Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཉེར་ལྔ་པ།


   
   
   
   
   
   
   
རེ་བརྒྱད་པ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ལེའུ།
   
   
   
   


 
previousརེ་བརྒྱད་པ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ལེའུ། next

རེ་བརྒྱད་པ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ལེའུ།


DKG025_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངེས་ཞེས་བགྱི་བའམ། མ་ངེས་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ངེས་པ་སྟེ། མ་ངེས་པ་མ་ཡིན་ནོ། །གསོལ་པ། ཉན་ཐོས་ཀྱི་ཕུང་པོའམ། རང་སངས་རྒྱས་ཀྱི་ཕུང་པོའམ། སངས་རྒྱས་ཀྱི་ཕུང་པོའམ། ཕུང་པོ་གང་དུ་ངེས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉན་ཐོས་ཀྱི་ཕུང་པོར་ངེས་པའམ། རང་སངས་རྒྱས་ཀྱི་ཕུང་པོར་ངེས་པ་མ་ཡིན་གྱི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སངས་རྒྱས་ཀྱི་ཕུང་པོར་ངེས་པའོ། །གསོལ་པ། བཅོམ་ལྡན་འདས་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངེས་ཞེས་བགྱིའམ། འོན་ཏམ་ཕྱིར་མྱི་ལྡོག་པ་ངེས་ཞེས་བགྱིའམ། འོན་ཏ་མ་སིད་པ་ཐ་མ་པ་ངེས་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ངེས་པའོ། །ཕྱིར་མྱི་ལྡོག་པ་ནི་ངེས་པའོ། །སྲིད་པ་གཅིག་གིས་ཐོགས་པ་ནི་ངེས་པའོ། །གསོལ་པ་བཅོམ་ལྡན་འདས་ངེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངན་སོང་རྣམས་སུ་སྐྱེ་བར་འགྱུརའམ་མྱི་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ། རབ་འབྱོར་ངེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ངན་སོང་དུ་མི་སྐྱེའོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། བརྒྱད་པའམ། རྒྱུན་ཏུ་ཞུགས་པའམ། ལན་ཅིག་ཕྱིར་འོང་བའམ། ཕྱིར་མི་འོང་བའམ། དགྲ་བཅོམ་པའམ། ར་ང་སངས་རྒྱས་ངན་སོང་དུ་སྐྱེ་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འད་ས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བ་ཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། གང་སེམས་དང་པོ་བསྐྱེད་པ་


DKG025_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཉེ་བར་བཟུང་སྟེ། སྦྱིན་པ་གཏོང་བ་དང་། ཚུལ་ཁྲིམས་སྲུང་བ་དང་། བཟོད་པ་སྒྲུབ་པ་དང་། བརྩོན་འགྲུས་རྩོམ་པ་དང་། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དང་། ཤེས་རབ་སྒོམ་པ་དང་། མི་དགེ་བའི་ཆོས་ཐམས་ཅད་སྤང་བའི་དོན་དུ་གནས་པ་དེ་ནི། ངན་སོང་དུ་སྐྱེ་བར་འགྱུར་བའི་གནས་མྱེད་དོ། །ལྷ་ཚེ་རིང་པོར་སྐྱེ་བའི་གནས་མྱེད་དོ། །གང་ན་དགེ་བའི་ཆོས་རྣམས་མྱི་སྤྱོད་པ་དེ་ལྟ་བུར་སྐྱེ་བའི་གནས་མྱེད་དོ། །གླེན་བ་དང་། ལྐུགས་པར་འགྱུར་བའི་ཡུལ་དུ། སྐྱེ་བའི་གནས་མྱེད་དོ། །མཐའ་འཁོབ་ཀྱི་ཀླ་ཀློ་དང་། མི་སྲུན་ཞིང་འཁོར་བཞི་རྒྱུར་མྱེད་པའི་ཡུལ་དུ་སྐྱེ་བའི་གནས་མྱེད་དོ། །ལོག་པར་ལྟ་བའི་རིགས་སུ་སྐྱེ་བའི་གནས་མྱེད་དོ། །གང་ན་སངས་རྒྱས་ཀྱི་སྒྲ་མྱི་གྲག་པ་དང་། ཆོས་ཀྱི་སྒྲ་མྱི་གྲག་པ་དང་། ད་གི་འདུན་གྱི་སྒྲ་མི་གྲག་པ་དེ་ལྟ་བུར་སྐྱེ་བའི་གནས་མེད་དོ། །བྱ་བ་མ་ཡིན་པའི་ལྟ་བར་ལྟུང་བའི་གནས་མྱེད་དོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལྷག་པའི་བསམ་པས་ཡང་དག་པར་ཞུགས་པ་ནི། མྱི་དགེ་བ་བཅུའི་ལས་ཀྱི་ལམ་ལ་སྤྱོད་ཅེས་བྱ་བའི་གནས་མྱེད་དོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ངེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུའི་དགེ་བའི་རྩ་བ་དང་ལྡན་ཞིང་། ཚུལ་དང་མྱི་འདྲ་བའི་གནས་སུ་མྱི་སྐྱེ་བ་ལགས་ན། གང་འདི་ལྟར་དེ་བཞིན་གཤེགས་པ་ཉིད་ཀྱང་བྱོལ་སོང་གི་རྒྱུད་དུ་སྐྱེས་པའི་རབས་བསྟན་ན། དེའི་ཚེ་དགེ་བའི་རྩ་བ་དེ་དག་གང་དུ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། མྱི་དགེ་བའི་ལས་ཀྱིས་བྱོལ་སོང་གི་རྒྱུད་དུ་སྐྱེ་བ་མ་ཡིན་གྱི། ལུས་གང་དང་གང་གིས་སེམས་ཅན་རྣམས་ཀྱི་དོན་དུ་འགྱུར་བ་དེ་དང་དེ་ལྟ་བུའི་ལུས་ཆེད་དུ་བསམས་ཤིང་། སེམས་ཅན་རྣམས་ཀྱི་དོན་


DKG025_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡོངས་སུ་འཛིན་ཅིང་། རབ་འབྱོར་དེ་ལྟར་ཐབས་མཁས་པས་བྱང་ཆུབ་སེམས་ད་པའ་སེམས་དཔའ་ཆེན་པོ་བྱོལ་སོང་གི་སྐྱེ་གནས་སུ་སྐྱེས་ཤིང་། དེ་ལ་ལ་ལ་ཞིག་གསོད་དུ་འོངས་ཀྱང་བླ་ན་མྱེད་པའི་བཟོད་པས་བད་ག་ཡོངས་སུ་གཏོང་ཞིང་། སེམས་ཅན་དེ་དག་ལ་གནོད་པར་མྱི་བྱེད་པ་དེ་ལྟ་བུའི་ཐབས་མཁས་པ་དག་དགྲ་བཅོམ་པའམ། རང་སངས་རྒྱས་དག་ལ་ཡོད་དད་མ། རབ་འབྱོར་དེ་བས་ན་རྣམ་གྲངས་དེས་ཀྱང་། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་རྣམས་ཀྱི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་ཅིང་། བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་ཡང་། བྱོལ་སོང་གི་སྐྱེ་གནས་ཀྱི་རྒྱུད་ཀྱི་ཉེས་པས་མྱི་གོས་པར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་དགེ་བའི་ཆོས་གང་ལ་གནས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟ་བུའི་ལུས་ཡོངས་སུ་འཛིན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་རྫོགས་པར་མྱི་བྱ་བའི་དགེ་བའི་ཆོས་དེ་ལྟ་བུ་གང་ཞིག་ཡོད་དེ། ་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་དགེ་བའི་ཆོས་གང་ཡང་ཡོངས་སུ་རྫོགས་པར་མྱི་བྱ་བ་མྱེད་དོ། །དགེ་བའི་ཆོས་གང་ཡོངས་སུ་རྫོགས་པར་མ་བྱས་པར། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ལྟ་བུ་མེད་དེ་དེ་ནི་གནས་མ་ཡིན་ནོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སེམས་དང་པོ་བསྐྱེད་པ་ན་ས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ལ་བསླབ་པར་བྱ་སྟེ། དེ་


DKG025_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསླབས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་བོ།བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་ཀྱང་ཡོངས་སུ་སྤོང་ངོ་། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་ཆོས་དཀར་པོ་ཟག་པ་མ་མཆིས་པ་དེ་ལྟ་བུ་དང་ལྡན་པ་ངན་སོང་ངང་མ། བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་གཤེགས་པ་འཕགས་པ་ཟག་པ་མྱེད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལགས། བདེ་བར་གཤེགས་པ་དེ་དེ་ལགས་ཏེ། དེ་བཞིན་གཤེགས་པ་ནི་འཕགས་ཤིང་ཟག་པ་མྱི་མངའ་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་གཤེགས་པས་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་མངོན་པར་སྤྲུལ་པ་མཛད་ཅིང་། དེ་མངོན་པར་སྤྲུལ་ནས་སངས་རྒྱས་ཀྱི་འཕྲིན་ལས་མཛད་པ་དེ་ལྟ་བུ་ཡོད་དམ་མྱེད། གསོལ་པ། བཅོམ་ལྡན་འདས་མཆིས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེས། དེ་བཞིན་གཤེགས་པ་བྱོལ་སོང་གི་སྐྱེ་གནས་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་གཤེགས་པས་བྱོལ་སོང་གི་སྐྱེ་གནས་ཀྱི་སྡུག་བསྔལ་རྨྱོང་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་བུ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་ཆོས་ཟག་པ་མྱེད་པ་དང་ལྡན་པ་ཡང་ཆེད་དུ་བསམས་ཤིང་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་ཏེ། ལུས་དེ་དག་གིས་སེམས་ཅན་རྣམས་ཅི་རིགས་ཅི་ཚུལ་དུ་ཡོངས་སུ་སྨིན་པར་བྱེད་ད་དོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། དགྲ་བཅོམ་པས་སྤྲུལ་པ་མངོན་པར་སྤྲུལ་ནས། སྤྲུལ་པ་དེས་དགྲ་བཅོམ་པའི་ལས་བྱས་ཤིང་། ལས་དེས་གཞན་གྱི་


DKG025_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་སྐྱེ་བར་འགྱུར་བ་ཡོད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་བཞིན་ཏེ། ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་ཆོས་ཟག་པ་མེད་པ་དང་ལྡན་པ་ཡང་ཆེད་ད་དུ་བསམས་ཤིང་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་ཏེ། ཅི་རིགས་ཅི་ཚུལ་དུ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ད་དོ། །དེ་ལྟ་བུའི་ལུས་དེས་སྡུག་བསྔལ་དུའང་མི་འགྱུར་ཏེ། སྡུག་བསྔལ་གྱི་ཚོར་བ་ཡང་ཉམས་སུ་མྱི་རྨྱོང་ངོ་། །རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྱུ་མའི་མཁན་པོས་སྒྱུ་མ་ལས་གླང་པོའི་གཟུགས་སམ། རྟའི་གཟུགས་སམ། གླང་གི་གཟུགས་ཤིག་བསྟན་ཏ་མ། གཞན་ཡང་སྒྱུ་མ་རྣམ་པ་སྣ་ཚོགས་བསྟན་ན། དེ་དག་གླང་པོའི་གཟུགས་སམ། རྟའི་གཟུགས་སམ་གླང་གི་གཟུགས་སམ། སྲོག་ཆགས་ཀྱི་རིགས་གཞ་ན་དག་ཏུ་འང་འགྱུར་བ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་ཆོས་ཟག་པ་མྱེད་པ་དང་ལྡན་པ་ཡང་ཆེད་དུ་བསམས་ཤིང་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་ཏེ། ལུས་དེ་དག་གིས་སེམས་ཅན་རྣམས་ཀྱི་དོན་བྱེད་ད་དེ། སྡུག་བསྔལ་གྱི་ཚོར་བར་འགྱུར་བ་གང་ཡང་མྱེད་དོ། །རབ་འབྱོར་གྱིས་གསོལ་པ། ཀྱེ་མ་བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་ཡེ་ཤེས་ཟག་པ་མ་མཆིས་པ་དེ་ལྟ་བུ་དང་ལྡན་ཞིང་། ལུས་གང་དང་གང་གིས་སེམས་ཅན་རྣམས་ཀྱི་དོན་དུ་འགྱུར་བ་དེ་དང་། དེ་ལྟ་བུའི་ལུས་ཡོངས་སུ་འཛིན་པ་ནི། ཐབས་ཤིན་ཏུ་མཁས་པ་སྟེ། དེ་ནི་ངོ་མཚར་ཆེའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དཀར་པོ་གང་དང་གང་ལ་གནས་ཤིང་། དེ་ལྟ་བུའི་ཐབས་མཁས་པ་བགྱིད་ཀྱང་། ལས་དེ་ལྟ་བུས་མྱི་གོས་པར་སྦྱོད་པ་ལགས། བཅོམ་ལྡན་འདས་ཀྱིས་


DKG025_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུའི་ཐབས་མཁས་པ་ལ་སྦྱོད་ད་དེ། ཐབས་མཁས་པ་དེ་དག་གིས་ཕྱོགས་བཅུའི་ཕྱོགས་རེ་རེའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང་དེས་དེ་ལ་གང་ཡང་རེག་པར་འགྱུར་བ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་རེག་པར་བྱེད་པ་དང་། གང་གིས་རེག་པར་བྱ་བ་དང་། གང་ལ་རེག་པར་བྱ་བ་དེ་ལྟ་བུའི་ཆོས་གསུམ་པོ་དེ་ད་ག་ཐམས་ཅད་མྱི་དམྱིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་གསུམ་པོ་དེ་དག་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པས། སྟོང་པ་ཉིད་ནི་སྟོང་པ་ཉིད་ལ་རེག་པར་མྱི་བྱེད་དོ། །སྟོང་པ་ཉིད་ཀྱིས་ཆོས་གང་ལ་ཡང་རེག་པར་མྱི་འགྱུར་རོ། །སྟོང་པ་ཉིད་ཀྱང་རེག་པར་བྱ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ལ་སྟོང་པ་ཉིད་མྱི་ད་མྱིགས་སོ། །དེ་ནི་མྱི་དམྱིགས་པ་སྟོང་པ་ཉིད་དེ། དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཞན་ལ་མྱི་གནས་ཀྱི ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ལ་གནས་ཤིང་། རྣམ་པ་དེ་ལྟ་བུའི་ཐབས་མཁས་པ་ལ་སྤྱོད་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁོངས་སུ་མ་ཆུད་པ་དེ་ལྟ་བུ་ཡོད་དམ། གམོལ་པ། བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངོ་བོ་ཉིད་ཀྱིས་སྟོང་ན། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁོངས་སུ་ཆོས་ཐམས་ཅད་འདུ་བ་ལགས། བཅོམ་ལྡན་འདས་སྟོང་པ་ཉིད་ལ་ནི་ཆོས་གང་


