Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཉེར་ལྔ་པ།


   
   
   
   
   
རེ་དྲུག་པ། མི་དམིགས་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྲིན་ལས་སྟོན་པའི་ལེའུ།
   
   
   
   
   
   


 
previousརེ་དྲུག་པ། མི་དམིགས་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྲིན་ལས་སྟོན་པའི་ལེའུ།next

རེ་དྲུག་པ། མི་དམིགས་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྲིན་ལས་སྟོན་པའི་ལེའུ།


DKG025_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གསུམ་པ། དེ་ནས་ཚེ་དང་ལྡན་པ་རབ་འབྱོརད་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིནད་པ་དྲུག་ལ་སྦྱོད་པ་དང་། སྟོང་པ་ཉིད་བཅུ་བཞི་ལ་སྦྱད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སྤྱོད་པ་དང་། རྣཱམ་པར་ཐར་པའི་སྒོ་གསུམ་ལ་སྦྱོད་པ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་ལ་སྦྱད་པ་དང་། འཕགས་པའི་བདེན་པ་བཞི་ལ་སྤྱོད་པ་དང་། མངོན་པར་ཤེ་ས་པ་རྣམས་ལ་སྤྱོད་པ་དང་། ཏིང་ངེ་འཛིན་རྣམས་ལ་སྤྱོད་པ་དང་། གཟུངས་ཀྱི་སྒོ་རྣམས་ལ་སྦྱོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱོད་པ་དང་། མྱི་འཇིགས་པ་བཞི་ལ་སྦྱོད་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ལ་སྦྱོད་པ་དང་། བྱམས་པ་ཆེན་པོ་ལ་སྦྱོད་པ་དང་། སྙིང་རྗེ་ཆེན་པོ་ལ་སྦྱོད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྩྭོ་བརྒྱད་ལ་སྦྱོད་པ་དང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་རྫོགས་པར་བགྱིས་ཀྱང་། བླ་ན་མྱེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་མ་མཆིས་ན། བཅོམ་ལྡན་འདས་དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་


DKG025_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས། སྦྱིན་པརི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། སྦྱིན་པ་དང་། སྦྱིན་པའི་བདག་པོ་དང་། ལེན་པ་ཡང་མྱི་དམྱིགས། ཆོས་དེ་དག་ལས་གཞན་དུའང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཀྱང་། ཚུལ་ཁྲིམས་དང་ཚུལ་ཁྲིམས་དང་ལྡན་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུའང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་འཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་བཟོད་པ་དང་། བཟོད་པ་དང་ལྡན་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་


DKG025_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཀྱང་བརྩོན་འགྲུས་དང་། བརྩོན་འགྲུས་རྩོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱད་པའི་ཚེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཀྱང་བསམ་གཏན་དང་བསམ་གཏན་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་ཡང་། ཤེས་རབ་དང་ཤེས་རབ་དང་ལྡན་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་


DKG025_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། ནང་སྟོང་པ་ཉིད་སྒོམ་ཡང་ནང་སྟོང་པ་ཉིད་དང་། ནང་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། ཕྱི་སྟོང་པ་ཉིད་སྒོམ་ཡང་། ཕྱི་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། ཕྱི་ནང་སྟོང་པ་ཉིད་སྒོམ་ཡང་། ཕྱི་ནང་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ།


DKG025_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། སྟོང་པ་ཉིད་སྟོང་པ་ཉིད་སྒོམ་ཡང་། སྟོང་པ་ཉིད་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། ཆེན་པོ་སྟོང་པ་ཉིད་སྒོམ་ཡང་། ཆེན་པོ་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། དོན་དམ་པ་སྟོང་པ་ཉིད་སྒོམ་ཡང་། དོན་དམ་པ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་


DKG025_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདུས་བྱས་སྟོང་པ་ཉིད་སྒོམ་ཡང་། འདུས་བྱས་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། འདུས་མ་བྱས་སྟོང་པ་ཉིད་སྒོམ་ཡང་། འདུས་མ་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་སྒོམ་པ་ཡང་མི་དམྱིགས་ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། མཐའ་ལས་འདས་པ་སྟོང་པ་ཉིད་སྒོམ་


DKG025_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྒོམ་ཡང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། དོར་བ་མྱེད་པ་སྟོང་པ་ཉིད་སྒོམ་ཡང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་


DKG025_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རང་བཞིན་སྟོང་པ་ཉིད་སྒོམ་ཡང་། རང་བཞིན་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ་ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་ཨེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། ཆོས་ཐམས་ཅད་སྟོང་པ་ཉིད་སྒོམ་ཡང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། རང་གི་མཚན་ཉིད་སྟོང་པ་ཉིད་སྒོམ་ཡང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་


DKG025_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱི་དམྱིགས་པ་སྟོང་པ་ཉིད་སྒོམ་ཡང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དངོས་པོ་མྱེད་པ་སྟོང་པ་ཉིད་སྒོམ་ཡང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་སྒོམ་པ་ཡང་མི་ད་མྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ངོ་བོ་ཉིད་སྟོང་པ་ཉིད་སྒོམ་ཡང་། ངོ་བོ་ཉིད་སྟོང་


DKG025_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་ཡང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། དྲན་པ་ཉེ་བར་གཞག་པ་བཞི་སྒོམ་ཡང་། །དྲན་པ་ཉེ་བར་གཞག་པ་རྣམས་དང་། དྲན་པ་ཉེ་བར་གཞག་པ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་


DKG025_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པར་སྤོང་བ་བཞི་སྒོམ་ཡང་། ཡང་དག་པར་སྤོང་བ་རྣམས་དང་། ཡང་དག་པར་སྤོང་བ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་ རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་ཡང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དབང་པོ་ལྔ་སྒོམ་ཡང་། དབང་པོ་རྣམས་དང་། དབང་པོ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་


DKG025_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། སྟོབས་ལྔ་སྒོམ་ཡང་། སྟོབས་རྣམས་དང་། སྟོབས་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་ཡང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་ཡང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུའང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་


DKG025_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ན། ཐབས་མཁས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། འཕགས་པའི་བདེན་པ་བཞི་སྒོམ་ཡང་། འཕགས་པའི་བདེན་པ་རྣམས་དང་། འཕགས་པའི་བདེན་པ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། བསམ་གཏན་བཞི་སྒོམ་ཡང་། བསམ་གཏན་རྣམས་དང་། བསམ་གཏན་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། ཚད་མྱེད་པ་བཞི་སྒོམ་ཡང་། ཚད་མྱེད་པ་བཞི་དང་། ཚད་མྱེད་པ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ།


DKG025_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་སྒོམ་ཡང་གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། རྣམ་པར་ཐར་པ་བརྒྱད་སྒོམ་ཡང་། རྣམ་པར་ཐར་པ་རྣམས་དང་། རྣམ་པར་ཐར་པ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྒོམ་ཡང་། མཐར་ཀྱིས་གནས་


DKG025_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྙོམས་པར་འཇུག་པ་རྣམས་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྒོམ་ཡང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། མངོན་པར་ཤེས་པ་རྣམས་སྒོམ་ཡང་། མངོན་པར་ཤེས་པ་རྣམས་དང་། མངོན་པར་ཤེས་པ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་


DKG025_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། ཏིང་ངེ་འཛིན་རྣམས་སྒོམ་ཡང་། ཏིང་ངེ་འཛིན་རྣམས་དང་། ཏིང་ངེ་འཛིན་སྒོམ་པ་ཡང་མྱི་དམྱིགས་ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། གཟུངས་ཀྱི་སྒོ་རྣམས་སྒོམ་ཡང་། གཟུངས་ཀྱི་སྒོ་རྣམས་དང་། གཟུངས་ཀྱི་སྒོ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། དེ་བཞིན་གཤེགས་པའི་སྟོབས་བཅུ་སྒོམ་ཡང་། དེ་བཞིན་གཤེགས་པའི་སྟོབས་རྣཱམས་དང་། དེ་བཞིན་གཤེགས་པའི་སྟོབས་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་


DKG025_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱི་འཇིགས་པ་བཞི་སྒོམ་ཡང་། མྱི་འཇིགས་པ་རྣམས་དང་། མྱི་འཇིགས་པ་སྒོམ་པ་ཡང་མི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སོ་སོ་ཡང་དག་པར་རིག་པ་བཞི་སྒོམ་ཡང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་། མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། །བྱམས་པ་ཆེན་པོ་སྒོམ་ཡང་།


DKG025_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པ་ཆེན་པོ་དང་། བྱམས་པ་ཆེན་པོ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྦྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྙིང་རྗེ་ཆེན་པོ་སྒོམ་ཡང་། སྙིང་རྗེ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་སྒོམ་པ་ཡང་མྱི་དམྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་གཞན་ཡང་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྩྭོ་བརྒྱད་སྒོམ་ཡང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྒོམ་པ་ཡང་མྱི་ད་མྱིགས། ཆོས་དེ་གཉིས་ལས་གཞན་དུ་ཡང་མྱི་སྤྱོད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྦྱོད་ན། ཐབས་མཁས་པས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་


DKG025_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། བྱང་ཆུབ་ཀྱི་ལམ་ལ་བརྩོན་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། ཐབས་མཁས་པས། གཟུགས་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་གཟུགས་ལ་ངོ་བོ་ཉིད་མྱེད་དོ། །ཚོར་བ་མི་སྦྱོར་མྱི་འབྱེད་དེ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། །འདུ་ཤེས་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། ད་བྱེ་བར་བྱ་བའི་འདུ་ཤེས་ལ་ངོ་བོ་ཉིད་མེད་དོ། །འདུ་བྱེད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་འདུ་བྱེད་ལ་ངོ་བོ་ཉིད་མྱེད་དོ། །རྣམ་པར་ཤེས་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་དོ། །མྱིག་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མྱིག་ལ་ངོ་བོ་ཉིད་མྱེད་དོ། །རྣ་བ་མྱི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རྣ་བ་ལ་ངོ་བོ་ཉིད་མྱེད་དོ། །སྣ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སྣ་ལ་ངོ་བོ་ཉིད་མྱེད་དོ། །ལྕེ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ལྕེ་ལ་ངོ་བོ་ཉིད་མྱེད་དོ། །ལུས་མྱི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ།


DKG025_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བར་བྱ་བའི་ལུས་ལ་ངོ་བོ་ཉིད་མྱེད་དོ། །ཡིད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཡིད་ལ་ངོ་བོ་ཉིད་མྱེད་དོ། །གཟུགས་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་གཟུགས་ལ་ངོ་བོ་ཉིད་མྱེད་དོ། །སྒྲ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སྒྲ་ལ་ངོ་བོ་ཉིད་མེད་དོ། །དྲི་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་དྲི་ལ་ངོ་བོ་ཉིད་མྱེད་དོ། །རོ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རོ་ལ་ངོ་བོ་ཉིད་མེད་དོ། །རེག་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རེག་ལ་ངོ་བོ་ཉིད་མྱེད་དོ། །ཆོས་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཆོས་ལ་ངོ་བོ་ཉིད་མྱེད་དོ། །མྱིག་གི་རྣམ་པར་ཤེས་པ་མྱི་སྦྱོར་མྱི་འབྱེད་དེ། ངེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མྱིག་གི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་དོ། །རྣ་བའི་རྣམ་པར་ཤེས་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་རྣཱ་བའི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་དོ། །སྣའི་རྣམ་པར་ཤེས་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སྣའི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མེད་དོ། །ལྕེའི་རྣམ་པར་ཤེས་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ལྕེའི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན།


DKG025_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ལུས་ཀྱི་རྣམ་པར་ཤེས་པ་ལ་ངོ་བོ་ཉད་མྱེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཡིད་ཀྱི་རྣཱམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་དོ། །མྱིག་གི་འདུས་ཏེ་རེག་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མྱིག་གི་འདུས་ཏེ་རེག་པ་ལ་ངོ་བོ་ཉིད་མེད་དོ། །རྣ་བའི་འདུས་ཏེ་རེག་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རྣ་བའི་འདུས་ཏེ་རེག་པ་ལ་ངོ་བོ་ཉིད་མྱེད་དོ། །སྣའི་འདུས་ཏེ་རེག་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་སྣའི་འདུས་ཏེ་རེག་པ་ལ་ངོ་བོ་ཉིད་མེད་དོ། །ལྕེའི་འདུས་ཏེ་རེག་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ལྕེའི་འདུས་ཏེ་རེག་པ་ལ་ངོ་བོ་ཉིད་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་མྱི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ནྭ། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ལུས་ཀྱི་འདུས་ཏེ་རེག་པ་ལ་ངོ་བོ་ཉིད་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཡིད་ཀྱི་འདུས་ཏེ་རེག་པ་ལ་ངོ་བོ་ཉིད་མྱེད་དོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱི་སྦྱར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ངོ་བོ་


DKG025_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་མེད་དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མྱི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། །སའི་ཁམས་མྱི་སྦྱོར་མི་འབྱེད་དེ། དེ་ཅིརི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སའི་ཁམས་ལ་ངོ་བོ་ཉིད་མྱེད་དོ། །ཆུའི་ཁམས་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཆུའི་ཁམས་ལ་ངོ་བོ་ཉིད་མྱེད་དོ། །མྱེའི་ཁམས་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མྱེའི་ཁམས་ལ་ངོ་བོ་ཉིད་མྱེད་དོ། །རླུང་གི་ཁམས་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རླུང་གི་ཁམས་ལ་ངོ་བོ་ཉིད་མྱེད་དོ། །ནམ་མཁའི་ཁམས་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ནམ་མཁའི་ཁམས་ལ་ངོ་བོ་ཉིད་མྱེད་དོ། །རྣམ་པར་ཤེས་པའི་ཁམས་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རྣམ་པར་ཤེས་པའི་


DKG025_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ལ་ངོ་བོ་ཉད་མྱེད་དོ། །མ་རིག་པ་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མ་རིག་པ་ལ་ངོ་བོ་ཉིད་མྱེད་དོ། །འདུ་བྱེད་མི་སྦྱར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་འདུ་བྱེད་ལ་ངོ་བོ་ཉིད་མྱེད་དོ། །རྣམ་པར་ཤེས་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། ་དབྱེ་བར་བྱ་བའི་རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མྱེད་དོ། །མྱིང་དང་གཟུགས་མྱི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མྱིང་དང་གཟུགས་ལ་ངོ་བོ་ཉིད་མྱེད་དོ། །སྐྱེ་མཆེད་དྲུག་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སྐྱེ་མཆེད་དྲུག་ལ་ངོ་བོ་ཉིད་མེད་དོ། །རེག་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་རེག་པ་ལ་ངོ་བོ་ཉིད་མྱེད་དོ། །ཚོར་བ་མྱི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཚོར་བ་ལ་ངོ་བོ་ཉིད་མྱེད་དོ། །སྲེད་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སྲེད་པ་ལ་ངོ་བོ་ཉིད་མྱེད་དོ། །ལེན་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ལེན་པ་ལ་ངོ་བོ་ཉིད་མྱེད་དོ། །སྲིད་པ་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བ་འམ། དབྱེ་བར་བྱ་བའི་སྲིད་པ་ལ་ངོ་བོ་ཉིད་མེད་དོ། །སྐྱེ་བ་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སྐྱེ་བ་ལ་ངོ་བོ་ཉིད་མྱེད་དོ། །རྒ་ཤི་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རྒ་ཤི་ལ་ངོ་བོ་ཉིད་མྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་


DKG025_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངོ་བོ་ཉིད་མྱེད་དོ། །ནང་སྟོང་པ་ཉད་མི་སྦྱར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ནང་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །ཕྱི་སྟོང་པ་ཉད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཕྱི་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །ཕྱི་ནང་སྟོང་པ་ཉད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཕྱི་ནང་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །སྟོང་པ་ཉད་སྟོང་པ་ཉད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སྟོང་པ་ཉིད་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །ཆེན་པོ་སྟོང་པ་ཉིད་མྱི་སྦྱོར་མྱི་


DKG025_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཆེན་པོ་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་མྱི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་དོན་དམ་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །འདུས་བྱས་སྟོང་པ་ཉིད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་འདུས་བྱས་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་འདུས་མ་བྱས་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མཐའ་ལས་འདས་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མེད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་དོར་བ་མེད་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །རང་བཞིན་སྟོང་པ་ཉིད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ་དབྱེ་བར་བྱ་བའི་རང་བཞིན་སྟོང་པ་ཉིད་ལ་ངོ་བོ་ཉིད་མེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཆོས་ཐམས་ཅད་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རང་གི་མཚན་ཉིད་


DKG025_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མི་དམྱིགས་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ངོ་བོ་ཉིད་མེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ངོ་བོ་ཉིད་མྱེད་དོ། །དྲན་པ་ཉེ་བར་གཞག་པ་བཞི་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་དྲན་པ་ཉེ་བར་གཞག་པ་བཞི་ལ་ངོ་བོ་ཉིད་མྱེད་དོ། །ཡང་དག་པར་སྤོང་བ་བཞི་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཡང་དག་པར་སྤོང་བ་བཞི་ལ་ངོ་བོ་ཉིད་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་ངོ་བོ་ཉད་མྱེད་དོ། །དབང་པོ་ལྔ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་དབང་པོ་ལྔ་ལ་ངོ་བོ་ཉད་མྱེད་དོ། །སྟོབས་ལྔ་མྱི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སྟོབས་ལྔ་ལ་ངོ་བོ་ཉིད་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་ངོ་


DKG025_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཉིད་མེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ངོ་བོ་ཉིད་མྱེད་དོ། །འཕགས་པའི་བདེན་པ་བཞི་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་འཕགས་པའི་བདེན་པ་བཞི་ལ་ངོ་བོ་ཉིད་མྱེད་དོ། །བསམ་གཏན་བཞི་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་བསམ་གཏན་བཞི་ལ་ངོ་བོ་ཉིད་མྱེད་དོ། །ཚད་མེད་པ་བཞི་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཚད་མྱེད་པ་བཞི་ལ་ངོ་བོ་ཉིད་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་ངོ་བོ་ཉིད་མྱེད་དོ། །རྣམ་པར་ཐར་པ་བརྒྱད་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རྣམ་པར་ཐར་པ་བརྒྱད་ལ་ངོ་བོ་ཉིད་མྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ངོ་བོ་ཉིད་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་མྱི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་ངོ་བོ་ཉིད་མྱེད་དོ། །མངོན་པར་ཤེས་པ་རྣམས་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མངོན་པར་ཤེས་


DKG025_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣཱམས་ལ་ངོ་བོ་ཉིད་མྱེད་དོ། །ཏིང་ངེ་འཛིན་རྣམས་མི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་ཏིང་ངེ་འཛིན་རྣམས་ལ་ངོ་བོ་ཉིད་མེད་དོ། །གཟུངས་ཀྱི་སྒོ་རྣམས་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་གཟུངས་ཀྱི་སྒོ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་མི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་ངོ་བོ་ཉིད་མྱེད་དོ། །མི་འཇིགས་པ་བཞི་མྱི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་མྱི་འཇིགས་པ་རྣམས་ལ་ངོ་བོ་ཉིད་མེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་མྱི་སྦྱོར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སོ་སོ་ཡང་དག་པར་རིག་པ་རྣམས་ལ་ངོ་བོ་ཉིད་མེད་དོ། །སྙིང་རྗེ་ཆེན་པོ་མྱི་སྦྱོར་མྱི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སྙིང་རྗེ་ཆེན་པོ་ལ་ངོ་བོ་ཉིད་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྩྭ་བརྒྱད་མི་སྦྱར་མི་འབྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་སྦྱར་བའམ། དབྱེ་བར་བྱ་བའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ངོ་བོ་ཉིད་མྱེད་དོ། །གསོལ་པ། བཅོམ་ལྡན་འདས་ཆོས་གང་ལ་ཡང་གང་སྦྱོར་བའམ། དབྱེ་བར་བགྱི་བའི་ངོ་བོ་ཉིད་མ་མཆིས་ན། གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བགྱི་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་མངོན་པར་འགྲུབ་པར་འགྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བསླབས་པར་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་ནུས་


DKG025_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བསླབས་པར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཏེ། དེ་ཡང་ཐབས་མཁས་པས་ཡིན་གྱི། ཐབས་མྱི་མཁས་པས་མ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། ཆོས་གང་ལ་ལ་ཞིག་གི་ངོ་བོ་ཉིད་དམྱིགས་ན་ནི། དེའི་ཕྱིར་འཛིན་པར་ཡང་འགྱུར་ན། འོན་ཏེ་མྱི་དམྱིགས་ན་འདི་ནི་གཟུགས་སོ། །འདི་ནི་ཚོར་བའོ། །འདི་ནི་འདུ་ཤེས་སོ། །འདི་ནི་འདུ་བྱེད་དོ། །འདི་ནི་རྣམ་པར་ཤེས་པའོ། །ཞེས་བྱ་བར་ཡང་ཅི་ཞིག་གཟུང་། འདི་དག་ནི་སྐྱེ་མཆེད་རྣམས་སོ། །འདི་དག་ནི་ཁམས་རྣམས་ས་སོ། །འདི་དག་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །འདི་ནི་མ་རིག་པའོ། །འདི་ནི་འདུ་བྱེད་དོ། །འདི་ནི་རྣམ་པར་ཤེས་པའོ། །འདི་ནི་མྱིང་དང་གཟུགས་སོ། །འདི་ནི་སྐྱེ་མཆེད་དྲུག་གོ །འདི་ནི་རེག་པའོ། །འདི་ནི་ཚོར་བའོ། །འདི་ནི་སྲེད་པའོ། །འདི་ནི་ལེན་པའོ། །འདི་ནི་སྲིད་པའོ། །འདི་ནི་སྐྱེ་བའོ། །འདི་ནི་རྒ་ཤིའོ། །འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ནང་སྟོང་པ་ཉིད་ད་དོ། །འདི་ནི་ཕྱི་སྟོང་པ་ཉིད་དོ། །འདི་ནི་ཕྱི་ནང་སྟོང་པ་ཉིད་དོ། །འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་ད་དོ། །འདི་ནི་ཆེན་པོ་སྟོང་པ་ཉིད་དོ། །འདི་ནི་


DKG025_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་པ་སྟོང་པ་ཉིད་ད་དོ། །འདི་ནི་འདུས་བྱས་སྟོང་པ་ཉིད་དོ། །འདི་ནི་འདུས་མ་བྱས་སྟོང་པ་ཉིད་དོ། །འདི་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །འདི་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དོ། །འདི་ནི་དོར་བ་མེད་པ་སྟོང་པ་ཉིད་དོ། །འདི་ནི་རང་བཞིན་སྟོང་པ་ཉིད་དོ། །འདི་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །འདི་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །འདི་ནི་མྱི་དམྱིགས་པ་སྟོང་པ་ཉིད་དོ། །འདི་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་དོ། །འདི་ནི་ངོ་བོ་ཉིད་སྟོང་པ་ཉིད་ད་དོ། །འདི་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ད་དོ། །འདི་དག་ནི་དྲན་པ་ཉེ་བར་གཞག་པ་བཞིའོ། །འདི་དག་ནི་ཡང་དག་པར་སྤོང་བ་བཞིའོ། །འདི་དག་ནི་རྫུ་འཕྲུལ་གྱི་རྐང་པ་བཞིའོ། །འདི་དག་ནི་དབང་པོ་ལྔའོ། །འདི་དག་ནི་སྟོབས་ལྔའོ། །འདི་དག་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །འདི་དག་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །འདི་དག་ནི་འཕགས་པའི་བདེན་པ་བཞིའོ། །འདི་དག་ནི་བསམ་གཏན་བཞིའོ། །འདི་དག་ནི་ཚད་མེད་པ་བཞིའོ། །འདི་དག་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞིའོ། །འདི་དག་ནི་རྣམ་པར་ཐར་པ་བརྒྱད་ད་དོ། །འདི་དག་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །འདི་དག་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པའོ། །འདི་དག་ནི་མངོན་པར་ཤེས་པ་རྣམས་སོ། །འདི་དག་ནི་ཏིང་ངེ་འཛིན་རྣམས་སོ། །འདི་དག་ནི་གཟུངས་ཀྱི་སྒོ་རྣམས་ས་སོ། །འདི་དག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུའོ། །འདི་དག་ནི་མྱི་འཇིགས་པ་བཞིའོ། །འདི་དག་ནི་སོ་སོ་ཡང་དག་པར་རིག་པ་བཞིའོ། །འདི་ནི་སྙིང་རྗེ་ཆེན་པོའོ། །འདི་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྩྭོ་བརྒྱད་དོ། །འདི་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུའོ། །འདི་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །འདི་ནི་ཕྱིར་མྱི་འོང་བའི་


DKG025_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུའོ། །འདི་ནི་དགྲ་བཅོམ་པ་ཉིད་ད་དོ། །འདི་ནི་རང་བྱང་ཆུབ་བ་བོ། འདི་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ད་དོ། །འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཞེས་བྱ་བར་ཡང་ཅི་ཞིག་གཟུང་སྟེ། ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུང་དུ་མྱེད་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུང་དུ་མྱེད་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུང་དུ་མེད་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་གཟུང་དུ་མྱེད་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུང་དུ་མྱེད་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་གཟུང་དུ་མྱེད་པའོ། །ནང་སྟོང་པ་ཉིད་ནི་གཟུང་དུ་མྱེད་པའོ། །ཕྱི་སྟོང་པ་ཉིད་ནི་གཟུང་དུ་མེད་པའོ། །ཕྱི་ནང་སྟོང་པ་ཉིད་ནི་གཟུང་དུ་མྱེད་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་གཟུང་དུ་མྱེད་པའོ། །ཆེན་པོ་སྟོང་པ་ཉིད་ནི་གཟུང་དུ་མྱེད་པའོ། །དོན་དམ་པ་སྟོང་པ་ཉིད་ནི་གཟུང་དུ་མྱེད་པའོ། །འདུས་བྱས་སྟོང་པ་ཉིད་ནི་གཟུང་དུ་མྱེད་པའོ། །འདུས་མ་བྱས་སྟོང་པ་ཉིད་ནི་གཟུང་དུ་མྱེད་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་གཟུང་དུ་མྱེད་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་གཟུང་དུ་མྱེད་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་ནི་གཟུང་དུ་མྱེད་པའོ། །རང་བཞིན་སྟོང་པ་ཉིད་ནི་གཟུང་དུ་མེད་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་གཟུང་དུ་མེད་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་གཟུང་དུ་མྱེད་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་ནི་གཟུང་དུ་མེད་པའོ། །དངོས་པོ་མེད་པ་སྟོང་པ་ཉིད་ནི་གཟུང་དུ་མྱེད་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་གཟུང་དུ་མྱེད་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་གཟུང་དུ་མྱེད་པའོ། །དྲན་པ་ཉེ་བར་གཞག་པ་བཞི་ནི་གཟུང་དུ་མྱེད་པའོ། །ཡང་དག་པར་སྤོང་བ་བཞི་ནི་གཟུང་དུ་མྱེད་པའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་གཟུང་དུ་མྱེད་པའོ། །དབང་པོ་


DKG025_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ནི་གཟུང་དུ་མྱེད་པའོ། །སྟོབས་ལྔ་ནི་གཟུང་དུ་མྱེད་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་གཟུང་དུ་མེད་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་གཟུང་དུ་མྱེད་པའོ། །འཕགས་པའི་བདེན་པ་བཞི་ནི་གཟུང་དུ་མྱེད་པའོ། །བསམ་གཏན་བཞི་ནི་གཟུང་དུ་མྱེད་པའོ། །ཚད་མྱེད་པ་བཞི་ནི་གཟུང་དུ་མྱེད་པའོ། །གཟུགས་མྱེད་པའི་སྟོམས་པར་འཇུག་པ་བཞི་ནི་གཟུང་དུ་མེད་པའོ། །རྣམ་པར་ཐར་པ་བརྒྱད་ནི་གཟུང་དུ་མྱེད་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་གཟུང་དུ་མེད་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་གཟུང་དུ་མྱེད་པའོ། །མངོན་པར་ཤེས་པ་རྣམས་ནི་གཟུང་དུ་མྱེད་པའོ། །ཏིང་ངེ་འཛིན་རྣམས་ནི་གཟུང་དུ་མྱེད་པའོ། །གཟུངས་ཀྱི་སྒོ་རྣམས་ནི་གཟུང་དུ་མྱེད་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་གཟུང་དུ་མྱེད་པའོ། །མྱི་འཇིགས་པ་བཞི་ནི་གཟུང་དུ་མེད་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་གཟུང་དུ་མྱེད་པའོ། །་སྙིང་རྗེ་ཆེན་པོ་ནི་གཟུང་དུ་མྱེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྩྭོ་བརྒྱད་ནི་གཟུང་དུ་མྱེད་པའོ། །ཤ་ར་དྭ་ཏིའི་བུ་དེ་ནི་གཟུང་དུ་མེད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱ་སྟེ། དེ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་བསླབ་པར་ཡང་མི་དམྱིགས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟ་ཅི་སྨོས། བྱང་ཆུབ་ལྟ་ཡང་ཅི་སྨོས། བྱང་ཆུབ་ཀྱི་ཆོས་རྣམས་ལྟ་ཡང་ཅི་སྨོས། སངས་རྒྱས་ཀྱི་ཆོས་རྣམས་ལྟ་ཡང་ཅི་སྨོས། རང་སངས་རྒྱས་ཀྱི་ཆོས་རྣམས་ལྟ་ཡང་ཅི་སྨོས། ཉན་ཐོས་ཀྱི་ཆོས་རྣམས་ལྟ་ཡང་ཅི་སྨོས། སོ་སོའི་སྐྱེ་བོའི་ཆོས་རྣམས་ལྟ་ཡང་ཅི་སྨོས།


DKG025_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་ཆོས་གང་ལ་ཡང་ངོ་བོ་ཉིད་མྱེད་དོ། །དེ་ལྟར་ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་ལ་སོ་སོའི་སྐྱེ་བོའི་ཆོས་ནི་གང་། རྒྱུན་ཏུ་ཞུགས་པ་ནི་གང་ཞིག་ཡོད། ལན་ཅིག་ཕྱིར་འོང་བ་ནི་གང་ཞིག་ཡོད། ཕྱིར་མྱི་འོང་བ་ནི་གང་ཞིག་ཡོད། དགྲ་བཅོམ་པ་ནི་གང་ཞིག་ཡོད། རང་སངས་རྒྱས་ནི་གང་ཞིག་ཡོད། བྱང་ཆུབ་སེམས་དཔའ་ནི་གང་ཞིག་ཡོད། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གང་ཞིག་ཡོད། གལ་ཏེ་གང་ཟག་དེ་དག་དམྱིགས་སུ་མྱེད་ན། ཆོས་གང་གིས་སོ་སོའི་སྐྱེ་བོའམ། རྒྱུན་ཏུ་ཞུགས་པའམ། ལན་ཅིག་ཕྱིར་འོང་བའམ། ཕྱིར་མྱི་འོང་བའམ། དགྲ་བཅོམ་པའམ། རང་སངས་རྒྱས་སམ། བྱང་ཆུབ་སེམས་དཔའའམ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བར་བརྗོད་པའི་ཆོས་དེ་དག་འབྱུང་བར་ཡང་ག་ལ་འགྱུར།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་བཞི་པ། གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་དངོས་པོ་མ་མཆིས་པ་ལ། འདི་ནི་སོ་སོའི་སྐྱེ་བོའོ་ཞེས་བགྱི་བ་ནས། འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཤེས་བགྱི་བའི་བར་དུ་འབྱུང་བ་ཅིའི་སླད་དུ་དམིགས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་གཟུགས་ཀྱི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། །ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར། དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་


DKG025_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ཚོར་བའི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་འདུ་ཤེས་ཀྱི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་འདུ་བྱེད་ཀྱི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་རྣམ་པར་ཤེས་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་མིག་གི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་རྣ་བའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་


DKG025_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་སྣའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ལྕེའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ལུས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ཡིད་ཀྱི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་གཟུགས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་


DKG025_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་སྒྲའི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་དྲིའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་རོའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་རེག་གི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ཆོས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་མྱིག་གི་རྣམ་པར་ཤེས་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏ་མ། ཡོད་པར་


DKG025_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་རྣ་བའི་རྣམ་པར་ཤེས་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏ་མ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་སྣའི་རྣམ་པར་ཤེས་པའི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏ་མ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ལྕེའི་རྣམ་པར་ཤེས་པའི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ལུས་ཀྱི་རྣམ་པར་ཤེས་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏ་མ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ཡིད་ཀྱི་རྣམ་པར་ཤེས་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏ་མ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་


DKG025_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་མྱིག་གི་འདུས་ཏེ་རེག་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏ་མ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་རྣ་བའི་འདུས་ཏེ་རེག་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་སྣའི་འདུས་ཏེ་རེག་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏ་མ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ལྕེའི་འདུས་ཏེ་རེག་པའི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ལུས་ཀྱི་འདུས་ཏེ་རེག་པའི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།


DKG025_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ར་དྭ་ཏིའི་བུ་ཅི་ཡིད་ཀྱི་འདུས་ཏེ་རེག་པའི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།


DKG025_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ར་དྭ་ཏིའི་བུ་ཅི་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་སའི་ཁམས་ཀྱི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ཆུའི་ཁམས་ཀྱི་དངོས་པོ་གང་ལ། བྱིས་པ་སོ་གོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་མྱེའི་ཁམས་ཀྱི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ།ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་རླུང་གི་ཁམས་ཀྱི་དངོས་


