cover

མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

གླེགས་བམ། སི༽

མཁས་གྲུབ་ཀརྨ་ཆགས་མེད།

Nitartha international
Images scanned by TBRC

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རྒྱལ་སོགས་གྲུབ་རིགས་རྣམས་ཀྱི་གསུང་རྒྱུན་རྒན་རབས་རྣ་གཏམ་ལེགས་སྤྱད་ཟ་མ་ཏོག་གི་ལྡེའུ་མིག


CMR058_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སོགས་གྲུབ་རིགས་རྣམས་ཀྱི་གསུང་རྒྱུན་རྒན་རབས་རྣ་གཏམ་ལེགས་སྤྱད་ཟ་མ་ཏོག་གི་ལྡེའུ་མིག་བཞུགས་སོ། །


CMR058_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟེ། འདི་ཕྱི་ཀུན་ཏུ་དགེ་བའི་དབུགས་འབྱིན་པ། །བསླུ་མེད་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །ལས་འབྲས་ལ་འཛེམ་དགེ་ལ་སྤྱོད་འདོད་ན། །ལེགས་བྱས་ཟ་མ་ཏོག་འདི་ཁ་ཕྱེའོ། །དེ་ཡང་རྒན་རབས་རྣ་བའི་གཏམ། །རྒྱལ་སོགས་གྲུབ་རིགས་རྣམས་ཀྱིས་གསུངས། །འོན་ཀྱང་ཀུན་རྫོབ་ལས་སྣང་དུ། །མེད་བཞིན་མ་དག་སྣང་བ་ལ། །གཟུང་འཛིན་གྱིས་བསྡུས་ཆོས་ཅན་གྱི། །རྣམ་རྟོག་འཁྲུལ་པའི་རླབས་གཡོ་ཚེ། ལྟར་འབྲེལ་འདི་ཡང་སྔ་རབས་ཀྱི། །ཁས་པས་བཤད་ཕྱིར་སྒྲུབ་པར་རིགས།། ༈ ཐོག་མར་གནས་བསྐོར་བའི་ལོ་ནི། བྱི་


CMR058_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལོ་ལ་རྒྱ་ནག་རི་བོ་རྩེ་ལྔའི་མཆོད་རྟེན་བཞེངས་པ་ཡིན་པས་ལོ་འདིར་གནས་མཇལ་ན་ཕན་ཡོན་དང་བྱིན་རླབས་ཆེ། དེ་བཞིན་གླང་གི་ལོ་ལ་གླང་ཆེན་འགྱིང་རི་མཇལ། སྟག་གི་ལོ་ལ་སྤ་གྲོ་སྟག་ཚང་མཇལ། ཡོས་ལོར་བསམ་ཡས་ལྷ་ཁང་བཞེངས་པས་ལོ་དེར་མཇལ་ན་བྱིན་རླབས་ཆེ། འབྲུག་ལོར་དགུན་གྱི་དུས་སུ་འབྲུག་ལྡིར་བའི་ཞིང་ཁམས་རྒྱ་གར་རྡོ་རྗེ་གདན་མཇལ་དགོས། སྦྲུལ་ལོར་དུག་སྦྲུལ་ལ་སོགས་ཡོད་སའི་ཡུལ་བལ་ཡུལ་གྱི་མཆོད་རྟེན་སོགས་མཇལ། རྟ་ལོར་རྟ་མཆོག་ཁ་འབབ་ཀྱི་གནས་གངས་ཏི་སེ་དང་མཚོ་མ་ཕམ་མཇལ། ལུག་ལོར་ལུག་འཚོགས་ས་


CMR058_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཡིན་པས་བྱང་གི་གནམ་མཚོ་མཇལ། སྤྲེལ་ལོར་སྤྲེལ་འཚོགས་ས་ཙཱ་རི་བསྐོར་དུ་འགྲོ། བྱ་ལོར་རི་བོ་བྱ་རྐང་མཇལ། ཁྱི་ལོར་ཁྱི་དང་མི་སོགས་འདུ་ཆེ་ས་ཆོས་འཁོར་ལྷ་ས་མཇལ། ཕག་ལོར་ཕག་ལ་དགའ་བས་ཀོང་ཡུལ་བྲག་གསུམ་མཇལ་ལ་སོང་། དེ་ལྟར་ལོ་སོ་སོར་གནས་རྣམས་མ་ནོར་བར་མཇལ་ན་ཕན་ཡོན་དང་འགྱུར་ཆེ་བ་སྔོན་གྱི་རྒན་རབས་རྣམས་ཀྱིས་ཟེར། ༈ ཧོར་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་མཉམ་མེད་ཤཱཀྱའི་དབང་པོའི་ཆོ་འཕྲུལ་གྱི་དུས་ཆེན་ཡིན་པས། ཚེས་གཅིག་ཉི་དྲོས་ཁ་ཤར་དུ་རྒྱུ་ནས་ཕྱག་དགུ་འཚལ་ན་བསྐལ་བ་འབུམ་གྱི་སྡིག་སྒྲིབ་འདག །དུས་ཆེན་རྣམས་ལ་དགེ་བ་གང་བྱས་ས་ཡ་བརྒྱར་འགྱུར་རོ། །བྱ་ངང་པ་མོན་ནས་འོང་། ཚེས་ཉེར་གསུམ་ལ་སྐྱོར་ཁ་བལྟ། ༈ ཧོར་ཟླ་གཉིས་པར་འབྲུག་ལྡིར། སྐར་མ་དྲང་སྲོང་བརྟེན་པ་འཆར། ༈ ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔར་འགྲན་མེད་ཤཱཀྱའི་རྒྱལ་པོས་དུས་འཁོར་རྩ་རྒྱུད་གསུངས། པུ་ཤུད་སྐད་འབྱིན། ༈ ཧོར་ཟླ་བཞི་པའི་ཚེས་བདུན་ལ་ཤཱཀྱའི་རྒྱལ་པོ་སྐུ་བལྟམས། བཅོ་ལྔ་ལ་མངོན་པར་བྱང་ཆུབ་པ་དང་། མྱ་ངན་ལས་འདས་པ་བཅས་དུས་ཆེན་གསུམ་འཛོམ་ཡིན། ཁུ་


CMR058_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

བྱུག་བོད་དུ་འབྱོར། ༈ ཧོར་ཟླ་ལྔ་པར་དབྱར་ཉི་ལྡོག །མེ་ཏོག་རྒྱས། ༈ ཧོར་ཟླ་དྲུག་པའི་ཚེས་བཞི་ལ་ཐུབ་པའི་དབང་པོས་ཆོས་འཁོར་བསྐོར་བའི་དུས་ཆེན། དུར་ཕག་གི་ཞག་ཀྱང་འདྲེན། རྐྱང་གི་བུ་འཇོགས་ཐན་པས་སྡང་། ༈ ཧོར་ཟླ་བདུན་པར་བྱ་སྐད་ཆག་༈ །ཧོར་ཟླ་བརྒྱད་པར་རི་ཥི་འཚརོ། སྤང་རྒྱན་མེ་ཏོག་བཀྲ། ༈ ཧོར་ཟླ་དགུ་པའི་ཚེས་ཉེར་གཉིས་ལ་བཅོམ་ལྡན་འདས་ཤཱཀྱའི་དབང་པོ་ལྷ་ལས་བབ་པའི་དུས་ཆེན། ངང་པ་ལྷོར་འགྲོ། འབྲུག་སྐད་ཆག ༈ །ཧོར་ཟླ་བཅུ་པར་ཉ་དྲུག་བརྟགས། ༈ ཧོར་ཟླ་བཅུ་གཅིག་པར་དགུན་ཉི་ལྡོག །ཚེས་ཉེར་བརྒྱད་ལ་སྐྱོར་ཁོ་བལྟ། ༈ ཧོར་ཟླ་བཅུ་གཉིས་པར་བྱ་རོག་གིས་ཚང་བཅའ། ཚེས་ཉེར་ལྔ་ལ་སྐྱོར་ཁ་བལྟའོ།། ༈ དེ་ནས་ཚེས་ཀྱི་བཟང་ངན་བཤད་པ་ནི། ཚེས་གཅིག་ལ་དོན་གཉེར་ན་མྱུར་དུ་འགྲུབ་ཅིང་བཀྲ་ཤིས་ཐོབ། ཚེས་གཉིས་ལ་ཐབ་བཅས་ན་ལོངས་སྤྱོད་ཀྱིས་བང་མཛོད་གང་། ཚེས་གསུམ་ལ་ལམ་དུ་ཞུགས་ན་འདོད་པའི་དོན་རྣམས་ཡིད་བཞིན་དུ་འགྲུབ། ཚེས་བཞི་ལ་སྐྲ་བཀྲུས་ན་ཀུན་གྱི་ཡིད་དུ་འོང་། ཚེས་ལྔ་ལ་རབ་ཏུ་བྱུང་ན་བཙུན་པ་མཐར་ཕྱིན་པར་འགྱུར། ཚེས་དྲུག་


CMR058_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ས་ཁ་དབྱེ་ན་ལོ་ཏོག་ཕུན་སུམ་ཚོགས། ཚེས་བདུན་ལ་ཁྱིམ་གསར་འཛིན་ན་སྐྱིད་པའི་ངང་དུ་འགྲོ། ཚེས་བརྒྱད་ལ་ནོར་ཕྱུགས་ཉོས་ན་ནོར་གྱིས་རི་བ་ཁེངས། ཚེས་དགུར་སྲི་མནན་བྱས་ན་གནོད་བྱེད་ཀྱི་མིང་མི་གྲག་ཚེས་བཅུར་མཆོད་རྟེན་བརྩེགས་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ། བཅུ་གཅིག་ལ་སྟོན་མོ་བྱས་ན་བཟའ་བཏུང་འཕེལ། བཅུ་གཉིས་ལ་ཡུར་རྫིང་བཅོས་ན་ཅི་བསམ་ལྷུན་གྱིས་གྲུབ། བཅུ་གསུམ་ལ་རྒྱལ་སར་ཞུགས་ན་བརྟན་ཞིང་བརྗིད་ཆགས། བཅུ་བཞི་ལ་དཀྱིལ་འཁོར་བྲིས་ན་ལྷ་ཡི་གོ་འཕང་ཐོབ། བཅོ་ལྔ་ལ་ལྷ་གསོལ་ན་བཀྲ་ཤིས་ཀྱི་ཆར་འབེབས། བཅུ་དྲུག་ལ་གཡོག་བརྟེན་ན་རྟག་ཏུ་ཤེས་པར་འགྱུར། བཅུ་བདུན་ལ་གཤིན་ལས་བྱས་ན་ན་ཤིའི་མིང་མི་གྲག །བཅོ་བརྒྱད་ལ་ཟོར་འཕངས་ན་དགྲ་བགེགས་ཐལ་བའི་རྡུལ་བཞིན་འཇོམས། བཅུ་དགུ་ལ་ལམ་དུ་ཞུགས་ན་སྐྱིད་པའི་ལམ་སྣ་ཟིན། ཉི་ཤུ་ལ་བྱ་བ་ཐམས་ཅད་བཏང་སྙོམས་ཡིན། ཉེར་གཅིག་ལ་ཞིང་བཏབ་ན་བང་བར་ནས་མི་ཤོང་། ཉེར་གཉིས་ལ་ཡིག་རྩིས་བསླབ་ན་མཁས་པར་འགྱུར། ཉེར་གསུམ་ལ་མཁར་བརྩེགས་ན་རྡོ་རྗེའི་བྲག་བཞིན་རབ་ཏུ་བརྟན། ཉེར་བཞི་ལ་རབ་གནས་བྱས་ན་ཕུན་སུམ་


CMR058_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པར་འགྱུར། ཉེར་ལྔ་ལ་ཞིང་གསར་པ་ཉོས་ན་ཕྱུ་གཡང་འཕེལ་བ་ཡིན། ཉེར་དྲུག་ལ་སྐྲ་བཀྲུས་ན་སྡིག་སྒྲིབ་དག །ཉེར་བདུན་ལ་ལམ་དུ་ཞུགས་ན་དགེ་བའི་ལྟས་བཟང་དང་བཅས་དོན་འགྲུབ། ཉེར་བརྒྱད་ལ་ཆུ་རགས་བརྩེགས་ན་ཆུས་མི་གནོད་ཅིང་གནོད་པ་གཞན་ཟློག་པའི་རྟེན་འབྲེལ་ཡོད། ཉེར་དགུ་ལ་ཧོམ་སྤར་ན་གདོན་བགེགས་རྣམས་ཞི་བར་འགྱུར་རོ། །གནམ་གང་ལ་ས་བོན་བཏབ་ན་འབྲུ་དང་དཔལ་འཕེལ་བར་འགྱུར་རོ།། ༈ ཡང་ཚེས་ཀྱི་སྤང་བྱ་ནི། ཚེས་གཅིག་ལ་སྐྱ་མི་བཞར་བཞར་ན་ཚེ་ལ་གཟན། གཉིས་ལ་གོས་གསར་མི་གྱོན། གྱོན་ན་ནད་མང་། གསུམ་ལ་བུད་མེད་དང་མི་འགྲོགས་འགྲོགས་ན་མྱུར་དུ་འཆི་འགྲོ། བཞི་ལ་རོ་མི་འདོན་འདོན་ན་མྱུར་དུ་ཁྱིམ་དེར་དམེ་འཁྲུག་ཡོང་། ལྔ་ལ་བྱེས་སུ་མི་འགྲོ། འགྲོ་ན་ཚུར་ལོག་པར་དཀའ། དྲུག་ལ་ཆུ་མི་བརྒལ་བརྒལ་ན་ལོངས་སྤྱོད་ཆུང་། བདུན་ལ་ཆེམ་པོ་མི་ཚེམ་བཙེམ་ན་མིག་ལ་གཟན། བརྒྱད་ལ་ཐག་མི་འཐག། བཏག་ན་ནོར་གོད་ཡོང་། དགུ་ལ་གླུ་མི་ལེན་བླངས་ན་མྱ་ངན་འོང་་། བཅུ་ལ་ཉིན་མོ་མི་ཉལ། ཉལ་ན་བླ་འཁྱམས། བཅུ་གཅིག་ལ་རྟ་མི་ཉོ། ཉོས་ན་རོ་


CMR058_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

འགེལ་དགོས། བཅུ་གཉིས་ལ་ཁྱི་མི་གསོ། གསོས་ན་འདྲེ་ཁྱི་ཡིན། བཅུ་གསུམ་ལ་བྱ་མི་གསོ། གསོས་ན་རྒྱལ་འགོང་འཁོར། བཅུ་བཞི་ལ་རྒྱུག་མི་ཚད། ཚད་ན་མི་ཟད་ཚེ་ཟད་འགྲོ། བཅོ་ལྔ་ལ་ཤིག་མི་གསོད། བསད་ན་དབང་ཐང་ཉམས། བཅུ་དྲུག་ལ་སྐུ་མི་བཀྲུ་བཀྲུས་ན་སྐྲ་དཀར་མང་། བཅུ་བདུན་ལ་ཟས་གསར་པ་མི་ཟ། ཟོས་ན་ཟས་སྐལ་རྫོགས་བཅོ་བརྒྱད་ལ་གོས་གསར་པ་མི་གྱོན། གྱོན་ན་ཁྱི་ཡིས་སྡང་། བཅུ་དགུ་ལ་ལྷམ་གསར་པ་མི་གྱོན། གྱོན་ན་སྤྱང་དུ་འགྲོ་དགོས། ཉི་ཤུ་ལ་ཚོང་མི་བྱེད། བྱས་ན་ཚོང་རྫོཟོང་སྟོང་པར་འགྲོ། ཉེར་གཅིག་ལ་གཡོག་མི་བརྟེན། བརྟེན་ན་ཕུང་བྱེད་ཀྱི་འདྲེ་ཡིན། ཉེར་གཉིས་ལ་སྨན་མི་སྦྱར། སྦྱར་ན་ཕན་པ་མེད། ཉེར་གསུམ་ལ་གྲི་མི་བརྡར། བརྡར་ན་རང་ལ་དམེ་ཡོང་། ཉེར་བཞིར་ཆང་མི་བཙོ། བཙོས་ན་ནད་གཞི་བསླང་ཡོང་། ཉེར་ལྔ་ལ་གླང་མི་ཞོན་ཞོན་ན་བྱུར་གྱི་སྣ་འདྲེན་ཡིན། ཉེར་དྲུག་ལ་གུར་མི་ཕུབ་ཕུབ་ན་མི་ཁ་ཡོང་། ཉེར་བདུན་ལ་དོང་མི་བྲུ། བྲུས་ན་ཀླུ་མི་དགའ། ཉེར་བརྒྱད་ལ་སོན་མི་འདེབས། བཏབ་ན་གོང་ཆུང་། ཉེར་དགུར་བང་མཛོད་མི་བཅའ། བཅས་ན་ནོར་མི་


CMR058_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར། གནམ་གང་ལ་ཡོན་ཏན་མི་སློབ། བསླབ་ན་མཁས་པར་མི་འགྱུར་རོ།། ༈ ཉི་མ་བཅུ་གཉིས་ཀྱི་སྤང་བྱ་བཤད་པ་ནི། བྱི་བའི་ཉི་མར་མོ་མི་འདེབས། མོ་མི་ཐིག་ཅིང་མགོ་འཁོར་ཞིང་ནད་ཀྱང་ཡོང་དོགས་ཡོད། གླང་གི་ཉི་མར་ཚོང་མི་བྱ། ཚོང་ཟོང་སྟོང་ཞིང་རྐུན་མ་ལ་ཤོར་ཉེན་ཡོད། སྟག་གི་ཉི་མར་ལྷ་མི་གསོལ། ལྷ་བདག་གྲིར་འཆི་ཞིང་ཡུལ་དུ་སེར་བ་འབེབས་ཉེན་ཡོད། ཡོས་ཀྱི་ཉི་མར་ཞིང་མི་འདེབས། ལོ་ཏོག་སད་ཀྱིས་ཁྱེར་ཞིང་ཡུལ་ལ་མི་ཤིས་པ་འོང་། འབྲུག་གི་ཉི་མར་ཟམ་མི་འཛུགས། རྟག་ཏུ་འདྲེ་རྒྱུ་ཞིང་མི་ཤིས་པ་འོང་། སྦྲུལ་གྱི་ཉི་མར་ཤིང་མི་གཅོད། ཀླུའི་ལུས་སྣོད་པས་རང་ལ་ན་ཚ་འོང་། རྟ་ཡི་ཉི་མར་ཁང་པའི་ཐོག་མི་འབུབས། རང་ཉིད་ཁྱིམ་དེར་སྡོད་རྒྱུ་མི་ཡོང་། ལུག་གི་ཉི་མར་སྨན་མི་སྦྱར། ཕན་པ་མེད་ཅིང་ནད་གསར་པ་ཡང་བསྐྱེད། སྤྲེལ་གྱི་ཉི་མར་གོས་མི་ཚེམ་གོས་ཀྱི་ཆ་ག་མ་ཟད་གོང་དུ་ཤི་དགོས། བྱ་ཡི་ཉི་མར་མགྲོན་མི་འབོད། ལབ་གླེང་མང་པོ་ཡོང་། ཁྱི་ཡི་ཉི་མར་དོན་མི་བསྒྲུབ། མི་འདོད་པ་སྣ་དགུ་ཡོང་། ཕག་གི་ཉི་མར་ས་རྡོ་མི་སློག །རླུང་རྟ་ཉམས་ཤིང་ས་བདག་གི་གནོད་པ་འོང་། །


CMR058_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡང་ཉི་མ་བཅུ་གཉིས་ལ་བཟང་བའི་འབྲས་བུ་བཤད་པ་ནི། བྱི་བར་མཛོད་བཅའ། གླང་ལ་ཆུང་མ་ལེན། སྟག་ལ་དམག་འདྲེན། ཡོས་ལ་རྒྱལ་ས་བཟུང་། འབྲུག་ལ་ལྷ་གསོལ། སྦྲུལ་ལ་ཀླུ་ཆོག་བྱ། རྟ་ལ་གྲོགས་བཙལ། ལུག་ལ་ལུག་རྫི་བཀོད། སྤྲེལ་ལ་ཤིང་འཛུགས། བྱ་ལ་སྨན་དཔྱད་བྱ། ཁྱི་ལ་རི་དྭགས་གཤོར། ཕག་ལ་ཆར་པ་འབེབས་པ་དང་སྟོན་མོ་བྱ་བ་བཟང་། ༈ གཟའ་བདུན་གྱི་འབྲས་རྩིས་ནི། ཉི་མར་བསང་དང་དར་ལྕོག་བྱ་བར་དགེ །གོས་དྲ་གྱོན་དང་མེ་ཏོག་འཛུགས་པ་ངན། །ཟླ་བར་གོས་དྲ་ས་བོན་འདེབས་པ་བཟང་། །རབ་བྱུང་སྦྱིན་སྲེག་ཆུ་རགས་བརྩེགས་པ་ངན། །མིག་དམར་རྐུན་ཇག་སྦྱིན་སྲེག་ཟོར་འཕེན་བཟང་། །ལམ་ཞུགས་སོན་གདབ་བང་མཛོད་འཛིན་པ་ངན། །ལྷག་པར་གོས་དྲ་གྱོན་དང་ཁྱིམ་སར་དགེ །ནོར་བཏང་ཐབ་བཅའ་ཚུ་རགས་བརྩེགས་པ་ངན། །ཕུར་བུ་གོས་དྲ་གྱོན་དང་རིག་སློབ་བཟང་། །ཐོག་འབུབ་ཟོར་འཕེན་སྐྲ་སེན་བྲེག་པ་ངན། །པ་སངས་གོས་དྲ་གྱོན་དང་གྲོགས་བཙལ་བཟང་། །བུ་ལོན་འཇལ་དང་རྐུན་ཇག་ལ་སོགས་ངན། །སྤེན་པར་མཁར་བརྩེགས་ནོར་ཕྱུགས་ལེན་པ་བཟང་། །ལམ་


CMR058_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ལྷ་གསོལ་སྐྲ་སེན་བྲེག་པ་ངན།། ༈ ཡང་དུས་ཚོད་ཀྱི་སྤང་བྱ་ནི། ནམ་ལངས་ཡོས་ལ་ཟོར་འཕེན་ན། །ལྷ་སྲུང་ཁྲོས་པས་འཁུ་ལྡོག་ཡོང་། །ཉི་ཤར་འབྲུག་ལ་ཁྱི་བརྡུང་ན། །ཕ་མ་གཉེན་བཤེས་བྱེ་བྲལ་ཡོང་། །ཉི་དྲོས་སྤྲུལ་ལ་བྱང་ཕྱོགས་སུ། །ཕྱིན་ན་ཀླུ་ཡིས་ཚེ་འཇིགས་ཡོང་། །ཉིན་ཕྱེད་རྟ་ལ་སྐྱེ་བཙེམ་ན། །ཕུང་གི་སྣ་འདྲེན་ཆེན་པོ་ཡིན། །ཕྱེད་ཡོལ་ལུག་ལ་རྡོ་བཅག་ན། །གཉེན་བཤེས་མགོན་སྐྱབས་བྲལ་བར་འགྱུར། །དགོང་མོ་སྤེལ་ལ་ལུག་ཁྲིད་ན། །ལྷོ་ཕྱོགས་ཕྱིན་ཚེ་རང་ལ་གནོད། །ཉི་ནུབ་བྱ་ལ་འགྲུལ་བྱས་ན། །བར་ཆད་འོང་ཞིང་དོན་མི་འགྲུབ། །ས་སྲོས་ཁྱི་ལ་གོས་དྲས་ན། །རོ་གོས་ཡིན་པས་སྤང་བར་བྱ། །སྲོད་འཁོར་ཕག་ལ་ཆུ་བླང་ན། །ཁྱིམ་དེར་ལྟས་ངན་སྣ་ཚོགས་ཡོང་། །ནམ་ཕྱེད་བྱི་བའི་དུས་ཀྱི་ཚེ། །འབྱུང་བ་ཆུ་ཡང་གཉིད་ལོག་པས། །ཅ་ཅོ་ལབ་ན་ཁྱིམ་ལྷ་ཁྲོས། །ཕྱེད་ཡོལ་གླང་ལ་ཤ་ཟོས་ན། །ཕོ་ནད་གཉན་འབུར་སྐྲུན་ནད་འོང་། །ཐོ་རངས་སྟག་ལ་འཛིང་རྩོད་དང་། །རྐུ་མ་བྱས་ན་དམྱལ་བར་སྐྱེ། ༈ །དེ་ནས་སྐར་མའི་འབྲས་བུ་ཐོར་བུ་་བཤད་པ་ནི། དཔྱིད་འབྲིང་པོ་ལ་དྲང་སྲོང་བརྟན་པ་ཤར་


CMR058_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དུས་སུ་གདན་གསར་པ་བཏིང་ན་ཆེན་པོའི་གོ་ས་ཐོབ་ཅིང་ཚེ་རིང་། དབྱར་འབྲིང་པོའི་བཅོ་ལྔ་ལ་དཀོན་མཆོག་གསུམ་ལ་མེ་ཏོག་ཅི་འབྱོར་གྱིས་མཆོད་པ་ཕུལ་ན་བསོད་ནམས་དཔག་མེད་ཐོབ། སྟོན་འབྲིང་པོ་ལ་རི་ཥི་འཆར་བའི་དུས་སུ་ཁྲུས་བྱས་ན་ནད་རིགས་ཞི་ཞིང་སྡིག་སྒྲིབ་འདག་ལུས་བདེ། སྟོན་ཉིན་མཚན་མཉམ་པའི་དུས་སུ་འོ་མས་ལུས་བཀྲུས་ན་ཟླ་བ་ལྟར་མདངས་གསལ། དགུན་ཟླ་འབྲིང་པོ་ལ་སྐྱོར་ཁ་བབ་པའི་ཚེ་ནས་ལ་ཁལ་གྲངས་བརྩིས་ན་བང་མཛོད་ཁེངས་ཤིང་ཕྱུག་པོར་འགྱུར། སྟོན་ཉིན་མཚན་མཉམ་པའི་དུས་སུ་མི་རྣམས་པགས་པ་བརྗེ་འགྲོ་བའི་སྐབས་འོ་མས་ཁྲུས་བྱས་ན་རྒས་པ་མེད་ཅིང་ཁ་དོག་ལེགས། ཉི་ཟླ་གཟའ་འཛིན་གྱི་དུས་སུ་ཤིང་གཉན་གཅོད་པ་དང་རྡོ་གཉན་སློག་པ་སོགས་བྱས་ན་ཉེས་པ་མི་འབྱུང་ངོ་༔ །ཟླ་བ་སྒྲ་གཅན་ལས་གྲོལ་བའི་ཚེ་མིག་ནད་ཅན་གྱིས་ལྟས་ན་མིག་ལ་ཕན་ནོ། །ཉི་ཟླ་གཟའ་འཛིན་གྱི་དུས་སུ་དགེ་བ་གང་བྱས། ཉི་མ་ལ་དུང་དང་། ཟླ་བར་བྱེ་བར་འགྱུར་རོ། །ཉ་དྲུག་འཕྲོད་པའི་སྐབས་སུ་ཁྲུས་བྱས་ན་ཤ་མདོག་དཀར་ཞིང་རྨི་ལམ་གསལ་བར་འགྱུར་རོ། །འགྲུབ་སྦྱོར་ལ་ཕྲེང་བར་རྒྱན་རྒྱབ་ན་བཀྲ་ཤིས་པ་དང་ཕུན་སུམ་ཚོགས་པར་འགྱུར་


CMR058_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ངན་པ་དགུ་འཛོམས་ལ་གད་བརྒྱབས་ནས་ཕྱིར་བསྒྱུར་ན་མི་ཤིས་པ་ཐམས་ཅད་ཟློག ༈ །ཡང་དཔྱིད་ར་བའི་སྐབས་འགྲོ་ཀུན་བདེ་སྐྱིད་ཡོངས་བའི་སྨོན་ལམ་འདེབས། ཡང་དབྱར་ར་བའི་སྐབས་དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དར་བའི་སྨོན་ལམ་འདེབས། སྟོན་ཟླ་ར་བའི་སྐབས་དམག་འཁྲུག་དང་ནད་ཡམས་ཞི་བའི་སྨོན་ལམ་འདེབས། །དགུན་ར་བའི་དུས་སངས་རྒྱས་ཀྱི་བསྟན་པ་དར་བའི་སྨོན་ལམ་འདེབས། ཡང་དཔྱིད་ཐ་ཆུང་གི་གནམ་གང་ལ་གོས་མི་བཙེམ། དེ་བཞིན་དུ་དབྱར་ཐ་ཆུང་ལ་རྟ་མི་རྒྱུག །སྟོན་ཐ་ཆུང་སྐབས་བང་བར་འབྲུ་མི་བླུག །དགུན་ཐ་ཆུང་ལ་ཚོང་མི་བྱེད། ༈ ཡང་དགུན་ཟླ་ར་བའི་ཚེས་གཅིག་ཉིན་ཞོགས་པའི་དུས་ལོ་གཅིག་ལ་དགེ་མི་དགེའི་ལྟས་ཐམས་ཅད་བརྟག་དགོས། །ས་ག་ཟླ་བའི་ཚེས་གསུམ་ལ་ཐིགས་ཚགས་བྱས་ན་སྐྱ་ག་ཐིགས་ཚགས་ཟེར་ལོ་གཅིག་ལ་ཐིགས་པ་ཉུང་ཟེར། དུས་རྟག་ཏུ་ཉི་མ་འདི་དྲིན་ཆེན་པོ་ཡིན་བསམ་ན་ཚེ་འདིར་སྐྱིད་པར་འོང་། །སྨིན་དྲུག་ལ་གོས་གྱོན་ན་གོས་དྲུག་གྱོན་པའི་དྲོད་ཡོད། སྣར་མར་བུ་སྲིང་བརྫ་ང་ན་སླར་མིག་གིས་མི་མཐོང་། བྱ་བ་ཐམས་ཅད་སྐར་མ་མགོ་ལ་བརྩམ། མཆུ་ལ་ཁམ་མཆུ་ཕར་


CMR058_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས་བྱས་ན་བྱ་བ་ལམ་དུ་འགྲོ་མི་སྲིད། ནག་པ་ལ་སྣག་ཚ་བཟོས་ནི་མདོག་ལེགས། སྣུབས་ལ་རྒྱལ་སར་བཀོད་ན་ཐལ་བ་གནམ་གཏོར་འདྲ། རྒྱལ་སྟོད་ལ་བྱ་བ་གང་ཡང་བཟང་། བྱི་བཞིན་ལ་གྲོས་བྱས་ན་གང་ཡང་མི་འགྲུབ། བྲ་ཉེ་ལ་ཡི་གེ་བསྐུར་ན་སྡུག་བསྔལ་གྱི་མཚོ་རྡོལ་འོང་། མོན་གྲུ་ལ་བྱེས་སུ་སོང་ན་སྣང་བ་སྐྱིད་པར་འོང་། སྒྲོག་སྨད་མིན་འདུག་ཕྱོགས་འདིར་མགྲོན་སྐར་ལ་འཛེམ། གཟའ་སྐར་གཞན་ལས་འབྲོས་སྟོབས་མྱུར། ཤིན་ཏུ་བཟང་བ་ལྷག་མཚམས། གུད་ཅིང་ངན་པ་ཐ་སྐར། ཅེས་སོ། །གཤིན་པོ་དགེ་གཞག་གཅོད་སྐབས་སྐར་མ་ནི། ཤེས༢༡་པ་དབྱུག་གཅོད། ཝ་ར་ལ་རྟ་༩གཅོད། བྲེ་༡༩ཁོ་ཕུལ་༢༠ གཅོད་ཟེར། འབུལ་བའི་འགྱེད་ཀྱི་སྣེ་མོར་གྲི་གཅིག་གཏོང་ཟེར། ༈ ཡང་སྤྱིར་མེ་ཏོག་གི་རིགས་འདེབས་པས་ཚོགས་བསགས་པ་དང་བསོད་ནམས་ཆེན་པོ་འཐོབ། བྱེ་བྲག་ཏུ་འཇམ་དབྱངས་མེ་ཏོག་གིས་ཤེས་རབ་ཆེ། སྒྲོལ་མ་མེ་ཏོག་གིས་ཚེ་རིང་། རྒྱ་མེ་ཡིས་བསོད་ནམས་ཆེ། ཧ་ལོ་དང་ལྕམ་པས་བྱ་བ་ཐམས་ཅད་ལམ་དུ་འགྲོ། གངས་ལ་དང་ནགས་ལས་པདྨའི་ཞིང་དུ་བགྲོད། གུར་གུམ་གྱིས་ཚེ་ཕྱི་མ་ལུས་ལ་དྲི་ཞིམ་ཅིང་མ་འོངས་པ་


CMR058_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ན་བྱམས་པའི་གོ་འཕང་ཐོབ། གསེར་མེ་ཏོག་གིས་ལམ་རིམ་གྱིས་བགྲོད། བལ་པོ་མེ་ཏོག་གིས་སྟོན་པ་མཆོག་གི་རྗེས་སུ་འཇུག །པུཎྜ་རི་ཀས་ལས་སྣ་ཚོགས་པ་འགྲུབ། པདྨས་དེ་བཞིན་གཤེགས་པ་དང་མཇལ་བའི་རྟེན་འབྲེལ་ཡོད། སྟག་གཟིག་མེ་ཏོག་གིས་གདུག་པའི་ཉེར་འཚེ་ཞི། ཉི་མ་མེ་ཏོག་གིས་རྒྱལ་པོས་བྱམས། དགུན་ཟླ་མེ་ཏོག་གིས་དགུན་དྲོ་བ་ཡོང་། སེ་བ་མེ་ཏོག་གིས་སྐུ་མི་དཀར་ཞིང་ཀླུ་རྣམས་མཉེས། མ་རྨོས་པའི་ལོ་ཏོག་གིས་ལོངས་སྤྱོད་ཆེ། བཅོས་མའི་མེ་ཏོག་རིགས་སྣ་ཚོགས་ཀྱིས་དེ་དང་འཚམས་པའི་བསོད་ནམས་འཐོབ་བོ། ༈ །ཡང་སྤོས་ཀྱི་ཕན་ཡོན་ནི། ཙནྡན་ས་མཆོག་གི་དྲིས་དེ་མ་ཐག་ཏུ་ལྷ་ཡུལ་དུ་སླེབས། མཆོག་གི་དངོས་གྲུབ་ཐོབ། ཙནྡན་གོ་ཤྲཱིའི་དྲིས་མིག་ཚུམ་གྱི་ལྷ་ཡུལ་དུ་སླེབས། ཐུན་མོང་གི་དངོས་གྲུབ་ཐོབ། དུ་རུ་ཀ་ཡི་དྲིས་དབུགས་ཁུག་གཅིག་ལ་ལྷ་ཡུལ་དུ་སླེབས། བསམ་པའི་དོན་འགྲུབ། ཙནྡན་དཀར་པོའི་དྲིས་བྱ་རྫོགས་སྐད་ཅིག་མ་བདུན་ལ་ལྷ་ཡུལ་དུ་སླེབས། སངས་རྒྱས་བྱང་སེམས་མཉེས། ཙནྡན་དམར་པོའི་དྲི་ཡིས་ཆུ་ཚོད་གཅིག་གིས་ལྷ་ཡུལ་དུ་སླེབས། ཡི་དམ་ལྷ་ཚོགས་མཉེས། ཨར་ནག་གི་


CMR058_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དྲིས་ལྷ་ཡུལ་དུ་ཆུ་ཚོད་སུམ་ཅུ་ལ་སླེབས། ཆོས་སྐྱོང་སྲུང་མ་མཉེས། ཨ་ཀ་རུའི་དྲི་ཡིས་ཞག་གཅིག་ལ་ལྷ་ཡུལ་དུ་སླེབས། ཉན་ཐོས་དང་དཔའ་བོ་མཁའ་འགྲོ་མཉེས། ཨ་བ་པུ་ཏྲའི་དྲིས་ལྷ་ཡུལ་དུ་ཟླ་བ་གཅིག་ལ་སླེབས། ཡུལ་ཁམས་སུ་བཀྲ་ཤིས་པར་འགྱུར། ཤུག་པ་དཀར་དམར་གྱི་དྲིས་ཞག་བཅོ་ལྔ་ནས་ལྷ་ཡུལ་དུ་སླེབས། འགྲོ་དྲུག་གི་ཡིད་ཚིམ། བ་ལུའི་དྲིས་ལྷ་ཡུལ་དུ་ཟླ་བ་གཅིག་གིས་སླེབས། བར་སྲིད་ཀྱི་སེམས་ཅན་མཐོ་རིས་ཀྱི་ལམ་སྣ་ཟིན། སྤང་སྤོས་དང་མཁན་དཀར་གྱི་དྲིས་ལྷ་ཡུལ་དུ་ལོ་གཅིག་གིས་སླེབས། ཡུལ་ལྷ་གཞི་བདག་མཉེས། སྤོས་དཀར་གྱི་དྲིས་རྒྱལ་འགོང་དང་འདྲེ་ཚོགས་འདུ། གུ་གུལ་གྱི་དྲིས་འདྲེ་ཚོགས་ཕྱིར་བསྐྲད། ག་པུར་གྱི་དྲིས་གནས་ཁང་བསིལ་ཞིང་ལུས་བྱིང་སེལ། རུ་རྟའི་དྲིས་ལུས་ཀྱི་འདུ་བ་སྙོམས། ཟིལ་ནག་དང་རྣ་བའི་རྭ་ཡི་དྲི་མས་ཡ་མ་ན་བ་ལ་ཕན། ཡོས་ཀྱི་རླངས་པ་དང་རྩམ་པའི་དུ་བས་རྣ་ཆམ་ན་བ་ལ་ཕན། མུ་གཟི་ནག་པོའི་དྲི་མས་རིམས་སོགས་འགོ་ནད་ཐུབ་བོ།། ༈ དེ་ནས་སྤོས་ཀྱི་རེངས་བའི་དུ་བ་བརྟག་པ་ནི། སྤོས་སྤར་མ་ཐག་ཏུ་དབུགས་ཁུག་ཉི་ཤུ་རྩ་གཅིག་བར་དུ་བརྟག་དགོས་ཏེ། དེ་ཡང་གནམ་དུ་དུ་


CMR058_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བ་དྲང་པོར་སོང་ན་ཚེ་རིང་ཞིང་དཔལ་ཆེའོ། །ཐུར་དུ་འགྲོ་ཞིང་ས་ལ་འཁྱིལ་ན་རླུང་རྟ་དམའ་ཞིང་ནད་དང་མི་ཁ་ཆེ། དུ་བ་ལྷོར་འགྲོ་ཞིང་དུམ་དུམ་ཆད་ན་འཆི་རྟགས་ཤར་དུ་ཤར་ཤར་འགྲོ་ན་ཐག་རིང་ལ་འགྲོ་དགོས། བྱང་དུ་ལིང་ལིང་འགྲོ་ན་མགྲོན་པོ་འོང་ངམ་རྨི་ལམ་ལེགས་པོ་འོང་། ནུབ་ཏུ་འགྲོ་ན་བཟང་ངན་ཆེར་མེད། དུ་བ་རང་གི་ལ་ཕོག་ན་སྡིག་སྒྲིབ་ཆེན་པོ་ཡོད་པའི་རྟགས་ཡིན་པས་བཤགས་པ་ལ་འབད་དགོས། དུ་བ་ངེས་མེད་སྣ་ཚོགས་བྱེད་ན་དེ་ལ་བརྟག་རྒྱུ་མེད། ༈ མར་མེའི་ཕན་ཡོན་ནི། དཀོན་མཆོག་གི་དྲུང་དུ་མར་མེ་ཕུལ་བ་ནི་ཤིན་ཏུ་ཕན་ཡོན་ཆེ། དེ་ཡང་རྒྱུན་འཛུགས་ཉིན་མཚན་སྦྲེལ་ནས་ཕུལ་ན་ཚེ་རིང་རླུང་རྟ་དར། འོད་ཀྱིས་བར་ཆད་སེལ་ཞིང་ཡེ་ཤེས་ཀྱི་སྣང་བ་་འཕེལ་བར་འགྱུར་རོ། །མཚན་མོ་རང་གི་ལུས་ལོ་མར་མེའི་འོད་ཕོག་ན་ཉེས་དམིགས་ཡོད་ཟེར། མར་མེའི་བརྟག་པ་བྱེད་ན། ཐོག་མར་མར་ཁུ་བླུག་ནས་བཀག་པའི་ཚེ་ཁ་མཐོ་ན་ལེགས། །སྙོམས་ན་འབྲིང་། དམའ་ན་ངན། སྦུ་བ་མང་ན་བར་ཆད་མང་། སྡོང་ཐུར་རྩེ་དྲང་ན་ལེགས། ཡོ་ན་འབྲིང་། ཆག་ན་ངན། མེ་སྤར་བའི་ཚེ་ཁ་དོག་སེར་ལ་འོད་ཆེ་ན་ཚེ་དང་


CMR058_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་འཕེལ་བས་ལེགས། ཚག་སྒྲ་ཆེ་ན་གདོན་གྱི་ངོ་། འོད་སྔོ་ཞིང་འཁྱིལ་ན་མྱ་ངན་འོང་ཞིང་རླུང་རྟ་དམའ། མེ་ལྕེ་ཆད་ན་ནད་ངོ་ཡིན། འོད་ཆུང་ན་བཟའ་བཏུང་བཀོན་མར་ཁུ་མེར་ཞིང་པདྨ་ཆགས་ན་ཚེ་རིང་ལོངས་སྤྱོད་འཕེལ། ༈ ཡང་ཐབ་ཀྱི་མེ་ལ་བརྟག་པ་ནི། ལྕི་བ་དང་ཤིང་སོགས་སྐམ་པོ་འབུད་པ་ལ་བརྟག་པ་དགོས་ཏེ། དེ་ཡང་ཐོག་མར་མེ་སྟག་ཚག་ཚག་མང་པོ་བྱུང་ན་ཁྱིམ་དུ་འདྲེ་གདོན་ཞུགས་པའི་རྟགས་ཡིན། མེ་དཀར་ལ་འབར་སླ་བ་དུ་བ་ཆུང་བ་མེ་ལྕེ་སྙོམས་པ་བྱུང་ན་སྤྱི་ལ་བཟང་ངོ་། །མེ་དམར་ནག་དང་སྔོ་བ་དང་། དུ་བ་ཆེ་བ་ཅི་ལ་ཡང་ངན་ནོ། །དེ་ནས་མེ་རོ་རྒྱུན་རིང་ན་བཟང་ངོ་།། ༈ རྒན་རབས་རྣམས་ཀྱིས་སྒོ་ཁྱིའི་བརྟག་པ་འདི་ལྟར་བྱེད། མི་སུ་ཡང་མེད་པའི་སྐབས་ཁྱི་སྐད་ལན་གཅིག་གྲགས་ན་རྐུན་མ་ཡོད། ལན་གཉིས་གྲགས་ན་མགྲོན་པོ་འོང་། གསུམ་ལ་ལུས་བདེ། བཞི་ལ་ནད་མང་ཟེར། ལྔ་ལ་དགའ་ཞིང་། དྲུག་ལ་སྡུག་བསྔལ་འབྱུང་། བདུན་ལ་རྩོད་ཅིང་། བརྒྱད་ལ་ཐག་རིང་འགྲོ། དགུ་ལ་གངས་འབབས། བཅུ་ལ་ནོར་རྙེད་འགྱུར། དེ་ཕྱིན་སྐད་ལ་བརྟག་པ་བྱེད་རྒྱུ་མེད། ༈ རྨི་ལམ་རྨི་བའི་བཟང་ངན་


CMR058_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ནི། གཡུ་རྙེད་པ་དང་མཆོད་རྟེན་བཞེངས་པ་དང་། ཞྭ་མོ་གསར་པ་གྱོན་པ། རྒྱན་བཏགས་པ་དང་། རི་རྩེ་ནས་གླུ་ལེན་པ། དུང་འབུད་པ་དང་། རྟ་བཟང་པོ་ཞོན་ནས་གྱེན་དུ་འགྲོ་བ་དང་། ཉི་མ་ཤར་བ་རྣམས་བཟང་ངོ་། །བྱུ་རི་རྙེད་པ་དང་། ཤིང་གཅོད་པ་དང་། ལྷམ་གྱོན་པ་དང་། མུན་རུབ་ཅིང་ཐུར་དུ་འགྲོ་བ་དང་། གཅན་གཟན་གྱིས་དེད་པ་དང་། ས་ཁུང་བྲུ་བ་སོགས་ངན། བྱེ་བྲག་ཏུ་གསེར་དངུལ་རྨིས་ན་བྱ་བ་སྒྲུབ་རྒྱུའི་བཤོལ་རྡོ་ཡིན། སྒོག་བཙོང་ཡོས་དང་འབྲུ་ནག་རྨིས་ན་མི་ཁའི་ངོ་། ཆབ་དང་སེར་བ་རྨིས་ན་བྱད་ངོ་ཡིན། སྣམ་བུ་དཀར་དམར་ཁ་བ་སོགས་རྨིས་ན་ལམ་དུ་ཞུགས་དགོས། ར་ལུག་གླ་བ་སོགས་རྨིས་ན་བླ་འཁྱམས་རྟགས་ཡིན་པས་གཉིད་སད་མ་ཐག་ཏུ་མ་ཎི་འདོན་དགོས། ཝ་སྤྱང་སོགས་རྨིས་ན་དགྲ་སྲི་ཡིན་པས་དགྲ་ཟློག་བྱ་དགོས། ཡང་རྨི་ལམ་དུ་ལུས་གཅེར་བུར་བུད་ནས་འདུག་པ་དང་། ལུང་པ་རྒྱུས་མེད་དུ་འགྲོ་བ་དང་། མེ་ཏོག་དམར་པོ་འཐུ་བ་དང་། བོང་བུ་ཞོན་ནས་ལྷོ་ཕྱོགས་སུ་འགྲོ་བ་དང་། གཤིན་པོ་རྣམས་དང་ལྷན་དུ་གར་བྱེད་པ་དང་། ལུས་ལ་ཤིང་སྡོང་སྐྱེས་པའམ། མི་ནག་པོས་དེད་ཅིང་ལུས་


CMR058_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དུམ་བུར་ཆད་པ་དང་། བྱེ་མའི་རི་ལ་འཛེགས་པ་སོགས་རྨིས་ན་འཆི་ལྟས་ཡིན། ཡང་མངོན་སུམ་གྱི་འཆི་ལྟས་ནི། སྤོས་ཀྱི་དྲི་མི་ཚོར་ཞིང་དྲི་ཟའི་གྲོང་ཁྱེར་མཐོང་བ་དང་། ནམ་མཁའི་གཟུགས་བརྙན་གྱི་ཡན་ལག་མ་ཚང་བ་དང་། སོར་མོ་འཐེན་པའི་སྒྲ་མི་གྲག་པ་དང་། སྨིན་ཕྲག་ལ་ལག་པའི་ཚིགས་གཏད་དེ་གནམ་དུ་བལྟས་ཚེ་ཆད་པ་དང་། ལུས་ལ་སྦྲང་བུ་འཁོར་ཞིང་བྱ་ཤ་ཟན་གྱིས་དེད་ནས་དགའ་ཚུལ་སྟོན་པ་དང་། ཤིག་སྔར་ཡོད་པ་མེད་པ་དང་། མེད་པ་ཡོད་པ་དང་། ལྕེ་དིག་པ་དང་། མི་གཤིས་འགྱུར་བ་རྣམས་འཆི་ལྟས་ཡིན་ཅིང་ལྷག་པར་ཤིག་ལུས་ལ་སྐྱེ་བར་མཐོང་ན་ལོ་གཅིག་ནས་མི་དེ་ཤི་འགྲོ། ནད་སོགས་ཀྱིས་མ་ཡིན་པར་སྣ་ཁྲག་བྲེ་དགུ་ཤོར་ན་ལོ་གསུམ་ནས་མི་དེ་འཆི། ནད་པ་ལ་སྨན་བཅོས་གོ་ལྡོག་བྱས་པས་ཅུང་ཟད་ཕན་པ་འདྲ་ན་འཆི་ལྟས་སུ་བཤད་དོ།། ༈ དེ་ནས་ཚེ་རིང་བ་དང་ནད་ཞི་བའི་ཐབས་བསྟན་པ་ནི། སྲོག་བསླུ་བྱས་ན་ཚེ་རིང་། ལྷག་པར་ལུག་སྲོག་བསླུ་བྱས་པའི་བལ་ཕྲན་བུ་གཅིག་གིས་རང་གི་གོས་ཚེམ་ན་རྟེན་འབྲེལ་གྱི་གནད་ཆེན་པོ་ཡོད། དེ་ནས་ཀུན་ཏུ་བལ་མི་བྲེག་པར་རྩྭ་ཆུ་སོགས་ཅི་འབྱོར་སྟེར་དགོས། སཱཙྪ་ལོ་གྲངས་བཏབ་སྟེ་


CMR058_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཞིར་བསྐྱལ་བ་དང་། དབུགས་ཁུག་ཉི་ཤུ་རྩ་གཅིག་ལ་གདུགས་དཀར་ཚར་གཅིག་འགྲོ་བ་དང་། གསེར་འོད་དམ་པ་དང་གྲྭ་ལྔ་མཚན་བརྗོད་སོགས་མཚན་མོར་འདོན་པ་རྣམས་སྐུ་རིམ་དུ་འགྱུར་ཆེ་ཟེར། ཡང་རང་གི་སྣ་ཁྲག་གམ། རྨ་ཕྲན་བུ་བྱུང་དུས་ཀྱི་ཁྲག་གམ། གཏར་ག་བྱས་སྐབས་ཁྲག་སོགས་གང་རིགས་ལོ་རེ་བཞིན། གླུད་གཟུགས་ལ་བསྲེས་ནས་གླུད་བཏང་སྟེ་འདྲེ་ལྔ་ཡོད་པའི་ཕྱོགས་སུ་བསྐྱལ་ན་ལོ་གཅིག་བར་ན་ཚ་དཀོན་ཞིང་སྐུ་རིམ་དུ་འགྱུར་ཆེ་ཟེར། ཡང་ནད་པ་ནད་གཉན་པོ་ཡོད་ན་དགེ་འདུན་གྱི་ཚོགས་དུང་འབུད། གཎྜི་བརྡུང་བས་ཕན། དེ་ལ་དུང་སྐད་བརྟག་པ་ནི། ཐོག་མར་ཨ་ཟེར་བ་འདྲ་བ་བྱུང་ན་ནད་ལས་མྱུར་དུ་གྲོལ། ཨུ་ཟེར་བ་འདྲ་མོ་བྱུང་ན་་ནད་ཡུན་རིང་། །བུད་ཟེར་བ་འདྲ་བྱུང་ན་མྱུར་དུ་འཆི་ལྟས་ཡིན། སྤྱིར་དུང་སྐད་ལེགས་ན་དགེ་བའི་ལྟས་ཡིན། དེ་ནས་གཎྜིའི་སྐད་ནི། ཐོག་མར་བརྟན་ཟེར་བ་འདྲ་ན་མྱུར་དུ་འཚོ་བ་ཡིན། ཀོབ་ཟེར་བ་འདྲ་ན་ནད་ཡུན་རིང་། བཅོམ་ཟེར་བ་འདྲ་ན་འཚོ་མི་ཐུབ། སྤྱིར་སྐད་གསང་ཞིང་ཡིད་སྣང་འདྲ་ན་ལེགས་སོ།། ༈ དེ་ནས་ཚེ་རིང་བའི་རིམ་གྲོ་ཡིན་ན་དབུགས་ཀྱི་རྟེན་


CMR058_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་གྱི་ཁྱད་པར་དུང་འབུད་དགོས། ༈ གནོད་པ་སོགས་འགལ་རྐྱེན་ཞི་བའི་རིམ་གྲོ་ལ་བརྡུང་བའི་རྟེན་འབྲེལ་གྱི་ཁྱད་པར་གཎྜི་བརྡུང་དགོས་སོ། །ཡང་ནད་ཐུ་མོ་ཆེར་མེད་ན་གྲགས་སོང་ཟེར་ན་ཕན། ནད་ཐུ་མོ་ཡོད་ན་ཤི་སོང་ཟེར་ན་ཕན། གདོན་ཁ་ཆེན་པོ་ཡོད་ན་ཁང་པ་སྤོས་ན་ཕན། རང་གི་ལུས་ཀྱི་དྲེག་པ་བྱ་རོག་གི་ཁ་རུ་མ་སོང་བ་བྱ་དགོས། སོང་ན་ཚེ་ལ་གནོད། བྱ་རྒོད་འཕུར་བའི་གྲིབ་མ་ལུས་ལ་ཕོག་ན་ཚེ་ལ་གནོད། བྱ་ཤར་དུ་འཕུར་ན་རང་ཁ་ནུབ་ཏུ་བལྟས་ནས་གོམ་པ་ཉི་ཤུ་རྩ་གཅིག་ལ་འཕུར་བའི་ཚུལ་བྱས་ན་ཕན་ནོ། །སྣ་ཁྲག་ཤོར་ན་གཞུ་བཀང་ན་ཆད་འགྲོ། ཐར་ནུའི་ལོ་མ་དེ་མི་རྟ་ཀུན་གྱི་རྨ་ལ་ཕན་ཟེར། ཨིག་གིས་བརྡོལ་ན་སྐྲག་སྣང་ཡང་ཡང་བཏོན་ན་ཆད་འགྲོ། འབྲུག་གི་རུས་པ་སྐེ་ལ་བཏགས་ན་ཐོག་གི་འཇིགས་པ་མེད། དེ་བཞིན་ཐོག་གིས་བསད་པའི་རུས་པ་ལུས་ལ་འཆང་ན་ཐོག་གི་འཇིགས་པ་བརྟེན། གཡང་ཊིའམ་མ་ན་ཧོ་སྐེ་ལ་བཏགས་ན་རྟས་བརྡབ་ཀྱང་མགོ་མི་ཆག །དུང་སྐེ་ལ་བཏགས་ན་མིད་དཀྱུས་ནད་ལ་ཕན། གཡུ་བཟང་པོ་སྐེ་ལ་བཏགས་ན་བད་ཀན་སྨུག་པོར་ཕན། རཀྟ་གདོང་དྲུག་སྐེ་ལ་བཏགས་ན་སྦ་བ་ལ་ཕན། དེ་བཞིན་


CMR058_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་རིང་བསྲེལ་སྤྱི་བོར་བཅངས་ན་ཇི་ལྟར་བསམ་པའི་དོན་ཐམས་ཅད་འགྲུབ་བོ། །གཡི་ཡི་རྐེའམ་ཀ་ལོ་སྐྱེད་པར་བཏགས་ན་མཁལ་རྩ་འཆུས་པར་ཕན། རྐང་མཐིལ་དུ་ཕག་ཚིལ་བྱུག་ན་མིག་ལ་ཕན་ནོ། །དེ་ནས་རྟེན་འབྲེལ་སྣ་ཚོགས་བཤད་པར་བྱ་བ་ནི། ཁྱིམ་བརྩེགས་པའི་སྐབས་རྩིག་རྨང་དུ་གཡུང་དྲུང་དང་རྡོ་རྗེ་རྒྱ་གྲམ་བྲིས་ན་བརྟན་ཅིང་དགེའོ། །རི་བྲག་ཞིག་པའི་རྦབ་རྡོ་འདྲིལ་བ་དང་། གད་པ་ཆད་དང་ས་ཕུག་རྐོས་པ་གད་པ་དིབ་པ་ཁང་པ་ཞིག་པ། ཁང་པ་བརྩེགས་སར་འགྲོ་མི་ཉན། སྨྱུག་མ་ཚིགས་བཅོ་ལྔ་པའི་དར་ཡུ་བྱས་པས་དར་ལྕོག་བཙུགས་ན་ལྷ་དགའ་ཀླུ་དགའི་དར་ཅོག་ཡིན་པས་ཁྱིམ་དུ་དགེ་བ་ཡིན། ཁྱིམ་དུ་སླ་ང་ལྷན་པ་དགུ་ཡོད་ན་བདུད་མོ་ཁྲོས་པའི་སླ་ང་ཡིན་པས་མི་ཤིས་པས་ཚག་མི་ཉན། བུང་བ་ཁྱིམ་དུ་བྱུང་ཚེ་རྣམ་སྲས་ཀྱི་དུང་མཁན་ཡིན་པས་ཅི་བདེར་བཞག་དགོས། ཞོགས་པར་སྡོམ་ནག་བྱུང་ན་ཁྱིམ་གྱི་ཀླུ་སྨན་དཀར་པོ་ཡིན་པས་ཕྱེ་ཕུད་ཀྱིས་མཆོད། །དགོང་མོར་བྱུང་ན་ཀླུ་གདོལ་བ་ནག་པོ་ཡིན་པས་དལ་བུས་ཕྱིར་བསྐྱལ། ཁྱིམ་དུ་སྤོས་ཀྱིས་བདུག། ཁྱིམ་དུ་སྡིག་པ་བྱུང་ན་ཚྭ་མར་ཕྲན་བུ་དང་བཅས་བྱང་ཕྱོགས་སུ་བསྐྱལ་ནས་བྱང་ཚྭ་


CMR058_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ལེགས་པའི་རྟེན་འབྲེལ་ཤོག་ཟེར་དགོས། ཁྱིམ་དུ་དུས་མིན་ཆུ་ཐིགས་བབ་བྱུང་ན་མི་ཤིས་པས་ནང་དུ་སྐ་རག་བྱུག །ཕྱི་ལ་དུད་པ་རལ་པ་བྱུག་དགོས། ཁང་པའི་ཕུགས་སུ་འོད་འཁྱིལ་ན་རྔ་སྒོག་ལན་མང་དུ་བརྡུང་དགོས། ཡང་གཤེད་འཁྱམས་པའི་འོད་ཡིན་ན་ལྷམ་རྒྱག་དགོས། གཞན་ཡང་མི་ཤིས་པའི་རིགས་ཐམས་ཅད་བཟློག་པའི་ཐབས། ཤོག་བུ་ལ་རྔ་མོང་དང་སྤྱང་ཀིའི་གཟུགས་བྲིས་ནས། བྱ་དང་གཅན་གཟན་སྣ་ཚོགས་ཀྱི་ཁྲག་སྣ་དང་། སྒོག་པ། སྲན་མ། བྲ་བོ། འག་པའི་སྒོ་བཅས་སྦྲེལ་ཏེ་སྐུད་པ་ནག་པོས་རྒྱ་གྲམ་དུ་བཅིངས་ཏེ། ཡུགས་ས་མས་ཀུ་ལན་བཅོ་བརྒྱད་བོས་ཏེ་ཆུ་བོའི་གཞུང་དུ་བོར་བས་ཟློག་གོ །ཤིན་ཏུ་རྨི་ལམ་འཚུབས་ཤིང་སྐྲག་བསྔངས་ཆེ་ན་མགོ་མལ་གཤམ་དུ་བསྟན་ན་ཕན། ཡང་ཁྱིམ་དུ་བྱི་བས་གནོད་ན་སྲེ་མོང་གི་སྒོ་ངའི་ནང་དུ་ཟངས་ཀྱི་ཐུར་མ་གཅིག་ཡོད་པ་དེ་ལ་གླ་རྩི་བྱུག་ནས་བཞག་ན་བྱི་བ་རྣམས་ཁྱིམ་དེར་མི་གནས་སོ། །ཡང་ཁྱིམ་དུ་སྡོད་སྐབས་ཇག་རྐུན་སོགས་ཀྱིས་འཇིགས་ན། བྱ་ཁུ་བྱུག་གམ། སྲེ་མོང་ངམ། ཁྭ་ཏ་སོགས་གང་རིགས་ཀྱི་ཚང་ཤིང་ཆུ་ལ་བསྐུར་བས་གཅིག་གྱེན་དུ་འོང་བ་དེ་ལུས་ལ་བཅངས་ན་མིས་མི་མཐོང་ཟེར་


CMR058_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །རྐུན་པོའི་ལག་གཡས་མཛོད་ཀྱི་ཕུགས་སུ་བཞག་ན། ཟས་ནོར་རང་ཤུགས་ཀྱིས་འདུ་འོང་ཟེར། མཛོད་ཀྱི་ཕུགས་སུ་གད་བརྒྱག་མི་ཉན། ཁང་གསར་རྣམས་དབང་ཐང་སྤར་ཁ་བརྒྱད་ཀྱི་དབུས་སུ་སྨེ་བ་དགུ་ཡོད་པར་བྲིས་ན་གནོད་པའི་རིགས་ཐམས་ཅད་ཐུབ། གཡག་འོག་ཅན་གྱི་རྩིད་པར་གཟའ་ཉི་མ་ལ་ཚོས་རྒྱབ་པ་དང་། དེ་དང་ལྷན་དུ་མེ་ལོང་གཅིག་བཅས་ནམ་མཁའ་མཐོང་སར་བཏགས་ན་དྲང་སྲོང་གཟའ་ཡི་རྒྱུ་བ་མི་ཡོངས་ཟེར། ཧ་ཀྱང་གླུ་ལེན་མང་ན་ནི། དྲི་ཟའི་གྲོང་ཁྱེར་བཅོ་བརྒྱད་ཀྱིས་གོ་ནས་སྨོན་ལམ་ངན་པ་འདེབས། ཟས་གོས་མི་འབྱུང་སྤྲང་པོར་འགྲོ། ཕྱི་མ་ལྐུགས་པའི་ལུས་སུ་སྐྱེ། ཁྱིམ་གྱི་སྦུགས་སུ་མདོས་མང་པོ་གཏོང་བ་དང་། ཤོ་མང་པོ་བརྒྱབ་ན་ལྷ་འདྲེ་མང་པོ་ཚོགས་ནས་གནོད་འོང་ཟེར། མདའ་ལྟོང་ལྔ་པར་གཡང་རྫས་མང་པོ་བཏགས། མཛོད་ཀྱི་ཕུགས་སུ་བཞག་ན་ཡུལ་གྱི་ཤར་ལྷོ་ནུབ་བྱང་ཐམས་ཅད་ཀྱི་གཡང་དེར་འདུ་འོང་ཟེར། ཡང་སྐས་སྡང་གཅོད་པའི་དུས་སྐྱིད་སྡུག་རེས་མོས་བརྩིས་པའི་སྐྱིད་པའི་ཐོག་ཏུ་འཇོག་དགོས། སྒོ་ལ་ཉི་ཟླ་བྲིས་ན་ཐབས་དང་ཤེས་རབ་འཛོམས་པའི་རྟེན་འབྲེལ་ཡིན་པས་ཅི་འདོད་འཛོམ། སྒོ་


CMR058_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྡོ་རྗེ་རྒྱ་གྲམ་བྲིས་ན་ཁྱིམ་དེར་འདྲེ་སོགས་ཀྱིས་གླགས་མི་རྙེད་ཟེར། ཉལ་བའི་སྔས་མགོ་ནུབ་དང་བྱང་གཉིས་དང་ལུང་པའི་ཕུ་ལ་བསྟན་དགོས། ཤར་དང་ལྷོ་གཉིས་དང་ལུང་པའི་མདོ་ལ་སྔས་མི་བསྟན་ཀ་མེད་བྱུང་ན་སྔས་འོག་ཏུ་ལྷམ་འཇོག་དགོས། ཞྭ་མོ་ཐོག་མར་གྱོན་དུས་མ་ཡོ་བར་བྱེད་པ་རྟེན་འབྲེལ་གྱི་གནད་ཡིན། ཕོར་པ་གསར་པ་ཞག་ལྔའི་བར་དུ་ཁ་སྦུབས་སུ་འཇོགས་མི་ཉན། དེ་ཡང་ཀ་པཱ་ལའི་ནང་དུ་ཇ་བཏུང་ན་མདོག་སྔོ། ཇོ་ཕོར་ནང་འཐུང་ན་དཔལ་ཆེ་ཟེར། ལྕགས་ཕོར་ནང་འཐུང་ན་མིག་གསལ། དཀར་ཡོལ་ནང་དུ་བཏུང་ན་བྲོ་བ་ཆེ། བྱ་གོ་བོའི་སྒོ་ངའི་ནང་ལ་འཐུང་ན་དུག་ཐུབ་ཟེར། གོས་ཐོག་མར་གྱོན་དུས་ཁ་ནང་དུ་ཟས་ཟ་ཞིང་གྱོན་དགོས། གོས་གྱོན་མ་ཐག་སར་བསྡད་ན་དལ། སོང་ན་བྲེལ་བ་ཆེན་པོ་ཡོད། ལྷམ་ཐོག་མར་གྱོན་དུས་བྱང་ཕྱོགས་སུ་གོམ་པ་བདུན་འགྲོ་དགོས། །གནམ་གྱི་ཆུ་དང་ས་ཡི་ཆུ་གཉིས་བུམ་པར་གཞལ་ཏེ་ཆ་མཉམ་ནས་ཟླ་བ་རེ་ལ་ཐིགས་པ་རེ་བཏུང་ན་ལུས་ཀྱི་འདུ་བ་སྙོམས་སོ། །ནས་ཀྱི་སྙེ་མ་འདི་ཁྱིའི་སྐལ་པ་ཡིན་པས་ཁྱི་ལ་ཟན་བྱིན་ན་ཟ་རྒྱུ་འཕེལ་བའི་གནད་ཡོད། ཧ་ཅང་དམར་དད་ཆེ་ན་ཡང་། ཕྱི་མ་སྤྱང་ཀིའི་ལུས་སུ་


CMR058_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ། ཕག་རིང་བསྲེལ་ཅན་གྱི་ཤ་ཟོས་ན་དམྱལ་བ་ངུ་འབོད་ཀྱི་གནས་སུ་སྐྱེ། སེམས་ཅན་གང་རུང་གི་ལྕེ་ཟོས་ན་བཟླས་པའི་ནུས་པ་ཉམས་འགྲོ་བས་ལྕེ་རྩེ་བཅད་ནས་ཕྱིར་གཡུགས་ནས་དབྱངས་གསལ་བཏོན་ན་ཅུང་ཟད་དྲགས་ཟེར། ཉིན་ཤ་ཟོས་ན་ཤ་གཞན་ཟོས་པ་དང་མི་འདྲ་བའི་སྡིག་པ་ཆེ། ཚེ་ཕྱི་མ་དམྱལ་བའམ་ཡང་ན་སྲིན་པོར་སྐྱེས་ནས་སླར་ཡང་དམྱལ་བར་སྐྱེའོ། །ལུག་སོགས་ཀྱི་སྙིང་མང་པོ་ཟོས་ན་ཆོས་ཀྱི་ཡོན་ཏན་ཐམས་ཅད་ཉམས་འགྲོ་ཟེར། སྐོམ་ཅི་རིགས་ལ་དུག་ཡོད་མེད་བརྟག་པ་རི་བོང་གི་སྨ་ར་གཅིག་བཅུག་ཚེ་རྩེ་མོ་གུག་ན་དུག་ཡོད་པ་ཡིན། ཟས་ལ་དུག་ཡོད་མེད་བརྟག་པ་ནི། གྲི་ལ་སྣུམ་ཞག་མེད་པས་གཏུབ་ཚེ་འགོས་ན་མེད་པ་ཡིན། འབྲི་བརྒྱའི་མར་ཟོས་ན་ལུས་ཀྱི་བཀྲག་མདངས་ལེགས་སོ།། ༈ དེ་ནས་རྟ་དང་པོ་ཉར་ཚག་བྱེད་པའི་ཚེ་རྟ་མཆོག་རིན་པོ་ཆེ་ཡིན་བསམ་པ་བྱེད་དགོས། རྟ་དེའི་གཟུགས་བཅོས་ནས་བཏང་ན་རྟ་དེས་རང་ལ་ཕན་ཐོགས་པར་ཡོང་། དེ་ནས་ཞོན་ནས་འགྲོ་བའི་སྐབས་སྐད་དང་པོ་འཚེར་བའི་དུས་རླུང་རྟ་བསྐྱེད་བྱས་ན་རླུང་རྟ་དར་བ་ཡོང་། ཡང་འགྲོ་བའི་སྐབས་སུ་ཉལ་ན་རླུང་རྟ་དམའ་བའི་ངོ་ཡིན་པས་རང་ལ་


CMR058_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་གང་ཡོད་ཀྱིས་གླུ་ལེན་པས་ཕན། ༈ འབྲི་དང་མཛོ་མོ་དང་པོ་བཞོ་དུས་ཁ་བྱང་ཕྱོགས་སུ་བསྟན་ནས་སྣ་ཐག་དེ་ཛམྦྷ་ལའི་ཕྱག་ཏུ་ཡོད་པར་བསམ་ལ། འོ་མའི་ཐིགས་པ་དང་པོ་བབ་པ་དུས་མཉམ་དུ་དབང་ཐང་འཕེལ་ལོངས་སྤྱོད་ཀྱི་མཚོ་འཁྱིལ་ཟེར་དགོས། ནོར་དང་པོ་བྱུང་ཚེ་དྲིན་ལན་ཡིན་ཟེར། ཚྭ་དང་མར་བསྲེས་པ་སྟེར་དགོས། ལུག་ཐོག་མར་སླེབས་ཚེ་རྩ་སྣ་མང་པོ་བསྡུས་ནས་བྱིན་ཏེ་དཔལ་དང་ཕྱུ་གཡང་འཕེལ་ཟེར་དགོས། བོང་བུ་ཐོག་མར་སྐད་གྲག་ཚེ་ཁྱོད་བདེན་ཟེར་ལན་གསུམ་ལབ་དགོས། དེ་ལྟར་བྱས་ན་ཁོ་སེམས་མགུ་སྟེ་ཕན་ཐོགས་པར་འོང་། བ་གླང་ཐོག་མའི་ལྕི་བ་དེ་ས་ལ་མ་ལྷུང་བར་ར་བའི་སྦུགས་ཀྱི་རྩིག་ངོས་སུ་བརྒྱབ་ན་ཟླ་བ་གཅིག་ཚུན་ནས་དེ་དང་འདྲ་བའི་རིན་མཉམ་པའི་ཟོག་གཅིག་ངེས་པར་རྙེད་དོ། །ཁྱི་ཐོག་མར་སླེབས་ཚེ་དཔྲལ་བར་ཕྱེ་མར་བྱུག་དགོས། སྤྲེའུ་ཐོག་མར་སླེབས་ཚེ་ཅུང་ཟད་བརྡུང་དགོས། བྱི་ལ་ཐོག་མར་སླེབས་ཚེ་དཔྲལ་བར་ཐེལ་ཚེ་རྒྱབ་དགོས། བྱའི་རིགས་ཐོག་མར་སླེབས་ཚེ་དེ་མ་ཐག་ལྟོ་མ་བརྒྱག་བར་དུ་བྱིན་དགོས། དེ་ཡང་བྱ་ཕོ་ཡིན་ན་སྐད་ཐོག་མར་ཁ་ཤར་ལྷོར་བལྟས་ནས་གྲག་ན་མི་ཤི །བྱང་དུ་ཁ་བལྟས་ནས་གྲག་ན་དངོས་


CMR058_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་དང་འདོད་དོན་ཆེ། ནེ་ཙེ་ཐོག་མར་སླེབས་དུས་འཇམ་དཔལ་མཚན་བརྗོད་ཀྱི་དཔེ་ཆ་མགོ་ལ་བཞག་ན་ཨ་མཆོད་གཅིག་ཉར་བ་ལས་ཕན་ཡོན་ཆེ། བྱ་ཕུག་རོན་ཟིན་ན་མགོ་ལ་མར་བྱུག་ནས་བཏང་དགོས། དེ་མིན་ཁོས་སྨོན་ལམ་ལོག་པ་འདེབས་ཡོང་ཟེར། བྱ་ནག་དང་ཁྱི་ནག་ལ་རྡོ་རྒྱབ་པ་དང་དཀྲོག་པ་སོགས་བྱས་ན་དཔལ་ནག་པོ་ཆེན་པོའི་དམ་ཚིག་དང་འགལ་བས་འཁུ་ལྡོག་ཆེན་པོ་ཡོང་གསུངས། དེ་བཞིན་དུ་བཙན་ལ་བྱ་དམར་དང་ཁྱི་དམར་སོགས་ལ་གནོད་པ་མི་བྱེད་པ་རིགས་འགྲེའོ། །མི་ཡི་ལག་པ་ལ་རྩལ་ཉམས་པའི་དྲོད་ཡོད་པས་སྲོག་ཆགས་ཀྱི་རིགས་རྩལ་དང་ལྡན་པ་རས་སོགས་ཀྱིས་བསྒྲིབས་ནས་འཇུ་དགོས། དེ་མ་བྱས་ན་བྱ་ཁྲ་དང་ཤ་ཁྱི་མ་གཏོགས་སྲོག་ཆགས་གང་ཡིན་ཀྱང་རྩལ་ཉམས་འགྲོ་ཟེར། མི་གསར་པ་དང་འགྲོགས་དུས་དང་པོ་མི་དེ་གང་ནས་ཡིན་ཟེར་དྲིའོ། །མི་དེས་སུམ་ཅུ་རྩ་གསུམ་གྱི་གནས་ནས་ཡིན་ཟེར་དགོས། བུམ་སྟོང་ལ་རྒྱབ་གཏད་གཡས་གཡོན་གང་རིགས་སུ་འདུག་བཅུག །རང་གཞན་གཉིས་ཀས་གྲོ་དང་བཏུང་བ་དཀར་གསུམ་གྱི་རིགས་བཏུང་དགོས། དེ་ཉིན་གཉིས་ཀས་ལུས་ཀྱི་རྒྱབ་མི་མཐོང་བར་བྱེད། ཡང་ལུག་དང་


CMR058_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

སྤེའུ་སྤྱང་ཀི་གསུམ་ལྷན་དུ་བཞག་ན་ཡུལ་མི་ཁྱིམ་མཚེས་སོགས་ཀྱིས་གནོད་པ་མི་བྱེད་པའི་རྟེན་འབྲེལ་ཡོད། ༈ ཡང་ལྷ་རྒྱལ་འབོད་ཚེ་ལན་གསུམ་གྱིས་ཤིན་ཏུ་བཀྲ་ཤིས་པ་ཡིན། དེ་ནས་ལན་ཉེར་གཅིག་བར་བོས་པ་ལ་འགལ་བ་མེད། ལན་ཉེར་གཉིས་བོས་ན་འོག་ཕྱོགས་ནས་གཤིན་རྗེ་ཨ་བ་གླང་མགོས་གོ་ནས་ཚེ་ལ་གནོད། ཡང་ལན་ཉེར་བཞི་སོགས་བོས་ན་སྟེང་གི་ཕྱོགས་ནས་བདུད་དགའ་རབ་དབང་ཕྱུག་གིས་གོ་ནས་སྨོན་ལམ་ལོག་པ་འདེབས་ཡོངས་བ་དེ་སྨིན་ནས་མི་འདོད་པའི་རིགས་འོང་ཟེར། ཡང་དུས་རྟག་ཏུ་སེམས་བདེ་ཙམ་བྱས་ན་བསྡོད་དགོས། དེ་མིན་ན་སྐྱིད་ཚོར་གྱི་མཐའ་གཞུག་སྡུག་བསྔལ་མཚོ་རྡོལ་འོང་ཟེར། ༈ ཡང་རོ་ལམ་ཁ་བས་བཀག་ན་ལེགས། བག་ལམ་ཁ་བས་བཀག་ན། བག་མའི་དཔྲལ་བར་སིནྡྷ་རའི་ཐིག་ལེ་བྱའོ། །ཟོར་ལམ་ཁ་བས་བཀག་ན་གཏོར་ཟོར་གྱི་སྔོན་དུ་མེ་ཁྱེར་བས་ཐུབ། ཡང་བྱ་བ་གལ་ཆེན་རིགས་ཅུང་ཟད་འཆུག་པ་དང་། ཆོས་ཀྱི་བགྲོ་གླེང་སོགས་ཅུང་ཟད་ནོར་ན་སླར་བཟང་བའི་རྟེན་འབྲེལ་ཡོད། རང་དང་ཉེ་བར་གྲི་གཏད་ན། ཁོབ་རེ་དང་མཉམ་དུ་གཏད་དགོས། ཡང་གྲི་ཤུབས་སྟོང་པ་དང་། སྨྱུག་ཀྲོག་སྟོང་པར་གཏད་ན་


CMR058_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོགས་པར་འགྱུར་རོ། །གྲི་བ་ཡུ་ར་ཡུ་ཁ་སྦྱོར་བྱས་ན་ལས་དང་བྱ་བ་ཐམས་ཅད་འགྲུབ་པའི་རྟེན་འབྲེལ་ཡོད། གོས་ཀྱི་གོང་ང་ལ་ཁབ་བཙུགས་ན་རིག་པ་གསལ་བའི་རྟེན་འབྲེལ་ཡིན། ཉིན་གཅིག་ལ་གོས་རིགས་མི་འདྲ་བ་མང་པོ་གྱོན་ན་གོས་སྐལ་རྫོགས་འགྲོ་བས་མི་བྱ། ཟས་རིགས་མི་འདྲ་བ་མང་པོ་ཟོས་ན་དཔལ་ཆེ་ཟེར། ཕྲེང་བ་ལ་རྒྱན་རིགས་མང་པོ་རྒྱབ་ན་བསམ་བློ་མང་བོས་དོན་མི་འགྲུབ། ཤོ་མང་པོ་བརྒྱབ་ན་ནོར་བཀྲེན་ཡོང་། བྱི་ལའི་པགས་པ་མིས་མགོ་ཐོག་ཏུ་གཡུགས་ན་གནམ་གྱི་འཇུ་ཐག་ཆད་པ་དང་ས་ཡི་རྟེན་ཕུར་བུད་འགྲོ་ཟེར། སྐྲ་བཞར་བ་ཆུར་སྦྱར་ན་ཉའི་ཁོག་པར་སོང་ན་འབུར་འགྱུར་ནས་ཉའི་ཁོག་པ་ཟོས་ནས་ཤི་འགྲོ་བས་མི་ཉན། སེན་མོ་ཐང་ལ་བོར་མི་བྱ། བྱིའུས་ཟོས་ན་འཆི་ནས་བྱིའུ་རོ་ཁྱིས་ཟོས་ན་ཁྱི་སྨྱོ་འགྲོ་ཡང་ཟེར། ཡང་འབྲུག་ཐོག་མར་གྲག་དུས་ཁང་ཐོག་ལ་ས་གཏོར་ན་ཐིགས་པ་ཉུང་། ཁུ་བྱུག་ཐོག་མར་གྲག་དུས་སྐྱིད་པའི་སྨོན་ལམ་འདེབས་དགོས། །ནེའུ་ལེ་ཐོག་མར་མཐོང་དུས་དམར་ངོ་ཕྱིར་བསྒྱུར་སྨྲས་ན་ནད་ཉུང་། བྱ་ཁྲུང་ཁྲུང་གིས་བྱ་ལོང་ཁྲིད་འགྲོ་བའི་དུས་མིག་གསལ་བའི་སྨོན་ལམ་བཏབ་ན་མིག་ལ་ཕན། དེ་ཡང་བྱ་ལོང་འདི་


CMR058_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མིག་མྱུར་དུ་གསལ་བར་ཤོག །བདག་ཀྱང་ཁྲུང་ཁྲུང་བཞིན་དུ་མིག་མྱུར་དུ་གསལ་བར་ཤོག །དེ་བཞིན་དུ་སྲམ་གྱིས་འུག་པ་མཆོད་པ་མཐོང་ན། འདོད་ཡོན་སྒོ་རྩར་སྐྱེལ་བའི་སྨོན་ལམ་འདེབས་དགོས། བྱ་གོ་བོས་ཕྱི་བ་ཉི་མ་ལ་བསྐྱལ་བར་མཐོང་ན་ལས་ཀྱི་རྟེན་འབྲེལ་འཛོམས་ནས་བདེ་སྐྱིད་འཛོམ་པའི་སྨོན་ལམ་འདེབས་དགོས། བྱིའུ་ཏིས་ཏོས་སྲེ་མོང་བྲ་བ་ལ་བརྡ་གཏོང་བ་མཐོང་ན། ཡང་དག་དགེ་བའི་བཤེས་གཉེན་གྱིས་རང་གཞན་ཐམས་ཅད་འདུས་བྱས་མི་རྟག་པར་བསྐུལ་བའི་སྨོན་ལམ་སོགས་འདེབས་དགོས། ཡང་བྱེས་སུ་འགྲོ་བའི་སྐབས་རྐང་ཐང་ཡིན་ན་ནང་སྒོ་ནས་ཐོན་མ་ཐག་ཕྱོགས་གཙང་སར་གོམ་པ་བདུན་མ་ཡོ་བར་འགྲོ་བ་དང་། རྟ་པ་ཡིན་ན་ཕྱི་སྒོ་ནས་མདའ་རྒྱང་གང་ཙམ་ལ་མ་ཡོ་བར་འགྲོ་བས་དོན་རྣམས་མི་འཆོལ་ཞིང་ཅི་བསམ་འགྲུབ་པའི་རྟེན་འབྲེལ་ཡོད། ཡང་དུས་ཚེས་སོགས་ངན་ཅིང་ལམ་ཞུགས་མི་ཤེས་པ་བྱུང་ན། དེ་བཟློག་ཐབས་ཤར་དུ་གྲི་ཕྱར། ལྷོར་མཆིལ་མ་དོར། ནུབ་ཏུ་མེ་ཆ་བརྡབ། བྱང་དུ་ས་སྤར་གང་གཏོར་དེ་ལྟར་བྱས་ན་ངན་པ་ཡང་བཟང་པོར་འགྱུར་རོ། །དེ་ནས་ཚུར་འོང་ཞག་གི་རྟེན་འབྲེལ་ནི། ཞག་གཉིས་ནས་ཚུར་ལ་འོང་ན་རྨི་ལམ་


CMR058_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

འཚུབ། ཞག་དྲུག་ནས་ཚུར་ལོག་ན་བོར་གཏོར་འོང་། ཞག་དགུ་ནས་ཚུར་ལ་ཡོང་ན་སེམས་ངན་ཡོང་། ཞག་བཅུ་བཞི་ཚུར་ལོག་ན་འདྲེ་རྗེས་སུ་འབྲང་། ཞག་བཅོ་བརྒྱད་ནས་ཚུར་ལ་ཡོང་ན་སྐྱིད་པ་མིག་གིས་མི་རིག །ཞག་ཉི་ཤུ་བཞི་ནས་ཚུར་ལ་ལོག་ན་དགྲ་མང་དུ་འགྲོ། ཞག་ཉེར་དགུ་ནས་ལོགས་ན་རྟ་ནོར་ལ་གོད་ཡོང་། ཟླ་བ་གཅིག་འགོར་ཚེ་ཚེས་གྲངས་ཆ་ལ་ལོག་མི་ཉན། ཟླ་བ་གཉིས་འགོར་ཚེ་ཚེས་གྲངས་ཆ་ལ་ལོག་མི་ཉན་པ་མིན་ཅེས་ཟེར་རོ།། ༈ དེ་ནས་ལམ་དུ་ལྟས་བཟང་པོ་མཐོང་ན་དབུགས་ཁུག་གཅིག་གི་བར་སེམས་མ་ཡེངས་པར་བལྟས་ན་དངོས་གྲུབ་རྣམས་འབྱུང་ངོ་། །ལྟས་མི་བཟང་བར་མཐོང་ན་མིག་ཡ་གཅིག་བཙུམས་ནས་བལྟ་དགོས། ལམ་དུ་ཀ་པཱ་ལི་དུམ་བུ་དྲུག་པ་མན་ཆད་དཔྲལ་བ་རང་ལ་བལྟས་ནས་རྙེད་ན་དངོས་གྲུབ་ཡིན་པས་ཚག་དགོས། ལམ་དུ་རྡོ་ནག་ཧྲིལ་ཧྲིལ་འདུག་ན་དམྱལ་བའི་ལྕགས་ཁང་སྒོ་མེད་ཡིན་པས་བཅག་དགོས། ལམ་དུ་ཕོར་པ་དང་ལྷམ་དང་དབྱུག་པ། ཐང་ཁུག་སོགས་རྙེད་ན་ཟློག་པ་བྱེད་དགོས། ལམ་དུ་གྲི་རྙེད་ན་དེ་ཁའི་ཐད་རྩ་འམ་ཤིང་དུམ་གང་རིགས་བཅད་ནས་འདིའི་དོན་ཡིན་ཟེར་དགོས། ཁབ་རྙེད་ན་ཕུ་


CMR058_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཐུང་གཡོན་དུ་གཟེར་དགོས། ཏིང་དང་རྫས་དམར་གྱི་རིགས་སོགས་རྙེད་ན་སོལ་བའམ་དྲེག་པ་བྱུག་ནས་ཁུར་དགོས། སྙེ་མ་མགོ་གཉིས་དང་། ནོར་གྱི་སྤུ་ལ་སྒྲོ་སྐྱེས་པ་སོགས་རྙེད་ན་གཡང་རྫས་ཡིན་པས་དགའ་སྤྲོ་དང་བཅས་ཏེ་ཁུར་ཡོངས་དགོས། ལམ་དུ་སྤྱང་ཀིས་དེད་ན་ལྷམ་ལ་སྐེ་རགས་བཏགས་ཏེ་དྲུད་ན་སྤྱང་ཀི་བྲོས་འགྲོ། དྲེད་མོང་གིས་གནོད་པ་བྱས་ན་ཁྲ་ཡི་གསོབ་དབྱུག་པའི་རྩེ་མོར་ཕྱར་ན་ཐུབ། ༈ ཡང་བྱེས་སུ་རྐུན་ཇག་སོགས་མི་ཡོང་བའི་རྟེན་འབྲེལ་ཐབས་ནི། མི་སྟག་ལོ་པ་གཅིག་གིས་བཙོད་རུ་རྒྱ་མདུད་ཡོད་པ་གཅིག་ཁྱེར་ཏེ་གུར་གྱི་ཕྱི་ཡི་མཐའ་ནས་རི་མོ་བསྐོར་ན་རྐུན་ཇག་ཉུང་བ་ཡང་ཟེར། ༈ ཐང་དུ་རྐང་པ་ན་ཞིང་འགྲོ་མ་ཐུབ་ན་རྟ་ཡི་སྤུ་ཕྲན་བུ་ཞིག་ལྷམ་ནང་དུ་བཅུག་ན་ཕན། གྱེན་དུ་འགྲོ་མ་ཐུབ་ན་བྱ་སྒྲོའམ་ཡང་ན་མདའ་གཅིག་ལག་ཏུ་ཁྱེར་ན་ཕན། ཐུར་དུ་རྐང་པ་ན་ན་རྡོ་ཧྲིལ་ལམ་ས་རིལ་ཁུར་ན་ཕན། ཤིན་ཏུ་ཚད་པ་ཆེ་ན་ཁ་གདངས་ཏེ་སོར་མོ་རྣམས་བསྐྱང་སྟེ་གོམ་པ་སྐྱོག་པོར་ཕྱིན་ནས་དཔྲལ་བར་ཟླ་བ་ཤར་ཡོད་བསམ་ན་ཕན། ཤིན་ཏུ་གྲང་ན་དབུགས་ཁུག་སྒོང་སྟེ་ལག་གཉིས་ཁུ་ཚུར་བསྡམས་ཏེ་གོམ་པ་དྲང་པོར་བྱེད་ནས་དཔྲལ་བར་ཉི་མ་ཤར་ཡོད་བསམ་ན་


CMR058_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ནོ། །རང་གི་འོག་རྟ་དང་འོ་མ་འཐུང་བའི་ནོར་ཤི་ན། ཕ་མ་ཤི་བ་ལྟ་བུའི་བསྔོ་བ་དང་སྨོན་ལམ་བཟང་པོ་འདེབས་དགོས། དེ་ལྟར་མ་བྱས་ན་ལས་འབྲས་ཆེ་འདིར་སྨིན་ནས་ནད་ཐུ་མོ་ཡོང་བཀྲེས་པ་དང་ཕྱི་མ་འོང་། ཉེས་དམིགས་ཆེན་པོ་འོང་། ༈ སྤྱིར་སེམས་ཐམས་ཅད་ལ་ཕན་བཟང་པོར་བྱས་ན་ཚོགས་བསགས་སྒྲིབ་པ་བྱང་། འཕྲལ་གྱི་རིམ་གྲོའང་དེ་ལས་ལྷག་པ་མེད། དེས་ན་བདག་ལས་གཞན་གཅེས་ཀྱི་སྙིང་རྗེ་བསྒོམ་དགོས། ༈ ཡང་ལ་ཉེ་བརྟག་པ་བཤད་པར་བྱ། བྱ་བ་གང་དང་གང་ལ་ཡང་། གྲྭ་པ་ཡིན་ན་གཟན་ཡང་བསྐྱར་གྱོན་མ་དགོས་ན་ལེགས། མི་སྐྱ་ཡིན་ན་ལྟག་སླས་རྒྱབ་ཏུ་མ་ཡོ་ན་ལེགས། རོལ་མོ་དང་དུང་སྐད་སོགས་ཆེ་ཞིང་སྙན་པ་ལེགས། ཞོགས་པ་སྐེ་རགས་ལ་མདུད་པ་ཐེབས་ན་གྲོགས་མདུད་ཡིན་པས་ཞག་གསུམ་བར་བཀྲོལ་མི་ཉན། ལྷམ་གྱོན་པའི་ཚེ་ཐོག་མར་ལྷམ་སྒྲོག་ལག་ཏུ་བྱུང་ན་ལེགས་ཟེར་རོ། །དེ་སོགས་བཤད་ཚོད་མེད་པའི་དགེ་༈ སྦྱོར་གེགས། །སྣག་ཤོག་སྨྱུ་གུ་ཟད་ཅིང་ངལ་བའི་རྒྱུ། །ཀུན་རྫོབ་ལས་སྣང་མགོན་མེད་ཆུའི་གཉེར་མ། །ཡིན་ཀྱང་དེ་དག་ཚེ་རབས་སྔ་མའི་ལས། །དེས་ན་ད་ལྟའི་བདེ་སྡུག་ཅི་


CMR058_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ། །ཐམས་ཅད་སྔོན་གྱི་ལས་འབྲས་སྨིན་པ་ཡིན། །ཕྱི་མའི་དོན་ལ་བསམ་ན་དགེ་བ་མཛོད། །ད་ལྟ་ལུས་འདི་སྣལ་གོས་སོགས་ལེགས་ཀྱང་། །བཟའ་བཏུང་ངག་འཇམ་སྨྲ་བ་མཁས་ན་ཡང་། །མྱུར་དུ་མི་རྟག་དུར་ཁྲོད་འཇིགས་རུང་དུ། །ཕུང་པོ་བྱ་གཅན་རྣམས་ཀྱིས་ཟ་བར་འགྱུར། །དེས་ན་མི་རྟག་སྒྱུ་མའི་འཕྲུལ་འཁོར་འདི། །བྱིས་པ་ཆུང་ངུའི་དུས་སུ་ཤི་བ་ལས། །ཆོས་མེད་རྒས་པའི་དུས་སུ་ཤི་བ་སྐྱོ། །སེམས་ལྡན་སྐྱེས་བུས་སྡུག་བསྔལ་འཁོར་མོ་འདིར། །མ་ཆགས་ཐར་པའི་ལམ་སྣེ་ཟིན་ན་ལེགས། །དབང་པོའི་གཞུ་བཞིན་ལུས་འདི་མི་རྟག་པས། །གས་སྡང་རྨོངས་གསུམ་ཞེན་མེད་རྒྱབ་ཏུ་བོར། །ལྷ་གཅིག་ཀུན་འགྲུབ་ཐུགས་རྗེ་ཆེན་པོ་ཡིན། །ཡང་སྙིང་ཡིག་དྲུག་དག་ལས་མེད་པར་གསུངས། །ཕྱི་རབས་ཀུན་ལ་སྙིང་གཏམ་དེ་ལས་མེད། །མ་བརྗེད་སྙིང་གི་དབུས་སུ་ལེགས་པར་ཐོབ། །དེ་སྐད་ཆུ་ཁམས་ལྕང་ཤེས་རྟ་ཡི་ལོར། །བརྩོན་འགྲུས་རྒྱ་མཚོའི་ཉམས་མཚར་སྐྱེད་བྱེད་དུ། །རྒྱ་བོད་མཁས་པའི་ངག་རྒྱུན་ཕྲན་བུ་ཞིག །རཱ་ག་ཨ་སྱས་ལྷུག་པར་སྨྲས་པ་ཡིན། །དགེ་བས་མ་རིག་མུན་ཚོགས་ཞི་བ་དང་། །ཡང་དག་ཡེ་ཤེས་སྣང་བ་རྒྱས་པར་ཤོག །


CMR058_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསུངས་སོ།། ༈ བརྩོན་འགྲུས་རྒྱ་མཚོས་ཞུས་པས། ལེགས་སོ་ལེགས་སོ་རིན་པོ་ཆེ། །གུས་འབངས་སློབ་བུ་བརྩོན་འགྲུས་རྒྱ་མཚོ་བདག །བསམ་བཞིན་བསམ་བཞིན་མཆིལ་མ་འཁོར་མོར་འཆོར། །མི་ཡུལ་ཞིང་ཁམས་འདི་ལ་ལེགས་ཉེས་ཀྱི། །རྒན་རབས་རྣ་བའི་གཏམ་དེ་བདག་མི་ཞུ། །འགྲོ་དྲུག་འཁོར་བའི་སྡུག་བསྔལ་མཚོ་མོ་ལས། །བདེན་འཛིན་ཨ་འཐས་འགྱུར་མེད་ཞེན་ཆེ་བས། །བསམ་བཞིན་བསམ་བཞིན་མཆིལ་མ་འཁོར་མོར་འཆོར། །མི་ཡུལ་ཞིང་ཁམས་འདི་ལ་བལྟས་ཙ་ན། །ཡོད་པ་བསྲུང་བས་མི་ཐུབ་སྡུག་བསྔལ་དང་། །རྒས་པ་བཙལ་གྱིས་མི་རྙེད་དཀའ་བའི་ལས། །འདྲ་མཉམ་ཆགས་སྡང་སྙིང་རྩ་རྦ་ཀློང་འཁྲུགས། །མཐོང་ཚེ་འཁོར་བ་འདི་ལ་ཡི་རེ་ཆད། །སྐྱེས་པ་རྒས་ནས་ན་བ་འཆི་བ་དང་། །འགའ་ཞིག་ངེས་མེད་ཆུང་ངུའི་དུས་ནས་འཆི། །ཕལ་ཆེར་མི་ཚེ་སྟོང་ཟད་ཟིན་མེད་ལས། །སྡིག་པའི་ཁུར་པོས་རབ་ཏུ་ལྕི་ཞིང་འཆི། །ཉམ་ཐག་དམྱལ་བའི་ཡུལ་དེར་ལྟུང་བར་འགྱུར། །དེ་ལ་བསམ་ཚེ་མི་བཟོད་སྐྱོ་བ་སྐྱེས། །སུམ་ཅུ་ཁ་རལ་རྨི་ལམ་གློག་ཙམ་ཚེ། །ཤེས་བཞིན་བསྐལ་པའི་མཐའ་ལ་ཚད་བཙུགས་ནས། །ཉེས་


CMR058_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབུམ་བརྒྱས་རབ་ཏུ་བཅིངས་བའི་ཚེ། །གློ་བུར་འཇིགས་རུང་གཤིན་རྗེའི་གནས་སུ་ཁྲིད། །མི་བཟོད་སྡུག་བསྔལ་དུ་མ་མྱོང་ལགས་ན། །བསམ་བཞིན་ཡིད་སྐྱོ་སྙིང་རླུང་གཏིང་ནས་ལྡང་། །ལམ་ཟབ་རྡོ་རྗེ་ཐེག་པའི་སྒོར་ཞུགས་ཏེ། །ཉེས་ལྟུང་དམ་ཚིག་མ་བསྲུངས་རྩ་བཞིན་དོར། །དམ་པའི་ཆོས་ལ་ཐེ་ཚོམ་སོམ་ཉི་བྱས། །དུག་གསུམ་མེ་ལྟར་འབར་བའི་གྲྭ་སློབ་རྣམས། །དམྱལ་བ་རིག་ཞིང་རྒྱུག་པ་ཡིད་སྐྱོ་མེད། །ཡང་གཅིག་ཚུལ་ལྡན་བླ་མ་བརྟུལ་ཞུགས་ཆུང་། །ཚུལ་མིན་འཇིག་རྟེན་ཀུན་གྱི་དྭངས་བ་འདྲེན། །ནང་དུ་ལྷ་སྔགས་ཏིང་འཛིན་བསྒོམ་པ་ལས། །ཕྱི་རུ་ཆོས་བརྒྱུད་མཁན་པོ་ཁྱེར་པོ་ཆེ། །སྨན་པས་རྒྱུད་གཞུང་མ་རྟོགས་གསོ་དཔྱད་ལོག །སྔགས་པ་ལྟ་སྒོམ་ལོག་པས་འདྲེ་རུ་སྐྱེས། །དགེ་བཤེས་གསུང་རབ་བརྡ་དོན་མི་གོ་ཞིང་། །མིང་ཙམ་འཛིན་པའི་བསྟན་པའི་སྙིགས་མ་འདིར། །འགྲོ་བའི་མགོན་སྐྱབས་བྲལ་བ་ཀླ་ཀློའི་ཡུལ། །འབྱུང་བཞི་དགྲར་ལངས་ནད་མཚོན་མུ་གེས་འཇིགས། །ཉམ་ཐག་ཡི་དྭགས་གླིང་བཞིན་གྱུར་པའི་ཚེ། །སྲིད་ཞིའི་དཔལ་གཅིག་རཱ་ག་ཨ་སྱ་ཉིད། །ཇི་ལྟར་པད་མོ་འདམ་གྱིས་མ་གོས་བཞིན། །འཁོར་བའི་སྐྱོན་གྱི་དྲི་མ་ཡོངས་སྤངས་ཏེ། །


CMR058_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་ལྡན་ཀུན་གྱི་གཙུག་རྒྱན་རིན་པོ་ཆེ། །བདག་གི་ཚེ་འདིའི་འདུན་མ་ཅི་དགར་ཐོང་། །ལུས་སྲོག་ལྟོས་མེད་བླ་མ་རྗེ་ལ་འབུལ། །དམ་ཚིག་མིག་གི་འབྲས་བཞིན་གཅེས་པར་བཟུང་། །ད་བར་སེམས་ཉིད་འཁྲུལ་པ་མི་ཞིག་པས། །ངན་སོང་གསུམ་གྱི་སྡུག་བསྔལ་དེ་ཙམ་མྱོང་། །ད་ནི་མཚུངས་མེད་གང་གི་བཀའ་དྲིན་འདིས། །ཡུལ་སྣང་བདེན་མེད་སེམས་ཀྱི་རྣམ་རྟོག་དེ། །གཟུང་འཛིན་སྤྲོས་བྲལ་ཆོས་དབྱིངས་ཀློང་དུ་དག །བདག་ཅག་འཁོར་བའི་འདམ་ལས་རང་སར་གྲོལ། །བདེ་གཤེགས་ཆོས་སྐུའི་མཚན་དཔེ་གསལ་བར་ཤོག །འཇིག་རྟེན་ཁམས་ན་ནད་མུག་མཚོན་འཁྲུགས་ཞི། །རཱ་ག་ཨ་སྱ་ལོ་བརྒྱར་ཞབས་བརྟན་ཅིང་། །བདེ་སྐྱིད་རྫོགས་ལྡན་དཔལ་ལ་འགྲན་གྱུར་ཅིག །ཅེས་བརྩོན་འགྲུས་རྒྱ་མཚོས་གསོལ་བ་བཏབ་པའོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

རྒྱལ་རབས་བསྡུས་པ་རྣ་བའི་བདུད་རྩི་ཞེས་ངོ་མཚར་ཅན།


CMR058_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་རབས་བསྡུས་པ་རྣ་བའི་བདུད་རྩི་ཞེས་ངོ་མཚར་ཅན་བཞུགས་པའི་དབུ་ཕྱོགས་ལགས་སོ། །


CMR058_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཡེ། འོ་ན་ད་ལམ་དམ་པའི་ཆོས་ཀྱི་བྱུང་ཁུངས་རྒྱ་བོད་ཀྱི་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལོ་རྒྱུས་ཟུར་ཙམ་ཞུ་ན། དང་པོ་ནམ་མཁའ་སྟོང་པ་ལས་རླུང་གཡོས་པས་རླུང་གི་དཀྱིལ་འཁོར། དེ་སྟེང་ཆར་བབས་པས་ཆུའི་དཀྱིལ་འཁོར། ཆུའི་བྲིས་མ་ལས་གསེར་གྱི་ས་གཞི། དེའི་དྭངས་མ་ལས་རི་བོ་མཆོག་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། དེའི་ཕྱི་རོལ་དུ་གསེར་གྱི་རི་བདུན་གྱིས་བསྐོར་བ། བར་བར་དུ་རོལ་པའི་མཚོ་བདུན། རི་རབ་ཀྱི་ཁོང་སེང་ན་ལྷ་མ་ཡིན་གྱི་གྲོང་ཁྱེར། རི་རབ་ཀྱི་བང་རིམ་ལ་རྒྱལ་ཆེན་རིགས་བཞི་ཡི་ལྷ། རི་རབ་ཀྱི་སྟེང་


CMR058_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སུམ་ཅུ་རྩ་གསུམ་པའི་ལྷ། དེ་ཡན་ཆད་ས་ལ་མ་བརྟེན་པར་འཐབ་བྲལ་དང་དགའ་ལྡན་དང་འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་རྣམས་གནས་ཏེ་དེ་མན་ཆད་འདོད་ཁམས་ཡིན་ནོ། །དེ་ཡན་གཟུགས་ཁམས་གནས་རིས་བཅུ་བདུན་མཆོད་རྟེན་གྱི་བང་རིམ་ལྟར་ཡོད་དོ། །གཟུགས་མེད་ཁམས་ནི་སེམས་ཀྱི་རྒྱུན་ཙམ་ལས་མེད་པས་གནས་ལ་ངོས་བཟུང་མེད་དོ། རི་རབ་ཀྱི་ཕྱོགས་མཚམས་ན་གླིང་བཞི་གླིང་ཕྲན་བརྒྱད་ཡོད་པའི་ནང་ནས། ལྷོ་འཛམ་བུ་གླིང་དབྱིབས་སོག་ཀ་སྟེ། གསེར་གླིང་ཟངས་གླིང་ཟླ་བའི་གླིང་སོགས་ནི་འཛམ་བུ་གླིང་ཉིད་ལ་ཐེའོ། །རྒྱ་དཀར་ནག་


CMR058_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ལི་དང་ཧོར་ལ་སོགས་ས་སུལ་ཡུལ་གྲུ་ཆེན་པོ་བཅུ་དྲུག་ཡོད་ལ། རྒྱ་གར་གྱི་མི་རྣམས་འོད་གསལ་ལྷ་ལས་ཆད། འཛམ་གླིང་གི་མི་རྣམས་ཕལ་ཆེར་ནི་དང་པོ་བརྫུས་སྐྱེས་ཡིན་ལ། སའི་བཅུད་དང་སའི་ཞག་དང་སྨྱུ་གུའི་ཚལ་དང་འབྲས་ས་ལུ་རྣམས་རིམ་པར་ཟོས་པས། ལུས་ཀྱི་འོད་དང་རྫུ་འཕྲུལ་རྣམས་མེད་པར་གྱུར་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་མཐུས། ལྷས་རྒྱ་མཚོ་དཀྲུག་ནས་ཉི་ཟླ་ཡང་བྱུང་ངོ་། །མ་རྨོས་པའི་ལོ་ཏོག་ཟད་པས་རྨོ་ཀོ་དར། དེ་ལ་བརྐུས་པས་མི་མཆོག་ཏུ་གྱུར་པ་གཅིག་གིས་བསྒོས་ནས་བྱིན་པས། །དེད་དཔོན་དུ་ཁུར་བ་མང་པོའི་རྒྱལ་པོ་བྱུང་ངོ་། །དེའི་སྲས་ནས་རྒྱལ་རབས་ལྔ་ལ་སྔོན་གྱི་རྒྱལ་པོ་ལྡེ་ལྔ་ཟེར། དེ་ནས་ང་ལས་ནུ་ཡིས་གླིང་བཞིར་དབང་བ་ལ་སོགས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྔ་རིམ་པར་བྱུང་། དེ་ནས་ཚེ་ལོ་བཞི་ཁྲི་ཡི་དུས་རྒྱལ་པོ་མཆོག་སྦྱིན་དང་སྲས་ནོར་བུའི་སྐུ་རིང་ལ། སངས་རྒྱས་འཁོར་བ་འཇིག་བྱོན། དེ་ནས་རྒྱལ་རབས་སུམ་བརྒྱའི་མཐར་ཚེ་ལོ་སུམ་ཁྲིའི་སྐབས་སུ། རྒྱལ་པོ་ཀུན་ནས་འོད་དང་སྲས་ཙནྡྷའི་སྐུ་རིང་ལ་སངས་རྒྱས་གསེར་ཐུབ་བྱོན། དེ་ནས་རྒྱལ་རབས་སུམ་བརྒྱའི་མཐར་རྒྱལ་པོ་རཏྣ་ཆེན་པོ་དང་སྲས་ཀྱི་


CMR058_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲིའི་སྐུ་རིང་ལ་ཚེ་ལོ་ཉི་ཁྲིའི་དུས་སངས་རྒྱས་འོད་སྲུང་བྱོན། དེ་ནས་རྒྱལ་རབས་ཉིས་བརྒྱའི་མཐར་རྒྱལ་པོ་རྣ་བ་ཅན་ལ། བུ་གཉིས་བྱུང་བའི་ཆེ་བ་ཀོའུ་ཏ་མ་རབ་ཏུ་བྱུང་། ཆུང་བ་བྷ་ར་དྷ་ཛཱ་རྒྱལ་པོ་བྱས་པས་བུ་མེད་པས་ལོག་ལྟ་སྐྱེས་པས། ཕོ་བོ་གསལ་ཤིང་རྩེ་ལ་བསྐྱོན་ནས་བསད་པའི་ཚེ། སློབ་དཔོན་བྲམ་ཟེ་མདོག་ནག་གིས་བདེན་ཚིག་གིས་ཀོའུ་ཏ་མའི་ས་བོན་ཟག་པ་ལ་སྒོ་ང་གཉིས་བྱུང་བ་བུ་རམ་ཤིང་གི་གསེབ་ཏུ་བཞག་པས་ཁྱེའུ་གཉིས་བྱུང་སྟེ་ཆེ་བ་ཉི་མའི་བརྙན་ལ་སྲས་མེད། ཆུང་བ་བུ་རམ་ཤིང་པའི་བརྒྱུད་ལ་རྒྱལ་བརྒྱུད་འཕེལ་ཏེ། ཆེ་རྒྱུད་རྒྱལ་རབས་བརྒྱ་ཐེམ་པ་ན་རྒྱལ་པོ་འཕགས་སྐྱེས་པོ་ལ་སྲས་གསུམ། བུ་མོ་གསུམ་བྱུང་བས་མིང་སྲིང་འབྲེལ་བས་ཤཱཀྱའི་རིགས་བྱུང་། དེའི་ཆེ་བརྒྱུད་རྒྱལ་རབས་ལྔ་བཅུ་ནས་རྒྱལ་པོ་ཤིང་རྟ་བཅུ་པ་བྱུང་། དེའི་བུ་ཤཱཀྱ་ཆེན་པོ་དང་། ཤཱཀྱ་ལི་ཙ་བྱི། ཤཱཀྱ་རི་བྲག་པ་དང་གསུམ། ཤཱཀྱ་ཆེན་པོ་ནས་རྒྱལ་རབས་ཉེར་ལྔ་ན། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད། དེའི་སྲས་ལ་མཐའ་ཡས་སྐྱོང་། དེའི་སྲས་གཞུ་བསྟན། དེའི་སྲས་སེང་གེ་འགྲམ། དེ་ལ་སྲས་བཞི། ཟས་གཙང་མ། ཟས་དཀར། བྲེ་བོ་ཟས། ཚད་མེད་ཟས་


CMR058_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཞི། ཟས་གཙང་མའི་སྲས་བཅོམ་ལྡན་འདས་གཅུང་དགའ་བོ་གཉིས། ཟས་དཀར་ལ་སྲས་རྒྱལ་བ་དང་། བཟང་ལྡན་གཉིས། བྲེ་བོ་ཟས་ལ་མིང་ཅན་དང་མ་འགགས་པ་གཉིས། ཚད་མེད་ཟས་སམ་བདུད་རྩི་ཟས་ལ་ཀུན་དགའ་བོ་དང་ལྷས་སྦྱིན་གཉིས་སོ། །རྒྱལ་བུ་དོན་འགྲུབ་ཀྱི་སྲས་སྒྲ་གཅན་འཛིན་ཏེ། མང་པོའི་བསྐུལ་བ་ནས། སྒྲ་གཅན་འཛིན་བར་ལ་རྒྱལ་རབས་ས་ཡ་གཅིག་དང་འབུམ་ཁྲི་ལྔ་བརྒྱ་བྱུང་ངོ་། །འདི་ནས་ཤཱཀྱའི་ཁྱེའུ་ལྔ་བརྒྱ་རྒྱལ་པོ་བཟང་ལྡན་དང་བཅས་པ་རབ་ཏུ་བྱུང་ནས་ཤཱཀྱ་ཆེན་པོའི་གདུང་རྒྱུད་ཆད་དོ། །ཤཱཀྱ་རི་བྲག་པའི་བརྒྱུད་སངས་རྒྱས་མྱ་ངན་ལས་འདས་རྗེས་རིང་ཞིག་ནས་གྲོང་ཁྱེར་ཤིང་ཐག་ཅན་དུ་རྒྱལ་པོ་ཤིང་རྟ་བཅུ་པའི་བུ་ཆོས་རྒྱལ་མྱ་ངན་མེད་བྱོན་ཏེ། དང་པོ་མུ་སྟེགས་པ་དང་འཐབ་ནས་ནུབ་ཕྱོགས་རྔ་སྒྲ་ཅན་གྱི་མུ་སྟེགས་པ་ཐམས་ཅད་བསད། ཕྱིས་སངས་རྒྱས་ཀྱི་རིང་བསྲེལ་གྱི་སྙིང་པོ་ཅན་གྱིས་མཆོད་རྟེན་བྱེ་བ་བཞེངས་སོ། །བཀའ་བསྡུ་ཐ་མའི་སྦྱིན་བདག་ཡང་མཛད་དོ། །དེ་ནས་འཇམ་དཔལ་རྩ་རྒྱུད་ལས་ལུང་བསྟན་པ་ལྟར་མ་ག་དྷའི་གྲུབ་ཐོབ་གཅིག་གིས་ལྷ་མོ་འོད་ཟེར་ཅན་བསྒྲུབས་པས་ཞལ་གཟིགས་ནས་དངོས་གྲུབ་ཅི་འདོད་གསུངས་


CMR058_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

པས། རྒྱལ་པོར་འདོད་ཞུས་པས། ཤར་ཕྱོགས་སུ་སོང་ཞིག་གསུངས་ནས་བྱོན་པས་གྲོང་ཁྱེར་དེའི་རྒྱལ་པོ་མང་དུ་ཤི་ནས་རྒྱལ་པོ་རེས་མོས་བྱེད་ཅིང་ཞག་རེ་ནས་འཆི་བ་ལ། ཁོང་མི་གཅིག་གི་ཚབ་ལ་རྒྱལ་པོ་བྱས་ལ། ནམ་ཕྱེད་ཀླུ་བདུད་གཅིག་རྒྱལ་པོའི་བཙུན་མོར་སྤྲུལ་ནས་བྱུང་བ་ཁོང་གིས་བཏུལ་བས། ཁོང་རྒྱལ་པོར་བསྐོས་པས་རྒྱལ་པོ་མགོ་ལ་ཞེས་བྱའོ། །དེའི་སྲས་ར་མ་ཕ་ལ། དེའི་སྲས་དྷེ་ཝ་བ་ལ། དེའི་སྲས་དྷརྨ་ཕ་ལའི་རིང་ལ། མུ་སྟེགས་ཀྱི་དམག་བྱུང་ནས་གཙུག་ལག་ཁང་མང་པོ་བསྲེགས། པཎྜི་ཏ་རྣམས་བཀྲོང་ངོ་། །དེར་རྒྱལ་ནག་དང་སྲིད་བྱས་ནས་སྐྱེས་བསྐུར་རེས་བྱས་པས་བསྟན་པ་སོར་ཆུད། དེ་དུས་རྒྱ་ནག་རྒྱལ་པོ་དྷེ་ཝ་ར་ཙའི་བཀའ་མ་ཆོག་ནས། ཇོ་བོའི་སྐུ་དང་གླེགས་བམ་དགེ་སློང་བཞི་སྡེ་རྣམས་བསྐུར་རོ། །ཡང་རྒྱ་གར་རྒྱལ་པོ་འདིའི་རིང་ལ་བལ་པོའི་རྒྱལ་པོ་དང་སྐྱེས་བསྐུར་རེས་བྱས། བལ་པོའི་རྒྱལ་པོའི་དྷརྨ་ཨ་ཤུའི་རིན་པོ་ཆེའི་གླང་པོའི་རྒྱབ་ཁལ་གཅིག་།བརྫང་བའི་ལེན་དུ་ཇོ་བོ་མི་བསྐྱོད་རྡོ་རྗེ་བསྐུར་རོ། །རྒྱལ་བརྒྱུད་འདི་མང་བསྐུར་གྱི་བརྒྱུད་མིན་ནའང་། ཆོས་རྒྱལ་ཕ་ལ་བདུན་རྒྱུད་ཟེར་བ་བཀའ་དྲིན་ཅན་བྱུང་ཞིང་གཞན་ཡང་ཆོས་


CMR058_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མང་དུ་བྱུང་བ་ནི། རྒྱལ་རིགས་ཁོ་ན་མིན་པར་འཇམ་དཔལ་རྩ་རྒྱུད་ནས་ལུང་བསྟན་ཏོ། །དེ་ཡན་རྒྱ་གར་གྱི་རྒྱལ་པོ་བྱུང་ཚུལ་ཉུང་ཙམ་ཡིན་ལ། ཨོ་རྒྱན་ཡུལ་དུ་རྒྱལ་པོ་ལ་ཨིཎྜ་བྷོ་དྷི་ཆེན་པོ་ཕོ་བྲང་གི་རྩེར་བཞུགས་དུས། ནམ་མཁའ་ལ་དགྲ་བཅོམ་པ་མང་པོ་འཕུར་ཏེ་བྱོན་པ་གཟིགས་ནས་ཅི་ཡིན་དྲིས་པས། བློན་པོ་རྣམས་ན་རེ། འདི་རྒྱ་གར་ན་ཟས་གཙང་མའི་སྲས་ད་ལྟ་སངས་རྒྱས་ནས་ཡོད་ཟེར་བའི་ཉན་ཐོས་པ་ཡིན་ཟེར། རྒྱལ་པོ་དད་ནས་དེ་གདན་འདྲེན་ལ་འགྲོ་གསུངས་པས། འགྲོ་མི་དགོས་ཁོ་ལ་མངོན་ཤེས་ཡོད་ཟེར་བས་རྒྱལ་པོའི་མ་ལུས་སེམས་ཅན་སོགས་སྤྱན་འདྲེན་བྱས་པས་སྟོན་པ་འཁོར་བཅས་བྱོན། དྲང་དོན་གྱི་ཆོས་གསུངས་པས་རྒྱལ་པོ་ཐུགས་མ་ཚིམས་ནས། རྒྱལ་པོ་ལ་གསང་བ་འདུས་པའི་རྒྱུད་གསུངས་པས་རྒྱལ་པོ་འཁོར་བཅས་མཁའ་སྤྱོད་དུ་གཤེགས་སྐད། རེ་ཞིག་ཡུལ་སྟོང་ཡང་ཡུལ་ཆགས་ནས་ཨིཎྜ་བྷོ་དྷིའི་མིང་ཅན་ཀུན་འདུས་རྒྱལ་པོ་དགུ་བྱུང་བའི་འབྲིང་པོའི་དུས་ཨོ་རྒྱན་འཁྲུངས། འདི་ཡི་རྒྱུད་ལ་ལྕམ་ལེགས་སྦྱིན་ཀ་ར་ལ་བ་པ་ཆེ་བ་སོགས་འཁྲུངས་སོ། །འདི་རྒྱལ་པོ་ཛདང་གཅིག་པར་འདོད་མཁན་ཡང་འདུག་གོ །ཨོ་རྒྱན་ཡུལ་ལ་ཡུལ་གྲུ་ཆེན་པོ་


CMR058_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་ཡོད་པའི་དབུས་ནི་མཁའ་འགྲོའི་གླིང་ཡིན། གཞན་བརྒྱད་པོ་ལ་ཡུལ་གྲུ་ཅི་རིགས་པ་ཡོད་དོ། ༈ །སངས་རྒྱས་འདས་ནས་ལོ་ཉེར་བརྒྱད་ལ་ཟ་ཧོར་གྱི་ཡུལ་དུ་རྒྱལ་པོ་རབ་གསལ་ཟླ་བའམ། རྒྱལ་པོ་ཛའམ་ཨིནྡྲ་བྷོ་དྷི་ཟེར་བ་གཅིག་བྱུང་སྟེ། དེའི་ཕོ་བྲང་སྟེང་དུ་རྒྱུད་ཀྱི་གླེགས་བམ་ཆར་བབས། རྡོ་རྗེ་སེམས་དཔའ་ཞལ་མཐོང་། རྒྱལ་པོ་འཁོར་བཅས་མཁའ་སྤྱོད་དུ་གཤེགས། དེའི་སྲས་མོ་གོ་མ་དེ་ཝི་དང་། སྲས་ཤ་ཀྲ་པུ་ཏི་ཡང་གྲུབ་པ་ཐོབ་བོ། །དེ་ནས་ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན་ལ་སྲས་མོ་ལྷ་ལྕམ་མནྡཱ་ར་བ་འཁྲུངས། སློབ་དཔོན་པདྨས་ཟ་ཧོར་ཡུལ་ཆོས་ལ་བསྒྱུར། འདི་ཡི་རྒྱལ་བརྒྱུད་ལ་མཁན་པོ་བྷོ་དྷི་སཏྭ་འཁྲུངས། བྷོ་དྷི་སཏྭ་ཆུང་བ་དང་། ཇོ་བོ་རྗེ་ལ་སོགས་འཁྲུངས་ཤིང་འདི་ཡི་རྒྱུད་པ་བོད་ལ་བྱོན། འཁྱར་བ་སྟེ་ས་མཆོངས་རྒྱལ་ས་ཡིན་པར་འདོད་དོ། །ཡང་ཤཱཀྱའི་རྒྱལ་རྒྱུད་གཅིག་ཤམྦྷ་ལར་ཕྱིན་པ་ཤམྦྷའི་རྒྱལ་པོར་གྱུར་ཅིང་། དེའི་རྒྱུད་ལ་ཆོས་རྒྱལ་སུམ་ཅུ་སོ་གཉིས་རིགས་ལྡན་ཉི་ཤུ་རྩ་ལྔ་བྱོན། དེ་ཐམས་ཅད་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཤ་སྟག་སྟེ། ཤམྦྷ་ལའི་གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་ཐམས་ཅད་དུས་འཁོར་གྱི་རྒྱུད་ཀྱིས་


CMR058_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་གྲོལ་ལ་བཀོད་དོ། །དེ་ཡི་བར་སྐབས་འགར་ཀླ་ཀློ་ཐར་བྱེད་ཀྱི་དམག་བྱུང་ནས་ཆོས་ལོག་དར་བ་ལ་ཡང་དེ་དག་ཚར་བཅད་ནས་བསྟན་པ་ལ་བཙུད་དེ། ད་ལྟ་ཡང་ཆོས་དར་ཞིང་རྒྱལ་པོ་བཞུགས་ལ། བོད་ཡུལ་ཤམྦྷ་ལ་ཞེས་པ་གཙང་གཞིས་ཁ་རིན་ཆེན་སྤུངས་པ་ན་ཡང་རིག་ལྡན་གྱི་སྤྲུལ་པ་རིན་སྤུངས་པའི་ཞལ་ངོ་ན་རིམ་མང་དུ་བྱུང་ཞིང་རིག་ལྡན་ཡོལ་བ་སོགས་བཞེངས་པར་འདོད་དོ། །གཞན་རྣམས་བསྟོད་པ་ཙམ་སྟེ་རིན་སྤུང་དོན་ཡོད་རྡོ་རྗེ་ནི་གཤེད་དམར་གྱི་སྤྲུལ་པར་ཨོ་རྒྱན་གྱིས་ལུང་བསྟན་ཏོ། །ཡང་བལ་ཡུལ་ཁོ་ཁོན་ཀླུའི་ཕོ་བྲང་ན། །སངས་རྒྱས་འོད་སྲུང་གི་རིང་ནས་རྒྱལ་རྒྱུད་མ་ཆད་པ། རྒྱལ་པོ་སྡེ་བ་ལྷའི་སྲས་མོ་ལ་བལ་བཟའ་ཁྲི་བཙུན་འཁྲུངས། གཞན་ཡང་བལ་པོའི་རྒྱལ་པོ་བྷ་སུ་དྷ་ར་ཞེས་ཨོ་རྒྱན་གྱི་སློབ་མ་གྲུབ་ཐོབ་གཅིག་བྱོན། བལ་པོའི་རྒྱལ་པོ་སྒྲོལ་མས་བྱིན་གྱིས་རླབས་པ་དེས། མི་ལ་ལ་ཡང་ཀ་ཤི་ཀའི་རས་གོས་ཕུལ་ཞིང་། ད་ལྟའི་བར་དུ་རྒྱལ་པོ་བར་མ་ཆད་དུ་ཡོད་དོ། །རྒྱ་ནག་གི་རྒྱལ་པོ་ལ་སྔ་བ་ཙིའུ་ནི། ཟས་གཙང་མའི་མཉེས་པོ་གཞུ་བསྟན་དང་དུས་མཉམ་སྟེ། དེ་ནས་རྒྱལ་རབས་བཞི་ནས་ཙིའུ་དབང་རྒྱལ་གྱི་རིང་ལ། ནུབ་ངོས་ནས་འོད་དང་སྒྲ་


CMR058_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལྟས་ངོ་མཚར་ཅན་བྱུང་། རྩིས་བྱས་པས་སྟོན་པ་འཁྲུངས་པར་ཤེས། ཙིའུ་རྒྱལ་རབས་སོ་དྲུག་ནི་རེ་རེའི་ལོ་བརྒྱ་རེ་རྒྱལ་ས་བཟུང་། དེ་རྗེས་ཚན་ཧྲི་ཧང་གི་རྒྱ་པོ་ཕ་བུ་གཉིས། དེ་རྗེས་ཧན་པའོ་རྡུང་གིས་རྒྱལ་རབས་བཅུ་གཉིས། དེ་ནས་བློན་པོ་ཨོཾ་མཾ་གྱིས་རྒྱལ་ས་འཕྲོག་ནས་ལོ་བཅོ་བརྒྱད་བཟུང་། དེ་ནས་ཧན་ཀའོ་ཛུང་རང་གི་གདུང་རྒྱུད་ལྡེའུ་བློང་གིས་ཨོཾ་མེ་བསད་ནས་རྒྱལ་ས་བཟུང་། དེ་ནས་རྒྱལ་རབས་གསུམ་བཟུང་། དེའི་བློན་པོ་ཆ་བོ་ཚས་རྒྱལ་ས་འཕྲོག་ནས་རྒྱལ་རབས་ལྔར་བཟུང་། དེའི་བློན་པོ་ཨུ་མ་ཏིས་རྒྱལ་ས་འཕྲོག །དེའི་རྗེས་ལ་ཧེའུ་ཅིང་གི་རྒྱལ་ས་བཟུང་། དེའི་བུ་དུང་ཅིང་རྒྱལ་པོ། དེ་རྗེས་དེའི་ནུབ་བོ་སེ་ཆེན་ནམ་སྤྱི་གཏིམ་རྒྱལ་པོའི་རིང་ལ། ཇོ་བོ་ཤཱཀྱ་དང་ཙན་ན་དང་ཇོ་བོ་གཉིས་རྒྱ་ནག་ཏུ་བྱོན་ནས་ཆོས་དར་རོ། །དེ་རྗེས་དེའི་མི་དཔོན་ཆིང་སང་གིས་རྒྱལ་ས་འཕྲོག །དེའི་རྒྱུད་ཆད་ནས་སུ་གཡང་ཏི་ཟེར་བའི་རྒྱལ་པོ་ཕ་བུ་བྱུང་། དེ་ནས་ཐང་གི་རྒྱལ་པོ་བྱུང་བ་བོད་ཀྱི་གནམ་རི་སྲོང་བཙན་དང་དུས་མཉམ། དེའི་བུ་ཐང་ཀའོ་ཟང་གི་རྒྱལ་པོ། དེའི་བུ་ཐེའི་ཛུང་གི་རྒྱལ་པོའི་སྲས་མོ་རྒྱ་བཟའ་དབོན་ཆུང་འཁྲུངས། བུ་བདུན་གྱི་རིམ་པར་


CMR058_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ས་བཟུང་ནས་བུ་ཆེ་བའི་རྒྱུད་ཛུང་ཛུང་རྒྱལ་པོའི་སྲས་མོ་དེ་ཁྲི་སྲོང་ལྡེའུ་བཙན་གྱི་ཡུམ་ཡིན་ནོ་གྱིང་ཤིང་ཀོང་ཇོའོ། །དེ་ནས་སྲས་ཐང་ཟན་ཟུང་གི་རྒྱལ་པོ། དེའི་བློན་པོ་ཧང་ཆའོས་རྒྱལ་ས་འཕྲོག དེ་ནས་ལང་ཞེས་བྱ་བའི་རྒྱལ་པོ་རིམ་པ་ལྔ་བྱུང་། དེ་ནས་རྒྱལ་པོ་ཙིའུ་ཐེའི་ཇུ། འདི་ནས་རྒྱལ་ས་མེ་ཉག་ལ་ཤོར། རྒྱལ་རྒྱུད་སྨན་རྩེའི་རྒྱལ་ཕྲན་རིམ་པ་བརྒྱད་བྱུང་ངོ་། །ཡང་མེ་ཉག་གི་ཡུལ་རྒྱའི་ཞབས་སུ་ཡོད་དུས། མེ་ཉག་ཡུལ་གྱི་ཀླུ་བདུད་སི་ཧུའི་བརྫུས་བུ་གཅིག་གིས་རྒྱའི་རྒྱལ་ས་འཕྲོག་པས། སི་ཧུ་རྒྱལ་པོ་འདི་རྒྱལ་རབས་དྲུག་ལ་མེ་ཉག་ལྕེ།རྒྱལ་རྒོད་མ་ཡིན་ལ། ལོ་ཉིས་བརྒྱ་དྲུག་ཅུར་མེ་ཉག་གིས་རྒྱལ་པོ་བཟུང་ངོ་། །འདི་ནས་རྒྱལ་ས་ཧོར་ལ་ཤོར། ཧོར་གྱི་རྒྱལ་པོ་ལ་སྔ་བ་གནམ་གྱི་བུ་འབོར་ཐ་ཆེ། དེ་ནས་རྒྱལ་རབས་ཉེར་གཅིག་བར་ལ། ཧོར་ཁོ་རང་གི་རྒྱལ་པོ་ལེན་པ་རྒྱ་ཡི་རྒྱལ་པོ་མི་དབང་པ་ལ། དེ་ནས་ཚེ་རིང་གནམ་གྱི་ཤེ་མོང་ལ་བརྟེན་ནས་སྟོབས་ཀྱི་དབང་ཐོབ་པའི་རྒྱལ་པོ། ཧོར་ཇིང་གིར་གན་གྱི་རྒྱལ་པོ་བྱོན་ནས་རྒྱ་དང་མེ་ཉག་ཐམས་ཅད་འོག་ཏུ་བཅུག་ལོ་སོ་གསུམ་རྒྱལ་ས་བཟུང་། དེའི་ནུ་བོ་ཨུ་རུ་ཀའི་རྒྱལ་པོ་དང་། ཇིང་གིར་ལ་བུ་བཞི་སྟེ། མདོ་ཆིའི་རྒྱལ་


CMR058_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

པོ། འ་ཆ་ཏའི་རྒྱལ་པོ། གོའུ་ཏའི་རྒྱལ་པོ། ཐོ་ལོན་ནོ་ཡོན་རྒྱལ་པོ། མདོ་ཆའི་རྒྱལ་པོ་ལ་སྲས་བརྒྱད། ཆ་གང་ཏིའི་རྒྱལ་པོ་ལ་སྲས་དགུ། ཨོཾ་གུ་ཏད་རྒྱལ་པོ་ལ་སྲས་གཉིས་ཀྱི་ཆེ་བ་གོ་ཡུག་རྒྱལ་པོ། དེ་ལ་སྲས་ལྔ་ལས་ཆེ་བ་མོན་ཁ་གེན་རྒྱལ་པོ། ཧུ་ལ་ཧུ་ནི་སྟོད་ཧོར་རྒྱལ་པོ་བྱས། ཆུང་བུ་གཉིས་རྒྱལ་པོ་མ་མཛད། འབྲིང་བ་གུ་བེ་ལྷ་སེ་ཆེན་གན་གྱི་རྒྱལ་པོ། འདི་སེ་ཆེན་རྒྱལ་པོ་སྟེ་ལོ་སོ་ལྔ་རྒྱལ་ས་བཟུང་སྲས་བཞིའི་འབྲིང་པོ་ཇིམ་གིན་རྒྱལ་པོ། དེའི་སྲས་ཀ་མ་ལ་རྒྱལ་པོ། དྷརྨུ་ཕ་ལ། ཨོཾ་ཐ་ཐུལ་རྒྱལ་པོ། །དྷརྨ་ཕ་ལའི་རྒྱལ་པོ་ལ་སྲས་གོ་ལུག་རྒྱལ་པོ་དང་ཨ་སུ་ཏ་བུ་ཡན་རྒྱལ་པོའོ། །ཨ་སུ་ཏའི་བུ་གེ་གེན་རྒྱལ་པོ་དང་། སིདྡྷི་ཕ་ལའི་རྒྱལ་པོ། གེ་གེན་བུ་ཀ་མ་ལ་རྒྱལ་པོ། དེའི་བུ་ཙི་དབང་རྒྱལ་པོ། དེའི་བུ་ར་ཁྱི་ཕག་རྒྱལ་པོ། ཡང་གོ་ལུག་རྒྱལ་པོའི་བུ་གསུམ། ཀུ་ཤ་ལ་རྒྱལ་པོ། གོ་ལུགས་རྒྱལ་པོ། ཐོ་གན་ཐི་མུར་ལྗོ་དུ་ཏ་རྒྱལ་པོ། ཀུ་ཤའི་བུ་རཏྣ་ཤི་རི་རྒྱལ་པོ། དེའི་ནུ་བོ་ཐོག་ན་ཐི་མུར་གྱི་རྒྱལ་པོའི་ལོ་ཞེ་བརྒྱད་བཟུང་། འདི་ནས་རྒྱལ་ས་རྒྱའི་ཧའི་མིང་རྒྱལ་པོ་ལ་ཤོར་རོ། །བོད་དུ་མི་དང་རྒྱལ་པོ་བྱུང་ཚུལ་ནི། སྤྲེའུ་དང་བྲག་སྲིན་


CMR058_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལ་མིར་འཕེལ་ནས་རིང་ཞིག་མ་ལོན་པ་ན། ཤཱཀྱ་རི་བྲག་པའི་རྒྱུད་རྒྱལ་པོ་དམག་བརྒྱ་པའི་བུ་ཆུང་བ་ཡིན་ཟེར་བ་དང་། གོ་ས་ལིའི་རྒྱལ་པོ་གསལ་རྒྱལ་གྱི་རྒྱུད་ལྔ་པའམ། རྒྱལ་པོ་གཟུགས་ཅན་སྙིང་པོའི་རྒྱུད་ལྔ་ཚིག་གམ། བོང་ས་ལའི་རྒྱལ་པོ་འཆར་བྱེད་ཀྱི་བུ་ཡིན་ཟེར་བ་ཡང་ཤཱཀྱ་ལི་ཙ་བྱིའི་རིགས་ཡིན་པར་འཇམ་དཔལ་རྩ་རྒྱུད་ནས་ལུང་བསྟན་ཏོ། །གང་ལྟར་རྒྱལ་རྒྱུད་གཅིག་བོད་དུ་བཅུག་པ་རྗེ་གཉའ་ཁྲི་བཙན་པོ། དེས་ཕོ་བྲང་ཡུམ་བུ་གླུ་མཁར་བརྩེགས། དེ་ལྟར་རྒྱལ་རབས་བདུན་ནི་སྲས་རྟ་ཁ་ཐུབ་ཙམ་ནས་ཡབ་ནམ་མཁའ་ལ་ཡལ་ཏེ། གནམ་ལྷ་ཁྲི་བདུན་ཟེར། དེ་ནས་གྲི་གུམ་བཙད་པོ་བློན་པོ་ལོ་ངམ་རྟ་རྫིས་བསད། སྲས་གསུམ་བྲོས་སོ། །དེར་བཙུན་མོ་ཡར་ལྷ་ཤམ་པོའི་བརྫུས་བུ་བློན་རུས་ལ་སྐྱེས་བྱུང་༈ ནས་ལོ་ངམ་བསད། རྒྱལ་པོའི་སྲས་གསུམ་སྤྱན་དྲངས་པས། སྲས་ཤ་ཁྲི་དང་ཉ་ཁྲི་གཉིས་ཀོང་པོ་དང་ཉང་པོའི་རྗེ་མཛད་ནས་ད་ལྟ་ཡང་རྒྱུད་ཡོད། བྱ་ཁྲི་གདན་དྲངས་ནས་རྒྱལ་པོ་སྤུ་དེ་གུང་རྒྱལ་དུ་གྲགས། འདི་དུས་རྟག་གཟིག་ཡུལ་དུ་གཤིན་རབ་བྱོན་ཞང་ཞུང་ནས་རྒྱུ་བོན་དར། ཟངས་ལྕགས་དངུལ་བཞུ་བ་སོགས་སོ་ནམ་དར། རྒྱལ་པོ་འདི་གཉིས་ལ་སྟོད་ཀྱི་


CMR058_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་གཉིས་ཟེར། དེ་ནས་ལེགས་པ་གྲས་པའི་རྒྱལ་རབས་དྲུག་ཟེར། ལྡེ་ལ་གྲས་པའི་རྒྱལ་རབས་བརྒྱད་ནི་ས་ལ་ལྡེ་བརྒྱད། དེ་ནས་བཙན་ལ་གྲས་པའི་རྒྱལ་རབས་གསུམ་ནི་འོག་ཏུ་བཙན་གསུམ། སངས་རྒྱས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་ཐོ་ཐོ་རི་སྙན་ཤལ་ཀུན་ཏུ་བཟང་པོའི་སྤྲུལ་པ་བྱོན། ཕོ་བྲང་གི་རྩེར་ཟ་མ་ཏོག་དང་གསེར་གྱི་མཆོད་རྟེན། པང་ཀོང་ཕྱག་རྒྱ་པ་ཙིན་མ་ཎི་སཱཙྪའི་རྐོས་ཕོར་ནམ་མཁའ་ནས་བབས། གདུང་རབས་ལྔ་ནས་འདི་ཡི་དོན་ཤེས་པ་འབྱུང་ཞེས་ནམ་མཁའ་ནས་ལུང་བསྟན། གཉེན་པོ་གསང་བར་བཏགས་ནས་མཆོད་པས་རྒྱལ་པོས་ལོ་བརྒྱ་དང་ཉི་ཤུ་ཐུབ། དམ་པ་ཆོས་ཀྱི་དབུ་བརྙེས། དེའི་སྲས་ཁྲི་གཉན་བཟུང་། དེའི་སྲས་འབྲོང་གཉན་ལྡེའུས་ཀླུ་མོ་ཁབས་སུ་བཞེས་པས་ཀླུ་ནད་ཀྱིས་འདས། དེའི་སྲས་དམུས་ལོང་སྤྱན་ཕྱེས་པས་སྟག་རི་གཉན་གཟིགས། དེའི་སྲས་གནམ་རི་སྲོང་བཙན་གྱིས་རིང་ལ་རྒྱ་ནག་ནས་སྨན་དང་རྩིས་བྱུང་། རྒྱ་དང་གྲུ་གུའི་ཡུལ་བཏུལ། བྱང་ནས་ཚྭ་ཁ་རྙེད། གཉའ་ཁྲི་བཙན་པོ་ནས་ཐོ་ཐོ་རི་བར་ལ་གདུང་རབས་ཉེར་བརྒྱད་ལ་ལོ་ལྔ་བརྒྱ་སོང་ཐོ་ཐོ་རི་ལོ་བརྒྱ་དང་ཉི་ཤུ་ཐོབ་ཅིང་གནམ་རི་སྲོང་བཙན་


CMR058_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ཆད་ལ་གདུང་རབས་བཞི་ལོ་བརྒྱ་དང་བཅུ་གཅིག་སོང་ངོ་། །དེ་ནས་ཐུགས་རྗེ་ཆེན་པོའི་སྤྲུལ་པ་སྲོང་བཙན་སྒམ་པོས་དམར་པོ་རི་ལ་ཕོ་བྲང་བཏབ། དགེ་བ་བཅུའི་ཁྲིམས་བསྡམས་བློན་པོ་ཐུན་མིས་རྒྱ་གར་གྱི་བྲམ་ཟེ་ལི་བྱིན་ལ་ཡི་གེ་བསླབས་ཏེ་བོད་ཡིག་བཅོས། ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉེར་གཅིག་བསྒྱུར། སྤྲུལ་པའི་དགེ་སློང་ཨ་ཀ་ར་མ་ཏི་ཤི་ལས་རྒྱ་གར་ནས་ཙནྡན་སྦྲུལ་གྱི་སྙིང་པོ་ལ་བྱོན་པའི་བཅུ་གཅིག་ཞལ་དང་། བལ་ཡུལ་ནས་ཧ་རི་ཙནྡན་ལ་བྱོན་པའི་ཁརྨ་པཱ་ཎི་གདན་དྲངས། སློབ་དཔོན་མགར་གྱིས་བལ་བཟའ་གདན་དྲངས་བའི་རྫོ་ངས་ལ། ཇོ་བོ་མི་བསྐྱོད་རྡོ་རྗེ། བྱམས་པ་ཆོས་ཀྱི་འཁོར་ལོ། ཙནྡན་སྒྲོལ་མ་རང་བྱོན། ནོར་བུ་སྟག་ཤ་དྷེ་ཝ། བཻཌཱུརྱའི་ལྷུང་བཟེད། རིན་པོ་ཆེའི་ཁལ་དུ་མ་བྱུང་བལ་བཟས་རྒྱལ་པོའི་སྐུ་མཁར་རྩགས་སུ་གྱང་བསྐོར་སུམ་ཅུ། ལོགས་རེ་ལ་རྒྱང་གྲགས་རེ་ཡོད་པ། མཁར་དགུ་བརྒྱས་རྒྱལ་པོའི་མཁར་ལ་བསྐོར་བ་བརྩིགས་པ། ཡང་མགར་གྱིས་རྒྱ་བཟའ་བསུ་བ་ལ་རྒྱ་གར་དང་གེ་སར་ཧོར་སྟག་གཟིག་སར་རྒྱལ་པོ་རྣམས་ཀྱིས་གཉེ་བོ་དང་རིགས་པ་འགྲན་པས་མགར་བློན་པོ་རྒྱལ་ནས་རྒྱ་བཟའ་ཐོབ། རྒྱ་བཟའི་རྫོངས་


CMR058_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཇོ་བོ་ཤཱཀྱ་མུ་ནེ། རྩིས་སྨན་བཟོ་རིག་ཇ་དར་རིན་པོ་ཆེ་དུ་མ་བྱུང་། ཕྱོགས་བཞི་ནས་སྤྲུལ་པ་བཞི་མཛད་ནས་བྱོན། ཞོ་དང་དར་བཤིགས་ཆུ་ར་རྩ་ཐག་རྫ་ཆུ་དོག་ལ་ཉུང་རྣམས་རྒྱ་བཟས་བྱུང་ངོ་། །དེ་ཕན་མ་དར་རོ། །དེ་ནས་བཅུ་གཅིག་ཞལ་རང་བྱུང་དུ་བྱོན། ལྷ་ས་ཡེར་པ་ཁྲ་འབྲུག་ཁམས་གླིང་ཐང་སྒྲོན་མ། ཀ་ཆུ་ཀམ་ཆུ་གླིང་ཆུ་ལ་སོགས་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས། མཐའ་འདུལ་ཡང་འདུལ་རྣམས་རྒྱལ་པོའི་སྤྲུལ་པས་བཞེངས་སོ། །བཙུན་མོ་དྲུག་གི་ནང་ནས་མོང་བཟའ་ཁྲི་ལྕམ་ལ་སྲས་གུང་རི་གུང་བཙན་འཁྲུངས། རྒྱལ་སྲིད་ལོ་ལྔར་བཟུང་། དགུང་ལོ་བཅོ་བརྒྱད་ལ་ཡབ་ཀྱི་སྲས་སྔོན་ལ་འདས་སོ། །སྲོང་བཙན་གྱི་སྤྲུལ་པའི་དམག་གིས་ལི་ཡུལ་ཧོར་བཏུལ་འཛམ་གླིང་ཕྱེད་ཁ་ལོ་བསྒྱུར་རོ། །དེ་ནས་དགུང་ལོ་བརྒྱད་ཅུ་གྱ་གཉིས་སྦྱིན་དྲུག་ཟླ་བའི་ཚེས་བཅུ་ལ་ལུང་བསྟན་ཞལ་གདམས་གནང་ནས་བཅུ་གཅིག་ཞལ་ལ་ཐིམ་མོ། །དེ་ནས་དབོན་མང་སྲོང་མང་བཙན་གྱི་རིང་ལ་རྒྱའི་རྒྱལ་པོའི་དམག་བྱུང་ནས་ཇོ་བོ་གཏེར་དུ་སྦས་ཏེ་སྒོ་ལ་འཇམ་དབྱངས་བྲིས། མི་བསྐྱོད་རྡོ་རྗེ་སྔ་དྲོ་གཅིག་ཁྱེར། པོ་ཊ་ལ་བསྲེགས་སོ། །དེ་ནས་མགར་གྱིས་དམག་བྱས་ནས་


CMR058_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱའི་ཡུལ་མཁར་བཅོམ། མགར་ཡང་དམག་ཐོག་དེར་འདས་སོ། །མང་སྲོང་ལོ་བཅོ་ལྔར་ཁྲི་མནན་ནས་རྩ་བདུན་ལ་འདས་སོ། །དེའི་སྲས་ཡབ་འདས་རྒྱབ་འཁྲུངས་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོའི་རིང་ལ། བློན་རྩལ་པོ་ཆེ་མི་བདུན་བྱུང་སྟེ། །གླང་པོ་ཆེ་དང་གཡག་གྲུས་ཆགས་པ་དང་། ཤ་བའི་བླུད་བུ་བྱེ་མས་བཀང་བ་ཀླད་ལ་བསྐོར་བ་དང་། །འབྲོང་ཐུར་ལ་རྒྱུག་པ་དང་རྟ་གཡང་ལ་འཕྱོང་བ་གྱེན་དུ་འཐེན་ཐུབ་པ་དང་མིག་རྒྱང་གསུམ་ལ་མདས་རྩིབ་པ་དང་། མདས་རྟ་ཁམ་གྱིས་བྱ་ཁྲ་བཅད་པ་སོགས་བྱུང་། །མཐའ་བཞིའི་རྒྱལ་པོ་དབང་དུ་འདུས་ཤིང་སྲོང་བཙན་གྱི་དུས་མཆོད་བཙུགས། བློན་པོ་མགར་གྱི་བུས་དམག་དཔོན་བྱས་ནས་རྒྱའི་བྱང་ངོས་ཟི་ལིང་ཁའི་བར་བཅོམ་མོ། །ལོ་ཉེར་དགུ་ལ་རྒྱལ་སྲིད་བཟུང་སྟེ་འདས་སོ། །དེའི་སྲས་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ནི། སྲས་གཅིག་ཡོད་པ་ལ་རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་བསུས་པ་ལ་སྲས་འདས་ནས་ཡབ་ཀྱིས་བདག་པས་ཁྲི་སྲོང་ལྡེའུ་བཙན་འཁྲུངས། མཆིམས་ཕུ་ནམ་ར་སོགས་ལྷ་ཁང་ལྔ་བཞེངས། མདོ་སྡེ་ལྔ་བསྒྱུར། རྒྱ་བཟའ་འདིས་ཇོ་བོ་མུན་ཁང་ནས་བཏོན་ཏེ་མཆོད་པ་བཙུགས། རྒྱའི་བྱང་ངོས་དང་འགའི་


CMR058_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཆ་ལོ་སུམ་ཅུ་ལ་བོད་ཀྱིས་བདག །དགུང་ལོ་རེ་གསུམ་ལ་འདས་སོ། །ཁྲི་སྲོང་ལོ་ལྔ་ནས་ཡབ་འདས། བརྒྱད་ནས་རྒྱལ་སྲིད་བཟུང་། སྐུ་ན་ཆུང་ཚེ་མ་ཞང་འཁྲོན་པ་སྐྱེས་དང་ཀླུ་གོང་སོགས་ཀྱིས་ཇོ་བོ་རྒྱ་ཡུལ་སྐྱེལ་བསམ་པ་མི་སྟོང་གིས་ཀྱང་མ་ཁྱག་ནས་བྱེ་ཐམ་བྱས། དེ་བྱེད་མཁན་ལ་སྨྱོ་བ་དང་རྒྱབ་གས་ནས་ཤི་བས་ཇོ་བོ་རྒྱ་གར་དུ་སྐྱེལ་བ་ལ་མང་ཡུལ་ཁྱེར་ལ་འགགས་ནས་ལོ་བཅུ་བཞི་ལུས་མི་བསྐྱོད་རྡོ་རྗེ་རྒྱ་ཡུལ་དུ་སྐྱེལ་བར་འོ་བརྒྱལ་ཐང་དུ་ཞག་བདུན་ལུས། དེ་ནས་རྒྱལ་པོས་མ་ཞང་བསད་ཇོ་བོ་སྤྱན་དྲངས། བོན་སྣུབས་ཨོ་རྒྱན་རིན་པོ་ཆེ་དང་བྷོ་དྷི་སོགས་མཁས་པ་བརྒྱ་རྩ་བརྒྱད་སྤྱན་དྲངས། གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས། བུ་སུམ་བརྒྱ་རབ་ཏུ་བྱུང་ནས་ལོཙྪ་བསླབ་བོ། །དམག་དག་ཤིང་ཀུན་ཅིའུ་མཁར་སྨན་རྩེའི་ཡུལ་ཧོར་ཡུལ་རྣམས་བཅོམ། རྒྱལ་པོའི་རྟ་མགྲིན་བསྒྲུབས་ནས་རྟ་སྐད་གསུམ་བཏོན་པས་འཛམ་གླིང་སུམ་ཉིས་སུ་ཐོས་པས་སུམ་གཉིས་ལ་དབང་བསྒྱུར་བར་གྱུར་སྐད། ང་དྲུག་ལ་འདས། སྲས་ཆེ་བ་མུ་ནེ་བཙན་པོ་ལ་ཡབ་ཀྱི་རྒྱལ་སྲིད་གཏད། མཆོད་རྣམས་བཙུགས། །ལྟོགས་ཕྱུག་ལན་གསུམ་བསྙོམས། རྒྱལ་ས་ལོ་


