Nitartha Digital Library
Tibetan
 
previousང་བདུན་པ། སྦྱིན་པའི་ལེའུ།next

ང་བདུན་པ། སྦྱིན་པའི་ལེའུ།


DKG024_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། ཚུལ་ཁྲིམས་སྲུང་སྟེ། དེ་ལ་འདོད་ཆགས་ཀྱི་སེམས་སྒྲིབ་པར་མྱི་འགྱུར། ཞེ་སྡང་སྒྲིབ་པར་མི་འགྱུར། གཏི་མུག་སྒྲིབ་པར་མྱི་འགྱུར། བག་ལ་ཉལ་བ་སྒྲིབ་པར་མྱི་འགྱུར། ཀུན་ནས་ལྡང་བ་སྒྲིབ་པར་མྱི་འགྱུར་ཏེ། མྱི་དགེ་བའི་ཆོསགཞན་བྱང་ཆུབ་ཀྱི་བགེགས་སུ་འགྱུར་བ་འདི་ལྟ་སྟེ། སེར་སྣའམ། ཚུལ་ཁྲིམས་ངན་པའམ། འཁྲུག་པའི་སེམས་སམ། ལེ་ལོའི་སེམས་སམ། བརྩོན་འགྲུས་ཆུང་བའི་སེམས་སམ། གཡེང་བའི་སེམས་སམ། ཤེས་རབ་འཆལ་པའི་སེམས་སམ། ང་རྒྱལ་ལམ། བརྙས་པའམ། ཆེ་བའི་ང་རྒྱ་ལ་ལ་མ། ངའི་ང་རྒྱལ་ལམ། ཉན་ཐོས་ཀྱི་སེམས་སམ། རང་སངས་རྒྱས་ཀྱི་སེམས་


DKG024_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀྱང་སྒྲིབ་པར་མྱི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་ཤིང་། ཆོས་ཐམས་ཅད་མྱེད་པ་དང་། མ་བྱུང་བ་དང་། ཡོངས་སུ་མ་རྫོགས་པདང་། མངོན་པར་མ་གྲུབ་པར་མཐོང་སྟེ། ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ལ་འཇུག་ན། ཡང་ཆོས་ཐམས་ཅད་ནི་ནུས་པ་གང་ཡང་མྱེད་པའོ་ཞེས་བྱ་བར་འདུ་བྱེད་མྱེད་པའི་མཚན་ཉིད་ཀྱིས་འཇུག་སྟེ། དེ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པས་ན། དགེ་བའི་རྩ་བས་རྣམ་པར་འཕེལ་བར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ད་དེ། དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཀྱང་གཞན་དུ་ན། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་གཏོགས་པ་ར། ཚུལ་ཁྲིམས་ཀྱི་འབྲས་བུ་གང་འཁོར་བར་ཡོངས་སུ་སྤྱད་པར་བྱ་བ་དེ་ལྟ་བུའི་འབྲས་བུ་ལ་སྨོན་པ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་ལྔ་བཅུ་བདུན་ནོ།། །།


previousང་བདུན་པ། སྦྱིན་པའི་ལེའུ།next