Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་གོ་གཅིག་པ།


   
   
   
   
   
   
   
   
   
   
   
འཕགས་པ་སྒོ་བཟང་པོ་ཞེས་བྱ་བའི་གཟུངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་སྒོ་བཟང་པོ་ཞེས་བྱ་བའི་གཟུངས།next

འཕགས་པ་སྒོ་བཟང་པོ་ཞེས་བྱ་བའི་གཟུངས།


DKG091_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་སུ་མུ་ཁན་ནཱ་མ་དྷ་ར་ཎཱི། བོད་སྐད་དུ། འཕགས་པ་སྒོ་བཟང་པོ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཤིང་དྲུང་ན་བྱང་ཆུབ་ཀྱི་སྙིང་པོའི་མཆོད་རྟེན་ཆེན་པོ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་སོགས་པ་ཉན་ཐོས་ཆེན་པོ་ཐམས་ཅད་དང་ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་རྒྱལ་མཚན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཡང་ཐབས་ཅིག་གོ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་བཤད་དུ་གསོལ། གང་གིས་སེམས་ཅན་རྣམས་ལ་སྣང་བ་བགྱི་བར་འགྱུར་བ་དང་། ཕྱིར་རྒོལ་བ་དང་། དགྲ་ཐམས་ཅད་ཀྱིས་གནོད་པ་མི་བགྱ་བར་བསྲུང་བ་དང་། བསྐྱབ་པར་འགྱུར་བ་དང་། འདི་ལྟ་སྟེ། ལྷའི་དབང་པོ་རྣམས་དང་། ཀླུའི་དབང་པོ་རྣམས་དང་། གནོད་སྦྱིན་གྱི་དབང་པོ་རྣམས་དང་། སྲིན་པོའི་དབང་པོ་རྣམས་དང་། འབྱུང་པོའི་དབང་པོ་རྣམས་ཀྱིས་འཇིགས་པར་མི་འགྱུར་བ་དང་། སྡིག་པ་དང་། མཚོན་དང་། དུག་དང་། བྱད་ཀྱིས་གནོད་པར་མི་འགྱུར་བ་དང་། ཕར་མཆིའམ། སླར་མཆིའམ། ཉལ་ལམ། གཉིད་ཀྱིས་ལོག་གམ།སྨྱོས་སམ། རབ་ཏུ་སྨྱོས་ཀྱང་རུང་། ཐམས་ཅད་དུ་ཡང་སྐྱོབ་པར་འགྱུར་བ་དེ་དག་གི་དོན་དུ་དེ་ལྟ་བུའི་གསང་སྔགས་ཀྱི་གཞི་རྣམས་བཤད་དུ་གསོལ། ཇི་ལྟར་བདག་རྟག་ཏུ་དེ་


