Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཉེར་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
ང་གཉིས་པ། མི་ཟད་པའི་ལེའུ། སྟོད་ཆ།


 
previousང་གཉིས་པ། མི་ཟད་པའི་ལེའུ། སྟོད་ཆ།no next

ང་གཉིས་པ། མི་ཟད་པའི་ལེའུ། སྟོད་ཆ།


DKG023_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གན་ས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་


DKG023_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གན་ས་པ་ནི། ལུས་སམ། ང་ག་གམ། སེམས་ཀྱི་སྡོམ་པ་གང་ཡང་རུང་སྟེ། སྡོམ་པ་དེས་ཉན་ཐོས་ཀྱི་སའམ། ར་ང་སངས་རྒྱས་ཀྱི་ས་ལ་རེག་པར་མྱི་བྱེད་དེ། དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་རྣམས་ཀྱི་སྲོག་མྱི་གཅོད་དོ། །མ་བྱིན་པར་མྱི་ལེན་ཏོ། །འདོད་པས་ལོག་པར་མྱི་གཡེམ་མོ། །བརྫུན་གྱི་ཚིག་མྱི་སྨྲའོ། །ཕྲ་མའི་ཚིག་མྱི་སྨྲའོ། །ཞེ་གཅོད་པའི་ཚིག་རྩུབ་པོ་མྱི་སྨྲའོ། །ཚིག་ཀྱལ་པ་མྱི་སྨྲའོ། །ཆགས་སེམས་སུ་མྱི་བྱེད་དོ། །གནོད་སེམས་སུ་མྱི་བྱེད་དོ། །ལོག་པར་མྱི་ལྟའོ། །དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གནས་ཤིང་། ཟས་འདོད་པ་ལ་ཟས། སྐོམ་འདོད་པ་ལ་སྐོམ། བཞོན་པ་འདོད་པ་ལ་བཞོན་པ། གོས་འདོད་པ་ལ་གོས། མེ་ཏོག་འདོད་པ་ལ་མེ་ཏོག །ཕྲེང་བ་འདོད་པ་ལ་ཕྲེང་བ། སྤོས་འདོད་པ་ལ་སྤོས། བྱུག་པ་འདོད་པ་ལ་བྱུག་པ། མལ་སྟན་འདོད་པ་མལ་སྟན་། གནས་འདོད་པ་ལ་གན་ས། འཚོ་བ་འདོད་པ་ལ་འཚོ་བ། ཡོ་བྱད་འདོད་པ་ལ་ཡོ་བྱད་། ཡོངས་སུ་གཏོང་བ་ནས་མྱིའི་ཡོ་བྱད། གང་ཅི་ཡང་རུང་བའི་བར་དུ་འདོད་པ་རྣམས་ལ་མྱིའི་ཡོ་བྱད་གང་ཅི་ཡང་རུང་བ་དག་ཡོངས་སུ་གཏོང་ཞིང་། སྦྱིན་པ་དེ་ལྟར་གཏོང་བའི་ཚེ། སྦྱིན་པ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོའོ། །དེ་ཡང་ཅི་ནས་ཀྱང་བསྔོ་བ་དེས་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་མྱི་འགྱུར་བར་ཡོངས་སུ་སྔོ་སྟེ། རབ་འབྱོར་དེ་ལྟར་ན་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གན་ས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་


