Nitartha Digital Library
Tibetan
 
no previousང་གཉིས་པ། མི་ཟད་པའི་ལེའུ། སྨད་ཆ།next

ང་གཉིས་པ། མི་ཟད་པའི་ལེའུ། སྨད་ཆ།


DKG024_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། གླེགས་བམ་བཅུ་གཅིག་པ། བམ་པོ་དང་པོ། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིནད་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལད་ཏུ་ཕྱིནད་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པས་དབེན་སྡིག་ཏོ་མྱི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་མྱེད་པ་དཔྱོད་པ་མྱེད་པ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་


DKG024_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་ལ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ་བདེ་བ་ལ་རྣམ་པར་དཔྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མྱེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེབདེ་བ་ཡང་སྤངས། སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མྱི་བདེ་བ་སྔ་ནས་ཀྱང་ནུབ་པས་བདེ་བ་ཡངམྱེད། སྡུག་བསྔལ་ཡང་མྱེད་པ་བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པ་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས། ནམ་མཁའ་མཐའ་ཡས་སོ་ཞེས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་ད་ག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཆུང་ཟད་མ་ཡོད་དོ་ཞེས་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུཆུང་ཟད་མྱེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མྱེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བསམ་གཏན་གྱི་


DKG024_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཏུ་ཕྱིན་པ་དེ་ལ་གནས་ནས། མྱི་གཡེངབའི་ཡིད་ཀྱིས་སེམས་ཅན་དེ་དག་ལ་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་ཡོངས་སུ་གཏོང་ཞིང་། གཞན་ཡང་ཟང་ཟིང་གི་སྦྱིན་པདང་། ཆོས་ཀྱི་སྦྱིན་པ་ལ་ཡང་དག་པར་སྐུལལོ། །ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པའི་ལེགས་པ་ཡང་རྗོདད་དོ། །གཞན་ཡང་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་ཡོངས་སུ་གཏོང་བ་དེ་དག་གི་ལེགས་པ་ཡང་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན་ཏེ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མྱི་སྔོའི། གཞན་དུ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོསྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་སེམས་འདོད་ཆགས་དང་ལྡན་པ་མྱི་སྐྱེད། སེམས་ཞེ་སྡང་དང་ལྡན་པ་མྱི་སྐྱེད་། སེམས་གཏི་མུག་དང་ལྡན་པ་མྱི་སྐྱེད། སེམས་འཚེ་བ་དང་ལྡན་པ་མྱི་སྐྱེད་དེ་གཞན་དུ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས། རྣམ་པར་སྤྱོད་དེ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མྱི་སྔོའི། གཞན་དུ་ན་སེམ་ས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་སྟེ།


DKG024_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡ་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། གཟུགས་ལ་དབུ་བ་ལྟ་བུར་རབ་ཏུ་རྟོག །ཚོར་བ་ལ་ཆུ་བུར་ལྟ་བུར་རབ་ཏུ་རྟོག །འདུ་ཤེས་ལ་སྨྱིག་རྒྱུ་ལྟ་བུར་རབ་ཏུ་རྟོག །འདུ་བྱེད་ལ་ཆུ་ཤིང་ལྟ་བུར་རབ་ཏུ་རྟོག ། རྣམ་པར་ཤེས་པ་ལ་སྒྱུ་མ་ལྟ་བུར་རབ་ཏུ་རྟོག་སྟེ། དེ་དེ་ལྟར་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སོ་སོར་རྟོག་ཅིང་སྙིང་པོ་མྱེད་པར་འདུ་ཤེས་ཉེ་བར་གནས་པ་ཡིན་ཏེ། དེ་དེ་ལྟར་སོ་སོར་རྟོག་པས་དེ་འདི་སྙམ་སྟེ། ཡན་ལག་དང་ཉིང་ལག་བ་ཅད་གཏུབས་ཀྱང་སུ་ལ་གཅོད། སུ་ལ་གཅད། ལུས་ནི་སུའི་ལུས། ཚོར་བ་ནི་སུའི་ཚོར་བ། འདུ་ཤེས་ནི་སུའི་འདུ་ཤེས། འདུ་བྱེད་ནི་སུའི་འདུ་བྱེད། རྣམ་པར་ཤེས་པ་ནི་སུའི་རྣམ་པར་ཤེས་པ་སྙམ་སྟེ། དེ་དེ་ལྟར་སོ་སོར་རྟོག་པའི་ཚེ། འདི་སྙམ་སྟེ། གང་ལ་སྤྱོ་བ་དང་། བཀྱལབ་བྱས་ན། གནོད་སེམས་སྐྱེ་བ་དེ་ལྟ་བུའི་གཤེ་བ་ཡང་གང་ཞིག་ཡོད། འཁྱལ་པ་ཡངགང་ཞིག་ཡོད་སྙམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས།


DKG024_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། འདོད་པས་དབེན་སྡིག་ཏོ་མྱི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཉེ་བར་ཞི་ནས། ནང་ཡོང་ས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་མྱེད་པ་དཔྱོད་པ་མྱེད་པ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན། བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆ་གས་དང་བྲལ་བས་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་ལ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ། བདེ་བ་ལ་རྣམ་པར་དཔྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མྱེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས། སྡུག་བསྔལ་ཡང་སྤངས་ཤིང་། ཡིད་བདེ་བ་དང་ཡིད་མྱི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བ་ཡང་མྱེད། སྡུག་བསྔལཡང་མྱེད་པ་བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པའི་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཤིང་གནས་ཏེ། དེ་བསམ་གཏན་དང་བསམ་གཏན་གྱི་ཡན་ལག་དེ་དག་ལ་ཡང་མཚན་མར་མྱི་འཛིན་ཏོ། །དེ་དེ་ལྟར་མཉམ་པར་གཞག་པའི་སེམས་དང་ལྡན་པས། རྫུ་འཕྲུལ་རྣམ་པ་དུ་མ་ཉམས་སུ་མྱོང་བར་བར་བྱད་དོ། །ས་ཆེན་པོ་འདི་ཡང་རབ་ཏུ་གཡོ་བར་བྱེད་དོ། །གཅིག་ཏུ་གྱུར་ཅིང་མང་པོར་འགྱུར་རོ། །མང་པོར་གྱུར་ཅིང་གཅིག་ཏུ་འགྱུར་རོ། སྣང་བ་དངམྱི་སྣང་བ་ཡང་ཉམས་སུ་རྨྱོང་བར་བྱེད་དོ། །རྩིག་པ་ལས་ཐལ་བ་དང་། ར་བ་ལས་ཐལ་བ་དང་། རི་ལས་ཐལ་བར་ཐོགས་པ་མེད་པར་འགྲོ་སྟེ། དཔེར་ན་ནམ་མཁའ་ལ་བྱ་