DKG025_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཁོངས་སུ་ཆུད་པའམ། ཁོངས་སུ་མ་ཆུད་པ་ཞེས་བགྱི་བ་མ་མཆིས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་མྱི་སྟོང་ངམ། གསོལ་པ། བཅོམ་ལྡན་འདས་སྟོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་སྟེ་ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་སྟོང་ན། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མ་འདུས་སམ། གསོལ་པ། བཅོམ་ལྡན་འདས་དེ་དེ་ལགས་ས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་དེས་ན་ཁྱོད་ཀྱིས་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། དེ་ལྟ་བུའི་ཐབས་མཁས་པ་ལ་སྤྱོད་པར་རིག་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འད་ས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཆོས་ཐམས་ཅད་ལ་གནས་ཏེ། མངོན་པར་ཤེས་པ་གང་ལ་གནས་ཤིང་། ཕྱོག་ས་བཅུའི་ཕྱོགས་རེ་རེའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ད་ག་ཏུ་མཆི་བ་དང་། འཇིག་རྟེན་གྱི་ཁམས་དེ་ད་ག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་ད་ག་ལ་བསྙེན་བཀུར་བགྱིད་པ་དང་། ཆོས་ཉན་ཅིང་སངས་རྒྱས་བཅོམ་ལྡན་འདས་དེ་ད་ག་ལ་དགེ་བའི་རྩ་བ་བསྐྱེད་པའི་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕྱོགས་བཅུའི་ཕྱོགས་རེ་རེའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་ཐམས་ཅད་


DKG025_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་ཀྱིས་སྟོང་པར་མཐོང་ངོ་། །འཇིག་རྟེན་ཀྱི་ཁམས་དེ་ད་ག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་ད་ག་ཀྱང་ངོ་བོ་ཉིད་ཀྱིས་སྟོང་པར་མཐོང་ངོ་། །གཞན་དུ་ན་མྱིང་དང་བརྡར་གདགས་པ་ཉེ་བར་བཟུང་ཞིང་བསྟན་པ་མ་གཏོགས་ཏེ། གད་གས་པ་ཀུན་ཀྱང་ངོ་བོ་ཉིད་ཀྱིས་སྟོང་ངོ་། །གལ་ཏེ་འཇིག་རྟེན་གྱི་ཁམས་དེ་ད་ག་ཀྱང་ངོ་བོ་ཉིད་ཀྱིས་མྱི་སྟོང་ལ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ངོ་བོ་ཉིད་ཀྱིས་མྱི་སྟོང་སྟེ། གདགས་པའི་རྒྱུད་དེ་དག་ཀྱང་ངོ་བོ་ཉིད་ཀྱིས་མྱི་སྟོང་པ་ཞིག་ཡིན་ན་ནི། ཉི་ཚེ་བའི་སྟོང་པ་ཉིད་དུ་འགྱུར་ཏེ། དེ་ཡང་སྟོང་པ་ཉི་ཚེ་བ་མ་ཡིན་ནོ། །དེའི་ཕྱིར་ཆོས་ཐམས་ཅད་ཆོས་ཐམས་ཅད་ཀྱིས་སྟོང་སྟེ། དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་སྟེ། མངོན་པར་ཤིས་པ་དེ་དག་ལ་གནས་ཤིང་། ལྷའི་མྱིག་དང་། ལྷའི་རྣ་བ་དང་། རྫུ་འཕྲུལ་གྱི་རྣམ་པ་དང་། ཕ་རོལ་ཀྱི་སེམས་ཤེས་པ་དང་། སྔོན་གྱི་གནས་དྲ་ན་པ་དང་། འཆི་འཕོ་ཤེས་པ་མངོན་པར་སྒྲུབ་སྟེ། མངོན་པར་ཤེས་པ་མ་བསྐྱེད་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ནི་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པར་འདུས་ཏེ། མངོན་པར་ཤེས་པ་དེ་དག་ལས་བྱང་ཆུབ་ཡོངས་སུ་བཙལ་བར་བྱའོ། །དེ་ཚོལ་བའི་ཚེ། ལྷའི་མྱིག་རྣམ་པར་དག་པ་མྱི་ལས་འདས་པས་བདག་ཉིད་ཀྱིས་ཀྱང་དགེ་བའི་ཆོས་ཐམས་ཅད་མཐོང་། གཞན་ཡང་དགེ་བའི་ཆོས་ཐམས་ཅད་ལ་སྦྱོར་ཏེ། དགེ་བའི་ཆོས་དེ་དག་


DKG025_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མངོན་པར་ཞེན་པར་འགྱུར་བ་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དགེ་བའི་ཆོས་ དེ་དག་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། སྟོང་པ་ཉིད་ནི་གང་ལ་མངོན་པར་ཞེན་ཅིང་། རོ་རྨྱོང་བར་བྱེད་པར་མངོན་པར་ཞེན་པར་འགྱུར་བ་མྱེད་དེ། སྟོང་པ་ཉིད་ནི་རོ་མྱོང་བར་བྱེད་པ་མྱེད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་གཅིག་པ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ལྷའི་མྱིག་མངོན་པར་སྒྲུབ་སྟེ། ལྷའི་མྱིག་དེས་ཆོས་ཐམས་ཅད་ཀྱང་སྟོང་པ་ཉིད་དུ་མཐོང་སྟེ། དེ་ཆོས་དེ་དག་ལ་གནས་ཤིང་ལས་མངོན་པར་སྒྲུབ་བོ། །ལས་མངོན་པར་སྒྲུབ་པ་དེས་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སེམས་ཅན་ནམ་སེམས་ཅན་ད་ག་ཏུ་གདགས་པར་ད་མྱིགས་པ་མྱེད་དོ། །དེ་ལྟར་མྱི་དམྱིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་སྟེ། མངོན་པར་ཤེས་པ་དེ་དག་གིས་མངོན་པར་ཤེས་པར་བྱ་བའི་ཆོས་གང་ཇི་སྙེད་པ་དེ་ད་ག་བྱེད་དོ། །དེ་ལྷའི་མྱིག་རྣམ་པར་དག་པ་མྱི་ལས་འདས་པ་དེ་ཉིད་ཀྱིས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་མཐོང་སྟེ། དེ་དེ་དག་ཏུ་རྫུ་འཕྲུལ་གྱིས་སོང་ཞིང་། སྦྱིན་པའམ། ཚུལ་ཁྲིམས་སམ། བཟོད་པའམ། བརྩོན་འགྲུས་སམ། བསམ་གཏན་ནམ། ཤེས་རབ་བམ། དྲ་ན་པ་ཉེ་བར་གཞག་པ་ནམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའམ། བསམ་གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ།


DKG025_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའི་ཆོས་སམ། ་སངས་རྒྱས་ཀྱི་ཆོས་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་། སེམས་ཅན་དེ་དག་གི་བྱ་བ་བྱེད་དེ། དེ་ལ་སེམས་ཅན་སེར་སྣ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། སྦྱིན་པ་བྱིན་ཅིག །ཕོངས་པ་ནི་སྡུག་བསྔལ་བ་སྟེ། ཕོངས་པས་ནི་བདག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཀྱིས། དེ་ལྟར་ཁྱེད་ཀྱིས་སྦྱིན་པ་བྱིན་ལ། བདག་ཅག་ཀྱང་བདེ་བར་གྱིས་ཤིག །གཞན་ཡང་བདེ་བར་གྱིས་ཤིག །ཕོངས་པས་ཟིལ་ཀྱིས་ནོན་ཅིང་། ཉིང་ཤ་ཉིང་གིས་ཟོས་ཏེ། ངན་སོང་གསུམ་ལས་མྱི་ཐར་བར་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཚུལ་ཁྲིམས་ངན་པ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཚུལ་ཁྲིམས་ངན་པ་ནི་སྡུག་བསྔལ་བ་སྟེ། ཚུལ་ཁྲིམས་ངན་པས་ནི་བདག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ཚུལ་ཁྲིམས་ངན་པའི་རྣམ་པར་སྨྱིན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱོད་ངན་སོང་གསུམ་དུ་ལྟུང་ན། བདག་ཅག་ཀྱང་གདོན་པར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། །དེའི་ཕྱིར་ཁྱོད་ཀྱིས་ཚུལ་ཁྲིམས་ངན་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏེ།


DKG025_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཕན་ཚུན་གནོད་སེམས་སུ་གྱུར་པ་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། དེ་ལྟར་ཁྱེད་གཅིག་ལ་གཅིག་གནོད་སེམས་སུ་མ་བྱེད་ཅིག །སེམས་འཁྲུགས་པར་གྱུར་པ་ལ། དགེ་བའི་ཆོས་གང་ཡང་སྐྱེ་བར་མྱི་འགྱུར་ཏེ། དེ་ལྟ་བས་ན་ཁྱེད་ཕན་ཚུན་སེམས་འཁྲུག་པ་ར་གྱུར་ན། སེམས་ཅན་ད་མྱལ་བར་སྐྱེ་བའམ། བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བའམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའི་གནས་ཡོད་ཀྱིས། དེ་བས་ན་ཁྱེད་ཀྱིས་འཁྲུག་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་ད་བྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ལེ་ལོ་ཅན་གང་ཇི་སྙེད་པ་དེ་ད་ག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་ད་ག་ལེ་ལོ་ནི་སྡུག་བསྔལ་བ་སྟེ། ལེ་ལོས་ནི་བདག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ལེ་ལོའི་རྣམ་པར་སྨྱིན་པ་ནི་སེམས་ཅན་ད་མྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན། བད་ག་ཅག་ཀྱང་གདོན་པར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱེད་ཀྱིས་ལེ་ལོའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་ད་བྱེའོ། །ཕྱིས་འགྱོད་པ་ཅ་ན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་སེམས་གཡེང་བ་གང་ཇི་སྙེད་པ་དེ་ད་ག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་ད་ག་སེམས་གཡེང་བ་ནི་སྡུག་བསྔལ་བ་སྟེ། གང་སེམས་གཡེང་བའི་རྣམ་པར་སྨྱིན་པ་ནི། སེམས་ཅ་ན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན། བདག་ཅག་ཀྱང་གདོན་པར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱེད་ཀྱིས་གཡེང་བའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་


DKG025_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཤེས་རབ་འཆ་ལ་པ་ཅན་གང་ཇི་སྙེད་པ་དེ་ད་ག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་ད་ག་ཤེས་རབ་འཆ་ལ་པ་ནི་སྡུག་བསྔལ་བ་སྟེ། ཤེས་རབ་འཆ་ལ་པས་ནི་བདག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། དེ་ལྟར་ཤེས་རབ་འཆལ་པའི་རྣམ་པར་སྨྱིན་པ་ན་པ་ནི། སེམས་ཅན་ད་མྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ཀྱིས་ཤེས་རབ་འཆ་ལ་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །འདོད་ཆ་གས་ཀྱི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་ད་ག་མྱི་སྡུག་པ་ལ་སྦྱོར་རོ། །ཞེ་སྡང་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་ད་ག་བྱམས་པ་ལ་སྦྱོར་རོ། །གཏི་མུག་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་ད་ག་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྦྱོར་རོ། །ལམ་ངན་པར་ཞུགས་པ་ལ་སྤྱོད་པ་ད་ག་ནི་ཡང་དག་པའི་ལམ་ལ་སྦྱོར་ཏེ། ཉན་ཐོས་ཀྱི་ལམ་མམ། རང་སངས་རྒྱས་ཀྱི་ལམ་མམ། སངས་རྒྱས་ཀྱི་ལམ་ལ་སྦྱོར་ཞིང་། དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཁྱེད་ཆོས་གང་ལ་མངོན་པར་ཞེན་པར་གྱུར་པའི་ཆོས་དེ་དག་ནི་ངོ་བོ་ཉིད་ཀྱིས་སྟོང་སྟེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ནི་མངོན་པར་ཞེན་པར་མྱི་ནུས་ཏེ། སྟོང་པ་ཉིད་ལ་མངོན་པར་ཞེན་པ་མྱེད་དོ་ཞེས་ཆོས་སྟོན་ཏེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མངོན་པར་ཤེས་པ་རྣམས་ལ་གནས་ཤིང་། སེམས་ཅན་རྣམས་ཀྱི་དོན་བྱེད་པ་ཡིན་ནོ། །དེ་ལྷའི་མྱིག་རྣམ་པར་དག་པ་མྱི་ལས་འདས་པ་དེ་ཉིད་ཀྱིས་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་མཐོང་སྟེ། དེ་དེ་དག་ཏུ་རྫུ་འཕྲུལ་གྱིས་སོང་ཞིང་། སྦྱིན་པའམ། ཚུལ་ཁྲིམས་སམ། བཟོད་པའམ། བརྩོན་འགྲུས་སམ། བསམ་


DKG025_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ན་མ། ཤེས་རབ་བམ། དྲ་ན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའམ། བསམ་གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་ད་པའི་ཆོས་སམ། སངས་རྒྱས་ཀྱི་ཆོས་ཀྱིས་སེམས་ཅ་ན་རྣམས་ཀྱི་དོན་བྱེད་ཅིང་། སེམས་ཅན་དེ་ད་ག་གི་བྱ་བ་བྱེད་དེ། དེ་ལ་སེམས་ཅན་སེར་སྣ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། སྦྱིན་པ་བྱིན་ཅིག་ཕོངས་པ་ནི་སྡུག་བསྔལ་བ་སྟེ། ཕོངས་པས་ནི་བད་ག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཀྱིས། དེ་ལྟར་ཁྱེད་ཀྱིས་སྦྱིན་པ་བྱིན་ལ། བད་ག་ཅག་ཀྱང་བདེ་བར་གྱིས་ཤིག །གཞན་ཡང་བདེ་བར་གྱིས་ཤིག །ཕོངས་པས་ཟིལ་གྱིས་ནོན་ཅིང་ཉིང་ཤ་ཉིང་གིས་ཟོས་ཏེ། ངན་སོང་གསུམ་ལས་མྱི་ཐར་བར་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཚུལ་ཁྲིམས་ངན་པ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཚུལ་ཁྲིམས་ངན་པ་ནི་སྡུག་བསྔལ་བ་སྟེ། ཚུལ་ཁྲིམས་ངན་པས་ནི་བད་ག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ཚུལ་ཁྲིམས་ངན་པའི་རྣམ་པར་