CMR058_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་གཉིས་དགུང་ལོ་ཉེར་དགུ་ལ་དུག་གིས་འདས། སྲས་འབྲིང་བ་མུ་ཏིག་བཙན་པོའི་ཡབ་ཡོད་དུས་བློན་པོ་ཞང་གི་བུ་ཉེས་མེད་དུ་བསད་པས་བྱང་དུ་སྤྲུགས། །ཕྱིས་གདན་དྲངས་ཏེ་རྒྱལ་སར་འཇོག་རྩིས་བྱས་ཀྱང་ཞང་སྣ་ནམ་བཟས་བཀྲོང་སྟེ་རྒྱལ་ས་མ་བྱུང་ཡང་ཟེར་རོ། །སྲས་ཆུང་བ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་འཇིང་ཡོན་རྒྱལ་པོ་ཡི་རིང་ལ་རྒྱ་ལ་དམག་བྱས། །ཀ་མ་ལ་ཤཱི་སོགས་ལ་ཞབས་ཏོག་དང་ཆོས་སྲིད་བསྐྱངས། སྲས་ལོ་བཅུ་གསུམ་དུས་སད་ན་རྒྱལ་པོ་འདས་ཟེར། སྲས་ལྡེང་ཁྲི་ལ་སྲས་ལྔ་འཁྲུངས། ཆོས་སྲིད་བསྐྱངས་ཤིང་དགུང་ལོ་ལྔ་བཅུ་ང་ལྔ་ལ་འདས། སྲས་ཆེ་བ་གཙང་མ་རབ་ཏུ་བྱུང་། རལ་པ་ཅན་དགུང་ལོ་བཅུ་གཉིས་ལ་རྒྱལ་ས་བཟུང་། བསྟན་པ་དར་རྒྱས་དང་སྐད་གསར་བཅད་མཛད། འོད་འཇང་རྡོའི་ལྷ་ཁང་དགུ་ཐོགས་བཞེངས། རྒྱ་ནག་ཏུ་དམག་དྲངས་ནས་མདུན་མ་བྱས། རྡོ་རིང་ཡི་གེ་ལྷ་ས་དང་རྒྱ་ནག་ཁྲོང་ས་མཚམས་རྒྱ་ཡུལ་སྨེ་རུ་གསུམ་དུ་བཙུགས། འཛམ་གླིང་སུམ་གཉིས་ལ་དབང་མཛད་དོ། །དགུང་ལོ་སོ་དྲུག་ལ་བདུད་བློན་རྣམས་ཀྱིས་བཀྲོངས། མཆེད་ཡ་གླང་དར་རྒྱལ་པོར་བསྐོས་པས། ཇོ་བོ་གཉིས་ས་ལ་སྦས། ལྷ་ཁང་རྣམས་


CMR058_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བཤིགས། ཆོས་པ་རྣམས་བསད་དོ། །དམར་གཡོ་གཙང་གསུམ་སོགས་ཀྱིས་དཔེ་ཆ་བཀལ་ནས་ཁམས་སུ་བྲོས། དེ་ནས་ལྷ་ལུང་དཔལ་གྱི་རྡོ་རྗེ་ལ་དཔལ་ལྷས་ལུང་བསྟན་པ་ལྟར་རྒྱལ་པོ་བསད་ནས་ཁམས་སུ་བྲོས་སོ། །དེ་རྗེས་བཙུན་མོ་ཆུང་བ་ལ་སྲས་གཅིག་འཁྲུངས་པ་འོད་སྲུང་། དེ་ལ་ཕྲག་དོག་བྱས་ནས་བཙུན་མོ་ཆེ་བས་སྤྲང་ཕྲུག་གཅིག་རྒྱལ་པོའི་སྲས་མོ་ལ་འཁྲུངས་ཟེར་ནས་གསོས་པས་ཡུམ་བརྟན། འདི་གཉིས་ཆུང་དུས་བློན་པོ་རྣམས་ཀྱིས་ཇོ་བོ་གཉིས་བཏོན་ལྷ་ཁང་བསོས་སོ། །དེ་གཉིས་ཆེ་ནས་མ་འཆམ་པར་དུས་ལོག་བྱུང་ངོ་། །བང་སོ་རྣམས་བཤིགས་སོ། །འོད་སྲུང་གིས་བྱ་ལྷ་ཁང་བཞེངས། སྲས་དཔལ་འཁོར་བཙན་དང་། སྐྱིད་ལྡེ་ཉི་མ་མགོན། བཀྲ་ཤིས་བརྩེགས་རྣམས་བྱུང་བའི་མངའ་ཐང་ཡུམ་བརྟན་ལ་ཤོར། མངའ་རིས་ཀྱི་རྒྱལ་པོ་མཛད་དོ། །ཡུམ་བརྟན་གྱིས་སྲས་ཁྲི་དེ་མགོན་རྙེད། དེ་ལ་སྲས་ཆེ་བ་རིག་པ་མགོན། ཆུང་བ་ཉི་མ་མགོན། ཉི་མ་མགོན་གྱི་སྲས་ཉི་འོད་དཔལ་མགོན། འདི་ཡི་རྒྱུད་རླུང་ཤོད་འཕན་ཡུལ་མདོ་ཁམས་ན་མང་ངོ་། །ཁྲི་རིག་པ་མགོན་གྱི་རྒྱུད་ལ་ལྷ་བཙུན་སྔོན་པོ་ལྷ་བཙུན་བོ་དྷི་ར་ཙ། སྨྱུག་རུམ་པ་སོགས་


CMR058_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་ཅིང་རྒྱུད་ཕྱོགས་ཐམས་ཅད་དུ་འཕེལ་བ་ཀྱི་གཡོར་ཀུན་ན་ཡོད་པའི་ཇོ་བོར་མིང་བཏགས་པ་ཀུན་ཡིན་ཟེར། མི་རབས་བརྒྱད་ནས་རྒྱུད་ཆད་ཟེར་བའང་ཐོས་སོ། ལོ་དགུ་བཅུ་གོ་བརྒྱད་ལ་ཆོས་སྒྲ་མེད་དོ། །དེ་ནས་བླ་ཆེན་དགོངས་པ་རབ་གསལ་ཁམས་སུ་རབ་ཏུ་བྱུང་བ་ནས་བསྟན་པའི་མེ་རོ་སོས་སོ། །དེ་དུས་ཡུམ་བརྟེན་གྱི་རྒྱུད་ཚ་ན་ཡེ་ཤེས་རྒྱལ་མཚན་གྱིས་དབུས་གཙང་གི་མི་བདུན་ཁམས་སུ་བཏང་སྟེ། རབ་ཏུ་བྱུང་ནས་དབུས་གཙང་སུ་བསྟན་པ་དར་རྒྱས་སུ་གྱུར་རོ། །དེ་ཡང་གོང་དུ་བཤད་པའི་འོད་སྲུང་གི་རྒྱུད་སྐྱིད་ལྡེ་ཉི་མ་མགོན་གྱིས་མངའ་རིས་ཀྱི་རྒྱལ་པོ་མཛད་ནས་སྤུ་རང་ལ་དབང་བསྒྱུར། དེའི་སྲས་ཆེ་བ་དཔལ་མགོན་གྱིས་ཡར་ལུང་བཟུང་ནས་རྒྱལ་རྒྱུད་བྱུང་། བར་པ་བཀྲ་ཤིས་མགོན་གྱི་སྤུ་རང་། ཆུང་བ་སྡེ་བཙུགས་མགོན་གྱིས་ཞང་ཞུང་བཟུང་སྟེ། སྟོད་ན་བཞུགས་པའི་མགོན་གསུམ་ཟེར། ལྡེ་བཙུན་མགོན་གྱི་སྲས་འཁོར་ལྡེ་དང་སྲོང་ལྡེ་གཉིས། སྲོང་ལྡེ་ལ་སྲས་ནཱ་ག་ར་ཙ་དང་ལྡེ་བ་ར་ཙ་གཉིས་ཡོད་རྒྱབ་མ་རབ་ཏུ་བྱུང་ནས་ལྷ་བླ་མ་ཡེ་ཤེས་འོད་དུ་གྲགས། མཁོ་མཐིང་ལྷ་ཁང་བཞེངས། ལོཙྪ་བ་རིན་ཆེན་བཟང་པོ་དང་རྔོག་ལེགས་པའི་ཤེས་རབ་སོགས་ཉེར་གཅིག་རྒྱ་གར་


CMR058_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བརྫངས། པཎྜི་ཏ་ཤྲཱི་རྡ་ཀ་ར་སོགས་སྤྱན་དྲངས་ཏེ་སྟོད་འདུལ་དར། གཅེན་པོ་འཁོར་དེས་ཁ་ཆར་ལྷ་ཁང་བཞེངས། དེའི་སྲས་ལྷ་ལྡེའི་པཎྜི་ཏ་སུ་བྷ་ཤི་དང་པཎྜི་ཏ་རྨེ་རུ་སྤྱན་དྲངས། ལྷ་ལྡེའི་སྲས་ཆེ་བ་ཞི་བ་འོད། འབྲིང་བ་ལྷ་བླ་མ་བྱང་ཆུབ་འོད། ཆུང་བ་འོད་ལྡེ་འོད། འདི་སྐབས་ཡེ་ཤེས་འོད་རྒྱ་གར་དུ་པཎྜི་ཏ་སྤྱན་འདྲེན་ལ་བྱོན་པ་མུ་སྟེགས་ཀྱིས་བཟུང་ནས་གསེར་དང་མཉམ་བཀྱག་གིས་བླུས་ཀྱང་རྩ་སྒོ་རྣམས་བསྲེགས་པས་ད་ཇོ་བོ་རྗེ་སྤྱན་དྲོངས་ཤིག་གསུངས་ནས་འདས། བྱང་ཆུབ་འོད་ཀྱིས་ཁུ་བོའི་གསུངས་བཞིན་རྒྱ་བཙོན་སེང་བཏང་ནས་ཇོ་བོ་རྗེ་སྤྱན་དྲངས། འོད་ལྡེས་པཎྜི་ཏ་དྷ་ན་ཤྲཱི་སྤྱན་དྲངས། དེའི་སྲས་བཙན་ལྡེ་སོགས་རིམ་པར་གུ་གེ་སྤུ་རང་མང་ཡུལ་སོགས་དབང་བའོ། །ཡ་རྩེ་ལ་ཡང་དབང་ངོ་། །ཡ་རྩེའི་རྒྱལ་རྒྱུད་འདིས་ཇོ་བོ་དང་བཅུ་གཅིག་ཞལ་ལ་གསེར་ཐོག་ཕུལ་ལོ། །ཡང་གོང་དུ་བཤད་པའི་འོད་སྲུང་གི་རྒྱུད་བཀྲ་ཤིས་བརྩེགས་ལ་སྲས་གསུམ། དཔལ་ལྡེ། །འོད་ལྡེ། སྐྱིད་ལྡེ་གསུམ། སྨད་ན་བཞུགས་པའི་ལྡེ་གསུམ་ཟེར། དཔལ་ལྡེའི་རྒྱུད་ལྷ་རྩེ་བ་གླང་ལུང་བཙད་འཁོར་བ་སོགས་ལ་སྟོད་མན་ཆད་ན་དར། སྐྱིད་ལྡེ་ཤང་རྟ་ནག་ཏུ་ཕོག་


CMR058_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྲས་དྲུག་བྱུང་བའི་ལྔ་བྱང་དུ་བྱོན། །འབྲོའི་བཙད་པོ་དང་ཉང་སྟོད་སོགས་གཙང་ན་ཡོད་པ་རྣམས་སོ། །འབྲོའི་བཙད་པོའི་རྒྱུད་སྤྱག་བཙན་ལ་སོགས་སོ། །སྲས་འབྲིང་པོ་འོད་ལྡེ་ལ་སྲས་བཞི། ཕ་བ་དེ་སེ། ཁྲི་ལྡེ་ཁྲི་ཆུང་ཉག་ལྡེའོ།་ཆེ་བའི་རྒྱུད་བསྣུབས་ཡུལ་རོང་དང་གཡག་སྡེ་ཉང་སྟོད་སོགས་ན་ཡོད། ཁྲི་ལྡེའི་རྒྱུད་ཁམས་སུ་མདར་ནས་ཤར་ཙོང་ཁ་རྒྱལ་པོ་དང་མདོ་སྨད་བཙད་པོ་ངོམ་པ་ལྷ་གདོང་དཀར་པོ་རྣམས་སོ། །ཉག་ལྡེའི་རྒྱུད་གཙང་གཡས་རུ་ན་ཡོད། ཁྲི་ཆུང་གི་རྒྱུད་ཡར་ལུང་ན་ཡོད་ཅིང་འདི་ཡི་ཡར་ལུང་ཇོ་བོ་ཡང་བྱོན་ནོ། །སྐུ་མཁར་ཕྱིང་ང་སྟག་རྩེ་བཟུང་ངོ་། །ཁྲ་འབྲུག་པ། བྱིང་པ། བྱར་པ་སོགས་ཆུ་མིག་ཧོག་པོ་བ་རྣམས་དང་། ཡར་མདའ་རྣམས་དང་། འདི་ཡི་རྒྱུད་མངའ་བདག་གྲགས་པ་རིན་ཆེན་གྱིས་ཆོས་རྒྱལ་འཕགས་པའི་ཆག་ཕྱི་ལ་རྒྱ་ནག་ཏུ་བྱོན་ནས། སེ་ཆེན་རྒྱལ་པོའི་ལུང་བླངས། ཕོ་བྲང་བྲག་ཁ་བརྩིགས་ཐམས་ཅད་ལ་དབང་བསྒྱུར་ཏོ། །ཡར་ལུང་ཇོ་བོ་ད་ལྟ་ཡན་ཐམས་ཅད་རྒྱལ་རྒྱུད་མ་འཆུག་པ་ཡིན་ནོ། །དེ་ལྟར་བོད་ཆོས་རྒྱལ་གྱི་རྗེས་ནས་ཆེ་བ་གླང་དཔལ་གྱི་སེང་གེའི་གདུང་རྒྱུད་གྲུབ་ཐོབ་དང་སྔགས་པའི་རྒྱུད་མ་ཆད་པ་བྱུང་བ་ལས། འཇིག་


CMR058_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གསུམ་མགོན་གྱི་སློབ་མ་སྤྱན་སྔ་གྲགས་པ་བྱང་ཆུབ་ཅེས་པའི་དབོན་པོ་གཅིག །ས་སྐྱ་བ་ཆོས་འཕགས་རྒྱ་ནག་རྒྱལ་པོའི་བོད་ཁྲི་སྐོར་བཅུ་གསུམ་གྱི་དཔོན་ལ་བསྐོས་པ་མིའི་བདག་པོ་གངས་རི་དཀར་པོའམ་སྣེལ་གདོང་གོང་མ་ཆེན་པོ་ཟེར། འདིའི་རྒྱལ་རབས་བརྒྱད་ཙམ་ལ། ལྷ་བཙུན་རེས་ཐེལ་གྱིས་གདན་ས་མཛད་དོ། །དེ་ནས་ཁྲི་དཔོན་རྣམས་མགོ་མ་ནོན་པར་སོ་སོར་རྒྱལ་བྲན་མང་དུ་བྱུང་བ་ལ། ཡར་རྒྱབ་པ་དང་། སྐྱི་ཤོད་པ། རིན་སྤྱང་བ། སྣ་གར་རྩེ་པ། སྐུ་རབ་རྩེ་བ་སོགས་མང་དུ་བྱུང་། བར་སྐབས་སུ་འཇང་གི་མི་འཆར་བྱམས་པའི་སྤྲུལ་པ་གཅིག་གཙང་ཉང་སྟོད་ཀྱི་བདག་པོར་གྱུར་པ་ཆོས་ཀྱི་རྒྱལ་པོ་རབ་བརྟན་ཀུན་བཟང་འཕགས་ཟེར། དེས་དཔལ་འཁོར་ཆོས་སྡེ་མཆོད་རྟེན་ལྷ་ཁང་ཚད་མེད་པ་བཞེངས། རྒྱུན་དུ་ལོ་ཡ་བཀའ་འགྱུར་སྔོ་ཆོས་ལོ་ཡ་སྐྱ་ཆོས་བཞེངས་པ་ད་ལྟ་ཡང་རྒྱུན་དུ་ཡོད་དོ། །དེ་རྗེས་རིན་སྤུང་བ་ལ་སྤྲུལ་པའི་རྒྱལ་པོ་མང་དུ་བྱུང་ཟེར་ཞིང་དོན་ཡོད་རྡོ་རྗེའི་ལུང་ཇི་ཙམ་འགྲོ་བཏགས་པའི་ཆེད་དུ། རན་ཐག་ཆེན་པོ་གཅིག་ཕྱུག་གིས་བཏུམས་ནས་དབུ་ལག་ཕུད་ནས་ཀོང་པོའི་མཇུག་བར་དུ་ཕྱིན། བཀའ་ཤོག་གིས་ལུང་ཆབ་མདོའི་བར་


CMR058_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུག་པ་བྱུང་ཟེར། དེར་རིན་སྤུང་བས་ཀརྨ་པ་མི་བསྐྱོད་ཞབས་སྤྱན་དྲངས་དུས། རྒྱལ་བའི་དབང་པོས་རིན་སྤུང་པས་ཧོར་འདྲ་ཞིག་གི་ལག་ཏུ་ནས་འབྲུ་བདུན་བླུགས་ནས་ཁྱོད་ཀྱི་སྒར་པ་། ལ་ཕོག་རྒྱོབ་གསུངས་པས། །ཡ་ལགས་ཞུས་པས་རྟེན་འབྲེལ་ལ་མི་དེ་ཞིང་ཤག་ཚེ་བརྟན་རྡོ་རྗེ་ཟེར། རིན་སྤུང་བས་གཙང་གི་རྫོང་དཔོན་ལ་བསྐོས་པས་ངོ་ལོག་ནས་སྡེ་པ་བྱས། དེའི་བུ་ཀུན་སྤངས་ལྷ་དབང་རྡོ་རྗེའི་གཙང་ཕལ་ཆེར་དབང་། དེའི་སྲས་ཀརྨ་བསྟན་སྲུང་དབང་པོ་དང་ཕུན་ཚོགས་རྣམ་རྒྱལ་གཉིས་ཀྱིས་དྭགས་པོ་སྤྱི་ཤོད་པ་ཡར་རྒྱབ་པ་ཐམས་ཅད་བཅོམ་ནས་བལ་པོ་ཚུན་དང་ཀོང་པོ་ཡན་དབང་བ་བྱུང་། དེའི་སྲས་ཀརྨ་བསྟན་སྐྱོང་དབང་པོ་སྟེ། ཡབ་དང་ཁུ་བོ་མཉེས་པོ་གསུམ་སྡེ་འཁྲུག་དང་སྡིག་ཚབས་ཆེ་ན་ཡང་རྒྱལ་བ་ཡབ་སྲས་ལ་བཀུར་སྟི་ཕུན་སུམ་ཚོགས་པར་བྱས། རྗེས་མ་འདིས་སྡེ་འཁྲུག་ཆེར་མ་དགོས་པར་མངའ་རིས་སོགས་མངའ་འོག་ཏུ་མང་དུ་འདུས། ཡབ་འདས་པས་སྐུ་ཆུང་ངུ་ནས་རྒྱལ་སྲིད་བཟུང་བཀའ་བརྒྱུད་དགོན་སྡེ་བཙུགས་པ་འགྱེད་མང་བཀོལ་སོགས་ལོ་དུས་བཞིན་བསམ་གྱིས་མི་ཁྱབ། མདོ་སྔགས་མཐའ་དག་ལ་མཁས་ཤིང་ཉམས་ལེན་མཛད། བྱང་པ་བཀྲ་ཤིས་སྟོབས་རྒྱལ་པའི་སྐུ་


CMR058_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེར་ཡང་གྲགས་ཤིང་། འཇའ་ཚོན་པའི་གསེར་ཁ་ནས་རྒྱལ་པོ་ཁྲི་སྲོང་གིས་སྤྲུལ་པར་ལུང་བསྟན། དགུང་ལོ་སོ་བདུན་པ་ལ་མཐའ་དམག་དང་བོད་ངོ་ལོག་བྱུང་ནས་འདས་སོ། །ཡང་གོང་དུ་བོད་ཆོས་རྒྱལ་མངའ་ཐང་ཉམས་རྗེས་བོད་རྒྱ་ནག་གིས་དབང་བསྒྱུར་ཏེ། ཁམས་ཕྱོགས་སྟོང་ལ་སྟོང་དཔོན་ཁྲི་ལ་ཁྲི་དཔོན་དང་ཁམས་སྤྱི་ཡི་དཔོན་ལ་སྨར་ཤོད་གོ་འཇོ་དཔོན་ཆེན་དུ་བསྐོས་པས། ས་སྐྱ་པས་གོ་འཇོ་བསྐུལ་ནས་དམག་བྱས་དབུས་གཙང་ཕལ་ཆེར་འཇོམས། ལྷོ་བྲག་བར་སོང་ངོ་། །ལམ་གྱི་སྡེ་ཐམས་ཅད་ཞབས་སུ་བཙུད་དོ། །དེར་གོ་འཇོ་རྒྱལ་པོ་དམག་ཐོག་དེར་འདས། །ཁམས་ཀྱི་ཁྲི་དཔོན་རྣམས་རང་སོ་བཟུང་ནས་དཔོན་མང་དུ་བྱུང་ངོ་། དེ་དུས་རྒྱ་ནག་ཤུགས་ཆེ་བས། འགའ་ཞིག་རྒྱ་ནག་ཏུ་སོང་ལུང་ལས་ཀ་བླངས། ནང་ཆེན་པ་སོགས་དབུས་སུ་སོང་ནས་ས་སྐྱ་པའི་ལས་ཀ་བླངས་པས། ལས་ཀའི་བདག་པོ་ཡང་མང་དུ་བྱུང་ངོ་། །དེ་རྗེས་ནས་སྟོབས་ཆེ་བ་བེ་རི་ཀེ་རིང་གཉིས་དང་དོན་ཡོད་ཕའུ་གཉིས་ཏེ། ཨུ་རྒྱན་གྱི་ལུང་བསྟན་འགའ་ནས་གསལ་བར་ལུང་བསྟན་ཅིང་། འགིར་ཏི་ནག་པོ་ཉེ་རིང་གཉིས་ཀྱི་སྔོན་ལ་དེ་ཡིན་པར་གྲག་ཅིང་བདེན་པར་སྣང་


CMR058_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་། །འདིས་བོན་གྱིས་ཁ་བཟུང་ནས་ཆོས་བསྣུབ་པའི་ཚེ། རི་བོ་དགའ་ལྡན་པས་ཨོཾ་རོད་ཆོས་ཀྱི་རྒྱལ་པོ་བསྐུལ་ཏེ་བེ་རི་དང་གཙང་པ་སོགས་བརླགས་ནས་བོད་ཐམས་ཅད་ལ་དབང་བསྒྱུར་བ་ལགས་སོ། །ད་དུང་ཁམས་ཕྱོགས་འདིར་འབྲོང་པའི་རིགས་སམ་ཚ་བོ་ཡིན་པའི་རྒྱལ་ཕྲན་བཙན་གྲགས་ཅན་གཅིག་དང་། སྟག་ལུང་ངག་དབང་རྣམ་རྒྱལ་པའི་སྤྲུལ་པ་ཡིན་པའི་རྒྱལ་ཕྲན་བསྟན་པ་ལ་ཕན་པ་གཅིག་དང་། བདུད་ལྷ་སྦྱིན་གྱི་སྤྲུལ་པའི་རྒྱལ་པོ་སྟོབས་ཆེན་དབུས་གཙང་ལ་ཡང་ལུང་རྒྱུག་ཆོག་པ་གཅིག་དང་། འགིར་ཏི་ནག་པོ་རྒྱབ་མ་ནི་འཚམས་གཞུང་ན་འབྱུང་སྟེ། ཁམས་ཐམས་ཅད་འཇོམས་ནས་དབུས་ཀྱང་འཇོམས་པར་ལུང་བསྟན་ལ། དབུས་སུ་བྱར་གཉེར་ལོ་གསུམ་ན་བསྟན་པ་ལ་གནོད་པའི་རྒྱལ་ཕྲན་གནམ་ཐེལ་གྱི་སྤྲུལ་པ་གཅིག་འབྱུང་། དབུས་ནས་ཐུགས་རྗེ་ཆེན་པོའི་སྤྲུལ་པ་བོད་ཐམས་ཅད་ལ་ལུང་རྒྱུག་ས་བསྟན་པ་དང་སེམས་ཅན་ལ་ཕན་པ་གཅིག་འབྱུང་སྟེ། ལོ་དྲུག་ཅུ་ཐུབ་བསྟན་པ་ལོ་བརྒྱད་ཅུར་གནས། དེ་ནས་ཇོ་བོ་ཆུས་གདན་འདྲེན་ཚར་བ་དང་མཐའ་དམག་དངོས་དེ་འབོ་བར་གསུངས་སོ། །དེ་ལྟར་འཛམ་གླིང་རྒྱལ་བའི་བསྟན་པ་འདི། །དར་རྐྱེན་ཆོས་རྒྱལ་


CMR058_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་ཚུལ་བསྡུས་པ་འདི། །རྒྱལ་རབས་དཔག་བསམ་ཁྲི་ཤིང་གསལ་མེ་དང་། །ཆོས་འབྱུང་ལ་སོགས་བལྟ་བར་མི་ནུས་ཤིང་། །ཆོས་ཀྱི་ལོ་རྒྱུས་ཤེས་པར་འདོད་རྣམས་ལ། །ཕན་པར་བསམས་ནས་རཱ་གའི་མིང་གིས་བྲིས། །ཉེས་པ་བཤགས་ཤིང་དགེ་བས་འགྲོ་ལ་བསྔོ། །འགྲོ་ཀུན་བཀྲ་ཤིས་དཔལ་ལ་སྤྱོད་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

བོད་སྒྲ་དག་ཡིག་ཉེར་མཁོ།


CMR058_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བོད་སྒྲ་དག་ཡིག་ཉེར་མཁོ་བཞུགས་སོ། །ན་མོ་ཝཀྐི་ཤྭ་ར་ཡེ། །ངག་གི་དབང་ཕྱུག་ལ་བཏུད་ནས། །བོད་སྒྲ་ཉེར་མཁོ་ཅུང་ཟད་བྲི། །འཇམ་དབྱངས་སྤྲུལ་པ་ཐོན་མི་ཡིས། །བོད་སྒྲའི་བསྟན་བཅོས་བརྒྱད་མཛད་ཀྱང་། །དྲུག་དེ་རྒྱལ་པོ་དར་མས་བསྣུབས། །སུམ་ཅུ་པ་དང་རྟགས་འཇུག་གཉིས། །ལུས་པ་ལ་བརྟེན་འཁྲུགས་པ་རྣམས། །བོད་སྒྲ་དག་ཡིག་མང་དུ་མཛད། །དོན་བསྡུས་གོ་བདེ་འདི་ལྟ་སྟེ། །རྒྱ་ཡིག་དབྱངས་ཡིག་བཅུ་དྲུག་དེ། །བོད་ཡིག་དབྱངས་ཡིག་བཞི་རུ་བསྡུས། །ཨི་ཨུ་ཨེ་ཨོཾ་བཞི་ཡིན་ཏེ། །དགོས་ཆེད་གུག་ཞི་བཞི་པོ་ཡིན། །རྒྱ་ཡིག་གསལ་བྱེད་སུམ་ཅུ་ལྔ། །བོད་ཡིག་ཡིག་འབྲུ་སུམ་ཅུར་བསྡུས། །དེ་ལ་ཕོ་དང་མ་ནིང་དང་། །མོ་ཡིག་ཤིན་ཏུ་མོ་ཡིག་དང་། །མོ་གཤམ་ཡི་གེ་ལྔ་རུ་གནས། །ཀ་ཅ་ཏ་པ་ཙ་རྣམས་ཕོ། །ཁ་ཆ་ཐ་ཕ་ཚ་མ་ནིང་། །ག་ཇ་ད་བ་ཛ་ཝ་ཞ། །ཟ་འ་ཡ་ཤ་ས་རྣམས་མོ། །ང་ཉ་ན་མ་ཤིན་ཏུ་མོ། །ར་ལ་ཧ་ཨ་མོ་གཤམ་ཡིན། །མོ་དང་མོ་གཤམ་ཤིན་ཏུ་མོ། །གསུམ་ཀ་མོ་ཡིག་བྱེ་བྲག་ཡིན། །དེ་ལ་རྗེས་འཇུག་ཡི་གེ་བཅུ། །ག་ང་ད་ན་བ་མ་འ། །ར་ལ་ས་རྣམས་མཐའ་རྟེན་


CMR058_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །དེ་ཡི་ལྔ་ནི་སྔོན་འཇུག་སྟེ། །ག་ད་བ་མ་འ་དང་ལྔ། །འཕུལ་བྱེད་ཡི་གེར་འོང་བ་ཡིན། །ལྔ་པོ་དེ་ལ་བཞི་རུ་ཕྱེ། །བ་ནི་སྔོན་འཇུག་ཕོ་ཡིག་གོ །ག་ད་གཉིས་ནི་མ་ནིང་ཡིན། །འ་ནི་མོ་ཡིག་ཡིན་པ་སྟེ། །མ་ནི་སྔོན་འཇུག་ཤིན་ཏུ་མོ། །འཇུག་ཚུལ་སོ་སོར་ཁྱད་པར་ཡོད། །ར་མགོ་ཐོབ་པ་བཅུ་གཉིས་ཏེ། །རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྦ་རྨ་རྩ་རྫ་རྣམས་སོ། །ས་ལ་བཏགས་པ་བཅུ་གཅིག་ནི། །སྐ་སྒ་སྔ་སྙ་སྟ་སྡ་སྣ་སྤ་སྦ་སྨ་རྩ་རྣམས་ཡིན་ནོ། །ལ་ལ་བཏགས་པ་བཅུ་པོ་ནི། །ལྟ་ལྷ་ལྔ་ལྕ་ལྔ་ལྟ་ལྔ། །ལྤ་ལྦ་ལྷ་རྣམས་བཅུ་རྣམས་སོ། །ཡ་བཏགས་ཡ་ཏ་ཐོབ་པ་བདུན། །ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ། །ར་བཏགས་ར་ཏ་ཅན་བཅུ་གཉིས། །ཀྲ་ཁྲ་གྲ་དྲ་པྲ་ཕྲ་བྲ་མྲ་བྲ་ཏྲ་སྲ་ཧྲ་རྣམས་སོ། །ལ་བཏགས་ཐོབ་པའི་ཡི་གེ་དྲུག ཀླུ་གྲྭ་བླ་ཟླ་རླ་སླའོ། །ཝ་ཟུར་ཐོབ་པ་བཅུ་གཉིས་ཏེ། །ཀྭ་ཁྭ་གྲྭ་ཞྭ་དྭ་ཚྭ་ཞྭ། ཟྭ་རྭ་ལུ་ཤྭ་ཧྲི་རྣམས་ཡིན། །འགའ་ཞིག་འདི་ལས་འགའ་སྣང་ཡང་། །འདི་རྣམས་ཁུངས་བཙུན་ལྡན་པའོ། །ད་དང་བ་དང་ས་ཡི་མཐར། །ཀྱི་དང་ཅིག་ཅེས་ཐོབ་པ་ཡིན། །ན་དང་མ་དང་ར་ལའི་མཐོར། །གྱི་དང་ཞིག་ཅེས་ཐོབ་པ་ཡིན། །ག་ང་གཉིས་མཐར་གི་ཞེས་


CMR058_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

འཐོབ། །ས་མཐར་ཞེས་ཤེ་ཞེས་བྲིའོ། །ག་དང་ང་དང་བ་དང་མ། །འ་དང་མཐའ་མེད་ས་སྟེ་འཐོབ། །ས་དང་ན་དང་ར་དང་ལ། །ད་དྲག་ཅན་ལ་ཏེ་རྐྱང་འཐོབ། །ད་ཡ་མཆན་ལ་དེ་འཐོབ་བོ། །ག་ད་བ་འོག་ཏུ་བྲི་སྟེ། །ར་ལ་ན་མའི་མཆན་ལ་དུ། །ས་ཡི་འོག་ཏུ་སུ་འཐོབ་བོ། །ག་ད་བ་ས་བཞི་ཡི་མཚན། །བ་ཞེས་བྲི་བ་མཁས་པའི་ལུགས། ༈ །རྐང་དང་རྐ་ལག་ར་ཀ་བཏང་། །ཀ་བ་ཀོ་བ་ཀ་རྐྱང་སྟེ། །དཀའ་ལས་དཀའ་ཐུབ་ད་ཀ་ལ། །འཐུང་རྒྱུ་སྐ་སླ་ས་ཀ་བཏང་། །ཁལ་ལ་བཀལ་དང་ཁྲལ་བཀལ་བ། །བས་ཕུལ་ཀ་ལ་ལ་ཡི་རྟེན། །འཇིག་རྟེན་བསྐལ་པ་བ་ས་བསྐལ། །ཟས་སྐལ་ས་ཀ་ལ་ཡི་རྟེན། །རྒས་གཞོན་རྒ་ནི་ར་བཏགས་ག །དགའ་སྡུག་དགའ་ནི་ད་ག་ལ། །སྒྲ་སྙན་སྒ་སྐྱ་ས་བཏགས་ག །གྲངས་ཀའི་ལྔ་དང་ལྔ་སེར་སོགས། །ལ་ལ་ང་བཏགས་ཐོབ་པའོ། །རོལ་མོའི་རྔ་དང་རྔ་མ་ལ། །ར་ལ་ང་བཏགས་ཐོབ་ཆ་ཡིན། །ས་ཡི་སྔ་རུ་དུས་སྔ་ཕྱི། །ས་བཏགས་སའི་ང་བྲིའོ། །གཉན་ནད་གཉན་ས་གཉན་གོང་མ། །གས་འཕུལ་ཉ་ལ་ན་ཡི་རྟེན། །ཁ་ད་མཉན་དང་ཆོས་མཉན་ལ། །མས་འཕུལ་ཉ་ལ་ན་བཞག་གོ །


CMR058_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་གསན་སྙན་སོགས་ས་ཉ་ན། །མི་འགྱུར་བརྟན་པ་བ་ར་བརྟན། །འོག་གི་སྟན་ནི་ས་སྟན་ནོ། །བ་ས་བསྟན་ནི་ཆོས་བསྟན་ནོ། །གཏན་ལ་འབེབས་དང་བསམ་གཏན་ལ། །གས་འཕུལ་ཏ་ལ་ན་བཞག་གོ །སྤོས་སོགས་བདུག་པ་བ་བདུག་ལ། །གདུག་རྩུབ་གདུག་ནི་ག་གདུག་གོ །དབུ་གདུགས་ག་གདུགས་ས་ཡི་རྟེན། །མཛའ་བའི་སྡུག་དང་སྡུག་བསྔལ་སྡུག ས་ད་ཞབས་ཀྱུ་ག་ཡི་རྟེན། །ལྟ་ཞིང་དཔྱད་པ་ད་པ་དཔྱད། །ལོངས་སྤྱོད་སྤྱད་ཆ་ས་པ་དཔྱད། །ཆུ་ཡི་རྦ་རླབས་ར་ལ་བཏགས། །མི་མངོན་སྦ་ལ་ས་བ་བཏགས། །སྐྱེ་ཡི་ལྔ་བ་ལ་བ་བཏགས། །དཔྲལ་བའི་མིག་ནི་མིག་རྐྱང་ལ། །སྒོམ་པའི་དམིགས་ལ་ད་འཕུལ་དམིགས། །རྟ་ཡི་རྨིག་པ་ར་བཏགས་རྨིག །གནོད་བྱེད་དགྲ་ཇག་དས་ཕུལ་དགྲ། །རྣ་བའི་སྒྲ་ནི་ས་ག་བཏགས། །རིན་ཆེན་དངུལ་ནི་དེས་ང་འཕུལ། །ལུས་རྔུལ་ར་རྡུལ་ཤེས་པར་བྱ། །མངོན་པ་དམ་ཆོས་མཐོང་ལ་འཇུག །ར་རྔོན་ཉ་དང་རི་དྭགས་གསོད། །ལྕགས་སོགས་སྲ་བ་ས་ར་བཏགས། །མགོ་ཡི་སྐུ་ནི་ས་ཀ་བཏགས། །ལུས་ཀྱི་དཔྱི་མགོ་ད་དཔྱི་སྟེ། །སྤྱི་དང་བྱེ་བྲག་ས་པ་བཏགས། །མཚོན་ཆ་ག་གྲི་སྤོས་དང་དྲི། །སྐུ་གསུང་ཐུགས་སྐུ་


CMR058_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ས་བཏགས་ཀ །མ་བྱིན་རྐུ་བ་ར་བཏགས་རྐུ། །རྩང་སྦྲའི་རྩང་ནི་ར་རྩང་སྟེ། །དབུས་གཙང་གཙང་ནི་ག་གཙང་ཡིན། །ན་ཚོད་གཞོན་པ་ག་གཞོན་ཏེ། །རྟ་སོགས་བཞོན་པ་བ་བཞོན་ཡིན། །སྒྱུ་མ་སྒྱུ་འཕྲུལ་གཡོ་སྒྱུ་རྣམས། །ས་ལ་ག་བཏགས་ལ་བྱའོ། །རྒྱུ་རྐྱེན་ཟློག་རྒྱུ་ར་རྒྱུ་འོ། །སེམས་དཔའི་དཔའ་བ་དས་འཕུལ་པ། །རྣག་ཁྲག་རྣག་ནི་ར་རྣག་ལ། །ཁ་དོག་གནག་པ་ག་གནག་གོ །རྣམ་གྲངས་མང་པོའི་རྣམས་ལ་ནི། །ར་བཏགས་ན་ལ་མ་ས་བཞག །ནམ་མཁའི་གནམ་ནི་ག་གནམ་ཡིན། །ས་བདག་ཀླུ་ནི་ཀ་ཀླུ་སྟེ། །སྒྲུང་གི་གླུ་སོགས་ག་གླུ་ཡིན། །བློ་རྩེའི་བློ་དང་མཁས་བླུན་དང་། །བླ་མ་ལ་སོགས་བ་ལ་བཏགས། །རློམ་སེམས་རླུང་དང་རླངས་པ་ར། །ཁྭ་ཏའི་ཁྭ་དང་ལན་ཚྭའི་ཚྭ། །རྩ་སྔོའི་རྩྭ་དང་མགོ་ཡི་ཞྭ། །རྭ་ཅོའི་རྭ་རྣམས་ཝ་ཟུར་འཐོབ། །ང་རྒྱལ་ང་ནི་ང་རྐྱང་ཡིན། །ག་ད་བ་དང་ས་ཡི་མཐར། །ཀ་རྐྱང་ཀྱང་ནི་འཐོབ་པ་སྟེ། །ག་དང་འ་ནི་ཐོབ་པ་ལ། །མ་ཚང་བ་ནི་ཡང་ཐོབ་བོ། །ན་ར་ལ་གསུམ་རྗེས་སུ་ནི། །ཞིང་དང་ཞིག་དང་ཞེས་འཐོབ་བོ། །ག་ད་བ་མཐར་ཅེ་ན་དང་། །ས་མཐར་ཤེ་ན་འཐོབ་པ་སྟེ། །ང་འ་མ་ན་ར་


CMR058_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དང་། །འདོགས་ཅན་རྐྱང་པ་ཞེ་ན་ཐོབ། །ང་དང་བ་དང་ར་དང་ལ། །འདོགས་ཅན་ནམ་ནི་རྐྱང་པའི་རྗེས། །ཝ་ཐོབ་རྣམས་ལ་ཝ་བྲིའོ། །དེ་མིན་གཞན་ལ་བ་རྐྱང་བྲི། །ཚོགས་དང་ཚངས་དང་ཕུན་ཚོགས་པ། །རིམ་གྲོ་སྐུ་ཁམས་ཁྲོས་དང་ཁྲོ། །ཕྲ་མ་ཁོན་འཛིན་ཕྲལ་བ་རྣམས། །འས་ཕུལ་མེད་ན་དག་པ་ཡིན། །ལུ་གུ་དང་ནི་ཡི་གེ་ལ། །ག་ཡིག་བཞག་པ་མེད་ན་ལེགས། །གསུང་རབ་མ་རབ་རིག་སྔགས་དང་། །མཁའ་སྤྱོད་ས་སྤྱོད་སྤྱི་འཕང་དང་། །ཉམ་ང་ལོག་རྟོག་རྣམ་རྟོག་ལ། །ས་མཐའ་མེད་པས་མི་བྱའོ། །ཀླུས་བྱིན་གནས་སྐབས་ལ་སོགས་ལ། །ཕལ་ཆེར་བཞི་ལ་ས་མཐའ་དགོས། །ལ་སོགས་དང་ནི་ཡི་གེ་ལ། །བར་ཚག་མེད་ན་མི་ལེགས་སོ། །གོ་བདེ་ཉེར་མཁོའི་དག་ཡིག་འདི། ༧ རཱ་ག་ཨ་སྱས་འཕྲལ་དུ་བྲིས་པའོ། །སརྦ་མངྒ་ལཾ།། བྷ་ཝནྟུ།། །།

སྙན་ངག་གཏན་ཚིག་གི་གཏམ་རྒྱུད་ཉེར་མཁོ་དང་མངོན་བརྗོད་མདོར་བསྡུས།


CMR058_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་ངག་གཏན་ཚིག་གི་གཏམ་རྒྱུད་ཉེར་མཁོ་དང་། །མངོན་བརྗོད་མདོར་བསྡུས་བཞུགས་སོ། །


CMR058_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་སྭ་ར་སྭ་སྟེ་ཡེ། ངག་གི་དབང་ཕྱུག་མ་ལ་འདུད། །སྙན་ངག་མཁན་ལ་མཁོ་བ་ཡི། །གཏམ་རྒྱུད་ཉུང་ཤས་ཚིགས་སུ་བཅད། །སྔོན་ཚེ་ལྷ་དང་ལྷ་མིན་རྣམས། །ཀླུ་རྒྱལ་ནོར་རྒྱས་སྲུབ་ཐག་དང་། །རི་རབ་སྲུབ་ཤིང་བྱས་ནས་ཀྱང་། །རྒྱ་མཚོ་བསྲུབས་པས་ཉི་ཟླ་བྱུང་། །ཟླ་བ་དབང་ཕྱུག་རྒྱན་བྱས་ཁྱེར། །དེ་ནས་ལྷ་མོ་དཔལ་བྱུང་བ། །དེ་ནི་ཁྱབ་འཇུག་གིས་ཁྱེར་རོ། །དེ་ནས་དུག་གི་བུམ་པ་བྱུང་། དབང་ཕྱུག་མགྲིན་པར་བཞག་པ་ཡིས། །མགྲིན་པ་སྔོན་པོ་བྱུང་བར་གྱུར། །དེ་ནས་བདུད་རྩི་བུམ་པ་དག །བྱུང་བ་ལྷས་ཐོས་སུ་ར་ཞེས།


CMR058_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་དང་ལྡན་པ་ཞེས་བྱའོ། །ལྷ་མིན་མ་ཐོས་ཨ་སུ་ར། །ལྷ་མ་ཡིན་ཏེ་བཅུད་མི་ལྡན། །ལྷ་དང་ལྷ་མིན་སོ་སོར་གྱེས། །ལྷ་ཡི་མཆོད་སྦྱིན་མཁའ་ལ་ནི། །གནོད་སྦྱིན་ཞེས་སུ་གྲགས་པ་ཡིན། །ལྷ་ཡི་རོལ་མོ་མཁན་ལ་ནི། །སྒྲ་ངན་སྤང་བ་དྲི་ཟའོ། །གསང་བ་ས་ནི་གཏེར་སྲུང་ངོ་། །ལྷ་མིན་རི་རབ་རྩེར་གནས་པ། །ལྷ་ཡི་གནས་སོགས་རྩ་བར་བཀྲ། །ལྷ་མིན་སློབ་དཔོན་པ་སང་ཡིན། །གསེར་གྱི་སྒོ་ངའི་ནང་ནས་ནི། །ཚངས་པ་བྱུང་བས་ལྷ་གཞན་སྲོས། །ཚངས་པ་ཆེ་བ་སྟོང་གསུམ་བདག །ཆུང་བ་སྤྱི་ཕུད་བདག་པོའོ། །ཚངས་པས་ཐིག་ལེ་མཆོག་


CMR058_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པའི། །བུ་མོ་སྤྲུལ་ལ་རང་ཉིད་ཆགས། །གར་སོང་ལྟ་འདོད་གདོང་ལྔ་སྤྲུལ། །དབང་ཕྱུག་སེན་མོས་སྟེང་ཞལ་བཅད། །ཕྱིན་ཆད་ཚངས་པ་གདོང་བཞིར་གྲགས། །ཁྱབ་འཇུག་མིའུ་ཐུང་དུ་སྤྲུལ། །ལྷ་མ་ཡིན་ནོ་སྟོབས་ལྡན་ལམ། །སྦྱིན་སྲེག་བྱ་བའི་ས་བསླངས་པས། །གོམ་པ་གང་ནི་སྟེར་ཟེར་བའི། །རི་རབ་རྩེ་ནས་རྒྱ་མཚོའི་མཐིལ། །གོམ་གང་བྱས་པས་ལྷ་མིན་བྲོས། །བྲོས་པ་དད་སྟེ་བསད་པ་ཡིས། །ཁྱབ་འཇུག་མིང་ལ་རྣམ་གསུམ་གནོན། །དབང་ཕྱུག་ཆེ་བ་ཏེ་སེར་བྱ། །ཆུང་བ་བྱང་ཤར་དབང་ལྡན་ཡིན། །དབང་ཕྱུག་ཆེན་པོ་ཏེ་སེ་ན། །འོག་རིས་མཆོད་ཅིང་དཀའ་ཐུབ་བྱ། །དེ་ལ་ལྷ་རྣམས་ཐེ་ཚོམ་སྐྱེས། །གྷོ་རི་དང་ནི་ལྷན་ཅིག་ཏུ། །དཀའ་ཐུབ་བྱེད་པ་བདེན་ནམ་ཟེར། །འདོད་ལྷ་བཏང་བས་འོད་ལྷ་ཡི། །མདའ་ལྔ་འཕང་བས་གཅིག་གཉིས་སྡུག །གསུམ་དང་བཞི་པས་འདོད་པ་སྐྱེས། །ལྔ་པས་གྷོ་རི་ཆགས་པ་སྐྱེས། །དབང་ཕྱུག་འགྱོད་ནས་ཅི་ལན་སྙོམས། །འདོད་པའི་ལྷ་ཡིས་བྱས་པར་གོ །མིག་གསུམ་མེ་སྤྲོས་འདོད་ལྷ་བསྲེགས། །ལུས་མེད་པ་ཡི་སེམས་སུ་གནས། །དེ་ཕྱིར་བདུད་ལ་ལུས་མེད་ཟེར། །སྔོན་ཚེ་རྒྱལ་པོའི་བཙུན་མོ་


CMR058_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །འདུམ་བྱེད་མ་དང་བཀྲ་ཤིས་མས། །འདུམ་བྱེད་མས་ནི་ཉི་མའི་རྟ། །དཀར་པོས་འདུག་སྨྲས་བཀྲ་ཤིས་མས། །ཉི་མའི་རྟ་ནི་ནག་པོ་ཟེར། །རྒྱན་བཞག་སུ་བདེན་བཙུགས་མོ་དང་། །མི་བདེན་གཡོག་མོ་བྱ་བར་ཆད། །བཀྲ་ཤིས་མས་ནི་ཀླུ་གཅིག་ལ། །མཆོད་ཅིང་ཁ་འཛིན་བྱ་བར་ཆད། །དེ་ནས་ཀླུ་ལ་དོན་དྲིས་པས། །ཉི་མའི་རྟ་ནི་ནག་པོ་ཟེར། །འདུལ་བྱེད་མས་ནི་གཡོག་བྱས་སྡུག །དྲང་སྲོང་གཅིག་གིས་སྒོ་ང་གསུམ། །བྱིན་ནས་ཁྱོད་ལ་ཕྱིན་འགྱུར་གྱིས། །ཞག་བདུན་བར་དུ་མ་བལྟ་ཟེར། །འདོད་མགྱོགས་ཞག་གསུམ་ལོན་པ་ན། །གཅིག་བརྡོལ་ནམ་མཁའི་གློག་ཏུ་གྱུར། །དྲུག་ན་གཅིག་ནི་བརྡོལ་བ་ལས། །ཀརྨ་སྐྱ་རིང་ཞེས་བྱ་སོང་། །བདུན་ན་གཅིག་ལ་བྱ་ཁྱུང་བྱུང་། །མ་ལ་ཕྱག་འཚལ་མ་ཁྱོད་ཀྱི། །གང་དགོས་བདག་གིས་བསྒྲུབ་བོ་ཟེར། །ཀླུ་རྣམས་མེད་པར་གྱིས་སྨྲས་པས། །དེ་ནས་ཁྱུང་གིས་ཀླུ་ཟའོ། །དེ་ཕྱིར་ཁྱུང་ལ་ཀླུ་འདུལ་སྐྱེས། །བྱ་ཏྲི་་ཏའི་སྒོ་ང་གཅིག །རྒྱ་མཚོའི་རླབས་ཀྱིས་རྒྱ་མཚོར་ལྷུང་། །བྱ་དེས་རྒྱ་མཚོ་ཟད་འདོད་ནས། །གཤོག་པ་ཆུ་རུ་བཅུག་ཅིང་བཏོན། །དྲང་སྲོང་གཅིག་གིས་དེ་མཐོང་ནས། །དུད་


CMR058_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མཐུ་ཆུང་སྨྲས་པའི་ཚིག །ཁྱུང་གཅིག་དེར་ཡོད་ཐོས་ཏེ་ཁྲོས། །གཤོག་པ་གཅིག་བརྐྱང་རྒྱ་མཚོ་བཀའ། །ཡ་གཅིག་ནམ་མཁར་ཕྱར་བ་ཡིས། །ཀླུ་སྒུག་ཕྱག་འཚལ་སྒོ་ང་བཏད། །ལྷ་རྣམས་ཤིན་ཏུ་སྐྲག་གྱུར་ནས། །ཁྱབ་འཇུག་དྲང་སྲོང་རིད་པ་གཅིག །སྤྲུལ་ནས་ཁྱུང་གི་དྲུང་དུ་ཕྱིན། །ཁྱུང་ཡང་དེ་ལ་སྙིང་རྗེ་སྐྱེས། །དྲང་སྲོང་ན་རེ་ཁོ་བོ་ལ། །བྱ་བ་གལ་ཆེན་བསྒྲུབ་རྒྱུ་གཅིག །ཡོད་ཀྱང་ལུས་འདིས་མ་ནུས་པས། །ཁྱུང་ལ་བསྒྲུབ་རོགས་གྱིས་ཞེས་ཞུས། །ཁྱུང་གིས་ཁས་བླངས་མན་ཆད་བྱས། །ཁྱོད་ཀྱིས་ང་ཡུལ་ཁུར་ཅིག་སྨྲས། །དེ་ནས་ཁྱབ་འཇུག་ཞོན་པར་གྱུར། །དེ་ཕྱིར་ཁྱབ་འཇུག་ཤིང་རྟ་ཟེར། །སྔོན་ཚེ་ལྷ་མོ་གང་གཱ་ལ། །བུ་སྐྱེས་ཨུ་མ་བལྟ་འདོད་ཕྱིར། །མགོ་མེད་ཟེར་ནས་སྟོན་མ་འདོད། །ཨུ་མ་ཁྲོས་ནས་མགོ་མེད་པའི། །སྨོན་ལམ་བཏབ་པར་མགོ་མེད་གྱུར། །སླར་ཡང་ཨུ་མར་གསོལ་བཏབ་པས། །མགོ་བོ་བྱང་བསྟན་མགོ་བོ་རྙེད། །མགོ་བོ་ཆོད་ལ་སྦྱོར་ཟེར་བས། །གླང་ཆེན་རོ་རྙེད་མགོ་བོ་སྦྱར། །ཨུ་མའི་སྲས་པོ་སྨིན་དྲུག་དང་། །བཙད་པས་མཆེད་ཡ་ལ་འཕྱང་བཅག །ཁྲོས་ནས་དེད་པས་མ་དྲུག་བྲོས། །བུ་ཆུང་བསམ་


CMR058_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

མེད་མ་གསོད་པར། །ཁྱོད་ཀྱིས་སྤུས་མོར་མ་སླེབ་བར། །མ་གསོད་ཟེར་བས་ཁས་བླངས་པས། །ཚངས་པས་བྱི་སྦར་བྱིན་རླབས་པས། །བཅུ་དྲུག་ལུས་འཛིན་གཞོན་ནུ་ཟེར། །མུ་སྟེགས་པ་རྣམས་མཆོད་སྦྱིན་བརྒྱས། །བྱས་པས་ལྷ་དབང་ཐོབ་ཐོས་ནས། །སྔོན་ཚེ་མཆོད་སྦྱིན་བརྒྱ་བྱས་པས། །མཆོད་སྦྱིན་བརྒྱ་ལ་བརྒྱ་བྱིན་མིང་། །རྒྱལ་བྱིན་ཆེ་བ་སུམ་རྩེན་བདག །ཆུང་བ་ཤར་གྱི་ཕྱོགས་སྐྱོང་ཡིན། །ལྷ་མིན་མ་ནི་སྦྱིན་བྱུང་ལ། །བུ་གཅིག་སྐྱེས་པས་རྒྱལ་བྱིན་བསད། །མོ་སྡུག་དྲང་སྲོང་འོད་སྲུང་མཆོད། །རྒྱལ་བྱིན་ཐུབ་པའི་བུ་འདོད་ཞུས། །ཆུ་ཐིགས་གཅིག་བྱིན་མངལ་དུ་བཟུང་། །རྒྱལ་བྱིན་གྱིས་ཐོས་མངལ་དུ་ཞུགས། །དུམ་བུ་བདུན་དུ་བྱས་གྱུར་ཀྱང་། །མ་ཤི་ངུ་ཤིང་གནས་པར་གྱུར། །རེ་རེ་བདུན་བདུན་ཞེ་དགུ་བྱས། །རླུང་ལྷ་བཞི་བཅུ་རྩ་དགུ་བྱུང་། །དྲང་སྲོང་ཀུའུ་ཏ་མ་ཡིས། །ཆུང་མ་ཨ་ཧ་བེ་ཞེས་པ། །ཤིན་ཏུ་མཛེས་དྲག་ཤིང་གསེབ་སྦས། །དྲང་སྲོང་གཞན་དུ་སོང་བའི་ཤུལ། །རྒྱལ་བྱིན་དེ་ལ་ཆགས་པ་གནས། །དྲང་སྲོང་འོང་བས་འདོམས་སུ་ཞུགས། །མོ་ཡི་བསད་ཀྱང་མངོན་ཤེས་རིག །དམོད་པའི་མེ་ཡིས་བསྲེག་སྨྲས་


CMR058_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

པས། །སྐག་སྟེ་མངལ་ནས་ཕྱིར་ཕྱུང་བ། །ལྷ་དབང་བསད་པར་མི་བྱ་ཡི། །ལུས་ལ་མོ་མཚན་སྟོང་ཤོག་སྨྲས། །དེ་ལྟར་གྱུར་པས་སླར་གསོལ་བཏབ། །དེ་ཉིད་མིག་ནི་སྟོང་དུ་བསྒྱུར་།རྒྱལ་ཆེན་རྣམ་སྲས་མཚན་དང་དོན། །མྱེས་པོ་དྲང་སྲོང་འོད་ཡང་གི །བུ་ནི་རྒྱལ་པོ་འོན་པ་ཞིག །དེ་ཡི་སྲས་པོ་རྣམ་སྲས་ཡིན། །དྲག་པོ་དབང་ཕྱུག་ཆེན་པོ་ཡིན། །རྣམ་སྲས་ལིངྒ་རྐང་པ་ཙམ། །མ་ཐེག་དབང་ཕྱུག་ཆེན་པོ་ཡི། །མི་གཅིག་ལིངྒ་འདེག་ཕྱིར་བྱིན། །དེ་ཕྱིར་རྐང་པ་གསུམ་པ་དང་། །མི་ལ་ཞོན་ཞེས་དྲག་པའོ། །གྷོ་རི་མཐོང་ནས་ཆགས་ཤིང་བལྟས། །མིག་ཕྱི་ཆུད་ཟོས་དྲག་པོ་ནི། །མ་བྱེད་ཟེར་ནས་མིག་དམར་བྱས། །དེ་ཕྱིར་མིག་ནི་དམར་སེར་གྱུར། །སྦས་པའི་གཏེར་གྱི་བདག་ཡིན་པས། །གསང་བའི་བདག་པོ་ཞེས་བྱའོ། །རྐང་པ་གསུམ་དང་མཆེ་བ་བརྒྱད། །མི་སྡུག་པ་ན་ལུས་ངན་ནོ། །བྱ་བྱེད་ཐམས་ཅད་མི་ང་བཏུན། །དེ་ཕྱིར་མི་ཡི་ཆོས་ལྡན་ཟེར། །མིའམ་ཅི་རྣམས་འདི་ཡི་འཁོར། །གློག་ཕྲེང་ཅན་དང་ཁྲག་མིག་དམར། །ལྷ་ཀླུའི་རྟགས་ཡོད་བུ་མོ་སྐྱེས། །ས་གསུམ་ཆེར་གྲགས་སྒྲ་གཅན་ཟེར། །སྦྲུལ་ཆེན་གཟུགས་ཀྱི་ནམ་མཁའ་ལ། །གླིང་གཉིས་


CMR058_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་ཀྱང་མིས་མི་མཐོང་། །ལྷ་རྣམས་མཐོང་ནས་མཐོ་རིས་གསལ། །ཟླ་བ་མིད་པས་ཚངས་པ་ཡི། །འཁོར་ལོ་མགྲིན་པར་བསྣུན་པ་ཡིས། །ཟླ་བ་ཕྱི་རུ་བྱུང་བར་གསུངས་།བོག་ནི་བདུན་པ་སེངྒེའི་དབྱིབས། །མཇུག་མ་དུས་མེ་མེ་ཡིན་ནོ། །ཚངས་པའི་གདོང་བཞི་རིག་བྱེད་བཞི། །རྩ་བའི་གདོང་ལས་སྙན་ངག་བྱུང་། །དང་པོ་ཨོཾ་ནས་འདྲེན་པར་བྱེད། །གཡས་ཞལ་ངོས་བརྗོད་རིག་བྱེད་བྱུང་། །ཨུ་ནས་འདྲེན་པར་བྱེད་པའོ། །རྒྱབ་ཞལ་སྲི་སྲུང་རིག་བྱེད་ནི། །ཨོཾ་ནས་འདྲེན་པར་བྱེད་པའོ། །གཡོན་ཞལ་མཆོད་སྦྱིན་རིག་བྱེད་ནི། །ཨ་ནས་འདྲེན་པར་བྱེད་པའོ། །དེ་མཚུངས་ཉེ་བའི་རིག་བྱེད་བཞི། །ཚེ་དང་འཕོང་དང་དཔྱད་དག་ནི། །རྩིས་ཀྱི་རིག་བྱེད་བཞི་ཡིན་ནོ། །དེ་ཕྱིར་ཚངས་བྱུང་ཞེས་གྲགས་སོ། །འཛམ་གླིང་ལྷོ་ཕྱོགས་ཚངས་པའི་མཚོར། །ཡི་གེ་སྒྲ་རྣམས་ཆུ་ཟླ་འབྱུང་། །དེ་ལ་མཚོ་བྱུང་མཚོ་ལྡན་མ། །དབྱངས་ཅན་མ་ཞེས་གྲགས་པའོ། །སྣ་མགྲིན་འགྲེམ་པ་ཐལ་གོང་ལྕེ། །སོ་དང་དྲུག་སྐྱེས་སྒྲ་ཞེས་ཏེ། །ཁྲུང་ཁྲུང་སྐར་ལྟར་འདྲེན་པའོ། །དྲང་སྲོང་ཀ་ཤེའི་བུ་མོ་ནི།་།ཀ་དྲུག་ཅེས་ནི་བྱ་བའི་བུ། །ཀླུ་རྒྱལ་མཐའ་ཡས་ཞེས་བྱ་སྐྱེས།


CMR058_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་སྦྲུལ་འཁྱིལ་བདུན་ཡོད་པའི། །འཁྱིལ་པ་གསུམ་ནི་བརྐྱང་བ་ཡི། །མགོ་བོ་ལྷ་ཡི་ཡུལ་དུ་བྱུང་། །འཁྱིལ་པ་བཞི་ནི་ལྷག་མར་ལུས། །དེ་ཕྱིར་ལྷག་མ་ཅན་ཞེས་བྱ། །ཚེ་ཚད་མཐའ་ནི་མ་གཏོགས་པས། །མཐའ་ཡས་ཞེས་ཀྱང་གྲགས་པའོ། །འདི་ཡི་གཙུག་ན་ནོར་བུ་ཡོད། །དེ་ཕྱིར་ནོར་རྒྱས་ཞེས་བྱའོ། །སྦྲུལ་རྒྱལ་ཞེས་པའི་ལུས་ལ་ནི། །ཀླུ་ཆེན་བརྒྱད་པོ་གནས་པའོ། །གང་ལྷ་མོ་ལྷ་ཡུལ་ནས། །དེ་ནས་ཚངས་པས་ཁྱབ་འཇུག་ལ། །ཞབས་བསིལ་དུ་ནི་བྱིན་པར་གྲགས། །ཁྱབ་འཇུག་གིས་ནི་ལྷ་མ་ཡིན། །སྟོབས་ལྡན་ས་ཟློའོག་ཏུ་བསད་པས། །སྟོབས་ལྡན་བུ་ཚ་མི་རབས་བདུན། །ཆུ་ལ་གངྒཱ་དེར་ཕབ་ནས། །སྟོབས་ལྡན་རུས་པ་བཀྲུ་བའི་ཕྱིར། །དཀའ་ཐུབ་སྒྲུབ་པ་བདུན་པས་བསྒྲུབ། །ཚངས་པ་ལ་ཞུས་ཚངས་པས་གནང་། །ལྷ་ཡི་ཡུལ་ནས་གདྨ་བབ། །དབང་ཕྱུག་ཏི་སེར་གནས་པ་ཡི། །རལ་པ་བསིགས་པས་དབང་ཕྱུག་ལ། །གསོལ་བ་བཏབ་པས་རལ་པ་རྩེར། །ཏི་སེའི་མདུན་ནས་གདྨ་བབ། །ཕྱོགས་དེར་དྲང་སྲོང་ཛ་ཧུ་ཡིས། །དཀའ་ཐུབ་སྤྱོད་པས་གངྒཱ་ཐུང་། །དྲང་སྲོང་གསོལ་བཏབ་དེས་སྐྱུགས་པས། །ས་ཡི་འོག་ཏུ་རིམ་པར་བབ། །དེ་


CMR058_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཆུ་ལྷ་ཞེས་བྱའོ། །ཛ་ཧུའི་བུ་མོ་ཞེས་གྲགས་སོ། །རྒྱལ་པོ་སྐལ་ལྡན་ཤིང་རྟ་ཡི། །ཆུ་དེའི་ཡོན་ཏན་རབ་ཤེས་ནས། །ཤིང་རྟ་ལ་བཀལ་མང་དུ་བླང་། །དེ་ཆུ་བོ་སྐལ་ལྡན་ཤིང་རྟར་གྲགས། །ལྷ་ཡུལ་མི་ཡུལ་ས་འོག་གསུམ། །འབབ་པས་ལམ་གསུམ་པ་ཞེས་དང་། །རྒྱལ་བུ་འཇིགས་པ་ཞེས་བྱ་བ། །གང་ལ་སྐྱོས་འཇིགས་པའི་མ། ༈ །ནུབ་ཕྱོགས་ཆུ་བོ་ཡ་མུ་ན། །ཆུ་འདི་གང་དུ་འབབ་པ་ན། །མི་རྣམས་རྩོད་པས་རྩོད་པ་ཅན། །གཤིན་རྗེའི་སྲིན་མོ་ཡིན་པར་བཤད། །དེས་དོན་མིང་གི་རྒྱུ་མཚན་ལ། །དཔག་ནས་སྙན་ངག་བརྩོན་པ་ཡིན། །རཱ་ག་ཨ་སྱས་བརྗེད་ཐོར་བཀོད། །ཉེས་བཤགས་དགེ་བས་ཀུན་མཁྱེན་ཤོག །མངྒ་ལཾ།། ན་མོ་སྭ་ར་སྭ་སྟི་ཡེ། དབྱངས་ཅན་ལྷ་མོའི་ཞབས་ལ་་འདུད། །བརྩོམ་ལ་དགོས་པའི་ཚིག་གི་རྒྱན། །མདོར་བསྡུས་ཅུང་ཟད་འདིར་འགོད་བྱ། །མངོན་ཤེས་དྲུག་ལྡན་འཇིག་རྟེན་འདུལ། །རྒྱལ་བ་བདུད་འདུལ་ཀུན་ཏུ་བཟང་། །གཉིས་མེད་གསུངས་པ་སྒྱུ་འཕྲུལ་སྲས། །ཉི་མའི་གཉེན་དང་རྣམས་འདུལ་མཛད། །བུམ་རམ་ཤིང་པ་ཆོས་ཀྱི་རྒྱལ། །དེ་སོགས་སངས་རྒྱས་མཚན་གྱི་སྡེ། །གནས་བཟང་སུམ་རྩེན་


CMR058_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུམ་གནས། །རོལ་པ་གསུམ་གནས་ལྷ་ཡུལ་མིང་། །འཆི་མེད་རྒས་མེད་རྣམས་སད་དང་། །ཡིད་བཟང་བཅུ་ལྡན་མཐོ་རིས་གནས། །བདུད་རྩིའི་ཟས་དང་མཆོད་སྦྱིན་ཟས། །དེ་སོགས་ལྷ་ཡི་མིང་དུ་ཤེས། །ལྷ་ཡི་རིགས་ལས་བྱུང་བ་ནི། །རིག་འཛིན་གནོད་སྦྱིན་མིའམ་ཅི། །དྲི་ཟ་ཤ་ཟ་གསང་བ་པ། །འབྱུང་བ་ལ་སོགས་ཡིན་པར་གསུངས། །སྔོན་གྱི་ལྷ་དང་དབང་པོའི་དགྲ། །གཞུང་རྒྱལ་དང་ནི་ལྷའམ་དགྲ། །དེ་སོགས་ལྷ་མ་ཡིན་པའི་མིང་། །མེས་པོ་མཆོག་ནས་ལྷ་ལས་རྒན། །སྡོང་བཞི་རང་བྱུང་འཇིག་རྟེན་དབང་། །པདྨའི་སྟེན་དང་སྐྱེ་དགུའི་བདག །དེ་སོགས་ཚངས་པའི་མིང་དུ་གྲགས། །མཁའ་ལྡིང་རྒྱལ་མཚན་སྒྲ་གཅན་གོས། །ལག་པ་བཞི་པ་རྭ་གཞུ་ཅན། །དཔའ་བོའི་རྒྱུད་དང་འཁོར་ལོའི་ལག །དེ་སོགས་ཁྱབ་འཇུག་མིང་ཡང་མང་། །སྟོབས་བཟང་དང་ནི་སྦྱར་མའི་བུ། །ལག་ན་བཤོལ་དང་གཏུན་ཤིང་ཅན། །དེ་སོགས་ཁྱབ་འཇུག་སྤྱན་ཡའི་མིང་། །མྱོས་བྱེད་རབ་སྟོབས་ཉེས་རེག་དང་། །ལུས་མེད་ཆུ་སྲིན་རྒྱལ་མཚན་ཅན། །མེ་ཏོག་མདའ་ཅན་མེ་ཏོག་གཞུ། །དེ་སོགས་དགའ་རབ་དབང་ཕྱུག་མིང་། །དེ་ནི་ཁྱབ་


CMR058_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་བུ་ཡིན་ནོ། །དེ་ཡི་བུ་མིང་སྣ་ཚོགས་རིག །ཉག་ཕྲན་བདག་དང་ཚངས་པའི་སྐྱེས། །ཁྱབ་འཇུག་དེ་ཡི་ཆུང་བའི་མིང་། །པད་ཅན་དཔལ་དང་དབྱངས་བདག་སོགས། །ཁྱབ་འཇུག་ཞོན་པའི་མིང་དག་ནི། །འདབ་བཟང་ཀླུ་ཡི་མཐར་བྱེད་དང་། །ཁྱབ་འཇུག་ཤིང་རྟ་དུག་འཇོམས་དང་། །མཁའ་འགྲོའི་དབང་ཕྱུག་ལྟོ་འདྲེ་ཟ། །རྣམ་འདུལ་ལས་སྐྱེས་འདབ་ལྡན་ནོ། །རྩེ་གསུམ་ཅན་དང་མགྲིན་སྔོན་དང་། །རི་ཡི་བདག་པོ་གངས་རིའི་བདག །ཀུན་མཁྱེན་འཆི་ལས་རྒྱལ་བ་དང་། །དྲག་ཤུལ་ཅན་དང་ཐོ་པ་འཕྱང་། །གཙུག་ན་ཟླ་བ་མདུང་ཐོགས་དང་། །ཕྱུག་བདག་ནད་འབྱུང་སྲིད་པ་འཇིག །བདེ་བྱེད་དབང་ལྡན་དབང་ཕྱུག་མིང་། །དཀར་མོ་ནག་མོ་སྲིད་པ་མ། །དྲག་མོ་གསོད་མ་རི་ཁྲོད་མ། །རི་ཁྲོད་མ་དང་ཀུན་གྱི་མ། །དེ་སོགས་ཨུ་མའི་མིང་དུ་བཤད། །དབང་ཕྱུག་ཆེ་ཆུང་ཚོགས་བདག་མིང་། །བགེགས་རྒྱལ་སོགས་འདྲེན་ཧེ་རཾ་པ། །ལྟོ་འཕྱངས་མཆེ་༧ གཅིག་གླང་པོའི་གདོང་། །དབང་ཕྱུག་བུ་ཕོ་ཆུང་བའི་མིང་། །སྨིན་དྲུག་གདོང་དྲུག་ས་ག་སྐྱེས། །གཙུག་ཕུད་ཅན་ག་གཞོན་ནུའོ། །མཆོད་སྦྱིན་བརྒྱ་པ་འོད་ཁྱབ་དང་། །ནུས་ལྡན་


CMR058_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་རིས་བདག་པོ་དང་། །སྟོབས་ཀྱིས་དགྲ་དང་བདེ་སོགས་བདག །ཆར་འབེབས་ལྷ་ཡི་བདག་པོ་དང་། །རྡོ་རྗེ་ཅན་དང་ལེགས་སྐྱོབ་སོགས། །མིག་སྟོང་སྤྲིན་ཞོན་བརྒྱ་བྱིན་མིང་། །བདེན་སྨྲ་མཐོང་ལས་སྐྱེས་དབང་མོ། །རྒྱལ་བྱིན་བཙུན་མོའི་མིང་དུ་གྲགས། །དགའ་བའི་ཚལ་དང་འཆི་མེད་གནས། །རྣམ་རྒྱལ་ཆོས་བཟང་ནགས་ན་གནས། །རྒྱལ་བྱིན་ཞོན་པ་མཆོས་བྱུང་དང་། །སྤྲིན་གྱི་གླང་པོ་སྒྲ་སྒྲོགས་ཟེར། །རྒྱལ་བྱིན་མཚོན་ཆ་ལག་ཉལ་དང་། །འཇིགས་བྱེད་དག་ནི་རྩེ་བརྒྱ་པ། །ལྷ་ཡི་བཏུང་བྱ་བཏུང་བདེ་དང་། །ཆུ་བོ་ལ་འབབ་མཐོ་རིས་ཀླུང་། །ནམ་མཁའི་གང་ག་ལྷ་རི་སོ། །ལྷུན་པོ་འཆེར་བྱེད་ལྷ་ཡི་གནས། །རིན་ཆེན་རྡུལ་རྩེགས་གསེར་གྱི་རི། །དེ་དག་ལྷ་གནས་རི་རབ་མིང་། །ཡོངས་འདུས་དཔག་བསམ་ལྗོན་པའི་མིང་། །ཡིད་མོས་དང་ནི་རྒྱ་མཚོ་སྐྱེས། །ལེག་བྱས་དབང་པོ་ཚིམ་བྱེད་དོ། །ལྷ་ཡི་བུ་མོ་རྣམས་ཀྱི་མིང་། །ཀུན་འགྱེད་གཞོན་ནུ་ནད་སེལ་དང་། །མི་བདེན་མེད་དང་ཐ་དཀར་སྐྱེས། །རྒོད་མའི་བུ་དང་རྣམས་བྱེད་བུ། །ཤར་ལྷོའི་ཕྱོགས་སྐྱོང་མེ་ལྷའི་མིང་། །འཁྱོག་འབར་སྲེག་ཟ་ནོར་ལས་རྒྱལ། །གསལ་བྱེད་ལུས་འཕེལ་


CMR058_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་སྒྲ། །འོ་ཆེན་རླུང་གིས་རོག་པོ་དང་། །རྩ་ཟན་བསྲེག་ཟ་མཚུན་ཐོབ་བྱེད། །འོད་བཀྲ་འོད་གསལ་རྒོད་མ་ཅན། །དེ་བཞིན་མེ་ཡི་རེག་བྱའི་མིང་། །ཡོངས་སུ་གདུང་བ་ཚངས་པ་ཅན། །ལྷོ་ཕྱོགས་བདག་པོ་ཆོས་རྒྱལ་མིང་། །འཆུང་འཇུག་མཐར་བྱེད་ཕ་ཡི་བདག །དུས་འཛིན་ཡ་མུ་ན་ཡི་སྤུན། །གོས་བྱེད་བཀའ་སྡོད་རབ་སོང་རྒྱལ། །ཞི་སྒྲུབ་དང་ནི་མཚུངས་ལ་རོལ། །ལྷོ་ནུབ་བདག་པོ་སྲིན་པོའི་མིང་། །ཁྲག་འཐུང་ཟ་བྱེད་ཤ་ཟ་དང་། །བསྲུང་པོ་ཀུན་གསོད་མཚན་མོ་རྒྱུ། །བསྙེན་པར་བསྟོད་དང་མཚན་མོ་རྒྱུ། །སྲུང་བ་པ་དང་ཕྱོགས་ཀྱི་བུ། །ནུབ་ཕྱོགས་བདག་པོ་ཀླུ་ཡི་མིང་། །ཆུ་སྤྱོད་བདག་པོ་ཞགས་པ་ཅན། །མཆོག་གཏེར་རབ་སེམས་ཆུ་བདག་གོ །ནུབ་བྱང་རླུང་ལྷའི་མིང་རྣམས་ནི། །ཡང་དག་རྒྱུག་དང་རྟ་དམར་ཅན། །རྟག་འདྲ་དྲི་ལེན་མྱུར་འགྲོ་དང་།་།གནས་མེད་དྲི་ཞོན་སིམ་བྱེད་སོགས། །མཁའ་བདག་དག་བྱེད་སྐྱེ་འགྲོའི་སྲོག །བྱང་ཕྱོགས་བདག་པོ་གནོད་སྦྱིན་མིང་། །གསང་བའི་བདག་པོ་ནོར་སྦྱིན་དང་། །མིའམ་ཅི་དབང་ནོར་སྦྱིན་རྒྱལ། །མི་ཡི་ཆོས་ལྡན་འོད་ཡང་བུ། །དཔལ་གཏོར་དབང་ཕྱུག་མི་ལ་


CMR058_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཞོན། །བསོད་ནམས་སྐྱེས་དང་མིག་གསུམ་པོ། །ལུས་ངན་དྲག་པོ་རྣམ་སྲས་མཚན། །དེ་ཡི་བུ་ནི་གར་མཁན་མཆོག །ཆལ་ནི་སྣ་ཚོགས་ཤིང་རྟ་སྟེ། །གྲོང་ཁྱེར་བརྒྱད་པ་ཅན་ཞེས་བྱ། །ཤིང་རྟ་མེ་ཏོག་རྒྱན་པ་ཅན། །དེ་ཡི་འཁོར་དུ་གནས་པ་ཡི། །མིའམ་ཅི་ཡི་མིང་དག་ནི། །ཅེ་ཡི་སྐྱེས་བུ་རྟ་ཡི་གདོང་། །འདྲོ་འགྱོགས་ཞེས་ཀྱང་བྱ་བ་ཡིན། །གནོད་སྦྱིན་རྒྱལ་པོའི་གཏེར་གྱི་མིང་། །གཉེན་གཏེར་གཏེར་གྱི་གཙོ་བོ་སྟེ། །དབྱེ་ན་དུང་དང་པདྨའི་གཏེར། །ནམ་མཁའི་མིང་གི་མངོན་བརྗོད་ནི། །ཀུན་འགེབ་འཁོར་ལོ་གོ་འབྱེད་དང་། །ཆུ་སྒྲོག་ལྷ་རྩེན་རོལ་པ་དང་། །ལྷ་ལམ་མཐའ་བྲལ་དབུས་ན་གསལ། །ཀུན་འགྲོ་མི་གསལ་ཁྱབ་འཇུག་གནས། །མུ་ཁྱུད་འཁོར་ཡུག་ལྕགས་རིའི་མིང་། །ཆུ་ཡི་བཞོན་པ་ཆུ་ཁུར་དང་། །སྒྲ་སྒྲོགས་ཆུ་འཛིན་རྒྱུན་འཛིན་དང་། །རླབས་འཛིན་གློག་ཅན་ཆུ་འབྱིན་དང་། །སྤྲིན་ཕྲེང་ཆུ་ཡི་རྩ་མགུ་བྱེད། །དེ་དག་སྤྲིན་གྱི་མིང་དུ་འདོད། །སྤྲིན་གྱི་འོད་ཟེར་འཕྲོ་འཛོམ་དང་། །རྡོ་རྗེའི་ཟེར་འཕྲོ་ཆུ་ལས་འབར། །ལྕེ་འབབ་གནམ་ལྕགས་ཐོག་གི་མིང་། །ཀུན་ནས་འབབ་དང་ཡང་ལྷུང་དང་། །བར་ཟིལ་ཅན་དང་དགུང་ཆར་དང་། །


CMR058_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་གྱི་བཅུད་དང་སྤྲིན་ལས་བྱུང་། །ཆུ་ཡི་ཟེགས་མ་མཁའ་ལས་འབབ། །ཆར་རྒྱུན་ལ་སོགས་ཆར་གྱི་མིང་། །འཇའ་ཚོན་རང་བཞིན་དམར་པོ་ནི། །རོ་ཧི་ཏ་ཞེས་བྱ་བ་སྟེ། །དྲང་འཁྱོག་རྒྱལ་བྱིན་གཞུ་ནི་འཇའ། །རྡོ་ཆར་སྡང་བྱེད་སེར་བའི་མིང་། །སྤྲིན་གྱི་སྒྲིབ་བྱེད་ཉེ་བར་ནུབ། །ཁེབ་པ་ཉི་མ་ངན་ཡུལ་ངན། །ཀུན་མུན་གཉེན་དང་བསིལ་ཟེར་ཅན། །བསིལ་བྱེད་འོད་དང་འོད་དཀར་ཅན། །མཚན་མོའི་བདག་པོ་རི་དྭགས་མཚན། །རྒྱུ་སྐར་དབང་ཕྱུག་རི་བོང་འཛིན། །འོད་གཟུགས་དཀྱིལ་འཁོར་བཅུ་དྲུག་ས་ཆ། །འཚེར་ལྡན་ཀུན་ཕན་འབིལ་འོད་ཅན། །དེ་ལ་སོགས་པ་ཟླ་བའི་མིང་། །སྐར་མ་རི་བྱི་བུམ་པ་སྐྱེས། །སྐར་མ་འོད་ཆེན་ཆུ་ལྷའི་བུ། །རྒྱས་བྱེད་ཚིམ་བྱེད་རྒྱལ་གྱི་མིང་། །དྭ་ཀྭིའི་མོ་ཐ་སྐར་མི་མིང་། །ཁྱུ་མཆོག་རྐང་ནི་ཁྲུམ་གྱི་མིང་། །རི་དང་མགོ་ཅན་མགོ་ཡི་མིང་། །བློ་ལྡན་བླ་མ་ལྷའི་སློབ་དཔོན། །འཚོ་བྱེད་སྨྲ་བའི་བདག་པོ་དང་། །ཅུག་སྤུ་དུམ་སྐྱེས་ཕུར་བུའི་མིང་། །སྙན་ངག་བུ་མོ་མདོག་མཛེས་དང་། །སྙན་ངག་མཁན་པོ་པ་སངས་མིང་། །ལུས་དམར་ས་ལས་སྐྱེས་པའི་བུ། །ས་ལས་བྱུང་སོགས་མིག་དམར་མིང་། །བྲ་


CMR058_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཉེའི་བུ་ཕོ་རྟོག་ལྡན་དང་། །ཟླ་བའི་བུ་ནི་ལྷག་པའི་མིང་། །དལ་འགྲོ་གཟའ་ཆེན་སྤེན་པའི་མིང་། །མུན་ནག་ཅན་དང་མཐོ་རིས་གསལ། །ཟླ་བ་ཟ་དང་སྒྲ་གཅན་དང་། །སེང་གེ་ཅན་སོགས་དུས་མེའི་མིང་། །ཉིན་བྱེད་སྣང་བྱུང་བླ་མེད་གསལ། །སྣང་བྱེད་འོད་བྱེད་བཅུ་གཉིས་བདག །རབ་ཏུ་གསལ་བྱེད་མི་སྦྱིན་སྐྱེས། །རྣམ་གསལ་བྱེད་དང་རྟ་བདུན་པ། །འོད་བཀྲ་རྣམ་པར་སྣང་བྱེད་དང་། །གཟའ་ཡི་བདག་པོ་འོད་དྲོན་ཅན། །ཉིན་མོའི་བདག་པོ་འོད་སྟོང་འཕྲོ། །འོད་འབྱིན་ལ་སོགས་ཉི་མའི་མིང་། །གསལ་བ་མུན་སེལ་འཇལ་འཕྲོ་སྣང་། །འོད་ཟེར་ཅན་སོགས་ཉི་འོད་མིང་། །རི་དྭགས་སྲེད་ནི་སྨིག་རྒྱུའི་མིང་། །ཡང་དག་འགྲོ་དང་བགྲང་བྱ་དང་། །ཚོད་ཅེས་བྱ་བ་དུས་ཀྱི་མིང་། །མུན་གསལ་གནས་འཇོག་ཉིན་མོའི་མིང་། །བྱ་བྲལ་དང་ནི་ཐུན་གསུམ་པ། །སྣང་བ་ཟློག་བྱེད་དལ་བ་གཏེར། །མུན་པ་ཅན་རྣམས་མཚན་མོའི་མིང་། །འཇའ་བྱེད་གང་བ་ཉ་ཡི་མིང་། །རྗེས་འདུ་ལྷག་ནས་གནམ་སྟོང་མེད། །རི་དྭགས་མགོ་ཅན་མིག་འབྱེད་དང་། །ལོ་མགོ་ཞེས་བྱ་སྨལ་པོའི་མིང་། །མེ་ཏོག་ལྡན་པའི་ཟླ་བ་དང་། །སྟེ་ཤར་མི་འབྱེ་རྒྱལ་ཟླ་ཡི། །དཀའ་ཐུབ་ཟླ་བ་མཆུ་


CMR058_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཟླའོ། །འབྲས་བུའི་ཟླ་བ་དབོ་ཟླ་ཡིན། །འདོད་ཟླ་ཞེས་པ་ནག་ཟླའོ། །སྦྲང་ཆུ་བྱེད་པ་ས་གའི་མིང་། །རྐང་པ་སྤྲིན་བཟང་ཐུབ་བོ་ཞུ་བ་དག་བྱེད་ཟླ། །ཆུ་སྟོད་ཅན་ཡིན་དེ་བཞིན་དུ། །མི་བཟོད་ཆུ་འཛག་མཁའ་སྒྲ་ནི། །གྲོ་ཞུན་ཅན་དུ་འདོད་པ་ཡིན། །ཁྱུ་མཆོག་དང་། །བ་ལང་རྐང་པ་ཁྲུམས་ཟླའོ། །སྟག་མོ་ཟླ་བ་རྒོད་མ་ཅན། །རྒོད་མ་ཐ་སྐར་ཟླ་བའི་མིང་། །མང་གཏེར་སྤྲོ་བ་ཅན་སྨིན་དྲུག །ཁ་བ་འབབ་དང་དྲང་དུས་རྒྱུན། །བདེ་བྱེད་མེ་ཏོག་དུས་ནི་དཔྱིད། །དྲོད་འབེབས་ཏུལ་དུས་ཚད་པ་ཅན། །ཆར་ཟླ་ཆར་པའི་དུས་ནི་དབྱར། །སྨིན་པའི་དུས་ནི་སྟོན་ཟླའོ། །འདོར་བྱེད་ཡོངས་བསྒྲང་བསྒྲང་གཞི་དང་། །རང་སྐྱོབ་ཅེས་པ་ལོ་ཡི་མིང་། །ཡོངས་འཇོམས་ཟ་ས་རབ་ནུབ་མཐའ། །རབ་ཐིམ་རབ་ནུབ་བསྐལ་པའི་མིང་། །བཟང་ལས་འཇོམས་དང་བཟང་པོ་སྤངས། །རྨས་བྱེད་དགེ་མཛད་སྡིག་པའི་མིང་། །རབ་བསྔགས་ལེགས་བྱས་འདོད་འབབ་དང་། །འཛིན་སྦྱོང་དགེ་བའི་མིང་། །ཚིམ་བྱེད་རབ་མགུ་བྱེད་རང་བྱེད། །སྤྲོ་བྱེད་རྣམས་ནི་དགའ་བའི་མིང་། །ཞི་བྱེད་བསྔགས་འོས་ཕན་ཐོབ་དང་། །བཟང་སྙེག་སྐལ་བཟང་བསོད་


CMR058_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་མིང་། །བསྒོ་སྐལ་ལྷས་བསྐོས་སྔོན་བྱས་དང་། །ཕྱེད་བསྐོས་ཁ་རྗེ་དབང་ཐང་མིང་། །རྒྱུ་དང་བྱེད་པ་ས་བོན་མིང་། །ཞིང་ཤེས་སྐྱེས་བུ་བདག་གིས་མིང་། །སྲོག་ལྡན་ཤེས་ཅན་སུས་ཅན་དང་། །སེམས་དཔའ་གྲོགས་བྱེད་སྐྱེ་བོའི་མིང་། །ཡིད་འགྲོ་རྩོལ་བྱེད་ཉེར་དམིགས་དང་། །ལེགས་རྟོགས་བསམ་པ་བློ་གྲོས་མིང་། །ཡང་དག་རྟོགས་དང་སེམས་ལོངས་སྤྱོད། །བསམ་མོན་ཞེས་པ་རྟོག་སྤྱོད་མིང་། །ཡིད་གཉིས་སོམ་ཉི་ཐེ་ཚོམ་མིང་། །མེད་པར་ལྟ་བ་ལོག་ལྟའི་མིང་། །འཚེ་བྱེད་མཁུ་སེམས་གནོད་སེམས་མིང་། །བཟུང་བའི་མཐའ་ནི་གྲུབ་མཐའི་མིང་། །བློ་ལོག་འཁོར་བ་འཁྲུལ་པའི་མིང་། །ཕྱོགས་བཟུང་ཁས་འཆེ་དམ་བཅའི་མིང་། །ཡང་ཐོབ་ངེས་བྱས་གཉེན་བྱས་དང་། །ངེས་བཟུང་ཐར་པའི་བློ་གྲོས་འང་དེ། །ངེས་པར་ལོག་དང་རབ་བསྔགས་དང་། །འཆི་མེད་གྲེལ་བ་སྤང་པ་དང་། །མ་འདྲེས་མྱ་འདས་ཐར་པའོ། །མི་ཤེས་མ་རིག་ངར་འཛིན་མིང་། །ལོག་འཐུལ་འདོད་རི་སྣ་ཚིལ་བྱེད། །ངད་བཟང་ཡིད་འཕྲོག་སྤོས་ཀྱི་མིང་། །དྲི་བཙོག་ཏུམ་རི་དྲི་ངན་མིང་། །སྐྱ་སེང་མདོ་སྔགས་མིག་སྟོབས་དང་། །འོད་གསལ་གཞན་ཅོད་དཀར་པོའོ། །རི་


CMR058_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་མདོག་ནི་ངང་པའོ། །རྙིང་པོའི་མདོག་དང་དཀར་མིན་ནག །མདོག་སྔགས་སྤུང་བའི་མདོག་སེར་པོ། །སྲུས་ཁ་ལོ་མའི་མདོག་ལྗང་ཁུ། །ཁྲག་མདོག་མདོག་དམར་དམར་པོའོ། །དམར་སྐྱ་པཱ་ཊ་ལ་སྐྱ་རིང་། །ཀ་ན་ད་མདོག་ལེ་བརྒན་མིང་། །དུད་ཁོ་དུ་མདོག་དམར་ནག་མིང་། །སར་སང་ཀར་སེར་སེར་སྐྱའོ། །སྣང་འདྲེས་མ་དང་སྣ་ཚོགས་བགྲང་། །བཀྲ་བ་ཁྲ་བོའི་མིང་དུ་འདོད། །ཚང་བྱུང་མཚོས་བྱུང་དབྱངས་དང་སྒྲ། །ཟུར་ཆགས་སྒྲ་ཉམས་སྒྲ་དམན་མིང་། །ཤེས་འདོད་རྗེས་སྦྱོར་འདྲི་བའི་མིང་། །རྗེས་སྟོན་སླར་བརྗོད་ལན་འདེབས་མིང་། །ངན་བརྗོད་ལོག་པར་སྦྱོར་བ་རྫུན། །ལོག་པར་བསྔགས་དང་མངོན་པར་སྨོད། །སྐུར་པ་འདེབས་པའི་མིང་ཡིན་ནོ། །ལེགས་པ་སྟོན་སྒྲ་བསྟོད་པའི་མིང་། །མཆོད་ཚིག་ལེག་སྒྲོག་སྙེན་དྲང་མིང་། །ཡོངས་སྤྱོད་སྡིག་ཚིག་ངེས་པར་སྒྲོལ། །མི་སྔགས་ཁྲོས་ཚིག་དམོད་པའི་མིང་། །ལབ་ལོབ་ཅལ་ཅོལ་དོན་མེད་གཏམ། །དགེ་གཏམ་ཕན་བྱེད་སྨྲ་བ་དང་། །སྙིང་ལ་འབབ་པ་འཆོས་པའི་ཚིག །ཕན་པར་སྨྲ་བའི་མིང་ཡིན་ནོ། །མི་གསལ་མ་རྫོགས་བརྗོད་ཉམས་ང་། །གླན་ཚིག་བླུན་པོའི་


CMR058_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་ཡིན་ནོ། །བརྗོད་བྱ་མེད་པ་ཡི་གེ་བྲལ། །མི་གསལ་འབྲེལ་མེད་མིང་ཡིན་ནོ། །ཡང་དག་ཡིད་བཞིན་འབབ་པ་དང་། །མི་བསླུ་བ་ནི་བདེན་པའི་ཚིག་།སྒྲ་སྙན་ལེན་སྒྲ་བྲག་ཆའི་མིང་། །དར་རི་ཅ་ཅོ་མང་པོའི་སྒྲ། །རྒྱན་གྱི་སྒྲ་ལ་ཁྲལ་ཁྲོལ་ཟེར། །རབ་འབར་རྩང་བ་སྒེག་པའི་མིང་། །དཔའ་བ་སྤྲོ་བ་སྐྱེད་པར་དྲག །བདག་དབང་བདེ་འགོག་ཐུགས་རྗེ་གཏེར། །རྗེས་སུ་བརྩེ་བ་སྙིང་རྗེའི་མིང་། །རྒོད་བག་བཞད་པ་གད་མོ་འབྱིན། །རྣམ་པར་འགྱུར་བ་མི་སྡུག་གོ །རྨད་བྱུང་མཚར་ཆེ་ངོ་མཚར་ཆེ། །སྣ་ཚོགས་ཞེས་པ་རྔམ་པའི་མིང་། །ཉམ་ང་ཅན་དང་འདིར་འཇུག་དང་། །འཇིགས་རུང་འཇིགས་པ་འཇིགས་བྱེད་དོ། །སྐྱག་བྱེད་སོ་སོར་འཇིགས་དྲག་དང་། །དྲག་ཤུལ་ཞེས་བྱ་དོན་གཅིག་གོ ། སྐག་པ་སྐུ་ཕུང་སྤུ་ཟིང་བྱེད། །སྙེམས་པ་ཡིད་མཐོ་ང་རྒྱལ་མིང་། །ཞུམ་བྱེད་ཡོངས་སུ་སྨོད་པ་དང་། །རྒོལ་དང་བཤུགས་པ་བརྒྱད་བཀག་དང་། །མཆོད་མིན་བྱེད་སོགས་མཚང་འབྲུའི་མིང་། །བཏང་བོས་དཀའ་ཐུབ་བཟོད་པའི་མིང་། །མངོན་སྙེམ་ཞེས་པ་བརྣབ་སེམས་མིང་། །ཞུམ་ཞིང་དཔའ་འཁུམ་མིག་དམན་དང་། །ངོ་ཚ་ངོ་སྨིན་དོན་གཅིག་གོ །མི་


CMR058_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་སྐྱོན་སྒྲོག་ཕྲག་དོག་མིང་། །རྣམ་པར་འགོག་དང་དགའ་སྐྱེད་འགལ། །འཁོན་དུ་འཛིན་པའི་མིང་དུ་བཤད། །རྣམ་པར་སྙིལ་བ་རྗེས་གདུང་དང་། །ཕྱི་ནས་གདུང་བ་འགྱོད་པའི་མིང་། །མི་རུང་མི་མནག་གཞན་སྣུམ་པ། །སེམས་འཁྲུག་འཁྲུག་པ་ཁྲོ་བོའོ། །ཚུལ་ཁྲིམས་མིང་ནི་གཙང་བར་སྤྱོད། །རྗེས་མྱོང་ཡིད་ཀྱི་རྣམ་འགྱུར་དང་། །གོ་བྱེད་ཉམས་ཀྱི་འགྱུར་བར་དཔྱང་། །རྣམ་པར་འཁྲུལ་པ་ཡིད་འཁྲུལ་སྨྱོ། །ཡིད་ཀྱི་ཤིང་རྟ་ཆགས་རྙེད་དང་། །མངོན་འདོད་སྲེད་པ་འདོད་པའི་མིང་། །སེམས་སྣུམ་དགྱེས་པ་སྙིང་སང་དང་། །ཉམས་དགའ་དགའ་བའི་མིང་དུ་བཤད། །ཀུན་འཛིན་ཡིད་དང་ཉེར་འཛིན་དང་། །ཡིད་གདུང་དོན་ལ་སེམས་པའི་མིང་། །ཆོས་ལྡན་ཡིད་དང་སྤྲོ་བར་ཞེན། །རྟུལ་ཕོད་བརྩོན་འགྲུས་མིང་དུའོ། །རྙེད་འདོད་ཚང་འདྲ་རྙེད་དཀར་དང་། །འགེབ་དང་ངན་སྐྱོག་བག་མེད་མིང་། །སྡིག་ལ་དགའ་འདོད་སྐྱོ་བསང་དང་། །ཀུ་རེ་མིང་གི་རྣམ་གྲངས་ཡིན། །ངག་འབྲས་ཞེན་པ་འབྲིས་ཚིག་དང་། །ཡིད་བ་རྟོག་མེད་བསླུ་བའི་མིང་། །མཆོད་ཆེན་ལྷ་གསོལ་དགའ་སྟོན་མིང་། །སྟོབས་ལྡན་གནས་དང་རྐང་འོག་དང་། །འོག་མ་


CMR058_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་འོག་ས་འོག་དང་། །ཀླུ་ཡི་འཇིག་རྟེན་དོན་གཅིག་གོ །བགྲད་མེད་མུན་དང་ཉེར་ནུབ་དང་། །རབ་རིབ་མུན་པའི་མིང་དུའོ། །ཐིག་ལེའི་ལུས་དང་རླུང་གི་དགའ། །མྱུར་འགྲོ་འཁྱོག་འགྲོ་གྱ་གྱུ་འཁྱུག །རྐང་སྦས་འཁྱིལ་པ་མིག་གི་ཐོས། །དུག་འཛིན་ལ་སོགས་སྦྲུལ་གྱི་མིང་། །བེའུ་ལྟེ་བ་ཧ་ལ་དུག །འདོད་འབྲས་བྲལ་དང་ངན་འགྲོའི་མཐིལ། །ངན་འགྲོ་དམྱལ་བའི་མིང་དུ་གསུང་། །ངན་ཁྱབ་གྲུབ་མེད་ཡི་དྭགས་སོ། །གཅོད་སྦྱོར་མནག་དཀའ་ངན་མྱོང་དང་། །ཚོར་བ་རྩུབ་པ་སྡུག་བསྔལ་མིང་། །ཆུ་སྲིན་བདག་པོ་ཆུ་གཏེར་རྒྱུདང་། །རིན་ཆེན་འབྱུང་གནས་འབབ་ལྡན་དང་། །ཆུ་རླུང་བདག་པོ་རྒྱ་མཚོའི་མིང་། །མི་འཆི་འཚོ་བ་མཐུར་དང་འགྲོ། །བཏང་འགྲོ་བདེ་མཆོག་ཆུ་ཡི་མིང་། །ཆིལ་སྒྲོག་འཐོར་འགྲོ་ཆ་རླབས་སོ། །རྒྱུག་ཆུ་རྒྱུན་འཁྱོག་ཆུ་ཀླུང་ངོ་། །ཆུ་ངོགས་འགྲམ་དང་ཕན་ཚུན་ངོགས། །ཆུ་དབུས་དབུས་མ་ཆུ་ཡི་རྐང་། །གླིང་ཞེས་བྱ་བ་ཅིག་ཏུ་གོ །བྱིང་པ་རྫོབ་དང་འདམ་རྫབ་གཅིག །བསྐུལ་འགྲོ་སྒྲོལ་བྱེད་འཕྱེས་འགྲོ་གྲུ། །ན་ཀྲ་དང་ནི་ཀུམ་བྷི་ར། །མ་ཀ་ར་ནི་ཆུ་སྲིན་མིང་། །ཤུག་ངན་དཔའ་རྐང་རུ་སྣལ་ལོ། །ཁྲག་འཐུང་ཆུ་ཤིག་འབུ་ཡི་


CMR058_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

མིང་། །ད་བྱིད་སྐྱིན་འཁོར་སུམ་གྱི་མིང་། །མུ་ཏིག་མུ་ཏིག་སྐྱལ་པ་དང་། །ཉ་སྐྱོག་ཉ་ཕྱིས་མིང་དོན་ཅིག །སྐམ་བུ་ར་ནི་དུང་གི་མིང་། །འཕར་འགྲོ་སྦལ་པའི་མིང་དུའོ། །རབ་ཟི་མ་ཅན་འདྲེན་ཆུ་སྐྱོབ་ཁྲོན་པ་སྟེ། །ཡང་བསྐོས་ལྷས་བསྐོས་རྫིང་བུ་ཡིན། །པད་མའི་འབྱུང་གནས་ཆུ་གནས་འབབ། །སྒྲ་ལྡན་ཞེས་བྱ་མཚོ་བྲན་ནོ། །ཟི་མ་ཅན་དང་རྦ་རླབས་ཅན། །འཁྱུས་འགྲོ་སྒྲ་ལྡན་ཆུ་དོག་ཅན། །གཡོ་བ་ཅན་དང་རླུང་ཅན་དང་། །གཞོལ་འགྲོ་རྨུན་ཅན་ཆུ་བོའི་མིང་། །ཆུ་ཡི་ལམ་ནི་ཝ་ཏི་ཟིར། །རྐང་འདྲེས་བཅིང་དང་བཟང་རྩིབ་རྙེད། །ཆུ་རྒྱན་འདབ་བརྒྱད་འདབ་སྟོང་པ། །མཚོར་སྐྱེས་ཟེའུ་འབྲུའི་ཕྲེང་ལྡན་པ། །ཆབ་འཁྲུངས་སྡོང་བུ་སྐྱེས་པད་མ། །སྡོང་བུ་ཆུ་ལ་རྐང་བུ་གཅིག །ཟེ་བ་གེ་སར་ཟེ་འབྲུ་གཅིག །སྦྲུལ་མིང་འཁོར་ལོ་ཅན་ལ་སོགས། །དོན་མང་མངོན་བརྗོད་འདིར་མ་བྲིས། །གང་གའི་མིང་ལ་ཁྱབ་འཇུག་སོགས། །དེ་སོགས་བོད་དུ་མི་མཁོ་་སེམས། །འདི་ནི་ཉེར་མཁོ་ཤིན་ཏུ་བསྡུས། །ས་པཎ་དང་ནི་ཟུར་མཁར་སོགས། །མཁས་པའི་གསུངས་ལས་གོ་བདེར་བསྐོལ། །བདག་ནི་མཁས་མིན་མཁས་འདོད་མིན། །


CMR058_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་དང་རྙེད་པའི་ཕྱིར་མ་ཡིན། །རིག་གནས་ཀུན་ལ་མ་སྦྱངས་ན། །ཀུན་མཁྱེན་ཐོབ་པར་མི་འགྱུར་ཕྱིར། །སྙན་ངག་དང་ནི་མངོན་བརྗོད་ལ། །འདི་དག་ཙམ་གྱིས་འབྲེལ་བཞག་པས། །བདག་ནི་ཚེ་རབས་ཐམས་ཅད་དུ། །དབྱངས་ཀྱི་ལྷ་མོས་རྗེས་བཟུང་སྟེ། །རྒྱལ་བའི་བསྟན་པ་གསལ་བྱེད་ཅིང་། །མཁས་རྣམས་མགུ་བར་བྱེད་པ་ཡི། །གསུངས་དབྱངས་དྲུག་ཅུའི་ངག་ལྡན་ཤོག །ནོར་འཁྲུལ་འགལ་བར་གང་མཆིས་རྣམས། །མཁས་པའི་ཚོགས་ལ་ནོངས་པས་འཆགས། །འདི་ཕྱིའི་སྒྲིབ་པར་མ་གྱུར་ཅིག །དེ་སྐད་རཱ་ག་ཨ་སྱས་སྨྲས། མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ཀུན་རྫོབ་བྱེ་མ་ལག་ཁྲིད།


CMR058_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་བྱེ་མ་ལག་ཁྲིད་བཞུགས་པའི་དབུ་ཕྱོགས་ལགས་སོ།


CMR058_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ས་དཔྱད་བྱེ་མ་ལག་ཁྲིད་ཅེས་བྱ་བ། །དང་པོ་ནམ་མཁའ་བར་སྣང་བརྟག་པ་ལ། གནམ་དབྱིབས་འཁོར་ལོ་རྩིབས་བརྒྱད་འདྲ་བའམ། །ཡང་ན་ཟླུམ་པོ་གྲུ་བཞི་ལ། །ཕྱོགས་མཚམས་ཆུང་ཞིང་རྒྱ་ཆེ་བ། །ཉི་ཟླའི་བགྲོད་ཐག་རིང་ན་བཟང་། །ཟླ་གམ་ནར་པོ་ཟུར་གསུམ་ངན། །བར་སྣང་གསལ་དང་དྭངས་པ་དང་། །བྱང་ཕྱོགས་ནམ་མཁའ་མི་མངོན་དང་། །ཤར་ལྷོ་ནུབ་གསུམ་གསལ་ན་བཟང་། །གཅན་གཟན་སོ་བསྣོལ་འདྲ་ན་ངན། །བུག་གམ་རལ་ན་ངན་པར་བཤད། །རི་རབ་འདུག་ལུགས་བརྟག་པ་ནི། །རི་


CMR058_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བསྡུ་ན་རྣམ་པ་ལྔ། །མཆོད་རྟེན་བུམ་པ་རྡོ་རྗེ་སོགས། །འདྲ་དཔེ་དངོས་གཟུགས་རྫ་ས་ཀྱི་རི། །ཁྱུང་འབྲུག་སེང་སྟག་གླང་ཆེན་སོགས། །སྲོག་ཆགས་འདྲ་བ་གཟུགས་ཀྱི་རི། །དེ་ལ་འགྲོ་ལུགས་རྣམ་བཞི་སྟེ། །འགྲོ་འདུག་ཉལ་དང་འགྲོས་འདྲ་བ། །དེ་རྣམས་གང་ཡང་མི་འདྲ་ན། །འཁྱོག་པའི་རི་ཞེས་བྱ་བ་ཡིན། །རྒྱལ་འབངས་མདུན་རྒྱབ་བརྟག་པ་ནི། །རྒྱལ་པོའི་རྟགས་སུ་ལ་ཐོད་ནི། །དབྱར་མི་ཞུ་བའི་གངས་ཤིག་དགོས། །བཙུན་མོའི་རྟགས་སུ་བྲང་རྒྱན་ནི། །དགུན་མི་བསྐམ་པའི་མཚོ་ཞིག་དགོས། །གདན་དང་ཐུ་བ་འདམ་གཅིག་གཅེས། །དེ་རྣམས་


CMR058_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་འབངས་ཀྱི་རི། །མདུན་རི་དགུ་བ་མདུན་ལ་གྱེས་པ་རྒྱབ། །ཐུ་བ་ཡོད་པ་མདུན་ལ་མེད་པ་རྒྱབ། །འབབ་ཆུ་ཡོད་པ་མདུན་ལ་མེད་པར་རྒྱབ། །མང་པོར་རྩེ་མོ་གར་གསལ་མདུན། །རི་རྒྱ་ཆེ་ཞིང་རྩེ་མོ་སྦོམ། །བྲག་ཆའི་སྐད་སྦོམ་ཕོ་ཡི་རི། །དེ་ལས་ལྡོག་པར་མོ་ཡི་རི། །དེ་ལྟར་ཀུན་ལ་ཤེས་པར་བྱ། །ཡོན་ཏན་ལྡན་པའི་ས་ལྔ་བསྟན་པ་ནི། །རི་བཟང་རྩ་བ་ཆུ་ཡིས་བསྐོར། །གཡས་གཡོན་གཉིས་སུ་ཆུ་མིག་འབབ། །རྩེ་ལ་ན་བུན་རྒྱུན་མི་འཆད། །དམུ་ཐག་གནམ་དུ་འཐེན་པའི་ས། །བྲག་དཀར་རྩེ་ལ་གངས་དཀར་ཐོད། །རི་སྣ་ཐང་བསྐོར་ཐང་མཐའ་འཁྱིལ། །དབུ་ཞྭ་རྐང་ལྷམ་མཛེས་པའི་ས། །ལམ་དང་རིམ་པ་མང་པོ་བརྩེགས། །རི་ཆེན་གདན་ཐབས་བརྩིགས་པའི་སྟེང་། །མདུན་དུ་མཚོ་དང་མེ་ཏོག་རྒྱས། །རིན་ཆེན་མཎྜལ་ཚོམ་བུ་འམ། །ཡངས་མཐོ་མཚོ་ནང་དིལ་འབུར་མངོན། །གསང་ཤ་སྡེར་དུ་བཀོད་པའི་ས། །འདི་རྣམས་འཛོམས་པའི་ས་བརྟན་ནོ། ཚེ་རིང་ནད་མེད་མི་ནོར་འཕེལ། །བཙན་ཕྱུག་འཛོམས་པའི་ཡོན་ཏན་ཡོད། །བཟང་ཞིང་རག་པ་ལྔ་བསྟན་པ་ནི། །རྒྱབ་རི་རྩེ་འཛིན་དར་ལ་རག །རྩེ་མཐོ་རྒྱ་ཆེ་བཟང་བ་ཡིན། །ཚེ་རིང་དམུ་


CMR058_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་བཟང་ལ་རག །སྒང་རྒྱུད་མ་ཆད་འབྲེལ་ན་བཟང་། །འཕེན་དམའ་ཤིང་དང་ཆུ་ལ་རག །ལུང་པ་ཆུ་འབབ་ཡངས་ན་བཟང་། །མདུན་དུ་ཆུ་མདུད་མང་ན་བཟང་། །ཕྱུག་དང་དབུལ་ནི་ལེན་ལ་རག །ཆུ་མང་ཞིག་རལ་མེད་ན་བཟང་། །དཔའ་དར་སྲུང་བ་བཞི་ལ་རག །ཕྱོགས་བཞིར་ལྷ་བཞི་ཚང་ན་བཟང་། །གདབ་པའི་ས་ལྔ་བསྟན་པ་ནི། །ཚེ་རིང་སྲོག་བརྟན་བྲག་ལ་གདབ། །ལྷུན་སྟག་རྩེ་མོ་རྣོ་ན་བཟང་། །རྨང་པོ་འཕེན་འདོད་ཤིང་ལ་གདབ། །ནགས་ཚལ་རྒྱ་ཆེ་འཐུག་ན་བཟང་། །དབུལ་པོ་ཕྱུག་འདོད་ན་བར་གདབ། །རྒྱ་ཆེ་ཕོ་བ་བརྒྱང་འདྲ་བཟང་། །བརྟན་པར་འདོད་ན་ཐང་ལ་གདབ། །ཤས་འཐུག་འདེབས་མིག་འབུར་ན་བཟང་། །སྲིད་ཀྱི་འཇོག་པོ་ཆུ་ལ་རག །མདུན་འབབ་རྒྱུན་མི་ཆད་ན་བཟང་། །དུར་སའི་རྩེ་འཛིན་དམག་དཔོན་བདུན་བསྟན་པ་ནི། བྲག་དཀར་གངས་དཀར་རྩེ་རྣོ་བ། །ལྷ་ཡི་དམག་དཔོན་ཡིན་པས་བཟང་། །སྤང་རི་རྒྱ་ཆེ་ལྷུན་སྡུག་པ། །ཀླུ་ཡི་དམག་དཔོན་ཡིན་པས་བཟང་། །སྤང་རི་ཆེན་པོ་ལྷུན་ཆགས་དེ། །ཡུལ་པའི་དམག་དཔོན་ཡིན་པས་བཟང་། །གཡའ་རི་རྫ་རི་རྒྱ་ཆེ་དེ། །གཉན་གྱི་


CMR058_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

དམག་དཔོན་ཡིན་པས་བཟང་། །བྲག་དམར་ཟུར་དང་རྩེ་རྣོ་བ། །བཙན་གྱི་དམག་དཔོན་ཡིན་པས་བཟང་། །ཁྲག་ནག་རྟ་སོ་མདུང་རྩེ་འདྲ། །བདུད་ཀྱི་དམག་དཔོན་ཡིན་པས་ངན། །ས་སྔོན་ས་སེར་གཡའ་མ་དང་། །ཀླུ་གཉན་ཡིན་པས་གདུག་པ་ཙམ། །བཟང་པོ་གདམས་ལ་ངན་པ་སྤང་། །གཅེས་པའི་ས་རྣམ་པ་བདུན་བརྟན་པ་ནི། །གངས་རི་བྲག་དཀར་རྒྱུན་རིང་ཞིང་། །ལྷུན་སྟུག་རྩེ་མོ་རྣོ་བ་དེ། །རྒྱལ་རིགས་གྲགས་པའི་ས་རུ་གཅེས། །གཡའ་རི་སྨུག་པོ་ལྷུན་ཆགས་དེ། །རྗེ་རིགས་བློན་པོའི་ས་རུ་གཅེས། །བྲག་བཟང་རི་བོ་རྩེ་རྒྱལ་དེ། །དཔལ་རྩལ་ཅན་གྱི་ས་རུ་གཅེས། །འབྲུ་ཡི་ཕུང་པོ་སྤུངས་འདྲ་དེ། །དགོན་པ་རྣམས་ཀྱི་ས་རུ་གཅེས། །ན་བ་རྒྱ་ཆེ་ཤས་བཟང་བ། །ཕྱུག་པོ་ནོར་འདོད་ས་རུ་གཅེས། །མདུན་དུ་མགྱོགས་པའི་ཆུ་འབབ་པ། །འཕེན་འདོད་སྲིད་ཀྱི་ས་རུ་གཅེས། །ཆུ་མིག་ལུ་མ་འབབ་འདྲ་བ། །བུ་སྲིང་སྨན་གྱི་ས་རུ་གཅེས། །སྤྱིར་བཟང་བའི་ས་རྣམ་པ་བདུན་བསྟན་པ་ནི། །ཕོ་ཡི་དུར་དང་མཁར་གྱི་ས། །མཐོ་ལ་རྔམ་པ་བཟང་བ་ཡིན། །མོ་ཡི་དུར་དང་ཁང་པའི་ས། །དམའ་བ་ཡིན་པས་བཟང་བ་ཡིན། །ཕྱག་རྩེ་སུམ་བརྩེགས་


CMR058_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ཐོག་དེ། །དགེ་བཤེས་རྒྱལ་རྒྱུད་ས་རུ་བཟང་། །མཆོད་རྟེན་པོ་ཏི་བརྩེགས་འདྲ་བ། །རབ་བྱུང་བཙུན་པའི་ས་རུ་བཟང་། །གཡུང་དྲུང་རྔ་ཤང་འདྲ་བའི་ས། །གཤིན་རབ་བོན་གྱི་ས་རུ་བཟང་། །མཐོ་ཞིང་འཕགས་པའི་ས་མིག་དེ། །ཚེ་རིང་བཀྲ་རྒན་ས་རུ་བཟང་། །རིམ་པ་བཞིན་དུ་ཚོགས་འདྲའི་སྨད། །དམའ་ལ་ཡངས་པའི་ས་མིག་དེ། །བུད་མེད་རྒྱས་པའི་ས་རུ་བཟང་། །ཚེ་རིང་བུ་མང་རིམ་པར་བསྟོད། །ཤི་ལུགས་བཟང་ངན་དག་ལའང་སྦྱར། །བཟང་པོ་བཟང་དུ་མི་ཐུབ་པའི་ས་བཅུ་བསྟན་པ་ནི། །རྒྱལ་མཚན་རྩེ་དང་གདུགས་ཀྱི་ཏོག །བུམ་པའི་ཁ་རྒྱུན་འདྲ་བ་གསུམ། །དགེ་བའི་བཤེས་གཉེན་མ་གཏོགས་པ། །བཙུན་པ་ཕལ་གྱིས་ཐུབ་པར་དཀའ། །རྒྱལ་པོའི་ཐུགས་དང་གླང་ཆེན་གཙུག །སེང་གེའི་གཡུ་རལ་རྣམ་གསུམ་དེ། །རྗེ་རིགས་ས་བདག་མ་གཏོགས་པ། །བློན་འབངས་ཕལ་གྱིས་ཐུབ་པར་དཀའ། །འབྲོང་རུ་དར་མའི་རྭ་བར་དང་། །བྱ་ཁྱུང་ནོར་བུ་རྨ་བྱའི་མདོངས། །ཆེ་བཙན་ལྡན་པ་མ་གཏོགས་པ། །སྐྱེ་བོ་ཕལ་གྱིས་ཐུབ་པར་དཀའ། །སྐྱ་ཁྲའི་གཤོག་སྟེང་སྟག་གི་འཛུམ། །གཅན་གཟན་གདུག་པའི་སྙིང་ག་


CMR058_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། །དྲག་རྩལ་ལྡན་པ་མ་གཏོགས་པ། །སྐྱེ་བོ་ཕལ་གྱིས་ཐུབ་པར་དཀའ། །ཕྱག་རྩེ་རྩེ་གསུམ་བརྩེགས་གདན་ཁྲིའི་སྟེང་། །ཡོན་ཏན་ལྡན་པ་མ་གཏོགས་པ། །ཡོན་ཏན་མེད་པས་ཐུབ་པར་དཀའ། །མཐོ་ལ་ཡངས་པའི་ས་མིག་དེ། །ཚེ་རིང་བཀྲ་རྒན་མ་གཏོགས་པ། །གཞོན་པ་རྣམས་ཀྱིས་ཐུབ་པར་དཀའ། །སྤང་ཐང་ན་བ་རྒྱ་ཆེ་དེ། །ཕྱུག་པོ་ནོར་ལྡན་མ་གཏོགས་པ། །དབུལ་པོ་རྣམས་ཀྱིས་ཐུབ་པར་དཀའ། །ནགས་ཚལ་འཐུག་པོ་སྤང་ཐང་དེ། །འཕེན་པོ་བུ་མང་མ་གཏོགས་པ། །རྨང་པོ་རྣམས་ཀྱིས་ཐུབ་པར་དཀའ། །ས་བདག་ཀླུ་གཉན་བཟང་བའི་གནས། །མི་རྒྱུད་གཙང་མ་མ་གཏོགས་པ། །སྐྱོན་ཅན་རྣམས་ཀྱིས་ཐུབ་པར་དཀའ། །རི་ཞབས་ཐང་མཐའ་ཆུ་འགྲམ་དེ། །ཕོ་བྲན་རིགས་ངན་མ་གཏོགས་པ། །ཡ་རབ་རྣམས་ཀྱིས་ཐུབ་པར་དཀའ། །འཇོག་པོ་ཕོ་མོའི་རྟགས་བསྟན་པ་ནི། །རི་ཡི་ཕོ་མོ་རྩེ་མོས་འབྱེད། །རི་མགོ་སྦོམ་པ་ཕོ་ལ་ཕྲ་བ་མོ། །ཤིང་གི་ཕོ་མོའབྲས་བུས་འབྱེད། །འབྲས་བུ་ཡོད་པ་ཕོ་ལ་མེད་པ་མོ། །རྡོ་བྲག་ཕོ་མོ་ཟུར་གྱིས་འབྱེད། །ཟུར་ཅན་ཕོ་ལ་ཟུར་མེད་མོ། །ཆུ་ཡི་ཕོ་མོ་འབབ་འཁྱིལ་འབྱེད། །དྲག་འབབ་ཕོ་ལ་དལ་


CMR058_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱིལ་མོ། །ལམ་གྱི་ཕོ་མོ་ཁ་དབྲག་འབྱེད། །ལམ་གཅིག་ཕོ་ལ་ཁ་དབྲག་མོ། །ན་བའི་ཕོ་མོ་ཆུ་ཡིས་འབྱེད། །ཆུ་འགོ་ཉུང་བ་ཕོ་ལ་མང་བ་མོ། །ས་ཡི་ཕོ་མོ་འབུར་གཤོང་འབྱེད། །འབུར་བ་ཕོ་ལ་གཤོང་བ་མོ། །འདེབས་ཀྱི་ཕོ་མོ་གཡས་གཡོན་འབྱེད། །གཡས་འདེབས་ཕོ་ལ་གཡོན་འདེབས་མོ། །བྱིས་སྦ་ཕོ་མོ་འཇོག་སའི་ས་ལ་དཔྱད། །ཆུ་འབབ་ཕོ་ལ་འཁྱིལ་བ་མོ། །ཤིང་གི་བཟང་ངན་བསྟན་པ་ནི། །རྩེ་འཛིན་རྒྱབ་རི་གང་རུང་ལ། །ཤིང་སྐམ་གཅིག་སྐྱེས་བདུད་མདའ་ཡིན། །སྟོད་དུ་ཤིང་སྐམ་མགོ་ཟླུམ་ཡོད། །ཀླད་པའི་འཛེར་བུ་བྱ་བ་ཡིན། །གཡས་ཀྱི་ཤིང་སྐམ་མགོ་ལེབ་ནི། །ས་ཡི་དབྱག་པ་བྱ་བ་ཡིན། །གཡོན་གྱི་ཤིང་སྐམ་རྩེ་གུག་ནི། །ས་ལ་འཇོར་གྱིས་འབྲུ་ཞེས་བྱ། །ནུབ་ཀྱི་ཤིང་སྐམ་རྐང་གཅིག་ནི། །ལྷ་འདྲེའི་འདུག་ཕུད་སྡུད་པའོ། །ཞབས་ཀྱི་ཤིང་གཅིག་བརྟན་ཕུར་ཡིན། །ལེན་དང་མདུན་རིའི་ཤིང་སྤུན་ཡིན། །ནོར་གྱི་རུ་མ་ཡིན་པས་བཟང་། །སེ་བ་རྟ་ལ་ཉ་བྲིད་འབྲི། །སུ་རུ་ལུག་ལ་སྟག་མ་ར། །གླང་མ་སྤེན་མ་བ་གླང་ཡིན། །ཤིང་སྣ་མང་པོ་ཚོགས་པ་ནི། །ལོངས་སྤྱོད་ཕུན་སུམ་ཚོགས་པའི་བླ་གནས་


CMR058_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཤིང་མདའ་ཡོངས་སུ་ཤེས་པའི་དཔྱད་བྱའོ། །བཟང་ངན་བརྟག་ཐབས་བསྟན་པ་ནི། །མདུན་རྒྱབ་གངས་རི་བྲག་དཀར་ནི། །དགུ་བ་སེང་ཆེན་ཡིན་པར་དཔྱད། །དགྱེ་ན་རྒྱལ་པོ་ཡིན་པར་དཔྱད། །དེ་བཞིན་དགྱེ་དགུའི་བྱེ་བྲག་ནི། །སེར་པོ་སྟག་དང་བློན་པོར་དཔྱད། །དམར་པོ་འཕར་སྤྱང་དམག་མིར་དཔྱད། །ནག་པོ་དོམ་དྲེད་འབངས་སུ་དཔྱད། །སྟེང་གི་ཕ་ཝང་ལེབ་མོ་ནི། །སྤྱི་བོའི་རྡོ་ལེབ་བྱ་བ་ཡིན། །སྟེང་དུ་བྲག་ཐེམ་ཡོད་པ་ལ། །སྣ་གཉིས་མར་ལ་འགུགས་པ་ནི། །ས་མཁན་ལྟག་བདུད་ཡིན་པས་སྤང་། །གཡས་གཡོན་ཕ་ཝང་སྒོ་ཉལ་ཏེ། །འོག་གི་བྲེ་གུ་སྒོ་ཁྱིར་འདོད། །སྟེང་གི་འཇུ་ཐག་བཟུང་བ་དང་། །འོག་གི་བརྟན་ཕུར་ཀུན་ལ་སོགས། །བཟང་ངན་ནོར་ས་མང་བས་གཟབ། །ལམ་གྱི་བཟང་ངན་བསྟན་པ་ནི། །ཤར་གྱི་ལམ་དེ་གྲོགས་ལམ་ཡིན། །ལྷོ་ཡི་ལམ་དེ་དཔལ་གཡང་ཡིན། །ནུབ་ཀྱི་ལམ་དེ་གཤིན་ལམ་ཡིན། བྱང་གི་ལམ་དེ་དགྲ་ལམ་ཡིན།། སྟེང་ནས་ལམ་གྱིས་བཅད་པ་ནི། །ལྟག་པའི་གཉའ་ཤིང་བྱ་བ་ཡིན། །འོག་ཏུ་འཕྲད་ཟུག་ཕྱག་བརྩེགས་བཟང་། །གྱེན་ཐུར་ཟུག་དང་ཐད་དཀར་འགྲོ། །ལམ་སྣ་མང་པོ་ཟུག་པ་


CMR058_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཁ་ལྕེ་རྒྱུན་མི་འཆད་པ་ཡིན། །ལུང་པའི་བཟང་ངན་བསྟན་པ་ནི། སྟེང་གི་ལུང་སྐམ་འཚོང་མི་ཡིན། །འོག་ལུང་སྐམ་པོ་ཉོ་མི་ཡིན། གཡས་ཕྱོགས་ལུང་སྐམ་སྤུང་དབྱུག་ཡིན། །གཡོན་ཕྱོགས་ལུང་སྐམ་སྤྲང་སྐྱེ་ཡིན། །གོང་དུ་ལུང་སྐམ་ཕྲད་ཟུག་ཡོད། །མི་མཐོ་གཉའ་ནོན་བྱ་བ་ཡིན། །འོག་གི་ལུང་སྐམ་ཟབ་མོ་ནི། །མི་ནོར་དོང་དུ་ཤུལ་བ་ཡིན། །ལུང་པ་ཆུ་མེད་མང་པོ་ནི། །མི་རྒྱུད་དབུལ་པོར་འགྲོ་བ་ཡིན། །འོག་ཏུ་ཀོ་མོག་རི་སྤང་སོགས། །བུག་དང་རལ་བ་ཐམས་ཅད་ངན། །བཟང་པོ་རྒྱུན་མི་འཆད་པ་ལྔ་བསྟན་པ་ནི། །དཀྱིལ་འཁོར་མཆོད་རྟེན་ཁྲི་འཕང་དང་། །རྡོ་རྗེ་པོ་ཏི་འདྲ་བ་བཞི། །དགེ་བཤེས་བཙུན་པ་རྒྱུན་མི་འཆད། །གཡུ་དྲུང་གསས་མཁར་རྔ་ཤང་དང་། །རྒོད་གཤོག་བཙུགས་པ་འདྲ་བ་བཞི། །གཤེན་རབ་བོན་རྒྱུན་མི་འཆད་ས། །རི་ཡི་རྩེ་མོ་བྱུང་རྒྱལ་དང་། །རི་བྲན་མང་པོས་བསྐོར་བ་དེ། །ཞང་བློན་རྒྱུན་མི་འཆད་པའི་བརྡ། །བྲེ་གུ་སྟག་གཟིག་སྤྱང་ཐོད་འདྲ། །མདུང་དང་རལ་གྲི་འདྲ་བ་ནི། །དཔའ་བོ་རྒྱུན་མི་འཆད་པའི་ས། །གཡས་ཀྱི་ས་མགོས་གཡོན་སྐོར་མནན། །ཕ་སྤུན་ནང་དུ་རྒྱལ་བའི་ས། །དེ་


CMR058_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལྡོག་ན་རང་ལ་ཕམ། །འབྲིང་པོ་རྒྱུན་མི་འཆད་པའི་ས་བསྟན་པ་ནི། །བྲེ་གུ་དཀར་ནག་མང་པོ་འདྲེས། །མགར་བ་རྒྱུན་མི་འཆད་པའི་ས། །ཕྱུར་བའི་དབུས་ན་ཆུ་གྲིའི་གཟུགས། །བཟོ་བོ་རྒྱུན་མི་འཆད་པའི་ས། །ས་རྡོ་རི་བྲག་མང་པོ་འདྲེས། །འཐབ་མཁོན་རྒྱུན་མི་འཆད་པའི་ས། །ཝ་སྐྱེས་ཕྱི་ལྟས་བྱས་འདྲ་དེ། །སྡར་མ་རྒྱུན་མི་འཆད་པའི་ས། །ས་བྲག་དམར་པོ་ཞིག་རལ་ཅན། །སྟེང་དུ་ལམ་འཕྲང་གྱ་གྱུའི་གཟུགས། །ཐོག་དང་སེར་བ་རྒྱུན་མི་འཆད། །ས་བྲག་དམར་རྩུབ་སལ་སུལ་མང་། །དགྲ་རྒོད་རྒྱུན་མི་འཆད་པའི་ས། །རི་རྡུམ་མགོ་མེད་རི་རྒྱུད་ཆད། །རབས་ཆད་རྒྱུན་མི་འཆད་པའི་ས། །སྤྲེལ་ཁྲིད་འཕྲུ་གཙུགས་འདྲ་བ་ནི། །དམེ་ཕོ་རྒྱུན་མི་ཆད་པའི་ས། །རྒྱབ་ཀྱི་དིལ་འབུར་མར་ཆད་ནི། །དྭ་ཕྲུག་རྒྱུན་མི་ཆད་པའི་ས། །བྲག་རི་མགོ་ཟླུམ་ཆུ་ལྐུག་མང་། །རྐུན་མ་རྒྱུན་མི་ཆད་པའི་ས། །ཕ་ཝང་དིལ་འབུལ་ཤིང་ཟུང་འགྲོགས། །མཚེ་མ་རྒྱུན་མི་འཆད་པའི་ས། །ས་ཆུ་དཀར་ནག་སྔོན་པོ་འདྲེས། །ནལ་མ་རྒྱུན་མི་ཆད་པའི་ས། །ཕ་ཝང་བྲེ་གུ་གང་རུང་མགོར། །ཆུ་བྲན་འབབ་རྒྱུད་མེད་པ་ནི། །མུག་ཕྲུག་རྒྱུན་མི་ཆད་པའི་ས། །


CMR058_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ས་རྡོ་སྐྱ་དཀྲེན་བྱེ་ཕྱག་ཅན། །བསེ་རག་རྒྱུན་མི་ཆད་པའི་ས། །འདེབས་སུ་མི་རུང་བའི་ས་བསྟན་པ་ནི། །རི་ཐང་གཉིས་ཀྱི་མཚམས་སུ་ཆགས། །ཉིན་སྲིབ་གཉིས་ཀྱི་མཚམས་སུ་ཆགས། །སྐམ་གཤེར་གཉིས་ཀྱི་མཚམས་སུ་ཆགས། །རི་རབ་ཆེན་པོའི་རྩེ་མོ་ཟད། །སྒང་རིང་པོ་ཡི་སྣ་ཁ་ཟད། །ཐང་ཆེན་ཡངས་པའི་དབུས་ན་ཟད། །གླ་བ་རྦབ་སྡོད་འདྲ་བ་དང་། །སྤྲེའུ་དམེསྡོད་འདྲ་བ་དང་། །ཡུགས་ས་ཁྱོ་སྡོད་འདྲ་བ་དང་། །དེ་རྣམས་བརྟེན་ན་བཀྲ་མི་ཤིས། །ས་ཡི་སྐེད་ཆད་རྣམ་པ་ལྔ་བསྟན་པ་ནི། །སྟེང་དུ་མཆོད་རྟེན་པུ་ཏིས་བསྐོར། །སྒང་རྒྱུད་རྐེད་པར་མཚོ་སྐམ་ཡོད། །ཆུ་སྐྱེད་ས་རྡོ་ཟམ་པས་བཅད། །རི་བྲག་རི་ཆེན་མ་སླེབ་དང་། །ཆུ་བྲན་ཆུ་ཆེན་མ་སླེབ་ལྔ། །བརྟེན་ན་སྐྱིད་ལ་སྐེད་ཆད་འོང་། །རྒྱུན་དུ་ཕུང་བའི་ས་ལྔ་བསྟན་པ་ནི། །ས་གཞི་སྣུམ་མེད་སྐྱ་ལ་བཀྲེན། །འབབ་ཆུ་མེད་ཅིང་ལུང་སྐམ་མང་། །རྩི་ཤིང་མི་སྐྱེ་བུག་རལ་མང་། །བལྟས་ཚེ་ས་མིག་མི་གསལ་བ། །ཡིད་དུ་མི་འོང་ས་རྣམས་སྤང་། །འཕྲལ་དུ་བར་ཆད་འོང་བའི་ས་ལྔ་བསྟན་པ་ནི། །མཐོ་ལ་གཉན་པའི་རི་རྩེ་དང་། །ཀླུ་གཉན་གནས་པ་མཚོ་འགྲམ་དང་། །ལྷ་


CMR058_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེ་གཏུམ་པོ་འདུ་བ་དང་། །ས་རྡོ་ནག་ཅན་ཆུ་མིག་ལོགས། །ས་རྡོ་ཤིང་གསུམ་མཚན་མ་ཅན། །སྐྱེ་བོ་ཡིན་ཡང་མ་བྱིན་སྤངས། །དུར་སའི་ས་མིག་བསྟན་པ་ནི། གོང་གི་དིལ་འབུལ་དེ་དང་ནི། །ཤིང་དཀོན་ཡུལ་གྱི་ཤིང་གཅིག་སྐྱེས། །རྡོ་དཀོན་ཡུལ་གྱི་ཕ་ཝང་དང་། །ལམ་དཀོན་ཡུལ་གྱི་ལམ་ཕྲན་དང་། །ལེན་ལ་རྩི་ཞིང་མང་གྲངས་བཟུང་། །ཐོག་མར་ཕོ་སྐྱེས་ནག་མོ་ནི། །འཇོག་པོ་ཕོ་མོ་དག་ལ་དཔྱད། །ཕོ་མོ་གང་ཡང་རིམ་པ་བཞིན། །འདྲེས་ན་མོ་ནི་སྐྱེ་བར་འགྱུར། །འབྱུང་བ་ལྔའི་ཁམས་ལྔའི་དུར་ས་བསྟན་པ་ནི། །ནགས་ཚལ་འཐུག་དང་ཤིང་སྤྱན་སྐྱེས། །ཤིང་ཁམས་པ་ཡི་བླ་རི་ཡིན། །ས་བྲག་དམར་པོ་རྩེ་མོ་རྣོ། །མེ་ཁམས་པ་ཡི་བླ་རི་ཡིན། །ས་སེར་གྲུ་བཞི་ལྷུན་ཆགས་རི། །ས་ཁམས་པ་ཡི་བླ་རི་ཡིན། །ས་བྲག་དཀར་པོ་རྫ་རི་ནི། །ལྕགས་ཁམས་པ་ཡི་བླ་རི་ཡིན། །མཚོ་དང་ཆུ་ཆེན་ཆུ་རི་སོགས། །ཆུ་ཁམས་པ་ཡི་བླ་རི་ཡིན། །རང་རང་རི་ལ་དུར་བཏབ་ན། །དབང་ཐང་རི་ལ་བཟང་བར་བཤད། །ས་ཡི་འདེབས་ལ་སྟག་ཡོས་ཤར་ལ་བཟང་། །ལྷོ་འབྲིང་ནུབ་ངན་བྱང་ནི་འབྲིང་སྟོད་ཡིན། །རྟ་སྦྲུལ་ལྷོ་བཟང་ཤར་འབྲིང་བྱང་ན་ངན། །བྱ་


CMR058_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲེལ་ནུབ་བཟང་ཤར་འབྲིང་ལྷོ་ལ་ངན། །བྱི་ཕག་བྱང་བཟང་ནུབ་ཤར་ལྷོ་གསུམ་འབྲིང་། །མཚམས་བཞི་ལྷོ་བཟང་ནུབ་བྱང་འབྲིང་ཤར་ངན། །མ་རིར་བཏབ་ན་ཚེ་རིང་འཕེལ། །བུ་རིར་བཏབ་ན་མི་གྲངས་འཕེལ། །གྲོགས་རིར་བཏབ་ན་ཟས་ནོར་འཕེལ། །དགྲ་རིར་བཏབ་ན་དགྲ་སྣ་མང་། །ཀུན་ལ་མ་བུ་དགྲ་གྲོགས་བརྩི། །ལོ་སྐོར་བཅུ་གཉིས་ཀྱི་དུར་ས་བསྟན་པ་ནི། སྟག་ཡོས་གཉིས་ཀྱི་ས་དགྲ་ནི། །ནུབ་ཕྱོགས་བྲག་དཀར་བྱ་སྤྲེལ་འདྲ། །རྟ་སྦྲུལ་གཉིས་ཀྱི་དགྲ་ས་ཡིན། །བྱང་ཕྱོགས་མཚོ་ཆུང་ཆུ་ཆེན་འབབ། །བྱ་སྤྲེལ་གཉིས་ཀྱི་ས་དགྲ་ནི། །ལྷོ་ཡི་ས་དམར་མེ་རི་འདྲ། །བྱི་ཕག་གཉིས་ཀྱི་ས་དགྲ་ནི། །ལྷོ་ནུབ་ཐང་ཆེན་གྲུ་བཞི་དང་། །མཚམས་བཞི་ལྷ་ཁང་མཆོད་རྟེན་ཡོད། །ཁྱི་འབྲུག་གླང་ལུག་ས་དགྲ་ནི། །ཤར་ཕྱོགས་ནགས་ཚལ་ཤིང་གཅིག་ཡོད། །དེར་བཏབ་ཉེས་སྐྱོན་སྣ་ཚོགས་འོང་། །ཤི་གསོན་གང་ཡང་རུང་བ་ཡི། །མ་བུ་དགྲ་གྲོགས་བརྩི་བར་ཤེས། །སྒྲོན་གྱི་བྱེ་བྲག་བཤད་པ་ནི། །གནམ་སྒྲོན་དཀར་ནག་གཉིས་ཡོད་དེ། །དཀར་པོ་གནམ་གྱི་མཆེ་འདྲ་དང་། །ནག་པོ་བུག་པ་སྐར་ཁུང་ཡིན། །ས་སྒྲོན་གད་པ་མདུང་རྩེ་ཅན། །


CMR058_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་སྒྲོན་རླུང་གི་གཡབ་མོ་ཅན། །བྲག་སྒྲོན་ནམ་མཁའི་ཕུག་པ་ཅན། །རླུང་སྒྲོན་གོང་བུ་མདའ་ལྟོང་ཅན། །ཆུ་སྒྲོན་ཉི་མའི་སྲབ་མདའ་ཅན། །དེ་ལྟར་འབྱུང་བའི་དགྲ་རྣམས་དཔྱད། །སྤྱིར་ནི་གང་དུ་བྱུང་ན་ངན། །ཁྱད་པར་རང་ཕྱོགས་བྱུང་བ་ངན། །སྤྱིར་ནི་ས་མིག་བཙལ་ཐབས་བསྟན་པ་ནི། །རི་དང་ཐང་གཉིས་གང་རུང་ལ། །གཟར་བ་རྣམས་ཀྱི་བདེ་བ་དང་། །བདེ་བ་རྣམས་ཀྱི་གཟར་བ་དང་། །འཇམ་པ་རྣམས་ཀྱི་རྩུབ་པ་དང་། །རྩུབ་པ་རྣམས་ཀྱི་འཇམ་པ་དང་། །འབུར་བ་རྣམས་ཀྱི་གཤོང་བ་དང་། །གཤོང་བ་རྣམས་ཀྱི་འབུར་བ་དང་། །དེ་ལ་སོགས་པ་རིམ་པར་དཔྱད། །བྱེ་བྲག་ས་མིག་བསྟན་པ་ནི། །སྤང་ལུང་གཤོང་བའི་ནང་དུ་ནི། །མེ་ལོང་རྒྱབ་ལྟར་འབུར་བ་སྟེ། །ས་དབྱིབ་འབུར་བའི་སྟེང་དུ་ནི། །མེ་ལོང་དཀྱིལ་ལྟར་འཇམ་པ་དང་། །སྒང་རྒྱུད་རིང་པོར་མ་ཆད་པའི། །ཤིང་ནགས་འཐུག་པོའི་དཀྱིལ་དུ་ནི། །སྤང་འཇམ་ཕྱིང་པ་གཏིང་འདྲ་དང་། །བྲག་རི་མཐོན་པོའི་མདུན་རྒྱབ་ཏུ། །སྤང་གིས་གཡོགས་པའི་འབུར་གཤོང་དང་། །ཉིན་རི་ངོས་ལ་ཕྱིང་པ་ཙམ། །ཁ་བ་མི་འཇུ་སྲིབ་དང་འདྲ། །སྲིབ་རི་ངོས་ནས་ཕྱིང་པ་ཙམ། །ཉིན་ལྟས་ཁ་བ་


CMR058_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

འཇུ་བ་དང་། །གཡའ་སྤང་མཚམས་སུ་ཕྱིང་པ་ཙམ། །རྩུབ་པའི་ནང་ན་འཇམ་པ་དང་། །སྤང་དང་ན་བའི་མཚམས་སུ་ནི། །གུར་ཕུབ་འདྲ་བའི་དིལ་འབུར་དང་། །མོ་བཙུན་འདྲ་བའི་ལྟེ་བ་རུ། །ཉལ་ས་ཙམ་གྱི་ས་བྱུང་ན། །ཐེ་ཚོམ་སྤངས་ལ་བཏབ་པར་བྱ། །ཕར་རི་ལེན་གྱི་དཔྱད་པ་ལ། །ཐལ་མོ་སྦྱར་འདྲའི་དཀྱིལ་གྱི་ལྟོ། །ས་དབྱིབས་ཟླུམ་འཐུག་ནེའུ་སིང་ཡོད། །ཆུ་མིག་མང་ཞིང་ཤིང་སྤུང་སྐྱེ། །བུག་རལ་མེད་ཅིང་འཇམ་ན་བཟང་། །ལེན་གྱི་དབུས་ན་ཆུ་བབས་པ། །ཆུ་ཆེན་ནང་སླེབས་བཙན་ཕྱུག་ལྡན། །མ་སླེབས་མྱ་ངན་ཆུ་ཞེས་བྱ། །ལེན་སྟོད་ཕ་ཁུ་རྒན་ལ་དབང་། །ལེན་སྨད་མ་སྲུ་བུ་ནོར་དབང་། །ལེན་གཡས་ཆུང་རྒྱུད་བུ་ཚར་དབང་། །ལེན་གཡོན་ཆུང་རྒྱུད་བུ་མོར་དབང་། །འདེབས་ལེན་བྱེ་བྲག་མ་ནོར་གཅེས། །མདུན་རི་མཐོ་ཞིང་དྲལ་བ་ངན། །དམའ་ཞིང་འདུད་པ་འདྲ་བ་བཟང་། །བཏུད་ཅིང་སྐྱོར་བ་འདྲ་ན་བཟང་། ༈ །ཆུང་དུར་གྱི་ས་དང་སྲི་དུར་གྱི་ས་བསྟན་པ་ནི། ཁྱད་པར་སྲི་བུའི་ཆུང་དུར་ནི། །འདེབས་ལེན་གཉིས་ཀ་འཇམ་ན་བཟང་། །རྩུབ་ཀྱང་ཕྱི་མ་སྐྱེས་ཀྱང་འཆི། །མཐུ་བ་ཤོར་དུ་མི་རུང་ངོ་། །ཇི་ལྟར་ཤི་


CMR058_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མང་བཞིན་དུ། །དེའི་གྲངས་གཉའ་གནོན་མང་བ་གཅེས། །གཉའ་གནོན་ཆེ་ན་ཕ་ལ་ངན། །མདུན་པང་འཇམ་ལ་བདེ་བ་སྟེ། །བུག་རལ་བྱུང་ན་མ་ལ་ངན། །ཆུ་ནི་གཡུ་འབྲུག་བུ་སྤུན་ལ། །རི་ནི་མ་པང་བུ་ཐོགས་དང་། །ཤིང་ནི་ཕོ་ཤིང་འབྲས་བུ་ཅན། །འབུར་ལ་ས་མིག་བསྟན་པ་ནི། །ས་རྡོ་དིལ་འབུར་རག་རུག་རྣམས། །བུ་རི་ཡིན་པས་བུ་ལ་བཟང་། །ཕོ་དེ་ཞེས་བྱ་ཁྱེའུ་སྐྱེ། །ཆུ་དང་རིང་དུ་མི་རུང་ངོ་། །འདོམ་པ་ལྔ་བཞི་ཉེ་བར་བཏབ། །ཡང་ན་གཉིས་གསུམ་གཅིག་ཏུ་བཏབ། །ཆུ་གཞུང་མ་འགྱངས་དམ་པ་གཅེས། །མདོར་ན་འདེབས་ལེན་འཇོག་པོ་དང་། །ཕོ་མོ་གང་ཡང་དེ་ལྟར་འགྱུར། ༈ །དུར་སའི་ཁ་དམར་བསྟན་པ་ནི། །རྩེ་འཛིན་མི་དམའ་མཐོ་བའི་ས། །གངས་བྲག་རྩེ་མོ་རྣོ་བ་བཟང་། །རྒྱབ་རི་རི་མགོ་མཐོ་དམའ་ལ། །རྒྱ་ཆེ་རྩེ་འཛིན་ལྷུན་སྟུག་བཟང་། །མཐོ་དམན་བུ་རྒྱུད་རྒན་རིམ་ལ། །མཐོ་ཞིང་འཐེན་པ་འདྲ་ན་བཟང་། །རྒྱལ་ཆེན་སྟག་ཆེན་བུ་རྒྱུད་ལ། །རི་རྒྱུད་རིང་དང་འཇམ་ན་བཟང་། །ཡག་ཉེས་ཆུ་རྒྱུད་དག་ལ་ནི། །ལམ་གྱིས་མ་བཅད་འཇམ་ན་བཟང་། །ཁྱེའུ་ཆུང་མོ་རྒྱུད་བུ་མོའི་ས། །དམ་ཞིང་བསྐྱིལ་ཕ་


CMR058_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་ན་བཟང་། །ཕོ་ནི་ཁྲུས་ཆབ་ལེན་མི་གཉིས། །ཞིག་རལ་འཁྱམས་གསུམ་མེད་ན་བཟང་། །སྟེང་ཕྱོགས་བཀྲ་མཚུན་རྒན་རིམ་ས། །གཡས་ཕྱོགས་ཆེ་རྒྱུད་ཕ་ཡི་ས། །ལེན་གྱི་སྨད་ཀྱི་མཐུ་བ་ནི། །མདོར་བསྡུས་དབུས་ནི་རང་ས་ཡིན། །གཡོན་ཕྱོགས་བུ་སྲིང་མག་པའི་ས། །འོག་ཕྱོགས་མ་ཕྱི་བུ་ནོར་ས། །རང་སར་རྡོ་བ་ལྐོག་མར་ཡོད། །བུ་སར་ས་བྲག་ཞིག་རལ་སྤང་། །ཕ་ཡིས་བུ་བསད་ཅེས་ཀྱང་བྱ། །དེ་བཞིན་བུ་ཡིས་ཕ་ཡང་བསད། །མེས་པོས་ཚ་བོ་བསད་པ་དང་། །ཕུ་བོས་ནུ་བོ་བསད་པ་དང་། །སྐྱེས་པས་བུད་མེད་བསད་པ་དང་། །ཟུར་པོས་མནའ་མ་བསད་པ་དང་། །ཞང་པོས་ཚ་བོ་བསད་པ་དང་། །འཕགས་པས་སྐྱེས་པ་བསད་པ་དང་། །བྲན་གྱིས་རྗེ་བོ་བསད་པ་དང་། །གསོད་མའི་ས་རུ་རྡོ་རྒོད་འབྱུང་། །གསོད་པའི་ས་རུ་ཞིག་རལ་འབྱུང་། །རང་རང་དབང་བའི་ས་རུ་བསད། །སྐྱོན་རྣམས་གང་མཐོང་ཁ་མར་ཡིན། །སྔ་རྟགས་ཕྱི་རྟགས་ཀུན་ལ་སྦྱར། །ཞིབ་ཏུ་རྟགས་ན་མངོན་ཤེས་འཆར། །རིགས་པའི་མདའ་ཡིས་སྦྱར་བ་གཅེས། ༈ །ཁང་པ་འདེབས་པའི་ས་བསྟན་པ་ནི། །དང་པོ་བསླང་བ་ས་ཡི་ཆོ་ག་བྱ། །


CMR058_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བསགས་གསུང་རབ་ཀློག་པ་དང་། །དབུས་སུ་བུམ་པར་ཀླུ་གཏོར་བཞག །དབྱངས་གསལ་རྟེན་འབྲེལ་སྣང་བརྒྱད་འདོན། །སྤེལ་ཚིག་མིང་དང་བཅས་པ་ནི། །རུས་སྦལ་གསེར་འཁོར་སྙིང་པོ་ལྔ། །རིན་ཆེན་འབྲུ་སྣ་དར་སྣ་གཞུག །མིང་གི་ཚིག་མཚམས་བརྒྱད་དུ་ཡང་། །བུམ་པར་རང་མདོག་སྙིང་པོ་ལྔ། །བཀྲ་ཤིས་རྫ་ས་བརྒྱད་དག་གིས་མཚན། །འབྱུང་བའི་ལྷ་མོའི་སྔགས་ཤམ་བུར། །སྤར་ཁའི་ཕྱག་རྒྱ་དང་བཅས་གཞུག །བྱིན་རླབས་རབ་གནས་བཀའ་བསྒོ་བྱ། །ཕྱོགས་ཀྱི་དགྲ་བཞི་བསྲུང་བ་དང་། །ལྷ་བཞི་དག་ཀྱང་བཞེངས་པར་བྱ། ༈ །དུར་ས་འདེབས་པའི་ཆོ་ག་བསྟན་པ་ནི། །རུས་པར་ཁྲུས་བྱ་དྲི་བཟང་འདེབས། །བགེགས་བསྐད་བྱས་ལ་བུམ་པར་བླུག །བླ་རྡོ་ཁམས་ལྔ་རིམ་པ་ལ་བཞིན། །འབྱུང་བ་ལྔ་ཡི་ཡིག་འབྲུ་དང་། །སྔགས་ལ་ཤམ་བུར་བཅས་པ་བྲི། །བླ་བྱང་ཤུག་པའི་བྱང་བུ་ལ། །ཉི་ཟླ་ཨཱ་ལི་ཀཱ་ལིས་མཚན། །ཕོ་མོ་གུར་གུམ་གི་ཝང་བྱུགས། །རང་མདོག་དར་དྲིལ་བུམ་པར་གཞུག །བླ་ཕུར་སྐྱེར་པའི་ཕུར་པ་ཡི། །རྩེ་མོར་མི་ཡི་མགོ་བོ་ཅན། །རང་ལོ་རང་སྔགས་ཁྲག་གིས་བྲི། །དེའི་ཕྱིར་པགས་པས་བཏུམ་ལ་བཞག་