DKG025_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ནམ་མཁའི་ཁམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་མོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་རྣམ་པར་ཤེས་པའི་ཁམས་ཀྱི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་མ་རིག་པའི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་འདུ་བྱེད་ཀྱི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ་བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་རྣམ་པར་ཤེས་པའི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ།


DKG025_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་མིང་དང་གཟུགས་ཀྱི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་སྐྱེ་མཆེད་དྲུག་གི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་རེག་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ཚོར་བའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་སྲེད་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གམོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ལེན་པའི་དངོས་པོ་གང་ལ། བྱིས་པ་སོ་


DKG025_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་སྲིད་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་སྐྱེ་བའི་དངོས་པོ་གང་ལ་བྱིས་པ་སོ་གོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་རྒ་ཤིའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་པོ་གང་ལ། བྱིས་པ་ས་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ།


DKG025_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དངོས་པོ་གང་ལ། བྱིས་པ་སོ་མོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ནང་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་


DKG025_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ཕྱི་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ཕྱི་ནང་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ཆེན་པོ་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་དོན་དམ་པ་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་འདུས་བྱས་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ་བྱིས་


DKG025_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་འདུས་མ་བྱས་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་རང་བཞིན་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་


DKG025_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་མྱི་དམྱིགས་པ་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་


DKG025_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ཡང་དག་པར་སྤོང་བ་རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱེ་དངོས་པོ་གང་ལ་བྱིས་པ་ས་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་དབང་པོ་རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །


DKG025_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་སྟོབས་རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་འཕགས་པའི་བདེན་པ་རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་བསམ་གཏན་རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ཚད་མེད་པ་


DKG025_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་རྣམ་པར་ཐར་པ་རྣམས་ཀྱི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་མངོན་པར་


DKG025_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣཱམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་ཏིང་ངེ་འཛིན་རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་གཟུངས་ཀྱི་སྒོ་རྣམས་ཀྱི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་མྱི་འཇིགས་པ་རྣམས་ཀྱི་དངོས་པོ་གང་ལ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དངོས་པོ་གང་ལ། བྱིས་པ་ས་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་


DKG025_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་ཤ་ར་དྭ་ཏིའི་བུ་ཅི་སྙིང་རྗེ་ཆེན་པོའི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཅི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་དངོས་པོ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུ་ཡོད་དམ། ཡོད་པར་གྱུར་ཏམ། ཡོད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་ཕྱིན་ཅི་ལོག་མ་གཏོགས་པར་དེ་ནི་མ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་ཐམས་ཅད་དངོས་པོ་མྱེད་པ་ལ་ཕྱིན་ཅི་ལོག་གི་དབང་གིས་སེམས་ཅན་རྣམས་རྣམ་པར་རྟོག་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས། ཆོས་ཐམས་ཅད་དངོས་པོ་མྱེད་པར་མཐོང་ན་ས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཇུག་གོ ། གསོལ་པ། བཅོམ་ལྡན་འདས་ཐབས་མཁས་པ་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་དངོས་པོ་མྱེད་པར་མཐོང་ན་ས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཇུག་པའི་ཐབས་མཁས་པ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། ཆོས་གང་ཡང་གང་


DKG025_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐོགས་པར་འགྱུར་བའི་དངོས་པོའམ། གང་ལ་ཐོགས་པར་གྱུར་ནས། ཞུམ་པར་གྱུར་པའམ། ཞུམ་པར་གྱུར་ནས། སྒྱིད་ལུག་པར་འགྱུར་བའམ། སྒྱིད་ལུག་པར་གྱུར་ནས། ཚི་ཆད་པར་འགྱུར་བའམ་ཚི་ཆད་པར་གྱུར་ནས། ལེ་ལོར་འགྱུར་བའི་དངོས་པོ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཤ་ར་དྭ་ཏིའི་བུ་སེམས་ཅན་རྣམས་རྨོངས་པས་ཕུང་པོ་ཞེས་བྱ་བའམ། ཁམས་ཤེས་བྱ་བ་ྱ་བའམ། སྐྱེ་མཆེད་ཅེས་བྱ་བའམ། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བའམ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཤེས་བྱ་བར་མངོན་པར་ཞེན་པ་མ་གཏོགས་པར། ཆོས་ཐམས་ཅད་ནི་དངོས་པོ་མྱེད་པའོ། །སྲོག་མྱེད་པའོ། །སྲོག་དང་བྲལ་བའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་ད་དོ། །རང་བཞིན་གྱིས་སྟོང་པའོ། །རང་གི་མཚན་ཉིད་ཀྱིས་སྟོང་པའོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། ཆོས་ཐམས་ཅད་དངོས་པོ་མྱེད་པའི་ངོ་བོ་ཉིད་ད་དང་། རང་བཞིན་སྟོང་པ་དང་། རང་གི་མཚན་ཉིད་སྟོང་པར་ཡང་དག་པར་རྗེས་སུ་མཐོང་ནས་སྒྱུ་མའི་མཁན་པོ་ལྟ་བུའི་ལུས་བྱིན་གྱིས་བརླབས་ནས། སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སེམས་ཅན་གང་སེར་སྣ་ཅན་དུ་གྱུར་པ་དེ་དག་ལ་སྦྱིན་པའི་གཏམ་བྱེད་དོ། །ཚུལ་ཁྲིམས་ངན་པ་ཅན་རྣམས་ལ་ཚུལ་ཁྲིམས་ཀྱི་གཏམ་བྱེད་ད་དོ། །གནོད་སེམས་ཅན་རྣམས་ལ་བཟོད་པའི་གཏམ་བྱེད་ད་དོ། །ལེ་ལོ་ཅན་རྣམས་ལ་བརྩོན་འགྲུས་ཀྱི་གཏམ་བྱེད་ད་དོ། །སེམས་གཡེང་བ་རྣམས་ལ་ཏིང་ངེ་འཛིན་གྱི་གཏམ་བྱེད་ད་དོ། །ཤེས་རབ་འཆལ་བ་ཅན་རྣམས་ལ་ཤེས་རབ་ཀྱི་གཏམ་བྱེད་དོ། །གང་གི་ཚེ་སེམས་ཅན་དེ་དག་སྦྱིན་པ་ལ་བཀོད་པར་གྱུར་པ་དང་། ཚུལ་ཁྲིམས་ལ་བཀོད་པར་གྱུར་པ་དང་། བཟོད་པ་ལ་བཀོད་པར་གྱུར་པ་


DKG025_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བརྩོན་འགྲུས་ལ་བཀོད་པར་གྱུར་པ་དང་། ཏིང་ངེ་འཛིན་ལ་བཀོད་པར་གྱུར་པ་དང་། ཤེས་རབ་ལ་བཀོད་པར་གྱུར་པ་དེའི་ཚེ། དེ་ལས་གོང་དུ་སེམས་ཅན་དེ་དག་ལ་འཕགས་པའི་གཏམ་འབྱུང་བར་འགྱུར་བ་གང་གིས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་འགྱུར་བ་དང་། ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་འགྱུར་བ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་བ་དང་། རང་བྱང་ཆུབ་ཐོབ་པར་འགྱུར་བ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཐོབ་པར་འགྱུར་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་དེ་ལྟ་བུའི་གཏམ་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། དེ་ལྟར་སེམས་ཅན་མ་མཆིས་ཤིང་། ཡང་དག་པར་མ་མཆིས་པ་རྣམས་སྦྱིན་པ་ལ་སྦྱོར། ཚུལ་ཁྲིམས་ལ་སྦྱོར། བཟོད་པ་ལ་སྦྱོར། བརྩོན་འགྲུས་ལ་སྦྱོར། ཏིང་ངེ་འཛིན་ལ་སྦྱོར། ཤེས་རབ་ལ་སྦྱོར་ཞིང་དེ་ལས་གོང་དུ་འཕགས་པའི་གཏམ་འབྱུང་བར་འགྱུར་བ་གང་གིས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་འགྱུར་བ་དང་། ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་འགྱུར་བ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་བ་དང་། རང་བྱང་ཆུབ་ཐོབ་པར་འགྱུར་བ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཐོབ་པར་འགྱུར་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་དེ་ལྟ་བུའི་གཏམ་བགྱིད་ན། ཇི་ལྟར་དམྱིགས་པ་མ་མཆིས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པ་ལ་དམྱིགས་པ་གང་ཡང་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་


DKG025_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཀུན་རྫོབ་ཀྱི་བརྡས་ཐ་སྙད་དུ་སྦྱོད་པ་མ་གཏོགས་པར། སེམས་ཅན་གང་ཡང་མི་དམྱིགས་ཏེ། ཤ་ར་དྭ་ཏིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟ་སྟེ། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་དང་། བདེན་པ་གཉིས་ལ་གནས་ནས། སེམས་ཅན་རྣམས་ལ་ཆོས་སྟོན་ཀྱང་ཤ་ར་དྭ་ཏིའི་བུ་བདེན་པ་གཉིས་ལ་སེམས་ཅན་དུ་དམྱིགས་པ་མྱེད་དེ། སེམས་ཅན་དུ་གདགས་པ་ཡང་མྱེད་དོ། །འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། སེམས་ཅན་རྣམས་ལ་ཆོས་སྟོན་ན། དེས་སེམས་ཅན་དེ་དག་ཚེ་འདི་ཉིད་ལ་བདག་ཏུ་མྱི་དམྱིགས་ན། གང་ཐོབ་པར་བྱ་བ་དང་། གང་གིས་ཐོབ་པར་བྱ་བ་ལྟ་ཅི་སྨོས་ཏེ། ཤ་ར་དྭ་ཏིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། ཐབས་མཁས་པས། སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གང་ཡང་གཅིག་པའམ། ཐ་དད་པར་ཡང་མྱི་དམྱིགས་པ་དེ་ལྟ་བུའི་གོ་ཆ་འཚལ་བ་དང་། གོ་ཆ་དེ་འཚལ་བས་འདོད་པའི་ཁམས་ན་ཡང་མྱི་གདའ། གཟུགས་མཆིས་པའི་ཁམས་ན་ཡང་མི་གདའ། གཟུགས་མ་མཆིས་པའི་ཁམས་ན་ཡང་མྱི་གདའ། འདུས་བྱས་ཀྱི་ཁམས་ན་ཡང་མྱི་གདའ། འདུས་མ་བྱས་ཀྱི་ཁམས་ན་ཡང་མྱི་གདའ་ལ། སེམས་ཅན་རྣམས་ཀྱང་ཁམས་གསུམ་ནས་འགྲེལ་ཅིང་། སེམས་ཅན་དུ་ཡང་མྱི་དམིགས། སེམས་ཅན་དུ་གདགས་པ་ཡང་མྱི་དམྱིགས་པ་ནི་སྤྲོ་བ་ཆེན་པོ་དང་ལྡན་པ་སྟེ། སེམས་ཅན་དུ་གདགས་པ་མ་མཆིས་པས། སེམས་ཅན་བཅིངས་པ་དང་གྲོལ་བ་མ་མཆིས་


DKG025_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་བཅིངས་པ་དང་གྲོལ་བ་མ་མཆིས་པས། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མ་མཆིས། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མ་མཆིས་པས་ལམ་གྱི་རྒྱུད་རྣམས་ཐ་དད་པ་མྱི་དམྱིགས། ལམ་གྱི་རྒྱུད་རྣམས་ཐ་དད་པ་མ་མཆིས་པ་ལ་ལས་དང་། ཉོན་མོངས་པ་མ་མཆིས་ཏེ། ལས་དང་ཉོན་རྨོངས་པ་མཆིས་ན། རྣམ་པར་སྨྱིན་པ་གང་གིས་བདག་གམ། སེམས་ཅན་འགྲོ་བ་ལྔའི་འཁོར་བ་ན་གདའ་བར་འགྱུར་བའི་རྣམ་པར་སྨྱིན་པ་དེ་ལྟ་བུ་ཡང་ག་ལས་མཆི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཚིག་ཇི་སྐད་དུ་བརྗོད་པ་བཞིན་ཏེ། གལ་ཏེ་སྔོན་སེམས་ཅན་ཞིག་བྱུང་བར་གྱུར་ལ་ཕྱིས་འབྱུང་བ་མྱེད་པར་གྱུར་ཏམ། འོ་ན་དེ་ནི་དེ་བཞིན་དུ་སྔོན་ཡོད་པ་ལས་ཕྱིས་མྱེད་པར་གྱུར་ཏམ། འགྲོ་བ་ལྔའི་འཁོར་བ་སྡོན་ཡོད་ལ། ཕྱིས་མྱེད་པར་གྱུར། དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ལ་ཡང་འདས་པ་དེ་ལྟ་བུར་གྱུར་ན། ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་དེ་དག་གི་དེ་བཞིན་ཉིད་ད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མྱེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་དེ་བཞིན་དུ་གནས་པ་སྟེ། དེ་ལ་བདག་ཀྱང་མེད། སེམས་ཅན་ཡང་མྱེད། སྲོག་ཀྱང་མྱེད། འགྲོ་བ་ཡང་མྱེད། གསོ་བ་ཡང་མྱེད། སྐྱེས་བུ་ཡང་མྱེད། གང་ཟག་ཀྱང་མྱེད། ཤེད་ཅན་ཡང་མྱེད། ཤེད་བདག་ཀྱང་མྱེད། བྱེད་པ་པོ་ཡང་མྱེད། ཚོར་བ་པོ་ཡང་མྱེད། ཤེས་པ་པོ་ཡང་མྱེད། མཐོང་བ་པོ་ཡང་མྱེད་ན། དེ་ལ་གཟུགས་ལྟ་ག་ལ་ཡོད། ཚོར་བ་ལྟ་ག་ལ་ཡོད།


DKG025_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཤེས་ལྟ་ག་ལ་ཡོད། འདུ་བྱེད་ལྟ་ག་ལ་ཡོད། རྣམ་པར་ཤེས་པ་ལྟ་ག་ལ་ཡོད། མིག་ལྟ་ག་ལ་ཡོད། རྣ་བ་ལྟ་ག་ལ་ཡོད། སྣ་ལྟ་ག་ལ་ཡོད། ལྕེ་ལྟ་ག་ལ་ཡོད། ལུས་ལྟ་ག་ལ་ཡོད། ཡིད་ལྟ་ག་ལ་ཡོད། གཟུགས་ལྟ་ག་ལ་ཡོད། སྒྲ་ལྟ་ག་ལ་ཡོད། དྲི་ལྟ་ག་ལ་ཡོད། རོ་ལྟ་ག་ལ་ཡོད། རེག་ལྟ་ག་ལ་ཡོད། ཆོས་ལྟ་ག་ལ་ཡོད། མྱིག་གི་རྣམ་པར་ཤེས་པ་ལྟ་ག་ལ་ཡོད། རྣ་བའི་རྣམ་པར་ཤེས་པ་ལྟ་ག་ལ་ཡོད། སྣའི་རྣམ་པར་ཤེས་པ་ལྟ་ག་ལ་ཡོད། ལྕེའི་རྣམ་པར་ཤེས་པ་ལྟ་ག་ལ་ཡོད། ལུས་ཀྱི་རྣམ་པར་ཤེས་པ་ལྟ་ག་ལ་ཡོད། ཡིད་ཀྱི་རྣམ་པར་ཤེས་པ་ལྟ་ག་ལ་ཡོད། མྱིག་གི་འདུས་ཏེ་རེག་པ་ལྟ་ག་ལ་ཡོད། རྣ་བའི་འདུས་ཏེ་རེག་པ་ལྟ་ག་ལ་ཡོད། སྣའི་འདུས་ཏེ་རེག་པ་ལྟ་ག་ལ་ཡོད། ལྕེའི་འདུས་ཏེ་རེག་པ་ལྟ་ག་ལ་ཡོད། ལུས་ཀྱི་འདུས་ཏེ་རེག་པ་ལྟ་ག་ལ་ཡོད། ཡིད་ཀྱི་འདུས་ཏེ་རེག་པ་ལྟ་ག་ལ་ཡོད། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལྟ་ག་ལ་ཡོད། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལྟ་ག་ལ་ཡོད། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལྟ་ག་ལ་ཡོད། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལྟ་ག་ལ་ཡོད། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལྟ་ག་ལ་ཡོད། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལྟ་ག་ལ་ཡོད། སའི་ཁམས་ལྟ་ག་ལ་ཡོད། ཆུའི་ཁམས་ལྟ་ག་ལ་ཡོད། མྱེའི་ཁམས་ལྟ་ག་ལ་ཡོད། རླུང་གི་ཁམས་ལྟ་ག་ལ་ཡོད། ནམ་མཁའི་ཁམས་ལྟ་ག་ལ་ཡོད། རྣམ་པར་ཤེས་པའི་ཁམས་ལྟ་ག་ལ་ཡོད། མ་རིག་པ་ལྟ་ག་ལ་ཡོད། འདུ་བྱེད་ལྟ་ག་ལ་ཡོད། རྣམ་པར་ཤེས་པ་ལྟ་ག་ལ་ཡོད། མྱིང་དང་གཟུགས་ལྟ་ག་ལ་ཡོད། སྐྱེ་མཆེད་དྲུག་ལྟ་ག་ལ་ཡོད། རེག་པ་ལྟ་ག་ལ་ཡོད། ཚོར་བ་ལྟ་ག་ལ་ཡོད། སྲེད་པ་ལྟ་ག་ལ་ཡོད། ལེན་པ་ལྟ་ག་ལ་


DKG025_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད། སྲིད་པ་ལྟ་ག་ལ་ཡོད། སྐྱེ་བ་ལྟ་ག་ལ་ཡོད། རྒ་ཤི་ལྟ་ག་ལ་ཡོད། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་ལྟའང་ག་ལ་ཡོད་དེ། ཆོས་དེ་དག་མེད་ན་འགྲོ་བ་ལྔའི་འཁོར་བ་གང་ནས་སེམས་ཅན་རྣམས་དགྲོལ་བར་བྱ་བ་དེ་ལྟ་བུ་དག་ལྟ་ཡང་ག་ལ་ཡོད་དེ། ཤ་ར་དྭ་ཏིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་དེ་ལྟ་བུའི་ཆོས་ངོ་བོ་ཉིད་ཀྱིས་སྟོང་པ་དེ་དག་ཐོས་ནས། སེམས་ཅན་རྣམས་ཀྱི་དོན་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཇུག་སྟེ། ཕྱིན་ཅི་ལོག་གིས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པ་མ་གཏོགས་པར་སེམས་ཅན་ནམ། ཆོས་གང་ཡང་དམིགས་པ་མྱེད་དོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་ལྟ་བུའི་གོ་ཆ་ཆེན་པོ་གྱོན་ཏེ། གོ་ཆ་དེ་བགོས་པས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་སྟེ། བདག་གིས་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་བྱ་བ་མ་ཡིན་གྱི། གདོན་མྱི་ཟ་བར་བདག་གིས་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །དེ་ལྟར་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། སེམས་ཅན་རྣམས་ཀྱི་དོན་ཆོས་བཞིན་དུ་བྱ་སྟེ། དོན་བྱ་བ་དེས་སེམས་ཅན་རྣམས་ཕྱིན་ཅི་ལོག་ལས་ཡོངས་སུ་ད་གྲོལ་བར་བྱའོ་སྙམ་མ་མོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་མཁན་པོའམ། སྤྲུལ་པའི་སྐྱེས་བུ་ཞིག་གིས། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་སྤྲུལ་ཏེ། བཟའ་བ་དང་། བཅའ་བ་ཞིམ་ཞིང་ཉམས་སུ་བདེ་བ་ཤིན་ཏུ་མང་བས་ཚིམ་པར་བྱས་ཏེ། དེ་ལྟར་ཚིམ་པར་བྱས་ནས་བདག་གིས་ནི་བསོད་ནམས་མང་པོ་སྤེལ་ཏོ། །བདག་གིས་ནི་བསོད་


DKG025_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་མང་པོ་སྤེལ་ཏོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ན། ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས་དེ་ལ། ལ་ལ་ཞིག་སྟོན་ཏེ། ཚིམ་པར་བྱས་པའམ། ལ་ལས་བསོད་ནམས་འཕེལ་བར་བྱས་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པ་དང་། ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ནང་སྟོང་པ་ཉིད་ལ་སྦྱོད་པ་དང་། ཕྱི་སྟོང་པ་ཉིད་ལ་སྦྱོད་པ་དང་། ཕྱི་ནང་སྟོང་པ་ཉིད་ལ་སྦྱོད་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ལ་སྦྱོད་པ་དང་། ཆེན་པོ་སྟོང་པ་ཉིད་ལ་སྦྱོད་པ་དང་། དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། འདུས་བྱས་སྟོང་པ་ཉིད་ལ་སྦྱོད་པ་དང་། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་སྦྱོད་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་། རང་བཞིན་སྟོང་པ་ཉིད་ལ་སྦྱོད་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྦྱོད་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ལ་སྦྱོད་པ་དང་། དངོས་པོ་མེད་པ་སྟོང་པ་ཉིད་ལ་སྦྱོད་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ལ་སྦྱོད་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་། དྲན་པ་ཉེ་བར་གཞག་པ་བཞི་ལ་སྦྱོད་པ་དང་། ཡང་དག་པར་སྤོང་བ་བཞི་ལ་སྦྱོད་པ་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སྦྱོད་པ་དང་། དབང་པོ་ལྔ་ལ་སྦྱོད་པ་དང་། སྟོབས་ལྔ་ལ་སྦྱོད་པ་དང་། བྱང་ཆུབ་ཀྱི་ཡན་ལག་


DKG025_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ལ་སྦྱོད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྦྱོད་པ་དང་། འཕགས་པའི་བདེན་པ་བཞི་ལ་སྦྱོད་པ་དང་། བསམ་གཏན་བཞི་ལ་སྦྱོད་པ་དང་། ཚད་མེད་པ་བཞི་ལ་སྦྱོད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་སྦྱོད་པ་དང་། རྣམ་པར་ཐར་པ་བརྒྱད་ལ་སྦྱོད་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྤྱོད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མེད་པ་ལ་སྦྱོད་པ་དང་། མངོན་པར་ཤེས་པ་རྣམས་ལ་སྤྱོད་པ་དང་། ཏིང་ངེ་འཛིན་ཐམས་ཅད་ལ་སྦྱོད་པ་དང་། གཟུངས་ཀྱི་སྒོ་ཐམས་ཅད་ལ་སྦྱོད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྦྱོད་པ་དང་། མི་འཇིགས་པ་བཞི་ལ་སྦྱོད་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ལ་སྦྱོད་པ་དང་། བྱམས་པ་ཆེན་པོ་ལ་སྦྱོད་པ་དང་། སྙིང་རྗེ་ཆེན་པོ་ལ་སྦྱོད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྦྱོད་པ་དང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་རྫོགས་པར་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པའི་ཚེ། སེམས་ཅན་རྣཱམས་ཡོངས་སུ་སྨིན་པར་བྱེད་ད་དེ། སེམས་ཅན་ལ་ལ་ཞིག་དམྱིགས་པར་བྱས་ཤིང་གདུལ་བར་བྱ་བ་དེ་ལྟ་བུའི་སེམས་ཅན་གང་ཡང་མྱི་དམྱིགས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅོ་ལྔ་པ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་གང་ལ་སྤྱོད་དེ་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བགྱི་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱི་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ལམ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་


DKG025_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད། ནང་སྟོང་པ་ཉིད་ལ་སྤྱོད། ཕྱི་སྟོང་པ་ཉིད་ལ་སྦྱོད། ཕྱི་ནང་སྟོང་པ་ཉིད་ལ་སྦྱོད། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད། ཆེན་པོ་སྟོང་པ་ཉིད་ལ་སྦྱོད། དོན་དམ་པ་སྟོང་པ་ཉིད་ལ་སྤྱོད། འདུས་བྱས་སྟོང་པ་ཉིད་ལ་སྤྱོད། འདུས་མ་བྱས་སྟོང་པ་ཉིད་ལ་སྦྱོད། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྦྱོད། དོར་བ་མྱེད་པ་སྟོང་པ་ཉིད་ལ་སྦྱོད། རང་བཞིན་སྟོང་པ་ཉིད་ལ་སྦྱོད། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྦྱོད། མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྦྱོད། ངོ་བོ་ཉིད་སྟོང་པ་ཉིད་ལ་སྦྱོད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད། དྲན་པ་ཉེ་བར་གཞག་པ་བཞི་ལ་སྤྱོད། ཡང་དག་པར་སྤོང་བ་བཞི་ལ་སྦྱོད། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སྦྱོད། དབང་པོ་ལྔ་ལ་སྦྱོད། སྟོབས་ལྔ་ལ་སྦྱོད། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྦྱོད། འཕགས་པའི་བདེན་པ་བཞི་ལ་སྦྱོད། བསམ་གཏན་བཞི་ལ་སྤྱོད། ཚད་མྱེད་པ་བཞི་ལ་སྦྱོད། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་སྦྱོད། རྣམ་པར་ཐར་པ་བརྒྱད་ལ་སྤྱོད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྦྱོད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྦྱོད། མངོན་པར་ཤེས་


DKG025_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྔ་ལ་སྦྱོད། ཏིང་ངེ་འཛིན་ཐམས་ཅད་ལ་སྦྱོད། གཟུངས་ཀྱི་སྒོ་ཐམས་ཅད་ལ་སྤྱོད། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྦྱོད། མྱི་འཇིགས་པ་བཞི་ལ་སྦྱོད། སོ་སོ་ཡང་དག་པར་རིག་པ་བཞི་ལ་སྤྱོད། བྱམས་པ་ཆེན་པོ་ལ་སྦྱོད། སྙིང་རྗེ་ཆེན་པོ་ལ་སྦྱོད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྩྭོ་བརྒྱད་ལ་སྦྱོད་ཅི་ང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་ད་དོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཅིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་སྟེ། སྦྱིན་པ་བྱིན་ནས་འདི་སྐད་དུ་འདེམས་ཤིང་རྗེས་སུ་སྟོན་ཏེ། རིགས་ཀྱི་བུ་ད་ག་སྦྱིན་པ་ལ་གཟུང་བས་མ་འཛིན་ཅིག །སྦྱིན་པ་ལ་གཟུང་བས་འཛིན་འཛིན་ཅིང་ལུས་གང་མངོན་པར་གྲུབ་པས། སྡུག་བསྔལ་མང་པོ་ཉམས་སུ་རྨྱོང་བར་འགྱུར་བ་དེ་ལྟ་བུའི་ལུས་མངོན་པར་གྲུབ་པ་རེ། རིགས་ཀྱི་བུ་དག་འདི་ལ་དོན་དམ་པར་ན་སྦྱིན་པ་ཡང་མྱེད། སྦྱིན་པའི་འབྲས་བུ་ཡང་མྱེད། སྦྱིན་པའི་བདག་པོ་ཡང་མྱེད། ལེན་པ་ཡང་མྱེད་དེ། ཆོས་དེ་དག་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པའོ། །རང་བཞིན་གྱིས་སྟོང་པའི་ཆོས་ནི་ལེན་པ་མྱེད་དེ། རང་བཞིན་སྟོང་པ་ཉིད་ནི་གཟུང་དུ་མྱེད་པའོ། །ཞེས་འདེམས་ཤིང་རྗེས་སུ་སྟོན་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། དེ་ལྟར་སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་ཡང་སྦྱིན་པ་མྱི་དམྱིགས་སོ། །སྦྱིན་པའི་བདག་པོ་མྱི་དམིགས་


DKG025_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ལེན་པ་མྱི་དམྱིགས་སོ། །དེ་ནི་མྱི་ད་མྱིགས་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཆོས་གསུམ་པོ་དེ་ད་ག་ཐམས་ཅད་མྱི་དམྱིགས་པས། སེམས་ཅན་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སྦྱོར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སྦྱོར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་སྦྱོར་ར་རོ། །དགྲ་བཅོམ་པ་ཉིད་ལ་སྦྱོར་ར་རོ། །རང་བྱང་ཆུབ་ལ་སྦྱོར་ར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྦྱོར་རོ། །བླ་ན་མྱེད་པ་ཡང་ད་ག་པར་རྫོགས་པའི་བྱང་ཆུབ་ལ་སྦྱོར་རོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། དེ་བད་ག་ཉིད་ཀྱང་སྦྱིན་པ་ཡོངས་སུ་གཏོང་ངོ་། །གཞན་ཡང་སྦྱིན་པ་ལ་ཡང་དག་པར་སྐུལ་ལོ། །སྦྱིན་པའི་ལེགས་པ་རྗོད་ད་དོ། །སེམས་ཅན་གཞན་གང་སྦྱིན་པ་ཡོངས་སུ་གཏོང་བ་དེ་ད་ག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་ད་དེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། དེ་ལྟ་བུའི་སྦྱིན་པ་ཆེན་པོ་བྱིན་ཞིང་རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་དང་སྐལ་བ་མཉམ་པར་སྐྱེའོ། །བྲམ་ཟེ་ཆེ་ཞིང་མཐོ་བའི་རིགས་དང་སྐལ་བ་མཉམ་པར་སྐྱེའོ། །ཁྱིམ་བདག་ཆེ་ཞིང་མཐོ་བའི་རིགས་དང་སྐལ་བ་མཉམ་པར་སྐྱེའོ། །ཁམས་ཀྱི་རྒྱལ་པོར་འགྱུར་ར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་འཐོབ། །དེ་དེ་དག་ན་ཡང་སེམས་ཅན་དེ་ད་ག་བསྡུ་བའི་དངོས་པོ་བཞིས་ཡོངས་སུ་སྡུད་དེ། བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་སྤྱད་པ་དང་། དོན་མཐུན་པས་ཡོངས་སུ་སྡུད་དོ། །དེ་དེ་ལྟར་སྦྱིན་པས་ཡོངས་སུ་བསྡུས་པའི་སེམས་ཅན་དེ་དག་ཀྱང་རིམ་གྱིས་ཚུལ་ཁྲིམས་ལ་རབ་ཏུ་འགོད་དོ། །བཟོད་པ་ལ་རབ་ཏུ་འགོད་ད་དོ། །བརྩོན་འགྲུས་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་ལ་རབ་ཏུ་འགོད་དོ། །


DKG025_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ལ་རབ་ཏུ་འགོད་དོ། །བསམ་གཏན་བཞི་ལ་རབ་ཏུ་འགོད་དོ། །ཚད་མྱེད་པ་བཞི་ལ་རབ་ཏུ་འགོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་འགོད་དོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་རབ་ཏུ་འགོད་དོ། །ཡང་དག་པར་སྤོང་བ་བཞི་ལ་རབ་ཏུ་འགོད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་རབ་ཏུ་འགོད་དོ། །དབང་པོ་ལྔ་ལ་རབ་ཏུ་འགོད་དོ། །སྟོབས་ལྔ་ལ་རབ་ཏུ་འགོད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་རབ་ཏུ་འགོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་རབ་ཏུ་འགོད་ད་དོ། །འཕགས་པའི་བདེན་པ་བཞི་ལ་རབ་ཏུ་འགོད་དོ། །རྣམ་པར་ཐར་པ་བརྒྱད་ལ་རབ་ཏུ་འགོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་རབ་ཏུ་འགོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་རབ་ཏུ་འགོད་དོ། །མངོན་པར་ཤེས་པ་ལྔ་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་རྣམས་ལ་རབ་ཏུ་འགོད་དོ། །གཟུངས་ཀྱི་སྒོ་རྣམས་ལ་རབ་ཏུ་འགོད་ད་དོ། །ཡང་དག་པའི་སྐྱོན་མྱེད་པར་འཇུག་པར་བྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་བྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་བྱེད་དོ། །ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་བྱེད་ད་དོ། །དགྲ་བཅོམ་པ་ཉིད་ཐོབ་པར་བྱེད་དོ། །རང་བྱང་ཆུབ་ཐོབ་པར་བྱེད་ད་དོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་སྐྲུལ་ལོ། །ཀྱེ་སྐྱེས་བུ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་དཀའ་སྟེ། ཕྱིན་ཅི་ལོག་གིས་རྨོངས་པའི་སེམས་ཅན་རྣམས་ཀྱིས་ཁོང་དུ་མྱི་ཆུད་པ་མ་གཏོགས་པར་ཆོས་གང་ལ་སེམས་ཅན་རྣམས་ཆགས་པར་གྱུར་པའི་ཆོས་དེ་ལྟ་བུ་གང་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་མྱེད་ཀྱིས། ཕྱིན་ཅི་ལོག་གི་འཛིན་པ་ཐམས་ཅད་རྒྱུན་ཆོད་ལ། འཁོར་བ་ལས་