DKG024_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཞིན་ནོ། །ནམ་མཁའ་ལ་ཡང་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །ས་ལ་ཡང་གྱེན་དུ་འབྱུང་བ་དང་། འོག་ཏུ་འཛུལ་བ་བྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལ་ཡང་འབྱིང་བ་མེད་པར་འགྲོ་སྟེ། དཔེར་ན་ས་ལ་བྱ་བ་བཞིན་ན་ནོ། །དུ་བར་འཐུལ་ཞིང་མྱེར་འབར་ཏེ། དཔེར་ན་མྱེའི་ཕུང་པོ་ཆེན་པོ་བཞིན་ནོ། །ཉི་མ་དང་ཟླ་བ་འདི་དག་འདི་ལྟར་རྫུ་འཕྲུལ་ཆེ་ལ། འདི་ལྟར་མཐུ་ཆེ་ཞིང་དབང་ཆེ་བ་དག་ཀྱང་ལག་པས་བྱུགས་ཤིང་། ཚངས་པའི་འཇིག་རྟེན་གྱི་བར་དུ་ལུས་ཀྱིས་དབང་སྒྱུར་རོ། །དེ་ལྷའི་རྣ་བ་རྣམ་པར་དག་པ་མི་ལས་འདས་པས་ལྷ་དང་མིའི་སྒྲ་ཉེ་བའམ། རིང་ཡང་རུང་སྟེ ། ཐོས་སོ། །དེས་སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་སེམས་ཀྱིས་ཡང་ད་ག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། འདོད་ཆགས་དང་ལྡན་པའི་སེམས་ལ། འདོད་ཆགས་དང་ལྡན་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདོད་ཆགས་དང་བྲལ་བའི་སེམས་ལ། འདོད་ཆགས་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ས་སོ། །ཞེ་སྡང་དང་ལྡན་པའི་སེམས་ལ། ཞེ་སྡང་དངལྡན་པའི་སེམས་ཞེས་བྱ་བར་ཡང་ད་ག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྡང་དང་བྲལ་བའི་སེམས་ལ། ཞེ་སྡང་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཏི་མུག་དང་ལྡན་པའི་སེམས་ལ། གཏི་མུག་དང་ལྡན་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཏི་མུག་དང་བྲལ་བའི་སེམས་ལ། གཏི་མུག་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྲེད་པ་དང་ལྡན་པའི་སེམས་ལ། སྲེད་པ་དང་ལྡན་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་


DKG024_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་ཤེས་སོ། །སྲེད་པདང་བྲལ་བའི་སེམས་ལ། སྲེད་པ་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉེ་བར་ལེན་པ་དང་བཅས་པའི་སེམས་ལ། ཉེ་བར་ལེན་པ་དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉེ་བར་ལེན་པ་མྱེད་པའི་སེམས་ལ། ཉེ་བར་ལེན་པ་མྱེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཀུན་ནས་འདུས་པའི་སེམས་ལ་ཀུན་ནས་འདུས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ས་སོ། །རྣམ་པར་འཕྲོས་པའི་སེམས་ལ་རྣམ་པར་འཕྲོས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྒྱ་ཆུང་བའི་སེམས་ལ། རྒྱ་ཆུང་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྒྱ་ཆེ་བའི་སེམས་ལ། རྒྱ་ཆེ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཤོ་ཡངས་པའི་སེམས་ལ་ཡངས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚད་མེད་པའི་སེམས་ལ་ཚད་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཆ་མཉམ་པར་བཞག་པའི་སེམས་ལ་མཉམ་པར་བཞག་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མཉམ་པར་མ་བཞག་པའི་སེམས་ལ། མཉམ་པར་མ་བཞག་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་གྲོལ་བའི་སེམས་ལ། རྣམ་པར་གྲོལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་མ་གྲོལ་བའི་སེམས་ལ། རྣམ་པར་མ་གྲོལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཟག་པ་དང་བཅས་པའི་སེམས་ལ། ཟག་པ་དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཟག་པ་མྱེད་པའི་སེམས་ལ། ཟག་པ་མྱེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉོན་མོངས་པ་དང་བཅས་པའི་སེམས་ལ། ཉོན་མོངས་


DKG024_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉོན་མོངས་པ་མྱེད་པའི་སེམས་ལ། ཉོན་མོངས་པ་མྱེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བླ་ན་ཡོད་པའི་སེམས་ལ། བླ་ན་ཡོད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བླ་ན་མེད་པའི་སེམས་ལ། བླ་ན་མྱེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་ནི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ། སེམས་གཅིག་ཀྱང་རྗེས་སུ་དྲན་པ་ནས། སེམས་བརྒྱའི་བར་དུ་ཡང་རྗེས་སུ་དྲན་ནོ། །ཉི་མ་གཅིག་ཀྱང་རྗེས་སུ་དྲན་པ་ནས། ཉི་མ་བརྒྱའི་བར་དུ་ཡང་རྗེས་སུ་དྲན་ནོ། །ཟླ་བ་གཅིག་རྗེས་སུ་དྲན་པ་ནས། ཟླ་བ་བརྒྱའི་བར་དུ་ཡང་རྗེས་སུ་དྲན་ནོ། །ལོ་གཅིག་རྗེས་སུ་དྲན་པ་ནས། ལོ་བརྒྱའི་བར་དུ་ཡང་རྗེས་སུ་དྲན་ནོ། །བསྐལ་པ་གཅིག་རྗེས་སུ་དྲན་པ་ན་པ་ན་ས། བསྐལ་པ་བརྒྱའི་བར་དུ་ཡང་རྗེས་སུ་དྲན་ནོ། །བསྐལ་པ་བརྒྱ་ཕྲག་དུ་མ་ཡང་རྗེས་སུ་དྲན་ནོ། །བསྐལ་པ་སྟོང་ཕྲག་དུ་མ་ཡང་རྗེས་སུ་དྲན་ནོ། །བསྐལ་པ་བརྒྱ་སྟོང་ཕྲག་དུ་མ་ཡང་རྗེས་སུ་དྲན་ནོ། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཡང་རྗེས་སུ་དྲན་ཏོ། །བདག་ནི་དེ་ལྟ་བུ་ཞིག་ན་འདུག་འདུག་སྟེ། མྱིང་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། ཡུན་ནི་འདི་སྲིད་ཅིག་ཏུ་འདུག་འདུག །ཚེའི་མཐའ་ནི་འདི་ཙམ་ཅིག་ཏུ་གྱུར་ཏེ། དེ་ལྟར་བདག་དེ་ནས་ཤི་འཕོས་ནས། ཆེ་གེ་མོ་ཞིག་ཏུ་སྐྱེས་སོ་ཞེས་བྱ་བ་ནས། དེ་ནས་ཤི་འཕོས་ནས་ནི་འདིར་སྐྱེས་སོ་ཞེས་བྱ་བའི་བར་དུ་རྣམ་པ་དང་བཅས་གཏན་ཚིགས་དང་བཅས། དེ་ན་རྟགས་དང་བཅས་པར་བདག་དང་གཞན་གྱི་སྔོན་གྱི་གནས་རྣམ་པ་དུ་མར་རྗེས་སུ་དྲན་ན་ནོ། །དེ་ནི་ལྷའི་མྱིག་རྣམ་པར་དག་པ། མྱི་ལས་འདས་པས་སེམས་ཅན་འཆི་འཕོ་བ་དང་།


