རེ་གཉིས་པ། མཚན་ཉིད་མེད་པའི་ལེའུ། སྟོད་ཆ།


DKG024_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་གསུམཔ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་ཆོས་ཐམས་ཅད་དབྱེར་མ་མཆིས་ཤིང་། མཚན་མ་མ་མཆིས་ལ་རང་གི་མཚན་ཉིད་སྟོང་པ་ཉིདལགས་ན། ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར། ཟག་པ་དང་བཅས་པ་དང་། ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་ཇི་ལྟར་ན་ཐ་དད་དུ་གྱུར་པར་གདའ་བ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ནང་སྟོང་པ་ཉིད་


DKG024_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཕྱི་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཕྱི་ནང་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་སྟོང་པ་ཉིད་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཆེན་པོ་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དོན་དམ་པ་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདུས་བྱས་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འདུས་མ་བྱས་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མཐའ་ལས་འདས་པ་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དོར་བ་མེད་པ་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རང་བཞིན་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཆོས་ཐམས་ཅད་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རང་གི་མཚན་ཉིད་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མྱི་དམྱིགས་པ་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དངོས་པོ་མྱེད་པ་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ངོ་བོ་ཉིད་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དྲན་པ་ཉེ་བར་གཞག་པ་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་དག་པར་སྤོང་བ་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྫུ་འཕྲུལ་གྱི་


DKG024_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་པ་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དབང་པོ་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་སྟོབས་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བྱང་ཆུབ་ཀྱི་ཡན་ལག་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འཕགས་པའི་ལམ་ཡན་ལག་བརྒྱད་པ་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འཕགས་པའི་བདེན་པ་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བསམ་གཏན་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཚད་མྱེད་པ་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྣམ་པར་ཐར་པ་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མངོན་པར་ཤེས་པ་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཏིང་ངེ་འཛིན་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གཟུངས་ཀྱི་སྒོ་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དེ་བཞིན་གཤེགས་པའི་སྟོབས་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མྱི་འཇིགས་པ་རྣམས་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་སོ་སོ་ཡང་དག་པར་རིག་པ་རྣམས་འདུས་པ་


DKG024_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བྱམས་པ་ཆེན་པོ་འདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་སྙིང་རྗེ་ཆེན་པོའདུས་པ་ལགས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་འདུས་པ་ལགས། བཅོམ་ལྡན་འདས་དེ་ལྟར་མཚན་ཉིད་ཀྱང་ཐ་དད་ལ་འདི་ལྟ་སྟེ། མཚན་ཉིད་མ་མཆིས་པར་མཚན་ཉིད་གཅིག་པར་གྱུར་པ་དེ་དག་རྣམ་པ་ཇི་ལྟ་བུར་གད་གས་པར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨྱི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་མོ། །ཏིང་ངེ་འཛིན་སྒོམ་མོ། །ཤེས་རབ་སྒོམ་མོ། །སྒྱུ་མ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་མོ། །ཏིང་ངེ་འཛིན་སྒོམ་མོ། །ཤེས་རབ་སྒོམ་མོ། །སྨྱིག་རྒྱུ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་མོ། །ཏིང་ངེ་འཛིན་སྒོམ་མོ། །ཤེས་རབ་སྒོམ་མོ། །ཆུ་ཟླ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་མོ། །ཏིང་ངེ་འཛིན་སྒོམ་མོ། །ཤེས་རབ་སྒོམ་མོ། །མྱིག་ཡོར་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་


DKG024_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཤིང་། སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་མོ། །ཏིང་ངེ་འཛིན་སྒོམ་མོ། །ཤེས་རབ་སྒོམ་མོ། །སྒྲ་བརྙ་ན་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་མོ། །ཏིང་ངེ་འཛིན་སྒོམ་མོ། །ཤེས་རབ་སྒོམ་མོ། །གཟུགས་བརྙན་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་མོ། །ཏིང་ངེ་འཛིན་སྒོམ་མོ། །ཤེས་རབ་སྒོམ་མོ། །དྲི་ཟའི་གྲོང་ཁྱེར་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་མོ། །ཏིང་ངེ་འཛིན་སྒོམ་མོ། །ཤེས་རབ་སྒོམ་མོ། །སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། སྦྱིན་པ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་སྒོམ་མོ། །བརྩོན་འགྲུས་རྩོམ་མོ། །ཏིང་ངེ་འཛིན་སྒོམ་མོ། །ཤེས་རབ་སྒོམ་མོ། །དེ་འདི་ལྟར་རྟོག་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་རྨྱི་ལམ་ལྟ་བུ་སྟེ། མཚན་ཉིད་མྱེད་པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྒྱུ་མ་ལྟ་བུ་སྟེ། མཚན་ཉིད་མྱེད་པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྨྱིག་རྒྱུ་ལྟ་བུ་སྟེ། མཚན་ཉིད་མྱེད་པའོ། །ཉེ་བར་ལེན་པའི་ཕུངཔོ་ལྔནི་ཆུ་ཟླ་ལྟ་བུ་སྟེ། མཚན་ཉིད་མྱེད་པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་མྱིག་ཡོར་ལྟ་བུ་སྟེ། མཚན་ཉིད་མྱེད་པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྒྲ་བརྙ་ན་ལྟ་བུ་སྟེ། མཚན་ཉིད་མྱེད་པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་གཟུགས་


