ་བའི་གནས་སྐབས་བཞིན། །ཅེས་དང་། རིམ་ལྔ་ལས། འོད་གསལ་དང་། ལ་བ་པས།


CMR054_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གྱིས་མི་ཁྱབ་པ་དང་། ཤ་བ་རི་པས། རྣལ་འབྱོར་དང་། མེ་ཏྲི་པས་དབང་ཐོབ་པའི་དུས་དང་། ལང་དཀར་གཤེགས་པའི་མདོ་ལས། གཟུགས་མེད་ཀྱི་རྣལ་འབྱོར་དང་། དོན་རབ་འབྱེད་པའི་བསམ་གཏན་དང་། གསང་དབང་གི་དོན་རྣམས་གཅིག་པར་བཞེད། རྒྱལ་བ་ཡང་དགོན་པས། དེ་ལྟར་རྩེ་གཅིག་གི་སྒོམ་འདི་ཞེན་པ་མེད་པར་བསྐྱངས་པས། ཉམས་མྱོང་དེ་རྣམ་པར་དག་པའི་ངང་དུ། ཅི་ཞིག་ལྟར་ན་སྤྲོས་བྲལ་ཆོས་ཉིད་ཀྱི་བདེན་པ་མཐོང་སྟེ། གང་མཐོང་ན་རང་མཐོང་། གང་གིས་མཐོང་ན་རང་གིས་མཐོང་། ཡུལ་དང་ཡུལ་ཅན་མེད་པར་མཐོང་སྟེ། འདས་པའི་ཤེས་པ་རྒྱུན་ཆད། མ་འོངས་པའི་ཤེས་པ་མ་སྐྱེས་པའི་བར་ན། ད་ལྟར་གྱི་ཤེས་པ་རྣམ་རྟོག་སྐད་ཅིག་མའམ། རྣམ་པར་མི་རྟོག་པའི་ངོ་བོ། ཁོ་རང་གིས་ཁོ་རང་ཡུལ་མེད་དུ་རང་ངོ་ཤེས་པའོ། །འདིའི་དུས་སུ་འཁོར་འདས་ཀྱི་ས་མཚམས་ཕྱེད། སྔར་གྱི་གོ་བ་དང་། ཆོས་སྐད་ཉམས་མྱོང་གི་བཟང་འཛིན་ཐམས་ཅད་ཕྱི་ཤུན་དུ་འགྲོ། སེམས་ཁོ་རང་ཕྱི་རུ་བལྟས་པས་སྤྲོས་པ་དང་བྲལ། ནང་དུ་བལྟས་པས་སྤྲོས་པ་དང་བྲལ། སྤྲོས་བྲལ་གྱི་ངོ་


CMR054_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ལ་མཐོང་བས་ངོས་བཟུང་མ་གྲུབ། ཐ་སྙད་ཀྱི་བཏགས་པ་མ་རྙེད། བློ་ཡུལ་དུ་བྱར་མི་བཏུབ་པའི། ཡུལ་མེད་དུ་རང་ངོ་ཤེས་པ་ལ། རྟོག་མེད་དུ་སྒྲོ་འདོགས་ཆོད་པ་དེ། །སྤྲོས་བྲལ་ངོ་བོ་མཐོང་བ་ཡིན་ཏེ། སྡུད་པ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །འདུ་ཤེས་མཐོང་བ་མེད་ལ་སེམས་པ་ཡང་མི་མཐོང་། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་འདྲེན་པས་རབ་ཏུ་བཤད། །མཐོང་བ་དཔེ་གཞན་གྱིས་ནི་རྙེད་པར་ནུས་མ་ཡིན། །ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་ན། །ནམ་མཁའ་ཇི་ལྟར་མཐོང་བ་དེ་ཡི་དོན་དེ་བསམ་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །ཞེས་པའི་དོན་ནོ། །དེ་ལྟར་སྒོམ་ཉམས་ཀྱི་གོ་ར་ནས་ཐོན་པའི། ཐ་མལ་དུ་ཁྲིགས་སེ་བའི་རྟོགས་པ་དེ། ཕུང་པོ་ལྔ་དང་བྲལ་བ་ཡིན་ཏེ། དངོས་པོའི་ངོ་བོར་མ་གྲུབ་པས། །གཟུགས་ཀྱི་ཕུང་པོ་དང་བྲལ། །མྱོང་རིག་འཛིན་པ་དག་པས། ཚོར་བའི་ཕུང་པོ་དང་བྲལ། ཐ་སྙད་ཀྱི་བཏགས་པ་མེད་པས། འདུ་ཤེས་ཀྱི་ཕུང་པོ་དང་བྲལ། ཀུན་སྦྱོར་གྱི་


CMR054_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་མེད་པས། འདུ་བྱེད་ཀྱི་ཕུང་པོ་དང་བྲལ། ངེས་ཤེས་ཀྱི་ཡུལ་འཛིན་མེད་པས། རྣམ་ཤེས་ཀྱི་ཕུང་པོ་དང་བྲལ་ཏེ། ཕུང་པོ་ལྔ་བྲལ་གྱི་རྟོགས་པ་དེ་ནི། སངས་རྒྱས་ཀྱི་དགོངས་པ། རྣལ་འབྱོར་གྱི་མངོན་སུམ་དུ་གྲུབ་པ་ཡིན་ཏེ། དོན་ཡོད་ཞགས་པའི་མདོ་ལས། ཕུང་པོ་ལྔ་བྲལ་གྱི་སྦྱོར་བ་འདི་ནི། སངས་རྒྱས་རྗེས་སུ་དྲན་པའོ། །ཞེས་པའི་དོན་ནོ། །ཁྲིད་ཆེན་ལས། ཅི་ཞིག་ན་སྒོམ་དྲན་འཛིན་གྱི་རྩོལ་བ་ལ་མ་ལྟོས་པར་གནས་འགྱུ་གཉིས་དང་། སེམས་ཀྱི་ངོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། རྣམ་རྟོག་སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་བའི་རང་བཞིན་དུ་རྟོགས། ཆོས་ཐམས་ཅད་སྤྲོས་དང་བྲལ་བའི་བཅོས་མིན་དུ་གོ །ཉམས་ཐམས་ཅད་ཡུལ་མེད་དུ་སྟོང་པར་གོ །རིག་པའི་ངོ་བོ་དེ་ཤུན་པ་བཤུས་པའམ། གཏེར་རྙེད་པ་ལྟར་སྤྲོས་པ་དང་བྲལ་བར་རྗེན་ལྷང་གིས་རྟོགས་པ་སེམས་ལ་རང་དབང་ཐོབ་པ་སྙམ་བྱེད་ཅིང་འདི་ཁོ་ན་ཡིན་པར་འདུག་པས། དང་པོ་ནས་ངོ་ཤེས་ཐང་སྙམ་པ་དང་། ཉམས་ལ་འཕེལ་འགྲིབ་མི་འབྱུང་། གལ་ཏེ་བྱུང་ཡང་དགའ་སྡུག་མེད། ཕྱིའི་སྣང་བ་ལ་སེམས་བཏང་ན་ཐམས་ཅད་


CMR054_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མ་ལྟ་བུར་འཆར་ཡང་སྟོང་པར་འགྲོ། མ་སོང་ཡང་འགལ་བ་མེད། དེས་ན་སྣང་བ་ངེས་པ་མེད་པ་སྟེ། སྒྲོ་འདོགས་དང་བྲལ་བར་ངེས་ཤེས་སྐྱེས་པ། དེ་ལྟར་ཡིན་པར་འདུག་སྙམ་པའི་རྟོགས་པ་སྐྱེ་ཞིང་། ཞི་ལྷག་ཟུང་དུ་ཆུད་པ་དེ་རྣམ་རྟོག་གི་མཚན་མ་རང་སར་གྲོལ་བས་རྟོགས་པ་ཆོས་སྐུར་འཆར། སྣང་བ་ཡང་རང་གི་སེམས་སུ་རྟོགས། སེམས་ཉིད་ཆོས་སྐུར་ཤེས་པས། ལྟ་བ་སྟོང་ཉིད་ཤས་ཆེ་བས། སྣང་བ་འདི་ཡང་སྟོང་པ་མེད་ཅིང་མ་གྲུབ་པ་གཅིག་ཏུ་གཤིས་བྱེད་ཅིང་། སྟོང་ཐོག་ཏུ་བདེ། རྒྱུ་འབྲས་དང་སྟོང་ཤས་ཆེར་རྟོགས་པ་ནི། སྤྲོས་བྲལ་གྱི་རྣལ་འབྱོར་ཞེས་བྱའོ། །ཞེས་དང་། ཡང་དགོན་པས། དེ་ལྟར་གསལ་སྟོང་གི་ངོ་བོ་མཐོང་ཡང་། སྟོང་འཛིན་ངེས་ཤེས་ཀྱི་འཛིན་པའི་འཁྲིས་ཤིག་མ་བྲལ་བར་འདུག་ན། ཉམས་རྟོགས་ཀྱི་ཤན་མ་ཕྱེད་པས། སྤྲོས་བྲལ་ཆུང་ངུ་ཡིན་ཞེས་དང་། ཁྲིད་ཆེན་ལས། དེ་ལའང་ཆུང་འབྲིང་ཆེན་པོ་གསུམ་ཡོད་པ་ལས། དང་པོ་ནི། སྣང་སེམས་རིག་པའི་ངོ་བོ་སྐྱེ་འགག་དང་བྲལ་བ་ཙམ་དུ་རྟོགས་ཀྱང་སྟོང་ཕྱོགས་ལ་ངེས་ཤེས་ཀྱི་འཛིན་པའི་འཁྲིས་ཤིག་ཞུགས་ཤིང་དེ་དང་མ་བྲལ་བས་ཉམས་


CMR054_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ཀྱི་ཤན་ཆེར་མ་ཕྱེད། རྗེས་ཤེས་སུ་དྲན་པས་མ་ཟིན་པའི་དུས། དགྲ་གཉེན་དུ་འཛིན་པ་མ་འགག་ཅིང་། ཡུལ་ཐོག་ཏུ་འཛིན་པ་མ་ཆོད་པས། །ཚོགས་དྲུག་གི་སྣང་བ་གང་ཤར་ལ་ལེགས་པ་ལ་འཛིན་པ་ཆགས། མི་ལེགས་པ་ལ་འཛིན་པ་སྡང་། རྨོངས་སེ་འདུག་པས་གཏི་མུག་པ་ཡིན་པས། དགེ་མི་དགེ་གང་རུང་གི་འཛིན་པ་འབྱུང་སྟེ། ཕྱག་ཆེན་གྱི་ཉམས་ལེན་དང་བྲལ་ན་མི་དགེ་ལ། མ་བྲལ་ན་དགེ་བ་ཡིན་པའི་ཕྱིར། སྐབས་འདིར་ལུང་ནི་བདེན་པ་མཐོང་བ་ལ་ཆེར་མ་བྱུང་གསུངས། གཉིད་རྨི་ལམ་ཡང་འཁྲུལ་ཤས་ཆེ་ཙམ་ཡང་སྤང་། དགེ་སྦྱོར་ལ་མཐོ་དམན་ཅུང་ཟད་འབྱུང་ངེས། རྗེ་ཕག་མོ་གྲུ་པས། འབྲིང་པོ་རྩ་བྲལ་རྟོགས། ཞེས་དང་། རྒྱལ་བ་ཡང་དགོན་པས། དེའི་དུས་སུ་སེམས་སྐྱེ་འགག་དང་བྲལ་ན་རྟོགས་པ་སྟེ། ཐ་མལ་གྱི་ཤེས་པ་རྗེན་པ། རྣམ་རྟོག་བག་ཆགས་ཀྱི་འཆར་སྒོ་བཀྲ་ཧྲིག་གེ་བའི། རིག་སྟོང་། འགྱུ་སྟོང་། དངོས་པོའི་ཆོས་སུ་མ་སྐྱེས། དངོས་མེད་ཀྱི་ཆོས་སུ་མི་འགགས། ཐ་དད་ཀྱི་ཆོས་ལ་མི་གནས་པས། སྐྱེ་འགག་གནས་གསུམ་དང་བྲལ་བ། རྣམ་ཐར་སྒོ་གསུམ་


CMR054_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དོན་མཐོང་ཡིད་བྱེད་ཀྱི་མི་དགེ་བ་མེད་པས། དགེ་སྦྱོར་སྐྱེས་པ་ཟེར། ཟག་མེད་ཀྱི་ལམ་དུ་ཚུད་པས་ཐར་ལམ་དངོས་ཡིན། རྟོགས་པ་དེ་བརྟན་པོར་སོང་བ་དང་། སྟོང་འཛིན་ངེས་ཤེས་ཀྱི་ཆ། ཉམས་ཀྱི་དྲི་མ་དེ་རྩ་བ་ནས་དག་ནས། ཐ་མལ་གྱི་ཤེས་པ་ཡུལ་མེད་དུ་ལྷན་ནེར་སོང་བ་དང་། སྣང་འཛིན་སྟོང་འཛིན་གྱི་གཞི་རྩ་བྲལ་བས། སྤྲོས་བྲལ་འབྲིང་པོ་རྩ་བ་བྲལ་བར་རྟོགས་པ་བྱ་བ་ཡིན། ཅེས་དང་། དོ་ཧ་ལས། རྩ་བ་བྲལ་བ་དེ་ཉིད་སུས་ཤེས་པ། །བླ་མའི་བཀའ་དྲིན་ཐོབ་པ་དེ་ཡི་མཆོག །ཅེས་གསུངས། །ཁྲིད་ཆེན་ལས། སྤྲོས་བྲལ་འབྲིང་ནི། སྔར་སེམས་སྐྱེ་འགག་གནས་གསུམ་དང་བྲལ་བའི་མྱོང་ཚོར་རགས་པ་དང་། སྟོང་འཛིན་གྱི་དྲི་མ་རགས་པ་དེ་དག་ནས། དག་ཚོར་རམ། ཞེན་པ་དང་བྲལ་ཞིང་ཐ་མལ་གྱི་ཤེས་པ་ཡུལ་མེད་དུ་ལྷང་ངེར་སོང་། སྣང་སྟོང་གི་འཛིན་པ་ཉོན་མོངས་པ་དང་། རྣམ་རྟོག་ཐམས་ཅད་གཞི་མེད་རྩ་བྲལ་རང་སར་རང་ངོ་ཤེས་ཙམ་གྱིས་ཆོག །ད་དུང་ཕྱི་རོལ་ཡུལ་ལ་ཅུང་ཟད་འཕྲིག་མ་ཚུད་པས་སྣང་ཐོག་ཏུ་ཅུང་ཟད་མི་བདེ་བ་འདི་གང་ནས་འབྱུང་བ་ཡིན། སྟོང་པ་ཡིན་ཡང་སྣང་བ་འདི་འགགས་ཏེ། །


CMR054_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་དུ་མ་སོང་སྙམ་པ་སོགས་རེ་དོགས་ཕྲན་བུ་ཡང་རྗེས་ཤེས་དང་། རྨི་ལམ་གྱི་ཚེ་འཁྲུལ་མ་འཁྲུལ་སྣ་ཚོགས་འབྱུང་། དེའི་རྗེས་ཤེས་ངོ་ཤེས་པ་དེ་ལ་ཟེར། མཉམ་བཞག་ངོ་ཤེས་ཀྱི་ངང་ལ་རྩོལ་མེད་དུ་གནས་པ་དེའོ། །ཞེས་དང་། རྒོད་ཚང་པའི་ཞལ་ནས། སྤྲོས་བྲལ་དང་པོ་རྟོགས་པ་ལ་ཆོས་ཐམས་ཅད་སྐྱེ་འགག་གནས་གསུམ་དང་བྲལ་བར་རྟོགས་པ་དེས། ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་བྱེད་པ་ལ། དགའ་བ་ཁྱད་པར་ཅན་སྐྱེ་བས་ས་དང་པོ་རབ་ཏུ་དགའ་བ་ཟེར། ཞེས་དང་། ཆོས་ཐམས་ཅད་སྤྲོས་བྲལ་དུ་རྟོགས་པས། ཉོན་མོངས་པ་སྒོམ་སྤང་གི་དྲི་མ་དང་བྲལ་བས་ས་གཉིས་པ་དྲི་མ་མེད་པ་ཟེར། ཞེས་དང་། སེམས་སྐྱེ་འགག་ཐམས་ཅད་དང་བྲལ་བར་ཡེ་ནས་ཡོད་པས། བླ་མའི་བྱིན་རླབས་ཀྱིས་མངོན་དུ་བྱེད་པ་ལ། ས་གསུམ་པ་འོད་བྱེད་པ་ཟེར། ཞེས་དང་། རྩ་བྲལ་གྱི་རྟོགས་པ་དེ་ལ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་འབྱུང་ཞིང་སེམས་ཅན་གྱི་དོན་གྲུབ་པ་ལ། ས་བཞི་པ་འོད་འཕྲོ་བ་ཞེས་ཟེར། ཞེས་དང་། བག་ཆགས་ཀྱི་དྲི་མ་སྦྱང་དཀའ་བ་རྣམས་སྦྱོང་བས། ས་ལྔ་པ་སྦྱང་དཀའ་བ་ཞེས་ཟེར།


CMR054_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས། རྗེ་ཕག་མོ་གྲུ་པས། སྤྲོས་བྲལ་ཆེན་པོས་ཕྱི་ནང་གི་ཆོས་ལ་སྒྲོ་འདོགས་ཆོད་པའོ། །ཞེས་གསུངས། རྒྱལ་བ་ཡང་དགོན་པས། དེའི་དུས་སུ་རྟོགས་པའི་རང་བཞིན་ཤེས་པ། རྒྱུད་ཐོག་ཏུ་མེད་སྣང་ཐོག་ཏུ་བདེ་སྡུག་གི་འཛིན་པ་འབྱུང་བ་ཡིན། འདི་ནས་ཉམས་རྟོགས་ཀྱི་ཤན་ཕྱེད་པས། རྟོགས་པ་དང་ཉམས་འདྲེས་ཤིང་། ཉམས་རྟོགས་པ་དང་མ་བྲལ་བར་ཉམས་ཀྱི་དག་བྱེད་རྟོགས་པས་བྱས། རྟོགས་པའི་བོགས་ཉམས་ཀྱིས་འདོན་ནས་བསྐྱངས་པས། རྟོགས་པ་དེ་མཐར་ཐུག་པ་དང་། འཁོར་འདས་ལམ་གྱིས་བསྡུས་པའི་ཤེས་བྱ་སྲིད་ཚད་ཀྱི་ཕྱི་ནང་གི་ཆོས་ལ་སྤྲོས་པ་དང་བྲལ་བའམ། མི་སྟོང་པ་སྐྲའི་རྩེ་མོ་ཙམ་ཡང་མེད་པར་རྟོགས་ནས་སྣང་བ་བདག་མེད་དུ་འཆར། སྣང་བ་རང་སེམས་དོན་སྤྱིའི་ཚུལ་དུ་རྟོགས་པ་ཡིན་ཏེ། ཕྱི་རོལ་ན་ཡང་སྣང་བ་མེད་པར་རང་གི་སེམས་སུ་རྟོགས། སེམས་ཙམ་པ་ནི་འདུན་པ་ཡིན། ཅེས་པའི་དོན་ཡང་དེ་ཡིན་ནོ། །སྤྲོས་བྲལ་བྱང་ཆུབ་སེམས་ཀྱི་རང་བཞིན་རྟོགས་པས། སྟོང་ཐོག་ཏུ་སྒྲོ་འདོགས་ཆོད་པ་དོན་དམ་པའི་ཤེས་རབ་ཡིན་ཏེ། ཆོས་ཐམས་ཅད་རང་བཞིན་མེད་པའམ། མ་སྐྱེས་


CMR054_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། མ་གྲུབ་པ་ཞིག་བདེ། གང་ཤར་ཉམས་ཀྱི་རྣམ་རྟོག་སོ་མ་ཉམས་པ་འདི་ཅུང་མི་བདེ། ཕྱག་རྒྱ་ཆེན་པོ་ཕྱོགས་གཅིག་ལས་མ་རྟོགས། རོ་གཅིག་སྐྱེས་པ་དང་། སྤྲོས་བྲལ་མ་བྲལ་མེད། སྟོང་མི་སྟོང་མེད་པར། སྣང་བ་སོ་མ། རྟོག་པ་སོ་མ། ཅི་སྐྱེས་གང་སྣང་གང་ཤར་གྱིས་ཆོག་པ་དེ། ཕྱག་རྒྱ་ཆེན་པོ་མཚན་ཉིད་པ་བཟོད་རྟོགས་པ་ཡིན་ནོ། །སྤྲོས་བྲལ་འོད་གསལ་རྟོགས་པ་ཡིན། ཅེས་དང་། ཁྲིད་ཆེན་ལས། སྤྲོས་བྲལ་ཆེན་པོ་ནི། ཕྱི་ནང་གི་ཆོས་ཐམས་ཅད་ལ་སྒྲོ་འདོགས་ཆོད་དེ། །སྣང་བ་རང་སེམས་སུ་ཤེས། སེམས་སྣང་བ་རང་བཞིན་མེད་པ། ཡུལ་དམིགས་གཏད་དང་བྲལ་ཞིང་ནམ་མཁའི་དཀྱིལ་ལྟ་བུ་བདེ་ཕྱམ་གྱིས་རྟོགས་པ། སྔར་སྣང་ཐོག་ཏུ་མ་བདེ། རིག་ཐོག་ཏུ་བདེ། ཉམས་ལེན་རིག་ཐོག་ཏུ་བྱེད་པ་དེ། འདིར་སྣང་བ་སེམས་སུ་ཤེས། སེམས་སྟོང་པར་ཤེས། སྟོང་པའི་གོ་ཆོད། །སྟོང་པ་ལ་སྒོམ་གྱི་གཙོ་བོ་བྱེད། སྟོང་ཐོག་ཏུ་སྒྲོ་འདོགས་ཆོད་པས་ཆོས་ཐམས་ཅད་རང་བཞིན་མེད་པའམ། མ་གྲུབ་པ་འདི་ད་ལྟར་གྱི་སྣང་ཐོག་སོ་མ་ཉམས་པ་འདི་ཅུང་མི་བདེ་བ་འདི་གཞི་མེད་འཁྲུལ་སྣང་


CMR054_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འདོད་པ་བྱུང་། འདིའི་སྐབས་སུ་ཉིན་པར་སྒོམ་ལ་རྒྱུན་ཆད་མེད། མཚན་མོ་རྨི་ལམ་དུ་འཛིན་པ་དེ་ལ་རྗེས་ཤེས་སུ་འཁྲུལ་པ་དང་རྟོག་པ་དུམ་རེ་འཆར། དེ་འབྱུང་བ་ཡང་གཉིད་ཀྱི་དྲན་འདུན་ཉམས་པས་ལན་པ་ཡིན། ཡུལ་རྐྱེན་དྲག་པོས་དཀྲུགས་པའི་དུས་སུ་རྗེས་ཤེས་ལ་ཅུང་ཟད་འགྲོ་བའང་འབྱུང་། དེ་ཡན་ཆད་ལ་སྒོམ་སྐྱེས་བདག་པོ་མེད་པར་མ་སོང་ན། དུས་ཀུན་ཏུ་འབྲལ་མེད་དུ་འོང་། དྲན་པ་རྒྱུན་ཆད་མེད་པར་མི་ཡེངས་པར་བཟུང་། དྲན་པ་ལ་ཅུང་ཟད་ལྟོས་པས་དྲན་པ་གལ་ཆེ། སྤྲོས་བྲལ་དང་མཉམ་རྗེས་དྲན་པས་འབྱེད། སྤྲོས་བྲལ་དང་འཁོར་འདས་ཀྱི་བར་ན་དྲན་མ་དྲན་ལས་མེད། བདག་གི་གཙོ་བོ་དྲན་པ་ཡིན། གང་ལ་འཛིན་པ་མ་ཞུགས་ན་ཞེ་སྡང་ཀོ་རེ་བའང་རང་སྟོང་ཡིན།ངོ་མ་ཤེས་ཤིང་འཛིན་པ་ཞུགས་ན། ཉོན་མོངས་པ་དང་རྣམ་རྟོག་མེད་པ་ལྟར་སྣང་ཡང་། མ་རིག་པ་ཡིན། དེ་ངོ་ཤེས་དང་མ་བྲལ་ཚེ། ཉོན་མོངས་སུ་སྣང་བ་རྒྱུན་ཆད་ཀྱང་དགག་སྒྲུབ་ཏུ་བྱར་མེད་དེ། དེའི་རྟགས་སུ་གང་ཤར་ལས་སྟོང་པ་ལོགས་སུ་ཚོལ་བའི་བློ་མི་སྐྱེ། རྟོག་པ་དག་པའི་རྗེས་ཀྱི་ཤེས་པ་འཆར་སྒོ་དྭངས་སང་ངེ་བ། དེའི་ངང་དུ་དུས་


CMR054_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་འགྲོ་བ་མི་ཡོང་བས་བཟུང་དྲན་ལ་ལྟོས། རང་གི་རྟོག་པ་རེ་ལ་དྲན་པ་རེས་ཟིན་པའང་དཀའ། དེས་ན་དྲན་པ་རྒྱུན་ཆད་མེད་པར་བརྟེན་ཏེ། ཉིན་གྱི་རྐྱེན་གྱིས་མི་གནོད་པར་གྱུར་ན། སྤྲོས་བྲལ་ཆེན་པོ་རྟོགས་པ་ཞེས་བྱའོ། །དེའང་སེམས་ངོ་བོ་སྐྱེ་འགག་གནས་གསུམ་དང་བྲལ་བ་རྟོགས། བློ་འདས་སུ་མཐོང་། འཇིག་རྟེན་བློས་ཐེངས། གཞན་ལ་ཕྲག་མི་དག །མངོན་ཤེས་སོགས་དུ་མའི་ཡོན་ཏན་འཆར། རྗེས་ཐོབ་སྣང་བ་སྒྱུ་མར་འཆར། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་རྟོགས། རེ་དོགས་བྲལ། འཛིན་པའི་རྩ་བ་ཆོད། མཐོང་སྤང་བརྒྱད་ཅུ་གྱ་གཉིས་སྤངས། འཁོར་བར་ཕྱིར་མི་ལྡོག །སྨོན་ལམ་དབང་གིས་མ་གཏོགས་སྲིད་པར་ལས་དབང་གིས་མི་སྐྱེ་ན། །སྤྲོས་བྲལ་གྱི་ངོ་བོ་མཐོང་ཞིང་རྩ་ལ་རྫོགས་ཡོན་ཏན་སྐྱེས་པ་ཞེས་བྱའོ། །འདིར་ཡང་ཞེན་པ་གསུམ་བཏང་སྟེ། དབེན་པ་དང་འདག་སྦྱར་དང་། དགོན་པ་བརྟེན་དང་སྨྲ་བཅད་བྱའོ། །རྒོད་ཚང་པས། སྤྲོས་བྲལ་ཆེན་པོ་ནར་སོན་པའི་རྟོགས་པས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀ་སྐྱེ་མེད་མངོན་དུ་གྱུར་པས། ས་དྲུག་པ་མངོན་དུ་གྱུར་པ་


CMR054_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར། ཞེས་དང་། སྒོམ་ལམ་ལ་ཟུག་བཅས་ཟག་མེད་ཀྱི་དབྱེ་བ་སྤྲོས་བྲལ་འབྲིང་པོ་དང་སྦྱར་ནས། ས་བདུན་པ་རིང་དུ་སོང་བའི་ས་ཡིན་ནོ། །ཞེས་དང་། ས་དང་བསྟུན་ན་ས་བརྒྱད་པ་མི་གཡོ་བའི་ས་ཡིན་ནོ། །གསུངས་སོ། །རྒྱལ་དབང་ཆོས་རྗེས། སྤྲོས་བྲལ་གྱི་རྩེ་གཅིག་ནི། གང་ཤར་གྱི་ངོ་བོ་ལ་ཡང་དག་པའི་དྲན་པས་མ་ཡེངས་པར་རྩེ་གཅིག་ཏུ་ལྟ་བ་དེ་ཡིན། སྤྲོས་བྲལ་གྱི་སྤྲོས་བྲལ་ནི། བལྟས་པའི་ཚེ་ན་སྤོས་པའི་མཐའ་གང་ཡང་མ་གྲུབ་པ་དེ་ཡིན། སྤྲོས་བྲལ་གྱི་རོ་གཅིག་ནི། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་དུ་རོ་གཅིག་པ་དེ་ཡིན། སྤྲོས་བྲལ་གྱི་སྒོམ་མེད་ནི། དེ་ལ་བརྟན་པ་ཐོབ་ནས་ཉིན་མཚན་འཁོར་ཡུག་ཏུ་སོང་བ་དེ་ཡིན། ཞེས་གསུངས་པས། ཉམས་ཀྱི་སྤྲོས་བྲལ་ཆེ་འབྲིང་ཆུང་གསུམ་སོགས་ནི་སྐྱེ་མཁན་ཡང་མང་བས། །རང་ཕོར་ངོས་ལེན་གྱི་ཚུལ་དུ་སོ་སོའི་ཉམས་རྟོགས་ངོ་ཤེས་པར་གྱིས་ལ་སོ་སོའི་སྐབས་སུ་གསུངས་པའི་ཉམས་ལེན་ལ་འབུང་ཞུ། ཚར་རོ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


CMR054_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

༼ཧ༽ །ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་རྒྱབ་ཆོས་ལས་ས་ལམ་བསྒྲོད་ཚུལ་བཞུགས་སོ། །


CMR054_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། གཞི་ཁྲེགས་ཆོད་ཀྱི་ཕྱག་རྒྱ་ཆེན་པོ་ཉམས་སུ་བླངས་པས་ས་ལམ་བསྒྲོད་ཚུལ། འདི་ཡན་ཆད་ཉམས་ཐོག་ནས་བཤད་པར་དཀའ་ཞིང་། དེ་ཡན་ཆད་ཀྱི་ཉམས་རྟོགས་སྐྱེ་མཁན་ཡང་དཀོན་པས། ཧ་ཅང་རྒྱས་པར་མ་བཤད་ན་ཡང་ཆོག་མོད། །འོན་ཀྱང་བརྩོན་འགྲུས་དང་ལས་འཕྲོ་བཟང་བས་ཡུན་རིང་བསྒོམས་པ་འགའ་ཞིག་ལ། ཉམས་ཀྱི་རོ་གཅིག་ཙམ་སྐྱེས་པ་ཡང་འགའ་རེ་འོང་དོ་བ་དང་། ཁྲོམ་མང་ལ་ཡང་ཆོས་མགོ་རྐང་ཚང་བ་དང་། ཐོས་པའི་ཕན་ཡོན་ཡོད་ཕྱིར་ཅུང་


CMR054_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་བཤད་ན། ཨཱ་ལི་ཀཱ་ལི་ཆུ་རླུང་ཆེན་པོའི་རྒྱུད་ལས། གསུམ་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱིས། །དུ་མ་རོ་གཅིག་ས་བཅུའི་རྟོགས་པ་འཆར། །དུས་གསུམ་རྒྱལ་བའི་སྲས་པོས་འགྲོ་དོན་མཛད། །རྩེ་ཐོབ་ནས་ནི་འཕེལ་བ་རྒྱུན་མི་འཆད། །ཅེས་དང་། ནཱ་རོ་པཎ་ཆེན་གྱི་ཞལ་ནས། གསུམ་པ་རོ་གཅིག་རྣལ་འབྱོར་འཆར། །ཞེས་གསུངས་ཏེ། གང་ཤར་ཐམས་ཅད་སྒོམ་དུ་ཤར་བས། །སྤང་བླང་མེད་པར་རོ་གཅིག་ཡིན། སེམས་ཉིད་འཁོར་འདས་སྣ་ཚོགས་སུ་སྣང་བའི་མཚན་ཉིད་རྟོགས། བདག་མེད་རྟོགས་ནས། མོས་གུས་


CMR054_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྙིང་རྗེ་ལ་སོགས་ཁྱད་དུ་གསོད་ན། རོ་གཅིག་འདྲེས་པའི་རྦ་ལ་གཡེང་བའོ། །གཉིས་མེད་དུ་རང་ངོ་མ་ཤེས་པས། སྟོང་པ་ཕྱོགས་གཅིག་ཏུ་སྐྱེ་བས་རྗེས་ཤེས་སྟོང་པ། སྟོང་འཛིན་དྭངས་པ་ཡུལ་དུ་ངོ་མ་ཤེས་པས་ཉམས་ཀྱི་དྲི་མའོ། །བག་ཆགས་ཀྱི་དྲི་མ་དག །དྲན་པས་མ་ཟིན་ན་མ་གཏོགས་པ་ངོས་བཟུང་མེད་པས་འབྲལ་བ་མེད། ཟིན་པ་དང་ངོ་བོ་རང་གསལ་དུ་འཆར་བས་ཐོབ་པ་ཡོད། དྲན་རྟོག་སྒོམ་དུ་ཤར་ནས། སྒོམ་དང་བྲལ་བའི་ངོས་འཛིན་མེད་པས་མཉམ་རྗེས་འདྲེས། བདེན་པ་གཉིས་དང་མཉམ་རྗེས་འདྲེས་པས། སེམས་ཉིད་ཟུང་འཇུག་ཏུ་སྒོམ་པའི་དུས་ཡིན་ཀུན་སྦྱོར་གྱི་སེམས་པོ་མེད་པས། འདུ་ཤེས་ཀྱི་ཕུང་པོ་དག །ང་དང་ང་ཡིར་འཛིན་པ་གཞི་མེད་དུ་རྟོགས་པས། ཉོན་མོངས་པ་ཅན་གྱི་ཡིད་དག །ཉམས་མྱོང་ཉིད་རྟོགས་པར་ཤར་ནས་དབྱེར་མེད་པས། །ཉམས་རྟོགས་ཟུང་དུ་འཇུག །ཆོས་ཀྱི་དབྱིངས་ཀྱི་སྟོང་པ་ལས། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་སྟོང་པར་འབྱུང་བས། རྡུལ་བྲལ་ནམ་མཁའ་ལྟ་བུ། མཉམ་རྗེས་ཀྱི་ཁྱད་ནི་འཛིན་མི་འཛིན་ཡིན།། འདི་དུས་གོ་ཡུལ་དོན་སྤྱིའི་རྣམ་པ་དང་། རྟོགས་པའི་


CMR054_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་མྱོང་བས་མ་ནོར་ཞིང་མ་འདྲེས་པ་གལ་ཆེ། ཚོགས་དྲུག་རྒྱ་ཡན་ཟུང་འཇུག་ཡངས་པའི་ངང་ནས། ཟུང་འཇུག་གཙོ་བོར་བསྒོམ། སྣང་བའི་རང་ངོ་ཤེས་དྭགས་པོ་རིན་པོ་ཆེས། རོ་གཅིག་གི་རྣལ་འབྱོར་ནི་སྣང་སྟོང་དབྱེར་མེད་དུ་རྟོགས་པའོ། །ཞེས་དང་། བྲམ་ཟེ་ཆེན་པོས། གསུམ་པ་དྲན་མེད་སྐྱེ་བ་མེད་ལ་ཐིམ། །ཐམས་ཅད་ཐ་མི་དད་པ་བདེ་བ་ཆེན་པོར་གཅིག །དེ་ཉིད་ཆབ་བྲོམ་ཆུ་དང་དབྱེར་མེད་བཞིན། །ཞེས་དང་། རིམ་ལྔ་ལས། སློབ་པའི་ཟུང་འཇུག་དང་། ལ་བ་པས། ཟུང་དུ་འཇུག་པ་དང་། །མེ་ཏྲི་པས་གདེང་ཐོབ་པའི་དུས་དང་། ལང་དཀར་གཤེགས་པའི་མདོ་ལས། འཛིན་མེད་ཀྱི་རྣལ་འབྱོར་དང་། དེ་བཞིན་ཉིད་དམིགས་བསམ་གཏན་དང་། དབང་གསུམ་པའི་དོན་དང་། དེ་རྣམས་དོན་གཅིག་པའོ། །ཕག་མོ་གྲུ་པས། རོ་གཅིག་ཆུང་ངུའི་འཁོར་འདས་གཅིག་ཏུ་འདྲེས། གསུངས། ཁྲིད་ཆེན་ལས། རོ་གཅིག་ནི། སྔར་སྤྲོས་བྲལ་གྱི་སྐབས་ཀྱི་ཆོས་ཐམས་ཅད་རང་བཞིན་མ་གྲུབ་པའི། སྟོང་ཐོག་ཏུ་བདེ། གང་ཤར་གྱི་རྣམ་རྟོག་སོ་མའམ་སྣང་ཐོག་ཏུ་ཅུང་མི་བདེ་


CMR054_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དེ་དག་ནས་འཁོར་འདས་གཉིས་སུ་འདྲེས་ཞེས་པ་དེ་འོང་བ་ཡིན། དེའི་དོན་ཀྱང་མ་འགགས་སྣང་བ་སོ་མ་འདི་ལ་སྣང་བར་འཛིན་པའི་དངོས་འཛིན་ཀྱང་མེད། སྟོང་པར་འཛིན་པའི་སྟོང་འཛིན་ཀྱང་མེད། ཕྱི་རོལ་གྱི་སྣང་བ་འདི་རང་གི་བློས་རང་བཞིན་མེད་པར་བསྒོམ་པའམ། གཉིས་སུ་སྣང་བའི་ཆོས་གང་ཡང་མ་གྲུབ། བློས་གཞལ་བ་ཙམ་མ་ཡིན་པར། སྣང་མི་སྣང་། སྟོང་མི་སྟོང་། སྣང་དམིགས་སྟོང་པ་བསྐྱེད་རྫོགས་ཀུན་རྫོབ་དོན་དམ་འཁོར་བ་དང་། མྱ་ངན་ལས་འདས་པ་སོགས། མདོར་ན་བདེ་སྡུག་སོགས་གཉིས་བསྡུས་ཀྱི་ཆོས་ཇི་སྙེད་པ་ཐམས་ཅད་ཐ་མི་དད་པར་དབྱེར་མེད་ཟུང་འཇུག་རོ་གཅིག་པར་རྟོགས་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་འཆར། གང་ཤར་གྱི་སྣང་བ་སོ་མ་རྟོག་པ་སོ་མ་དགག་སྒྲུབ་དང་བྲལ་བ། རང་རིག་རང་གསལ་རྩོལ་མེད་ཡང་དག་གིས་དྲན་པས་སེམས་དང་། དྲན་པ་སྣང་བ་གསུམ་མེ་དང་ཚ་བ་བཞིན་རྒྱུ་འབྲས་ཀྱི་རྟེན་འབྲེལ་མངོན་དུ་གྱུར། སྣང་ཐོག་ཏུ་བདེ་བ་ནི་རོ་གཅིག་གི་རྣལ་འབྱོར་ཞེས་བྱའོ། །ཞེས་པ་དང་། རྒྱལ་བ་ཡང་དགོན་པས། དེ་ལྟར་སྤྲོས་བྲལ་གྱི་རྟོགས་པ་དེ་བསྐྱངས་བ་ལ། སྣང་སྲིད་


CMR054_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདས་ཀྱི་ཆོས་ཐམས་ཅད། སྤྲོས་དང་བྲལ་མ་བྲལ་མེད། སྟོང་དང་མི་སྟོང་མེད། བསལ་བཞག་དང་དགག་སྒྲུབ་མེད་པར། རང་སར་རང་གྲོལ་རང་ངོ་ཤེས་པས། སྣང་བ་དུ་མར་སྣང་ཡང་རྟོགས་པ་གཅིག་གིས་ངོ་བོར་རྟོགས་པ། དུ་མ་རོ་གཅིག་གི་རྣལ་འབྱོར་ཏེ། དེ་ལ་རོ་གཅིག་ཆུང་ངུ་། འཁོར་འདས་གཅིག་ཏུ་འདྲེས་པ་ནི། སྣང་བོ་དང་སྟོང་པ། དོན་དམ་དང་ཀུན་རྫོབ། བསྐྱེད་རིམ་དང་རྫོགས་རིམ་ལ་སོགས་པ་གཉིས་ཆོས་ཇི་སྙེད་པ་ཐམས་ཅད། རྟོགས་པ་གཅིག་གི་ངོ་བོར་དབྱེར་མེད་པས་ཟུང་འཇུག་མངོན་དུ་གྱུར། སྣང་བ་དང་སྟོང་པ་གཉིས་འབྲལ་མ་མྱོང་ལ། སྟོང་པ་དང་སྣང་བ་འབྲལ་མ་མྱོང་བས། སྣང་སྟོང་གང་རུང་རེའི་ཐོག་ནས། ལམ་གྱི་ཆོས་ཇི་སྙེད་ཐམས་ཅད་ཚང་ཞིང་གཉིས་མེད་ཟུང་དུ་འཇུག་པས་ཟུང་འཇུག་ཆེན་པོ་ཡིན་ནོ། །དེ་ལྟར་དུ་མ་རོ་གཅིག་རྟོགས་ཀྱང་། ད་རུང་དེར་འཛིན་གྱི་ངེས་ཤེས་ཀྱི་ཆ་འདྲའམ། འདྲེས་པའི་མྱོང་བ་ངེས་ཤེས་ཀྱི་དྲི་མ་ཅུང་ཟད་འདུག་ན་རོ་གཅིག་ཆུང་ངུའོ། །ཁྲིད་ཆེན་ལས། རོ་གཅིག་ཆུང་ངུ་ནི། སྣང་སྟོང་དབྱེར་མེད་དུ་འདྲེས། ཐམས་ཅད་གཉུག་མའི་རང་


CMR054_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་རྟོགས། སྟོང་མ་སྟོང་མེད་པར་གང་ཤར་གྱི་ཤེས་པ་སོ་མ་དེས་ཆོག །ཆོས་སུ་རྟོགས་སྣང་སྟོང་གང་རུང་རེའི་ཐོག་ཏུ་ཡང་ལམ་གྱི་ཆོས་ཇི་སྙེད་པ་ཚང་བར་རྟོགས་ཀྱང་ལུས་སྣང་སེམས་གསུམ་དབྱེར་མི་ཕྱེད། རེས་སེམས་སུ་ངེས་ཙུག་ཡང་དེར་མྱོང་རྒྱུ་དང་འཛིན་པའི་འདུ་ཤེས་ཅུང་ཟད་ཡོད། རྗེས་སུ་ས་ཕྱོགས་སྲ་འཐས་ཅན་དུ་སྣང་བ་དང་། ཡུལ་རྐྱེན་དྲག་པོས་དཀྲུག་པའི་ཚོགས་དྲུག་གི་སྣང་བ་ལ་དགེ་སྦྱོར་མི་བདེ་བ་དང་། གཟུང་འཛིན་གྱི་སྣང་བ་དུམ་པ་རེ་ཡོད་པ་དང་། ཆོས་བྱེད་པ་ལ་ལྐོགས་ཅུང་མི་ཐུབ་པ་འདྲ་ཡང་འབྱུང་། རྗེས་སྣང་སྒྱུ་མ་ལྟ་བུ་ཞེས་བྱ་ཞིང་རྨི་ལམ་ནའང་འཁྲུལ་པ་དང་འཛིན་པ་དུམ་པ་རེ་འབྱུང་། རེས་ལུས་སྣང་སེམས་གསུམ་དབྱེར་མེད་པའི་ཉམས་ཀྱང་འབྱུང་། རྒྱུ་འབྲས་ལ་རྩིས་འཇོག་དང་མོས་གུས་སྙིང་རྗེ་ཆུང་བ་འདྲ་ཡང་སྲིད་པས་དེར་མ་སོང་བ་བྱའོ། །ཞེས་དང་། །ཡང་དགོན་པའི་ཞལ་ནས། རོ་གཅིག་འབྲིང་པོ་གཟུང་འཛིན་རྩ་བ་རྦད་ཀྱིས་ཆོད་པ་ནི་རྟོགས་པ་དེ་བརྟན་དུ་མ་སོང་བས། རྟོགས་མཁན་དེ་དུ་མ་རོ་གཅིག་ཏུ་འདྲེས་ཏེ། ཡུལ་འཛིན་རྩ་བ་ནས་དག་པས་བེམ་པོ་ཕྱི་རུ་མ་ལུས། རིག་པ་ནང་དུ་མ་ལུས་པར་


CMR054_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སེམས་གཅིག་ཏུ་ཀྲོང་ངེ་བ་དེ། རོ་གཅིག་འབྲིང་པོ་ཡིད་ལ་བྱེད་པ་དེ་མཚན་ཉིད་པ་དེ་མངོན་དུ་གྱུར་པའོ། །གསུངས། ཁྲིད་ཆེན་ལས། རོ་གཅིག་འབྲིང་པོ་ནི། སྔར་གྱི་མྱོང་བ་དེ་ངེས་ཤེས་ཀྱི་འཛིན་པ་ཆ་གཅིག་འདྲེས་པས། དེ་དག་ནི་བེམ་པོ་ཕྱིར་མ་ལུས། རིག་པ་ནང་དུ་མ་ལུས། སྣང་སེམས་ཟུང་འཇུག་གཅིག་ཏུ་ཀྲོང་ངེ་བ། གཟུང་འཛིན་གྱི་རྩ་བ་རྦད་ཀྱིས་ཆོད། འཛིན་པ་དེའང་ཡུལ་ལ་བརྟེན་ནས་སྐྱེ་བ་ལས། འདིར་གཟུང་ཡུལ་ཐམས་ཅད་གཉུག་མ་རང་གསལ་དུ་ཤར་བ་དེ་མེད་ཙ་ན་འཛིན་བྱེད་ཀྱི་ཤེས་པ་དང་བྲལ། འཛིན་པ་ཡུལ་ཐོག་ཏུ་ཤར་བའི་ཤེས་པ་གཅིག་གི་གྲོགས་སུ་ཐམས་ཅད་འཆར། གཟུགས་ལ་སོགས་ཡུལ་རྣམས་མི་རྟོག་པར་འཆར་བས་གཟུང་འཛིན་དེ་ཡུལ་ཐོག་ཏུ་འཆར། རོ་གཅིག་ཆུང་ངུ་དང་། ཟུང་འཇུག་གི་ངོ་བོ་ལ་ཁྱད་པར་མེད་ཀྱང་མྱོང་བ་བརྟན་དུ་སོང་བ་ཡིན། ལུས་སྣང་སེམས་གསུམ་གཅིག་ཏུ་འདྲེས་པའི་ཉམས་འབྱུང་། རྗེས་ཤེས་དང་རྨི་ལམ་ཡང་སྔར་བས་ཀྱང་འཁྲུལ་པ་ཆུང་ཞིང་ཨ་འཐས་ཀྱི་འཛིན་པ་ཡང་ཆེར་མི་ཡོང་། འོན་ཀྱང་རྨི་ལམ་དུས་སམ་གཞན་དུ་ཡང་རུང་། ཡང་


CMR054_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་དྲན་པས་ཡེངས་མ་ཡེངས་སུ་འཛིན་པའི་གཉིས་སྣང་སྒྱུ་མ་ལྟ་བུ་བྱ་བ་ཡང་ཡད་ཡུད་དུ་འོང་བ་ཡིན་ནོ། །བཟུང་དྲན་དང་ཡང་དག་གི་དྲན་པའི་ཁྱད་པར་ཡེངས་དུས་སུ་ཡེངས་འདུག་སྙམ་པའི་རྗེས་ལ། དགེ་སྦྱོར་རྒྱུད་ཐོག་ཏུ་ཡེ་རེ་ཡོང་བ་དེ་བཟུང་དྲན་ཡིན་ཞིང་སྔར་འཛིན་པ་ཞུགས་པའི་རྟགས་ཡིན། རྟོགས་འཛིན་མེད་པར་དྲན་པ་ཙམ་གྱིས་ཉམས་ལེན་གྱི་སྟེང་དུ་ཡེ་རེ་ཡོང་བ་དེ་རྟོགས་ཆོས་ཡང་དག་གི་དྲན་པ་བྱ་བ་ཡིན་ཏེ། སྔར་ངེས་ཤེས་མ་ཟིན་ཀྱང་འཛིན་པ་མ་ཞུགས་པའི་རྟགས་ཡིན། ཞེས་དང་། རྗེ་ཕག་མོ་གྲུ་པས། རོ་གཅིག་ཆེན་པོས། ཆོས་རྣམས་མཉམ་པ་ཉིད་དུ་ཞི་བའོ། །གསུངས། རྒྱལ་བ་ཡང་དགོན་པས། རོ་གཅིག་ཆེན་པོ་སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་སྐྱེ་མེད་ཀྱི་ངང་དུ་ཞི་བ་ནི། རོ་གཅིག་གི་རྟོགས་པ་དེ། དུ་མའི་སྣང་བ་ཤར་བས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པ་དེའི་དངོས་གཞིར་གནས་པ་ནི། རོ་གཅིག་དུ་མ་ཞེས་པ་ཟབ་རྒྱས་དབྱེར་མེད་ཀྱི་རྟོགས་པ་སྟེ། མདོ་ལས། ཆོས་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་མཉམ་པ་ཉིད་སྤྲོས་པ་མེད་པའི་ཏིང་ངེ་འཛིན་ཞེས་གསུངས་པའི་


CMR054_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་ནོ། །སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་ས་རང་ས་ནས། སོ་མ་ཉམས་མདོག་མ་བསྒྱུར་བར་ཇི་ལྟར་གནས་པ་དེ་རང་། གཉིས་མེད་དུ་རྟོགས་པའི་ངོ་བོར་འདུག་ཅིང་། དེ་བས་ལ་ལ་མཉམ་བཞག་གམ་བྲལ་ཐོབ་བམ། གཉེན་པོས་བཟོ་བཅོས་སྤུ་རྩེ་ཙམ་ཡང་མི་འདུག་པ་ནི། རོ་གཅིག་ཆེན་པོའོ། །ཞེས་གསུངས། ཁྲིད་ཆེན་ལས། རོ་གཅིག་ཆེན་པོ་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐྱེ་མེད་དུ་མཉམ་པ་ཉིད་ཀྱི་ངང་དུ་རྟོགས། སྣང་སེམས་གཅིག་ཏུ་ངེས་ཤིང་སྔར་གྱི་དེ་ཀ་མྱོང་བ་བརྟན་དུ་སོང་ནས། སྣང་བ་མ་འགགས་པ་འདི་ལ་བདེན་འཛིན་དག་པས་གཉིས་མེད་ཀྱི་རྟོགས་པ་དེ་ཉིན་མཚན་འཁོར་མོར་འབྱུང་། མི་རྟོག་པའི་འཆར་སྒོ་གསལ་ཙམ་གྱི་སྣང་ལ་མ་ངེས་པའི་མྱོང་ཚོར་ཅུང་ཟད་རེ་འབྱུང་། འཛིན་མེད་ཀྱི་གསལ་སྣང་མི་འགགས། རེས་འཁོར་འདས་ལ་སོགས་པའི་སྣང་ཚད་རྟོགས་པ་དེའི་ངོ་བོར་ཤར། གཉིས་འཛིན་གྱི་རྒྱུན་ཆད། ངོས་འཛིན་མེད་པའི་རྗེས་སྣང་སྒྱུ་མ་ལྟ་བུ་ཙམ་ཞིག་ཡོད། དེའང་སྒྱུ་མ་མཁན་པོའི་སྣང་བ་དང་འདྲ་སྟེ། མེད་པར་ཤེས་བཞིན་དུ་།


CMR054_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྣང་ཕྲ་མོ་མི་འགགས་སམ། གཉིས་འཛིན་གྱི་རྨི་ལམ་ཡང་འལ་འོལ་ཙམ་འབྱུང་། རེས་རྨི་ལམ་མི་འབྱུང་བ་ཡང་ཡོད། འདི་ཡི་གཉིས་སྣང་གི་འཆར་སྒོ་ཕྲ་མོ་རྣམས། ཉམས་ལེན་ངང་དུ་དག་པའི་མདངས་སམ་སྣང་ངམ། སྟོང་སྣང་དུ་ཡད་ཡུད་འབྱུང་བ་དེ་ལ་རོ་གཅིག་གི་རྗེས་ཤེས་སྟོང་པ་འཆར་བ་ཟེར། དོན་ལ་གཉེན་པོའི་ལྷག་རོལ་ཡིན་པས། །སྒོམ་གྱི་མྱོང་ཚོར་ཡོད་རིང་ལ་དེ་ལྟར་ལྟོས་པའི་གཞན་ཞིག་ཤུགས་ལ་ཡོང་བས་གཉིས་སྣང་ཕྲ་མོ་མ་དག་པ་ཡིན་ཡང་། མི་རྟོག་པའམ་འཆར་སྒོ་འགའ་ཞིག་སྣང་ལ་མ་ངེས་པའི་རང་རྩལ་དུ་མ་ཤར་བ་ལ། དྲན་པས་ཡེངས་མ་ཡེངས་སུ་ཁྱད་པར་གནས་པའི་འཆར་སྒོ་རྐྱང་པ་མི་བདེ་བ་གསལ་ཙམ་གྱི་མྱོང་ཚོར་དམ་དུམ་འབྱུང་སྟེ་སྤང་བྱའི་ལྷག་མ་ཡིན་ཏེ། ཡོད་རིང་དེ་ལ་ལྟོས་པའི་ཕྲ་མོ་དེ་མ་ཡིན་པའི་གཞན་ཞིག་ཤུགས་ལ་འབྱུང་བའི་རོ་གཅིག་ཆེན་པོ་སྒྱུ་མ་ཕྲ་མོ་དེ་ལ་ཟེར། དེས་ན་གང་ཤར་གྱི་སྣང་བ་སྤང་བླང་དགག་སྒྲུབ་མེད་ཅིང་མཉམ་ཉིད་གཉུག་མ་ཡུལ་མེད་གསལ་སྟོང་དུ་རང་ངོ་ཤེས། འཁོར་འདས་ལ་སོགས་པ་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་རོ་གཅིག་ཏུ་རྟོགས་པ་དང་། འཇིག་རྟེན་ཆོས་བརྒྱད་མགོ་སྙོམས་


CMR054_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་མཐའ་དག་འཆར། སྣང་ཐོག་ཏུ་གོ་ན་རོ་གཅིག་གི་ངོ་བོ་མཐོང་ཞིང་རྩ་ལ་རྫོགས། ཡོན་ཏན་སྐྱེས་པ་ཞེས་བྱའོ། །ཞེས་དང་། རྒོད་ཚང་པས། །རོ་གཅིག་པ་ནི་ས་བརྒྱད་པ་ཡིན་གསུངས། ཞེས་དང་། རོ་གཅིག་ཆེན་པོ་སྒྱུ་མ་ཕྲ་མོ་བྱ་བ་དེ་ལ་འདོད་པ་ཡིན་གསུངས། ས་དང་སྦྱར་ན་ས་དགུ་པ་ཡིན། ཡོངས་སུ་རྫོགས་པ་ས་བཅུ་པ་ཐོབ་མ་ཐག་པ་དེ་ཡིན་ནོ། །དུ་མ་རོ་གཅིག་ས་བཅུའི་རྟོགས་པ་འཆར་གསུངས་ཀྱང་། འདི་ནི་དོན་ལ་ས་དགུ་པ་རང་ཡིན་གསུངས། ས་བཅུ་པའི་མཚན་གསོལ་བ་ཙམ་ལས་མེད་གསུངས། རྒྱལ་དབང་རྗེས། རོ་གཅིག་གི་རྩེ་གཅིག་ནི་སྣང་གྲག་གི་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ངང་དུ་སྒྲོ་འདོགས་ཆོད་པ་དེ་ཡིན། རོ་གཅིག་གི་སྤྲོས་བྲལ་ནི། ཐ་དད་དམ་གཉིས་སུ་འཛིན་པའི་སྤྲོས་པ་ཐམས་ཅད་མཉམ་པ་ཉིད་དེའི་ངང་དུ་འབྲལ་བ་མེད་པ་དེ་ཡིན། རོ་གཅིག་གི་རོ་གཅིག་ནི། མཉམ་པ་ཉིད་དེས་ཆོས་ཐམས་ཅད་ཕྱོགས་ལ་ལོངས་སྤྱོད་པའམ། འཇུག་པའམ། ཐམས་ཅད་ལ་ཁྱབ་པར་རོལ་པ་ཡིན། རོ་གཅིག་གི་སྒོམ་མེད་ནི། དེ་ལ་བརྟན་པ་ཐོབ་ནས་ཉིན་མཚན་འཁོར་ཡུག་ཏུ་སོང་བ་དེ་


CMR054_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། རྗེ་ནཱ་རོ་པས། བཞི་པ་སྒོམ་མེད་རྣལ་འབྱོར་འཆར་གསུངས་པའི་དོན། གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་དང་། ཆུ་ཀླུང་ཆེན་པོའི་རྒྱུད་གཉིས་ཀ་ནས། བཞི་པ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བསྒོམ་དུ་མེད་པའི་ཉམས་ལེན་བརྩོན་པ་ལ། །རྣམ་མཁྱེན་སངས་རྒྱས་ཞིང་ཁམས་དཔག་མེད་མཐོང་། །མ་བཙལ་ལྷུན་གྲུབ་ཆོས་མཆོག་ཆེན་པོ་ཡིན། །ཅེས་གསུངས། བྲམ་ཟེ་ཆེན་པོ་འཆི་མེད་རྡོ་རྗེའི་གླུ་ལས། བློ་འདས་འབྲས་བུ་འདོད་པ་མེད་འགྲུབ་པས། །སྨན་མཆོག་ནང་ནས་སེ་ཏ་ཇི་བཞིན་ནོ། །ཞེས་གསུངས་ཏེ། སྟོང་པ་ཉིད་ལ་སོགས་པ། སྒོམ་གྱི་མྱོང་ཚོར་ཐམས་ཅད་དག་པས། མྱོང་བ་དག་པས་སྒོམ་མེད་ཡིན། སེམས་ཉིད་འཁོར་འདས་སྣ་ཚོགས་སུ་སྣང་ཡང་། རྟོག་པའི་འཁོར་ཡུག་གོ །མི་རྟོག་ངོ་མ་ཤེས། མ་དག་ན། སྒོམ་མེད་ཀྱི་ཉི་མ་སྤྲིན་གྱིས་སྒྲིབ། རྗེས་ཤེས་ཀྱང་དམིགས་མེད་ཀྱི་སྙིང་རྗེ་སྐྱེའོ། མི་རྟོག་ངོ་མ་ཤེས་པ་དེས་གཉུག་མ་ལ་བསྒྲིབས་པས། རྗེས་ཤེས་ཀྱི་དྲི་མའོ། །ཤེས་བྱའི་དྲི་མ་དག །དྲན་པས་མ་ཟིན་པ་དང་། ངོ་བོ་མཐོང་མ་མཐོང་མེད་པས་བྲལ་ཐོབ་གཉིས་གཅིག །རྟོགས་པའི་ཡེ་


CMR054_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་འཁོར་ཡུག་ཏུ་གྱུར་པས། མཉམ་བཞག་འབའ་ཞིག་ཡིན་ནོ། །དུས་ཐམས་ཅད་དུ་གཞུག་མ་མཉམ་ཉིད་ཀྱི་དབྱིངས་སུ་དབྱེར་མེད་དུ་རྟོགས་པས། །སེམས་མཉམ་ཉིད་མངོན་དུ་གྱུར་པའི་དུས་ཡིན། རྟོག་མེད་ལུང་མ་བསྟན་འདུག་པས། རྣམ་ཤེས་ཀྱི་ཕུང་པོ་དང་། ཀུན་གཞིའི་རྣམ་པར་ཤེས་པ་དང་གཉིས་སུ་མེད་པའི་ཡེ་ཤེས་རྒྱུན་མི་འཆད་པས་རྟོགས་པའི་འཁོར་ཡུག་གོ །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རྟེན་ཅིང་འབྲེལ་བར་འབྱུང་བ། ཇི་སྙེད་པ་ཐམས་ཅད། ཇི་ལྟ་བ་མངོན་དུ་གྱུར་ཀྱང་། གཉིས་སྣང་མེད་པས། གཞི་མེད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་མཁྱེན་པའོ། །རོ་གཅིག་དང་། སྒོམ་མེད་ཀྱི་ཁྱད་པར། གཉིས་སྣང་ཕྲ་མོ་དང་། དྲན་པའི་རྩོལ་བ་དག་མ་དག་ཡིན་ནོ། །འདི་སྐབས་མཉམ་རྗེས་ནི་མེད་དེ། གཉིས་སྣང་ཕྲ་ཞིང་ཕྲ་བ། གནས་ངན་ལེན་དང་བཅས་པ་འདག་པ་ཡིན།། ཉམས་མྱོང་གི་རྩི་ལ་མ་འབྱར་བ་གལ་ཆེ། །དྲན་འཛིན་ཐམས་ཅད་ཞིག་པའི་ངང་ནས། གཉིས་མེད་གཙོ་བོར་བསྒོམ། ལྷུན་གྲུབ་ཀྱི་རང་ངོ་ཤེས་པ་ཡིན་གསུངས། གཞི་རིམ་གྱི་ཞིབ་ཆ་འདི་རྣམས། སྙན་དུ་བརྒྱུད་པའི་


CMR054_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་ཚིག་ལ། རྒྱ་སྟོན་ཆོས་ཀྱི་བཟང་པོས་མཆན་བུ་རྒྱབ། དེ་དྲུང་ཆེན་ཀུན་དགའ་རྣམ་རྒྱལ་བའི་ཁྲིད་ཡིག་ཏུ་དྲང་བར་མཛད་པ། བདག་གིས་གོ་བདེ་བར་བཀྲོལ་བའོ། །རྗེ་དྭགས་པོ་རིན་པོ་ཆེས་སྒོམ་མེད་ཀྱི་རྣལ་འབྱོར་ནི། ཅི་སྣང་ཅི་སྐྱེས་ངོ་བོ་གཅིག་ཏུ་ཤར་བས་དྲན་རྟོག་ཐམས་ཅད་སྒོམ་དུ་སོང་བ་ཡིན་གསུངས། རིམ་ལྔ་ལས། མི་སློབ་པའི་ཟུང་འཇུག །ལ་བ་པས། རྣམ་པར་དག་པ། ཤ་བ་རི་པས་རྣལ་འབྱོར་ཆེན་པོ། མེ་ཏྲི་པས་རིག་པ་དེ་ཉིད་དུ་གྲོལ་བའི་དུས། ལང་དཀར་གཤེགས་པའི་མདོ་ལས་སྤྲོས་མེད་ཀྱི་རྣལ་འབྱོར་དང་། དེ་བཞིན་གཤེགས་པའི་བསམ་གཏན། དབང་བཞི་པའི་དོན་རྣམས་གཅིག་པར་བཞེད། ཁྲིད་ཆེན་ལས། སྒོམ་མེད་ཀྱི་རྣལ་འབྱོར་ནི། དེ་ལ་གོམས་ཤིང་འདྲིས་པར་བྱས་པས། རོ་གཅིག་ཆེན་མོ་མན་ཆད་ལ་རྗེས་ཤེས་ལ་གཉིས་སྣང་སྒྱུ་མ་ཙམ་དེ་དག་རྟོགས་ཆོས་ཡང་དག་གི་དྲན་པ་མ་ཡེངས་ཙམ་དང་། སྟོང་འཛིན་གྱི་དྲི་མ་ཅུང་ཟད་ཡོད་པ་ཡང་དག་གི་དྲན་པས་རྩོལ་བ་ཟིན་པ་ཡོད་པ་དང་། གཉིས་སྣང་ཕྲ་མོ་དེ་དག་ཐམས་ཅད་དག་ནས་ལྷུན་གྲུབ་ཀྱི་རང་ས་ཟིན། བསྒོམ་བྱ་སྒོམ་བྱེད་དང་བྲལ་བར་རྟོག་ཙམ་


CMR054_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཀྱང་བདེ། མ་བསྒོམས་ཀྱང་རྒྱུན་ཆད་མེད་པར་སྒོམ་དུ་འཆར། མཉམ་པར་བཞག་མ་བཞག་དྲན་པས་ཟིན་མ་ཟིན། ཡེངས་མ་ཡེངས་ལ་མ་ལྟོས་སྒོམ་དུ་འཆར། བློ་གཤིས་ཐོག་ཏུ་སྒོམ་པའི་འོད་གསལ་དང་། ཤི་བའི་འོད་གསལ་མ་བུ་གཉིས་གཅིག་ཏུ་འདྲེས། །ནམ་མཁའ་ལ་སྤྲིན་དྭངས་པའམ། ཆུ་རླབས་དང་བྲལ་བ་བཞིན། འོད་གསལ་གཉིས་གཅིག་ཏུ་འདྲེས། ཆོས་སྐུ་འབའ་ཞིག་ཏུ་གྱུར། སྤང་བླང་བྱ་བྱེད་དང་བྲལ། ཤི་མ་ཤི་མེད་སྙམ་པ་དང་། མཉམ་རྗེས་མེད་པའི་ངེས་ཤེས་ལྷང་གིས་སྐྱེ། གཞན་སྣང་དུ་མཁའ་འགྲོས་བསྐོར་བ་དང་ལུས་དུ་མར་མཐོང་། མོས་གུས་ཅན་གྱི་གང་ཟག་ལ་སངས་རྒྱས་རང་སྣང་ལ་ཤིར། ངག་ཅི་བྱས་ཀྱང་ཆོས་སུ་འགྲོ། ལུས་ཇི་ལྟར་བྱས་ཀྱང་སེམས་ཅན་དེད། གནས་གར་བསྡད་ཀྱང་བྱིན་རླབས་སྐྱེ། གཅིག་པུར་བསྡད་ཀྱང་སྐྱོ་དུབ་མེད། ལུང་པ་གར་ཕྱིན་ཀྱང་བདེ་ལེགས་འབྱུང་། རེས་ཕྱིའི་སྤྱོད་པ་དང་། འཇིག་རྟེན་པ་དགའ་འདུག་སྙམ་པ་གཞན་སྣང་ལ་ཡོད། བྱང་སེམས་བསྟན། ལས་འབྲས་མངོན་དུ་གྱུར། ཐམས་ཅད་སྐྱེ་མེད་དུ་རྟོགས། ས་གང་ལའང་ཞེན་པ་


CMR054_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ཅང་རོ་གཅིག་ནི་སློབ་པའི་ཟུང་མཁྱེད་མེད་པ་ནི། སྒོམ་མ་རྒྱུའམ། ཉམས་ཀྱི་མེད། གཙང་བཙོག་དང་ངོ་ཚའི་རྣམ་རྟོག་ཆད། དཔའ་བོ་དང་མཁའ་འགྲོ་ཐམས་ཅད་ཀྱིས་མཆོད་པ་འབུལ་ཞིང་སེམས་ཅན་གྱི་དོན་བྱེད་པའི་གྲོགས་བྱེད། སེམས་ཅན་ཐམས་ཅད་ཀྱི་ཡིད་བཞིན་གྱི་ནོར་བུར་འགྱུར་རོ། །ཞེས་དང་། རྗེ་ཕག་མོ་གྲུ་པས། སྒོམ་མེད་ཆུང་ངུ་བསྒོམ་བྱ་སྒོམ་བྱེད་དང་བྲལ། གསུངས། རྒྱལ་བ་ཡང་དགོན་པས། དེ་ལྟར་རོ་གཅིག་ནི་སློབ་པའི་ཟུང་འཇུག་ཡིན། སྒོམ་མེད་ནི་མི་སློབ་པའི་ཟུང་འཇུག་ཡིན། རྟོགས་པ་དེ་ལས་གོམས་པར་བྱ་རྒྱུ་མེད་པས་ན་སྒོམ་མེད་མངོན་དུ་གྱུར་པའོ། །དེ་ལ་སྒོམ་མེད་ཆུང་ངུས་བསྒོམ་བྱ་སྒོམ་བྱེད་མེད་པ་ནི། སྒོམ་མཁན་ནམ་རྟོག་མཁན་རྩ་བ་ནས་དག་པ་ན། །བསྒོམ་བྱ་སྒོམ་བྱེད་མེད། རྟོག་བྱ་རྟོག་བྱེད་མེད། ཤེས་བྱ་ཤེས་བྱེད་མེད། དྲན་བྱ་དྲན་བྱེད་མེད་པ་ལ་སོགས་པའི་བསྒོམ་པར་བྱ་རྒྱུའམ། །ཉམས་ཀྱི་དྲི་མ་སངས་ཀྱིས་དག་ནས་ཉིན་པར་མཉམ་རྗེས་མེད། ཡེངས་མ་ཡེངས་མེད་པར་ཤར་བ་ལ།། མཚན་མོ་ངོ་མ་ཤེས་ཀྱི་འཛིན་པའི་དྲི་མ་ཅུང་ཟད་འདུག་པ་དེ་སྒོམ་མེད་ཆུང་ངུའོ། །ཞེས་གསུངས། ཁྲིད་ཆེན་ལས། སྒོམ་མེད་ཆུང་དུ་ནི། དྲན་པས་བཟུང་མ་དགོས་པར་ཅི་


CMR054_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཀྱང་བསྒོམ་དུ་ཤར། བསྒོམ་བྱ་སྒོམ་བྱེད་དང་བྲལ། མཉམ་པར་བཞག་མ་བཞག་ལ་ལྟོས་མ་དགོས་པར་སྒོམ་དུ་འཆར། གོང་གི་རོ་གཅིག་ཆེན་པོའི་དུས་ཀྱི་རྗེས་སྣང་སྒྱུ་མ་ལྟ་བུ་དེའང་ཕྲ་མོར་སོང་ནས་ཡང་དག་གི་དྲན་པས་ཀྱང་བཟུང་མི་དགོས། ཁོ་རང་རང་དག་ལ་འགྲོ། རྗེས་སྣང་མི་རྟོག་པ་ངོ་མ་ཤེས་ཞེས་བྱ་བ་ཉོན་མོངས་པ་དང་། རྣམ་རྟོག་ཐམས་ཅད་རོ་གཅིག་མན་ཆད་དུ་དག་ནས་མ་རིག་པའི་ལྷག་མ་ཀུན་གཞིའི་རྣམ་པར་ཤེས་པ་རྟོག་བྲལ་ལུང་མ་བསྟན་དུ་གནས་པ་དེ་ཡེ་ཤེས་སུ་མ་གྱུར་ཙམ་གྱིས་ནུས་པ་མེད་པས་སྤང་བྱ་རབ་ཆད་དོ། །རྟོག་མེད་རང་ངོ་ཤེས་པ་ཙམ་ཞིག་ཡོད་པས་དེའང་མ་རིག་པའི་ཆ་ལས། སྒྱུ་མ་ལྟ་བུ་དུས་ཐུང་བས་སྐད་ཅིག་མ་རེས་འབྱུང་སྟེ། རང་གི་ངོ་བོ་མི་རྟོག་པར་ཡོད་པ་གཉེན་པོ་བརྟེན་མི་དགོས། གཉིད་དུས་སུའང་རེས་འགའ་འཛིན་པའི་དྲི་མ་ཅུང་ཟད་ཙམ་འབྱུང་ཡང་སྲིད་པས། རང་གསལ་དུ་མ་ཤེས་པས་ཤེས་བྱ་ལ་སྐུ་སྒྲིབ་བོ། །ཞེས་དང་། རྗེ་ཕག་མོ་གྲུ་པས། སྒོམ་མེད་འབྲིང་པོ་ལྷུན་གྲུབ་ཀྱི་རང་ས་ཟིན་གསུངས། རྗེ་རྒོད་ཚང་པས། ཉིན་མོའི་དུས་སུ་ཡང་རྗེས་སྣང་སྒྱུ་མ་ཙམ་མངོན།