DKG025_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱིན་པ་ནི་སེམས་ཅན་དམྱལ་བའམ་བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྟུང་ན། བད་ག་ཅག་ཀྱང་གདོན་པར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱོད་ཀྱིས་ཚུལ་ཁྲིམས་ངན་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་ད་བྱེའོ། །ཕྱིས་འགྱོད་པ་ཅ་ན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཕན་ཚུན་དུ་གནོད་སེམས་སུ་གྱུར་པ་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། དེ་ལྟར་ཁྱེད་གཅིག་ལ་གཅིག་གནོད་སེམས་སུ་མ་བྱེད་ཅིག །སེམས་འཁྲུགས་པར་གྱུར་པ་ལ་ད་གེ་བའི་ཆོས་གང་ཡང་སྐྱེ་བར་མྱི་འགྱུར་ཏེ། དེ་ལྟ་བས་ན་ཁྱེད་ཕན་ཚུན་དུ་སེམས་འཁྲུག་པར་གྱུར་ན། སེམས་ཅན་ད་མྱལ་བར་སྐྱེ་བའམ། བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བའམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའི་གནས་ཡོད་ཀྱིས། དེ་བས་ན་ཁྱེད་ཀྱིས་འཁྲུག་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ལེ་ལོ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་ད་ག་ལེ་ལོ་ནི་སྡུག་བསྔལ་བ་སྟེ། ལེ་ལོས་ནི་བདག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ལེ་ལོའི་རྣམ་པར་སྨྱིན་པ་ནི་སེམས་ཅན་ད་མྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན། བད་ག་ཅག་ཀྱང་གདོན་པ་ར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱེད་ཀྱིས་ལེ་ལོའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་ད་བྱེའོ། །ཕྱིས་འགྱོད་པ་ཅ་ན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་སེམས་གཡེང་བ་གང་ཇི་སྙེད་པ་དེ་ད་ག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་སེམས་གཡེང་བ་ནི་སྡུག་བསྔལ་བ་སྟེ། གང་སེམས་གཡེང་བའི་རྣམ་པར་སྨྱིན་པ་ནི་སེམས་


DKG025_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ད་མྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྟུང་ན། བད་ག་ཅག་ཀྱང་གདོན་པར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱེད་ཀྱིས་གཡེང་བའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཤེས་རབ་འཆ་ལ་པ་ཅན་གང་ཇི་སྙེད་པ་དེ་ད་ག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཤེས་རབ་འཆ་ལ་པ་ནི་སྡུག་བསྔལ་བ་སྟེ། ཤེས་རབ་འཆལ་པས་ནི་བད་ག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ཤེས་རབ་འཆལ་པའི་རྣམ་པར་སྨྱིན་པ་ན་པ་ནི། སེམས་ཅན་ད་མྱལ་བའམ། བྱོལ་སོང་གི་སྐྱེ་གནས་སས་མ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ཀྱིས་ཤེས་རབ་འཆ་ལ་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །འདོད་ཆ་གས་ཀྱི་སྤྱོད་པ་ཅ་ན་གང་ཇི་སྙེད་པ་དེ་ད་ག་མྱི་སྡུག་པ་ལ་སྦྱོར་རོ། །ཞེ་སྡང་གི་སྤྱོད་པ་ཅ་ན་གང་ཇི་སྙེད་པ་དེ་ད་ག་བྱམས་པ་ལ་སྦྱོར་རོ། །གཏི་མུག་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་ད་ག་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྦྱོར་རོ། །ལམ་ངན་པར་ཞུགས་པ་གང་ཇི་སྙེད་པ་དེ་དག་ཡང་ད་ག་པའི་ལམ་ལ་སྦྱོར་ཏེ། ཉན་ཐོས་ཀྱི་ལམ་མམ། རང་སངས་རྒྱས་ཀྱི་ལམ་མམ། སངས་རྒྱས་ཀྱི་ལམ་ལ་སྦྱོར་ཞིང་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཁྱེད་ཆོས་གང་ལ་མངོན་པར་ཞེན་པར་གྱུར་པའི་ཆོས་དེ་ད་ག་ནི་ངོ་བོ་ཉིད་ཀྱིས་སྟོང་སྟེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ནི་མངོན་པར་ཞེན་པར་མྱི་ནུས་ཏེ། སྟོང་པ་ཉིད་ལ་མངོན་པར་ཞེན་པ་མྱེད་དོ་ཞེས་ཆོས་སྟོན་ཏོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མངོན་པར་ཤེས་པ་རྣམས་ལ་གནས་ཤིང་།


DKG025_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་ཀྱི་དོན་བྱེད་པ་ཡིན་ནོ། །དེ་ལྷའི་མྱིག་རྣམ་པར་དག་པ་མྱི་ལས་འདས་པ་དེ་ཉིད་ཀྱིས་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་མཐོང་སྟེ། དེ་དེ་ད་ག་ཏུ་རྫུ་འཕྲུལ་གྱིས་སོང་ཞིང་། སྦྱིན་པའམ། ཚུལ་ཁྲིམས་སམ། བཟོད་པའམ བརྩོན་འགྲུས་སམ། བསམ་གཏ་ན་ན་མ། ཤེས་རབ་བམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའམ། བསམ་གཏ་ན་རྣམས་སམ། །ཚད་མྱེད་པ་རྣམས་སམ།གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། །རྣམ་པར་ཐར་པ་རྣམས་སས་མ། ཏིང་ངེ་འཛིན་རྣམས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའི་ཆོས་སམ། སངས་རྒྱས་ཀྱི་ཆོས་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་། སེམས་ཅན་དེ་དག་གི་བྱ་བ་བྱེད་དེ། དེ་ཡང་སེམས་ཅན་སེར་སྣ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། སྦྱིན་པ་བྱིན་ཅིག །ཕོངས་པ་ནི་སྡུག་བསྔལ་བ་སྟེ། ཕོངས་པས་ནི་བད་ག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཀྱིས། དེ་ལྟར་ཁྱེད་ཀྱིས་སྦྱིན་པ་བྱིན་ལ་བད་ག་ཅག་ཀྱང་བདེ་བར་གྱིས་ཤིག །གཞན་ཡང་བདེ་བར་གྱིས་ཤིག །ཕོངས་པས་ཟིལ་ཀྱིས་ནོན་ཅིང་ཉིང་ཤ་ཉིང་


DKG025_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཟོས་ཏེ། ངན་སོང་གསུམ་ལས་མྱི་ཐར་བར་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཚུལ་ཁྲིམས་ངན་པ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་ད་ག་ཚུལ་ཁྲིམས་ངན་པ་ནི་སྡུག་བསྔལ་བ་སྟེ། ཚུལ་ཁྲིམས་ངན་པས་ནི་བདག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ཚུལ་ཁྲིམས་ངན་པའི་རྣམ་པར་སྨྱིན་པ་ནི་སེམས་ཅན་ད་མྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན། བདག་ཅག་ཀྱང་གདོན་པར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱེད་ཀྱིས་ཚུལ་ཁྲིམས་ངན་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཕན་ཚུན་གནོད་སེམས་སུ་གྱུར་པ་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། དེ་ལྟར་ཁྱེད་གཅིག་ལ་གཅིག་གནོད་སེམས་སུ་མ་བྱེད་ཅིག །སེམས་འཁྲུགས་པར་གྱུར་པ་ལ་དགེ་བའི་ཆོས་གང་ཡང་སྐྱེ་བར་མྱི་འགྱུར་ཏེ། དེ་ལྟ་བས་ན་ཁྱེད་ཕན་ཚུན་སེམས་འཁྲུག་པར་གྱུར་ན། སེམས་ཅན་དམྱལ་བར་སྐྱེ་བའམ། བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བའམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའི་གནས་ཡོད་ཀྱིས། དེ་བས་ན་ཁྱེད་ཀྱིས་འཁྲུག་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ལེ་ལོ་ཅན་གང་ཇི་སྙེད་པ་དེ་ད་ག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ལེ་ལོ་ནི་སྡུག་བསྔལ་བ་སྟེ། ལེ་ལོས་ནི་བད་ག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ལེ་ལོའི་རྣམ་པར་སྨྱིན་པ་ནི་སེམས་ཅན་ད་མྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན། བདག་ཅག་ཀྱང་གདོན་པར་མྱི་ནུས་ན།


DKG025_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱེད་ཀྱིས་ལེ་ལོའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་སེམས་གཡེང་བ་གང་ཇི་སྙེད་པ་དེ་ད་ག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་ད་ག་སེམས་གཡེང་བ་ནི་སྡུག་བསྔལ་བ་སྟེ། གང་སེམས་གཡེང་བའི་རྣམ་པར་སྨྱིན་པ་ནི། སེམས་ཅན་ད་མྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྟུང་ན། བད་ག་ཅག་ཀྱང་གདོན་པར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། །དེའི་ཕྱིར་ཁྱེད་ཀྱིས་གཡེང་བའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་ད་བྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཤེས་རབ་འཆ་ལ་པ་ཅན་གང་ཇི་སྙེད་པ་དེ་ད་ག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཤེས་རབ་འཆ་ལ་པ་ནི་སྡུག་བསྔལ་བ་སྟེ། ཤེས་རབ་འཆལ་པས་ནི་བད་ག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། གང་ཤེས་རབ་འཆ་ལ་པའི་རྣམ་པར་སྨྱིན་པ་ནི་སེམས་ཅན་ད་མྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ཀྱིས་ཤེས་རབ་འཆལ་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་ད་བྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །འདོད་ཆ་གས་ཀྱི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་མྱི་སྡུག་པ་ལ་སྦྱོར་རོ། །ཞེ་སྡང་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་ད་ག་བྱམས་པ་ལ་སྦྱོར་རོ། །གཏི་མུག་གི་སྤྱོད་པ་ཅ་ན་གང་ཇི་སྙེད་པ་དེ་ད་ག་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྦྱོར་རོ། །ལམ་ངན་པར་ཞུགས་པ་གང་ཇི་སྙེད་པ་དེ་ད་ག་ཡང་དག་པའི་ལམ་ལ་སྦྱོར་ཏེ། ཉན་ཐོས་ཀྱི་ལམ་མམ། རང་སངས་རྒྱས་ཀྱི་ལམ་མམ། སངས་རྒྱས་ཀྱི་ལམ་ལ་སྦྱོར་ཞིང་དེ་ད་ག་ལ་འདི་སྐད་


DKG025_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཆོས་སྟོན་ཏེ། ཁྱེད་ཆོས་གང་ལ་མངོན་པར་ཞེན་པར་གྱུར་པའི་ཆོས་དེ་ད་ག་ནི་ངོ་བོ་ཉིད་ཀྱིས་སྟོང་སྟེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ནི། མངོན་པར་ཞེན་པར་མྱི་ནུས་ཏེ། སྟོང་པ་ཉིད་ལ་མངོན་པར་ཞེན་པ་མྱེད་དོ་ཞེས་ཆོས་སྟོན་ཏོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མངོན་པར་ཤེས་པ་རྣམས་ལ་གནས་ཤིང་། སེམས་ཅན་རྣམས་ཀྱི་དོན་བྱེད་པ་ཡིན་ནོ། །དེ་ལྷའི་མྱིག་རྣམ་པར་ད་ག་པ་མྱི་ལས་འདས་པ་དེ་ཉིད་ཀྱིས་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་མཐོང་སྟེ། དེ་དེ་ད་ག་ཏུ་རྫུ་འཕྲུལ་གྱིས་སོང་ཞིང་། སྦྱིན་པའམ། ཚུལ་ཁྲིམས་སམ། བཟོད་པའམ། བརྩོན་འགྲུས་སམ། བསམ་གཏ་ན་ན་མ། ཤེས་རབ་བམ། དྲ་ན་པ་ཉེ་བར་གཞག་པ་རྣམས་སམ། ཡང་ད་ག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའམ། བསམ་གཏ་ན་རྣམས་སམ། ཚད་མྱེད་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སས་མ། ཏིང་ངེ་འཛིན་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སས་མ། བྱང་ཆུབ་སེམས་ད་པའི་ཆོས་སམ། སངས་རྒྱས་ཀྱི་ཆོས་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་། སེམས་ཅན་དེ་དག་གི་བྱ་བ་བྱེད་དེ། དེ་ལ་སེམས་ཅན་སེར་སྣ་ཅན་


DKG025_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། སྦྱིན་པ་བྱིན་ཅིག །ཕོངས་པ་ནི་སྡུག་བསྔལ་བ་སྟེ། ཕོངས་པས་ནི་བད་ག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཀྱིས། དེ་ལྟར་ཁྱེད་ཀྱིས་སྦྱིན་པ་བྱིན་ལ། བད་ག་ཅག་ཀྱང་བདེ་བར་གྱིས་ཤིག །གཞན་ཡང་བདེ་བར་གྱིས་ཤིག །ཕོངས་པས་ཟིལ་ཀྱིས་ནོན་ཅིང་ཉིང་ཤ་ཉིང་གིས་ཟོས་ཏེ། ངན་སོང་གསུམ་ལས་མྱི་ཐར་བར་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཚུལ་ཁྲིམས་ངན་པ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་ད་ག་ཚུལ་ཁྲིམས་ངན་པ་ནི་སྡུག་བསྔལ་བ་སྟེ། ཚུལ་ཁྲིམས་ང་ན་པས་ནི་བདག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ཚུལ་ཁྲིམས་ངན་པའི་རྣམ་པར་སྨྱིན་པ་ནི་སེམས་ཅན་ད་མྱལ་བའམ། བྱོལ་སོང་གི་སྐྱེ་གན་ས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ང་ན་སོང་གསུམ་དུ་ལྷུང་ན། བད་ག་ཅག་ཀྱང་གདོན་པར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱོད་ཀྱིས་ཚུལ་ཁྲིམས་ངན་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཕན་ཚུན་གནོད་སེམས་སུ་གྱུར་པ་ཇི་སྙེད་པ་དེ་ད་ག་ལ་འདི་སྐད་དུ་ཆོས་སྟོན་ཏེ། དེ་ལྟར་ཁྱེད་གཅིག་ལ་གཅིག་གནོད་སེམས་སུ་མ་བྱེད་ཅིག །སེམས་འཁྲུགས་པར་གྱུར་པ་ལ། དགེ་བའི་ཆོས་གང་ཡང་སྐྱེ་བར་མྱི་འགྱུར་ཏེ། དེ་ལྟ་བས་ན་ཁྱེད་ཕན་ཚུན་དུ་སེམས་འཁྲུག་པར་གྱུར་ན། སེམས་ཅན་དམྱལ་བར་སྐྱེ་བའམ། བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བའམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའི་གནས་ཡོད་ཀྱིས། དེ་བས་ན་ཁྱེད་ཀྱིས་འཁྲུག་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་


DKG025_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ལེ་ལོ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ལེ་ལོ་ནི་སྡུག་བསྔལ་བ་སྟེ། ལེ་ལོས་ནི་བད་ག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ལེ་ལོའི་རྣམ་པར་སྨྱིན་པ་ནི་སེམས་ཅན་ད་མྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྟུང་ན། བདག་ཅག་ཀྱང་གདོན་པར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱེད་ཀྱིས་ལེ་ལོའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་སེམས་གཡེང་བ་གང་ཇི་སྙེད་པ་དེ་ད་ག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་ད་ག་སེམས་གཡེང་བ་ནི་སྡུག་བསྔལ་བ་སྟེ། གང་སེམས་གཡེང་བའི་ནམ་པར་སྨྱིན་པ་ནི་སེམས་ཅན་ད་མྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྟུང་ན། བད་ག་ཅག་ཀྱང་གདོན་པར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱེད་ཀྱིས་གཡེང་བའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཤེས་རབ་འཆ་ལ་པ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་ད་ག་ཤེས་རབ་འཆ་ལ་པ་ནི་སྡུག་བསྔལ་བ་སྟེ། ཤེས་རབ་འཆ་ལ་པས་ནི་བད་ག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ཤེས་རབ་འཆ་ལ་པའི་རྣམ་པར་སྨྱིན་པ་ནི་སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ཀྱིས་ཤེས་རབ་འཆ་ལ་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །འདོད་ཆ་གས་ཀྱི་སྤྱོད་པ་ཅན་གང་ཇི་སྙེད་