DKG024_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་ལྟ་བུ་སྟེ། མཚན་ཉིད་མྱེད་པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི། དྲི་ཟའི་གྲོང་ཁྱེར་ལྟ་བུ་སྟེ། མཚན་ཉིད་མྱེད་པའོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི། སྤྲུལ་པ་ལྟ་བུ་སྟེ། མཚན་ཉིད་མྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། རྨྱི་ལམ་ལ་རང་བཞིན་གང་ཡང་མྱེད་དོ། །སྒྱུ་མ་ལ་རང་བཞིན་གང་ཡང་མྱེད་དོ། །སྨིག་རྒྱུ་ལ་རང་བཞིན་གང་ཡང་མྱེད་དོ། །ཆུ་ཟླ་ལ་རང་བཞིན་གང་ཡང་མྱེད་དོ། །མྱིག་ཡོར་ལ་རང་བཞིན་གང་ཡང་མྱེད་དོ། །སྒྲ་བརྙ་ན་ལ་རང་བཞིན་གང་ཡང་མྱེད་དོ། །གཟུགས་བརྙ་ན་ལ་རང་བཞིན་གང་ཡང་མྱེད་དོ། །དྲི་ཟའི་གྲོང་ཁྱེར་ལ་རང་བཞིན་གང་ཡང་མྱེད་དོ། །སྤྲུལ་པ་ལ་རང་བཞིན་གང་ཡང་མྱེད་དོ། །གང་ལ་རང་བཞིན་མྱེད་པ་དེ་ལ་མཚན་ཉིད་མྱད་དོ། །གང་ལ་མཚན་ཉིད་མྱེད་པ་དེ་ནི། འདི་ལྟར་མཚན་ཉིད་མྱེད་པར་མཚན་ཉིད་གཅིག་པའོ་ཞེས་བྱ་བར་རྟོགས་པར་བྱེད་དེ། རབ་འབྱོར་རྣམ་གྲངས་དེས་ན། ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། སྦྱིན་པ་ནི་མཚན་ཉིད་མྱེད་པའོ། །གཏོང་བ་ནི་མཚན་ཉིད་མྱེད་པའོ། །ལེན་པ་ནི་མཚན་ཉིད་མྱེད་པའོ་ཞེས་བྱ་བར་ཤེས་པར་བྱ་སྟེ། གང་དེ་ལྟར་ཤེས་ནས་སྦྱིན་པ་གཏོང་བ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ཏེ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་མྱི་ལྡོག་གོ །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་མྱི་ལྡོག་གོ །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་མྱི་ལྡོག་གོ །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་མྱི་ལྡོག་གོ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་མྱི་ལྡོག་གོ །དེ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ལ་གནས་ཤིང་། བསམ་གཏན་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །ཚད་མྱེད་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །གཟུགས་མྱེད་པའི་སྙོམས་པར་


DKG024_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པར་བྱེད་ད་དོ། །ཡང་དག་པར་སྤོང་བ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །དབང་པོ་ལྔ་ཡོངས་སུ་རྫོགས་པར་བྱེད་དོ། །སྟོབས་ལྔ་ཡོངས་སུ་རྫོགས་པར་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་རྫོགས་པར་བྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་ད་དོ། །ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་ད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །རང་བཞིན་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །མྱི་དམྱིགསཔ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །མཚན་མ་མྱེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་དོ། །


DKG024_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་བྱེད་དོ། །མངོན་པར་ཤེས་པ་ལྔ་ཡོངས་སུ་རྫོགས་པར་བྱེད་དོ། །ཏིང་ངེ་འཛིན་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །གཟུངས་ཀྱི་སྒོ་ལྔ་བརྒྱ་ཡོངས་སུ་རྫོགས་པར་བྱེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱེད་དོ། །མྱི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱེད་དོ། །བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དོ། །སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་ད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་ད་དོ། །དེ་འཕགས་པའི་ཆོས་བྱང་བ་འཇིག་རྟེན་ལས་འདས་པ་ཐུན་མོང་མ་ཡིན་པ་རྣམ་པར་སྨིན་པ་ལས་བྱུང་བ་རྣམས་ལ་གནས་ཤིང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པ་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་གི་དྲུང་དུ། རྫུ་འཕྲུལ་གྱིས་སོང་ཞིང་ན་བཟའ་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་གྱི་རྐྱེན་སྨན་དང་། ཡོ་བྱད་མང་པོས་བསྙེན་བཀུར་བྱེད་ད་དེ། ལོངས་སྤྱོད་དང་། སྐྱིད་པ་ཐམས་ཅད་ཀྱིས་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །དེ་ན་སེམས་ཅན་གང་སྦྱིན་པས་ཡོངས་སུ་བསྡུ་བ་དེ་ད་ག་ཀྱང་སྦྱིན་པས་ཡོངས་སུ་སྡུད་དོ། །གང་ཚུལ་ཁྲིམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་ཚུལ་ཁྲིམས་ཀྱིས་ཡོངས་སུ་སྡུད་དོ། །གང་བཟོད་པས་ཡོངས་སུ་བསྡུ་བ་དེ་དག་ཀྱང་བབྲོད་པས་ཡོངས་སུ་སྡུད་དོ། །གང་བརྩོན་འགྲུས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་བརྩོན་འགྲུས་ཀྱིས་ཡོངས་སུ་སྡུད་དོ། །གང་ཏིང་ངེ་འཛིན་གྱིས་


DKG024_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་བསྡུ་བ་དེ་དག་ཀྱང་ཏིང་ངེ་འཛིན་གྱིས་ཡོངས་སུ་སྡུད་དོ། །གང་ཤེས་རབ་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། ཤེས་རབ་ཀྱིས་ཡོངས་སུ་སྡུད་དོ། །གང་ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་ཕྱི་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། ཕྱི་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་ཕྱི་ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་ཕྱི་ནང་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད དོ། །གང་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་ཆེན་པོ་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་ཆེན་པོ་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་དོན་དམ་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་དོན་དམ་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་འདུས་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། འདུས་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་འདུས་མ་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། འདུས་མ་བྱས་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་དོར་བ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་རང་བཞིན་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་རང་བཞིན་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་


DKG024_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་མྱི་དམྱིགས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་།གང་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་ཡང་དག་པར་སྤོང་བ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་ཡང་དག་པར་སྤོང་བ་རྣམས་ཀྱིསཡོངས་སུ་སྡུད་དོ། །གང་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་དབང་པོ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་དབང་པོ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་སྟོབས་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་སྟོབས་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་ལམ་གྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་ལམ་གྱིས་ཡོངས་སུ་སྡུད་ད་དོ། །གང་འཕགས་པའི་བདེན་པ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་འཕགས་པའི་བདེན་པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་བསམ་གཏན་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་


DKG024_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་ཚད་མྱེད་པ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་ཚད་མྱེད་པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་རྣམ་པར་ཐར་པ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་རྣམ་པར་ཐར་པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པས་ཡོངས་སུ་སྡུད་དོ། །གང་མངོན་པར་ཤེས་པ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། མངོན་པར་ཤེས་པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་ཏིང་ངེ་འཛིན་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་ཏིང་ངེ་འཛིན་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་གཟུངས་ཀྱི་སྒོ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། གཟུངས་ཀྱི་སྒོ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་མྱི་འཇིགས་པ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། མྱི་འཇིགས་པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་བྱམས་པ་ཆེན་པོས་ཡོངས་སུ་བསྡུ་བ་དེ་དག་ཀྱང་