DKG024_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་དང་ཁ་དོག་སྡུག་པ་དང་། མྱི་སྡུག་པ་དང་། བཟང་བ་དང་། ངན་པ་དང་། ངན་སོང་ན་གནས་པ་དང་། བདེ་འགྲོ་ན་གནས་པད་ག་ཀྱང་རབ་ཏུ་ཤེས་ཏེ། སེམས་ཅན་འདི་དག་ནི་ལུས་ཀྱིས་ངན་དུ་སྤྱོད་པ་དང་ལྡན་པ། ངག་གིས་ངན་དུ་སྤྱོད་པ་དང་ལྡན་པ། ཡིད་ཀྱིས་ངན་དུ་སྤྱོད་པ་དང་ལྡན་པ་འཕགས་པ་རྣམས་ལ་སྐུར་པ་འདེབས་པ། ལོག་པར་ལྟ་བ་རྣམས་ཏེ། དེའི་རྒྱུ་དེའི་རྐྱེན་ཀྱིས་ལུས་ཞིག་ནས་ངན་སོང་དང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་དུ་སྐྱེའོ། །སེམས་ཅན་འདི་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། ངག་གིས་ལེགས་པར་སྤྱོད་པ་དང་ལྡན་པ། ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། འཕགས་པ་ལ་སྐུར་པ་མྱི་འདེབས་པ། ཡང་དག་པར་ལྟ་བ་རྣམས་ཏེ། དེའི་རྒྱུ་དེའི་རྐྱེན་ཀྱིས་ལུས་ཞིག་ནས། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷའི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། དེ་ལྟར་ཕྱོགས་བཅུ་ཀུན་ཀྱི་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མ། །ཁའི་མཐས་གཏུགས་པ་དག་གི་འགྲོ་བ་དྲུག་ཏུ་གཏོགས་པ་རྣམས་ཀྱི་སྐྱེ་བ་དང་། འཆི་འཕོ་བཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་མངོན་པར་ཤེས་པ་ལྔ་པོ་དེ་དག་ལ་རབ་ཏུ་གནས་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱ་བ་དང་། ཡོངས་སུ་དྲི་བ་དང་། ཡོངས་སུ་ཞུ་བ་དང་། དགེ་བའི་རྩ་བ་བསྩགས་པ་དང་། སེམས་ཅན་ཡོངས་སུ་སྨྱིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མྱི་སྡོའི། གཞན་དུ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ཞིང་། ཅི་ནས་ཀྱང་གང་ཡོངས་སུ་


DKG024_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སྔོ་བ་དང་། ཅི་ཡོངས་སུ་སྔོབ་དང་། གང་ལ་ཡོངས་སུ་བསྔོ་བའི་བློ་རྣམ་པ་གསུམ་དུ་མྱི་འགྱུར་བ་དེ་ལྟར་ཡོང་ས་སུ་སྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིནད་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་གྱི་ཕ་རོལད་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པས། གཟུགས་མྱི་དམྱིགས་སོ། །ཚོར་བ་མྱི་དམྱིགས་སོ། །འདུ་ཤེས་མྱི་ད་མྱིགས་སོ། །འདུ་བྱེད་མྱི་དམྱིགས་སོ། །རྣམ་པར་ཤེས་པ་མྱི་དམྱིགས་སོ། །མྱིག་མྱི་ད་མྱིགས་སོ། །རྣ་བ་མྱི་དམྱིགས་སོ། །སྣ་མྱི་དམྱིགས་སོ། །ལྕེ་མྱི་ད་མྱིགས་སོ། །ལུས་མྱི་དམྱིགས་སོ། །ཡིད་མྱི་དམྱིགས་སོ། །གཟུགས་མྱི་དམྱིགས་སོ། །སྒྲ་མྱི་དམྱིགས་སོ། །དྲི་མྱི་ད་མྱིགས་སོ། །རོ་མྱི་དམྱིགས་སོ། །རེག་མྱི་དམྱིགས་སོ། །ཆོས་མྱི་དམྱིགས་སོ། །མྱིག་གི་རྣམ་པར་ཤེས་པ་མྱི་དམྱིགས་སོ། །རྣ་བའི་རྣམ་པར་ཤེས་པ་མྱི་ད་མྱིགས་སོ། །སྣའི་རྣམ་པར་ཤེས་པ་མྱི་དམྱིགས་སོ། །ལྕེའི་རྣམ་པར་ཤེས་པ་མྱི་དམྱིགས་སོ། །ལུས་ཀྱི་རྣམ་པར་ཤེས་པ་མི་དམིགས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་མྱི་དམྱིགས་སོ། །མྱིག་གི་འདུས་ཏེ་རེག་པ་མྱི་དམྱིགས་སོ། །རྣ་བའི་འདུས་ཏེ་རེག་པ་མྱི་དམྱིགས་སོ། །སྣའི་འདུས་ཏེ་རེག་པ་མྱི་དམྱིགས་སོ། །ལྕེའི་འདུས་ཏེ་རེག་པ་མྱི་དམྱིགས་སོ། །ལུས་ཀྱི་འདུས་ཏེ་རེག་པ་མྱི་དམྱིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་མྱི་དམྱིགས་སོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་སོ། །རྣ་བའི་