CMR058_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་པར་རྡོ་རྗེ་དྲིལ་བུ་དང་། །ཕོ་མོར་མདའ་གཞུ་བལུ་འཕང་དང་། །གཡས་གཡོན་འཚམས་པར་བཞག་ཤེས་བྱ། །ཁྱད་པར་སྙིང་གཏེར་གཞུག་འདོད་ན། །ཞོ་ཤའི་རྩ་སྦུབ་རཀྟ་བླུགས། །སྙིང་པོ་ཡི་གེ་བརྒྱ་པ་བྱ། །ཡང་སྙིང་བཀྲ་ཤིས་སྨོན་ལམ་བཏབ། །གཏོར་མ་ལྷ་མཆོད་བསང་མཆོད་བྱ། །རློན་མི་འཇིག་པའི་ཐབས་དང་ནི། །པ་ལྔ་ལོ་དང་བདུན་ཟུར་ལོར། །རྫས་སྔགས་བསག་པ་ཞལ་ལས་ཤེས། ༈ །དུར་སའི་དབྱེ་བ་བསྟན་པ་ནི། །ཡོན་ཏན་མཁན་དང་བཙུན་པ་དང་། །ཕྱུག་པོ་འཕེན་པོ་བཀྲ་རྒན་དང་། །བཀྲ་ཤིས་རོ་བུ་དུར་དུ་མཆོག །སྐྱེས་པ་རིགས་རྒྱུད་བཟང་བ་དང་། །དབུལ་པོ་ཞིམ་རྒྱ་ཆེ་བ་དང་། །རྨང་པོ་རབས་ཆད་དམན་པ་དང་། །གཞོན་ནུ་ལང་ཚོ་དར་བ་དང་། །གནས་སྐབས་དག་དང་སྦྱར་བར་བྱ། །བཞི་བཅུ་མན་ཆད་དར་སྲི་དང་། །རབས་ཆད་དམེ་ཕོ་མཛེ་དང་ཡུགས། །དབང་པོ་ཡན་ལག་མ་ཚང་དང་། །ལྕེབ་པ་ལ་སོགས་ཤི་ཡོ་ཐབས་ངན་པ་དང་། །དེ་རྣམས་ཀུན་ལ་གཉའ་ནོན་གཅེས། །ལམ་དང་བྲེ་གུ་གཉའ་གནོན་གསུམ། །གང་ལ་གང་དགོས་ཤེས་པར་བྱ། །གཉེན་གྱི་ཤེས་པས་མི་ལ་འདུད། །ཆས་


CMR058_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

དང་མ་ཆས་བརྩི་བ་ནི། །གནམ་གྱི་བྱ་ཁྱུང་གཤོག་པ་བརྡབ་པ་ནི་ལྕགས་བྱི། །ས་འོག་དུར་ཕག་ཁྲ་བོ་མཁྱེན་པ་ནི་ས་ཕག །ར་གན་སྤྲེལ་སེར་པོ་གར་བྱེད་པ་ནི་ས་སྤྲེལ། །ཐང་སྦྲུལ་སྔོན་མོའི་ཞགས་པ་འདོར་བ་ཆུ་སྦྲུལ། །ཟངས་ཀྱི་གླང་དམར་པོའི་རྭ་བ་མེ་གླང་། །རྡོ་ལུག་གྲོ་མོ་མཁྱེན་པ་ནི་ལྕགས་ལུག །གཡུ་འབྲུག་སྔོན་མོའི་ཟེ་བ་གསེགས་པ་ནི་ཆུ་འབྲུག་གོ། གཏོ་འདི་བརྩི་ཐབས་དང་བསྟན་བཅོས་བསྟན་པ། །འདི་རྣམས་གནམ་ལོ་དང་ལོག་མིན་མ་གསུངས། གང་བྱུང་ཡང་དུར་སློང་བྱས་པའི། ཕ་ཚན་ཤི་ཁ་བྱེ་བའོ། གཏོ་ནི་གཤེད་བྱ་བ་དུར་སྤྲོ་བའོ། །དེ་མིན་ན་མཚན་བཅོས་བྱ། དུར་སྲི་མནན་དུར་ལོས་བྱ། ༈ །སྤྱིར་ལོ་སྐོར་བཅུ་གཉིས་ཀྱི་དཔྱད་དོན་ལ། སྟག་ཡོས་ལོ་པའི་ས་ཤེས་ན། །ནུབ་ཀྱི་བྲག་དམར་མཚོན་འདྲ་འཇིགས། །ཕྱིན་ཅི་ལོག་ཏུ་ཁ་བལྟས་ན། །དུར་གྱི་ནག་པོ་གཤེད་དུ་བརྫུས། །གསོན་ལ་དགྲ་ངོ་རྒྱུན་མི་འཆད། །རྟ་སྦྲུལ་ལོ་པའི་ས་ཤེས་ན། །བྱང་གི་ཆུ་ནག་རིང་རྣམས་སྤངས། །ཕྱིན་ཅི་ལོག་ཏུ་ཁ་བལྟས་ན། །ལོ་སྲི་ནག་པོ་གཤེད་དུ་བརྫུས། །མི་རྒྱུད་ཕ་ཚན་ཐམས་ཅད་ལ། །ཆུ་གྲི་གྲང་བའི་དམུ་ཆུ་ཡིན། །མི་རབས་བཅུ་གསུམ་རབ་


CMR058_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕུང་། །བྱ་སྤྲེལ་ལོ་པའི་ས་ཤེས་ན། །ལྷོ་ཕྱོགས་བྲག་དམར་གྲུ་གསུམ་འཇིགས། །ཕྱིན་ཅི་ལོག་ཏུ་ཁ་བལྟས་ན། །གྲི་བདུད་ངོ་དམར་བདུད་དུ་བབ། །ཕ་ཚན་གྲི་ཤི་རྒྱུན་མི་འཆད། །བྱི་ཕག་ལོ་པའི་ས་ཤེས་ན། །ལྷོ་ནུབ་ཐང་ཆེན་གྲུ་བཞི་འཇིགས། །ཕྱིན་ཅི་ལོག་ཏུ་ཁ་བལྟས་ན། །ས་བདུད་ནག་པོ་ཕུང་བྱེད་བདུད་དུ་བབ། །ཕ་ཚན་མི་བརྒྱུད་གཏན་ནས་བརླག །མཚམས་བཞི་ལོ་པའི་ས་ཤེས་ན། །ཤར་གྱི་ཤིང་ཕུར་རྒྱས་པར་འཇིགས། །ཕྱིན་ཅི་ལོག་ཏུ་ཁ་བལྟས་ན། །ཕུང་བྱེད་སྤྱན་དགུ་བདུད་དུ་བརྫུས། །ཕ་ཚན་མི་རྒྱུད་དམུག་རྒྱུད་ཕུང་། ༈ །ཕྱོགས་ཕྱོགས་དཔུང་ལ་འཐུག་ན་བཟང་། །བུ་སྲིང་བཟང་ལ་བསྐྱེད་པ་ཡིན། །ཤར་དཀར་ཉི་ཟླའི་བགྲོད་ཐག་རིང་། །ཚེ་རིང་སྐྱེས་མང་བཟང་བ་ཡིན། །ནུབ་ཕྱོགས་བདལ་ལ་འདན་པ་རྣམས། །ཕྱིས་ནས་ཤི་ཆད་མི་ཡོང་བཟང་། ལྷོ་ཕྱོགས་སྤྱང་བ་འདྲ་ན་བཟང་། །ནོར་གྱི་བླ་རུ་ཡིན་པས་བཟང་། །བྱང་ཕྱོགས་ཡོལ་བ་འདྲ་ན་བཟང་། །བྱང་གི་དགྲ་མདའ་ཆགས་པ་ཡིན།་་་།ཡང་ཐང་ཆེན་པོའི་དབུས་སུ་མི་བཏབ། རི་ཆེན་པོ་ཡི་སྣར་མི་བཏབ། །རི་ཐང་མཚམས་སུ་མི་བཏབ། སྐམ་གཤེར་མཚམས་སུ་མི་བཏབ། རི་ཡི་རྩེར་


CMR058_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཏབ། ཉིན་སྲིབ་མཚམས་སུ་མི་བཏབ། རི་མགོ་མེད་ལ་མི་བཏབ། རྒབ་ཆད་ལ་མི་བཏབ། དབུས་ཞལ་རི་རྐང་ཆད་ལ་མི་བཏབ། ས་ཆ་སྨད་རྒྱུག་འདྲ་བ་ལ་མི་བཏབ། སྦྲུལ་ནག་སྤྱང་མོ་འདུར་རྒྱུག་འདྲ་བ་ལ་མི་བཏབ། གདོང་སྣ་ལ་མི་བཏབ། མཐའ་གཞི་ཟུག་ས་ལ་མི་འདེབས། འདི་མཆན་ཡིན་པ་འདྲ། ༈ ད་ནི་སྒྲོན་ཆེན་ཉི་ཤུ་རྩ་ལྔའི་མན་ངག་འདི་ལྟར་བསྟན་པའོ། ཤར་ནས་སྤེལ་དཀར་དམག་ཤུད་སྒྲོན། །དམེ་གྲི་བྱུང་བའི་ས་གནད་ཡིན། །ལྷོ་ནས་དོམ་བུ་སྟན་འདུག་སྒྲོན། །སྨྱུག་གྲི་འབྱུང་བའི་ས་གནད་ཡིན། །ནུབ་ཕྱོགས་དུར་ལུང་མཚུན་རྐུན་སྒྲོན། །མཚུན་དུར་མཐོར་བའི་ས་གནད་ཡིན། །བྱང་ནས་ཤ་བ་གྲི་སྡོད་སྒྲོན། །དམེ་སའི་འབྱུང་བའི་ས་གནད་ཡིན། །བྱང་ཤར་བཙན་གྱི་བླ་རི་སྒྲོན། །བུད་མེད་གནང་ཆེན་ཤོར་བའི་ས་གནད་ཡིན། །ཤར་ལྷོ་ལམ་གྱི་སྣ་འདྲེན་སྒྲོན། །ཡམས་ནད་འབྱུང་བའི་ས་གནད་ཡིན། །ལྷོ་ནུབ་བདུད་ཀྱིས་ཉལ་བའི་སྒྲོན། །ཐོག་སྨྲས་འབྱུང་བའི་ས་གནད་ཡིན། །ནུབ་བྱང་ཆེ་བཙན་ལ་གདོང་སྒྲོན། །ཁ་མཆུ་འོང་བའི་ས་གནད་ཡིན། །དཀར་པོ་རི་ཝང་ཙམ་གྱི་སྒྲོན། །ནག་པོ་གཞུ་རྒྱུད་ཙམ་གྱི་སྒྲོན། །གནའ་མ་གནང་ཆེན་ཤོར་བའི་ས་གནད་ཡིན། །ནག་པོ་ཕྱི་བ་ཙམ་གྱི་སྒྲོན། །


CMR058_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཚ་སྟག་ཤར་པ་ཡི་ས་གནད་ཡིན། །ནག་པོ་སྟག་པ་ཙམ་གྱི་སྒྲོན། །ཕྱུགས་བེའུ་ལུག་ཤི་བའི་ས་གནད་ཡིན། །གནམ་སྒྲོན་ས་ལ་མཆེ་བ་ཅན། །གཙོ་བོ་ཤི་བའི་ས་གནད་ཡིན། །གནམ་སྒྲོན་སྐར་མའི་སྐར་མདའ་འདྲ། །མདའ་གྲི་འབྱུང་བའི་ས་གནད་ཡིན། །གནམ་སྒྲོན་སྤྲིན་གྱི་ལྕགས་སྒྲོག་ཅན། །འགོག་གྲི་འབྱུང་བའི་ས་གནད་ཡིན། །གནམ་སྒྲོན་ཉི་ཟླའི་ཞགས་པ་ཅན། །འགགས་གྲི་འབྱུང་བའི་ས་གནད་ཡིན། །རི་སྒྲོན་ལ་བཙས་མཆེ་བ་ཅན། །བན་བོན་ཤི་བའི་ས་གནད་ཡིན། །རི་སྒྲོན་ཤིང་ནག་ཐོར་ཅོག་ཅན། །འདུན་ས་འཆོར་བའི་ས་གནད་ཡིན། །རི་སྒྲོན་བྲག་གི་མཚོན་ཆ་ཅན། །མཚོན་ཆ་རྒོད་པའི་ས་གནད་ཡིན། །བྲོག་སྒྲོན་སྟག་གི་མཆེ་བ་ཅན། །འོག་རྟ་ཤི་བའི་ས་གནད་ཡིན། །རི་སྒྲོན་ཤིང་གི་མཚོན་ཆ་ཅན། །མཚོན་ཆ་རྒོད་པའི་ས་གནད་ཡིན། །བྲག་སྒྲོན་ཤིང་ནགས་དམ་དམ་ཅན། །ནང་དམེ་འབྱུང་བའི་ས་གནད་ཡིན། །བྲག་སྒྲོན་ཤིང་ནག་ལམ་ལམ་ཅན། །ཐོབ་ཤོར་འོང་བའི་ས་གནད་ཡིན། །ཤིང་སྒྲོན་རླུང་གི་གཡབ་མོ་ཅན། །ཞགས་ཁར་ཤི་བའི་ས་གནད་ཡིན། །བྱང་ཕྱོགས་ཐང་ཤིང་གཅིག་པོ་དེ། །གཞོན་ནུ་


CMR058_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

མདུང་ཆག་ཤི་བའི་ས་གནད་ཡིན། །ཤིང་སྐམ་མགོ་ཟླུམ་ལོ་མ་མེད། །ཕྱུགས་གཞོན་སྐམ་པའི་ས་གནད་ཡིན། །ལམ་སྒྲོན་མི་ཡི་ཞོག་པ་ཅན། །ཐོག་མི་འབྱུང་བའི་ས་གནད་ཡིན་།ཆུ་སྒྲོན་སྦྲ་བའི་ཁ་ཕྲུ་ཅན། །མོ་བཙུན་ཤི་བའི་ས་གནད་ཡིན། །ཆུ་སྒྲོན་ཉི་ཟེར་ཞགས་པ་ཅན། །མཚོན་ཆ་འཁྲུག་པའི་ས་གནད་ཡིན། །ས་འགབ་དེལ་འབུར་མགོ་མངོན་དེ། །གྲི་དུར་འདུས་པའི་ས་གནད་ཡིན། །ཐང་སྒྲོན་གད་པ་སྨིན་མ་ཅན། །བུད་མེད་སྦྲུམ་མ་ཤི་བའི་ས་གནད་ཡིན། །མདུན་གྱི་ཐང་སྟོང་བྱེ་རྡུབ་དེ། །ཁྱིམ་གཞི་སྟོང་བའི་ས་གནད་ཡིན། །ཞབས་ཀྱི་ཕ་ཝང་འཇིང་བསྣོལ་དེ། །ས་མཁན་འོག་རྟ་ཤི་བའི་ས་གནད་ཡིན། །སྦྲུལ་ནག་ཐུར་དུ་རྒྱུག་ལ་དུར་བཏབ་ན། །ས་མཁན་གྲོས་མི་འཆམས་པའི་ས་གནད་ཡིན། །ལྕགས་ཀྱི་བྲེ་སེ་འདྲ་ལ་དུར་བཏབ་ན། །ས་མཁན་གྲོས་མི་འཚམས་པའི་ས་གནད་ཡིན། །ས་ཕུག་སྟོང་པའི་ཞབས་ལ་ས་བཏབ་ན། །ས་མཁན་གྲོས་མི་འཆམས་པའི་ས་གནད་ཡིན། །སོག་པ་འདྲ་བའི་སྣེ་ལ་དུར་བཏབ་ན། །ས་མཁན་གྲོས་མི་འཆམས་པའི་ས་གནད་ཡིན། །གནམ་ནི་ལྷུང་བར་འདྲ་བ་ངེས་པར་ཞན། །བྲག་རལ་བ་དང་ཤིང་ནགས་


CMR058_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

སྐམ་པ་དང་། །ཆུ་ཆད་པ་ནི་དམུ་ཐག་ཆད་པས་ངན། །ཉེ་ལོགས་ས་ནས་ལེན་གྱི་ཁ་གདངས་ངན། ༈ །ཡང་སའི་ཁ་བྲག་དཔྱད་པ་ལ། །ས་ལ་རྩེ་འཛིན་བཟང་ངན་ཁ་བྲག་སྟེ། དེ་བས་དང་སྐྱེས་ཁ་ཡང་བྲག །འདེབས་མིག་བཟང་ན་ཁ་བྲག་སྟེ། ལྕགས་ས་ལ་བཏབ་པ་དང་། ཆུ་གཤེད་བཞི་ལ་བཏབ་པ་དང་། མེ་བྱི་ཕག་ཆུ་ལ་བཏབ་པ་དང་། དེ་རྣམས་ལ་བཏབ་ན་ནད་འབྱུང་། ཡང་ལུས་ཀྱི་བྲག་ས་ཕྱི་བ་ནི། ཤིང་ཁམས་མེ་ལ་བཏབ་པ་དང་། མེ་ཁམས་ས་ལ་བཏབ་པ་དང་། ས་ཁམས་ལྕགས་ལ་བཏབ་པ་དང་། ལྕགས་ཁམས་ཆུ་ལ་བཏབ་པ་དང་། ཆུ་ཁམས་ཤིང་ལ་བཏབ་པ་དང་། དེ་རྣམས་ལ་བཏབ་ན་ནོར་འཁྱེར། རི་བདུན་ཟུར་དང་དགྲ་གཤེད་འདྲ་བའི་སྣར་མི་བཏབ། ལེན་ཡང་དེ་དང་འདྲ་བར་བྱོར། །དེ་འདེབས་ལ་དེ་བཟང་ཕྱོགས་ནི། །སྟག་ཡོས་ལོ་པ་ཤར་གྱི་རི་བོ་ཡི། །རྩེ་རྒྱལ་ཤིང་འཚེར་བཟང་པོའི་གསེབ་ཏུ་བཏབ། ལ་ཉེ་བྱང་གི་ཆུ་ལ་གཅེས་པ་དང་། །དགྲ་ནི་ནུབ་ཀྱི་བྲག་དཀར་པོ་ལ་འཇིགས། །རྟ་སྦྲུལ་ལོ་པ་ལྷོ་ཡི་བཟང་ངོས་བཏབ། །ལ་ཉེ་ཤར་གྱི་ཤིང་ཚལ་གསེབ། །དགྲ་ནི་བྱང་གི་ཆུ་ལ་འཇིགས། །བྱ་སྤྲེལ་ནུབ་ཀྱི་


CMR058_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་དཀར་དག་ལ་བཏབ། །ལ་ཉེ་ནགས་ཚལ་སྒང་རྒྱུད་བཟང་པོར་གཅེས། །དགྲ་ནི་ལྷོ་ཡི་བྲག་དམར་པོ་ལ་འཇིགས། །བྱི་ཕག་ལོ་པ་བྱང་གི་ཆུ་རྩར་བཏབ། །ལ་ཉེ་ནུབ་ཀྱི་བྲག་དཀར་པོ་ལ་གཅེས། །དགྲ་ལྷོ་ནུབ་མཚམས་ས་སྒང་སེར་དེར་འཇིགས། །མཚམས་བཞི་ལོ་པ་ཐང་ཆེན་དག་ལ་བཏབ། །ལ་ཉེ་ལྷོ་ཡི་བྲག་དམར་པོ་ལ་གཅེས། །དགྲ་ཤར་ཕྱོགས་ཀྱི་ཤིང་གིས་འཇིགས། །ཤིང་ཁམས་པ་ཐམས་ཅད་ཆུ་ལ་བཏབ། །མེ་ཁམས་པ་ཐམས་ཅད་ཤིང་ལ་བཏབ། །ས་ཁམས་པ་ཐམས་ཅད་མེ་ལ་བཏབ། །ཆུ་ཁམས་པ་ཐམས་ཅད་ལྕགས་ལ་བཏབ། །ལྕགས་ཁམས་པ་ཐམས་ཅད་ས་ལ་བཏབ། །ས་འདེབས་བྱེ་མ་ལག་ཁྲིད་འདི་ཚ་ཁང་རྒྱ་མཁར་ལྷ་ཐོ་གསེར་འབུམ་ཁང་པ་དུར་ས་ཀུན་ལ་འདི་ལས་ཟབ་པ་གཞན་ན་མེད། ས་སློང་བྱེ་མ་ལག་ཁྲིད་འདི་སྔགས་འཆང་མགོན་ནག་གིས་བསྐུལ་ཕྱིར། ༧ རཱ་ག་ཨ་སྱས་སྦྱར་བའོ། །ཉེས་འགལ་མཆིས་ན་དབང་ཆེན་ཡབ་ཡུམ་སྲས་དང་བཅས་ལ་བཤགས༔ དགེ་བས་འགྲོ་ཀུན་འཇམ་དཔལ་ས་ཐོབ་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་མཛེས་རྒྱན་ཤོག། །།

ས་དཔྱད་རྣོན་མོ་མཛུབ་ཚུགས།


CMR058_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ས་དཔྱད་རྣོན་མོ་མཛུབ་ཚུགས་ཞེས་བྱ་བ་བཞུགས་སོ།


CMR058_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ས་དཔྱད་རྣོན་མོ་མཛུབ་ཚུགས་ལ། དང་པོ་ནམ་མཁའ་བར་སྣང་བརྟག་ཐབས་ནི། །ནམ་མཁའ་འཁོར་ལོ་རྩིབས་བརྒྱུད་འདྲ། །ཡང་ན་ཟླུམ་པོའམ་གྲུ་བཞི་ལ། །རྒྱ་ཆེ་ཉི་ཟླ་བགྲོད་ཐག་རིང་། །བྱང་ཕྱོགས་ནམ་མཁའ་མི་མངོན་ཞིང་། །ཤར་ལྷོ་ནུབ་གསུམ་གསལ་ན་བཟང་། །ཟླ་གམ་ནར་མོ་གྲུ་གསུམ་ངན། །གཅན་གཟན་སོ་བསྣོལ་འདྲ་བ་དང་། །བུག་དང་རལ་པ་ངན་པ་ཡིན། །ཉི་ཟླ་ཆུ་ཡིས་ཁྱེར་བ་དང་། །ཉི་ཟླས་སྐྱ་ལམ་བཏོད་པ་ངན། །ཉི་ཟླ་ཡང་ཤར་ཡང་འགྲིབ་དང་། །འཕྲལ་རྒུད་བར་ཆད་མང་བ་ཡིན། །བར་སྣང་ཟླ་གམ་འདུག་པ་


CMR058_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་། །གཉིས་པ་ས་གཞི་དཔྱད་པ་ལ། །ས་གཞི་པདྨ་འདབ་བརྒྱད་འདྲ། །བྱང་སྐྱབས་རྒྱབ་རི་ཉེ་ཞིང་མཐོ། །མདུན་དུ་ཆུ་མིག་འོལ་ཁ་བཀྲམ། །རི་བྲན་འདུད་འདྲ་མདུན་རི་འགྱང་། །དམའ་ལ་རྩེ་མོ་བྱོལ་པ་དགོས། །ཤར་ཕྱེས་ལྷོ་སྤུང་ནུབ་འདན་པ། །བྱང་རི་ཡོལ་བ་བྲེས་འདྲ་བཟང་། །ཕུ་མདའ་ནར་ལོ་ཚེ་རིང་ས། །དཀྱིལ་འཁོར་འདྲ་ན་བན་བོན་བཟང་། །རལ་གྲི་འདྲ་ན་སྐྱེས་པར་བཟང་། །གྲུ་བཞི་བྱིས་སྦ་རྒྱ་གྲམ་ནི། །བཙད་པོར་བཟང་ཞིང་རྡོར་དྲིལ་དབྱིབས། །བན་དྷེར་བཟང་ལ་འདུག་ཉལ་འདྲ། །ཕྱུགས་ནོར་འཕེལ་བའི་ས་ཡིན་ནོ། །ཕུ་ན་


CMR058_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་ལྗོངས་རྩི་ཤིང་ལྡན། །མདའ་རི་ཕྱག་རྒྱ་བསྣོལ་འདྲ་བཟང་། །ཡར་སྤུངས་འོག་བརྟན་ཅི་བསམ་འགྲུབ། ༈ །གསུམ་པ་རི་ཡི་བརྟག་ཐབས་ལ། །ལྷུན་སྟུག་ཁོད་སྙོམས་ཡ་ཡོ་མེད། །རྩེ་མཐོ་གཡའ་གངས་ནགས་གསུམ་འཛོམས། །རོང་དང་ཆུ་ལྡན་སྐད་ཤ་རྒྱས། །སྲོག་ཆགས་མཐའ་དག་དང་ལྡན་ཞིང་། །ཉི་མའི་མདངས་ཐོབ་ཟེར་ཡང་སྡུད། །མདོར་ན་མཚན་ཉིད་ཐམས་ཅད་ལྡན། །དེ་ནི་རི་ཡི་རྒྱལ་པོ་ཡིན། །རྒྱལ་པོའི་རྟགས་སུ་ལ་ཐོད་ནི། །དབྱར་མི་འཇུ་བའི་གངས་ཞིག་དགོས། །བཙུན་མོའི་རྟགས་སུ་བྲང་རྒྱན་ནི། །དགུན་མི་སྐམ་པའི་མཚོ་ཞིག་དགོས། །དེ་ནི་རི་ཡི་བཙུན་མོར་འདོད། །གདོན་དང་མཐུ་བ་འཛོམ་པ་གཅེས། །དེ་རྣམས་མེད་ན་འབངས་ཀྱི་རི། །བྲག་དགུ་མདུན་ལ་དགྱེ་བ་རྒྱབ། །ནགས་རི་མདུན་ལ་སྤང་རི་རྒྱབ། །མཐུ་བ་ཡོད་པ་མདུན་ལ་མེད་པ་རྒྱབ། །བྲག་ཆུ་ཡོད་པ་མདུན་ལ་མེད་པ་རྒྱབ། །མདོར་བསྡུས་རྩེ་མོ་གར་དགུ་མདུན། །རྒྱ་ཆེ་རྩེ་སྦོམ་ཕྲག་པ་རྒྱབ། །བྲག་ཆ་སྐད་ཆེ་ཕོ་རི་ཡིན། །རི་རྒྱ་ཆུང་ཞིང་རྩེ་མོ་ཕྲ། །བྲག་སྐེད་ཕྲ་བ་མོ་རི་ཡིན། །དེ་ལྟར་ཀུན་ལ་ཤེས་པར་བྱ། །བཞི་པ་ཀུན་དང་ལྡན་པའི་ས་ལྔ་ནི། །


CMR058_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

རི་བཟང་རྩ་བ་ཆུ་ཡིས་བསྐོར། །གཡས་གཡོན་གཉིས་ནས་ཆུ་མིག་བབས། །རྩེ་ན་ན་བུན་རྒྱུན་མི་འཆད། །དམུ་ཐག་གནམ་དུ་འཐེན་པའི་ས། །བྲག་དཀར་རྩེ་ན་གངས་དཀར་ཐོད། །རི་སྣས་ཐང་བསྐོར་ཐང་མཐོར་འཁྱིལ། །དབུ་ཞྭ་རྐང་ལྷམ་འཛོམས་པའི་ས། །འོག་ཏུ་ཐང་ངམ་ཞིང་ཆེན་ལ། །ལམ་དང་རི་བྲག་མང་པོ་བརྩེགས། །རིན་ཆེན་གདན་ཐབས་ཕྱག་རྩེ་ལ། །མདུན་དུ་མཚོ་དང་མེ་ཏོག་རྒྱས། །རིན་ཆེན་མཎྜལ་ཚོམ་བུའི་ས། །ཡང་ན་འོག་ནས་དལ་འབུལ་མངོན། །གསང་ཤ་སྡེར་དུ་བཏོན་པའི་ས། །འདི་རྣམས་འཛོམ་པའི་སར་བཏབ་ན། །ཚེ་རིང་ནོར་རྣམས་འཕེལ་བའི་ས། །ལྔ་པ་བཟང་ཞིང་རིག་པ་ལྔ་བསྟན་པ་ནི། བཙན་གཉན་རྩེ་འཛིན་དག་ལ་རག །རྩེ་མཐོ་རྒྱ་ཆེ་བཟང་བ་ཡིན། །ཚེ་རིང་དམུ་ཐག་དག་ལ་རིག །སྒང་རྒྱུད་མ་ཆད་འབྲེལ་ན་བཟང་། །འཕན་རྨང་ས་དང་ཆུ་ལ་རག །ལུང་པ་ཆུ་བཟང་མང་འབབ་བཟང་། །ཕྱུག་དང་དབུལ་བ་ལེན་ལ་རག །ཆུ་མདོ་ཞིག་རལ་མེད་པ་བཟང་། །དཔའ་སྡར་སྲུང་མདའ་བཞི་ལ་རག །ཕྱོགས་བཞིར་སྲུང་བཞི་ཚང་ན་བཟང་། །དྲུག་པ་ཆེ་འཛིན་བདུན་བསྟན་པ་ནི། བྲག་དཀར་


CMR058_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

གངས་དཀར་རྩེ་རྣོ་བཟང་། །སྤང་རི་རྒྱ་ཆེ་ལྷུན་སྟུག་ལེགས། །གཡའ་རི་རྫ་རི་རྒྱ་ཆེ་འབྲིང་། །བྲག་དམར་ཟུར་དང་རྩེ་རྣོ་འབྲིང་། །བྲག་ནག་རྟ་སོ་མདུང་རྩེ་ངན། །ས་སྔོན་ས་སེར་གཡའ་མ་ཅན། །རུང་ཙམ་ཡིན་ཕྱིར་བཟང་པོ་བླངས། །བདུན་པ་གདབ་པའི་ཐབས་ལྔ་ནི། །ཚེ་རིང་འདོད་ན་བྲག་ལ་གདབ། །ལྷུན་འཐུག་རྩེ་མོ་རྣོ་ན་བཟང་། །རྨང་པོ་འཕེན་འདོད་ཤིང་ལ་གདབ། །ཚལ་འཐུག་རྒྱ་ཆེ་སྐྱོན་མེད་བཟང་། །དབུལ་པོ་ཕྱུག་འདོད་ན་བར་གདབ། །རྒྱ་ཆེ་ཕོ་ཁ་བསྒྱུར་འདྲ་བཟང་། །བརྟན་པར་འདོད་ན་ཐང་ལ་གདབ། །ཤས་འཐུག་འདེབས་དམིགས་འབུར་ན་བཟང་། །སྲིད་ཀྱི་འགྱོག་སོ་ཆུ་ལ་གདབ། །མདུན་འབབས་རྒྱུན་ཆད་མེད་ན་བཟང་། །བརྒྱད་པ་གཅེས་པའི་ས་རྣམས་བསྟན་པ་ནི། གངས་རི་བྲག་དཀར་རྒྱུད་རིང་ཞིང་། ལྷུན་འཐུག་རྩེ་མོ་རྣོ་བ་དེ། །རྒྱལ་རིགས་གྲགས་པའི་ས་རུ་གཅེས། །ནམ་མཁའ་གྲུ་བཞི་གནས་པ་ནི། སྐུ་རྒྱན་བརྩེགས་པའི་ས་རུ་གཅེས། །གཡའ་རི་སྨུག་པོ་ལྷུན་ཆགས་པ། །རྗེ་རིགས་བློན་པོའི་ས་རུ་གཅེས། །ནགས་རི་སོག་ཁ་འདྲ་བ་ནི། །བག་མ་བརྩེ་ཆེན་ས་རུ་གཅེས། །འབྲུ་ཡི་ཕུང་པོ་སྤུངས་འདྲ་བ། །རྒན་པོ་


CMR058_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ས་རུ་གཅེས། །ན་བ་རྒྱ་ཆེ་ཤས་བཟང་བ། །ཕྱུག་པོ་ནོར་འདོད་ས་རུ་གཅེས། །ནེའུ་སིང་རྟ་གནག་གཉིས་ཀྱི་ས། །སོ་རིང་ཕར་ཚུར་འདུག་པ་ནི། །བེའུ་ལུག་ཕྱུགས་ཕྲན་ས་རུ་གཅེས། །བྲག་བཟང་རི་བོ་རྩེ་རྒྱལ་ནི། །དཔལ་རྩལ་ཅན་གྱི་ས་རུ་གཅེས། །ཆུ་མིག་ལུ་མ་དྲག་འབབ་པ། །བུ་སྲིང་སྨན་གྱི་ས་རུ་གཅེས། །གངས་དཀར་ལེའུ་བརྩེགས་པ་ནི། །ཡིག་ཚང་གསེར་གཡུ་ས་རུ་གཅེས། །མདུན་དུ་མགྱོགས་པོའི་ཆུ་འབབ་པ། །མི་འཕེན་སྲིད་ཀྱི་ས་རུ་གཅེས། །དགུ་པ་བཟང་བདུན་བསྟན་པ་ནི། །ཕོ་ཡི་དུར་ས་མཁར་གྱི་ས། །མཐོ་ལ་རིམ་པ་བཟང་བ་ཡིན། །མོ་ཡི་དུར་ས་ཁང་པའི་ས། །དམའ་ལ་དབྱིབས་པ་བཟང་བ་ཡིན། །ཕྱག་རྩེ་གསུམ་བརྩེགས་གདན་ཐོག་དེ། །དགེ་བཤེས་རྒྱལ་རྒྱུད་ས་རུ་བཟང་། །མཆོད་རྟེན་པོ་ཏི་བརྩེགས་འདྲ་དེ། །རབ་བྱུང་བཙུན་པའི་ས་རུ་བཟང་། །གཡུང་དྲུང་རྔ་གཤང་བསྒྲིགས་འདྲ་དེ། །ཕྱག་རྒྱལ་བོན་གྱི་ས་རུ་བཟང་། །མཐོ་ཞིང་ཡངས་པའི་ས་མིག་དེ། །ཚེ་རིང་བཀྲ་རྒན་ས་རུ་བཟང་། །དམའ་ལ་ཡངས་པའི་ས་མིག་དེ། །བུད་མེད་རྒན་པའི་ས་རུ་བཟང་། །ཚེ་རིང་བུ་མང་རིམ་པར་


CMR058_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། །ཤི་ལུགས་བཟང་ངན་དག་ལའང་དཔག །དེའང་ཁང་དུར་ཀུན་ལའོ། །བཅུ་པ་མི་ཐུབ་ས་རྣམས་བརྟན་པ་ནི། །དགོས་ཕྱིར་གདབ་པ་རྒྱལ་ལ་བཤད། །འབྲོང་གི་རྭ་བར་འདྲ་བ་འམ། བྱ་ཁྱུང་ནོར་བུ་རྨ་བྱའི་མདོངས། །ཆེ་བཙན་ལྡན་པ་མ་ཡིན་པའི། །སྐྱེ་བོ་གཞན་གྱིས་ཐུབ་དཀའ་ཡང་། །དཔལ་རྩལ་འདོད་ན་དེ་ལ་གདབ། །རྒྱལ་མཚན་རྩེ་དང་གདུགས་ཀྱི་ཏོག །བུམ་པའི་ཁ་རྒྱན་འདྲ་བ་གསུམ། །དགེ་བའི་བཤེས་གཉེན་མ་ཡིན་པའི། །བཙུན་པ་ཕལ་གྱིས་ཐུབ་པར་དཀའ། །དཔུངས་པ་ཞན་ན་དེ་ལ་གདབ། །རྒྱལ་པོའི་ཐུགས་ཀ་གླང་ཆེན་གཙུགས། །སེང་གེའི་གཡུ་རལ་རྣམ་པ་གསུམ། །རྒྱལ་རིགས་ས་བདག་མ་ཡིན་པའི། །བློན་འབངས་གཞན་གྱིས་ཐུབ་པར་དཀའ། །མི་དཔུང་ངན་ན་དེ་ལ་གདབ། །སྟག་གི་འཛུམ་དང་ཁྲ་ཡི་གཤོག །གཅན་གཟན་གདུག་པའི་སྙིང་ག་གསུམ། །དྲག་རྩལ་ལྡན་པ་མ་ཡིན་པའི། །ཕལ་པ་གཞན་གྱིས་ཐུབ་པར་དཀའ། །ཡ་རབ་འདོད་ན་དེ་ལ་གདབ། །རྨ་བྱའི་མདངས་འདྲ་མི་ཐུབ་སྟེ། །དུག་འཁྲིས་མང་དང་བཀྲག་མེད་དང་། །གཟི་བྱིན་མེད་ན་དེ་ལ་གདབ། །རྟ་ཡི་རྔོག་མ་མི་ཐུབ་སྟེ། །རྟ་གྲི་མང་ན་དེ་ལ་


CMR058_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

གདབ། །རྨོག་གི་སྤྱི་བོ་མི་ཐུབ་སྟེ། །མཚོན་གྲི་མང་ན་དེ་ལ་གདབ། །འཁོར་ལོའི་ལྟེ་བ་མི་ཐུབ་སྟེ། །གཉའ་ནོན་མང་ན་དེ་ལ་གདབ། །མཆོད་རྟེན་བུམ་པ་མི་ཐུབ་སྟེ། །མཐོན་པོ་མར་ལྷུང་དེ་ལ་གདབ། །ཁྱུང་གི་གཤོག་རུ་མི་ཐུབ་སྟེ། །མཛེ་ཕོ་མང་ན་དེ་ལ་གདབ། །ཕྱག་རྩེ་གསུམ་བརྩེགས་གདན་ཁྲི་དེ། །ཡོན་ཏན་ལྡན་པ་མ་གཏོགས་པ། །ཡོན་ཏན་མེད་པས་ཐུབ་པར་དཀའ། །མཐོ་ཡངས་གཉན་པའི་ས་མིག་དེ། །ཚེ་རིང་བཀྲ་རྒན་མ་གཏོགས་པ། །གཞོན་ནུ་ཕལ་གྱིས་ཐུབ་པ་དཀའ། །སྤང་ཐང་ན་བ་ཆེན་པོ་དེ། །ཕྱུག་པོ་ནོར་ལྡན་མ་གཏོགས་པ། །དབུལ་པོ་ཕལ་གྱིས་ཐུབ་པར་དཀའ། །ནགས་ཚལ་འཐུག་པོའི་སྤང་གཤོང་དེ། །འཕན་པོ་བུ་མང་མ་གཏོགས་པ། །རྨང་པོ་རྣམས་ཀྱིས་ཐུབ་པར་དཀའ། །ས་བདག་ཀླུ་གཉན་བཟང་པོའི་གནས། །མི་རྒྱུད་གཙང་བ་མ་ཡིན་པའི། །སྐྱོན་ཅན་རྣམས་ཀྱིས་ཐུབ་པར་དཀའ། །རི་ཞབས་ཐང་མཐའ་ཆུས་བསྐོར་བ། །ན་རིགས་ངོན་པ་མ་གཏོགས་པ། །ཡ་རབ་དྲ་མས་ཐུབ་པར་དཀའ། །དེ་ཡང་ཁ་དུར་ཀུན་ལ་འོ། ༈ །བཅུ་གཅིག་ཕོ་མོ་བརྟགས་པ་ནི། །རི་ཡི་ཕོ་མོ་རྩེ་མོས་དབྱེ། །རི་རྩེ་


CMR058_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

སྦོམ་པ་ཕོ་ལ་ཕྲ་བ་མོ། ཤིང་གི་ཕོ་མོ་འབྲས་བུའི་དབྱེ། །འབྲས་བུ་ཡོད་པ་ཕོ་ལ་མེད་པ་མོ། །རྡོ་བྲག་ཕོ་མོ་ཟུར་གྱི་དབྱེ། །ཟུར་ཅན་ཕོ་ལ་ཟུར་མེད་མོ། །ཆུ་ཡི་ཕོ་མོ་འབབ་འཁྱིལ་དབྱེ། །དྲག་འབབ་ཕོ་ལ་དལ་འཁྱིལ་མོ། །ལམ་ནི་ཁ་དབྲག་དག་གི་དབྱེ། །ལམ་གཅིག་ཕོ་ལ་ཁ་དབྲག་མོ། །ན་བ་ཕོ་མོ་ཆུ་ཡིས་དབྱེ། །མགོ་ཉུང་ཕོ་ལ་མགོ་ལང་མོ། །ས་ཆའི་ཕོ་མོ་འབུར་གཤོང་དབྱེ། །འབུར་བ་ཕོ་ལ་གཤོང་བ་མོ། །འདེབས་ཀྱི་ཕོ་མོ་གཡས་གཡོན་དབྱེ། །འདེབས་ཀྱི་གཡས་ཕོ་གཡོན་པ་མོ། །བྱིས་པ་ཕོ་མོ་འགྱོགས་པ་སྤྱད། །བཅུ་གཉིས་ཆུ་ཡི་བརྟག་ཐབས་ནི། །བྱང་ནས་ལྷོ་འབབ་དཔལ་གྱི་ཆུ། །ནུབ་ནས་ཤར་འབབ་དབང་ཐང་ཆུ། །ལྷོ་ནས་བྱང་འབབ་ནོར་གྱི་ཆུ། །ཤར་ནས་ནུབ་འབབ་ཅུང་ཟད་ངན། །རེས་འབབ་རེས་སྐམ་དར་རྒུད་ཆེ། །འཁོར་ཞིང་འཁྱིལ་ན་གཡང་གི་ཆུ། །ཤག་ཤག་འགྲོ་བ་མགྲོན་གྱི་ཆུ། །དཀར་ལ་གྲིམ་པ་སྲིད་ཀྱི་ཆུ། །དམར་ལ་རྒོད་པ་སྲིད་ཀྱི་ཆུ། །སེར་ལ་ཁམ་པ་ཆུ་སེར་ཆུ། །ནག་ལ་རྙོག་པ་གཅོང་གི་ཆུ། །ཁ་ནས་བབས་པ་དཔལ་གྱི་ཆུ། །སྙིང་ག་ནས་འབབ་དངོས་གྲུབ་ཆུ། །མིག་ནས་བབས་པ་ཉེས་ལྟུག་ཆུ། །


CMR058_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་ནས་འབབ་མི་ནོར་འཕེལ། །གཡས་གཡོན་ཆུ་འབབ་བཟང་བར་བཤད། །གཡོན་ནས་འབབ་ཅིང་མདུན་དུ་འཁྱིལ། །ཞག་གི་མཚོ་མོ་འཁྱིལ་བ་ཡིན། །རྩེ་འཛིན་རྩེ་མོ་ང་ཆུ་རྡོལ་ན། །མི་རྒྱུད་སྤྲང་པོར་འགྲོ་བར་བཤད། །ཆུ་སྐད་ཆད་ན་རྒྱུད་སྐད་ཆད། །སྐྱེད་འབྲི་ཆེ་ན་བསོད་ནམས་དང་རྒུད་ཆེ། །ན་ཆུ་ཆུ་རུལ་མྱ་ངན་ངོ་། །གཡས་གཡོན་ཆུ་སྐྱུག་མིག་གི་མཆི་མ་ཡིན། །ཞབས་སུ་ཆུ་རྡོལ་ངན་པའི་ཐ། །མགོ་མང་རྡོལ་ན་བརྒྱ་སྟོང་འཕེལ། །བྲག་ལས་ཆུ་འབབ་མི་འབྲུ་ས། །ལྷོ་རྡོལ་བུ་སྲིང་ཕ་མ་མཚོ། གཡས་རྡོལ་ཆེ་རྒྱུད་གཡོན་རྡོལ་བུ། །དབུས་རྡོལ་འབྲིང་རྒྱུད་འཕེལ་བའི་ཆུ། །རི་བྲག་ཁ་འདྲ་ནས་འབེབས་ཆུ། །སྒྲ་བཟང་དབང་ཐང་ཆེ་བར་བཤད། །མཇེ་འདྲ་ནས་འབབ་བུ་ཚ་འཕེལ། །རྣ་བ་ནས་འབབ་དཔལ་རྩལ་ཆེ། །ནུ་འདྲ་ནས་འབབ་མི་ནོར་འཕེལ། །གཡས་གཡོན་ཆུ་གཉིས་མདུན་འཁྱིལ་བཟང་། །དུར་གྱི་དབྱིངས་ལས་ཆུ་རྡོལ་ངན། །དོང་དུ་སོང་ན་ཡུལ་མི་བརླག །སྟ་འདྲ་ནས་འབབ་ནལ་མ་མང་། །ཤིན་ཏུ་སྒྲ་ཆེ་གྱོད་ཆུ་ཡིན། །རྐུབ་འདྲ་ནས་བབ་དག་དིབ་མང་། །རྫིང་ཁྲོད་དབྱར་སྐྱེས་དགུན་སྐམ་དང་། །ངམ་གྲོག་


CMR058_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

གཏིང་རིང་ཆུ་འབབ་དང་། །རྩ་དང་ཀོ་མོག་བ་ཚྭ་ཅན། །ངན་ཆུ་བསགས་དངམདུན་ཆུ་དང་། །རླན་ཅན་སར་བཏབ་བུ་ཚ་གླེན། །གངས་ལས་ཆུ་འབེབས་འཕེལ་ཀྱང་སྙི། །བཟང་བའི་ཆུ་རྣམས་ཐམས་ཅད་ནི། གཙང་པོར་སླེབ་དགོས་མ་སླེབ་མིན། །བཅུ་གསུམ་ཤིང་གི་བརྟག་ཐབས་ནི། །རྩེ་འཛིན་རྒྱབ་རི་གང་རུང་ལ། །ཤིང་སྐམ་གཅིག་སྐྱེས་བདུད་མདའ་ངན། །སྟེང་གི་ཤིང་སྐམ་རྐང་གཅིག་ངན། །གཡས་གཡོན་ནུབ་ཀྱི་ཤིང་སྐམ་གཅིག །ངན་པ་ཡིན་ཞེས་ཞབས་ཀྱི་ཤིང་། །རློན་པ་སྐྱེས་ན་བཟང་བར་རབ། །སྐམ་པོ་གཅིག་སྐྱེས་བཟང་བའི་ཐ། །ཁང་པའི་ཤར་དུ་ཤིང་བྱུང་བཟང་། །ཕུ་རུ་ཤོལ་པོ་བྱུང་ཀྱང་ངོ་། །དུར་སར་ཤིང་སྐྱེས་མི་གྲངས་འཕེལ། །ཤར་དུ་འོམ་བུ་སེང་ལྡིང་བཟང་། །ལྷོ་རུ་ཀ གླང་མ་ཐང་ཤིང་ལེགས། །མཚམས་སུ་ཤོལ་པོ་སྐྱེས་པ་དགེ །ས་དགྲ་ངན་པར་ཤིང་སྐྱེས་ཐུབ། །ཆུ་ཁམས་ལྷོ་ནུབ་ཤིང་སྐྱེས་ལེགས། །ཤིང་ཁམས་ནུབ་སྐྱེས་མེ་ཁམས་བྱང་། །སར་ཤར་ལྕགས་ཁམས་ལྷོ་སྐྱེས་ཤིང་། །དེ་ཡིས་དགྲ་བཞི་ཐུབ་པར་ངེས། །ཤར་ཤིང་ཁང་པར་འཕྲད་ན་ངན། །ཁམས་ལྔའི་གྲོགས་ཕྱོགས་སྐྱེས་པར་ངན། །ཁང་ལྟག་དུག་ཤིང་


CMR058_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་ངན། །སྐྱོག་མོ་འགོ་འཛིངས་མགོ་སྡུམ་དང་། །དུག་ཤིང་སྐམ་པོ་སྦ་བ་ཅན། །མགུལ་པ་མགུལ་ཉལ་རྩ་བ་རུལ། །ཕྱེད་སྐམ་འབྲུ་སྐམ་ཚེར་མ་ཅན། རོ་བ་ཆག་པོ་སྲིན་རྗེས་ཅིན། དེ་སོགས་ཁང་དུར་གང་རུང་ངན། །ལན་དང་མདུན་རི་ཤིང་སྤྱན་བཟང་། །སེ་བ་རྟ་བཟང་ཉ་ཁྲིད་གནག །སུ་རུ་ལུག་ལ་སྟག་མ་ར། །གླིང་མ་སྤྱན་མ་བ་དང་གླང་། །ཤིང་སྣ་ཀུན་ཚོགས་ཕུན་སུམ་ཚོགས། །ཤུག་པ་གསེབ་ཀྱི་ཤིང་ཡན་གཅིག །བྱུང་ན་ངན་ཅིང་ཤིང་ནག་ནི། །ལོ་མ་མེད་པ་དེ་ཡང་ངོ་། །ཤིང་མེད་ཡུལ་ན་ཤིང་མི་དཔྱད། །ཤིང་གཅིག་སྐྱེས་པ་མན་ངག་ཡིན། །ཆུ་བྲན་ལུང་པ་དེ་བཞིན་ནོ། །ཤིང་སྒྲོན་ལ་སོགས་གཞན་ནས་འབྱུང་། །བཅུ་བཞི་བྲག་གི་བཟང་ངན་བཤད། །མདུན་རྒྱབ་གོང་བྱུང་བྲག་རི་ནི། །དགུ་ན་སེང་གེ་ཡིན་པར་དཔྱད། །དབྱེ་ན་རྒྱལ་པོ་ཡིན་པར་དཔྱད། །དེ་བཞིན་དགྱེ་དགུ་བྱེ་བྲག་ནི། །སེར་པོ་སྟག་དང་བློན་པོར་དཔྱད། །དམར་པོ་འཕར་སྤང་དམག་མིར་འདོད། །ནག་པོ་དོམ་དྲེད་འབངས་སུ་དཔྱད། །སྟེང་གི་ཕ་ཝང་ལེབ་མོ་ནི། །སྤྱི་བོའི་རྡོ་ལེབ་བྱ་བ་ཡིན། །སྟེང་དུ་བྲག་ཐེམ་ཡོད་པ་ལ། །སྣ་གཉིས་མར་ལ་གུག་


CMR058_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། །ས་མཁན་ལྟག་བདུད་ཡིན་པས་སྤང་། །གཡས་གཡོན་ཕ་ཝང་སྒོ་ཉལ་དེ། །འོག་གི་བྲེ་གུ་སྒོ་ཁྱིའ། །སྟེང་གི་བྲག་གདོང་གྱེན་སོང་བཟང་། །བྲག་གདོང་དུར་ཟུག་གཟུ་ལུང་ངན། །འོག་ནས་འཇབ་འདྲ་རྐུན་ངོ་དང་། །བརྟེན་པ་འདྲ་ན་རྟེན་ཕུར་བཟང་། །བྱེ་བྲག་མི་ངོའི་བྲག་ངན་ནི། །ཁ་དོག་དམར་ཁ་གྲི་ངོ་དང་། དམར་ལ་རྩུབ་པ་རྨ་ཁྲག་ངོ་། །སྤྱང་ལྟོགས་འདྲ་ན་ཆུང་སྲི་ལྡང་། །སྔོ་སྐྱ་ཐལ་སྐྱ་བསེ་རག་གདོང་། །སེར་ནག་ལྟུག་པ་གཅོང་ནད་ལྡང་། །དཀར་གསེབ་ནག་པོའི་འབངས་རྗེ་གསོད། །ནག་གསེབ་དཀར་པོ་དེ་ལས་ལྡོག །སྐྱ་བོ་བཟང་རིང་ལྷ་ཡི་གདོན། །དཀར་སེར་སྔོ་དང་འདྲེས་པ་བྱོལ། །དབྱིབས་གཟུགས་མི་ཧྲིང་ཁུས་འདེབས་ངན། །ཕག་མོ་དུས་འདྲ་སྲིན་གྱི་གདོན། །གཅན་གཟན་མཆེ་དང་ངུས་པའི་མཆི། །སྡེར་མོའི་རྗེས་སོགས་ངན་པར་བཤད། །འབྲང་རྒྱས་འདྲ་ན་ཚེ་སྟོད་བདེ། །ཚེ་སྨད་སྡུག་བསྔལ་འབའ་ཞིག་འབྱུང་། །རྩེ་གཉིས་དཀར་དམར་ཕ་སྤུན་འཁྲུག །གཤིན་རྗེ་ཁྲོས་འདྲ་ཕུང་བའི་བྲག །སྤྱང་པོས་ཟོ་བ་ཐོག་འདྲ་ངན། །མི་ཧྲིང་ཁྲག་ཁུར་སྦྲང་ཟན་ནི། །འཐོར་འདྲ་ཤ་རོ་རྒོག་པ་འདྲ། །མི་རྒབ་ཆད་འགྱུར་


CMR058_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲེལ་གདོང་འདྲ། །ནང་དམེ་འོང་བྲག་ཟངས་རྒོག་སྦུབ། །དེ་འདྲ་ཤིན་ངན་སྒོ་ཐད་ནས། །གོམ་པ་ཉེར་ལྔ་ཝ་འཇབ་འདྲ། །ཕུང་སྲི་ཡིན་བཤད་ཁང་དུར་གཉར། །སྤྱང་འདྲ་དེ་ཡང་དེ་ལྟར་རོ། །ཁམས་ལྔའི་དགྲ་སོགས་མདུང་རྩེ་འདྲ། །ཤིག་ཤིག་གས་གྲུམ་མགོ་གཏུམ་ངན། །གཟུགས་ལ་ལེགས་པ་ཟུར་རྣོ་བ། །བྲག་ཆད་ལྷུང་ལ་ཁད་པ་དང་། །ཡུགས་ས་ཙོག་གེར་འདུག་འདྲ་དང་། །ཁ་གདངས་ཤོར་འདྲ་ཕན་ཚུན་དུ། །འཐབ་འདྲ་སྤྱང་ཀི་ལུག་འཇབ་འདྲ། །སྡོམ་སྡིག་སྦལ་སྦྲུལ་ཉ་འདྲ་བའི། །ཁ་ཟུར་འདྲ་བར་ཁང་དུར་བཏབ། །མི་ཤེས་འབྱུང་བ་ཐེ་ཚོམ་མེད། །དེ་དག་གཟུགས་ངན་ཁོངས་འཐུས་ཀྱང་། །ས་འབུམ་དགོངས་པ་བཞིན་དུ་སྤྲོས། །བཅོ་ལྔ་ལམ་གྱི་ལེགས་ཉེན་ནི། །ཤར་གྱི་ལམ་དེ་གྲོགས་ལམ་ཡིན། །ལྷོ་ཡི་ལམ་དེ་དཔལ་གཡང་ལམ། །ནུབ་ལམ་བྱང་ལམ་གཤིན་དགྲའི་ལམ། །སྟེང་དུ་ལམ་བྱུང་གཉའ་ཤིང་ངན། །འོག་ནས་འཕྲད་ཟུག་ཕྱག་བརྩེགས་བཟང་། །འོག་ནས་ཐུར་སོང་ཐག་སྣ་ཟུག །ལམ་སྣ་མང་ཟུག་ཞལ་ལྕེ་དང་། །ཁ་སྨྲས་མང་ཞིང་ཁང་དུར་གཉར། །རྒྱ་གྲམ་ལམ་བྱུང་ཤིན་ཏུ་ངན། །ལམ་གྱི་ཁ་དབྲག་སྐུ་ཚུད་


CMR058_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ངན། །ཤར་ལྷོའི་ལམ་དམར་རྟ་ལ་ངན། །བཅུ་དྲུག་ལུང་བའི་བཟང་ངན་ནི། །སྟེང་དང་འོག་དང་གཡས་གཡོན་གྱིས། །ལུང་སྐམ་ཐུར་ཕྲད་ཟུག་ཀུན་ངན། །ལར་ནི་ལུང་སྐམ་མང་བ་དེ། །མི་རྒྱུད་སྤྲང་པོར་འགྲོ་བ་ཡིན། །འོབ་དང་རྐོ་དོང་རི་གདོང་སོགས། །ས་ཡི་དུག་རལ་མང་ན་ངན། །སྤྱིར་ན་ལུང་པ་ས་གཞི་དཔྱད་པས་འགྲུབ། །བཅུ་བདུན་ཟད་དང་ངན་པའི་དཔྱད། །རི་ཐང་གཉིས་ཀྱི་མཚམས་སུ་ཟད། །སྐམ་གཤེར་གཉིས་ཀྱི་མཚམས་སུ་ཟད། །ཉིན་སྲིབ་གཉིས་ཀྱི་མཚམས་སུ་ཟད། །རི་བོའི་རྩེ་དང་ཐང་གི་དཀྱིལ། །གངས་རྒྱུད་སྣེ་དང་གཡའ་གངས་མཚམས། །གཡའ་སྤང་སྤང་བྲག་བྲག་སྣའི་མཚམས། །ས་ཟད་གད་པའི་མཚམས་སུ་ཟད། །གླ་བ་རྦབ་སྡོད་འདྲ་བ་དང་། །སྤྲེའུ་དམེ་སྡོད་འདྲ་བ་དང་། །ཡུགས་ས་ཁྱོ་སྡོད་འདྲ་རྣམས་སུ། །ཁང་དུར་བཏབ་ན་བརླག་པར་འགྱུར། །བཅོ་བརྒྱད་ས་ཡི་སྐད་ཆད་ནི། །སྟེང་དུ་མཆོད་རྟེན་པུ་ཏི་མནན། །སྒང་རྒྱུད་སྐྱེད་པར་མཚོ་སྐམ་ཡོད། །ཆུ་སྐད་ས་རྡོ་ཟམ་གྱིས་བཅད། །རི་བྲན་རི་ཆེན་མ་སླེབ་དང་། །ཆུ་བྲན་ཆུ་ཆེན་མ་སླེབ་ལྔ། །སྐྱེད་ལ་སྐད་ཆད་འབྱུང་བ་ཡིན། །བཅུ་དགུ་ཕུང་བའི་རི་བརྒྱད་དང་། །


CMR058_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་དུ་ཕུང་བའི་ས་ཡང་བསྟན། །མི་རྒན་དཔྲལ་བ་འདྲ་བ་དང་། །ཡུགས་སས་ཕྱར་ཧྲུལ་གྱོན་འདྲ་བ། །སྐུ་ལ་སྣུམ་མེད་ས་གཞི་བཀྲེན། །ངར་གདོང་འདྲ་དང་འབབ་ཚུ་མེད། །སྦྲུལ་ནག་འཁྱུག་འདྲ་ཕག་གི་ཚེངས། །རྒྱུག་འདྲ་ཝ་གཞུག་འཁྱོག་པོ་འདྲ། །སྐམ་ལུང་མང་ན་བུག་ངལ་མང་། །རྩི་ཤིང་མེད་ཅིང་ས་མིག་མེད། །དེ་ནས་ཕུང་བར་བྱེད་པའི་ས། །ཉི་ཤུ་བཟང་པོ་རྒྱུན་མི་ཆད་པའི་ས། །དཀྱིལ་འཁོར་མཆོད་རྟེན་ཁྲི་འཕང་དང་། །རྔ་དང་པུ་ཏི་འདྲ་བ་བཞི། །དགེ་བཤེས་རྒྱུན་མི་ཆད་པའི་ས། །གཡུ་དྲུང་གསས་མཁར་རྔ་ཤང་དང་། །གཤོག་པ་བཙུགས་པ་འདྲ་བ་བཞི། །བོན་པོ་རྒྱུན་མི་ཆད་པའི་ས། །རི་དཀར་རྩེ་མོ་བྱུང་རྒྱལ་ལ། །རི་བྲན་མང་པོའི་བསྐོར་བ་ནི། །ཞང་བློན་རྒྱུན་་མི་ཆད་པའི་ས། །ཁྲེ་གུ་སྟག་སྣ་སྤྱང་ཐོད་འདྲ། །མདུང་དང་རལ་གྲི་འདྲ་བ་བཞི། །དཔའ་བོ་རྒྱུན་མི་ཆད་པའི་ས། །གཡས་ཀྱི་ས་འགོས་གཡོན་ཕྱོགས་མནན། །ཕ་སྤྱན་ནང་དུ་རྒྱལ་བའི་ས། །དེ་ལས་ལྡོག་པར་རང་ཉིད་ཕམ། །ཉེར་གཅིག་ས་འབྲིང་པོ་རྒྱུན་མི་ཆད་པའི་ས་ལྔ་བསྟན་པ་ནི། བྲེ་གུ་དཀར་ནག་མང་པོ་འདྲེས། །མགར་བ་རྒྱུན་མི་ཆད་པའི་


CMR058_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ས། །ཕྱར་བའི་དབུས་ན་ཆུ་གྲིའི་གཟུགས། །བཟོ་བོ་རྒྱུན་མི་ཆད་པའི་ས། །ས་རྡོ་རི་བྲག་མང་པོ་འདྲེས། །འཐབ་མཁོན་རྒྱུན་མི་ཆད་པའི་ས། །ཝ་སྐྱེས་ཕྱི་ལྟས་བྱས་འདྲ་དེ། །སྡར་མ་རྒྱུན་མི་ཆད་པའི་ས། །ས་བྲག་དམར་པོ་ཞིག་རལ་ཅན། །སྟེང་དུ་ལམ་འཕྲང་གུ་གུའི་གཟུགས། །ཐོག་གྲི་རྒྱུན་དུ་འབབ་པའི་ས། །ཉེར་གཉིས་པ་ངན་པ་རྒྱུན་མི་ཆད་པའི་ས། །ས་བྲག་དམར་རྩུབས་སལ་སུལ་མང་། དགྲ་བོ་རྒྱུན་མི་ཆད་པའི་ས། །སྤྲེལ་དམར་ཁྲིད་པ་འདྲ་བ་ནི། །དམེ་ཕོ་རྒྱུན་མི་ཆད་པའི་ས། །རི་རྡུམ་མགོ་ལེབ་རི་རྒྱུད་ཆད། །རབས་ཆད་རྒྱུན་མི་ཆད་པའི་ས། །ས་རྡོ་སྐྱ་དཀྲེན་བྱེ་ཕྱག་ཅན། །བསེ་རག་རྒྱུན་མི་ཆད་བའི་ས། །བྲག་གི་འོག་ཏུ་ཆུ་ལྐུག་མང་། །རྐུན་མ་རྒྱུན་མི་ཆད་པའི་ས། །ཕ་ཝང་དིལ་འབུལ་ཤིང་ཟུང་འགྲོགས། །མཚེ་མ་རྒྱུན་མི་ཆད་པའི་ས། །ས་ཆུ་དཀར་ནག་སྔོན་པོ་འདྲེས། །ནལ་མོ་རྒྱུན་མི་ཆད་པའི་ས། །རྒྱབ་ཀྱི་དིལ་འབུར་ལར་ཆད་དེ། །དྭ་ཕྲུག་རྒྱུན་མི་ཆད་པའི་ས། །ཕ་ཝང་བྲེ་གུ་གང་རུང་མགོར། །ཆུ་བྲན་འབབས་རྒྱུན་མེད་པ་ནི། །མུག་ཕྲུག་རྒྱུན་མི་ཆད་པའི་ས། །ཉེར་གསུམ་འཕྲལ་དུ་བར་ཆད་འབྱུང་བའི་ས། །མཐོ་ལ་


CMR058_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་པའི་ས་མིག་དང་། །མཚོ་གཉན་འགྲམ་དང་ཆུ་མིག་མགོ །ས་རྡོ་རྟགས་ཅན་སོགས་སུ་འང་སྤང་། །ཉེར་བཞི་དུར་སའི་མི་གྲངས་བཟུང་བ་ནི། བྲག་གི་སྒང་རྒྱུད་དིལ་འབུར་དང་། །ཤིང་རྡོ་ལམ་གསུམ་དཀོན་པའི་སར། །ཤིང་གཅིག་ཕ་ཝང་ལམ་ཕྲན་རྣམས། །དེ་ཀུན་ལན་ལ་མི་གྲངས་བཟུང་། །ཐོག་མར་བུ་ཕོ་སྐྱེས་ནག་མོ་ནི། །འཇོག་པོ་ཕོ་མོ་དག་ལ་དཔྱད། །ཕོ་མོ་གང་ཡང་སྐྱེ་བ་རིམ་པ་ཉན། །དེ་རྣམས་སྐྱེས་ན་མ་ནིང་སྐྱེས། །དེ་རྣམས་འདྲེས་པར་དཔྱད་པ་དུར་སའི་གྲངས་བཟུང་། ཉེར་ལྔ་ཁམས་ལྔའི་དུར་ས་བཏབ་པ་ནི། །ནགས་ཚལ་འཐུག་དང་ཤིང་ཕྱུག་སྐྱེས། ཤིང་ཁམས་པ་ཡི་བླ་རི་ཡིན། །ས་བྲག་དམར་པོ་རྩེ་རྣོ་བ། །མེ་ཁམས་པ་ཡི་བླ་རི་ཡིན། །ས་སེར་གྲུ་བཞི་ལྷུན་ཆགས་པ། །ས་ཁམས་པ་ཡི་བླ་རི་ཡིན། །ས་བྲག་དཀར་པོ་རྫ་རི་ནི། །ལྕགས་ཁམས་པ་ཡི་བླ་རི་ཡིན། །རང་རང་རི་ལ་དུར་བཏབ་ན། །དབང་ཐང་རི་ཡིན་བཟང་བར་བཤད། །མ་རིར་བཏབ་ན་ཚེ་རིང་འགྱུར། །བུ་རིར་བཏབ་ན་མི་གྲངས་འཕེལ། །གྲོགས་རི་ལ་བཏབ་ཟས་ནོར་འཕེལ། །དགྲ་རི་ལ་བཏབ་དགྲ་སྣ་མང་། །ཀུན་ལ་མ་བུ་དགྲ་གྲོགས་


CMR058_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བརྩི། །ཉེར་དྲུག་ལོ་སྐོར་བཅུ་གཉིས་དུར་ས་བཟང་བ་ནི། །སྟག་ཡོས་གཉིས་ཀྱི་ས་དགྲ་ནི། །ནུབ་ཕྱོགས་བྲག་དཀར་བྱ་སྤྲེལ་འདྲ། རྟ་སྦྲུལ་གཉིས་ཀྱི་ས་དགྲ་ནི། །བྱང་ཕྱོགས་མཚོ་དང་ཆུ་ཆེན་འབབ། །བྱ་སྤྲེལ་གཉིས་ཀྱི་ས་དགྲ་ནི། །ལྷོ་ཕྱོགས་བྲག་དམར་ས་དམར་ཡོད། །བྱི་ཕག་གཉིས་ཀྱི་ས་དགྲ་ནི། མཚམས་བཞིར་ལྷ་ཁང་མཆོད་རྟེན་ཡོད། །ཁྱི་འབྲུག་གླང་ལུག་ས་དགྲ་ནི། །ཤར་ཕྱོགས་ནགས་ཚལ་ཤིང་གཅིག་ཡོད། །དེར་བཏབ་ཉེས་པ་སྣ་ཚོགས་འོང་། །ཤི་གསོན་གཉིས་ཀྱི་ལོ་ལ་རྩི། །ཉེར་བདུན་འབྱུང་བ་ལྔའི་བརྟག་ཐབས་བརྟན་པ་ནི། དཀར་སྒྲོན་དཀར་ནག་གཉིས་ཡོད་དེ། །དཀར་པོ་གནམ་གྱི་མཆེ་བ་ཡིན། །ནག་པོ་ཕུག་པ་སྐར་ཁུང་ཡིན། །ས་སྒྲོན་གད་པ་མདུང་རྩེ་ཅན། །ཤིང་སྒྲོན་རླུང་གི་གཡབ་མོ་ཅན། །ཆུ་སྒྲོན་ཉི་མའི་མཚོན་ཆ་ཅན། །དེ་ལྟར་འབྱུང་བ་ལྔའི་སྒྲོན། །སྤྱིར་ནི་གང་དུ་བྱུང་ཡང་ངན། །ཁྱད་པར་རང་ཕྱོགས་བྱུང་བ་ངན། །དེ་རྣམས་སྤང་བའི་ས་མིག་ཡིན། །ཉེར་བརྒྱད་དུར་ས་འདེབས་པའི་ས་མིག་རྩལ་བ་ནི། རི་དང་ཐང་གཉིས་གང་ཡང་རུང་། །གཟར་བ་རྣམས་ཀྱི་བདེ་བ་དང་། །བདེ་བ་རྣམས་ཀྱི་གཟར་བ་དང་། །འཇམ་


CMR058_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱི་རྩུབ་པ་དང་། །རྩུབ་པ་རྣམས་ཀྱི་འཇམ་པ་དང་། །འབུར་བ་རྣམས་ཀྱི་གཤོང་བ་དང་། །གཤོང་བ་རྣམས་ཀྱི་འབུར་བ་དང་། །དེ་ལ་སོགས་པ་རིམ་པར་དཔྱད། །ཉེར་དགུ་བྱེ་བྲག་ས་མིག་བསྩལ་ཐབས་བསྟན་པ་ནི། སྤང་ལུང་གཤོང་བའི་ནང་དུ་ནི། །མེ་ལོང་རྒྱབ་ལྟར་འབུར་བ་དང་། །ས་དབྱིབས་འབུར་བའི་དཀྱིལ་མའི་དཀྱིལ། །མེ་ལོང་ནང་ལྟར་འཇམ་པ་དང་། །སྒང་རྒྱུད་རིང་པོ་མ་ཆད་དཀྱིལ། །འབུར་བའམ་ནི་གཤོང་བ་དང་། །ཐང་ཆེན་དཀྱིལ་དུ་འབྲང་རྒྱས་ལྟར། །མཐོ་འམ་ཡང་ན་དམའ་བ་དང་། །ཤིང་ནག་འཐུག་པོའི་དཀྱིལ་དུ་ནི། །སྤང་འཇམ་ཕྱིང་པ་བཏིང་འདྲ་དང་། །བྲག་རི་ཆེ་བའི་མདུན་རྒྱབ་ཏུ། །སྤང་གི་གཡོགས་པའི་འབུར་གཤོང་དང་། །ཉིན་རེའི་ངོས་་ནས་ཕྱིང་པ་ཙམ། །ཁ་བ་མི་འགྱུ་སྲིབ་བལྟས་དང་། སྲིབ་རིའི་ངོས་ནས་ཕྱིང་པ་ཙམ། །ཉིན་བལྟས་ཁ་བ་འགྱུ་བ་དང་། །གཡའ་སྤང་མཚམས་སུ་ཕྱིང་པ་ཙམ། །རྩུབ་པའི་ནང་དུ་འཇམ་པ་ལྟར། །སྤང་དང་ན་བའི་མཚམས་སུ་ནི། །གུར་ཆུང་འདྲ་བའི་དིལ་འབུར་དང་། །མོ་བཙུན་འདྲ་བའི་ལྟེ་བ་རུ། །ཐེ་ཚོམ་མེད་པར་གདབ་པར་བྱ། །སུམ་ཅུ་ཞིང་སའི་


CMR058_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཉེས་བསྟན། །ས་ནག་སོ་ནམ་བྱེད་མི་དགོས། །དམར་པོ་སོ་ནམ་བྱེད་པ་ན། །སྔོན་པོ་བྱས་ན་སྐྱེ་བ་ཙམ། །ཞིང་ལ་ཕོ་མིང་མོ་མིང་ལ། གྲུ་བཞི་ཟས་ནོར་ཟླུམ་པོ་དེས། །མི་ཁ་བྱམས་ལ་ཟླ་གམ་ནི། །དཔའ་རྩལ་ཆེ་ཞིང་ཞིང་ལ་ནི། །མོ་མིང་དཔལ་ཆེ་བུ་མོ་མང་། །ཁ་དོག་དཀར་སེར་ངན་པར་བཤད། །ཟུར་གསུམ་སྐད་ཉག་ཞིང་དཀྱིལ་དུ། །ན་བ་ནེའུ་སིང་ཡོད་པ་ངན། །ནར་རིང་སྦལ་ལྕོང་ཉ་གཟུགས་ངན། །ཞིང་དཀྱིལ་ཆུ་མིག་དུག་ཤིང་དང་། །ལམ་དོད་གཤའ་སྣ་ཟུག་པ་ངན། །ཞིང་རྩེ་དགུ་འདུས་ངན། །སོ་གཅིག་ས་དཔལ་གང་རུང་རུ། །ཕྱོགས་བཞིར་འབྱུང་བའི་དགྲ་ཡོད་དཔྱད། །དེ་ཡི་བཅོས་ཐབས་རག་ཙམ་བཤད། །ཤར་ཕྱོགས་ཤིང་གི་དགྲ་བྱུང་ན། །དེ་ལ་གྲི་ལྕགས་འཛེར་བུ་བསྣུན། །ལྷོ་ཕྱོགས་ས་དམར་བྲག་དམར་ལ། །ལུང་དགུའི་ཆུ་བླུག་ནུབ་ཕྱོགས་ན། བྲག་དཀར་བྱུང་ན་དར་མདར་ཕྱར། །ཡང་ན་རྡོ་དམར་བཞག་ཀྱང་ཟེར། །བྱང་ཕྱོགས་ཆུ་ཡི་དགྲ་བྱུང་ན། །རི་བོ་གསུམ་གྱི་ས་སྣ་བླུག །མཚམས་བཞིར་ས་ཡི་དགྲ་བྱུང་ན། །སྐྱེས་ཤིང་བཙུགས་པས་ཕན་པར་བཤད། །ས་ཆ་ཤོ་རལ་བྱུང་བ་ན། །མ་ཎི་ཚ་


CMR058_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་བྱས་པས་ཕན། །གནམ་སྒྲོན་གཤིན་རྗེའི་མཆེ་བ་ཡིན། །ཆུ་རྡོར་དངུལ་གྱི་རྒྱ་གྲམ་བྲིས། །རབ་གནས་ས་དགྲར་བསྟན་བཞག་ཕན། །གད་པ་མདུང་རྩེར་ཡང་ཕན་ནོ། །ཤིང་སྒྲོན་རེ་གཡབ་བཅད་པར་བྱ། །ཆུ་སྒྲོན་བསུ་བསམ་ས་སྣ་བླུག །རླུང་སྒྲོན་མཆོད་རྟེན་སཱ་ཚས་བཅད། །དེ་སོགས་བཅོས་ཐབས་མཐའ་ཡས་ཀྱང་། །ཡང་གསང་མན་ངག་གདམ་པ་ནི། །ལྕགས་གཞིར་ཟངས་ཀྱི་ཆུ་སྲིན་བྲིས། །ཁང་དུར་ཤར་བཞག་ཤར་ཕྱོགས་ཀྱི། །ས་དགྲ་ཐམས་ཅད་ཐུབ་ངེས་ཡིན། །ཆུ་རྡོར་དངུལ་གྱིས་སེང་གེ་བྲིས། །ལྷོར་བཞག་དེ་ཡང་དེ་ལྟར་རོ། །ཟངས་གཞིར་སྣ་ཚས་འབྲུག་གཟུགས་བྲིས། །ཁང་དུར་ནུབ་བཞག་ནུབ་དགྲ་ཐུབ། །གསེར་རྡོར་གསེར་གྱི་རུ་སྦལ་བྲིས། །བྱུང་བཞག་བྱང་གི་ས་དགྲ་ཐུབ། །བྱང་ཤར་ངན་པ་རྡོ་རྗེའི་ཐོབ། །ཤར་ཕྱོགས་ས་དགྲ་ཡོད་ས་ནས། །རྡོ་བླངས་ངན་པ་ཁྱེར་ཞེས་བྲིས། །ངག་ཏུའང་བརྗོད་བཞིན་བཞག་པས་ཐུབ། །ཤར་ལྷོ་སཱཙྪ་སྣ་ལྔས་ཟློག །ལྷོ་དང་ལྷོ་ནུབ་འང་དེས་ཐུབ་ངེས། །རྐུབ་འདྲ་མི་ཡི་མཚན་མས་ཐུབ། །ནུབ་བྱང་བྱང་གཉིས་མཆོད་རྟེན་ཟློག །ཡང་ན་མོ་མཚན་འདྲ་བ་ནི། །ཚུལ་ཁྲིམས་


CMR058_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

འཆལ་སྐྱོན་དེ་ཕྱོགས་ལ། །རྡོ་ཡི་དབང་ཕྱུག་བཞག་པས་ཕན། །རི་སྒྲོན་ལ་ཕག་ནས་ཚུར་ལ། །བལྟས་པ་འདྲ་ན་རྡོ་བཙོན་བཟུང་། །དེ་ཕྱོགས་སྦས་པས་ཐུབ་པར་བཤད། །སོ་གཉིས་ས་དམིགས་དེ་དག་ཏུ། །ཁང་དུར་ལ་སོག་གང་བྱས་ཀྱང་། །བསང་དང་གསེར་སྐྱེམས་གཏོར་མ་འབུལ། །འདོད་དོན་གསོལ་ལ་ས་སློང་བྱ། །རྨི་ལམ་བརྟག་ལ་གནང་་བལྟས་བྱུང་། །དེ་ཚེ་ཁང་དུར་བྱ་བར་འབེབས། །མ་བྱུང་སླར་སློང་ས་དེ་ཡི། །གཞན་དུ་རྟགས་ཅན་རྡོ་ཤིང་རྩར། །ཁམ་ཕུར་རིན་ཆེན་འབྲུ་སྨན་ཟབ། །དེ་ཡི་ས་རྡོར་བཅས་པ་བཞག །དེ་ཉིད་ཉམས་དགའི་ཚལ་དུ་བསམ། །དེ་ཡི་གནས་བདག་དེར་འཕོས་བསྒོམ། །ངག་ཏུ་ཁྱེད་རྣམས་འདིར་བཞུགས་ཤིག །བདག་ལ་ཕ་གི་སློང་ཞེས་དང་། །འཐད་པའི་སྨེང་ཚིག་མང་དུ་ལབ། །ཁམས་ཕོར་ཁ་བཅད་སྦས་པས་འོང་། །ས་བསེན་དག་གིས་མ་བྱིན་ཚེ། །གཏོར་མ་བྱིན་ལ་བདེན་སྟོབས་བརྗོད། །མ་རུང་ས་བདག་སྔགས་དང་ནི། ཏིང་ངེ་འཛིན་གྱིས་བསྐྱད་ནས་སུ། །ཁང་དུར་ལ་སོགས་བྱ་བར་བརྩམ། །དེ་ཡང་དུར་འདེབས་སྐབས་ཡིན་ན། །བླ་ཕོར་བླ་བྱང་བླ་རྡོ་ཡིས། །ས་དེ་མནན་པར་བྱ་བ་ཡིན། །དེ་


CMR058_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ས་ཡི་བླ་ཕོར་ནི། །མི་འགྱུར་ཕོ་ཤིང་སྟག་པ་ལ། །སྦོམ་ཕྲ་ལག་ངར་ཙམ་ཞིག་ལ། །རིང་ཐུང་ཁྲུ་གང་པ་གཅིག་ལ། །མགོ་མཇུག་མ་ནོར་གྲུ་བཞིར་གཞོག །རྩ་བ་ཟུར་གསུམ་བྱས་པའམ། །ཟུར་གསུམ་པ་བྱས་ཕྱེད་བཤགས་ལ། །ནང་དུ་ངོས་གཅིག་སྟོད་ལ་ནི། །ཁྱོད་ཡི་མིང་རུས་གཤམ་དུ་ནི། །གནམ་གྱི་ལྷ་ལ་ཕོག་པ་རྣམས། །ལྷ་ལྟར་འཕན་དར་འབྱུང་བར་ཤོག །ས་ཡི་ཀླུ་ལ་ཕོག་པ་རྣམས། །ཀླ་ལྟར་འཕེལ་བ་ཉིད་གྱུར་ཅིག །བདུད་ལ་ཕོག་ན་བདུད་ལྟར་དུ། །དར་ཞིང་རྒྱས་ལ་བཙན་ཕོག་ན། །བཙན་ལྟར་མི་ངོ་རག་པར་ཤོག །ཞེས་བྲིས་ནང་དུ་གཙུག་ཏོར་གྱི། །ཡང་སྙིང་འབྲུ་གསུམ་བྲིས་ཟབ་བཅུག །ཁ་སྦྱར་སྣམ་ཕྲུག་དག་གིས་དྲིལ། །ཕྱི་ལ་བུད་མེད་ཚ་ལྷབས་དཀྲིས། །ཕྱོགས་མཚམས་དབུས་གུར་གདབ་པར་བྱ། །བླ་གཟུགས་ཁམས་ལྔ་འདྲ་བ་ལ། །རྒྱས་པར་བྱ་ཕྱིར་བཅའ་བར་བྱ། །བླ་རྡོ་ཁམས་ལྔ་རིམ་པ་བཞིན། །ས་ཆུ་མེ་ལྕགས་ཤིང་ལྔ་ལ། །གསེར་དངུལ་ཟངས་ལྕགས་གཡུ་རིམ་བཞིན། །བླ་གཟུགས་བྲིས་ལ་བླ་རྟེན་བཅའ། །དེ་དག་བཅས་པས་དུར་ས་ནོན། །སོ་གསུམ་ས་འབེབ་བྱ་བ་ནི། ཞེས་པ་ལོ་


CMR058_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་འདོན་ཆའི་གྲལ་ཟུར་དུ་བྲིས་ཡོད་པ་དགེ། ཞེས་པ་ཀརྨ་ཨ་རཱ་གས་ཉེར་མཁོར་སྦྱར་བ་སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ས་དཔྱད་ཉུང་ངུ་བསྡུས་པ་ཤིན་ཏུ་གསལ་བ་ལྟ་བའི་མེ་ལོང་།


CMR058_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ས་དཔྱད་ཉུང་ངུ་བསྡུས་པ་ཤིན་ཏུ་གསལ་བ་ལྟ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །ན་མོ་མཉྫ་ཤྲཱི་གྷོ་ཥ་ཡེ། འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །འཇིག་རྟེན་མི་རྣམས་བདེ་བའི་ཕྱིར། །ས་དཔྱད་ཞལ་གདམས་ཅུང་ཟད་བྲི། །ཚེ་འདས་བླ་དང་རྣམ་ཤེས་དང་། །སྲོག་དང་སྲོག་གཅོད་ཟ་འདྲེ་བཞི། །སྲོག་ནི་གཤེད་མ་འདྲེ་ཡིས་བཅད། །ནམས་ལས་ཀྱང་རྣམ་ཤེས་ལས་ཀྱི་རྗེས་སུ་འབྲང་། །བླ་ནི་དུར་ས་དེ་རུ་གནས། །སྲོག་གཅོད་ཟ་འདྲེ་མ་ཕྲལ་ནི། །གཤིན་པོའི་གཟུགས་བཟུང་གསོན་ལ་གནོད། །རྗེས་ཀྱི་དགེ་རྩ་བར་ནས་འཇོམས། །གཤིན་པོ་གནས་མི་བདེ་བར་བྱེད། །དེ་ཕྱིར་འདུལ་བརྡུང་དགོས་པ་ཡིན། །བྱིས་སྦ་དང་ནི་དར་མ་ལ། །བརྡུང་ལ་ཤིན་ཏུ་དྲག་པོ་བྱ། །མ་བྱས་སྲི་ནི་འཇུག་པ་ཡིན། །རྒས་པ་ཤི་ན་བརྡུང་མི་དགོས། །རྒས་སྲི་བརྡུང་ན་གཞོན་ལ་བབ། །ཟ་འདྲེ་ཕྲལ་བ་ཕྱིར་བཟློག་འཐུས། །དུར་སར་བླ་དེ་འཁོར་བ་ལས། །ས་བཀྲ་བཟང་ན་བླ་དེ་ལ། །བདེ་སྐྱིད་འབྱུང་བས་གསོན་པོ་ལ། །བླ་དེས་མགོན་བྱེད་བདེ་སྐྱིད་འབྱུང་། །ས་བཀྲ་ངན་ན་བླ་དེ་ངན། །སྡུག་བསྔལ་ཆེན་པོ་བྱེད་པ་ཡིན། །གསོན་པོ་རྣམས་ལ་སྐྱབས་འཚོལ་


CMR058_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བས། །གསོན་པོས་མི་ཁྱག་ན་ཚ་འབྱུང་། །ས་དཔྱད་དགོས་དོན་དེ་ལྟར་ལགས། །ས་ནི་ཚོལ་དུ་འགྲོ་བའི་དུས། །སྣོད་སྟོང་ཁུར་སོགས་ལ་ཉེ་ན། །ངན་པས་ཕྱོགས་དེར་མི་འགྲོའོ། །འགྲོ་བའི་ལུང་པ་དེ་ཉིད་ནི། །ཤར་ཕྱོགས་ཤར་ལྷོ་ལྷོ་རྣམས་སུ། །ཁ་བསྟན་ས་རུ་ས་རྙེད་སླ། །དེ་ནས་ས་ནི་ཐམས་ཅད་ལ། །བྱང་དང་ནུབ་བྱང་ནུབ་གསུམ་ལ། །རྒྱབ་གཏད་པ་ནི་གནད་དུ་ཆེ། །ཤར་དང་ཤར་ལྷོ་ལྷོ་གསུམ་ལ། །ཁ་གྱུ་བ་ནི་གནད་ཆེའོ། །ཁ་ཡི་རྒྱུ་ཕྱོགས་དེ་མིན་ན། །ས་དཔལ་བཟང་ཡང་སྐྱོན་མང་ཡོད། །ཤར་ཕྱེས་ལྷོ་སྤུངས་ནུབ་འདན་པ། །བྱང་ཕྱོགས་མཐོ་ཞིང་གཡོལ་བ་ནི། །ཀ་བ་བཞི་ཡིན་གལ་པོ་ཆེ། །མདུན་དེར་ཆུ་རྣམས་ཚུར་ལ་རྒྱུ། །རྩ་ཤིང་ནགས་ཚལ་ན་བའི་ཐད། །རྫ་ནི་མང་པོ་ཚུར་ལ་ལྷུད། །ཟས་ནོར་ལོངས་སྤྱོད་ཕུན་ཚོགས་འབྱུང་། །ཤར་ལམ་ལྷོ་ལམ་གྲོགས་དང་གཡང་། །ནུབ་ལམ་བདུད་ཡིན་བྱུང་ལམ་དགྲ། །ཤར་གྱི་ནམ་མཁའ་ཡངས་པ་དང་། ཉི་ཟླའི་བགྲོད་ཐག་རིང་བ་ནི། །ཚེ་རིང་པ་ཡི་ས་ཡིན་ནོ། །ཤར་ངོགས་ཉི་མ་ནུབ་སྔ་ན། །ས་དཔལ་བཟང་ཡང་ཚེ་ཐུང་ངོ་། །གད་པ་མདུང་འདྲ་ས་ཕུག་དང་། །ཆུ་སྒྲོན་འོད་ཆེན་


CMR058_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཟེར་ལེན། །བྲག་གི་ཧར་ཁུང་བུག་པ་དང་། །ཤིང་ནགས་རླུང་གི་གཡབ་པ་ནི། །འབྱུང་བ་བཞི་ཡི་སྒྲོན་ཆེན་ཡིན། །ཆེ་དུར་གཡས་གཡོན་ཤིང་གཅིག་ངན། །ཆུང་དུར་སྲུང་མདའ་ཡིན་པས་བཟང་། །རྒས་དུར་དམའ་དང་གཞོན་དུར་མཐོ། །ས་དཔལ་བཟང་ཡང་ན་ཚ་འབྱུང་། །ན་ཚ་རྒོད་ན་གཉའ་གནོན་གཟབ། །འོན་ཀྱང་བྲག་ཟུར་རི་ཡི་སྣ། །མི་རུང་ཅུང་ཟད་གཟུར་བར་བྱ། །རྒྱབ་རིའི་རྩེ་ནས་ཤིང་གཅིག་དང་། །བྲག་མཆུ་བྱ་མཆུ་འདྲ་བ་ནི། །ས་མཁན་རྟག་བདུད་རང་ལ་ངན། །འོག་གི་གཡས་གཡོན་བྲག་འུ་འམ། །ཕ་ཝང་བྱ་མཆུ་འདྲ་བ་ནི། །ས་མཁན་རང་གི་འོག་རྟ་འཆི། །འོག་ཐད་དེ་འདྲ་སྒོ་ཁྱི་བཟང་། །ཤར་ལྷོ་མཚམས་ཀྱི་ནམ་མཁའ་ནི། །མདའ་སྟོང་འདྲ་བ་མཐོང་ན་ནི། །ས་མཁན་ཟ་ཁ་དར་བ་ཡིན། །ཤར་གྱི་གསས་མཁར་དགྲ་བླའི་སོ་པ་ཡིན། །ནུབ་དང་བྱང་གི་གསས་མཁར་ནི། །རི་རྩེ་ནས་མཐོང་དགྲའི་སོ་བ། །ཁྱད་པར་ལོ་ཁའི་ས་འདེབས་ནི། །སྟག་ཡོས་ལོ་པའི་ཤི་གསོན་ལ། །ཤར་གྱི་ཤིང་གཅིག་གྲོགས་ཡིན་ཏེ། །མཚམས་བཞི་ལོ་པའི་དགྲ་བོ་ཡིན། །བྱང་ནས་ཆུ་བོ་རྒྱུན་འབབ་པ། །བྱི་ཕག་ལོ་པའི་དངོས་གྲུབ་


CMR058_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །རྟ་སྦྲུལ་ལོ་པའི་དགྲ་རུ་འགྱུར། །ནུབ་ཕྱོགས་བྲག་དཀར་ཆེ་ཆུང་ཀུན། །བྱ་སྤྲེལ་ལོ་པའི་ལྷ་ཡིན་ཏེ། །སྟག་ཡོས་ལོ་པའི་དགྲ་རུ་འགྱུར། །ལྷོ་ཡི་གད་དམར་རི་དམར་ནི། །རྟ་སྦྲུལ་ལོ་པའི་ས་དཔལ་སྟེ། །བྱ་སྤྲེལ་ལོ་པ་ཕུང་བར་བྱེད། །ལྷོ་ནུབ་ཐང་ཆེན་གྲུ་བཞི་འམ། མཚམས་བཞིར་ལྷ་ཁང་མཆོད་རྟེན་དང་། །གྱང་ཧྲལ་མཚམས་བཞི་ལོ་པར་ཕན། །བྱི་ཕག་ལོ་པའི་ལྟས་ངན་རང་། །དེ་རྣམས་སྲོག་ལ་རྩི་བ་ཡིན། །ན་ཚ་ཨེ་འོང་དེ་ལ་རག །གཞོན་དུར་གཉའ་གནོན་གཟབ་དགོས་ཀྱང་། །བྲག་འགགས་དོགས་པར་མི་རུང་སྟེ། །ལྷ་འདྲེའི་གཤར་ལམ་ཡིན་པས་ངན། །ཆུ་ཤིང་ནི་བ་གྲོགས་ཡིན་ཀྱང་། །གཉན་ས་ཡིན་ན་མི་རུང་སྟེ། །ཀླུ་ལ་ཕོག་ཐུག་ཉེས་དགུ་འབྱུང་། །མདུན་རིའི་སྟོད་སྨད་བར་དང་གསུམ། །ཆེ་རྒྱུད་ཆུང་རྒྱུད་འབྲིང་རྒྱུད་ལ། །ཤར་ལྷོ་བུ་མོ་མག་པའི་ས། །ལོ་སྐོར་བཅུ་གཉིས་ས་མལ་ནང་། །རང་རང་གཟུགས་འདྲའི་བྲག་གམ་ས། །བྱུང་ན་དེ་ཡི་ལོ་པར་བཟང་། །གོང་དུ་ས་བཀྲ་བཤད་པ་ནི། །ཤིང་མེད་ཡུལ་དུ་ཤིང་དང་ནི། །ཆུ་མེ་ཡུལ་སོགས་དེ་དག་རུ། །ལོ་ཡི་ས་དགྲ་མི་དཔྱད་དེ། །ལོངས་སྤྱོད་འདོད་དང་དབང་ཐང་


CMR058_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ནང་བཟང་ཕ་ཚན་དར་བ་ལ། །རུས་ཁམས་ལ་དཔྱད་ས་འདེབས་ནི། །ས་ཁམས་སྤང་རི་སེར་པོ་དང་། །ལྕགས་ཁམས་རྫ་དཀར་བྲག་དཀར་དང་། །ཆུ་ཁམས་མཚོ་ཆེན་མཐོང་ས་དང་། །མེ་ཁམས་རྫ་བྲག་དམར་པོ་དང་། ཤིང་ཁམས་ནགས་ང་འཐུག་པོ་སྟེ། །དེ་རྣམས་རྒྱབ་རི་ཁོ་ནའོ། །ཁྱད་པར་ཆུང་དུར་མན་ངག་ལ། །ཇི་ཙམ་ཤི་གྲངས་མང་བ་བཞིན། །གཉའ་གནོན་གཟབ་པར་བྱ་བ་སྟེ། །ཧ་ཅང་ཆེ་ན་ཕ་འཆི་ཉན། །མ་པང་ཞེས་བྱ་འོག་གི་ཐང་། །མེད་ན་མི་སོས་མདའ་འགྲས་ཙམ། །དེ་བས་ཕྱི་ཡངས་ན་མ་འཆི་དོག །མགྱོགས་པ་ཐད་ཀྱི་ཆུ་འབབ་དེ། །མེད་ན་ཆུང་རྒྱུད་མི་སྐྱེ་སྟེ། །ཆུ་སྐད་མེད་ན་བུ་མོ་འབྱུང་། །ཆུ་སྒྲ་ཆེ་ཞིང་རྔ་སྐྱ་འཚུབ། །དེ་འདྲ་ཡོད་ན་བུ་མང་ངོ་། །དུར་གཞན་ལམ་འོག་མི་རུང་སྟེ། །ཆུང་དུར་ལམ་འགོ་གཉའ་གནོན་རྩི། །གོད་གཅོད་ས་དང་ཐན་མནན་ས། །བྲག་དང་རི་ནི་དམར་པོ་དང་། །ནག་པོ་མི་རུང་གོད་ཁ་འོང་། །རྒྱབ་རི་བྲག་ཆེན་མ་ཡིན་པའི། །བྲི་གུང་དཀར་པོ་ཤར་གྱུ་ལ། །མདུན་དུ་ཆུ་ཤིང་ན་བ་འཛོམས། །གོད་གཅོད་ལྟས་ངན་གཡང་དུ་ལེན། །མནན་པའི་རང་ཞབས་ཆུ་རྡོལ་ན། །


CMR058_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཐན་ནི་མི་ལ་འོང་ཉན་ཡོད། །སུ་དཀར་ལུག་དང་ཤུག་པ་རྟ། །ཐང་ཤིང་ནོར་ཡིན་རང་རང་གི །ཟླ་ཤིང་མང་ན་སྒྲུབ་འཕེལ་ལོ། །དུར་ས་ཁང་ས་རི་ཁྲོད་ས། །དབྱིབས་འདྲ་དེ་བཞིན་འཚམས་པ་ཡང་། །གནམ་མཆེ་ས་ལ་ཟུག་པ་དང་། །ས་མཆེ་གནམ་ལ་ཟུག་པ་སོགས། །འབྱུང་བའི་སྒྲོན་ཆེན་ཡོད་པ་ན། །འཕྲལ་དུ་མི་དགེ་ངེས་པར་འབྱུང་། །དཔལ་ཁ་བཟང་ན་གྲོགས་འབྱུང་བས། །ཀུན་ལ་རྟེན་འབྲེལ་བདེན་པ་འཚར། །ཞེས་པ་རཱ་ག་ཨ་སྱས་བཀོད། ས་དཔྱད་བསྡུས་པ་ཤིན་ཏུ་གསལ་བའི་མེ་ལོང་ཞེས་བྱ་བ་རྫོགས་སོ།། །།

བོད་ཀྱི་ས་དཔྱད་ཨ་རཱ་གས་མཛད་པ།


CMR058_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཀྱི་ས་དཔྱད་ཨ་རཱ་གས་མཛད་པ་བཞུགས་སོ། །


CMR058_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱརྱ་མཉྫའི་ཡེ། མི་རྣམས་ཚེ་ལོ་བརྒྱ་པའི་དུས། །དང་པོ་མགོ་ཟུག་དུས་མཉམ་དུས། །ཤིང་ཕོ་བྱི་བའི་ལོ་ལ་ནི། །རྒྱ་ནག་རི་བོ་རྩེ་ལྔ་ཡི། །དཔག་བསམ་ཤིང་གི་ལྦ་བ་ལ། །གསེར་མདོག་བྱིས་སྦ་ལོ་བརྒྱད་པ། །འཕགས་པ་འཇམ་དཔལ་སྐུ་འཁྲུངས་ཏེ། །ལྷ་ཆེན་ཚངས་པ་གདོང་བཞི་དང་། །ཀླུ་རྒྱལ་སྦྲུལ་མགོ་ཅན་དང་ནི། །འཕྲུལ་གྱི་མིབཞི་ལ་སོགས་པས། །རྩིས་དང་ས་ཡི་རྒྱུད་རྣམས་གསུངས། །མིའུ་རིན་ཆེན་ཤི་བའི་དུས། །སྲོག་ནི་གཤེད་མ་འདྲེ་ཡིས་ཁྱེར། །རྣམ་ཤེས་ལས་ཀྱི་རྗེས་སུ་འབྲང་། །བླ་ནི་དུར་ས་དེ་ལ་གནས། །དུར་ས་བཟང་ན་


CMR058_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ཡང་སྐྱིད། །གསོན་པོ་རྣམས་ལ་ཁ་འཛིན་བྱེད། །དུར་ས་ངན་ན་བླ་ཡང་རྒུད། །གསོན་ལ་སྐྱབས་འཚོལ་མི་ཁྱག་པས། །ན་ཚ་ཤི་ཆད་དར་རྒུད་འོང་། །དེ་ཕྱིར་དུར་ས་ངན་པ་ན། །དུད་འགྲོ་ཡིན་ཡང་བརླག་པར་གསུངས། །ས་དགྲ་ཡོད་ན་ཁང་པ་འགྱེལ། །ཉིན་མཚན་ཚེ་དང་བསོ་ད་ནམས་ལ། །ཟ་ཞིང་རྐུ་བའི་བླ་རུ་འོང་། །དེ་ཕྱིར་ས་འདི་གལ་ཆེའོ། །རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས། །ལོ་ཙྩ་བཞི་ལ་རིན་ཆེན་གསེར། །མང་དུ་བསྐུར་ནས་རྒྱ་ཡུལ་བཏང་། །ཧྭ་ཤང་མཁས་པ་མང་པོ་ལ། །གསེར་དངུལ་ཕུལ་ནས་གདམས་ངག་ཞུས། །ས་དཔྱད་སྤོ་མགོ་


CMR058_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡེ་དང་། །ནག་པོ་སྟག་ཤམ་ས་གཞུང་དང་། །གལ་པོ་ལ་བྱང་ཞེས་བྱ་དང་། །བྱང་ས་གསེར་གཞུང་ཞེས་བྱ་དང་། །ཁྲ་བོ་རི་རྩིས་ཞེས་བྱ་དང་། །རྒན་མོ་མཛུབ་ཚུགས་ཞེས་བྱ་དང་། །བྱེ་མ་ལག་ཁྲིད་ཅེས་བྱ་སོགས། །ཕན་བྱའི་ས་དཔྱད་མང་པོ་དང་། །ནག་པོ་འབུམ་ནག་ཅེས་བྱ་དང་། །གདུག་པའི་ལྕེ་མདུང་དགུ་སྐོར་སོགས། །གནོད་པའི་ས་དཔྱད་མང་པོ་བསླབ། །བོད་དུ་འོང་ནས་རྒྱལ་པོའི་དྲུང་། །ས་མཁན་མང་ར་ལག་སྡུག་དང་། །ལྕོགས་རོ་ཞར་བ་ལ་སོགས་པ། །མཁས་པ་མི་བཞིས་འདི་སྐད་ཞུས། །ཀྱེ། རྒྱལ་པོ་ཆེན་པོ་སྙན་གསོན་དང་། །ཀུན་རྫོབ་བདེན་པའི་ས་དཔྱད་འདི། །དཀར་ནག་འབྱེད་པའི་སྒྲོན་མེ་ཡིན། །སྲིད་རྣམས་འཕེལ་བའི་རྩ་དཀར་ཡིན། །ནོར་རྣམས་སྲུང་བའི་ནོར་ལྷ་ཡིན། །ནད་རྣམས་འཇོམས་པའི་སྨན་པ་ཡིན། །དགྲ་བགེགས་འདུལ་བའི་དགྲ་བླ་ཡིན། །འབྲུ་དང་ལོངས་སྤྱོད་བང་མཛོད་ཡིན། །ཅི་བསམ་འགྲུབ་པའི་ནོར་བུ་ཡིན། །ས་ལ་ཡོན་ཏན་ཀུན་ཚང་ལགས། །ཞུས་པས་རྒྱལ་པོ་རབ་ཏུ་མཉེས། །དེ་ནས་བོད་དུ་དར་བར་བྱས། །གསོན་པོའི་ཁང་པ་གཤིན་དུར་ས། །ལ་ཆེན་ས་དཔྱད་ཐམས་ཅད་འདྲ། །བྱང་


CMR058_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྟོད་སྨད་ནུབ་བྱང་མཚམས། །དེ་ལ་རྒྱབ་ཀྱི་སྟོན་ས་ཡི་ན། །ཤར་སྨད་ཤར་ལྷོ་ལྷོ་སྟོད་གསུམ། །མདུན་གྱི་སྟོན་ས་བཟང་བ་ཡིན། །ཤར་སྟོད་བྱང་ཤར་གཡོན་ཟུར་བསྟན། །ལྷོ་སྨད་ལྷོ་ནུབ་གཡས་ཟུར་བསྟན། །དེ་འདྲའི་ལུང་པ་ས་རྙེད་སླ། །ཁ་ཡི་རྒྱུ་ཕྱོགས་ལོག་པ་ན། །དཔལ་ཁ་ཡོད་ཀྱང་ཕན་པ་མེད། །ཤར་ནི་ཕྱེས་པ་འདྲ་བ་གཅིག །ལྷོ་ནི་སྤུངས་པ་འདྲ་བ་གཉིས། །ནུབ་ནས་རི་ཡིས་སྐྱོར་འདྲ་གསུམ། །བྱང་ནས་ཡོལ་བ་བྲེས་འདྲ་བཞི། །ས་ཡི་ཀ་བ་རྣམ་བཞི་ཡིན། །དེ་ནི་ཀུན་ལ་གལ་ཆེའོ། ཤར་གྱི་ལམ་ནི་སྟག་སྐྱ་བོ། །གད་པས་བཅད་ན་ས་མདའ་ཕོག །ལྷོ་ཡི་ཆུ་ནི་གཡུ་འབྲུག་སྔོ། །དམའ་དྲགས་མི་མཐོ་དོང་དུ་ལྷུང་། །ནུབ་ཀྱི་བྲག་དམར་བྱ་དམར་མོ། །ལམ་གྱིས་འཕྲད་གཏུབ་རྙི་ཡིས་ཟིན། །བྱང་གི་བྲག་གམ་ཕ་བོང་ནི། །རུས་སྦལ་རྒྱ་བོ་དེ་ཡི་དྲུང་། །ཆུ་མགོ་ལོང་རོ་ཚྭ་ཆུས་འགྲངས། །སྲུང་བཞི་ཚང་ཞིང་སྐྱོན་བཞི་མེད། །མི་ནི་རྒོད་པོ་ཡ་རབ་སྐྱེ། །སྐྱོན་དེས་ཟིན་ན་ནད་པ་འོངས། །གནམ་ནི་གདུག་ཕུབ་འདྲ་བའམ། །འཁོར་ལོ་རྩིབས་བརྒྱད་འདྲ་བ་བཟང་། །ཡོ་དང་ཟུར་གསུམ་བྱུང་བ་ངན། །གནམ་གྱི་མཆེ་བ་ས་ལ་


CMR058_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཟུགས། །བུད་མེད་དར་མ་འཆི་བ་ཡིན། །ས་ཡི་མཆེ་བ་གནམ་ལ་ཟུགས། །སྐྱེས་པ་དར་མ་འཆི་བ་ཡིན། །སྦོམ་ན་འཁོར་ལོའི་རྩིབས་ཡིན་ཏེ། །ཕྲ་ན་གཤིན་རྗེའི་མཆེ་བ་ཡིན། །ཤར་ནས་བྱུང་ན་གཉེན་ལམ་སྟེ། །ཧ་ཅང་གནོད་པ་མ་ཡིན་ནོ། །ཤར་ལྷོའི་གནམ་ནི་མདའ་སྟོང་འདྲ། །ས་མཁན་ཟ་ཁ་བྱེ་བས་བཟང་། །ཆུ་སྒྲོན་ཉི་མའི་ཟེར་དང་འཐབས། །བྲག་སྒྲོན་ཕུག་པ་སྐར་ཁུང་འདྲ། །ས་སྒྲོན་གད་པ་མདུང་རྩེ་འདྲ། །གནམ་སྒྲོན་བཞི་པོ་སྒྲོན་ཆེན་བཞི། །ཐམས་ཅད་ཀུན་ལ་གནོད་པའོ། །མདུན་དུ་ཆུ་ཤིང་ན་བ་རྒྱས། །རྫ་དང་ཞིང་རྣམས་ཕྱུག་རྩི་ཡིན། །ཤར་ལམ་གྲོགས་ཡིན་ལྷོ་ལམ་གཡང་། །ནུབ་ལམ་ན་ཚ་བྱང་ལམ་དགྲ། །གཡས་གཡོན་ཆུ་གཉིས་བཟང་པོ་སྟེ། །ཆུ་ནི་ལྷོ་འབབས་ནུབ་འབབས་བཟང་། །ཤར་འབབས་ཉི་ཟླ་ཆུ་ཁྱེར་འབྲིང་། །མདུན་རི་རྒྱབ་རི་གཉིས་ཀ་ཡི། །རྩེ་ནི་ཕ་ཁུ་རྒན་རབས་ཏེ། །སྐྱེད་པ་དར་མ་སྨན་ཆུང་གསུམ། །གཡས་ནི་ཆེ་རྒྱུད་གཡོན་ཆུང་རྒྱུད། །བར་ནི་འབྲིང་རྒྱུད་ས་ཡིན་ཏེ། །བཟང་ངན་གང་བྱུང་དེ་ཡིས་ཐོབ། །རྒྱབ་རི་ཕོ་དང་མདུན་རི་མོ། །ཤར་ལྷོ་བུ་མོ་མག་པའི་ས། །དེ་ནས་ལོ་ཁའི་ས་འདེབས་


CMR058_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཤར་གྱི་ཤིང་གཅིག་ནགས་འཐུགས་ནི། །སྟག་ཡོས་ལོ་པའི་ཚེ་བསྲིང་སྟེ། །ཁྱི་འབྲུག་གླང་ལུག་སྲོག་དགྲ་ཡིན། །ལྷོ་ཡི་རྫ་བྲག་དམར་པོ་ནི། །རྟ་སྦྲུལ་སྲོག་བཟུང་བྱ་སྤྲེལ་འཆི། །ནུབ་ཀྱི་བྲག་དཀར་ཆེ་ཆུང་རྣམས། །བྱ་སྤྲེལ་སྲོག་བཟུང་སྟག་ཡོས་འཆི། །བྱང་ནས་ཆུ་བོ་རྒྱུན་འབབ་ནི། །བྱི་ཕག་ཚེ་བསྲིང་རྟ་སྦྲུལ་གསོད། །མཚམས་བཞིའི་ཐང་ཆུང་གྲུ་བཞི་ནི། །ཁྱི་འབྲུག་གླང་ལུག་ཚེ་བསྲིང་སྟེ། །བྱི་ཕག་ལོ་པའི་སྲོག་དགྲ་ཡིན། །མི་རྩ་ཕྲའམ་ན་ཚ་རྒོད། །དེ་ལ་སྲོག་ནི་བརྩི་བར་བྱ། དབུལ་ན་དབང་ཐང་བརྩི་བར་བྱ། །ནད་མང་ལུས་ནི་བརྩི་བར་བྱ། །རུས་དང་དབང་ཐང་ལུས་ཁམས་རྩི། །རང་རང་བླ་རི་བཟང་བ་སྟེ། །དགྲ་རི་ཡིན་ན་དགྲ་བདུད་འོང་། །གྲོགས་ཀྱི་རི་ལ་ནོར་ཕྱུགས་འཕེལ། །ཤིང་ཁམས་པ་ལ་སྒ་ཡི་རུས། །ནགས་རི་རྩེ་རྒྱལ་བླ་རི་སྟེ། །ས་ཁམས་པ་དང་གདོང་གི་དགྲ། །ལྕགས་ཁམས་པ་དང་འབྲུ་ཡི་གྲོགས། །བྲག་དམར་རྫ་དམར་ས་དམར་ནི། །སྒོ་དང་མེ་ཁམས་བླ་རི་སྟེ། །འགྲུ་དང་ལྕགས་ཁམས་པ་ཡི་དགྲ། །ཆུ་དང་ས་ཁམས་དགྲ་ཡི་གྲོགས། །བྲག་དཀར་རྫ་རི་དཀར་པོ་ནི། །ལྕགས་ཁམས་འགྲུ་


CMR058_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་བླ་རི་སྟེ། །མེ་ཁམས་སྒོ་ཡི་གྲོགས་རི་ཡིན། །ཤིང་ཁམས་སྒ་ཡི་དགྲ་རིའོ། །གཡའ་སྔོན་བྲག་སྔོན་མཚོ་དང་ཆུ། །དབྲ་དང་ཆུ་ཁམས་བླ་རིའོ། །མེ་ཁམས་སྒ་ཡི་དགྲ་རི་སྟེ། །ས་ཁམས་གདོང་གི་གྲོགས་རི་ཡིན། །དེ་རྣམས་རྒྱབ་ཀྱི་དཔྱད་ཡིན་ཏེ། །བླ་རི་རིང་རི་གཅིག་ཡིན་པས། །རང་རི་ལ་བཏབ་ཚེ་རིང་ལ། །གྲོགས་རི་ལ་བཏབ་ནོར་ཕྱུགས་ཤིང་། །དགྲ་རི་ལ་བཏབ་དགྲ་མང་ངམ། །ཚེ་ཐུང་ནད་མང་འབྱུང་བའོ། །རྒས་དུར་དམའ་ན་གཞོན་ཤི་མང་། །གཞོན་དུར་མཐོ་ན་དེ་དང་འདྲ། །མཐོ་དམན་ལོ་གྲངས་མང་ཉུང་དང་། །རུས་ཀྱི་ཆེ་ཆུང་ལ་ཡང་བརྟག །མི་ཡི་གྲལ་དང་འདྲ་བ་ཡི། །ཆུང་དུར་དང་ནི་གོད་ཆོད་ལ། །དམའ་ཞིང་ལུང་པ་དོག་པར་བྱ། །རྒས་དུར་གཡས་གཡོན་ཤིང་གཅིག་ནི། །ཕྱགས་མ་ཡིན་ཏེ་ངན་ན་ཡང་། །ཆུང་དུར་སྲུང་མདའ་ཡིན་པས་བཟང་། །སྟེང་ན་ལམ་གཅིག་གཉའ་ཤིང་ངན། །ཆུང་དུར་གཉའ་ནོན་དགོས་པས་བཟང་། །ཆུང་དུར་ཐད་ཀྱི་ཆུ་མདུད་དེ་།པང་དུ་འོང་འདྲ་སྲིད་མྱུར་ཏེ། །རྦ་རླབས་སྐྱ་ཕྱུར་བུ་ཡིན་ལ། །རྦ་རླབས་ནག་ན་བུ་མོ་འོང་། །གཉན་ནོན་ཆེ་ཆུང་ཤི་གྲངས་དཔྱད། །ཧ་ཅང་ཆེ་ན་ཕ་འཆི་འོ། །འོག་གི་མ་


CMR058_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

པང་བདེ་མོ་དགོས། །ཧ་ཅང་ཆེ་ན་མ་འཆི་འོ། །ཐུ་བ་ལྡེམ་ཁུག་ཡེ་མེད་ན། །མ་པང་མེད་ཕྱིར་མི་སོས་སོ། །གོད་གཅོད་གཉའ་ནོན་བྲག་དཀར་པོ། །ཅོག་བུ་གུར་ཙམ་མཁར་ཙམ་བཟང་། །རི་དམར་ས་དམར་གོད་ཡིན་སྤངས། །བྲག་ནག་བྲག་དམར་བརྒྱན་མི་རུང་། བཙན་བདུད་ཤ་ལ་དགའ་བས་ཡིན། །ཆུང་དུར་དང་ནི་གོད་གཅོད་ལ། །སྤྱི་ཡི་ས་དཔྱད་ཚོལ་མི་དགོས། །མདུན་དུ་ཆུ་ཤིང་ན་བ་གཏད། །ན་ཆེན་ན་སོའི་ཕྱུག་པོའི་ས། །ཤུག་པ་སྟག་མ་ཐང་ཤིང་ནོར། །སུ་རུ་ལུག་ལ་སྨྲ་གོ་ར། །སྤེན་ནེ་བ་དང་གླང་ངེའོ། །གླང་མ་མང་ན་འབྲི་མོ་ཕྱུག །གླང་མ་མང་པོ་ཕྱུགས་མང་ངོ་། །གྲོ་བ་ཤུག་པ་ཕོ་བེའུ་མང་། །འོམ་བུ་རྟ་དང་དྲེལ་གྱི་བླ། །མགྱོགས་པའི་ཐད་ཀྱི་ཆུ་ཤིང་ལམ། །སྤྱི་ཡི་ས་དཔྱད་ཐམས་ཅད་ལ། །ལུང་སྟོང་མང་ན་སྤྲང་པོ་འོང་། །ཆུ་ཤིང་ན་བ་ཤིང་ཡོད་ན། །དེ་ནི་ལུང་པ་སྟོང་པ་མིན། །ཁྱད་པར་གསས་མཁར་བརྩེག་པའི་ས། །ས་མཁན་མཁས་པ་མི་བཞི་ཡིས། །ཁྱུང་རྒོད་ནམ་མཁའ་ལྡིང་ཞེས་པའི། །ཁྱད་ཆོས་མན་ངག་དམ་པ་སྟེ། །རི་གསུམ་འདུས་པའི་རྩེ་མོ་ན། །རི་མགོ་མང་པོ་ཞབས་སུ་ཚུད། །དགུ་ཐིག་


CMR058_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དམུ་ཐག་འཐེན་པ་འདྲ། །སྐར་ཚོགས་ས་ཡི་དཔལ་ཁ་འདྲ། །ཕྱོགས་བཞི་གཟའ་ནི་སྒོ་སྲུང་འདྲ། །ཉི་ཟླ་གསལ་བའི་སྒྲོན་མེ་འདྲ། །དེར་བརྩེགས་འགྲོ་དྲུག་བྲན་དུ་ཁོལ། །རྫ་རི་ཆེན་པོའི་དཀྱིལ་སྟོང་ན། །ས་དཔལ་བཟང་པོ་ཡོད་པར་གཅེས། །ལོངས་སྤྱོད་ལྷུན་གྱིས་གྲུབ་པ་ཡིན། །སྤང་རྒྱུད་བཟང་བའི་སྒང་རྒྱུད་ལ། །ས་དཔལ་ཆུ་དཔལ་བཟང་བར་གཅེས། །རྒྱལ་པོའི་བཀའ་བགྲོས་དར་རྒྱས་ས། །ཀ་བ་གནམ་དུ་བཙུགས་འདྲའི་རི། །རྩེ་ལྐོག་ས་དཔལ་བཟང་བར་གཅེས། །ལྷོ་ཕྱོགས་གཡང་ར་བསྐྱིལ་འདྲ་ན། །ནགས་དང་རྫ་རི་འདྲེས་གདའ་ན། །ནོར་ལུག་ཕུན་སུམ་ཚོགས་པ་ཡིན། །སྒང་རྒྱུད་གནམ་དུ་འཐེན་འདྲ་ན། །ཤར་གྱི་ཆུ་ལམ་མགྱོགས་པོ་མང་། །རྨང་པོ་སྲིད་ལས་གྲོལ་བ་ཡིན། །རི་མཐོ་རྩེ་ལ་འགྲོ་ས་མེད། །ཡང་ན་གསེར་མཁར་མི་ལེན་དགོས། །དེ་ཡི་མདུན་གྱི་ས་ཡི་དཔལ། །བཟང་བར་བརྩེག་པ་མན་ངག་ཡིན། །གསས་མཁར་ཡག་དང་དཀར་རྩི་ཡག །མི་རབ་བཅུ་གསུམ་ཡར་ལ་འགྲོ། །ངན་ནའང་དེ་ལྟར་ངན་པ་ཡིན། །ས་ཡི་དཔལ་ཁ་ས་ཡི་དགྲ། །གང་བྱུང་ལོ་སྙིང་དེ་ལ་ངན། །ཤར་སྟོད་སྨིན་དྲུག་ཤར་ས་སྟག །ཤར་སྨད་དགུན་


CMR058_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་འཆར་ས་ཡོས། །དགུན་ཉི་ལྡོག་དུས་འཆར་ས་ནི། །ཤར་ལྷོ་འབྲུག་གི་ས་མལ་ཡིན། །དེ་བཞིན་ལག་སོར་འཆར་སའི་ལས། །ལྷོ་ཕྱོགས་སྦྲུལ་ཡིན་ཐལ་ས་དང་། །ཉེ་ས་ལྷོ་སྨད་རྟ་རུ་བརྩི། །དགུན་ཉི་ལྡོག་ཉིན་ཐལ་ས་དེ། །ལྷོ་ནུབ་ལུག་ཏུ་བརྩི་བ་དང་། །དགུན་ཉི་ཐལ་ས་ནུབ་སྟོད་སྤེལ། །དབྱར་ཉི་ཐལ་ས་ནུབ་སྨད་བྱ། །དབྱར་ཉི་ལྡོག་དུས་འཆར་ས་ནི། །ནུབ་བྱང་ཁྱི་ཡི་ས་ཡིན་ནོ། །རྔོན་པ་མི་བདུན་ཐལ་ས་ནི། །བྱང་སྟོད་ཕག་གི་ས་ཡིན་ཏེ། །འཆར་ས་བྱང་སྨད་བྱི་བ་ཡིན། །དབྱར་ཉི་ལྡོག་ཉིན་འཆར་འཚམས་ནི། །བྱང་ཤར་གླང་གི་ས་རུ་འདོད། །དེ་དག་སོ་སོའི་ས་མལ་ནི། །ས་དཔལ་བྱུང་ན་སོ་སོར་བཟང་། །ས་དགྲ་ཆུང་ན་གཡུ་ཆུང་དར། །བྱིས་སྦྲ་གཡུ་ཕུད་ཅན་ཞིག་འཆི། །ས་དགྲ་ཆེ་བ་ཁྲབ་ཅན་ཙམ། །སྐྱེས་པ་ཁྲབ་ཆོག་འཆི་བ་ཡིན། །འདུག་ན་བརྒྱ་རེ་ཤོང་ཙམ་ཡིན། །ཆེ་ན་སྒྲོན་ནི་ཅུང་ཟད་དྲག །ནུབ་ཏུ་བསྟན་འདྲ་བཟང་འདྲ་ཡིན། །ཉི་ཟླས་སྐྱ་ལམ་བསྟན་པ་ངན། །སྟེང་དུ་འཕྲུ་བཙུགས་འདྲ་བ་དང་། །བྱ་མཆུ་འདྲ་བ་ས་མཁན་འཆི། །མདུན་གྱི་གཡས་གཡོན་མདའ་འཕེན་ཚུན། །ཚུར་ལ་མཆུ་ཡོད་བྲག་ཕ་


CMR058_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བོང་། །ས་མཁན་རྟ་ནི་འཆི་འམ་བོར། །འོག་ནས་ཕྱིར་ལ་འཇབ་འདྲ་ནི། །སྒོ་ཁྱི་ཡིན་བཟང་ཕར་འཇབ་ན། །རྐུན་ངོ་ཡིན་པས་ནོར་དོགས་བྱ། །བླ་མ་ཡོན་ཏན་གྱིས་བསྐུལ་བས། །ཉེར་མཁོ་གོ་བར་བདེ་བ་འདིས། །འགྲོ་བ་བདེ་ལེགས་རྒྱས་གྱུར་ཅིག །དེ་སྐད་རྭ་ཨ་སྱ་ཡིས། །ཤིང་འབྲུག་ཁྲུམས་སྟོད་ཚེས་གཅིག་ལ། །གང་དྲན་འཕྲལ་དུ་བྲིས་པའོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ས་དཔྱད་རིན་ཆེན་གཏེར་མཛོད།


CMR058_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ས་དཔྱད་རིན་ཆེན་གཏེར་མཛོད་ཅེས་བྱ་བ་བཞུགས་སོ།


CMR058_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨརྱ་མཉྫའི་ཡེ། འཇམ་དཔལ་དབྱངས་ལ་ཕྱགས་འཚལ་ནས། །ས་དཔྱད་ཉུང་བསྡུས་གསལ་བཤད་བྱ། །ཕན་ཡོན་ཉེས་དམིགས་སྤྱི་བྱེ་བྲག །གདབ་ལུགས་དང་བཅས་བསྡོམས་ལྔའོ། །དང་པོ་ས་ཡི་ཕན་ཡོན་ནི། །ཕ་མྱེས་ཤི་བའི་རུས་པ་ལ། །གསོན་པོའི་བླ་ཆེ་བརྟན་པར་བྱེད། །ས་དཔལ་བཟང་དང་ལྡན་གྱུར་ན། །གསོན་པོ་བཀྲ་ཤིས་བདེ་སྐྱིད་ལྡན། །འཇིག་རྟེན་འདི་ན་མི་དར་ཞིང་། །བཙན་ཕྱུག་ནོར་དང་ལྡན་པར་འགྱུར། །ཉེ་འཁོར་བྲན་ཡང་རྒྱས་པར་འགྱུར། །དེ་དག་སྣང་གསལ་སྒྲོན་མེར་གསུངས། །མཁས་པ་མི་བཞིས་འདི་སྐད་གསུངས།


CMR058_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་བདེན་པའི་ས་དཔྱད་འདི། །དཀར་ནག་ཕྱེ་བའི་སྒྲོན་མེ་ཡིན། །བདེན་རྫུན་འབྱེད་པའི་ལྡེ་མིག་ཡིན། །སྲིད་རྣམས་འཕེལ་བའི་རྩ་དཀར་ཡིན། །ནོར་རྣམས་འཕེལ་བའི་ནོར་ལྷ་ཡིན། །ནད་རྣམས་འཇོམས་པའི་སྨན་བླ་ཡིན། །བགེགས་རྣམས་འདུལ་བའི་དགྲ་བླ་ཡིན། །ལོངས་སྤྱོད་ཕྱུག་པའི་བང་མཛོད་ཡིན། །ཅི་བསམ་འགྲུབ་པའི་ནོར་བུ་ཡིན། །དེ་བས་ས་ལ་ཡོན་ཏན་ཚང་། །ཞེས་གསུངས་སོ། །གཉིས་པ་ཉེས་དམིགས་བཤད་པ་ནི། ས་རྒྱུད་ངན་སར་བཏབ་གྱུར་ན། །བླ་ཆེ་ཉམས་པས་སྡུག་བསྔལ་འགྱུར། །བྱོལ་སོང་དག་གི་དུར་བཏབ་


CMR058_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །མི་ཐོགས་མྱུར་དུ་ཕུང་བར་འགྱུར། །གླིང་བཞི་མི་ལ་སྨོས་ཅི་དགོས། །སྣང་གསལ་སྒྲོན་མེའི་གཞུང་ལས་གསུངས། །དེ་ཕྱིར་ལེགས་པར་དཔྱད་པར་བྱ། །དང་པོ་སྤྱི་ལ་དཔྱད་པ་ནི། །ནུབ་སྨད་ནུབ་བྱང་བྱང་སྟོད་སྨད། །འདི་བཞི་རྒྱབ་ཀྱི་གཏད་ས་ཡིན། །ཤར་སྨད་ཤར་ལྷོ་ལྷོ་སྟོད་སྨད། །འདི་བཞི་ཁ་ཡི་རྒྱུ་ས་ཡིན། །དེ་མ་ཡིན་པར་མི་རུང་ངོ་། །ནམ་མཁའ་ཟླུམ་ལ་ཕྱོགས་མཚམས་རྣམས། །འཁོར་ལོའི་རྩིབས་ལྟར་ཅུང་ཟད་གསལ། །ས་གཞི་ལྷུན་འཐུག་མདུན་རྒྱབ་འཇམ། །ཤར་ཕྱེས་ལྷོ་སྤུངས་ནུབ་འདེན་པ། །བྱང་ཕྱོགས་མཐོ་ཞིང་བསྐྱོལ་བ་ནི། །ས་ཡི་ཀ་བ་བཞི་ཞེས་བྱ། །ཤར་སྟོད་ལམ་ནི་སྟག་སྐྱ་བོ། །ལྷོ་ཡི་ཆུ་ནི་གཡུ་འབྲུག་སྟེ། །ནུབ་ཀྱི་ས་བྲག་བྱ་དམར་མོ། །བྱང་གི་རྫ་བྲག་རུ་སྔལ་ཡིན། །སྲུང་བཞི་འཛོམས་ན་དཔའ་རྒོད་འཇོམ། །རྒྱབ་རི་རྩེ་རྒྱལ་རི་རྒྱུད་བཟང་། །གཡས་གཡོན་ཆུ་གཉིས་མདུན་དུ་འཁྱིལ། །ཐད་དུ་ཆུ་ཤིང་ལམ་གསུམ་འཛོམས། །རྫ་འམ་སྤང་འབུར་ན་བ་རྒྱས། །དེ་འདྲར་བཏབ་ན་ཕུན་སུམ་ཚོགས། །དེ་རྣམས་ཀུན་ལ་འཛོམ་དགོས་སོ། །ཀུན་ལ་གནོད་པའི་ས་དགྲ་ནི། །གནམ་མཆེ་ས་མཆེ་ཟུག་པ་དང་། །


CMR058_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གད་པ་མདུང་འདྲ་ས་ཕུག་དང་། །བྲག་གི་སྐར་ཁུང་བྲག་ཕུག་དང་། །ཆུ་སྒྲོན་ཉི་མའི་ཟེར་འོད་ཅན། །ཤིང་ནག་གཡབ་མོ་བྱེད་འདྲ་དང་། །ཚུར་ལ་འཇིབ་འདྲའི་ཕ་ཝང་རྣམས། །ས་མལ་གང་བྱུང་དེ་ལ་གནོད། །བྱང་ཕྱོགས་ཤོ་དང་བྱང་ལམ་དོད། །ལུང་མདའ་ཤོ་ན་བཀྲ་མི་ཤིས། །ནུབ་ཕྱོགས་ཕྱེས་ཤིང་ནུབ་ལམ་ཟུག །ཤར་ཕྱོགས་མཐོ་ན་ནི་ཚ་རྒོད། །སྟེང་ལམ་གོང་གི་ཡུར་བས་བཅད། །མི་རྒྱུད་ཆད་དམ་ཁ་ཉེས་འོང་། །སྟེང་དང་འོག་གི་ཆུ་མིག་དང་། །གཡས་གཡོན་ཐད་ཀྱི་ལུང་སྟོང་དང་། །ཆུ་ཆད་ལམ་ཆད་མང་པོ་དང་། །འབབ་ཆུ་རེས་འབབ་རེས་སྐམ་དང་། །ཐད་ཀྱི་ས་ཕུག་གྲོགས་རལ་དང་། །ས་གཞི་བྱེ་སག་སྐྱ་བཀྲེན་རྣམས། །དར་གུད་དབུལ་ཕོངས་ཡོང་བའི་ས། །གཡས་གཡོན་ནུབ་ཀྱི་ཤིང་གཅིག་དང་། །ལམ་ཕྲན་མང་པོའི་སྣ་ཟུག་དང་། །ལམ་ལ་རྒྱ་གྲམ་མང་པོ་དོད། །ཐད་ནས་རི་སྣ་བྲག་ཟུར་ཟུགས། །བྲག་དམར་ཁ་འདྲ་བྱུང་བ་ནི། །ཁ་སྨྲས་་འོང་ངམ་གྲི་ངོ་ཡིན། །གལ་ཏེ་ས་དཔལ་ཅི་བཟང་ཡང་། །མཚོ་གཉན་ཆུ་མིག་གཉན་པོ་དང་། །ལྷ་འདྲེ་དྲག་པོ་གནས་པའི་རྩར། །བཏབ་ན་མི་རུང་སྣ་དགུ་འབྱུང་། །དེ་རྣམས་


CMR058_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་འཛེམ་པར་བྱ། །བྱེ་བྲག་འབྱུང་བའི་དུར་རིགས་གཉིས། །རྒྱབ་རིའི་འབྱུང་བ་དཔྱད་པ་ནི། །ནགས་རི་ཤིང་ལ་སྤང་རི་ས། །བྲག་དམར་རི་དམར་མེ་ཡི་ཁམས། །གཡའ་སྔོན་ཆུ་སྔོན་ཆུ་ཡི་ཁམས། །རྫ་བྲག་དཀར་པོ་ལྕགས་ཀྱི་ཁམས། །དབང་ཐང་རུས་ཁམས་གཙོ་ཆེར་བརྩི། །སྤྱིར་ནི་རང་རིར་བཏབ་ན་བཟང་། །མ་རིར་བཏབ་ན་ཚེ་རིང་ཞིང་། །བུ་རིར་བཏབ་ན་བུ་རྒྱུད་འཕེལ། །གྲོགས་རིར་བཏབ་ན་ནོར་ཕྱུགས་འཕེལ། །སྐྱབ་རི་ཞེས་བྱ་དགྲ་རི་སྟེ། །ཤི་ཁ་ཆེན་པོ་བྱེ་ན་བཏབ། །དེ་མིན་བཏབ་ཏུ་མི་རུང་ངོ་། །མི་རྒྱུད་ཕྲ་ཚུན་སྲོག་ལ་བརྩི། །ན་བུ་མང་ན་ལུས་ལ་རྩི། །ཟས་ནོར་དབུལ་ན་དབང་ཐང་རྩི། །ཡོན་ཏན་ཅན་ལ་རླུང་རྟར་རྩི། །དེ་དག་འབྱུང་བའི་དཔྱད་ཡིན་ནོ། །ལོ་སྐོར་བཅུ་གཉིས་ས་དཔྱད་པ། །ཤར་གྱི་ནགས་འཐུག་ཤིང་གཅིག་ནི། །མཚམས་བཞི་ལོ་པའི་ས་དགྲ་ཡིན། །ལྷོ་ཡི་བྲག་དམར་ས་དམར་ནི། །བྱ་སྤྲེལ་ལོ་པའི་ས་དགྲ་ཡིན། །མཚམས་བཞི་ལྷ་ཁང་གྱང་རལ་དང་། །ལྷོ་ནུབ་ཐང་ཆེན་གྲུ་བཞི་ནི། །བྱི་ཕག་ལོ་པའི་ས་དགྲ་ཡིན། །ནུབ་ཀྱི་བྲག་དཀར་ཆེ་ཆུང་ནི། །སྟག་ཡོས་ལོ་པའི་ས་དགྲ་ཡིན། །བྱང་གི་ཆུ་བོ་རྒྱུན་འབབ་


CMR058_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །རྟ་སྦྲུལ་ལོ་པའི་ས་དགྲ་ཡིན། །ཤི་གསོན་གཉིས་ཀའི་ལོ་སྙིང་ལ། །ས་དགྲ་དེ་དག་མེད་པར་གཅེས། །ད་ནི་སོ་སོའི་ས་མལ་བཤད། །ཤར་སྟོད་ཆེ་རྒྱུད་སྟག་ལོ་པ། །ཤར་དབུས་འབྲིང་རྒྱུད་ས་མལ་ཡིན། །ཤར་སྨད་ཆུང་རྒྱུད་ཡོས་ལོའི་ས། །ཤར་ལྷོ་འབྲུག་དང་བུ་སྲིང་ས། །ལྷོ་སྟོད་རྟ་དྲེལ་སྦྲུལ་ལོའི་ས། །ལྷོ་དབུས་ནོར་གྱི་ས་ཡིན་ནོ། །ལྷོ་སྨད་ར་ལུག་རྟ་ལོའི་ས། །ལྷོ་ནུབ་མ་ཕྱི་དགྲ་ཁམས་དང་། །ལུག་ལོ་པ་ཡི་ས་མལ་ཡིན། །ནུབ་སྟོད་མནའ་མ་ཆེ་བ་དང་། །སྤྲེལ་ལོ་པ་ཡི་ས་མལ་ཡིན། །ནུབ་དབུས་མནའ་མ་འབྲིང་བ་དང་། །དཀོར་ནོར་རྣམས་ཀྱི་ས་ཡིན་ནོ། །ནུབ་སྨད་མནའ་མ་ཆུང་བ་དང་། །བྱ་ལོ་པ་ཡི་ས་མལ་ཡིན། །ནུབ་བྱང་བྲན་དང་དང་སྒོ་ཁྱི་དང་། །ཁྱི་ལོ་པ་ཡི་ས་མལ་ཡིན། བྱང་སྟོད་ཕག་དང་བོང་བུ་དང་། །ཕག་ལོ་པ་ཡི་ས་མལ་ཡིན། །བྱང་དབུས་གཙོ་བོ་དཔོན་གྱི་ས། །བྱང་སྨད་བྱི་ལོ་ཞང་ཉེའི་ས། །བྱང་ཤར་མག་པ་གླང་ལོའི་ས། །དེ་རྣམས་ཕྱོགས་མཚམས་ས་མལ་ཡིན། །ས་མིག་འདེབས་སའི་ས་མལ་ནི། །གཡས་སྟོད་སྐྱེས་པ་ཆེ་རྒྱུད་ས། །གཡས་སྨད་མ་སྲིང་བུ་མོར་དབང་། །གཡོན་སྟོད་སྐྱེས་པ་


CMR058_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་རྒྱུད་ས། །གཡོན་སྨད་མནའ་མའི་ས་མལ་ཡིན། །དཀྱིལ་སྟོད་འབྲིང་རྒྱུད་ས་ཡིན་ལ། །འོག་ནས་རིམ་བཞིན་རྟ་ནོར་ལུག །བ་ར་བྲན་དང་སྒོ་ཁྱི་དབང་། །དེ་རྣམས་རྒྱབ་ཀྱི་ས་མལ་ཡིན། །ལེན་གྱི་རྩེ་མོ་དགྲ་ས་ཡིན། །ལེན་དཀྱིལ་གྲོགས་ས་འཆུག་མེད་ཡིན། །གཞན་རྣམས་གཡས་གཡོན་དཀྱིལ་དང་གསུམ། །རྒྱབ་རི་ལྟ་བུར་དཔྱད་པ་འདྲ། །ས་མལ་དེ་དང་དེ་རྣམས་ལ། །ས་དགྲ་གང་བྱུང་དེ་ལ་ངན། །ཆུ་དཔལ་ན་དཔལ་ཤིང་དཔལ་དང་། །ལམ་དཔལ་རྡོ་ཤལ་དེའུ་མགོ་དང་། །ནོར་བུ་དཔལ་བེའུ་འདྲ་བ་དང་། །བཟང་པོའི་ས་དཔལ་གང་བྱུང་བ། །ས་མལ་གང་བྱུང་དེ་ལ་བཟང་། །དུར་རིགས་བཀྲ་དང་སྲི་གཉིས་ཏེ། །དཔོན་རིགས་རྒྱུད་དང་ཡོན་ཏན་ཅན། །དྲུག་ཅུ་ཡར་འདས་བཀྲ་རིགས་ཏེ། །ས་མིག་མཐོ་སར་བཞག་པར་བྱ། །ཇི་ལྟར་ལོ་གྲངས་ཉུང་བ་བཞིན། །ས་མིག་དམའ་བའི་ས་རུ་བཞག །རབས་ཆད་གྲི་བོ་མཛེ་ཅན་དང་། །གདུག་པའི་ནད་ཀྱིས་ཤི་བ་རྣམས། །གཉའ་གནོན་ཆེ་ཞིང་དམའི་སར་གདབ། །ཁྱད་པར་ཆུང་དུར་ས་དཔྱད་ནི། ལམ་དང་བྲེ་གུས་གཉའ་གནོན་བྱ། །གཉའ་གནོན་ཆེ་ན་སྲི་སྒབ་ཆད། །ཡང་ན་ཕ་ལ་ངན་པ་ཡིན། །


CMR058_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་གྲངས་མང་ན་ཆེ་བར་བྱ། །གཡས་ན་འབྲས་བུ་ཅན་གྱི་ཤིང་། །སྲུང་མདའ་ཡིན་པས་དགོས་པར་བཤད། །འོག་ཏུ་སྤང་ཐང་འདོམ་གང་ངམ། །བརྒྱད་ལས་ཡངས་བར་མི་བྱའོ། །མ་པང་ཡིན་པས་འཇམ་ན་བཟང་། །ཐད་གར་ཆུ་དཔལ་སྒྲ་ཆེན་འབབ། །གཡུ་འབྲུག་མ་བུ་བསྣུན་བསྲེས་ཏེ། །ཆུ་བྲན་ཆུ་ཆེན་འདྲེས་པ་དགོས། །ཆུ་སྐད་བཟང་ན་བུ་འབྱུང་ཞིང་། །སྐད་མེད་འཁྱིལ་ན་བུ་མོ་ཡོང་། །གཡས་གཡོན་ཕ་བོང་རྡོ་མཆུ་ནི། །སྲེ་མོང་ཚུར་ལ་འཇབ་འདྲ་ངན། །ཕ་བོང་རྡོ་ལ་རག་རྒྱུག་ནི། ཆུང་དུར་ཚོགས་འདུས་ཡིན་ཟེར་བཟང་། །དེ་ནས་ནོར་ཕྱུགས་གོད་སྲི་ལ། །བྱ་དཀར་སྤྲེལ་དཀར་སྦྲུལ་དཀར་དང་། །ཁྱི་དཀར་ལ་སོགས་འདྲ་བ་ཡི། །དྲེའུ་དཀར་པོས་གཉའ་གནོན་བྱ། །མདུན་དུ་ན་བ་ཆུ་དཔལ་དང་། །ཤིང་སྣ་ཚོགས་པའི་ས་རུ་ཐོབ། །དེ་ཡང་དམའ་ཞིང་དོག་པར་བྱ། །བྲག་ནག་བྲག་དམར་ས་ཤིས་དམར། །ཚུར་ལ་འཇབ་འདྲའི་ཕ་བོང་རྣམས། གོད་ངོ་ཡིན་པས་རབ་ཏུ་འཛེམ། །སེ་བ་ཤུག་པ་རྟ་ཡི་ཤིང་། །ཉ་སྦྱིད་ཐང་ཤིང་ནོར་ལ་རྩི། །སྤེན་ནེ་གླིང་མ་བ་དང་གླང་། །སྨྲ་ག་སྟག་པ་ར་ཡིན་ནོ། །སུ་རུ་ལུག་གི་བླ་ཤིང་


CMR058_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །རང་རང་བླ་ཤིང་མང་སར་གདབ། །དེ་ཡན་བྱེ་བྲག་ས་དཔྱད་ཐལ། །ད་ནི་གདབ་ལུགས་ཅུང་ཟད་བཤད། །སྤྱིར་ནི་ས་དཔྱད་བཟང་ན་ཡང་། །གདབ་པའི་ས་མིག་འདི་ལྟར་ཏེ། །འབུར་གྱི་གཤོང་དང་གཤོང་གི་འབུར། །བུད་མེད་སྦྲུམ་མའི་ལྟོ་འདྲ་བའི། །དབུས་ནི་ཅུང་ཟད་དམའ་བའི་ས། །རྩུབ་པའི་འཇམ་དང་འཇམ་པའི་རྩུབ། །དེ་དག་ས་མིག་ཡིན་པས་གདབ། །གྱེན་དུ་མདའ་རྒྱང་མན་ཆོད་དུ། །ཐུར་དུ་རྒྱུག་འདྲའི་བྲག་ཕ་ཝོང་། །ཤིང་གཅིག་ཤིང་སྐམ་བྱུང་བ་ན། །ས་མཁན་རང་གི་ལྟག་བདུད་ཡིན། །འོག་ཏུ་མདའ་རྒྱང་ཡན་ཆོད་དུ། །ཡར་ལ་འཇབ་འདྲིའི་ཕ་ཝོང་ནི། །རྐུན་ངོ་ཡིན་ཏེ་རྟ་ལ་གནོད། །མར་ལ་འཇབ་འདྲ་སྒོ་ཁྱི་ཡིན། །སྟེང་དུ་བྲག་ལེབ་ཡོད་པ་ནི། །སྤྱི་བོའི་གཡའ་ལེབ་ཡིན་པས་ངན། །འོག་གི་བྲག་ལེབ་བཤས་གདན་ཡིན། །སྒྲོན་ནི་ཆུང་ཡང་གནོད་པ་ཆེ། །བྲ་བ་བྱི་བ་ཙམ་ཡང་གནོད། །དེ་ཕྱིར་ཞིབ་ཏུ་དཔྱད་བྱས་ནས། །དེ་ནས་ས་འབེབས་རྒྱས་པར་བྱ། །སྣང་བརྒྱད་དག་པ་གསེར་ཐིག་དང་། །ཉེས་པ་ཀུན་སེལ་བཀྲ་ཤིས་བརྩེགས། །ཧོ་ཡི་ཕྱག་རྒྱ་ལ་སོགས་བཀླག །དཀར་གཏོར་འབུལ་ཞིང་ཤེལ་ཚིགས་གཏོར། །


CMR058_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དམར་དུར་ཡིན་ན་ནི། །མགོ་བོ་བྱང་གི་ཕྱོགས་སུ་བསྟན། །གཞོགས་གཡས་འོག་ཏུ་བཙུགས་ནས་ནི། །ཁ་ནི་ནུབ་ཏུ་རྒྱུ་བ་དང་། །ཡང་ན་ས་དཔལ་བཟང་བར་བསྒྱུར། །ཤིང་ཤུན་ཐག་པས་དམ་བཏགས་ནས། །མཆིན་ཁྲག་དེ་ངུ་འབོ་བར་བྱ། །རྗེས་ནས་རུས་པའི་ཕྲེང་བ་བསྡུས། །ས་མིག་སྟེང་དུ་སྤུང་ངམ་བརྡུང་། །ཐལ་སོལ་ཡིན་ན་སར་སྦས་སམ། །ཡང་ན་རྡོ་ནི་སྤུངས་བྱས་ལ། །རླུང་གིས་གཞན་དུ་མི་གཏོར་བའི། །གཞུག་པ་དེ་རུ་ཐིམ་པར་བྱ། །དཀར་རྩི་ཡིན་ན་རྫ་བུམ་ལ། །བཀྲ་ཤིས་རྟགས་བརྒྱད་སྲུང་བཞི་བྲི། །ནང་དུ་བླ་ཤིང་གྲུ་བཞི་ལ། །ཨོཾ་ཨཱཿཧཱུྃ་སོགས་བྲིས་པ་ལ། །དབྱངས་གསལ་རྟེན་འབྲེལ་སྙིང་པོ་དང་། །བཀྲ་ཤིས་ཚིགས་བཅད་བྲིས་པས་དྲིལ། །འབྲུ་སྣ་རིན་ཆེན་སྣ་ཚོགས་བཅས། །རུས་པ་མི་ཡི་ཆགས་རིམ་ལྟར། །མགོ་མཇུག་མ་ནོར་པ་རུ་བླུག །རུས་མཁར་འདོན་ལ་གྲུ་གང་སར། །གྲོ་ཤུན་ཤུག་ཤུན་ལྕིབ་བྱས་ལ། །སྲུང་བཞི་་ཕྱོགས་ནི་མ་ལོག་པར། །ཤར་སྟག་ལྷོ་འབྲུག་ཡོད་པར་བྱ། །ནུབ་བྱ་རུས་སྦལ་བྱང་ལ་བསྟན། །སས་གཡོགས་མི་ཡིས་མི་མཐོང་སྦ། །རབ་ཏུ་བཅགས་ཤིང་དམ་པར་བརྡུང་། །


CMR058_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་གི་གྲས་མཚམས་ལེགས་པར་བསྒྲིགས། །བཙལ་ཡང་མི་ཚེལ་པ་ཞིག་བྱ། །ས་ལ་རྒྱབ་པའི་ས་མིག་གསུབ། །གལ་ཏེ་ས་དེ་བཟང་གྱུར་ཀྱང་། །རྗེས་ནས་སྟེང་དུ་ས་ཤུས་དང་། །བྲག་ཞིག་བྱུང་ན་སྤྲོ་བར་བྱ། །མི་རྒན་གཡང་ཅན་ཡང་ཚ་མཐོང་། །བྱེ་བྲལ་མ་བྱུང་མི་ཚེར་སྐྱིད། །དེ་འདྲའི་དཀར་རྩི་མཛོད་ཕུག་ཏུ། །མཚུན་བཅོས་གཡང་སྐྱབས་བྱས་ལ་བཞག །ས་གཞུང་མང་དུ་མཐོང་བ་དང་། །ཞལ་ཤེས་འགའ་ཞིག་ཡོད་པ་རྣམས། །ཚིག་ཉུང་དོན་འདུས་གོ་བདེ་བར། །༧ རཱ་གའི་མིང་ཅན་དྲང་སྲོང་གིས། །བློ་གསལ་རྣམས་ལ་ཕན་སྙམ་ནས། །ཐུན་མཚམས་ཞིག་ལ་ཚང་བར་བྲིས། །འགལ་འཁྲུལ་མཁས་པའི་དྲུང་དུ་བཤགས། །དགེ་བས་འགྲོ་བ་བདེ་ལྡན་ཤོག །སརྦ་མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

