Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་དོན་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚིགས་སུ་བཅད་པ་བཞི་པ།
   
   
   
   
   
   
   
   
   
   
   
   
   
   
   


 
previousཚིགས་སུ་བཅད་པ་བཞི་པ། next

ཚིགས་སུ་བཅད་པ་བཞི་པ།


DKG072_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཙ་ཏུར་གཱ་ཐཱ། བོད་སྐད་དུ། ཚིགས་སུ་བཅད་པ་བཞི་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྐུར་གྱུར་པ་ནི་ཐམས་ཅད་ལ། །མཚན་མཆོག་སུམ་ཅུ་གཉིས་མངའ་བ། །རྫོགས་པའི་སངས་རྒྱས་གྲགས་ལྡན་པའི། །རྒྱལ་བ་ཀུན་ལ་ཕྱག་འཚལ་ལོ། །རྫོགས་སངས་གང་དུ་བལྟམས་པ་དང་། །གང་དུ་བྱང་ཆུབ་ལ་རེག་དང་། །ཞི་བའི་འཁོར་ལོ་བསྐོར་བ་དང་། །ཟག་མེད་


DKG072_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་འདས་པ་དང་། །བདེ་གཤེགས་གང་དུ་བཞུགས་པ་དང་། །འཆག་པ་དང་ནི་བཞེངས་པ་དང་། །སེང་གེ་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ནི་བདག་ཕྱག་འཚལ། །སྟེང་དང་འོག་དང་བར་དག་དང་། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་། །སྐུ་བཅས་སྐུ་ནི་མེད་པ་ཡི། །མཆོད་རྟེན་ལ་ནི་བདག་ཕྱག་འཚལ། །རྐང་གཉིས་དམ་པ་ཤར་དང་ནི། །བྱང་གི་ཕྱོགས་ཆར་བཞུགས་པ་ཡི། །རྒྱལ་བ་བསྟེན་དཀའ་ཞེས་བྱ་བ། །དེས་ནི་ཚིགས་བཅད་འདི་གསུངས་སོ། །གང་གིས་ཚིགས་བཅད་འདི་བཞི་ཡིས། །དེ་བཞིན་གཤེགས་ལ་སྟོད་བྱེད་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཚིགས་སུ་བཅད་པ་བཞི་པ་རྫོགས་སོ།། །།


previousཚིགས་སུ་བཅད་པ་བཞི་པ། next