CMR054_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

ཡུན་སེ་གོལ་གཏོགས་པ་ཙམ་དུ་གནས་འདུག་ཀྱང་། དྲན་པས་བཟུང་རྒྱུའི་ཐ་སྙད་མེད་པར་དེ་ཉིད་ངོ་བོ་རང་དག་ཏུ་འགྲོ་གསུངས། ཡང་དགོན་པས། སྒོམ་མེད་འབྲིང་པོ་ལྷུན་གྲུབ་ཀྱི་རང་ས་ཟིན་པ་ནི། གཞི་ཐོག་ཏུ་འབྲས་བུ་ཕྱིན། སྐུ་གསུམ་མ་དང་འཕྲད། ཡིད་བཞིན་མངོན་དུ་གྱུར་པས་ཉིན་མཚན་མེད་གཉིད་དུ་སོང་མ་སོང་མེད་པ། དྲན་པས་བཟུང་རྒྱུའམ། ངེས་ཤེས་སྐྱེ་རྒྱུ་གཏན་ནས་མེད། མཉམ་བཞག་ཆེན་པོ་གཅིག་ཏུ་གྱུར་པ་ལ། ཡེ་ཤེས་ཀྱི་རང་གྲིབ་ལ་མི་ཤེས་པའི་ཟེར་ཤེས་བྱའི་དྲི་མ་ཅུང་ཟད་དང་བཅས་པ་ནི། སྒོམ་མེད་འབྲིང་པོའོ། །ཞེས་དང་། ཁྲིད་ཆེན་ལས། སྒོམ་མེད་འབྲིང་པོ་ནི། ལྷུན་གྲུབ་ཀྱི་རང་ས་ཙིར་གྱིས་ཟིན། སྔར་བས་མྱོང་བ་བརྟན་དུ་སོང་། འཁོར་འདས་གཉིས་ཡེ་ནས་ལྷུན་གྲུབ་ཏུ་གནས་པ་དེ་མངོན་དུ་གྱུར། འཛིན་པ་ཐམས་ཅད་དང་བྲལ། གཉུག་མའི་རང་ས་ཟིན་ནས། ཉིན་མཚན་མེད་པར་མཉམ་བཞག་ཡེ་ཤེས་ཀྱི་འཁོར་ལོས་སྒྱུར་ཏེ། མཉམ་བཞག་ཡེ་ཤེས་དེའི་ཤུགས་ཀྱིས་འཕངས་བའི་རྗེས་སྣང་མི་རྟོག །ངོ་མ་ཤེས་ཀྱི་ཕྲ་ཞིབ་སྔར་བས་ཕྲ་བ་ཡུལ་ལ་སྤྱོད་ལོང་མེད་པ་སེ་གོལ་གཏོགས་པ་ཙམ་


CMR054_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྣང་བ་སྒྱུ་མ་ལྟ་བུར་རང་གསལ་དུ་གྲོལ་དུས་ཐམས་ཅད་དུ་ངོ་བོ་མི་རྟོག་པར་རང་གསལ་དུ་མ་ཤར་ཙམ་གྱིས། གནས་ངན་ལེན་གྱི་དྲི་མ་ཐམས་ཅད་རང་རྗེས་ཕྲ་མོ་ཙམ་དང་། བཅས་པའི་མཉམ་བཞག་ཐམས་ཅད་ཟག་མེད། རྗེས་སྣང་ཉམས་སུ་ལེན་པའི་འཕགས་ལམ་ཡན་ལག་བརྒྱད་པོ་སོགས་ཟག་བཅས་ཡིན་ནོ། །ཞེས་དང་། རྗེ་ཕག་གྲུའི་ཞལ་ནས། སྒོམ་མེད་ཆེན་པོས་འོད་གསལ་གཉིས་འདྲེས་པའོ། གསུངས། རྒྱལ་བ་ཡང་དགོན་པའི་ཞལ་ནས། སྒོམ་མེད་ཆེན་པོ་འོད་གསལ་གཅིག་ཏུ་འདྲེས་པ་ནི། ཆོས་དབྱིངས་ཡེ་ཤེས་དང་། བདེ་བར་གཤེགས་པའི་ཆོས་དབྱིངས་དབྱེར་མེད་པས། ལམ་དང་རང་བཞིན་གྱི་འོད་གསལ་གཅིག་ཏུ་འདྲེས་ནས། འོད་གསལ་ཆེན་པོ་སྤྲོས་མེད་ཀྱི་ཡེ་ཤེས་ལ། མི་ཤེས་པ་དང་ཤེས་པ་དང་ཤེས་བྱའི་དྲི་མ་རྩ་བ་ནས་དག་པས། ཚེ་འདི་ཕྱི་ལས་རྒྱུ་འབྲས་ཀྱི་འཛིན་པ་ཕྲ་མོ་ཙམ་ཡང་མེད་པར། རང་གཞན་འཁོར་འདས་གཅིག་ཏུ་གྱུར་པ་ནི། སྒོམ་མེད་ཆེན་པོ་འོད་གསལ་གཅིག་ཏུ་འདྲེས་པས། མི་སློབ་པའི་ཟུང་འཇུག་གོ །ཞེས་དང་། ཁྲིད་ཆེན་ལས། སྒོམ་མེད་ཆེན་པོ་ནི། རྣམ་


CMR054_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཐམས་ཅད་ཡེ་ཤེས་སུ་གནས་འགྱུར། ཡེ་ཤེས་ཀྱི་རལ་གྲིས་ཤེས་བྱའི་སྒྲིབ་པ་གནས་ངན་ལེན་གྱི་དྲི་མ་དང་བཅས་པ་དག་ནས་བཅད་དེ། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་མའི་འོད་གསལ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་བུའི་འོད་གསལ་གཉིས་འདྲེས། མི་སློབ་པའི་ཟུང་འཇུག །བླ་ན་མེད་པའི་བྱང་ཆུབ་མངོན་དུ་གྱུར། མཉམ་རྗེས་མེད། གཉུག་མ་མ་བཅོས་པའི་ཐོག་ཏུ་བསླེབས་པས། རང་དོན་ཆོས་སྐུ་གཉུག་མའི་རང་རྩལ་ཕྱོགས་མེད་དུ་འབྱོངས་པས། གཞན་དོན་གཟུགས་སྐུ་གཉིས་ཀྱིས་འཁོར་བ་མ་སྟོངས་ཀྱི་བར་དུ། འགྲོ་དོན་མཛད་པ་མཐར་ཕྱིན་པའི་ལམ་མངོན་དུ་ཕྱིན་པའོ། །སྒོམ་མེད་ལ་མཉམ་བཞག་རྗེས་ཆེར་འབྱེད། ཕལ་ཆེར་མཉམ་བཞག་ལས་མ་གཡོས་པའོ། །དེས་ན་དྲན་རྒྱུ་བསྒོམ་རྒྱུ་མེད་པར་མྱོང་བ་དག །ངེས་ཤེས་ལ་སོགས་པ་དྲན་འཛིན་གྱི་རྩོལ་བ་དང་བྲལ། ཆོས་ཉིད་ཟད་སར་འཁྱོལ་སྣང་བ་ལ་བདེན་འཛིན་བྲལ། སྒོམ་མེད་དང་པོ་རྟོགས་པའི་དུས་སུ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་སྤྲིན་ལྟར་གཏིབས་པས། བཅུ་པ་ཆོས་ཀྱི་སྤྲིན་ཞེས་པ་དང་། སྒོམ་མེད་འབྲིང་པོ་ལྷུན་གྲུབ་ཀྱི་རིང་ས་ཙིར་


CMR054_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཟིན་ཏེ། སྔར་བས་མྱོང་བ་བརྟན་དུ་སོང་ཞེས་པ་ནས། རང་གསལ་དུ་ཤར་བའི་གྲོལ་བ་དེ་ལ་ས་བཅུ་རྒྱུན་གྱི་ཐ་མ་ཁྱད་པར་གྱི་ལམ་ཟེར། ཞེས་པའི་བར་གསུངས་པ་དང་། སྒོམ་མེད་ཆེན་པོ་འོད་གསལ་མ་བུ་འདྲེས་ནས་མཉམ་བཞག་རྗེས་ཐོབ་མེད་ཅིང་། གཉུག་མ་བཅོས་ཐོག་ཏུ་སླེབས་པ། རང་དོན་ཆོས་སྐུ་ཐོབ། གཉུག་མའི་རང་རྩལ་ཕྱོགས་མེད་དུ་འབྱོངས་པས། གཞན་དོན་གཟུགས་སྐུ་གཉིས་ཀྱིས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་དོན་མཛད་པ་འདི་ལ་བཅུ་གཅིག་ཀུན་ཏུ་འོད་དེ། ཆོས་རྗེས་སྒོམ་མེད་བཅུ་གཅིག་མཐར་ཕྱིན་ལམ། ཞེས་གསུངས་པས། ལམ་ལྔ་པ་མཐར་ཕྱིན་ལམ། ཞེས་དང་། རྒྱལ་དབང་རྗེས། སྒོམ་མེད་ཀྱི་རྩེ་གཅིག་ནི། བསྒོམ་བྱ་སྒོམ་བྱེད་དང་བྲལ་བའི་ངང་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་དེ་ཡིན། སྒོམ་མེད་ཀྱི་སྤྲོས་བྲལ་ནི། བློ་ལས་འདས་པ་སྟེ། བློའི་སྤྲོས་པ་ཐམས་ཅད་ལས་གྲོལ་བ་དེ་ཡིན། སྒོམ་ཕྱོགས་མེད་ཀྱི་རོ་གཅིག་ནི། སྲིད་པ་དང་ཞི་བ་ཐམས་ཅད་སྒོམ་མེད་དེའི་དབྱིངས་སུ་རོ་གཅིག་པ་དེ་ལས་དབྱེ་རྒྱུ་རྡུལ་ཙམ་མེད་པ་དེ་ཡིན། སྒོམ་མེད་ཀྱི་སྒོམ་མེད་ནི། དེ་ལ་བརྟན་པ་


CMR054_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་དེ་ཡིན་ཏེ། རོ་གཅིག་མན་ཆད་ཀྱི་བརྟན་པ་ཐོབ་པ་ནི། འདྲེས་པའོ། །དཔེར་ན་བསྐྱེད་རིམ་ལ་བརྟན་པ་ཐོབ་པ་དང་། གནས་སྐབས་ཀྱི་མཉམ་རྗེས་འདྲེས་པ་ཡིན་ལ། སྒོམ་མེད་ཀྱི་བརྟན་པ་ཐོབ་པ་ནི། མཐར་ཐུག་གི་མཉམ་རྗེས་རྫོགས་རིམ་ལ་བརྟན་པ་ཐོབ་པ་ལྟ་བུའོ། །ཚར་རོ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


CMR054_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

༼ཨ༽ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཀྱི་རྒྱབ་ཆོས་ལས་ཚར་ཆོས་བཞུགས་སོ།


CMR054_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། ཕྱག་རྫོགས་ཟུང་འཇུག་གི་ཁྲིད་ཆོས་ཐུན་སུམ་ཅུའི་མཇུག་འདིར་དོན་བསྡུ་དགོས་ཏེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། གཏམ་ལ་དགའ་བ་བསྡུ་དོན་ཡིན། །ཞེས་གསུངས་པ་ལྟར་དོན་བསྡུ་ལུགས། ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་ལས། ང་ཡི་གསུང་སྤྲུལ་དཱི་པཾ་ཀ་ར་ཞེས༔ བྱང་ཆུབ་སེམས་དཔའ་བོད་གནས་དཀར་པོར་བཏང་། ཞེས་གསུངས་པ་ལྟར། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དེ། རྒྱ་གར་དུ་པཎྜི་ཏ་ལྔ་བརྒྱའི་གཙུག་གི་ནོར་བུ་དེ་ལྟ་བུ་དེ་བོད་དུ་བྱོན་དུས། བོད་དུ་


CMR054_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཆེན་རིན་ཆེན་བཟང་པོ་ཞེས་བྱ་བ་འཇམ་དབྱངས་ཀྱི་སྤྲུལ་པ། པཎྜི་ཏ་ཉི་ཤུ་རྩ་ལྷག་བླ་མར་བསྟེན། གསར་མའི་ཆོས་ཐམས་ཅད་ཀྱི་ཆུ་མགོ་གངས་ལ་ཐུག་པ་ལྟ་བུ་ཁོང་ཡིན། ཁོང་གིས་དེང་སང་ང་ལས་ཡོན་ཏན་ཆེ་བ་མེད། པཎྜི་ཏ་ལའང་ཞུ་རྒྱུ་མེད། འོན་ཀྱང་རྨིས་ལྟས་བཟང་བས་བསྙེན་བཀུར་ཙམ་ཞིག་བྱ་སྙམ་པས། དེ་ནུབ་རྨི་ལམ་དུ་མི་དཀར་པོ་ཞིག་བྱུང་ནས། ཁོ་བོ་སེམས་ཅན་གྱི་དོན་ལ་བྱས་ཡུས་ཆེ། ད་རུང་ཞུ་རྒྱུ་མང་དུ་མཆིས། རྒྱ་བོད་ཀྱི་ལོ་པཎ་ཐམས་ཅད་དྲིལ་ཀྱང་པཎྜི་ཏ་འདི་ཡི་ཡོན་ཏན་མི་རྫོགས། མན་ངག་ཐམས་ཅད་བོད་ཀྱིས་


CMR054_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལོན་གསུངས་ནས་ཡལ། དེ་ནས་ཐག་རིང་ནས་བསུས་ཏེ་ཁང་པར་སྤྱན་དྲངས་ནས་གདན་མཉམ་པ་ཙམ་བྱས། ལྷ་ཁང་འོག་མ་ལ་ཐེག་པ་ཐུན་མོང་གི་ལྷ། བར་ཁང་ན་ཐེག་ཆེན། སུམ་ཐོག་ན་སྔགས་སྐུ་ཡོད་པ་ཐམས་ཅད་ལ་བསྟོད་པ་ཤོ་ལོ་ཀ་རེ་མཛད། དང་པོ་ཚིག་དང་སྙན་ངག་སོགས་ལ་དད་ནས། རང་གི་སྟན་ལ་ལོ་ཙཱ་བས་ཕྲི་ཐེབ་གསུམ་བྱས་ནས་སྟན་མེད་པར་བཞུགས། ལོ་ཙཱ་བས་དྲི་བ་མང་པོ་བྱས་པས། ལོཙྪ་བས་རྣ་བར་མ་ཐོས་པ་མང་པོ་ལའང་མཁས་པར་སྣང་བས་ང་རྒྱལ་ཆག །ལོཙཱ་བ་ལ་གང་དྲིས་དྲིས་ལ་ཁོང་མཁས་ཟེར་བ་ལས་མ་བྱུང་། ལོཙྪ་བ་ལའང་མཉེས་ནས་ཁྱེད་དང་འདྲ་བ་བོད་དུ་ཡོད་པ་ཁོ་བོ་བོད་དུ་འོང་མི་འཚལ་བར་འདུག་པ་ལ་གསུངས། ཡང་ལོཙྩ་བ་དེ་དག་ཐམས་ཅད་གདན་ཐོག་གཅིག་ཏུ་ཧྲིལ་ཏེ་དྲིལ་ནས་ཉམས་སུ་ལེན་ན་ཅི་ཚུགས་བྱེད་གསུངས། ལོཙྪབས་ན་རེ། ཐེག་པ་མ་འདྲེས་སོ་སོར་གསལ་བྱ་བ་བྱེད་ལ་མ་འདྲེས་པར་རང་སར་ཉམས་སུ་ལེན་པ་ལགས་མོད་ཞུས་པས། ཇོ་བོས། ལོཙྪ་ངན་པར་ཐལ། བོད་ལ་ཁོ་བོ་དགོས་པར་འདུག་གསུངས། དེ་ནུབ་ལོཙཱ་བས་ནམ་ཐུན་གསུམ་དུ་བསྒོམས་ནས་གནས་གསུམ་


CMR054_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རིམ་གྱིས་ཐེག་པ་མཐོ་དམན་དང་བསྟུན་ནས་བསྒོམས་པས་ཁོང་གི་སྤྱོད་པ་པཎྜི་ཏས་མཁྱེན་ནས། ལོཙྪ་བ་མ་བཟང་དེས་མི་ཡོང་གསུངས། འོ་ན་ཁྱེད་རང་ཇི་ལྟར་མཛད་ལགས་ཞུས་པས། ཅི་ཟེར་གནས་གར་སྡོད། གྲོགས་སུ་འགྲོགས། སྤྱོད་ལམ་ཅི་བྱེད་ཀྱང་། འདུལ་ཁྲིམས་ལ་གཞི་བྱས་ལ། སེམས་ཅན་ཐམས་ཅད་མ་ཡིན་པས་དེར་བསྒོམ་དགོས། མ་ལྟར་དག་སྣང་སྦྱོངས། ལྷ་སྐྱེ་མེད་ཡིན་པས་དེར་བསྒོམ། འདྲིལ་མ་ཤེས་ན་སྙིང་པོ་མི་ལོན་གསུངས། ཡང་ཇོ་བོའི་ཞལ་ནས། ཁྲིམས་ནི་ཡོན་ཏན་ཀུན་གྱི་གཞིར། །རང་གི་སྟོན་པས་ལེགས་པར་གསུངས། །སྙིང་རྗེ་ཆེ་དང་འབྲེལ་པ་ཡི། །བྱང་ཆུབ་སེམས་ནི་མཆོག་ཏུ་བསྔགས། །བཟང་རྟོག་མཚན་མས་མ་བཅིངས་པའི། །བསྐྱེད་རྫོགས་ཟུང་འབྲེལ་ངེས་འཚང་རྒྱ། །སྐྱེས་བུ་ཆུང་དང་ཆེར་གྱུར་པའི། །བྱ་བ་འདི་ཡིན་འབྲིང་པོ་ལའང་། །མི་རྟག་མཆོད་པ་བསྐུལ་བ་གཅེས། །རང་དགའ་སྤང་ནས་རྒྱལ་བའི་བཀའ། །རྒྱས་པར་བྱེད་པ་མཁས་པ་ཡིན། །སྙིང་པོར་བསྡུས་ནས་ཉམས་ལེན་པའི། །སྐྱེས་བུ་དེ་ནི་བཟང་པོ་ཡིན། །ལས་འབྲས་ཁྱད་དུ་མི་གསོད་


CMR054_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །བག་ཡོད་ཅན་དེར་བཙུན་པོར་བཞེད། །ཀུན་ཤེས་གཅིག་སྡུག་མཁས་པའི་སྐྱོན།། །ལག་ལེན་མི་བྱེད་འཆལ་བ་ཡིན། །བླང་དོར་མི་བྱེད་བཙུན་པའི་གསེབ། །ཤེས་རབ་སྤྱོད་ཅིག་རིན་ཆེན་བཟང་། །ཐུགས་རྗེ་ཆེན་པོས་བསྐུལ་བར་ཟད། །ཅེས་གསུངས་སོ། །ལོ་ཆེན་རིན་ཆེན་བཟང་པོ་ངེས་ཤེས་སྐྱེས་ནས། །ཚེ་མཚམས་ཀྱི་དམ་བཅའ་ཕུལ་ཏེ་བསྒྲུབས་པས་ལུས་མ་སྤང་བར་མཁའ་སྤྱོད་དུ་གཤེགས་སོ། །ཇོ་བོས་ཀྱང་རྒྱུད་སྡེ་བཞི་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་གདམས་ངག་དང་། ལྔ་གདན་གྱི་རྒྱ་གཞུང་ཡང་མཛད། དེ་ལ་དཔལ་ཕག་མོ་གྲུ་པས། སློབ་མ་གདུགས་ཐོགས་པ་ལྔ་སྟོང་དང་བརྒྱད་བརྒྱ་བྱུང་བ། ལྔ་ལྡན་ཁོ་ནས་གྲོལ་བར་མཛད། སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོས། ཕྱག་རྒྱ་ཆེན་པོ་སེང་གེ་འདྲ། །ལྔ་ལྡན་མེད་ན་མིག་མེད་ཡིན། །ཞེས་གསུངས་ཏེ། ལྔ་ལྡན་གྱི་སྒོ་ནས་སློབ་མ་རྣམས་བསྐྱང་བས། སློབ་མ་མངོན་ཤེས་དང་རྫུ་འཕྲུལ་ཐོབ་པ་ཁྲི་ཚོ་བཅོ་བརྒྱད་ཙམ་བྱུང་བར་གྲགས། དེ་ལ་བྱང་ཆུབ་སེམས་དང་ཡི་དམ་ལྷ། །བླ་མ་ཕྱག་རྒྱ་ཆེན་པོར་བསྒོམ། །བསྔོ་བའི་ཆོས་ཀྱི་ཉམས་སུ་ལོངས། །ཞེས་


CMR054_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས། དོན་ལྔ་པོ་དེའི་ནང་དུ་གསར་མའི་ལུགས་ཀྱི་མདོ་སྔགས་གཉིས་ཀྱི་ཉམས་ལེན་རིགས་ཅི་ཡང་མ་ཚང་བ་མེད་པ་ཡིན། ཁྲིད་འདི་ཡི་ལུགས་ཀྱི་དེའི་སྟེང་དུ་རྫོགས་པ་ཆེན་པོ་ཐོད་རྒལ་བསྣན་པས། ཐེག་པ་དགུའི་ཉམས་ལེན་རྫོགས་པ་ཡིན། དེ་ཡང་སྟན་ཐོག་གཅིག་གམ་ཐུན་གཅིག་ཉམས་སུ་ལེན་དགོས་ཏེ། དེའི་དོན་རྗེ་ཕག་གྲུའི་མཛད་པའི་ཕྱག་ཆེན་རེ་མིག་མ་དང་། རྗེ་འཇིག་རྟེན་གསུམ་མགོན་གྱི། སུམ་ཆོས་ཀྱི་དོན་བསྡུས་ཏེ་བཤད་ན། ལྷ་མ་བསྒོམས་ན་བར་ཆད་འོང་། རིགས་འཆོལ་ན་རང་གི་ཚེ་གཅིག་ཏུ་བསྐྱངས་ཀྱང་དྲིན་ལན་མེད་ཟེར་ནས་གཞན་ཞིག་ཏུ་འགྲོ། ཡི་དམ་གྱི་ལྷ་མེད་ན་ཐ་མལ་པ་ཡིན། ལྷ་མ་བསྒོམས་པར་ཉམས་ལེན་ཅི་བྱས་ཀྱང་ཚེ་གཅིག་གིས་སངས་རྒྱས་མི་ཐོབ་སྟེ། མདོ་ལུགས་ཡིན། སངས་རྒྱ་བ་ལ་བསྐལ་པ་གྲངས་མེད་གསུམ་འགོར། ལྷ་བསྒོམས་པས་བསེན་མོའི་གདོན་ཞི། འདོད་ཆགས་ཅན་ཐམས་ཅད་དབང་དུ་འདུ། སྣང་བ་ཟིལ་གྱིས་ནོན། སོར་རྟོག་ཡེ་ཤེས་འཆར། འདོད་ཆགས་ལ་གནད་དུ་འགྲོ། གཞན་གྱི་འཁོར་འདུ་ཞིང་རང་གི་རིགས་མི་འཆོལ། ཕྱག་རྒྱ་ཆེན་པོ་


CMR054_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་འཁོར་བ་ནས་མི་ཐར། ཆོས་དང་དགེ་སྦྱོར་ལ་བརྩོན་ཀྱང་ལྷ་མིའི་བདེ་སྐྱིད་ཙམ་ལས་མི་ཐོབ། ལྷ་མིའི་ཐེག་པ་བྱ་བ་ཡིན། གཞན་བྱིན་གྱིས་རློབས་མི་ནུས། ཕྱག་རྒྱ་ཆེན་པོ་བསྒོམས་པས་གཏི་མུག་ལ་གནད་དུ་འགྲོ། ཀླུའི་གདོན་ཞི། གཏི་མུག་ཅན་རྣམས་དབང་དུ་འདུ་འཁོར་བ་ལས་གྲོལ། ཆོས་དབྱིངས་ཡེ་ཤེས་ཐོབ། འཁོར་འདས་བདག་པོར་འགྱུར། ཆོས་ཀྱི་སྐུ་དང་ངོ་བོ་ཉིད་ཀྱི་སྐུ་ཐོབ་བོ། །དེ་ལྟར་ལུས་ཡི་དམ་ལྷའི་བསྐྱེད་རིམ་དང་། སེམས་རྫོགས་རིམ་སྟོང་པ་ཉིད་ཀྱི་དོན་སྒོམ་པ་གཉིས། ལས་དང་པོ་པས་ཐུན་གྱི་སྟོད་སྨད་གཉིས་སུ་བསྒོམ། དེ་ལ་གོམས་ནས་ཟུང་འཇུག་ཏུ་སྒོམ་པ་ནི། གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པའི་དངོས་གཞི་ཡིན་ཏེ། བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པ་ཡི་ནི་རིམ་པ་སྟེ། །རིམ་གཉིས་མཉམ་པར་གང་བཞག་པ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས། དེ་ལྟར་དངོས་གཞི་བསྐྱེད་རྫོགས་གེགས་སེལ་བོགས་འདོན་མཆོག་ཏུ་གྱུར་པ་ནི་བླ་མའི་རྣལ་འབྱོར་ཡིན་པས་གལ་ཆེ། དེ་མ་བསྒོམས་ན་འབད་ཀྱང་བླ་མའི་ཐུགས་མི་ཟིན། བྱིན་རླབས་མི་འབྱུང་། ཉམས་རྟོགས་


CMR054_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྐྱེ། རང་གི་འཁོར་རྣམས་ལ་ཡང་མོས་གུས་མེད་པར་མཉམ་འགྲོགས་བྱེད། བླ་མ་བསྒོམས་པས་ང་རྒྱལ་ལ་གནད་དུ་འགྲོ། ལྷའི་བུའི་བདུད་ཞི། ང་རྒྱལ་ཅན་རྣམས་དབང་དུ་འདུ། རིག་པ་འཛིན་ཅིང་བྱིན་རླབས། མཉམ་ཉིད་ཡེ་ཤེས་འཆར། ཀུན་གྱིས་བཀུར་ཞིང་བླ་མའི་གོ་འཕང་ཐོབ། བྱང་ཆུབ་ཀྱི་སེམས་བསྒོམ་པ་འདི་ནི། སངས་རྒྱས་ཐོབ་པ་ལ་དང་པོ་གལ་ཆེ་བ་ས་བོན་ལྟ་བུ། བར་དུ་ཆུ་ལུད་ལྟ་བུ། ཐ་མ་སྟོན་ཐོག་ཕུན་སུམ་ཚོགས་པ་ལྟ་བུ་ཡིན། འདི་མ་བསྒོམས་ན་མི་ཚེ་ཆོས་ལ་བསྐྱལ་ཡང་ཐེག་དམན་ཉན་རང་དུ་གོལ། འབྲས་བུ་སངས་རྒྱས་མི་ཐོབ། གྲྭ་འཁོར་ཡང་མི་འདུ། གལ་ཏེ་འདུས་ཀྱང་འཐབ་ཅིང་ཁ་མཆུ་ཁ་སྨྲས་མང་། སེམས་བསྐྱེད་བསྒོམས་པས་ཞེ་སྡང་ལ་གནད་དུ་འགྲོ། རྒྱལ་འགོང་གི་གདོན་ཞི། ཞེ་སྡང་ཅན་ཐམས་ཅད་དབང་དུ་འདུ། འགྲོ་དོན་འབྱུང་། མེ་ལོང་ཡེ་ཤེས་འཆར། འཁོར་རྣམས་མཐུན་ཞིང་མུ་འཇམ། འབྲས་བུ་སྣ་ཚོགས་སྤྲུལ་པའི་སྐུ་འགྲུབ། ཐུགས་དམ་དགེ་སྦྱོར་རྣམས་ནི་རྟ་བཟང་པོ་སྒ་སྲབ་བྱས་པ་ལྟ་བུ་ཡིན། བསྔོ་བ་ནི་རྟ་ཁ་སྲབ་ཀྱིས་བསྒྱུར་བ་ལྟར་གང་འདོད་དུ་


CMR054_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་ཡིན་པས་གལ་ཆེ། མ་བསྔོས་ན་འབྲས་བུ་འདོད་བཞིན་མི་ཐོབ། ཐང་གཅིག་འཁོར་འདུས་ཀྱང་གཞན་དབང་དུ་འཆོར། བསྔོ་བ་བྱས་ན་ཕྲག་དོག་ལ་གནད་དུ་འགྲོ། ཀླུ་བཙན་གྱི་གདོན་ཞི། ཕྲག་དོག་ཅན་དབང་དུ་འདུས། དགེ་རྩ་གཞན་དུ་མི་འགྱུར། བྱ་གྲུབ་ཡེ་ཤེས་འཆར། འཁོར་རྣམས་གཞན་དབང་དུ་མི་འགྲོ། འོད་གསལ་ཐོད་རྒལ་མ་བསྒོམས་ན། ཐེག་པ་དགུའི་ཉམས་ལེན་མི་རྫོགས། བལྟས་པས་གྲོལ་བའི་གདམས་ངག་མི་ཐོབ། ལྟ་བ་ཡིད་དཔྱོད་ཀྱི་འཛིན་པ་ཅན་དུ་ལུས། །བར་དོའི་འཁྲུལ་སྣང་ཤར་དུས་ངོས་ཟིན་དཀའ། འོད་གསལ་ཐོད་རྒལ་འདི་ལ་རྒྱུན་དུ་བལྟས་ན། ལྟ་བ་ཡིད་དཔྱོད་དུ་མི་ལུས་ཡེ་ཤེས་ལྔ་མངོན་སུམ་དུ་མཐོང་། རབ་ལ་ཞི་ཁྲོའི་ལྷ་ཚོགས་དངོས་སུ་མཇལ། དེ་ལ་མཇལ་ན་ཡང་བར་དོ་ན་མཇལ་དུས་ངོ་འཕྲོད་དེ་ངེས་པར་གྲོལ། ཐེག་པ་དགུའི་ཉམས་ལེན་ཡོངས་སུ་རྫོ་གས། །གཟའི་གདོན་ཞི། མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་བུ་བཞིན་འཚོ། མཐར་ཐུག་འཇའ་ལུས་ཆོས་སྐུ་འཕོ་བ་ཆེན་པོའི་སྐུ་ཐོབ། འཇའ་འོད་ཀྱི་ཐིག་ལེ་བཀྲག་མདངས་ཁྱད་པར་དུ་འཕགས་པ་མྱུར་དུ་མཐོང་སྟེ།


CMR054_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ན་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཡིན་པས་དེའི་ཕན་ཡོན་ནི། མཁའ་འགྲོ་ཀློང་གསལ་འབར་མ་ཉི་མའི་གསང་རྒྱུད་ལས། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །བདེ་གཤེགས་རིགས་ལྔ་རིགས་གསུམ་མགོན། །ཞི་ཁྲོ་མཁའ་འགྲོ་དཔའ་བོ་རྣམས། །མངོན་སུམ་ཉིད་དུ་མཐོང་བ་ཡིན། །ལས་སྒྲིབ་བག་ཆགས་ཟད་པ་ཡིན། །འདི་ཉིད་མཐོང་བའི་རྣལ་འབྱོར་པ། །ཁམས་གསུམ་འཁོར་བའི་མིང་མེད་ཅིང་། །སྲིད་གསུམ་བརྡར་ཤ་ཆོད་པ་ཡིན། །གྲོལ་ས་འདི་ཉིད་ལན་གཅིག་མཐོང་། །སྲིད་པ་བར་དོ་ཤར་མ་ཐག །རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ། །བརྫུས་ནས་སྐྱེ་བར་ཐེ་ཚོམ་མེད། །ཅེས་གསུངས། དེ་ལྟར་ཡི་དམ། ཕྱག་ཆེན། བླ་མ། སེམས་བསྐྱེད། འོད་གསལ། བསྔོ་བ་དང་དྲུག་པོ་འདི་རྒྱུན་དུ་ཉམས་སུ་ལེན་དགོས། ལོ་བཅུ་གསུམ་དང་། ལོ་དྲུག་དང་། ལོ་གསུམ་ཕྱོགས་གསུམ་དང་། ཟླ་མཚམས་དང་། བདུན་གསུམ་དང་། བདུན་གཉིས། བདུན་གཅིག་ཡན་ཆོད། མཚམས་ལ་འདུག་ཀྱང་ཉམས་ལེན་འདི་ཡིན། རྒྱུན་ཁྱེར་དུ་ཐུན་བཞིའམ་ཐུན་གསུམ་མམ་སྔ་དྲོ་


CMR054_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

དགོང་མོ་ཐུན་གཉིས་སམ། ཐ་ན་ཉིན་རེ་ཐུན་རེ་བས་ཉམས་ལེན་ལོང་མེད་ན་ཡང་བསྒོམ་རྒྱུ་འདི་ཡིན། དེའི་བསྒོམ་ལུགས་ཅི་ལྟ་བུ་ཞེ་ན། བདེ་བའི་སྟན་ལ་རྣམ་སྣང་ཆོས་བདུན་རབ། དེ་མི་ནུས་ན་མེ་ཐབ་དྲུག་ཆིངས་བྱས་ཀྱང་རུང་སྟེ། ཀྱེ་མ་ཐམས་ཅད་མི་རྟག་པའི་ཆོས་ཉིད་ཡིན། དེ་རིང་དགེ་སྦྱོར་ཡིད་ཚིམ་པ་ཞིག་བྱེད་དགོས། སང་ཕྱི་ནས་ཅི་ཆ་བསམ་པ་བྱས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་བསྐྱེད་རྫོགས་ཟབ་མོ་ཉམས་སུ་བླངས་བསམ་པའི་ཀུན་སློང་བཟང་པོས་རང་གི་ལུས་འདི་ཡི་དམ་ཐུགས་རྗེ་ཆེན་པོའི་སྐུར་ཝལ་གྱིས་བསྒོམ་སྟེ། དེ་ཡང་སྐུ་མདོག་སྟོན་ཁའི་ཟླ་བ་ལྟར་དཀར་བ། ཞལ་གཅིག་ཞི་ཞིང་འཛུམ་པ། རིན་པོ་ཆེའི་དབུ་རྒྱན་དང་། སྤྱི་གཙུག་ན་བླ་མ་འོད་དཔག་མེད་བཞུགས་པ། ཕྱག་བཞི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་ཤེལ་དཀར་གྱི་ཕྲེང་བ་དང་། གཡོན་འོག་མས་མེ་ཏོག་པདྨ་དཀར་པོ་འདབ་མ་བརྒྱད་པ་འཛིན་པ། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་སྨད་གཡོགས་དང་། ཤམ་ཐབས་དང་། རི་དྭགས་ཀྲིཥྛ་ས་རའི་པགས་པ་ཕྲག་


CMR054_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཡོན་ལ་བཀལ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་སྣ་ཚོགས་པདྨའི་ཟེའུ་འབྲུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་བཞུགས་པར་བསྒོམ། དེའི་སྐུའི་ནང་སྟོང་སང་ངེ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཉ་རྒྱས་པའི་དབུས་སུ་ཧྲི༔ཡིག་དཀར་པོ་འགྲེང་སྟེ་གནས་པ། དེའི་མཐར་ཡི་གེ་དྲུག་པ་དཀར་པོ་གཡས་ཕྱོགས་སུ་འཁོར་བ། དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཇའ་ཟེར་ལྟ་བུར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཁ་བ་བུ་ཡུག་འཚུབ་པ་ལྟར་ཆི་ལི་ལི་བྱོན་ནས། རྩ་བ་དང་བརྒྱུད་པའི་བླ་མ་ཐམས་ཅད་རིགས་བདག་འོད་དཔག་མེད་ལ་ཐིམ་པས་བླ་མ་ཀུན་འདུས། ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་རང་ཉིད་ཐུགས་རྗེ་ཆེན་པོ་ལ་ཐིམ་པས་ཡི་དམ་ཀུན་འདུས། དེ་རྣམས་ཀྱི་རྩ་སྔགས་དང་སྙིང་པོ་དང་། ཉེ་སྙིང་ཐམས་ཅད་ཐུགས་ཀའི་ཡིག་འབྲུ་དྲུག་ལ་ཐིམ་པས། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་ཀུན་འདུས་སུ་བསྒོམ། དེའང་ལན་གཅིག་མིན་པ་ནན་ཏན་དུ་བསྒོམས་པས། བླ་མ་གཅིག་དང་། ལྷ་གཅིག་


