Nitartha Digital Library
Tibetan
 
no previousའདུལ་བ་གཞུང་བླ་མ་ལས། next

འདུལ་བ་གཞུང་བླ་མ་ལས།

ཕམ་པ་འཆད་པ།


DKG012_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བི་ན་ཡ་ཨུཏྟ་ར་གྲནྠ། བོད་སྐད་དུ། འདུལ་བ་གཞུང་བླ་མ། བམ་པོ་དང་པོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྡོམ་ལ། དུད་འགྲོ་གསུམ་དང་ལམ་གསུམ་དང་། །བུད་མེད་གཤེགས་དང་གཅོད་པ་དང་། །འཛིན་པ་དང་ནི་བལྟབ་པ་དང་། །སོ་དང་མོ་རེག་ཕག་མོ་ཡིན། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ཉེ་བར་འཁོར་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་ཞུགས་པས་བསླབ་པ་མ་ཕུལ། བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ། འཁྲིག་པ་ལས་བྱུང་བའི་ཆོས་བསྟེན་ན། ཐ་ན་དུད་


DKG012_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་སྐྱེ་གནས་སུ་གཏོགས་པ་དང་ལྷན་ཅིག་ཀྱང་རུང་སྟེ། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱི། གནས་པར་མི་བྱའོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་མིའི་བུད་མེད་གསང་སྔགས་དང་། སྨན་དག་གིས་དུད་འགྲོའི་སྐྱེ་གནས་པར་བསྒྱུར་ཏེ་དེ་དང་ལྷན་ཅིག་མི་ཚངས་པར་སྤྱོད་པ་འཁྲིག་པ་ལས་བྱུང་བའི་ཆོས་བསྟེན་ན་ཅིར་འགྱུར་ལགས། མཐར་འགྱུར་རོ། །བཙུན་པ་རེ་ཞིག་དགེ་སློང་གིས་གསང་སྔགས་དང་། སྨན་དག་གིས་བདག་ཉིད་དུད་འགྲོའི་སྐྱེ་གནས་པར་བསྒྱུར་ཏེ། མིའི་བུད་མེད་དང་ལྷན་ཅིག་མི་ཚངས་པར་སྤྱོད་པ་འཁྲིག་པ་ལས་བྱུང་བའི་ཆོས་བསྟེན་ན། ཅིར་འགྱུར་ལགས། གལ་ཏེ་འཁྲིག་པ་ལས་བྱུང་བའི་ཆོས་དང་ལྡན་པ་བྱར་མི་རུང་བར་དགེ་སློང་དུ་འདུ་ཤེས་ཡོད་ལ། དེ་ཡང་བྱེད་ན་མཐར་འགྱུར་རོ། །གལ་ཏེ་དགེ་སློང་དུ་འདུ་ཤེས་མེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གཉིས་ཤིག་གིས་མི་བུད་མེད་དང་བདག་ཉིད་གསང་སྔགས་དང་། སྨན་དག་གིས་དུད་འགྲོའི་སྐྱེ་གནས་པར་བསྒྱུར་ཏེ། ལྷན་ཅིག་གམ། ཕན་ཚུན་མི་ཚངས་པར་སྤྱོད་པ། འཁྲིག་པ་ལས་བྱུང་བའི་ཆོས་བསྟེན་ན། ཅིར་འགྱུར་ལགས། གལ་ཏེ་འཁྲིག་པ་ལས་བྱུང་བ་དང་ལྡན་པ་བྱར་མི་རུང་བར་དགེ་སློང་དུ་འདུ་ཤེས་ཡོད་ལ། དེ་ཡང་བྱེད་ན་ནི། མཐར་འགྱུར་རོ། །གལ་ཏེ་དགེ་སློང་དུ་འདུ་ཤེས་མེད་ན། ཉེས་པ་སྦོམ་པོར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་བཅུག་མ་ཐག་ཏུ་མཐར་འགྱུར་རོ།། ཞེས་གསུངས་པ་གང་ལགས་པ། ཇི་ཙམ་གྱིས་ན། ཁའི་ལམ་དུ་བཅུག་པ་ཞེས་བགྱི། ཉེ་བར་འཁོར། སོ་ལས་ནོར་བུ་འདའ་བར་བྱེད་པ་


DKG012_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱིས་སོ། །ཇི་ཙམ་གྱིས་ན། བཤང་བའི་ལམ་དུ་བཅུག་པ་ཞེས་བགྱི། ཇི་ཙམ་དུ་བུ་གའི་སྦུབས་ལས་ནོར་བུ་འདའ་བར་བྱེད་པ་ཙམ་གྱིས་སོ། །ཇི་ཙམ་གྱིས་ན། གཅི་བའི་ལམ་དུ་བཅུག་པ་ཞེས་བགྱི། པགས་པའི་རིམ་པ་ལས་ནོར་བུ་འདའ་བར་བྱེད་པ་ཙམ་གྱིས་སོ། །བཙུན་པ། བུད་མེད་ཕྱེད་ཚལ་དུ་གཤེགས་པར་གྱུར་ལ། འདིའི་རྨའི་སྒོ་གསུམ་ཡང་ཉམས་པར་གྱུར་ལ། དགེ་སློང་གིས་ཚལ་བ་དང་ཚལ་བ་སྦྱར་ནས་མི་ཚངས་པར་སྤྱོད་པ། འཁྲིག་པ་ལས་བྱུང་བའི་ཆོས་སྤྱད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་བུད་མེད་རྐེད་པ་བཅད་པར་གྱུར་ལ། འདི་ནི། རྨའི་སྒོ་གསུམ་ལས་རྨའི་སྒོ་གང་ཡང་རུང་བ་ཞིག་མ། ཉམས་པར་གྱུར་བ་དེ་ལ་ཡང་དགེ་སློང་གིས་མི་ཚངས་པར་སྤྱོད་པ། འཁྲིག་པ་ལས་བྱུང་བའི་ཆོས་བསྟེན་ན། ཅིར་འགྱུར་ལགས། མཐར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་བུད་མེད་མགོ་བཅད་པ་དང་ལྷན་ཅིག་མི་ཚངས་པར་སྤྱོད་པ། འཁྲིག་པ་ལས་བྱུང་བའི་ཆོས་བསྟེན་ན་ཅིར་འགྱུར་ལགས། གལ་ཏེ་བཤང་བའི་ལམ་མམ། གཅི་བའི་ལམ་དུ་བསྟེན་ན། མཐར་འགྱུར་རོ། །ཅི་སྟེ་ཁའི་ལམ་མམ། སྦུབས་སམ། ཕྲག་པའི་གསབ་གསེབ་ཏུ་སོ་སོར་བསྟེན་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་མི་མ་ཡིན་པ་མོ་དང་ལྷན་ཅིག་མི་ཚངས་པར་སྤྱོད་པ། འཁྲིག་པ་ལས་བྱུང་བའི་ཆོས་བསྟེན་ན། མཐར་འགྱུར་རོ། །ཞེས་གསུངས་པ་གང་ལགས། མི་མ་ལགས་པ་མོ་ཇི་ལྟ་བུ་ཞིག་ལགས། ཡན་ལག་ཐམས་ཅད་ཀྱིས་གཟུང་དུ་ཆོག་པ་གང་ཡིན་པ་སྟེ། དེ་བཞིན་དུ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་རྣམས་ལ་ཡང་བརྗོད་པར་བྱའོ། །བཙུན་པ། རེ་ཞིག་བལྟ་བ་སྟེ་བཅུག་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་སོའི་ཕྱི་རོལ་མཆུའི་ནང་དུ་མི་ཚངས་པར་སྤྱོད་པ། འཁྲིག་པ་ལས་བྱུང་བའི་ཆོས་བསྟེན་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་བཤང་བའི་ལམ་མམ། གཅི་བའི་ལམ་མམ། ཁའི་ལམ་གང་ཡང་རུང་བར་མ་རེག་པར་བཅུག་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཕག་མོའི་རོ་བསྲེགས་པ་སྤུ་མ་མཆིས་པ་ལ་མི་ཚངས་པར་སྤྱོད་པ། འཁྲིག་པ་ལས་བྱུང་བའི་ཆོས་བསྟེན་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་ཏེ། དེ་བཞིན་དུ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ཐམས་ཅད་ལ་ཡང་བརྗོད་པར་བྱའོ། །སྡོམ་ལ། གཞན་གྱི་ཡན་ལག་སྐྱེས་དང་ནི། །སྤྱིལ་ཁང་གཉིས་དང་མཚན་གཉིས་


DKG012_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཉམས་པ་གཉིས་དང་བར་ཆད་བཅས། །དྲུག་ཚན་དང་ནི་བཞི་ཚན་ནོ། །བཙུན་པ། རེ་ཞིག་དགེ་སློང་གིས། གཞན་གྱི་ཡན་ལག་སྐྱེས་སུ་འཛུད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གཅིག་སྤྱིལ་བུར་ཞུགས་པ་ལ་མི་ཚངས་པར་སྤྱོད་པའི་རྐྱེན་གྱིས་མཐར་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། འགྱུར་བ་ཡོད་དེ། དཔེར་ན། ནར་བ་པོ་དང་། རྒྱབ་མཉེན་ལྟ་བུའོ། །བཙུན་པ། རེ་ཞིག་དགེ་སློང་སྦྲང་ཁང་དུ་ཞུགས་པ་དེའི་སླད་རོལ་ན་བུད་མེད་གཅིག་མཆིས་པར་གྱུར་པ་ལ། དེས་ནང་ནས་ལོག་པར་སྤྱད་ན། ཅིར་འགྱུར་ལགས། མཐར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མི་ཚངས་པར་སྤྱོད་པ་ལ་ཞུགས་པ་དེའི་མཚན་གྱུར་ཏེ། དགེ་སློང་མར་རེད་ནས་མི་ཚངས་པར་སྤྱོད་པ་བགྱིད་ན། ཅིར་འགྱུར་ལགས། མཐར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མ་མི་ཚངས་པར་སྤྱོད་པ་ལ་ཞུགས་པ་དེའི་མཚན་གྱུར་ཏེ་དགེ་སློང་དུ་རེད་ནས་མི་ཚངས་པར་སྤྱོད་པ་བགྱིད་ན། ཅིར་འགྱུར་ལགས། མཐར་འགྱུར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་མིའི་བུད་མེད་གསོན་པོར་ཉམས་པ་ཞེས་གསུངས་པ་གང་ལགས་པ། ཇི་ཙམ་གྱིས་ན། མིའི་བུད་མེད་གསོན་པོར་ཉམས་པ་ཞེས་བགྱི། ཉེ་བར་འཁོར། ཇི་ཙམ་དུ་ཅུང་ཟད་ཟིན་པའམ། ཟིན་པའམ། སྐྲངས་པའམ། རུལ་བའམ། མྱགས་བའམ། སྲོག་ཆགས་དག་གིས་ཟོས་པར་གྱུར་པ་དེ་ཙམ་གྱིས་ན། མིའི་བུད་མེད་གསོན་པོར་ཉམས་པ་ཞེས་བརྗོད་དོ། །ཇི་ཙམ་གྱིས་ན། མིའི་བུད་མེད་གསོན་པོར་མ་ཉམས་པ་ཞེས་བགྱི། ཉེ་བར་འཁོར། ཇི་ཙམ་དུ་ངོས་གཉིས་མཉམ་ཞིང་ཉམས་པ་སྟེ། དེ་བཞིན་དུ་ཤི་བ་དང་། མི་མ་ཡིན་པ་མོ་དང་། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་དང་། སྐྱེས་པ་དང་། མ་ནིང་དང་། མ་ནིང་མོ་རྣམས་ལ་ཡང་བརྗོད་པར་བྱའོ།། བཙུན་པ། བཅོམ་ལྡན་འདས་ཀྱིས་བར་ཆད་དང་བཅས་པར་བཅུག་ན། མཐར་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་གོས་རྔམས་སྟུག་པོའམ། ཕྱིང་པས་དཀྲིས་ཏེ་བཅུག་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་སེང་རས་སམ། དར་ལའམ། གོས་སྲབ་མོས་དཀྲིས་ཏེ་བཅུག་ན། ཅིར་འགྱུར་ལགས། མཐར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་ལམ་ལ་ལམ་དུ་འདུ་ཤེས་ཏེ་བཅུག་ན། ཅིར་འགྱུར་ལགས། མཐར་འགྱུར་


DKG012_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ལམ་ལ་ལམ་མ་ལགས་པར་འདུ་ཤེས་ཏེ་བཅུག་ན། ཅིར་འགྱུར་ལགས། མཐར་འགྱུར་རོ། །ལམ་ལ་ཐེ་ཚོམ་འཚལ་ཏེ་བཅུག་ན། ཅིར་འགྱུར་ལགས། མཐར་འགྱུར་རོ། །ལམ་མ་ལགས་པ་ལམ་མ་ལགས་པར་འདུ་ཤེས་ཏེ་བཅུག་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །ལམ་མ་ལགས་པ་ལ་ལམ་དུ་འདུ་ཤེས་ཏེ་བཅུག་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །ལམ་མ་ལགས་པ་ལ་ཐེ་ཚོམ་འཚལ་ཏེ་བཅུག་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་བར་ཆད་དང་བཅས་པ་ལ་བར་ཆད་དང་བཅས་པར་འདུ་ཤེས་ཏེ་བཅུག་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བར་ཆད་དང་བཅས་པ་ལ་བར་ཆད་མ་མཆིས་པར་འདུ་ཤེས་ཏེ་བཅུག་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བར་ཆད་མ་མཆིས་པ་ལ་བར་ཆད་དང་བཅས་པར་འདུ་ཤེས་ཏེ་བཅུག་ན། ཅིར་འགྱུར་ལགས། མཐར་འགྱུར་རོ། །བར་ཆད་མ་མཆིས་པ་ལ་བར་ཆད་མ་མཆིས་པར་འདུ་ཤེས་ཏེ་བཅུག་ན། ཅིར་འགྱུར་ལགས། མཐར་འགྱུར་རོ། །བཙུན་པ། དགེ་སློང་གིས་མིའི་བུད་མེད་དང་ལྷན་ཅིག་མི་ཚངས་པར་སྤྱད་ན། མཐར་མི་འགྱུར་བ་ལྟ་མཆིས་སམ། ཡོད་དེ། སྔར་ལྟུང་བ་བྱུང་བ་དང་། རྐུ་ཐབས་སུ་གནས་པ་དང་། དང་པོ་མི་མཐུན་པ་ཅན་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བས་མི་ཚངས་པར་སྤྱད་པ་ནི། ཉེས་བྱས་སུ་འགྱུར་རོ། །ཇི་ལྟར་དགེ་སློང་ལ་མི་ཚངས་པར་སྤྱད་པའི་རྐྱེན་གྱིས་མཐར་འགྱུར་བ་དེ་བཞིན་དུ་བསླབ་པ་བྱིན་པ་དང་། དགེ་སློང་མ་ལ་ཡང་མཐར་འགྱུར་རོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་ནི། ཉེས་བྱས་སོ། །སྡོམ་ལ། བརྒྱད་བཅུའི་ཚོགས་དང་རྒྱན་རྡོ་དང་། །རིན་ཐང་མ་བརྩིས་མཚན་དང་ནི། །བསྙེན་པར་རྫོགས་པ་བདུན་ཚན་བྱས། །ཤོ་གམ་ལ་ནི་བཅུ་གཉིས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གཞན་དག་གི་གྲོང་ན་འདུག་པའམ། དགོན་པ་ན་འདུག་པ་མ་བྱིན་པ་རྐུ་བའི་གྲངས་སུ་གཏོགས་པ་བླངས་ན།ཇི་ཙམ་མ་བྱིན་པར་བླངས་པས། དེ་རྒྱལ་པོའམ། བློན་པོ་ཆེན་པོས་བཟུང་ནས་དེ་ལ་འདི་སྐད་ཅེས། ཨེ་མ་ཀྱེ་ཁྱོད་ནི་རྐུན་མའོ། །བྱིས་པའོ། །བླུན་


DKG012_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

པོའོ། །རྐུ་བའོ། །ཞེས་ཟེར་ཞིང་གསོད་དམ། འཆིང་ངམ། སྤྱུག་ཀྱང་རུང་སྟེ། དགེ་སློང་མ་བྱིན་པ་ལེན་པ་དེ་ལྟ་བུ་ལེན་པ་དེ་ཡང་ཕམ་པར་གྱུར་བ་ཡིན་གྱི། གནས་པར་མི་བྱའོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། དགེ་སློང་གིས་བརྒྱད་བཅུ་པའི་ཚོགས་གཉི་གར་བདག་ཉིད་གཏོགས་པར་བགྲངས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་བའི་ཉེས་བྱས་སུ་འགྱུར་རོ། །དེའི་སྐལ་པའི་ཆོས་དང་མཐུན་པ་གང་ལགས། དང་པོ་ལས་སོ། །གལ་ཏེ་བླངས་ནས་བསྙོན་ན། ཅིར་འགྱུར་ལགས། ཤེས་བཞིན་དུ་བརྫུན་དུ་སྨྲས་པས་ལྟུང་བྱེད་དུ་འགྱུར་རོ། །གང་གི་ཚེ་གྲུབ་པ་དེའི་ཚེ་ནི། རིན་ཐང་བརྩི་བར་བྱའོ། །བཙུན་པ། རེ་ཞིག་མི་རྣམས་ཀྱིས་རྒྱན་རྡོ་བཀོད་པར་གྱུར་ལ། དེ་ནས་དགེ་སློང་གིས་བརྐུ་སེམས་ཀྱིས་རྒྱན་རྡོ་རིན་ཆེན་པོ་ཞིག་།རྔམས་ཆུང་ངུའི་གནས་ནས་གནས་གཞན་དུ་སྦེད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་རྐུ་སེམས་ཀྱིས་རྒྱན་རྡོ་རིན་པོ་ཆེ་ཆུང་ངུ་ཞིག་རྔམས་ཆེན་པོའི་གནས་ནས་གཞན་དུ་སྦེད་ན། ཅིར་འགྱུར་ལགས། མཐར་འགྱུར་རོ། །བཙུན་པ། དགེ་སློང་གིས་རིན་ཐང་མ་མཆིས་པའི་དངོས་པོ་ཞིག་བརྐུས་ན། ཅིར་འགྱུར་ལགས། མཐར་འགྱུར་རོ། །རིན་ཐང་མེད་པའི་དངོས་པོ་གང་ཞེ་ན། གང་ཞིག་རིན་ཆེ་ཆེས་པ་ཉིད་ཀྱིས་རིན་ཐང་གདབ་པར་མི་ནུས་པའོ། །གང་ཞིག་ཆུང་ཆེས་བ་ཉིད་ཀྱིས་རིན་ཐང་གདབ་པའི་རིན་མི་ཆོག་པ་དེ་ཡང་རིན་ཐང་མེད་པ་ཡིན་ནོ། །དེ་བརྐུས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་དངོས་པོ་ཞིག་རིན་མ་བརྩིས་པར་བརྐུས་ན། ཅིར་འགྱུར་ལགས། གལ་ཏེ་དངོས་པོ་ཡོངས་སུ་ཚང་ན། མཐར་འགྱུར་རོ། །ཅི་སྟེ་མ་ཚང་ན། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་བརྐུ་བར་སྦྱོར་བར་བགྱིས་པ་ལས། དེའི་མཚན་གྱུར་ཏེ་དགེ་སློང་མར་རེད་ནས་བརྐུས་ན། ཅིར་འགྱུར་ལགས། མཐར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མས་བརྐུ་བར་སྦྱོར་བར་བགྱིས་པ་ལས། དེའི་མཚན་གྱུར་ཏེ་དགེ་སློང་དུ་རེད་ནས་བརྐུས་ན་ཅིར་འགྱུར་ལགས། མཐར་འགྱུར་རོ། །བཙུན་པ། རེ་ཞིག་བསྙེན་པར་མ་རྫོགས་པས་བརྐུ་བར་སྦྱོར་བ་བགྱིས་ལ། བསྙེན་པར་མ་རྫོགས་པར་བརྐུས་ན་ཅིར་འགྱུར་


DKG012_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བརྐུ་བར་སྦྱོར་བར་བགྱིས་ལ། བསྙེན་པར་རྫོགས་ཀར་བརྐུས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པས་བརྐུ་བར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཏེ་བརྐུས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བསྙེན་པར་རྫོགས་ཀར་བརྐུ་བར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཀར་བརྐུས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བརྐུ་བར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཏེ་བརྐུས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བསྙེན་པར་རྫོགས་ཏེ་བརྐུ་བར་སྦྱོར་བར་བགྱིས་ལ། བསྙེན་པར་རྫོགས་ཏེ་བརྐུས་ན། ཅིར་འགྱུར་ལགས། མཐར་འགྱུར་རོ། །བསྙེན་པར་རྫོགས་ཏེ་བརྐུ་བར་སྦྱོར་བར་བགྱིས་ལ། བསྙེན་པར་མ་རྫོགས་པར་བརྐུས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཤོ་གམ་ནམ་མཁའ་ལས་བཟླས་ན། ཅིར་འགྱུར་ལགས། དངོས་པོ་ཇི་ལྟ་བ་བཞིན་ནོ། །ཅི་སྟེ་རྫུ་འཕྲུལ་གྱིས་བཟླས་ན། ཉེས་པ་མེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཤུལ་མ་ལགས་པ་ནས་ཤོ་གམ་བཟླས་ན། ཅིར་འགྱུར་ལགས། གལ་ཏེ་དེ་རྣམས་ཀྱི་ས་ལས་འདས་ན། མཐར་འགྱུར་རོ། །ས་ལས་མ་འདས་ན་ནི། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ་རེ་ཞིག་དགེ་སློང་གིས་ཤོ་གམ་བཅད་པའི་རྫས་ཀྱི་དངོས་པོ་གཡར་དུ་སྩལ་ཏེ་བཟླས་ན། ཅིར་འགྱུར་ལགས། མཐར་འགྱུར་རོ། །ཚེམ་བུའི་གསེབ་ཏུ་སྩལ་ཏེ་བཟླས་ན། ཅིར་འགྱུར་ལགས། མཐར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཚོང་པ་རྣམས་ལ་འདི་སྐད་དུ་ཚུར་ཤོག་།འདོང་ཞེས་སྨྲས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཚོང་པ་རྣམས་ལ་ཐབས་ཀྱིས་སྨྲས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ་རེ་ཞིག་ཚོང་པ་རྣམས་ཀྱི་ཤོ་གམ་དུ་གཏོགས་པའི་རྫས་ཤོ་གམ་གྱི་སར་མ་ཕྱིན་པར་ཚོང་པས་དགེ་སློང་ལ་འདི་སྐད་ཅེས། འཕགས་པ། ཤོ་གམ་གྱི་གནས་ལས་ཟློས་ལ་སྩོལ་ཅིག་།ཅེས་བགྱིས་པ་ལས། དེ་དགེ་སློང་གིས་བཟླས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་ཚོང་པ་རྣམས་ཀྱི་ཤོ་གམ་གྱི་རྫས་རྣམས་ཤོ་གམ་གྱི་གནས་སུ་མ་ཕྱིན་པར་དགེ་སློང་ལ་འདི་སྐད་ཅེས། འཕགས་པ། ཤོ་གམ་གྱི་གནས་ནས་ཟློས་ལ་སྩོལ་ཅིག་དང་། དེར་ཤོ་གམ་ཅི་མཆིས་པ་དེའི་ཕྱེད་ཁྱོད་ལ་འབུལ་ལོ། །ཞེས་བགྱིས་པ་ལས། དེ་དགེ་སློང་གིས་བཟླས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་


DKG012_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །བཙུན་པ། རེ་ཞིག་ཚོང་པ་རྣམས་ཀྱི་ཤོ་གམ་དུ་གཏོགས་པའི་རྫས་ཤོ་གམ་གྱི་གནས་སུ་མ་ཕྱིན་པར་ཚོང་པས་དགེ་སློང་ལ་འདི་སྐད་ཅེས། འཕགས་པས་ཤོ་གམ་གྱི་གནས་ལས་ཟློས་ལ་སྩོལ་ཅིག་དང་། དེར་ཤོ་གམ་ཅི་མཆིས་པ་ཁྱོད་ལ་འབུལ་ལོ། །ཞེས་བགྱིས་པ་ལས། དེ་དགེ་སློང་གིས་བཟླས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་ཚོང་པ་རྣམས་ཀྱི་ཤོ་གམ་གྱི་རྫས་ཤོ་གམ་གྱི་གནས་སུ་མ་ཕྱིན་པར་དགེ་སློང་གིས་ལམ་གཞན་ཞིག་བསྟན་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་ཚོང་པ་རྣམས་ཀྱི་ཤོ་གམ་དུ་གཏོགས་པའི་རྫས་ཤོ་གམ་གྱི་གནས་སུ་ཕྱིན་པ་ལས། ཚོང་པས་དགེ་སློང་ལ་འདི་སྐད་ཅེས། འཕགས་པས་ཤོ་གམ་གྱི་གནས་ལས་ཟློས་ལ་སྩོལ་ཅིག་།ཅེས་བགྱིས་པ་ལས། དེ་དགེ་སློང་གིས་བཟླས་ན། ཅིར་འགྱུར་ལགས། ཤོ་གམ་གྱི་རིན་ཐང་བརྩི་བར་བྱའོ། །བཙུན་པ། རེ་ཞིག་ཚོང་པ་རྣམས་ཀྱི་ཤོ་གམ་དུ་གཏོགས་པའི་རྗེས་ཤོ་གམ་གྱི་གནས་སུ་ཕྱིན་པ་ལས། ཚོང་པས་དགེ་སློང་ལ་འདི་སྐད་ཅེས། འཕགས་པས་ཤོ་གམ་གྱི་གནས་ལས་ཟློས་ལ་སྩོལ་ཅིག་དང་། ཤོ་གམ་ཅི་མཆིས་པ་དེའི་ཕྱེད་ཁྱོད་ལ་འབུལ་ལོ། །ཞེས་བགྱིས་པ་ལས། དེ་དགེ་སློང་གིས་བཟླས་ན། ཅིར་འགྱུར་ལགས། ཤོ་གམ་གྱི་རིན་ཐང་བརྩི་བར་བྱའོ། །བཙུན་པ། རེ་ཞིག་ཚོང་པ་རྣམས་ཀྱི་ཤོ་གམ་དུ་གཏོགས་པའི་རྫས་ཤོ་གམ་གྱི་གནས་སུ་ཕྱིན་པ་ལས་ཚོང་པས། དགེ་སློང་ལ་འདི་སྐད་ཅེས། འཕགས་པས་ཤོ་གམ་གྱི་གནས་ནས་ཟློས་ལ་སྩོལ་ཅིག་དང་། ཤོ་གམ་ཅི་མཆིས་པ་རིལ་གྱིས་ཁྱོད་ལ་འབུལ་ལོ། །ཞེས་བགྱིས་པ་ལས། དེ་དགེ་སློང་གིས་བཟླས་ན། ཅིར་འགྱུར་ལགས། ཤོ་གམ་གྱི་རིན་ཐང་བརྩི་བར་བྱའོ། །སྡོམ་ལ། ཆོས་གོས་གདང་ལ་བཞི་དག་དང་། རྐུ་དང་ན་ན་ཀ་གསུམ་དང་། །སྦྱོར་བ་གསུམ་དང་ཡིང་གཉིས་དང་། །གླིང་རྣམས་གཞན་ཕྱིར་མི་མ་ཡིན། །བཙུན་པ། རེ་ཞིག་དགེ་སློང་གིས་རྐུ་སེམས་ཀྱིས་ཆོས་གོས་ཀྱི་གདང་གི་ཡ་ཐོག་འགུམས་ཤིང་། རང་གི་བའི་འདུ་ཤེས་ཀྱིས་མ་ཐོག་བརྐུས་ན། ཅིར་འགྱུར་ལགས། སྔ་མ་ལ་ཉེས་པ་སྦོམ་པོར་འགྱུར་རོ། །ཕྱི་མ་ལ་ནི། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་རང་གི་བའི་འདུ་ཤེས་ཀྱིས་ཆོས་གོས་ཀྱི་གདང་གི་ཡ་ཐོག་འགུམས་ཤིང་། རྐུ་སེམས་ཀྱིས་མ་ཐོག་འགུམས་ན། ཅིར་འགྱུར་ལགས། ཕྱི་


DKG012_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་ཉེས་པ་སྦོམ་པོར་འགྱུར་རོ། །དང་པོ་ལ་ནི། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཆོས་གོས་ཀྱི་གདང་རྐུ་སེམས་ཀྱིས་རྐུ་བ་ན། ཆོས་གོས་ཀྱི་གདང་དེ་ལ་ཆོས་གོས་དག་གཟར་བཞིན་དུ་དེས་ཆོས་གོས་ཀྱི་གདང་དང་བཅས་ཏེ་འཚལ་ན། ཅིར་འགྱུར་ལགས། ཆོས་གོས་ཀྱི་གདང་གི་རིང་ཐང་བརྩི་བར་བྱའོ། །བཙུན་པ། རེ་ཞིག་ཆོས་གོས་ཀྱི་གདང་ལ་ཆོས་གོས་དག་གཟར་ཏེ་མཆིས་པ་ལས། དེ་དག་དགེ་སློང་བཞིའམ། དེ་བས་མང་བ་ཞིག་གིས་བརྐུས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་སོ་སོར་བགོས་པ་ལས། དེ་རེ་རེས་མ་ཤ་ཀ་ལྔ་ཐོབ་ན་ནི། མཐར་འགྱུར་རོ། །བཙུན་པ། རྐུ་བ་ལ་དུ་ཞིག་མ་ཆིས་ལགས། ཉེ་བར་འཁོར། དྲུག་ཡོད་དེ། དེ་མི་སྟེར་བར་རྐུ་བ་དང་། མཐུས་རྐུ་བ་དང་། ཕྱིར་སྦྱིན་པ་རྐུ་བ་དང་། གཏམས་པ་རྐུ་བ་དང་། ཡོངས་སུ་བརྟགས་པ་རྐུ་བ་དང་། ཆོས་རྐུ་བའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་རྐུ་བ་དྲུག་ཏུ་གསུངས་པ་གང་དག་ལགས་པ་འདི་དག་ལས། གང་གིས་མཐར་འགྱུར་ལགས། ཉེ་བར་འཁོར་ཆོས་རྐུ་བ་མ་གཏོགས་པ་ལྷག་མ་རྣམས་ཀྱིས་མཐར་འགྱུར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་མ་ཤ་ཀ་ལྔ་བརྐུས་ན། མཐར་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། གལ་ཏེ་དགེ་སློང་གིས་མ་ཤ་ཀ་གསུམ་བརྐུས་ན། མཐར་འགྱུར་བ་ལྟ་མཆིས་སམ། ཡོད་དེ། ཉེ་བར་འཁོར། གལ་ཏེ་མ་ཤ་ཀ་གསུམ་གྱིས་ཀརྴ་པ་ཎ་ཁུགས་པར་འགྱུར་ནའོ། །བཙུན་པ། གལ་ཏེ་དགེ་སློང་གིས་མ་ཤ་ཀ་ལྔ་བརྐུས་ཀྱང་མཐར་མི་འགྱུར་བ་ལྟ་མཆིས་སམ། ཡོད་དེ། གལ་ཏེ་མ་ཤ་ཀ་བཅུའམ། མ་ཤ་ཀ་བཅུ་ལྷག་པས་ཀརྴ་པ་ཎ་ཁུགས་ནའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་མ་ཤ་ཀ་ལྔ་བརྐུས་པས་མཐར་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ། ན་ན་ཀ་ཇི་ལྟ་བུའི་མ་ཤ་ཀ་ལྔ་བརྐུས་ན། མཐར་འགྱུར་ལགས། མ་ཤ་ཀ་ཉི་ཤུས་ན་ན་ཀ་ཁུགས་པའིའོ། །མ་ཤ་ཀ་ཇི་ལྟ་བུ་ལགས་ཀ་ཀ་ནི། བཞི་ཁུགས་པས་སོ། །ཀརྴ་པ་ཎ་ཇི་ལྟ་བུ་ལགས། རྒྱལ་པོ་རྨ་བྱ་པས་བྱས་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་མ་ཤ་ཀ་ལྔ་བརྐུས་ན། མཐར་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། གལ་ཏེ་དགེ་སློང་གིས་ཀརྴ་པ་ཎ་སྟོང་བརྐུས་ཀྱང་མཐར་མི་འགྱུར་བ་ལྟ་མཆིས་སམ། ཡོད་དེ། གལ་ཏེ་བོར་བར་འདུ་ཤེས་ཏེ་བརྐུས་ནའོ། །


DKG012_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་པ། བཅོམ་ལྡན་འདས་ཀྱིས་མ་ཤ་ཀ་ལྔ་བརྐུས་ན། མཐར་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ། གལ་ཏེ་བཙུན་པ། དགེ་སློང་གིས་མ་ཤ་ཀ་ལྔ་བརྐུས་ཀྱང་མཐར་མི་འགྱུར་བ་ལྟ་མཆིས་སམ། ཡོད་དེ། གལ་ཏེ་རེ་རེ་ནས་སམ། གཉིས་གཉིས་ནས་སམ། གསུམ་གསུམ་ནས་སམ། བཞི་བཞི་ནས་བརྐུའི། ནམ་ཡང་ལྔ་མ་ཡིན་ནོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཡོ་བྱད་ཆེན་པོ་ཞིག་བདག་གི་བའི་འདུ་ཤེས་ཀྱིས་བླངས་ལ་རྐུ་སེམས་ཀྱིས་སྦེད་ན། ཅིར་འགྱུར་ལགས། མཐར་འགྱུར་རོ། །གལ་ཏེ་དེ་བཙུན་པ་རྐུ་སེམས་ཀྱིས་བླངས་ལ། བདག་གི་བའི་འདུ་ཤེས་ཀྱིས་སྦེད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཅི་འདི་དེའི་ཡིན་ནམ། འདི་དེའི་མ་ཡིན། དེ་འདི་ཡིན་ནམ། དེ་འདི་མ་ཡིན་སྙམ་སོམ་ཉི་དང་། ཐེ་ཚོམ་འཚལ་བཞིན་དུ་དེ་ཡང་བརྐུས་ན། ཅིར་འགྱུར་ལགས། མཐར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་དུ་མ་སྩལ་བར་བརྐུས་ན། ཅིར་འགྱུར་ལགས། གལ་ཏེ་དེ་དག་གི་ལྟར་བརྩིས་ཏེ་མ་ཤ་ཀ་ལྔ་བརྐུས་ན། མཐར་འགྱུར་རོ། །བཙུན་པ། ཤར་གྱི་ལུས་འཕགས་གླིང་དུ་མ་སྩལ་བར་བརྐུས་ན། ཅིར་འགྱུར་ལགས། གལ་ཏེ་དེ་དག་གི་ལྟ་བར་བརྩིས་ཏེ་མ་ཤ་ཀ་ལྔ་བརྐུས་ན། མཐར་འགྱུར་རོ། །བཙུན་པ། བྱང་གི་སྒྲ་མི་སྙན་གྱི་གླིང་དུམ་སྩལ་བར་བརྐུས་ན། ཅིར་འགྱུར་ལགས། ཉེ་བར་འཁོར། དེ་ན་ནི། མ་བྱིན་པར་ལེན་པ་མེད་དེ། གལ་ཏེ་རྐུ་སེམས་བསྐྱེད་ན་ནི། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་མ་སྨྲས་པར་གཞན་གྱི་དོན་དུ་བརྐུས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་མིའི་མ་ལགས་པ་ལ་མིའི་མ་ལགས་པར་འདུ་ཤེས་ཏེ་མ་སྩལ་བར་བརྐུས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མིའི་མ་ལགས་པ་ལ་མི་ཡིར་འདུ་ཤེས་ཏེ་མ་སྩལ་བར་བརྐུས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མིའི་ལ་མིའི་མ་ལགས་པར་འདུ་ཤེས་ཏེ་མ་སྩལ་པར་བརྐུས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མིའི་ལ་མི་ཡིར་འདུ་ཤེས་ཏེ་མ་སྩལ་བར་བརྐུས་ན། ཅིར་འགྱུར་ལགས། མཐར་འགྱུར་རོ།། །།སྡོམ་ལ། མཆོད་རྟེན་སྐུ་གདུང་གླེགས་བམ་དང་། །དགེ་འདུན་མང་བསྡོས་བརྒྱུད་པ་དང་། །འདུ་ཤེས་གཉིས་དང་དེ་བཞིན་གནས། །མི་དབང་ཁྱིམ་ནི་ཐ་མ་


DKG012_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །བཙུན་པ། རེ་ཞིག་དགེ་སློང་གིས་མཆོད་རྟེན་དང་། མཆོད་རྟེན་གྱི་གནས་ལས་རྒྱན་བརྐུས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྟོན་པའི་སྐུ་གདུང་དག་བརྐུས་ན། ཅིར་འགྱུར་ལགས། མཐར་འགྱུར་རོ། །ཅི་སྟེ་འདི་ནི། བདག་གི་སྟོན་པ་སྟེ། བདག་གིས་ཀྱང་འདི་ལ་བཀུར་སྟི་བྱའོ། །སྙམ་ནས་མཆོད་པའི་ཕྱིར་བརྐུས་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་གླེགས་བམ་བརྐུས་ན། ཅིར་འགྱུར་ལགས། གླེགས་བམ་གྱི་རིན་ཐང་བརྩི་བར་བྱའོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཕྱོགས་བཞིའི་དགེ་འདུན་གྱི་མ་སྩལ་བར་བརྐུས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་གང་ཟག་མང་པོའི་མ་སྩལ་པར་བརྐུས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་རྒྱུད་རེ་རེ་ལས་མ་ཤ་ལྔ་བྱུང་ན། མཐར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཡོངས་སུ་བརྟགས་པ་མ་སྩལ་བར་བརྐུས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་དག་གིས་མང་པོ་ཞིག་བརྒྱུད་དེ་མ་སྩལ་པར་བརྐུས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་སོ་སོར་བགོས་ན། ཇི་སྙེད་བདག་གིར་བྱས་པ་དེ་སྙེད་ཀྱི་རིན་ཐང་བརྩི་བར་བྱའོ། །བཙུན་པ། རེ་ཞིག་དགེ་སློང་གིས་གཞན་གྱིར་འདུ་ཤེས་ཏེ་མ་སྩལ་པར་བརྐུས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཡོངས་སུ་བཟུང་བ་ལ་ཡོངས་སུ་བཟུང་བར་འདུ་ཤེས་ཏེ་མ་སྩལ་བར་བརྐུས་ན། ཅིར་འགྱུར་ལགས། མཐར་འགྱུར་རོ། །ཡོངས་སུ་བཟུང་བ་ལ་ཡོངས་སུ་མ་བཟུང་བར་འདུ་ཤེས་ཏེ་མ་སྩལ་བར་བརྐུས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །ཡོངས་སུ་མ་བཟུང་བ་ལ་ཡོངས་སུ་བཟུང་བར་འདུ་ཤེས་ཏེ་མ་སྩལ་བར་བརྐུས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །ཡོངས་སུ་མ་བཟུང་བ་ལ་ཡོངས་སུ་མ་བཟུང་བར་འདུ་ཤེས་ཏེ་མ་སྩལ་བར་བརྐུས་ན། ཅིར་འགྱུར་ལགས། ཉེས་པ་མེད་དོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཡོ་བྱད་ཆེན་པོ་ཞིག་གནས་ནས་བསྐྱོད་ན། མཐར་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། དགེ་སློང་གིས་ཡོ་བྱད་ཆེན་པོ་ཞིག་གནས་ནས་བསྐྱོད་ཀྱང་། མཐར་མི་འགྱུར་བ་ལྟ་མཆིས་སམ།


DKG012_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དེ་གནས་ཁང་དུ་བཞག་པར་འགྱུར་པའི་གནས་དེ་བརྐུས་ནའོ། །བཙུན་པ། རེ་ཞིག་དགེ་སློང་གིས་རྙེད་པ་མི་དབང་བར་འདི་བདག་དབང་ངོ་། །ཞེས་དེ་སྐད་སྨྲས་ན། ཅིར་འགྱུར་ལགས། དེ་ཤེས་བཞིན་དུ་རྫུན་སྨྲས་པས་ལྟུང་བྱེད་དོ། །གལ་ཏེ་རྐུ་སེམས་ཉེ་བར་གནས་པར་གྱུར་ན། ཉེས་པ་སྦོམ་པོར་འགྱུར་བའི་ཉེས་བྱས་སུ་འགྱུར་ཏེ། གྲུབ་ན་ནི། རིན་ཐང་བརྩི་བར་བྱའོ། །བཙུན་པ། དགེ་སློང་གཅིག་པུ་ཞིག་ཁང་པར་ཞུགས་པ་ལ་མ་སྩལ་བར་ལེན་པའི་རྐྱེན་གྱིས་མཐར་འགྱུར་བ་མཆིས་ལགས་སམ། ཡོད་དེ། གལ་ཏེ་རྐུ་བར་སྦྱོར་བ་བྱས་ནས་ཞུགས་སམ། ཞུགས་ནས་སྦྱོར་བ་བྱེད་ནའོ། །བཙུན་པ། དགེ་སློང་གི་ཡོ་བྱད་ཆེན་པོ་ཞིག་མ་སྩལ་བར་བླངས་ཀྱང་མཐར་མི་འབྱུང་བལྟ་མཆིས་ལགས་སམ། ཡོད་དེ། སྔར་ལྟུང་བ་བྱུང་བ་དང་། རྐུ་ཐབས་སུ་གནས་པ་དང་། དང་པོ་མི་མཐུན་པ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་ལ་ནི། ཉེས་བྱས་སུ་འགྱུར་རོ། །ཇི་ལྟར་དགེ་སློང་ལ་མ་བྱིན་པར་བླངས་པའི་རྐྱེན་གྱིས་མཐར་འགྱུར་བ་དེ་བཞིན་དུ་བསླབ་པ་བྱིན་པ་དང་། དགེ་སློང་མ་ལ་ཡང་མཐར་འགྱུར་རོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་ནི། ཉེས་བྱས་སོ།། །།སྡོམ་ལ། དུད་འགྲོ་གསུམ་དང་ལས་སྲིད་དང་། །སྲིད་པ་མ་ལ་བཞི་ཚན་དང་། མངལ་གཉིས་དང་ནི་གསོ་བ་དང་། འདུ་ཤེས་ལ་ནི་བཞི་ཚན་ནོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་པར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་མིའམ། མིར་ཆགས་པ་ལ་བསམ་བཞིན་དུ་རང་གིས་ལག་བསྟར་ཏེ་སྲོག་བཅད་དམ། དེ་ལ་མཚོན་འདེབས་སམ། དེ་ལ་མཚོན་ཐོགས་པ་གཉེར་ཏམ། དེ་འཆིར་བཅུག་གམ། དེ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ། དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་འཚོ་བ་མི་གཙང་བ་ངན་པ་འདིས་ཅི་ཞིག་བྱ། ཀྱེ་མི་ཁྱོད་གསོན་པ་བས་ཤི་བླའོ། །ཞེས་ཟེར་ཞིང་དེ་ལྟར་སེམས་ཀྱི་འདོད་པ་དང་། སེམས་ཀྱི་ཀུན་ཏུ་རྟོག་པ་དག་གིས་རྣམ་གྲངས་དུ་མས་དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་དེ། དེ་ཡང་བརྩོན་པ་དེ་ལྟ་བུས་དུས་བྱས་ན། དགེ་སློང་དེ་ཡང་ཕས་ཕམ་པར་གྱུར་པ་ཡིན་གྱི། གནས་


DKG012_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་བྱའོ་ཞེས་གསུངས་པ་གང་ལགས་པ། བཙུན་པ་རེ་ཞིག་དགེ་སློང་གིས་གསང་སྔགས་དང་། སྨན་དག་གིས་མི་དུད་འགྲོའི་སྐྱེ་གནས་པར་བསྒྱུར་ཏེ་སྲོག་དང་ཕྲལ་ན། ཅིར་འགྱུར་ལགས། མཐར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་གསང་སྔགས་དང་། སྨན་དག་གིས་བདག་ཉིད་དུད་འགྲོའི་སྐྱེ་གནས་པར་བསྒྱུར་ཏེ་མི་སྲོག་དང་ཕྲལ་ན། ཅིར་འགྱུར་ལགས། གལ་ཏེ་མི་གསད་པར་བྱར་མི་རུང་བར་དགེ་སློང་དུ་འདུ་ཤེས་ཡོད་ན། དེ་ཡང་བྱེད་ན། མཐར་འགྱུར་རོ། །གལ་ཏེ་དགེ་སློང་དུ་འདུ་ཤེས་མེད་ན། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཕ་དང་མ་སྲོག་དང་ཕྲལ་ཡང་མཐར་མི་འགྱུར་ལ། མཚམས་མ་མཆིས་པ་ཉིད་ཀྱི་ཁ་ན་མ་ཐོ་བས་ཀྱང་རེག་པར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཡོད་དེ། གང་གི་ཕ་དང་། མ་དུད་འགྲོའི་སྐྱེ་གནས་པར་གྱུར་པའོ། །བཙུན་པ། དགེ་སློང་གིས་ཕ་བཀུམ་ཡང་མཐར་མི་འགྱུར་ལ། མཚམས་མ་མཆིས་པ་ཉིད་ཀྱི་ཁ་ན་མ་ཐོ་བས་ཀྱང་རེག་པར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཡོད་དེ། ཟག་པ་དང་བཅས་པའི་ལས་ཀྱི་སྲིད་པ་བསད་ནའོ། །ཉེ་བར་འཁོར། ཟག་པ་དང་བཅས་པའི་ལས་ཀྱི་སྲིད་པ་ནི། མངོན་པར་སྒྲུབ་པའི་དོན་གྱིས་ཕ་ཞེས་བྱའོ། །བཙུན་པ། རེ་ཞིག་དགེ་སློང་གིས་མ་བཀུམ་ཡང་མཐར་མི་འགྱུར་ལ། མཚམས་མ་མཆིས་པ་ཉིད་ཀྱི་ཁ་ན་མ་ཐོ་བས་ཀྱང་རེག་པར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཡོད་དེ། གལ་ཏེ་སྲིད་པ་བསད་ནའོ། །ཉེ་བར་འཁོར། སྲིད་པ་ནི། སྐྱེད་པའི་དོན་གྱིས་མ་ཞེས་བྱའོ། །བཙུན་པ། རེ་ཞིག་དགེ་སློང་གིས་མ་དགུམ་པར་འཚལ་ལ་བུད་མེད་གཞན་ཞིག་བཀུམ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་བུད་མེད་གཞན་ཞིག་དགུམ་པར་འཚལ་ལ་མ་བཀུམ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་མ་འགུམ་པར་སྦྱོར་བ་བགྱིས་ལ་བུད་མེད་གཞན་ཞིག་སྲོག་དང་ཕྲལ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་བུད་མེད་གཞན་ཞིག་དགུམ་པར་སྦྱོར་བ་བགྱིས་ལམ་སྲོག་དང་ཕྲལ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་མིའི་


DKG012_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་ཀྱི་མངལ་ན་དུད་འགྲོའི་སྐྱེ་གནས་པར་སྐྱེས་པ་བཀུམ་ན། ཅིར་འགྱུར་ལགས། ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་མོའི་མངལ་དུ་མིའི་བུ་བཀུམ་ན། ཅིར་འགྱུར་ལགས། མཐར་འགྱུར་རོ། །བཙུན་པ། རེ་ཞིག་མ་ནི། སྐྱེད་པ་ལགས་ལ། གཞན་གྱིས་གསོ་བར་བགྱིད་ལགས་ན། གང་ཞིག་སྲོག་དང་ཕྲལ་ན། མཐར་ཡང་འགྱུར་ལ། མཚམས་མ་མཆིས་པ་ཉིད་ཀྱི་ཁ་ན་མ་ཐོ་བས་ཀྱང་རེག་པར་འགྱུར་ལགས། གང་གིས་བསྐྱེད་པའོ། །བཙུན་པ། རེ་ཞིག་དགེ་སློང་གིས་མི་ལ་མི་ལགས་པར་འདུ་ཤེས་པས་བཀུམ་ན། ཅིར་འགྱུར་ལགས། མཐར་འགྱུར་རོ། །མི་ལ་མི་མ་ལགས་པར་འདུ་ཤེས་པས་བཀུམ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མི་མ་ལགས་པ་ལ་མིར་འདུ་ཤེས་པས་བཀུམ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་པས་བཀུམ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ།། །།སྡོམ་ལ། ཡིད་གཉིས་དང་ནི་བདག་ཉིད་དང་། །དགྲ་བཅོམ་པ་ཡང་ཉིད་ལ་བཞིན། །རྐུན་པོ་གཉིས་དང་འདུ་ཤེས་གཞན། །བདུན་ཚན་དང་ནི་ཁང་པའོ། །བཙུན་པ། རེ་ཞིག་དགེ་སློང་གིས། དེ་འདི་ཡིན་ནམ་དེ་མ་ཡིན་སྙམ་དུ་སོམ་ཉི་དང་ཐེ་ཚོམ་འཚལ་བཞིན་དུ་དེ་ཡང་སྲོག་དང་ཕྲལ་ན། ཅིར་འགྱུར་ལགས། མཐར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་བདག་ཉིད་སྲོག་དང་ཕྲལ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཕ་དང་མ་དགུམ་པར་སྦྱོར་བ་བགྱིས་པ་ལས། བདག་ཉིད་བཀུམ་ན། ཅིར་འགྱུར་ལགས། གལ་ཏེ་ཕ་མ་སྔར་དུས་བྱས་ན། མཐར་འགྱུར་ཏེ། མཚམས་མེད་པའི་ཁ་ན་མ་ཐོ་བས་ཀྱང་རེག་པར་འགྱུར་རོ། །འོན་ཏེ་དེ་སྔར་དུས་བྱས་ན། ཉེས་པ་སྦོམ་པོར་འགྱུར་རོ། །མཚམས་མེད་པའི་ཁ་ན་མ་ཐོ་བས་རེག་པར་ནི། མི་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགྲ་བཅོམ་པ་དགུམ་པར་འཚལ་ལ་སོ་སོའི་སྐྱེ་བོ་བཀུམ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་སོ་སོའི་སྐྱེ་བོ་དགུམ་པར་འཚལ་ལ། དགྲ་བཅོམ་པ་བཀུམ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་ཏེ། མཚམས་མེད་པའི་


DKG012_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ན་མ་ཐོ་བས་རེག་པར་ནི་མི་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགྲ་བཅོམ་པ་དགུམ་པར་སྦྱོར་བ་བགྱིས་ལ། སློབ་པ་སྲོག་དང་ཕྲལ་ན། ཅིར་འགྱུར་ལགས། མཐར་འགྱུར་ཏེ། མཚམས་མེད་པ་དང་ཉེ་བའི་ཁ་ན་མ་ཐོ་བས་ཀྱང་རེག་པར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་སོ་སོའི་སྐྱེ་བོ་དགུམ་པར་སྦྱོར་བ་བགྱིས་ལ། དགྲ་བཅོམ་པ་ཞིག་སྲོག་དང་ཕྲལ་ན། ཅིར་འགྱུར་ལགས། མཐར་འགྱུར་ཏེ། མཚམས་མེད་པའི་ཁ་ན་མ་ཐོ་བས་ཀྱང་རེག་པར་འགྱུར། བཙུན་པ། རེ་ཞིག་རྐུན་པོ་ཞིག་དགུམ་པར་ཁྲིད་པ་ལས་བྲོས་ཏེ། དེ་གྲོང་མི་འམ། རྒྱལ་པོའི་མི་དག་གིས་རྗེས་བཞིན་དུ་བསྙེགས་པར་གྱུར་ལ། ཤུལ་གྱི་མདུན་རོལ་ནས་དགེ་སློང་ཞིག་མཆི་བ་དེ་ལ་དེ་དག་གིས་ཁྱོད་ཀྱིས་རྐུན་པོ་ཞིག་བྲོས་པ་མཐོང་ངམ་ཞེས་དྲིས་པ་དང་། དགེ་སློང་དེ་ལ་ཡང་རྐུན་པོ་དགུམ་པའི་སེམས་ཉེ་བར་གནས་པར་གྱུར་ནས་དེ་ཡང་དེ་དག་ལ་བསྟན་ཏེ་སྲོག་དང་ཕྲལ་ན། ཅིར་འགྱུར་ལགས། མཐར་འགྱུར་རོ། །བཙུན་པ། རེ་ཞིག་རྐུན་པོ་ཞིག་དགུམ་པར་ཁྲིད་པ་ལས་བྲོས་ཏེ། དེ་གྲོང་མིའམ། རྒྱལ་པོའི་མི་དག་གིས་རྗེས་བཞིན་རྗེས་བཞིན་དུ་བསྙེགས་པར་གྱུར་ལ། ཤུལ་གྱི་མདུན་རོལ་ནས་དགེ་སློང་ཞིག་མཆི་བ་དེ་ལ་དེ་དག་གིས་ཁྱོད་ཀྱིས་རྐུན་པོ་ཞིག་བྲོས་པ་མཐོང་ངམ་ཞེས་དྲིས་པ་དང་། དགེ་སློང་དེ་ལ་ཡང་རྐུན་པོ་དགུམ་པའི་སེམས་ཉེ་བར་གནས་པར་མ་གྱུར་པར་དེ་དེ་དག་ལ་བསྟན་ཏེ་དེ་སྲོག་དང་ཕྲལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་མི་གཉིས་ལས་གཞན་དགུམ་པར་བགྱིས་པ་ལས་གཞན་བཀུམ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་བསྙེན་པར་རྫོགས་པར་དགུམ་པར་སྦྱོར་བ་བགྱིས་ལ། བསྙེན་པར་མ་རྫོགས་པར་བཀུམ་ན་ཅིར་འགྱུར་ལགས་ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་དགུམ་པར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཀར་བཀུམ་ན། ཅིར་འགྱུར་ལགས་ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་དགུམ་པར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཏེ་བཀུམ་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བསྙེན་པར་རྫོགས་ཀར་དགུམ་པར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཀར་བཀུམ་ན། ཅིར་འགྱུར་ལགས།


DKG012_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་དགུམ་པར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཏེ་བཀུམ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བསྙེན་པར་རྫོགས་ཏེ་དགུམ་པར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཏེ་བཀུམ་ན། ཅིར་འགྱུར་ལགས། མཐར་འགྱུར་རོ། །བསྙེན་པར་རྫོགས་ཏེ་དགུམ་པར་སྦྱོར་བ་བགྱིས་ལ། བསྙེན་པར་མ་རྫོགས་པར་བཀུམ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། དགེ་སློང་གཅིག་པུ་ཁང་པའི་ནང་དུ་ཞུགས་པ་ལ་སྲོག་དང་ཕྲལ་བའི་རྐྱེན་གྱིས་མཐར་འགྱུར་བ་ལྟ་མཆིས་ལགས་སམ། ཡོད་དེ། ཉེ་བར་འཁོར། འདི་ལྟར་དགེ་སློང་གིས་གསད་པར་སྦྱོར་བ་བྱས་ལ། ཁང་པའི་ནང་དུ་ཞུགས་སམ་ཁང་པའི་ནང་དུ་ཞུགས་ནས་གསོད་པར་སྦྱོར་བ་བྱེད་ནའོ། །བཙུན་པ། དགེ་སློང་གིས་མི་ལགས་པར་འདུ་ཤེས་ཏེ་དགུམ་སེམས་ཀྱིས་སྲོག་དང་ཕྲལ་ཡང་མཐར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཡོད་དེ། སྔར་ལྟུང་བ་བྱུང་བ་དང་། རྐུ་ཐབས་སུ་གནས་པ་དང་། དང་པོ་མི་མཐུན་པ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་ལ་ནི། ཉེས་བྱས་སུ་འགྱུར་རོ། །ཇི་ལྟར་དགེ་སློང་ལ་སྲོག་དང་ཕྲལ་བའི་རྐྱེན་གྱིས་མཐར་འགྱུར་བ་དེ་བཞིན་དུ་བསླབ་པ་བྱིན་པ་དང་། དགེ་སློང་མ་ལ་མཐར་འགྱུར་རོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་ནི། ཉེས་བྱས་སོ།། །།སྡོམ་ལ། སངས་རྒྱས་སྟོན་པ་རྣམ་པར་གཟིགས། མི་སློབ་སློབ་དང་ཅི་ཡང་དང་། །ཉམས་དང་གྲོལ་དང་འཇིགས་པ་དང་། །སྐྱེ་དང་ཐོབ་དང་འདྲ་བའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་མངོན་པར་མི་ཤེས་ཤིང་ཡོངས་སུ་མི་ཤེས་པར་མིའི་ཆོས་བླ་མ་མཐའ་དང་། འཕགས་པ་དང་། ཁྱད་པར་ཐོབ་པ་དང་། ཤེས་པ་དང་། མཐོང་བ་དང་། རེག་པར་གནས་པ་མེད་ཅིང་མི་བདོག་བཞིན་དུ་འདི་ཤེས་སོ། །འདི་མཐོང་ངོ་། །ཞེས་དེ་ལྟ་བུར་ཁས་འཆེས་བ་ལས། དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་ནས་དུས་གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང་རུང་། འདི་སྐད་ཅེས། ཚེ་དང་ལྡན་པ་དག་།བདག་གིས་ནི་མི་ཤེས་པར་ཤེས་སོ། །


DKG012_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྨྲས། མ་མཐོང་བར་མཐོང་ངོ་། །ཞེས་སྨྲས་ཏེ། གསོབ་གསོག་བརྫུན་དུ་སྨྲས་སོ། །ཞེས་ཟེར་ན་མངོན་པའི་ང་རྒྱལ་མ་གཏོགས་ཏེ། དགེ་སློང་དེ་ཡང་ཕས་ཕམ་པར་གྱུར་པ་ཡིན་གྱི། གནས་པར་མི་བྱའོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་འདི་སྐད་ཅེས། བདག་ནི་སངས་རྒྱས་ཡིན་ནོ། །ཞེས་མཆི་ན་ཅིར་འགྱུར་ལགས། གལ་ཏེ་སྡིག་པ་མི་དགེ་བའི་ཆོས་རྣམས་ཁོང་དུ་ཆུད་པ་ཉིད་དམ། བརྡ་སྤྲོད་པ་ཉིད་ལ་བསམ་ནས་ལུང་སྟོན་ན་ཉེས་པ་སྦོམ་པོར་འགྱུར་རོ། །འོན་ཏེ་མེད་པ་སངས་རྒྱས་བྱེད་པའི་ཆོས་རྣམས་སུ་ལུང་སྟོན་ན་མཐར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་འདི་སྐད་ཅེས། བདག་ནི་སྟོན་པ་ཡིན་ནོ། །ཞེས་མཆི་ན་ཅིར་འགྱུར་ལགས། གལ་ཏེ་འདི་སྙམ་དུ་གདམས་ངག་སྟོན་པ་དང་། རྗེས་སུ་སྟོན་པ་དང་། ཆོས་སྟོན་པའོ། །སྙམ་དུ་བསམ་ནས་སྨྲས་ན་ཉེས་པ་སྦོམ་པོར་འགྱུར་རོ། །འོན་ཏེ་སྟོན་པའི་ཆོས་རྣམས་སུ་ལུང་སྟོན་ན་མཐར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་འདི་སྐད་ཅེས། བདག་ནི་བཅོམ་ལྡན་འདས་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། འཁོར་བ་འཇིག་དང་། ཐམས་ཅད་སྐྱོབ་དང་། གསེར་ཐུབ་དང་། འོད་སྲུང་གི་ཉན་ཐོས་སོ། །ཞེས་མཆི་ན་ཅིར་འགྱུར་ལགས། གལ་ཏེ་སྔོན་གྱི་གནས་སུ་ལུང་སྟོན་ན་མཐར་འགྱུར་རོ། །འོན་ཏེ་དེས་འདི་སྙམ་དུ་དེ་ནས་བཟུང་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སྐྱབས་སུ་སོང་ངོ་། །དེ་ནས་བཟུང་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་སྐྱབས་སུ་སོང་ངོ་། །སྙམ་དུ་བསམ་ནས་སྨྲས་ན་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་འདི་སྐད་ཅེས། བདག་ནི་མི་སློབ་པའོ། །ཞེས་མཆི་ན་ཅིར་འགྱུར་ལགས། གལ་ཏེ་ཉོན་མོངས་པ་སྤངས་པར་ལུང་སྟོན་ན་མཐར་འགྱུར་རོ། །འོན་ཏེ་དེས་འདི་སྙམ་དུ། བདག་ནི་བཟོ་ཅི་ཡང་མི་སློབ་བོ། །སྙམ་དུ་བསམ་ནས་སྨྲས་ན་ཉེས་པ་སྦོམ་པོར་འགྱུར་རོ། བཙུན་པ། རེ་ཞིག་དགེ་སློང་གིས་འདི་སྐད་ཅེས། བདག་ནི་སློབ་པའོ། །ཞེས་མཆི་ན་ཅིར་འགྱུར་ལགས། གལ་ཏེ་སློབ་པར་སྤྱོད་པར་ལུང་སྟོན་ན་མཐར་འགྱུར་རོ། །འོན་ཏེ་དེས་འདི་སྙམ་དུ་སྤྱོད་པ་ལ་སློབ་བོ། །སྙམ་དུ་བསམ་ནས་སྨྲས་ན་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ།


DKG012_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ཞིག་དགེ་སློང་འདི་སྐད་ཅེས། བདག་ལ་ནི་ཅི་ཡང་མེད་དོ། །ཞེས་མཆིས་ན། ཅིར་འགྱུར་ལགས། གལ་ཏེ་ཅི་ཡང་སྤངས་སོ། །ཞེས་ལུང་སྟོན་ན། མཐར་འགྱུར་རོ། །འོན་ཏེ་དེས་འདི་སྙམ་དུ་བདག་ལ་ནི། ལྷུང་བཟེད་དང་། ཆོས་གོས་དང་། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་ཞིག་མེད་དོ། །སྙམ་དུ་བསམ་ནས་སྨྲས་ན། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་འདི་སྐད་ཅེས། བདག་ཉིད་ནི། ཉམས་པའོ། །ཞེས་མཆི་ན། ཅིར་འགྱུར་ལགས། གལ་ཏེ་འདི་སྙམ་དུ་བདག་ནི། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་དག་ལས་སོ། །ཞེས་ཟེར་ན། མཐར་འགྱུར་རོ། །འོན་ཏེ་ལུང་ལས་ཉམས་པ་ལས་བསམ་སྟེ་སྨྲས་ན། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་འདི་སྐད་ཅེས། བདག་ནི། གྲོལ་བའོ། །ཞེས་མཆི་ན། ཅིར་འགྱུར་ལགས། གལ་ཏེ་འདི་སྐད་ཅེས། བདག་ནི། ཀུན་ཏུ་སྦྱོར་བ་དང་། འཆིང་བ་དང་། བག་ལ་ཉལ་བ་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ་རྣམས་ལས་གྲོལ་ལོ། །ཞེས་ཟེར་ན། མཐར་འགྱུར་རོ། །འོན་ཏེ་འདི་སྙམ་དུ་ཀུན་ཏུ་སྦྱོར་བ་དང་། འཆིང་བ་དང་། བག་ལ་ཉལ་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ་གང་དག་ཟད་པ་དང་། འགག་པ་དང་། བྲལ་བ་དང་། རྣམ་པར་གྱུར་པ་དེ་དག་ལས་བདག་གྲོལ་ལོ། །སྙམ་དུ་བསམ་ནས་སྨྲས་ན། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་འདི་སྐད་ཅེས། བདག་ལ་འཇིགས་པ་མེད་དོ། །ཞེས་མཆི་ན། ཅིར་འགྱུར་ལགས། གལ་ཏེ་འཇིགས་པ་སྤངས་པར་ལུང་སྟོན་ན། མཐར་འགྱུར་རོ། འོན་ཏེ་འཇིག་རྟེན་པ་ལས་བསམ་ནས་བདག་ནི། ཅི་ལ་ཡང་མི་འཇིགས་སོ། ཞེས་ཟེར་ན། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་འདི་སྐད་ཅེས། འདི་ནི། བདག་གི་སྐྱེ་བའི་ཐ་མ་ཡིན་ནོ། །ཞེས་མཆི་ན། ཅིར་འགྱུར་ལགས། གལ་ཏེ་ཟད་པར་འདུ་ཤེས་པར་ལུང་སྟོན་ན། མཐར་འགྱུར་རོ། འོན་ཏེ་གང་གི་སྐྱེ་བའི་ཐ་མ་འདི་ཡིན་པའི་སྐྱེ་བ་དེ་ནི། ཟད་པ། འགག་པ། བྲལ་བ། རྣམ་པར་གྱུར་པ་ཡིན་ནོ། །སྙམ་དུ་བསམ་ནས་སྨྲས་ན། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་འདི་སྐད་ཅེས། བདག་གིས་ཐོབ་བོ། །ཞེས་མཆི་ན། ཅིར་འགྱུར་