DKG023_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཏུ་ཕྱིན་པ་ལ་གན་ས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་དྲུང་དུ་སེམས་ཅ་ན་ཐམས་ཅད་ལྷགས་ན་ས། ཡན་ལག་ད་ང་ཉིང་ལག་རྣམས་བ་ཅད་གཏུ་བས་ཏ་དོང་ཡང་། དེ་ལ་བྱང་ཆུབ་སེམས་ད་པའ་སེམས་དཔའ་ཆེན་པོ་འཁྲུག་པ་མྱེད་དེ། གནོད་པའི་སེམས་གཅིག་ཀྱང་མྱི་སྐྱེད་དོ། །གཞན་དུ་ན་དེ་འདི་སྙམ་དུ་སེམས་ཏེ། དེ་ལྟར་སེམས་ཅན་ཐམས་ཅད་ཀྱིས་བདག་གི་ཡན་ལག་དང་ཉིང་ལག་བ་ཅད་གཏུ་བས་ཏེ། དོང་བ་ནི་བད་ག་གིས་ཐོབ་པར་བྱ་བ་ལེགས་པར་ཐོབ་བོ །བད་ག་གི་ལུས་རུལ་བ་འདི་ཡོངས་སུ་བཏང་བས། དེ་བཞིན་གཤེགས་པའི་སྐུ་ལྷ་རྫས་ཀྱི་རྡོ་རྗེ་ལས་བྱུང་བ་ཐོབ་པར་བྱའོ་སྙམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ད་པའ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གན་ས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གན་ས་ཤིང་། སེམས་ཅན་ཐམས་ཅད་བདག་གིས་འཁོར་བ་ལས་བསྒྲལ་ཏེ། འཆི་བ་མྱེད་པའི་དབྱིངས་སུ་ད་གོད་པར་བྱའོ་ཞེས་ལུས་དང་སེམས་ཀྱི་བརྩོན་འགྲུས་ཉམ་པར་མྱི་བྱེད་དེ། དགེ་བའི་རྩ་བ་དེ་ཡང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་སྟེ། ཅི་ནས་ཀྱང་གང་ཡོངས་སུ་སྔོ་བ་དང་། ཅི་ཡོངས་སུ་སྔོ་བ་དང་། གང་ལ་ཡོངས་སུ་བསྔོ་བའི་བློ་རྣམ་པ་གསུམ་དུ་མྱི་འགྱུར་བ་དེ་ལྟར་ཡོངས་


DKG023_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གན་ས་ཤིང་། བསམ་གཏ་ན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏ་ན་དང་པོ་ལ་སྙོམས་པར་འཇུག་པ་དང་། བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པ་དང་། བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་པ་དང་། བསམ་གཏ་ན་བཞི་པ་ལ་སྙོམས་པར་འཇུག་པ་དང་། བྱམས་པ་ལ་སྙོམས་པར་འཇུག་པ་དང་། སྙིང་རྗེ་ལ་སྙོམས་པར་འཇུག་པ་དང་། དགའ་བ་ལ་སྙོམས་པར་འཇུག་པ་དང་། བཏང་སྙོམས་ལ་སྙོམས་པར་འཇུག་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་། རྣམ་ཤིས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་། ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་། འདུ་ཤིས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པའི་ཚེ། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་དམྱིགས་པ་མྱེད་དེ། གཞན་དུ་ན་དེ་འདི་སྙམ་དུ། བདག་གིས་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གན་ས་ཏེ། སེམས་ཅན་ཐམས་ཅད་འཁོར་བ་ལས་ཡོངས་སུ་ད་གྲོལ་བར་བྱའོ་སྙམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གན་ས་ཤིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འད་ས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་


DKG023_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོང་ས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔ་འ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གན་ས་ཤིང་། ཆོས་གང་ཡང་འདུས་བྱས་སུ་མྱི་མཐོང་། འདུས་མ་བྱས་སུ་མྱི་མཐོང་། ད་ངོས་པོ་ཡོད་པ་འདུས་བྱས་སུ་མྱི་མཐོང་ངོ་། །དངོས་པོ་མྱེད་པ་འ་དུས་མ་བྱས་སུ་མྱི་མཐོང་། མཚན་མ་ཡོད་པ་འདུས་བྱས་སུ་མྱི་མཐོང་། མཚན་མ་མྱེད་པ་འ་དུས་མ་བྱས་སུ་མྱི་མཐོང་སྟེ། གཞན་དུ་ན་ཆོས་གང་ཡང་དེ་བཞིན་ཉིད་ལས་འད་འ་བ་མྱེད་པ་ལས་ཕར་ཆོས་གང་ཡང་ཡོད་པའམ། མྱེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པ་དེས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་མྱི་ལྟུང་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གན་ས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གན་ས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བ་ཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་པའི་བར་དུ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། སེམས་ཅན་ཐམས་ཅད་གཤེ་ཞིང་འཁྱལ་ལ། ཡན་ལག་དང་ཉིང་ལག་གཅོད་པར་གྱུར་ཀྱང་། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གན་ས་པ་དེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་ད་ག་ལ་དེ་