DKG025_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་ཀྱང་ཐར་བར་གྱིས་ཤིག །གཞན་ཡང་ཐར་བར་གྱིས་ཤིག །དེ་ལྟར་ཁྱེད་བདག་ཅག་ཀྱང་དོན་ཆེན་པོ་གྱིས་ཤིག །གཞན་ཡང་དོན་ཆེན་པོ་ལ་སྦྱོར་ཅིག་ཅེས་ཡང་དག་པར་སྐུལ་བ་བྱེད་དེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་སྟེ། དེ་ལྟར་སྦྱོད་པའི་ཚེ་ཅི་ནས་ཀྱང་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ནམ་ཡང་ངན་སོང་དུ་མྱི་ལྟུང་བ་དང་། ནམ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་མྱི་བྱེད་པར་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། ས་བོན་ཇི་ལྟ་བ་བཞིན་དུ་འབྲས་བུ་འབྱུང་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེའི་དྲུང་དུ་སློངས་མོ་པ་གང་ཇི་སྙེད་ཅིག་འོངས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་རྣམས་ཀྱི་དོན་མ་གཏོགས་པར། གཞན་གྱི་དོན་དུ་འཁོར་ལོས་སྒྱུར་བ་ཡོངས་སུ་མ་བཟུང་ངོ་། །ཞེས་དེ་འདི་སྐད་ཅེས་ཟེར་ཏེ། སུ་ཅི་འདོད་པ་དེ་ཁྱེད་བྱིན་གྱིས་འདི་ནི་ངའི་མ་ཡིན་གྱི་ཁྱེད་ཀྱིའོ། །ང་ནི་ནང་གི་གཟུགས་ལ་ཡང་དོན་དུ་གཉེར་བ་མྱེད་ན། གཞན་ལྟ་ཅི་སྨོས་ཏེ། གཞན་དུ་ན་ངས་སེམས་ཅན་རྣམས་ཀྱི་དོན་དུ་འཁོར་བ་ཡོངས་སུ་བཟུང་གི། བདག་ནི་འཁོར་བ་དོན་དུ་གཉེར་བ་མ་ཡིན་ནོ་ཞེས་ཏེ། དེ་སྙིང་བརྩེ་བས་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱས་ཤིང་། སྙིང་རྗེ་ཆེན་པོས་སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང་སེམས་ཅན་གང་ཡོངས་སུ་གྲུབ་པ་དེ་ལྟ་བུ་མྱི་དམྱིགས་ཏེ། གཞན་དུ་ན་འདུ་ཤེས་དང་མྱིང་དང་། ཐ་སྙད་ཀྱིས་རྣམ་པར་སྤྱོད་དེ། རྣམ་པར་སྦྱོད་པ་དེ་ཡང་སྒྲ་བརྙ་ན་ལྟ་བུར་རྣམ་པར་སྤྱད་དུ་མྱེད་པར་ཤེས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་པར་བྱ་སྟེ། སྦྱོད་པའི་ཚེ་ཅི་ནས་ཀྱང་བདག་གི་ཤ་ཡན་


DKG025_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་ཀྱང་སེམས་ཅན་རྣམས་ལ་ཡོངས་སུ་མ་བཏང་བ་མྱེད་པར་བྱ་ན། ཕྱི་རོལ་གྱི་ཡོ་བྱད་གང་གིས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་ཐར་བར་བྱ་བ་དག་ལྟ་སྨོས་སུ་ཡང་མྱེད་པ་དེ་ལྟར་སྤྱད་པར་བྱའོ། །གསོལ་པ། ཡོ་བྱད་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །ནང་སྟོང་པ་ཉིད་ནི་ཡོ་བྱད་ད་དོ། །ཕྱི་སྟོང་པ་ཉིད་ནི་ཡོ་བྱད་ད་དོ། །ཕྱི་ནང་སྟོང་པ་ཉིད་ནི་ཡོ་བྱད་ད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཆེན་པོ་སྟོང་པ་ཉིད་ནི་ཡོ་བྱད་དོ། །དོན་དམ་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །འདུས་བྱས་སྟོང་པ་ཉིད་ནི་ཡོ་བྱད་དོ། །འདུས་མ་བྱས་སྟོང་པ་ཉིད་ནི་ཡོ་བྱད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །རང་བཞིན་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཡོ་བྱད་དོ། །རང་གི་མཚན་ཉད་སྟོང་པ་ཉིད་ནི་ཡོ་བྱད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །ངོ་བོ་ཉིད་སྟོང་པ་ཉད་ནི་ཡོ་བྱད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་ཡོ་བྱད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་ཡོ་བྱད་དོ། །ཡང་དག་པར་སྤོང་བ་རྣམས་ནི་ཡོ་བྱད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་ཡོ་བྱད་དོ། །དབང་པོ་རྣམས་ནི་ཡོ་བྱད་དོ། །སྟོབས་རྣམས་ནི་ཡོ་བྱད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་ཡོ་བྱད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཡོ་བྱད་ད་དོ། །


DKG025_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་བདེན་པ་རྣམས་ནི་ཡོ་བྱད་དོ། །བསམ་གཏན་རྣམས་ནི་ཡོ་བྱད་དོ། །ཚད་མྱེད་པ་རྣམས་ནི་ཡོ་བྱད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་ཡོ་བྱད་དོ། །རྣམ་པར་ཐར་པ་རྣམས་ནི་ཡོ་བྱད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་ཡོ་བྱད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ནི་ཡོ་བྱད་དོ། །མངོན་པར་ཤེས་པ་རྣམས་ནི་ཡོ་བྱད་དོ། །ཏིང་ངེ་འཛིན་རྣམས་ནི་ཡོ་བྱད་དོ། །གཟུངས་ཀྱི་སྒོ་རྣམས་ནི་ཡོ་བྱད་ད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་ཡོ་བྱད་དོ། །མྱི་འཇིགས་པ་རྣམས་ནི་ཡོ་བྱད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་ཡོ་བྱད་དོ། །སྙིང་རྗེ་ཆེན་པོ་ནི་ཡོ་བྱད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྩྭོ་བརྒྱད་ནི་ཡོ་བྱད་དོ། །དེ་དག་ནི་ཡོ་བྱད་ད་དེ། ཡོ་བྱད་དེ་དག་གིས་སེམས་ཅན་རྣམས་ཡོངས་སུ་བསྡུས་ཤིང་རིམ་གྱིས་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོའམ། ཐེག་པ་གསུམ་པོ་དེ་དག་གིས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པརི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཅིང་། སེམས་ཅན་རྣམས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་སྟེ། དེ་སྦྱིན་པ་གཏོང་བའི་ཚེ་འདི་སྐད་ཅེས་རྗོད་དོ། །རིགས་ཀྱི་བུ་དག་ཚུར་ཤེག །ཚུལ་ཀྲིམས་སྲུངས་ཤིག །ངས་ཁྱེད་ཟས་དང་།


DKG025_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

སྐོམ་དང་། གོས་དང་། །བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། མིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བའི་བར་གྱིས་ཕོངས་པ་མྱེད་པར་བྱའོ། །ཁྱེད་ཀྱང་ཕོངས་པས་ཚུལ་ཁྲིམས་ངན་པ་ལ་སྦྱོད་གྲང་ན་ཁྱེད་ཡོ་བྱད་ཐམས་ཅད་དང་རིན་པོ་ཆེ་སྣ་བདུན་གྱི་བར་གྱིས་ཕོངས་པ་མེད་པར་བྱས། དེས་ཁྱེད་སྡོམ་པའི་ཚུལ་ཁྲིམས་ལ་གནོས་ལ། རིམ་གྱིས་ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐེག་པའམ། ཐེག་པ་གསུམ་པོ་དེ་དག་གིས་སྡུག་བསྔལ་གྱི་མཐར་ཕྱིན་པར་གྱིས་ཤིག་ཅེས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བདག་ཉིད་ཀྱང་ཚུལ་ཁྲིམས་སྲུང་ངོ་། །གཞན་ཡང་ཚུལ་ཁྲིམས་ལ་ཡང་དག་པར་སྐུལ་ལོ། །ཚུལ་ཁྲིམས་ཀྱི་ལེགས་པ་རྗོད་ད་དོ། །སེམས་ཅན་གཞན་གང་ཚུལ་ཁྲིམས་སྲུང་བ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་ཚུལ་ཁྲིམས་ལ་སྦྱར་ཅིང་། ཚུལ་ཁྲིམས་ལ་རབ་ཏུ་བཀོད་དེ། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཅིང་། སེམས་ཅན་རྣམས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་


DKG025_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་གང་ཁྲོ་བ་དང་། གནོད་སེམས་སུ་བྱེད་པ་དག་མཐོང་ན། དེ་དག་ལ་འདི་སྐད་ཅེས་ཟེར་ར་རོ། །རིགས་ཀྱི་བུ་དག་ཁྱེད་ཅིའི་རྒྱུས་གནོད་སེམས་སུ་བྱེད་པར་གྱུར། ཁྱེད་གང་གིས་ཕོངས་ཤིང་གནོད་སེམས་སུ་བྱེད་པར་གྱུར་པ་དེ་དང་དེ་ང་ལས་ལོང་ཤིག་། ངས་ཁྱེད་ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། མིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བའི་བར་གྱིས་ཕོངས་པ་མྱེད་པར་བྱས ། ཁྲོ་བ་དང་། གནོད་སེམས་མེད་པར་གྱིས་ཤིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དེ་དག་བཟོད་པ་ལ་སྦྱོར་ཏེ། འདི་སྐད་དུ་གཅུགས་གང་གིས་ཁྱེད་ཀྱི་ཁྲོ་བ་སྐྱེ་བར་གྱུར་པ་དེ་ནི་སྙིང་པོ་མྱེད་པ་སྟེ། དེ་ལ་དངོས་པོ་གང་ཡང་མྱེད་དོ། །ཁྲོ་བ་དེ་ནི་ཡང་དག་པ་མ་ཡིན་པར་ཡོངས་སུ་བརྟགས་པ་སྟེ། དངོས་པོ་གང་གི་ཕྱིར་ཁྱེད་འཐབ་ཅིང་མཁོན་པ་དང་། གནོད་སེམས་སུ་བྱེད་པར་གྱུར་པ་དང་། དེ་ལྟར་འཐབས་ཤིང་མཁོན་ཏེ། གནོད་སེམས་སུ་གྱུར་ནས། དབྱིག་པས་འགྱེད་པ་དང་། མཚོན་གྱིས་འདྲེ་བ་དང་། ཕན་ཚུན་གྱི་སྲོག་ལ་རྒོལ་བར་གྱུར་པའི་དངོས་པོ་དེ་ལ། དངོས་པོའི་རང་བཞིན་གང་ཡང་མེད་ན། དེ་ལྟ་ཡིན་ཡང་ཁྱེད་ཡང་དག་པ་མ་ཡིན་པའི་ཡོངས་སུ་རྟོག་པས་འཁྲུགས་ན། སེམས་ཅན་དམྱལ་བ་དག་ཏུ་ལྟུང་བར་འགྱུར། བྱོལ་སོང་གི་སྐྱེ་གནས་དག་ཏུ་ལྟུང་བར་འགྱུར། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་


DKG025_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། དེ་མ་ཡིན་པའི་ངན་སོང་གཞན་དག་དུ་ཡང་ཁྱེད་སྡུག་བསྔལ་མྱི་བཟད་པ་དང་། ཚ་ཞིང་རྩུབ་ལ་ཡིད་ཏུ་མི་འོང་བའི་ཚོར་བ་ཉམས་སུ་རྨྱོང་བར་འགྱུར་གྱིས། སྐྱེས་བུ་ཁྱེད་རྣམས་དངོས་པོ་མྱེད་པའི་ཆོས་རྣམས་ཀྱི་དོན་དུ་ལས་གང་ཡོངས་སུ་བཟུང་བས་མྱིར་སྐྱེ་བ་ཡང་འཐོབ་པར་མྱི་འགྱུར་ན། སངས་རྒྱས་འབྱུང་བ་དང་འཕྲད་པར་འགྱུར་བ་ལྟ་སྨོས་སུ་ཡང་མྱེད་པ་དེ་ལྟ་བུའི་ལུས་ཡོངས་སུ་མ་འཛིན་ཅིག །གྲོགས་པོ་དག་སངས་རྒྱས་འབྱུང་བ་ནི་དཀོན་ནོ། །མྱིར་སྐྱེ་བ་འཐོབ་པ་ནི་དཀོན་ནོ། །དལ་བ་ཕུན་སུམ་ཚོགས་པ་ནི་དཀོན་ན་ནོ། །འཁོར་བ་ལས་ཐར་བ་ནི་དཀོན་ནོ། །དེ་ལྟ་ཡིན་གྱིས་དལ་བ་འདི་དོན་མྱེད་པར་མ་བྱ་ཤིག་།མྱི་ཁོམ་པར་གྱུར་ཅིང་གསོར་མྱི་རུང་བར་གྱུར་ཏ་རེ་ཞེས་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་བཟོད་པ་སྒྲུབ་བོ། །གཞན་ཡང་བཟོད་པ་ལ་ཡང་དག་པར་སྐུལ་ལོ། །བཟོད་པའི་ལེགས་པ་རྗོད་དོ། །སེམས་ཅན་གཞན་གང་བཟོད་པ་སྒོམ་པ་དེ་དག་གི་ཡང་ལེགས་པ་རྗོད་ཅི་ང་། མཐུན་པས་དགའ་བར་སྦྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་བཟད་པ་ལ་སྦྱར་ཅིང་། བཟོད་པ་ལ་རབ་ཏུ་བཀོད་ད་དེ། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བབྲོད་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅི་ང་། སེམས་ཅན་རྣམས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ལེ་ལོ་ཅན། བརྩོན་འགྲུས་ཆུང་བ་དག་


DKG025_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ན་འདི་སྐད་དུ་ཁྱེད་ཅིའི་ཕྱིར་ལེ་ལོ་བྱེད་ཅེས་རྗོད་དེ། དེ་དག་རྐྱེན་དང་མྱི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཅིང་། སེམས་ཅན་དེ་དག་ལ་འདི་སྐད་ཅེས་ཟེར་ཏེ། ཀྱེ་སྐྱེས་བུ་དག་ངས་སྦྱིན་པའི་རྐྱེན་ཏ་མ། ཚུལ་ཁྲིམས་ཀྱི་རྐྱེན་ཏ་མ། བཟོད་པའི་རྐྱེན་ཏ་མ། གཞན་ཡང་རྣམ་པ་གང་དང་གང་གིས། བརྩོན་འགྲུས་བརྩམ་དུ་རུང་བ་དེ་དག་ཁྱེད་ལ་ངས་ཉེ་བར་བསྒྲུབ་པར་བྱས། བརྩོན་འགྲུས་རྩོམས་ཤིག་ཅེས་ནས། སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཡོ་བྱད་ལ་སྦྱོད་ཅིང་ལུས་སམ། སེམས་ཀྱི་བརྩོན་འགྲུས་རྩོམ་སྟེ། དེ་དག་ལུས་དང་སེམས་ཀྱི་བརྩོན་འགྲུས་ཀྱིས་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དེ། དགེ་བའི་ཆོས་དེ་དག་གིས་འཕགས་པ་ཟག་པ་མྱེད་པའི་ཆོས་རྣམས་སྒོམ་མོ། །དེ་དག་བསྒོམས་པས་རྒྱུན་ཏུ་ཞུགས་པའི་འབྲས་བུ་འཐོབ་བོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་བོ། །ཕྱིར་མྱི་འོང་བའི་འབྲས་བུ་འཐོབ་བོ། །དགྲ་བཅོམ་པ་ཉིད་འཐོབ་བོ། །རང་བྱང་ཆུབ་འཐོབ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་བརྩོན་འགྲུས་རྩོམ་མ་མོ། །གཞན་ཡང་བརྩོན་འགྲུས་ལ་ཡང་དག་པར་སྐྲུལ་ལོ། །བརྩོན་འགྲུས་ཀྱི་ལེགས་པ་རྗོད་དོ། །སེམས་ཅན་གཞན་གང་བརྩོན་འགྲུས་རྩོམ་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྦྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་བརྩོན་འགྲུས་ལ་སྦྱར་ཅིང་། བརྩོན་འགྲུས་ལ་རབ་ཏུ་བཀོད་ད་དེ། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་


DKG025_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཅིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་གཡེངས་པར་གྱུར་པའི་སེམས་ཅན་དག་མཐོང་ན། འདི་སྐད་དུ་སེམས་ཅན་ཁྱེད་ཅིའི་ཕྱིར་བསམ་གཏན་ལ་མ་ཉམ་པར་མྱི་གཞོག་ཅེས་རྗོད་དེ། དེ་དག་རྐྱེན་དང་མྱི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཅིང་། སེམས་ཅན་དེ་དག་ལ་འདི་སྐད་དུ་འདེམས་ཏེ། ཀྱེ་སེམས་ཅན་དག་ངས་རྐྱེན་གང་དང་གང་གིས་ཕྱི་ནང་གི་ཆོས་ལ་རྣམ་པར་རྟོག་པར་མྱི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་བསྒྲུབ་པར་བྱའོ་ཞེས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་ལ་རྐྱེན་གང་དང་གང་ཉེ་བར་བསྒྲུབས་པས། རྣམ་པར་རྟོག་པར་མྱི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་སྒྲུབ་སྟེ། དེའི་ཕྱིར་དེ་དག་རྣཱམ་པར་རྟོག་པ་ཆད་ན་ས། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ །བྱམས་པ་ལ་སྙོམས་པར་འཇུག་གོ །སྙིང་རྗེ་ལ་སྙོམས་པར་འཇུག་གོ །དགའ་བ་ལ་སྙོམས་པར་འཇུག་གོ །བཏང་སྙོམས་ལ་སྙོམས་པར་འཇུག་ག་གོ །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །ཆུང་ཟད་མྱེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་


DKG025_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་ལ་སྙོ་མས་པར་འཇུག་གོ །དེ་དག་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་དེ་དག་གིས། སེམས་དུལ་བར་གྱུར་པས། དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ། །ཡང་དག་པར་སྤོང་བ་བཞི་སྒོམ་མ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་མ་མོ། །དབང་པོ་ལྔ་སྒོམ་མ་མོ། །སྟོབས་ལྔ་སྒོམ་མ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་མ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་མ་མོ། །རྣམ་པར་ཐར་པའི་སྒོ་གསུམ་སྒོམ་མ་མོ། །དེ་དག་བསྒོམས་པས་རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་འདའ་སྟེ ། དེ་ལ་ལ་ལ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བྱང་ཆུབ་ཀྱི་ལམ་ལས་ཡོངས་སུ་མྱི་ཉམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པས། སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་འཆལ་བར་གྱུར་པའི་སེམས་ཅན་དག་མཐོང་ན། འདི་སྐད་དུ་སེམས་ཅན་ཁྱེད་ཅིའི་ཕྱིར་ཤེས་རབ་མྱི་སྒོམ་ཞེས་རྗོད་དེ། དེ་དག་རྐྱེན་དང་མྱི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དེ་དག་ལ་འདི་སྐད་དུ་འདེམས་ཏེ། ང་ལས་ཡོ་བྱད་རྣམས་ལོང་ལ། སྦྱིན་པ་བྱིན་ཅིག །ཚུལ་ཁྲིམས་སྲུངས་ཤིག །བཟོད་པ་སྒོམས་ཤིག །བརྩོན་འགྲུས་


DKG025_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

རྩོམས་ཤིག །ཏིང་ངེ་འཛིན་ལ་མཉམ་པར་ཞོགས་ཤིག་།རྣམ་པ་དེ་དག་ཡོངས་སུ་རྫོགས་པར་གྱིས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་བདག་གམ། སེམས་ཅན་ནམ། སྲོག་གམ། འགྲོ་བའམ། གསོ་བའམ། །སྐྱེས་བུའམ། གང་ཟག་གམ། ཤེད་ཅན་ནམ། ཤེད་བདག་གམ། བྱེད་པ་པོའམ། །ཚོར་བ་པོའམ། ཤེས་པ་པོ་འམ། མཐོང་བ་པོའམ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། མྱིག་གམ། རྣ་བའམ། སྣའམ། ལྕེའམ། ལུས་སམ། ཡིད་དམ། གཟུགས་སམ། སྒྲའམ། དྲིའམ། རོའམ། རེག་གམ། ཆོས་སམ། མྱིག་གི་རྣམ་པར་ཤེས་པའམ། རྣ་བའི་རྣམ་པར་ཤེས་པའམ། སྣའི་རྣམ་པར་ཤེས་པའམ། ལྕེའི་རྣམ་པར་ཤེས་པ་འམ། ལུས་ཀྱི་རྣམ་པར་ཤེས་པའམ། ཡིད་ཀྱི་རྣམ་པར་ཤེས་པའམ། མྱིག་གི་འདུས་ཏེ་རེག་པའམ། རྣ་བའི་འདུས་ཏེ་རེག་པའམ། སྣའི་འདུས་ཏེ་རེག་པའམ། ལྕེའི་འདུས་ཏེ་རེག་པའམ། ལུས་ཀྱི་འདུས་ཏེ་རེག་པའམ། ཡིད་ཀྱི་འདུས་ཏེ་རེག་པའམ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་འམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའམ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའམ། སའི་ཁམས་སམ། ཆུའི་ཁམས་སམ། མྱེའི་ཁམས་སམ། རླུང་གི་ཁམས་སམ། ནམ་མཁའི་ཁམས་སམ། རྣམ་པར་ཤེས་པའི་ཁམས་སམ། མ་རིག་པའམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། མྱིང་དང་གཟུགས་སམ། སྐྱེ་མཆེད་དྲུག་གམ། རེག་པའམ། ཚོར་བའམ། སྲེད་པའམ། ལེན་པའམ།


DKG025_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པའམ། སྐྱེ་བའམ། རྒ་ཤིའམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ། ནང་སྟོང་པ་ཉིད་དད་མ། ཕྱི་སྟོང་པ་ཉིད་དད་མ། ཕྱི་ནང་སྟོང་པ་ཉིད་དད་མ། སྟོང་པ་ཉིད་སྟོང་པ་ཉིད་དད་མ། ཆེན་པོ་སྟོང་པ་ཉིད་དད་མ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དད་མ། འདུས་མ་བྱས་སྟོང་པ་ཉིད་དད་མ། མཐའ་ལས་འདས་པ་སྟོང་པ་ཉིད་དད་མ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དམ། དོར་བ་མྱེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་དད་མ། རང་གི་མཚན་ཉིད་སྟོང་པ་ཉིད་དད་མ། མྱི་དམྱིགས་པ་སྟོང་པ་ཉིད་དམ། དངོས་པོ་མྱེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དད་མ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་རྣམས་སམ།ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ། གཟུགས་མྱེད་པའི་ཛྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་


DKG025_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། རྒྱུན་ཏུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མྱི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དད་མ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམ། ཆོས་གང་ཡང་ཡོད་དམ། ཡོངས་སུ་རྟོགས་ཤིག་ཅེས་འདེམས་ཤིང་རྗེས་སུ་སྟོནད་ཏེ། དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། ཆོས་གང་ལ་དམྱིགས་པས་མངོན་པར་ཞེན་པར་འགྱུར་བ་དེ་ལྟ་བུའི་ཆོས་གང་ཡང་མྱི་དམྱིགས་ཏེ། དེ་ལ་མངོན་པར་ཞེན་པ་མེད་པས། ཆོས་གང་ཡང་སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། འདི་ནི་སེམས་ཅན་དམྱལ་བ་པའོ། །འདི་ནི་བྱོལ་སོང་གི་སྐྱེ་གནས་པའོ། །འདི་ནི་གཤིན་རྗེའི་འཇིག་རྟེན་པའོ། །འདི་ནི་ལྷ་མ་ཡིན་གྱི་རིས་སུ་གཏོགས་པའོ། །འདི་ནི་ལྷའོ། །འདི་ནི་མྱིའོ། །འདི་ནི་ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི་ཚུལ་ཁྲིམས་ངན་པ་ཅན་ན་ནོ། །འདི་ནི་རྒྱུན་ཏུ་ཞུགས་པའོ། །འདི་ནི་ལན་ཅིག་ཕྱིར་འོང་བའོ། །འདི་ནི་ཕྱིར་མྱི་འོང་བའོ། །འདི་ནི་དགྲ་བཅོམ་པའོ། །འདི་ནི་རང་སངས་རྒྱས་སོ། །འདི་ནི་བྱང་ཆུབ་སེམས་དཔའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བྱ་བར་རྣམ་པར་མྱི་རྟོག་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་


DKG025_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཅིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སེམས་ཅན་རྣམས་ལ་འདི་སྐད་དུ་འདེམས་ཤིང་རྗེས་སུ་སྟོན་ཏོ། །སེམས་ཅན་ཁྱེད་ཅིའི་ཕྱིར་སྦྱིན་པ་ཡོངས་སུ་མྱི་གཏོང་ཞེས་རྫོད་ད་དེ། དེ་དག་རྐྱེན་དང་མྱི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་དག་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྐད་ཅེས་ཟེར་ཏེ། ང་ལས་ཡོ་བྱད་རྣམས་ལོང་ལ་སྦྱིན་པ་བྱིན་ཅིག །སྦྱིན་པ་དེ་ལ་ཡང་འཛིན་པས་མ་འཛིན་ཅིག །སྦྱིན་པ་དེ་ལ་འཛིན་པས་འཛིན་འཛིན་ཅིང་། ལུས་གང་མངོན་པར་གྲུབ་པས། སྡུག་བསྔལ་མང་པོ་ཉམས་སུ་མྱོང་བར་འགྱུར་བ་དེ་ལྟ་བུའི་ལུས་མངོན་པར་གྲུབ་པ་རེ། རིགས་ཀྱི་བུ་དག་འདི་ལ་དོན་དམ་པར་ན་སྦྱིན་པ་ཡང་མྱེད། སྦྱིན་པའི་འབྲས་བུ་ཡང་མྱེད། སྦྱིན་པའི་བདག་པོ་ཡང་མྱེད། ལེན་པ་ཡང་མྱེད་དེ། ཆོས་དེ་དག་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །རང་བཞིན་གྱིས་སྟོང་པའི་ཆོས་ནི་འཛིན་པ་མྱེད་དེ། རང་བཞིན་སྟོང་པ་ཉིད་ནི་གཟུང་དུ་མེད་པའོ་ཞེས་འདེམས་ཤིང་རྗེས་སུ་སྟོན་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཅིང་། སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་ཡང་། དེ་ལ་སྦྱིན་པར་དམྱིགས་པ་མྱེད། སྦྱིན་པའི་བདག་པོར་དམྱིགས་པ་མྱེད། ལེན་པར་དམྱིགས་པ་མྱེད་དེ། འདི་ལྟ་སྟེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི། དམྱིགས་པ་མྱེད་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཆོས་གསུམ་པོ་དེ་དག་ཐམས་ཅད་ལ་མྱི་དམྱིགས་


DKG025_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

པས། སེམས་ཅན་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སྦྱོར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སྦྱོར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་སྦྱོར་ར་རོ། །དགྲ་བཅོམ་པ་ཉིད་ལ་སྦྱོར་ར་རོ། །རང་བྱང་ཆུབ་ལ་སྦྱོར་ར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྦྱོར་ར་རོ། །་རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། དེ་བདག་ཉིད་ཀྱང་སྦྱིན་པ་ཡོངས་སུ་གཏོང་ངོ་། །གཞན་ཡང་སྦྱིན་པ་ལ་ཡང་དག་པར་སྐུལ་ལོ། །སྦྱིན་པའི་ལེགས་པ་རྗོད་ད་དོ། །སེམས་ཅན་གཞན་གང་སྦྱིན་པ་ཡོངས་སུ་གཏོང་བ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་དེ་ལྟ་བུའི་སྦྱིན་པ་ཆེན་པོ་བྱིན་པས། རྒྱལ་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པར་སྐྱེའོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པར་སྐྱེའོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པར་སྐྱེའོ། །ཁམས་ཀྱི་རྒྱལ་པོར་འགྱུར་ར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འཐོབ་བོ། །དེ་དེ་དག་ན་ཡང་སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞིས་ཡོངས་སུ་སྡུད་དེ། བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་བྱ་བ་དང་། དོན་མཐུན་པས་ཡོངས་སུ་སྡུད་དོ། །དེ་དེ་ལྟར་སེམས་ཅན་སྦྱིན་པས་ཡོངས་སུ་བསྡུས་པ་དེ་དག་ཀྱང་རིམ་གྱིས་ཚུལ་ཁྲིམས་ལ་རབ་ཏུ་འགོད་དོ། །བཟོད་པ་ལ་རབ་ཏུ་འགོད་ད་དོ། །བརྩོན་འགྲུས་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་ལ་རབ་ཏུ་འགོད་ད་དོ། །ཤེས་རབ་ལ་རབ་ཏུ་འགོད་དོ། །བསམ་གཏན་བཞི་ལ་རབ་ཏུ་འགོད་དོ། །ཚད་མྱེད་པ་བཞི་ལ་རབ་ཏུ་འགོད་དོ། །གཟུགས་མྱེད་པའི་སྙོམས་པར་


DKG025_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་བཞི་ལ་རབ་ཏུ་འགོད་དོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་རབ་ཏུ་འགོད་དོ། །ཡང་དག་པར་སྤོང་བ་བཞི་ལ་རབ་ཏུ་འགོད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་རབ་ཏུ་འགོད་དོ། །དབང་པོ་ལྔ་ལ་རབ་ཏུ་འགོད་དོ། །སྟོབས་ལྔ་ལ་རབ་ཏུ་འགོད་དོ། །་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་རབ་ཏུ་འགོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་རབ་ཏུ་འགོད་ད་དོ། །འཕགས་པའི་བདེན་པ་བཞི་ལ་རབ་ཏུ་འགོད་དོ། །རྣམ་པར་ཐར་པ་བརྒྱད་ལ་རབ་ཏུ་འགོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་རབ་ཏུ་འགོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་ལ་རབ་ཏུ་འགོད་དོ། །མངོན་པར་ཤེས་པ་ལྔ་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་རྣམས་ལ་རབ་ཏུ་འགོད་དོ། །གཟུངས་ཀྱི་སྒོ་རྣམས་ལ་རབ་ཏུ་འགོད་ད་དོ། །ཡང་དག་པའི་སྐྱོན་མྱེད་པར་འཇུག་པར་བྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་བྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་བྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་བྱེད་ད་དོ། །དགྲ་བཅོམ་པ་ཉིད་ཐོབ་པར་བྱེད་དོ། །རང་བྱང་ཆུབ་ཐོབ་པར་བྱེད་ད་དོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་སྐུལ་བར་བྱེད་དོ། །ཀྱེ་སྐྱེས་བུ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་དཀའ་སྟེ། དེ་ལ་ཕྱིན་ཅི་ལོག་གིས་རྨོངས་པའི་སེམས་ཀྱིས་ཁོང་དུ་མ་ཆུད་པ་མ་གཏོགས་པར་ཆོས་གང་ལ་སེམས་ཅན་རྣམས་ཆགས་པར་གྱུར་པའི་ཆོས་དེ་ལྟ་བུ་གང་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་མྱེད་ཀྱིས། དེ་བས་ན་ཕྱིན་ཅི་ལོག་གི་འཛིན་པ་ཐམས་ཅད་རྒྱུན་ཆོད་ལ་འཁོར་བ་ལས་བདག་ཀྱང་ཐར་བར་གྱིས་ཤིག །གཞན་ཡང་ཐར་བར་གྱིས་ཤིག །དེ་ལྟར་ན་ཁྱེད་བདག་ཅག་གི་དོན་དུ་ཡང་ཆེར་འགྱུར།


DKG025_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་དོན་ཆེན་པོ་ལ་འབྱོར་བར་འགྱུར་རོ་ཞེས་ཡང་དག་པར་སྐྲུལ་བ་བྱེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་སྟེ། དེ་ལྟར་སྤྱོད་པའི་ཚེ། ཅི་ནས་ཀྱང་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ནམ་ཡང་ངན་སོང་དུ་མྱི་ལྟུང་བ་དང་། ནམ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་མྱི་བྱེད་པར་མྱི་འགྱུར་བ་དེ་ལྟར་སྦྱད་དོ། །དེ་ཅིའི་ཕྱིར་ཞེ་ན། ས་བོན་ཇི་ལྟ་བུ་བཞིན་དུ་འབྲས་བུ་འབྱུང་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེའི་དྲུང་དུ་སློངས་མོ་པ་གང་ཇི་སྙེད་ཅིག་འོངས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་རྣམས་ཀྱི་དོན་མ་གཏོགས་པར་གཞན་གྱི་དོན་དུ་འཁོར་ལོས་སྒྱུར་བ་ཡོངས་སུ་མ་བཟུང་ངོ་ཞེས་ནས། དེ་འདི་སྐད་ཅེས་ཟེར་ཏེ། སུ་ཅི་འདོད་པ་དེ་ཁྱེད་བྱིན་གྱིས་འདི་ནི་ངའི་མ་ཡིན་གྱི་ཁྱེད་ཀྱིའོ། །ང་ནི་ནང་གི་གཟུགས་ལ་ཡང་དོན་དུ་གཉེར་བ་མྱེད་ན། གཞན་ལྟ་ཅི་སྨོས་ཏེ། གཞན་དུ་ན་ངས་སེམས་ཅན་རྣམས་ཀྱི་དོན་དུ་འཁོར་བ་ཡོངས་སུ་བཟུང་གི། བདག་ནི་འཁོར་བ་དོན་དུ་གཉེར་བ་མ་ཡིན་ནོ་ཞེས་ཏེ། དེ་སྙིང་བརྩེ་བས་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱས་ཤིང་། སྙིང་རྗེ་ཆེན་པོས་སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང་། སེམས་ཅན་གང་ཡོངས་སུ་གྲུབ་པ་དེ་ལྟ་བུ་མྱི་དམྱིགས་ཏེ། གཞན་དུ་ན་འདུ་ཤེས་དང་། མྱིང་དང་བརྡའི་ཐ་སྙད་ཀྱིས་རྣམ་པར་སྦྱོད་ད་དེ། རྣམ་པར་སྤྱོད་པ་དེ་ཡང་སྒྲ་བརྙན་ལྟ་བུར་རྣམ་པར་སྤྱད་དུ་མྱེད་པར་ཤེས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་པར་བྱ་སྟེ། སྦྱོད་པའི་ཚེ་ཅི་ནས་ཀྱང་བདག་གི་ཤ་ཡན་ཆད་ཀྱང་སེམས་ཅན་རྣམས་ལ་ཡོངས་སུ་མ་གཏང་བ་མྱེད་པར་བྱ་ན། ཕྱི་རོལ་གྱི་ཡོ་བྱད་གང་གིས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་ཐར་