DKG012_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ལགས། གལ་ཏེ་འདི་སྐད་ཅེས། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་དག་གོ །ཞེས་ཟེར་ན། མཐར་འགྱུར་རོ། །འོན་ཏེ་འཇིག་རྟེན་པའི་དངོས་པོ་ཡིན་པར་ལུང་སྟོན་ན། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་འདི་སྐད་ཅེས། ཀྱེ་མ་ཁྱོད་ཁོ་བོ་ཅི་འདྲ་བ་དེ་འདྲ་བར་གྱུར་ཀྱང་ཅི་མ་རུང་། དེ་ལྟར་ན། ཡུ་བུ་རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པར་གྱུར་ན། ཁོ་བོ་ནི། རྒྱུན་ཏུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཡང་མ་ཡིན་ནོ། །ཞེས་མཆི་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །སྡོམ་ལ། མ་སྨིན་ཐོབ་དང་བདག་འདྲི་དང་། །སྤངས་པ་དང་ནི་འབྲས་བུ་གཉིས། །འདུ་ཤེས་དང་བཞི་ཐོབ་བྱ་དང་། །འཇིག་རྟེན་པའི་ཚུལ་ཐ་མའོ། །བཙུན་པ། རེ་ཞིག་དགེ་སློང་ཞིག་ལ། ཚེ་དང་ལྡན་པ། ཅི་ཟག་པ་ཟད་པ་ཡིན་ནམ་ཞེས་དྲིས་ལ། དེས་ཀྱང་ཤིང་ཐོག་མ་སྨིན་པ་དག་བཅངས་པར་གྱུར་ཏེ། དེས་འདི་སྐད་ཅེས། ཡིན་ནོ། །ཞེས་བགྱི་ན། ཅིར་འགྱུར་ལགས་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་འདི་སྐད་ཅེས། བདག་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། མཆོག་གི་འབྲས་བུ་ཐོབ་བོ། །ཞེས་མཆི་ན། ཅིར་འགྱུར་ལགས། མཐར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་བདག་ཉིད་ཀྱིས་དྲིས་ལ་འདི་སྐད་ཅེས། ང་དགྲ་བཅོམ་པ་ཡིན་ནོ། །ཞེས་ཟེར་བ་འདི་སུས་དྲིས་ཞེས་མཆི་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་ལ་ཁྱིམ་བདག་ཅིག་གིས་ཁྱོད་ཀྱིས་འབྲས་བུ་ཐོབ་བམ་ཞེས་དྲིས་པ་དང་། དེས་ཀྱང་ལོ་མ་དང་། མེ་ཏོག་དང་། འབྲས་བུ་མ་སྨིན་པ་དག་བཅངས་པར་གྱུར་ཏེ། དེས་འདི་སྐད་ཅེས་ཡིན་ཞེས་བགྱིས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་འདི་སྐད་ཅེས། བདག་ནི། ཡོངས་སུ་ཉམས་པའོ། །ཞེས་མཆི་ན། ཅིར་འགྱུར་ལགས། གལ་ཏེ་ཐོབ་པ་ལས་ཡོངས་སུ་ཉམས་པར་ལུང་སྟོན་ན། མཐར་འགྱུར་རོ། །འོན་ཏེ་མ་ཐོབ་པ་ལས་ཡོངས་སུ་ཉམས་པར་ལུང་སྟོན་ན། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ་རེ་


DKG012_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་དགེ་སློང་གིས་རྒྱུན་དུ་ཞུགས་པའི་འབྲས་བུར་བསྟན་ཏོ། །སྙམ་པ་ལས། ལན་གཅིག་ཕྱིར་འོང་བའི་འབྲས་བུ་ར་ལུང་སྟོན་པར་བགྱིད། ལན་གཅིག་ཕྱིར་འོང་པའི་འབྲས་བུར་ལུང་བསྟན་ཏོ། །སྙམ་པ་ལས། ཕྱིར་མི་འོང་བའི་འབྲས་བུར་ལུང་སྟོན་པར་བགྱིད། ཕྱིར་མི་འོང་བའི་འབྲས་བུར་ལུང་བསྟན་ཏོ། །སྙམ་པ་ལས། དགྲ་བཅོམ་པའི་འབྲས་བུར་ལུང་སྟོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་ལ་འདི་སྐད་ཅེས། རྒྱུ་རི་ཞེས་བྱ་བ་ལ་རྒྱུན་དུ་ཞུགས་པའི་འབྲས་བུའོ། །བྱ་སྐྱིབས་ཀྱི་ངོས་ལ་ལན་གཅིག་ཕྱིར་འོང་བའི་འབྲས་བུའོ། །བྱ་རྒོད་ཀྱི་ཕུང་པོ་ལ་ཕྱིར་མི་འོང་བའི་འབྲས་བུའོ། །འོད་མའི་ཚལ་དུ་མཆོག་གི་འབྲས་བུ་དགྲ་བཅོམ་པའོ། །ཞེས་མཆི་ན། ཅིར་འགྱུར་ལགས། གལ་ཏེ་འདི་སྙམ་དུ་དེར་བདག་ལ་བསྟན་པ་བཏོན། ཁ་ཏོན་བྱས་ཏེ་བདག་གིས་སྙོམས་ལས་མ་བྱས་སོ། །སྙམ་དུ་བསམ་ནས་སྨྲ་ན། ཉེས་པ་སྦོམ་པོར་འགྱུར་རོ། །འོན་ཏེ་དགེ་སྦྱོང་གི་འབྲས་བུ་རྣམས་སུ་ལུང་སྟོན་ན། མཐར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ཏེ་མིའི་ཆོས་བླ་མར་གྱུར་པར་ལུང་སྟོན་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ཏེ་མིའི་ཆོས་བླ་མར་གྱུར་པར་ལུང་སྟོན་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མི་ལ་མི་མ་ལགས་པར་འདུ་ཤེས་ཏེ་མིའི་ཆོས་བླ་མར་གྱུར་པར་ལུང་སྟོན་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མི་ལ་མིར་འདུ་ཤེས་ཏེ་མིའི་ཆོས་བླ་མར་གྱུར་པ་ལུང་སྟོན་ན། ཅིར་འགྱུར་ལགས། མཐར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་འདི་སྐད་ཅེས། ཉན་ཐོས་ཀྱིས་ཐོབ་པར་བྱ་བ་གང་ཡིན་པ་དེ་བདག་གིས་ཐོབ་བོ། །ཞེས་མཆི་ན། ཅིར་འགྱུར་ལགས། གལ་ཏེ་ལུང་ཆུབ་པར་བྱ་བ་ལས་བསམ་སྟེ་སྨྲས་ན། ཉེས་པ་སྦོམ་པོར་འགྱུར་རོ། །འོན་ཏེ་ཉན་ཐོས་ཀྱི་ཆོས་རྣམས་སུ་ལུང་སྟོན་ན། མཐར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་འདི་སྐད་ཅེས། བདག་དེ་རིང་འཇིག་རྟེན་གྱི་བསམ་གཏན་ལ་སྙོམས་པར་ཞུགས་ཏེ་དགོངས་ཀར་ཡང་མ་ཞུགས། དེ་ཕན་ཆད་ཀྱང་མ་ཞུགས་སོ། །ཞེས་མཆི་ན་ཅིར་འགྱུར་ལགས། ཉེས་


DKG012_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྦོམ་པོར་འགྱུར་རོ། །བཙུན་པ་རེ་ཞིག་དགེ་སློང་འདི་སྐད་ཅེས། ཚུར་འབྲས་བུ་དག་ལུང་བསྟན་ཏོ། །ཞེས་མཆི་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ།། །།འདུལ་བ་གཞུང་བླ་མ། བམ་པོ་གཉིས་པ། སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། །གཞན་ལ་སྙད་འདོགས་བརྒྱུད་པ་དང་། །སྨྱོན་པ་དང་ནི་སེམས་འཁྲུགས་དང་། །ཚོར་བས་ཉེན་འོན་གླེན་པའོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཕོ་ཉ་ལས་མིའི་ཆོས་བླ་མར་གྱུར་པ་བརྗོད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་ཡི་གེ་དང་། གཞན་ལ་སྙད་འདོགས་པ་དང་། བརྒྱུད་དེ་མིའི་ཆོས་བླ་མར་གྱུར་པ་བརྗོད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྨྱོན་པའི་དྲུང་དུ་མིའི་ཆོས་བླ་མར་གྱུར་པ་བརྗོད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་སེམས་འཁྲུགས་ལ་དང་། ཚོར་བས་ཉེན་པ་དང་། འོན་པ་དང་།གླེན་པ་ལ་མིའི་ཆོས་བླ་མར་གྱུར་པ་བརྗོད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །སྡོམ་ལ། གཉིད་ལོག་ར་རོ་རབ་མྱོས་དང་། །སྙོམས་ཞུགས་འགྲོ་བ་མ་ཡིན་ཉིད། །སྐད་དང་ལུས་དང་དབེན་སྔགས་དང་། །གཞན་ལས་གཞན་གྱི་ཐ་མའོ། །བཙུན་པ། རེ་ཞིག་དགེ་སློང་གིས་གཉིད་ཀྱིས་ལོག་པའི་དྲུང་དུ་མིའི་ཆོས་བླ་མར་གྱུར་པ་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་ར་རོ་བ་དང་། རབ་ཏུ་མྱོས་པ་དང་། སྙོམས་པར་ཞུགས་པ་དང་། འགྲོ་བ་གཞན་དུ་གནས་པའི་དྲུང་དུ་མིའི་ཆོས་བླ་མར་གྱུར་པ་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དབུས་ཀྱི་དགེ་སློང་གིས་མཐའ་འཁོབ་པའི་སྐད་དུ་དབུས་པའི་དྲུང་དུ་མིའི་ཆོས་བླ་མར་གྱུར་པ་སྨྲས་ལ། ཡུལ་དབུས་པས་ཀྱང་མཐའ་འཁོབ་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མཐའ་འཁོབ་པས་དབུས་པའི་སྐད་དུ་མཐའ་འཁོབ་པའི་དྲུང་དུ་མིའི་ཆོས་བླ་མར་གྱུར་པ་སྨྲས་ལ། མཐའ་འཁོབ་པས་ཀྱང་ཡུལ་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མཐའ་འཁོབ་པས་


DKG012_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་འཁོབ་པའི་སྐད་དུ་དབུས་པའི་དྲུང་དུ་མིའི་ཆོས་བླ་མར་གྱུར་པ་སྨྲས་ལ། ཡུལ་དབུས་པས་ཀྱང་མཐའ་འཁོབ་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །དབུས་པས་དབུས་པའི་སྐད་དུ་མཐའ་འཁོབ་པའི་དྲུང་དུ་མིའི་ཆོས་བླ་མར་གྱུར་པ་སྨྲས་ལ། མཐའ་འཁོབ་པས་ཀྱང་ཡུལ་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་མིའི་ཆོས་བླ་མར་གྱུར་པ་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་དབེན་པར་དབེན་པའི་འདུ་ཤེས་ཀྱིས་མིའི་ཆོས་བླ་མར་གྱུར་པ་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །དབེན་པར་མི་དབེན་པའི་འདུ་ཤེས་ཀྱིས་མིའི་ཆོས་བླ་མར་གྱུར་པ་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མི་དབེན་པར་དབེན་པའི་འདུ་ཤེས་ཀྱིས་མིའི་ཆོས་བླ་མར་གྱུར་པ་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མི་དབེན་པར་མི་དབེན་པའི་འདུ་ཤེས་ཀྱིས་མིའི་ཆོས་བླ་མར་གྱུར་པ་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་གསང་སྔགས་སམ། སྨན་དག་གིས་བདག་ཉིད་མི་གདའ་བར་བགྱིས་ནས་མིའི་ཆོས་བླ་མར་གྱུར་པ་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་གཞན་ལས་མིའི་ཆོས་བླ་མར་གྱུར་པ་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གི་གཞན་དག་གི་སླད་དུ་མིའི་ཆོས་བླ་མར་གྱུར་པ་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་མིའི་ཆོས་བླ་མར་གྱུར་པ་སྨྲས་ཀྱང་མཐར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཡོད་དེ། སྔར་ལྟུང་བ་བྱུང་བ་དང་། རྐུ་ཐབས་སུ་གནས་པ་དང་། དང་པོ་མི་མཐུན་པ་ཅན་དང་། མ་ནིང་དང་། དགེ་སློབ་མ་དང་། དགེ་སློང་མ་སུན་ཕྱུང་བ་ལ་ནི། ཉེས་བྱས་སུ་འགྱུར་རོ། །ཇི་ལྟར་དགེ་སློང་གིས་བརྫུན་དུ་སྨྲས་པའི་རྐྱེན་གྱིས་མཐར་འགྱུར་བ་དེ་བཞིན་དུ་བསླབ་པ་བྱིན་པ་དང་། དགེ་སློང་མ་ལ་ཡང་མཐར་འགྱུར་རོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་ནི། ཉེས་བྱས་སོ། །ཉེ་བར་འཁོར་གྱིས་ཞུས་པ་ཁ་ཆེ་བ་ལས། ཕམ་པ་སྦྱར་བ་རྫོགས་སོ།། །།

དགེ་འདུན་ལྷག་མ་འཆད་པ།


DKG012_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་ལ། མ་ལོག་སྦུབས་དང་དེ་བཞིན་གཡོས། །རྩོལ་བ་མེད་པ་དག་དང་མཚན། །གཞན་གྱི་དག་དང་བཅས་པ་འདིར། །ཚོགས་སུ་ཡང་དག་བཤད་པ་ཡིན། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཆེད་དུ་བསམ་ནས་ཁུ་བ་ཕྱུང་ན། རྨི་ལམ་གྱི་མ་གཏོགས་ཏེ། དགེ་འདུན་ལྷག་མ་ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་གཉིད་མ་ལོག་པའི་གནས་སྐབས་སུ་བརྩམས་ཏེ་གཉིད་ལོག་ནས་ཁུ་བ་ཕྱུང་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་གཉིད་ལོག་པའི་ཚེ་བརྩམས་ཏེ་སད་ནས་ཁུ་བ་ཕྱུང་ན། ཅིར་འགྱུར་ལགས། གལ་ཏེ་རྩོལ་ན། ཉེས་པ་སྦོམ་པོར་འགྱུར་རོ། །འོན་ཏེ་མི་རྩོལ་ན། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་བཅོམ་ལྡན་འདས་ཀྱིས་ཁུ་བ་སྦུབས་སུ་ཕྱིན་པ་ཕྱུང་ན། ཉེས་པ་སྦོམ་པོར་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ། ཇི་ཙམ་གྱིས་ན། སྦུབས་སུ་ཕྱིན་པ་ལགས། གནས་ནས་འཕགས་མ་ཐག་ཏུ་སྒུབས་སུ་ཕྱིན་པར་འགྱུར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་བསྐྱོད་དེ་བཏང་བ་ལས་ཁུ་བ་ཕྱུང་ན། ཉེས་པ་སྦོམ་པོར་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ། ཇི་ཙམ་གྱིས་བསྐྱོད་དེ་བཏང་བ་ལགས་མཇུག་ཐོགས་སུ་གནས་ནས་འཕགས་པ་ལས་བཏང་བ་ཡིན་ནོ། །བཙུན་པ། མ་བརྩལ་བར་ཁུ་བ་ཕྱུང་ན། ཅིར་འགྱུར་ལགས། གལ་ཏེ་བདག་གིར་མི་བྱེད་ན། ལྟུང་བ་མེད་དོ། །འོན་ཏེ་བདག་གིར་བྱེད་ན། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་ཁུ་བ་འབྱིན་པ་ལས་མཚན་གྱུར་ཏེ་དགེ་སློང་མར་རེད་ན། ཅིར་འགྱུར་ལགས། ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མ་ཁུ་བ་འབྱིན་པ་ལས་མཚན་གྱུར་ཏེ་དགེ་སློང་དུ་རེད་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་གཞན་གྱི་ཟག་བྱེད་ནས་ཁུ་བ་འབྱིན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཆེད་དུ་བསམ་སྟེ་ཁུ་བ་ཕྱུང་ན། དགེ་འདུན་ལྷག་མར་མི་འགྱུར་བ་ལྟ་


DKG012_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་ལགས་སམ། ཡོད་དེ། སྔར་ལྟུང་བ་བྱུང་བ་དང་། རྐུ་ཐབས་སུ་གནས་པ་དང་། དང་པོ་མི་མཐུན་པ་ཅན་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་ལ་ནི། ཉེས་བྱས་སུ་འགྱུར་རོ། །ཇི་ལྟར་དགེ་སློང་ཁུ་བ་འབྱིན་པ། དགེ་འདུན་ལྷག་མར་འགྱུར་བ་དེ་བཞིན་དུ་བསླབ་པ་བྱིན་པ་ལ་ཡང་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མ་ལ་ནི། གཞི་ཇི་ལྟ་བ་བཞིན་ནོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་ནི། ཉེས་བྱས་སོ། །སྡོམ་ལ། ལུས་དང་ཡིད་གཉིས་སོ་དང་ནི། །རྨ་སྤུ་དེ་བཞིན་སེན་མོ་དང་། །བཞི་པ་གཉིས་སུ་བྱས་ན་ནི། །ཚོམས་སུ་ཡང་དག་བཤད་པ་ཡིན། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དྲལ་ཞིང་གྱུར་པའི་སེམས་ཀྱིས་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་ལུས་ཀྱིས་རེག་པར་བྱེད་ཅིང་། ལག་པ་ནས་བཟུང་ངམ། དཔུང་པ་ནས་བཟུང་ངམ། ལན་བུ་ནས་བཟུང་ངམ། ཡན་ལག་དང་། ཉིང་ལག་གང་ཡང་རུང་བ་ལ་ནོམ་པ་དང་། ཉུག་པ་བདག་གིར་བྱེད་ན། དགེ་འདུན་ལྷག་མའོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་བུད་མེད་ཀྱི་ལུས་ཀྱི་དབང་པོ་ཉམས་པར་གྱུར་ལ། དགེ་སློང་གིས་དེ་དང་ལྷན་ཅིག་ལུས་ཀྱིས་རེག་པར་གྱུར་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་ལུས་ཀྱི་དབང་པོ་ཉམས་པར་གྱུར་པ་དེས། བུད་མེད་དང་ལྷན་ཅིག་ལུས་ཀྱིས་རེག་པར་བྱེད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དེ་གཉིས་ཀའི་ལུས་ཀྱི་དབང་པོ་ཉམས་པར་གྱུར་ལ། དེ་དག་ལུས་ཀྱིས་རེག་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་དེ་འདི་ཡིན་ནམ། དེ་འདི་མ་ཡིན་སྙམ་དུ་སོམ་ཉི་དང་། ཐེ་ཚོམ་འཚལ་བཞིན་དུ་དེ་ཡང་དེ་དང་ལྷན་ཅིག་ལུས་ཀྱིས་རེག་པར་བགྱིད་ན། ཅིར་འགྱུར་ལགས། དགེ་འདུན་གྱི་ལྷག་མར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་འདི་བུད་མེད་ཡིན་ནམ། འོན་ཏེ་བུད་མེད་མ་ཡིན་སྙམ་དུ་སོམ་ཉི་དང་། ཐེ་ཚོམ་འཚལ་བཞིན་དུ་དེ་ཡང་དེ་དང་ལྷན་ཅིག་ལུས་ཀྱིས་རེག་པར་བགྱིད་ན། ཅིར་འགྱུར་ལགས། དངོས་པོ་ཇི་ལྟ་བུ་བཞིན་ནོ། །བཙུན་པ། རེ་ཞིག་སོས་རེག་པར་གྱུར་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་སོ་དག་ལ་རེག་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་


DKG012_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་རྨས་རེག་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་རྨ་དག་ལ་རེག་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་སྤུས་རེག་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་སྤུ་དག་ལ་རེག་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་སེན་མོས་རེག་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་སེན་མོ་དག་ལ་རེག་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་མིའི་བུད་མེད་ལ་མིར་འདུ་ཤེས་པས་ལུས་ཀྱིས་རེག་པར་བགྱིད་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །མི་ལ་མི་མ་ལགས་པར་འདུ་ཤེས་པས་ལུས་ཀྱིས་རེག་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མི་མ་ལགས་པར་མིར་འདུ་ཤེས་པས་ལུས་ཀྱིས་རེག་པར་བགྱིད་ན། ཅིར་འགྱུར་ལགས་ཉེས་པ་སྦོམ་པོར་འགྱུར་རོ། །མི་མ་ལགས་པ་ལ་མི་ལགས་པར་འདུ་ཤེས་པས་ལུས་ཀྱིས་རེག་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་བར་ཆད་དང་བཅས་པ་ལ་བར་ཆད་དང་བཅས་པར་འདུ་ཤེས་པས་ལུས་ཀྱིས་རེག་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བར་ཆད་དང་བཅས་པ་ལ་བར་ཆད་མ་མཆིས་པར་འདུ་ཤེས་པས་ལུས་ཀྱིས་རེག་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བར་ཆད་མ་མཆིས་པ་ལ་བར་ཆད་དང་བཅས་པར་འདུ་ཤེས་པས། ལུས་ཀྱིས་རེག་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བར་ཆད་མ་མཆིས་པ་ལ་བར་ཆད་མ་མཆིས་པར་འདུ་ཤེས་པས་ལུས་ཀྱིས་རེག་པར་བགྱིད་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ།། །།སྡོམ་ལ། འདུ་ཤེས་གཞན་རོ་རུས་པ་དང་། །མཚན་དང་སྐྱེས་པ་མཉེན་པ་དང་། །འཇམ་དྲོ་མ་ནིང་སྨྱོན་པ་དང་། །སྙོམས་འཇུག་


DKG012_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

གཉིད་ལོག་འགྲོ་བ་མིན། བཙུན་པ། རེ་ཞིག་དགེ་སློང་བུད་མེད་གཞན་ཞིག་དང་ལྷན་ཅིག་ཆགས་པ་སྐྱེས་པ་ལས། གཞན་ཞིག་དང་ལྷན་ཅིག་ལུས་ཀྱིས་རེག་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ།། བཙུན་པ། རེ་ཞིག་དགེ་སློང་བུད་མེད་ཀྱི་རོ་དང་ལྷན་ཅིག་ཏུ་ལུས་ཀྱིས་རེག་པར་བགྱིད་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །བཙུན་པ། རེ་ཞིག་ཤ་མ་མཆིས་པ་རུས་པའི་རུས་གོང་དང་ལྷན་ཅིག་ལུས་ཀྱིས་རེག་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྤོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་བུད་མེད་དང་ལྷན་ཅིག་ལུས་ཀྱིས་རེག་པར་བགྱིད་པ་ལས། དེའི་མཚན་གྱུར་ཏེ་དགེ་སློང་མར་རེད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མ་ཞིག་སྐྱེས་པ་དང་ལྷན་ཅིག་ཏུ་ལུས་ཀྱིས་རེག་པར་བགྱིད་པ་ལས། དེའི་མཚན་གྱུར་ཏེ་དགེ་སློང་དུ་རེད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་སྐྱེས་པ་དང་ལྷན་ཅིག་ལུས་ཀྱིས་རེག་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་མཉེན་ནམ་སྙམ་པའི་བསམ་པས་ལུས་ཀྱིས་རེག་པར་བགྱིད་ན། ཅིར་འགྱུར་ལགས་ཉེས་པ་སྦོམ་པོར་འགྱུར་རོ། །འཇམ་པའི་བསམ་པ་དང་། དྲོ་བའི་བསམ་པས་ཀྱང་དེ་དང་འདྲའོ། །བཙུན་པ། རེ་ཞིག་དགེ་སློང་མ་ནིང་དང་ལྷན་ཅིག་ལུས་ཀྱིས་རེག་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མ་ནིང་མོ་དང་ལྷན་ཅིག་ལུས་ཀྱིས་རེག་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་སྨྱོན་པ་དང་ལྷན་ཅིག་ལུས་ཀྱིས་རེག་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་སེམས་རྣམ་པར་འཁྲུགས་པ་དང་ལྷན་ཅིག་ལུས་ཀྱིས་རེག་པར་བགྱེད་ན། ཅིར་འགྱུར་ལགས་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་བུད་མེད་སྙོམས་པར་ཞུགས་པ་དང་ལྷན་ཅིག་ལུས་ཀྱིས་རེག་པར་བགྱིད་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །བཙུན་རེ་ཞིག་དགེ་སློང་བུད་མེད་གཉིས་ཀྱིས་ལོག་པ་དང་ལྷན་ཅིག་ལུས་ཀྱིས་རེག་པར་བགྱིད་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །བཙུན་པ།


DKG012_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ཞིག་དགེ་སློང་འགྲོ་བ་གཞན་པའི་བུད་མེད་དང་ལྷན་ཅིག་ཏུ་ལུས་ཀྱིས་རེག་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་ལུས་ཀྱིས་རེག་པར་བགྱིད་ཀྱང་དགེ་འདུན་ལྷག་མར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཡོད་དེ། སྔར་ལྟུང་བ་བྱུང་བ་དང་། རྐུ་ཐབས་སུ་གནས་པ་དང་། དང་པོ་མི་མཐུན་པ་ཅན་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་ལ་ནི། ཉེས་བྱས་སོ། །ཇི་ལྟར་དགེ་སློང་གིས་ལུས་ཀྱིས་ཀུན་ཏུ་རེག་པར་བྱས་པ་ལས། དགེ་འདུན་ལྷག་མར་འགྱུར་བ་དེ་བཞིན་དུ་བསླབ་པ་བྱིན་པ་ལ་ཡང་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མ་སྐྱེས་པ་དང་ལྷན་ཅིག་ལུས་ཀྱིས་ཀུན་ཏུ་རེག་པར་བྱེད་པ་ལ་ནི། ཕམ་པར་འགྱུར་རོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་ནི། ཉེས་བྱས་སུ་འགྱུར་རོ། །སྡོམ་ལ། སྐད་དང་ལུས་དང་དབེན་སྔགས་དང་། གཞན་ལས་གཞན་ཕྱིར་སྤྲུལ་པ་དང་། །ཕོ་ཉ་ཡི་གེ་ལག་བརྡ་དང་། །གཞན་ལ་སྙད་འདོགས་བརྒྱུད་པ་དང་། །བགོ་བཤའ་མ་ནིང་སྐྱེས་པ་དང་། །མ་ནིང་མོ་མཛེས་སྡིག་ཅན་ནོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་ཀྱི་ཡུལ་ལ་གནས་ངན་ལེན་གྱི་ཚིག་སྡིག་པ་ཅན་ཚོགས་པར་མི་འབྱུང་བ། འཁྲིག་པ་དང་ལྡན་པ། འདི་ལྟར་སྐྱེས་བུས་ན་ཆུང་ལ་བྱ་བ་བཞིན་དུ་ཡང་སྨྲས་ན། དགེ་འདུན་ལྷག་མའོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དབུས་པའི་དགེ་སློང་ཞིག་གིས་དབུས་པའི་བུད་མེད་ལ་མཐའ་འཁོབ་པའི་སྐད་དུ་གནས་ངན་ལེན་གྱི་ཚིག་སྨྲས་ལ། དབུས་པའི་བུད་མེད་ཀྱིས་ཀྱང་མཐའ་འཁོབ་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མཐའ་འཁོབ་པ་ཞིག་གིས་མཐའ་འཁོབ་པའི་བུད་མེད་ལ་དབུས་པའི་སྐད་ཀྱིས་གནས་ངན་ལེན་གྱི་ཚིག་སྨྲས་ལ། མཐའ་འཁོབ་པའི་བུད་མེད་ཀྱིས་ཀྱང་ཡུལ་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མཐའ་འཁོབ་པ་ཞིག་གིས་དབུས་པའི་བུད་མེད་ལ་མཐའ་འཁོབ་པའི་སྐད་དུ་གནས་ངན་ལེན་གྱི་ཚིག་སྨྲས་ལ། དབུས་པའི་བུད་མེད་ཀྱིས་ཀྱང་མཐའ་འཁོབ་པ


DKG012_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

འི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །དབུས་པ་ཞིག་གིས་མཐའ་འཁོབ་པའི་བུད་མེད་ལ་དབུས་པའི་སྐད་དུ་གནས་ངན་ལེན་གྱི་ཚིག་སྨྲས་ལ། མཐའ་འཁོབ་པའི་བུད་མེད་ཀྱིས་ཀྱང་ཡུལ་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་བུད་མེད་ལ་ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་གནས་ངན་ལེན་གྱི་ཚིག་སྟོན་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་དབེན་པ་ལ་དབེན་པར་འདུ་ཤེས་པས་བུད་མེད་ལ་གནས་ངན་ལེན་གྱི་ཚིག་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །དབེན་པ་ལ་མི་དབེན་པར་འདུ་ཤེས་པས་གནས་ངན་ལེན་གྱི་ཚིག་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མི་དབེན་པ་ལ་དབེན་པར་འདུ་ཤེས་པས་གནས་ངན་ལེན་གྱི་ཚིག་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མི་དབེན་པ་ལ་མི་དབེན་པར་འདུ་ཤེས་པས་བུད་མེད་ལ་གནས་ངན་ལེན་གྱི་ཚིག་སྨྲས་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྨན་ནམ་གསང་སྔགས་དག་གིས་བདག་ཉིད་མི་གདའ་བར་བགྱིས་ཏེ། བུད་མེད་ལ་གནས་ངན་ལེན་གྱི་ཚིག་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་གཞན་ཞིག་ལས་བུད་མེད་ལ་གནས་ངན་ལེན་གྱི་ཚིག་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་གཞན་དག་གི་སླད་དུ་བུད་མེད་ལ་གནས་ངན་ལེན་གྱི་ཚིག་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་བུད་མེད་སྤྲུལ་པ་ལ་གནས་ངན་ལེན་གྱི་ཚིག་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཕོ་ཉ་ལས་བུད་མེད་ཀྱི་གནས་ངན་ལེན་གྱི་ཚིག་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་ཡི་གེ་དང་། ལག་བརྡ་དང་། གཞན་ལ་སྙད་འདོགས་པ་དང་། བརྒྱུད་དེ་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་བུད་མེད་ལ་བགོ་


DKG012_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བཤའ་གྱིས་ཤིག་ཅེས་བགྱིས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་མ་ནིང་ལ་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །སྐྱེས་པ་ལ་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མ་ནིང་མོ་ལ་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་བུད་མེད་ལ་འདི་སྐད་དུ། མཛེས་སོ། །ཞེས་བགྱིས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་བུད་མེད་ལ་འདི་སྐད་ཅེས། སྡིག་པ་ཅན་ནོ། །ཞེས་བགྱིས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ།། །།སྡོམ་ལ། སྨྱོན་པ་དང་ནི་སེམས་འཁྲུགས་སམ། །ཆོར་བ་འོན་མ་གླེན་མ་དང་། །གཉིད་ལོག་ར་རོ་རབ་མྱོས་དང་། །དགེ་སློང་མ་དང་སྙོམས་པར་ཞུགས། །བཙུན་པ། རེ་ཞིག་དགེ་སློང་གིས་བུད་མེད་སྨྱོན་མ་ཞིག་ལ་གནས་ངན་ལེན་གྱི་ཚིག་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ཚོར་བས་ཉམ་ཐག་པ་དང་། འོན་མ་དང་། གླེན་མ་དང་། གཉིད་ཀྱིས་ལོག་པ་དང་། ཕྱག་ལས་ཁོམ་པ་དང་། རབ་ཏུ་མྱོས་པ་ལ་གནས་ངན་ལེན་གྱི་ཆིག་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་བུད་མེད་ལ་གནས་ངན་ལེན་གྱི་ཚིག་སྨྲས་པ་ལས། དེའི་མཚན་གྱུར་ཏེ་དགེ་སློང་མར་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མ་ཞིག་སྐྱེས་པ་ལ་གནས་ངན་ལེན་གྱི་ཚིག་སྨྲས་པ་ལགས། དེའི་མཚན་གྱུར་ཏེ་དགེ་སློང་དུ་རེད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་ལ་གནས་ངན་ལེན་གྱི་ཆིག་སྨྲས་ན། དགེ་འདུན་ལྷག་མར་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། དགེ་སློང་གིས་བུད་མེད་ཀྱི་ཡུལ་ལ་གནས་ངན་ལེན་གྱི་ཚིག་སྨྲས་ཀྱང་དགེ་འདུན་ལྷག་མར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཡོད་དེ། གལ་ཏེ་གཞན་གྱི་ཕྱིར་སྨྲས་ན། ཅིར་འགྱུར་ཞེ་ན། ཉེས་བ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་བུད་མེད་སྙོམས་པར་ཞུགས་པ་ཞིག་ལ་གནས་ངན་ལེན་གྱི་ཚིག་སྨྲས་ན་ཅིར་འགྱུར་


DKG012_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ལགས། ཉེས་པ་སྦོམ་པོར་འགྱུར་རོ།། །།སྡོམ་ལ། བཞི་པ་གཉིས་དང་འདུ་ཤེས་གཞན། །གནས་ངན་ལེན་ལ་གང་བསྒྲགས་པ། །བསྙེན་བཀུར་ལ་ཡང་དེ་བཞིན་དུ། །རྒྱས་པར་རབ་ཏུ་བཤད་པར་བྱ། །བཙུན་པ། རེ་ཞིག་དགེ་སློང་གིས་མིའི་བུད་མེད་ལ་མི་མ་ལགས་པར་འདུ་ཤེས་པས། གནས་ངན་ལེན་གྱི་ཚིག་སྨྲས་ན།ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མི་མ་ལགས་པ་ལ་མིར་འདུ་ཤེས་པས་གནས་ངན་ལེན་གྱི་ཚིག་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་པས་གནས་ངན་ལེན་གྱི་ཚིག་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མིའི་བུད་མེད་ལ་མིར་འདུ་ཤེས་པས་གནས་ངན་ལེན་གྱི་ཚིག་སྨྲས་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་གྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་བུད་མེད་ལ་བུད་མེད་དུ་འདུ་ཤེས་པས་གནས་ངན་ལེན་གྱི་ཚིག་སྨྲས་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །བུད་མེད་ལ་སྐྱེས་པར་འདུ་ཤེས་པས་གནས་ངན་ལེན་གྱི་ཚིག་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །སྐྱེས་པ་ལ་བུད་མེད་དུ་འདུ་ཤེས་པས་གནས་ངན་ལེན་གྱི་ཚིག་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །སྐྱེས་པ་ལ་སྐྱེས་པར་འདུ་ཤེས་པས་གནས་ངན་ལེན་གྱི་ཚིག་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་གཞན་དུ་འདུ་ཤེས་པས་བུད་མེད་ལ་གནས་ངན་ལེན་གྱི་ཚིག་སྨྲས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་བུད་མེད་ཀྱི་ཡུལ་ལ་གནས་ངན་ལེན་གྱི་ཚིག་སྨྲས་ཀྱང་། དགེ་འདུན་ལྷག་མར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཡོད་དེ། སྔར་ལྟུང་བ་བྱུང་བ་དང་། རྐུ་ཐབས་སུ་གནས་པ་དང་། དང་པོ་མི་མཐུན་པ་ཅན་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་ལ་ནི། ཉེས་བྱས་སོ། །ཇི་ལྟར་དགེ་སློང་ལ་གནས་ངན་ལེན་གྱི་ཚིག་སྨྲ་བའི་དགེ་འདུན་ལྷག་མར་འགྱུར་བ་དེ་བཞིན་དུ་བསླབ་པ་བྱིན་པ་ལ་ཡང་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མ་ལ་ནི། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་ནི། ཉེས་བྱས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་


DKG012_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་ཀྱི་ཡུལ་གྱི་མདུན་དུ། སྲུ། བསྙེན་བཀུར་རྣམས་ཀྱི་ནང་ན་ནི། འདི་ལྟ་སྟེ། ང་ལྟ་བུའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་ཅན། ཚངས་པར་སྤྱོད་པ་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱེད་པ་འདི་ནི། མཆོག་ཡིན་ནོ། །ཞེས་བདག་ཉིད་ཀྱི་བསྙེན་བཀུར་བསྔགས་པ་བརྗོད་ན། དགེ་འདུན་ལྷག་མའོ། །ཞེས་གསུངས་པ་གང་ལགས་པ་ཞེས་བྱ་བ་སྟེ། གཞུང་ལྷག་མ་ནི། ཇི་ལྟར་གནས་ངན་ལེན་སྨྲ་བ་ལས་བཤད་པ་དེ་བཞིན་དུ་བསྙེན་བཀུར་བསྔགས་པ་ཡང་བརྗོད་པར་བྱའོ། །ཁྱད་པར་ནི། འདི་ཡིན་ཏེ། དགེ་སློང་མས་བསྙེན་བཀུར་བསྔགས་པ་ལ་ནི། ཉེས་བྱས་སུ་བརྗོད་དོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་ནི། ཉེས་བྱས་ཁོ་ནའོ། །སྡོམ་ལ། ཆོས་གཉིས་ལ་ནི་བཞི་ཚན་དྲུག་།དབང་པོ་དང་ནི་ཉོ་བ་གཉིས། །སྦོ་བ་དང་ནི་བཞི་ཚན་གཉིས། །བརྒྱད་པ་དག་ནི་ཐ་མ་ཡིན། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། ཆོས་གང་འདས་པ་ཡང་མ་ལགས། མ་འོངས་པ་ཡང་མ་ལགས། ད་ལྟར་བྱུང་བ་ཡང་མ་ལགས། འགྲོ་བ་དང་ཕྱིར་འོང་བ་ཡང་མ་མཆིས་ལ། ལས་ཀྱི་མཐའི་མཐུག་གི་མཐར་ཕྱིན་པའི་ཆོས་དེ་གང་ལགས། ཉེ་བར་འཁོར། མྱ་ངན་ལས་འདས་པའོ། །བཙུན་པ། ཆོས་གང་འགྲོ་བ་དང་། ཕྱིར་འོང་བ་མཆིས་ལ། ལས་ཀྱི་མཐའི་མཇུག་གི་མཐར་ཕྱིན་པའི་ཆོས་དེ་གང་ལགས། ཉེ་བར་འཁོར། སྨྱན་བྱེད་པའོ། །དེ་བགྱིད་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་བུད་མེད་ལ་སྐྱེས་པའི་ཚིག་ཀྱང་རུང་། །སྐྱེས་པ་ལ་བུད་མེད་ཀྱི་ཚིག་ཀྱང་རུང་། ཆུང་མ་ཉིད་དང་། མཛའ་ན་མོ་ཉིང་དུ་སྨྱན་བྱེད་ན། ཐ་ན་དེའི་སྐད་ཅིག་ལ་ཡང་རུང་སྟེ། དགེ་འདུན་ལྷག་མའོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་སྨྱོན་པ་ལས་འཕྲིན་བླངས་ནས་སྨྱོན་བ་ལ་སྐྱེལ་ཅིང་། སྨྱོན་པ་ལ་ཕྱིར་སྐྱེལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་


DKG012_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །སྨྱོན་པ་ལས་འཕྲིན་བླངས་ནས་སྨྱོན་པ་ལ་སྐྱེལ་ཅིང་རང་བཞིན་དུ་གནས་པ་ལ་ཕྱིར་སྐྱེལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །སྨྱོན་པ་ལས་འཕྲིན་བླངས་ནས་རང་བཞིན་དུ་གནས་པ་ལ་སྐྱེལ་ཅིང་། སྨྱོན་པ་ལ་ཕྱིར་སྐྱེལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །སྨྱོན་པ་ལས་འཕྲིན་བླངས་ནས་རང་བཞིན་དུ་གནས་པ་ལ་སྐྱེལ་ཅིང་། རང་བཞིན་དུ་གནས་པ་ལ་ཕྱིར་སྐྱེལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་རང་བཞིན་དུ་གནས་པ་ལས་འཕྲིན་བླངས་ནས་རང་བཞིན་དུ་གནས་པ་ལ་སྐྱེལ་ཅིང་། རང་བཞིན་དུ་གནས་པ་ལ་སྐྱེལ་བར་བགྱིད་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །དེ་བཞིན་དུ་རང་བཞིན་དུ་གནས་པ་ལས་འཕྲིན་བླངས་ནས་རང་བཞིན་དུ་གནས་པ་ལ་སྐྱེལ་ཅིང་། སྨྱོན་པ་ལ་ཕྱིར་སྐྱེལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །རང་བཞིན་དུ་གནས་པ་ལས་འཕྲིན་བླངས་ནས་སྨྱོན་པ་ལ་སྐྱེལ་ཅིང་། རང་བཞིན་དུ་གནས་པ་ལ་ཕྱིར་སྐྱེལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །རང་བཞིན་དུ་གནས་པ་ལས་འཕྲིན་བླངས་ནས་སྨྱོས་པ་ལ་སྐྱེལ་ཅིང་། སྨྱོན་པ་ལ་སྐྱེལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །སྨྱོན་པ་ལ་བཞི་ཚན་གཉིས་པོ་ཇི་ལྟ་བ་བཞིན་དུ་སེམས་འཁྲུགས་པ་ལ་ཡང་བཞི་ཚན་གཉིས། ཚོར་བས་ཉམ་ཐག་པ་ལ་ཡང་བཞི་ཚན་གཉིས་སུ་བྱའོ། །བཙུན་པ། དབང་བ་དང་མི་དབང་བའི་ཁྱིམ་བདག་གཉིས་ལ། རེ་ཞིག་དགེ་སློང་གིས་དབང་བ་ལས་འཕྲིན་བླངས་ནས་དབང་བ་ལ་སྐྱེལ་ཅིང་། དབང་བ་ལ་ཕྱིར་སྐྱེལ་བར་བགྱིད་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །དབང་བ་ལས་འཕྲིན་བླངས་ནས་དབང་བ་ལ་སྐྱེལ་ཅིང་། མི་དབང་བ་ལ་ཕྱིར་སྐྱལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །དབང་བ་ལས་འཕྲིན་བླངས་ནས་མི་དབང་བ་ལ་སྐྱེལ་ཅིང་། མི་དབང་བ་ལ་ཕྱིར་སྐྱེལ་བར་བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །དབང་བ་ལས་འཕྲིན་བླངས་ནས་མི་དབང་བ་ལ་སྐྱེལ་ཅིང་། མི་དབང་བ་ལ་ཕྱིར་སྐྱེལ་བར་


DKG012_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིད་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་མི་དབང་བ་ལས་འཕྲིན་བླངས་ནས་མི་དབང་བ་ལ་སྐྱེལ་ཅིང་། མི་དབང་བ་ལ་ཕྱིར་སྐྱེལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སུ་འགྱུར་རོ། །མི་དབང་བ་ལས་འཕྲིན་བླངས་ནས་མི་དབང་བ་ལ་སྐྱེལ་ཅིང་། དབང་བ་ལ་ཕྱིར་སྐྱེལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མི་དབང་བ་ལས་འཕྲིན་བླངས་ནས་དབང་བ་ལ་སྐྱེལ་ཅིང་། མི་དབང་བ་ལ་ཕྱིར་སྐྱེལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མི་དབང་བ་ལས་འཕྲིན་བླངས་ནས་དབང་བ་ལ་སྐྱེལ་ཅིང་། དབང་བ་ལ་ཕྱིར་སྐྱེལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཁྱིམ་བདག་ཅིག་ལ་འདི་སྐད་ཅེས། བུད་མེད་ཉོས་ཤིག་།ཅེས་བགྱིས་ན། ཅིར་འགྱུར་ལགས། ཉེས་བྱས་སུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཁྱིམ་བདག་ཅིག་ལ་འདི་སྐད་ཅེས། བུད་མེད་ཆེ་གེ་མོ་ཞེས་བྱ་བ་ཉོས་ཤིག་།ཅེས་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་བསྙེན་པར་མ་རྫོགས་པར་སྨྱན་བགྱི་བར་སྦྱོར་བ་བགྱིས་ལ། བསྙེན་པར་མ་རྫོགས་པར་སྐྱེལ་ཅིང་། བསྙེན་པར་མ་རྫོགས་པར་ཕྱིར་སྐྱེལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་སྨྱན་བགྱི་བར་སྦྱོར་བ་བགྱིས་ལ། བསྙེན་པར་མ་རྫོགས་པར་སྐྱེལ་ཅིང་། བསྙེན་པར་རྫོགས་ཀར་ཕྱིར་སྐྱེལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་སྨྱན་བགྱི་བར་སྦྱོར་བ་བགྱིས་ལ། བསྙེན་པར་མ་རྫོགས་པར་སྐྱེལ་ཅིང་། བསྙེན་པར་རྫོགས་ཏེ་ཕྱིར་སྐྱེལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བསྙེན་པར་རྫོགས་ཀར་སྨྱན་བགྱི་བར་སྦྱོར་བ་བགྱིས་ལ།བསྙེན་པར་རྫོགས་ཀར་སྐྱེལ་ཅིང་། བསྙེན་པར་རྫོགས་ཀར་ཕྱིར་སྐྱེལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སུ་འགྱུར་རོ། །བསྙེན་པར་རྫོགས་ཀར་སྨྱན་བགྱི་བར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཀར་སྐྱེལ་ཅིང་། བསྙེན་པར་རྫོགས་ནས་


DKG012_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་སྐྱེལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བསྙེན་པར་རྫོགས་ནས་སྨྱན་བགྱི་བར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ནས་སྐྱེལ་ཅིང་། བསྙེན་པར་རྫོགས་ནས་ཕྱིར་སྐྱེལ་བར་བགྱིད་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །བསྙེན་པར་རྫོགས་ཏེ་སྨྱན་བགྱིས་ལ། བསྙེན་པར་རྫོགས་ཏེ་སྐྱེལ་ཅིང་། བསྙེན་པར་མ་རྫོགས་པར་ཕྱིར་སྐྱེལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སུ་འགྱུར་རོ། །བཙུན་པ། གང་ཟག་དེ་ཉིད་སྤོ་བ་ཡང་ལགས། དེ་ཉིད་སྤོ་བ་བགྱིས་པ་ཡང་ལགས། དེ་ཉིད་མགུ་བར་བགྱི་བ་སྤྱོད་པ་ཡང་ལགས། དེ་ཉིད་མགུ་བར་བགྱི་བ་སྤྱད་པ་ཡང་ལགས་པ་ལྟ་མཆིས་ལགས་སམ། ཡོད་དེ། འདི་ལྟར་མགུ་བར་བྱ་བ་སྤྱད་པའི་གང་ཟག་ལ་དགེ་འདུན་ལྷག་མའི་ལྟུང་བ་མ་བཅབས་པ་བྱུང་བ་དེ། དགེ་འདུན་གྱི་དྲུང་དུ་སོང་ནས་མགུ་བར་བྱ་བ་གསོལ་བ་ལས། དགེ་འདུན་གྱིས་དེ་ལ་མགུ་བར་བྱ་བ་བྱིན་ནས་དེས་མགུ་བར་བྱ་བ་ཕལ་ཆེར་སྤྱོད་པ་ལས། དགེ་འདུན་ལྷག་མའི་ལྟུང་བ་གཉིས་པོ་གཅིག་ནི། ཞག་གཅིག་བཅབས། གཉིས་པ་ནི། ཞག་གཉིས་བཅབས་པ་བྱུང་ནས་དེ་དགེ་འདུན་གྱི་དྲུང་དུ་སོང་སྟེ་སྤོ་བ་གསོལ་པ་ལས། དགེ་འདུན་གྱིས་དེ་ལ་སྤོ་བ་བྱིན་ན། དེ་ལྟུང་བ་གཅིག་གིས་ནི། སྤོ་བ་བྱས་པ་ཡིན་ནོ། །གཉིས་པས་ནི། སྤོ་བ་ཡིན་ནོ། །གསུམ་པས་ནི། མགུ་བར་བྱ་བ་སྤྱོད་པ་ཡིན་ནོ། །བཞི་པས་ནི། མགུ་བར་བྱ་བ་སྤྱད་པ་ཡིན་ནོ། །བཙུན་པ། རེ་ཞིག་མོ་ཡང་མི་ལགས། ཕོ་ཡང་མི་ལགས་ལ། དགེ་སློང་གིས་དེ་གཉིས་ཀྱི་སྨྱན་བགྱིས་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །མོ་ནི། མི་མ་ལགས། ཕོ་ནི། མི་མ་ལགས་ལ། དེ་གཉིས་ཀྱི་སྨྱན་བགྱིས་ན། ཅིར་འགྱུར་ལགས།ཉེས་པ་སྦོམ་པོར་འགྱུར་རོ། །མོ་ནི། མི་མ་ལགས། ཕོ་ནི། མི་ལགས་ལ། དེ་གཉིས་ཀྱི་སྨྱན་བགྱིས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མོ་ཡང་མི་མ་ལགས། ཕོ་ཡང་མི་མ་ལགས་ལ། དེ་གཉིས་ཀྱི་སྨྱན་བགྱིས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་མི་དག་ལ་མིར་འདུ་ཤེས་པས་སྨྱན་བགྱིས་ན། ཅིར་འགྱུར་ལགས།


DKG012_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་ལྷག་མར་འགྱུར་རོ། །མི་དག་ལ་མི་མ་ལགས་པར་འདུ་ཤེས་པས་སྨྱན་བགྱིས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མི་མ་ལགས་པ་དག་ལ་མིར་འདུ་ཤེས་པས་སྨྱན་བགྱིས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མི་མ་ལགས་པ་དག་ལ་མི་མ་ལགས་པར་འདུ་ཤེས་པས་སྨྱན་བགྱིས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་བརྒྱུད་དེ་སྨྱན་བགྱིས་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །སྡོམ་ལ། གཞོན་ནུ་མ་དང་བུད་མེད་མངལ། །ཟ་མ་མ་ནིང་མ་ནིང་མོ། །དགེ་འདུན་ཐམས་ཅད་བརྟུལ་ཞུགས་གནས། །མཚན་གཉིས་དང་ནི་འདྲི་བའོ། །བཙུན་པ། རེ་ཞིག་དགེ་སློང་གིས་གཞོན་ནུ་མ་ལ་སྨྱན་བགྱིས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་བུ་མ་མཆིས་པའི་ཁྱིམ་བདག་རྣམས་ཀྱི་སྨྱན་བགྱིས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་མངལ་ན་གནས་པ་རྣམས་ཀྱི་སྨྱན་བགྱིས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་ཟ་མའི་སྨྱན་བགྱིས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མ་ནིང་མོ་རྣམས་ཀྱི་སྨྱན་བགྱིས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་འདུན་ཐམས་ཅད་འདུས་པའི་དྲུང་དུ་ཁྱིམ་བདག་ཅིག་ཕྱིན་ནས་འདི་སྐད་ཅེས། འཕགས་པ་དག་།བདག་གི་ཚིག་གིས་ཁྱིམ་བདག་ཆེ་གེ་མོ་ཞིག་ལ་འདི་སྐད་ཅེས། བདག་གི་བུ་ལ་བུ་མོའམ། སྲིང་མོའམ། ཚ་མོའམ། ཡང་ཚ་མོ་སྩོལ་ཅིག་།ཅེས་གསུང་སྤྱོད་དམ་ཞེས་བགྱིས་པ་ལས། གལ་ཏེ་དགེ་འདུན་གྱིས་འཕྲིན་བླངས་ནས་སྐྱེལ་ཅིང་། ཕྱིར་སྐྱེལ་བར་བགྱིད་ན། དགེ་འདུན་ཐམས་ཅད་ལ་ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །འོན་ཏེ་དགེ་འདུན་ཐམས་ཅད་ཀྱི་འཕྲིན་གྱིས་དགེ་སློང་གཅིག་གིས་སྐྱེལ་ཅིང་ཕྱིར་སྐྱེལ་བར་བགྱིད་ན། དགེ་འདུན་ཐམས་ཅད་ལ་ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །འོན་ཏེ་དགེ་སློང་གཅིག་གིས་རང་གི་ཚིག་གིས་སྐྱེལ་ཅིང་ཕྱིར་སྐྱེལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་


DKG012_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

པོར་འགྱུར་རོ། །དགེ་སློང་མ་དང་། བརྟུལ་ཞུགས་ལ་གནས་པ་ཚངས་པར་སྤྱོད་པ་གཞན་དག་གི་སྨྱན་བགྱིས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་འཕྲིན་ལེན་པ་ལས་བླངས་མ་ཐག་ཏུ་དེའི་མཚན་གྱུར་ཏེ་དགེ་སློང་མར་རེད་ནས་སྐྱེལ་ཅིང་ཕྱིར་སྐྱེལ་བར་བགྱིད་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མ་ཞིག། འཕྲིན་ལེན་པ་ལས་བླངས་མ་ཐག་ཏུ་དེའི་མཚན་གྱུར་ཏེ་དགེ་སློང་དུ་རེད་ནས་སྐྱེལ་ཅིང་ཕྱིར་སྐྱེལ་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་འཕྲིན་ལེན་བ་ལས་བུད་མེད་དེ་ལ་ནི། ཕོ་མཚན་སྐྱེས། སྐྱེས་པ་ལ་ནི། བུད་མེད་ཀྱི་མོ་མཚན་དོད་པར་གྱུར་ནས་མཚན་འཕོས་བཞིན་དུ་སྐྱེལ་ཅིང་ཕྱིར་སྐྱེལ་བར་བགྱིད་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །བཙུན་པ། སྐྱེས་པས་བུད་མེད་དང་ལྷན་ཅིག་བརྡ་བགྱིས་པར་གྱུར་ལ། སྐྱེས་པ་དེས་དགེ་སློང་ཞིག་ལ་འདི་སྐད་ཅེས། འཕགས་པས་བུད་མེད་ལྟ་གཟིགས་སམ་ཞེས་བགྱིས་པ་དང་། དགེ་སློང་དེས་འདི་སྐད་ཅེས། དེ་ར་བའི་དྲུང་དུ་འདུག་གོ །ཞེས་བགྱིས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྨྱན་བགྱིས་ཀྱང་དགེ་འདུན་ལྷག་མར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཡོད་དེ། སྔར་ལྟུང་བ་བྱུང་བ་དང་། རྐུ་ཐབས་སུ་གནས་པ་དང་། དང་པོ་མི་མཐུན་པ་ཅན་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་ལ་ནི། ཉེས་བྱས་སོ། །ཇི་ལྟར་དགེ་སློང་སྨྱན་བྱས་པས། དགེ་སློང་ལྷག་མར་འགྱུར་བ་དེ་བཞིན་དུ་བསླབ་པ་བྱིན་པ་དང་། དགེ་སློང་མ་ལ་ཡང་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་ནི། ཉེས་བྱས་སོ།། །།སྡོམ་ལ། གཞི་གསུམ་དང་ནི་ཚད་མེད་དང་། བདག་དང་གཞན་དང་མ་གཡོགས་པ། བབས་དང་བདུན་ཚན་ཉིད་དང་ནི། །མཚན་ནི་ཐ་མར་གྱུར་པ་ཡིན། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་བསླངས་པ། བདག་པོ་མེད་པ། བདག་གི་ཕྱིར་ཁང་པ་ཞིག་རྩིག་ཏུ་འཇུག་ན། དགེ་སློང་


DKG012_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ཁང་པ་ཚད་བཞིན་དུ་རྩིགས་ཤིག་།དེ་ལ་ཁང་པའི་ཚད་ནི། འདི་ཡིན་ཏེ། ནང་གི་སྲིད་དུ་བདེ་བར་གཤེགས་པའི་མཐོ་བཅུ་གཉིས། ཞེང་དུ་མཐོ་བདུན་ནོ། །གཞི་བལྟ་བའི་ཕྱིར་དགེ་སློང་དེས། དགེ་སློང་དག་དཀྲི་བར་བྱའོ། །ཁྲིད་པའི་དགེ་སློང་དག་གིས་ཀྱང་གཞི་རུང་བ་དང་། རྩོད་པ་མེད་པ་དང་། བརྩམ་དུ་རུང་བར་བལྟ་བར་བྱའོ། །གལ་ཏེ་དགེ་སློང་གིས་གཞི་མ་རུང་བའམ། རྩོད་པ་དང་བཅས་པའམ། བརྩམ་དུ་མི་རུང་བར་བདག་གིས་བསླངས་པ། བདག་པོ་མེད་པ། །བདག་གི་ཕྱིར་ཁང་པ་རྩིག་དུ་འཇུག་གམ། གཞི་བལྟ་བའི་ཕྱིར་དགེ་སློང་དག་ཀྱང་མི་ཁྲིད་དམ། དགེ་སློང་ཁྲིད་པ་དག་ལ་ཡང་གཞི་མི་སྟོན་ཏམ། ཚད་ལས་འདས་ན། དགེ་འདུན་ལྷག་མར་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་གཞི་མ་གནང་བར་ཁང་པ་རྩིག་ཏུ་གསོལ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །གཞི་བསླངས་ནས་ཁང་པ་རྩིག་ཏུ་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཁང་པའི་གནང་བ་སྩོལ་ནས་ཁང་པ་མི་བརྩིགས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བདག་གིས་བརྩམས་ཏེ་འཕྲོ་བོར་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །གཞན་གྱིས་འཕྲོ་བོར་བ་ལགས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མ་གཡོགས་པ་རྩིག་ཏུ་སྩལ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བརྩམས་ནས་བབས་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་བདག་ཉིད་སྲོག་དང་ཕྲལ་བའམ། ཁྱིམ་པ་ཉིད་དུ་གཡར་གྱིས་འཆེ་བ་དང་། དགེ་སྦྱོང་གི་ཆེད་ཉིད་དང་། ཟ་མ་ཉིད་དང་། མ་ནིང་ཉིད་དང་། དགེ་སློང་མ་སུན་ཕྱུང་བ་ཉིད་དང་། མ་གསོད་པ་ཉིད་དང་། ཕ་གསོད་པ་ཉིད་དང་། དགྲ་བཅོམ་པ་གསོད་པ་ཉིད་དང་། དགེ་འདུན་གྱི་དབྱེན་བྱེད་པ་ཉིད་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་ཉིད་དང་། མུ་སྟེགས་ཅན་ཉིད་དང་། མུ་སྟེགས་ཅན་ཞུགས་པ་ཉིད་དང་། རྐུ་ཐབས་སུ་གནས་པ་ཉིད་དང་། གནས་པར་མི་བྱ་བ་ཉིད་དང་། དང་པོ་མི་མཐུན་པ་ཅན་ཉིད་དང་། ཐ་དད་དུ་གནས་པ་ཉིད་དང་། ཁས་ལེན་པ་ཉིད་དང་། བསླབ་པ་སྩལ་བ་ཉིད་དུ་གཡར་


DKG012_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འཆེ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བསྙེན་པར་མ་རྫོགས་པར་སྦྱོར་བ་བགྱིས་ལ་བསྙེན་པར་མ་རྫོགས་པར་ལགས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ།། །།འདུལ་བ་གཞུང་བླ་མ། བམ་པོ་གསུམ་པ། བསྙེན་པར་མ་རྫོགས་པར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཀར་ལགས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ནས་ལགས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བསྙེན་པར་རྫོགས་ཀར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཀར་ལགས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ནས་ལགས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པར་འགྱུར་རོ། །བསྙེན་པར་རྫོགས་ནས་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ནས་ལགས་པར་བགྱིད་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །བསྙེན་པར་རྫོགས་ནས་སྦྱོར་བ་བགྱིས་ལ། བསྙེན་པར་མ་རྫོགས་པར་ལགས་ཕར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་ཁང་པ་ཞིག་རྩིག་པར་རྩོམ་པ་ལས་དེའི་མཚན་གྱུར་ཏེ་དགེ་སློང་མར་རེད་ནས་ལགས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་མ་ཞིག་ཁང་པ་རྩིག་པར་རྩོམ་པ་ལས། དེའི་མཚན་གྱུར་ཏེ་དགེ་སློང་དུ་རེད་ནས་ལགས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་ཁང་པ་བརྩིགས་ཀྱང་དགེ་འདུན་ལྷག་མར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཡོད་དེ། སྔར་ལྟུང་བ་བྱུང་བ་དང་། རྐུ་ཐབས་སུ་གནས་པ་དང་། དང་པོ་མི་མཐུན་པ་ཅན་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་ལ་ནི། ཉེས་བྱས་སུ་འགྱུར་རོ། །བསླབ་པ་སྩལ་པས་རྩིག་ཏུ་སྩལ་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མ་ཞིག་གིས་རྩིག་ཏུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་ནི། ཉེས་བྱས་


DKG012_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་བདག་པོ་ཡོད་པ། དགེ་འདུན་གྱི་ཆེད་དུ་གཙུག་ལག་ཁང་ཆེན་པོ་ཞིག་རྩིག་ཏུ་བཅུག་ན། གཞི་བལྟ་བའི་ཕྱིར་དགེ་སློང་དེས་དགེ་སློང་དག་དཀྲི་བར་བྱའོ། །ཁྲིད་པའི་དགེ་སློང་དག་གིས་ཀྱང་གཞི་རུང་བ་དང་། རྩོད་པ་མེད་པ་དང་། བརྩམ་དུ་རུང་བ་བལྟ་བར་བྱའོ། །གལ་ཏེ་དགེ་སློང་གིས་གཞི་མི་རུང་བ་དང་། རྩོད་པ་དང་བཅས་པའམ། བརྩམ་དུ་མི་རུང་བ། བདག་པོ་ཡོད་པར་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་ཆེན་པོ་རྩིག་ཏུ་འཇུག་གམ། གཞི་བ་ལྟ་བའི་ཕྱིར་དགེ་སློང་དག་ཀྱང་མ་ཁྲིད་དམ། དགེ་སློང་ཁྲིད་པ་དག་ལ་ཡང་གཞི་མི་སྟོན་ན། དགེ་འདུན་ལྷག་མའོ། །ཞེས་གསུངས་པ་གང་ལགས་པ་ཞེས་བྱ་སྟེ། ཚད་ལས་འདས་པ་དང་། བསླངས་པ་ཉིད་མ་བཏོགས་པ་གཞུང་ལྷག་མ་ནི། ཁང་པའི་དགེ་འདུན་ལྷག་མ་ལ་བཤད་པ་ཇི་ལྟ་བར་གཙུག་ལག་ཁང་ཆེན་པོ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ།། །།སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། །གཞན་ལ་སྙད་འདོགས་བརྒྱུད་པ་དང་། །སྨྱོན་པ་དང་ནི་སེམས་འཁྲུགས་དང་། །ཚོར་བ་འོན་པ་གླེན་པ་དང་། །གཉིད་ལོག་ར་རོ་རབ་ཏུ་མྱོས། །སྙོམས་ཞུགས་འགྲོ་དང་ཕྱི་རོལ་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་ཁྲོས་ཤིང་ཞེ་སྡང་བསམ་མགུ་སྟེ། ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དཔྲལ་ལོ། །སྙམ་པས། དགེ་སློང་དག་པ། ལྟུང་བ་མེད་པ་ལ་གཞི་མེད་པར་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་བཏབ་པ་ལས། དེ་དུས་གཞན་ཞིག་ན་དྲིས་ཀྱང་རུང་། མ་དྲིས་ཀྱང་རུང་། རྩོད་པ་དེ་ཡང་གཞི་མེད་པ་ཞིག་ཡིན་པས། དགེ་སློང་ཡང་ཞེ་སྡང་ལ་གནས་པས་ཞེ་སྡང་གིས་སྨྲས་སོ། །ཞེ་ན། དགེ་འདུན་ལྷག་མའོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་ལ་གཞི་མ་མཆིས་པར་ཕོ་ཉ་ལས་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་ཡི་གེ་དང་། ལག་བརྡ་དང་། གཞན་ལ་སྙད་འདོགས་པ་དང་། བརྒྱུད་པས་སྐུར་པ་བཏབ་པ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་