DKG091_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པའི་རིམ་གྲོ་འཚལ་བ་དང་། རྟག་ཏུ་བསྲུང་བ་དང་། ཡོངས་སུ་སྐྱོབ་པར་འཚལ་བ་དང་། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་འཐབ་པ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། ནད་དང་། དུས་མ་ལགས་པའི་འགུམ་པ་ལས་བསྲུང་བ་དང་། ཡོངས་སུ་བསྐྱང་བར་བགྱི་བའི་སླད་དུ་དེ་བཞིན་གཤེགས་པ་ལ་གསོལ་བ་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་གསོལ་བ་བཏབ་པ་ཐུགས་སུ་ཆུད་ནས། དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་ཁྱོད་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དེ་བཞིན་གཤེགས་པ་ལ་གསོལ་བ་འདེབས་པ་ལེགས་སོ་ལེགས་སོ། །དེའི་ཕྱིར་ལག་ན་རྡོ་རྗེ་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། སྒོ་བཟང་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བཤད་པར་བྱའོ། །ཨུ་གུ་མུ་གུ་བ་ལི་ནི། བན་དྷ་ནི། བ་ལ་ཙ་མ་ན། བ་ཧུ་བ་ཧུ་བ་ཧུ་ལི་བརྟཱ་ཡ་སྭཱ་ཧཱ། དེ་བཞིན་གཤེགས་པས་སྤྱི་བོ་ནས་དབང་བསྐུར་པའི་གཟུངས་སྔགས་གཞི་རྣམས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པས་ཀྱང་གཟུང་བར་འགྱུར་རོ། །བྱིན་གྱིས་རློབ་པར་འགྱུར་རོ། །ཏདྱ་ཐཱ། བཛྲཱི་བཛྲཱི་བཛྲཱི་བཛཱི་དྷ་རི། བཛྲ་པཱ་ཎི། བཛྲཱི་དྷ་རི། ཙཀྲ་བཛྲི། ཙཀྲ་དྷ་རི། པ་ཊུ་དྷི་དྷི་རི། བྷི་རི། མུ་རི། ཙི་རི། ཨ་ཧུ་རི། བྷ་ག། བྷི་བྷི་རི། ཤི་རི་ཏྲ། ཤི་རི། རུ་རུ་ཙེ་རུ་རུ་ཙེ། ཙ་རི་ཙ་རི། ད་རི་ཙ་ལེ། ཙུ་རི་མུ་རི། པཎྜ་རེ། སྡིག་པ་ཐམས་ཅད་འཇིག་པར་བྱེད་པ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། དུས་མ་ཡིན་པའི་འཆི་བ་འགོག་པ་ནས་རྨི་ལམ་ངན་པའི་བར་དུ་འགོག་པར་བྱེད་པ། ཏདྱ་ཐཱ། བན་དྷི་ད། ག་ག་ར་ཎི། མུརྟ་ནི། པྲ་མུརྟ་ནི། ནཱ་ཤ་ནི། པྲ་ནཱ་ཤ་ནི། ནད་རབ་ཏུ་ཞི་བར་བྱེད་པ་ནི་རྨི་ལམ་ངན་པའི་བར་དུ་འགོག་པར་བྱེད་པ། འདི་ལྟ་སྟེ། ནཱ་ཤ་ནི། ནཱ་ཤ་ནི། བནྡྷ་ནི། བནྡྷ་ནི། ཙྪིནྡ་ནི། ཙྪིནྡ་ནི། ཙི་རེ་མི་རེ། མ་ཧེ་ཧ་ད་ནི། བ་ནི་བ་རེ། ཁ་རེ་བེ་རེ། བི་རི་བི་རི། བོ་དྷི་བོ་དྷི།སུ་ཥ་ཎི། ཤར་ཎི། བ་རུ་བ་རི་ཎི། པར་ཧཱུཾ་ཡེ། བྲཧྨ་ཙཱ་རི་ཎི། ཨིནྡྲ་བ་ཏི། དྷི་དྷི་རཱི་ཡ་ཎི། ན་མོ་མ་ཧེ་ཤྭ་ར་ཡ་ཎི། རྀ་ཤི། བཉྫ་ནི་