DKG024_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པ་ཆེན་པོས་ཡོངས་སུ་སྡུད་དོ། །གང་སྙིང་རྗེ་ཆེན་པོས་ཡོངས་སུ་བསྡུ་བ་དེ་དག་ཀྱང་སྙིང་རྗེ་ཆེན་པོས་ཡོངས་སུ་སྡུད་དོ། །གང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་ཡོངས་སུ་སྡུད་དོ། །གང་རྒྱུན་ཏུ་ཞུགས་པའི་འབྲས་བུས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། རྒྱུན་ཏུ་ཞུགས་པའི་འབྲས་བུས་ཡོངས་སུ་སྡུད་དོ། །གང་ལན་ཅིག་ཕྱིར་འོང་བའི་འབྲས་བུས་ཡོངས་སུ་བསྡུ་བ་དེ་དག་ཀྱང་ལན་ཅིག་ཕྱིར་འོང་བའི་འབྲས་བུས་ཡོངས་སུ་སྡུད་དོ། །གང་ཕྱིར་མྱི་འོང་བའི་འབྲས་བུས་ཡོངས་སུ་བསྡུ་བ་དེ་དག་ཀྱང་ཕྱིར་མྱི་འོང་བའི་འབྲས་བུས་ཡོངས་སུ་སྡུད་དོ། །གང་དགྲ་བཅོམ་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་དགྲ་བཅོམ་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་རང་བྱང་ཆུབ་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་རང་བྱང་ཆུབ་ཀྱི་ས་ཡོངས་སུ་སྡུད་དོ། །གང་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཡོངས་སུ་སྡུད་དོ། །དེ་ལྟར་གང་དང་གང་དགེ་བའི་ཆོས་གང་དང་གང་གིས་ཡོངས་སུ་བསྡུ་བ་དེ་དག་ཀྱང་། དགེ་བའི་ཆོས་དེ་དང་དེ་དག་གིས་ཡོངས་སུ་སྡུད་དོ། །དེ་དགེ་བའི་རྩ་བ་དེ་དག་དང་ལྡན་ཞིང་ཆོས་ཐམས་ཅད་ལ་དབང་སྒྱུར་བས། འཁོར་བ་ཉེ་བར་ལེན་ཀྱང་འཁོར་བའི་སྡུག་བསྔལ་གྱིས་མྱི་གོས་ཏེ། དེ་སེམས་ཅན་རྣམས་ཀྱི་དོན་དུ་མྱི་དང་ལྷའི་ཕུན་སུམ་ཚོགས་པ་ཉེ་བར་ལེན་ཏེ། ཕུན་སུམ་ཚོགས་པ་དེ་དག་གིས་སེམས་ཅན་རྣམས་ཡོངས་སུ་སྡུད་ད་དོ། །དེ་ཆོས་ཐམས་ཅད་མཚན་ཉིད་མྱེད་པར་ཤེས་པས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཤེས་ཀྱང་དེ་ལ་མྱི་གནས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཤེས་ཀྱང་དེ་ལ་མྱི་གནས་སོ། །ཕྱིར་མྱི་འོང་བའི་འབྲས་བུ་ཤེས་ཀྱང་དེ་ལ་མྱི་གནས་སོ། །དགྲ་བཅོམ་པ་ཉིད་ཤེས་ཀྱང་དེ་ལ་མྱི་གནས་སོ། །


DKG024_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱང་ཆུབ་ཤེས་ཀྱང་དེ་ལ་མི་གནས་ས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ཆོས་ཐམས་ཅད་ཤེས་པར་བྱ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་མཚན་ཉིད་མྱེད་པར་ཤེས་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཚན་ཉིད་མྱེད་པར་ཤེས་ས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་ཉིད་མྱེད་པར་ཤེས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མཚན་ཉིད་མྱེད་པར་ཤེས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་ཉིད་མྱེད་པར་ཤེས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མཚན་ཉིད་མེད་པར་ཤེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་ཉིད་མྱེད་པར་ཤེས་ས་སོ། །ནང་སྟོང་པ་ཉིད་མཚན་ཉིད་མྱེདཔར་ཤེས་ས་སོ། །ཕྱི་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་སོ། །ཕྱི་ནང་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་སོ། །སྟོང་པ་ཉིད་སྟོང་པ་ཉད་མཚན་ཉིད་མྱེད་པར་ཤེས་སོ། །ཆེན་པོ་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་ས་སོ། །དོན་དམ་པ་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་སོ། །འདུས་བྱས་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་ས་སོ། །འདུས་མ་བྱས་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་ས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་ས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་ས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་ས་སོ། །རང་བཞིན་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་ས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་ས་སོ། །ངོ་བོ་ཉིད་སྟོང་པ་


DKG024_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མཚན་ཉིད་མྱེད་པར་ཤེས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མཚན་ཉིད་མྱེད་པར་ཤེས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་མཚན་ཉིད་མྱེད་པར་ཤེས་སོ། །ཡང་དག་པར་སྤོང་བ་རྣམས་མཚན་ཉིད་མྱེད་པར་ཤེས་ས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་མཚན་ཉིད་མྱེད་པར་ཤེས་ས་སོ། །དབང་པོ་རྣམས་མཚན་ཉིད་མྱེད་པར་ཤེས་ས་སོ། །སྟོབས་རྣམས་མཚན་ཉིད་མྱེད་པར་ཤེས་ས་སོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་མཚན་ཉིད་མྱེད་པར་ཤེས་ས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མཚན་ཉིད་མྱེད་པར་ཤེས་ས་སོ། །འཕགས་པའི་བདེན་པ་རྣམས་མཚན་ཉིད་མྱེད་པར་ཤེས་ས་སོ། །བསམ་གཏན་རྣམས་མཚན་ཉིད་མྱེད་པར་ཤེས་ས་སོ། །ཚད་མྱེདཔ་རྣམས་མཚན་ཉིད་མྱེད་པར་ཤེས་ས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མཚན་ཉིད་མྱེད་པར་ཤེས་སོ། །རྣམ་པར་ཐར་པ་རྣམས་མཚན་ཉིད་མྱེད་པར་ཤེས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མཚན་ཉིད་མྱེད་པར་ཤེས་ས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མཚན་ཉིད་མྱེད་པར་ཤེས་སོ། །མངོན་པར་ཤེས་པ་རྣམས་མཚན་ཉིད་མྱེད་པར་ཤེས་སོ། །ཏིང་ངེ་འཛིན་རྣམས་མཚན་ཉིད་མྱེད་པར་ཤེས་སོ། །གཟུངས་ཀྱི་སྒོ་རྣམས་མཚན་ཉིད་མྱེད་པར་ཤེས་སོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་མཚན་ཉིད་མྱེད་པར་ཤེས་ས་སོ། །མྱི་འཇིགས་པ་རྣམས་མཚན་ཉིད་མྱེད་པར་ཤེས་ས་སོ། སོ་སོ་ཡང་དག་པར་རིག་པ་རྣམས་མཚན་ཉིད་མྱེད་པར་ཤེས་ས་སོ། །བྱམས་པ་ཆེན་པོ་མཚན་ཉིད་མྱེད་པར་ཤེས་སོ། །སྙིང་རྗེ་ཆེན་པོ་མཚན་ཉིད་མྱེད་པར་ཤེས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མཚན་ཉིད་མྱེད་པར་ཤེས་སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་མཚན་ཉིད་མྱེད་པར་ཤེས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མཚན་