DKG012_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

པ་རེ་ཞིག་དགེ་སློང་གིས་དགེ་སློང་སྨྱོན་པ་ཞིག་ལ་སྐུར་པ་བཏབ་པ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ཚོར་པས་ཉམ་ཐག་པ་དང་། འོན་པ་དང་། གླེན་པ་དང་། གཉིད་ཀྱིས་ལོག་པ་དང་། ཕྱག་ལས་ཁོམ་པ་དང་། རབ་ཏུ་མྱོས་པ་དང་། སྙོམས་པར་ཞུགས་པ་དང་། འགྲོ་བ་གཞན་དུ་གནས་པའི་དགེ་སློང་ལ་གཞི་མ་མཆིས་པར་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་འདི་ལས་ཕྱི་རོལ་པ་གཞན་མུ་སྟེགས་ཅན་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་རྣམས་ལ་གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ།། སྡོམ་ལ། སྐད་དང་ལུས་དང་དབེན་སྔགས་དང་། །གཞན་གྱིས་གཞན་ཕྱིར་སྐུར་པ་བཏབ། ཁྱིམ་པ་དག་ལ་སོགས་པ་དང་། །མཚན་རྣམས་དང་ནི་བཞི་ཚན་ནོ། །བཙུན་པ། རེ་ཞིག་དབུས་ཀྱི་དགེ་སློང་གིས་མཐའ་འཁོབ་པའི་སྐད་དུ་དབུས་ཀྱི་དགེ་སློང་ཞིག་ལ་གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ལ། ཡུལ་དབུས་པའི་དགེ་སློང་གིས་ཀྱང་། མཐའ་འཁོབ་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མཐའ་འཁོབ་པས་དབུས་པའི་སྐད་དུ་མཐའ་འཁོབ་པའི་དགེ་སློང་ལ་གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ལ། མཐའ་འཁོབ་པའི་དགེ་སློང་གིས་ཀྱང་ཡུལ་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དབུས་པའི་དགེ་སློང་ལ་གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་པ་ལ། ཡུལ་དབུས་པའི་དགེ་སློང་གིས་ཀྱང་མཐའ་འཁོབ་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །དབུས་པས་དབུས་པའི་སྐད་དུ་མཐའ་འཁོར་པའི་དགེ་སློང་ལ་གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ལ། མཐའ་འཁོབ་པའི་དགེ་སློང་གིས་ཀྱང་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ་རེ་


DKG012_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་དགེ་སློང་གིས་ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་དགེ་སློང་ལ་གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་དབེན་པ་ལ་དབེན་པར་འདུ་ཤེས་པས་གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །དབེན་པ་ལ་མི་དབེན་པར་འདུ་ཤེས་པས། གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མི་དབེན་པ་ལ་དབེན་པར་འདུ་ཤེས་པས་གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མི་དབེན་པ་ལ་མི་དབེན་པར་འདུ་ཤེས་པས། གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྨན་ནམ། གསང་སྔགས་ཀྱིས་བདག་ཉིད་མི་གདའ་བར་བགྱིས་ཏེ། དགེ་སློང་ལ་གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་གཞན་ལས་དགེ་སློང་ཞིག་ལ་གཞི་མ་མཆིས་པར་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གཞན་རྣམས་ཀྱི་སླད་དུ་གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་བ་བཏབ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཁྱིམ་པ་ལ་གཞི་མ་མཆིས་པར་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཟ་མ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། མ་གསོད་པ་དང་། ཕ་གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་ཞུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། དང་པོ་མི་མཐུན་པ་ཅན་དང་། སྔར་ལྟུང་བ་བྱུང་བ་ལ་གཞི་མ་མཆིས་པར་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ་རེ་ཞིག་དགེ་སློང་གིས་དགེ་སློང་


DKG012_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་གཞི་མ་མཆིས་པར་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་བཏབ་ན་ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །དགེ་འདུན་གྱི་དབྱེན་བགྱིད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། གནས་པར་མི་བྱ་བ་དང་། ཐ་དད་དུ་གནས་པ་དང་། ཁས་བླངས་པ་དང་། བསླབ་པ་སྩལ་པའི་དགེ་སློང་ལ་གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་ཞིག་གིས་དགེ་སློང་ལ་གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་འདེབས་པ་ལས། དེའི་མཚན་གྱུར་ཏེ་དགེ་སློང་མར་རེད་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མ་ཞིག་གིས་དགེ་སློང་མ་ལ་གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་འདེབས་པ་ལས། དེའི་མཚན་གྱུར་ཏེ་དགེ་སློང་དུ་རེད་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་པས། གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་པས། གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་པས་གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་པས། གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་མིའི་དགེ་སློང་ལ་མིར་འདུ་ཤེས་པས་གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །མི་ལ་མི་མ་ལགས་པར་འདུ་ཤེས་པས་གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །མི་ལ་མི་མ་ལགས་པར་འདུ་ཤེས་པས་གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མི་མ་ལགས་པ་ལ་མིར་འདུ་ཤེས་


DKG012_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་པས། གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །སྡོམ་ལ། དང་པོ་མཐའ་དང་མཚམས་མེད་པ། །ལྷག་མ་དང་ནི་གཅིག་ལ་གཅིག་།བྲིས་པ་དང་ནི་བག་ཙམ་ཉིད། །རྒྱ་ཆེར་བྱ་བ་ཉིད་ཡིན་ནོ། །བཙུན་པ། རེ་ཞིག་དགེ་སློང་བདག་ཉིད་ངས་མི་ཚངས་པར་སྤྱོད་པ་འཁྲིག་པ་ལས་བྱུང་བའི་ཆོས་བསྟེན་ཏོ། །ཞེས་ཁས་ལེན་པ་དེ་ལ་དགེ་སློང་ཞིག་གིས་གཞི་མ་མཆིས་པར་རྐུ་བ་དང་། གསོད་པའམ། བླ་མར་གྱུར་པའི་ཆོས་སྨྲ་བས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་བདག་ཉིད་ངས་ཡོ་བྱད་ཆེན་པོ་བརྐུས་སོ། །ཞེས་ཁས་ལེན་པ་དེ་ལ་དགེ་སློང་ཞིག་གིས་གཞི་མ་མཆིས་པར་གསོད་པའམ། བླ་མར་གྱུར་པའི་ཆོས་སྨྲའམ། མི་ཚངས་པར་སྤྱོད་པར་སྐུར་པ་བཏབ་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་བདག་ཉིད་ངས་མི་སྲོག་དང་ཕྲལ་ལོ། །ཞེས་ཁས་ལེན་པ་དེ་ལ། དགེ་སློང་ཞིག་གིས་གཞི་མ་མཆིས་པར་བླ་མར་གྱུར་པའི་ཆོས་སྨྲའམ། མི་ཚངས་པར་སྤྱོད་པའམ། རྐུ་བས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ།། བཙུན་པ། རེ་ཞིག་དགེ་སློང་བདག་ཉིད་ངས་མིའི་ཆོས་བླ་མར་གྱུར་པ་སྨྲས་སོ། །ཞེས་ཁས་ལེན་པ་དེ་ལ་དགེ་སློང་ཞིག་གིས་གཞི་མ་མཆིས་པར་མི་ཚངས་པར་སྤྱོད་པའམ། རྐུའམ། སྲོག་གཅོད་པར་སྐུར་པ་བཏབ་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དགེ་སློང་ལ་གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ན། དགེ་འདུན་ལྷག་མར་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་ལ་གཞི་མ་མཆིས་པར་མཚམས་མེད་པས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། གལ་ཏེ་མ་དང་། ཕ་དང་། དགྲ་བཅོམ་པ་གསོད་པས་སྐུར་པ་བཏབ་ན། དགེ་འདུན་ལྷག་མར་འགྱུར་རོ། །


DKG012_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཏེ་གཞི་མེད་པར་དགེ་འདུན་གྱི་དབྱེན་བྱེད་པ་དང་། ངན་སེམས་ཀྱིས་ཁྲག་འབྱིན་པས་སྐུར་པ་བཏབ་ན་ནི། ཉེས་བྱས་སོ། །དེ་ཅིའི་ཕྱིར་ཞེ་ན། ཉེ་བར་འཁོར། གང་གིས་ཕ་དང་། མ་དང་། དགྲ་བཅོམ་པ་གསོད་པས་སྐུར་པ་བཏབ་པ་དེ་ནི། ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་པ་ཡིན་ནོ། །གང་གིས་དགེ་འདུན་གྱི་དབྱེན་བྱེད་པ་དང་། ངན་སེམས་ཀྱིས་ཁྲག་འབྱིན་པར་སྐུར་པ་བཏབ་པ་དེས་ནི། ཉེས་པ་སྦོམ་པོས་སྐུར་པ་བཏབ་པ་ཡིན་ཏེ། ཉེས་པ་སྦོམ་པོས་ནི། དགེ་སློང་མ་ཡིན་པར་མི་འགྱུར་གྱི། དེ་ནི། བཤགས་པར་འོས་པ་ཡིན་ནོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་ལ་གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ན། དགེ་འདུན་ལྷག་མར་འགྱུར་ན། གལ་ཏེ་གཞི་མ་མཆིས་པར་དགེ་འདུན་ལྷག་མའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། ལྟུང་བྱེད་དུ་འགྱུར་རོ། །གཞི་མ་མཆིས་པར་སོ་སོར་བཤགས་པར་བགྱི་བ་དང་། ཉེས་བྱས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་གཞི་མ་མཆིས་པར་ཉེས་པ་སྦོམ་པོས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དགེ་སློང་ལ་གཞི་མེད་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ན་ནི། དགེ་འདུན་ལྷག་མར་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་མས་དགེ་སློང་མ་ལ་གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་དགེ་སློང་ལ་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློབ་མས་དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་མས་དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་


DKG012_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་མ་ལ་གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དགེ་ཚུལ་གྱིས་དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དགེ་ཚུལ་མས་དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་བདག་ཉིད་ཀྱིས་བྲིས་ནས་འདི་སྐད་ཅེས། ཡི་གེ་འདི་ལས་ནི། འདི་སྐད་དུ་ཁྱོད་མི་ཚངས་པར་སྤྱོད་པའི་ཕམ་པ་བྱུང་ཞེས་ཟེར་རོ། །ཞེས་མཆིན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ་གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་བཏབ་ཀྱང་དགེ་འདུན་ལྷག་མར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཡོད་དེ། སྔར་ལྟུང་བ་བྱུང་བ་དང་། རྐུ་ཐབས་སུ་གནས་པ་དང་། དང་པོ་མི་མཐུན་པ་ཅན་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་ལ་ནི། ཉེས་བྱས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས་ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ། །སྙམ་ནས་དགེ་སློང་དག་པ་ལྟུང་བ་མེད་པ་ལ་གཞན་གྱི་ཆ་དང་མཐུན་པ་མ་ཡིན་པ་ཕམ་པར་འགྱུར་བའི་ཆོས་ཀྱི་སྐུར་པ་བཏབ་པ་ལས། དེ་དུས་གཞན་ཞིག་ན། དྲིས་ཀྱང་རུང་། མ་དྲིས་ཀྱང་རུང་རྩོད་པ་དེ་གཞན་གྱི་ཆ་དང་མཐུན་པ་མ་ཡིན་པ་ཡིན་ལ། རྩོད་པ་གཞན་གྱི་ཆ་དང་མཐུན་པ་མ་ཡིན་པས། བག་ཙམ་ལས་བསམ་པ་ཙམ་གྱིས་ཆོས་འགའ་ཞིག་བླངས་པར་གྱུར་ལ། དགེ་སློང་དེ་ཡང་ཞེ་སྡང་ལ་གནས་པས་ཞེ་སྡང་གིས་སྨྲས་སོ། །ཞེ་ན། དགེ་འདུན་ལྷག་མའོ། །ཞེས་གསུངས་པ་གང་ལགས་པ་ཞེས་བྱ་བ་སྟེ། གཞུང་ལྷག་མ་ནི། གཞི་མེད་པ་ཇི་ལྟ་བ་དེ་བཞིན་དུ་བག་ཙམ་ལ་རྒྱ་ཆེར་བརྗོད་པར་བྱའོ།། །།སྡོམ་ལ། བཤེས་པ་དང་ནི་གསོལ་བ་དང་། །གླེན་པ་


DKG012_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་དྲན་པ་གཉིས། །བཞི་པ་འདུག་དང་མ་བསྐོས་དང་། །འདུན་པས་གཅིག་དང་ནམ་མཁའ་ལ། །འདུག་པ་རྒྱས་པ་ཉིད་དུ་བྱ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་བྱེད་ཅིང་དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་འདུག་ནས་དགེ་སློང་དེ་ལ། དགེ་སློང་རྣམས་ཀྱིས་འདི་སྐད་ཅེས། ཚེ་དང་ལྡན་པ། ཁྱོད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྟུལ་བར་མ་བྱེད་ཅིག་།དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མ་འདུག་ཅིག་།ཚེ་དང་ལྡན་པ། དགེ་འདུན་དང་མཐུན་པར་གྱིས་ཤིག་།དགེ་འདུན་མཐུན། མི་ཕྱེད། ཀུན་ཏུ་དགའ། མི་རྩོད། མཆོག་གཅིག། འདོན་པ་གཅིག་ཅིང་། ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་པ་བདེ་བ་དང་རེག་པར་གནས་པར་འགྱུར་གྱི། ཚེ་དང་ལྡན་པ། ཁྱོད་དགེ་འདུན་འབྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཞིག་།ཅེས་བསྒོ་བར་བྱའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན། དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན། གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན། གཞི་དེ་གཏོང་ན། དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན། དགེ་འདུན་ལྷག་མའོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་བཤེས་པའི་ཚིག་གིས་མ་བསྒོ་བར་གསོལ་པ་དང་བཞིའི་ལས་ཀྱིས་བསྒོ་བར་བགྱིད་ན། བསྒོ་བ་ཞེས་བགྱི་བའམ། འོན་ཏེ་མ་བསྒོ་བ་ཞེས་བགྱི་ལགས། བཀའ་སྩལ་པ། མ་བསྒོ་བ་ཞེས་བྱའོ། །བསྒོ་བ་འཆགས་ལགས་སམ། ཉེ་བར་འཁོར། མི་འཆགས་ཏེ། དགེ་འདུན་ལ་ཡང་དེས་འགལ་ཚབས་ཅན་དུ་འགྱུར་རོ། །བཙུན་པ། བཤེས་པའི་ཚིག་གིས་བསྒོ་ནས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ན། བསྒོ་བ་ཞེས་བགྱིའམ། འོན་ཏེ་མ་བསྒོ་བ་ཞེས་བགྱི་ལགས། བཀའ་སྩལ་པ། བསྒོ་བ་ཞེས་བྱའོ། །བསྒོ་བ་འཆགས་ལགས་སམ། ཉེ་བར་འཁོར།


DKG012_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

འཆགས་ཏེ། དགེ་འདུན་ལ་ཡང་འགལ་ཚབས་ཅན་དུ་མི་འགྱུར་རོ། །བཙུན་པ། བསྐྲད་པའི་ལས་མ་བགྱིས་པར་བཤེས་པའི་ཚིག་གིས་བསྒོ་བར་བགྱིད་ན། བསྒོ་བ་ཞེས་བགྱིའམ། འོན་ཏེ་མ་བསྒོ་བ་ཞེས་བགྱི་ལགས། བཀའ་སྩལ་པ། མ་བསྒོ་བ་ཞེས་བྱའོ། །བསྒོ་བ་འཆགས་ལགས་སམ། ཉེ་བར་འཁོར། མི་འཆགས་ཏེ། དགེ་འདུན་ལ་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །བཙུན་པ། བསྐྲད་པའི་ལས་བགྱིས་ཏེ་བཤེས་པའི་ཚིག་གིས་བསྒོ་བར་བགྱིད་ན། བསྒོ་བ་ཞེས་བགྱིའམ། འོན་ཏེ་མ་བསྒོ་བ་ཞེས་བགྱི་ལགས། བཀའ་སྩལ་པ།བསྒོ་བ་ཞེས་བྱའོ། །བསྒོ་བ་འཆགས་ལགས་སམ། ཉེ་བར་འཁོར། འཆགས་ཏེ། དགེ་འདུན་ལ་ཡང་འགལ་ཚབས་ཅན་དུ་མི་འགྱུར་རོ། །བཙུན་པ། བསྐྲད་པའི་ལས་མ་བགྱིས་པར་དགེ་འདུན་ལ་འདུན་པས་འགྲོ་བའོ། །ཞེས་མཆི་ཞིང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བའོ། །ཞེས་མཆི་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྒོ་བར་བགྱིའམ། འོན་ཏེ་བསྒོ་བར་མི་བགྱི་ལགས། བཀའ་སྩལ་པ། བསྒོ་བར་མི་བྱའོ། །བསྒོ་བ་འཆགས་སམ། ཉེ་བར་འཁོར། མི་འཆགས་ཏེ། དགེ་འདུན་ལ་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །བསྐྲད་པའི་ལས་བགྱིས་ནས་དགེ་འདུན་ལ་འདུན་པས་འགྲོ་བའོ། །ཞེས་མཆི་ཞིང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བའོ། །ཞེས་མཆི་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྒོ་བར་བགྱིའམ། འོན་ཏེ་བསྒོ་བར་མི་བགྱི་ལགས། བཀའ་སྩལ་པ། བསྒོ་བར་བྱའོ། །བསྒོ་བ་འཆགས་ལགས་སམ། ཉེ་བར་འཁོར། འཆགས་ཏེ། དགེ་འདུན་ལ་ཡང་འགལ་ཚབས་ཅན་དུ་མི་འགྱུར་རོ། །བཙུན་པ། རེ་ཞིག་མ་གླེང་དྲན་པར་མ་བགྱིས་པར་བདག་ཉིད་བཀའ་བློ་མི་བདེ་བ་ལ་གནས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྒོ་བར་བགྱིའམ། འོན་ཏེ་བསྒོ་བར་མི་བགྱི་ལགས། བཀའ་སྩལ་པ། བསྒོ་བར་མི་བྱའོ། །བསྒོ་བ་འཆགས་ལགས་སམ། ཉེ་བར་འཁོར། མི་འཆགས་སོ། །བཙུན་པ། རེ་ཞིག་གླེང་ཞིང་དྲན་པར་བགྱིས་པ་ལས། བདག་ཉིད་བཀའ་བློ་མི་བདེ་བ་ལ་གནས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྒོ་བར་བགྱིའམ། འོན་ཏེ་


DKG012_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོ་བར་མི་བགྱི་ལགས། བཀའ་སྩལ་པ། བསྒོ་བར་བྱའོ། །བསྒོ་བ་འཆགས་ལགས་སམ། ཉེ་བར་འཁོར། འཆགས་སོ། །མཚམས་ཀྱི་ནང་ན་མཆིས་པ་དག་གིས་མཚམས་ཀྱི་སླད་རོལ་ན་མཆིས་པ་བསྒོ་ན། བསྒོ་བ་ཞེས་བགྱི་ལགས་སམ།ཉེ་བར་འཁོར། མ་ཡིན་ནོ། །མཚམས་ཀྱི་སླད་རོལ་ན་མཆིས་པ་དག་གིས་མཚམས་ཀྱི་ནང་ན་མཆིས་པ་དག་ལ་བསྒོ་ན། བསྒོ་བ་ཞེས་བགྱི་ལགས་སམ་ཉེ་བར་འཁོར། མ་ཡིན་ནོ། །བཙུན་པ། རེ་ཞིག་དགེ་སློང་ལས་བགྱིད་པ་མཚམས་ཀྱི་ནང་ན་མཆིས་པས། མཚམས་ཀྱི་སླད་རོལ་ན་མཆིས་པ་དག་ལ་བསྒོ་ན། བསྒོ་བ་ཞེས་བགྱི་ལགས་སམ། ཉེ་བར་འཁོར། མ་ཡིན་ནོ། །བཙུན་པ། རེ་ཞིག་དགེ་སློང་ལས་བགྱིད་པ་མཚམས་ཀྱི་སླད་རོལ་ན་མཆིས་པས། མཚམས་ཀྱི་ནང་ན་མཆིས་པ་དག་ལ་བསྒོ་ན། བསྒོ་བ་ཞེས་བགྱི་ལགས་སམ། ཉེ་བར་འཁོར། མ་ཡིན་ནོ། །བཙུན་པ། རེ་ཞིག་དགེ་སློང་ལས་བགྱིད་པས་མཚམས་མནན་ཅིང་། མཚམས་ནོན་པར་བགྱིས་ཏེ། མཚམས་སུ་མཆིས་ནས་བསྒོ་ན། བསྒོ་བ་ཞེས་བགྱིའམ། མ་བསྒོ་བ་ཞེས་བགྱི་ལགས། ཉེ་བར་འཁོར། བསྒོ་བ་ཞེས་བྱའོ། །བསྒོ་བ་འཆགས་ལགས་སམ། ཉེ་བར་འཁོར། འཆགས་སོ། །བཙུན་པ། དགེ་སློང་ལས་བགྱིད་པར་མ་བསྐོས་པ་ཞིག་གིས་མཚམས་ཀྱི་ནང་ན་མཆིས་པའི་གང་ཟག་བཞི་བསྐྲད་ན། བསྐྲད་པ་ཞེས་བགྱི་ལགས་སམ། ཉེ་བར་འཁོར། མ་ཡིན་ནོ། །བཙུན་པ། རེ་ཞིག་དགེ་སློང་ལས་བགྱིད་པར་བསྐོས་པས། མཚམས་ཀྱི་ནང་ན་མཆིས་པའི་གང་ཟག་བཞི་ཞིག་བསྐྲད་ན། བསྐྲད་པ་ཞེས་བགྱི་ལགས་སམ། གལ་ཏེ་དེ་རེ་རེ་དང་། གཉིས་གཉིས་དང་། གསུམ་གསུམ་ནས་བསྐྲད་ཀྱི། བཞིར་མ་ཡིན་ན། བསྐྲད་པ་ཞེས་བྱའོ། །བཙུན་པ། དགེ་སློང་ལས་བགྱིད་པས་མཚམས་ཀྱི་ནང་ཕྱོགས་བཞི་ན་མཚུངས་པར་གནས་པའི་དགེ་སློང་མཆིས་པ་དག་གིས་དགེ་སློང་བཞི་ཞིག་ལ་བསྒོ་ན། བསྒོ་བར་ཡང་ཆུད་ལ། ལྟུང་བ་ཡང་དུ་གང་ཡང་མི་འགྱུར་ཞིང་། །དེས་དགེ་འདུན་མི་མཐུན་པར་ཡང་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། གལ་ཏེ་ཕན་ཚུན་འདུན་པ་བྱིན་པས། རེ་རེ་དང་། གཉིས་གཉིས་དང་། གསུམ་གསུམ་ལ་བསྒོའི་བཞི་ལ་མ་ཡིན་ན། ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཚོགས་ཀྱིས་ཚོགས་ཀྱི་ལས་


DKG012_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

དག་བྱར་མི་རུང་བས་སོ། །ལས་བགྱིད་པ་ཕྱོགས་གཅིག་ན་མཆིས་པས་གནས་བཞིའི་ལས་ཐམས་ཅད་བགྱིར་རུང་ལགས་སམ།ཉེ་བར་འཁོར། འདི་ལྟར་དགེ་སློང་ལས་བྱེད་པས་གནས་བཞི་ཆར་གྱི་མཚམས་ཀྱི་མདོ། ཁྲིའམ། ཁྲིའུའམ། རེ་ལྡེའམ། ལྗོན་རིང་གིས་མནན་ཏེ་འདུག་པར་གྱུར་ལ། གནས་དེ་དག་ན་ཡང་ལས་འདི་ལྟ་བུ་འདི་ལྟ་སྟེ། བཞིའི་ཚོགས་ཀྱིས་བྱ་བའི་ལས་དང་། ལྔའི་ཚོགས་ཀྱིས་བྱ་བའི་ལས་དང་། བཅུའི་ཚོགས་ཀྱིས་བྱ་བའི་ལས་དང་། ཉི་ཤུའི་ཚོགས་ཀྱིས་བྱ་བའི་ལས་ཉེ་བར་གནས་པར་གྱུར་ན། རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེ་དེ་དག་ཁ་ཅིག་གི་ནི། ལས་བྱེད་པ་ཡིན་ལ། ཁ་ཅིག་གི་ནི། ཚོགས་སྐོང་བ་ཡིན་ནོ། །ས་ལ་མཆིས་པས་ནམ་མཁའ་ལ་མཆིས་པ་རྣམས་ལ་བསྒོ་ན། བསྒོ་བ་ཞེས་བགྱི་ལགས་སམ། ཉེ་བར་འཁོར། མ་ཡིན་ནོ། །བཙུན་པ། རེ་ཞིག་ལས་བགྱིད་པ་ནམ་མཁའ་ལ་མཆིས་ལ། ས་ལ་མཆིས་པ་རྣམས་ལ་བསྒོ་ན། བསྒོ་བ་ཞེས་བགྱི་ལགས་སམ། ཉེ་བར་འཁོར། མ་ཡིན་ནོ། །ཇི་ལྟར་དགེ་སློང་ལ་དགེ་འདུན་ལྷག་མར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་བསླབ་པ་བྱིན་པ་དང་། དགེ་སློང་མ་ལ་ཡང་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་རྣམས་ལ་ནི། ཉེས་བྱས་སོས། །སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ཡང་ཉེས་བྱས་ཁོ་ན་སྟེ། སྔ་མ་བཞིན་ནོ། །དེ་ལྟར་ན། གཞུང་འདི་ནི། དགེ་འདུན་ལྷག་མ་གསུམ་ལ་ཡང་ཅི་རིགས་པར་བརྗོད་པར་བྱ་བ་ཡིན་ནོ། །ཉེ་བར་འཁོར་གྱིས་ཞུས་པ་ཁ་ཆེ་བ་ལས། དགེ་འདུན་ལྷག་མ་རྫོགས་སོ།། །།

མ་ངེས་པ་དང་ལྡན་པ་འཆད་པ།


DKG012_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་ལ། མཐའ་དང་ལམ་དང་རྒྱལ་རིགས་དང་། །ཕུང་པོ་དེ་བཞིན་ལྷག་མ་དང་། །ཁ་དང་ཤ་ཁ་ར་དང་ཧྭགས་དང་། །བུ་རམ་མར་གསར་མ་ངེས་གཉིས། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གཅིག་པུ་གཅིག་དང་། དབེན་པ་སྐྱབས་ཡོད་པ་ན་འདོད་པ་བྱར་རུང་བར་སྟན་ལ་འདུག་པར་བྱེད་ཅིང་། དེ་ལ་གལ་ཏེ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས། ཆོས་གསུམ་པོ་ཕམ་པར་འགྱུར་བའམ། དགེ་འདུན་ལྷག་མའམ། ལྟུང་བྱེད་


DKG012_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གང་ཡང་རུང་བས་སྨྲས་པར་གྱུར་ལ། དགེ་སློང་གིས་འདུག་པར་ཁས་བླངས་ན། ཆོས་གསུམ་པོ་ཕམ་པར་འགྱུར་བའམ། དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་བྱེད་དུ་གཞུག་ཅིང་། དགེ་སློང་དེ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས། ཆོས་གང་དང་གང་གིས་སྨྲས་པར་གྱུར་པའི་ཆོས་དེ་དང་དེས་དགེ་སློང་དེ་བྱེད་དུ་གཞུག་སྟེ། དེ་ནི། མ་ངེས་པའི་ཆོས་སོ། །ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གཅིག་པུ་གཅིག་དང་། དབེན་པ་སྐྱབས་ཡོད་པ་ན། འདོད་པ་བྱར་མི་རུང་བར་སྟན་ལ་འདུག་པར་བྱེད་དིང་། དེ་ལ་གལ་ཏེ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས། ཆོས་གཉིས་པོ་དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་བྱེད་དུ་གཞུག་ཅིང་དགེ་སློང་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས། ཆོས་གང་དང་གང་གིས་སྨྲས་པར་གྱུར་པའི་ཆོས་དེ་དང་དེས། དགེ་སློང་དེ་བྱེད་དུ་གཞུག་སྟེ། དེ་ཡང་མ་ངེས་པའི་ཆོས་སོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་ཅེས། བཙུན་པ་དག་།བདག་གིས་དགེ་སློང་མཐའ་དང་པོ་འབྱིན་པར་བགྱིད་པ་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བགྱིད་དུ་སྩལ་ཏམ། བྱེད་དུ་མི་གཞུག་གོ །དེའི་ངོ་བོ་ཉིད་ཚོལ་དུ་སྩལ་ཏམ། མི་གཞུག་སྟེ། རེ་ཞིག་དེ་ལ་དེ་ན་ཆེ་ཞེ། ཟླ་འགའ་ཡོད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་འདི་སྐད་ཅེས། ཡོད་དོ། །ཞེས་ཟེར་ན། གཉི་ག་ལ་དྲི་བར་བྱ་སྟེ། གལ་ཏེ་མཐུན་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བྱེད་དུ་གཞུག་ཅིང་། དེ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་གོ །འོན་ཏེ་དེ་སྐད་ཅེས། འདི་མཐའ་དང་པོ་ནི། མ་བྱུང་གི་།འོན་ཀྱང་བདག་གིས་མཐའ་གཉིས་པ་དང་། གསུམ་པ་དང་། བཞི་པ་བྱུང་བ་མཐོང་ངོ་། །ཞེས་ཟེར་ན། དགེ་སློང་ལ་རྨེད་དུ་གཞུག་གོ །དང་པོ་ཇི་ལྟ་བར་མཐའ་གཉིས་པ་དང་། གསུམ་པ་དང་། བཞི་པ་རྣམས་ལ་ཡང་


DKG012_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་བརྗོད་པར་བྱའོ། །བཙུན་པ། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ཞིག་།དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་ཅེས། བཙུན་པ་དག་།བདག་གིས་དགེ་སློང་ཞིག་གིས་ཁའི་ལམ་དུ་ཉམས་པར་བགྱིས་པ་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བགྱིད་དུ་སྩལ་ཏམ། བྱེད་དུ་མི་གཞུག་གོ །དེ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་ཏམ། མི་གཞུག་སྟེ། རེ་ཞིག་དེ་ལ་ཆེ་ཞེ། ཟླ་འགའ་ཡོད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་འདི་སྐད་ཅེས། ཡོད་དོ། །ཞེས་ཟེར་ན། གཉི་ག་ལ་དྲི་བར་བྱ་སྟེ། གལ་ཏེ་མཐུན་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བྱེད་དུ་གཞུག་ཅིང་། དེ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་གོ །འོན་ཏེ་དེ་འདི་སྐད་ཅེས། འདིས་ཁའི་ལམ་དུ་ནི། ཉམས་པར་མ་བྱས་ཏེ། འོན་ཀྱང་བཤང་བའི་ལམ་དང་། གཅི་བའི་ལམ་དུ་ཉམས་པར་བྱས་སོ། །ཞེས་ཟེར་ན། དགེ་སློང་ལ་རྨེད་དུ་གཞུག་གོ །ཁའི་ལམ་དུ་ཇི་ལྟ་བར་བཤང་བའི་ལམ་དང་། གཅི་བའི་ལམ་དུ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །བཙུན་པ། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ཞིག་།དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་ཅེས། བཙུན་པ་དག་།དགེ་སློང་ཞིག་རྒྱལ་རིགས་མ་ཞིག་དང་ལྷན་ཅིག་ཏུ་ཉམས་པར་བགྱིད་པ་བདག་གིས་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བགྱིད་དུ་སྩལ་ཏམ། བྱེད་དུ་མི་གཞུག་གོ །དེ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་ཏམ། མི་གཞུག་སྟེ། རེ་ཞིག་དེ་ལ་དེ་ན་ཆེ་ཞེ། ཟླ་འགའ་ཡོད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་འདི་སྐད་ཅེས། ཡོད་དོ། །ཞེས་ཟེར་ན། གཉི་ག་ལ་དྲི་བར་བྱ་སྟེ། གལ་ཏེ་མཐུན་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བྱེད་དུ་གཞུག་ཅིང་། དེ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་གོ །འོན་ཏེ་དེ་འདི་སྐད་ཅེས། འདིས་རྒྱལ་རིགས་དང་ལྷན་ཅིག་ཏུ་ཉམས་པར་ནི། མ་བྱས་ན། འོན་ཀྱང་བྲམ་ཟེ་མོ་དང་ལྷན་ཅིག་ཏུ་ཉམས་པར་གྱུར་ཏོ། །ཞེས་ཟེར་ན། དགེ་སློང་ལ་རྨེད་དུ་གཞུག་གོ །རྒྱལ་རིགས་མོ་དང་ཇི་ལྟ་བར་བྲམ་ཟེ་མོ་དང་། རྗེའུ་རིགས་མོ་དང་། དམངས་རིགས་མོ་དང་། དཀར་མོ་དང་། སྔོན་མོ་དང་། སྔོ་སངས་མོ་དང་། རིང་མོ་དང་། ཐུང་དུ་མོ་དང་། སྡུག་གུ་མ་དང་།


DKG012_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

སྐེམ་མོ་དང་། ཚོན་མོ་དང་། ལུས་ངན་མ་དང་། འགྲོ་བ་དང་། འདུག་པ་དང་། འགྲེང་བ་དང་།འགྱེལ་བ་དང་ཡང་རྒྱས་པར་བརྗོད་པར་བྱའོ། །བཙུན་པ། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ཞིག་།དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་ཅེས། བཙུན་པ་དག་།བདག་གིས་དགེ་སློང་ཞིག་མཐའ་དང་པོའི་ཕུང་པོ་འབྱིན་པར་བགྱིད་པ་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བགྱིད་དུ་སྩལ་ཏམ། བྱེད་དུ་མི་གཞུག་གོ །དེ་དེའི་ངོ་བོ་ཉིད་དུ་ཚོལ་དུ་སྩལ་ཏམ། མི་གཞུག་སྟེ། རེ་ཞིག་དེ་ལ་ཆེ་ཞེ། ཟླ་འགའ་ཡོད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་འདི་སྐད་ཅེས། ཡོད་དོ། །ཞེས་ཟེར་ན། གཉི་ག་ལ་དྲི་བར་བྱ་སྟེ། གལ་ཏེ་མཐུན་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བྱེད་དུ་གཞུག་ཅིང་། དེ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་གོ །འོན་ཏེ་འདི་སྐད་ཅེས། མཐའ་དང་པོའི་ཕུང་པོ་ནི། མ་བྱུང་གི་།འོན་ཀྱང་ལྟུང་བའི་ཕུང་པོ་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་བྱུང་ངོ་། །ཞེས་བྱ་བ་རྒྱས་པར་བརྗོད་དོ། །བཙུན་པ། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ཞིག་།དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་ཅེས། བཙུན་པ་དག་།བདག་གིས་དགེ་སློང་ཞིག་དགེ་འདུན་ལྷག་མ་དང་པོ་འབྱིན་པར་བགྱིད་པ་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བགྱིད་དུ་སྩལ་ཏམ། བྱེད་དུ་མི་གཞུག་གོ །དེ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་ཏམ། མི་གཞུག་སྟེ། རེ་ཞིག་དེ་ལ་དེ་ན་ཆེ་ཞེ། ཟླ་འགའ་ཡོད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་འདི་སྐད་ཅེས། ཡོད་དོ། །ཞེས་ཟེར་ན། གཉི་ག་ལ་དྲི་བར་བྱ་སྟེ། གལ་ཏེ་མཐུན་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བྱེད་དུ་གཞུག་ཅིག་།དེ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་གོ །འོན་ཏེ་དེ་འདི་སྐད་ཅེས། དགེ་འདུན་ལྷག་མ་དང་པོ་ནི། མ་བྱུང་གི་།འོན་ཀྱང་དགེ་འདུན་ལྷག་མ་གཉིས་པ་དང་། གསུམ་པ་དང་། བཞི་པ་ནས་བཅུ་གསུམ་པའི་བར་བྱུང་ངོ་། །ཞེས་ཟེར་ན། དགེ་སློང་ལ་རྨེད་དུ་གཞུག་གོ །དང་པོ་ལ་ཇི་ལྟ་བར་དགེ་འདུན་ལྷག་མ་གཉིས་པ་དང་། གསུམ་པ་ནས་བཅུ་གསུམ་པའི་བར་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །བཙུན་པ། དགེ་བསྙེན་མ་ཡིད་


DKG012_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་པའི་ཚིག་དང་ལྡན་པས། དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་ཅེས། བཙུན་པ་དག་།བདག་གིས་དགེ་སློང་ཞིག་གིས་ཁར་ཉམས་པར་བགྱིད་པ་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བགྱིད་དུ་སྩལ་ཏམ། བྱེད་དུ་མི་གཞུག་གོ །དེ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་ཏམ། མི་གཞུག་སྟེ། རེ་ཞིག་དེ་ལ་དེ་ན་ཆེ་ཞེ། ཟླ་འགའ་ཡོད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་འདི་སྐད་ཅེས། ཡོད་དོ། །ཞེས་ཟེར་ན། གཉི་ག་ལ་དྲི་བར་བྱ་སྟེ། གལ་ཏེ་མཐུན་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བྱེད་དུ་གཞུག་ཅིང་། དེ་དེའི་རང་བཞིན་ཚོལ་དུ་གཞུག་གོ །འོན་ཏེ་འདི་སྐད་ཅེས། ཁར་ནི། ཉམས་པར་མ་བྱས་ཀྱི། འོན་ཀྱང་འདིས་སོའི་ཕྱི་རོལ་མཆུའི་ནང་དུ་ཁུ་བ་ཕྱུང་ངོ་། །ཞེས་ཟེར་ན། དགེ་སློང་ལ་རྨེད་དུ་གཞུག་གོ །བཙུན་པ། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ཞིག་།དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་ཅེས། བཙུན་པ་དག་།བདག་གིས་དགེ་སློང་ཞིག་གཅི་བའི་ལམ་དུ་ཉམས་པར་བགྱིད་པ་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་གིས་བགྱིད་དུ་སྩལ་ཏམ། བྱེད་དུ་མི་གཞུག་གོ །དེ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་ཏམ། མི་གཞུག་སྟེ། རེ་ཞིག་དེ་ལ་དེ་ན་ཆེ་ཞེ། ཟླ་འགའ་ཡོད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་འདི་སྐད་ཅེས། ཡོད་དོ། །ཞེས་ཟེར་ན། གཉི་ག་ལ་དྲི་བར་བྱ་སྟེ། གལ་ཏེ་མཐུན་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བྱེད་དུ་གཞུག་ཅིང་། དེ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་གོ །འོན་ཏེ་དེ་འདི་སྐད་ཅེས། གཅི་བའི་ལམ་དུ་ནི། ཉམས་པར་མ་བྱས་ཀྱི། འོན་ཀྱང་འདིས་བརླ་ཕྲག་ཏུ་ཁུ་བ་ཕྱུང་ངོ་། །ཞེས་ཟེར་ན། དགེ་སློང་ལ་རྨེད་དུ་གཞུག་གོ །བཙུན་པ། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་ཅེས། བཙུན་པ་དག་།བདག་གིས་དགེ་སློང་ཞིག་གིས་བཤང་བའི་ལམ་དུ་ཉམས་པར་བགྱིད་པ་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བགྱིད་དུ་སྩལ་ཏམ། བྱེད་དུ་མི་གཞུག་གོ །དེ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་ཏམ། མི་གཞུག་སྟེ། རེ་ཞིག་དེ་ལ་ད་ན་ཆེ་ཞེ། ཟླ་འགའ་ཡོད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་འདི་སྐད་ཅེས། ཡོད་དོ། །ཞེས་ཟེར་ན།


DKG012_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

གཉི་ག་ལ་དྲི་བར་བྱ་སྟེ། གལ་ཏེ་མཐུན་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བྱེད་དུ་གཞུག་ཅིང་། དེ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་གོ །འོན་ཏེ་དེ་འདི་སྐད་ཅེས། བཤང་བའི་ལམ་དུ་ནི། ཉམས་པར་མ་བྱས་ཀྱི། འོན་ཀྱང་འདིས་རྐུབ་ཚོས་ཀྱི་ཕྲག་ཏུ་ཁུ་བ་ཕྱུང་ངོ་། །ཞེས་ཟེར་ན། དགེ་སློང་ལ་རྨེད་དུ་གཞུག་གོ །བཙུན་པ། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་ཅེས། བཙུན་པ་དག་།བདག་གིས་དགེ་སློང་ཞིག་དུས་མ་ཡིན་པར་སྐྱོ་མ་འཐུང་བ་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བགྱིད་དུ་སྩལ་ཏམ། བྱེད་དུ་མི་གཞུག་གོ །དེ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་ཏམ། རེ་ཞིག་དེ་ལ་དེ་ན་ཆེ་ཞེ། ཟླ་འགའ་ཡོད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་འདི་སྐད་ཅེས། ཡོད་དོ། །ཞེས་ཟེར་ན། གཉི་ག་ལ་དྲི་བར་བྱ་སྟེ། གལ་ཏེ་མཐུན་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བྱེད་དུ་གཞུག་ཅིང་། དེ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་གོ །འོན་ཏེ་དེ་འདི་སྐད་ཅེས། དུས་མ་ཡིན་པར་སྐྱོ་མ་ནི། མ་འཐུངས་ཀྱི། འོན་ཀྱང་འདིས་ཤ་ཁ་རའི་ཆུ་འཐུངས་སོ། །ཞེས་ཟེར་ན། དགེ་སློང་ལ་རྨེད་དུ་གཞུག་གོ །བཙུན་པ། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་ཅེས། བཙུན་པ་དག་།བདག་གིས་དགེ་སློང་ཞིག་བུ་རམ་གྱི་ཆང་འཐུང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བགྱིད་དུ་སྩལ་ཏམ། བྱེད་དུ་མི་གཞུག་གོ །དེ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་ཏམ། མི་གཞུག་སྟེ། རེ་ཞིག་དེ་ལ་དེ་ན་ཆེ་ཞེ། ཟླ་འགའ་ཡོད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་འདི་སྐད་ཅེས། ཡོད་དོ། །ཞེས་ཟེར་ན། གཉི་ག་ལ་དྲི་བར་བྱ་སྟེ། གལ་ཏེ་མཐུན་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བྱེད་དུ་གཞུག་ཅིང་། དེ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་གོ །འོན་ཏེ་འདི་སྐད་ཅེས། འདི་དུས་མ་ཡིན་པར་བུ་རམ་གྱི་ཆང་མ་འཐུངས་ཀྱི། འོན་ཀྱང་འདིས་ཧྭགས་ཀྱི་ཆུ་འཐུངས་སོ། །ཞེས་ཟེར་ན། དགེ་སློང་ལ་རྨེད་དུ་གཞུག་གོ། །།འདུལ་བ་གཞུང་བླ་མ། བམ་པོ་བཞི། བཙུན་པ། དགེ་བསྙེན་མ་ཡིད་ཆེས་པའི་


DKG012_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་དང་ལྡན་པ་ཞིག་།དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་ཅེས། བཙུན་པ་དག་།བདག་གིས་དགེ་སློང་ཞིག་དུས་མ་ཡིན་པར་ཤ་ཟ་བ་མཐོང་ངོ་། །ཞེས་མཆི་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་གིས་བགྱིད་དུ་སྩལ་ཏམ། བྱེད་དུ་མི་གཞུག་གོ །དེ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་ཏམ། མི་གཞུག་སྟེ། རེ་ཞིག་དེ་ལ་དེན་ཆེ་ཞེ། ཟླ་འགའ་ཡོད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་འདི་སྐད་ཅེས། ཡོད་དོ། །ཞེས་ཟེར་ན། གཉི་ག་ལ་དྲི་བར་བྱ་སྟེ། གལ་ཏེ་མཐུན་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བྱེད་དུ་གཞུག་ཅིག་།དེ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་གོ །འོན་ཏེ་འདི་སྐད་ཅེས། དུས་མ་ཡིན་པར་ཤ་ནི། མ་ཟོས་ཀྱི། འོན་ཀྱང་འདིས་བུ་རམ་ཞིག་ཟོས་སོ། །ཞེས་ཟེར་ན། དགེ་སློང་ལ་རྨེད་དུ་གཞུག་གོ །བཙུན་པ། དགེ་བསྙེན་མ་ཡིད་ཆེས་པར་ཚིག་དང་ལྡན་པ་ཞིག་།དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་ཅེས། བཙུན་པ་དག་།བདག་གིས་དགེ་སློང་ཞིག་དུས་མ་ལགས་པར་ཁ་ཟས་ཟ་བ་མཐོང་ངོ་།། ཞེས་མཆི་ན། དགེ་བསྙེན་མ་ཡིས་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བགྱིད་དུ་སྩལ་ཏམ། བྱེད་དུ་མི་གཞུག་གོ །དེ་དེའི་ངོ་བོ་ཉིད་ཚོལ་དུ་སྩལ་ཏམ། མི་གཞུག་སྟེ། རེ་ཞིག་དེ་ལ་དེ་ན་ཆེ་ཞེ། ཟླ་འགའ་ཡོད་དམ་ཞེས་དྲི་བར་བྱའོ། །གལ་ཏེ་འདི་སྐད་ཅེས། ཡོད་དོ། །ཞེས་ཟེར་ན། གཉི་ག་ལ་དྲི་བར་བྱ་སྟེ། གལ་ཏེ་མཐུན་ན། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པའི་ཚིག་གིས་བྱེད་དུ་གཞུག་ཅིང་། དེ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་གོ །འོན་ཏེ་འདི་སྐད་ཅེས། དུས་མ་ཡིན་པའི་ཟས་ནི། མ་ཟོས་ཀྱི། འོན་ཀྱང་འདིས་མར་ཟོས་སོ། །ཞེས་ཟེར་ན། དགེ་སློང་ལ་རྨེད་དུ་གཞུག་གོ །དེ་ལྟ་བུའི་དངོས་པོ་མ་ངེས་པ། དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པ། བདེན་པ་མཐོང་བ་སྨྲ་བ་གང་དག་ཡིན་པ་དེ་དག་ལ། དགེ་སློང་ལ་རྨེད་དུ་གཞུག་གོ །ཉེ་བར་འཁོར་གྱིས་ཞུས་པ་ཁ་ཆེ་བ་ལས། མ་ངེས་པ་དང་ལྡན་པ་རྫོགས་སོ།། །།

སྤང་བའི་ལྟུང་བྱེད་འཆད་པ།


DKG012_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་ལ། དེ་ཉིད་སྟོར་དང་ཚིག་པ་དང་། །སེམས་འཁྲུགས་བྱིན་གྱིས་མ་བརླབས་དང་། །རུང་བ་དང་ནི་དུས་ལས་འདས། །མཚན་དང་བཞི་དང་བཏིང་བའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ།


DKG012_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་དགེ་སློང་ཆོས་གོས་ཟིན་པས་ཆོས་གོས་སྲ་བརྐྱང་ཕྱུང་ནས་ཞག་བཅུའི་བར་དུ་གོས་ལྷག་པ་རུང་བར་མ་བྱས་པ་བཅང་བར་བྱའོ། །དེ་ལས་འདས་པར་བཅངས་ན། སྤང་བའི་ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། ཆོས་གོས་དེ་ཉིད་དགུང་བཅུ་འདས་པ་ཡང་ལགས་ལ། དེ་ཉིད་དགུང་གཅིག་བྲལ་བ་ཡང་ལགས་པ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་དགེ་སློང་གིས་ཞག་བཅུ་འདས་པའི་ཆོས་གོས་བྱིན་གྱིས་བརླབས་ནས་ཆོས་གོས་མེད་པར་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེངས་འཆར་བར་བྱེད་ན། ཆོས་གོས་འདི་ནི། ཞག་བཅུ་འདས་པ་ཡང་ཡིན་ལ། ཞག་གཅིག་བྲལ་བ་ཡང་ཡིན་ནོ། །བཙུན་པ། རེ་ཞིག་དགེ་སློང་གི་སྤང་བའི་ཆོས་གོས་ཉམས་པར་གྱུར་ན། ལྟུང་བ་བཤགས་པར་བགྱིའམ། ཉེ་བར་འཁོར། འབའ་ཞིག་པའི་ལྟུང་བ་བཤགས་པར་བྱའོ། །གལ་ཏེ་ལྟུང་བ་བཤགས་ལགས་ནས་སླར་རྙེད་ན་སྤང་བར་བགྱིའམ། ཉེ་བར་འཁོར། མ་ཡིན་ནོ། །བཙུན་པ། རེ་ཞིག་དགེ་སློང་གི་སྤང་པའི་ཆོས་གོས་མེས་ཚིག་གམ། ཟོས་པར་གྱུར་ན། དུམ་བུ་དེ་དག་སྤང་བར་བགྱི་ལགས་སམ། ཉེ་བར་འཁོར། མ་ཡིན་ཏེ། འབའ་ཞིག་པའི་ལྟུང་བ་བཤགས་པར་བྱའོ། །འོན་ཏེ་ཀུན་ནས་ཁྲུ་གང་བ་ཞིག་ཡིན་ན། སྤང་བར་བྱའོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཆོས་གོས་རྙེད་ནས་དགུང་ལྔ་ལོན་པ་དང་། སེམས་འཁྲུགས་པར་གྱུར་ན། གང་ནས་བཟུང་སྟེ་དེའི་དགུང་བཅུ་བགྲང་བར་བགྱི་ལགས། གང་ནས་བཟུང་སྟེ་རང་གི་སེམས་ཕྱིར་རྙེད་པ་ནས་སོ། །བཙུན་པ། དགེ་སློང་གིས་ཆོས་གོས་བརྒྱད་དམ་དགུ་ཞིག་བྱིན་གྱིས་མ་བརླབས། རུང་བར་མ་བགྱིས་པར་ནམ་འཚོའི་བར་དུ་བཅངས་ན། ནོངས་པར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། དགེ་སློང་གིས་ཉི་མ་རེ་རེ་ཞིང་ཆོས་གོས་ལས་ཕྱུང་སྟེ། གཞན་བྱིན་གྱིས་རློབ་ནའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཞག་བཅུ་ལས་འདས་པའི་ཆོས་གོས་སྤང་བའོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། དགེ་སློང་གིས་ཆོས་གོས་ལྷག་མ་དགུ་བཅུ་ལས་འདས་པར་བཅངས་ཀྱང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར་ལོ་་དེ། འདི་


DKG012_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གོས་ཀྱི་སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བར་གྱུར་པ་དང་། རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བར་གྱུར་པ་དང་། གཉི་ག་མི་རུང་བར་གྱུར་ཏེ། མི་རུང་བ་ནི། རྔ་བལ་དང་། བ་ལང་གི་སྤུ་དང་། རི་དྭགས་ཀྱི་བལ་དང་། ར་བ་ལ་དང་འདྲེས་པ་དང་། ཐགས་སུ་མ་བཏགས་པ་སྟེ། དེ་ལྟ་བུའི་ཆོས་གོས་ནི། ཞག་བཅུ་ལས་ལྷག་པར་བཅངས་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱིས་ཞག་བཅུའི་བར་དུ་གོས་ལྷག་པ་བཅང་བར་བྱའོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། དེ་དགེ་སློང་གིས་ནམ་འཚོའི་བར་དུ་ཆོས་གོས་ལྷག་པ་བཅངས་ཀྱང་ནོངས་པར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། ཞག་བཅུ་ཚུན་ཆད་དུ་དུས་ལས་འདས་པར་གྱུར་ནའོ། །བཙུན་པ། ཆོས་གོས་དེ་ཉིད་བཅངས་ན། ལྟུང་བར་ཡང་མི་འགྱུར་ལ། ཆོས་གོས་དེ་ཉིད་བཅངས་ན། ལྟུང་བར་ཡང་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་དགེ་སློང་དེ་ཆོས་གོས་རིན་ཆེན་པོ་འཆང་ན། ལྟུང་བ་མེད་ལ། མཚན་གྱུར་ཏེ་དགེ་སློང་མར་རེད་དེ་འཆང་ན། ལྟུང་བར་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཆོས་གོས་རྙེད་ནས་དགུང་བཅུ་ལགས་པ་དང་། དེའི་མཚན་གྱུར་ནས་དགེ་སློང་མར་རེད་ནས་དགུང་བཅུ་འདས་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མས་ཆོས་གོས་ཤིག་རྙེད་ནས་དགུང་བཅུ་ལགས་པ་དང་། མཚན་གྱུར་ཏེ་དགེ་སློང་དུ་རེད་ནས་དགུང་བཅུ་འདས་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། བཙུན་པ། རེ་ཞིག་དགེ་སློང་གིས་དགུང་བཅུ་ལ་དགུང་བཅུར་འདུ་ཤེས་ཏེ་སྐྱ་རེངས་འཆར་བར་བགྱིད་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགུང་བཅུ་ལ་དགུང་བཅུ་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །དགུང་བཅུ་མ་ལགས་པ་ལ་དགུང་བཅུར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སུ་འགྱུར་རོ། །དགུང་བཅུ་མ་ལགས་པ་ལ་དགུང་བཅུ་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྲ་བརྐྱང་བཏིང་བའི་གནས་སུ་ཆོས་གོས་ཤིག་རྙེད་ལ། ཆོས་གོས་དེ་


DKG012_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྤང་བར་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ།འདི་ལྟར་དགེ་སློང་གིས་ཆོས་གོས་སྤང་བ་ཡིན་ལ། དགེ་སློང་དེས་ཀྱང་ཆོས་གོས་དེ་མ་སྤངས། བྲལ་བར་མ་བྱས། ཉེས་པ་མ་བཤགས་པའི་སྐབས་སུ་དགེ་འདུན་གྱིས་སྲ་བརྐྱང་བཏིང་བར་གྱུར་ལ། སྲ་བརྐྱང་བཏིང་ནས་དགེ་སློང་དེས་ཆོས་གོས་གཞན་ཞིག་རྙེད་ནའོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་པས་དགུང་བཅུ་ལས་ལྷག་པར་ཆོས་གོས་ལྷག་པ་བཅངས་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མས་དགུང་བཅུ་ལས་ལྷག་པར་ཆོས་གོས་ལྷག་པ་བཅངས་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མས་དགུང་བཅུ་ལས་འདས་པར་ཆོས་གོས་ལྷག་པ་བཅངས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི། ཉེས་བྱས་ཏེ། སྔ་མ་བཞིན་ནོ། །སྡོམ་ལ། དགེ་འདུན་གྱི་དང་ས་དང་མཚམས། །མནན་པ་དང་ནི་མ་གནང་དང་། །མཚམས་མ་བཅད་དང་མ་གཡོགས་དང་། །བཞི་ཚན་དང་ནི་དེ་བཞིན་མཚན། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་བྱུང་ན། གལ་ཏེ་ནུབ་གཅིག་ཀྱང་ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་དང་མཚམས་ཀྱི་ཕྱི་རོལ་ཏུ་འབྲལ་བར་བྱེད་ན། དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ། སྤང་བའི་ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། དགེ་འདུན་གྱི་ཆོས་གོས་བྱིན་གྱིས་བརླབ་པར་གནང་ལགས་སམ། ཉེ་བར་འཁོར། མི་གནང་ངོ་། །བཙུན་པ། དེ་ལྟ་བུའི་རྐྱེན་ཞིག་མཆིས་ན། གནང་ལགས་སམ། ཉེ་བར་འཁོར། གནང་ངོ་། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་འདུན་གྱི་ཆོས་གོས་བྱིན་གྱིས་བརླབས་ཏེ་ཆོས་གོས་མ་མཆིས་པར་མཚམས་ཀྱི་སླད་རོལ་ཏུ་བྲལ་བར་བགྱིད་ན། ཆོས་གོས་དང་བྲལ་བ་ཞེས་བགྱིའམ། ཆོས་གོས་དང་མ་བྲལ་བ་ཞེས་བགྱི་ལགས། བཀའ་སྩལ་པ། ཆོས་གོས་དང་བྲལ་བ་ཞེས་བྱའོ། །ཆོས་གོས་དེ་སྤང་བར་བགྱི་ལགས་སམ། ཉེ་བར་འཁོར་མ་


DKG012_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །འབའ་ཞིག་པའི་ལྟུང་བྱེད་བཤགས་པར་བྱའོ། །བཙུན་པ། དགེ་སློང་གིས་ཆོས་གོས་ས་ལ་བཞག་སྟེ་ནམ་མཁའ་ལ་སྐྱ་རེངས་འཆར་བར་བགྱིད་དམ། ཆོས་གོས་ནམ་མཁའ་ལ་བཞག་སྟེ་ས་ལ་སྐྱ་རེངས་འཆར་བར་བགྱིད་ན། ཆོས་གོས་དང་བྲལ་བ་ཞེས་བགྱིའམ། ཆོས་གོས་དང་མ་བྲལ་བ་ཞེས་བགྱི་ལགས། བཀའ་སྩལ་པ། ཆོས་གོས་དང་བྲལ་བ་ཞེས་བྱའོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཆོས་གོས་མཚམས་ཀྱི་ནང་དུ་བཞག་སྟེ་མཚམས་ཀྱི་སླད་རོལ་ཏུ་སྐྱ་རེངས་འཆར་བར་བགྱིད་དམ། ཆོས་གོས་མཚམས་ཀྱི་སླད་རོལ་ཏུ་བཞག་སྟེ་མཚམས་ཀྱི་ནང་དུ་སྐྱ་རེངས་འཆར་བར་བགྱིད་ན། ཆོས་གོས་དང་བྲལ་བ་ཞེས་བགྱིའམ། ཆོས་གོས་དང་མ་བྲལ་བ་ཞེས་བགྱི་ལགས། བཀའ་སྩལ་པ། ཆོས་གོས་དང་བྲལ་བ་ཞེས་བྱའོ། །བཙུན་པ། རེ་ཞིག་དགེ་སློང་གིས་མཚམས་མནན་ཏམ། མཚམས་བཟུང་ནས་མཚམས་སུ་བགྲེང་ངམ་མཆིས་ཏེ་མཚམས་ཀྱི་བར་དུ་ཆོས་གོས་བཞག་ནས་སྐྱ་རེངས་འཆར་བར་བགྱིད་ན། ཆོག་གོས་དང་བྲལ་བ་ཞེས་བགྱིའམ། ཆོས་གོས་དང་མ་བྲལ་བ་ཞེས་བགྱི་ལགས། བཀའ་སྩལ་པ། ཆོས་གོས་དང་མ་བྲལ་བ་ཞེས་བྱའོ། །བཙུན་པ། དགེ་སློང་ཡང་མཚམས་ཀྱི་ནང་ན་མཆིས་ལ། ཆོས་གོས་ཀྱང་མཚམས་ཀྱི་ནང་ན་མཆིས་པ་ལས། ཆོས་གོས་དེ་དང་བྲལ་བར་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ་མཚམས་གཅད་པར་བྱ་བ་ཆོས་གོས་དང་མི་འབྲལ་བའི་སྡོམ་པ་མ་བྱིན་ནའོ། །བཙུན་པ། རེ་ཞིག་མཚམས་མ་བཅད་པའི་གནས་སུ་གང་ཚུན་ཆད་དགེ་སློང་ཆོས་གོས་དང་བྲལ་བ་ཞེས་བགྱི། ཉེ་བར་འཁོར། ཇི་ཙམ་གཙུག་ལག་ཁང་གི་ཉེ་འཁོར་ཆབ་ཁུང་སའམ། སྒོ་ཁྱམས་སམ། ཁང་ཕྲན་ནམ། ཀུན་དགའ་ར་བའམ། དགེ་སློང་གིས་ཀུན་ཏུ་སྤྱད་པའམ། ར་བའམ། འགྲེང་རིབ་བམ། འོབས་ཡོད་པའོ། །བཙུན་པ། དགེ་སློང་ཡང་གནས་གཅིག་ལ་སྟེང་གཡོགས་ཀྱང་གཅིག་པ་ཞིག་ན་མཆིས་ལ། དེ་ཉིད་ན་ཆོས་གོས་ཀྱང་མཆིས་ན་ཆོས་གོས་དེ་དང་བྲལ་བར་འགྱུར་བ་ལྟ་མཆིས་ལགས་སམ།ཉེ་བར་འཁོར། ཡོད་དེ། འདི་ལྟར་གནས་དེ་མུ་སྟེགས་ཅན་སྣ་ཚོགས་དང་། དགེ་སྦྱོང་དང་། བྲམ་ཟེ་དང་།


DKG012_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་དང་། ཀུན་ཏུ་རྒྱུ་རྣམས་སམ། སྤུན་ནོར་བགོས་པ་རྣམས་ཀྱི་ཡིན་ནའོ། །བཙུན་པ། རེ་ཞིག་དགེ་སློང་གིས་མཚམས་ཀྱི་སླད་རོལ་ལ་མཚམས་ཀྱི་སླད་རོལ་ཏུ་འདུ་ཤེས་པས། སྐྱ་རེངས་འཆར་བར་བགྱིད་ན་ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །མཚམས་ཀྱི་ནང་ལ་མཚམས་ཀྱི་སླད་རོལ་དུ་འདུ་ཤེས་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །མཚམས་ཀྱི་སླད་རོལ་ན་མཚམས་ཀྱི་ནང་དུ་འདུ་ཤེས་ན་ཅིར་འགྱུར་ལགས། ལྟུང་བ་མེད་དོ། །མཚམས་ཀྱི་ནང་ལ་མཚམས་ཀྱི་ནང་དུ་འདུ་ཤེས་ན་ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་མཚམས་ཀྱི་ནང་དུ་ཆོས་གོས་བཞག་སྟེ་མཚམས་ཀྱི་སླད་རོལ་ཏུ་སྐྱ་རེངས་འཆར་བར་བགྱིད་པ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ན་ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མ་ཞིག་གིས་མཚམས་ཀྱི་ནང་དུ་ཆོས་གོས་བཞག་ལ་མཚམས་ཀྱི་སླད་རོལ་ཏུ་སྐྱ་རེངས་འཆར་བར་བགྱིད་པ་ལས། མཚན་གྱུར་ཏེ་དགེ་སློང་དུ་རེད་ན་ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ་དགེ་སློང་གིས་གང་གི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བགྱིད། ཉེ་བར་འཁོར། དགེ་སློང་གིས་ནི་དགེ་སློང་གི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བྱའོ། །བཙུན་པ། དགེ་སློང་མས་གང་གི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བགྱི། ཉེ་བར་འཁོར། དགེ་སློང་མས་ནི་དགེ་སློང་མའི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བྱ་སྟེ། དབྱུང་བ་དང་། རུང་བར་བྱ་བ་ཡང་དེ་བཞིན་དུ་བྱའོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་པ་ཆོས་གོས་མ་མཆིས་པར་མཚམས་ཀྱི་སླད་རོལ་ཏུ་སྐྱ་རེངས་འཆར་བར་བགྱིད་ན་ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་གྱུར་ཏེ། དེ་བཞིན་དུ་དགེ་སློང་མ་ལ་ནི་ཆོས་གོས་ལྔས་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་རྣམས་ལ་ནི་ཉེས་པ་མེད་དོ། །སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི། ཉེས་བྱས་ཏེ། སྔ་མ་བཞིན་ནོ། །སྡོམ་ལ།སེམས་འཁྲུགས་པ་དང་དུས་ལས་འདས། དེ་བཞིན་རུང་བ་ཉིད་དང་ནི། མི་རུང་པ་དང་གདིང་བ་དང་། །ཚད་དང་བཞི་ཚན་དག་དང་མཚན། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་