DKG091_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

པཱ་པ་ཛ་ཧ་ནི། ཀཱ་ལ་པ་ཏི་ནི། བྷུ་ཏ་པ་ད་ནི། ས་ཏྱ་ག་ཐེ། སོ་མ་བཱ་དི། སོ་མ་པྲ་བྷེ་སྭཱ་ཧཱ། ཚེ་རིང་བར་འགྱུར། ཏདྱ་ཐཱ། ཧ་ར་ཧ་ར་ཧ་ར་ཧཱ་ཎི་སྭཱ་ཧཱ། ཏདྱ་ཐཱ། ཨི་ཌི་ཏ་ག་ཌི་ཏ་བ་དི་ད། ཨ་ཡེ་ན། ཨ་རི་བཉྫ་ནི་ཀ་ཀཱི་རྟ་ནི། པུ་ཏྲ་དད་ཧཱ་ནི། མརྒ་ཨ་བྷི་རོ་ཧ་ནི། ཧུ་ས་བ་ཏི། མུ་པ་བ་ཏི། ཧི་ལི་ཧི་ལི། ཡ་ཐཱ་པ་ཛུ་ཡ། ཡ་ཐཱ་ཨགྞི་ཡ་ཐཱ་བ་ར་ན་ཙ། ཡ་ཐཱ་ན་ལ། ཡ་ཐཱ་ན་ལ། ཡ་ཐཱ་བཛྲ་ཎ། ཡ་ཐཱ་ཧྲྀ་ད་ཡ་སྭཱ་ཧཱ། ལག་ན་རྡོ་རྗེ་འདི་ནི་སྒོ་བཟང་པོ་ཞེས་བྱ་བའི་གཟུངས་ཏེ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེས་སེམས་ཅན་རྣམས་ཀྱི་དོན་དུ་བཤད་དོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་ཤིང་བྱིན་གྱིས་བརླབས་པ་དང་། བདེན་པའི་ཐུགས་དམ་གྱིས་རྣམ་པར་བཞག་བཞིན་དུ་ང་ཡང་འཆད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེས་བུ་ཆེན་པོའི་མཚན་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་བྱུང་སྟེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འོད་ཟེར་གྱི་སྣང་བ་བྱུང་ངོ་། །འོད་ཟེར་གྱི་སྣང་བ་དེས་བསྐུལ་བས་རང་རང་གི་སངས་རྒྱས་ཀྱི་ཞིང་དག་ནས་ཆས་ཏེ། འཇིག་རྟེན་གྱི་ཁམས་མི་མཇེད་འདིར་བྱོན་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཤཱཀྱ་ཐུབ་པ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྒོ་བཟང་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གཟུངས་སྔགས་གཞི་རྣམས་སྣང་བར་བྱེད་པ། མཆོག་ཏུ་དགའ་བར་བྱེད་པ། དྲན་པར་བྱེད་པ། བཤད་པར་བྱེད་པ་ལེགས་སོ་ལེགས་སོ། །བདག་ཅག་གིས་ཀྱང་བྱིན་གྱིས་བརླབ་བོ། །ལེགས་སོ་ཞེས་བྱ་བ་བྱིན་ནོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་གཟུངས་སྔགས་གཞི་འདི་དག་འཛིན་ཅིང་། ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་ཡོན་ཏན་གྱི་ཕན་ཡོན་ཉི་ཤུར་ཤེས་པར་བྱ་སྟེ། ཉི་ཤུ་གང་ཞེ་ན།འདི་ལྟ་སྟེ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་འགྱུར་བ་དང་། སངས་རྒྱས་ཐམས་ཅད་ཀྱིས་དགོངས་པར་འགྱུར་བ་དང་། ངན་སོང་དུ་འགྱུར་བའི་ལས་ཀྱི་སྒྲིབ་པ་ཐམས་ཅད་མེད་པར་འགྱུར་བ་དང་། ཚེ་རིང་བར་འགྱུར་བ་དང་། རིང་དུ་འཚོ་ཞིང་གྲགས་པ་དང་ལྡན་པ་དང་། ལོངས་སྤྱོད་དང་ལྡན་པ་