DKG023_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་སྦྱིན་པ་ཡོངས་སུ་གཏོང་བར་བྱ། སྦྱིན་པ་ཡོངས་སུ་མྱི་བཏང་བར་བྱ་བ་མ་ཡིན་ནོ་ཞེས་ཏེ། དེ་སེམས་ཅན་དེ་དག་ཟས་འདོད་པ་ལ་ནི་ཟས་ཡོངས་སུ་གཏོང་ངོ་། །སྐོམ་འདོད་པ་ལ་ནི་སྐོམ་ཡོངས་སུ་གཏོང་ངོ་། །བཞོན་པ་འདོད་པ་ལ་ནི་བཞོན་པ་ཡོངས་སུ་གཏོང་ངོ་། །གོས་འདོད་པ་ལ་ནི་གོས་ཡོངས་སུ་གཏོང་ངོ་། །མེ་ཏོག་འདོད་པ་ལ་ནི་མེ་ཏོགཡོངས་སུ་གཏོང་ངོ་། །ཕྲེང་བ་འདོད་པ་ལ་ནི་ཕྲེང་བ་ཡོངས་སུ་གཏོང་ངོ་། །སྤོས་འདོད་པ་ལ་ནི་སྤོས་ཡོངས་སུ་གཏོང་ངོ་། །བྱུག་པ་འདོད་པ་ལ་ནི་བྱུག་པ་ཡོངས་སུ་གཏོང་ངོ་། །མལ་སྟན་འདོད་པ་ལ་ནི་མལ་སྟན་ཡོངས་སུ་གཏོང་ངོ་། །གན་ས་འདོད་པ་ལ་ནི་གན་ས་ཡོངས་སུ་གཏོང་ངོ་། །འཚོ་བ་འདོད་པ་ལ་ནི་འཚོ་བ་ཡོངས་སུ་གཏོང་ངོ་། །ཡོ་བྱད་འདོད་པ་ལ་ནི་མིའི་ཡོ་བྱད་གང་ཅི་ཡང་རུང་བའི་བར་དུ་ཡོངས་སུ་གཏོང་སྟེ། དགེ་བའི་རྩ་བ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོ་སྟེ། ཅི་ནས་ཀྱང་གང་ཡོངས་སུ་སྔོ་བ་དང་། ཅི་ཡོངས་སུ་སྔོ་བ་དང་། གང་ལ་ཡོངས་སུ་བསྡོ་བའི་བློ་རྣམ་པ་གསུམ་དུ་མྱི་འགྱུར་བ་དེ་ལྟར་ཡོངས་སུ་སྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གན་ས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གན་ས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ། སེམས་ཅན་ནོ་ཅོག་གི་སྲོག་མྱི་གཅོད་ད་དོ། །མ་བྱིན་པར་མྱི་ལེན་ཏོ། །འདོད་པས་ལོག་པར་མྱི་གཡེམ་མོ། །


DKG023_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

རྫུན་གྱི་ཚིག་མྱི་སྨྲའོ། །ཕྲ་མའི་ཚིག་མྱི་སྨྲའོ། །ཞེ་གཅོད་པའི་ཚིག་མྱི་སྨྲའོ། །ཚིག་ཀྱལ་པ་མྱི་སྨྲའོ། །ཆགས་སེམས་སུ་མྱི་བྱེད་དོ། །གནོད་སེམས་སུ་མྱི་བྱེད་དོ། །ལོག་པར་མྱི་ལྟའོ། །དེའི་སེམས་ཀྱང་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ལ་མྱི་འཇུག་སྟེ། ད་གེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་། ཐུན་མོང་དུ་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྡོ་སྟེ་ཅི་ནས་ཀྱང་གང་ཡོངས་སུ་སྔོ་བ་དང་། ཅི་ཡོངས་སུ་སྔོ་བ་དང་། གང་ལ་ཡོངས་སུ་བསྔོ་བའི་བློ་རྣམ་པ་གསུམ་དུ་མྱི་འགྱུར་བ་དེ་ལྟར་ཡོངས་སུ་སྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོང་ས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གན་ས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ར་བ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གན་ས་ཤིང་། བརྩོན་འགྲུས་འདི་ལྟ་བུས་ཡོངས་སུ་སྐྱེད་ད་དེ། བདག་གིས་ད་པག་ཚད་ད་ད་མ། ད་པག་ཚད་བརྒྱའམ། དཔག་ཚད་སྟོང་ངང་མ། ད་པག་ཚད་བརྒྱ་ཕྲག་སྟོང་ངང་མ། ད་པག་ཚད་བྱེ་བའམ། ད་པག་ཚད་བྱེ་བ་བརྒྱའམ། དཔག་ཚད་བྱེ་བ་སྟོང་ངམ། དཔག་ཚད་བྱེ་བ་བརྒྱ་ཕྲག་སྟོང་ངམ། དཔག་ཚད་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་ངམ། འཇིག་རྟེན་གྱི་ཁམས་བརྒྱའམ། འཇིག་རྟེན་གྱི་ཁམས་སྟོང་ངང་མ། འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་སྟོང་ངང་མ། འཇིག་རྟེན་གྱི་ཁམས་བྱེ་བའམ། འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱའམ། འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་ངང་མ། འཇིག་