རྣམ་བཅུ་དབང་ལྡན་གྱི་བཤད་པ་གོ་བདེ།


CMR058_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བཅུ་དབང་ལྡན་གྱི་བཤད་པ་གོ་བདེ་བཞུགས་སོ། །ན་མོཤྲཱི་ཀ་ལ་ཙཀྲ་ཡེ། རྣམ་བཅུ་དབང་ལྡན་སྒྲུབ་ན་སྲོག་མེད་ཀྱི་ཡི་གེ་ཧཱ་ཀཱ་མ་གསུམ་དང་། ལི་ཨུ་རེ་ཨི་ཨརྣམས་བཀོད་དེ། ཐིག་ལེ་ཡེ་ཤེས། རྣམ་བཅད་སྐུ་གཉིས། ཨ་ནམ་མཁའ། ཨི་རླུང་། རི་མེ། ཨུ་ཆུ། ལོ་ས། མ་རི་རབ། ཀྵ་གཟུགས་ཁམས། ཧ་གཟུགས་མེད་ཁམས་ཀྱི་སེམས་ཅན་ཏེ། ཕྱི་ནང་གི་སྲིད་པ་བཅུ་ཡི་ས་བོན་ཡིན་ལ། དེ་ནས་སྒྲ་ཡི་ལུགས་ཀྱིས། ཙ་ར་ནི་ཏེ་ཝ་པ་ཝརྞ་བྷ་ཝ་ཏེ་ཞེས་བརྗོད་ཏེ་བསྒྱུར་ན། ཨ་ཙཱ་དང་བྲལ་བའི་ཡི་གེ་ཕ་རོལ་གྱི་ཡི་གེ་ལ་འགྲོའོ་ཞེས་པས། ཨ་ནས་ཙ་ཡི་བར་གྱིས། དབྱངས་ཡིག་བྲལ་བའི་ཡི་གེ་གསལ་བྱེད་རྣམས་ནི། ཡི་གེ་ཕྱི་མི་སྟེང་དུ་བརྩེགས་པར་བྱ་ཏེ་དེས་ན། ཧ་ཀའི་སྟེང་དུ་བརྩེགས། མདའོ་དེས་ཧ་ཀ་མའི་སྟེང་དུ་བརྩེགས། ཨི་ཀའི་མ་ཎར་ཨ་ཙ་ལའོ་ཞེས་པས། ལི་ནི་ཨུ་མཐོ་བས་ལ་ཡིག་སྲོག་མེད་དུ་འགྱུར་ལ། ཨུ་ནི་རི་མཐོང་བས་ཝཱ་ཡིག་སྲོག་མེད་དུ་འགྱུར་ཞིང་། རི་ནི་ཨི་མཐོང་བས་ར་ཡིག་སྲོག་མེད་དུ་འགྱུར་ལ། ཨི་ནི་ཨ་མཐོང་བས་ཨ་ཡིག་སྲོག་མེད་དུ་འགྱུར་རོ། །དེ་ནས་གོང་གི་སྒྲ་མདོའི་ཚིག་དེས་


CMR058_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཀྵྨ་ལའི་སྟེང་དུ་བརྩེགས། ཀླུ་ཝའི་སྟེང་དུ་བརྩེགས། ཀླུ་རའི་སྟེང་དུ་བརྩེགས། ཀླུ་ཡའི་སྟེང་དུ་བརྩེགས་པས། གླུ་དེ་ནས་སཱུ་ར་སཱུ་ར་སཾ་ཡོ་ག་ཞེས་པའི་མདོས། མཐའི་ཨ་ཡིག། ཀྱི་ཡ་ཡིག །སྲོག་དུ་སྦྱར་བས་ཡའི་ཧཱ། ལེན་ཏ་ཕྱིས་ལ་ཨ་ཡིག་སྲོག་ཅན་དུ་སོགས། དེ་ནས་ཨ་ནུ་སཱ་ར་ཞེས་པས་རྣམ་བཅད་ཟླ་བ་ཕྱེད་པའི་སྟེང་དུ། ཐིག་ལེ་ང་རོར་བྱས་པས་ན། རྡོ་རྗེ་རྩེ་གཅིག་པའི་རྣམ་པར་བྱས་པས་འགྲུབ་བོ། །དེ་ལ་འདི་གསལ་བྱེད་བདུན་བརྩེགས་ཀྱང་སྲོག་མ་གཅིག་སུ་ཡ་ལ་ཞུགས་པ་བས་མེད་པས་ཡིག་གེ་གཅིག་ཡིན་གསུངས་སོ། དེ་ལ་ཡ་ལྗང་སྔོན་རླུང་གི་དཀྱིལ་འཁོར། ར་དམར་པོ་མེ་དཀྱིལ། ཝ་དཀར་པོ་ཆུ་དཀྱིལ། ལ་སེར་པོ་ས་དཀྱིལ། མ་ཁ་དོག་བཞི་ལྡན་སྣ་ཚོགས་མདོག་བསྟན་པ་རི་རབ། ཀྵ་ལྗང་གུ་གཡོ་བ་གཟུགས་ཁམས་མན་ཆད་ཀྱི་སེམས་ཅན་ཐམས་ཅད། ཧ་མཐིང་ཁ་བསྐྱེད་མཆེད་མན་གཟུགས་མེད་མུ་བཞིའི་སེམས་ཅན། ཧ་ཀ་སྲིད་ཞི་གཉིས་སམ། འདོད་གཟུགས་གཉིས་སམ། དབང་ཕྱུག་དུས་མཚན། ཟླ་ཚེས་དཀར་པོ་ཐབས་སམ་སྙིང་རྗེ་ཆེན་པོའི་ཟླ་བ། ཐིག་ལེ་དམར་པོ་ཤེས་རབ་སྟོང་པ་ཉིད་དམ་ཉི་


CMR058_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

མ། ནཱ་ད་ནག་པོ་སྒྲ་གཅན་ནམ་ཡེ་ཤེས་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་དེ། དཔལ་ལྡན་དུས་ཀྱི་འཁོར་ལོ་ཕྱི་རླུང་གི་དཀྱིལ་འཁོར་ནས། སྲིད་རྩེའི་བར་གྱི་བརྟན་པ་་དང་གཡོ་བའི་འཇིག་རྟེན་ཁམས་ཐམས་ཅད་དང་། ༢ ནང་མའི་མངལ་སྟོང་པ་ན་ལུས་གྲུབ་པ་ནས་བཟུང་ཁམས་དྲུག་ལྡན་རྡོ་རྗེའི་ལུས་དང་། གཞན་དུ་འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་ལྷ་དང་བཅས་པ་ཡོངས་སུ་རྫོགས་པའི་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཐམས་ཅད། རྣམ་བཅུ་དབང་ལྡན་འདི་ལ་ཚང་བ་ཡིན་པས་ཁྱིམ་དུ་བྲིས་ན་བཀྲ་ཤིས་ཞིང་བསྲུང་བ་དམ་པར་འགྱུར་ལ། ས་དགྲའི་ཕྱོགས་སུ་ཁ་བསྟན་ན་ས་དགྲ་ཐུབ་ཅེས། ༢ བཤེས་གཉེན་དམ་པ་རྣམས་ཀྱི་གསུངས་པ་ཐོས་སོ། །ཞེས་༧ རཱ་ག་ཨ་སྱས་བྲིས་པ་ལ་ཉེས་འགལ་བཤགས་ཤིང་བྱང་ཆུབ་ཀྱི་སྒྱུར་བསྔོའོ། །མངྒ་ལཾ། སརྦ་བི་ཛ་ཡནྟུ།། །།

བསྟན་རྩིས་གསལ་བའི་མེ་ལོང་།


CMR058_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་རྩིས་གསལ་བའི་མེ་ལོང་བཞུགས་སོ། །


CMR058_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤྲཱི་ཀཱ་ལ་ཙཀྲ་ཡེ། སྲིད་ཞིའི་དཔལ་གྱུར་བཅོམ་ལྡན་འདས། །དཔལ་ལྡན་དུས་འཁོར་ལ་བཏུད་ནས། །བསྟན་རྩིས་རྣམ་གྲངས་མང་པོ་རྣམས། །གོ་བདེའི་ཚིག་གིས་ཉུང་བསྡུས་བརྗོད། །དཔལ་ལྡན་ཇོ་བོ་རྗེ་ཡི་ལུགས། །སྟོན་པ་ཤིང་གླང་ལ་འཁྲུངས་ནས། །ད་ལོ་ལྕགས་ཡོས་ཡན་ཆད་ལ། །སུམ་སྟོང་བརྒྱད་བརྒྱ་རེ་ལྔ་སོང་། ༈ །བཅོམ་ལྡན་རིག་དྲག་འཚོའི་དང་ཞིང་། །བཞེད་པ་འདི་དང་མཐུན་པ་ཡིན། །ཁ་ཆེ་པཎ་ཆེན་བཞེད་པ་ལ། །སྟོན་པ་མེ་བྱ་ལ་འཁྲུངས་ནས། །ད་ལོ་ལྕགས་ཡོས་ཡན་ཆད་ལ། །ཉིས་སྟོང་གཉིས་བརྒྱ་དོན་ལྔ་སོང་། ༈ །ས་


CMR058_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱ་པཎྜི་ཏ་ཡི་ལུགས། །སྟོན་པ་ས་འབྲུག་ལ་བལྟམས་ནས། །ད་ལོ་ཡན་གྱི་ལོ་གྲངས་ནི། །སུམ་སྟོང་བརྒྱད་བརྒྱ་རེ་བཞི་སོང་། །སྟོན་པ་ས་འབྲུག་ལ་འཁྲུངས་བ། །ནག་རྩིས་རྒྱུད་ཆེན་འགའ་ནས་གསུངས། ༈ །བུ་སྟོན་རིན་ཆེན་གྲུབ་ཀྱི་ལུགས། །སྟོན་པ་མེ་རྟ་ལ་འཁྲུངས་ནས། །ད་ལོ་ལྕགས་མོ་ཡོས་ལོ་ཡན། །གཉིས་སྟོང་ལྔ་བརྒྱ་རེ་དྲུག་སོང་། །དུས་ཞབས་དོན་འགྲུབ་ཀུན་དགའ་དང་། །མཁན་ཆེན་བསོད་ནམས་བཟང་པོ་དང་། །ལོ་ཆེན་ནམ་མཁའ་བཟང་པོ་དང་། །བྱང་བདག་རྣམ་རྒྱལ་གྲགས་པ་སོགས། །མཁས་པ་མང་པོ་བཞེད་པ་མཐུན། ༈


CMR058_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་མེ་ཡོས་ལ་འཁྲུངས་ནས། །ད་ལོ་ལྕགས་ཡོས་ཡན་གྱི་ལོ། །གཉིས་སྟོང་བཞི་བརྒྱ་ཉི་ཤུ་ལྔ། །སོང་བར་རང་བྱུང་རྡོ་རྗེའི་བཞེད། ༈ །ནེལ་པ་པཎྜི་ཏ་ཡི་ལུགས། །སྟོན་པ་ཆུ་བྱི་ལ་བལྟམས་ནས། །དེང་སང་ལྕགས་ཡོས་ཡན་ཆད་ལ། །སུམ་སྟོང་བརྒྱད་བརྒྱ་དོན་དགུ་སོང་། ༈ །གྲུབ་ཆེན་ཨོ་རྒྱན་པ་ཡི་ལུགས། །རྒྱལ་བ་ལྕགས་ཁྱི་ལ་འཁྲུངས་ནས། །ད་ལོ་ལྕགས་ཡོས་ཡན་གྱི་ལོ། །གཉིས་སྟོང་སུམ་བརྒྱ་གྱ་གཉིས་སོང་། ༈ །ཕ་རྒན་གཡུང་སྟོན་ཞིག་པོའི་ལུགས། །རྒྱལ་བ་ཤིང་བྱི་ལ་བལྟམས་ནས། །ད་ལྟ་ལྕགས་ཡོས་ཡན་ཆད་ལ། །གཉིས་སྟོང་དྲུག་བརྒྱ་དང་ནི་དགུ། །དཔའ་བོ་གཙུག་ལག་ཕྲེང་བས་བཞེད། །ཐུབ་དབང་ཤིང་གླང་ལ་འཁྲུངས་ནས། །ད་ལོ་ཡན་ལ་ལོ་ཡི་གྲངས། །གཉིས་སྟོང་དྲུག་བརྒྱ་དང་ནི་བརྒྱད། ༈ །རང་ས་ངག་དབང་གྲགས་པའི་ལུགས། །ཤིང་སྦྲུལ་སྟོན་པ་སྐུ་བལྟམས་ནས། །ལྕགས་ཡོས་ལོ་འདི་ཡན་ཆད་ལ། །གཉིས་སྟོང་གཉིས་བརྒྱ་ལོ་ངོ་དྲུག ༈ ། དཔལ་ལྡན་བླ་མ་དམ་པས་བཞེད། །མེ་ཡོས་ལ་བལྟམས་ད་ལོ་ཡན། །གཉིས་སྟོང་སུམི་བརྒྱ་ལོ་ངོ་ལྔ། ༈ །ཇོ་ནང་ཕྱིན་པ་རྣམ་རྒྱལ་ལུགས། །ཤཱཀ་ཐུབ་ཤིང་ཡོས་ལ་བལྟམས་


CMR058_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །དེང་སང་བར་དུ་ལོ་ཡི་གྲངས། །གཉིས་སྟོང་ལྔ་བརྒྱ་ལྔ་བཅུ་བདུན། ༈ །ཇོ་ནང་ཆེ་མགོན་པ་ཡི་ལུགས། །སྟོན་མཆོག་མེ་ལུག་ལོ་ལ་འཁྲུངས། །དེང་ནས་ད་ལོ་ལྕགས་ཡོས་ཡིན། །གཉིས་སྟོང་ལྔ་བརྒྱ་རེ་ལྔའོ། ༈ །འགོས་ལོ་གཞོན་ནུ་དཔལ་གྱི་ལུགས། །ཤིང་སྟག་ལོ་ལ་ཐུབ་པ་འཁྲུངས། །དེང་སང་ལྕགས་ཡོས་ལོ་ཡི་བར། །སུམ་སྟོང་དང་ནི་ཉེར་བརྒྱད་སོང་། ༈ །མཁས་པ་ལྷུན་གྲུབ་རྒྱལ་པོའི་ལུགས། །ལྕགས་སྤྲེལ་ལ་འཁྲུངས་ལྕགས་ཡོས་བར། །གཉིས་སྟོང་དྲུག་བརྒྱ་ལོ་བཅུ་གཉིས། ༈ །དྭགས་རམ་ཆོས་རྒྱལ་བསྟན་པའི་ལུགས། །ཆུ་ཕག་སྟོན་པ་འཁྲུངས་པ་ནས། །ད་ལོ་ལྕགས་ཡོས་བར་དུ་ནི། །ཉིས་སྟོང་དྲུག་བརྒྱ་ལོ་བཅུ་གཅིག ༈ །མཁས་མཆོག་བྱམས་པ་གླིང་པའི་ལུགས། །སྟོན་པ་མེ་ལུག་ལ་བལྟམས་ནས། །དེང་སང་ལྕགས་ཡོས་བར་དག་ཏུ། །ཉིས་སྟོང་ལྔ་བརྒྱ་རེ་ལྔ་སོང་། ༈ །ཆོས་རྒྱལ་སྲོང་བཙན་སྒམ་པོའི་ལུགས། །ཐུབ་དབང་ལྕགས་འབྲུག་ལ་བལྟམས་ནས། །ད་ལྟ་ལྕགས་མོ་ཡོས་ལོ་ཡན། །བཞི་སྟོང་གཅིག་བརྒྱ་ང་གཅིག་སོང་། །འདི་དང་རྙིང་མའི་ཕྱོགས་ཙམ་མཐུན། ༈ །རྒྱ་ནག་ཙནྡན་ཇོ་བོ་ཡི། །


CMR058_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་རྒྱུས་ལྟར་ན་ཐུབ་པ་ཉིད། །ཤིང་འབྲུག་ལ་བལྟམས་ད་ལོའི་བར། །ཉིས་སྟོང་ལྔ་བརྒྱ་གྱ་གཉིས་སོང་། ༈ །རྒྱ་ནག་ཐང་ཧུ་ཐུ་རན་ཆེན། །ཞེས་པའི་ཡིག་ཚང་ལུགས་ལ་ནི། །སྟོན་པ་ཤིང་སྟག་ལ་བལྟམས་ནས། །ལྕགས་མོ་ཡོས་ལོ་འདིས་ཡན་ལ། །ཉིས་སྟོང་ལྔ་བརྒྱ་ང་བདུན་སོང་། ༈ །ཀུན་མཁྱེན་མི་བསྐྱོད་རྡོ་རྗེ་དང་། །རྒྱལ་བ་གཡུང་སྟོན་ཆེན་པོ་དང་། །སྒྲ་པ་ཤེས་རབ་རིན་ཆེན་དང་། །གངས་དཀར་རྡོ་རྗེ་གདན་པ་རྣམས། །དགོངས་པ་མཐུན་པར་འདི་ལྟར་བཅད། །ཆུ་ཕག་ཆུ་སྟོད་བཅོ་ལྔ་ལ། །དམ་པ་ཏོག་དཀར་དགའ་ལྡན་ནས། །འཕོས་ཏེ་ཡུམ་གྱི་ལྷུམས་སུ་ཞུགས། །དེ་ནས་ད་ལྟ་ལྕགས་ཡོས་བར། །ལོ་ནི་ཉིས་སྟོང་དྲུག་བརྒྱ་དང་། །ལོ་ངོ་དགུ་ནི་སོང་བ་ཡིན། །དེ་ཡི་ལུགས་ལ་དན་བཅས་ན། །དེ་ཡི་ཕྱིར་ལོ་ཤིང་བྱི་ཡི། །ས་གའི་ཚེས་བརྒྱད་རྒྱལ་ལ་བལྟམས། །དགུང་ལོ་སོ་ལྔའི་ས་ཁྱིའི་ལོ། །ས་ག་ཟླ་བའི་བཅོ་ལྔ་ཡི། །ཐོ་རངས་མངོན་པར་རྫོགས་སངས་རྒྱས། །དགུང་ལོ་བརྒྱད་ཅུ་ཆུ་ལུག་གིས། །ནག་དཀར་དཔལ་ལྡན་འབྲས་སྤུངས་སུ། །ཟླ་བ་བཟང་པོར་དུས་འཁོར་གསུངས། །ས་གའི་ཉ་ལ་མྱ་ངན་འདས། །དེ་ནས་ལོ་གཉིས་


CMR058_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་མོ་བྱར། །ཟླ་བ་བཟང་པོའི་རྒྱུད་འགྲེལ་བརྩམ། །དུས་འཁོར་བློས་སླང་བཞེངས་ནས་ནི། །རང་སྲས་ས་སྙིང་སྤྲུལ་པ་ནི། །ལྷ་དབང་སེང་ཁྲི་བསྐོས་ནས་འདས། །དེ་ནས་ལོ་ནི་དྲུག་བརྒྱའི་བར། །ཆོས་རྒྱལ་ལྷ་དབང་གཟི་བརྗིད་ཅན། །ཟླ་བས་བྱིན་དང་ལྷོའི་དབང་ཕྱུག །སྣ་ཚོགས་གཟུགས་དང་ལྷའི་དབང་ལྡན། །དྲུག་གིས་རིམ་པར་ཆོས་གསུང་ཞིང་། ༈ །ཤིང་སྤྲེལ་ལོ་ལ་འཇམ་དཔལ་གྱིས། །དམ་པའི་ཆོས་ནི་བསྟན་པ་ཡིན། །དེ་ནས་ལོ་བརྒྱ་ཤིང་བྱིའི་ལོར། །རྒྱུད་བསྡུས་དྲང་སྲོང་རྣམས་བཏུལ་ནས། །དུས་འཁོར་ཆོས་ལ་བཙུད་མཛད་ནས། །པདྨ་དཀར་པོ་ཁྲིར་བསྐོས་ནས། །འཇམ་དཔལ་ཞིར་གཤེགས་པ་ཡི་ལོ། །དེ་ནས་བརྒྱ་འདས་ཤིང་འབྲུག་ལ། །འགྲེལ་ཆེན་བརྩམས་ནས་ཞིར་གཤེགས་སོ། །དེ་ནས་ལོ་ནི་བདུན་བརྒྱའི་བར། །ཤམ་བྷ་ལ་རུ་འཇམ་དཔལ་གྱི། །གདུང་རབས་བརྒྱད་ནི་སོང་བ་སྟེ། །པད་དཀར་རིགས་ལྡན་བཟང་པོ་དང་། །རྣལ་རྒྱལ་བཤེས་གཉེན་བཟང་པོ་དང་། །ཕྱག་དམར་ཁྱབ་མཇུག་སྦས་པ་དང་། །ཉི་མ་གྲགས་དང་ཤིན་ཏུ་བཟང་། །དེ་ནས་ཤིང་སྤྲེལ་ལོ་དེ་ལ། །མ་ཁའི་ཡུལ་དུ་ཀླ་ཀློ་


CMR058_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །བསྟན་དར་མུ་སྟེགས་བྱེད་རྩིས་བརྩམས། །རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་ཉིད། །དེ་ལོ་ཁྲི་ལ་ཕེབས་པ་ཡིན། །དེ་ནས་བརྒྱ་དང་གྱ་གསུམ་པ། །མེ་ཁྱི་ལོ་ལ་རིགས་ལྡན་ནི། །རྒྱལ་དཀས་དེ་དུས་གྱ་གཉིས་བཞེས། །རྒྱུད་ཀྱི་བྱེད་རྩིས་ཕྱག་ལེན་མཛད། །དེ་ནས་ཉིས་བརྒྱ་ཉེར་གཉིས་པ། །མེ་ཡོས་ལོ་ལ་རྒྱ་གར་དུ། །ཤམ་བྷ་ལ་ནས་བྱེད་རྩིས་དར། །རྒྱུད་འགྲེལ་འདི་བས་སྔ་ནས་དར། །ཀླ་ཀློས་དགོན་སྡེ་གཙུག་ལག་བཤིགས། །བཅོ་བརྒྱད་འདས་པའི་ཆུ་ཡོས་ལ། །རིགས་ལྡན་རྒྱལ་དཀའ་ཞི་བར་གཤེགས། །དེ་ནས་ལོ་ནི་ལྔ་བརྒྱ་ལ། །ལོ་ངོ་གསུམ་ནི་མ་ཚང་བར། །རིགས་ལྡན་ཉི་མ་སྣ་ཚོགས་གཟུགས། །ཟླ་བའི་འོད་དང་མཐའ་ཡས་དང་། །ས་སྐྱོང་དཔལ་སྐྱོང་སེང་གེ་ཡིས། །དམ་པའི་ཆོས་བསྟན་རྣམ་པར་གནོན། །མེ་སྤྲེལ་ལོ་ལ་སེང་ཁྲིར་ཕེབས། ༈ །གོང་དུ་མེ་ཡོས་ལོ་དེ་ལ། །བྱེད་རྩིས་རྒྱ་གར་དུ་དར་ནས། །ལོ་ནི་བདུན་ཅུ་མེ་འབྲུག་ལ། །ནཱ་རོ་པཎ་ཆེན་སྐུ་འཁྲུངས་ཟེར། །དེ་ནས་ལོ་ནི་ཞེ་ལྔ་པ། །ལྕགས་བྱིའི་ལོ་ལ་མར་པ་འཁྲུངས། །དེ་ནས་ཞེ་གཅིག་ལྕགས་འབྲུག་ལ། །མི་ལ་རས་པ་སྐུ་འཁྲུངས་སོ། །དེ་ནས་བཞི་བཅུ་ས་ལུག་ལ། །


CMR058_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་མེད་དྭགས་པོ་ལྷ་རྗེ་བལྟམས། །དེ་ནས་ལོ་དྲུག་ཤིང་གླང་ལ། །མར་པ་གྱ་དྲུག་བཞེས་ཏེ་གཤེགས། །དེ་ནས་ལོ་ངོ་བཅུ་གཉིས་པ། །མེ་བྱིར་ཚུལ་ཁྲིམས་དཔལ་བ་འཁྲུངས། །དེ་ནས་བཅུ་ཡི་ལྕགས་སྟག་ལ། །ཕག་གྲུ་དུས་མཁྱེན་གཉིས་ཀ་འཁྲུངས། །དེ་ནས་བཅུ་གསུམ་ཆུ་སྟག་ལ། །སྐྱེ་མེད་ཞང་སྟོན་སྐུ་བལྟམས་སོ། །དེ་ཡི་ཕྱིར་ལོ་ཆུ་ཡོས་ལ། །མི་ལ་གྱ་བཞི་བཞེས་ཏེ་གཤེགས། །དེ་ནས་ལོ་ལྔ་ལྕགས་སྤྲེལ་ལ། །གྲུབ་ཐོབ་གླིང་རྗེ་རས་པ་འཁྲུངས། །དེ་ནས་ལོ་བཅུ་ཆུ་བྱི་ལ། །ཚུལ་ཁྲིམས་དཔལ་བ་ཞིང་ཁམས་གཤེགས། །དེ་ཡི་ཕྱིར་ལོ་ཆུ་གླང་ལ། །ནམ་མཁའ་འོད་ནི་སྐུ་བལྟམས་སོ། །དེ་ནས་ལོ་དགུ་ཆུ་ཁྱི་ལ། །རྗེ་བཙུན་བསོད་ནམས་རྩེ་མོ་དང་། །སྟག་ལུང་ཐང་པ་གཉིས་ཀ་འཁྲུངས། །དེ་ཡི་ཕྱིར་ལོ་ཆུ་ཕག་ལ། །འབྲི་གུང་འཇིག་རྟེན་མགོན་པོ་འཁྲུངས། །དེ་ནས་ལོ་བཞི་མེ་ཡོས་ལ། །རྗེ་བཙུན་གྲགས་པ་རྒྱལ་མཚན་འཁྲུངས། །དེ་ཡི་ཕྱིར་ལོ་ས་ཨཱལ་འབྲུག་ལ། །འགྲོ་མགོན་རས་ཆེན་སྐུ་བལྟམས་སོ། །དེ་ནས་ལོ་ལྔ་ཆུ་བྱ་ལ། །དྭགས་པོའི་དོན་ལྔ་བཞེས་ཏེ་གཤེགས། །དེ་ནས་ལོ་ལྔ་ས་སྟག་ལ། །ཕག་གྲུས་གདན་ས་ཐེལ་


CMR058_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་བོ། །དེ་ནས་བཅུ་གསུམ་ལྕགས་སྟག་ལ། །ཕག་གྲུ་རེ་གཅིག་བཞེས་ཏེ་གཤེགས། །དེ་ནས་ལོ་ལྔ་ཤིང་ལུག་ལ། །སྤྱན་སྔ་གྲགས་པ་འབྱུང་གནས་འཁྲུངས། །དེ་ནས་ལོ་བདུན་ཆུ་སྟག་ལ། །ས་སྐྱ་པཎ་ཆེན་སྐུ་འཁྲུངས་སོ། །དེ་ལོ་བསོད་ནམས་རྩེ་མོ་ཉིད། །བདེ་བ་ཅན་དུ་དངོས་སུ་བྱོན། །དེ་ནས་བཅུ་གཅིག་ཆུ་གླང་ལ། །དུས་མཁྱེན་གྱ་བཞི་བཞེས་ཏེ་གཤེགས། །ཞིང་གི་དོན་གཉིས་བཞེས་ཏེ་འདས། །དེ་ནས་ལོ་དྲུག་ས་ལུག་ལ། །རེ་བདུན་བཞེས་ཚེ་ནམ་མཁའ་འོད། །ལོངས་སྤྱོད་པ་ཡི་ཞིང་དུ་གཤེགས། །དེ་ནས་ལོ་གཉིས་ལྕགས་བྱ་ལ། །བཀྲ་ཤིས་གྲགས་པ་སྐུ་འཁྲུངས་སོ། །དེ་ནས་ལོ་ལྔ་མེ་སྟག་ལ། །ཀརྨ་པཀྴི་སྐུ་བལྟམས་སོ། །དེ་ཡི་ཕྱིར་ལོ་ཤཱཀྱ་རི། །ས་སྐྱར་དབྱར་གནས་བསྟན་རྩིས་མཛད། །དེ་ནས་ལོ་དགུ་མེ་བྱི་ལ། །རྗེ་བཙུན་གྲགས་པ་རྒྱལ་མཚན་དང་། །འབྲི་གུང་འཇིག་རྟེན་གསུམ་མགོན་གཤེགས། །དེ་ཡི་ཕྱིར་ལོ་མེ་གླང་ལ། །འགྲོ་མགོན་རས་ཆེན་ཞི་བར་གཤེགས། །དེ་ནས་བཅུ་གསུམ་ལྕགས་སྟག་ལ། །གྲུབ་ཐོབ་ཨོ་རྒྱན་པ་ཉིད་འཁྲུངས། །དེ་ནས་སོ་ལྔ་ཤིང་ལུག་ལ། །འགྲོ་མགོན་ཆོས་རྒྱལ་འཕགས་པ་འཁྲུངས། །


CMR058_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཞེ་བརྒྱད་ཆུ་རྟ་ལ། །གྱ་གསུམ་བཞེས་ཚེ་བཀྲ་ཤིས་གྲགས། །ཞི་བའི་དབྱིངས་སུ་བཞུགས་ཚུལ་སྟོན། །དེ་ཡི་ཕྱིར་ལོ་ཆུ་ལུག་ལ། །དོན་བརྒྱད་བཞེས་ཚེ་པཀྴི་གཤེགས། །དེ་ལོ་རྟོགས་ལྡན་གྲོགས་སོགས་འཁྲུངས། །དེ་ཡི་ཕྱིར་ལོ་ཤིང་སྤྲེལ་ལ། །རང་བྱུང་རྡོ་རྗེ་སྐུ་བལྟམས་སོ། །དེ་ནས་ཉེར་ལྔ་ས་བྱ་ལ། །གྲུབ་ཆེན་ཨོ་རྒྱན་པ་གཤེགས་སོ། །དེ་ནས་ལོ་དྲུག་ཤིང་ཡོས་ལ། །རང་བྱུང་རྡོ་རྗེས་བསྟན་རྩིས་བརྩམས། །དེ་ནས་ལོ་གསུམ་ས་རྟ་ལ། །རང་བྱུང་ཞབས་ཀྱིས་དུས་འཁོར་གྱི། །མན་ངག་སྣང་བ་ཞེས་བྱ་བརྩམས། །དེ་ནས་ཉེར་གཅིག་ས་ཡོས་ལོ། །རང་བྱུང་ང་དྲུག་བཞེས་པ་གཤེགས། །དེ་ཡི་ཕྱིར་ལོ་ལྕགས་འབྲུག་ལ། །རོལ་པའི་རྡོ་རྗེ་སྐུ་བལྟམས་སོ། །དེ་ནས་ལོ་དགུ་ས་གླང་ལ། །གྲགས་སེང་རེ་བདུན་བཞེས་ཚེ་གཤེགས། །དེ་ཡི་ཕྱིར་ལོ་ལྕགས་སྟག་ལ། །རྟོགས་ལྡན་མཁའ་སྤྱོད་དབང་པོ་འཁྲུངས། །དེ་ནས་སུམ་ཅུ་སོ་བཞི་པ། །ཆུ་མོ་ཕག་ལ་ཞེ་བཞི་པར། །རོལ་པའི་རྡོ་རྗེ་དབྱིངས་སུ་ཐིམ། །དེ་ཡི་ཕྱིར་ལོ་ཤིང་བྱི་ལ། །དེ་བཞིན་གཤེགས་པ་སྐུ་བལྟམས་སོ། །དེ་ནས་ཉེར་གཉིས་ཤིང་བྱ་ལ། །ང་དྲུག་བཞེས་ཚེ་མཁའ་


CMR058_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་དབང་། །ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་སོ། །དེ་ཡི་ཕྱིར་ལོ་མེ་ཁྱི་ལ། །ཆོས་དཔལ་ཡེ་ཤེས་སྐུ་འཁྲུངས་སོ། །དེ་ནས་ལོ་དགུ་ཤིང་མོ་ལུག །དེ་བཞིན་གཤེགས་པ་སོ་གཉིས་གཤེགས། །དེ་ཡི་ཕྱིར་ལོ་མེ་སྤྲེལ་ལ། །མཐོང་བ་དོན་ལྡན་སྐུ་འཁྲུངས་སོ། །དེ་ནས་སོ་དྲུག་ཆུ་སྤྲེལ་ལ། །ཆོས་དཔལ་ཡེ་ཤེས་ཞིང་དུ་གཤེགས། །དེ་ཡི་ཕྱིར་ལོ་ཆུ་བྱ་ལ། །དོན་ལྡན་སོ་བརྒྱད་བཞེས་པར་གཤེགས། །དེ་ལོ་སྤྱན་སྔ་ཆོས་གྲགས་འཁྲུངས། །དེ་ཡི་ཕྱིར་ལོ་ཤིང་ཁྱི་ལ། །ཆོས་གྲགས་རྒྱ་མཚོ་སྐུ་བལྟམས་སོ། །དེ་ནས་ལོ་བདུན་ཤིང་སྟག་ལ། །ཞེ་བརྒྱད་བཞེས་ཚེ་མི་བསྐྱོད་ཞབས། །སྤྲུལ་སྐུ་ཆོས་ཀྱི་དབྱིངས་སུ་བསྡུས། །དེ་ནས་ལོ་གཉིས་མེ་འབྲུག་ལ། །དབང་ཕྱུག་རྡོ་རྗེ་སྐུ་བལྟམས་གྱུར། །དེ་ནས་ལོ་བཅུ་མེ་སྟག་ལ། །གཙུག་ལག་ཕྲེང་བ་རེ་གསུམ་གཤེགས། །དེ་ནས་ལོ་གཉིས་ས་འབྲུག་ལ། །དཔའ་བོ་གཙུག་ལག་རྒྱ་མཚོ་འཁྲུངས། །དེ་ནས་བཅོ་ལྔ་ཆུ་ལུག་ལ། །དཀོན་མཆོག་ཡན་ལག་ཞི་བར་གཤེགས། །དེ་ཡི་ཕྱིར་ལོ་ཤིང་སྤྲེལ་ལ། །གར་དབང་ཆོས་ཀྱི་དབང་ཕྱུག་བལྟམས། །དེ་ནས་བཅུ་དགུ་མེ་ཡོས་ལ། །ཞེ་བརྒྱད་བཞེས་ཚེ་ཀརྨ་པ། །དབང་ཕྱུག་རྡོ་རྗེ་


CMR058_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སྐུར་བསྡུས། །དེ་ཡི་ཕྱིར་ལོ་ཤིང་འབྲུག་ལ། །རྒྱལ་དབང་ཆོས་དབྱིངས་རྡོ་རྗེ་བལྟམས། །དེ་ནས་ཉེར་དྲུག་ལྕགས་རྟ་ལ། །གར་དབང་ཆོས་ཀྱི་དབང་ཕྱུག་མཆོག །ཞེ་བདུན་བཞེས་ཚེ་གཟུགས་སྐུ་བསྡུས། །དེ་ནས་ལུག་གམ་སྤྲེལ་ལོ་ནས། །སྤྲུལ་པའི་སྐུ་ནི་བལྟམས་ཞེས་ཐོས། །དེ་ནས་ལོ་ནི་ཉི་ཤུ་པ། །ལྕགས་མོ་ཡོས་ཀྱི་ལོ་ལ་ནི། །བདག་གིས་བསྟན་རྩིས་གོ་བདེ་བཀོད། །དེ་ནས་མི་བསྐྱོད་རྡོ་རྗེ་ཡིས། །བཞད་པ་འདི་ཉིད་གཙོར་བྱས་ན། །ཤཱཀ་ཐུབ་བལྟམས་ནས་ད་ལོ་བར། །ལོ་ནི་ཉིས་སྟོང་དྲུག་བརྒྱ་དང་། །ད་ལོ་ཕར་བརྒྱབ་ལོ་དགུ་སོང་། །དེ་ནས་ཡུས་ཀྱི་སྟེན་ཤེས་བྱ། །འོན་ཀྱང་མི་ལ་ཡན་གྱི་ལོ། །དགོངས་བཞེད་མི་འདྲ་སྣ་ཚོགས་འདུག །དྭགས་པོ་འཁྲུངས་ནས་ད་ལོའི་བར། །འཁྲུལ་མེད་ངེས་ཤེས་ལྡན་ནས་ཡིན། ༈ །གསང་སྔགས་རྙིང་མའི་བཞེད་པ་ལ། །སྟོན་པ་ཤིང་གླང་ལ་འཁྲུངས་ནས། །དགུང་ལོ་བརྒྱད་ཅུ་ཤིང་སྤྲེལ་གྱི། །ས་གའི་ཨབཅོ་ལྔར་མྱ་ངན་འདས། །དེ་ནས་ལོ་ནི་བཅུ་གཉིས་པ། །མེ་སྤྲེལ་ལོ་ལ་ཨོ་རྒྱན་འཁྲུངས། །རྒྱ་གར་རྒྱ་ནག་ཨོ་རྒྱན་སོགས། །ཡུལ་གྲུ་རྣམ་པ་སྣ་ཚོགས་སུ། །དགུང་ལོ་སུམ་སྟོང་


CMR058_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཐམ་པ་བཞུགས། །བོད་དུ་བརྒྱ་དང་བཅུ་གཅིག་བཞུགས། །སྲིན་ཡུལ་བཞུད་ནས་བདུན་བརྒྱ་དང་། །རེ་ལྔ་འདས་ཚེ་རཏྣ་གླིང་། །ལྕགས་མོ་ལུག་ལ་སྐུ་བལྟམས་ཏེ། །གཏེར་སྟོན་འཁྲུངས་ནས་ད་ལྟའི་བར། །ཉིས་བརྒྱ་དང་ནི་ལོ་གཅིག་སོང་། །པད་འབྱུང་འཁྲུངས་ནས་ད་ལྟའི་བར། །བཞི་སྟོང་དང་ནི་དོན་བདུན་སོང་། །རྔ་ཡབ་བྱོན་ནས་ད་ལྟའི་བར། །དགུ་བརྒྱ་དང་ནི་རེ་དྲུག་སོང་། །གཏེར་སྟོན་འདས་ནས་ད་ལྟའི་བར། །བརྒྱ་དང་ཉི་ཤུ་རྩ་ལྔ་སོང་། ༈ །རྙིང་མ་བཀའ་མའི་ལུགས་ལ་ནི། །བི་མ་མི་ཏྲ་གླང་ལོར་འཁྲུངས། །སུམ་བརྒྱ་བཞེས་ཚེ་བོད་དུ་བྱོན། །འཁྲུངས་ནས་དེང་སང་ལྕགས་ཡོས་ཡིན། །སྟོང་དང་བདུན་བརྒྱ་ཞེ་བདུན་སོང་། ༈ །སྟག་ལུང་ཐང་པ་བཞི་བཅུ་པར། །སྟག་ལུང་བཏབ་ནས་ལྕགས་ཡོས་བར། །ལོ་ནི་བཞི་བརྒྱ་དོན་གསུམ་སོང་། །སྐུ་ཡལ་དགུང་ལོ་སོ་ལྔ་དུས། །མཆོད་ཁང་དམར་པོ་བཞེངས་ནས་ནི། །ད་ལོ་བར་ལ་ལོ་ཡི་གྲངས། །བཞི་བརྒྱ་དང་ནི་ཉེར་དགུ་སོང་། །སངས་རྒྱས་དབོན་པོས་ཉེར་ལྔ་དུས། །མེ་གླང་ལོ་ལ་མར་ཐང་བཏབ། །དེ་ནས་ད་ལོ་ལྕགས་ཡོས་བར། །ལོ་ནི་སུམ་བརྒྱ་དོན་གཉིས་སོང་།


CMR058_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་མགོན་པོ་ཉེར་བརྒྱད་དུས། །ལྷ་ཁང་བཞེངས་ནས་ད་ལོ་ཡན། །སུམ་བརྒྱ་དང་ནི་སོ་གཉིས་སོང་། །ལྕགས་མོ་ཡོས་ཀྱི་ལོ་འདི་ལ། །ཞྭ་དམར་བདུན་པ་སེང་གེའི་ཁྲིར། །ཕེབ་པ་ཡིན་ཞེས་གཏམ་སྙན་ཐོས། །དེ་ནས་བསྟན་པའི་གནས་ཚད་ལ། །བཞེད་པ་མི་འདྲ་མང་ན་ཡང་། །འབུམ་ཐིག་ལུང་གི་རྗེས་འབྲང་ནས། །ཡོངས་གྲགས་ལྔ་བརྒྱ་ཕྲག་བཅུར་བཞེད། །ལྔ་བརྒྱ་ཕྲག་དགུ་བསྟན་པ་དངོས། །ལྔ་བརྒྱ་ཐ་མ་རྟགས་ཙམ་འཛིན། །ལྟ་སྤྱོད་རྣལ་མ་མེད་པར་གོ །མཆོད་རྟེན་སྐུ་གཟུགས་གླེགས་བམ་སོགས། །མི་རྣམས་ཚེ་ལོ་ཡར་འཕེལ་ནས། །དྲུག་བརྒྱ་ཐུབ་དུས་སྒང་བར་གནས། །དེ་དུས་གནས་བརྟན་བཅུ་དྲུག་པོ། །དངོས་སུ་རྡོ་རྗེ་གདན་དུ་བྱོན། །སྐལ་ལྡན་འགའ་ཞིག་རབ་ཏུ་བྱུང་། །ལོ་ཤེས་ཐང་ཅིག་བསྟན་པ་དར། །དེ་ནས་གནས་བརྟན་བཅུ་དྲུག་གི །བསྟན་པ་བསྡུས་ནས་ཞི་བར་གཤེགས། །ཤཱཀ་ཐུབ་བསྟན་པ་ལྷག་མེད་ནུབ། །དེ་ནས་ཚེ་ཨཱལོ་ཡར་འཕེལ་ཚེ། །རྫོགས་པའི་སངས་རྒྱས་མི་འབྱོན་ཏེ། །འཁོར་ལོས་སྒྱུར་རྒྱལ་མང་དུ་འབྱུང་། །དེ་ནས་ཚེ་ལོ་མར་འགྲིབ་ནས། །བརྒྱད་ཁྲིའི་དུས་སུ་བྱམས་པ་འབྱོན། །དེང་


CMR058_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

སང་བཞི་བཅུ་ཁ་རལ་ཞེས། །གཏེར་ཡིག་རྣམས་ནས་གསུངས་པ་ཡིན། །ད་རུང་བསྟན་པའི་གནས་ཚད་ལ། །མི་བསྐྱོད་ཞབས་སོགས་བཤད་པ་ལ། །དེ་སྔ་ལྔ་བརྒྱ་ཕྲག་ལྔ་དང་། །ཉི་ཤུ་རྩ་དགུའི་ལོ་གྲངས་སོང་། །ད་རུང་ལྔ་བརྒྱ་ཕྲག་བཞི་དང་། །བཞི་བརྒྱ་དོན་གཅིག་སླར་འདུས་སོ། །གསང་སྔགས་རྙིང་མའི་ལུགས་ལ་ནི། །ཐུབ་བསྟན་ལྔ་བརྒྱ་ཕྲག་བརྒྱད་དང་། །ལོ་ནི་གྱ་དགུ་སོང་བ་ཡིན། །བསྟན་པ་ལོ་ནི་བཞི་བརྒྱ་དང་། །བཅུ་གཅིག་ཡོད་ཅིང་དེའི་སྟེང་དུ། །རྟགས་ཙམ་འཛིན་པ་ལྔ་བརྒྱ་ཡོད། །ཁ་ཆེ་པཎ་ཆེན་ལུགས་ལ་ནི། །ལོ་ནི་ལྔ་བརྒྱ་ཕྲག་བཞི་དང་། །བརྒྱ་དང་གོ་ལྔ་སོང་བ་སྟེ། །ད་རུང་ལྔ་བརྒྱ་ཕྲག་དྲུག་དང་། །སུམ་བརྒྱ་དང་ནི་ལོ་ལྔ་ཡོད། །དེ་ཡི་རིག་པ་ལུགས་གཞན་ཡང་། །གོ་བར་སླ་ཕྱིར་མ་བྲིས་སོ། །རྟགས་ཙམ་འཛིན་པའི་དུས་སུ་ཡང་། །ལྟ་སྤྱོད་རྣལ་མ་མི་ལྡན་ཡང་། །མར་མེ་འཆི་ཁ་གསལ་བ་བཞིན། །བསྟན་པ་ཤིན་ཏུ་རྒྱས་པར་གསུངས། །བསྟན་པ་ལྔ་བརྒྱ་ཕྲག་བཅུ་ནི། །མདོ་ལུགས་སྟོན་པའི་གནས་ཚད་ཡིན། །སྔགས་ལུགས་བསྟན་པའི་གནས་ཚད་ནི། །བྱ་རོག་ཆེན་པོའི་རྒྱུད་ལས་གསུངས། །སྐུ་གསུང་ཐུགས་ཀྱི་བསྟན་པ་གསུམ། །


CMR058_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་བརྒྱ་ཕྲག་ནི་རེ་རེ་གནས། །ཡོན་ཏན་ལྔ་བརྒྱ་ཕྲག་གཉིས་ལ། །ཕྲིན་ལས་ལྔ་བརྒྱ་ཕྲག་གཉིས་གནས། །དེ་རྗེས་ཆོས་སྐྱོང་མགོན་པོ་ཡི། །ཕྲིན་ལས་བཞི་པོ་རེ་རེ་ལ། །ལྔ་བརྒྱ་ཕྲག་ནི་རེ་རེ་སྟེ། །ལྔ་བརྒྱ་ཕྲག་ནི་བཅུ་གཅིག་ཡིན། །དེ་ནས་དེང་སང་གནས་སྐབས་འདིར། །སྲོང་བཙན་སྒམ་པོའི་ལུགས་དང་བསྟུན། །ལྔ་བརྒྱ་ཕྲག་བརྒྱད་འདས་ནས་ནི། །ཆོས་སྐྱོང་གསུངས་པའི་བསྟན་པ་ལ། །ལོ་གྲངས་དོན་གཅིག་སོང་བ་ཡིན། །ཁྱད་པར་རྫོགས་ཆེན་བསྟན་པ་ནི། །སྐུ་ཡི་བསྟན་པ་ལྔ་བརྒྱ་དང་། །ལྔ་སྟོང་ཕྲག་གསུམ་གནས་པ་ཡིན། །གསུང་དང་ཐུགས་ནི་ལྔ་བརྒྱ་དང་། །ལྔ་སྟོང་ཕྲག་རེ་གནས་པ་ཡིན། །ཚེ་ལོ་དྲུག་ཅུ་ནས་བཟུང་སྟེ། །བཅུ་པའི་བར་དུ་ཐུགས་བསྟན་ཡིན། །ཐུགས་ཀྱི་དུས་འདིར་བསྟན་པའི་རྩ། །རང་བྱུང་སྐུ་ནི་ལྷ་ཡི་གནས། །སུམ་རྩེན་ལག་ན་རྡོ་རྗེ་ཡི། །ཁང་བརྩེགས་ཡང་ཐོག་དག་ཏུ་བཞུགས། །གླེགས་བམ་རབ་འཕྲོས་དྲང་སྲོང་ཕུག །རྡོ་རྗེ་རྡོ་རྗེ་གདན་གྱི་མཁར། །དེ་དག་རྣམས་སུ་བཞུགས་པར་གསུངས། །ཚེ་ལོ་བཅུ་པའི་མགོ་མ་ལ། །མཁའ་འགྲོ་དཔལ་འཛིན་ཞེས་བྱ་བས། །རྫོགས་ཆེན་མཛད་པ་བཅུ་པའི་


CMR058_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

མཐར། །རྫོགས་ཆེན་བསྟན་པ་ཞིང་གཞན་འབོད། །ཤཱཀ་ཐུབ་འདས་ནས་ལོ་ཡི་གྲངས། །བྱེ་བ་ང་ལྔ་ས་ཡ་བདུན། །སོང་ཚེ་བྱམས་པ་འབྱོན་པར་བཤད། །དེ་ལྟར་བསྟན་རྩིས་མདོར་བསྡུས་འདི། །ཁ་གསལ་དོན་འདུས་གོ་བདེ་བར། །རཱ་གའི་མིང་ཅན་དེ་ཡིས་བཀོད། །ལྕགས་ཡོས་ལོ་ལ་བརྩིས་པ་ཡིན། །འགལ་འཁྲུལ་མཁས་པ་རྣམས་ལ་བཤགས། །དགེ་བས་ཐུབ་བསྟན་འཕེལ་བར་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གཙུག་ལག་རྩིས་ཀྱི་སྡོམ་ཚིག་ཉེར་མཁོ་བསྡུས་པ་གཙུག་ལག་འབྱེད་པའི་ལྡེའུ་མིག


CMR058_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་རྩིས་ཀྱི་སྡོམ་ཚིག་ཉེར་མཁོ་བསྡུས་པ་གཙུག་ལག་འབྱེད་པའི་ལྡེའུ་མིག །ཨྠྀི༔


CMR058_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨརྱ་མཉྫའི་ཡེ། གཙུག་ལག་རྩིས་ཀྱི་སྡོམ་ཚིག་ཉེར་མཁོ་ནི། །ལོ་གྲངས་བཅུ་གསུམ་ཉེར་ལྔ་སོ་བདུན་དང་། །ཞེ་དགུ་རེ་གཅིག་དོན་གསུམ་གྱ་ལྔ་དང་། །དགུ་བཅུ་གོ་བདུན་རང་ལོ་སྟེང་དུ་ཕྱིན། །དེ་ནས་རྩིས་པས་ལོ་གྲངས་དུ་ལོན་ཤེས། །དེ་ནས་དེ་ཡི་དབང་ཐང་འབྱུང་བའི་ཁམས། །གནམ་ལོ་དེ་ལ་ཕོ་ལོ་དྲུག་ཤར་དུས། །གཅིག་བཅུ་ཐམས་ཅད་གནམ་ལོ་རང་དང་གཅིག །གཉིས་གསུམ་ཐམས་ཅད་གནམ་ལོའི་མ་དང་གཅིག །བཞི་ལྔ་ཐམས་ཅད་གནམ་ལོའི་དགྲ་དང་གཅིག །དྲུག་པ་བདུན་པ་གནམ་ལོའི་གྲོགས་དང་གཅིག །བརྒྱད་པ་དགུ་པ་གནམ་


CMR058_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་བུ་དང་གཅིག །གནམ་ལོ་དེ་ལ་མོ་ལོ་དྲུག་ཤར་དུས། །གཅིག་པ་གཉིས་པ་གནམ་ལོ་རང་དང་གཅིག །གསུམ་བཞི་ཐམས་ཅད་གནམ་ལོའི་མ་དང་གཅིག །ལྔ་དྲུག་ཐམས་ཅད་གནམ་ལོའི་དགྲ་དང་གཅིག །བདུན་བརྒྱད་ཐམས་ཅད་གནམ་ལོའི་གྲོགས་དང་གཅིག །དགུ་བཅུ་ཐམས་ཅད་གནམ་ལོའི་བུ་དང་གཅིག །ལོ་རྒན་དྲུག་ཅུའི་གང་རེད་ངོས་བཟུང་ནས། །དེ་ཡི་སྲོག་ལུས་ཀླུང་རྟ་སྨེ་བ་སོགས། །ཐམས་ཅད་རྩིས་གཞི་ཆེ་ཆུང་བལྟས་པས་གསལ། །སྤར་ཁ་ཕོ་རྣམས་ལི་ནས་གཡས་སུ་བསྐོར། །བུད་མེད་ཐམས་ཅད་ཁོམ་ནས་གཡོན་དུ་བསྐོར། །ལོ་གྲངས་མང་


CMR058_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཚམས་བཞིར་བཅུ་ཚོ་མཆོང་། །ཕོ་ཕྱུ་རྟ་ཕྱུ་ལི་ལ་དགྲ་ཕྱུ་ཁེན། །བཟའ་དཔོན་ལོ་གྲངས་ཙམ་ཞིག་གཡས་སུ་བསྐོར། །ནོར་ཕྱུ་གིན་དང་ལུག་ཁྱུ་ཞིང་ཕུ་ཁེན། །གྲོགས་ཁྱུ་ལོ་ཕྱུ་ཟོན་དང་ར་ཕྱུ་དཱ། །ཁྱིམ་བདག་མོ་ཡི་ལོ་གྲངས་གཡོན་བསྐོར་བྱ། །ཕོ་རིགས་ཐམས་ཅད་གཡས་དང་མོ་རིགས་གཡོན། །ཕོ་མཚུན་དང་ནི་བུ་མོ་ལི་ནས་བསྐོར། །བོན་པོ་བྱིས་པས་མོ་མཚུན་ཁམ་ནས་བསྐོར། །རྒན་པོ་ཁེན་ལ་རྒན་མོ་ཁོན་ནས་བསྐོར། །བུད་མེད་དར་མ་ཟིན་ལ་ན་སྟོད་ཟིན། །བརྗེ་གིན་ལ་སྐྱེས་ཕྲན་དྭ་ནས་བསྐོར། །སྐྱེས་པ་གཡས་བསྐོར་བུད་མེད་གཡོན་བསྐོར་བྱ། །སྤར་ཁ་རང་སྟེང་བསྐོར་མགོ་རང་སྟེང་དང་། །དགྲ་ཐོག་དུར་མིག་བྱུང་ན་རིམ་གྲོ་བྱ། །ཤིང་བུ་མེ་ལ་མེ་ཡི་བུ་ནི་ས། །ས་བུ་ལྕགས་ལ་ལྕགས་ཀྱི་བུ་ནི་ཆུ། །ཆུ་བུ་ཤིང་ཡིན་གཡས་བསྐོར་ཐུར་དེད་ཡིན། །ཤིང་མ་ཆུ་ཡིན་ཆུ་ཡི་ས་མ་ལྕགས། །ལྕགས་མ་ས་ཡིན་ས་ཡི་མ་ནི་མེ། །མེ་མ་ཤིང་ཡིན་གཡོན་བསྐོར་གྱེན་འདེད་ཡིན། །ཤིང་དགྲ་ལྕགས་ལ་ལྕགས་ཀྱི་དགྲ་ནི་མེ། །མེ་དགྲ་ཆུ་ལ་ཆུ་ཡི་དགྲ་ནི་ས། །ས་དགྲ་ཤིང་སྟེ་ཨ་ཕྱི་དགྲ་ཡིན་ནོ། །ཤིང་གྲོགས་ས་ལ་ས་ཡི་གྲོགས་ནི་ཆུ། །ཆུ་གྲོགས་མེ་ལ་མེ་ཡི་གྲོགས་ནི་


CMR058_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས། །ལྕགས་གྲོགས་ཤིང་སྟེ་ཚ་བོ་གྲོགས་ཡིན་ནོ། །མ་དང་འཕྲད་ན་མཆོག་ཡིན་རྡེལ་དཀར་གཉིས། །གྲོགས་དང་འཕྲད་ན་བཟང་བས་དཀར་པོ་གཅིག །དགྲ་འཕྲད་ཤིན་ཏུ་ངན་པས་རྡེལ་ནག་གཉིས། །བུ་འཕྲད་ཚུར་ལ་ཟ་བས་ནག་པོ་གཅིག །ས་ཆུ་ནང་འཕྲད་ཕན་བཏགས་དཀར་པོ་གཅིག །མེ་དང་ཤིང་ལྕགས་གསུམ་པོ་ནང་ཕྲད་ན། །ཕན་ཚུན་ཕན་པ་མེད་པས་རྡེལ་ནག་གཅིག །དར་རྒུད་མ་གཏོགས་ཀུན་ལ་འདི་ཉིད་བརྩི། །སྨེ་བ་འཕུར་ལུགས་རང་སྨེ་དབུས་བཞག་ནས། །དབུས་ནས་ནུབ་བྱང་ནུབ་བྱང་མཚམས་ནས་ནུབ། །ནུབ་ནས་བྱང་ཤར་བྱང་ཤར་མཚམས་ནས་ལྷོ། །ལྷོ་ནས་བྱང་འཕུར་བྱང་ནས་ལྷོ་ནུབ་འཕུར། །ལྷོ་ནུབ་མཚམས་ནས་ཤར་དུ་འཕུར་བར་བྱ། །ཤར་་་་འདི་ལོ་བཅུ་ཕན་ཆོད། ནས་ཤར་ལྷོ་དེ་ནས་དབུས་སུ་འཕུར། །དེ་ནས་སྨེ་སྒོ་ཤར་ནས་ལོ་བཅུ་ཚུན་ནས་འབྱུང་བ་ནང་འཕྲད་ཐམས་ཅད་དཀར་ནག་གཉིས་བྱེད་པ་རྩིས་རྙིང་ལུགས་མ་དག་པའོ། ཕྱི་རུ་འབུད། །ཕོ་ལོ་གཡས་སྐོར་གིན་ནས་དབུས་སུ་འཇུག །མོ་ལོ་གཡོན་བསྐོར་ཟིན་ནས་དབུས་སུ་འཇུག །ལིང་ཚེ་རེ་ལ་བཅུ་ཚེ་བགྲང་པ་མགྱོགས། །སྨེ་འཕྲེང་གསུམ་པོ་སྲོག་སྨེ་རེས་མོས་འབབ། །


CMR058_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

སྨེ་འཕྲེང་ཐུར་དེད་ཆད་ལྷག་མེད་པར་བརྩི། །དཔེར་ན་ཆུ་མོ་ཕག་གིས་བརྒྱད་དཀར་ནས། །ཤིང་ཕོ་བྱི་བའི་བདུན་དམར་སྟེང་དུ་འཕོ། །ཤིང་དབུགས་སྤྲེལ་ལ་ལྕགས་དབུགས་སྟག་ནས་རྒྱུ། །མེ་དབུགས་ཕག་ལ་ས་ཆུ་སྦྲུལ་ནས་རྒྱུ། །དབུགས་རྒྱུ་་་་བརྩས་མ་ཡི། མངལ་གནས།་་་་མ་ཡི་ཁོག་ཏུ། ལུས་རྫོགས་་་་དེ་ནས་སྐྱེས་ནས། བཙས་པ་་་གོ་ཁྲུས། ཁྲུས་བྱེད་་་་་འགའ་ལུ། གོས་གྱོན།་་་་ལས་ཐུན་དར་བ། ལས་བྱེད་རྒན་པ། དར་བ།་་འཆི་ནད། རྒུད་པ།་་་ཤི་བ། ན་བ་་་་དུར་དུ་བསྐྱལ་བ། འཆི་བ།་་་་དུར་དུ་ཞུགས་པ། གོས་གྱོན་ལས་བྱེད་དར་བ་དཀར་པོ་གཉིས། །བཙས་པ་ཁྲུས་བྱེད་གཉིས་ལ་རྡེལ་དཀར་རེ། །ན་བ་འཆི་བ་དུར་ཞུགས་ནག་པོ་གཉིས། །དབུགས་ལེན་མངལ་གནས་རྒུད་པ་རྡེལ་ནག་གཅིག ། སྲོག་གི་དར་རྒུད་གནམ་ལོ་དེ་ལ་གཏུག་་་་་འདི་ལ་རྡེའུ་དཀར་པོ་དྲུག་ཟེར་འདི་ལ་རྡེའུ་ནག་པོ་རྡེལ་དྲུག་ཟེར། དོན་ལ་རྟེན་འབྲེལ་བཅུ་གཉིས་ཡིན། །ལུས་ནི་དར་རྒུད་ཟླ་བ་དེ་ལ་གཏུག །དབང་ཐང་དར་རྒུད་ཉི་མ་དེ་ལ་གཏུག །རླུང་རྟའི་དར་རྒུད་དུས་ཚོད་དེ་ལ་གཏུག །ཚེ་རབས་བསྟན་རྩིས་སྲོག་ལུས་དབང་ཀླུང་གིས། །དར་རྒུད་ཐམས་ཅད་རང་གི་ལོ་ལ་གཏུག །དེ་ལ་མི་འགྱུར་


CMR058_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་རྡེལ་གཅིག་ཟེར། །ལོག་མེན་སྐྱེས་པ་མེ་ཕོ་སྟག་ནས་ཐུར་དུ་སྦུབ། །བུད་མེད་ཆུ་སྤྲེལ་ལོ་ནས་གྱེན་དུ་བརྩིས། །དེ་ནི་རྩིས་རྙིང་ལུགས་ཡིན་རྩིས་གསར་ནི། །གནམ་ལོ་གང་ཤར་དེ་ཡི་དབང་ཐང་གིས། །བུ་རུ་གྱུར་པའི་སྟག་་་་་་་སྟག་ལྔ་གང་རེད། ནས་ཐུར་དུ་བརྩི། །བུད་མེད་ཡིན་ན་གནམ་ལོའི་དབང་ཐང་གིས། །མ་རུ་གྱུར་པའི་སྤེལ་་་སྤྲེལ་ལྔ་གང་རེད། ནས་གྱེན་དུ་རྩིས། །ལོ་གྲངས་དུ་ལོན་རྩིས་ལ་གར་བབ་བལྟ། །ཕོ་ཕྱུ་ཤིང་བྱི་དགྲ་ཕྱུ་ལྕགས་ཕོ་ཁྱི། །རྟ་ཕྱུ་ལྕགས་རྟ་ཕ་མཚུན་ཤིང་བྱི་ནས། །བཟའ་དཔོན་ལོ་གྲངས་གཡས་བསྐོར་ཐུར་དུ་བརྩི། །ཁྱིམ་ཕྱུ་སྲོག་ཕྱུ་ཞིང་ཕྱུ་ས་ལུག་ནས། །གྲོགས་ཕྱུ་ཤིང་ཡོས་ནོར་ཕྱུ་ས་གླང་ནས། །ལུག་ཕྱུ་ལྕགས་ལུག་ར་ཕྱུ་ལྕགས་བྱ་ནས། །ཁྱིམ་བདག་མོ་ཡི་ལོ་གྲངས་གྱེན་དུ་རྩིས། །རང་རང་དུར་ངོ་ཡོད་མེད་ས་ཕག་ནས། །སྐྱེས་པ་ཐུར་དང་བུད་མེད་གྱེན་དུ་རྩིས། །དེ་རྣམས་བདུན་ཟུར་རང་ཐོག་དགྲ་ཐོག་ངན། །མ་ཐོག་གྲོགས་ཐོག་ཕྱིན་ན་བཟང་བ་ཡིན། །གནམ་ལོའི་དབང་ཐང་འབྱུང་བ་གང་ཡིན་གྱིས། །བུ་རུ་ཟླ་མགོ་་་་དཔྱོད་ལྟར། སྟག་ཟླའི་དབང་ཐང་ཚེས། །ལོ་དང་ཟླ་བ་གཉིས་ཀ་འདྲ་བ་ཡི། །ཕོ་མོ་


CMR058_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་རེ་དབང་ཐང་གཅིག་པར་འབྱུང་། །དེ་ནས་ཟླ་བའི་སྲོག་ལུས་རླུང་རྟ་ནི། །ལོ་རྒན་དྲུག་ཅུའི་ནང་དང་ཁྱད་པར་མེད། །དེ་ནས་ཟླ་བའི་དབང་ཐང་གང་ཡིན་གྱི། །བུ་རུ་ཚེས་གཅིག་ཉི་མའི་དབང་ཐང་འབྱུང་། །དེ་ནི་ཉི་མའི་དབང་ཐང་དེ་ཉིད་ཀྱི། །བུ་རུ་ནམ་ལངས་ཡོས་བུའི་དབང་ཐང་འབྱུང་། །ཉི་མའི་དུས་ཚོད་གཉིས་ཀྱིས་དབང་ཐང་འབྱུང་། །ཕོ་མོ་དབང་ཐང་གཅིག་ཀྱང་རྐྱང་དེད་ཡིན། །ཞག་དང་དུས་ཚོད་ལུས་དང་རླུང་རྟ་སོགས། །ལོ་རྒན་དྲུག་ཅུའི་ནང་དང་འདྲ་བ་ཡིན། །དེ་ནས་བརྩི་བྱ་ཤི་གསོན་གང་ཡིན་གྱི། །སྲོག་ལུས་དབང་ཐང་རླུང་རྟ་བླ་གཟའ་དང་། །ལོ་ཟླ་ཞག་དུས་ལོག་མེན་གང་ཡིན་གྱི། །སྲོག་ལུས་དབང་ཐང་རླུང་རྟ་བླ་གཟའ་འཐབ། །མ་བུ་དགྲ་གྲོགས་བརྩིས་ལ་རྡེལ་བུ་བཞག །བརྩི་བྱ་རང་ཕྱོགས་ཡིན་པར་ཤེས་བྱས་ནས། །དེ་ལ་ཕ་རོལ་དགྲ་གྲོགས་ཅི་འགྱུར་དཔྱད། །དུས་ཚོད་ནམ་ལངས་ཡོས་ལ་ཉི་ཤར་འབྲུག །ཉི་དྲོས་སྦྲུལ་ལ་ཉིན་ཕྱེད་རྟ་ཡི་དུས། །ཕྱེད་ཡོལ་ལུག་ལ་དགོང་ཆེན་སྤེལ་གྱི་དུས། །དགོང་ཆུང་ཉི་ཐལ་བྱ་ལ་མུན་རུབ་ཁྱི། །སྲིད་འཁོར་ཕག་ལ་ནམ་ཕྱེད་བྱི་བའི་དུས། །ཕྱེ་ཡོལ་གླང་ལ་ཐོ་རངས་སྟག་ཡིན་ཀྱང་། །ཉི་མ་རིང་ཐུང་


CMR058_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱང་ལ་རིགས་པས་དཔྱད། །དེ་བཞིན་སྤར་ཁ་ཉིན་བརྒྱད་མཚན་བརྒྱད་དོ། །སྨེ་བ་དག་ཀྱང་ཉིན་དགུ་མཚན་དགུ་འཁོར། །ཕྱོགས་ནི་ཤར་སྟོད་་་སྨིན་དྲུག་ཤར་བ། སྟག་ལ་ཤར་སྨད་ཡོས་་་དགུན་ཉི་ཤར་བ། །ལྷོ་་་ལག་སོར་འཆར་བ། སྟོད་སྦྲུལ་ལ་ལྷོ་སྨད་་་ལག་སོར་འགྲོ་ས་དང་ཉེ། རྟ་གནས་སོ། །ནུབ་སྟོད་་་་་དགུན་ཉི་ཐལ་ས། སྤྲེལ་ལ་ནུབ་སྨད་་་་་་་དབྱར་ཉི་ཐལ་ས། བྱ་ཡིན་ཏེ། །བྱང་སྟོད་་་མངོན་པ་ཐལ་ས། ཕག་ལ་བྱང་སྨད་་་མངོན་འཆར་ས། བྱི་བ་གནས། །ཤར་ལྷོ་་་་དགུན་ཉི་འཆར་ས། འབྲུག་ལ་ལྷོ་ནུབ་་་་་་དགུན་ཉི་ལོག་དུས་ཐལ་ས། །མཚམས་ནི་ལུག ནུབ་་་་དབྱར་ཉི་ལོག་དུས་ཐལས། བྱང་ཁྱི་ལ་བྱང་ཤར་་་་་དབྱར་ཉི་ལོག་དུས་འཆར་ས། གླང་གནས་སོ། །ཤར་ཤིང་ལྷོ་མེ་ནུབ་ལྕགས་བྱང་ནི་ཆུ། །མཚམས་བཞི་ས་ཡི་ཁམས་སུ་ཤེས་པར་བྱ། །མདོར་བསྡུས་འདི་ཙམ་བློ་ལ་ངེས་བྱས་ནས། །རྩིས་གཞིའི་སྟེང་ནས་རྩིས་རྣམས་ཤེས་པར་འགྱུར། །གལ་ཏེ་བརྩི་གཞི་མེད་པར་རྩིས་འདོད་ན། །རྩིས་ཀྱི་སྡོམ་ཚིག་མཐའ་དག་བློ་ལ་བཟུང་། །འདི་ནི་མེད་ཐབས་མེད་པའི་སྡོམ་ཚིག་ཡིན། །ཅེས་པ་འདི་ནི་གཙུག་ལག་རྩིས་ཀྱི་གཞུང་། །མཁས་ཤིང་མཁས་པར་གྲགས་པ་རཱ་གའི་མིང་། །


CMR058_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཁམ་པ་ཁྲ་མོ་གཉིས་པ་ལྟ་བུ་དེས། །སྔ་དྲོའི་ཐུན་ལ་ཚང་བར་བྲིས་པ་ཡིན། །གོ་བདེའི་ཕྱིར་དུ་བླུན་རྨོངས་ལྟ་བུ་བྲིས། དེ་ལ་ཉེས་འགྱུར་འབྱུང་བའི་ལྷ་ལ་བཤགས། །དགེ་བས་འགྲོ་བའི་འབྱུང་ལྔ་གནས་དག་ནས། །འཇམ་དབྱངས་རིགས་ལྔའི་གོ་འཕང་ཐོབ་པར་ཤོག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

གཙུག་ལག་རྩིས་ཀྱི་སྡོམ་ཚིག་ཉེར་མཁོ་མ་རིག་མུན་སེལ།


CMR058_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་རྩིས་ཀྱི་སྡོམ་ཚིག་ཉེར་མཁོ་མ་རིག་མུན་སེལ་ཞེས་བྱ་བ་བཞུགས་སོ། །


CMR058_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱརྱ་མཉྫའི་ཡེ། འཇམ་དཔལ་དབྱངས་ལ་ཕྱག་འཚལ་ནས། །གཙུག་ལག་རྩིས་ཀྱི་མན་ངག་འགའ། །ཕྱི་རབས་འགའ་ལ་ཕན་ཕྱིར་བྲི། །ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས། །རྩིས་ལུགས་དར་རྒྱས་མཛད་ན་ཡང་། །རྒྱལ་པོ་གླང་གིས་རྩིས་པ་ཀུན། །བསད་པས་རྩིས་ཀྱི་སློབ་དཔོན་མེད། །དཔེ་ཆའི་སྟེང་ནས་ཚོད་ཀྱིས་བརྩིས། །དེ་ལ་རྩིས་རྙིང་ཞེས་གྲགས་སོ། །དེ་རྗེས་ཁམ་པ་ཁྲ་མོ་ཡིས། །རྒྱ་ནག་བ་གོང་དུ་ཤི་ཡ། །སློབ་དཔོན་ངག་རྒྱུད་གསར་བསྒྱུར་བས། །དེ་ལ་རྩིས་གསར་ཞེས་བྱ་ཟབ། །འདི་ནི་རྩིས་གསར་སོར་བཞག་གོ །ལོ་གྲངས་


CMR058_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གསུམ་ཉེར་ལྔ་སོ་བདུན་དང་། །ཞེ་དགུ་རེ་གཅིག་དོན་གསུམ་གྱི་ལྔ་དང་། །དགུ་བཅུ་གོ་བདུན་རང་ལོ་སྟེང་དུ་ཕྱིན། །དེ་ནས་བརྩིས་པས་ལོ་གྲངས་དུ་ལོན་ཤེས། །དེ་ནས་དེ་ཡི་དབང་ཐང་འབྱུང་བའི་ཁམས། །གནམ་ལོ་དེ་ལ་ཕོ་ལོ་དྲུག་ཤར་དུས། །གཅིག་བཅུ་ཐམས་ཅད་གནམ་ལོ་རང་དང་གཅིག །གཉིས་གསུམ་ཐམས་ཅད་གནམ་ལོའི་མ་དང་གཅིག །བཞི་ལྔ་ཐམས་ཅད་གནམ་ལོའི་དགྲ་དང་གཅིག །དྲུག་བདུན་ཐམས་ཅད་གནམ་ལོའི་གྲོགས་དང་གཅིག །བརྒྱད་པ་དགུ་པ་གནམ་ལོའི་བུ་དང་གཅིག །གནམ་ལོ་དེ་ཕོ་ལོ་དྲུག་ཤར་བའི་དུས། །གཅིག་


CMR058_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་པ་གནམ་ལོ་རང་དང་གཅིག །གསུམ་བཞི་ཐམས་ཅད་གནམ་ལོའི་མ་དང་གཅིག །ལྔ་དྲུག་ཐམས་ཅད་གནམ་ལོ་དགྲ་དང་གཅིག །བདུན་བརྒྱད་ཐམས་ཅད་གནམ་ལོའི་གྲོགས་དང་གཅིག །དགུ་བཅུ་ཐམས་ཅད་གནམ་ལོའི་བུ་དང་གཅིག །ལོ་རྒན་དྲུག་ཅུ་གང་རེད་ངོས་བཟུང་ནས། །དེ་ཡི་སྲོག་ལུས་ཀླུང་རྟ་སྐྱེ་བ་སོགས། །ལོག་མེན་གཤིན་པོའི་ལོག་མེན་དང་། །སྤར་སྨེ་དར་རྒུད་ཟླ་བ་དང་། །ཞག་དུས་གཟའ་སྐར་ཟླ་བ་དང་། །ཧལ་ཁྱི་བྱི་ལིང་ལ་སོགས་པ། །ཐམས་ཅད་གཤིན་པོ་དེ་དང་འཐབ། །དེ་ལ་རྡེལ་གྲངས་གོང་དང་འདྲ། །དེ་ནས་གསོན་པོའི་གནམ་ལོ་འཐབ། །ལོག་མེན་སྤར་སྨེ་དར་རྒུད་རྣམས། །གསོན་པོ་ཉིད་ནི་བརྩི་བ་སྟེ། །ཟླ་བ་ཞག་དང་གཟའ་སྐར་ཡང་། །རྩིས་བྱེད་ཉིན་པའི་དེ་དང་བརྩི། །དེ་བཞིན་ཧལ་ཁྱི་བྱི་ལིང་འདྲ། །དེ་ལ་རྡེལ་གྲངས་གོང་ལྟར་རོ། །དེ་ནི་བརྒྱ་འབོར་ཆུང་བའོ། །གསོན་པོ་གལ་ཆེའི་གདོས་བདག་པོ། །གཞན་རྣམས་གོང་དང་འདྲ་བ་ལ། །གསོན་པོ་ང་ཁྱིམ་གཅིག་པ་ཡིན། །ཡང་ན་སྤུན་གྲངས་གལ་ཆེ་བའི། །རྒན་པོ་མགོ་སེ་སོ་ཕ་སྟེ། །བྱིས་པའི་ཆུ་ནང་འཕྲད་པ་ཟེར། །དར་མ་རྩིས་ཅན་བཅས་པ་གསུམ། །


CMR058_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་དང་འཐབ་པ་ཚར་གསུམ་བརྒྱབ། །དེ་ནི་རྒྱ་འབོར་འབྲིང་པོ་ཡིན། །དེ་སྟེང་སོ་འཕྲང་གཅེས་གསུམ་དེ། །གནམ་ལོ་དང་འཐབ་ཚན་གསུམ་བརྒྱབ། །དེ་ནི་རྒྱ་འབོར་ཆེན་པོ་ཡིན། །དེ་ལྟར་བསྡུས་འབྲིང་རྒྱས་གསུམ་གྱིས། །དང་པོ་གནམ་ལོའི་སྲོག་དེལ་རྣམས། །དཀར་ནག་གང་མང་བརྩིས་བྱས་ལ། །དཀར་པོ་མང་ན་དཀར་པོ་གཅིག ། ལོག་པོས་མང་ན་དཀར་པོ་གཉིས། །ནག་པོ་མང་ན་ནག་པོ་གཅིག །མཉམ་ན་དཀར་ནག་གཉིས་བཞག་སྟེ། །སྲོག་ལུས་དབང་ཐང་ཀླུང་རྟ་དང་། །རུས་ཁམས་ལ་ཡང་དེ་ཡིས་འགྲེས། །དེ་བཞིན་ལོག་མེན་ལ་སོགས་པ། །རྡེལ་བུ་ཉེར་ལྔ་ལོགས་སུ་བཀོད། །དེ་ལ་སྟང་གཅོད་རྡེལ་བུ་ཟེར། །དེ་ཡི་སྲོག་རྡེལ་དཀར་ནག་གི །གང་མང་རྩིས་ལ་རྡེལ་བཞག་སྟེ། །ལུས་དབང་རླུང་རྟ་རུས་ཁམས་དང་། །དོན་ནི་གནམ་ལོའི་རྡེལ་ལྔ་པོ། །དཀར་ནག་གང་མང་རྩིས་ལ་བཞག །དེ་བཞིན་རྡེལ་འཕྲེང་བཅུ་གསུམ་འགྲེས། །དེ་ལ་ཁ་དམར་རྡེལ་བུ་ཟེར། །བཟང་གཅིག་བཤད་པ་ཐམས་ཅད་ནི། །སྟང་ཆོདཁ་དམར་དབང་ཆེ་སྟེ། །གཞན་མ་ཐམས་ཅད་རྡེལ་རོ་ཡིན། །སྟངས་གཅོད་རྡེལ་བུ་ལྔ་བཅུ་ནས། །རེ་མིག་ཉེར་


CMR058_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ལོག་ན་ཕུད། །དེ་ནས་རྣོ་གཏང་བཞག་པར་བྱ།་།གཤིན་ཐང་ལྔ་བཅུའི་ངག་ཁྲིད་དོ། །ལྔ་བཅུ་རྐྱང་པས་ག་ལ་ཆོག་།ལྔ་བཅུ་རྐྱང་བར་བཤད་པ་ནི། །རྩིས་རྙིང་ཞལ་ཤེས་མེད་པའི་ལུང་། །དེ་བཞིན་བཅུ་གསུམ་ས་ལ་ཡང་། །གཤིན་རྗེལ་བཅུ་གསུམ་གཞུང་ལྟར་ལས། །གསོན་རྡེལ་སོ་འཕྲང་གཅེས་གསུམ་ལས། །རྡེལ་ཕྲེང་བཞི་པ་འཕྲད་དུ་རྩིས། །གང་མང་དཀར་ནག་མཁས་པ་ཡི། །རྡེའུ་བཅུ་གསུམ་དེ་ཉིད་ལ། །གཤིན་རྡེལ་བཤད་པའི་གཉར་གཅོད་བྱ། །བག་རྩིས་མན་ངག་གནད་ཆེན་པོ། །ཐམས་ཅད་འགྲིགས་པར་དཀའ་བའི་ཕྱིར། །སྲོག་དང་ཀླུང་རྟ་སྐྱེས་པ་རྒྱལ། །བུད་མེད་སྐྱེས་པ་ཕར་ཐུབ་པ། །ལུས་དང་དབང་ཐང་བུད་མེད་རྒྱལ། །མི་མཐུན་རང་གི་མཐུན་པོ་ཡིན། །བཅོ་བརྒྱད་ལོ་མ་ཁོན་ཐོག་དང་། །ལི་ལ་བག་མ་སོང་ན་ཕུང་། །གཟའ་དང་སྐར་མ་ནུས་པ་ཆུང་། །གནམ་ཁྱི་དབང་ཆེ་ཞིབ་ཏུ་བརྩིས། །ཕྱོགས་ཀྱི་ཟླ་བ་གནམ་ཁྱི་དང་། །ཧལ་ཁྱི་ཐེ་ཁྱིམ་གལ་ཆེའོ། ༈ བྱིས་པའི་བརྩས་སློང་རྩིས་ལ་ནི། །མི་ཚེ་དེ་ཡི་སྐྱིད་སྡུག་དེ། །དར་རྒུད་བཟང་ལ་སྐྱེས་པའི་མི། །སྐག་ཆེན་ཡོད་ཀྱང་ཉེས་མི་འབྱུང་། །དར་རྒུད་ངན་ལ་སྐྱེས་པའི་མི། །


CMR058_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སྐག་མེད་དུས་ཀྱང་སྐྱོན་ཅན་འབྱུང་། །རླུང་གི་དུར་ཕུག་མ་ཤེས་ན། །ཕན་གནོད་དམིགས་ནས་ཟིན་མི་འགྱུར། །གསུངས་པའི་གནད་དེ་དེ་ཡིན་ནོ། །ཚེ་སྟོད་ཕ་ཡི་དར་རྒུད་གཙོ། །ཚེ་སྨད་མ་ཡི་དར་རྒུད་གཙོ། །བར་དུ་རང་གི་དར་རྒུད་གཙོ། །ཕ་ཡི་སྲོག་དང་ཀླུང་རྟ་དང་། །མ་ཡི་ལུས་དང་དབང་ཐང་དང་། །ཁོ་རང་དར་རྒུད་བཟང་བ་ན། །གང་སྐྱེས་བུ་དེ་ཕུན་སུམ་ཚོགས། །བུ་དང་མ་གཉིས་སྲོག་རྒུད་དུ། །སྐྱེས་ན་ཚེ་ནི་ཐུང་བ་ཡིན། །ཕ་བུ་གཉིས་ཀ་ཀླུང་རྟ་རྒུད། །དེ་དུས་སྐྱེས་ན་མི་ཁ་ལྡང་། །མ་དང་བུ་ཡི་དབང་ཐང་དར། །དེ་དུས་སྐྱེས་ན་ནོར་ཕྱུགས་སོ། །མ་བུ་གཉིས་ཀ་དབང་ཐང་རྒུད། །དེ་དུས་སྐྱེས་ན་ནོར་དབུལ་ལོ། །མ་བུ་གཉིས་ཀའི་ལུས་དར་རྒུད། །དེ་ལ་ཐམས་ཅད་དཀོན་མོད་ལྟོས། །དེ་རྣམས་ཐམས་ཅད་དར་རྒུད་བརྩིས། །མི་འགྱུར་གསང་བའི་རྡེལ་གཅིག་ནི། །སྐྱེས་དུས་ཟླ་བ་ཞག་དུས་སོགས། །ཤེས་ན་རབ་སྟེ་མ་ཤེས་ན། །བུ་ཡི་ལོ་ལ་གཏུག་པས་ཆོག །དེ་ནི་སློབ་དཔོན་གསུང་རྒྱུན་གསལ། །མ་ནི་ལི་ཐོག་བུ་སྐྱེས་ན། །དེ་ནི་སོས་པར་དཀའ་བ་ཡིན། །དར་རྒུད་འབྲིང་དང་ཐ་མ་ལ། །སྐྱེས་པ་རྟག་བརྩིས་ཐིགས་


CMR058_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། །གཤིན་ཐང་རྩིས་དེ་གསོན་ལ་བརྒྱབ། །ཟླ་བ་ཞིག་དུས་སྐར་མ་རྣམས། །བརྩི་བྱའི་ཉི་མ་དུས་ཚོད་དེ། །ལོ་གཅིག་གིས་བསྐོར་སྐར་རྩིས་ཡིན། །ཟླ་བ་བཅུ་གཉིས་དང་འཐབས་པས། །གང་ལ་ངན་པ་ཟླ་བའི་སྐག །ཟླ་བ་དེ་ཡི་ཞག་དུས་ཚོད། །སོ་སོར་རྩིས་ལ་གང་རྩུབ་ལྟོས། །འཆི་འམ་མི་འཆི་སྲོག་རྡེལ་ཏེ། །ནད་ཀྱི་ཡང་ལྡི་ལུས་རྡེལ་ལྟོས། །གོད་ཁ་ཆེ་ཆུང་དབང་རྡེལ་ཡིན། །དགྲ་ངོ་ཡོད་མེད་རླུང་རྡེལ་ཡིན། །མདུན་ངོ་ཡོད་མེད་རུས་ཁམས་སོགས། །ཁྱད་པར་སྤར་ཁའི་ཞིབ་རྩིས་ནི། །ཕོ་ལི་མོ་ཁམ་སྤྱི་གཞུང་ཡིན། །བནྡེ་གིན་དང་བོན་པོ་ཁམ། །དགྲ་ཕྱུ་མི་རྒན་ཁོན་དང་ནི། །རྟ་ཕྱུ་ལི་དང་སྐྱེས་ཕྲན་དུ། །དེ་རྣམས་གཡས་སུ་བསྐོར་ནས་བརྩི། །བཟའ་དཔོན་ལོ་གྲངས་བརྩི་བར་གསུངས། །རྒན་མོ་ཁོན་དང་ན་སྟོད་ཟོན། །བུ་མོ་ལི་དང་དར་མ་ཟིན། །ལུག་ཕྱུ་ཁོན་དང་ར་ཕྱུ་དྭ། །ནོར་ཕྱུ་གིན་དང་གཡང་ཕྱུ་ཟོན། །ཁྱིམ་བདག་མོ་ཡི་ལོ་གྲངས་རྩིས། །ཐམས་ཅད་གཡོན་དུ་བསྐོར་ལ་རྩིས། །ཕོ་རིགས་ཡིན་ན་ཐམས་ཅད་གཡས། །མོ་རྐྱང་ཐམས་ཅད་གཡོན་དུ་བསྐོར། །དུར་མིག་དགྲ་ཐོག་བདུན་ཟུར་ངན། །ལྷ་བཞི་དཔལ་དང་མ་


CMR058_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་དང་། །གྲོགས་ཐོག་བཟང་ལ་རང་ཐོག་ངན། །དཔྱད་ནི་མོ་དང་འདྲ་བ་སྟེ། །གོད་ངོ་དགྲ་ངོ་སྙིང་སྟོང་སོགས། །ཐམས་ཅད་གསལ་ཞིང་ཐིག་པའོ། །ཞལ་ཆེམས་ཤེས་རབ་ལས་རྩིས་གནས། །བསམ་ཞིང་སྤྲུལ་པ་གྲུབ་ཐོབ་དང་། །རབ་ཀྱི་རབ་རྩིས་མི་ཐིག་གི །ཐ་མའི་ཐ་མ་རྩིས་མི་ཐིག །སངས་རྒྱས་ཐབས་མཁས་ཐུགས་རྗེ་ཆེ། །ཐབས་ཀྱི་དགེ་ལ་བསྐུལ་ཕྱིར་ཡིན། །སྐྱེ་བ་སྔོན་དང་ཕྱི་མ་ལ། །དེ་འདྲ་ནམ་ཞིག་འགྱུར་བ་ལ། །དགོངས་ཀྱི་སྔོན་དང་ཕྱི་མ་མངར། །ངེས་ངེས་ཏིག་ཏིག་མེད་པའོ། །དེ་བཞིན་གཤིན་གྱི་ཞལ་ཆེམ་ཡང་། །ཁན་སྐྱེ་རྒན་རྒོན་བྱིས་པ་སོགས། །རིགས་པས་དཔྱད་སྟེ་སྨྲ་དགོས་སོ། །མདའ་ཚད་འདོན་དུ་མི་རུང་ངོ་། ༈ །གསོན་པོའི་སྐག་རྩིས་མན་ངག་ནི། །གཉོམ་ཆུང་རིམ་གྲོ་མི་འཛེམ་ལ། །འབྱོར་པ་དེ་དང་མི་བསྟུན་པའི། །བཀའ་བདེན་གདའ་ཚུལ་བརྗོད་མི་བྱ། །སྐྲག་ཅིང་རིམ་གྲོ་མི་ཐོན་པའི། །སྐག་རྩིས་ཉེས་པས་དམྱལ་བ་ནི། །སྒོ་ལྕགས་ཀྱི་ཚེར་མ་འབིགས་པ་རུ། །སྐྱེ་ཞེས་མདོ་ལས་གསུངས་པའོ། །རྩིས་རྒྱས་འཕགས་པའི་བཀའ་ལ་ཚོལ། །འབྱོར་པའི་དེ་དག་ཐོབ་ངེས་པའི། །ཆོས་དང་མཐུན་ཅིང་སྡིག་མེད་


CMR058_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །རིམ་གྲོ་ལུང་བསྟན་བྱས་པ་ཡི། །བར་ཆད་སེལ་ཞིང་དགེ་བསྐུལ་འགྲུབ། །རྩིས་ཀྱི་དགོངས་ཆ་དེ་ཡི་དོན། །ན་ཤིན་རྩིས་བཟུང་ཐང་མི་ཐུབ། །མི་ཐུན་གནོད་བྱས་མི་ཐོན་་། །ཟེར་བ་རྒྱ་ནག་ཧྭ་ཤང་ཡིན། །སེ་ཐན་ཞེས་བྱ་རྩིས་ལོག་སྟེ། །དེ་བཞིན་ལོ་མཉམ་བསད་པའི་སྐག །གང་གི་སྟེང་དུ་ཤི་བ་ཡི། །སྤར་ཁའི་སྐག་བརྒྱད་མང་པོ་ནི། །བཤས་པས་ཤི་སྒབ་ཆོད་ལ་སོགས། །རྩིས་ལོག་ཡིན་པས་སྤང་བར་བྱ། ༈ །ཁྱིམ་གཅིག་མཚམས་བཞི་ལོ་ཚང་ན། །ཕུང་ཁྲལ་འབྱུང་བ་ལོགས་སུ་ཡོད། །མི་རུང་བཞིན་དུ་བྱེད་དགོས་བྱུང་། །མཚམས་བཞི་ཤིང་ནི་ཚེར་མ་ཅན། །ཤར་དུ་གྲི་དང་ལྷོ་རུ་ཆུ། །ནུབ་ཏུ་མེ་དང་བྱང་དུ་ས། །བཀྲམ་ལ་སྣང་བརྒྱད་ཚར་མང་བཀླག །དག་པ་གསེར་ཐིག་བཀྲ་ཤིས་མདོ། །ཉེས་པ་ཀུན་སེལ་བཀླག་པར་བྱ། །དེ་ལྟར་འཕྲལ་དུ་གང་དྲན་ཙམ། །རྩིས་པ་རྣམས་ལ་ཕན་པའི་ཕྱིར། །སྙིགས་དུས་བྱུང་བ་རྩིས་པ་ནི། །༧ དྲང་སྲོང་རཱ་ག་ཨ་སྱས་བཀོད། །འདི་ཉིད་རྒྱ་ཆེར་འཕེལ་ནས་ཀྱང་། །ཡོན་བདག་ཀུན་ཀྱི་རྐྱེན་སེལ་ཞིང་། །འདི་ཕྱི་བདེ་ལེགས་འབྱུང་བར་ཤོག །མངྒ་ལཾ།། །།

གནམ་ལོའི་དབང་ཐང་།


CMR058_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ལོའི་དབང་ཐང་གང་ཡིན་ཡིད་བཟུང་ལ། །བྱི་བ་ནས་བཟུང་ལོ་སྐོར་བཅུ་གཉིས་ནི། །སྔོན་མ་ཕོ་ཡིན་རྒྱབ་མ་མོ་ཡིན་ལ། །གནམ་ལོ་ཡོས་ལོ་ཤར་བའི་དུས་རྣམས་སུ། །གཅིག་བཅུ་གནམ་ལོ་རང་དང་དབང་ཐང་གཅིག །གཉིས་གསུམ་གནམ་ལོ་མ་དང་གཅིག་པ་ཡིན། །བཞི་ལྔ་གནམ་ལོའི་དགྲ་དང་ངན་པའོ། །དྲུག་བདུན་གྲོགས་ཡིན་བརྒྱད་དགུ་བུ་ཡིན་ནོ། །དེ་ནས་གནམ་ལོ་ཤར་བའི་དུས་གཅིག་གཉིས། །རང་ཡིན་གསུམ་བཞི་མ་ཡིན་ནོ། །ལྔ་དྲུག་དགྲ་ཡིན་བདུན་བརྒྱད་གྲོགས་ཡིན་ནོ། །དགུ་བཅུ་བུ་ཡིན་དེ་ཡིས་དབང་ཐང་ཤེས། །ཤི་དུར་ལུག་ཡིན་མེ་དུར་ཁྱི་ཡིན་ནོ། །ལྕགས་དུར་གླང་ཡིན་ཆུ་ཡི་དུར་ནི་འབྲུག །ལོ་དང་སྤར་ཁའི་དུར་མིག་དེ་ཡིན་ཤེས། །དགྲ་ཐོག་དུར་མིག་གཉིས་ནི་ཤིན་ཏུ་རྩུབ། །མ་ཐོག་གྲོགས་ཐོག་རྣམས་ནི་འཇམ་པ་ཡིན། །སྔགས་ཆུང་འབུམ་བསྟན་ཞེས་བྱར་ཕན་པའི་ཕྱིར། །༧ ཀརྨ་རཱ་ག་ཨ་སྱས་འཕྲལ་དུ་བྲིས།།

གཙུག་ལག་རྩིས་ཀྱི་ཞལ་ཤེས་ཟིན་བྲིས་བལྟས་ཆོག་མཐོང་བ་ཀུན་གསལ།


CMR058_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་རྩིས་ཀྱི་ཞལ་ཤེས་ཟིན་བྲིས་བལྟས་ཆོག་མཐོང་བ་ཀུན་གསལ་ཞེས་བྱ་བ་བཞུགས་སོ། །


CMR058_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱརྱ་མཉྫའི་ཡེ། མཁྱེན་རབ་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་སྐུ། །གསེར་གྱི་མདོག་ཅན་རལ་གྲི་པོ་ཏི་འཛིན། །བཅོམ་ལྡན་འཇམ་པའི་མགོན་ལ་ཕྱག་འཚལ་ནས། །གཙུག་ལག་རྩིས་ཀྱི་ཞལ་ཤེས་ཅུང་ཟད་བྲི། །དྲང་སྲོང་འབྱུང་བའི་ལྷ་རྣམས་གནང་བ་སྩོལ། །ཕྱོགས་ཞེན་ཨུ་ཚུགས་ཅན་རྣམས་རྣ་བ་ཁོབ། །བློ་གསལ་ཤེས་འདོད་ཡོད་ན་གུས་པར་ཉོན། །དེ་ཡང་རྒྱ་ནག་རི་བོ་རྩེ་ལྔ་རུ། །འཇམ་དབྱངས་ཉིད་ཀྱིས་གསུངས་པའི་རྒྱུད་རྣམས་དང་། དེའི་དོན་རྒྱ་ནག་གི་སློབ་དཔོན་རྣམས་ཀྱིས་མཛད་པ་མཐའ་ཡས་པ་ཡོད་པའི་ནང་ནས། བོད་དུ་ཡང་རྩིས་འགོ་


CMR058_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

མང་ཞིག་འགྱུར་ཏེ། སྔོན་ཆོས་རྒྱལ་མེས་དབོན་རྣམ་གསུམ་སོགས་ཀྱི་རིང་ལ་རྩིས་རྙིང་ཡིན་ཏེ། གླང་དར་མས་བསྟན་པ་བསྣུབས་ནས་རྩིས་པ་ཐམས་ཅད་བསད་དཔེ་ཐམས་ཅད་ཕལ་ཆེར་བསྲེགས་ཤིང་འགའ་ཞིག་ལུས་པ་རྣམས་ཕྱིས་རྩིས་དཔེའི་སྟེང་ནས་སློབ་དཔོན་མེད་པར་ཤེས་རབ་ཅན་རྣམས་ཀྱིས་བརྩིས་བྱས་ནས། གོ་སླ་བ་རྣམས་ཇི་ལྟ་བར་རྩིས། གོ་དཀའ་བ་རྣམས་འོལ་ཚོད་ཙམ་དུ་བརྩིས་པའི་རྒྱུན་ལ་རྩིས་རྙིང་དུ་གྲགས་སོ། །འདི་བར་སྐབས་ཅིག་ཏུ། ཤིན་ཏུ་དར་སྲོལ་ཆེ་བར་བྱུང་ཞིང་ད་ལྟ་ཡང་དེ་ཡི་རྒྱུད་བྱེད་པ་ཤིན་ཏུ་མང་སྟེ། ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་


CMR058_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ལས། མི་རེའི་ལག་ན་རྩིས་ཀྱི་ཤོག་བཀྲ་རེ། །བོད་རྩིས་དྲུག་ཅུ་སྐོར་ཞེས་གསལ་སྒྲོན་ཞེས། །རྩིས་རྒྱུད་ཀུན་དང་མི་མཐུན་དར་བར་འབྱུང་། །ཞེས་གསུངས་སོ། །དེ་ནས་ཁམ་པ་ཁྲ་མོ་སོགས་ཀྱི་འགྱུར་མང་དུ་གསུངས་ཀྱང་དར་སྲོལ་ཆུང་སྟེ་རྩིས་གསར་ཞེས་བྱའོ། །དེ་ལྟར་གསར་རྙིང་གི་ཁྱད་པར་ཟུར་ཙམ་བཤད་ནས། དེང་སང་གི་རྩིས་པ་ཕལ་ཆེར་ནི། །རྒྱུད་རྒྱ་གཞུང་དེ་སྟོབས་ཆེ་བ་རྣམས་ནི་བློ་ལེན་འཆད་ཉན་ལྟ་ཅི་སྨོས། ཀློག་པ་ཙམ་ཡང་མི་ནུས་ཤིང་། གླེགས་བམ་མཐོང་ན་ཡང་སྐྲག་པ་སྐྱེ་ཞིང་འགྱིང་པ་ཅོག་སློབ་དཔོན་ངན་པའི་ངག་རྒྱན་དང་ཡིག་ཆ་མ་དག་པ་རྣམས་ལ་བློ་གཏད། ཤེས་རབ་དང་ལྡན་པ་དག་གིས་དེ་ལ་ཅུང་ཟད་དཔྱད་པ་བྱས་ན་རབ་ཏུ་ཁྲོས་ནས་ཚིག་རྩུབ་ཀྱི་མཚོན་ཆ་འདེབས་པ་དག་ཤིན་ཏུ་མང་སྦྱིན་བདག་བསོད་ནམས་དམན་པ་རྣམས་ཀྱིས་དེ་འདྲ་བ་དག་ལ་བློ་གཏད་པས། སྦྱིན་བདག་བཀྲ་མི་ཤིས་ཤིང་རྩིས་མཁན་ཡང་ངན་སོང་དུ་གཞོལ་བ་ས་སྟེང་ཁྱབ་པར་སྣང་བས། དེ་དག་ལ་ཕན་པའི་བསམ་པ་བསྐྱེད་ནས་སློབ་དཔོན་བསྟེན་མི་དགོས། རྒྱུད་རྒྱ་གཞུང་བལྟ་མི་དགོས་། ཐ་ན་སྡོམ་ཚིག་ཡང་བཟུང་མི་དགོས་པ་རྩིས་ལ་མཁས་པའི་ཟིན་བྲིས་


CMR058_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འདི་ལྟ་སྟེ། སྤྱིར་རྩིས་ཀྱི་སྡོམ་ཚིག་མང་དུ་འབྱུང་བ་ལ་ཕལ་ཆེར་ནི། རྩིས་གཞི་བཀོད་ཐབས། སྐར་ཡིག་བཀོད་ཐབས་སོགས་ཡིན་པས། རྩིས་གཞི་དང་སྐར་ཡིག་དག་པོ་གཅིག་ཡོད་ན། སྡོམ་ཚིག་དེ་རྣམས་ཕལ་ཆེར་མེད་ཀྱང་ཆོག་གོ །རྩིས་ཀྱི་ལོ་རྒྱུས་དང་ཕྱི་ནང་འབྱུང་བའི་ལོ་རྒྱུས་དང་ཕྱི་ནང་འབྱུང་བའི་སྦྱར་བཤད་རྩིས་ཀྱི་རྩོད་པ་འདྲ་༧འདུག །ལོ་ཡི་བྱུང་ཁུངས་སྤར་ཁའི་ཕུར་སྒྲུང་སྦེ་བའི་ཆད་ལུགས་སོགས་ནི་ཉམས་མཚར་བ་ཙམ་ལས་ཉེར་མཁོ་མེད་པས་འདིར་མི་བཀོད་དོ། །དེ་ནས་བརྩི་ཚུལ་ལ། གཤིན་རྩིས་ལ་བརྩི་གཞི་དང་རྡེའུ་གཞི་ནག་པོ་བཏིང་། གསོན་རྩིས་ལ་དཀར་པོ་བཏིང་། གཤིན་རྩིས་ལ་ཁྱད་མེད་གསོན་རྩིས་སྔ་དྲོ་བྱེད། བླ་མཁྱེན་ལ་རྒྱབ་གཏད། སྐྱབས་འགྲོ་སེམས་བསྐྱེད་རང་ཉིད་འཇམ་དཔལ་བསྒོམ། མདུན་གྱི་རྩིས་གཞི་མ་ཧཱ་གསེར་གྱི་རུ་སྦལ་གྱི་ལུས་ལ་འབྱུང་བའི་ལྷ་ཚོགས་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བར་བསྐྱེད་ལ། ཆུ་ཅ་ནེ་གང་སོལ་དུམ་བཅུག་ནས་བརྩི་གཞི་ལ་ལན་གསུམ་བསྐོར་ཞིང་རྨུ་གབ་དང་བགེགས་བསྐད་ལ་ཞལ་བུ་དེ་ཕྱི་སྒོ་ཕྱི་ནང་ཙམ་དུ་རྩིས་མ་ཚར་བར་དུ་བཞག །དེ་ནས་རྩིས་བདར་རྒྱས་པར་བྱ།


CMR058_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོ་ན་རུ་སྦལ་གྱི་འདྲ་ལུགས་ལོའི་བྱུང་ཁུངས་སྤར་ཁའི་འཁྲུགས་གཞུང་རྣམས་ཐད་ཀ་ལྷ་ཞལ་བྱེད་པ་ལྟར་བཤད། རྩིས་ཀྱི་ཆོ་ལོ་ཡོད་ན་བཀྲམ། བརྩི་བྱ་གཤིན་པོའི་ལོའི་སྟེང་དུ་དུང་ག་ཏུ་ཁབ་གཅིག་བཙུགས། རང་གི་ལག་ཏུ་མདའ་ཆག་གས་མེད་པ་དར་གྱིས་བརྒྱན་ལ་ཐོགས། རྩིས་གཡོག་ལ་རྡེལ་བཀྲམ་བཅུག །དེ་ཡང་རྩིས་གང་བྱེད་ཀྱི་མ་བུ་དགྲ་གྲོགས་མ་ནོར་ཞིང་བློ་ལ་བྱང་བར་གལ་ཆེ་སྟེ། སྡོམ་ཚིག་ནི། ཤིང་གཅིག་མེ་གཉིས་ས་གསུམ་ལྕགས་དང་བཞི། །ཆུ་ནི་ལྔ་སྟེ་འབྱུང་བའི་གྲངས་སུ་འདོད། །ཐུར་དེད་བུ་ཡིན་གྱེན་དུ་དེད་པ་མ། །ཨ་ཕྱི་དགྲ་ཡིན་ཚ་བོ་གྲོགས་སུ་འགྱུར། །ཅེས་པའི་དོན་ནི། གབ་རྩེ་ལ་ཤིང་ལ་གཅིག་ཡིག །མེ་ལ་གཉིས་ཡིག་སོགས་འབྱུང་བས། །དངོས་སུ་འབྱུང་བའི་མིང་བྲིས་གོ་སླ་ཕྱིར། །ཡིན་ལ་རང་གཟུགས་བྲིས་པའི་མཐོང་ཕྱེའོ། །ཤིང་བུ་མེ་སོགས་ཐུར་དེད་བུ་ཡིན་ནོ། །བུ་དང་འཕྲད་ན་ནག་པོ་གཅིག །བཞག་སྟེ་འབྱུང་གར་སྐྱོབ་དགོས་ཤིང་། །ཚུར་གསུམ་དུ་བས་ནག་པོ་ཐོབ་པའོ། །ཆུ་མ་ལྕགས་སོགས་གྱེན་དུ་དེད་པ་དེ་མ་ཡར་དེད་དོ། །མ་དང་འཕྲད་ན་དཀར་པོ་གཉིས། །མས་ནི་བསྐྱེད་ཅིང་སྐྱོབས་པས་དཀར་


CMR058_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཉིས་ཐོབ་པའོ། །ཤིང་དགྲ་ལྕགས་ལྕགས་དགྲ་མེ་སོགས་མའི་མ་ལ་ཨ་ཕྱི་ཟེར་བ་ལྟར། འདི་ཡང་ཨ་ཕྱི་གང་ཡིན་པ་དགྲ་རུ་གྱུར་པའོ། །དགྲ་དང་འཕྲད་ན་ནག་པོ་གཉིས། དགྲས་ནི་གསོད་ཅིང་འཇོམས་པའི་ཕྱིར་ནག་པོ་གཉིས་ཐོབ་བོ། །ཤིང་གྲོགས་ས་དང་ལྕགས་གྲོགས་ཤིང་སོགས་འཇིག་རྟེན་བུ་ཡི་བུ་ལ་ཚ་བོ་ཟེར་བ་ལྟར། །འདི་ཡང་ཚ་བོ་གང་ཡིན་པ་དེ་གྲོགས་སུ་འོང་ངོ་། །གྲོགས་དང་འཕྲད་ན་དཀར་པོ་གཅིག །གྲོགས་དང་འཕྲད་ན་མཐུན་རྐྱེན་འགྲུབ་པས་དཀར་པོ་གཅིག་ཐོབ་བོ། །དེ་ཡང་ཕར་ཐུབ་ན་དགྲ་ཡི་དཔུང་འཇོམས་པས་དེ་ཡི་མངའ་ཐང་རང་ལ་གྲོགས་སུ་འོང་བ་ལྟ་བུར། ཚུར་ཐུབ་ན་དགྲ་ཡིན་པས་དེ་གཉིས་གོ་མ་ལོག་པར་གལ་ཆེའོ། །རྩིས་གཞུང་འགའ་རེ་ན། བུ་དང་འཕྲད་ན་རྫུ་དཀར་པོ་གཅིག་བྱེད་སྐབས་ཀྱང་ཡོད་དོ། །སོ་སོའི་སྐབས་སུ་ཤེས་སོ།། ༈ ཤིང་ལྕགས་མེ་གསུམ་ནང་འཕྲད་ནག་པོ་གཅིག །ས་ཆུ་ནང་འཕྲད་དཀར་པོ་གཅིག །གཤིན་རྩིས་ལ་བྱའོ། །གསོན་རྩིས་ལ་འབྱུང་བ་ནང་འཕྲད་དཀར་ནག་གཉིས། དེ་བཅད་པ་དུ་ཧར་ནག་པོས་གསུངས་པའོ།། ༈ དེ་ནས་བརྩི་བྱའི་ལོ་གྲངས་ངོས་འཛིན་ནི། ལོ་གྲངས་བཅུ་


CMR058_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཉེར་ལྔ་སོ་བདུན་དང་། ཞེ་དགུ་རེ་གཅིག་དོན་གསུམ་གྱི་ལྔ་དང་། དགུ་བཅུ་གོ་བདུན་རང་ལོ་སྟེང་དུ་ཕྱིན། ཉེར་བཞི་ཚུན་ལ་བཅུ་གསུམ་དང་། གོ་དྲུག་ཚུན་ལ་གྱ་ལྔ་ནས་བརྩམས་པས། ལོ་དུ་ལོན་ཤེས་སོ། །མི་འགའི་འབྱུང་བའི་སྙིགས་མ་ཤས་ཆེ་བས་ལོ་ཉུང་ཡང་རྒས་ཤ་ཆགས་པ་དང་། ལུས་འབྱུང་བའི་དྭངས་མ་ཤས་ཆེ་རྣམས་ལོ་མང་ཡང་གཞོན་ཤ་ཆགས་པ་ཡོད་པས་ལོ་སྐོར་ནོར་ཉན་ཡོད་པས་རྒྱུས་ཡོད་ན་མཉམ་སོགས་ལ་དྲི་བ་གལ་ཆེ་ཞིང་། ལོ་གསར་རྙིང་མཚམས་སུ་སྐྱེས་པ་སོགས་ཕ་མ་རྒྱུས་ཡོད་ཟླ་བའི་སྟོད་སྨད་གང་ཡིན་སོགས་དྲིས་ལ་གསར་རྙིང་གང་ཡིན་དཔྱད་པ་གལ་ཆེ་སྟེ། མི་ཕལ་པས་ལོ་གསར་རྙིང་མི་འབྱེད་ཅིང་རྡོལ་ཆོལ་དུ་སྨྲ་བ་མང་བའི་ཕྱིར་རོ། །བརྩི་བྱའི་དབང་ཐང་ངོས་འཛིན་ནི། གནམ་ལོ་ནས་ལོ་དུ་ལོན་བར་གྱེན་དུ་བགྲང་། ཤོག་བཀྲ་སློག་ནས་སླར་ཤོག་བཀྲ་མཇུག་ནས་ཡར་བགྲང་བས་ཤེས་ཏེ། མགྱོགས་འདོད་ན་བཅུ་གསུམ་རེའི་སོ་ནས་རང་ལོ་རེ་ཡོད་པའི་སྟེང་ནས་མཆོང་ཞིང་། གཅིག་བཅུ་གསུམ་ཉེར་ལྔ་སོ་བདུན་ཞེ་དགུ་རེ་གཅིག་དོན་གསུམ་གྱ་ལྔ་གོ་བདུན་སོགས་བགྲང་སྟེ། བློ་ནས་དབང་ཐང་ངོས་འཛིན་ནི། གནམ་ལོ་ཕོ་ལོ་ཤར་བའི་


CMR058_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དུས། གཅིག་བཅུ་རང་། གསུམ་གཉིས་མ། བཞི་ལྔ་དགྲ། དྲུག་བདུན་གྲོགས། བརྒྱད་དགུ་བུ་རུ་ཤེས་པར་བྱ། གནམ་ལོ་མོ་ལོ་ཤར་བའི་དུས། གཅིག་གཉིས་རང་། གསུམ་བཞི་མ། ལྔ་དྲུག་དགྲ་ལ། དྲུག་བདུན་བརྒྱད་གྲོགས། དགུ་བཅུ་བུ་རུ་ཤེས་པར་བྱ། གནམ་ལོ་སྲོག་ལུས་དབང་ཐང་སོགས་ཐམས་ཅད་ནི་གབ་རྩེའམ་བརྩི་གཞིའི་ནང་ལ་གསལ་ཞིང་ལོ་ལ་ཆད་ལྷག་མེད་པས་འཆུག་རྒྱུ་མེད་པའོ། །དེ་ལྟར་མ་བུ་དགྲ་གྲོགས་དང་རྡེའུ་བཞག་ལུགས་རྣམས་བློ་ལ་བྱང་བར་བྱས། བརྩི་བྱའི་འབྱུང་བ་ངོས་འཛིན་པར་བྱས་ནས། བརྩི་ཚུལ་མང་ན་ཡང་འདི་ཕྱོགས་སུ་གྲགས་ཆེ་བ་གཤིན་རྡེལ་ལྔ་བཅུ་ཆ་ལག་དང་བཅས་པ་བཤད་པར་བྱ་སྟེ། ༈ གནམ་ལོ་དང་གཅིག །ལོག་མེན་དང་གཉིས། སྤར་ཁ་དང་གསུམ། སྨེ་བ་དང་བཞི། དར་རྒུད་དང་ལྔ། ཟླ་བ་དང་དྲུག །ཉི་མ་དང་བདུན། དུས་ཚོད་དང་བརྒྱད། གཟའ་དང་དགུ། སྐར་མ་དང་བཅུ། རེ་རེ་ལ་རྡེལ་ལྔ་ལྔ་བརྒྱབས་པས་རྩ་བའི་རྡེལ་ལྔ་བཅུའོ། །དེ་ལ་རྡེལ་རྒྱོབ་ལུགས་གསུམ་ཡོད་པའི་ནང་ནས་དེང་སང་ནག་འགྲོས་གྲགས་ཆེ་བས་དང་པོ་བཤད། ༈ གནམ་


CMR058_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་དང་གཤིན་པོ་འཐབ་པ་ནགས་འགྲོས་གསུང་པའི་དོན་ནོ། །དེ་ཡང་བརྩི་བྱ་ལ་གནམ་ལོ་ཚུར་ཤར་རྒྱུ་ཡིན་པས་གོ་མ་ལོག་པ་གལ་ཆེའོ། །བརྩི་བྱའི་སྲོག་དང་གནམ་ལོའི་སྲོག་འཐབ། ལུས་དང་དབང་ཐང་རླུང་རྟ་དེ་བཞིན་འཐབ། རུས་ཁམས་གནམ་ལོའི་སྲོག་དང་འཐབས། འདི་གོ་སླ་རྩིས་གསར་རྙིང་ཁྱད་པར་ཅུང་ཟད་ཀྱང་མེད་དོ། ༈ །གཉིས་པ་ལོག་མེན་ལ་གསར་རྙིང་གཉིས་ཏེ། སྐྱེས་པ་མེ་ཕོ་སྟག་ནས་ཐུར་དུ་སྦུབས། བུད་མེད་ཆུ་མོ་སྤྲེལ་ནས་གྱེན་དུ་བཀན་ནས་བརྩི་སྟེ། རྡེལ་བཞག་པ་རྩིས་རྙིང་ངོ་། །ཡང་གནམ་ལོ་དབང་ཐང་གི་ལོའི་བུ་སྟག་ནས་སྐྱེས་པ་ཐུར་དུ་སྦུབས་པ་དང་། བུད་མེད་གནམ་ལོ་གང་ཤར་གྱི་དབང་ཐང་གི་མ་སྤྲེལ་ནས་གྱེན་དུ་བཀན་ནས་ལོ་དུ་ལོན་སྟེང་ནས་བགྲང་ནས་རྡེལ་རྒྱབ་པ་སྟེ་རྩིས་གསར་ལུགས། ༈ རུས་ཁམས་སྤར་ཁ་དང་འཐབ་པ་ཡོད་དེ། རུས་ཁམས་ལོག་མེན་སྲོག་དང་འཐབས་ན་ལེགས། རུས་ཁམས་ལྡོང་ས་ཁམས་པ་དེ་ཤ་བ་ལ་བླ། འགྲུ་ཆུ་ཁམས་པ་དེ་གཡག་ལ་བླ། དབྲ་ལྕགས་ཁམས་པ་དེ་རྐྱང་ལ་བླ། སྒོ་མེ་ཁམས་པ་དེ་ར་ལ་བླ། སྒ་ཤིང་ཁམས་པ་དེ་ལུག་ལ་བླ། དེ་ནི་འབྱུང་བའི་རུས་ཆེན་སྡེ་ལྔ་ཡིན། རུས་མི་ཤེས་པ་རྣམས་


CMR058_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོང་ལ་བརྩི་སྟེ། ཤ་བ་ལ་བླ་མཁན་མང་བའི་ཕྱིར་རོ། སླར་གཡག་སོགས་ལ་བླ་བ་ཕྱིས་ཤ་བ་ལ་སོགས་ལ་བླ་བ་ནི་མི་རྒྱུད་འཆུག་པ་སྟེ་དེ་འདྲ་རུས་ཐེམ་ཡོད་པ་རྣམས་ལྡོང་ལ་བྱས་ན་ལེགས། རུས་མེད་ཐམས་ཅད་ལྡོང་ལ་སྨྱོས་གསུངས་པའི་དོན་ནོ། །ཡང་སྤྱི་བོར་སྐུ་འཁྱིལ་གཅིག་ལས་མེད་ན་ཕ་གཅིག་ཏུ་ངེས། སྐྲ་འཁྱིལ་གཉིས་ཡོད་ན་ཕ་གཉིས་ཡོད་པར་བཤད་ཅིང་། མི་གཅིག་ལ་རུས་གཉིས་ཚང་བ་སོགས་རུས་འཆོལ་བས་ན་རུས་མེད་ཡིན་པས་ལྡོང་བྱའོ། ༈ །གསུམ་པ་སྤར་ཁ་ལ་གསར་ལུགས་དང་རྙིང་ལུགས་གཉིས་སོ། བརྩི་བྱའི་སྲོག་ལུས་དབང་ཐང་ཀླུང་རྟ་རུས་ཁམས་རྣམས་སྤར་ཁ་རང་ལ་འཐབས་པ་དེ་རྩིས་རྙིང་ངོ་། །འབྱུང་བ་སྐྱ་གཅིག་ཞགས་པས་བཅིང་ཞེས་བྱ། ལི་མེ་སྦྲུལ། །ཁོན་ས་ལུག །དྭ་ལྕགས་སྤྲེལ། ཁེན་ས་ཁྱི། ཁམ་ཆུ་ཕག །གིན་ས་གླང་། ཟིན་ཤིང་སྟག །ཟོན་ས་འབྲུག །བརྩི་བྱ་དེ་རྣམས་ལོ་དང་འཐབས། རུས་ཁམས་སྤར་ཁ་རང་ལ་འཐབས་པའོ། །འདི་བརྩི་ལུགས་ལེགས་མོད། འདིར་འཐབ་ལུགས་མང་བས་ལོང་བས་མཁར་བ་ལྟར་གར་འཐབས་ཆ་མེད་བྱེད་མཁན་མང་དུ་མཐོང་སྟེ། གོང་གི་ཚིག་དེ་ནི་བློ་ལ་མ་


CMR058_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་སློབ་དཔོན་གྱི་ཞལ་ཤེས་དང་བྲལ་བའི་སྐྱོན་ནོ། ༈ །དེ་ལ་མ་འཁྲུལ་བ་ནི་འདི་ལྟ་སྟེ། སྲོག་རང་། ལུས་དགྲ། དབང་ཐང་མ། ཀླུང་རྟ་བུ། རུས་ཁམས་སྤར་ཁའི་གྲོགས་ལ་འཐབ་པ་ནི། ལུགས་སྔ་མ་འདི་དོན་ལ་ཤིན་ཏུ་འཐད་ཅིང་། ཕྱི་མ་འདི་མན་ངག་གི་རྩིས་ཏེ་གོ་དོན་ཆུང་ཡང་རྣོ་བ་ཡིན་ནོ།་༈ །བཞི་པ་སྨེ་བ་ལ་ཡང་གསར་རྙིང་གཉིས་ཏེ། བརྩི་བྱའི་སྲོག་ལུས་དབང་ཐང་ཀླུང་རྟ་བཞིའི་སྨེ་བ། གནམ་ལོའི་སྲོག་ལུས་དབང་ཐང་ཀླུང་རྟ་བཞིར་འཐབས། རུས་ཁམས་གནམ་ལོའི་སྲོག་དང་འཐབ་པ་ནི་རྩིས་རྙིང་ཡིན་ལ། རུས་ཁམས་དང་བརྩི་བྱའི་སྲོག་འཐབ་པ་ནི་རྩིས་རྙིང་རང་ཡང་ནོར་བའོ། བཞི་པོ་གོང་ལྟར་ལས་རུས་ཁམས་འཕུར་སྨེ་དང་འཐབ་པ་ཡང་ཡོད་དེ། ད་རུང་ཡང་རྩིས་རྙིང་ཤས་ཆེའོ། །རྩིས་གསར་ལ་ཡང་ལུགས་གཉིས་ཏེ། རྩིས་ཕྱི་འགྱུར་དང་སྔ་འགྱུར་གཉིས་སོ། །དང་པོ་བརྩི་བྱའི་སྲོག་སྨེ་འཕུར་བའི་འཕུར་སྨེ་དེ་དང་སྲོག་སྨེ་ཁོ་རང་འཐབ་ལ་རྡེལ་གཅིག་རྒྱབ་དེ་བཞིན་དུ་ལུས་སྨེ་དང་ལུས་སྨེའི་འཕུར་སྨེ་འཐབ། དབང་སྨེ་དང་དབང་སྨེའི་འཕུར་སྨེ་འཐབ། ཀླུང་སྨེ་དང་ཀླུང་སྨེའི་འཕུར་སྨེ་འཐབ། གནམ་ལོའི་སྐྱེས་སྨེ་དང་རུས་ཁམས་འཐབ། སྐྱེས་སྨེ་


CMR058_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྟ་སྦྲུལ་གྱི་སྐྱེས་སྨེ་དགུ་དམར། ལུག་གི་གཉིས་ནག །བྱ་སྤྲེལ་བདུན་དམར། བྱི་ཕག་གཅིག་དཀར། གླང་གི་བརྒྱད་དཀར། ཁྱི་དྲུག་དཀར། སྟག་ཡོས། གསུམ་མཐིང་། འབྲུག་བཞི་ལྗང་ཡིན་ཟེར་བ་ཡོད་ཀྱང་། འདི་ནི་མ་ཀླུང་སྐབས་ཀྱི་སྨེ་བ་འདི་ཡིན་ཀྱང་། གཤིན་ཐང་ལྔ་བཅུའི་རྩིས་རྡེལ་དང་ཤེས་རབ་ལས་ཀྱི་རྩིས་ཀྱི་སྐྱེས་སྨེ་ནི། །ཤིང་བྱི་བཞི་ལྗང་དང་ཆུ་ཕག་བརྒྱད་དཀར་བར་དེ་ཡིན་པས། འདི་འགྱུར་དུ་ནམ་ཡང་མེད་དོ། །འོན་ཀྱང་སྲོག་སྨེ་ལུས་སྨེ་དབང་སྨེ་གསུམ་སྨེ་འཕྲེང་གསུམ་ལ་རེས་མོས་ཡིན། སྲོག་སྨེ་དང་སྐྱེས་སྨེ་སོ་སོ་ཡིན། འདི་གསུམ་ཁ་གསུམ་འགྱུར་གྱི་སྨེ་བ་ཟེར། བརྒྱ་དང་བརྒྱད་ཅུའི་སྐོར་མགོ་ཟེར། དེ་ལ་སྨེ་བའི་ཆད་མཐུད་ཤེས་དགོས་ཏེ། སྨེ་བ་ཆད་ལྷག་ནམ་ཡང་མེད་པར་བསྐལ་པ་ཇི་སྲིད་འཁོར་དགོས་པ་ལས། ཤིང་བྱི་བཞི་ལྗང་དང་ཆུ་ཕག་གི་བརྒྱད་དཀར་བར་ནས་གསུམ་ཆད། ཤིང་བྱིའི་གཅིག་དཀར་དང་ཆུ་ཕག་ལྔ་སེར་བར་ནས་གསུམ་ཤིང་བྱིའི་བདུན་དམར་དང་ཆུ་ཕག་གཉིས་ནག་བར་ནས་གསུམ་ཆད་དོ། །ཤིང་ཕོ་བྱི་བའི་ལོ་ལ་རྒྱ་ནག་ཡུལ་དུ་ཤིང་འཛམ་བུ་སྟག་ཤིང་གི་ལྦ་བ་ལ། འཇམ་དབྱངས་སྐུ་


CMR058_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུངས་ལོ་དེའི་ཤིང་ཕོ་བྱི་བའི་སྲོག་སྨེ་བཞི་ལྗང་ཡིན། ཡར་བཞི་ལུས་ཀྱི་སྨེ་བ་ཡིན་པས་ལུས་སྨེ་བདུན་དམར་མར་བཞི་དབང་ཐང་སྨེ་བ་ཡིན་པས་དབང་སྨེ་གཅིག་དཀར་ཡིན་ནོ། །དྲུག་ཅུ་སྐོར་དེ་རྫོགས་ནས། ཤིང་བྱའི་སྲོག་སྨེ་བདུན་དམར། ལུས་སྨེ་གཅིག་དཀང་། དབང་སྨེ་བཞི་ལྗང་། ཡང་དྲུག་ཅུ་སྐོར་དེ་རྫོགས་ནས། ཤིང་བྱིའི་སྲོག་སྨེ་གཅིག་དཀར། །ལུས་སྨེ་བཞི་ལྗང་། དབང་སྨེ་བདུན་དམར་ཡིན་ནོ། །དེའི་དོན་ཆུ་ཕག་གི་བརྒྱད་དཀར་ནས། ཤིང་བྱིའི་བདུན་དམར་སྟེང་དུ་འཕོས་པས་ཆད་ལྷག་མེད། ཆུ་ཕག་ལྔ་སེར་ནས་ཤིང་བྱིའི་བཞི་ལྗང་སྟེང་དུ་འཕོས། ཆུ་ཕག་གི་གཉིས་ནག་ནས། ཤིང་བྱིའི་གཅིག་དཀར་སྟེང་དུ་འཕོས་པས་སྨེ་བའི་ཆད་པ་སབ་སྟེ། འདི་རྩིས་གསར་མན་ངག་ཡིན་ཀྱང་རྒྱུད་སྡོང་པོ་དགུ་འདུས་ནས་ཀྱང་གསལ་བར་གསུངས་སོ། །འདིའི་ལུགས་ནག་རྩིས་རང་རྐང་ཡིན་ལ་ཤིང་བྱི་ལ་འཇམ་དབྱངས། འབྲུག་ལ་སྟོན་པ་ཤཱཀྱ་ཐུབ་པ་སྐུ་བལྟམས་པར་བཤད་པས། དེའི་བར་དྲུག་ཅུ་སྐོར་དུ་སོང་ཤེས་དགོས་པར་སྣང་ལ། དེ་ལ་རྙིང་མའི་ལུགས་ལ་སྟོན་པ་འདས་ནས་ལོ་བཅུ་གཉིས་ནས་ཨོ་རྒྱན་འཁྲུངས་ཏེ། རྒྱ་གར་དུ་སུམ་སྟོང་བོད་དུ་ལོ་བརྒྱ་དང་བཅུ་


CMR058_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བཞུགས་ནས། སྲིན་ཡུལ་དུ་བྱོན་ནས་ལོ་བདུན་བརྒྱ་ལྷག་ཙམ་ནས་རཏྣ་གླིང་པ་བྱོན་པར་བཞེད་པ་དང་། ས་སྐྱའི་བསྟན་རྩིས་དང་བུ་སྟོན་གྱི་བསྟན་རྩིས་རྣམས་༈ ཕལ་ཆེར་མཐུན། འོན་ཀྱང་པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་བཀའ་བརྒྱུད་པའི་བསྟན་རྩིས་ལྟར་ན། སྟོན་པ་འདས་ནས་ལོ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་ལ་ཞྭ་དམར་དྲུག་པས་རང་ལོ་བཅུ་གསུམ་ལ་ཟ་དམ་རྨང་བཏིང་བར་གསུངས་པའི་ལུགས་རྒྱབ་མ་འདི་བྱས་ན། ཞྭ་དམར་པ་འཁྲུངས་པའི་ལོ་སྐོར་དེ་ལ། ཤིང་བྱིའི་སྲོག་སྨེ་བཞི་ལྗང་ཡིན་པར་སྣང་ལ། ད་ལྟའི་དྲུག་ཅུ་སྐོར་འདི་ལ་བདུན་དམར་གྱི་སྨེ་ཕྲེང་སྲོག་ལྕེ་འོང་བ་འདྲ་སྙམ་ནས། བློ་དང་ལྡན་པ་རྣམས་ཀྱིས་ལེགས་པར་བརྟག་པར་བྱའོ། །ཡང་ས་སྐྱ་པ་སོགས་མཁས་པ་འགའ་ཞིག་གིས་པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་དེ་ནི་མ་དག་པ་ཡིན་ཏེ། སྔར་གྱི་ལོ་རྒྱུས་ཐམས་ཅད་མི་མཐུན་པས་དེ་ནས་རྡོ་རྗེ་གདན་གྱི་རྟེན་བྱང་ཆུབ་ཆེན་པོ་བཞེངས་པའི་དུས་དང་སྟོན་པ་འདས་དུས་གཉིས་ནོར་བ་ཡིན། རྡོ་རྗེ་གདན་དུ་དགེ་བསྐོས་རྣམས་ཀྱིས་དགེ་འདུན་རྣམས་མདོ་བསྐུལ་དུས་སྟོན་པ་འདས་ནས་ལོ་ཟླ་ཞག་དུས་འདི་སོང་ཞེས་ཉིན་གཅིག་ཏུ་ཚོགས་གཏམ་བྱེད་སྲོལ་ཡོད་དགེ་བསྐོས་


CMR058_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ནོར་བ་ཡིན་གསུངས་ཀྱང་། པཎ་ཆེན་ཤཱཀྱ་ཤྲཱི་ནི་རྡོ་རྗེ་གདན་གྱི་གདན་ས་ལོ་དུ་མར་མཛད་པ་ཡིན་པ་དང་། མ་འོངས་སངས་རྒྱས་བདུན་པ་ཡིན་པས་འཁྲུལ་པ་མེད་དོ་སྙམ་མོ། །སྨེ་བ་བརྒྱད་ཅུ་རྩ་གཅིག་གིས་སྐོར་མགོ་ཞེས་བྱ་བ་སྨེ་བ་འཕུར་ལུགས་ནི། སྔོན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་སློབ་དཔོན་པདྨས་རྟ་མགྲིན་དབང་གི་རྒྱལ་པོའི་དབང་བསྐུར་བས། འཛམ་གླིང་སུམ་གཉིས་དབང་དུ་བསྡུས་པའི་རྒྱལ་པོ་ཆེན་པོར་གྱུར་ནས། ཞང་པོ་རྒྱ་ཡང་བོད་རྒྱལ་པོ་ལ་ཤིན་ཏུ་སྐྲག་ཅིང་། བོད་རྒྱལ་པོས་ལོ་རེ་ལ་རྒྱ་ནག་ལ་དམག་འདྲེན་ནོ། །དེ་དུས་བོད་ཀྱི་ལོ་ཙཱ་བ་བཞི་རྒྱ་ནག་ཏུ་རྩིས་བསླབ་ཏུ་བཏང་བས། རྒྱ་ནག་ཁྲིམས་ཆེ་བས་རྩིས་བསླབས་སམ་མི་བསླབ་རྒྱལ་པོ་ལ་ཞུས་པས། རྒྱལ་བློན་བཀའ་བགྲོས་ནས། བོད་ཀྱི་རྒྱལ་པོ་གདུག་པ་ཆེ་བས་མ་བསླབས་ན་དམག་འོང་། རྩིས་ཚང་བར་བསླབ་ན་བོད་བསོད་ནམས་ཆེར་སོང་ན་རྒྱ་ཡུལ་འཇོམས་ཤིང་རྒྱལ་སྲིད་འཕྲོག་པའི་ཉེན་ཡོད་པས། རྩིས་གཞན་རྣམས་སློབ་ལ། སྨེ་བ་རུས་པའི་གཏིང་འདྲ་བ་འདི་གལ་ཆེ་བས། འདི་དཀྲུག་ལ་ལོག་པར་སློབས་ཤིག །འདི་སུས་ཀྱང་ཇི་ལྟ་བར་བསླབ་ན་མི་རུང་ངོ་། །ཞེས་ཁྲིམས་བྱས་སོ། །དེ་ལ་བརྩི་


CMR058_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་བསླབས་ནས་བཀོད་ལུགས་དག་པར་མ་བསླབ་སྟེ། དབུས་ནས་གནམ་ལྕགས་རི་བོ་ལ། །མེ་ཆུ་ས་ཤིང་རླུང་བསྐྱོད་དབུས་སུ་འཕུར། །ཞེས་པ་འདིའི་དོན་ནི་དཔེར་ན་བཞི་ལྗང་ལྟ་བུ་དབུས་སུ་བཞག་ནས། ནུབ་བྱང་དུ་གསུམ་བྲི། ནུབ་ཏུ་གཉིས། བྱང་ཤར་དུ་གཅིག །ལྷོར་དགུ། བྱང་དུ་བརྒྱད། ལྷོ་ནུབ་ཏུ་བདུན། ཤར་དུ་དྲུག །ཤར་ལྷོར་ལྔ་བྲི་རྒྱུ་ཡིན་ཏེ། སྨེ་བ་ཐུར་དུ་བརྩི་ནས། དགུ་བརྒྱད་བདུན་དྲུག་ལྔ་བཞི་གསུམ་གཉིས་གཅིག་ཟེར་བ་ཡིན་པ་ལྟར། དཀྲུག་ནས་གྱེན་དུ་བཀོད་དེ། དཔེར་ན་བཞི་ལྗང་དབུས་སུ་བཞག་ནས། ནུབ་བྱང་དུ་ལྔ། ནུབ་ཏུ་དྲུག །བྱང་ཤར་དུ་བདུན། ལྷོར་བརྒྱད། བྱང་དུ་དགུ། །ལྷོ་ནུབ་ཏུ་གཅིག །ཤར་དུ་གཉིས། ཤར་ལྷོར་གསུམ་བཀོད་དེ་ཞེས་གྱེན་དུ་དཀྲུགས་ནས་བཀོད་པས་འཁྲུལ་སྨེ་ཞེས་བྱའོ། །འདི་རྩིས་རྙིང་ཐམས་ཅད་དཀྲུགས་ནས་ཡོད་དེ་མ་དག་པའོ། །ཐུར་དུ་རྩིས་ནས་བཀོད་པ་རྩིས་གསར་ཏེ། ཁམ་པ་ཁྲ་མོ་ཕྱིས་རྒྱ་ཡུལ་དུ་བྱོན་ནས། མཁས་པ་རཱ་ཧུ་ལ་དམར་པོ་དང་། ཨ་ཙ་ར་ཟླ་བ་ནག་པོ་སོགས་རྒྱ་ཡི་མཁས་པ་མང་པོ་ལ་གཏུགས་པས། དེ་དུས་ནས་བོད་མངའ་ཐང་ཉམས་ཏེ། །


CMR058_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཕལ་ཆེར་རྒྱ་ཡི་དབང་བསྒྱུར་བས། མཐོ་དོགས་མེད་པའི་ཕྱིར་གཞུང་སྨེ་མ་འཕྱུགས་པར་བསླབས་པས། གཞུང་དང་མཐུན་གཞུང་སྨེ་ཞེས་བྱ་བ་ཡིན་ནོ། །སྨེ་བ་འཕུར་ལུགས་ནི་དབུས་ནས་གནམ་ལྕགས་རི་བོ་ཟེར་བའི་དོན་དེ་ནི་རང་ལུགས་ནི། བྱིས་པ་ཆུང་ངུའི་དུས་ནས་སྨེ་སྒོ་ཤར་བྱེད་ནས་འཕུར་ཏེ། ཕོ་ལོ་དྲུག་ནི་གཡས་སྐོར་བྱེད་ནས་བྱང་ཤར་ནས་དབུས་སུ་ཞུགས་ཀྱང་ཤར་ནས་ཕྱིར་ཐོན། མོ་ལོ་དྲུག་གི་ལོ་པ་ནི། གཡོན་སྐོར་བྱེད་ནས་ཤར་ལྷོ་ནས་དབུས་སུ་མཇུག་ནས་ཤར་ནས་ཕྱིར་ཐོན་པ་ཡིན་ལ། བརྩི་བྱ་ལོ་མང་པོ་མགྱོགས་རྩིས་ནི་དབུས་སུ་བཅུ་ཤར་དུ་ཉི་ཤུ་སོགས་ལིང་ཙེ་རེ་རེ་ལ་སུམ་ཅུ་བཞི་བཅུ་ལྔ་བཅུ་སོགས་བརྗོད་ཅིང་། ང་གཅིག་ཅེས་བརྗོད་པ་ནི་རྩིས་པས་མགྱོགས་ཀྱང་དབུས་སུ་དགུ་བརྗོད་ཟེར་བ་ནི། རྟོག་དཔྱོད་ཅུང་ཟད་ཀྱང་མི་ཤེས་པ་ནི་འཁྲུལ་ཚབ་ཅན་ནོ། ༈ ཡང་སྨེ་བའི་མན་ངག་རྡེལ་རྒྱོབ་ལུགས། སྨེ་བའི་སྲོག་ལུས་དབང་ཐང་། ཀླུང་རྟ་བླ་གཟའ་ལྔ་པོ་ནི། སྲོག་རང་ལུས་མ་དབང་ཐང་བུ། རླུང་རྟ་སྲོག་ལ་བླ་གཟའ་དགྲ་ཞེས་པའི་དོན་ནི། བརྩི་བྱའི་སྐྱེས་སྨེ་གང་ཡིན་པ་དེ་འཕུར་ལ། དེ་གང་ལ་བབ་པའི་འཕུར་སྨེ་དེ་དང་། བརྩི་བྱའི་


CMR058_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་སྨེ་འཐབ། བརྩི་བྱའི་ལུས་སྐྱེ་དེ་དང་འཕུར་སྨེ་འབྱུང་བ་གང་ཡིན་དེའི་མ་དེ་དང་འཐབ། བརྩི་བྱའི་དབང་ཐང་སྨེ་བ་དང་འཕུར་སྨེའི་འབྱུང་བའི་བུ་དེ་འཐོབ། །བརྩི་བྱའི་རླུང་སྨེ་དང་འཕུར་སྨེའི་གྲོགས་དེ་འཐབ།། བརྩི་བྱའི་རུས་ཁམས་དང་འཕུར་སྨེའི་དགྲ་དེ་འཐབས་པ་ཡིན་ནོ། །དེ་ལྟར་སྨེ་བའི་སྐོར་འདི་ལ་འཁྲུལ་བ་མང་ཞིང་དཀའ་གནད་ཆེ་བས། རྩིས་པ་ཕལ་ཆེར་འདིའི་སྐབས་ལ་ཞལ་ཉུང་བ་ཡིན་ནོ། ༈ །དེ་ནས་ལྔ་པ་དར་རྒུད་ནི། སྲོག་ལུས་དབང་ཀླུང་རུས་ཁམས་འབྱུང་བ་གང་ཡིན་འདི་ལྟར་རོ། །ཤིང་དབུགས་སྤྲེལ་ནས་རྒྱུ། མེ་དབུགས་ཕག །ལྕགས་དབུགས་སྟག །ས་ཆུ་གཉིས་སྦྲུལ་ནས་དབུགས་རྒྱུའོ། །མངལ་གནས། །ལུས་རྫོགས། བཙས་པ། ཁྲུས་བྱེད། གོས་གྱོན། ལས་བྱེད། དར་བ། ད་པ། ན་བ། ཤི་བ། དུར་དུ་ཞུགས་པའོ། །རིམ་པ་ལྟར་ལོ་བཅུ་གཉིས་ཀྱི་སྟེང་དུ་བགྲང་སྟེ། སྲོག་ནི་གནམ་ལོའི་སྟེང་། ལུས་པ། ཟླ་བ། དབང་ཐང་ཞག །རླུང་རྟ་དུས་ཚོད། རུས་ཁམས་སྤར་ཁ་ལ་གཏུགས་པའོ། །དེ་ཚིག་འཕྲོ་བཟང་ངན་གྱི་རྡེལ་བཞག་པ་ཡིན་ཏེ། གོས་གྱོན་དར་བ་ལས་བྱེད་གསུམ་ལ་


CMR058_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་གཉིས་རེ། ལུས་རྫོགས་བཙས་པ་ཁྲུས་བྱེད་གསུམ་ལ་དཀར་པོ་གཅིག་རེ་སྟེ། ཉིན་གྱི་རྡེལ་དཀར་རྡེལ་དྲུག་ཅེས་བྱའོ། །ན་ཤི་དུར་ཞུགས་གསུམ་ལ་རྡེལ་ནག་གཉིས་རེ། །རྒུད་པ་དབུགས་རྒྱུ་མངལ་གནས་གསུམ་ལ་རྡེལ་ནག་གཅིག་རེ་སྟེ། སྲིབ་ཀྱི་རྡེལ་ནག་རྡེལ་དྲུག་ཅེས་ཟེར་རོ། །རྩིས་པ་འགའ་ཞིག་ན་རེ། དབུགས་རྒྱུ་བ་ལ་དཀར་པོ་གཅིག ། མངལ་གནས་པ་ལ་དཀར་ནག་གཉིས། རྒུད་པ་ལ་དཀར་གཉིས་ཟེར་བ་ནི། དར་རྒུད་ཀྱི་གོ་བ་ཙམ་མ་ཆགས་པ་སྟེ། དར་རྒུད་བཅུ་གཉིས་རྟེན་འབྲེལ་བཅུ་གཉིས་ངོ་བོ་དང་གཅིག་སྟེ། སྐྱེ་འཆི་གནས་གསུམ་བར་དོ་དང་བཞི་ཚང་བ་ཡིན་ཏེ། དབུགས་རྒྱུ་བ་དང་དབུགས་ལེན་ཞེས་པ་འགྱུར་གྱིས་ཁྱད་ཙམ་ཡིན་ཏེ་ངོ་བོ་གཅིག །ཚེ་སྔ་མ་ཤི་ནས་དབུགས་སོང་བ་དེ་ཡིན་པས། དཀར་པོ་ཐོབ་དོན་ཅི་ལ་ཡོད། མངལ་གནས་ཞེས་པ་ནི་མའི་མངལ་དུ་ཞུགས་པ་ཡིན་པས། བར་དོ་དག་པའི་སྒྱུ་ལུས་དེ་མ་དག་འཁོར་བའི་མངལ་དུ་ཚུད་པས་ནག་པོ་ཐོབ་རྒས་པ་དང་རྒུད་པ་འགྱུར་ཁྱད་ངོ་བོ་གཅིག །གཤིན་རྩིས་ལ་རྡེའུ་དཀར་ནག་གཉིས་བྱས་ལ་རྡེལ་རོ་མི་གསོལ་མི་རུང་བར་བཤད་དོ། ༈ །དྲུག་པ་ཟླ་བའི་རྩིས་ནི། ལོ་དང་ཟླ་བ་


CMR058_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་སྦྲགས་མ་ཡིན། ཅེས་པའི་དོན་ནི། ལོ་ཟླ་བ་གཉིས་འདྲ་བར་ཕོ་ལོ་མོ་ལོ་གཉིས་དབང་ཐང་མཐུན་པར་འོང་སྟེ། ལོ་མ་ལ་ཟླ་བ་བུར་ཚེས་ཞེས་པས། གནམ་ལོ་ལ་ཤིང་ཤར་ན། དཔྱིད་ར་བ་འབྲིང་པོ་གཉིས་མེ་སྟག་མེ་ཡོས་ཏེ་དེས་འགྲེས་སོ། །ཟླ་བ་གང་ཡིན་ངོས་བཟུང་ནས། བརྩི་བྱའི་སྲོག་ལུས་དབང་ཐང་རླུང་རྟ་དང་ཟླ་བའི་ཡང་དེར་འཐབ། རུས་ཁམས་ཟླ་བའི་སྲོག་དང་འཐབ། དེ་ཡང་དཔྱིད་ར་བ་སྟག་ཡིན་པ་ཁ་མཉམ་ཡང་། ཟླ་བ་དེ་ཁ་མི་མཉམ་སྟེ། ནག་རྩིས་ལ་མིང་བཏགས་པའི་འདྲ་མིན་བཞི་འབྱུང་ངོ་། དབུས་གཙང་གི་སྐར་ཡིག་ཕལ་ཆེར་དང་ཁམས་སུ་ཡང་རེ་རེ་ཙམ་སྣང་བ་ལ། མགོ་ཟླ་ལ་དཔྱིད་ཟླ་སྟག་སུ་རྩིས་ནས། ཐམས་ཅད་དེ་ལྟར་བྱས་པས་སྐར་མ་དང་ས་བདག་རྒྱུ་ཐེབས་དང་གཟའ་ཉི་མ་ཐམས་ཅད་བརྩི་ཚུལ་མགོ་ཟླ་ཡོད། འདི་ནི་སྔོན་མངའ་བདག་ཁྲི་རལ་པ་ཅན་གྱི་དུས་རྒྱ་བོད་གཉིས་གཡུལ་གཏུགས་པའི་དུས་ཆ་བྱས་དུས། རྒྱ་ན་རེ། ལོ་སར་དུས་གཡུལ་གཏུག་བྱེད་ཟེར། ལོ་སར་ནམ་ཡིན་སྨྲས་པས། ལོ་ཨེ་སར་སྐར་མ་རྒྱལ་ལ་ལྟོས། ཟླ་བ་དེ་ཉིད་སྨྲས་པ་ལ། བོད་ཀྱི་གསང་དམག་བྱས་ནས་སོང་སྟེ། མགོ་ཟླ་ལ་


CMR058_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱབས་པས་བོད་རྒྱལ་ནས། རྒྱུ་ན་རེ། ཁྱོད་བོད་ཀྱི་མགོ་གཡོག་གསང་དམག་བྱས་ནས་རྒྱལ་བས་རྒྱལ་གོ་མི་ཆོད་ཟེར་བས། བོད་རྒྱལ་པོ་ན་རེ། གསང་དམག་མིན་ངེད་བོད་ཀྱི་ནི་ཟླ་བ་འདི་ལ་ལོ་སར་བྱེད་པ་ཡིན། ཞེས་རྒྱ་ལ་སྨྲས། བོད་འབངས་རྣམས་ལ་ཁྲིམས་བསྒྲགས་ནས། ཟླ་བ་འདི་ལ་རྒྱ་ནག་ལུགས་ཀྱི་ལོ་གསར་ཡང་མིན་ཏེ། དམག་གི་དུས་ཆད་བྱས་དུས་རྒྱ་ན་རེ། ལོ་ཨེ་སར་སྐར་མ་རྒྱལ་ལ་ལྟོས། དམག་གི་ཟླ་བ་འདིའི་སྔ་མ་ཡིན་ཟེར་རོ། །ཞེས་རྫུན་སྨྲས་ནས། རྒྱལ་པོའི་མཚང་འགེབ་བྱས་ནས། བོད་རྒྱལ་པོའི་ལུགས་ཞེས་ཀྱང་སྶ། བོད་རྩིས་ཞེས་ཀྱང་བྱའོ། ཕྱིས་སུས་ཀྱང་རྩིས་མགོ་ཡིན་པར་ཤེས་ཀྱང་། བོད་རྒྱལ་ནས་བཀྲ་ཤིས་པའི་འཕྲག་ལམ་ཡོད་ཅེས་མ་བསྣུབས་པར་བཞག་གོ །ཡང་རྒྱ་ནག་གི་ཡུལ་དུ་ཧཱ་ཤང་དེ་བ་དང་། རྒྱ་ནག་སེ་ཐན་བྱ་བའི་བདུད་ཀྱི་སྤྲུལ་པའི་ཧྭ་ཤང་གཉིས་བྱུང་བ་དེས། འཇམ་དབྱངས་ཀྱི་གསུང་དང་མི་མཐུན་པའི་རྩིས་ལོག་མང་དུ་བརྩམས་ཏེ་དེའི་རྩིས་མང་པོ་ད་ལྟའི་རྩིས་རྣམས་ལ་འདྲེས་ནས་ཡོད་དོ། །གཤིན་རྩིས་འགའ་ཞིག་ལ་རྡེལ་ནག་འགའ་ཞིག་བྱུང་བ་ལ་བརྟེན་ནས། རྗེས་ནས་ཆོས་བྱས་ཀྱང་མ་བྱེད་ཟེར་བ་དང་།


CMR058_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

འདུར་ཐུབ་མི་ཐུབ་རྩིས་ནས་འདུར་མི་ཐུབ་པ་རྗེས་ནས་དགེ་བ་ཤིག་བྱས་ན་རྗེས་མ་བཀྲ་མི་ཤིས་ཟེར་བ་དང་། རྒྱལ་པོ་སོགས་མི་ཆེན་ལ་སྐག་ཡོད་ན་དེའི་སྐག་འགྱུར་བས་གླུད་བཏང་སྟེ། དེ་དང་ལོ་མཉམ་པ་གཅིག་བསད་ནས་སྐག་འགྱུར་ཟེར་བ་སོགས། ཆོས་ལོག་རྩིས་ལོག་དུ་མ་དང་། དེ་བཞིན་དུ་དྲང་སྲོང་ཕུག་པ་དགུ་སྐོར་ཞེས་ཕུག་པ་ཁ་བྱང་དུ་གྱུ་བའམ། ཉི་ཟླ་ལ་རྒྱབ་གཏད་ནས་རང་གང་རང་ཐག་བྱས་ནས་བཙུག་ན་ཤི་སྒབ་ཆད། ཡང་ན་མ་གང་ན་རེ་འོང་ཞེས་སོགས་པ་རྩིས་ལོག་དུ་མ་བརྩམ་མོ། །དེ་རྣམས་སྤང་ན་ཤཱིལེགས་དེ་ནས་ཕྱིས་རྗེ་མི་བསྐྱོད་རྡོ་རྗེ་གདན་འདྲེན་ལ་རྒྱ་ནག་གི་རྒྱལ་པོས་བློན་པོ་ཐའི་རྐྱེན་ཞེས་བྱ་བ་དམག་འབུམ་དང་བཅས་པ་བཏང་ནས། ཀརྨ་པ་རབ་སྒང་ཕྱོགས་སུ་མཇལ་དུས། བློན་པོའི་འཁོར་དུ་རྩིས་པ་མང་པོ་ཡོད་པ་མི་བསྐྱོད་རྡོ་རྗེས། དེང་བོད་དུ་རྒྱ་ནག་གི་རྩིས་མང་དུ་ཡོད་པས། རྒྱ་ནག་གི་སྟག་ཟླ་བ་མ་འཆུག་པ་དེ་གང་ཡིན་གསུངས་པས་མ་འཆུག་པ་དེ་མཆུ་ཟླ་བ་སྟག་ཟླར་རྩིས་པས་སྐར་ཡིག་ཝ་མགོ་མ་འདི་བྱུང་སྟེ། ད་ལྟ་ཡང་སྒར་པའི་ལོ་སར་ཆེན་མོ་ཡང་འདི་ལ་བྱེད་པ་ཤིན་ཏུ་གྲགས་ཆེ་མོད། འདི་ཡང་ཧྭ་ཤང་དེ་ཝ་དང་། རྒྱ་ནག་