DKG024_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་སོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་སོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་སོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མྱི་དམྱིགས་སོ། །སའི་ཁམས་མྱི་དམྱིགས་སོ། །ཆུའི་ཁམས་མྱི་དམྱིགས་སོ། །མྱེའི་ཁམས་མི་དམིགས་ས་སོ། །རླུང་གི་ཁམས་མྱི་དམྱིགས་སོ། །ནམ་མཁའི་ཁམས་མྱི་དམྱིགས་སོ། །རྣམ་པར་ཤེས་པའི་ཁམས་མྱི་དམྱིགས་སོ། །མ་རིག་པ་མྱི་དམྱིགས་སོ། །འདུ་བྱེད་མྱི་དམྱིགས་སོ། །རྣམ་པར་ཤེས་པ་མྱི་དམྱིགས་སོ། །མྱིང་དང་གཟུགས་མྱི་དམྱིགས་སོ། །སྐྱེ་མཆེད་དྲུག་མྱི་དམྱིགས་སོ། །རེག་པ་མྱི་དམྱིགས་སོ། །ཚོར་བ་མི་དམྱིགས་སོ། །སྲེད་པ་མྱི་དམྱིགས་སོ། །ལེན་པ་མྱི་དམྱིགས་སོ། །སྲིད་པ་མྱི་དམྱིགས་སོ། །སྐྱེ་བ་མྱི་དམྱིགས་སོ། །རྒ་ཤི་མྱི་དམྱིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་དམྱིགས་སོ། །ནང་སྟོང་པ་ཉིད་མྱི་དམྱིགས་སོ། །ཕྱི་སྟོང་པ་ཉིད་མྱི་དམྱིགས་སོ། །ཕྱི་ནང་སྟོང་པ་ཉིད་མྱི་དམྱིགས་སོ། །སྟོང་པ་ཉིད་སྟོང་པ་ཉིད་མྱི་དམྱིགས་སོ། །ཆེན་པོ་སྟོང་པ་ཉིད་མྱི་དམྱིགས་སོ། །དོན་དམ་པ་སྟོང་པ་ཉིད་མྱི་དམྱིགས་སོ། །འདུསབྱས་སྟོང་པ་ཉིད་མྱི་དམྱིགས་སོ། །འདུས་མ་བྱས་སྟོང་པ་ཉིད་མྱི་དམྱིགས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་མྱི་དམྱིགས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་མྱི་ད་མྱིགས་སོ། །རང་བཞིན་སྟོང་པ་ཉིད་མྱི་དམྱིགས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་མྱི་དམྱིགས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་མྱི་དམྱིགས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་མྱི་


DKG024_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དམྱིགས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་མྱི་དམྱིགས་སོ། །ངོ་བོ་ཉིད་སྟོང་པ་ཉིད་མྱི་དམྱིགས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱི་དམྱིགས་སོ། །དྲན་པ་ཉེ་བར་གཞག་པ་བཞི་མྱི་ད་མྱིགས་སོ། །ཡང་དག་པར་སྤོང་བ་བཞི་མྱི་དམྱིགས་སོ། །རྫུ་འཕྲུལ་གྱི་རྐང་པ་བཞི་མྱི་དམྱིགས་སོ། །དབང་པོ་ལྔ་མྱི་དམྱིགས་སོ། །སྟོབས་ལྔ་མྱི་དམྱིགས་སོ། །བྱང་ཆུབ་ཀྱི་ཡན་ལག་བདུན་མྱི་དམྱིགས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱི་དམྱིགས་སོ། །འཕགས་པའི་བདེན་པ་བཞི་མྱི་དམྱིགས་སོ། །བསམ་གཏན་བཞི་མྱི་དམྱིགས་སོ། །ཚད་མེད་པ་བཞི་མྱི་དམྱིགས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་མྱི་ད་མྱིགས་སོ། །རྣམ་པར་ཐར་པ་བརྒྱད་མྱི་དམྱིགས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མྱི་དམྱིགས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་མྱི་དམྱིགས་སོ། །མངོན་པར་ཤེས་པ་རྣམས་མྱི་དམྱིགས་སོ། །ཏིང་ངེ་འཛིན་རྣམས་མྱི་དམྱིགས་སོ། །གཟུངས་ཀྱི་སྒོ་རྣམས་མྱི་དམྱིགས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་མྱི་དམྱིགས་སོ། །མྱི་འཇིགས་པ་བཞི་མྱི་དམྱིགས་སོ། །སོ་སོ་ཡང་དག་པར་རིག་པ་བཞི་མྱི་དམྱིགས་སོ། །སྙིང་རྗེ་ཆེན་པོ་མྱི་དམྱིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མྱི་དམྱིགས་སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་མྱི་དམྱིགས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མྱི་དམྱིགས་སོ། །ཕྱིར་མི་འོང་བའི་འབྲས་བུ་མྱི་དམྱིགས་སོ། །དགྲ་བཅོམ་པ་ཉིད་མྱི་དམྱིགས་སོ། །རང་བྱང་ཆུབ་མྱི་ད་མྱིགས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མྱི་དམྱིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱི་དམྱིགས་སོ། །འདུས་བྱས་ཀྱི་ཁམས་མྱི་དམྱིགས་སོ། །འདུས་མ་བྱས་ཀྱི་ཁམས་མྱི་དམྱིགས་སོ། །དེ་ལྟར་མྱི་དམྱིགས་པས་ན། མངོན་པར་འདུ་མྱི་བྱེད་དོ། །མངོན་པར་འདུ་མྱི་བྱེད་པས་ན། སྐྱེ་བར་མྱི་བྱེད། འགག་པར་མྱི་བྱེད་དོ། །


DKG024_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཀྱི་གནས་ཉིད་དེ་ནི་གནས་པ་སྟེ། ཆོས་ཀྱི་དབྱིངས་དེ་བཞིན་གནས་པའི་ཕྱིར། དེ་མྱི་སྐྱེ་མྱི་འགག་པས། དེ་གཡེང་བ་མྱེད་པའི་སེམས་དང་ལྡན་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དང་མ་བྲལ་བ་ཡིན་ཏེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་སྟོང་པའོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ང་ངོ་། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་སྟོང་པའོ་ཞེས་བགྱི་བར་ཡང་དག་པར་རྗེས་སུ་མཐོང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ན་ང་སྟོང་པ་ཉིད་ལ་ནང་སྟོང་པ་ཉིད་ཅེས་བྱ་བར་མྱི་དམྱིགས་ས་སོ། །ཕྱི་སྟོང་པ་ཉིད་ལ་ཕྱི་སྟོང་པ་ཉིད་ཅེས་བྱ་བར་མྱི་དམྱིགས་སོ། །ཕྱི་ནང་སྟོང་པ་ཉིད་ལ་ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བར་མྱི་དམྱིགས་སོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བར་མྱི་དམྱིགས་སོ། །ཆེན་པོ་སྟོང་པ་ཉིད་ལ་ཆེན་པོ་སྟོང་པ་ཉིད་ཅེས་བྱ་བར་མྱི་དམྱིགས་སོ། །དོན་དམ་པ་སྟོང་པ་ཉིད་ལ་དོན་


