Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་རེ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
དགེ་འདུན་རྗེས་སུ་དྲན་པ།
   
   
   
   
   
   


 
previousདགེ་འདུན་རྗེས་སུ་དྲན་པ། next

དགེ་འདུན་རྗེས་སུ་དྲན་པ།


DKG068_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སང་གྷ་ཨ་ནུ་ཏི། བོད་སྐད་དུ། དགེ་འདུན་རྗེས་སུ་དྲན་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པའི་དགེ་འདུན་ནི་ལེགས་པར་ཞུགས་པ། རིགས་པར་ཞུགས་པ། འཐུན་པར་ཞུགས་པ། དྲང་པོར་ཞུགས་པ། ཕྱག་འཚལ་བའི་འོས་སུ་གྱུར་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཡོན་ཏན་ཡོངས་སུ་བྱང་བ་ཆེན་པོ། ཡོན་ཡོངས་སུ་སྦྱོང་བ། སྦྱིན་པའི་འོས་སུ་གྱུར་པ། ཀུན་གྱི་སྦྱིན་པའི་འོས་སུ་གྱུར་པའོ། །དགེ་འདུན་རྗེས་སུ་དྲན་པ་རྫོགས་སོ།། །།


previousདགེ་འདུན་རྗེས་སུ་དྲན་པ། next