CMR058_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

སེ་ཐན་གྱིས་བྱས་པའི་རྩིས་ལོག་ཡིན་པར་མཁས་པ་རྣམས་ཀྱི་གསུང་དང་ཡིག་ཆ་ནས་བྱུང་སྟེ། ཟླ་བ་ཕོ་མོ་ནོར་ན་ཉི་མ་དང་གཟའ་ནོར་སྐར་སྐྱོན་ཐམས་ཅད་ནོར་ཏེ་ཡོད་དོ། །ཨོ་རྒྱན་གྱི་ལུང་བསྟན་ལས་རྩིས་ལོག་འབྱུང་བར་ལུང་བསྟན་པ་དང་མཐུན་པར་སེམས་སོ། །དེས་ན་རང་ལུགས་ནི་དཔྱིད་ར་བ་སྟག་ཟླ་ནི་རྒྱལ་ཟླ་བ་ལ་ངོས་འཛིན་ཏེ། དྲངས་ལྡན་ལྷ་མོའི་ཞུས་པ་སོགས་ནག་རྩིས་ཀྱི་རྒྱུད་དང་། ཨོ་རྒྱན་རིན་པོ་ཆེ་ལྷ་ཚངས་པར་སྤྲུལ་ནས་རྩིས་ཀྱི་ཞུ་བ་པོ་མཛད་ནས་ནག་རྩིས་ཐམས་ཅད་ཀྱི་ཕུག་ལྟ་བུ་ཡིན་པས། ཨོ་རྒྱན་རིན་པོ་ཆེས་དགོངས་འདུས་སྐར་མཛོད་ན་ཡང་རྒྱལ་ཟླ་བ་སྟག་ཟླར་མཛད་པས་ཡིད་ཆེས་སོ། །མཚུར་ཕུ་འཇམ་དབྱངས་ཆེན་པོས་ནག་རྩིས་ཤོག་བཀྲ་ལ་ཡང་རྒྱལ་ཟླ་བ་སྟག་ཟླར་མཛད། དེ་ནི་ནག་རྩིས་རང་སྐད་ཡིན་གྱི། གཞན་འདུལ་བ་སོགས་གཞན་ལ་སྟག་ཡོས་སོགས་ལོ་མིང་མེད་པས་གཞན་ལུགས་དང་བསྟུན་པས་མི་འཐད་དོ། །དུས་འཁོར་བས་ནག་པ་ཟླ་བ་དཔྱིད་ར་བར་རྩིས་དང་། གསོ་རིག་པས་མཆུ་ཟླ་བ་དཔྱིད་ཟླ་དང་པོར་བརྩི་བར་གསུངས་ཀྱང་། ནག་རྩིས་སྐབས་སུ་དེ་མི་རུང་ངོ་། །ནག་རྩིས་ལུགས་འགའ་ཞིག་ལ་སྟག་ལ་དཔྱིད་བཞི། སྦྲུལ་ལ་


CMR058_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དབྱར་བཞི། སྤྲེལ་ལ་སྟོན་བཞི། ཕག་ལ་དགུན་བཞི་འབྱུང་ཞེས་ལ་ར་བ་བཞི་ལ་ཟླ་བ་ར་བ་བཞི་ལྷག་པར་བཤད་ཀྱང་། འདི་དུས་འཁོར་སོགས་གཞན་དང་མི་མཐུན་ཞིང་རྩིས་རྙིང་ཤས་ཆེ་བས་མི་ལེགས། ཟླ་བ་མ་མཐུན་ན་རྩིས་ཐམས་ཅད་འཕྱུགས་ནས་འགྲོ་སྟེ། ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་ལས། གཟའ་སྐར་ཚེས་གྲངས་མི་མཐུན་ཞིང་འཕྱུགས་པས་རྟེན་འབྲེལ་གྱི་ཕན་ཐོགས་ཟད། ཅེས་གསུང་པ་ལྟར་འོང་བ་ཡིན་པས། དེ་ནས་ཟླ་ལྷག་ནི། བྱི་རྟ་བྱ་ཡོས་བཞི་ལ་ཟླ་ལྷག་བྱུང་བས་དུས་འཁོར་དང་ཡང་མཐུན་པས་འདི་ལེགས་སོ། །དེ་ལ་བྱི་བ་ལ་དཔྱིད་འབྲིང་གཉིས། ཡོས་ཀྱི་ལོ་ལ་དབྱར་འབྲིང་གཉིས། །བྱ་ཡི་ལོ་ལ་དགུན་འབྲིང་གཉིས། །རྟ་ཡི་ལོ་ལ་སྟོན་འབྲིང་གཉིས། ༈ །བདུན་པ་ཉི་རྒྱུ་མའི་རྩིས་ནི། ཕོ་དྲུག་སྟག་ཚེས་འབྲུག་ཉ་ལུག་ལ་སྟོང་། མོ་དྲུག་སྤེལ་ཚེས་ཁྱི་ཉ་གླང་ལ་སྟོང་། ཟླ་བ་མ་ལ་ཞག་བུར་ཚེས་ཞེས། ཟླ་བའི་དབང་ཐང་ཤིང་ཡིན་ན། ཤིང་བུ་མེ་ཡིན་པས་ཚེས་གཅིག་གི་དབང་ཐང་མེ་ཡིན་ནོ། །ཞག་དང་དུས་ཚོད་འབྱུང་བ་རྐྱང་དད་ཡིན་པས་ཚེས་གཉིས་མེ་བུ་ས་དེས་འགྲེས་ཤེས་པར་བྱའོ། །དེ་ཅི་ཡི་ཕྱིར་ཞེ་ན། ལོ་ཟླ་གཉིས་


CMR058_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་གཅིག་དཀྲུགས་སྦྲགས་ཏེ་ཡོད་པས་འབྱུང་ཆེན། ཞག་དུས་ཚོད་གཉིས་འབྱུང་བ་ཅིག་རྐྱང་དེ་འབྱུང་ཆུང་ཡིན་ནོ། །དེ་ལྟར་དབང་ཐང་ངོས་བཟུང་ནས། དེ་ལྟར་ལོ་རྒན་ནང་ན་འབབ་སྟེ། བརྩི་བྱའི་སྲོག་ལུས་དབང་ཐང་ཀླུང་རྟ་ཡི། ཞག་གི་སྲོག་ལུས་དབང་ཐང་ཀླུང་དང་འཐབས། རུས་ཁམས་ཞིག་གི་སྲོག་དང་འཐབས། ཚེས་ཀྱི་ཚད་ལྷག་ནི། བྱ་ཡོས་གཉིས་ཀྱི་ཚེས་དྲུག་དང་། ཞེས་སོགས་ནག་རྩིས་ནས་ཆད་ལྷག་ཧང་བ་གཅིག་གསུངས་ཀྱང་། འདི་ཞིབ་པར་བྱས་ན་མི་འཐད་དོ། །བྱ་ཡོས་ཟླ་ཚེས་དྲུག་རྟག་ཏུ་ཆད་ན། སྐར་ཡིག་ལིང་ཚེ་གཅིག་བྲི་ནས་དགོས་པ་མེད་པའི་ཕྱིར་རོ། །ཞིབ་པར་ཆད་ལྷག་ས་རིས་དང་བསྟུན་ན་ལེགས། ནག་རྩིས་རྐྱང་པ་བྱེད་ན། ཆད་ལྷག་ནི་ཟླ་བའི་ཚེས་ཚོད་གང་ཚོད་བྲི་ཚོད་ལ་དཔང་པོ་བྱེད་དགོས་སོ། །ས་ཆ་ཡང་ན་ཚེས་གཉིས་ཟླ་བ་ཤིན་ཏུ་ཕྲ་བ་ཡིན་འབྱུང་། ཚེས་གཉིས་ནས་ཚེས་གསུམ་ཟླ་བ་བྱུང་ན་ཚེས་ཞར་བ་ཞེས་བྱ་སྟེ། ཚེས་གཅིག་གམ་གནམ་གང་ཆད་པར་བརྩིའོ། །ཉ་ཞོམ་ཞེས་བྱ་སྟེ་ཚེས་བཅོ་ལྔ་ལ་ཟླ་བ་ཉ་ལ་རྒྱས་ན། བཅུ་གཉིས་བརྩམས་པས་འགྲིག་སྟེ། ཡར་ངོ་ལ་ཚེས་ལྷག་པ་ཡིན་ནོ། །ཡར་ངོའི་ཚེས་བརྒྱད་ལ་ཟོ་


CMR058_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་བཀས་འདྲ་དང་། ཡར་ངོའི་གང་ཚོད་མར་ངོའི་བྲི་ཚོད་མཉམ་པ་ཞིབ་ཏུ་བརྩི་བར་བྱའོ། །ཟླ་བ་ཕོ་དྲུག་ལ་གནམ་གང་ཡོད་པ་དང་། ཟླ་བ་མོ་དྲུག་ལ་གནམ་གང་མེད་པ་གཅིག་བཅས། ས་རིས་དང་དོན་མཐུན་པར་འདོད་པ་མྱོང་རྩིས་ཡིན་གསུངས་ཏེ། ས་རིས་མི་མཁྱེན་པ་རྣམས་ཀྱིས་འདི་བྱས་ན་ལེགས་སོ་སྙམ་མོ། ༈ བརྒྱད་པ་དུས་ཚོད་ནི། དབྱར་ར་བ་སྦྲུལ་དང་དགུན་ར་བ་ཕག་གཉིས་ནི་དཔྱིད་ཙམ་དུ་ཉིན་མཚན་མཉམ་པའི་དུས་ཡིན་ལ། ནམ་ལངས་ཡོས། ཉི་ཤར་འབྲུག་ནས་རིམ་པར་བརྩི་བར་བྱའོ། །དེ་ཡང་ས་རིས་ལུགས་ལ་འདོད་པ་བཅུ་གསུམ་ལ་དབུགས་གཅིག །དབུགས་དྲུག་ལ་ཆུ་སྲང་གཅིག །ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད་གཅིག །ཆུ་ཚོད་དྲུག་ཅུ་ལ་ཉིན་ཞག་གཅིག་ཏུ་བརྩི་བ་ཡིན་ཀྱང་ནག་རྩིས་ལ་དེ་འདྲ་བ་ཞིབ་ཆ་ནི་མ་བཤད་ཀྱང་། ཞག་གཅིག་ལ་ཆུ་ཚོད་དྲུག་ཅུ་ཙམ་བཤད་ཀྱང་། དགུན་ཉི་མ་ལྡོག་ནས་ཉི་མ་ཇེ་རིང་མཚན་ཇེ་ཐུང་ལ་འགྲོ་བ་དང་། དབྱར་ཉི་ལོག་ནས་ཉིན་ཐུང་ཞིང་མཚན་ཇེ་རིང་ལ་འགྲོ་བའི་ཚུལ་ཧང་བ་ཙམ་རྩིས་དཀར་ནག་མཐུན་ནོ། །དེས་ན་འདུལ་བ་མངོན་པ་སོགས་ནས་སྐྱ་རེངས་ལ་རིམ་པ་བཞི་སྟེ། སྔོ་རེངས་དང་སྐྱ་


CMR058_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རེངས་དང་སེར་རེངས་དམར་རེངས་བཞི་བཞིར་གསུང་སྟེ། སྐྱ་རེངས་དང་པོ་ཤར་ནས་རི་ཤིན་ཏུ་མཐོ་བའི་རྩེར་ཉི་མ་མ་ཕོག་གི་བར་དེར་ནམ་ལངས་ཡོས་ཀྱི་དུས་ཚོད། རི་ཤིན་ཏུ་མཐོ་བའི་རྩེར་གསེར་ཞུ་གྱོན་ནས་ལུང་པའི་མཐིལ་དུ་ཉི་མ་མ་ཤར་བ་ནི་འབྲུག །ཉི་མ་ཤར་གྱི་ཕྱི་བ་ཐམས་ཅད་ལ་ཤར་ནས་རྡེའུ་གྲོས་ཐུབ་པའི་བར་ནི་སྦྲུལ་ནས་རིམ་པར་བརྩི་བས་ཤེས་སོ། །ཉིན་མཚན་རིང་ཐུང་སོགས་འབྱུང་ཚུལ་རིགས་པས་བརྟག་ཤེས་པར་བྱའོ། །ཞག་མ་ལ་དུས་ཚོད་བུར་ཚེས་པ་ནི། ཞག་དེའི་དབང་ཐང་ཤིང་ཡིན་ན། ཤིང་བུ་མེ་ཡིན་པས། །ནམ་ལངས་ཀྱི་ཡོས་མེ་ཡོས། ཞག་དང་ཟ་མ་འབྱུང་བ་རྐྱང་དེད་ཅེས་པས། ཟ་མ་དུས་ཚོད་གཉིས་ནི་མིང་གི་རྣམ་གྲངས་ཡིན་ནོ། །ཉི་ཤར་མེ་བུ་ཡིན་པས་ས་འབྲུག །དེས་འགྲེས་སོ། །དེ་ལྟར་དུས་ཚོད་དབང་ཐང་ངོས་འཛིན་ནི། ལོ་རྒན་ནང་དུ་འབེབས། དེ་ནས་བརྩི་བྱའི་སྲོག་ལུས་དབང་ཐང་རླུང་རྟ། དུས་ཚོད་ཀྱི་སྲོག་ལུས་དབང་ཐང་རླུང་རྟ་ལ་འཐབ། རུས་ཁམས་དུས་ཚོད་སྲོག་ལ་འཐབ་བོ། །དགུ་པ་གཟའ་ཡི་རྩིས་ལ། རྩིས་དཀར་ནག་གཉིས་ཀ་མཁྱེན་པ་འགའ་ཞིག་ན་རེ། གཟའ་སྐར་མ་གཉིས་ས་རིས་སྤང་ཆ་ཆེ་ནས་ས་རིས་


CMR058_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ལྟར་བྱེད་ཟེར་ནས། ས་རིས་ལུགས་ཀྱི་གཟའ་སྐར་གང་རེད་དང་འཐབ་ནས་རྡེལ་རྒྱབ་པ་མཐོང་། དེ་ནས་ཤིན་ཏུ་མི་འཐད་དོ། །ས་རིས་དང་ནག་རྩིས་གཉིས་གཟའི་བརྩི་ཚུལ་གཏན་ནས་མི་གཅིག་པའི་ཕྱིར་རོ། །ནག་རྩིས་ལ་ནི་ཟླ་བ་སོ་སོའི་བླ་གཟའ་དེས་ངེས་པར་ཚེས་དགོས་པ་སྟེ། སྟག་རྟ་ཁྱི་གསུམ་སྤེན་པ་ཚེས་ཟེར་བ་སོགས་ནས་གང་ལ་ཚེས་པ་དེ་ལ་ནི་ཉ། ཞེས་གསུངས་པ་ལྟར་རོ། །ས་རིས་ལ་ཕུར་བུ་རླུང་དང་པ་སངས་ས་ཡིན་ལ། ནག་རྩིས་ལ་ཕུར་བུ་ཤིང་དང་པ་སངས་ལྕགས་ཡིན་པའི་ཕྱིར་ཡང་མི་མཐུན་ནོ། །དེ་ནས་རྩིས་རང་ལུགས་གཟའ་གང་ཡིན་གྱི་འབྱུང་བ་རྐྱང་པ་དེ་དང་བརྩི་བྱའི་སྲོག་ལུས་དབང་ཐང་རླུང་རྟ་རུས་ཁམས་འཐབ་སྟེ།་གཟའི་འབྱུང་བ་ནི་ཉི་མ་མིག་དམར་མེ་ཡི་ཁམས། །ཟླ་བ་ལྷག་པ་ཆུའི་ཁམས། ཕུར་བུ་ཤིང་པ་སངས་ལྕགས་སྤེན་པ་ས་ཡིན་ནོ།། ༈ བཅུ་པ་སྐར་མའི་རྩིས་ལ་ས་རིས་ལུགས་ལ་བྱི་བཞིན་གྲོ་བཞིན་གཉིས་གཅིག་ཏུ་བརྩི་བས་རྒྱུ་སྐར་ཉེར་བདུན། ནག་རྩིས་ལ་སོ་སོར་བྱས་པས་ཉེར་བརྒྱད་ཡིན་ལ་འོན་ཀྱང་ཚེས་གྲངས་ཀྱི་སྐར་འབྲས་ཧ་ལམ་མཐུན་ཡོང་གི་ས་རིས་ལུགས་ཀྱི་སྐར་མ་བྱས་ཀྱང་རུང་ངོ་། །ས་


CMR058_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

རིས་མི་མཁྱེན་ནག་རྩིས་རང་སྐད་ནི། དཔྱིད་ར་བ་རྒྱལ་ཉ་དཔྱད་འབྲིང་མཆུ་ཡི་ཉ། དཔྱིད་ཐ་སྦོ་ཉ་དབྱར་དང་ས་རིས་ཉ། དབྱར་འབྲིང་ལྷ་མཚམས་དབྱར་ཐ་སྣོན། སྟོན་ར་གྲོ་བཞིན་སྟོན་འབྲིང་མོན་གྲེ་ཉ། སྟོན་ཐ་ཁྲུམས་སྟོད་དགུན་ར་དབྱུག་གུ་ཉ། དགུན་འབྲིང་སྨིན་དྲུག་དགུན་ཐ་མགོ་ཡི་ཉ། བདུན་ཟུར་རྣམས་ལ་ཉ་ཚེས་གོ་ལྡོག་འགྱུར་སྐར་ཁང་མང་དོགས་ཡོད་པས་མིག་སྐར་བསྟུན་ཉ་སྒོ་ཚེས་སྒོ་སྤྱད་པས་ལྷག་ཆད་བཙལ་ལོ་ཞེས་པའི་དོན་ནི། ཕལ་ཆེར་གོ་སླ་མོད་འོན་ཀྱང་མིག་སྐར་ནི། དེང་སང་འབྲོག་པ་སོགས་རྒན་རྒོན་དོན་མ་གོ་བ་འགའ་ཟླ་བ་དང་སྐར་མ་ལྷན་ཅིག་ཏུ་འདུག་པ་ཙམ་ལ་དོན་དུ་བཟུང་ནས། ས་རིས་དང་ནག་རྩིས་བཀའ་ཆད་པ་གསོད་པ་མང་པོ་མཐོང་སྟེ། དེ་ལ་སྐར་མ་དང་ཟླ་བའི་འཕྲོད་ལུགས་རིམ་པ་གསུམ་སྟེ། ཟླ་བ་ནི་གཟའ་དང་ངོ་བོ་གཅིག་པར་ཡབ་ཀྱི་ཚུལ་དང་སྐར་མ་ནི་རྒྱུ་སྐར་གྱི་ལྷ་མོ་སྟེ། དེ་གཉིས་སྙོམས་པར་ཞུགས་པའི་ཚུལ་ཡིན་ལ། དེ་ལ་བེའུ་འཇུག་པ་དང་། །སྙོམས་འཇུག་གི་འཇུག་པ་དང་། ཁྱུ་མཆོག་གི་འཇུག་པའོ། །ཟླ་བ་སྔོན་ནས་འགྲོ་ཞིང་སྐར་མ་རྗེས་ན་འདུག་པ་ནི་བེའུ་འཇུག་པའོ། །སྔོན་ནས་ཚུར་ནུ་བ་ལྟ་བུའོ། །སྐར་མ་སྔོན་


CMR058_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འགྲོ་ཞིང་ཟླ་བ་རྗེས་ནས་འགྲོ་བ་ནི་ཁྱུ་མཆོག་སྦྱོར་བའོ། །གླང་གི་བ་ལ་རྗེས་ནས་སྤྱོད་པ་སྤྱོད་པ་ལྟ་བུའོ། །གཟའ་སྐར་ལྷན་ཅིག་ཏུ་འཛོམ་པ་ནི་སྙོམས་འཇུག་གི་སྦྱོར་བའོ། །རྒྱལ་ཆེན་རིགས་བཞིའི་ལྷ་དང་གླིང་བཞིའི་མི་རྣམས་སྙོམས་པར་འཇུག་ནས་ལྷན་ཅིག་སྟེང་དུ་འཛོམ་པ་ལྟ་བུའོ། །དེ་ནས་ཉ་སྐར་འཕྲོད་ལུགས་གསུམ་སྟེ་ཤར་སྐར་བདུན་ལ་ཤར་དུ་ཉ་དེ་གཙོ་ཆེ། ནུབ་ཀྱི་སྐར་མ་ལ་ནུབ་ཏུ་ཉེ་བ་དེ་གཙོ་ཆེ། ལྷོ་བྱང་གཉིས་པོ་ནམ་མཁའི་དཀྱིལ་དུ་འཛོམ་པ་གནད་ཆེ། དེ་ལྟར་ན་ཉ་སྐར་མ་འཆུག་པ་གལ་ཆེ། ཉི་སྐར་ཧ་ཅང་འཆུག་ན་ཟླ་ལྷག་ཡོད་པའི་རྟགས་སོ། །དེ་ནས་སྐར་ཡིག་དང་མིག་སྐར་བསྟུན་པ་ཤི་སྐར་ངོས་ཟིན་ངེས་བྱས་ནས། སྐར་མའི་འབྱུང་བ་མ་འཆུག་པར་བྱས་ནས་བརྩི་བྱའི་སྲོག་ལུས་དབང་ཐང་ཀླུང་རྟ་རུས་ཁམས་ལྔ་དང་སྐར་མ་རྐྱང་པ་འཐབ་བོ། །དེ་ཡན་གྱི་གཤིན་རྡེལ་རྩ་བ་ལྔ་བཅུ་ཚང་ངོ་། ༈ །དེ་ནས་ཧལ་ཁྱི་ནི་ལྕགས་ཡིན་པས། ལྕགས་ཁོ་ན་དང་སྲོག་ལུས་དབང་ཐང་རླུང་རྟ་རུས་ཁམས་ལྔ་འཐབས་པས་རྡེལ་ལྔ་བརྒྱབ། གྱི་ལིང་དང་བྱི་ལིང་པི་ལིང་རྣམས་དོན་གཅིག་ཏུ་འགྱུར་ཁྱད་ཡིན་ཏེ། །གྱི་ལིང་འཕུར་རྩིས་ཚེས་ལ་འཁོར། །པི་ལིང་


CMR058_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ནི་ས་ཡིན་ཏེ། །འཕུར་ནས་ཕྱོགས་མདོག་འབྱུང་བར་འགྱུར། །པི་ལིང་ཤར་གནས་ཤིང་ལ་ལྷོ་གནས་མེ། །ནུབ་གནས་ལྕགས་ལ་བྱང་གནས་ཆུ། །མཚམས་བཞིར་གནས་པ་ས་ཡིན་ནོ། །པི་ལིང་མ་འཕུར་བར་པ་ཡིན་ཀྱང་འཕུར་ནས་ཕྱོགས་མདོག་གོ །འཕུར་ལུགས་ནི་ཕག་ལུག་ཡོས་གསུམ་ལྷོ་ནས་ཚེས། །མེ་ས་རླུང་ལྕགས་ཤིང་དང་ནི། །གནམ་རི་ཆུ་ནས་མེ་རུ་འོང་། །སྟག་རྟ་ཁྱི་གསུམ་ཤར་ནས་ཚེས། །ཤིང་རླུང་རི་དང་མེ་ཆུ་ས། །གནམ་ལྕགས་ཡང་གཅིག་ཟིན་དུ་འོང་། །བྱི་འབྲུག་སྤྲེལ་གསུམ་ནུབ་ནས་ཚེས། །ལྕགས་རི་གནས་ས་ཆུ་མེ་རི་རླུང་། །ཤིང་ནས་ཡང་གཅིག་ལྕོགས་སུ་འོང་། །བྱ་གླང་སྦྲུལ་གསུམ་བྱུང་ནས་ཚེས། །ཆུ་རི་གནམ་ཟིན་ལྕགས་རླུང་དང་། །མེ་ནས་ཡང་གཅིག་ཆུ་རུ་འོང་། །ཞེས་གསུངས་པ་ལྟར། འཕུར་ནས་འབྱུང་བ་གང་ཡིན་དེ། བརྩི་བྱའི་སྲོག་ལུས་དབང་ཐང་རླུང་རྟ་རུས་ཁམས་ལྔ་འཐབས་པས་རྡེལ་ལྔ་རྒྱབ་སྟེ། ཚེས་གྲངས་ནམ་ཤི་བའི་ཉིན་པར་བརྩིའོ། །ནམ་ཤི་བའི་ཟླ་བ་དེར་བརྩི་སྟེ། ཟླ་སྟོད་ས་ལ་ཟླ་སྨད་ལྕགས། ཞེས་གསུངས་པའི་སའམ་ལྕགས་གང་རེད་དེ་དང་། བརྩི་བྱའི་སྲོག་ལུས་དབང་ཐང་རླུང་རྟ་རུས་ཁམས་ལྔ་


CMR058_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

འཐབ་ལ་རྡེལ་ལྔ་བརྒྱབ་བོ། །དེ་ལྟར་ཧལ་ཁྱི་བྱི་ལིང་ཟླ་བ་གསུམ་ལ་རྡེལ་བཅོ་ལྔའོ། །དེ་ནས་སོ་འཕྲང་གཅེས་གསུམ་ནི། གསོན་པོ་ཕོ་ངོ་དུ་ཡོད་ཆེ་བ་མགོ་སེ་བ་གཅིག་དང་ཆུང་ངུ་གཞོན་ནུ་རྟིང་དམར་དང་འབྲིང་བ་སྐྱེས་དར་མ་གསུམ་ཞེས་གསུངས་པའི་དོན་ནོ། །ཕ་ཚན་ཕོ་ངོས་དུ་ཡོད་ན། ཕོ་ངེས་ཁོ་ནའི་ནང་ནས་སོ་འཕྲང་གཅེས་གསུམ་ཕུད། དུད་སྙོམས་ལྟ་བུ་ཕོ་ངོས་ཁོ་ན་དེ་གསུམ་མ་ཚང་ན་དུད་དེ་ཡི་ཕོ་མོ་སྤྱི་སོ་ནས་སོ་འཕྲང་གཅེས་གསུམ་ཕུད་དེ། རྒྱ་འབོར་ཆུང་བ་འདི་ལ་གཤིན་པོའི་སྲོག་ལུས་དབང་ཐང་རླུང་རྟ་བླ་གཟའ་ལྔ་དང་གསོན་པོའི་སྲོག་ལུས་དབང་ཐང་རླུང་རྟ་རུས་ཁམས་འཐབ་སྟེ། བརྩི་བྱའི་གསོན་པོ་ཡིན་པའི་ཕུག་གཤིན་པོ་ཚུར་ཤར་རྒྱུ་ཡིན་ནོ། །དེ་ལྟར་སོ་འཕྲང་གཅེས་གསུམ་ལ་རྡེལ་བཅོ་ལྔའོ། །གཤིན་པོས་བླ་གཟའ་དང་གསོན་པོའི་བླ་གཟའ་འཐབ་པ་ཡང་ཡོད་དེ། གཤིན་པོས་བླ་གཟའ་དང་གསོན་པོའི་རུས་ཁམས་འཐབ་ན་ལེགས། ཡང་འགའ་ཞིག་གིས་གཤིན་པོ་བརྩི་བྱ་བྱེད་ནས་གཤིན་པོ་ལ་གསོན་པོ་བར་འཆར་རྒྱུ་བྱེད་མཁན་མང་ཡང་། དེ་ནས་གོ་བ་མ་ཐོབ་སྟེ། རྒྱ་འབོར་ཆུང་བའི་སྐབས་སུ་དེ་མི་རུང་། གཤིན་པོས་གསོན་པོ་བཅད་ན་དེ་མི་


CMR058_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ན་ཚ་འོང་རྒྱུ་ཡིན་ལ། གསོན་པོས་གཤིན་པོ་བཅད་ན་ལེགས་རྒྱུ་ཡིན་པས་གོ་བ་ལེགས་པས་དེ་རུང་ངོ་། །བརྒྱ་འབོར་ཆེན་པོ་རྒྱབ་ན་ནི་འགྲོས་གསུམ་ཁ་ཡི་རྡེལ་སོས་འབྲད་ལ་ཡང་བརྒ་དགོས་སོ། །དེ་ནས་གསོན་པོའི་ཁོང་ནས་གཤིན་འདོན་པ་ནི། ༈ གནམ་གྱི་འཇུག་ཐག་ཆད་དང་མ་ཆད་ལྟ་བ་ནི། བརྩི་བྱའི་ལོག་མེན་ཞེས་པ་གནམ་ལོའི་ཚབ་བརྩི་བྱའི་དབང་ཐང་གི་བུ་སྟག་ནས་སྐྱེས་པ་ཐུར་སྦུབ། བུད་མེད་དབང་ཐང་གི་མ་སྤྲེལ་ནས་གྱེན་བགྲང་བརྩི་བྱའི་ལོག་མེན་སྐོར་ལ་ལོག་མེན་གར་བབས་དེ་ཉིད་ཐེ་བའི་ཡར་ལྔའི་སྲོག་ལུས་དབང་ཐང་རླུང་རྟ་ཁམས་དང་ལྔ། བརྩི་བྱའི་སྲོག་ལུས་དབང་ཐང་རླུང་རྟ་ཁམས་དང་ལྔ་འཐབ་བོ། །འདི་ཉིད་གཞན་དང་མི་འདྲའི་ཁྱད་པར་བརྩི་བྱའི་རུས་ཁམས་དང་ལོག་མེན་དབང་ཐང་འཐབ། ཁམས་ཞེས་བྱ་བ་ནི་དབང་ཐང་དང་དོན་གཅིག་གོ །ཡང་ས་ཡི་བརྟན་ཕུར་བུད་མ་བུད་ནི། ལོག་མེན་དང་བཅས་པ་མར་ལྔ་སྲོག་ལུས་དབང་ཐང་རླུང་རྟ་ཁམས་དང་ལྔ། །བརྩི་བྱའི་སྲོག་ལུས་དབང་ཐང་རླུང་རྟ་ཁམས་དང་ལྔ་འཐབ། ༈ དབུས་ཀྱི་རི་རབ་འགྱེལ་མ་འགྱེལ་ནི། ལོག་མེན་དེ་ཉིད་སླར་རྒྱབ་ཞིག་བྱེད་པར་བཤད་ཀྱང་། བརྩི་བྱའི་ལོའི་


CMR058_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ཟུར་ནི། བརྩི་བྱ་ཤིང་བྱི་ཡིན་ན་ལྕགས་རྟ་ནས་སྐྱེས་པ་ཡིན་ན་སྒྲུབ། བུད་མེད་ཡིན་ན་གྱེན་དུ་བརྩི་སྟེ། ལོ་གྲངས་གར་བབ་དེ་བརྩི་བྱའི་སྲོག་ལུས་དབང་ཐང་རླུང་རྟ་ཁམས་དང་ལྔ་འཐབ། རུས་ཁམས་དེ་ཡི་སྲོག་དང་འཐབ་བོ། །འདི་ནི་མན་ངག་ལུགས་སོ། །དེ་ལྟར་འཇུ་ཐག་བརྟན་ཕུར་རིམ་གསུམ་སྟེ། གསོན་ཁོང་ནས་གཤིན་འདོན་པའི་རྡེལ་བཅོ་ལྔའོ། དེ་ནས་གཤིན་ཁོང་ནས་གསོན་འདོན་པའི་དུར་གཤེད་མཚང་ཚོལ་གྱི་རྡེལ་ལྔ་ནི། །དང་པོ་གཅེས་པའི་ལོག་མེན་འཐབ་པའི་རྡེལ་ལྔ། ཞེས་པ་ནི་བརྩི་བྱའི་ལོག་མེན་བསྐོར་ལ། སྐྱེས་དར་མ་ཡིན་ན་སྲོག །རྒན་རྒོན་བྱིས་སྔ་ཡིན་ན་ལུས། བྱིས་སྦ་བུད་མེད་ཡིན་ན་དབང་ཐང་། ཡོན་ཏན་ཅན་ཡིན་ན་རླུང་རྟ་དང་འཐབ་སྟེ། དེ་བཞི་གང་བྱེད་ཀྱང་རྡེལ་གཅིག་བཞག་གོ །སྐྱེས་པའི་རླུང་རྟ་འཐབ་པའི་རྡེལ་གཅིག་དང་གཉིས། ཞེས་པ་ནི་བརྩི་བྱའི་མ་དེ་ཡོད་དམ་མེད་ཀྱང་རུང་སྟེ། །ད་ལྟ་ཡོད་ན་ལོ་དུ་ལོན་བརྩིས་ལ་དེའི་ནང་ནས་བརྩི་བྱའི་ལོ་དུ་ལོན་ནས་གཅིག་མ་གཏོགས་ཕྲིས་ནས། མ་དེ་ལོ་དུའི་སྟེང་དུ་རྩིས་བུ་དེ་སྐྱེས་པ་ཡིན་ཤེས་སོ། །དེ་ནས་མ་དེའི་སྤར་ཁ་བསྐོར་བས་སྤར་ཁ་གང་ལ་བུ་གཅིག་བཞག་


CMR058_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ཡིན་ན་ཡང་བརྩི་བྱ་དེ་རྩིས་ཞེས་པས། སྤར་ཁ་དེ་བརྩི་བྱའི་སྐྱེས་རླུང་ཡིན་པ་དེ་དང་། གནམ་ལོའི་སྐྱེས་རླུང་ནི། རྟ་སྦྲུལ་ཡིན་ན་ལི་སྟེ་མེ། བྱ་སྤྲེལ་དྲ་ལྕགས་ཡིན་དེ་གཉིས་འཐབ་ནས་རྡེལ་གཅིག་བཞག་རྒྱུ་ཡིན་ན་ཡང་བརྩི་བྱ་སྒས་པའི་སྟབས་ཀྱིས་མའི་ལོ་མ་ཤེས་ན། གནམ་ལོའི་སྐྱེས་རླུང་སྟེ་ལོ་ཡི་དབང་སྐལ་གྱིས་སྤར་ཁ་དེ་དང་། བརྩི་བྱའི་སྐྱེས་པ་སྟེ་དར་མ་སྲོག་དང་རྒན་རྒོག་དང་བྱིས་སྦ་ལུས། བུད་མེད་དབང་ཐང་ཡོན་ཏན་ཅན་དང་། སྡེ་དཔོན་ལ་ཀླུང་རྟ་དང་འཐབ་ལ་རྡེལ་གཅིག་བཞག་གོ །དེ་ནས་བརྩི་བྱའི་སྐྱེས་སྨེ་དང་སྲོག་སྨེ་གཉིས་འཐབ་སྟེ། སྐྱེས་སྨེ་ཉིད་བརྩི་བྱར་བྱས་ལ་རྡེལ་གཅིག་བཞག་གོ ༈ །བརྩི་བྱའི་བླ་གཟའ་དང་གཤིན་གཟའ་སྟེ། ཤི་ཉིན་གྱི་གཟའ་འཐབ་པའི་རྡེལ་གཅིག་བཞག་སྟེ། བླ་གཟའ་ཉིད་བརྩི་བྱར་བྱའོ། །བརྩི་བྱའི་བླ་སྐར་དང་ཤི་ཉིན་གྱི་ཤི་སྐར་གཉིས་འཐབ་པའི་རྡེལ་གཅིག་བཞག་པ་དང་རྡེལ་ལྔའོ། །སྐྱེས་སྨེ་ལ་རིགས་མང་ན་ཡང་འདི་སྐབས་ཀྱི་སྐྱེས་སྨེ་ནི་གནས་པ་ཡུལ་གྱི་སྨེ་བ་ལ་ངོས་འཛིན་ཏེ། རྟ་སྦྲུལ་གྱི་སྐྱེས་སྨེ་དགུ་དམར་ལུག་གཉིས་ནག །བྱ་སྤྲེལ་བདུན་དམར། ཁྱི་དྲུག་དཀར། བྱི་ཕག་གཅིག་དཀར། གླིང་


CMR058_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་དཀར། སྟག་ཡོས་གསུམ་མཐིང་། འབྲུག་བཞི་ལྗང་ཡིན་ཏེ་མ་རླུང་དང་མཐུན་ནོ། །བླ་སྐར་ནི་སྐར་ཡིག་ཕལ་ཆེར་ན་ཡོད་པས་འདིར་བྲི་མི་དགོས་སོ། །དེ་ལྟར་རྩ་བའི་རྡེལ་ལྔ་བཅུ་ཧལ་ཁྱི་བྱི་ལིང་ཟླ་བ་གསུམ་ལ་རྩ་བའི་རྡེལ་བཅོ་ལྔའོ། །སོ་འཕྲང་གཅེས་གསུམ་ལ་བཅོ་ལྔ་དང་། སུམ་ཅུ་ཐམ་པའོ། །གསོན་ཁོང་ནས་གཤིན་བཏོན་པའི་རྡེལ་བཅོ་ལྔའོ། །གཤིན་ཁོང་ནས་གསོན་བཏོན་པའི་རྡེལ་ལྔ་དང་ཉི་ཤུ། དེ་རྣམས་བསྡོམས་པས་ལྔ་བཅུའོ། །གཤིན་ཐང་རྩ་བའི་རྡེལ་ལྔ་བཅུ། ཡན་ལག་གི་རྡེལ་ལྔ་བཅུ་ཐམ་པ་འདི་བརྒྱ་འབོར་ཆུང་བ་ཡིན་ཏེ་རྡེལ་ཕྲེང་ཉི་ཤུ་སོ་སོར་བགྲངས་ལ་དཀར་པོ་མང་ན་དཀར་རོ། ནག་པོ་མང་ན་ནག་པོ་བཞག་པས་རྡེལ་ཉི་ཤུ། འཕྲེད་དུ་སྲོག་ལུས་དབང་ཐང་རུས་ཁམས་ཀྱི་རྡེལ་བརྩིས་ནས་དཀར་ནག་གང་མང་གིས་ཁ་དམར་གྱི་རྡེལ་བཞག་པས་ཁ་དམར་གྱི་རྡེལ་ཉེར་ལྔ་ཕུད་པས་རྡེལ་སུམ་ཅུ་སྟེ། དེ་ལྟར་བརྒྱ་འབོར་ཆུང་བ་ལ་ཡང་དྲིལ་རྡེལ་བརྒྱ་དང་ལྔ་བཅུ་བརྒྱབ་ལ། དཔྱད་དོན་བདུན་མས་ཁོག་ཕུབ། རེ་མིག་དང་ཁ་དམར་རྡེའུ་རྣོ་སྟངས་གཅོད་པར་བྱའོ། །སྤྱི། ད་ནི་བརྒྱ་འབོར་འབྲིང་བ་རྒྱབ་ལུགས་ནི། གཞུང་ལས། གནམ་


CMR058_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་དང་གསོན་པོ་འཐབ་པ་དཀར་འགྲོས། ཞེས་གསུངས་པའི་དོན་ནི། གསོན་པོའི་ནང་ནས་གལ་གང་ཆེ་བ་གཅིག་བརྩི་བྱར་བྱས་ནས་གནམ་ལོ་དང་འཐབ་པའི་རྡེལ་ལྔ་བརྩི་བྱ་དེ་ཡི་ལོག་མེན་སྐོར་ལ་རྡེལ་ལྔ་རྩིས་ཀྱི་སྤར་ཁའི་རྡེལ་ལྔ། བརྩི་བྱའི་སྨེ་བ་རྡལ་ལྔ། བརྩི་བྱའི་དར་རྒུད་ནི་སྲོག་གནམ་ལོ་ལུས་ཟླ་བ་དང་། དབང་ཐང་བརྩི་བྱའི་ཉིད་ཀྱི་ཉི་མ་རླུང་རྟ་རྩིས་བྱེད་དུས་ཀྱི་དུས་ཚོད་ལ་གཏུགས་པས། ཟླ་བ་རྩིས་བྱེད་དུས་ཀྱི་ཟླ་བ་ཉི་མ་རྩིས་བྱེད་ཉིན། དུས་ཚོད་རྩིས་བྱེད་ཀྱི་དུས། སྐར་མ་རྩིས་བྱེད་དུས། གཟའ་རྩིས་བྱེད་ཉིན་གྱི་གཟའ་དང་འཐབ་སྟེ་རྡེལ་ལྔ་བཅུ་རྐྱེབ། རྒྱབ་ལུགས་ཐམས་ཅད་གོང་དང་འདྲ། འདིར་དཀར་འགྲོས་ཏེ་གསོན་པོ་ལ་རྒྱབ་རུང་ངོ་། །དེ་ནས་གསོན་པོ་དང་གཤིན་པོ་འཐབ་པ་ཁྲ་འགྲོས་གསུངས་པའི་དོན། གསོན་པོ་གལ་གང་ཆེ་བ་གཅིག་བརྩི་བྱར་བྱས་ལ། གཤིན་པོའི་ལོ་སྙིང་དང་གསོན་པོ་འཐབ་པའི་རྡེལ་ལྔ། གཤིན་པོའི་ལོག་མེན་གར་བབ་དང་གསོན་པོ་འཐབ་པའི་རྗེལ་ལྔ། གཤིན་པོའི་སྤར་ཁ་དང་གསོན་པོ་འཐབ་པའི་རྡེལ་ལྔ། གཤིན་པོའི་སྲོག་ལུས་དབང་ཐང་རླུང་གི་འཕུར་སྨེ་དང་། གསོན་པོའི་སྲོག་ལུས་དབང་ཐང་འཕུར་སྨེ་བཅས་ལ་


CMR058_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

འཐབ། གཤིན་པོའི་སྐྱེས་སྨེའི་འཕུར་སྨེ་དང་གསོན་པའི་རུས་ཁམས་འཐབ་པའི་རྡེལ་ལྔ། གསོན་པོའི་སྲོག་གནམ་ལོ་ལ་གཏུག །ལུས་གཤིན་པོ་ཤི་དུས་ཀྱི་ཟླ་བ་ལ་གཏུག་གོ །དབང་ཐང་གཤིན་པོ་ཤི་བའི་ཉི་མ་ལ་གཏུག །རླུང་རྟ་ཤི་བའི་དུས་ཚོད་ལ་གཏུག་གོ །རུས་ཁོམས་གཤིན་པོའི་སྤར་ཁའི་དབང་སྐར་ལོ་ལ་གཏུག །གསོན་པོའི་སྲོག་ལུས་དབང་ཐང་རླུང་རྟ་རུས་ཁམས་ལྔ། གཤིན་པོ་ཤི་ཉིན་སྲོག་ལུས་དབང་ཐང་རླུང་རྟ་སྲོག་དང་ལྔ་འཐབ། གསོན་པོའི་སྲོག་ལུས་དབང་རླུང་དང་རུས་ཁམས་ལྔ། གཤིན་པོ་ཤི་བའི་དུས་ཚོད་སྲོག་ལུས་དབང་ཀླུང་སྲོག་དང་ལྔ་འཐབ། གཟའ་ཡང་ཤི་དུས་གྱི་གཟའ་སྐར་མ་ཡང་གསོན་པོའི་བརྩི་བྱ་འཐབ་ཅིང་རྡེལ་རྒྱོབ་ལུགས་གོང་དང་འདྲའོ། །དེ་ལྟར་དཀར་འགྲོས་ནག་འགྲོས་ཁྲ་འགྲོས་གསུམ་བསྒྲིགས་ནས་བརྒྱབས་པས་ལྔ་བཅུ་ཚན་གསུམ་དང་། ཡན་ལག་གོང་དང་བཤད་པའི་ལྔ་བཅུ་དང་གཉིས་བརྒྱབ་བོ། །དེ་ནས་གཤིན་ཟངས་ཁྱམ་དུ་བརྩི་ན། ཁ་དམར་གྱི་རྡེལ་ཉི་ཤུ་སྟེ་བརྩི་བྱའི་སྲོག་གི་མ་བུ་དགྲ་གྲོགས་དང་གནམ་ལོའི་སྲོག་གི་མ་བུ་དགྲ་གྲོགས་ཞེས་པ་ནི། སྲོག་དང་གནམ་ལོའི་སྲོག་འཐབ། བརྩི་བྱའི་སྲོག་གི་མ་དང་


CMR058_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ལོའི་སྲོག་གི་མ་འཐབ། བརྩི་བྱའི་སྲོག་གི་བུ་དང་གནམ་ལོའི་སྲོག་གི་བུ་འཐབ། བརྩི་བྱའི་སྲོག་གི་དགྲ་དང་གནམ་ལོའི་སྲོག་གི་དགྲ་འཐབ། བརྩི་བྱའི་སྲོག་གི་གྲོགས་དང་གནམ་ལོ་སྲོག་གི་གྲོགས་འཐབ། དེ་བཞིན་དུ་བརྩིའི་བྱའི་ལུས་ཀྱི་མ་བུ་དགྲ་གྲོགས་དང་ཟླ་བའི་མ་བུ་དགྲ་གྲོགས་འཐབ། བརྩི་བྱའི་དབང་ཐང་མ་བུ་དགྲ་གྲོགས་དང་། ཞག་གི་མ་བུ་དགྲ་གྲོགས་འཐབ། བརྩི་བྱའི་རླུང་རྟའི་མ་བུ་དགྲ་གྲོགས་དང་དུས་ཚོད་མ་བུ་དགྲ་གྲོགས་འཐོབ། བརྩི་བྱའི་རུས་ཁམས་མ་བུ་དགྲ་གྲོགས་སྤར་ཁ་གང་བབ་མ་བུ་དགྲ་གྲོགས་འཐབ་རྡེལ་ཉི་ཤུའོ། །དེ་ལ་ཁམས་རྡེའུ་འོག་ཏུ་བཀྲམ་ནས། རྡེལ་ཕྲེང་བཞི་ལ་རྡེལ་ལྔ་རེ་ཚང་བར་བྱས་ན་ལེགས་སོ། །དེ་ནས་དེ་ལྟར་བཞི་བཅུ་ཞེ་བཞི་རྩ་བའི་རྡེལ་གཉིས་བརྒྱ་ཉི་ཤུ་ལ། ཁ་དམར་གྱི་རྗེལ་བཞག་ལུགས་ནི། འཕྲེད་དུ་སྲོག་ལུས་དབང་ཐང་རླུང་རྟ་རུས་ཁམས་ལྔ་ཡི་ཁ་དམར་རྡེལ་བཞག་ལུགས། གྱི་ལིང་ཧལ་ཁྱི་སོགས་ཡན་ལག་གི་རྡེལ་ལྔ་བཅུ་ཁ་དམར་གང་རེད་དུ་རྗེལ་བཅུ་རེ་བཞག །དེ་ནས་བརྩི་བའི་རྡེལ་ལྔ་རེ་བཞག །བཅུ་ལ་ཚོ་གསུམ་རེ་ཡོད་པ་དེ། དང་པོ་གནམ་ལོའི་རྡེལ་གསུམ་དཀར་ནག་གང་མང་ལྟོས་ལ། དཀར་པོ་མང་ན་


CMR058_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་རོ། ནག་པོ་མང་ན་ནག་པོ་བཞག །དེ་བཞིན་དུ་གནམ་ལོའི་ལུས་གསུམ་དབང་ཐང་གསུམ། རླུང་རྟ་གསུམ་རུས་ཁམས་གསུམ་རྣམས་དཀར་ནག་བལྟས་ལ་ཁ་དམར་བཞག །དེ་ཡི་དུས་ལོག་མེན་སྤར་ཁ་སྨེ་བ། དར་རྒུད་ཟླ་བ་ཞག་དུས་ཚོད་གཟའ་སྐར་མ་རྣམས་རྡེལ་ཚན་གསུམ་པོ་བསྡུར་ནས་ཁ་དམར་གྱི་རྡེལ་ལྔ་བཅུ་ཐམ་པ་ལོགས་ཤིག་ཏུ་བཞག་གོ །ཁ་དམར་གྱི་རྡེལ་ལྔ་བཅུ་དེ་ལ་ཡང་གནམ་ལོའི་རྡེལ་ལྔ་དེ་བརྩིས་ལ་ཡང་ཁ་དམར་གཅིག་བཞག །དེ་བཞིན་དུ་རྡེལ་ཕྲེང་བཅུ་ལ་ཁ་དམར་བཅུ་བཞག །དེ་ལ་མཐུད་ནས་གོང་གི་བྱི་ལིང་སོགས་ཡན་ལག་གི་ཁ་དམར་འདིར་བཞག་ཀྱང་རུང་། སྲོག་ལུས་དབང་རླུང་གི་ཁ་དམར་དེ་ཡང་འདི་ཡི་སྐར་མའི་རྒྱབ་ནས་ཐུར་དུ་བཞག །དེ་ནས་དཔྱད་དོན་བདུན་མ་དང་གཞུང་གི་རྡེལ་བཤད་ཐམས་ཅད་ཁ་དམར་རྡེལ་བྱེད་ཅིང་། གཞན་རྡེལ་རོ་ཡིན་པས་ནུས་པ་མེད་དོ། །དེ་ནས་རེ་མིག་ཀྱང་ཁ་དམར་རྡེལ་ནས་ཕུད་དོ། །དེ་ལྟར་རྩ་བའི་རྡེལ་ཉིས་བརྒྱ་དང་ཡན་ལག་ཉི་ཤུ་དང་། ཁོ་དམར་གྱི་རྡེལ་བདུན་ཅུ་དོན་ལྔ་རེ་མིག་ཉེར་ལྔ་སྟེ་བསྡོམས་པས་བརྒྱ་འབོར་འབྲིང་བ་ལ་རྡེལ་སུམ་བརྒྱ་དང་ཉེར་བཞི་ཡོད་དོ། །སྤྱི། ༈ དེ་ལ་


CMR058_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་འབོར་ཆེན་མོ་རྒྱས་པར་འདོད་ན། གནམ་ལོ་དང་གཤིན་པོ་འཐབ་པ་ནག་འགྲོས། གསོན་པོ་དང་གཤིན་པོ་འཐབ་པ་ཁྲ་འགྲོས། གཤིན་ཐང་ལྔ་བཅུ་དཀར་ནག་ཁྲ་གསུམ་ལྔ་བཅུ་ཚན་གསུམ་རྐྱེབ་ལུགས་གོང་དང་འདྲ་བ་ལས། ཡན་ལག་གི་རྡེལ་ལྔ་བཅུ་ནག་འགྲོས་ལྟར་རྒྱབ་ལུགས་གོང་ལྟར་ཡིན་ལ། དཀར་འགྲོས་ལྟར་རྒྱབ་ལུགས་ནི། གསོན་པོ་གལ་ཆེ་བ་གཅིག་དང་། ཧལ་ཁྱི་འཐབ་པའི་རྡེལ་ལྔ་རྩིས་བྱེད་ཉིན་གྱི་བྱི་ལིང་གར་བབ་རྩིས་གསོན་པོ་དང་འཐབ་པའི་རྡེལ་ལྔ། ཟླ་སྟོད་ས་ལ་ཟླ་སྨད་ལྕགས་རྩིས་བྱེད་དུས་ཀྱི་ཟླ་བ་དང་གསོན་པོ་འཐབས་པའི་རྡེལ་ལྔ་དང་བཅོ་ལྔའོ། །དེ་ནས་རྒན་པོ་གཞོན་ནུ་དར་མ་སྟེ་སོ་འཕྲང་གཅེས་གསུམ་གྱི་སྲོག་ལུས་དབང་ཐང་རླུང་རྟ་རུས་ཁམས་ལྔ། གནམ་ལོའི་སྲོག་ལུས་དབང་རླུང་སྲོག་དང་ལྔ་འཐབ་པའི་རྡེལ་བཅོ་ལྔའོ། །དེ་ནས་གསོན་པོ་བརྩི་བྱ་དེ་ཡི་ལོག་མེན་སྐོར་ལ། ཡར་ལྔ་དང་འཐབ་པའི་རྡེལ་ལྔ། མར་ལྔ་དང་འཐབ་པའི་རྡེལ་ལྔ། བརྩི་བྱ་ཡིན་ན་གསོན་པོའི་དེའི་ལོའི་བདུན་ཟུར་ཏེ། དཔེར་ན་གསོན་པོ་ཤིང་སྟག་ཡིན་ན་ལྕགས་སྤྲེལ་ལྟ་བུའོ། །ལོ་བདུན་ཟུར་དབང་ཐང་དགྲ་ཡིན་པའི་སྟེང་ནས། ཕོ་སྦུབས་མོ་བཀན་ལ། གར་


CMR058_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

བབ་དེ་དང་བརྩི་བྱ་འཐབ་པའི་རྡེལ་ལྔ། འཐབ་ལུགས་གོང་དུ་གསལ། དེ་ལྟར་འཇུ་ཐག་དང་རྟེན་ཕུར་རི་རབ་གསུམ་ལ་བཅོ་ལྔའོ། །དེ་ནས་གསོན་པོའི་ལོག་མེན་༈ སྐོར་ལ་སྐྱེས་དར་མ་ཡིན་ན་སྲོག་དང་སྲོག་འཐབ། རྒན་དང་བྱིས་སྦྲ་ལ་ལུས་འཐབ། བུད་མེད་ཡིན་ན་དབང་ཐང་། ཡོན་ཏན་ཅན་དང་ཡ་རབས་ལ་ཀླུང་རྟ་དང་ཀླུང་རྟ་འཐབ་ལ་རྡེལ་གཅིག་བཞག །བརྩི་བྱ་གསོན་པོའི་སྐྱེས་རླུང་དང་གནམ་ལོའི་སྐྱེས་རླུང་འཐབ་པའི་གནམ་ལོའི་སྐྱེས་རླུང་དང་བརྩི་བྱའི་སྲོག་སོགས་གང་གཅེས་པ་འཐབ་སྟེ། གཅེས་པ་ནི། དར་མའི་སྲོག་གཅེས། རྒན་པ་བྱིས་སྦའི་ལུས། བུད་མེད་དབང་ཐང་། ཡོན་ཏན་ཅན་ལ་ཀླུང་རྟ་གཅེས། ཀུན་ལ་གཅེས་པ་སྲོག་ཡིན་ནོ། །དེ་ལྟར་གནམ་ལོའི་སྐྱེས་རླུང་དང་བརྩི་བྱའི་གཅེས་པ་འཐབ་ལ་རྡེལ་གཅིག་བརྒྱབ། དེ་ནས་བརྩི་བྱ་གསོན་པོ་དེ་ཡི་སྐྱེས་སྨེ་འཕུར་ལ་སྐྱེས་སྨེ་དང་འཕུར་སྨེ་འཐབ་པའི་རྡེལ་གཅིག་བཞག །བརྩི་བྱའི་བླ་གཟའ་དང་རྩིས་བྱེད་ཉིན་གྱི་གཟའ་འཐབས་ལ་རྡེལ་གཅིག་བརྒྱབ། གསོན་པོ་བརྩི་བྱའི་བླ་སྐར་དང་རྩིས་བྱེད་ཉིན་གྱི་སྐར་མ་འཐབ་ལ་རྡེལ་གཅིག་དེ་ལྟར་རྡེལ་ལྔའོ། །དེ་ནས་ཁ་དམར་གྱི་རྡེལ་ཉི་ཤུ་ནི། བརྩི་


CMR058_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་སྲོག་གི་མ་བུ་དགྲ་གྲོགས་དང་། གནམ་ལོའི་མ་བུ་དགྲ་གྲོགས་འཐབ་པའི་རྡེལ་བཞི། གསོན་པོ་ལུས་ཀྱི་མ་བུ་དགྲ་གྲོགས། བརྩི་ཉིན་ཟླ་བའི་མ་བུ་དགྲ་གྲོགས་འཐབ་པའི་རྡེལ་བཞི་བརྩི་བྱའི་དབང་ཐང་མ་བུ་དགྲ་གྲོགས་དང་། རྩིས་བྱེད་ཉིན་གྱི་ཉི་མའི་མ་བུ་དགྲ་གྲོགས་འཐབ་པའི་རྡེལ་བཞི། གསོན་པོའི་རླུང་རྟའི་མ་བུ་དགྲ་གྲོགས་དང་བརྩི་ཉིན་དུས་ཚོད་མ་བུ་དགྲ་གྲོགས་འཐོབ་པའི་རྡེལ་བཞི། གསོན་པོའི་རུས་ཁམས་མ་བུ་དགྲ་གྲོགས་དང་། སྤར་ཁའི་གར་བབ་མ་བུ་དགྲ་གྲོགས་རྡེལ་བཞི་སྟེ་རྡེལ་རྣམས་ཀྱི་མཇུག་འཕྲེད་དུ་བཞག་པ་ཡིན་ནོ། །དེ་ལྟར་ཡན་ལག་གི་རྡེལ་ལྔ་བཅུ་ཟངས་ཁྱམས་ཀྱི་རྡེལ་ཉི་ཤུ་རྣམས་དཀར་འགྲོས་ལྟར་བརྒྱབས་ནས། ད་ཁྲ་འགྲོས་ལྟར་བརྒྱབ་ལུགས་ནི། ཧལ་ཁྱི་དང་གསོན་པོ་འཐབ་པའི་རྗེལ་ལྔ། གཤིན་པོ་ཤི་བའི་ཉིན་པར་གྱི་བྱི་ལིང་གར་བབ་འཐབ་པའི་རྡེལ་ལྔ། ཤི་དུས་ཀྱི་ཟླ་སྟོད་ཟླ་སྨད་གང་ཡིན་འཐབ་པའི་རྡེལ་ལྔ་སྟེ་བཅོ་ལྔའོ། །དེ་ནས་སོ་པ་འཕྲང་པ་གཅེས་པ་གསུམ་གྱི་སྲོག་ལུས་དབང་རླུང་རུས་ཁམས་ལྔ་དང་། གཤིན་པོའི་སྲོག་ལུས་དབང་རླུང་སྲོག་དང་འཐབ་པའི་རྡེལ་བཅོ་ལྔ་སྟེ་གསོན་པོར་བརྩི་བྱར་བྱའོ། །དེ་ནས་གཤིན་པོའི་


CMR058_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་མེན་སྐོར་ལ་གང་བབ་དེའི་ཡར་ལྔ་དང་། གསོན་པོའི་རྩིས་བྱ་འཐབ་པའི་རྡེལ་ལྔ། མར་ལྔ་དང་རྩིས་བྱ་འཐབ་པའི་རྡེལ་ལྔ། གཤིན་པོའི་སྲོག་ལུས་དབང་རླུང་སྲོག་དང་ལྔའོ། །བརྩི་བྱ་གསོན་པོའི་སྲོག་ལུས་དབང་རླུང་ཁམས་དང་ལྔ་འཐབ་པའི་རྡེལ་རེ་བཅོ་ལྔའོ། །དེ་ནས་གཤིན་པོའི་ལོའི་བདུན་ཟུར་དབང་ཐང་དགྲ་གཤེད་ཀྱི་ཐོག་ནས་ཕོ་སྦུབ་མོ་བཀན་ལ་གང་བབ་དེ་དང་། གསོན་པོ་བརྩི་བྱ་འཐབ་པའི་རྡེལ་གཅིག་བཞག །དེ་ལ་དར་མ་སྲོག་རྒན་བྱིས་ལུས། བུད་མེད་དབང་ཐང་། ཡོན་ཏན་ཅན་ལ་ཀླུང་རྟ་འཐབ་བོ། །དེ་ནས་བརྩི་བྱ་གསོན་པོ་དང་གཤིན་པོ་གཉིས་ཀྱི་མ་ལ་སྐྱེས་དུས་ཀྱི་རླུང་རྟ་འཐབ། དེ་མི་ཤེས་ན་གསོན་གཤིན་གྱི་ལོ་ཡི་སྐྱེས་རླུང་གཉིས་འཐབ་སྟེ་གསོན་པོའི་བརྩི་བྱའོ། །སྐྱེས་རླུང་དང་ལོ་ཡི་སྐྱེས་རླུང་ནི་གོང་དུ་གསལ། དེ་ནས་གསོན་པོའི་སྐྱེས་སྨེ་དང་། གཤིན་པོའི་སྲོག་སྨེའི་འཕུར་སྨེ་དང་འཐབ་པའི་རྡེལ་གཅིག །གསོན་པོའི་བླ་གཟའ་དང་ཤི་ཉིན་ཀྱི་གཤིན་གཟའ་གཉིས་འཐབ་པའི་རྡེལ་གཅིག །གསོན་པོའི་བླ་སྐུར་དང་ཤི་ཉིན་ཀྱི་གཤིན་སྐར་གཉིས་འཐབ་པའི་རྡེལ་ལྔའོ། ༈ །དེ་ནས་ཟངས་ཁྱམས་རྡེའུ་ཉི་ཤུ་ནི། བརྩི་བྱའི་སྲོག་


CMR058_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

གི་མ་བུ་དགྲ་གྲོགས་དང་། གཤིན་པོའི་སྲོག་གི་མ་བུ་དགྲ་གྲོགས་དང་འཐབ་པའི་རྡེའུ་བཞི། གསོན་པོའི་ལུས་ཀྱི་མ་བུ་དགྲ་གྲོགས་དང་། གཤིན་པོ་ཤི་དུས་ཟླ་བའི་ལུས་ཀྱི་མ་བུ་དགྲ་གྲོགས་འཐབས། གསོན་པོའི་དབང་ཐང་མ་བུ་དགྲ་གྲོགས་དང་། གཤིན་པོ་ཤི་ཉིན་གྱི་ཉི་མའི་དབང་ཐང་མ་བུ་དགྲ་གྲོགས་འཐབས། གསོན་པོའི་རླུང་རྟའི་མ་བུ་དགྲ་གྲོགས་དང་། གཤིན་པོ་ཞི་དུས་ཀྱི་རླུང་རྟའི་མ་བུ་དགྲ་གྲོགས་འཐབས། དེ་ལྟར་རྡེལ་བཅུ་དྲུག་གི་མཇུག་དེར་གསོན་པོའི་རུས་ཁམས་མ་བུ་དགྲ་གྲོགས་དང་གཤིན་པོའི་ཁམས་ཀྱི་མ་བུ་དགྲ་གྲོགས་།འཐབས་ཁམས་དང་དབང་ཐང་ངོ་བོ་གཅིག །རུས་ཁམས་ཀྱི་རྡེལ་བཞི་དང་རྡེལ་ཚར་བཞིའི་མཇུག་ཏུ་འཕྲེད་ལ་བཀོད་དོ། །དེ་ཁྲ་འགྲོས་ཀྱི་རྩ་བའི་རྡེལ་ལྔ་བཅུ་གོང་དུ་གསལ་ལོ། །དེ་ལྟར་ཡན་ལག་རྡེལ་ལྔ་བཅུ་དང་བརྒྱ་ཐམ་པ་བརྒྱབ། ༈ དེ་ཡང་ནག་འགྲོས་ཀྱི་བཞག་ལུགས་བརྒྱ་འབོར་ཆུང་བའི་སྐབས་སུ་བཤད་པ་ལྟར་ཡིན་ལ། བརྒྱ་འབོར་ཆེ་བའི་སྐབས་དང་ཆུང་བའི་སྐབས་གཉིས་ལ་ནག་འགྲོས་མི་འདྲ་བ་ཅུང་ཟད་ཅིག་ཡོད་པ་ནི། སོ་འཕྲང་གཅེས་གསུམ་གྱི་སྐབས་སུ་བརྒྱ་འབོར་ཆེ་བ་བྱེད་ན། ནག་འགྲོས་སྐབས་སུ་གཤིན་པོ་


CMR058_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

བརྩི་བྱར་བྱས་ལ། གསོན་པོའི་སོ་འཕྲང་གཅེས་གསུམ་ལ་སྲོག་ལུས་དབང་རླུང་ལ་འཐབ། གཤིན་པོའི་རུས་ཁམས་དང་གསོན་པོའི་སྲོག་འཐབ་པའི་རྡེལ་བཅོ་ལྔའོ། །ཟངས་ཁྱམས་རྡེའུ་ཉི་ཤུ་ནག་འགྲོས་སྐབས་སུ། གཤིན་པོའི་སྲོག་གི་མ་བུ་དགྲ་གྲོགས་དང་། གནམ་ལོའི་སྲོག་གི་མ་བུ་དགྲ་གྲོགས་འཐབ། གཤིན་པོའི་ལུས་ཀྱི་མ་བུ་དགྲ་གྲོགས་དང་། ཟླ་བའི་ལུས་ཀྱི་མ་བུ་དགྲ་གྲོགས་འཐབ། བརྩི་བྱའི་དབང་ཐང་མ་བུ་དགྲ་གྲོགས་དང་། ཉི་མའི་དབང་ཐང་མ་བུ་དགྲ་གྲོགས་འཐབ། གཤིན་པོའི་རླུང་རྟའི་མ་བུ་དགྲ་གྲོགས་དང་དུས་ཚོད་རླུང་རྟའི་མ་བུ་དགྲ་གྲོགས་འཐབ། གཤིན་པོའི་རུས་ཁམས་མ་བུ་དགྲ་གྲོགས་དང་སྤར་ཁའི་མ་བུ་དགྲ་གྲོགས་འཐབ། དེ་དག་གི་མཇུག་ཏུ་འཕྲེད་ལ་བཞག །དེ་རྒྱུ་ལྟར་ནག་འགྲོས་ལ་ཡང་རྗེལ་བརྒྱ་དང་ཉི་ཤུ་ཐམ་པ། དེ་ལྟར་ནག་འགྲོས་ཀྱི་རྩ་བའི་རྡེལ་ལྔ་བཅུ། ཡན་ལག་གི་རྡེལ་ལྔ་བཅུ། ཁ་དམར་གྱི་རྗེལ་ཉི་ཤུ་སྟེ། དེ་ལྟར་ཡར་དྲིལ་ནག་འགྲོས་ཀྱི་རྡེལ་བརྒྱ་དང་ཉི་ཤུ། ཁྲ་འགྲོས་ཀྱི་རྡེལ་བརྒྱ་དང་ཉི་ཤུ། དཀར་འགྲོས་ཀྱི་རྡེལ་བརྒྱ་དང་ཉི་ཤུ། །རྣམས་འཕྲད་དུ་བསྒྲིགས་ནས་བཞག་པས་རྡེལ་སུམ་བརྒྱ་དང་དྲུག་ཅུ།


CMR058_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

རྡེལ་ཚར་བདུན་ཅུ་དོན་གཉིས་ཡོད་པའི་ནང་ནས། དང་པོ་གནམ་ལོའི་སྲོག་རྡེལ་གསུམ་དཀར་པོ་མང་ན་དཀར་པོ། ནག་པོ་མང་ན་ནག་པོ་བཞག་སྟེ་དེ་བཞིན་དུ་གནམ་ལོའི་སྲོག་ལུས་དབང་རླུང་རུས་ཁམས་ཀྱི་རྡེལ་རྣམས་དཀར་ནག་གང་མང་གི་ཁ་དམར་ལོག་ཏུ་བཞག །དེ་ལྟ་བུ་ལོག་མེན། སྤར་ཁ། སྨེ་བ། དར་རྒུད། ཟླ་བ། ཞག་དུས་ཚོད། །གཟའ་སྐར་མ་ཧལ་ཁྱི། པི་ལིང་། ཟླ་བ། སོ་འཕྲང་གཅེས་གསུམ། འཇུ་དག་རྟེན་ཕུར། རི་རབ་མཚང་ཚོལ། །ཁ་དམར་ཉི་ཤུ་རྡེའུ་ཐམས་ཅད་ཚན་གསུམ་པོ་བསྡུར་ནས་བཞག་པས་ཁ་དམར་རྡེའུ་བརྒྱ་ཉི་ཤུ་རྣམས་རྡེལ་གསུམ་ཁ་བརྩིས་ནས་ཁ་དམར་ཉི་ཤུ་བཞག་པ་སོགས་རྡེལ་ཚར་ཉེར་བཞི། ཁ་དམར་ཉེར་བཞི། དེ་ནས་སྲོག་ཐམས་ཅད་ཕྱོགས་གཅིག་ཏུ་བརྩིས་པའི་ཁ་དམར་བཞག །དེ་བཞིན་དུ་ལུས་དབང་ཐང་རླུང་རྟའི་རུས་ཁམས་ལྔ་ལ་ཁ་དམར་གྱི་རྡེལ་ལྔ་བཞག །ཁ་དམར་སྟངས་གཅོད་ཀྱི་རྡེལ་བརྒྱ་དང་ཞེ་དགུའོ། །དེ་ནས་བཟང་ངན་གྱི་བཤད་པ་ཐམས་ཅད་གཞུང་བཤད་ཐམས་ཅད་ཀྱི་སྟངས་གཅོད་ཀྱི་བརྒྱ་དང་ཞེ་དགུ་པ་འདི་ལ་བྱེད་ཅིང་། གོང་གི་རྡེལ་སུམ་བརྒྱ་དྲུག་ཅུས་ཕན་ཐོགས་མི་ནུས་སོ། །འོ་དེ་


CMR058_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱབ་ན་དགོས་པ་མེད་དོ་སྙམ་ན། སུམ་བརྒྱ་དྲུག་ཅུ་ནི་མ་བརྒྱབ་པར་ཁ་དམར་སྟངས་གཅོད་ཀྱི་རྡེལ་བརྒྱ་དང་ཞེ་དགུ་པོ་མི་ཤེས་པའི་ཐབས་མེད་དོ། །འདི་ལྟ་བུའི་གནད་ཅི་ཡང་མ་གོ་བར་སྙིགས་དུས་ཀྱི་རྩིས་པར་སློབ་པའི་རྟིར་རྒན་ཡ་སོ་ཅན་གྱི་བ་གླང་གི་རིགས་ཅན་འགའ་ཞིག་ན་རེ། རྗེལ་མང་བརྒྱབས་ཀྱང་བཤད་པ་གཞུང་གི་འདི་ལས་ལྷག་མོ་མི་འདུག་ཟེར་འདི་རང་རེས་ཟེར་ནས་རྡེལ་མང་བ་ལ་དགོས་པ་མེད་པ་སྐད་སྨྲས་པ་ཡོད་དེ། འཇམ་དབྱངས་ཉིད་ཀྱི་གསུང་ལས། སྤྱིར་རྡེའུ་མང་བརྒྱབ། ཁ་དམར་ཉུང་ལ་དྲིལ་བ་གདའ། དཔེར་ན་བྱ་བ་ཁག་ཆེ་བ་གཅིག་གིས་སྟངས་གཅོད་ནས། རྒྱལ་བློན་ཡུལ་གྱི་གཙོ་བོ་ཐམས་ཅད་བསྒོས་ཏེ་ཡུལ་གྱི་མི་རེའི་ཁར་མི་བཏང་བར། རྒྱལ་བློན་འབངས་འཁོར་ཐམས་ཅད་ཞལ་གང་ལ་འཆམས་པ་ཞིག་ལ་ཐག་གཅོད་པ་དང་འདྲའོ། །དེ་ནས་རེ་མིག་ཉེར་ལྔ་ཡང་ཁ་དམར་སྟོང་གཅོད་ཀྱི་རྡེའུ་ལྔ་བཅུའི་ནང་ནས་བུད་པར་བྱའོ། །བརྒྱ་འབོར་ཆེན་མོ་ལ་རྩ་བའི་རྡེལ་སུམ་བརྒྱ་དྲུག་ཅུ། ཁ་དམར་སྟོང་གཅོད་རྡེལ་བརྒྱ་དང་ཞེ་དགུ། དེ་ལས་བསྡུས་པའི་རེ་མིག་གི་རྡེལ་ཉི་ཤུ་རྩ་ལྔ། ཡང་དྲིལ་རྡེལ་ལྔ་བརྒྱ་དང་སོ་བཞི་ཡོད་དོ། །


CMR058_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་ཐང་ལྔ་བཅུ་ནག་ན་ཨི་བདེན་སྟོང་གཅོད་ཀྱི་རྡེལ་ལྔ་བཅུ། གཤིན་ཐང་ལྔ་བཅུའི་བསྡུ་དོན་དུར་གཤེད་ཚང་ཚོལ་ཡན་ལག་ལྔའི་རྩིས་ལྡེའུ་ཉེར་ལྔ་དང་རྡེལ་བདུན་ཅུ་དོན་ལྔ་པོ་ནི་རྒྱབ་དགོས་པ་དང་མི་དགོས་པ་གཉིས་ཡོད་དེ། དེ་ཐམས་ཅད་དྲིལ་ནས་གཤིན་ཐང་གི་རྩིས་ཆ་ལག་དང་བཅས་པ་འདི་ལ་རྡེལ་དྲུག་བརྒྱ་དང་དགུ་བཅུ་ཡོད་པར་ཤེས་པར་བྱའོ། ༈ །དེ་ནས་བརྒྱ་འབོར་ཆུང་བ་ཡིན་ན། ནག་འགྲོས་ཀྱི་རྩ་རྡེལ་ལྔ་བཅུ་ལ་དཔྱད་ཅིང་བརྒྱ་འབོར་འབྲིང་བ་དང་ཆེ་བ་ཡིན་ན་ཁ་དམར་གྱི་རྡེལ་ལྔ་བཅུ་ལ་དཔྱད་དེ། དེ་ཡང་དཔྱད་དོན་བདུན་མ་ལ་སྐར་མ་ཕན་བཅད་ཐིག་གི་ཕར་བཅད་དེ། དཔྱད་ལུགས་ནི་དཔེའུ་རིས་ཁོ་བོས་བྱས་པ་ལ་གསལ་ལོ། །དེ་ནས་ལོགས་ཤིག་ཏུ་རེ་མིག་ཉེར་ལྔ་བྲིས་ལ། བརྒྱ་འབོར་ཆུང་བ་ཡིན་ན་ནག་འགྲོས་ཀྱི་རྩ་རྡེལ་ལྔ་བཅུ། བརྒྱ་འབོར་འབྲིང་བ་དང་ཆེ་བ་ཡིན་ན་སྟོང་གཅོད་ཀྱི་ལྡེའུ་ལྔ་བཅུ་ལ་མ་ནོར་བར་བལྟ་ཞིང་། རེ་མིག་ཉེར་ལྔའི་རྡེལ་བཞག་གཞུང་གིས་རྡེལ་ཚུར་ལན་སྲོལ་ཡོད་ཀྱང་དེ་བླངས་ན་དཔྱད་མི་བདེ་བས། རྡེལ་ལོགས་ནས་གསར་དུ་བཞག་པ་ལེགས་སོ། །རྡེལ་ཐུར་དུ་བཞག་ན་ནོར་སླ་བས། འཕྲད་དུ་རིམ་པར་བཞག་ན་བདེའོ། །ལོའི་


CMR058_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་རྡེལ། ཟླ་བའི་སྲོག །ཉི་མའི་སྲོག །དུས་ཚོད་སྲོག །སྐར་མའི་སྲོག་རྣམས་བཞག །དེ་འོག་ཏུ་ཟླ་བའི་ལུས། ལོ་ཡི་ལུས། དུས་ཚོདཀྱི་ལུས། ཉི་མའི་ལུས། སྤར་ཁའི་ལུས། བར་མ་ལ་ཉི་མའི་དབང་ཐང་། དུས་ཚོད་ཀྱི་དབང་ཐང་། གཟའི་དབང་ཐང་། ཟླ་བའི་དབང་ཐང་། ལོ་ཡི་དབང་ཐང་དེ་ཡི་འོག་ཏུ་དུས་ཚོད་རླུང་རྟ། སྨེ་བའི་རླུང་རྟ། ཟླ་བའི་རླུང་རྟ། སྤར་ཁའི་ཀླུང་རྟ། སྐར་མའི་ཀླུང་རྟའོ། །ཁ་ཅིག་ནས་ལོའི་ཀླུང་རྟ་ཟེར་བ་དང་། ཁ་ཅིག་ནས་ཉི་མའི་ཀླུང་རྟ་ཟེར་བ་འདྲ་མིན་བྱུང་ན་ཡང་། སྐར་མའི་ཀླུང་རྟ་བྱེད་མཁན་མང་། འོག་ལ་ལོའི་དར་རྒུད། ཟླ་བའི་དར་རྒུད། ཉི་མའི་དར་རྒུད། དུས་ཚོད་དར་རྒུད། སྐར་མའི་དར་རྒུད་རྣམས་ཏེ། སྐར་མའི་དར་རྒུད་ནི་རུས་ཁམས་ཀྱི་དར་རྒུད་དེ། དོན་ལ་འོག་གི་རྡེལ་ཕྲེང་འདི་དར་རྒུད་ཀྱི་རྗེལ་ལྔ་པོ་འཕྲད་དུ་བཞག་པ་ཡིན་པའི་ཕྱིར་རོ། །དེ་ཡན་ཆོད་ཀྱི་གཤིན་རྩིས་ལྔ་བཅུ་པ་བརྒྱ་འབོར་ཆེ་འབྲིང་ཆུང་གསུམ་རྒྱོབ་ལུགས་ཞིབ་པར་བཤད་ཚར་རོ། །སྤྱི། དེ་ནས་ངེས་པར་ཨི་བདེན་སྟོང་གཅོད་མན་ངག་གི་རྡེའུ་ལྔ་བཅུ་བཤད་པར་བྱ་སྟེ། ༈ གནམ་ལོའི་རྡེལ་བུ་ནག་ན་


CMR058_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ས་མཁན་ཨེ་རྩུབ་ཟེར་བ་དེ་ངེས་པར་ཨེ་རྩུབ་ལྟ་བ་ནི། ས་མཁན་དེ་ཉིད་ཀྱི་སྲོག་ལུས་དབང་ཐང་དང་རླུང་རྟ་དང་ལྔ་ཡི་དར་རྒུད་རྩིས་སྟེ། ལྔ་ཁོ་གནམ་ལོ་ལ་གཏག་ནས་རྗེལ་ལྔ་བརྒྱབ། རྡེལ་ལྔ་དེ་ཡང་རྩིས་ལ་ཁ་དམར་གྱི་རྡེལ་གཅིག་བཞག་ལ། འདི་དང་སྔོན་མ་གཉིས་ཀ་ནག་ན་ངེས་པར་རྩུབ་པས་དེ་ནི་ས་མཁན་རང་གིས་མི་བྱའོ། །དེ་ཡང་ཞིབ་པར་དཔྱད་ན་གནམ་ལོའི་ལུས་རྗེལ་སྔ་ཕྱི་གཉིས་ངན་པ་དང་ཀླུང་རྟའི་སྔ་ཕྱིའི་གཉིས་ནག་ན་ས་མཁན་བྱེད་མི་བཏུབ་ལ། དེ་གཉིས་དཀར་ལ་སྲོག་དབང་ཐང་ཁམས་རྡེལ་རྣམས་ནག་པ་ནི། ས་དགྲ་ངན་ཅིང་ས་བཟང་པོ་མི་རྙེད་པའམ། དེར་ས་བཟང་ཡང་ས་བདག་གདུག་པ་ཅན་ནི་ཕྲག་དོག་བྱེད་པ་ལྟ་བས་རང་ཅུང་ཟད་དྲག་གོ །དེ་བཞིན་དུ་འོག་མ་ཐམས་ཅད་ལ་ཡང་སྤྱིར་ནི་དང་པོར་སོ་སོར་སྲོག་ལུས་དབང་ཀླུང་ཁམས་རྡེལ་དཔྱད་པར་ཞིབ་པར་བྱས་ནས་ཐིག་ངེས་པའི་ལུང་འབོགས་པ་གལ་ཆེའོ། །ལོག་མེན་འཕྲལ་གྱི་སྐྱོན་ཡོན་བརྩི། །དེ་ཡི་རྡེལ་བུ་ནག་པ་ན། །ངན་པ་ཨེ་རེད་སྟོང་གཅོད་ནི། །ཞེས་སོགས་གསུངས་པའི་དོན་ནི། གཤིན་པོའི་ལོའི་བདུན་ཟུར་དབང་ཐང་གི་དགྲ་དཔེར་ན་གཤིན་པོ་ཤིང་བྱི་ཡིན་ན་ལྕགས་རྟ་ནས།


CMR058_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་པོ་དེ་ཕོ་ཡིན་ན་སྦུབས། མོ་ཡིན་ན་བཀན་ལ། གཤིན་པོ་ཉིད་ལོ་དུ་ལོན་བར་བརྩི། གར་བབ་དེ་དང་གསོན་པོའི་བརྩི་བྱའི་བཟའ་དཔོན་གལ་ཆེ་བ་དེ་ཡི་སྲོག་ལུས་དབང་ཐང་ཀླུང་རྟ་འཐབ། རུས་ཁམས་ལོ་དེའི་སྲོག་དང་འཐབ་ལ་རྡེའུ་ལྔ། རྡེལ་ལྔ་དེ་ཡི་ཁ་དམར་དང་དྲུག་བརྒྱབ། སྔ་ཕྱིའི་ཁ་དམར་དེ་གཉིས་ཀ་དེ་ངན་ན་ངེས་པར་ངན། རྒྱབ་ཐ་དཀར་ན་རིམ་གྲོ་ཅུང་ཟད་ཀྱིས་འགྱུར་རོ། །དེ་ཡང་སྔ་ཕྱིའི་སྲོག་ལུས་ནག་ན་སྡེའི་བདག །དབང་རྡེལ་མནའ་མ་བུ་སྲིང་ཀླུང་རྡེལ་ཞང་ཉེ། ཁམས་རྡེལ་ནོར་ལ་བརྩི་་བས་གང་ལ་རྩུབ་སྨྲ་བར་བྱའོ། །གང་ལ་རྩུབ་པ་དེ་ལ་རིགས་པས་དཔག་ན་རིམ་གྲོའི་ལུང་རྒྱབ་པར་བྱའོ། ༈ །སྤར་ཁ་ཀུན་ལ་ཁྱབ་པ་རྩིས། །ནག་ལ་ཨི་བདེན་སྟོང་གཅོད་ནི། །རྒྱུ་དོ་བདག་གལ་ཆེ་བ་གཅིག་གིས་སྲོག་ལུས་དབང་ཀླུང་རུས་ཁམས་ལྔ། གཤིན་པོའི་སྤར་ཁ་རང་དང་སྤར་ཁའི་དགྲ་དང་མ་བུ་དང་གྲོགས་དང་ལྔ་འཐབ་ལ་གོང་ལྟར་བལྟའོ། ༈ །སྨེ་བས་ད་ཕྲུག་ཡུགས་ས་རྩིས། ནག་ན་ཨི་བདེན་སྟོང་གཅོད་ནི། །གནམ་ལོའི་སྲོག་ལུས་དབང་ཀླུང་གི་སྨེ་བ་དང་། ཡུགས་སའམ་ད་ཕྲུག་གལ་གང་ཆེ་བའི་སྲོག་ལུས་དབང་ཀླུང་གི་སྨེ་བ་


CMR058_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

འཐབ། །རུས་ཁམས་གནམ་ལོའི་སྐྱེས་སྨེ་དང་འཐབ། །དར་རྒུད་ཀྱི་མི་རྒྱུད་དར་རྒུད་བརྩི་སྟེ། ནག་ན་ཨི་བདེན་སྟོང་གཅོད་ནི། གསོན་པོ་དོ་བདག་སྐྱེས་མ་གཅིག་གིས་སྲོག་ལུས་དབང་ཀླུང་རུས་ཁམས་དང་ལྔའི་དར་རྒུད་ནི་གཤིན་པོའི་སྤར་ཁའི་ལོ་དེ་ལ་གཏུག་ནས་དར་རྒུད་བསྐོར་ནས་རྡེལ་ལྔ་བརྒྱབ་བོ། །སྤར་ཁའི་ལོ་ནི་ལི་སྦྲུལ་དུ་སྤྲེལ་ཁམ་ཕག་ཟིན་སྟག་མཚམས་བཞི་གོ་སླའོ། །དེ་ཡང་ཆེ་རྒྱུད་ཆུང་རྒྱུད་སོགས་གཞུང་ལྟར་བསྐྱེད་དོ། ༈ །ཟླ་བ་བློན་པོ་གྲོས་བྱེད་བརྩི། ནག་ན་ཨི་བདེན་ནི། བརྩི་བྱ་གསོན་པོ་དོ་བདག་དེའི་སྲོག་ལུས་དབང་ཀླུང་རུས་ཁམས་ལྔའི་དར་རྒུད་བསྐོར་ལ་གཤིན་པོ་ཤི་དུས་ཀྱི་ཟླ་བ་ལ་གཏུགས་ལ་རྡེལ་ལྔ་བརྒྱབ་ཁ་དམར་དང་དྲུག །སྔ་ཕྱི་ཨི་མཚུངས་དཔྱད་དོ། ༈ །ཞག་གི་དམག་མི་བོང་ཆེན་བརྩི། ནག་ན་ཨི་བདེན་སྟོང་གཅོད་ནི། བརྩི་བྱ་གསོན་པོའི་སྲོག་ལུས་དབང་ཀླུང་རུས་ཁམས་ལྔའི་དར་རྒུད་ཤི་ཉིན་ཉི་མ་ལ་གཏུག་ལ་རྡེལ་ལྔ། ཁ་དམར་དང་དྲུག་བཞག་ལ་སྔ་ཕྱི་ཨི་མཚུངས་དཔྱད། ༈ དུས་ཚོད་མཁས་པ་སྟག་ཐོག་བརྩི། ནག་ན་ཨི་བདེན་སྟོང་གཅོད་ནི། བརྩི་བྱ་གསོན་པོའི་སྲོག་ལུས་དབང་ཀླུང་གི་དར་རྒུད་བསྐོར་ལ། གཤིན་པོ་ཤི་


CMR058_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དུས་ཚོད་ལ་གཏུག་ལ་རྡེལ་ལྔ་ཁ་དམར་དང་དྲུག་བཞག་ལ་སྔ་ཕྱི་ཨི་མཚུངས་དཔྱད། ༈ གཟའི་ཁྱིམ་གཅིག་བཟའ་མི་བརྩི། དེའི་རྡེའུ་ནག་པ་ན། དེ་ངེས་པ་ཨི་རེད་སྟོང་གཅོད་ནི། ཤི་ཉིན་གྱི་གཟའ་དེ་དར་ན་གཟའ་དེའི་འབྱུང་བ་དང་འཐབ། གཟའ་དེ་རྒུད་ན་གཟའ་དེའི་དགྲ་དང་འཐབ། གཟའ་དེ་ཞུད་ན་གཟའ་དེའི་བུ་དང་འཐབ། །གཟའ་དེ་གྱོད་ན་གཟའ་དེའི་གྲོགས་དང་འཐབ། བརྩི་བྱའི་སྲོག་ལུས་དབང་ཀླུང་རུས་ཁམས་ལྔ་དང་འཐབ། བརྩི་བྱའི་ཁྱིམ་དེའི་བཟའི་ཕ་གལ་གང་ཆེ་བ་བརྩི། ༈ །སྐར་མས་ཡུལ་་མི་ཁྱིམ་ཚེས་བརྩི། ནག་ན་ཨི་བདེན་སྟོང་གཅོད་ནི། ཤི་ཉིན་གྱི་བྱི་ལིང་འཕར་མ་དེ་འཕུར་ལ། ཤར་ཤིང་ལྷོ་མེ་ནུབ་ལྕགས་བྱང་ཆུ། མཚམས་བཞིར་བབ་ན་སར་བརྩིས་ལ། །ཡང་ཡུལ་མི་གང་དྲག་པ་དེའི་སྲོག་ལུས་དབང་ཀླུང་རུས་ཁམས་ལྔ་འཐབ་པའི་རྡེལ་ལྔ་ཁ་དམར་དང་དྲུག་བརྒྱབ་ལ་སྔ་ཕྱི་གཉིས་ཨི་མཚུངས་དཔྱད་མཚུངས་ན་ངེས་པར་བདེན་ནོ། །དཀར་ན་བཟང་ངེས་གཉིས་ཀ་ནག་ན་ངན་ངེས་སོ། ས། འདི་ཁྲ་འགྲོས་ལྟར་བྱས་ན་འདི་ཟབ་པར་མཐོང་ནས་བྲིས་པ་ཡིན་ནོ། །ཡང་འགའ་ཞིག་ནག་འགྲོས་ལྟར་བྱེད་ན། གཤིན་པོ་ཁོ་ན་


CMR058_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འཐབ་པ་མང་ཞིང་དཀར་འགྲོས་ལྟར་གསོན་པོ་དང་རྩིས་བྱེད་དུས་ཀྱི་ཉི་མ་དུས་ཚོད་འཐབ་པ་ཡང་ཡོད་ལ། ནག་འགྲོས་ལྟར་བྱེད་ན་སྤར་སྨེ་གཉིས་རྩིས་རྙིང་གསུམ་འཐབ་པར་བཤད་དོ། །འདི་གསུམ་གང་རུང་གཅིག་ལས་གསུམ་ཁ་བྱེད་སྲོལ་མེད་ཅིང་གོ་བའི་དབང་གི་ཁྲ་འགྲོས་འདི་ལེགས་སོ། །འདི་ཤིན་ཏུ་ཞིབ་པར་བྱེད་ན་དཔེར་ན་སྐར་མའི་རྡེའུ་རྣམས་ནག་ན་དེ་ཨི་བདེན་སྟོང་གཅོད་རྡེལ་བཞག་དུས་ཀྱི་བྱི་ལིང་དང་འཐབ་པ་དེ་སྲོག་རྡེལ་དེ་ཡུལ་གྱི་གཙོ་བོའི་སྲོག་དང་འཐབ་ཅིང་གཙོ་བོ་མང་པོ་ཡོད་ན་ཐམས་ཅད་དང་འཐབ། གཙོ་བོ་སུ་ལ་གཞན་གྱི་རྨོ་སྟོང་གཅོད། དེ་བཞིན་དུ་སྨེ་བའི་ལུས་རྡེལ་ཡུལ་མི་དར་མའི་ལུས་འཐབ། དབང་རྡེལ་ཡུལ་དེའི་བག་མའི་དབང་ཐང་དང་འཐབ། ཀླུང་རྡེལ་ཡུལ་དེའི་བྱིས་སྦའི་ཀླུང་རྟ་དང་འཐབ། ཁམས་རྡེལ་ཁྱིམ་ཚེས་ཀྱི་རུས་ཁམས་དང་གཤིན་པོ་ཤི་ཉིན་གྱི་བྱི་ལིང་འཐབ། དེ་ལྟར་བྱས་པས་གོང་གི་གཞུང་རྡེལ་ནག་པ་དེ་རྗེས་ནས་ནག་ན་ཨི་བདེན་སྟོང་གཅོད་འདི་གཉིས་ཀ་ནག་ན་ངེས་པར་ངན་པས་བསྲུང་རིམ་ཚོའི་ལུང་བརྒྱབ་བོ། །ཡང་ཁྱིམ་ཚེས་མང་ན་ཁྱིམ་ཚེས་ཀྱི་བཟའ་དཔོན་རྣམས་རེ་རེ་ནས་རྩིས་ལ་ངན་སྟོང་གཅོད་པ་ཡིན་ནོ། ༈ །དེ་


CMR058_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་རྡེལ་ལྔ་བཅུ་བཤད་པ་དང་བསྟུན་ནས། སོ་སོར་ཞིབ་བརྩིས་ན་ཡ་མཚན་པའི་མངོན་ཤེས་འཕྲུལ་གྱི་མེ་ལོང་མངོན་སུམ་དུ་འཆར་ལ་བཅོམ་ལྡན་འདས་འཇམ་༈ དཔལ་དབྱངས་ཀྱི་དགོངས་པ་ཡང་དག་པའོ། །འདི་རྒྱས་པར་བྲིས་ན་མཐའ་ཡས་པར་གདའ་བས་ཡི་གེའི་འཇིགས་པས་མ་བྲིས་ཀྱང་། ཤེས་རབ་ཅན་རྣམ་ལ་དེ་ཙམ་ཁོག་ཁྲོལ་བར་ངེས། ཤེས་རབ་རྨོངས་པ་རྣམས་ལ་ཧ་ཅང་རྒྱས་པར་བྲིས་ལ་སླར་མགོ་སྦོས་པའི་སྐྱོན་དུ་འགྱུར་དགོངས་པའོ། །སྤྱི། ༈ ཡང་རྒྱས་པར་གཤིན་ཐང་ལྔ་བཅུ་བརྒྱབས་ནས་རྡེལ་གཞི་ལྷམ་སྒྲོག་འདྲ་བ་གཅིག་ལོགས་སུ་བཏིང་ནས། གཤིན་རྗེལ་བཅུ་གསུམ་བཞག་སྲོལ་ཡོད་ལ། ཡང་ལྔ་བཅུ་པ་སོགས་རྒྱས་པ་མ་ལྕོགས་ན། བཅུ་གསུམ་པ་ཙམ་ཁོ་ན་བྱེད་སྲོལ་ཡོད་པས། ༈ གཤིན་རྗེལ་བཅུ་གསུམ་བཞག་ལུགས་ནི། གཤིན་པོའི་སྲོག་ལུས་དབང་ཀླུང་བླ་གཟའ་ལྔ་དང་། གནམ་ལོའི་སྲོག་ལུས་དབང་རླུང་བླ་གཟའ་ལྔ་འཐབས་པས་རྡེལ་ལྔ། །སྤར་ཁ་ལི་ཡིན་ན་མེ་སྦྲུལ། དྭ་ལ་ལྕགས་སྤྲེལ། ཟིན་ལ་ཤིང་སྟག ཁམས་ལ་ཆུ་ཕག །ཟོན་ལ་ས་འབྲུག །ཁོན་ལ་ས་ལུག །ཁེན་ལ་ས་ཁྱི། གིན་ས་གླང་གི་སྲོག་ལུས་


CMR058_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཀྲུང་དང་བརྩི་བྱའི་སྲོག་ལུས་དབང་ཀླུང་འཐབས་པས་རྗེལ་དགུའོ། །འདིར་འགའ་ཞིག་ན་རེ། བརྩི་བྱའི་སྲོག་སྨེ་འཕུར་སྨེ་དེ་དང་གནམ་ལོའི་སྲོག་འཐོབ་པ་ཡིན་ཟེར་བ་མང་ན་ཡང་བརྩི་བྱའི་སྐྱེས་སྦེ་དཔེར་ན་ཤིང་བྱི་ཡིན་ན་བཞི་ལྗང་ལྟ་བུ་དེ་འཕུར་ལ། སྐྱེས་སྨེ་དེ་དང་འཕུར་སྨེ་གར་བབ་དེ་འཐབ་པ་དེ་ལེགས་སོ། །བཅུ་གཅིག་པ་བརྩི་བྱའི་སྲོག་སྨེ་དང་གནམ་ལོའི་སྲོག་སྨེ་འཐབ། ཡར་བཞི་མར་བཞི་ཟེར་བ་ནི་དོན་ལ། བརྩི་བྱའི་ལུས་སྨེ་དང་གནམ་ལོའི་ལུས་སྨེ་འཐབ། བརྩི་བྱ་གཤིན་པོའི་དབང་སྨེ་དང་གནམ་ལོའི་དབང་སྨེ་འཐབ་པ་དང་བཅུ་གསུམ་ཡོད་འདི་རྐྱང་པའི་བཤད་པ་བྱ། གཤིན་རྗེལ་འདི་ལ་སོ་འཕྲང་གཅེས་གསུམ་ཕུད་མཁན་ཡོད་ཀྱང་དེ་མི་ལེགས། །སོ་འཕྲང་གཅེས་གསུམ་ཕུད་ན། རྡེལ་གཞི་དཀར་པོའི་སྟེང་དུ་གསོན་རྗེལ་བཅུ་གསུམ་ལ་སོ་འཕྲང་གཅེས་གསུམ་ཕུད་དེ་ཁྱིམ་དེའི་རྒན་པ་གཅིག་དར་མ་གཅིག་དང་བྱིས་པ་དང་གསུམ་ལ་བཅུ་གསུམ་པ་ཚར་གསུམ་བརྒྱབ་ལ་དེ་གསུམ་ཁ་གཤིན་དང་གཤིན་རྗེལ་དང་བཞི་ཀ་རྩི་ས་ལ་ཁ་དམར་གྱི་རྡེལ་བཅུ་གསུམ་བཞག་ནས་ཁ་དམར་གྱི་རྡེལ་དེ་ལ་གསོན་རྡེལ་གྱི་བཤད་པ་བྱའོ། །དེ་ལྟར་བཅུ་གསུམ་པ་ཆ་ལག་དང་བཅས་པ་


CMR058_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྡལ་དྲུག་ཅུ་རེ་ལྔའོ། ༈ །གསོན་རྗེལ་རྒྱོབ་ལུགས་ནི། གནམ་ལོའི་སྲོག་ལུས་དབང་ཐང་ཀླུང་རྟ་བླ་གཟའ་ལྔ་དང་བརྩི་བྱའི་སྲོག་ལུས་དབང་ཀླུང་བླ་གཟའ་ལྔ་འཐབ་རྗེལ་ལྔའོ། །ལི་མེ་སྦྲུལ་སོགས་གོང་ལྟར་བྱས་ལ་སྤར་ཁའི་སྲོག་ལུས་དབང་ཀླུང་བླ་གཟའ་དང་བརྩི་བྱའི་དེ་ལྔ་འཐབ་པས་རྡེལ་བཅུའོ། །ལོག་མེན་རྩིས་གསར་ལྟར་བསྐོར་ནས་བརྩི་བྱ་གསོན་པོ་དེའི་སྲོག་དང་། ལོག་མེན་སྲོག་དང་འཐབས་པས་བཅུ་གཅིག་གོ །ལོག་མེན་གང་བབ་དེའི་མ་ལྔ་དང་། བརྩི་བྱ་རང་ནས་རང་ཐེ་བའི་མར་ལྔ་དང་བརྩིས་པ། །སྲོག་དང་སྲོག་འཐབ། བརྩི་བྱའི་ཡར་ལྔ་དང་ལོག་མེན་གྱི་ཡར་ལྔ་གཉིས་སྲོག་དང་སྲོག་འཐབས་པས་བཅུ་གསུམ་མོ། །ཡང་འགའ་ཞིག་བརྩི་བྱ་མི་བརྩི་བ་ཡར་ལྔ་མར་ལྔ་བྱེད་པས་་ནི། བརྩི་བྱའི་ཡར་ལྔ་མར་ལྔ་དང་བརྩི་བྱ་འཐབ་པ་ནི། ཚེ་རབས་བསྟན་རྩིས་སྐབས་སུ་ཡིན་གྱིས་འདིར་མི་འཐད་དོ། །བཅུ་གསུམ་པའི་བཤད་པ་ནི་གཞུང་ནས་ཁ་ཤིན་ཏུ་གསལ་བར་ཡོད་པས་བཤད་མི་དགོས་སོ། །སྤྱི། ཡང་རྩིས་པ་མཁས་ཀྱང་ཡོན་བདག་འབྱོར་བ་དམན་པས་ཉིན་གཅིག་ཁོ་ན་ལས་རྩིས་འདུལ་གསུམ་ཚང་བར་བྱེད་དགོས་ཤིང་རྡེལ་མ་བརྒྱབ་ན་


CMR058_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ཁ་མི་རྫོགས་པའི་རིགས་ལ། གཤིན་ཐང་ལྔ་བཅུའི་དོན་བསྡུས། དུར་གཤེད་ཚང་ཚོལ་ཡན་ལག་ལྔའི་རྩིས་འདི་བྱ་སྟེ། སྲོག་ནི་རྒྱལ་པོའི་དྲུང་ཏུ་སྐྱབས། །བློན་པོ་རྣམས་ལ་བཀའ་གྲོས་དྲི། །འབངས་མ་དམག་དཔོན་དམ་དུ་བསྡུས། །ཐལ་དུ་བསྣོག་པ་རབ་ཏུ་གཅེས། །རྒྱལ་པོའི་བཀའ་ཐོབ་ཟླ་བ་བློན་པོ་གྲོས་བྱེད། ཞག་དམག་མའི་ལས་བྱེད། མཚོན་ཆ་རྣོན་པོ་ཞེས་པའི་དོན་ནི། གནམ་ལོའི་སྲོག་ལུས་དབང་ཀླུང་གཤིན་པོའི་སྲོག་ལུས་དབང་ཀླུང་སྲོག་དར་རྒུད་གནམ་ལོ་ལ་གཏུག་པ་དང་རྡེལ་ལྔ། ཟླ་བའི་སྲོག་ལུས་དབང་ཀླུང་དང་གཤིན་པོའི་སྲོག་ལུས་དབང་ཐང་འཐབ། ལུས་དར་རྒུད་ཟླ་བ་ལ་གཏུག་པ་དང་ལྔའོ། །ཉི་མའི་སྲོག་ལུས་དབང་ཀླུང་གཤིན་པོ་དང་འཐབ། དབང་ཐང་དར་རྒུད་ཉི་ལ་གཏུག་པ་དང་ལྔ། དུས་ཚོད་སྲོག་ལུས་དབང་ཀླུང་གཤིན་པོ་དང་འཐབ། རླུང་རྟ་དར་གུད་དུས་ཚོད་ལ་གཏུག་པ་ལྔ། ལོག་མེན་རྩིས་གསར་ལྟར་བསྐོར་བའི་སྲོག་དང་གཤིན་པོའི་སྲོག་འཐབ། ལུས་དང་ལུས་འཐབ། སྐྱེས་སྨེ་དང་འཕུར་སྨེ་འཐབ། ཤི་གཟའ་དང་གཤིན་པོའི་སྲོག་འཐབ། ཤི་སྐར་དང་གཤིན་པོའི་སྲོག་འཐབ་པས་རྡེལ་ལྔ་སྟེ། རྡེལ་ཉེར་ལྔ་བརྒྱབ་ལ་བཤད་


CMR058_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་གཤིན་ཐང་ལྔ་བཅུའི་ནང་ནས་ཚུར་ཐུ་ཤེས་པར་བྱའོ། །སྤྱི། ༈ དེ་ཡན་གྱི་གཤིན་རྡེལ་རྒྱས་འབྲིང་བསྡུས་གསུམ་རྡེལ་རྒྱབ་ལུགས་རྒྱས་པར་བཤད་ནས། ད་ནི་རྡེལ་བཤད་དང་དཔྱད་དོན་ཁ་དམར་རྣོ་སྟོང་གཅོད་ཚུལ་ཞལ་ཤེས་ཅུང་ཟད་བཤད་པ་ནི། རྩིས་མདའ་སྒྲོ་ནས་བཟུང་ནས་མདེའུ་བཙུགས་ཤིང་བཤད། གནམ་ལོ་ས་མཁན་དར་འཛིན་ལ། ཞེས་སོགས་ནས་སྐར་མའི་རྡེའུ་ནག་པ་ན་ཞེས་སོགས་བར་ནི། ཁ་དམར་རྡེལ་ཁོ་ནའི་བཤད་པ་ཡིན་པས། རྒྱ་འབོར་ཆུང་བ་བྱེད་ན་གཞུང་གི་ཁ་དམར་རྡེལ་ལ་བཤད་དཔྱད། བརྒྱ་འབོར་ཆེ་འབྲིང་གཉིས་ལ་ཁ་དམར་རྡེལ་ལྔ་བཅུ་ཁོ་ན་དཔྱད། སྲོག་གི་རྡེལ་བུ་དཀར་བ་ན་ཞེས་སོགས་མི་རྟག་སྡུག་གི་འཁོར་ལོ་ཡིན། ཞེས་པའི་བར་ཁ་དམར་རྡེལ་ལྔ་རྒྱལ་དཔྱད། དེ་ལྟར་སྟོང་གཅོད་རྡེའུ་ལྔ་བཅུ་ཞེས་པ་ནས་ཚེ་རབས་ཆུང་ཐོག་སྐམ་པ་ཡིན། ཞེས་པའི་བར་ནི། རྡེལ་ལྔ་བཅུ་སྤྱི་ཡི་དཔྱད་ཡིན་ཏེ། བརྒྱ་འབོར་ཆུང་བ་ལ་གཞུང་རྡེལ་སྤྱི་ལ་དཔྱད། བརྒྱ་འབོར་ཆེ་འབྲིང་གཉིས་ལ་ཁ་དམར་གྱི་མང་ས་ལ་དཔྱད་དོ། །གནམ་ལོའི་དབང་རྡེལ་ནས་སྐར་མའི་ཀླུང་རྡེལ་བར་དེར་རྡེལ་དཀར་པོའི་བཤད་པ་ཆད་པ་དེ་ནི། ནག་


CMR058_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བཤད་པ་ལ་རྗེས་སུ་དཔག་ན་དཀར་པོ་བཤད་པ། ཤེས་རབ་ཀྱིས་རྩལ་གྱི་བསྒྱུར་ཤེས་དགོས་ཏེ། སློབ་དཔོན་མི་བསྟེན་རྡེལ་ཆོས་འཇུག་དོགས་པའི་ཕྱིར་ཞལ་ཤེས་སུ་བཞག་པ་ཡིན་ནོ། །ཧལ་ཁྱི་བྱི་ལིང་ཟླ་བ་གསུམ་ཡང་དེ་དང་འདྲ་སྟེ། ནག་བཤད་ལ་བསྟན་ནས་དཀར་བཤད་རིགས་པས་དཔག་ཤེས་པར་བྱའོ། །སྤྱི། ༈ དཔྱད་དོན་བདུན་མའི་ཞལ་ཤེས་ལ། ནམ་མཁའ་ས་གཞི་ལྟར་དཔྱད་ན། གནམ་ལོའི་རྡེལ་ཕྲེང་ཤར། སྲོག་གི་རྡེལ་ཕྲེང་ལྷོ། གཟའི་རྡེལ་ཕྲེང་ནུབ། རུས་ཁམས་རྡེལ་ཕྲེང་བྱང་། རི་རབ་ལྟ་བུར་དཔྱད་བློན་གནམ་ལོའི་དབང་རྗེལ་ལྗོན་ཤིང་གི་རྩེ་མོ། གཟའི་དབང་རྡེལ་རི་རབ་ཀྱི་རྩ་བ་ཡིན་ནོ། གཙུག་ལག་ལྟ་བུ་དང་རུས་སྦལ་ལྟ་བུར་དཔྱད་པའི་ཡི་གེ་མང་དོགས་པས་ཤོག་ཁྲ་ལ་ལྟོས་ཤིག །མཆོད་རྟེན་ལྟ་བུ་དང་རི་རབ་ལྟ་བུ་དཔྱད་ལུགས་འདྲའོ། །ཡར་དེད་བརྒྱད་ནི་ལོག་མེན་སྲོག་རྡེལ། མར་དེད་བརྒྱད་ནི་དུས་ཚོད་སྲོག་རྡེལ་ལོ། །ཤར་ཕྱོགས་རྡེལ་ཚན་གནམ་རྗེལ་ལྔ། ཁམས་རྡེལ་བྱང་གི་ཚན་ཡིན་རིགས་པས་འཆར་བའོ། །དེ་ཡན་ནི་དཔྱད་དོན་བདུན་མ་རྫོགས་སོ། །སྲོག་གི་དོ་བདག་བནེ་ནི། རྡེའུ་བཅུ་པ་གཅིག་ལ་དཔྱད་ཟེར་


CMR058_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། སྲོག་རྡེལ་ཁ་དམར་རྡེའུ་གཅིག་པ་དེ་ལ་དཔྱད། དེ་བཞིན་དུ་ལུས་དབང་ཐང་རླུང་རྟ་རུས་ཁམས་ལྡེའུ་གཅིག་པ་ཟེར་བ་ནི། ཁ་དམར་གྱི་རྡེའུ་ལྔ་པོ་དེ་ཡིན་ནོ། །གནས་ཀྱི་རྡེའུ་ནི་སྲོག་རྡུལ་ལྔ་པ་དེ་ལ་བྱའོ། །གནས་ཀྱི་རྡེའུ་ཆེ་ཚད་བརྟགས་པ་ནི། བརྒྱ་འབོར་གྱི་བཤད་པ་སྟེ། ༈ གཅིག་གནམ་ལོའི་སྲོག་རྡེལ། བཅུ་ལོག་མེན་ཉི་ཤུ་སྨེ་བ། སུམ་ཅུ་ཟླ་བ། བཞི་བཅུ་དུས་ཚོད། ལྔ་བཅུ་སྐར་མའི་སྲོག་རྡེལ། དྲུག་ཅུ་བྱི་ལིང་། བདུན་ཅུ་སོ་པའི། བརྒྱད་ཅུ་འཕྲད་པའི་རྟེན་ཕུར། སྲོག་རྡེལ་དགུ་བཅུ་ལ་བརྩི་བ་ཡིན་ནོ། །སྲོག་རྡེལ་ཡ་ཐ་གསུམ་ནི་གནམ་ལོ་ལོག་མེན། སྤར་ཁ་གསུམ་གྱི་སྲོག་རྡེལ། རླུང་རྡེལ་ཡན་དེ་ལྟ་བུ་ཡིན་ནོ། །བརྒྱ་འབོར་ཆུང་བ་ལ་གཞུང་ལ་དཔྱད། བརྒྱ་འབོར་ཆེ་འབྲིང་གཉིས་ལ་ཁ་དམར་གྱི་རྡེལ་ཞེ་ལྔ་ལ་དཔྱད་དོ། །སྲོག་གི་ཤི་དུས་བྱུང་བ་ནི། ཁ་དམར་རྡེལ་ལྔའི་བཤད་པ་ཡིན་ནོ། །སྟོང་གསུམ་རྡེའུ་ནི་ལོ་ལོག་མེན་སྤར་ཁ་གསུམ་གྱི་ཁ་དམར་ལ་བརྩི། གཟའ་ཡན་འགྲེས་ཤེས་པར་བྱའོ། །ཀླུང་རྟ་སྨད་ཀྱི་རྡེའུ་གཅིག་དཀར་ན་ལོ་གཅིག་ལུས་ལ་ནད་མེད་ཟེར་བ་ནི། ཞག་གི་ཀླུང་རྟ་རྡེའུ་ཡིན། གསུམ་ཀ་དཀར་ན་


CMR058_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ལུག་གི་ར་བ་གང་ཟེར་བ་ནི། ཞག་དུས་ཚོད་གཟའ་གསུམ་གྱི་ཀླུང་རྟ་ཡིན་ནོ། །བརྒྱ་འབོར་ཆུང་བ་ཡིན་གཞུང་རྡེལ་ལ་དཔྱད། ཆེ་བ་གཉིས་ལ་ཁ་དམར་རྡེལ་ཞེ་ལྔ་དཔྱད་དགོས་སོ། །བརྒྱ་འབོར་ཆེ་ཆུང་གཉིས་མི་མཚུངས། བཤད་པ་ལ་ཁྱད་མེད། ཅི་ཡིན་སྙམ་ན། རྣ་མི་རྣོའི་ཁྱད་ཡིན་ཏེ། བརྒྱ་འབོར་ཆེ་བ་རྣོ། གཞུང་རྡེལ་ལྔ་བཅུ་དང་བརྒྱ་འབོར་ཆུང་བ་རྣམས་ཕྱོགས་འགྲོ་ཙམ་ཡིན་ལ། མི་རྣོ་བའི་ཁྱད་ཡོད་དེ། རགས་རྩིས་དང་ཞིབ་རྩིས་ཀྱི་ཁྱད་ཡིན་ནོ། །རགས་རྩིས་ཞེས་པ་རགས་རིམ་ཙམ་བརྩི་བར་རགས་བརྩིས་སོ། །ཁམས་ཀྱི་རྗེའུ་གཅིག་པ་ནི་གནམ་ལོའི་རུས་ཁམས་རྡེའུ་ནས་ཐུར་དུ་བརྩིས་ལ། དགུ་པ་གཟའི་རུས་ཁམས་རྡེའུ་བར་དུ་ཡིན་ཏེ། འདི་ཡང་ཆེན་པོ་བྱེད་དང་འབྲིང་པོ་བྱེད་ན་ཡང་ཁ་དམར་རྗེལ་ལྔ་བཅུའི་ཁ་དམར་རྡེལ་ལ་དཔྱད་དོ། ༈ །གཅིག་གསུམ་དྲུག་ལ་སོགས་དཀར་ནག་དགྲ་མེད་ཟེར་བ་ནི། བརྒྱ་འབོར་ཆེན་པོའི་བཤད་པ་སྟེ། བརྒྱ་འབོར་ཆེན་པོ་ལ་རུས་ཁམས་ཀྱི་རྗེལ་བདུན་ཅུ་དོན་གཉིས་ཡོད་པ་སྟེ། ལོའི་རུས་ཁམས་ནས་ཐུར་དུ་བསྒྲངས་ནས། གཅིག་བཅུ་གཅིག་ནས་དོན་གཅིག་གི་བར། དྲུག་ཅུ་དྲུག་ཉེར་དྲུག་སོ་དྲུག །ཞེ་


CMR058_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག །ང་དྲུག །རེ་དྲུག་རྣམས་དཀར་ན་དགྲ་མེད་ཟེར་བའོ། །དེ་མན་ཆད་དགུ་ཡན་ཆོད་ནུག་ན་ཤི་ཁ་བྱེ་ཟེར་བ་ནི། དེ་རྣམས་ནག་པ་ནི་སྟེང་དུ། དགུ་བཅུ་དགུ་ཉེར་དགུ་སོ་དགུ་ཞེ་དགུ་དགུ་རེ་དགུ་རྣམས་ནག་ལ་ཤི་ཁ་བྱེ་ཟེར་བའི་དོན་ཡིན་ནོ། །བརྒྱ་འབོར་བརྒྱ་པ་ལ་དགོས་མེད་བཤད་པ་ལྷག་མོའི་མིང་འདུག་ཟེར་མཁན་ཚོས་དཔྱད་དོན་བདུན་མའི་གཞུང་ཚིག་ཚོ་ལ་གོ་བ་ཅུང་ཟད་མ་ཐེབས་པའི་རང་མཚང་སྟོན་པའོ། །དཔྱད་དོན་བདུན་མའི་ཞལ་ཤེས་ཚར་རོ། །སྤྱི། ༈ ད་ནི་གཤིན་ཟངས་ཁྱམས་སུ་བརྩི་བ་ནི། ཟངས་ཁྱམས་ཁྲ་མོའི་རྡེལ་རོ་ནས། རེ་མིག་ཉེར་ལྔའི་ཞལ་ཤེས་ལས། །སྟོད་ཀྱི་རེ་མིག་ལྔ་ནི་སྲོག་རྡེལ་གཅིག་པ། ལུས་ལྔ་གཉིས་པ། དབང་རྡེལ་ལྔ་གསུམ་པ། རླུང་རྡེལ་ལྔ་བཞི་པ། དར་རྒུད་རྡེལ་ལྔ་པའོ། །རྡེལ་ནག་གསུམ་ནང་ན་དཀར་པོ་གཅིག་བྱུང་ན་མཐུན་གསུམ་ལོ་པ་གཅིག་འཆི་ཟེར་བ་དང་། དཀར་པོ་གསུམ་ནང་ན་ནག་པོ་གཅིག་བྱུང་ན་བུད་།མེད་གཅིག་འཆི་ཟེར་ལ་རྡེལ་ཕྲེང་འཕྲད་དུ་དཔྱད་ལ། སྟོད་ཀྱི་རྡེལ་ཕྲེང་བྱུང་ན་སྐུ་རྒན་མཐུན་གསུམ་ལོ་པ་འཆི། དེ་འོག་ལ་བྱུང་ན་སྐྱེས་དར་མའམ་བུད་མེད་མཐུན་གསུམ་ལོ་པ་འཆི།


CMR058_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འོག་ལ་བྱུང་ན་བྱིས་པ་མཐུན་གསུམ་ལོ་པ་འཆི། བཞི་པ་ལ་བྱུང་ན་ཡུལ་གྱི་མཐུན་གསུམ་ལོ་པ་འཆི། ལྔ་པ་ལ་བྱུང་ན་བུ་སྲིང་ངམ་མག་པ་ཞང་ཉེ་མཐུན་གསུམ་ལོ་པ་འཆི་བས་དུར་ངོ་ཡིན་པས། ༈ དེ་དག་སོ་སོ་ལ་དུར་ལོས་ཚེ་དབང་ཚེ་ཐར་ཚེ་འབར་སོགས་ལུང་བརྒྱབ་བོ། རྡེལ་རོ་མང་དུ་བྱུང་ན་ཟེར་བ་རྡེལ་རོ་ནི། ནག་པོ་གསུམ་གྱི་ནང་དཀར་པོ་གཅིག་བྱུང་ན་རྡེལ་རོ། །དཀར་པོ་གསུམ་གྱི་ནང་ན་ནག་པོ་གཅིག་བྱུང་ན་རྡེལ་རོ། །དེ་གཉིས་ཀ་རེ་མིག་འཕྲད་དུ་དཔྱད་དགོས་སོ། །འགའ་ཞིག་རེ་མིག་ཐུར་དུ་དཔྱད་ཟེར་བ་ནི་ཧ་མ་གོ་བའོ། །གོང་དུ་བཀྲ་རྒན་སོགས་རེ་མིག་ལྔ་གསུངས་པ་དེ་མ་གོ་བར་ཡིན་ནོ། །ཕྱོགས་བཞི་ནག་པོ་ཁོལ་རྒྱུག་གང་བྱུང་ཕྱོགས་ནས་དགྲ་ངོ་ཡིན་ཟེར་བ་ནི། ཉི་མའི་དབང་ཐང་ཤར། ཉི་མའི་སྲོག་ལྷོ། ལོའི་དབང་ཐང་ནུབ། ཉི་མའི་དར་རྒུད་བྱང་། མཚམས་བཞིར་ཤུགས་ལས་ཤེས་སོ། །སྤྱི། ༈ གཤིན་རྗེལ་བཅུ་གསུམ་ནི་གཞུང་ན་གསལ་བས་ཞལ་ཤེས་མི་དགོས་སོ། །གསོན་རྩིས་བཅུ་གསུམ་པའི་སོ་འཕྲང་ཕུད་ནས་ཡོད་ན་ཁ་དམར་ལ་བཤད་པ་བྱའོ། །ནད་པ་ལྟ་བུ་ཡིན་ན་གཞུང་རྡེལ་ལ་བཤད་པར་བྱའོ། །གཅིག་ལེན་ལ་དྲུག་ཟེར་བ་


CMR058_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ནི། གཅིག་ནག་ན་དྲུག་དཀར་ལ་སྐྱོན་མེད། དྲུག་ནག་ན་ཡང་གཅིག་དཀར་ན་སྐྱོན་མེད། དེའི་འགྲེས། བྱི་རྟའི་རུ་ཆོད་སོགས་རིགས་པས་དཔྱད་པས་ཆོག །སྟོད་སྨད་རྡེལ་སོགས་མི་ཤེས་པ་མེད། དེ་ཅིའི་ཕྱིར་ན། བཅུ་གསུམ་དཔག་བསམ་ཤིང་གི་རྩེ་ཡིན་གསུངས་སོ། །བཅུ་གསུམ་པའི་བཤད་པ་ཚང་ངོ་། །སྤྱི། དེ་ནས་ཡན་ལག་ལྔའི་ཞལ་ཆེམས་རྡེལ་ཉེར་ལྔ་པ་ཡིན་ན་བཤད་པ་ཐམས་ཅད་གཤིན་ཐང་གཞུང་ནས་ཚུར་ཐུ་ཤེས་པར་བྱའོ། སྤྱི། དེ་ནས་སྤར་ཁའི་ཞལ་ཆེམས་གཟའི་ཞལ་ཆེམས་སྐར་མའི་ཞལ་ཆེམས་ཉི་མའི་ཞལ་ཆེམས་འདོན་ཤེས་པར་བྱའོ། །ཤིན་ཏུ་གལ་ཆེའོ། །ཞལ་ཆེམས་ཀྱི་གཞུང་ཚིག་ཐམས་ཅད་འདོན་མི་རུང་ངོ་། །དཔེར་ན་ལི་ཐོག་པའི་ཤི་རྩ་ན། ཡུགས་ས་མོ་བུད་མེད་རྒྱུ་ལུས་མི་གཙང་བའི་གོས་དམར་ཅན་ངོ་ལ་སྒྲོ་ཡོད་པ་དང་རྟ་དམར་ཅན་སོགས་དེ་འདྲ་ཞིག་གིས་བྱས་ཟེར་བ་སྲིང་མོ་དང་སྤྱན་ཡ་མེད་ན་འཕྲོད་འདོད་ཟེར་བ་མི་རྒྱུད་ཡོད་ན་ཟེར་བ་ཡིན། བུ་ཚ་བོ་རྟ་ལ་སེམས་ཆགས་ཟེར་བ་ཡང་མེད་པའི་རིགས་ལ་མི་བརྗོད། ཟ་འཕྲོ་ཞྭ་གོས་སོགས་ལ་སེམས་ཆགས་ཟེར་བ་ཡང་དེ་དང་འདྲ། གང་རུང་ཞིག་ཡིན། ཐམས་ཅད་ཚང་དགོས་པ་


CMR058_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

མེད། དུར་བཅོས་གཤེད་ཕུད་ཐབས་ཐམས་ཅད་ཞལ་ཆེམས་ལས་བྱུང་བ་ལྟར་ནན་ཏན་བྱས་ལ་ཕན་ཆེའོ། །སྤར་ཁ་རང་ཐོག་བརྒྱད་ལ་ཤི་བ་དང་། སྤར་ཁ་བདུན་ཟུར་དང་དགྲ་ཐོག་ཏུ་ཤི་འགྲམ། དགུ་གཅིག་ལི་ནས་བརྒྱད་ཅུ་རྩ་གཅིག་བར་དེ་རྣམས་རྗེས་སུ་ངན་ཞིང་རོ་མང་དུ་འོང་། འགྲམ་འཁྲུགས་དགུ་མིག་གི་ཁྲམ་ལས་བྱུང་བ་ལྟར་མན་ངག་གི་བཅོས་རྣམས་ནན་ཏན་བྱའོ། །སྤྱིར་རིམ་གྲོ་འབྱོར་བ་དང་བསྟུན་པ་གལ་ཆེ། རིམ་གྲོ་ཆེན་པོ་བྱས་ན་འགྱུར་བ་ལག་བླངས་སོ། །དེ་ཞལ་ཆེམས་འདོན་པའི་ཞལ་ཤེས་སོ། །སྤྱི། ༈ །སྨེ་བའི་ཚེ་རབས་ལས་རྩིས་ལ་ཚེ་སྔ་ཕྱི་བར་གསུམ་གྱི་བཤད་པ། སྐྱེ་སྒོ་བཅད་ཐབས་ཡོད་པས། སྐྱེས་སྨེའི་བཤད་པ་བྱ་སྟེ། ཤིང་བྱིའི་བཞི་ལྗང་ནས་ཆུ་ཕག་གི་བརྒྱད་དཀར་བར། དེ་སྐྱེས་སྦེ་ཡིན་ནམ་ཡང་མི་འཆུག་གོ །སྐྱེས་བུ་དམ་པ་ས་ཐོབ་པ་དང་། མཚམས་མེད་ལྔ་བྱས་པ་ལོ་འདྲ། སྨེ་བ་འདྲ་ན་སྐྱེས་གནས་གཅིག་ཟེར་བ་མང་ཡང་དེ་དོན་རྩ་བ་ནས་མ་གོ་བའི་གཏམ་ཡིན་ནོ། །ཏིར་རྒན་ཁྱོད་ཀྱིས་འཇམ་དཔལ་གྱི་དགོངས་པ་མ་རྟོགས་སོ། །རབ་ཀྱིས་རབ་ལ་བརྩི་བ་སྤང་། ཐ་མས་ཐ་མ་བརྩི་བ་སྤང་། ཞེས་གསུངས་པ་དེ་ཁྱོད་ཀྱིས་སྒྲ་


CMR058_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་བུ་གར་མ་ཐོས་སམ། རབ་ཀྱི་རབ་ས་ཐོབ་པའི་སྐྱེས་བུའམ་འབྱུང་བ་ལྔ་ལ་རང་དབང་ཐོབ་པའི་གྲུབ་ཐོབ་རྣམས་ལ་ཤེས་རབ་ལས་རྩིས་མི་རུང་བར་གསུངས། ཚེ་རབས་ལས་རྩིས་ཀྱིས་ཞལ་ཤེས་སོ། ༈ །གཤིན་རྩིས་ལ་གཤིན་པོའི་ལོ་རྙིང་ལ་བཙུགས་པའི་ཁབ་དེ་དོ་བདག་གི་ནས་འབྲུ་དང་མཉམ་དུ་སྙིང་གར་བཟུང་ནས། འཇམ་དཔལ་འབྱུང་བའི་ལྷ་ཚོགས་རྣམས་ཀྱིས་བདེན་པས་ཟ་འདྲེ་ཤི་གཤེད་འགྲོ་བའི་ལམ་སྟོན་ཅིང་དམོད་བོར་ལ་རྩིས་གཞི་ལ་དོར་ཏེ་ཁབ་ཀྱི་སོ་གང་དུ་བསྟན་པའི་ཕྱོགས་དེར་གཤེད་འགྲོ་བར་ཤེས་པ་ནི་རྟེན་འབྲེལ་བརྟགས་པའོ། །དེ་ནས་སྔར་མཚམས་བཅད་བྱས་པའི་སྒོ་རྩ་ན་བཞག་པའི་ཆུ་ཕོར་དེ་ཡར་བླངས་བའི་སྟེང་དུ་བརྩི་གཞི་ལག་པའི་སྟེང་དུ་བརྡབ་ཅིང་སྤྲུག །བདེན་པ་བདར་ནས། དེ་ཕྱིན་ཆད་ཡོན་བདག་འདི་ཞེས་བྱ་བས་གཤིན་རྩིས་ངན་པ་བྱེད་པའི་སྒབ་ཆོད་ཅིག །ཅེས་བརྗོད་ལ་ཆུ་ཕོར་སོལ་བ་དང་བཅས་པ་ལུང་པའི་མདའ་ཕྱོགས་སུ་དོར་རོ། །དེ་ནས་རྡེལ་དཀར་ནག་ཕྱེས་ལ། དཀར་པོ་མཐོངས་ཀའི་ལུང་པའི་རྒྱབ་རི་ངོས་སུ་བསྐྱལ་བཅུག་ལ་ཡར་གྱི་གནམ་སྒོ་ཆོད་ཅིག་བརྗོད། ནག་པོ་ཐུར་དུ་བསྐྱལ་ལ་མར་གྱི་ས་སྒོ་ཆོད་ཅིག་


CMR058_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་། གསོན་རྩིས་ཡིན་ན་བཀྲ་ཤིས་བརྗོད། གཤིན་རྩིས་ཡིན་ན་རོ་ལམ་གྱི་སྐོར་རྣམས་དང་རོ་རིགས་དཀར་ནག་གི་བཞག་ལུགས། མེ་དུར་ཆུ་དུར་གྱི་ཐོབ་ཐང་རྣམས་གོ་སླ་ཞིང་། དཔེ་དང་ཤོག་བཀྲ་ལ་གསལ་བས་འདིར་མ་སྤྲོས་སོ། །འོན་ཀྱང་ད་ལྟའི་རྩིས་པ་རྣམས་ཀྱིས་མ་ཐོས་པའི་གལ་ཆེ་བ་ནི། གཤིན་པོའི་ལོ་རྙིང་དེའི་མ་ཕྱོགས་དང་གྲོགས་ཕྱོགས་སུ་རོ་འདྲེན་རུང་ལ། དགྲ་ཕྱོགས་སུ་དྲངས་མི་རུང་བ་དང་། གཟའ་དང་གདོང་མ་ཐུག་པ་དང་། ཡུལ་དེའི་མཚོ་གཉན་ཤིང་གཉན་བྲག་གཉན་གསས་མཁར་སོགས་ལ་མི་འཁྱེར་བ་གལ་ཆེའོ། །གཞན་ལོ་ཟླ་ཞག་དུས་ཀྱི་ས་བདག་དང་། སྨེ་བའི་ཕོ་བྲང་གླིང་དགུ་གནམ་ཐིག་སེར་ནག་སོགས་བརྩི་བ་ནི། ཐམས་ཅད་ལ་གྲགས་པས་བཤད་མི་དགོས་སོ། །དེ་ནས་གཤིན་རྩིས་ཀྱི་ཞལ་ཤེས་གབ་སྦས་མེད་པར་རྒྱས་པར་བཤད་ཚར་རོ། །སྤྱི། ༈ ཨེ་མ་ཧོ། སྙིགས་དུས་རྩིས་པ་རཱ་གའི་མིང་ཅན་བདག །སྔོན་ལས་དབང་གི་ཡོན་ཏན་འདི་དང་འཕྲད། །ལོ་བཅུ་ལོན་ནས་གཙུག་ལག་རྩིས་ལ་སྦྱངས། །སྒྲོན་ཆུ་ལ་སོགས་རྩིས་གཞུང་ཕྲན་བུ་འགའ། །བློ་རུ་བཟུང་ནས་ལོ་འགའ་ཁ་ཐོན་བྱས། །རྒྱུད་ཀྱི་རྒྱལ་པོ་སྡོང་པོ་དགུ་འདུས་དང་། །


CMR058_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་ཀུན་འདུས་ལ་སོགས་རྒྱུད་ཆེན་དང་། །སྣང་གསལ་སྒྲོན་མེའི་གཞུང་འགྲེལ་ཡང་འགྲེལ་སོགས། །རྒྱུད་དང་རྒྱ་གཞུང་རྩོད་མེད་མང་དུ་བལྟས། །དར་རྒུད་་གསེར་ཕྲེང་སྨེ་བའི་སྒང་རྩིས་སོགས། །ནད་པ་ཐང་ཤིང་བྱིས་པ་བཙས་རླུང་རྩིས། །སྲིད་པ་བ་སྦལ་ཁྱུང་གསུམ་རྩིས་དང་ནི། །ཇི་གང་ཁུག་པ་བག་རྩིས་རིན་ཆེན་ཕྲེང་། །དེ་སོགས་རྩིས་ཀྱི་གཞུང་ལུགས་མང་པོ་རྣམས། །སློབ་དཔོན་མཁས་པ་རྣམས་ལ་ཞུས་ཤིང་བསླབས། །རིན་པོ་ཆེ་པ་དཀོན་མཆོག་དཔལ་འབྱོར་དང་། །སྒར་ཆེན་སྨན་མོ་ཆེ་བ་ལ་སོགས་ལ། །རྩིས་ཀྱི་གདམས་པ་ཕར་ཕུར་ཚུར་ལ་བསླབས། །རབ་འབྱམས་གཞུང་ལུགས་སྨྲ་བ་མང་པོ་ལ། །གཙུག་ལག་རྩིས་ཀྱི་རིག་པ་ཕུལ་བར་བྱས། །རྩིས་མཁན་མཆོག་དམན་བར་མ་སུ་མཐོང་ཡང་། །མཐོང་བ་ཙམ་གྱིས་འཛུམ་གྱིས་བསུས་ནས་སུ། །ཕན་ཚུན་འཕྲད་ནས་རྩིས་ཀྱི་གླེང་མོར་བྱས། །མན་ངག་རྐུ་ཐབས་འདོད་པ་འགའ་ཞིག་ལ། །དཔེ་འཁྱུད་མ་བྱས་་ཕན་སེམས་ལྷུག་པར་བཤད། །འཇམ་དཔལ་རྩིས་གཞུང་བདུད་རྩིའི་ཆུ་གཏེར་ལས། །རྣམ་དཔྱོད་བློ་ཡི་བུམ་པོས་ལེགས་བཅུས་ཏེ། །བློ་གསལ་རྨོངས་པའི་དྲི་མ་འཁྲུད་ནས་སུ། །


CMR058_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་མཐུ་ལྡན་ཁོ་བོའི་རྩལ་ཡིན་བསམ། །དེ་ཚེ་དཀར་ནག་རྩིས་ལེགས་སྦྱངས་བ་ཡིས། །སྦས་པའི་རྣལ་འབྱོར་པྲ་བའི་མིང་ཅན་སོགས། །ཤེས་འདོད་བློ་གསལ་དུ་མས་བསྐུལ་བའི་ཕྱིར། །ཟིན་བྲིས་མཐོང་བ་ཀུན་གསལ་མཁས་པའི་དཔལ། །གབ་སྦས་མེད་པར་གོ་བདེའི་ཚིག་གིས་བྲིས། །འོན་ཀྱང་བདག་ཅག་སོ་སྐྱེའི་དབང་གྱུར་པས། །མ་རྟོགས་ལོག་རྟོག་འཁྲུལ་པའི་ཆ་མཆིས་ན། །འཇམ་དཔལ་འབྱུང་བའི་ལྷ་ཚོགས་རྣམས་ལ་བཤགས། །འདི་བྲིས་དགེ་བས་བདག་ཅག་སྒྲུབ་པ་པོ། །འདི་ཉིད་མཐོང་ཐོས་དྲན་རེག་འགྲོ་བ་རྣམས། །སྐྱེ་བ་ཀུན་ཏུ་འཇམ་དཔལ་རྗེས་བཟུང་ནས། །མ་འོངས་པ་ན་མགོན་པོ་ཀུན་གཟིགས་ཀྱིས། །གསུང་གི་བདུད་རྩི་ངོམས་མེད་འཐུངས་ནས་ཀྱང་། །ཞིང་མཆོག་དེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་། །རྫོགས་བྱང་གོ་འཕང་མངོན་དུ་བྱེད་ཕྱིར་བསྔོ། །ཀྱེ་ཀྱེ་བློ་གསལ་ཤེས་འདོད་རྣམས། །སློབ་དཔོན་ངན་པའི་ངག་རྒྱུན་དང་། །མན་ངག་རྩིས་ཡིག་ཕྱོགས་དེ་ལ། །ཧ་ཅང་རྨོངས་ཞེན་མ་ཆེ་བར། །ཟིན་བྲིས་འདི་ལ་ལྟ་རྟོགས་མཛོད། །མཁས་པར་འབྱུང་ངོ་སྙིང་གི་གཏམ། །ཨི་བདེན་ཟིན་བྲིས་དཔེ་འདི་ལ། །ལན་བདུན་ཀློག་དང་གསལ་ནས་


CMR058_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

འོང་། །འགྲོ་བ་བདེ་སྐྱིད་འབྱུང་བའི་ཕྱིར། །གཙུག་ལག་རྩིས་ཀྱི་བསྟན་པ་འདི། །ཕྱོགས་མཚམས་ཀུན་ཏུ་དར་བར་ཤོག །བློ་དམན་རྩིས་ལ་སྦྱོང་འདོད་རྣམས། །དཔེ་འདི་སློབ་དཔོན་ཚུལ་དུ་བསྟེན། །རྩ་བ་བློ་ལ་ལེན་པ་གཅེས། །འདི་ཡང་ཕན་སེམས་སྙིང་གི་གཏམ། །རཱ་གའི་མིང་ཅན་དེ་ཡིས་སྨྲས། །གུ་བྱ། བཀྲ་ཤིས། །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

རྩིས་ཀྱི་རྡེལ་འགྲེལ་སློབ་དཔོན་ཁྲོ་མེད།


CMR058_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་ཀྱི་རྡེལ་འགྲེལ་སློབ་དཔོན་ཁྲོ་མེད་ཅེས་བྱ་བ་བཞུགས་སོ། །


CMR058_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཀོང་ཙེ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ན་མོ་ཨཱརྱ་མཉྫ་ཤི་ཡེ། གབ་རྩེ་མཐོང་རྗེ་གང་རུང་མདུན་དུ་བཀོད། །སེར་བ་བླ་མཁྱེན་རྒྱབ་རྟེན་བྱས་ལ་བརྩི། །ཤིང་བུ་མེ། མེ་བུ་ས། ས་བུ་ལྕགས། ལྕགས་བུ་ཆུ། ཆུ་བུ་ཤིང་། བུ་དང་འཕྲད་ན་ནག་པོ་གཅིག །ཤིང་། མ་ཆུ་ཆུ་མ་ལྕགས། ལྕགས་མ་ས། ས་མ་མེ། མེ་མ་ཤིང་། མ་དང་འཕྲད་ན་དཀར་པོ་གཅིག །ཤིང་དགྲ་ལྕགས། ལྕགས་མ་མེ། མེ་དགྲ་ཆུ། ཆུ་དགྲ་ས། ས་དགྲ་ཤིང་། དགྲ་དང་འཕྲད་ན་ནག་པོ་གཉིས། ཤིང་གྲོགས་ས། ས་གྲོགས་ཆུ། ཆུ་གྲོགས་མེ། མེ་གྲོགས་


CMR058_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས། ལྕགས་གྲོགས་ཤིང་། གྲོགས་དང་འཕྲད་ན་དཀར་པོ་གཅིག །མེ་ལྕགས་ཤིང་ནང་འཕྲད་ན་ནག་པོ་གཅིག །ས་ཆུ་ནང་འཕྲད་དཀར་པོ་གཅིག །གསོན་རྩིས་ཡིན་ན་ནང་འཕྲད་དཀར་ནག་གཉིས། །ལོ་གྲངས་བཅུ་གསུམ་ཉེར་ལྔ་སོ་བདུན་དང་། །ཞེ་དགུ་རེ་གཅིག་དོན་གསུམ་གྱི་ལྔ་དང་། །དགུ་བཅུ་གོ་བདུན་རང་ལོ་སྟེང་དུ་ཕྱིན། །དེ་ནས་རྩིས་པས་ལོ་གྲངས་དུ་རེད་ཤེས། །གནམ་ལོ་ནས་ཕྱིན་གྱེན་དུ་རྩིས་པ་ཡིན། །དེ་འདྲ་རེ་རེའི་ས་ལ་རང་ལོ་རེ། །བརྩི་བྱའི་ལོ་རྒན་གང་ཡིན་ངོས་བཟུང་བྱ། གནམ་ལོ་དང་གཅིག །ལོག་མེན་དང་གཉིས། །


CMR058_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

སྤར་ཁ་དང་གསུམ། སྨེ་བ་དང་བཞི། དར་རྒུད་དང་ལྔ། ཟླ་བ་དང་དྲུག །ཉི་མ་དང་བདུན། དུས་ཚོད་དང་བརྒྱད། གཟའ་དང་དགུ། སྐར་མ་དང་བཅུ། ༈ གནམ་ལོ་དང་གཤིན་པོ་འཐབ་པ་ནག་འགྲོས་གསུངས་པའི་དོན་ནི། དེ་ཡང་བརྩི་བྱ་ལ་གནམ་ལོ་ཚུར་ཤར་རྒྱུ་ཡིན་པས་གོ་མ་ལོག་པ་གལ་ཆེ། བརྩི་བྱའི་སྲོག་དང་གནམ་ལོའི་སྲོག་འཐབ།་ལུས་དང་དབང་ཐང་རླུང་རྟ་གསུམ་དེ་བཞིན་འཐབ། རུས་ཁམས་གནམ་ལོའི་སྲོག་དང་འཐབ། ༈ ཡང་ལོག་མེན་གནམ་ལོའི་དབང་ཐང་གི་བུ་སྟག་ནས་སྐྱེས་པ་ཐུར་དུ་་་གཡས་བསྐོར། སྦྱབ། བུད་མེད་གནམ་ལོ་གང་ཤར་དབང་ཐང་གི་མ་སྤེལ་ནས་གྱེན་དུ་གཡོན་བསྐོར། བསྙེན་ནས་ལོ་དུ་ལོན་སྟེང་བར་བགྲངས་ནས་རྡེལ་བརྒྱབ། རུས་ཁམས་ལོག་མེན་སྲོག་དང་འཐབ། འབྲུ་ཆུ་གཡག སྦྲ་ལྕགས་་རྐྱང་། སྒོ་མེ་་ར། སྒ་ཤིང་་ལུག ལྡོང་་་ཤ པ། རུས་མི་ཤེས་པ་ལྡོང་ལ་བརྩི་རུས་མེད་ཐམས་ཅད་ལྡོང་ལ་སྨོས། ༈ གསུམ་པ་སྤར་་་་སྤར་ཁ་རང་ཁམས་ལོ་དང་སྦྱར་བའང་ཡོད། རུས་ཁམས་སྤར་རང་ལ། ཁ་ལ། སྲོག་རང་སྤར་ཁའི་སྲོག །ལུས་སྤར་ཁའི་དགྲ། དབང་ཐང་མ། ཀླུང་རྟ་བུ། རུས་ཁམས་སྤར་ཁའི་གྲོགས་ལ་


CMR058_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

འཐབ། ༈ སྨེ་བ་་་རང་སོགས་བཞིས་གནམ་ལོའི་བཞིར་གཏུགས་པ་རྩིས་རྙིང་ལུགས་སོ། ཕོ་ལོ་ལ་སྨོས། ༈ སྨེ་བ་ཕོ་ལོ་ལ་དྲུག་གི་ལོ་པ་ནི་གཡས་སྐོར་བྱེད་ནས་བྱང་ཤར་ནས་དབུས་སུ་ཞུགས། ཤར་ནས་ཕྱིར་ཐོན། མོ་ལོ་དྲུག་གི་ལོ་པ་ནི་གཡོན་སྐོར་བྱེད་ནས་ཤར་ལྷོ་ནས་དབུས་སུ་འཇུག་ནས་ཤར་ནས་ཕྱིར་ཐོན་པ་ཡིན་ལ། དབུས་སུ་བཅུ་ཤར་དུ་ཉི་ཤུ་སོགས་ལིང་རྩེ་རེ་རེ་ལ་སུམ་ཅུ་བཞི་བཅུ་ལྔ་བཅུ་དྲུག་ཅུ་སོགས་བརྗོད་ཅིང་། ལོ་གྲངས་དུ་ལོན་ནས་གཅིག་སོགས་བརྗོད། ༈ སྨེ་བའི་སྲོག་ལུས་དབང་ཀླུང་བླ་གཟའ་ལྔ་པོ་ནི། །ཀླུང་རྟ་གྲོགས་བླ་གཟའ་དགྲ། རྩིས་བྱའི་སྐྱེས་སྨེ་གང་ཡིན་འདི་ཕུལ་ལ།་་་་མན་ངག་ལུགས། དེ་གང་དུ་བབ་པའི་འཕུར་སྨེ་དེ་དང་བརྩི་བྱའི་སྲོག་སྨེ་དེ་དང་འཐབ། བརྩི་བྱའི་ལུས་སྨེ་དང་འཕུར་སྨེ་འབྱུང་བ་གང་ཡིན་དེ་ཡི་མ་དེ་འཐབ། བརྩི་བྱའི་དབང་སྨེ་དང་འཕུར་སྨེ་འབྱུང་བའི་བུ་དེ་འཐབ། བརྩི་བྱའི་རླུང་སྐྱེ་དང་འཕུར་སྨེ་འབྱུང་བའི་གྲོགས་དེ་འཐབ། བརྩི་བྱའི་རུས་ཁམས་དང་འཕུར་སྨེའི་དགྲ་དེ་འཐབ་པ་ཡིན། ༈ དར་རྒུད་ཤིང་དབུགས་སྤྲེལ་ནས་རྒྱུ། མེ་དབུགས་ཕག་ནས་རྒྱུ། ལྕགས་དབུགས་སྟག་ནས་རྒྱུ། ས་ཆུ་གཉིས་སྦྲུལ་ནས་དབུགས་


CMR058_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ། མངལ་གནས་ལུས་རྫོགས། བཙས་པ་ཁྲུས་བྱེད་གོས་གྱོན་ལས་བྱེད། དར་བ་རྒུད་པ། ན་བ་ཤི་བ་དུར་ཞུགས་རིམ་པ་ལྟར། ལོ་བཅུ་གཉིས་ཀྱི་སྟེང་དུ་བགྲང་སྟེ། སྲོག་གནམ་ལོའི་སྟེང་ལུས་ཟླ་བ། དབང་ཐང་ཞག །ཀླུང་རྟ་དུས་ཚོད། རུས་ཁམས་སྤར་ཁ་ལ་གཏུག་པའོ། །གོས་གྱོན་དར་བ་ལས་བྱེད་གསུམ་ལ་དཀར་པོ་གཉིས་རེ། ལུས་རྫོགས་བཙས་པ་ཁྲུས་བྱེད་གསུམ་ལ་དཀར་པོ་རེ་རེ་བཞག །ན་ཤི་དུར་ཞུགས་ནག་པོ་གཉིས་རེ་བཞག །རྒས་པ་དབུགས་རྒྱུ་མངལ་གནས་གསུམ་ལ་རྡེའུ་ནག་པོ་རེ་རེ་སྟེ། ལོ་དང་ཟླ་བ་འབྱུང་བ་སྦྲགས་མ་ཡིན། ལོ་མ་ལ་ཟླ་བ་བུ་ཚེས་ཞེས་པས། གནམ་ལོ་ཤིང་ཤར་ན་དཔྱིད་ར་་་རྒྱལ། འབྲིང་་་་མཆུ། གཉིས་མེ་སྟག་མེ་ཡོས་ཏེ་དེའི་འགྲེས་སོ། ༈ །བརྩི་བྱའི་སྲོག་ལུས་དབང་ཐང་ཀླུང་རྟ་དང་། ཟླ་བའི་སྲོག་ལུས་དབང་ཐང་ཀླུང་རྟ་དེ་དང་འཐབ། །རུས་ཁམས་ཟླ་བའི་སྲོག་དང་འཐབ། ༈ །ཟླ་བ་མ་ལ་ཞག་བུ་ཚེས་ཞེས། །ཟླ་བའི་དབང་ཐང་ཤིང་ཡིན་ན། །ཤིང་བུ་མེ་ཡིན་པས། ཚེས་གཅིག་གི་དབང་ཐང་མེ། ཞག་དང་དུས་ཚོད་འབྱུང་བ་རྐྱང་དེད་ཡིན་པས་ཚེས་གཉིས་མེ་བུ་ས། བརྩི་བྱའི་སྲོག་ལུས་དབང་ཐང་ཀླུང་


CMR058_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

རྟས། ཚེས་ལྷག་ཆད་སོགས་ངེས་པར་བརྟགས། ཞག་གི་སྲོག་ལུས་དབང་ཐང་ཀླུང་རྟ་འཐབ། རུས་ཁམས་ཞག་གི་སྲོག་དང་འཐབ། ༈ ཞག་མ་དེའི་དབང་ཐང་ཤིང་ཡིན་ན། ཤིང་བུ་མེ་ཡིན་པས་ནམ་ལངས་མེ་ཡོས། དེ་ནས་བརྩི་བྱའི་སྲོག་ལུས་དབང་ཐང་ཀླུང་རྟ། དུས་ཚོད་ཀྱི་སྲོག་ལུས་དབང་ཐང་ཀླུང་རྟ་འཐབ། རུས་ཁམས་དུས་ཚོད་སྲོག་དང་འཐབ། ༈ གཟའ་ནི་གཟའ་གང་ཡིན་གྱི་འབྱུང་བ་རྐྱང་དེད་དང་། བརྩི་བྱའི་སྲོག་ལུས་དབང་ཐང་ཀླུང་རྟ་རུས་ཁམས་འཐབ་པ་སྟེ། ཉི་མ་མིག་དམར་མེ། ཟླ་བ་ལྷག་པ་ཆུ། ཕུར་བུ་ཤིང་། པ་སངས་ལྕགས། སྤེན་པ་ས་ཡིན་ནོ། ༈ །སྐར་མ་རྐྱང་པ་འཐབ་བོ། བརྩི་བྱའི་སྲོག་ལུས་དབང་ཐང་ཀླུང་རྟ་རུས་ཁམས་ལྔ་སྐར་མ་རྐྱང་པ་འཐབ་བོ། །དེ་ཡན་གྱི་གཤིན་རྡེལ་རྩ་བ་ལྔ་བཅུ་ཚང་ངོ་། །གནམ་ལོ་རྡེལ་ཕྲེང་ཤར། སྲོག་གི་རྡེལ་ཕྲེང་ལྷོ། གཟའ་ཡི་རྡེལ་ཕྲེང་ནུབ། རུས་ཁམས་རྡེལ་ཕྲེང་བྱང་། ༈ རི་རབ་ལྟ་བུར་དཔྱད་ན། གནམ་ལོའི་དབང་རྡེལ་ལྗོན་ཤིང་གི་རྩེ་མོ། གཟའི་དབང་རྡེལ་རི་རབ་རྩ་བ་ཡིན་ནོ། གཙུག་ལག་དང་རུ་སྦལ་ལྟ་བུར་དཔྱད་པ་ནི་ཤོག་བཀྲ་ལ་བལྟའོ། །མཆོད་