DKG024_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་སྟོང་པ་ཉིད་ཅེས་བྱ་བར་མྱི་དམྱིགས་སོ། །འདུས་བྱས་སྟོང་པ་ཉིད་ལ་འདུས་བྱས་སྟོང་པ་ཉིད་ཅེས་བྱ་བར་མྱི་དམྱིགས་སོ། །འདུས་མ་བྱས་སྟོང་པ་ཉིད་ལ་འདུས་མ་བྱས་སྟོང་པ་ཉིད་ཅེས་བྱ་བར་མྱི་དམྱིགས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱ་བར་མྱི་དམྱིགས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཅེས་བྱ་བར་མྱི་དམྱིགས་སོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་དོར་བ་མྱེད་པ་སྟོང་པ་ཉིད་ཅེས་བྱ་བར་མྱི་དམྱིགས་སོ། །རང་བཞིན་སྟོང་པ་ཉིད་ལ་རང་བཞིན་སྟོང་པ་ཉིད་ཅེས་བྱ་བར་མྱི་དམྱིགས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བར་མི་དམྱིགས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱ་བར་མྱི་དམྱིགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དསྟོང་པ་ཉིད་བཅུ་བཞི་པོ་དེ་དག་ལ་གནས་ཤིང་། གཟུགས་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཚོར་བ་སྟོང་ཞེས་བྱ་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །འདུ་ཤེས་སྟོང་ཞེས་བྱ་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །འདུ་བྱེད་སྟོང་ཞེས་བྱ་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རྣམ་པར་ཤེས་པ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །མྱིག་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རྣ་བ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །སྣ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ལྕེ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ལུས་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཡིད་སྟོང་ཞེས་བྱ་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །གཟུགས་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་


DKG024_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དམྱིགས་སོ། །སྒྲ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམིགས་སོ། །དྲི་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་ད་མྱིགས་སོ། །རོ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རེག་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་ད་མྱིགས་སོ། །ཆོས་སྟོང་ཞེས་བྱ་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །མྱིག་གི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རྣ་བའི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །སྣའི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་ད་མྱིགས་སོ། །ལྕེའི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ལུས་ཀྱི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །མྱིག་གི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རྣ་བའི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །སྣའི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ལྕེའི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ལུས་ཀྱི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །མྱིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་ཞེས་བྱ་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ལྕེའི་


DKG024_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་ཞེས་བྱ་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །སའི་ཁམས་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཆུའི་ཁམས་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །མེའི་ཁམས་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རླུང་གི་ཁམས་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ནམ་མཁའི་ཁམས་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རྣམ་པར་ཤེས་པའི་ཁམས་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །མ་རིག་པ་སྟོང་ཞེས་བྱ་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །འདུ་བྱེད་སྟོང་ཞེས་བྱ་བྱ་བའམ། མི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རྣམ་པར་ཤེས་པ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །མྱིང་དང་གཟུགས་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །སྐྱེ་མཆེད་དྲུག་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རེག་པ་སྟོང་ཞེས་བྱ་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཚོར་བ་སྟོང་ཞེས་བྱ་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །སྲེད་པ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ལེན་པ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །སྲིད་པ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །སྐྱེ་བ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རྒ་ཤི་སྟོང་ཞེས་བྱ་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །སྦྱིན་པའི་ཕ་རོལད་ཏུ་ཕྱིན་པ་སྟོང་ཞེས་བྱ་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་


DKG024_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱིན་པ་སྟོང་ཞེས་བྱ་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བྱ་བའམ། མི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ནང་སྟོང་པ་ཉིད་སྟོང་ཞེས་བྱ་བྱ་བའམ། མི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཕྱི་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཕྱི་ནང་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །སྟོང་པ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཆེན་པོ་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །དོན་དམ་པ་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །འདུས་བྱས་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །འདུས་མ་བྱས་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམིགས་སོ། །དོར་བ་མེད་པ་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རང་བཞིན་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་ད་མྱིགས་སོ། །མྱི་དམྱིགས་པ་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་ད་མྱིགས་སོ། །དངོས་པོ་མྱེད་པ་སྟོང་པ་ཉིད་སྟོང་ཞེས་བྱ་བ་


DKG024_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

འམ། མྱི་སྟོང་ཞེས་བྱ་བར་མྱི་ད་མྱིགས་སོ། །ངོ་བོ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །དྲན་པ་ཉེ་བར་གཞག་པ་བཞི་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་ད་མྱིགས་སོ། །ཡང་དག་པར་སྤོང་བ་བཞི་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རྫུ་འཕྲུལ་གྱི་རྐང་པ་བཞི་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །དབང་པོ་ལྔ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །སྟོབས་ལྔ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །བྱང་ཆུབ་ཀྱི་ཡན་ལག་བདུན་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །འཕགས་པའི་བདེན་པ་བཞི་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །བསམ་གཏན་བཞི་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཚད་མྱེད་པ་བཞི་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རྣམ་པར་ཐར་པ་བརྒྱད་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མྱེད་པ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །མངོན་པར་ཤེས་པ་རྣམས་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཏིང་ངེ་འཛིན་རྣམས་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །གཟུངས་ཀྱི་


DKG024_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་རྣམས་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །མྱི་འཇིགས་པ་བཞི་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །སོ་སོ་ཡང་དག་པར་རིག་པ་བཞི་སྟོང་ཞེས་བྱ་བྱ་བའམ། མི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །སྙིང་རྗེ་ཆེན་པོ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མི་དམྱིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །ཕྱིར་མྱི་འོང་བའི་འབྲས་བུ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །དགྲ་བཅོམ་པ་ཉིད་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །རང་བྱང་ཆུབ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མི་དམིགས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །འདུས་བྱས་ཀྱི་ཁམས་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་སོ། །འདུས་མ་བྱས་ཀྱི་ཁམས་སྟོང་ཞེས་བྱ་བའམ། མྱི་སྟོང་ཞེས་བྱ་བར་མྱི་དམྱིགས་ཏེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་ཅིང་ཟས་སམ། སྐོམ་མམ། བཞོནཔའམ། གོས་སམ། མེ་ཏོག་གམ། ཕྲེང་བའམ། སྤོས་སམ། བྱུག་པའམ། མལ་ཆའམ། གནས་སམ། འཚོ་བའམ། ཡོ་བྱད་དམ། མྱིའི་ཡོ་བྱད་གཞན་གང་ཡང་རུང་བ་སྦྱིན་པ་གང་དང་གང་གཏོང་ཡང་དེས་སྦྱིན་པ་དེ་སྟོང་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ངོ་། །གང་ཡོངས་སུ་གཏོང་བ་དང་། གང་ལ་ཡོངས་སུ་གཏོང་བ་དེ་ཡང་སྟོང་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་སྟེ། དེ་ལ་འཇུངས་པའི་སེམས་སམ། ཡོངས་སུ་