DKG091_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྟོབས་དང་ལྡན་པ་དང་། གཟི་བརྗིད་དང་ལྡན་པ་དང་། རྟག་ཏུ་ནད་མེད་པ་དང་ལྡན་པ་དང་། བརྩོན་འགྲུས་དང་ལྡན་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དགྱེས་ཤིང་ཐུགས་སུ་ཆུད་པར་འགྱུར་བ་དང་། ལྷ་ཐམས་ཅད་ཀྱིས་བསམས་པར་འགྱུར་བ་དང་། དགེ་བར་སྤྱོད་པར་འགྱུར་བ་དང་། དགེ་བའི་དོན་ལ་རབ་ཏུ་བརྩོན་པ་དང་། སྣང་བར་བྱེད་པར་འགྱུར་བ་དང་། མཆོག་ཏུ་དགའ་བ་དང་། དྲན་པ་དང་ལྡན་པར་འགྱུར་བ་དང་། མཚན་ཕུན་སུམ་ཚོགས་པར་འགྱུར་བ་དང་། མི་འཇིགས་པར་འགྱུར་བ་དང་། དགེ་བའི་རྩ་བ་ཐམས་ཅད་དང་ལྡན་པར་འགྱུར་རོ། །ལག་ན་རྡོ་རྗེ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསང་བའི་གནས་ཀྱི་གཟུངས་སྔགས་གཞི་འདི་རྣམས་གསུངས་ཤིང་། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བ་དང་། ཡོངས་སུ་བསྐྱང་བའི་སླད་དུ་གཟུངས་སྔགས་གཞི་རྣམས་བཤད་པར་བགྱིའོ། །སུ་ཞིག་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་ཚེ་སྐྱོང་བའི་རིག་སྔགས་འདི་འཛིན་ཅིང་། ནང་པར་ལངས་ནས་ཀློག་པ་དེ་རྣམ་པར་འཚེ་བ་ཐམས་ཅད་ལས་བསྲུང་བར་བགྱིའོ། །ཏདྱ་ཐཱ། ཤི་ཁི་ཤི་ཁི་ཤི་ཁི་ཤི་ཀ། ཙི་ཙི་ཙི་ཙི། བྷ་བྷ་བྷ་བྷ། རུ་རུ་རུ་རུ། ཛི་ཛི་ཛི་ཛི། གྲ་གྲ་གྲ་གྲ། ཧྲི་ཧྲི་ཧྲི་ཧྲི། ཧ་ཧ་ཧ་ཧ། མ་མ་མ་མ། ཧ་ན་ཧ་ན་མེ། སརྦ་པྲ་ཏྱརྠ་ཀཱ། ད་ཧ་ད་ཧ་མེ། སརྦ་ཤ་ཏྲ་བ། པ་ཙ་པ་ཙ་མེ། སརྦ་ཨ་ཧི་ཏེ་ཥི་ན་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལག་ན་རྡོ་རྗེ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དངོས་གྲུབ་དམ་པའི་གཟུངས་སྔགས་གཞི་རྣམས་སྨྲས་པ་ལེགས་སོ་ལེགས་སོ། །བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་གང་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་ཚེ་སྐྱོང་བའི་རིག་