DKG025_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ད་ག་མྱི་སྡུག་པ་ལ་སྦྱོར་རོ། །ཞེ་སྡང་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་བྱམས་པ་ལ་སྦྱོར་རོ། །གཏི་མུག་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་ད་ག་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྦྱོར་རོ། །ལམ་ངན་པར་ཞུགས་པ་གང་ཇི་སྙེད་པ་དེ་དག་ཡང་དག་པའི་ལམ་ལ་སྦྱོར་ཏེ། ཉན་ཐོས་ཀྱི་ལམ་མམ། རང་སངས་རྒྱས་ཀྱི་ལམ་མམ། སངས་རྒྱས་ཀྱི་ལམ་ལ་སྦྱོར་ཞིང་དེ་ད་ག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཁྱེད་ཆོས་གང་ལ་མངོན་པར་ཞེན་པར་གྱུར་པའི་ཆོས་དེ་ད་ག་ནི་ངོ་བོ་ཉིད་ཀྱིས་སྟོང་སྟེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ནི་མངོན་པར་ཞེན་པར་མྱི་ནུས་ཏེ། སྟོང་པ་ཉིད་ལ་མངོན་པར་ཞེན་པ་མྱེད་དོ་ཞེས་ཆོས་སྟོན་ཏོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་ད་པའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མངོན་པར་ཤེས་པ་རྣམས་ལ་གནས་ཤིང་། སེམས་ཅན་རྣམས་ཀྱི་དོན་བྱེད་པ་ཡིན་ནོ། །དེ་ལྷའི་མྱིག་རྣམ་པར་ད་ག་པ་མྱི་ལས་འདས་པ་དེ་ཉིད་ཀྱིས། བྱང་ཤར་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་མཐོང་སྟེ། དེ་དེ་ད་ག་ཏུ་རྫུ་འཕྲུལ་གྱིས་སོང་ཞིང་། སྦྱིན་པའམ། ཚུལ་ཁྲིམས་སམ། བཟོད་པའམ། བརྩོན་འགྲུས་སམ། བསམ་གཏ་ན་ན་མ། ཤེས་རབ་བམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་ད་ག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའམ། བསམ་གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། མཐར་


DKG025_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། ཉན་ཐོས་ཀྱི་ཆོས་སམ། །རང་སངས་རྒྱས་ཀྱི་ཆོས་སས་མ། བྱང་ཆུབ་སེམས་ད་པའི་ཆོས་སམ། སངས་རྒྱས་ཀྱི་ཆོས་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་སེམས་ཅན་དེ་ད་ག་གི་བྱ་བ་བྱེད་ད་དེ། དེ་ལ་སེམས་ཅན་སེར་སྣ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། སྦྱིན་པ་བྱིན་ཅིག །ཕོངས་པ་ནི་སྡུག་བསྔལ་བ་སྟེ། ཕོངས་པས་ནི་བདག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཀྱིས། དེ་ལྟར་ཁྱེད་ཀྱིས་སྦྱིན་པ་བྱིན་ལ་བད་ག་ཅག་ཀྱང་བདེ་བར་གྱིས་ཤིག །གཞན་ཡང་བདེ་བར་གྱིས་ཤིག །ཕོངས་པས་ཟིལ་ཀྱིས་ནོན་ཅིང་ཉིང་ཤ་ཉིང་གིས་ཟོས་ཏེ། ངན་སོང་གསུམ་ལས་མྱི་ཐར་བར་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཚུལ་ཁྲིམས་ངན་པ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཚུལ་ཁྲིམས་ངན་པ་ནི་སྡུག་བསྔལ་བ་སྟེ། ཚུལ་ཁྲིམས་ངན་པས་ནི་བདག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། གང་ཚུལ་ཁྲིམས་ངན་པའི་རྣམ་པར་སྨྱིན་པ་ནི་སེམས་ཅན་ད་མྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན། བདག་ཅག་ཀྱང་གདོན་པ་ར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱེད་ཀྱིས་ཚུལ་ཁྲིམས་ངན་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཕན་ཚུན་དུ་གནོད་སེམས་སུ་གྱུར་པ་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། དེ་ལྟར་ཁྱེད་གཅིག་ལ་གཅིག་གནོད་སེམས་སུ་མ་བྱེད་ཅིག །སེམས་


DKG025_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུགས་པར་གྱུར་པ་ལ་དགེ་བའི་ཆོས་གང་ཡང་སྐྱེ་བར་མྱི་འགྱུར་ཏེ། དེ་ལྟ་བས་ན་ཁྱེད་ཕན་ཚུན་སེམས་འཁྲུག་པར་གྱུར་ན། སེམས་ཅན་དམྱལ་བར་སྐྱེ་བའམ། བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བའམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའི་གནས་ཡོད་ཀྱིས། དེ་བས་ན་ཁྱེད་ཀྱིས་འཁྲུག་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ལེ་ལོ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ལེ་ལོ་ནི་སྡུག་བསྔལ་བ་སྟེ། ལེ་ལོས་ནི་བདག་གི་དོན་ཀྱང་བྱ་བར་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ལེ་ལོའི་རྣམ་པར་སྨྱིན་པ་ནི། སེམས་ཅན་ད་མྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན། བདག་ཅག་ཀྱང་གདོན་པར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱེད་ཀྱིས་ལེ་ལོའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་སེམས་གཡེང་བ་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་ད་ག་སེམས་གཡེང་བ་ནི་སྡུག་བསྔལ་བ་སྟེ། གང་སེམས་གཡེང་བའི་རྣམ་པར་སྨྱིན་པ་ནི་སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན། བདག་ཅག་ཀྱང་གདོན་པར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱེད་ཀྱིས་གཡེང་བའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་ད་བྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཤེས་རབ་འཆ་ལ་པ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་


DKG025_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཤེས་རབ་འཆལ་པ་ནི་སྡུག་བསྔལ་བ་སྟེ། ཤེས་རབ་འཆ་ལ་པས་ནི་བད་ག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ཤེས་རབ་འཆ་ལ་པའི་རྣམ་པར་སྨྱིན་པ་ནི་སེམས་ཅན་ད་མྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ཀྱིས་ཤེས་རབ་འཆ་ལ་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །འདོད་ཆ་གས་ཀྱི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་ད་ག་མྱི་སྡུག་པ་ལ་སྦྱོར་རོ། །ཞེ་སྡང་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་ད་ག་བྱམས་པ་ལ་སྦྱོར་རོ། །གཏི་མུག་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་ད་ག་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྦྱོར་རོ། །ལམ་ངན་པར་ཞུགས་པ་གང་ཇི་སྙེད་པ་དེ་ད་ག་ཡང་དག་པའི་ལམ་ལ་སྦྱོར་ཏེ། ཉན་ཐོས་ཀྱི་ལམ་མམ། རང་སངས་རྒྱས་ཀྱི་ལམ་མམ། སངས་རྒྱས་ཀྱི་ལམ་ལ་སྦྱོར་ཞིང་། དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཁྱེད་ཆོས་གང་ལ་མངོན་པར་ཞེན་པར་གྱུར་པའི་ཆོས་དེ་ད་ག་ནི་ངོ་བོ་ཉིད་ཀྱིས་སྟོང་སྟེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ནི་མངོན་པར་ཞེན་པར་མྱི་ནུས་ཏེ། སྟོང་པ་ཉིད་ལ་མངོན་པར་ཞེན་པ་མྱེད་དོ་ཞེས་ཆོས་སྟོན་ཏོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མངོན་པར་ཤེས་པ་རྣམས་ལ་གནས་ཤིང་། སེམས་ཅན་རྣམས་ཀྱི་དོན་བྱེད་པ་ཡིན་ནོ། །དེ་ལྷའི་མྱིག་རྣམ་པར་དག་པ་མྱི་ལས་འདས་པ་དེ་ཉིད་ཀྱིས་ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་མཐོང་སྟེ་དེ་དེ་ད་ག་ཏུ་རྫུ་འཕྲུལ་གྱིས་སོང་ཞིང་། སྦྱིན་པའམ། ཚུལ་ཁྲིམས་སམ། བཟོད་པའམ། བརྩོན་འགྲུས་སམ། བསམ་གཏན་ན་མ། ཤེས་རབ་བམ། དྲ་ན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་


DKG025_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པ་འི་ལམ་ཡན་ལག་བརྒྱད་པའམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པའམ། བསམ་གཏ་ན་རྣམས་སམ། ཚད་མྱེད་པ་རྣམས་སས་མ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའི་ཆོས་སམ། སངས་རྒྱས་ཀྱི་ཆོས་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་། སེམས་ཅན་དེ་ད་ག་གི་བྱ་བ་བྱེད་དེ། དེ་ལ་སེམས་ཅན་སེར་སྣ་ཅན་གང་ཇི་སྙེད་པ་དེ་ད་ག་ལ་འདི་སྐད་དུ་ཆོས་སྟོན་ཏེ། སྦྱིན་པ་བྱིན་ཅིག །ཕོངས་པ་ནི་སྡུག་བསྔལ་བ་སྟེ། ཕོངས་པས་ནི་བདག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཀྱིས། དེ་ལྟར་ཁྱེད་ཀྱིས་སྦྱིན་པ་བྱིན་ལ། བད་ག་ཅག་ཀྱང་བདེ་བར་གྱིས་ཤིག །གཞན་ཡང་བདེ་བར་གྱིས་ཤིག །ཕོངས་པས་ཟིལ་ཀྱིས་ནོན་ཅིང་ཉིང་ཤ་ཉིང་གིས་ཟོས་ཏེ། ང་ན་སོང་གསུམ་ལས་མྱི་ཐར་བར་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཚུལ་ཁྲིམས་ངན་པ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཚུལ་ཁྲིམས་ངན་པ་ནི་སྡུག་བསྔལ་བ་སྟེ། ཚུལ་ཁྲིམས་ངན་པས་ནི་བད་ག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ཚུལ་ཁྲིམས་ངན་པའི་རྣམ་པར་སྨྱིན་པ་ནི། སེམས་ཅན་


DKG025_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྟུང་ན། བད་ག་ཅག་ཀྱང་གདོན་པར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱེད་ཀྱིས་ཚུལ་ཁྲིམས་ངན་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་ད་བྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཕན་ཚུན་གནོད་སེམས་སུ་གྱུར་པ་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། དེ་ལྟར་ཁྱེད་གཅིག་ལ་གཅིག་གནོད་སེམས་སུ་མ་བྱེད་ཅིག །སེམས་འཁྲུགས་པ་ར་གྱུར་པ་ལ་དགེ་བའི་ཆོས་གང་ཡང་སྐྱེ་བར་མྱི་འགྱུར་ཏེ། དེ་ལྟ་བས་ན་ཁྱེད་ཕན་ཚུན་སེམས་འཁྲུག་པར་གྱུར་ན། སེམས་ཅན་ད་མྱལ་བར་སྐྱེ་བའམ། བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བའམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའི་གནས་ཡོད་ཀྱིས། །དེ་བས་ན་ཁྱེད་ཀྱིས་འཁྲུག་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་ད་བྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ལེ་ལོ་ཅན་གང་ཇི་སྙེད་པ་དེ་ད་ག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་ད་ག་ལེ་ལོ་ནི་སྡུག་བསྔལ་བ་སྟེ། ལེ་ལོས་ནི་བད་ག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ལེ་ལོའི་རྣམ་པར་སྨྱིན་པ་ནི་སེམས་ཅན་ད་མྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྟུང་ན། བད་ག་ཅག་ཀྱང་གདོན་པར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱེད་ཀྱིས་ལེ་ལོའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་སེམས་གཡེང་བ་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་ད་ག་སེམས་གཡེང་བ་ནི་སྡུག་བསྔལ་བ་སྟེ། གང་


DKG025_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་གཡེང་བའི་རྣམ་པར་སྨྱིན་པ་ནི་སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྟུང་ན། བདག་ཅག་ཀྱང་གདོན་པར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱེད་ཀྱིས་གཡེང་བའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཤེས་རབ་འཆ་ལ་པ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་ད་ག་ཤེས་རབ་འཆ་ལ་པ་ནི་སྡུག་བསྔལ་བ་སྟེ། ཤིས་རབ་འཆ་ལ་པས་ནི་བད་ག་གི་དོན་ཀྱང་བྱ་བར་མི་ནུས་ན།གཞན་གྱི་དོན་ལྟ་ཅི་སྨོས་ཀྱིས། ཤེས་རབ་འཆལ་པའི་རྣམ་པར་སྨྱིན་པ་ན་པ་ནི། སེམས་ཅན་ད་མྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ཀྱིས་ཤེས་རབ་འཆལ་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་ད་བྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །འདོད་ཆགས་ཀྱི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་མྱི་སྡུག་པ་ལ་སྦྱོར་རོ། །ཞེ་སྡང་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་བྱམས་པ་ལ་སྦྱོར་རོ། །གཏི་མུག་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྦྱོར་རོ། །ལམ་ངན་པར་ཞུགས་པ་གང་ཇི་སྙེད་པ་དེ་ད་ག་ཡང་དག་པའི་ལམ་ལ་སྦྱོར་ཏེ། ཉན་ཐོས་ཀྱི་ལམ་མམ། རང་སངས་རྒྱས་ཀྱི་ལམ་མམ། སངས་རྒྱས་ཀྱི་ལམ་ལ་སྦྱོར་ཞིང་། དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཁྱེད་ཆོས་གང་ལ་མངོན་པར་ཞེན་པར་གྱུར་པའི་ཆོས་དེ་དག་ནི་ངོ་བོ་ཉིད་ཀྱིས་སྟོང་སྟེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ནི་མངོན་པར་ཞེན་པར་མྱི་ནུས་ཏེ། སྟོང་པ་ཉིད་ལ་མངོན་པར་ཞེན་པ་མྱེད་དོ་ཞེས་ཆོས་སྟོན་ཏོ། །རབ་འབྱོར་དེ་ལྟར་བྱང་ཆུབ་