DKG023_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་ཁམས་བྱེ་བ་བརྒྱ་ཕྲག་སྟོང་ངང་མ། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དག་དུ་སོང་སྟེ། དེ་དག་དུ་ཆུང་ངུ་ན་སེམས་ཅན་འགའ་ཙམ་ཡང་སྐྱབས་སུ་འགྲོ་བའམ། བསླབ་པའི་གན་ས་ལ་གཞག་པར་བྱའོ། །བཟོད་པའམ། རྒྱུན་ཏུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མྱི་འོང་བའི་འབྲས་བུ་འམ། ད་གྲ་བཅོམ་པ་ཉིད་ད་མ། རང་བྱང་ཆུབ་བམ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་གཞག་པར་བྱའོ་ཞེས་བརྩོན་འགྲུས་རྩོམ་སྟེ། དགེ་བའི་རྩ་བ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གན་ས་ཤིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གན་ས་ཤིང་། འདི་ལྟར་འདོད་པ་ལས་དབེན་སྡིག་ཏོ་མྱི་ད་གེ་བའི་ཆོས་ལས་ད་བེན་པ། རྟོག་པ་དང་བཅས་པ་ད་པྱོད་པ་དང་བཅས་པ། ད་བེན་པ་ལས་སྐྱེས་པའི་ད་གའ་བ་དང་བདེ་བ་ཅན་བསམ་གཏ་ན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏ་ན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གན་ས་སོ། །བསམ་གཏ་ན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བྱམས་པ་ལ་ཉེ་བར་བསྒྲུབས་ཏེ་གན་ས་སོ། །སྙིང་རྗེ་ལ་ཉེ་བར་བསྒྲུབས་ཏེ་གན་ས་སོ། །ད་གའ་བ་ལ་ཉེ་བར་བསྒྲུབས་ཏེ་གན་ས་སོ། །


DKG023_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་སྙོམས་ལ་ཉེ་བར་བསྒྲུབས་ཏེ་གན་ས་ས་སོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གན་ས་སོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གན་ས་སོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །འགོག་པའི་སྙོམས་པར་འཇུག་པ་ལ་ཉེ་བར་བསྒྲུབས་ཏེ་གན་ས་སོ། །སེམས་དང་སེམས་ལས་བྱུང་བའི་ཆོས་དགེ་བའི་རྩ་བ་དང་ལྡན་པ་གང་དང་གང་སྐྱེས་པ་ཐམས་ཅད་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྔོའོ། །དེ་ཡང་ཅི་ནས་ཀྱང་དེའི་ཚེ། བསམ་གཏན་དང་བསམ་གཏ་ན་གྱི་ཡན་ལག་རྣམས་མྱི་ད་མྱིགས་པ་དེ་ལྟར་ཡོང་ས་སུ་སྔོ་སྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གན་ས་ཤིང་། བསམ་གཏ་ན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འད་ས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གན་ས་ཤིང་གང་གི་ཚེ། ཆོས་རྣམས་ལ་ད་བེན་པའི་རྣམ་པའམ། ཞི་བའི་རྣམ་པའམ། མྱི་ཟད་པའི་རྣམ་པར་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང་སྙིང་པོ་བྱང་ཆུབ་ལ་ནམ་འདུག་གི་བར་དུ་ཆོས་ཉིད་དེ་མངོན་དུ་མྱི་བྱེད་དེ་སྙིང་པོ་བྱང་ཆུབ་དེ་ལ་འདུག་ནས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །དེ་ལས་ལངས་ནས་ཆོས་ཀྱི་འཁོར་ལོ་ཡང་སྐོར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ད་པའ་ཆེན་པོ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་།