DKG012_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་ཆོས་གོས་ཟིན་པས་ཆོས་གོས་སྲ་བརྐྱང་ཕྱུང་ནས་དུས་མ་ཡིན་པའི་གོས་རྙེད་པ་འདོད་ན། དགེ་སློང་དེས་ཆོས་གོས་དེ་བླང་བར་བྱའོ། །བླངས་ནས་གལ་ཏེ་ལོངས་ན། མྱུར་བ་ཁོ་ནར་ཆོས་གོས་སུ་བྱས་ཏེ་བཅད་བར་བྱའོ། །གལ་ཏེ་མི་ལོངས་ལ་ཁ་མ་ལོངས་པ་སྐོང་པའི་གོས་ལ་རེ་བ་ཡོད་ན་ཡང་། དགེ་སློང་དེས་ཆོས་གོས་དེ་ཟླ་བ་གཅིག་གི་བར་དུ་གཞག་པར་བྱའོ། །དེ་ལ་འདས་པར་འཇོག་ན། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་ཆོས་གོས་ཤིག་རྙེད་མ་ཐག་ཏུ་སེམས་འཁྲུགས་པར་གྱུར་ན། གང་ནས་བཟུང་སྟེ་དེའི་ཟླ་བ་བགྲང་བར་བགྱི། གང་ནས་བཟུང་སྟེ་རང་གི་སེམས་ཕྱིར་རྙེད་པ་ནས་སོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཟླ་བ་གཅིག་གི་བར་དུ་ཆོས་གོས་གཞག་པར་བྱའོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། དགེ་སློང་གིས་ནམ་འཚོའི་བར་དུ་ཆོས་གོས་བཞག་ཀྱང་ལྟུང་བར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། ཟླ་བ་གཅིག་ཚུན་ཆད་དུ་དུས་བྱས་ནའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཆོས་གོས་ཟླ་བ་གཅིག་གི་བར་དུ་གཞག་པར་བྱའོ། །ཞེས་གསུངས་པ་གང་ལགས་པ། ཆོས་གོས་དེ་ཇི་ལྟ་བུ་ཞིག་ལགས། བདུན་པོ་དག་ལས་བརྟགས་པ་གང་ཡང་རུང་པ་ངས་རྗེས་སུ་གནང་ཞིང་མ་བཀག་པ་གང་ཡིན་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས། དགེ་སློང་གིས་ཆོས་གོས་ཟླ་བ་གཅིག་གི་བར་དུ་གཞག་པར་བྱའོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། དགེ་སློང་གིས་དགུང་ཟླ་གཅིག་ལས་ལྷག་པར་བཞག་ཀྱང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། དེ་འདི་ལྟར་ཆོས་གོས་ཀྱི་སྤུན་རུང་བར་གྱུར་བ་རྒྱུ་མི་རུང་བར་གྱུར་པ་དང་། སྤུན་མི་རུང་བར་གྱུར་ལ་རྒྱུ་རུང་བར་གྱུར་པ་དང་། གཉི་ག་མི་རུང་བར་གྱུར་པ་སྟེ། མི་རུང་བ་ནི། རྔ་བལ་དང་། བ་ལང་གི་སྤུ་དང་། རི་དྭགས་ཀྱི་བལ་དང་། ར་བལ་དང་འདྲེས་པ་དང་། ཐགས་སུ་མ་བཏགས་པ་སྟེ། དེ་ལྟ་བུའི་ཆོས་གོས་ནི། ཟླ་བ་གཅིག་ལས་ལྷག་པར་བཞག་ཀྱང་ཉེས་བྱས་སུ་འགྱུར་རོ། །བཙུན་པ་བཅོམ་ལྡན་


DKG012_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་དགེ་སློང་གིས་ཆོས་གོས་དེ་ཟླ་བ་གཅིག་གི་བར་དུ་གཞག་པར་བྱའོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། དགེ་སློང་གིས་དགུང་ཟླ་དྲུག་ཏུ་ཆོས་གོས་བཞག་ཀྱང་ལྟུང་བར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། ཆོས་གོས་དེ་རྙེད་ནས་ཞག་སུམ་ཅུ་ལོན་པ་དང་། དགེ་འདུན་གྱི་སྲ་བརྐྱང་བཏིང་བར་གྱུར་ནའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཆོས་གོས་གསུམ་དུ་མ་ཚང་ན་ཟླ་བ་གཅིག་གི་བར་དུ་གཞག་གོ། ཞེས་གསུངས་པ་གང་ལགས་པ། བཙུན་པ། དགེ་སློང་གང་ཆོས་གོས་གསུམ་ཚང་པར་གྱུར་པ་དེས་ཆོས་གོས་མི་ལོངས་པ་ཞིག་རྙེད་ན་དེས་ཀྱང་དགུང་ཟླ་གཅིག་གི་བར་དུ་གཞག་པར་བགྱི་ལགས་སམ། ཉེ་བར་འཁོར། མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཉེ་བར་འཁོར། ཆོས་གོས་གསུམ་ཚང་ན་ཆོས་གོས་གཞན་རྙེད་པ་གང་ཡིན་པ་ནི་ལོངས་ཀྱང་རུང་། མི་ལོངས་ཀྱང་རུང་སྟེ། དེ་ཐམས་ཅད་ནི་ཞག་བཅུ་པ་ཡིན་ནོ། །ཆོས་གོས་གསུམ་དུ་མ་ཚང་བ་ལས་གལ་ཏེ་ཆོས་གོས་སུ་ལོངས་པ་ཞིག་རྙེད་ན་དེ་ཡང་ཞག་བཅུ་པ་ཡིན་ནོ། །འོན་ཏེ་མ་ལོངས་པ་ཞིག་རྙེད་ན་ཟླ་བ་གཅིག་གི་བར་དུ་གཞག་པར་བྱའོ། །དེ་ལས་འདས་པར་བཞག་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགུང་ཟླ་གཅིག་ལ་གཅིག་ཏུ་འདུ་ཤེས་པས་སྐྱ་རེངས་འཆར་པར་བགྱིད་ན་ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགུང་ཟླ་གཅིག་ལ་དགུང་ཟླ་གཅིག་མ་ལགས་པར་འདུ་ཤེས་ན་ཅིར་འགྱུར་ལགས། ལྟུང་བ་མེད་དོ། །དགུང་ཟླ་གཅིག་མ་ལགས་པ་ལ་དགུང་ཟླ་གཅིག་ཏུ་འདུ་ཤེས་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །དགུང་ཟླ་གཅིག་མ་ལགས་པ་ལ་དགུང་ཟླ་གཅིག་མ་ལགས་པར་འདུ་ཤེས་ན་ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཆོས་གོས་རྙེད་ནས་དགུང་ཟླ་གཅིག་ལགས་པ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ནས་དགུང་ཟླ་གཅིག་ལས་འདའ་བར་བགྱིད་ན་ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མས་ཆོས་གོས་རྙེད་ནས་དགུང་ཟླ་གཅིག་ལགས་པ་ལས་མཚན་གྱུར་ཏེ། དགེ་སློང་དུ་རེད་ནས་ཟླ་བ་གཅིག་ལས་འདའ་བར་བགྱིད་ན་ཅིར་


DKG012_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལགས།སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་བས། ཆོས་གོས་དགུང་ཟླ་གཅིག་པས་རིང་དུ་བཞག་ན་ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མས་ཆོས་གོས་དགུང་ཟླ་གཅིག་པས་རིང་དུ་བཞག་ན་ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མས་ཆོས་གོས་དགུང་ཟླ་གཅིག་གི་བར་དུ་བཞག་ན་ཅིར་འགྱུར་ལགས། ལྟུང་བ་མེད་དོ། །སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི་ཉེས་བྱས་ཏེ། སྔ་མ་བཞིན་ནོ། །

ལྟུང་བྱེད་འབའ་ཞིག་པ་འཆད་པ།


DKG012_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། །གཞན་ལ་སྙད་འདོགས་བརྒྱུད་པ་དང་། །སྨྱོན་མ་དང་ནི་སེམས་འཁྲུགས་དང་། ཚོར་བ་འོན་མ་གླེན་མ་དང་། །ཁྱིམ་པ་མོ་ལ་སོགས་པ་སྟེ། །བསླབ་པ་བྱིན་པ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ཆོས་གོས་རྙིང་པ་འཁྲུར་འཇུག་གམ། འཚེད་དུ་འཇུག་གམ། འཆག་ཏུ་འཇུག་ན་སྤང་བའི་ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ལགས་པ་ལ་ཕོ་ཉ་ལས་གོས་རྙིང་པ་འཁྲུར་སྩོལ་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་ཡི་གེ་དང་། ལག་བརྡ་དང་། གཞན་ལ་སྙད་འདོགས་པ་དང་། བརྒྱུད་དེ་དགེ་སློང་མ་ཉེ་དུ་མ་ལགས་པ་ལ་ཆོས་གོས་རྙིང་པ་འཁྲུར་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ལགས་པ་སྨྱོན་མ་ལ་ཆོས་གོས་རྙིང་པ་འཁྲུར་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་མ་ཉེ་དུ་མ་ལགས་པ་སེམས་འཁྲུགས་པ་དང་། ཚོར་བས་ཉམ་ཐག་པ་དང་། འོན་མ་དང་། གླེན་མ་ལ་ཆོས་གོས་རྙིང་པ་འཁྲུར་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཁྱིམ་པ་མོ་ཉེ་དུ་མ་ལགས་པ་ལ་ཆོས་གོས་རྙིང་པ་འཁྲུར་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་མ་ཐ་དད་དུ་གནས་པ་དང་། དགེ་སློང་མ་ཁས་


DKG012_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པ་དང་། མ་ནིང་མོ་དང་། དགེ་སློང་མ་སུན་ཕྱུང་བ་དང་། མ་འགུམས་པ་དང་། ཕ་འགུམས་པ་དང་། དགྲ་བཅོམ་པ་འགུམས་པ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་ཞུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། ཐ་དད་དུ་གནས་པ་དང་། དབང་པོ་མི་མཐུན་པ་ཅན་དང་། སྔར་ལྟུང་བ་བྱུང་བ། ཉེ་དུ་མ་ལགས་པ་ལ་ཆོས་གོས་རྙིང་པ་འཁྲུར་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་ལ་ཉེ་དུ་མ་ལགས་པ་དགེ་འདུན་གྱི་དབྱེན་བགྱིས་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། བསླབ་པ་སྩལ་བའི་དགེ་སློང་མ་ཉེ་དུ་མ་ལགས་པ་ལ་ཆོས་གོས་རྙིང་པ་འཁྲུར་སྩོལ་ན། ཅིར་འགྱུར། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྡོམ་ལ། བསྒྲུབ་པར་བྱ་དང་བཀྲུས་པ་དང་། །དགེ་འདུན་གྱི་དང་མཚན་གཉིས་དང་། མི་རུང་བ་དང་སྤངས་པ་དང་། །གཞན་གྱི་དང་ནི་གྱོན་པ་དང་། །བཞི་ཚན་དག་ཏུ་བྱས་པ་དང་། །དགེ་སློང་མ་ནི་ཐ་མ་ཡིན། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ལགས་པ་ལ་ཆོས་གོས་རྙིང་པ་བསྒྲུབ་པར་བགྱི་བ་ཞིག་འཁྲུར་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དགེ་སློང་མ་ཉེ་དུ་མ་ལགས་པ་ལ་ཆོས་གོས་རྙིང་པ་བཀྲུས་པ་ཞིག་འཁྲུར་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ལགས་པ་ལ་དགེ་འདུན་གྱི་ཆོས་གོས་རྙིང་པ་འཁྲུར་སྩོལ་ན། ཅིར་འགྱུར་ལགས། གལ་ཏེ་གང་ཟག་གིར་ཡོངས་སུ་སྤྱད་པས་ཡོངས་སུ་སྤྱད་དེ་དྲི་མ་ཅན་དུ་གྱུར་པ་ཞིག་ན། ཉེས་བྱས་སུ་འགྱུར་རོ། །འོན་ཏེ་གནས་མལ་གྱི་དངོས་པོ་ཞིག་འཁྲུར་བཅུག་ན་ནི། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་དགེ་སློང་མ་ཉེ་དུ་མ་ལགས་པ་ལ་ཆོས་གོས་རྙིང་པ་འཁྲུར་སྩལ་པ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཉེ་དུ་མ་ལགས་པའི་དགེ་སློང་མ་ལ་ཆོས་གོས་རྙིང་པ་འཁྲུར་སྩལ་པ་ལས། དགེ་སློང་མ་དེའི་མཚན་གྱུར་ཏེ་དགེ་སློང་དུ་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཉེ་དུ་མ་ལགས་པའི་དགེ་སློང་མ་ལ་ཆོས་གོས་རྙིང་པ་


DKG012_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུར་སྩལ་པ་ལས། དགེ་སློང་མ་དེའི་མཚན་གྱུར་ཏེ་དགེ་སློང་དུ་རེད་ནས་བཀུམ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དགེ་སློང་མ་ལ་ཡང་སྦྱར་བར་བྱའོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ལགས་པ་ལ་ཆོས་གོས་རྙིང་པ་འཁྲུར་སྩལ་ཀྱང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་ཆོས་གོས་དེའི་སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བར་གྱུར་བ་དང་། རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང་། གཉི་ག་མི་རུང་པ་སྟེ། མི་རུང་བ་ནི། རྔ་བལ་དང་། བ་ལང་གི་སྤུ་དང་། རི་དྭགས་ཀྱི་བལ་དང་། ར་བལ་དང་འདྲེས་པ་དང་། མ་བཏགས་པའོ། །དེ་ལྟ་བུའི་ཆོས་གོས་འཁྲུར་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཆོས་གོས་རྙིང་པ་སྤངས་པ་ཞིག་དགེ་སློང་མ་ཉེ་དུ་མ་ལགས་པ་ལ་འཁྲུར་སྩལ་ན། ཅིར་འགྱུར་ལགས། གལ་ཏེ་མ་སྤངས་པ་ཞིག་འཁྲུར་འཇུག་ན། སྤང་པའི་ལྟུང་བྱེད་དུ་འགྱུར་རོ། །འོན་ཏེ་སྤངས་པ་ཞིག་འཁྲུར་འཇུག་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ལགས་པ་ལ་གཞན་གྱི་ཆོས་གོས་རྙིང་པ་འཁྲུར་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གོས་རུང་བ་དང་། གྲོང་དུ་འཇུག་པ་སྤང་བ་དང་། འབྱུང་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་དགེ་སློང་ཁྱིམ་དུ་ཞུགས་པའི་ཆོས་གོས་བཤང་བའམ། གཅི་བའམ། འདམ་རྫབ་བམ། ལྗན་ལྗིན་ནམ། མི་གཙང་བ་གཞན་གྱིས་སྦགས་པར་གྱུར་ནའོ། །དེས་དེ་དགེ་སློང་མ་ཉེ་དུ་མ་ལགས་པ་འཁྲུར་སྩོལ་ན། ཅིར་འགྱུར་ལགས། སྤང་པའི་ལྟུང་བྱེད་དུ་འགྱུར་རོ། །བསྙེན་པར་མ་རྫོགས་པར་འཁྲུར་སྩོལ་བའི་སྦྱོར་བ་བགྱིས་ལ། བསྙེན་པར་མ་རྫོགས་པར་ལགས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་ནས་ལགས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་རྫོགས་ཀར་ལགས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ནས་ལགས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་


DKG012_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཀར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཀར་ལགས་པར་བགྱིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ནས་ལགས་པར་བགྱིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ནས་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཏེ་ལགས་པར་བགྱིས་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བསྙེན་པར་རྫོགས་ནས་སྦྱོར་བ་བགྱིས་ལ། བསྙེན་པར་མ་རྫོགས་པར་ལགས་པར་བགྱིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ལགས་པ་ལ། བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་པས་ཆོས་གོས་རྙིང་པ་འཁྲུར་སྩོལ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མ་ཉེ་དུ་མ་ལགས་པ་བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཉེ་དུ་མ་ལགས་པ་བསྙེན་པར་མ་རྫོགས་པ་ལ་བསྙེན་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཉེ་དུ་མ་ལགས་པ་བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་ཉེ་དུ་ལགས་པ་ལ་ཉེ་དུ་མ་ལགས་པར་འདུ་ཤེས་པས། ཆོས་གོས་རྙིང་པ་འཁྲུར་སྩོལ་ན། ཅིར་འགྱུར་ལགས། སྤང་པའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མ་ཉེ་དུ་མ་ལགས་པ་ལ་ཉེ་དུར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །དགེ་སློང་མ་ཉེ་དུ་ལ་ཉེ་དུ་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དགེ་སློང་མ་ཉེ་དུ་མ་ལགས་པ་ལ་ཉེ་དུར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ཆོས་གོས་རྙིང་པ་འཁྲུར་འཇུག་ན། སྤང་པའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ། དགེ་སློང་མ་དང་། དགེ་ཚུལ་མ་དང་། ཁྱིམ་པ་མོ་དང་། གཞན་མུ་སྟེགས་ཅན་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་རྣམས་ལ་འཁྲུར་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་


DKG012_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་བཞིན་དུ་འགྲོ་བ་གཞན་དུ་གནས་པ་ལ་འཁྲུར་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དགེ་སློང་མས་དགེ་སློང་དང་། དགེ་ཚུལ་དང་། གཞན་མུ་སྟེགས་ཅན་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་པ་དང་།ཀུན་ཏུ་རྒྱུ་དང་། འགྲོ་བ་གཞན་དུ་གནས་པ་རྣམས་ལ་འཁྲུར་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཁྱིམ་པ་དང་། ཁྱིམ་པ་མོ་ལ་འཁྲུར་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་ནི། ཉེས་བྱས་སོ། །སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི། ཉེས་བྱས་ཏེ། སྔ་མ་བཞིན་ནོ། །དེ་བཞིན་དུ་འཚེད་པ་དང་། འཆག་པ་ལ་ཡང་རྒྱས་པར་བརྗོད་པར་བྱའོ། །སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། །གཞན་ལ་སྙད་འདོགས་བརྒྱུད་པ་དང་། །སྨྱོན་མ་དང་ནི་སེམས་འཁྲུགས་དང་། །ཚོར་བ་འོན་མ་གླེན་མ་དང་། །གཉིད་ལོག་ར་རོ་རབ་མྱོས་དང་། །སྙོམས་ཞུགས་དེ་བཞིན་འགྲོ་བ་དང་། །ཁས་ལེན་འདོད་པ་ལ་སོགས་པ། །བསླབ་པ་བྱིན་པ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་། དགེ་སློང་མ་ཉེ་དུ་མ་ཡིན་པ་ལས་ཆོས་གོས་ལེན་ན། བརྗེ་བ་མ་གཏོགས་ཏེ། སྤང་བའི་ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ལགས་པ་ལ་ཕོ་ཉ་ལས་ཆོས་གོས་སློང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་འཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །དེ་བཞིན་དུ་ཡི་གེ་དང་། ལག་བརྡ་དང་། གཞན་ལ་སྙད་འདོགས་པ་དང་། བརྒྱུད་པས་ཉེ་དུ་མ་ལགས་པའི་དགེ་སློང་མ་དེ་ལ་ཆོས་གོས་ལེན་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ལགས་པ་སྨྱོན་མ་ལ་ཆོས་གོས་སློང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ཚོར་བས་ཉམ་ཐག་པ་དང་། གླེན་མ་དང་། འོན་མ་དང་། གཉིད་ལོག་པ་དང་། ཕྱག་ལས་ཁོམ་པ་དང་། རབ་ཏུ་མྱོས་པ་དང་། སྙོམས་པར་ཞུགས་པ་དང་། འགྲོ་བ་


DKG012_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་གནས་པ་དང་། ཐ་དད་དུ་གནས་པ་དང་། ཁས་ལེན་པ་དང་། མ་ནིང་མ་དང་། དགེ་སློང་མ་སུན་ཕྱུང་བ་ནས་རྒྱས་པར་དང་པོ་མི་མཐུན་པ་ཅན་གྱི་བར་ལ་ཆོས་གོས་སློང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ལགས་པ་དགེ་འདུན་གྱི་དབྱེན་བགྱིད་པ་དང་། དགེ་སློང་མ་ཉེ་དུ་མ་ལགས་པ་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། བསླབ་པ་སྩལ་བ་ལ་ཆོས་གོས་སློང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་ཐོབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྡོམ་ལ། མི་རུང་བ་དང་བཞི་ཚན་ནི། །གཉིས་དང་དེ་བཞིན་མཚན་དང་ནི། །དགེ་སློང་དང་ནི་དགེ་སློང་མ། །ཚོམས་སུ་ཡང་དག་བཤད་པ་ཡིན། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ལགས་པ་ལས། ཆོས་གོས་བླངས་ཀྱང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་ཆོས་གོས་དེའི་སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང་། སྤུན་མི་རུང་བར་གྱུར་ལ་རྒྱུ་རུང་བ་དང་། གཉི་ག་མི་རུང་བར་གྱུར་བ་སྟེ། མི་རུང་བ་ནི། རྔ་བལ་དང་། བ་ལང་གི་སྤུ་དང་། རི་དྭགས་ཀྱི་བལ་དང་། ར་བལ་དང་འདྲེས་པ་དང་། མ་བཏགས་པའོ། །དེ་ལྟ་བུའི་ཆོས་གོས་ཤིག་བླངས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ལགས་པ་ལ་ཉེ་དུ་མ་ལགས་པར་འདུ་ཤེས་པས་ཆོས་གོས་ལེན་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མ་ཉེ་དུ་མ་ལགས་པ་ལ་ཉེ་དུར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །དགེ་སློང་མ་ཉེ་དུ་ལ་ཉེ་དུ་ལ་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དགེ་སློང་མ་ཉེ་དུ་ལ་ཉེ་དུར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ལགས་པ་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་པས། ཆོས་གོས་བླངས་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཉེ་དུ་མ་ལགས་པ་བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཅིར་འགྱུར་ལགས།


DKG012_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་བྱས་སོ། །ཉེ་དུ་མ་ལགས་པ་བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཉེ་དུ་མ་ལགས་པ་བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་བསྙེན་པར་མ་རྫོགས་པས་དགེ་སློང་མ་ཉེ་དུ་མ་ལགས་པ་ལ་ཆོས་གོས་བླངས་ནས་བསྙེན་པར་མ་རྫོགས་པར་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བླངས་ལ་བསྙེན་པར་རྫོགས་ཀར་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ལ་བསྙེན་པར་རྫོགས་ཏེ་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ལ་བསྙེན་པར་རྫོགས་ཀར་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ལ་བསྙེན་པར་རྫོགས་ནས་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ནས་བསླངས་ལ་བསྙེན་པར་རྫོགས་ཏེ་གྲུབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བསྙེན་པར་རྫོགས་ནས་བསླངས་ལ་བསྙེན་པར་མ་རྫོགས་པར་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ་རེ་ཞིག་དགེ་སློང་མ་ཉེ་དུ་མ་ལགས་པ་ལས་ཆོས་གོས་ལེན་པ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་མ་ཉེ་དུ་མ་ལགས་པའི་དགེ་སློང་ལས་ཆོས་གོས་ལེན་པ་ལས། དགེ་སློང་དེའི་མཚན་གྱུར་ཏེ་དགེ་སློང་མར་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་།དགེ་སློང་དགེ་སློང་མ་ཉེ་དུ་མ་ལགས་པ་ལས་ཆོས་གོས་ལེན་པ་ལས། དགེ་སློང་མ་དེ་མཚན་གྱུར་ཏེ། དགེ་སློང་དུ་རེད་ནས་བླངས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་མ་ཉེ་དུ་ལགས་པའི་དགེ་སློང་ལས་ཆོས་གོས་ལེན་པ་ལས། དགེ་སློང་དེ་མཚན་གྱུར་ཏེ་དགེ་སློང་མར་རེད་པ་ལས་བླངས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་པས་དགེ་སློང་མ་ཉེ་དུ་མ་ལགས་པ་ལས་ཆོས་གོས་ལེན་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་


DKG012_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལས་ཆོས་གོས་ལེན་ན། བརྗེས་པ་མ་གཏོགས་ཏེ། སྤང་བའི་ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། དགེ་སློང་མ་དང་། དགེ་ཚུལ་མས་ལེན་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དགེ་སློང་མས་དགེ་སློང་དང་། དགེ་ཚུལ་ལས་ལེན་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློབ་མ་དང་། དགེ་ཚུལ་མ་ལས་བླངས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དགེ་ཚུལ་གྱིས་དགེ་སློང་མ་དང་། དགེ་སློང་མ་དང་། དགེ་ཚུལ་མ་ལས་ཆོས་གོས་ལེན་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ཉེས་བྱས་ཏེ། སྔ་མ་བཞིན་ནོ། །སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། །གཞན་ལ་སྙད་འདོགས་བརྒྱུད་པ་དང་། །སྨྱོན་པ་དང་ནི་སེམས་འཁྲུགས་དང་། །ཚོར་བ་འོན་པ་གླེན་པ་དང་། །གཉིད་ལོག་ར་རོ་རབ་མྱོས་དང་། །སྙོམས་ཞུགས་འགྲོ་དང་ཕྱི་རོལ་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ་ཆོས་གོས་སློང་ན། དུས་མ་གཏོགས་ཏེ། སྤང་བའི་ལྟུང་བྱེད་དོ། །དེ་ལ་དུས་ནི། འདི་ཡིན་ཏེ། དགེ་སློང་ཆོས་གོས་འཕྲོག་གམ། ཆོས་གོས་ཉམས་སམ། ཆོས་གོས་ཚིག་གམ། ཆོས་གོས་ཁྱེར་རམ། ཆོས་གོས་དེངས་ན། དེ་ལ་དེ་ནི། དུས་ཡིན་ནོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་ཕོ་ཉ་ལས་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ཉེ་དུ་མ་ལགས་པ་ལས་ཆོས་གོས་སློང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །དེ་བཞིན་དུ་ཡི་གེ་དང་། ལག་བརྡ་དང་། གཞན་ལ་སྙད་འདོགས་པ་དང་། བརྒྱུད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་སྨྱོན་མ་ལས་ཆོས་གོས་སློང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །དེ་བཞིན་དུ་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ཉེ་


DKG012_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་ལགས་པ། སེམས་འཁྲུགས་པ་དང་། ཚོར་བས་ཉམ་ཐག་པ་དང་། འོན་པ་དང་། གླེན་པ་དང་། གཉིད་ཀྱིས་ལོག་པ་དང་། །ཕྱག་ལས་ཁོམ་པ་དང་། རབ་ཏུ་མྱོས་པ་དང་། སྙོམས་པར་ཞུགས་པ་དང་། འགྲོ་བ་གཞན་དུ་གནས་པ་ལ་ཆོས་གོས་སློང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །འདི་ལས་ཕྱི་རོལ་པ་གཞན་མུ་སྟེགས་ཅན་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་ཉེ་དུ་མ་ལགས་པ་ལ་ཆོས་གོས་སློང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ།། །།སྡོམ་ལ། མི་རུང་བ་དང་བཞོན་པ་ནི། །གཉིས་དང་དེ་བཞིན་མཚན་དང་ནི། །ཟ་མ་མ་ནིང་ཉིད་དེ་བཞིན། །མ་ནིང་མོ་དང་དགེ་སློང་མ། །བཙུན་པ། རེ་ཞིག་དགེ་སློང་གིས་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ཉེ་དུ་མ་ལགས་པ་ལ་ཆོས་གོས་བསླངས་ཏེ་ཐོབ་ཀྱང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་ཆོས་གོས་དེའི་སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང་། རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང་། གཉི་ག་མི་རུང་བར་གྱུར་པ་སྟེ། མི་རུང་བ་ནི། རྔ་མོའི་བལ་དང་། བ་ལང་གི་སྤུ་དང་། རི་དྭགས་ཀྱི་བལ་དང་། ར་བལ་དང་འདྲེས་པ་དང་། ཐགས་སུ་མ་བཏགས་པ་དེ་ལྟ་བུའི་ཆོས་གོས་ཤིག་སློང་ན། སློང་བ་དེ་ལ་ཉེས་སོ། །ཆོས་ཐོབ་ན་ཡང་ཉེས་བྱས་ཁོ་ནའོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ཉེ་དུ་མ་ལགས་པ་ལ་ཉེ་དུ་མ་ལགས་པར་འདུ་ཤེས་པས་ཆོས་གོས་སློང་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་ཐོབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཉེ་དུ་མ་ལགས་པ་ལ་ཉེ་དུར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །ཉེ་དུ་ལ་ཉེ་དུ་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས།ཉེས་བྱས་སོ། །ཆོས་གོས་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །ཉེ་དུ་ལ་ཉེ་དུར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་མིའི་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ལ་མིར་འདུ་ཤེས་


DKG012_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཆོས་གོས་སློང་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་ཐོབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །མི་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ནི། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །བསྙེན་པར་མ་རྫོགས་པར་བསླངས་ལ་བསྙེན་པར་རྫོགས་པར་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བསླངས་ལ་བསྙེན་པར་རྫོགས་ཀར་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བསླངས་ལ་བསྙེན་པར་རྫོགས་ནས་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ལ་བསྙེན་པར་རྫོགས་ཀར་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ལ་བསྙེན་པར་རྫོགས་ནས་གྲུབ་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ནས་བསླངས་ལ་བསྙེན་པར་རྫོགས་ཏེ་གྲུབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བསྙེན་པར་རྫོགས་ནས་བསླངས་ལ་བསྙེན་པར་མ་རྫོགས་པར་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ཉེ་དུ་མ་ལགས་པ་ལ་ཆོས་གོས་སློང་བ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ནས་གྲུབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མ་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ཉེ་དུ་མ་ལགས་པར་ཆོས་གོས་སློང་བ་ལས། མཚན་གྱུར་ཏེ་དགེ་སློང་དུ་རེད་ནས་གྲུབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཉེ་དུ་མ་ལགས་པའི་ཁྱིམ་བདག་ལ་ཆོས་གོས་སློང་བ་ལས། ཁྱིམ་བདག་དེའི་མཚན་གྱུར་ཏེ་བུད་མེད་དུ་རེད་པ་ལས་བླངས་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་ཁྱིམ་བདག་གི་མཆིས་བྲང་ཉེ་དུ་མ་ལགས་པ་ལས་ཆོས་གོས་སློང་བ་ལས། ཁྱིམ་བདག་གི་མཆིས་བྲང་དེའི་མཚན་གྱུར་ཏེ།


DKG012_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པར་རེད་པ་ལས་བླངས་ན་ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དེ་བཞིན་དུ་དགེ་སློང་མ་ལ་ཡང་བརྗོད་དོ།། །།འདུལ་བ་གཞུང་བླ་མ། བམ་པོ་ལྔ་པ། བཙུན་པ། རེ་ཞིག་དགེ་སློང་གིས་ཟ་མ་ཉེ་དུ་མ་ལགས་པ་ལས་ཆོས་གོས་སློང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །དེ་བཞིན་དུ་མ་ནིང་དང་། མ་ནིང་མོ་ནས་དགེ་སློང་དང་། དགེ་ཚུལ་གྱི་བར་ལ་བསླངས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །བཙུན་པ། རེ་ཞིག་དགེ་སློང་མས་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ཉེ་དུ་མ་ལགས་པ་ལས་བསླངས་ན། ཅིར་འགྱུར་ལགས། ཉེས་བྱས་སོ།། ཆོས་གོས་ཐོབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མ་ལ་ཇི་ལྟ་བར་བསླབ་པ་བྱིན་པ་ལ་ཡང་དེ་དང་འདྲའོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། སྔར་ལྟུང་བ་བྱུང་བ་ལ་སོགས་པ་ནི། ཉེས་བྱས་ཏེ། རྒྱས་པར་བརྗོད་དོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་ཆོས་གོས་འཕྲོག་གམ། ཆོས་གོས་ཉམས་སམ། ཆོས་གོས་ཚིག་གམ། ཆོས་གོས་དེངས་སམ། ཆོས་གོས་ཁྱེར་ན། ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་ལ་ཆོས་གོས་བསླང་བར་བྱའོ། །གལ་ཏེ་དེ་ལ་བྲམ་ཟེའམ། ཁྱིམ་བདག་དད་པ་ཞིག་གིས་དུས་ཀྱིས་གོས་མང་པོ་སྟོབས་ལ། འདོད་ན། དགེ་སློང་དེས་དེ་ལ་གོས་སྟོད་གཡོགས་སྨད་གཡོགས་དང་བཅས་པའི་མཐར་ཐུག་པ་བླང་བར་བྱའོ། །དེ་ལས་ལྷག་པར་ལེན་ན། སྤང་བའི་ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། སྔ་མ་སློང་བའི་སྤང་པའི་ལྟུང་བྱེད་ཇི་ལྟ་བར་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ལ་ཡང་དེ་འདྲའོ། །ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། སྟོད་གཡོགས་སྨད་གཡོགས་དང་བཅས་པ་ནི། གཉིས་ཏེ། ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་དང་། དགེ་སློང་གི་སྟོད་གཡོགས་སྨད་གཡོགས་དང་བཅས་པའོ། །དགེ་སློང་གིས་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་དང་


DKG012_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་བླངས་ཏེ་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ཐོབ་པ་ལས། ལྷག་པར་སློང་ན། ལྷག་པར་སློང་བ་དེ་ལ་ཉེས་བྱས་སོ། །ཐོབ་ན། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་གི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་བསླངས་ཏེ་དགེ་སློང་གི་སྟོད་གཡོགས་དང་། སྨད་གཡོགས་ཐོབ་པ་ལས། ལྷག་པར་སློང་ན། ལྷག་པར་སློང་བ་དེ་ལ་ཉེས་བྱས་སོ། །ཐོབ་ན། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཁྱིམ་པའི་སྟོད་གཡོགས་དང་། སྨད་གཡོགས་དང་བཅས་པ་བསླངས་ཏེ་ཁྱིམ་པའི་སྟོད་གཡོགས་དང་། སྨད་གཡོགས་དང་བཅས་པ་ཐོབ་པས་གལ་ཏེ་མ་ལོངས་པར་གྱུར་ན། ཡང་མ་སློང་ཞིག་།ལྷག་པར་གྱུར་ན། ཡང་མ་སྦྱིན་ཅིག་།དགེ་སློང་གིས་ཁྱིམ་པའི་སྟོད་གཡོགས་སྨད་གཡོགས་དང་བཅས་པ་ལས། ལྷག་པར་བླངས་ན། ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་དགེ་སློང་གི་སྟོད་གཡོགས་དང་། སྨད་གཡོགས་དང་བཅས་པ་བསླངས་ཏེ་དགེ་སློང་གིས་སྟོད་གཡོགས་དང་། སྨད་གཡོགས་དང་བཅས་པ་ཐོབ་པས་གལ་ཏེ་མ་ཆོག་པར་གྱུར་ན། ཡང་བསླང་བར་བྱའོ། །ལྷག་པར་གྱུར་ན། ཡང་སྦྱིན་ནོ། །དགེ་སློང་གིས་སྟོད་གཡོགས་དང་། སྨད་གཡོགས་དང་བཅས་པ་ལས་ལྷག་པ་མ་བྱིན་ན། ཉེས་བྱས་སུ་འགྱུར་རོ། །གཞུང་ལྷག་མ་ནི། བསླབ་པའི་གཞི་སྔ་མ་ལ་ཇི་ལྟར་བསླབ་པའི་གཞི་འདི་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ།། །།སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། །གཞན་ལ་སྙད་འདོགས་བརྒྱུད་པ་དང་། །སྨྱོན་མ་དང་ནི་སེམས་འཁྲུགས་དང་། །ཚོར་བ་འོན་པ་གླེན་པ་དང་། །གཉིད་ལོག་ར་རོ་རབ་མྱོས་དང་། །སྙོམས་ཞུགས་འགྲོ་དང་ཕྱི་རོལ་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གི་ཕྱིར་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་ཆོས་གོས་ཀྱི་རིན་དག་སྤགས་ནས་བདག་གིས་ཆོས་གོས་ཀྱི་རིན་འདི་དག་གིས་ཆོས་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ། དགེ་སློང་མིང་འདི་ཞེས་བགྱི་པ་འོངས་པ་དང་། དེ་ལ་ཆོས་གོས་རུང་བ་དུས་སུ་བསྐོན་ནོ། །སྙམ་པ་ལས། དེ་ན་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྟབས་པས་རྣམ་པར་རྟོག་པ་འགའ་ཞིག་རིག་སྟེ། བཟང་


DKG012_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདོད་པའི་ཕྱིར་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་དེའི་གན་དུ་སོང་ནས་འདི་སྐད་ཅེས། ཚེ་དང་ལྡན་པ། བདག་གི་ཕྱིར་ཆོས་གོས་ཀྱི་རིན་གང་དག་སྤགས་པའི་ཆོས་གོས་ཀྱི་རིན་དེ་དག་གིས་ཚེ་དང་ལྡན་པ་དེ་དག་གིས་ཆོས་གོས་འཐག་པ་འདི་དང་འདི་ལྟ་བུ་ཞིག་ཉོས་ལ་བདག་ལ་ཆོས་གོས་རུང་བ་དུས་སུ་སྐོན་ཅིག་ཅེས་སྨྲས་ཏེ། ཆོས་གོས་གྲུབ་ན། སྤང་བའི་ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་ཕོ་ཉ་ལས་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ཉེ་དུ་མ་ལགས་པ་ལ་རྣམ་པར་རྟོག་པ་རིག་ནས་ཆོས་གོས་སློང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །དེ་བཞིན་དུ་ཡི་གེ་དང་། ལག་བརྡ་དང་། གཞན་ལ་སྙད་འདོགས་པ་དང་། བརྒྱུད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ཉེ་དུ་མ་ལགས་པ་སྨྱོན་པ་ལ་རྣམ་པར་རྟོག་པ་རིག་ནས་ཆོས་གོས་སློང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ཚོར་བས་ཉམ་ཐག་པ་དང་། འོན་པ་དང་། གླེན་པ་དང་། གཉིད་ལོག་པ་དང་། ཕྱག་ལས་ཁོམ་པ་དང་། རབ་ཏུ་མྱོས་པ་དང་། སྙོམས་པར་ཞུགས་པ་དང་། འདི་ལས་ཕྱི་རོལ་པ་གཞན་མུ་སྟེགས་ཅན་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་དང་། ཀུན་ཏུ་རྒྱུ་རྣམས་ལ་རྣམ་པར་རྟོག་པར་རིག་ནས་ཆོས་གོས་སློང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ།། །།སྡོམ་ལ། མི་རུང་བ་དང་བཞི་ཚན་གཉིས། །དེ་བཞིན་དུ་ནི་མཚན་གྱུར་དང་། །ཟ་མ་མ་ནིང་མོ་ཉིད་དང་། །མ་ནིང་དང་ནི་དགེ་སློང་ཉིད། བཙུན་པ། དགེ་སློང་གིས་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ཉེ་དུ་མ་ལགས་པ་ལ་རྣམ་པར་རྟོག་པ་རིག་ནས་ཆོས་གོས་བསླངས་ནས་ཐོབ་ཀྱང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་ཆོས་གོས་དེའི་སྤུན་རུང་བར་གྱུར་ལ། རྒྱུ་མི་རུང་བ་དང་། རྒྱུ་རུང་བར་གྱུར་ལ། སྤུན་མི་རུང་བ་དང་། གཉི་ག་


DKG012_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

མི་རུང་བར་གྱུར་པ་སྟེ། མི་རུང་བ་ནི། རྔ་བལ་དང་། བ་ལང་གི་སྤུ་དང་། རི་དྭགས་ཀྱི་བལ་དང་། ར་བལ་དང་འདྲེས་པ་དང་། མ་བཏགས་པའོ། །དེ་ལྟ་བུའི་ཆོས་གོས་ཀྱི་ཕྱིར་རྣམ་པར་རྟོག་པར་རིག་ནས་ཆོས་གོས་བསླངས་ཏེ་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ཉེ་དུ་མ་ལགས་པ་ལ་ཉེ་དུ་མ་ལགས་པར་འདུ་ཤེས་པས་རྣམ་པར་རྟོག་པར་རིག་ནས་ཆོས་གོས་སློང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་ཐོབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཉེ་དུ་མ་ལགས་པ་ལ་ཉེ་དུར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །ཉེ་དུ་ལ་ཉེ་དུ་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཉེ་དུ་ལ་ཉེ་དུར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་དགེ་སློང་མས་ཁྱིམ་བདག་གི་མཆིས་བྲང་ཉེ་དུ་མ་ལགས་པ་ལ་མིར་འདུ་ཤེས་པས་རྣམ་པར་རྟོག་པ་རིག་ནས་ཆོས་གོས་སློང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་ཐོབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །མི་ལ་མི་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་བསྙེན་པར་རྫོགས་པར་རྣམ་པར་རྟོག་པར་རིག་ནས་བསླངས་ལ་བསྙེན་པར་རྫོགས་པར་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་རྣམ་པར་རྟོག་པ་རིག་ནས་བསླངས་ལ་བསྙེན་པར་རྫོགས་ཀར་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པར་རྣམ་པར་རྟོག་པར་རིག་ནས་བསླངས་ལ་བསྙེན་པར་རྫོགས་ནས་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་རྣམ་པར་རྟོག་པར་རིག་ནས་བསླངས་ལ་བསྙེན་པར་རྫོགས་པར་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་རྣམ་པར་རྟོག་པ་རིག་ནས་བསླངས་ལ་བསྙེན་པར་རྫོགས་ནས་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་


DKG012_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་ཏེ་རྣམ་པར་རྟོག་པ་རིག་ནས་བསླངས་ལ་བསྙེན་པར་རྫོགས་ཏེ་གྲུབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བསྙེན་པར་རྫོགས་ཏེ་རྣམ་པར་རྟོག་པ་རིག་ནས་བསླངས་ལ་བསྙེན་པར་མ་རྫོགས་པར་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ཉེ་དུ་མ་ལགས་པ་ལ་རྣམ་པར་རྟོག་པ་རིག་ནས་སློང་བ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ནས་གྲུབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མ་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ཉེ་དུ་མ་ལགས་པ་ལ་རྣམ་པར་རྟོག་པ་རིག་ནས་སློང་བ་ལས། མཚན་གྱུར་ཏེ་དགེ་སློང་དུ་རེད་ནས་ཐོབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ཉེ་དུ་མ་ལགས་པ་ལ་རྣམ་པར་རྟོག་པ་རིག་ནས་སློང་བ་ལས། ཁྱིམ་བདག་དེའི་མཚན་གྱུར་ཏེ་བུད་མེད་དུ་རེད་ནས་བླངས་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ཉེ་དུ་མ་ལགས་པ་ལ་རྣམ་པར་རྟོག་པ་རིག་ནས་སློང་བ་ལས། ཁྱིམ་བདག་གི་མཆིས་བྲང་དེའི་མཚན་གྱུར་ཏེ་སྐྱེས་པར་རིག་ནས་བླངས་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དེ་བཞིན་དུ་དགེ་སློང་མ་ལ་ཡང་སྦྱར་བར་བྱའོ། །བཙུན་པ། རེ་ཞིག་དགེ་སློང་ཁྱིམ་བདག་ཟ་མ་ལ་རྣམ་པར་རྟོག་པ་རིག་ནས་ཆོས་གོས་སློང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་མ་ནིང་དང་། མ་ནིང་མོ་ལ་ཡང་ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཆོས་གོས་མ་གཏོགས་པ་དེ་ལས་གཞན་པའི་ཡོ་བྱད་རྣམས་ཀྱི་ཕྱིར་རྣམ་པར་རྟོག་པ་རིག་ནས་བསླངས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །བཙུན་པ། རེ་ཞིག་དགེ་སློང་དགེ་སློང་


DKG012_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

གི་སླད་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མའི་སླད་དུ་རྣམ་པར་རྟོག་པ་རིག་ནས་ཆོས་གོས་སློང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །ཇི་ལྟར་དགེ་སློང་གིས་རྣམ་པར་རྟོག་པ་རིག་ནས་བསླངས་པ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་བ་དེ་བཞིན་དུ་བསླབ་པ་བྱིན་པ་དང་། དགེ་སློང་མ་ལ་ཡང་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི། ཉེས་བྱས་ཏེ། རྒྱས་པར་བརྗོད་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གི་ཕྱིར་ཁྱིམ་བདག་དང་། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས། གོས་ཀྱི་རིན་སོ་སོ་བ་དག་སྤགས་ནས་བདག་ཅག་གཉིས་ཀྱིས་གོས་ཀྱི་རིན་སོ་སོ་བ་འདི་དག་གིས་ཆོས་གོས་འདི་དང་འདི་ལྟ་བུ་སོ་སོ་བ་ཉོས་ལ། དགེ་སློང་མིང་འདི་ཞེས་བྱ་བ་འོངས་པ་དང་། བདག་ཅག་གཉིས་ཀྱིས་སོ་སོ་ནས་དེ་ལ་ཆོས་གོས་རུང་བ་དུས་སུ་བསྐོན་ནོ། །སྙམ་པ་ལས། དེ་ན་གལ་ཏེ་དགེ་སློང་དེས་སྔར་མ་བསྟབས་པར་རྟོག་པ་འགའ་ཞིག་རིག་སྟེ། བཟང་པོ་འདོད་པའི་ཕྱིར་ཁྱིམ་བདག་དང་། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་དེ་དག་གི་དྲུང་དུ་སོང་ནས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བདག་གི་ཕྱིར་ཆོས་གོས་ཀྱི་རིན་སོ་སོ་བ་གང་དག་སྤགས་པའི་ཆོས་གོས་ཀྱི་རིན་སོ་སོ་བ་དེ་དག་གིས་ཚེ་དང་ལྡན་པ་དག་ཆོས་གོས་འདི་དང་འདི་ལྟ་བུ་སོ་སོ་བ་དག་ཉོས་ལ་གཉི་ག་འདུས་ཏེ་བདག་ལ་ཆོས་གོས་རུང་བ་གཅིག་དུས་སུ་ལེགས་པར་སྐོན་ཅིག་།ཅེས་སྨྲས་ཏེ་ཆོས་གོས་གྲུབ་ན། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་པ་གང་ལགས་ཞེས་བྱ་བ་སྟེ། གཞུང་ལྷག་མ་ནི། བསླབ་པའི་གནས་འདས་མ་ཐག་པ་ལ་ཇི་ལྟ་བ་དེ་བཞིན་དུ་བསླབ་པའི་གནས་འདི་ལ་ཡང་རྒྱས་པར་བརྗོད་པར་བྱའོ། །སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། །གཞན་ལ་སྙད་འདོགས་བརྒྱུད་པ་དང་། །སྨྱོན་པ་དང་ནི་སེམས་འཁྲུགས་དང་། །ཚོར་བ་འོན་པ་གླེན་པ་དང་། །


DKG012_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གཉིད་ལོག་ར་རོ་རབ་མྱོས་དང་། །སྙོམས་ཞུགས་འགྲོ་དང་ཕྱི་རོལ་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གི་ཕྱིར་རྒྱལ་པོའམ། བློན་པོ་ཆེན་པོའམ། བྲམ་ཟེའམ། ཁྱིམ་བདག་གམ། གྲོང་རྔལ་གྱི་མིའམ། ཡུལ་གྱི་མིའམ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་གྱིས་ཕོ་ཉའི་ལག་ཏུ་ཆོས་གོས་ཀྱི་རིན་དག་བསྐུར་བར་གྱུར་ལ། དེ་ནས་ཕོ་ཉ་དེ་ཆོས་གོས་ཀྱི་རིན་དག་ཁྱེར་ནས་དགེ་སློང་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དགེ་སློང་དེ་ལ་འདི་སྐད་ཅེས། ཡང་འཕགས་པ་མཁྱེན་པར་མཛོད་ཅིག་།འདི་ལྟ་སྟེ། ཡང་ཁྱོད་ལ་རྒྱལ་བོའམ། བློན་པོ་ཆེན་པོའམ། བྲམ་ཟེའམ། ཁྱིམ་བདག་གམ། གྲོང་རྡལ་གྱི་མིའམ། ཡུལ་གྱི་མིའམ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་ཆེ་གེ་མོས་ཆོས་གོས་ཀྱི་རིན་འདི་དག་བསྐུར་གྱི། འཕགས་པ་ཐུགས་བརྩེ་བའི་སླད་དུ་འདི་དག་བཞེས་ཤིག་།ཅེས་ཟེར་ན། དགེ་སློང་དེས་ཕོ་ཉ་དེ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་ཕོ་ཉ། དགེ་སློང་དག་ནི། ཆོས་གོས་ཀྱི་རིན་དག་ལེན་དུ་མི་རུང་སྟེ། བདག་ཅག་ཆོས་གོས་རུང་བ་དུས་སུ་རྙེད་ན་ནི། ལེན་ཏོ། །ཞེས་བརྗོད་པར་བྱའོ། །གལ་ཏེ་ཕོ་ཉ་དེ། དགེ་སློང་དེ་ལ་འདི་སྐད་ཅེས། འཕགས་པ་རྣམས་ཀྱི་ཞལ་ཏ་བགྱིད་པ་འཕགས་པ་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པ་གང་ལགས་པ་འགའ་མཆིས་སམ་ཞེས་ཟེར་ན། དགེ་སློང་ཆོས་གོས་འདོད་པས། ཕོ་ཉ། འདི་ནི། དགེ་སློང་རྣམས་ཀྱི་ཞལ་ཏ་བྱེད་པ་སྟེ། འདི་ནི། དགེ་སློང་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པའོ། །ཞེས་ཀུན་དགའི་ར་བ་པའམ། དགེ་བསྙེན་ཞལ་ཏ་བྱེད་པ་བསྟན་པར་བྱའོ། །དེ་ནས་ཕོ་ཉ་དེས་ཆོས་གོས་ཀྱི་རིན་དེ་དག་ཁྱེར་ནས་ཞལ་ཏ་བྱེད་པ་ག་ལ་བ་དེར་འགྲོ་ཞིང་ཕྱིན་ནས་ཞལ་ཏ་བྱེད་པ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཤེས་པར་གྱིས་ཤིག་།ཁྱོད་ཀྱིས་ཆོས་གོས་ཀྱི་རིན་འདི་དག་གིས་ཆོས་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ། དགེ་སློང་མིང་འདི་ཞེས་བྱ་བ་འོངས་པ་དང་། དེ་ལ་ཆོས་གོས་རུང་བ་དུས་སུ་སྐོན་ཅིག་ཅེས་བརྗོད་ནས་དེ་ནས་ཕོ་ཉ་དེས་ཞལ་ཏ་བྱེད་པ་དེ་ལ་ལེགས་པར་ཤིན་ཏུ་ཡང་དག་པར་བསྒོ་ཞིང་ཡང་དག་པར་བསྟན་ནས་དགེ་སློང་


DKG012_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ག་ལ་བ་དེར་འགྲོ་ཞིང་ཕྱིན་ནས་དགེ་སློང་དེ་ལ་འདི་སྐད་ཅེས། འཕགས་པས་ཞལ་ཏ་བགྱིད་པ་བསྟན་པ་གང་ལགས་པ་དེ་ལ་བདག་གིས་ཡང་དག་པར་བསྟན་ལགས་ཀྱི། དེའི་གན་དུ་བཞུད་ཅིག་དང་། དེས་ཁྱེད་ལ་ཆོས་གོས་རུང་བ་དུས་སུ་བསྐོན་པར་འགྱུར་རོ། །ཞེས་ཟེར་ན། དགེ་སློང་ཆོས་གོས་འདོད་པས་ཞལ་ཏ་བྱེད་པའི་གན་དུ་སོང་བ་ལ་ཚེ་དང་ལྡན་པ་ཞལ་ཏ་བྱེད་པ། བདག་ཆོས་གོས་འདོད་དོ། །ཚེ་དང་ལྡན་པ་ཞལ་ཏ་བྱེད་པ། བདག་ཆོས་གོས་འདོད་དོ། །ཞེས་ལན་གཉིས་ལན་གསུམ་དུ་བསྐུལ་བར་བྱ། དྲན་པར་བྱའོ། །ལན་གཉིས་ལན་གསུམ་དུ་བསྐུལ་ཞིང་དྲན་པར་བྱས་ན། གལ་ཏེ་ཆོས་གོས་དེ་གྲུབ་ན། དེ་ལྟ་ན་ལེགས། གལ་ཏེ་མ་གྲུབ་ན། ལན་བཞི། ལན་ལྔ། ལན་དྲུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པར་བྱའོ། །ལན་བཞི། ལན་ལྔ། ལན་དྲུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པ་ན། གལ་ཏེ་གོས་དེ་གྲུབ་ན། དེ་ལྟ་ན་ལེགས། གལ་ཏེ་མ་གྲུབ་ན། དེའི་འོག་ཏུ་ཆོས་གོས་བསྒྲུབ་པའི་ཕྱིར་བརྩལ་ཏེ་ཆོས་གོས་གྲུབ་ན། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་མ་གྲུབ་ན། ཕྱོགས་གང་ན་ཆོས་གོས་ཀྱི་རིན་འོངས་པ་དེར་བདག་འགྲོ་བར་བྱའོ། །ཡང་ན་ཡིད་བརྟན་པའི་ཕོ་ཉ་ལས་ཚེ་དང་ལྡན་པ་དག་གིས་དགེ་སློང་ཆེ་གེ་མོའི་ཕྱིར་ཆོས་གོས་ཀྱི་རིན་དག་ཕོ་ཉའི་ལག་ཏུ་བསྐུར་བ་དེ་དག་ནི། དགེ་སློང་དེའི་དོན་ཅིར་ཡང་མ་གྲུབ་ཀྱི། ཤེས་པར་གྱིས་ཤིག་།ཚེ་དང་ལྡན་པ་དག་གིས་རང་གི་ནོར་ཆུད་མ་གཟན་ཅིག་།ཅེས་སྦྲིང་པར་བྱ་སྟེ། དེ་ལ་དེ་ནི། ཆོ་ག་ཡིན་ནོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་ཆོས་གོས་བསྒྲུབ་པའི་སླད་དུ་ཕོ་ཉ་ལས་ཞལ་ཏ་བགྱིད་པ་ལན་བཞི། ལན་ལྔ། ལན་དྲུག་གི་འོག་ཏུ་སློང་བར་བགྱིད་ཅིང་ཆོས་གོས་དེ་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་ཆོས་གོས་བསྒྲུབ་པའི་སླད་དུ་ཡི་གེ་དང་། ལག་བརྡ་དང་། གཞན་ལ་སྙད་འདོགས་པ་དང་། བརྒྱུད་པས་ཞལ་ཏ་བགྱིད་པ་ལ་ལན་བཞི། ལན་ལྔ། ལན་དྲུག་གི་འོག་ཏུ་སློང་བར་བགྱིད་ཅིང་ཆོས་གོས་དེ་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་ཆོས་གོས་བསྒྲུབ་པའི་སླད་དུ་ཞལ་ཏ་སྒྲུབ་པ་སྨྱོན་པ་ལ་ལན་བཞི། ལན་ལྔ། ལན་དྲུག་


DKG012_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གི་འོག་ཏུ་སློང་བར་བགྱིད་ཅིང་ཆོས་གོས་དེ་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་ཞལ་ཏ་བགྱིད་པ་སེམས་འཁྲུགས་པ་དང་། ཚོར་བས་ཉམ་ཐག་པ་དང་། གླེན་པ་དང་། འོན་པ་ལ་ལན་བཞི། ལན་ལྔ། ལན་དྲུག་གི་འོག་ཏུ་སློང་བར་བགྱིད་ཅིང་ཆོས་གོས་དེ་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་ཆོས་གོས་བསྒྲུབ་པའི་སླད་དུ་ཞལ་ཏ་བགྱིད་བ་གཉིད་ཀྱིས་ལོག་པ་ལ་ལན་བཞི། ལན་ལྔ། ལན་དྲུག་གི་འོག་ཏུ་སློང་བར་བགྱིད་ཅིང་། ཆོས་གོས་དེ་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་ཆོས་གོས་བསྒྲུབ་པའི་སླད་དུ་ཕྱག་ལས་ཁོམ་པ་དང་། རབ་ཏུ་མྱོས་པ་དང་། སྙོམས་པར་ཞུགས་པ་དང་། འགྲོ་བ་གཞན་དུ་གནས་པ་དང་། འདི་ལས་ཕྱི་རོལ་པ་གཞན་མུ་སྟེགས་ཅན་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་བ་དང་། ཀུན་ཏུ་རྒྱུ་རྣམས་ལ་ལན་བཞི། ལན་ལྔ། ལན་དྲུག་གི་འོག་ཏུ་སློང་བར་བགྱིད་ཅིང་ཆོས་གོས་དེ་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །སྡོམ་ལ། མི་རུང་བ་དང་བཞི་ཚན་དང་། །དེ་བཞིན་དུ་ནི་མཚན་དང་ཡང་། །ཟ་མ་མ་ནིང་ཉིད་དང་ནི། །མ་ནིང་མོ་ནི་ཐ་མ་ཡིན། །བཙུན་པ། རེ་ཞིག་དགེ་སློང་གིས་ཆོས་གོས་བསྒྲུབ་པའི་སླད་དུ་ལན་བཞི། ལན་ལྔ། ལན་དྲུག་གི་འོག་ཏུ་སློང་བར་བགྱིད་ཅིང་། ཆོས་གོས་དེ་གྲུབ་ཀྱང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་ཆོས་གོས་དེའི་སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང་། སྤུན་མི་རུང་ལ་རྒྱུ་རུང་བ་དང་། གཉི་ག་མི་རུང་བར་གྱུར་པ་སྟེ། མི་རུང་བ་ནི་རྔ་བལ་དང་། བ་ལང་གི་སྤུ་དང་། རི་དྭགས་ཀྱི་བལ་དང་། ར་བལ་དང་འདྲེས་པ་དང་། མ་བཏགས་པའོ། །དེ་ལྟ་བུའི་ཆོས་གོས་ཀྱི་ཕྱིར་ལན་བཞི། ལན་ལྔ། ལན་དྲུག་གི་འོག་ཏུ་སློང་བར་བགྱིད་ཅིང་། ཆོས་གོས་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཆོས་གོས་བསྒྲུབ་པའི་སླད་དུ་ཞལ་ཏ་བགྱིད་པ་མི་ལ་མིར་འདུ་ཤེས་པས་ལན་བཞི། ལན་ལྔ། ལན་དྲུག་གི་འོག་ཏུ་སློང་བར་བགྱིད་ཅིང་ཆོས་གོས་དེ་གྲུབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །མི་ལ་མི་མ་


DKG012_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་བསྙེན་པར་མ་རྫོགས་པར་སློང་བར་བགྱིད་ཅིང་བསྙེན་པར་མ་རྫོགས་པར་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་སློང་བར་བགྱིད་ཅིང་། བསྙེན་པར་རྫོགས་ཀར་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་སློང་བར་བགྱིད་ཅིང་། བསྙེན་པར་རྫོགས་ནས་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་སློང་བར་བགྱིད་ཅིང་། བསྙེན་པར་རྫོགས་ཀར་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་སློང་བར་བགྱིད་ཅིང་། བསྙེན་པར་རྫོགས་ནས་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ནས་སློང་བར་བགྱིད་ཅིང་། བསྙེན་པར་རྫོགས་ནས་གྲུབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བསྙེན་པར་རྫོགས་ནས་སློང་བར་བགྱིད་ཅིང་། བསྙེན་པར་རྫོགས་པར་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་ལན་བཞི། ལན་ལྔ། ལན་དྲུག་གི་འོག་ཏུ་སློང་བར་བགྱིད་ཅིང་། མཚན་གྱུར་ཏེ་དགེ་སློང་མར་རེད་ནས་ཐོབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མ་ལན་བཞི། ལན་ལྔ། ལན་དྲུག་གི་འོག་ཏུ་སློང་བགྱིད་པ་ལས། མཚན་གྱུར་ཏེ་དགེ་སློང་དུ་རེད་ནས་ཐོབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཆོས་གོས་བསྒྲུབ་པའི་སླད་དུ་ཞལ་ཏ་པ་ལ་ལན་བཞི། ལན་ལྔ། ལན་དྲུག་གི་འོག་ཏུ་སློང་བར་བགྱིད་པ་ལས། ཞལ་ཏ་པ་དེའི་མཚན་གྱུར་ཏེ་བུད་མེད་དུ་རེད་ནས་བླངས་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་ཆོས་གོས་བསྒྲུབ་པའི་སླད་དུ་ཞལ་ཏ་བགྱིད་བ་མོད་ལ་ལན་བཞི། ལན་ལྔ། ལན་དྲུག་གི་འོག་ཏུ་སློང་བར་བགྱིད་པ་ཞལ་ཏ་བགྱིད་པ་མོའི་མཚན་


DKG012_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཏེ་སྐྱེས་པར་རེད་ནས་བླངས་ན། ཅིར་འགྱུར་ལགས། སྤང་པའི་ལྟུང་བྱེད་དུ་འགྱུར་རོ། །དེ་བཞིན་དུ་དགེ་སློང་མ་ལ་ཡང་སྦྱར་བར་བྱའོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཆོས་གོས་བསྒྲུབ་པའི་སླད་དུ་ཞལ་ཏ་བགྱིད་པ་ཟ་མ་ལ་ལན་བཞི། ལན་ལྔ། ལན་དྲུག་གི་འོག་ཏུ་སློང་བར་བགྱིད་ཅིང་། ཆོས་གོས་དེ་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་མ་ནིང་དང་། མ་ནིང་མོ་ལ་ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་དགེ་སློང་གི་དོན་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་རྣམས་ཀྱི་དོན་དུ་ཆོས་གོས་བསྒྲུབ་པའི་སླད་དུ་ལན་བཞི། ལན་ལྔ། ལན་དྲུག་གི་འོག་ཏུ་སློང་བར་བགྱིད་ཅིང་། ཆོས་གོས་དེ་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་ཆོས་གོས་ལ་མ་གཏོགས་པ་དེ་ལས་གཞན་པའི་ཡོ་བྱད་རྣམས་ཀྱི་སླད་དུ་ལན་བཞི། ལན་ལྔ། ལན་དྲུག་གི་འོག་ཏུ་སློང་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་པས་ཆོས་གོས་བསྒྲུབ་པའི་སླད་དུ་ལན་བཞི། ལན་ལྔ། ལན་དྲུག་གི་འོག་ཏུ་སློང་བར་བགྱིད་ཅིང་། ཆོས་གོས་དེ་གྲུབ་ན།ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མས་ཆོས་གོས་བསྒྲུབ་པའི་སླད་དུ་ལན་བཞི། ལན་ལྔ། ལན་དྲུག་གི་འོག་ཏུ་སློང་བར་བགྱིད་ཅིང་། ཆོས་གོས་དེ་གྲུབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ཉེས་བྱས་སུ་བརྗོད་དོ། །སྡོམ་ལ། གཞན་གྱིས་གཞན་གྱི་འཕྲོ་དང་ནི། །ཁྱིམ་པ་ཉིད་དུ་མུ་སྟེགས་འགྲོ། །མི་རུང་བ་དང་མཚན་དང་ནི། །བཞི་ཚན་བདེ་གཤེགས་བདུན་ཚན་ནོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་སྲིན་བལ་གྱི་སྟན་གསར་པ་བྱེད་ན། སྤང་པའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུང་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་གཞན་ལ་སྲིན་བལ་གྱི་སྟན་གསར་པ་བགྱིད་དུ་སྩལ་ན།