DKG025_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་བ་དག་ལྟ་སྨོས་སུ་ཡང་མྱེད་པ་དེ་ལྟར་སྤྱད་པར་བྱའོ། །གསོལ་པ། ཡོ་བྱད་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །ནང་སྟོང་པ་ཉིད་ནི་ཡོ་བྱད་ད་དོ། །ཕྱི་སྟོང་པ་ཉིད་ནི་ཡོ་བྱད་ད་དོ། །ཕྱི་ནང་སྟོང་པ་ཉིད་ནི་ཡོ་བྱད་ད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཆེན་པོ་སྟོང་པ་ཉིད་ནི་ཡོ་བྱད་དོ། །དོན་དམ་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །འདུས་བྱས་སྟོང་པ་ཉིད་ནི་ཡོ་བྱད་དོ། །འདུས་མ་བྱས་སྟོང་པ་ཉིད་ནི་ཡོ་བྱད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །རང་བཞིན་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཡོ་བྱད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་ཡོ་བྱད་དོ། །མི་དམྱིགས་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་ཡོ་བྱད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་ཡོ་བྱད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་ཡོ་བྱད་དོ། །ཡང་དག་པར་སྤོང་བ་རྣམས་ནི་ཡོ་བྱད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་ཡོ་བྱད་དོ། །དབང་པོ་རྣམས་ནི་ཡོ་བྱད་དོ། །སྟོབས་རྣམས་ནི་ཡོ་བྱད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་ཡོ་བྱད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཡོ་བྱད་ད་དོ། །འཕགས་པའི་བདེན་པ་རྣམས་ནི་ཡོ་བྱད་དོ། །བསམ་གཏན་རྣམས་ནི་ཡོ་བྱད་དོ། །ཚད་མྱེད་པ་རྣམས་ནི་ཡོ་བྱད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་ཡོ་བྱད་དོ། །རྣམ་པར་


DKG025_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པ་རྣམས་ནི་ཡོ་བྱད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་ཡོ་བྱད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་ཡོ་བྱད་དོ། །མངོན་པར་ཤེས་པ་རྣམས་ནི་ཡོ་བྱད་དོ། །ཏིང་ངེ་འཛིན་རྣམས་ནི་ཡོ་བྱད་དོ། །གཟུངས་ཀྱི་སྒོ་རྣམས་ནི་ཡོ་བྱད་ད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་ཡོ་བྱད་དོ། །མྱི་འཇིགས་པ་རྣམས་ནི་ཡོ་བྱད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་ཡོ་བྱད་དོ། །སྙིང་རྗེ་ཆེན་པོ་ནི་ཡོ་བྱད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་ཡོ་བྱད་དོ། །དེ་དག་ནི་ཡོ་བྱད་དེ་ཡོ་བྱད་དེ་དག་གིས་སེམས་ཅན་རྣམས་ཡོངས་སུ་བསྡུས་ཤིང་། རིམ་གྱིས་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོའམ། ཐེག་པ་གསུམ་པོ་དེ་དག་གིས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་རྣམས་ལ་འདི་སྐད་དུ་ཀྱེ་སེམས་ཅན་དག་ཅིའི་ཕྱིར་ཁྱེད་ཚུལ་ཁྲིམས་མྱི་སྲུང་ཞེས་འདེམས་ཤིང་རྗེས་སུ་སྟོན་པར་བྱེད་ད་དེ། དེ་དག་འདི་སྐད་དུ་རྐྱེན་དང་མྱི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་དག་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདི་སྐད་ཅེས་ཟེར་ཏེ། ཚུར་ཤེག་རིགས་ཀྱི་བུ་དག་ཚུལ་ཁྲིམས་སྲུངས་ཤིག །ངས་ཁྱེད་ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་།


DKG025_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཡང་རུང་བའི་བར་གྱིས་ཕོངས་པ་མྱེད་པར་བྱའོ། །ཁྱེད་གང་གིས་ཕོངས་པའི་ཕྱིར་ཚུལ་ཁྲིམས་ངན་པ་ལ་སྦྱོད་པར་གྱུར་པའི་ཡོ་བྱད་དང་། ལོངས་སྦྱོད་པ་ཐམས་ཅད་ཀྱིས་ཕོངས་པ་མྱེད་པར་བྱས། ཁྱེད་སྡོམ་པའི་ཚུལ་ཁྲིམས་ལ་གནོས་ལ། རིམ་གྱིས་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐེག་པའམ། ཐེག་པ་གསུམ་པོ་དེ་དག་གིས་སྡུག་བསྔལ་གྱི་མཐར་ཕྱིན་པར་གྱིས་ཤིག་ཅེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བདག་ཉིད་ཀྱང་ཚུལ་ཁྲིམས་སྲུང་ངོ་། །གཞན་ཡང་ཚུལ་ཁྲིམས་ལ་སྦྱོར་རོ། །ཚུལ་ཁྲིམས་ཀྱི་ལེགས་པ་རྗོད་ད་དོ། །སེམས་ཅན་གཞན་གང་ཚུལ་ཁྲིམས་སྲུང་བ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྦྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་ཚུལ་ཁྲིམས་ལ་སྦྱར་ཅིང་། ཚུལ་ཁྲིམས་ལ་རབ་ཏུ་བཀོད་དེ། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཅིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་


DKG025_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་གང་ཁྲོ་བ་དང་། གནོད་སེམས་སུ་བྱེད་པ་དག་མཐོང་ན། དེ་དག་ལ་འདི་སྐད་ཅེས་ཟེར་ར་རོ། །རིགས་ཀྱི་བུ་དག་ཁྱེད་ཅིའི་རྒྱུས་གནོད་སེམས་སུ་བྱེད་པར་གྱུར། གང་གིས་ཕོངས་ཤིང་གནོད་སེམས་སུ་བྱེད་པར་གྱུར་པ་དེ་དང་དེ་ང་ལས་ལོངས་ཤིག་།ངས་ཁྱེད་ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བའི་བར་གྱིས་ཕོངས་པ་མྱེད་པར་བྱས། ཁྲ་བ་དང་། གནོད་སེམས་མྱེད་པར་གྱིས་ཤིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་དེ་དག་བཟད་པ་ལ་སྦྱོར་ཏེ། འདི་སྐད་དུ་གཅུགས་གང་གིས་ཁྱེད་ཀྱིས་ཁྲ་བ་སྐྱེ་བར་གྱུར་པ་དེ་ནི་སྙིང་པོ་མྱེད་པ་སྟེ། དེ་ལ་དངོས་པོ་གང་ཡང་མྱེད་དོ། །ཁྲོ་བ་དེ་ནི་ཡང་དག་པ་མ་ཡིན་པར་ཡོངས་སུ་བརྟགས་པ་སྟེ། དངོས་པོ་གང་གིས་ཕྱིར་ཁྱེད་འཐབ་ཅིང་འཁོན་པ་དང་། གནོད་སེམས་སུ་བྱེད་པར་གྱུར་པ་དང་། དེ་ལྟར་འཐབས་ཤིང་འཁོན་ཏེ། གནོད་སེམས་སུ་གྱུར་ནས་དབྱིག་པས་འགྱེད་པ་དང་། མཚོན་གྱིས་འདྲེ་བ་དང་། ཕན་ཚུན་གྱི་སྲོག་ལ་རྒོལ་བར་གྱུར་པའི་དངོས་པོ་དེ་ལ་དངོས་པོའི་རང་བཞིན་གང་ཡང་མྱེད་ན། དེ་ལྟ་ཡིན་ཡང་ཁྱེད་ཡང་དག་པ་མ་ཡིན་པའི་ཡོངས་སུ་རྟོག་པས་འཁྲུགས་ན། སེམས་ཅན་དམྱལ་བ་དག་ཏུ་ལྟུང་བར་འགྱུར། བྱོལ་སོང་གི་སྐྱེ་གནས་དག་ཏུ་ལྟུང་བར་འགྱུར། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་འགྱུར། དེ་མ་ཡིན་པའི་ངན་སོང་གཞན་ད་ག་ཏུ་ཡང་ཁྱེད་སྡུག་བསྔལ་མྱི་


DKG025_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པ་དང་ཚ་ཞིང་རྩུབ་ལ་ཡིད་དུ་མྱི་འོང་བའི་ཚོར་བ་ཉམས་སུ་མྱོང་བར་འགྱུར་གྱིས། སྐྱེས་བུ་ཁྱེད་རྣམས་དངོས་པོ་མྱེད་པའི་ཆོས་ཀྱི་དོན་དུ་ལས་གང་ཡོངས་སུ་བཟུང་བས་མྱིར་སྐྱེ་བ་ཡང་འཐོབ་པར་མྱི་འགྱུར་ན། སངས་རྒྱས་འབྱུང་བ་དང་ཕྲད་པར་འགྱུར་བ་ལྟ་སྨོས་སུ་ཡང་མྱེད་པ་དེ་ལྟ་བུའི་ལས་ཡོངས་སུ་མ་འཛིན་ཅིག། གྲོགས་པོ་དག་སངས་རྒྱས་འབྱུང་བ་ནི་དཀོན་ན་ནོ། །མྱིར་སྐྱེ་བ་འཐོབ་པ་ནི་དཀོན་ནོ། །དལ་བ་ཕུན་སུམ་ཚོགས་པ་ནི་དཀོན་ན་ནོ། །འཁོར་བ་ལས་ཐར་བ་ནི་དཀོན་ནོ། །དེ་ལྟ་ཡིན་གྱིས་ད་ལ་བ་འདི་དོན་མྱེད་པར་མ་བྱ་ཤིག་། མྱི་ཁོམ་པར་གྱུར་ཅིང་གསོར་མི་རུང་བར་གྱུར་ཏ་རེ་ཞེས་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་བཟོད་པ་སྒྲུབ་ལ། གཞན་ཡང་བཟོད་པ་ལ་ཡང་དག་པར་སྐུལ་ལོ། །བཟོད་པའི་ལེགས་པ་རྗོད་དོ། །སེམས་ཅན་གཞན་གང་བཟོད་པ་སྒོམ་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྦྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་བཟོད་པ་ལ་སྦྱར་ཅིང་། བཟོད་པ་ལ་རབ་ཏུ་བཀོད་ད་དེ། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཅིང་། ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ལེ་ལོ་ཅན་བརྩོན་འགྲུས་ཆུང་བ་དག་མཐོང་ན་འདི་སྐད་དུ་ཁྱེད་ཅིའི་ཕྱིར་ལེ་ལོ་བྱེད་ཅེས་རྗོད་དེ། དེ་དག་རྐྱེན་དང་མྱི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན།


DKG025_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཅི་ང་། སེམས་ཅན་དེ་དག་ལ་འདི་སྐད་ཅེས་ཟེར་ཏེ། ཀྱེ་སྐྱེས་བུ་དག་ངས་སྦྱིན་པའི་རྐྱེན་ཏ་མ། ཚུལ་ཁྲིམས་ཀྱི་རྐྱེན་ཏ་མ། བཟོད་པའི་རྐྱེན་ཏ་མ། གཞན་ཡང་རྣམ་པ་གང་དང་གང་གིས་བརྩོན་འགྲུས་བརྩམ་དུ་རུང་བ་དེ་དག་ཁྱེད་ལ་ངས་ཉེ་བར་བསྒྲུབ་པར་བྱས། བརྩོན་འགྲུས་རྩོམས་ཤིག་ཅེས་ནས། སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཡོ་བྱད་ལ་སྦྱོད་ཅིང་། ལུས་སམ་སེམས་ཀྱི་བརྩོན་འགྲུས་རྩོམ་སྟེ། དེ་དག་ལུས་དང་སེམས་ཀྱི་བརྩོན་འགྲུས་ཀྱིས་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དེ། དགེ་བའི་ཆོས་དེ་དག་གིས་འཕགས་པ་ཟག་པ་མྱེད་པའི་ཆོས་རྣམས་སྒོམ་མོ། །དེ་དག་བསྒོམས་པས་རྒྱུན་ཏུ་ཞུགས་པའི་འབྲས་བུ་འཐོབ་བོ །ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་བོ། །ཕྱིར་མྱི་འོང་བའི་འབྲས་བུ་འཐོབ་བོ། །དགྲ་བཅོམ་པ་ཉིད་འཐོབ་བོ། །རང་བྱང་ཆུབ་འཐོབ་བ་བོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལ་བྱང་ཆུབ་སེམས་ད་པའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་བརྩོན་འགྲུས་རྩོམ་མ་མོ། །གཞན་ཡང་བརྩོན་འགྲུས་ལ་ཡང་དག་པར་སྐྲུལ་ལ་ལོ། །བརྩོན་འགྲུས་ཀྱི་ལེགས་པ་རྗོད་དོ། །སེམས་ཅན་གཞན་གང་བརྩོན་འགྲུས་རྩོམ་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྦྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་བརྩོན་འགྲུས་ལ་སྦྱར་ཅིང་། བརྩོན་འགྲུས་ལ་རབ་ཏུ་བཀོད་ད་དེ། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་


DKG025_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཡོངས་སུ་སྡུད་པ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་དྲུག་པ། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཅིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་གཡེངས་པར་གྱུར་པའི་སེམས་ཅན་དག་མཐོང་ན། འདི་སྐད་དུ་སེམས་ཅན་ཁྱེད་ཅིའི་ཕྱིར་བསམ་གཏན་ལ་མ་ཉམ་པར་མྱི་གཞོག་ཅེས་རྗོད་དེ། དེ་དག་རྐྱེན་དང་མྱི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་ལ་འདི་སྐད་དུ་འདེམས་ཏེ། ཀྱེ་སེམས་ཅན་དག་ངས་རྐྱེན་གང་དང་གང་གིས་ཕྱི་ནང་གི་ཆོས་ལ་རྣམ་པར་རྟོག་པར་མྱི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་བསྒྲུབ་བོ་ཞེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་དེ་དག་ལ་རྐྱེན་ཉེ་བར་བསྒྲུབ་པར་བྱའོ་ཞེས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་ལ་རྐྱེན་གང་དང་གང་ཉེ་བར་བསྒྲུབས་པས། རྣམ་པར་རྟོག་པར་མྱི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་སྒྲུབ་སྟེ། དེའི་ཕྱིར་དེ་དག་རྣམ་པར་རྟོག་པ་ཆད་ནས། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་རྒོ། །བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ ། བྱམས་པ་ལ་སྙོམས་པར་འཇུག་གོ །སྙིང་རྗེ་ལ་སྙོམས་པར་འཇུག་གོ །དགའ་བ་ལ་སྙོམས་པར་འཇུག་གོ །བཏང་སྙོམས་ལ་སྙོམས་པར་འཇུག་ག་གོ ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་སྙོམས་པར་འཇུག་ག་གོ །དེ་དག་བསམ་གཏན་དང་།


DKG025_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མྱེད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་དེ་དག་གིས་སེམས་དུལ་བར་གྱུར་པས། དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ། །ཡང་དག་པར་སྤོང་བ་བཞི་སྒོམ་མ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་མ་མོ། །དབང་པོ་ལྔ་སྒོམ་མ་མོ། །སྟོབས་ལྔ་སྒོམ་མ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་མ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་རྨོ། །རྣམ་པར་ཐར་པའི་སྒོ་གསུམ་སྒོམ་རྨོ། །དེ་དག་བསྒོམས་པས་རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་འདའ་སྟེ། དེ་ལ་ལ་ལ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བྱང་ཆུབ་ཀྱི་ལམ་ལས་ཡོངས་སུ་མྱི་ཉམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་འཆལ་བར་གྱུར་པའི་སེམས་ཅན་དག་མཐོང་ན། འདི་སྐད་དུ་སེམས་ཅན་ཁྱེད་ཅིའི་ཕྱིར་ཤེས་རབ་མི་སྒོམ་ཞེས་རྗོད་དོ། །དེ་དག་རྐྱེན་དང་མྱི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དེ་དག་ལ་འདི་སྐད་དུ་འདེམས་ཏེ། ང་ལས་ཡོ་བྱད་རྣམས་ལོང་ལ་སྦྱིན་པ་བྱིན་ཅིག །ཚུལ་ཁྲིམས་སྲུངས་ཤིག །བཟོད་པ་སྒོམས་ཤིག །བརྩོན་འགྲུས་རྩོམས་ཤིག །ཏིང་ངེ་འཛིན་ལ་མཉམ་པར་ཞོག་ཤིག་།རྣམ་པ་དེ་དག་ཡོངས་སུ་རྫོགས་པར་


DKG025_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་བདག་གམ། སེམས་ཅན་ནམ། སྲོག་གམ། འགྲོ་བའམ། གསོ་བ་འམ། སྐྱེས་བུའམ། གང་ཟག་གམ། ཤེད་ཅན་ནམ། ཤེད་བདག་གམ། བྱེད་པ་པོའམ། ཚོར་བ་པོའམ། ཤེས་པ་པོའམ། མཐོང་བ་པོའམ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། ཁམས་རྣམས་སམ། སྐྱེ་མཆེད་རྣམས་སམ། རྟེན་ཅིང་འབྲེལ་པར་འབྱུང་བའམ། འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་སམ། གཟུགས་མྱེད་པའི་ཁམས་སམ། ཕ་རོལ་ཏུ་ཕྱིན་པ་དྲུག་གམ། སྟོང་པ་ཉིད་ཐམས་ཅད་དད་མ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ན་ནམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སས་མ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སས་མ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། ་སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། རྒྱུན་ཏུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མྱི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཆོས་གང་ཡང་ཡོད་དམ། ་རྟོགས་ཤིག་ཅེས་འདེམས་ཤིང་རྗེས་སུ་སྟོན་ཏེ། དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། ཆོས་གང་ལ་དམྱིགས་


DKG025_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

པས་མངོན་པར་ཞེན་པར་འགྱུར་བ་དེ་ལྟ་བུའི་ཆོས་གང་ཡང་མྱི་དམྱིགས་ཏེ། དེ་ལ་མངོན་པར་ཞེན་པ་མྱེད་པས། ཆོས་གང་ཡང་སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། འདི་ནི་སེམས་ཅན་དམྱལ་བ་པའོ། །འདི་ནི་བྱོལ་སོང་གི་སྐྱེ་གནས་པའོ། །འདི་ནི་གཤིན་རྗེའི་འཇིག་རྟེན་པའོ། །འདི་ནི་ལྷ་མ་ཡིན་གྱི་རིས་སུ་གཏོགས་པའོ། །འདི་ནི་ལྷའོ། །འདི་ནི་མྱིའོ། །འདི་ནི་ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི་ཚུལ་ཁྲིམས་ངན་པ་ཅན་ན་ནོ། །འདི་ནི་རྒྱུན་ཏུ་ཞུགས་པའོ། །འདི་ནི་ལན་ཅིག་ཕྱིར་འོང་བའོ། །འདི་ནི་ཕྱིར་མྱི་འོང་བའོ། །འདི་ནི་དགྲ་བཅོམ་པའོ། །འདི་ནི་རང་སངས་རྒྱས་སོ། །འདི་ནི་བྱང་ཆུབ་སེམས་དཔའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བྱ་བར་རྣམ་པར་མྱི་རྟོག་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཅིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་སྟེ། སྦྱིན་པ་ཡོངས་སུ་བཏང་ནས། འདི་སྐད་དུ་རིགས་ཀྱི་བུ་དག་སྦྱིན་པ་ལ་འཛིན་པས་མ་འཛིན་ཅིག །སྦྱིན་པ་ལ་འཛིན་པས་འཛིན་འཛིན་ཅིང་། ལུས་གང་མངོན་པར་གྲུབ་པས། སྡུག་བསྔལ་མང་པོ་ཉམས་སུ་རྨྱོང་བར་འགྱུར་བ་དེ་ལྟ་བུའི་ལུས་མངོན་པར་གྲུབ་པ་རེ། རིགས་ཀྱི་བུ་དག་འདི་ལ་དོན་


DKG025_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པར་ན། སྦྱིན་པ་ཡང་མྱེད། སྦྱིན་པའི་འབྲས་བུ་ཡང་མྱེད། སྦྱིན་པའི་བདག་པོ་ཡང་མྱེད། ལེན་པ་ཡང་མྱེད་དེ། ཆོས་དེ་དག་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །རང་བཞིན་གྱིས་སྟོང་པའི་ཆོས་ནི་འཛིན་པ་མྱེད་དེ། རང་བཞིན་སྟོང་པ་ཉིད་ནི་གཟུང་དུ་མྱེད་པའོ་ཞེས་འདེམས་ཤིང་རྗེས་སུ་སྟོན་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་ཡང་དེ་ལ་སྦྱིན་པར་དམྱིགས་པ་མྱེད། སྦྱིན་པའི་བདག་པོར་དམྱིགས་པ་མྱེད། ལེན་པར་དམྱིགས་པ་མྱེད་དེ། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དམྱིགས་སུ་མྱེད་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཆོས་གསུམ་པོ་དེ་དག་ཐམས་ཅད་ལ་མྱི་ད་མིགས་པས། སེམས་ཅན་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སྦྱོར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སྦྱོར་རོ། །ཕྱིར་མི་འོང་བའི་འབྲས་བུ་ལ་སྦྱོར་ར་རོ། །དགྲ་བཅོམ་པ་ཉིད་ལ་སྦྱོར་ར་རོ། །རང་བྱང་ཆུབ་ལ་སྦྱོར་ར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྦྱོར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། དེ་བད་ག་ཉིད་ཀྱང་སྦྱིན་པ་ཡོངས་སུ་གཏོང་ངོ་། །གཞན་ཡང་སྦྱིན་པ་ལ་ཡང་དག་པར་སྐུལ་ལོ། །སྦྱིན་པའི་ལེགས་པ་རྫོད་དོ། །སེམས་ཅན་གཞན་གང་སྦྱིན་པ་ཡོངས་སུ་གཏོང་བ་དེ་ད་ག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་། དེ་ལྟ་བུའི་སྦྱིན་པ་ཆེན་པོ་བྱིན་པས། རྒྱལ་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པར་སྐྱེའོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པར་སྐྱེའོ། །


DKG025_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་བད་ག་གི་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པར་སྐྱེའོ། །ཁམས་ཀྱི་རྒྱལ་པོར་འགྱུར་ར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འཐོབ་བོ།དེ་དེ་དག་ན་ཡང་སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞིས་ཡོངས་སུ་སྡུད་དེ། བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་བྱ་བ་དང་། དོན་མཐུན་པས་ཡོངས་སུ་སྡུད་དོ། །དེ་དེ་ལྟར་སེམས་ཅན་སྦྱིན་པས་ཡོངས་སུ་བསྡུས་པ་དེ་ད་ག་ཀྱང་རིམ་གྱིས་ཚུལ་ཁྲིམས་ལ་ར་བ་ཏུ་འགོད་དོ། །བཟོད་པ་ལ་ར་བ་ཏུ་འགོད་ད་དོ། །བརྩོན་འགྲུས་ལ་ར་བ་ཏུ་འགོད་དོ། །ཏིང་ངེ་འཛིན་ལ་ར་བ་ཏུ་འགོད་ད་དོ། །ཤེས་རབ་ལ་རབ་ཏུ་འགོད་དོ། །བསམ་གཏན་བཞི་ལ་རབ་ཏུ་འགོད་དོ། །ཚད་མྱེད་པ་བཞི་ལ་རབ་ཏུ་འགོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་འགོད་དོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་རབ་ཏུ་འགོད་དོ། །ཡང་དག་པར་སྤོང་བ་བཞི་ལ་རབ་ཏུ་འགོད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་རབ་ཏུ་འགོད་དོ། །དབང་པོ་ལྔ་ལ་རབ་ཏུ་འགོད་དོ། །སྟོབས་ལྔ་ལ་རབ་ཏུ་འགོད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་རབ་ཏུ་འགོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་རབ་ཏུ་འགོད་ད་དོ། །འཕགས་པའི་བདེན་པ་བཞི་ལ་རབ་ཏུ་འགོད་དོ། །རྣམ་པར་ཐར་པ་བརྒྱད་ལ་རབ་ཏུ་འགོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་རབ་ཏུ་འགོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་རབ་ཏུ་འགོད་དོ། །མངོན་པར་ཤེས་པ་རྣམས་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་རྣམས་ལ་རབ་ཏུ་འགོད་དོ། །གཟུངས་ཀྱི་སྒོ་རྣམས་ལ་རབ་ཏུ་འགོད་ད་དོ། །ཡང་དག་པའི་སྐྱོན་མྱེད་པར་འཇུག་པར་བྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་བྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་བྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་


DKG025_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་བྱེད་ད་དོ། །དགྲ་བཅོམ་པ་ཉིད་ཐོབ་པར་བྱེད་དོ། །རང་བྱང་ཆུབ་ཐོབ་པར་བྱེད་ད་དོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་སྐུལ་བར་བྱེད་དོ། །ཀྱེ་སྐྱེས་བུ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་དཀའ་སྟེ། དེ་ལ་ཕྱིན་ཅི་ལོག་གིས་རྨོངས་པའི་སེམས་ཀྱིས་ཁོང་དུ་མ་ཆུད་པ་མ་གཏོགས་པར་ཆོས་གང་ལ་སེམས་ཅན་རྣམས་ཆགས་པར་གྱུར་པའི་ཆོས་དེ་ལྟ་བུ་གང་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་མྱེད་ཀྱིས་དེ་བས་ན། ཕྱིན་ཅི་ལོག་གི་འཛིན་པ་ཐམས་ཅད་རྒྱུན་ཆོད་ལ། འཁོར་བ་ལས་བདག་ཅག་ཀྱང་ཐར་བར་གྱིས་ཤིག །གཞན་ཡང་ཐར་བར་གྱིས་ཤིག །དེ་ལྟར་ཁྱེད་བདག་ཅག་གི་དོན་དུ་ཡང་ཆེར་འགྱུར། གཞན་ཡང་དོན་ཆེན་པོ་ལ་འབྱོར་བར་འགྱུར་རོ། །ཞེས་ཡང་དག་པར་སྐུལ་བ་བྱེད་ད་དེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་སྟེ། དེ་ལྟར་སྦྱོད་པའི་ཚེ་ཅི་ནས་ཀྱང་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ནམ་ཡང་ངན་སོང་དུ་མྱི་ལྟུང་བ་དང་། ནམ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་མྱི་བྱེད་པར་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། ས་བོན་ཇི་ལྟ་བ་བཞིན་དུ་འབྲས་བུ་འབྱུང་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེའི་དྲུང་དུ་སློངས་མོ་པ་གང་ཇི་སྙེད་ཅིག་འོངས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་རྣམས་ཀྱི་དོན་མ་གཏོགས་པར་གཞན་གྱི་དོན་དུ་འཁོར་ལོས་སྒྱུར་བ་ཡོངས་སུ་མ་བཟུང་ངོ་ཞེས་ནས། དེ་འདི་སྐད་ཅེས་ཟེར་ཏེ། སུ་ཅི་འདོད་པ་ཁྱེད་བྱིན་གྱིས་འདི་ནི་ངའི་མ་ཡིན་གྱིས་ཁྱེད་ཀྱིའོ། །ང་ནི་ནང་གི་གཟུགས་ལ་ཡང་དོན་དུ་གཉེར་བ་མྱེད་ན། གཞན་ལྟ་ལ་ཅི་སྨོས་ཏེ། གཞན་དུ་ན་ངས་སེམས་ཅན་རྣམས་ཀྱི་དོན་དུ་འཁོར་བ་


DKG025_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་བཟུང་གི། བདག་ནི་འཁོར་བ་དོན་དུ་གཉེར་བ་མ་ཡིན་ནོ། །ཞེས་ཏེ་དེ་སྙིང་བརྩེ་བས་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པ་ར་བྱས་ཤིང་། སྙིང་རྗེ་ཆེན་པོས་སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང་། སེམས་ཅན་གང་ཡོངས་སུ་གྲུབ་པ་དེ་ལྟ་བུ་མྱི་དམྱིགས་ཏེ། གཞན་དུ་ན་འདུ་ཤིས་དང་མྱིང་དང་བརྡའི་ཐ་སྙད་ཀྱིས་རྣམ་པར་སྤྱོད་དེ། རྣམ་པར་སྤྱོད་པ་དེ་ཡང་སྒྲ་བརྙ་ན་ལྟ་བུར་རྣམ་པར་སྤྱད་དུ་མྱེད་པར་ཤེས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་པར་བྱའོ། །སྦྱོད་པའི་ཚེ་ཅི་ནས་ཀྱང་བདག་གི་ཤ་ཡན་ཆད་ཀྱང་སེམས་ཅན་རྣམས་ལ་ཡོངས་སུ་མ་བཏང་བ་མྱེད་པར་བྱ་ན། ཕྱི་རོལ་གྱི་ཡོ་བྱད་གང་གིས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་ཐར་བར་བྱ་བ་དག་ལྟ་སྨོས་སུ་ཡང་མྱེད་པ་དེ་ལྟར་སྤྱད་པར་བྱའོ། །གསོལ་པ། ཡོ་བྱད་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །ནང་སྟོང་པ་ཉིད་ནི་ཡོ་བྱད་ད་དོ། །ཕྱི་སྟོང་པ་ཉིད་ནི་ཡོ་བྱད་ད་དོ། །ཕྱི་ནང་སྟོང་པ་ཉིད་ནི་ཡོ་བྱད་ད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཆེན་པོ་སྟོང་པ་ཉི་ད་ནི་ཡོ་བྱད་དོ། །དོན་དམ་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །འདུས་བྱས་སྟོང་པ་ཉིད་ནི་ཡོ་བྱད་དོ། །འདུས་མ་བྱས་སྟོང་པ་ཉིད་ནི་ཡོ་བྱད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །རང་བཞིན་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཡོ་


DKG025_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་ཡོ་བྱད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་ཡོ་བྱད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་ཡོ་བྱད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་ཡོ་བྱད་དོ། །ཡང་དག་པར་སྤོང་བ་རྣམས་ནི་ཡོ་བྱད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་ཡོ་བྱད་དོ། །དབང་པོ་རྣམས་ནི་ཡོ་བྱད་དོ། །སྟོབས་རྣམས་ནི་ཡོ་བྱད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་ཡོ་བྱད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཡོ་བྱད་ད་དོ། །འཕགས་པའི་བདེན་པ་རྣམས་ནི་ཡོ་བྱད་དོ། །བསམ་གཏན་རྣམས་ནི་ཡོ་བྱད་དོ། །ཚད་མྱེད་པ་རྣམས་ནི་ཡོ་བྱད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་ཡོ་བྱད་དོ། །རྣམ་པར་ཐར་པ་རྣམས་ནི་ཡོ་བྱད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་ཡོ་བྱད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་ཡོ་བྱད་དོ། །མངོན་པར་ཤེས་པ་རྣམས་ནི་ཡོ་བྱད་དོ། །ཏིང་ངེ་འཛིན་རྣམས་ནི་ཡོ་བྱད་དོ། །གཟུངས་ཀྱི་སྒོ་རྣམས་ནི་ཡོ་བྱད་ད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་ཡོ་བྱད་དོ། །མྱི་འཇིགས་པ་རྣམས་ནི་ཡོ་བྱད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་ཡོ་བྱད་དོ། །སྙིང་རྗེ་ཆེན་པོ་ནི་ཡོ་བྱད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་ཡོ་བྱད་དོ། །དེ་དག་ནི་ཡོ་བྱད་ད་དེ ། ཡོ་བྱད་དེ་དག་གིས་སེམས་ཅན་རྣམས་ཡོངས་སུ་བསྡུས་ཤིང་རིམ་གྱིས་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོའམ། ཐེག་པ་གསུམ་པོ་དེ་དག་གིས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་


DKG025_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཅིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་ཨེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་རྣམས་ལ་འདི་སྐད་དུ་ཚུར་ཤེག་།རིགས་ཀྱི་བུ་དག་ཚུལ་ཁྲིམས་སྲུངས་ཤིག །ངས་ཁྱོད་ལ་ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བའི་བར་གྱིས་ཕོངས་པ་མྱེད་པར་བྱའོ། །ཁྱེད་ཀྱང་ཕོངས་པའི་ཕྱིར་ཚུལ་ཁྲིམས་ངན་པ་ལ་སྦྱོད་པར་གྱུར་གྲང་ན། ཁྱེད་ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ་ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བ་རིན་པོ་ཆེ་སྣ་བདུན་གྱི་བར་གྱིས་ཕོངས་པ་མྱེད་པར་བྱས། ཁྱེད་སྡོམ་པའི་ཚུལ་ཁྲིམས་ལ་གནོས་ལ། རིམ་ཀྱིས་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐེག་པའམ། ཐེག་པ་གསུམ་པོ་དེ་དག་གིས་སྡུག་བསྔལ་གྱི་མཐར་ཕྱིན་པར་གྱིས་ཤིག་ཅེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བདག་ཉིད་ཀྱང་ཚུལ་ཁྲིམས་སྲུང་ངོ་། །གཞན་