CMR054_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྔགས་གཅིག་གིས་ཐམས་ཅད་འགྲུབ་པའི་མན་ངག་ཡིན། དེ་ནས་ཡིག་འབྲུ་འཁོར་བཞིན་ལས་འོད་ཟེར་འཕྲོས་པས། ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་བདེ་བ་ཅན་གྱི་ཞིང་ཁམས་སུ་གྱུར། ནང་བཅུད་ཀྱི་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར། སྐྱེ་འགྲོ་མིག་གིས་མཐོང་ཚད་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་ལམ་ལམ་བསྒོམ། གལ་ཏེ་གསལ་པོ་མ་ཟིན་ན་ཡང་ཐུགས་རྗེ་ཆེན་པོ་ཡིན་སྙམ་པའི་མོས་པ་བྱ། དེ་སྣང་བ་སྐུའི་ཁྱེར་སོ་ཡིན་ཏེ། དེ་གསལ་ན་མཚམས་མ་ཐོན་ཀྱང་བཟོད། མཚམས་དུས་ཕན་ཚུན་ངོ་མཐོང་བ་སོགས་ལ་ཡང་མཚམས་བུག་རལ་གྱི་སྐྱོན་མི་འབྱུང་བའི་གདམས་ངག་ཡིན། །དེ་ནས་ཡི་གེ་དྲུག་པ་སྐད་ཧ་ཅང་ཆེ་ན་མི་འཁྱོང་། འགྲུབ་ཐག་ཀྱང་རིང་། གཞི་བདག་ནག་ཕྱོགས་ཡོད་ས་ཡིན་ན་ཕོག་ཐུག་ཀྱང་འགྲོ། ཆུང་དྲགས་ན་འབྲུ་མི་གསལ་བས་ནུས་པ་མི་འབྱུང་བས། གསལ་ལ་དག་པ་བུང་བའི་སྐད་ཙམ་སི་ལི་ལི་བཟླས། །རང་གིས་རམ་བུ་བཀྱག་པའི་ཚུལ་དུ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱིས་ཡི་གེ་དྲུག་པ་འུ་རུ་རུ་བཟླ་བར་བསྒོམ། །མེ་སྒྲ་རླུང་སྒྲ་འགྲོ་བའི་སྒྲ་སྐད་ཐམས་ཅད་ཡི་གེ་དྲུག་པའི་


CMR054_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲར་བསྒོམ། དེ་གྲག་པ་གསུང་གི་ཁྱེར་སོ་སྟེ། དེ་གསལ་ན་སྐད་ཅིག་ལ་དུང་ཕྱུར་མང་པོ་འགྲོ་བས། སྔགས་བརྒྱ་རྩས་འཕགས་པ་འགྲུབ་པའི་གདམས་ངག །ངག་བཅད་མ་འགྲུབ་ཀྱང་བཟོད། མཚམས་དུས་ངག་བསྲེས་ཀྱང་མི་ཏོ་སྟེ། སྒྲ་སྐད་ཐམས་ཅད་སྔགས་ཡིན། ཕྲེང་བ་ལ་སློབ་སོང་ཡང་ཆད་ལྷག་ཁ་བཀང་དེས་འོང་བར་གསུངས། དེ་ཡང་ཉམས་ལེན་བཟང་ནི་དམིགས་པ་དེ་དག་སེམས་ངོ་མ་ཡེངས་པའི་ངང་ནས་བསྒོམས་ན་བསྐྱེད་རྫོགས་ཟུང་འཇུག་མཆོག་ཡིན། རྣམ་རྟོག་སྒྲོམ་དུ་ཤར་ནས་དེ་འོང་བ་ཡིན་ཏེ། བསྐྱེད་རིམ་ནི་རྣམ་རྟོག་ཡིན། རྣམ་རྟོག་ནི་སེམས་ཡིན། སེམས་སྟོང་པ་ཉིད་ཡིན། རྣམ་རྟོག་དང་སེམས་གཉིས་ཆུ་དང་རླབས་ལྟ་བུ་ཡིན་པས། འགྲུ་བ་དེ་ཉིད་སྒོམ་དུ་ཤར་བའི་ཚེ་ཟུང་དུ་འཇུག་པ་ཡིན། ལས་དང་པོ་པས་དེ་ཟུང་དུ་འཇུག་མ་ཐུབ་ན། དང་པོ་བསྐྱེད་རིམ་གྱི་དམིགས་པ་དེ་དག་རྩེ་གཅིག་ཏུ་བསྒོམས་པས། དམིགས་པ་དེ་དག་གིས་ཅུང་ཟད་སུན་པའི་ཉམས་ཞིག་བྱུང་བ་དང་། དམིགས་པ་ལ་སེམས་གནས་པ་དེ་ཞི་གནས་ཡིན་པས། དེ་སྒོམ་མཁན་གྱི་སེམས་ལ་སེམས་ཀྱིས་ཧྲིག་གེ་བལྟས་


CMR054_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

པས། ཅིར་ཡང་མ་གྲུབ་པའི་སྟོང་པ་ཉིད་དུ་ལྷག་གིས་མཐོང་བ་དེ་ལྷག་མཐོང་ཡིན། དེའི་ངང་ཅི་གནས་སུ་མཉམ་པར་བཞག །ཡང་རྣམ་རྟོག་འཕྲོ་ན། དེའི་ངོ་བོ་ལ་བལྟས་ནས་རང་གྲོལ་དུ་བཞག་གོ །དེ་ནི་ཉམས་གསར་བུ་བའི་ལུགས་ཡིན་ལ། དེ་ལ་གོམས་ནས་རྣམ་རྟོག་གི་ངོ་བོ་ཅི་རེ་བ་ལྟ་མི་དགོས། དཔེར་ན་དཔྱིད་དུས་ཀྱི་ཆུ་མཚོ་དྲུང་མོ་ལ་ལྟད་མོ་ལྟ་བ་ལྟར། སེམས་ཀྱི་ངོ་བོ་ལ་མ་ཡེངས་ཙམ་དུ་ལྷོད་དེ་བལྟས་པས་ཆུ་རླབས་མཚོ་ལས་བྱུང་ཞིང་མཚོ་ལ་ཐིམ་ཡང་མཚོ་ལ་མི་གནོད་པ་ལྟར། གནས་པའི་ངང་ནས་འགྱུ་བ་ཅུང་ཟད་བྱུང་ཡང་། གནས་པ་ལ་མི་གནོད། གནས་པའི་ངང་དུ་ཐིམ་པར་འབྱུང་། དེ་ལ་གོམས་ནས་རྣམ་རྟོག་ཅི་མང་ཡང་གནས་པ་ལ་མི་གནོད་པར་མཚོ་ལ་ཁ་བ་བབ་པ་ལྟར་གནས་པའི་ངང་དུ་ཐིམ། དེ་ལ་གོམས་པས་རྣམ་རྟོག་སྒོམ་དུ་འཆར། རྣམ་རྟོག་སྒོམ་དུ་ཤར་ཚེ་བསྐྱེད་རིམ་རྣམ་རྟོག་ཡིན་པས་བསྐྱེད་རྫོགས་ཟུང་དུ་འཇུག་པ་ཡིན། ད་དུང་སེམས་ལ་བལྟ་རྒྱུ་ཞིག་ཡོད་པས་ངོ་བོ་མ་མཐོང་བ་ཡིན། དེ་ནས་ལྟ་མི་དང་ལྟ་རྒྱུ་གཉིས་གཅིག་ཏུ་འདྲེས། གསལ་སེང་ངེ་བ་བདེ་མེ་རེ། སྟོང་ཕྱམ་མེ་བ་སོགས་ལ་ངེས་ཤེས་དང་


CMR054_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་རྒྱུ་ཡོད་པ་དེ་ཞིག །འདི་ཡིན་ཅི་ཡང་མེད་འདི་བསྒོམ་ཅི་ཡང་མེད་པ། སྔོན་གྱི་དུས་དང་མི་འདྲ་བས། རང་ཡང་ཐེ་ཚོམ་སྐྱེ་བ། མ་ཡེངས་ཙམ་དུ་ཁ་རོག་སྡོད་པ་ལ་བྱ་རྒྱུ་ཅི་ཡང་མེད་པ། དེ་བྱུང་ན་ཐ་མལ་གྱི་ཤེས་པ་ངོ་མཐོང་བ་ཡིན། དེའི་དྲན་རྫི་དང་བྲལ་ན་ཐ་མལ་དུ་འཁྲུལ་འགྲོ་བས་མ་ཡེངས་པའི་དྲན་རྫི་དང་མ་བྲལ་བ་ཙམ་བྱ། ཏེ་ལོ་པའི་ཞལ་ནས། སེམས་ལ་གཏད་སོ་མེད་ན་ཕྱག་རྒྱ་ཆེན་པོ་ཡིན། །དེ་ལ་གོམས་ཤིང་འདྲིས་ན་བླ་མེད་བྱང་ཆུབ་ཐོབ། །ཅེས་གསུངས་པ་ནི་དེ་ཡིན་ནོ། །དྲན་དང་མ་བྲལ་ན་སྒོམ་མཉམ་བཞག་ཡིན། དྲན་རྫི་དང་བྲལ་ན་རྗེས་ཐོབ་ཡིན་ནོ། །དེའི་གེགས་དང་གོལ་ས་གཅོད་པ་དང་། བོགས་འདོན་པའི་མཆོག་བླ་མའི་རྣལ་འབྱོར་ཡིན་པས། རང་ཐུགས་རྗེ་ཆེན་པོའི་སྤྱི་གཙུག་གི་རིགས་བདག་འོད་དཔག་མེད་དེ་དྲན་རྫོགས་སུ་གསལ་གདབ་སྟེ། དེ་ཡང་སྐུ་མདོག་དམར་པོ་བྱི་རུ་ལྟ་བུ། དབུ་གཙུག་ཏོར་སོགས་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པ། ཕྱག་མཉམ་བཞག་གི་སྟེང་ན་བདུད་རྩིས་བཀང་བའི་ལྷུང་བཟེད་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་པདྨ་དང་ཟླ་བའི་གདན་ལ་


CMR054_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པར་བསྒོམ། རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་སྤྱན་དྲངས་དེ་ལ་བསྟིམ། རང་གི་གསོལ་འདེབས་གང་ཤེས་སམ། །ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས། ། ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །དྲིན་ཆེན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས། །ཞེས་སམ། ཡིག་དྲུག་གསོལ་འདེབས་ཚུལ་དུ་བཟླས་པའམ། གསོལ་འདེབས་ཀྱི་སྙིང་པོ་ཡིན་པས་བཛྲ་གུ་རུ་ཕྲེང་སྐོར་ཙམ་བཟླ། དེ་ཡང་ཁ་ཙམ་ཚིག་ཙམ་མ་ཡིན་པར་སྙིང་ཁོང་རུས་པའི་གཏིང་ནས། ཚེ་འདི་ཕྱི་བར་གསུམ་ཅི་མཛད་ཁྱེད་ཤེས་ཀྱི་བློ་ལིང་གིས་གཏད། མོས་གུས་ཀྱི་གདུང་ཤུགས་དྲག་པོས་བ་སྤུ་ལྡང་ཞིང་མཆི་མ་འཁྲུགས་པར་བྱ། གསོལ་འདེབས་ལན་ཁ་ཡར་རྒྱང་འབོད་ཀྱི་ཚུལ་དུ་བྱ། དེ་ལྟར་བྱས་པས་ཕྱིའི་རྟོག་པ་བན་བུན་ལང་ལོང་དུ་འགྲོ། ནང་གི་རྟོག་པ་གསལ་སྟོང་རྗེན་པར་འཆོར། དེ་ལྟར་གསོལ་བ་བཏབ་པས་བྱིན་རླབས་ཀྱི་སྟོབས་ལས་ཉམས་གང་ཤར་དེ་བསྐྱངས་བས། གེགས་དང་གོལ་ས་གཅིག་ཀྱང་མེད་གསུངས། དེ་ནས་སེམས་བསྐྱེད་བྱམས་སྙིང་རྗེ་ལ་བརྟེན་ནས་བོགས་འདོན་པ་ནི། འགྲོ་


CMR054_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལན་དུ་མར་ཕ་མ་བྱས་པའི་མ་དྲིན་ཆེན་ཡིན་ན། རིགས་དྲུག་གི་སྡུག་བསྔལ་འདི་ལས་ཐར་དུས་མེད་པ་ལ་སྙིང་རྗེ་དྲག་པོ་བསྐྱེད་ནས། སྣ་བུག་ནས་རླུང་ཞིག་ཕར་བུས་པ་དང་མཉམ་དུ། རང་གི་བསོད་ནམས་དང་དགེ་རྩ་ཅི་ཡོད་པ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་སིབས་སེ་ཐིམ་པས། སེམས་ཅན་ཐམས་ཅད་བདེ་སྐྱིད་ཚད་མེད་པ་ཐོབ། བདེ་བའི་རྒྱུ་བསོད་ནམས་དཔག་ཏུ་མེད་པ་དང་ལྡན་པར་བསྒོམ། ངག་གམ་ཡིད་ཀྱིས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་བརྗོད། རླུང་ཚུར་རྔུབ་པ་དང་མཉམ་དུ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་སྡིག་སྒྲིབ་ཅི་ཡོད་པ་ཐམས་ཅད་སིབས་སེ་བསྡུས་ནས་རང་ལ་ཐིམ་པས། རང་ཉིད་སྤྱན་རས་གཟིགས་ཀྱི་སྐུ་དེ་མེ་ལ་ཤིང་བསྣན་པ་ལྟར་གཟི་བརྗིད་ཆེར་འབར། སེམས་ཅན་ཐམས་ཅད་རིགས་དྲུག་སོ་སོའི་སྡུག་བསྔལ་དང་བྲལ། སྡུག་བསྔལ་གྱི་རྒྱུ་སྡིག་སྒྲིབ་ཐམས་ཅད་དང་བྲལ་བར་བསྒོམ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །ཅེས་ངག་གམ་ཡིད་ཀྱིས་བརྗོད། དེ་ནི་


CMR054_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་བསྒོམ་པའོ། །བྱམས་སྙིང་རྗེའི་དབང་གིས་མཆི་མ་འཁྲུགས་པ་བྱུང་ན་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོའོ། །དེ་ཕྱོགས་རིས་མེད་པར་སེམས་ཅན་ཐམས་ཅད་ལ་མཉམ་ཐུན་བྱམས་པ་ཚད་མེད་དང་སྙིང་རྗེ་ཚད་མེད། དེ་ཡང་སེམས་ངོ་ཉམས་ལེན་མ་ཡེངས་པའི་ངང་ནས་བསྒོམ་ཐུབ་ན་བྱམས་ཆེན་གཉུག་མའི་ཏིང་ངེ་འཛིན་དང་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན་པས། མདོ་ལུགས་ཐེག་ཆེན་གྱི་ཆོས་ཀྱི་རྩ་བ་ཡང་འདི་ཡིན། རང་གི་ཚོགས་རྫོགས་པ་དང་། སྒྲིབ་པ་སྦྱངས་བ་དང་། སྲུང་འཁོར་ལ་ཡང་འདི་ལས་ཟབ་པ་མེད་གསུངས། རྫོགས་པ་ཆེན་པོའི་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཡོད་པར་བཤད། ད་ལྟ་དངོས་སུ་མཐོང་བ་ཡང་རྒྱུད་བཅུ་བདུན། རྒྱུད་བུ་ཆུང་བཅུ་བདུན། སེམས་སྨད་མ་བུ་བཅུ་བདུན། མཁའ་འགྲོ་སྙིང་ཐིག །ཀློང་གསལ་སྙིང་ཏིག །བླ་མ་ཡང་ཏིག་ལ་སོགས་པ་ཐམས་ཅད་ཀྱི་དོན་གྱི་རྩ་བ་ནི། འོད་གསལ་ཐོད་རྒལ་འདི་ཉིད་ཡིན། འདི་ནི་མ་བསྒོམས་པར་སངས་རྒྱས་པའི་གདམས་ངག །བལྟས་པས་གྲོལ་བའི་གདམས་ངག་ཟབ་མོ་ཡིན། འོད་ཁ་དོག་ལྔ་མཐོང་བ་འདི་ཡང་འཇའ་མཐོང་བ་དང་མི་འདྲ། ཡེ་ཤེས་ལྔ་


CMR054_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་དུ་མཐོང་བ་ཡིན། རྒྱལ་བ་རིགས་ལྔ་དངོས་སུ་མཇལ་བ་དང་ཁྱད་མེད་གསུངས། དང་པོ་བལྟ་དུས་དང་མི་འདྲ་བར་བཀྲག་མདངས་ངོ་མཚར་ཅན་ཞིག་མཐོང་རྒྱུ་ཡོད། དེ་མཐོང་ན་བར་དོར་ཞི་ཁྲོའི་ལྷ་ཚོགས་འཆར་བའི་ཚེ་བར་དོར་ངེས་པར་གྲོལ་བར་གསུངས་པས། འདི་ལས་ལམ་ཐག་ཉེ་བ་མེད། རྒྱུན་དུ་བལྟས་ན་རྒྱལ་བ་རིགས་ལྔ་སོགས་ཞི་ཁྲོའི་ལྷ་ཚོགས་མང་པོ་དངོས་སུ་མཐོང་འོང་། དེ་མཐོང་ན་བར་དོ་བསྒྲོད་མི་དགོས་པར་གསུངས་པས། ཁྱེད་རྣམས་ཀྱིས་ནངས་ནུབ་རྒྱུན་དུ་ལྟ་བ་གལ་ཆེའོ། །དོ་དགོང་ཉལ་ཁ་དེ་རིང་བྱས་པའི་དགེ་སྦྱོར་གང་འགྲུབ་བསྔོ་བ་སྨོན་ལམ་རྒྱས་འདེབས་དགོས་ཏེ། བསྔོ་མི་དང་བསྔོ་རྒྱུ་དང་། བསྔོ་བ་གསུམ་པོ་དངོས་པོར་འཛིན་པས་བསྔོས་ན་བསྔོ་བ་དུག་ཅན་ཡིན་པས་བྱང་ཆུབ་ཀྱི་ལམ་དུ་མི་འགྲོ། སེམས་ངོ་མ་ཡེངས་པའི་ངང་ནས་བསྔོ་བ་བྱེད་པ་ནི་འཁོར་གསུམ་ཡོངས་དག་གི་བསྔོ་བ་ཡིན་པས་བྱང་ཆུབ་ལམ་དུ་འགྲོ། དེ་ལ་ཆོས་དང་དགེ་སྦྱོར་གང་བྱེད་ཀྱང་། མཇུག་ཏུ་སེམས་མ་ཡེངས་པར་བསྔོ་བ་སྨོན་ལམ་གང་བྱེད་པ་དེ་ཕྱི་མ་འགྲུབ་ངེས་པ་ཡིན་པས་བསྔོ་བ་སྨོན་ལམ་ཡང་གོ་མ་ལོག་པ་


CMR054_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གལ་ཆེ། ཁྱེད་རྣམས་ཀྱི་ཁྲིད་ཞུ་དགེ་སྦྱོར་བྱེད་པ་འདི་ཕྱི་མ་ཅི་འདྲ་ཞིག་འདོད་པ་ཡིན་བསམ་བློ་ཐོང་། རང་བློས་བཏང་ནས་འཁོར་བ་ཇི་སྲིད་དུ་སེམས་ཅན་གྱི་དོན་བྱེད་པར་སྨོན་ལམ་བཏབ་པ་ནི་མཆོག་ཡིན་ཏེ། སངས་རྒྱས་ནང་ནས་ཤཱཀྱ་ཐུབ་པ་དང་། བྱང་ཆུབ་སེམས་དཔའི་ནང་ནས་རིགས་གསུམ་མགོན་པོ་ཙམ་ལས་མེད་གསུངས། རང་རེ་ཚོས་དེ་ཙམ་ཨེ་འོང་ན། འཁོར་བའི་སྡུག་བསྔལ་འདི་ལ་ཨི་འཇིགས། སྐྱེ་བ་དང་འཆི་བའི་སྡུག་བསྔལ་ལན་དུང་ཕྱུར་མང་པོ་མྱོང་དགོས་པ་ལ་འཚེར་རོམ། སྡུག་བསྔལ་མ་མྱོང་བདེ་སྐྱིད་ཀྱི་ངང་ནས་སངས་རྒྱས་ཐོབ་པ་ནི། བྱང་ཆུབ་སེམས་དཔའ་ལེ་ལོ་ཅན་ཞེས་བྱང་ཆུབ་སེམས་དཔའི་ནང་ནས་ཐ་མ་སྟེ། རྒྱལ་བ་བྱམས་པ་ཡིན་གསུངས། །རིང་རེ་དེ་ཙམ་བྱུང་ན་ཨེ་མི་ཆོག་བསམ། དེ་འོང་བ་ལ་ཕྱི་མ་དག་པའི་ཞིང་ཁམས་ཞིག་ཏུ་སྐྱེ་དགོས་སོ། །པོ་ཊ་ལ་དང་དགའ་ལྡན་དང་། ཟངས་མདོག་དཔལ་རིར་སྐྱེས་ཀྱང་ཕྱིར་མི་ལྟུང་བའི་ངེས་པ་མེད། མངོན་དགའ་ལ་སོགས་དག་པའི་ཞིང་ཁམས་གཞན་རྣམས་སུ་ནི། ས་དང་པོ་ཡན་ཆད་མ་ཐོབ་ཀྱི་བར་དུ་མི་སྐྱེ་གསུངས། སྨོན་ལམ་བཏབ་ཀྱང་མི་རྩེབ་པའི་ས་ལ་


CMR054_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

སྙབ་པའི་དཔེ་ཡིན། བྱང་ཆུབ་སེམས་དཔའ་བསམ་བཞིན་དུ་འགྲོ་བའི་དོན་བྱེད་པ་རྣམས་ནི་འཁོར་བའི་སྡུག་བསྔལ་ལ་མི་སྐག་པ་ཡིན། རང་རེ་རྣམས་འཁོར་བའི་སྡུག་བསྔལ་ལ་སྐྲག་པས། སྡུག་བསྔལ་མི་མྱོང་ཞིང་བདེ་སྐྱིད་ཀྱི་ངང་ནས་སངས་རྒྱས་ཐོབ་པར་འདོད་ན། བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བའི་སྨོན་ལམ་འདེབས་དགོས། །དེར་སྨོན་ལམ་བཏབ་ན། མཚམས་མེད་པ་ལྔ་དང་། ཆོས་སྤངས་པ་མ་གཏོགས་སྐྱེ་བ་ནི། འོད་དཔག་མེད་ཀྱི་སྨོན་ལམ་གྱི་སྟོབས་ཡིན། དེར་སྐྱེས་ན་སྡུག་བསྔལ་ཅུང་ཟད་ཀྱང་མེད་ཅིང་བདེ་སྐྱིད་ཕུན་སུམ་ཚོགས། མངོན་དགའ་ཟངས་མདོག་དཔལ་རི་དགའ་ལྡན་དུ་ཡང་རྫུ་འཕྲུལ་གྱིས་འགྲོ་ནས་ཞལ་མཇལ་ཆོས་ཞུ། མངོན་ཤེས་རྫུ་འཕྲུལ་ཐོགས་པ་མེད་པས། འབྲེལ་ཐོགས་རྣམས་བར་དོ་ནས་འདྲེན་ནུས། བསྐལ་པ་དུང་ཕྱུར་གྲངས་མེད་པར་ན་རྒྱུ་དང་། རྒས་རྒྱུ་འཆི་རྒྱུ་མེད་པས། སངས་རྒྱས་འོད་དཔག་མེད་ཀྱི་ཞལ་ལྟ་ཆོས་ཉན་ནོ། །རང་གི་ལག་མཐིལ་ནས་མཆོད་སྤྲིན་དཔག་ཏུ་མེད་པ་སྤྲུལ་ཏེ་སངས་རྒྱས་ལ་མཆོད་པས། ས་ལམ་གྱི་ཡོན་ཏན་རྫོགས་ནས་སངས་རྒྱ་བ་ཡིན་ཏེ། དེར་སྐྱེ་སླ་བའི་


CMR054_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ནི། ཞེ་ཐག་པ་ནས་ལན་བཅུ་སྨོན་ལམ་བཏབ་ན་སྐྱེ་བར་གསུངས། སྐྱེའམ་མི་སྐྱེ་ཐེ་ཚོམ་བྱ་མི་རུང་། ཐེ་ཚོམ་བྱས་ན་ཞིང་དེར་སྐྱེས་ཏེ་ལོ་ལྔ་བརྒྱར་མེ་ཏོག་པདྨའི་ཁ་མི་བྱེ་་བར། བདེ་སྐྱིད་ལོངས་སྤྱོད་དང་ལྡན་ཞིང་སངས་རྒྱས་ཀྱི་གསུང་ཐོས་ཀྱང་། ཞལ་མཐོང་འཕྱི་བའི་སྐྱོན་ཡོད་པར་བཤད་པས་ཐེ་ཚོམ་མི་བྱེད་པར། དོ་དགོང་ཉལ་ཁར་དེ་རིང་དགེ་སྦྱོར་བྱས་ཚད་ཞིང་དེར་སྐྱེ་ཕྱིར་བསྔོ་དགོས་པས། དེ་ལ་ཤེས་ན་བཟང་སྤྱོད་དང་བདེ་སྨོན་འདོན། མི་ཤེས་ན་ཡང་བདེ་བ་ཅན་དུ་སྐྱེ་བར་ཤོག་ཟེར་བ་དེས་འཐུས། དེ་ལྟར་བྱས་པས་འཆི་དུས་ཐུགས་དམ་ཟིན་རུང་མ་ཟིན་རུང་། འཕོ་བ་ཐེབས་རུང་མ་ཐེབས་རུང་། ཆོས་ཉིད་བར་དོར་ཞི་ཁྲོའི་ལྷ་ཚོགས་ངོས་ཟིན་རུང་མ་ཟིན་རུང་། ཤི་ནས་ཞག་བདུན་གཉིས་ཡོལ་ཙམ་ནས་རང་ཤི་བར་ཡང་ཐག་ཆོད། ད་རུང་གཤིན་རྗེའི་ཕོ་ཉ་ཡང་མ་བསླེབས་པས། ལས་རྒྱུ་འབྲས་ཀྱི་གཤག་རལ་ཡང་མ་བྱུང་། ཟག་བཅས་མངོན་ཤེས་ཀྱིས་ཚེ་སྔ་ཕྱི་བར་གསུམ་ཡང་དྲན། རྫུ་འཕྲུལ་སྣ་ཚོགས་ཡང་སྟོན་ནུས། གར་འགྲོ་རང་དབང་ཆེ་བའི་དུས་ཤིག་འོང་། དེ་དུས་སངས་རྒྱས་འོད་དཔག་མེད་ཡིད་ལ་དྲན་པར་གྱིས་ལ་


CMR054_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཅན་དུ་སོངས་ཤིག །བསམ་པ་ཙམ་གྱིས་ཕྱིན་པར་ཐེ་ཚོམ་མེད་དོ། །ད་རེས་ཆོས་ཞུས་པའི་དོན་དེ་མ་བརྗེད་རེམ་རེམ། དེ་སུས་ཀྱང་ཉམས་སུ་ལོན་ངེས་ཀྱི་ཆོས་གཏམ་དམའུ་ཡིན། བཀའ་མདོ་རྒྱུད་གསར་རྙིང་གཏེར་གསུམ་གྱི་ཆོས་ཀྱི་སྙིང་པོ་ཡིན། འོ་དེ་ལྟར་རྩ་བའི་ཆོས་ཐུན་བཅོ་བརྒྱད་རྒྱབ་ཆོས་ཆོས་ཐུན་བཅུ་གཉིས་ཏེ། །ཟླ་ཁྲིད་གཅིག་ལེགས་པར་གྲུབ་པ་ཡིན་ནོ། །སློབ་དཔོན་པདྨའི་བཀྲ་ཤིས་ཤོག །ཐུགས་རྗེ་ཆེན་པོའི་བཀྲ་ཤིས་ཤོག །དཔའ་བོ་རྒྱ་མཚོའི་བཀྲ་ཤིས་ཤོག །དཔའ་མོ་རྒྱ་མཚོའི་བཀྲ་ཤིས་ཤོག །དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག །དེ་ནས་བསྔོ་བ་རྒྱས་པར་བྱ། བཀྲ་ཤིས་བརྗོད་ལ་ཕྱག་ནས་འཐོར་ལ་ཆོས་ར་གྲོལ་ལོ།། ༈ ཨེ་མ་ཧོ། གསར་རྙིང་མདོ་རྒྱུད་ཀུན་གྱི་དགོངས་པ་འདུས། །གསར་རྙིང་གཏེར་གསུམ་བརྒྱུད་པའི་བྱིན་རླབས་འདུས། །ཕྱག་རྫོགས་དམར་ཁྲིད་ཀུན་གྱི་ཉམས་ལེན་འདུས། །མདོ་རྒྱུད་རྒྱ་མཚོ་ཀུན་གྱི་ལུང་འདྲེན་འདུས། །རིག་འཛིན་གྲུབ་ཐོབ་ཀུན་གྱི་དགོངས་པ་འདུས། །གང་ཟག་མཆོག་དམན་ཀུན་གྱི་ཉམས་ལེན་འདུས། །གྲུབ་མཐའ་ཀུན་འདུས་ཀུན་ལས་ཁྱད་


CMR054_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཕགས། །གསང་སྔགས་ཡིན་ཀྱང་བཀའ་ཡང་ཀུན་ལ་ཕན། །འདི་ནི་སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་མཐུས། །སྙིགས་དུས་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པ། །རཱ་ག་ཨ་སྱས་ལེགས་པར་བསྒྲིགས་པ་ལ། །དགེ་སློང་བརྩོན་འགྲུས་ཞེས་བྱས་ཡི་གེར་བཀོད། །འདི་ལ་འགལ་འཁྲུལ་དྲི་མ་ཅི་མཆིས་པ། །རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ལ་བཤགས། །འདི་བྲིས་དགེ་བས་བདག་དང་བྲིས་མཁན་དང་། །ཁྲིད་ཡིག་འདི་ལ་འབྲེལ་བ་ཐོགས་ཚད་རྣམས། །ཚེ་འདིར་ཚེ་རིང་ནད་མེད་ཉམས་རྟོགས་འཕེལ། །ནམ་ཞིག་དུས་ལ་བབས་ཏེ་འཕོ་བའི་ཚེ། །སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ། །བདེ་བ་ཅན་གྱི་ཞིང་དུ་བརྫུས་སྐྱེས་ནས། །འོད་དཔག་མེད་མགོན་མཆོད་པས་མཉེས་བྱས་ཤིང་། །ལུས་རྟེན་འདི་ལ་མངོན་པར་བྱང་ཆུབ་ཤོག །རྫོགས་སངས་རྒྱས་ནས་ནམ་མཁའ་ཇི་སྲིད་དུ། །སྤྲུལ་པས་ཕྱོགས་བཅུར་འགྲོ་དོན་བྱེད་པ་ལ། །སྤྲུལ་པའི་ཆ་ཤས་རེ་ཡི་ཡོན་ཏན་ཀྱང་། །ཕྱག་རྡོར་བྱེ་བ་ཕྲག་བརྒྱའི་མཐུ་སྟོབས་དང་། །འཇམ་དབྱངས་བྱེ་བ་ཕྲག་བརྒྱའི་མཁྱེན་རབ་དང་། །པད་འབྱུང་བྱེ་བ་ཕྲག་བརྒྱའི་རྫུ་འཕྲུལ་དང་། །ཐུགས་རྗེ་ཆེན་པོ་


CMR054_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བ་ཕྲག་བརྒྱ་ཡི། །འགྲོ་དོན་གཅིག་ཏུ་བསྡུས་པ་ལྟ་བུར་ཤོག །ཁྲིད་འདིའི་ཁྲིད་རྒྱུན་དང་ནི་ལུང་གི་རྒྱུན། །དེ་བཞིན་སྒོམ་སྒྲུབ་ཉམས་དང་རྟོགས་པའི་རྒྱུན། །ཡར་འཕེལ་ཚེ་ལོ་དྲུག་བརྒྱའི་བར་དག་ཏུ། །ནམ་ཡང་ནུབ་མེད་འཕེལ་ཞིང་རྒྱས་གྱུར་ཅིག །མ་མགོན་ལ་སོགས་དམ་ཅན་རྒྱ་མཚོའི་ཚོགས། །དམ་ཆོས་འདི་ཉིད་འཕེལ་ཞིང་རྒྱས་པ་དང་། །འདི་ཉིད་ཉམས་སུ་ལེན་རྣམས་སྲུང་སྐྱོབ་མཛོད། །རྣམ་སྲས་ལ་སོགས་ནོར་ལྷ་རྒྱ་མཚོའི་ཚོགས། །འདི་ཉིད་ཉམས་ལེན་སྒྲུབ་པའི་མཐུན་རྐྱེན་སྦྱོར། །བརྟན་མ་མགུར་ལྷ་དགེ་བསྙེན་གཞི་བདག་ཚོགས། །ཆོས་འདི་འཕེལ་ཞིང་རྒྱས་པའི་སྟོང་གྲོགས་མཛོད། །སྔོན་གྱི་དམ་ལས་མ་འདའ་ས་མ་ཡ། །ཆོས་འདི་འཆད་ཉན་སྒོམ་སྒྲུབ་བྱེད་པ་ལ། །བར་དུ་གཅོད་པའི་དགྲ་བགེགས་ལོག་འདྲེན་དང་། །རང་བཟོའི་བཅོས་སླད་འདྲ་མིན་བྱེད་གྱུར་ན། །འཕྲལ་དུ་བཀའ་ཡི་ཆད་པ་དྲག་པོ་ཆོད། །དམ་ཅན་རྒྱ་མཚོའི་མཐུ་རྩལ་ཡོད་དམ་མེད། །དེ་དུས་ལྟ་བས་དེ་དོན་ཐུགས་ཀྱིས་དགོངས། །ཁྲིད་ཡིག་འདི་ལ་བྱིན་རླབས་ཡོད་དམ་མེད། །གཞུང་ནས་བཤད་ལྟར་ཉམས་སུ་ལོངས་དང་གསལ། །


CMR054_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་མདོ་རྒྱུད་དོན་དང་མཐུན་མི་མཐུན། །གསར་རྙིང་གཏེར་གསུམ་གཟིགས་རྒྱ་ཆེ་བ་དང་། །བསྐྱེད་རྫོགས་ཉམས་ལེན་ཡོད་པ་ཞིག་གིས་གཟིགས། །ཕྱོགས་རིས་ཅན་དང་ཕྱོགས་རེར་མཁས་པ་ཡི། །བཤེས་གཉེན་འགའ་རེས་ཐུགས་ཁྲེལ་འཇོག་སྲིད་ཀྱང་། །གནོང་འགྱོད་མེད་དེ་མདོ་རྒྱུད་དཔང་པོ་ཡོད། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །མངྒ་ལཾ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


CMR054_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

༼ལཾ༽ །ཐུགས་རྗེ་ཆེན་པོ་ཕྱག་རྫོགས་ཟུང་འཇུག་གི་ཁྲིད་ཀྱི་རྒྱབ་ཆོས་ལས་གཏུམ་མོ་བདེ་བའི་བོགས་འདོན་ཁྲོམ་ལ་མི་བཤད་སོ་སོར་གང་ལ་གང་དགོས་སུ་བྱའོ།།


CMR054_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོའི་རྒྱབ་ཆོས། བདེ་བ་ལ་བརྟེན་ནས་བོགས་འདོན་པ་ནི། རྒྱུད་ལས། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་མ་ལ་སོགས་ཡོངས་བསྲེགས་ནས། །ཧཾ་བསྲེགས་ས་ལ་ཟླ་རྒྱུན་འབབས། །ཞེས་གསུངས་པའི་དོན། ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་དང་། སྲོང་བཙན་སྒམ་པོའི་རྩ་རླུང་གི་ཞལ་གདམས། དོན་བསྡུ་ཉམས་སུ་བླངས་བདེ་བ་ནི། རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱི་


CMR054_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

དར་དཀར་གྱི་གུར་ཕུབ་པ་ལྟ་བུ། ནང་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟ་བུ་དེའི་དབུས་སུ་རྩ་དབུ་མ་མཐིང་ཀ་མདའ་སྨྱུག་འབྲིང་པོ་ཙམ་པ། ཡར་སྣེ་སྤྱི་གཙུག་དང་མར་སྣེ་གསང་གནས་སུ་ཟུག་པ། གསང་བའི་སྦྱབ་དང་ཅུང་ཟད་མ་འབྲེལ་བར། གཡས་སུ་རོ་མ་དམར་པོ། གཡོན་དུ་རྐྱང་མ་དཀར་པོ་གཉིས་མདའ་སྨྱུག་ཕྲ་ཤོས་ཙམ། ཡར་སྣེ་ཀླད་རྒྱའི་སྟེང་ནས་ཐུར་དུ་སྣ་བུག་གཉིས་སུ་ཟུག་པ། མར་སྣེ་ལྟེ་འོག་སོར་བཞི་ནས་ཡི་གེ་ཆའི་འཕོང་ལྟར་དབུ་མ་དང་གཅིག་ཏུ་གྱུར་པ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རྩ་འདབ་སུམ་ཅུ་སོ་གཉིས། ཁ་དོག་དཀར་པོ་གྲོ་


CMR054_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

སོག་འབྲིང་པོ་ཙམ་གདུགས་ཕུབ་པ་ལྟ་བུ། དབུས་སུ་ཧཾ་ཡིག་དཀར་པོ་མགོ་ཐུར་བསྟན་ལ་ཡིག་དྲུག་དཀར་པོས་བསྐོར་བ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་འདབ་བཅུ་དྲུག་དམར་པོ་རྩ་སྣེ་ཅུང་ཟད་གྱེན་དུ་ཕྱོགས་པའི་དབུས་སུ། ཨཱཿདམར་པོ་ལ་ཡིག་དྲུག་དམར་པོས་བསྐོར་བ། སྙིང་ཁ་ཆོས་ཀྱི་འཁོར་ལོའི་རྩ་འདབ་བརྒྱད་ཁ་དོག་སྔོན་པོ་གུར་ཕུབ་པ་ལྟ་བུའི་དབུས་སུ་ཧཱུྃ་མཐིང་ནག་ལ་ཡིག་དྲུག་མཐིང་གས་བསྐོར་བ། ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་དྲུག་ཅུ་རྩ་བཞི་ཁ་དོག་སྣ་ཚོགས་རྩ་སྣེ་ཅུང་ཟད་གྱེན་དུ་ཕྱོགས་པ། ལྟེ་བར་ཨོཾ་སྣ་ཚོགས་མདོག་ཅན་ལ་ཡིག་དྲུག་ཁ་དོག་སྣ་ཚོགས་པས་བསྐོར་བ། རྩ་གསུམ་མདོས་མདོར་ཡི་གེ་ཨ་ཡིག་དམར་པོ་ལྕགས་སྲེག་མདོག་ལྟར་རེག་བྱ་ཤིན་ཏུ་ཚ་བ་ཞིག་བསྒོམ། རླུང་སྣ་བུག་གཡས་ནས་རྒྱུ་དུས་ཕོ་རླུང་ཉོན་མོངས་པ་ཡིན་པས་མི་བཟུང་། བཟུང་ན་རླུང་སྐྱོན་འོང་། གཡོན་ནས་རྒྱུ་དུས་མོ་རླུང་ཡེ་ཤེས་ཀྱི་རླུང་ཡིན་པས་བཟུང་། །སྣ་བུག་གཉིས་ཀ་ནས་རྒྱུ་དུས་ཆོས་སྐུའི་རླུང་ཡིན་པས་ངོ་བོ་སྐྱོང་། རླུང་རོ་ཞི་དྭངས་སྙོམས་གསུམ་དུས་གཡས་གཡོན་གཉིས་མཉམ་དུ་དང་ལན་དགུ་བུས། དེ་ནས་དལ་བུས་རྡུབ་


CMR054_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ལྟོ་བར་བཀང་བས། རོ་རྐྱང་གཉིས་ནས་ལྟེ་འོག་གི་ཨ་ཡིག་ལ་ཕོག་པས་མེ་ལ་སྦྱད་པ་བརྒྱབ་པ་ལྟར་མེ་འབར་ཏེ། རྩ་གནས་ཐམས་ཅད་རིམ་གྱིས་གང་། །མཐར་ལུས་ཐམས་ཅད་གང་ཞིང་བ་སྤུའི་བུ་ག་ནས་མེ་ལྕེ་ཕྱིར་འཕྲོས། ལུས་ཀྱི་ཕྱིར་མེ་དཔུང་ཆེན་པོ་འབར། སྡིག་སྒྲིབ་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡེ་ཤེས་ཀྱི་མེས་བསྲེགས། དག་པ་ཡེ་ཤེས་ཀྱི་ལུས་སུ་གྱུར། སྤྱི་བོའི་ཧཾ་ཡིག་ལས་བྱང་སེམས་དཀར་པོའི་རྒྱུན་བབས། སྤྱི་བོ་དང་མགྲིན་པའི་རྩ་གནས་གང་། དགའ་བའི་ཡེ་ཤེས་སྐྱེས། སྙིང་གའི་རྩ་གནས་གང་བས་མཆོག་དགའི་ཡེ་ཤེས་སྐྱེས། ལྟེ་བའི་རྩ་འདབ་གང་བས་དགའ་བྲལ་ཡེ་ཤེས་སྐྱེས། དགའ་བ་ཞེས་པ་ནི་ལུས་ལ་བདེ་བ་སྐྱེས་པ་དེ་ཡིན། །ཡེ་ཤེས་ཞེས་པ་ནི་བདེ་བའི་ངོ་བོ་ལ་བལྟས་པས་སྟོང་པར་མཐོང་བ་དེ་ཡིན། དེ་ནས་བྱང་སེམས་གསང་བའི་རྩར་བབས་པས། དེའི་ངོ་བོ་ལ་མ་བལྟས་ན་ཉོན་མོངས་པ་ལ་ཆགས་པ་རང་ཁ་མ་ཡིན། ངོ་བོ་ལ་བལྟས་པས་བདེ་བ་དང་སྟོང་པ་དབྱེར་མེད་དུ་འདྲེས་པ་དེ་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཡིན། དེ་ནས་གསང་བའི་བུ་ག་ཧཱུྃ་ཞིག་གིས་བགག་པས་ཐིག་


CMR054_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་བཟུང་། ལྕེ་ཡ་རྐན་ལ་སྦྱར་མིག་གྱེན་དུ་ལྡོག །རིག་པ་སྤྱི་བོའི་ཧཾ་ཡིག་ལ་གཏད། ཧྲིང་ཧྲིང་དྲག་ཏུ་བརྗོད། ཐིག་ལེ་ཆུའི་རླབས་ལོག་པ་ལྟར་སྐྱ་ཆི་ལི་ལི་གསང་གནས་ནས་ལྟེ་བར་ཡར་ལོག་པས། མས་བརྟན་གྱི་དགའ་བ་དང་པོ། སྙིང་གར་ལོག་པས་གཉིས་པ། མགྲིན་པར་ལོག་པས་གསུམ་པ། སྤྱི་བོར་ལོག་པས་བཞི་པ། དེ་ནས་ཐིག་ལེ་ཐམས་ཅད་སྤྱི་བོའི་ཧཾ་ཡིག་ལ་ཐིམ་པར་བསྒོམས་ལ་སེམས་ཀ་དག་གི་ངང་ལ་དལ་ཅིག་བཞག །དེ་ནས་སྤྱི་བོའི་ཧཾ་ཡིག་ལ་རིག་པ་གཏད་ནས་ལུས་རྟའི་སྤྲུག་སེལ་འདྲ་བ་ཞིག་བྱས་སྤྱི་བོའི་ཧཾ་ལས་བདུད་རྩི་བྱང་སེམས་དཀར་ལ་དམར་བའི་མདངས་ཆགས་པོ་ཆར་ལྟར་བབས་པས། ལུས་ཐམས་ཅད་ལྡེམས་སེ་གང་བར་བསྒོམས་ལ། ཉམས་ལེན་སེམས་ངོ་བསྐྱང་བས། བདེ་སྟོང་འདྲེས་པའི་ཉམས་བཟང་པོ་འཆར་ཏེ། །ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་ལས། དམ་ཆོས་གཞན་ལས་ཁྱད་པར་འཕགས། །ཚེ་རིང་ནད་མེད་བདེ་བ་ཐོབ། །ཅེས་དང་། སྲོང་བཙན་སྒམ་པོས། ཚེ་རིང་ནད་མེད་བདེ་བ་ཐོབ། །ཆགས་པ་སྤྱད་པས་ཡེ་ཤེས་འབར། །ཉོན་མོངས་ཆགས་པ་ལམ་དུ་སློངས། །


CMR054_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། སཾ་བྷུ་ཊི་ལས། ཆགས་པ་ཡིས་ནི་ཆགས་པ་སྦྱངས། །ཞེས་དང་། བརྟག་གཉིས་ལས། སྐྱེ་བོ་མི་ཟད་པ་ཡི་ལས། །གང་དང་གང་གིས་འཆིང་གྱུར་པ། །ཐབས་དང་ལྡན་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་སྒྲོལ་གྱུར། །ཅེས་དང་། དེ་ཡང་རླུང་བཟུང་བའི་སྐབས་སུ་རྣམ་སྣང་ཆོས་བདུན། མེ་དང་ཐིག་ལེ་བསྒོམ་དུས་མེ་ཐབས་དྲུག་ཆིང་བྱ། གཞན་འཁྲུལ་འཁོར་ཤེས་ཀྱང་ལེགས་ལ་མ་ཤེས་ཀྱང་མི་དགོས་ཏེ། སྲོང་བཙན་སྒམ་པོས་ཀྱང་མ་གསུངས་སོ། །དག་པའི་སྒྱུ་ལུས་བསྐྱེད་རྫོགས་ཟུང་འཇུག་གི་སྒོ་ནས་བོགས་འདོན་པ་ནི། སྤྱན་རས་གཟིགས་ཀྱི་རྡོ་རྗེའི་ཚིག་རྐང་ལས། ཆོས་ཀུན་སྒྱུ་མའི་དཔེ་འདྲར་ལྟ། །རླུང་སེམས་འདྲེས་མར་རང་སྣང་བའི། །སྒྱུ་མ་ལྷ་སྐུར་བསྒོམ་པར་བྱ། །ཞེས་དང་། ལྷ་མོ་བཞིས་ཞུས་པ་ལས། ནགས་ཁྲོད་གཅིག་པུར་གནས་བཅས་ནས། །ཆོས་རྣམས་སྒྱུ་མར་ཉམས་བླངས་པས། །རྨི་ལམ་སྣ་ཚོགས་རྨི་ལམ་ཤེས། །བཟོད་པ་ལ་གནས་ངན་སོང་བྲལ། །ཅེས་དང་། དམ་ཚིག་གསུམ་བཀོད་པ་ལས། ཉིན་པར་སྣང་སྟོང་སྒྱུ་མ་དང་། །མཚན་མོ་རྨི་ལམ་ལྷ་


CMR054_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་སྐུ། །རང་ཤར་དེ་ལས་མ་གཡོས་ཚེ། །དེ་ནི་རྒྱལ་བ་ལོངས་སྤྱོད་རྫོགས། །སྐད་ཅིག་བར་དེར་མྱ་ངན་འདས། །རྒྱུན་ལ་གནས་ན་སྨོས་ཅི་དགོས། །སྒྱུ་མ་འོད་གསལ་དེ་བཞིན་ནོ། །ཞེས་དང་། སྤྱིར་སྣང་སྲིད་འཁོར་འདས་ཀུན་རྫོབ་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མི་རྟག་པ་མི་བརྟན་པ་སྒྱུ་མ་རྨི་ལམ་ལྟ་བུ་ཡིན་ཏེ། དེའི་དོན་བསྒོམ་པའི་ཚུལ་ཡང་འཁོར་འདས་ཀྱི་ཆོས་འདི་དག་ཐམས་ཅད་སྟེང་འོག་ཕྱོགས་མཚམས་གང་ནས་བྱུང་གང་དུ་འགྲོ་སྙམ་དུ་བརྟགས་ཤིང་དཔྱད་པ་ན་གང་ནས་ཀྱང་མ་བྱུང་གང་དུ་ཡང་མི་འགྲོ་གང་དུ་ཡང་གནས་པ་མེད་དེ། སེམས་དག་མ་དག་གི་སྣང་བ་ཙམ་མོ། །དཔེར་ན་སྒྱུ་མ་དང་རྨི་ལམ། སྤྲུལ་པ་དང་དྲི་ཟའི་གྲོང་ཁྱེར་ལྟ་བུར་སྣང་ཙམ་ལས་རང་བཞིན་གྲུབ་པ་མེད་པ་ཤེས་པར་བྱའོ། །ཞེས་མི་ཏྲ་ཛཱ་ཀིས་གསུངས་ཏེ། བཅོམ་ལྡན་འདས་ཐུབ་པ་ཆེན་པོས། ཆོས་ཐམས་ཅད་སྒྱུ་མའི་དཔེ་བཅུ་གསུངས་ཏེ། འདུས་བྱས་ཀྱི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ། སྨིག་སྒྱུ་ལྟ་བུ། རྨི་ལམ་ལྟ་བུ། གཟུགས་བརྙན་ལྟ་བུ། དྲི་ཟའི་གྲོང་ཁྱེར་ལྟ་བུ། བྲག་ཆ་ལྟ་བུ། ཆུ་ཟླ་ལྟ་བུ། ཆུ་བུར་ལྟ་བུ། མིག་ཡོར་ལྟ་བུ། སྤྲུལ་པ་ལྟ་


CMR054_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཡིན་ཏེ། བདེན་པར་གྲུབ་པ་མེད་བསམ་པ་ཐུན་མཚམས་ཐམས་ཅད་དུ་བྱ། ཐུན་དངོས་གཞི་ལ། དག་པའི་སྒྱུ་ལུས་སྦྱངས་བ་ནི། སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོར་བསྒོམ། སྒྲ་གྲག་པ་ཐམས་ཅད་ཡི་གེ་དྲུག་པའི་སྒྲ་དི་རི་རི་གྲག་པར་བསྒོམས་ལ། ལྷ་འདི་དག་ནི་གང་ནས་ཀྱང་མ་བྱུང་། གང་དུ་ཡང་མི་འགྲོ། གང་དུ་ཡང་མི་གནས། རང་རང་གི་སེམས་སྣང་ཙམ་དུ་རྨི་ལམ་སྒྱུ་མ་ཡིན་སྙམ་དུ་བསྒོམས་ལ་སྤྲོས་བྲལ་དུ་བཞག་གོ་དེ་ཡང་ལས་དང་པོ་པའི་སྐབས་སུ་རང་ཉིད་ཐུགས་རྗེ་ཆེན་པོར་སྒོམ་པ་དེ་ཡང་། རྣམ་པ་གསལ་བ་ནམ་མཁའི་འཇའ་ཚོན་ལྟ་བུ། སྣང་ལ་རང་བཞིན་མ་གྲུབ་པ་ཆུ་ནང་གི་ཟླ་བ་ལྟ་བུ། རྒྱན་ཆ་ལུགས་གསལ་ལ་དོད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ། ང་རྒྱལ་བརྟན་པ་ནི་རང་ཉིད་ལྷ་དངོས་ཡིན་བསམ་པའི་ང་རྒྱལ་དྲག་པོར་བསྒོམ། རང་དེ་ལྟར་སྒོམ་པ་ལྷར་གཟུགས་སུ་སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུ་ཆེ་ཕྲ་སྣ་ཚོགས་པ། སྒྲ་རུ་གྲག་པ་ཐམས་ཅད་ཡི་གེ་དྲུག་པའི་སྒྲ་གྲག་སྟོང་བྲག་ཆ་ལྟ་བུ། དེ་ཐམས་ཅད་ཀྱང་བདེན་གྲུབ་ཨ་འཐས་མ་ཡིན་པར། རང་གི་སེམས་ཀྱི་སྣང་བ་སྒྱུ་མ་རྨི་


CMR054_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཙམ་དུ་བསྒོམ། སྐབས་སུ་དེ་ལྟར་སྒོམ་མཁན་གྱི་སེམས་ཀྱི་ངོ་བོ་ལ་བལྟས་པས། ཅིའི་ངོ་བོར་ཡང་མ་གྲུབ་པ་སྟོང་པ་ཉིད་ཀྱི་ངང་དུ་ཅི་གནས་སུ་བཞག །དེ་གཉིས་རེས་མོས་སུ་བསྒོམ། རྟོགས་པ་ཅུང་ཞིག་གོམས་ནས་འགྱུ་བས་སྒོམ་ལ་མི་གནོད་པའི་དུས་ན། ཉམས་ལེན་སེམས་ངོ་སྐྱོང་བའི་གཤིས་མ་ཤོར་བའི་ངང་ནས། རང་ལུས་ལྷའི་སྐུ་གསལ་སྟོང་འཇའ་ཚོན་ལྟ་བུར་བསྒོམ་སྟེ། འཇའ་ཁ་དོག་ལྔ་གསལ་ཡང་ནམ་མཁའ་སྟོང་པ་ལ་མ་བསྒྲིབས་པ་ལྟར། ལྷའི་སྐུ་རྒྱན་ཆ་ལུགས་གསལ་བར་བསྒོམས་ཀྱང་། སེམས་ངོ་ཉམས་ལེན་སྟོང་པའི་གཤིས་དེ་མ་བསྒྲིབས་པ་ལྟར། ཉམས་ལེན་སེམས་ངོ་སྟོང་པའི་གཤིས་དེས། ལྷའི་སྐུ་མདོག་ཕྱག་མཚན་གསལ་བར་མ་བསྒྲིབས་ཏེ། ནམ་མཁའ་སྟོང་པ་ལ་འཇས་མི་སྒྲིབ་པ་ལྟ་བུར་བསྒོམ། དེ་ནི་བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་གྱི་གཙོ་བོ་ཡིན་ཏེ། སྒྱུ་ལུས་ལམ་གྱི་གཞུང་ཤིང་ཞེས་གྲགས། དེ་ལྟ་བུ་སྒོམ་ཐུབ་པའི་ཚེ། །སྟོང་གསུམ་འཇིག་རྟེན་གྱི་ཁམས་གླིང་བཞི་བྱེ་བ་ཕྲག་བརྒྱ་ན། རང་ཉིད་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་པ་བྱེ་བ་ཕྲག་བརྒྱ་སྐད་ཅིག་ལ་བསྒོམ། དེ་ལས་ཀྱང་རྒྱ་ཆེ་བ་གང་གཱའི་


CMR054_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུང་གི་བྱེ་མ་སྙེད་ཀྱི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ན་ཡང་དེ་ལྟར་དུ་བསྒོམ། དེ་ཐམས་ཅད་ཀྱི་ཞལ་ནས་ཡི་གེ་དྲུག་པ་གསུངས་པས། ནམ་མཁས་ཁྱབ་ཚད་ཀྱི་གཟུགས་ཅན་གཟུགས་མེད་ཀྱི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོ་འགྲོ་འདུལ་གྱི་སྐུ་ཤ་སྟག་ཏུ་གྱུར་ཏེ། འབྲུག་སྟོང་དུས་གཅིག་ལ་གྲག་པ་བཞིན་ཡི་གེ་དྲུག་པ་འུར་དི་རི་རི་འདོན་པར་བསྒོམ། དེ་ཐམས་ཅད་ཀྱང་གདོས་བཅས་ཨ་འཐས་མ་ཡིན་པར། སྒྱུ་མ་རྨི་ལམ་ལྟ་བུར་བསྐྱེད་རྫོགས་ཟུང་འཇུག་གི་ངང་ནས་བསྒོམ་སྟེ། དམིགས་པ་དེ་བསྡུ་ཡང་མི་དགོས་པ་འཁོར་བ་དོང་སྤྲུགས་ཀྱི་མན་ངག་ཡིན། སྲོང་བཙན་སྒམ་པོའི་ཐུགས་དམ་ཨོ་རྒྱན་གྱི་གསུང་། དེ་ལྟར་ཡིག་དྲུག་བརྒྱ་རྩ་བརྒྱད་བཟླས་པས་ཀྱང་ཐུགས་རྗེ་ཆེན་པོ་འགྲུབ་གསུངས། དེ་ལྟར་བསྐྱེད་རྫོགས་ཟུང་འཇུག་གི་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་དངོས་ཡིན་ཏེ། བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པ་ཡི་ནི་རིམ་པ་གཉིས། །རིམ་གཉིས་མཉམ་པར་གང་བཞག་པ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་སོ། །མི་རྟོག་པ་ལ་བརྟེན་ནས་བོགས་འདོན་པ་ནི། གཏི་མུག་ལམ་ཁྱེར་རྨི་ལམ་།


CMR054_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བ་དང་། འོད་གསལ་འཛིན་པ་གཉིས་ཏེ། ཐེག་པ་ཐུན་མོང་གི་ལུགས་ལ་གཉིད་ནི་དགེ་བའི་ཆོམ་པོ་ཡིན་པས་སྤངས་ཅི་ཐུབ་དགོས་ཀྱང་། གསང་སྔགས་བླ་མེད་ལུགས་ལ་མི་སྤངས་ལམ་དུ་ཁྱེར་ཏེ། རྡོ་རྗེ་གུར་ལས། གཉིད་ནི་སྤང་བར་མི་བྱ་སྟེ། །དབང་པོ་རྣམས་ནི་མི་དགགས་སོ། །ཞེས་དང་། གཉིད་ལོག་སད་པར་མི་བྱེད་པ། །རྟག་ཏུ་རྨི་ལམ་འདྲ་བར་འགྱུར། །ཞེས་དང་། རིག་འཛིན་རྒྱ་མཚོའི་རྒྱུད་ཕྱི་མ་ལས། རྨི་ལམ་ནུབ་གཅིག་ཟིན་གྱུར་ན། །རྣལ་འབྱོར་ཟླ་ཕྱེད་བར་དུ་བདེ། །ལྷ་ཀླུ་དྲི་ཟས་མཆོད་ཅིང་བསྟོད། །དཔའ་བོ་མཁའ་འགྲོ་དངོས་སུ་འདུ། །ངན་སོང་མཚོ་ལས་སྒྲོལ་བའི་གྲུ། །ཞེས་དང་། སྤྱན་རས་གཟིགས་ཀྱི་རྡོ་རྗེའི་ཚིག་རྐང་ལས། རྨི་ལམ་འཛིན་དང་སྤྲུལ་བསྒྱུར་སྤེལ། །གཏན་ཕབ་བགེགས་འདུལ་ཞིང་སྦྱང་ཞིང་། །རྨི་ལམ་ལོངས་སྤྱོད་རྫོགས་སྐུར་བསླབ། །ཅེས་དང་། མི་ཏྲའི་དམར་ཁྲིད་ལས། ཕྱི་རོལ་གྱི་སྣང་བ་འདི་དག་རྨི་ལམ་གྱི་སྣང་བ་ཡིན། ལུས་འདི་ཡང་རྨི་ལམ་གྱི་ལུས་ཡིན། རྨི་ལམ་གྱི་ཡུལ་དུ་ལུས་ལ་བདེན་པ་མེད། ཇི་ལྟར་སྤྲུལ་ཞིང་བསྒྱུར་ཡང་རུང་སྙམ་དུ་བསམ་ལ་སྤྲུལ་བསྒྱུར་


CMR054_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། ཉལ་དུས་སེང་གེའི་ཉལ་སྟབས་བྱས་ལ། བླ་མ་སྤྱི་བོར་བསྒོམས་ལ་ཏིང་ངེ་འཛིན་གྱི་དབང་བསྐུར་ཞུ། རྨི་ལམ་ཟིན་པར་གསོལ་བ་བཏབ། དེ་ནས་རང་གི་མགྲིན་པར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཐིག་ལེ་དམར་པོ་འོད་ཟེར་དང་བཅས་པ་ལ་སེམས་བཟུང་ལ་གཉིད་ལོག་པས་ཟིན་ནོ། །གསུང་ཡིག་འབྲུ་ལ་བརྟེན་ནས་སེམས་འཛིན་པ་ནི། མགྲིན་པར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧཱི༔དམར་པོ་འོད་ཟེར་དང་བཅས་པ་ལ་དམིགས་པ་གཏད་ན་ཟིན་པར་འགྱུར་རོ། །སྐུ་ལ་བརྟེན་ནས་རྨི་ལམ་འཛིན་པ་ནི། མགྲིན་པར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཐུགས་རྗེ་ཆེན་པོ་ཚོན་གང་བ་འོད་ཟེར་དང་བཅས་པ་ལ་དམིགས་པ་གཏད་ནས་འཛིན་པ་ཡིན་ནོ། །རྨི་ལམ་རྨི་ལམ་དུ་ངོ་ཤེས་པ་ནི་ཟིན་པ་ཡིན་ཏེ། ཉིན་པར་གྱི་ཉམས་ལེན་སྐྱོང་། རང་ཉིད་ཐུགས་རྗེ་ཆེན་པོ་དུང་ཕྱུར་དུ་སྤྲུལ་ནས་ཡིག་དྲུག་འདོན། བྱ་རྒོད་དུ་སྤྲུལ་ནས་གནས་མཇལ་བ་སོགས་བྱ། ཞིང་སྦྱོང་བ་ནི། ཁྱུང་ལ་སོགས་སུ་སྤྲུལ་ནས་བདེ་བ་ཅན། མངོན་དགའ། བེེཌཱུརྨ་སྣང་བ་དང་། དགའ་ལྡན་


CMR054_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པར་འགྲོ་ཞིང་། ཞིང་ཁམས་དེ་དག་རྣམས་ན་བཞུགས་པའི་སངས་རྒྱས་རྣམས་ལ་མཆོད་པ་དུ་མ་སྤྲུལ་ནས་མཆོད་པ་དང་། ཆོས་ཞུ་བ་དང་། དེ་བཞིན་དུ་རང་གིས་ཀྱང་སངས་རྒྱས་ཀྱི་ཞིང་དུ་མར་སྤྲུལ་ནས་མཆོད་པ་དཔག་ཏུ་མེད་པར་སྤྲུལ་ཞིང་མཆོད་པ་དང་། ཆོས་ཉན་པར་བྱའོ། །བགེགས་འདུལ་བ་ནི། གདོན་རྒྱལ་པོ་ལྟ་བུ་ལ་རྟ་མགྲིན་དུ་སྤྲུལ་ནས་འདུལ། ཀླུ་ལ་ཁྱུང་དུ་སྤྲུལ་ནས་འདུལ། མ་མོ་ལ་ཕྱག་རྡོར་དུ་སྤྲུལ་ནས་འདུལ། ལྷ་འདྲེ་སྤྱི་ལ་འཇིགས་བྱེད་དུ་སྤྲུལ་ནས་འདུལ། གདོན་ཆུར་སྤྲུལ་ན། རང་ཉིད་མེ་སྟོང་དུ་སྤྲུལ་ནས་བསྐམ་པ་དང་། གདོན་མེར་སྤྲུལ་ན་རང་ཉིད་ཆུར་སྤྲུལ་ནས་བསད་པ་དང་། གདོན་བྱ་རྒོད་ལ་སོགས་པར་སྤྲུལ་ན། རང་བྱ་ཁྱུང་དུ་སྤྲུལ་ནས་འདུལ། །རུ་སྤྲུལ་ན་རང་གླག་ཏུ་སྤྲུལ་ནས་འདུལ། དེ་བཞིན་དུ་ཁྱི་ལ་སྟག་དང་བྱིའུ་ལ་ཁྲ་དང་། རི་དྭགས་ལ་གཅན་གཟན་དང་། གཅན་གཟན་ལ་སེང་གེ་དང་། སེང་གེ་ལ་གས་པ་གང་གི་གཉེན་པོར་གང་འགྲོ་བ་དེར་སྤྲུལ་ནས་འདུལ་ཞིང་སྲོག་སྔགས་འབུལ་དུ་འཇུག །མཐར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་ཞིང་སྟོང་པ་ཉིད་ཀྱི་


CMR054_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ལ་འཇོག་པའོ། །རིན་ཆེན་རྒྱ་མཚོའི་རྒྱུད་ལས། བླ་མའི་བྱིན་རླབས་འོད་གསལ་ནི། །ཐོ་རངས་ཚེ་འམ་དུས་གཞན་དུ། །གསལ་སྟོང་བདེ་ཆེན་དབྱེར་མེད་པའི། །འཆར་སྒོ་བླ་མའི་ཞལ་ལས་ཤེས། །ཞེས་དང་། ཐོག་མར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། །དེའི་ཆེད་དུ་འོད་གསལ་གཏི་མུག་རང་གྲོལ་བསྒོམ་པར་བྱ་སྙམ་དུ་སེམས་བསྐྱེད། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གཏི་མུག་འོད་གསལ་དུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། འོད་གསལ་ཟིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་ལ། མགོ་བྱང་དུ་གཏད་ལ་སེང་གེ་ཉལ་སྟབས་སུ་ཉལ། རླུང་ཅུང་ཟད་བཟུང་ལ་མགྲིན་པ་བཀུག །མིག་གྱེན་ལ་ཧྲིག་གེར་བལྟ། སྙིང་ཁར་ཐིག་ལེ་དཀར་པོ་འོད་ཀྱི་རྣམ་པ་ཅན་ཅིག་ཡེ་རེ་གསལ་བ་ལ་དམིགས་པ་གཏད་དེ། རིག་པ་གསལ་ཡེ་རེ་བ་འོད་གསལ་གྱི་ངང་ལ་གཉིད་དུ་སོང་བ་དང་། རྨི་ལམ་དུ་སེམས་འོད་གསལ་ནམ་མཁའ་དྭངས་བའི་དཀྱིལ་ལྟ་བུ་གསལ་སྟོང་བློ་བྲལ་དུ་འཆར་རོ། །ཐུགས་རྗེ་ཆེན་པོ་མི་ཏྲའི་ཁྲིད་


CMR054_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ལས། རང་ཐུགས་རྗེ་ཆེན་པོ་ཕྱི་གསལ་ནང་གསལ་དུ་བསྒོམས་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧྲིདཀར་པོ་ཚེག་དྲག་དང་བཅས་པ་ལས་འོད་ཟེར་ཉི་མ་འབུམ་ལས་ལྷག་པ་འཕྲོས་པས། ལུས་ཀྱི་ཕྱི་ནང་གླིང་བཞི་སྟོང་གསུམ་ཐམས་ཅད་ཕྱི་གསལ་ནང་གསལ་དུ་གྱུར་པ་ལ་དམིགས་པ་བཟུང་ནས་གཉིད་ལོག་པས་འོད་གསལ་ཟིན་པར་འགྱུར་རོ། །དོན་ལ་གཉིད་ལ་སོང་རྨི་ལམ་མ་རྨིས་པའི་བར་དེར་ཉམས་ལེན་སེམས་ངོ་ཟིན་པ་ནི་གཉིད་ཀྱི་འོད་གསོལ་ཟིན། རྨི་ལམ་རྨི་ལམ་དུ་ངོ་ཤེས་ནས་ཉམས་ལེན་སེམས་ངོ་ཟིན་པ་ནི་རྨི་ལམ་གྱི་འོད་གསལ་ཡིན། ཐུགས་རྗེ་ཆེན་པོའི་ཚེམ་བུ་དམར་ཁྲིད་དང་། ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཟླ་བ་རྒྱལ་མཚན་གྱི་ལུགས་གཉིས་ཀ་ལས། གདམས་ངག་འདི་ཡོད་ན། །གཉིད་ཐུན་ཆེ་ན་སྒོམ་ཐུན་ཆེ། གཉིད་ཐུན་མང་ན་སྒོམ་ཐུན་མང་། མི་ཚེའི་ཕྱེད་དགེ་སྦྱོར་དུ་བསྒྱུར་བའི་གདམས་ངག་ཡིན་གསུངས། ཐུགས་རྗེ་ཆེན་པོ་གསང་འདུས་དམར་ཁྲིད་ལས་། ཁྱད་པར་དུ་གཉིད་ལོག་ཁར་རྟོག་པ་གཞན་གྱིས་བར་མ་ཆོད་པའི་ངང་ལ་ཉལ་ལོ། །དེ་ལྟར་བསྐྱངས་པས་ཉིན་མཚན་འཁོར་ཡུག་ཏུ་འགྲོ་སྟེ། རྣལ་འབྱོར་པ་རབ་གོམས་


CMR054_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོར་གྱུར་པ་རྣམས་ལ་ནི་བར་དོ་མེད་དོ། །རང་བཞིན་དང་པོ་འོད་གསལ་གྱི་བར་དོ་ལ་འོད་གསལ་བདེ་བ་ཆེན་པོ་མ་བུ་འཕྲད་དེ། འཁྲུལ་པས་བར་མི་ཆོད་དེ་སངས་རྒྱ་བ་ལ་ཐེ་ཚོམ་ཡོད་པ་མ་ཡིན་ཏེ། དཔེར་ན་ཚེས་བཅོ་ལྔའི་ཟླ་བ་རྒས་པ་དང་ཉི་མ་ཤར་བ་དུས་མཉམ་སྟེ། མ་རིག་པའི་མུན་པས་བར་མ་ཆོད་པའོ། །འབྲིང་ཡེང་གོམས་པ་མཐའ་བལྟས་པ་རྨི་ལམ་དུ་སྐྱོང་ཐུབ་པ་ཙམ་ནི་ཆོས་ཉིད་བར་དོ་ལ་རང་ངོ་ཤེས་བདེན་པ་མཐོང་ནས་འཚང་རྒྱ་བར་ངེས་སོ། །ཐ་མ་རྨི་ལམ་ཟིན་པ་ཙམ་དང་། རྨི་ལམ་དུ་གནས་ལུགས་ཀྱི་ངོ་བོ་ཅུང་ཟད་སྐྱོང་ཐུབ་པ་ཡང་སྲིད་པ་བར་དོར་རང་སྣང་ངོ་ཤེས་འཁྲུལ་པ་སེམས་སུ་ཤེས་པས་ལོངས་སྐུའི་ཞིང་དུ་འཕོ་བ་ཡིན་ནོ། །ཡང་ཐ་ན་རྨི་ལམ་ཟིན་པ་དང་། སྒོམ་དྲན་པས་ཅུང་ཟད་ཟིན་པས་ཀྱང་ལས་བཟང་གི་འཕྲོ་འཐུད་ནས་ཆོས་ལྡན་གྱི་སྐྱེ་བ་ཁྱད་པར་ཅན་བརྒྱུད་ནས་སྐྱེ་མེད་ལ་གྲོལ་བར་འགྱུར་རོ། །ཞེས་གསུངས་སོ། །ཐུགས་རྗེ་ཆེན་པོ་མི་ཏྲའི་དམར་ཁྲིད་ཀྱི་སྒྱུ་ལུས་དང་རྨི་ལམ་འོད་གསལ་སོགས་ཀྱི་སྔོན་འགྲོ་ཡང་ཡིན་ལ་ཚོགས་བསགས་པ་དང་། ཉམས་ཆག་བསྐང་བ་དང་། ནད་དང་གདོན་གྱི་


CMR054_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

གེགས་སེལ། བདག་འཛིན་གྱི་རྩ་བ་གཅོད་པའི་ཐབས། ཀུ་སཱ་ལུའི་ཚོགས་གསོག་ཡིན་ཏེ། སྤྱན་རས་གཟིགས་ཀྱི་རྡོ་རྗེའི་ཚིག་རྐང་ལས། སྒྱུ་ལུས་ཚོགས་སུ་འབུལ་བྱ་ཞིང་། །ཞེས་དང་། ཨུ་རྒྱན་རིན་པོ་ཆེ་དང་མར་པ་ལོ་ཙཱའི་གསུངས་ལས་ཀྱང་། ལྷ་འདྲེ་དབང་དུ་འདུ། བར་ཆད་དངོས་གྲུབ་ཏུ་འགྱུར། བཀའ་སྲུང་གི་འཁུ་ལྡོག་ཞི་བ་སོགས་ཕན་ཡོན་དགུ་གསུངས། བཀའ་བརྒྱད་བདེ་གཤེགས་འདུས་ཆེན་ནས་གསང་བའི་གཏོར་ཟློག་ཀྱང་ཡིན་གསུངས། མ་གཅིག་གི་ཞལ་ནས། སྲུངས་ཤིག་སྐྱོབས་ཤིག་བརྒྱ་བས་ཀྱང་། །ཟོ་ཞིག་ཁྱེར་ཅིག་གཅིག་གིས་དགའ། །འདི་ལ་རིགས་མི་གཅིག་པ་མང་དུ་ཡོད་ཀྱང་། གྲུབ་ཆེན་མི་ཏྲའི་སྙན་བརྒྱུད་ན། རང་གི་སྤྱི་གཙུག་ནམ་མཁར་ཡེ་ཤེས་ཀྱི་མཁའ་འགྲོ་མ་དཀར་མོ་གཡས་གྲི་གུག །གཡོན་ཐོད་ཁྲག་འཛིན་པ་གར་སྟབས་ཀྱིས་བཞུགས་པ་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ་ཞིག་བསྒོམས་ལ། རང་གི་རྣམ་པར་ཤེས་པའི་ངོ་བོ་ཨཱདཀར་པོ་ཞིག་ཏུ་གྱུར་ནས་གསང་གནས་སུ་གནས་པ་དེ་སྤྱི་བོའི་ཚངས་བུག་ནས་སྐར་མདའ་འཕང་བ་ལྟར་ཐོན་ནས་ལྷ་མོའི་ཐུགས་ཀར་ཐིམ་པར་བསྒོམ།