DKG091_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འདི་འཛིན་ཅིང་། ནང་པར་ལངས་ནས་ཀློག་པ་དེའི་སྤུའི་ཁུང་བུ་རྣམས་སུ་མདངས་ཐམས་ཅད་སྩལ་བར་བགྱི་བར་བཤད་པར་བགྱིའོ། །ཏདྱ་ཐཱ། ཧི་ལི་མི་ལི་ཙི་ལི་སྭཱ་ཧཱ། བྲ་ཧྨ་སྭཱ་རེ་སྭཱ་ཧཱ། བྲ་ཧྨ་ཨ་བ་སུ་གརྦེ། ཨ་ཀལྤེ། པུ་ཥ་སཾ་སྟ་རེ་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་འདི་ནི་གང་ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བསྲུང་བ་དང་། ཡོངས་སུ་བསྐྱང་བའི་སླད་དུ་གཟུངས་སྔགས་གཞི་རྣམས་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་ཀྱང་གང་གི་ཚེ་སྐྱོང་བའི་རིག་སྔགས་འདི་དག་འཛིན་ཅིང་། ནང་པར་ལངས་ནས་ཀློག་པའི་རིགས་ཀྱིབུའམ།རིགས་ཀྱི་བུ་མོ་བསྲུང་བ་དང་། ཡོངས་སུ་བསྐྱང་བའི་སླད་དུ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་གཟུངས་སྔགས་གཞི་རྣམས་བཤད་པར་བགྱིའོ། །ཏདྱ་ཐཱ། བོ་དྷི་ཙིཏྟེ། བ་ར་ཎི། ད་མཱ་ར་ཎ་ཌེ། དིཏྟི་དིཏྟི། གཽ་རི། གན་དྷཱ་རི། སར་མ་ཏན་ཏ། བཛྲ་ཏུ་ལ་ནི། ཛྭཱ་ལ་མཱ་ལི་ནི། ཙཀྲ་བཱ་ཀ། ཤ་བ་རེ། ཤ་བ་རེ། ཤ་མ་རེ། ཤ་མ་རེ་སྭཱ་ཧཱ། དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་། རྒྱལ་པོ་ཆེན་པོ་མིག་མི་བཟང་གིས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས་ཀྱང་གང་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་ཚེ་སྐྱོང་བའི་རིག་སྔགས་འདི་འཛིན་ཅིང་ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བ་དང་། ཡོངས་སུ་བསྐྱང་བའི་སླད་དུ་གཟུངས་ཀྱི་གསང་སྔགས་འདི་བརྗོད་པར་བྱའོ། །ཏདྱ་ཐཱ། པུཥྤེ་སུ་པུཥྤེ། ཤོ་དྷ་ནི། སཾ་ཤོ་དྷ་ནི། དྷུ་མ་བ་རེ་ཧ་རེ། ཨཱཪྱ་པྲ་ཤསྟེ། ཤཱནྟེ། ནིར་མུཀྟེ། མཾ་ག་ལྱེ། ཧི་ར་ཎྱ་གརྦྷེ་སྟ་ར་སྟ་པ་སྭཱ་ཧཱ། དེ་ནས་འབྱུང་པོའི་མ་མོ་འཕྲོག་མས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་ཀྱང་གང་སྒོ་བཟང་པོའི་ཆོས་ཀྱི་རྣམ་གྲངས་ཚེ་སྐྱོང་བའི་རིག་སྔགས་


DKG091_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

འདི་འཛིན་ཅིང་། ནང་པར་ལངས་ནས་ཀློག་པ་དང་། ཡིད་ལ་བགྱིད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བ་དང་། ཡོངས་སུ་བསྐྱང་བའི་སླད་དུ་གཟུངས་ཀྱི་གསང་སྔགས་གཞི་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། པི་ལི་སིབ་པི་ལི། སི་ལི། མ་ཧཱ་པི་པི་ལི། སི་མེ་ལི་སི། གུ་རུ་ཎེ། གུ་རུ་གུ་ཎེ། མ་ཧཱ་ཀུ་རུ་ཎེ་ཕུ་སྭཱ་ཧཱ། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལྔས་རྩེན་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་ཀྱང་གང་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཅིང་། ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བར་བགྱིའོ། །ཏདྱ་ཐཱ། ཨཊྚེ་ཕུ། བཊྚེ་ཕུ། ནཊྚེ་ཕུ། ཀུ་ན་ཊྚེཕུ། མ་ནཊྚ་ཕུ། མུཊྚ་ཏ་ཧ་ཀེ་ཕུ། ཤྲི་ཕུ། བྷཾ་གེ་ཕུ། མཾ་ཀེ་ཕུ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་ཀྱང་གང་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཅིང་། ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱང་བ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བ་དང་། ཆད་པ་སྤང་བ་དང་། དུག་གཞིལ་བར་བགྱིའོ། །མཚམས་བཅད་པར་བགྱིའོ། །ཏདྱ་ཐཱ། ཧེ་བཛྲེ། ཧེ་བཛྲེ། ཧཱི་ཧཱ། བི་སི་བི་སི། མ་ཧཱ་བི་སི་ཕུ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་དབང་ཕྱུག་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་ཀྱང་གང་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཅིང་། ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བ་དང་། ཡོངས་སུ་བསྐྱང་བའི་སླད་དུ་གཟུངས་སྔགས་གཞི་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། ཧུ་ལུ་ཧུ་ལུ་ཧུ་ལུ་ཧུ་ལུ་ལུ་ལུ། སརྦ་བྷཱུ་ཏ་པྲ་ཏི་ཥེ་དྷ་ནཾ་ཀ་རོ་མི་སྭཱ་ཧཱ། དེ་ནས་སྡེ་དཔོན་གཞོན་ནུས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་