CMR058_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དང་རི་རབ་ལྟ་བུར་སྤྱད་པ་ནི་འདྲའོ། །ཡར་དེད་བརྒྱད་ནི་ལོག་མེན་སྲོག་རྡེལ། མར་དེད་བརྒྱད་ནི་དུས་ཚོད་སྲོག་རྡེལ་ལོ། །ཤར་ཕྱོགས་རྡེལ་ཚན་ནི་གནམ་རྗེལ་ལྔ། ཁམས་རྡེལ་བྱང་གི་སྡེ་ཚན་ཡིན། སྲོག་རྡེལ་གྱི་ཁ་དམར་རྡེའུ་གཅིག །ཁ་མར་གྱི་རྡེའུ་ལྔ་པོ་དེ་ཡིན་ནོ། །གནས་ཀྱི་རྡེའུ་ནི། སྲོག་རྡེལ་ལྔ་པོ་དེ་ལའོ། སྟོད་ཀྱི་རེ་མིག་ལྔ་ནི། སྲོག་རྡེལ་ལྔ་ལུས་ལྔ་གཉིས་པ། དབང་རྗེལ་ལྔ་གསུམ་པ། རླུང་རྡེལ་ལྔ་བཞི་པ། དར་རྒུད་རྡེལ་ལྔ་པའོ། །རྡེལ་ཕྲེང་ཕྲེད་དུ་སྤྱད་ལ་དེ་གཉིས་ཀ་རེ་མིག་ཕྲད་དུ་སྤྱད་དགོས། ཉི་མའི་དབང་ཐང་ཤར། ཉི་མའི་སྲོག་ལྷོ། ལོའི་དབང་ཐང་ནུབ། ཉི་མའི་དར་རྒུད་བྱུང་། མཚམས་བཞི་ཤུགས་ལ་ཤེས་སོ། གསོན་རྩིས་བཅུ་གསུམ་པར། གཅིག་ནག་ན་ཡང་དྲུག་དཀར་ན་སྐྱོན་མེད། རབ་ཀྱི་རབ་ལ་རྩིས་མི་སྤང་། ཐ་མས་ཐ་མར་རྩིས་མི་སྤང་ཞེས་བྱའོ། ༈ །གཤིན་རྗེལ་བཅུ་གསུམ་བཞག་ལུགས་ནི། གཤིན་པོའི་སྲོག་ལུས་དབང་ཀླུང་བླ་བཟའ་ལྔ་དང་། གནམ་ལོའི་སྲོག་ལུས་དབང་ཀླུང་བླ་གཟའ་ལྔ་འཐབས་པས་རྡེལ་ལྔ། སྤར་ཁ་ས་ཡིན་ན་མེ་སྦྲུལ། དྭ་ལ་ལྕགས་སྤྲེལ། ཟིན་ལ་ཤིང་སྟག །ཁམ་ལ་ཆུ་ཕག །


CMR058_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཟོན་ལ་ས་འབྲུག །ཁོན་ལ་ས་ལུག །ཁེན་ལ་ས་ཁྱི། གིན་ལ་ས་གླང་གི་སྲོག་ལུས་དབང་ཀླུང་དང་བརྩི་བྱའི་སྲོག་ལུས་དབང་ཀླུང་འཐབས་པས་རྡེལ་དགུའོ། །སྐྱེས་སྨེ་དང་འཕུར་སྨེ་གར་བབ་གཉིས་འཐབ་པ་ལེགས་སོ། །བརྩི་བྱའི་སྲོག་སྨེ་དང་གནམ་ལོའི་སྲོག་སྨེ་འཐབ། བརྩི་བྱའི་ལུས་སྨེ་དང་གནམ་ལོའི་ལུས་སྨེ་འཐབ། བརྩི་བྱ་གཤིན་པོའི་དབང་སྨེ་དང་གནམ་ལོའི་དབང་སྨེ་འཐབ་པ་བཅུ་གསུམ་མོ། །འདི་རྐྱང་པའི་བཤད་པ་བྱ། གཤིན་རྗེལ་འདི་ལ་སོ་འཕྲང་གཅེས་གསུམ་ཕུད་མཁན་ཡོད་ཀྱང་དེ་མི་ལེགས། ༈ གསོན་པོ་ལ་གནམ་ལོའི་སྲོག་ལུས་དབང་ཀླུང་བླ་གཟའ་ལྔ་དང་། བརྩི་བྱའི་སྲོག་ལུས་དབང་ཀླུང་བླ་གཟའ་རྡེལ་ལྔའོ། ལི་མེ་སྦྲུལ་སོགས་གོང་ལྟར་སྤར་ཁའི་སྲོག་ལུས་དབང་ཀླུང་བླ་གཟའ་ལྔ་དང་བརྩི་བྱའི་དེ་ལྔ་འཐབ་སྟེ་བཅུའོ། ༈ །ལོག་མེན་རྩིས་གསར་ལྟར་བསྐོར་བའི་བརྩི་བྱ་གསོན་པོ་དེའི་སྲོག་དང་ལོག་མེན་སྲོག་འཐབས་པས་བཅུ་གཅིག །ལོག་མེན་གར་བབ་དེའི་མར་ལྔ་དང་། བརྩི་བྱའི་རང་ནས་རང་ཐེ་བའི་མར་ལྔ་རྩིས་པ་སྲོག་དང་སྲོག་འཐབ། བརྩི་བྱའི་ཡར་ལྔ་དང་། ལོག་མེན་གྱི་ཡར་ལྔ་དང་གཉིས་སྲོག་དང་སྲོག་འཐབས་པས་


CMR058_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གསུམ་མོ། ༈ ཡང་ཡོན་བདག་འབྱོར་ཆུང་ལ་རྩིས་ཟུང་བྱ་བ། གནམ་ལོའི་སྲོག་ལུས་དབང་ཀླུང་དང་། གཤིན་པོའི་སྲོག་ལུས་དབང་ཀླུང་འཐབ། དར་རྒུད་སྲོག་གནམ་ལོ་དང་གཏུག་པ་དང་རྡེལ་ལྔ། ཟླ་བའི་སྲོག་ལུས་དབང་ཀླུང་དང་། གཤིན་པོའི་སྲོག་ལུས་དབང་ཀླུང་འཐབ། ལུས་དར་རྒུད་ཟླ་བ་གཏུགས་པ་དང་ལྔའོ། །ཉི་མའི་སྲོག་ལུས་དབང་ཀླུང་གཤིན་པོ་དང་འཐབ། དབང་ཐང་དར་རྒུད་ཉི་མ་ལ་གཏུག་པ་དང་ལྔ། དུས་ཚོད་སྲོག་ལུས་དབང་ཀླུང་གཤིན་པོ་དང་འཐབ། ཀླུང་རྟའི་དར་རྒུད་དུས་ཚོད་ལ་གཏུག་པ་དང་ལྔ། །ཚུལོག་མེན་རྩིས་གསར་ལྟར་བསྐོར་བའི་སྲོག་དང་གཤིན་པོའི་སྲོག་འཐབ། ལུས་དང་ལུས་སྐྱེས་སྨེ་དང་འཕུར་སྨེ། ཤི་གཟའ་དང་གཤིན་པོའི་སྲོག་འཐབ། ཤི་སྐར་དང་གཤིན་སྲོག་འཐབ་སྟེ་རྡེལ་ལྔ། རྡེལ་ཉེར་ལྔ་བརྒྱབ་ལ། བཤད་པ་ནི་གཤིན་ཐང་ལྔ་བཅུའི་ནང་ནས་ཐུ་ཤེས་པར་བྱའོ། ། ༧ ནང་ཆེན་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

བརྒྱ་འབོར་ཆུང་བའི་ཁ་དམར་གྱི་རྡེལ་བཞག


CMR058_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་འབོར་ཆུང་བའི་ཁ་དམར་གྱི་རྡེལ་བཞག་བཞུགས་པའི་དབུའོ། །ན་མོ་ཨརྱ་མཉྫའི་ཡེ། བརྒྱ་འབོར་ཆུང་བའི་ཁ་དམར་གྱི་རྡེལ་བཞག་ལུགས་ནི། དང་པོ་གནམ་ལོའི་རྡེའུ་ལྔ་སྟེ་རྩིས་ལ་དཀར་པོ་མང་ན་དཀར་པོ་བཞག །ནག་པོ་མང་ན་ནག་པོ་བཞག །དེ་བཞིན་དུ་ལོག་མེན་སྐར་མའི་བར་བརྩིས་པའི་རྡེལ་འཕྲེང་བཅུ་དང་། ཧལ་ཁྱི་ནས་ཡན་ལག་གི་རྡེལ་འཕྲེང་བཅུ་ལས་དེ་བཞིན་དུ་བཞག་པ་ཉི་ཤུ། དེ་ནས་སྲོག་རྡེལ་ཉི་ཤུ་པོ་འཕྲེད་དུ་བརྩིས་ལ་དཀར་ནག་གང་མང་གི་རྡེལ་གཅིག་བཞག །དེ་བཞིན་དུ་ལུས་དབང་ཐང་རླུང་རྟ་རུས་ཁམས་ལྔ་ལ་ཁ་དམར་གྱི་རྡེའུ་ལྔ་ཐུར་དུ་བཞག །རྡེལ་ལྔ་པོ་དེ་ཤིན་ཏུ་དབང་ཐང་ཆེ། དེ་ནས་སྐར་མའི་རྡེལ་ཕྱིར་བཅད་པ་དེ་ཕན་དེ་བརྩམ་པས་རི་མོ་བྲི་རྡེལ་ཕྲེང་དགུ་དེ་ལ་དཔྱད་དོན་བདུན་མས་དཔྱད། རྡེལ་ཕྲེང་དེ་ཤིན་ཏུ་ངན་ན་ཡན་ལག་གི་རྡེལ་ལྔ་བཅུ་ལ་བལྟ། གཉིས་ཀ་ངན་ན་ངན་ངེས་བཟང་ན་བཟང་ངེས་ཡིན། དཔེ་ཐག་མ་ཆོད་ན། རེ་མིག་ཉེར་ལྔ་ཕུད་ལ་དཔྱད། དེ་ལྟར་ཁ་དམར་གྱི་རྡེའུ་རྩ་ལྔ་དང་རེ་མིག་རྡེའུ་ཉི་ཤུ་རྩ་ལྔ་སྟེ། ཁ་དམར་གྱི་རྡེའུ་ལྔ་བཅུ་དེས་བཟང་ངན་སྟངས་གཅོད་པ་ཡིན་ནོ། །དེ་གཞན་དུ་ཁ་འབོར་འབྲིང་བ་ལ་ཡང་


CMR058_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ལུས་དབང་ཐང་ཀླུང་རྟ་རུས་ཁམས་ལྔ་ཡི་རྡེལ་རྒྱབ་ལུགས་འདྲ། ཁྱད་པར་དཀར་འགྲོས་ནག་འགྲོས་ཁྲ་འགྲོས་ཀྱི་གཤིན་ཐང་ལྔ་བཅུ་ཚར་གསུམ་དེ་གནམ་ལོའི་སྲོག་རྡེལ་གསུམ་བརྩིས་ལ་དཀར་པོ་མང་ན་དཀར་པོ་ནག་པོ་མང་ན་ནག་པོ་དཀར་ནག་མཉམ་ན་དཀར་ནག་གཉིས་བཞག་ནས། དེ་བཞིན་ལོགས་སུ་བཞག་པས་གཤིན་ཐང་ལྔ་བཅུ་ཚར་གཅིག་འོང་། །དེའི་སྲོག་ལུས་དབང་ཐང་རླུང་རྟ་རུས་ཁམས་དང་ལྔ་སོ་སོར་རྩིས་ལ་ཁ་དམར་བཞག་པས་རྡེལ་ལྔ་དེ་གོང་བཞིན་དུ་སྐར་མའི་ཕན་རྡེལ་ཕྲེང་དགུ་བཅད་ལ་དཔྱད་དོན་བདུན་མ་བྱ། དེ་ལ་སླར་ཡང་རེ་མིག་ཉེར་ལྔ་ཕུད་སྲུང་རིམ་ཅི་དགོས་དེ་ནས་བཤད། དེ་ཐམས་ཅད་ཀྱི་རྩ་བ་ཁ་དམར་གྱི་རྡེལ་ལྔ་སྟེ། སྲོག་རྡེལ་གྱིས་ཚེ་རིང་ཐུང་ལུས་རྡེལ་གྱིས་ནད་མང་ཉུང་དབང་རྡེལ་གྱིས་ནོར་ཕྱུགས་དབུལ་ཀླུང་རྟའི་རྡེའུ་དགྲ་ཁ་མཆུ་འོང་མི་འོང་རུས་ཁམས་རྡེའུ་སྡེ་ཆུས་རྟག་མི་རྟག་བལྟ། ངན་ན་སོ་སོར་སྲུང་རིམ་རིགས་པས་དཔྱད། འདི་རྣམས་ཀྱི་བཤད་པ་གཞུང་གི་གཤིན་ཐང་ལྔ་བཅུའི་བཤད་པ་ཡིན་གྱི་གཞན་ནས་ཡོད་པ་མ་ཡིན་ཏེ། འདི་ལྟར་ཞིབ་ཀྱིས་མ་བརྩིས་ན་གཞུང་རྐྱང་པས་མི་ཐིག་པ་ཡིན། གཞུང་ལ་དེ་ཐམས་ཅད་ནག་པ་ན་ཧལ་ཁྱི་ཟླ་


CMR058_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བ་པི་ལིང་གསུམ་ལ་ལྟོས། གསུངས་པ་དེ་ལས་གཞན་མེད། དེའི་དོན་ནི་རྩ་བའི་རྡེལ་ལྔ་བཅུ་ངན་ན་ཡན་ལག་གི་རྡེལ་ལྔ་བཅུ་ལ་བལྟས་པ་གཉིས་ངན་ན་ངན་ངེས་ཡིན་ལ་རྩ་བ་ངན་ཡང་ཡན་ལག་མ་ངན་ན་སྐྱོན་ཆེར་མེད་པ་ཡིན། རིམ་གྲོ་ཅུང་ཟད་རེ་བྱས་པས་འགྱུར། རྩ་རྡེལ་གྱི་ཐད་སོ་ནས་ཡན་ལག་གི་རྡེལ་དཔྱད། གནམ་ལོའི་རྡེལ་ནག་པ་དང་ཧལ་ཁྱི་གཉིས་ཨེ་མཚུངས་ལོག་མེན་དང་པི་ལིང་གཉིས་ཨེ་མཚུངས་སྤར་ཁའི་རྡེལ་ཕྲེང་དང་ཟླ་བའི་རྡེལ་ཕྲེང་ཨེ་མཚུངས་སྨེ་བ་དང་སོ་ཕ་ཨེ་མཚུངས་དེ་སོགས་རྩ་བའི་རྡེལ་ཕྲེང་བཅུ་དང་ཡན་ལག་གི་རྡེལ་བཅུ་ཕན་ཚུན་ལན་དཔྱད་པས་རྩ་བའི་རྡེལ་ནག་ནའང་དེའི་ཐམས་ཅད་ཀྱིས་ཡན་ལག་གི་རྡེལ་དཀར་ན་ཧ་ཅང་མི་སྐྱོན་པར་བརྩི། གཉིས་ཀ་ནག་ན་ངན་ངེས། གཉིས་ཀ་དཀར་ན་བཟང་ངེས་སུ་བརྩི་བ་ཡིན་ཞིབ་པར་བརྩི་ན་བརྒྱ་འབོར་ཆེ་བ་དེ་ལ་བསྡུ་ན་བརྒྱ་འབོར་ཆུང་བ་ཡིན་ཏེ། དེང་སང་རྩ་བའི་རྡེལ་ལྔ་བཅུ་སྐར་མ་ཚུར་གཅོད་ནས་དཔྱད་དོན་བདུན་མ་དཔྱད་དེ་ལ་རེ་མིག་ཉེར་ལྔ་ཕུད་པ་ཙམ་ལས་བྱེད་མཁན་དཀོན་པར་སྣང་དེ་ཡང་ལུགས་མེད་པར་བྱུང་ན་ཡན་ལག་གི་རྩ་རྡལ་ལྔའི་རྩིས་རྡེལ་ཉེར་ལྔ་བརྒྱབ་ལ་བཤད་པ་ནི་གཤིན་ཐང་ལྔ་


CMR058_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་ནང་ནས་ཚུར་ཐུ་དགོས་པ་ཡིན། དེ་ཡང་ལུང་མེད་ན་གཤིན་རྗེལ་བཅུ་གསུམ་ཁོ་ན་བྱ། རྩིས་ངན་ན་འབྱོར་བ་བསྟུན་ཏེ་སྲུང་རིམ་གྱིས་ལུང་འབོགས་འབྱོར་བ་ཅི་ཡང་མེད་པ་རྩིས་ངན་ཀྱང་ངན་པར་མི་བརྗོད། བརྗོད་པ་དེ་ལ་སྐྲག་འཇིགས་ཆེན་པོ་འོང་བས། ཉེས་པས་རྩིས་མཁན་ལྕགས་ཀྱི་ཚེར་མས་འབིག་པའི་དམྱལ་བར་སྐྱེ་གསུངས་རྩིས་རྒྱབ་འཕགས་པའི་བཀའ་ལ་ཆོལ་ཞེས་པས་ཆོས་ཕྱོགས་སུ་འགྱུར་བའི་སྲུང་རིམ་ཕོག་པས་འཕྲལ་དུ་སྐག་འགྱུར་བ་ལ་ཕན། ཕུགས་སུ་འཁོར་བའི་སྡུག་བསྔལ་ལས་ཐར་ནས་བདེ་བ་ཐོབ་པས་ཕན་པ་དང་བདེ་བ་ནི་སངས་རྒྱས་ཀྱི་ཕྲིན་ལས་ཡིན་པས་རྩིས་གསུངས་པའི་དགོངས་པ་ཡང་དེ་ཡིན་ཞེས་རཱ་ག་ཨ་སྱས་འཕྲལ་དུ་སྨྲས། མངྒ་ལཾ།། ༈ བརྒྱ་འབོར་ཆུང་བའི་བཤད་པའི་ཤོག་བཀྲ་འདི་ཤེས་ན་ཆེ་འབྲིང་གཉིས་ཀྱང་དེས་རིག་འགྲེས་སོ། །རྩ་བའི་རྡེལ་ལྔ་བཅུ་དང་ཡན་ལག་གི་རྡེལ་ལྔ་བཅུ་འདི་གཉིས་མ་བུ་ཡིན་པས་གཉིས་ཀ་བསྡུས་ནས་བཟང་ངན་ཐག་ཆོད་དགོས་སོ། །ཡན་ལག་གི་རྡེལ་ལྔ་བཅུ་བཤད་པ་ལོགས་ན་མེད་དོ། །གཞུང་ནས་ཧལ་ཁྱི་པི་ལིང་གཉིས་ཁ་འགྲེས་ཟེར་དེས་དོན་ཡིན་ནོ། །རེ་མིག་ཉེར་ལྔ་འདི་གཞུང་རྡེལ་བལྟས་ནས་བཞག་གོ།

རྩིས་བརྡར་གྱི་ཆ་ལག་སྔོན་འགྲོ།


CMR058_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་བརྡར་གྱི་ཆ་ལག་སྔོན་འགྲོ་བཞུགས་སོ།


CMR058_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨརྱ་མཉྫ་ཤི་ཡེ། མདུན་དུ་རྩིས་གཞི་གབ་རྩེའམ། མཐོང་ཚོ་བཀྲམ། བླ་མཁྱེན་ལ་རྒྱབ་གཏད། མདའ་དར། མོ་ནས། ཆུ་ཕོར། དུང་གཅིག སྣཁབ་སོགས་གང་དགོས་སྟ་གོན་བྱས་ལ། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ༔ རང་ཉིད་སྐད་ཅིག་གིས་འཇམ་དཔལ་ནག་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་འབར་བའི་མཆེ་བ་རྣམ་པར་གཙིགས་པ། ཕྱག་གཡས་རྡོ་རྗེའི་བེ་ཅོན་ཕྱར་ཞིང་གཡོན་སྡིགས་མཛུབ་བགེགས་ལ་གཟིར་བ། ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་ཅིང་གཡོན་བརྐྱང་གིས་མེ་དཔུང་གི་ཀློང་ནས་པད་ཉི་རོའི་སྟེང་ནས་འགྱིང་བའི་སྐུར་གྱུར། ན་མོ། དཀོན་མཆོག་གསུམ་དང་རྩ་བ་


CMR058_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་བདེན་པ་དང་། བཅོམ་ལྡན་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོས་མོ་ལ་བརྐུ་བ། རྩིས་ལ་སྒྲིབ་པ། རྡེའུ་དཀར་ནག་ལ་བརྐུ་བ། རྣོ་སྟངས་གཅོད་པ་ལ་གཡོར་བ་བྱེད་པའི་གདོན་བགེགས་ཐམས་ཅད་དཔག་ཚད་རྒྱང་གྲགས་སུ་མ་གནས་པར་གཞན་དུ་སོང་ཞིག །ཅེས་ཆུ་ཕོར་ནང་དུ་སེལ་བཏབ། རྩིས་གཞི་ལ་བསྐོར་ལ་སྒོ་ཕྱི་ནང་བར་དེར་བཞག་བཅུག་གོ །ཧཱུྃ། ཉོན་ཅིག་རྨུ་ནག་ཅན་གྱི་བགེགས། །ང་ནི་ཁྲོ་བོ་གཤིན་རྗེའི་གཤེད། །ང་ཡི་བཀའ་ལ་ཁྱོད་མ་འདའ། །འདི་རུ་མ་འདུག་གཞན་དུ་དེངས། །གལ་ཏེ་


CMR058_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྲོ་འདུག་གྱུར་ན། །གཤིན་རྗེ་གཤེད་པོའི་མཚན་ཐོས་ནས། །ཁྲོ་བོ་ཆེན་པོ་ཐམས་ཅད་ཀུན། །འདར་ཞིང་ལག་ཆ་ཤོར་གྱུར་ན། །བགེགས་ཚོགས་རྣམས་ལ་སྨོས་ཅི་དགོས། །སྡིགས་པའི་མཛུབ་མོས་རབ་གཟིར་ཞིང་། །བེ་ཅོན་འབར་བས་ཀླད་པ་འགེམས། །ཡེ་ཤེས་མེ་ཡིས་ལུས་བསྲེགས་ནས། །སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར། །དེ་བས་མྱུར་དུ་ཕྱིར་དེངས་ཤིག །ཨོཾ་སུཾ་བྷ་ནི་བརྗོད་ཅིང་ནས་ལྕག་བྲབ་བོ། །སྟེང་འོག་རྡོ་རྗེའི་ར་གུར་མེ་འབར་བའི་གུར་ཁང་དུ་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་སྭཱ་ཧཱ། ན་མོ། བསླུ་བ་མེད་པ་དཀོན་མཆོག་གསུམ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས། །ཤཱཀྱ་ཐུབ་ལ་སྐྱབས་སུ་མཆི། །མཁྱེན་རབ་དབང་ཕྱུག་ཡེ་ཤེས་སྒྲོན། །འཇམ་དཔལ་དབྱངས་ལ་སྐྱབས་སུ་མཆི། །ཀྱེ་མ་འཁོར་བའི་སེམས་ཅན་རྣམས། །ཕྱི་ནང་གསང་བའི་འབྱུང་བ་ལྔ། །མ་རྟོགས་དབང་གིས་འཁོར་བར་འཁྱམས། །འཁྲུལ་རྟོག་སྐག་རིག་མ་ལུས་འཚེ། །འདི་རྣམས་བདེ་ལ་འགོད་པའི་ཕྱིར། །བདག་ནི་འཇམ་དབྱངས་རྗེས་འཇུག་སྟེ། །འཇིག་རྟེན་བདེ་ལ་འགོད་པར་བྱ། །ཨ་ཆོས་རྣམས་སྟོང་


CMR058_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ཉིད་ལས། །པདྨ་ཟླ་བའི་གདན་དབུས་སུ། །རང་ཉིད་རྗེ་བཙུན་འཇམ་པའི་དབྱངས། །དམར་སེར་ཕྱག་གཉིས་རལ་པོད་འཛིན། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །དར་དང་རིན་ཆེན་དུ་མས་བརྒྱན། །ཐུགས་ཀར་དྷི༔ཡིག་སྔགས་ཀྱིས་བསྐོར། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །ཕྱོགས་བཅུའི་ཞིང་ནས་འཇམ་དཔལ་དབྱངས། །ཁ་བ་བུ་ཡུག་ལྟར་བྱོན་ནས། །རང་ལ་སིབ་སིབ་དབྱེར་མེད་ཐིམ། །དབང་བསྐུར་བྱིན་གྱིས་བརླབ་པར་གྱུར། །ཨོཾ་ཨ་ར་པ་ཙ་ན་དྷི༔ ཅུང་ཟད་བསྙེན། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཕྱོགས་འདི་ནི་མ་ཧ་རྩི་ནི་ཡུལ་གྱི་དབུས་སུ་ཕྱི་ལྟར་ན་རིན་པོ་ཆེའི་རི་བོ་མཆོག་རབ་རྩ་བ་གྲུ་བཞི་ལ་རྩེ་མོ་ལྔར་གྱེས་པ། ཙནྡན་གྱི་ནགས་རི། གུ་གུམ་གྱི་སྤང་རི། མུ་ལའི་སྒྲ་ཤིང་ལ་སོགས་ལྗོན་ཤིང་ལ་བྱ་སྣ་ཚོགས་སྐད་སྙན་པར་སྒྲོག་པ། དུས་དུས་སུ་འཇའ་ཚོན་གྱི་གུར་ཕུབ་ཅིང་། མེ་ཏོག་གི་ཆར་འབེབས་པ། རི་བོ་རྩེ་ལྔ་གངས་རི་ཤེལ་གྱི་མཆོད་རྟེན་འདྲ་བ་ལྔའི་ནང་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། སེང་གེའི་ཁྲི་ལྔའི་


CMR058_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་ཤར་དུ་ཐུགས་འཇམ་དབྱངས་སྔོན་མོ། ལྷོར་ཡོན་ཏན་གྱི་འཇམ་དབྱངས་སེར་པོ། ནུབ་ཏུ་གསུང་གི་འཇམ་དབྱངས་དམར་པོ། བྱང་དུ་ཕྲིན་ལས་ཀྱི་འཇམ་དབྱངས་ལྗང་གུ། དབུས་སུ་སྐུ་ཡི་འཇམ་དབྱངས་དཀར་པོ་སྟེ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ་པ་གཙུག་ལག་རྩིས་ཀྱི་རྒྱུད་སྡེ་མཐའ་ཡས་པ་གསུངས་པ། དབུ་ལ་རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་ཅིང་རིགས་ལྔ་སོ་སོའི་དབུ་བརྒྱན་པ། ཐུགས་ཀར་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་དང་བཅས་ཏེ། ཨུཏྤལ་ཡལ་འདབ་རྒྱས་པ་གཉིས་རེ་འཛིན་པ། སྙན་གྱི་ཐད་དུ་ཁ་ཕྱེ་བའི་སྟེང་ན་རལ་གྲི་དང་པོ་ཏིས་མཚན་པ། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་ཤིང་གཞོན་ནུ་ཟུར་ཕུད་ལྔ་པ་ཅན། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཟླ་ལ་བཞུགས་པ། སོ་སོའི་འཁོར་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། ལྷ་ཀླུ་གནོད་སྦྱིན་དཔའ་བོ་མཁའ་འགྲོ་དང་དྲི་ཟ་གྲུལ་བུམ་ལ་སོགས་པ་བྱེ་བ་ཁྲག་ཁྲིག་དུ་མས་བསྐོར་བ། ཐམས་ཅད་ཀྱང་སྣང་སྲིད་གཏན་འབེབས་གཙུག་གི་རྒྱུད་སྡེ་ཟབ་མོ་ཉན་ཅིང་འཛིན་པ་ཤ་སྟག་གོ། །དེ་ཐམས་ཅད་གནས་གསུམ་ཡི་གེ་གསུམ་དང་གཙོ་བོ་ལྔའི་ཐུགས་


CMR058_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་དྷཱི༔ཡིག་དཀར་སེར་དམར་ལྗང་ལྔ་ལས་འོད་ཟེར་འཕྲོས་པས། རྒྱ་ནག་རི་བོ་རྩེ་ལྔའི་ཤེལ་ཁང་ནས་བྷེ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མ་ཡ་ཛ༔ མ་ལུས་སེམས་ཅན་ཀུན་གྱིས་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །འཇམ་དབྱངས་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡེ་སྟེ། ཨཱརྱ་མཉྫ་ཤི་ཨགྷཾ་སོགས། སྤྲོ་ན་སྨོན་ཐུང་མ་དང་མཎྜལ་ཡང་འབུལ། གཞོན་ནུ་སྐུ་ལུས་འཆང་བ་སོགས་བརྗོད། རྒྱ་གར་སྐད་དུ། ཨཱརྱ་མཉྫ་ཤྲཱི་ཏན་ཙིཏྟ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་རྒྱུད་ཀྱི་ཡང་སྙིང་། འཕགས་པ་འཇམ་དཔལ་གཞོན་ནུ་གྱུར་པ་ཕྱག་འཚལ་ལོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་སྣང་བ་ལམ་མེ་བ། །ཨ་ར་པ་ཙ་ན་ཡ་ཏེ་ན་མ། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་བསྟོད། །རྫོགས་


CMR058_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སངས་རྒྱས་རྣམས་ཀྱིས་བཤད། །བཅོམ་ལྡན་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གསུངས་པ་རྫོགས་སོ། །གུ་རུ་པདྨས་ཤེལ་བཟའ་སྒྲོན་མ་ལ་གནང་། འདི་མཚན་བརྗོད་ཚར་རེ་དང་མཉམ་གསུངས་སོ། །བཅོམ་ལྡན་འདས་འཇམ་དཔལ་རིགས་ལྔའི་ལྷ་ཚོགས་ཐམས་ཅད་ཀྱིས་བདག་ལ་སྣང་སྲིད་ལེགས་ཉེས་ཐམས་ཅད་གསལ་བར་བསྟན་དུ་གསོལ། ཞེས་གསོལ་བ་བཏབ་པས་འཇམ་དབྱངས་རིགས་ལྔའི་སྐུ་ལས་འོད་ཟེར་ཁ་དོག་ལྔ་འཕྲོས་རྩིས་གཞི་ལ་ཐིམ་པས་གཙུག་ལག་སྲིད་པའི་གབ་རྩེ་ཁྲ་མོ་འདི་ཉིད་ཕྱི་ལྟར་ན་དབང་ཆེན་གསེར་གྱི་ས་གཞི། འབྱུང་བ་ལྔའི་རང་བཞིན། ནང་ལྟར་ན་རྩིས་བྱའི་ལུས་ཤ་ཁྲག་དྲོད་དབུགས་ཀྱི་རང་བཞིན། གསང་བ་ལྟར་ན་བརྩི་བྱའི་སེམས་འཁོར་འདས་ཐམས་ཅད་ཀྱི་ངོ་བོ་དེ་ལྟར་ཡིན་པ་ལ་རྣམ་པ་ནི་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་མ་ཧཱ་གསེར་གྱི་རུ་སྦལ་གྱི། ལུས་ལ་སྤར་ཁ་བརྒྱད། སྨེ་བ་དགུ། བརྒྱད་ཅུ་རྩ་གཅིག །ལོ་བཅུ་གཉིས། ལོ་རྒན་དྲུག་ཅུ་ལ་སོགས་པ། ས་ཡི་གབ་རྩེ་སུམ་བརྒྱ་དྲུག་ཅུ་ཚང་བ། ཤེས་རབ་ཡུམ་གྱི་ཚུལ་གནས་པ། དེའི་སྟེང་དུ་ནམ་མཁའི་གཡུ་སྦལ་སྔོན་མོ་


CMR058_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ལ། གཟའ་ཆེན་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། གནམ་ཁྱི་ལ་སོགས་གནམ་གྱི་གབ་རྩེ་སུམ་བརྒྱ་དྲུག་ཅུ་ཚང་བ་དེ་ཐབས་ཡབ་ཀྱི་ཚུལ་ཁ་སྦུབ་ཏུ་གནས་པའོ། །དེའི་བར་སྣང་གི་དུང་སྦལ་དཀར་པོ་ལངས་ཏེ་གནས་པ་ལ། ལོ་ལ་འཁོར་བའི་རྗེ་བློན་བཅུ་བདུན། ཟླ་བ་ལ་འཁོར་བའི་རྗེ་བློན་བཅུ་བདུན། ཞག་དང་ཟ་མའི་ས་བདག་ལ་སོགས་པ་བར་སྣང་གི་གབ་རྩེ་སུམ་བརྒྱ་དྲུག་ཅུ་ཚང་བ། དེ་ལྟར་མ་ཧཱ་གསེར་གྱི་རུ་སྦལ་ཡབ་ཡུམ་སྲས་གསུམ་གྱི་ལུས་ལ་གབ་རྩེ་སྟོང་དང་དྲུག་བརྒྱ་བཀྲ་བ། གབ་རྩེ་སྟོང་དང་དྲུག་བརྒྱའི་ནང་ནས་བརྩི་བྱ་རྣམས་ཀྱི་ཚེ་སྔ་ཕྱི་བར་གསུམ་ལས་དང་ལས་ཀྱི་རྣམ་སྨིན། རྐྱེན་དང་བར་ཆད་ཡོད་མེད། ཚེ་རིང་ཐུང་། བསོད་ནམས་རླུང་རྟ་དར་རྒུད། སྐྱེ་གནས་མཐོ་དམན་དང་བཅས་པ། མེ་ལོང་ནང་གི་གཟུགས་བརྙན་ལྟར་གྱུར་ཅིག །དེ་ལ་མདུན་གྱི་འཇམ་དབྱངས་རིགས་ལྔ་ལྷ་དང་དྲང་སྲོང་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི་ཡང་། རྟེན་གྱི་མངོན་ཤེས་བདག་ལ་མངོན་སུམ་དུ་སྟོན་ཅིང་། སྟངས་གཅོད་ཀྱི་གཟུ་དང་དཔང་པོ་མཛད་དུ་གསོལ། ཨོཾ་ཝ་གི་ཤྭ་རི་ཧཱུཾ། ཧྲཱིཿམ་ཧ་རི་ནི་ས་ཙིཏྟ་ཧྲིང་ཧྲིང་ཛ༔ པྲ་མོ་ཤག་ཤག་པྲ་མོ་སྟོན། ཆུ་བུར་


CMR058_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གི་སྒོ་སོལ་ཕྱེས། རྣོ་མཐོང་གསལ་བའི་སྒྲོན་མེ་ཁྱོག །ཅེས་ཅུང་ཟད་སྔགས་བཟླས། དེ་ནས་རྩིས་བརྡར་བྱའོ། །ཞེས་སྔགས་འཆང་ཚེལ་ལེ་གྱིས་བསྐུལ་ནས་རྩིས་མཁན་རཱ་ག་ཨ་སྱས་སྦྱར་བའོ། །སརྦ་མངྒ་བྷཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

རྩིས་ཀྱི་མོ་བརྡར།


CMR058_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་ཀྱི་མོ་བརྡར་བཞུགས་པའི་དབུ་ཕྱོགས་ལགས་སོ། །


CMR058_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ། ཧོ་མཆོད་གནས་དམ་པ་དཔལ་གྱི་གཞིར་གྱུར་པ། །འཕགས་པ་བླ་ན་མ་མཆིས་པའི་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མཁྱེན་རབ་ཀྱི་མངའ་བདག་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ལྷ་ཚངས་པ་ལ་ཕྱག་འཚལ་ལོ། །ལྷ་ཡི་བུ་མོ་རྣམ་རྒྱལ་མ་ལ་ཕྱག་འཚལ་ལོ། །ལྷ་ཡེ་མཁྱེན་འཕྲུལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །གཙུག་ལག་གི་སྟོན་པ་མཛད་དུ་གསོལ། ལྷ་ཡི་བུ་མོ་མེ་ཏོག་སྨྲ་ཤེས་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དགའ་བོ་དང་འཇོག་པོ་ལ་སོགས་སྟོན་པ་རྣམས་ལ་ཕྱག་འཚལ་ལོ། །གཙུག་ལག་གི་སྟོན་པ་མཛད་དུ་གསོལ།


CMR058_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཏང་ཀུན་འཕྲུལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །རྒྱ་རྗེ་དབང་པོ་དར་བཙན་ལ་ཕྱག་འཚལ་ལོ། །གཞན་ཡང་གཙུག་ལག་གི་སྟོན་པ་མཛད་དུ་གསོལ། །འགོས་ཁྲི་རྒན་རྣམས་ལ་ཕྱག་འཚལ་ལོ། །གཡས་གཡུང་དྲུང་སྐུ་ནམ་ཚུལ་ཁྲིམས་འགོ་ཐུབ་ལ་སོགས་པའི་གཙུག་ལག་གི་སྟོན་པ་ཆེན་པོ་བརྒྱུད་པ་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །རྩིས་ཀྱི་སྟོན་པ་དང་དཔྱད་ཀྱི་དབང་པོ་མཛད་དུ་གསོལ། ཀྱེ། དགོངས་སུ་གསོལ་ལོ། །གསན་དུ་གསོལ་ལོ། །གཟིགས་སུ་གསོལ་ལོ། །ཆེ་བ་རྣམས་


CMR058_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

གསོན་དང་། ཆུང་བ་རྣམས་ཉོན་དང་། ལོ་རྒྱལ་པོ། ཟླ་བ་བློན་པོ། ཞག་དམག་མི་དུས་ཚོད་མཚོན་ཆ་རྣོན་པོ་རྣམས་གསན་ཅིང་དགོངས་སུ་གསོལ་ལོ། །གནམ་ས་ཉིན་སྲིབ་ཕུ་མདའ་ལ་དབང་ཞིང་མངའ་བའི་ལྷ་ཀླུ་རྫུ་འཕྲུལ་མཐུ་སྟོབས་དང་ལྡན་པ་རྣམས་གསན་ཅིང་དགོངས་སུ་གསོལ་ལོ། །ཀྱེ། དང་པོ་སྲིད་པ་ཆགས་པའི་དུས་ནི། དུས་།གསུམ་འཕགས་པའི་རྣམ་འཕྲུལ། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རང་གཟུགས་འབྱུང་བ་ལྔའི་བདག་ཉིད་སྲིད་པའི་རུས་སྦལ་ཆེན་པོ་གཅིག་སྲིད། དེ་སྣང་སྲིད་ཀྱི་ས་གཞི་བརྟེན་ཡིན་མིང་ནི་ས་བདག་ཁྱབ་པ་ཆེན་པོ་ཞེས་ཀྱང་བྱ། དབྱིབས་ནི་གན་རྐྱལ་དག་ཏུ་འདུག་པ། སྦོ་དུང་གི་ནམ་མཁའ་ལྟ་བུ་དཀར་པོ་རུ་སྣང་བས། རྒྱབ་གསེར་གྱི་ས་གཞི་རུ་ཆགས་པ། དེ་ལ་འབྱུང་བ་རྣམ་ལྔའི་ཆར་དུ་འབབ་པ། རུ་སྦལ་གྱི་ལུས་ལ་ཐིམ་པ། དེའི་ནུས་པས་སྤར་ཁ་བརྒྱད་དང་ལོ་སྐོར་བཅུ་གཉིས་སུ་གྲོལ་ནས་རུ་སྦལ་གྱི་རུས་ཆེན་བརྒྱད་ལ་སྤར་ཁ་རུས་པའི་རྩིས་བྱུང་རྩ་དང་རྒྱུད་པ་དྲོད་དང་གློ་བ་ལ། ཁ་སྲོག་དབང་ཐང་གི་རྩིས་བྱུང་། ཁྲག་དང་ཆུ་སེར་ལ་ཀླུང་རྟ་སྡེ་བཞི་དང་སྐར་མ་དམར་ནག་གི་རྩིས་


CMR058_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། ལྒང་པ་དང་བ་སྤུ་ལ་ཆད་མངལ་དགུ་སྐོར་གྱི་རྩིས་བྱུང་། བུ་ག་དགུ་ལ། སྨེ་དགོངས་ལྷ་དགུའི་རྩིས་བྱུང་། སྒལ་ཚིགས་ཉི་ཤུ་རྩ་བརྒྱད་ལ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་རྩིས་བྱུང་། དེ་ལ་ཡང་འབྱུང་བ་ཆེན་པོ་ལྔ་ལས་བྱུང་བའི་རྒྱུ་བྱས། ཡང་འགྲེལ་དྲུག་ཅུ་འབྱུང་བའི་སྤྱི་གཟུགས་ཉིན་ཞིབ་ཐིག་སུམ་བརྒྱ་དྲུག་ཅུ་རྒྱས་པར་གཏན་ལ་ཕབ། དེ་ལྟར་གནམ་ས་ཡབ་ཡུམ་མ་སྲིད་ན། སྲིད་པའི་ཁོག་མི་དབབ། འབྱུང་བ་རྣམ་ལྔ་མི་སྲིད་ན། ཕྱི་སྣོད་འཇིག་རྟེན་མི་ཆགས། མ་ཧཱ་གསེར་གྱི་རུས་སྦལ་མ་སྲིད་ན། ནང་བཅུད་ཀྱི་སེམས་ཅན་མི་གྲོལ། སྤར་ཁ་བརྒྱད་པོ་མ་སྲིད་ན། ཕྱི་ཡི་ཟླ་མི་རྙེད། སྨེ་བ་ལིང་དགུ་མ་སྲིད་ན། དཀར་ནག་གི་ཤན་མི་ཕྱེད། གནམ་ས་བར་གྱི་ལྷ་ཀླུ་མ་སྲིད་ན། སྟེང་འོག་གི་ཕྱོགས་མཚམས་མི་བཏུབ། དར་རྒུད་བཅུ་གཉིས་མ་སྲིད་ན། ཚེ་རབས་ཀྱི་ལས་འཕྲོ་མི་སྟོན། ལོ་སྐོར་བཅུ་གཉིས་མ་སྲིད་ན། བསྐལ་པའི་གྲངས་ཚད་མི་ཤེས། ཉི་ཟླ་གཉིས་སུ་མ་སྲིད་ན། གླིང་གའི་མུན་པ་མི་གསལ། གཟའ་དང་རྒྱུ་སྐར་མ་སྲིད་ན། དལ་ཡམས་ཀྱིས་སྣ་མི་འདྲེན། ཕན་གནོད་ཀྱི་གཏོ་ཡིས་མ་


CMR058_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱར་ན། ལྷ་སྲིན་སྡེ་བརྒྱད་ཀྱི་ངོ་མི་བཟློག །གཙུག་ལག་རྩིས་ལ་མ་བརྟེན་ན། སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་མི་རྟོགས། དེ་བས་འབྱུང་བ་ལྔ་ཡི་གཞལ་ཡས་ཀྱི་ཁང་པ་དམ་པ་འདིར་འབྱུང་བའི་ལྷ་ཚོགས་ཐམས་ཅད་འདུས་པ་ལ་མི་དབང་བ། གབ་རྩེ་ཁྲ་མོ་ལྟ་བ་ལ་མི་དབང་བ། གཙུག་ལག་ཟབ་མོ་ཉན་པ་ལ་མི་དབང་བ། མོ་ལ་བསྒྲིབ་པ། རྩིས་ལ་གཡོར་བ། རྡེའུ་བཀྲམ་པ་ལ་བརྐུ་བ། སྟངས་གཅོད་ལ་གནོད་པ། གདོན་བཟུང་བ་ལ་གབ་བ། བསྒྲིབ་པ་གཡོར་བ་ཐམས་ཅད་བདག་ཀོང་ཙེའི་བདེན་པས་འདི་ཐོས་པ་ཙམ་གྱིས། མཐའི་ལྕགས་རི་ཆེན་པོའི་མར་འདབས། མུན་པ་ནག་པོའི་གླིང་དུ། སོང་ཞིག །ཁྱེར་ཅིག །དེངས་ཤིག་།མོ་ལ་མ་གཡོར། རྩིས་ལ་མ་སྐང་། དཔྱད་ལ་མ་སྒྲིབས་ཤིག །སྟངས་གཅོད་ལ་མ་གནོད་ཅིག །ཅེས་མཚམས་བཅད། ༈ ཀྱི། ཧོ་ད་ནི་མོ་བདར་རོ། །རྩིས་བདར་རོ། །རྡུལ་ཕྱིའོ། །སྨུག་ཕྱིའོ། །ཐིབ་ཕྱིའོ། །མོ་རྣོ་རུ་བསྡོར། མཛད་པ་སློབ་དཔོན་འཕགས་པ་འཇམ་དཔལ་བསྡོར། སྟེང་ལྷའི་ཞུ་བ་པོ་རྣམས་བསྡོར། བར་མི་ཡི་ཞུ་བ་པོ་རྣམས་བསྡོར། འོག་ཀླུའི་ཞུ་བ་པོ་རྣམས་


CMR058_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བསྡོར། རྒྱུད་པའི་སློབ་དཔོན་རྣམས་བསྡོར། འཁོར་རིགས་བཞིའི་སློབ་མ་བརྒྱུད་པ་དང་བཅས་པ་རྣམས་བསྡོར། ཤར་ཕྱོགས་ཤིང་གི་ལྷ་བསྡོར། ལྷོ་ཕྱོགས་མིའི་ལྷ་བསྡོར། ནུབ་ཕྱོགས་ལྕགས་ཀྱི་ལྷ་བསྡོར། བྱང་ཕྱོགས་ཆུའི་ལྷ་བསྡོར། མཚམས་བཞི་ས་ཡི་ལྷ་བསྡོར། སྐྱེ་འཕེལ་གྱི་བརྒྱུད་པ་འདི་ཆད་དམ་མ་ཆད། །ཕྱུགས་ཀྱི་བང་མཛོད་འདི་ཞིག་གམ་མ་ཞིག །འཕན་པོའི་བླ་སྐར་ཉམས་སམ་མ་ཉམས། དབུལ་པོའི་ནོར་གོད་འདི་ཆེའམ་མི་ཆེ། སྟན་ལ་ཕོག་ཅིག་བསྡོར། རྨང་པོའི་གདུང་མ་ལ་བྱ་བབས་སམ་མ་བབ། ལོ་ལ་འཁོར་བའི་ས་བདག་རྗེ་བློན་བཅུ་བདུན་བསྡོར། ཟླ་བ་ལ་འཁོར་བའི་ས་བདག་བཅུ་གཉིས་བསྡོར། གཞན་ཡང་ཤིང་ཕ་ཁུའི་ས་ནས། །ཡས་ཀྱི་གནམ་སྒོ་བྱེའམ་མི་བྱེ། ས་མ་ཕྱི་ཡུལ་མཁར་གྱི་ས་ཉམས། ཡས་ཀྱི་སྲི་ལངས་སམ་མི་ལང་། ལྕགས་གཉན་ཞང་པོའི་ས་ནས་གངས་སྟོང་བྱུང་ངམ་མ་བྱུང་། མེ་སྤར་སྡར་དང་བཟའ་ཚང་གིས་ས་ནས། སྐྱེས་དར་མ་གྲི་ཁར་འཆི་དང་མི་འཆི། ཕྱི་གཟའ་སྲིན་པོའི་ངོ་ལངས་སམ་མ་ལང་། ནང་གཟའ་གཤིན་རྗེའི་ཁྲམ་འདེབས་སམ་མི་འདེབས།


CMR058_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བར་གཟའ་བདུད་ཀྱི་རྒྱུ་ཚུད་དམ་མི་ཚུད། སྤར་ཁའི་ལན་ཐག་ཆད་དམ་མི་ཆད། རུ་བཞིའི་དཔུང་པ་ཚིག་གམ་མི་ཚིག །རྟ་འཛིན་ལག་པ་བརྫི་ས་སམ་མ་རྗེས། སྐྱིད་ཀྱི་ཀ་བ་འདི་ཆག་གམ་མ་ཆག །མངལ་ཕུག་གི་བླ་མཚོ་འདི་སྐམས་སམ་མ་སྐམ། མཐུན་གསུམ་གྱི་མ་སྲུ་འདི་འདྲེས་སམ་མི་འདྲེས། གསོན་ལག་གི་དད་གཤིན་འདི་འབྲེལ་ལམ་མ་འབྲེལ་ལྟ་གཙང་ཕོད་ཀྱིས་བཙངས་སམ་མ་བཅང་། འདྲེ་ཉོ་ཕོད་ཀྱིས་ཉོས་སམ་མ་ཉོས། འདྲེ་སྲིན་ཟ་རེས་བབས་སམ་མ་བབ། བཙུན་པའི་འདུལ་ཁྲིམས་འདི་ཉམས་སམ་མ་ཉམས། རྒྱ་ཡི་གབ་རྩེ་སྣང་གསལ་སྒྲོན་མེ་འདི་ལ་རྟགས་དང་དཔྱད་ཐོངས་ཤིག །གཙུག་ལག་གི་སྟོན་པ་འདི་བདག་གིས་ཀྱང་ཁ་སྟོང་ལྕེ་སྟོང་གིས་གཅོད་པ་མ་ཡིན། ཞལ་དུ་སྟངས་གཅོད་པའི་ལྕགས་མཆིས། ལག་ཏུ་དཔྱད་མདའ་རྒྱན་ཅན་མཆིས། ཁ་གསེར་དང་ཁ་གཡུ་མཆིས། ད་གཙུག་ལག་གི་སྟོན་པ་ཁྱེད་རྣམས་ལ་མོ་རྣོ་ཡོན་དུ། ལྷ་ནས་སྔོན་མོ་འབྲུ་བདུན། སོ་ཕ་གལ་ཆེན་འདི་དག་ཀྱང་། འབྱུང་བ་ལྔས་དཔྱད་ནས། སྐྱེ་འགྲོའི་གསོ་རུ་ཆེ་བས། ལྷ་ལ་ཡོན་དུ་འབུལ་ལོ། །མོའི་སྟོན་པ་དཔྱད་ཀྱི་དཔང་པོ་མཛད་


CMR058_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ། བདེན་ཚིག་དེ་སྨྱུང་གིས་མ་བཀྲོལ་ན། ལྷའི་བརྡ་དོན་མི་འཕྲད། དེ་རིང་འབྱུང་བ་ལྔའི་དཀྱིལ་འཁོར་ནི་འདིར། འཕགས་པའི་ལྷ་ཚོགས་ནི་བཀོད། སྤྲུལ་པའི་རུ་སྦལ་ནི་བཀྲམ། སྣང་བ་གཟུགས་ཀྱི་གབ་རྩེ་ནི་བཏིང་། སྲིད་པ་འཕྲུལ་གྱི་ཆགས་ཤིང་ནི་བསྣམས། དཔེའི་རྡེའུ་དཀར་ནག་ནི་བཀྲམ། ད་འབྱུང་བ་ལྔའི་དཀྱིལ་འཁོར་ལ་མངའ་བ་མཛད་པ། འཇམ་དབྱངས་འགྲོ་བའི་མགོན་པོ་ལྷ་ཚངས་པ། སྲིད་པའི་ལྷ་མོ་རྣམ་རྒྱལ་མ་རྣམས་ཀྱིས་སྟོན་ལ་ཕོབ་ཅིག །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

ལོ་གཅིག་སྐག་རྩིས་བྲེ་གང་རྡེལ་དྲུག་ཅེས་བྱ་བའི་ཞལ་ཤེས་ངག་ཁྲིད་གསལ་བ།


CMR058_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་གཅིག་སྐག་རྩིས་བྲེ་གང་རྡེལ་དྲུག་ཅེས་བྱ་བའི་ཞལ་ཤེས་ངག་ཁྲིད་གསལ་བ་བཞུགས་སོ། །


CMR058_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱརྱ་མཉྫ་ཤྲཱི་ཡེ། གསོན་པོའི་སྐག་རྩིས་རིགས་མང་ཡང་། །ཀུན་གྱི་དོན་བསྡུས་གནོད་ཆེ་ཡང་། །བྲེ་གང་རྡེལ་དྲུག་ཅེས་སུ་བཤད། །རྡེལ་ཕྲེང་དྲུག་ལ་རྡེལ་དྲུག་ཟེར། །གབ་ཙེ་བཏིང་ལ་རྩིས་བདར་བྱ། །གནམ་ལོའི་སྲོག་ལུས་དབང་ཀླུང་བཞི། །བརྩི་བྱའི་དེ་བཞིན་འཐབ་སྟེ་བརྒྱབ། །བརྩི་བྱའི་སྤར་ཁ་གང་ཡིན་ལ། །ལི་ནི་མེ་སྦྲུལ་ཁོན་ས་ལུག །དུ་ནི་ལྕགས་སྤྲེལ་ཁེན་ས་ཁྱི། །ཁཾ་ནི་ཆུ་ཕག་གིན་ས་གླང་། །ཟིན་ནི་ཤིང་སྟག་ཟོན་ས་འབྲུག །དེ་དག་སྲོག་ལུས་དབང་ཀླུང་དང་། །བརྩི་བྱའི་དེ་བཞིན་འཐབ་ལ་རྡེལ་བཞི་བརྒྱབ། །ལོག་མེན་གནམ་ལོའི་བུ་


CMR058_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དེད་ཅིང་། །སྐྱེས་པ་སྟག་ནས་ཐུར་དུ་བརྩི། །གནམ་ལོའི་དབང་ཐང་ཤིང་ཡིན་ན། །མེ་སྟག་ནས་ནི་བརྩི་བ་འགྲེ། །བུད་མེད་གནམ་ལོའི་མ་དེད་ཅིང་། །སྤྲེལ་ནས་གྱེན་དུ་བརྩི་བ་སྟེ། །གནམ་ལོའི་དབང་ཐང་ཤིང་ཡིན་ན། །ཆུ་སྤྲེལ་ནས་ནི་གྱེན་དུ་བཀན། །གར་བབ་དེ་ཡི་སྲོག་ལུས་དང་། །དབང་ཐང་རླུང་རྟ་བརྩི་བྱ་འཐབ། །དེ་ནས་ལོག་མེན་རྡེལ་བཞིའོ། །བརྩི་བྱའི་སྲོག་སྨེ་ལུས་སྨེ་བཞི་པོ་འཕུར། །དབང་སྨེ་རླུང་སྨེ་བཞི་པོ་འཕུར། །རང་རང་སྐྱེ་བ་དེ་ཉིད་དང་། །གར་བབ་སྨེ་བ་འཐབས་པས་བཞི། །བརྩི་བྱའི་སྲོག་ལུས་དབང་ཐང་སྨེ་བ་བཞི། །ཤིང་


CMR058_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྤེལ་ལ་ལྕགས་ས་སྟག །མེ་ས་ཕག་ལ་ས་ཆུ་སྦྲུལ། །དབུགས་རྒྱུ་མངལ་གནས་ལུས་རྫོགས་དང་། །བཙས་པ་ཁྲུས་བྱེད་གོས་གྱོན་དང་། །ལས་བྱེད་དར་བ་གུད་པ་དང་། །ན་བ་ཤི་བ་དུར་ཞུགས་ཏེ། །ཐམས་ཅད་གནམ་ལོ་ཉིད་ལ་གཏུག །གོས་གྱོན་དར་བ་ལས་བྱེད་གསུམ། །རྡེའུ་དཀར་པོ་གཉིས་རེ་སྟེ། །ལུས་རྫོགས་བཙས་པ་ཁྲུས་བྱེད་གསུམ། །རྡེའུ་དཀར་པོ་རེ་རེ་བཞག །ན་བ་ཤི་བ་དུར་ཞུགས་གསུམ། །རྡེའུ་ནག་པོ་གཉིས་རེ་སྟེ། །རྒུད་པ་དབུགས་རྒྱུ་ནག་པོ་གཅིག །མངལ་གནས་རྡེའུ་དཀར་ནག་གཉིས། །མ་འཕྲད་རྡེའུ་དཀར་པོ་གཉིས། །གྲོགས་འཕྲད་རྡེའུ་དཀར་པོ་གཅིག །དགྲ་འཕྲད་ནག་གཉིས་བུ་ལ་ནག་པོ་གཅིག །ནང་འཕྲད་དཀར་ནག་གཉིས་སུ་བཞག །དེ་ལྟར་ལོ་དང་སྨེ་བ་དར་གུད་དང་། །སོ་སོའི་སྲོག་ལུས་དབང་ཐང་དང་། །རླུང་རྟའི་རྡེའུ་འཕྲད་དུ་བརྩི། །ཁ་དམར་རྡེའུ་བཞི་བཞག་ལ། །རྣ་སྟོང་རྡེའུ་བཞི་ཡིས་གཅོད། །དེ་ལྟར་རྡེལ་ཕྲེང་དྲུག་པོ་ལ། །བྲེ་གང་རྡེལ་དྲུག་ཅེས་སུ་གྲགས། །འདི་ལྟར་ཞལ་ཤེས་མེད་པ་འགའི། །གནམ་ལོའི་རྡེལ་བཞི་ཁོ་ན་ལ། །རྣོ་སྟོང་གཅོད་ཀྱང་ཐིག་རྒྱུ་མེད། །དེ་ཕྱིར་ཕྱི་རབས་ཕན་གྱིས་ཕྱིར། །རཱ་


CMR058_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཨ་སྱས་ཞལ་ཤེས་བཀོད། །བཤད་པ་གཞུང་ཉིད་གསལ་ཞིང་ལེགས། །འདི་ནི་སྡོང་པོ་དགུ་འདུས་ཀྱི། །ལོ་གཅིག་སྐག་རྩིས་དོན་བདུན་པ། །སྲོག་གི་ཤི་ཆད་བརྩི་བ་བྱིས་པ་ལ་གཅེས། །སྲོག་རྡེལ་དཀར་ནག་གི་ཁ་དམར་བསྟན་པའོ། །སྲོག་རྡེལ་དཀར་པོ་གཉིས་བབ་ན། །འབྱུང་བ་སྲོག་གི་འཛིན་ཤིང་སྐྱེས། །རིན་ཆེན་གསེར་གྱི་འགྲེངས་ཤིང་ཚུགས། །ཕོ་ལྷ་དགྲ་ལྷས་རྒྱབ་ནས་སྐྱོབ། །དཔལ་གྱི་ཉི་མ་མདུན་ནས་ཤར། །སྲོག་གི་རྒྱ་གྲམ་འོག་ཏུ་བྲིས། །ལྕགས་ཀྱི་འཁོར་ལོ་སྟེང་ནས་བཀབ། །དགྲ་རྒྱལ་མང་སར་གཏམ་སྙན་སྒྲོག །སྲོག་རྡེལ་དཀར་པོ་གཅིག་བབ་ན། །སྲོག་གི་འབྱུང་བ་སྲོག་དང་འཕྲད། །ཚེ་ཡི་འཁོར་ལོ་མ་ཞིག་སྟེ། །ཤི་ཞིང་ཆད་པའི་སེམས་ཁྲལ་མེད། །འགོ་བའི་ལྷ་དང་སྲུང་མས་སྐྱོབས། །མྱ་ངན་བྱུར་གྱི་ཐག་པ་མེད། །སྲོག་འདོན་ཆོ་ག་བླ་བསླུ་གྱིས། །དུར་མཚུན་གསོ་ལ་དུར་སྲི་མནན། །སྲོག་རྡེལ་ནག་པོ་གཉིས་བབ་ན། །འབྱུང་བ་སྲོག་གི་འཛིན་ཤིང་ཆགས། །གནམ་ལོ་རྒྱལ་པོའི་བཀའ་ཆད་བྱུང་། །ལོག་མེན་བདུད་ཀྱི་ཁ་རུ་ཚ། །སྤར་ཁ་རུས་པའི་གཏིང་ནས་ཆགས། །སྨེ་བ་ཤ་ཡི་རྒྱབ་ཡང་རལ། །ཟླ་བ་


CMR058_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བློན་པོའི་དམག་ལ་གཏུག །དུས་ཚོད་མཚོན་ཆ་རྣོ་བའི་བཅད། །སྟེང་ནས་བདུད་ཀྱི་བྱ་ནག་ལྡིང་། །འོག་ན་ཕུང་སྲི་རྔ་མོང་མཁུན། །བླ་ལ་བཙན་གྱི་རྐུན་མ་འཇབ། །ཐང་ཤིང་རྨི་ཞིང་སྙིང་མི་དགའ། །གློ་བུར་ཤི་ཆད་བཙན་དེ་ཡིན། །སྲོག་རྡེལ་ནག་པོ་གཅིག་བབ་ན། །སྲོག་གི་རྒྱལ་པོ་སྐྱེས་པའི་འཛིན་ཤིང་ཉམས། །མོ་དཔྱད་རྩིས་ཀྱི་འཕྲང་ལ་གཏོགས། །ཚེ་ལ་གློ་བུར་ཡེ་འདྲོགས་འོང་། །བླ་ལ་བདུད་ཀྱི་ཞགས་པ་འདེབས། །མི་སྔགས་ལྷ་སྔགས་ནད་ངོ་ཡོད། །ཕུང་སྲི་མནན་ཞིང་ཉལ་ས་སྤོང་། །ཚེ་གཟུངས་འདོན་ཅིང་བླ་ཚེ་བསླུ། །ལུས་ལ་ན་ཚ་བརྩི་བ་བུད་མེད་གཅེས། །སྲོག་རྡེལ་དཀར་ནག་གི་ཁ་དམར་བསྟན་པའོ། །ལུས་རྡེལ་དཀར་པོ་གཅིག་བབ་ན། །འབྱུང་བ་ལུས་ཀྱི་རྟེན་ཕུར་ཚུགས། །ལུས་ལ་འབྱུང་བའི་ནད་མི་ཚུགས། །སེམས་ལ་དྲན་པའི་སྡུག་བསྔལ་མེད། །ཁ་རྗེ་འགོ་བའི་ལྷས་མི་ལྡང་། །ལུས་ཀྱི་སྟོབས་བསྐྱེད་རྗེ་མ་བྱམས། །གཅོང་དང་ནད་རྙིང་མི་ལྡང་སྟེ། །ལྷ་མཆོད་ཆོས་སྐྱོང་སྲུང་མ་བརྟེན། །མི་གཙང་འཁོན་ལ་གཟབ་པར་བྱ། །ལུས་རྡེལ་དཀར་པོ་གཅིག་བབ་ན། །འབྱུང་བ་ལུས་ཀྱི་རྟེན་ཕུར་ཚུགས། །ལུས་ཀྱི་ན་ཚ་མེད་ཅིང་འབྱུང་། །


CMR058_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་སྡུག་བསྔལ་ཟུག་རྔུ་ཞི། །མྱ་ངན་ལྟས་ངན་ཕྱིར་ལ་འཕོ། །གང་ལ་བསམ་པ་ལས་སུ་རུང་། །དགྲ་མཁོན་ལག་ཏུ་ནོར་མི་ཤོར། །སྨན་དང་གཏར་སྲེག་ལག་མི་འགྲིམ། །ལུས་ཀྱི་རྟེན་བཟང་རང་ཟས་ཟ། །ལུས་རྡེལ་ནག་པོ་གཉིས་བྱུང་ན། །འབྱུང་བ་ལུས་ཀྱི་རྟེན་ཕུར་བུད། །ནད་འཁོར་སེམས་ལ་སྡུག་བསྔལ་འཆང་། །ལག་ངར་སྟེང་ན་བྱིས་པ་གདེངས། །མགྲོན་དུ་སྨན་བོའི་མཁན་གསུམ་གསོ། །ལས་སུ་བདུད་འདྲེ་སྲིན་པོ་བཅོས། །ལྡན་པ་གཡས་གཡོན་སྲོག་ཤིང་ཚང་། །གཏར་སྲེག་ཡུན་རིང་ན་ཚ་འོང་། །རོ་འཛིན་མྱ་ངན་འབབ་པའི་དུས། །ལུས་འགྱུར་སྐྱབས་འགྲོ་དབང་བསྐུར་ཞུ། །ལམ་བཅོས་མཆོད་རྟེན་ན་བཟའ་གསོལ། །ཚ་ཚ་བཏབ་ཅིང་བཞི་སྡེ་མཆོད། །ལུས་རྡེལ་ནག་པོ་གཅིག་བབ་ན། །ལུས་ཀྱི་འབྱུང་བ་ཉམ་པ་སྟེ། །གྲ་ཉམ་ན་ཚ་སྡུག་བསྔལ་འབྱུང་། །སྲིད་ཕྱིད་མགྲོན་ལ་ཤིད་ཕྱེད་ཡས། །གཏོ་ཕྱེད་སྨན་ལ་ཟས་ཕྱེད་སྤྱད། །བསྡད་ན་འགྲོ་འདོད་འགྲོ་ན་བསྡད་སྙིང་འདོད། །སྙིང་མི་དགའ་ཞིང་སྡུག་བསྔལ་འབྱུང་། །མིང་སྤོ་སྡོམ་པ་དམ་ཚིག་བསྲུང་། །ཆོས་སྦྱིན་བཏང་ཞིང་གོང་མ་མཆོད། །དབང་ཐང་ཟས་ནོར་ལ་


CMR058_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བརྩི་བ་སྐྱེས་པ་དར་མ་ལ་བརྩི། དབང་ཐང་གི་རྡེའུ་དཀར་ནག་གི་ཁ་དམར་བསྟན་པའོ། །དབང་རྡེལ་དཀར་པོ་གཉིས་བབ་ན། །འབྱུང་བ་སྐྱེད་ཀྱི་ར་བ་གང་། །འདོད་ཡོན་ལོངས་སྤྱོད་རྩི་ཐོག་རྒྱས། །ལོ་ལེགས་ཕྱུགས་འཕེལ་བསམ་པ་འགྲུབ། །ལུས་གང་གོས་གྱོན་ཚང་བྱས་རྒྱལ། །ཁ་གང་ཟས་ཟ་མིག་གང་ལྟ། །གསེར་གྱི་ས་གཞི་མཛེས་པ་ལ། །སྔོན་མོ་གཡུ་ཡི་མྱུ་གུ་འཁྲུངས། །གཏེར་རྡོར་ལྷ་འདྲེའི་གླུ་གཡང་འབེབས། །དབང་རྡེལ་དཀར་པོ་གཅིག་བབ་ན། །བསམ་པ་འགྲུབ་ཅིང་གྲོགས་དང་འཕྲད། །ལོ་དང་ཕྱུགས་ལ་གོད་ཁ་མེད། །ར་ལུག་འཕེལ་ཞིང་ཟས་ནོར་སྡུད། །རྣམ་གྲགས་ལྷ་འབེབས་བཙལ་ན་རྙེད། །འབྱོར་བ་ཕུན་སུམ་ཚོགས་པས་བཟང་། །དབང་རྡེལ་ནག་པོ་གཉིས་བབ་ན། །མི་དེས་དཔལ་གྱིས་ཟོ་བ་སྟོང་། །དངོས་གྲུབ་གཡང་གི་ར་བ་རལ། །འདོད་ཡོན་ལོངས་སྤྱོད་སྲིས་སྒོ་འགགས། །ཟས་ནོར་ལོངས་སྤྱོད་ཕུང་སྲི་ལྟོ་འགོང་ལུས། །ནོར་ནད་ཕྱུགས་ནད་གོད་ཁ་ལངས། །བློ་དང་སྟོང་ཉིས་སྟོར་བརླག་འོང་། །བསམ་པ་མི་འགྲུབ་སྟོང་པར་འོང་། །བུ་ཕོ་བུ་མོ་བརྫོང་བ་དང་། །བླ་མ་དཀོན་མཆོག་དགེ་འདུན་མཆོད། །གཏོར་མ་ཆུ་གཏོར་


CMR058_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་སྦྱིན་གཏོང་། །གཡང་བླང་བྱིས་སྦར་སྟོན་མོ་བྱ། །དབང་རྡེལ་ནག་པོ་གཅིག་བབ་ན། །དབང་ཐང་ནུ་མ་ལྟོགས་འདྲེ་ལང་། །ཕྱུག་ཅིང་ཕྱུག་ལ་རྒྱལ་བསེན་བསྡུ། །ཞིང་ལ་བཙའ་སད་སེར་བ་འོང་། །བཙལ་བས་མི་རྙེད་ཟས་ནོར་ཤོར། །རྟ་འཆི་གླང་ཤོར་བ་གཞོན་སྐམ། །ཚོང་ཉེས་དགྲས་བཅོམ་རྐུན་མ་འོང་། །ལྷ་ཁང་རྟེན་ལ་མར་མེ་འབུལ། །དགེ་འདུན་མཆོད་ལ་ལམ་འཕྲང་གསོ། །རླུང་རྟ་དགྲ་བྱུར་བརྩི་བ་བོན་དང་མི་ཆེན་གཅེས། །རླུང་རྟའི་སྲོག་གི་ཁ་དམར་བསྟན་པའོ། །དབང་རྡེལ་ནག་པོ་གཉིས་བབ་ན། །རླུང་རྟ་སྙན་པའི་བ་དན་ཕྱིར། །ཡ་རབ་གྲགས་ལ་སྙན་པའི་ཡིག་ཚང་ཐོབ། །གཙོ་བོའི་མདུན་མས་བསམ་པ་འགྲུབ། །དཔའ་བོ་དགེ་དང་གཏམ་སྙན་ཐོས། །བན་བོན་མཐུ་དང་གྲགས་པ་ཐོབ། །ཁ་སྨྲ་མི་ཁ་ཁ་མཆུ་མེད། །ཚུར་ལ་བཙན་བཙུགས་ཕར་ལ་ཟློག །རླུང་རྡེལ་དཀར་པོ་གཅིག་བབ་ན། །འགྲོ་བ་མི་ཡི་མ་བཙལ་བའི། །དར་བ་དུས་སུ་རྒུད་དང་མཉམ། །སྐྱེས་པ་མང་པོའི་སྔོན་དུ་གཏམ་སྙན་ཐོས། །བུད་མེད་སྔོན་དུ་གཟུགས་སྡུག་སྙན། །བཙལ་བ་རྙེད་ལ་བསོགས་པ་སོགས། །མཉམ་གཉིས་ཤག་འདེབས་བྲན་དུ་


CMR058_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཁོལ། །དགྲ་ཐེབ་བྲུབ་ན་ཕར་ལ་འཆི། །ཀླུང་རྡེལ་ནག་པོ་གཉིས་བབ་ན། །ཀླུང་རྟ་སྙན་པའི་བ་དན་ཆག །གྲགས་པ་འབྲུག་སྒྲའི་འུར་རྒྱུན་ཆད། །མངའ་ཐང་དཔལ་གྱི་ཉི་མ་ནུབ་།མི་ཁ་བྲ་མཆུ་གླེང་རེས་བྱེད། །དགྲ་དང་བྱུར་གྱི་མགྲོན་སྣ་ཟུག །སྙིང་དུ་བསམ་ཡས་གློ་བ་ཟུག །གྲོགས་སུ་བསམ་ཡས་ངན་སྣ་དྲངས། །མི་བྱུར་རང་གི་བྱུར་དུ་བབ།། ལེགས་པར་བྱས་ཀྱང་ཉེས་པ་འགྱུར། །དགྲ་སྲི་མནན་ཞིང་འཁོན་སྣ་བྲུབ། །ལམ་འཕྲང་བཅོས་ཤིང་ཟམ་པ་བཙུགས། །ཀླུང་རྡེལ་ནག་པོ་གཅིག་བབ་ན། །ཁ་སྨྲས་གླེང་གཞི་འོང་བའི་དུས། །རྟག་ཏུ་ཉེ་བས་གཉེན་སྐྱོང་མེད། །གཉེན་ཕྱེད་སྡང་བའི་དགྲ་རུ་སོང་། །ལས་སུ་གོང་མའི་རྫ་ས་ཁུར་ཡང་། །དྲིན་དུ་མ་སོང་ཐམས་ཅད་འགལ། །ཁྱིམ་དུ་ཟས་ཟོས་སྐམ་འཐུང་ཡང་། །ཕྱི་རུ་དྲིན་བསད་འཁྱར་ཁ་གཏོང་། །སྤང་སྐོང་འདོན་ཞིང་མི་ཁ་བྲུབ། །དགྲ་སྲི་བྲུབ་ཅིང་དགྲ་རྐུན་བསྲུངས། །སྲོག་རླུང་དབང་ཐང་རླུང་རྟའི་རྡེལ་ཕྱེད་མའི་ཁ་དམར་བསྟན་པའོ། །སྲོག་རྡེལ་དཀར་ནག་གཉིས་བབ་ན། །སྲོག་གི་འབྱུང་བ་མ་ཉམ་ནས། །ལྷ་དང་དམུ་ཡི་བུ་འཐབས་པས། །འགོ་བའི་ལྷ་དང་གནོད་བྱེད་བདུད། །ཚེ་དང་


CMR058_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ལ་ཆོ་ལོ་འགྱེད། །རྒྱང་འབྲེལ་བྱེད་ཅིང་འགོག་་་ཤོར། །སྲོག་ལ་ཤི་ཆད་བརྩི་བ་བྱིས་པ་གཅེས། །ལུས་རྡེལ་དཀར་གཉིས་བབ་ན། །སྲོག་གི་འབྱུང་བ་མ་ཉམས་ནས། །ལྷ་དང་དམུ་ཡི་བུ་འཐབས་པས། །དཀར་ནག་རྒྱབ་འབྲེལ་ཆོ་ལོ་འགྱེད། །བྲེལ་སྔངས་སྟབས་བསྣོལ་འོང་བའི་རྒྱུ། །བཟང་ངན་ཡག་ཉེས་ཤན་མ་ཕྱེས། །ལུས་བསྒྱུར་སྲུང་འཁོར་བཏགས་ཤིང་བཟང་། །ལུས་ལ་ན་ཚ་བརྩེ་བ་བུད་མེད་གཅེས། །དབང་ཐང་སྡེལ་དཀར་གཉིས་བབ་ན། །ཟས་ནོར་བོ་རལ་འོང་བའི་དུས། །ལོངས་སྤྱོད་རེས་ཡོད་རེས་མེད་ལ། །མི་རྟག་སྨིག་རྒྱུ་མཐོང་བ་འདྲ། །ཟས་ནོར་ཡིད་ལ་གཅེས་པ་ནི། །གང་སྟོང་རྨི་ལམ་ནོར་དང་འདྲ། །དཀར་ནག་རྒྱ་བྲེ་ཆོ་ལོ་འབྱེད། །སྲི་དང་དཔལ་གྱི་ཆོ་ལོ་འགྱེད། །དབང་ཐང་རྩས་ནོར་བརྩི་བ་བུད་མེད་སྐྱེས་དར་མ་གཅེས། །ཀླུང་རྡེལ་དཀར་ནག་གཉིས་བབ་ན། །བསོད་ནམས་རྙེད་པའི་གྲགས་པ་ལ། །དཔལ་བྱུང་གཉིས་པོ་མ་འཆམས་པས། །དཀར་ནག་རྒྱབ་འདྲལ་ཆོ་ལོ་འགྱེད། །གོང་མ་བྱམས་ཤིང་འོག་མས་སྡང་། །ཕོ་སྐྱེས་གླེང་ན་ཁ་འཛིན་སྡིག །སྡང་བའི་ནང་ནས་ཉེས་གཅིག་འོང་། །ཀླུང་རྟ་བན་


CMR058_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

བོན་མི་ཆེན་ལ་བརྩེ་བ་ཅེས་སོ། །རྡེའུ་བཞི་ཀ་དཀར་བ་ན། །ནག་པོའི་ཁ་དམར་བསྟན་པའོ། །སྲོག་ལུས་དབང་ཐང་ཀླུང་རྟ་བཞི། །བཞི་ཁ་དཀར་ན་བཟང་བས་ཉི་ས་མ། །འོན་ཀྱང་འགོ་བའི་ལྷ་མི་དགའ། །ཉམས་གྲིབ་འཁོན་དང་མི་གཙང་གནོད། །རོ་བག་དམེ་ཡུགས་མཛེ་ཡུགས་སམ། །མི་གཙང་ཉམས་གྲིབ་རྣམས་ལ་འཛེམ། །འགོ་བའི་ལྷ་དང་སྲུང་མས་གྲོས། །ཉེས་པ་མི་ལ་འོང་བའི་དུས། །ལྷ་གསོལ་བསྐང་བཤགས་ཁྲུས་གཙང་སྦྲ། །འབྲོག་སྐག་ཆོ་ག་མྱུར་དུ་བྱ། །སྲོག་ལུས་དབང་ཐང་རླུང་རྟ་ཀུན། །རྗེལ་བུ་ནག་པོ་བབ་པ་ན། །མཐོན་པོ་གནམ་ལ་རལ་པོ་འབྱུང་། །དང་མོ་ས་ལ་གཞུང་དུ་གས། །འབྱུང་བའི་ཉི་མ་རྩེ་ནས་ཉིལ། །བླ་མཚོ་སྔོན་མོ་གཏིང་ནས་སྐམ། །བླ་ཤིང་ལྗོན་པ་རྐེད་དུ་ཆོག ། འཆི་བདག་བདུད་ཀྱི་ཁྲམ་ལ་བཏབ། །ཕ་མྱེས་ཕུང་སྲི་དུར་ནས་ལངས། །རྨི་ལམ་རྟགས་དང་མཚན་མ་ངན། །ཤི་ཆད་ནད་ཡམས་གོད་ཁ་འོང་། །འབུམ་འདོན་དབང་བསྐུར་མདོས་ཆེན་བཏང་། །བདུད་ཀྱི་ཁྲམ་བཟློག་ཞལ་བསྒྱུར་བྱ། །འབྱུང་བའི་གཏོར་མ་ཚ་ཚ་བཏབ། །སྨེ་སྤར་གཉིས་ཀྱི་རིམ་གྲོ་བྱ། །ཤིང་ལ་ལྕགས་ཀྱི་དགྲ་དར་ན། །ལྕགས་ཀྱི་མི་མོ་ལུས་


CMR058_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་བཏང་། །རལ་གྲིའི་ཆུ་གྲིའི་གཟུངས་ཀྱང་བཏང་། །རི་བོང་གསོབ་དང་དར་དཀར་བཏང་། །ལུག་དང་བོང་བུའི་ཐོད་པ་བཏང་། །མེ་ལ་ཆུ་ཡི་དགྲ་དར་ན། །སྦ་ཞལ་རིན་ཆེན་སྣ་ལྔ་བསྲེགས། །གཏའ་སྡམ་རིན་ཆེན་སྣ་ལྔ་བསྲེག །ཞི་བའི་སྦྱིན་སྲེག་མང་དུ་བྱ། །ཚ་ཚ་མང་དུ་བཏབ་ན་ཕན། །ས་ལ་ཤིང་གི་དགྲ་དར་ན། །བླ་་བསླུ་ཞལ་བསྒྱུར་ཁྲམ་བཟློག་བྱ། །བནྡེ་མི་བདུན་ཆོ་ག་བྱ། །ལུས་ཚོད་ཤིང་ལ་ཁྲམ་བྲིས་ལ་དགྲ་ཕྱོགས་སུ་བསྐྱལ་ལོ། །ཆུ་ལ་ས་ཡིས་དགྲ་དར་ན། །ཁམས་པའི་གཏོར་ཟོར་བཏང་བ་དང་། །སྐྱེ་ཤིང་བཙུགས་ལ་ཕོ་བཏང་བོར། །སྐག་བསྒྱུར་བྱའོ། །ལྕགས་ལ་མེ་ཡི་དགྲ་དར་ན། །རྡོ་རྗེ་མཆུ་དང་བསྐང་བརྒྱ་བྱ། །བན་བོན་དགྲ་སྲི་མནན་ཆུ་གཏོར་བཏང་། །རཱ་ག་ཨ་སྱས་སྨྲས་པ་དགེ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སྐག་གསུམ་རགས་རིམ་བརྩི་བའི་ཚུལ་གསལ་བར་བཀོད་པ་འཕྲུལ་གྱི་མེ་ལོང་།


CMR058_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

སྐག་གསུམ་རགས་རིམ་བརྩི་བའི་ཚུལ་གསལ་བར་བཀོད་པ་འཕྲུལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་པའི་དབུ་ཕྱོགས།


CMR058_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱརྱ་མཉྫ་ཤི་ཡེ། རྒྱ་ནག་རི་བོ་རྩེ་ལྔའི་ཤེལ་ཁང་ནས། །མཁྱེན་རབ་མངའ་བདག་འཕགས་པ་འཇམ་དཔལ་གྱི། །གཙུག་ལག་རྩིས་ཀྱི་རྒྱུད་སྡེ་དཔག་མེད་གསུངས། །གནམ་དང་ས་དང་བར་སྣང་གབ་རྩེ་ནས། །སུམ་བརྒྱ་དྲུག་ཅུ་ཚན་གསུམ་གཏན་ལ་ཕབ། །དེ་ཚེ་འཇིག་རྟེན་ལེགས་ཉེས་སྐྱིད་སྡུག་ཀུན། མངོན་ཤེས་འདྲ་བར་གསལ་ཞིང་རྟོགས་པ་འབྱུང་། །དེ་ཚེ་རྒྱ་ནག་མི་རྣམས་ཐམས་ཅད་ཀྱིས། །དེ་ལ་དགའ་ཞིང་དེ་ཉིད་སློབ་པ་ལ། །བྱ་བ་གཞན་རྣམས་སྒྱུར་བ་འདྲ་ཞིག་བྱུང་། །དེ་ཚེ་རྗེ་བཙུན་འཕགས་པ་འཇམ་དཔལ་གྱིས། །རྒྱ་ནག་ཀུན་རྫོབ་


CMR058_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་འདི་དགའ་དྲགས་པས། །ངེས་དོན་ཐུབ་པས་གསུངས་པའི་དམ་པའི་ཆོས། །རྒྱ་ནག་ཡུལ་དུ་དར་བར་མི་མཛད་དགོངས། །རྫུ་འཕྲུལ་སྟོབས་ཀྱིས་རྩིས་རྣམས་ཐམས་ཅད་བསྡུས། །རི་བོ་རྩེ་ལྔའི་བྱང་ཤར་མཚམས་སུ་སྦས། །དེ་ཚེ་ལོ་ཟླ་ཞག་དུས་འབྱུང་བའི་ལྷ། །ཐམས་ཅད་མ་དགའ་འཛམ་གླིང་ཐམས་ཅད་དུ། །བཀྲ་མི་ཤིས་པའི་རྟགས་མཚན་ངན་དགུ་བྱུང་། །དེ་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ལྷ་ཆེན་ཚངས་པ་གདོང་བཞིར་སྤྲུལ་ནས་བྱོན། །སླར་ཡང་རྩིས་རྒྱུད་གསུངས་དགོས་ཞུ་བ་ཕུལ། །དེ་ཚེ་ལྷ་མོ་རྣམ་རྒྱལ་མ་ལ་སོགས། །འཇིག་རྟེན་ལྷ་ཀླུ་


CMR058_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཚོགས་དཔག་མེད་འདུས། །སྡོང་པོ་ཀུན་འདུས་ཤིང་གི་རྒྱུད་དང་གཅིག །སྣང་གསལ་སྒྲོན་མེ་མེ་ཡི་རྒྱུད་དང་གཉིས། །རིན་ཆེན་ཀུན་འདུས་ས་ཡི་རྒྱུད་དང་གསུམ། །ས་ལ་པ་ཏྲ་ལྕགས་ཀྱི་རྒྱུད་དང་བཞི། །བདུད་རྩི་བུམ་པ་ཆུ་ཡི་རྒྱུད་ལྔ་གསུངས། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ་སོགས་པ། །འཕྲུལ་གྱི་མི་ལྔས་དེ་དོན་གཏན་ལ་ཕབ། །ས་རྩིས་གཏོ་ཆོག་རྒྱ་གཞུང་དཔག་མེད་མཛད། །སྲོང་བཙན་སྒམ་པོའི་དུས་སུ་རྒྱ་བཟའ་དང་། །ཁྲི་སྲོང་ལྡེའུ་བཙན་དུས་སུ་ལོཙྪ་བཞི། །དེ་དག་རྣམས་ཀྱིས་བོད་དུ་དཔག་མེད་བསྒྱུར། །སྔ་འགྱུར་འགའ་ཞིག་གཏེར་དུ་སྦས་པ་རྣམས། །ཁམས་པ་ཉི་མ་གྲགས་པ་སོགས་ཀྱིས་བཏོན། །བར་སྐབས་རྒྱ་ནག་ཡུལ་དུ་བདུད་སྤྲུལ་ནས། །ཧྭ་ཤང་སེ་ཐན་བྱ་བས་རྩིས་ལོག་བརྩམ། །དེ་ཡི་རྗེས་འབྲང་སྐར་ཡིག་ཝ་མགོ་མ། །སྤར་ཁ་གང་ཤི་དེ་ཡི་ནོར་བརྒྱད་པོ། །དུར་གྱི་སྟེང་དུ་བཤའ་ནས་དུར་ཁ་གཅོད། །རྒྱལ་པོ་ལ་སོགས་མི་ཆེན་སྐག་ཆེ་དུས། །དེ་དང་ལོ་མཉམ་ཡིན་པའི་མི་གཅིག་ལ། །རྒྱལ་པོའི་ཞུ་གོས་བསྐོན་ནས་ངར་མི་བསྔོ། །མི་དེ་བསད་པས་རྒྱལ་པོའི་སྐག་འགྱུར་ཟེར། །གཤིན་རྩིས་རྡེའུ་འགའ་ཞིག་ནག་པ་ན། །རྗེས་ནས་རྡོ་ཟན་མི་


CMR058_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ན་ཚ་འོང་། །རྗེས་ནས་དགེ་བ་བྱས་ཀྱང་མི་ཐོབ་ཟེར། །དེ་འདྲ་འཇམ་དབྱངས་གསུང་ནི་མ་ཡིན་ཞིང་། །ཧྭ་ཤང་སེ་ཐན་ལུགས་ཀྱི་རྩིས་ལོག་ཡིན། །རྩིས་གཞུང་འགའ་ལའང་རྩིས་ལོག་ཅུང་ཞིག་འདྲེས། །བོད་དུ་རྒྱལ་པོ་གླང་དར་བསྟན་པ་བསྣུབས། །རྩིས་པ་ཐམས་ཅད་བསད་ཀྱང་རྩིས་དཔེ་ལུས། །རྒྱ་ལ་མི་རྗེས་སློབ་དཔོན་མེད་ན་ཡང་། །ཤེས་རབ་ཅན་གྱིས་དཔེ་ཆ་སྟེང་ནས་རྩིས། །ལ་ལ་ཤེས་ཞིང་ལ་ལ་འཁྲུལ་གྱུར་པའི། །རྒྱུད་པ་རྒྱ་ཆེར་འཕེལ་ལ་རྩིས་རྙིང་ཟེར། །དེང་སང་སྔགས་པ་ཕལ་ཆེར་དེ་ཡི་ལུགས། །དུས་ཕྱིས་ཁམ་པ་ཁྲ་མོ་རྒྱ་ནག་བྱོན། །དེ་ཡི་བརྒྱུད་པ་ཤིན་ཏུ་དག་ན་ཡང་། །དེ་ཡི་ལུགས་དེ་ཤེས་མཁན་ཉུང་ངུ་ཙམ། །ཆོས་དང་བོན་དང་རྩིས་དང་སྨན་དང་བཞི། །འཕྲུལ་གྱི་མི་བཞི་འཛམ་གླིང་ས་ཡི་མིག །འདི་ཕྱིས་བདེ་ལེགས་ཐམས་ཅད་དེ་ལས་བྱུང་། །དེ་བཞི་མེད་ན་དུད་འགྲོའི་གླིང་དང་འདྲ། །དེ་བཞི་ཡོད་པས་གླིང་བཞི་གཞན་རྣམས་ལས། །འཛམ་བུ་གླིང་འདིར་གླིང་བཞི་གླིང་མཆོག་ཟེར། །མཁས་མང་ཚོགས་པའི་འདུན་ས་དབུས་གཙང་དུ། །རྒྱལ་པོ་མི་ཆེན་བླ་ཆེན་ཐམས་ཅད་ཀྱང་། །སྐུ་སྐག་ཡོད་མེད་སྐུ་


CMR058_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་ཅི་དགོས་སོགས། །མོ་དང་རྨི་ལམ་མངོན་ཤེས་མཐོང་བ་དང་། །ལྷ་དང་དཀོར་བདག་འབབ་པའི་ལུང་བསྟན་སོགས། །དཔག་མེད་ཡོད་ཀྱང་བློ་གཏད་བྱེད་སྲོལ་མེད། །འཇམ་དབྱངས་གསུངས་པ་རྒྱལ་བའི་བཀའ་ཡིན་ཕྱིར། །ཀུན་གྱིས་རྩིས་ལ་ཡིད་ཆེས་བློ་གཏད་པར། །རེས་འགའ་མི་ཐིག་པ་རེ་བྱུང་ན་ཡང་། །རྩིས་ཀྱི་མ་ཐིག་པ་ནི་མ་ཡིན་ཏེ། །མ་ཀླུང་དར་རྒུད་བཟང་ངན་ཁྱད་པར་ཡིན། །མ་ཀླུང་དར་རྒུད་བཟང་པོར་སྐྱེས་པ་ནི། །ལོ་དང་སྤར་ཁ་རྩུབ་ཀྱང་ཉེས་སྐྱོན་མེད། །བསོད་ནམས་ཆེན་པོའི་མི་རྣམས་དེ་འདྲར་སྐྱེས། མ་ཀླུང་དར་རྒུད་ངན་དུས་སྐྱེས་པའི་མི། །ལོ་དང་སྤར་ཁ་འཇམ་ཡང་ངན་དགུ་འབྱུང་། །བསོད་ནམས་ཟད་པའི་མི་དེ་དེ་འདྲར་སྐྱེས། །དེ་ཉིད་བརྩི་ནས་མ་ཀླུང་བརྩི་ཤེས་དགོས། །བྱིས་པ་སྐྱེས་དུས་ཕ་མས་ལོ་དུ་ལོན། །སྐྱེས་དུས་ཟླ་བ་ཞག་དང་དུས་ཚོད་དང་། །གཟའ་དང་སྐར་མ་རྣམས་ཀྱང་ཤེས་དགོས་ཏེ། །དབུས་གཙང་དཔོན་རིགས་རྣམས་ལ་སྲས་འཁྲུངས་དུས། །དེ་དག་ཡི་གེར་བྲིས་ནས་བཞག་སྲོལ་ཡོད། །དེ་ལ་དགོངས་ནས་དྲུང་མཚོའི་སྨན་མོ་ཚོས། །ནག་རྩིས་འདི་ཉིད་ཐིག་པར་བྱེད་པ་ལ། །སྐར་མར་རང་གི་བྱིན་པ་གཅིག་


CMR058_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་གསུངས། །དེ་འདྲར་ཤེས་པ་དཀའ་ཞིང་བརྩི་མི་དར། །འོན་ཀྱང་འཇམ་རྩུབ་རིམ་གྲོ་ཅི་དགོས་སོགས། །འཇམ་དབྱངས་གསུངས་བཞིན་བཤད་ལ་ཉེས་སྒྲིབ་མེད། །འོན་ཀྱང་འབྱོར་པ་མེད་པའི་དབུལ་པོ་ཡིས། །རིམ་གྲོ་ལ་སོགས་ཅི་ཡང་མི་འགྲུབ་ན། །རྩུབ་པར་འདུག་ཀྱང་བརྗོད་པར་མི་རུང་སྟེ། །འཇིགས་སྐྲག་ཆེ་ཞིང་བྱ་ཐབས་མེད་པའི་ཕྱིར། །འཇིག་རྟེན་ཁམས་ན་སྐག་རྣམས་བརྩི་བ་ནི། །ལྕགས་ཀྱི་ཚེར་མས་འབིག་པའི་དམྱལ་བར་སྐྱེ། །གསུངས་པའི་དོན་ཡང་དེ་ལ་དགོངས་པ་ཡིན། །འབྱོར་པ་ཡོད་ཅིང་རྩུབ་ལ་རྩུབ་ཚུལ་བརྗོད། །ཆོས་འདོན་ལ་སོགས་རིམ་གྲོ་ལུང་བསྟན་པས། །ཚེ་འདིར་ཕན་ཅིང་ཕྱི་མ་བདེ་བ་ཐོབ། །ཕན་དང་བདེ་བ་སངས་རྒྱས་བསྟན་པ་ཡིན། །ཞིབ་པར་སྐག་རིགས་སུམ་བརྒྱ་དྲུག་ཅུ་སྟེ། །སྐག་ཕྲན་རེ་རེ་མེད་དུས་མེད་པའི་ཕྱིར། །ཐམས་ཅད་བརྗོད་པར་མི་བྱ་བརྗོད་ན་ནི། །སྤར་ཁ་སྐག་ཁ་རྩུབ་ཁའི་མིང་ངན་དགོས་དོགས་མཆིས། ༈ གནམ་ལོ་རྒྱལ་པོ་ཡིན་ཕྱིར་དབང་ཡང་ཆེ། །ཀུན་གྱི་རྩ་བ་སྤར་ཁ་ཡིན་གསུང་ཕྱིར། །ལོ་དང་སྤར་ཁ་འཇམ་རྩུབ་ཀུན་ལ་གྲགས། །གནམ་ལོ་རང་ལོ་ཤར་དུས་རང་སྐག་རྩུབ།


CMR058_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ལོ་བདུན་ཟུར་ཤར་དུས་བདུན་ཟུར་སྐག །གནམ་ལོ་དུར་དང་འཕྲད་དུས་དུར་སྐག་སྟེ། །རྟ་སྦྲུལ་ཁྱི་དང་བྱ་སྤྲེལ་གླང་གི་ལོ། །སྟག་ཡོས་ལུག་དང་ཁྱི་འབྲུག་གླང་ལུག་བཞི། །བྱི་ཕག་འབྲུག་ལོ་ཤར་དུས་དུར་མིག་ཡིན། །ལོ་སྐག་མང་ཡང་དེ་གསུམ་ཙམ་ཞིག་གཙོ། །དེ་ཡི་བཅོས་ནི་སྤར་ཁ་གང་བབ་ཀྱི། །བཅོས་རྣམས་བྱས་པས་སྐག་དེ་འགྱུར་བ་ཡིན། །བྱི་རྟ་རུ་ཆོད་གླང་ལུག་ཕུང་གྱོད་དང་། །སྟག་སྤེལ་བདུན་ཟུར་བྱ་ཡོས་བྱེ་བྲལ་དང་། །ཁྱི་འབྲུག་ཐོག་བརྫིས་ཕག་སྦྲུལ་ལྕེ་མདུང་རྣམས། །ཕན་ཚུན་གནོད་པ་སྐྱེལ་བའི་བདུན་ཟུར་ཟེར། །དེ་ལ་ཕྱི་སྐག་གནམ་ལོའི་སྐག་ཅེས་བྱ། །ནང་སྐག་སྤར་ཁའི་སྐག་ནི་བརྩི་བའི་ཚུལ། །ཕོ་རྣམས་ཐམས་ཅད་ལི་ནས་གཡས་སུ་བསྐོར། །མོ་རྣམས་ཐམས་ཅད་ཁམ་ནས་གཡོན་དུ་བསྐོར། །སྤར་ཁའི་སྐག་ཕྲན་མང་པོ་བརྗོད་མི་ལོང་། །དགྲ་ཐོག་དུར་མིག་གཉིས་ནི་གཙོ་བོ་ཡིན། ༼ལི༽ །བྱ་སྤྲེལ་ལི་ལ་ཕྱིན་ན་དགྲ་ཐོག་ཡིན། །ཁྱི་འབྲུག་གླིང་ལུག་མ་ཐོག་ཡིན་པས་འཇམ། །འཛེམ་བྱ་མང་ཡང་ཐམས་ཅད་འཛེམ་པར་དཀའ། །སྦྱིན་སྲེག་མི་བླུག་ཤི་ཡང་བསྲེག་མི་རུང་། །དུས་ཚོད་སྤང་ཁ་སེར་དུས་རྩུབ་པ་སྟེ། །དེ་ཕན་ཚེ་


CMR058_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཚེ་སྒྲུབ་ཞུ་བ་དང་། །རྣམ་འཇོམས་ཟབ་ཁྲུས་ཚེ་མདོ་འདོན་པ་དང་། །བཙན་མདོས་བྱས་ན་ལོ་གསུམ་ཚེ་ཤུག་འོང་། །དེ་སྐད་སྤར་ཁའི་ཞལ་ཆེམས་ནང་ན་གསལ། །ཚེ་དབང་བརྒྱའམ་ལོ་གྲངས་བཅུ་གསུམ་དང་། །བདུན་བརྩེགས་སུམ་བརྩེགས་ལ་སོགས་སྐབས་དང་བསྟུན། །ཚེ་ཆོག་གྲངས་ཀ་ཡང་ནི་དེ་དང་འདྲ། །རྣམ་འཇོམས་དབང་དང་བྱབ་ཁྲུས་གཟའ་ཡུམ་དབང་། །པདྨ་གཙུག་ཏོར་དབང་ཡང་བསྐུར་བར་བྱ། །ལང་ཀར་གཤེགས་པ་ཚེ་མདོ་ཚེ་གཟུངས་དང་། །འཇམ་དཔལ་རྩ་རྒྱུད་མཚན་བརྗོད་མདོ་བསྡུས་པ། །གཙུག་ཏོར་རྣམ་རྒྱལ་གཙུག་ཏོར་གདུགས་དཀར་དང་། །གཙུག་ཏོར་དྲི་མེད་རྡོ་རྗེ་རྣམ་འཇོམས་དང་། །ཚར་གྲངས་དུ་ཐོན་འབྱོར་པ་དེ་དང་དཔག །གཏོར་མ་བཏང་ཞིང་བསྐང་བ་བཅའ་བ་དང་། །གསས་མཁར་ལ་བཙས་བསྟོད་ཅིང་གཏོར་སྐུ་བཙུགས། །ཤ་རུ་བཀྱག་དང་འདྲེ་མོ་རྫ་མདོས་བྱ། །དབང་ཕྱུག་མ་ཡི་ཟོར་མདོས་བྱ་བ་ཡིན། །བུག་གམ་སྤུངས་ན་མདུན་ངོ་བསང་མང་བྱ། །ནུབ་ནས་འདྲེ་ལྔ་བྱང་དུ་བདུད་གཅོད་ཡོད། །དེ་དག་ཕྱོགས་སུ་མདོས་གླུད་བཏང་བ་ལེགས། །མགོ་ལ་ཁྲག་ནི་གཏར་བར་མི་རུང་ཟེར། །


CMR058_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་སྤར་ཁའི་འཛེམ་བྱ་མང་ན་ཡང་། །འཛེམ་བྱ་མི་ཐུབ་རྣམ་རྟོག་ལང་བའི་རྒྱུ། །དེ་ཕྱིར་བརྗོད་པར་མི་བྱ་ཕྱག་སྲོལ་ཡིན། ༼ཁོན༽ །བྱི་ཕག་ཁོན་ལ་ཕྱིན་ན་དགྲ་ཐོག་རྩུབ། །སྟག་ཡོས་ལོ་པའི་དུར་མིག་ཡིན་པས་རྩུབ། །བྱ་སྤྲེལ་ལོ་པའི་མ་ཐོག་ཡིན་པས་འཛམ། །ཀུན་རིག་ཚེ་དབང་ཡུམ་ཆེན་སེར་མོ་དང་། །ཁྲོ་གཉེར་ཅན་དང་གཤེད་དམར་དབང་བསྐུར་བྱ། །བསྐལ་བཟང་གསེར་འོད་གྲྭ་ལྔ་སྒྲོལ་མའི་རྒྱུད། །ཉི་ཁྲི་བསྒྲེས་མོས་ཞུས་མདོ་ཀླུ་འབུམ་དང་། །བཟང་སྤྱོད་རྣམས་ནི་འདོན་པའི་ཆོས་ཡིན་ནོ། །བརྒྱ་བཞི་ཆོ་ག་གླིང་བཞི་སྤྱི་མདོས་དང་། །ས་བདག་འཁྲུགས་བཅོས་འདྲེ་མོ་རྫ་མདོས་དང་། །བུག་གམ་སྤུང་ན་དུར་ངོ་ས་སྒོ་བཅད། །དུས་ཚོད་རོལ་ཁ་ནག་་་་ཞིང་རྨོ་དུས་རྩུབ་པ་ཡིན། །ཤར་ལྷོ་འདྲེ་ལྔ་བྱང་དུ་བདུད་གནས་སོ། །ཆུ་བོ་གཞུང་ལ་ཞུགས་དུས་ཕན་ཆད་ལ། །དབང་དང་སྐྱབས་གནས་ཞུ་ཞིང་ཚེ་ཆོག་བྱ། །བསྲེགས་ལོས་བྱ་ཞིང་ཚེ་ཐར་བཏང་བ་དང་། །ལམ་འཕྲང་བཅོས་ཞིང་ཆོས་འདོན་བྱས་པ་ན། །ལོ་གསུམ་བར་གྱི་ཆེ་ཤུག་འོང་བར་བཤད། ༼དཱ༽ །སྟག་ཡོས་དྭ་ལ་ཕྱིན་པ་དགྲ་ཐོག་རྩུབ། །བྱི་ཕག་ལོ་པ་མ་ཐོག་ཡིན་པས་འཇམ། །


CMR058_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བུག་གམ་སྤུང་ན་དགྲ་ངོ་གྲི་ངོ་ཡོད། །འཇམ་དབྱངས་གཤེད་དམར་གསང་འདུས་ཕྱག་རྡོར་དབང་། །ཕྱག་རྡོར་འཆི་བདག་འཇོམས་པ་ལ་སོགས་པ། །ཚེ་དཔག་མེད་ཀྱི་དཀྱིལ་འཁོར་དབང་གཅིག་ཞུ། །རྒྱ་ཆེར་རོལ་པ་སྤྲིན་ཆེན་མཚན་བརྗོད་དང་། །ཏོག་དང་གསེར་འོད་ཁྱེའུ་ཞུས་མདོ་དང་། །གཟུངས་འདུས་རྣམས་ནི་གང་རྙེད་ཅི་འགྲུབ་འདོན། །ཚེ་སྒྲུབ་ཚེ་ཆོག་དམ་ཅན་གསོལ་ཁ་བྱ། །དུས་ཚོད་འཁྱག་པ་ཆལ་ཆོལ་དུས་སུ་རྩུབ། །ཤར་དུ་བདུད་དང་ལྷོ་རུ་འདྲེ་ལྔ་གནས། །འཁྱག་པ་ཁྲལ་ཁྲོལ་ཕན་ཆད་བསྲེག་ལོས་དང་། །ཕར་ཕྱིན་གྲྭ་ལྔ་འུར་འདོན་བྱས་པ་ན། །ལོ་གསུམ་བར་གྱི་ཚེ་ཤུག་འོང་བར་བཤད། །འདི་ལ་དགྲ་ཆོས་དགྲ་ཟློག་དགོས་གསུངས་པ། །རྒྱས་པར་གཤིན་རྗེ་ཀིང་ཀང་མདོས་གསུངས་པ། །བསྡུ་ན་དགྲ་ཆོས་བསྡུས་པ་ཚར་མང་འདོན། ༼ཁེན༽ །ཁེན་ལ་རྟ་སྦྲུལ་ལོ་པ་དུར་མིག་རྩུབ། །ཀུན་རིག་གཤེད་དམར་གཟའ་ཡུམ་ཁྱུང་ཁྲའི་དབང་། །ཁྲི་བརྒྱད་ཨ་པ་དང་གསེར་འོད་རྡོར་གཅོད་དང་། །མཆུ་སྡེ་ལྔ་དང་གཟའ་ཡུམ་ཤེར་སྙིང་དང་། །ཤེས་རབ་ཁྲི་པ་ནམ་མཁའི་སྙིང་པོའི་མདོ། །དེ་རྣམས་མང་ཉུང་གང་ཐོན་འབྱོར་པར་བསྟུན། །


CMR058_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཚོད་གནམ་སྔོ་ས་སྔོ་དུས་སུ་ཆུབ། །བུག་གམ་སྤུང་ན་གཟའ་ནད་ཐོག་སེར་འོང་། །གཟའ་སྲུང་ཐོག་སྲུང་ལ་སོགས་བཏགས་ན་ལེགས། །ཤར་དུ་འདྲེ་ལྔ་ལྷོ་རུ་བདུད་གཅོད་གནས། །ཆོས་སྐྱོང་དང་ནི་དམ་ཅན་གསོལ་ཁ་བྱ། །གནམ་སྒོ་བཅད་ཅིང་གཟའ་འགྱོགས་རྒྱལ་འགྱོགས་བྱ། །གནམ་སྔོ་ས་སྔོ་དུས་ནི་ཕན་ཆོད་ལ། །འབུམ་ལ་འུར་འདོན་རྒྱལ་མདོས་བསྲེག་ལོས་བྱ། །ཚེ་དབང་ཞུས་ན་ལོ་གསུམ་ཚེ་ཤུག་འོང་། ཁཾ༽ །ཁམ་ལ་རྟ་སྦྲུལ་ལོ་པ་དགྲ་ཐོག་རྩུབ། །སྟག་ཡོས་ལོ་པ་མ་ཐོག་ཡིན་པས་འཇམ། །བུག་གམ་སྲུང་ན་བྱིས་པའི་དུར་ངོ་ཡིན། །བྱིས་པའི་གདོན་ཆེན་བཅོ་ལྔའི་མདོས་བྱའོ། །རྡོ་རྗེ་རྣམ་འཇོམས་དབང་དང་ཟབ་ཁྲུས་བྱ། །གོས་སྔོན་ཅན་དང་ཁྲོས་མ་ནག་མོའི་དབང་། །ཕྱག་བརྒྱད་བསྐོར་བའི་དཀྱིལ་འཁོར་དབང་། །མྱ་ངན་འདས་མདོ་སྤྲིན་ཆེན་ཀླུ་འབུམ་དང་། །ཀླུ་ཡི་སྤང་སྐོང་རྣམ་འཇོམས་ཀླུ་གཟུངས་འདོན། །ཀླུ་གཏོར་མཚོ་སྨན་གུར་མདོས་མགོ་གསུམ་དང་། །ཀླུ་མཆོད་དང་ནི་མཚོ་འབུལ་བྱ་བ་ཡིན། །ཆུ་བོ་གཞུང་རྒྱུས་དུས་སུ་རྩུབ་པ་ཡིན། །ཆུ་བོ་ཟམ་ཆད་ཕན་ལ་ཆུ་གཏོར་དང་། །ཀླུ་གཏོར་མང་བཏང་རྣམ་འཇོམས་འུར་


CMR058_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་བྱ། །ལོས་དང་གུར་མདོས་བྱས་ན་ཚེ་ཤུག་འོང་། །ལྷོ་ནུབ་བདུད་དང་བྱང་ཤར་འདྲེ་ལྔ་གནས། ༼གིན༽ །གིན་ལ་བྱ་སྤྲེལ་ལོ་པའི་དུར་མིག་སྟེ། །བཟང་དང་ངན་གཉིས་འཛོམ་ཕྱིར་ཅུང་ཞིག་དྲག །བནྡེ་གིན་ལ་ཕྱིན་ན་རྩུབ་པར་བརྩི། །ཐུབ་པའི་དབང་དང་གཤེད་དམར་ཀུན་རིག་དབང་། །རྟ་མགྲིན་ཕྱག་རྡོར་རྣམས་ཀྱི་དབང་ཞུའོ། །ཁྲོ་རོལ་འཆར་དཀར་བྱད་ཟློག་སུན་ཟློག་དང་། །བརྒྱ་བཞི་ས་བདག་རྒྱལ་གསོལ་རྒྱལ་འགྱོགས་གཉིས། །སྔར་ནས་བྱེད་སྲོལ་གང་ཡོད་དེ་བྱའོ། །རི་རབ་བརྩེགས་མདོས་བྱ་བ་རྒྱུད་ནས་གསུངས། །དཀོན་མཆོག་བརྩེགས་པ་གླང་རི་ལུང་བསྟན་དང་། །རྣམ་རྒྱལ་མ་དང་གདུགས་དཀར་གསེར་འོད་དང་། །ཚེ་གཟུངས་རྣམས་ནི་འབྱོར་པ་དང་བསྟུན་འདོན། །བྱང་དུ་འདྲེ་ལྔ་ཤར་ལྷོར་བདུད་ཡོད་དོ། །བུག་གམ་སྤུང་ན་རྒྱལ་འགོང་ཁྱིམ་དུ་ཞུགས། །དུས་ཚོད་ན་འགྲམ་སྔོ་དུས་ཡིན་པས་ན། །དེ་ཕན་མཆོད་རྟེན་འགྲོ་ཤེས་གཅིག་བཞེངས་ཤིག །མཆོད་རྟེན་བྱིན་རླབས་ཅན་ལ་དཀར་རྩི་གསོལ། །ཕར་ཕྱིན་འུར་འདོན་རྒྱལ་མདོས་བསྲེགས་ལོས་བྱ། །དེ་བྱས་ལོ་གསུམ་ཚེ་ཤུག་འོང་བར་གསུངས། །མཇལ་མ་


CMR058_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་བའི་ལྷ་ཁང་མཆོད་རྟེན་ནི། །མཇལ་མི་རུང་ཞིང་བསྐོར་ལམ་མེད་ཅེས་བརྗོད། ༼ཟིན༽ །ཟིན་ལ་ཁྱི་འབྲུག་གླང་ལུག་བཞི་པོ་ནི། །སྤར་ཁ་དགྲ་ཐོག་ཡིན་པས་ཤིན་ཏུ་རྩུབ། །རྟ་སྦྲུལ་ལོ་པ་མ་ཐོག་ཡིན་པས་འཇམ། །མི་གཡོ་བ་དང་རི་ཁྲོད་ལོ་མ་ཅན། །གུ་རུ་ཞི་དྲག་སྤྱན་རས་གཟིགས་དབང་ཞུ། །སྡོང་པོ་རྒྱན་པའི་མདོ་དང་སྡོང་རྒྱན་གཟུངས། །དཀོན་མཆོག་བརྩེགས་པ་ལྟུང་བཤགས་གདུགས་དཀར་དང་། །ཀླུ་ཡི་སྤང་སྐོང་གཟུངས་འདུས་མཚན་བརྗོད་དང་། །སྡོང་པོ་རྒྱན་མདོས་ལྷ་མོའི་གསང་མདོས་དང་། །བསྐང་མདོས་མགོན་པོའི་བེང་བཟློག་ཤ་རུ་བཙན། །བུག་གམ་ང་ན་ནང་འཛིང་འོང་བའི་ངོ་། །རྒྱལ་མགྱོགས་ལ་སོགས་འགོང་པོ་བཀར་བར་བྱ། །ནུབ་བྱང་འདྲེ་ལྔ་ནུབ་ཏུ་བདུད་གནས་སོ། །ཤིང་ལོ་ཁ་འབུར་དུས་སུ་རྩུབ་པ་ཡིན། །དེ་དུས་ཕན་ལ་ལོས་བྱས་འབུམ་བཏོན་ན། །དེ་ཡིས་ཆེ་ཤུག་འོང་བར་གསུངས་པ་ཡིན། ༼ཟོན༽ །ཟོན་ལ་ཁྱི་འབྲུག་གླང་ལུག་བཞི་པོ་དང་། །བྱི་ཕག་ལོ་པའི་ལོ་བདུད་ཡིན་པས་རྩུབ། །ཡུམ་ཆེན་མོ་དང་གཤེད་དམར་ཀུན་རིག་དབང་། །གཙུག་ཏོར་གདུགས་དཀར་མོ་ཡི་དབང་ཞུའོ། །འདི་རུ་བུག་གམ་སྲུང་ན་སྨྱོ་འབོག་


CMR058_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

འོང་། །རྒྱལ་མགྱོགས་ལ་སོགས་དེ་ཡི་བཅོས་ཀྱང་བྱ། །འབུམ་དང་ཏོག་གཟུངས་གདུགས་དཀར་གྲྭ་ལྔ་དང་། །ཉི་ཁྲི་ཕལ་པོ་ཆེ་དང་གསེར་འོད་དང་། །སྟོབས་པོ་ཆེ་ཡི་གཟུངས་རྣམས་གང་རྙེད་འདོན། །ཕུར་མདོས་གཤིན་རྗེའི་བཟློག་མདོས་མགོ་གསུམ་བྱ། །རྒྱལ་གསོལ་རྒྱལ་མགྱོགས་གཉིས་པོ་སྲོལ་གང་ཡོད། །ལྷོ་ནུབ་འདྲེ་ལྔ་བྱང་ཤར་བདུད་གནས་སོ། །ཕུབ་མ་རླུང་ཁྱེར་དུས་སུ་སྐག་ཡིན་པས། །དེ་ཕན་འབུམ་ལ་འུར་འདོན་བཟློག་པ་དང་། །རྒྱལ་མགྱོགས་བསྲེགས་ལོས་བྱས་ན་ཚེ་ཤུག་འོང་། ༈ ཁྱིམ་གཅིག་ཡིན་པའི་ཕོ་མོ་ཐམས་ཅད་བརྩི། །བརྒྱད་ཁ་གང་ན་ཤིན་ཏུ་ངན་པ་སྟེ། །བཅོ་ལྔའི་ཟླ་རྒྱས་འགྲིབ་པའི་ལས་ཞེས་བྱ། །དེ་ལ་མེ་འགོ་སོ་སོར་བསྡུས་ན་ཕན། །ལི་ཁམ་སྟོང་ན་གནམ་ས་གཞུང་རལ་ཟེར། །རལ་བ་རྒྱུན་གྱི་གྲུབ་ཟེར་འབུམ་རྒྱུན་བྱ། །མ་འགྲུབ་ཟབ་མདོ་ལ་སོགས་རྒྱུན་ཀྱང་རུང་། །དྭ་ཟིན་སྟོང་ན་སྐྱིད་ལ་སྐྱེད་ཆད་འབྱུང་། །ཕྱོགས་བཞི་སྟོང་ན་བདུད་ཀྱི་སྒོ་བཞི་བྱེ། །མཚམས་བཞི་སྟོང་ན་རྩ་བཞི་མཐའ་ནས་འཁུམ། །སྟོད་གསུམ་སྟོང་ན་རི་གསུམ་རྩེ་ནས་ཉིལ། །སྨད་གསུམ་སྟོང་ན་ཐང་གསུམ་མཐའ་ནས་བསྡུས། །གདན་


CMR058_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འཛོམ་ན་བར་མ་ཡར་ཅེས་ཟེར། །ཕོ་མོ་གཉིས་འཛོམ་ཟམ་ཐུག་བྱུང་ཞེས་ཟེར། །གལ་ཆེན་མི་ལ་སྤར་ཁ་མི་རྩུབ་ཀྱང་། །སྤྱི་ལ་རྩུབ་ན་གང་ལ་འབོ་སྲིད་པས། །ཞེས་པའི་མི་ལ་རིམ་གྲོ་ཟབ་ཅེས་ཟེར། །དེ་དག་གང་ཡང་བརྒྱ་བཞི་སྡོང་རྒྱན་དང་། །ཁ་འབར་མ་དང་ས་བདག་འཁྲུགས་བཅོས་དང་། །འབུམ་དང་གཏོར་ཟློག་མགོ་གསུམ་ཀུན་ལ་ཕན། །འབྱོར་པ་མེད་ན་ཀོང་ཙེ་གཏོ་བསྒྱུར་ཟབ། །རྩུབ་ཅིང་ཅེས་པའི་མི་ལ་འཆི་བསླུ་བྱ། །འབུམ་དང་དུར་ལོས་སྤར་ཁ་ཀུན་ལ་ཕན། །ཚེ་དབང་ཚེ་སྒྲུབ་བསྙེན་པ་ཚེ་ཆོག་དང་། །ཚེ་མདོ་ཚེ་གཟུངས་སྲོག་གི་མདུད་མ་ཡིན། །དེ་དག་ཀུན་ལ་ཡོངས་སུ་གྲགས་པ་ཡིན། །ཀུན་གྱི་མཐོང་ཐོས་མེད་པའི་གཏོ་ཕྲན་སོགས། །མང་དུ་བཤད་ཀྱང་མི་འཛོམས་དགོས་པ་མེད། །རྩིས་སྐྱར་འཕགས་པའི་བཀའ་ལ་འཆོལ་གསུངས་པ། །དབང་དང་ཆོས་དང་གཟུངས་ཀྱི་མང་ཉུང་སོགས། །ཚར་གྲངས་ཕལ་ཆེར་འབྱོར་པའི་སྟོབས་དང་བསྟུན། །འབྱོར་པ་ཆེ་ཞིང་རིམ་གྲོ་བརྩོན་པ་ནི། །སྐག་ཆེན་མེད་ཀྱང་སྐག་ཕྲན་མེད་དུས་མེད། །སྤར་ཁའི་བཅོས་ནི་འགའ་ཟུང་ལུང་སྟོན་རུང་། །རིམ་གྲོ་དགོས་ཀྱང་འབྱོར་པ་ཆུང་བ་ལ། །སྤར་ཁའི་ཆོས་ཆུང་


CMR058_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ཆུང་ལོ་གྲངས་ཙམ། །དབང་ཡང་རེ་ཟུང་ཙམ་རེ་ལུང་སྟོན་བྱ། །འབྱོར་པ་མེད་ན་ཤེས་རབ་ཆེ་བ་ལས། །སྤར་ཁ་གང་ཡིན་སོ་སོའི་དབང་བསྐུར་ནས། །དེ་ཡི་སྔགས་ཐུང་བྱེ་བ་ཁས་ལེན་བྱ། །དེས་ན་ཁོ་ཡི་རྐྱེན་བཟློག་མཆོག་ཏུ་འགྱུར། །དེ་རྣམས་ཡོངས་གྲགས་སྤར་ཁ་སྤྱི་ཡི་ལུགས། ༈ །ཀུན་ལ་མ་གྲགས་མན་ངག་སྤར་ཁ་ནི། །ཕོ་ཕྱུ་རྟ་ཕྲུ་ལི་ནས་གཡས་སུ་བསྐོར། །དགྲ་ཕྱུ་མི་རྒན་ཁོན་ནས་གཡས་སུ་བསྐོར། །ནོར་ཕྱུ་བནྡེ་གིན་ནས་གཡས་སུ་བསྐོར། །སྐྱེས་ཕྲན་དར་མ་དྭ་ནས་གཡས་སུ་བསྐོར། །བོན་པོ་བུ་ཆུང་ཁམ་ནས་གཡོན་དུ་བསྐོར། །དགྲ་ཕྱུ་རྟ་ཕྱུ་ནོར་ཕྲུ་གསུམ་པོ་ནི། །བཟའ་དཔོན་དེ་ཡི་ལོ་གྲངས་ཙམ་ཞིག་བསྐོར། །ལུག་ཕྱུ་རྒན་མོ་ཁོན་ནས་གཡོན་དུ་བསྐོར། །བུད་མེད་ན་སྟོད་གྲོགས་ཕྲུ་ཟོན་གཡོན་བསྐོར། །བུད་མེད་དར་མ་མོ་ཕྲུ་ཟིན་གཡོན་བསྐོར། །ཕོ་རིགས་ཡིན་ན་ཐམས་ཅད་གཡས་སུ་བསྐོར། །མོ་རྐྱང་ཡིན་ན་ཐམས་ཅད་གཡོན་ནས་བསྐོར། །དེ་ལྟར་སྤར་ཁ་བརྒྱད་ལ་བསྐོར་མགོ་བརྒྱད། །རང་རང་བསྐོར་མགོའི་སྟེང་དུ་ཕྱིན་དུས་རྩུབ། །དགྲ་ཐོག་བདུན་ཟུར་དུར་མིག་ཡིན་དུས་རྩུབ། །རྩུབ་དུས་ཕྱིན་ན་སོ་སོའི་གཏོ་བཅོས་


CMR058_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །རྟ་ཕྱུ་ངན་ན་རྟ་གཟུངས་རྟ་གཏོ་བྱ། །ཕོ་ཕྱུ་ངན་ན་ཕོ་ལྷའི་གསོལ་མཆོད་གཟབ། །མི་རྒན་ངན་ན་ཚེ་དབང་ཚེ་མདོ་འདོན། །དགྲ་ཕྱུ་ངན་ན་འོད་ཟེར་ཅན་མའི་གཟུངས། །དེ་བཞིན་དགྲ་ཆོས་དགྲ་བཟློག་རྣམས་ཀྱང་བཅའ་བར་བྱ། །རྒན་མོ་ལ་ངན་རྒན་མོའི་ཚེ་དབང་ཞུ། །ལུག་ཕྱུ་ངན་ན་ལུག་གཟུངས་གསེར་འོད་འདོན། །བུ་ཆུང་ལ་ངན་གདོན་ཆེན་བཅོ་ལྔའི་མདོས། །བན་བོན་ལ་ངན་རང་རང་ལྷ་སྲུང་གསོལ། །ནོར་ཕྱུ་གྲོགས་ཕྲུ་ལ་ངན་གཡང་སྐྱོབ་བྱ། །སྐྱེས་པ་བུད་མེད་དར་མ་གང་རྩུབ་ཀྱང་། །ཚེ་རྟ་མགོ་འབྲེལ་གཤེད་དམར་དབང་ཞུའོ། །འདི་ནི་མདོ་དང་འདྲ་སྟེ་དེ་བས་ནོ། །དེ་ཡི་ནང་སྐག་སྤར་ཁའི་མཐོ་ཐོག་སོང་། ༈ །དེ་ནས་གསང་སྐག་སྨེ་བ་བརྩི་བའི་ཚུལ། །ཕོ་བྲང་ལིང་དགུ་དགུ་དགུ་བརྒྱད་ཅུ་གཅིག ༣༡ ༢ ༣༤༥༦༧༨༩ །གྱེན་དུ་བཀོད་པ་རྩིས་རྙིང་མ་དག་སྟེ། །འཁྲུགས་སྨེ་ཞེས་བྱ་རྒྱ་ཡི་ངན་བསླབ་སྟེ། ༩༨༧༦༥༤ ༣༢༡ །ཐུར་དུ་བཀོད་པ་རྩིས་གསར་དག་པ་སྟེ། དབུས་ནས་ནུབ་བྱང་ནུབ་དང་བྱང་ཤར་དང་། །ལྷོ་དང་བྱང་དང་ལྷོ་ནུབ་ཤར་ཤར་ལྷོ། །དེ་ལྟར་བཀོད་པ་དེ་ཡི་སྟེང་ནས་བརྩི། །རང་རང་སྐྱེས་པའི་སྨེ་བའི་དབུས་བཞག་སྟེ། །དེ་


CMR058_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བཀོད་ལུགས་གོང་ལྟར་བྱས་ནས་ཀྱང་། །སྨྲ་སྒོ་ཤར་ཡིན་རྒྱུན་དུ་ཤར་དུ་འབུད། ༈ །བྱི་སྟག་འབྲུག་རྟ་སྤྲེལ་ཁྱི་ཕོ་ལོ་དྲུག །གཡས་སུ་བསྐོར་ཞིང་གིན་ནས་དབུས་སུ་འཇུག །གླང་ཡོས་སྦྲུལ་ལུག་བྱ་ཕག་དྲུག་ནི་མོ། །གཡོན་དུ་བསྐོར་ཏེ་ཟོན་ནས་དབུས་སུ་འཇུག །མགྱོགས་རྩིས་ལིང་རྩི་རེ་ལ་བཅུ་ཚོ་བསྒྲངས། །དེ་ནས་རྩིས་པས་སྤར་ཁ་དུས་དང་འདྲ། །བྱིས་པ་གཅིག་དཀར་སྐྱེས་པ་གསུམ་མཐིང་རྩུབ། །ཡུགས་ས་བཞི་ལྗང་བནྡེ་ལྔ་སེར་རྩུབ། །བོན་པོ་དྲུག་དཀར་བུད་མེད་བདུན་དམར་རྩུབ། །གཙོ་བོ་བརྒྱད་དཀར་རྒྱལ་པོ་དགུ་དམར་རྩུབ། །གཉིས་ནག་དབུས་ཚུད་གཉིས་ནི་ཀུན་ལ་རྩུབ། །དེ་དག་སོ་སོའི་གཏོ་བཅོས་མདོར་བསྡུས་ནི། །གཅིག་དཀར་གཟའ་མགྱོགས་རྒྱལ་མགྱོགས་རྣམ་འཇོམས་ཁྲུས། །གཉིས་ནག་བདུད་མདོས་མ་མོའི་ཁྲག་མདོས་བྱ། །གསུམ་མཐིང་ལ་ནི་མཚོ་སྨན་གུར་མདོས་བྱ། །བཞི་ལྗང་ལ་ནི་ཀླུ་མཆོད་ཀླུ་གཏོར་བཏང་། །ལྔ་སེར་རྒྱལ་མགྱོགས་མ་མོའི་ཁྲག་མདོས་བྱ། །དྲུག་དཀར་རང་གི་ལྷ་སྲུང་གསོལ་ཁ་དང་། །སྤང་ཀོང་ཕྱག་རྒྱ་པ་འདོན་ཚེ་སྒྲུབ་འདོན། །བདུན་དམར་བཙན་མདོས་བྱ་ཞིང་དམར་གཏོར་འབུལ། །


CMR058_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་དཀར་ལྷ་གསོལ་དགྲ་ཆོས་དགྲ་བྲུབ་བྱ། །དགུ་དམར་མ་མོས་མདོས་བྱ་ནོར་རྒྱུན་འདོན། །དེ་དག་སྐྱེ་བའི་བཅོས་ཀ་མདོར་བསྡུས་ཏེ། ༈ །ལོ་དང་སྤར་ཁ་སྨེ་བ་གསུམ་ཀ་རྩུབ། །རྩུབ་གསུམ་འཛོམ་ན་རིམ་གྲོ་ཆེན་པོ་དགོས། །འབུམ་རྒྱུན་བསྲེགས་ལོས་འཆི་བསྒྲགས་ཀུན་ལ་བསྔགས། །སྐྱེས་སྨེ་སྲོག་སྨེ་ཞེས་པ་སྨེ་ཕྲེང་གོང་མ་སྟེ། །དེ་ཉིད་དབུས་བཞག་སྐོར་བ་གཙོ་ཆེ་སྟེ། །ཁྱིམ་གང་ནག་པ་ཀུན་གྱི་སྨེ་བ་བསྐོར། །བདུན་དམར་སྟེང་ན་ཕྱིན་མཁན་མང་ན་ནི། །ངེས་པར་རོ་གཅིག་འབྲུལ་བའི་དུར་ངོ་ཡིན། །རོ་འཁྱམས་གཞན་ཚུལ་འཇུ་རོགས་བྱས་ན་ཐུབ། །གཉིས་ནག་མང་ན་བྱིས་པ་འཆི་བའི་ངོ་། །བྱིས་པ་ཡོད་ན་བྱིས་ཁྲ་སྤར་འགྱེད་བྱ། །འབྱོར་པ་མེད་ཀྱང་གདམས་ངག་གཏོ་བཅོས་ནི། །སྤར་ཁ་མང་དུས་གཅིག་ཏུ་སྤྱང་པ་ལ། །བགོས་བྱ་ཞག་གསུམ་མེ་མགོ་སོ་སོར་བསྡུ། །རང་འཐག་ཁ་ཕྱེས་ཞག་གསུམ་སོ་སོར་འཕེན། །གཞུང་རལ་བྱུང་ན་བསང་བྱ་བཅའ་ཁྲི་བརྩེགས། །སྐྱེད་ཆད་བྱུང་ན་ཟམ་བཙུགས་ལམ་ངན་གསོ། །རྩ་བཞི་འཁུམ་ན་ཚ་ཚ་བརྒྱ་བཏབ་ལ། །དུམ་བུ་བཞི་བགོས་མཚམས་བཞིའི་ཕྱོགས་སུ་སྤུང་། །སྒོ་བཞི་བྱེ་ན་ཕྱོགས་བཞིར་གླུད་བཞི་


CMR058_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

འཕེན། །རི་བོ་རྩེ་ནས་ཉིལ་ན་བསང་བཅུ་གསུམ། །གསས་མཁར་གཏོར་སྐུ་ལི་ཡི་བཅོས་རྣམས་བྱ། །ཐང་གསུམ་མཐའ་ནས་སྟོང་སྟེ་སྡུད་པ་ལ། །དུར་ལོས་དང་ནི་མགོ་གསུམ་ས་སྒོ་བཅད། །གཡས་སུ་སྤུང་ངམ་གཡོན་དུ་སྤུང་བ་ལ། །ཁལ་ནི་ཡོ་སྟེ་ཡོ་བ་འབུམ་འདོན་བསྲང་། །གཞན་ཡང་སྤར་ཁ་སྨེ་བ་རྩུབ་ཆེ་ན། །ཕུ་ཡི་གྲོག་མ་མདའ་ཡི་ཉ་མོ་གསོ། །འདབ་ཆགས་བརྒྱ་ལ་སྟོན་མོ་ཞེས་བྱ་བ། །ཟན་གྱི་རིལ་བུ་མང་པོ་ཁང་ཐོག་གཏོར། །ཁྱིམ་ནི་ཕྱི་ནང་བསྒྱུར་བ་ཞེས་བྱ་བ། །དུད་པ་ཐམས་ཅད་བསྡུས་ཏེ་ཁང་ཐོག་བཏབ། །སྐག་ཆེན་མི་དེ་ཤི་ཞེས་གཏམ་ངན་བསྒྲགས། །ཞག་པོ་གསུམ་གྱི་བར་དུ་བྱ་སྤང་བྱ། །དེ་དག་རྒྱུ་བཏང་མི་དགོས་འགྱུར་ཆེ་བས། །དབུལ་པོ་རྣམས་ལ་ཕན་ཐོགས་ཆེ་བ་ཡིན། །དེ་བཞིན་སྤར་ཁ་གདན་འཛོམ་ཟམ་ཐུག་ལའང་། །ཕོ་གྲལ་མོ་གྲལ་གཡས་གཡོན་སྤོ་ཞེས་པ། །ཞག་གསུམ་བར་དུ་གོ་ཁའི་འདུག་ས་བརྗེ། །དེ་དག་རྟེན་འབྲེལ་གཏོ་བཅོས་ཟབ་མོ་ཡིན། །བླ་མ་པདྨ་འགྲོ་དོན་གྱིས་བསྐུལ་ནས། །སྙིགས་དུས་རྩིས་མཁན་རཱ་ག་ཨ་སྱ་ཡིས། །འཕྲལ་དུ་ངག་ནས་སྨྲས་པ་ཇི་ལྟ་བ། །རྩིས་མཁན་བིརྱ་ཞེས་བྱས་ཡི་


CMR058_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གེར་བཀོད། །འགལ་འཁྲུལ་མཆིས་ན་མཁས་པ་རྣམས་ལ་བཤགས། །དགེ་བས་མ་འོངས་རྐང་གཉིས་མི་རྣམས་ཀུན། །ནད་གདོན་དུས་མིན་འཆི་བའི་སྐག་ལས་ཐར། ཕྱིན་ཅིང་བཀྲ་ཤིས་བདེ་ལེགས་ཤོག །སརྦ་མངྒ་ལཾ། དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

མིའི་སྐྱེ་སྐར་གཟའ་བརྒྱད་སྐར་མ་ཉེར་བརྒྱད་བཟང་ངན་བརྟགས་མདོ།


CMR058_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

མིའི་སྐྱེ་སྐར་གཟའ་བརྒྱད་སྐར་མ་ཉེར་བརྒྱད་བཟང་ངན་བརྟགས་མདོ་བཞུགས་སོ། །


CMR058_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཟའ་བདུན་སྐྱེས་སྐར་འབྲས་རྩིས་ནི། ༈ ཉི་མ་ལ་སྐྱེས་ན། ཞག་བདུན་པོའི་སྟེང་ཚེ་རིང་ཞིང་། བུ་སྐྱེས་ན་མི་ཆེན་བྱམས། བུ་མོ་སྐྱེས་ན་དཀར་ལ་འཇམ་དུང་ཆེ། ༈ ཟླ་བ་ལ་སྐྱེས་ན། ༈ མིག་དམར་ལ་སྐྱེས་ན། སྡིག་ལ་དགའ། སྤྲོ་ཐུང་བྱ་བྱེད་ང་རྒྱལ་ཁོང་ཁྲོ་ཆེ། བུ་ཡིན་ན་གསོ་དཀའ། བུ་མོ་ཚེ་ཐུང་། ༈ ལྷག་པ་ལ་སྐྱེས་ན། ནད་ཀྱིས་བཏབ། བུ་ཡིན་ན་ངན་མ་ལ་རྩུབ། བུ་མོ་ཡིན་ན་ཕ་མ་དབུལ་དུ་འགྲོ། མོ་རང་དབང་ཆེ། ༈ ཕུར་བུ་ལ་སྐྱེས་ན། བློ་


CMR058_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་མཁས་ཤིང་ཆོས་བྱེད། བུ་མོ་སྐྱེས་ན་ཚེ་རིང་མི་ཡ་རབ་དང་འཕྲད། ༈ པ་སངས་ལ་སྐྱེས་ན། དམེ་དང་མགར་བ་བྱེད། བུ་སྐྱེས་ན་དབང་པོ་རྣོ། བུ་མོ་སྐྱེས་ན་ཚེ་ཐུང་དཔལ་ཆེ། ༈ སྤེན་པ་ལ་ནི། གཟུགས་བཟང་བསོད་ནམས་ཆུང་། ཁྱེའུ་ཡིན་ན་འབྲིང་ངོ་། ༈ མིའི་སྐྱེས་པའི་སྐར་མ་ལ། །ཐ་སྐར་ལ་སྐྱེས་པའི་མི། །ལོ་ནི་དྲུག་ཅུའམ་བརྒྱད་ཅུ་ཐུབ། །ལྕེ་བདེ་གཟུགས་བཟང་ཆོས་ལ་དགའ། །སྨན་སྦྱོར་མཁས་རྣམས་སྨན་པ་དེ། །གླུ་གར་རོལ་མོ་སྒྲ་ལ་མཁས། །བློ་ལུས་མ་བདེ་སྡོད་མི་ཚུགས། ༈ བྲ་ཉེ་ལ་ནི་སྐྱེས་པའི་མི། །བསམ་གཏན་ནད་


CMR058_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བདེ་བ་གནས། །ཚེ་ལོ་སུམ་ཅུ་རྩ་དྲུག་གོ །རིང་ན་དགུ་བཅུ་ལྔ་བཅུ་ཐུབ། །བཟང་པོའི་རིགས་ལ་མཁས་པ་དང་། །བརྩོན་འགྲུས་ཆེ་ཞིང་སྙིང་རྗེ་ཆུང་། །ཕྱི་མ་དམྱལ་བའི་གནས་སུ་སྐྱེ། ༈ །སྨིན་དྲུག་ལ་ནི་སྐྱེས་པའི་མི། །སྙན་གྲགས་ཆེ་ཞིང་གཟི་བརྗིད་ཆེ། །དྲོད་པ་ཆེ་ཞིང་བུད་མེད་སྐྱིད། །ལོངས་སྤྱོད་ཆེ་ཞིང་ཆགས་པ་ཆེ། །མཁས་པ་རབ་ཏུ་དཔའ་བ་སྟེ། །ཚེ་སྟོད་ངན་ལ་ཚེ་སྨད་ལ། །འགྱུར་ལ་བཟང་པོ་ཉིད་དུ་འགྱུར། །ཚེ་ཚད་འབྲིང་པོ་ཉིད་དུ་འགྱུར། ༈ །སྣར་མ་ལ་ནི་སྐྱེས་པའི་མི། །ལོ་བརྒྱའི་བར་དུ་འཚོ་བ་སྟེ། །གཟུགས་གཟང་ངན་འཇམ་བདེན་པར་སྨྲ། །ཕྱུག་ཅིང་ཆོས་མཐུན་སྦྱིན་ལ་དགའ། །གཡོ་མི་ཤེས་ཤིང་མཁས་པ་སྟེ། །རྣམ་པ་ཀུན་ཏུ་མཛེས་དང་ལྡན། །དགྲ་རྣམས་རྟག་ཏུ་འཛོམ་པར་འགྱུར། །དཔའ་ཞིང་རྒྱས་པའི་ཕུན་སུམ་ཚོགས། ༈ །མགོ་ལ་སྐྱེས་པའི་ཚེ་ཡི་ཚད། །ཉེར་བརྒྱད་ནས་ནི་ཉེར་གཉིས་བར། །རིང་ན་དགུ་བཅུ་ཐུབ་པར་འགྱུར། །ཆོས་ལྡན་སྡོམ་བརྩོན་བདེན་པར་སྨྲ། །དཔའ་ཞིང་བློ་གསལ་ལོངས་སྤྱོད་ལྡན། །མི་གཞན་དག་ལ་དགའ་བ་ལ། །རབ་ཏུ་བཟང་ཞིང་དགེ་བར་འགྱུར། །རྒོད་ཅིང་བརྩོན་འགྲུས་


CMR058_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་དང་ལྡན། ༈ །ལག་ལ་སྐྱེས་པས་ཚེ་ཡི་ཚད། །སུམ་ཅུ་རྩ་གསུམ་ལྔ་བཅུ་འཚོ། །ཡང་ན་དྲུག་ཅུ་རྩ་ལྔ་འཚོ། །ཆོམ་པོའི་ལས་ཀྱིས་འཚོ་བ་ཡིན། །གཏུམ་པོ་བློ་ཅན་ལག་མི་གཟེབ། །ཁྲོ་ཞིང་དབུལ་ཞིང་ཤིན་ཏུ་བླུན། །བྱ་བ་བཟང་པོ་མི་བྱེད་ཅིང་། །ངན་པའི་རིགས་ལ་ཤིན་ཏུ་བརྩོན། །ང་རྒྱལ་སྡིག་པའི་ལས་ལ་དགའ། ༈ །རྒྱལ་སྟོད་ལ་ནི་སྐྱེས་པའི་མི། །ལྔ་བཅུ་དང་ནི་དྲུག་ཅུ་ཐུབ། །ཞིང་པ་ལོངས་སྤྱོད་ལྡན་པ་འོང་། །སེམས་ནི་རབ་ཏུ་བཟང་པོ་སྟེ། །རང་བཞིན་མཉན་ཞིང་ཡངས་པ་སྟེ། །རྒོད་པ་དང་ནི་རྩོལ་བ་སྨྲ། །རྟ་གླང་མི་འཕོངས་འབྲུ་རྣམས་འཕེལ། །བློ་ལྡན་ནད་མེད་སྐོམ་དང་ནི། །ཅ་ཅོམ་ཆེ་ཞིང་འཛེམ་པ་འབྱུང་། ༈ །རྒྱལ་སྨད་ལ་ནི་སྐྱེས་པའི་མི། །ཚེ་ཚད་བརྒྱད་ཅུ་ཐུབ་པ་སྟེ། །གོས་སྨྲ་ཚུལ་ཁྲིམས་ལྡན་པའི་མི། །ཞི་ཞིང་སྦྱིན་པ་གཏོང་བ་སྟེ། །བྱ་བའི་ལས་བརྩོན་སྙན་པ་ཆེ། །ལྕེ་བདེ་ལུས་བཟང་ལག་པ་གཟོབ། །བློ་ཕུག་མི་བདེ་་སྡོད་མི་ཚུགས། །མཁས་ཤིང་ནོར་ལྡན་སྐལ་པ་བཟང་། ༈་།སྐག་ལ་སྐྱེས་པའི་མི་རྣམས་ལ། །ལོ་ནི་ལྔ་བཅུ་ཐམ་པ་ཐུབ། །རང་བཞིན་དྲུག་ཅུ་གསུམ་པ་ཐུབ། །མཁས་ཤིང་


CMR058_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཁེང་ཞིང་འདོད་ཆགས་ཆེ། །མདངས་དང་འགྲོགས་ཡུན་ཐུང་བ་ཡིན། །ཁྲོ་ཞིང་འཁྲིགས་དང་གཡེམ་ལ་དགའ། །སྲིད་པ་ཆེ་ཞིང་གཏེར་ཡང་ཕོད། །འགྲོག་པ་མི་བདེ་ཚུལ་ཁྲིམས་འཆལ། །བྱ་བ་བཟང་པོ་མི་བྱེད་ཅིང་། །ངན་པའི་ལས་ལ་ཤིན་ཏུ་བརྩོན། །མི་སྡུག་གཤིན་རྗེ་བྱེད་པའི་གནས། །ཆོས་གོས་གདེང་བར་ཟད་པར་བྱེད། །གཡོ་ཅན་སྡིག་པ་ཅན་གྱི་མི། ༈ །མཆུ་ལ་སྐྱེས་པའི་མི་ཚེའི་ཚད། །ལོ་བརྒྱད་བར་དུ་མ་ཤི་ན། །ལྔ་བཅུ་ཡང་ན་དགུ་བཅུ་ཐུབ། །བུ་མོ་ཡིན་ན་མ་ལ་ངན། །ཁྱེའུ་ཡིན་ན་བུ་རང་འཆི། །མ་ཤི་བར་དུ་རང་བཞིན་གྱི། །གཡོ་དང་འདོད་ཆགས་ཆེ་བ་ཡིན། །བཟོ་ལ་མཁས་ཤིང་འདོད་པ་མང་། །གཏམ་དང་གོས་རྒྱན་དག་ལ་དགའ། །སྒོ་ལོག་ཁ་འཇམ་ཟས་ལ་ངན། ༈ །སྤོ་ལ་སྐྱེས་པའི་མི་ཡི་ཚད། །ཕྱུག་ཅིང་ལོངས་སྤྱོད་ཚུལ་ཁྲིམས་ལྡན། །རྫུན་མེད་བདེན་སྨྲ་སྦྱིན་ལ་དགའ། །འགྲོ་བ་དང་ནི་སྙན་ལ་དགའ། །དགའ་ཞིང་ཅུང་ཟད་བླན་པར་འགྱུར། འཆི་རྐྱེན་དུག་གིས་བྱེད་པར་འགྱུར། ༈ །མེ་བཞི་ལ་ནི་སྐྱེས་པའི་མི། །ཕ་ཡི་ཚེ་ལ་བར་ཆད་འབྱུང་། །ལོ་ནི་བརྒྱད་ཅུ་ཐམ་པ་ཐུབ། །ལྕེ་བདེ་གཟུགས་བཟང་ལག་པ་གཟོབ། །


CMR058_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སྤོབས་པ་བཟང་ཞིང་བློ་རྒྱ་ཆེ། །བློ་ལུས་མི་བརྟན་སྡོད་མི་ཚུགས། །སྐྱེ་ཞིང་གཡོ་ལ་དྷརྨཱ་ཆེ། །དབྱུག་གོ་གཙོ་བོ་ནོར་ལྡན་ཞིང་། །སྦྱིན་དང་མཆོད་བསྟོད་སྣ་ཚོགས་བྱེད། །ཆོས་ལྡན་བྱང་ཆུབ་ཡན་ལག་བདུན། །བློ་དུལ་གྲགས་ལྡན་ཁྲིམས་ཀུན་བསྲུང་། །ཡང་ན་རྐུན་པོ་སྐོམ་དད་ཆེ། ༈ །ནག་པ་ལ་ནི་སྐྱེས་པའི་མི། །ཚེ་ཚད་ལོ་ནི་ཉེར་བརྒྱད་འཚོ། །གླུ་གར་རོལ་མོའི་སྒྲ་ལ་མཁས། །སྦྱིན་བདག་ལོངས་སྤྱོད་མཛེས་པར་ལྡན། །ལྕེ་བདེ་བློ་རྣོ་གྲོགས་དང་ལྡན། །སྦྱིན་ལོག་མི་དགའ་ཆེ་བ་འོང་། །རྫུན་མེད་ངག་རྩུབ་འདོད་ཆགས་ཆེ། །མིག་དང་ཡན་ལག་དབང་པོ་ལེགས། །སྣ་ཚོགས་གོས་གྱོན་ཕྲེང་བ་ཐོགས། ༈ །ས་རི་ལ་ནི་གང་སྐྱེས་པ། །ཚེ་ལོ་ཉི་ཤུ་ཡང་ན་དྲུག་ཅུ་འཚོ། །རྩིས་པ་འབྱོར་ཉིད་ཁྲོ་བོ་འགྱུར། །གཡོ་སྒྱུ་སེམས་ལ་ནད་བུ་ཅན། །ལོངས་སྤྱོད་ལྡན་ཞིང་གཟུགས་བཞིན་ལེགས། །ཕས་བྱམས་མས་སྡང་མི་ཁ་སྡང་། །ཕྲག་དོག་སེར་སྣ་ཆེ་བ་ཡིན། །རང་བཞིན་གཉེན་ལ་ཡང་པ་དང་། །བགྲོད་པ་དང་ནི་བརྩོན་པ་དགའ། །བློ་དུལ་ཚོང་ཤེས་དེ་ལ་སྤྱོད། །བརྩེ་ལྡན་སྙན་སྨྲ་དེ་ལ་སྤྱོད། ༈ །ས་ག་ལ་ནི་གང་སྐྱེས་ལ། །


CMR058_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཡི་ཚད་ནི་བདུན་ཅུ་འཚོ། གཟི་བརྗིད་ཆེ་ཞིང་དཔལ་དང་ལྡན། །མཁས་ཤིང་ནོར་ལྡན་བུད་མེད་འདུ། །དཔའ་ལ་དགྲ་ཐུབ་ཤེས་རབ་ཆེ། །དང་པོ་ངན་ཞིང་ཚེ་སྨད་བཟང་། །ཕྲག་དོག་སེར་སྣ་གཟི་བརྗིད་ཆེ། ༈ །ལྷ་མཚམས་སྐྱེས་པའི་ཚེ་ཡི་ཚད། །ཉི་ཤུ་རྩ་བརྒྱད་འཚོ་བ་སྟེ། །ཚོགས་པ་དབང་པོ་དུལ་བ་དང་། །ཆོས་སྤྱོད་བློ་གྲོས་ཆེ་ལྡན་ཞིང་། །་ཚོང་པ་ཆོས་ཀྱི་འཚོ་བ་ཡིན། །ལྕེ་བདེ་གཟུགས་བཟང་ཚུལ་ཁྲིམས་ལྡན། །ནོར་ཕྱུགས་བྱེས་འགྲོ་རབ་ཏུ་བཟང་། །བྱས་ལ་དགའ་ཞིང་བྱས་དང་འཕྲོད། །མི་གཞན་དགའ་ཞིང་འདི་ལ་འདུ། ༈ །སྣོན་ལ་གང་སྐྱེས་མི་རྣམས་ལ། །ཚུལ་ཁྲིམས་འཆལ་ལ་སྙིང་རྗེ་མེད། །མཚོ་རྫས་ལ་སོགས་འཕེལ་བར་བྱེད། །ཕལ་ཆེར་མི་འདུག་ཚེ་ཚད་ཐུང་། །དབུལ་ཞིང་ཆོག་ཤེས་འདོད་པ་ཆུང་། །བྱ་བ་བཟང་པོ་མི་བྱེད་ཅིང་། །ངན་པའི་ལས་ལ་ཤིན་ཏུ་བརྩོན། །ཆོས་བྱས་མྱུར་དུ་ཚུལ་ཁྲིམས་འཆལ། ༈ །སྒྲུབས་ལ་སྐྱེས་པ་ལོ་ལྔའམ། །རིང་ན་དྲུག་ཅུ་རེ་གསུམ་འཚོ། །སྐལ་ལྡན་སྐྱེས་བུ་སྡོམ་པ་ཅན། །ཁྲོང་བཟང་འཛིན་ཅིང་ཞི་བ་ཡི། །ནོར་དང་འབྲུ་ཡི་བདག་པོ་སྟེ། །འཇིག་རྟེན་བྱ་བ་བུ་མི་སྐྱེ། །སྐྱེས་ཀྱང་གསོ་བར་