DKG024_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའི་སེམས་ཀྱི་སྐབས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའསེམས་དཔའ་ཆེན་པོ་ལ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་རྣམ་པར་རྟོག་པ་དེ་ད་ག་ཐམས་ཅད་མེད་དེ། དེ་བཞིན་གཤེགས་པདགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་ལ་ཇི་ལྟར་འཇུངས་པའི་ཐུགས་སམ། ཡོངས་སུ་འཛིན་པའི་ཐུགས་མི་མངའ་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་ཡང་འཇུངས་པའི་སེམས་སམ། ཡོངས་སུ་འཛིན་པའི་སེམས་སྐྱེ་བ་མྱེད་དོ། །འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྟོན་པའོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་ཀྱི་གོ་སྐབས་མྱི་འབྱདདོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་གང་དུ་ཡོངས་སུ་སྔོ་བ་དེ་ལྟ་བུའི་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ཡང་མྱི་དམྱིགས། སེམས་དེ་ཡང་མྱི་དམྱིགས་ཏེ། དེ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་བདག་གིས་ཀྱང་སྲོག་གཅོད་པ་སྤངས་པ་ཡིན།


DKG024_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་སྲོག་གཅོད་པ་སྤོང་བ་ལ་ཡང་དག་པར་སྐུལབ་ཡིན། སྲོག་གཅོད་པ་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་སྲོག་གཅོད་པ་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་མ་བྱིན་པར་ལེན་པ་སྤངས་པ་ཡིན། གཞན་ཡང་མ་བྱིན་པར་ལེན་པ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། མ་བྱིན་པར་ལེན་པ་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་མ་བྱིན་པར་ལེན་པ་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་འདོད་པས་ལོག་པར་གཡེམ་པ་སྤངས་པ་ཡིན། གཞན་ཡང་འདོད་པས་ལོག་པར་གཡེམ་པ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། འདོད་པས་ལོག་པར་གཡེམ་པ་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་འདོད་པས་ལོག་པར་གཡེམ་པ་སྤངས་པ་དེ་དག་གི་ལེགས་པ་རྫོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བ་དག་གིས་ཀྱང་བརྫུན་དུ་སྨྲ་བ་སྤངས་པ་ཡིན། གཞན་ཡང་བརྫུན་དུ་སྨྲ་བ་སྤོང་བ་ལ་ཡང་དག་པར་སྐྲུལ་བ་ཡིན། བརྫུན་དུ་སྨྲ་བ་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་བརྫུན་དུ་སྨྲ་བ་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ཕྲ་མ་སྤངས་པ་ཡིན། གཞན་ཡང་ཕྲ་མ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ཕྲ་མ་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་ཕྲ་མ་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ཞེ་གཅོད་པའི་ཚིག་སྤང་ས་པ་ཡིན། གཞན་ཡང་ཞེ་གཅོད་པའི་ཚིག་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ཞེ་གཅོད་པའི་ཚིག་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་ཞེ་གཅོད་པའི་ཚིག་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ཚིག་ཀྱལ་པ་སྤངས་པ་ཡིན། གཞན་ཡང་ཚིག་ཀྱལ་པ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ཚིག་ཀྱལ པ་སྤོང་བའི་ལེགས་པ་རྗོད་པ་


DKG024_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། གཞན་གང་གིས་ཚིག་ཀྱལ་པ་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ཆགས་སེམས་སྤངས་པ་ཡིན། གཞན་ཡང་ཆགས་སེམས་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ཆགས་སེམས་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་ཆགས་སེམས་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་གནོད་སེམས་སྤངས་པ་ཡིན། གཞན་ཡང་གནོད་སེམས་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། གནོད་སེམས་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་གནོད་སེམས་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ལོག་པར་ལྟ་བ་སྤངས་པ་ཡིན། གཞན་ཡང་ལོག་པར་ལྟ་བ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ལོག་པར་ལྟ་བ་སྤོང་བའི་ལེགས་པ་རྗོད་པ་ཡིན། གཞན་གང་གིས་ལོག་པར་ལྟ་བ་སྤངས་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན་ཏེ། ཚུལ་ཁྲིམས་དེས་ཉན་ཐོས་སམ། རང་སངས་རྒྱས་ཀྱི་ཆོས་གང་ལ་ཡང་ཆགས་པར་མི་འགྱུར་ན། གཞན་མན་ཆད་ལྟཅི་སྨོས་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། རྗེས་སུ་མཐུན་པའི་བཟོད་པ་སྐྱེས་ཏེ། དེ་འདི་སྙམ་དུ་འདི་ལ་ཆོས་གང་ཡང་སྐྱེ་བའམ། འགག་པའམ། འབྱུང་བའམ། འཇིག་པའམ། འཆི་བའམ། གཤེ་བའམ།


DKG024_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱལ་བའམ། གཅདཔའམ། གཏུབ་པའམ། བརྡེག་པ་མྱེད་དོ་སྙམ་པས་དེ་ལ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་གལ་ཏེ་སེམས་ཅན་ཐམས་ཅད་དྲུང་དུ་ལྷགས་ནས་སྤྱོས་ཏེ། བཀྱལ་ཏམ། རྡོ་དབྱུག་གིས་བརྡེགས་སམ། མཚོན་གྱིས་བཏབ་སྟེ་བཅད་གཏུབས་ཀྱང་དེ་ལ་འདི་སྙམ་སྟེ། ཀྱེ་མ་ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་ངོ་མཚར་ཆེ་སྟེ། འདི་ལ་ཆོས་གང་ལ་ཡང་སྤྱོ་བའམ། བཀྱལ་བའམ། བཅདཔའམ། གཏུབ་པའམ། བརྡེག་པའམ། བཅིང་བ་མྱེད་དོ་སྙམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས་ཏེ། ཐབས་མཁས་པ་དང་ལྡན་པས། ལུས་དང་སེམས་ཀྱི་བརྩོན་འགྲུས་བསྐྱེད་དེ། འཇིག་རྟེན་གྱི་ཁམས་གཅིག་གག་མ། འཇིག་རྟེན་གྱི་ཁམས་བརྒྱའམ། འཇིག་རྟེན་གྱི་ཁམས་སྟོང་ངང་མ། འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་སྟོང་ངང་མ། འཇིག་རྟེན་གྱི་ཁམས་བྱེ་བའམ། འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱའམ། འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་ངང་མ། འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་ཕྲགསྟོང་ངང་མ། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དག་དུ་སོང་སྟེ། སེམས་ཅན་རྣམས་ལ་ཆོས་སྟོན་ཅིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འགོད་ད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འགོད་ད་དོ། །བཟོད་པའི་ཕ་རོལ་ཏུ་