DKG012_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཅིར་འགྱུར་ལགས། ཉེས་བྱས་སོ། །གཞན་དག་གི་སླད་དུ་བགྱིད་དུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་གཞན་ལ་སྲིན་བལ་གྱི་སྟན་གསར་པ་བགྱིད་དུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །གཞན་དག་གི་སླད་དུ་བགྱིད་དུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་གཞན་གྱིས་སྲིན་བལ་གྱི་སྟན་བགྱིས་པའི་འཕྲོ་ལགས་པར་བགྱིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མདུན་དུ་ཁྱིམ་པ་ལ་བགྱིད་དུ་སྩལ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། བསླབ་པ་སྩལ་པ་དང་། དང་པོ་མི་མཐུན་པ་ཅན་དང་། སྔར་ལྟུང་བ་བྱུང་བ་དང་། རྐུ་ཐབས་སུ་གནས་པ་དང་། ཐ་དད་དུ་གནས་པ་དང་། གནས་པར་མི་བྱ་བ་ནས་ཁས་ལེན་པའི་བར་ལ་བགྱིད་དུ་སྩལ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་འདི་ལས་ཕྱི་རོལ་པ་གཞན་མུ་སྟེགས་ཅན་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་རྣམས་ལ་སྲིན་བལ་གྱི་སྟན་གསར་པ་བགྱིད་དུ་སྩལ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་འགྲོ་བ་གཞན་དུ་གནས་པ་རྣམས་ལ་སྲིན་བལ་གྱི་སྟན་གསར་བལ་གྱིད་དུ་སྩལ་ན།ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྲིན་བལ་གྱི་སྟན་གསར་པ་བགྱིས་ཀྱང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་སྟན་དེའི་སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང་། རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང་། གཉི་ག་མི་རུང་བར་གྱུར་ནའོ། །མི་རུང་བ་རྔ་བལ་དང་། བ་ལང་གི་སྤུ་དང་། རི་དྭགས་ཀྱི་བལ་དང་། ར་བལ་དང་འདྲེས་པ་རྣམས་ལ་བགྱིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་བལ་ལམ། ཤ་ནའམ། རས་བལ་ལམ། གསོ་བལ་དང་འདྲེས་པ་རྣམས་ལས་བགྱིད་དུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྲིན་བལ་དུལ་མའམ། ཁ་ཆེའི་དར་དང་འདྲེས་པ་ལས་བགྱིད་དུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མ་བཏགས་པ་ལས་བགྱིད་དུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་


DKG012_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

པ་རེ་ཞིག་དགེ་སློང་སྲིན་བལ་གྱི་སྟན་གསར་པ་བགྱིད་དུ་སྩལ་པ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ནས་ལགས་པར་བགྱིད་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མ་སྲིན་བལ་གྱི་སྟན་གསར་པ་བགྱིད་དུ་སྩོལ་པ་ལས། མཚན་གྱུར་ཏེ་དགེ་སློང་དུ་རེད་ནས་ལགས་པར་བགྱིད་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྲིན་བལ་གྱི་སྟན་གསར་པ་ལ་སྲིན་བལ་དུ་འདུ་ཤེས་པས་བགྱིད་དུ་སྩལ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྲིན་བལ་ལ་སྲིན་བལ་མ་ལགས་པར་འདུ་ཤེས་པས་བགྱིད་དུ་སྩལ་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །སྲིན་བལ་མ་ལགས་པ་ལ་སྲིན་བལ་དུ་འདུ་ཤེས་ནས་བགྱིད་དུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །སྲིན་བལ་མ་ལགས་པ་ལ་སྲིན་བལ་མ་ལགས་པར་འདུ་ཤེས་པས་བགྱིད་དུ་སྩལ་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་སྟན་བགྱིད་དུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། སྟན་གྱི་ཚད་ཇི་ཙམ་ལགས། ཉེ་བར་འཁོར། སྟན་གྱི་ཚད་གསུམ་སྟེ། ཆེན་པོ་དང་། འབྲིང་དང་། ཆུང་ངུའོ། །དེ་ལ་ཆེན་པོའི་ཚད་ནི། ཁྲུ་ཕྱེད་དང་ལྔ་པོའི། །ཆུང་དུ་ནི། ཁྲུ་ཕྱེད་དང་གསུམ་པའོ། །དེའི་བར་མ་ནི། འབྲིང་པོའོ། །བཙུན་པ། རེ་ཞིག་བསྙེན་པར་མ་རྫོགས་པར་སྟན་བགྱི་བར་སྦྱོར་བ་བགྱིས་ལ། བསྙེན་པར་མ་རྫོགས་པར་ལགས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཀར་ལགས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ནས་ལགས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཀར་ལགས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ནས་ལགས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ནས་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ནས་ལགས་པར་བགྱིད་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བསྙེན་པར་རྫོགས་ནས་སྦྱོར་བ་བགྱིས་ལ། བསྙེན་པར་མ་རྫོགས་པར་ལགས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་


DKG012_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་སོ།། །།སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། གཞན་ལ་སྙད་འདོགས་བརྒྱུད་པ་དང་། །སྨྱོན་པ་དང་ནི་སེམས་འཁྲུགས་དང་། ཚོར་བ་འོན་པ་གླེན་པའོ། །བཙུན་པ། རེ་ཞིག་དགེ་སློང་གི་ཕོ་ཉ་ལས་སྲིན་བལ་གྱི་སྟན་གསར་པ་བགྱིད་དུ་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་ཡི་གེ་དང་། ལག་བརྡ་དང་། གཞན་ལ་སྙང་འདོགས་པ་དང་། བརྒྱུད་པ་དང་། སྨྱོན་པ་དང་། སེམས་འཁྲུགས་པ་དང་། ཚོར་བས་ཉམ་ཐག་པ་དང་། འོན་པ་དང་། གླེན་པ་ལ་ཅིར་འགྱུར་ལགས། ཉེས་བྱས་སོ། །ཇི་ལྟར་དགེ་སློང་གིས་སྲིན་བལ་གྱི་སྟན་བྱེད་དུ་བཅུག་ན། སྤང་བའི་ལྟུང་བྱེད་དུ་འགྱུར་བ་དེ་བཞིན་དུ་བསླབ་བ་བྱིན་པ་དང་། དགེ་སློང་མ་ལ་ཡང་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི། ཉེས་བྱས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་ལུག་བལ་ནག་པོ་འབའ་ཞིག་གི་སྟན་གསར་པ་བྱེད་ན། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ་ཞེས་བྱ་བ་སྟེ། གཞུང་ལྷག་མ་ནི། སྲིན་བལ་གྱི་སྤང་བའི་ལྟུང་བྱེད་ལ་ཇི་ལྟ་བར་བལ་ནག་པོ་འབའ་ཞིག་པའི་ལྟུང་བྱེད་ལ་ཡང་དེ་ཁོ་ན་བཞིན་དུ་རྒྱས་པར་བརྗོད་དོ། །དེ་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། བཞི་ཚན་ལ། ལུག་བལ་ནག་པོ་འབའ་ཞིག་ལ་ནག་པོ་འབའ་ཞིག་བར་འདུ་ཤེས་པས་གསར་བ་བགྱིད་དུ་སྩོལ་ན། ཞེས་བཞི་ཚན་དུ་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་སྟན་གསར་པ་བྱེད་པས་ཆ་གཉིས་ནི། ལུག་བལ་ནག་པོ་འབའ་ཞིག་ལས་གཞུག་པར་བྱ། གསུམ་པ་ནི། དཀར་བོ་ལས། བཞི་པ་ནི་འཁོབ་བལ་ལས་གཞུག་པར་བྱའོ། །


DKG012_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་དགེ་སློང་གིས་ཆ་གཉིས་ལུག་བལ་ནག་པོ་འབའ་ཞིག་ལས་མ་བཅུག་གམ། གསུམ་པ་དཀར་པོ་ལས། བཞི་པ་འཁོབ་བལ་ལས་མ་བཅུག་པར་སྟན་གསར་པ་བྱེད་ན། སྤང་བའི་ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ་ཞེས་བྱ་བ་སྟེ། གཞུང་ལྷག་མ་ནི། སྲིན་བལ་གྱི་སྤང་བ་ལ་ཇི་ལྟ་བར་ཆ་གཉིས་ཀྱི་སྤང་བ་ལ་ཡང་བརྗོད་པར་བྱའོ། །དེ་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། དགེ་སློང་གིས་ལུག་བལ་དཀར་པོ་དང་། འཁོབ་བལ་ཉུང་བ་ལ་ཡང་ཉུང་བར་འདུ་ཤེས། ལུག་བལ་ནག་པོ་མང་བ་ལ་ཡང་མང་བར་འདུ་ཤེས་པས་སྟན་གསར་པ་བགྱིད་དུ་སྩོལ་ན། །ཞེས་བཞི་ཚན་དུ་བརྗོད་པར་བྱའོ། །གཉི་གར་ཡང་དགེ་སློང་མ་ལ་ནི། ཉེས་བྱས་སུ་བརྗོད་པར་བྱའོ། །སྡོམ་ལ། གཞན་ལས་གཞན་གྱི་འཕྲོ་དང་ནི། ཁྱིམ་པ་མུ་སྟེགས་ཅན་འགྲོ་དང་། །མི་རུང་བ་དང་མཚན་དང་ནི། །བཞི་ཚན་བདེ་གཤེགས་བདུན་ཚན་ནོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་སྟན་གསར་པ་བྱེད་པས་མི་འདོད་བཞིན་དུ་ལོ་དྲུག་ཏུ་བཅང་བར་བྱའོ། །གལ་ཏེ་དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་སྟན་རྙིང་པ་དེ། སྤངས་ཀྱང་རུང་། མ་སྤངས་ཀྱང་རུང་། སྟན་གསར་པ་གཞན་བྱེད་ན། དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་གཞན་ལ་སྟན་གསར་པ་བགྱིད་དུ་སྩལ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །གཞན་གྱི་སླད་དུ་སྟན་གསར་པ་བགྱིད་དུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་གཞན་གྱི་སྟན་འཕྲོ་ལགས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མདུན་དུ་ཁྱིམ་པ་ལ་སྟན་གསར་བ་བགྱིད་དུ་སྩོལ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དེ་བཞིན་དུ་དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་རྣམས་དང་། བསླབ་པ་སྩལ་པ་དང་། དང་པོ་མི་འཐུན་པ་ཅན་དང་། སྔར་ལྟུང་བ་བྱུང་བ་དང་། རྐུ་ཐབས་སུ་གནས་པ་དང་། ཐ་དད་དུ་གནས་པ་དང་། གནས་པར་མི་བྱ་བ་ནས་ཁས་ལེན་པའི་བར་ལ་སྟན་གསར་བ་བགྱིད་དུ་སྩོལ་ན།


DKG012_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་འདི་ལས་ཕྱི་རོལ་པ་གཞན་མུ་སྟེགས་ཅན་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་པ་ལ་སྟན་གསར་པ་བགྱིད་དུ་སྩོལ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་འགྲོ་བ་གཞན་དུ་གནས་པ་དག་ལ་སྟན་གསར་པ་བགྱིད་དུ་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གའི་ལོ་དྲུག་ཚུན་ཆད་དུ་སྟན་གསར་པ་བགྱིད་དུ་སྩལ་ཀྱང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དོ། །འདི་ལྟར་སྟན་དེའི་སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང་། རྒྱུ་རུང་བ་ལ་སྤུན་མི་རུང་བ་དང་། གཉི་ག་མི་རུང་བར་གྱུར་ནའོ། །མི་རུང་བ་རྔ་བལ་དང་། བ་ལང་གི་སྤུ་དང་། རི་དྭགས་ཀྱི་བལ་དང་། ར་བལ་དང་འདྲེས་པ་ལས་བགྱིད་དུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་དགུང་ལོ་དྲུག་ཚུན་ཆད་དུ་སྟན་གསར་པ་བགྱིད་དུ་སྩལ་པ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ནས་ལག་པར་བགྱིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་མ་དགུང་ལོ་དྲུག་ཚུན་ཆད་སྟན་གསར་པ་བགྱིད་དུ་སྩོལ་པ་ལས། མཚན་གྱུར་ཏེ་དགེ་སློང་དུ་རེད་ནས་ལགས་པར་བགྱིད་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགུང་ལོ་དྲུག་ལོན་པ་ལ་ལོན་པར་འདུ་ཤེས་པས་སྟན་གསར་པ་བགྱིད་དུ་སྩལ་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །ལོན་པ་ལ་མ་ལོན་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མ་ལོན་པ་ལ་ལོན་པར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །མ་ལོན་པ་ལ་མ་ལོན་པར་འདུ་ཤེས་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགུང་ལོ་དྲུག་ཚུན་ཆད་དུ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་སྟན་གསར་པ་བགྱིད་དུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། བསྙེན་པར་མ་རྫོགས་པར་དགུང་ལོ་དྲུག་ཚུན་ཆད་དུ་སྟན་གསར་པ་བགྱི་བར་སྦྱོར་བ་བགྱིས་ལ། བསྙེན་པར་མ་རྫོགས་པར་ལགས་བར་


DKG012_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བགྱས་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །ཞེས་བདུན་ཚན་རྒྱས་པར་བརྗོད་པར་བྱའོ།། །།སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། །གཞན་ལ་སྙད་འདོགས་བརྒྱུད་པ་དང་། །སྨྱོན་པ་དང་ནི་སེམས་འཁྲུགས་དང་། །ཚོར་བ་འོན་པ་གླེན་པའོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགུང་ལོ་དྲུག་ཚུན་ཆད་དུ་ཕོ་ཉ་ལས་སྟན་གསར་པ་བགྱིད་དུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་ཡི་གེ་དང་། ལག་བརྡ་དང་། གཞན་ལ་སྙད་འདོགས་པ་དང་། བརྒྱུད་པ་དང་། སྨྱོན་པ་དང་། སེམས་འཁྲུགས་པ་དང་། ཚོར་བས་ཉམ་ཐག་པ་དང་། གླེན་པ་དང་། འོན་པ་ལ་སྟན་གསར་པ་བགྱིད་དུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཇི་ལྟར་དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་སྟན་གསར་པ་བྱས་ན། སྤང་བའི་ལྟུང་བྱེད་དུ་འགྱུར་བ་དེ་བཞིན་དུ་བསླབ་པ་བྱིན་པ་ལ་ཡང་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མ་ལ་ནི། ཉེས་བྱས་སོ། །དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི། ཉེས་བྱས་སུ་བརྗོད་པར་བྱའོ། །སྡོམ་ལ། གཞན་ལས་གཞན་གྱི་འཕྲོ་དང་ནི། །ཁྱིམ་པ་མུ་སྟེགས་འགྲོ་བ་དང་། །མི་རུང་བ་དང་མཚན་དང་ནི། །དེ་བཞིན་བཞི་ཚན་བདུན་ཚན་ནོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གདིང་བ་གསར་པ་བྱེད་པས། གསར་པ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར་གདིང་བ་རྙིང་བ་བདེ་བར་གཤེགས་པའི་མཐོ་གང་འཁོར་བས་གླན་པར་བྱའོ། །གལ་ཏེ་དགེ་སློང་གིས་ཁ་དོག་གསར་པ་མི་སྡུག་པར་བྱ་བའི་ཕྱིར་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བས་མ་གླན་པར་གདིང་བ་གསར་པ་སྤྱོད་ན། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་བདེ་བར་གཤེགས་པའི་མཐོར་སོར་གཅིག་གམ། སོར་ཕྱེད་ཀྱིས་མི་འཚལ་བར་གཞན་ཞིག་ལས་གདིང་བ་གསར་པ་བགྱིད་དུ་སྩོལ་ཅིང་སྤྱོད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །གཞན་གྱི་སླད་དུ་གདིང་བ་གསར་པ་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །གཞན་གྱི་འཕྲོ་ལགས་པར་བགྱིད་དེ་སྤྱོད་ན་ཅིར་


DKG012_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལགས། ཉེས་བྱས་སོ། །མདུན་དུ་ཁྱིམ་པ་ལ་གདིང་བ་གསར་པ་བགྱིད་དུ་སྩོལ་ཅིང་སྤྱོད་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དེ་བཞིན་དུ་དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། བསླབ་པ་སྩལ་བ་དང་། དང་པོ་མི་མཐུན་པ་ཅན་དང་། སྔར་ལྟུང་བ་བྱུང་བ་དང་། རྐུ་ཐབས་སུ་གནས་པ་དང་། ཐ་དད་དུ་གནས་པ་དང་། གནས་པར་མི་བྱ་བ་ནས་ཁས་ལེན་པའི་བར་གདིང་བ་གསར་པ་བགྱིད་དུ་སྩོལ་ཅིང་སྤྱོད་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་འདི་ལས་ཕྱི་རོལ་པ་གཞན་མུ་སྟེགས་ཅན་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་ལ་གདིང་བ་གསར་པ་བགྱིད་དུ་སྩོལ་ཅིང་སྤྱོད་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །འགྲོ་བ་གཞན་དུ་གནས་པ་རྣམས་ལ་གདིང་བ་གསར་པ་བགྱིད་དུ་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་བདེ་བར་གཤེགས་པའི་མཐོར་སོར་གཅིག་གམ། སོར་ཕྱེད་ཀྱིས་མི་འཚལ་བར་གདིང་བ་གསར་པ་བགྱིད་དུ་སྩོལ་ཅིང་སྤྱོད་ཀྱང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་གདིན་བ་གསར་པ་དེའི་སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང་། སྤུན་མི་རུང་བར་གྱུར་པ་ལ་རྒྱུ་རུང་བ་དང་། གཉི་ག་མི་རུང་བར་གྱུར་ནའོ། །མི་རུང་བ་ནི། རྡ་བལ་དང་། བ་ལང་གི་སྤུ་དང་། རི་དྭགས་ཀྱི་བལ་དང་། ར་བལ་དང་འདྲེས་པ་དང་། མ་བཏགས་པ་སྟེ། དེ་ལྟ་བུའི་གདིང་བ་གསར་པ་བྱེད་དུ་འཇུག་ཅིང་སྤྱོད་ན། ཉེས་བྱས་སུ་འགྱུར་རོ།། །།འདུལ་བ་གཞུང་བླ་མ། བམ་པོ་དྲུག་པ། བཙུན་པ། རེ་ཞིག་དགེ་སློང་བདེ་བར་གཤེགས་པའི་མཐོར་སོར་གཅིག་གམ། སོར་ཕྱེད་ཀྱིས་མི་འཚལ་བར་གདིང་བ་གསར་བ་བགྱིད་དུ་སྩོལ་བ་ལས། མཚན་འགྱུར་ཏེ་དགེ་སློང་མར་རེད་ནས་སྤྱོད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་མ་བདེ་བར་གཤེགས་པའི་མཐོར་སོར་གཅིག་གམ། སོར་ཕྱེད་ཀྱིས་མི་འཚལ་བར་གདིང་བ་གསར་པ་བགྱིད་དུ་སྩོལ་བ་ལས། མཚན་འགྱུར་ཏེ་དགེ་སློང་དུ་རེད་ནས་སྤྱོདན་ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་


DKG012_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་བདེ་བར་གཤེགས་པའི་མཐོ་གང་དུ་མི་འཚལ་བ་ལ་མི་འཚལ་བར་འདུ་ཤེས་པས་གླན་ཏེ་གདིང་བ་གསར་པ་སྤྱད་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །མི་འཚལ་བ་ལ་ལྷག་པར་འདུ་ཤེས་པ་གླན་ཏེ་སྤྱད་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །ལྷག་པ་ལ་མི་འཚལ་བར་འདུ་ཤེས་པས་གླན་ཏེ་སྤྱད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ལྷག་པ་ལ་ལྷག་པར་འདུ་ཤེས་པས་གླན་ཏེ་སྤྱད་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་བསྙེན་པར་མ་རྫོགས་པར་བདེ་བར་གཤེགས་པའི་མཐོར་སོར་གཅིག་གམ། སོར་ཕྱེད་ཀྱིས་མི་འཚལ་བར་གདིང་བ་གསར་པ་བགྱིད་དུ་སྩལ་བའི་སྦྱོར་བར་བགྱིས་ལ། བསྙེན་པར་མ་རྫོགས་པར་བགྱིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་པར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཀར་ལགས་པར་བགྱིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ནས་ལགས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཀར་ལགས་པར་བགྱིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ནས་ལགས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ནས་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ནས་ལགས་པར་བགྱིད་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བསྙེན་པར་རྫོགས་ནས་སྦྱོར་བ་བགྱིས་ལ། བསྙེན་པར་མ་རྫོགས་པར་ལགས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། །གཞན་ལ་སྙད་འདོགས་བརྒྱུད་པ་དང་། །སྨྱོན་པ་དང་ནི་སེམས་འཁྲུགས་དང་། །ཆོས་པ་འོན་པ་གླེན་པའོ། །བཙུན་པ། རེ་ཞིག་དགེ་སློང་གིས་བདེ་བར་གཤེགས་པའི་མཐོར་སོར་གཅིག་གམ། སོར་ཕྱེད་ཀྱིས་མི་འཚལ་པར་ཕོ་ཉ་ལས་གདིང་བ་གསར་པ་བགྱིད་དུ་སྩལ་ཅིང་སྤྱོད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་ཡི་གེ་དང་། ལག་བརྡ་དང་། །གཞན་ལ་སྙད་


DKG012_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

འདོགས་པ་དང་། བརྒྱུད་པ་དང་། སྨྱོན་པ་དང་། སེམས་འཁྲུགས་པ་དང་། ཚོར་བས་ཉམ་ཐག་པ་དང་། གླེན་པ་དང་། འོན་པ་ལ་གདིང་པ་གསར་པ་བགྱིད་དུ་སྩོལ་ཅིང་སྤྱོད་ན། ཅིར་འགྱུར་ལགས། ཉེས་བྱས་སོ།། ཇི་ལྟར་དགེ་སློང་གིས་གདིང་བ་གསར་པ་བྱེད་དུ་འཇུག་ཅིང་སྤྱོད་ན། སྤང་བའི་ལྟུང་བྱེད་དུ་འགྱུར་པ་ལྟར་བསླབ་པ་བྱིན་པ་ལ་ཡང་དེ་དང་འདྲའོ། །དགེ་སློང་མ་ནི། ཕྱེད་དུ་འཇུག་ཅིང་སྤྱོད་ན། ཉེས་བྱས་སོ། །དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི། ཉེས་བྱས་སོ། །སྡོམ་ལ། ནམ་མཁའ་རྫུ་འཕྲུལ་སྤྲུལ་པ་དང་། དེ་བཞིན་སྔགས་རྣམས་གཞན་གསུམ་དང་། །མི་རུང་གཉིས་ཆན་མཚན་དང་ནི། །བཞི་ཚན་པ་ནི་ཐ་མ་ཡིན། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་ལམ་དུ་ཞུགས་པས། ལུག་བལ་དག་རྙེད་ལ་འདོད་ན། དགེ་སློང་དེས་བླང་པར་བྱའོ། །བླངས་ནས་འཁྱེར་བ་མེད་ན། དཔག་ཚད་གསུམ་གྱི་མཐའི་བར་དུ་བདག་ཉིད་ཀྱིས་བཀུར་བར་བྱའོ། །དེ་ལས་འདས་པར་ཁྱེར་ན། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་དཔག་ཚད་གསུམ་ལས་འདས་པར་ནམ་མཁའ་ལས་ལུག་བལ་འཚལ་ནི། ཅིར་འགྱུར་ལགས། རྫུ་འཕྲུལ་གྱིས་ཁྱེར་ན། ལྟུང་བ་མེད་དོ། །འོན་ཏེ་རྣམ་པ་གཞན་གྱིས་ཁྱེར་ན། ཉེས་བྱས་སུ་འགྱུར་རོ། །རུང་བ་བགྱིད་པ་སྤྲུལ་པས་དཔག་ཚད་གསུམ་ལས་འདས་པར་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་གསང་སྔགས་སམ། སྨན་གྱིས་བདག་ཉིད་མི་གདའ་བར་བགྱིས་ཏེ་དཔག་ཚད་གསུམ་ལས་འདས་པར་ལུག་བལ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །གཞན་གྱི་སླད་དུ་དཔག་ཚད་གསུམ་ལས་འདས་པར་ལུག་བལ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །གཞན་ལས་དཔག་ཚད་གསུམ་ལས་འདས་པར་ལུག་བལ་བཀུར་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དཔག་ཚད་གསུམ་ལས་འདས་པར་ལུག་བལ་


DKG012_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ཀྱང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་དགེ་སློང་ལམ་དུ་ཞུགས་པ་ཞིག་གིས་ལུག་བལ་དག་རྙེད་ནས་དེ་དག་དཔག་ཚད་གསུམ་གྱི་བར་དུ་བདག་ཉིད་ཀྱིས་ཁྱེར་བ་ལས། དེས་ཡང་ལུག་བལ་གཞན་ཞིག་རྙེད་ནས་དེས་སྔ་མ་བོར་ཏེ་ཕྱི་མ་ཁྱེར་ནས་འགྲོ་ནའོ། །བཙུན་པ། རེ་ཞིག་དགེ་སློང་གིས་ལུག་བལ་མ་གཏོགས་པ་དེས་ལས་གཞན་མི་རུང་བ་རྔ་བལ་དང་། བ་ལང་གི་སྤུ་དང་། རི་དྭགས་ཀྱི་བལ་དང་། ར་བལ་དང་འདྲེས་པ་དཔག་ཚད་གསུམ་ལས་འདས་པར་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ལུག་བལ་དཔག་ཚད་གསུམ་ལས་འདས་པར་འཚལ་བ་ལས། མཚན་འགྱུར་ཏེ་དགེ་སློང་མར་རེད་ནས་མཚམས་ལས་འདས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་མས་ལུག་བལ་དཔག་ཚད་གསུམ་ལས་འདས་པར་འཚལ་བ་ལས། མཚན་འགྱུར་ཏེ། དགེ་སློང་དུ་རེད་ནས་མཚམས་ལས་འདས་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་ལུག་བལ་དཔག་ཚད་གསུམ་ལས་འདས་པ་ན། རྒྱང་གྲགས་ལ་རྒྱང་གྲགས་སུ་འདུ་ཤེས་པས་འཚལ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །རྒྱང་གྲགས་ལ་རྒྱང་གྲགས་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །རྒྱང་གྲགས་མ་ལགས་པ་ལ་རྒྱང་གྲགས་སུ་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །རྒྱང་གྲགས་མ་ལགས་པ་ལ་རྒྱང་གྲགས་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ།། །།སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། །གཞན་ལ་སྙད་འདོགས་བརྒྱུད་པ་དང་། །སྨྱོན་པ་དང་ནི་སེམས་འཁྲུགས་དང་། །ཚོར་བ་འོན་པ་གླེན་པའོ། །བཙུན་པ། རེ་ཞིག་དགེ་སློང་གིས་ལུག་བལ་དཔག་ཚད་གསུམ་ལས་འདས་པར་ཕོ་ཉ་ལས་བཀུར་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་ཡི་གེ་དང་། ལག་བརྡ་དང་། གཞན་ལ་སྙད་འདོགས་པ་དང་། བརྒྱུད་པ་དང་། སྨྱོན་པ་དང་། སེམས་འཁྲུགས་པ་དང་། ཚོར་བས་ཉམ་ཐག་པ་དང་། གླེན་པ་དང་། འོན་པ་ལ་དཔག་ཚད་གསུམ་ལས་འདས་པར་ལུག་བལ་


DKG012_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བཀུར་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཇི་ལྟར་དགེ་སློང་གིས་ལུག་བལ་དཔག་ཚད་གསུམ་ལས་འདས་པར་ཁྱེར་ན། སྤང་བའི་ལྟུང་བྱེད་དུ་འགྱུར་བ་དེ་བཞིན་དུ་བསླབ་པ་བྱིན་པ་ལ་ཡང་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མ་དང་། དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དག་སྔར་ལྟུང་བ་བྱུང་པ་ལ་སོགས་པ་ལ་ནི། ཉེས་བྱས་སོ། །སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། གཞན་ལ་སྙད་འདོགས་བརྒྱུད་པ་དང་། སྨྱོན་པ་དང་ནི་སེམས་འཁྲུགས་དང་། །ཚོར་བ་འོན་པ་གླེན་པ་འོ། །ཁྱིམ་པ་དག་ལ་སོགས་པ་སྟེ། །བསླབ་པ་བྱིན་པ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ལུག་བལ་འཁྲུར་འཇུག་གམ། འཚེད་དུ་འཇུག་གམ། རྨེད་དུ་འཇུག་ན། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གི་ཕོ་ཉ་ལས་དགེ་སློང་མ་ཉེ་དུ་མ་ལགས་པ་ལ་ལུག་བལ་འཁྲུར་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་ཡི་གེ་དང་། ལག་བརྡ་དང་། གཞན་ལ་སྙད་འདོགས་པ་དང་། བརྒྱུད་པས་དགེ་སློང་མ་ཉེ་དུ་མ་ལགས་པ་ལ་ལུག་བལ་འཁྲུར་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ལགས་པ་སྨྱོན་མ་ལ་ལུག་བལ་འཁྲུར་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་མ་ཉེ་དུ་མ་ལགས་པ་སེམས་གཡེང་བ་དང་། ཚོར་པས་ཉམ་ཐག་པ་དང་། གླེན་མ་དང་། འོན་མ་ལ་ལུག་བལ་འཁྲུར་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཁྱིམ་པ་མོ་ཉེ་དུ་མ་ལགས་པ་ལ་ལུག་བལ་འཁྲུར་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་ཁས་ལེན་པ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། མ་འགུམས་པ་དང་། ཕ་འགུམས་པ་དང་། དགྲ་བཅོམ་པ་འགུམས་པ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་ཞུགས་པ་དང་། རྐུ་ཐབས་


DKG012_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གནས་པ་དང་། གནས་པར་མི་བྱ་བ་དང་། དང་པོ་མི་མཐུན་པ་ཅན་ལ་ལུག་བལ་འཁྲུར་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་དགེ་འདུན་གྱིས་དབྱེན་བགྱིས་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། ཐ་དད་དུ་གནས་པ་དང་། བསླབ་པ་སྩལ་པ་ལ་ལུག་བལ་འཁྲུར་སྩོལ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་པས་དགེ་སློང་མ་ཉེ་དུ་མ་ལགས་པ་ལ་ལུག་བལ་འཁྲུར་སྩོལ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། །།སྡོམ་ལ།བསྒྲུབ་བྱ་ཤས་ཙམ་བཀྲུས་པ་དང་། །དགེ་འདུན་གྱི་དང་མཚན་གཉིས་དང་། མི་རུང་བ་དང་སྤངས་པ་དང་། །དེ་བཞིན་དུ་ནི་གཉེན་ཉིད་དང་། །བཞི་ཚན་དག་ཏུ་བྱས་པ་དང་། །དགེ་སློང་མ་ནི་ཐ་མ་ཡིན། །བཙུན་པ། རེ་ཞིག་དགེ་སློང་མ་ཉེ་དུ་མ་ལགས་པ་ལ་ལུག་བལ་བསྒྲུབ་པར་བགྱི་བ་ཞིག་འཁྲུར་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དགེ་སློང་མ་ཉེ་དུ་མ་ལགས་པ་ལ་ལུག་བལ་ཤས་ཙམ་བཀྲུས་པ་ཞིག་འཁྲུར་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་འདུན་གྱི་ལུག་བལ་འཁྲུར་སྩོལ་ན། ཅིར་འགྱུར་ལགས། གལ་ཏེ་གང་ཟག་གིར་ཡོངས་སུ་སྤྱད་པས་ཡོངས་སུ་སྤྱད་དེ་དྲི་མ་ཅན་དུ་བྱས་པ་ཞིག་ན། ཉེས་བྱས་སུ་འགྱུར་རོ། །འོན་ཏེ་གནས་མལ་གྱི་དངོས་པོ་ཞིག་འཁྲུར་བཅུག་ན་ནི། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ལགས་པ་ལ་ལུག་བལ་འཁྲུར་སྩོལ་བ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་མས་དགེ་སློང་མ་ཉེ་དུ་མ་ལགས་པ་ལ་ལུག་བལ་འཁྲུར་སྩོལ་བ་ལས། མཚན་གྱུར་ཏེ་དགེ་སློང་དུ་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ལགས་པ་ལ་ལུག་བལ་འཁྲུར་འཇུག་ན། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ལགས་པ་ལ་ལུག་བལ་


DKG012_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུར་སྩོལ་ཀྱང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། མི་རུང་བ་དང་འདྲེས་པ་འཁྲུར་འཇུག་པ་སྟེ། མི་རུང་བ་རྔ་བལ་དང་། བ་ལང་གི་སྤུ་དང་། རི་དྭགས་ཀྱི་བལ་དང་། ར་བལ་དང་འདྲེས་བ་ཞིག་འཁྲུར་བཅུག་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྤངས་པའི་ལུག་བལ་འཁྲུར་སྩོལ་ན། ཅིར་འགྱུར་ལགས། གལ་ཏེ་མ་སྤངས་པ་ཞིག་ཡིན་ན། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །འོན་ཏེ་སྤངས་པ་ཞིག་ཡིན་ན་ནི། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་གཞན་གྱི་ལུག་བལ་ཞིག་འཁྲུར་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་བསྙེན་པར་མ་རྫོགས་པར་ལུག་བལ་འཁྲུར་སྩོལ་བའི་སྦྱོར་བ་བགྱིས་ལ། བསྙེན་པར་མ་རྫོགས་པར་ལགས་པར་བགྱིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་པར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཀར་ལགས་པར་བགྱིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་སྦྱོར་བ་བགྱིས་ལ་བསྙེན་པར་རྫོགས་ནས་ལགས་པར་བགྱིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་སྦྱོར་བ་བགྱིས་ལ་བསྙེན་པར་རྫོགས་ཀར་ལགས་པར་བགྱིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་སྦྱོར་བ་བགྱིས་ལ་བསྙེན་པར་རྫོགས་ནས་ལགས་པར་བགྱིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ནས་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ནས་ལགས་པར་བགྱིས་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བསྙེན་པར་རྫོགས་ནས་སྦྱོར་བ་བགྱིས་ལ། བསྙེན་པར་མ་རྫོགས་པར་ལགས་པར་བགྱིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ལགས་པ་ལ་ཉེ་དུ་མ་ལགས་པར་འདུ་ཤེས་པས་ལུག་བལ་འཁྲུར་སྩོལ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཉེ་དུ་མ་ལགས་པ་ལ་ཉེ་དུར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །ཉེ་དུ་ལ་ཉེ་དུ་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཉེ་དུ་ལ་ཉེ་དུར་འདུ་


DKG012_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་པས་ལུག་བལ་དེ་འཁྲུར་སྩོལ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མ་བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན་།ཅིར་འགྱུར་ལགས། ཉེས་བྱས་སོ། །དགེ་སློང་གིས་ཉེ་དུ་མ་ལགས་པ་དགེ་སློབ་མ་དང་། དགེ་ཚུལ་དང་། ཁྱིམ་པ་མོ་དང་། གཞན་མུ་སྟེགས་ཅན་དང་། དགེ་སྦྱོང་དང་།བྲམ་ཟེ་དང་། སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་རྣམས་དང་། འགྲོ་བ་གཞན་དུ་གནས་པ་རྣམས་ལ་འཁྲུར་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དགེ་སློང་མས་དགེ་སློང་དང་། དགེ་ཚུལ་དང་། འདི་ལས་ཕྱི་རོལ་པ་གཞན་མུ་སྟེགས་ཅན་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་པ་དང་། ཀུན་ཡཏུ་རྒྱུ་རྣམས་དང་། འགྲོ་བ་གཞན་དུ་གནས་པ་རྣམས་ལ་འཁྲུར་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཁྱིམ་པ་དང་། ཁྱིམ་པ་མོ་ལ་འཁྲུར་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ཉེས་བྱས་ཏེ། དེ་བཞིན་དུ་འཚོད་པ་དང་། རྨེད་པ་ལ་ཡང་བརྗོད་པར་བྱའོ། །སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། །གཞན་ལ་སྙད་འདོགས་བརྒྱུད་པ་དང་། །སྨྱོན་མ་དང་ནི་སེམས་འཁྲུགས་དང་། །ཚོར་བ་འོན་པ་འགྲོ་བའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་རང་གི་ལག་གིས་གསེར་དང་། དངུལ་ལེན་ཏམ། ལེན་དུ་འཇུག་ན། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་ཕོ་ཉ་ལས་གསེར་དང་། དངུལ་ལེན་དུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་ཡི་གེ་དང་། ལག་


DKG012_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བརྡ་དང་། གཞན་ལ་སྙད་འདོགས་པ་དང་། བརྒྱུད་པས་གསེར་དང་། དངུལ་ལེན་དུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྨྱོན་པ་གསེར་དང་། དངུལ་ལེན་དུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ཚོར་བས་ཉམ་ཐག་པ་དང་། གླེན་པ་དང་། འོན་པ་དང་། འགྲོ་བ་གཞན་དུ་གནས་པ་གསེར་དང་། དངུལ་ལེན་དུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །སྡོམ་ལ། ལྐོག་དང་མཚན་དང་མ་ཤ་དང་། །བཞི་ཚན་བདུན་ཚན་དབེན་པ་དང་། ཁྱིམ་པ་ལ་སོགས་ལུས་དང་སྐད། །ལེན་དང་གཞན་གྱི་དགེ་སློང་མ། །བཙུན་པ། དགེ་སློང་གིས་གསེར་དངུལ་བླངས་ཀྱང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ།ལྐོག་གི་ཕྱོགས་ནས་ལེན་དུ་འཇུག་པའམ། ཡོ་བྱད་གཞན་དུ་འདུ་ཤེས་ནའོ། །བཙུན་པ། རེ་ཞིག་དགེ་སློང་གསེར་དང་། དངུལ་ལེན་པ་ལས། མཚན་འགྱུར་ཏེ་དགེ་སློང་མར་རེད་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མ་གསེར་དང་། དངུལ་ལེན་པ་ལས། མཚན་འགྱུར་ཏེ་དགེ་སློང་དུ་རད་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མ་གསེར་གྱི་མ་ཤའམ། དངུལ་གྱི་མ་ཤ་ལེན་ནམ། ལེན་དུ་སྩོལ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་འཁར་བའི་མ་ཤའམ། ཟངས་ཀྱི་མ་ཤ་ལེན་ནམ། ལེན་དུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་གསེར་དང་དངུལ་ལ་གསེར་དང་དངུལ་དུ་འདུ་ཤེས་ཏེ་བླངས་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །གསེར་དང་དངུལ་ལ་གསེར་དང་དངུལ་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །གསེར་དང་དངུལ་མ་ལགས་པ་ལ་གསེར་དང་དངུལ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །གསེར་དང་དངུལ་མ་ལགས་པ་ལ་གསེར་དང་དངུལ་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ་རེ་ཞིག་བསྙེན་པར་མ་


DKG012_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་གསེར་དང་དངུལ་ལེན་པའི་སྦྱོར་བ་བགྱིས་ལ། བསྙེན་པར་མ་རྫོགས་པར་བླངས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཀར་བླངས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ནས་བླངས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཀར་བླངས་པ། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ནས་བླངས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ནས་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ནས་བླངས་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བསྙེན་པར་རྫོགས་ནས་སྦྱོར་བ་བགྱིས་ལ། བསྙེན་པར་མ་རྫོགས་པར་བླངས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དབེན་པ་ལ་དབེན་པར་འདུ་ཤེས་པས། གསེར་དང་དངུལ་བླང་བར་བསྐོ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དབེན་པ་ལ་མི་དབེན་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་དབེན་པ་ལ་དབེན་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་དབེན་པ་ལ་མི་དབེན་པར་འདུ་ཤེས་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་གསེར་དང་དངུལ་མངོན་སུམ་དུ་ཁྱིམ་པ་ལེན་དུ་སྩལ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དེ་བཞིན་དུ་ཟ་མ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། མ་འགུམས་པ་དང་། ཕ་འགུམས་པ་དང་། དགྲ་བཅོམ་པ་འགུམས་པའམ། དགེ་འདུན་གྱིས་དབྱེན་བགྱིས་པའམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་ཞུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། ཐ་དད་དུ་གནས་པ་དང་། གནས་པར་མི་བགྱི་བ་དང་། ཁས་ལེན་པ་དང་། དང་པོ་མི་མཐུན་པ་ཅན་དང་། སྔར་ལྟུང་བ་བྱུང་བ་དང་། བསླབ་པ་སྩལ་བ་གསེར་དང་དངུལ་མངོན་སུམ་དུ་ལེན་དུ་སྩལ་ན། ཅིར་འགྱུར་ལགས།


DKG012_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་གསེར་དང་དངུལ་ལེན་དུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དབུས་པའི་དགེ་སློང་གིས་མཐའ་འཁོབ་ཀྱི་སྐད་དུ་དབུས་པ་ལ་གསེར་དང་དངུལ་ལེན་དུ་སྩལ་ལ། དབུས་པས་ཀྱང་མཐའ་འཁོབ་ཀྱི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མཐའ་འཁོབ་པས་དབུས་པའི་སྐད་དུ་མཐའ་འཁོབ་པ་ལ་གསེར་དང་དངུལ་ལེན་དུ་སྩལ་ལ། མཐའ་འཁོབ་པས་ཀྱང་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དབུས་པ་ལ་གསེར་དང་དངུལ་ལེན་དུ་སྩལ་ལ། དབུས་པས་ཀྱང་མཐའ་འཁོབ་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དབུས་པས་དབུས་པའི་སྐད་དུ་མཐའ་འཁོབ་པ་ལ་གསེར་དང་དངུལ་ལེན་དུ་སྩལ་ལ། མཐའ་འཁོབ་པས་ཀྱང་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་རང་གི་ལག་གི་གསེར་དང་དངུལ་ལེན་ནམ། ལེན་དུ་སྩལ་ཀྱང་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་གསེར་དང་དངུལ་ལེན་པ་ན། རང་གིར་བྱེད་པའི་སེམས་མི་བསྐྱེད་ཅིང་མི་རུང་བའི་དངོས་པོ་ལས། རུང་བའི་དངོས་པོ་གཞན་ཞིག་རང་གིར་བྱའོ། །ཞེས་ཚིག་ཏུ་སྨྲའོ། །བཙུན་པ། རེ་ཞིག་དགེ་སློང་གིས་གཞན་གྱི་སླད་དུ་གསེར་དང་དངུལ་ལེན་ནམ། ལེན་དུ་སྩལ་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་མས་གསེར་དང་དངུལ་ལེན་ནམ། ལེན་དུ་སྩལ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་པས་རང་གི་ལག་གིས་གསེར་དང་དངུལ་ལེན་ནམ། ལེན་དུ་སྩལ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློབ་མས་རང་གིས་གསེར་དང་དངུལ་ལེན་ནམ། ལེན་དུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དགེ་ཚུལ་དང་། དགེ་ཚུལ་མ་ལ་ནི། ལྟུང་བ་མེད་དོ། །སྔར་ལྟུང་བ་བྱུང་བ་


DKG012_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ལ་ནི། ཉེས་བྱས་སོ།། །།སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། །གཞན་ལ་སྙད་འདོགས་བརྒྱུད་པ་དང་། །སྨྱོན་པ་དང་ནི་སེམས་འཁྲུགས་དང་། ཚོར་བ་འོན་པ་འགྲོ་བའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་མངོན་མཚན་ཅན་གྱི་སྤྱོད་པ་རྣམ་པ་སྣ་ཚོགས་བྱེད་ན། སྤང་བའི་ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས། བཙུན་པ། རེ་ཞིག་དགེ་སློང་གིས་ཕོ་ཉ་ལས་མངོན་མཚན་ཅན་གྱི་སྤྱོད་པ་རྣམ་པ་སྣ་ཚོགས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་ཏེ། དེ་བཞིན་དུ་ཡི་གེ་དང་། ལག་བརྡ་དང་། གཞན་གྱི་སླད་དུ། གཞན་ལ་སྙད་འདོགས་པ་དང་། བརྒྱུད་པ་ལ་ཡང་བརྗོད་པར་བྱའོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྨྱོན་པ་དང་ལྷན་ཅིག་མངོན་མཚན་གྱི་སྤྱོད་པ་རྣམ་པ་སྣ་ཚོགས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ཚོར་བས་ཉམ་ཐག་པ་དང་། འོན་པ་དང་། གླེན་པ་དང་། འགྲོ་བ་གཞན་དུ་གནས་པ་རྣམས་དང་ལྷན་ཅིག་མངོན་མཚན་ཅན་གྱི་སྤྱོད་པ་རྣམ་པ་སྣ་ཚོགས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །སྡོམ་ལ། མཚན་དང་བཞི་ཚན་ཁོ་ན་དང་། །བདུན་ཚན་དང་ནི་གཞན་ཕྱིར་དང་། །བསླབ་དང་ཉེ་དུ་འདྲ་བ་དང་། །དགེ་སློང་མ་ནི་ཐ་མ་ཡིན། །བཙུན་པ། རེ་ཞིག་དགེ་སློང་མངོན་མཚན་ཅན་གྱི་སྤྱོད་པ་རྣམ་པ་སྣ་ཚོགས་བགྱིད་པ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ནས་རྙེད་པ་གྲུབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མངོན་མཚན་ཅན་གྱི་སྤྱོད་པ་སྣ་ཚོགས་བགྱིད་པ་ལས། མཚན་གྱུར་ཏེ་དགེ་སློང་དུ་རེད་ནས་རྙེད་པ་གྲུབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་མི་ལ་མིར་འདུ་ཤེས་པས་མངོན་མཚན་ཅན་གྱི་སྤྱོད་པ་རྣམ་པ་སྣ་ཚོགས་བགྱིད་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །མི་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་མ་ལགས་པ་ལ་མིར་འདུ་


DKG012_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་བསྙེན་པར་མ་རྫོགས་པར་མངོན་མཚན་ཅན་གྱི་སྤྱོད་པ་རྣམ་པ་སྣ་ཚོགས་ཀྱི་སྦྱོར་པ་བགྱིས་ལ། བསྙེན་པར་མ་རྫོགས་པ་ལགས་པ་བགྱིས་ན། ཅིར་འགྱུར་ལགས། །ཉེས་བྱས་སོ། །བསྙེན་པར་མ་རྫོགས་སྤར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཀར་ལགས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་པར་ལགས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། བསྙེན་པར་རྫོགས་ཀར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཀར་ལགས་པར་བགྱིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ནས་ལགས་པར་བགྱིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ནས་སྦྱོར་བ་བགྱིས་ལ་བསྙེན་པར་རྫོགས་ནས་ལགས་པར་བགྱིས་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བསྙེན་པར་རྫོགས་ནས་སྦྱོར་བ་བགྱིས་ལ་བསྙེན་པར་མ་རྫོགས་པར་ལགས་པར་བགྱིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་གཞན་གྱི་སླད་དུ་མངོན་མཚན་ཅན་གྱི་སྤྱོད་པ་རྣམ་པ་སྣ་ཚོགས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་པ་མངོན་མཚན་གྱི་སྤྱོད་པ་རྣམ་པ་སྣ་ཚོགས་བགྱིད་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། ཉེ་དུ་དང་ལྷན་ཅིག་མངོན་མཚན་ཅན་གྱི་སྤྱོད་པ་རྣམ་པ་སྣ་ཚོགས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་མངོན་མཚན་ཅན་གྱི་སྤྱོད་པ་རྣམ་པ་སྣ་ཚོགས་བགྱིས་ཀྱང་ལྟུང་བར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། །འདྲ་བས་འདྲ་བ་བརྗོད་ན། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་དགེ་སློང་མ་མངོན་མཚན་ཅན་གྱི་སྤྱོད་པ་རྣམ་པ་སྣ་ཚོགས་བགྱིད་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། སྔར་ལྟུང་བ་བྱུང་བ་ལ་སོགས་


DKG012_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཉེས་བྱས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་ཉོ་ཚོང་རྣམ་པ་སྣ་ཚོགས་བྱེད་ན། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ་ཞེས་བྱ་བ་སྟེ། གཞུང་ལྷག་མ་ནི། མངོན་མཚན་ཅན་གྱི་སྤྱོད་པ་ལ་བཤད་པ་ཇི་ལྟ་བ་དེ་བཞིན་དུ་ཉོ་ཚོང་འདི་ལ་ཡང་རྒྱས་པར་བརྗོད་པར་བྱའོ།། །།སྡོམ་ལ། དེ་ཉིད་ཉམས་དང་ཡུལ་གཞན་དང་། །མུ་སྟེགས་སོ་བཏང་མིན་དཀར་དང་། །སྨོན་པ་མཚན་དང་ཕོ་ཉ་དང་། །ཡོད་དང་འཚོ་བ་དགེ་སློང་མ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ལྷུང་བཟེད་ལྷག་པ་ཞག་བཅུའི་བར་དུ་བཅང་བར་བྱའོ། །དེ་ལས་འདས་པར་འཆང་ན། ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་པ། བཙུན་པ། ལྷུང་བཟེད་དེ་ཉིད་བཅངས་ན་ཡང་ལྟུང་བར་ཡང་འགྱུར་ལ། དེ་ཉིད་བཅངས་ན་ལྟུང་བར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་དགེ་སློང་ལྷུང་བཟེད་ཆེན་པོ་འཆང་བ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ནས་བཅངས་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྤང་བའི་ལྷུང་བཟེད་ཉམས་ན། ལྟུང་བ་བཤགས་པར་བགྱི་ལགས་སམ། ཉེ་བར་འཁོར། བཤགས་པར་བྱའོ། །ལྟུང་བཤགས་ནས་སླར་རྙེད་ན་སྤང་བར་བགྱིའམ། ཉེ་བར་འཁོར། མ་ཡིན་ནོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ལྷུང་བཟེད་ལྷག་པ་ཞག་བཅུའི་བར་དུ་བཅང་བར་བྱའོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། དགེ་སློང་གིས་ལྷུང་བཟེད་ལྷག་པ་དགུང་བཅུའི་བར་བས་ཐལ་བར་བཅངས་ལ། འདི་ལས་ལྷུང་བར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་དགེ་སློང་གིས་ཡུལ་གཞན་ནས་དགེ་སློང་ཞིག་ལ་དགེ་སློང་གི་ལག་ཏུ་ལྷུང་བཟེད་ཅིག་བསྐུར་ན། དེས་ལྷུང་བཟེད་དེ་ཡུན་ཤིན་ཏུ་རིང་པོར་བཅངས་ཀྱང་ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་མུ་སྟེགས་ཅན་གྱི་སྣོད་བཅངས་ན་ཅིར་འགྱུར་ལགས།


DKG012_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ལྷུང་བཟེད་སོ་མ་བཏང་བ་ལྷག་པ་བཅངས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ལྷུང་བཟེད་སྐྱ་བོ་ཞིག་བཅངས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལྷུང་བཟེད་རྙེད་མ་ཐག་ཏུ་སེམས་འཁྲུགས་པར་གྱུར་ན། གང་ནས་བཟུང་སྟེ་དགུང་བཅུར་བགྲང་བར་བགྱི། གང་ནས་རང་གི་སེམས་སོར་ཆུད་པ་ནས་སོ། །བཙུན་པ། དགེ་སློང་གིས་ལྷུང་བཟེད་ལྷག་པ་དགུང་བཅུ་ལས་འདས་པར་བཅངས་ཀྱང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་པ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་དགེ་སློང་གིས་ལྷུང་བཟེད་རྙེད་ནས་ཞག་བཅུ་ལོན་པ་དང་། མཚན་གྱུར་ཏེ་དགེ་སློང་མར་རེད་ནས་འཆང་ནའོ། །བཙུན་པ། དགེ་སློང་མས་ལྷུང་བཟེད་ལྷག་པ་དགུང་གཅིག་ལྷག་པར་བཅངས་ཀྱང་ལྟུང་བར་མི་འགྱུར་བ་ལྟ་མཆིས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་དགེ་སློང་མས་ལྷུང་བཟེད་རྙེད་མ་ཐག་ཏུ་མཚན་གྱུར་ཏེ་དགེ་སློང་དུ་རེད་ནས་འཆང་ནའོ། །བཙུན་པ། དགེ་སློང་གིས་ཡུན་ཤིན་ཏུ་རིང་མོ་ཞིག་ཏུ་ལྷུང་བཟེད་ལྷག་པར་བཅངས་ན། འདི་ལ་ལྟུང་བར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་དགེ་སློང་གིས་དགེ་སློང་ཞིག་ལ་ལྷུང་བཟེད་ཀྱི་ཕྱིར་དགེ་སློང་མངགས་ན། དེ་ནས་ལྷུང་བཟེད་དེ་བླངས་ཏེ་ཡུན་ཤིན་ཏུ་རིང་མོ་ཞིག་ཏུ་བཅངས་ཀྱང་ལྟུང་བ་མེད་དོ། །བཙུན་པ། དགེ་སློང་ལ་ལྷུང་བཟེད་གཅིག་ཅིག་བདོག་ཅིང་མཆིས་ལ། དེ་ཉིད་ཀྱང་སྤང་བར་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། བྱིན་གྱིས་མ་བརླབས་པར་བཅངས་ནའོ། །བཙུན་པ། དགེ་སློང་གིས་ནམ་འཚོའི་བར་དུ་ལྟུང་བཟེད་ལྟག་པ་བཅངས་ཀྱང་ལྟུང་བར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་དགེ་སློང་ཞག་བཅུ་ཚུན་ཆད་དུས་ལས་འདས་ནའོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་པ་ལྷུང་བཟེད་ལྷག་པ་དགུང་བཅུ་ལས་འདས་པར་འཆང་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མ་ནི་ལྷུང་བཟེད་ལྷག་མ་ཞག་ཅིག་ལས་འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །


DKG012_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་ནི། ལྟུང་བ་མེད་དོ། །སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི། ཉེས་བྱས་སོ། །སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། །གཞན་ལ་སྙད་འདོགས་བརྒྱུད་པ་དང་། །སྨྱོན་པ་དང་ནི་སེམས་འཁྲུགས་དང་། །ཚོར་བ་འོན་པ་འགྲོ་བའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་ལྷུང་བཟེད་ལྷན་པ་ལྔ་མེད་པ་སྤྱད་བཟོད་པ་ཡོད་བཞིན་དུ་བཟང་པོ་འདོད་པའི་ཕྱིར་ལྷུང་བཟེད་གསར་པ་གཞན་ཚོལ་ཞིང་། ལྷུང་བཟེད་གྲུབ་ན། སྤང་བའི་ལྟུང་བྱེད་དོ། །དགེ་སློང་དེས་ལྷུང་བཟེད་དེ། དགེ་སློང་གི་འཁོར་ལ་དབུལ་བར་བྱ་ཞིང་། དགེ་སློང་གི་འཁོར་དེའི་ལྷུང་བཟེད་ཐ་མར་གྱུར་པ་གང་ཡིན་པ་དེ། དགེ་སློང་དེ་ལས་ཕྱིས་དགེ་སློང་ཁྱོད་ཀྱིས་ལྷུང་བཟེད་འདི་བྱིན་གྱིས་བརླབ་པར་མི་བྱ། གཏང་བར་མི་བྱ། གཞན་ལ་སྦྱིན་པར་མི་བྱ་བར་ཆག་པའི་མཐར་ཐུག་གི་བར་དུ་ཁད་ཀྱིས་དལ་བུ་དལ་བུས་སྤྱད་པར་བྱའོ། །ཞེས་སྦྱིན་པར་བྱ་སྟེ། དེ་ལ་དེ་ནི། ཆོ་ག་ཡིན་ནོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་ཕོ་ཉ་ལས་ལྷུང་བཟེད་གཉིས་པ་བཙལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ལྷུང་བཟེད་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །ཕོ་ཉ་ལས་ཇི་ལྟར་ཡི་གེ་དང་། ལག་བརྡ་དང་། གཞན་ལ་སྙད་འདོགས་པ་དང་། བརྒྱུད་པས་ལྷུང་བཟེད་གཉིས་པ་བཙལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ལྷུང་བཟེད་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྨྱོན་པ་ལས་ལྷུང་བཟེད་གཉིས་པ་ཚོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ལྷུང་བཟེད་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ཚོར་བས་ཉམ་ཐག་པ་དང་། གླེན་པ་དང་། འོན་པ་དང་། འགྲོ་བ་གཞན་དུ་གནས་པ་རྣམས་ལས་ལྷུང་བཟེད་གཉིས་པ་ཚོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ལྷུང་བཟེད་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །སྡོམ་ལ། མུ་སྟེགས་ཅན་དང་ཟ་མ་ཉིད། །དེ་བཞིན་ཉིད་དུ་མཚན་དང་ཡང་། །ཐུན་མོང་དང་ནི་


DKG012_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཚན་ཉིད། །ཡོ་བྱད་རྣམས་དང་དགེ་སློང་མ། །བཙུན་པ། རེ་ཞིག་དགེ་སློང་གིས་འདི་ལས་ཕྱི་རོལ་པ་གཞན་མུ་སྟེགས་ཅན་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་རྣམས་ལས་ལྷུང་བཟེད་གཉིས་པ་ཚོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ལྷུང་བཟེད་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །བཙུན་པ། རེ་ཞིག་དགེ་སློང་གིས་མུ་སྟེགས་ཅན་གྱི་སྣོད་བསླངས་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །སྣོད་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ།། །།འདུལ་བ་གཞུང་བླ་མ། བམ་པོ་བདུན་པ། བཙུན་པ། རེ་ཞིག་དགེ་སློང་གིས་ཟ་མ་ལས་ལྷུང་བཟེད་གཉིས་པ་བཙལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ལྷུང་བཟེད་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །དེ་བཞིན་དུ་མ་ནིང་དང་། མ་ནིང་མོ་དང་། མཚན་གཉིས་པ་ལས་ལྷུང་བཟེད་གཉིས་པ་ཚོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ལྷུང་བཟེད་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །བཙུན་པ། རེ་ཞིག་དགེ་སློང་གིས་ལྷུང་བཟེད་སྤྱད་བཟོད་པ་མཆིས་བཞིན་དུ་ལྷུང་བཟེད་གཉིས་པ་བསླངས་པ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ནས་ཐོབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མས་ལྷུང་བཟེད་སྤྱད་བཟོད་པ་མཆིས་བཞིན་དུ་ལྷུང་བཟེད་གཉིས་པ་བཙལ་པ་ལས། མཚན་གྱུར་ཏེ་དགེ་སློང་དུ་རེད་ནས་ཐོབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་ལྷུང་བཟེད་སྤྱད་བཟོད་པ་མཆིས་བཞིན་དུ་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ལས་ལྷུང་བཟེད་གཉིས་པ་བཙལ་བ་ལས། དེ་གཉིས་ཀ་མཚན་གྱུར་ཏེ་མཚན་གྱུར་ནས་ཐོབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མས་ལྷུང་བཟེད་སྤྱད་བཟོད་པ་མཆིས་བཞིན་དུ་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ཉེ་དུ་མ་ལགས་པ་ལས་ལྷུང་བཟེད་གཉིས་པ་བཙལ་བ་ལས། དེ་གཉིས་ཀའི་མཚན་གྱུར་ཏེ། མཚན་གྱུར་ནས་ཐོབ་ན་ཅིར་འགྱུར་ལགས།


DKG012_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བསྙེན་པར་མ་རྫོགས་པར་བསླངས་ལ་བསྙེན་པར་མ་རྫོགས་པར་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བསླངས་ལ། བསྙེན་པར་རྫོགས་ཀར་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བསླངས་ལ། བསྙེན་པར་རྫོགས་ནས་གྲུབ་ན། ཅིར་འགྱུར། ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ལ། བསྙེན་པར་རྫོགས་ཀར་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ལ། བསྙེན་པར་རྫོགས་ནས་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ནས་བསླངས་ལ། བསྙེན་པར་རྫོགས་ནས་གྲུབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བསྙེན་པར་རྫོགས་ནས་བསླངས་ལ། བསྙེན་པར་མ་རྫོགས་པར་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གཉིས་ཀྱིས་ལྷུང་བཟེད་གཅིག་བསླངས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ལྷུང་བཟེད་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །བཙུན་པ། རེ་ཞིག་དགེ་སློང་གིས་མི་ལ་མིར་འདུ་ཤེས་པས། ལྷུང་བཟེད་གཉིས་པ་བསླངས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ལྷུང་བཟེད་ཐོབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །མི་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ལྷུང་བཟེད་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ལྷུང་བཟེད་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ལྷུང་བཟེད་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་གི་ཡོ་བྱད་དག་གམ། རིན་གྱིས་ལྷུང་བཟེད་གཉིས་པ་ཚོལ་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་བས། ལྷུང་བཟེད་སྤྱད་བཟོད་པ་མཆིས་བཞིན་དུ་ལྷུང་བཟེད་གཉིས་པ་ཚོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ལྷུང་བཟེད་ཐོབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མས་ལྷུང་བཟེད་སྤྱད་བཟོད་པ་མཆིས་བཞིན་དུ་ལྷུང་བཟེད་གཉིས་པ་ཚོལ་ན་ཅིར་འགྱུར་ལགས། ཉེས་བྱས་


DKG012_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ལྷུང་བཟེད་ཐོབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་རྣམས་ཀྱིས་ལྷུང་བཟེད་སྤྱད་བཟོད་པ་མཆིས་བཞིན་དུ་ལྷུང་བཟེད་གཉིས་པ་བཙལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ལྷུང་བཟེད་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ཉེས་བྱས་སུ་འགྱུར་ཏེ། སྔ་མ་བཞིན་ནོ།། །།སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། །གཞན་ལ་སྙད་འདོགས་བརྒྱུད་པ་དང་། སྨྱོན་པ་དང་ནི་སེམས་གཡེངས་དང་། །ཚོར་བ་འོན་པ་འགྲོ་བ་འོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་རང་གིས་བསླངས་པའི་དོག་པས། ཐག་པ་ཉེ་དུ་མ་ཡིན་པ་ལ་ཆོས་གོས་འཐག་ཏུ་འཇུག་ན། ཆོས་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་ཕོ་ཉ་ལས་ཐག་པ་ཉེ་དུ་མ་ལགས་པ་ལ་ཆོས་གོས་འཐག་ཏུ་སྩལ་ནས་ཆོས་གོས་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་ཡི་གེ་དང་། ལག་བརྡ་དང་། གཞན་ལ་སྙད་འདོགས་པ་དང་། བརྒྱུད་པ་དང་། གཞན་གྱི་སླད་དུ་ཐག་པ་ཉེ་དུ་མ་ལགས་པ་ལ་ཆོས་གོས་འཐག་ཏུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཐག་པ་སྨྱོན་པ་ལ་ཆོས་གོས་འཐག་ཏུ་སྩལ་ནས་ཆོས་གོས་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་ཐག་པ་སེམས་གཡེང་པ་དང་། ཚོར་བས་ཉམ་ཐག་པ་དང་། འོན་པ་དང་། གླེན་པ་དང་། འགྲོ་བ་གཞན་དུ་གནས་པ་ཉེ་དུ་མ་ལགས་པ་ལ་ཆོས་གོས་འཐག་ཏུ་སྩལ་ནས་ཆོས་གོས་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ།། །།སྡོམ་ལ། མ་ནིང་ཟ་མ་ཉིད་དང་ནི། །དེ་བཞིན་ཐུན་མོང་མཚན་དང་ནི། །མི་རུང་བ་


DKG012_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

དང་བདུན་ཚན་ཉིད། །བཞི་ཚན་སློབ་དང་དགེ་སློང་མ། །བཙུན་པ། རེ་ཞིག་དགེ་སློང་གིས་ཐ་ག་པ་མ་ནིང་ཉེ་དུ་མ་ལགས་པ་ལ་ཆོས་གོས་འཐག་ཏུ་སྩལ་ནས་ཆོས་གོས་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་ཐག་པ་ཟ་མ་དང་། མ་ནིང་དང་། མཚན་གཉིས་པ་ཉེ་དུ་མ་ལགས་པ་ལ་ཆོས་གོས་འཐག་ཏུ་སྩལ་ནས་ཆོས་གོས་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཐུན་མོང་གི་ཆོས་གོས་ཤིག་ཐག་པ་ཉེ་དུ་མ་ལགས་པ་ལ་འཐག་ཏུ་སྩལ་ནས་ཆོས་གོས་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཐ་ག་པ་ཉེ་དུ་མ་ལགས་པ་ལ་ཆོས་གོས་འཐག་ཏུ་སྩལ་པ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ནས་ཐོབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མས་ཐག་པ་ཉེ་དུ་མ་ལགས་པ་ལ་ཆོས་གོས་འཐག་ཏུ་སྩལ་པ་ལས། མཚན་གྱུར་ཏེ་དགེ་སློང་དུ་རེད་ནས་ཐོབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། དགེ་སློང་གིས་ཐ་ག་པ་ཉེ་དུ་མ་ལགས་པ་ལ་ཆོས་གོས་འཐག་ཏུ་སྩལ་ནས་ཆོས་གོས་གྲུབ་ཀྱང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་ཆོས་གོས་དེའི་སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང་། རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང་། གཉི་ག་མི་རུང་བར་གྱུར་པ་སྟེ། མི་རུང་བ་རྔ་བལ་དང་། བ་ལང་གི་སྤུ་དང་། རི་དྭགས་ཀྱི་བལ་དང་། ར་བལ་དང་འདྲེས་པ་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་འཐག་ཏུ་བཅུག་ནས་ཆོས་གོས་གྲུབ་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། རེ་ཞིག་བསྙེན་པར་མ་རྫོགས་པ་ཐག་པ་ཉེ་དུ་མ་ལགས་པ་ལ་ཆོས་གོས་འཐག་ཏུ་སྩལ་པའི་ཆོས་གོས་བགྱིས་ལ། བསྙེན་པར་མ་རྫོགས་པར་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཀར་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ནས་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་སྦྱོར་བ་བགྱིས་ལ་བསྙེན་པར་རྫོགས་