DKG024_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མྱེད་པར་ཤེས་ས་སོ། །ཕྱིར་མྱི་འོང་བའི་འབྲས་བུ་མཚན་ཉིད་མྱེད་པར་ཤེས་སོ། །དགྲ་བཅོམ་པ་ཉིད་མཚན་ཉིད་མྱེད་པར་ཤེས་སོ། །རང་བྱང་ཆུབ་མཚན་ཉིད་མྱེད་པར་ཤེས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མཚན་ཉིད་མྱེད་པར་ཤེས་ས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཚན་ཉིད་མྱེད་པར་ཤེས་ས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས། སྒྱུ་མ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས། སྨིག་རྒྱུ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས། ཆུ་ཟླ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས། མྱིག་ཡོར་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས། སྒྲ་བརྙན་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས། གཟུགས་བརྙ་ན་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས། དྲི་ཟའི་གྲོང་ཁྱེར་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་རྨི་ལམ་ལྟ་བུར་ཤེས། ཉེ་བར་ལེན་པའི་ཕུང་པོ་ལྔ་སྒྱུ་མ་ལྟ་བུར་ཤེས། ཉེ་བར་ལེན་པའི་ཕུང་པོ་ལྔ་སྨིགརྒྱུ་ལྟ་བུར་ཤེས། ཉེ་བར་ལེན་པའི་ཕུང་པོ་ལྔ་ཆུ་ཟླ་ལྟ་བུར་ཤེས། ཉེ་བར་ལེན་པའི་ཕུང་པོ་ལྔ་མྱིག་ཡོར་ལྟ་བུར་ཤེས། ཉེ་བར་ལེན་པའི་ཕུང་པོ་ལྔ་སྒྲ་བརྙ་ན་ལྟ་བུར་ཤེས། ཉེ་བར་ལེན་པའི་ཕུང་པོ་ལྔ་གཟུགས་བརྙན་ལྟ་བུར་ཤེས། ཉེ་བར་ལེན་པའི་ཕུང་པོ་ལྔ་དྲི་ཟའི་གྲོང་ཁྱེར་ལྟ་བུར་ཤེས། ཉེ་བར་ལེན་པའི་ཕུང་པོ་ལྔ་སྤྲུལ་པ་ལྟ་བུར་ཤེས་ནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་ཉིད་མྱེད་པ། མ་ཞིག་པ། མ་རལ་བ། སྐྱོན་མྱེད་པ། རྙོག་པ་མྱེད་པ། ཉམས་པ་


DKG024_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

མྱེད་པ། དབང་དུ་གྱུར་པ། མཁས་པས་བསྔགས་པ། ཤིན་ཏུ་རྫོགས་པ། འཕགས་པར་གྱུར་པ། ཟག་པ་མྱེད་པ། ལམ་གྱི་ཁོངས་སུ་ཆུད་པ། འཇིག་རྟེན་ལས་འདས་པ། ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་གནས་ཤིང་ཡང་དག་པར་བླང་བའི་བརྡ་དང་ལྡན་པའི་ཚུལ་ཁྲིམས་དང་། ཆོས་ཉིད་ཀྱིས་ཐོབ་པའི་ཚུལ་ཁྲིམས་དང་། སྡོམ་པའི་ཚུལ་ཁྲིམས་དང་། དམྱིགས་པའི་ཚུལ་ཁྲིམས་དང་། སྤྱད་པའི་ཚུལ་ཁྲིམས་དང་། མྱི་སྤྱད་པའི་ཚུལ་ཁྲིམས་སྲུང་ངོ་། །དེ་ཚུལ་ཁྲིམས་དེ་ལྟ་བུ་དང་ལྡན་ཡང་འདིས་བདག་རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་དང་སྐལ་བ་མཉམ་པའམ། བྲམ་ཟེ་ཆེ་ཞིང་མཐོ་བའི་རིགས་དང་སྐལ་བ་མཉམ་པའམ། ཁྱིམ་བདག་ཆེ་ཞིང་མཐོ་བའི་རིགས་དང་སྐལ་བ་མཉམ་པར་སྐྱེ་བར་བྱའོ་ཞེའམ། རྒྱལ་ཕྲན་ནམ། འཁོར་ལོས་སྒྱུརབའི་རྒྱལ་པོར་འགྱུར་བར་བྱའོ་ཞེའམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་བྱའོ་ཞེའམ། སུམ་ཅུ་རྩ་གསུམ་མམ། མཚེ་མའམ། དགའ་ལྡན་ནམ། འཕྲུལ་དགའའམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་བྱའོ་ཞེའམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་བྱའོ་ཞེའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མྱི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། བྱང་ཆུབ་ཐོབ་པར་བྱའོ་ཞེས་ཚུལ་ཁྲིམས་དེས་སྙེམས་པ་མྱད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་མཚན་ཉིད་མྱེད་པ་སྟེ། འདི་ལྟར་དངོས་པོ་མྱེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིདདུ་མཚན་ཉིད་གཅིག་པས་ན་མཚན་ཉིད་མྱེད་པའི་ཆོས་ཀྱིས་མཚན་ཉིད་མྱེད་པའི་ཆོས་ཐོབ་པར་མྱི་རུང་ངོ་། །མཚན་ཉིད་ཐ་དད་པའི་ཆོས་ཀྱིས་ཀྱང་མཚན་ཉིད་ཐ་དད་པའི་ཆོས་ཐོབ་པར་མྱི་རུང་ངོ་། །མཚན་ཉིད་ཐ་དད་པའམ། མཚན་ཉིད་


DKG024_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

མྱེད་པའི་ཆོས་ཀྱིས་ཀྱང་། མཚན་ཉིད་ཐ་དད་པའམ། མཚན་ཉིད་མྱེད་པའི་ཆོས་ཐོབ་པར་མྱི་རུང་ངོ་། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་ཉིད་མྱེད་པ་ཡོངས་སུ་རྫོགས་པར་བྱས་ནས། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་ག་གོ །བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་པའི་ཚེ། མྱི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་སྟེ། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པའི་ཚེ། རྣམ་པར་སྨིན་པ་ལས་བྱུང་བའི་མངོན་པར་ཤེས་པ་ལྔ་རབ་ཏུ་ཐོབ་ནས། གཟུངས་ཀྱི་སྒོ་ལྔ་བརྒྱ་དང་། ཏིང་ངེ་འཛིན་གྱི་སྒོ་ལྔ་བརྒྱ་ལ་གནས་ཏེ། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་ཅིང་། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏོ། །དེ་འགྲོ་བ་ལྔའི་འཁོར་བ་ན་འཁོར་ཡང་། འཁོར་བའི་ལས་རྣམ་པར་སྨིན་པས་གོས་པར་མྱི་འགྱུར་ཏེ། འདི་ལྟར་དཔེར་ན། སྤྲུལ་པ་ནི་འགྲོ་བའམ། །སྡོད་པའམ། འདུག་པའམ། ཉལ་བ་བྱེད་ཀྱང་དེ་ལ་འགྲོ་བའམ། འོང་བའམ། སྡོད་པའམ། འདུག་པའམ། ཉལ་བ་ཡང་མྱི་དམྱིགས་ཏེ། དེ་སེམས་ཅན་རྣམས་ཀྱི་དོན་ཀྱང་བྱེད་དོ། །སེམས་ཅན་དང་སེམས་ཅན་དུ་བཏགས་པ་ཡང་མྱི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་ཏུ་ཞི་བ་ཞེས་བྱ་བ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སེམས་ཅན་ཚད་མྱེད་པ་ཐེག་པ་གཉིས་ཀྱིས་ཡོངས་སུ་མྱ་ངན་ལས་བཟླསཀྱང་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བྱ་བའི་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་གང་


DKG024_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་གཟིགས་ནས། དེས་ཚེའི་འདུ་བྱེད་སྤངས་ནས་སྤྲུལ་པ་སྤྲུལ་པ་མཛད་དེ། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །རབ་འབྱོར་དེ་ལྟར་སྤྲུལ་པ་དེས་བསྐལ་པ་གཅིག་ལོན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ། ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དེའི་གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། དངོས་པོ་གང་ཡང་དམྱིགས་སུ་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་སེམས་ཅན་ནམ་སེམས་ཅན་དུ་གདགས་པ་ཡང་མྱི་དམྱིགས་ལ། སེམས་ཅན་རྣམས་ཀྱི་དོན་ཡངབྱེད་ད་དེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཚན་ཉིད་མྱེད་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ཡོངས་སུ་རྫོགས་པས་མཚན་ཉིད་མྱེད་པའི་ཆོས་ཐམས་ཅད་ཁོང་དུ་ཆུད་པར་ཤེས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས། སྒྲ་བརྙ་ན་ལྟ་བུ་དང་། ཆུ་ཟླ་ལྟ་བུ་དང་མྱིག་ཡོར་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཏེ། མཚན་ཉིད་མྱེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་ཉིད་མྱེད་པའི་ཆོས་རྣམས་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་


DKG024_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྫོགས་པར་བྱེད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པ་གཉིས་ཀྱིས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ད་དེ། གཉིས་གང་ཞེ་ན། ཉམས་སུ་ལེན་པའི་བཟོད་པ་དང་། ཆོས་ཁོངདུ་ཆུད་པའི་བཟོད་པའོ། །དེ་ལ་ཉམས་སུ་ལེན་པའི་བཟོད་པ་གང་ཞེ་ན། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་གལ་ཏེ་སེམས་ཅན་ཐམས་ཅད་ཡང་དང་ཡང་འོངས་ཤིང་གཤེ་བའམ། མྱི་སྙན་པར་བརྗོད་ཅིང་མ་ཀླས་པའི་ཚིག་བརླང་བ་ཟེར་བར་གྱུར་ཏམ། རྡོ་ད་བྱུག་དང་། མཚོན་ཆས་བརྡེགས་སམ། བཏབ་ཀྱང་དེ་ལ་བྱང་ཆུབ་སེམས་ད་པ་འ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འདོད་པས། སེམས་བསྐྱེད་པ་འགའ་ཙམ་ཡང་འཁྲུག་པ་དང་ལྡན་པའམ། གནོད་སེམས་དང་ལྡན་པ་བསྐྱེད་པར་མྱི་བྱ་སྟེ། ཕྱིར་སེམས་ཅན་དེ་དག་ལ་ཀྱེ་མ། སེམས་ཅན་འདི་དག་ནི་ཉོན་མོངས་པའི་ནད་ཀྱིས་མནར་བ་སྟེ། འདི་དག་ལ་བདག་གིས་སྡིག་ཏོའི་སེམས་མྱི་སྐྱེད་ཀྱི། འདི་ནི་བདག་ཉིད་ཀྱིས་ཕུང་པོ་དགྲར་གྱུར་པ་འདི་རྣམས་བླངས་པའི་ལན་ཏོ་ཞེས་དེ་དག་ལ་ལྷག་པར་སྙིང་རྗེབསྐྱེད་པར་བྱའོ། །བྱམས་པ་དང་ལྡན་ཏེ། སྙིང་རྗེ་བར་གྱུར་ནས། རྣམ་པ་དེ་ལྟར་རྟོག་པ་འདི་ནི་ཉམས་སུ་ལེན་པའི་བཟོད་པ་ཞེས་བྱའོ། །དེ་ལ་ཆོས་ཁོང་དུ་ཆུད་པའི་བཟོད་པ་གང་ཞེ་ན། སེམས་ཅན་དེ་དག་ཀྱང་དོན་དམ་པར་དམྱིགས་སུ་མྱེད་ན། བདག་ལ་གཤེ་བའམ། མྱི་སྙན་པར་བརྗོད་པའམ། མ་ཀླས་པའི་ཚིག་བརླང་པོཟེར་བའམ། རྡོ་དབྱུག་གིས་བརྡེག་ཅིང་མཚོན་འདེབས་པ་ལྟ་སུ་ཞིག་ཡོད་དེ། འདུ་བྱེད་ཐམས་ཅད་ནི་སྒྱུ་མ་ལྟ་བུ་གསོབ་གསོག་རག་ལུས་པ། ནམ་མཁའ་ལྟ་བུ་བདག་དང་སེམས་ཅན་དང་།