DKG023_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏེ ། ཅི་ནས་ཀྱང་མྱི་སྤོང་མྱི་འཛིན་པ་དེ་ལྟར་ཡོངས་སུ་འཛིན་ཏོ། །གསོལ་པ་། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གན་ས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གན་ས་ཤིང་། ལུས་དང་སེམས་ཀྱི་བརྩོན་པ་མྱི་འདོར་བ་ཡིན་ཏེ། བད་ག་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་མྱི་བྱའི། བད་ག་གིས་གདོན་མྱི་ཟ་བར། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་དེ་སེམས་ཅན་རྣམས་ཀྱི་དོན་དུ་དཔག་ཚད་ད་མ། ད་པག་ཚད་བརྒྱའམ། དཔག་ཚད་སྟོང་ངང་མ། ད་པག་ཚད་བརྒྱ་ཕྲག་སྟོང་ངང་མ། འཇིག་རྟེན་གྱི་ཁམས་སམ། འཇིག་རྟེན་གྱི་ཁམས་བརྒྱའམ། འཇིག་རྟེན་གྱི་ཁམས་སྟོང་ངང་མ། འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་སྟོང་ངང་མ། འཇིག་རྟེན་གྱི་ཁམས་བྱེ་བའམ། འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱའམ། འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་ངང་མ། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དག་ཏུ་སོང་ཞིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གན་ས་ཏེ། ཆུང་ངུ་ན་སེམས་ཅན་འགའ་ཙམ་ཡང་བྱང་ཆུབ་ལ་རབ་ཏུ་གཞོག་གོ། །གལ་ཏེ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་ད་ང་མ་ཕྲད་ན་ཡང་དེ་དག་དུ་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་ནི་ཉན་ཐོས་ལ་རབ་ཏུ་གཞོག །གང་ཟག་རང་སངས་རྒྱས་ཀྱི་ཐེག་པ་པ་ནི་རང་སངས་རྒྱས་ལ་ར་བ་ཏུ་གཞོག་སྟེ། ཆུང་ངུ་ན་སེམས་ཅན་འགའ་ཙམ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་


DKG023_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གཞོག་ག་གོ། །དེས་ཆོས་ཀྱི་སྦྱིན་པ་དེ་དག་བྱིན་ན་ས། ཟང་ཟིང་གི་སྦྱིན་པས་སེམས་ཅན་རྣམས་ཚིམ་པར་བྱེད་ད་དེ། དགེ་བའི་རྩ་བ་དེ་ཡང་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མྱི་སྔོའི། གཞན་དུ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་བད་ག་གིས་ཀྱང་སྲོག་གཅོད་པ་སྤངས་པ་ཡིན། གཞན་ཡང་སྲོག་གཅོད་པ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། སྲོག་གཅོད་པ་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་སྲོག་གཅོད་པ་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་ད་གའ་བར་བྱེད་པ་ཡིན་། བད་ག་གིས་ཀྱང་མ་བྱིན་པར་ལེན་པ་སྤངས་པ་ཡིན་། གཞན་ཡང་མ་བྱིན་པར་ལེན་པ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན་། མ་བྱིན་པར་ལེན་པ་སྤོང་བའི་ལེགས་པ་རྗོད་པ་ཡིན་། གཞན་གང་གིས་མ་བྱིན་པར་ལེན་པ་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་ད་གའ་བར་བྱེད་པ་ཡིན། བདག་གིས་ཀྱང་འདོད་པས་ལོག་པར་གཡེམ་པ་སྤངས་པ་ཡིན། གཞན་ཡང་འདོད་པས་ལོག་པར་གཡེམ་པ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན་། འདོད་པས་ལོག་པར་གཡེམ་པ་སྤོང་བའི་ལེགས་པ་རྫོད་པ་ཡིན། གཞན་གང་གིས་འདོད་


DKG023_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལོག་པར་གཡེམ་པ་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བ་དག་གིས་ཀྱང་བརྫུན་དུ་སྨྲ་བ་སྤངས་པ་ཡིན། གཞན་ཡང་བརྫུན་དུ་སྨྲ་བ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། བརྫུན་དུ་སྨྲ་བ་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་བརྫུན་དུ་སྨྲ་བ་སྤང་ས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་ད་གའ་བར་བྱེད་པ་ཡིན་། བདག་གིས་ཀྱང་ཕྲ་མ་སྤང་ས་པ་ཡིན། གཞན་ཡང་ཕྲ་མ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ཕྲ་མ་སྤོང་བའི་ལེགས་པ་རྫོད་པ་ཡིན། གཞན་གང་གིས་ཕྲ་མ་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་ད་གའ་བར་བྱེད་པ་ཡིན། བདག་གིས་ཀྱང་ཞེ་གཅོད་པའི་ཚིག་སྤངས་པ་ཡིན། གཞན་ཡང་ཞེ་གཅོད་པའི་ཚིག་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ཞེ་གཅོད་པའི་ཚིག་སྤོང་བའི་ལེགས་པ་བརྗོད་པ་ཡིན་། གཞན་གང་གིས་ཞེ་གཅོད་པའི་ཚིག་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་། མཐུན་པས་ད་གའ་བར་བྱེད་པ་ཡིན་། བདག་གིས་ཀྱང་ཚིག་ཀྱལ་པ་སྤངས་པ་ཡིན། གཞན་ཡང་ཚིག་ཀྱལ་པ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན་། ཚིག་ཀྱལ་པ་སྤོང་བའི་ལེགས་པ་རྗོད་པ་ཡིན་། གཞན་གང་གིས་ཚིག་ཀྱལ་པ་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་ད་གའ་བར་བྱེད་པ་ཡིན་། བད་ག་གིས་ཀྱང་ཆ་གས་སེམས་སྤངས་པ་ཡིན་། གཞན་ཡང་ཆ་གས་སེམས་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ཆགས་སེམས་སྤོང་བའི་ལེགས་པ་རྗོད་པ་ཡིན་། གཞན་གང་གིས་ཆགས་སེམས་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་ད་གའ་བར་བྱེད་པ་ཡིན་། བདག་གིས་ཀྱང་གནོད་སེམས་སྤངས་པ་ཡིན། གཞན་ཡང་གནོད་ས་མ་ས་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན་། གནོད་སེམས་སྤོང་བའི་ལེགས་པ་རྗོད་པ་ཡིན་། གཞན་གང་གིས་གནོད་སེམས་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་ད་གའ་བར་བྱེད་པ་ཡིན་། བད་ག་གིས་ཀྱང་ལོག་


DKG023_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

པར་ལྟ་བ་སྤངས་པ་ཡིན། གཞན་ཡང་ལོག་པར་ལྟ་བ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན་། ལོག་པར་ལྟ་བ་སྤོང་བའི་ལེགས་པ་རྗོད་པ་ཡིན་། གཞན་གང་གིས་ལོག་པར་ལྟ་བ་སྤང་ས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་ད་གའ་བར་བྱེད་པ་ཡིན་ཏེ། ཚུལ་ཁྲིམས་ཀྱེ་ཕ་རོལ་ཏུ་ཕྱིན་པ་དེས་འདོད་པའི་ཁམས་སུ་གནས་པར་མྱི་བྱེད་། གཟུགས་ཀྱི་ཁམས་སུ་གན་ས་པར་མྱི་བྱེད། གཟུགས་མྱེད་པའི་ཁམས་སུ་གནས་པར་མྱི་བྱེད། ཉན་ཐོས་ཀྱི་ས་འམ། རང་སང་ས་རྒྱས་ཀྱི་ས་ལ་གནས་པར་མྱི་བྱེད་དེ། གཞན་དུ་ན་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་སྟེ། ཅི་ནས་ཀྱང་གང་ཡོངས་སུ་སྔོ་བ་དང་ཅི་ཡོངས་སུ་སྔོ་བ་དང་། གང་ལ་ཡོངས་སུ་བསྔོ་བའི་བློ་རྣམ་པ་གསུམ་དུ་མྱི་འགྱུར་བ་དེ་ལྟར་ཡོངས་སུ་སྔོ་སྟེ། རབ་འབྱོར་དེ་ལྟར་ན་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གན་ས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་མྱིར་གྱུར་པའམ། མྱི་མ་ཡིན་པར་གྱུར་པས། སེམས་རྣམ་པར་འཁྲུགས་པར་བྱས་པའམ། ཡན་ལག་དང་ཉིང་ལག་བཅད་གཏུབས་ཤིང་། ཁྱེར་ཏེ་དོང་ཡང་དེ་ལ་བྱང་ཆུབ་སེམས་དཔའ་སེམས་ད་པའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་