DKG025_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཚུལ་ཁྲིམས་ལ་སྦྱོར་རོ། །ཚུལ་ཁྲིམས་ཀྱི་ལེགས་པ་རྗོད་ད་དོ། །སེམས་ཅན་གཞན་གང་ཚུལ་ཁྲིམས་སྲུང་བ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྦྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་ཚུལ་ཁྲིམས་ལ་སྦྱར་ཅིང་ཚུལ་ཁྲིམས་ལ་རབ་ཏུ་འགོད་ད་དེ། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་གང་ཁྲོ་བ་དང་། གནོད་སེམས་སུ་བྱེད་པ་དག་མཐོང་ན། དེ་ལ་འདི་སྐད་ཅེས་ཟེར་ར་རོ། །རིགས་ཀྱི་བུ་དག་ཁྱེད་ཅིའི་རྒྱུས་གནོད་སེམས་སུ་བྱེད་པར་གྱུར། གང་གིས་ཕོངས་ཤིང་གནོད་སེམས་སུ་གྱུར་པ་དེ་དང་དེ་ང་ལས་ལོང་ཤིག་།ངས་ཁྱེད་ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བའི་བར་གྱིས་ཕོངས་པ་མྱེད་པར་བྱས། ཁྲོ་བ་དང་། གནོད་སེམས་མྱེད་པར་གྱིས་ཤིག་ཅེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དེ་དག་བཟོད་པ་ལ་སྦྱོར་ཏེ། འདི་སྐད་དུ་གཅུགས་གང་


DKG025_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཁྱེད་ཀྱི་ཁྲོ་བ་སྐྱེ་བར་འགྱུར་བ་དེ་ནི་སྙིང་པོ་མྱེད་པ་སྟེ། དེ་ལ་དངོས་པོ་གང་ཡང་མྱེད་དོ། །ཁྲོ་བ་དེ་ནི་ཡང་དག་པ་མ་ཡིན་པར་ཡོངས་སུ་བརྟགས་པ་སྟེ། དངོས་པོ་གང་གིས་ཕྱིར་ཁྱེད་འཐབ་ཅིང་འཁོན་པ་དང་། གནོད་སེམས་སུ་བྱེད་པར་གྱུར་པ་དང་། དེ་ལྟར་འཐབས་ཤིང་འཁོན་ཏེ། གནོད་སེམས་སུ་གྱུར་ནས་དབྱུག་པས་འགྱེད་པ་དང་། མཚོན་གྱིས་འདྲེ་བ་དང་། ཕན་ཚུན་གྱི་སྲོག་ལ་རྒོལ་བར་གྱུར་པའི་དངོས་པོ་དེ་ལ་དངོས་པོའི་རང་བཞིན་གང་ཡང་མྱེད་ན། དེ་ལྟ་ཡིན་ཡང་ཁྱེད་ཡང་དག་པ་མ་ཡིན་པའི་ཡོངས་སུ་རྟོག་པས་འཁྲུགས་ན། སེམས་ཅན་དམྱལ་བ་ད་ག་ཏུ་ལྟུང་བར་འགྱུར། བྱོལ་སོང་གི་སྐྱེ་གནས་ད་ག་ཏུ་ལྟུང་བར་འགྱུར། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་འགྱུར། དེ་མ་ཡིན་པའི་ངན་སོང་གཞན་དག་ཏུ་ཡང་ཁྱེད་སྡུག་བསྔལ་མྱི་བཟད་པ་ཚ་ཞིང་རྩུབ་ལ་ཡིད་དུ་མྱི་འོང་བའི་ཚོར་བ་ཉམས་སུ་རྨྱོང་བར་འགྱུར་གྱིས། སྐྱེས་བུ་ཁྱེད་རྣམས་དངོས་པོ་མྱེད་པའི་ཆོས་ཀྱི་དོན་དུ་ལས་གང་ཡོངས་སུ་བཟུང་བས་མྱིར་སྐྱེ་བ་ཡང་འཐོབ་པར་མྱི་འགྱུར་ན། སངས་རྒྱས་འབྱུང་བ་དང་ཕྲད་པར་འགྱུར་བ་ལྟ་སྨོས་སུ་ཡང་མེད་པ་དེ་ལྟ་བུའི་ལས་ཡོངས་སུ་མ་འཛིན་ཅིག །གྲོགས་པོ་དག་སངས་རྒྱས་འབྱུང་བ་ནི་དཀོན་ན་ནོ། །མྱིར་སྐྱེ་བ་འཐོབ་པ་ནི་དཀོན་ནོ། །དལ་བ་ཕུན་སུམ་ཚོགས་པ་ནི་དཀོན་ན་ནོ། །འཁོར་བ་ལས་ཐར་བ་ནི་དཀོན་ནོ། །དེ་ལྟ་ཡིན་གྱིས་ད་ལ་བ་འདི་དོན་མྱེད་པར་མ་བྱ་ཤིག་།མྱི་ཁོམ་པར་གྱུར་ཅིང་གསོར་མྱི་རུང་བར་གྱུར་ཏ་རེ་ཞེས་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བད་ག་ཉིད་ཀྱང་བཟོད་པ་སྒྲུབ་བོ། །གཞན་ཡང་བཟོད་པ་ལ་ཡང་དག་པར་སྐུལ་ལོ། །བཟོད་པའི་ལེགས་པ་རྗོད་དོ། །སེམས་ཅན་གཞན་གང་བཟོད་པ་སྒོམ་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་བཟོད་པ་ལ་


DKG025_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ཅིང་། བཟོད་པ་ལ་རབ་ཏུ་བཀོད་ད་དེ། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ལེ་ལོ་ཅན་བརྩོན་འགྲུས་ཆུང་བ་དག་མཐོང་ན་འདི་སྐད་དུ་ཁྱེད་ཅིའི་ཕྱིར་ལེ་ལོ་བྱེད་ཅེས་རྗོད་དེ། དེ་དག་རྐྱེན་དང་མི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཅིང་། སེམས་ཅན་དེ་དག་ལ་འདི་སྐད་ཅེས་ཟེར་ཏེ། ཀྱེ་སྐྱེས་བུ་དག་ངས་སྦྱིན་པའི་རྐྱེན་ཏ་མ། ཚུལ་ཁྲིམས་ཀྱི་རྐྱེན་ཏ་མ། བབྲོད་པའི་རྐྱེན་ཏམ། གཞན་ཡང་རྣམ་པ་གང་དང་གང་གིས་བརྩོན་འགྲུས་བརྩམ་དུ་རུང་བ་དེ་དག་ཁྱེད་ལ་ངས་ཉེ་བར་བསྒྲུབ་པར་བྱས། བརྩོན་འགྲུས་རྩོམས་ཤིག་ཅེས་ནས། སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཡོ་བྱད་ལ་སྦྱོད་ཅིང་། ལུས་སམ་སེམས་ཀྱི་བརྩོན་འགྲུས་རྩོམ་སྟེ། དེ་དག་ལུས་དང་སེམས་ཀྱི་བརྩོན་འགྲུས་ཀྱིས་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དེ། དགེ་བའི་ཆོས་དེ་དག་གིས་འཕགས་པ་ཟག་པ་མྱེད་པའི་ཆོས་རྣམས་སྒོམ་མོ། །དེ་དག་བསྒོམས་པས་རྒྱུན་ཏུ་ཞུགས་པའི་འབྲས་བུ་འཐོབ་བོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་བོ། །ཕྱིར་མྱི་འོང་བའི་འབྲས་བུ་འཐོབ་བོ། །དགྲ་བཅོམ་པ་ཉིད་འཐོབ་བོ། །རང་བྱང་ཆུབ་འཐོབ་བ་བོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་


DKG025_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པར་འཚང་རྒྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་བརྩོན་འགྲུས་རྩོམ་མོ། །གཞན་ཡང་བརྩོན་འགྲུས་ལ་ཡང་དག་པར་སྐུལ་ལོ། །བརྩོན་འགྲུས་ཀྱི་ལེགས་པ་རྗོད་དོ། །སེམས་ཅན་གཞན་གང་བརྩོན་འགྲུས་རྩོམ་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྦྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་བརྩོན་འགྲུས་ལ་སྦྱར་ཅིང་། བརྩོན་འགྲུས་ལ་རབ་ཏུ་བཀོད་ད་དེ། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་གཡེངས་པར་གྱུར་པའི་སེམས་ཅན་དག་མཐོང་ན། འདི་སྐད་དུ་སེམས་ཅན་ཁྱེད་ཅིའི་ཕྱིར་བསམ་གཏན་ལ་མཉམ་པར་མི་གཞོག་ཅེས་རྗོད་དེ། དེ་དག་རྐྱེན་དང་མྱི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་དེ་དག་ལ་འདི་སྐད་དུ་འདེམས་ཏེ། ཀྱེ་སེམས་ཅན་དག་ངས་རྐྱེན་གང་དང་གང་གིས་ཕྱི་ནང་གི་ཆོས་ལ་རྣམ་པར་རྟོག་པར་མྱི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་བསྒྲུབ་པར་བྱའོ་ཞེས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་ལ་རྐྱེན་གང་དང་གང་ཉེ་བར་བསྒྲུབས་པས་རྣམ་པར་རྟོག་པར་མྱི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་སྒྲུབ་སྟེ། དེའི་ཕྱིར་དེ་དག་རྣམ་པར་རྟོག་པ་ཆད་ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །


DKG025_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ ། བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ །བྱམས་པ་ལ་སྙོམས་པར་འཇུག་གོ །སྙིང་རྗེ་ལ་སྟོམས་པར་འཇུག་གོ །དགའ་བ་ལ་སྙོམས་པར་འཇུག་གོ །བཏང་སྙོམས་ལ་སྙོམས་པར་འཇུག་ག་གོ །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་སྙོམས་པར་འཇུག་ག་གོ །དེ་དག་བསམ་གཏན་དང་། ཚད་མྱེད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་དེ་དག་གིས་སེམས་དུལ་བར་གྱུར་པས། དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ། །ཡང་དག་པར་སྤོང་བ་བཞི་སྒོམ་མ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་རྨོ། །དབང་པོ་ལྔ་སྒོམ་མ་མོ། །སྟོབས་ལྔ་སྒོམ་མ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་མ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་རྨོ། །རྣམ་པར་ཐར་པའི་སྒོ་གསུམ་སྒོམ་མ་མོ། །དེ་དག་བསྒོམས་པ་ས། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་འདའ་སྟེ། དེ་ལ་ལ་ལ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བྱང་ཆུབ་ཀྱི་ལམ་ལས་ཡོངས་སུ་མྱི་ཉམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཤེས་རབ་འཆལ་བར་གྱུར་པའི་སེམས་ཅན་དག་མཐོང་ན། འདི་སྐད་དུ་སེམས་ཅན་ཁྱེད་ཅིའི་ཕྱིར་ཤེས་རབ་མྱི་སྒོམ་ཞེས་རྗོད་དེ། དེ་དག་རྐྱེན་དང་མྱི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་


DKG025_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དེ་དག་ལ་འདི་སྐད་དུ་འདེམས་ཏེ། ང་ལས་ཡོ་བྱད་རྣམས་ལོང་ལ་སྦྱིན་པ་བྱིན་ཅིག །ཚུལ་ཁྲིམས་སྲུངས་ཤིག །བཟོད་པ་སྒོམས་ཤིག། བརྩོན་འགྲུས་རྩོམས་ཤིག །ཏིང་ངེ་འཛིན་ལ་མཉམ་པར་ཞོག་ཤིག་།རྣམ་པ་དེ་དག་ཡོངས་སུ་རྫོགས་པར་གྱིས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་བདག་གམ། སེམས་ཅན་ནམ། སྲོག་གམ། འགྲོ་བའམ། གསོ་བའམ། སྐྱེས་བུའམ། གང་ཟག་གམ། ཤེད་ཅན་ནམ། ཤེད་བདག་གམ། བྱེད་པ་པོའམ། ཚོར་བ་པོའམ། ཤེས་པ་པོའམ། མཐོང་བ་པོའམ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་སམ། གཟུགས་མྱེད་པའི་ཁམས་སམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ། ནང་སྟོང་པ་ཉིད་དད་མ། ཕྱི་སྟོང་པ་ཉིད་དད་མ། ཕྱི་ནང་སྟོང་པ་ཉིད་དད་མ། སྟོང་པ་ཉིད་སྟོང་པ་ཉིད་དད་མ། ཆེན་པོ་སྟོང་པ་ཉིད་དད་མ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དད་མ། འདུས་མ་བྱས་སྟོང་པ་ཉིད་དད་མ། མཐའ་ལས་འདས་པ་སྟོང་པ་ཉིད་དད་མ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དམ། དོར་བ་མྱེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་དད་མ། རང་གི་མཚན་ཉིད་སྟོང་པ་ཉིད་དད་མ། མྱི་དམྱིགས་པ་སྟོང་པ་ཉིད་དམ། དངོས་པོ་མྱེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དད་མ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་


DKG025_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའ་མ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མེད་པ་རྣམས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་སྨོན་པ་མེད་པའམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། རྒྱུན་ཏུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མྱི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དད་མ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བམ། ཆོས་གང་ཡང་ཡོད་དམ། ་རྟོགས་ཤིག་ཅེས་འདེམས་ཤིང་རྗེས་སུ་སྟོན་ཏེ། དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། ཆོས་གང་ལ་དམྱིགས་པས་མངོན་པར་ཞེན་པར་འགྱུར་བ་དེ་ལྟ་བུའི་ཆོས་གང་ཡང་མྱི་དམྱིགས་ཏེ། དེ་ལ་མངོན་པར་ཞེན་པ་མེད་པས་ཆོས་གང་ཡང་སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་ད་ག་པར་རྗེས་སུ་མ་མཐོང་བས། འདི་ནི་སེམས་ཅན་ད་མྱལ་བ་པའོ། །འདི་ནི་བྱོལ་སོང་གི་སྐྱེ་གནས་པའོ། །འདི་ནི་གཤིན་རྗེའི་འཇིག་རྟེན་པའོ། །འདི་ནི་ལྷ་མ་ཡིན་གྱི་རིས་སུ་གཏོགས་པའོ། །འདི་ནི་ལྷའོ། །འདི་ནི་མྱིའོ། །འདི་ནི་ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི་ཚུལ་ཁྲིམས་


DKG025_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ངན་པ་ཅན་ན་ནོ། །འདི་ནི་རྒྱུན་ཏུ་ཞུགས་པ་འོ། །འདི་ནི་ལན་ཅིག་ཕྱིར་འོང་བའོ། །འདི་ནི་ཕྱིར་མྱི་འོང་བའོ། །འདི་ནི་དགྲ་བཅོམ་པའོ། །འདི་ནི་རང་སངས་རྒྱས་སོ། །འདི་ནི་བྱང་ཆུབ་སེམས་ད་པའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བྱ་བར་རྣམ་པ་ར་མྱི་རྟོག་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ད་པའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོང་ས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་སྟེ། སྦྱིན་པ་ཡོངས་སུ་བཏ་ང་ནས་འདི་སྐད་དུ་རིགས་ཀྱི་བུ་ད་ག་སྦྱིན་པ་ལ་འཛིན་པས་མ་འཛིན་ཅིག །སྦྱིན་པ་ལ་འཛིན་པས་འཛིན་འཛིན་ཅིང་ལུས་གང་མངོན་པར་གྲུབ་པས་སྡུག་བསྔལ་མང་པོ་ཉམས་སུ་མྱོང་བར་འགྱུར་བ་དེ་ལྟ་བུའི་ལུས་མངོན་པར་གྲུབ་པ་རེ། རིགས་ཀྱི་བུ་ད་ག་འདི་ལ་དོན་ད་མ་པར་ནི། སྦྱིན་པ་ཡང་མྱེད། སྦྱིན་པའི་འབྲས་བུ་ཡང་མྱེད། སྦྱིན་པའི་བད་ག་པོ་ཡང་མྱེད། ལེན་པ་ཡང་མྱེད་དེ། ཆོས་དེ་ད་ག་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །རང་བཞིན་གྱིས་སྟོང་པའི་ཆོས་ནི་འཛིན་པ་མྱེད་དེ། ར་ང་བཞིན་སྟོང་པ་ཉིད་ནི། གཟུང་དུ་མྱེད་པ་འོ། །ཞེས་འདེམས་ཤིང་རྗེས་སུ་སྟོན་ཏེ་རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་ཡང་དེ་ལ་སྦྱིན་པ་ར་ད་མྱིགས་པ་མྱེད། སྦྱིན་པའི་བད་ག་པོར་


DKG025_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ད་མྱིགས་པ་མྱེད། ལེན་པར་ད་མྱིགས་པ་མྱེད་དེ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དམིགས་སུ་མྱེད་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཆོས་གསུམ་པོ་དེ་ད་ག་ཐམས་ཅད་ལ་མྱི་ད་མྱིགས་པས། སེམས་ཅན་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སྦྱོར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སྦྱོར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་སྦྱོར་ར་རོ། །དགྲ་བཅོམ་པ་ཉིད་ལ་སྦྱོར་ར་རོ། །རང་བྱང་ཆུབ་ལ་སྦྱོར་ར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྦྱོར་རོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། དེ་བད་ག་ཉིད་ཀྱང་སྦྱིན་པ་ཡོང་ས་སུ་ག་ཏོང་ངོ་། །གཞན་ཡང་སྦྱིན་པ་ལ་ཡང་དག་པར་སྐུལ་ལོ། །སྦྱིན་པའི་ལེགས་པ་རྗོད་ད་དོ། །སེམས་ཅན་གཞན་གང་སྦྱིན་པ་ཡོངས་སུ་གཏོང་བ་དེ་ད་ག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་ད་པའ་སེམས་དཔའ་ཆེན་པོ་དེ་ཡང་དེ་ལྟ་བུའི་སྦྱིན་པ་ཆེན་པོ་བྱིན་པས་རྒྱལ་རིགས་ཆེ་ཞིང་མཐོ་བ་ད་ག་དང་སྐལ་བ་མཉམ་པར་སྐྱེའོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་ད་ག་དང་སྐལ་བ་མཉམ་པར་སྐྱེའོ། །ཁྱིམ་བད་ག་གི་རིགས་ཆེ་ཞིང་མཐོ་བ་ད་ག་དང་སྐལ་བ་མཉམ་པར་སྐྱེའོ། །ཁམས་ཀྱི་རྒྱལ་པོར་འགྱུར་ར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འཐོབ་བོ། །དེ་དེ་དག་ན་ཡང་སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞིས་ཡོངས་སུ་སྡུད་དེ། བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་བྱ་བ་དང་། དོན་མཐུན་པས་ཡོངས་སུ་སྡུད་དོ། །དེ་དེ་ལྟར་སེམས་ཅན་སྦྱིན་པས་ཡོངས་སུ་བསྡུས་པ་དེ་དག་ཀྱང་། རིམ་གྱིས་ཚུལ་ཁྲིམས་ལ་རབ་ཏུ་འགོད་དོ། །བབྲོད་པ་ལ་རབ་ཏུ་འགོད་ད་དོ། །བརྩོན་འགྲུས་ལ་རབ་ཏུ་འགོད་དོ། །


DKG025_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་ལ་རབ་ཏུ་འརྒོད་དོ། །ཤེས་རབ་ལ་རབ་ཏུ་འགོད་དོ། །བསམ་གཏན་བཞི་ལ་རབ་ཏུ་འགོད་དོ། །ཚད་མྱེད་པ་བཞི་ལ་རབ་ཏུ་འགོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་འགོད་དོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་རབ་ཏུ་འགོད་དོ། །ཡང་དག་པར་སྤོང་བ་བཞི་ལ་རབ་ཏུ་འགོད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་རབ་ཏུ་འགོད་དོ། །དབང་པོ་ལྔ་ལ་རབ་ཏུ་འགོད་དོ། །སྟོབས་ལྔ་ལ་རབ་ཏུ་འགོད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་རབ་ཏུ་འགོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་རབ་ཏུ་འགོད་ད་དོ། །འཕགས་པའི་བདེན་པ་བཞི་ལ་རབ་ཏུ་འགོད་དོ། །རྣམ་པར་ཐར་པ་བརྒྱད་ལ་རབ་ཏུ་འགོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་རབ་ཏུ་འགོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་རབ་ཏུ་འགོད་དོ། །མངོན་པར་ཤེས་པ་ལྔ་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་རྣམས་ལ་རབ་ཏུ་འགོད་དོ། །གཟུངས་ཀྱི་སྒོ་རྣམས་ལ་རབ་ཏུ་འགོད་ད་དོ། །ཡང་དག་པའི་སྐྱོན་མྱེད་པར་འཇུག་པར་བྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་བྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་བྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་བྱེད་ད་དོ། །དགྲ་བཅོམ་པ་ཉིད་ཐོབ་པར་བྱེད་དོ། །རང་བྱང་ཆུབ་ཐོབ་པར་བྱེད་དོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་སྐྲུལ་བ་བྱེད་དོ། །ཀྱེ་སྐྱེས་བུ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་དཀའ་སྟེ། དེ་ལ་ཕྱིན་ཅི་ལོག་གིས་རྨོངས་པའི་སེམས་ཀྱིས་ཁོང་དུ་མ་ཆུད་པ་མ་གཏོགས་པར་ཆོས་གང་ལ་སེམས་ཅན་རྣམས་ཆགས་པར་གྱུར་པའི་ཆོས་དེ་ལྟ་བུ་གང་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་མྱེད་ཀྱིས། དེ་བས་ན་ཕྱིན་ཅི་ལོག་གི་འཛིན་པ་ཐམས་ཅད་


DKG025_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཆོད་ལ། འཁོར་བ་ལས་བདག་ཅག་ཀྱང་ཐར་བར་གྱིས་ཤིག །གཞན་ཡང་ཐར་བར་གྱིས་ཤིག །དེ་ལྟར་ཁྱེད་བདག་ཅག་གི་དོན་དུ་ཡང་ཆེར་འགྱུར། གཞན་ཡང་དོན་ཆེན་པོ་ལ་འབྱོར་བར་འགྱུར་རོ་ཞེས་ཡང་དག་པར་སྐྲུལ་བ་བྱེད་དེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་སྟེ། དེ་ལྟར་སྤྱོད་པའི་ཚེ་ཅི་ནས་ཀྱང་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ནམ་ཡང་ངན་སོང་དུ་མི་ལྟུང་བ་དང་། ནམ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་མྱི་བྱེད་པར་མྱི་འགྱུར་བ་དེ་ལྟར་སྦྱོད་ད་དོ། །དེ་ཅིའི་ཕྱིར་ཞེ་ན། ས་བོན་ཇི་ལྟ་བ་བཞིན་དུ་འབྲས་བུ་འབྱུང་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེའི་དྲུང་དུ་སློངས་མོ་པ་གང་ཇི་སྙེད་ཅིག་འོངས་ཀྱང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་རྣམས་ཀྱི་དོན་མ་གཏོགས་པར་གཞན་གྱི་དོན་དུ་འཁོར་ལོས་སྒྱུར་བ་ཡོངས་སུ་མ་བཟུང་ངོ་ཞེས་ནས། དེ་འདི་སྐད་ཅེས་ཟེར་ཏེ། སུ་ཅི་འདོད་པ་དེ་ཁྱེད་བྱིན་གྱིས། འདི་ནི་ངའི་མ་ཡིན་གྱི་ཁྱེད་ཀྱིའོ། །ང་ནི་ནང་གི་གཟུགས་ལ་ཡང་དོན་དུ་གཉེར་བ་མྱེད་ན། གཞན་ལྟ་ལ་ཅི་སྨོས་ཏེ། གཞན་དུ་ན་ངས་སེམས་ཅན་རྣམས་ཀྱི་དོན་དུ་འཁོར་བ་ཡོངས་སུ་བཟུང་གི། བདག་ནི་འཁོར་བ་དོན་དུ་གཉེར་བ་མ་ཡིན་ནོ་ཞེས་ཏེ། དེ་སྙིང་བརྩེ་བས་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱས་ཤིང་། སྙིང་རྗེ་ཆེན་པོས་སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང་སེམས་ཅན་གང་ཡོངས་སུ་གྲུབ་པ་དེ་ལྟ་བུ་མྱི་དམྱིགས་ཏེ། གཞན་དུ་ན་འདུ་ཤེས་དང་མྱིང་དང་བརྡའི་ཐ་སྙད་ཀྱིས་རྣམ་པར་སྦྱོད་དེ། རྣམ་པར་སྤྱད་པ་དེ་ཡང་སྒྲ་བརྙ་ན་ལྟ་བུར་རྣམ་པར་སྤྱད་དུ་མྱེད་པར་ཤེས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་


DKG025_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་པར་བྱ་སྟེ། སྤྱོད་པའི་ཚེ་ཅི་ནས་ཀྱང་བདག་གི་ཤ་ཡན་ཆད་ཀྱང་སེམས་ཅན་རྣམས་ལ་ཡོངས་སུ་མ་བཏང་བ་མྱེད་པར་བྱ་ན། ཕྱི་རོལ་གྱི་ཡོ་བྱད་གང་གིས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་ཐར་བར་བྱ་བ་དག་ལྟ་སྨོས་སུ་ཡང་མྱེད་པ་དེ་ལྟར་སྤྱད་པར་བྱའོ། །གསོལད་པ། ཡོ་བྱད་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །ནང་སྟོང་པ་ཉིད་ནི་ཡོ་བྱད་ད་དོ། །ཕྱི་སྟོང་པ་ཉིད་ནི་ཡོ་བྱད་ད་དོ། །ཕྱི་ནང་སྟོང་པ་ ཉིད་ནི་ཡོ་བྱད་ད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཆེན་པོ་སྟོང་པ་ཉིད་ནི་ཡོ་བྱད་དོ། །དོན་དམ་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །འདུས་བྱས་སྟོང་པ་ཉིད་ནི་ཡོ་བྱད་དོ། །འདུས་མ་བྱས་སྟོང་པ་ཉིད་ནི་ཡོ་བྱད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །རང་བཞིན་སྟོང་པ་ཉིད་ནི་ཡོ་བྱད་ད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཡོ་བྱད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་ཡོ་བྱད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་ཡོ་བྱད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་ཡོ་བྱད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་ཡོ་བྱད་དོ། །ཡང་དག་པར་སྤོང་བ་རྣམས་ནི་ཡོ་བྱད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་ཡོ་བྱད་དོ། །དབང་པོ་རྣམས་ནི་ཡོ་བྱད་དོ། །སྟོབས་རྣམས་ནི་ཡོ་བྱད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་ཡོ་བྱད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཡོ་


DKG025_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་ད་དོ། །འཕགས་པའི་བདེན་པ་རྣམས་ནི་ཡོ་བྱད་དོ། །བསམ་གཏན་རྣམས་ནི་ཡོ་བྱད་དོ། །ཚད་མྱེད་པ་རྣམས་ནི་ཡོ་བྱད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་ཡོ་བྱད་དོ། །རྣམ་པར་ཐར་པ་རྣམས་ནི་ཡོ་བྱད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་ཡོ་བྱད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་ཡོ་བྱད་དོ། །མངོན་པར་ཤེས་པ་རྣམས་ནི་ཡོ་བྱད་དོ། །ཏིང་ངེ་འཛིན་རྣམས་ནི་ཡོ་བྱད་དོ། །གཟུངས་ཀྱི་སྒོ་རྣམས་ནི་ཡོ་བྱད་ད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་ཡོ་བྱད་དོ། །མྱི་འཇིགས་པ་རྣམས་ནི་ཡོ་བྱད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་ཡོ་བྱད་དོ། །བྱམས་པ་ཆེན་པོ་ནི་ཡོ་བྱད་དོ། །སྙིང་རྗེ་ཆེན་པོ་ནི་ཡོ་བྱད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་ཡོ་བྱད་དོ། །དེ་དག་ནི་ཡོ་བྱད་དེ་ཡོ་བྱད་དེ་དག་གིས་སེམས་ཅན་རྣམས་ཡོངས་སུ་བསྡུས་ཤིང་རིམ་གྱིས་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོའམ། ཐེག་པ་གསུམ་པོ་དེ་དག་གིས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམ་ས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཅིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་རྣམས་ལ་འདི་སྐད་དུ་ཚུར་ཤེག་།རིགས་ཀྱི་བུ་དག་ཚུལ་ཁྲིམས་སྲུངས་ཤིག །ངས་ཁྱེད་


DKG025_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། མིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བའི་བར་གྱིས་ཕོངས་པ་མྱེད་པར་བྱའོ། །ཁྱེད་ཀྱིས་ཕོངས་པར་གྱུར་པའི་ཕྱིར་ཚུལ་ཁྲིམས་ངན་པ་ལ་སྦྱོད་པར་གྱུར་གྲང་ན། ཁྱེད་ཟས་དང་སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ་ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བ་རིན་པོ་ཆེ་སྣ་བདུན་གྱི་བར་གྱིས་ཕོངས་པ་མྱེད་པར་བྱས། ཁྱེད་སྡོམ་པའི་ཚུལ་ཁྲིམས་ལ་གནོས་ལ། རིམ་གྱིས་ཉན་ཐོས་ཀྱི་ཐྲེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐེག་པའམ། ཐེག་པ་གསུམ་པོ་དེ་དག་གིས་སྡུག་བསྔལ་གྱི་མཐར་ཕྱིན་པར་གྱིས་ཤིག་ཅེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བདག་ཉིད་ཀྱང་། ཚུལ་ཁྲིམས་སྲུང་ངོ་། །གཞན་ཡང་ཚུལ་ཁྲིམས་ལ་སྦྱོར་རོ། །ཚུལ་ཁྲིམས་ཀྱི་ལེགས་པ་རྗོད་དོ། །སེམས་ཅན་གཞན་གང་ཚུལ་ཁྲིམས་སྲུང་བ་དེ་དག་གི་ཡང་ཕེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་ཚུལ་ཁྲིམས་ལ་སྦྱར་ཅིང་། ཚུལ་ཁྲིམས་ལ་རབ་ཏུ་བཀོད་དེ། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་


DKG025_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་བདུན་པ། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་གང་ཁྲོ་བ་དང་། གནོད་སེམས་སུ་བྱེད་པ་དག་མཐོང་ན། དེ་དག་ལ་འདི་སྐད་ཅེས་ཟེར་ར་རོ། །རིགས་ཀྱི་བུ་དག་ཁྱེད་ཅིའི་རྒྱུས་གནོད་སེམས་སུ་བྱེད་པར་གྱུར། གང་གིས་ཕོངས་ཤིང་གནོད་སེམས་སུ་བྱེད་པར་གྱུར་པ་དེ་དང་དེ་ང་ལས་ལོང་ཤིག་།ངས་ཁྱེད་ལ་ཟས་དང་། སྐོམ་དང་། །གོས་དང་།བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བའི་བར་གྱིས་ཕོངས་པ་མྱེད་པར་བྱས། ཁྲོ་བ་དང་། གནོད་སེམས་མྱེད་པར་གྱིས་ཤིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དེ་དག་བཟོད་པ་ལ་སྦྱོར་ཏེ། འདི་སྐད་དུ་གཅུགས་གང་གིས་ཁྱེད་ཀྱི་ཁྲོ་བ་སྐྱེ་བར་གྱུར་པ་དེ་ནི་སྙིང་པོ་མྱེད་པ་སྟེ། དེ་ལ་དངོས་པོ་གང་ཡང་མྱེད་དོ། །ཁྲོ་བ་དེ་ནི་ཡང་དག་པ་མ་ཡིན་པར་ཡོངས་སུ་བརྟགས་པ་སྟེ། དངོས་པོ་གང་གི་ཕྱིར་ཁྱེད་


DKG025_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

འཐབ་ཅིང་འཁོན་པ་དང་། གནོད་སེམས་སུ་བྱེད་པར་གྱུར་པ་དང་། དེ་ལྟར་འཐབས་ཤིང་འཁོན་ཏེ། གནོད་སེམས་སུ་གྱུར་ནས་དབྱིག་པས་འགྱེད་པ་དང་། མཚོན་གྱིས་འདྲེ་བ་དང་། ཕན་ཚུན་གྱི་སྲོག་ལ་རྒོལ་བར་གྱུར་པའི་དངོས་པོ་དེ་ལ་དངོས་པོའི་རང་བཞིན་གང་ཡང་མྱེད་ན། དེ་ལྟ་ཡིན་ཡང་ཁྱེད་ཡང་དག་པ་མ་ཡིན་པའི་ཡོངས་སུ་རྟོག་པས་འཁྲུགས་ན། ་སེམས་ཅན་དམྱལ་བ་དག་ཏུ་ལྟུང་བར་འགྱུར། བྱོལ་སོང་གི་སྐྱེ་གནས་དག་ཏུ་ལྟུང་བར་འགྱུར། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་འགྱུར། དེ་མ་ཡིན་པའི་ངན་སོང་གཞན་དག་ཏུ་ཡང་ཁྱེད་སྡུག་བསྔལ་མྱི་བཟད་པ་ཚ་ཞིང་རྩུབ་ལ་ཡིད་དུ་མྱི་འོང་བའི་ཚོར་བ་ཉམས་སུ་རྨྱོང་བར་འགྱུར་གྱིས་སྐྱེས་བུ་ཁྱེད་རྣམས་དངོས་པོ་མྱེད་པའི་ཆོས་ཀྱི་དོན་དུ་ལས་གང་ཡོངས་སུ་བཟུང་བས་མྱིར་སྐྱེ་བ་ཡང་ཐོབ་པར་མྱི་འགྱུར་ན། སངས་རྒྱས་འབྱུང་བ་དང་ཕྲད་པར་འགྱུར་བ་ལྟ་སྨོས་སུ་ཡང་མྱེད་པ། དེ་ལྟ་བུའི་ལས་ཡོངས་སུ་མ་འཛིན་ཅིག །གྲོགས་པོ་དག་སངས་རྒྱས་འབྱུང་བ་ནི་དཀོན་ན་ནོ། །མྱིར་སྐྱེ་བ་འཐོབ་པ་ནི་དཀོན་ནོ། །དལ་བ་ཕུན་སུམ་ཚོགས་པ་ནི་དཀོན་ནོ། །འཁོར་བ་ལས་ཐར་པ་ནི་དཀོན་ན་ནོ། །དེ་ལྟ་ཡིན་གྱིས་དལ་བ་འདི་དོན་མེད་པར་མ་བྱ་ཤིག་།མྱི་ཁོམ་པར་གྱུར་ཅིང་གསོར་མྱི་རུང་བར་གྱུར་ཏ་རེ་ཞེས་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་བཟོད་པ་སྒྲུབ་བོ། །གཞན་ཡང་བཟོད་པ་ལ་ཡང་དག་པར་སྐུལ་ལོ། །བཟོད་པའི་ལེགས་པ་རྗོད་དོ། །སེམས་ཅན་གཞན་ཡང་བཟོད་པ་སྒོམ་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྦྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་བཟོད་པ་ལ་སྦྱར་ཅིང་། བཟོད་པ་ལ་རབ་ཏུ་བཀོད་ད་དེ། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་