DKG024_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་དང་། འགྲོ་བ་དང་། གས་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ཅན་དང་། ཤེད་བདག་དང་། བྲལ་བ་སྟེ། རྣམ་པར་རྟོག་པ་དེ་དག་ཐམས་ཅད་ནི་ཡོངས་སུ་རྟོག་པ་ལས་བྱུང་བ་ཡིན་ན། བ་དག་ལ་གཤེ་བ་དང་། མྱི་སྙན་པར་བརྗོདཔ་དང་། མ་ཀླས་པའི་ཚིག་བརླང་བར་ཟེར་བ་དང་། རྡོ་དབྱུག་གིས་རྡེག་ཅིང་མཚོན་འདེབས་པ་ལྟ་སུ་ཞིག་ཡོད་དོ། བདག་གིས་ངོ་བོ་ཉིད་སྟོང་པ་ཉིད་ད་དང་། དོན་དམ་པ་སྟོང་པ་ཉིད་ཉེ་བར་བཟུང་སྟེ། དེ་ལྟར་རྣམ་པར་བརྟག་པར་མྱི་བྱའོ་ཞེས་བྱ་བ་འདི་ནི་ཆོས་ཁོང་དུ་ཆུད་པའི་བཟོད་པ་ཞེས་བྱ་སྟེ། དེ་དེ་ལྟར་ཡོངས་སུ་རྟག་ཅིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ད་དེ། དེ་བཟད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དེས་མྱི་སྐྱེ་བའི་ཆོས་ལ་བཟད་པ་འཐོབ་བོ།རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་མྱི་སྐྱེ་བའི་ཆོས་ལ་བཟད་པ་ཞེས་བགྱི་བ་ནི་གང་ལགས། དེ་ལ་སྤངས་པ་ནི་ཅི་མཆིས། ཡེ་ཤེས་ནི་ཅི་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་གང་ལ་རྡུལ་ཙམ་ཡང་སྐྱེ་བ་མྱེད་པ་དེ་ནི་མྱི་སྐྱེ་བའོ། །དེ་གང་གིས་ཤེས་པ་དེ་ནི་བཟོད་པ་ཞེས་བྱ་སྟེ། ཤེས་པ་དེས་མྱི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་། །གསོལ་པ། བཅོམ་ལྡན་འདས་ཉན་ཐོས་རྣམས་དང་། རང་སངས་རྒྱས་རྣམས་ཀྱི་མྱི་སྐྱེ་བའི་ཆོས་ལ་བཟོད་པ་གང་ལགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མྱི་སྐྱེ་བའི་ཆོས་ལ་བཟོད་པ་གང་ལགས་པའི་བཟོད་པ་དེ་དག་ལ་བྱེ་བྲག་ཏུ་བགྱི་བ་ཅི་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྒྱུན་ཏུ་ཞུགས་པའི་ཤེས་པ་གང་ཡིན་པ་དང་། སྤང་བ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའོ། །ལན་ཅིག་ཕྱིར་འོང་བའི་ཤེས་པ་གང་ཡིན་པ་དང་། སྤང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་


DKG024_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པའོ། །ཕྱིར་མྱི་འོང་བའི་ཤེས་པ་གང་ཡིན་པ་དང་། སྤང་བ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའོ། །དགྲ་བཅོམ་པའི་ཤེས་པ་གང་ཡིན་པ་དང་། སྤང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའོ། །རང་སངས་རྒྱས་ཀྱི་ཤེས་པ་གང་ཡིན་པ་དང་། སྤང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པ་སྟེ། རབ་འབྱོར་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་བཟོད་པ་དང་། བྱང་ཆུབ་སེམས་དཔའིབཟོད་པའི་བྱེ་བྲག་ཡིན་ན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བཟོད་པ་དེ་ལྟ་བུ་དང་ལྡན་པས་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཟིལ་ཀྱིས་གནོན་ཏེ། དེ་རྣམ་པར་སྨིན་པ་ལས་བྱུང་བའི་མྱི་སྐྱེ་བའི་ཆོས་ཀྱི་བཟོད་པ་ལ་གནས་ཏེ། བྱང་ཆུབ་སེམས་དཔའི་ལམ་ལ་སྤྱོད་ཅིང་། ལམ་གྱི་རྣམ་པར་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དེ། དེ་ཡོངས་སུ་རྫོགས་པས། བྱང་ཆུབ་ཀྱི་ཕྱོགས་ཀྱི ཆོས་སུམ་ཅུ་རྩ་བདུན་དང་། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་རྣམས་དང་མྱི་འབྲལ་བ་ཡིན། དེ་མངོན་པར་ཤེས་པ་ལྔ་དང་མྱི་འབྲལ་བ་ཡིན། དེ་མངོན་པར་ཤེས་པ་རྣམས་དང་མྱི་འབྲལ་བས། སེམས་ཅན་རྣམས་ཡོངས་སུ་སྣིན་པར་བྱེད་པ་ཡིན། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་ཡིན། དེ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ནས། སྐད་ཅིག་གཅིགདང་ལྡན་


DKG024_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤེས་རབ་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་ད་དེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཚན་ཉིད་མྱེད་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་གཞན་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས། སྒྲ་བརྙན་ལྟ་བུ་དང་། ཆུ་ཟླ་ལྟ་བུ་དང་མྱིག་ཡོར་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྨྱིག་རྒྱུ་ལྟ་བུ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། ལུས་དང་སེམས་ཀྱི་བརྩོན་འགྲུས་རྩོམ་མོ། །དེ་ལུས་ཀྱི་བརྩོན་འགྲུས་ཀྱིས་རྫུ་འཕྲུལ། མངོན་པར་སྒྲུབ་སྟེ། ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་དག་ཏུ་སོང་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་ཅིང་། སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །དེ་ལུས་ཀྱི་བརྩོན་འགྲུས་དེས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས། ཐེག་པ་གསུམ་ལ་འཛུད་ཅིང་རབ་ཏུ་འགོད་དོ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མཚན་ཉིད་མྱེད་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་སེམས་ཀྱི་བརྩོན་འགྲུས་ཟག་པ་མྱེད་པ། ལམ་གྱི་ཡན་ལག་ཏུ་གྱུར་པ། ལམ་གྱི་ཁོངས་སུ་ཆུད་པས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་དུ་དགེ་བའི་ཆོས་ཐམས་ཅད་འདི་ལྟ་སྟེ། དྲན་པ་ཉེ་


DKG024_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

བར་གཞག་པ་བཞི་དང་། ཡང་ད་ག་པར་སྤོང་བ་བཞི་དང་། རྗུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་འདུས་པ་ཡོངས་སུརྫོགས་པར་བྱེད་དེ། དེ་ལ་སྤྱོད་ཅིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱད་དོ། །དེ་ཡོངས་སུ་རྫོགས་པས། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤངས་པར་འགྱུར་རོ། །བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤངས་ནས། མཚན་ཕུན་སུམ་ཚོགས་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཀུན་ཏུ་སྣང་བ་ཐོབ་པར་བྱས་ནས། ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་རྒྱུད་གསུམ་དུ་བསྐོར་བསྐོར་བར་འགྱུར་རོ། །དེ་བསྐོར་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོ་བ་དང་། རབ་ཏུ་གཡོ་བ་དང་། ཀུན་ནས་གཡོབ་དང་། འགུལ་བ་དང་། རབ་ཏུ་འགུལ་བ་དང་། ཀུན་ནས་འགུལ་བ་དང་། ལྡེག་པ་དང་། རབ་ཏུ་ལྡེག་པ་དང་། ཀུན་ནས་ལྡེག་པར་འགྱུར་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་སྣང་བ་ཆེན་པོས་རྒྱས་པར་