DKG024_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་ལ་རབ་ཏུ་འགོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུའགོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འགོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འགོད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་རབ་ཏུ་འགོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་འགོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་འགོད་ད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་རབ་ཏུ་འགོད་དོ། །དགྲ་བཅོམ་པ་ཉིད་ལ་རབ་ཏུ་འགོད་དོ། །རང་བྱང་ཆུབ་ལ་རབ་ཏུ་འགོད་ད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་འགོད་དོ། །དེ་ཡང་ཅི་ནས་ཀྱང་འདུས་བྱས་ཀྱི་ཁམས་ལ་རབ་ཏུ་བཀོད་པ་ཡང་མ་ཡིན། འདུས་མ་བྱས་ཀྱི་ཁམས་ལ་རབ་ཏུ་བཀོད་པ་ཡང་མ་ཡིན་པ་དེ་ལྟར་རབ་ཏུ་འགོད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་མ་གཏོགས་པར་ཉན་ཐོས་ཀྱི་ཏིང་ངེ་འཛིན་ཏམ། རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་ཏ་མ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཀྱང་རུང་སྟེ། ཏིང་ངེ་འཛིན་གང་ཇི་སྙེད་པ་དེ་དག་ཐམས་ཅད་ལ་སྙོམས་པར་འཇུག་སྟེ། ཏིང་ངེ་འཛིན་དེ་དག་ལ་གནས་ཤིང་། རྣམ་པར་ཐར་པ་བརྒྱད་ལ་ལུགས་དང་མཐུན་པ་དང་། ལུགས་དང་མྱི་མཐུན་པར་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་ངོ་། །བརྒྱད་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་


DKG024_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོ་གཟུགས་ཅན་གྱིས་གཟུགས་རྣམས་མཐོང་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མྱེད་པའིའདུ་ཤེས་དང་ལྡན་པས་ཕྱི་རོལ་གྱི་གཟུགས་རྣམས་མཐོང་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །བཟང་བར་མོས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མྱི་བྱེད་པས། ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བཞི་པའོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་ཏེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་ལྔ་པའོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཆུང་ཟད་མ་ཡོད་དོ་ཞེས་ཆུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་དྲུག་པའོ། །དེ་རྣམ་པ་ཐམས་ཅད་དུ་ཆུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བདུན་པའོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་། ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པ་སྟེ། དེ་ལྟར་ན་རྣམ་པར་ཐར་པ་བརྒྱད་པོ་འདི་དག་ལ་ལུགས་དང་མཐུན་པ་དང་། ལུགས་དང་མྱི་མཐུན་པར་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་ངོ་། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པར་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་སྟེ། དགུ་གང་ཞེ་ན། རབ་འབྱོར་


DKG024_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། འདོད་པས་དབེན་སྡིག་ཏོ་མྱི་དགེ་བའི་ཆོས་ཀྱིས་དབེན་པ་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པད་བེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་། རྣམ་པ་རདཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པ་ས། རྟོག་པ་མྱེད་པ། དཔྱོད་པ་མྱེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་སུ་གནས་ཏེ། བདེ་བ་ལུས་ཀྱིས་རྨྱོངལ་འཕགས་པ་རྣམས་ཀྱི་ས་དེ་ལ་དྲན་པ་དང་ལྡན་པ་བདེ་བ་ལ་རྣམ་པར་སྤྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མྱེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས། སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས་བདེ་བ་ཡང་མྱེད་སྡུག་བསྔལ་བ་ཡང་མྱེད་པ་བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པ་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མྱི་བྱེད་པས། ནམ་མཁའ་མཐའ་ཡས་ས་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་ས་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཆུང་ཟད་མ་ཡོད་དོ་ཞེས་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལཉེ་བར་བསྒྲུབས་


DKG024_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་ས་སོ། །དེ་ལྟར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་ལ་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པར་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་ངོ་། །དེ་རྣམ་པར་ཐར་པ་བརྒྱད་པོ་དེ་དག་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་རྣམ་པར་ཕྱེ་ཞིང་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་འདི་ལ་སྙོམས་པར་འཇུག་གོ །ཆཏིང་ངེ་འཛིན་དེ་ལ་གནས་ནས། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ལུགས་དང་མཐུན་པ་དང་། ལུགས་དང་མྱི་མཐུན་པ་ལ་སོ་སོར་རྟོག་ག་གོ །དེ་ལ་ཡན་ལག་བཅུ་གཉིས་གང་དག་ཅེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་རིག་པའི་རྐྱེན་ཀྱིས་འདུ་བྱེད་ཅེས་སོ་སོར་རྟོག་གོ །འདུ་བྱེད་ཀྱི་རྐྱེན་ཀྱིས་རྣམ་པར་ཤེས་པ་ཞེས་སོ་སོར་རྟོག་ག་གོ །རྣམ་པར་ཤེས་པའི་རྐྱེན་ཀྱིས་མྱིང་དང་གཟུགས་ཞེས་ས་སོར་རྟོག་གོ །མྱིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་སོ་སོར་རྟོག་གོ །སྐྱེ་མཆེད་དྲུག་གི་རྐྱེན་ཀྱིས་རེག་པ་ཞེས་སོ་སོར་རྟོག་ག་གོ །རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་སོ་སོར་རྟོག་གོ །ཚོར་བའི་རྐྱེན་ཀྱིས་སྲེད་པ་ཞེས་སོ་སོར་རྟོག་ག་གོ །སྲེད་པའི་རྐྱེན་ཀྱིས་ལེན་པ་ཞེས་སོ་སོར་རྟོག་གོ །ལེན་པའི་རྐྱེན་ཀྱིས་སྲིད་པ་ཞེས་སོ་སོར་རྟོག་གོ །སྲིད་པའི་རྐྱེན་ཀྱིས་སྐྱེ་བ་ཞེས་སོ་སོར་རྟོག་གོ །སྐྱེ་བའི་རྐྱེན་ཀྱིས་རྒ་ཤི་ཞེས་སོ་སོར་རྟོག་གོ །རྒ་ཤིའི་རྐྱེན་ཀྱིས་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་ལ་སོ་སོར་རྟོག་པར་བྱེད་ཅིང་། འདི་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིག་པོ་འདི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་སོ་སོར་རྟོག་གོ །རྒ་ཤི་མྱེད་ན་