DKG025_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མངོན་པར་ཤེས་པ་རྣམས་ལ་གནས་ཤིང་། སེམས་ཅན་རྣམས་ཀྱི་དོན་བྱེད་པ་ཡིན་ནོ། །དེ་ལྷའི་མྱིག་རྣམ་པར་དག་པ་མྱི་ལས་འདས་པ་དེ་ཉིད་ཀྱིས། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་མཐོང་སྟེ། དེ་དེ་དག་ཏུ་རྫུ་འཕྲུལ་གྱིས་སོང་ཞིང་། སྦྱིན་པའམ། ཚུལ་ཁྲིམས་སམ། བཟོད་པ་འམ། བརྩོན་འགྲུས་སམ། བསམ་གཏན་ན་མ། ཤེས་རབ་བམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའམ། བསམ་གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། །རྣམ་པར་ཐར་པ་རྣམས་སས་མ། ཏིང་ངེ་འཛིན་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་ད་པའི་ཆོས་སམ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ས་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་སེམས་ཅན་དེ་ད་ག་གི་བྱ་བ་བྱེད་ད་དེ། དེ་ལ་སེམས་ཅན་སེར་སྣ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། སྦྱིན་པ་བྱིན་ཅིག །ཕོངས་པ་ནི་སྡུག་བསྔལ་བ་སྟེ། ཕོང་ས་པས་ནི་བདག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཀྱིས། དེ་ལྟར་ཁྱེད་ཀྱིས་སྦྱིན་པ་བྱིན་ལ་


DKG025_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་ཀྱང་བདེ་བར་གྱིས་ཤིག །གཞན་ཡང་བདེ་བར་གྱིས་ཤིག །ཕོངས་པས་ཟིལ་ཀྱིས་ནོན་ཅིང་ཉིང་ཤ་ཉིང་གིས་ཟོས་ཏེ། ངན་སོང་གསུམ་ལས་མྱི་ཐར་བར་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཚུལ་ཁྲིམས་ངན་པ་ཅན་གང་ཇི་སྙེད་པ་དེ་ད་ག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཚུལ་ཁྲིམས་ངན་པ་ནི་སྡུག་བསྔལ་བ་སྟེ། ཚུལ་ཁྲིམས་ངན་པས་ནི་བདག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ཚུལ་ཁྲིམས་ངན་པའི་རྣམ་པར་སྨྱིན་པ་ནི། སེམས་ཅན་ད་མྱལ་བའམ། བྱོལ་སོང་གི་སྐྱེ་གན་ས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྟུང་ན། བདག་ཅག་ཀྱང་གདོན་པར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱེད་ཀྱིས་ཚུལ་ཁྲིམས་ངན་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཕན་ཚུན་གནོད་སེམས་སུ་གྱུར་པ་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། དེ་ལྟར་ཁྱེད་གཅིག་ལ་གཅིག་གནོད་སེམས་སུ་མ་བྱེད་ཅིག །སེམས་འཁྲུགས་པར་གྱུར་པ་ལ་དགེ་བའི་ཆོས་གང་ཡང་སྐྱེ་བར་མྱི་འགྱུར་ཏེ། དེ་ལྟ་བས་ན་ཁྱེད་ཕན་ཚུན་སེམས་འཁྲུག་པར་གྱུར་ན། སེམས་ཅན་ད་མྱལ་བར་སྐྱེ་བའམ། བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བའམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའི་གནས་ཡོད་ཀྱིས། དེ་བས་ན་ཁྱེད་ཀྱིས་འཁྲུག་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་ད་བྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ལེ་ལོ་ཅན་གང་ཇི་སྙེད་པ་དེ་ད་ག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ལེ་ལོ་ནི་སྡུག་བསྔལ་བ་སྟེ། ལེ་ལོས་ནི་བདག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ལེ་ལོའི་རྣམ་པར་སྨྱིན་པ་ནི།


DKG025_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྟུང་ན། བད་ག་ཅག་ཀྱང་གདོན་པར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱེད་ཀྱིས་ལེ་ལོའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་སེམས་གཡེང་བ་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་ད་ག་སེམས་གཡེང་བ་ནི་སྡུག་བསྔལ་བ་སྟེ། གང་སེམས་གཡེང་བའི་རྣམ་པར་སྨྱིན་པ་ནི་སེམས་ཅན་ད་མྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྟུང་ན། བད་ག་ཅག་ཀྱང་གདོན་པར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱེད་ཀྱིས་གཡེང་བའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་ད་བྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཤེས་རབ་འཆ་ལ་པ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཤེས་རབ་འཆ་ལ་པ་ནི་སྡུག་བསྔལ་བ་སྟེ། ཤེས་རབ་འཆ་ལ་པས་ནི་བད་ག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། གང་ཤེས་རབ་འཆལ་པའི་རྣམ་པར་སྨྱིན་པ་ན་པ་ནི། སེམས་ཅན་ད་མྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ཀྱིས་ཤེས་རབ་འཆ་ལ་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །འདོད་ཆ་གས་ཀྱི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་མྱི་སྡུག་པ་ལ་སྦྱོར་རོ། །ཞེ་སྡང་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་ད་ག་བྱམས་པ་ལ་སྦྱོར་རོ། །གཏི་མུག་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྦྱོར་རོ། །ལམ་ངན་


DKG025_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཞུགས་པ་གང་ཇི་སྙེད་པ་དེ་དག་ཡང་དག་པའི་ལམ་ལ་སྦྱོར་ཏེ། ཉན་ཐོས་ཀྱི་ལམ་མམ། རང་སངས་རྒྱས་ཀྱི་ལམ་མམ། སངས་རྒྱས་ཀྱི་ལམ་ལ་སྦྱོར་ཞིང་། དེ་ད་ག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ་ཁྱེད་ཆོས་གང་ལ་མངོན་པར་ཞེན་པར་གྱུར་པའི་ཆོས་དེ་དག་ནི་ངོ་བོ་ཉིད་ཀྱིས་སྟོང་སྟེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ནི་མངོན་པར་ཞེན་པར་མྱི་ནུས་ཏེ། སྟོང་པ་ཉིད་ལ་མངོན་པར་ཞེན་པ་མྱེད་དོ་ཞེས་ཆོས་སྟོན་ཏོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མངོན་པར་ཤེས་པ་རྣམས་ལ་གནས་ཤིང་། སེམས་ཅན་རྣམས་ཀྱི་དོན་བྱེད་པ་ཡིན་ནོ། །དེ་ལྷའི་མྱིག་རྣམ་པར་ད་ག་པ་མྱི་ལས་འདས་པ་དེ་ཉིད་ཀྱིས། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་མཐོང་སྟེ། དེ་དེ་ད་ག་ཏུ་རྫུ་འཕྲུལ་གྱིས་སོང་ཞིང་། སྦྱིན་པའམ། ཚུལ་ཁྲིམས་སམ། བཟོད་པའམ། བརྩོན་འགྲུས་སམ། བསམ་གཏན་ནམ། ཤེས་རབ་བམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའམ། བསམ་གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སས་མ། ཏིང་ངེ་འཛིན་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། ་སངས་རྒྱས་ཀྱི་ཆོས་མ་


DKG025_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་པ་རྣམས་སམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་ད་པའི་ཆོས་སམ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ས་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་། སེམས་ཅན་དེ་ད་ག་གི་བྱ་བ་བྱེད་དེ། དེ་ལ་སེམས་ཅན་སེར་སྣ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། སྦྱིན་པ་བྱིན་ཅིག་།ཕོངས་པ་ནི་སྡུག་བསྔལ་བ་སྟེ། ཕོངས་པས་ནི་བདག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཀྱིས་དེ་ལྟར་ཁྱེད་ཀྱིས་སྦྱིན་པ་བྱིན་ལ། བདག་ཅག་ཀྱང་བདེ་བར་གྱིས་ཤིག །གཞན་ཡང་བདེ་བར་གྱིས་ཤིག །ཕོངས་པས་ཟིལ་ཀྱིས་ནོན་ཅིང་ཉིང་ཤ་ཉིང་གིས་ཟོས་ཏེ། ངན་སོང་གསུམ་ལས་མྱི་ཐར་བར་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཚུལ་ཁྲིམས་ངན་པ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཚུལ་ཁྲིམས་ངན་པ་ནི་སྡུག་བསྔལ་བ་སྟེ། ཚུལ་ཁྲིམས་ངན་པས་ནི་བདག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་ཀྱི་དོན་ལྟ་ཅི་སྨོས་ཏེ། ཚུལ་ཁྲིམས་ངན་པའི་རྣམ་པར་སྨྱིན་པ་ནི། སེམས་ཅན་ད་མྱལ་བའམ། བྱོལ་སོང་གི་སྐྱེ་གན་ས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན། བད་ག་ཅག་ཀྱང་གདོན་པར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱེད་ཀྱིས་ཚུལ་ཁྲིམས་ངན་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་ད་བྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཕན་ཚུན་གནོད་སེམས་སུ་གྱུར་པ་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། དེ་ལྟར་ཁྱེད་གཅིག་ལ་གཅིག་གནོད་སེམས་སུ་མ་བྱེད་ཅིག །སེམས་འཁྲུགས་པར་གྱུར་པ་ལ་དགེ་བའི་ཆོས་གང་ཡང་སྐྱེ་བར་མྱི་འགྱུར་ཏེ། དེ་ལྟ་བས་ན་ཁྱེད་ཕན་ཚུན་སེམས་འཁྲུག་པར་གྱུར་ན། སེམས་ཅན་


DKG025_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

དམྱལ་བར་སྐྱེ་བའམ། བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བའམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའི་གནས་ཡོད་ཀྱིས། དེ་བས་ན་ཁྱེད་ཀྱིས་འཁྲུག་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཆོས་སྟོན་ཏོ། །སེམས་ཅན་ལེ་ལོ་ཅན་གང་ཇི་སྙེད་པ་དེ་ད་ག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་ད་ག་ལེ་ལོ་ནི་སྡུག་བསྔལ་བ་སྟེ། ལེ་ལོས་ནི་བད་ག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ལེ་ལོའི་རྣམ་པར་སྨིན་པ་ནི་སེམས་ཅ་ན་ད་མྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན། བདག་ཅག་ཀྱང་གདོན་པར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱེད་ཀྱིས་ལེ་ལོའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་སེམས་གཡེང་བ་གང་ཇི་སྙེད་པ་དེ་ད་ག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་སེམས་གཡེང་བ་ནི་སྡུག་བསྔལ་བ་སྟེ། གང་སེམས་གཡེང་བའི་ནམ་པར་སྨྱིན་པ་ནི་སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན། བདག་ཅག་ཀྱང་གདོན་པར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱེད་ཀྱིས་གཡེང་བའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཤེས་རབ་འཆ་ལ་པ་ཅན་གང་ཇི་སྙེད་པ་དེ་ད་ག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཤེས་རབ་འཆ་ལ་པ་ནི་སྡུག་བསྔལ་བ་སྟེ། ཤེས་རབ་འཆ་ལ་པས་ནི་བད་ག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ཤེས་རབ་


DKG025_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

འཆལ་བའི་རྣམ་པར་སྨྱིན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ཀྱིས་ཤེས་རབ་འཆ་ལ་བའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །འདོད་ཆགས་ཀྱི་སྤྱོད་པ་ཅན་གང་ཇི་སྙེ་ད་པ་དེ་ད་ག་མྱི་སྡུག་པ་ལ་སྦྱོར་རོ། །ཞེ་སྡང་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་ད་ག་བྱམས་པ་ལ་སྦྱོར་རོ། །གཏི་མུག་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྦྱོར་རོ། །ལམ་ངན་པར་ཞུགས་པ་གང་ཇི་སྙེད་པ་དེ་ད་ག་ཡང་དག་པའི་ལམ་ལ་སྦྱོར་ཏེ། ཉན་ཐོས་ཀྱི་ལམ་མམ། རང་སངས་རྒྱས་ཀྱི་ལམ་མམ། སངས་རྒྱས་ཀྱི་ལམ་ལ་སྦྱོར་ཞིང་། དེ་ད་ག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཁྱེད་ཆོས་གང་ལ་མངོན་པར་ཞེན་པར་གྱུར་པའི་ཆོས་དེ་ད་ག་ནི་ངོ་བོ་ཉིད་ཀྱིས་སྟོང་སྟེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ནི་མངོན་པར་ཞེན་པར་མྱི་ནུས་ཏེ། སྟོང་པ་ཉིད་ལ་མངོན་པར་ཞེན་པ་མྱེད་དོ་ཞེས་ཆོས་སྟོན་ཏོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མངོན་པར་ཤེས་པ་རྣམས་ལ་གནས་ཤིང་། སེམས་ཅན་རྣམས་ཀྱི་དོན་བྱེད་པ་ཡིན་ནོ། །དེ་ལྷའི་མྱིག་རྣམ་པར་ད་ག་པ་མྱི་ལས་འདས་པ་དེ་ཉིད་ཀྱིས་འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་མཐོང་སྟེ། དེ་དེ་དག་ཏུ་རྫུ་འཕྲུལ་གྱིས་སོང་ཞིང་། སྦྱིན་པའམ། ཚུལ་ཁྲིམས་སམ། བཟོད་པའམ། བརྩོན་འགྲུས་སམ། བསམ་གཏ་ན་ན་མ། ཤེས་རབ་བམ། དྲ་ན་པ་ཉེ་བར་གཞག་པ་རྣམས་སམ། ཡང་ད་ག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སས་མ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ།


DKG025_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་ལམ་ཡན་ལག་བརྒྱད་པའམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའམ། བསམ་གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། ཏཾིང་ངེ་འཛིན་རྣམས་སམ། མཐར་ཀྱིས་གནས་པའི་ཛྙོམས་པར་འཇུག་པ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ་མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའི་ཆོས་སམ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ས་སེམས་ཅན་གྱི་དོན་བྱེད་ཅིང་། སེམས་ཅན་དེ་དག་གི་བྱ་བ་བྱེད་དེ། དེ་ལ་སེམས་ཅན་སེར་སྣ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། སྦྱིན་པ་བྱིན་ཅིག །་ཕོངས་པ་ནི་སྡུག་བསྔལ་བ་སྟེ། ཕོངས་པས་ནི་བདག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཀྱིས། དེ་ལྟར་ཁྱེད་ཀྱིས་སྦྱིན་པ་བྱིན་ལ། བདག་ཅག་ཀྱང་བདེ་བར་གྱིས་ཤིག །གཞན་ཡང་བདེ་བར་གྱིས་ཤིག །ཕོངས་ པས་ཟིལ་ཀྱིས་ནོན་ཅིང་ཉིང་ཤ་ཉིང་གིས་ཟོས་ཏེ། ངན་སོང་གསུམ་ལས་མྱི་ཐར་བར་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཚུལ་ཁྲིམས་ངན་པ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཚུལ་ཁྲིམས་ངན་པ་ནི་སྡུག་བསྔལ་བ་སྟེ། ཚུལ་ཁྲིམས་ངན་པས་ནི་བདག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། གང་ཚུལ་ཁྲིམས་ངན་པའི་རྣམ་པར་སྨྱིན་པ་ན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་