CMR058_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བའོ། །གྲགས་དང་རྒྱལ་ལ་ཆེ་བ་ཡི། །ངན་པའི་ལས་ལ་ཤིན་ཏུ་བརྩོན། ༈ །ཆུ་སྟོད་སྐྱེས་པ་བརྒྱད་ཅུ་འཚོ། །ཆོས་དང་ལྡན་པ་ཐོབ་པ་ཆེ། །བཟོ་དང་བྱ་བ་ཀུན་ལ་མཁས། །ཆོས་སྐྱོང་སྦྱིན་པ་བཏང་ལ་དགའ། །འཁོར་ལ་དྭངས་ཤིང་ཀུན་ལ་དད། །ང་རྒྱལ་ཅུང་ཟད་ཆེ་ན་ཡང་། །ཚུལ་ཁྲིམས་ལྡན་ལ་མཐོ་རིས་ཐོབ། ༈ །ཆུ་སྨད་སྐྱེས་ན་སྐྱེས་པ་བརྒྱ་ཕྲག་འཚོ། །ཡང་ན་བརྒྱ་བཅུ་གྱ་ལྔ་ཐུབ། །ཕྱུག་ཅིང་སྦྱིན་པ་བཏང་ལ་དགའ། །རྒྱུན་དུ་རྫུན་བྲལ་སོ་སོར་སྨྲ། །བུ་དང་གྲོགས་མང་ཤེས་པ་ཆེ། །སེམས་ཅན་ལ་བྱམས་བློ་ཡང་དུལ། །མཁས་ཤིང་རིག་བཟོ་ནད་ཀྱང་དཀོན། །ཚད་པས་ནད་བྱུང་གསོ་བར་དཀའ། ༈ །གྲོ་བཞིན་སྐྱེས་པ་དྲུག་ཅུའམ། །རེ་གཉིས་འཚོ་ཞིང་སེམས་རབ་་བཟང་། །རང་བཞིན་མཉམ་ཞིང་ཤེས་པ་ཡང་། །བགྲོད་པ་དང་ནི་བཙོན་ལ་དགའ། །བློ་དུལ་ཚངས་ཤེས་དེ་ལ་སྤྱོད། །བརྩེ་ལྡན་སྙན་སྨྲའི་ཆོས་ལ་སྤྱོད། །ལོངས་སྤྱོད་རྟག་ཅིང་ནད་ཀྱང་དཀོན། །རྒྱལ་པོ་དང་ནི་སེམས་ཅན་བྱམས། །དཔའ་ཞིང་བསྟན་ཐུབ་གྲོགས་ཀྱི་མཆོག །ཡུལ་འཁོར་སྐྱོང་ཞིང་དགྲ་རྣམས་ཐུལ། །མཁས་པར་བྱེད་པའི་མཆོག་ཡིན་


CMR058_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །ཟབ་ཡང་སྙན་སྦྱོར་དག་ལ་དགའ། །དཔལ་དང་འབྱོར་པ་ཆེ་བ་ཡི། །གྲགས་པ་ཆེ་ཞིང་ཆུང་མ་མཛེས། ༈ །བྱི་བཞིན་ལ་ནི་སྐྱེས་པའི་མི། །ལོ་ནི་དྲུག་ཅུ་འཚོ་བ་སྟེ། །ཝཱཕྲ་ཞིང་འདོད་ཆགས་ཆུང་བ་ལ། །ཐོས་ལྡན་མཁས་ཤིང་ཤེས་རབ་ཆེ། །གྲོང་ཁྱེར་རྣམས་ཀྱི་གཙོ་བོ་འོས། །དགྲ་བོ་འདུལ་བའི་ལས་ལ་མཁས། །སེམས་ནི་བཟང་ཞིང་སྙན་པ་འོང་། །འབྱོར་ལྡན་བགྲོད་དང་གཏམ་ལ་དགའ། །ནད་མེད་སྟོབས་དང་ལྡན་པ་ཡིན། ༈ །མོན་གྲེ་སྐྱེས་པ་ཉེར་ལྔའམ། །དྲུག་ཅུ་ཐམ་པ་འཚོ་བ་ཡིན། །ཁྲོ་ཞིང་སྨན་མཁས་བུ་ནོར་ལྡན། །རང་གར་སྤྱོད་ཅིང་བྱ་བ་རྩོམ། །སེམས་བཟང་རང་བཞིན་མཉམ་ཞིང་འོང་། །བློ་གཙིང་བག་ཡང་བཅོམ་ལ་དགའ། །སྟེར་ཕོད་དཔའ་ཞིང་གླུ་གར་མཁས། །བླུན་ཞིང་ཆུ་ཡིས་འཆི་བར་འགྱུར། ༈ །མོན་གྲུ་སྐྱེས་པ་མྱུར་དུ་འཆི། །ཁྲོ་ཞིང་གོས་ལྡན་ཆད་ལ་བརྩོན། །ནང་མི་བྱམས་ཤིང་མཆོད་ཅིང་སྲུང་། །གཟུགས་བཟང་ཕྱུག་ཅིང་སྟེར་ཡང་ཕོད། །དཀའ་ཐུབ་ལ་དགའ་བབ་ཅོལ་ཆེ། །ནད་མེད་གཉིད་ཀྱང་ཆེ་བ་ཡིན། ༈ །ཁྲུམས་སྟོད་སྐྱེས་པ་གོ་ལྔ་འཚོ། །གཡོ་སྒྱུ་རྐུ་དང་གསོད་ལ་དགའ། །གཤིས་ངན་དམག་


CMR058_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྐུ་ལ་དགའ། །བཟོ་ལ་མཁས་ཤིང་རང་བཞིན་ངན། །བླུན་ཞིང་གཞན་ལ་གནོད་པ་ཆེ། །སྟེར་མི་ཕོད་ཅིང་གྲགས་པ་ཆེ། །སྣང་བ་ཡང་ཞིང་ནོར་ལ་སྤྱོད། གཉེན་རྣམས་བཙི་ཞིང་སྤྱི་ལ་སྡང་། །ཆུང་མ་དབང་དང་ལྡན་པ་ཡིན། ༈ །ཁྲུམས་སྨད་ལ་ནི་ལྔ་བཅུ་ཐུབ། །ཡང་ན་དྲུག་ཅུ་ཐུབ་པར་འགྱུར། །གླུ་གར་རིག་པ་དག་ལ་མཁས། །འདིས་ནི་ཆོས་ཀྱི་སྦྱིན་པ་བྱེད། །ཕྱུག་ཅིང་སྦྱིན་ལ་དགའ་བ་སྟེ། །རྒྱུན་དུ་རྫུན་བྲལ་སོ་སོར་སྨྲ། །ཚུལ་ཁྲིམས་ཤེས་རབ་སྙིང་རྗེ་ལྡན། །སྐྱིད་ཅིང་འཁོར་བསྟན་སྨྲ་བ་མཁས། །འཁོར་མང་འདུ་ཞིང་དགྲ་ལས་རྒྱལ། ༈ །ནམ་གྲུ་ལ་ནི་ཉེར་བརྒྱད་དང་། །དགུ་བཅུ་ཐམ་པ་འཚོ་བ་ཡིན། །སྐྱེ་བོ་རབ་བཟང་ནོར་འབྲུ་ལྡན། །འབྱོར་ལ་དགའ་བརྩོན་དབྱིག་ལ་སྤྱོད། །མི་གཞན་ཀུན་ལ་དགའ་བ་དང་། །རབ་ཏུ་བཟང་ཞིང་དགེ་བར་འགྱུར། །ཤེས་མཁས་དུ་ཡང་འགྱུར་པ་དང་། །དབང་པོ་ཚང་ཞིང་དཔའ་བ་ཡིན། །སྐྱེས་སྐར་རྫོགས་སོ།། །། སརྦ་མངྒ་ལཾ། མཆོད་རྟེན་ལྷ་ཁང་ལྷ་སྐུའི་འབྲས་རྩིས་ནི། །གསུང་རབ་ལོགས་བཞེངས་འབྲས་རྩིས་ནི། །ཉི་མ་ལ་ནི་མེ་ཡིས་འཇིག །མིག་དམར་གནམ་ལྕགས་འབབ་པའམ། །


CMR058_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་ནི་སྡེབ་པའི་ཉེས་ཡོད་དོ། །ཕུར་བུ་ཆོས་འཕེལ་དངོས་གྲུབ་ཐོབ། །ཟླ་བ་ལྷག་པ་པ་སངས་བཟང་། །སྤེན་པ་གདོན་འཇུག་ནོར་རྣམས་བཟང་། །སྨིན་དྲུག་མགོ་དང་རྒྱལ་སྟོད་སྨད། །བྱིན་རླབས་དངོས་གྲུབ་ལས་ལ་བཟང་། །མཆུ་སྦོ་ནག་པ་ས་རི་ལ། །བཀྲ་ཤིས་ལྡན་ཏེ་བྱིན་རླབས་བཟང་། །སྒྲུབས་དང་ཆུ་སྨད་བྱི་བཞིན་དང་། །མོན་གྲེ་ཆུ་སྟོད་བསམ་འགྲུབ་བཟང་། །བྲ་ཉེ་མེ་བཞི་ལག་དང་སྐག །བར་ཆད་མི་རུང་སྣ་ཚོགས་འབྱུང་བས་ངན། །ས་ག་སྣོན་དང་ལོངས་སྤྱོད་དབུལ། །དུས་སྦྱོར་གླང་འཁྲིག་བུ་མོ་གཞུ། །སེང་གེ་རྣམས་ནི་བཀྲ་ཤིས་རབ་གནས་ལྡན། །གཞན་མ་དྲུག་པོ་ངན་པ་མཁས་པས་སྤངས། །ཉི་མ་གླང་ལུག་ཁྱི་འབྲུག་སྟག་རྣམས་བཟང་། །གཞན་མ་ལ་ནི་ངེས་པ་མི་གསུངས་སོ། །ཡར་ངོ་ཚེས་བཅུ་བཅུ་གཉིས་བཅུ་གསུམ་དང་། །བཅུ་དང་བཅོ་ལྔ་དག་ལ་བཟང་བར་གསུངས། །མར་ངོའི་ཚེས་ལ་རབ་གནས་ངན་པ་མི་རུང་ངོ་། །སརྦ་མངྒ་ལཾ།། བཀྲ་ཤིས་ཤོག། མི་ཤི་བ་གཟའ་མི་རུང་། ཉི་མ་ལ་ནི་ཤིན་ཏུ་ཟློས། །ཟླ་བ་ལ་ནི་བཟང་བ་ཡིན། །མིག་དམར་གསུམ་ཟློས་མི་ནོར་ངན་ཟློས་མོ་ལ་ངན། ལྷག་པ་ཕོ་ཤི་བྲན་ལ་ངན། །མོ་ནི་ཤི་བ་


CMR058_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་ཆོད་བཟང་། །ཕུར་བུ་འབྲིང་སྟེ་གཅིག་ལ་ངན། །པ་སངས་འཁུ་ཟློག་མེད་དེ་བཟང་། །སྤེན་པ་ལ་ནི་ནོར་གཡང་ཉམ། །བུད་མེད་ཤི་བ་ལྔ་ཟློས་སོ། །སརྦ་མངྒ་ལཾ།། འདི་ནས་སྐར་མ་ནབས་སོ་དང་གྲེ་གཉིས་ཀྱི་བཤད་པ་ཆད་འདུག་སྙམ་པས་ཕྱི་རབས་རྩིས་པ་རྣམས་ཀྱིས་མཁྱེན་པར་འཚལ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སྤར་ཁའི་བཤད་པ་མདོར་བསྡུས།


CMR058_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

སྤར་ཁའི་བཤད་པ་མདོར་བསྡུས་བཞུགས་ལགས་སོ། །


CMR058_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨརྱ་མཉྫའི་ཡེ། འཇམ་པའི་དབྱངས་ལ་ཕྱག་འཚལ་ནས། །སྤར་ཁའི་བཤད་པ་མདོར་བསྡུས་བྲི། །ལི་ལ་སྤང་ཁ་སེར་དུས་སྐག །མིག་ཚ་རོ་སྟོད་ན་ན་ཐང་། །རོ་སྲེག་མེ་ཧོམ་སར་མི་འགྲོ། །མེ་ལོང་རྟ་མགོ་རྟ་དམར་འཛེམ། །ཞུ་ཕྱིང་རྟ་ལྕགས་ལེན་མི་བྱ། །མི་ནི་རྨ་སྒྲོའི་གསོ་མར་ཅན། །རྟ་དམར་ཅན་དང་མོ་མགྲོན་འཛེམ། །བུད་མེད་གཞོན་ནུའི་ལག་ཟས་དང་། །ཆུ་རྩེའི་ཤ་ལ་རབ་ཏུ་འཛེམ། །སྤང་ཁ་སེར་དུས་ཕན་ཆད་ལ། །ཚེ་སྒྲུབ་ཚེ་དབང་ཆེ་མདོ་གཟུངས། །ལོས་དང་གསས་མཁར་རྣམ་འཇོམས་འདོན། །དེ་ཡིས་ལོ་གསུམ་ཆེ་ཤུགས་


CMR058_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

འོང་། །ལང་དཀར་གཤེགས་དང་འཇམ་དཔལ་འདོན། །གནམ་ཐེལ་དགྲ་བླའི་མདོས་དང་ནི། །མ་མོའི་ཁྲག་མདོས་ཤ་རུ་བཀྱག །རྟ་ཤ་ཕྱི་ཤ་མི་ཟ་ཞིང་། །གོས་དཀར་གྱོན་ནས་བྱང་དུ་སྔས། །ལོང་བ་རྫ་མཁན་དག་ལ་འཛེམ། །སྤུང་ན་བུད་མེད་གཞོན་ནུ་ངན། །ཁོན་ལ་རུལ་ཁ་ནག་དུས་སྐག །འཁོན་དང་མ་ཞུའི་ལག་ཟས་ལུག་ཤ་དང་། །ལྐུག་པ་སྨྱོ་མཁན་ཐག་ཤ་དང་། །གསེར་གཡུ་གླང་ལུག་བླང་ལེན་སྤང་། །ཁང་ནག་བཤིག་སར་འགྲོ་མི་བྱ། །ཆུ་བོ་གཞུང་ཆེན་འབྲེལ་དུས་ཕན། །སྐྱབས་གནས་ཐེག་འདོན་ཚེ་ཐར་བཏང་། །ལོས་བྱ་ལམ་


CMR058_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲང་བཅོས་བྱས་ན། །ཚེ་ཤུགས་འོངས་ཏེ་ཚེ་མཐར་ཕྱིན། །ལོ་དུར་མི་སྤོ་གཅན་ཐད་སྤང་། །མོ་མགྲོན་སྤྱད་ནག་འཁོན་ལ་འཛེམ། །སྤུང་ན་མ་ཕྱི་དག་ལ་ངན། །གོས་ལྗང་སྔས་ནི་ནུབ་བྱང་བསྟན། །དཀོན་མཆོག་གསེར་འོད་བགྲེས་མོས་ཞུས། །སྐལ་བཟང་གྲྭ་ལྔ་ཀླུ་མཆོད་བྱ། །བནྡེ་སྔགས་པ་གླིང་ཁྲི་དང་། །ལུག་མགོ་བླང་བར་མི་བྱའོ། །གོས་དམར་པས་བྱང་བསྟན་ན་ཤིས། །བདུད་ཀྱི་ཁྲམ་མདོས་སྤྱི་མདོས་བྱ། །དྲ་ལ་འཁྱགས་པ་ཁྲལ་ཁྲོལ་སྐག །དམེ་ཕོ་སྤྲེའུ་རིལ་གྲི་ཁྲག །མགར་བ་ཧོམ་སྤར་བྱ་དྲིའི་ཐང་། །ལྕགས་སྤྱད་འཛེམ་ཞིང་མེ་ལས་སྤང་། །གསེར་ནད་དང་ནི་གྲི་ངོ་ཡོད། །འཁྱགས་པ་ཁྲལ་ཁྲོལ་ཕན་ཆད་ལ། །ཕར་ཕྱིན་གྲྭ་ལྔ་འུར་འདོན་དང་། །ལོས་དང་ཤ་རུ་བཙན་མཁར་བྱ། །དེ་ཡི་ཚེ་ཤུག་ཚེ་མཐར་ཕྱིན། །རྒྱུ་རོལ་གསེར་འོད་སྤྲིན་ཆེན་དང་། །གྲྭ་ལྔ་རྡོ་རྗེ་མཆུ་གཟུངས་འདོན། །ཁམ་པ་སྐྱ་ཟོར་བྲག་བཙན་མཆོད། །བཙན་གྱི་ཁྲམ་མདོས་བྱས་པས་ཕན། །སྤྱང་ན་གྲི་ངོ་སྐྱེས་པར་རྩུབ། །ཁེན་ལ་ས་སྔོན་གནམ་སྔོན་དུས། །ཁྱི་དང་གཅན་ཐད་ཕྱི་བའི་ཤ། །བྲ་ཟན་བྱིན་ན་ཟ་མི་རུང་། །རྐང་པ་ནའམ་ཁྱིས་ཕུག་ངོ་། །རྒད་པོ་སིལ་མཁན་


CMR058_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཐད་པ་དང་། །ཁྱི་སེར་སྤྱད་ནག་ལེན་པ་སྤངས། །གོས་དམར་སྔས་མགོ་ལྷོ་ནུབ་བསྟན། །མཚན་བརྗོད་གདུགས་དཀར་ཁྲི་བརྒྱད་པ། །གནམ་ལྕགས་མཆུ་དང་སྤྲིན་ཆེན་འདོན། །མཁར་ལས་མཁར་བཤིག་སར་མི་འགྲོ། །དམ་ཅན་ཆོས་སྐྱོང་མཆོད་པར་བྱ། །གནམ་སྔོན་ས་སྔོན་ཕན་ཆེད་ལ། །དབང་ཞུས་ལོས་བྱས་ཚེ་མཐར་ཕྱིན། །ཁམི་ལ་ཆུ་བོ་གཞུང་རྒྱས་དུས། །ཡུགས་ས་བུ་སྲིང་མོ་མགྲོན་འཛེམ། །སྤྱད་ནག་རྟ་ནག་ཕག་པ་དང་། །ཉ་ཤ་ཕག་ཤ་ཡུགས་སའི་ཟས། །གྲུ་ཕ་མཛེ་ཕོ་སྦྲ་ནག་འཛེམ། །གྲུ་དང་ཟམ་ལ་འགྲོ་འདུག་སྤང་། །གསེར་འོད་ཀླུ་འབུམ་སྤྲིན་ཆེན་དང་། །སྣང་བརྒྱད་འཛམ་དཔལ་མྱང་འདས་འདོན། །ཀླུ་སྨན་མཚོ་སྨན་གུར་མདོས་བྱ། །ཆུ་དར་ཕན་ལ་ཆུ་གཏོར་དང་། །ལོས་དང་ཆུ་སྦྱིན་མང་པོ་དང་། །རྣམ་འཇོམས་འུར་འདོན་གུར་མདོས་རྣམས། །བྱས་ན་ཚེ་ཤུགས་ཚེ་མཐར་ཕྱིན། །གིན་ལ་ནེའུ་སིང་སྔོ་དུས་སྐག །གྲགས་དང་མཛེ་ཤུ་འོང་དོགས་ཡོད། །རྡུལ་པོ་མི་བླང་རྡུལ་ཤ་ཤང་། །བང་བ་བཤིག་སར་མི་འགྲོ་ཞིང་། །ས་ཕུག་རྐོ་དང་ས་ལས་སྤང་། །རི་རྩེར་ས་རྐོ་རྡོ་རློག་དང་། །བོན་པོ་ཀ་ལོག་མཆོད་ཆ་


CMR058_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

འཛེམ། །སྣང་བརྒྱད་དཀོན་བརྩེགས་རྣམ་རྒྱལ་མ། །གླང་རི་ལུང་བསྟན་འདོད་བྱའི་ཆོས། །གྲོ་ཕྱེ་རྔ་བྲན་ཤ་དང་ནི། །རབས་ཆད་སྒོམ་ཆེན་ཟས་ནོར་སྤང་། །ས་བདག་འཁྲུག་བཅོས་གཟའ་མདོས་དང་། །གཤིན་རྗེ་ས་བདག་མཆོད་མདོས་དང་། །བེར་དཀར་མཆོད་མདོས་བྱས་ན་བཟང་། །ནེའུ་སིང་སྔོ་དུས་ཕན་ཆོད་ལ། །མཆོད་རྟེན་འགྲོ་ཤེས་གཙིགས་དང་ནི། །ཚ་ཚ་གང་འགྲུབ་ཕར་ཕྱིན་འདོན། །རྒྱལ་མདོས་གཙིག་དང་སྤང་ལོས་དང་། །མཆོད་རྟེན་དཀར་རྩི་གསོལ་བྱས་ན། །ལོ་བདུན་ཚེ་ཤུགས་འོང་བར་བཤད། །སྤྱང་ན་བུ་ཆེན་བནྡེར་ངན། །གོས་དམར་སྔས་ནི་ནུབ་ཏུ་བསྟན། །ཟིན་ལ་སྟག་མ་ཁ་འབུར་དུས། །འགག་ནད་གཟེར་ན་གློ་བུར་དང་། །རྒྱལ་པོའི་ནད་ནི་འབྱུང་དུས་ཡིན། །ཤིང་བཟོ་ཤིང་སྤྱད་བང་བ་དང་། །དྲེལ་དང་སྐེ་རགས་སྤུ་ཤུན་འཛེམ། །རྨེ་ཕོ་དགག་འདྲེ་བག་སྣ་འཛེམ། །ཁྲ་བོའི་རྫས་དང་རབས་ཆད་ཟས། །རི་བོང་ཤ་དང་ཆེད་སྣ་དང་། །བུ་སྲིང་ལག་ཟས་ཡུས་ངན་སྤང་། །མེ་ལོང་དར་ཟབ་དེ་བཞིན་ནོ། །གདུགས་དཀར་བརྒྱད་སྟོང་རི་རབ་བརྩེགས། །སྡོང་རྒྱན་གཟའ་ཀླུའི་མདོས་བྱའོ། །གོས་སེར་སྔས་མགོ་བྱང་དུ་འོ། །སྤུང་ན་


CMR058_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

མོ་བཙུན་དར་མ་ངན། །གཡུ་མཐའ་གཡོག་པའི་དུས་ཚོད་ལ། །ཤིང་སྤུན་བཏུ་བར་མི་བྱའོ། །ཤིང་ལོ་སྔོ་དུས་ཕན་ཆོད་ལ། །འབུམ་བསྒྲགས་ལོས་ནི་དྲག་པོ་། བྱས། །ལོ་བཅུའི་ཚེ་ཤུག་འོང་བ་ཡིན། །ཟོན་ལ་ཕུབ་མ་རླུང་ཁྱེར་དུས། །སྨྱོ་ནད་རླུང་ནད་སྙིང་མི་དགའ། །ལྷ་ཁང་འདྲེ་ཅན་དར་ཟབ་དང་། །ནལ་དང་ཕན་པའི་སར་མི་འགྲོགས། །མཛོ་རུལ་མི་བླང་ཤ་མི་ཟ། །བནྡེ་སྔགས་པ་བག་སྣ་དང་། །རྔ་དང་རན་ཐག་ལེན་པ་སྤང་། །འབུམ་དང་ཕལ་ཆེན་གདུགས་དཀར་དང་། །སྤྲིན་ཆེན་འདོན་ཅིང་རྒྱལ་མདོས་བྱ། །སྨྱོན་པ་སྔགས་པའི་ནོར་ལ་འཛེམ། །གོས་དམར་སྔས་ནི་ལྷོ་ནུབ་བསྟན། །རླུང་ལྷ་དཀར་པོ་བདག་མཆོད་མདོས། །བདུད་རྒྱལ་བཀར་མདོས་བྱས་ན་བཟང་། །དབེན་གནས་རྙིང་པའི་ས་བྱས་དང་། །བྱེ་བྲལ་ཅན་གྱི་ཟས་ལ་འཛེམ། །སྟོན་ཀ་ཕན་ལ་འབུམ་འདོན་དང་། །མདོས་དང་བཟློག་པ་རྒྱལ་མདོས་བྱས། །ལོ་བཅུའི་ཚེ་ཤུགས་འོང་་བར་གསུངས། །རྒྱ་ཡི་གར་ཆེ་ཆེན་མོ་དང་། །སློབ་དཔོན་ཤེའུ་ཧཱུྃ་ཆེན་དང་། །མཁས་པ་དུ་ཧར་ནག་པོ་དང་། །ཨ་ཙ་ར་ཟླ་བ་ནག་པོས་མཛད་པའི་སྤར་ཁའི་ཞལ་ཆེམས་སོགས་


CMR058_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ནས་རང་གཞན་ལ་ཕན་པའི་ཕྱིར་༧རཱ་གའི་མིང་ཅན་དེས་བྲིས་སོ། །མངྒ་ལཾ།། །།

སྤར་ཁའི་སྒྲོན་ཆུང་།


CMR058_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱརྱ་མཉྫ་ཤྲཱི་ཡེ། རྒྱ་ནག་རི་བོ་རྩེ་ལྔའི་ཤེལ་ཁང་ནས། །མཁྱེན་རབ་མདའ་བདག་འཕགས་པ་འཇམ་དཔལ་གྱིས། །གཙུག་ལག་རྩིས་ཀྱི་རྒྱུད་སྡེ་དཔག་མེད་གསུངས། །དེ་དང་སྤར་ཁའི་སྒྲོན་ཆུང་གསལ་བཀོད་བྲི། །རི་གསུམ་རྩེ་ནས་ཉིལ་བའི་སྐག །སྤར་ཁའི་སྟོད་གསུམ་སྟོང་པ་ཡིན། །ཐང་གསུམ་མཐའ་ནས་བསྡུས་པ་དེ། །སྤར་ཁའི་སྒོ་གསུམ་སྟོང་པ་ཡིན། །གནམ་ས་གཞུང་ཤག་རལ་བའི་སྐག །ལི་ཁཾ་གཉིས་པོ་སྟོང་པ་ཡིན། །སྐྱིད་ལ་སྐྱེད་ཆད་འོང་བའི་སྐག །དྭ་ཟིན་གཉིས་པོ་སྟོང་ན་ཡིན། །རྩ་བཞི་མཐའ་འཁུམ་བྱུང་བའི་སྐག །སྤར་ཁའི་མཚམས་བཞི་སྟོང་ན་ཡིན། །བདུད་བཞིའི་སྒོ་བཞི་བྱེ་བའི་སྐག །སྤར་ཁའི་ཕྱོགས་བཞི་སྟོང་ན་ཡིན། །སྤར་ཁའི་ཕྱོགས་ཡོ་བྱུར་གྱི་སྐག ། གཡས་ཕྱོགས་གཡོན་ཕྱོགས་ཡོ་ན་ཡིན། །སྤྱི་བོ་གང་གི་གནམ་རྡིབ་དེ། །ལི་བུག་གཞན་རྣམས་གང་ན་ཡིན། །རྐང་པ་འོག་གི་ས་རྡིབ་དེ། །ཁམ་བུག་གཞན་རྣམས་གང་བ་ཡིན། །གནམ་སྒོ་བྱེ་བ་རྒན་པོའི་དུར། །ཁེན་བུག་གཞན་རྣམས་གང་བ་ཡིན། །ས་སྒོ་བྱེ་བ་བསྒྲེས་མོའི་དུར། །ཁོན་བུག་གཞན་རྣམས་གང་བ་ཡིན། །སྡུག་གི་ཁུ་རུ་ཁུར་བའི་སྐག །ལི་ལ་


CMR058_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་སྤུང་བ་ཡིན། །འོན་ལོང་སྐྱོན་ནད་བྱུང་བ་དེ། །ཁོན་ལ་མང་དུ་སྤུང་བ་ཡིན། །དགྲ་ངོ་གྲི་ངོ་རྨེ་ཡི་ངོ་། །དྭ་ལ་མང་དུ་སྤུང་བ་ཡིན། །འགུལ་འཚེར་བསྒྲེས་པོ་ལ་ཁར་ཕྱིན། ཁེན་ལ་མང་དུ་སྤྱང་པ་ཡིན། །ཆུ་ཆེན་འགྲམ་དུ་ངུ་འབོད་དེ། །ཁམ་ལ་མང་དུ་སྤུང་བ་ཡིན། །རྒྱལ་འགོང་ཕུགས་སུ་ཚང་བཅས་དེ། །གིན་ལ་མང་དུ་སྤུང་བ་ཡིན། །གཟའ་འཐབ་གཉའ་བཅིང་འགགས་འདྲེ་དེ། །ཟིན་ལ་མང་དུ་སྤུང་པ་ཡིན། །སྨྱོ་འབོག་བྱད་ཁ་ཟུག་པ་དེ། །ཟོན་ལ་མང་དུ་སྤུང་བ་ཡིན། ༈ །ལི་ལ་རྟ་ཤ་རྐྱང་ཤ་མི་ཟ། །ཞྭ་དང་ཕྱིང་པ་མི་ལེན་ནོ། །རྟ་དམར་དངོས་རྫས་འོད་ཆེན་འཛེམ། །ནུབ་ཀྱི་ཕྱོགས་སུ་མི་འགྲོའོ། །སྤང་ཁ་སེར་དུས་སྐག་ཡིན་ནོ། །སྟག་ཡོས་ལོ་པའི་འཆི་སྐག་སྟེ། །བྱི་ཕག་ལོ་པའི་བདུན་ཟུར་ཡིན། །བྱ་སྤྲེལ་ལོ་པའི་དགྲ་སྐག་ཡིན། །རྟ་སྦྲུལ་ལོ་པའི་རང་སྐག་ཡིན། །དར་དམར་མེ་ལོང་གིས་བསྲུང་བ་བཅུག ༈ །ཁོན་ལ་ལུག་མགོ་ལག་གཡོན་ཤ་མི་ཟ། །གླང་ཤ་དུར་ཟས་མི་ཟའོ། །ཁང་ནག་བཤུས་འགེབ་སྤང་བར་བྱ། །མཁར་ལས་བྱེད་སར་མི་འགྲོའོ། །གྱོང་མཁན་ཁྱིམ་དུ་མི་འབོད་ལ། །བྱང་གི་ཕྱོགས་སུ་མི་འགྲོའོ། །སྐག་ནི་རུལ་ཁ་ནག་པའི་དུས། །ལུག་


CMR058_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་པ་ཡི་རང་སྐག་ལ། །རྟ་སྦྲུལ་ལོ་པའི་ན་སྐག་སྟེ། །སྟག་ཡོས་ལོ་པའི་དུར་སྐག་ཡིན། །བྱི་ཕག་ལོ་པའི་དགྲ་སྐག་ཡིན། །དར་སེར་མ་མོ་མགོ་སེར་ཐོད་སྤུས་བསྲུང་། ༈ །དྭ་ལ་ར་དང་བོང་བུ་མི་ཉོ། །གོ་ཁྲབ་མགར་བ་མགར་ཚང་འཛེམ། །ཤར་གྱི་ཕྱོགས་སུ་མི་འགྲོའོ། །འཁྱག་འགོ་ཁྲལ་ཁྲོལ་དུས་སྐག་ཡིན། །བྱ་སྤྲེལ་ལོ་པའི་རང་སྐག་ལ། །རྟ་སྦྲུལ་ལོ་པའི་འཆི་སྐག་ཡིན། །སྟག་ཡོས་ལོ་པའི་བདུན་ཟུར་ཡིན། །དར་དཀར་ཁྲབ་བྱང་དག་གིས་བསྲུང་། ༈ ཁེན་ལ་མི་རྒན་མགོ་སེའམ། །བོན་པོ་མཐིང་པོ་རྒུར་བུ་འཛེམ། །ལྷོ་ཡི་ཕྱོགས་སུ་མི་འགྲོའོ། །ས་སྔོན་གནམ་སྔོན་དུས་སྐག་ཡིན། །ཁྱི་ལོ་པ་ཡི་རང་སྐག་ཡིན། །འབྲུག་ལོ་པ་ཡི་བདུན་ཟུར་ཡིན། །རྟ་སྦྲུལ་ལོ་པའི་དུར་སྐག་ཡིན། །དར་སེར་ཤེལ་སྒོང་དག་གིས་བསྲུང་། ༈ །ཁམ་ལ་སྒྲ་ནག་སྐྱེས་ནག་དང་། །སྤྱད་ནག་མོ་མགྲོན་ཁྱིམ་ནག་འཛེམ། །ལྷོ་ཡི་ཕྱོགས་སུ་མི་འགྲོའོ། །ཆུ་བོ་གཞུང་རྒྱས་དུས་སྐག་ཡིན། །བྱི་ཕག་ལོ་པའི་རང་སྐག་ལ། །བྱ་སྤྲེལ་ལོ་པའི་འཆི་སྐག་ཡིན། །རྟ་སྦྲུལ་ལོ་པའི་བདུན་ཟུར་ཡིན། །དར་སྔོན་གཡུ་ཡི་བསྲུང་བ་བཅུག ༈ །གིན་ལ་བང་བ་བཤིག་པའམ། །ས་


CMR058_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཕུག་དག་གི་ས་མི་རྐོ། །རྡོ་རྗེ་དྲིལ་བུ་མི་ཉོ་ལ། །བསེ་ཐེབ་ཅན་ལ་སྐྱབས་མི་ཞུ། །ཤར་ལྷོའི་ཕྱོགས་སུ་མི་འགྲོའོ། །ནེའུ་སིང་སྔོ་དུས་སྐག་ཡིན་ནོ། །གླང་ལོ་པ་ཡི་རང་སྐག་ཡིན། །མཚམས་བཞི་ལོ་པའི་ན་སྐག་སྟེ། །བྱ་སྤྲེལ་ལོ་པའི་དུར་མིག་སྐག །ལུག་ལོ་པ་ཡི་བདུན་ཟུར་ཡིན། །དར་སེར་ར་གན་གསེར་གྱིས་བསྲུང་། ༈ །ཟིན་ལ་གཅན་གཟན་ལྤགས་མི་ཉོ། །ཤིང་མ་དང་ནི་ཤིང་མི་གཅོད། །ཉི་མ་ནུབ་ཕྱོགས་སུ་མི་འགྲོ། །སྟག་མ་ཁ་འབུར་དུས་སྐག་ཡིན། །སྟག་ཡོས་ལོ་པའི་རང་སྐག་ཡིན། །བྱི་ཕག་ལོ་པའི་འཆི་སྐག་སྟེ། །མཚམས་བཞི་ལོ་པའི་དགྲ་སྐག་དང་། །བྱ་སྤྲེལ་ལོ་པའི་བདུན་ཟུར་ཡིན། །དར་ལྗང་སྤུ་ཤུན་དུམ་བུའི་བསྲུང་། ༈ །ཟོན་ལ་སྔགས་བག་ཟས་མི་ཟ། །མཛོ་ཤ་སྨྱོ་ཤ་རན་ཐག་འཛེམ། །ནུབ་བྱང་མཚམས་སུ་མི་འགྲོའོ། །སྦྱར་མ་གནམ་གཡེང་དུས་སྐག་ཡིན། །འབྲུག་ལོ་པ་ཡི་རང་སྐག་ལ། །སྟག་ཡོས་ལོ་པའི་ན་སྐག་སྟེ། །ཁྱི་ལོ་པ་ཡི་བདུན་ཟུར་སྐག །མཚམས་བཞི་ལོ་པའི་དུར་སྐག་ཡིན། །བྱི་ཕག་ལོ་པའི་དུར་མིག་ཡིན། །དར་སེར་རིན་ཆེན་བསྲུང་བཅུག་གོ ༈ །བཅོས་ཐབས་རིམ་གྲོ་འདི་ལྟར་རོ། །ལི་ལ་ཚེ་མདོ་མཚན་བརྗོད་འདོན། །རྣམ་འཇོམས་


CMR058_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བྱབ་ཁྲུས་གཟའ་ཡུམ་དང་། །ཚེ་སྒྲུབ་བྱ་ཞིང་སྐོང་གསོལ་འདོན། །ཚེ་དབང་ཚེ་གཟུངས་གདུགས་དཀར་དང་། །དབང་ཕྱུག་ཟོར་མདོས་བཙན་མདོས་བྱ། །གསས་མཁར་དག་གི་ཁ་བསྟོད་བྱ། །ཁོན་ལ་ཀུན་རིག་གཤེད་དམར་དབང་། །བརྒྱད་སྟོང་པ་དང་སྣང་བརྒྱད་འདོན། །སྐལ་བཟང་གསེར་འོད་བསྒྲེས་ཞུས་མདོ། །བརྒྱ་བཞི་ས་བདག་འཁྲུག་བཅོས་དང་། །འདྲེ་མོ་རྫ་མདོས་རྣམས་བྱའོ། ༈ །དྭ་ལ་རྟ་མགྲིན་ཚེ་དབང་དང་། །སྤྲིན་ཆེན་ཁྱེའུ་ཞུས་མདོ་དང་། །གྲྭ་ལྔ་བསྲེག་ལོས་དགྲ་ཆོས་བྱ། ༈ །ཁེན་ལ་ཁྲོས་ནག་འབྱུང་འདུལ་དང་། །གསེར་འོད་ཤེར་སྙིང་ནམ་སྙིང་འདོན། །གཟའ་མགྱོགས་རྒྱལ་མགྱོགས་བསྲེག་ལོས་བྱ། ༈ །ཁམ་ལ་རྣམ་འཇོམས་ཕྱག་རྡོར་དབང་། །སྤྲིན་ཆེན་ཀླུ་འབུམ་སྤང་སྐོང་ཡུམ་གཟུངས་འདོན། །མཚོ་སྨན་གུར་མདོས་གྲུ་ཟིང་ཆུར་བསྐུར་བྱ། ༈ །གིན་ལ་ཐུབ་པའི་དབང་བསྐུར་དང་། །གཤེད་དམར་རྟ་མགྲིན་དབང་ཡང་ཞུ། །དཀོན་མཆོག་བརྩེགས་པ་རྣམ་རྒྱལ་མ། །གདུགས་དཀར་གླང་རུ་ལུང་བསྟན་འདོན། །བརྒྱ་བཞི་འཁྲུག་བཅོས་རྒྱལ་མགྱོགས་བྱ། ༈ །ཟིན་ལ་གུ་རུ་ཞི་དྲག་དབང་། །སྤྱན་རས་


CMR058_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ཀྱི་དབང་བསྐུར་ཞུ། །སྡོང་པོ་བརྒྱན་མདོས་གདུགས་དཀར་འདོན། །འབར་མོའི་བསྐང་གསོལ་མགོན་པོའི་བེང་བཟློག་བྱ། ༈ །ཟོན་ལ་གཤེད་དམར་གཙུག་ཏོར་གདུགས་དཀར་དབང་། །ཉི་ཁྲི་ཕལ་ཆེན་སྟོབས་པོ་ཆེ། །གཤིན་རྗེའི་གཙང་བཟློག་མགོ་གསུམ་བྱ། ༈ །དེ་དག་ཀུན་ལ་བརྒྱ་བཞི་སྡོང་རྒྱན་མདོས། །ཁ་འབར་མ་དང་ས་བདག་འཁྲུག་བཅོས་དང་། །གཏོར་ཟློག་མགོ་གསུམ་ལ་སོགས་ཀུན་ལ་ཕན། །འབྱོར་པ་མེད་ལ་ཀོང་ཙེའི་གཏོ་བསྒྱུར་ཟབ། །འབུམ་དང་དུར་ལོས་སྤར་ཁ་ཀུན་ལ་ཕན། །ཚེ་དབང་ཚེ་སྒྲུབ་ཚེ་གཟུངས་སྲོག་མཐུན་ཡིན། །དེ་དག་ཀུན་ལ་ཡོངས་སུ་གྲགས་པ་ཡིན། །ཀུན་ལ་མཐོང་ཐོས་མེད་པའི་གཏོ་བཅོས་སོགས། །མང་དུ་བཤད་ཀྱང་མི་འཛོམ་དགོས་པ་ཆུང་། །སྐག་ཆེན་མེད་ཀྱང་སྐག་ཕྲན་མེད་དུས་མེད། །སྤར་ཁའི་གཏོ་ནི་འགའ་ཟུང་ལུང་བསྟན་རུང་། །རིམ་གྲོ་དགོས་ཀྱང་འབྱོར་པ་ཆུང་བ་ལ། །དེ་ཡི་གཟུངས་སྔགས་ཙམ་ནི་བརྗོད་ཀྱང་རུང་། །དེ་དག་རྟེན་འབྲེལ་གཏོ་གཅོས་ཟབ་མོ་ཡིན། །ཅེས་པ་འདི་ནི་༧རཱ་ག་ཨ་སྱས་སྦྱར། །ཉེས་འགལ་མཆིས་ན་འབྱུང་བའི་ལྷ་ལ་བཤགས། དགེའོ། །བཀྲ་ཤིས་ཞལ་དྲོ།། །།

སྤར་ཁའི་སྐག་བཅོས་རིམ་གྲོ་བྱ་ཚུལ་བལྟས་ཆོག་ཏུ་བཀོད་པ།


CMR058_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

སྤར་ཁའི་སྐག་བཅོས་རིམ་གྲོ་བྱ་ཚུལ་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ།། ན་མོ་ཨརྱ་མཉྫ་ཤི་ཡེ། ལྕགས་ཀྱི་ལོ་སྐོར་བཅུ་གཉིས་ལོར། །གང་རུང་ལི་ལ་ཕྱིན་པ་རྩུབ། །དེ་ལ་རྒྱ་གར་མེ་ལོས་བྱ། །མར་མེ་ཏིང་ལོ་ལོ་གྲངས་རྣམས། །དུར་གྱི་སྟེང་དུ་བསྲེགས་ལོས་བྱ། །ཚེ་མདོ་རྣམ་འཇོམས་བསྐང་བ་འདོན། །ཡང་ན་ལི་ཡི་སྲུང་སྔགས་བཟླས། །ཨོཾ་མ་མ་རཾ་རཾ་ཡེ་སྭཱ་ཧཱ། དཀྱིལ་འཁོར་ཞལ་བསྒྱུར་བཙན་མདོས་བཀར། །སྨར་ལོ་རྒྱས་དང་ཤིང་ལོ་བྲུལ། །སྤང་ཁ་སེར་དུས་སྐག་ཐོག་ཡིན། །དགུན་ཟླ་ར་བར་ནད་ངོ་ཡོད། །ཁོན་ཐོག་པ་དང་གིན་ཐོག་པ། །ཆུ་ཡི་ལོ་སྐོར་བཅུ་གཉིས་རྩུབ། །ཁོན་གིན་བོད་ཀྱི་ས་ལོས་བྱ། །ལུང་པ་ཐུར་རྒྱུ་དགུ་ཡི་ས། །ཡང་ན་སྲང་འགགས་དགུ་ཡི་ས། །མི་དེའི་ཁ་ལག་བཀྲུས་པས་སྦྲུ། །མི་གཟུགས་བྱས་ལ་བསྲེགས་ལོས་བྱ། །ཁོན་ལ་སྨོས་གཉིས་བར་ལ་རྩུབ། །ས་བདག་བཅོས་ཤིང་ས་སྒོ་གཅོད། །གྲྭ་ལྔ་བགྲེས་མོས་ཞུས་མདོ་འདོན། །དགུན་ཟླ་ཐ་ཆུང་ནད་ངོ་ཡོད། །ཡང་ན་ཁོན་གྱི་སྲུང་སྔགས་བཟླ། །ཨོཾ་མ་མ་སུ་སུ་ཏཾ་ཏཾ་ཡེ་སྭཱ་ཧཱ། དྲ་ཐོག་ཤིང་གི་ལོ་བཅུ་གཉིས། །གང་རུང་ཕྱིན་ན་རྩུབ་པའི་ཕྱིར། །དཔྱིད་ཟླ་ར་བར་ནད་ངོ་


CMR058_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། །བལ་པོའི་རྡོ་ལོས་འདི་ལྟར་བྱ། །དུར་རྡོ་བརྒྱ་ལ་གཅིག་དགུ་དང་། །ཆངས་བུ་ངར་མི་ལོ་གྲངས་རྣམས། །བསྲེགས་ལོས་བྱས་ན་འགྱུར་བ་ཡིན། །ཁྱེའུ་ཞུས་མདོ་འོད་མདོ་དང་། །དཀོན་མཆོག་བརྩེགས་པ་འདོན་པར་བྱ། །ཏོག་དང་མཚན་བརྗོད་འདོན་པ་དང་། །བཙན་བདུད་བཀར་ཞིང་དགྲ་བླ་མཆོད། །འཁྱག་གཞུང་རལ་དུས་སྐག་ངོ་ཡོད། །ཡང་ན་དྭ་ཡི་སྲུང་སྔགས་བཟླས། །ཨོཾ་མ་མ་ཀ་ར་ཀ་ར་ཡེ་སྭཱ་ཧཱ། ཁེན་ལ་ཆུ་ལ་བཅུ་གཉིས་སམ། །རྟ་སྦྲུལ་ལོ་པ་ཕྱིན་ན་རྩུབ། །དེ་ལ་མུ་སྟེགས་ཤ་ལོས་བྱེད། །ཤ་དང་མོན་ལུགས་སྲེག་ལོས་བྱེད། །གསེར་འོད་སྣང་བརྒྱད་ལང་གཤེགས་འདོན། །གནམ་སྒོ་གཅོད་ཅིང་རྒྱལ་པོ་བཀར། །ཕོ་ལྷ་གསོལ་ཞིང་ཁེན་གྱི་སྔགས། །ཨོཾ་མ་མ་ཞུང་ཞུང་ཡེ་སྭཱ་ཧཱ། ས་སྔོ་གནམ་སྔོ་ལྗང་བུ་བྱ་ནུབ་དང་། །དཔྱིད་ཟླ་ཐ་ཆུང་ནད་ངོ་ཡོད། །ཁམ་ལ་མེ་ལོ་བཅུ་གཉིས་རྩུབ། །དེ་ལ་མེ་ཉག་ཆུང་ལོས་བྱ། །གྲོད་པ་ནང་ན་ལུང་པ་དགུའི། །ཆུ་སྣ་བླུག་ཅིང་ངར་མི་དང་། །ཆངས་བུ་ལོ་གྲངས་བླུགས་བྱས་ལ། །ཆུ་ལ་བསྐྱུར་རམ་ཆུ་ཕར་ཁར། །བསྲེགས་ལོས་བྱས་ན་འགྱུར་བ་ཡིན། །མྱ་ངན་འདས་མདོ་སྤྲིན་ཆེན་དང་། །རྡོ་རྗེ་མཆུ་


CMR058_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྣམ་འཇོམས་འདོན། །འདྲེ་མནན་མཚོ་སྨན་གུར་མདོས་བྱ། །དུས་ནི་ཆུ་བོ་གཞུང་རྒྱས་རྩུབ། །ཁམ་གྱི་སྲུང་སྔགས་འདི་བཟླས་སོ། །ཨོཾ་མ་མ་ཀ་ར་ཀ་རུ་ཡེ་སྭཱ་ཧཱ། གིན་ལ་གསུང་མཆོག་གཏོར་མ་གཏོང་། །གླང་རུ་ལུང་བསྟན་དཀོན་བརྩེགས་དང་། །རྨ་བྱ་ཆེན་མོའི་གཟུངས་ཀྱང་སྒྲོག །ཚེ་མདོ་མ་མོའི་མདོས་དང་ནི། །བེ་གར་མདོས་དང་ས་བདག་བཅོས། །ས་འཁྱགས་རྡོ་འཁྱགས་ན་འགྲམ་སྔོ། །རྩུབ་པས་གིན་གྱི་སྲུང་སྔགས་བཟླས། །ཨོཾ་མ་མ་ཀུ་རུ་ཡེ་སྭཱ་ཧཱ། ཟིན་ལ་ས་ལོ་བཅུ་གཉིས་རྩུབ། །དེ་ལ་རྒྱ་ནག་ཤིང་ལོས་བྱ། །སུར་ནག་ལྕོགས་སྒྲོམ་བྱས་པ་ཡི། །ཤིང་གི་ངར་མི་ལུས་ཚད་གཅིག །གླུད་དང་བཅས་པས་བསྲེགས་ལོས་བྱ། །ཉེར་ལྔ་སྡོང་རྒྱན་གསེར་འོད་འདོན། །ཤེར་སྙིང་མཚན་བརྗོད་འདོན་པར་བྱ། །དུས་ནི་ཤིང་ལོ་ཁ་འབུར་རྩུབ། །ཟིན་གྱི་སྲུང་སྔགས་འདི་བཟླས་སོ། །ཨོཾ་མ་མ་ཡང་ཡང་ཡེ་སྭཱ་ཧཱ། ཟོན་ལ་ས་ལོ་བཅུ་གཉིས་རྩུབ། །དེ་ལ་སྟོང་པའི་རླུང་ལོས་བྱ། །རྒྱལ་བའི་ཕྱི་ལ་སྨེ་བ་དགུ། །སྤར་ཁ་ལོ་གྲངས་བཅུ་གཉིས་བྲིས། །ནང་དུ་ཤ་རུས་ངར་མི་དང་། །ཆངས་བུ་ལོ་གྲངས་བཅུག་བྱས་ལ། །དུར་ཐོག་བཏབ་བམ་


CMR058_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེགས་ལོས་བྱ། །གདུགས་དཀར་སྟོང་ཕྲག་བརྒྱ་པ་འདོན། །གཙུག་ཏོར་སྟོང་བཟློག་ཀླུ་མཆོད་བྱ། །འདྲེ་མོའི་སྤྱི་མདོས་གཡང་སྐྱབས་བྱ། །དུས་ནི་འཁྱགས་པར་སས་འདེབས་དུས། །རྩུབ་པས་ཟོན་གྱི་སྲུང་སྔགས་བཟླས། །ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷ་ལ་མཎྜ་ལ་མ་ཡེ་སྭཱ་ཧཱ། སྤར་ཁ་སྤྱི་ཡི་བཅོས་ལུགས་ནི། །ལི་ཁམ་སྟོང་ན་གཞུང་རལ་ཡིན། །བསང་དང་གསས་མཁར་གནམ་སྒོ་གཅོད། །ས་སྒོ་གཅོད་ཅིང་སཱཙྪ་བཏབ། །དྲ་ཟིན་སྟོང་ན་སྐེད་ཆེད་ཡིན། །འབུམ་ལ་སོགས་པའི་གསུང་རབ་འདོན། །ཁེན་གིན་སྤྱང་ངམ་སྟོང་པ་ན། །རྐང་པ་གཉིས་ཀྱིས་དོང་བྲུ་ཡིན། །ས་བདག་ཡོ་བཅོས་མདོས་བསྐང་སོགས། །ཀླུ་དང་ས་བདག་བཅོས་པར་བྱ། །ཁོན་ཟོན་སྤུང་ངམ་བུག་ན་ནི། །ལག་པ་གཉིས་ཀྱིས་བྲང་རྡུང་ཡིན། །དེ་ལ་ཀླུ་མཆོད་བྱ་བ་དང་། །ཁ་ལེན་མེད་པའི་སྟོན་མོ་བྱ། །གསུམ་བཞི་སྤུང་ན་མདོས་བསྐང་བོ། །འབུམ་དང་བརྒྱད་སྟོང་མགོ་གསུམ་བྱ། །ཀུན་ལ་བསྐང་གསོལ་ཆུ་གཏོར་དང་། །སཱཙྪ་གསུང་རབ་ཀློག་པ་ཤེས། །ལི་ལ་སྤུང་ན་གནམ་སྒོ་བྱེ། །ཁེན་ལ་སྤྱང་ན་གནམ་སྒོ་བྱེ། །ཁམ་ལ་སྤུང་ན་མྱ་ངན་སྒོ། །གིན་ལ་སྤྱང་ན་དུར་སྒོ་བྱེ། །ཟིན་ལ་


CMR058_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱང་ན་གློ་བུར་སྒོ། །ཟོན་ལ་སྤུང་ན་སྙིང་སྟོང་སྒོ། །སོ་སོའི་སྒོས་བཅོས་དྲག་ཏུ་བྱ། །མེ་ལ་ཆུ་ཡི་དགྲ་དར་ན། །རིན་ཆེན་སྣ་ལྔའི་སྲོག་གཏའ་བསྡམ། །སྦྱིན་སྲེག་ཞི་བསང་མང་དུ་བྱ། །སཱཙྪ་ལོ་གྲངས་སུམ་འགྱུར་བཏབ། །ཤིང་ལ་ལྕགས་ཀྱི་དགྲ་དར་ན། །རལ་གྲི་ཆུ་གྲིའི་གཟུགས་དང་ནི། །རི་བོང་གསོབ་དང་ར་དཀར་དང་། །ལུག་དང་བོང་བུའི་ཐོད་པ་དང་། །ངར་མི་དཀར་པོ་ལུས་ཚད་ལ། །ལྕགས་ཀྱི་སྲོག་ཤིང་བཅས་པ་བཏགས། །ས་ལ་ཤིང་གི་དགྲ་དར་ན། །བླ་བསླུ་ཞལ་བསྒྱུར་ཁྲོམ་བཟློག་བྱ། །ལུས་་ཚད་ཤིང་ལ་ལོ་གྲངས་ཀྱི། །ཁྲམ་བཏབོ་དགྲ་ཡི་ཕྱོགས་སུ་བསྐྱལ། །བརྗེ་འབྲུ་བདུན་ཆོ་ག་བྱ། །ལྕགས་ལ་མེ་ཡི་དགྲ་དར་ན། །རྡོ་རྗེ་མཆུ་དང་སྤང་སྐོང་འདོན། །བླ་བསླུ་དགྲ་སྲི་མནན་པར་བྱ། །ཆུ་ལ་ས་ཡི་དགྲ་དར་ན། །ཁམ་ས་སྐྱ་ཟོར་བཏགས་པ་དང་། །དེ་ཡི་ཕྱོགས་སུ་མདོས་ཆེན་བཏང་། །གཅིག་དཀར་ཐོག་ཏུ་བབས་པ་ན། །ཁྲུས་དང་ལྷ་གསོལ་སྐོང་བཤགས་དང་། །ཀླུ་མཆོད་རྒྱལ་མདོས་རྒྱལ་སྲུང་བཏགས། །གཉིས་ནག་བདུད་ཟློག་མ་མོའི་མདོས། །གསུམ་མཐིང་སཱཙྪ་བརྒྱ་བཞི་དང་། །གཙུག་ཏོར་བསེ་མོའི་དགུ་མདོས་


CMR058_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །བཞི་ལྗང་གཉན་བཅོས་ཀླུ་མཆོད་དང་། །ཀླུ་འབུམ་ཀླུ་གཟུངས་འདོན་པར་བྱ། །ལྔ་སེར་ཚོགས་དང་སཱཙྪ་རྒྱལ་མདོས་བྱ། །དྲུག་དཀར་ཁྲུས་དང་ལྷ་གསོལ་དང་། །དགྲ་བླ་གསོལ་ཞིང་སྐོང་བཤགས་བྱ། །བདུན་དམར་དགྲ་བླ་མཆོད་པ་དང་། །བཙན་བཀར་བྱས་ན་བཟང་བའོ། །བརྒྱད་དཀར་ལྷ་གསོལ་མཚུན་བཅོས་དང་། །བན་བོན་ཡིན་ན་སྐོང་མདོས་བྱ། །དགུ་དམར་གཡང་སྐྱབས་དགྲ་བླ་གསོལ། །དུར་སྲི་མནན་ཅིང་བཙན་མདོས་བྱ། །དགུ་གཅིག་གཡུ་སྦྲང་གཤོག་པ་ཆད། །བཅོ་བརྒྱད་གཡང་གི་ཟོ་ཞབས་ཕུད། །ཉེར་བདུན་བྱ་རྒོད་མདོས་ལ་ཟིན། །སོ་དྲུག་གནམ་སྨན་སང་ནས་བུད། །ཞེ་ལྔ་སེང་གེ་དོང་དུ་ལྷུང་། །ང་བཞི་གཡུ་ལྗང་མེ་ཏོག་སྐམ། །རི་གསུམ་སྡོང་རྒན་རྩ་ནས་འགྱེལ། །དོན་གཉིས་ཁང་ཁྱིམ་ཕུག་རླུང་ལངས། །གྱ་གཅིག་ཁང་ཁྱིམ་མེ་ལ་ཤོར། །སྤར་སྨེ་གང་བབ་བཅོས་ཀ་དང་། །དགུ་མིག་གཏོ་ཡི་བཅོས་ཀ་བྱ། །ཞེས་པ་འདི་ཡང་ཨ་རཱ་གས་ཕྱི་རབས་དོན་དུ་ཞལ་གདམས་ལགས་སོ།། །།

ཟིན་ཕུང་རྒྱུ་ཕྱོགས།


CMR058_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་ཕུང་འདི་རྒྱུ་བའི་ཕྱོགས་སུ་གཤེད་བྱས་ན་སྦྲང་མ་སྐམ་ལུང་མེད། རབ་གནས་དང་། བག་མ་བླངས་ན་ངན། སྒྱེད་པུ་ངོ་མི་གནག །རོ་བཏོན་ན་བྲོ་ཤིང་སྐམ་ལུང་མེད། མཁར་ལས་བྱས་ན་གཞི་མི་གདེངས། དགེ་བཤེས་ཞལ་སྤྲོད་རྒྱས་པ་འདོན་ཡང་བཀྲ་མི་ཤིས། སྟོང་གསུམ་ལ་དབང་བྱེད་ཅིང་ལས་ཐབས་ཅི་དང་ཅི་ལ་ཀོ་ལོང་སྡོམ། །མནན་གཏད་ཀྱི་ལས་ལ་ཁ་དང་གདོང་མ་ཐུག་པར་བྱེད་ལ། དྲག་པོའི་ལས་གང་བྱེད་ལ་མྱུར་དུ་འགྲུབ། ཁོ་དང་གདོང་ཐུག་ནས་མཆོད་དགོས་བྱུང་ན། ཀླུ་ཡི་སྤང་སྐོང་དང་། །གསེར་འོད་འདོན། ཀླུ་བདུད་ཞལ་བཀྲོལ་དང་། བདུད་ཞལ་བསྒྱུར་བྱ། ཉི་མ་གཅིག་ལ་ཟིན་པར་བྱའོ། །དེ་ཡི་ཉེས་སྐྱོན་སེལ་བ་ཡིན་ཅེས་སོ། །རཱ་ཧུ་ལ་གདོང་མོ་བཞི་སྦྱོར་བས་ཉི་མ་ནག་ཆེན་རྒྱུ་དུས་མཐུ་གཏད་ཤེས། །དགེ་ལེགས་བྱ་བ་ཐམས་ཅད་མི་རུང་ཞིང་། །ཁྱད་པར་སྐྱེས་ཆེན་དར་མའི་བྱ་བ་སྤངས། །ཉི་མ་ནག་ཆུང་འདི་རྣམས་ལ། །དབང་བསྐུར་། ཆོས་བཤད། སྡོམ་པ་ལེན། བཀའ་གྲོས། རབ་གནས། དབུ་འཛུགས། འབྲི་ཀློག །གོས་བཟོ། ཆོས་སྟན། བླ་མ་རྒྱལ་བློན་རྒྱས་པར་བྱུང་བ། ཕྱེ་


CMR058_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

མར་བྱེད་པ། བག་མ་ལེན་པ། ཁང་སྦྲ་ཕུབ་པ། ནོར་ཕྱུགས་གཏོང་ལེན་རྣམས་གང་བྱེད་ཀྱང་གཟའ་སྐར་བཟང་ཡང་བྱོལ་བར་བྱའོ། ༈ །གཟའ་རྒོད་ནག་པོ་འདིས། གསོན་གཤིན་གཉིས་ཀའི་ཀོ་ལོང་སྡོམ། དཔྱིད་ཟླ་གསུམ་གྱི་བརྒྱད་གསུམ་ལ་ཉི་མ་རྩེ་ཤར་ལ། ཤར་ནས་ནུབ་ཏུ་རྒྱུ། དབྱར་ཟླ་གསུམ་གྱི་ལྔ་གསུམ་ལ་ཉིན་ཕྱེད་ལྷོ་ནས་བྱང་། སྟོན་ཟླ་གསུམ་གྱི་གཅིག་གསུམ་ལ་ཉི་སྒྲས་ནུབ་ནས་ཤར་དུ། དགུན་ཟླ་གསུམ་གྱི་དགུ་གསུམ་ལ་ནམ་ཕྱེད་བྱང་ནས་ལྷོར་རྒྱུ། གོས་གྲུབ་ན་རོ་གོས། ཕྱེ་བྱས་ན་སྡུག་བྱིན། བག་མ་བཏང་ན་ཡུགས་ས། མཚེར་བཏབ་ན་ཕུང་མཚེར། དུར་བཏབ་ན་ཕུང་དུར། ལས་ཐབས་གང་ཡང་བྱ་བར་མི་རུང་ངོ་། །གལ་ཏེ་བྱས་ན་མི་རུང་སྣ་ཚོགས་འབྱུང་། དགྲ་དམག་མཐུ་གཏད་གཏོར་ཟོར་དྲག་ལས་རྒྱབ་རྟེན་བྱས་ན་བཟང་། ༈ དབུལ་ཉི་ལ་མཐུ་ཞེས་བཟང་པོའི་བྱ་བ་མཐའ་དག་སྤངས། ༈ ཞག་ངན་བཅུ་གཉིས་འདི་ཡོད་པའི་ཉིན། ངན་བྱེད་ཀྱི་ལས་མ་གཏོགས་བཟང་པོའི་བྱ་བ་ཕལ་ཆེར་མི་རུང་། ནོར་བཏང་ན་གཡང་ཉམས་ནས་རྟ་བརྒྱ་གནག་སྟོང་ཡོད་ཀྱང་ཐ་མ་སྤྱང་པོ་འོང་། ནས་བཏང་ན་ནས་གཡང་ཉམས་ནས་ཐ་མ་དོམ་


CMR058_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྙེད། མི་ཤི་བའམ་བག་མ་བཏང་ན་མི་གཡང་ཉམས་ནས་ཐ་མ་མི་རབས་ཆད། རོ་འཛིན་མི་ལུས་གསུངས། མཐུ་བྱས་ན་ཟླ་བ་གསུམ་གྱིས་མི་འགྲུབ་ཞག་གསུམ་གྱིས་འགྲུབ་བོ། ༈ །ཐན་རྩིས་གྲ་མ་བསྡུས་པ་ནི། འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །གྲ་མ་འདི་ཡི་བརྟགས་ཐབས་ལ། བྱི་སྟག་འབྲུག་རྟ་སྤྲེལ་ཁྱི་ཕོ། །གླང་ཡོས་སྦྲུལ་ལུག་བྱ་ཕག་མོ། །ཕོདྲུག་སྟག་ཚེས་འབྲུག་རྟ་ལུག་ལ་སྟོང་། །མོ་དྲུག་སྤྲེལ་ཚེས་ཁྱི་ཉ་གླང་ལ་སྟོང་། །སྟག་ཡོས་འབྲུག་གསུམ་དཔྱིད་གསུམ་ལ། །སྦྲུལ་རྟ་ལུག་གསུམ་དབྱར་ཟླ་གསུམ། །སྤྲེལ་བྱ་ཁྱི་གསུམ་སྟོན་གྱི་ཟླ། །ཕག་བྱི་གླང་གསུམ་དགུན་ཟླའོ། །ཉི་ཁྱིམ་བཅུ་གཉིས་ཀྱི་ཐན་གྲ་མ་ཤི། །བྱི་བའི་ཉི་མ་ལ་ཐན་མཐོང་ན། ལྷ་ཡི་ཐན་ཡིན། ལྷ་སྲུང་ཁྲོས་པས་གསོལ་ཀ་དྲག་པོ་བྱ། རྟ་ལོ་མཐུན་གསུམ་ལོ་པ་ལ་ངན། སིདྡྷིའི་རྒྱུན་ཁ་བཙུགས། རླུང་རྟ་བཙུགས། །ཐན་མེ་ལ་བསྲེགས། གླང་གི་ཉི་མ་ལ་ཐན་མཐོང་ན། ཀླུ་ཡི་ཐན་ཡིན། ཀླུ་བཅོས་བྱ། ཀླུ་འབུམ་དང་ཀླུ་གཏོར་བསྔོ། ལུག་ལོ་དང་མཐུན་གསུམ་ལོ་པ་ལ་ངན། རྡོ་རྗེ་སྡེར་མོ་དང་། གཙུག་ཏོར་སྟོང་བཟློག་བྱ།


CMR058_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཐན་ས་ལ་སྦས། སྟག་གི་ཉི་མ་ལ་ཐན་མཐོང་ན། བདུད་ཀྱི་ཐན་ཡིན། སྤྲེལ་ལོ་དང་མཐུན་གསུམ་ལོ་པ་ལ་ངན། བརྒྱ་བཞི་དང་ཚེ་ཆོག་བྱ། ཤེར་སྙིང་དགུ་བཟློག་བྱ། སཱཙྪ་གདབ་ཐན་བྱང་ལ་བོར། ཡོས་ཀྱི་ཉི་མ་ལ་ཐན་མཐོང་ན། གཉན་གྱི་ཐན་ཡིན། བྱ་ལོ་དང་མཐུན་གསུམ་ལོ་པ་ལ་ངན། སྣང་བརྒྱད་དང་མདོ་ཐེག་བྱ། སྡོང་པོ་བརྒྱན་མདོས་བྱ། མ་ཎིའི་རྒྱུན་ཁ་དང་ཇོ་དར་བྱ། ཐན་བྲག་དམར་ལ་གཏད། འབྲུག་གི་ཉི་མ་ལ་ཐན་མཐོང་ན། གཟའ་ཡི་ཐན་ཡིན། ཁྱི་ལོ་པ་དང་མཐུན་གསུམ་ལོ་པ་ལ་ངན། གཟའ་ཡུམ་དང་ཧཱུཾ་བཛྲ་ཕཊ་ཀྱི་རྒྱུན་ཁ་དང་འབྲི་འདོན་བྱ། རླུང་རྟ་སྔོན་པོ་བཙུགས། ཐན་མེ་ལ་བསྲེགས། སྦྲུལ་གྱི་ཉི་མ་ལ་ཐན་མཐོང་ན། གཤིན་རྗེའི་ཐན་ཡིན། ཕག་ལོ་དང་མཐུན་གསུམ་ལ་ངན། གཤིན་རྗེའི་མདོས་ཟློག་བྱ། མདོ་བརྒྱད་སྟོང་པ་འདོན། གྲི་ཁ་མཚོན་ཁ་བསྒྱུར། གཤེད་དམར་དབང་ཞུ། ཐོན་ལ་ཁྲམ་བཏབ་ལམ་ཆེན་བསྒྱུར། རྟ་ཡི་ཉི་མ་ལ་ཐན་མཐོང་ན། རྒྱལ་པོའི་ཐན་ཡིན། བྱི་ལོ་དང་མཐུན་གསུམ་ལོ་པ་ལ་ངན། ཁ་མཆུ་འོང་། རྒྱལ་གསོས་རྒྱལ་མགྱོགས་རྒྱལ་མདོས་བྱ། གསེར་འོད་རྔ་སྒྲ་གྲངས་མང་


CMR058_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

འདོན། ཐན་རྡོ་འབུལ་ལམ་ཚ་ཁང་ཞབས་སུ་མནན། ལུག་གི་ཉི་མ་ལ་ཐན་མཐོང་ན། ས་བདག་གི་ཐན་ཡིན། གླང་ལོ་དང་མཐུན་གསུམ་ལོ་པ་ལ་ངན། སེང་གདོང་མ་དང་ཞི་བའི་སྦྱིན་སྲེག་བླུག །ས་བདག་དང་ཀླུ་བཅོས་བྱ། སིདྡྷི་དང་ཚེ་འབར་ཁ་གསོ་བྱེད། ཐན་ཆུ་གཉིས་ལ་གཏད། སྤྲེལ་གྱི་ཉི་མ་ལ་ཐན་མཐོང་ན། བཙན་གྱི་ཐན་ཡིན། སྟག་ལོ་པ་དང་མཐུན་གསུམ་ལོ་པ་ལ་གནོད། འབུམ་འདོན། ཤ་རུ་བཙན་མདོས་བྱ། མེ་མཆོད་བྱ། བཙན་བསང་དང་བཙན་མཆོད་བྱ། ཐན་བྲག་དམར་ལ་གཏད། །བྱ་ཡི་ཉི་མ་ལ་ཐོན་མཐོང་ན། མ་མོའི་ཐན་ཡིན། ཡོས་ལོ་དང་མཐུན་གསུམ་ལོ་པ་ལ་ངན། མ་མོའི་ཁྲག་མདོས་དང་། ལྷ་མོའི་གསོལ་ཀ་བྱ། བསྐང་མདོས་བྱ། གཙུག་ཏོར་ལྷ་མོའི་རོལ་མོ་སྒྲོག སིདྡྷིའི་རྒྱུན་ཁ་བྱ། ཐན་ནུབ་ཏུ་བོར། ཁྱི་ཡི་ཉི་མ་ལ་ཐན་མཐོང་ན། ཡུལ་འདྲེའི་ཐན་ཡིན། འབྲུག་ལོ་དང་མཐུན་གསུམ་ལོ་པ་ལ་ངན། མཚན་བརྗོད་དང་གདུགས་དཀར་འདོན། གཏོར་ཟློག་དྲག་པོ་བྱ། སཱཙྪ་གདབ། ཐན་མེ་ལ་བསྲེགས། ཕག་གི་ཉི་མ་ལ་ཐོན་མཐོང་ན། དགེ་བསྙེན་གྱི་ཐན་ཡིན། སྦྲུལ་ལོ་པ་དང་མཐུན་གསུམ་


CMR058_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་པ་ལ་ངན། ཀླུ་འབུམ་དང་བསང་བརྔན་དྲག་ཏུ་བྱ། ཁྲོ་བོ་མཚོན་ཆེ་འཁོར་ལོའི་བཟློག་པ་བྱ། ཚེ་ཐར་བཏང་། ཟབ་མདོས་འདོན། ཐན་ཆུ་ལ་གཏད། ཐན་ཐམས་ཅད་ལ་གྲ་མ་གཞུང་གི་ཐན་སེལ་དང་། ཐན་བཟློག་བྱ། དེ་ནས་ཉི་ཁྱིམ་རང་རང་གི་རིམ་གྲོ་གོང་ལྟར། མཐུན་གསུམ་ནི་ཐན་མཐོང་ཉིན་གྱི་ཉི་ཁྱིམ་དེ་ཡི་མཐུན་གསུམ་ལ་ཟེར་རོ། །ཐན་སྒོམ་མང་དུ་ཡོད་ཀྱང་འདི་ནི་གོ་བདེ་བའི་ཕྱིར། རཱ་ག་ཨ་སྱས་སྤྲེལ་ཟླ་བའི་ཚེས་ལ་སྦྱར་བའོ།། །། ༈ །དེ་ཡང་གལ་ཆེན་ས་བདག་ལྟོ་འཕྱེ་ཡི། མགོ་བོར་རྐོས་ན་བུ་དང་ཆུང་མ་འཆི། །མཇུག་མར་རྐོས་ན་ཡུལ་མཁར་ཤོར་ཞེས་བཤད། །རྒྱབ་ཏུ་རྐོས་ན་རང་ཉིད་འཆི་བར་འགྱུར། །ལྟོ་བར་རྐོས་ན་དངོས་གྲུབ་བཀྲ་ཤིས་ཐོབ། །ཚེས་གྲངས་བཅུ་གཉིས་ལ་ནི་ས་མི་རྐོ། །དཔྱིད་གསུམ་ཁ་ནི་བྱང་དུ་གྱུནས་བརྐོ། །དབྱར་གསུམ་ཤར་དང་སྟོན་གསུམ་ལྷོ་རུ་བལྟ། །དགུན་གསུམ་ཁ་ནི་ནུབ་ཏུ་བལྟས་ལ་རྐོས། །རགས་རྩིས་ཙམ་ཡིན་ཞིབ་པར་ཐིག་རེས་གཙོ། །ལྟོ་འཕྱེ་ས་ཡི་གཙང་ཀུན་ཆེན་པོ་དང་། །ཐེ་སེ་སྤྲེལ་ཁོག་མ་རྣམས་དོན་ལ་གཅིག །དཀྱིལ་འཁོར་མཁར་ལས་སྦྱིན་སྲེག་དོན་ལ་གཅེས། ༈ །ཐེ་


CMR058_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

སེ་རྒྱལ་པོ་གནམ་ལོ་གང་ཡིན་སྟེང་། །བྱི་འབྲུག་སྤྲེལ་གསུམ་ལོ་ལ་ཧལ་ཁྱི་ལྷོ། །སྟག་རྟ་ཁྱི་ལོ་བྱང་གི་སྟོད་ལ་གནས། །ཕག་ལུག་ཡོས་གསུམ་ཧལ་ཁྱི་ནུབ་ལ་གནས། །བྱ་གླང་སྦྲུལ་གསུམ་ཧལ་ཁྱི་ཤར་ལ་གནས། །དེ་ལྟར་ཕྱོགས་ཡིག་རྣམས་ཀྱི་འདུས་དོན་ནོ། །ཞེས་པ་རཱ་ག་ཨ་སྱས་བཀོད་པའོ།། །། ༈ ན་མོ་མཉྫགྷོ་ཥ་ཡེ། །སྤར་ཁ་བརྒྱད་ཀྱི་སྐག་རྩིས་རིམ་གྲོ་དང་། །འཛེམ་སྲུང་གཏོ་བཅོས་དབང་དང་འདོན་པའི་ཆོས། །དེ་དག་སོ་སོར་མ་འདྲེས་འདིར་འགོད་བྱ། ༼ལ༽ ལ་བག་མ་དང་། རྟ་དམར་ཞུར། ཕྱིང་པ་ཞྭ་དང་། གཡུ་རྫ་དམར་ལ་འཛེམ། དུས་ཚོད་སྤང་ཁ་སེར་དུས་རྩུབ། ཚེ་དབང་ཚེ་ཆོག་སྲོག་བསླུ་བྱ། །ཟབ་ཁྲུས་སཙྪ་གཤིན་རྗེའི་གཏོར་ཟློག་བྱ། རྟ་སྦྲུལ་རང་སྐག །བྱ་སྤྲེལ་དགྲ་སྐག་སྦྱིན་སྲེག་མི་བྱ། སྲུང་བ་དར་དམར་མེ་ལོང་མགོའམ་གོང་བར་བཏགས། ༼ཁོན༽ ལ་རྒན་མོའི་ལག་ཟས་དང་དུར་ཟས། ལུག་གི་སྤྱང་ཐད་མི་ཟ། །རོལ་པོ་ཁ་ནག་དུས་རྩུབ། ས་སྙིང་དབང་དང་མདོ་སྒྲོག །བསྒྲེས་མོས་ཞུས་མདོ་འདོན། ས་སྒོ་གཅོད་ཅིང་སཙྪ་གདབ་འཁྲུག་བཅོས་བྱའོ། །ལུག་ལོ་རང་སྐག །གླང་ལོའི་དགྲ་


CMR058_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

སྐག །སྲུང་བ་དར་སེར་དང་མ་མོ་མགོ་སེར་མི་བལ་འདབ་བཏགས། ༼དེ༽ ལ་མགར་བ་རྨེ་ཕོ་མགར་ཚང་ལ་འཛེམ། ལྕགས་ཆ་མི་ཉོ། དུས་ཚོད་འཁྱག་པ་ཁྲལ་ཁྲོལ་དུས་རྩུབ། འཇམ་དབྱངས་དཀར་པོའི་དབང་དང་ཁྱེའུ་ཞུས་མདོ་འདོན། དགྲ་བྲུབ་དགྲ་ཆོས་སྲི་མནན་བྱ། གྲི་བོ་བཀར། ཚེ་སྒྲུབ་སྲོག་བསླུ་བྱ། བྱ་སྤྲེལ་རང་སྐག །སྟག་ཡོས་དགྲ་སྐག །ཁྲབ་བྱང་མིག་དགུ་དང་ར་ཡི་སྤུ་བཏགས། ༼ཁེན༽ ལ་རྒན་རྒོན་ཞ་བོ་འཐིང་སྡོད་ཅན་དང་མཛེ་ཕོ་ལ་འཛེམ། ཁྱི་མི་གསོ། དུས་ཚོད་ས་སྔོ་གནམ་སྔོ་དུས་རྩུབ། རྣམ་སྣང་དབང་དང་ཁྱུང་ཁྲའི་དབང་དང་། ནམ་སྙིང་མདོ་འདོན། གནམ་སྒོ་གཅོད། མགོ་གསུམ་བྱ། ཐོག་སྲུང་འདོན། ཁྱི་ལོའི་རང་སྐག །འབྲུག་ལོའི་དགྲ་སྐག །སྲུང་བ་དར་སེར་ཁྱི་ཡི་མཆེ་བ། རྟ་ཁྲ་བོའི་ཁྲག་གམ་སྤུ་བཏགས། ༼ཝཾ༽ ལ་སྐྱས་ནག་བུ་སྲིང་མོ་མགྲོན་དང་། གྲུ་པའི་ལག་ཟས་མི་ཟ། བྱང་ཕྱོགས་ཀྱི་ཆུ་ཆེན་མི་བརྒལ་བ་དང་ཆུ་ལས་མི་བྱ། མི་འཁྲུགས་དབང་དང་། ཀླུ་འབུམ་ཀླུ་བཅོས་བྱ་ཀླུ་ཆོག །སྤྲིན་ཆེན་མདོ། སུན་ཟློག་དུར་ལོས་བྱ། རྩུབ་པའི་དུས་ཆུ་བོ་གཞུང་རྒྱས་དུས་བྱི་ཕག་རང་སྐག །རྟ་


CMR058_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲུལ་དགྲ་སྐག །སྲུང་བ་དར་སྔོན་ཆུ་བྱའི་སྒྲོ་དང་ཡུངས་ཀར་ལོ་གྲངས་བཏགས། ༼གིན༽ ལ་བླ་མ་བསེ་ཁེབ་ཅན་ལ་དབང་མི་ཞུ། མཛོ་ཤ་མི་ཟ། རབས་ཆད་བཙུན་པ་ལ་འཛེམ། ཐུབ་པའི་དབང་དང་། གླང་རུ་ལུང་བསྟན་འདོན། རྒྱལ་པོའི་གསོལ་མགྱོགས་དང་རྒྱལ་མདོས་སཱཙྪ་བྱ། བརྒྱ་བཞི་ཆུ་གཏོར་འདོན། རྩུབ་པའི་དུས་ཆུ་བོ་དར་ཆགས་དུས། གླང་ལོའི་རང་སྐག །ལུག་ལོའི་དགྲ་སྐག །སྲུང་བ་དར་སེར་དང་སྐྱེར་པའི་མཆོད་རྟེན་གླང་བུ་བྲོ་བོའི་སྤུ་བཏགས། ༼ཟིན༽ ལ་རི་ཤ་བོང་ཤ་ཡུགས་སའི་ལག་ཟས་མི་ཟ། ཤིང་བཟོ་མཁར་ལས་སར་མི་འགྲོ། ལོ་གྱོན་དབང་ཞུ། གདུགས་དཀར་འདོན། སྡོང་པོ་རྒྱན་མདོས་དང་མདོ་འདོན། ལྗོན་ཤིང་མདོ་འདོན། དུས་ཚོད་ཤིང་ལོ་ས་ལ་འབྲུལ་དུས་རྩུབ། སྟག་ཡོས་རང་སྐག །བྱ་སྤྲེལ་དགྲ་སྐག་སྲུང་བ་དར་ལྗང་སྐྱེར་ཕུར་རི་བོང་ལྤགས་པས་བཏུམ་པ་བཏགས། ཟོན༽ ལ་རི་བཙོ་སྤྱང་ཐད་རྔ་བྲན་ཤ་མི་ཟ། སྨོན་པ་མི་འབོད། རྣམ་འཇོམས་དབང་། སྒྲོལ་ལྗང་དབང་ཞུ། མཆུ་སྡེ་ལྔ་འདོན། སྡེ་བརྒྱད་ཁེངས་མདོས་བཅའ། དུར་ལོས་འཆི་བསླུ་བྱ། སྦུར་མ་རླུང་ཁྱེར་དུས་སུ་རྩུབ། འབྲུག་


CMR058_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་རང་སྐག །ཁྱི་ལོའི་དགྲ་སྐག །སྲུང་བ་དར་ལྗང་འབྲུག་རོས་གཡག་གི་སྙིང་ཁྲག་བཏགས། སྤར་ཁ་བརྒྱད་ཀྱི་ཞལ་ཆེམས་ལས། སྤར་ཁ་གང་ལ་བབས་པའི་དུས། མའི་འབུམ་ལ་སིལ་རྒྱུན་གྱིས། མདོས་ཆེན་དྲག་པོ་གཅིག་བྱ་དགོས་གསུངས་སོ། །རཱ་ག་ཨ་སྱས་སྤར་ཁའི་རགས་རྩིས་བསྡུས་དོན་བྲིས་པའོ། །དགེའོ།། །།

རྩིས་ཀྱི་ལྡེ་མིག་ཐང་ཤིང་རི་མོ་གསལ་བའི་མེ་ལོང་།


CMR058_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་ཀྱི་ལྡེ་མིག་ཐང་ཤིང་རི་མོ་གསལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །


CMR058_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨརྱ་མཉྫ་ཤྲཱི་ཡེ། ནད་པའི་ཐང་ཤིང་རི་མོའི་རྡེལ་བཞག་ནི། །སྔ་དྲོ་རྡེལ་གཞི་དཀར་པོའི་སྟེང་དུ་བཞག །རྗེལ་གཞི་ཕྲེང་བ་དྲུག་ཅུ་རི་མོ་ཡོད། །དང་པོ་གནམ་ལོའི་སྲོག་ལུས་བཞི་པོ་དང་། །ནད་པའི་དེ་བཞི་དང་པོ་འཐབ་པ་ཡིན། །གཉིས་པ་ལྕགས་སྟག །གསུམ་པ་ཆུ་སྟག་དང་། བཞི་པ་ཤིང་སྟག །ལྔ་པ་ས་སྟག་དང་། འདི་རྣམས་མཐུར་དུ་སྦུབ། དྲུག་པ་ལྕགས་ཡོས། བདུན་པ་ས་ཡོས་དང་། བརྒྱད་པ་ཤིང་ཡོས། དགུ་པ་མེ་ཡོས་དང་། །འདི་རྣམས་གྱེན་དུ་བཀན། བཅུ་པ་གནམ་ལོའི་ཡར་གྱི་བཅུ་གསུམ་ཡིན། །བཅུ་གཅིག་གནམ་ལོ་མར་གྱི་


CMR058_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གསུམ་ནས། །ལོ་གྲངས་དུ་ལོན་བར་དུ་གྱེན་དུ་བཀན། །བཅུ་གཉིས་མེ་ཕོ་སྟག་ནས་ཐུར་དུ་སྦུབ། །བཅུ་གསུམ་ཆུ་སྤྲེལ་ལོ་ནས་གྱེན་དུ་བཀན། །བཅུ་བཞི་གནམ་ལོའི་ཡར་ལྔ་སྟེང་དུ་སྦུབ། །བཅོ་ལྔ་གནམ་ལོའི་མར་ལྟ་གྱེན་དུ་བཀན། །བཅུ་དྲུག་གནམ་ལོའི་ཡར་དྲུག་སྟེང་དུ་མར་སྒྲུབ། །དེ་རྣམས་ལོ་གྲངས་དུ་ལོན་བར་དུ་བཀན། །གར་བབ་དེ་ཡི་སྲོག་ལུས་དབང་ཀླུང་དང་། །ནད་པའི་སྲོག་ལུས་དབང་ཀླུང་འཐབ་པར་བྱ། །དེ་ནས་གནམ་ལོའི་སྲོག་ལུས་དབང་ཀླུང་གི །སྨེ་བ་བཞི་དང་ནད་པའི་སྨེ་བཞི་འཐབ། །དེ་ནས་རྡེལ་ཕྲེང་བཅུ་དྲུག་དེ་དག་ལ། །


CMR058_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲེང་དང་ཐུར་དུ་ཁ་དམར་ཉེར་གཅིག་རྒྱབ། ༈ མ་འཕྲད་དཀར་པོ་གཉིས། །གྲོགས་འཕྲད་དཀར་པོ་གཅིག །དགྲ་འཕྲད་ནག་པོ་གཉིས། །བུ་འཕྲད་ནག་པོ་གཅིག །ས་ཆུ་ནང་འཕྲད་དཀར་པོ་གཅིག །མེ་ལྕགས་ཤིང་གསུམ་ནང་འཕྲད་ནག་པོ་གཅིག །རྡེལ་གྲངས་ཚང་ནས་བཤད་པ་འདི་ལྟར་རོ། །སརྦ་མངྒ་ལཾ།། ཨ༈ ན་མོ་ཨཱརྱ་མཉྫཤྲཱི་ཡེ། །འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །མཁྱེན་རབ་མངའ་བདག་འཇམ་དཔལ་གྱི། །ཡེ་ཤེས་འཕྲུལ་གྱི་བཟོ་བོ་ལ། །ནད་པའི་ཐང་ཤིང་རི་མོ་འདི། །མངོན་སུམ་ཉིད་དུ་བཀའ་གནང་བ། །ཡེ་ཤེས་འཕྲུལ་གྱི་བཟོ་བོ་དེས། །རྒྱམིན་ཏེ་འཕྲུལ་གྱི་རྒྱལ་པོ་ལ། །ཡང་ནས་ཡང་དུ་གསལ་བར་བསྟེན། །འོ༔དེའི་སློབ་མ་ལྔ་ལ་བསྟེན། །ཟིམ་ཤིང་བྱང་ཆུབ་རྒྱལ་བ་དང་། །འཇོམས་མཛད་ཡེ་ཤེས་དཔལ་བ་དང་། །རྒྱ་ཡི་སློབ་དཔོན་རྗེ་བཙུན་དང་། །རྒྱ་ཡི་སློབ་དཔོན་ལྕགས་པས་དགའ། །རྒྱ་ཡི་ཁྱེའུ་འཕན་རྒྱལ་དང་། །སློབ་དཔོན་ཤིང་ཐོག་འབྲང་རྒྱལ་གྱིས། །ཉམས་སུ་བླང་བའི་མན་ངག་འདི། །རྒྱ་ནག་ཏང་ཀུན་དཔེ་ནེ་བཏུས། །དེ་ནས་བཀའ་སྟོན་བྱང་ཆུབ་འབར། །དེ་ཡི་སློབ་དཔོན་ལྷ་སེ་ནས། །བློ་


CMR058_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས་སེང་གེ་སོགས་ལ་བརྒྱུད། །བྱངས་པ་ཆོས་རྒྱལ་ཆེན་པོ་ཡི། །རྩིས་མཁན་བསྟན་འཛིན་དོན་ལྡན་དེ། །རྩིས་པ་གི་སར་ཤྭ་ར་ལ། །སེ་སྟོན་རི་མོ་བེལ་བརྒྱུད། །དེ་ནས་ཟླ་རྒྱལ་རྡོ་རྗེ་རྒྱལ། །དེ་ནས་རིམ་པར་བརྒྱུད་པ་དེ། །གླང་གི་ཇོ་སྲས་མགོན་རྒྱལ་ནས། །རྩིས་པ་གི་སར་ཤྭ་རི་ལ། །ཞལ་ཁྲིད་མན་ངག་བཅས་པ་གནང་། །དེ་ཡིས་བདག་ལ་གནང་བ་འདི། །མི་བརྗེད་དྲན་པའི་རྩིས་ཡིན་ཟུང་། །རྩིས་ཁུངས་བཙུན་པའི་ལོ་རྒྱུས་ཡིན། །དརིག་པ་ཅན་ཚོ་ཕར་ལྟོས་དང་། །མངོན་ཤེས་འཁྲུལ་གྱི་མེ་ལོང་ཡོད། །ཁ་དམར་རྡེའུ་བཅུ་དྲུག་ལ། །རྩིས་མིག་ཆེན་པོ་བཅུ་དྲུག་ཡོད། ༈ འདིའཕྲེད་ཀྱི་ཁ་དམར་རྡེའུ་བཅུ་དྲུག་གི་དཔྱད་པའོ།། ༒ །།བླ་ཚེ་མཉམ་དང་མི་མཉམ་སྟེ། །རྡེའུ་དང་པོ་འདི་ལ་ལྟོས། །ནག་ན་བླ་ཚེ་གཏོར་བ་ཡིན། །དཀར་ན་བླ་ཚེ་མལ་ཚུད་བཟང་། ༒ རྒྱལ་པོ་གདན་ས་འཕགས་དང་མ་འཕགས་དེ། །དེ་རྡེའུ་གཉིས་པ་འདི་ལ་ལྟོས། །ནག་ན་རྒྱལ་པོ་གདན་དང་བྲལ། །དཀར་ན་རྒྱལ་པོའི་གདན་ས་ནོན། ༒ ཞྭ་ཕྱི་ནང་ཐལ་བ་ཨེ་འགྲོས་ཏེ། །རྡེའུ་གསུམ་པ་འདི་ལ་ལྟོས། །ནག་ན་ཐལ་


CMR058_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འོག་ཏུ་སོང་། །དཀར་ན་ཞྭ་ཕྱིང་བཀྲག་མདངས་ལྡན། ༈ །བློ་གྲོས་གྲལ་ནས་ཨེ་ཡལ་ཏེ། །རྡེའུ་བཞི་པ་འདི་ལ་ལྟོས། །ནག་ན་བློ་གྲོས་གྲལ་ནས་ཡལ། །དཀར་རྒྱུན་སློབ་དཔོན་གྲལ་ལ་བཞུགས། ༈ །གཡུ་སྤྱང་གྲ་དང་ཨི་ལྡན་ཏེ། །རྡེའུ་ལྔ་པ་འདི་ལ་ལྟོས། །ནག་ན་གཡུ་སྤྱང་གྲ་ཆགས་སོ། །དཀར་ན་གཡུ་སྤྱང་གྲ་དང་ལྡན། ༈ སྲིན་པོ་མི་རྐུན་ཨི་འོང་སྟེ། །རྡེའུ་དྲུག་པ་འདི་ལ་ལྟོས། །ནག་ན་བདུད་ཀྱི་མི་རྐུན་ཡོད། །དཀར་ན་རྐུན་མ་མེད་ཀྱང་མི་ལེགས་བཟང་། ༈ །བདུད་ཀྱི་རྐུན་མའི་ཨི་ཁྱེར་དེ། །རྡེའུ་བདུན་པ་འདི་ལ་ལྟོས། །ནག་ན་བདུད་དང་སྲིན་པོའི་ཁྱེར། །དཀར་ན་མི་བླ་མ་ཁྱེར་བཟང་། །བླ་ཤིང་དཔག་བསམ་ཨི་ཆག་དེ། །རྡེའུ་བརྒྱད་པ་འདི་ལ་ལྟོས། །ནག་ན་དཔག་བསམ་ལྗོན་ཤིང་ཆག །དཀར་ན་ལྗོན་ཤིང་ལོ་འདབ་རྒྱས། ༈ །གསེར་དངུལ་བང་མཛོད་ཨི་སྟོང་སྟེ། །རྡེའུ་དགུ་པ་འདི་ལ་ལྟོས། །ནག་ན་བང་མཛོད་སྟོང་པ་ཡིན། །དཀར་ན་བང་མཛོད་ནོར་གྱི་གང་། ཨ །སྟེང་ནས་ཡར་ཐག་ཨི་ཆད་དེ། །རྡེའུ་བཅུ་པ་འདི་ལ་ལྟོས། །ནག་ན་ཡར་གྱི་རྒྱང་ཐག་ཆད། །དཀར་ན་རྒྱང་ཐག་མ་ཆད་


CMR058_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་། ༈ །ཡར་གྱི་འཇུ་ཐག་ཨི་ཆད་དེ། །རྡེའུ་བཅུ་གཅིག་འདི་ལ་ལྟོས། །ནག་ན་སྤྱང་བའི་འཇུ་ཐག་ཆད། །དཀར་ན་སྤྱང་ཐག་ལྷ་ཡིས་སྐྱོབ། །ཝ། །བྱང་ནས་རླུང་འཚུབ་ཨི་ཡོང་སྟེ། །རྡེའུ་བཅུ་གཉིས་འདི་ལ་ལྟོས། །ནག་ནི་བྱང་ཐང་བུ་ཡུག་འཚུབ། །དཀར་ན་ཉི་མའི་རྒྱང་ཐག་རིང་། ༈ །བར་གྱི་ཁང་ཁྱིམ་ཨི་ཞིག་སྟེ། །རྡེའུ་བཅུ་གསུམ་འདི་ལ་ལྟོས། །ནག་ན་ཁང་ཁྱིམ་ཞིག་པ་ཡིན། །དཀར་ན་བླ་མཁར་བརྩིགས་པས་བཟང་། ༈ །བར་གྱི་ཐེམ་སྐས་ཨི་ཆག་སྟེ། །རྡེའུ་བཅུ་བཞི་འདི་ལ་ལྟོས། །ནག་ན་སྐས་ཆག་སྔས་ཀྱང་ཞིག །དཀར་ན་གསེར་སྐས་ཐེམ་དང་ལྡན། ༈ །ཤྭ་དང་རྗེན་པ་ཨི་བབ་སྟེ། །རྡེའུ་བཅོ་ལྔ་འདི་ལ་ལྟོས། །ནག་ན་རྒྱབ་བབ་རྟེན་ཕུར་བུད། །དཀར་ན་ས་ཡི་རྟེན་ཕུར་བཙུགས། ༈ །སྒོ་དེ་ནག་པོས་ཨི་བཅད་དེ། །རྡེའུ་བཅུ་དྲུག་འདི་ལ་ལྟོས། །ནག་ན་ནད་པའི་སྒོ་ནི་བརྩེགས། །དཀར་ན་བཀྲ་ཤིས་སྒོ་མོ་ཡིན། །དགེའོ།། །། ཡ་ད་འཕྲེད་ཀྱི་རྡེའུ་ཕྲེང་བཞི་པོ་འདི། ཐང་ཤིང་རི་མོ་རྣམ་བཞི་ཡིན། ༈ །སྲོག་གི་ཐང་ཤིང་ཨི་ཆག་དེ། །སྲོག་གི་ཁ་དམར་རྡེའུ་ལྟོས། །ནག་ན་


CMR058_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་གི་ཐང་ཤིང་ཆག །ཚེས་གཉིས་བཅུ་ཡི་ཐུར་ལ་གྱུར། །བདུད་ཆེན་མི་ཡི་ཐོག་ནས་བབ། །བླ་མཚོ་ཆེན་པོ་ཞབས་ནས་སྐམ། །ཤ་ཕོ་ཐང་ཆེན་བབ་པ་ཡིན། །ཟམ་རྡོ་འཕང་པ་ལམ་ངན་བཅོལ། །ཚེ་ཐར་བཏང་ལ་སཱཙྪ་བཏབ། །ཆོས་འཁོར་མང་དུ་བསྐོར་བ་དང་། །གསོད་ངོ་ཤེས་པའི་སྲོག་ཀྱང་བསླུ། ༈ །དལུས་ཀྱི་ཐང་ཤིང་ཨི་ཆག་སྟེ། །ལུས་ཀྱི་ཁ་དམར་རྡེའུ་ལྟོས། །ནག་ན་ལུས་ཀྱི་ཐང་ཤིང་ཆག །ལྷ་དང་དཔལ་གཡང་གཞན་དུ་བྲོས། །ཕྱི་དགྲ་ནང་དགྲ་ལང་དུས་ཡིན། །ཆུང་མ་དགྲ་དང་ལྡང་དོགས་ཡོད། །ནས་རྒྱབ་རུམ་བཀོད་འོང་དོགས་ཡོད། །ཡང་ན་ནད་ཡུན་རིང་བ་འོང་། །བུ་ལ་བརྗེ་བྱས་ན་བཟང་། །སཱཙྪ་མཆོད་རྟེན་བརྩེགས་ན་བཟང་། །གཟུངས་སྔགས་སྲུང་འཁོར་བཏགས་ན་བཟང་། །སྐྱབས་སྡོམ་བླངས་ཤིང་ཉ་སྡོམ་སྲུང་། །ལུས་བསྒྱུར་མིང་བརྗེ་དབང་བསྐུར་ཞུ། །ཀློག་འདོན་དགེ་རྩ་གང་འགྲུབ་བྱ། །ཚེ་དབང་ཚེ་སྒྲུབ་ཅི་མང་བསྒྲུབ། ༈ །དབང་ཐང་ཐང་ཤིང་ཨི་ཆག་སྟེ། །དབང་རྡེལ་ཁ་དམར་འདི་ལ་ལྟོས། །ནག་ན་དབང་ཐང་ཐང་ཤིང་ཆག །ལོ་ཏོག་སད་སེར་ལོ་ནད་འོང་། །གོད་ཁ་མི་སྟོང་ཕོག་དོགས་ཡོད། །ཁྲག་ཆག་ལ་ཉེ་


CMR058_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་མེད་ཉོས། །བླ་མའམ་ནི་རྗེ་དཔོན་ལ། །ཟངས་ལྕགས་གསེར་དངུལ་ཕུལ་བ་བཟང་། །སློབ་དཔོན་ནམ་ནི་དཀོན་མཆོག་ལ། །རྟ་དང་གླང་པོ་ཕུལ་ན་ཕན། །སྡོམ་པ་བླང་ལ་དམ་ཚིག་སྲུང་། །གོད་སྲི་མནན་ལ་གཡང་སྐྱབས་བླང་།་༈ །རླུང་རྟའི་ཐང་ཤིང་ཨི་ཆག་སྟེ། །རླུང་རྡེའི་ཁ་དམར་རྡེའུ་ལྟོས། །ནག་ན་རླུང་རྟའི་ཐང་ཤིང་ཆག །དགྲ་སྡང་བྲན་དང་འོག་རྟ་དོན། །ཡུལ་མི་སྟོན་མོ་བྱས་ན་ཕན། །མཆོད་རྟེན་ཞིག་རལ་གསོ་བར་བྱ། ༈ །དུམ་གསུམ་ལྔ་གྲངས་གསུམ་གྱི་བསྐྱེད། །ལྔ་ཚིག་དང་པོ་སྐྱེས་པའི་ས། །བཅུ་པ་མ་ཡི་ས་ཡིན་ཏེ། །བཅོ་ལྔ་ཕ་མ་བུ་ཡི་ས། །བཅུ་དྲུག་ས་ཡི་སྒོ་ཡིན་ཏེ། །བཅུ་བདུན་པ་ནི་མི་ཐེའོ། ༈ །རྡེའུ་བཞི་ཀ་དཀར་བ་ན། །གསེར་གྱི་སྦ་ཟམ་ཞེས་བྱའོ། །སྟོད་དུ་བྱུང་ན་གསེར་ཟམ་ཚུགས། །སྐྱེས་པ་སྐུ་ཚེ་རིང་བ་ཡིན། ༈ །བར་དུ་བྱུང་ན་བུ་གཡང་འཕེལ། །བུད་མེད་རྣམས་ཀྱི་བུ་གཡང་འཕེལ། །བུད་མེད་རྣམས་ནི་དཔལ་ཆེན་བཟང་། ༈ །སྨད་དུ་བྱུང་ན་ལྕགས་སྡོང་ཚུགས། །བྱིས་པ་བུ་ཚའི་སྲོག་ཕྱུའོ། ༈ །ཕོ་ས་མོ་སའི་བར་བྱུང་ན། །གཡུང་དྲུང་ཁྲི་བཤམས་མར་ཡར་འབྲེལ། །མ་ས་


CMR058_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

བུ་སའི་བར་བྱུང་ན། །སེང་གེ་གངས་གསེབ་ཏུ་སྦས་སོ། ༈ །རྡེའུ་བཞི་ཀ་ནག་པ་ན། །གསེར་གྱི་རྒྱ་ཟམ་ཆག་པ་ཡིན། །སྟོད་དུ་ཆག་ན་སྲོག་རྩ་ཆད། །སྐྱེས་པ་སྐུ་ཚེ་ཐུང་བ་ཡིན། ༈ །བར་དུ་ཆད་ན་ཕུང་པོ་ཡིན། །མི་བཟང་བུད་མེད་ཚེ་ཡང་ཐུང་། །སྨད་དུ་ཆག་ན་སྲོག་སྡོང་ཞིག །བྱིས་པ་རྣམས་ལ་སྲོག་ཆད་འོང་། ༈ །ཕོ་མོའི་བར་དུ་ཆག་པ་ན། །ཕྲ་མ་ཞུག་སྟེ་འཁོན་ཞུགས་སོ། ༈ །མ་ས་བུ་སའི་བར་ཆག་ན། །སྙིང་སྟོང་མ་པང་བུ་ཤོར་རོ། །བཙན་གྱི་ཇག་པ་ཆས་པ་ནི། །ལྕག་ཚན་འོག་ནས་རྟ་འཆོར་རོ། །༈ །གཡོན་ཕྱོགས་སྨེ་བའི་རྡེལ་ངོས་ན། །གཡས་སུ་ལྷ་ཟུར་རྡེལ་དཀར་འབྲེལ། །གཡུང་དྲུང་ཤུག་པ་བྱ་བ་ཡིན། ༈ །སྟོད་དུ་བྱུང་ན་ལྷ་ཡིན་ནོ། །སྐྱེས་མཆོག་དུང་དཀར་ཕྱར་བས་བཟང་། ༈ །བར་དུ་བྱུང་ན་གསེར་གཡུ་ལ། །འཕྲུལ་གྱི་མི་ཆེན་སྐྱ་བ་རྒྱས། །མཛོ་ཕོ་སྣ་ནས་བཏེག་སྟེ་བཟང་། ༈ །སྨད་དུ་བྱུང་ན་ཀླུ་རྒྱལ་གྱིས། །ཆར་འབེབས་རྒྱ་མཚོ་བདུད་རྩིའི་གང་། །བྱས་ཕྲུག་གསེར་གཡུ་སྤུས་ཏེ་བཟང་། ༈ །ཕོ་ས་མོ་སའི་བར་བྱུང་ན། །ལྷ་མི་ཡོངས་ལ་བཟང་བ་ཡིན། །སྲིད་ཀྱི་མཁར་བུ་བརྩེགས་པ་ལ། །མཁར་


CMR058_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བདག་གི་ལྷ་ཡི་བཏགས། ༈ །གཡོན་ན་ནག་ཟུར་བྱུང་བ་ན། །གཡུང་དྲུང་ཤུག་པ་ཆག་པ་ཡིན། ༈ །སྟོད་དུ་ཆག་ན་ལྷ་ཡིན་པའི། །དར་མདུང་ཕྱར་ན་ཤོར་བ་ངན། ༈ །བར་དུ་ཆག་ན་འཕྱོར་བ་ཡིན། །ཐ་མ་འཕང་ལྐོགས་བོར་བས་ངན། ༈ །སྨད་དུ་ཆག་ན་བུད་མེད་ཀྱི། །བུ་ཕོ་བུ་མོ་པང་ནས་ཤོར་བས་ངན། ༈ །ཕོ་ས་མོ་སའི་བར་ཆག་ན། །སྦས་ཕོག་ཁྱིམ་དུ་ཞིག་པ་ངན། ༈ །མ་ས་བུ་ཡི་བར་ཆག་ན། །ཕུང་སྲི་རྡོ་འཕང་སྲིད་འཕང་བཤིག ༈ །གཡས་ནས་གཡོན་དུ་དཀར་པོ་རྟ་ཟུར་བྱུང་བ་ན། །དཀར་ན་དཔག་བསམ་ལྗོན་ཤིང་ཡིན། ༈ །སྟོད་དུ་བྱུང་ན་མི་ཆུང་གིས། །མདུང་ལ་བ་དན་བཏགས་ཏེ་བཟང་། ༈ །བར་དུ་བྱུང་ན་ཨེ་མཁྱེན་གྱིས། །དར་དཀར་ཆ་ག་བཏགས་ཏེ་བཟང་བ་ཡིན། ༈ །སྨད་དུ་བྱུང་ན་མ་པང་མཚོ། །མཐིང་ཆེན་ལུ་མ་བབ་སྟེ་བཟང་། ༈ །ཕོ་ས་མོ་སའི་བར་བྱུང་ན། །ཤེལ་བྲག་སྨན་བྱས་སྐད་འདོན་བཟང་། ༈ །མ་ས་བུ་སའི་བར་བྱུང་ན། །ལྡུམ་ར་མེ་ཏོག་འཁྲུངས་བས་བཟང་། ༈ །ལྷ་ཟོར་དེ་གཉིས་ནག་བྱུང་ན། །དཔག་བསམ་ལྗོན་ཤིང་ཆག་པ་ཡིན། །༈ །སྟོད་དུ་བྱུང་ན་ངན་


CMR058_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ས། །ནམ་མཁའི་ཁོལ་དུ་བྱུང་སྟེ་ངན། ༈ །བར་དུ་བྱུང་ན་དོང་མའི་ས། །རྒྱ་མཚོ་སྟེང་ནས་སྐམ་པས་ངན། ༈ །སྨད་དུ་བྱུང་ན་སད་བྱུང་བས། །མེ་ཏོག་སད་ཀྱི་ཁྱེར་བས་ངན༔ ༈ །ཕོ་མོའི་ས་ཡི་བར་བྱུང་ན། །ཤ་བ་ཤ་ཁྱིས་ཟིན་ཏེ་ངན། ༈ །མ་ས་བུ་སའི་བར་བྱུང་ན། །གསེར་མའི་དཀྱིལ་ན་གཡུ་ཤོར་ངན། ༈ །དཀར་པོ་གླིང་བཞི་བྱུང་བས་ན། །དཔལ་གྱི་ཁྱིམ་ལྷའི་ཕུག་ལྷ་བྱས་པ་ཡིན། ༈ །སྟོད་དུ་བྱུང་ན་དགའ་ཞིང་སྐྱིད། །ཕུར་རྒྱུ་ལྷ་གསོལ་བྱས་ན་བཟང་། །བར་དུ་བྱུང་ན་རྩལ་དབང་མྱོག །རི་ལ་དར་ཕྱར་བྱས་ཏེ་བཟང་། ༈ །སྨད་དུ་བྱུང་ན་མཐུ་ཆེན་ཡིན། །ཁྲོ་མོ་སྲི་རྣམས་མནན་ཏེ་བཟང་། ༈ །ཕོ་ས་མོ་སའི་བར་བྱུང་ན། །ལྷ་ཡི་དཔལ་ཞུ་ཐོབ་སྟེ་བཟང་། ༈ །མ་ས་བུ་སའི་བར་བྱུང་ན། །སྟོབས་ཀྱི་སྲ་རྒང་བཅུག་སྟེ་བཟང་། པ། །ནག་པོ་གླིང་བཞི་བྱུང་ཆགས་ཡིན། །སྟོད་དུ་བྱུང་ན་ནག་པོ་ནི། །ཁ་དགུ་ཕུག་ནས་ཀུས་བཏབ་ངན། ༈ ། སྨད་དུ་བྱུང་ན་ཕུང་གཟའ་ནི། །ནག་མོ་མདའ་དར་གཡབ་དོར་བྱེད། ༈ །བར་དུ་བྱུང་ན་བཙན་རྒོད་ཀྱི། །མངོན་པའི་རྩིབ་ཁྱི་བྱས་ཏེ་ངན། ༈ །ཕོ་ས་མོ་སའི་བར་བྱུང་ན། །


CMR058_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་པོ་མགོ་བོ་དགུ་པ་དེས། །སྲིན་གྱི་གཞུ་གྲུབ་བརྫུས་ཏེ་ངན། །མ་ས་བུ་སའི་བར་བྱུང་ན། །གྲི་བོ་བདུད་མདའ་འཕང་སྟེ་ངན། །མེ་བུ་དེ་ཡི་མདའ་རྒྱབ་པའི། །ལྷ་ཡི་བུ་མོ་རྩ་ངན་འདེབས། །དེ་ནི་ངན་པ་བཤད་པའོ།། ཡ། དཀར་པོ་བཞི་དཀྱིལ་ནག་པོ་གཅིག །བྱུང་བ་ཤི་མིག་སྐད་པ་བཟང་། ༈ །སྟོད་བྱུང་ཕོ་སར་དཔའ་བོ་ཡིན། །དགྲ་སྡང་དོན་ཀུན་བྱུང་སྟེ་བཟང་། ༈ །མོ་ས་བྱུང་ན་མོ་བཙུན་གྱིས། །ཕོ་ལས་བྱེད་ཅིང་དགྲ་མེད་བཟང་། ༈ །བུ་ས་བྱུང་ན་སྲིད་ཀྱི་བཟང་། །སྲིད་ནི་འགུགས་པ་བཟང་བ་ཡིན། ༈ །ཕོ་ས་མོ་སའི་བར་བྱུང་ན། །ལྷ་གསོལ་དགའ་སྟོན་བྱེད་པས་བཟང་། །མ་ས་བུ་སའི་བར་བྱུང་ན། །ཝ་མོས་སྟག་བསད་ཟོས་ཏེ་བཟང་། །ཡ། །ནག་པོ་བཞི་དཀྱིལ་དཀར་པོ་གཅིག་བྱུང་ན། །དཀར་པོ་དེ་ལ་ཤི་བ་ཡིན། ༈ །སྟོད་དུ་བྱུང་ན་སྲིན་ཡུལ་དུ། །སྐྱེས་པའི་བླ་ཚེ་འཁྱམས་པ་ཡིན། ༈ །བར་དུ་བྱུང་ན་བདུད་ཡུལ་དུ། །བུད་མེད་བླ་ཚེ་འཁྱམ་སྟེ་ངན། ༈ །སྨད་དུ་བྱུང་ན་གཅན་གཟན་གྱིས། །གཡུ་ཡི་ལུ་གུ་གཏོར་ཏེ་ངན། ༈ །ཕོ་ས་མོ་སའི་བར་བྱུང་ན། །མུན་ནག་སྟོན་ཁར་


CMR058_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་བས་ངན། ༈ །མ་ས་བུ་སར་བྱུང་བས་ན། །མཐིང་ཆེན་ལུ་མ་སྐམ་པས་ངན། །ཐང་ཤིང་ཤུག་པ་གཉིས་ཀ་ཆག །ཟམ་ཆོ་བརྗོད་ཅིང་སྐམ་འཛིན་ངན། ༈ །ལིང་ཚེ་དང་པོ་བསྐལ་པ་ཡིན། །སཱཙྪ་སྦྱིན་བཏང་འབུམ་སོགས་འདོན། །དཔལ་ཁྱིམ་ཞིག་ཅིང་བྱུར་མཚོ་རྡོལ། ༈ །ལིང་ཚེ་བར་པ་བསྐལ་པ་ཡིན། །དུར་སྲི་ལང་བའི་དུར་སྙིང་སྤོ། །སྲིན་མནན་ལ་སོགས་རིམ་གྲོ་བྱ། ༈ །དཀར་པོ་མང་དུ་ཤི་བ་དང་། །རྡེལ་ནག་ཤར་དུ་ཆག་པ་དང་། །མས་སྒོ་ནག་པོ་འཚོགས་པ་ནི། ༈ །ལིང་ཚེ་ཐ་མ་བསྐལ་པའི་ཕྱིར། །རིམ་གྲོ་བྱས་ཀྱང་བཟློག་པར་དཀའ། །ཐ་མ་གྱུ་སྐད་ལྗོང་པ་ན། །ལྷ་མེད་འདྲེ་མེད་གཏོ་མི་དགོས། །དཀར་པོ་མང་ན་བཟང་བ་ཡིན། །རྒྱ་གཞུང་དཔྱད་དཀའ་ཁ་མི་གསལ། །དེ་ཕྱིར་ཁ་གསལ་ཁྱེར་བདེ་འདི། །རཱ་ག་ཨ་སྱ་བདག་གིས་མཛད། །འགལ་འཁྲུལ་འཇམ་དབྱངས་ཉིད་ལ་བཤགས། །དགེ་བས་འགྲོ་ལ་ཕན་པར་ཤོག །ཤུ་བྷཾ་ནས་བསྡུས་པའོ། སརྦ་མངྒ་ལོ། དགེའོ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དྲུག་བྱོན།། །།


CMR058_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད། དད་པའི་ཐུར་དུ་དཀར་པོ་བཞི་བྱུང་རྒྱ་ཟམ་བཙུགས་ན་ཁྲང་ནག་པོ་བཞི་བྱུང་ན་ཟ་ཕོ་ས་མོ་སའི་བར་འདི་ལྟ་ཞིག་དང་པོ་བྱུང་ན། མ་ས་བུ་སའི་ཐུར་དུ་དཀར་པོ་བཞི་བྱུང་ན་བུ་གཡང་། སྨད་ཀྱི་སྡོང་པོ། སྲོག་ལུས་རླུང་རྟ། ༈ སྲོག་གི་ཐང་ཤིང་། ལུས་ཀྱི་ཐང་ཤིང་། དབང་ཐང་གི་ཉུང་ཤིང་། རླུང་རྟའི་ཐང་ཤིང་། ཁ་དམར་བཅུ་དྲུག་ག་ཐང་ཤིང་། བླ་ཤིང་། བང་མཛོད། ཡ་ཐག མར་རྟེན། རླུང་འཚུབ། ཁང་ཁྱིམ། སྣུས་ཐོ། ཐ་རྒྱན་པ། ནད་པའི་སྒོ། སྨེ་བ། ཁ་དམར། སྟོད་སྨད་བར་གསུམ་འདི་ལྟ་བུ་དང་ཟླར་བཞིདཀར་པོ་བཞི་ལིང་ཀག ལྟར་འགྲེས་སོ། ༈ ཕོ་ས་མོ་སའི་བར་དུ་གསུངས་པའི་དོན་སྟོད་༈ དཀར་པོ་འདུལ་ལིང་ནག་པོ་གཅིག་གསུངས་པ་འདི་ལྟར་རོ། ༈ སྨད་དུ་རྡེལ་བཞི་གང་ནག་ཀྱང་ཆག་ནས་གསུངས་པའི་གཡོན་ཕྱོགས་སྨེ་བའི་རྡེལ་ངོས་ནས་གསུངས་ལྟར་རོ། སྨད་གང་དུ་ཡང་དཔྱད་བྱའོ། །དོན་སྟོད་སྨད་ཐོད་གང་དུ་ཡང་འདི་ལྟར་དཔྱད་བྱའོ།། དོན་བསྡུས་ནས་གསུངས་པ་ལྟར་རོ། །


CMR058_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད། མེ་ཕོ་བྱི་བ་བགྲང་བྱ་བརྒྱད་ཅུ་གྱ་ལྔ། གནམ་ལོ་ལྕགས་པོ་བྱི་བའི་ཐང་ཤིང་རི་མོའི། རྡེལ་ཕྲེང་བཅུ་དྲུག་གི་རྡེའུ། སྲོག་གི་དབང་ཐང་ཤིང་། ལུས་ཀྱི་དབང་ཐང་ཤིང་། དབང་ཐང་གི་ཐང་ཤིང་། རླུང་རྟའི་ཐང་ཤིང་། རྡེའུ་མིག་བཅུ་དྲུག ཤིང་སྟག མེ་སྟག ས་སྟག ཆུ་སྟག མེ་ཡོས། ཤིང་ཡོས། ལྕགས་ཡོས། ཆུ་ཡོས། ཤིང་སྟག ས་བྱི། ལྕགས་སྟག ས་སྤྲེལ། ལྕགས་སྤྲེལ། ལྕགས་འབྲུག ས་ལུག་


CMR058_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད། ཤིང་པོ་བྱི་བ་བགྲང་བྱ་སུམ་ཅུ་སོ་བདུན་པ་གནམ་ལོ་ལྕགས་ཕོ་བྱི་བའི་ཐང་ཤིང་གི་མོའི་རྡེའུ།


CMR058_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད། ཤིང་ཕོ་རྟ་བགྲང་བྱ་བདུན་གནམ་ལོ་ལྕགས་ཕོ་བྱི་བའི་ཐང་ཤིང་རི་མོའི་རྡེའུ། །


CMR058_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད། ཐང་ཤིང་རེའུ་མིག་རྡེལ་བཞི་ཕྲེང་བཅུ་དྲུག་ལགས། སྲོག་གི་ཐང་ཤིང་ཨི་ཆགས་ལྟོས། ལུས་ཀྱི་ཐང་ཤིང་ཨེ་ཆགས་ལྟོས། དབང་ཐང་ཐང་ཤིང་ཨེ་ཆགས་ལྟོས། །ཕོ་ས་ཐང་ཤིང་བཟང་ངན་ལྟོས། མོ་སའི། མོ་ས་ཐང་ཤིང་ལྟོས། མ་ས། བུ་སའི་ཐང་ཤིང་ལྟོས། བྱིས་པ་བུ་ཚའི། ཆགས་དཔྱད།


CMR058_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད། འདི་དྲུག་དཀར་ན་ལ་མ་བརྒལ་བ་ཡིན། ཐང་ཤིང་རི་མོ་དར་བ། གསེར་གྱི་ཟམ་པ་རྒྱས་པ། ཐང་ཤིང་རེའུ་མིག་འདི་ལིང་རྩེ་བརྒག་མ་བརྒལ་ལྟ་བ་འདི་དྲུག་ནག་ན་ལིང་རྩེ་བརྒལ་བ་ཡིན། །ཐང་ཤིང་རི་མོ་གུད་པ། གཡུ་ཤུག་རྒྱས་པ། དཔག་བསམ་ཤིང་མདངས་པ། དཔག་བསམ་ཤིང་རྒྱས་པ། དཔག་བསམ་ཤིང་ཆགས་ཤིང་། དཔག་ཁྱིམ་ས། བྱུར་ཁྱིམ། གསོན་མིག ཤི་མིག

ནག་རྩིས་ཐང་ཤིང་རི་མོའི་རྡེའུ་བཞག་ཐོ།


CMR058_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད། མཁས་གྲུབ་ཆགས་མེད་ལུགས་ནག་རྩིས་ཐང་ཤིང་རི་མོའི་རྡེའུ་བཞག་ཐོ་བཞུགས་སོ། འདི་རིགས་ནས་འགོ་ལེན་ས་བརྩི་བྱའི་ལོ་གྲངས་གང་ལོན་པར་བརྩི་བས་ལོ་རྒན་གང་བབ་དེའི་སྲོག་ལུས་སྟག་བཞི་ཐུར་དུ་སྦུབ། །ཡོས་བཞི་ནས་བརྩི་བྱའི་ལོ་གྲངས་དུ་ཡིན་པར་ཡར་བཀན་པས་གང་བབ་དེ་ཡིན། དབང་རླུང་ལ་ནད་པའི་སྲོག་ལུས་དབང་རླུང་བཞིའི་བར་འཐབ་དགོས། ནད་པའི་སྲོག་དང་གནམ་ལོའི་སྲོག་འཐབ། བརྩེ་བྱའི་དབང་དགྲ་སྟག་ནས་ལོ་གྲངས་ནས་ལོ་གྲངས་བར་གཏུག་པ་སྲོག་ལ་འཐབ་རྡེལ། དབང་མ་སྟག་ནས་ལོ་གྲངས་སྟེང་བར་སྦུབ་པ་དེའི་ལོ་སྲོག་ལ་འཐབ་རྡེལ། ནད་པའི་དབང་མཐུན་སྟག་ནས་ལོ་གྲངས་བར་དད་པའི་གང་དེའི་གང་བབ་དེས་སྲོག་ལ། དབང་གྲོགས་སྟག་ནས་བརྩི་བྱའི་ལོ་གྲངས་བར་དེའི་སྲོག་ལ། དབང་དགྲ་ཡོངས་ནས་གྱེན་བཀན་དེའི་སྲོག་ལ་ནད་པའི་སྲོག དབང་བུ་ཡོས་ལ་བཀན་དེའི་སྲོག་ལ། གནམ་ལོ་ནས་མར་གྱི་བཅུ་གསུམ་ནས་སྦུབ། དབང་བུ་སྟག་ནར་ཐུར་སྦུབ་དེའི་སྲོག ནམ་ལོ་མར་ལྔ་སྟེང་ནས་བརྩི་བྱའི་ལོ་གྲངས་བར་སྦུབ། གནམ་ལོ་མར་ལྔ་སྟེང་ནས་བཀན་པའི་སྲོག་ལ། གནམ་ལོའི་མར་དྲུག་སྟེང་ནས་སྦུབ་པའི་དེའི་སྲོག ནད་པའི་སྲོག་སྨེ་དང་གནམ་ལོའི་སྲོག་སྨེ་འཐབ་རྡེལ། སྲོག་གི་ཐང་ཤིང་།


CMR058_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད། ནད་པའི་ལུས་དང་གནམ་ལུས་རྡེལ། ལུས་རྡེལ། ལུས་རྡེལ། ལུས་རྡེལ། ལུས་རྡེལ། ལུས་རྡེལ། ལུས་རྡེལ། ལུས་རྡེལ། ལུས་རྡེལ། ལུས་རྡེལ། །ལུས་རྡེལ། ལུས་རྡེལ། ལུས་རྡེལ། ལུས་རྡེལ། ལུས་རྡེལ། ལུས་རྡེལ། ལོའི་ལུས་ལ་འཐབ་རྡེལ། ཐང་ཤིང་། ནད་པའི་དབང་གི་གནམ་དབང་རྡེལ། དབང་རྡེལ།། དབང་རྡེལ། དབང་རྡེལ། དབང་རྡེལ། དབང་རྡེལ།དབང་རྡེལ། དབང་རྡེལ།དབང་རྡེལ། དབང་རྡེལ། དབང་རྡེལ། དབང་རྡེལ། དབང་རྡེལ། དབང་རྡེལ་དབང་ཐང་གཉིས་དབང་སྨེ་གཉིས་དབང་ཐང་ལོའི་དབང་ལ་འཐབ་རྡེལ།་འཐབ་རྡེལ། འཐབ་རྡེལ། གི་ཤིང་། ནད་པའི་རླུང་གི་གནམ་རླུང་རྟའི། རླུང་རྡེལ། རླུང་རྡེལ། རླུང་རྟའི། རླུང་རྡེལ། རླུང་རྡེལ། རླུང་རྡེལ། རླུང་རྡེལ། རླུང་རྡེལ། རླུང་རྡེལ། རླུང་རྡེལ། ཀླུང་རྡེལ། ཀླུང་རྡེལ། རླུང་རྡེལ། རླུང་རྡེལ། རླུང་རྟའི་རླུང་རྟའི་ལོའི་རླུང་ལ་འཐབ་རྡེལ། འཐབ་རྡེལ། ཐང་ཤིང་། སོ་སོའི་ཁ་དམར་རྡེལུ།


CMR058_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད། ༤༤༠སྟག་ལ་རྗེ་རྒྱུ་མེད། །མཁས་གྲུབ་རཱ་ག་ཨ་སྱའི་ལུགས་ནད་པའི་ཐང་ཤིང་རི་མོའི་བཞག་ཐབས་དཔེའུ་རིས་མཐོང་བ་ཀུན་གསལ་ཞེས་བྱ་བ་བཞུགས་སོ། གནམ་ལོའི་ཡར་མར་ལྔ་ཡི་སྟེང་ནས་༡་བརྩིས་ནས་ལོ་་བརྩི་བྱའི་དགྲ་དབང་མཐུན་གྲོགས་འབྱུང་ཁམས་རྗེ། ཡོས་ལ་རྗེ་རྒྱུ་མེད་འབྱུང་ལྔ་བརྩི་རྒྱུ་མེད། བྱའི་དགྲ་དབང་གྲོགས་བུ་བཞི་སྐོར། ཡར་གྱི་༡༣ སྟེང་ནས་༡ནས་འགོ་བཟུང་སྟེ་ལོ་གྲངས་དུ་སོང་ལ་འགྲོ། གྲངས་བཏབ་རིམ་བགྲོད། བརྩི་བྱའི་སྲོག་གནམ་ལོའི་སྲོག་ལ་འཐབ་རྡེལ། བརྩི་བྱའི་དབང་གི་དགྲ་ཁམས་སྟག་ནས་ནད་པ་ལོ་གྲངས་བར་བགྲང་བའི་དེའི་སྲོག དབང་མ་སྟག་ནས་ལོ་གྲངས་བགྲང་བའི་གང་བབ་དེའི་སྲོག་དང་བརྩི་བྱའི་སྲོག་འཐབ། བརྩི་བྱའི་དབང་མཐུན་ནས་སྟག་ལོ་གྲངས་ཐོག་བར་སྦུབ་པའི་དེའི་སྲོག་དང་བརྩི་སྲོག་དང་བརྩི་བྱའི་སྲོག་འཐབ། དབང་སྲོག་སྟག་ནས་ལོ་གྲངས་བར་སྦུབ་པས་དེའི་སྲོག་དང་བརྩི་བྱའི་སྲོག་དང་འཐབ། བརྩི་བྱའི་དབང་མཐུན་ནས་སྟག་ལོ་གྲངས་ཐོག་བར་སྒྲུབ་པའི་དེའི་སྲོག་དང་བརྩི་བྱའི་སྲོག་འཐབ། དབང་མཐུན་ཡོངས་ཐོག་ནས་ལོ་རངས་ཐོག་གྱེན་བཀན་སྲོག་ལ། དབང་གྲོགས་ཡོང་སྣས་གྱེན་བཀན་སྲོག་རྡེལ། དབང་བུ་ཡོས་ནས་ལོ་གྲངས་བར་གྱེན་བཀན་གང་བབ་དེའི་སྲོག་ལ་འཐབ་རྡེལ། གནམ་ལོ་ཡར་གྱི་ནས་ལོ་གྲངས་༡༣དུ་སོང་བར་བཀན་བབ་དེའི་སྲོག་ལ་འཐབ་རྡེལ། གནམ་ལོ་མར་གྱི་༡༣ནས་ལོ་གྲངས་སྦུབ་དེའི་སྲོག་ལ་འཐབ་རྡེལ། མེ་སྟག་ནས་ལོ་གྲངས་ཐོག་སྦུབ་པ་དེའི་སྲོག་ལ་འཐབ་རྡེལ། ཆུ་སྤྲེལ་ནས་ལོ་གྲངས་གྱེན་བཀན་དེའི་སྲོག་ལ་འཐབ་རྡེལ། གནམ་ལོའི་ཡར་ལྔ་ནས་སྦུབ་སྲོག་རྡེལ། གནམ་ལོའི་མར་ལྔ་ནས་སྟེང་དུ་བཀན་པས་གང་བབ་དེའི་སྲོག་ལ་འཐབ་རྡེལ། གནམ་ལོའི་མར་དྲུག་སྟེང་ནས་སྦུབ་པས་གྲོགས་དང་འཐབ། གནམ་ལོའི་སྲོག་སྨེ་དང་བརྩི་བྱའི་སྲོག་སྨེ་འཐབ་རྡེལ།


CMR058_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད། བརྩི་བྱའི་ལུས་གནམ་དེའི་ལུས་ལ་བརྩི་ལུས་རྡེལ། ལུས་རྡེལ། ལུས་རྡེལ། ལུས་རྡེལ། ལུས་རྡེལ། ལུས་རྡེལ། ལུས་རྡེལ། ལུས་རྡེལ། ལུས་རྡེལ། ལུས་རྡེལ། ལུས་རྡེལ། ལུས་རྡེལ། ལུས་རྡེལ། ལུས་རྡེལ། ལུས་སྨེ་དྲང་ལོའི་ལུས་ལ་འཐབ། བྱའི་ལུས། །དབང་ཐང་གནམལོའི་དབང་རྡེལ། དབང་རྡེལ། དབང་རྡེལ། དབང་རྡེལ། དབང་རྡེལ། དབང་རྡེལ། དབང་རྡེལ། དབང་རྡེལ། དབང་རྡེལ། དབང་རྡེལ། དབང་རྡེལ། དབང་རྡེལ། དབང་རྡོལ། དབང་རྡེལ། དབང་རྡེལ། རླུང་རྟ་གནམ་ལོའི་རླུང་རྡེལ། རླུང་རྡེལ། རླུང་རྡེལ། རླུང་རྡེལ། རླུང་རྡེལ། རླུང་རྡེལ། རླུང་རྡེལ། རླུང་རྡེལ། རླུང་རྡེལ། རླུང་རྡེལ། རླུང་རྡེལ། རླུང་རྡེལ། རླུང་རྡེལ། རླུང་རྡེལ། རླུང་རྡེལ། རླུང་རྟ་ལ་འཐབ། །ཁ་དམར་རྡེའུ།

ནད་པའི་ཐང་ཤིང་རི་མོའི་རྡེལ་གཞིའི་དཔེའུ་རིས་མཐོང་བས་ཁོང་ཆུད་གནས་མདོ་ལུགས།


CMR058_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ནད་པའི་ཐང་ཤིང་རི་མོའི་རྡེལ་གཞིའི་དཔེའུ་རིས་མཐོང་བས་ཁོང་ཆུད་གནས་མདོ་ལུགས་དགེའོ། །


CMR058_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད། འདི་བྱུང་ན་གསེར་གྱི་སྦ་ཟམ། བླ་ཚེ། རྒྱལ་པོའི་གདན་ས། ཞུ་ཕྱིང་། སློབ་དཔོན། བླ་ཤིང་། འདི་བྱུང་ན་སྦ་ཟམ་ཆག འདི་བྱུང་ན་གཡུང་དྲུང་ཤུག་པ། གཡུང་དྲུང་ཤུག་པ་ཆད། སྲོག་གི་ཐང་ཤིང་། ལུས་ཀྱི་ཐང་ཤིང་། དབང་ཐང་གི་ཐང་ཤིང་། རླུང་རྟའི་ཐང་ཤིང་། ཁ་དམར་རྡེའུ།


CMR058_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད། མཁས་གྲུབ་ཆགས་མེད་ལུགས་ཀྱི་བྲེ་གང་རྡེལ་དྲུག་བཞག་ཐབས་དཔེ་རིས་འཁྲུལ་མེད་མཁས་པའི་ཞལ་ལུང་དགེ། །བརྩི་བྱའི་སྲོག་གི་གནམ་ལོའི་སྲོག་ལ་འཐབ་པའི་ལྡེའུ། བརྩི་བྱའི་སྲོག་དང་སྤར་ཁའི་སྲོག་ལ་འཐབ་པའི་ལྡེའུ། གནམ་ལོའི་ལོག་མེན་སྲོག་ལ་བརྩི་བྱའི་སྲོག་ཁམས་འཐབ་རྡེལ། རྩི་བྱའི་སྲོག་སྨེ་འཕུར་ཅིང་ལོ་གྲངས་ཚང་ཐད་སྨེ་བ་དེ་གཉིས་འཐབ། སྲོག་སྨེའི་འབྱུང་ཁམས་ནས་ལེན་ཏེ་གནམ་ལོའི་སྟེང་གཏུག་པའི་དར་གུད། ཆགས་མེད་ལུགས་འདི་བཞིན་ཁ་དམར་བརྩི་དྲུག་ཡིན་ནོ། སྲོག་ལ་འཐབ་རྡེལ། བརྩི་ལུས་ཀྱི་གནམ་ལོའི་ལུས་ཀྱི་འཐབ་རྡེལ། ལུས་ཀྱི་སྤར་ཁ་གང་བབ་ལ་ལོ་རྟ་རེ་འབྱུང་བས་དེས་ལུས་འཐབ། གནམ་ལོའི་ལོག་མེན་གྱི་ལུས་དང་བརྩི་བྱའི་ལུས་ཀྱི་འཐབ་རྡེལ། ལུས་སྨེ་དང་ལོ་གྲངས་ཚངས་ཐབ་སྨེ་བ་དེ་གཉིས་འཐབ་རྡེལ། ལུས་སྨེའི་འབྱུང་ཁམས་ནས་ལེན་ཡེ་གནས། བཱཻ་ཀར་ལུགས་དུས་ཚོད། ལུས་རྡེལ་ཁ་དམར། བརྩི་བྱའི་དབང་ཐང་གི་གནམ་ལོའི་དབང་ཐང་གི་འཐབ་རྡེལ། བརྩི་བྱའི་དབང་ཐང་གི་བབ་སྤར་ཁའི་དབང་ཐང་ལ་འཐབ་རྡེལ། ལོག་མེན་དབང་ཐང་ལ་བརྩི་ཚང་སྨེ་བ་དེ་གཉིས་འཐབ་རྡེལ། དབང་སྨེ་འཕུར་ཞིང་ལོ་གྲངས་གཏུག་པའི་དར་གུད་རྡེའུ། སྲོག་ལུས་དབང་རླུང་བཞི་ལ་འཐབ་པའི། དབང་རྡེལ་ཁ་དམར་


CMR058_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད། བརྩི་བྱའི་རླུང་རྟའི་གནམ་ལོའི་རླུང་ལ་འཐབ་རྡེལ། བརྩི་བྱའི་རླུང་ཁམས་ཀྱིས་བབ་སྤར་ཁའི་རླུང་རྟར་འཐབ་རྗེལ། ལོག་མེན་རླུང་ལ་བརྩི་བྱའི་རླུང་ལ་འཐབ་རྡེལ། རླུང་སྨེ་དང་གོང་བཞིན། རླུང་སྨེ་ནས་གོང་བཞིན་སྨེ་བ་བཞི་ཀ་བརྩི་བྱའི་ཡིན། དངོས་གཞི་གནས་དྲུག་དང་ཁ་དམར་བརྩིས་བདུན་ཡོད་གསུངས། རླུང་རྡེལ་ཁ་དམར་རོ། ལོག་མེན་བརྩི་བྱ་ལ་མི་བརྩི་ནས་གནམ་ལོ་གང་ཡིན་ལ་བརྩི་བ་དང་། སྨེ་བ་ལུག་ལྡོག་བརྩི་བ་རྩིས་གསར་ལུགས་འདི་འཁྲུལ་མེད་གལ་ཆེ།

མཁས་གྲུབ་རཱ་ག་ཨ་སྱའི་ལུགས་དར་གུད་གསེར་ཕྲེང་གི་དཔེ་རིས།


CMR058_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་རཱ་ག་ཨ་སྱའི་ལུགས་དར་གུད་གསེར་ཕྲེང་གི་དཔེ་རིས་བཞུགས་སོ།


CMR058_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད། བརྩི་བྱ་རང་གི་སྲོག་ལུས་དབང་རླུང་རེ་མིག བརྩི་བྱའི་སྲོག་ལུས་བཞི་བུ་ཐོག་ནས་བསྒྲངས་བའི། བརྩི་བྱའི་ཁམས་བཞིན་དགྲ་བཞིའི་སྡེང་ནས་ཐོག་དྲངས་པའི་དར་གུད་རེ། པ་ཡི་ཁམས་བཞིའི་མ་ནས་དད་པའི་དར་གུད་རེ་མིག ཕའི་སྲོག་བཞི་ནས་དད་པའི་གྲོགས་ནས་ལེན་པའི་རད་གུད་རེ་མིག བརྩི་བྱའི་མའི་སྲོག་བཞིན་དེད་པའི། མའི་ཁམས་བཞི་བུ་བཞི་དང་གུད་རེ་མིག མ་ཡི་ཁམས་བཞིའི་དགྲ་བཞིན་ནས་ལེན་པའི་རེ་མིག སྲོག་ སྲོག་རྡེལ་ཁ་དམར། ལུས་ ལུས་རྡེལ་ཁ་དམར། དབང་ཐང་ དབང་ཐང་ཁ་དམར་རྡེའུ། རླུང་རྟ་ རླུང་རྟའི་ཁ་དམར་རྡེའུ། ཁ་དམར་ སོ་སོའི་བྱེ་བྲག་གི་ཁ་དམར་ བརྩི་བྱའི་ཕ་དེས་སྲོག་ལླུས་བཞིན་འགོ བརྩི་བྱའི་ཁམས་བཞིའི་གྲོགས་བཞིའི་ལེན་པའི་བརྩི་བྱའི་ལོ་ཐོག་བབ་པའི་རེ་མིག ཕའི་ཁམས་བཞི་དགྲ་བཞི་ནས་མའི་ཁམས་བཞི་མ་བཞི་ནས། མའི་ཁམས་བཞིའི་སྲོག་བརྩི་བྱའི་སྲོག་ལུས་དབང་རླུང་བཞིའི་མ་རྡེལ་མི་མིག ཐོག་ནས་ལེན་པའི་དར་གུད་རེའི་མིག ཕའི་ཁམས་བཞི་བུ་ནས་དེད་པའི་དར་གུད་རེ་མིག དེད་པའི་དགྲ་རྡེལ་རེ་མིག ལེན་པའི་དར་གུད་རེའུ་མིག ལུས་བཞི་དར་གུད་རེ་མིག


CMR058_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད། མི་དབང་རིན་པོ་ཆེའི་སྐུ་ཚེའི་སྟོད་སྨད་བར་གསུམ་ལ་སྐུ་བསོད་ལས་དབང་ཅིར་འགྱུར་གྱི་ལུང་བསྟན་དར་གུད་གསེར་ཕྲེང་རྗེལ་བཞག་གི་སྒོ་ནས་ཞུ་སྟེ། ཐོག་མར་སྐུ་ཚེའི་སྟོད་ནི་མའི་དར་གུད་གཙོ་ཆེར་མེད་པས། ཐོག་མར་སྲོག་གི་རང་


CMR058_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

རྡེལ་ནག་པས་མ་དང་ཕྱི་མོ་ཕ་མས་ཀྱི། གདལ་ཆེ་ལ་བར་ཆད་མེད་ངོ་། སྲོག་གི་མ་རྡེལ་དཀར་བ་ན་མ་ཀྱིས་ཞང་པོ་རང་ལ་བཟང་བའི་ངོ་། སྲོག་གི་བུ་རྡེལ་དཀར་བས་ཚེ་སྐད་བུ་ཡིས་ཕན་ཐོགས་དང་། བུ་ཚ་བཟང་པོ་གཉིས་སྐྱེས་ཏེ། སྟག་ཕྲུག་སེང་ཕྲུག་གྲོས་པ་འདྲ་ཞེས་འབྱུང་། སྲོག་གི་གྲོགས་རྡེལ་དཀར་བས་ན། རྟ་ནོར་སོགས་རིན་ཆེན་གླིང་ལ་ཕྱིན་པ་འདྲ་ཞེས་འབྱུང་། སྲོག་གི་དགྲ་རྡེལ་ནག་པས་དཔའ་བོ་ལན་བརྒྱར་བྱས་ཀྱང་གྲི་ཁར་འཆི་ཞེས་སོགས་འབྱུང་ཡང་སྐུ་རིམ་གྱིས་ཟློག་གོ །ཡང་ན་ལུགས་གཅིག་ལ་ལུས་ཀྱི་རང་རྡེལ་དཀར་བས་ན་ལུས་ན་ཚ་མེད་སོགས་བཟང་། ལུས་ཀྱི་མ་རྡེལ་དཀར་བས། ཕོ་དང་རིང་ཡུལ་འགྲོགས་པ་དེ་སོགས་འབྱུང་། ལུས་ཀྱི་བུ་རྡེལ་དཀར་བས་ན། ཚེ་སྟོད་བུ་ཡི་ཕན་ཐོགས་སོགས་བཟང་ལུས་ཀྱི་དགྲ་རྡེལ་ནག་པས་བུ་ཚ་ཀླག་པའམ། ཡང་ན་ནད་ཀྱི་ཟིན་པའི་ངོ་ཤར། དབང་གི་ཟས་ནོར་ཆེ་ཆུང་བརྩི། དབང་དང་རང་རྡེལ་དཀར་བས་ནོར་གཏེར་གྱི་


CMR058_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་འབྱེད་སོགས་བཟང་། དབང་ཐང་གི་བུ་རྡེལ་ནག་པས་ཞང་ཕྱི་མ་སྲུའི་རིང་ལ་ཕན་མི་ཐོགས། དབང་ཐང་བུ་རྡེལ་དཀར་བས་ཚེ་སྨད་བུ་ཡིས་ཕན་ཐོགས་པ་སོགས། དབང་ཐང་གྲོགས་རྡེལ་དཀར་བ་ན། དབུལ་པོར་ཕྱུག་པོར་འགྱུར་བ་ཡིན་སོགས་བཟུང་། དབང་ཐང་དགྲ་རྡེལ་དཀར་བ་ན། ནོར་ལ་ཤོར་གོད་མེད་པ་ཡིན། །ཕྱི་མའི་བྱམས་ལ་གོང་མས་རང་སྡང་། །གོང་མས་བྱམས་ལ་འོག་མས་སྡང་། །ཀླུང་རྟའི་རྡེལ་བུ་དཀར་བ་སོགས།། །།


CMR058_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

དར་གུད་གསེར་ཕྲེང་མེ་ཕོ་སྤྲེལ་ལོ་རང་ལོ་ལྔ་སོན་པ་ལ་ཚེ་སྟོད་སྨད་བར་གསུམ་ལ་སྐྱིད་སྡུག་ཡོད་མེད་ཉེར་ལྔ་མན་ཆད། མ་ལོ་ས་ཕོ་སྟག་ལོ་སྐྱིད་སྡུག་བརྟག་པ་དང་། ཉེར་ལྔ་དང་ནི་ཞེ་དགུ་བར་སྐྱིད་སྡུག་རང་གི་ཁུར། ཞེ་དགུ་ཕན་ཆད་དང་བདུན་ཅུ་དོན་དགུ། །ལོ་མེ་ཕོ་བྱི་བའི་སྐྱིད་སྡུག་བརྟག་པའོ། །ཉེར་ལྔ་ཚུན་མ་ས་བརྟག ཞེ་དགུ་རང་གི་བརྟག་པ། ཞེ་དགུ་ཕ་ས་བརྟག་པའོ།

དར་རྒུད་གསེར་ཕྲེང་གི་རྡེལ་བཞིག


CMR058_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

དར་རྒུད་གསེར་ཕྲེང་གི་རྡེལ་བཞིག་བཞུགས། ལོ་ནི་ཉི་ཤུ་རྩ་ལྔ་མ་ས།


CMR058_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫ་ཤྲཱི་ཡེ། འཇམ་དཔལ་དབྱངས་ལ་ཕྱག་འཚལ་ནས། །དར་རྒུད་གསེར་ཕྲེང་རྡེའུ་བཞག་ནི། །ཤིང་བུ་སྤྲེལ་ནས་རྒྱུ་བ་སྟེ། །ལྕགས་བུ་སྟག་ནས་རྒྱུ་བར་བྱ། །མེ་བུ་ཕག་ནས་རྒྱུ་བ་སྟེ། །ས་ཆུ་གཉིས་ཀ་སྦྲུལ་ནས་རྒྱུ། །ལོ་སྐོར་བཅུ་གཉིས་སྟེང་ནས་བརྩི། །དབུགས་རྒྱུ་མངལ་ནས་ལུས་རྫོགས་དང་། །བཙས་པ་ཁྲུས་བྱེད་གོས་གྱོན་ཏེ། །ཁྱོན་དང་ལས་བྱེད་དར་བ་རྒུད་པ་དང་། །ན་བ་ཤི་བ་དུར་ཞུགས་སོ། །དེ་ལྟར་རིམ་བཞིན་བརྩི་བར་བྱ། ༈ །དབུགས་རྒྱུ་དབུགས་གནས་དོན་གཅིག་སྟེ། །སྔོན་ཚེ་ཤི་བ་དེ་ཡིན་པས། །དེ་ལ་རྡེའུ་ནག་པོ་


CMR058_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག ༈ །མངལ་གནས་མ་ཡི་མངལ་དུ་ཞུགས། །འཁོར་བར་ལུས་བླང་ནག་པོ་གཅིག །ལུས་རྫོགས་པ་ལ་དཀར་པོ་གཅིག ༈ །ལུས་རྫོགས་བཙས་པ་དོན་གཅིག་སྟེ། །དེ་ལ་རྡེའུ་དཀར་པོ་གཅིག་༈ ཁྲུས་བྱེད་གོས་གྱོན་དོན་གཉིས་སྟོང་། །དེ་ལ་རྡེའུ་དཀར་པོ་གཉིས། །ལས་བྱེད་དཀར་པོ་གཉིས་ཡིན་ནོ། །དེ་བཞིན་དར་བ་དཀར་པོ་གཉིས། ༈ །རྒུད་པ་ན་བ་འཆི་བ་གསུམ། །གསུམ་ཀ་ནག་པོ་གཉིས་རེ་ཡིན། ༈ །དེ་བཞིན་དུར་ཞུགས་ནག་པོ་གཉིས། །འདི་ཡི་མན་ངག་སྙན་བརྒྱུད་ནི། །ཟླ་བ་ཞག་དུས་ཤིས་མི་དགོས། །ཐམས་ཅད་


CMR058_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བརྩི་བྱའི་ལོ་ལ་གཏུག ༈ །མི་གསང་རྡེའུ་རྡེལ་གཅིག་ཟེར། །དེ་ནས་རྡེའུ་གང་བབ་རྒྱབ། །བརྩི་བྱ་སྲོག་ལུས་དབང་ཐང་དང་། །རླུང་རྟ་བཞི་པོ་རང་ལོ་གཏུག །དེ་ལ་རྡེའུ་བཞི་མཐུར་དུ་བཞག །དེ་ནས་དེ་ཡི་མ་བཞི་ཡི། །དར་རྒུད་བརྩིས་བྱས་ལོ་ནས་གཏུག །དེ་བཞིན་ཐུར་དུ་རྡེའུ་བཞི་བཞག །དེ་བཞིན་སྲོག་ལུས་དབང་རླུང་གི །མ་བཞི་བུ་བཞི་གྲོགས་བཞི་དང་། །དགྲ་བཞི་སྔོན་ལྟར་དར་རྒུད་ནི། །བརྩི་བྱའི་ལོ་སྙིང་དེ་ལ་གཏུག །དེ་ཡི་མན་ངག་ཁྱད་པར་ཅན། །གཞན་གྱི་མི་ཤེས་ཟབ་ཁྱད་ནི། །དགྲ་བཞི་རྡེའུ་དཀར་ནག་རྗེ། །དཀར་པོ་གཉིས་ལ་ནག་པོ་གཉིས་རེ་བཞག །ནག་པོ་གཉིས་ལ་དཀར་པོ་གཉིས་རེ་བཞག །ནག་པོ་གཅིག་ལ་དཀར་པོ་གཅིག་རེ་བཞག །དཀར་པོ་གཅིག་ལ་ནག་པོ་རེ་རེ་བཞག །དེ་བཞིན་ཁ་དམར་རྡེའུ་ནི། །རྡེའུ་བཅོ་ལྔ་པོ་དེ་ལ། །སོ་སོར་ཁ་དམར་བཅོ་ལྔ་བཞག །འཕྲད་དུ་རྡེའུ་ཕྲེང་བཞི་པོ་ལ། །ཁ་དམར་རེ་རེ་མཐུར་དུ་བཞག །དེ་ལྟར་རྩ་རྡེལ་དྲུག་ཅུ་དང་། །ཁ་དམར་རྡེའུ་བཅུ་དགུ་སྟེ། །རྡེའུ་བདུན་ཅུ་དོན་དགུ་ཡིན། །དར་རྒུད་གསེར་ཕྲེང་དངོས་གཞི་རྫོགས་སོ།། །། ཨཾ༔ གཞན་ཡང་འཆད་ཆེན་འཆད་ཆུང་