DKG025_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ལེ་ལོ་ཅན་བརྩོན་འགྲུས་ཆུང་བ་དག་མཐོང་ན། འདི་སྐད་དུ་ཁྱེད་ཅིའི་ཕྱིར་ལེ་ལོ་བྱེད་ཅེས་རྗོད་དེ། དེ་དག་རྐྱེན་དང་མྱི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཅིང་། སེམས་ཅན་དེ་དག་ལ་འདི་སྐད་ཅེས་ཟེར་ཏེ། ཀྱེ་སྐྱེས་བུ་དག་ངས་སྦྱིན་པའི་རྐྱེན་ཏམ་ཚུལ་ཁྲིམས་ཀྱི་རྐྱེན་ཏམ། བཟོད་པའི་རྐྱེན་ཏ་མ། གཞན་ཡང་རྣམ་པ་གང་དང་གང་གིས་བརྩོན་འགྲུས་བརྩམ་དུ་རུང་བ་དེ་དག་ཁྱེད་ལ་ངས་ཉེ་བར་བསྒྲུབ་པར་བྱས་བརྩོན་འགྲུས་རྩོམས་ཤིག་ཅེས་ནས། སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཡོ་བྱད་ལ་སྦྱོད་ཅིང་ལུས་སམ། སེམས་ཀྱིས་བརྩོན་འགྲུས་རྩོམ་སྟེ། དེ་དག་ལུས་དང་སེམས་ཀྱི་བརྩོན་འགྲུས་ཀྱིས་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དེ། དགེ་བའི་ཆོས་དེ་དག་གིས་འཕགས་པ་ཟག་པ་མྱེད་པའི་ཆོས་རྣམས་སྒོམ་མོ། །དེ་དག་བསྒོམས་པས་རྒྱུན་ཏུ་ཞུགས་པའི་འབྲས་བུ་འཐོབ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་བོ། །ཕྱིར་མྱི་འོང་བའི་འབྲས་བུ་འཐོབ་བོ། །དགྲ་བཅོམ་པ་ཉིད་འཐོབ་བོ། །རང་བྱང་ཆུབ་འཐོབ་བ་བོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་བརྩོན་འགྲུས་རྩོམ་རྨོ། །གཞན་ཡང་


DKG025_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་འགྲུས་ལ་ཡང་དག་པར་སྐུལ་ལོ། །བརྩོན་འགྲུས་ཀྱི་ལེགས་པ་རྗོད་དོ། །སེམས་ཅན་གཞན་གང་བརྩོན་འགྲུས་རྩོམ་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་བརྩོན་འགྲུས་ལ་སྦྱར་ཅིང་། བརྩོན་འགྲུས་ལ་རབ་ཏུ་བཀོད་དེ། རིམ་གྱིས་བྲེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཅིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་གཡེངས་པར་གྱུར་པའི་སེམས་ཅན་དག་མཐོང་ན། འདི་སྐད་དུ་སེམས་ཅན་ཁྱེད་ཅིའི་ཕྱིར་བསམ་གཏན་ལ་མ་ཉམ་པར་མྱི་གཞོག་ཅེས་རྗོད་དེ། དེ་དག་རྐྱེན་དང་མྱི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དེ་དག་ལ་འདི་སྐད་དུ་འདེམས་ཏེ། ཀྱེ་སེམས་ཅན་དག་ངས་རྐྱེན་གང་དང་གང་གིས་ཆོས་ལ་རྣམ་པར་རྟོག་པར་མྱི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་བསྒྲུབ་པར་བྱའོ་ཞེས་ནས། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་ལ་རྐྱེན་གང་དང་གང་ཉེ་བར་བསྒྲུབས་པས། རྣམ་པར་རྟོག་པར་མྱི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་སྒྲུབ་སྟེ། དེའི་ཕྱིར་དེ་དག་རྣམ་པར་རྟོག་པ་ཆད་ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་བཞི་པ་


DKG025_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྙོམས་པར་འཇུག་གོ །བྱམས་པ་ལ་སྙོམས་པར་འཇུག་གོ །སྙིང་རྗེ་ལ་སྟོམས་པར་འཇུག་གོ །དགའ་བ་ལ་སྙོམས་པར་འཇུག་གོ །བཏང་སྙོམས་ལ་སྙོམས་པར་འཇུག་ག་གོ །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་སྙོམས་པར་འཇུག་ག་གོ །དེ་དག་བསམ་གཏན་དང་། ཚད་མྱེད་པ་དང་། གཟུགས་མྱེད་པའི་སྙོམས་པ་ར་འཇུག་པ་དེ་དག་གིས་སེམས་དུལ་བར་གྱུར་པས། དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ། །ཡང་ད་ག་པར་སྤོང་བ་བཞི་སྒོམ་མ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་མ་མོ། །དབང་པོ་ལྔ་སྒོམ་མ་མོ། །སྟོབས་ལྔ་སྒོམ་མ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་མ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་མ་མོ། །རྣམ་པར་ཐར་པའི་སྒོ་གསུམ་སྒོམ་མ་མོ། །དེ་དག་བསྒོམས་པས་རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་འདའ་སྟེ། དེ་ལ་ལ་ལ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བྱང་ཆུབ་ཀྱི་ལམ་ལས་ཡོངས་སུ་མྱི་ཉམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་འཆལ་པར་གྱུར་པའི་སེམས་ཅན་དག་མཐོང་ན། འདི་སྐད་དུ་སེམས་ཅན་ཁྱེད་ཅིའི་ཕྱིར་ཤེས་རབ་མྱི་སྒོམ་ཞེས་རྗོད་དེ། དེ་དག་རྐྱེན་དང་མྱི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་


DKG025_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དེ་དག་ལ་འདི་སྐད་དུ་འདེམས་ཏེ། ང་ལས་ཡོ་བྱད་རྣམས་ལོང་ལ། སྦྱིན་པ་བྱིན་ཅིག །ཚུལ་ཁྲིམས་སྲུངས་ཤིག །བཟོད་པ་སྒོམས་ཤིག །བརྩོན་འགྲུས་རྩོམས་ཤིག །ཏིང་ངེ་འཛིན་ལ་མཉམ་པར་ཞོག་ཤིག་།རྣམ་པ་དེ་དག་ཡོངས་སུ་རྫོགས་པར་གྱིས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་བདག་གག་མ། སེམས་ཅན་ནམ། སྲོག་གམ། འགྲོ་བའམ། གསོ་བའམ། སྐྱེས་བུའམ། གང་ཟག་གམ། ཤིད་ཅན་ནམ། ཤེད་བདག་གམ། བྱེད་པ་པོའམ། །ཚོར་བ་པོའམ། ཤེས་པ་པོའམ། མཐོང་བ་པོའམ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་སམ། གཟུགས་མྱེད་པའི་ཁམས་སམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའམ།ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ། ནང་སྟོང་པ་ཉིད་དད་མ། ཕྱི་སྟོང་པ་ཉིད་དད་མ། ཕྱི་ནང་སྟོང་པ་ཉིད་དད་མ། སྟོང་པ་ཉིད་སྟོང་པ་ཉིད་དད་མ། ཆེན་པོ་སྟོང་པ་ཉིད་དད་མ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དད་མ། འདུས་མ་བྱས་སྟོང་པ་ཉིད་དད་མ། མཐའ་ལས་འདས་པ་སྟོང་པ་ཉིད་དད་མ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དམ། དོར་བ་མྱེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་དད་མ། རང་གི་མཚན་ཉིད་སྟོང་པ་ཉིད་དད་མ། མྱི་དམྱིགས་པ་སྟོང་པ་ཉིད་དམ། དངོས་པོ་མྱེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དད་མ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་


DKG025_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། རྒྱུན་ཏུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མྱི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དད་མ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆོས་གང་ཡང་ཡོད་དམ་རྟོགས་ཤིག་ཅེས་འདེམས་ཤིང་རྗེས་སུ་སྟོན་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་གང་ལ་དམྱིགས་པས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུའི་ཆོས་གང་ཡང་མྱི་དམྱིགས་ཏེ། དེ་ལ་མངོན་པར་ཞེན་པ་མྱེད་པས་ཆོས་གང་ཡང་སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཡང་ད་ག་པར་རྗེས་སུ་མ་མཐོང་བས། འདི་ནི་སེམས་ཅན་ད་མྱལ་བ་པའོ། །འདི་ནི་བྱོལ་སོང་གི་སྐྱེ་གནས་པའོ། །འདི་ནི་གཤིན་རྗེའི་འཇིག་རྟེན་པའོ། །འདི་ནི་ལྷ་མ་ཡིན་གྱི་རིས་སུ་


DKG025_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་པའོ། །འདི་ནི་ལྷའོ། །འདི་ནི་མིའོ། །འདི་ནི་ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི་ཚུལ་ཁྲིམས་ངན་པ་ཅན་ན་ནོ། །འདི་ནི་རྒྱུན་ཏུ་ཞུགས་པའོ། །འདི་ནི་ལན་ཅིག་ཕྱིར་འོང་བའོ། །འདི་ནི་ཕྱིར་མྱི་འོང་བའོ། །འདི་ནི་དགྲ་བཅོམ་པའོ། །འདི་ནི་རང་སངས་རྒྱས་སོ། །འདི་ནི་བྱང་ཆུབ་སེམས་དཔའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བྱ་བར་རྣམ་པར་མྱི་རྟོག་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ད་པའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏ་ན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཅིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་སྟེ། སྦྱིན་པ་ཡོངས་སུ་བཏང་ནས་འདི་སྐད་དུ་རིགས་ཀྱི་བུ་དག་སྦྱིན་པ་ལ་འཛིན་པས་མ་འཛིན་ཅིག །སྦྱིན་པ་ལ་འཛིན་པས་འཛིན་འཛིན་ཅིང་། ལུས་གང་མངོན་པར་གྲུབ་པས། སྡུག་བསྔལ་མང་པོ་ཉམས་སུ་མྱོང་བར་འགྱུར་བ་དེ་ལྟ་བུའི་ལུས་མངོན་པར་གྲུབ་པ་རེ། རིགས་ཀྱི་བུ་དག་འདི་ལ་དོན་དམ་པར་ན། སྦྱིན་པ་ཡང་མྱེད། སྦྱིན་པའི་འབྲས་བུ་ཡང་མྱེད། སྦྱིན་པའི་བདག་པོ་ཡང་མྱེད། ལེན་པ་ཡང་མྱེད་དེ། ཆོས་དེ་དག་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །རང་བཞིན་གྱིས་སྟོང་པའི་ཆོས་ནི་འཛིན་པ་མྱེད་དེ། རང་བཞིན་སྟོང་པ་ཉིད་ནི་གཟུང་དུ་མྱེད་པའོ་ཞེས་འདེམས་ཤིང་རྗེས་སུ་སྟོན་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་


DKG025_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་ཡང་། དེ་ལ་སྦྱིན་པར་དམྱིགས་པ་མྱེད། སྦྱིན་པའི་བདག་པོར་དམྱིགས་པ་མེད། ལེན་པར་དམྱིགས་པ་མྱེད་དེ། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དམིགས་སུ་མྱེད་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཆོས་གསུམ་པོ་དེ་དག་ཐམས་ཅད་ལ་མྱི་དམྱིགས་པས་སེམས་ཅན་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སྦྱོར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སྦྱོར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་སྦྱོར་ར་རོ། །དགྲ་བཅོམ་པ་ཉིད་ལ་སྦྱོར་ར་རོ། །རང་བྱང་ཆུབ་ལ་སྦྱོར་ར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྦྱོར་རོ། །རབ་འབྱར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི། ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། དེ་བདག་ཉིད་ཀྱང་སྦྱིན་པ་ཡོངས་སུ་གཏོང་ངོ་། །གཞན་ཡང་སྦྱིན་པ་ལ་ཡང་དག་པར་སྐུལ་ལོ། །སྦྱིན་པའི་ལེགས་པ་རྗོད་ད་དོ། །སེམས་ཅན་གཞན་གང་སྦྱིན་པ་ཡོངས་སུ་གཏོང་བ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་དེ་ལྟ་བུའི་སྦྱིན་པ་ཆེན་པོ་བྱིན་པས། རྒྱལ་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པར་སྐྱེའོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པར་སྐྱེའོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པར་སྐྱེའོ། །ཁམས་ཀྱི་རྒྱལ་པོར་འགྱུར་ར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འཐོབ་བོ།དེ་དེ་དག་ན་ཡང་སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞིས་ཡོངས་སུ་སྡུད་དེ། བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་བྱ་བ་དང་། དོན་མཐུན་པས་ཡོངས་སུ་སྡུད་དོ། །དེ་དེ་ལྟར་


DKG025_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་སྦྱིན་པས་ཡོངས་སུ་བསྡུས་པ་དེ་དག་ཀྱང་རིམ་གྱིས་ཚུལ་ཁྲིམས་ལ་རབ་ཏུ་འགོད་དོ། །བཟོད་པ་ལ་རབ་ཏུ་འགོད་ད་དོ། །བརྩོན་འགྲུས་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་ལ་རབ་ཏུ་འགོད་ད་དོ། །ཤེས་རབ་ལ་རབ་ཏུ་འགོད་དོ། །བསམ་གཏན་བཞི་ལ་རབ་ཏུ་འགོད་དོ། །ཚད་མྱེད་པ་བཞི་ལ་རབ་ཏུ་འགོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་འགོད་དོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་རབ་ཏུ་འགོད་དོ། །ཡང་དག་པར་སྤོང་བ་བཞི་ལ་རབ་ཏུ་འགོད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་རབ་ཏུ་འགོད་དོ། །དབང་པོ་ལྔ་ལ་རབ་ཏུ་འགོད་དོ། །སྟོབས་ལྔ་ལ་རབ་ཏུ་འགོད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་རབ་ཏུ་འགོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་རབ་ཏུ་འགོད་དོ། །འཕགས་པའི་བདེན་པ་བཞི་ལ་རབ་ཏུ་འགོད་དོ། །རྣམ་པར་ཐར་པ་བརྒྱད་ལ་རབ་ཏུ་འགོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་རབ་ཏུ་འགོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་རབ་ཏུ་འགོད་དོ། །མངོན་པར་ཤེས་པ་ལྔ་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་རྣམས་ལ་རབ་ཏུ་འགོད་དོ། །གཟུངས་ཀྱི་སྒོ་རྣམས་ལ་རབ་ཏུ་འགོད་ད་དོ། །ཡང་དག་པའི་སྐྱོན་མེད་པར་འཇུག་པར་བྱེད་ད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་བྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་བྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་བྱེད་ད་དོ། །དགྲ་བཅོམ་པ་ཉིད་ཐོབ་པར་བྱེད་དོ། །རང་བྱང་ཆུབ་ཐོབ་པར་བྱེད་ད་དོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་སྐུལ་བར་བྱེད་དོ། །ཀྱེ་སྐྱེས་བུ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་དཀའ་སྟེ། དེ་ལ་ཕྱིན་ཅི་ལོག་གིས་རྨོངས་པའི་སེམས་ཀྱིས་ཁོང་དུ་མ་ཆུད་པ་མ་


DKG025_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་པར། ཆོས་གང་ལ་སེམས་ཅན་རྣམས་ཆགས་པར་འགྱུར་བའི་ཆོས་དེ་ལྟ་བུ་གང་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་མེད་ཀྱིས། དེ་ལྟ་བས་ན་ཕྱིན་ཅི་ལོག་གི་འཛིན་པ་ཐམས་ཅད་རྒྱུན་ཆོད་ལ། འཁོར་བ་ལས་བདག་ཅག་ཀྱང་ཐར་བར་གྱིས་ཤིག །གཞན་ཡང་ཐར་བར་གྱིས་ཤིག །དེ་ལྟར་ན་ཁྱེད་བདག་ཅག་གི་དོན་དུ་ཡང་ཆེར་འགྱུར། གཞན་ཡང་དོན་ཆེན་པོ་ལ་འབྱོར་བར་འགྱུར་རོ་ཞེས་ཡང་དག་པར་སྐུལ་བ་བྱེད་དེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱ་སྟེ། དེ་ལྟར་སྤྱོད་པའི་ཚེ་ཅི་ནས་ཀྱང་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ནམ་ཡང་ངན་སོང་དུ་མྱི་ལྟུང་བ་དང་། ནམ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་མྱི་བྱེད་པར་མྱི་འགྱུར་བ་དེ་ལྟར་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། ས་བོན་ཇི་ལྟ་བ་བཞིན་དུ་འབྲས་བུ་འབྱུང་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེའི་དྲུང་དུ་སློངས་མོ་པ་གང་ཇི་སྙེད་ཅིག་འོངས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་རྣམས་ཀྱི་དོན་མ་གཏོགས་པར། གཞན་གྱི་དོན་དུ་འཁོར་ལོས་སྒྱུར་བ་ཡོངས་སུ་མ་བཟུང་ངོ་ཞེས་ནས་དེ་འདི་སྐད་ཅེས་ཟེར་ཏེ། གང་སུ་ཅི་འདོད་པ་དེ་་ཁྱེད་བྱིན་གྱིས་འདི་ནི་ངའི་མ་ཡིན་གྱི་ཁྱེད་ཀྱིའོ། །ང་ནི་ནང་གི་གཟུགས་ལའང་དོན་དུ་གཉེར་བ་མྱེད་པ་ན་གཞན་ལྟ་ལ་ཅི་སྨོས་ཏེ། གཞན་དུ་ན་ངས་སེམས་ཅན་རྣམས་ཀྱི་དོན་དུ་འཁོར་བ་ཡོངས་སུ་བཟུང་གི་བདག་ནི་འཁོར་བ་དོན་དུ་གཉེར་བ་མ་ཡིན་ནོ་ཞེས་ཏེ། དེ་སྙིང་བརྩེ་བས་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱས་ཤིང་། སྙིང་རྗེ་ཆེན་པོས་སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང་སེམས་ཅན་གང་ཡོངས་སུ་གྲུབ་པ་དེ་ལྟ་བུ་མྱི་དམྱིགས་ཏེ། གཞན་དུ་ན་འདུ་ཤེས་དང་མྱིང་དང་བརྡའི་ཐ་སྙད་ཀྱིས་རྣམ་པར་སྤྱོད་དེ། རྣམ་པར་སྦྱོད་པ་དེ་ཡང་སྒྲ་བརྙན་ལྟ་བུར་


DKG025_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྤྱད་དུ་མྱེད་པར་ཤེས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་པར་བྱ་སྟེ། སྦྱོད་པའི་ཚེ་ཅི་ནས་ཀྱང་བདག་གི་ཤ་ཡན་ཆད་ཀྱང་སེམས་ཅན་རྣམས་ལ་ཡོངས་སུ་མ་བཏང་བ་མྱེད་པར་བྱ་ན། ཕྱི་རོལ་གྱི་ཡོ་བྱད་གང་གིས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་ཐར་བར་བྱ་བ་དག་ལྟ་སྨོས་སུ་ཡང་མྱེད་པ་དེ་ལྟར་སྤྱད་པར་བྱའོ། །གསོལ་པ། ཡོ་བྱད་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །ནང་སྟོང་པ་ཉིད་ནི་ཡོ་བྱད་ད་དོ། །ཕྱི་སྟོང་པ་ཉིད་ནི་ཡོ་བྱད་ད་དོ། །ཕྱི་ནང་སྟོང་པ་ཉིད་ནི་ཡོ་བྱད་ད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཆེན་པོ་སྟོང་པ་ཉིད་ནི་ཡོ་བྱད་དོ། །དོན་དམ་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །འདུས་བྱས་སྟོང་པ་ཉིད་ནི་ཡོ་བྱད་དོ། །འདུས་མ་བྱས་སྟོང་པ་ཉིད་ནི་ཡོ་བྱད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །རང་བཞིན་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཡོ་བྱད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་ཡོ་བྱད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །ངོ་བོ་ཉད་སྟོང་པ་ཉིད་ནི་ཡོ་བྱད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་ཡོ་བྱད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་ཡོ་བྱད་དོ། །ཡང་དག་པར་སྤོང་བ་རྣམས་ནི་ཡོ་བྱད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་ཡོ་བྱད་དོ། །དབང་པོ་རྣམས་ནི་ཡོ་བྱད་དོ། །


DKG025_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་རྣམས་ནི་ཡོ་བྱད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་ཡོ་བྱད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཡོ་བྱད་ད་དོ། །འཕགས་པའི་བདེན་པ་རྣམས་ནི་ཡོ་བྱད་དོ། །བསམ་གཏན་རྣམས་ནི་ཡོ་བྱད་དོ། །ཚད་མྱེད་པ་རྣམས་ནི་ཡོ་བྱད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་ཡོ་བྱད་དོ། །རྣམ་པར་ཐར་བ་རྣམས་ནི་ཡོ་བྱད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་ཡོ་བྱད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ནི་ཡོ་བྱད་དོ། །མངོན་པར་ཤེས་པ་རྣམས་ནི་ཡོ་བྱད་དོ། །ཏིང་ངེ་འཛིན་རྣམས་ནི་ཡོ་བྱད་དོ། །གཟུངས་ཀྱི་སྒོ་རྣམས་ནི་ཡོ་བྱད་ད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་ཡོ་བྱད་དོ། །མྱི་འཇིགས་པ་རྣམས་ནི་ཡོ་བྱད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་ཡོ་བྱད་དོ། །སྙིང་རྗེ་ཆེན་པོ་ནི་ཡོ་བྱད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་ཡོ་བྱད་དོ། །དེ་དག་ནི་ཡོ་བྱད་དེ་ཡོ་བྱད་དེ་ད་ག་གིས་སེམས་ཅན་རྣམས་ཡོངས་སུ་བསྡུས་ཤིང་། རིམ་གྱིས་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཛེག་པ་ཆེན་པོའམ། ཐེག་པ་གསུམ་པོ་དེ་དག་གིས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་རྣམས་ལ་འདི་སྐད་དུ་ཚུར་ཤེག །རིགས་ཀྱི་བུ་དག་


DKG025_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་སྲུངས་ཤིག །ངས་ཁྱེད་ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་»ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བའི་བར་གྱིས་ཕོངས་པ་མྱེད་པར་བྱའོ། །ཁྱེད་ཀྱང་ཕོངས་པའི་ཕྱིར་ཚུལ་ཁྲིམས་ངན་པ་ལ་སྤྱོད་པར་གྱུར་གྲང་ན། ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བའི་རིན་པོ་ཆེ་སྣ་བདུན་གྱི་བར་གྱིས་ཕོངས་པ་མྱེད་པར་བྱས། ཁྱེད་སྡོམ་པའི་ཚུལ་ཁྲིམས་ལ་གནོས་ལ། རིམ་གྱིས་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐེག་པའམ། ཐེག་པ་གསུམ་པོ་དེ་དག་གིས་སྡུག་བསྔལ་གྱི་མཐར་ཕྱིན་པར་གྱིས་ཤིག་ཅེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བདག་ཉིད་ཀྱང་ཚུལ་ཁྲིམས་སྲུང་ངོ་། །གཞན་ཡང་ཚུལ་ཁྲིམས་ལ་སྦྱོར་རོ། །ཚུལ་ཁྲིམས་ཀྱི་ལེགས་པ་རྗོད་ད་དོ། །སེམས་ཅན་གཞན་གང་ཚུལ་ཁྲིམས་སྲུང་བ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་ཚུལ་ཁྲིམས་ལ་སྦྱར་ཅིང་། ཚུལ་ཁྲིམས་ལ་རབ་ཏུ་བཀོད་དེ། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་


DKG025_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་གང་ཁྲོ་བ་དང་གནོད་སེམས་སུ་བྱེད་པ་དག་མཐོང་ན། དེ་དག་ལ་འདི་སྐད་ཅེས་ཟེར་ར་རོ། །རིགས་ཀྱི་བུ་དག་ཁྱེད་ཅིའི་རྒྱུས་གནོད་སེམས་སུ་བྱེད་པར་གྱུར། །གང་གིས་ཕོངས་ཤིང་གནོད་སེམས་སུ་བྱེད་པར་གྱུར་པ་དེ་དང་དེ་ང་ལས་ལོང་ཤིག་།ངས་ཁྱེད་ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བའི་བར་གྱིས་ཕོངས་པ་མྱེད་པར་བྱས། ཁྲོ་བ་དང་། གནོད་སེམས་མེད་པར་གྱིས་ཤིག་ཅེས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དེ་དག་བཟོད་པ་ལ་སྦྱོར་ཏེ། འདི་སྐད་དུ་གཅུགས་གང་གིས་ཁྱེད་ཀྱིས་ཁྲོ་བ་སྐྱེ་བར་གྱུར་པ་དེ་ནི་སྙིང་པོ་མྱེད་པ་སྟེ། དེ་ལ་དངོས་པོ་གང་ཡང་མྱེད་དོ། །ཁྲོ་བ་དེ་ནི་ཡང་དག་པ་མ་ཡིན་པར་ཡོངས་སུ་བརྟགས་པ་སྟེ། དངོས་པོ་གང་གི་ཕྱིར་ཁྱེད་འཐབ་ཅིང་འཁོན་པ་དང་། གནོད་སེམས་སུ་བྱེད་པར་གྱུར་པ་དང་། ་དེ་ལྟར་ཁྱེད་འཐབས་ཤིང་འཁོན་ཏེ། གནོད་སེམས་སུ་གྱུར་ནས་དབྱིགས་པས་འགྱེད་པ་དང་། མཚོན་གྱིས་འདྲེ་བ་དང་། ཕན་ཚུན་


DKG025_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྲོག་ལ་རྒོལ་བར་གྱུར་པའི་དངོས་པོ་དེ་ལ་དངོས་པོའི་རང་བཞིན་གང་ཡང་མྱེད་ན། དེ་ལྟ་ཡིན་ཡང་ཁྱེད་ཡང་དག་པ་མ་ཡིན་པའི་ཡོངས་སུ་རྟོག་པས་འཁྲུགས་ན་སེམས་ཅན་དམྱལ་བ་དག་ཏུ་ལྟུང་བར་འགྱུར། བྱོལ་སོང་གི་སྐྱེ་གནས་དག་ཏུ་ལྟུང་བར་འགྱུར། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་འགྱུར། དེ་མ་ཡིན་པའི་ངན་སོང་གཞན་དག་ཏུ་ཡང་ཁྱེད་སྡུག་བསྔལ་མྱི་བཟད་པ་ཚ་ཞིང་རྩུབ་ལ་ཡིད་དུ་མྱི་འོང་བའི་ཚོར་བ་ཉམས་སུ་རྨྱོང་བར་འགྱུར་གྱིས། སྐྱེས་བུ་ཁྱེད་རྣམས་དངོས་པོ་མྱེད་པའི་ཆོས་ཀྱི་དོན་དུ་ལས་གང་ཡོངས་སུ་བཟུང་བས། མྱིར་སྐྱེ་བ་ཡང་འཐོབ་པར་མྱི་འགྱུར་ན། སངས་རྒྱས་འབྱུང་བ་དང་ཕྲད་པར་འགྱུར་བ་ལྟ་སྨོས་སུ་ཡང་མྱེད་པ། དེ་ལྟ་བུའི་ལས་ཡོངས་སུ་མ་འཛིན་ཅིག །གྲོགས་པོ་དག་སངས་རྒྱས་འབྱུང་བ་ནི་དཀོན་ན་ནོ། །མྱིར་སྐྱེ་བ་འཐོབ་པ་ནི་དཀོན་ནོ། །དལ་བ་ཕུན་སུམ་ཚོགས་པ་ནི་དཀོན་ན་ནོ། །འཁོར་བ་ལས་ཐར་པ་ནི་དཀོན་ན་ནོ། །དེ་ལྟ་ཡིན་གྱིས་དལ་བ་འདི་དོན་མྱེད་པར་མ་བྱ་ཤིག་།མྱི་ཁོམ་པར་གྱུར་ཅིང་གསོར་མྱི་རུང་བར་གྱུར་ཏ་རེ་ཞེས་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་བཟོད་པ་སྒྲུབ། །གཞན་ཡང་བཟོད་པ་ལ་ཡང་དག་པར་སྐྲུལ་ལོ། །བཟོད་པའི་ལེགས་པ་རྗོད་དོ། །སེམས་ཅན་གཞན་གང་བཟོད་པ་སྒོམ་པ་དེ་དག་གི་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྦྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་བཟོད་པ་ལ་སྦྱར་ཅིང་། བཟོད་པ་ལ་རབ་ཏུ་བཀོད་ད་དེ། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་


DKG025_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ལེ་ལོ་ཅན་བརྩོན་འགྲུས་ཆུང་བ་དག་མཐོང་ན། འདི་སྐད་དུ་ཁྱེད་ཅིའི་ཕྱིར་ལེ་ལོ་བྱེད་ཅ་ས་རྗོད་དོ། །དེ་དག་རྐྱེན་དང་མྱི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཅི་ང་། སེམས་ཅན་དེ་དག་ལ་འདི་སྐད་ཅེས་ཟེར་ཏེ། ཀྱེ་སྐྱེས་བུ་དག་ངས་སྦྱིན་པའི་རྐྱེན་ཏ་མ། ཚུལ་ཁྲིམས་ཀྱི་རྐྱེན་ཏ་མ། བཟོད་པའི་རྐྱེན་ཏ་མ། གཞན་ཡང་རྣམ་པ་གང་དང་གང་གིས་བརྩོན་འགྲུས་བརྩམ་དུ་རུང་བ་དེ་དག་ཁྱེད་ལ་ངས་ཉེ་བར་བསྒྲུབ་པར་བྱས། བརྩོན་འགྲུས་རྩོམས་ཤིག་ཅེས་ནས་སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཡོ་བྱད་ལ་སྦྱོད་ཅིང་། ལུས་སམ་སེམས་ཀྱི་བརྩོན་འགྲུས་རྩོམ་སྟེ། དེ་དག་ལུས་དང་སེམས་ཀྱི་བརྩོན་འགྲུས་ཀྱིས་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དེ། དགེ་བའི་ཆོས་དེ་ད་ག་གིས་འཕགས་པ་ཟག་པ་མེད་པའི་ཆོས་རྣམས་སྒོམ་མ་མོ། །དེ་དག་བསྒོམས་པས་རྒྱུན་ཏུ་ཞུགས་པའི་འབྲས་བུ་འཐོབ་པོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་པོ། །ཕྱིར་མྱི་འོང་བའི་འབྲས་བུ་འཐོབ་པོ། །དགྲ་བཅོམ་པ་ཉིད་འཐོབ་པོ། །རང་བྱང་ཆུབ་འཐོབ་པོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་བརྩོན་འགྲུས་རྩོམ་མ་མོ། །གཞན་ཡང་བརྩོན་འགྲུས་ལ་ཡང་དག་པར་སྐུལ་ལོ། །བརྩོན་འགྲུས་ཀྱི་ལེགས་པ་རྗོད་དོ། །སེམས་ཅན་གཞན་གང་བརྩོན་འགྲུས་རྩོམ་པ་དེ་དག་གི་ལེགས་པ་རྗོད་


DKG025_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་འདི་ལྟར་བརྩོན་འགྲུས་ལ་རབ་ཏུ་སྦྱར་ཅིང་། །བརྩོན་འགྲུས་ལ་རབ་ཏུ་བཀོད་ད་དེ། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་གཡེངས་པར་གྱུར་པའི་སེམས་ཅན་དག་མཐོང་ན། འདི་སྐད་དུ་སེམས་ཅན་ཁྱེད་ཅིའི་ཕྱིར་བསམ་གཏན་ལ་མ་ཉམ་པར་མྱི་གཞོག་ཅེས་རྗོད་དོ། །དེ་དག་རྐྱེན་དང་མྱི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་ལ་འདི་སྐད་དུ་འདེམས་ཏེ། ཀྱེ་སེམས་ཅན་དག་ངས་ཁྱེད་རྐྱེན་གང་དང་གང་གིས་ཕྱི་ནང་གི་ཆོས་ལ་རྣམ་པར་རྟོག་པར་མྱི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་བསྒྲུབ་པར་བྱའོ་ཞེས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་ལ་རྐྱེན་གང་དང་གང་ཉེ་བར་བསྒྲུབས་པས་རྣམ་པར་རྟོག་པར་མྱི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་སྒྲུབ་སྟེ། དེའི་ཕྱིར་དེ་ད་ག་རྣམ་པར་རྟོག་པ་ཆད་ནས། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ །བྱམས་པ་ལ་སྙོམས་པར་འཇུག་གོ །སྙིང་རྗེ་ལ་སྙོམས་པར་འཇུག་གོ །དགའ་བ་ལ་སྙོམས་པར་འཇུག་གོ །བཏང་སྙོམས་ལ་སྙོམས་པར་


DKG025_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ག་གོ །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་སྙོམས་པར་འཇུག་ག་གོ །དེ་དག་བསམ་གཏན་དང་། ཚད་མྱེད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་དེ་དག་གིས་སེམས་དུལ་བར་གྱུར་པས། དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ། །ཡང་དག་པར་སྤོང་བ་བཞི་སྒོམ་རྨོ། །རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་མ་མོ། །དབང་པོ་ལྔ་སྒོམ་མ་མོ། །སྟོབས་ལྔ་སྒོམ་རྨོ། །བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་མ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་མ་མོ། །རྣམ་པར་ཐར་པའི་སྒོ་གསུམ་སྒོམ་མ་མོ། །དེ་དག་བསྒོམས་པས་རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་འདའ་སྟེ། དེ་ལ་ལ་ལ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བྱང་ཆུབ་ཀྱི་ལམ་ལས་ཡོངས་སུ་མྱི་ཉམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་འཆལ་པར་གྱུར་པའི་སེམས་ཅན་དག་མཐོང་ན། འདི་སྐད་དུ་སེམས་ཅན་ཁྱེད་ཅིའི་ཕྱིར་ཤེས་རབ་མྱི་སྒོམ་ཞེས་རྗོད་དེ། དེ་དག་རྐྱེན་དང་མྱི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དེ་དག་ལ་འདི་སྐད་དུ་འདེམས་ཏེ། ང་ལས་ཡོ་བྱད་རྣམས་ལོང་ལ་སྦྱིན་པ་བྱིན་ཅིག །ཚུལ་ཁྲིམས་སྲུངས་ཤིག །བཟོད་པ་སྒོམས་ཤིག །བརྩོན་འགྲུས་


DKG025_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

རྩོམས་ཤིག །ཏིང་ངེ་འཛིན་ལ་མཉམ་པར་ཞོག་ཤིག་།རྣམ་པ་དེ་དག་ཡོངས་སུ་རྫོགས་པར་གྱིས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་བདག་གམ། སེམས་ཅན་ནམ། སྲོག་གམ། འགྲོ་བའམ། གསོ་བའམ། སྐྱེས་བུའམ། གང་ཟག་གམ། ཤེད་ཅན་ནམ། ཤེད་བདག་གམ། བྱེད་པ་པོའམ། ཚོར་བ་པོའམ། ཤེས་པ་པོའམ། མཐོང་བ་པོའམ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པ་འམ། འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་སམ། གཟུགས་མེ་ད་པའི་ཁམས་སམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ། ནང་སྟོང་པ་ཉིད་དད་མ། ཕྱི་སྟོང་པ་ཉིད་དད་མ། ཕྱི་ནང་སྟོང་པ་ཉིད་དད་མ། སྟོང་པ་ཉིད་སྟོང་པ་ཉིད་དད་མ། ཆེན་པོ་སྟོང་པ་ཉིད་དད་མ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དད་མ། འདུས་མ་བྱས་སྟོང་པ་ཉིད་དད་མ། མཐའ་ལས་འདས་པ་སྟོང་པ་ཉིད་དད་མ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དད་མ། དོར་བ་མྱེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་དད་མ། རང་གི་མཚན་ཉིད་སྟོང་པ་ཉིད་དད་མ། མྱི་དམྱིགས་པ་སྟོང་པ་ཉིད་དམ། དངོས་པོ་མྱེད་པ་སྟོང་པ་ཉིད་དམ། ངོ་བོ་ཉད་སྟོང་པ་ཉིད་དམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའམ། འཕགས་པའི་བདེན་པ་


DKG025_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སམ། བསམ་གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། རྒྱུན་ཏུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མྱི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དད་མ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བམ། ཆོས་གང་ཡང་ཡོད་དམ་རྟོགས་ཤིག་ཅེས་འདེམས་ཤིང་རྗེས་སུ་སྟོན་ཏེ། དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། ཆོས་གང་ལ་ད་མྱིགས་པས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུའི་ཆོས་གང་ཡང་མྱི་དམྱིགས་ཏེ། དེ་ལ་མངོན་པར་ཞེན་པ་མྱེད་པས་ཆོས་གང་ཡང་སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། འདི་ནི་སེམས་ཅན་དམྱལ་བ་པའོ། །འདི་ནི་བྱོལ་སོང་གི་སྐྱེ་གནས་པའོ། །འདི་ནི་གཤིན་རྗེའི་འཇིག་རྟེན་པའོ། །འདི་ནི་ལྷ་མ་ཡིན་གྱི་རིས་སུ་གཏོགས་པའོ། །འདི་ནི་ལྷའོ། །འདི་ནི་མྱིའོ། །འདི་ནི་ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི་ཚུལ་ཁྲིམས་


DKG025_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ངན་པ་ཅན་ན་ནོ། །འདི་ནི་རྒྱུན་ཏུ་ཞུགས་པའོ། །འདི་ནི་ལན་ཅིག་ཕྱིར་འོང་བའོ། །འདི་ནི་ཕྱིར་མྱི་འོང་བའོ། །འདི་ནི་དགྲ་བཅོམ་པའོ། །འདི་ནི་རང་སངས་རྒྱས་སོ། །འདི་ནི་བྱང་ཆུབ་སེམས་དཔའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བྱ་བར་རྣམ་པར་མྱི་རྟོག་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་སྟེ། སྦྱིན་པ་ཡོངས་སུ་བཏང་ནས་འདི་སྐད་དུ། རིགས་ཀྱི་བུ་དག་སྦྱིན་པ་དེ་ལ་འཛིན་པས་མ་འཛིན་ཅིག །སྦྱིན་པ་ལ་འཛིན་པས་འཛིན་འཛིན་ཅིང་། ལུས་གང་མངོན་པར་གྲུབ་པས། སྡུག་བསྔལ་མང་པོ་ཉམས་སུ་མྱོང་བར་འགྱུར་བ་དེ་ལྟ་བུའི་ལུས་མངོན་པར་གྲུབ་པ་རེ། རིགས་ཀྱི་བུ་འདི་ལ་དོན་དམ་པར་ན་སྦྱིན་པ་ཡང་མྱེད། སྦྱིན་པའི་འབྲས་བུ་ཡང་མྱེད། སྦྱིན་པའི་བདག་པོ་ཡང་མྱེད། ལེན་པ་ཡང་མྱེད་དེ། ཆོས་དེ་དག་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །རང་བཞིན་གྱིས་སྟོང་པའི་ཆོས་ནི་འཛིན་པ་མྱེད་དེ། རང་བཞིན་སྟོང་པ་ཉིད་ནི་གཟུང་དུ་མྱེད་པའོ་ཞེས་འདེམས་ཤིང་རྗེས་སུ་སྟོན་ཏེ། རབ་འབྱར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཅིང་། སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་ཡང་དེ་ལ་སྦྱིན་པར་


DKG025_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

དམྱིགས་པ་མྱེད། སྦྱིན་པའི་བདག་པོར་དམྱིགས་པ་མྱེད། ལེན་པར་དམྱིགས་པ་མྱེད་དེ། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དམྱིགས་སུ་མྱེད་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཆོས་གསུམ་པོ་དེ་དག་ཐམས་ཅད་ལ་མྱི་དམྱིགས་པས། སེམས་ཅན་རྣམས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སྦྱོར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སྦྱོར་རོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་སྦྱོར་ར་རོ། །དགྲ་བཅོམ་པ་ཉིད་ལ་སྦྱོར་ར་རོ། །རང་བྱང་ཆུབ་ལ་སྦྱོར་ར་རོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྦྱོར་རོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་ཅིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། དེ་བདག་ཉིད་ཀྱང་སྦྱིན་པ་ཡོངས་སུ་གཏོང་ངོ་། །གཞན་ཡང་སྦྱིན་པ་ལ་ཡང་དག་པར་སྐུལ་ལོ། །སྦྱིན་པའི་ལེགས་པ་རྗོད་ད་དོ། །སེམས་ཅན་གཞན་གང་སྦྱིན་པ་ཡོངས་སུ་གཏོང་བ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་དེ་ལྟ་བུའི་སྦྱིན་པ་ཆེན་པོ་བྱིན་པས། རྒྱལ་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པར་སྐྱེའོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པར་སྐྱེའོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་དག་དང་སྐལ་བ་མཉམ་པར་སྐྱེའོ། །ཁམས་ཀྱི་རྒྱལ་པོར་འགྱུར་ར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འཐོབ་པོ། །དེ་དེ་དག་ན་ཡང་སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞིས་ཡོངས་སུ་སྡུད་དེ། བཞི་གང་ཞེ་ན། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་བྱ་བ་དང་། དོན་མཐུན་པས་ཡོངས་སུ་སྡུད་དེ། ་དེ་ལྟར་སེམས་ཅན་སྦྱིན་པས་ཡོངས་སུ་བསྡུས་པ་དེ་དག་ཀྱང་རིམ་གྱིས་ཚུལ་ཁྲིམས་ལ་རབ་ཏུ་འགོད་དོ། །


DKG025_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པ་ལ་རབ་ཏུ་འགོད་ད་དོ། །བརྩོན་འགྲུས་ལ་རབ་ཏུ་འགོད་དོ། །བསམ་གཏན་ལ་རབ་ཏུ་འགོད་དོ། །ཤེས་རབ་ལ་རབ་ཏུ་འགོད་དོ། །བསམ་གཏན་བཞི་ལ་རབ་ཏུ་འགོད་དོ། །ཚད་མྱེད་པ་བཞི་ལ་རབ་ཏུ་འགོད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་འགོད་དོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་རབ་ཏུ་འགོད་དོ། །ཡང་དག་པར་སྤོང་བ་བཞི་ལ་རབ་ཏུ་འགོད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ལ་རབ་ཏུ་འགོད་དོ། །དབང་པོ་ལྔ་ལ་རབ་ཏུ་འགོད་དོ། །སྟོབས་ལྔ་ལ་རབ་ཏུ་འགོད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ལ་རབ་ཏུ་འགོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་རབ་ཏུ་འགོད་ད་དོ། །འཕགས་པའི་བདེན་པ་བཞི་ལ་རབ་ཏུ་འགོད་དོ། །རྣམ་པར་ཐར་པ་བརྒྱད་ལ་རབ་ཏུ་འགོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་རབ་ཏུ་འགོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་རབ་ཏུ་འགོད་དོ། །མངོན་པར་ཤེས་པ་རྣམས་ལ་རབ་ཏུ་འགོད་དོ། །ཏིང་ངེ་འཛིན་རྣམས་ལ་རབ་ཏུ་འགོད་དོ། །གཟུངས་ཀྱི་སྒོ་རྣམས་ལ་ར་བ་ཏུ་འགོད་ད་དོ། །ཡང་དག་པར་སྐྱོན་མྱེད་པར་འཇུག་པར་བྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་བྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་བྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་བྱེད་ད་དོ། །དགྲ་བཅོམ་པ་ཉིད་ཐོབ་པར་བྱེད་དོ། །རང་བྱང་ཆུབ་ཐོབ་པར་བྱེད་ད་དོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་སྐུལ་བ་བྱེད་དོ། །ཀྱེ་སྐྱེས་བུ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་དཀའ་སྟེ། དེ་ལ་ཕྱིན་ཅི་ལོག་གིས་རྨོངས་པའི་སེམས་ཀྱིས་ཁོང་དུ་མ་ཆུད་པ་མ་གཏོགས་པར་ཆོས་གང་ལ་སེམས་ཅན་རྣམས་ཆ་ག་ས་པར་གྱུར་པའི་ཆོས་དེ་ལྟ་བུ་གང་ཡང་ངོ་བོ་


DKG025_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས་ཡོད་པ་མྱེད་ཀྱིས་དེ་ལྟ་བས་ན་ཕྱིན་ཅི་ལོག་གི་འཛིན་པ་ཐམས་ཅད་རྒྱུན་ཆོད་ལ། འཁོར་བ་ལས་བདག་ཅག་ཀྱང་ཐར་བར་གྱིས་ཤིག །གཞན་ཡང་ཐར་བར་གྱིས་ཤིག །དེ་ལྟར་ན་ཁྱེད་བདག་ཅག་གི་དོན་དུ་ཡང་ཆེར་འགྱུར། གཞན་ཡང་དོན་ཆེན་པོ་ལ་འབྱོར་བར་འགྱུར་རོ་ཞེས་ཡང་དག་པར་སྐྲུལ་བ་བྱེད་ད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་སྟེ། དེ་ལྟར་སྤྱོད་པའི་ཚེ་ཅི་ནས་ཀྱང་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ནམ་ཡང་ངན་སོང་དུ་མྱི་ལྟུང་བ་དང་། ནམ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་མྱི་བྱེད་པར་མྱི་འགྱུར་བ་དེ་ལྟར་སྦྱོད་ད་དོ། །དེ་ཅིའི་ཕྱིར་ཞེ་ན། ས་བོན་ཇི་ལྟ་བ་བཞིན་དུ་འབྲས་བུ་འབྱུང་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེའི་དྲུང་དུ་སློངས་མོ་པ་གང་ཇི་སྙེད་ཅིག་འོངས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་རྣམས་ཀྱི་དོན་མ་གཏོགས་པར་གཞན་གྱི་དོན་དུ་འཁོར་ལོས་སྒྱུར་བ་ཡོངས་སུ་མ་བཟུང་ངོ་ཞེས་ན་ས། དེ་འདི་སྐད་ཅེས་ཟེར་ཏེ། སུ་ཅི་འདོད་པ་དེ་ཁྱེད་བྱིན་གྱིས་འདི་ནི་ངའི་མ་ཡིན་གྱི་ཁྱེད་ཀྱིའོ། །ང་ནི་ནང་གི་གཟུགས་ལ་ཡང་དོན་དུ་གཉེར་བ་མྱེད་ན། གཞན་ལྟ་ལ་ཅི་སྨོས་ཏེ། གཞན་དུ་ན་ངས་སེམས་ཅན་རྣམས་ཀྱི་དོན་དུ་འཁོར་བ་ཡོངས་སུ་བཟུང་གི། བདག་ནི་འཁོར་བ་དོན་དུ་གཉེར་པ་མ་ཡིན་ནོ་ཞེས་ཏེ། དེ་སྙིང་བརྩེ་བས་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱས་ཤིང་། སྙིང་རྗེ་ཆེན་པོས་སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང་སེམས་ཅན་གང་ཡོངས་སུ་གྲུབ་པ་དེ་ལྟ་བུ་མྱི་དམྱིགས་ཏེ། གཞན་དུ་ན་འདུ་ཤེས་དང་མྱིང་དང་བརྡའི་ཐ་སྙད་ཀྱིས་རྣམ་པར་སྦྱོད་དེ། རྣམ་པར་སྤྱོད་པ་དེ་ཡང་སྒྲ་བརྙན་ལྟ་བུར་རྣམ་པར་སྤྱད་དུ་མྱེད་པར་ཤེས་སོ། །རབ་འབྱོར་


DKG025_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱད་པར་བྱ་སྟེ། སྤྱོད་པའི་ཚེ་ཅི་ནས་ཀྱང་བདག་གི་ཤ་ཡན་ཆད་ཀྱང་སེམས་ཅན་རྣམས་ལ་ཡོངས་སུ་མ་བཏང་བ་མྱེད་པར་བྱ་ན། ཕྱི་རོལ་གྱི་ཡོ་བྱད་གང་གིས་སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་ཐར་བར་བྱ་བ་དག་ལྟ་སྨོས་སུ་ཡང་མྱེད་པ་དེ་ལྟར་སྤྱད་པར་བྱའོ། །གསོལ་པ། ཡོ་བྱད་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོ་བྱད་དོ། །ནང་སྟོང་པ་ཉིད་ནི་ཡོ་བྱད་ད་དོ། །ཕྱི་སྟོང་པ་ཉིད་ནི་ཡོ་བྱད་ད་དོ། །ཕྱི་ན་ང་སྟོང་པ་ཉིད་ནི་ཡོ་བྱད་ད་དོ། །སྟོང་པ་ཉིད་སྟོང་པ་ཉད་ནི་ཡོ་བྱད་དོ། །ཆེན་པོ་སྟོང་པ་ཉིད་ནི་ཡོ་བྱད་དོ། །དོན་དམ་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །འདུས་བྱས་སྟོང་པ་ཉིད་ནི་ཡོ་བྱད་དོ། །འདུས་མ་བྱས་སྟོང་པ་ཉིད་ནི་ཡོ་བྱད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །རང་བཞིན་སྟོང་པ་ཉིད་ནི་ཡོ་བྱད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཡོ་བྱད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་ཡོ་བྱད་དོ། །མྱི་ད་མྱིགས་པ་སྟོང་པ་ཉིད་ནི་ཡོ་བྱད་དོ། །དངོས་པོ་མྱེད་པ་སྟོང་པ་ཉད་ནི་ཡོ་བྱད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་ཡོ་བྱད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉད་སྟོང་པ་ཉིད་ནི་ཡོ་བྱད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ནི་ཡོ་བྱད་དོ། །ཡང་དག་པར་སྤོང་བ་རྣམས་ནི་ཡོ་བྱད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་ཡོ་བྱད་དོ། །དབང་པོ་རྣམས་ནི་ཡོ་


DKG025_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་དོ། །སྟོབས་རྣམས་ནི་ཡོ་བྱད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་ཡོ་བྱད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཡོ་བྱད་ད་དོ། །འཕགས་པའི་བདེན་པ་རྣམས་ནི་ཡོ་བྱད་དོ། །བསམ་གཏན་རྣམས་ནི་ཡོ་བྱད་དོ། །ཚད་མྱེད་པ་རྣམས་ནི་ཡོ་བྱད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ནི་ཡོ་བྱད་དོ། །རྣམ་པར་ཐར་པ་རྣམས་ནི་ཡོ་བྱད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་ཡོ་བྱད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་ནི་ཡོ་བྱད་དོ། །མངོན་པར་ཤེས་པ་རྣམས་ནི་ཡོ་བྱད་དོ། །ཏིང་ངེ་འཛིན་རྣམས་ནི་ཡོ་བྱད་དོ། །གཟུངས་ཀྱི་སྒོ་རྣམས་ནི་ཡོ་བྱད་ད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་ཡོ་བྱད་དོ། །མྱི་འཇིགས་པ་རྣམས་ནི་ཡོ་བྱད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་ཡོ་བྱད་དོ། །སྙིང་རྗེ་ཆེན་པོ་ནི་ཡོ་བྱད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་ཡོ་བྱད་དོ། །དེ་དག་ནི་ཡོ་བྱད་དོ། །ཡོ་བྱད་དེ་དག་གིས་སེམས་ཅན་རྣམས་ཡོངས་སུ་བསྡུས་ཤིང་། རིམ་གྱིས་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོའམ། ཐེག་པ་གསུམ་པོ་དེ་དག་གིས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅཱོ་བརྒྱད་པ། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅི་ང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་


DKG025_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་རྣམས་ལ་འདི་སྐད་དུ་ཚུར་ཤེག །རིགས་ཀྱི་བུ་དག་ཚུལ་ཁྲིམས་སྲུངས་ཤིག །ངས་ཁྱེད་ལ་ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བའི་བར་གྱིས་ཕོངས་པ་མྱེད་པར་བྱའོ། །ཁྱད་ཕོངས་པའི་ཕྱིར་ཚུལ་ཁྲིམས་ངན་པ་ལ་སྦྱོད་པར་གྱུར་གྲང་ན། ཁྱེད་ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་སྟེ། རིན་པོ་ཆེ་སྣ་བདུན་གྱི་བར་གྱིས་ཕོངས་པ་མྱེད་པར་བྱས། དེ་བས་ན་ཁྱེད་སྡོམ་པའི་ཚུལ་ཁྲིམས་གནོས་ལ་རིམ་གྱིས་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐེག་པའམ། ཐེག་པ་གསུམ་པོ་དེ་དག་གིས་སྡུག་བསྔལ་གྱི་མཐར་ཕྱིན་པར་གྱིས་ཤིག་ཅེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བདག་ཉིད་ཀྱང་ཚུལ་ཁྲིམས་སྲུང་ངོ་། །གཞན་ཡང་ཚུལ་ཁྲིམས་ལ་སྦྱོར་རོ། །ཚུལ་ཁྲིམས་ཀྱི་ལེགས་པ་རྗོད་ད་དོ། །སེམས་ཅན་གཞན་གང་ཚུལ་ཁྲིམས་སྲུང་བ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་དེ་ལྟར་ཚུལ་ཁྲིམས་


DKG025_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྦྱར་ཅིང་། ཚུལ་ཁྲིམས་ལ་རབ་ཏུ་བཀོད་དེ། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅི་ང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་གང་ཁྲོ་བ་དང་། གནོད་སེམས་སུ་བྱེད་པ་དག་མཐོང་ན་དེ་དག་ལ་འདི་སྐད་ཅེས་ཟེར་ར་རོ། །རིགས་ཀྱི་བུ་དག་ཁྱེད་ཅིའི་རྒྱུས་གནོད་སེམས་སུ་བྱེད་པར་གྱུར། གང་གིས་ཕོངས་ཤིང་གནོད་སེམས་སུ་བྱེད་པར་གྱུར་པ་དེ་དང་། དེ་ང་ལས་ལོང་ཤིག་།ངས་ཁྱེད་ལ་ཟས་དང་། སྐོམ་དང་། །གོས་དང་།བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བའི་བར་གྱིས་ཕོངས་པ་མྱེད་པར་བྱས། ཁྲོ་བ་དང་། གནོད་སེམས་མྱེད་པར་གྱིས་ཤིག་ཅེས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དེ་དག་བཟོད་པ་ལ་སྦྱོར་ཏེ། འདི་སྐད་དུ་གཅུགས་གང་གིས་ཁྱེད་ཀྱི་ཁྲོ་བ་སྐྱེ་བར་གྱུར་པ་དེ་ནི་སྙིང་པོ་མྱེད་པ་སྟེ། དེ་ལ་དངོས་པོ་གང་ཡང་མྱེད་དོ། །ཁྲོ་བ་དེ་ནི་ཡང་དག་པ་མ་ཡིན་པར་


DKG025_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་བརྟགས་པ་སྟེ། དངོས་པོ་གང་གི་ཕྱིར་ཁྱེད་འཐབ་ཅིང་འཁོན་ཏེ། གནོད་སེམས་སུ་བྱེད་པར་གྱུར་པ་དང་། དེ་ལྟར་འཐབས་ཤིང་འཁོན་ཏེ། གནོད་སེམས་སུ་གྱུར་ནས་དབྱིག་པས་འགྱེད་པ་དང་། མཚོན་གྱིས་འདྲེ་བ་དང་། ཕན་ཚུན་གྱི་སྲོག་ལ་རྒོལ་བར་གྱུར་པའི་དངོས་པོ་དེ་ལ་དངོས་པོའི་རང་བཞིན་གང་ཡང་མྱེད་ན། དེ་ལྟ་ཡིན་ཡང་ཁྱེད་ཡང་དག་པ་མ་ཡིན་པ་ཡོངས་སུ་རྟོག་པས་འཁྲུགས་ན། སེམས་ཅན་དམྱལ་བ་དག་ཏུ་ལྟུང་བར་འགྱུར། བྱོལ་སོང་གི་སྐྱེ་གནས་དག་ཏུ་ལྟུང་བར་འགྱུར། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་འགྱུར། དེ་མ་ཡིན་པའི་ངན་སོང་གཞན་དག་ཏུ་ཡང་ཁྱེད་སྡུག་བསྔལ་མྱི་བཟད་པ་ཚ་ཞིང་རྩུབ་ལ་ཡིད་དུ་མྱི་འོང་བའི་ཚོར་བ་ཉམས་སུ་རྨྱོང་བར་འགྱུར་གྱིས། སྐྱེས་བུ་ཁྱེད་རྣམས་དངོས་པོ་མྱེད་པའི་ཆོས་ཀྱི་དོན་དུ་ལས་གང་ཡོངས་སུ་བཟུང་བས་མྱིར་སྐྱེ་བ་ཡང་འཐོབ་པར་མྱི་འགྱུར་ན། སངས་རྒྱས་འབྱུང་བ་དང་ཕྲད་པར་འགྱུར་བ་ལྟ་སྨོས་སུ་ཡང་མྱེད་པ་དེ་ལྟ་བུའི་ལས་ཡོངས་སུ་མ་འཛིན་ཅིག །གྲོགས་པོ་དག་སངས་རྒྱས་འབྱུང་བ་ནི་དཀོན་ན་ནོ། །མྱིར་སྐྱེ་བ་འཐོབ་པ་ནི་དཀོན་ནོ། །དལ་བ་ཕུན་སུམ་ཚོགས་པ་ནི་དཀོན་ན་ནོ། །འཁོར་བ་ལས་ཐར་བ་ནི་དཀོན་ནོ། །དེ་ལྟ་ཡིན་གྱིས་དལ་བ་འདི་དོན་མྱེད་པར་མ་བྱ་ཤིག་མྱི་ཁོམ་པར་གྱུར་ཅིང་གསོར་མྱི་རུང་བར་གྱུར་ཏ་རེ་ཞེས། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་བཟོད་པ་སྒྲུབ་བོ །གཞན་ཡང་བཟོད་པ་ལ་ཡང་དག་པར་སྐུལ་ལོ། །བཟོད་པའི་ལེགས་པ་བརྗོད་དོ། །སེམས་ཅན་གཞན་གང་བཟོད་པ་སྒོམ་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་ད་ག་དེ་ལྟར་བཟོད་པ་ལ་སྦྱར་ཅིང་། བཟོད་པ་ལ་རབ་ཏུ་བཀོད་ད་དེ། རིམ་གྱིས་ཐེག་པ་གསུམ་པོས་


DKG025_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་རྣམས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ལེ་ལོ་ཅན་བརྩོན་འགྲུས་ཆུང་བ་དག་མཐོང་ན། འདི་སྐད་དུ་ཁྱེད་ཅིའི་ཕྱིར་ལེ་ལོ་བྱེད་ཅེས་རྗོད་དེ། དེ་དག་རྐྱེན་དང་མྱི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་ད་པའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅི་ང་། སེམས་ཅན་དེ་དག་ལ་འདི་སྐད་ཅེས་ཟེར་ཏེ། ཀྱེ་སྐྱེས་བུ་ད་ག་ངས་སྦྱིན་པའི་རྐྱེན་ཏམ། ཚུལ་ཁྲིམས་ཀྱི་རྐྱེན་ཏ་མ། བཟོད་པའི་རྐྱེན་ཏ་མ། གཞན་ཡང་རྣམ་པ་གང་དང་གང་གིས་བརྩོན་འགྲུས་བརྩམ་དུ་རུང་བ་དེ་དག་ཁྱེད་ལ་ངས་ཉེ་བར་བསྒྲུབ་པར་བྱས། བརྩོན་འགྲུས་རྩོམས་ཤིག་ཅེས་ནས། སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆན་པོ་དེའི་ཡོ་བྱད་ལ་སྤྱོད་ཅིང་ལུས་སམ་སེམས་ཀྱི་བརྩོན་འགྲུས་རྩོམ་སྟེ། དེ་དག་ལུས་དང་སེམས་ཀྱི་བརྩོན་འགྲུས་ཀྱིས་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དེ། དགེ་བའི་ཆོས་དེ་དག་གིས་འཕགས་པ་ཟག་པ་མྱེད་པའི་ཆོས་རྣམས་སྒོམ་མོ། །དེ་དག་བསྒོམས་པ་ས་རྒྱུན་ཏུ་ཞུགས་པའི་འབྲས་བུ་འཐོབ་བོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ། །ཕྱིར་མྱི་འོང་བའི་འབྲས་བུ་འཐོབ་བོ། །དགྲ་བཅོམ་པ་ཉིད་འཐོབ་བོ། །རང་བྱང་ཆུབ་འཐོབ་བ་བོ། །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་


DKG025_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

འཚང་རྒྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཉིད་ཀྱང་བརྩོན་འགྲུས་རྩོམ་མ་མོ། །གཞན་ཡང་བརྩོན་འགྲུས་ལ་ཡང་དག་པར་སྐུལ་ལོ། །བརྩོན་འགྲུས་ཀྱི་ལེགས་པ་བརྗོད་ད་དོ། །སེམས་ཅན་གཞན་གང་བརྩོན་འགྲུས་རྩོམ་པ་དེ་དག་གི་ཡང་ལེགས་པ་རྗོད་ཅིང་མཐུན་པས་དགའ་བར་སྤྱོད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་དེ་དག་དེ་ལྟར་བརྩོན་འགྲུས་ལ་སྦྱར་ཅིང་། བརྩོན་འགྲུས་ལ་རབ་ཏུ་བཀོད་ད་དེ། རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་ཟློ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅི་ང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་གཡེངས་པར་གྱུར་པའི་སེམས་ཅན་དག་མཐོང་ན། འདི་སྐད་དུ་སེམས་ཅན་ཁྱེད་ཅིའི་ཕྱིར་བསམ་གཏན་ལ་མ་ཉམ་པར་མྱི་གཞོག་ཅེས་རྗོད་དེ། དེ་དག་རྐྱེན་དང་མྱི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་ལ་འདི་སྐད་དུ་འདེམས་ཏེ། ཀྱེ་སེམས་ཅན་དག་ངས་རྐྱེན་གང་དང་གང་གིས་ཕྱི་ན་ང་གི་ཆོས་ལ་རྣམ་པར་རྟོག་པར་མྱི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་བསྒྲུབ་པར་བྱའོ་ཞེས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་ཅན་དེ་དག་ལ་རྐྱེན་གང་དང་གང་ཉེ་བར་བསྒྲུབས་པས་རྣམ་པར་རྟོག་པར་མྱི་འགྱུར་བ་དེ་ལྟ་བུའི་རྐྱེན་ཉེ་བར་སྒྲུབ་སྟེ། དེའི་ཕྱིར་དེ་


DKG025_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

དག་རྣམ་པར་རྟོག་པ་ཆད་ནས། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ། །བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ །བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ ། བྱམས་པ་ལ་སྙོམས་པར་འཇུག་གོ །སྙིང་རྗེ་ལ་སྙོམས་པར་འཇུག་གོ ། དགའ་བ་ལ་སྙོམས་པར་འཇུག་གོ །བཏང་སྙོམས་ལ་སྙོམས་པར་འཇུག་ག་གོ ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་སྙོམས་པར་འཇུག་ག་གོ །དེ་དག་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་དེ་དག་གིས་སེམས་དུལ་བར་གྱུར་པས། དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ། །ཡང་དག་པར་སྤོང་བ་བཞི་སྒོམ་མ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་མ་མོ། །དབང་པོ་ལྔ་སྒོམ་མ་མོ། །སྟོབས་ལྔ་སྒོམ་མ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་མ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་མ་མོ། །རྣམ་པར་ཐར་པའི་སྒོ་གསུམ་སྒོམ་མ་མོ། །དེ་དག་བསྒོམས་པས་རིམ་གྱིས་ཐེག་པ་གསུམ་པོས་ཡོངས་སུ་མྱ་ངན་ལས་འདའ་སྟེ ། དེ་ལ་ལ་ལ་ནི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བྱང་ཆུབ་ཀྱི་ལམ་ལས་ཡོངས་སུ་མྱི་ཉམ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་


DKG025_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་འཆལ་པར་གྱུར་པའི་སེམས་ཅན་དག་མཐོང་ན། འདི་སྐད་དུ་སེམས་ཅན་ཁྱེད་ཅིའི་ཕྱིར་ཤེས་རབ་མྱི་སྒོམ་ཞེས་རྗོད་དེ། དེ་དག་རྐྱེན་དང་མྱི་ལྡན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དེ་དག་ལ་འདི་སྐད་དུ་འདེམས་ཏེ། ང་ལས་ཡོ་བྱད་རྣམས་ལོང་ལ་སྦྱིན་པ་བྱིན་ཅིག །ཚུལ་ཁྲིམས་སྲུངས་ཤིག །བཟོད་པ་སྒོམས་ཤིག །བརྩོན་འགྲུས་རྩོམས་ཤིག །ཏིང་ངེ་འཛིན་ལ་མཉམ་པར་ཞོག་ཤིག་།རྣམ་པ་དེ་དག་ཡོངས་སུ་རྫོགས་པར་གྱིས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ། བདག་གམ། སེམས་ཅན་ནམ། སྲོག་གམ། འགྲོ་བའམ། གསོ་བའམ། སྐྱེས་བུའམ། གང་ཟག་གམ། ཤེད་ཅན་ནམ། ཤེད་བདག་གམ། བྱེད་པ་པོའམ། ཚོར་བ་པོའམ། ཤེས་པ་པོའམ། མཐོང་བ་པོའམ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་སམ། གཟུགས་མེ་ད་པའི་ཁམས་སམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའམ། ཚུལ་ཁྲིམས་ཀྱི་ཕ་ཕ་རོལ་ཏུ་ཕྱིན་པའམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ། ནང་སྟོང་པ་ཉིད་དད་མ། ཕྱི་སྟོང་པ་ཉིད་དད་མ། །ཕྱི་ནང་སྟོང་པ་ཉིད་དད་མ། སྟོང་པ་ཉིད་སྟོང་པ་ཉིད་དད་མ། ཆེན་པོ་སྟོང་པ་ཉིད་དད་མ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དད་མ། འདུས་མ་བྱས་སྟོང་པ་ཉིད་དད་མ། མཐའ་ལས་འདས་པ་སྟོང་པ་ཉིད་དད་མ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དམ། དོར་བ་མྱེད་པ་སྟོང་པ་ཉིད་དམ།