DKG025_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

སོང་གསུམ་དུ་ལྟུང་ན། བདག་ཅག་ཀྱང་གདོན་པར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཏེ། དེའི་ཕྱིར་ཁྱེད་ཀྱིས་ཚུལ་ཁྲིམས་ངན་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཕན་ཚུན་གནོད་སེམས་སུ་གྱུར་པ་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། དེ་ལྟར་ཁྱེད་གཅིག་ལ་གཅིག་གནོད་སེམས་སུ་མ་བྱེད་ཅིག །སེམས་འཁྲུགས་པར་གྱུར་པ་ལ་དགེ་བའི་ཆོས་གང་ཡང་སྐྱེ་བར་མྱི་འགྱུར་ཏེ། དེ་ལྟ་བས་ན་ཁྱེད་ཕན་ཚུན་སེམས་འཁྲུག་པར་གྱུར་ན། སེམས་ཅན་དམྱལ་བར་སྐྱེ་བའམ། བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བའམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའི་གནས་ཡོད་ཀྱིས། དེ་བས་ན་ཁྱེད་ཀྱིས་འཁྲུག་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ལེ་ལོ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཕེ་ལོ་ནི་སྡུག་བསྔལ་བ་སྟེ། ཕེ་ལོས་ནི་བདག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ལེ་ལོའི་རྣམ་པར་སྨྱིན་པ་ནི་སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན། བདག་ཅག་ཀྱང་གདོན་པར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱེད་ཀྱིས་ལེ་ལོའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་སེམས་གཡེང་བ་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་སེམས་གཡེང་བ་ནི་སྡུག་བསྔལ་བ་སྟེ། གང་སེམས་གཡེང་བའི་རྣམ་པར་སྨྱིན་པ་ནི་སེམས་ཅན་


DKG025_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན། བདག་ཅག་ཀྱང་གདོན་པར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨས་ཀྱིས། དེའི་ཕྱིར་ཁྱེད་ཀྱིས་གཡེང་བའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཤེས་རབ་འཆལ་པ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཤེས་རབ་འཆལ་པ་ནི་སྡུག་བསྔལ་བ་སྟེ། ཤེས་རབ་འཆལ་པས་ནི་བདག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ཤེས་རབ་འཆལ་པའི་རྣམ་པར་སྨྱིན་པ་ན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ཀྱིས་ཤེས་རབ་འཆལ་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །འདོད་ཆགས་ཀྱི་སྦྱོད་པ་ཅན་གང་ཇི་སྙེད་པ་དེ་དག་མྱི་སྡུག་པ་ལ་སྦྱོར་རོ། །ཞེ་སྡང་གི་སྦྱོད་པ་ཅན་གང་ཇི་སྙེད་པ་དེ་དག་བྱམས་པ་ལ་སྦྱོར་རོ། །གཏི་མུག་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྦྱོར་རོ། །ལམ་ངན་པར་ཞུགས་པ་གང་ཇི་སྙེད་པ་དེ་དག་ཡང་དག་པའི་ལམ་ལ་སྦྱོར་ཏེ། ཉན་ཐོས་ཀྱི་ལམ་མམ། རང་སངས་རྒྱས་ཀྱི་ལམ་མམ། སངས་རྒྱས་ཀྱི་ལམ་ལ་སྦྱོར་ཞིང་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཁྱེད་ཆོས་གང་ལ་མངོན་པར་ཞེན་པར་གྱུར་པའི་ཆོས་དེ་དག་ནི་ངོ་བོ་ཉིད་ཀྱིས་སྟོང་སྟེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ནི་མངོན་པར་ཞེན་པར་མྱི་ནུས་ཏེ། སྟོང་པ་ཉིད་ལ་མངོན་པར་ཞེན་པ་མྱེད་དོ་ཞེས་ཆོས་སྟོན་ཏོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་


DKG025_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མངོན་པར་ཤེས་པ་རྣམས་ལ་གནས་ཤིང་། སེམས་ཅན་རྣམས་ཀྱི་དོན་བྱེད་པ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉི་ཤུ་གཉིས་པ། དེ་ལྷའི་མྱིག་རྣམ་པར་དག་པ་མྱི་ལས་འདས་པ་དེ་ཉིད་ཀྱིས། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་མཐོང་སྟེ་དེ་དེ་དག་ཏུ་རྫུ་འཕྲུལ་གྱིས་སོང་ཞིང་། སྦྱིན་པའམ། ཚུལ་ཁྲིམས་སམ། བཟོད་པའམ། བརྩོན་འགྲུས་སམ། བསམ་གཏན་ནམ། ཤེས་རབ་བམ། དྲན་པ་ཉེ་བར་གཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སས་མ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའམ། བསམ་གཏན་རྣམས་སམ། ཚད་མྱེད་པ་རྣམས་སམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། མྱི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་ད་པརི་ཆོས་སམ། སངས་རྒྱས་ཀྱི་ཆོས་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་། སེམས་ཅན་དེ་དག་གི་བྱ་བ་བྱེད་དེ། དེ་ལ་སེམས་ཅན་སེར་སྣ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། སྦྱིན་


DKG025_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱིན་ཅིག །ཕོངས་པ་ནི་སྡུག་བསྔལ་བ་སྟེ། ཕོངས་པས་ནི་བདག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཀྱིས། དེ་ལྟར་ཁྱེད་ཀྱིས་སྦྱིན་པ་བྱིན་ལ་བདག་ཅག་ཀྱང་བདེ་བར་གྱིས་ཤིག །གཞན་ཡང་བདེ་བར་གྱིས་ཤིག །ཕོངས་པས་ཟིལ་ཀྱིས་ནོན་ཅིང་ཉིང་ཤ་ཉིང་གིས་ཟོས་ཏེ། ངན་སོང་གསུམ་ལས་མྱི་ཐར་བར་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཚུལ་ཁྲིམས་ངན་པ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཚུལ་ཁྲིམས་ངན་པ་ནི་སྡུག་བསྔལ་བ་སྟེ། ཚུལ་ཀྲིམས་ངན་པས་ནི་བདག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ཚུལ་ཁྲིམས་ངན་པའི་རྣམ་པར་སྨྱིན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྟུང་ན། བདག་ཅག་ཀྱང་གདོན་པར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱེད་ཀྱིས་ཚུལ་ཁྲིམས་ངན་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཕན་ཚུན་གནོད་སེམས་སུ་གྱུར་པ་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། དེ་ལྟར་ཁྱེད་གཅིག་ལ་གཅིག་གནོད་སེམས་སུ་མ་བྱེད་ཅིག །སེམས་འཁྲུགས་པར་གྱུར་པ་ལ་དགེ་བའི་ཆོས་གང་ཡང་སྐྱེ་བར་མྱི་འགྱུར་ཏེ། དེ་ལྟ་བས་ན་ཁྱེད་ཕན་ཚུན་སེམས་འཁྲུག་པར་གྱུར་ན། སེམས་ཅན་དམྱལ་བར་སྐྱེ་བའམ། བྱོལ་སོང་གི་སྐྱེ་གནས་སུ་སྐྱེ་བའམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བའི་གནས་ཡོད་ཀྱིས། དེ་བས་ན་ཁྱོད་ཀྱིས་འཁྲུག་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །


DKG025_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ལེ་ལོ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ལེ་ལོ་ནི་སྡུག་བསྔལ་བ་སྟེ། ལེ་ལོས་ནི་བདག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། ལེ་ལོའི་རྣམ་པར་སྨྱིན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྷུང་ན། བདག་ཅག་ཀྱང་གདོན་པར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱོད་ཀྱིས་ལེ་ལོའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་སེམས་གཡེང་བ་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་སེམས་གཡེང་བ་ནི་སྡུག་བསྔལ་བ་སྟེ། གང་སེམས་གཡེང་བའི་རྣམ་པར་སྨྱིན་པ་ནི་སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ངན་སོང་གསུམ་དུ་ལྟུང་ན། བདག་ཅག་ཀྱང་གདོན་པར་མྱི་ནུས་ན། གཞན་གདོན་པར་ལྟ་ཅི་སྨོས་ཀྱིས། དེའི་ཕྱིར་ཁྱོད་ཀྱིས་གཡེང་བའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་ཆོས་སྟོན་ཏོ། །སེམས་ཅན་ཤེས་རབ་འཆལ་པ་ཅན་གང་ཇི་སྙེད་པ་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཀྱེ་སྐྱེས་བུ་དག་ཤེས་རབ་འཆལ་པ་ནི་སྡུག་བསྔལ་བ་སྟེ། ཤེས་རབ་འཆལ་པས་ནི་བདག་གི་དོན་ཀྱང་བྱ་བར་མྱི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས་ཏེ། གང་ཤེས་རབ་འཆལ་པའི་རྣམ་པར་སྨྱིན་པ་ནི། སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ཡིན་ཏེ། དེ་ལྟར་ཁྱེད་ཀྱིས་ཤེས་རབ་འཆལ་པའི་སེམས་འགའ་ཙམ་གྱི་གོ་སྐབས་ཀྱང་མྱི་དབྱེའོ། །ཕྱིས་འགྱོད་པ་ཅན་དུ་གྱུར་ཏ་རེ་ཞེས་


DKG025_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྟོན་ཏོ། །འདོད་ཆགས་ཀྱི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་ནི་མྱི་སྡུག་པ་ལ་སྦྱོར་རོ། །ཞེ་སྡང་གི་སྦྱོད་པ་ཅན་གང་ཇི་སྙེད་པ་དེ་དག་ནི་བྱམས་པ་ལ་སྦྱོར་རོ། །གཏི་མུག་གི་སྤྱོད་པ་ཅན་གང་ཇི་སྙེད་པ་དེ་དག་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྦྱོར་རོ། །ལམ་ངན་པར་ཞུགས་པ་གང་ཇི་སྙེད་པ་དེ་དག་ནི་ཡང་དག་པའི་ལམ་ལ་སྦྱོར་ཏེ། ཉན་ཐོས་ཀྱི་ལམ་མམ། རང་སངས་རྒྱས་ཀྱི་ལམ་མམ། སངས་རྒྱས་ཀྱི་ལམ་ལ་སྦྱོར་ཞིང་དེ་དག་ལ་འདི་སྐད་དུ་ཆོས་སྟོན་ཏེ། ཁྱེད་ཆོས་གང་ལ་མངོན་པར་ཞེན་པར་གྱུར་པའི་ཆོས་དེ་དག་ནི་ངོ་བོ་ཉིད་ཀྱིས་སྟོང་སྟེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་ནི་མངོན་པར་ཞེན་པར་མྱི་ནུས་ཏེ། སྟོང་པ་ཉིད་ལ་མངོན་པར་ཞེན་པ་མེད་དོ་ཞེས་ཆོས་སྟོན་ཏོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མངོན་པར་ཤེས་པ་རྣམས་ལ་གནས་ཤིང་། སེམས་ཅན་རྣམས་ཀྱི་དོན་བྱེད་པ་ཡིན་ནོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། མངོན་པར་ཤེས་པ་རྣམས་ལ་མ་གནས་པར་སེམས་ཅན་རྣམས་ལ་ཆོས་བསྟན་པར་མྱི་ནུས་དཏེ། ལམ་གོལ་བར་ཞུགས་པའི་སེམས་ཅན་རྣམས་ཀྱང་ལམ་དུ་གཟུད་པར་མྱི་ནུས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བྱ་འདབ་མ་མྱེད་པས་ནི། ནམ་མཁའ་ལ་འགྲོ་བར་མྱི་ནུས་སོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ད་པའ་ཆེན་པོས་ཀྱང་མངོན་པར་ཤེས་པ་རྣམས་ལ་མ་བརྟེན་པར་སེམས་ཅན་རྣམས་ལ་ཆོས་བསྟན་པར་མྱི་ནུས་སོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མངོན་པར་ཤེས་པ་རྣམས་མངོན་པར་བསྒྲུབ་པར་བྱ་སྟེ།


DKG025_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མངོན་པར་ཤེས་པ་མངོན་པར་བསྒྲུབས་པ་དེ་དག་གིས། སེམས་ཅན་རྣམས་ཀྱི་དོན་ཅི་བྱ་བར་དགའ་བ་དེ་བདེ་བར་བྱེད་དོ། །དེས་ལྷའི་མྱིག་གིས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་མཐོང་སྟེ། དེ་དག་ཏུ་སེམས་ཅན་གང་ཇི་སྙེད་ཅིག་སྐྱེས་པ་དེ་དག་ཀྱང་མཐོང་ངོ་། །དེ་ལྟར་མཐོང་ནས་ཀྱང་རྫུ་འཕྲུལ་གྱིས་དེ་དག་ཏུ་སོང་ཞིང་། སེམས་ཅན་དེ་དག་གི་སེམས་སེམས་ཀྱིས་ཁོང་དུ་ཆུད་པར་བྱས་ནས། དེ་དང་མཐུན་པར་སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེས་ལྷའི་མྱིག་གིས་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་མཐོང་སྟེ། དེ་དག་ཏུ་སེམས་ཅན་གང་ཇི་སྙེད་ཅིག་སྐྱེས་པ་དེ་དག་ཀྱང་མཐོང་ངོ་། །དེ་ལྟར་མཐོང་ནས་ཀྱང་རྫུ་འཕྲུལ་གྱིས་དེ་དག་ཏུ་སོང་ཞིང་སེམས་ཅན་དེ་དག་གི་སེམས་སེམས་ཀྱིས་ཁོང་དུ་ཆུད་པར་བྱས་ནས། དེ་དང་མཐུན་པར་སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེས་ལྷའི་མྱིག་གིས་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས། གངྒཱའི་ཀླུང་གི་བྱེ་མ་སྙེད་མཐོང་སྟེ། དེ་དག་ཏུ་སེམས་ཅན་གང་ཇི་སྙེད་ཅིག་སྐྱེས་པ་དེ་དག་ཀྱང་མཐོང་ངོ་། །དེ་ལྟར་མཐོང་ནས་ཀྱང་རྫུ་འཕྲུལ་གྱིས་དེ་དག་ཏུ་སོང་ཞིང་། སེམས་ཅན་དེ་དག་གི་སེམས་སེམས་ཀྱིས་ཁོང་དུ་ཆུད་པར་བྱས་ནས། དེ་དང་མཐུན་པར་སྦྱིན་པའི་


DKG025_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེས་ལྷའི་མྱིག་གིས་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་མཐོང་སྟེ། དེ་དག་ཏུ་སེམས་ཅན་གང་ཇི་སྙེད་ཅིག་སྐྱེས་པ་དེ་དག་ཀྱང་མཐོང་ངོ་། །དེ་ལྟར་མཐོང་ནས་ཀྱང་རྫུ་འཕྲུལ་གྱིས་དེ་དག་ཏུ་སོང་ཞིང་། སེམས་ཅན་དེ་དག་གི་སེམས་སེམས་ཀྱིས་ཁོང་དུ་ཆུད་པར་བྱས་ནས། དེ་དང་མཐུན་པར་སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེས་ལྷའི་མྱིག་གིས་བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་མཐོང་སྟེ། དེ་དག་ཏུ་སེམས་ཅན་གང་ཇི་སྙེད་ཅིག་སྐྱེས་པ་དེ་དག་ཀྱང་མཐོང་ངོ་། །དེ་ལྟར་མཐོང་ནས་ཀྱང་རྫུ་འཕྲུལ་གྱིས་དེ་དག་ཏུ་སོང་ཞིང་། སེམས་ཅན་དེ་དག་གི་སེམས་སེམས་ཀྱིས་ཁོང་དུ་ཆུད་པར་བྱས་ནས། དེ་དང་མཐུན་པར་སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེས་ལྷའི་མྱིག་གིས་ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་མཐོང་སྟེ། དེ་དག་ཏུ་སེམས་ཅན་གང་ཇི་སྙེད་ཅིག་