DKG012_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་གྲུབ་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ནས་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ནས་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ནས་གྲུབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བསྙེན་པར་རྫོགས་ནས་སྦྱོར་བ་བགྱིས་ལ། བསྙེན་པར་མ་རྫོགས་པར་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཐག་པ་མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་པས་ཆོས་གོས་འཐག་ཏུ་སྩལ་ནས་ཆོས་གོས་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ན། ཅིར་འགྱུར་ལགས།ཉེས་བྱས་སོ། །མི་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་ལ་མིར་འདུ་ཤེས་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཐ་ག་པ་ཉེ་དུ་མ་ལགས་པ་ལ་ཉེ་དུ་མ་ལགས་པར་འདུ་ཤེས་པས་ཆོས་གོས་འཐག་ཏུ་སྩལ་ནས་ཆོས་གོས་གྲུབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཉེ་དུ་མ་ལགས་པ་ལ་ཉེ་དུར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །ཉེ་དུ་ལ་ཉེ་དུ་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཉེ་དུ་ལ་ཉེ་དུ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་པས་ཐ་ག་པ་ཉེ་དུ་མ་ལགས་པ་ལ་ཆོས་གོས་འཐག་ཏུ་སྩལ་ནས་ཆོས་གོས་གྲུབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མས་ཐ་ག་པ་ཉེ་དུ་མ་ལགས་པ་ལ་ཆོས་གོས་འཐག་ཏུ་སྩལ་ནས་ཆོས་གོས་གྲུབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མས་ཐ་ག་པ་ཉེ་དུ་མ་ལགས་པ་ཆོས་གོས་འཐག་ཏུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི། ཉེས་བྱས་ཏེ། སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་


DKG012_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གི་ཕྱིར་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་ཐག་པ་ཉེ་དུ་མ་ཡིན་པ་ལ་ཆོས་གོས་འཐག་ཏུ་བཅུག་པ་ལས། དེ་ལ་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྟབས་པར་རྣམ་པར་རྟོག་པ་འགའ་ཞིག་རིག་ནས་ཐ་ག་པ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ་འདི་སྐད་ཅེས། ཚེ་དང་ལྡན་པ་ཐ་ག་པ་ཤེས་པར་གྱིས་ཤིག་།ཆོས་གོས་འདི་ཁོ་བོའི་ཕྱིར་འཐག་གི། ཚེ་དང་ལྡན་པ་ཐ་ག་པ་ཆོས་གོས་འདི་བཟང་པོ་ཞེང་ཆེ་བ་དང་། ཁྲུ་རིང་བ་དང་། ཐར་གྱིས་ཞག་པ་དང་། ཐག་རན་བཟང་བར་ལེགས་པར་གྱིས་ཤིག་།ཚེ་དང་ལྡན་པ་ཐ་ག་པ། འདི་ལྟར་ཁོ་བོས་གླ་རྔན་འདི་ལྟ་སྟེ། བཟའ་བ་དང་། བཅའ་བ་དང་།བཟའ་རྒྱུ་ཅུང་ཟད་ཅིག་སྦྱིན་ནོ། །ཞེས་སྨྲས་ནས་དེ་ལ་གལ་ཏེ་དགེ་སློང་དེས་ཆོས་གོས་བསྒྲུབ་པའི་ཕྱིར་གླ་རྔན་འདི་ལྟ་སྟེ། བཟའ་བ་དང་། བཅའ་བ་དང་། བཟའ་རྒྱུ་ཅུང་ཟད་ཅིག་སྦྱིན་ཞིང་གྲུབ་ན། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ་སྟེ། གཞུང་ལྷག་མ་ནི། འཐག་ཏུ་འཇུག་པའི་སྤང་བ་ལ་ཇི་སྐད་དུ་བཤད་པ་དེ་བཞིན་དུ་ལྷག་པ་འཐག་ཏུ་འཇུག་པའི་སྤང་བ་འདི་ལ་ཡང་བརྗོད་པར་བྱའོ། །ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། བཙུན་པ། རེ་ཞིག་དགེ་སློང་གིས་རྣམ་པར་རྟོག་པ་རིག་ནས་ཕོ་ཉ་ལས་བསླངས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །བཙུན་པ། རེ་ཞིག་དགེ་སློང་གིས་རྣམ་པར་རྟོག་པ་རིག་ནས་ཐ་ག་པ་ཉེ་དུ་མ་ལགས་པ་མིར་འདུ་ཤེས་པས་སློང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་གྲུབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །མི་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །གྲུབ་ན། སྔ་མ་བཞིན་ནོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །གྲུབ་ན། སྔ་མ་བཞིན་ནོ། །བཙུན་པ། རེ་ཞིག་དགེ་སློང་གིས་རྣམ་པར་རྟོག་པ་རིག་ནས་ཐ་ག་པ་ཉེ་དུ་མ་


DKG012_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་པ་ལ་ཉེ་དུ་མ་ལགས་པར་འདུ་ཤེས་པས་སློང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་གྲུབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཉེ་དུ་མ་ལགས་པ་ལ་ཉེ་དུར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །ཉེ་དུ་ལ་ཉེ་དུ་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཉེ་དུ་ལ་ཉེ་དུར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་པས་རྣམ་པར་རྟོག་པ་རིག་ནས་ཐ་ག་པ་ཉེ་དུ་མ་ལགས་པ་ལ་སློང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་གྲུབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མས་རྣམ་པར་རྟོག་པ་རིག་ནས་ཐ་ག་པ་ཉེ་དུ་མ་ལགས་པ་ལ་སློང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་གྲུབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མས་རྣམ་པར་རྟོག་པ་རིག་ནས་ཐ་ག་པ་ཉེ་དུ་མ་ལགས་པ་ལ་སློང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི། ཉེས་བྱས་ཏེ། སྔ་མ་བཞིན་ནོ། །སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། །གཞན་ལ་སྙད་འདོགས་བརྒྱུད་པ་དང་། །སྨྱོན་པ་དང་ནི་སེམས་གཡེངས་དང་། །ཚོར་བ་འོན་པ་འགྲོ་བའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་ལ་ཆོས་གོས་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ། ཡིད་མ་རངས་ནས་འཕྲོག་གམ་འཕྲོག་ཏུ་འཇུག་ཅིང་། དེ་ལ་འདི་སྐད་ཅེས། དགེ་སློང་ཁྱོད་ལ་ཆོས་གོས་མི་སྦྱིན་གྱི། ཕྱིར་བྱིན་ཅིག་།ཅེས་ཟེར་ན། དགེ་སློང་དེས་ཆོས་གོས་དེ་ལྷག་མ་ཡོད་ན། ཕྱིར་སྦྱིན་པར་བྱ་ཞིང་བཏང་ན། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་ཆོས་གོས་བྱིན་པ་ཕོ་ཉ་ལས་འཕྲོག་ཏུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་ལ་ཆོས་གོས་


DKG012_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་ནས་ཡི་གེ་དང་། ལག་བརྡ་དང་། གཞན་ལ་སྙད་འདོགས་པ་དང་། བརྒྱུད་པ་དང་། གཞན་གྱི་སླད་དུ་འཕྲོག་ཏུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་སྨྱོན་པ་ལ་ཆོས་གོས་སྩལ་ནས་འཕྲོག་གམ་འཕྲོག་ཏུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་སེམས་གཡེངས་པ་དང་། ཚོར་བས་ཉམ་ཐག་པ་དང་། གླེན་པ་དང་། འོན་པ་ལ་ཆོས་གོས་སྩལ་ནས་འཕྲོག་གམ་འཕྲོག་ཏུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་འདི་ལས་ཕྱི་རོལ་པ་གཞན་མུ་སྟེགས་ཅན་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་བ་རྣམས་ལ་ཆོས་གོས་སྩལ་ནས་འཕྲོག་གམ་འཕྲོག་ཏུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་འགྲོ་བ་གཞན་དུ་གནས་པ་ལ་ཆོས་གོས་སྩལ་ནས་འཕྲོག་གམ་འཕྲོག་ཏུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །སྡོམ་ལ། ཁྱིམ་པ་དག་ལ་སོགས་པ་དང་། །དེ་བཞིན་ཐུན་མོང་མཚན་དང་ནི། །མི་ཆོག་པ་དང་མི་རུང་ཉིད། །བཞི་ཚན་པ་ནི་ཐ་མ་ཡིན། །བཙུན་པ། རེ་ཞིག་དགེ་སློང་གིས་ཁྱིམ་པ་ལ་ཆོས་གོས་སྩལ་ནས་འཕྲོག་གམ་འཕྲོག་ཏུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་ཁས་བླངས་པ་དགེ་སློང་ཟ་མ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། མ་འགུམས་པ་དང་། ཕ་འགུམས་པ་དང་། དགྲ་བཅོམ་པ་འགུམས་པ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་ཞུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། དང་པོ་མི་མཐུན་པ་ཅན་དང་། སྔར་ལྟུང་བ་བྱུང་བ་ལ་ཆོས་གོས་སྩལ་ནས་འཕྲོག་གམ། འཕྲོག་ཏུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པའི་དགེ་སློང་ལ་ཆོས་གོས་སྩལ་ནས་འཕྲོག་གམ། འཕྲོག་ཏུ་སྩལ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། ཐ་དད་དུ་གནས་པ་དང་། བསླབ་པ་


DKG012_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ་ལ་ཆོས་གོས་སྩལ་ནས་འཕྲོག་གམ། འཕྲོག་ཏུ་སྩལ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་ཆོས་གོས་སྩལ་ནས་འཕྲོག་གམ། འཕྲོག་ཏུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་ལ་ཆོས་གོས་སྩལ་ནས་ཁྱིམ་པ་འཕྲོག་ཏུ་སྩལ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དེ་བཞིན་དུ་ཟ་མ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། མ་འགུམས་པ་དང་། ཕ་འགུམས་པ་དང་། དགྲ་བཅོམ་པ་འགུམས་པ་དང་། དགེ་འདུན་གྱི་དབྱེན་བགྱིས་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་ཞུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། ཐ་དད་དུ་གནས་པ་དང་། གནས་པར་མི་བགྱི་བ་དང་། དང་པོ་མི་མཐུན་པ་ཅན་དང་། སྔར་ལྟུང་བ་བྱུང་བ་དང་། ཁས་བླངས་པ་དང་། བསླབ་པ་སྩལ་པ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་འཕྲོག་ཏུ་སྩལ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གཉིས་ཀྱིས་དགེ་སློང་ལ་ཆོས་གོས་ཐུན་མོང་བ་ཞིག་སྩལ་ཏེ། དེ་ནས་སླད་ཀྱིས་གཅིག་གིས་འཕྲོག་གམ་འཕྲོག་ཏུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་ལ་ཆོས་གོས་སྩལ་ནས་འཕྲོག་པ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ནས་གྲུབ་ན། ཅིར་ལགས། ཉེས་བྱས་བཙུན་པ། རེ་ཞིག་དགེ་སློང་མས་དགེ་སློང་མ་ལ་ཆོས་གོས་སྩལ་ནས་འཕྲོག་པ་ལས། མཚན་གྱུར་ཏེ་དགེ་སློང་དུ་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་ལ་ཆོས་གོས་ཁྲུ་གང་བས་ཆུང་བ་ཞིག་སྩལ་ནས་འཕྲོག་གམ། འཕྲོག་ཏུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་ལ་ཆོས་གོས་སྩལ་ནས་འཕྲོག་ཀྱང་སྤང་བའི་


DKG012_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་ཆོས་གོས་དེའི་སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང་། སྤུན་མི་རུང་ལ་རྒྱུ་རུང་བ་དང་། གཉི་ག་མི་རུང་བར་གྱུར་པ་སྟེ། མི་རུང་བ་རྔ་བལ་དང་། བ་ལང་གི་སྤུ་དང་། རི་དྭགས་ཀྱི་བལ་དང་། ར་བལ་དང་འདྲེས་པ་དང་། མ་བཏགས་པའོ། །དེ་ལྟ་བུའི་ཆོས་གོས་སྩལ་ནས་འཕྲོག་གམ། འཕྲོག་ཏུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་ཆོས་གོས་སྩལ་ནས་འཕྲོག་གམ། འཕྲོག་ཏུ་སྩལ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་སྩལ་ནས་འཕྲོག་གམ། འཕྲོག་ཏུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་སྩལ་ནས་འཕྲོག་གམ། འཕྲོག་ཏུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་པས་སྩལ་ནས་འཕྲོག་གམ། འཕྲོག་ཏུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་བསྙེན་པར་མ་རྫོགས་པར་འཕྲོག་པའི་སྦྱོར་བ་བགྱིས་ལ། བསྙེན་པར་མ་རྫོགས་པར་འཕྲོག་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་འཕྲོག་པའི་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཀར་འཕྲོག་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་འཕྲོག་པའི་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཏེ་འཕྲོག་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་འཕྲོག་པའི་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཀར་འཕྲོག་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་འཕྲོག་པའི་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ནས་འཕྲོག་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ནས་འཕྲོག་པའི་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ནས་འཕྲོག་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བསྙེན་པར་རྫོགས་ནས་འཕྲོག་པའི་


DKG012_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་བགྱིས་ལ། བསྙེན་པར་མ་རྫོགས་པར་འཕྲོག་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་པ་ལ་དགེ་སློང་ལ་ཆོས་གོས་སྩལ་ནས་འཕྲོག་གམ། འཕྲོག་ཏུ་སྩལ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་ལ་ཆོས་གོས་སྩལ་ནས་འཕྲོག་གམ། འཕྲོག་ཏུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་མས་དགེ་སློང་མ་ལ་ཆོས་གོས་སྩལ་ནས་འཕྲོག་གམ། འཕྲོག་ཏུ་སྩལ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མས་དགེ་སློང་དང་། དགེ་ཚུལ་དང་། དགེ་སློབ་མ་དང་། དགེ་ཚུལ་མ་ལ་ཆོས་གོས་སྩལ་ནས་འཕྲོག་གམ། འཕྲོག་ཏུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི། ཉེས་བྱས་སུ་རྒྱ་ཆེར་བརྗོད་པར་བྱའོ། །སྡོམ་ལ། སེམས་གཡེངས་པ་དང་དུས་ལས་འདས། །དེ་བཞིན་མཚན་དང་ཐུན་མོང་དང་། །མི་རུང་བཞི་ཚན་དུས་མ་ཡིན། །དགེ་སློང་མ་ནི་ཐ་མ་ཡིན། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས། དགེ་སློང་གིས་སྟོན་ཟླ་འབྲིང་པོ་ཉིན་ཞག་བཅུས་མ་ཚང་བ་ཚུན་ཆད་དུ་བརྟད་པ་ལས་བྱུང་བའི་ཆོས་གོས་ཤིག་རྙེད་ལ། འདོད་ན། དགེ་སློང་དེས་ཆོས་གོས་དེ་བླང་བར་བྱའོ། །བླངས་ནས་ཆོས་གོས་སྦྱིན་པའི་དུས་ཀྱི་ཚེའི་བར་དུ་བཅང་བར་བྱའོ། །དེ་ལས་འདས་པར་འཆང་ན། སྤང་པའི་ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། དགེ་སློང་གིས་བརྟད་པ་ལས་བྱུང་བའི་ཆོས་གོས་ཤིག་ཆོས་གོས་སྩལ་པའི་དུས་ཀྱི་ཚེ་ལས་འདས་པར་བཞག་ཀྱང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་དགེ་སློང་གིས་ཆོས་གོས་རྙེད་མ་ཐག་ཏུ་སེམས་གཡེངས་པར་གྱུར་ནའོ། །བཙུན་པ། དགེ་སློང་གིས་ཇི་སྲིད་འཚོའི་བར་དུ་བརྟད་པ་ལས་བྱུང་བའི་ཆོས་གོས་བཅངས་ཀྱང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བ་


DKG012_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཡོད་དེ། ཆོས་གོས་སྦྱིན་པའི་དུས་ཀྱི་ནང་རོལ་དུ་དུས་བྱས་ནའོ། །བཙུན་པ། རེ་ཞིག་དགེ་སློང་བརྟད་པ་ལས་བྱུང་བའི་ཆོས་གོས་ཤིག་།ཆོས་གོས་སྩལ་པའི་དུས་ཀྱི་བར་ལས་འདའ་བར་བགྱིད་པ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་མ་བརྟད་པ་ལས་བྱུང་བའི་ཆོས་གོས་ཤིག་ཆོས་གོས་སྩལ་བའི་དུས་ཀྱི་བར་ལས་འདའ་བར་བགྱིད་པ་ལས། མཚན་གྱུར་ཏེ་དགེ་སློང་དུ་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་བརྟད་པ་ལས་བྱུང་བའི་ཆོས་གོས་ཐུན་མོང་བ་ཞིག་།ཆོས་གོས་སྩལ་པའི་དུས་ལས་འདས་པར་བཞག་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བརྟད་པ་ལས་བྱུང་བའི་ཆོས་གོས་སྩལ་པའི་དུས་ཀྱི་བར་ལས་འདས་པར་བཞག་ཀྱང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་ཆོས་གོས་དེའི་སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང་། རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང་། གཉི་ག་མི་རུང་བར་གྱུར་ནའོ། །མི་རུང་བ་ནི། རྔ་བལ་དང་། བ་ལང་གི་སྤུ་དང་། རི་དྭགས་ཀྱི་བལ་དང་། ར་བལ་དང་འདྲེས་པ་དང་། མ་བཏགས་པ་སྟེ། དེ་ལྟ་བུའི་ཆོས་གོས་ཤིག་ཆོས་གོས་སྦྱིན་པའི་དུས་ལས་འདས་པར་བཞག་ན་ཉེས་བྱས་སུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཆོས་གོས་སྩལ་པའི་དུས་ལས་འདས་པ་ལ་འདས་པར་འདུ་ཤེས་པས་ཆོས་གོས་བཞག་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །འདས་པ་ལ་མ་འདས་པར་འདུ་ཤེས་པས་བཞག་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །མ་འདས་པ་ལ་འདས་པར་འདུ་ཤེས་པས་བཞག་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མ་འདས་པ་ལ་མ་འདས་པར་འདུ་ཤེས་པར་བཞག་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ། དགག་དབྱེ་མ་བགྱིས་པར་རྒྱལ་པོས་ཤོལ་བོར་ན། དགེ་སློང་གིས་བརྟད་པའི་ཆོས་གོས་ཇི་ལྟར་བསྒྲུབ་པར་བགྱི། ཉེ་བར་འཁོར། ཇི་ལྟར་གནས་པར་དམ་བཅས་པ་བཞིན་ནོ། །བརྟད་པ་ལས་བྱུང་བའི་ཆོས་གོས་དགུང་བཅུ་འདས་པ་ཞེས་བགྱིའམ། དགུང་


DKG012_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་འདས་པ་ཞེས་མི་བགྱི། བཀའ་སྩལ་པ། ཞག་བཅུ་འདས་པ་ཞེས་མི་བྱའོ། །བཙུན་པ། བརྟད་པ་ལས་བྱུང་བའི་ཆོས་གོས་དུས་མ་ཡིན་པའི་ཆོས་གོས་སུ་བགྱིར་རུང་ལགས་སམ། ཉེ་བར་འཁོར། མི་རུང་ངོ་། །བཙུན་པ། བཅོམ་ལྡན་འདས་ཀྱིས་བརྟད་པ་ལས་བྱུང་བའི་ཆོས་གོས། ཆོས་གོས་སྦྱིན་པའི་དུས་ཀྱི་བར་དུ་ཆོངས་ཤིག་ཅེས་གསུངས་པ་གང་ལགས་པ། བཙུན་པ། ཆོས་གོས་སྩལ་བའི་དུས་གང་ལགས། ཉེ་བར་འཁོར། དུས་ནི། དགག་དབྱེ་སྟེ། དགག་དབྱེ་མ་བྱས་པས་ནི། ཐམས་ཅད་དུ་དུས་མ་ཡིན་པ་ཁོ་ནའོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་པས་བརྟད་པ་ལས་བྱུང་བའི་ཆོས་གོས་ཤིག་ཆོས་གོས་སྩལ་པའི་དུས་ཀྱི་བར་ལས་འདས་པར་བཞག་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མས་བརྟད་པ་ལས་བྱུང་བའི་ཆོས་གོས་ཤིག་།ཆོས་གོས་སྩལ་པའི་དུས་ལས་འདས་པར་བཞག་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི། ཉེས་བྱས་སུ་རྒྱ་ཆེར་བརྗོད་པར་བྱའོ། །སྡོམ་ལ། མི་རུང་བ་དང་བཞི་ཚན་ཉིད། །དེ་བཞིན་དུ་ནི་བར་ཆད་དང་། །སྡོམ་པ་དགེ་འདུན་ནམ་མཁའ་དང་། །དེ་བཞིན་ཚན་དང་དགེ་སློང་མ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་རབ་ཏུ་མང་པོ་གནས་མལ་དགོན་པ་དོགས་པ་དང་བཅས་པར་གྲགས་པ། འཇིགས་པ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དག་ཏུ་དབྱར་ཕྱི་མར་གྱུར་ལ། དགེ་སློང་དགོན་པ་བས། འདོད་ན། ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་ཁྱིམ་གྱི་ནང་དུ་གཞག་པར་བྱའོ། །དགེ་སློང་དགོན་པ་པ་ལ་ཆོས་གོས་དེ་དང་མཚམས་ཀྱི་ཕྱི་རོལ་ཏུ་འབྲལ་དགོས་པ་དེ་ལྟ་བུའི་རྐྱེན་ཞིག་བྱུང་ན། དགེ་སློང་དགོན་པ་པ་དེས་ཞག་དྲུག་གི་མཐའ་ཚུན་ཆད་དུ་ཆོས་གོས་དང་མཚམས་ཀྱི་ཕྱི་རོལ་ཏུ་འབྲལ་བར་བྱའོ། །དེ་ལས་འདས་པར་འབྲལ་ན། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ། བཙུན་


DKG012_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགེ་སློང་དགུང་དྲུག་ལས་འདས་པར་ཆོས་གོས་དེ་དང་མཚམས་ཀྱི་སླད་རོལ་ཏུ་འབྲལ་བར་བགྱིད་ཀྱང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་ཆོས་གོས་དེའི་སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བར་གྱུར་ལ་སྤུན་མི་རུང་བ་དང་། གཉི་ག་མི་རུང་བར་གྱུར་ནའོ། །མི་རུང་བ་ནི། རྔ་བལ་དང་། བ་ལང་གི་སྤུ་དང་། རི་དྭགས་ཀྱི་བལ་དང་། ར་བལ་དང་འདྲེས་པ་དང་། མ་བཏགས་པ་སྟེ། དེ་ལྟ་བུའི་ཆོས་གོས་དང་ཞག་དྲུག་འདས་པར་མཚམས་ཀྱི་ཕྱི་རོལ་ཏུ་འབྲལ་བར་བྱེད་ན། ཉེས་བྱས་སུ་འགྱུར་རོ། །བཙུན་བ། རེ་ཞིག་དགུང་དྲུག་འདས་པ་ལ་འདས་པར་འདུ་ཤེས་པས་ཆོས་གོས་དང་མཚམས་ཀྱི་སླད་རོལ་ཏུ་འབྲལ་བར་བགྱིད་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །འདས་པ་ལ་མ་འདས་པར་འདུ་ཤེས་པས་འབྲལ་བར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །མ་འདས་པ་ལ་འདས་པར་འདུ་ཤེས་པས་འབྲལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མ་འདས་པ་ལ་མ་འདས་པར་འདུ་ཤེས་པས་འབྲལ་བར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ། དགེ་སློང་དགུང་དྲུག་ལས་འདས་པར་ཆོས་གོས་དེ་དང་མཚམས་ཀྱི་སླད་རོལ་ཏུ་འབྲལ་བར་བགྱིད་ཀྱང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་དགེ་སློང་དེ་འོང་བ་ན། བར་ཆད་བརྒྱད་ལས་བར་ཆད་གང་ཡང་རུང་བ་ཞིག་ཉེ་བར་གནས་པར་གྱུར་ནའོ། །བཙུན་པ། དགེ་སློང་དགུང་དྲུག་ལས་འདས་པར་ཆོས་གོས་དེ་དང་མཚམས་ཀྱི་སླད་རོལ་ཏུ་འབྲལ་བར་བགྱིད་ཀྱང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་དགེ་སློང་དེས་ཆོས་གོས་དང་འབྲལ་བའི་སྡོམ་པ་ཐོབ་པར་གྱུར་ནའོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་འདུན་གྱི་ཆོས་གོས་ཤིག་བྱིན་གྱིས་བརླབས་ཏེ་བཞག་ནས་དགུང་དྲུག་ལས་འདས་པར་ཆོས་གོས་དེ་དང་མཚམས་ཀྱི་སླད་རོལ་ཏུ་འབྲལ་བར་བགྱིད་ན། བྲལ་བར་བགྱིད་ན། བྲལ་བ་ཞེས་བགྱིའམ། མ་བྲལ་བ་ཞེས་བགྱི། ཉེ་བར་འཁོར་བྲལ་བ་ཞེས་བྱའོ། །ཆོས་གོས་དེ་སྤང་


DKG012_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བར་བགྱིའམ། ཉེ་བར་འཁོར། མ་ཡིན་ཏེ། ལྟུང་བྱེད་འབའ་ཞིག་པས་བཤགས་པར་བྱའོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཁྱིམ་གྱི་ནང་དུ་ཆོས་གོས་བཞག་ནས་དེ་ནམ་མཁའ་ལ་མཆིས་ཏེ་དགུང་ལས་འདའ་བར་བགྱིད་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཁྱིམ་གྱི་ནང་དུ་ཆོས་གོས་བཞག་སྟེ། དེ་དགུང་དྲུག་ལས་འདས་པར་ཆོས་གོས་དེ་དང་བྲལ་བར་བགྱིད་པ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་མས་ཆོས་གོས་ཁྱིམ་གྱི་ནང་དུ་བཞག་སྟེ་དགུང་དྲུག་ལས་འདས་པར་ཆོས་གོས་དེ་དང་འབྲལ་བར་བགྱིད་པ་ལས། མཚན་གྱུར་ཏེ་དགེ་སློང་དུ་རེད་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་པས་དགུང་དྲུག་ལས་འདས་པར་ཆོས་གོས་དེ་དང་འབྲལ་བར་བགྱིད་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མ་འབྲལ་བར་བྱེད་ན། ཉེས་བྱས་སོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་ནི། ལྟུང་བ་མེད་དོ། །སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི། ཉེས་བྱས་སོ། །སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། གཞན་ལ་སྙད་འདོགས་བརྒྱུད་པ་དང་། སྨྱོན་པ་དང་ནི་སེམས་གཡེངས་དང་། ཚོར་བ་འོན་པ་གླེན་པ་དང་། གཉིད་ལོག་ར་རོ་རབ་མྱོས་དང་། སྙོམས་ཞུགས་འགྲོ་དང་ཕྱི་རོལ་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས། དགེ་སློང་གིས་སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་པ་ན། དབྱར་གྱི་གོས་རས་ཆེན་བཙལ་བར་བྱའོ། །དབྱར་གྱི་ཟླ་བ་དག་ཟླ་བ་ཕྱེད་ལུས་པར་བྱས་ཏེ་བཅང་བར་བྱའོ། །གལ་ཏེ་དགེ་སློང་གིས་སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་པ་དེའི་སྔོན་རོལ་ཏུ་དབྱར་གྱི་གོས་རས་ཆེན་ཚོལ་བར་བྱེད་དམ། དབྱར་གྱི་ཟླ་བ་དག་ཟླ་བ་ཕྱེད་ལུས་པར་བྱས་པའི་འོག་ཏུ་འཆང་ན། སྤང་བའི་ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ།། །།འདུལ་བ་གཞུང་བླ་མ། བམ་པོ་བརྒྱད་པ། བཙུན་པ་རེ་ཞིག་


DKG012_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་གིས་དབྱར་གྱི་གོས་རས་ཆེན་ཕོ་ཉ་ལས་ཤིན་ཏུ་རིངས་པར་བཙལ་ཏེ་ཆོས་གོས་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཤིན་ཏུ་ཡུན་རིང་དུ་འཆང་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཕོ་ཉ་ལས་ཇི་ལྟ་བར་ཡི་གེ་དང་། ལག་བརྡ་དང་། གཞན་ལ་སྙད་འདོགས་པ་དང་། བརྒྱུད་པས་ཀྱང་དེ་དང་འདྲའོ། །ཇི་ཙམ་དུ་དགེ་སློང་ཅུང་ཟད་ཤིན་ཏུ་རིངས་པར་ཚོལ་ཞིང་ཤིན་ཏུ་ཡུན་རིང་དུ་འཆང་ན། ཐམས་ཅད་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྨྱོན་པ་ལས་དབྱར་གྱི་གོས་རས་ཆེན་ཤིན་ཏུ་རིངས་པ་འཚལ་ཏེ་གོས་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཤིན་ཏུ་ཡུན་རིང་དུ་འཆང་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྨྱོན་པ་ལ་ཇི་ལྟ་བ་དེ་བཞིན་དུ་སེམས་གཡེངས་པ་དང་། ཚོར་བས་ཉམ་ཐག་པ་དང་། གླེན་པ་དང་། འོན་པ་དང་། གཉིད་ཀྱིས་ལོག་པ་དང་། ཕྱག་ལས་ཁོམ་པ་དང་། རབ་ཏུ་མྱོས་པ་དང་། སྙོམས་པར་ཞུགས་པ་དང་། འགྲོ་བ་གཞན་དུ་གནས་པ་དང་། འདི་ལས་ཕྱི་རོལ་ཏུ་གྱུར་པ་གཞན་མུ་སྟེགས་ཅན་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་ལས་ཤིན་ཏུ་རིངས་པར་བཙལ་ཏེ་གོས་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཤིན་ཏུ་ཡུན་རིང་དུ་འཆང་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །སྡོམ་ལ། མི་རུང་བ་དང་མཚན་ཉིད་དང་། །དེ་བཞིན་ཐུན་མོང་ཉིད་དང་ནི། །མ་ལོངས་པ་དང་སེང་རས་དང་། །བཞི་ཚན་ཇི་ལྟར་དགེ་སློང་ངོ་། །བཙུན་པ། དགེ་སློང་གིས་དབྱར་གྱི་གོས་རས་ཆེན་ཤིན་ཏུ་རིངས་པར་བཙལ་ལ། ཤིན་ཏུ་ཡུན་རིང་དུ་འཆང་ཡང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་གོས་དེའི་སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང་། རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང་། གཉི་ག་མི་རུང་བར་གྱུར་ནའོ། །མི་རུང་བ་རྔ་བལ་དང་། བ་ལང་གི་སྤུ་དང་། རི་དྭགས་ཀྱི་བལ་དང་། ར་བལ་དང་འདྲེས་པ་དང་། མ་བཏགས་པ་དེ་ལྟ་བུའི་དབྱར་གྱི་གོས་རས་ཆེན་ཤིན་ཏུ་


DKG012_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

རིངས་པར་འཚལ་ཏེ། ཤིན་ཏུ་ཡུན་རིང་དུ་འཆང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དབྱར་གྱི་གོས་རས་ཆེན་ཤིན་ཏུ་རིངས་པར་བཙལ་ཏེ་ཤིན་ཏུ་ཡུན་རིང་དུ་འཆང་བ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་མས་དབྱར་གྱི་གོས་རས་ཆེན་ཤིན་ཏུ་རིངས་པར་བཙལ་ཏེ། ཤིན་ཏུ་ཡུན་རིང་དུ་འཆང་བ་ལས། མཚན་གྱུར་ཏེ་དགེ་སློང་དུ་རེད་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་དབྱར་གྱི་གོས་རས་ཆེན་ཐུན་མོང་པ་ཞིག་ཤིན་ཏུ་རིངས་པར་བཙལ་ནས། ཤིན་ཏུ་ཡུན་རིང་དུ་འཆང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་བསྙེན་པར་མ་རྫོགས་པར་དབྱར་གྱི་གོས་རས་ཆེན་བསླངས་ལ། བསྙེན་པར་མ་རྫོགས་པར་གྲུབ་སྟེ་ཤིན་ཏུ་ཡུན་རིང་དུ་འཆང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བསླངས་ལ། བསྙེན་པར་རྫོགས་ཀར་གྲུབ་སྟེ་ཤིན་ཏུ་ཡུན་རིང་དུ་འཆང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བསླངས་ལ། བསྙེན་པར་རྫོགས་ནས་གྲུབ་སྟེ་ཤིན་ཏུ་ཡུན་རིང་དུ་འཆང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ལ། བསྙེན་པར་རྫོགས་ཀར་གྲུབ་ནས་ཤིན་ཏུ་ཡུན་རིང་དུ་འཆང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ལ། བསྙེན་པར་རྫོགས་ནས་གྲུབ་སྟེ་ཤིན་ཏུ་ཡུན་རིང་དུ་འཆང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ནས་བསླངས་ལ། བསྙེན་པར་རྫོགས་ནས་གྲུབ་སྟེ་ཤིན་ཏུ་ཡུན་རིང་དུ་འཆང་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བསྙེན་པར་རྫོགས་ནས་བསླངས་ལ། བསྙེན་པར་མ་རྫོགས་པར་གྲུབ་ནས་ཤིན་ཏུ་ཡུན་རིང་དུ་འཆང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དབྱར་གྱི་གོས་རས་ཆེན་མ་འཚལ་བ་ཞིག་ཤིན་ཏུ་རིངས་པར་བཙལ་ནས་ཤིན་


DKG012_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཡུན་རིང་དུ་འཆང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དབྱར་གྱི་གོས་རས་ཆེན་སེང་རས་ཤིག་ཤིན་ཏུ་རིངས་པར་བཅལ་ནས་ཤིན་ཏུ་ཡུན་རིང་དུ་འཆང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་མི་ལས་མིར་འདུ་ཤེས་པས་དབྱར་གྱི་གོས་རས་ཆེན་ཞིག་ཤིན་ཏུ་རིངས་པར་བཙལ་ནས་གོས་ཐོབ་སྟེ་ཤིན་ཏུ་ཡུན་རིང་དུ་འཆང་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །མི་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགག་དབྱེའི་འོག་ཟླ་བ་ཕྱེད་འདས་པ་ལ་འདས་པར་འདུ་ཤེས་པས་དབྱར་གྱི་གོས་རས་ཆེན་འཆང་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །འདས་པ་ལ་མ་འདས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །མ་འདས་པ་ལ་འདས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མ་འདས་པ་ལ་མ་འདས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་དབྱར་གནས་པར་ཁས་བླངས་པ་དང་རྒྱལ་པོས་ཤོལ་བོར་ན། དགེ་སློང་དེ་དག་གིས་ཇི་ལྟར་དགག་དབྱེ་བགྱི། ཉེ་བར་འཁོར། ཇི་ལྟར་གནས་པར་ཁས་བླངས་པ་བཞིན་ནོ། །དབྱར་གྱི་གོས་རས་ཆེན་ཇི་ལྟར་བཅང་བར་བགྱི། ཇི་ལྟར་དགག་དབྱེ་བྱས་པ་བཞིན་ནོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་བས། དབྱར་གྱི་གོས་རས་ཆེན་ཤིན་ཏུ་རིངས་པར་བཙལ་ནས་ཤིན་ཏུ་ཡུན་རིང་དུ་འཆང་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མས་དབྱར་གྱི་གོས་རས་ཆེན་ཤིན་ཏུ་རིངས་པར་བཙལ་ནས་ཤིན་ཏུ་ཡུན་རིང་དུ་འཆང་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཞག་བཅུ་ལས་འདས་པར་འཆང་ན། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། སྔར་ལྟུང་བ་ལ་སོགས་པས། དབྱར་གྱི་གོས་རས་ཆེན་ཤིན་ཏུ་རིངས་པར་བཙལ་ནས་ཤིན་ཏུ་ཡུན་རིང་དུ་འཆང་ན། ཅིར་འགྱུར་ལགས། ཉེས་བྱས་སུ་འགྱུར་རོ།། །།སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། །གཞན་ལ་སྙད་འདོགས་


DKG012_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པ་དང་། །སྨྱོན་པ་དང་ནི་སེམས་གཡེངས་དང་། །ཚོར་བ་འོན་པ་གླེན་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་འདུན་ལ་བསྡོས་པའི་རྙེད་པ་ཤེས་བཞིན་དུ་གང་ཟག་བདག་ལ་སྒྱུར་དུ་འཇུག་ན། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་དགེ་འདུན་ལ་བསྔོས་པའི་རྙེད་པ་ཤེས་བཞིན་དུ་ཕོ་ཉ་ལས་གང་ཟག་བདག་ལ་སྒྱུར་དུ་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །རྙེད་པ་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །ཕོ་ཉ་ལས་ཇི་ལྟ་བར་ཡི་གེ་དང་། ལག་བརྡ་དང་། གཞན་ལ་སྙད་འདོགས་པ་དང་། བརྒྱུད་པས་ཀྱང་དེ་དང་འདྲའོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་འདུན་སྨྱོན་པ་ལ་བསྡོས་པའི་རྙེད་པ་གཞན་དུ་གང་ཟག་བདག་ལ་སྒྱུར་དུ་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །རྙེད་པ་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །སྨྱོན་པ་ལ་ཇི་ལྟ་བ་དེ་བཞིན་དུ་སེམས་གཡེངས་པ་དང་། ཚོར་བས་ཉམ་ཐག་པ་དང་། གླེན་པ་དང་། འོན་པ་ལ་ཅིར་འགྱུར་ལགས། ཉེས་བྱས་སོ། །སྡོམ་ལ། མི་ཆོག་པ་དང་མི་རུང་དང་། །ཕམ་བཞི་ཚན་མཚན་དང་ནི། །ཁྱིམ་པ་དག་ལ་སོགས་པ་དང་། །འགྲོ་དང་སློབ་པ་དགེ་སློང་མ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་འདུན་ལ་བསྡོས་པའི་ཆོས་གོས་ཁྲུ་གང་དུ་མི་ཚང་བ་ཞིག་།གང་ཟག་བདག་ལ་སྒྱུར་དུ་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །འོན་ཏེ་ཀུན་ནས་ཁྲུ་གང་པའམ། ལྷག་མ་ཞིག་ཡིན་ན། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་ལ་བསྔོས་པའི་རྙེད་པ་འཚལ་བཞིན་དུ་གང་ཟག་བདག་ལ་སྒྱུར་དུ་སྩལ་ཀྱང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་ཆོས་གོས་དེའི་སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང་། རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང་། གཉི་ག་མི་རུང་བར་གྱུར་ནའོ། །མི་རུང་བ་རྡ་བལ་དང་།


DKG012_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལང་གི་སྤུ་དང་། རི་དྭགས་ཀྱི་བལ་དང་། ར་བལ་དང་འདྲེས་པ་དེ་ལྟ་བུའི་ཆོས་གོས་ཤིག་གང་ཟག་བདག་ལ་སྒྱུར་དུ་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་གོས་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་འདུན་ལ་བསྔོས་པའི་རྙེད་པ་ཤེས་བཞིན་དུ་གང་ཟག་དག་ལ་སྒྱུར་དུ་འཇུག་ན། སྤང་བའི་ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། དགེ་སློང་གིས་ཕ་དང་། མ་དག་ལས་ཆོས་གོས་བསླངས་ན། སྤང་བའི་ལྟུང་བྱེད་དུ་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་ཕ་དང་། མ་དག་གིས་ཆོས་གོས་དགེ་འདུན་ལ་བསྔོས་པར་གྱུར་ལ། དེ་དགེ་སློང་གིས་ཤེས་བཞིན་དུ་གང་ཟག་བདག་ལ་སྒྱུར་དུ་བཅུག་སྟེ་ཆོས་གོས་གྲུབ་ན། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་བསྙེན་པར་མ་རྫོགས་པར་དགེ་འདུན་གྱི་རྙེད་པ་བསླངས་ལ། བསྙེན་པར་མ་རྫོགས་པར་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བསླངས་ལ། བསྙེན་པར་རྫོགས་ཀར་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བསླངས་ལ། བསྙེན་པར་རྫོགས་ནས་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ལ། བསྙེན་པར་རྫོགས་ཀར་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ལ། བསྙེན་པར་རྫོགས་ནས་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ནས་བསླངས་ལ། བསྙེན་པར་རྫོགས་ནས་གྲུབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བསྙེན་པར་རྫོགས་ནས་བསླངས་ལ། བསྙེན་པར་མ་རྫོགས་པར་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་འདུན་ལ་བསྔོས་པའི་རྙེད་པ་ལ་བསྔོས་པར་འདུ་ཤེས་པས་གང་ཟག་བདག་ལ་སྒྱུར་དུ་སྩལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །རྙེད་པ་གྲུབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བསྔོས་པ་ལམ་བསྔོས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །མ་བསྔོས་པ་ལ་བསྔོས་པར་འདུ་ཤེས་ན་ཅིར་འགྱུར་ལགས། ཉེས་


DKG012_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་སོ། །མ་བསྔོས་པ་ལ་མ་བསྔོས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་འདུན་ལ་བསྔོས་པའི་རྙེད་པ་ཤེས་བཞིན་དུ་གང་ཟག་བདག་ལ་སྒྱུར་དུ་སྩོལ་པ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ནས་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་མས་དགེ་འདུན་ལ་བསྔོས་པའི་རྙེད་པ་ཤེས་བཞིན་དུ་གང་ཟག་བདག་ལ་སྒྱུར་དུ་སྩོལ་པ་ལས། མཚན་གྱུར་ཏེ་དགེ་སློང་དུ་རེད་ནས་ཐོབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཁྱིམ་པ་ལ་བསྔོས་པའི་རྙེད་པ་གང་ཟག་བདག་ལ་སྒྱུར་དུ་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །རྙེད་པ་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །དེ་བཞིན་དུ་ཟ་མ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། མ་འགུམས་པ་དང་། ཕ་འགུམས་པ་དང་། དགྲ་བཅོམ་པ་འགུམས་པ་དང་། དགེ་འདུན་གྱི་དབྱེན་འགྱིས་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་ཞུགས་པ་དང་།རྐུ་ཐབས་སུ་གནས་པ་དང་། ཐ་དད་དུ་གནས་པ་དང་། གནས་པར་མི་བགྱི་བ་དང་། ཁས་བླངས་པ་དང་། སྔར་ལྟུང་བ་བྱུང་བ་དང་། དང་པོ་མི་མཐུན་པ་ཅན་དང་། བསླབ་པ་སྩལ་པ་ལ་བསྔོས་པའི་རྙེད་པ་གང་ཟག་བདག་ལ་སྒྱུར་དུ་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །རྙེད་པ་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །བཙུན་པ། རེ་ཞིག་དགེ་སློང་གིས་འགྲོ་བ་གཞན་དུ་གནས་པ་རྣམས་ལ་བསྔོས་པའི་རྙེད་པ་གང་ཟག་བདག་ལ་སྒྱུར་དུ་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །རྙེད་པ་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་པས་དགེ་འདུན་ལ་བསྔོས་པའི་རྙེད་པ་འཚལ་བཞིན་དུ་གང་ཟག་བདག་ལ་སྒྱུར་དུ་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །རྙེད་པ་གྲུབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མས་དགེ་འདུན་མ་ལ་བསྔོས་པའི་རྙེད་པ་འཚལ་བཞིན་དུ་གང་ཟག་བདག་ལ་སྒྱུར་དུ་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །རྙེད་པ་གྲུབ་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་གཉིས་སམ། མང་པོ་ལ་བསྔོས་པའི་རྙེད་པ་གང་ཟག་བདག་ལ་སྒྱུར་དུ་སྩོལ་ན་ཅིར་འགྱུར་


DKG012_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ལགས། ཉེས་བྱས་སོ། །རྙེད་པ་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མའི་དགེ་འདུན་ནམ། གཉི་གའི་དགེ་འདུན་ལ་བསྔོས་པའི་རྙེད་པ་གང་ཟག་བདག་ལ་སྒྱུར་དུ་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །རྙེད་པ་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་ལ་བསྔོས་པའི་རྙེད་པའམ། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་བསྔོས་པའི་རྙེད་པ་གང་ཟག་བདག་ལ་སྒྱུར་དུ་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །རྙེད་པ་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །དེ་བཞིན་དུ་དགེ་སློང་མས་དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་བསྔོས་པའི་རྙེད་པ་གང་ཟག་བདག་ལ་སྒྱུར་དུ་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །རྙེད་པ་གྲུབ་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ནའོ། །དེ་བཞིན་དུ་དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི། ཉེས་བྱས་སུ་རྒྱ་ཆེར་བརྗོད་པར་བྱའོ། །སྡོམ་ལ། མི་རུང་བ་དང་། བཞི་ཚན་དང་། ཉམས་དང་དེ་བཞིན་ཇི་སྲིད་འཚོ། །མཚན་དང་དེ་ཉིད་སྨྱོན་པ་དང་། །བྱིན་གྱིས་མ་བརླབས་བྱིན་གྱིས་བརླབས། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་ན་བ་རྣམས་ལ་པན་པ་སོ་སོར་བསྟེན་པར་བྱ་བའི་སྨན་གང་དག་བཀའ་སྩལ་པ། འདི་ལྟ་སྟེ། ཞུན་མར་དང་། འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་གྱི་དབུ་བ་དེ་དག་ལས། དགེ་སློང་ན་བས་འདོད་ན། རང་གིས་ཞག་བདུན་པར་བྱིན་གྱིས་བརླབས་ཏེ་གསོག་འཇོག་གི་ཡོངས་སུ་ལོངས་སྤྱད་པས་ཡོངས་སུ་ལོངས་སྤྱད་པར་བྱའོ། །དེ་ལས་འདས་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་གང་


DKG012_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་པ། བཙུན་པ། སྨན་དགུང་བདུན་ལས་འདས་ཀྱང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། སྨན་མི་རུང་བ་དང་འདྲེས་པ་གང་དགེ་སློང་རྣམས་ཀྱིས་སྤྱད་དུ་མི་རུང་བར་གྱུར་པའོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྨན་དེ་རྙེད་ནས་དགུང་བདུན་ལ་དགུང་བདུན་ལགས་པར་འདུ་ཤེས་པས། སྐྱ་རེངས་འཆར་བར་བགྱིད་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགུང་བདུན་ལ་དགུང་བདུན་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དེ། །དགུང་བདུན་མ་ལགས་པ་ལ་དགུང་བདུན་དུ་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དགུང་བདུན་མ་ལགས་པ་ལ་དགུང་བདུན་མ་ལགས་པར་འདུ་ཤེས་པས་སྐྱ་རེངས་འཆར་བར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྨན་སྤང་བ་ཞིག་ཉམས་པར་གྱུར་ན། ལྟུང་བ་བཤགས་པར་བགྱི་ལགས་སམ། ཉེ་བར་འཁོར། བཤགས་པར་བྱའོ། །ལྟུང་བ་བཤགས་ནས་སླར་རྙེད་ན། སྤང་བར་བགྱི་ལགས་སམ། ཉེ་བར་འཁོར། མ་ཡིན་ནོ། །བཙུན་པ། དགེ་སློང་གིས་དགུང་བདུན་པའི་སྨན་ཇི་སྲིད་འཚོའི་བར་དུ་བཅངས་ཀྱང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། ཞག་བདུན་ཚུན་ཆད་དུ་དུས་བྱས་ནའོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགུང་བདུན་པའི་སྨན་ཞིག་རྙེད་ནས་དགུང་བདུན་པ་ལས་འདའ་བར་བགྱིད་པ་ལས། མཚན་འགྱུར་ཏེ་དགེ་སློང་མར་རེད་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མས་དགུང་བདུན་པའི་སྨན་ཞིག་རྙེད་ནས་དགུང་བདུན་ལས་འདའ་བར་བགྱིད་པ་ལས། མཚན་འགྱུར་ཏེ་དགེ་སློང་དུ་རེད་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། སྨན་དེ་ཉིད་སྤང་བ་ཡང་ལགས་ལ། དེ་ཉིད་གསོག་འཇོག་བགྱིས་པ་ཡང་ལགས་པ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་དགེ་སློང་གིས་ཞག་བདུན་འདས་པའི་སྨན་བྱིན་ལེན་བྱས་ནས་དུས་ལས་འདའ་བར་བྱེད་ནའོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགུང་བདུན་པའི་སྨན་ཞིག་རྙེད་ནས་སེམས་གཡེངས་པར་གྱུར་ན། གང་ནས་བཟུང་སྟེ་དགུང་བདུན་པ་


DKG012_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བགྲང་བར་བགྱི་ལགས། གང་གི་ཚེ་རང་གི་སེམས་སོར་ཆུད་པ་ནས་སོ། །བཙུན་པ། དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། དགུང་བདུན་པ་དང་། ཇི་སྲིད་འཚོའི་བར་དུ་བཅང་བའི་སྨན་གང་དག་ལགས་པ་དེ་དག་བྱིན་ལེན་བགྱིས་ལ། བྱིན་གྱིས་མ་བརླབས་པར་བདག་གིར་བགྱིད་ཅིང་། གསོག་འཇོག་གི་ཡོངས་སུ་ལོངས་སྤྱོད་པས་ཡོངས་སུ་ལོངས་སྤྱད་པར་རུང་ལགས་སམ། ཉེ་བར་འཁོར། མི་རུང་ངོ་། །བཙུན་པ། དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་དགུང་བདུན་པ་དང་། ཇི་སྲིད་འཚོའི་བར་དུ་བཅང་བའི་སྨན་གང་ལགས་པ་དེ་དག་བྱིན་གྱིས་བརླབས་ན། གསོག་འཇོག་གི་ཡོངས་སུ་ལོངས་སྤྱོད་པས། ཡོངས་སུ་ལོངས་སྤྱད་དུ་རུང་ལགས་སམ། ཉེ་པར་འཁོར། རུང་ངོ་། །བཙུན་པ། རེ་ཞིག་དགེ་སློང་གིས་སྤང་བའི་སྨན་ཞིག་བྱིན་གྱིས་རློབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། དགུང་བདུན་པ་དང་། ཇི་སྲིད་འཚོའི་བར་དུ་བཅད་བའི་སྨན་གང་དག་ལགས་པ་དེ་དག་བྱིན་ལེན་བགྱིས་ཏེ། བྱིན་གྱིས་བརླབས་ལ་བྱིན་གྱིས་བརླབས་པ་ལས་འདས་པར་གསོག་འཇོག་གིས་ཡོངས་སུ་ལོངས་སྤྱོད་དུ་རུང་ལགས་སམ། ཉེ་བར་འཁོར། མི་རུང་སྟེ། དུས་སུ་རུང་བ་ཡང་དུས་སུ་ཡོངས་སུ་ལོངས་སྤྱད་པར་བྱའི། དུས་ལས་འདས་ནས་ཡོངས་སུ་སྤྱད་པར་མི་བྱའོ། །ཐུན་ཚོད་དུ་རུང་བ་ཡང་ཐུན་ཚོད་དུ་ཡོངས་སུ་སྤྱད་པར་བྱའི། ཐུན་ཚོད་ལས་འདས་ནས་ཡོངས་སུ་སྤྱད་པར་མི་བྱའོ། །ཞག་བདུན་པ་ཡང་ཞག་བདུན་པར་ཡོངས་སུ་སྤྱད་པར་བྱའོ། ཞག་བདུན་ལས་འདས་ནས་ཡོངས་སུ་སྤྱད་པར་མི་བྱའོ། །ཇི་སྲིད་འཚོའི་བར་དུ་བཅང་པ་ནི། ཇི་སྲིད་འཚོའི་བར་དུ་ཡོངས་སུ་སྤྱད་པར་བྱའོ། །གལ་ཏེ་ཡོངས་སུ་སྤྱད་ན། ཅིར་འགྱུར་ལགས། གསོག་འཇོག་བྱས་པ་ཡོངས་སུ་སྤྱད་པས་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། གལ་ཏེ་བྱིན་གྱིས་རློབ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་པས། དགུང་བདུན་པའི་སྨན་དགུང་བདུན་ལས་འདས་པར་ཡོངས་སུ་སྤྱད་ན། ཅིར་འགྱུར་ལགས། སྤང་པའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་མས་དགུང་བདུན་པའི་སྨན་དགུང་


DKG012_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ལས་འདས་ནས་ཡོངས་སུ་སྤྱོད་ན། ཅིར་འགྱུར་ལགས། སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློབ་མ་ལ་ནི། ཉེས་བྱས་སོ། །དགེ་ཚུལ་དང་། དགེ་ཚུལ་མ་ལ་ནི། ལྟུང་བ་མེད་དོ། །སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི། ཉེས་བྱས་སུ་རྒྱ་ཆེར་བརྗོད་པར་བྱའོ། །ཉེ་བར་འཁོར་གྱིས་ཞུས་པ་ཁ་ཆེ་བ་ལས། སྤང་བའི་ལྟུང་བྱེད་རྣམས་རྫོགས་སོ།། །།སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། །གཞན་ལ་སྙད་འདོགས་བརྒྱུད་པ་དང་། །སྨྱོན་པ་དང་ནི་སེམས་གཡེངས་དང་། །ཚོར་བ་འོན་པ་གླེན་པའོ། །གཉིད་ལོག་ར་རོ་རབ་མྱོས་དང་། །སྙོམས་ཞུགས་འགྲོ་བ་ཐ་མ་འོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས། ཤེས་བཞིན་དུ་བརྫུན་དུ་སྨྲ་ན། ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་ཕོ་ཉ་ལས་བརྫུན་དུ་སྨྲ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་ཡི་གེ་དང་། ལག་བརྡ་དང་། གཞན་ལ་སྙད་འདོགས་པ་དང་། བརྒྱུད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་སྨྱོན་པ་ལ་བརྫུན་དུ་སྨྲན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་སེམས་གཡེངས་པ་དང་། ཚོར་བས་ཉམ་ཐག་པ་དང་། གླེན་པ་དང་། འོན་པ་དང་། གཉིད་ཀྱིས་ལོག་པ་དང་། ཕྱག་ལས་ཁོམ་པ་དང་། རབ་ཏུ་མྱོས་པ་དང་། སྙོམས་པར་ཞུགས་པ་དང་། འགྲོ་བ་གཞན་དུ་གནས་པ་ལ་བ་རྫུན་དུ་སྨྲ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །སྡོམ་ལ། དབེན་པ་སྐད་དང་བཞི་ཚན་དང་། །མུ་སྟེགས་ཅན་དང་མི་སྨྲ་ཉིད། །མཚན་དང་ལུས་ཀྱི་རྣམ་རིག་དང་། །བསླབ་པ་བྱིན་དང་དགེ་སློང་མ། །བཙུན་པ། རེ་ཞིག་དགེ་སློང་གིས་དབེན་པ་ལ་དབེན་པར་འདུ་ཤེས་པས། རྫུན་སྨྲ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་དབེན་པ་ལ་མི་དབེན་པར་འདུ་ཤེས་པས་རྫུན་སྨྲ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་དབེན་པ་ལ་དབེན་པར་འདུ་ཤེས་པས་རྫུན་སྨྲ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་དབེན་པ་ལ་མི་དབེན་པར་འདུ་ཤེས་པས་རྫུན་སྨྲ་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །


DKG012_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་པ། རེ་ཞིག་དབུས་ཀྱི་དགེ་སློང་གིས་མཐའ་འཁོབ་པའི་སྐད་དུ་དབུས་པ་ལ་བརྫུན་དུ་སྨྲས་ལ། དབུས་པས་ཀྱང་མཐའ་འཁོབ་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མཐའ་འཁོབ་པས་དབུས་པའི་སྐད་དུ་མཐའ་འཁོབ་པ་ཞིག་ལ་རྫུན་སྨྲས་ལ། མཐའ་འཁོབ་པས་ཀྱང་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དབུས་པ་ཞིག་ལ་རྫུན་སྨྲས་ལ། དབུས་པས་ཀྱང་མཐའ་འཁོབ་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དབུས་པས་དབུས་པའི་སྐད་དུ་མཐའ་པ་ཞིག་ལ་རྫུན་སྨྲས་ལ། མཐའ་འཁོབ་པས་ཀྱང་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་མི་ལ་མིར་འདུ་ཤེས་པས་རྫུན་སྨྲ་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །མི་ལ་མི་མ་ལགས་པར་འདུ་ཤེས་པས་རྫུན་སྨྲ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་མ་ལགས་པ་ལ་མིར་འདུ་ཤེས་པས་རྫུན་སྨྲ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་མ་ལགས་པ་མི་མ་ལགས་པར་འདུ་ཤེས་པས་རྫུན་སྨྲ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་ལ་ཁྱོད་སུ་ཞེས་དྲིས་པ་དང་། དེས་འདི་སྐད་ཅེས། མུ་སྟེགས་ཅན་ནོ། །ཞེས་སྨྲས་ན། བསླབ་པ་ཕུལ་བ་ཞེས་བརྗོད་པར་བགྱིའམ། ཉེ་བར་འཁོར། མ་ཡིན་ནོ། །ཅིར་འགྱུར་ལགས། ཤེས་བཞིན་དུ་རྫུན་སྨྲས་པས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་ལ་ཁྱོད་ཅི་མུ་སྟེགས་ཅན་ཡིན་ནམ་ཞེས་དྲིས་པ་ལས། གལ་ཏེ་མི་སྨྲ་བས་ཁས་ལེན་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་རྫུན་སྨྲ་བ་ལས། སྨྲ་བའི་ཚེ་མཚན་འགྱུར་ཏེ་དགེ་སློང་མར་རེད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་མ་རྫུན་སྨྲ་བ་ལས། མཚན་འགྱུར་ཏེ་དགེ་སློང་དུ་རེད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་ལ་ཁྱོད་ཀྱིས་ཅི་ཆེ་གེ་མོ་ཞིག་མཐོང་ངམ་ཞེས་དྲིས་པ་ལས། དེ་མ་མཐོང་བར་ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་མཐོང་བར་སྟོན་ན། ཅིར་འགྱུར་ལགས། ཉེས་


DKG012_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་སོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་པ་རྫུན་སྨྲ་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་མ་རྫུན་སྨྲ་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །དེ་བཞིན་དུ་དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི། ཉེས་བྱས་སོ། །སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། །གཞན་ལ་སྙད་འདོགས་བརྒྱུད་པ་དང་། །སྨྱོན་པ་དང་ནི་སེམས་གཡེངས་དང་། །ཚོར་བ་འོན་པ་གླེན་པ་དང་། །གཉིད་ལོག་ར་རོ་རབ་མྱོས་དང་། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་མིའི་སྐྱོན་ནས་སྨྲ་ན། ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་ཕོ་ཉ་ལས་དགེ་སློང་ལ་མིའི་སྐྱོན་ནས་སྨྲ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཕོ་ཉ་ལས་ཇི་ལྟ་བ་དེ་བཞིན་དུ་ཡི་གེ་དང་། ལག་བརྡ་དང་། གཞན་ལ་སྙད་འདོགས་པ་དང་། བརྒྱུད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་སྨྱོན་པའི་མིའི་སྐྱོན་ནས་སྨྲ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་སེམས་གཡེངས་པ་དང་། ཚོར་བས་ཉམ་ཐག་པ་དང་། གཉིད་ཀྱིས་ལོག་པ་དང་། ཕྱག་ལས་ཁོམ་པ་དང་། རབ་ཏུ་མྱོས་པ་དང་། སྙོམས་པར་ཞུགས་པ་ལ་མིའི་སྐྱོན་ནས་སྨྲ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་འགྲོ་བ་གཞན་དུ་གནས་པའི་རབ་ཏུ་བྱུང་བ་ལ་མིའི་སྐྱོན་ནས་སྨྲ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ།། །།སྡོམ་ལ། སྐད་དང་ལུས་དང་དབེན་པ་ཉིད། །མཚན་རྣམས་དང་ནི་བཞི་ཚན་དང་། །ཁྱིམ་པ་དག་ལ་སོགས་པ་དང་། །བསླབ་བྱིན་དང་ནི་དགེ་སློང་མ། །བཙུན་པ། རེ་ཞིག་དགེ་སློང་དབུས་པས་མཐའ་འཁོབ་པའི་སྐད་དུ་དབུས་པའི་དགེ་སློང་ལ་སྐྱོན་ནས་སྨྲ་བར་བགྱིད་ལ། དབུས་པའི་དགེ་སློང་གིས་ཀྱང་མཐའ་འཁོབ་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མཐའ་འཁོབ་པས་དབུས་པའི་སྐད་དུ་མཐའ་འཁོབ་


DKG012_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགེ་སློང་ལ་མིའི་སྐྱོན་ནས་སྨྲ་བར་བགྱིད་ལ། མཐའ་འཁོབ་པའི་དགེ་སློང་གིས་ཀྱང་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དབུས་པའི་དགེ་སློང་ལ་མིའི་སྐྱོན་ནས་སྨྲ་བར་བགྱིད་ལ། དབུས་པའི་དགེ་སློང་གིས་ཀྱང་མཐའ་འཁོབ་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དབུས་པས་དབུས་པའི་སྐད་དུ་མཐའ་འཁོབ་པའི་དགེ་སློང་ལ་མིའི་སྐྱོན་ནས་སྨྲ་བར་བགྱིད་ལ། མཐའ་འཁོབ་པའི་དགེ་སློང་གིས་ཀྱང་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་མིའི་སྐྱོན་ནས་སྨྲ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དབེན་པ་ལ་དབེན་པར་འདུ་ཤེས་པས་མིའི་སྐྱོན་ནས་སྨྲ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དབེན་པ་ལ་མི་དབེན་པར་འདུ་ཤེས་པས། མིའི་སྐྱོན་ནས་སྨྲ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་དབེན་པ་ལ་དབེན་པར་འདུ་ཤེས་པས། མིའི་སྐྱོན་ནས་སྨྲ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་དབེན་པ་ལ་མི་དབེན་པར་འདུ་ཤེས་པས། མིའི་སྐྱོན་ནས་སྨྲ་བར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་ལ་མིའི་སྐྱོན་ནས་སྨྲ་བར་བགྱིད་པ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་མ་དགེ་སློང་མ་ལ་མིའི་སྐྱོན་ནས་སྨྲ་བར་བགྱིད་པ་ལས། མཚན་འགྱུར་ཏེ་དགེ་སློང་དུ་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་པས་མིའི་སྐྱོན་ནས་སྨྲ་བར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་