DKG091_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་ཀྱང་གང་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་གཙང་མ་འདི་འཛིན་ཅིང་། ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བ་དང་། ཡོངས་སུ་བསྐྱང་བར་བགྱི་བའི་སླད་དུ་གཟུངས་སྔགས་གཞི་འདི་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། ཧི་ལི་ཧི་ལི། ཧི་ལི་ཧི་ལི། ཧི་ལི་ཧི་ལི། མི་ལི་མི་ལི། ཏུ་རུ་ཏུ་རུ། ཏུ་རུ་ཏུ་རུ། སརྦ་བྷཱུ་ཏ་པྲ་ཏི་ཥེ་དྷ་ནཾ་ཀ་རོ་མི་སྭཱ་ཧཱ། དེ་ནས་ལྷའི་བུ་ཟླ་འོད་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་ཀྱང་གང་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་གཙང་མ་འདི་འཛིན་ཅིང་། ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བ་དང་། ཡོངས་སུ་བསྐྱང་བར་བགྱིའོ། །ཏདྱ་ཐཱ། ཨཾ་གེ། བཾ་གེ། ཙཾ་གེ་ཧི་ནི། ཌི་ཌི། དི་དི། ཙི་ཙི་ཕུ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་ཀྱང་གང་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་ཚེ་སྐྱོང་བའི་རིག་སྔགས་འདི་འཛིན་ཅིང་། ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བ་དང་། ཡོངས་སུ་བསྐྱང་བར་བགྱིའོ། །ཏདྱ་ཐཱ། ཧ་ཏེ། བི་ཧ་ཏེ། ནི་ཧ་ཏེ། སརྦ་པྲ་ཏྱ། རཱི་ཀཱ་པྲ་ཏྱཱ། མི་ཏྲ་ཤུད་དྷེ། མུཀྟེ། བི་མུཀྟི། བི་མ་ལེ། ནིརྨ་ལེ་པྲ་བྷ་སྭ་རེ། པྲ་བྷ་ཀ་རེ་ཕུ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་ཀྱང་གང་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་ཚེ་སྐྱོང་བའི་རིག་སྔགས་འདི་འཛིན་ཅིང་། ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བར་བགྱིའོ། །ཏདྱ་ཐཱ། ཛྭ་ལེ་ཛྭ་ལེ། མ་ཧཱ་ཛྭ་ལེ། ཛྭ་ལེ་ནི། ཨུཀྐེ། མུཀྐེ། ཤ་མེ། པྲ་ཤ་མེ། མ་ཧཱ་པྲ་ཤ་མེ། ཤ་མེ་ས་མཱ་དྷེ། མ་ཧཱ་ས་མཱ་དྷེ། ས་མཱ་བ་དྷེ། ཛྭ་ལེ།