DKG025_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་དེ་དག་ཀྱང་མཐོང་ངོ་། །དེ་ལྟར་མཐོང་ནས་ཀྱང་རྫུ་འཕྲུལ་གྱིས་དེ་དག་ཏུ་སོང་ཞིང་། སེམས་ཅན་དེ་དག་གི་སེམས་སེམས་ཀྱིས་ཁོང་དུ་ཆུད་པར་བྱས་ནས། དེ་དང་མཐུན་པར་སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེས་ལྷའི་མྱིག་གིས་ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་མཐོང་སྟེ། དེ་དག་ཏུ་སེམས་ཅན་གང་ཇི་སྙེད་ཅིག་སྐྱེས་པ་དེ་དག་ཀྱང་མཐོང་ངོ་། །དེ་ལྟར་མཐོང་ནས་ཀྱང་རྫུ་འཕྲུལ་གྱིས་དེ་དག་ཏུ་སོང་ཞིང་། སེམས་ཅན་དེ་དག་གིས་སེམས་སེམས་ཀྱིས་ཁོང་དུ་ཆུད་པར་བྱས་ནས། དེ་དང་མཐུན་པར་སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེས་ལྷའི་མྱིག་གིས་ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་མཐོང་སྟེ། དེ་དག་ཏུ་སེམས་ཅན་གང་ཇི་སྙེད་ཅིག་སྐྱེས་པ་དེ་དག་ཀྱང་མཐོང་ངོ་། །དེ་ལྟར་མཐོང་ནས་ཀྱང་རྫུ་འཕྲུལ་གྱིས་དེ་དག་ཏུ་སོང་ཞིང་། སེམས་ཅན་དེ་དག་གི་སེམས་སེམས་ཀྱིས་ཁོང་དུ་ཆུད་པར་བྱས་ནས། དེ་དང་མཐུན་པར་སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་


DKG025_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེས་ལྷའི་མྱིག་གིས་འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་མཐོང་སྟེ། དེ་དག་ཏུ་སེམས་ཅན་གང་ཇི་སྙེད་ཅིག་སྐྱེས་པ་དེ་དག་ཀྱང་མཐོང་ངོ་། །དེ་ལྟར་མཐོང་ནས་ཀྱང་རྫུ་འཕྲུལ་གྱིས་དེ་དག་ཏུ་སོང་ཞིང་། སེམས་ཅན་དེ་དག་གི་སེམས་སེམས་ཀྱིས་ཁོང་དུ་ཆུད་པར་བྱས་ནས། དེ་དང་མཐུན་པར་སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེས་ལྷའི་མྱིག་གིས་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་མཐོང་སྟེ། དེ་དག་ཏུ་སེམས་ཅན་གང་ཇི་སྙེད་ཅིག་སྐྱེས་པ་དེ་དག་ཀྱང་མཐོང་ངོ་། །དེ་ལྟར་མཐོང་ནས་ཀྱང་རྫུ་འཕྲུལ་གྱིས་དེ་དག་ཏུ་སོང་ཞིང་། སེམས་ཅན་དེ་དག་གི་སེམས་སེམས་ཀྱིས་ཁོང་དུ་ཆུད་པར་བྱས་ནས། དེ་དང་མཐུན་པར་སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ་ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེ་ལྷའི་རྣ་བའི་ཁམས་ཀྱིས་འདི་ལྟ་སྟེ། ལྷ་དང་མྱི་གཉིས་ཀའི་སྒྲ་ཡང་ཐོས་ཏེ། དེ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་ཆོས་སྟོན་པ་དེ་དག་གི་ཆོས་ལྷའི་རྣ་བས་ཉན་ཏེ། ཐོས་ནས་ཀྱང་དེ་བཞིན་ཉིད་དུ་འཛིན་ཏོ། །དེ་བཞིན་ཉིད་དུ་བཟུང་ནས། དེ་བཞིན་ཉིད་དུ་སེམས་


DKG025_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་ལ་ཆོས་སྟོན་ཏོ། །སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེ་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་ཆོས་སྟོན་པ་དེ་དག་གི་ཆོས་ལྷའི་རྣ་བས་ཉན་ཏེ། ཐོས་ནས་ཀྱང་དེ་བཞིན་ཉིད་དུ་འཛིན་ཏོ། །དེ་བཞིན་ཉིད་དུ་བཟུང་ནས། དེ་བཞིན་ཉིད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེ་ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱ་འི་ཀླུང་གི་བྱེ་མ་སྙེད་ད་ག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་ཆོས་སྟོན་པ་དེ་དག་གི་ཆོས་ལྷའི་རྣ་བས་ཉན་ཏེ། ཐོས་ནས་ཀྱང་དེ་བཞིན་ཉིད་དུ་འཛིན་ཏོ། །དེ་བཞིན་ཉིད་དུ་བཟུང་ནས། དེ་བཞིན་ཉིད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེ་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་ཆོས་སྟོན་པ་དེ་དག་གི་ཆོས་ལྷའི་རྣ་བས་ཉན་ཏེ།


DKG025_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་ནས་ཀྱང་དེ་བཞིན་ཉིད་དུ་འཛིན་ཏོ། །དེ་བཞིན་ཉིད་དུ་བཟུང་ནས། དེ་བཞིན་ཉིད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེ་བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་ཆོས་སྟོན་པ་དེ་དག་གི་ཆོས་ལྷའི་རྣ་བས་ཉན་ཏེ། ཐོས་ནས་ཀྱང་དེ་བཞིན་ཉིད་དུ་འཛིན་ཏོ། །དེ་བཞིན་ཉིད་དུ་བཟུང་ནས། དེ་བཞིན་ཉིད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེ་ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་ཆོས་སྟོན་པ་དེ་དག་གི་ཆོས་ལྷའི་རྣ་བས་ཉན་ཏེ། ཐོས་ནས་ཀྱང་དེ་བཞིན་ཉིད་དུ་འཛིན་ཏོ། །དེ་བཞིན་ཉིད་དུ་བཟུང་ནས། དེ་བཞིན་ཉིད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། །བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེ་ལྷོ་ནུབ་ཀྱི་ཕྱོགས་


DKG025_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་ཆོས་སྟོན་པ་དེ་དག་གིས་ཆོས་ལྷའི་རྣ་བས་ཉན་ཏེ། ཐོས་ནས་ཀྱང་དེ་བཞིན་ཉིད་དུ་འཛིན་ཏོ། །དེ་བཞིན་ཉིད་དུ་བཟུང་ནས། དེ་བཞིན་ཉིད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེ་ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་ཆོས་སྟོན་པ་དེ་དག་གི་ཆོས་ལྷའི་རྣ་བས་ཉན་ཏེ། ཐོས་ནས་ཀྱང་དེ་བཞིན་ཉིད་དུ་འཛིན་ཏོ། །དེ་བཞིན་ཉིད་དུ་བཟུང་ནས། དེ་བཞིན་ཉིད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། །བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེ་འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་ཆོས་སྟོན་པ་དེ་དག་གི་ཆོས་ལྷའི་རྣ་བས་ཉན་ཏེ། ཐོས་ནས་ཀྱང་དེ་བཞིན་ཉིད་དུ་འཛིན་ཏོ། །དེ་བཞིན་ཉིད་དུ་བཟུང་ནས། དེ་བཞིན་ཉིད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ།


DKG025_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེ་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་ཆོས་སྟོན་པ་དེ་དག་གི་ཆོས་ལྷའི་རྣ་བས་ཉན་ཏེ། ཐོས་ནས་ཀྱང་དེ་བཞིན་ཉིད་དུ་འཛིན་ཏོ། །དེ་བཞིན་ཉིད་དུ་བཟུང་ནས། དེ་བཞིན་ཉིད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེ་སེམས་ཀྱི་རྣམ་གྲངས་ཤེས་པ་ཤིན་ཏུ་རྣམ་པར་དག་པ་དང་ལྡན་པ་ཡིན་ཏེ། དེ་སེམས་ཀྱི་རྣམ་གྲངས་ཤེས་པ་དེས་སེམས་ཅན་རྣམས་ཀྱི་སེམས་ཤེས་པར་བྱས་ཤིང་། དེ་དག་ལ་དེ་བཞིན་ཉིད་དུ་ཆོས་སྟོན་ཏེ། སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེ་བདག་གམ་གཞན་གྱི་སྔོན་གྱི་གནས་རྣམ་པ་དུ་མར་རྗེས་སུ་དྲན་ཏེ། སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་པ་དེས། སྡོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་འདི་ཞེས་བྱ་བ་ཉན་ཐོས་ཀྱི་དགེ་འདུན་དང་བ་ཅས་པ་བྱུང་ངོ་ཞེས་བྱ་བར་ཡང་ཤེས་ཏེ། སེམས་ཅན་


DKG025_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་གྱི་གནས་རྗེས་སུ་དྲན་པ་ལ་མོས་པ་གང་ཇི་སྙེད་པ་དེ་དག་ལ་ཡང་དག་པ་ཉིད་དུ་ཆོས་སྟོན་ཏེ། སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། །བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ་ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེ་རྫུ་འཕྲུལ་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་སོང་ཞིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་དེ། བསྙེན་བཀུར་བྱས་ནས། མངོན་པར་ཤེས་པའི་ཡེ་ཤེས་ཀྱིས་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏ་མ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །དེ་ཟག་པ་མྱེད་པ་མངོན་དུ་བྱ་བའི་ཤེས་པ་ཤིན་ཏུ་རྣམ་པར་ད་ག་པ་དང་ལྡན་པ་ཡིན་ཏེ། དེ་ཟག་པ་མྱེད་པ་མངོན་དུ་བྱ་བའི་ཤེས་པ་ཤིན་ཏུ་རིག་པ་དེས་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། སྦྱིན་པའི་གཏམ་མམ། ཚུལ་ཁྲིམས་ཀྱི་གཏམ་མམ། བཟོད་པའི་གཏམ་མམ། བརྩོན་འགྲུས་ཀྱི་གཏམ་མམ། བསམ་གཏན་གྱི་གཏམ་མམ། ཤེས་རབ་ཀྱི་གཏམ་མམ། འཕགས་པའི་བདེན་པའི་གཏམ་མམ། འབྱུང་བའི་གཏམ་གྱི་བར་དུ་ཆོས་སྟོན་ཏོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མངོན་པར་ཤེས་པ་རྣམས་མངོན་པར་བསྒྲུབ་པར་བྱ་སྟེ། དེ་མངོན་


DKG025_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པ་ཤིན་ཏུ་འདྲིས་པ་དེ་དག་གིས་ལུས་ཅི་དང་ཅི་ལྟ་བུ་ཡོངས་སུ་གཟུང་བར་འདོད་པ་དེ་དང་དེ་ལྟ་བུའི་ལུས་ཡོངས་སུ་གཟུང་ཞིང་མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་བདེ་བའམ། སྡུག་བསྔལ་བ་དེ་དག་གིས་གོས་པར་མྱི་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པས་སྤྲུལ་པའི་སྐྱེས་བུ་ནི། ད་གོས་པ་ཐམས་ཅད་བྱེད་ཀྱང་བདེ་བའམ། སྡུག་བསྔལ་བ་དེས་གོས་པར་འགྱུར་བ་མྱེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་། མངོན་པར་ཤེས་པས་རྣམ་པར་རྩེ་ཞིང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་ཀྱང་བདེ་བའམ། སྡུག་བསྔལ་བ་དེས་ཕྲོགས་པར་མྱི་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་ལྟར་མངོན་པར་ཤེས་པས། རྣམ་པར་བརྩེ་བར་བྱ་སྟེ། ཅི་ནས་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་བ་དང་། སེམས་ཅན་ཡོངས་སུ་སྨྱིན་པར་འགྱུར་བ་དེ་ལྟར་བརྩེ་བར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མ་བྱས། སེམས་ཅན་ཡོངས་སུ་སྨྱིན་པར་མ་བྱས་པར། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་ནུས་སོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། ལམ་གྱི་ཡན་ལག་དང་མྱི་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མྱེད་དོ། །རབ་འབྱོར་གྱིས་


DKG025_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལམ་གྱི་ཡན་ལག་ཡོངས་སུ་རྫོགས་པར་བགྱིས་ཤིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ལམ་གྱི་ཡན་ལག་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དགེ་བའི་ཆོས་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་གྱི་ཡན་ལག་ག་གོ། །གསོལ་པ། བཅོམ་ལྡན་འདས་ལམ་གྱི་ཡན་ལག་གང་གིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ལམ་གྱི་ཡན་ལག་དགེ་བའི་ཆོས་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། དེ་ལ་མྱི་རྟོག་ཅིང་དེ་ཡོངས་སུ་གཏོང་བའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་སྦྱིན་པའོ། །འདི་ལ་ཡོངས་སུ་གཏང་བར་བྱའོ། །བདག་གིས་སྦྱིན་པར་བྱའོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། དེ་ཚུལ་ཁྲིམས་སྲུང་བའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་ཚུལ་ཁྲིམས་ས་སོ། །བདག་གིས་ཚུལ་ཁྲིམས་བསྲུང་ངོ་། །འདིའི་དོན་དུ་ཚུལ་ཁྲིམས་བསྲུང་ངོ་། །ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་གིས་བདག་ཀྱང་འཁོར་བ་ལས་


DKG025_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ད་གེ་བའི་ཆོས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། ་བཟོད་པ་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་བཟོད་པའོ། །བདག་གིས་བཟོད་པ་བསྒོམ་མ་མོ། །འདིའི་དོན་དུ་བཟོད་པ་བསྒོམ་པར་བྱའོ། །ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། ་བརྩོན་འགྲུས་རྩོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་བརྩོན་འགྲུས་ས་སོ། །བདག་གིས་བརྩོན་འགྲུས་བརྩམ་མ་མོ། །འདིའི་དོན་དུ་བརྩོན་འགྲུས་བརྩམ་པར་བྱའོ། །ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། དེ་བསམ་གཏན་ལ་མཉམ་པར་གཞོག་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་ནི་བསམ་གཏན་ན་ནོ། །བད་ག་གིས་བསམ་གཏན་ལ་མཉམ་པར་གཞག་གོ ། འདིའི་དོན་དུ་བསམ་གཏན་ལ་མཉམ་པར་གཞག་གོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་


DKG025_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། །དགེ་བའི་ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཀྱང་། དེ་ལ་མྱི་རྟོག་ཅིང་དེ་ཤེས་རབ་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་ཤེས་རབ་བོ། །བདག་གིས་ནི་ཤེས་རབ་བསྒོམ་རྨོ། །འདིའི་དོན་དུ་ཤེས་རབ་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་ནང་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། ནང་སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་ནང་སྟོང་པ་ཉིད་ད་དོ། །བདག་གིས་ནང་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་ནང་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། ནང་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་ཕྱི་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། ཕྱི་སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་ཕྱི་སྟོང་པ་ཉིད་དོ། །བ་དག་གིས་ཕྱི་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་ཕྱི་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། ཕྱི་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་།