DKG025_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་དད་མ། རང་གི་མཚན་ཉིད་སྟོང་པ་ཉིད་དད་མ། མྱི་དམྱིགས་པ་སྟོང་པ་ཉིད་དམ། དངོས་པོ་མྱེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དད་མ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲ་ན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོ་འམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། རྒྱུན་ཏུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མྱི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དད་མ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བམ། ཆོས་གང་ཡང་ཡོད་དམ་རྟོགས་ཤིག་ཅེས་འདེམས་ཤིང་རྗེས་སུ་སྟོན་ཏེ། དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། ཆོས་གང་ལ་ད་མྱིགས་པས་མངོན་པར་ཞེན་པར་འགྱུར་


DKG025_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེ་ལྟ་བུའི་ཆོས་གང་ཡང་མྱི་དམྱིགས་ཏེ། དེ་ལ་མངོན་པར་ཞེན་པ་མེད་པས་ཆོས་གང་ཡང་སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། འདི་ནི་སེམས་ཅན་དམྱལ་བ་པའོ། །འདི་ནི་བྱོལ་སོང་གི་སྐྱེ་གནས་པའོ། །འདི་ནི་གཤིན་རྗེའི་འཇིག་རྟེན་པའོ། །འདི་ནི་ལྷ་མ་ཡིན་གྱི་རིས་སུ་གཏོགས་པའོ། །འདི་ནི་ལྷའོ། །འདི་ནི་མྱིའོ། །འདི་ནི་ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི་ཚུལ་ཁྲམས་ངན་པ་ཅན་ནོ། །འདི་ནི་རྒྱུན་ཏུ་ཞུགས་པའོ། །འདི་ནི་ལན་ཅིག་ཕྱིར་འོང་བའོ། །འདི་ནི་ཕྱིར་མྱི་འོང་བའོ། །འདི་ནི་དགྲ་བཅོམ་པའོ། །འདི་ནི་རང་སངས་རྒྱས་སོ། །འདི་ནི་བྱང་ཆུབ་སེམས་དཔའོ། །འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བྱ་བར་རྣམ་པར་མྱི་རྟོག་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སེམས་ཅན་རྣམས་ཡོངས་སུ་སྡུད་པ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་ད་པའ་ཆེན་པོ་སེམས་ཅན་ད་ག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ། །དྲན་པ་ཉེ་བར་གཞག་པ་དེ་དག་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་


DKG025_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཤིང་། དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཡང་དག་པར་སྤོང་བ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་ཡང་དག་པར་སྤོང་བ་བཞི་སྒོམ་མོ། །ཡང་དག་པར་སྤོང་བ་རྣམས་བསྒོམས་པས་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཡང་དག་པར་སྤོང་བ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་མ་མོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དབང་པོ་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་


DKG025_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་དབང་པོ་ལྔ་སྒོམ་མ་མོ། །དབང་པོ་རྣམས་བསྒོམས་པས་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དབང་པོ་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་སྟོབས་ལྔ་སྒོམ་མོ། །སྟོབས་རྣམས་བསྒོམས་པས་འཁོར་བ་ལས་ཡོངས་སུ་ཐར་བར་གྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་མ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བྱང་ཆུབ་ཀྱི་ཡན་ལག་


DKG025_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་ད་ག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ། །དྲ་ན་པ་ཉེ་བར་གཞག་པ་བཞི་བསྒོམས་པས་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཡང་དག་


DKG025_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤོང་བ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་ཡང་དག་པར་སྤོང་བ་བཞི་སྒོམ་མ་མོ། །ཡང་དག་པར་སྤོང་བ་བཞི་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཡང་ད་ག་པར་སྤོང་བ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་ད་པའ་ཆེན་པོ་སེམས་ཅན་ད་ག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་མ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པས་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དབང་པོ་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ད་ག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་དབང་པོ་ལྔ་སྒོམ་མ་མོ། །དབང་པོ་ལྔ་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་


DKG025_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དབང་པོ་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་སྟོབས་ལྔ་སྒོམ་མ་མོ། །སྟོབས་ལྔ་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ད་ག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་མ་མོ། །བྱང་ཆུབ་ཀྱི་ཡན་ལག་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སེམས་


DKG025_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་མ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དྲ་ན་པ་ཉེ་བར་གཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ། །དྲན་པ་ཉེ་བར་གཞག་པ་བཞི་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་པར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཡང་དག་པར་སྤོང་བ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ད་ག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་ཡང་དག་པར་སྤོང་བ་བཞི་སྒོམ་མ་མོ། །ཡང་དག་


DKG025_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤོང་བ་བཞི་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཡང་དག་པར་སྤོང་བ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ད་ག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་མ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དབང་པོ་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་ད་ག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་དབང་པོ་ལྔ་སྒོམ་མ་མོ། །དབང་པོ་ལྔ་བསྒོམས་པས་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། །ར་བ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དབང་པོ་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་


DKG025_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་སྟོབས་ྟོབས་ལྔ་སྒོམ་མོ། །སྟོབས་ལྔ་བསྒོམས་པས་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོརད་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་མ་མོ། །བྱང་ཆུབ་ཀྱི་ཡན་ལག་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་ད་པའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་འཕགས་པའི་ལམ་ཡན་ལག་


DKG025_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་སྒོམ་མ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ། །དྲན་པ་ཉེ་བར་གཞག་པ་བཞི་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཡང་ད་ག་པར་སྤོང་བ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་ཡང་དག་པར་སྤོང་བ་བཞི་སྒོམ་མ་མོ། །ཡང་དག་པར་སྤོང་བ་བཞི་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཡང་དག་


DKG025_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྤོང་བ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་མ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དབང་པོ་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་དབང་པོ་ལྔ་སྒོམ་མ་མོ། །དབང་པོ་ལྔ་བསྒོམས་པས་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དབང་པོ་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་


DKG025_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་སྟོབས་ལྔ་སྒོམ་མ་མོ། །སྟོབས་ལྔ་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་མ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་མ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་


DKG025_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་དྲ་ན་པ་ཉེ་བར་གཞག་པ་བཞི་སྒོམ་མོ། །དྲན་པ་ཉེ་བར་གཞག་པ་བཞི་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཡང་ད་ག་པར་སྤོང་བ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་ད་པའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་ད་ག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་ཡང་དག་པར་སྤོང་བ་བཞི་སྒོམ་མ་མོ། །ཡང་དག་པར་སྤོང་བ་བཞི་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཡང་ད་ག་པར་སྤོང་བ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་ད་པའ་


DKG025_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་མ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དབང་པོ་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་དབང་པོ་ལྔ་སྒོམ་མ་མོ། །དབང་པོ་ལྔ་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དབང་པོ་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་


DKG025_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་ཟིན་པའི་སེམས་ཅན་རྣམས་སྟོབས་ལྔ་སྒོམ་མ་མོ། །སྟོབས་ལྔ་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་མ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་པས་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་མ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་


DKG025_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་མོ། །དྲན་པ་ཉེ་བར་གཞག་པ་བཞི་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཡང་དག་པར་སྤོང་བ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་ཡང་དག་པར་སྤོང་བ་བཞི་སྒོམ་མ་མོ། །ཡང་དག་པར་སྤོང་བ་བཞི་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། ཡང་དག་པར་སྤོང་བ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་


DKG025_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དེ་དག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་མ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་རྔེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དབང་པོ་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་ད་ག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་དབང་པོ་རྣམས་སྒོམ་མ་མོ། །དབང་པོ་ལྔ་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དབང་པོ་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་


DKG025_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཤིང་། སེམས་ཅན་ད་ག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་ད་ག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་སྟོབས་ལྔ་སྒོམ་མ་མོ། །སྟོབས་ལྔ་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། ར་བ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྟོབས་ལྔ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་ད་པའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་ད་ག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་ད་ག་གིས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་མ་མོ། །བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་པས་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གན་ས་ཤིང་། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་ད་ག་ལ་ཡོ་བྱད་རྣམས་ཉེ་བར་སྒྲུབ་སྟེ། ཡོ་བྱད་དེ་ད་ག་གིས་ཡོངས་སུ་ཟིན་པའི་སེམས་ཅ་ན་རྣམས་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་མ་མོ། །འཕགས་


DKG025_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལ་མ་ཡན་ལག་བརྒྱད་པ་བསྒོམས་པས། འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་ར་བ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སེམས་ཅན་རྣམས་སྦྱོར་བ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་ད་གུ་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། སེམས་ཅན་མགོན་མྱེད་པ། སྡུག་བསྔལ་བ། ཁ་ཟས་དང་། གོས་ཀྱིས་ཕོངས་པ་དག་མཐོང་ན། འདི་ལྟར་ཡོངས་སུ་སྨིན་པར་བྱེད་དེ། རིགས་ཀྱི་བུ་ད་ག་ཁྱེད་ཚུར་ཤེག་ང་ལས་ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བའི་རིན་པོ་ཆེ་སྣ་བདུན་གྱི་བར་དུ་ལོང་ལ་སེམས་ཅན་རྣམས་ལ་ཕན་ཐོགས་ཤིག །དེ་ནི་ཁྱེད་ལ་ཡུན་རིང་པོར་དོན་དང་ཕན་པ་དང་བདེ་བར་འགྱུར་གྱིས། འདི་ལྟར་དོན་འདི་ནི་ཕ་པིའི་ཡིན་གྱི། བདག་གི་མ་ཡིན་ནོ་སྙམ་དུ་བསམ་པར་མི་བྱའོ། །དོན་འདི་ནི་བདག་གིས་ཡུན་རིང་པོ་ནས་སེམས་ཅན་རྣམས་ཀྱི་དོན་དུ་བསྒྲུབས་པ་ཡིན་ནོ་ཞེས་དེ་ལྟར་ཁྱེད་ཀྱིས་བདག་གི་ཡིན་པར་སོམས་ལ། སེམས་ཅན་རྣམས་ལ་ཡོངས་སུ་ཐོང་ཤིག་།སྦྱིན་པ་དེས་ཀྱང་ཚུལ་ཁྲིམས་ལ་སྦྱོར་ཅིག །བཟོད་པ་ལ་སྦྱོར་ཅིག །བརྩོན་འགྲུས་ལ་སྦྱོར་ཅིག །བསམ་གཏན་ལ་སྦྱོར་ཅིག །ཤེས་རབ་ལ་སྦྱོར་ཅིག །ནང་སྟོང་


DKG025_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ལ་སྦྱོར་ཅིག །ཕྱི་སྟོང་པ་ཉིད་ལ་སྦྱོར་ཅིག། ཕྱི་ནང་སྟོང་པ་ཉིད་ལ་སྦྱོར་ཅིག །སྟོང་པ་ཉིད་སྟོང་པ་ཉིད་ལ་སྦྱོར་ཅིག །ཆེན་པོ་སྟོང་པ་ཉིད་ལ་སྦྱོར་ཅིག །དོན་དམ་པ་སྟོང་པ་ཉིད་ལ་སྦྱོར་ཅིག །འདུས་བྱས་སྟོང་པ་ཉིད་ལ་སྦྱོར་ཅིག །འདུས་མ་བྱས་སྟོང་པ་ཉིད་ལ་སྦྱོར་ཅིག །མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྦྱོར་ཅིག །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྦྱོར་ཅིག །དོར་བ་མྱེད་པ་སྟོང་པ་ཉིད་ལ་སྦྱོར་ཅིག །རང་བཞིན་སྟོང་པ་ཉིད་ལ་སྦྱོར་ཅིག །ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྦྱོར་ཅིག །རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྦྱོར་ཅིག །མྱི་དམྱིགས་པ་སྟོང་པ་ཉིད་ལ་སྦྱོར་ཅིག །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྦྱོར་ཅིག །ངོ་བོ་ཉིད་སྟོང་པ་ཉིད་ལ་སྦྱོར་ཅིག། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྦྱོར་ཅིག །དྲན་པ་ཉེ་བར་གཞག་པ་རྣམས་ལ་སྦྱོར་ཅིག །ཡང་དག་པར་སྤོང་བ་རྣམས་ལ་སྦྱོར་ཅིག །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྦྱོར་ཅིག །དབང་པོ་རྣམས་ལ་སྦྱོར་ཅིག །སྟོབས་རྣམས་ལ་སྦྱོར་ཅིག །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྦྱོར་ཅིག །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྦྱོར་ཅིག །འཕགས་པའི་བདེན་པ་རྣམས་ལ་སྦྱོར་ཅིག། བསམ་གཏན་རྣམས་ལ་སྦྱོར་ཅིག །ཚད་མྱེད་པ་རྣམས་ལ་སྦྱོར་ཅིག །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྦྱོར་ཅིག །རྣམ་པར་ཐར་པ་བརྒྱད་ལ་སྦྱོར་ཅིག །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྦྱོར་ཅིག །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྦྱོར་ཅིག །མངོན་པར་ཤེས་པ་རྣམས་ལ་སྦྱོར་ཅིག །ཏིང་ངེ་འཛིན་རྣམས་ལ་སྦྱོར་ཅིག །གཟུངས་ཀྱི་སྒོ་རྣམས་ལ་སྦྱོར་ཅིག །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྦྱོར་ཅིག །མྱི་འཇིགས་པ་བཞི་ལ་སྦྱོར་ཅིག །སོ་སོ་ཡང་ད་ག་པར་རིག་


DKG025_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞི་ལ་སྦྱོར་ཅིག །སྙིང་རྗེ་ཆེན་པོ་ལ་སྦྱོར་ཅིག །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྦྱོར་ཅིག །དེ་ཙམ་གྱིས་དགའ་བར་མ་སེམས་པར་གོང་དུ་འཕགས་པའི་ཆོས་ཟག་པ་མེད་པ་རྣམས་ལ་ཁོད་ཅིག །འདི་ལྟ་སྟེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཁོད་ཅིག །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཁོད་ཅིག །ཕྱིར་མྱི་འོང་བའི་འབྲས་བུ་ལ་ཁོད་ཅིག །དགྲ་བཅོམ་པ་ཉིད་ལ་ཁོད་ཅིག །རང་བྱང་ཆུབ་ལ་ཁོད་ཅིག །བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཁོད་ཅིག་ཅེས་འདེམས་ཤིང་རྗེས་སུ་སྟོན་ཏོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། དེ་ལྟར་ཡོངས་སུ་སྨྱིན་པར་བྱས་པའི་སེམས་ཅན་རྣམས་ངན་སོང་གསུམ་ལས་ཡོངས་སུ་འཐར་བ་ནས། འཁོར་བ་ཐམས་ཅད་ཀྱི་བར་ལས་ཡོངས་སུ་འཐར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སེམས་ཅན་རྣམས་འདི་ལྟར་ཡོངས་སུ་སྨིན་པར་བྱའོ། །རྐྱེན་གང་དང་མ་ལྡན་པས་ཁྱེད་ཚུལ་ཁྲིམས་ངན་པ་བྱེད་པར་གྱུར་པའི་རྐྱེན་དེ་དག་ངས་ཁྱེད་ལ་བཤུགས་ཀྱིས། ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། ད་ངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་སྟེ། རིན་པོ་ཆེ་སྣ་བདུན་གྱི་བར་དུ་ལོང་ལ་སེམས་ཅན་རྣམས་ལ་ཕན་ཐོགས་ཤིག་ཅེས་འདེམས་ཤིང་རྗེས་སུ་སྟོན་ཏོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་


DKG025_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཤིང་། སེམས་ཅན་དེ་དག་ལ་ཕན་པ་དེ་ལྟ་བུས་ཕན་འདོགས་ཏེ། ཕན་པ་དེ་ལྟ་བུས་ཕན་བཏགས་པས། དེ་དག་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཤིང་གནས་ཏེ། དེ་དག་སྡོམ་པའི་ཚུལ་ཁྲིམས་མ་ཞིག་པ་མ་གོད་པ་མ་འདྲེས་པ་སྐྱོན་མྱེད་པ་མ་ཉམས་པ་རང་དབང་ཡོད་པ། མཁས་པས་བསྔགས་པ། ཤིན་ཏུ་རྫོགས་པ། ཏིང་ངེ་འཛིན་གྱི་རྒྱུར་འགྱུར་བ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ནང་སྟོང་པ་ཉིད་ལ་གནས། ཕྱི་སྟོང་པ་ཉིད་ལ་གནས། ཕྱི་ནང་སྟོང་པ་ཉིད་ལ་གནས། སྟོང་པ་ཉིད་སྟོང་པ་ཉིད་ལ་གནས། ཆེན་པོ་སྟོང་པ་ཉིད་ལ་གནས། དོན་དམ་པ་སྟོང་པ་ཉིད་ལ་གནས། འདུས་བྱས་སྟོང་པ་ཉིད་ལ་གནས། འདུས་མ་བྱས་སྟོང་པ་ཉིད་ལ་གནས། མཐའ་ལས་འདས་པ་སྟོང་པ་ཉིད་ལ་གནས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་གནས། དོར་བ་མྱེད་པ་སྟོང་པ་ཉིད་ལ་གནས། རང་བཞིན་སྟོང་པ་ཉིད་ལ་གནས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས། རང་གི་མཚན་ཉིད་སྟོང་པ་ཉིད་ལ་གནས། མྱི་དམྱིགས་པ་སྟོང་པ་ཉིད་ལ་གནས། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་གནས། ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། དྲན་པ་ཉེ་བར་གཞག་པ་བཞི་ལ་གནས། ཡང་དག་པར་སྤོང་བ་བཞི་ལ་གནས། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས། དབང་པོ་ལྔ་ལ་གནས། སྟོབས་ལྔ་ལ་གནས། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་གནས། འཕགས་པའི་ལམ་ཡན་


DKG025_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ལག་བརྒྱད་པ་ལ་གནས། འཕགས་པའི་བདེན་པ་རྣམས་ལ་གནས། བསམ་གཏན་རྣམས་ལ་གནས། ཚད་མྱེད་པ་རྣམས་ལ་གནས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་གནས། རྣམ་པར་ཐར་པ་བརྒྱད་ལ་གནས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་གནས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་ལ་གནས། མངོན་པར་ཤེས་པ་རྣམས་ལ་གནས། ཏིང་ངེ་འཛིན་རྣམས་ལ་གནས། གཟུངས་ཀྱི་སྒོ་རྣམས་ལ་གནས། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་གནས། མྱི་འཇིགས་པ་བཞི་ལ་གནས། ས་སོ་ཡང་དག་པར་རིག་པ་བཞི་ལ་གནས། ་སྙིང་རྗེ་ཆེན་པོ་ལ་གནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་གནས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་སེམས་འཁྲུགས་པ་དང་། གནོད་སེམས་སུ་གྱུར་པ་དག་མཐོང་ན། འདི་ལྟར་ཡོངས་སུ་སྨིན་པར་བྱེད་དེ། རྐྱེན་གང་དང་མ་ལྡན་པས་ཁྱེད་གནོད་སེམས་སུ་བྱེད་པར་་གྱུར་པའི་རྐྱེན་དེ་དག་ངས་ཁྱེད་ལ་བ་ཤུགས་ཀྱིས། ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བའི་རིན་པོ་ཆེ་སྣ་བདུན་གྱི་བར་དུ་ལོང་ཤིག་ཅེས་ནས། དེས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དེ་དག་ལ་ཕན་


DKG025_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ལྟ་བུས་ཕན་འདོགས་ཏེ། ཕན་པ་དེ་ལྟ་བུས་ཕན་བཏགས་པས། དེ་དག་བཟོད་པ་སྒོམ་སྟེ། འཁྲུག་པ་མྱེད་པ་དང་། གནོད་སེམས་མེད་པའི་སེམས་སུ་གྱུར་པ་དེ་དག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ནང་སྟོང་པ་ཉིད་ལ་གནས། ཕྱི་སྟོང་པ་ཉིད་ལ་གནས། ཕྱི་ནང་སྟོང་པ་ཉིད་ལ་གནས། སྟོང་པ་ཉིད་སྟོང་པ་ཉིད་ལ་གནས། ཆེན་པོ་སྟོང་པ་ཉིད་ལ་གནས། དོན་དམ་པ་སྟོང་པ་ཉིད་ལ་གནས། འདུས་བྱས་སྟོང་པ་ཉིད་ལ་གནས། འདུས་མ་བྱས་སྟོང་པ་ཉིད་ལ་གན་ས། མཐའ་ལས་འདས་པ་སྟོང་པ་ཉིད་ལ་གནས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་གནས། དོར་བ་མྱེད་པ་སྟོང་པ་ཉིད་ལ་གནས། རང་བཞིན་སྟོང་པ་ཉིད་ལ་གནས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས། རང་གི་མཚན་ཉིད་སྟོང་པ་ཉིད་ལ་གནས། མྱི་དམྱིགས་པ་སྟོང་པ་ཉིད་ལ་གནས། དངོས་པོ་མྱེད་པ་སྟོང་པ་ཉིད་ལ་གནས། ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། དྲན་པ་ཉེ་བར་གཞག་པ་བཞི་ལ་གནས། ཡང་དག་པར་སྤོང་བ་བཞི་ལ་གནས། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས། དབང་པོ་ལྔ་ལ་གནས། སྟོབས་ལྔ་ལ་གནས། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་གནས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གནས། འཕགས་པའི་བདེན་པ་རྣམས་ལ་གནས། བསམ་གཏན་རྣམས་ལ་གནས། ཚད་མྱེད་པ་རྣམས་ལ་གནས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་


DKG025_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་གནས། རྣམ་པར་ཐར་པ་བརྒྱད་ལ་གནས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་གནས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་གནས། མངོན་པར་ཤེས་པ་རྣམས་ལ་གནས། ཏིང་ངེ་འཛིན་རྣམས་ལ་གནས། གཟུངས་ཀྱི་སྒོ་རྣམས་ལ་གནས། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་གནས། མྱི་འཇིགས་པ་བཞི་ལ་གནས། སོ་སོ་ཡང་དག་པར་རིག་པ་བཞི་ལ་གནས། ་སྙིང་རྗེ་ཆེན་པོ་ལ་གནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་གནས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་ལེ་ལོ་ཅན་བརྩོན་འགྲུས་ཆུང་བ་དག་མཐོང་ན། འདི་ལྟར་ཡོངས་སུ་སྨིན་པར་བྱེད་དེ། རྐྱེན་གང་དང་མ་ལྡན་པས་ཁྱེད་ལེ་ལོ་བྱེད་པར་གྱུར་པའི་རྐྱེན་དེ་དག་ངས་ཁྱེད་ལ་བཤུགས་ཀྱིས། ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། ད་ངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བ་རིན་པོ་ཆེ་སྣ་བདུན་གྱི་བར་དུ་ལོང་ཤིག་ཅེས་ནས། དེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དེ་དག་ལ་ཕན་པ་དེ་ལྟ་བུས་ཕན་འདོགས་ཏེ། ཕན་པ་དེ་ལྟ་བུས་ཕན་བཏགས་པས། དེ་དག་བརྩོན་འགྲུས་རྩོམ་སྟེ། ལེ་ལོ་མྱེད་ཅིང་བརྩོན་འགྲུས་རྩོམ་པར་གྱུར་པ་དེ་དག་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གན་ས།


DKG025_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ནང་སྟོང་པ་ཉིད་ལ་གན་ས། ཕྱི་སྟོང་པ་ཉིད་ལ་གནས། ཕྱི་ནང་སྟོང་པ་ཉིད་ལ་གནས། སྟོང་པ་ཉིད་སྟོང་པ་ཉིད་ལ་གནས། ཆེན་པོ་སྟོང་པ་ཉིད་ལ་གན་ས། དོན་དམ་པ་སྟོང་པ་ཉིད་ལ་གན་ས། འདུས་བྱས་སྟོང་པ་ཉིད་ལ་གནས། འདུས་མ་བྱས་སྟོང་པ་ཉིད་ལ་གནས། མཐའ་ལས་འདས་པ་སྟོང་པ་ཉིད་ལ་གནས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་གནས། དོར་བ་མྱེད་པ་སྟོང་པ་ཉིད་ལ་གནས། རང་བཞིན་སྟོང་པ་ཉིད་ལ་གན་ས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས། རང་གི་མཚན་ཉིད་སྟོང་པ་ཉིད་ལ་གནས། མྱི་ད་མྱིགས་པ་སྟོང་པ་ཉིད་ལ་གནས། དངོས་པོ་མྱེད་པ་སྟོང་པ་ཉད་ལ་གནས། ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། དྲན་པ་ཉེ་བར་གཞག་པ་བཞི་ལ་གནས། ཡང་དག་པར་སྤོང་བ་བཞི་ལ་གནས། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས། དབང་པོ་ལྔ་ལ་གནས། སྟོབས་ལྔ་ལ་གནས། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་གནས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གནས། འཕགས་པའི་བདེན་པ་རྣམས་ལ་གནས། བསམ་གཏན་རྣམས་ལ་གནས། ཚད་མྱེད་པ་རྣམས་ལ་གནས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་གནས། རྣམ་པར་ཐར་པ་བརྒྱད་ལ་གནས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་གནས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་གནས། མངོན་


DKG025_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པ་རྣམས་ལ་གནས། ཏིང་ངེ་འཛིན་རྣམས་ལ་གནས། གཟུངས་ཀྱི་སྒོ་རྣམས་ལ་གནས། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་གནས། མྱི་འཇིགས་པ་བཞི་ལ་གནས། སོ་སོ་ཡང་དག་པར་རིག་པ་བཞི་ལ་གནས། ་སྙིང་རྗེ་ཆེན་པོ་ལ་གནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་གནས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་སེམས་གཡེངས་པར་གྱུར་པ་དག་མཐོང་ན། འདི་ལྟར་ཡོངས་སུ་སྨིན་པར་བྱེད་དེ། རྐྱེན་གང་དང་མི་ལྡན་པས་ཁྱེད་སེམས་གཡེངས་པར་གྱུར་པའི་རྐྱེན་དེ་དག་ངས་ཁྱེད་ལ་བཤུགས་ཀྱིས། ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ་ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། གསེར་དང་། དངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བ་རིན་པོ་ཆེ་སྣ་བདུན་གྱི་བར་དུ་ལོང་ཤིག་ཅེས་ནས། དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དེ་དག་ལ་ཕན་པ་དེ་ལྟ་བུས་ཕན་འདོགས་ཏེ། ཕན་པ་དེ་ལྟ་བུས་ཕན་བཏགས་པས་དེ་དག་བསམ་གཏན་སྒོམ་སྟེ། སེམས་གཡེང་བ་མྱེད་ཅིང་མཉམ་པར་གཞག་པར་གྱུར་པ་དེ་དག་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བརྩོན་


DKG025_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ནང་སྟོང་པ་ཉིད་ལ་གནས། ཕྱི་སྟོང་པ་ཉིད་ལ་གནས། ཕྱི་ནང་སྟོང་པ་ཉིད་ལ་གནས། སྟོང་པ་ཉིད་སྟོང་པ་ཉིད་ལ་གན་ས། ཆེན་པོ་སྟོང་པ་ཉིད་ལ་གནས། དོན་དམ་པ་སྟོང་པ་ཉིད་ལ་གནས། འདུས་བྱས་སྟོང་པ་ཉིད་ལ་གནས། འདུས་མ་བྱས་སྟོང་པ་ཉིད་ལ་གནས། མཐའ་ལས་འདས་པ་སྟོང་པ་ཉིད་ལ་གནས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་གནས། དོར་བ་མྱེད་པ་སྟོང་པ་ཉིད་ལ་གན་ས། རང་བཞིན་སྟོང་པ་ཉིད་ལ་གནས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས། རང་གི་མཚན་ཉིད་སྟོང་པ་ཉིད་ལ་གནས། མྱི་དམིགས་པ་སྟོང་པ་ཉིད་ལ་གན་ས། དངོས་པོ་མྱེད་པ་སྟོང་པ་ཉད་ལ་གནས། ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གན་ས། དྲན་པ་ཉེ་བར་གཞག་པ་རྣམས་ལ་གནས། ཡང་དག་པར་སྤོང་བ་རྣམས་ལ་གནས། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གནས། དབང་པོ་རྣམས་ལ་གནས། སྟོབས་རྣམས་ལ་གན་ས། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་གནས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གནས། འཕགས་པའི་བདེན་པ་རྣམས་ལ་གནས། བསམ་གཏན་རྣམས་ལ་གནས། ཚད་མྱེད་པ་རྣམས་ལ་གནས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་གན་ས། རྣམ་པར་ཐར་པ་བརྒྱད་ལ་གནས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་གནས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་གནས། མངོན་པར་ཤེས་པ་རྣམས་ལ་གནས། ཏིང་ངེ་འཛིན་རྣམས་ལ་གནས། གཟུངས་ཀྱི་སྒོ་རྣམས་ལ་


DKG025_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

གནས། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་གནས། མྱི་འཇིགས་པ་བཞི་ལ་གནས། སོ་སོ་ཡང་དག་པར་རིག་པ་བཞི་ལ་གནས། ་སྙིང་རྗེ་ཆེན་པོ་ལ་གནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྩྭོ་བརྒྱད་ལ་གནས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་ད་དེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་ད་པའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། དེ་ལྟར་ཡོངས་སུ་སྨིན་པར་བྱས་པའི་སེམས་ཅན་རྣམས་ངན་སོང་གསུམ་ལས་ཡོངས་སུ་འཐར་བ་ནས། འཁོར་བ་ཐམས་ཅད་ཀྱི་བར་ལས་ཡོངས་སུ་འཐར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་ཤེས་རབ་འཆལ་པར་གྱུར་པ་བློ་ཆུང་བ་དག་མཐོང་ན། འདི་ལྟར་ཡོངས་སུ་སྨིན་པར་བྱེད་དེ། རྐྱེན་གང་དང་མ་ལྡན་པས་ཁྱེད་ཤེས་རབ་འཆལ་པར་གྱུར་པའི་རྐྱེན་དེ་དག་ངས་ཁྱེད་ལ་བཤུགས་ཀྱིས། ཟས་དང་། སྐོམ་དང་། གོས་དང་། བཞོན་པ་དང་། མལ་ཆ་དང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཁྱིམ་དང་། ནོར་དང་། འབྲུ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུ་རྱ་དང་། དུང་དང་། མན་ཤེལ་དང་། བྱུ་རུ་དང་། གསེར་དང་། ད་ངུལ་དང་། མྱིའི་རྐྱེན་དང་། ཡོ་བྱད་གང་ཅི་ཡང་རུང་བ་རིན་པོ་ཆེ་སྣ་བདུན་གྱི་བར་དུ་ལོང་ཤིག་ཅེས་ནས། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། སེམས་ཅན་དེ་དག་ལ་ཕན་པ་དེ་ལྟ་བུས་ཕན་འདོགས་ཏེ། ཕན་པ་དེ་ལྟ་བུས་ཕན་བཏགས་པས། རྨོངས་པ་མྱེད་ཅིང་། ཤེས་རབ་དང་ལྡན་པར་གྱུར་པ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་


DKG025_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གནས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས། ནང་སྟོང་པ་ཉིད་ལ་གན་ས། ཕྱི་སྟོང་པ་ཉིད་ལ་གནས། ཕྱི་ནང་སྟོང་པ་ཉིད་ལ་གནས། སྟོང་པ་ཉིད་སྟོང་པ་ཉིད་ལ་གནས། ཆེན་པོ་སྟོང་པ་ཉིད་ལ་གནས། དོན་དམ་པ་སྟོང་པ་ཉིད་ལ་གནས། འདུས་བྱས་སྟོང་པ་ཉིད་ལ་གནས། འདུས་མ་བྱས་སྟོང་པ་ཉིད་ལ་གན་ས། མཐའ་ལས་འདས་པ་སྟོང་པ་ཉིད་ལ་གན་ས། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་གནས། དོར་བ་མྱེད་པ་སྟོང་པ་ཉིད་ལ་གནས། རང་བཞིན་སྟོང་པ་ཉིད་ལ་གནས། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས། རང་གི་མཚན་ཉིད་སྟོང་པ་ཉིད་ལ་གན་ས། མྱི་དམྱིགས་པ་སྟོང་པ་ཉིད་ལ་གནས། དངོས་པོ་མེད་པ་སྟོང་པ་ཉིད་ལ་གན་ས། ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་གནས། དྲན་པ་ཉེ་བར་གཞག་པ་རྣམས་ལ་གནས། ཡང་དག་པར་སྤོང་བ་རྣམས་ལ་གནས། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གནས། དབང་པོ་རྣམས་ལ་གནས། སྟོབས་རྣམས་ལ་གནས། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་གནས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གནས། འཕགས་པའི་བདེན་པ་རྣམས་ལ་གནས། བསམ་གཏན་རྣམས་ལ་གནས། ཚད་མྱེད་པ་རྣམས་ལ་གནས། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་གནས། རྣམ་པར་ཐར་པ་བརྒྱད་ལ་གནས། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་གནས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་


DKG025_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

མྱེད་པ་ལ་གནས། མངོན་པར་ཤེས་པ་རྣམས་ལ་གནས། ཏིང་ངེ་འཛིན་རྣམས་ལ་གནས། གཟུངས་ཀྱི་སྒོ་རྣམས་ལ་གནས། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་གནས། མྱི་འཇིགས་པ་བཞི་ལ་གནས། སོ་སོ་ཡང་དག་པར་རིག་པ་བཞི་ལ་གནས། ་སྙིང་རྗེ་ཆེན་པོ་ལ་གནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གནས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་ད་དེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། དེ་ལྟར་ཡོངས་སུ་སྨིན་པར་བྱས་པའི་རྣམས་ངན་སོང་གསུམ་ལས་ཡོངས་སུ་འཐར་བ་ནས། འཁོར་བ་ཐམས་ཅད་ཀྱི་བར་ལས་ཡོངས་སུ་འཐར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་ཅུ་རྩ་དྲུག་གོ།། །།


previousརེ་དྲུག་པ། མི་དམིགས་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྲིན་ལས་སྟོན་པའི་ལེའུ།next