འཕགས་པ་བེ་ཅོན་ཆེན་པོ་ཞེས་བྱ་བའི་གཟུངས།


DKG091_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་མ་ཧཱ་དཎྜ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་བེ་ཅོན་ཆེན་པོ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་ན་ཚེ་དང་ལྡན་པ་སྒྲ་གཅན་ཟིན་རྒྱལ་པོའི་ཁབ་ཀྱི་དུར་ཁྲོད་ཆེན་པོ་བསིལ་བའི་གནས་ན་བུད་ཤིང་ཆེན་པོ་ལྟ་བུའི་ཕྱོགས་ན་འདུག་གོ། །དེར་འདི་ལྟ་སྟེ། ལྷའི་གདོན་རྣམས་དང་། ལྷ་མ་ཡིན་གྱི་གདོན་རྣམས་དང་། ཀླུའི་གདོན་རྣམས་དང་། གནོད་སྦྱིན་གྱི་གདོན་རྣམས་དང་། སྲིན་པོའི་གདོན་རྣམས་དང་། མིའམ་ཅིའི་གདོན་རྣམས་དང་། ལྟོ་འཕྱེ་ཆེན་པོའི་གདོན་རྣམས་དང་། དྲི་ཟའི་གདོན་རྣམས་དང་། མིའི་གདོན་རྣམས་དང་། རླུང་ལྷའི་གདོན་རྣམས་དང་། ཡི་དགས་ཀྱི་གདོན་རྣམས་དང་། འབྱུང་པོའི་གདོན་རྣམས་དང་། ཤ་ཟའི་གདོན་རྣམས་དང་། གྲུལ་བུམ་གྱི་གདོན་རྣམས་དང་། གཟིག་རྣམས་དང་། བྱ་རོག་རྣམས་དང་། འུག་པ་རྣམས་དང་། གྲོག་སྦུར་རྣམས་དང་། སྡིག་སྦྲུལ་རྣམས་དང་། གཞན་ཡང་མི་དང་། མི་མ་ཡིན་པའི་སེམས་ཅན་རྣམས་ཀྱིས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་ཤིན་དུ་གཙེས་སོ། །དེ་ནས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་བྱ་རྒོད་ཕུང་པོའི་རི་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་


DKG091_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་ངུས་ཏེ་མཆི་མ་བླགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་བཀའ་སྩལ་པ། སྒྲ་གཅན་ཟིན་ཁྱོད་ཅིའི་ཕྱིར་ངའི་མདུན་ན་འདུག་ནས་མཆི་མ་འབྱིན། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་སྒྲ་གཅན་ཟིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་རྒྱལ་པོའི་ཁབ་ཀྱི་དུར་ཁྲོད་ཆེན་པོ་བསིལ་བའི་གནས་ན་བུད་ཤིང་ཆེན་པོ་ལྟ་བུའི་ཕྱོགས་ན་མཆིས་མཆིས་ན། དེར་ལྷའི་གདོན་རྣམས་དང་། ལྷ་མ་ཡིན་གྱི་གདོན་རྣམས་དང་། ཀླུའི་གདོན་རྣམས་དང་། གནོད་སྦྱིན་གྱི་གདོན་རྣམས་དང་། སྲིན་པོའི་གདོན་རྣམས་དང་། མིའམ་ཅིའི་གདོན་རྣམས་དང་། དྲི་ཟའི་གདོན་རྣམས་དང་། ལྟོ་འཕྱེ་ཆེན་པོའི་གདོན་རྣམས་དང་། མིའི་གདོན་རྣམས་དང་།རླུང་ལྷའི་གདོན་རྣམས་དང་། ཡི་དགས་ཀྱི་གདོན་རྣམས་དང་། འབྱུང་པོའི་གདོན་རྣམས་དང་། ཤ་ཟའི་གདོན་རྣམས་དང་། གྲུལ་བུམ་གྱི་གདོན་རྣམས་དང་། གཟིག་རྣམས་དང་། བྱ་རོག་རྣམས་དང་། འུག་པ་རྣམས་དང་། གྲོག་སྦུར་རྣམས་དང་། སྡིག་སྦྲུལ་རྣམས་དང་། གཞན་ཡང་མི་དང་། མི་མ་ལགས་པའི་སེམས་ཅན་རྣམས་ཀྱིས་བདག་ལ་ཤིན་དུ་གཙེས་ལགས་མོད། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་བཀའ་སྩལ་པ། སྒྲ་གཅན་ཟིན་ཁྱོད་ཀྱི་བེ་ཅོན་ཆེན་པོའི་གཟུངས་ཀྱི་རིག་སྔགས་འཁོར་བཞི་པོ་དགེ་སློང་རྣམས་དང་། དགེ་སློང་མ་རྣམས་དང་། དགེ་བསྙེན་རྣམས་དང་། དགེ་བསྙེན་མ་རྣམས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་དང་། ཡུན་རིང་པོའི་དོན་དང་། ཕན་པ་དང་། བདེ་བར་འགྱུར་བ་འདི་ཟུངས་ཤིག །ཏདྱ་ཐཱ། ཨཾ་གཱ། བཾ་གཱ། ཏཾ་གཱ། ཏ་རཾ་གཱ། ཏ་རཾ་གཱ། ས་རཱ་ས་རཱ། ཏ་རཾ། གཱ་སྭ། ས་དད་ས། ཛ་དྷ་རཱ། ཨཀྐ་རེ། ཨ་ར་བཱི་རཱ། ཏ་ར་བཱི་རཱ། ཀ་ར་བཱི་རཱ། ཀརྐ་ར་བཱི་རཱ། ཙུ་རུ་བཱི་རཱ། ཙུ་རུ་ཙུ་རུ་བཱི་རཱ། ཨིན་དྲ། ཨིན་དྲ་ཀི། ས་ར་ཧ་ན་ས། ཧ་ན་ས་ཀི་ས་ར། མེ་ཙི་རེ་ལཱ། མ་ཧཱ་མིཙྪ་བ་ཧི་ཥཱི་ཀཱ། ཀ་ལིཙྪ་ཀ །ཨཾ་གེ་ཛ་ཡེ།


DKG091_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཛ་ཡེ་ལི་ཀཱ། ཨཱེལཱ། ཙིན་ཏ། ལི་ལེ། ཏི་ལེ་ཏི་ལེ། སུ་མ་ཏི། པུ་སུ་མ་ཏི། ཙུ་ལུ་ནཊྚེ། ཙུ་ལུ་ཙུ་ལུ་ནཊྚེ། ཙུ་ལ་ན་ཊེ། ཀུ་ན་ཊི། ཧ་རཱི་ཊ་ཀི། ན་རཱི་ཊ་ཀི་ཏ། གཽ་རི། གནྡྷཱ་རི། དྷཱ་ར་ཎི། དྷཱ་ར་ཎེ། ཨུཥྚ། པི་པཱི་ལི་ཀ །ཨུཥྚ། པ་པཱི་ལ་ཀེ །ཀ་རཱ་ཀརྛི་ཀེ །ཀཱ་ཀེ་ལེ། ཙ་ལ་ནཊྚི། ཀ་གི་མ་ལི། ལ་མ་ཏི་རཀྵ་མ་ཏི། བཱ་ལ་ཀུ་ལི། བ་ཏ་ས་ལེ། ཨུན་མི་ལེ། ཏ་ར་བཱི་རེ། ཏ་ར་ཏ་ར་བཱི་རེ། ཀུ་རུ་བཱི་རེ། ཀུ་རུ་ཀུ་རུ་བཱི་རེ། ཙུ་རུ་ཙུ་རུ། ཙུ་རུ་ཙུ་རུ། ཙུ་རུ་ཙུ་རུ་བཱི་རེ། མ་ཧཱ་བཱི་རེ། ཨི་ར་མ་ཏི། བར་མ་ཏི། རཀྵ་མ་ཏི། སརྦ་ཨརྠ་སཱ་དྷ་ནི། པ་ར་མ་སུ་ར་སཱ་དྷ་ནི། ཨ་པྲ་ཏི་ཧ་ཏེ། རྒྱལ་པོ་དབང་པོ་དང་། རྒྱལ་པོ་ཟླ་བའི་དང་། རྒྱལ་པོ་གཤིན་རྗེ་དང་། རྒྱལ་པོ་རླུང་ལྷ་དང་། རྒྱལ་པོ་གཟི་ཅན་དང་། རྒྱལ་པོ་ནོར་རྒྱས་ཀྱི་བུ་དང་། རྒྱལ་པོ་བེ་ཅོན་དང་། རྒྱལ་པོ་བེ་ཅོན་མེད་དང་། རྒྱལ་པོ་ཚངས་པ་སྟོང་ལྡན་དང་། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་རྗེ། ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཐམས་ཅད་ལ་ཐུགས་བརྩེ་བ་བླ་ན་མེད་པས་བདག་ལ་བསྲུང་དུ་གསོལ། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བ་དང་། ཆད་པ་སྤང་བ་དང་། མཚོན་ཆ་སྤང་བ་དང་། དུག་གསད་པ་དང་། དུག་གཞིལ་བ་དང་། མཚམས་གཅད་པ་དང་། ས་བཅིང་བ་མཛད་དུ་གསོལ། ཏདྱ་ཐཱ། ཨི་ལ་མི་ལེ། ཏ་ས་ལཱ། ཨི་ར་མ་ཏི། བི་ར་མ་ཏི། ཙ་ལ་མ་ཏི། ཕུ་རུ་མ་ཏི། ཕུ་རུ་ཕུ་རུ། ཕུ་རུ་ཕུ་རུ། པ་ར་ཁུ་རུ་རུ། ཁུ་རུ་མ་ཏི། བྷཱུ་མི་མཎྜེ། ཀ་ལི་ཀེ །ཙཎྜ་ལི། ཨ་ཀི་ས་རཱ་ལི། ཨ་ཡཱ་སཱ། ས་ལ་མ་ཏོ། ཧ་ལེ། སྠུ་ལེ། ཤ་ལེ་ཛ་ཡ། སྠུ་ལེ། ཙ་ལ་ནཱ་ཊི། ཙ་ལ་ནཱ་ཊི། ནཱ་གནན་དྷཱ་ར་ཎཱི། གོ་ར་ཧི་ཎི། གོ་ལེ་ཏི་ཧེ། ཨཎྜ་རེ། པཎྜ་རེ། ཀེ་ཡཱུ་རེ། ཀི་ཏུ་མ་ཏི། བྷཱུ་ཏཾ་ག་མེ། བྷཱུ་ཏ་བ་ཏེ། དྷརྱེ། མ་ཧཱ་བ་ལེ། ཨ་ཙུཎྜེ། ཨ་ཙུ་རུན་དེ། དྷ་རན་དྷ་ར། ཛ་ཡ་ལི་ཀཱ། ཛ་ལེ་གོ་རོ་ཧ་ནི། ཙ་ར། ཧུ་རུ་ཧུ་རུ། རུཾ་དྷུ་རུཾ་དྷུ། ཧུ་རུ། དྷུ་མ་ཏི། དྷ་རན་དྷ་རེ་དྷ་རེ། བི་ཤྭ་མ་ཏི། ནཱ་ཤ་ནི། བྷནྡྷ་ནི། མོ་ཙ་ནི། བི་མོ་ཙ་ནི། སཱ་དྷ་ནི། ཤོ་དྷ་ནི། བི་ཤོདྷ་ནི། སཾ་གི་


DKG091_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཎི། མཾ་ཐཱི་ར་ཎི། ཨ་ཙྪིད་ཏ་ནི། པཱ་དྷུ་ཏ་ར་མ་ལེ། ཏ་ར་ཏ་ར་མ་ཎི། ཧ་ར་ཧ་ར། བན་དྷུ་མ་ཏི། ཧི་རི་ཧི་རི། གི་ལི་གི་ལེ། ཧུ་རུ་ཧུ་རུ། བིང་ག་ལེ་སྭཱ་ཧཱ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཕྱག་འཚལ་ལོ། །སྒྲ་གཅན་ཟིན་བེ་ཅོན་ཆེན་པོའི་གཟུངས་ཀྱི་རིག་སྔགས་བརྒྱ་རྩ་བཅུ་པ་འདི་སྐུད་པ་ལ་མདུད་དེ། ལག་པ་ལ་བཏགས་སམ། མགུལ་དུ་བཏགས་ན་ཀུན་ནས་དཔག་ཚད་བཅུ་ཁོར་ཡུག་ཏུ་བེ་ཅོན་རྣམས་དང་། མེ་ཏོག་རྣམས་དང་། ཕྱག་རྒྱ་རྣམས་ཀྱིས་དེ་བསྲུང་བ་བྱས་པར་འགྱུར་རོ། །དེ་ལ་མི་དང་མི་མ་ཡིན་པ་རྣམས་ཀྱིས་མི་ཚུགས་པར་འགྱུར་རོ། །མཚོན་དང་། དུག་དང་། ནད་དང་། རིམས་ནད་དང་། རིམས་དྲག་པོ་དང་། རིག་སྔགས་དང་། གསང་སྔགས་དང་། རོ་ལངས་དང་། ཁྲོ་གཏུམ་དང་། མེ་དང་ཆུས་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །རིག་སྔགས་དང་། གསང་སྔགས་སྦྱོར་བ་རྣམས་ལེགས་པར་སྦྱོར་བ་ཐམས་ཅད་ཀྱིས་མ་གྲུབ་པ་རྣམས་ཀྱང་གྲུབ་པར་བྱེད་པའོ། །གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པའོ། །ཕ་རོལ་གྱི་སྦྱོར་བ་འཆིང་བའོ། །ཕ་རོལ་གྱིས་བཅིངས་པ་ལས་གྲོལ་བར་བྱེད་པའོ། །ནད་དང་། མྱ་ངན་དང་། བགེགས་རྣམ་པར་འཇིག་པར་བྱེད་པའོ། །འཐབ་པའི་རྙོག་པ་རབ་ཏུ་ཞི་བར་བྱེད་པའོ། །གདོན་ཐམས་ཅད་ཟློག་པར་བྱེད་པའོ། །གདོན་གང་གིས་གཏོང་བ་དེའི་མགོ་ཨརྫ་ཀའི་དོག་པ་བཞིན་མགོ་ཚལ་པ་བདུན་དུ་འགེམས་སོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ཡང་རྡོ་རྗེ་འབར་བ། ཀུན་ཏུ་འབར་བ། ཀུན་ཏུ་རབ་ཏུ་འབར་བ། མེ་ལྕེ་གཅིག་ཏུ་གྱུར་པས་དེའི་མགོ་ཨརྫ་ཀའི་དོག་པ་བཞིན་དུ་ཚལ་པ་བདུན་དུ་འགེམས་སོ། །རྒྱལ་པོ་ཆེན་པོ་བཞི་ཡང་ལྕགས་ཀྱི་འཁོར་ལོ་སྤུ་གྲིའི་སོ་ལྟ་བུའི་མཚོན་གྱིས་ཕུང་བར་བྱེད་དོ། །གནོད་སྦྱིན་གྱི་འཇིག་རྟེན་དེ་ནས་ཤི་འཕོས་ནས་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་དུ་གནས་པ་མི་འཐོབ་བོ། །སྒྲ་གཅན་ཟིན་རྒྱལ་པོ་དང་། མི་རྒོད་དང་། མེ་དང་། ཆུ་དང་། མཚོན་ཆ་དང་། འབྲོག་དང་། དགོན་པ་དང་། རི་དང་། མྱ་ངམ་དུ་སོང་བ་གང་གིས་བེ་ཅོན་ཆེན་པོའི་གཟུངས་ཀྱི་


DKG091_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

རིག་སྔགས་འདི་ལན་ཅིག་བརྗོད་ན། སྡིག་པ་ཐམས་ཅད་ལས་རབ་ཏུ་ཐར་བར་འགྱུར་རོ། །སྒྲ་གཅན་ཟིན་བེ་ཅོན་ཆེན་པོའི་གཟུངས་ཀྱི་རིག་སྔགས་འདི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་དགུ་བཅུ་རྩ་གཅིག་གི་བྱེ་མ་སྙེད་ཀྱིས་གསུངས་པ། གསུང་བ། གསུང་བར་འགྱུར་བ་མཆོག་ཏུ་གྲུབ་པ། གཞན་གྱིས་མི་ཐུབ་པ། ལྷ་དང་། ཀླུ་དང་། དྲི་ཟ་ལ་སོགས་པས་བསྟོད་པ། འབྱུང་པོ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ་སྟེ། །བདག་དང་སེམས་ཅན་ཐམས་ཅད་གནོད་པ་ཐམས་ཅད་ལས་བདེ་བར་གྱུར་ཅིག །ནད་མེད་པ་དང་། འཇིགས་པ་མེད་པར་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་སྒྲ་གཅན་ཟིན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་བེ་ཅོན་ཆེན་པོ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །།