Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཉེར་གསུམ་པ།


   
   
   
   
   
   
ཞེ་གསུམ་པ། ཞིང་སྦྱོང་བའི་ཐབས་ལ་མཁས་པའི་ལེའུ།
   
   
   
   
   
   
   
   
   


 
previousཞེ་གསུམ་པ། ཞིང་སྦྱོང་བའི་ཐབས་ལ་མཁས་པའི་ལེའུ། next

ཞེ་གསུམ་པ། ཞིང་སྦྱོང་བའི་ཐབས་ལ་མཁས་པའི་ལེའུ།


DKG023_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་འཁོར་དེར་གང་གཱའི་ལྷ་མོ་ཞེས་བྱ་བའི་བུད་མྱེད་ཅིག་འདུས་ཏེ་འདུག་པར་གྱུར་པ་དེ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ལ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བས་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་བདེ་བར་གཤེགས་པ་བདག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བགྱི་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཇི་སྐད་དུ་བསྟན་པའི་སངས་རྒྱས་ཀྱི་ཞིང་དེ་ལྟ་བུ་ཡོངས་སུ་བཟུང་བར་བགྱིའོ། །ཞེས་ནས་བུད་མྱེད་དེས་གསེར་གྱི་མྱེ་ཏོག་དང་། དངུལ་གྱི་མྱེ་ཏོག་དང་། ཆུ་ལས་སྐྱེས་པ་དང་། ཐང་ལས་སྐྱེས་པའི་མྱེ་ཏོག་དང་། རྒྱན་ཐམས་ཅད་དང་། གསེར་གྱི་ཁ་དོག་གི་ན་བཟའ་ཕྲུགས་སུ་སྦྱར་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་གཏོར་ཏོ། །མྱེ་ཏོག་དང་། རྒྱན་དང་། ན་བཟའ་ཕྲུགས་སུ་སྦྱར་བ་དེ་དག་གཏོར་མ་ཐག་ཏུ། དེ་ནས་སངས་རྒྱས་ཀྱི་མཐུས་བཅོམ་ལྡན་འདས་ཀྱི་ད་བུའི་དྲ་ང་ཐད་ཀྱི་སྟེང་གི་ནམ་མཁའ་ལ་ཁང་པ་བརྩེགས་པ་གྲྭ་བཞི་དང་ལྡན་པ་ཀ་བ་བཞི་ཟུག་པ་ཆ་མཉམ་པ་ཤིན་ཏུ་སྤ་བ། མད་ངས་དགའ་བ། ཡིད་དུ་འོང་བ་ཞིག་ཏུ་རེད་དེ་ཀུན་ནས་གནས་པར་གྱུར་ཏོ། །དེ་ནས་བུད་མྱེད་དེས་ཁང་པ་བརྩེགས་པ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བུད་མྱེད་དེའི་བསམ་པ་ཐུགས་སུ་ཆུད་ན་ས། དེའི་ཚེ་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་


DKG023_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ། གང་གི་ཚེ་འཛུམ་པ་མཛད་པ་དེའི་ཚེ། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་སྣ་ཚོགས་རྣམ་པ་དུ་མ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། ད་མར་པོ་དང་། དཀར་པོ་དང་། ལེ་བ་རྒན་དང་། ཤེལ་དང་ད་ངུལ་གྱི་ཁ་དོག་ལྟ་བུ་ཐོན་པར་གྱུར་ན་ས། དེ་དག་མཐའ་ཡས་མུ་མྱེད་པའི་འཇིག་རྟེན་གྱི་ཁམས་སུ་དོང་སྟེ། ཕྱིར་འོངས་ནས་བཅོམ་ལྡན་འདས་ལ་གཡས་ཕྱོགས་ནས་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ད་བུའི་གཙུག་ཏུ་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་ཀུན་ད་གའ་བོས་བླ་གོས་ཕྲག་པ་གཅིག་ལ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ན་ས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བས་བཏུད་ད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འད་ས་རྒྱུ་དང་རྐྱེན་མ་མཆིས་པར་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ད་ག་པར་རྫོགས་པའི་སངས་རྒྱས་འཛུམ་པ་མྱི་མཛད་ན། ཅིའི་རྒྱུ་ཅིའི་རྐྱེན་ཀྱིས་འཛུམ་པ་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་གཱའི་ལྷ་རྨོ་ཞེས་བྱ་བའི་སྲིང་མོ་འདི་མ་འོངས་པའི་དུས་ན། དཔེ་སྐར་མ་ལྟ་བུ་ཞེས་བྱ་བའི་བསྐལ་པ་ལ། གསེར་གྱི་མེ་ཏོག་ཅེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་ར་རོ། །ཀུན་དགའ་འདི་ནི་བུད་མྱེད་འདིའི་བུད་མྱེད་ཀྱི་ལུས་ཀྱི་ཐ་མ་ཡིན་ནོ། །ཀུན་དགའ་བོ་སྲིང་མོ་འདི་བུད་མེད་ཀྱི་ལུས་རྗེས་ཏེ། སྐྱེས་པའི་ལུས་ཐོབ་པར་གྱུར་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱི་སྒུལ་བའི་སངས་རྒྱས་ཀྱི་ཞིང་མངོན་པར་དགའ་བའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་སྟེ། དེར་ཚངས་པའི་སྤྱད་པ་སྦྱོད་པར་འགྱུར་རོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་


DKG023_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོ་དེའི་མྱིང་ཡང་གསེར་གྱི་མེ་ཏོག་ཅེས་བྱ་བར་འགྱུར་ཏེ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསེར་གྱི་མེ་ཏོག་ཅེས་བྱ་བ་དེ་ནས་ཤི་འཕོས་ནས། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་མྱི་འབྲལ་བར་འགྱུར་རོ། །ཀུན་ད་གའ་བོ་འདི་ལྟ་སྟེ་དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཁང་པ་ནས་ཁང་པར་འགྲོ་ཡང་དེ་ནམ་འཚོ་བ་དང་། ནམ་འཆི་བའི་དུས་ཀྱི་བར་དུ་རྐང་པའི་མཐིལ་གཉིས་ཀྱིས་ས་ལ་མྱི་འགྲོའོ། །ཀུན་དགའ་བོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསེར་གྱི་མེ་ཏོག་ཀྱང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་གྱི་བར་དུ། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་དུ་སེམས་པར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་སྙེད་ཅིག་འདུས་པ་ར་འགྱུར་བ་དེ་དག་ནི་དེ་བཞིན་གཤེགས་པའི་ཚིགས་སུ་བལྟའོ་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོའི་སེམས་ཀྱི་རྣམ་པར་རྟོག་པ་ཐུགས་ཀྱིས་ཐུགས་སུ་ཆུད་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དེ་དེ་བཞིན་ཏེ། ཇི་ལྟར་ཡོངས་སུ་རྟོག་པ་དེ་བཞིན་ནོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་གྱི་མེ་ཏོག་གི་སངས་རྒྱས་ཀྱི་ཞིང་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་སྙེད་ཅིག་འདུ་བར་འགྱུར་བ་དེ་དག་ནི། དེ་བཞིན་གཤེགས་པ་འདུས་པར་བལྟ་སྟེ། དེའི་དགེ་སློང་གི་དགེ་འདུན་ཡང་ཚད་ཟིན་པར་མི་འགྱུར་རོ། །དེའི་དགེ་སློང་གི་དགེ་འདུན་ལ་ཉན་ཐོས་བརྒྱ་ཕྲག་ནི་འདི་སྙེད་ཅིག་ཡོད་ད་དོ། །


DKG023_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཐོས་སྟོང་ཕྲག་ནི་འདི་སྙེད་ཅིག་ཡོད་ད་དོ། །ཉན་ཐོས་བརྒྱ་སྟོང་ཕྲག་ནི་འདི་སྙེད་ཅིག་ཡོད་ད་དོ། །ཉན་ཐོས་བྱེ་བ་ཕྲག་ནི་འདི་སྙེད་ཅིག་ཡོད་ད་དོ། །ཉན་ཐོས་བྱེ་བ་བརྒྱ་ཕྲག་ནི་འདི་སྙེད་ཅིག་ཡོད་ད་དོ། །ཉན་ཐོས་བྱེ་བ་སྟོང་ཕྲག་ནི་འདི་སྙེད་ཅིག་ཡོད་ད་དོ། །ཉན་ཐོས་བྱེ་བ་བརྒྱ་སྟོང་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །ཞེས་དགེ་སློང་གི་དགེ་འདུན་དེའི་ཚད་བཟུང་བར་མྱི་ནུས་ཏེ། གཞན་དུ་ན་ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མྱེད་གཞལ་དུ་མྱེད་པར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་གྱི་མེ་ཏོག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བསྟན་པའི་སྐྱོན་འདི་དག་ཐམས་ཅད་དུ་ཐམས་ཅད་མྱི་འབྱུང་ཞིང་མི་སྲིད་དོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་སྲིང་མོ་འདིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཞིག་ལ་མཆོད་པ་བགྱིས་ནས་དགེ་བའི་རྩ་བ་བསྐྱེད་ད་དེ། སླར་མྱི་ལྡོག་པའི་སེམས་བསྐྱེད་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སྲིང་མོ་འདིས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱི་དྲུང་དུ་དགེ་བའི་རྩ་བ་བསྐྱེད་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དགེ་བའི་རྩ་བ་དེ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མྱེ་མཛད་དེ་ལ་ཡང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་གསེར་གྱི་མྱེ་ཏོག་ཉིད་ཀྱིས་གཏོར་ཏོ། །ཀུན་དགའ་


DKG023_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ངས་གང་གི་ཚེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ལ་ཨུད་པ་ལ་ལྔ་གཏོར་བ་དེའི་ཚེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་དེས་དགེ་བའི་རྩ་བ་དང་ལྡན་པར་མཁྱེན་ནས། ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེའི་ཚེ་སྲིང་མོ་འདིས་ངའི་ལུང་བསྟན་པ་དེ་ཐོས་ནས། འདི་སྙམ་དུ་བདག་ཀྱང་ཇི་ལྟར་བྲམ་ཟེའི་བུ་འདི་ལུང་བསྟན་པ་དེ་བཞིན་དུ། །མ་འོངས་པའི་དུས་ན་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་གྱུར་ཅིག །ཅེས་སེམས་བསྐྱེད་དེ་ཀུན་དགའ་དེ་ལྟར་སྲིང་མོ་འདིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་དྲུང་དུ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་དོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་སྲིང་མོ་འདིས་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་ཡོངས་སུ་སྦྱང་བ་བགྱིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་དེ་བཞིན་ན་ནོ། །ཀུན་དགའ་བོ་སྲིང་མོ་འདི་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་ཡོངས་སུ་སྦྱང་བ་བྱས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། གང་གཱའི་ལྷ་མོའི་ལེའུ་སྟེ་བཞི་བཅུ་གསུམ་མོ།། །།


previousཞེ་གསུམ་པ། ཞིང་སྦྱོང་བའི་ཐབས་ལ་མཁས་པའི་ལེའུ། next