DKG023_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གན་ས་པ་དེ་འདི་སྙམ་དུ་བདག་ལས་ཅི་ཞིག་བཅད་ད་དོ། །བདག་ལས་ཅི་ཞིག་གཏུ་བས་སོ། །བད་ག་ལས་ཅི་ཞིག་ཁྱེར་རོ་ཞེས་བྱ་བར་མྱི་སེམས་ཏེ། གཞན་དུ་ན་དེ་འདི་སྙམ་དུ་གང་གི་ཕྱིར་བདག་གི་ལུས་ཡོངས་སུ་བསྒྲུབས་པ་དེ་དག་འདིར་འོངས་ཞིང་ཡན་ལག་དང་ཉིང་ལག་བཅད་གཏུབས་ཏེ་ཁྱེར་ཞིང་དོང་བ་ནི་བད་ག་གིས་ཐོབ་པར་བྱ་བ་ལེགས་པར་ཐོབ་བོ་སྙམ་མོ། །དེས་ནི་ཆོས་རྣམས་ཀྱི་རང་བཞིན་ཡང་ལེགས་པར་ཡིད་ལ་བྱས་པ་ཡིན་ཏེ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མྱི་སྔོའི། གཞན་དུ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ད་པའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གན་ས་ཤིང་། བསམ་གཏ་ན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་ད་པའ་སེམས་དཔའ་ཆེན་པོ་འདོད་པས་དབེན། སྡིག་ཏོ་མྱི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བ་ཅས་པ། ད་པྱོད་པ་དང་བ་ཅས་པ། ད་བེན་པ་ལས་སྐྱེས་པའི། ད་གའ་བ་དང་བདེ་བ་ཅན་། བསམ་གཏ་ན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གན་ས་སོ། །དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ན་ང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པ་ས། རྟོག་པ་མྱེད་པ་ད་པྱོད་པ་མྱེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་ད་གའ་བ་དང་བདེ་བ་ཅན་བསམ་གཏ་ན་གཉིས་