DKG024_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

གང་བར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་སྒྲ་གང་དུ་བྱུང་ཞིང་དབྱངས་གྲག་པར་གྱུར་པའི་སྒྲ་དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་ཀྱིས་ཐོས་པ་དེ་ཐམས་ཅད་ཐེག་པ་གསུམ་ལ་ངེས་པར་འགྱུར་ཏེ། རབ་འབྱོར་དེ་ལྟར་ཕན་པ་ཆེན་པོ་དང་ལྡན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨྱི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས། སྒྲ་བརྙན་ལྟ་བུ་དང་མྱིག་ཡོར་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། ཆུ་ཟླ་ལྟ་བུ་དང་། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྨི་ལམ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས། སྒྲ་བརྙན་ལྟ་བུ་དང་། མྱིག་ཡོར་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། ཆུ་ཟླ་ལྟ་བུ་དང་སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་གནས་ཤིང་། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་


DKG024_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གནས་སོ། །བྱམས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །སྙིང་རྗེ་ཆེན་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དགའ་བ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བཏངསྙོམས་ལ་ཉེ་བར་བསྒྲུབས་ཏེ་གནས་ས་སོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་ཏིང་ངེ་འཛིན་སྒོམ་མོ། །ཀློག་ལྟ་བུའི་ཏིང་ངེ་འཛིན་སྒོམ་མོ། །ཡང་དག་པའི་ཏིང་ངེ་འཛིན་སྒོམ་མ་མོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ཤིང། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་མ་གཏོགས་པར་ཉན་ཐོས་དང་ཐུན་མོང་བའམ། རང་སངས་རྒྱས་དང་ཐུན་མོང་པའི་ཏིང་ངེ་འཛིན་གང་ཇི་སྙེད་པ་དང་། གཞན་ཡང་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཚོགས་གང་ཇི་སྙེད་པ་དེ་དག་ཐམས་ཅད་ལུས་ཀྱིས་ཁྱབ་པར་བྱས་ཤིང་། ཉེ་བར་བསྒྲུབས་ཏེ་གནས་ཀྱང་། ཏིང་ངེ་འཛིན་དེ་དག་དང། སྙོམས་པར་འཇུག་པའི་འབྲས་བུའི་རོ་མྱོང་བར་མྱི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། ཏིང་ངེ་འཛིན་དེ་དག་གི་མཚན་ཉིད་མྱེད་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་དུ་ཤེས་པས་ན། མཚན་ཉིད་མྱེད་པའི་ཆོས་མཚན་ཉིད་མྱེད་པའི་ཆོས་ཀྱི་རོ་མྱོང་བར་བྱེད་པར་ཡང་ག་ལ་འགྱུར། དངོས་པོ་མྱེད་པའི་ཆོས་ཀྱང་དངོས་པོ་མྱེད་པའི་ཆོས་ཀྱི་རོ་རྨྱོང་བར་བྱེད་པ་ག་ལ་འགྱུར་ཏེ། དརོ་མྱོང་བར་བྱེད་པ་མྱེད་པས། ཏིང་ངེ་འཛིན་གང་གིསདབང་གིས་ཀྱང་གཟུགས་ཀྱི་ཁམས་སམ། གཟུགས་མྱེད་པའི་ཁམས་སུ་སྐྱེ་བར་མྱི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཁམས་དེ་གཉིས་ཀྱང་མྱི་དམྱིགས། གང་སྙོམས་པར་འཇུག་པ་དང་། གང་གིས་སྙོམས་པར་འཇུག་པ་དེ་ཡང་མྱི་དམྱིགས་སོ། །དེ་མྱི་དམྱིགས་པས་མཚན་ཉིད་མྱེད་པའི་ཏིང་ངེ་འཛིན་


DKG024_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཕ་རོལད་ཏུ་ཕྱིནད་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་དེས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཡོངས་སུ་འདའོ། །རབ་འབྱོར་ཀྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིས་ཤིང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཡོངས་སུ་འདའ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ནང་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། ཕྱི་སྟོང་པ་ཉད་ལ་ཤིན་ཏུ་བསླབས་པ་དང་། ཕྱི་ནང་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། ཆེན་པོ་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། དོན་དམ་པ་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པདང་། འདུས་བྱས་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། འདུས་མ་བྱས་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། རང་བཞིན་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་ངོ་བོ་ཉིད་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའི་ཕྱིར་ཏེ། སྟོང་པ་ཉིད་འདི་དག་ལ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མྱི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། གང་ལ་གནས་པར་བྱ་བའི་ཆོས་དེ་ལྟ་བུ་གང་ཡང་མྱི་དམྱིགས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་དེ་ཡང་སྟོང་པ་ཉིད་རྣམས་ཀྱིས་སྟོང་སྟེ། སྟོང་པ་ཉིད་དེ་དག་གིས་བྱང་ཆུབ་


DKG024_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཤིན་ཏུ་འདས་ནས། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་འཇུག་ག་གོ །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་ནི་གང་ལགས། སྐྱོན་མ་མཆིས་པ་ནི་གང་ལགསབཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དམྱིགས་པ་ཐམས་ཅད་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་ན་ནོ། །མྱི་དམྱིགས་པ་ཐམས་ཅད་ནི་སྐྱོན་མྱེད་པའོ། །གསོལ་པ། བཅོམ་ལྡན་འད་ས་དམྱིགས་པ་ནི་གང་ལགས། མྱི་དམྱིགས་པ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམྱིགས་པའོ། །རབ་འབྱོར་ཚོར་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམྱིགས་པའོ། །རབ་འབྱོར་འདུ་ཤེས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམྱིགས་པའོ། །རབ་འབྱོར་འདུ་བྱེད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམྱིགས་པའོ། །རབ་འབྱོར་རྣམ་པར་ཤེས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམྱིགས་པའོ། །མྱིག་དང་གཟུགས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམྱིགས་པའོ། །རྣ་བ་དང་སྒྲ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམྱིགས་པའོ། །སྣ་དང་དྲི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམྱིགས་པའོ། །ལྕེ་དང་རོ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམྱིགས་པའོ། །ལུས་དང་རེག་བྱ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམྱིགས་པའོ། །ཡིད་དང་ཆོས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམྱིགས་པའོ། །མྱིག་གི་རྣམ་པར་ཤེས་པ་ནི་དམྱིགས་པའོ། །མྱིག་གི་འདུས་ཏེ་རེག་པ་ནི་དམྱིགས་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་དམྱིགས་པའོ། །རྣ་བའི་རྣམ་པར་ཤེས་པ་ནི་དམྱིགས་པའོ། །རྣ་བའི་འདུས་ཏེ་


DKG024_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

རེག་པ་ནི་དམྱིགས་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་དམྱིགས་པའོ། །སྣའི་རྣམ་པར་ཤེས་པ་ནི་དམྱིགས་པའོ། །སྣའི་འདུས་ཏེ་རེག་པ་ནི་དམྱིགས་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་དམྱིགས་པའོ། །ལྕེའི་རྣམ་པར་ཤེས་པ་ནི་དམྱིགས་པའོ། །ལྕེའི་འདུས་ཏེ་རེག་པ་ནི་དམྱིགས་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་དམྱིགས་པའོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་དམྱིགས་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ནི་དམྱིགས་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་དམྱིགས་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་དམྱིགས་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ནི་དམྱིགས་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ནི་དམྱིགས་པའོ། །སའི་ཁམས་ནི་དམྱིགས་པའོ། །ཆུའི་ཁམས་ནི་དམྱིགས་པའོ། །མྱེའི་ཁམས་ནི་དམྱིགས་པའོ། །རླུང་གི་ཁམས་ནི་དམྱིགས་པའོ། །ནམ་མཁའི་ཁམས་ནི་དམྱིགས་པའོ། །རྣམ་པར་ཤེས་པའི་ཁམས་ནི་དམྱིགས་པའོ། །མ་རིག་པ་ནི་དམྱིགས་པའོ། །འདུ་བྱེད་ནི་དམྱིགས་པའོ། །རྣམ་པར་ཤེས་པ་ནི་དམྱིགས་པའོ། །མྱིང་དང་གཟུགས་ནི་དམྱིགས་པའོ། །སྐྱེ་མཆེད་དྲུག་ནི་དམྱིགས་པའོ། །རེག་པ་ནི་དམྱིགས་པའོ། །ཚོར་བ་ནི་དམྱིགས་པའོ། །སྲེད་པ་ནི་དམྱིགས་པའོ། །ལེན་པ་ནི་དམྱིགས་པའོ། །སྲིད་པ་ནི་དམྱིགས་པའོ། །སྐྱེ་བ་ནི་དམྱིགས་པའོ། །རྒ་ཤི་ནི་དམྱིགས་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་དམྱིགས་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དམྱིགས་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་དམྱིགས་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དམྱིགས་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་དམྱིགས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དམྱིགས་པའོ། །ནང་སྟོང་པ་ཉིད་ནི་དམྱིགས་པའོ། །ཕྱི་སྟོང་པ་ཉིད་ནི་དམྱིགས་པའོ། །ཕྱི་ནང་སྟོང་པ་


DKG024_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནི་དམྱིགས་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་དམྱིགས་པའོ། །ཆེན་པོ་སྟོང་པ་ཉིད་ནི་དམྱིགས་པའོ། །དོན་དམ་པ་སྟོང་པ་ཉིད་ནི་དམྱིགས་པའོ། །འདུས་བྱས་སྟོང་པ་ཉིད་ནི་དམྱིགས་པའོ། །འདུས་མ་བྱས་སྟོང་པ་ཉིད་ནི་དམྱིགས་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་དམྱིགས་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་དམྱིགས་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་ནི་དམྱིགས་པའོ། །རང་བཞིན་སྟོང་པ་ཉིད་ནི་དམྱིགས་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་དམྱིགས་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་དམྱིགས་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་ནི་དམྱིགས་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་དམྱིགས་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་དམྱིགས་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་དམྱིགས་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་དམྱིགས་པའོ། །ཡང་དག་པར་སྤོང་བ་རྣམས་ནི་དམྱིགས་པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་དམྱིགས་པའོ། །དབང་པོ་རྣམས་ནི་དམྱིགས་པའོ། །སྟོབས་རྣམས་ནི་དམྱིགས་པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་དམྱིགས་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་དམྱིགས་པའོ། །འཕགས་པའི་བདེན་པ་རྣམས་ནི་དམྱིགས་པའོ། །བསམ་གཏན་རྣམས་ནི་དམྱིགས་པའོ། །ཚད་མྱེད་པ་རྣམས་ནི་དམྱིགས་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་དམྱིགས་པའོ། །རྣམ་པར་ཐར་པ་བརྒྱད་ནི་དམྱིགས་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་དམྱིགས་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་ནི་དམྱིགས་པའོ། །མངོན་པར་ཤེས་པ་རྣམས་ནི་དམྱིགས་པའོ། །ཏིང་ངེ་འཛིན་རྣམས་ནི་དམྱིགས་པའོ། །གཟུངས་ཀྱི་སྒོ་རྣམས་ནི་དམྱིགས་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་དམྱིགས་པའོ། །མྱི་འཇིགས་པ་བཞི་ནི་དམྱིགས་པའོ། །སོ་སོ་ཡང་དག་པར་


DKG024_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་བཞི་ནི་དམྱིགས་པའོ། །བྱམས་པ་ཆེན་པོ་ནི་དམྱིགས་པའོ། །སྙིང་རྗེ་ཆེན་པོ་ནི་དམྱིགས་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་དམྱིགས་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་དམྱིགས་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་དམྱིགས་པའོ། །ཕྱིར་མྱི་འོང་བའི་འབྲས་བུ་ནི་དམྱིགས་པའོ། །ད་གྲ་བཅོམ་པ་ཉད་ནི་དམྱིགས་པའོ། །རང་བྱང་ཆུབ་ནི་དམྱིགས་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནིདམྱིགས་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དམྱིགས་པ་སྟེ་སྐྱོན་ནོ། །རབ་འབྱོར་སྐྱོན་མྱེད་པ་ནི་གང་ལ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པདང་། མྱིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་དང་། མྱིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། མྱིག་གི་འདུས་ཏེ་རེག་པ་དང་། རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་དང་། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་། སའི་ཁམས་དང་། ཆུའི་ཁམས་དང་། མྱེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་དང་། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མྱིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པདང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་


DKG024_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མྱེད་པ་རྣམས་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མྱི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མྱི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ཆོས་དེ་དག་གི་བརྗོད་པ་ཡང་དམྱིགས་སུ་མྱེད་པའོ།། །