DKG091_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་ཛྭ་ལེ། ཛྭ་ལེ་བ་མེ་ཕུ་སྭཱ་ཧཱ། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཁ་བ་ཅན་གྱིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བཙུན་པ་བཅོམ་ལྡན་འདས་བདག་གིས་ཀྱང་གང་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་ཚེ་སྐྱོང་བའི་རིག་སྔགས་འདི་འཛིན་ཅིང་། ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བ་དང་། ཡོངས་སུ་བསྐྱང་བར་བགྱིའོ། །ཏདྱ་ཐཱ། ཨུ་དུཾ་བ་རེ། ཨུ་དུཾ་བ་རེ། དུཾ་བེ། པྲ་དུཾ་བེ། བྱཱ་བརྡེ། ཨཱ་ནགྷེ། ས་མཱ་དྷེ། མ་ཧཱ་ས་མཱ་དྷེ། ནཱི་ལེ་ནཱི་ལེ། ནཱི་ལ་ཀེ་ཤེ། ཀེ་ཤི་ནི། ཀུ་ལེ་ཀུ་ལེ། མ་ཧཱ་ཀུ་ལེ། ནཱི་ལ་ཀུ་ལེ། སིདྡྷི། སིདྡྷེ། མ་ནོ་ཧཱ་རེ། ཨཊྚེ། བཊྚེ། ནཊྚེ། ཀུ་ནཊྚེ། ས་མ་ཐེ། བ་བ་ལ། ཀུ་ཙེ། དཱནྟེ། ནཱི་ལ་ཀ་ཤེ། ཀུ་ལེ། ནཱི་ལ། དྷནྟེ། ཛཱཾ་གུ་ལེ། ཧུ་ཤེ། མཱུ་ཤེ། བ་ལཾ་ཀུ་ཤེ། ཧ་ལ་ཀུ་ཤེ། ཕ་ལ་མུ་ཙེ་སྭཱ་ཧཱ། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བདེ་བའི་རི་གནས་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་ཀྱང་གང་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་ཚེ་སྐྱོང་བའི་རིག་སྔགས་འདི་འཛིན་ཅིང་། ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བ་དང་། ཡོངས་སུ་བསྐྱང་བར་བགྱིའོ། །ཏདྱ་ཐཱ། ཨ་མ་ལེ། བི་མ་ལེ། ནིར་མ་ལེ། མཾ་ག་ལེ། ཧི་ར་ཎྱ་གརྦྷེ། སརྦ་ཨརྠ་སཱ་དྷ་ནི། ཀ་མཥྩི་ནི། ཡུ་བི་ར་ཛེ། ཀུ་ཊ་ཀུ་ཊ། ཀཾ་བ་ལེ། བྲཧྨ། བྲཧྨ་སྭ་རེ། བྲཧྨ་སིད་དྷེ། སིད་དྷི་མ་ནོ་ར་ཐེ་ཕུ་སྭཱ་ཧཱ། དེ་ནས་ལྷ་མོ་ཆེན་མོ་རྡོ་རྗེ་ལུ་གུ་རྒྱུད་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་ཀྱང་གང་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་ཚེ་སྐྱོང་བའི་རིག་སྔགས་འདི་འཛིན་ཅིང་། ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བའི་སླད་དུ་གཟུངས་སྔགས་གཞི་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ།