CMR058_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རུས་ཁམས་རྩིས་ནི་མང་བར་ཡོད། །སེ་གཞིག་བདུན་ཁུར་ལ་སོགས་པ། །འདི་ནི་གཞུང་དུ་མ་བཤད་པའི། །དེ་དག་གཞན་དུ་ཤེས་པར་གྱིས། །འདི་ཡི་མན་ངག་ཡང་ཟབ་ནི། ༈ །སྐྱེས་ནས་ཉི་ཤུ་རྩ་ལྔའི་བར། །སྐྱིད་སྡུག་མ་ཡི་དར་རྒུད་གཙོ། །ཉེར་ལྔ་ནས་ནི་ཞེ་དགུའི་བར། །སྐྱིད་སྡུག་རང་གི་དར་རྒུད་གཙོ། །ཞེ་དགུ་ལོན་པ་ཕན་ཆད་བར། ༈ །ཕ་ཡི་དར་རྒུད་གཙོ་ཆེ་སྟེ། །ཚེ་ལ་བར་ཆད་ཡོད་མེད་ནི། ༈ །སྲོག་གི་དར་རྒུད་རྡེའུ་ལྟོས། །ལུས་ལ་ན་ཚ་འབྱུང་མི་འབྱུང་། །དེ་ཡི་དར་རྒུད་རྡེའུ་ལྟོས། །ཟས་ནོར་ལོངས་སྤྱོད་ཕྱུག་གམ་དབུལ། ༈ །གྲོགས་བཞིའི་རྡེའུ་དཀར་ནག་ལྟོས། །དགྲ་འདྲེའི་གནོད་པ་འབྱུང་མི་འབྱུང་། ༈ །དགྲ་བཞིའི་རྡེའུ་དཀར་ནག་ལྟོས། །དེ་དག་ནག་པོ་བྱུང་བས་ན། །མི་ཚེ་སྟོད་སྨད་བར་གསུམ་ལ། །ནམ་ཕུག་ཕ་མ་བུ་གསུམ་པོ། །དཀར་པོ་བྱུང་ན་ནམ་བཟང་སྟེ། །རང་དང་ཕ་མ་དར་རྒུད་རྣམས། །ཚེ་ཡི་སྟོད་སྨད་སྤྱོད་པ་ཤེས། །ངན་པ་གཞུང་ནས་གསུངས་པ་ལྟར། །རིམ་གྲོ་བྱས་ན་ཕན་པ་ཡིན། །ཚེ་དབང་རྒྱས་ཀྱིས་བསྐུལ་བྱས་ནས། །རྩིས་མཁན་རཱ་ག་ཨ་སྱས་སྨྲས། །རྩིས་མཁན་


CMR058_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བིརྱས་ཡི་གེར་བཀོད། །སརྦ་མངྒ་ལཾ།། །། ༈ དར་རྒུད་བཟང་ངན་བཤད་པ་ནི། སྲོག་ཚེ་རིང་ཐུང་བརྩི་བ་ནི། །དང་པོ་རང་རྡེའུ་དཀར་བ་ན། །ཚེ་ལ་བར་ཆད་མེད་པ་ཡིན། །ལྗོན་ཤིང་ལོ་འདབ་རྒྱས་པ་འདྲ། །མི་ཚེ་ཆུ་བོའི་གཞུང་ལས་རིང་། །ཕ་སྤུན་གཉེན་འདུན་ལ་གཟན་པས། སྤུ་གྲི་ཀླད་ལ་གཡུག་པ་འདྲ། ༈ །སྲོག་གི་རང་རྡེའུ་ནག་པས་ན། །ཤིང་གི་རྐེ་ནས་ཆག་པ་འདྲ། །སྲོག་ལ་བར་ཆད་འོང་བ་དེར། །ལུག་གུ་སྤྱང་ཀིས་གཏོར་འདྲ་བ། །ཚེ་གཟུངས་ཚེ་མདོ་དབང་བསྐུར་ཞུ། །མ་དང་ཕྱི་མོ་ཉེ་བ་ངན། ༈ །སྲོག་གི་མ་རྡེལ་དཀར་བས་ན། །མ་དང་ཞང་པོའི་རིགས་ལ་བཟང་། །གོས་བཟང་ལུས་ལ་གྱོན་པ་འོང་། །མ་དང་འགྲོགས་ཡུན་རིང་བ་དེར། །ཆུ་བོར་གཞུང་ལས་བཟང་བར་བཤད། ༈ །སྲོག་གི་མ་རྡེལ་ནག་པས་ན། །མ་ཕྱི་རིང་ལ་ངན་པའི་དྲན། །ཆུང་བའི་འགྲོ་ཡུན་ཐུང་བའམ། །་མ་ཕྱི་རང་ཡང་ཆུང་གི་ཟིན་ན་འཐུང་། །མ་ཕྱི་ཁ་རྗེ་དབང་ཐང་ཡོད་ན་བཟང་། །སྲོག་གི་བུ་རྡེལ་བུ་ས་ཡིན། །ཚེ་སྟོད་བུ་ཡི་ཕན་ཐོགས་པས། །མི་འགྱུར་བརྟན་པའི་རི་བོ་འདྲ། །བུ་ཚ་བཟང་པོ་གཉིས་སྐྱེས་པས། སྟག་ཕྲུག་སེང་


CMR058_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲུག་བཙན་པ་འདྲ། །ཚེ་སྐད་བུ་ཡི་བཟང་ངན་བརྩི། ༈ །སྲོག་གི་བུ་རྡེལ་ནག་པས་ན། །བུ་ལ་ངན་ཞིང་རོ་ཚན་ཆེ། །རང་ཡང་ཚེ་རིང་མི་ཐུབ་པས། །ཚེ་ཆོག་བྱེད་ལ་ཚེ་མདོ་འདོན། །ཚེ་བདུད་བཀྲལ་ལ་བཟློག་མདོས་བྱ། །ཚེ་འབར་གསོ་བ་བྱས་ན་བཟང་། ༈ །སྲོག་གི་གྲོགས་རྡེལ་དཀར་བས་ན། །རྟ་ནོར་བ་ལང་སུ་ཐོན་ཚད། །རིན་ཆེན་གླིང་དུ་ཕྱིན་པ་འདྲ། །ཟས་ནོར་ལག་ཏུ་ཕྱིན་པ་དེ། །གླང་ཆེན་ཁལ་དུ་བཀལ་བ་འདྲ། །འོག་རྟ་སྒོ་ནོར་དག་ལ་བཟང་། ༈ །སྲོག་གི་གྲོགས་རྡེལ་ནག་པས་ན། །ནོར་རྒུད་ཆེ་ཞིང་བློ་ཉེས་གཏོར་བརླག་འོང་། །བུ་ཚ་མི་ཡུལ་འཁྱམས་ཉན་ཡོད། །རང་ཡུལ་བྱེ་བྲལ་འོང་བ་ཡིན། །ཆུ་སྦྱིན་ནག་པོ་སྟོང་མཆོད་བྱ། ༈ །སྲོག་གི་དགྲ་རྡེལ་དཀར་བས་ན། །ཚེ་ལ་བར་ཆད་མེད་པ་སྟེ། །བདུད་ཀྱི་ཆད་པ་མི་ཚུགས་བས། །རྩལ་གསུམ་འཛོམ་པ་སེང་གེ་འདྲ། །རང་གི་ཤེས་སྐལ་གང་ཆེ་བ། །ཚེ་སྲོག་མི་ཆད་བཟང་བ་ཡིན། ༈ སྲོག་གི་དགྲ་རྡེལ་ནག་པ་ན། །དཔའ་བོ་ལན་བརྒྱ་བྱས་ཀྱང་རི་ཁར་ཤི། །དགྲ་མནན་དགྲ་བྲུབ་ཡང་ཡང་བྱ། །ལུག་གི་བུ་དང་ནོར་སྐལ་བརྩི། ༈ །ལུས་ཀྱི་རང་རྡེལ་དཀར་བས་


CMR058_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ན། །ལུས་ལ་ན་ཚ་མེད་པ་དེ། །ཤ་ཁྱི་ལ་ཁར་ཕྱིན་པ་འདྲ། །ཕ་མ་བུ་ལ་གཟིན་པ་དེ། །ལྕུག་ཕྲན་ཟོར་བས་རྔས་པ་འདྲ། །རང་ལ་བཟང་སྟེ་གཞན་ལ་ངན། ༈ །ལུས་ཀྱི་རང་རྡེལ་ནག་པས་ན། །ཕ་མེས་རིགས་ལ་འགྲོས་པ་དེ། །རུས་པ་མེད་པའི་མི་དང་འདྲ། །ན་ཚ་མང་ཞིང་སྲིན་བུའི་ཟིན། །བྱད་ཟློག་དང་ནི་གཏད་གྲོལ་བྱ། །སྐྱེས་པ་ན་ཚ་མང་དུ་བཤད། ༈ །ལུས་ཀྱི་མ་རྡེལ་དཀར་བས་ན། །ཕ་མྱེས་རིགས་བཟང་ཡོད་པ་དེ། །གངས་ལ་ཉི་མ་ཤར་བ་དང་། །ཕ་དང་འགྲོགས་ཡུན་རིང་བ་དེ། །དེ་ལ་ཤིང་གི་རྩེ་མོ་འདྲ། །ཕ་མྱེས་རིགས་ལ་སྤྱོད་པ་དེ། །ཡིད་བཞིན་ནོར་བུ་རྙེད་པ་འདྲ། ༈ །ལུས་ཀྱི་མ་རྡེལ་ནག་པ་ན། །ཕ་ངན་བུ་རིང་ཆུང་བ་འདི། །འགྲོགས་ལ་ཡུན་རིང་ཐུང་བའམ། །ཕུ་ནུའི་ཕན་པ་མི་ཐོགས་པས། །ས་འགམ་དང་ནི་ལུས་བསྒྱུར་བ། །མིང་ཕོ་སྐྱབས་སྡོམ་ཞུས་ན་བཟང་། ༈ །ལུས་ཀྱི་བུ་རྡེལ་དཀར་བས་ན། །ཚེ་སྟོད་བུ་ཡི་ཕན་ཐོགས་པས། །གཡུ་ཡི་ལྗོན་ཤིང་སྐྱེས་པ་ལ། །བུ་ཚ་མཛེས་པ་སྨྱུག་ཕྲན་འདྲ། །མེ་ཏོག་པདྨ་ཁ་ཕྱེས་འདྲ་བས་བཟང་། ༈ །ལུས་ཀྱི་བུ་རྡེལ་ནག་པས་ན། །ཚེ་མགོས་བུ་ཡི་ཕན་མི་ཐོགས། །ཚེ་


CMR058_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

སྟོད་ན་ཚ་མང་བ་འདི། །བུ་ལ་ཕན་མི་ཐོགས་པས་ནད་ཀྱི་ཟིན་པ་དང་། །ཐ་མ་མི་ཡུལ་འཁྱམས་པ་འོང་། ༈ །ལུས་ཀྱི་གྲོགས་རྡོར་དཀར་བ་ན། །ཁ་དང་བྱད་དུ་འཕྲད་པ་དེ། །གོམ་གསུམ་འགྲིམ་ན་སྤྱང་ཀི་འདྲ། །ཆུང་མ་མགོ་གཙང་བླང་བ་དེ། །ཡིད་བཞིན་ནོར་བུ་རྙེད་པ་འདྲ། །ཐ་མ་ཅི་འོང་ཁྱིམ་གྱི་ཁ་རྗེས་བཏང་བ་ཡིན། ༈ ལུས་ཀྱི་གྲོགས་རྡེལ་ནག་པས་ན། །བྱས་ཀྱིས་ནོར་ལ་ཕན་མི་ཐོག །ཆུང་མ་བྱས་ཡུགས་ཅན་དང་འཕྲད། །ཡང་ན་བྱེ་བྲལ་འོང་དོགས་ཡོད། །ཡས་དགུ་ཕྱེ་མོར་གླུད་འཇལ་བྱས་ན་ཕན། ༈ །ལུས་ཀྱི་དགྲ་རྡེལ་དཀར་བས་ན། །བུ་རྒྱུད་འཕེལ་ཞིང་དར་བ་ཡིན། །བེའུ་ཆང་བཟང་གསེར་དང་འདྲ། །ཆུ་གསུམ་ཞེ་སྡང་བྱེད་པ་དེ། །གསེར་གཞོང་མར་ཁུའི་བཀང་ཀླུབ་འདྲ། །ཚེ་རིང་འཕེལ་དང་བསོད་ནམས་རྟགས། ༈ །ལུས་ཀྱི་དགྲ་རྡེལ་ནག་པས་ན། །བུ་ཚ་གླང་པོ་ཆང་གི་བརྫི་བ་འདྲ། །རང་ཡང་དགྲ་དང་འཕྲད་དོགས་ཡོད། །དགྲ་བྲུབ་དང་ནི་དགྲ་ཆོས་བྱ། ༈ །དབང་རྡེལ་ནོར་ཕྱུགས་ཆེ་ཆུང་རྩིས། ༈ །དབང་ཐང་རང་རྡེལ་དཀར་བས་ན། །ཟས་ནོར་གསེར་གྱི་ཁ་འབྱེད་ཅིང་། །བཙན་དང་ཕྱུགས་གནས་ལུས་


CMR058_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོད་པ། །གཡང་དཀར་ལྷ་ཡི་གང་བར་འདྲ། ༈ །དབང་དང་རང་རྡེལ་ནག་པས་ན། །ཕ་མྱེས་ནོར་ཟས་ཕན་མི་ཐོགས། །ནོར་གོད་སྙིང་སྟོང་གོད་ཁ་འོང་། །གཡང་ཉམས་གཡང་ལེན་ཆུ་གཏོར་བཏང་། །ཚེ་ཆོག་གཡང་སྐྱབས་དགྲ་བྲུབ་ཟབ། ༈ །དབང་ཐང་མ་རྡེལ་དཀར་བས་ན། །ཕ་མྱེས་མ་ཕྱིའི་རིགས་རྒྱུད་བཟང་། །རི་རབ་སྲོག་གུར་ཕུར་བ་འདྲ་།མ་གསུ་ཞང་པོའི་དྲིན་བཟའ་བ། །རིན་ཆེན་གཏེར་ལ་སྤྱོད་པ་འདྲ། །ཡིད་བཞིན་ནོར་བུ་རྙེད་དང་མཚུངས། ༈ །དབང་དང་མ་རྡེལ་ནག་པས་ན། །ཞིང་ཕྱི་ནོར་ལ་ཕན་མི་ཐོགས། །གསུ་མོ་བག་མ་མི་ལེན་པ། །ཕུང་འདྲེ་བྱས་དང་ཕུང་སྲི་མནན། །བཅད་ཏེ་རྩིག་དང་ཆུ་གཏོར་བཏང་། ༈ །དབང་དང་བུ་རྡེལ་དཀར་བས་ན། །ཚེ་སྨད་བུ་ཡི་ཕན་ཐོགས་ཤིང་། །གསེར་གྱི་ལྗོན་ཤིང་འདབ་རྒྱས་འདྲ། །བུ་ཚ་ཁ་དྲག་མང་བ་དེ། །ཁ་གྱོད་ཟར་མའི་མེ་ཏོག་འདྲ། །ཚེ་སྨད་བུ་ཚ་བཟང་ངན་བརྟག ༈ །དབང་དང་བུ་རྡེལ་ནག་པས་ན། །ཚེ་སྐད་བུ་ཡིས་ཕན་མི་ཐོགས། །བུ་ལ་ལྕགས་ཀྱི་ཟིན་པའམ། །མི་ཡུལ་འཁྱམ་ལ་འགྲོ་བ་འོང་། །བུ་ལ་བརྗེ་བྱས་ན་བཟང་། །སཙྩ་བཏབ་ན་བཟང་བ་ཡིན། ༈


CMR058_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རྡེལ་གྲོགས་རྡེལ་དཀར་བ་ན། །རྔ་མོང་བུ་དང་འཕྲད་པ་བཞིན། །བདུད་རྩིའི་ཆར་ཆེན་འབེབས་པ་འདྲ། །ནོར་རྫས་འབྲུ་དང་འཕྲད་པ་དེ། །ཟལ་མོ་ཟས་དང་འཕྲད་པ་འདྲ། །དབུལ་པོ་ཕྱུག་པོ་འོང་བ་ཡིན། །ཞིང་བྲུབ་བུ་ལུ་མི་འཕྲད་བཏག་པ་ནི། །དབང་ཐང་གྲོགས་རྡེལ་ནག་པས་ན། །རྨིག་པ་ཁ་བྲག་ཅན་ལ་ངན། །རྒས་ཁ་ནོར་དང་འབྲལ་ཉན་ཡོད། །ནོར་ནི་དཀར་མཚན་ཅན་ལ་ངན། །གསེར་འོད་གཡང་སྐྱབས་ནོར་གཟུངས་འདོན། ༈ །དབང་ཐང་དགྲ་རྡེལ་ནག་པས་ན། །རང་ལེན་མེད་པའི་ཤ་སྟོང་འཇལ། ༈ །ནོར་ཡོད་མི་ལ་ཤོར་ཉན་ཡོད། །རང་ཡང་མི་ཡིས་བསད་དོགས་ཡོད། །དཔོན་རིགས་བཟང་པོ་གཅིག་ནི་བཙལ་ན་བཟང་། ༈ །དབང་དང་དགྲ་རྡེལ་དཀར་བས་ན། །ཟས་ནོར་ཤོར་གོད་མེད་པ་ཡིན། །མུ་ཏིག་དར་ལ་བརྒྱུས་པ་འདྲ། །དབུལ་པོ་ཕྱུག་པོ་འོང་བ་ཡིན། །ཞག་གི་རྒྱ་མཚོ་འཁྱིལ་བ་འདྲ། །ནོར་གོད་ཆུང་བ་བཏག་པ་ཡིན། །རླུང་རྟའི་ཡིད་ཚད་བཟང་ངན་བརྩི། །རླུང་རྟའི་རང་རྡེལ་དཀར་བས་ན། །ཡིད་ཚད་ཡི་གེ་གཏེར་མི་ལ། །གསོན་ཁྱིམ་འགྲོ་བ་གསེར་གཡུ་སྤྲས་པ་འདྲ། །ངན་སྔགས་གང་ལ་སྒྲུབ་པ་


CMR058_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དེ། །ལྕགས་མིག་སྲན་མ་འདྲིལ་བ་འདྲ། ༈ །རླུང་རྟའི་རང་རྡེལ་ནག་པས་ན། །ཕྱི་མི་བྱམས་ན་ནང་མི་སྡེ། །གོང་མས་བྱམས་ལ་འོག་མས་སྡང་། །གཏོ་ལ་དགྲ་བ་བྱུར་བདུན་བྱ། །མི་ཁ་བྲུབ་མནན་བྱས་ན་བཟང་། ༈ །རླུང་རྟའི་ཡ་རྡེལ་དཀར་བས་ན། །རིགས་རྒྱུད་བཟང་པོ་འཁོར་བ་དེ། །མུ་ཏིག་བཙལ་རྙེད་བརྒྱུས་པ་འདྲ། །མཚན་པ་ཕྲིན་ལས་རིམ་པ་ནི། །ངར་དང་མར་ཆེན་བརྒྱང་པ་འདྲ། །ཕྱི་མཛེས་རྒྱལ་མཚན་རྩེ་མོ་འདྲ། ༈ །རླུང་རྟའི་མ་རྡེལ་ནག་པ་ན། །བློན་པོ་དང་ནི་དྲིན་ཆུང་བའི། །ཤེས་རབ་སློབ་ཀྱང་མི་ལོབ་པ། །རིགས་རྒྱུད་མི་ལ་ཤོར་བའམ། །ཁ་རྗེ་སློང་ན་བཟང་བར་བཤད། ༈ །རླུང་རྟའི་བུ་རྡེལ་དཀར་བས་ན། །གཉེན་འདུན་བརྩེ་གདུང་ཆེ་བ་དེ། །ཁ་རོ་ལ་ལྕགས་གཟར་བ་འདྲ། །གཞང་ཞིང་གྲོགས་ཁ་མ་རལ་བ། །མུ་ཏིག་དར་ལ་བརྒྱུས་པ་འདྲ། །ཚེ་སྨད་བུ་ཡི་མིང་མ་བརྩི། ༈ །རླུང་རྟའི་བུ་རྡེལ་ནག་པས་ན། །ཕ་ཚན་ནམ་བུ་དབང་ཐང་ཆུང་། །རྒྱ་མཁལ་བརྩིགས་དང་ཏོག་གཟུངས་འདོན། ༈ །ཀླུང་རྟའི་གྲོགས་རྡེལ་དཀར་བས་ན། །ཟས་ནོར་ལག་ཏུ་འོང་བ་དེ། །མཐུད་མར་བརྩེགས་པའི་རི་བོ་འདྲ། །རྒས་ཁ་


CMR058_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་ཁ་མ་རལ་བ། །དངུལ་གཞོང་མར་ཁུའི་བཀང་བ་འདྲ། །སྒོ་ནོར་ཡོད་མེད་སྐྱིད་སྡུག་བདག་༈ །རླུང་རྟའི་གྲོགས་རྡེལ་ནག་པས་ན། །བྱས་སུ་ནོར་མི་གཡང་ཉམས་པ། །གཡང་སྐྱོབས་འདོན་ལ་གཡང་འབོད་བྱ། ༈ །རླུང་རྟའི་དགྲ་རྡེལ་དཀར་བས་ན། །སྔོན་དུ་ཐམས་ཅད་བྱམས་པའི་ནད། །ལྷག་པར་རྣོ་སོ་སྨྲ་མི་བྱེད། །རྒྱལ་པོ་ལྐོག་གི་མི་རྣམས་དང་། །ཉེ་བའི་ཕན་པས་མི་སྡང་ངོ་། །རྒས་ཁ་དགྲ་རྣམས་ཐུལ་བ་དང་། །ཐམས་ཅད་ཀུན་གྱི་བྱམས་པ་ཡིན། ༈ །རླུང་རྟའི་དགྲ་རྡེལ་ནག་པས་ན། །སྐྱིད་ཀ་དགྲ་རྐུན་ལང་བ་དང་། །མཚོན་ཆ་རྣོ་གཅོད་བབ་པ་ཡིན། །དགྲ་མནན་དགྲ་ཆོས་དགྲ་བྲུབ་བྱ། །བླ་མར་སྐྱབས་སྡོམ་ཞུ་བའོ། ༈ །སྲོག་བཞིའི་ལུས་ཚང་ངམ་མ་ཚང་། །༈ རྣམ་བཞིའི་ལྷག་པ་བུད་མི་བུད། ༈ །བུ་བཞིའི་མཁར་བུ་ཚུད་དམ་མ་ཚུད། ༈ །གྲོགས་བཞིའི་གཏེར་ཆེན་ཐོན་ནམ་མ་ཐོན། ༈ །དགྲ་བཞིའི་བྱུར་བཞི་བཤའ་མཚོན་ཐོགས་སམ་མ་ཐོགས། ༈ །བུ་བཞིའི་བློ་སྒོ་ཤོར་རམ་མ་ཤོར་བརྟགས་པའོ། ༈ །སྲོག་བཞིའི་དཀར་པོ་བྱུང་བས་ན། །ཚེ་ཡི་གཞི་མ་མ་ཤོར་བཟང་། །ཚེ་ཡི་ཉི་མ་བདུན་དུ་ཤར། །ཚེ་


CMR058_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་དགུ་བཅུ་ཐུབ་པ་ཡིན། ༈ །མ་བཞི་དཀར་པོ་བྱུང་བས་ན། །ཕ་ཁུ་དར་མ་ཚེ་ཡི་མདུད། །ཞང་མྱེས་རིག་རྒྱབ་བརྟེན་མི་ཆེན་ལ། ༈ །བུ་བཞི་དཀར་པོ་བྱུང་བ་ན། །བུ་ནི་དྲུག་དང་བདུན་གྱིས་བསྐུར། ༈ །གྲོགས་བཞི་དཀར་པོ་བྱུང་བས་ན། རི་རབ་ལ་རྒྱབ་རྟེན། རྒྱ་མཚོ་ལ་མཆུ་ཟུག་པ། འབྲི་བརྒྱ་བཞོ། ལུག་བརྒྱ་བཏགས། ༈ །དགྲ་བཞི་དཀར་པོ་བྱུང་བས་ན། རྒྱས་པ་ཁ་བུ་དང་ནོར་ལ་འཕེལ། དགྲ་རྣམས་ཐུལ་བ་ཕར་ཐུབ་བྱེད། །སྲོག་བཞི་ནག་པོ་བྱུང་བས་ན། །ཚེ་སྲོག་ལ་ཁར་ཕྱིན་པའི་རྩེ་མོ་ཆེ། ༈ །མ་བཞི་ནག་པོ་བྱུང་བའི་ན། གསུ་མོ་བུ་སྲིན་མཐའ་ནས་རྩོད་ཆད་ཡིན། ༈ བུ་བཞི་ནག་པོ། ད་ལྟ་བུ་སྤུན་མང་ན་ཡང་། ཐ་མལ་རབས་ཆད་བུ་མལ་སྟོང་། ༈ གྲོགས་བཞི་ནག་པོ། །ཟས་ནོར་མི་ལ་ཤོར་དོགས་འོང་། ༈ དགྲ་བཞི་ནག་པོ་བྱུང་བས་ན། །ནོར་བརྒྱ་ཡོད་ཀྱང་ཐ་མ་སྤྲང་པོར་འགྲོ། ཡོད་པ་མི་ལ་ཤོར། འབྲི་བརྒྱ་བཞོས་ཀྱང་ཐ་མ་བཞོ་རྫ་ས་ཟད། ཐ་མ་ཇེ་ངན་དུ་འགྲོ་གསུངས་སོ། །དར་རྒུད་གསེར་ཕྲེང་གི་རྡེལ་དཔྱད་གསལ་བའི་སྒྲོན་མེ་ཞེས་བྱ་བ་རྫོགས་སོ།། །།སརྦ་མངྒ་ལཾ།།


CMR058_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད། ལྕགས་བྱི་ལོ་པ་རང་ལོའི་བྲེ་གང་རྡེལ་དྲུགགི་རྡེའུ། བུ་མོ་ལྕགས་བྱི་ལོ་པ་རང་ལོའི་བྲེ་གང་རྡེལ་དྲུག་གི་རྡེའུ། གོང་གསལ་བཞིན་འདི་དོན་ལྟར་རིགས་པས་དཔྱད་ཤེས་དགོས། གནམ་ཁྱི་སྦྱོར་རྩིས་ཡོད། འདི་འོག་གསོན་རྩིས་ཡོད། །


CMR058_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད། མེ་ཕོ་བྱི་བ་སྐྱེས་དར་མ་རང་ལོ་ཉེར་ལྔའི་བྲེ་གང་རྡེལ་དྲུག་གི་རྡེའུ། བུད་མེད་མེ་ལོ་བྱི་བ་རང་ལོ་༢༨ལོ་པའི་བྲེ་གང་རྡེལ་དྲུག་གི་རྡེའུ།


CMR058_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

རེའུ་མིག་ཡོད། ས་ཕོ་སྟག་གི་ལོ་ས་ཕོ་ལོ་བརྒྱད་ཅུ་རྩ་གསུམ་ལོ་པའི་བྲེ་གང་རྡེལ་དྲུག་གི་རྡེའུ། ༈ བུད་མེད་ས་ཕོ་སྟག་གི་ལོ་མ་ལོ་བརྒྱད་ཅུ་རྩ་གསུམ་ལོ་པའི་བྲེ་གང་རྡེལ་དྲུག་གི་རྡེའུ།

སྨེ་བའི་སྒང་རྩིས།


CMR058_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

སྨེ་བའི་སྒང་རྩིས་བཞུགས་པའི་དབུ་ཕྱོགས་ལགས་སོ། །


CMR058_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་ཧོ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྣང་གསལ་སྒྲོན་མེའི་བཅུད་ཕྱུང་བ། །སྨེ་བའི་སྒང་རྩིས་ཆེན་མོ་ལས། །དགུ་ལིང་རྣམ་པ་ལྔ་རུ་བཤད། །ལུས་སྨེ་སྲོག་སྨེ་དབང་དང་གསུམ། །ཀླུང་རྟེ་མ་རླུང་གཉིས་དང་ལྔ། །ལུས་སྨེ་དགུ་ལིང་ལྷོ་རུ་བྱ། །སྲོག་སྨེ་དགུ་ལིང་དབུས་སུ་བྱ། །དབང་སྨེ་དགུ་ལིང་བྱང་དུ་བྱ། །ཀླུང་རྟའི་སྨེ་བ་ཤར་དུ་བྱ། །མ་རླུང་དགུ་ལིང་ནུབ་ཏུ་བྱ། །དེ་ལྟར་དགུ་ལིང་ལྔ་ཙམ་ལ། །དང་པོ་ལུས་ཀྱི་སྨེ་བ་ལེན། །གང་ཤར་དགུ་ལིང་དབུས་སུ་བཞག །སྨེ་བ་ལོ་ཡི་ཕོ་མོ་ཡིན། །ཕོ་དྲུག་གིན་ལ་མོ་དྲུག་ཟོན། །གང་བབ་ལོ་ལ་བརྩི་


CMR058_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཤེས། །དབུས་བཞག་ལུས་ཀྱི་སྨེ་བ་དང་། །གར་བབ་སྨེ་བ་འཐབ་པ་ཡིན། །སྨེ་སྒོ་ཤར་ལ་སྨེ་ཕུག་ནུབ། །དེ་ནས་ཤར་གྱི་སྨེ་བ་ལེན། །གང་ཤར་དགུ་ལིང་དབུས་སུ་བཞག །ལོ་གྲངས་རྩིས་ལ་ཤེས་པར་བྱ། །དགུ་ལིང་དེ་ཡི་གར་བབ་འཐད། །དེ་ནས་ཤར་ལྷོའི་སྨེ་བ་ལེན། །གང་ཤར་དགུ་ལིང་དབུས་སུ་བཞག །གར་བབ་དེ་དང་འཐབ་པ་ཡིན། །གཉིས་པ་སྲོག་གི་སྨེ་བ་ལེན། །གསུམ་པ་དབང་ཐང་སྨེ་བ་ལེན། །བཞི་པ་ཀླུང་རྟའི་སྨེ་བ་ལེན། །ལྔ་པ་མ་རླུང་རྨེ་བ་ལེན། །གང་བླངས་སྨེ་བ་དབུས་སུ་བཞག །སྨེ་བརྒྱད་དང་པོ་སྒོ་ནས་ལེན། །དེ་


CMR058_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཤར་ལྷོའི་སྨེ་བ་ལེན། །གང་བླངས་རང་རང་ཕྱོགས་སུ་བཞག །ཕོ་མོ་གཉིས་ལ་དབྱེ་བ་མེད། །གཡས་སྐོར་བྱེད་ནས་ལེན་པ་ཡིན། །དགུ་མིག་པ་ལ་སྒང་རྩིས་སྤང་། །དེ་ལྟར་སྨེ་བའི་སྒང་རྩིས་ལ། །རྟེལ་བུ་བཞི་བཅུ་ཞེ་ལྔ་བཤད། །མ་བུ་དགྲ་གྲོགས་གཉིས་དང་བཞི། །འབྱུང་བ་ནང་འཕྲད་ལྔ་དང་དགུ། །མ་འཕྲད་རྡེའུ་དཀར་པོ་གཉིས། །བུ་འཕྲད་རྡེའུ་དཀར་ནག་གཉིས། །གྲོགས་འཕྲད་རྡེའུ་དཀར་པོ་གཅིག །དགྲ་འཕྲད་རྡེའུ་ནག་པོ་གཉིས། །ས་ཆུ་ནང་འཕྲད་དཀར་པོ་གཅིག །མེ་ལྕགས་ཤིང་གསུམ་ནང་འཕྲད་ནག་པོ་རེ། །མ་ལོ་མ་ཤེས་སྤར་སྨེ་ལེན། །དེ་ནས་རྡེའུ་རྫོགས་པ་དང་། །སྨེ་བའི་སྒང་རྩིས་དཔྱད་པ་ལ། །ལྷོ་ཕྱོགས་ལུས་ཀྱི་སྨེ་བ་འདི། །མཐོན་པོ་དགུང་གི་སྐོར་ཕྱུ་ཡིན། །གནམ་གྱི་ཀ་བ་མ་འགྱེལ་དགོས། །ལུས་རྡེལ་དགྲ་འཕྲད་འགྱེལ་བ་ཡིན། །ཉི་མ་ཟླ་བ་སྐར་མ་གསུམ། །དུས་གཅིག་གཟའ་ཡིས་མ་འབྱངས་དགོས། །ནག་གསུམ་འཛོམ་ན་འབྱུང་བ་ཡིན། །དབུས་མ་སྲོག་གི་སྨེ་བ་འདི། །རི་རྒྱལ་ལྷུན་པོའི་སྐུ་ཕྱུ་ཡིན། །རི་རྒྱལ་ཐོག་གིས་མ་བཤིག་དགོས། །དབུས་རྡེལ་དགྲ་འཕྲད་བཤིག་པ་ཡིན། །ཡམས་ཀྱི་སྒོ་མོ་མ་ཁྲིད་


CMR058_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། །ནག་གསུམ་འཛོམ་ན་ཁྲིད་པ་ཡིན། །བྱང་ཕྱོགས་དབང་ཐང་སྨེ་བ་འདི། །དང་མོ་ས་ཡི་གཞི་ཕྱུ་ཡིན། །ས་ལ་ས་ཟད་མ་བྱུང་དགོས། །དབུས་རྡེལ་དགྲ་འཕྲད་ཟད་ཞིག་འབྱུང་། །རྩི་ཐོག་སད་ཀྱིས་མ་ཁྱེར་དགོས། །ནག་གསུམ་འཛོམ་ན་ཁྱེར་བ་ཡིན། །ཤར་ཕྱོགས་ཀླུང་རྟའི་སྨེ་བ་འདི། །སྙིང་སྟོང་མདུན་ངོ་མ་བྱུང་དགོས། །ནག་གསུམ་འཛོམ་ན་བྱུང་བ་ཡིན། །ནུབ་ཕྱོགས་མ་ཀླུང་སྨེ་བ་འདི། །ཁ་མཆུ་གླེང་གཞི་མ་བྱུང་དགོས། །ནག་གསུམ་འཛོམ་ན་བྱུང་བ་ཡིན། །ཤར་ཕྱོགས་དུང་རི་དཀར་པོ་ལ། །དུང་སེང་གཡུ་རལ་མ་གོག་དགོས། །སྟོད་གསུམ་ནག་ན་གོག་པ་ཡིན། །ལྷོ་ཕྱོགས་གཡུ་རི་སྔོན་པོ་ལ། །གཡུ་འབྲུག་སྒྲ་སྐད་མ་ལྐུག་དགོས། །སྟོད་གསུམ་ནག་ལ་ལྐུག་པ་ཡིན། །ནུབ་ཕྱོགས་ཟངས་རི་དམར་པོ་ལ། །མཚལ་བྱའི་གཤོག་པ་མ་ཆད་དགོས། །བར་གསུམ་ལྷག་ན་ཆད་པ་ཡིན། །བྱང་ཕྱོགས་གཡུ་མཚོ་སྔོན་མོ་ལ། །ཉ་སྲམ་ཆབ་དང་མ་བྲལ་དགོས། །སྨད་གསུམ་ནག་ན་བྲལ་བ་ཡིན། །གནམ་གྱི་འཇུ་ཐག་མ་ཆད་དགོས། །ཡར་དེད་དགུ་ལ་རྡེལ་ནག་གཉིས། །གནམ་གྱི་འཇུ་ཐག་ཆད་པ་ཡིན། །མར་དེད་དགུ་ལ་


CMR058_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

རྡེལ་ནག་གཉིས། །ས་ཡི་རྟེན་ཕུར་བུད་པ་ཡིན། །བརྟེན་པའི་ཀ་བཞི་མ་འགྱེལ་དགོས། །དབུས་རྡེལ་བཞི་པོ་ནག་པ་ན། །བརྟེན་པའི་ཀ་བཞི་ནག་འགྱེལ་ཡིན། །གདུང་མ་བརྒྱད་པོ་མ་ཡོ་དགོས། །ནག་པོ་མང་ན་ཡོ་བ་ཡིན། །བར་འཁྱམས་བཅུ་གཉིས་མ་འཁྱམས་དགོས། །ནག་པོ་མང་ན་འཁྱམས་པ་ཡིན། །ཕྱི་ར་ཉི་ཤུ་མ་འཐོར་དགོས། །ནག་པོ་མང་ན་འཐོར་བ་ཡིན། །དབུས་ཀྱི་ཀ་ཆེན་མ་འགྱེལ་དགོས། །དགྲ་དང་འཕྲད་ན་འགྱེལ་བ་ཡིན། །ད་ནི་གདན་ས་དབྱེ་བ་ལ། །ལུས་སྨེ་སྟོད་ཀྱི་རྡེལ་གསུམ་འདི། །ཆེ་རྒྱུད་ནང་ཟློགི་ཆེ་རྒྱུད་ས། །ལུས་སྨེ་བར་གྱི་རྡེལ་གསུམ་འདི། །ཆེ་རྒྱུད་ནང་གི་འབྲིང་རྒྱུད་ས། །ལུས་སྨེ་སྨད་ཀྱི་རྡེལ་གསུམ་འདི། །ཆེ་རྒྱུད་ནང་གི་ཆུང་རྒྱུད་ས། །སྲོག་སྨེ་སྟོད་ཀྱི་རྡེལ་གསུམ་འདི། །འབྲིང་རྒྱུད་ནང་གི་ཆེ་རྒྱུད་ས། །སྲོག་སྨེ་བར་གྱི་རྡེལ་གསུམ་འདི། །འབྲིང་རྒྱུད་ནང་གི་འབྲིང་རྒྱུད་ས། །སྲོག་སྨེ་སྨད་ཀྱི་རྡེལ་གསུམ་འདི། །འབྲིང་རྒྱུད་ནང་གི་ཆུང་རྒྱུད་ས། །དབང་ཐང་སྨེ་བའི་སྟོད་གསུམ་འདི། །ཆུང་རྒྱུད་ནང་གི་ཆེ་རྒྱུད་ས། །དབང་ཐང་སྨེ་བའི་བར་གསུམ་འདི། །ཆུང་རྒྱུད་ནང་གི་འབྲིང་རྒྱུད་ས། །དབང་ཐང་སྨེ་བའི་སྨད་


CMR058_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འདི། །ཆུང་རྒྱུད་ནང་ནས་ཆུང་རྒྱུད་ས། །ཀླུང་རྟའི་སྨེ་བའི་སྟོད་གསུམ་འདི། །ཕ་སྤུན་ནང་གི་ཆེ་རྒྱུད་ས། །ཀླུང་རྟའི་སྨེ་བའི་བར་གསུམ་འདི། །ཕ་སྤྱན་ནང་གི་འབྲིང་རྒྱུད་ས། །ཀླུང་རྟའི་སྨེ་བའི་སྨད་གསུམ་འདི། །ཕ་སྤུན་ནང་གི་ཆུང་རྒྱུད་ས། །མ་རླུང་རྨེ་བའི་སྟོད་གསུམ་འདི། །མྱེས་བཙུན་ནང་གི་ཆེ་རྒྱུད་ས། །མ་རླུང་རྨེ་བའི་བར་གསུམ་འདི། །སྐྱེས་བཙུན་ནང་གི་འབྲིང་རྒྱུད་ས། །མ་རླུང་རྨེ་བའི་སྨད་གསུམ་འདི། །མྱེས་བཙུན་ནང་གི་ཆུང་རྒྱུད་ས། །དེ་ལྟར་གདན་ས་བཅོ་ལྔ་ལ། །ནག་པོ་བྱུང་ན་ངན་པ་ཡིན། །དཀར་པོ་བྱུང་ན་བཟང་བར་བཤད། །གཡས་གསུམ་ཐམས་ཅད་ལྷ་ས་ཡིན། །བཙང་ཕོད་ལྷ་ཡིས་མ་བཙང་དགོས།་།དཀར་པོ་མང་ན་མ་བཙང་ངོ་། །ནག་པོ་མང་ན་བཙང་བ་ཡིན། །དེ་ཡི་གཏོ་ལ་འདི་ལྟར་གྱིས། །ཕོ་སྐོར་མགོ་ལ་ཞྭ་ནག་གྱོན། །རྐང་ལ་རེ་བའི་ལྷམ་ནག་གྱོན། །ཡུལ་དགུ་དག་ཏུ་སྤང་བ་དང་། །རུས་པ་མི་གཅིག་བོན་གསུམ་གྱིས། །གཤིན་རྗེའི་ཚང་བཟློག་མགོ་གསུམ་དང་། །ཀུན་རིག་ཆོ་ག་གྱིས་དང་འགྱུར། །གཡོན་གསུམ་ཐམས་ཅད་འདྲེ་ས་ཡིན། །ཉེ་ཕོད་འདྲེ་ཡིས་མ་ཉེ་དགོས། །ནག་པོ་མང་ན་


CMR058_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བ་ཡིན། །དཀར་པོ་མང་ན་མ་ཉེས་སོ། །ཚེ་བདུད་ནག་པོའི་བཟློག་མདོས་གྱིས། །ཡང་ན་གཤིན་རྗེའི་ཚང་བཟློག་དང་། །བདུད་བཟློག་ཐང་གསུམ་རྒྱས་པར་གྱིས། །གཡས་གཡོན་དཀར་ནག་ཆ་མཉམ་ལ། །ལྷ་ས་གཅིག་གམ་གཉིས་ནག་ཤི། །འདྲེ་ས་གཅིག་གམ་གཉིས་ནག་ན། །ལྷ་འདྲེས་ཉོ་ཚང་གཏམ་འདོད་ཡིན། །དེ་ལ་དུར་ཁ་ཚེ་བཟློག་དང་། །གཤིན་རྗེའི་ཚང་བཟློག་གྱིས་དང་ལེགས། །དཀར་ནག་ཆ་མཉམ་ལྷ་མཆོད་ཅིང་། །མར་ལ་འདྲེ་ཡང་བཀར་ན་བཟང་། །རུས་པ་མི་གཅིག་བོན་གསུམ་གྱིས། །མགོ་ཞྭ་མི་འདྲ་གསུམ་གྱོན་ནས། །དགྲ་བྲུབ་དང་ནི་གྲི་བྲུབ་གྱིས། །ཁ་མང་བརྒྱ་ཡི་ཁ་ཁོག་ལ། །མིག་མང་བརྒྱ་ཡི་མིག་གཡོར་ཅིག །མཚན་བརྗོད་སྟོང་ཙམ་བརྗོད་པ་དང་། །ཐུགས་རྗེ་ཆེན་པོ་འུར་འདོན་གྱིས། །ཡར་གྱི་གནམ་སྒོ་བྱེ་བ་དང་། །འཁྲི་འཕང་བཅུ་གསུམ་རྩེ་མོ་རུ། །ཁྱི་མགོས་གནམ་གྱི་དར་སྒོ་ཆོད། །ས་སྒོ་བྱེ་ན་ངར་མི་ཚང་། །དཀྱིལ་གསུམ་ཐམས་ཅད་མི་ས་ཡིན། །དཀར་ནག་འདྲེས་མ་བྱུང་ན་བཟང་། །ལུས་སྨེའི་དཀྱིལ་མ་ལག་པ་ཡིན། །བསྙབས་པའི་ལག་པ་མ་ཆག་དགོས། །ཆག་ན་མགོ་དཔོན་བཟའ་དཔོན་དང་། །ཕོ་ཡི་


CMR058_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

རྒན་རིམ་གཅིག་ལ་ངན། །འདབས་ཆགས་བརྒྱ་ལ་སྟོན་མོ་གྱིས། །ཟན་གྱི་རིལ་བུ་གྲངས་མེད་གཏོར། །ཡར་ལ་བསང་སྒོ་བཅུ་གསུམ་གྱིས། །ལྷག་པར་ཕོ་དང་ཕོ་ཡི་ས། །སྤྱི་བོ་གང་གི་གནམ་རྡིབ་ཟེར། །དེ་ལ་ཚེ་རིང་གསས་མཁར་བརྩིགས། །མགོན་པོ་བྱ་གདོང་མངའ་གསོལ་བྱ། །ཡར་དུ་མཉན་རྒྱལ་ཤ་རུ་ཁྱོག །མ་སྐོར་གནམ་གྱི་མདུན་ཞྭ་ཕུད། །ཕ་སྐོར་མདའ་ཁ་གྲི་འཛིན་གྱིས། །གྲི་སྐེད་ཐུམ་ལ་གྲི་མདོས་གྱིས། །ཕ་དང་རྒས་རིམ་སྒོམ་ཆེན་གྱིས། །མར་མེ་ཚེ་འབར་ལོ་གྲངས་གསོས། །ཡུལ་དགུ་སྤྱང་ལ་ཁྱིམ་མཚེས་ཀྱི། །ཁྱི་རྣམས་བསྡུས་ལ་སྟོན་མོ་གྱིས། །དེ་གོང་གཏོ་འགྱུར་དམོད་བཅོལ་གྱིས། །གོང་གི་གཏོ་རྣམས་མ་འཕྲོད་ན། །གཏོ་ནག་དེ་ལྟར་གྱིས་དང་འགྱུར། །སྲོག་སྨེའི་དཀྱིལ་ན་ལྟ་བའི་མིག །ལྟ་བའི་སྤྱན་མིག་མ་ལང་དགོས། །ལང་ན་རང་དང་བུ་ལ་ངན། །མཚན་བརྗོད་གྲངས་མེད་རྒྱུན་ལ་བསང་། །ཚེ་འབར་མར་མེ་ལོ་གྲངས་གསོས། །སྐོར་བ་ལོ་ཡི་གྲངས་ཙམ་གྱིས། །བདུད་བཟློག་རྒྱས་པ་གཅིག་གིས་ནི། །སྟེང་དུ་དུང་སྐས་ཐེམ་པ་བཅུ་གསུམ་བྱ། །ཡང་ན་གྲོག་ཚང་གྲངས་མེད་ཐམས་ཅད་དུ། །བྲ་ཕྱེ་བླུག་ལ་འདི་སྐད་


CMR058_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། །བདག་མིང་འདི་ཞེས་བྱ་བ་ཡི། །སྟོན་མོ་ཚོགས་བསོགས་བྱེད་པ་ཡིན། །བདག་གིས་འཆི་བཟློག་བདུད་བཟློག་བྱ། །གློ་བུར་ནད་རྣམས་ད་སོལ་ཅིག །དེ་ལྟར་བཀའ་བསྒོ་གང་ཤེས་བྱ། །དབང་ཐང་སྨེ་བའི་དཀྱིལ་མ་འདི། །འགྲོ་བར་བྱེད་པའི་རྐང་པ་ཡིན། །འགྲོ་བའི་རྐང་པ་མ་ཆག་དགོས། །ཆག་ན་ཆུང་རྒྱུད་བུ་ལ་ངན། །ཞ་བོ་བརྒྱ་ལ་སྟོན་མོ་གྱིས། །ཞྭ་ཚང་ནང་དུ་བྲ་ཕྱེ་བླུགས། །ཆུ་ནང་ཉ་ལྕོང་གྲངས་མེད་ལ། །ཟན་གྱི་རིལ་བུ་གྲངས་མེད་གྱིས། །ཆོས་སྒོར་ཞུགས་པའི་དགེ་འདུན་ལ། །རྒྱ་བོ་ཁ་སེར་ཁྱེད་རྣམས་ལ། །བདག་མིང་འདི་ཞེས་བགྱིས་པ་ཡིས། །སྟོན་མོ་ཚོགས་སོགས་བྱས་པ་ཡིས། །བདག་གི་རྒྱལ་པོས་ལོ་སྐག་སྒྱུར། །སྲིན་པོའི་ལོ་སྐག་ད་བསྒྱུར་ཅིག །ས་བདག་ལོ་སྐག་ད་བསྒྱུར་ཅིག །བཙན་བདུད་ལོ་སྐག་ད་བསྒྱུར་ཅིག །སྤར་ཁའི་ལོ་སྐག་ད་བསྒྱུར་ཅིག །སྨེ་བའི་ལོ་སྐག་ད་བསྒྱུར་ཅིག །ཞེས་པའི་ཚིགས་བཅད་ཁ་ཐོན་གྱིས། །ཡང་ན་བྱིས་ཚང་ལོ་གྲངས་ཀྱི། །སྟེང་དུ་ངར་མི་ལོ་གྲངས་བཅུག །ལོ་བདུད་སྟེང་དུ་བསྲེག་ལོས་གྱིས། །གོང་གི་གཏོ་རྣམས་མ་འཕྲོད་ན། །གཏོ་ནག་དེ་ལྟར་གྱིས་དང་འགྱུར། །བསམ་པའི་སྙིང་


CMR058_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མ་བུད་དགོས། །བུད་ན་སྐྱེས་པ་དར་མར་ངན། །ཡ་རབ་ཡིན་ན་སྤང་དག་གྱིས། །ཀུན་རིག་ཆོ་ག་བརྒྱ་རྩ་དང་། །དཀྱིལ་འཁོར་ཞལ་བསྒྱུར་ལྔ་རྩེག་དང་། །ཨུཥྞི་ཥ་ཡི་བཟློག་བསྒྱུར་དང་། །རིན་པོ་ཆེ་ཡི་ཤ་རྒྱས་ཆོག །གསོན་གཤིན་གྱིས་ལ་ཡུལ་དགུ་སྤྲང་། །རྟ་ནོར་ལམ་སྟོན་སྤྲིལ་ཤིག་གྱིས། །དེ་རྣམས་མ་འཕྲོད་འདི་རྣམས་གྱིས། །ཕོ་སྐྱེས་ཡིན་ན་ཞྭ་ཡི་ནང་། །ནག་མོ་ཡིན་ན་བལ་འཕང་ནང་། །ངར་མི་སྤར་ཁའི་ཁ་དོག་གྱིས། །ཆངས་སྤྱད་བརྒྱད་ཅུ་རྩ་གཅིག་པ། །ལོ་གྲངས་དགུ་ཡིས་བསྐོར་ལ་ཞོག །ཕོ་ལ་མདའ་སྟེ་མོ་ལ་འཕང་། །ལོ་ཁྲམ་བྲིས་ལ་གཡས་སུ་བཞག །རྟ་ནོར་ཆ་སྤྱད་བཅས་པ་ཡི། །གླུད་འཇལ་ཚང་མ་སྣོད་དུ་བཅུག །བརྒྱ་ལམ་མདོ་རུ་བསྐྱལ་ཏེ་བོར། །ཡང་ན་བསྲེགས་ལོས་གྱིས་དང་བཟང་། །བརྟེན་པའི་མཆིན་པ་མ་བུད་དགོས། །བུད་ན་ཕ་སྤུན་རང་ལ་ངན། །རླུང་རྟ་ཕ་སྤུན་ས་ཡིན་པས། །དགྲ་འཕྲད་ནག་པོ་མང་གྱུར་ན། །དོན་མཆོག་བརྩེགས་པ་སྡོང་རྒྱན་མདོས། །ཁྲོ་བོ་རོལ་པའི་བཟློག་པ་དང་། །ཚེ་བདུད་ནག་པོའི་བཟློག་པ་དང་། །ཁ་འབར་མ་ཡི་བཟློག་པ་དང་། །རྒྱ་ནག་ངན་བཟློག་སྐག་བཟློག་


CMR058_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རྒྱ་ནག་ཚུལ་བཟློག་བརྒྱ་བཞིའི་མདོས། །ཐང་འབུམ་དུར་ཁ་ཚེ་བཟློག་དང་། །འབྱུང་བ་ལམ་སེལ་གྱིས་དང་འགྱུར། །ཡང་ན་འབྲུ་ནག་བསྲེས་པ་ཡི། །ངར་མི་གླུད་ཟན་ཆངས་སྤྱད་ནི། །གྲངས་མེད་གྱིས་ལ་སྟོན་མོ་དྲོངས། །ལན་ཆགས་ཆུ་སྦྱིན་གཏོར་མ་ཐོང་། །ཚ་ཚ་་གྱིས་ལ་སྣང་བརྒྱད་ཐོན། །མཆོད་རྟེན་བརྩིགས་ལ་དཀར་ཆབ་གསོལ། །ལྷ་ཁང་རྣམས་ལ་ཚེ་འབར་གསོས། །ལམ་ངན་གསོ་ཤིང་ཟམ་པ་ཚུགས། །མ་ཀླུང་འགྲོ་བའི་རྐང་པ་ཡིན། །རྐང་མར་བུད་ན་ཨ་ཕྱི་དང་། །ལྷག་པར་མ་ལ་ངན་པ་ཡིན། ཡང་ན་འོག་རྟ་འགེལ་མཛོ་དང་། །སྒོ་ཡི་ནོར་ལ་ངན་པར་ངེས། །གཏོ་ལ་གསོན་གཤིན་འཆི་བསླུ་གྱིས། །མཆོད་རྟེན་བརྩེགས་ལ་སྣང་བཞི་ལུགས། །ཤ་རྒྱས་ཆོ་ག་སྦྱིན་སྲེག་བླུགས། །རྒྱལ་མོ་ཝ་ཤིག་རྩུབ་གྱུར་གྱིས། །སྟོང་བྲུབ་མི་ཁ་བྲུབ་མནན་གྱིས། །དགྲ་སྲི་བྲུབ་ལ་དཔལ་ཁྲུས་གྱིས། །གནམ་ས་སྣང་བརྒྱད་བརྒྱ་ཚར་ཐོན། །གསེར་འོད་ཐོན་ལ་གཡང་སྐྱབས་བྱ། །དེ་ལྟར་རྒྱས་པ་མ་འཕྲོད་ན། །ཆོས་དཀོར་དང་ནི་འོག་རྟ་དང་། །ཁལ་མཛོ་སེམས་ཅན་ཀུན་གྱི་སར། །འགགས་པ་སོལ་འགགས་མདུད་པ་ཁྲོལ། །དབང་ཐང་གཡང་གི་ར་


CMR058_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན། །ངན་ན་ཟ་ཁ་བསེ་རག་ཞུགས། །དབང་ཐང་བདུད་རྩིའི་འོ་མ་ཕོས། །ཡར་ལ་མཚུན་བཅོས་གཡང་ལེན་བྱ། །ཆུ་སྦྱིན་ནག་པོ་སྟོང་བསྔོའོ། །ཨ་རོ་ལི་ཀའི་ཆུ་གཏོར་དང་། །ཕོ་མ་རུ་རིང་གྲེ་སེལ་གྱིས། །ཕོ་ལམ་བྱེ་བྲལ་བྱུང་བ་དང་། །མི་ནག་གཡག་ཁམ་བཀལ་བ་དང་། །ར་ལུག་དཀར་ནག་ཕྱེ་གསལ་དང་། །གླང་པོ་ཆེ་ཡི་སྣ་བསྒྱུར་དང་། །མི་ནག་མགོ་གསུམ་བཟློག་པ་གྱིས། །གནམ་གྱི་འཇུ་ཐག་ཆད་པ་ན། །བསྐང་བཤགས་གྱིས་ལ་གཡག་ནག་དང་། །ར་ལུག་ནག་པོ་རྩེན་ནི་བཟང་། །གསས་མཁར་བརྩེགས་ལ་ཚེ་སྒྲུབ་གྱིས། །ཚེ་དབང་ལ་སོགས་དབང་བསྐུར་ཞུས། །ས་ཡི་རྟེན་ཕུར་བུད་པ་ན། །མཚོ་སྨན་རྒྱལ་མོའི་གུར་མདོས་གྱིས། །མཆོད་རྟེན་སྤང་ཐུབ་བརྩེགས་ན་བཟང་། །རྒྱ་ཡི་ཐག་པ་ཆད་པ་ནི། །ཤ་རྒྱས་ཆོ་གས་འགག་པ་སེལ། །ཚེ་འཛིན་རྐང་པ་བུད་པ་ན། །བུ་ཚ་མིང་སྲིང་འགྲུལ་པ་དང་། །བུ་དང་ཚ་བོ་མང་ས་ལ། །ཕྱེ་མར་གྱིས་ལ་སྟོན་མོ་དྲོངས། །ཀླུ་མཆོད་གྱིས་ལ་སྲིད་སློང་གྱིས། །རྩ་དཀར་གྱིས་བྱ་སྒོང་བལྟས་ན་འགྱུར། །ད་ནི་ཡར་དེད་སྤྱད་པ་ནི། །གཅིག་པ་བདག་གི་ས་ཡིན་པས། །ནད་བཀག་


CMR058_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ནད་ངོ་མ་བབ་དགོས། །གཉིས་པ་བུ་ཡི་ས་ཡིན་པས། །ལུས་ཀྱི་རྩེ་ར་མ་སྟོང་དགོས། །གསུམ་པ་བུད་མེད་ས་ཡིན་པས། །བུད་མེད་འཕང་ར་མ་སྟོང་དགོས། །མགོ་ལ་མདུན་ཞུ་མ་གྱོན་དགོས། །ཐག་ཆ་སྐེད་ནས་མ་ཡལ་དགོས། །བཞི་པ་ཕ་སྤུན་ས་ཡིན་པས། །གཤེད་ཀྱི་དགྲ་ངོ་མ་ལང་དགོས། །ལྔ་པ་མྱེས་པོའི་ས་ཡིན་པས། །ལྔ་མཐུན་བྱེ་བྲལ་མ་བྱུང་དགོས། །དྲུག་པ་ཡང་མྱེས་སྤྱན་གྱི་ས། །འདྲེ་ཡི་འདྲེ་མགྱོགས་མ་བབ་དགོས། །བདུན་པ་ཕ་ཕྱོགས་ཞང་པོའི་ས། །བདུན་ཟུར་གྱོད་ངོ་མ་ལང་དགོས། །བརྒྱད་པ་བུད་མེད་ཞང་པོའི་ས། །རྒྱ་མ་འཐེང་སྡོད་མ་བབ་དགོས། །དགུ་པ་བུ་ཆུང་ཞང་པོའི་ས། །གསེར་གྱི་ཟམ་པ་མ་ཆག་དགོས། །བཅུ་པ་མང་འཁོར་བྲན་གྱི་ས། །རོ་འཛིན་དཔུང་པ་མ་བརྫིས་དགོས། །བཅུ་གཅིག་དགྲ་བླའི་ས་ཡིན་པས། །ལྷ་ངོ་ཁྱི་ཡིས་མ་བརྫིས་དགོས། །བཅུ་གཉིས་འོག་རྟའི་ས་ཡིན་པས། །གཤིན་གྱི་དོ་མ་མ་ཆག་དགོས། །བཅུ་གསུམ་ཁལ་མཛོའི་ས་ཡིན་པས། །དགྲ་རྐུན་ཐག་མདའ་མ་ཕོག་དགོས། །བཅུ་བཞི་སྲིད་ཀྱི་ས་ཡིན་པས། །མི་ནོར་བླ་མཚོ་མ་སྐམ་དགོས། །བཅོ་ལྔ་འདྲེ་ཡི་འགྲིམ་ལམ་ཡིན། །ལྷ་འདྲེའི་ཆོ་འཕྲུལ་


CMR058_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསྟན་དགོས། ༈ །ཡང་ཅིག་ཡར་དེད་བྱེད་པ་ལ། །གཅིག་པ་བདག་གི་ས་ཡིན་པས། །བྱི་བ་ལོ་པའི་ལོ་མཛོད་ཡིན། །བྱི་རྟའི་རུ་ཆོད་མ་བབ་དགོས། །གཉིས་པ་བུ་ཡི་ས་ཡིན་པས། །གླང་ལོ་པ་ཡི་ལོ་མཛོད་ཡིན། །གླང་ལུག་ཕུང་འགྱོད་མ་བྱུང་དགོས། །གསུམ་པ་ཆུང་མའི་ས་ཡིན་པས། །སྟག་ལོ་པ་ཡི་ལོ་མཛོད་ཡིན། །སྟག་སྤྲེལ་བདུན་ཟུར་མ་བྱུང་དགོས། །བཞི་པ་ཕ་སྤྱན་ས་ཡིན་པས། །ཡོས་བུ་ལོ་པའི་ལོ་མཛོད་ཡིན། །བྱ་ཡོས་བྱེ་བྲལ་མ་བྱུང་དགོས། །ལྔ་པ་སྐྱེས་སྤྱན་ས་ཡིན་པས། །འབྲུག་ལོ་པ་ཡི་ལོ་མཛོད་ཡིན། །ཁྱི་འབྲུག་གནམ་སྒོ་མ་བྱེ་དགོས། །དྲུག་པ་ཡང་མྱེས་སྤུན་གྱི་ས། །སྦྲུལ་ལོ་པ་ཡི་ལོ་མཛོད་ཡིན། །ཕག་སྦྲུལ་ས་སྒོ་མ་བྱེ་དགོས། །བདུན་པ་ཕ་ཕྱོགས་ཞང་པོའི་ས། །རྟ་ལོ་པ་ཡི་ལོ་མཛོད་ཡིན། །བརྒྱད་པ་མ་ཕྱོགས་ཞང་པོའི་ས། །ལུག་ལོ་པ་ཡི་ལོ་མཛོད་ཡིན། །དགུ་པ་བུ་ཆུང་ཞང་པོའི་ས། །སྤྲེལ་ལོ་པ་ཡི་ལོ་མཛོད་ཡིན། །བཅུ་པ་ཡང་འཁོར་བྲན་གྱི་ས། །བྱ་ལོ་པ་ཡི་ལོ་མཛོད་ཡིན། །བཅུ་གཅིག་དགྲ་བླའི་ས་ཡིན་པས། །ཁྱི་ལོ་པ་ཡི་ལོ་མཛོད་ཡིན། །བཅུ་གཉིས་འོག་རྟའི་ས་ཡིན་པས། །ཕག་ལོ་པ་ཡི་


CMR058_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་མཛོད་ཡིན། །དེ་རྣམས་བདུན་ཟུར་ནང་འཕྲད་ངན། །དགྲ་འཕྲད་རྡེའུ་ནག་ན་ངན། །བསྙབས་པའི་ལག་པ་ཆགས་ན་ཆེ་རྒྱུད་ལ་ངན། །ལྟ་བའི་མིག་ལོང་ན་རང་ལ་ངན། འགྲོ་བའི་རྐང་པ་བུད་ན་ཆུང་རྒྱུད་དང་བྲན་གཡོག་ལ་ངན། །གཡས་ཕ་སྤུན་ས་ནས་ཕར་བརྩི། །གཡོན་མྱེས་སྤུན་ས་ནས་ཚུར་ལ་བརྩི། །མྱེས་པོའི་ས་ནས་ནག་པོ་གཉིས་བབ་ན་ངན། །སྤྱིར་ཐམས་ཅད་ལན་དང་བཅས་པས་དཔྱད་དོ། །དཀར་པོ་འབྱམ་ཐལ་བྱུང་ན་སྐྱིད་ལ་བརྒལ་བས་ངན། །ནག་པོ་བྱུང་ཐལ་ན་སྡུག་ལ་ལུས་པས་ངན། རྡེལ་ནག་མང་ན་ནག་པོ་མགོ་གསུམ་དང་དགྲ་བྲུབ་དྲག་པོ་བྱ། རྡེའུ་དཀར་ནག་ཆ་མཉམ་ནས། དཀར་པོ་གསུམ་བརྩེགས་མང་ན་བཟང་ངོ་། །སྨེ་བའི་སྒང་རྩིས་ཆེན་མོ་རྫོགས་སོ།། །།རྒྱ་ཁྱི་ཐན་གྱི་ལ་ཁར་གསེར་མཎྜལ་གྲུ་གང་བ་གཅིག་ལ་མེ་ཤེལ་ཆུ་ཤེལ་གྱིས་བརྒྱན་དེ། མུ་ཏིག་གི་ཕྲེང་བ་བརྒྱ་ཕྲག་ཕུལ་ནས་ཞུས་པ་ཡིན། འདི་ནི་བརྩིས་ཀྱི་རྒྱུད་ལྔ་ཡང་སྙིང་ཡིན་ཅིང་གར་ཐོད་ཐོད་མི་བྱ། བྱས་ན་འབྱུང་བ་ལྔ་དང་ལྷ་འདྲེ་ཀུན་གྱི་ཆད་པ་འོང་། །དམ་ཚིག་གཡོ་རུ་ཅན་ལ་མ་སྤེལ་ཅིག །ང་ཆེ་ང་མཁས་ཅན་ལ་མ་སྤེལ་ཅིག །རྫུན་མ་མགོ་སྐོར་ཅན་མ་མ་སྤེལ་


CMR058_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །དམ་ཚིག་དངོས་ལྐོག་ཅན་ལ་མ་སྤེལ་ཅིག །གཅིག་རྒྱུད་མ་གཏོགས་གལ་ཏེ་སྤེལ་གྱུར་ན། །ལྷ་འདྲེ་ཀུན་གྱིས་ཆོ་འཕྲུལ་འོང་བར་ངེས། །འདི་བྲིས་དགེ་བས་འབྲས་བུ་བཟང་པོ་ཀྱིས། །བདག་དང་མཐའ་ཡས་སེམས་ཅན་མ་ལུས་ཀུན། །བཅོམ་ལྡན་འཇམ་དཔལ་ཐུགས་རྗེའི་བཟུང་སླད་དུ། །རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་གྱུར་ཅིག །ཅེས་པ་ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

སྨེ་བའི་སྒང་རྩིས་གསལ་བྱེད།


CMR058_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སྨེ་བའི་སྒང་རྩིས་གསལ་བྱེད་ཅེས་བྱ་བ་བཞུགས་སོ། །ན་མོ་མཉྫ་ཤྲཱི་ཡེ། འཇམ་དཔའི་དབྱངས་ལ་ཕྱག་འཚལ་ལོ། །སྨེ་བའི་སྒང་རྩིས་གསལ་བྱེད་བརྗོད། །ཕོ་བྲང་ལིང་དགུ་བརྒྱ་བཅུ་གཅིག །དབུས་ནས་གནམ་ལྕགས་རི་བོ་ལ། །མེ་ཆུ་ས་ཤིང་རླུང་བསྐྱོད་དབུས་སུ་འཕུར། །གསུངས་པ་ཕོ་བྲང་ལིང་དགུ་བཀོད་ལུགས་ཏེ། །རང་རང་སྨེ་བ་གང་ཡིན་དབུས་བཞག་ལ། །དེ་ནས་གྱེན་དུ་བརྩི་བ་འཁྲུལ་སྨེ་སྟེ། ༡༢ ༣༤༥༦༧༨༩ །དེང་སང་རྩིས་གཞི་ཀུན་ལ་དེ་ལྟར་ཡོད། །དེ་ནི་རྩིས་ལོག་རྒྱ་ཡི་ངན་བསླབ་ཡིན། །རྩིས་གསར་འཁྲུལ་མེད་མཁས་པ་ཁྲ་མོའི་ལུགས། ༩༨༧༦༥༤ ༣ ༢༡ །དེ་ལྟར་བཀོད་པའི་རྩིས་གཞིའི་སྟེང་ནས་རྩིས། ༈ །དེ་ནས་སྨེ་བའི་སྒང་རྩིས་རྡེལ་བཞག་ནི། །དགུ་གླིང་ལྔ་པོ་རྩམ་པ་སོགས་ཀྱིས་བྲིས། །དང་པོ་བརྩི་བྱའི་ལུས་ཀྱི་སྨེ་བ་དེ། །དབུས་སུ་བཞག་པའི་དགུ་གླིང་སྟེང་ནས་བརྩི། །སྨེ་སྒོ་ཤར་ནས་སྨེ་ཕུག་ནུབ་ཡིན་ཏེ། །སྨེ་བ་ལོ་ཡི་ཕོ་མོ་ཡིན་པའི་ཕྱིར། །སྟག་འབྲུག་རྟ་སྤྲེལ་ཁྱི་དང་བྱི་ལོ་པ། །དབུས་ནས་ཤར་དང་ཤར་ནས་ཤར་ལྷོ་ནས། །གཡས་སུ་བསྐོར་ཏེ་གིན་ནས་དབུས་སུ་འཇུག །ཡོས་སྦྲུལ་ཕག་ལུག་བྱ་ཕག་གླང་ལོ་པ། །དབུས་


CMR058_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཤར་དང་ཤར་ནས་བྱང་ཤར་ཏེ། །གཡོན་དུ་བསྐོར་ནས་ཟིན་ནས་དབུས་སུ་མཇུག །མགྱོགས་རྩིས་ལིང་ཚེ་རེ་ལ་བཅུ་བཅུ་བསྒྲངས། །དེ་ནས་བཅུ་གཅིག་བཅུ་གཉིས་ལ་སོགས་པ། །བསྒྲུང་བ་སྐྱེ་བའི་སྐོར་ལུང་བསྟན་པའོ། ༈ །དང་པོ་བརྩི་བྱའི་ལུས་ཀྱི་སྨེ་བ་དེ། །དགུ་ལིང་དབུས་སུ་གང་འདུག་སྟེང་ནས་བརྩིས། །དེ་དང་གར་བབ་འཕུར་སྨེ་དེ་ཉིད་འཐབ། །མ་དང་འཕྲད་ན་རྡེའུ་དཀར་པོ་གཉིས། །གྲོགས་དང་འཕྲད་ན་རྡེའུ་དཀར་པོ་གཅིག་།བུ་དང་འཕྲད་ན་རྡེའུ་ནག་པོ་གཅིག །དགྲ་དང་འཕྲད་ན་རྡེའུ་ནག་པོ་གཉིས། །ས་ཆུ་ནང་འཕྲད་རྡེའུ་དཀར་པོ་གཅིག །མེ་ལྕགས་ཤིང་གསུམ་ནང་འཕྲད་ནག་པོ་གཅིག །དེ་ནི་རྗེས་མ་ཀུན་ལ་རིགས་འགྲེས་སོ། ༈ །དེ་ནས་ལུས་སྨེའི་ཤར་གྱི་སྨེ་བ་དེ། །དབུས་སུ་བཞག་པའི་ལིང་ཚེ་སྟེང་ནས་འཕུར། །དེ་ཡི་འཕུར་སྨེ་གར་བབ་དེ་ཉིད་དེ། །དང་པོ་རྩ་བའི་ལུས་སྨེ་འཐབ་རྒྱུ་ཡིན། །དབུས་བཞག་ཉིད་དང་འཐབ་རྒྱུ་མིན་པའི་གནད། །དང་པོ་ལུས་སྨེ་དེ་ཉིད་རྡེའུ་དེ། །ལྷོ་ཡི་དགུ་ལིང་དབུས་སུ་བཞག་པར་བྱ། །དེ་རྗེས་དེ་ནི་ལྷོ་ཡི་ཤར་དུ་བཞག །དེ་བཞིན་ལུས་སྨེ་ཤར་ལྷོའི་སྨེ་བ་འཕུར། །དེ་ཡི་གར་བབ་ལུས་སྨེ་ཉིད་དང་


CMR058_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

འཐབ། །དེ་བཞིན་རྡེལ་དེ་དེ་ཡི་ཤར་ལྷོར་བཞག །དེ་བཞིན་ལྷོ་དང་ལྷོ་ནུབ་ནུབ་བྱང་དང་། །བྱང་ཤར་རྡེའུ་དགུ་རྫོགས་ཏེ། །དེ་ནས་སྲོག་གི་སྨེ་བ་སྔར་ལྟར་འཕུར། །དབུས་ཀྱི་རྡེའུ་དགུ་པོ་རྒྱབ་པར་བྱ། །དེ་ནས་དབང་ཐང་སྨེ་བ་སྔར་ལྟར་འཕུར། །བྱང་གི་རྡེའུ་དགུ་པོ་བརྒྱབ་པར་བྱ། །དེ་ནས་རླུང་རྟའི་སྨེ་བ་སྔར་ལྟར་འཕུར། ཤར་གྱི་རྡེའུ་དགུ་པོ་བརྒྱབ་པར་བྱ། །དེ་ནས་མ་རླུང་རྨེ་བ་ཞེས་བྱ་བ། །མ་ཡི་ལོ་གྲངས་དུ་ལོན་ཤེས་དགོས་ཏེ། །མ་ཡི་ལོ་གྲངས་དུ་ལོན་བརྩི་བར་བྱས། །མ་ཡི་ལོ་གྲངས་དུ་ལོན་དེ་ནང་ནས། །གཅིག་ནི་མ་གཏོགས་བུ་ཡི་ལོ་གྲངས་ཕྲིས། །ལོ་གྲངས་དུ་ལོན་བུ་དེ་སྐྱེས་པའི་ཕྱིར། །མ་ཡི་སྐྱེས་སྨེ་གང་ཡིན་དབུས་བཞག་པའི། །སྨེ་བ་འཕུར་ལ་མ་ཡི་འཕུར་སྨེ་སྟེ། །གར་བབ་དེ་ནི་མ་རླུང་རྨེ་བ་ཡིན། །དེ་ཉིད་འཕུར་ལ་ནུབ་ཕྱོགས་རྡེལ་དགུ་བརྒྱབ། །གལ་ཏེ་མ་ཡི་ལོ་གྲངས་མ་ཤེས་ན། །བརྩི་བྱའི་སྤར་ཁ་གང་ལ་བབ་པ་ཡིས། །གནས་པ་ཡུལ་གྱི་སྨེ་བ་དེས་ཚབས་བྱས། །ལི་དགུ་ཁོན་གཉིས་དྭ་བདུན་ཁེན་དང་དྲུག །ཁམ་གཅིག་གིན་བརྒྱད་ཟིན་གསུམ་ཟོན་དང་བཞི། །དེ་ནས་སྤར་སྨེ་ཞེས་བྱ་ཡིན། །དགུ་མིག་ས་ལ་སྒང་


CMR058_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་མི་སྤངས་གསུངས། །དཔེར་ན་བཅུ་དགུ་ཉེར་བརྒྱད་ལ་སོགས་པ། །སྨེ་བའི་དབུས་སུ་ཚུད་པ་དེ་ལ་ནི། །སྒང་རྩིས་མི་བྱ་བྱས་ཀྱང་འཐབ་རྒྱུ་མེད། །འོན་ཀྱང་དབུས་ཚུད་སྨེ་བའི་སྐག་ཆེན་ཡིན། །གསང་སྐག་སྨེ་བའི་སྐག་ཆེན་ཞེས་བྱའོ། །འོན་ཀྱང་རྡེའུ་བཞི་བཅུ་ཞེ་ལྔ་ལས། །རེ་མིག་དགུ་ལ་དབུས་ལྔ་གལ་ཆེ་སྟེ། །རྩིས་མིག་རྣམ་པ་ལྔ་ཞེས་བྱ་བ་ཡིན། །དཔྱད་ལུགས་ལ་སོགས་རྩིས་གཞུང་ཉིད་ལ་ལྟོས། །ལྷ་བཟོ་ཚེ་དབང་རྒྱལ་གྱིས་བསྐུལ་བའི་ངོར། །རྣམ་གཡེང་ཆེ་སྐབས་རཱ་ག་ཨ་སྱས་སྨྲས། །དགེ་སློང་བིརྱ་ཞེས་བྱས་ཡི་གེར་བཀོད། །རྣམ་གཡེང་སྐྱོན་གྱི་འགའ་འཁྲུལ་བྱུང་ན་བཤགས། །རྩིས་མཁན་གསར་བུ་འགའ་ཡི་མིག་ཕྱེས་ནས། །འབྱོར་ལྡན་སྦྱིན་བདག་འགའ་ཡི་རྐྱེན་སེལ་ཤོག། །།

སྨེ་བའི་ཤེས་རབ་ལས་རྩིས་དོན་བསྡུས།


CMR058_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

སྨེ་བའི་ཤེས་རབ་ལས་རྩིས་དོན་བསྡུས་བཞུགས་སོ།


CMR058_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨརྱ་མཉྫ་ཤྲཱི་ཡེ། གཅིག་དཀར་སྔ་ལ་འདོད་ཁམས་ལྷ་ཡི་བུ། །སྤྲོ་ཐུང་སེམས་དཀར་གྲིབ་ལ་རྡར། །བྲག་ནི་དཀར་དམར་འདྲེས་པའམ། །ཡང་ན་བྲག་གི་གནོད་སྦྱིན་སྐྱེ། །ཏོག་གཟུངས་གསེར་གྱིས་བྲིས་པ་འདོན། །ཐུགས་རྗེ་ཆེན་པོའི་སྐུ་གཅིག་བཞེངས། །རྣམ་རྒྱལ་མ་བཞེངས་དེ་ཡི་གཞུང་གཅིག་འདོན། །གོས་སྦྱིན་ཆུ་གཏོར་གཏོང་བ་དང་། །གདུགས་དཀར་བྲིས་ནས་བཏོན་བྱས་ན། །དབུས་ཕྱོགས་སྤྱན་གསུམ་འབྲིང་བར་སྐྱེ། །ཆོས་ཀྱི་ལོངས་སྤྱོད་ཆེན་པོའམ། །ལྷ་ཡི་བུའམ་དཀོར་གཉེར་སྐྱེ། །དེ་རྟག་རོ་སྟོད་དམ་སྨིན་མཚམས་སུ། །སྨེ་བའམ་ནི་


CMR058_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་མཚན་ཡོད། །ཚེ་ཚད་རེ་བརྒྱད་བར་ཆད་ལྔ། ༈ །གཉིས་ནག་དམྱལ་བའི་ཡུལ་ནས་འཕོས། །དེ་ནས་བདུད་ཀྱི་བུ་ལ་སྐྱེ། །མདའ་མཁན་གཞུ་མཁན་དཔོན་པོ་བྱས། །ཕྱི་མ་ཀང་ཀིའི་ལུས་བདུན་ལེན། །སྐྱ་མ་ཡི་དྭགས་རྣམས་སུ་སྐྱེས། །ནོར་རྒྱུན་གཟུངས་ནི་ཟླ་བདུན་ནམ། །རྒྱུན་དུ་སྙིང་པོ་ཁ་ཐོན་བྱ། །སྒྲོལ་མ་གསེར་གྱིས་བཞེངས་ལ་འདོན། །ཕྱག་རྡོར་སྐུ་བྲི་ཆུ་སྦྱིན་བཏང་། །ཀོང་པོར་དུད་ཁ་བརྒྱ་ཡི་དཔོན། །ཡང་ན་མོ་མ་གཅིག་ལ་སྐྱེ། །དེ་ལྟར་ཤ་ཁྲག་མདའ་གཞུ་དགའ། །གཞོགས་གཡོན་སྨེ་བ་ཤ་མཚན་ཡོད་པ་ཚུར་སྟོན། །ཚེ་ཚད་རྒྱ་


CMR058_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གམ་བདུན་ཅུ་ཐུབ། བར་ཆད་བརྒྱད་ཡོད། ༈ གསུམ་མཐིང་ཀླུ་ཡུལ་ནས་ཉ་ཚེ་འཕོས་ནས། བལ་པོའི་ཡུལ་དུ་གླང་ལ་སྐྱེ་བའམ། བཟའ་མི་བདུན་གྱི་རྨོས་གླང་ངམ་ཆུ་བྱ་གཅིག་ཏུ་སྐྱེ། ཡང་ན་ཡི་དྭགས་སམ་ནི་དམྱལ་བ་སྲིན་པོར་སྐྱེས། བཙོག་འདྲེ་གདོན་དྲང་སྲོང་མགོན། འཇམ་སྡུད་སྨོན་གསུམ་རིན་པོ་ཆེས་བྲི་ཞིང་འདོན། མཆོད་རྟེན་བཞེངས་སམ་གསོ་བ་དང་། དཀར་ཆབ་གསོལ་ཞིང་གསེར་གྱིས་འཇམ་དཔལ་བཞེངས། སྒྲོལ་མའི་སྐུ་བཞེངས། སྦྱོང་རྒྱུད་རྡོར་གཅོད་ཚེ་མདོ་གསེར་གྱིས་བྲི། དགེ་འདུན་བརྒྱད་ལ་གྲོ་འདྲེན་དང་ཆུ་གཏོར་བཏང་བ་ན། ལྕི་ཆུའམ་ནི་ལྕི་ཆུའི་འགྲམ་ན། དཔོན་ཐང་གཅིག་ཏུ་སྐྱེ་བའམ། ཆུ་ཁྲོམ་ཞེས་པའི་རྫི་རྩལ་འགྲམ་ན་དུད་སྟོང་དཔོན་དུ་སྐྱེ། ཡང་ན་ལྷར་སྐྱེ་བའི་རྟགས། གཞོགས་གཡོན་བྱི་ནུའམ་ཤ་མཚན་ཡོད་པ་ཚུར་སྟོན། བློ་ཉུང་སེམས་བཟང་ཚིག་སྲན་ཆེ། ཚེ་ཚད་རེ་དགུ་ཡང་ན་གྱ་གཅིག་ཐུབ། ༈ བཞི་ལྗང་ཀླུ་དང་དུད་འགྲོ་འཕོས་བརྗོན་པའམ་སྔགས་པའི་བུར་སྐྱེས་ནས་ཤི། ཕྱི་མ་ཆུ་བྱའམ་ལྷ་ནི་ཀླུ་སྨན་དཀར་མོས་མགོན། ཀླུ་སྲིན་ས་བདག་དང་འདྲེ་མོ་གནོད། སྡོམ་པ་ཞུ་ཞིང་སྒྲོལ་མ་གསེར་གྱིས་


CMR058_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས། བྱམས་སྨོན་ཟངས་མས་བྲིས་ལ་འདོན། ཕྱག་ན་རྡོ་རྗེ་ལོ་གསུམ་ཡི་དམ་བྱ། ཕྱག་རྡོར་སྐུར་བཞེངས། སྙིང་པོ་འདོན། ཕྱག་རྡོར་དང་རྡོ་རྗེའི་མཆུའི་གཟུངས་བྲི། རྡོར་སེམས་སྒོམ་བཟླས་དང་ཉ་སྡོམ་སྲུང་། ཐུགས་རྗེ་ཆེན་པོ་དང་སྒྲོལ་མ་འདོན། ཀླུ་མཆོད་བྱ་ཞིང་ཀླུ་འབུམ་བརྒྱ་ཚར་འདོན། དགེ་སློང་བཞི་སྡེ་ལ་གྲོ་འདྲེན། གོས་སྦྱིན་ལྷམ་སྦྱིན་གཞན་སྦྱིན་པ་མང་པོ་བཏང་། འབྲི་གུང་ངམ་ཡང་གོང་ན། སྔགས་པ་ནུས་ལྡན་ནམ། སྔགས་པ་བརྒྱའམ་དཔོན་ལ་སྐྱེ་བའི་རྟགས། འཇིང་པའམ་ལག་པ་ན་ཤ་མཚན་བྱི་ནུ་ཡོད་པ་ཚུར་སྟོན། གྲིབ་ལ་རྡར་རོག་ལ་ཕན་ཤེས་རབ་འཕེལ། ཚེ་ཚད་གྱ་དགུ་ཡང་ན་རེ་གཅིག་རེ་བདུན་ཐུབ། བར་ཆད་དྲུག་ཡོད། ༈ ལྔ་སེར་སྔ་མ་ཆོས་པ་སྟེ་ཕྱི་མ་ཉའམ་ཡི་དྭགས་སྐྱེ། ཤཱཀྱ་ཐུབ་པའི་སྐུ་བྲི་གོས་དཀར་མོའི་གཟུངས་འདོན། ཏོག་དང་གསེར་འོད་གསེར་གྱིས་བྲི། ཚེ་མདོ་འདོན་ཅིང་ཆུ་སྦྱིན་བཏང་། ཕ་མྱེས་ལྷ་མཆོད། ཚོགས་དང་བསྐང་བ་རིམ་གྲོ་བྱ། དགེ་སློང་བརྒྱ་ལ་ཚོགས་སོང་དང་། སྤྲིན་སྦྱིན་ཆུ་སྦྱིན་སྦྱིན་པ་བཏང་། ཀླུ་རྒྱལ་འདོན། ཕུང་ལྡང་ལུང་བྱང་མ། ཟླའི་ལུང་། བོན་པོ་བརྒྱའི་དཔོན་


CMR058_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་བནྡེ་སུམ་ཅུའི་དཔོན། ཡང་ན་ཚོགས་དཔོན་གཅིག་ལ་སྐྱེ་བའི་རྟགས། གཞོགས་གཡོན་པའི་འོག་མའམ་ཁོག་སྨད་ལ། སྨེ་བ་ཤ་མཚན་གྱི་ནུ་ཡོད་པ་ཚུར་སྟོན། ཁྱོ་ར་གཏམ་གཏམ་བཤན་མི་ཁ་ལྡང་། ཚེ་ཚད་གྱ་ལྔ་ཡང་ན་གོ་དྲུག་ཐུབ། བར་ཆད་བདུན་ཡོད། ༈ དྲུག་དཀར་དང་པོ་ལྷའི་ཡུལ་ནས་འཕོས། དེ་བུ་གསུམ་ཆུང་བའམ་དོམ་དུ་སྐྱེས། ཕྱི་མ་རྟའམ་མཐའ་འཁོབ་ཡང་ན་སྨན་རིགས་སྐྱེས། ཐུགས་རྗེ་ཆེན་པོ་བསྒྲུབ་ཅིང་སྐུ་བཞེངས། སྡུད་པ་གསེར་གྱིས་བྲི་ཞིང་འདོན། ཚེ་ཐར་ལོ་གྲངས་བཏང་། རྒྱལ་བ་རྒྱ་མཚོའི་དབང་ཞུ་ཞིང་སྐྱབས་ཞུ་དང་སྨོན་ལམ་བཏབ། སྦྱིན་པ་བཏང་ཞིང་ཆུ་གཏོར་བཏང་། དཀར་ཆེན་འདོན། རྒྱལ་པོ་ཐེའུ་རང་གདོན། དགྲ་བྲུབ་བྱ། སྟག་ལུང་ངམ་རོང་ཞེས་བྱ་བར་འགུར་མཁན་བཅུའམ་བརྒྱའི་དཔོན། ཡང་ན་འགུར་མཁན་གཅིག་ལ་སྐྱེ་བའི་རྟགས། རྐང་པའམ་རོ་སྟོད་ན་སྨེ་བ་ཤ་མཚན་ཡོད་པ་ཚུར་སྟོན། སེམས་ཆུང་མི་ངན་དགྲ་རུ་སྡང་། ཚེ་ཚད་དོན་དགུ་ཡང་ན་དྲུག་ཅུ་ཐུབ། བར་ཆད་བཞི་ཡོད། ༈ བདུན་དམར་བཙན་གྱི་བུ་འཕོས་ནས། ནམ་ཚོད་འཛིན་པའི་བྱའམ་ཕག་གམ་མིར་སྐྱེས་ནས་མི་མང་བསད། ལས་མཐུ་


CMR058_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། ཕྱི་མ་བོང་བུའམ་བྲག་དམར་བཙན་ལ་སྐྱེ། ཤ་རུ་བཀྱག་ཅིང་བཙན་བཀར་བྱ། དཀོན་མཆོག་མཆོད་ཅིང་སྦྱིན་པ་བཏང་། འཇམ་དབྱངས་གསེར་གྱིས་བྲིས་ཤིང་འདོན་དང་སྐུ་ཡང་བཞེངས། ཧེ་རུ་ཀ་བསྒྲུབ་ཅིང་ཧེ་རུ་ཀའི་དཀྱིལ་འཁོར་གསུམ་བཞེངས། ཚེ་དཔག་བསྒྲུབ་ཅིང་སྐུ་བཞེངས། ཚེ་འབར་གསོ་ཞིང་སྨོན་ལམ་འབུམ་གཏེར་འདོན། དབང་མང་དུ་ཞུ་ཞིང་ཞྭ་གོས་སྦྱིན་པ་བཏང་། རྒྱའི་ཆུའམ་མཁར་ཞེས་པ་ན། སོག་པོ་བརྒྱའམ་མང་པོའི་དཔོན། ཡང་ན་ཛ་ཆུ་མཁར་ཞེས་པར་དགོན་སྡེ་ཚོགས་དཔོན་སྐྱེ་བའི་རྟགས། གཞོགས་གཡོན་སྨེ་བའམ་ཤ་མཚན་ཡོད་པ་ཚུར་སྟོན། སེམས་ཆུང་བློ་རྒོད་ཚེ་ཚད་དྲུག་ཅུ་ཡང་ན་རེ་དགུ་ཐུབ། བར་ཆད་བཞི་ཡོད། ༈ བརྒྱད་དཀར་དགའ་ལྡན་ལྷ་ཡུལ་ནས། ལན་གཅིག་ལྟད་མོ་ལྟ་རུ་འོང་། ཕྱི་མ་བྱའམ་ལི་ལིའམ་རྟ་སམ་མི་ནི་དབུལ་པོ་གཅིག་ལ་སྐྱེ། དྲིན་ལེན་བསབ་མདོ་གསེར་གྱིས་བྲིས་ལ་འདོན། བསང་དང་བསྐང་བ་བཤགས་པ་བྱ། གདུགས་དཀར་སྡུད་པ་བྲིས་ལ་འབུམ་ཕྲག་གམ་ཁ་ཐོན་བྱ། དྲིན་ལེན་བསབ་མདོ་བརྒྱ་ཚར་འདོན། ཚ་ཚ་འབུམ་ཐེར་བཏབ་པས་བར་ཆད་སེལ། དབང་མང་ཞུ་


CMR058_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཆུ་སྦྱིན་བྱ། དབུས་ཕྱོགས་སམ་ཕ་བོང་ཕིལ་ཁའམ་འཕེན་ཞེས་སར། དཀོར་གཉེར་བཅུའི་དཔོན་ལ་སྐྱེ། དེ་ནས་ཐར་པ་ཐོབ་པའི་རྟགས། རྐང་པ་གཡས་ཤ་མཚན་ཡོད་པ་ཚུར་སྟོན། སེམས་དཀར་འཕྱུར་འདོད་དང་ངས་བྱས་ཆེ། ཚེ་ཚད་ནི་དྲུག་ཅུ་རེ་བཞི། ཡང་ན་དགུ་བཅུ་གོ་དགུ་ཐུབ། བར་ཆད་ལྔ་ཡོད། ༈ དགུ་དམར་ཡི་དྭགས་ཡུལ་ནས་འཕོས། གཡང་གི་བུ་དེ་ནས་རྒྱ་གར་ཡུལ་གྱི་བུའི་གཡག་གམ་ཕྱུག་པོའི་སྒོ་ཁྱིའམ་ཡི་དྭགས་སམ་མི་ནི་དབུལ་པོར་སྐྱེ། ལྷ་དང་ལྷ་མོས་མགོན། བཙན་གྱིས་གདོན། སྡུད་པ་བྲིས་ལ་འདོན་པ་དང་། ཞི་ཁྲོ་བརྒྱ་མཆོད་ཆུ་གཏོར་བཏང་། གསེར་གྱིས་འབུམ་དང་བཀའ་འདུས་བྲིས། རྣམ་རྒྱལ་མ་འདོན། གཟུངས་འདུས་བྲི་ཞིང་འདོན་པ་དང་། དོན་ཡོད་གྲུབ་པའི་སྐུ་བཞེངས། ཆུ་གཏོར་བཏང་ཞིང་དགེ་སློང་གྲོ་འདྲེན་དང་ཚོགས་ཀྱང་བྱ། སྤྲང་པོར་སྟོན་མོ་གོས་ལྷམ་སྦྱིན། འོད་དཔག་མེད་ཀྱི་སྐུ་དང་ཞིང་བཀོད་བཞེངས། ལྷ་ཁང་རྒྱག་ཆེན་དཀོར་གཉེར་རམ། གཙང་གི་ཕྱོགས་སུ་དཔོན་ནི་ཕྱུག་པོར་ནོར་སྐྱོང་ཐུབ་པའི་བདག་པོར་སྐྱེ། དེ་ནས་ཡོན་ཏན་ཅན་གྱི་ལུས་དགུ་ལེན་ནས་སུམ་ཅུ་རྩ་གསུམ་སྐྱེ་བའི་རྟགས་ནི། །


CMR058_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

མགོའམ་འཇིང་ངམ་རྩིབ་ལོགས་གཡས་པར་སྨེ་བ་ཤ་མཚན་ཡོད་པ་ཚུར་སྟོན། ནོར་སྙིང་ཆེ་ཞིང་མི་ལ་བྱམས། ཚེ་ཚད་དྲུག་ཅུ་རེ་དྲུག་ཡང་ན་དགུ་བཅུ་ཐུབ། བར་ཆད་གསུམ་ཡོད། ༈ སྨེ་བའི་ཤེས་རབ་ལས་རྩིས་ནི། ད་ལྟ་མི་རིགས་ཐམས་ཅད་འདི། །འགྲོ་བ་རིགས་དྲུག་གང་ལས་ཆད། །ཚེ་སྔ་ཕྱི་བར་གསུམ་ངོས་འཛིན་ནི། །རྩ་དབུ་མའི་ལེན་ར་ཤེས་པ་སྟེ། །གསལ་བར་བྱས་པ་བསྟན་པའི་ཕྱིར། །སྨེ་བའི་རྩིས་ཁོག་བསྟན་པ་ནི། །མི་གཅིག་སྨེ་བ་བཞི་རེ་ཡོད། །སྲོག་ལུས་དབང་ཐང་སྨེ་བ་གསུམ། །ཀླུང་རྟའི་སྨེ་བ་དེ་དང་རྣམ་པ་བཞི། །སྲོག་ལུས་དབང་ཐང་སྨེ་བ་ནི། །སྲོག་སྨེ་དཀྱིལ་དུ་བཞག་པ་ཡིན། །ཡར་བཞི་ལུས་ཀྱི་སྨེ་བ་ཡིན། །མར་བཞི་དབང་ཐང་སྨེ་བ་ཡིན། །ལོ་སྐོར་བཞི་གསུམ་བཅུ་གཉིས་ཀྱི་སྨེ་བ་དང་དགུ་དགོས། ༈། བྱི་རྟ་བྱ་ཡོས་བཞི་པོ་དེ། གཅིག་དཀར་བཞི་ལྗང་བདུན་དམར་གསུམ་པོ་དགོས། ༈ སྟག་སྤྲེལ་ཕག་འབྲུག་སྦྲུལ་བཞི་པོ་དེ། །གཉིས་ནག་ལྔ་སེར་བརྒྱད་དཀར་གསུམ་པོ་དགོས། ༈ ཁྱི་འབྲུག་གླང་ལུག་བཞི་པོ་དེ། གསུམ་མཐིང་དྲུག་དཀར་དགུ་དམར་གསུམ་པོ་དགོས། དེ་ལ་སྲོག་སྨེ་གང་ཆད་དེ་དང་


CMR058_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ནི། བསྟུན་ཏེ་བཟང་ངན་ཡང་ཡང་བརྩི། མི་ཡི་ཆད་པ་གང་ཡིན། ཚེ་ལ་བར་ཆད་དུ་ཡོད་དང་། བཟང་ངན་ངོས་ནི་འཛིན་པ་ནི། ༈ གཅིག་དཀར་འདོད་ཁམས་ལྷ་ཡི་རིགས། །གཉིས་ནག་དམྱལ་བ་བདུད་ཀྱི་རིགས། །གསུམ་མཐིང་བྱོལ་སོང་རིགས་ལས་ཆད། །བཞི་ལྗང་ཀླུ་ཡི་རིགས་ལས་ཆད། །ལྔ་སེར་མི་ཡི་རིགས་ལས་ཆད། །དྲུག་དཀར་ལྷ་ཡི་རིགས་ལས་ཆད། །བདུན་དམར་བཙན་དང་མ་མོའི་རིགས་ལས་ཆད། །བརྒྱད་དཀར་དགའ་ལྡན་ལྷ་ཡི་རིགས། །དགུ་དམར་ཡི་དྭགས་དྲི་ཟའི་རིགས་ཡིན་གསུངས། །དེ་ཡན་སྨེ་བའི་ལྗོལས་རྩིས་སོ། ༈ །དེ་ནས་ལོ་རྒན་རྩིས་སོགས་ནི། །ཚེ་འདིའི་སྟངས་གཅོད་མང་གསུངས་གོང་། །བཙས་རླུང་གཙོ་ཕྱིར་ཤེས་པ་དཀའ། །སྐྱེས་གནས་ཁོ་ནར་བསྡུས་ཏེ་བྲིས། ། ༈ ༼༤༽ ཤིང་བྱའི་ལྷ་ནི་རྡོ་རྗེ་འཆང་། ཚེ་ཚད་བརྒྱད་ཅུ་བར་ཆད་བདུན། བུ་བཞི་ལ་དབང་། ཆོས་བྱས་ལྷ་བཟོ་མ་བྱས་བྱ་ལ་སྐྱེ། འཆི་རྐྱེན་དུག་དོགས་ཡོད། ༈ ༼༢༽ ཤིང་གླང་ལྷ་ནི་རྡོ་རྗེ་འཆང་། བུ་གསུམ་ལ་དབང་ནོར་ལུག་ཟོས། ཚེ་ཚད་དྲུག་ཅུ་བར་ཆད་བདུད། འཆི་རྐྱེན་ཆུས་ཁྱེར། ༈ ༼༢༽ མེ་སྟག་ལྷ་ནི་སྨན་མོ་ཟེར། བུ་གསུམ་ལ་


CMR058_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

དབང་། ཚེ་ཚད་དྲུག་ཅུ་བར་ཆད་བདུན། ཆོས་བྱས་ན་མིར་སྐྱེ་བར་གསུངས། སྨྲས་ནས་འཆི། ༈ ༼༡༽ མེ་ཡོས་ལྷ་ནི་རྟ་མགྲིན་ཡིན། བུ་བརྒྱད་འབྱུང་ཡང་གཉིས་འཆི། མདོ་བཅུ་བཞེངས་ནས་བཟོ་བོར་སྐྱེ། མིན་ན་གླང་ལ་སྐྱེ། ཆུས་ཁྱེར་ནས་འཆི། ༈ ༼༩༽ ས་འབྲུག་ལྷ་ནི་ས་ཡི་ལྷ་མོ་ཡིན། བུ་ལྔར་དབང་། ཚེ་ཚད་དོན་གཅིག་བར་ཆད་ལྔ། ཆོས་བཞེངས་ན་ཡུལ་དཔོན་སྐྱེ། ཆོས་མ་བྱས་ན་སྦྲུལ་དུ་སྐྱེ། རྟིབ་ཞབས་སུ་འཆི། ༈ ༼༢༽ ས་སྦྲུལ་ལྷ་ནི་སྒྲོལ་མ་ཡིན། བུ་དྲུག་ལ་དབང་། ཚེ་ཚད་བདུན་ཅུ་བར་ཆད་དགུ། སྦལ་པ་སྐྱེས་ཏེ་ཆོས་བྱས་མིར། དུག་མདའ་ཕོག་ནས་འཆི། ༈ ༼༧༽ ལྕགས་རྟའི་ལྷ་ནི་འཇམ་དབྱངས་ཡིན། བུ་བཞི་དབང་གསུམ་བདེ། ཚེ་ཚད་དྲུག་ཅུ་བར་ཆད་བརྒྱད། ཆོས་བྱས་ན་ཤེས་རབ་ཅན། མ་བྱས་འབུ་ལ་སྐྱེ། གཡང་དྲིལ་འཆི། ༈ ༼༦༽ ལྕགས་ལུག་ལྷ་ནི་མགོན་པོ་ཡིན། བུ་གསུམ་ལ་དབང་། ཚེ་ཚད་བརྒྱད་ཅུ་བར་ཆད་བརྒྱད། བྱི་བར་སྐྱེ་བས་ཚ་ཆ་ནི། མང་དུ་བཏབ་པས་མི་ལ་སྐྱེ། ༈ ༼༥༽ ཆུ་སྤྲེལ་ལྷ་ནི་འོད་དཔག་མེད། བུ་གསུམ་ལ་དབང་། ཚེ་ཚད་བདུན་ཅུ་བར་ཆད་དགུ། མདོ་


CMR058_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བཞེངས་མི་ལུས་ཐོབ། འོད་མདོ་བཞེངས་ན་ཆོས་བདག་སྐྱེ། ལྷོག་པས་འཆི། ༈ ༼༤༽ ཆུ་བྱི་ལས་ལྷ་མ་རྒྱུད་ཡིན། བུ་གཉིས་ལ་དབང་། ཚེ་ཚད་བདུན་ཅུ་བར་ཆད་དགུ། མདོ་བཞེངས་ན་མི་ལུས་ཐོབ། འཆི་རྐྱེན་གཉེན་གྱིས་བྱ། ༈ ༼༣༽ ཤིང་ཁྱིའི་ལས་ལྷ་མི་འཁྲུགས་པ། བུ་གསུམ་ལ་དབང་ཞིང་ལོ་ཟོས། ཚེ་ཚད་རེ་དགུ་བར་ཆད་དྲུག ། ཆོས་མ་བྱས་ན་ཤ་བར་སྐྱེ། འཆི་རྐྱེན་རྨེ་བྱེད། ༈ ༼༢༽ ཤིང་ཕག་ལས་ལྷ་ཕྱག་རྡོར་ཡིན། བུ་བཞི་བྱུང་ཡང་གཉིས་དབང་། ཚེ་ཚད་བརྒྱ་ལ་བར་ཆད་བདུན། ཆོས་མེད་དབུལ་པོར་གཅིག་ལ་སྐྱེ། འཆི་རྐྱེན་མུ་གེས་བྱས་ནས་འཆི། ༈ ༼༡༽ མེ་བྱི་ལས་ལྷ་རྟ་མགྲིན་ཡིན། བུ་དྲུག་ལ་དབང་། ཚེ་ཚད་རེ་བརྒྱད་བར་ཆད་ལྔ། འབུ་དང་མི་ལུས་ཆོས་ཡོད་མེད། འཆི་རྐྱེན་དུག་གིས་བྱེད། ༈ ༼༩༽ མེ་གླང་ལས་ལྷ། ཚེ་ཚད་དྲུག་ཅུ་བར་ཆད་བཞི། བུ་གཅིག་དབང་སྟེ་དབང་འབུལ་སོ་འོང་། གླང་དང་ལྷ་བཟོ་ཆོས་ཀྱི་བྱེད། །འཆི་རྐྱེན་ཆུས་ཁྱེར། ༈ ༼༢༽ ས་སྟག་ལས་ལྷ་གསེར་ཐུབ་ཡིན། བུ་སྐལ་དབང་སྟེ་བུ་མོ་གཅིག་ཀྱང་དབང་། ཚེ་ཚད་དོན་ལྔ་བར་ཆད་ལྔ། ཆོས་བྱས་པས་མགར་བ་གཅིག་ལ་


CMR058_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས། འཆི་རྐྱེན་ཆུས་ཁྱེར། ༈ ༼༧༽ ས་ཡོས་ལས་ལྷ་གཤིན་རྗེའི་གཤེད། བུ་གཉིས་དབང་། ཚེ་ཚད་བདུན་ཅུ་བར་ཆད་དྲུག །རྐུན་མ་ལྷ་བཟོ་ཆོས་ཀྱི་ཁྱེད། ནད་གྲང་བས་འཆི། ༈ ༼༦༽ ལྕགས་འབྲུག་ལས་ལྷ་མ་རྒྱུད་ཡིན། བུ་གཅིག་དབང་། ཚེ་ཚད་དོན་ལྔ་བར་ཆད་དགུ། འཆི་རྐྱེན་མགོ་ཆད། ༈ ༼༥༽ ལྕགས་སྦྲུལ་ལས་ལྷ་འོད་དཔག་མེད། བུ་དྲུག་དབང་། ཚེ་ཚད་གྱ་གཉིས་བར་ཆད་དྲུག །འབུ་དང་མགར་བ་ཆོས་ཀྱི་ཁྱེད། འཆི་རྐྱེན་གཟའ་ནད་བྱེད། ༈ ༼༤༽ ཆུ་རྟ་ལས་ལྷ་དབང་ཕྱུག་ཆེ། བུ་གཅིག་གམ་བཞི་ལ་དབང་། ཚེ་ཚད་བདུན་ཅུ་བར་ཆད་བདུན། བྱ་དང་དམང་པོ་ཆོས་ཀྱི་ཁྱད། འཆི་རྐྱེན་བད་ཀན་ན་ནི་འཆི། ༈ ༼༣༽ ཆུ་ལུག་ལས་ལྷ་འོད་སྲུང་ཡིན། བུ་གཅིག་དབང་། ཚེ་ཚད་བདུན་ཅུ་བར་ཆད་དྲུག །བྱེ་བྲལ་འོང་། ཆུས་ཁྱེར་ནས་འཆི། ༈ ༼༢༽ཤིང་སྤྲེལ་ལས་ལྷ་སྒྲོལ་མ་ཡིན། བུ་གཅིག་དབང་ར་ནོར་ཟོས། ཚེ་ཚད་རི་དགུ་བར་ཆད་བརྒྱད། གྲི་ཁར་འཆི། ༈ ༼༡༽ ཤིང་བྱ། ༈ ༼༩༽ མེ་ཁྱི་ལས་ལྷ་མ་མགོན་ཡིན། བུ་གསུམ་དབང་། ཚེ་ཚད་བརྒྱད་ཅུ་བར་ཆད་བརྒྱད། རབས་ཆད་སྡེ་


CMR058_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཆོས་ཀྱི་ཁྱེད། མུ་གེས་འཆི། ༈ ༼༨༽ མེ་ཕག་ལས་ལྷ་མར་མེ་མཛད། བུ་གསུམ་དབང་། ཚེ་ཚད་དྲུག་ཅུ་བར་ཆད་དྲུག །ནག་མོ་ལྷ་རྗེ་ཆོས་ཡོད་མེད། ༈ ༼༧༽ ས་བྱིའི་ལས་ལྷ་ཤཱཀྱ་ཐུབ། བུ་གཅིག་དབང་། ཚེ་ཚད་དགུ་བཅུ་བར་ཆད་ལྔ། བ་དང་ལྷ་རྗེ་ཆོས་ཀྱི་ཁྱེད། རང་མཚོན་རང་ལ་སྣད་ནས་འཆི། ༈ ༼༦༽ ས་གླང་ལྷ་ནི་འཇམ་༈ དབྱངས་ཡིན། བུ་གཅིག་དབང་། ཚེ་ཚད་དྲུག་ཅུ་བར་ཆད་དྲུག །ཆོས་བྱས་ན་དམང་པོ་གཅིག་ལ་སྐྱེས། ༈ ༼༥༽ ལྕགས་སྟག་ལྷ་ནི་སྤྱན་རས་གཟིགས། བུ་གཉིས་དབང་། །ཚེ་ཚད་དྲུག་ཅུ་བར་ཆད་དྲུག །དབུལ་པོ་ལྷ་བཟོ་ཆོས་ཀྱི་ཁྱད། མཚོན་ཁོར་འཆི། ༈ ༼༤༽ ལྕགས་ཡོས་ལས་ལྷ་འོད་སྲུང་ཡིན། བུ་ལྔ་དབང་། ཚེ་ཚད་དྲུག་ཅུ་བར་ཆད་དགུ། མདོ་མང་བཞེངས་ནས་མི་དཔོན་སྐྱེ། དེ་མིན་མོ་ལུས་ལེན་པའོ། ༈ ༼༣༽ ཆུ་འབྲུག་ལས་ལྷ་ཕྱག་རྡོར་ཡིན། བུ་ལྔ་དབང་། ཚེ་ཚད་རེ་བརྒྱད་བར་ཆད་བརྒྱད། །འཕེན་པོ་དམང་པོ་ཆོས་ཀྱི་ཁྱད། འགག་ནི་འཆི། ༈ ༼༢༽ ཆུ་སྦྲུལ་ལྷ་ནི་མ་བདུན་ཡིན། ཐེའུ་རང་སྲི་ལ་གནོད། ཚེ་ཚད་རེ་ལྔ་བར་ཆད་དྲུག །ཆོས་བྱས་ན་ལྷ་རྗེར་སྐྱེ། འཆི་


CMR058_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་ནད་ཚ་བ། ༈ ༼༡༽ ཤིང་རྟ་ལས་ལྷ་སྒྲོལ་མ་ཡིན། བུ་གཉིས་དབང་། ཚེ་ཚད་གྱ་དྲུག་བར་ཆད་དྲུག །དབུལ་པོ་སྡེ་བླ་ཆོས་ཀྱི་ཁྱད། ཕོ་བ་ན་ནི་འཆི། ༼༩༽ ཤིང་ལུག་ལས་ལྷ་ཕྱག་རྡོར་ཡིན། བུ་གཅིག་དབང་། ཚེ་ཚད་བཅུ་ཡིན་བར་ཆད་དྲུག །བྱ་དང་མགར་བ་ཆོས་ཀྱི་ཁྱད། ༈ ༼༢༽ མེ་སྤྲེལ་ལས་ལྷ་རྟ་མགྲིན་ཡིན། བུ་ལྔ་དབང་། ཚེ་ཚད་རེ་དགུ་བཅུ་བར་ཆད་ལྔ། གླང་དང་མི་དཔོན་ཆོས་ཀྱི་ཁྱེད། ནད་ཚ་བས་འཆི། ༈ ༼༧༽ མེ་བྱ་ཆོས་སྐུ་བྲག་ལྷ་མགོན། ཀླུ་ཐིལ་གདོན། ཚེ་ཚད་རེ་དགུ་བར་ཆད་དྲུག །གྲི་ཁར་འཆི། ༈ ༼༦༽ ས་ཁྱི་ལས་ལྷ་གསེར་འོད་ཡིན། བུ་གསུམ་དབང་། ཚེ་ཚད་རེ་གཅིག་བར་ཆད་བརྒྱད། ཁྱི་ལུས་མི་ལུས་ཆོས་ཀྱི་ཁྱད། འཆི་རྐྱེན་མཐའ་མ་གཡང་ལ་བྲུལ། ༈ ༼༥༽ ས་ཕག་ལས་ལྷ་འོད་སྲུང་ཡིན། བུ་གཉིས་དབང་། ཚེ་ཚད་དོན་བདུན་བར་ཆད་བདུན། གླང་དང་བཟོ་བོ་ཆོས་ཀྱི་ཁྱད། ༈ ༼༤༽ ལྕགས་བྱའི་ལས་ལྷ་རྣམ་སྣང་མཛད། བུ་གཉིས་དབང་། ཚེ་ཚད་བརྒྱ་ཅུ་བར་ཆད་བདུན། ལུག་དང་འཕེན་པོ་ཆོས་ཀྱི་ཁྱད། ༈ ༼༣༽ ལྕགས་གླང་ལས་ལྷ་སྒྲོན་དཀར་ཡིན། བུ་གསུམ་དབང་།


CMR058_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཚད་གྱ་གསུམ་བར་ཆད་བདུན། ར་དཀར་བརྗེ་ཆོས་ཀྱི་ཁྱད། རྨེ་ཁར་འཆི། ༈ ༼༢༽ ཆུ་སྟག་ལས་ལྷ་རྡོ་རྗེ་འཆང་། བུ་གཅིག་དབང་། ཚེ་ཚད་གྱ་གཅིག་བར་ཆད་བརྒྱད༔ རྩ་གསུམ་ལྷ་དང་རྟ་གང་རུང་། འཆི་རྐྱེན་བར་བྱེད་པར་འཆི་བའམ་ནད་ཚ་བས་འཆི། ༈ ༼༡༽ ཆུ་ཡོས་ལས་ལྷ་འཇམ་དབྱངས་ཡིན། བུ་གཉིས་དབང་། ཚེ་ཚད་བདུན་ཅུ་བར་ཆད་བརྒྱད། བྱ་དང་དམང་པོའི་བུ་ནི་ཆོས་ཀྱི་ཁྱད། འགག་ནི་འཆི། ༈ ༼༩༽ ཤིང་འབྲུག་ལས་ལྷ་སྒྲོལ་དཀར་ཡིན། བུ་གཉིས་དབང་། ཚེ་ཚད་རེ་དྲུག་བར་ཆད་དྲུག །རི་བོང་སྐྱེ་ཡང་སྒྲོལ་མའི་སྐུ་བཞེངས་མི་ལུས་ཐོབ། ༈ ༼༨༽ ཤིང་སྦྲུལ་ལས་ལྷ་གསེར་འོད་ཡིན། བུ་ནོར་ཀུན་ལ་དབང་། ཚེ་ཚད་བདུན་ཅུ་བར་ཆད་དྲུག །མི་ལུས་ར་ནི་ཆོས་ཡོད་མེད། ༈ ༼༧༽ མེ་རྟའི་ལྷ་ནི་རྟ་མགྲིན་ཡིན། བུ་གཅིག་དབང་། ཚེ་ཚད་རེ་བརྒྱད་བར་ཆད་བརྒྱད། རིར་སྐྱེས་ཀྱང་མདོ་བཞེངས་ན་མི་ལུས་ཐོབ། ༈ ༦༽ མེ་ལུག་ལས་ལྷ་བོན་སྐྱོང་མ་དང་ཚ་བོ་མང་བའོ། ཚེ་ཚད་རེ་དགུ་བར་ཆད་ལྔ། ཁང་རུང་ལ་ཀླུ་ནད་འོང་། ༈ ༼༥༽ ས་སྤྲེལ་ལས་ལྷ་འོད་སྲུང་ཡིན། ཚེ་ཚད་བར་ཆད་དགུ། ཁྱིར་སྐྱེས་


CMR058_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མདོ་བཞེངས་ན་མགར་བར་སྐྱེ། ༈ ༼༤༽ ས་བྱ་ལས་ལྷ་མི་བསྐྱོད་པ། བུ་དྲུག་དབང་། ཚེ་ཚད་དགུ་བཅུ་བར་ཆད་བདུན། ཆོས་མ་བྱས་ན་བ་ལ་སྐྱེས། ༈ ༼༣༽ ལྕགས་ཁྱི་ལས་ལྷ་དོན་ཡོད་གྲུབ། བུ་གཅིག་དབང་། ཚེ་ཚད་བརྒྱད་ཅུ་བར་ཆད་དྲུག །མདོ་མང་བཞེངས་ན་མི་ལུས་ཐོབ། ༈ ༼༢༽ ལྕགས་ཕག་ལས་ལྷ་རིན་ཆེན་འབྱུང་། བུ་གཉིས་དབང་། ཚེ་ཚད་གྱ་དྲུག་བར་ཆད་དྲུག །རྡོར་གཅོད་བཞེངས་ན་བཟོ་བོར་སྐྱེ། མ་བཞེངས་ན་གཉེན་ལ་སྐྱེ་བའོ། ༈ ༼༡༽ ཆུ་བྱིའི་ལས་ལྷ་མ་མགོན་གཉིས། བུ་གཉིས་དབང་། ཚེ་ཚད་དོན་དྲུག་བར་ཆད་བདུན། བྱི་བར་སྐྱེས་ཀྱང་གྲུ་ལྔ་བཞེངས་ན་མི་ལུས་ཐོབ། ༈ ༼༩༽ ཆུ་གླང་ལས་ལྷ་ཆོས་རྒྱལ་ཡིན། བུ་རོ་གྲངས་མེད་འོང་། ཚེ་ཚད་བདུན་ཅུ་བར་ཆད་བདུན། ཕག་དང་མི་ལུས་མདོ་བཅུ་བཞེངས། ༈ ༼༨༽ ཤིང་སྟག་ལས་ལྷ་ཕྱག་རྡོར་ཡིན། བུ་གསུམ་དབང་། ཚེ་ཚད་དྲུག་ཅུ་བར་ཆད་ལྔ། བདུད་དམ་ལྷར་སྐྱེ་གདུགས་དཀར་བཞེངས། ༈ ༼༧༽ ཤིང་ཡོས་ལས་ལྷ་དབང་ཕྱུག་ཆེ། བུ་ནི་ཡོད་ཀྱང་འཆི། ཚེ་ཚད་རེ་གཅིག་བར་ཆད་བཞི། རི་བོང་མི་ལུས་མཆོད་རྟེན་


CMR058_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས། ༈ ༼༦༽ མེ་འབྲུག་ལས་ལྷ་བོན་ལྷ་ཡིན། བུ་ལྔ་ལ་དབང་མ་ཡར་བུ་རོག་འོང་། ཚེ་ཚད་བརྒྱད་ཅུ་བར་ཆད་བརྒྱད། གླང་ལ་སྐྱེའམ་ཡང་བོན་མདོ་བཞེངས་ན་བོན་པོར་སྐྱེ། ༈ ༼༥༽ མེ་སྦྲུལ་ལས་ལྷ་སྣང་བ་མཐའ་ཡས། བུ་གཉིས་དབང་། ཚེ་ཚད་གྱ་གཅིག་བར་ཆད་གཉིས། རི་དྭགས་མི་ལུས་ཚེ་མདོ་བཞེངས། ༈ ༼༤༽ ས་རྟའི་ལས་ལྷ་མ་མགོན་གཉིས། བུ་གཉིས་དབང་། ཚེ་ཚད་དོན་གཉིས་བར་ཆད་ལྔ། ར་དང་ལྷ་རྗེ་མཚན་བརྗོད་བཞེངས། ༈ ༼༣༽ ས་ལུག་ལས་ལྷ་དོན་ཡོད་གྲུབ། བུ་བཞི་དབང་། ཚེ་ཚད་དྲུག་ཅུ་བར་ཆད་དྲུག །སྲིན་པོར་སྐྱེ་ཡང་ཚ་ཚ་འབུམ་གཏེར་ཐོན་ན་ཚངས་པའི་བུར་སྐྱེ། ༈ ༼༢༽ ལྕགས་སྤྲེལ་ལས་ལྷ་ཚེ་དཔག་མེད། བུ་ལྔ་དབང་། ཚེ་ཚད་བརྒྱད་ཅུ་བར་ཆད་བརྒྱད། བྱི་བ་མི་ལུས་ཆོས་ཀྱི་ཁྱད། ༈ ༼༡༽ ལྕགས་བྱ་ལས་ལྷ་རྣམ་སྣང་ཡིན། བུ་བཞིར་དབང་། ཚེ་ཚད་གྱ་གཅིག་བར་ཆད་བརྒྱད། འབོང་བ་སྡེ་དཔོན་མདོ་བཅུ་བཞེངས། ༈ ༩༽ ཆུ་ཁྱི་ལས་ལྷ་མི་བསྐྱོད་པ། བུ་ནོར་ཀུན་ལ་དབང་ཐང་ཆེ། ཚེ་ཚད་དྲུག་ཅུ་བར་ཆད་བཞི། རབས་ཆད་ལྟར་རྗེ་སཱཙྪ་བཏབ། ༈ ༼༢༽ ཆུ་ཕག་ལས་ལྷ་སྤྱན་


CMR058_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

རས་གཟིགས། བུ་གསུམ་དབང་། ཚེ་ཚད་གྱ་ལྔ་བར་ཆད་ལྔ། །བྱ་དང་མི་ལུས་ཆོས་ཀྱི་ཁྱད། ཅེས་པ་སྨེ་བའི་ལོ་ཡི་ལས་རྩིས་རྣམས། །རྒྱ་ནག་རྩིས་གཞུང་གསུངས་པའི་དོན། །རྩིས་མཁན་༧ རཱ་ག་ཨ་སྱས་བསྡུས་ཐབས་བྲིས། །འགྲོ་ཀུན་ཆོས་འདོད་དོན་དང་ལྡན་པར་ཤོག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།

མཁས་པ་དུ་ཧར་ནག་པོའི་དབང་ཐང་སྨེ་བའི་ཚེ་རབས་ལས་རྩིས།


CMR058_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་དུ་ཧར་ནག་པོའི་དབང་ཐང་སྨེ་བའི་ཚེ་རབས་ལས་རྩིས་བཞུགས་སོ། །


CMR058_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫ་ཤྲཱི། གཅིག་དཀར་ལ་སྐྱེས་པའི་མི་ཁྱོད། སྐྱེ་བ་སྔ་མ་འདོད་ཁམས་ཀྱི་ལྷར་སྐྱེ། ཤིང་ལྗོན་པ་གཅིག་དང་མཉམ་དུ་སྐྱེས་ཤིང་དེའི་ཤུན་པ་ལ་གོས་བྱེད། འབྲས་བུ་ཟས་སུ་ཟ། ཁུ་བ་སྐོམ་དུ་འཐུང་། ཤིང་དེ་རྩ་བ་རུལ་ནས་ཤིང་དེ་ལ་སྒྲ་སྐད་ངན་པ་ཞིག་གྲགས་ནས། མི་དེ་ལ་སྐྲག་ནས་དམྱལ་བར་འགྲོ་དོགས་པའི་ཡི་མུག་སྐྱེས། ལུང་པ་དེའི་ཕུ་ན་དྲང་སྲོང་སྟོན་པ་ཤཱཀྱ་པ་བྲི་བྲི་ཧའི་དྲུང་དུ་སོང་ནས། བདག་དམྱལ་བར་མི་བཏང་ཞུ་ཞུས་པས། དྲང་སྲོང་དེས་ཁྱོད་ལྷོ་རྒྱལ་འཛམ་བུ་གླིང་དུ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་ཆོས་དང་འཕྲད་པར་ཤོག་།ཅེས་སྨོན་ལམ་


CMR058_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པས་ཡོན་ཏན་ཅན་གྱི་མི་ལུས་ཐོབ། དེའི་རྟགས་སུ་ཤ་རྩ་དཀར་གཙང་སྦྲ་བྱེད་གཏམ་ལ་དགའ། སྐོམ་དད་ཆེ་སྤྲོ་ཐུང་། སེམས་དཀར་ངག་འཇམ། གཉིད་ཆུང་འགྲོ་འདོད་ཁ་མང་། ངོས་ལྐོག་ཆེ་ཁྲོས་ན་ཞེ་ནག །བཙོག་གིས་དགྲ་བླ་མནོལ། ལྷ་གསོལ་བྱེད་ན་བཟང་། ནོར་དཀར་མཚན་ཅན་བཏང་བས་གཡང་ཉམས། ཕ་མྱེས་དུར་ལ་དགྲ་བྱུང་བུ་གཉིས་ལ་དབང་། ཚེ་ཚད་བདུན་ཅུ་དོན་གཅིག་ཡིན། །བར་ཆད་གསུམ་ཡོད། ནད་རླུང་དང་བད་ཀན་འབྱུང་། གདོན་རྒྱལ་པོ་དང་ཐེའུ་རང་གདོན། མ་ཉེས་པའི་སྲོག་བཅད་པས། བྱི་མ་སྲག་དཀར་


CMR058_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

དམར་འདྲེས་པས་གནོད་སྦྱིན་གྱི་བུ་མོར་སྐྱེ། དེ་མི་སྐྱེ་བར་བྱེད་ན། མར་མེ་ལོ་གྲངས་གསོ། ཟམ་པ་བཅོས། རྣམ་རྒྱལ་དཀར་མོ་བཞེངས། གོས་དྲི་མ་ཅན་ཞལ་བསྒྱུར་ལ་བྱིན། བསྙེན་གནས་སྲུང་། ཏོག་གསེར་གྱིས་བྲིས། དེ་ལྟར་བྱས་ན་ཡུལ་ལྷ་ས་ན། སྨོན་ལམ་བྱ་བའི་བུ་དཀོར་བདག་གཅིག་ཏུ་སྐྱེས། རིམ་པར་མི་ལུས་ཐོབ། དེའི་རྟགས་སུ་ཁོག་སྨད་དུ་སྨེ་བ་ཡོད། ༈ གཉིས་ནག་ལ་སྐྱེས་པ་ཁྱོད། དམྱལ་བའི་སྡེ་ནས་ཆད། སྐྱེ་བ་སྔ་མ་རྒྱ་མུལ་ག་ཇ་རུ་བྱ་བ་ན། གཞུ་མཁན་མ་སྲིན་མོ་རུ་བྱ་བའི་བུར་སྐྱེས། ཉིན་གཅིག་གཞུ་ལྔ་ལ་སིལ་བཀོན་ཤིན་ཡོད་ཙ། སྒོ་ནས་བག་ཤིང་བཞི་སྡེ་གཅིག་གིས་གྲོ་སྟེར་ཟེར་བས་གཞུ་མཁན་དེ་ལ་ང་ཡི་སློབ་མ་བྱེད་དགོས་ཟེར་ནས། བག་ཤིས་ན་རེ་ཁྱོད་རིགས་བཟང་བོད་དུ་སྐྱེས་ནས་དམ་པའི་ཆོས་དང་འཕྲད་པར་ཤོག །ཟེར་ནས་སྨོན་ལམ་བཏབ་པས། མི་གཅིག་ཤ་བ་བརྡ་བ་ལ་སོང་ནས་རྩྭ་ཆུས་ཁྱེར་ནས་ཤི །དེའི་རྟགས་སུ་ངོ་ནག་ཤ་ཁྲག་ལ་དགའ། གཏོ་ཆེ་བྱུར་ཡང་ཆེ། རང་གི་སེམས་ལ་མ་བྱུང་ན་བཅོས་དཀའ། སྐྱིད་སྡུག་རེས་བྱེད། ཟས་ནོར་ཆེ་ཡང་སྤྱོད་རྒྱུ་ཆུང་། མཐུ་ཆེ་སྙིང་ངན། ཁ་འཇམ་ཁོག་རྩུབ་


CMR058_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཚེར་རྩུབ་དར་གཏུམ་འདྲ། འགྲན་ཟླ་མེད་པའི་བསེ་རུ་དང་འདྲ། གདོང་མེ་རག་འདྲ་སྟེ་ཕ་མ་ལ་གཟན། ཚང་རོགས་ལ་གནོད། ཤི་ཆད་མང་། ཟས་ནོར་ལ་གཡང་ཉམས། ཕན་པ་བྱས་ཀྱང་མགུ་བ་གཅིག་ཀྱང་མེད། སྔགས་པ་བྱས་ན་བཟང་། རབས་ཆད་ཡོད་ན་ཐང་། མ་ཉེས་པའི་སྲོག་གཉིས་བཅད་པས་ཕྱི་མ་ཡི་དྭགས་གནས་སུ་ཆུ་བྱ་ཀངྐའི་ལུས་གསུམ་ལེན། དེར་མི་སྐྱེ་བར་འདོད་ན་ལྷ་མོ་ནོར་རྒྱུན་མ་ནར་མར་འདོན། ཆུ་སྦྱིན་འབུམ་གཏེར་དང་འཇམ་དཔལ་འབུམ་གཏེར་འདོན། རྡོར་གཅོད་གསེར་གྱིས་བྲིས། དེ་ལྟར་བྱས་ན་འཕན་ཡུལ་བྱ་བ་ནི་བནེ་མིང་སོ་རྡོར་གྱི་བུར་སྐྱེ། མོ་དུད་ལྔ་བརྒྱའི་དཔོན་པོ་བྱེད་དེའི་རྟགས་སུ་ལག་པ་གཡོན་པ་ན་སྨེ་བ་ཡོད། བདུན་ཅུ་དོན་བདུན་ཚེ་ཚད་ཡིན། བར་ཆད་གཉིས་ཡོད། ༈ གསུམ་མཐིང་ལ་སྐྱེས་པའི་མི་ཁྱོད། སྐྱེ་བ་སྔ་མར་བལ་པོའི་ཡུལ་བཟའ་མི་བདུན་ཡོད་པའི་རྨོས་གླང་གཅིག་ཏུ་སྐྱེས། གླང་དེ་ཤི་ནས་བྱ་བྲལ་བདུན་གྲོ་ཆད་ནས་དྲོངས་བས་སྨོན་ལམ་བཏབ་ནས་ཕྱི་མ་མི་ལུས་ཐོབ་པར་ཤོག་གསུངས་ནས་དེའི་རྟགས་སུ་ལང་ན་སྟག་ལོང་ཉལ་ན་གླང་ཉལ་བྱེད། སེམས་རྒྱུད་བཟང་ཚིག་བསྲན་ཆེ།


CMR058_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་ཕུག་ཐུང་། ཁོང་ཡུས་ཆེ། མིག་རེ་ལྟོས་ཆེ། བུ་གསུམ་ལ་དབང་། བསམ་པ་འབྲིང་ལ་ཉེས་པའི་སྲོག་གསུམ་བཅད་པས་ཕྱི་མ་སྲིན་པོའི་བུར་སྐྱེས་པས་དམར་དད་ཆེ་དེར་མི་སྐྱེ་བར་འདོད་ན། ཡོན་ཏན་ཅན་ལ་གྲོ་དྲོངས། དགོན་སྡེ་ལ་འགྱེད་བྱ། འཇམ་དབྱངས་སྐུ་དང་འཇམ་སྡུད་སྨོན་གསུམ་ཚེ་མདོ་གསེར་གྱིས་བྲིས། མཆོད་རྟེན་ལ་དཀར་ཆབ་གསོལ། དེ་ལྟར་བྱས་ན་ལྕེ་ཆུས་འགྲམ་ན་མི་རྒྱུད་བདུན་གྱི་དཔོན་དུ་སྐྱེ། མི་མང་པོའི་མགོན་བྱེད། བསོགས་པ་ཆེ་ནོར་མང་། མི་རྒྱུད་ལ་ཞ་ལོང་ལྐུགས་གསུམ་ཡོད་ན་ཐང་། མོ་རྒྱུད་ལ་ཆུ་གྲི་ཡོད་ན་ཐང་། ཚ་ཚ་བཏབ། ཞི་བ་དཀར་པོ་བྱ། ཆབ་གཏོར་བཏང་གཡང་བླང་བཀྲ་ཤིས་བརྗོད། བརྒྱད་ཅུ་གྱ་གཅིག་ཚེ་ཚད་ཡིན། བར་ཆད་གསུམ་ཡོད། ༈ བཞི་ལྗང་ལ་སྐྱེས་པ་ཁྱོད། ཀླུའི་སྡེ་ནས་ཆད། སྐྱེ་བ་སྔ་མ་འབྲི་སྟོད་འདམ་བུ་ཆུ་སྣ་བྱ་བ་ན། ཕ་ལ་ཨ་སྟག་བྱ་བ་དང་། མ་ལ་གཡང་བྱ་བའི་བུར་སྐྱེ། ཤ་བ་བརྡ་ལ་སོང་བས་ཆུས་ཁྱེར་ནས་ཤི། བླ་མཆོད་མཁན་པོ་ཅིག་ན་རེ། མྱ་ངན་མ་བྱེད་ཞག་བདུན་ནས་མི་ལུས་ཐོབ་ཅིག་བྱེད་ཟེར། དེའི་རྟགས་སུ་ཁྲུས་དང་གཙང་སྦྲ་ལ་དགའ། སོས་དལ་ཚིག་ཉུང་འགྲོ་


CMR058_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སྙུག་རིང་། མི་ལ་ཕན་ཐོགས་པ་ལ་དགའ། ཉེ་བ་ལ་སྡང་། དར་རྒུད་ཆེ། གང་སྟོང་ཡོད། ཕ་མྱེས་དུར་ལ་དགྲ་བྱུང་བས་ཀླུ་འབུམ་འདོན། མ་ཉེས་པའི་སྲོག་བཅད་པས་ཆུ་བྱའི་ལུས་ལེན། དེར་མི་སྐྱེ་བར་འདོད་ན་ཕྱག་ན་རྡོ་རྗེའི་སྐུ་བཞེངས། སྙིང་པོ་ཟླ་བ་བདུན་ལ་འདོན། སྒྲོལ་མ་འདོན། རྡོ་རྗེ་མཆུ་བྲི། ཐུགས་རྗེ་ཆེན་པོ་ལ་ལོ་བདུན་སྐྱབས། དགེ་སློང་ལ་གྲོ་དྲོངས། སྤྲང་པོ་ལ་སྦྱིན་པ་བྱིན། དེ་ལྟར་བྱས་ན་ཡུལ་འབྲི་གུང་རོང་བྱ་བ་སྔགས་པ་མཐུ་ཆེན་བདུན་གྱི་དཔོན་དུ་སྐྱེ། དེའི་རྟགས་སུ་ལག་པ་གཡས་སུ་ཤ་མཚན་དང་སྨེ་བ་ཡོད། དྲུག་ཅུ་རེ་གཅིག་ཚེ་ཚད་ཡིན། བར་ཆད་གཉིས་ཡོད། ༈ ལྔ་སེར་ལ་སྐྱེས་པའི་མི་ཁྱོད། སྐྱེ་བ་སྔ་མ་མིའི་སྡེ་ནས་ཆད། སྐྱེ་བ་སྔ་མ་ཙང་རུའི་ཟངས་ལོང་བྱ་བ་ན། ཕ་ཤེས་རབ་གྲགས་པ། མ་གཡུ་སྒྲོན་བྱ་བའི་བུར་སྐྱེ། ལོ་ལྔ་ལོན་པ་ནས་ཤིན་ཏུ་བོན་པོ་ལ་མཁས་པ་བྱང་། ལོ་ཉི་ཤུ་རྩ་ལྔ་ནས་སེམས་ཅན་གྱི་དོན་བྱེད་པའི་གྲགས་པ་ཅན་གྱི་བུ་རུ་སྐྱེས། དེའི་རྟགས་སུ་དྲང་པོར་སྨྲ། རང་གཞན་གྱི་དོན་ཁོག་སྐོམ། ཤེས་པ་གསལ་ཡིད་མྱུར་སེམས་ཆུང་ཤ་སེར་གྲོགས་བཤེས་མང་། སྤྱི་དང་མཐུན།


CMR058_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱིས་བཀུར། རྒྱལ་འགོང་གདོན། གཟེར་ནད་འོང་། བུ་ལྔ་ལ་དབང་། མི་རྒྱུད་ཐོག་གི་བསད་ན་ཐང་། བྱ་ཁྱི་བཞིའི་སྲོག་བཅད་པས། ཕྱི་མ་ཕག་གཅིག་ཏུ་སྐྱེས། དེར་མི་སྐྱེ་བར་འདོད་ན་སྤང་ལོང་ལ་སྦྱིན་པ་དཔག་ཏུ་མེད་པ་ཐོང་། ཆུ་སྦྱིན་ཁྲི་ཚར་བསྔོ། གསེར་འོད་བྲི་བ་དང་འདོན་པར་བྱ། དེ་ལྟར་བྱས་ན་དབུས་ཀྱི་ཟངས་ལོང་བྱ་བ་ན་མ་ལ་ལྕམ་གྱི་བུ་ལྷ་གཉེན་རྡལ་བྱ་བར་སྐྱེ། བརྩོན་འགྲུས་ཆེ་འབྱོར་བ་ཆེ། ཆེ་རྒྱུད་རྒུད་པའི་ཆུང་རྒྱུད་དར་བ་གཅིག་ཏུ་སྐྱེ། དགུ་བཅུ་གོ་དགུ་ཚེ་ཚད་ཡིན། བར་ཆད་བཞི་ཡོད། །དྲུག་དཀར་ལ་སྐྱེས་པ་ཁྱོད་གཟུགས་ཁམས་ལྷ་ལས་ཆད། སྐྱེ་བ་སྔ་མ་ཡུལ་ཙང་ཀ་བྱ་བ་ན་ཕ་ཡི་མིང་དཀར་མཁན་མའི་མིང་དཀར་མོ། བུའི་མིང་རྡོ་རྗེ་བྱ་བར་སྐྱེ། རང་གི་ལུག་ཁྱིས་དེད་ནས་བསད་པས། ཁྱི་ལ་མདའ་འཕང་བས་བུ་ལ་ཕོག་ནས་ཤི། རྒོད་མ་དར་མ་གསུམ་བསད། དེའི་རྣམ་པར་སྨིན་པས་ཆུ་གྲིར་ཤི། ཞིང་གི་མུ་ཚིག་གི་བར་ཏོས་གཉིས་ནས་དོམ་ནག་པོ་མགོ་དགུ་ཡན་ལག་བརྒྱད་ཡོད་པ་གཅིག་ཏུ་སྐྱེས། སྡིག་སྦྱོང་ལ་དགེ་སློང་པཎྜི་ཏ་གཅིག་གིས་ལྷོ་འཛམ་བུ་གླིང་དུ་སྐྱེས་ནས་མི་ལུས་ཐོབ་པར་ཤོག་གསུངས་


CMR058_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྨོན་ལམ་བཏབ་བོ། དེ་ནས་མིའི་ལུས་ཐོབ་བོ། དེའི་རྟགས་སུ་མི་འཕྲོད། སྨྲ་བ་ཉུང་མོ་དད་ཆེ། བཟང་ཕར་བྱེད་ཀྱང་ངན་ཚུར་བྱེད། དགྲ་ལྷའི་མགོན་བྱེད་ཐེའུ་རང་གདོན། བུ་མིང་སྲིང་དྲུག་ལ་དབང་། ཕྱི་མ་རྟའི་ལུས་ལེན། དེར་མི་སྐྱེ་བར་འདོད་ན། ཐུགས་རྗེ་ཆེན་པོ་ལ་སྐྱབས་བྱས་སྐུ་བཞེངས། རྒྱལ་བ་རྒྱ་མཚོའི་དབང་ཞུ། སྡུད་པ་གསེར་གྱིས་བྲིས་ལ་འདོན། དེ་ལྟར་བྱས་ན་ཡུལ་སྟག་ལུང་རོང་བྱ་བར་ཡོན་ཏན་གྲགས་བྱ་བར་སྐྱེས་ནས། འགུར་མཁན་ལྔ་བཅུའི་དཔོན་དུ་སྐྱེ། །དེའི་རྟགས་སུ་རྐང་པ་གཡོན་ན་སྨེ་བ་ཡོད། བདུན་ཅུ་དོན་དྲུག་ཚེ་ཡིན། བར་ཆད་གསུམ་ཡོད། རིམ་གྲོ་བྱའོ། ༈ །བདུན་དམར་ལ་སྐྱེས་པ་ཁྱོད་སྐྱེ་བ་སྔ་མ་ལྷོ་རྫ་དགོན་ལ་བྱ་བ་ན། བླ་མ་དར་མ་ཤེས་རབ་བྱ་བའི་ནམ་ཚོད་འཛིན་པའི་བྱ་ཕོ་གཅིག་ཏུ་སྐྱེས། ཆོས་པ་རྣམས་ཀྱིས་བྱ་ཕོ་ཁྱོད་མི་ལུས་གཙང་མ་ཐོབ་པར་ཤོག་ཟེར། དེའི་རྟགས་སུ་སྙིང་ཆུའི་སྦུ་བ་འདྲ། ལེ་ལོ་བྱེད་བློ་རྒོད། བསམ་པ་མང་སྨྲ་མཁས། ཚིག་སྲན་ཆུང་ཕྱི་མིའི་བྱམས། ནང་མིའི་སྡང་། མི་ཁ་གཟན་སྙིག་ཐབས་བྱེད། ཚེ་སྨད་ལ་ཟས་ནོར་


CMR058_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ། ཕྱི་མ་ལུས་མདོ་གམ་ཤོད་ན། བོང་བུ་སྐྱ་རིང་གཅིག་ཏུ་སྐྱེས། དེར་མི་སྐྱེ་བར་འདོད་ན། ཇོ་བོ་གཅིག་གི་མདུན་དུ་ཚེ་འབར་གསོ། མཚན་བརྗོད་གསེར་གྱིས་བྲིས་ལ་འདོན། དེ་ལྟར་བྱས་ལ། རྒྱ་ཆུའི་སོག་པོ་བརྒྱད་ཅུའི་དཔོན་དུ་སྐྱེ། དེའི་རྟགས་སུ་རྩིབ་ལོགས་ན་སྨེ་བ་ཡོད། དྲུག་ཅུའི་རེ་དགུའི་ཚེ་ཚད་བར་ཆད་གསུམ་ཡོད། ༈ བརྒྱད་དཀར་ལ་སྐྱེས་པ་ཁྱོད། སྐྱེ་བ་སྔ་མ་ལྷ་ཡུལ་དུ་མི་ལ་ལྟད་མོ་ལ་འོང་། ཕ་མཛེས་པའི་འོད། མ་ཡིད་དགའ་མ་བྱ་བའི་བུ་དྲི་མ་མེད་པར་སྐྱེ། དེའི་རྟགས་སུ་ཁྲུས་དང་གཙང་སྦྲ་ལ་དགའ་མི་གཙང་བ་ལ་སྔར། དབྱིབ་ལེགས་བཞིན་བཟང་། ཕོ་ལྷས་མགོན་བྱེད། ཐེའུ་རང་དང་སྨུག་འདྲེ་གདོན། རླུང་དང་བད་ཀན་ནད་ཀྱི་འཆི། ལྷ་གསོལ་གཡང་སྐྱབས་བྱ། ཕ་མྱེས་བྱས་པ་ཅན་ཡོད་ན་ཐང་། ལྷ་འདྲེའི་བྱད་ཁ་འོང་། བུ་གསུམ་ལ་དབང་ངོ་། །ནམ་ཕུག་སྐྱིད། ཆོས་མ་བྱས་ན་ལི་ལིའམ་བྱ་རྒོད་གཅིག་གི་ལུས་ལེན། དེར་མི་སྐྱེ་བར་འདོད་ན། དྲིན་ལེན་བསབ་མདོ་གསེར་གྱིས་བྲིས། གདུགས་དཀར་དང་འབུམ་འདོན། དེ་ནས་དགའ་ལྡན་དུ་སྐྱེ་ཟེར་ཡང་འདུག་སྟེ། དབུས་ཀྱི་ཕ་ཝང་འཕན་


CMR058_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་བྱ་བའི་དཀོར་གཉེར་གཅིག་ཏུ་སྐྱེ། དེ་ནས་མངོན་པར་བྱང་ཆུབ་ཐོབ། ཚེ་ཚད་དྲུག་ཅུ་རེ་བརྒྱད། བར་ཆད་གཉིས་ཡོད། ༈ དགུ་དམར་ལ་སྐྱེས་པའི་མི་ཁྱོད། སྐྱེ་བ་སྔ་མོ་རྒྱ་གར་ཝཱ་རཱ་ཎ་སཱི་ན། ཕ་ཚོང་དཔོན་དར་མ་ཡེ་ཤེས། མ་བདེན་རྫུན་སྒྲོལ་མ་བྱ་བའི་བུ་ལ་སྐྱེས། བུ་ལ་ཡོན་ཏན་གྲགས་མིང་། འཁོར་མང་པོའི་དཔོན་དུ་སྐྱེ་ལོ་གཅིག་ཡུལ་དེར་མུ་གེ་བྱུང་ནས་མང་པོ་ཤི། འོ་ན་ཕ་ར་འབྲས་ཁལ་ཉིས་སྟོང་ཡོད་པ་སྦྱིན་པ་བཏང་ཟེར་བས། བུས་དེ་མི་བྱེད་རང་རེ་ལྟོགས་ནས་འཆི་བར་འདུག་པས། ཕ་རྩིག་པ་ཟ་ནས་ན་རེ། ཁྱོད་ཕྱི་མ་ཁྱིའི་ལུས་ལེན་ནས་དབུལ་པོར་ཨི་མི་སྐྱེ་ཟེར། དེའི་རྟགས་སུ་གཞུངས་བཟང་ཆོས་དད་ཆེ། ཁ་ཁྲོབ་ཁོག་དྲངས། རང་ནོར་མི་ལ་མི་འཆོར། ཁ་གང་གི་ཟས་ཟ། མིག་གང་གི་ལྟད་མོ་ལྟ། རྒྱབ་གང་གི་གོས་གྱོན། ལག་གང་ནོར་སྤྱད། ལྷ་སྨན་གྱི་མགོན་བྱེད། མ་ཉེས་པའི་སྲོག་བཅད་པས། མི་བཀྲེས་འཕང་གི་གནས་སུ་ཞག་གཅིག་སྐྱེས་ཀྱང་ཟེར་ཏེ། མི་དབུལ་པོ་ཅིག་གི་སྒོ་ཁྱི་ལ་སྐྱེ། དེར་མི་སྐྱེ་བར་འདོད་ན། བདེ་བར་གཤེགས་པ་ལ་མཆོད་པ་བརྩོན་པར་བྱ། རྣམ་རྒྱལ་མའི་གཟུངས་ལ་འབད་པ་


CMR058_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཆུ་གཏོར་མང་དུ་བཏང་། དེ་ལྟར་བྱས་ན་མི་ལུས་ཐོབ་བོ། །གདོན་དུ་བདར་གདུག་གྲི་གདོན། མཐར་སྐྱིད་བ་གཉིས་ལ་དབང་། ནོར་མང་པོའི་ཁྱི་ལ་སྐྱེ། དེར་མི་སྐྱེ་བར་བྱེད་ན། གཟུངས་འབུམ་བྲི། འོད་དཔག་མེད་ཀྱི་ཞིང་བཀོད་བཞེངས། ཤར་ཕྱོགས་ཙང་ཀའི་ཕྱུག་པོ་ནོར་སྐྱོང་ཅིག་ཏུ་སྐྱེས། དེ་ནས་ཡོན་ཏན་གྱི་ལུས་དགུ་ལེན་ནས། སུམ་ཅུ་རྩ་གསུམ་དུ་སྐྱེ་བར་འགྱུར་རོ། །ཚེ་ཚད་དགུ་བཅུ་གོ་བརྒྱད་ཡིན་བར་ཆད་བཞི་ཡོད། སརྦ་མངྒ་ལཾ། ༈ ལི་དམར་པོ། ཁོན་སེར་པོ། དྭ་དཀར་པོ། ཁེན་སེར་པོ། ཁཾ་སྔོན་པོ། གིན་སེར་པོ། ཟིན་ལྗང་གུ། ཟོན་སེར་པོ། ཨོཾ་སུ་ཏྲི་ར་ཏྲི་མ་སུ་ཏྲི་ཨེ་ཏྲི་ལ་དུན་ཡ་བྷོ། ཙ་ཏྲི་རྫི་དུ་ཏྲི་ཨ་ཡ་མ་དུ་རུ་ཙ་ཤ་ན་བྷོ༔ ཅེས་བྲིས་པ་གྲོད་པའི་ནང་དུ་བཅུག །ཙ་ཏྲི་དུ་ཏྲི་ཡ་མ་དུན་བྷོ། ཨ་འབྲི་ལ་དུན་བྷོ༔ ཛ་སུ་ཏྲི་ར་ཏྲི་མ་སུ་ཏྲི་གཤེད་ཁ་ཆིངས་འབྱུང་བའི་དགྲ་གཤེད་ཆིངས་མཆིག་མིག་ཏུ་བཅུག །མཇུག་ནས་ཡར་དྲིལ། །ངར་མི་ནག་པོ་གཅིག་ཆངས་བུ་གསུམ། ཤ་དུམ་གཅིག །འབུ་སྐྱག་ཟོ་ཤེ། སྐྱེར་པའི་ཁྲོ་ཕུར་ཅིག །མཆིག་མ་ལོ་ཅིག །སྐྱེར་ཐུར་བཅུ་གསུམ་བཞི་མདོ་ན་མནན། ཁ་རྡོ་རྗེ་རྒྱ་


CMR058_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

གྲམ་གྱིས་བཅད། བཀུག་གཞུག་ལན་དགུ་བརྗོད། ཕ་དམ་པས་མཛད་པའི་ཨུར་ནོན་ངེས་པ་ཅན་ཡིན་ལགས་སོ། །མངྒ་ལཾ།། ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR058_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་ཡོད། ལྷོ་ནུབ་སྲོག་ལུས་དབང་ལུང་བཞིའི་སྨེ་བ་ངོས་འཛིན་ལུགས་སྤྱི་ལྟར་བྱས་པས་ད་ལན་ཁྱེད་ཀྱི་ལུས་སྨེ་ལྔ་སེར་དབུས་བཞག་གི་དེ་ལ་འཕུར་སྨེའི་ལོ་གྲངས་བྱང་ཤར་མཚམས་ནས་ཆད་པའི་བརྒྱད་དཀར་དེས་ལྔ་སེར་མ་འཐབ་པའི་དབུས་རྡེལ་བཞག །དེ་ནས་ཤར་གྱི་སུམ་མཐིང་དབུས་བཞག་ན་འཕུར་སྨེ་དྲུག་བབ་པ་དེ་ལུས་སྨེ་ལྔ་སེར་ལ་འཐབ་པའི་ཤར་གྱི་རྡེལ་བཞག །དེ་ནས་ཤར་ལྷོའི་བཞི་ལྗདབུས་བཞག་སྟེ་འཕུར་སྨེ་ནུབ་བྱང་བདུན་དམར་དེས་ལུས་སྨེ་ལྔ་སེར་ལ་འཐབ་པའི་རྡེལ་བཞག །དེ་ནས་དགུ་དམར་དབུས་བཞག་དུས་འཕུར་སྨེ་སུམ་མཐིང་བབ་པ་དེས་ལུས་སྨེ་ལ་འཐབ་པའི་རྡེལ་བཞག་པ་སོགས་ཕྱི་མ་རྣམས་དེས་འགྲེས་ཤེས་པར་བྱའོ།། །།