DKG025_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནང་སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་ཕྱི་ནང་སྟོང་པ་ཉིད་དོ། །བདག་གིས་ཕྱི་ནང་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་ཕྱི་ནང་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། ཕྱི་ནང་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་སྟོང་པ་ཉིད་སྟོང་པ་ཉིད་ལ་སྦྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། སྟོང་པ་ཉིད་སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །བདག་གིས་སྟོང་པ་ཉིད་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་སྟོང་པ་ཉིད་སྟོང་པ་ཉིད་བསྒོམ་མ་མོ། །ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། སྟོང་པ་ཉིད་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་ཆེན་པོ་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མྱི་རྟག་ཅིང་། ཆེན་པོ་སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་ཆེན་པོ་སྟོང་པ་ཉིད་དོ། །བདག་གིས་ཆེན་པོ་སྟོང་པ་ཉིད་བསྒམ་པར་བྱའོ། །འདིའི་དོན་དུ་ཆེན་པོ་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། ཆེན་པོ་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །ཨེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་དོན་དམ་པ་སྟོང་པ་ཉད་ལ་སྦྱད་ཀྱང་དེ་ལ་མྱི་རྟོག་ཅིང་། དོན་དམ་པ་སྟོང་པ་ཉིད་བསྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་


DKG025_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཀྱི་ཕྱིར། འདི་ནི་དོན་དམ་པ་སྟོང་པ་ཉིད་ད་དོ། །བདག་གིས་དོན་དམ་པ་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་དོན་དམ་པ་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། དོན་དམ་པ་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་འདུས་བྱས་སྟོང་པ་ཉིད་ལ་སྦྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། འདུས་བྱས་སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་འདུས་བྱས་སྟོང་པ་ཉིད་དོ། །བདག་གིས་འདུས་བྱས་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་འདུས་བྱས་སྟོང་པ་ཉིད་བསྒོམ་རྨོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། འདུས་བྱས་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་ཀྱང་། དེ་ལ་མྱི་རྟོག་ཅིང་། འདུས་མ་བྱས་སྟོང་པ་ཉིད་སྒམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་ནི་འདུས་མ་བྱས་སྟོང་པ་ཉིད་དོ། །བདག་གིས་འདུས་མ་བྱས་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་འདུས་མ་བྱས་སྟོང་པ་ཉིད་སྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། འདུས་མ་བྱས་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྦྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། མཐའ་ལས་འདས་པ་སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་


DKG025_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དོ། །བདག་གིས་མཐའ་ལས་འདས་པ་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་མཐའ་ལས་འདས་པ་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། མཐའ་ལས་འདས་པ་སྟོང་པ་ཉིད། གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་སྦྱོད་ཀྱང་། དེ་ལ་མྱི་རྟོག་ཅིང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བསྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དོ། །བདག་གིས་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་དོར་བ་མྱེད་པ་སྟོང་པ་ཉིད་ལ་སྦྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། དོར་བ་མྱེད་པ་སྟོང་པ་ཉད་བསྒམ་པའི་ཚེ། ངོ་བོ་ཉིད་ཀྱེས་སྟོང་པ་ཉིད་ཀྱི་ཕྱིར། འདི་ནི་དོར་བ་མྱེད་པ་སྟོང་པ་ཉིད་དོ། །བདག་གིས་དོར་བ་མྱེད་པ་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་དོར་བ་མྱེད་པ་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། དོར་བ་མྱེད་པ་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་རང་


DKG025_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་སྟོང་པ་ཉིད་ལ་སྦྱད་ཀྱང་། དེ་ལ་མྱི་རྟོག་ཅིང་། རང་བཞིན་སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་རང་བཞིན་སྟོང་པ་ཉིད་དོ། །བ་དག་གིས་རང་བཞིན་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་རང་བཞིན་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། རང་བཞིན་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྦྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། ཆོས་ཐམས་ཅད་སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །བདག་གིས་ཆོས་ཐམས་ཅད་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་ཆོས་ཐམས་ཅད་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྦྱོད་ཀྱང་། དེ་ལ་མྱི་རྟོག་ཅིང་། རང་གི་མཚན་ཉིད་སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །བདག་གིས་རང་གི་མཚན་ཉིད་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་རང་གི་མཚན་ཉིད་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། རང་གི་མཚན་ཉིད་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་


DKG025_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་མྱི་དམྱིགས་པ་སྟོང་པ་ཉིད་ལ་སྤྱོད་ཀྱང་། དེ་ལ་མྱི་རྟོག་ཅིང་། མྱི་དམྱིགས་པ་སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་མྱི་དམྱིགས་པ་སྟང་པ་ཉིད་དོ། །བདག་གིས་མྱི་དམྱིགས་པ་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་མྱི་དམྱིགས་པ་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། མྱི་དམྱིགས་པ་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་དངོས་པོ་མྱེད་པ་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། དངོས་པོ་མྱེད་པ་སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་ནི་དངོས་པོ་མྱེད་པ་སྟོང་པ་ཉིད་དོ། །བདག་གིས་དངོས་པོ་མྱེད་པ་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་དངོས་པོ་མྱེད་པ་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། དངོས་པོ་མྱེད་པ་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་ནི་ངོ་བོ་ཉིད་སྟོང་པ་ཉིད་ད་དོ། །བདག་གིས་ངོ་བོ་ཉིད་སྟོང་པ་ཉིད་བསྒམ་པར་བྱའོ། །འདིའི་དོན་དུ་ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། ངོ་བོ་ཉིད་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་།


DKG025_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དགེ་བའི་ཆོས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྦྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉད་ཀྱི་ཕྱིཕྱིར། འདི་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །བདག་གིས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིའི་དོན་དུ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་དྲན་པ་ཉེ་བར་གཞག་པ་བཞི་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་དྲན་པ་ཉེ་བར་གཞག་པ་རྣམས་ས་སོ། །བདག་གིས་དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། དྲན་པ་ཉེ་བར་གཞག་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་ཡང་དག་པར་སྤོང་བ་བཞི་ལ་སྦྱོད་ཀྱང་དེ་ལ་མྱི་རྟོག་ཅིང་ཡང་དག་པར་སྤོང་བ་རྣམས་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་ཡང་དག་པར་སྤོང་བ་རྣམས་སོ། །བདག་གིས་ཡང་དག་པར་


DKG025_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་བ་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་ཡང་དག་པར་སྤོང་བ་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། ཡང་དག་པར་སྤོང་བ་གང་གིས་བད་ག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སྤྱོད་ཀྱང་། དེ་ལ་མྱི་རྟོག་ཅིང་། རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་སོ། །བདག་གིས་རྫུ་འཕྲུལ་གྱི་རྐང་པ་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་རྫུ་འཕྲུལ་གྱི་རྐང་པ་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། རྫུ་འཕྲུལ་གྱི་རྐང་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་དབང་པོ་ལྔ་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། དབང་པོ་ལྔ་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་དབང་པོ་རྣམས་ས་སོ། །བདག་གིས་དབང་པོ་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་དབང་པོ་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། དབང་པོ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་སྟོབས་ལྔ་ལ་སྦྱོད་ཀྱང་། དེ་ལ་མྱི་རྟག་ཅིང་། སྟོབས་རྣམས་སྒོམ་པའི་ཚེ།


DKG025_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་སྟོབས་རྣམས་སོ། །བདག་གིས་སྟོབས་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་སྟོབས་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། སྟོབས་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྦྱོད་ཀྱང་། དེ་ལ་མྱི་རྟོག་ཅིང་། བྱང་ཆུབ་ཀྱི་ཡན་ལག་རྣམས་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་སོ། །བདག་གིས་བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། བྱང་ཆུབ་ཀྱི་ཡན་ལག་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་ཀྱང་། དེ་ལ་མྱི་རྟོག་ཅིང་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །བདག་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་བྱའོ། །འདིའི་དོན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་


DKG025_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་འཕགས་པའི་བདེན་པ་བཞི་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། འཕགས་པའི་བདེན་པ་རྣམས་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་འཕགས་པའི་བདེན་པ་རྣམས་ས་སོ། །བདག་གིས་འཕགས་པའི་བདེན་པ་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་འཕགས་པའི་བདེན་པ་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། འཕགས་པའི་བདེན་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་བསམ་གཏན་བཞི་ལ་སྦྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། བསམ་གཏན་རྣམས་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་བསམ་གཏན་རྣམས་སོ། །བདག་གིས་བསམ་གཏན་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་བསམ་གཏན་རྣམས་བསྒོམ་མ་མོ། །ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། བསམ་གཏན་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་ཚད་མྱེད་པ་བཞི་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། ཚད་མྱེད་པ་རྣམས་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་ཚད་མྱེད་པ་རྣམས་ས་སོ། །བདག་གིས་ཚད་མྱེད་པ་


DKG025_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་ཚད་མྱེད་པ་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། ཚད་མྱེད་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་སྦྱད་ཀྱང་། དེ་ལ་མྱི་རྟོག་ཅིང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སྒམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་སོ། །བདག་གིས་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་རྣམ་པར་ཐར་པ་བརྒྱད་ལ་སྤྱོད་ཀྱང་། དེ་ལ་མྱི་རྟོག་ཅིང་། རྣམ་པར་ཐར་པ་བརྒྱད་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་རྣམ་པར་ཐར་པ་བརྒྱད་ད་དོ། །བདག་གིས་རྣམ་པར་ཐར་པ་བརྒྱད་བསྒོམ་པར་བྱའོ། །འདིའི་དོན་དུ་རྣམ་པར་ཐར་པ་བརྒྱད་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། རྣམ་པར་ཐར་པ་བརྒྱད་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་


DKG025_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྦྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སོ། །བདག་གིས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་སྦྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའོ། །བདག་གིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་བསྒོམ་པར་བྱའོ། །འདིའི་དོན་དུ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་


DKG025_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་མངོན་པར་ཤེས་པ་རྣམས་ལ་སྦྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། མངོན་པར་ཤེས་པ་རྣམས་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་མངོན་པར་ཤེས་པ་རྣམས་སོ། །བདག་གིས་མངོན་པར་ཤེས་པ་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་མངོན་པར་ཤེས་པ་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། མངོན་པར་ཤེས་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་ཏིང་ངེ་འཛིན་རྣམས་ལ་སྦྱད་ཀྱང་དེ་ལ་མྱི་རྟོག་ཅིང་། ཏིང་ངེ་འཛིན་རྣམས་སྒོམ་པའི་ཚེ། ངོ་བོ་ཉད་ཀྱེས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་ཏིང་ངེ་འཛིན་རྣམས་ས། །བདག་གིས་ཏིང་ངེ་འཛིན་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་ཏིང་ངེ་འཛིན་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། ཏིང་ངེ་འཛིན་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། གཟུངས་ཀྱི་སྒོ་རྣམས་བསྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་གཟུངས་ཀྱི་སྒོ་རྣམས་མོ། །བདག་གིས་གཟུངས་ཀྱི་སྒོ་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་གཟུངས་ཀྱི་སྒོ་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ།


DKG025_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ཀྱི་སྒོ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། དེ་བཞིན་གཤེགས་པའི་སྟོབས་བཅུ་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་དེ་བཞིན་གཤེགས་པའི་སྟོབས་རྣམས་ས་སོ། །བདག་གིས་དེ་བཞིན་གཤེགས་པའི་སྟོབས་བཅུ་བསྒོམ་པར་བྱའོ། །འདིའི་དོན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། དེ་བཞིན་གཤེགས་པའི་སྟོབས་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་མྱི་འཇིགས་པ་རྣམས་ལ་སྦྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། མྱི་འཇིགས་པ་རྣམས་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་དག་ནི་མྱི་འཇིགས་པ་རྣམས་སོ། །བདག་གིས་མྱི་འཇིགས་པ་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་མྱི་འཇིགས་པ་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། མྱི་འཇིགས་པ་གང་གིས་བད་ག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱོད་ཀྱང་། དེ་ལ་མྱི་རྟོག་ཅིང་། སོ་སོ་ཡང་དག་པར་རིག་པ་རྣམས་སྒོམ་པའི་ཚེ། ངོ་བོ་


DKG025_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་ད་ག་ནི་སོ་སོ་ཡང་དག་པར་རིག་པ་རྣམས་སོ། །བད་ག་གིས་སོ་སོ་ཡང་དག་པར་རིག་པ་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་སོ་སོ་ཡང་དག་པར་རིག་པ་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། སོ་སོ་ཡང་དག་པར་རིག་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་ཆོས་སྙིང་རྗེ་ཆེན་པོ་ལ་སྤྱོད་ཀྱང་དེ་ལ་མྱི་རྟོག་ཅིང་། སྙིང་རྗེ་ཆེན་པོ་སྒོམ་པའི་ཚེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་ནི་སྙིང་རྗེ་ཆེན་པོའོ། །བད་ག་གིས་སྙིང་རྗེ་ཆེན་པོ་བསྒམ་པར་བྱའོ། །འདིའི་དོན་དུ་སྙིང་རྗེ་ཆེན་པོ་བསྒོམ་མོ་ཞེས་གསུམ་པོ་དེ་ད་ག་ལ་མྱི་རྟག་པ་སྟེ། སྙིང་རྗེ་ཆེན་པོ་གང་གིས་བད་ག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགི་བའི་ཆོས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་ཀྱང་དེ་ལ་མྱི་རྟག་ཅིང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སྒོམ་པའི་ཆེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཕྱིར། འདི་ད་ག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ། །བདག་གིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བསྒོམ་པར་བྱའོ། །འདིའི་དོན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བསྒོམ་མོ་ཞེས་གསུམ་པོ་དེ་དག་ལ་མྱི་རྟོག་པ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་གང་གིས་བདག་ཀྱང་འཁོར་བ་ལས་སྒྲོལ་ཞིང་། གཞན་ཡང་སྒྲོལ་བ་འདི་ནི་ལམ་གྱི་ཡན་ལག་དགེ་བའི་ཆོས་སོ། །


DKG025_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱོར་དགེ་བའི་ཆོས་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་སྟེ། ལམ་དེས་འདས་པ་དང་མ་འོངས་པ་དང་། ད་ལྟར་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་ཚད་མྱེད་པ་དེད་དེ། འཁོར་བའི་རྒྱ་མཚོ་ལས་རྒལ་བར་གྱུར་པ་དང་། རྒལ་བ་དང་། རྒལ་བར་འགྱུར་བ་སྟེ། ལམ་དེ་ཡོངས་སུ་རྫོགས་པར་བྱས་ཤིང་། བྱང་ཆུབ་ཨེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་ད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱས་ནས་ཆོས་ཀྱི་འཁོར་ལོ་སྐོར་རོ། །ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་ཅུ་བརྒྱད་དོ།། །།


previousརེ་བརྒྱད་པ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ལེའུ། next