DKG091_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲེ། བཛྲེ། མ་ཧཱ་བཛྲེ། བཛྲ་ད་ནི། བུདྡྷ་བཛྲ། བུདྡྷ་ཨ་དྷིཥྛི་ཏེ་བཛྲེ། སུ་བུདྡྷེ། ནི་བུདྡྷེ། བ་ཧུ་བུདྡྷེ། བི་ཤིཥྚ་བུདྡྷེ། ཤུདྡྷེ། བུདྡྷེ། བུདྡྷེ། ནཱི་ཤཾ་གྲཱ་མ་ཎི། ཛཾ་གེ་ལེ། ཨ་ལ་སེ། ཏེ་ལི་མེ། ཏི་ལེ། ཏི་ལི་ལེ། མརྒེ། ཤཱནྟ། ཤཱནྟ། གཱ་མཱི་ནི་ཕུ་སྭཱ་ཧཱ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྡེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་ཀྱང་གང་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་ཚེ་སྐྱོང་བའི་རིག་སྔགས་འདི་འཛིན་ཅིང་། ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བར་བགྱིའོ། །ཏདྱ་ཐཱ། ཧི་ལེ་བཛྲེ། ཧི་ཧི་བཛྲེ། ཧེ་ཧེ་བཛྲ། ཡ་བ་ཀི་རི་ཀི་རི་བཛྲ་སྭཱ་ཧཱ། ཏདྱ་ཐཱ། ཨཎྜ་རེ། པཎྜ་རེ། ཤྭེ་ཏེ། པཎྜ་ར་བ་སི་ནི། ཀིནྣརེ། ཀ་རཱ་དེ། ཀེ་ཡཱུ་རེ། ཨི་ཧ་བུདྡྷེ། ཏ་ཏྭ་བུདྡྷེ། བྷཱུ་ཛེ་བྷཱུ་ཛེ། བྷཱུ་ཛཾ་ག་མེ། བྷཱུ་ཛ་པཱ་པ་ཏེ། བྷ་ཡེ་བྷ་ཡེ། བྷ་ཡ་ཨ་གྲ་བ་ཏེ། བི་ནཱི་བི་ནཱི། ཤི་རི་པ་ཐེ། ཤི་བ་པ་ཐེ། ཨཱ་དི་ཏྱ་པ་ཐེ། ཏེ་ཛེ་ཏེ་ཛ་བ་ཏོ། ཨཱ་ཀཱ་ཤ་པ་ཐེ་ཕུ་སྭཱ་ཧཱ། དེ་ནས་རྡོ་རྗེ་ཕོ་ཉ་མོས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་ཀྱང་གང་སྒོ་བཟང་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་ཚེ་སྐྱོང་བའི་རིག་སྔགས་འདི་འཛིན་ཅིང་། ནང་པར་ལངས་ནས་ཀློག་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བགྱིའོ། །ཏདྱ་ཐཱ། ཀུ་ཊེ་ཀུ་ཊེ། ཀུ་ཊི་ནི། ཀུ་ཊ་ཀུ་ཊ་རེ་སྭཱ་ཧཱ། ནཱི་ལི་ནཱི་ལེ། ནཱི་ལ་ཀེ་ཤེ་སྭཱ་ཧཱ། པཱི་ཏེ་པཱི་ཏེ། པཱི་ཏ་ཀེ་ཤེ་སྭཱ་ཧཱ། ལོ་ཧི་ཏེ་ལོ་ཧི་ཏེ། ལོ་ཧི་ཏ་ཀེ་ཤེ་སྭཱ་ཧཱ། ཨ་བ་དཱ་དེ། ཨ་བ་དཱ་དེ། ཨ་བ་དཱ་ཏ་ཀེ་ནི་སྭཱ་ཧཱ། མཉྫིཥྛེ་མཉྫིཥྛེ། མཉྫིཥྛེ་ཀེ་ཤེ་སྭཱ་ཧཱ། ཙཀྲེ་ཙཀྲེ། བཛྲ་ཙཀྲེ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་གཡས་པ་གསེར་གྱི་ཁ་དོག་ཅན་བརྐྱང་ནས། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ཐམས་ཅད་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ་བཞིན་བཟངས་དག་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་ལྷ་དང་། འཇིག་རྟེན་སྐྱོང་བ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་གདགས་པ་དང་། བསྲུང་བའི་ཕྱིར་


DKG091_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་སྔགས་གཞི་འདི་དག་ལེགས་པར་བརྗོད་པ་ལེགས་སོ་ལེགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་སྒོ་བཟང་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཚེ་སྐྱོང་བའི་རིག་སྔགས་འདི་འཛིན་ཅིང་། ནང་པར་ལངས་ནས་ཀློག་པ་དེ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར། ལྷའི་དབང་པོ་དང་། ཀླུའི་དབང་པོ་དང་། གནོད་སྦྱིན་གྱི་དབང་པོ་དང་། ལྷ་མ་ཡིན་གྱི་དབང་པོ་དང་། ནམ་མཁའ་ལྡིང་གི་དབང་པོ་དང་། མིའམ་ཅིའི་དབང་པོ་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ་ཐམས་ཅད་ཀྱིས་བསམས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སྒོ་བཟང་པོ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་བཅོས་ནས་གཏན་ལ་ཕབ་པ།།


previousའཕགས་པ་སྒོ་བཟང་པོ་ཞེས་བྱ་བའི་གཟུངས།next