DKG012_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་མི་ལ་མིར་འདུ་ཤེས་པས་མིའི་སྐྱོན་ནས་སྨྲ་བར་བགྱིད་ན། ཅིར་འགྱུར་ལགས། བསྟུང་བྱེད་དོ། །མི་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཁྱིམ་པ་ལ་མིའི་སྐྱོན་ནས་སྨྲ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་མ་ནིང་ལ་མིའི་སྐྱོན་ནས་སྨྲ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་ཟ་མ་དང་། མཚན་གཉིས་པ་དང་། ཁས་བླངས་པ་དང་། དགེ་སློང་མ་སུན་ཕྱུང་བ་དང་། མ་འགུམས་པ་དང་། ཕ་འགུམས་པ་དང་། དགྲ་བཅོམ་པ་འགུམས་པ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་ཞུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། གནས་པར་མི་བགྱི་བ་དང་། དང་པོ་མི་མཐུན་པ་ཅན་དང་། སྔར་ལྟུང་བ་བྱུང་བ་ལ་མིའི་སྐྱོན་ནས་སྨྲ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་དགེ་འདུན་གྱི་དབྱེན་བགྱིད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། ཐ་དད་དུ་གནས་པ་དང་། བསླབ་པ་སྩལ་པ་ལ་མིའི་སྐྱོན་ནས་སྨྲ་བར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་པས་དགེ་སློང་ལ་མིའི་སྐྱོན་ནས་སྨྲ་བར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་མིའི་སྐྱོན་ནས་སྨྲ་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དགེ་སློང་མས་དགེ་སློང་མ་ལ་མིའི་སྐྱོན་ནས་སྨྲ་བར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །དགེ་སློང་མས་དགེ་སློང་དང་། དགེ་ཚུལ་དང་། དགེ་སློང་མ་དང་། དགེ་ཚུལ་མ་ལ་མིའི་སྐྱོན་ནས་སྨྲ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། སྔར་ལྟུང་བ་བྱུང་བ་


DKG012_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ལ་ནི། ཉེས་བྱས་སུ་རྒྱ་ཆེར་བརྗོད་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་ཕྲ་མ་བྱེད་ན། ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ་ཞེས་བྱ་བ་སྟེ། གཞུང་ལྷག་མ་ནི། མིའི་སྐྱོན་ནས་སྨྲ་བ་ལ་ཇི་སྐད་བཤད་པ་དེ་བཞིན་དུ་ཕྲ་མ་ལ་ཡང་རྒྱས་པར་བརྗོད་པར་བྱའོ།། །།འདུལ་བ་གཞུང་བླ་མ། བམ་པོ་དགུ་པ། སྡོམ་ལ། སྐད་དང་ལུས་དང་དབེན་པ་ཉིད། །མཚན་དག་དང་ནི་བཞི་ཚན་དང་། །ཁྱིམ་པ་དག་ལ་སོགས་པ་དང་། །བསླབ་པ་བྱིན་པ་ཐ་མ་འོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་འདུན་དང་མཐུན་པས་ཆོས་བཞིན་དུ་རྩོད་པ་སྦྱངས་པར་ཤེས་བཞིན་དུ་ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན། ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དབུས་ཀྱི་དགེ་སློང་གིས་མཐའ་འཁོབ་པའི་སྐད་དུ་དབུས་ཀྱི་དགེ་སློང་རྣམས་ཀྱི་རྩོད་པ་དགེ་འདུན་མཐུན་པས་ཆོས་བཞིན་དུ་སྦྱངས་པར་འཚལ་བཞིན་དུ་ཡང་ལས་ཀྱི་སྐྱོ་སྔོགས་བགྱིད་ལ། དབུས་པའི་དགེ་སློང་རྣམས་ཀྱིས་ཀྱང་མཐའ་འཁོབ་བའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མཐའ་འཁོབ་པས་དབུས་པའི་སྐད་དུ་མཐའ་འཁོབ་པའི་དགེ་སློང་རྣམས་ཀྱི་རྩོད་པ་དགེ་འདུན་མཐུན་པས་ཆོས་བཞིན་དུ་སྦྱངས་པར་འཚལ་བཞིན་དུ་ཡང་ལས་ཀྱི་སྐྱོ་སྔོགས་བགྱིད་ལ། མཐའ་འཁོབ་པའི་དགེ་སློང་རྣམས་ཀྱིས་ཀྱང་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དབུས་པའི་དགེ་སློང་རྣམས་ཀྱི་རྩོད་པ་དགེ་འདུན་མཐུན་པས་ཆོས་བཞིན་དུ་སྦྱངས་པར་འཚལ་བཞིན་དུ་ཡང་ལས་ཀྱི་སྐྱོ་སྔོགས་བགྱིད་ལ། དབུས་པའི་དགེ་སློང་རྣམས་ཀྱིས་ཀྱང་མཐའ་འཁོབ་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དབུས་པས་དབུས་པའི་སྐད་དུ་མཐའ་འཁོབ་པའི་དགེ་སློང་རྣམས་ཀྱིས་རྩོད་པ་དགེ་འདུན་མཐུན་པས་ཆོས་བཞིན་དུ་རྩོད་པ་སྦྱངས་པར་འཚལ་བཞིན་དུ་ཡང་ལས་ཀྱི་སྐྱོ་སྔོགས་བགྱིད་ལ། མཐའ་འཁོབ་པའི་དགེ་སློང་རྣམས་ཀྱིས་ཀྱང་


DKG012_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་དགེ་འདུན་མཐུན་པས་ཆོས་བཞིན་དུ་རྩོད་པ་སྦྱངས་པར་འཚལ་བཞིན་དུ་ཡང་ལས་ཀྱི་སྐྱོ་སྔོགས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་དགེ་འདུན་མཐུན་པས་ཆོས་བཞིན་དུ་རྩོད་པ་སྦྱངས་པར་འཚལ་བཞིན་དུ་དབེན་པ་ལ་དབེན་པར་འདུ་ཤེས་པས་ཡང་ལས་ཀྱི་སྐྱོ་སྔོགས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དབེན་པ་ལ་མི་དབེན་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་དབེན་པ་ལ་དབེན་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་དབེན་པ་ལ་མི་དབེན་པར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་འདུན་མཐུན་པས་ཆོས་བཞིན་དུ་རྩོད་པ་སྦྱངས་པར་འཚལ་བཞིན་དུ་ཡང་ལས་ཀྱི་སྐྱོ་སྡོགས་བགྱིད་པ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་མས་དགེ་འདུན་མཐུན་པས་ཆོས་བཞིན་དུ་རྩོད་པ་སྦྱངས་པར་འཚལ་བཞིན་དུ་ཡང་ལས་ཀྱི་སྐྱོ་སྔོགས་བགྱིད་པ་ལས། མཚན་གྱུར་ཏེ་དགེ་སློང་དུ་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་རྩོད་པ་ཆོས་བཞིན་དུ་སྦྱངས་པ་ལ་ཆོས་བཞིན་དུ་སྦྱངས་པར་འདུ་ཤེས་པས་ཡང་ལས་ཀྱི་སྐྱོ་སྔོགས་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །ཆོས་བཞིན་དུ་སྦྱངས་པ་ལ་ཆོས་བཞིན་དུ་མ་སྦྱངས་པར་འདུ་ཤེས་པས་ཡང་ལས་ཀྱི་སྐྱོ་སྔོགས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་བཞིན་དུ་མ་སྦྱངས་པ་ལ་ཆོས་བཞིན་དུ་སྦྱངས་པར་འདུ་ཤེས་པས་ཡང་ལས་ཀྱི་སྐྱོ་སྔོགས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ཆོས་བཞིན་དུ་མ་སྦྱངས་པ་ལ་ཆོས་བཞིན་དུ་མ་སྦྱངས་པར་འདུ་ཤེས་པས་ཡང་ལས་ཀྱི་སྐྱོ་སྔོགས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་བསྙེན་པར་རྫོགས་པ་རྣམས་ལ་བསྙེན་པར་རྫོགས་པར་འདུ་ཤེས་པས། དགེ་འདུན་མཐུན་པས་ཆོས་བཞིན་དུ་རྩོད་པ་སྦྱངས་པར་འཚལ་བཞིན་དུ་ཡང་ལས་ཀྱི་སྐྱོ་སྔོགས་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བསྙེན་པར་རྫོགས་པ་རྣམས་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་པས། དགེ་འདུན་མཐུན་པས་ཆོས་བཞིན་དུ་རྩོད་པ་སྦྱངས་པར་འཚལ་བཞིན་དུ་ཡང་ལས་ཀྱི་སྐྱོ་


DKG012_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

སྔོགས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་རྣམས་ལ་བསྙེན་པར་རྫོགས་པར་འདུ་ཤེས་པས། དགེ་འདུན་མཐུན་པས་ཆོས་བཞིན་དུ་རྩོད་པ་སྦྱངས་པར་འཚལ་བཞིན་དུ་ཡང་ལས་ཀྱི་སྐྱོ་སྔོགས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་རྣམས་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་པས། དགེ་འདུན་མཐུན་པས་ཆོས་བཞིན་དུ་རྩོད་པ་སྦྱངས་པར་འཚལ་བཞིན་དུ་ཡང་ལས་ཀྱི་སྐྱོ་སྔོགས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཁྱིམ་པ་རྣམས་ཀྱི་རྩོད་པ་ཆོས་བཞིན་དུ་སྦྱངས་པར་འཚལ་བཞིན་དུ་ཡང་ལས་ཀྱི་སྐྱོ་སྔོགས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་ཟ་མ་དང་། མ་ནིང་དང་། མཚན་གཉིས་པ་དང་། ཁས་བླངས་པ་དང་། དགེ་སློང་མ་སུན་ཕྱུང་བ་དང་། མ་འགུམས་པ་དང་། ཕ་འགུམས་པ་དང་། དགྲ་བཅོམ་པ་འགུམས་པ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་ཞུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། གནས་པར་མི་བགྱི་བ་དང་། དང་པོ་མི་མཐུན་པ་ཅན་དང་། སྔར་ལྟུང་བ་བྱུང་བ་རྣམས་ཀྱི་རྩོད་པ་ཆོས་བཞིན་དུ་སྦྱངས་པར་འཚལ་བཞིན་དུ་ཡང་ལས་ཀྱི་སྐྱོ་སྔོགས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། ཐ་དད་དུ་གནས་པ་དང་། བསླབ་པ་སྩལ་པ་རྣམས་ཀྱི་རྩོད་པ་ཆོས་བཞིན་དུ་སྦྱངས་པར་འཚལ་བཞིན་དུ་ཡང་ལས་ཀྱི་སྐྱོ་སྔོགས་བགྱིད་ན། ཅིང་འགྱུར་ལགས། ལྟུང་བྱེད་དོ། །སྡོམ་ལ། ཕོ་ཉ་ཡི་གེ་ལགས་བརྡ་དང་། །གཞན་ལ་སྙད་འདོགས་བརྒྱུད་པ་དང་། །སྨྱོན་པ་དང་ནི་སེམས་འཁྲུགས་དང་། །ཚོར་བ་འོན་པ་འགྲོ་བ་འོ། །བཙུན་པ། རེ་ཞིག་དགེ་སློང་གིས་རྩོད་པ་ཆོས་བཞིན་དུ་སྦྱངས་པར་


DKG012_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་བཞིན་དུ་ཕོ་ཉ་ལས། ཡང་ལས་ཀྱི་སྐྱོ་སྔོགས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་ཡི་གེ་དང་། ལག་བརྡ་དང་། གཞན་ལ་སྙད་འདོགས་པ་དང་། བརྒྱུད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་སྨྱོན་པ་རྣམས་ཀྱི་རྩོད་པ་ཆོས་བཞིན་དུ་སྦྱངས་པར་འཚལ་བཞིན་དུ་ཡང་ལས་ཀྱི་སྐྱོ་སྔོགས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་རྣམས་དང་། ཚོར་བས་ཉམ་ཐག་པ་རྣམས་དང་། གླེན་པ་རྣམས་དང་། འོན་པ་རྣམས་དང་། འགྲོ་བ་གཞན་དུ་གནས་པའི་རབ་ཏུ་བྱུང་བ་རྣམས་ཀྱི་རྩོད་པ་ཆོས་བཞིན་དུ་སྦྱངས་པར་འཚལ་བཞིན་དུ་ཡང་ལས་ཀྱི་སྐྱོ་སྔོགས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་རྣམས་ཀྱི་རྩོད་པ་དགེ་འདུན་མཐུན་པས་ཆོས་བཞིན་དུ་སྦྱངས་པར་འཚལ་བཞིན་དུ་ཡང་ལས་ཀྱི་སྐྱོ་སྔོགས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དགེ་སློང་མ་རྣམས་དང་། དགེ་ཚུལ་རྣམས་དང་། དགེ་ཚུལ་མ་རྣམས་ཀྱི་སྐྱོ་སྔོགས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དགེ་སློང་མས་དགེ་སློང་མ་རྣམས་ཀྱི་ཡང་ལས་ཀྱི་སྐྱོ་སྔོགས་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །དགེ་སློང་རྣམས་དང་། དགེ་ཚུལ་རྣམས་དང་། དགེ་སློབ་མ་རྣམས་དང་། དགེ་ཚུལ་མ་རྣམས་ཀྱི་སྐྱོ་སྔོགས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་པས། གང་དགེ་འདུན་མཐུན་པས་ཆོས་བཞིན་དུ་རྩོད་པ་སྦྱངས་པར་འཚལ་བཞིན་དུ་ཡང་ལས་ཀྱི་སྐྱོ་སྔོགས་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི། ཉེས་བྱས་སུ་རྒྱ་ཆེར་བརྗོད་པར་བྱའོ། །སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། །གཞན་ལ་སྙད་འདོགས་བརྒྱུད་པ་དང་། །སྨྱོན་པ་དང་ནི་སེམས་འཁྲུགས་དང་། །ཚོར་བ་འོན་པ་གླེན་པ་དང་། །གཉིད་ལོག་ར་རོ་རབ་མྱོས་དང་། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་


DKG012_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་བུད་མེད་ལ་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་ན། རིག་པའི་སྐྱེས་པ་མ་གཏོགས་ཏེ་ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་ཕོ་ཉ་ལས་རིག་པའི་སྐྱེས་པ་མ་མཆིས་པར་བུད་མེད་ལ་ཆིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་ཡི་གེ་དང་། ལག་བརྡ་དང་། གཞན་ལ་སྙད་འདོགས་པ་དང་། བརྒྱུད་པས་རིག་པའི་སྐྱེས་པ་མ་མཆིས་པར་བུད་མེད་ལ་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་བུད་མེད་སྨྱོན་མ་ལ་རིག་པའི་སྐྱེས་པ་མ་མཆིས་པར་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་བུད་མེད་སེམས་འཁྲུགས་པ་དང་། ཚོར་བས་ཉམ་ཐག་པ་དང་། གླེན་པ་དང་། འོན་པ་དང་། གཉིད་ཀྱིས་ལོག་པ་དང་། ཕྱག་ལས་ཁོམ་པ་དང་། རབ་ཏུ་མྱོས་པ་དང་། སྙོམས་པར་ཞུགས་པ་དང་། འགྲོ་བ་གཞན་དུ་གནས་པ་ལ་རིག་པའི་སྐྱེས་པ་མ་མཆིས་པར་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་རིག་པའི་སྐྱེས་པ་སྨྱོན་པ་དང་། བུད་མེད་ལ་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་རིག་པའི་སྐྱེས་པ་སེམས་འཁྲུགས་པ་དང་། ཚོར་བས་ཉམ་ཐག་པ་དང་། གླེན་པ་དང་། འོན་པ་དང་། གཉིད་ཀྱིས་ལོག་པ་དང་། ཕྱག་ལས་ཁོམ་པ་དང་། རབ་ཏུ་མྱོས་པ་དང་། སྙོམས་པར་ཞུགས་པ་དང་། མཐའ་འཁོབ་པ་དང་། འགྲོ་བ་གཞན་དུ་གནས་པ་དང་། བུད་མེད་ལ་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ།། །།སྡོམ་ལ། སྐད་དང་རུང་དང་ལུས་དང་དབེན། །དེ་བཞིན་ཟ་མ་མ་ནིང་དང་། །མཚན་དང་བཞི་ཚན་ཁོ་ན་དང་། །བསླབ་པ་བྱིན་དང་དགེ་སློང་མ། །བཙུན་པ་རེ་ཞིག་དབུས་ཀྱི་དགེ་སློང་གིས་


DKG012_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་སྐྱེས་པ་མ་མཆིས་པར་མཐའ་འཁོབ་པའི་སྐད་དུ་དབུས་པའི་བུད་མེད་ལ་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་པར་བགྱིད་ལ། དབུས་པའི་བུད་མེད་ཀྱིས་ཀྱང་མཐའ་འཁོབ་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མཐའ་འཁོབ་པས་དབུས་པའི་སྐད་དུ་མཐའ་འཁོབ་པའི་བུད་མེད་ལ་རིག་པའི་སྐྱེས་པ་མ་མཆིས་པར་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་པར་བགྱིད་པ་ལ། མཐའ་འཁོབ་པའི་བུད་མེད་ཀྱིས་ཀྱང་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དབུས་པའི་བུད་མེད་ལ་རིག་པའི་སྐྱེས་པ་མ་མཆིས་པར་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་པར་བགྱིད་ལ། དབུས་པའི་བུད་མེད་ཀྱིས་ཀྱང་མཐའ་འཁོབ་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དབུས་པས་དབུས་པའི་སྐད་དུ་མཐའ་འཁོབ་པའི་བུད་མེད་ལ་རིག་པའི་སྐྱེས་པ་མ་མཆིས་པར་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་པར་བགྱིད་ལ། མཐའ་འཁོབ་པའི་བུད་མེད་ཀྱིས་ཀྱང་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དབུས་པའི་དགེ་སློང་གིས་མཐའ་འཁོབ་པའི་སྐད་དུ་རུང་བར་བགྱིད་པ་དབུས་པ་དང་བུད་མེད་ལ་ཚིག་ལྔའམ།དྲུག་ལས་ལྷག་པར་ཆོས་སྟོན་པ་ན་རུང་བར་བགྱིད་པ་དབུས་པས་ཀྱང་མཐའ་འཁོབ་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མཐའ་འཁོབ་པས་དབུས་པའི་སྐད་དུ་རུང་བར་བགྱིད་པ་མཐའ་འཁོབ་པ་དང་ཆོས་སྟོན་པར་བགྱིད་ལ། རུང་བར་བགྱིད་པ་མཐའ་འཁོབ་པས་ཀྱང་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་རུང་བར་བགྱིད་པ་དབུས་པ་དང་ཆོས་སྟོན་པར་བགྱིད་ལ། རུང་བར་བགྱིད་པ་དབུས་པས་ཀྱང་མཐའ་འཁོབ་པའི་སྐད་དེ་མ་འཚལ་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །དབུས་པས་དབུས་པའི་སྐད་དུ་རུང་བར་བགྱིད་པ་མཐའ་འཁོབ་པ་དང་བུད་མེད་ལ་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་པར་བགྱིད་ལ། རུང་བར་བགྱིད་པ་མཐའ་འཁོབ་པས་ཀྱང་དབུས་པའི་སྐད་དེ་མ་འཚལ་ན་ཅིར་འགྱུར་


DKG012_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་བུད་མེད་ལ་རིག་པའི་སྐྱེས་པ་མ་མཆིས་པར་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དབེན་པ་ལ་དབེན་པར་འདུ་ཤེས་པས་རིག་པའི་སྐྱེས་པ་མ་མཆིས་པར་བུད་མེད་ལ་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དབེན་པ་ལ་མི་དབེན་པར་འདུ་ཤེས་པས་བུད་མེད་ལ་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །མི་དབེན་པ་ལ་དབེན་པར་འདུ་ཤེས་པས་བུད་མེད་ལ་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དབེན་པ་ལ་མི་དབེན་པར་འདུ་ཤེས་པ་བུད་མེད་ལ་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་རུང་བ་བགྱིད་པ་ཟམ་དང་བུད་མེད་ལ་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་རུང་བ་བགྱིད་པ་མ་ནིང་དང་། མཚན་གཉིས་པ་དང་བུད་མེད་ལ་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་རིག་པའི་སྐྱེས་པ་མ་མཆིས་པར་མ་ནིང་མོ་ལ་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་རིག་པའི་སྐྱེས་པ་མ་མཆིས་པར་བུད་མེད་ལ་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་པ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་དགེ་སློང་མས་རིག་པའི་སྐྱེས་པ་མ་མཆིས་པར་སྐྱེས་པ་ལ་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་པ་ལས། མཚན་གྱུར་ཏེ་དགེ་སློང་དུ་རེད་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ་རེ་ཞིག་དགེ་སློང་གིས་རིག་པའི་སྐྱེས་པ་མ་མཆིས་པར་བུད་མེད་ལ་བུད་མེད་དུ་འདུ་ཤེས་པས་ཚིག་ལྔའམ། དྲུག་ལས་


DKG012_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པར་ཆོས་སྟོན་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བུད་མེད་ལ་བུད་མེད་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བུད་མེད་མ་ལགས་པ་ལ་བུད་མེད་དུ་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བུད་མེད་མ་ལགས་པ་ལ་བུད་མེད་མ་ལགས་པར་འདུ་ཤེས་པས་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་རིག་པའི་སྐྱེས་པ་མ་མཆིས་པར་མིའི་བུད་མེད་ལ་མིར་འདུ་ཤེས་པས་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །མི་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་རུང་བ་བགྱིད་པ་མི་ལ་མིར་འདུ་ཤེས་པས་རིག་པའི་སྐྱེས་པ་དང་བུད་མེད་ལ་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །མི་ལ་མི་ལགས་པར་འདུ་ཤེས་པས་ཆོས་སྟོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་མ་ལགས་པ་ལ་མིར་འདུ་ཤེས་པས་ཆོས་སྟོན་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་པས་ཆོས་སྟོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་པས་རིག་པའི་སྐྱེས་པ་མ་མཆིས་པར་བུད་མེད་ཀྱི་ཡུལ་ལ་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་མས་དགེ་སློང་མ་ཟླ་མ་མཆིས་པར་སྐྱེས་པ་ལ་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། ལྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི། ཉེས་བྱས་སུ་རྒྱ་ཆེར་བརྗོད་པར་བྱའོ།། །།སྡོམ་ལ། སྨྱོན་པ་དང་ནི་སེམས་


DKG012_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུགས་དང་། །ཚོར་བ་འོན་པ་འགྲོ་བ་དང་། །བསླབ་བྱིན་ལ་སོགས་སྐད་དང་ནི། །མཚན་རྣམས་དང་ནི་དགེ་སློང་མ། །སངས་རྒྱས་བཅོམ་ལྡན་འདས་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གང་ཟག་བསྙེན་པར་མ་རྫོགས་པ་དང་མགྲིན་གཅིག་ཏུ་ཆོས་འདོན་ན། ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་གང་ཟག་བསྙེན་པར་མ་རྫོགས་པ་སྨྱོན་པ་དང་མགྲིན་གཅིག་ཏུ་ཆོས་འདོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ཚོར་བས་ཉམ་ཐག་པ་དང་། གླེན་པ་དང་། འོན་པ་དང་། འགྲོ་བ་གཞན་དུ་གནས་པ་དང་མགྲིན་གཅིག་ཏུ་ཆོས་འདོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་བསླབ་པ་སྩལ་པ་དང་མགྲིན་གཅིག་ཏུ་ཆོས་འདོན་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །གང་ཟག་བསྙེན་པར་མ་རྫོགས་པ་ཟ་མ་དང་མགྲིན་གཅིག་ཏུ་ཆོས་འདོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་མ་ནིང་དང་། མཚན་གཉིས་པ་དང་། མ་ནིང་མོ་དང་མགྲིན་གཅིག་ཏུ་ཆོས་འདོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དགེ་སློང་མ་སུན་ཕྱུང་བ་དང་། མ་འགུམས་པ་དང་། ཕ་འགུམས་པ་དང་། དགྲ་བཅོམ་པ་འགུམས་པ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་ཞུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། གནས་པར་མི་བགྱི་བ་དང་། སྔར་ལྟུང་བ་བྱུང་བ་དང་། དང་པོ་མི་མཐུན་པ་ཅན་དང་མགྲིན་གཅིག་ཏུ་ཆོས་འདོན་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་དགེ་འདུན་གྱི་དབྱེན་བགྱིད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། ཐ་དད་དུ་གནས་པ་དང་། ཁས་བླངས་པ་དང་མགྲིན་གཅིག་ཏུ་ཆོས་འདོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དབུས་པའི་དགེ་སློང་གིས་མཐའ་འཁོབ་པའི་སྐད་དུ་དབུས་པའི་གང་ཟག་དང་མགྲིན་གཅིག་ཏུ་ཆོས་འདོན་


DKG012_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

པར་བགྱིད་ལ། གང་ཟག་དབུས་པས་ཀྱང་མཐའ་འཁོབ་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། ཉེས་བྱས་སོ། །མཐའ་འཁོབ་པས་དབུས་པའི་སྐད་དུ་གང་ཟག་མཐའ་འཁོབ་པ་དང་མགྲིན་གཅིག་ཏུ་ཆོས་འདོན་པར་བགྱིད་ལ། གང་ཟག་མཐའ་འཁོབ་པས་ཀྱང་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་གང་ཟག་དབུས་པ་དང་མགྲིན་གཅིག་ཏུ་ཆོས་འདོན་པར་བགྱིད་ལ། གང་ཟག་དབུས་པས་ཀྱང་མཐའ་འཁོབ་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དབུས་པས་དབུས་པའི་སྐད་དུ་གང་ཟག་མཐའ་འཁོབ་པ་དང་མགྲིན་གཅིག་ཏུ་ཆོས་འདོན་པར་བགྱིད་ལ། གང་ཟག་མཐའ་འཁོབ་པས་ཀྱང་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་གང་ཟག་བསྙེན་པར་མ་རྫོགས་པ་དང་མགྲིན་གཅིག་ཏུ་ཆོས་འདོན་པར་བགྱིད་པ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་མས་གང་ཟག་བསྙེན་པར་མ་རྫོགས་པ་དང་མགྲིན་གཅིག་ཏུ་ཆོས་འདོན་པར་བགྱིད་པ་ལས། མཚན་གྱུར་ཏེ་དགེ་སློང་དུ་རེད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་མས་གང་ཟག་བསྙེན་པར་མ་རྫོགས་པ་དང་མགྲིན་གཅིག་ཏུ་ཆོས་འདོན་པར་བགྱིད་པ་ལས། བསྙེན་པར་མ་རྫོགས་པ་དེའི་མཚན་གྱུར་ཏེ་མཚན་ཡོངས་སུ་གྱུར་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་གང་ཟག་བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་པས་མགྲིན་གཅིག་ཏུ་ཆོས་འདོན་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་མི་ལ་མིར་འདུ་ཤེས་བས་མགྲིན་གཅིག་ཏུ་ཆོས་འདོན་པར་


DKG012_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །མི་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་དང་མགྲིན་གཅིག་ཏུ་ཆོས་འདོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་མགྲིན་གཅིག་ཏུ་ཆོས་འདོན་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་མས་གང་ཟག་བསྙེན་པར་མ་རྫོགས་པ་དང་མགྲིན་གཅིག་ཏུ་ཆོས་འདོན་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །དགེ་སློང་མ་དང་དགེ་སློང་ཆོས་འདོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། ཆོས་འདོན་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི། ཉེས་བྱས་སུ་བརྗོད་པར་བྱའོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་པས་གང་ཟག་བསྙེན་པར་མ་རྫོགས་པ་དང་མགྲིན་གཅིག་ཏུ་ཆོས་འདོན་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། །གཞན་ལ་སྙད་འདོགས་བརྒྱུད་པ་དང་། །སྨྱོན་པ་དང་ནི་སེམས་འཁྲུགས་དང་། །ཚོར་བ་འོན་པ་གླེན་པ་དང་། །གཉིད་ལོག་ར་རོ་རབ་མྱོས་དང་། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གང་ཟག་བསྙེན་པར་མ་རྫོགས་པ་ལ་གནས་ངན་ལེན་གྱི་ལྟུང་བ་བརྗོད་ན། དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ། ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་གང་ཟག་བསྙེན་པར་མ་རྫོགས་པ་ལ། ཕོ་ཉ་ལས་གནས་ངན་ལེན་གྱི་ལྟུང་བ་རྗོད་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་ཡི་གེ་དང་། ལག་བརྡ་དང་། གཞན་ལ་སྙད་འདོགས་པ་དང་། བརྒྱུད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་


DKG012_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

པ་རེ་ཞིག་དགེ་སློང་གིས་སྨོན་པ་ལ་གནས་ངན་ལེན་གྱི་ལྟུང་བརྗོད་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ཚོར་བས་ཉམ་ཐག་པ་དང་། གླེན་པ་དང་། འོན་པ་དང་། གཉིད་ཀྱིས་ལོག་པ་དང་། ཕྱག་ལས་ཁོམ་པ་དང་། རབ་ཏུ་མྱོས་པ་དང་། སྙོམས་པར་ཞུགས་པ་དང་། འགྲོ་བ་གཞན་དུ་གནས་པ་ལ་གནས་ངན་ལེན་གྱི་ལྟུང་བ་རྗོད་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །སྡོམ་ལ། སྐད་དང་ལུས་དང་དབེན་པ་ཉིད། །དེ་བཞིན་བཞི་ཚན་མཚན་དང་ནི། །དེ་བཞིན་བསྐོས་དང་བདག་ཉིད་དང་། །དེ་བཞིན་ཟ་མ་དགེ་སློང་མ། །བཙུན་པ་རེ་ཞིག་དབུས་ཀྱི་དགེ་སློང་གིས་མཐའ་འཁོབ་པའི་སྐད་དུ་གང་ཟག་དབུས་པ་ལ་གནས་ངན་ལེན་གྱི་ལྟུང་བ་རྗོད་པར་བགྱིད་ལ། གང་ཟག་དབུས་པས་ཀྱང་མཐའ་འཁོབ་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མཐའ་འཁོབ་པས་ཀྱང་དབུས་པའི་སྐད་དུ་གང་ཟག་མཐའ་འཁོབ་པ་ལ་གནས་ངན་ལེན་གྱི་ལྟུང་བརྗོད་པར་བགྱིད་ལ། གང་ཟག་མཐའ་འཁོབ་པས་ཀྱང་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་གང་ཟག་དབུས་པ་ལ་གནས་ངན་ལེན་གྱི་ལྟུང་བ་རྗོད་པར་བགྱིད་ལ། གང་ཟག་དབུས་པས་ཀྱང་མཐའ་འཁོབ་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དབུས་པས་དབུས་པའི་སྐད་དུ་གང་ཟག་མཐའ་འཁོབ་པ་ལ་གནས་ངན་ལེན་གྱི་ལྟུང་བ་བརྗོད་པར་བགྱིད་ལ། གང་ཟག་མཐའ་འཁོབ་པས་ཀྱང་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ་རེ་ཞིག་དགེ་སློང་གིས་ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་གནས་ངན་ལེན་གྱི་ལྟུང་བ་རྗོད་པར་བགྱིད་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དབེན་པ་ལ་དབེན་པར་འདུ་ཤེས་པས་གནས་ངན་ལེན་གྱི་ལྟུང་བ་རྗོད་པར་བགྱིད་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། དབེན་པ་ལ་མི་དབེན་པར་འདུ་ཤེས་པས་གནས་ངན་ལེན་གྱི་ལྟུང་བ་རྗོད་པར་བགྱིད་ན་ཅིར་འགྱུར་ལགས།


DKG012_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་བྱས་སོ། །མི་དབེན་པ་ལ་དབེན་པར་འདུ་ཤེས་པས་གནས་ངན་ལེན་གྱི་ལྟུང་བ་རྗོད་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་དབེན་པ་ལ་མི་དབེན་པར་འདུ་ཤེས་པས་གནས་ངན་ལེན་གྱི་ལྟུང་བ་རྗོད་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་ངོ་། །བཙུན་པ། རེ་ཞིག་དགེ་སློང་གིས་བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་པས་གནས་ངན་ལེན་གྱི་ལྟུང་བ་རྗོད་པར་བགྱིད་ན། །ཅིར་འགྱུར་ལགས། ལྟུང་བྱེད་དོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་པས་གནས་ངན་ལེན་གྱི་ལྟུང་བ་རྗོད་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་པས་གནས་ངན་ལེན་གྱི་ལྟུང་བ་རྗོད་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་པས་གནས་ངན་ལེན་གྱི་ལྟུང་བ་རྗོད་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་མི་ལ་མིར་འདུ་ཤེས་པས་གནས་ངན་ལེན་གྱི་ལྟུང་བ་རྗོད་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །མི་མ་ལགས་པ་ལ་མིར་འདུ་ཤེས་པས་གནས་ངན་ལེན་གྱི་ལྟུང་བ་རྗོད་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་ལ་མི་མ་ལགས་པར་འདུ་ཤེས་པས་གནས་ངན་ལེན་གྱི་ལྟུང་བ་རྗོད་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་པས་གནས་ངན་ལེན་གྱི་ལྟུང་བ་རྗོད་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གང་ཟག་བསྙེན་པར་མ་རྫོགས་པ་ལ་གནས་ངན་ལེན་གྱི་ལྟུང་བ་རྗོད་པར་བགྱིད་པ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་མ་གང་ཟག་བསྙེན་པར་མ་རྫོགས་པ་ལ་གནས་ངན་ལེན་གྱི་ལྟུང་བ་རྗོད་པར་བགྱིད་པ་ལས། མཚན་རྒྱུར་ཏེ་དགེ་སློང་དུ་རེད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་ཟག་བསྙེན་པར་མ་རྫོགས་པ་ལ་གནས་ངན་ལེན་གྱི་ལྟུང་བ་རྗོད་ན། དགེ་འདུན་གྱིས་གནང་བ་


DKG012_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཏོགས་ཏེ་ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། དགེ་སློང་གིས་དགེ་འདུན་གྱིས་བསྐོས་ཀྱང་གང་ཟག་བསྙེན་པར་མ་རྫོགས་པ་ལ་གནས་ངན་ལེན་གྱི་ལྟུང་བ་རྗོད་ན། ལྟུང་བྱེད་དུ་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། གང་ཟག་ནི། བཞི་པོ་འདི་དག་ཡིན་ནོ། །བཞི་གང་ཞེ་ན། གང་ལ་ལྟུང་བའི་མཐའ་ཡང་བསྒོ་བར་བྱ་ལ། ཁྱིམ་གྱི་མཐའ་ཡང་བསྒོ་བར་བྱ་བའི་གང་ཟག་ཀྱང་ཡོད། གང་ལ་ལྟུང་བའི་མཐའ་བསྒོ་བར་བྱའི། ཁྱིམ་གྱི་མཐའ་མ་ཡིན་པའི་གང་ཟག་ཀྱང་ཡོད། གང་ལ་ཁྱིམ་གྱི་མཐའ་བསྒོ་བར་བྱའི། ལྟུང་བའི་མཐའ་མ་ཡིན་པའི་གང་ཟག་ཀྱང་ཡོད། གང་ལ་ལྟུང་བའི་མཐའ་ཡང་བསྒོ་བར་མི་བྱ། ཁྱིམ་གྱི་མཐའ་ཡང་བསྒོ་བར་མི་བྱ་བའི་གང་ཟག་ཡོད་དོ། །གང་ཟག་གང་ལ་ལྟུང་བའི་མཐའ་ཡང་བསྒོ་བར་བྱ་ལ། ཁྱིམ་གྱི་མཐའ་ཡང་གླེང་བར་བྱ་ཞེ་ན། གང་ཞིག་ལྟུང་བ་རྔམས་མི་ཆེ་བ་དག་གིས་ཁྱིམ་ཚད་ཡོད་པ་དག་སུན་འབྱིན་པའོ། །གང་ཟག་གང་ལ་ལྟུང་བའི་མཐའ་བསྒོ་བར་བྱ་ལ། ཁྱིམ་གྱི་མཐའ་མ་ཡིན་ཞེ་ན། གང་ཞིག་ལྟུང་བ་རྔམས་མི་ཆེ་བ་དག་གིས་ཁྱིམ་ཚད་མེད་པ་དག་སུན་འབྱིན་པའོ། །གང་ཟག་གང་ལ་ཁྱིམ་གྱི་མཐའ་བསྒོ་བར་བྱའི། ལྟུང་བའི་མཐའ་མ་ཡིན་ཞེ་ན། གང་ཞིག་ལྟུང་བ་རྔམས་པོ་ཆེ་དག་གིས་ཁྱིམ་ཚད་ཡོད་པ་དག་སུན་འབྱིན་པའོ། །གང་ཟག་གང་ལ་ལྟུང་བའི་མཐའ་ཡང་བསྒོ་བར་མི་བྱ། ཁྱིམ་གྱི་མཐའ་ཡང་མ་ཡིན་ཞེ་ན། གང་ཞིག་ཉེས་པ་རྔམས་པོ་ཆེ་ངག་གིས་ཁྱིམ་ཚད་མེད་པ་སུན་འབྱིན་པའོ། །དེ་ལ་གང་ཟག་གང་ཡང་ལྟུང་བའི་མཐའ་ཡང་བསྒོ་བར་བྱ་ལ། ཁྱིམ་གྱི་མཐའ་ཡང་བསྒོ་བར་བྱ་བ་དེས་ནི། ལྟུང་བ་དེ་ཙམ་ཁོ་ན་ཞིག་ཤེས་པའི་ཁྱིམ་དེ་ཙམ་ཁོ་ན་དག་ཏུ་བརྗོད་པར་བྱའོ། །དེ་ལས་ལྷག་པར་རྗོད་ན། ལྟུང་བྱེད་དུ་འགྱུར་རོ། །གང་ཟག་གང་ལ་ལྟུང་བའི་མཐའ་བསྒོ་བར་བྱའི། ཁྱིམ་གྱི་མཐའ་མ་ཡིན་པ་དེ་ནི། ལྟུང་བདེ་ཙམ་ཁོ་ན་ཞིག་ཤེས་པའི་ཁྱིམ་ཐམས་ཅད་དུ་བརྗོད་པར་བྱའོ། །དེ་ལས་ལྷག་པར་རྗོད་ན། ལྟུང་བྱེད་དུ་འགྱུར་རོ། །གང་ཟག་གང་ལ་ཁྱིམ་གྱི་མཐའ་བསྒོ་བར་བྱའི། །ལྟུང་བའི་མཐའ་མ་ཡིན་པ་དེས་ནི་ལྟུང་བ་ཐམས་ཅད་ཀྱི་ཁྱིམ་དེ་ཙམ་ཁོ་ན་


DKG012_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཏུ་བརྗོད་པར་བྱའོ། །དེ་ལས་ལྷག་པར་རྗོད་ན། ལྟུང་བྱེད་དུ་འགྱུར་རོ། །གང་ཟག་གང་ལ་ལྟུང་བའི་མཐའ་ཡང་བསྒོ་བར་མི་བྱ། ཁྱིམ་གྱི་མཐའ་ཡང་མི་ཡིན་པ་དེས་ནི། ལྟུང་བ་ཐམས་ཅད་ཤེས་པའི་ཁྱིམ་ཐམས་ཅད་དུ་བརྗོད་པར་བྱ་སྟེ། རྗོད་པར་བྱེད་པ་ལ་ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་བསྙེན་པར་མ་རྫོགས་པའི་གང་ཟག་ལ་བདག་ཉིད་ཀྱི་གནས་ངན་ལེན་གྱི་ལྟུང་བ་རྗོད་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་ཟ་མའི་གནས་ངན་ལེན་གྱི་ལྟུང་བ་གང་ཟག་བསྙེན་པར་མ་རྫོགས་པ་ལ་རྗོད་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་མ་ནིང་ནས་དང་པོ་མི་མཐུན་པ་ཅན་གྱི་བར་གྱི་གནས་ངན་ལེན་གྱི་ལྟུང་བ་བསྙེན་པར་མ་རྫོགས་པའི་གང་ཟག་ལ་རྗོད་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིད་པའི་དགེ་སློང་གི་གནས་ངན་ལེན་གྱི་ལྟུང་བ་གང་ཟག་བསྙེན་པར་མ་རྫོགས་པ་ལ་རྗོད་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། ཐ་དད་དུ་གནས་པའི་དགེ་སློང་གི་གནས་ངན་ལེན་གྱི་ལྟུང་བ་གང་ཟག་བསྙེན་པར་མ་རྫོགས་པ་ལ་རྗོད་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མའི་གནས་ངན་ལེན་གྱི་ལྟུང་བ་གང་ཟག་བསྙེན་པ་མ་རྫོགས་པ་ལ་རྗོད་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་བསླབ་པ་སྩལ་པའི་དགེ་སློང་གི་གནས་ངན་ལེན་གྱི་ལྟུང་བ་རྗོད་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །དགེ་སློང་མས་དགེ་སློང་མའི་གནས་ངན་ལེན་གྱི་ལྟུང་བ་གང་ཟག་བསྙེན་པར་མ་རྫོགས་པ་ལ་རྗོད་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་པས་གནས་ངན་ལེན་གྱི་ལྟུང་བ་གང་ཟག་བསྙེན་པར་མ་རྫོགས་པ་ལ་རྗོད་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །དེ་བཞིན་དུ་དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་།


DKG012_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་ལྟུང་བ་བྱུང་བ་ལ་སོགས་པ་ནི། ཉེས་བྱས་སུ་རྒྱ་ཆེར་བརྗོད་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་ཟག་བསྙེན་པར་མ་རྫོགས་པ་ལ་མིའི་ཆོས་བླ་མར་གྱུར་པ་སྨྲ་བ་བདེན་ན། ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ་ཞེས་བྱ་བ་སྟེ། མིའི་ཆོས་བླ་མར་གྱུར་པ་བདེན་པ་སྨྲ་བ་ལྷག་མ་ནི། སངས་རྒྱས་དང་། སྟོན་པ་ཞེས་བྱ་བ་མ་གཏོགས་པ་ཕམ་པ་བསྟན་པས་རྣམ་པར་དབྱེ་བར་བྱའོ།། །།འདུལ་བ་གཞུང་བླ་མ། བམ་པོ་བཅུ་པ། སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། །གཞན་ལ་སྙད་འདོགས་བརྒྱུད་པ་དང་། །སྨྱོན་པ་དང་ནི་སེམས་འཁྲུགས་དང་། །ཚོར་བ་འོན་པ་གླེན་པ་དང་། །གཉིད་ལོག་ར་རོ་རབ་མྱོས་དང་། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་སྔར་ལེགས་པར་རུང་བར་བྱས་ནས་དེའི་འོག་ཏུ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་འདི་ལྟར་བཤེས་ངོར་བྱས་ཏེ། དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་ཟེར་ན། ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་སྔར་ལེགས་པར་རུང་བར་བགྱིས་ནས་དེའི་འོག་ཏུ་ཕོ་ཉ་ལས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་འདི་ལྟར་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆི་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་ཡི་གེ་དང་། ལག་བརྡ་དང་། གཞན་ལ་སྙད་འདོགས་པ་དང་། བརྒྱུད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྔར་ལེགས་པར་རུང་བར་བགྱིས་ནས་དེའི་འོག་ཏུ་སྨྱོན་པ་རྣམས་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་འདི་ལྟར་བཤེས་ངོར་བྱས་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆི་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་རྣམས་དང་། ཚོར་བས་ཉམ་ཐག་པ་རྣམས་དང་། གླེན་པ་རྣམས་དང་། འོན་པ་རྣམས་དང་།


DKG012_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

གཉིད་ཀྱིས་ལོག་པ་རྣམས་དང་། ཕྱག་ལས་ཁོམ་པ་རྣམས་དང་། རབ་ཏུ་མྱོས་པ་རྣམས་དང་། སྙོམས་པར་ཞུགས་པ་རྣམས་དང་། འགྲོ་བ་གཞན་དུ་གནས་བ་རྣམས་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་འདི་ལྟར་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆི་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་སྨྱོན་པ་རྣམས་ཀྱི་རྙེད་པ་ལ་སྔར་ལེགས་པར་རུང་བར་བགྱིས་ནས་དེའི་འོག་ཏུ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་འདི་ལྟར་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆི་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་སེམས་གཡེངས་པ་རྣམས་དང་། འགྲོ་བ་གཞན་དུ་གནས་པ་རྣམས་ཀྱི་རྙེད་པ་ལ་ཡང་རྒྱ་ཆེར་བརྗོད་པར་བྱའོ། །སྡོམ་ལ། སྐད་དང་ལུས་དང་དབེན་པ་དང་། །དགེ་སློང་མཚན་དང་བཞི་ཅན་དང་། །ཁྱིམ་པ་མི་རུང་མི་ཆོག་དང་། །རྙེད་དང་ཕྱིས་དང་དགེ་སློང་ངོ་། །བཙུན་པ། རེ་ཞིག་དབུས་ཀྱི་དགེ་སློང་གིས་མཐའ་འཁོབ་པའི་སྐད་དུ་སྔར་ལེགས་པར་རུང་བར་བགྱིས་ནས་དེའི་འོག་ཏུ་དབུས་ཀྱི་དགེ་སློང་རྣམས་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆི་ལ། དབུས་ཀྱི་དགེ་སློང་རྣམས་ཀྱིས་ཀྱང་མཐའ་འཁོབ་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མཐའ་འཁོབ་པས་དབུས་པའི་སྐད་དུ་སྔར་ལེགས་པར་རུང་བར་བགྱིས་ནས་དེའི་འོག་ཏུ་དགེ་སློང་མཐའ་འཁོབ་པ་རྣམས་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆིལ། དགེ་སློང་མཐའ་འཁོབ་པ་རྣམས་ཀྱིས་ཀྱང་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་སྔར་ལེགས་པར་རུང་བར་བགྱིས་ནས་དེའི་འོག་ཏུ་དབུས་ཀྱི་དགེ་སློང་རྣམས་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆི་ལ། དགེ་སློང་དབུས་པ་རྣམས་ཀྱིས་ཀྱང་མཐའ་འཁོབ་པའི་སྐད་དེ་མ་འཚལ་


DKG012_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཅིར་འགྱུར་ལགས། ཉེས་བྱས་སོ། །དབུས་པས་དབུས་པའི་སྐད་དུ་སྔར་ལེགས་པར་རུང་བར་བགྱིས་ནས་དེའི་འོག་ཏུ་དགེ་སློང་མཐའ་འཁོབ་པ་རྣམས་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ཡང་རུང་བ་ལ་བསྔོས་སོ། །ཞེས་མཆི་ན། དགེ་སློང་མཐའ་འཁོབ་པ་རྣམས་ཀྱིས་ཀྱང་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྔར་ལེགས་པར་རུང་བར་བགྱིས་ནས་དེའི་འོག་ཏུ་ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་འདི་སྐད་དུ། ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་བགྱི་བར་སྟོན་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྔར་ལེགས་པར་རུང་བར་བགྱིས་ནས་དེའི་འོག་ཏུ་དབེན་པ་ལ་དབེན་པར་འདུ་ཤེས་པས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆི་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དབེན་པ་ལ་མི་དབེན་པར་འདུ་ཤེས་པས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆི་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་དབེན་པ་ལ་དབེན་པར་འདུ་ཤེས་པས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆི་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་དབེན་པ་ལ་མི་དབེན་པར་འདུ་ཤེས་པས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆི་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མའི་དགེ་འདུན་གྱི་རྙེད་པ་ལ་སྔར་ལེགས་པར་རུང་བར་བགྱིས་ནས་དེའི་འོག་ཏུ་འདི་སྐད་ཅེས། འཕགས་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆི་ན། ཅིར་འགྱུར་ལེགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་མས་དགེ་སློང་གིས་དགེ་འདུན་གྱི་རྙེད་པ་


DKG012_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྔར་ལེགས་པར་རུང་བར་བགྱིས་ནས་དེའི་འོག་ཏུ་འདི་སྐད་ཅེས། འཕགས་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆི་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆི་བ་ལས། དེའི་མཚན་གྱུར་ཏེ་དགེ་སློང་མར་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་མས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བཤེར་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆི་བ་ལས། དེའི་མཚན་གྱུར་ཏེ་དགེ་སློང་དུ་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་བསྙེན་པར་རྫོགས་པ་རྣམས་ལ་བསྙེན་པར་རྫོགས་པར་འདུ་ཤེས་པས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆི་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བསྙེན་པར་རྫོགས་པ་རྣམས་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་པས། འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆིན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་རྣམས་ལ་བསྙེན་པར་རྫོགས་པར་འདུ་ཤེས་པས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆིན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་རྣམས་ལ། བསྙེན་པར་མ་རྫོགས་པར་འདུ་ཤེས་པས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆི་ན། ཅིར་འགྱུར་ལགས་ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྔར་ལེགས་པར་རུང་བར་བགྱིས་ནས་དེའི་འོག་ཏུ་ཁྱིམ་པ་རྣམས་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆི་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་ཁས་བླངས་པ་རྣམས་དང་། ཟ་མ་རྣམས་དང་། མ་ནིང་རྣམས་དང་། མཚན་གཉིས་པ་རྣམས་དང་། མ་


DKG012_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

འགུམས་པ་རྣམས་དང་། ཕ་འགུམས་པ་རྣམས་དང་། དགྲ་བཅོམ་པ་འགུམས་པ་རྣམས་དང་། དགེ་སློང་མ་སུན་ཕྱུང་བ་རྣམས་དང་། མུ་སྟེགས་ཅན་རྣམས་དང་། མུ་སྟེགས་ཅན་ཞུགས་པ་རྣམས་དང་། རྐུ་ཐབས་སུ་གནས་པ་དང་། སྔར་ལྟུང་བ་བྱུང་བ་རྣམས་དང་། དང་པོ་མི་མཐུན་པ་རྣམས་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆི་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྔར་ལེགས་པར་རུང་བར་བགྱིས་ནས་དེའི་འོག་ཏུ་དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིད་པ་རྣམས་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་རྣམས་དང་། ཐ་དད་དུ་གནས་པ་རྣམས་དང་། བསླབ་པ་སྩལ་པ་རྣམས་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆི་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྔར་ལེགས་པར་རུང་བར་བགྱིས་ནས་དེའི་འོག་ཏུ་ཁྱིམ་པ་རྣམས་ཀྱི་རྙེད་པ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆི་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་ཁས་བླངས་པ་རྣམས་དང་། དང་པོ་མི་མཐུན་པ་ཅན་རྣམས་ཀྱི་རྙེད་པ་ལ་ཡང་རྒྱ་ཆེར་བརྗོད་པར་བྱའོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིད་པ་རྣམས་ཀྱི་རྙེད་པ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆི་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །དེ་བཞིན་དུ་དགེ་སློང་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་རྣམས་དང་། ཐ་དད་དུ་གནས་པ་རྣམས་ཀྱི་རྙེད་པ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆིན་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། དགེ་སློང་གིས་སྔར་ལེགས་པར་རུང་བར་བགྱིས་ནས་དེའི་འོག་ཏུ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་


DKG012_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་ལ་བསྔོས་སོ་ཞེས་མཆི་ཡང་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་ཆོས་གོས་དེའི་སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང་། རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང་། གཉིག་མི་རུང་བར་གྱུར་པ་སྟེ། མི་རུང་བ་ནི། རྔ་བལ་དང་། བ་ལང་གི་སྤུ་དང་། རི་དྭགས་ཀྱི་བལ་དང་། ར་བལ་དང་འདྲེས་པ་དང་། མ་བཏགས་པའོ། །དེ་ལྟ་བུའི་ཆོས་གོས་ཀྱི་སླད་དུ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་འདི་ལྟར་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆི་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་འདུན་གྱི་ཆོས་གོས་ཁྲུ་གང་དུ་མ་འཚལ་བ་ཞིག་རྙེད་པར་གྱུར་ཏེ། དེ་ལ་དགེ་སློང་གིས་སྔར་ལེགས་པར་རུང་བར་བགྱིས་ནས་དེའི་འོག་ཏུ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆིན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཆོས་གོས་རྙེད་པ་མ་གཏོགས་པར་དེ་ལས་གཞན་པའི་རྙེད་པ་རྣམས་ཀྱི་སླད་དུ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆི་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་འདུན་གྱིས་དགེ་སློང་དེའི་མངོན་སུམ་དུ་མ་བབ་པར་ཆོས་གོས་སྩལ་བར་འགྱུར་བ་ལས། དེའི་འོག་ཏུ་མཆིས་ནས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆི་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་པས་སྔར་ལེགས་པར་རུང་བར་བགྱིས་ནས་དེའི་འོག་ཏུ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆི་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་མས་སྔར་ལེགས་པར་རུང་བར་བགྱིས་ནས་དེའི་འོག་ཏུ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་སློང་མའི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆི་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་


DKG012_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་། སྔར་ལྟུང་བ་བྱུང་བ་ལ་སོགས་པས་སྔར་ལེགས་པར་བགྱིས་ནས་དེའི་འོག་ཏུ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པ་གང་ཟག་ལ་བསྔོས་སོ། །ཞེས་མཆི་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། །གཞན་ལ་སྙད་འདོགས་བརྒྱུད་པ་དང་། །སྨྱོན་པ་དང་ནི་སེམས་འཁྲུགས་དང་། །ཚོར་བ་འོན་པ་གླེན་པ་དང་། །གཉིད་ལོག་ར་རོ་རབ་མྱོས་དང་། །སྙོམས་ཞུགས་སྤྲུལ་དང་འགྲོ་བའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ན་ཡང་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གང་དག་གིས་དགེ་སློང་རྣམས་འགྱོད་པ་དང་། མི་དགའ་བ་དང་། གནོད་པ་དང་། རྣམ་པར་འཚེ་བ་དང་། ཡིད་ལ་གཅགས་པར་འགྱུར་བ་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་དག་གིས་ཅི་བྱ་ཞེས་དེ་སྐད་ཟེར་ཞིང་། བསླབ་པ་ཁྱད་དུ་གསོད་ན། ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་ཕོ་ཉ་ལས་བསླབ་པ་ཁྱད་དུ་གསོད་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་ཡི་གེ་དང་།ལག་བརྡ་དང་། གཞན་ལ་སྙད་འདོགས་པ་དང་། བརྒྱུད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྨྱོན་པ་ལ་བསླབ་པ་ཁྱད་དུ་གསོད་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ཚོར་བས་ཉམ་ཐག་པ་དང་། གླེན་པ་དང་། འོན་པ་དང་། གཉིད་ཀྱིས་ལོག་པ་དང་། ཕྱག་ལས་ཁོམ་པ་དང་། རབ་ཏུ་མྱོས་པ་དང་། སྙོམས་པར་ཞུགས་པ་དང་། འགྲོ་བ་གཞན་དུ་གནས་པའི་དྲུང་དུ་བསླབ་པ་ཁྱད་དུ་གསོད་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ།། །།སྡོམ་ལ། སྐད་དང་ལུས་དང་དབྱེན་པ་ཉིད། །དེ་བཞིན་དུ་ནི་མཚན་ཉིད་དང་། །ཁྱིམ་པ་དག་ལ་སོགས་པ་དང་། །དགེ་སློང་མ་དང་བསླབ་པ་བྱིན། །བཙུན་པ། རེ་ཞིག་དབུས་ཀྱི་དགེ་སློང་


DKG012_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མཐའ་འཁོབ་པའི་སྐད་དུ་དབུས་པའི་དགེ་སློང་ལ་བསླབ་པ་ཁྱད་དུ་གསོད་པར་བགྱིད་ལ། དགེ་སློང་དབུས་ཀྱི་ཀྱང་མཐའ་འཁོབ་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མཐའ་འཁོབ་པས་དབུས་པའི་སྐད་དུ་དགེ་སློང་མཐའ་འཁོབ་བ་ལ་བསླབ་པ་ཁྱད་དུ་འགུམས་པར་བགྱིད་ལ། དགེ་སློང་མཐའ་འཁོབ་པས་ཀྱང་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དགེ་སློང་དབུས་པ་ལ་བསླབ་པ་ཁྱད་དུ་འགུམས་པར་བགྱིད་ལ། དགེ་སློང་དབུས་པས་ཀྱང་མཐའ་འཁོབ་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དབུས་པས་དབུས་པའི་སྐད་དུ་དགེ་སློང་མཐའ་འཁོབ་པ་ལ་བསླབ་པ་ཁྱད་དུ་འགུམས་པར་བགྱིད་ལ། དགེ་སློང་མཐའ་འཁོབ་པས་ཀྱང་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་བསླབ་པ་ཁྱད་དུ་འགུམས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་དབེན་པ་ལ་དབེན་པར་འདུ་ཤེས་པས་བསླབ་པ་ཁྱད་དུ་འགུམས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དབེན་པ་ལ་མི་དབེན་པར་འདུ་ཤེས་པས་བསླབ་པ་ཁྱད་དུ་འགུམས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་དབེན་པ་ལ་དབེན་པར་འདུ་ཤེས་པས་བསླབ་པ་ཁྱད་དུ་འགུམས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་དབེན་པ་ལ་མི་དབེན་པར་འདུ་ཤེས་པས་བསླབ་པ་ཁྱད་དུ་འགུམས་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་བསླབ་པ་ཁྱད་དུ་འགུམས་པར་བགྱིད་པ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་མ་བསླབ་པ་ཁྱད་དུ་འགུམས་པ་ལས། མཚན་གྱུར་ཏེ་དགེ་སློང་དུ་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཁྱིམ་པའི་བསླབ་པ་ཁྱད་དུ་འགུམས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་ཁས་བླངས་པ་དང་། ཟ་མ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། མ་འགུམས་


DKG012_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཕ་འགུམས་པ་དང་། དགྲ་བཅོམ་པ་འགུམས་པ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་ཞུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། སྔར་ལྟུང་བ་བྱུང་བ་དང་། དང་པོ་མི་མཐུན་པ་ཅན་གྱི་བསླབ་པ་ཁྱད་དུ་འགུམས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་དགེ་འདུན་གྱི་དབྱེན་བགྱིད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། ཐ་དད་དུ་གནས་པ་དང་། བསླབ་པ་སྩལ་པའི་བསླབ་པ་ཁྱད་དུ་འགུམས་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྤྲུལ་པའི་བསླབ་པ་ཁྱད་དུ་འགུམས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མའི་བསླབ་པ་ཁྱད་དུ་འགུམས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དགེ་སློང་མས་དགེ་སློང་མའི་བསླབ་པ་ཁྱད་དུ་འགུམས་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །དགེ་སློང་མས་དགེ་སློང་དང་། དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མའི་བསླབ་པ་ཁྱད་དུ་འགུམས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་པས་བསླབ་པ་ཁྱད་དུ་འགུམས་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི། ཉེས་བྱས་སོ། །སྡོམ་ལ། རྫུ་འཕྲུལ་ལུས་དང་དབེན་པ་སྐད། །རྡོ་ལྕིབས་རྩ་བ་འདམ་སྔོ་དང་། །མེ་ཏོག་ཉ་ལྕིབས་གནས་དང་ཚང་། །ཤ་མོ་མེ་ཏོག་ལོ་མ་དང་། །འབྲས་བུ་ཤུན་པ་གཉིས་པ་དང་། །མཚན་དང་བཞི་ཚན་ལེགས་པ་དང་། །ཚིག་གུ་བདུན་ཚན་འབྲས་བུའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ས་བོན་གྱི་ཚོགས་དང་། འབྱུང་པོའི་གནས་འཇིག་གམ། འཇིག་ཏུ་འཇུག་ན། ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་རྫུ་འཕྲུལ་གྱིས་ཤིང་བཀུམ་པར་མོས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ་རེ་ཞིག་


DKG012_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་གིས་ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་ཤིང་འགུམས་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དབེན་པ་ལ་དབེན་པར་འདུ་ཤེས་པས་ཤིང་འགུམས་ཤིག་ཅེས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་ཁོ་ན་སྟེ། བཞི་ཚན་རྒྱ་ཆེར་བརྗོད་པར་བྱའོ། །བཙུན་པ། རེ་ཞིག་དབུས་ཀྱི་དགེ་སློང་གིས་མཐའ་འཁོབ་པའི་སྐད་དུ་དབུས་པ་ལ་ཤིང་འགུམས་སུ་སྩོལ་ལ། དབུས་པས་ཀྱང་མཐའ་འཁོབ་པའི་སྐད་དེ་མ་མཚལ་ན། ཅིར་འགྱུར་ལགས། ཉེས་བྱས་ཏེ། དེ་བཞིན་དུ་བཞི་ཚན་རྒྱ་ཆེར་བརྗོད་པར་བྱའོ།། བཙུན་པ། རེ་ཞིག་དགེ་སློང་གིས་རྡོའི་དྲེག་པ་བཀོགས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ས་བོན་རྩ་བ་མ་ཟུག་པ་ཕྱུང་ན། ཅིར་འགྱུར་ལགས། ཉེས་བྱས་སོ།། བཙུན་པ། རེ་ཞིག་དགེ་སློང་གིས་འདམ་སྔོ་བ་དང་། འདམ་སྐྱ་བ་བཀོགས་ནས། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་འདམ་རྫབ་ནས་ཉ་ལྕིབས་ཕྱུང་སྟེ་ཐང་ལ་བོར་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །ཆུ་རྩྭ་ཡང་དེ་དང་འདྲའོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྲོག་ཆགས་རྣམས་ཀྱི་གནས་འབྱིན་ཏམ། སྲེག་གམ། མ་རུང་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་བྱ་རྣམས་ཀྱི་ཚང་འཇིག་གམ། འབྱིན་ཏམ། མ་རུང་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ།། བཙུན་པ། རེ་ཞིག་དགེ་སློང་གིས་ཕ་བ་ལྒོ་ལྒོ་འམ། ཤ་མོ་འབྱིན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཤིང་ལས་ཤུན་པ་རྙིང་པ་འཆུ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་མེ་ཏོག་དང་། འབྲས་བུ་དང་། ལོ་མ་རྙིང་པ་གླགས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཤིང་འགུམས་པར་བགྱིད་པ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་མ་ཤིང་འགུམས་པར་བགྱིད་པ་ལས། མཚན་གྱུར་ཏེ་དགེ་སློང་དུ་རེད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ་རེ་ཞིག་དགེ་སློང་


DKG012_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ས་བོན་ལ་ས་བོན་དུ་འདུ་ཤེས་པས་མ་རུང་བར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །ས་བོན་ལ་ས་བོན་མ་ལགས་པར་འདུ་ཤེས་པས་མ་རུང་བར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །ས་བོན་མ་ལགས་པ་ལ་ས་བོན་དུ་འདུ་ཤེས་པས་མ་རུང་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ས་བོན་མ་ལགས་པ་ལ་ས་བོན་མ་ལགས་པར་འདུ་ཤེས་པས་མ་རུང་བར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ། རེ་ཞིག་བསྙེན་པར་མ་རྫོགས་པར་རན་དགུམ་པར་སྦྱོར་བ་བགྱིས་ལ། བསྙེན་པར་མ་རྫོགས་པར་བཀུམ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་སྦྱོར་བ་བགྱིས་ལ་བསྙེན་པར་རྫོགས་ཀར་བཀུམ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་སྦྱོར་བ་བགྱིས་ལ། བསྙེན་པར་མ་རྫོགས་ནས་བཀུམ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཀར་བཀུམ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ནས་བཀུམ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ནས་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ནས་བཀུམ་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བསྙེན་པར་རྫོགས་ནས་སྦྱོར་བ་བགྱིས་ལ། བསྙེན་པར་མ་རྫོགས་པར་བཀུམ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་འདི་སྐད་ཅེས། གལ་ཏེ་ཤིང་འདི་བཅད་ན།ལེགས་ཏེ། མ་ཉེས་སོ། །ཞེས་བགྱིས་པ་ལས། དེས་ཀྱང་བཀུམ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཚིག་གུ་མ་བཅོམ་པར་རིལ་མིད་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་རུང་བར་མ་བགྱིས་པའི་འབྲས་བུ་དག་ཡོངས་སུ་ལོངས་སྤྱད་ཀྱང་ལྟུང་བར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། ས་བོན་དུ་མ་རེད་པ་དག་ལ་ས་བོན་གྱི་ཆོས་མ་ཡིན་ནོ། །སྙམ་ནས་ཡོངས་སུ་ལོངས་སྤྱད་ནའོ། །བཙུན་པ། དགེ་སློང་གིས་ས་བོན་གྱི་རིགས་ལྔ་མེས་རུང་བར་བགྱིས་ཏེ་འཚལ་ཀྱང་ལྟུང་བར་འགྱུར་བ་ལྟ་མཆིས་ལགས་སམ།


DKG012_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་འཁོར། ཡོད་དེ། འདི་ལྟར་ས་བོན་གྱི་རིགས་ལྔ་རུང་བར་བྱས་ལ་ས་ལ་འདུག་གམ། སྡོང་ན་འདུག་གམ། གདང་ལ་འདུག་ཀྱང་རུང་སྟེ། མྱུ་གུ་སྐྱེས་པར་གྱུར་ནའོ། །སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། །གཞན་ལ་སྙང་འདོགས་བརྒྱུད་པ་དང་། །སྨྱོན་པ་དང་ནི་སེམས་འཁྲུགས་དང་། །ཚོར་བ་འོན་པ་འགྲོ་བ་དང་། །ཁྱིམ་བདག་ལ་སོགས་པ་དང་། །བསླབ་པ་བྱིན་དང་། དགེ་སློང་མ། །བཙུན་པ། རེ་ཞིག་དགེ་སློང་གིས་ཕོ་ཉ་ལས་ཤིང་འགུམས་སུ་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་ཡི་གེ་དང་། ལག་བརྡ་དང་། གཞན་ལ་སྙད་འདོགས་པ་དང་། བརྒྱུད་པས་འགུམས་སུ་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྨྱོན་པ་ལ་ཤིང་འགུམས་སུ་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ཚོར་བས་ཉམ་ཐག་པ་དང་། གླེན་པ་དང་། འོན་པ་དང་། འགྲོ་བ་གཞན་དུ་གནས་པ་ལ་ཤིང་འགུམས་སུ་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་མངོན་སུམ་དུ་ཁྱིམ་པ་ཤིང་འགུམས་སུ་སྩོལ་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །དེ་བཞིན་དུ་ཟ་མ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། མ་འགུམས་པ་དང་། ཕ་འགུམས་པ་དང་། དགྲ་བཅོམ་པ་འགུམས་པ་དང་། དགེ་འདུན་གྱི་དབྱེན་བགྱིད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་ཞུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། ཐ་དད་དུ་གནས་པ་དང་། གནས་པར་མི་བགྱིད་པ་དང་། སྔར་ལྟུང་བ་བྱུང་བ་དང་། དང་པོ་མི་མཐུན་པ་ཅན་དང་། ཁས་བླངས་པ་དང་། བསླབ་པ་སྩལ་པ་མངོན་སུམ་དུ་ཤིང་འགུམས་སུ་སྩོལ་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ་རེ་ཞིག་བསླབ་པ་སྩལ་པས། རན་སྔོན་པོ་འགུམས་སམ། འགུམས་སུ་སྩོལ་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ་རེ་ཞིག་དགེ་སློང་མས་རན་སྔོན་པོ་འགུམས་སམ། འགུམས་སུ་སྩོལ་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ་རེ་ཞིག་


DKG012_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློབ་མས་རན་སྔོན་པོ་འགུམས་སམ། འགུམས་སུ་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི། ཉེས་བྱས་ཏེ། སྔ་མ་བཞིན་ནོ། །དགེ་ཚུལ་དང་། དགེ་ཚུལ་མ་ལ་ནི། ལྟུང་བ་མེད་ངོ་།། །།སྡོམ་ལ། སྐད་དང་ལུས་དང་དབེན་པ་ཉིད། །མཚན་དག་དང་ནི་བཞི་ཚན་དང་། །ཁྱིམ་པ་དག་ལ་སོགས་པ་དང་། །བསྐོས་པ་དང་ནི་མ་བསྐོས་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས། འཕྱའམ། གཞོགས་འཕྱས་བྱེད་ན། ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དབུས་ཀྱི་དགེ་སློང་གྲངས་སུ་སྩལ་པས་མཐའ་འཁོབ་པའི་སྐད་དུ་དགེ་སློང་དབུས་པ་ལ་འཕྱའམ། གཞོགས་འཕྱས་བགྱིད་ལ། དགེ་སློང་དབུས་པས་ཀྱང་མཐའ་འཁོབ་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མཐའ་འཁོབ་པས་དབུས་པའི་སྐད་དུ་དགེ་སློང་མཐའ་འཁོབ་པ་ལ་འཕྱའམ། གཞོགས་འཕྱས་བགྱིད་ལ། དགེ་སློང་མཐའ་འཁོབ་པས་ཀྱང་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དགེ་སློང་དབུས་པ་ལ་འཕྱའམ། གཞོགས་འཕྱས་བགྱིད་ལ། དགེ་སློང་དབུས་པས་ཀྱབ་མཐའ་འཁོབ་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དབུས་པས་དབུས་པའི་སྐད་དུ་དགེ་སློང་མཐའ་འཁོབ་པ་ལ་འཕྱག་འམ། གཞོགས་འཕྱས་བགྱིད་ལ། དགེ་སློང་མཐའ་འཁོབ་པས་ཀྱང་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གྲངས་སུ་སྩལ་པས། ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་འཕྱའམ། གཞོགས་འཕྱས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གྲངས་སུ་སྩལ་པ་དབེན་པ་ལ་མི་དབེན་པར་འདུ་ཤེས་པས་འཕྱའམ། གཞོགས་འཕྱས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དབེན་པ་ལ་དབེན་པར་འདུ་ཤེས་པས་འཕྱའམ། གཞོགས་འཕྱས་བགྱིད་ན། ཅིར་འགྱུར་ལགས་ཉེས་བྱས་སོ། །མི་དབེན་པ་ལ་དབེན་པར་འདུ་ཤེས་པས་འཕྱའམ་གཞོགས་


DKG012_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་དབེན་པ་ལ་མི་དབེན་པར་འདུ་ཤེས་པས་འཕྱའམ་གཞོགས་འཕྱས་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་གྲངས་སུ་སྩལ་པ་འཕྱའམ། གཞོགས་འཕྱས་བགྱིད་པ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་མ་གྲངས་སུ་སྩལ་པ་འཕྱའམ། གཞོགས་འཕྱས་བགྱིད་པ་ལས། མཚན་གྱུར་ཏེ་དགེ་སློང་དུ་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གྲངས་སུ་སྩལ་བས། བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་པས་འཕྱའམ། གཞོགས་འཕྱས་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གྲངས་སུ་སྩལ་བས་ཁྱིམ་པ་ལ་འཕྱའམ། གཞོགས་འཕྱས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གྲངས་སུ་སྩལ་པས། དགེ་སློང་ཁས་བླངས་པ་དང་། ཟ་མ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། མ་འགུམས་པ་དང་། ཕ་འགུམས་པ་དང་། དགྲ་བཅོམ་པ་འགུམས་པ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་ཞུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། སྔར་ལྟུང་བ་བྱུང་བ་དང་། དང་པོ་མི་མཐུན་པ་ཅན་ལ་འཕྱའམ། གཞོགས་འཕྱས་བགྱིད་ན།ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གྲངས་སུ་སྩལ་བས། དགེ་སློང་དགེ་འདུན་གྱི་དབྱེན་བགྱིད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། ཐ་དད་དུ་གནས་པ་དང་། བསླབ་པ་སྩལ་པ་ལ་འཕྱའམ། གཞོགས་འཕྱས་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་གྲངས་སུ་སྩལ་པས། དགེ་འདུན་གྱི་བསྐོ་བཤམ་བགྱིད་པ་


DKG012_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོས་པ་དང་། མ་བསྐོས་པ་མ་གཏོགས་པ་ལས་གཞན་པ་དག་ལ་འཕྱའམ། གཞོགས་འཕྱས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། །གཞན་ལ་སྙད་འདོགས་བརྒྱུད་པ་དང་། །སྨྱོན་པ་དང་ནི་སེམས་འཁྲུགས་དང་། །ཚོར་བ་འོན་པ་གླེན་པ་དང་། །གཉིད་ལོག་ར་རོ་རབ་མྱོས་དང་། །སྙོམས་ཞུགས་འགྲོ་བ་ཐ་མའོ།། །།འདུལ་བ་གཞུང་བླ་མ། བམ་པོ་བཅུ་གཅིག་པ་སྟེ། ཐ་མའོ། །བཙུན་པ། རེ་ཞིག་དགེ་སློང་གྲངས་སུ་སྩལ་བས་ཕོ་ཉ་ལས་འཕྱའམ། གཞོགས་འཕྱས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་ཡི་གེ་དང་། ལག་བརྡ་དང་། གཞན་ལ་སྙད་འདོགས་པ་དང་། བརྒྱུད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གྲངས་སུ་སྩལ་བས་དགེ་སློང་སྨྱོན་པ་ལ་འཕྱའམ། གཞོགས་འཕྱས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ཚོར་བས་ཉམ་ཐག་པ་དང་། གླེན་པ་དང་། འོན་པ་དང་། གཉིད་ཀྱིས་ལོག་པ་དང་། ཕྱག་ལས་ཁོ་མ་པ་དང་། རབ་ཏུ་མྱོས་པ་དང་། སྙོམས་པར་ཞུགས་པ་དང་། འགྲོ་བ་གཞན་དུ་གནས་པའི་དགེ་སློང་ལ་འཕྱའམ། གཞོགས་འཕྱས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་འཕྱའམ། གཞོགས་འཕྱས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་མ་གྲངས་སུ་སྩལ་བས། དགེ་སློང་མ་ལ་འཕྱའམ། གཞོགས་འཕྱས་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །དགེ་སློང་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་འཕྱའམ། གཞོགས་འཕྱས་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་པ་གྲངས་སུ་སྩལ་པ་འཕྱའམ། གཞོགས་འཕྱས་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། སྔར་ལྟུང་བ་བྱུང་བ་ལ་སོགས་པ་འཕྱའམ་གཞོགས་འཕྱས་


DKG012_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིད་ན་ཅིར་འགྱུར་ལགས། ཉེས་བྱས་སོ།། །།སྡོམ་ལ། ལྟུང་བ་དང་དེ་བཞིན་ལུས་དང་ནི། །སྐད་དང་མི་སྨྲ་མཚན་དང་ནི། །ཁྱིམ་པ་དག་ལ་སོགས་པ་དང་། །བཞི་ཚན་པོ་ནི་ཐ་མ་ཡིན། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་བསྒོ་བ་རྣ་ལ་གཟོན་ན། ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་ནོངས་པ་མ་གཏོགས་པ་དེ་ལས་གཞན་པའི་རྒྱུ་དག་གིས་གླེང་བ་རྣ་ལ་གཟོན་བར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་རྣ་ལ་གཟོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དབུས་ཀྱི་དགེ་སློང་གིས་མཐའ་འཁོབ་པའི་སྐད་དུ་དབུས་ཀྱི་དགེ་སློང་ལ་བསྒོ་བ་རྣ་ལ་གཟོན་པར་བགྱིད་ལ། དགེ་སློང་དབུས་པས་ཀྱང་མཐའ་འཁོབ་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མཐའ་འཁོབ་པས་ཀྱང་དབུས་པའི་སྐད་དུ་དགེ་སློང་མཐའ་འཁོབ་པ་ལ་བསྒོ་བ་རྣ་ལ་གཟོན་པར་བགྱིད་ལ། དགེ་སློང་མཐའ་འཁོབ་པས་ཀྱང་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དགེ་སློང་དབུས་པ་ལ་བསྒོ་བ་རྣ་ལ་གཟོན་པར་བགྱིད་ལ། དགེ་སློང་དབུས་པས་ཀྱང་མཐའ་འཁོབ་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དབུས་པས་དབུས་པའི་སྐད་དུ་དགེ་སློང་མཐའ་འཁོབ་པ་ལ་བསྒོ་བ་རྣ་ལ་གཟོན་པར་བགྱིད་ལ། དགེ་སློང་མཐའ་འཁོབ་པས་ཀྱང་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་མི་སྨྲ་པས་བསྒོ་བ་རྣ་ལ་གཟོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་གིས་བསྒོ་བ་རྣ་ལ་གཟོན་པར་བགྱིད་པ་ན་མཚན་གྱུར་ཏེ་དགེ་སློང་མར་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་མས་དགེ་སློང་མའི་བསྒོ་བ་རྣ་ལ་གཟོན་པར་བགྱིད་པ་ལས། མཚན་གྱུར་ཏེ་དགེ་སློང་དུ་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ་རེ་ཞིག་དགེ་སློང་གིས་


DKG012_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་བའི་བསྒོ་བ་རྣ་ལ་གཟོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་ཁས་བླངས་པ་དང་། ཟ་མ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། མ་འགུམས་པ་དང་། ཕ་འགུམས་པ་དང་། དགྲ་བཅོམ་པ་འགུམས་པ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་ཞུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། དང་པོ་མི་མཐུན་པ་ཅན་དང་། སྔར་ལྟུང་བ་བྱུང་བའི་བསྒོ་བ་རྣ་ལ་གཟོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་དགེ་འདུན་གྱི་དབྱེན་བགྱིད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། ཐ་དད་དུ་གནས་པ་དང་། བསླབ་པ་སྩལ་བའི་བསྒོ་བ་རྣ་ལ་གཟོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་པས་བསྒོ་བ་རྣ་ལ་གཟོན་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་པས་བསྒོ་བ་རྣ་ལ་གཟོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་པས་བསྒོ་བ་རྣ་ལ་གཟོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་པས་བསྒོ་བ་རྣ་ལ་གཟོན་པར་བགྱིད་ན།ཅིར་འགྱུར་ལགས། ཉེས་བྱས་སོ། །སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། །གཞན་ལ་སྙད་འདོགས་བརྒྱུད་པ་དང་། །སྨྱོན་པ་དང་ནི་སེམས་འཁྲུགས་དང་། །ཚོར་བ་འོན་པ་འགྲོ་བའོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཕོ་ཉ་ལས་དགེ་སློང་གི་བསྒོ་བ་རྣ་ལ་གཟོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་ཡི་གེ་དང་། ལག་བརྡ་དང་། བརྒྱུད་པས་བསྒོ་བ་རྣ་ལ་གཟོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་གཞན་ལ་སྙད་འདོགས་པས། དགེ་སློང་གི་བསྒོ་བ་རྣ་ལ་


DKG012_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

གཟོན་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་སྨྱོན་པའི་བསྒོ་བ་རྣ་ལ་གཟོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ཚོར་བས་ཉམ་ཐག་པ་དང་། གླེན་པ་དང་། འོན་པ་དང་། འགྲོ་བ་གཞན་དུ་གནས་པའི་བསྒོ་བ་རྣ་ལ་གཟོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མའི་བསྒོ་བ་རྣ་ལ་གཟོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་མས། དགེ་སློང་མའི་བསྒོ་བ་རྣ་ལ་གཟོན་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མའི་བསྒོ་བ་རྣལ་གཟོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་བསླབ་པ་སྩལ་བའི་བསྒོ་བ་རྣ་ལ་གཟོན་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། སྔར་ལྟུང་བ་བྱུང་བ་ལ་སོགས་པའི་བསྒོ་བ་རྣ་ལ་གཞོན་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །སྡོམ་ལ། མི་རུང་བ་དང་གང་ཟག་དང་། །མཆོག་པ་དང་ལྷག་པ་ཉིད། །མཚན་དང་བཞི་ཚན་ཁོ་ན་དང་། །ལུས་དང་སྐད་དང་དེ་བཞིན་དབེན། །ཁྱིམ་པ་བདག་ལ་སོགས་པ་དང་། །བར་ཆད་འགྱུར་བ་ཐ་མ་ཡིན། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་འདུན་གྱི་ཁྲིའམ། ཁྲིའུའམ། སྟན་ནང་ཚངས་ཅན་ནམ། ལ་བའམ། སྔས་སམ། གོར་བུ་བླ་གབ་མེད་པར་བཏིང་ངམ།འདིང་དུ་བཅུག་ནས་མ་སྦས་སམ། སྡུད་དུ་མ་བཅུག་གམ། དགེ་སློང་འཁོད་པ་ལ་མ་བཅོལ་བར་དེ་ནས་སོང་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། དགེ་སློང་གིས་དགེ་འདུན་གྱི་གནས་མལ་བཏིང་ངམ། འདིང་དུ་


DKG012_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་ནས་མ་སྦས་སམ། སྡུད་དུ་མ་སྩལ་ཏམ། མ་བཅོལ་བར་དེ་ནས་མཆིས་ཀྱང་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས། ཉེ་བར་འཁོར། ཡོད་དེ། འདི་ལྟར་གནས་མལ་དེའི་སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང་། སྤུན་མི་རུང་བ་ལ་རྒྱུ་རུང་བ་དང་། གཉི་ག་མི་རུང་བར་གྱུར་པ་སྟེ། མི་རུང་བ་རྔ་བལ་དང་། བ་ལང་གི་སྤུ་དང་། རི་དྭགས་ཀྱི་བལ་དང་། ར་བལ་དང་འདྲེས་པ་དང་། མ་བཏགས་པ་དེ་ལྟ་བུའི་གནས་མལ་བཏིང་ངམ། འདིང་དུ་བཅུག་ནས་མ་སྦས་སམ། སྡུད་དུ་མ་བཅུག་གམ། མ་བཅོལ་བར་དེ་ནས་སོང་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། རེ་ཞིག་དགེ་སློང་གིས་གང་ཟག་གི་གནས་མལ་བཏིང་ངམ། འདིང་དུ་སྩལ་ནས་མ་སྦས་སམ། སྡུད་དུ་མ་སྩལ་ཏམ། མ་བཅོལ་བར་དེ་ནས་མཆིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་ཁྲིའམ། ཁྲིའུ་བཏིང་ངམ། འདིང་དུ་སྩལ་ནས་མ་སྦས་སམ། སྡུད་དུ་མ་སྩལ་ཏམ། མ་བཅོལ་བར་དེ་ནས་མཆིས་ཀྱང་ལྟུང་བྱེད་དུ་མི་འགྱུར་པ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། བདེ་བར་གཤེགས་པའི་སོར་བརྒྱད་དུ་མཆོག་གམ། ལྷག་ནའོ། །རེ་ཞིག་དགེ་སློང་གིས་དགེ་འདུན་གྱི་གནས་མལ་བཏིང་ངམ། འདིང་དུ་སྩལ་ནས་མ་སྦས་སམ། སྡུད་དུ་མ་སྩལ་ཏམ། དགེ་སློང་འཁོད་པ་ལམ་བཅོལ་བར་དེ་ནས་མཆིས་པ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་མས་དགེ་འདུན་གྱི་གནས་མལ་བཏིང་ངམ། འདིང་དུ་སྩལ་ནས་མ་སྦས་སམ། སྡུད་དུ་མ་སྩལ་ཏམ། མ་བཅོལ་བར་མཆིས་པ་ལས། མཚན་གྱུར་ཏེ་དགེ་སློང་དུ་རེད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་འདུན་གྱི་གནས་མལ་བཏིང་ངམ།འདིང་དུ་སྩལ་ནས་མ་སྦས་སམ། སྡུད་དུ་མ་སྩལ་ཏམ། དགེ་སློང་འཁོད་པ་ལ་མ་བཅོལ་བར་མཚམས་ཀྱི་སླད་རོལ་ལ་མཚམས་ཀྱི་སླད་རོལ་ཏུ་འདུ་ཤེས་པས་མཆིས་ན་ཅིར་


DKG012_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལགས། ལྟུང་བྱེད་དོ། །མཚམས་ཀྱི་སླད་རོལ་ལ་མཚམས་ཀྱི་ནང་དུ་ཤེས་པས་མཆིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མཚམས་ཀྱི་ནང་ལ་མཚམས་ཀྱི་སླད་རོལ་ཏུ་འདུ་ཤེས་པས་མཆིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མཚམས་ཀྱི་ནང་ལ་མཚམས་ཀྱི་ནང་དུ་འདུ་ཤེས་པས་མཆིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་འདུན་གྱི་གནས་མལ་བཏིང་ངམ། འདིང་དུ་སྩལ་ནས་མ་སྦས་སམ། སྡུད་དུ་མ་སྩལ་བར་ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་དགེ་སློང་འཁོད་པ་ལ་བཅོལ་ནས་མཆིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དབུས་པའི་དགེ་སློང་གིས་མཐའ་འཁོབ་པའི་སྐད་དུ་དབུས་ཀྱི་དགེ་སློང་ལ་དགེ་འདུན་གྱི་གནས་མལ་བཅོལ་ཏེ་མཆིས་ལ། དབུས་ཀྱི་དགེ་སློང་གིས་ཀྱང་མཐའ་འཁོབ་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མཐའ་འཁོབ་པས་དབུས་པའི་སྐད་དུ་དགེ་སློང་མ་མཐའ་འཁོབ་པ་ལ་དགེ་འདུན་གྱི་གནས་མལ་བཅོལ་ཏེ་མཆིས་ལ། དགེ་སློང་མཐའ་འཁོབ་པས་ཀྱང་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དབུས་པའི་དགེ་སློང་ལ་དགེ་འདུན་གྱི་གནས་མལ་བཅོལ་ཏེ་མཆིས་ལ། དགེ་སློང་དབུས་པས་ཀྱང་མཐའ་འཁོབ་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དབུས་པས་དབུས་པའི་སྐད་དུ་དགེ་སློང་མཐའ་འཁོབ་པ་ལ་དགེ་འདུན་གྱི་གནས་མལ་བཅོལ་ཏེ་མཆིས་ལ། དགེ་སློང་མཐའ་འཁོབ་པས་ཀྱང་དབུས་པའི་སྐད་དེ་མ་འཚལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་འདུན་གྱི་གནས་མལ་བཏིང་ངམ། འདིང་དུ་སྩལ་ནས་མ་སྦས་སམ། སྡུད་དུ་མ་སྩལ་བར་དབེན་པ་ལ་དབེན་པར་འདུ་ཤེས་པས་བཅོལ་ཏེ་མཆིས་ན། ཅིར་འགྱུར་ལགས།ལྟུང་བྱེད་དོ། །དབེན་པ་ལ་མི་དབེན་པར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །མི་དབེན་པ་ལ་དབེན་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །མི་དབེན་པ་ལ་མི་དབེན་པར་འདུ་ཤེས་པས་མཆིས་ན་ཅིར་འགྱུར་ལགས། ལྟུང་


DKG012_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད་དོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་འདུན་གྱི་གནས་མལ་བཏིང་ངམ། འདིང་དུ་སྩལ་ནས་མ་སྦས་སམ། སྡུད་དུ་མ་སྩལ་ཏམ། ཁྱིམ་པ་ལ་མ་བཅོལ་བར་མཆིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་ཁས་བླངས་པ་དང་། ཟ་མ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། མ་འགུམས་པ་དང་། པ་འགུམས་པ་དང་། དགྲ་བཅོམ་པ་འགུམས་པ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་ཞུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། གནས་པར་མི་བགྱི་བ་དང་། སྔར་ལྟུང་བ་བྱུང་བ་དང་། དང་པོ་མི་མཐུན་པ་ཅན་ལ་མ་བཅོལ་བར་མཆིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་དགེ་འདུན་གྱི་དབྱེན་བགྱིད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། ཐ་དད་དུ་གནས་པ་དང་། བསླབ་པ་སྩལ་པ་ལ་མ་བཅོལ་བར་མཆིས་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་གནས་མལ་བཏིང་ངམ། འདིང་དུ་སྩལ་ནས་མ་སྦས་སམ། སྡུད་དུ་མ་སྩལ་ཏམ། དགེ་སློང་འཁོད་པ་ལ་མ་བཅོལ་བར་འདོར་བར་བགྱིད་ཀྱང་ལྟུང་བར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་དགེ་སློང་གིས་གནས་མལ་དེ་ཡང་བར་མདོར་བར་སོང་བའམ། གཙུག་ལག་ཁང་དེར་བར་ཆད་བརྒྱད་ལས་གང་ཡང་རུང་བའི་བར་ཆད་གཅིག་བྱུང་བར་གྱུར་ནའོ། །སྡོམ་ལ། སྨྱོན་པ་དང་ནི་སེམས་འཁྲུགས་དང་། །ཚོར་བ་འོན་པ་གླེན་པ་དང་། །གཉིད་ལོག་ར་རོ་རབ་མྱོས་དང་། །སྙོམས་ཞུགས་འགྲོ་བ་ཐ་མའོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་འདུན་གྱི་གནས་མལ་བཏིང་ངམ། འདིང་དུ་སྩལ་ནས་མ་སྦས་སམ། སྡུད་དུ་མ་སྩལ་ཏམ། དགེ་སློང་སྨྱོན་པ་ལ་མ་བཅོལ་བར་མཆིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་སེམས་འཁྲུགས་པ་དང་། ཚོར་བས་ཉམས་ཐག་པ་དང་། གླེན་པ་དང་། འོན་པ་དང་། གཉིད་ཀྱིས་ལོག་པ་དང་། ཕྱག་ལས་ཁོམ་པ་དང་། རབ་ཏུ་མྱོས་པ་དང་། སྙོམས་པར་ཞུགས་པ་དང་། འགྲོ་བ་གཞན་དུ་གནས་པ་ལ་མ་བཅོལ་བར་མཆིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་ལ་བཅོལ་ཏེ་མཆིས་


DKG012_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཅིར་འགྱུར་ལགས། ཉེས་བྱས་སོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་བཅོལ་ཏེ་མཆིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་མས་དགེ་འདུན་གྱི་གནས་མལ་བཏིང་ངམ། འདིང་དུ་སྩལ་ནས་མ་སྦས་སམ། སྡུད་དུ་མ་སྩལ་ཏམ། དགེ་སློང་མ་འཁོད་པ་ལ་མ་བཅོལ་བར་མཆིས་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། དགེ་སློང་གིས་དགེ་སློང་དང་། དགེ་སློབ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་མ་བཅོལ་བར་མཆིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་བས། དགེ་འདུན་གྱི་གནས་མལ་བཏིང་ངམ། འདིང་དུ་སྩལ་ནས་མ་སྦས་སམ། སྡུད་དུ་མ་སྩལ་ཏམ། དགེ་སློང་འཁོད་པ་ལ་མ་བཅོལ་བར་མཆིས་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི། ཉེས་བྱས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་དུ་རྩྭའི་གདིང་བ་བཏིང་ངམ། ལོ་མའི་གདིང་བ་བཏིང་ངམ། འདིང་དུ་བཅུག་ནས་མ་སྦས་སམ། སྡུད་དུ་མ་བཅུག་གམ། དགེ་སློང་འཁོད་པ་ལ་མ་བཅོལ་བར་དེ་སོང་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ་ཞེས་བྱ་བ་སྟེ། གཞུང་ལྷག་མ་ནི། མི་རུང་བ་དང་། བདེ་བར་གཤེགས་པའི་སོར་བརྒྱད་དུ་མི་ཆོག་པའམ། ལྷག་མ་མ་གཏོགས་པ་གནས་མལ་ཇི་ལྟ་བ་དེ་བཞིན་དུ་གདིང་བ་ལ་རྒྱས་པར་བརྗོད་པར་བྱའོ། །སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། །གཞན་ལ་སྙད་འདོགས་བརྒྱུད་པ་དང་། །སྨྱོན་པ་དང་ནི་སེམས་འཁྲུགས་དང་། །ཚོར་བ་འོན་པ་གླེན་པ་དང་། །གཉིད་ལོག་ར་རོ་རབ་མྱོས་དང་། །སྙོམས་ཞུགས་འགྲོ་བ་ཐ་མ་འོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་དགེ་འདུན་གྱི་གཙུག་ལག་ཁང་ནས་སྐྲོད་དམ། སྐྲོད་དུ་འཇུག་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་ཁྲོས་ཏེ་ཕོ་ཉ་ལས་དགེ་སློང་སྐྲོད་པར་བགྱིད་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་


DKG012_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཡི་གེ་དང་། ལག་བརྡ་དང་། གཞན་ལ་སྙད་འདོགས་པ་དང་། བརྒྱུད་པས་སྐྲོད་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་ཁྲོས་ནས་དགེ་སློང་སྨྱོན་པ་སྐྲོད་དམ། སྐྲོད་དུ་སྩོལ་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ཚོར་བས་ཉམ་ཐག་པ་དང་། གླེན་པ་དང་། འོན་པ་དང་། གཉིད་ཀྱིས་ལོག་པ་དང་། ཕྱག་ལས་ཁོམ་པ་དང་། རབ་ཏུ་མྱོས་པ་དང་། སྙོམས་པར་ཞུགས་པ་དང་། འགྲོ་བ་གཞན་དུ་གནས་པ་ལ་སྐྲོད་དམ། སྐྲོད་དུ་སྩོལ་པར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །སྡོམ་ལ། མཚན་དང་བཞི་ཚན་ཉིད་དང་ནི། །དེ་བཞིན་བདུན་ཚན་ཉིད་དང་ནི། །ཁྱིམ་པ་དག་ལ་སོགས་པ་དང་། དགེ་འདུན་གྱི་ནི་ཐ་མ་ཡིན། །བཙུན་པ། རེ་ཞིག་དགེ་སློང་ཁྲོས་ཏེ་དགེ་འདུན་གྱི་གཙུག་ལག་ཁང་ནས་དགེ་སློང་སྐྲོད་དམ། སྐྲོད་དུ་སྩོལ་བར་བགྱིད་པ་ལས། མཚན་གྱུར་ཏེ་དགེ་སློང་མར་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་མ་ཁྲོས་ནས་དབྱར་ཁང་ནས་དགེ་སློང་མ་སྐྲོད་དམ། སྐྲོད་དུ་སྩོལ་བར་བགྱིད་པ་ལས། མཚན་གྱུར་ཏེ་དགེ་སློང་དུ་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཁྲོས་ཏེ་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་པས་སྐྲོད་དམ། སྐྲོད་དུ་སྩོལ་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་པས་སྐྲོད་དམ། སྐྲོད་དུ་སྩོལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་པས་སྐྲོད་དམ། སྐྲོད་དུ་སྩོལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་པས་སྐྲོད་དམ། སྐྲོད་དུ་སྩོལ་པར་བགྱིད་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་བསྙེན་པར་མ་རྫོགས་པར་ཁྲོས་ཏེ་དགེ་སློང་བསྐྲད་པར་སྦྱོར་བ་བགྱིས་ལ། བསྙེན་པར་མ་རྫོགས་པར་བསྐྲད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པས་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཀར་བསྐྲད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ནས་བསྐྲད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ཀར་བསྐྲད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་སྦྱོར་བ་བགྱིས་ལ་བསྙེན་པར་


DKG012_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ནས་བསྐྲད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་རྫོགས་ནས་སྦྱོར་བ་བགྱིས་ལ། བསྙེན་པར་རྫོགས་ནས་བསྐྲད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བསྙེན་པར་རྫོགས་ནས་སྦྱོར་བ་བགྱིས་ལ། བསྙེན་པར་མ་རྫོགས་པར་བསྐྲད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་ཁྲོས་ནས་ཁྱིམ་བསྐྲོད་དམ། སྐྲོད་དུ་སྩོལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། དེ་ཞིག་དགེ་སློང་གིས་དགེ་སློང་ཁས་བླངས་པ་དང་། ཟ་མ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། མ་འགུམས་པ་དང་། ཕ་འགུམས་པ་དང་། དགྲ་བཅོམ་པ་འགུམས་པ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་ཞུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། སྔར་ལྟུང་བ་བྱུང་བ་དང་། དང་པོ་མི་མཐུན་པ་ཅན་སྐྲོད་ད་མ། སྐྲོད་དུ་སྩོལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་ཁྲོས་ནས་དགེ་སློང་དགེ་འདུན་གྱི་དབྱེན་བགྱིད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་།ཐ་དད་དུ་གནས་པ་དང་། བསླབ་པ་སྩལ་པ་རྣམས་སྐྲོད་དམ། སྐྲོད་དུ་སྩོལ་བར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་ཁྲོས་ནས་དགེ་སློང་ཞིག་མངོན་སུམ་དུ་ཁྱིམ་པས་སྐྲོད་དམ། སྐྲོད་དུ་སྩོལ་བར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །དེ་བཞིན་དུ་ཟ་མ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། མ་འགུམས་པ་དང་། ཕ་འགུམས་པ་དང་། དགྲ་བཅོམ་པ་འགུམས་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། མུ་སྟེགས་ཅན་དང་། མུ་སྟེགས་ཅན་ཞུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། ཐ་དད་དུ་གནས་པ་དང་། གནས་བར་མི་བགྱི་བ་དང་། དང་པོ་མི་མཐུན་པ་ཅན་དང་། སྔར་ལྟུང་བ་བྱུང་བ་དང་། ཁས་བླངས་པ་དང་། བསླབ་པ་སྩལ་པ་དང་། དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མས་སྐྲོད་དམ། སྐྲོད་དུ་སྩོལ་བར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་ཁྲོས་ནས་དགེ་སློང་མ་དང་། དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་སྐྲོད་དམ། སྐྲོད་དུ་སྩོལ་བར་བགྱིད་ན་ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ་རེ་


DKG012_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་དགེ་སློང་མ་ཞིག་ཁྲོས་ནས་དགེ་སློང་མ་དབྱར་ཁང་ནས་སྐྲོད་དམ། སྐྲོད་དུ་སྩོལ་བར་བགྱིད་ན་ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་མ་ཞིག་ཁྲོས་ནས་དགེ་སློང་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་སྐྲོད་དམ། སྐྲོད་དུ་སྩོལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་པ་ཁྲོས་ནས་དགེ་སློང་སྐྲོད་དམ། སྐྲོད་དུ་སྩོལ་བར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི། ཉེས་བྱས་སོ། །སྡོམ་ལ། སྨྱོན་པ་དང་ནི་སེམས་འཁྲུགས་དང་། །ཚོར་བ་འོན་པ་གླེན་པ་དང་། །གཉིད་ལོག་ར་རོ་རབ་མྱོས་པ་དང་། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་ན། དགེ་སློང་དག་སྔ་ན་འཁོད་པ་རྣམས་ལ་ཤེས་བཞིན་དུ་ཕྱིས་འོངས་ནས་སུ་ལ་གནོད་པ་དེ་འགྲོ་བར་གྱུར་པ་དེ་ཉིད་རྐྱེན་དུ་བྱས་ཏེ་ཕྱིས་གནོན་བྱས་ནས་སྟན་ལ་ཉལ་ལམ། འདུག་ན། ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་སྨྱོན་པ་ལ་ཕྱིས་གནོད་བགྱིས་ཏེ་སྟན་ལ་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ཚོར་བས་ཉམ་ཐག་པ་དང་། གླེན་པ་དང་། འོན་པ་དང་། གཉིད་ཀྱིས་ལོག་པ་དང་། ཕྱག་ལས་ཁོམ་པ་དང་། རབ་ཏུ་མྱོས་པ་དང་། སྙོམས་པར་ཞུགས་པ་དང་། འགྲོ་བ་གཞན་དུ་གནས་པའི་དགེ་སློང་ལ་ཕྱིས་གནོན་བགྱིས་ཏེ་སྟན་ལ་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །སྡོམ་ལ། གང་ཟག་དང་ནི་དགེ་འདུན་དང་། །དེ་བཞིན་མཚན་དང་བཞི་ཚན་དང་། ཁྱིམ་པ་དག་ལ་སོགས་པ་དང་། །མི་རུང་བསླབ་བྱིན་དགེ་སློང་མ། །བཙུན་པ། རེ་ཞིག་དགེ་སློང་གིས་གང་ཟག་གི་གཙུག་ལག་ཁང་དུ་དགེ་སློང་དག་སྔ་ན་མཆིས་པར་འཚལ་བཞིན་དུ་ཕྱིས་གནོན་བགྱིས་ཏེ་སྟན་ལ་མཆིས་སམ། ཉལ་བར་བགྱིད་ན་ཅིར་


DKG012_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་འདུན་གྱི་གཙུག་ལག་ཁང་མ་གཏོགས་པར་དེ་ལས་གཞན་པའི་གནས་དག་ཏུ་སྔ་ན་མཆིས་པའི་དགེ་སློང་རྣམས་ལ་ཕྱིས་གནོན་བགྱིས་ཏེ་སྟན་ལ་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ་རེ་ཞིག་དགེ་སློང་གིས་དགེ་འདུན་གྱི་གཙུག་ལག་ཁང་དུ་སྔ་ན་མཆིས་པའི་དགེ་སློང་རྣམས་ལ་ཕྱིས་གནོན་བགྱིས་ཏེ་སྟན་ལ་མཆིས་སམ། ཉལ་བར་བགྱིད་པ་ན། མཚན་གྱུར་ཏེ་དགེ་སློང་མར་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་མས་སྔ་ན་མཆིས་པའི་དགེ་སློང་མ་རྣམས་ལ་ཕྱིས་གནོན་བགྱིས་ཏེ་སྟན་ལ་མཆིས་སམ། ཉལ་བར་བགྱིས་པ་ན། མཚན་གྱུར་ཏེ་དགེ་སློང་དུ་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་བསྙེན་པར་རྫོགས་པ་དག་ལ་བསྙེན་པར་རྫོགས་པར་འདུ་ཤེས་པས་ཕྱིས་གནོན་བགྱིས་ཏེ་སྟན་ལ་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བསྙེན་པར་རྫོགས་པ་དག་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་དག་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་དག་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཁྱིམ་པ་ལ་ཕྱིས་གནོན་བགྱིས་ཏེ་སྟན་ལ་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་ཁས་བླངས་པ་དང་། ཟ་མ་དང་། མ་ནིང་དང་། སྔར་ལྟུང་བ་བྱུང་བ་ལ་ཕྱིས་གནོན་བགྱིས་ཏེ་སྟན་ལ་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་དགེ་འདུན་གྱི་དབྱེན་བགྱིད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། ཐ་དད་དུ་གནས་པ་དང་། བསླབ་པ་སྩལ་པ་ལ་ཕྱིས་གནོན་བགྱིས་ཏེ་སྟན་ལ་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་གཙུག་ལག་ཁང་དུ་དགེ་སློང་དག་སྔ་ན་མཆིས་པ་ལ་ཕྱིས་གནོན་བགྱིས་ཏེ་སྟན་ལ་མཆིས་སམ། ཉལ་བར་བགྱིད་ཀྱང་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར་ཡོད་དེ་གནས་མལ་མི་རུང་བར་གྱུར་ན་སྟེ།


DKG012_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་རྣམས་ཀྱིས་ཡོངས་སུ་སྤྱད་ན། མི་རུང་བ་གང་ཡིན་པའོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་སློང་མ་དང་། དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་ཕྱིས་གནོན་བགྱིས་ཏེ་སྟན་ལ་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་མས་དགེ་སློང་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་ཕྱིས་གནོན་བགྱིས་ཏེ་སྟན་ལ་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་བསླབ་པ་སྩལ་བས། དགེ་འདུན་གྱི་གཙུག་ལག་ཁང་དུ་དགེ་སློང་དག་སྔ་ན་མཆིས་པར་འཚལ་བཞིན་དུ་ཕྱིས་གནོན་བགྱིས་ཏེ་སྟན་ལ་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་མས་དབྱར་ཁང་དུ་དགེ་སློང་མ་དག་སྔ་ན་མཆིས་པར་འཚལ་བཞིན་དུ་ཕྱིས་གནོན་བགྱིས་ཏེ་སྟན་ལ་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། སྔར་ལྟུང་བ་བྱུང་བ་ལ་སོགས་པ་ལ་ནི། ཉེས་བྱས་སོ། །སྡོམ་ལ། གང་ཟག་དང་ནི་དགེ་འདུན་དང་། །དེ་བཞིན་མཚན་དང་བཞི་ཚན་དང་། །མ་རུང་བར་ཡང་བྱས་པ་དང་། །སྟེང་གཡོགས་གྱུར་པ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ནམ་མཁའ་ལ་ཐོག་བོར་བར་ཁྲིའམ། ཁྲིའུ་རྩ་བ་འབྱུང་བར་ཤེས་བཞིན་དུ་ལྗིད་ཀྱིས་ཕབ་སྟེ་འདུག་གམ། ཉལ་བར་བྱེད་ན། ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་གང་ཟག་གི་གཙུག་ལག་ཁང་གི་སྟེང་གི་ནམ་མཁའ་ལ་ཐོག་བོར་བར་ཁྲིའམ།


DKG012_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིའུ་རྩ་བ་འབྱུང་བར་འཚལ་བཞིན་དུ་ལྗིད་ཀྱིས་ཕབ་སྟེ་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་འདུན་གྱི་གཙུག་ལག་ཁང་མ་གཏོགས་པ། དེ་ལས་གཞན་པའི་གནས་དག་ཏུ་སྟེང་གི་ནམ་མཁའ་ལ་ཐོག་བོར་བར་ཁྲིའུ་རྩ་བ་འབྱུང་བར་འཚལ་བཞིན་དུ་ལྗིད་ཀྱིས་ཕབ་སྟེ་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྟེང་གི་ནམ་མཁའ་ལ་ཐོག་བོར་བར་ཁྲིའམ། ཁྲིའུ་རྩ་བ་འབྱུང་བར་འཚལ་བཞིན་དུ་ལྗིད་ཀྱིས་ཕབ་སྟེ་མཆིས་སམ། ཉལ་བར་བགྱིད་པ་ན། མཚན་གྱུར་ཏེ་དགེ་སློང་མར་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་མས་སྟེང་གི་ནམ་མཁའ་ལ་ཐོག་བོར་བར་འཚལ་བཞིན་དུ་ལྗིད་ཀྱིས་ཕབ་སྟེ་མཆིས་སམ། ཉལ་བར་བགྱིད་པ་ན། མཚན་གྱུར་ཏེ་དགེ་སློང་དུ་རེད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྟེང་གི་ནམ་མཁའ་ལ་ཐོག་བོར་བར་འདུ་ཤེས་པས། ཁྲིའམ། ཁྲིའུ་རྩ་བ་འབྱུང་བར་འཚལ་བཞིན་དུ་ལྗིད་ཀྱིས་ཕབ་སྟེ་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །ནམ་མཁའ་ལ་ནམ་མཁའ་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །ནམ་མཁའ་མ་ལགས་པ་ལ་ནམ་མཁར་འདུ་ཤེས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །ནམ་མཁའ་མ་ལགས་པ་ལ་ནམ་མཁའ་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར་ལགས། ལྟུང་བ་མེད་དོ། །བཙུན་པ། དགེ་སློང་གིས་སྟེང་གི་ནམ་མཁའ་ལ་ཐོག་བོར་བར་ཁྲིའམ། ཁྲིའུ་རྩ་བ་འབྱུང་བར་འཚལ་བཞིན་དུ་མཆིས་སམ། ཉལ་བར་བགྱིད་ཀྱང་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། གནས་མལ་མི་རུང་བར་གྱུར་ན་སྟེ། དགེ་སློང་དག་གིས་ཡོངས་སུ་སྤྱད་པར་མི་རུང་བ་གང་ཡིན་པའོ། །བཙུན་པ། དགེ་སློང་གིས་ཁྲིའམ། ཁྲིའུ་རྩ་འབྱུང་བར་འཚལ་བཞིན་དུ་མཆིས་སམ། ཉལ་བར་བགྱིད་ཀྱང་ལྟུང་བར་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་གཙུག་ལག་ཁང་གི་སྟེང་སྤང་ལེབ་ཆེ་པས་གཡོགས་པའམ། སྤང་ལེབ་ཆུང་ངུས་གཡོགས་པའམ། འབུར་ཅན་གྱིས་གཡོགས་པའམ། ཤིང་ལེབ་ཀྱིས་གཡོགས་པའམ། གུར་ཁང་ངམ། ས་གཞི་འོག་མར་འདུག་གམ། ཉལ་བར་བྱེད་ནའོ། །བཙུན་པ་རེ་ཞིག་བསླབ་པ་སྩལ་པས་


DKG012_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་གི་ནམ་མཁའ་ལ་ཐོག་བོར་བར་ཁྲིའམ། ཁྲིའུ་རྩ་བ་འབྱུང་བར་འཚལ་བཞིན་དུ་ལྗིད་ཀྱིས་ཕབ་སྟེ་མཆིས་སམ། ཉལ་བ་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་མས་སྟེང་གི་ནམ་མཁའ་ལ་ཐོག་བོར་བར་ཁྲིའམ། ཁྲིའུ་རྩ་བ་འབྱུང་བར་འཚལ་བཞིན་དུ་ལྗིད་ཀྱིས་ཕབ་སྟེ་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། སྔར་ལྟུང་བ་བྱུང་བ་ལ་སོགས་པས་ལྗིད་ཀྱིས་ཕབ་སྟེ་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དེ་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུས་རྩྭའམ། ལྕི་བའམ། ས་ལ་འདེབས་སམ། འདེབས་སུ་འཇུག་ན། ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ་ཞེས་བྱ་བ་སྟེ། སྲོག་ཆགས་དང་བཅས་པའི་ཆུས་རྩའམ། རྩ་བའམ། ས་ལ་འདེབས་པ་དང་། འདེབས་སུ་འཇུག་པ་ལྷག་མ་ནི། རྣམ་པར་འབྱེད་པ་ལས་ལྟུང་བ་བསྟན་པ་ལྟར་རྣམ་པར་དབྱེ་བར་བྱའོ། །སྡོམ་ལ། ཕོ་ཉ་ཡི་གེ་ལག་བརྡ་དང་། གཞན་ལ་སྙད་འདོགས་བརྒྱུད་པ་དང་། །སྨྱོན་པ་དང་ནི་སེམས་འཁྲུགས་དང་། །ཚོར་བ་འོན་པ་འགྲོ་བའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གཙུག་ལག་ཁང་ཆེན་པོ་ཞིག་རྩིག་ཏུ་འཇུག་ན། སྒོའི་སྦུབས་དང་། གཏན་པ་དང་། སྣང་བའི་གནས་ཇི་ཙམ་པའི་འདུ་ཤེས་ཀྱིས་ས་བརྟག་པ་ནས་བཟུང་སྟེ་ཕ་གུའི་རིམ་པ་འཇིམ་པ་དང་བཅས་པ་གཉིས་སམ། གསུམ་བརྩིག་པར་བྱའོ། །དེ་ལས་ལྷག་པར་རྩིག་ན། ལྟུང་བྱེད་དོ། །ཞེས་གསུངས་པ་གང་ལགས་པ། བཙུན་པ། རེ་ཞིག་དགེ་སློང་གིས་ཕོ་ཉ་ལས་ཕ་གུའི་རིམ་པ་གཉིས་སམ། གསུམ་ལས་ལྷག་པར་རྩིག་ཏུ་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །དེ་བཞིན་དུ་ཡི་གེ་དང་། ལག་བརྡ་དང་། གཞན་ལ་


DKG012_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

སྙད་འདོགས་པ་དང་། བརྒྱུད་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་སྨྱོན་པ་ལ་ཕ་གུའི་རིམ་པ་གཉིས་སམ། གསུམ་ལས་ལྷག་པར་རྩིག་ཏུ་སྩོལ་ན། ཅིར་འགྱུར་ལགས། །ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང་། ཚོར་བས་ཉམ་ཐག་པ་དང་། གླེན་པ་དང་། འོན་པ་དང་། འགྲོ་བ་གཞན་དུ་གནས་པ་ལས་ལྷག་པར་རྩིག་ཏུ་སྩོལ་ན། ཅིར་འགྱུར་ལགས།ཉེས་བྱས་སོ། །སྡོམ་ལ། ཆེན་པོ་གང་ཟག་རྡོ་བ་དང་། །དེ་བཞིན་གཞན་གྱིས་བརྩམས་པ་དང་། །མཚན་དང་བཞི་ཚན་ཉིད་དང་ནི། །བསླབ་པ་བྱིན་དང་དགེ་སློང་མ། །བཙུན་པ། རེ་ཞིག་དགེ་སློང་གིས་གཙུག་ལག་ཁང་ཆེན་པོ་མ་གཏོགས་པ་དེ་ལས་གཞན་པའི་དགེ་འདུན་གྱི་དངོས་པོ་ཞིག་རྩིག་ཅིང་། ཕ་གུའི་རིམ་པ་གཉིས་སམ། གསུམ་ལས་ལྷག་པར་རྩིག་ན། ཅིར་འགྱུར་ལགས། ལྟུང་བྱེད་ཁོ་ནའོ། །བཙུན་པ། རེ་ཞིག་དགེ་སློང་གིས་གང་ཟག་གི་གཙུག་ལག་ཁང་རྩིག་ཅིང་། ཕ་གུའི་རིམ་པ་གཉིས་སམ། གསུམ་ལས་ལྷག་པར་རྩིག་ཏུ་སྩོལ་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་དགེ་འདུན་གྱི་གཙུག་ལག་ཁང་རྩིག་པར་བགྱིད་ན། ཕ་གུའི་རིམ་པ་གཉིས་སམ། གསུམ་ལས་ལྷག་པར་བརྩིགས་ཀྱང་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར། ཡོད་དེ། འདི་ལྟར་གཙུག་ལག་ཁང་རྡོ་འབའ་ཞིག་གམ། སོ་ཕག་གམ། ཐམས་ཅད་ཤིང་ལས་རྩིག་གམ། རྩྭ་དག་གིས་འགེབས་སམ། སྤང་ལེབ་དང་། ཤིང་ལེབ་དག་གིས་འགེབས་སམ། སྦྱིན་བདག་འདི་སྐད་ཅེས། ཟིན་པ་བལྟའོ། །མཐར་ཕྱིན་པ་བལྟའོ། །ཞེས་ཟེར་ནའོ། །བཙུན་པ། རེ་ཞིག་དགེ་སློང་གིས་གཞན་གྱིས་ཕ་གུའི་རིམ་པ་གཉིས་སམ། གསུམ་ལས་ལྷག་པར་བརྩམས་པ་ལགས་པར་བགྱིད་ན། ཅིར་འགྱུར་ལགས་ཉེས་བྱས་སོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཕ་གུའི་རིམ་པ་གཉིས་སམ། གསུམ་ལས་ལྷག་པར་བརྩམས་ཏེ་ལགས་པར་མ་བགིས་ན། ཅིར་འགྱུར་ལགས། ཉེས་བྱས་སོ། །སེམས་འཁྲུགས་པར་གྱུར་པའམ་ཤི་ན་


DKG012_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེ་དང་འདྲའོ། །བཙུན་པ། རེ་ཞིག་དགེ་སློང་གིས་ཕ་གུའི་རིམ་པ་གཉིས་སམ། གསུམ་ལས་ལྷག་པར་རྩིག་པར་བགྱིད་པ་ན་མཚན་གྱུར་ཏེ། དགེ་སློང་མར་རེད་ནས་ལགས་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །བཙུན་པ། རེ་ཞིག་དགེ་སློང་མས་ཕ་གུའི་རིམ་པ་གཉིས་སམ། གསུམ་ལས་ལྷག་པར་རྩིག་པར་བགྱིད་ན། མཚན་གྱུར་ཏེ། དགེ་སློང་དུ་རེད་ནས་ལགས་པར་བགྱིད་ན། ཅིར་འགྱུར་ལགས། ལྟུང་བྱེད་དོ། །ལུང་ཞུ་བ་ཆུང་དུ་ཞེས་བྱ་བ། བམ་པོ་བཅུ་གཉིས་པ་རྫོགས་སོ།། །། འདུལ་བ་གཞུང་དམ་པའམ་བླ་མའི་སྟོད་ལྟུང་བྱེད་འབའ་ཞིག་པའི་བཅུ་ཚན་གཉིས་པ་རིམ་པ་གཉིས་སུ་རྩིག་པ་ཡན་ཆད་ཀྱི་ཞུས་ལན་ཡོད་པའི་ཞུ་བ་མ་རྫོགས་པ་བམ་པོ་བཅུ་གཉིས་པ་འདི་དང་། གཞུང་དམ་པ་སྟོད་ན་ཞུ་པ་རྫོགས་པ་ཞེས་གྲགས་པ་རྣམ་འབྱེད་ཀྱི་ལྟུང་བ་སྡེ་ཚན་དང་པོ་བཞི་དང་། གཞི་བཅུ་བདུན་གྱི་ཞུ་བ་རྫོགས་པ་དང་། འདུལ་བྱེད་ལ་སོགས་པ་སྡེ་ཆན་བཅུ་གཅིག་གིས་བསྡུས་པ་བམ་པོ་ལྔ་བཅུ་རྩ་གསུམ་པ་གཉིས་ཀ་ལོ་ཙྪ་བ་བན་དེ་ཀླུའི་རྒྱལ་མཚན་ལ་སོགས་པའི་དུས་སུ་འགྱུར་འགྱུར་མོད་ཀྱི། ཞུ་བ་མ་རྫོགས་པའི་དཔེ་དེ་བོད་དུ་མ་དར་ཞིང་། སྔོན་གྱི་དུས་སུ་ཞུ་བ་རྫོགས་པའི་ཡི་གེ་མ་དག་པ་ལ་བརྟེན་ནས་ལག་ལེན་ལ་འཁྲུལ་པ་མང་པོ་བྱུང་བ་ལས། ཕྱིས་ལ་སྟོད་འོལ་རྒོད་ཀྱི་གཙུག་ལག་ཁང་དུ་གནས་བརྟན་དར་མ་སེངྒེས་ལུང་སྡེ་བཞི་དགེ་སློང་མའི་རྣམ་འབྱེད་དང་བཅས་པ་བཞེངས་པའི་དུས་སུ་དགེ་བའི་བཤེས་གཉེན་ཞིང་མོ་ཆེ་བ་བྱང་ཆུབ་སེངྒེས་དབུས་གཙང་གི་གཙུག་ལག་ཁང་རྣམས་སུ་ཞུ་བ་མ་རྫོགས་པ་ཚོལ་དུ་བཏང་བ་ལས་སླད་ཀྱིས་བསམ་ཡས་མཆིམས་ཕུ་ནས་དགས་ཆུང་པ་དང་། དགེ་སློང་ཚུལ་ཁྲིམས་ཡོན་ཏན་གྱིས་རྙེད་པ། ཤཱཀྱའི་དགེ་སློང་འདུལ་བ་འཛིན་པ་ཆེན་པོ་དབང་ཕྱུག་ཚུལ་ཁྲིམས་ཀྱི་སྙན་དུ་བརྡས་ནས་བཞེངས་སུ་བཏང་བས་དཔེ་ཕྱི་ལ་ཤིན་ཏུ་དོག་པར་བྱུང་བ་ལ་དཔེ་ཡོན་མང་པོ་ཕུལ་ནས་བཞེངས་ཏེ་ལག་ལེན་མི་མཐུན་པ་ཐམས་ཅད་ཀྱི་སྒྲོ་འདོགས་དེར་ཆོད་དོ། །དེ་ལྟར་དཀའ་བ་མང་པོས་བསྒྲུབས་པས་སྔོན་དཔེ་ལ་ཤིན་ཏུ་དོག་མོད་ཀྱི། སླད་


DKG012_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དར་ཞིང་རྒྱས་པར་མཛད་དེ་འགྲོ་བ་ཡོངས་ལ་ཕན་བཏགས་སོ། །འདིར་ཁ་ཅིག་མ་རྫོགས་པ་ནི། གཞུང་བླ་མ་ཡིན་ལ། རྫོགས་པ་ནི་གཞུང་དམ་པ་ཡིན་ནོ། །ཞེས་ཟེར་བ་ནི། མི་རིགས་ཏེ། ཨུཏྟ་ར་ཞེས་པ་བླ་མ་དང་། དམ་པ་གཉིས་ཀར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཞུ་བ་མ་རྫོགས་པ་དང་། རྫོགས་པ་གཉིས་བཞུགས་ཀྱང་མ་རྫོགས་པ་འདི། རྒྱད་པེའི་གཞུང་ཡང་ཤིན་ཏུ་དག་ཅིང་སློབ་དཔོན་དགེ་ལེགས་བཤེས་གཉེན་གྱི་འགྲེལ་པའང་ད་ལྟ་མ་རྫོགས་པའི་འགྲེལ་པར་བྱུང་བས་དེ་གཉིས་མི་མཐུན་པ་བྱུང་ན། ཞུ་བ་མ་རྫོགས་པ་ལ་བརྟེན་པར་བྱའོ། །དེ་ལྟར་ཞུ་བ་གཉིས་ལ་དག་མ་དག་བྱུང་བའི་རྒྱུ་མཚན་ནི། །ལུང་ཞུ་བའི་འགྲེལ་པ་ལས། སྟོན་པ་འདས་པའི་གསུང་རབ་ལ་བྲམ་ཟེ་རྒྱལ་པོ་རྒྱལ་བཤེས་ཞེས་བྱ་བ་བསྟན་པ་ལ་སྡང་བ་ཞིག་བྱུང་བར་གྱུར་ནས། དེས་བསྟན་པ་ལ་གནོད་པ་མང་པོ་བྱས་པར་གྱུར་ཏེ། མཆོད་རྟེན་དག་ཀྱང་བཤིག་།དགེ་འདུན་གྱི་ཀུན་དགའ་ར་བ་དག་ཀྱང་བསྲེགས། དགེ་སློང་རྣམས་ཀྱང་བསད། སངས་རྒྱས་ཀྱི་བཀའི་གླེགས་བམ་རྣམས་ཀྱང་ཕུང་པོར་བཅེར་ནས་བསྲེགས་སོ། །དེ་ནས་རིམ་གྱིས་དགེ་སློང་རྣམས་ཀྱིས་ཡུལ་དང་གནས་སྣ་ཚོགས་དག་ནས་སྡེ་སྣོད་གསུམ་གྱི་གླེགས་བམ་ཐམས་ཅད་བསྡུས་ནས་བཅོམ་བརླག་ཏུ་ཡང་དག་པར་བསྡུ་བ་བྱས་ཏེ་གཞུང་བླ་མའི་གླེགས་བམ་ནི། མ་རྙེད་དོ། །དེ་དག་གིས་འདི་ལྟར། ཁ་ཆེའི་ཡུལ་ན་དགེ་སློང་ཞིག་གཟུང་བླ་མ་འདོན་ཏོ། །ཞེས་ཐོས་ནས། དེ་དག་དེའི་ཕྱིར་ཁ་ཆེའི་ཡུལ་དུ་དོང་སྟེ་དེའི་དྲུང་དུ་ཕྱིན་ནས་སྨྲས་པ། ཁོ་བོ་ཅག་གིས་ཁྱོད་གཞུང་བླ་མ་འདོན་ཏོ། །ཞེས་ཐོས་པ་གང་ཡིན་པ་དེ། ཇེ་ཁ་ཏོན་གྱིས་ཤིག་།དེས་སྨྲས་པ། ཅུང་ཟད་ཅིག་ནི། དྲན་།ཅུང་ཟད་ཅིག་ནི། མི་དྲན་ནོ། །དེ་ནས་དེ་དག་གིས་ཇི་ལྟ་བུ་ཞིག་དྲན་པ་དེ་ཁོ་ན་བཞིན་དུ་སྨྲོས་ཤིག་ཅེས་སྨྲས་པ་དང་། དེས་དེ་ཁོ་ན་བཞིན་དུ་ཁ་ཏོན་བྱས་སོ། །དགེ་སློང་རྣམས་ཀྱིས་ཀྱང་རེ་ཞིག་གཞུང་བསྡུ་བར་བྱ་སྟེ། ཕྱིས་ཚིག་དང་ཚིག་གི་དོན་རྣམ་པར་དཔྱད་པའི་སྒོ་ནས་སྦྱར་བར་བྱའོ། །སྙམ་དུ་བསམ་ནས་བྲིས་པ་ལས། ཕྱིས་འཕྲལ་གྱི་བྱ་བས་རྣམ་པར་གཡེངས་ནས་དུས་རིང་མོ་ཞིག་གི་བར་དུ་ཇི་ལྟ་བ་བཞིན་དུ་མ་སྦྱར་རོ། །དགེ་


DKG012_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

སློང་གཞན་དག་ཀྱང་ཡུལ་གཞན་དག་ན་གཞན་དུ་འདོན་པར་གྱུར་ཏོ། །དེ་ཉིད་ཀྱི་ཕྱིར་ཡང་དག་བར་བསྡུས་པའི་གཞི་བོ་ཉམས་པས་གཞུང་བླ་མ་འདི་ལ་འདོན་པ་ཡང་རྣམ་པ་དུ་མ་ལ། དོན་ཡང་རྣམ་པར་དུ་མ་སྟེ། དེའི་ཕྱིར་བཙུན་པ་ཡོན་ཏན་འོད་ཀྱི་འདུལ་བའི་བཤད་པ་ལས། ཡང་དག་ཡང་དུ་ཞུ་བ་ལ་ལ་ལས་འདི་སྐད་དུ་འབྱུང་ངོ་། །ཞེས་བཤད་དོ། །དེ་བས་ན། འཕགས་པ་ཉེ་བར་འཁོར་གྱིས་ཞུས་པ་ཁ་ཆེ་བ་ཞེས་བྱ་སྟེ། ཞེས་འབྱུང་བས། ཞུ་བ་རྫོགས་པ་དང་བཅས་པའི་གཞུང་བླ་མ་ནི། ཡང་དག་པར་བསྡུས་པའི་གཞི་བོ་ཉམས་པས་མ་དག་ཅིང་། ཞུ་བ་མ་རྫོགས་པ་ནི། ཡུལ་དབུས་ཀྱི་དགེ་སློང་འགའ་ཞིག་གི་བློ་ལ་སྣང་བའམ། མེས་མ་ཚིག་པར་ཕྱིས་ཐལ་བའི་གསེབ་ནས་རྙེད་པར་གྲགས་པས་དང་པོའི་གཞུང་མ་ཉམས་པ་ཉིད་ཡིན་པས་ཤིན་ཏུ་དག་གོ །དེའི་ཕྱིར་དེ་ལྟ་བུའི་དག་ཅིང་དཀའ་བ་མང་པོས་བསྒྲུབས་པ། འཕགས་པ་གནས་བརྟན་ཆེན་པོ་རྣམས་དང་། གཞན་ཡང་མཁས་པ་རྣམས་ཀྱིས་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་བཅོམ་བརླག་ཏུ་བསྡུས་པའི་ལུང་ཞུ་བ་མ་རྫོགས་པ་འདི། གངས་ཅན་གྱི་རྒྱུད་ཀྱི་གནས་བརྟན་ཆེན་པོ་སྡོམ་བརྩོན་མཁས་པ་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་ཅིང་། འདུལ་བ་དང་། མདོ་སྡེ་དང་། སྡེ་སྣོད་ཀྱི་མ་མོ་འཛིན་པ། ཤེས་བྱའི་ནམ་མཁའ་ལ་མཁྱེན་པའི་དཀྱིལ་འཁོར་རྒྱས་ཤིང་སྙན་གྲགས་ཀྱི་འོད་ཟེར་གྱིས་ཕྱོགས་མ་ལུས་པ་ཁྱབ་པ། མཆིམས་ཐམས་ཅད་མཁྱེན་པས་ལ་སྟོད་འོལ་རྒོད་ཀྱི་གཙུག་ལག་ཁང་ནས་དཔེ་ཕྱི་གདན་དྲངས་ཏེ་བསྟན་པའི་འབྱུང་གནས་དཔལ་སྣར་ཐང་གི་གཙུག་ལག་ཁང་དུ་བཞེངས་སོ། །དེ་ཉིད་ལ་དཔེ་ཕྱི་བྱས་ནས་ཤཱཀྱའི་དགེ་སློང་འཇམ་པའི་དབྱངས་ཀྱིས་དཔལ་སྣར་ཐང་གི་གཙུག་ལག་ཁང་དུ་བཞེངས་ཤིང་། དེ་ཡང་འདིར་གཞུང་བླ་མའི་སྟོད་ཞུ་བ་མ་རྫོགས་པ་འདི། ཁ་ཆེའི་དགེ་སློང་ལས་རྙེད་པའི་གཞུང་དམ་པའི་ཞུ་བ་རྫོགས་པའི་དབུ་ཉིད་དུ་བཞེངས་སོ། །དེ་ཉིད་ཕྱི་མོར་སྤྱན་དྲངས་ནས་རྒྱལ་བའི་བསྟན་པ་དར་ཞིང་སེམས་ཅན་ལ་ཕན་བདེ་འབྱུང་བར་བྱ་བའི་ཕྱིར་དཔལ་ལྡན་རྒྱལ་བའི་སྡེས། བསྟན་པའི་གཙོ་བོར་བཞུགས་པའི་ཤར་ཕྱོགས་མཁས་གྲུབ་དམ་པ་རྣམས་ཀྱི་བསྟི་གནས། དཔལ་གུང་ཐང་གི་གཙུག་ལག་ཁང་དུ་ལེགས་པར་བཞེངས་སོ།། །།


no previousའདུལ་བ་གཞུང་བླ་མ་ལས། next