CMR054_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རང་ཉིད་ཡེ་ཤེས་ཀྱི་མཁའ་འགྲོ་མར་གྱུར་པ་དེས་མདུན་དུ་ཐོད་པའི་སྒྱེད་པུ་གསུམ་སྤྲུལ་པའི་སྟེང་དུ་རང་གི་མགོ་བོ་སྨིན་མཚམས་ནས་བཅད་པའི་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ་སྟོང་གསུམ་གྱི་ཚད་ཙམ་དུ་གསལ་བའི་ནང་དུ་རང་གི་ཤ་ཁྲག་དུམ་བུར་གཏུབ་ནས་བླུག་པའི་འོག་ནས་མེ་སྦར་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་ཤ་ཁྲག་ཐམས་ཅད་བདུད་རྩིར་དཀར་མེར་གྱིས་ཞུ་ནས། ཡང་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས། རང་གི་ཐུགས་ཀར་ཧྲཱིཿབསམ། དེ་ནས་འོད་ཟེར་ཞགས་པ་དང་ལྕགས་ཀྱུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་རྩ་བརྒྱུད་ཀྱི་བླ་མ། རྒྱུད་སྡེ་བཞིའི་ལྷ་ཚོགས་སངས་རྒྱས་ཆོས་དགེ་འདུན་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་དང་། །འགྲོ་བ་རིགས་དྲུག་གི་གནས་ཐམས་ཅད་ལ་ཕོག་པས་ཐམས་ཅད་ཐུགས་རྗེ་ཆེན་པོར་གྱུར་པའི་ཐུགས་ཀ་ནས་འོད་ཟེར་གྱིས་བཀུག་སྟེ་རང་གི་མདུན་དུ་བཞུགས་པའི་ཞལ་དུ་བདུད་རྩི་དཀར་སིབ་སིབ་དྲངས་བས་ལུས་ཐམས་ཅད་ཟག་མེད་ཀྱི་བདེ་བས་གང་བར་བསམས་ནས། རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ


CMR054_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧཱུྃ། སངས་རྒྱས་དཀོན་མཆོག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། དམ་ཆོས་དཀོན་མཆོག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། དགེ་འདུན་དཀོན་མཆོག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། བྱང་སེམས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞི་བདག་གནས་བདག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། འགྲོ་བ་རིགས་དྲུག་གི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་བརྗོད་པས་ཐམས་ཅད་ཚིམ་པར་བསམ་ཞིང་དེ་དག་ཐམས་ཅད་སྤྱན་རས་གཟིགས་ཀྱི་སྐུ་དང་སྒྲོལ་མར་གྱུར་ནས་ཡི་གེ་དྲུག་པའི་སྒྲ་དི་རི་རི་འདོན་པར་བསྒོམ་པ། འདི་དག་ཐམས་ཅད་ཀྱང་སྒྱུ་མ་ཡིན་རྨི་ལམ་ཡིན་སྙམ་དུ་བསྒོམ་ཞིང་དེ་ཉིད་རང་གི་བློས་བཀོད་པ་མ་གཏོགས་པ་ལོགས་སུ་གྲུབ་པ་མེད། །བདེན་མེད་ཀྱི་ངང་ལ་ཉམས་སུ་བླང་བར་བྱའོ། །ཡང་གོང་ལྟར་བེམ་རིག་ཕྲལ་ཏེ་རང་མཁའ་འགྲོ་མར་གསལ་བས། ཕྱག་གཡས་གྲི་གུག་ཚད་ཙམ་བྱས་པས་པགས་པ་དབང་ཆེན་གསེར་གྱི་ས་གཞི། བེམ་པོ་གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱ། ཤ་ཁྲག་དོན་སྙིང་ནང་ཁྲོལ་ཐམས་ཅད་ཚེའི་བུམ་པ་འཆི་མེད་བདུད་རྩིས་བཀང་བ་དང་། དངུལ་ཆུ་གྲུབ་པའི་རྫ་ས་


CMR054_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཆི་མེད་གྲུབ་པའི་ཚེ་རིལ་དང་ཚེ་ཆུ། ཚེའི་རིག་པ་གྲུབ་པའི་ཚེ་ཟས་གསེར་ལྷད་མེད། སྒྲ་མི་སྙན་གྱི་ཚེ་ཆུ་ཚེའི་རིག་འཛིན་དྲང་སྲོང་ལྷ་མོ་དཔག་ཏུ་མེད་པ། །ཚེ་གཏོར་ཚེ་མདའ་ལ་སོགས་པས་འཇིག་རྟེན་གང་བར་དམིགས་ལ། རང་གི་གས་ཀའི་ཧྲིལས་འོད་ཟེར་འཕྲོས་པས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཚེ་དཔག་མེད་ཀྱི་སྐུར་གྱུར་པར་སྤྱན་དྲངས་ནམ་མཁའ་གང་བར་བཞུགས་པ་ལ་ཕུལ། བདུད་རྩི་རྣམས་ཀྱང་གསོལ་བར་བསྒོམས་པས། ཚེའི་བར་ཆད་བཟློག་པར་འགྱུར་ཏེ། གྲུབ་ཆེན་ནག་པོ་པའི་ཞལ་ནས། རང་ལུས་ཐ་མལ་པའི་ཕུང་པོ་འདི། །ཚེ་རྫས་རིག་འཛིན་དྲང་སྲོང་སོགས། །དམིགས་ནས་དཀོན་མཆོག་ཚེ་དཔག་མེད། །གསལ་བའི་སྤྱན་སྔར་ཕུལ་བས་ན། །ཚེ་ཉམས་བར་ཆད་བཟློག་པར་འགྱུར། །ཞེས་གསུངས་སོ། །ཡང་གོང་ལྟར་ལས། རང་གི་ཕུང་པོ་དེ་རྒྱལ་སྲིད་སྣ་བདུན། བཀྲ་ཤིས་པའི་རྟགས་བརྒྱད། ནོར་བུ་ཆ་བདུན། རིན་པོ་ཆེ་སྣ་ཚོགས། འབྲུ་སྣ་ཚོགས། ཟས་སྣ་ཚོགས། གོས་སྣ་ཚོགས། རྟ་དྲེལ་ནོར་ཕྱུགས་སོགས། ལྷ་མིའི་ལོངས་སྤྱོད་དཔག་ཏུ་མེད་པར་དམིགས་ནས། །


CMR054_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཐུགས་ཀའི་འོད་ཟེར་གྱིས། རྩ་བརྒྱུད་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད། །ཛམ་བྷ་ལྷ་རིགས་ལྔ། རྣམ་སྲས་སེར་ལྗང་དམར་གསུམ། ནོར་རྒྱུན་མ་མཆེད་ལྔའི་སྐུར་གྱུར་པས་སྤྱན་དྲངས་ཏེ་ནམ་མཁའ་གང་བར་བཞུགས་པ་ལ་ཕུལ་བས། ཟས་ཀྱི་རིགས་རྣམས་གསོལ། གོས་ཀྱི་རིགས་རྣམས་མནབ། ལོངས་སྤྱོད་ཐམས་ཅད་བཞེས་པར་བསྒོམས་པས། ཆོས་བསྒྲུབ་པའི་མཐུན་རྐྱེན་དཀོན་པའི་གེགས་སེལ། ནོར་སྒྲུབ་ཀྱི་མཆོག་ཏུ་འགྱུར་ཏེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། མཚོ་རྒྱལ་རང་དབུལ་ཕོངས་བསྒྲེས་སྐོམ་དང་ལྡན་པ་ནི་རང་ལུས་གང་འདོད་པའི་ལོངས་སྤྱོད་དུ་དམིགས་ཏེ། བླ་མ་དང་དཀོན་མཆོག་ནོར་ལྷར་དམིགས་ཏེ་ཕུལ་ན་གང་འདོད་ཀྱི་ལོངས་སྤྱོད་ཆར་བཞིན་དུ་འབབ་ཅི་སྟེ། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ཅི་འདོད་པ་ཟད་མི་ཤེས་པ་ཐོབ་ལ་མཐར་ནམ་མཁའ་མཛོད་ཀྱི་ངོ་བོར་སངས་རྒྱས་པར་འགྱུར་རོ། །ཞེས་གསུངས་སོ། །ཡང་གོང་ལྟར་བེམ་རིག་ཕྲལ་ལ། རང་གི་ཕུང་པོ་དེ་མཁས་པ་པཎྜི་ཏའི་ཚོགས་དང་། མཆོད་པའི་ལྷ་མོ་དབྱངས་ཅན་མ་དཀར་སེར་དམར་ལྗང་བྱེ་བ་དུང་ཕྱུར་ཕྲག་དཔག་ཏུ་མེད་པ་ལག་ན་མཆོད་


CMR054_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་སྣ་ཚོགས་ཐོགས་པ་དང་། སྡེ་སྣོད་གསུམ་རྒྱུད་སྡེ་བཞི་བཀའ་བསྟན་བཅོས་ཀྱི་གླེགས་བམ་དཔག་ཏུ་མེད་པ་མཛེས་ཤིང་ཡིད་དུ་འོང་བ། སྤྱིར་སྨྱུག་མཚལ་སྣག་ཤོག་བུ་ཤེས་རིབ་ཀྱི་རལ་གྲི་མེ་འབར་བ། ཤེས་རབ་གྲུབ་པའི་རྫས་ཀྱི་རིགས་དཀར་གསུམ་མངར་གསུམ་དཔག་ཏུ་མེད་པོར་དམིགས་ལ། རང་གི་ཐུགས་ཀའི་འོད་ཟེར་གྱིས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་འཇམ་དབྱངས་རིགས་ལྔའི་སྐུར་གྱུར་པ་སྤྱན་དྲངས་ནམ་མཁའ་གང་བར་བཞུགས་པ་ལ་དེ་དག་ཕུལ་བས་མཉེས་ཤིང་། མཆོད་པའི་ལྷ་མོ་རྣམས་ཀྱིས་ཚངས་པའི་དབྱངས་ཀྱིས། སྙན་ངག་གི་བསྟོད་པ་དཔག་ཏུ་མེད་པས་བསྟོད་པར་བསྒོམས་པས། ཤེས་རབ་དང་གོ་བ་ཆུང་བའི་གེགས་སེལ་ཏེ། སྐྱེ་བ་འདི་དང་ཚེ་རབས་ཀུན་ཏུ་འཆད་རྩོད་རྩོམ་གསུམ་ལ་མཁས་པར་འགྱུར་ཏེ། ཨཱརྱ་དེ་བའི་ཞལ་ནས། རང་ལུས་ཐ་མལ་ཞེན་བོར་ཏེ། །སྡེ་སྣོད་འཛིན་དང་པོ་ཏི་སོགས། །ཤེས་རབ་ཐོབ་པའི་ཆ་རྐྱེན་དུ། །དམིགས་ནས་དཀོན་མཆོག་ལ་ཕུལ་ན། །ཚེ་རབས་ཀུན་ཏུ་འཆད་རྩོམ་ལ། །འགྲན་བྲལ་ཤེས་རབ་མཐུ་ཡང་འཛིན། །ཞེས་གསུངས་སོ། །དེ་བཞིན་


CMR054_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རང་ལུས་ཨ་རུ་ར་རྣམ་པར་རྒྱལ་བ་དང་། ནད་སེལ་སྨན་གྱི་བདུད་རྩིས་བཀང་བའི་ལྷུང་བཟེད་དང་། སྨན་གྱི་ཚོགས་དཔག་ཏུ་མེད་པར་སྤྲུལ་ཏེ། དཀོན་མཆོག་རྣམས་སངས་རྒྱས་སྨན་བླའི་སྐུར་གྱུར་པ་ནམ་མཁར་སྤྱན་དྲངས་བ་ལ་ཕུལ་བས། ནད་མང་བའི་གེགས་སེལ་བ་སོགས། གོང་གི་རིགས་འགྲེས་སོ། །གོང་ལྟར་བེམ་རིག་ཕྲལ་བའི་བེམ་པོ་ལ། རང་ལ་གནོད་པའི་གདོན་བགེགས་ཐམས་ཅད་བསྟིམ། དེ་གོང་ལྟར་བྷནྡྷའི་ནང་དུ་བདུད་རྩིར་བསྒྱུར་བ་མགྲོན་རྣམས་ཡི་དམ་ཁྲོ་བོ་དང་ཁྲོས་མ་ནག་མོ་སོགས་ཁྲོ་མོའི་ཚོགས་ཀྱི་ཞལ་དུ་ཕུལ་ནས་ལྷག་མ་མ་ལུས་པར་བསྒོམས་པས་གདོན་གྱི་གནོད་པའི་བགེགས་ཐམས་ཅད་སེལ་བའི་མཆོག་སྟེ། གཅོད་ལུགས་བསྟབ་པ་ཀུན་གྱི་དོན་འདུས་སོ། །དེ་ཐམས་ཅད་ལ་མགྲོན་གཤེགས་པ་སོགས་མི་དགོས་དམིགས་མེད་ཉམས་ལེན་གྱི་ངང་ལ་བཞག་གོ །བོགས་འདོན་གྱི་གཙོ་བོ་གསུམ་དང་གེགས་སེལ་ཕྲན་བུ་ཚར་རོ། །སརྦ་མངྒ་ལཾ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་གི་རྒྱབ་ཆོས།


CMR054_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་གི་རྒྱབ་ཆོས་འདི་ཁྲོམ་ལ་བཤད་མི་རུང་སློབ་མ་ཁྲིད་འཛུགས་རེ་ཡོད་པ་རྣམས་ལ་ཉུང་ཆོས་སུ་བཤད་པར་བྱའོ།།


CMR054_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་མན་ངག་ཟབ་མོ། ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་འདི། སྡེ་སྣོད་གསུམ་དང་རྒྱུད་སྡེ་དྲུག་གི་དོན་ཐམས་ཅད་འདུས་པ་ཡིན་པས། འདི་གཞན་ལ་འཆད་རུང་ངམ་མི་རུང་ནི། བླ་མའི་མཚན་ཉིད་འདི་རྣམས། རབ་ཐམས་ཅད་ཚང་བ། འབྲིང་ཐམས་ཅད་མ་མཐུན་ཀྱང་ཕལ་ཆེར་ཆ་མཐུན་པ། ཐ་མ་ཕྱེད་ཙམ་ཚང་བ། རྩ་་བའི་སྡོམ་པ་དམ་ཚིག་ལ་སྐྱོན་མེད་ཅིང་། ཐུགས་རྗེ་ཆེན་པོ་ཡི་དམ་དུ་བཟུང་ནས་བསྙེན་སྒྲུབ་ཐེམས་པ། རྟོགས་པ་རབ་རོ་གཅིག །འབྲིང་


CMR054_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་བྲལ། ཐ་མ་རྩེ་གཅིག་ཆེན་པོ་རྟོགས་ནས་སེམས་ཅན་ལ་ཕན་འདོད་ཀྱི་སྙིང་རྗེ་ཆེ་བ། དེ་ལྟ་བུ་ཞིག་དགོས་ཏེ། རང་གི་རྒྱུད་ལ་མཚན་ཉིད་དང་ལྡན་མི་ལྡན་ལེགས་པར་བརྟག་པར་བྱ་སྟེ། སྡོམ་པ་ཉི་ཤུ་པ་ལས། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་དང་། མདོ་སྡེ་རྒྱན་ལས། སེམས་དཔའ་མཆོག་གིས་སྟོན་པ་ནི། །འཇམ་ཞིང་རྒྱགས་བྲལ་མི་སྐྱོ་བར། །གསལ་ཞིང་སྣ་ཚོགས་རིག་པ་དང་། །གོ་ཞིང་ཟང་ཟིང་མེད་ཀུན་འགྲོ། །བྱང་ཆུབ་སེམས་དཔའ་ཐོས་མང་དང་། །བདེ་མཐོང་སྨྲ་མཁས་བརྩེ་


CMR054_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཅན། །སྐྱེ་མེད་སྐྱེས་བུ་དམ་པ་ནི། །ཆེན་པོ་ཡིན་པར་ཤེས་པར་བྱ། །རྒྱུ་ཆེན་ཐེ་ཚོམ་སྤངས་བ་དང་། །བཟུང་འོས་དེ་ཉིད་གཉིས་སྟོན་པ། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །སྟོན་པ་ཕུན་སུམ་ཚོགས་ཤེས་བྱ། །བཤེས་གཉེན་ཞི་ཞིང་དུལ་བ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁན་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བསྟེན། །ཞེས་དང་། བླ་མ་ལྔ་བཅུ་པ་ལས། བློ་ལྡན་སློབ་མས་བླ་མར་ནི། །སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །ཁེངས་ཤིང་ཆགས་པ་མ་བསྡམ་དང་། །ཕྱོམ་དང་བཅས་ལ་མི་བྱའོ། །བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེ་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ཡི་ཡོངས་སུ་ཤེས། །དཀྱིལ་འཁོར་འབྲི་བའི་ལས་ལ་མཁས། །སྔགས་དང་བཤད་པའི་སྦྱོར་བ་ཤེས། །རབ་ཏུ་དྭངས་ཤིང་དབང་པོ་དུལ། །ཅེས་དང་། ཀླུ་སྒྲུབ་ཀྱི་ཞལ་ནས། མང་དུ་ཐོས་ཤིང་ཤེས་རབ་ཆེ། །ཟང་ཟིང་རྙེད་པ་དོན་མི་གཉེར། །བྱང་ཆུབ་སེམས་ལྡན་སྙིང་རྗེ་ཆེ། །དཀའ་བ་


CMR054_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་ཅིང་སྐྱོ་ངལ་ཆུང་། །མན་ངག་ཆེ་ཞིང་ལམ་ལས་གྲོལ། །རིགས་ལ་མཁས་ཤིང་དྲོད་ཚད་ཤེས། །བཅུ་གཉིས་ལྡན་པ་བསྟེན་པར་བྱ། །ཞེས་གསུངས་སོ། །རྡོ་རྗེ་གུར་ལས། རྡོ་རྗེ་སློབ་དཔོན་མཚན་ཉིད་ལྔ་ལྡན་ཉིད། །དེ་ཡིས་ཉེ་བར་བསྟན་པའི་སྔགས། །སྒྲུབ་པ་པོ་ལ་གྲུབ་པོ་སྐྱེ། །བརྟན་ཞིང་ཟབ་མོའི་ཆོས་ལྡན་དང་། །རིག་པའི་གནས་རྣམས་ཀུན་ལ་མཁས། །སྦྱིན་སྲེག་དཀྱིལ་འཁོར་སྔགས་ཤེས་ཤིང་། །རབ་གནས་གཏོར་མའི་ཕ་རོལ་སོན། །དེ་ཉིད་བཅུ་པོ་རྣམ་པར་རིག །ཉན་ཐོས་སྤྱོད་པ་སྐྱོང་བྱེད་ཅིང་། །སྔགས་ཀྱི་ཐེག་པའི་རིམ་པར་དགུས། །གཟུགས་ལྡན་མཐོང་ན་དགའ་བ་དང་། །དཀྱིལ་འཁོར་བྲི་མཁས་བཟླས་པར་ལྡན། །རྩ་བའི་ལྟུང་བ་རབ་འཇོམས་ཤིང་། །སྔགས་དང་རྒྱུད་ཀྱི་རབ་སྦྱོར་གྱིས། །འཇིག་རྟེན་རྣམས་ལ་བདེ་སྟེར་བ། །དེ་འདྲའི་བླ་མ་དངོས་བྱས་ན། །གང་གིས་ཀྱང་ནི་སྨད་མི་བྱ། །ཞེས་དང་། རྡོ་རྗེ་མཁའ་འགྲོ་ལས། གང་ཡང་ཁྲོ་དང་རྒྱུ་ཅན་དང་། །ངག་ནི་ཤིན་ཏུ་རྩུབ་པ་དང་། །ཡོན་ཏན་དག་གིས་ཆོག་ཤེས་པས། །དེ་ནི་བླ་མར་བསྟེན་མི་བྱ། །ཞེས་


CMR054_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཨ་ཏི་ཤའི་ལམ་སྒྲོན་ལས། སྡོམ་པ་ཆོ་ག་ལ་མཁས་དང་། །བླ་མ་གང་ཞིག་སྡོམ་ལ་གནས། །སྡོམ་པ་འབོགས་བཟོད་སྙིང་རྗེ་ལྡན། །བླ་མ་བཟང་པོར་ཤེས་པར་བྱ། །ཞེས་དང་། གདན་བཞི་ལས། དུལ་ཞིང་ཞི་བའི་ཆ་བྱད་ཅན། །སེམས་ཅན་རྣམས་ལ་མི་འཇིགས་སྦྱིན། །སྔགས་དང་རྒྱུད་ཀྱི་སྦྱོར་ཤེས་ཤིང་། །སྦྱོར་དང་བཟོད་དང་ཐབས་དག་དང་། །ཐམས་ཅད་དུ་ནི་ངག་འཇམ་ཞིང་། །སེམས་ཅན་རྣམས་ལ་བུ་གཅིག་བཞིན། །རྣལ་འབྱོར་བསམ་གཏན་མཆོག་སྦྱོར་ན། །སྙིང་རྗེས་ཕན་པའི་སེམས་ཀྱིས་ནི། །བདེན་པར་སྨྲ་ཞིང་གསོད་མི་བྱེད། །དེ་ཉིད་བཅུ་པོ་ཡོངས་ཤེས་ན། །དེ་ཉིད་སློབ་དཔོན་དུ་བསྟེན་ནོ། །ཞེས་དང་། དེ་ལྟར་མདོ་རྒྱུད་ནས་གསུངས་པའི་བླ་མའི་མཚན་ཉིད་བཟང་ངན་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མིའི་ཚུལ་འཛིན་པ། །རྗེ་མི་བསྐྱོད་རྡོ་རྗེའི་ཞལ་ནས། སྙིང་ལ་མདོ་མེད་ཀྱི་གྲུང་གྲུང་པོ། །སེམས་གཏད་སོ་མེད་པར་བྱ་སྒྲོ་འདྲ། །གཟུགས་སེར་པོར་བསྒྱུར་བའི་གྲུབ་དོན་ལ། །ནོར་ཟང་ཟིང་བསོགས་པའི་ཆོས་བརྒྱད་ཅན། །བུན་བསྐྱེད་རྩིས་བཏང་གི་བདག་གཉེར་བྱེད། །


CMR054_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ནམ་ལས་བརྒྱད་ཀྱི་འགོ་ལོ་འཛིན། །ཁེ་སྤོགས་སྤུས་བསྒྱུར་གྱི་གཞི་མ་འདིངས། །མཁར་ལས་དང་བཞོན་མའི་འཕེལ་རྒྱས་བྱེད། །ཁ་མཆུ་གཤར་སྦྱང་གི་ཁྲིམས་དཔོན་འཛིན། །ཁ་བཙན་གྱི་ཡ་བོ་ཐད་དུ་སློང་། །ནོར་ཡོད་ཀྱིས་རྒྱལ་ཁ་བདག་རིས་བྱེད། །བྲན་གཡོག་གི་ཚོགས་ལ་ཆད་པ་འབེབས། །སྐབས་ལ་ལར་ཟང་ཟིང་བསྒྲུབ་པའི་ཕྱིར། །ལར་ཁྱི་ཕག་ཚོགས་པའི་གྲོང་དབུས་སུ། །སྐལ་མེད་ཀུན་འདུས་ནས་དབང་བསྐུར་སྐད། །ཆོས་ཐོས་བསམ་སྒོམ་པ་མ་ནུས་ཀྱང་། །གོ་བདེ་ཞིང་ལག་ལེན་སྐྱོང་སླ་བ། །ཆོས་ལུང་ཁྲིད་སྦྲགས་མ་བྱེད་དོ་སྐད། །མཚར་ཆེས་སོ་སྙིགས་དུས་ཆོས་པའི་གཟུགས། །མཚར་ཆེས་སོ་སྙིགས་དུས་ཀྱི་བླ་མ་སྤངས། །འཁོར་སློབ་འདོད་ཡོན་གྱིས་སྡུད་པར་བྱེད། །དེ་ཆགས་སྡང་རྩ་བར་སོང་བ་ལས། །དཔོན་སློབ་འཐབ་རྩོད་ཀྱི་རེས་མོས་འཁོར། །དམ་ཉམས་མགུ་འཁང་གིས་གདིང་ལ་འཆའ། །ང་རྒྱལ་གྱི་བདག་འཛིན་གཏིང་ནས་འཁྲུགས། །ཆོས་བརྒྱད་ཀྱི་གང་ཟག་མ་འཆམས་པས། །རྙེད་བཀུར་གྱི་ང་ཁྱོད་ཕྱོགས་རིས་ཅན། །བླ་གཟུགས་ཀྱིས་ཟོག་པོ་མགོ་སྐོར་མཁན། །སྐལ་ལྡན་


CMR054_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐྱེས་བུ་འགའ་སྲིད་ན། །ཚུལ་འདི་འདྲ་བ་ལ་ཞེ་ཟོན་གྱིས། །ཞེས་དང་། གཞན་སྨིན་ནུས་ཀྱི་ཐོས་པ་ག་ལ་ཞིག །ཞག་རེ་འགྲོགས་ན་བྱ་བཏང་ཆོས་པས་ཁྲེལ། །རང་ཉིད་བསྟན་འཛིན་ཆེན་པོ་ཡིན་སྙམ་བྱེད། །ད་བསམས་ཤིང་གྲོགས་པོས་ཅི་ཞིག་བྱ། །ཚུལ་གནས་ཐོས་བསམ་བསྒོམ་པ་གང་ཡང་མེད། །བསོད་ནམས་ཟད་པ་འགའ་ཡིས་བླ་མར་བསྐུར། །སྡིག་པ་སྤྱོད་བཞིན་དད་ཟས་དཔག་མེད་ལེན། །ད་བསམས་ཤིང་བླ་མའི་མིང་འཛིན་ཕུང་། །རྙེད་པ་བསྡུས་ཚད་རང་གི་ལོངས་སྤྱོད་བྱེད། །འཁོར་དུ་བསྡུས་ཀུན་གཅན་གཟན་བས་ཀྱང་སྡུག །ཚེ་འདི་བསྒྲུབ་པའི་ཆོས་བཤད་ཅི་ཡང་བྱེད། །ད་བསམ་ཞིང་བླ་མའི་མིང་འཛིན་ཕུང་། །ནོར་རྫས་ཁབ་ཙམ་ཞིག་གི་དོན་དུ་ནི། །འདི་ཕྱིའི་དགེ་ལེགས་བསྒྲུབ་པ་ཀུན་དོར་ནས། །ཆོས་དང་འཇིག་རྟེན་གཉིས་ཀ་སྒྲུབ་བྱེད་ཅིང་། །བྱ་བྲལ་མིང་ཅན་རང་ལ་བསླུས་ཏེ་འོང་། །དགོན་གནས་གྲྭ་པ་ནོར་རྫས་སྣ་ཚོགས་བསོགས། །བུན་བསྐྱེད་ཁང་བཙན་ཐབས་ཀ་རྒྱ་ཆེར་སྐྱོང་། །ཞི་དྲག་བྱ་བ་འཇིག་རྟེན་པ་དང་བསྟུན། །གཞན་སྐྱབས་བྱེད་པ་རང་ལ་བསླུས་ཏེ་འོང་། །སྡིག་པ་འབའ་ཞིག་ལས་


CMR054_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྱེད་བཞིན་པར། །རང་སེམས་ཕྱག་རྒྱ་ཆེ་ལ་ངོ་སྤྲོད་དེ། །རང་སེམས་གསལ་རིག་ལྟ་སྒོམ་བྱེད་པ་ཡི། །དཔོན་སློབ་བྱེད་པ་རྣམས་ལ་ཐུགས་རྗེས་གཟིགས། །ཚུལ་ཁྲིམས་སྣ་གཅིག་བསྲུང་བར་མི་ནུས་བཞིན། །ཐུགས་ལ་རྟོགས་པ་སྐྱེས་པའི་བློ་ངར་ཅན། །ཚེ་འདི་ཁོ་ནའི་འདུན་མ་བསྒྲུབས་བསྒྲུབ་ནས། །བསྟན་པ་འཛིན་པར་རློམ་ལ་ཐུགས་རྗེས་གཟིགས། །ཚེ་འདིར་བསྙེན་གནས་ཞིག་གི་བསླབ་བྱ་ཙམ། །སློབ་མའི་ནུས་པ་བཟོད་པ་མེད་པར་ཡང་། །དབང་ཁྲིད་ཟབ་མོ་ཞུ་སྒོམ་སྐྱོང་རློམ་པར། །མནར་མེད་ལམ་དུ་འཇུག་ལ་ཐུགས་རྗེས་གཟིགས། །རང་གི་ལོངས་སྤྱོད་ཆུང་ངུའི་ཆུང་ངུ་ཡང་། །མཆོད་སྦྱིན་ཇ་ཞལ་ཙམ་ཡང་མི་ཐེངས་པར། །དཀོན་མཆོག་གསུམ་ཅིའི་གྱི་ནོར་ལ་རང་དབང་འདུ། །ཟས་གོས་གནས་མལ་སྤྱོད་པ་ཐུགས་རྗེས་གཟིགས། །སྐད་ཅིག་ཙམ་ཡང་རྒྱུད་ལ་གཉེན་པོ་ནི། །ཐུན་གཅིག་ཙམ་ཡང་སྒོམ་པར་མ་མྱོང་ཡང་། །ཤ་ཆང་ཙམ་རེ་སྤངས་ནས་བཙུན་པར་རློམ། །ཁྲེལ་འདས་བག་མེད་ཅན་ལ་ཐུགས་རྗེས་གཟིགས། །སྨྲ་ན་རང་བསྟོད་གཞན་སྨོད་ཁོ་ན་གླེང་། །བསམ་ན་རང་གིས་བསོད་ནམས་


CMR054_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་ཐབས་བསམ། །བྱེད་ཚད་རང་དོན་མནོག་ཆུང་དོན་གཉེར་པ། །བསམ་ཆུང་དྲེད་པོ་རྣམས་ལ་ཐུགས་རྗེས་གཟིགས། །ཞེས་དང་། འོད་སྲུང་གིས་ཞུས་པའི་མདོ་ལས། ཆོས་བཞི་དང་ལྡན་ན། སྡིག་ཆེན་གྱི་དགེ་སློང་དུ་རིག་པར་བྱ་སྟེ། ཕྱི་དང་ནང་ལ་ཆགས་པ་དང་། །ཡུལ་དང་འཁོར་ལ་ལོངས་སྤྱོད་དང་། ཚིག་གི་ཕྱིར་རྩོད་ཅིང་ཞེ་སྡང་བ་དང་། ཆོས་དང་ཆོས་མ་ཡིན་པའི་བྱེ་བྲག་མི་ཤེས་ཤིང་གཏི་མུག་པ་དང་། མངོན་པའི་ང་རྒྱལ་གྱིས་དྲེགས་ཤིང་མུ་ཅོར་སྨྲ་བའོ། །འོད་སྲུང་དེ་ལྟ་བུའི་དགེ་སློང་སྡིག་ཅན་གྱིས་འདི་བསྟན་པ་སྣུབ་པར་བྱེད་དོ། །ཡ་མཚན་དགུ་བཅུ་རྩ་ལྔ་དང་། ཕས་ཀྱི་རྒོལ་བས་ངའི་བསྟན་པ་བསྣུབ་པར་མི་ནུས་སོ། །དཔེར་ན་རི་དྭགས་ཀྱི་རྒྱལ་པོ་སེང་གེ་ཤི་བའི་ཤ་ནི་གཅན་གཟན་ནམ། བྱ་རྒོད་ཀྱིས་ཀྱང་ཟ་བར་མི་ནུས་སོ། །སེང་གེའི་རོ་ཉིད་ལས་འབུ་སྲིན་བྱུང་བས་དེ་ཉིད་ཟའོ། །ཞེས་དང་། རྒྱན་སྡུག་པོ་བཀོད་པར། ཡིད་ཆེས་ལུང་དང་མི་ལྡན་པར། །ཆོས་རྣམས་སྟོན་པར་བྱེད་པ་ནི། །རྣམ་པར་རྟོག་པའི་བདག་ཉིད་དེ། །རང་ཉིད་ཆུད་ཟོས་གཞན་ཆུད་གསན། །ཞེས་གསུངས། སངས་རྒྱས་མཛོད་


CMR054_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མདོ་ལས། འཇིག་རྟེན་གྱི་དགྲས་ནི་སྲོག་ཙམ་ཕྲོག་གིས། ལུས་གཅིག་སྟོང་དུ་ཟད་དོ། །མི་གཏི་མུག་ཅན་གྱིས་ཆོས་བཤད་ན་བསྐལ་པ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་དམྱལ་བར་སྐྱེའོ། །ཞེས་གསུངས་སོ། །འཇམ་དཔལ་རྣམ་པར་འཕྲུལ་པའི་མདོ་ལས། ཆོས་སྟོན་ཀྱང་ཆོས་ཉན་པ་རྣམས་སྙིང་རྗེ་ཆེན་པོས་མི་བསྐྱེད་པ་ནི་བདུད་ཀྱི་ལས་སོ། །ཞེས་དང་། མང་དུ་ཐོས་ཀྱང་གཞན་གྱིས་ཤེས་ཀྱི་དོགས་ནས་ཆོས་ལ་སློབ་དཔོན་གྱིས་དཔེ་མཁྱུད་བྱེད་པ་ནི་བདུད་ཀྱི་ལས་སོ། །ཞེས་དང་། དགོངས་འགྲེལ་ལས། འདོད་ཕྱིར་སུ་དག་དམ་ཆོས་སྟོན་བྱེད་པ། །དེ་དག་འདོད་པ་བཏང་བ་ཕྱིར་ལེན་ཏེ། །མྱོས་པ་དེ་དག་ཐང་མེད་རིན་ཆེན་ཆོས། །ཐོས་པར་གྱུར་ཀྱང་སྤྲང་པོར་རྒྱུ་བར་བྱེད། །ཅེས་གསུངས་པའི་བླ་མ་བཟང་པོའི་མཚན་ཉིད་དུས་ཀྱི་དབང་གིས་ཚང་བར་དཀའ་ནའང་། རང་རྒྱུད་ལ་ལེགས་པར་བརྟགས་ནས་ངན་པའི་མཚན་ཉིད་རྣམས་ཤས་ཆེར་མ་ཚང་བ་གལ་ཆེ། འགའ་ཞིག་ཚང་བར་འདུག་ན་རང་གི་རྒྱུད་རང་གིས་ལེགས་པར་བཅོས་ཏེ་མེད་པར་བྱ། སྐྱོན་དེ་དག་གི་རྩ་བ་ཡང་། འཇིག་རྟེན་ཆོས་བརྒྱད་ཀྱི་རྟོག་པ་དང་། །


CMR054_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་གྲགས་དང་བཀུར་སྟི་འདོད་པ་ཁོ་ནའི་སྐྱོན་ཡིན་ཞིང་། དེ་དག་བསམ་པ་བསྒྱུར་ཤེས་ན་བཅོས་སླ་བ་ཡིན་ཏེ། འཇིག་རྟེན་ཆོས་བརྒྱུད་ནི། དད་པའི་སྟོབས་བསྐྱེད་པའི་མདོ་ལས། རྙེད་པ་དང་ནི་མ་རྙེད་དང་། །དེ་བཞིན་གྲགས་དང་མ་གྲགས་དང་། །བསྟོད་སྨད་བདེ་དང་སྡུག་བསྔལ་དང་། །དེ་དག་གིས་ནི་འཇིག་རྟེན་སྐྱོང་། །ཤེས་རབ་ཆེན་པོས་རྟེན་དེ་རྣམས། །འཇིག་རྟེན་ཆོས་རྣམས་རབ་རྟོགས་ཤིང་། །འཇིག་རྟེན་འཇིགས་པར་མཐོང་ནས་ནི། །འདི་དག་ལ་ཡང་མི་གཡོ་གྱུར། །རྙེད་པས་མཐོ་བར་མི་སེམས་ཤིང་། །མ་རྙེད་པས་ཀྱང་དམའ་བ་མེད། །རི་རབ་བཞིན་དུ་མགུ་བསྟན་པ། །རྣམ་པ་ཀུན་ཏུ་གནོད་མི་འགྱུར། །དེ་བཞིན་གྲགས་དང་མ་གྲགས་ཀྱང་། །རྟག་ཏུ་མཚུངས་པར་འགྱུར་བ་ཡིན། །བདེ་དང་སྡུག་བསྔལ་བསྟོད་སྨད་ལ། །མཉམ་པ་ཉིད་དུ་གནས་པར་འགྱུར། །ཞེས་དང་། ལྷག་བསམ་བསྐུལ་བའི་མདོ་ལས། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྙེད་པ་དང་། བཀུར་སྟི་ནི་འདོད་པ་བསྐྱེད་པ་ཡིན་པར་བརྟག་པར་བྱའོ། །དྲན་པ་འཇོམས་པར་བརྟག་པར་བྱའོ། །གཏི་


CMR054_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

མུག་བསྐྱེད་པར་བརྟག་པར་བྱའོ། །སངས་རྒྱས་ཐམས་ཅད་ཀྱི་མ་གནང་བར་བརྟག་པར་བྱའོ། །ཞེས་པ་ནས་རྙེད་པ་དང་བཀུར་སྟིས་ངན་སོང་གསུམ་དུ་ལྟུང་བར་བརྟག་པར་བྱའོ། །བྱམས་པ་བྱང་སེམས་ཀྱིས་རྙེད་བཀུར་གྱི་ཉེས་དམིགས་བརྟག་པ་ནི་འདི་དག་གོ །བརྟགས་ནས་ཀྱང་འདོད་པ་ཆུང་བར་བྱའི་ཡོངས་སུ་གདུང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་འདོད་པ་ཆུང་བ་ལ་སྐྱོན་འདི་ལྟ་བུ་དག་མེད་པའི་ཕྱིར་རོ། །ཞེས་དང་། དེ་ལྟར་འཇིག་རྟེན་ཆོས་བརྒྱད་བཀུར་སྟི་དང་། གྲགས་པ་འདོད་ཕྱིར་ཆོས་བཤད་ན་ངན་སོང་གི་རྒྱུ། བྱམས་སྙིང་རྗེས་ཀུན་ནས་བསླང་ནས་གཞན་ཕན་གྱི་ཆོས་བཤད་པ་ན་ཕན་ཡོན་ཆེ། དེ་ལྟར་ཕན་ཡོན་ཉེས་དམིགས་ཀྱང་བྱེད་ལུགས་འདྲ་སྟེ་བསམ་པའི་ཁྱད་པར་རོ། །བྱང་ཆུབ་སེམས་དཔའ་འགྲོ་དོན་མཛད་པའི་སྒོ་ནི་བསྡུ་བའི་དངོས་པོ་བཞི་ཡིན་ཏེ། བློ་གྲོས་མི་ཟད་པའི་མདོ་ལས། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྡུ་བའི་དངོས་པོ་བཞི་མི་ཟད་པ་སྟེ། བཞི་གང་ཞེ་ན། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པའོ། །སྦྱིན་པ་ནི་


CMR054_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

ཟང་ཟིང་གིས་བསླུས་ཏེ་ཆོས་སྦྱིན་པའོ། །སྙན་པར་སྨྲ་བ་ནི་གོ་སླ་བ་དང་། ཆོས་ཉན་པ་རྣམས་ལ་ཚིག་འཇམ་ཞིང་དེས་པ་དང་སྙན་པར་སྨྲ་བའོ། །དོན་སྤྱོད་པ་ནི་བདག་དང་གཞན་གྱི་དོན་གྱི་བྱ་བ་ཐམས་ཅད་བསམ་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པའོ། །དོན་མཐུན་པ་ནི་ཐེག་པ་གང་ལ་བདག་ཏུ་འཛིན་ཅིང་ཡོན་ཏན་འདུ་ཤེས་པ་རྣམས་ཆོས་དང་ཟང་ཟིང་གི་སྒོ་ནས་ཐེག་པ་ཆེན་པོ་ལ་མཐུན་པར་འགོད་པའོ། །ཞེས་དང་། དེ་ཉིད་ལས། སྦྱིན་པ་ནི་ཆོས་བཞིན་བཙལ་བའི་ལོངས་སྤྱོད་རྣམས་ཆོས་ཀྱི་དོན་དུ་བཏང་བའོ། །སྙན་པར་སྨྲ་བ་ནི་གང་སྦྱིན་པ་དེ་དག་ཆོས་ལ་འཛུད་པའོ། །དོན་སྤྱོད་པ་ནི་བདག་གི་དོན་དང་། གཞན་གྱི་དོན་རྗེས་སུ་བསྒྲུབ་པར་རྫོགས་པའོ། །དོན་མཐུན་པ་ནི་སེམས་ཅན་གྱི་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་དུ་འཇུག་པའོ། །ཞེས་དང་། དོན་དམ་བསྙེན་པ་ལས། སྙིགས་དུས་དབང་གིས་བླ་མའི་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་ཡིན། །གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་བཤད་ནས། །བུ་རྣམས་ཀྱིས་ནི་དེ་ལ་བརྟེན་པར་འགྱུར་བའོ། །ཞེས་གསུངས་པ་ལྟར་རང་གི་


CMR054_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་དང་ཡོན་ཏན་ཐམས་ཅད་ཆ་སྙམ་པས། སྐྱོན་ཤས་ཆུང་ཡོན་ཏན་ཤས་ཆེ་ན་ཆོས་བཤད་རུང་། དེ་ཡང་མི་ལ་བཤད་པའི་ཆོས་དེ་རང་གིས་ཀྱང་ཉམས་སུ་ལེན་དགོས་ཏེ། མྱ་ངན་འདས་མདོ་ལས། ཀོ་ཀ་ལི་ཀ་དང་ལེགས་པའི་སྐར་མས། མདོ་སྡེ་བཅུ་གཉིས་བཤད་ཤེས་ཀྱང་དོན་མ་གོ་བར། གསོན་པོར་དམྱལ་བར་ས་ཡི་བར་མཐོང་བྱེ་ནས་སོང་བར་བཤད་པའོ། །རང་གི་བཀུར་སྟི་ལ་ཞེ་འདོད་གཏིང་ནས་མེད་པར་བྱས་ནས། དབང་དང་ཆོས་ཁྲིད་སོགས་ཀྱི་ཡོན་དུ་འབུལ་བ་ཆེ་ཕྲ་ཅི་བྱུང་ཡང་། ཆོས་ཀྱི་ཆེ་བ་ཡིན་པས་རང་ལ་དཀོར་སྒྲིབ་མི་འབྱུང་ཞིང་། ཁོ་རང་རྣམས་ཀྱི་ཚོགས་རྫོགས་བསོད་ནམས་དཔག་ཏུ་མེད་པ་ཐོབ་སྟེ། བཀོད་པ་ཆེན་པོའི་རྒྱུད་ལས། རྟ་དང་གླང་པོ་ནོར་གྱི་དབྱིག །རྒྱལ་སྲིད་བུ་དང་ཆུང་མ་དང་། །གསེར་དངུལ་ཟངས་ལྕགས་རིན་པོ་ཆེ། །བཟའ་བཅའ་དགའ་སྟོན་ན་བཟའ་དང་། །སྙིང་པོ་སྨན་འབྲུ་མེ་ཏོག་དང་། །ཆོས་དང་ཟང་ཟིང་ལོངས་སྤྱོད་རྣམས། །བླ་མ་མཉེས་ཕྱིར་ཡོན་དུ་འབུལ། །དེ་ནི་དངོས་གྲུབ་མ་ལུས་པ། །ད་ལྟ་ཉིད་དུ་ཐོགས་མེད་འགྲུབ། །ཅེས་དང་། མེ་ལྕེ་ཕྲེང་བའི་རྒྱུད་


CMR054_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

ལས། གལ་ཏེ་རྣལ་འབྱོར་བློ་ལྡན་གྱིས། །རང་ཟས་གོས་ལ་གྱོང་ཁུར་ནས། །བླ་མ་རྡོ་རྗེ་མཆོད་པ་ན། །ཞིང་གི་འཁོར་ཡུག་རྒྱལ་ཁམས་ན། །དགེ་སློང་དཔག་ཏུ་མེད་པ་ཤུལ། །སྟོན་མོ་ལན་སྟོང་བྱས་པ་པས། །ཟས་སམ་ཡང་ན་གོས་ཀྱང་རུང་། །བླ་མ་ལན་གཅིག་མཆོད་པ་ཡི། །བསོད་ནམས་བརྒྱ་ཕྲག་བརྗོད་མི་རྫོགས། །ཞེས་གསུངས་སོ། །དང་པོ་ཆོས་འཆད་པ་པོ་རང་ཉིད་བསྲུང་བ་ནི། དམ་པའི་ཆོས་པདྨ་དཀར་པོའི་ལེའུ་ཉེར་གཅིག་པ་ལས། ཏདྱ་ཐཱ། ཨི་ཏི་མེ། ཨི་ཏི་མེ། ཨི་ཏི་མེ། ཨི་ཏི་མེ། ནི་མེ། ནི་མེ། ནི་མེ། ནི་མེ། ཏུ་ཧེ། ཏུ་ཧེ། ཏུ་ཧེ། ཏུ་ཧེ། སྟ་ཧེ། སྟ་ཧེ། སྟ་ཧེ། སྟ་ཧེ། འདི་སྤྱི་བོར་བཞག་ནས་ཆོས་སྨྲ་བ་ལ་སུ་ཡང་འཁུ་བར་མ་གྱུར་ཅིག །གནོད་སྦྱིན་ནམ། སྲིན་པོའམ། ཡི་དྭགས་སམ། ཤ་ཟའམ། སྲུལ་པོའམ། གཤེད་བྱེད་དམ། རོ་ལངས་སམ། རེངས་པའམ། གནོད་པའམ། །བརྗེད་བྱེད་ཀྱི་གཟུགས་སམ། གནོད་སྦྱིན་གྱིས་བྱས་པའམ། མིས་བྱས་པའམ། མི་མ་ཡིན་གྱིས་བྱས་པའམ། རིམས་ཉིན་གཅིག་པའམ། ཉིན་གཉིས་པའམ། ཉིན་


CMR054_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པའམ། །ཉིན་བཞི་པའམ། རྟག་པའི་རིམས་སམ། ཐ་མ་རྨི་ལམ་ན་བུད་མེད་ཀྱི་གཟུགས་སམ། བུད་མེད་ཀྱི་གཟུགས་ཀྱིས་མཐོ་འཚམས་པར་འགྱུར་བ་དེ་ནི་གནས་མ་མཆིས་སོ། །ཞེས་གསུངས་པས། དེ་ཤོག་དྲིལ་དུ་བྱས་ནས་ཆོས་བཤད་དུས་ཞྭའི་ནང་དུ་བཏགས། རང་ཉིད་འགྲོ་བའི་ཚེ། པདྨ་འདབ་བཞི་དང་ཟླ་བའི་གདན་ལ་རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བ་དེ། འོག་ནས་མཁའ་འགྲོ་སྡེ་བཞིས་བཀྱག །སྟེང་དུ་རྩ་བརྒྱུད་བླ་མ་རྣམས་སྤྲིན་ལྟར་འཁྲིགས་པས་བྱིན་གྱིས་བརླབས། །རྒྱབ་ཏུ་ཡི་དམ་གྱི་ལྷ་ཚོགས་རྣམས་ན་བུན་ལྟར་འཁྲིགས་པས་རྒྱབ་རྟེན་མཛད། གཡས་སུ་སེང་གེ་འགྱིང་། གཡོན་དུ་སྟག་མོ་ངར། མདུན་དུ་སྟོབས་ལྡན་གླང་པོ་ཆེའི་སྣ་ལ་མཚོན་ཆའི་འཁོར་ལོ་བསྐོར་ཞིང་འགྲོ། མིག་མཐོང་ཙམ་གྱིས་སར་དམ་ཅན་ཆོས་སྐྱོང་རྣམས་དམག་ལྟར་གཤར་ནས་སྣ་ཁྲིད་དེ། འགྲོ་བ་སེམས་ཅན་གྱི་དོན་ལ་འབྱོན་པར་བསྒོམས་ནས་འགྲོ། དེ་ནས་ཆོས་འཛུགས་པའི་གནས་ནི། མཐུན་རྐྱེན་འཛོམས་ཤིང་འཚེ་བ་མེད་པ། ས་དཔལ་བཟང་བ་གཅིག་ཏུ་འདུག་སྟེ། གུར་རམ་ཅོག་པུའི་སྒོ་ཡང་ས་


CMR054_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བཟང་པོ་ལ་སྟོན། གལ་ཏེ་ས་དཔལ་བཟང་བ་མ་ཡིན་པའི་ས་དགྲ་འདུག་ན་དེ་ཉིད་ལ་ཐུགས་རྗེ་ཆེན་པོ་བསྐྱེད་བསྟིམས་བྱས་ལ་མཆོད་བསྟོད་ཡིད་ཀྱིས་བྱ་སྟེ། མཁའ་འགྲོ་ཀློང་གསལ་འབར་མའི་གསང་རྒྱུད་ལས། དུས་དང་མཐུན་པའི་སྤྱོད་པ་ལ། །དུས་དང་མཐུན་པའི་གནས་ཚོལ་ཅིག །དེ་ཡི་དུས་ཀྱི་མྱོང་བ་སྐྱེ། །དེ་ཡི་སྐུ་གསུམ་ཉིད་ལ་རེག །སྔར་སངས་རྒྱས་པ་ཐམས་ཅད་ཀྱང་། །གནས་བཟང་བརྟེན་པས་སངས་རྒྱས་སོ། །དེ་བཞིན་གནས་ལ་བརྟག་པར་བྱ། །མཚན་ཉིད་ལྡན་པའི་གནས་གཅིག་དགོས། །གལ་ཏེ་གནས་ངན་ཞིག་ཕྲད་ན། །འཕྲལ་རྐྱེན་ངན་དགུ་འབྱུང་སྲིད་པས། །གནས་བཟང་འདི་ལྟར་བཙལ་བར་གཅེས། །ཕུ་ན་གངས་དཀར་ཆུ་མགོ་ཡོད། །མདའ་ནི་ཕྱག་རྒྱ་བསྣོལ་བ་འདྲ། །བར་དུ་ཐུ་བ་གཏིང་བ་འདྲ། །སྐྱིལ་ཀྲུང་བཅས་པ་ལྟ་བུ་ཡོད། །ཚ་གྲང་སྙོམས་ཤིང་ཆུ་ཤིང་འཛོམས། །སྐྱེས་བུ་ཐ་མལ་པ་ལས་འཕགས། །བཙན་ཞིང་དབེན་ལ་དངས་མཐོ་བ། །འབྲས་བུ་འཚོ་བ་ཤུགས་ཀྱིས་ཡོད། །མི་རྒོད་འཚེ་བ་གཅན་གཟན་མེད། །སྔོན་ཡང་གྲུབ་ཐོབ་བཞུགས་པ་ཡི། །གཞི་བདག་འཇམ་ལ་བློ་ཕན་


CMR054_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

པ། །རང་དབང་ཐོབ་ཅིང་དགུ་འབག་བདེ། །ལྟ་སྤྱོད་མི་གཅིག་མ་འདྲེས་ཤིང་། །མཛེ་ཡུགས་ལ་སོགས་མ་འབགས་པར། །དེ་ལྟར་བུ་ཞིག་བཙལ་ལ་བརྟེན། །ཅེས་གསུངས་སོ། །དེ་ནས་གནས་མལ་ཚར་ནས་རང་ཉིད་གདན་ལ་འདུག་སྟེ། ས་ཕྱོགས་དེ་ཉིད་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པའི་དབུས་སུ། ས་གཞི་གསེར་གྱི་རྡོ་རྗེ་རྒྱ་གྲམ་སྲ་ཞིང་བརྟན་པ་ཡངས་ཤིང་རྒྱ་ཆེ་བའི་ལྟེ་བར། མེ་ཏོག་པདྨའི་སྡོང་པོ་འདབ་མ་སྟོང་དང་ལྡན་པ་ས་ཕྱོགས་དེ་ཁེབས་པའི་སྟེང་དུ། ཟླ་བའི་དཀྱིལ་འཁོར་ཉ་རྒྱས་པའི་སྟེང་དུ་རང་ཉིད་ཐུགས་རྗེ་ཆེན་པོ་གསལ་བར་བསྒོམས་ལ། ཡུལ་ཕྱོགས་དེའི་གཟུགས་ཅན་གྱི་མི་དང་། གཟུགས་མེད་ཀྱི་ལྷ་འདྲེ་ཐམས་ཅད་ལ་གཏོང་ལེན་གྱི་དམིགས་པ་ལན་འགའ་བསྒོམས་པས། ཐམས་ཅད་འདུས་ནས་རང་ལ་ཕྱག་དང་སྐོར་བ་བྱེད་ཅིང་། ས་ཕྱོགས་འདིར་ཆོས་ཀྱི་འཁོར་ལོ་སྐོར་ཅིག །ས་རྡོ་ཆུ་ཤིང་རྣམས་འབུལ་གྱིས། ཅི་བདེ་བར་ལོངས་སྤྱོད་ལ་དགེ་བའི་ཆ་ཤས་ངེད་ལ་ཡང་ཡང་བསྔོས་ཤིག་ཟེར་བར་བསྒོམ། དེ་ཚེ་ཡིག་དྲུག་བཟླའོ། །དེ་ནི་ས་བསླང་ཞིང་ས་གཞི་བྱིན་རླབས་པའོ། །དེ་ནས་སྐད་


CMR054_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་གིས་སེང་གེ་དང་ཟླ་བའི་གདན་ལ་རང་ཉིད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུར་ལམ་གྱིས་བསྒོམ། གསུང་ཚངས་པའི་དབྱངས་ལྟ་བུས་འཇིག་རྟེན་གསུམ་དུ་ཐོས་པར་བསྒྲག་པར་བསྒོམ། ལག་པ་ཐལ་མོ་སྦྱར་སངས་རྒྱས་ཡིད་ལ་བྱེད་བཞིན་པས། གང་ཞིག་གསེར་མཆོག་རང་བཞིན་རི་རབ་ལ་གནས་མན་ར་དང་ལྷར་བཅས་གནོད་སྦྱིན་དང་། །གདེངས་ཀ་ནོར་བུའི་འོད་ཀྱིས་མུན་པ་སེལ་མཛད་ས་འོག་གནས་པའི་ཀླུ་རྣམས་གང་ཡིན་དང་། །གངས་ཅན་རི་ན་དཔལ་གྱིས་རོལ་ཞིང་རབ་ཏུ་དགའ་བའི་རིག་པ་འཛིན་པ་གང་ཡིན་པ། །དེ་དག་ཐམས་ཅད་ཐར་པ་དམ་པའི་སྒོར་གྱུར་ཐུབ་པའི་གསུང་མཉན་ཕྱིར་ནི་འདིར་གཤེགས་ཤིག །ལྷ་དང་ལྷ་མིན་མི་འམ་ཅི་ཡི་དབང་པོ་དང་། །བརྒྱ་བྱིན་ལ་སོགས་ཆོས་ཀྱི་ཕྱོགས་ལ་བྱ་བ་བྱས་པ་རྣམས། །སངས་རྒྱས་གསུང་རབ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ། །དེ་དག་བཤད་ཀྱིས་དམ་པའི་ཆོས་ཉན་ཕྱིར་ནི་འདིར་གཤེགས་ཤིག །གང་དག་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག །དེང་འདིར་སྟོན་པའི་ཆོས་ཀྱི་ཆར་འབེབས་ཀྱི། །ཉན་པར་འདོད་པ་ཐམས་ཅད་


CMR054_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གཤེགས་ཤིག །ཅེས་དང་། མདོ་སྡེ་ཟ་མ་ཏོག་བཀོད་པ་ལས། ཡི་གེ་དྲུག་པའི་རིག་སྔགས་འདི་ལ་སློབ་པའི་ཚེ། གཞན་ཡང་ལྷའི་སྡེ་སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་དག་འདུས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་བཞི་དག་ཀྱང་ཕྱོགས་བཞི་བསྲུང་བར་འགྱུར་རོ། །ཀླུའི་རྒྱལ་པོ་རྒྱ་མཚོའི་འཆིང་ནམ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་འཇོག་པོ་ལ་སོགས་ཏེ། ཀླུའི་རྒྱལ་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ནི་ཡོངས་སུ་སྲུང་བར་བྱེད་དོ། །གཞན་ཡང་ས་བླའི་གདོན་གནོད་སྦྱིན་བླ་གབ་མེད་པར་ཡོངས་སུ་སྲུང་བར་བྱེད་དོ། །ཞེས་གསུངས་པ་ལྟར་རོ། །ཟ་མ་ཏོག་གི་མདོ་སྡེ་གསུངས་པའི་ཚེ། ཚོགས་པའི་དབང་ཕྱུག་དང་། མཐུ་བོ་ཆེ་དང་། ཉི་ཟླ་དང་། །རླུང་ལྷ་དང་། བརྒྱ་བྱིན་དང་། ཚངས་པ་དང་། དགའ་བོ་ལ་སོགས་པའི་ཀླུའི་རྒྱལ་པོ་བརྒྱ་སྟོང་དུ་མ་དང་། ཆོས་དགའ་བ་ལ་སོགས་པའི་དྲི་ཟའི་རྒྱལ་པོ་བརྒྱ་སྟོང་དུ་མ་དང་། བཞི་བརྒྱ་པ་ལ་སོགས་པའི་མིའམ་ཅིའི་རྒྱལ་པོ་བརྒྱ་སྟོང་དུ་མ་དང་། གཙུག་ཕུད་ཅན་ལ་སོགས་པ་ལྷའི་བུ་མོ་བརྒྱ་ཕྲག་དུ་མ་དང་། ཀླུའི་བུ་མོ་བདེ་བྱེད་མ་ལ་སོགས་


CMR054_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཀླུའི་བུ་མོ་བརྒྱ་ཕྲག་དུ་མ་དང་། ཕྲེང་བ་བཟང་མོ་ལ་སོགས་པ་དྲི་ཟའི་བུ་མོ་བརྒྱ་ཕྲག་དུ་མ་དང་། ཡིད་ལས་བྱུང་བ་ལ་སོགས་མིའམ་ཅིའི་བུ་མོ་བརྒྱ་ཕྲག་དུ་མ་འཚོགས་པ་ཐམས་ཅད་ཀྱང་། བཅོམ་ལྡན་འདས་ལ་ཟ་མ་ཏོག་གི་མདོ་སྡེ་ཡི་གེ་དྲུག་པ་འདི་བཅོམ་ལྡན་འདས་ལས་དངོས་སུ་ཐོབ་པས། མི་ཕྱེད་པའི་དད་པ་ཐོབ་སྟེ་བསྟན་པ་སྲུང་བར་དམ་བཅས་ནས། དེ་ལྟར་ཡི་དམ་ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་མ་གང་དུ་བསྒྲུབ་ཅིང་ཉམས་སུ་ལེན་པའི་གནས་དེར་འཚོགས་ནས་སྲུང་སྐྱོབ་དང་སྡོང་གྲོགས་བྱེད་པ་ཤ་སྟག་ཡིན་ལ། །དེར་མ་ཟད་སྔོན་ཆོས་རྒྱལ་སྲོང་བཙན་དང་། སློབ་དཔོན་པདྨ། རིན་པོ་ཆེ་ཀརྨ་པཀི་སོགས་ཆོས་འདི་ཡི་བཀའ་བརྒྱུད་རིག་འཛིན་ཐམས་ཅད་ཀྱིས་དམ་ལ་བཏགས་པའི་ལྷ་སྲིན་ཡུལ་ལྷ་ཐམས་ཅད་དང་།། ཁྱད་པར་དུ་གནས་དེ་ཉིད་ཀྱི་གཉུག་མར་གནས་པའི་དཀར་ཕྱོགས་རྣམས་དང་། རྫོགས་ཆེན་སྐྱོང་བའི་མ་གཟའ་དམ་གསུམ་བཀའ་སྲུང་ཐམས་ཅད་དང་། ཕྱག་ཆེན་གྱི་ཏིང་ངེ་འཛིན་སྐྱོང་བ་བརྒྱད་ཁྲི་དང་། ཚེ་རིང་མཆེད་ལྔ་འཁོར་བཅས་སོགས། བློ་སྦྱོང་སྲུང་བའི་ལྷ་དཀར་པོ་བརྒྱད་ཅུ་རྣམས་འདུས་ནས་ཆོས་ཉན་ཞིང་སྲུང་


CMR054_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོབ་བྱེད་པར་བསྒོམས་ལ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །ཞེས་སོགས་ཞལ་ནས་གསུངས་པའི་ཚིགས་བཅད་བརྗོད། རྒྱས་པར་འགྲུབ་ན་ཞི་བརྔན་བསང་གསུམ་བྱ། གསེར་སྐྱེམས་ཀྱང་མཆོད། བསྡུ་ན་དེ་རྣམས་ལ་དམིགས་ནས་དཀར་གཏོར་ཞིག་ཕུལ། ཁྲིད་འདི་མཐར་མ་ཕྱིན་གྱི་བར་དུ་བར་ཆད་མ་བཏང་སྲུང་སྐྱོབ་མཛོད་ཅེས་བཀའ་བསྒོ། རྒྱལ་ཆེན་སྡེ་བཞིས་ཕྱོགས་བཞི་ནས་བསྲུང་བར་བསྒོམ། དབང་ཁྲིད་ཟབ་མོ་ལ་བར་དུ་གཅོད་པ་ནི། དཔུང་བཟང་གིས་ཞུས་པའི་རྒྱུད་ལས། །རྒྱ་ཆེར་གསུངས་པ་བསྡུས་ཏེ་བཤད་ན། བགེགས་རྣམས་སྒྲུབ་པ་ལ་མི་དགའ་སྟེ། སྒྲུབ་པ་པོ་ལ་གླག་སྣ་ཚོགས་ཚོལ་ཞིང་མདུན་དུ་རྒྱུ་སྟེ་དེ་ལ་རིགས་བཞི་སྟེ་རྒྱལ་པོ་ཆེན་པོ་བཞིའི་འཁོར་རྣམས་ཡིན་ནོ། །གྲངས་ནི་བྱེ་བ་ཕྲག་བདུན་ཏེ་སྔགས་སྒྲུབ་པ་ལ་གེགས་བྱེད་དོ། །ཝའི་རིགས་བྱེ་བ་བཅོ་བརྒྱད་དེ། གཙོ་བོ་ནི་གླང་ཆེན་གདོང་ཡིན་ལ་དབང་ཕྱུག་གི་འཁོར་ཡིན་ཅིང་ས་སྟེང་ཐམས་ཅད་ལ་གེགས་བྱེད་དོ། །སོ་གཅིག་གི་གཙུག་ཕུད་དཔུང་འཁོར་བྱེ་བ་ཕྲག་བཅུ་སྟེ། ཚངས་པ་དང་། ཁྱབ་འཇུག་དང་། ཉི་ཟླ་དང་། རླུང་ལྷས་


CMR054_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་སྔགས་ལ་གེགས་བྱེད་དོ། །ནེའུ་ལེའི་རིགས་ཁྲི་ཕྲག་བྱེ་བ་ཐེར་འབུམ་སྟོང་ཕྲག་སྟེ། དེའི་དཔོན་ནི་གཙུག་ན་འབྱུང་བ་སྟེ། ཕྱག་ན་རྡོ་རྗེའི་རིག་སྔགས་ལ་གེགས་བྱེད། དགའ་བྱེད་ནི་རྔ་རྩེན་རིགས་ཀྱི་སྔགས་ལ་གེགས་བྱེད། ནོར་སྤྱོད་བུ་གསང་བ་པས་རང་གི་སྔགས་རྒྱུད་ལ་གེགས་བྱེད། དེ་ལྟར་རང་རང་གི་རིགས་ཀྱི་སྔགས་རྒྱུད་ལ་གེགས་བྱེད། གསང་སྔགས་ཀྱི་ལྷར་སྤྲུལ་ནས་གཏོར་མ་ལེན་ནོ། །བགེགས་ཀྱིས་དེ་བྱས་པ་ལྷས་མཐོང་ནས་མི་དགའ་བར་ཁྲོས་ནས་ཕྱིར་ལོག་ནས་འབྱོན་ནོ། །བགེགས་འདི་རྣམས་ནི་ལྷ་དང་ཀླུ་དང་སུམ་ཅུ་རྩ་གསུམ་པའི་ལྷས་ཀྱང་བཟློག་མི་ནུས་ཏེ། མཆོད་པ་ལ་ཆོ་ག་མེད་པ་དང་། བསྙེན་པ་ལ་སྦྱིན་སྲེག་མེད་པ་དང་། བསྙེན་པ་གང་བྱ་སྙམ་པ་སོགས་སེམས་ཡེངས་བ་ལ་བགེགས་དེ་དག་འཇུག་གོ །དེ་བཞིན་དུ་སྦྱིན་སྲེག་སོགས་བྱ་བ་གང་བྱེད་ཀྱང་བགེགས་སོ་སོར་འཇུག་གོ །བགེགས་ཞུགས་ན་འདོད་ཆགས་ཆེན་པོ་སྐྱེའོ། །གཡོ་འགུ་ལ་ཞེས་བྱ་བའི་བགེགས་ནི་ཁྲུས་བྱེད་དུས་འཇུག་སྟེ། བཀྲེས་ཤིང་སྐོམ་ལ་གཉིད་ཆེ་བ་དང་ལུས་ལྕི་ཞིང་ཁྲོ་བར་འགྱུར་རོ། །བགེགས་དྲི་ཟ་བ་དྲི་འབུལ་དུས་


CMR054_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་སྟེ། ཡུལ་དང་རྒྱལ་པོ་གཉེན་དང་ནོར་ལ་སེམས་ཤིང་བུད་མེད་ལ་ཆགས་པར་འགྱུར། ནག་པོ་ལུས་ཆེན་ས་ལས་ལངས་ནས་བདུག་པ་འབུལ་དུས་འཇུག་སྟེ། སེར་སྣ་དང་གཡོ་སྒྱུ་འདོད་ཆགས་ཆེ་ལ་གཏུམ་ཞིང་ཁུ་ཆུ་འཛག་གོ །མར་མེ་འབུལ་དུས་གཙུག་ཕུད་ཅན་འཇུག་སྟེ། སྙིང་ཁ་འཚང་ཞིང་གཟེར་ཐབས་ན་ཞིང་སེམས་རྒྱའོ། །ལངས་དུས་གཙུག་ཕུད་ཅན་འཇུག་སྟེ། རིམས་དང་འཁྲུ་སྐྱུག་དྲག་པོ་འབྱུང་། མེ་ཏོག་འབུལ་དུས་མེ་ཏོག་ཆེར་རྒོད་འཇུག་སྟེ། རིམས་དང་ཆམ་པ་རྒྱུ་ཤིང་ན་བ་དང་གྲོགས་དང་བྲལ་བར་བྱེད་དོ། །དེ་ལྟར་བགེགས་ཞུགས་ན་ལམ་མ་ཡིན་པ་ལ་ལམ་དུ་མཐོང་། འདོད་པ་ཆེན་པོ་མྱོང་ཞིང་སྤྱོད་ངན་སྣ་ཚོགས་བྱེད། གློ་བུར་ཅི་ཡང་སྨྲ་བ་དོན་མེད་དུ་འཁྱམས་པ་དང་། དོན་གྱིས་སྒྲུབ་པ་ལ་ཐེ་ཚོམ་ཡིད་གཉིས་བྱེད། སེམས་ལོག་ལྟ་ཆེ་ཞིང་ངག་འཁྱལ་དོན་མེད་སྨྲའོ། །དེ་ནི་འབྲས་བུ་ཅི་ཡང་མེད་པར་སྙོམས་ལས་སུ་ལུས་སོ། །ཡང་དཔུང་བཟང་གིས་ཞུས་པའི་མདོ་ལས། བགེགས་ཞུགས་པའི་རྟགས་གསུངས་སོ། །སེན་མོས་རྩ་གཅོད་བོང་རྡོས་འཇིགས་པ་དང་། །མཚན་མོ་སོ་ནི་ཀྲིག་ཀྲིག་


CMR054_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

འཆའ་བ་དང་། །བུ་མོ་བདག་འདོད་ཁྱོ་ནི་མི་རྙེད་དང་། །སྐྱེས་པ་བདག་འདོད་ཆུང་མ་གཞན་མི་རྙེད། །དགོས་པའི་དོན་མི་འགྲུབ་ཅིང་མི་དགོས་པའང་འགྲུབ། །གཞན་ཡང་འགྲོ་འདོད་གཉིད་མེད་མི་ཡང་རློམ། །དེ་བཞིན་སྟག་གཟིག་དོམ་དྲེད་ཁྱི་དང་ཕག་།བོང་བུ་རྔ་མོང་བྱི་ལ་ཤ་ཟ་ཝ། །བྱ་རྒོད་འུག་པོ་སྐྱར་མོ་མི་ཐུང་ཧྲག །གཅེར་བུ་ཐལ་རིས་ཅན་དང་མི་ནག་པོ། །ཁྲོན་སྐེམ་ཐང་རུང་སྒྲུང་བ་ཕུང་པོ་དང་། །ལྕགས་དང་རྡོ་ཁུང་མི་གཙང་ཁང་རུལ་དང་། །ཁ་བཞིན་བསྒྱུར་ཞིང་རལ་གྲི་མདུང་ཐོགས་པ། །རྨི་ལམ་འདི་རྣམས་རྨིས་པའི་མི་ཡང་རློམ། །ཞེས་གསུངས་པ་དང་། རིག་པ་མཆོག་གི་རྒྱུད་ལས་ཀྱང་རྒྱ་ཆེར་གསུངས་པ་དོན་བསྡུས་ཏེ་བཤད་ན། ལོག་འདྲེན་པའི་སྤྱི་ཕུད་ས་ལས་གོམ་པ་འདོར་བ་ན་འཛིན་ཏེ། ལེ་ལོ་དང་སྐྱུག་པོ་དང་མགོ་འཁོར་ཞིང་ལོ་སྟོང་དུ་བསགས་པའི་བསོད་ནམས་དང་སྔགས་ཀྱི་ནུས་པ་མེད་པར་བྱེད་དོ། །ལོག་འདྲེན་ཆུ་ལྟར་གཡོ་བ་ཁྲུས་བྱེད་དུས་འཛིན་ཏེ། སེམས་འཁྲུགས་འདོད་པ་དང་ཁ་ཟས་ལྷུར་ལེན་ཅིང་འཇིགས་སེམས་སྐྱེ། རིག་སྔགས་ཀྱི་མངག་གཞུག་བྱ་བ་སྔགས་ལས་ལྡང་བ་ན་ཞུགས་ཏེ་ལུས་ཚ་ཞིང་སྡིག་