DKG024_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མྱི་བདེ་བ་དང་། འཁྲུག་པ་དང་། སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིག་པོ་རྣམས་འབྱུང་བར་མྱི་འགྱུར་རོ་ཞེས་སོ་སོར་རྟོག་ཅིང་། སྐྱེ་བ་མེད་ན་རྒ་ཤི་འབྱུང་བར་མྱི་འགྱུར་རོ། །ཞེས་སོ་སོར་རྟོག་ག་གོ །སྲིད་པ་མྱེད་ན་སྐྱེ་བ་འབྱུང་བར་མྱི་འགྱུར་རོ་ཞེས་སོ་སོར་རྟོག་གོ །ལེན་པ་མྱེད་ན་སྲིད་པ་འབྱུང་བར་མྱི་འགྱུར་རོ་ཞེས་ས་སོར་རྟོག་གོ །སྲེད་པ་མེད་ན་ལེན་པ་འབྱུང་བར་མྱི་འགྱུར་རོ་ཞེས་སོ་སོར་རྟོག་གོ །ཚོར་བ་མྱེད་ན་སྲེད་པ་འ་བྱུང་བར་མྱི་འགྱུར་རོ་ཞེས་སོ་སོར་རྟོག་གོ །རེག་པ་མྱེད་ན་ཚོར་བ་འབྱུང་བར་མྱི་འགྱུར་རོ་ཞེས་སོ་སོར་རྟོག་གོ །སྐྱེ་མཆེད་དྲུག་མྱེད་ན་རེག་པ་འབྱུང་བར་མྱི་འགྱུར་རོ་ཞེས་སོ་སོར་རྟོག་གོ །མྱིང་དང་གཟུགས་མེད་ན་སྐྱེ་མཆེད་དྲུག་འབྱུང་བར་མྱི་འགྱུར་རོ་ཞེས་སོ་སོར་རྟོག་གོ །རྣམ་པར་ཤེས་པ་མྱེད་ན་མྱིང་དང་གཟུགས་འབྱུང་བར་མྱི་འགྱུར་རོ་ཞེས་སོ་སོར་རྟོག་གོ །འདུ་བྱེད་མེད་ན་རྣམ་པར་ཤེས་པ་འབྱུང་བར་མྱི་འགྱུར་རོ་ཞེས་སོ་སོར་རྟོག་གོ །མ་རིག་པ་མེད་ན་འདུ་བྱེད་འབྱུང་བར་མི་འགྱུར་རོ་ཞེས་སོ་སོར་རྟོག་ཅིང་། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཤིགཔོ་འདི་འགག་པར་འགྱུར་རོ་ཞེས་སོ་སོར་རྟོག་གོ །དེ་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་ལུགས་དང་མཐུན་པ་དང་། ལུགས་དང་མྱི་མཐུན་པ་ལ་སོ་སོར་རྟོག་ཅིང་། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་བར་བྱེད་དོ། །དེ་ཡང་ཅི་ལྟ་བུ་ཞིག་སྔོ་བར་བྱེད་པ་དང་། ཅི་ལྟར་བསྔོ་བར་བྱ་བ་དང་། གང་ཏུ་བསྔོ་བར་བྱ་བ་གསུམ་གྱི་བློ་མྱི་འབྱུང་བ་དེ་ལྟར་སྔོ་བར་བྱེད་དོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་


DKG024_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་སེང་གེ་རྣམ་པར་བསྒྱིངས་པ་དེ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། འདོད་པས་དབེན་སྡིག་ཏོ་མྱི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་དང་པོ་ལས་ལངས་ནས། བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་གཉིས་པ་ལས་ལངས་ནས། བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་གསུམ་པ་ལས་ལངས་ནས་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་ག་གོ །བསམ་གཏན་བཞི་པ་ལས་ལངས་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས་ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །ཆུང་ཟད་མེད་པའི་སྐྱེ་མཆེད་ལས་ལངས་ནས་འདུ་ཤེས་མྱེད་འདུ་ཤེས་མྱེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །འདུ་ཤེས་མྱེད་འདུ་ཤེས་མེད་མྱིན་སྐྱེ་མཆེད་ལས་ལངས་ནས་འགོག་པ་ལ་སྙོམས་པར་འཇུག་ག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། འདུ་ཤེས་མེད་འདུ་ཤེས་མེད་མྱིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ལས་ལངས་ནས། ཆུང་ཟད་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །ཆུང་ཟད་མྱེད་པའི་སྐྱེ་མཆེད་ལས་ལངས་ནས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས། བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ །


DKG024_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་བཞི་པ་ལས་ལངས་ནས། བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་གསུམ་པ་ལས་ལངས་ནས། བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་གཉིས་པ་ལས་ལངས་ནས། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་སྟེ། དེ་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་འདི་རྣམ་པར་སྨྱིན་པར་བྱས་ནས། ཐོད་རྒལ་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་ཐོད་རྒལགང་ཞེ་ན། རབ་འབྱོར་འདི་ལབྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། འདོད་པས་དབེན་སྡིག་ཏོ་མྱི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་དང་པོ་ལས་ལངས་ནས། བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་གཉིས་པ་ལས་ལངས་ནས། བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་གསུམ་པ་ལས་ལངས་ནས། བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་བཞི་པ་ལས་ལངས་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །ཆུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་ཉེ་


DKG024_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསྒྲུབས་ཏེ་གནས་སོ། །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས། འདུ་ཤེས་དང་ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་ས་སོ། །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །བསམ་གཏན་དང་པོ་ལས་ལངས་ནས། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་གཉིས་པ་ལས་ལངས་ནས། འགོག་པའི་རྦྷོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་གསུམ་པ་ལས་ལངས་ནས། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་བཞི པ་ལས་ལངས་ནས། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་ག་གོ །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། ཆུང་ཟད་མྱེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །ཆུང་ཟད་མྱེད་པའི་སྐྱེ་


DKG024_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། འདུ་ཤེས་མེད་འདུ་ཤེས་མེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །འདུ་ཤེས་མེད་འདུ་ཤེས་མེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་སུ་བྱེད་དོ། །མཉམ་པར་མ་བཞག་པའི་སེམས་ལས། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་ལ་གནས་སོ། །མཉམ་པར་མ་བཞག་པའི་སེམས་ལས། འདུ་ཤེས་མྱེད་འདུ་ཤེས་མེད་མྱིན་སྐྱེ་མཆད་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་ལ་གནས་སོ། །མཉམ་པར་མ་བཞག་པའི་སེམས་ལས། ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །ཆུང་ཟད་མྱེད་པའི་སྐྱེ་མཆེད་ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་ལ་གནས་སོ། །མཉམ་པར་མ་བཞག་པའི་སེམས་ལས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་ལ་གནས་སོ། །མཉམ་པར་མ་བཞག་པའི་སེམས་ལས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་ལ་གནས་སོ། །མཉམ་པར་མ་བཞག་པའི་སེམས་ལས། བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་བཞི་པ་


DKG024_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་སུ་བྱེད་དོ། །མཉམ་པར་མ་བཞག་པའི་སེམས་ལས། བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་གསུམ་པ་ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་སུ་བྱེད་དོ། །མཉམ་པར་མ་བཞག་པའི་སེམས་ལས། བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་གཉིས་པ་ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་སུ་བྱེད་དོ། །མཉམ་པར་མ་བཞག་པའི་སེམས་ལས། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །བསམ་གཏན་དང་པོ་ལས་ལངས་ནས། མཉམ་པར་མ་བཞག་པའི་སེམས་སུ་བྱེད་དོ། །དེ་ཐོད་རྒལ་གྱི་རྟིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་མཉམ་པ་ཉིད་རྗེས་སུ་ཐོབ་པར་བྱེད་དེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་ལྔ་བཅུ་གཉིས་སོ།། །།


no previousང་གཉིས་པ། མི་ཟད་པའི་ལེའུ། སྨད་ཆ།next