DKG023_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཉེ་བར་བསྒྲུབས་ཏེ་གན་ས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས། དྲ་ན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་ལ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱི་ས་དེ་ལ་དྲན་པ་དང་ལྡན་པ་བདེ་བ་ལ་རྣམ་པར་སྤྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མྱེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤང་ས་སྡུག་བསྔལ་བ་ཡང་སྤངས་ཤིང་། ཡིད་བདེ་བ་དང་ཡད་མྱི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མྱེད་སྡུག་བསྔལ་བ་ཡང་མྱེད་བཏང་སྙོམས་པ་དྲ་ན་པས་ཡོངས་སུ་ད་ག་པའི་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་ས་སོ། །དེ་སེམས་ཅན་རྣམས་ལ་བདེ་བའི་འདུ་ཤེས་ཡིད་ལ་བྱེད་པས། བྱམས་པ་ཚད་མྱེད་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་སེམས་ཅན་རྣམས་ལ་སྡུག་བསྔལ་བ་དང་བྲལ་བའི་འདུ་ཤེས་ཡིད་ལ་བྱེད་པས། སྙིང་རྗེ་ཚད་མྱེད་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་སེམས་ཅན་རྣམས་ད་གའ་བའི་འདུ་ཤེས་ཡིད་ལ་བྱེད་པས། ད་གའ་བ་ཚད་མྱེད་པ་ལ་ཉེ་བར་བསྒྲུབས་ཏེ་གན་ས་སོ། །དེ་སེམས་ཅན་རྣམས་ལ་སྡུག་བསྔལ་དང་བདེ་བ་མྱེད་པའི་འདུ་ཤེས་ཡིད་ལ་བྱེད་པས། བཏང་སྙོམས་ཚད་མྱེད་པ་ཉེ་བར་བསྒྲུབས་ཏེ་གན་ས་སོ། །དེ་གཟུགས་ལ་ཆེ་ལོང་དུ་འདུ་ཤེས་ཤིང་ནམ་མཁའ་ལ་ཞི་བར་འདུ་ཤེས་པ་ཡིད་ལ་བྱེད་པས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ནམ་མཁའ་ལ་ཆེ་ལོང་དུ་འདུ་ཤེས་ཤིང་རྣམ་པར་ཤེས་པ་ལ་ཞི་བར་འདུ་ཤེས་པ་ཡིད་ལ་བྱེད་པས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གན་ས་སོ། །དེ་རྣམ་པར་ཤེས་པ་ལ་ཆེ་ལོང་དུ་འདུ་ཤེས་ཤིང་ཆུང་ཟད་མྱེད་པ་ལ་ཞི་བར་འདུ་ཤེས་པ་ཡིད་ལ་བྱེད་པས་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གན་ས་སོ། །དེ་ཆུང་ཟད་མྱེད་པ་ལ་ཆེ་ལོང་དུ་འདུ་ཤེས་ཤིང་། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་ལ་ཞི་


DKG023_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

བར་འདུ་ཤེས་པར་ཡིད་ལ་བྱེད་པས། འདུ་ཤེས་མྱེད་འདུ་ཤེས་མེད་མྱིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བསམ་གཏན་དང་། ཚད་མྱེད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་དེ་དག་གི་རྣམ་པར་སྨིན་པ་ཡོངས་སུ་མྱི་ལེན་ཏེ་གཞན་དུ་ན་། སེམས་ཅན་རྣམས་ཀྱི་དོན་བྱ་བའི་ཕྱིར། དེ་དག་ཏུ་མྱི་སྐྱེ་ཞིང་སེམས་ཅན་དེ་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ད་ག་ལ་ཡོངས་སུ་སྨྱིན་པར་བྱེད། དགེ་བའི་རྩ་བ་བསྐྱེད་པའི་དོན་དུ་སངས་རྒྱས་བཅོམ་ལྡན་འད་ས་རྣམས་ལ་བསྙེན་བཀུར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བསམ་གཏ་ན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གན་ས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ད་ངོས་པོ་དང་། རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ད་ངོས་པོ་དང་། རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་དང་རྫས་


DKG023_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ད་ངོས་པོ་དང་། རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ད་ངོས་པོ་དང་། རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། ན་ང་སྟོང་པ་ཉིད་ད་ངོས་པོ་དང་། རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། ཕྱི་སྟོང་པ་ཉིད་ད་ངོས་པོ་དང་། རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། ཕྱི་ནང་སྟོང་པ་ཉིད་ད་ངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། སྟོང་པ་ཉིད་སྟོང་པ་ཉིད་ད་ངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། ཆེན་པོ་སྟོང་པ་ཉིད་ད་ངོས་པོ་ད་ང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། དོན་ད་མ་པ་སྟོང་པ་ཉིད་ད་ངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། འདུས་བྱས་སྟོང་པ་ཉིད་ད་ངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། འདུས་མ་བྱས་སྟོང་པ་ཉིད་ད་ངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། མཐའ་ལས་འདས་པ་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། དོར་བ་མྱེད་པ་སྟོང་པ་ཉིད་ད་ངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། ར་ང་བཞིན་སྟོང་པ་ཉིད་ད་ངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། ཆོས་ཐམས་ཅད་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། ར་ང་གི་མཚན་ཉིད་སྟོང་པ་ཉིད་ད་ངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མྱི་མཐོང་། མྱི་ད་མྱིགས་པ་སྟོང་པ་ཉིད་ད་ངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་


previousང་གཉིས་པ། མི་ཟད་པའི་ལེའུ། སྟོད་ཆ།no next