CMR054_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སྐྱེའོ། །ལོག་འདྲེན་འདི་དག་ནི་རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་ཕྱི་བཞིན་དུ་འབྲང་སྟེ་སྔགས་འདོན་པ་དང་སྒྲུབ་པ་དང་མཆོད་པ་བྱེད་པ་ཐམས་ཅད་ལ་བགེགས་བྱེད། འདུན་པ་བཟློག །ལེ་ལོ་བསྐྱེད་གླན་ཀ་ཚོལ་ལོ། །གཞན་ཡང་ལོག་འདྲེན་འཇིག་རྟེན་ལྷ་ལ་མེ་ཏོག་ཕུལ་དུས་མེ་ཏོག་ལ་འཇུག་གོ་།ཟས་སུ་དྲི་ཟ་བ་ནི་དྲི་ལ་རེག་པ་ན་ཞུགས་ནས་ལྷ་མི་དགའ་བར་བྱེད་དོ། །ལོག་འདྲེན་ནག་པོ་ནི་སྤོས་ཕུལ་བའི་ཚེ་ཞུགས་ནས་དྲན་པ་ཉམས་ཤིང་སྔགས་དེ་སྒྱུར་བར་བྱེད་ཅིང་ལྷ་མི་དགའ་བར་བྱེད་དོ། །གཙུག་ཕུད་གཅིག་པ་ནི་མར་མེ་ལ་འཇུག་པ་སོགས་གསུངས་སོ། །གཞན་ཡང་དངོས་གྲུབ་ཕལ་པ་བསྒྲུབ་ན་ལྷོ་ནས་ཡི་དྭགས་ནག་མོས་ཝ་དང་སྟག་གི་གཟུགས་ཀྱིས་བར་ཆད་བྱེད། དངོས་གྲུབ་ཆེན་པོ་སྒྲུབ་པ་ན་ཡི་དྭགས་ཀུ་མུ་ཏས་ཁྱི་དང་རྔ་མོང་བོང་བུའི་མགོ་ཅན་དང་། སྲིན་པོའི་གཟུགས་ཀྱིས་ཧ་ཧའི་སྒྲ་དང་ཁ་ནས་སྐར་མདའ་འཕེན་ཅིང་བར་ཆད་བྱེད། སྣ་ཆད་མ་ནི་སྐར་མདའ་འཕེན་ཅིང་བཤུག་གླུ་ལེན་ཅིང་འོང་ནས་བར་ཆད་བྱེད་དེ་སྔགས་དང་ཏིང་འཛིན་གང་གིས་ཀྱང་བཟློག་པར་མི་ནུས་པར་གསུངས་པ་དང་། ཐུན་མོང་


CMR054_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

གི་དངོས་གྲུབ་སྒྲུབ་པའི་ཚེ་ན་སྲིན་མོ་རྩད་ཅན་གྱིས་བྱའི་གཟུགས་ཀྱིས་ང་རོ་མི་སྙན་པར་སྒྲོག་ཅིང་བར་ཆད་བྱེད། དངོས་གྲུབ་ཆེན་པོ་བསྒྲུབ་ན་སྲིན་མོ་མི་སྡུག་པས་ཁྱི་དང་གླང་པོ་ཆེ་དང་སེངྒེའི་མགོ་ཅན་གྱི་ཁ་ནས་སྐར་མདའ་འཕེན་ཅིང་འཇིགས་པའི་སྒྲ་དང་བྲག་འཕེན་ཅིང་བར་ཆད་བྱེད། སྲིན་མོ་ལོ་དཀར་གྱིས་ངུ་འབོད་བྱེད་ཅིང་རི་རྣམས་གཡོ། ཡི་དྭགས་རྣམས་གར་བྱེད་ཝ་རྣམས་རྩེ་གླང་པོ་ཆེའི་སྐད་འབྱིན་ཅིང་བར་ཆད་བྱེད་དེ། ལྷའི་གཟུགས་སམ་བུང་བའི་གཟུགས་ཀྱིས་སྒྲ་འབྱིན་ཅིང་ནམ་གུང་གི་ཐུན་ལ་བར་ཆད་བྱེད་དོ། །དངོས་གྲུབ་ཕལ་པ་བསྒྲུབ་ན་ནུབ་བྱང་ནས་གཡོག་མོ་སོ་ལྔ་མོས་མར་མེ་གསོད་ལྷ་བཤོས་འབགས་པར་བྱེད་ཅིང་སྲོད་ལ་བར་ཆད་བྱེད་དེ། དངོས་གྲུབ་ཆེན་པོ་བསྒྲུབ་ན་གནོད་སྦྱིན་འཚུབས་མ་གཅིག་པས་ཝ་དང་སྟག་དང་གླང་གི་གཟུགས་ཀྱིས་ཧ་ཧཾ་ཟེར་ཞིང་གནམ་གྲུམ་པ་དང་། སྐར་མདའ་ལྟུང་ཞིང་འགྱིང་གི་ཐུན་ལ་བར་ཆད་བྱེད། ལྕགས་ཀྱུ་དཀར་མོས་དུས་མ་ཡིན་པར་འབྲུག་སྒྲ་དང་ཆར་འབེབས། གནམ་གྲུམ་པར་བྱེད་ཅིང་མདོག་དཀར་པོར་བསྟན་ནས་དཀྱིལ་འཁོར་བཤིག་གོ །ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ལ། ཀླུ་མོ་


CMR054_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་མོས་ཐོག་ཏུ་འོང་ནས་ཁོག་སྐམ་དང་། ཕ་གུ་འཕེན་ཅིང་སྲོད་ལ་བར་ཆད་བྱེད། ཀླུ་མོ་སོ་གཙིགས་ཀྱིས་ཀུན་ཏུ་རྒྱུ་དང་། གཅེར་བུ་དབང་དང་དུད་འགྲོ་སྣ་ཚོགས་གཟུགས་ཀྱིས་སྐར་མདའ་འཕེན་ཅིང་ངུ་འབོད་དང་བཅས་འགྱིང་ཐུན་ལ་བར་ཆད་བྱེད། མིག་སེར་མས་སྐར་མདའ་ལྟུང་ཞིང་སྒྲ་ཕྱུང་བས་དཀྱིལ་འཁོར་བཤིགས་ཏེ་ནམ་གུང་ལ་བར་ཆད་བྱེད་པར་བཤད་ལ། གསང་སྔགས་སྔ་འགྱུར་གྱི་བདུད་རྩི་སྨན་སྒྲུབ་དང་། སྒྲུབ་པ་ཆེན་པོའི་རིགས་གང་བྱེད་ཀྱང་ཞག་རེ་ལའང་དུས་ཚོད་བཅུ་ལ་ཉུལ་ཞིང་བར་ཆད་བྱེད་པའི་ཉུལ་ལེ་བཅུ་ཡོད་པར་གསུངས་ཏེ། ཨོ་རྒྱན་རིན་པོ་ཆེས། ཉི་ནུབ་ཟེར་དང་དགུང་མོའི་དུས་དག་ལ། །ཞུ་ལེ་ནག་མོ་བྱ་རོག་སྐད་བསྒྱུར་འོང་། །རྟག་ཏུ་ཉམས་མི་དགའ་ཞིང་བག་མི་དྲོ། །ཤེས་པ་བྱིང་འཐིབས་གཉིད་དུ་འགྲོ་བ་འོང་། །སྲོད་ལ་གྲོང་རྐུན་ནག་མོ་འོང་བར་འགྱུར། །བཀྲག་ཉམས་པ་དང་ཆགས་པ་དབང་མེད་སྐྱེ། །ནམ་ཕྱེད་འདོད་ཆགས་དམར་མོ་ར་ནུ་འོང་། །དཀྱིལ་འཁོར་སྟེང་དུ་ཞིང་ལྤགས་ཐུར་ལ་གོན། །སྲུང་མར་བརྫུ་ཞིང་ཆགས་པ་སྤྱོད་ཚུལ་སྟོན། །ནམ་ཕྱེད་ཡོལ་དུས་གནམ་སྨན་


CMR054_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

དུན་རྩེ་འོང་། །ཉམས་ནི་སང་སང་བྱིན་མེད་རིག་པ་ནི། །ཐོ་རངས་དང་པོ་ལག་བསེ་མགོ་དམར་འོང་། །རིག་པ་འཕྲོ་རྒོད་མི་སྡོད་ལང་སྙིང་འདོད། །ཉི་མ་རྩེ་ཤར་གནམ་ཐེལ་ནག་མོ་འོང་། །རིག་པ་ཕྱ་ཕྱོ་རེས་འགའ་བྱིང་དང་རེས་འགའ་རྨུགས། །ཉི་མ་དྲོས་ཁ་ཀླུ་སྲིན་སྔོན་མོ་འོང་། །སྙིང་ནི་ལྕི་ཧྲིལ་ཡང་ན་ན་སོགས་འོང་། །ཉི་མ་ཕྱེད་ན་ཀླུ་ཆེན་འཁྱམས་པ་འོང་། །བྱིང་རྨུགས་གཉིད་ལོག་དཀར་དམར་ཟས་ལ་གདུང་། །ཉི་མ་ཕྱེད་ཡོལ་ས་བདག་མ་ཡམས་འོང་། །ཉམས་ཤེད་དམའ་ཞིང་རིག་པ་ངར་མེད་འཐིབས། །ཉི་མ་ཕྱི་དྲོ་བདུད་དང་ཐེའུ་རང་འོང་། །དགེ་སྡིག་མི་འཛེམ་ཚིག་པ་ཟ་ཞིང་འཁྲུགས། །དེ་ལྟར་དུས་བཅུར་ཉུལ་ལེ་བཅུ་ཡིས་ཉུལ། །མདོར་ན་དམ་སྲི་རྒྱལ་འགོང་ཀླུ་སྲིན་དང་། །བཙུན་པ་ཁྲིམས་ཉམས་སྔགས་པ་དམ་ཉམས་དང་། །བོན་པོ་ལྟ་ལོག་དྲེད་པོ་དཀོར་སྲེད་སོགས། །ཉིན་མཚན་ཀུན་ཏུ་སྒྲུབ་ལ་བར་ཆད་བརྩམ། །བཟང་རྟགས་སྟོན་ཡང་ཉམས་མེད་བྱིན་མི་ཆགས། །དེ་དག་ནག་ཕྱོགས་བདུད་ཀྱིས་རབ་བསྐུལ་ནས། །རྟག་ཏུ་དྲི་ངན་མནམ་ཞིང་སྙིང་མི་དགའ། །ཆོག་ཁྲིག་བྱེད་སྙིང་མི་འདོད་ཐེ་ཚོམ་སྐྱེ། །


CMR054_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

མོས་གུས་དག་སྣང་བཟློག་ཅིང་འགྲོ་སྙིང་འདོད། །རིག་པ་བཀྲ་ཡལ་འཚུབས་ཤིང་ཀླུ་གཞས་དགའ། །ཞེས་སོགས་གསུངས་པས། རིག་སྔགས་སྒྲུབ་པ་ལ་བར་ཆད་བྱེད་པའི་བགེགས་འདི་དག་གིས་གཙོར་བྱས་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་བྱང་ཆུབ་སྒྲུབ་པ་ལ་བར་ཆད་བྱེད་པ་ཐམས་ཅད་ཡིན་ནོ། །དེ་རྣམས་ལ་དམིགས་ནས་བགེགས་གཏོར་གཅིག་བསྔོའོ། །རྒྱལ་མགྱོགས་བསྡུས་པ་གྲུབ་ན་ལེགས། རང་ཉིད་རྟ་མགྲིན་དུ་བསྒོམས་ལ་བཀའ་བསྒོ་མཚམས་གཅོད་བྱ། སྤྲུལ་པའི་ཁྲོ་ཆུང་གིས་བགེགས་རྣམས་རྒྱ་མཚོའི་ཕར་འགྲམ་དུ་བསྐྲད་ནས། སྲུང་འཁོར་བསྒོམ་པ་ནི། རྡོ་རྗེ་ས་གཞི་ནི་བརྟན་པ་མནར་མེད་པར་ཁྱབ་པ། །སྟེང་དང་ལོགས་རྣམས་སུ་རྡོ་རྗེའི་ར་གུར། དེ་རྒྱབ་མེ་ཁ་དོག་ལྔ་ལྡན་གྱི་གུར་དང་། སྟེང་འོག་རྡོ་རྗེ་ས་གཞི་ར་གུར་གྱི་རྒྱབ་ཏུ་གསེར་གྱི་འཁོར་ལོ་ཞྭ་ཐེབས་ཁ་སྦྱོར་ལྟ་བུའི་རྩིབས་བྱེ་བ་གྲངས་མེད་སྤུ་གྲི་ལྟར་གཡས་སུ་འཁོར་བའམ། འཁོར་ལོ་གཉིས་ཁ་སྦྱོར་རྩིབས་སོ་འཐབས་པས་གཡས་གཡོན་དུ་འཁོར་བའི་བར་དུ་གནོད་བྱེད་ཐམས་ཅད་གཏུབ་པའམ། འཁོར་ལོ་རྩིབས་བརྒྱད་པ་ཆུང་ངུ་


CMR054_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མེད་པ་ས་གཞི་དུ་བ་ར་བ་གུར་དུ་གྱུར་པ་ཐམས་ཅད་སོ་སོར་གསོར་ལོ་ལྟར་འཁོར་བའི་བར་མཚམས་སུ་གནོད་བྱེད་ཐམས་ཅད་གཏུབ་པ་སྟེ་གསུམ་པོ་གང་འདོད་ཡིན་ལ། དེ་རྒྱབ་རལ་གྲི་རིན་པོ་ཆེའི་ཡུ་བ་ཅན་གྱི་གུར་ས་གཞི་དྲྭ་བ་ར་བ་སྟེ། འདི་དག་རལ་གྲི་རྣམས་རྒྱ་གྲམ་དུ་འཁོར་བའི་དྲྭ་བའི་བར་རྣམས་དེ་བས་ཆུང་བས་གཏམས་པའོ། །དེ་རྒྱབ་པདྨས་མཚན་པའི་དབྱུག་ཐོའི་ར་གུར་རོ། །དེ་རྒྱབ་སྣ་ཚོགས་རྡོ་རྗེ་ར་རྣོ་དབལ་ཅན་ཁ་གདེང་ཞིང་དྲག་ཏུ་འཁོར་བའི་ས་གཞི་ར་གུར་རོ། །དེ་རྒྱབ་ཕུར་པའི་ས་གཞི་དྲྭ་བ་གུར་ར་བ། དེ་རྒྱབ་མཚོན་ཆ་སྣ་ཚོགས་རྩེ་ཕྱིར་བསྟན་པ་སྟེ། དགྲ་སྟ། སྤུ་གྲི། ཆུ་གྲི། མདའ། མདུང་། སྟ་རེ། ཐོ་བ། ཞགས་པ་ལ་སོགས་བར་མཚམས་མེད་ཅིང་རྩ་བ་གཅིག་ཏུ་གྱུར་པ་དྲག་ཏུ་འཁོར་བའོ། །དེ་རྒྱབ་མེ་ཁ་དོག་ལྔ་ལྡན་འུར་རྒྱང་དུ་དུས་མཐའི་མེ་ལྟར་འབར་བས་སྒོ་ང་ལྟར་སྲུབ་མེད་ཅིང་ལྟ་བར་མི་བཟོད་པ་དུམ་བུ་གཅིག་ཏུ་གྱུར་པའོ། །དེ་ནས་རྟ་མགྲིན་གྱི་ཚོགས་སྔར་སྤྲོས་པའི་ཁྲོ་བོ་དེ་དག་ཚུར་འདུས་ནས་སྲུང་འཁོར་གྱི་བར་མཚམས་རྣམས་སུ་ཞལ་ཕྱིར་གྱུ་བའི་ཁྲོ་ཆུང་དཔག་ཏུ་མེད་པས་ཧཱུྃ་ཕཊ་ཀྱི་


CMR054_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲས་བཟློག་པའི་ལས་མཛད་པ་དང་། འཁོར་ལོའི་རྩིབས་ནང་དུ་ཞལ་ནང་དུ་གཟིགས་པ་རྣམས་རཀྟ་ཞེས་སྲུང་སྔགས་དང་སྲུང་བའི་ལས་མཛད་པར་བསྒོམ་པ་སྟེ། ཁྲོ་བོ་གཉིས་གཅིག་ཏུ་བརྩིས་པའི་སྲུང་འཁོར་དགུ་རིམ། སྲུང་འཁོར་གྱི་ནང་དུ་ཆོས་ར་དེར་འདུས་ཚར་བ་དང་། འདུ་རྒྱུ་ཐམས་ཅད་ཚུད་པར་བསྒོམ། དང་པོ་ཉིན་པར་དགེ་བསྐུལ་གྱི་རྟེན་འབྲེལ་དུ་ལྷ་མོ་བསྐུལ་བྱེད་མའི་རྗེས་གནང་བྱ། དེ་ནས་རྒྱུན་དུ་སྔ་དྲོ་ཁྲོམ་མང་ལ་རྗེས་གནང་རེ་དང་། ཕྱི་དྲོ་ཆོས་ཕྲུག་རྣམས་ལ་ཁྲིད་ཆོས་ཐུན་རེ་བཤད། །ཕྱིར་ནངས་ཆོས་ཐུན་མ་བྱུང་བའི་བར་དུ་དམིགས་པ་རྩེ་གཅིག་ཏུ་བསྒོམ་འཇུག །དང་པོ་ཉིན་པར་ཁྲོམ་ལ་རིམས་ནད་མི་འབྱུང་བའི་རྟེན་འབྲེལ་དུ། ལོ་མ་གྱོན་མའི་རྗེས་གནང་བྱས་ལ། ཨོཾ་པི་ཤ་ཙི་སྭཱ་ཧཱ། ཞེས་པ་ཉིན་གཅིག་བཞིན་ཁྲོམ་ལ་ཕྲེང་བསྐོར་ཡ་ཟུང་འུར་འདོན་འཇུག །དེ་ནས་ཁྲོམ་ནང་དུ་མི་སྡིག་ཅན་དང་གྲིབ་ཅན་དང་། དམ་ཚིག་ཉམས་པ་ཡང་འགའ་རེ་ཡོད་པས། དེའི་གྲིབ་ཀྱིས་གཞན་རྣམས་ལ་མི་གནོད་པའི་ཕྱིར། ཁྲོ་བོ་རྨེ་བརྩེགས་ཀྱི་རྗེས་གནང་བྱ། རང་ཉིད་ལའང་ཁྲོམ་གྲིབ་མི་འོང་བའི་ཕྱིར། ནངས་


CMR054_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་ལོ་གྱོན་མ་དང་། སྨེ་བརྩེགས་ཀྱི་རྒྱུན་བསྙེན་རེ་བྱ། ལས་བུམ་དུ་སྨེ་བརྩེགས་སོགས་བསྐྱེད་ལ་མེ་ལོང་ངོས་ནས་ཁྲོམ་མང་ལ་ཡང་ཁྲུས་བྱས་པས། ཉམས་གྲིབ་སེལ་ཞིང་ཆབ་བླང་པའི་གོ་ཆོད། མེ་ཏོག་ནས་བཀྱེ་མི་དགོས་པར། ཁྲོམ་སྤྱིའི་མཎྜལ་དུ་དམིགས་ནས། མཆོད་གཡོག་པས་ལག་ཏུ་མཎྜལ་ཐོགས་ཏེ་ལངས་ནས། གྲྭ་པ་རྣམས་ཀྱིས་མཎྜལ་འབུལ་བ་ཕྱག་སྲོལ་ཡོད་དོ། །དེ་ནས་སྔོན་འགྲོ་བགེགས་གཏོར་ཕུལ་ནས་བགེགས་སྐྲད་སྔགས་དམིགས་བྱ་བ་རྒྱུན་དུ་གལ་ཆེ་བར་གྲུབ་ཐོབ་སྐྱེར་སྒང་པས་གསུངས། ཁྲོམ་མང་ལ་དབང་དང་ཆོས་བཤད་རུང་བའི་ལུགས་ནི། ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱི་རྒྱུད་ལས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་དབང་བསྐུར་བར་བྱའོ། །འདིར་སྣོད་དང་ལྡན་པ་དང་མི་ལྡན་པར་ཡོངས་སུ་བརྟག་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་འདི་མཐོང་བ་ཙམ་གྱིས་བྱང་ཆུབ་ཐོབ་པའི་ཕྱིར་རོ། །ཞེས་གསུངས་པ་དང་། །གཞན་ཡང་། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །འགྲོ་བ་འདི་དག་ཐམས་ཅད་སངས་རྒྱས་ཉིད། །གར་མཁན་དང་ནི་རི་མོ་བཟང་བཞིན་གནས། །ཞེས་


CMR054_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་དོན་ཡིན། རང་རྟོགས་པ་མཐོ་བར་ཡོད་ན། སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་སེམས་ཅན་ཐམས་ཅད་ཀྱི་སེམས་རྒྱུད་དང་། རང་གི་སེམས་ཉིད་དང་། དེ་གསུམ་ངོ་བོ་དབྱེར་མེད་པར་རྟོགས་ན། ཁྲོམ་མང་ལ་གསང་སྔགས་ཟབ་མོ་བཤད་ཀྱང་། རང་ལ་གསང་སྒྲོག་གི་ལྟུང་བར་མི་འབྱུང་། ཁྲོམ་ཕན་ཚུན་རྣམས། །དབང་དང་ཆོས་མཉམ་པོར་ཐོབ་ནས་མཆེད་གྲོགས་ཡིན་ཀྱང་དམ་ཚིག་བསྲུང་དཀའ་བས། ཁྲོམ་རེ་རེ་བཞིན་དུ་སོ་སོར་རྡོ་རྗེའི་གུར་ཁང་རེ་རེའི་ནང་དུ་ཚུད་པར་བསྒོམ། དེ་ནི་འདུལ་བ་ནས་ཐག་གྲ་བཤད་པ་དང་མཚུངས། དེ་ནས་རྨི་ལམ་རྩུབ་བམ་ཁྲོམ་ལ་བར་ཆད་བྱུང་དོགས་ན། བགེགས་མཐར་བྱེད། བདུད་རྩི་འཁྱིལ་བ། རྡོ་རྗེ་གྲོ་ལོད་སོགས་ཀྱི་དབང་བྱས་ལ། དབང་འགྲིམ་ཚེ་སྔགས་འུར་འདོན་བཅུག །དེ་བཞིན་དུ་ནད་ཞི་ཕྱིར་སྨན་ལྷའི་དབང་བསྐུར་ལ་སྔགས་འུར་འདོན་བཅུག །ཁྲོམ་རྒྱས་ཡག་རེད་པ་དང་། ཐེག་པ་ཐུན་མོང་གི་སྐྱབས་སྡོམ། བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་ལུང་། སྨྱུང་གནས་ཀྱི་སྡོམ་ལུང་། སྨྱུང་གནས་ཀྱི་ཆོ་ག་བཅུ་གཅིག་ཞལ་གྱི་དབང་། གུ་རུ་ཞི་བ་


CMR054_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འབྱུང་པོ་འདུལ་བྱེད་ཀྱི་དབང་། གནམ་ཆོས་ལྟར་པདྨ་གཙུག་ཏོར་དྲི་མེད་དང་། ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོ་དང་། ཕན་ཡོན་གང་ཆེ་རྣམས་ཀྱི་རྗེས་གནང་བྱ། གནམ་ཆོས་ལྟར་སའི་སྙིང་པོའི་རྗེས་གནང་གྲུབ་ན་རབ། མ་འགྲུབ་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་ལ་ཕྱག་འཚལ་ལོ། །ཞེས་པ་དེ་འུར་འདོན་ལན་མང་དུ་བྱེད་བཅུག་པས། ལོ་ལེགས་པ་དང་། རྩྭ་ཀ་སྐྱེ་བ་ལ་ཕན། ཆོས་དབུ་འཛུགས་དུས་དང་། རྗེས་ནས་དགའ་སྟོན་གྱི་ཚོགས་ཆེན་འགྲུབ་ན་ལེགས་ཏེ། མ་འགྲུབ་ཀྱང་དཀའ་གནད་མི་བྱེད་པར། ཤ་ཐུད་ཇ་མར་ཆང་སོགས་ཟས་ཀྱི་རིགས། དེ་ཉིན་བྱུང་ཚད་བསྡུས་ལ་ཚོགས་འཁོར་རྒྱུན་དུ་བྱ། དེས་ཚོགས་རྫོགས་པ་དང་། སྐུ་རིམ་དང་ཉམས་རྟོགས་སྐྱེ་བའི་གནད་ཆེ། རང་གིས་ཐོན་ན་བཟང་། མ་ཁོམ་ན་གྲྭ་པ་དྲག་རིམ་རྣམས་ཀྱིས་གཏོར་བསྔོས་དང་། བསྐང་བ་བཀའ་སྲུང་རྣམས་ཀྱི་གསོལ་ཁ་གཟབ་པ་གལ་ཆེ། ཁྲོམ་ལ་ནད་མུག་སོགས་འོང་གྲབ་བྱུང་ན། རྒྱལ་འགྱོགས་དང་ལྷ་མོ་བརྒྱ་རྩ་མཁའ་འགྲོ་གཏོར་ཟློག་རྣམས་གྲྭ་པ་རྣམས་ལ་བྱེད་བཅུག །རང་གིས་ནི་ཉམས་ལེན་གྱི་


CMR054_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ནས་སྔགས་དང་དམིགས་པ་ཁོ་ན་བྱའི། འདོན་པ་ཡང་མང་བར་མི་བྱ། འབུལ་བ་སོགས་གང་བྱུང་ཉམས་ལེན་སོགས་མ་ཡེངས་པར་བསྔོ་བས་རྒྱས་འདེབས། འབྲུ་དང་རིན་པོ་ཆེ་སོགས་སྐམ་སྤྱད་གང་བྱུང་རྣམས་མནྜལ་དུ་དམིགས་ལ་མཎྜལ་ཤོ་ལོ་ཀ་རེས་ཕུལ། གོ་མཚོན་དང་རྐང་བཞི་བ་བྱུང་ཚད་བསྐང་རྫས་སུ་དམིགས་ལ་གཏོར་བསྔོས་ཞོར་ལ་བསྐང་ཐུང་འདོན། འོ་ཞོ་སོགས་འཕྲལ་དུ་ལོངས་སྤྱོད་དགོས་པའི་བྱུང་ཚད་བྲན་ལ། ཐུགས་རྗེ་ཆེན་པོ་དང་། ལོ་མ་ཅན་དང་། ཛི་ལྷའི་སྔགས་ལ་ཁཱ་ཧི་བཏགས་ལ་ཕུལ་བས་དཀོར་སྒྲིབ་ཆུང་། ཚོགས་རྫོགས། །བར་ཆད་ཞི། དངོས་གྲུབ་འབྱུང་། བཟའ་བཏུང་གང་བྱུང་ཡང་ནང་གི་ཚོགས་འཁོར་ལྟར་ལོངས་སྤྱོད། ཚོགས་མ་རྫོགས་པར་ཆོས་བརྒྱགས་ཆད་པའི་ཉམ་ཆུང་འདུག་ན། ཆོས་བརྒྱགས་ཅུང་ཟད་སྦྱིན། གཞན་ཡང་ཟང་ཟིང་རྣམས་ཆོས་ཕྱོགས་སུ་རྩི་ཐེངས་བྱ། གྲོལ་ཁ་མང་བ་ལ་ཚེ་དབང་དང་དགེ་བ་ཁས་ལེན་བྱ། འབྲེལ་པ་ཐོགས་ཚད་ལ་བསྔོ་བ་རྒྱས་པ། བཀྲ་ཤིས་རྒྱས་པར་བརྗོད་ལ་མེ་ཏོག་འཐོར། དེ་ནས་ཁྲོམ་གྲོལ་ནས། གཞི་བདག་རྣམས་ལ་གཏང་རག་གི་


CMR054_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གཏོར་ཞིག་འབུལ། གཟུགས་མེད་ཀྱི་ཆོས་ཉན་པ་རྣམས་ཀྱང་གྲོལ་བར་བསྒོམ། གནས་བདག་ལ་ཡང་བསྔོ་བ་སྨོན་ལམ་བྱ། སྲུང་འཁོར་གྱི་དམིགས་པ་ཡང་བསྡུ་སྟེ། ཉམས་ལེན་སྟོང་ཉིད་ཀྱི་ངང་དུ་ཡུན་རིང་བཞག །དེ་ནས་འགྲོ་བའི་ཚེ་སྔོན་ལྟར་དམིགས་པ་བྱས་ལ་འགྲོའོ། །དེ་ལྟར་ཕྱོགས་ཀུན་ཏུ་འགྲོ་ཞིང་འགྲོ་དོན་བྱ་བ་ནི། ཨོ་རྒྱན་རིན་པོ་ཆེས་གསུངས་པའི་ཚོང་དཔོན་ལྟ་བུའི་འགྲོ་དོན་ཡིན་ལ། མང་བ་ནས་གཅིག་ཏུ་མཚམས་བསྡམས་ནས། རང་གི་ཐུགས་དམ་ཡང་ཡང་བཤོལ་བའི་ངང་ནས། དབང་ལུང་ཁྲིད་སོགས་ཞེ་ཐག་པ་ནས་ཞུ་མཁན་ཞོར་ལས་མ་ཡིན་པར་ཐག་རིང་ནས་རྐང་གཏད་ཀྱིས་བྱུང་ན། དེའི་རེ་འདོད་བསྐང་བར་བྱ་བ་ནི། མཉན་པ་ལྟ་བུའི་འགྲོ་དོན་ཡིན་པར་གསུངས་སོ། །འགྲོ་དོན་བྱུང་ན་ཐུགས་དམ་ཆག་བསམ་པར་མི་བྱ་སྟེ། ཐུགས་དམ་ནི་བྱང་ཆུབ་སྒྲུབ་པ་ལས་ལྷག་པའི་ཐུགས་དམ་བྱ་རྒྱུ་མེད་ཅིང་། སེམས་ཅན་ལ་ཕན་ཐོགས་ནུས་ན་བྱང་ཆུབ་སེམས་དཔའི་ཐུགས་དམ་རྩ་བ་དེ་ཡིན། སངས་རྒྱས་ནས་ཀྱང་འགྲོ་དོན་མ་གཏོགས་གཞན་བྱ་རྒྱུ་མེད་པའི་ཕྱིར། སངས་རྒྱས་རྣམས་ཀྱང་དེ་ལ་མཉེས་སོ། །བཀུར་སྟི་


CMR054_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དད་གུས་ཀྱིས་མི་ཆེན་བླ་ཆེན་རྣམས་ཀྱང་དབུ་རྒྱ་བའི་ཚེ། རང་ཉིད་རང་མཐོང་དང་། ང་རྒྱལ་སྐྱེ་ཞིང་། རྒྱུ་རྩིས་དང་ཆགས་འཛིན། ཕྲག་དོག་དང་འགྲན་སེམས་སྐྱེས་ན། ལྷའི་བུ་བདུད་ཞུགས་པ་ཡིན། གདུལ་བྱ་འགྲོ་དོན་ཆེ་ཚུགས་ངན། རང་དམན་ས་འཛིན་ཅིང་། ང་རྒྱལ་མེད། ཉམས་རྟོགས་ཇེ་འཕེལ་དུ་སོང་ན་དངོས་གྲུབ་ཡིན། འོན་ཀྱང་ཟང་ཟིང་ཨེ་འོང་བསམ་པའི་བསམ་པ་གཏན་ནས་སྤངས་ཏེ། སེར་མོ་བ་ཤེས་རབ་ཅན་རྣམས་ལ་དབང་རྒྱུན་ལུང་རྒྱུན་ཁྲིད་རྒྱུན་མང་དུ་འཕེལ་ན། །སངས་རྒྱས་ཀྱི་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་རྒྱུན་མི་འཆད་པར་འགྱུར་བ་ལུང་གི་བསྟན་པ་ཡིན་པ་ལོ། སེར་མོ་བ་དག་ལ་ཉམས་དང་རྟོགས་པ་སྐྱེས་ནས་ཁྲིད་འཛུགས་ཐུབ་རེ་བྱུང་ན། དེའི་རྒྱུད་འཕེལ་ཐུབ་ན་རྟོགས་པ་དོན་བརྒྱུད་དུ་འགྱུར་ལ། ཁྲིད་གཞན་ལ་འཕེལ་མ་ཐུབ་ཀྱང་རང་གི་ཉམས་ལེན་སྒྲུབ་པ་བྱེད་པ་བྱུང་ན། ཉམས་སུ་ལེན་པ་སྒྲུབ་པའི་བསྟན་པ་ཡིན་ཏེ། ཐུབ་པའི་བསྟན་པ་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་ཡིན། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་


CMR054_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། ཐ་མལ་པ་རྣམས་ལ་ཡང་། དགེ་སྒྲུབ་སྡིག་སྤངས་ཙམ་བྱེད་པ་དང་། བསྙེན་གནས་ངག་བཅད་ཡིག་དྲུག་སོགས་དགེ་བ་ལ་བློ་ཁ་འགྱུར་བ་དང་། ཞི་ལྷག་གི་ཏིང་ངེ་འཛིན་སྐྱོང་ཤེས་པ་མང་དུ་འོང་དོ་བས། དེའི་ཕན་ཡོན་ཁོ་ན་ལ་བསམ་པར་བྱའོ། །དེ་དག་ལ་ཚོགས་བཤད་ཀྱི་སྣོད་ཅེས་བྱ་སྟེ། ཁྲོམ་ཆོས་སུ་རུང་བ་ཡིན། གནད་ཀྱི་ངོ་སྤྲོད་ཟབ་མོ་དང་། གེགས་སེལ་བོགས་འདོན་ཁྱད་པར་ཅན་རྣམས་ནི། རྟོགས་འབུལ་ཞིག་ཞུས་ཀྱི་སྐབས་སུ་གང་ལ་གང་ཕན་ཚིག་རེ་རེ་བཤད་པར་བྱའམ། ཁྲོམ་ཆོས་དང་འབྱམས་བཤད་མི་རུང་ངོ་། །བྱས་ཀྱང་མི་ཕན་གནོད་ཉན་ཆེ་བའི་ཕྱིར་རོ། །དམ་ཉམས་དང་སྡིག་ཅན་ལ་ཡང་། དེའི་མཚང་ལ་རྒྱག་མི་རུང་། དེ་བཤགས་ཐབས་དང་སྦྱོང་ཐབས་ཀྱི་མན་ངག་ཟབ་མོ་རེ་རེ་བསྟན་པར་བྱའོ། །ཞི་བ་དང་བསྲུང་བའི་མན་ངག་རྣམས་ནི་གང་ལ་གང་ཕན་སྟོན་པར་བྱ། རྒྱས་པ་དང་དབང་གི་ལས་ཚོགས་ནི་བསྟན་པ་ལ་ཕན་ངེས་མ་གཏོགས་མི་སྟོན། སྦྱོར་སྒྲོལ་དང་གནོད་བྱའི་སྐོར་རྣམས་ནི་ཤིན་ཏུ་བསྡམས། གལ་ཏེ་མི་བྱེད་དཀའ་མེད་བྱུང་ན། མགྱོགས་ལུང་ཤོག་ངོ་བཀྲུ་ཙམ་ཞིག་བྱའོ། །ཕྱག་


CMR054_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་སོགས་ངག་ཁྲིད་ནི་པིར་གྱི་ཁ་བཞིན་བསྡམས། རྒྱུད་འཛིན་གྱི་སློབ་མ་ལ་གཅིག་བརྒྱུད་དུ་བྱའོ། །དེ་ལྟར་སེམས་བསྐྱེད་དང་ལྡན་པས་སྤེལ་མཁས་པར་བྱས་ན། རང་ཉིད་ཀྱང་བསྟན་འཛིན་གྱི་གྲལ་དུ་ཚུད་ཅིང་། ལུང་དང་རྟོགས་པའི་ཆོས་ཡུན་རིང་གནས་པར་འགྱུར་རོ། །ཁྲིད་ཀྱི་རྒྱབ་ཆོས་ལེའུ་ཐ་མ་སྟེ་རྫོགས་སོ།། འདི་བྲིས་ཉེས་པའི་ཆ་རྣམས་གང་མཆིས་པ། །རྩ་གསུམ་ཆོས་བདག་སྲུང་མའི་ཚོགས་ལ་བཤགས། །འདི་བྲིས་དགེ་བའི་རྩ་བ་གང་མཆིས་དེས། །ཐུགས་རྗེ་ཆེན་པོའི་བསྟན་པ་འཕེལ་རྒྱས་ནས། །འདི་དང་འབྲེལ་བ་ཐོགས་ཚད་འགྲོ་བ་ཀུན། །བདེ་ཆེན་དག་པའི་ཞིང་དུ་སྐྱེ་གྱུར་ཅིག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །མངྒ་ལཾ། བྷ་ཝནྟུ། ཤུ་བྷཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


CMR054_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད།